首页 | 法友写法王|赞颂法王的歌

སྐར་མ་འོད་ཆེན།(大星光)

ཚིག ཚེ་རིང་སྐྱིད།
དབྱངས། ནོར་པ།
གླུ་མ། ཀླུ་མོ་མཚོ།

ཆུང་ཆུང་ཆུང་ཆུང་གི་བྱིས་པའི་དུས་ལ།
ཨ་མའི་པང་ནས་བྲལ་སོང་།
ཨ་ཕའི་ཐུགས་ལས་གྱེས་སོང་།
ཆུང་ཆུང་ཆུང་ཆུང་གི་རྩེད་གྲོགས་བཞག་ཏེ།
སེར་བོའི་གསེར་ཁྲིར་བཀོད་སོང་།

སྤྱན་ཟུང་སྐར་མ་ཤར་འདྲའི་རྣམ་རིག་རྫོགས་ཤིང་།
བདག་མེད་འབངས་ཀྱི་དད་ཤིང་གསོན་པོ།
ཁེར་རྐྱང་གི་རྒྱང་བཞུད་པ། ཀརྨ་པ་རིན་པོ་ཆེ།
སེམས་ཁོང་གི་སྐར་མ་འོད་ཆེན།

ཆུང་ཆུང་ཆུང་ཆུང་གི་ཞབས་ཟུང་དེས།
ལ་མོ་གོམ་ཀྱིས་མཇལ་ཡོད།
དཔལ་སྙིང་རི་ལ་བཀོད་སོང་།
ཆུང་ཆུང་ཆུང་ཆུང་གི་བྱིས་པ་ཁྱེད་རང་།
ས་མཐའི་གཞུང་ལ་ཕེབས་སོང་།

ཚ་སྨུག་རླངས་སྤྲིན་འཕྱུར་བའི་རི་འདབས་ཤིག་ནས།
ལོ་མང་ཐུགས་དམ་སྒོམ་པའི་ས་མཐའི་མགྲོན་པོ།
ཁེར་རྐྱང་གི་རྒྱང་བཞུད་པ། ཀརྨ་པ་རིན་པོ་ཆེ།
སེམས་ཁོང་གི་སྐར་མ་འོད་ཆེན།

ཆུང་ཆུང་ཆུང་ཆུང་གི་བཞུགས་སྒར་ནས།
དཀའ་ཐུབ་ཐུགས་ཀྱིས་བཞེས་སོང་།
སྙིང་རུས་ལོ་ཟླར་བཅོལ་སོང་།
ཆུང་ཆུང་ཆུང་ཆུང་གི་ཁང་ཁྱིམ་དེ་ནས།
ཤེས་རབ་འོད་ཟེར་འཕྲོ་སོང་།

སྐུ་གསུང་ཐུགས་ལ་འོད་ཀྱི་གཤོག་པ་ཐོགས་སོང་།
རྒྱ་ཕིབས་སེར་བོའི་བར་གྱི་སྐྱེས་ཆེན་དམ་པ།
ཁེར་རྐྱང་གི་རྒྱང་བཞུད་པ། ཀརྨ་པ་རིན་པོ་ཆེ།
སེམས་ཁོང་གི་སྐར་མ་འོད་ཆེན།


信息来源: “心善为乐”微信公众号