8-1-1a ༄༅། །སོ་ཐར་མདོ་ཡི་མཆན་འགྲེལ་ཉུང་ངུ་ངེས་ལེགས་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། ། 8-1-1b ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །སྲིད་པའི་མེ་དབལ་རབ་ཏུ་ཚ་བ་གཞོམ་པ་ལ། །གངྒཱའི་ཆབ་ཀྱི་གཞིལ་བ་མིན་ ཀྱང་ངེས་འབྱུང་གི། བདུད་རྩིའི་གཤེར་གྱི་འགྲོ་བ་སྡུག་བསྔལ་གྱིས་གཟིར་རྣམས། །ཐུགས་རྗེའི་ཕྱག་གིས་བཀྲུ་མཛད་ཐུབ་པའི་དབང་པོར་འདུད། ། དམ་ཆོས་འདུལ་བ་འབུམ་སྡེ་ཡི། །རྩ་བ་སོ་སོར་ཐར་པ་ལ། །སྟོན་པ་བཞིན་དུ་གུས་མཆོད་ནས། །ཉུང་ངུའི་དག་གིས་བཀྲལ་བར་བྱ། །འདིར་ འདུལ་བ་རྒྱ་མཚོ་ལྟ་བུའི་སྙིང་པོ་སོ་སོར་ཐར་པའི་མདོ་འཆད་པ་ལ་བཞི་སྟེ་མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་ནོ། །དང་པོ་ནི། རྒྱ་གར་ 8-1-2a སྐད་དུ། པྲ་ཏི་མོ་ཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོར་ཐར་པའི་མདོ། ཞེས་པར་འགྱུར་ལ། དེ་ལ་པྲ་ཏིའི་སྒྲ་ནི། སོ་སོ་ དང་། དང་པོ་དང་། ཐབས་གསུམ་ལ་འཇུག་པ་ལས། གང་གིས་བསླབ་པའི་གཞི་ཡང་དག་པར་བླངས་ཏེ། །སྲུངས་བ་དེ་ཐར་གྱི། གཞན་གྱིས་བསྲུང་པས་གཞན་མི་ཐར་པའི་ཕྱིར་སོ༷་སོ༷ར་ཐར་པ༷འམ། དང་པོར་སྡོམ་མིན་ལས་ཐར་བས་དང་པོར་རམ། ཐར་པ་མྱང་འདས་ ཐོབ་པའི་ཐབས་ཡིན་པས་ནའོ། །དེ་དག་གི་དོན་མདོར་བསྡུས་པ་ཙམ་ཞིག་སྟོན་པས་ན་མདོ༷འོ། །གཉིས་པ་ནི། ཐ༷མས་ཅ༷ད་མཁྱེ༷ན་ 8-1-2b པ༷་ལ༷་ཕྱ༷ག་འཚ༷ལ་ལོ༷། །ཞེས་སོ། །གསུམ་པ་ལ་ལྔ་སྟེ། མཆོད་བརྗོད་དང་། གླེང་བསླང་བ། ཡང་དག་པར་རྩོམ་པ་དང་། གཞུང་རྒྱས་པའི་མཚན་ཉིད་དང་། བསྡུས་པའི་ མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའོ། །དང་པོ་ལ་གཉིས་ཏེ། བསྟོད་པའི་སྒོ་ནས་མཆོད་པར་བརྗོད་པ་དང་། ཕྱག་འཚལ་བའི་ སྒོ་ནས་མཆོད་པར་བརྗོད་པའོ། །དང་པོ་ནི། སངས་རྒྱས་པའི་སྙ༷ན་པ༷འི་བ༷་ད༷ན་ས་བླ་ནས་འོག་མིན་བར་རམ་འཇི༷ག་རྟེ༷ན་གསུ༷མ་ན༷་གྲག༷ས་སོ། །གཟུགས་མེད་ནའང་དང་པོ་གཟུགས་ཅན་ གྱི་ཁམས་ན་གནས་པའི་ཚེ་གྲགས་པའི་ས་བོན་རྒྱུད་ན་ཡོད་པས་སོ། །ད༷མ་པའི༷་ཆོ༷ས་བདེན་བཞི་སྟོན་པའི་སྒྲ་མུ་སྟེགས་བྱེད་ཀྱི་རི་དྭགས་སྐྲག་ཅིང་སྐ༷ལ་བཟང་སེང་ཕྲུག་ལྟ་བུ་དག་སྡུད་ པར་བྱེད་པས་སེ༷ང་གེ༷འི་སྒྲ༷་བསྒྲག༷ས་པ༷ར་མཛད་དེ། །ཆོས་ཐ༷མས་ཅ༷ད་མངོན་སུམ་དུ་མཁྱེ༷ན་པ༷་ལུང་རྟོགས་ཀྱི་ཆོས་དཀོ༷ན་མཆོ༷ག་གི་མཛོ༷ད་འཕགས་པའི་དགེ་འདུན་འཁོར་དུ་བརྙེས༷་ པ༷འི་ཞབ༷ས་ལ༷་ཚ༷ངས་པ་དང་དབ༷ང་པོ་སོགས་ཀྱི་གཙུ༷ག་གི༷་ནོ༷ར་བུས་གཏུག༷ས་ཏེ་ཕྱག་བྱས་པའོ། །ཡང་ན། སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་མཉམ་པ། ལུང་རྟོགས་ 8-1-3a ཀྱི་ཆོས་ཐམས་ཅད་རྫོགས་པར་མཁྱེན་པ། འཕགས་པའི་གདུང་རྒྱུན་མི་འཆད་པའི་འབྱུང་གནས་ཏེ་དཀོན་མཆོག་གསུམ་གྱི་མཛོད་བརྙེས་པའོ། །སྤངས་པ་ ནི། སྡུ༷ག་བསྔ༷ལ་བཞིའི་རྒྱ་མཚོ༷་གཏི༷ང་དང་ཕ་རོལ་གྱི་མཐ༷འ་དཔག་ཏུ་མེ༷ད་པ་ལས་རྒ༷ལ་བ༷་འགྲོ༷་བ༷འི་གཙོ༷་བོ་དེ༷་ལ༷་སྤྱི༷་བོ༷ས་ཕྱ༷ག་འཚ༷ལ་ཏེ༷་ཞེས་སྒོ་གསུམ་གྱིས་ཕྱག་འཚལ་བའང་བསྡུས་པར་ བསྟན་ཏོ། །གཉིས་པ་ནི། ཐམ༷ས་ཅ༷ད་མཁྱེ༷ན་པ༷འི་གསུང་རབ་ལུང་སྡེ་བཞི་ནི་བསླབ༷་གཞི༷་དཀོ༷ན་མཆོ༷ག་ཡིན་ལ་དེའི་སྣོད་སོ་ཐར་མདོ་འདི་ཉན་ཐོས་འཕ༷གས་པ༷འི་ཚོ༷གས་ཀྱི༷་དབུ༷ས་སུ༷་ དབྱེ༷་ཞིང་གདོན་པར༷་བྱ༷འོ། །གཉིས་པ་གླེང་སློང་བའི་མཚན་ཉིད་ལ་གསུམ་སྟེ་སོ་སོར་ཐར་པའི་ཆེ་བ་བརྗོད་པ། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པ། སོ་སོར་ཐར་པ་སྒྲུབ་པར་ གདམས་པའོ། །དང་པོ་ལ་གསུམ་སྟེ། ཚེ་འདིའི་འབྲས་བུ། ཚེ་ཕྱི་མའི་འབྲས་བུ། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའོ། །དང་པོ་ནི། སང༷ས་རྒྱས༷་ཀྱི་ལེ༷གས་ གསུང་འདུལ༷་བ༷་སྡེ་བཞི་གང༷ས་ཆེ༷ན་མཚོ༷་ལྟ་བུ་གཏི༷ང་མཐ༷འ་མེ༷ད་པ༷་ཐམ༷ས་ཅ༷ད་ཀྱི༷་བརྗོད་བྱར་གནས་པའི་སྙིང༷་ད༷ང་སྙི༷ང་པོ༷་ནི༷་སོ༷་སོ༷ར་ཐ༷ར་པ༷་འདི༷་ཡི༷ན་ནོ༷། །སོར་མདོ་འདི༷་ནི་ད༷མ་པའི་ཆོ༷ས་ཀྱི་ 8-1-3b རྒྱལ༷་པོ༷་ཡི༷་མདོ་སོགས་ཆོ༷ས་ཀུན༷་གྱི༷་ནི༷་འདྲེ༷ན་པ༷་མཆོ༷ག་ཡིན་ཏེ་འདི་ལ་བརྟེན་ནས་དེ་ཀུན་འབྱུང་བས་སོ། །འདི༷་ནི༷་དགེ༷་སློང༷་ཚོ༷ང་པའི་ཚོ༷གས་ཀྱི༷་བསླབ༷་བཟོ༷ད་རྣམ་པར་བཀོད་པའི་ཚོང༷་ཁ༷ང་ཆེ༷ན་ པོ༷་ཡི༷ན་ཏེ་འདི་ནང་བསླབ་པ་ཀུན་ཆུད་པས་སོ། །ཚུལ༷་ཁྲིམ༷ས་འཆ༷ལ་བ༷་སྤྲུལ་གདུག་པ་ལྟ་བུས༷་ཟི༷ན་པ་རྣམ༷ས་ཀྱི༷་གདུག༷་པ༷་དུག་དང་འདྲ་བའི་ལྟུང་བ་རྣམ༷ས་སེལ༷་བའི་སྨན་འདི༷་ཡི༷ན་ཏེ་ ལྟུང་བ་ཞི་བར་བྱེད་པས་སོ། །འདི༷་ནི་ལང་ཚོ༷་དང་བག་མེད་ཀྱི་རྒྱགས་པས་རྣམ༷་པར་འཁྲུལ་པ༷འི་རྐང༷་གཉི༷ས་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའི་གླང་ཆེན་གཞོ༷ན་ནུའི༷་ལྕག༷ས་ཀྱུ༷་ཡི༷ན་ཏེ་ བག་མེད་ལ༷ས་བཟློག་པས་སོ། །གཉིས་པ་ནི། མཚོ༷་བ༷ས་ཟ༷བ་པ༷འི་འཁོ༷ར་བ༷་ལ༷ས་སྒྲོལ༷་བ༷འི་རྒ༷ལ་ཐབ༷ས་སོར་མདོ་འདི༷་ཡི༷ན་ཏེ༷་ཟག་མེད་འབྱུང་བས་སོ། །འདི༷་ནི༷་བཟ༷ང་འགྲོ༷་ལྷ་མི༷ར་ འགྲོ༷་བ༷་ཡི༷་ངེ༷ས་པའི་ཆུ༷་ལོན་དང་ཟ༷མ་པ༷་ཡི༷ན་ཏེ། ངན་འགྲོའི་ཆུ་བཟློག་ཅིང་བདེ་འགྲོའི་ལམ་ཡིན་པས་སོ། །འདི༷་ནི༷་ཉོ༷ན་མོ༷ངས་པའི་གཡུལ་ཕ༷མ་པར་བྱེ༷ད་པའི་ལ༷མ་ཏེ་ཡན་ལག་བརྒྱད་པ་ འཕགས་པའི་རྒྱལ༷་པོ་ཡི༷་ནི༷་གསུང་རྒྱུ་རྒྱལ་བའི་འདྲེ༷ན་པ༷་བློན་པོ་མཆོ༷ག་ལྟ་བུ་ཡིན་ཏེ། འཕགས་ལམ་འདྲེན་པར་བྱེད་པས་སོ། །འདི༷་ནི༷་ཐ༷ར་པ༷འི་གྲོང་ཁྱེར་དུ་འཇུ༷ག་པ༷འི་ཐེ༷མ་སྐ༷ས་ཀྱི་གཞི༷་ 8-1-4a རྟེན་དང༷་འདྲ༷་བ༷ར་གན༷ས་པ་ཡི༷ན་ཏེ་ལམ་ཀུན་གྱི་གཞི་ཡིན་པས་སོ། །གསུམ་པ་ནི། བཅོམ་ལྡན་འདས་ང༷་ནི༷་ལྷག་མེད་དུ་མྱ་ངན་ལས་འདས་པར་གྱུར་པས་ན་སོ་ཐར་ འདི༷་ནི༷། དགེ་སློང་ཁྱེ༷ད་རྣམས་ཀྱི༷་སྟོན༷་པ༷འོ༷་ཞེ༷ས་ར༷ང་བྱུང༷་སངས་རྒྱས་ཉི༷ད་ཀྱིས༷་གུས༷་པ་དང་བཅ༷ས་པ༷ར་ན༷ན་ཏ༷ན་གྱིས་དགེ༷་སློང༷་ཚོག༷ས་ཀྱི་མདུན༷་དུ་བསྟོ༷ད་དོ། །གཉིས་པ་ཚོགས་ཀྱི་ལམ་ འབྲས་བུ་དང་བཅས་པ་ལ་གསུམ་ཏེ། ཚོགས་ཀྱི་ལམ་དཀོན་པ། ཚོགས་ཀྱི་ལམ་རྙེད་པ། རྙེད་ནས་འབད་པར་བྱའོ། །དང་པོ་ནི། ཚོགས་ཀྱི་ལམ་དེ་ལ་བཅུ་གསུམ་ཡོད་དེ། གཞན་འབྱོར། རང་འབྱོར། དགེ་བའི་ཆོས་ལ་འདུན་པ། ཚུལ་ཁྲིམས་ཀྱི་སྡོམ་པ། དབང་པོ་སྡོམ་པ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་བརྩོན་ པ། ཤེས་བཞིན་དུ་སྤྱོད་པ། དགེ་བའི་བཤེས་གཉེན་བསྟེན་པ། ཆོས་ཉན་ཅིང་སེམས་པ། བར་ཆད་མེད་པ། གཏོང་བ་སྤེལ་བ། དགེ་སྦྱོང་གི་རྒྱན་ནོ། །སང༷ས་རྒྱས༷་ཞེ༷ས་བྱའི༷་ སྒྲ༷་འདི༷་ཙམ་ཡ༷ང་འཇི༷ག་རྟེ༷ན་ད༷ག་ན༷་ར༷བ་ཏུ༷་དཀོ༷ན་ལ། རང་འབྱོར་མི༷་ཉི༷ད་ཀྱི་དངོས་པོ་རྙེ༷ད་པ༷་ཤི༷ན་ཏུ༷་དཀ༷འ་ཞིང་རྙེད་ནས་ཀྱང་བསྟན་པ་ལ་ར༷བ་ཏུ་བྱུང༷་བ༷་ཤི༷ན་ཏུ༷་དཀོན་ཏེ་ཆོས་ཐོས་ཤིང་དང་ 8-1-4b པ་ཐོབ་པ་དཀོན་པས་སོ། །དེ༷་བཞི༷ན་དུ་ར༷བ་ཏུ༷་བྱུང༷་བ་རྣ༷མས་ཀྱི༷་ནི་ཚུལ༷་ཁྲིམ༷ས་མ་ཉམས་པ་ཕུན༷་སུ༷མ་ཚོག༷ས་པ་ར༷བ་ཏུ་དཀོ༷ན་ནོ། །ཚུལ༷་ཁྲིམ༷ས་ཡོང༷ས་སུ༷་ད༷ག་པར་གྱུར༷་ཀྱང༷་གྲོ༷གས་བཟ༷ང་པོ་ དགེ་བའི་བཤེས་གཉེན་སོགས་ཤི༷ན་ཏུ་རྙེ༷ད་པ༷ར་དཀ༷འ་འོ། །གཉིས་པ་ནི། འཇི༷ག་རྟེ༷ན་དུ་སང༷ས་རྒྱས༷་འབྱུང༷་བ༷་དང༷་། མི༷་ལུས་ཐོབ་པ་ད༷ང་། ར༷བ་ཏུ༷་བྱུང༷་བ༷་དང༷་། ཚུལ༷་ཁྲིམ༷ས་ཕུ༷ན་སུམ༷་ ཚོག༷ས་པ༷་ད༷ང་། གྲོ༷གས་བཟ༷ང་པོ་རྙེ༷ད་པར་དཀ༷འ་བ་རྙེ༷ད་པར་གྱུར༷་ན༷ས་སོ་ཐར་ལ་ནན་ཏན་བྱ་དགོས་སོ། །གསུམ་པ་ནི། སྒོ་གསུམ་གྱི་བྱ་བ་ལ་མཁ༷ས་པ༷་བད༷ག་ལ༷་ལེ༷གས་པར་འདོ༷ད་པ་ ཚོགས་ཀྱི་ལམ་དེ་ལྟ་བུ་དང་ལྡན་ཞི༷ང་དེ༷་ད༷ག་སྦྱོར་ལམ་དུ་བྱེད་པ་སོགས་འབྲ༷ས་བུ་དང་བཅ༷ས་པ་བྱེ༷ད་པར་འདོ༷ད་པ༷འི་སྡོ༷མ་བརྩོ༷ན་རྣ༷མས་ཀྱིས༷་སོ༷་སོར་ཐ༷ར་པ་མཉ༷ན་པ༷འི་ཕྱི༷ར་ནི༷་འབ༷ད་པ༷ར་བྱའོ༷། ། གསུམ་པ་སོ་སོར་ཐར་པ་སྒྲུབ་པར་གདམས་པ་ནི། དགེ༷་སློ༷ང་མིག་ལ་སོགས་པའི་དབ༷ང་པོ་དུལ༷་བ་སྟེ་བསྲུང་བ་གནས་སྐབས་ཀུན༷་ཏུ་དབ༷ང་པོ་དུལ་ཞིང་སང༷ས་རྒྱས༷་ཀྱི་རྗེས་སུ་སོན་པ་ལས་ མི༷་འགྱུར༷་བར་ར༷བ་ཏུ་བྱུང༷་བ༷་ངེ༷ས་པ༷ར་ཐ༷ར་པ༷་འདོ༷ད་པ་རྣམ༷ས་ཀྱི༷ས་སོ༷་སོ༷ར་ཐར་པ༷་རྟག༷་ཏུ་མི་ཉམས་པར་སྲུང༷ས་དགོས་ཏེ་དེ་ལ་བརྟེན་ནས་མྱང་འདས་ཐོབ་པས་སོ། །གསུམ་པ་ཡང་དག་པར་ 8-1-5a རྩོམ་པའི་མཚན་ཉིད་ལ་བདུན་ཏེ། སོ་སོར་ཐར་པ་རྙེད་པར་དཀའ་བ། དཀོན་མཆོག་གསུམ་འབྱུང་བ་བདེ་བ། དགེ་བའི་བཤེས་གཉེན་བརྟེན་པ་བདེ་བ། སྡིག་ གྲོགས་སྤངས་པ་བདེ་བ། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ། ཐོབ་པར་བྱ་བ་དང་བསྒྲུབ་པར་བྱ་བ་བདེ་བ། སྒྲུབ་པར་བྱེད་པ་སྦྱང་བའི་ཡོན་ཏན་དང་ལྡན་པའི་བདེ་བའོ། ། དང་པོ་ནི། བསྐ༷ལ་པ༷་བྱེ༷་བ༷་རྣམ༷ས་སུ༷་ཡ༷ང་ལུང་དང་རྟོགས་པའི་སོ༷་སོ༷ར་ཐ༷ར་པ་རྣ་བས་ཐོ༷ས་པ༷་དང༷་ཡིད་ཀྱིས་གཟུང༷་བ་དང༷་ཚིག་དང་དོན་བློ་ལ་འཛི༷ན་པ༷་རྙེ༷ད་པར་དཀ༷འ་སྟེ༷། སྔ་མ་གསུམ་ བས་ཀྱང་ནན་ཏན་གྱིས་སྒྲུབ༷་པ༷འང་ཤི༷ན་ཏུ༷་རྙེད༷་པ༷ར་དཀ༷འ་སྟེ་བསྐལ་པར་ཡང་རང་གཞན་གྱི་འབྱོར་པ་རྙེད་དཀའ་བས་སོ། །གཉིས་པ་ནི། སང༷ས་རྒྱས༷་རྣམ༷ས་ནི༷་འཇིག་རྟེན་དུ་འབྱུང་བ༷་ བདེ༷་སྟེ། རྣམ་གྲོལ་གྱི་རྒྱུ་ཡིན་པས་སོ། །དེས་ཆོ༷ས་བསྟ༷ན་པ་ཡང༷་བདེ༷་བ༷་ཡི༷ན་ཏེ་བདེ་བའི་རྒྱུ་ཡིན་པས་སོ། །དགེ༷་འདུ༷ན་ལྟ་བ་དང་ཆོ་ག་མཐུ༷ན་པ༷་བདེ༷་བ༷་ཡིན་ཏེ༷་བདེ་བའི་རྒྱུ་དང་འབྲས་ བུ་བདེ་བར་འགྱུར་བས་སོ། །དགེ་འདུན་མཐུ༷ན་པ༷་རྣམས་ཀྱི༷་བསླབ་གསུམ་ཉམས་ལེན་གྱི་དཀ༷འ་ཐུབ༷་ཡང་བདེ༷་བའི་རྒྱུ་ཡིན་ནོ། །གསུམ་པ་ནི། འཕ༷གས་པ༷་དགྲ་བཅོམ་པ་རྣམས་ནི༷་ 8-1-5b མཐོ༷ང་བ༷འམ་བཤེས་གཉེན་དུ་བརྟེན་བྱར་བདེ༷་ལ། སོ་སྐྱེ་རྣམ་པ༷་ད༷ག་ད༷ང་འགྲོ༷གས་པ༷་བདེ༷་བ་ཡིན་ཏེ། འདི་དང་ཕྱི་མའི་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པས་སོ། །བཞི་པ་ནི། སོ་སྐྱེ་བྱི༷ས་པ༷འི་གྲོགས་པོ་རྣམ༷ས་ནི༷་སྤངས་ནི༷་སྤངས་ནས་མ༷་མཐོ༷ང་ན༷་རྟ༷ག་ཏུ༷་བདེ༷བ༷་ཉི༷ད་དུ་འགྱུར༷་ཏེ་དེས་སྡུག་བསྔལ་གྱི་རྒྱུ་བྱེད་པས་སོ། །ལྔ་པ་ནི། ཚུལ༷་ཁྲིམས་དང་ལྡན༷་པ༷་མཐོང་བ་ནི་བདེ༷་བ་ ཡིན་ཏེ། གཞན་གནོད་ལས་ལོག་པས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །མང་དུ་ཐོས་པ༷འི་ཤེས་རབ་ཅན་མཐོ༷ང་བ༷་ནི་བདེ༷་བ་ཡིན་ཏེ། ལྟ་ངན་སོགས་དང་ཐེ་ཚོམ་བསལ་བས་སོ། །ཡ༷ང་སྲི༷ད་ ལས་རྣམ༷་པ༷ར་གྲོ༷ལ་བ༷་ཡི༷་དགྲ༷་བཅོམ་པ༷་ད༷ག་མཐོ༷ང་བ༷་བདེ༷་སྟེ། དགེ་ལེགས་ཀྱི་བསམ་པ་མཆོག་དང་ལྡན་པའི་ཕྱིར་རོ། །དྲུག་པ་ནི། དཔེར་ན་འཇུག༷་ངོ༷གས་བདེ༷་བ༷འི་ཆུ༷་ཀླུང༷་ལ་ཉེ་ བར་སྤྱད་པ་བདེ༷་བ་དེ་བཞིན་དུ་མཐའ་གཉིས་སྤངས་པའི་ལམ་ནས་རྣམ་གྲོལ་གྱི་འབྲས་བུ་ཐོབ་པ་ཡིན་ལ། ཚོགས་སྦྱོར་དུ་ཆོས༷་ལ༷་གོ༷མས་པའི༷་སྐྱེ་བོ༷་བདེ༷་བ་ཡིན་ཏེ་དེས་རྣམ་པར་གྲོལ་བའི་ བདེ་བ་ཐོབ་པས་སོ། །ཟག་མེད་ཀྱི་ཤེ༷ས་ར༷བ་ཐོབ༷་པ༷ར་གྱུར༷་པ༷་བདེ༷་བ་ཡིན་ཏེ་མཐོང་བསྒོམ་གྱི་རྣམ་པར་གྲོལ་བ་ཐོབ་པས་སོ། །ང༷་འོ༷་སྙམ་པའི་ང༷་རྒྱལ༷་ཟ༷ད་པའི་དགྲ་བཅོམ་པ༷་བདེ༷་བ་ཡིན་ 8-1-6a ཏེ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བས་སོ། །བདུན་པ་ནི། བསླབ་པ་གསུམ་ངེ༷ས་པ༷ར་བྱས༷་ཤི༷ང་དབ༷ང་པོ༷་ཐུ༷ལ་བ༷་དག་ད༷གོ༷ན་པ༷་སྐྱེས་བུའི་འདུ་ལོང་ཞི༷་བ༷་ རྣམ༷ས་སུ༷་ཚངས་སྤྱོད་མཐར་ཕྱིན་པའི་རྒས༷་པར་གྱུར༷་པ་དང་སྡེ་སྣོད་ཀྱང་མ༷ང་དུ༷་ཐོ༷ས་པ༷་གང་ཞིག་ན༷གས་ཀྱི༷་ནང༷་ད༷ག་ཏུ༷་ལ༷ང་ཚོ༷་ཡོ༷ལ་བ༷་རྣམ༷ས་ཀྱི༷་གན༷ས་པ༷་དེ་ནི་འདི་ཕྱི་ཀུན་ཏུ་བདེ༷འོ། །བཞི་ པ་གཞུང་རྒྱས་པའི་མཚན་ཉིད་ལ་གཉིས་ཏེ། དུས་དང་པོར་བྱ་བ་དང་། མདོ་གདོན་པ་དངོས་སོ། །དང་པོ་ལ་དྲུག་སྟེ། སོ་སོར་ཐར་པ་ལ་རྣ་བ་མི་གཏོད་པའི་ཉེས་དམིགས། མི་འདུ་བ་དགག་པ། མཆོད་ཅིང་ལུང་དཔོག་པ། ཡང་དག་པར་སྒྲུབ་ཏུ་གཞུག་པ། སྒྲུབ་པའི་ཕན་ཡོན། མ་སྒྲུབ་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས་ཏེ། དགོས་ པ་དང་ལྡན་པའི་དུས་བརྗོད་པ། རྣ་བ་མི་གཏད་པའི་ཉེས་དམིགས་དངོས་དང་འབྲེལ་བར་བསླབ་པའི་གནས་ལ་གདམས་པའོ། །དང་པོ་ནི། ཚེ༷་དང་ལྡ༷ན་པ༷་ད༷ག་ཅེས་སྙན་པའི་ ཚིག་གིས་བོས་ནས། སོ༷་ག༷་ཞེས་པ་ནི་དུས་མཚོན་པ་སྟེ་གསོ་སྦྱོང་གདོན་པའི་དུས་དེ་ལ་དགུན། དགུན་སྨད། དཔྱིད་སོགས། དབྱར། སྟོན་དང་དྲུག་པོ་གང་གི་ཚེ་གསོ་ 8-1-6b སྦྱོང་འདོན་པ་དེ་ཡི་ཚེ་མིང་ནས་སྨོས་པར་བྱ་བ་ཡིན་ནོ། །རྣམ༷ས་ཞེས་པ་ནི་དུས་ཚིགས་རེ་ལ་ཟླ་ཕྱེད་བཞི་ཡོད་པ་ཤེས་པའི་ཆེད་དོ། །ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་སོགས་སྦྱར་རོ། །སྟོན་ ཟླ་ཐ་ཆུང་ནས་དགུན་ར་ཉ་ཡི་བར་དང་དགུན་སྟོད་ཀྱི་དང་པོ་སོགས་སོ། །ཟླ་བ་འདས་པ་ད༷ང་ཟླ་བ་ལྷག༷་མ༷་ཅི༷་ཙ༷མ་པ༷་དེ༷་ཙ༷མ་མོ༷་ཞེས་དགུན་ལྟ་བུ་ལ་དུས་བཞི་སྟེ། ཐ་ཆུང་གི་སྟོང་། དགུན་རའི་ ཉ་སྟོང་། འབྲིང་ཉའོ། །དེ་ཡང་སྟོན་ཐ་ཆུང་གི་གནམ་སྟོང་གི་ཚེ་ན་ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བ་ན་དགུན་རྣམས་ཀྱི་ཟླ་བ་གཉིས་ལས་ཕྱེད་ནི་འདས་ལ་ཕྱེད་དང་གཉིས་ནི་ ལུས་སོ། །ཞེས་དང་། དགུན་རའི་ཉ་ལ་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ལས་གཅིག་ནི་འདས་སོ་གཅིག་ནི་ལུས་སོ། །དགུན་རའི་སྟོང་ལ་ཟླ་བ་གཉིས་ལས་ཕྱེད་ དང་གཉིས་ནི་འདས་ལ་ཕྱེད་ནི་ལུས་སོ། །དགུན་འབྲིང་ཉ་ལ་དགུན་རྣམས་ཀྱི་ཟླ་བ་གཉིས་ཏེ་ལྷག་མ་མ་ལུས་སོ། །ཞེས་སོགས་སོ། །དེ་ལྟར་དུས་བརྗོད་པས་ཐ་སྙད་ལ་ མཁས་པ་དང་། ཚེ་སོང་བ་སེམས་ལ་བཞག་པ་དང་། འཁོར་བ་ལ་སྐྱོ་ཞིང་དགེ་བ་ལ་བརྩོན་པ་དང་གསོ་སྦྱོང་གི་ཉི་མ་ཤེས་པ་སོགས་ཀྱི་ཆེད་དོ། །གཉིས་པ་ནི། ཚེ༷་དང༷་ལྡ༷ན་པ༷་ 8-1-7a ད༷ག་ལང་ཚོ་འཇོམས་པས་རྒ༷་བ༷་དང༷་ཕུང་པོ་འགག་པས་འཆི༷་བ༷་མངོ༷ན་པར༷་འོང༷་ཞི༷ང་སྟོ༷ན་པ༷འི་བསྟ༷ན་པ༷་ཡ༷ང་དུས་དེ་ལྟར་སོང་ནས་མཐར་གྱིས། སྒྲུབ་པ་ཉམས་ པས་འཇི༷ག་པ༷ར་འགྱུར༷་བ༷ས། ཚེ༷་དང༷་ལྡ༷ན་པ༷་ད༷ག་གི༷ས་བླང་དོར་ལ་གཟོབ་པའི་བ༷ག་ཡོ༷ད་པ༷ས་རྣལ༷་འབྱོར༷་དུ༷་བྱའོ༷། །དེ༷་བཞི༷ན་གཤེ༷གས་པ་དགྲ༷་བཅོ༷མ་པ༷་ཡ༷ང་ད༷ག་པ༷ར་རྫོ༷གས་པ༷འི་ ས༷ངས་རྒྱས༷་རྣམ༷ས་ཀྱི་བྱ༷ང་ཆུབ༷་དང༷་གཞན༷་ཡ༷ང་ག༷ང་ད༷ག་ཅེས་བྱང་ཆུབ་དེ༷་ལྟ༷་བུ་དང༷་མཐུན༷་པ༷འི་ལམ་དགེ༷་བ༷འི་ཆོ༷ས་བྱ༷ང་ཆུབ༷་ཀྱི༷་ཕྱོགས་དྲན་ཉེ་སོགས་སོ་བདུན་པོ་རྣམས་ཀྱང༷་བ༷ག་ ཡོ༷ད་པ༷ས་འཐོ༷བ་པོ། །དེ་དག་གིས་མདོ་གདོན་པ་ལ་རྣ་བ་མི་གཏོད་ན་ཚེ་འདས་པ་དང་རྒ་ཤི་འོང་བ་དང་། བསྟན་པ་འཇིག་པའི་ཉེས་དམིགས་ཡོད་པས་རྣ་བ་གཏོད་ཅིང་བག་ཡོད་པས་དགེ་ ཆོས་ལ་བརྩོན་པར་བྱའོ་ཞེས་བསྟན་ཏོ། །གཉིས་པ་ནི། བཅོ༷མ་ལྡ༷ན་འད༷ས་ཀྱི༷་ཉ༷ན་ཐོ༷ས་ཀྱི༷་དགེ༷་འདུན༷་ནི༷་ཡིད་ཀྱི་དོན༷་ཉུང༷་བ༷་ད༷ང་། ལུས་ངག་གི་བྱ༷་བ༷་ཉུང༷་བ༷་ཡི༷ན་པ༷ས་གསོ་སྦྱོང་ལ་འདུ་ བ་ལས་གཞན་པའི་དགེ༷་འདུན་གྱིས༷་ཐོ༷ག་མ༷ར་བྱ༷་བ༷་སྟེ། དེའི་སྔོན་དུ་གལ་ཆེ་བ་ཅི༷་ཡོང༷་ཚེ༷་ད༷ང་ལྡ༷ན་པ༷་ད༷ག་དགེ་སློང་མཚམས་ན་གནས་པ་ཁ་སྐོང་འོས་པ་གསོ་སྦྱོང་གི་གནས་སུ་མ༷་ལྷ༷གས་ 8-1-7b པ༷་རྣམ༷ས་ལ༷་འདུན༷་པ༷་ད༷ང་ཡོ༷ངས་སུ༷་ད༷ག་པ༷་དྲི༷ས་ཤི༷ག །དྲི༷ས་ན༷ས་ཀྱང༷་དགེ་སློང༷་ལ་བརྗོ༷ད་པ༷ར་བྱའོ༷། །འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། དང་པོའི་ དགེ་འདུན་གྱི་ལས་ལ་མ་འདུས་པས་མི་མཐུན་པའི་ཉེས་པ་མི་འབྱུང་ལ། གཉིས་པས་འབུལ་པོ་རང་ཉིད་ཀྱི་ལས་བྱེད་པར་འགྱུར་པས་སོ། །གསུམ་པ་ནི། ཤཱཀྱ༷་སེ༷ང་གེ༷་དེ༷་ལ༷་ ནི༷་སོ༷ར་མོ༷་བཅུ༷་ཡི༷་ཐ༷ལ་མོ་སྦྱར༷་ཏེ༷་སོ༷་སོར༷་ཐར་པ༷་གདོ༷ན་པ་ལྔ་པོ་གདོན་པ༷ར་བྱ༷་ཡིས་སློབ་མ་གདུལ༷་བ༷འི་དོ༷ན་དུ༷་སྡུད་པ་པོའམ་གདོན་པ་པོ་དེ༷་ལ༷ས་ཉོ༷ན་ཅིག་ཅེས་པའོ། །བཞི་པ་ནི། སོ་ཐར་ ཐོ༷ས་ན༷ས་དྲ༷ང་སྲོང༷་ཆེན་པོ༷་སངས་རྒྱས་དེ་ཡི༷ས་ཇི༷་སྐ༷ད་གསུངས་པ་བཞི༷ན་དུ་སྒྲུབ༷་པར་བྱ་ཞིང་རང་བཞིན་གྱི་མི་དགེ་བ་མ་ཟད་བཅས་པའི་ཁ༷་ན༷་མ༷་ཐོ༷་བ་ཕྲ་བ་རྣམ༷ས་སྤངས་པ་ལ༷་བརྟུན༷་ཅིང༷་འབད་ པ་ལྷུར་བྱེ༷ད་པ༷་ཉི༷ད་དུ་གྱིས༷་ཤིག །དགེ་བའི་ཕྱོགས་ལ་རྟ༷ག་ཏུ༷་འབ༷ད་པ༷ས་ལྕག་གིས་བད༷འ་དགོས་པ༷་ཡི་སེམ༷ས་ཀྱི་རྟ་དགེ༷་བའི་ཕྱོགས་སུ་ཁ༷་གླ༷ན་པར་དཀ༷འ་བ༷་ལ༷། བཅོས་སུ་རུང་བས་ མཐུ༷ན་པ༷འི་རྐྱེན་དུ་འཚམས་པས་གཟེ༷ར་རྣོན་བ༷རྒྱ་པ༷་ཡི༷་སྲབ༷་ནི༷་སོ༷་སོ༷ར་ཐ༷ར་པའི་མདོ་འདི༷་ཡི༷ན་ནོ། །ལྔ་པ་ནི། བསླབ་པ་འདོད་པའི་ཆེ༷་བ༷འི་བདག་ཉིད་ག༷ང་ད༷ག་ཆད་ལས་ལ་མི་ལྟོས་པར་ངག་ 8-1-8a ཙ༷མ་གྱི༷ས་བྱ་བ་མ་ཡིན་པ་ལས་སྡོ༷ག་ཅི༷ང་བསླབ་པའི་མཚམས་ལ༷ས་མི་འདའ༷་བ༷་དེ༷་དག༷་ནི་མི༷་རྟ༷་བཟ༷ང་པོ༷་དང༷་འདྲ་བ་ཞེས་བྱ་སྟེ༷། ཉོ༷ན་མོ༷ངས་པའི་གཡུ༷ལ་ལ༷ས་ ངེ༷ས་པར་རྒྱལ༷་བར་འགྱུར༷་རོ། །དྲུག་པ་ནི། མུ་སྟེགས་སོགས་སུ༷་ལ༷་སོ་ཐར་གྱི་སྲབ་འདི༷་མེ༷ད་པ༷་དང༷་ན༷མ་དུ༷འང༷་བསླབ་པ་འདོ༷ད་པ༷ར་མི༷་འགྱུར༷་བ༷་དེ༷་ད༷ག་ཉོ༷ན་མོ༷ངས་གཡུལ༷་གྱིས༷་ དཀྲུག༷ས་ནས་སེམས་ཞི་བར་འཇོ༷ག་པ་ད༷ང་བྲལ༷་ནས་འཁོར་བར་རྣམ༷་པ༷ར་འཁྱམ༷ས་པ༷ར་འགྱུར༷་རོ། །གཉིས་པ་མདོ་གདོན་པ་དངོས་ལ་གཉིས་ཏེ། དགེ་འདུན་ཐུགས་བསྟུན་པའི་ ཕྱིར་གསོལ་བའི་ལས་བྱ་བ། མདོ་གདོན་པ་དངོས་སོ། །དང་པོ་ནི། དགེ༷་འདུ༷ན་བཙུ༷ན་པ༷་རྣ༷མས་གས༷ན་པ་སྟེ་སྙན་གཏད་དུ༷་གསོལ༷། དེ༷ང་དགེ༷་འདུན༷་གྱི༷ས་བསླབ་པ་གསོ༷་ཞིང་ སྡིག་པ་སྦྱོང་བས་ན་གསོ་སྦྱོང་སྟེ། ཞི་མཐུན་གཉིས་ལས་འདིར་མཐུན་པའི་གསོ་སྦྱོང་ལ་ལྔ་ལས་བཅུ༷་བཞི༷་པ༷འམ༷་བཅོ༷་ལྔ་སྟེ༷་ག༷ལ་ཏེ༷་དགེ༷་འདུན༷་གྱི༷་གསོ་སྦྱོང་གི་དུས༷་ལ༷་བ༷བ་ཅིང༷་གསོ་ སྦྱོང་བྱ་བར་བཟོ༷ད་ན༷་དགེ༷་འ༷དུན་གྱི༷ས་ཚིག་བཅད་མི་སྨྲ་བས་གན༷ང་བར༷་མཛོ༷ད་ཅི༷ག་ད༷ང་དེ༷ང་དགེ༷་འདུན༷་ཀྱི༷་གསོ༷་སྦྱོང༷་མཛ༷ད་དེ༷་སོ༷་སོ༷ར་ཐར༷་པ༷འི་མདོ༷་གདོ༷ན་པ༷་ལྔ་པོ་གླེང་གཞི་དང་། ཕམ་པ་དང་ 8-1-8b ལྷག་མ་དང་། མ་ངེས་པ་དང་། རིལ་གྱིས་གདོན་པ་དག་གདོ༷ན་ཏོ༷། །འདི༷་ནི༷་གསོ༷ལ་བ༷་འབའ་ཞིག་པའོ༷། །སྤྱིར་ལས་བརྒྱ་རྩ་གཅིག་ལས། གསོལ་བའི་ལས་ཉེར་བཞི། གསོལ་ པ་དང་གཉིས་ཀྱི་ལས་བཞི་བཅུ་ཞེ་བདུན། གསོལ་བཞིའི་ལས་སུམ་ཅུའོ། །དེ་ལས་འདི་གསོལ་བ་འབའ་ཞིག་པའི་ལས་ཉེར་བཞིའི་ནང་ནས་གཅིག་ཡིན། ཞེས་པའོ། །གཉིས་ པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། གླེང་གཞི་གདོན་པ། ཕམ་པ་གདོན་པ། ལྷག་མ་གདོན་པ། མ་ངེས་པ་གདོན་པ། རིལ་ གྱིས་གདོན་པའོ། །དང་པོ་ལ་དྲུག་སྟེ། གླིང་གཞི་རྣམ་པར་བཞག་པའི་ལུང་དཔོག །གླིང་གཞི་རྣམ་པར་བཞག་པའི་ཐབས་བསྟན། མ་དག་པའི་ཉེས་དམིགས། དག་པའི་ཕན་ ཡོན། མཇུག་བསྡུ་བ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། ཚེ༷་ད༷ང་ལྡན༷་པ༷་དག༷་བད༷ག་ཅ༷ག་མཐུན་པའི་གསོ༷་སྦྱོང༷་བྱ༷་སྟེ་རྣམ་པ་གང་གིས་ན་སོ༷་སོ༷ར་ཐ༷ར་པའི༷་མདོ༷་གདོ༷ན་པ༷་ལྔ་པོ་ གདོ༷ན་གྱི༷་དེས་ན་ཉན་པའི་འཁོར་ཁྱེ༷ད་ཅག༷་སུ༷་ལ༷་ལྟུང༷་བ༷་ཡོ༷ད་པ༷་དེ༷ས་བཤགས་བསྡོམ་བསླབ་པའི་ཚུལ་གྱིས་མཐོ༷ལ་ཅི༷ག །བཤགས་པར་བྱ་བ་ལ་སོགས་ཀྱི་ལྟུང༷་བ༷་མེ༷ད་ན༷། བཤགས་པའི་ཚིག་ 8-1-9a ཅ༷ང་མ༷་སྨྲ་ཞིག༷ ཅ༷ང་མི༷་སྨྲ་ན༷་བད༷ག་གི༷ས་ཚེ༷་ད༷ང་ལྡ༷ན་པ༷་ད༷ག་རྒྱུ༷ད་ཡོང༷ས་སུ༷་ད༷ག་པ༷ར་གསོ་སྦྱོང་གི་སྣོད་དུ་རི༷ག་པ༷ར་བྱའོ། །གཉིས་པ་ནི། ཇི༷་ལྟ༷ར་ཏེ་དཔེར་ན་གསོ་ སྦྱོང་གི་ཚེ་བཤགས་ཡུལ་དང་འཆགས་པོ་གཉིས་ལས་བཤགས་ཡུལ་གྱིས་མཐོང་ངམ་སྡོམ་མམ་ཞེས་སོ༷་སོ༷ར་དྲི༷ས་ནས༷་འཆགས་པོ་དགེ༷་སློང༷་གི༷ས་མཐོང་ལགས་སོགས་ལ༷ན་བཏ༷བ་པ༷་དེ༷་ བཞི༷ན་དུ༷་གསོ་སྦྱོང་ཉན་པའི་དགེ༷་སློང༷་གི༷་འཁོ༷ར་འདི༷་ལྟ༷་བུ༷ར་ཡ༷ང་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལ༷ན་གསུམ༷་གྱི༷་བར༷་དུ་བསྒྲག༷་པ༷ར་བྱ༷་བ༷་ཡི༷ན་ནོ༷། །གསུམ་པ་ནི། ཡ༷ང་ དགེ༷་སློ༷ང་ག༷ང་གསོ་སྦྱོང་ཉན་པའི་དགེ༷་སློང༷་གི༷་འཁོ༷ར་འདི༷་ལྟ༷་བུ༷ར་ཡང་སྔར་ལ༷ན་གསུམ༷་གྱི༷་བར༷་དུ༷་བསྒྲག༷ས་པ༷་ན༷་ཕྱིར་མ་བཅོས་པའི་ལྟུང༷་བ༷་ཡོ༷ད་ལ༷་དྲ༷ན་བཞིན་དུ༷་མི༷་མཐོ༷ལ་ན༷་དེ༷་ཤེ༷ས་བཞིན༷་ དུ༷་སྨྲ༷་བའི་ལྟུང་བ་ཉེས་བྱས་སུ་འགྱུར་བ༷་ཡི༷ན་ནོ༷། །ཚེ༷་ད༷ང་ལྡ༷ན་པ༷་དག༷་ཤེ༷ས་བཞིན༷་དུ༷་རྫུན༷་དུ༷་སྨྲ༷་བ༷་ནི་བཅོ༷མ་ལྡ༷ན་འད༷ས་ཀྱིས༷་མངོན་མཐོ་ངེས་ལེགས་ལ་བ༷ར་དུ༷་གཅོ༷ད་པ༷འི་ཆོ༷ས་སུ༷་ གསུང༷ས་སོ། །བཞི་པ་ནི། དེ༷་བ༷ས་ན༷་དགེ༷་སློང༷་ག༷ང་ལྟུང༷་བ༷་བྱུང༷་བ༷་རྣམ༷་པར༷་ད༷ག་པ༷ར་འདོ༷ད་པ༷ས་ལྟུང༷་བ༷་ཡོ༷ང་ལ༷་དྲ༷ན་ཞི༷ང་མཐོང༷་བ༷་དེ་བཤགས་པ་སོགས་ཀྱི་སྒོ་ནས་མཐོ༷ལ་བ༷ར་བྱ༷འོ༷། ། 8-1-9b མཐོ༷ལ་ན༷་དེ༷་མངོན་དེས་གྱི་བདེ༷་བ༷་ལ་རེ༷ག་པ༷ར་གན༷ས་པ༷ར་འགྱུར༷་རོ༷། །མ༷་མཐོ༷ལ་མ༷་བཤ༷གས་ན༷་ནི༷་མི༷་འགྱུར༷་རོ༷། །ལྔ་པ་ནི། ཚེ༷་དང༷་ལྡ༷ན་པ༷་ད༷ག་བད༷ག་གི༷ས་སོ༷་སོ༷ར་ཐར༷་པ༷འི་མདོ༷་ གདོ༷ན་པ༷འི་རྒྱུ་གླེང༷་གཞི༷་བཏོ༷ན་ཟི༷ན་ཏོ། །དྲུག་པ་ནི། གླེང་གཞི་བཏོན་པ་དེ༷་ལ༷་འདོན་པ་པོ་བད༷ག་གི༷ས་ཚེ༷་དང༷་ལྡ༷ན་པ༷་ད༷ག་ལ༷་ཅི་གསོ་སྦྱོང་འདི༷་ལ་ཉན་པ་པོ་ཁྱེད༷་རྣམས་ལྟུང་བ་མ་བྱུང་ཞིང་མ་ བཅབ་པས་ཡོ༷ངས་སུ༷་ད༷ག་ག༷མ་ཞེ༷ས་དྲི༷འོ༷། །འདི་དྲི་བ་དང་པོའོ། །ཅི༷་འདི༷་ལ༷་ཁྱེ༷ད་རྣམས་ཡོ༷ངས་སུ༷་དག༷་ག༷མ་ཞེ༷ས་ལ༷ན་གཉི༷ས་ལ༷ན་གསུམ༷་དུ༷་དྲི༷འོ༷། །ལན་གསུམ་དྲི་བའི་དགོས་པ་ཉུང་ ན་མི་ཐོས་མི་དྲན་མང་ན་དུས་ཡོལ་བས་སོ། །འདི༷་ལ༷་ཚེ༷་དང༷་ལྡ༷ན་པ༷་ད༷ག་ཡོང༷ས་སུ༷་ད༷ག་ན༷་འདི༷་ལྟར༷་ཅང༷་མི་སྨྲ༷་བ༷ས་དེ༷་དེ༷་བཞི༷ན་དུ༷་འཛི༷ན་ཏོ༷། །གཉིས་པ་ཕམ་པ་གདོན་པ་ལ་དྲུག་སྟེ། སྡོམ་ གྱི་མདོར་བསྟན། ཕམ་པ་གདོན་པའི་ལུང་དཔོག །སོ་སོའི་མཚན་ཉིད་རྒྱས་པར་བཤད། མཇུག་བསྡུ་བ། མ་དག་པའི་ཉེས་དམིགས། རྣམ་བཞག་བསྒྲགས་པའོ། །དང་པོ་ ནི། དེ་ཡང་ཉེ་བ་འཁོར་གྱིས་འདུལ་བ་བསྡུས་པའི་ཚེ་སྡོམ་གསུམ་དུ་བསྡུས་ཏེ། སྤྱི་སྡོམ། དངོས་སྡོམ། བར་སྡོམ་དུའོ། །དང་པོ་སྤྱི་དོན་ཚིགས་བཅད་དུ་བསྡུས་པ། དཔེར་ན་ 8-1-10a ལྟུང་བྱེད་ཀྱི་སྤྱི་དོན་ཚིགས་བཅད་དུ་བསྡུས་པའི་སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། ཞེས་སོགས་ལྟ་བུའོ། །གཉིས་པ་དངོས་དོན་ཚིག་བཅད་དུ་ བསྡུས་པ་ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། ཞེས་སོགས་ལྟ་བུའོ། །གསུམ་པ་བར་སྡོམ་འཕྲོས་དོན་ཚིགས་བཅད་དུ་བསྡུས་པའོ། །དེ་ལས་ཕམ་པ་འདི་དངོས་དོན་སྡོ༷མ་ དུ་བསྡུས་པ་ལ༷། མི༷་ཚ༷ངས་པ་སྤྱོ༷ད་པ་དང༷་། རྐུ༷་བ༷་ད༷ང་། མི༷་ལ༷་གས༷ད་པ༷ར་མི༷་བྱ༷་བ༷་དང། རྫུ༷ན་དུ༷་སྨྲ་བ་དང༷་བཅ༷ས་པ༷་ཡི༷་མི་བྱ་བའི་ཆོ༷ས་བཞི༷་ཕམ་པ་གདོན་པའི་སྐབས་འདི༷ར་ནི༷་སངས་ རྒྱས་ཀྱིས་གསུང༷ས་པ༷་ཡི༷ན་ནོ༷། །གཉིས་པ་ནི། འོ་ན་འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན་ཕམ་པ་བཞི་ཡོད་པར་ཅི་ཤེས་ཞེ་ན། ཚེ༷་ད༷ང་ལྡ༷ན་པ༷་ད༷ག་ཕ༷མ་པ༷ར་འགྱུར༷་བ༷འི་ཆོ༷ས་ བཞི༷་པོ༷་འདི༷་ད༷ག་ནི༷་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅི༷ང་འདུལ་བ་འཛིན་པ་སོ༷་སོར༷་ཐ༷ར་པ༷འི་མདོ༷་གདོ༷ན་པ༷འི་ཚེ་དག་ལ༷ས་འབྱུང༷་ངོ༷་། གསུམ་པ་ལ་བཞི་སྟེ། མི་ཚངས་པ་སྤྱོད་པའི་ཕམ་པ། མ་བྱིན་པ་ ལེན་པའི་ཕམ་པ། གསོད་པའི་ཕམ་པ། རྫུན་དུ་སྨྲ་བའི་ཕམ་པའོ། །དང་པོ་ནི། ཡ༷ང་བཟང་སྦྱིན་དང་དགེ་སློང་དགོན་པ་བ་ལྟ་བུའི་དགེ༷་སློང༷་ག༷ང་ཡང་རུང་བ་དགེ༷་སློང༷་རང་བཞིན་དུ་ 8-1-10b གནས་པ་རྣ༷མས་ད༷ང་ལྷ༷ན་ཅི༷ག་ཚུལ་ཁྲིམས་བསླབ་པ་སོར་མདོ་གདོན་པ་མཉམ་པའི་སྒོ་ནས་བསླབ༷་པ༷་མཚུང༷ས་པ༷ར་གྱུར༷་པ༷ས་བསླབ་པ་ཕུལ་ན་ལྟུང་བ་མེད་པས་བསླབ༷་པ༷་མ༷་ཕུལ༷་བསླབ་པ། ཉམས་ན་ལྟུང་བ་མེད་པས་བསླབ༷་པ༷་ཉམ༷ས་པ༷ར་མ༷་བྱས༷་པ༷ར་གཉིས་ཀྱིས་གཉིས་སྤྲད་པའི་མི༷་ཚངས་པ༷་སྤྱོ༷ད་པ༷་འཁྲིག༷་པ༷་ལས་བྱུང་བ༷འི་ཆོ༷ས་བསྟེན༷་ན༷། མིར་མ་ཟད་ཐ༷་ན༷་སྤྲ་མོ་ལྟ་བུ་དུད༷་ འགྲོའི༷་སྐྱེ༷་གན༷ས་སུ༷་སྐྱེས༷་པ༷་ད༷ང་ལྷན༷་ཅི༷ག་ཀྱང༷་རུང༷་སྟེ་དགེ༷་སློང༷་དེ༷་ཕ༷མ་པ༷ར་གྱུར༷་པ༷་ཡི༷ན་གྱིས་དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་གན༷ས་པ༷ར་མི༷་བྱའོ༷། །གཉིས་པ་ནི། ཡ༷ང་ ནོར་ཅན་ལྟ་བུའི་དགེ༷་སློང༷་ག༷ང་ཡང་རུང་བ་མི་ཡི་འགྲོ་བ་གཞ༷ན་དག༷་གི༷་གྲོང༷་སྟེ་ར་བའི་ནང་ན༷་འདུག༷་པ༷འམ༷་དགོ༷ན་པ་སྟེ་ར་བའི་ཕྱི་ན༷་འདུག༷་པ༷་སྐྱེས་པ་སོགས་ཀྱིས་མ༷་བྱི༷ན་པར༷་རྐུ༷་བ༷འི་གྲ༷ངས་སུ༷་ གཏོ༷གས་པ༷་མ་ཤ་ཀ་ལྔ་ལྟ་བུ་བླང༷ས་ན༷་ཅི༷་ཙམ༷་མ༷་བྱི༷ན་པ༷ར་བླང༷ས་པ༷ས་དགེ་སློང་དེ༷་རྒྱལ༷་པོ༷འམ༷་བློན་པོ༷་ཆེ༷ན་པོ༷ས་བཟུང༷་ན༷ས་དགེ་སློང་དེ༷་ལ༷་འདི༷་སྐ༷ད་ཅེ༷ས་ཀྱེ༷་མི༷་ཁྱོ༷ད་ནི༷་འཇབ་བུས་ལེན་པའི་ རྐུན༷་མ༷འོ༷། །ལེགས་ཉེས༷་མི་ཤེས་པའི་བྱིས༷་པ༷འོ༷། །ལུང་ཕོག་པ་མི་ཤེས་པའི་བླུན༷་པ༷འོ༷། །མཐུས་རྐུ༷་བ༷འོ༷་ཞེ༷ས་ཟེ༷ར་ཞིང༷་གསོད༷་ད༷མ་ལྕགས་སྒྲོག་སོགས་ཀྱིས་འཆི༷ང་ང༷མ་ཡུལ་གཞན་དུ་ 8-1-11a སྤྱུགས་ཀྱང༷་རུང་སྟེ༷། དགེ༷་སློང༷་དེ༷་ལྟར༷་མ༷་བྱི༷ན་པར༷་ལེ༷ན་ན༷་དགེ༷་སློང༷་དེ༷་ཡ༷ང་ཕ༷མ་པ༷ར་གྱུར༷་པ༷་ཡི༷ན་གྱིས༷་དེ་དང་ལྷན་ཅིག་གན༷ས་པ༷ར་མི༷་བྱ༷འོ། །གསུམ་པ་ནི། ཡ༷ང་དགེ་སྦྱོང་སྦེད་ལྟ་བུའི་དགེ་སློང་གང་ཡང་རུང་པས་མ་ཡི་མངལ་དུ་སྐྱེ་མཆེད་དྲུག་དོད་པ་ཚུན་ཆོད་ཀྱི༷་མིའམ༷། ལུས་སྲོག་ཡིད་ཀྱི་དབང་པོ་ཙམ་ཐོབ་པས་མི༷ར་ཆགས་པ༷་ལ༷་གསོད་པར་ བས༷མ་བཞི༷ན་དུ༷་རང༷་གི༷་ལ༷ག་ད༷ར་ཏེ༷་སྲོག༷་བཅ༷ད་ད༷མ་མི་དེ༷་ལ༷་མཚོ༷ན་བྱི༷ན་ནམ༷། མི་དེ༷་ལ༷་གཞན་མཚོ༷ན་ཐོག༷ས་པ༷་གཉེ༷ར་ར༷མ། དེ༷་ཐབས་ཀྱིས་འཆི༷ར་བཅུག༷་ག༷མ། མི་དེ༷་ལ༷་འཆི༷་ བ༷འི་བསྔག༷ས་པ༷་བརྗོ༷ད་ཀྱང༷་རུང༷་སྟེ༷། དེ༷་ལ༷་བསྔགས་པ་ནི་འདི༷་སྐ༷ད་ཅེས་ཀྱེ༷་མི༷་ཁྱོ༷ད་འཚོ༷་བ༷་སྟེ་གསོན་པ་སྡིག༷་པ༷་བསགས་པ་ལུས་མི༷་གཙང༷་བ༷་ང༷ན་པ༷་འདི༷ས་ཅི༷་ཞིག༷་བྱ། ཀྱེ༷་མི༷་ ཁྱོ༷ད་གསོ༷ན་པ༷་བ༷ས་ཤི༷་སླའོ༷་ཞེས༷་ཟེ༷ར་ཞིང༷་སེ༷མས་ཀྱི༷་འཆི་བར། འདོ༷ད་པ༷་ད༷ང་ཆོས་གོས་སོགས་ཐོབ་ཏུ་རེ་བས་སེ༷མས་ཀྱི༷་ཀུན༷་ཏུ༷་རྟོག༷་པ༷་ད༷ག་གི༷ས་རྣམ༷་གྲང༷ས་དུ༷་མ༷ས་མི༷་དེ༷་འཆི༷ར་བཅུག༷་ ག༷མ། དེ༷་ལ༷་འཆི༷་བའི༷་བསྔ༷གས་པ༷་བརྗོ༷ད་དེ༷་དེ༷་ཡ༷ང་བསྔགས་སོགས་ཀྱི་རྩོ༷མ་པ༷་དེས་འཆི་བའི་དུས༷་བྱས༷་ན༷། དགེ༷་སློང༷་དེ༷་ཡ༷ང་ཕ༷མ་པར༷་གྱུར༷་པ༷་ཡི༷ན་གྱིས༷་གན༷ས་པ༷ར་མི༷་བྱའོ༷། །བཞི་ 8-1-11b པ་ནི། ཡ༷ང་ཉ་པའི་རིགས་ཀྱི་དགེ༷་སློང༷་ལྔ་བརྒྱ་ལྟ་བུ་ག༷ང་ཡང་རུང་བས་ཟག་བཅས་བསམ་གཟུགས་ཀྱི་ཤེས་པ་ཕུང་པོ་ལྔ་མངོ༷ན་པར༷་མི༷་ཤེ༷ས་ཤི༷ང་ཟག་མེད་ཀྱི་ཤེས་པས་ཡོང༷ས་སུ༷་མི༷་ཤེས་ ལ༷་མི༷་ཡི༷་ཆོ༷ས་ལས་བླ༷་མ༷་མཐ༷འ་མྱང་འདས་ད༷ང་སངས་རྒྱས་དང་ཉན་ཐོས་འཕ༷གས་པ༷་དང༷་འབྲས་བུའི་བྱེ༷་བྲ༷ག་རྒྱུན་ཞུགས་སོགས་བཞི་ཐོ༷བ་པ༷་ད༷ང་། བདེན་བཞི་ཤེ༷ས་པ༷་དང༷་། དེ་ མངོན་སུམ་དུ་མཐོ༷ང་བ༷་ད༷ང་ལྷ་མཐོང་ངོ་སོགས་དང་། ཆགས་བྲལ་གྱི་བདེ་བ་ལ་རེ༷ག་པ༷ར་སྤྱོ༷ད་པ༷་མེ༷ད་ལ༷་མེ༷ད་བཞིན་དུ༷་འདུ་ཤེས་བསྒྱུར་ཏེ་བདེན་བཞི་སོགས་འདི༷་ཤེ༷ས་སོ༷། །ལྷ་སོགས་ འདི༷་རྣམས་མཐོང༷་ངོ༷་ཞེ༷ས་ཁ༷ས་འཆེ༷ས་པ་ལ༷ས་དགེ་སློང་དེ༷་ལྟུང་བ༷་བྱུང༷་པ༷་དེ་རྣམ༷་པ༷ར་ད༷ག་པ༷ར་འདོ༷ད་ནས༷་དུས༷་གཞ༷ན་ཞིག༷་ན༷་གཞན་གྱི་དྲིས༷་ཀྱ༷ང་རུང་མ༷་དྲི༷ས་པར་རང་ཉིད་འགྱོད་ཀྱང༷་རུང་ སྟེ་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ལྡ༷ན་པ༷་ད༷ག་བད༷ག་གི༷ས་ནི༷། ཡིད་ཀྱི་མི༷་ཤེ༷ས་པ༷་ཤེ༷ས་སོ༷་ཞེ༷ས་སྨྲས༷། མིག་གིས་མ༷་མཐོང༷་བ༷་མཐོ༷ང་ངོ༷་ཞེ༷ས་སྨྲས༷་ཏེ༷་བདེན་པའི་དོན་དེ་སྟོང་པས་གསོ༷བ་དེའི་ས་བོན་ ཙམ་ཡང་སྟོང་པས་གསོ༷ག །དེར་འདུ་ཤེས་པ་དང་ཡང་བྲལ་བས་རྫུན༷་དུ༷་སྨྲས༷་སོ༷་ཞེ༷ས་ཟེར༷་ན༷་མངོ༷ན་པའི༷་ང༷་རྒྱལ༷་གྱིས་རློམ་པ་ནི་མ༷་གཏོག༷ས་ཏེ༷་དགེ༷་སློང༷་དེ༷་ཡ༷ང་ཕ༷མ་པ༷ར་གྱུར༷་པ༷་ཡི༷ན་ 8-1-12a གྱིས༷་གན༷ས་པར༷་མི་བྱ༷འོ༷། །བཞི་པ་མཇུག་བསྡུ་བ་ནི། ཚེ༷་དང༷་ལྡ༷ན་པ༷་ད༷ག་བད༷ག་གི༷ས་ཕ༷མ་པར༷་གྱུར༷་པ༷འི་ཆོས༷་བཞི༷་པོ༷་ད༷ག་བཏོ༷ན་ཟི༷ན་ཏོ༷། །ལྔ་པ་མ་དག་པའི་ཉེས་ དམིགས་ནི། དགེ༷་སློང༷་གི༷ས་ཕམ་པ་བཞི་པོ་དེ༷་ད༷ག་ལ༷ས་ལྟུང༷་བ༷་ག༷ང་ཡང་རུང༷་བ༷་ཞིག༷་བྱས༷་ན༷་ཐོ༷ག་མ༷་ཁྱིམ་པའི་སྐབས་ན་སྡོམ་པ་མེད་པ་ཇི༷་ལྟ༷་བར༷་ཕྱིས༷་ལྟུང་བ་དེ་བྱུང་བའི་སྐབས་ ཀྱང༷་དེ༷་བཞི༷ན་དུ༷་ཕ༷མ་པར༷་གྱུར༷་པ༷་ཡི༷ན་ཏེ༷་དགེ༷་སློང༷་རྣམས་ད༷ང་ལྷན༷་ཅི༷ག་གན༷ས་པ༷་ད༷ང་ཆོས་དང་ཟང་ཟིང་གི་ལོང༷ས་སྤྱོ༷ད་དུ༷་མི༷་དབ༷ང་གིས༷་གན༷ས་པ༷ར་མི༷་བྱ༷འོ༷། །དྲུག་པ་རྣམ་བཞག་ བསྒྲགས་པ་ནི། དེ༷་ལ༷་བདག༷་གི༷ས་ཚེ༷་ད༷ང་ལྡ༷ན་པ༷་ད༷ག་ལ༷་ཅི༷་འདི༷་ལ༷་ཁྱེད༷་ཡོང༷ས་སུ༷་ད༷ག་ག༷མ་ཞེ༷ས་དྲི༷འོ། །ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ༷་ད༷ག་ག༷མ་ཞེ༷ས་ལ༷ན་གཉི༷ས་ལ༷ན་ གསུམ༷་དུ༷་དྲི༷འོ༷། །འདི༷་ལ༷་ཚེ་དང༷་ལྡ༷ན་པ༷་ད༷ག་ཡོ༷ངས་སུ༷་ད༷ག་ན༷་འདི༷་ལྟར༷་ཅ༷ང་མི༷་སྨྲ་བ༷ས་དེ༷་དེ༷་བཞི༷ན་དུ༷་འཛི༷ན་ཏོ། །གསུམ་པ་ལྷག་མ་གདོན་པ་ལ་བདུན་ཏེ། སྡོམ་གྱིས་མདོར་བསྟན། ལྷག་མ་གདོན་པའི་ལུང་དཔོག །སོ་སོའི་མཚན་ཉིད། འཇུག་བསྡུ་བ། རྣམ་བཞག་བསྟན་པ། ཕྱིར་འཆོས་པའི་ཚུལ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། དགེ་ 8-1-12b འདུན་ལྷག་མའི་ཆོས་བཅུ་གསུམ་སྡོ༷མ་དུ་བསྡུས་པ་ལ༷། ཁུ༷་བ༷་འབྱིན་པ་དང་། འཛིན༷་པ༷་སྟེ་རེག་པ་དང་། འཁྲིག༷་ཚིག༷་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དང་། སྨྱན༷་བྱེད་ པ་དང་། ཁང༷་པ༷་དང་། ཁ༷ང་ཆེན༷་དང༷་ནི༷་གཞི༷་མེ༷ད་ད༷ང་། བ༷ག་ཙ༷མ་དང་། དགེ༷་འདུན༷་དབྱེན༷་དང༷་། དེ༷འི་རྗེ༷ས་སུ་ཕྱོག༷ས་པ་དང་། ཁྱིམ༷་སུན༷་འབྱི༷ན་པ་དང༷་། བཀ༷འ་བློ༷་མི༷་ བདེ༷་བ༷འོ༷། །གཉིས་པ་ནི། ཚེ༷་ད༷ང་ལྡ༷ན་པ༷་ད༷ག་དགེ༷་འདུན༷་ལྷག༷་མའི༷་ཆོ༷ས་བཅུ༷་གསུམ་པོ༷་འདི༷་ད༷ག་ནི༷་ཟླ་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོ༷ར་ཐར༷་པའི༷་མདོ༷་གདོ༷ན་པ༷་ལ༷ས་འབྱུང༷་ངོ༷་། །གསུམ་ པ་ལ་གཉིས་ཏེ། དངོས་པོ་ལས་གྱུར་པ་དང་། བསྒོ་བ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། འདོད་པས་ཀུན་ནས་བསླང་བ་དང་། གནོད་པས་ཀུན་ནས་བསླང་བའོ། །དང་པོ་ ལ་གཉིས་ཏེ། ནང་སེམས་ཅན་ལ་ཆགས་པས་ཀུན་ནས་བསླང་བ་དང་། ཕྱི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་པོ་ལ་གཉིས་ཏེ་རང་འདོད་པ་བསྟེན་པ། གཞན་ འདོད་པ་བསྟེན་དུ་འཇུག་པའོ། །དང་པོ་ལ་གཉིས་ཏེ། ལུས་ཀྱི་རེག་པས་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བ་དང་། སྨྲ་བས་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་ 8-1-13a པོ་ལ་གཉིས་ཏེ། རང་གི་ལུས་ཀྱི་རེག་པས་བདེ་བ་ལ་ཆགས་པ་དང་། གཞན་གྱི་ལུས་ཀྱི་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་པོ་ནི། འཆར་ཀ་ལྟ་ བུ་དགེ་སློང་གང་ཁུ་བ་འབྱིན་པར་བས༷མ་བཞི༷ན་དུ༷་ཁུ༷་བ༷་ཕྱུང༷་ན༷་རྨི༷་ལ༷མ་གྱི༷་སྐབས་ཀྱི་དེ་མ༷་གཏོ༷གས་ཏེ༷་དགེ༷་འདུན༷་ལྷག༷་མ༷འོ༷། །གཉིས་པ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་ག༷ང་ཡང་ རུང་བས༷་ངོ་ཚ་ལས་དྲལ༷་ཞིང༷་བུད་མེད་བསྟེན་པར་འདོད་པར་གྱུར༷་པའི༷་སེམ༷ས་ཀྱིས༷་འཁྲིག་པ་བསྟེན་ནུས་པའི་བུ༷ད་མེ༷ད་ཀྱི༷་ཡུལ༷་ད༷ང་ལྷ༷ན་ཅི༷ག་ལུས༷་ལ་རེ༷ག་པ༷ར་བྱེ༷ད་ད༷མ་མཁྲིག་མ་མན་ཆད་ ཀྱི་ལ༷ག་པ༷་ནས༷་བཟུང༷་ང༷མ། །མཁྲིག་མ་ཡན་ཆད་ཀྱི་དཔུང༷་པ༷་ན༷ས་བཟུང༷་ངམ༷། སྐྲའི་ལ༷ན་བུ༷་ནས༷་བཟུང༷་ང༷མ། ལུས་དང་རྐང་ལག་སོགས་ཡ༷ན་ལ༷ག་ད༷ང་ཉིང༷་ལ༷ག་ད༷ང་གང༷་ཡ༷ང་རུང༷་བ༷་ལ༷་ ཅུང་ཟད་ནོམ༷་པ༷་དང༷་། ཕྱོགས་ཐམས་ཅད་དུ་ཉུག༷་པ༷་བད༷ག་གི༷ར་བྱེ༷ད་ན༷་དགེ༷་འདུན༷་ལྷག༷་མ༷འོ། ། གཉིས་པ་སྨྲ་བའི་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བ་ལ་གཉིས་ཏེ། འཁྲིག་ ཚིག་སྨྲ་བ། བསྙེན་བཀུར་བསྔགས་པའོ། །དང་པོ་ནི། ཡ༷ང་འཆར་ཀ་ལྟ་བུ་དགེ༷་སློང༷་ག༷ང་དྲལ༷་ཞིང༷་གྱུར༷་པ༷འི་སེམ༷ས་ཀྱིས༷་འཁྲིག་པ་བསྟེན་ནུས་ཀྱི་བུད་མེ༷ད་ཀྱི༷་ཡུལ༷་ད༷ང་ལྷ༷ན་ཅི༷ག་ 8-1-13b གན༷ས་ང༷ན་ལེ༷ན་གྱི༷་ཚིག༷་སྡི༷ག་པ༷་ཅ༷ན་ཚོག༷ས་པར་མི༷་དབྱུང༷་བ༷་གཉིས་ཀྱིས་གཉིས་སྤྲོད་པའི་འཁྲིག༷་པ༷་ལ༷ས་བྱུང༷་བ༷་དང༷་ལྡན༷་པ་སྟེ་དེའི་རྗོད་བྱེད་ད༷ག་དཔེར་ན་སྐྱེས༷་བུ༷ས་ན༷་ཆུང༷་ལ༷་ཇི༷་ལྟ་བ༷་ བཞི༷ན་དུ༷་སྨྲས༷་ན་དགེ༷་འདུན༷་ལྷག༷་མ༷འོ༷། །གཉིས་པ་ནི། ཡ༷ང་འཆར་ཀ་ལྟ་བུ་དགེ༷་སློང༷་ག༷ང་དྲལ༷་ཞིང༷་གྱུར༷་པའི༷་སེ༷མས་ཀྱིས༷་བུ༷ད་མེ༷ད་ཀྱི༷་ལུས༷་ཀྱི་མདུན་དུ༷་བདག༷་ཉི༷ད་ཀྱི༷་ལུས༷་ཀྱིས༷་ བསྙེན༷་བཀུར༷་བྱ༷་བའི༷་ཕྱིར༷་འདི༷་ལྟ༷་སྟེ༷་ང༷་ལྟ༷་བུ༷འི་དགེ༷་སློང༷་ཚུལ༷་ཁྲིམ༷ས་ད༷ང་ལྡ༷ན་པ༷་དགེ༷་བ༷འི་ཆོས༷་ཏིང་འཛིན་ཅ༷ན་ཚ༷ངས་པ༷ར་སྤྱོ༷ད་པ༷་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་ལ༷་འདི༷་ལྟར༷་འཁྲིག༷་པ༷་ ལ༷ས་བྱུང༷་བ༷་དང༷་ལྡན༷་པ༷འི་ཆོ༷ས་འདི༷ས་བསྙེན༷་བཀུར༷་བྱས༷་ན༷། སྲུ༷་འདི༷་ནི༷་བསྙེན༷་བཀུར༷་བྱས༷་པ༷་རྣམ༷ས་ཀྱི༷་ནང༷་ན༷་མཆོག༷་ཡི༷ན་ནོ༷་ཞེ༷ས་བསྔ༷གས་པ༷་བརྗོ༷ད་ན་དོན༷་གོ་བའི་ཚེ་དགེ༷་འདུན༷་ལྷག༷་མ༷འོ། ། གཉིས་པ་གཞན་འདོད་པ་བསྟེན་དུ་འཇུག་པ་ནི། ཡ༷ང་དྲུག་སྡེ་ལྟ་བུ་དགེ༷་སློང༷་ག༷ང་ཡང་རུང་བས་བུ༷ད་མེ༷ད་ལ༷་སྐྱེས༷་པ༷འི་ཀུན་ཏུ་སྤྱོད་པར་བསམ་པའི་ཚི༷ག་ད༷ང་སྐྱེས༷་པ༷་ལ༷་བུ༷ད་མེ༷ད་ཀྱི༷་ཀུན་ སྤྱོད་བསམ་པའི་ཚིག༷་གི༷ས་ཆུང༷་མ་བདུན་ཉི༷ད་ད༷མ་མཛ༷འ་ན༷་མོ༷་བཅུ་ཉི༷ད་དུ༷་སྨྱན༷་བྱེ༷ད་ན༷་ཐ༷་ན༷་ཐང༷་འག༷འ་འཕྲ༷ད་པ༷་ལ༷འང༷་རུང༷་སྟེ༷་འཕྲད་པའི་ཚེ་ན་དགེ༷་འདུན༷་ལྷག༷་མར་འགྱུར་རོ། །ཆུང་ 8-1-14a མ་བདུན་ནི། ཆུ་ཚིགས་ཀྱིས་བྱིན་པ། རིན་ཆས་ཀྱིས་ཉོས་པ། བཙན་ཕྲོག་ཏུ་ཐོབ་པ། དང་སམ་འདུས་པ། གོས་ཟས་ཀྱིས་འཚོ་བ། ཁ་དུམ་པ། ཐང་འགའ་འཕྲད་པའོ། །མཛའ་ན་མོ་བཅུ་ནི། མས་སྲུང་བ། ཕས་སྲུང་བ། མེས་པོས་སྲུང་བ། ཕུ་ནུ་མོས་སྲུང་བ། སྒྱུག་མོས་སྲུང་བ། གྱོས་པོས་སྲུང་བ། ཉེ་དུས་ སྲུང་བ། རིགས་ཀྱིས་སྲུང་བ། རུས་ཆགས་ཀྱིས་སྲུང་བ། རྣམ་པར་འཁྲུགས་པ་མེད་པའོ། །གཉིས་པ་ཕྱི་ཡི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླང་བ་ལ་གཉིས་ཏེ། ཁང་པ་ དང་། ཁང་ཆེན་གྱི་ལྷ༷ག་མ༷འོ༷། །དང་པོ་ནི། ཆོས་འདི་པའི་དགེ༷་སློང༷་གི༷ས་བད༷ག་གིས༷་ཤིང་སོགས་བསླང༷ས་པ༷་ཡིན་པ་སྐྱེས་པ་སོགས་བད༷ག་པོ༷་མེ༷ད་པ༷། དགེ་སློང་བད༷ག་གི༷་ ཕྱིར༷་འགྲེང་འཆག་ཉལ་འདུག་སྟེ་སྤྱོད་ལམ་བཞི་ཤོང་གི་ཁང༷་པ༷་རྩིག༷་ཏུ༷་འཇུ༷ག་གམ་རང་རྩིག་ན༷་དགེ༷་སློང༷་དེས༷་ཁ༷ང་པ༷་ཚ༷ད་བཞི༷ན་དུ་རྩིག༷་ཏུ༷་ཆུག༷་ཅི༷ག །དེ༷་ལ༷་ཁང༷་པ༷འི་ཚད་ནི༷་འདི༷་ཡི༷ན་ཏེ༷་ ཁང་པའི་ནང༷་གི༷་སྲི༷ད་དུ༷་བདེ༷་བར༷་གཤེ༷གས་པའི༷་མཐོ༷འི་མཐོ༷་བཅུ༷་གཉི༷ས་ཏེ་ཚད་ལྡན་ཁྲུ་བཅོ་བརྒྱད་ཞིང༷་དུ༷་བདེ་གཤེགས་མཐོ༷་བདུན༷་ཏེ་ཁྲུ་ཕྱེད་བཅུ་གཅིག་ཡིན་ནོ། །ཁང་པའི་གཞི༷་རུང་བ་ 8-1-14b རྩོད་མེད་རྩོམ་རུང་བ་ལྟ༷་བའི༷་ཕྱིར༷་དགེ༷་སློང༷་དེ༷ས་དགེ༷་སློང༷་གཞན་ད༷ག་བཀྲི་བར༷་བྱ༷འོ༷། །ཁྲིད༷་པའི༷་དགེ་སློང༷་དག༷་གི༷ས་ཀྱང༷་སྡིག་སྦྲུལ་ལ་སོགས་པའི་གནས་མེད་པའི་གཞི༷་རུང༷་བ༷་དང༷་། ཤིང་གཅོད་མི་རུང་བ་སོགས་རྩོད༷་པ༷་མེ༷ད་པ༷་དང༷་། ཉེ་འཁོར་འདོམས་གང་གི་འཁོར་ཡུག་ཏུ་ངམ་གྲོག་སོགས་མེད་པའི་རྩོ༷མ་དུ༷་རུང༷་བར༷་ལྟ༷་བ༷ར་བྱ༷འོ། །ག༷ལ་ཏེ༷་དགེ༷་སློང༷་གི༷ས་གཞི༷་མི༷་ རུང༷་བ༷འམ༷། རྩོད༷་པ༷་དང༷་བཅ༷ས་པ༷འམ༷། འདོམས་གང་དུ་ཁྲོན་པ་སོགས་ཡོད་པའི་རྩོམ༷་དུ༷་མི༷་རུང༷་བར༷་དགེ་སློང་བདག༷་གི༷ས་ས་ཕྱོགས་སོགས་བསླང༷ས་པ༷་བུད་མེད་སོགས་བད༷ག་ པོ༷་མེ༷ད་པ༷། བད༷ག་གམ་གང་ཟག་གཅིག་གི༷་ཕྱིར༷་སྤྱོད་ལམ་བཞི་ཤོང་གི་ཁ༷ང་པ༷་བརྩིག༷་ཏུ༷་འཇུག༷་ག༷མ་གཞི༷་རུང་མི་རུང༷་ལྟ་བ༷འི་ཕྱིར༷་དགེ༷་སློང༷་དག༷་ཀྱང༷་མི༷་ཁྲིད༷་ད༷མ་དགེ༷་སློང༷་ཁྲིད༷་པ༷་ ད༷ག་ལ༷་གཞི༷་མི་སྟོན༷་ཏམ༷། ཚད༷་ལ༷ས་འད༷ས་པར་རྩིག་ན༷་དགེ༷་འདུན༷་ལྷ༷ག་མ༷འོ༷། །གཉིས་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གི༷ས་སྐྱེས་པ་སོགས་བདག༷་པོ༷་ཡོ༷ད་པ༷་ བཞིར་ལོངས་པའི་དགེ༷་འདུན་གྱི་ཕྱིར༷་སྤྱོད་ལམ་བཞི་ཤོང་བའི་གཙུག༷་ལ༷ག་ཁ༷ང་ཆེ༷ན་པོ༷་རྩིག༷་ཏུ༷་འཇུག༷་ན༷་གཞི༷་ལྟ༷་བའི༷་ཕྱིར༷་དགེ༷་སློང༷་དེས༷་དགེ༷་སློང༷་དག༷་བཀྲི༷་བ༷ར་བྱའོ༷། །ཁྲི༷ད་པའི༷་ 8-1-15a དགེ༷་སློང༷་ད༷ག་གི༷ས་ཀྱང༷་གཞི༷་རུང༷་བ༷་དང༷་རྩོད༷་པ༷་མེ༷ད་པ༷་ད༷ང་། རྩོ༷མ་དུ༷་རུང༷་བ༷ལྟ་བར༷་བྱའོ༷། །ག༷ལ་ཏེ༷་དགེ༷་སློང༷་གི༷ས་གཞི༷་མི༷་རུང༷་བ༷འམ༷། རྩོ༷ད་པ༷་ད༷ང་བཅ༷ས་ པ༷འམ༷། རྩོམ༷་དུ༷་མི་རུང༷་བ༷ར་བད༷ག་པོ༷་ཡོ༷ད་པ༷་དགེ༷་འདུན༷་གྱི༷་ཕྱིར༷་གཙུག༷་ལག༷་ཁ༷ང་ཆེ༷ན་པོ༷་རྩི༷ག་ཏུ༷་འཇུག༷་ག༷མ་གཞི༷་ལྟ༷་བའི༷་ཕྱིར༷་དགེ༷་སློང༷་དག༷་ཀྱང༷་མི་ཁྲིད༷་དམ། དགེ༷་སློང༷་ཁྲིད༷་པ༷་ ད༷ག་ལ༷་གཞི༷་མི༷་སྟོན༷་ན༷་དགེ༷་འདུན༷་ལྷག༷་མ༷འོ༷། །གཉིས་པ་གནོད་པས་ཀུན་ནས་བསླང་བ་ལ་གཉིས་ཏེ། གཞི་མེད་པ་དང་། བག་ཙམ་གྱི་ལྷག་མའོ། །དང་པོ་ནི། ཡང༷་མཛའ་བོ་ དང་ས་ལས་སྐྱེས་ལྟ་བུ་དགེ༷་སློང༷་གང༷་ཡང་རུང་བ་ཁྲོས༷་པ་སྟེ་འཁྲུགས་ཤིང་ཞེ་སྡང་སྟེ་ཡིད་མི་དགའ་བར༷་གྱུར༷་ནས༷་ཅི༷་ནས༷་ཀྱང༷་ཕ་རོལ་པོ་འདི༷་ཚང༷ས་པར༷་སྤྱོ༷ད་པ༷་དང༷་དཔྲ༷ལ་ལོ༷་སྙམ༷་ནས༷་ དགེ༷་སློང༷་དག༷་པ༷་གཞི་དེས་ལྟུང༷་བ༷་མེ༷ད་པ༷་ལ༷་གླེང་བའི་གཞི༷་མེ༷ད་པ༷ར་ཕམ༷་པར༷་གྱུར༷་པའི༷་ཆོས༷་གང་རུང་ཉིད་ཀྱིས༷་སྐུར༷་པ༷་བཏབ་པ་ལ༷ས་སྐུར་པ་འདེབས་པ་པོ་དེ༷་དུས༷་གཞ༷ན་ཞིག༷་ན༷་གཞན་ གྱིས་དྲིས༷་ཀྱང༷་རུང༷་མ༷་དྲིས༷་པར་རང་ཉིད་འགྱོད་ཀྱང༷་རུང༷་རྩོད༷་པ༷་དེ༷་ཡང༷་གཞི༷་མེ༷ད་པ༷་ཡི༷ན་ལ༷། དགེ༷་སློང༷་ཡང༷་ཞེ༷་སྡང༷་ལ༷་གན༷ས་པས་ཞེ༷་སྡ༷ང་གི༷ས་ཀུན་ནས་བསླང་སྟེ་སྨྲས༷་སོ༷་ཞེ༷་ན༷་ 8-1-15b དགེ༷་འདུ༷ན་ལྷག༷་མ༷འོ༷། །གཉིས་པ་ནི། ཡང༷་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ༷་སློང༷་གང༷་ཁྲོས༷་ཤིང༷་ཞེ༷་སྡང༷་བར༷་གྱུར༷་ནས༷་ཅི༷་ནས༷་ཀྱང༷་འདི༷་ཚང༷ས་པར༷་སྤྱོ༷ད་པ༷་དང༷་དཔྲལ༷་ལོ༷་སྙམ༷་ ནས༷་དགེ༷་སློང༷་དག༷་པ༷་ལྟུང༷་བ༷་མེ༷ད་པ༷་ལ༷་གཞ༷ན་མྱང་འདས་ཀྱི༷་ཆ༷་མ༷་ཡི༷ན་པ༷་དང༷་མཐུན༷་པ༷་ཕམ༷་པ༷ར་གྱུར༷་པ༷འི་ཆོ༷ས་ཀྱིས༷་སྐུར༷་པ༷་ལ༷ས། དེ༷་ནས༷་དུས་གཞ༷ན་ཞིག༷་ན༷་དྲིས༷་ཀྱང༷་རུང༷་མ༷་དྲིས་ ཀྱང༷་རུང༷་། རྩོད༷་པ༷་དེ༷་ཡང༷་གཞན༷་གྱི་ཆ༷་མ༷་ཡི༷ན་པ༷་དང༷་མཐུན༷་པ༷་ཡི༷ན་ལ༷། རྩོད༷་པ༷་དེ༷་ཡང་གཞ༷ན་མྱང་འདས་ཀྱི༷་ཆ༷་མ༷་ཡི༷ན་པ༷་དང༷་མཐུན༷་པ༷ས་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་ མདོག་དང་། རི་དྭགས་ཕོ་མོ་མི་ཚངས་སྤྱོད་མཐོང་བའི་བ༷ག་ཙམ༷་ལ༷ས་ཡིད་ཀྱིས་གཞན་དུ་བས༷མ་པ༷་ཙམ༷་གྱིས༷་ཕམ་པར་གྱུར་པའི་ཆོས༷་འགའ༷་ཞི༷ག་བླང༷ས་པ༷ར་གྱུར༷་ལ༷། དགེ༷་ སློང༷་དེ་ཡང༷་ཞེ༷་སྡ༷ང་ལ༷་གན༷ས་པས༷་ཞེ༷་སྡང༷་གིས༷་སྨྲས༷་སོ༷་ཞེ༷་ན༷། དགེ༷་འདུན༷་ལྷག༷་མའོ༷། །གཉིས་པ་བསྒོ༷་བ་ལས་གྱུར་པ་ལ་བཞི་སྟེ། དགེ་འདུན་དབྱེ ན། དེའི་རྗེས་སུ་ཕྱོགས་ པ། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བའོ། །དང་པོ་ནི། ཡང༷་ལྷས་བྱིན་ལྟ་བུའི་དགེ༷་སློང༷་གང༷་ཡང་རུང་པས་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ༷་འདུན༷་ལམ་གཅིག་ཏུ་ 8-1-16a ཞུགས་པས་མཐུན༷་པ༷་དབྱེ༷་བར་བྱ་བའི་ཕྱིར༷་རྟུལ༷་བ༷་སྟེ་བརྩོན་པར་བྱེ༷ད་ཅིང༷་དབྱེ༷ན་བྱེ༷ད་པར༷་འགྱུར༷་བ༷འི་རྩོད༷་པ༷་ཡང༷་དག༷་པར༷་བླང༷ས་ནས༷་རབ༷་ཏུ༷་སྟེ་དམ་དུ་བཟུང༷ས་ཏེ༷་ འདུག༷་ན༷་དགེ༷་སློང༷་དེ༷་ལ༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ཀྱིས༷་འདི༷་སྐ༷ད་ཅེ༷ས་ཚིག་འཇམ་པོས་བཞོམས་ཏེ་བསྒོ་བར་བྱའོ། །ཚེ༷་དང༷་ལྡན༷་པ༷་ཁྱོ༷ད་དགེ༷་འདུན༷་ལྟ་བ་སོགས་མཐུན༷་པ༷་ཕྱོགས་ གཉིས་སུ་དབྱེ༷་བའི་ཕྱིར༷་རྟུལ༷་བར༷་མ༷་བྱེ༷ད་ཅི༷ག །དབྱེན༷་བྱེ༷ད་པར༷་འགྱུར༷་བའི༷་རྩོད༷་པ་ཡང༷་དག༷་པར༷་བླང༷ས་ནས༷་རབ༷་ཏུ༷་བཟུང༷་སྟེ༷་མ༷་འདུག༷་ཅི༷ག །ཚེ༷་དང༷་ལྡན༷་པ༷་དགེ༷་འདུན༷་དང༷་ལྟ་བ་དང་ ཚུལ་ཁྲིམས་དང་འཚོ་བ་དང་སྤྱོད་ལམ་ལྷན༷་ཅི༷ག་མཐུན༷་པར༷་གྱིས༷་ཤིག༷། དགེ༷་འདུན༷་ལམ་ཏུ་ཞུགས་པས་མཐུན༷་པ་གཞན་གྱིས་མི༷་ཕྱེ༷ད་ཕན་ཚུན་གཅིག་གིས་གཅིག་གི་ཡོན་ཏན་ བརྗོད་པས་ཀུན༷་ཏུ༷་དགའ༷་ཞིང༷་མི༷་རྩོད༷་འབྲས་བུ་མྱང་འདས་འདོད་པར་མཆོག༷་གཅི༷ག་ལ་གསོ་སྦྱོང་སོ་ཐར་མདོ་གདོན༷་པ༷་གཅི༷ག་ཅིང༷་ཆུ༷་དང༷་འོ༷་མ༷་གཅི༷ག་ཏུ༷་འདྲེས༷་པ༷་ལྟ༷་བུར༷་གྱུར༷་ལ༷། སྟོན༷་པའི༷་བསྟན༷་པ༷་སྡེ་སྣོད་གསུམ་པོ་ཁ་ཏོན་བྱེད་པ་ལ་སོགས་ཀྱི་ཡང༷་གས༷ལ་བར༷་བྱེ༷ད་ན༷་མཐོང་བའི་ཆོས་ལ་མྱ་འདས་ལས་འདས་པའི་བདེ༷་བ༷་ལ༷་རེ༷ག་པ༷ར་གན༷ས་པ༷ར་འགྱུར༷་གྱི༷། ཚེ༷་ 8-1-16b དང༷་ལྡན༷་པ༷་ཁྱོ༷ད་དགེ༷་འདུན༷་འབྱེ༷ད་པར༷་བྱེ༷ད་པའི༷་གཞི༷་འདི༷་ལྟ༷་བུ༷་འདི༷་ཐོང༷ས་ཤིག༷་ཅེ༷ས་བསྒོ༷་བ༷ར་བྱ༷འོ༷། །ལྷས་བྱིན་ལྟ་བུའི་དགེ༷་སློང༷་དེ༷་ལ༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ཀྱིས༷་ དེ༷་སྐ༷ད་ཅེས་བསྒོ༷་བ༷་ན༷་གལ༷་ཏེ༷་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ༷་ན་ལེག༷ས་ཏེ༷། སྔར་ཉེས་བྱས་ཙམ་ལས་མ་བྱུང་བའི་ཕྱིར། ག༷ལ་ཏེ༷་གཞམས་བསྒོའི་མཐར་མི༷་གཏོང༷་ན༷་ཉེས་པ་སྦོམ་པོར་འགྱུར་རོ། ། དབྱེན་གྱི་གཞི༷་དེ༷་གཏོང༷་བར༷་བྱ༷་བའི༷་ཕྱིར༷་གསོལ་བཞིའི་ལས་ཀྱིས་ལན༷་གཉི༷ས་སམ༷་ལན༷་གསུམ༷་དུ༷་ཡ༷ང་དག༷་པར༷་བསྒོ༷་བ་སྟེ་ཀུན་ཏུ་དྲི་བ༷ར་བྱ། ཡ༷ང་དག༷་པར༷་བསྟ༷ན་པས་བཟློག་ པ༷ར་བྱའོ༷། །ལ༷ན་གཉི༷ས་ལ༷ན་གསུམ༷་དུ༷་ཡ༷ང་དག༷་པར༷་བསྒོ། ཡ༷ང་ད༷ག་པར༷་བསྟན༷་པ༷་ན༷་དབྱེན་གྱི་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ༷་ན༷་ལེག༷ས་ཏེ་སྦོམ་པོ་ཙམ་ལས་མི་འབྱུང་ལ་གལ༷་ཏེ༷་བརྗོད་པའི་ མཐར་མི་གཏོང༷་ན༷་དགེ༷་འདུན༷་ལྷག༷་མ༷འོ༷། །གཉིས་པ་ནི། ལྷས་བྱིན་ལྟ་བུའི་དགེ༷་སློང༷་དེ༷འི༷་གྲོག༷ས་བྱེ༷ད་པའི༷་དགེ༷་སློང༷་ཀོ་ཀ་ལི་ཀ་ལྟ་བུ་སོགས་མི༷་མཐུན༷་པར༷་སྨྲ༷་བ༷་དབྱེན་ཉི༷ད་ཀྱི༷་ རྗེས༷་སུ༷་ཕྱོག༷ས་པ༷འི་དགེ་སློང་གཅི༷ག་ག༷མ་གཉིས་ས༷མ་གསུམ་ཡན་གྱི་མ༷ང་པོ༷་དག༷་ཡོ༷ད་ཅི༷ང་ག༷ལ་ཏེ༷་ཀོ་ཀ་ལི་ཀ་སོགས་པའི་དགེ་སློང་དེ༷་དག༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ལ༷་འདི༷་ 8-1-17a སྐད་ཅེ༷ས་ཚེ༷་དང༷་ལྡན༷་པ༷་ད༷ག་ཁྱེད༷་ཅག༷་དགེ༷་བ་ལ་སྦྱོར་ཡང༷་རུང༷་སྡིག༷་པ་ལས་ལྡོག་ཀྱང༷་རུང༷་དགེ༷་སློང༷་ལྷས་བྱིན་ལྟ་བུ་འདི༷་ལ༷། དགེ་སྦྱོར་སྡིག་ལྡོག་སོགས་ཚིག་ ཅི༷་ཡང༷་མ༷་སྨྲ༷་ཞིག༷། དེ༷་ཅི༷འི༷་ཕྱིར༷་ཞེ༷་ན༷ཚེ༷་དང༷་ལྡ༷ན་པ༷་དག༷་དགེ༷་སློང༷་ལྷས་བྱིན་ལྟ་བུ་འདི༷་ནི༷་ཆོས༷་རིགས་པར་སྨྲ་བ༷་ལུང་འདུལ་བ༷་སྨྲ༷་བ༷། ཡང་ན། ཆོས་འཕགས་ལམ་གྱི་ནང་ནས་ལྟ་ བ་རྟོག་པ་རྩོལ་བ་དྲན་པ་ཏིང་འཛིན་སྨྲ་བ། འདུལ་བ་ཡང་དག་པའི་ངག་ལས་མཐའ། འཚོ་བའམ། ཡང་ན་ཆོས་དོན་དང་ལྡན་པ། འདུལ་བ་འཇམ་ཞིང་མཛའ་བ་ལྟར་སྨྲ་ བའང་གསུངས་ཀྱང་རང་ལུགས་ལ་ཆོས་ལྟ་བ་འདུལ་བ་སྤྱོད་པ་ཡིན་ནོ། །དགེ༷་སློང༷་ལྷས་བྱིན་ལྟ་བུ་འདི༷་ནི༷་ཆོས༷་དང༷་འདུལ༷་བ༷་ཡང༷་དག༷་པ༷ར་བླང༷ས་ནས༷་ར༷བ་ཏུ༷་བཟུང༷་སྟེ༷་སྟོན་པའི་བསྟན་ པའི་རྗེ༷ས་སུ༷་ཐ༷་སྙད༷་འདོག༷ས་པ༷ར་བྱེ༷ད་པར༷་གསུངས་ཀྱང་གཞན་ལ་ཐ་སྙད་འདོགས་པར་བྱེད་པ་འཐད་དོ། །དགེ༷་སློང༷་འདི༷་ནི༷་དོན་ཤེ༷ས་བཞི༷ན་དུ༷་སྨྲ༷་ཡི༷་མི༷་ཤེ༷ས་པ༷་མ༷་ཡི༷ན་པ༷འི་ཕྱིར༷་ཏེ༷་དགེ༷་ སློང༷་འདི༷་དབྱེན་གཞི་གང༷་ལ༷་ཡིད་ཀྱིས་འདོ༷ད་ཅིང་རིགས་པས་བརྟགས་སྟེ་བཟོ༷ད་པ༷་དེ༷་ལ༷་བདག༷་ཅག༷་ཀྱང༷་འདོ༷ད་ཅིང་བཟོ༷ད་དོ༷་ཞེས་ཟེ༷ར་ན༷། ཀོ་ཀ་ལི་ཀ་སོགས་དགེ༷་སློང༷་དེ༷་དག༷་ལ༷་ཆོས་འདི་ 8-1-17b པའི་དགེ༷་སློང༷་རྣམ༷ས་ཀྱིས༷་གཞམས་ཏེ་བསྒོ་བའི་ཚིག་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ལྡ༷ན་པ༷་ད༷ག་ཁྱེད༷་ཅ༷ག་དེ༷་སྐ༷ད་ཅེས༷། ཚེ༷་དང༷་ལྡ༷ན་པ༷་ད༷ག་ཁྱེད༷་ཅག༷་དགེ༷་ཡང་རུང༷་སྡིག༷་ཀྱང༷་རུང༷་། དགེ༷་སློང༷་ འདི༷་ལ༷་ཅི༷་ཡང༷་མ༷་སྨྲ༷་ཞིག༷ དེ༷་ཅི༷འི་ཕྱིར༷་ཞེ༷་ན༷། ཚེ༷་ད༷ང་ལྡ༷ན་པ༷་དག༷་དགེ༷་སློང༷་འདི༷་ནི༷་ཆོ༷ས་སྨྲ༷་བ༷། འདུལ༷་བ༷་སྨྲ༷་བ༷། དགེ༷་སློང༷་འདི༷་ནི༷་ཆོས༷་ད༷ང་འདུལ༷་བ༷་ཡང༷་དག༷་པར༷་བླང༷ས་ནས༷་ ར༷བ་ཏུ༷་བཟུང༷་སྟེ༷་རྗེས༷་སུ༷་ཐ༷་སྙད༷་འདོག༷ས་པ༷ར་བྱེ༷ད་པ༷། དགེ༷་སློང༷་འདི༷་ནི༷་ཤེས་བཞིན༷་དུ༷་སྨྲའི༷་མི༷་ཤེ༷ས་བར༷་མ༷་ཡི༷ན་པའི༷་ཕྱིར༷་ཏེ༷་དགེ༷་སློང༷་འདི༷་གང༷་ལ༷་འདོ༷ད་ཅིང༷་བཟོ༷ད་པ༷་དེ༷་ལ༷་བདག༷་ཅ༷ག་ཀྱང༷་ འདོ༷ད་ཅིང༷་བཟོ༷ད་དོ༷་ཞེ༷ས་མ༷་ཟེར༷་ཅི༷ག དེ༷་ཅི༷འི་ཕྱི༷ར་ཞེ༷་ན༷། ཚེ༷་དང༷་ལྡ༷ན་པ༷་ད༷ག་དགེ༷་སློང༷་འདི༷་ནི༷་ཆོས༷་སྨྲ་བ༷་མ༷་ཡི༷ན། འདུལ་བ༷་སྨྲ༷་བ༷་མ༷་ཡི༷ན་གྱི༷། ཚེ༷་དང༷་ལྡན༷་པ༷་ད༷ག་དགེ༷་སློང་འདི༷་ ནི༷་ཆོ༷ས་མ་ཡི༷ན་པ༷་སྨྲ༷་བ༷། འདུལ༷་བ༷་མ༷་ཡི༷ན་པ༷་སྨྲ༷་བ༷། དགེ༷་སློང༷་འདི༷་ནི༷་ཆོས༷་མ༷་ཡི༷ན་པ༷་དང༷་འདུལ༷་བ༷་མ༷་ཡི༷ན་པ༷་ཡང༷་དག༷་པར༷་བླངས༷་ནས༷་རབ༷་ཏུ༷་བཟུང༷་སྟེ༷་རྗེས༷་སུ༷་ཐ༷་སྙད་འདོགས༷་པར༷་ བྱེ༷ད་པ༷། དགེ༷་སློང༷་འདི༷་ནི༷་མི༷་ཤེ༷ས་བཞི༷ན་སྨྲའི༷་ཤེས༷་པར༷་སྨྲ༷་བ༷་མ༷་ཡི༷ན་པའི༷་ཕྱིར༷་ཏེ༷། དགེ༷་སློང༷་འདི༷་གང༷་ལ༷་འདོ༷ད་ཅིང༷་བཟོ༷ད་པ༷་དེ༷་ལ༷་ཚེ༷་དང༷་ལྡན་པ༷་ད༷་འདོ༷ད་ཅིང༷་བཟོ༷ད་པ༷ར་མ༷་བྱེ༷ད་ 8-1-18a ཅི༷ག །ཚེ༷་དང༷་ལྡན༷་པ༷་དག༷་ཁྱེད༷་དགེ༷་འདུན༷་འབྱེ༷ད་འདོ༷ད་པར༷་མ༷་བྱེ༷ད་པ༷ར་ཚེ༷་དང༷་ལྡ༷ན་པ༷་དག༷་དགེ༷་འདུན་མཐུན༷་པ༷་ཉི༷ད་དུ༷་འདོ༷ད་པར༷་གྱིས༷་ཤིག༷ ཚེ༷་དང༷་ལྡན༷་པ༷་ད༷ག་ དགེ༷་འདུན༷་དང༷་མཐུན༷་པར༷་གྱིས༷་ཤིག༷། དགེ༷་འདུན༷་མཐུན༷་མི༷་ཕྱེ༷ད་ཀུན༷་ཏུ༷་དགའ༷་མི༷་རྩོད༷། མཆོག་གཅི༷ག་འདོན༷་པ༷་གཅི༷ག་ཅི༷ང་ཆུ༷་དང༷་འོ༷་མ༷་གཅི༷ག་ཏུ༷་འདྲེས༷་པ༷་ལྟ༷་བུར༷་གྱུར༷་ལ༷། སྟོན༷་པའི༷་བསྟན་པ༷་གས༷ལ་བར༷་བྱེ༷ད་ན༷་བདེ༷་བ༷་ལ༷་རེ༷ག་པ༷ར་གན༷ས་པར༷་འགྱུར༷་གྱིས༷། ཚེ༷་དང༷་ལྡན༷་པ༷་དག༷་དགེ༷་འདུན༷་འབྱེ༷ད་པའི༷་རྗེས༷་སུ༷་ཕྱོག༷ས་ཤི༷ང་མི༷་མཐུན༷་པ༷ར་སྨྲ༷་བ་འདི༷་ལྟ༷་བུ༷་འདི༷་ ཐོང༷ས་ཤི༷ག་ཅེ༷ས་བསྒོ་བར༷་བྱ༷འོ༷། །དགེ༷་སློང༷་དེ༷་དག༷་ལ༷་དགེ༷་སློང༷་དེ༷་རྣམ༷ས་ཀྱིས་དེ༷་སྐ༷ད་ཅེ༷ས་བསྒོ༷་བ༷་ན༷། གལ༷་ཏེ༷་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ་ན༷་ལེག༷ས། གལ༷་ཏེ༷་མི༷་གཏོང༷་ན༷་གཞི༷་དེ༷་གཏ༷ང་བར༷་བྱ་ བ༷འི་ཕྱིར༷་ལན༷་གཉི༷ས་ལ༷ན་གསུམ༷་དུ༷་ཡང་དག་པར༷་བསྒོ་བར་བྱ༷། ཡ༷ང་དག༷་པ༷ར་བསྟན༷་པར༷་བྱའོ༷། །ལན༷་གཉི༷ས་ལན༷་གསུམ༷་དུ༷་ཡང༷་ད༷ག་པ༷ར་བསྒོ༷། ཡང༷་ད༷ག་པ༷ར་བསྟན༷་པ་ན༷་གཞི་དེ་ གཏོང༷་ན༷་དེ༷་ལྟ༷་ན༷་ལེག༷ས། ག༷ལ་ཏེ༷་མི་གཏོང༷་ན༷་དགེ༷་འདུན༷་ལྷག༷་མ༷འོ༷། །གསུམ་པ་ནི། ནབ་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ༷་སློང༷་གང་གཉིས་ལས་ལྷག་པ་ར༷བ་ཏུ༷་མང༷་པོ༷་དག་རེ་ལྡེའི་རི་ 8-1-18b ལྟ་བུ་གྲོང༷་ངམ༷་གྲོང༷་རྡལ༷་ཞིག༷་ན༷་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་ཉེ༷་བར༷་བརྟེན༷་ཞིང༷་གན༷ས་པར༷་གྱུར༷་ལ༷། དགེ་སློང་དེ༷་ད༷ག་ཀྱང༷་འགྲོགས་པ་དང་ལོངས་སྤྱོད་པས་ཁྱིམ་པའི་ཁྱིམ༷་སུན༷་འབྱིན་ པར་བྱེད་པ༷་སྡིག༷་པ༷འི་ཆོས༷་གནས་ངན་ལེན་ཀུན༷་ཏུ༷་སྤྱོ༷ད་པར༷་གྱུར༷་ཅིང༷་དེ༷་ད༷ག་གིས༷་བྲམ་ཟེ་སོགས་ཀྱི་ཁྱིམ༷་ད༷ག་སུ༷ན་ཕྱུང་བ༷་མིག་གིས་མཐོ༷ང་ངམ༷། རྣ་བས་ཐོ༷ས་ས༷མ། དེ་ལས་གཞན་པའི་ ཤེས་པས་ར༷བ་ཏུ༷་ཤེ༷ས་སམ་དེ༷་དག༷་སྡི༷ག་པ༷་ཀུན༷་ཏུ༷་སྤྱོ༷ད་པ༷་མཐོང༷་ང༷མ་ཐོ༷ས་སམ༷། ར༷བ་ཏུ༷་ཤེ༷ས་ན་དགེ༷་སློང༷་དེ༷་ད༷ག་ལ༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ཀྱིས༷་སྐྲོད༷་པའི་ཚིག་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ ལྡན༷་པ༷་ད༷ག་ཁྱེད་ཅག་ཁྱིམ༷་སུན༷་འབྱི༷ན་པ༷་སྡིག༷་པའི༷་ཆོས༷་ཀུན༷་དུ༷་སྤྱོ༷ད་པ༷་ད༷ག་ཡི༷ན་ཏེ༷། ཁྱེད༷་ཀྱིས༷་ཁྱིམ༷་ད༷ག་སུན༷་ཕྱུངས༷་པར༷་ཡང༷་མཐོང༷་ཞིང༷་ཐོ༷ས་ལ༷་ར༷བ་ཏུ་ཤེ༷ས། ཁྱོ༷ད་སྡིག༷་པ༷་ཀུན༷་ཏུ༷་སྤྱོ༷ད་པ༷ར་ཡང༷་མཐོང༷་ཞིང༷་ཐོས༷་ལ༷་རབ་ཏུ༷་ཤེ༷ས་ཀྱིས། ཚེ༷་དང༷་ལྡན༷་པ༷་དག༷། ཁྱོ༷ད་འདི༷་ན༷་གན༷ས་པ༷ས་ད་ཆོག༷་གི༷ས། གན༷ས་ འདི༷་ནས༷་དེ༷ངས་ཤི༷ག་ཅེས༷་བསྒོ༷་ནས་བསྐྲད་པར༷་བྱའོ༷། །ག༷ལ་ཏེ༷་དེ༷་ད༷ག་གིས་ཚུར་དགེ༷་སློང༷་རྣམ༷ས་ལ༷་འདི༷་སྐ༷ད་ཅེ༷ས་ཚེ༷་ད༷ང་ལྡན༷་པ༷་ད༷ག་འདི༷་ན༷་ཟང་ཟིང་གི་ཕྱིར་དགེ་སློང་ཁ་ཅིག་བསྐྲད་དེ་ 8-1-19a དགེ༷་སློང༷་ཁ༷་ཅི༷ག་འདུན༷་པ༷ས་འགྲོ༷་བ༷། ཞེ་སྡང་གིས་ཁ་ཅིག་བསྐྲད་པས་ཞེ༷་སྡང༷་གི༷ས་འགྲོ༷་བ༷། ཉེས་པ་འདྲ་བ་མ་ཤེས་པས་གཏི༷་མུག༷་གི༷ས་འགྲོ༷་བ༷། འཇིགས་ པ་མ་བསྐྲད་པས་འཇིག༷ས་པ༷ས་འགྲོ༷་བ༷་དག༷་ཡི༷ན་ཏེ༷་རྒྱུ་མཚན་འདི༷་ལྟར༷་ལྟུང༷་བ༷་འདྲ༷་བ༷་ཁོ༷་ན༷་ལ༷ས་ནབ་སོ་སོགས་དགེ༷་སློང༷་ཁ་ཅི༷ག་ནི༷་སྐྲོད༷་པ༷ར་བྱེ༷ད། དམར་སེར་ཅན་ལྟ་བུ་དགེ༷་སློང༷་ཁ༷་ཅི༷ག་ ནི༷་སྐྲོད༷་པར༷་མི༷་བྱེད་དོ༷་ཞེས༷་ཟེར༷་ན༷། ནབ་སོ་ལྟ་བུའི་དགེ༷་སློང༷་དེ༷་ད༷ག་ལ༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ཀྱིས༷་གཞམས་ཏེ་བསྒོ་བའི་ཚིག་འདི༷་སྐ༷ད་ཅེས༷་ཚེ༷་དང༷་ལྡ༷ན་པ༷་ད༷ག་ཁྱེད༷་དེ༷་སྐ༷ད་ཅེས༷་ ཚེ༷་དང༷་ལྡན༷་པ༷་ད༷ག་འདི༷་ན་དགེ༷་སློང༷་ཁ༷་ཅི༷ག་འདུན༷་པས༷་འགྲོ་བ༷། ཞེ༷་སྡང༷་གི༷ས་འགྲོ༷་བ༷། གཏི༷་མུག༷་གིས༷་འགྲོ༷་བ༷། འཇིག༷ས་པ༷ས་འགྲོ༷་བ༷་དག༷་ཡི༷ན་ཏེ༷་འདི༷་ལྟར༷་ལྟུང༷་བ༷་འདྲ༷་བ༷་ཁོ༷་ན༷་ལ༷ས་ དགེ༷་སློང༷་ཁ༷་ཅི༷ག་ནི༷་སྐྲོད༷་པ༷ར་བྱེ༷ད། ཁ༷་ཅི༷ག་ནི༷་སྐྲོད༷་པ༷ར་མི༷་བྱེ༷ད་དེ༷་ཞེས༷་རྫུན༷་མ༷་ཟེར༷་ཞིག༷། དེ༷་ཅིའི༷་ཕྱིར་ཞེ༷་ན༷། དགེ༷་སློང༷་དེ༷་ད༷ག་ནི༷་འདུན༷་པ༷ས་འགྲོ༷་བ༷་མ༷་ཡི༷ན། ཞེ༷་སྡང༷་གིས༷་འགྲོ༷་བ༷་མ༷་ ཡི༷ན། གཏི༷་མུ༷ག་གི༷ས་འགྲོ༷་བ༷་མ༷་ཡི༷ན། འཇི༷གས་པ༷ས་འགྲོ༷་བ་མ༷་ཡི༷ན་གྱི༷། འདི༷་ལྟར༷་ཚེ༷་དང༷་ལྡན༷་པ༷་དག༷་ཉི༷ད་ཁྱིམ༷་སུན༷་འབྱི༷ན་པ༷་སྡིག༷་པའི༷་ཆོས་ཀུན་ཏུ་སྤྱོ༷ད་པ༷་དག༷་ཡི༷ན་ཏེ༷་ཁྱེད༷་ཉི༷ད་ཀྱིས༷་ 8-1-19b ཁྱིམ༷་དག༷་སུན༷་ཕྱུང༷ས་བར༷་མཐོང༷་ཞིང༷་ཐོས༷་ལ༷་ར༷བ་ཏུ༷་ཤེ༷ས། ཁྱོ༷ད་སྡིག༷་པ༷་ཀུན༷་ཏུ༷་སྤྱོ༷ད་པ༷ར་ཡ༷ང་མཐོང༷་ཞིང༷་ཐོས༷་ལ༷་ར༷བ་ཏུ༷་ཤེ༷ས་པའི༷་ཕྱིར༷་ཏེ༷་ཚེ༷་དང༷་ལྡན༷་པ༷་ད༷ག་འདུན༷་པ༷ས་འགྲོ༷་བ༷་ཞེ༷ས་བྱ༷་ བའི༷་ཚིག༷་གི༷་ལམ༷་ད༷ང་། ཞེ༷་སྡང༷་གིས༷་འགྲོ༷་བ༷། གཏི༷་མུ༷ག་གི༷ས་འགྲོ༷་བ༷། འཇི༷གས་པ༷ས་འགྲོ༷་བ༷་ཞེས༷་བྱ་བའི༷་ཚིག༷་གི༷་ལ༷མ་འདི༷་ལྟ༷་བུ་འདི༷་ཐོང༷ས་ཤི༷ག་ཅེ༷ས་བསྒོ༷་བར༷་བྱའོ༷། །དགེ༷་སློང༷་དེ༷་ ད༷ག་ལ༷་དགེ༷་སློང༷་རྣམ༷ས་ཀྱིས༷་དེ༷་སྐ༷ད་ཅེས༷་གཞམས་ཏེ་བསྒོ༷་བ༷་ན༷་གལ༷་ཏེ༷་འདུན་པས་འགྲོ་བ་སོགས་ཚིག་གི་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ༷་ན༷་ལེགས་ཏེ་ཉེས་བྱས་གཅིག་ལས་སྦོམ་པོ་ཡང་མ་བྱུང་བས་ སོ། །ག༷ལ་ཏེ༷་གཞམས་ཏེ་བསྒོ་བས་མི༷་གཏོང༷་ན༷་རྩོམ་པ་ལ་ཉེས་བྱས་གཅིག །བཞམས་བསྒོའི་མཐར་སྦོམ་པོ་འབྱུང་ལ། གཞི༷་དེ༷་གཏོང༷་པ༷ར་བྱ༷་བ༷འི་ཕྱིར༷་གསོལ་བཞིའི་ལས་གྱིས་ ལན༷་གཉི༷ས་ལན༷་གསུམ༷་དུ༷་ཡང༷་ད༷ག་པ༷ར་བསྒོ༷་བ༷་སྟེ་ཀུན་ཏུ་དྲི་བ༷ར་བྱའོ༷། །ཡང༷་ད༷ག་པར༷་བསྟ༷ན་པ་སྟེ་ཁྱིམ་སུན་འབྱིན་པ་ལ་ཟློག་པ༷ར་བྱའོ༷། །ལ༷ན་གཉི༷ས་ལན༷་གསུམ༷་དུ་ཡང༷་དག༷་པར༷་བསྒོ། ཡ༷ང་ད༷ག་པ༷ར་བསྟ༷ན་པ༷་ན༷་གཞི༷་དེ༷་གཏོ༷ང་ན༷་དེ༷་ལྟ༷་ན༷་ལེགས་པའམ་བཟང་སྟེ་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བས་སོ། །ག༷ལ་ཏེ༷་མི༷་གཏོང༷་ན༷་དགེ༷་འདུན༷་ལྷག༷་མ༷འོ༷། །བཞི་པ་ནི། ཡང་ 8-1-20a འདི༷་ན༷་འདུན་པ་ལྟ་བུའི་དགེ༷་སློང༷་འག༷འ་ཞིག༷་བཀའ༷་བློ༷་མི༷་བདེ༷་བ་ཚིག་བརྟག་མི་བཟོད་པ༷འི་ར༷ང་བཞི༷ན་ཅ༷ན་དུ༷་གྱུར༷་ལ༷། འདུན་པ་ལྟ་བུའི་དགེ་སློང་དེ༷་ལ༷་ཆོས་འདི་པའི་དགེ༷་ སློང༷་རྣམ༷ས་ཀྱིས༷་སོར་མདོ་གདོ༷ན་པར༷་གཏོག༷ས་པ༷་བསླབ༷་པའི༷་གཞི༷་ཕམ་ལྷག་མ་ངེས་པ་རིལ་གྱིས་གདོན་པར་གཏོགས་པ་རྣམ༷ས་དང༷་། བདེ༷་བར་གཤེག༷ས་པའི༷་སོ་སོར་ཐར་བའི་མདོ༷་རིལ་ གྱིས་འདོན་པར༷་གཏོག༷ས་པ༷་རྣམ༷ས་ཀྱིས༷་ཆོས༷་མདོ་སྡེ་དང༷་མངོན་པའི་སྡེ་སྣོད་དང་མཐུན༷་པ༷་དང༷་། འདུལ༷་བའི༷་སྡེ་སྣོད་དང༷་མཐུན༷་པ༷ར་སྨྲས༷་པ༷་ན༷། ཚེ༷་དང༷་ལྡན༷་པ༷་ད༷ག་ཁྱེད༷་ཅག༷་དགེ༷་བ་ལ་སྦྱོར་ ཡང༷་རུང༷་སྡིག༷་པ་ལ་ལྡོག་ཀྱང༷་རུང༷་། བདག༷་ལ༷་ཚིག་ཅི༷་ཡང༷་མ༷་སྨྲ༷་ཞིག༷། བདག༷་ཀྱ༷ང་དགེ༷་བ་ལ་འཇུག་ཀྱང༷་རུང༷་སྡིག་པ་ལས་ལྡོག་ཀྱང༷་རུང༷་ཚེ༷་དང༷་ལྡ༷ན་པ༷་དག༷་ལ༷་ཚིག་ཅི༷་ཡ༷ང་མི༷་སྨྲ༷འོ༷། ། ཚེ༷་དང༷་ལྡན༷་པ༷་དག༷་གི༷ས་བདག༷་ལ༷་དགེ་འཇུག་སྡིག་ལྡོག་གི་ཚིག༷་གི༷་ལམ༷་ཐོང༷ས་ཤིག༷། ཁྱེད༷་ལ༷་ཡང༷་བདག༷་གི༷ས་དགེ་འཇུག་སྡིག་ལྡོག་སྨྲས༷་པས༷་ཅི་ཞི༷ག་བྱ༷། ཞེ༷ས་བད༷ག་ཉི༷ད་ལྟུང་བ་ བརྗོ༷ད་པ༷ར་བྱ༷་བ༷་མ༷་ཡི༷ན་པ༷་སྨྲ་བར་བྱེ༷ད་ན༷་དེ༷་ལ༷་དགེ༷་སློང༷་རྣམ༷ས་ཀྱིས་གཞམས་ཏེ་བསྒོ་བའི་ཚིག༷་འདི༷་སྐ༷ད་ཅེས༷་ཚེ༷་དང༷་ལྡ༷ན་པ༷་འདུན་པ་ལྟ་བུ་ཁྱེད༷་དགེ༷་སློང༷་རྣམ༷ས་ཀྱིས༷་མདོ་འདོན༷་པར༷་གཏོག༷ས་ 8-1-20b པ༷་བསླབ༷་པའི༷་གཞི༷་རྣམས་དང༷་བདེ༷་བར༷་གཤེ༷གས་པ༷འི་མདོ༷ར་གཏོག༷ས་པ༷་རྣམ༷ས་ཀྱིས༷་ཆོས༷་དང༷་མཐུན༷་པ༷་དང༷་འདུལ༷་བ༷་དང༷་མཐུན༷་པར༷་སྨྲ༷ས་པ༷་ན། བད༷ག་ཉི༷ད་ལྟུང་བ་བརྗོ༷ད་པར༷་བྱ༷་བ༷་མ༷་ཡི༷ན་པ༷ར་ མ༷་བྱེ༷ད་པར༷། ཚེ༷་དང༷་ལྡན༷་པས༷་བད༷ག་ཉི༷ད་ཀྱིས་ལྟུང་བ་དེ་བརྗོ༷ད་པ༷ར་བྱ༷་བ༷་ཁོ༷་ན༷ར་གྱིས༷་ཤིག༷། དགེ༷་སློང༷་རྣམ༷ས་ཀྱིས་ཚེ༷་དང༷་ལྡན༷་པ་ལ༷་མདོ་སྡེ་དང་མངོན་པའི་ཆོས་དང༷་མཐུན་པ༷་དང༷་། འདུལ༷་བ༷་ དང༷་མཐུན༷་པ༷ར་སྨྲ༷་བ༷་ན༷། ཚེ༷་དང༷་ལྡ༷ན་པ༷་ཡང༷་དགེ༷་སློང༷་རྣམ༷ས་ལ༷་ཆོ༷ས་དང༷་མཐུ༷ན་པ༷་དང༷་འདུལ༷་བ༷་དང༷་མཐུན༷་པར༷་སྨྲོས༷་ཤི༷ག །དེ༷་ཅིའི༷་ཕྱིར༷་ཞེ༷་ན༷། དེའི་ཕན་ཡོན་འདི༷་ལྟ༷་སྟེ། གཅི༷ག་ལ༷་ གཅི༷ག་ལྟུང་བ་བརྗོ༷ད་པ༷ར་བྱ༷་བ༷་སྟེ༷་གླེང་བ་ཉི༷ད་དུ༷་བྱེ༷ད་པ༷་དང༷་། གཅི༷ག་ལ༷་གཅི༷ག་གདམས་ངག་འདོམ༷ས་ཤིང༷་རྗེས༷་སུ་སྟོན༷་པ་ད༷ང་། གཅི༷ག་གིས༷་གཅི༷ག་ལྟུང༷་བ༷་ལ༷སསློང༷་བ༷་ཉི༷ད་དེ་དེ༷་ལྟ༷་བུ༷ས་ བཅོ༷མ་ལྡན༷་འདས༷་དེ༷་བཞི༷ན་གཤེག༷ས་པ༷་དགྲ༷་བཅོ༷མ་པ༷་ཡང༷་དག༷་པར༷་རྫོགས༷་པའི༷་སངས༷་རྒྱས༷་དེ༷འི་དགེ་སློང་གི་འཁོར༷་འདི༷་འཕེལ་བར༷་འགྱུར༷་གྱིས༷། ཚེ༷་ད༷ང་ལྡ༷ན་པ་ཁྱོ༷ད་བདག༷་ཉི༷ད་ལྟུང་བ་བརྗོ༷ད་ པ༷ར་བྱ༷་བ༷་མ༷་ཡི༷ན་པ༷ར་བྱེ༷ད་པའི་ལ༷ས་ཀྱི༷་མཐ༷འ་འདི༷་ལྟ༷་བུ༷་ཐོང༷ས་ཤིག༷་ཅེས༷་བསྒོ༷་བ༷ར་བྱ༷འོ༷། །དགེ༷་སློང༷་དེ༷་ལ༷་དགེ༷་སློང༷་རྣམ༷ས་ཀྱིས༷་དེ༷་སྐ༷ད་བསྒོ༷་བ༷་ན༷། གལ༷་ཏེ༷་མི་གླེང་བའི་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ་ན༷་ 8-1-21a ལེ༷གས། ག༷ལ་ཏེ༷་མི༷་གཏོང༷་ན༷་གཞི༷་དེ༷་གཏང༷་བར༷་བྱ༷་བའི༷་ཕྱིར༷་ལན༷་གཉི༷ས་ལ༷ན་གསུམ༷་དུ༷་ཡང༷་དག༷་པར་བསྒོ༷་བ༷ར་བྱ༷། ཡ༷ང་ད༷ག་པ༷ར་བསྟན༷་པར༷་བྱའོ༷། །ལན༷་གཉིས་ལན༷་ གསུམ༷་དུ་ཡང༷་དག༷་པར༷་བསྒོ། ཡང་དག༷་པར༷་བསྟན༷་པ༷་ན༷་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ་ན༷་ལེགས༷། །ག༷ལ་ཏེ༷་མི༷་གཏོང༷་ན༷་དགེ༷་འདུན༷་ལྷག༷་མ༷འོ༷། །བཞི་པ་མཇུག་བསྡུ་བ་ནི། ཚེ༷་དང༷་ལྡན༷་པ་དག༷་ བདག༷་གི༷ས་དགེ༷་འདུན་ལྷག༷་མའི༷་ཆོ༷ས་བཅུ༷་གསུམ༷་པོ༷་ད༷ག་བཏོན༷་ཟི༷ན་ཏོ༷། །ལྔ་པ་རྣམ་བཞག་བསྟན་པ་ནི། ལྷག་མའི་ཆོས་བཅུ་གསུམ་པོ་དེ༷་ད༷ག་ལ༷ས་ཁུ་བ་འབྱིན་པ་ལ་སོགས་པ་དགུ་ནི། ལྟུང༷་བ༷་དང༷་པོ༷་དག༷་སྟེ་དངོས་པོ་ལས་གྱུར་པ་ཞེས་བྱ་སྟེ། བཞམས་བསྒོ་ལ་མི་ལྟོས་པར་སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞི་ལྟུང་བ་དང་པོ་དག་ལས་རིམ་པ་བཞིན་འབྱུང་བ་ ཉིད་ཀྱིས༷་སོ༷། །དབྱེན་སོགས་ཕྱི་མ་བཞི༷་ནི༷། བསྒོ་བ་ལས་གྱུར་པ་ཞེས་བྱ༷་སྟེ། བཞམས་སྒོ་དང་བརྗོད་པ་ལན༷་གསུམ་གྱི་བར༷་གྱིས༷་མཐའ་ལ་མ་བཏང་བས་དངོས་གཞིའི་ལྟུང་བར་ འགྱུར་བས་སོ༷། །དྲུག་པ་ཕྱིར་འཆོས་པའི་ཚུལ་ནི། ལྟུང་བ་འབྱིན་པར་བྱེད་པའི་དགེ༷་སློང༷་གི༷ས་ལྷག་མ་བཅུ་གསུམ༷་པོ་དེ༷་ད༷ག་ལ༷ས་ལྟུང༷་བ༷་གང༷་ཡང༷་རུང༷་བ༷་ཞིག༷་བྱས༷་ལ༷་ཇི༷་སྲི༷ད་དུ་རང་རྒྱུད་ལ་ 8-1-21b ལྟུང་བ་བྱུང་བར་ཤེས༷་བཞིན༷་དུ༷་ཞག་ཏུ་འཆ༷བ་པར༷་བྱེ༷ད་པ༷་དེ༷་སྲིད་དུ༷་ལྟུང་བ་འབྱིན་པ་དེ༷ས་མི༷་འདོ༷ད་བཞིན༷་དུ༷་སྦོ༷་བ༷་སྤྱད་པར་བྱ༷འོ༷། །ལྟུང་བ་འབྱིན་པའི་དགེ་སློང༷་གི༷ས་མི༷་འདོ༷ད་བཞིན༷་དུ༷་སྤོ༷་བ༷་བྱས༷་ ནས༷་དེ༷འི་འོ༷ག་ཏུ༷་ཞག༷་དྲུག༷་གི༷་བར༷་དུ༷་དགེ༷་འདུན༷་ལ་ཐུགས་མགུ༷་བ༷ར་བྱ་བ༷་སྤྱད༷་པར༷་བྱ༷འོ༷། །དགེ༷་སློང༷་གི༷ས་མགུ༷་བར༷་བྱ༷་བ༷་སྤྱད༷་ནས༷་ལྷག་མ་ལས་འབྱུང༷་བར༷་བྱ༷་བ༷་ལ༷་ཐོག༷ས་ཏེ༷་ཆོས༷་ད༷ང་མཐུན༷་པ༷ར་ གཎྜི་བརྡུང་བ་དང་གནས་མལ་བཤམས་པ་སོགས་བྱས༷་ལ༷་དགེ་འདུན་འདུས་པ་ན་རྒན་པའི་མཐའ་ལོག་ནས་མཆིལ་ལྷམ་གཉིས་ཕུད་དེ་ཕྱག་འཚལ་ཐལ་མོ་སྦྱར་ནས་ཙོག་ཙོག་པུར་འདུག་སྟེ་ ལྷག་མ་ལས་དབྱུང་བའི་དོན་དུ་གསོལ་བ་ལན་གསུམ་བཏབ་ནས་དགེ་སློང༷་གི༷་དགེ༷་འདུན༷་གྱི༷་སེམ༷ས་མགུ༷་བར༷་བྱས༷་ན༷་གནས་གང༷་ན༷་དགེ༷་སློང༷་ཉི༷་ཤུའི༷་ཚོ༷གས་ཀྱིས༷་དགེ༷་འདུན༷་ཡོ༷ད་པ༷་དེར༷་དགེ༷་ སློང༷་དེ༷་དབྱུང་བར༷་བྱ༷འོ༷། །ག༷ལ་ཏེ༷་དགེ༷་སློང༷་ཉི༷་ཤུར༷་གཅི༷ག་གི༷ས་མ༷་ཚང༷་བའི༷་ཚོགས༷་ཀྱིས༷་དགེ༷་འདུན༷་གྱིས༷་དགེ༷་སློང་དེ༷་ལྷག་མ་ལས་འབྱི༷ན་པ༷ར་བྱེ༷ད་ན༷། དགེ༷་སློང༷་དེ༷་ཡང༷་ལྟུང་བ་ལས་མ༷་ ཕྱིན༷་ལ༷་འབྱིན་པར་བྱེད་པའི་དགེ༷་སློང༷་དེ༷་དག༷་ཀྱང༷་སྨད༷་པར༷་བྱ༷་བ༷་ཡི༷ན་ཏེ༷་ལྷག་མ་ཕྱིར་བཅོས་པ་དེ༷་ལ༷་དེ༷་ནི༷་ཆོ༷་ག༷་སྟེ་ཐབ༷ས་ཡིན་ནོ༷། །བདུན་པ་རྣམ་བཞག་བསྒྲགས་པ་ནི། དེ༷་ལ༷་བདག༷་གིས༷་ 8-1-22a ཚེ༷་དང༷་ལྡ༷ན་པ༷་དག༷་ལ༷་ཅི་གསོ་སྦྱོང་འདི༷་ལ༷་ཁྱེད༷་རྣམ༷ས་ཡོངས༷་སུ༷་དག༷་ག༷མ་སྟེ༷་ལྟུང་བ་མ་བྱུང་ངམ་ཞེས༷་དྲི༷འོ༷། །ཅི༷་འདི༷་ལ༷་ཁྱེད༷་རྣམ༷ས་ཡོང༷ས་སུ་ད༷ག་ག༷མ་ཞེ༷ས་ལན༷་ གཉི༷ས་ལན༷་གསུམ༷་དུ༷་དྲི༷འོ༷། །འདི༷་ལ༷་ཚེ༷་དང༷་ལྡ༷ན་པ༷་དག༷་ཡོང༷ས་སུ༷་ད༷ག་ན༷་འདི༷་ལྟར༷་ཅང༷་མི༷་སྨྲ་བས༷་དེ༷་དེ༷་བཞིན༷་དུ༷་འཛིན༷་ཏོ། །བཞི་པ་མ་ངེས་པ་གདོན་པ་ལ་ལྔ་སྟེ། སྡོམ་གྱིས་མདོར་ བསྟན། མ་ངེས་པ་གདོན་པའི་ལུང་དཔོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། སྡོམ༷་ལ༷། དབེ༷ན་པ༷་སྐྱབ༷ས་ཡོ༷ད་ན་འདོད་པ་བྱར་ རུང་བར་དང་མི་རུང་བར་འདུག༷་པས་མ་ངེས་པ་གཉིས་ལས། དང་པོ་ཕམ་ལྷག་ལྟུང་བྱེད་གསུམ་གང་རུང་དུ་མ་ངེས་པ་དང་། གཉིས་པ་ལྷག་མ་དང་ལྟུང་བྱེད་གང་དུ་ཡང་མ་ངེས་པ༷འོ༷། ། གཉིས་པ་ནི། ཚེ༷་དང༷་ལྡན༷་པ༷་དག༷་ཕམ་ལྷག་ལྟུང་བྱེད་གསུམ་གང་དུའང་མ་ངེས་པ་དང་། ལྷག་ལྟུང་གང་དུ་ཡང་མ༷་ངེ༷ས་པའི༷་ཆོས༷་གཉི༷ས་པོ༷་འདི༷་དག༷་ནི༷་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོར༷་ཐ༷ར་པའི༷་ མདོ༷་གདོན༷་པའི༷་ཚེ་འདུལ་བ་འཛིན༷་པའི་ཁ་ཏོན་ལ༷ས་འབྱུང༷་ངོ༷་། །གསུམ་པ་ལ་གཉིས་ཏེ། མ་ངེས་པ་དང་པོ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་སྦེད་མ་ལྟ་བུའི་བུ༷ད་མེ༷ད་མི་ཚངས་པ་ 8-1-22b བརྟེན་ནུས་ཀྱི༷་ཡུལ༷་དང༷་ལྷན༷་ཅི༷ག་དགེ་སློང་གཅི༷ག་པུ༷་བུད་མེད་གཅི༷ག་དང༷་སྐྱེས་པ་བུད་མེད་མ་ནིང་གསུམ་གྱིས་དབེན༷་པ༷་རྩིག་པ་ཡོལ་བ་རུབ་མ་འཐིབས་པོ་མཚན་མོའི་སྐྱབ༷ས་གང་རུང་ཡོ༷ད་པ༷་ན༷་ འདོ༷ད་པ༷་མི་ཚངས་པ་སྤྱད༷་རུང༷་བར༷་ཁྲི་དང་ཁྲིའུ་ལྟ་བུའི་སྟན༷་ལ༷་འདུག༷་པར༷་བྱེ༷ད་ཅིང༷་དགེ་སློང་དེ༷་ལ༷་གལ༷་ཏེ༷་དགེ༷་བསྙེན༷་མ༷་ས་ག་ལྟ་བུའི་སྲོག་གི་ཕྱིར་རྫུན་མི་སྨྲ་བའི་ཡི༷ད་ཆེས༷་པ༷འི་ཚིག༷་དང༷་ལྡན༷་པས་ ཕམ་པ་བཞི། ལྷག་མ་བཅུ་གསུམ། ལྟུང་བྱེད་དགུ་བཅུའི་ཆོས༷་གསུམ༷་པོ༷་ཕ༷མ་པ༷ར་འགྱུར༷་བ༷འ༷མ། དགེ༷་འདུ༷ན་ལྷག༷་མ༷འམ། །ལྟུང༷་བྱེ༷ད་ལ༷ས་ཆོས༷་ག༷ང་ཡང༷་རུང༷་བ༷ས་སྨྲས༷་པར༷་ གྱུར༷་ལ༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གི༷ས་འདུག༷་པ༷ར་དྲང་པོར་ཁ༷ས་བླང༷ས་ན༷་ཆོས༷་གསུམ༷་པོ༷་ཕ༷མ་པར༷་གྱུར༷་པ༷འམ༷་དགེ༷་འདུན༷་ལྷ༷ག་མ༷འམ༷། ལྟུང༷་བྱེ༷ད་ལ༷ས་ཆོས༷་གང༷་ཡང༷་རུང༷་བས༷་བཤགས་ པ་བྱེ༷ད་དུ༷་གཞུག་ཅིང༷་། དགེ༷་སློང༷་དེ༷་ལ༷་དགེ༷་བསྙེན༷་མ༷་མཆོག་གསུམ་ལ་ཡི༷ད་ཆེས༷་པས་རྫུན་མི་སྨྲ་བའི༷་ཚིག༷་དང༷་ལྡན༷་པས༷་ཆོས༷་གསུམ་པོ་གང༷་དང༷་གང༷་གི༷ས་སྨྲ༷ས༷་པར༷་གྱུར༷་པའི༷་ཆོས༷་དེ༷་ དང༷་དེས༷་དགེ༷་སློང༷་དེ༷་ལ་བཤགས་པ་བྱེ༷ད་དུ༷་གཞུག༷་སྟེ༷། དེ༷་ནི༷་མ༷་ངེ༷ས་པའི༷་ཆོས་དང་པོ་ཞེས་སོ༷། །མ་ངེས་པ་གཉིས་པ་ནི། ཡང༷་ཤ་རི་ཀ་ལྟ་བུའི་དགེ༷་སློང༷་གང༷་ཁྱིམ་བདག་གི་ཆུང་མ་ 8-1-23a གསོ་སྦྱོང་འཕགས་ལྟ་བུའི་བུ༷ད་མེ༷ད་ཀྱི༷་ཡུལ༷་འཁྲིག་པ་བསྟེན་ནུས་དང༷་ལྷན༷་ཅི༷ག་དགེ་སློང་གཅི༷ག་པུ༷་བུད་མེད་གཅི༷ག་དང༷་དབེ༷ན་པ༷་སྐྱབས༷་ཡོ༷ད་པ༷་ན༷་འདོ༷ད་པ༷་མི་ཚངས་སྤྱོད་ བྱར༷་མི༷་རུང༷་བར༷་སྟན༷་ལ༷་འདུག༷་པར༷་བྱེ༷ད་ཅིང༷་། ཤ་རི་ཀ་ལྟ་བུ་དེ༷་ལ༷་ག༷ལ་ཏེ༷་དགེ༷་བསྙེན༷་མ༷་ལེགས་སྐྱེས་ལྟ་བུ་ཡི༷ད་ཆེས༷་པའི༷་ཚིག༷་དང༷་ལྡན༷་པ༷ས་ཆོས༷་གཉི༷ས་པོ༷་དགེ༷་འདུན༷་ལྷ༷ག་མ༷འམ། ལྟུང༷་ བྱེ༷ད་ལ༷ས་ཆོས༷་གང༷་ཡང༷་རུང༷་བ༷ས་སྨྲས༷་པ༷ར་གྱུར༷་ལ༷། དགེ༷་སློང༷་གི༷ས་འདུག༷་པར༷་དྲང་པོར་ཁ༷ས་བླང༷ས་ན༷་ཆོས༷་གཉི༷ས་པོ༷་དགེ༷་འདུན༷་ལྷག༷་མ༷འམ༷། ལྟུང༷་བྱེ༷ད་ལ༷ས་ཆོས༷་གང༷་ཡང༷་རུང༷་བས༷་ བཤགས་པ་བྱེ༷ད་དུ་གཞུག༷་ཅིང༷་དགེ༷་སློང༷་དེ༷་ལ༷་དགེ༷་བསྙེན༷་མ༷་ཡི༷ད་ཆེས༷་པའི༷་ཚིག༷་དང༷་ལྡན༷་པས༷་ཆོས༷་གཉིས་པ་གང༷་དང༷་གང༷་གིས༷་སྨྲས༷་པར༷་གྱུར༷་པའི༷་ཆོས་དེ༷་དང༷་དེ༷ས་དགེ༷་སློང༷་དེ༷་བཤགས་པ་ བྱེ༷ད་དུ༷་གཞུག༷་སྟེ༷་དེ༷་ཡང༷་མ༷་ངེས༷་པའི༷་ཆོས༷་སོ༷། །བཞི་པ་ནི། ཚེ༷་དང༷་ལྡན༷་པ༷་དག༷་བདག༷་གི༷ས་མ༷་ངེ༷ས་པ༷འི་ཆོས༷་གཉི༷ས་པོ༷་ད༷ག་བཏོན༷་ཟིན༷་ཏོ། །ལྔ་པ་ནི། དེ༷་ལ༷་བདག་གིས༷་ཚེ༷་དང༷་ལྡ༷ན་པ༷་ དག༷་ལ༷་ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ༷་ད༷ག་ག༷མ་ཞེ༷ས་དྲི༷འོ༷། །ཅི་འདི་ལ་ཁྱེད༷་རྣམས་ཡོང༷ས་སུ༷་དག་གམ༷་ཞེས༷་ལ༷ན་གཉི༷ས་ལན༷་གསུམ༷་དུ་དྲིའོ༷། །འདི༷་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་ཡོངས༷་སུ༷་ 8-1-23b ད༷ག་ན༷་འདི༷་ལྟར༷་ཅ༷ང་མི༷་སྨྲ་བ༷ས་དེ༷་དེ་བཞི༷ན་དུ༷་འཛི༷ན་ཏོ༷། །ལྔ་པ་རིལ་གྱིས་གདོན་པ་ལ་ལྔ་སྟེ། སྤངས་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་ བཤགས་པར་བྱ་བའི་ཆོས་བཞི། བསླབ་པར་བྱ་བའི་ཆོས་མང་པོ། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གདོན་པའོ། །དང་པོ་ལ་གསུམ་ཏེ། དངོས། མཇུག་བསྡུ། མཚན་ཉིད་ བསྒྲགས་པའོ། །དང་པོ་ལ་གསུམ་ཏེ། བཅུ་ཚན་དང་པོ། གཉིས་པ། གསུམ་པའོ། །དང་པོ་ལ་གསུམ་སྟེ། སྡོམ་གྱི་མདོར་བསྟན། སྤངས་ལྟུང་འདོན་པའི་ལུང་དཔོག ། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོ༷མ་ལ༷། འཆང༷་བའི༷་སྤང་བ། འབྲ༷ལ་བའི༷་སྤང་བ། འཇོ༷ག་པའི༷་སྤང་བ་དང༷་། འཁྲུར༷་འཇུག༷་པའི༷་སྤང་བ་དང༷་། གོས་ལེན༷་པ༷འི་ སྤང་བ་དང༷་། གོས་སློང༷་བ༷འི་སྤང་བ་དང༷་། སྟོ༷ད་གཡོ༷གས་དང་སྨད༷་གཡོ༷གས་དང་བཅ༷ས་པ་སློང་བར་རིགས་པའི་སྤང་བ། གོས་ཀྱི་རིན༷་ཐང༷་དཔགས་པ་སློང་བའི་སྤང་བ། སོ༷་སོ༷་ནས་ དཔགས་པ་སློང་བའི་སྤང་བ། བསྐུར༷་བའི་སྤང་བ༷འོ༷། །གཉིས་པ་ནི། ཚེ༷་དང༷་ལྡ༷ན་པ༷་དག༷་སྤ༷ང་བ༷འི་ལྟུང༷་བྱེ༷ད་ཀྱི༷་ཆོས༷་སུམ༷་ཅུ་པོ༷་འདི༷་དག་ནི༷་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོ༷ར་ཐ༷ར་པ༷འི་མདོ༷་གདོན༷་ 8-1-24a པ༷་ལ༷ས་འབྱུང༷་ངོ༷་། །གསུམ་པ་ལ་བཅུ་ལས། དང་པོ་འཆང་པའི་སྤང་བ་ནི། ཆོས་འདི་པའི་དགེ༷་སློང༷་ཆོ༷ས་གོ༷ས་དྲ་བ་དང་གྲུབ་པ་དང་ཁ་བསྒྱུར་ཟི༷ན་པ༷ས་དབྱར་ སྔ་ཕྱིའི་དབང་གིས་དཔྱིད་ར་བ་དང་འབྲིང་གི་ཉ་ལ་སྲ༷་བརྐྱང༷་ཕྱུང༷་ན༷་ཞག་བཅུའི༷་བར་དུ་གོ༷ས་ལྷག༷་པ༷་སྣམ༷་སྦྱར་མ་གཏོགས་པ༷་རྣམ་པར་མ༷་བརྟག༷ས་པ། རུང་བ་མ་བྱས་པར་བཅ༷ང་བ༷ར་བྱ༷འོ༷། ། དེ༷་ལ༷ས་འད༷ས་པར༷་བཅ༷ང་ན༷་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང༷ས་བའི༷་ལྟུང༷་བྱེ༷ད་དོ༷། །གཉིས་པ་འབྲལ་བའི་སྤང་བ་ནི། ཡང་དགེ༷་སློང༷་ཆོ༷ས་གོ༷ས་ཟིན༷་པ༷ས་སྲ༷་བརྐྱང༷་ཕྱུང༷་ན༷་ ག༷ལ་ཏེ༷་ནུབ༷་གཅི༷ག་ཀྱང༷་ཆོས༷་གོས༷། བླ་གོས། མཐང་གོས། སྣམ་སྦྱར་གསུམ༷་ལ༷ས་རང་གི་བྱིན་རླབས་ཅན་གྱིས་ཆོ༷ས་གོ༷ས་ག༷ང་ཡང༷་རུང༷་བ༷་དང༷་ཆོས་གོས་ཡོད་པའི་མཚམས་ ཀྱི༷་ཕྱི༷་རོལ༷་སྐྱ་རེངས་ཤར་གྱིས་བར་དུ་འབྲལ་བར་བྱེ༷ད་ན༷་དགེ༷་འདུན༷་གྱིས༷་གནང༷་བ༷་བྱིན་པ་ནི་མ༷་གཏོག༷ས་ཏེ༷་སྤ༷ང་བའི༷་ལྟུང༷་བྱེ༷ད་དོ༷། །གསུམ་པ་འཇོག་པའི་སྤང་བ་ནི། དགེ༷་སློང༷་ཆོས༷་ གོ༷ས་ཟིན༷་པ༷ས་སྲ༷་བརྐྱང༷་ཕྱུང༷་ན༷་དུས༷་མ༷་ཡི༷ན་པའི༷་གོས༷་ཞིག༷་རྙེད༷་ལ༷་དེ་བླང་བར་འདོ༷ད་ན༷་དགེ་སློང༷་དེ༷ས་གོ༷ས་བདུན་པོ་སྲིན་བལ་གྱི་གོས་དང་། བལ་གྱི་གོས་དང་། ཤ་ནའི་གོས་དང་། ཟར་ 8-1-24b མའི་གོས་དང་། དུ་གུ་ལའི་གོས་དང་། གོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བ་དེ༷་བླང༷་བར༷་བྱ༷འོ༷། །བླ༷ང་ནས༷་གལ༷་ཏེ༷་ལང༷ས་ནའམ་གོས་ལྡང༷་ན༷་མྱུར༷་བ་ཁོ༷་ ན༷ར་གོས༷་སུ༷་བྱས༷་ལ༷་བྱིན་གྱིས་རླབས་ཏེ་བཅང༷་བར༷་བྱའོ། །ག༷ལ་ཏེ༷་མི༷་ལ༷ངས་པ་སྟེ་མི་ལྡང་ལ༷་ཁ༷་མ་ལང༷ས་པ་ཁ༷་སྐོང༷་བའི༷་གོ༷ས་གཞན་ལ༷་རེ༷་བ་ཡོ༷ད་ན༷་དགེ༷་སློང༷་དེ༷ས་གོ༷ས་དེ༷་ཟླ༷་བ༷་གཅི༷ག་ གི༷་མཐ༷ར་རུང་བ་མ་བྱས་པར་ཡང་བཞག༷་པར༷་བྱ༷འོ། །དེ་ལ༷ས་འདས༷་པ༷ར་འཇོ༷ག་ན༷་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང༷་བ༷འི་ལྟུང༷་བྱེ༷ད་དོ༷། །བཞི་པ་འཁྲུར་འཇུག་པའི་སྤང་བ་ནི། ཡ༷ང་འཆར་ཀ་ལྟ་བུ་དགེ༷་སློང༷་གང༷་དགེ༷་སློང༷་མ༷་བདུན་རྒྱུད་ཚུན་ཆད་ཀྱི་ཉེ༷་དུ༷་མ༷་ཡི༷ན་པ༷་ལ༷་རང་གིས་བྱིན་རླབས་ཅན་གྱི་ཆོས་གོས༷་དང་གདིང་བ་དུས་ཚིགས་གསུམ་གང་རུང་དུ་ལོངས་སྤྱད་པའི་ རྙིང༷་པ༷་ཆུ་ལ་འཁྲུར༷་འཇུག༷་ག༷མ་ཚོན་གྱིས་འཚེ༷ད་དུ༷་འཇུ༷ག་ག༷མ། ཐལ་མོས་རྡེབ་པ་ལྟ་བུའི་འཆ༷ག་ཏུ༷་འཇུག༷་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་ལེན་པའི་སྤང་བ་ནི། ཡང༷་ཉེ་དགའ་ལྟ་ བུའི་དགེ༷་སློང༷་ག༷ང་ཡང་རུང་བས་དགེ༷་སློང༷་མ༷་བདུན་རྒྱུད་ཚུན་ཆད་ཀྱི་ཉེ༷་དུ་མ༷་ཡི༷ན་པ༷་ལ༷ས་བལ་གོས༷་སོ༷གས་ལེན༷་ན༷་གོས་བཟང་ངན་བརྗེ༷ས་པ༷་མ༷་གཏོ༷གས་ཏེ༷་གོས་ལག་ཏུ་ཐོབ་པའི་ཚེ་ན་སྤང༷་ 8-1-25a བ༷འི་ལྟུང༷་བྱེད་དོ༷། །དྲུག་པ་སློང་བའི་སྤང་བ་ནི། ཡ༷ང་ཉེ་དགའ་ལྟ་བུའི་དགེ༷་སློང༷་གང༷་ཁྱིམ༷་བད༷ག་སྐྱེས་པ་དག་གམ༷་ཁྱིམ༷་བད༷ག་གི༷་ཆུང༷་མ་ཉེ་དུ་མ༷་ཡི༷ན་པའི༷་ག༷ན་ དུ༷་སོང༷་སྟེ་གོ༷ས་སློང༷་ན༷་གནང་བའི་དུས༷་མ༷་གཏོ༷གས་ཏེ༷་སྤང༷་བ༷འི་ལྟུང༷་བྱེ༷ད་དོ། །དེ༷་ལ༷་གནང་བའི་དུས༷་ནི༷་འདི༷་ཡི༷ན་ཏེ། དགེ༷་སློང༷་གི་ཆོས་གོ༷ས་རྐུན་མས་ཕྲོག༷ས་ས༷མ། གོ༷ས་བོར་བ་ལྟ་བུའི་ བརླག་ག༷མ། །གོ༷ས་མེས་ཚིག༷་ག༷མ། གོ༷ས་རླུང༷་གིས༷་ཁྱེ༷ར་ར༷མ། གོ༷ས་ཆུས༷་ཁྱེར༷་ན༷་བསླབ་གཞི་དེ༷་ལ༷་སྐབས་དེ༷་ནི༷་གནང་བའི་དུས༷་ཡི༷ན་ནོ། །བདུན་པ་སློང་བར་རིགས་པའི་སྤང་བ་ནི། ཡང་དགེ༷་སློང༷་གོ༷ས་ཆོམ་རྐུན་པས་ཕྲོ༷གས་སམ༷། གོ༷ས་བརླག༷་ག༷མ། གོ༷ས་ཚིག༷་ག༷མ། གོས་རླུང༷་གི༷ས་ཁྱེར་ར༷མ། གོ༷ས་ཆུར༷་ཁྱེར༷་ན༷་ཁྱིམ༷་བད༷ག་ག༷མ། ཁྱིམ༷་བད༷ག་གི༷་ཆུང་མ༷་ཉེ༷་ དུ༷་མ༷་ཡི༷ན་པ༷འི་ཡང་ག༷ན་དུ༷་སོ༷ང་ལ༷་གོ༷ས་སློང༷ས་བ༷ར་བྱ༷འོ། །དགེ་སློང་དེ༷་ལ༷་ག༷ལ་ཏེ༷་བྲམ༷་ཟེ༷་ལྟ་བུའམ༷་ཁྱིམ༷་བད༷ག་ད༷ད་པ༷་ཅ༷ན་ཞི༷ག་གི༷ས་དུས༷་ཀྱི༷ས་གོ༷ས་མ༷ང་པོ་ད༷ག་སྟོབ༷ས་སྟེ་འབུལ་བ་ལ༷་ འདོ༷ད་ན༷། །དགེ༷་སློང༷་དེ༷ས་སྤྱིན་བདག་དེ༷་ལ༷ས་གོས་སྟོད་གཡོ༷ག་དང་སྨད་གཡོ༷གས་ད༷ང་བཅས༷་པ༷འི་མཐ༷ར་ཐུག༷་པ༷ར་ཚང་བར་ཡང་བླང༷ས་བ༷ར་བྱའོ༷། །དེ༷་ལ༷ས་ལྷག༷་པ༷ར་ལེ༷ན་ན༷་སྤང༷་བའི་ 8-1-25b ལྟུང༷་བྱེ༷ད་དོ༷། །བརྒྱད་པ་སྤགས་པ་སློང་བའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ༷་སློང༷་གི༷་ཕྱིར༷་ཁྱིམ༷་བདག༷་ག༷མ་ཁྱིམ༷་བད༷ག་གི༷་ཆུང༷་མ༷་ཉེ༷་དུ༷་མ༷་ཡི༷ན་པ༷ས་གོ༷ས་ཀྱི༷་རིན༷་གསེར་ལ་སོགས་པ་ ད༷ག་སྤ༷གས་པ་སྟེ་སྟ་གོན་བྱས་ན༷ས་བད༷ག་གི༷ས་གོ༷ས་ཀྱི་རི༷ན་གསེར་ལ་སོགས་པ་འདི༷་དག༷་གི༷ས་བལ་ལ་སོགས་པའི་གོ༷ས་འདི༷་དང༷་འདི༷་ལྟ༷་བུ༷་ཞིག་ཉོས༷་ལ༷། དགེ༷་སློང༷་མི༷ང་འདི༷་ཞེ༷ས་བྱ༷་བ༷་ འོང༷ས་ན༷་དེ༷་ལ༷་བདག་གིས་གོ༷ས་རུང༷་བ༷་སྟེ་ལོངས་སྤྱོད་པར་འོས་པ་དུས༷་སུ༷་བསྐོ༷ན་ནོ༷། །སྙམ༷་པ༷་ལ༷ས་དེ༷་ལ༷་ག༷ལ་ཏེ༷་དགེ་སློང་དེ༷་ལ༷་སྔ༷ར་མ་བསྟབ༷ས་པ་སྟེ་མགྲོན་དུ་མ་བོས་པ༷ར་ཡང་རྣམ༷་པ༷ར་ རྟོག་པ༷་འག༷འ་ཞི༷ག་བྱུང༷་སྟེ༷་གོ༷ས་བཟང༷་པོ༷་འདོ༷ད་པའི༷་ཕྱིར༷་ཁྱིམ་བདག་ག༷མ། ཁྱིམ་བད༷ག་གི༷་ཆུང༷་མ༷་ཉེ༷་དུ༷་མ༷་ཡི༷ན་པ༷་དེ༷་ཡི༷་ག༷ན་དུ༷་སོང༷་ནས༷་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ལྡན༷་པ༷ས་བད༷ག་གི༷་ཕྱིར༷་གོ༷ས་ཀྱི༷་ རི༷ན་གསེར་སོགས་གང༷་དག༷་སྤག༷ས་པ༷ས་གོ༷ས་ཀྱི༷་རིན༷་དེ༷་ད༷ག་གི༷ས་ཚེ༷་ད༷ང་ལྡན་པ༷་བལ་ལ་སོགས་པའི་གོ༷ས་འདི༷་ད༷ང་འདི༷་ལྟ༷་བུ༷་ཞིག༷་ཉོས་ལ༷། བད༷ག་ལ༷་གོ༷ས་རུང༷་བ༷་དུས༷་སུ༷་ལེག༷ས་པ༷ར་ སྐོན་ཅི༷ག་ཅེ༷ས་སྨྲས༷་ཏེ་གོ༷ས་ལག་ཏུ་གྲུབ༷་པ་སྟེ་ཐོབ་ན༷་སྤ༷ང་བའི༷་ལྟུང༷་བྱེ༷ད་དོ༷། །དགུ་པ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ༷་སློང༷་གི༷་ཕྱིར༷་ཁྱིམ༷་བད༷ག་ད༷ང་ 8-1-26a ཁྱིམ༷་བད༷ག་གི༷་ཆུང༷་མ༷་ཉེ༷་དུ༷་མ༷་ཡི༷ན་པ༷ས་གོས༷་ཀྱི༷་རིན༷་གསེར་སོགས་སོ༷་སོ༷་པ༷་སྟེ་ཐ་དད་པ་དེ༷་ད༷ག་གིས་སྤག༷ས་ན༷ས་བད༷ག་ཅ༷ག་གཉི༷ས་ཀྱིས༷་གོ༷ས་ཀྱི༷་རི༷ན་སོ༷་སོ༷་བ༷་འདི༷་ད༷ག་གི༷ས་གོ༷ས་འདི༷་ ད༷ང་འདི༷་ལྟ༷་བུ༷་སོ༷་སོ༷་བ༷་ད༷ག་ཉོ༷ས་ལ༷་ཉེ་དགའ་ལྟ་བུའི་དགེ༷་སློང་མིང༷་འདི༷་ཞེ༷ས་བྱ༷་བ༷་འོ༷ངས་པ༷་ད༷ང་བད༷ག་ཅག༷་གཉིས་ཀྱིས་སོ༷་སོ༷་ནས༷་དེ༷་ལ༷་གོ༷ས་རུང༷་བ༷་དུས༷་སུ༷་བསྐོན༷་ནོ༷་ སྙམ༷་པ༷་ལ༷ས། དེ༷་ལ༷་ག༷ལ་ཏེ༷་དགེ༷་སློང༷་དེ༷་ལ༷་སྔར༷་མ༷་བསྟབ༷ས་པ༷ར་རྣམ༷་པ༷ར་རྟག༷་པ༷་འག༷འ་ཞིག༷་བྱུང༷་སྟེ་བཟ༷ང་པོ༷་འདོ༷ད་པའི༷་ཕྱིར༷་ཁྱིམ་བད༷ག་ད༷ང་ཁྱིམ༷་བད༷ག་གི༷་ཆུང༷་མ༷་ཉེ༷་དུ༷་མ༷་ཡི༷ན་པ༷་ དེ༷་ད༷ག་གི༷་ག༷ན་དུ༷་སོ༷ང་ནས༷་འདི༷་སྐ༷ད་ཅེ༷ས། ཚེ༷་ད༷ང་ལྡ༷ན་པ༷་ད༷ག་གི༷ས་བད༷ག་གི༷་ཕྱིར་གོ༷ས་ཀྱི༷་རིན༷་སོ༷་སོ༷་བ༷་ག༷ང་ད༷ག་སྤག༷ས་པ༷འི་གོ༷ས་ཀྱི༷་རིན༷་སོ༷་སོ༷་དེ༷་ད༷ག་གི༷ས་ཚེ༷་ད༷ང་ལྡ༷ན་པ༷་ད༷ག་གོ༷ས་ འདི་དང་འདི༷་ལྟ་བུ༷་སོ༷་སོ༷་བ་སྟེ་ཐ་དད་པ་ད༷ག་ཉོས༷་ལ་གཉི༷ས་ཀ༷་འདུས༷་ཏེ༷་བད༷ག་ལ༷་གོ༷ས་རུང༷་བ༷་ཅི༷ག་དུས༷་སུ༷་ལེག༷ས་པ༷ར་སྐོན༷་ཅི༷ག་ཅེས༷་སྨྲས༷་ཏེ༷། གོ༷ས་གྲུབ༷་ན༷་སྤང༷་བ༷འི་ལྟུང༷་བྱེ༷ད་དོ༷། ། བཅུ་པ་བསྐུར་བའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ༷་སློང༷་གི༷་ཕྱིར༷། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ༷་པོ༷འམ༷། རྒྱལ་པོའི་བློན༷་པོ༷་ཆེ༷ན་པོ༷འམ༷། གཙང་སྦྲ་ཅན་ 8-1-26b བྲམ༷་ཟེ༷འམ༷། ཁྱིམ༷་བད༷ག་ཕྱུག་པོ་དག་ག༷མ། གྲོང༷་རྡལ༷་གྱི༷་མི༷འམ༷། ཡུལ༷་མི༷འམ༷། ནོར་བྱེ་བའི་ཕྱུག་པས་ནོ༷ར་ཅ༷ན་ན༷མ། ཅོད་པན་བཅིང་བས་ཚོང༷་དཔོ༷ན་ན༷མ། དོན་མཐུན་ ལན་གཉིས་སམ་གསུམ་འདས་པའི་དེ༷ད་དཔོ༷ན་གྱིས༷་མིའི་འགྲོ་བའི༷་ཕོ༷་ཉ༷འི་ལ༷ག་ཏུ༷་གོ༷ས་ཀྱི༷་རི༷ན་གསེར་ལ་སོགས་པ་ད༷ག་བསྐུ༷ར་བར་གྱུར༷་ལ༷་དེ༷་ནས༷་ཕོ༷་ཉ༷་དེ༷་གོ༷ས་ཀྱི༷་རིན་དེ༷་ད༷ག་ཁྱེར༷་ན༷ས་ དགེ་སློང༷་དེ༷་ག༷་ལ༷་བ༷་དེ༷ར་སོང༷་སྟེ་ཕྱིན༷་ནས༷་དགེ༷་སློང༷་དེ༷་ལ༷་འདི༷་སྐ༷ད་ཅེ༷ས་འཕགས་པ༷་མཁྱེན༷་པ༷ར་མཛོད་ཅི༷ག ཁྱེད༷་ལ༷་རྒྱལ༷་པོ༷འམ༷། བློན༷་པོ༷་ཆེན༷་པོ༷འམ། བྲམ༷་ཟེའམ༷། ཁྱིམ༷་ བད༷ག་ག༷མ། གྲོང༷་རྡལ༷་གྱི༷་མི༷འམ༷། ཡུལ༷་མི༷འམ། ནོ༷ར་ཅ༷ན་ན༷མ། ཚོ༷ང་དཔོ༷ན་ན༷མ། དེ༷ད་དཔོ༷ན་ཆེ༷་གེ༷་མོ༷ས་གོ༷ས་ཀྱི༷་རིན༷་འདི༷་ད༷ག་བསྐུར༷་གྱིས༷། འཕག༷ས་པ༷ས་ཐུ༷གས་ བརྩེ༷་བའི༷་སླ༷ད་དུ་གོས་རིན་བསྐུར་བ་འདི༷་ད༷ག་བཞེ༷ས་ཤིག༷་ཅེ༷ས་འཕྲིན་དེ་སྐད་ཟེར༷་ན༷། དགེ༷་སློང༷་དེ༷ས་ཕོ༷་ཉ༷་དེ༷་ལ༷་འདི༷་སྐ༷ད་ཅེས༷། ཚེ༷་ད༷ང་ལྡ༷ན་པ༷་ཕོ༷་ཉ༷་དགེ༷་སློང༷་ད༷ག་ནི༷་གོ༷ས་ཀྱི༷་རིན༷་གསེར་སོགས་ དངོས་པོ་མ་རུང་བ་རུང་བ་མ་བྱས་པ་ད༷ག །ལེ༷ན་དུ་མི་རུང༷་སྟེ༷་བད༷ག་ཅག༷་གོ༷ས་ལོངས་སྤྱོད་དུ་རུང༷་བ༷་དུས༷་སུ༷་རྙེད༷་ན༷་ནི༷་ལེ༷ན་ཏོ༷་ཞེ༷ས་བརྗོ༷ད་པར༷་བྱ༷འོ༷། །ག༷ལ་ཏེ༷་ཕོ༷་ཉ༷་དེ༷ས་དགེ༷་སློང༷་དེ༷་ལ༷་འདི༷་ 8-1-27a སྐ༷ད་ཅེ༷ས་འཕ༷གས་པ༷་རྣམ༷ས་ཀྱི༷་ཞལ༷་ཏ༷་བགྱིད༷་པ༷་འཕ༷གས་པ༷་རྣམ༷ས་ཀྱི་ཞ༷ལ་ཏ༷་ཉམ༷ས་སུ༷་ལེན༷་པ༷་རུང་བར་བྱེད་པ༷་ག༷ང་ལ༷གས་པ༷་འག༷འ་མཆི༷ས་ས༷མ་ཞེ༷ས་ཟེ༷ར་ན༷། གོ༷ས་འདོ༷ད་པ༷ས་ཕོ༷་ཉ༷་དེ༷་ལ༷་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ལྡ༷ན་པ༷་ཕོ༷་ཉ༷་འདི༷་ནི༷་དགེ༷་སློང༷་རྣམ༷ས་ཀྱི༷ས་ཞལ༷་ཏ༷་བྱེ༷ད་པ༷་སྟེ༷་འདི༷་ནི༷་དགེ༷་སློང༷་རྣམ༷ས་ཀྱིས༷་ཞལ༷་ཏ༷་ཉམ༷ས་སུ༷་ལེ༷ན་པ༷འོ༷་ཞེ༷ས་རྩེ་རྒོད་ དང་ལྷ་འབངས་ལྟ་བུའི་ཀུན༷་དག༷འི་ར༷་བ༷་པ༷འམ༷། གསུམ་ལ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་ལྔ་བླངས་པས་དགེ༷་བསྙེ༷ན་ཞ༷ལ་ཏ༷་བ་རུང་བ་བྱེ༷ད་པ༷་བསྟན༷་པ༷ར་བྱ༷འོ༷། །དེ༷་ན༷ས་ཕོ༷་ ཉ༷་དེ༷ས་གོ༷ས་ཀྱི༷་རིན༷་དེ༷་ད༷ག་ཁྱེར༷་ནས༷་ཞལ༷་ཏ༷་བྱེ༷ད་པ༷་ག༷་ལ༷་བ༷་དེར༷་འགྲོ༷་བར༷་བྱ༷་ཞིང༷་ཕྱིན༷་ན༷ས་ཞལ༷་ཏ༷་བྱེ༷ད་པ༷་དེ༷་ལ༷་འདི༷་སྐ༷ད་ཅེས༷་ཚེ༷་དང༷་ལྡན༷་པ༷་ཞལ༷་ཏ༷་བྱེ༷ད་པ༷་ཤེ༷ས་པ༷ར་གྱིས༷་ཤིག༷ ཁྱོ༷ད་ ཀྱིས༷་གོ༷ས་ཀྱི་རིན༷་འདི༷་དག༷་གི༷ས་བལ་ལ་སོགས་པའི་གོ༷ས་འདི༷་ད༷ང་འདི༷་ལྟ༷་བུ༷་ཞི༷ག་ཉོ༷ས་ལ༷་དགེ༷་སློང་མིང༷་འདི༷་ཞེ༷ས་བྱ༷་བ༷་འོང༷ས་པ༷་དང༷་དེ༷་ལ༷་གོ༷ས་རུ༷ང་བ༷་དུས༷་སུ༷་སྐོན་ཅི༷ག །ཅེས༷་ བརྗོ༷ད་པ༷ར་བྱ༷འོ༷། །དེ༷་ནས༷་ཕོ༷་ཉ༷་དེ༷ས་ཞལ༷་ཏ༷་བྱེ༷ད་པ༷་དེ༷་ལ༷་ཤིན༷་ཏུ༷་ལེག༷ས་པ༷ར་ཡང༷་དག༷་པ༷ར་བསྒོ༷་ཞིང༷་། ཡང༷་དག༷་པ༷ར་བསྟན༷་ནས༷། དགེ༷་སློང༷་དེ༷་ག༷་ལ༷་བ་དེར༷་འགྲོ༷་བར༷་བྱ༷་ཞིང༷་ཕྱིན༷་ན༷ས་ 8-1-27b དགེ༷་སློང༷་དེ༷་ལ༷་འདི༷་སྐ༷ད་ཅེ༷ས་འཕ༷གས་པ༷ས་ཞལ༷་ཏ༷་བགྱིད༷་པ༷་བསྟ༷ན་པ༷་ག༷ང་ལག༷ས་པ་དེ༷་ལ༷་བད༷ག་གི༷ས་ཡ༷ང་ད༷ག་པ༷ར་བསྟ༷ན་ལ༷གས་ཀྱིས༷། དེ༷འི་ག༷ན་དུ༷་བཞུད༷་ཅི༷ག་ད༷ང་དེ༷ས་ཁྱོ༷ད་ལ༷་གོ༷ས་ རུང༷་བ༷་དུས༷་སུ༷་བསྐོན༷་པ༷ར་འགྱུར༷་རོ༷་ཞེ༷ས་བརྗོ༷ད་པ༷ར་བྱའོ༷། །དགེ༷་སློང༷་གོ༷ས་འདོ༷ད་པ༷ས་ཞ༷ལ་ཏ༷་བྱེ༷ད་པ༷འི་ག༷ན་དུ༷་སོང༷་ལ༷། ཚེ༷་དང༷་ལྡ༷ན་པ༷་ཞ༷ལ་ཏ༷་བྱེ༷ད་པ༷་བདག༷་གོ༷ས་འདོ༷ད་དོ༷། །ཚེ༷་དང༷་ ལྡ༷ན་པ༷་ཞ༷ལ་ཏ༷་བྱེ༷ད་པ༷་བདག༷་གོ༷ས་འདོ༷ད་དོ༷། །ཞེ༷ས་ལ༷ན་གཉི༷ས་ལན༷་གསུམ༷་དུ་བསྐུལ༷་བ༷ར་བྱ༷། དྲ༷ན་པར༷་བྱ༷འོ༷། །དེ་ཡང་ལན་ཅིག་བསྐུལ་བས་གྲུབ་ན་གཉིས་པ་མི་བྱ་གཉིས་ པས་གྲུབ་ན་གསུམ་པ་མི་བྱ། གཉིས་པས་མ་གྲུབ་ན་གསུམ་པ་ཡང་བྱ་སྟེ། དེ་དག་ནི་དུས་དང་པོར་བྱ་བ་ཡིན་ནོ། །ལ༷ན་གཉི༷ས་ལན༷་གསུམ༷་དུ་བསྐུལ༷་ཞིང༷་དྲ༷ན་པ༷ར་བྱས༷་པ༷་ན༷་གལ༷་ཏེ༷་ གོ༷ས་དེ༷་ལག་ཏུ་གྲུབ༷་ན༷་དེ༷་ལྟ་ན༷་ལེག༷ས་ཏེ། སྦྱིན་བདག་ཕོ་ཉ་ཞལ་ཏ་བྱེད་པ་རྣམས་ལའང་གཏོང་བ་དང་སྤྱད་པའི་བསོད་ནམས་འཕེལ་ལ། དགེ་སློང་ལ་ཡང་འཇིག་རྟེན་དང་འདུལ་བར་ འགའ་བའི་ཉེས་པ་མེད་པའི་ཕྱིར་རོ། །ག༷ལ་ཏེ༷་མ༷་གྲུབ༷་ན༷། ལན༷་བཞི༷་ལན༷་ལྔ༷་ལན༷་དྲུག༷་གི༷་བ༷ར་དུ༷་ཞལ་ཏ་བྱེད་པའི་ཕྱོག༷ས་སུ༷་ཅང༷་མི༷་སྨྲ༷་བར༷་བསྡད༷་པར༷་བྱ༷འོ༷། །ལན༷་བཞི༷་ལན༷་ལྔ༷་ལན༷་ 8-1-28a དྲུག༷་གི༷་བ༷ར་དུ་ཕྱོག༷ས་སུ༷་ཅང༷་མི༷་སྨྲ༷་བ༷ར་བསྡད༷་པ༷་ན༷། ག༷ལ་ཏེ༷་གོས༷་དེ༷་གྲུབ༷་ན༷་ལེག༷ས་ཏེ་དགེ་སློང་ལ་སྦྱོར་དངོས་ཀྱི་ལྟུང་བ་མ་བྱུང་ཞིང་སྦྱིན་བདག་སོགས་ལ་ བསོད་ནམས་བསྐྱེད་པའི་ཕྱིར་རོ། །ག༷ལ་ཏེ༷་བསྐུལ༷་བསྡད་ལན་དྲུག་གིས་མ༷་གྲུབ༷་ན༷་དེ༷འི་འོ༷ག་ཏུ༷་གོ༷ས་སྒྲུབ༷་པ༷འི་ཕྱིར༷་བཙ༷ལ་ཏེ༷་གོ༷ས་ལག་ཏུ་གྲུབ༷་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །ག༷ལ་ཏེ༷་བསྐུལ་ བསྡད་ལན་དྲུག་གིས་མ༷་གྲུབ་ན༷་ཕྱོག༷ས་གང༷་ན༷ས་གོ༷ས་ཀྱི༷་རི༷ན་དེ༷་ད༷ག་འོང༷་བ༷་དེ༷ར་དགེ་སློང་བད༷ག་ཉིད་འགྲོ༷་སྟེ་སྦྱིན་བདག་ལ་བརྡ་སྤྲད་པར་བྱ༷འོ༷། །ཡ༷ང་ན༷། ཡི༷ད་བརྟ༷ན་པ༷འི་ཕོ༷་ཉ༷་ལ༷ས་ ཚེ༷་དང༷་ལྡ༷ན་པ༷་དག༷་གི༷ས་དགེ༷་སློང༷་ཆེ༷་གེ༷་མོ༷འི་ཕྱིར༷་གོ༷ས་ཀྱི༷་རིན༷་ག༷ང་ད༷ག་བསྐུར༷་བ་དེ༷་ད༷ག་ནི༷་དགེ་སློང་དེས་དོན༷་ཅི༷་ཡ༷ང་མ༷་གྲུབ༷་ཀྱིས༷་ཤེས༷་པ༷ར་གྱིས༷་ཤི༷ག །ཚེ༷་དང༷་ལྡ༷ན་པ༷་ད༷ག་གི༷ས་ར༷ང་ གི༷་ནོར༷་ཆུད༷་མ༷་གས༷ན་ཅི༷ག་ཅེ༷ས་སྤྲིང༷ས་པ༷ར་བྱ༷་སྟེ༷། བསླབ་གཞི་དེ༷་ལ༷་དེ༷་ནི༷་ཆོ༷་ག༷་སྟེ་ཐབས་ཡི༷ན་ནོ༷། །བཅུ་ཚན་གཉིས་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་ པར་བཤད་པའོ། །དང་པོ་ནི། སྡོ༷མ་ལ༷། སྲིན༷་བ༷ལ་དང་། བལ་ནག་འབ༷འ་ཞི༷ག་དང་། ཆ༷་གཉི༷ས་བསྲེ་བ་ད༷ང་། ལོ་དྲུག༷་གི༷་ནང་དུ་སྟན་གཉིས་པ་ད༷ང་། མཐོ༷་གང༷་དང་། 8-1-28b ལ༷མ་དུ་བལ་ཐོགས་པ་དང༷་ནི༷། འཁྲུ༷་བ༷་རྨེལ་འཇུག་པ་དང༷་ནི༷། གསེ༷ར་དངུལ༷་ལ་རེག་པ་ད༷ང་མངོ༷ན་ཚ༷ན་ཅ༷ན་གྱི་སྤྱོད་པ་ད༷ང་། ཉོ༷་ཚོ༷ང་ངོ༷་། །གཉིས་པ་ལ་བཅུ་ལས། དང་པོ་སྲིན་བལ་ གྱི་སྤང་བ་ནི། ཡ༷ང་ཆོས་འདི་པའི་དགེ༷་སློང༷་ག༷ང་ཡང་རུང་བས་སྲིན༷་བུ་ལས་བྱུང་བའི་སྲིན་བ༷ལ་ཀྱི༷་སྟན་གསར་པའི་ས༷ར་པ༷་སྟེ་གསར་རྙེད་མིན་པ་བྱེ༷ད་ན༷་བཀྲམ་པའི་ཚེ་ན་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། ། གཉིས་པ་བལ་ནག་འབའ་ཞིག་པའི་སྤང་བ་ནི། ཡ༷ང་དགེ༷་སློང༷་ག༷ང་ལུག༷་བལ་རང་བཞིན་གྱི་ནག་པ༷་དང་སྡོ་བས་གནག་པ་དང་འདམ་དང་འདམ་ཁས་ན༷ག་པོ༷་འབ༷འ་ཞིག༷་གི༷་སྟན༷་ནང་ ཚངས་ཅན་དང་བླིངས་པ་ས༷ར་པ༷་བྱེ༷ད་ན༷་སྤང༷་པའི༷་ལྟུང༷་བྱེ༷ད་དོ༷། །གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་ནི། དགེ༷་སློང༷་གིས༷་སྟན༷་སར་པ༷་བྱེ༷ད་ན༷་བཞི་ཆ༷་གཉིས་ནི༷་ལུག༷་བ༷ལ་ན༷ག་པོ༷་འབའ་ ཞིག༷་པ་ལ༷ས་གཞུག༷་པ༷ར་ཏེ་བསྲེ་བར་བྱ། བཞི་ཆ་གསུམ་པ༷་ནི༷་གློ་དང་རྒྱབ་དང་གཉའ་ནས་སྐྱེས་པའི་བལ་དཀ༷ར་པོ༷་འབའ་ཞིག་པ་ལ༷ས་བསྲེ་བར་བྱ། བཞི་ཆ་བཞི༷་པ༷་ནི༷། རྐང་པ་ལྟོ་བ་ མགོ་བོ་ནས་སྐྱེས་པའི་འཁོ༷བ་བ༷ལ་ལ༷ས་གཞུག༷་པ༷་སྟེ་བསྲེ་བ༷ར་བྱ༷འོ༷། །ག༷ལ་ཏེ༷་དགེ༷་སློང༷་གི༷ས་ཆ༷་གཉི༷ས་ལུག༷་བལ༷་ན༷ག་པོ༷་འབ༷འ་ཞིག༷་ལ༷ས་མ༷་བཅུག༷་ག༷མ་གསུམ༷་པ༷་དཀར༷་པོ༷་ལ༷ས་བཞི༷་ 8-1-29a པ༷་ནི༷་འཁོ༷བ་བལ༷་ལ༷ས་མ༷་བཅུག༷་པ༷ར་སྟན༷་བླིངས་པ་གསར་པའི་ས༷ར་པ༷་བྱེ༷ད་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །བཞི་པ་ལོ་དྲུག་གི་ནང་དུ་སྟན་གཉིས་བྱེད་པའི་སྤང་བ་ནི། དགེ༷་ སློང༷་གི༷་བླངས་པའི་སྟན༷་ས༷ར་པ༷་བྱེ༷ད་ན༷་མི༷་འདོ༷ད་བཞི༷ན་དུ་ལོ༷་དྲུག༷་ཚུན༷་ཆད་དུ་བཅ༷ང་བ༷ར་བྱ༷འོ༷། །ག༷ལ་ཏེ༷་དགེ༷་སློང༷་གི༷ས་ལོ༷་དྲུག༷་ཚུན༷་ཆ༷ད་དུ༷་སྟན༷་རྙི༷ང་པ༷་དེ༷་སྤང༷ས་ཀྱང༷་རུང༷་ མ༷་སྤང༷ས་ཀྱང༷་རུང༷་སྟན༷་ས༷ར་པ༷་གཞ༷ན་གཉིས་པ་བྱེ༷ད་ན༷་དགེ༷་འདུན༷་གྱིས༷་གན༷ང་བ༷་མ༷་གཏོ༷གས་དེ༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་མཐོ་གང་གི་སྤང་བ་ནི། དགེ༷་སློང༷་གི༷ས་གདི༷ང་བ༷་ས༷ར་པ༷་ བྱེ༷ད་ན༷་སར༷་པ༷་ཁ༷་དོ༷ག་མི༷་སྡུག༷་པར༷་བྱ༷་བའི༷་ཕྱིར༷་གདིང༷་བ༷་རྙིང༷་པ༷་བདེ༷་བ༷ར་གཤེག༷ས་པའི༷་མཐོ༷་གང༷་སྟེ་ཚད་ལྡན་གྱི་ཁྲི་ཕྱེད་དང་དོ་ཀུན་ལས་འཁོ༷ར་བ༷ས་གླ༷ན་པ༷ར་བྱ༷འོ༷། །ག༷ལ་ཏེ༷་དགེ༷་སློང༷་གི༷ས་གདི༷ང་བ༷་ ས༷ར་པ༷་ཁ༷་དོ༷ག་མི༷་སྡུག༷་པ༷ར་བྱ༷་བའི༷་ཕྱིར༷། གདིང༷་བ༷་རྙིང༷་པ༷་བདེ༷་བར༷་གཤེ༷གས་པའི༷་མཐོ༷་གང༷་འཁོར༷་བ༷ས་མ༷་གླ༷ན་པ༷་གདི༷ང་བ༷་ས༷ར་པ༷་སྤྱོ༷ད་ན༷་སྤང༷་བ༷འི་ལྟུང༷་བྱེ༷ད་དོ༷། །དྲུག་པ་བལ་ཐོགས་ པའི་སྤང་བ་ནི། དྲུག་སྡེ་ལྟ་བུའི་དགེ༷་སློང༷་དགོན་པའི་ལ༷མ་དུ༷་ཞུག༷ས་པ༷ས་ལུག༷་བལ༷་ད༷ག་གཞན་ལས་རྙེད༷་ལ༷་འདོ༷ད་ན༷་དགེ༷་སློང༷་དེ༷ས་བླང༷་བར༷་བྱ༷འོ༷། །བླ༷ངས་ན༷ས་གཞན་ཁུར་ཁྱེར༷་བ༷་ 8-1-29b མེ༷ད་ན༷་དཔ༷ག་ཚ༷ད་གསུམ༷་གྱི་མཐར༷་ཐུག་པའི་བ༷ར་ཚུན་ཆད་དུ༷་བད༷ག་རང་ཉི༷ད་ཀྱིས༷་བཀུར༷་བ༷ར་བྱ༷འོ༷། །དེ༷་ལ༷ས་འདས༷་པར༷་ཁྱེ༷ར་ན༷་སྤ༷ང་བའི༷་ལྟུང༷་བྱེ༷ད་དོ༷། །བདུན་པ་བལ་རྨེལ་དུ་འཇུག་ པའི་སྤང་བ་ནི། ཡ༷ང་དགེ༷་སློང༷་འཆར་ཀ་ལྟ་བུ་གང༷་ཡང་རུང་བས་དགེ༷་སློང༷་མ༷་ཉེ༷་དུ༷་མ༷་ཡི༷ན་པ༷་ལ༷་ལུག༷་བ༷ལ་ཆུར་འཁྲུར་འཇུག༷་ག༷མ་ཚོན་གྱིས་འཚེད༷་དུ༷་འཇུག༷་ག༷མ། བལ་འདབ་རྨེལ་དུ༷་ འཇུག༷་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་གསེར་དངུལ་ལ་རེག་པའི་སྤང་བ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་ག༷ང་རང༷་གི༷་ལ༷ག་གི༷ས་གསེར༷་ད༷ང་དངུལ༷་སོག༷ས་རིན་ཆེན་ལེ༷ན་ཏམ༷་ ལེ༷ན་དུ༷་འཇུག༷་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །དགུ་པ་མངོན་ཚན་ཅན་སྤྱོད་པའི་སྤང་བ་ནི། ཡང༷་དྲུག་སྡེ་ལྟ་བུ་ཆོས་འདི་པའི་དགེ༷་སློང༷་ག༷ང་རིན་པོ་ཆེ་མངོ༷ན་མཚ༷ན་ཅ༷ན་གྱི༷་སྤྱོ༷ད་པ༷་རྣམ༷་པ༷་སྣ༷་ ཚོགས༷་བྱེ༷ད་ན་བསྐྱེད་ཕྱིན་པའི་ཚེ་སྤང༷་བའི༷་ལྟུང༷་བྱེ༷ད་དོ། །བཅུ་པ་ཉོ་ཚོང་གི་སྤང་བ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་ག༷ང་ཡང་རུང་བས་རིན་པོ་ཆེ་ལས་གཞན་པའི་ཉོ༷་ཚོང་རྣམ༷་པ༷་ སྣ༷་ཚོག༷ས་བྱེ༷ད་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །བཅུ་ཚན་གསུམ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། ལྷུང༷་བཟེ༷ད་ 8-1-30a འཆང་བ་དང་། ཚོལ་བ་གཉི༷ས་དང་། ཐ༷་ག༷་གཉི༷ས་ཏེ་འཐག་ཏུ་འཇུག་པ་དང་། འཐག་རྒྱ་བསྐྱེད་པ་དང་། གོས་བྱི༷ན་པ་ཕྲོག་པ་དང་། སྟོན༷་ཟླ༷་ཐ༷་ཆུང༷་སྟེ་བརྟད་ པ་ལས་བྱུང་བ་དང༷་། དགོ༷ན་པ༷་པ༷་ཡི་འབྲལ་བ་དང༷་། དབྱར་གྱི་ར༷ས་ཆེ༷ན་ལས་གྱུར་པ་དང༷་། བསྔོ༷ས་པ་གཞན་དུ་བསྒྱུར་བ་ད༷ང་ནི༷། གསོ༷ག་འཇོག༷་གི་སྤང་བ་དག་གོ༷། གཉིས་པ་ ལ་བཅུ་ལས། དང་པོ་ལྷུང་བཟེད་འཆང་བའི་སྤང་པ་ནི། ཡང༷་དགེ༷་སློང༷་གི༷ས་རང་གིས་བྱིན་རླབས་ཅན་གྱི་ལྷུང༷་བཟེད་མ་གཏོགས་པའི་ལྷུང༷་བཟེད་ལྷག༷་མ༷་ཞག༷་བཅུར༷་འཆ༷ང་བ༷ར་བྱ༷འོ༷། །དེ༷་ ལ༷ས་འད༷ས་པ༷ར་བཅ༷ང་ན༷་བཅུ་གཅིག་པའི་སྐྱ་རེངས་ཤར་ཚེ་སྤང༷་བ༷འི་ལྟུང༷་བྱེ༷ད་དོ། །གཉིས་པ་ལྷུང་བཟེད་ཚོལ་བའི་སྤང་བ་ནི། ཡ༷ང་ཉེ་དགའ་ལྟ་བུ་དགེ༷་སློང༷་གང༷་ལྷུང༷་བཟེ༷ད་ལྷན༷་པ༷་ལྔ༷་ མེ༷ད་པ༷། ལོངས་སྤྱད༷་པར་བཟོ༷ད་པ༷་ཡོ༷ད་བཞི༷ན་དུ་བཟང༷་པོ༷་འདོ༷ད་པ༷འི་ཕྱིར༷་ལྷུང༷་བཟེ༷ད་ས༷ར་པ༷་གཞ༷ན་ཚོལ་བ༷ར་བྱེ༷ད་ཞིང༷་ལྷུང༷་བཟེ༷ད་ལག་ཏུ་གྲུབ༷་ན༷་སྤ༷ང་བའི༷་ལྟུང༷་བྱེ༷ད་དོ༷། །ལྟུང་བ་ཕྱིར་བཅོས་ ཚུལ་ཇི་ལྟ་བུ་ཞེ་ན། ལྟུང་བ་འབྱིན་པའི་དགེ༷་སློང༷་དེ༷ས་ལྷུང༷་བཟེད༷་ལྷག་པོ་དེ་ད༷གེ་སློང༷་གི༷་འཁོ༷ར་ལ༷་དབུལ༷་བ༷ར་བྱ༷འོ༷། །དགེ༷་སློང༷་གི༷་འཁོར༷་དེ༷འི་ལྷུང༷་བཟེ༷ད་ཐ༷་མ༷ར་གྱུར༷་པ༷་ག༷ང་ཡི༷ན་པ༷་དེ༷་དགེ༷་ 8-1-30b སློང༷་དེ༷་ལ༷་བྱིན་ནས་འདི་སྐད་དུ། དགེ༷་སློང༷་ཁྱེད༷་ཀྱི༷་ལྷུང༷་བཟེ༷ད་འདི༷་བྱི༷ན་གྱིས༷་བརླབ༷་པ༷ར་མི༷་བྱ༷། གཞ༷ན་ལ༷་གཏོང༷་བ༷ར་མི༷་བྱ༷། གཞ༷ན་ལ༷་སྦྱི༷ན་པ༷ར་མི༷་བྱ༷་བར༷་ཆ༷ག་པའི༷་མཐར༷་ཐུག༷་གི༷་བ༷ར་དུ་ ཁད༷་ཀྱིས༷་ད༷ལ་བུ༷་དལ༷་བུས༷་སྤྱད༷་པ༷ར་བྱའོ༷་ཞེ༷ས་སྦྱི༷ན་པ༷ར་བྱ༷་སྟེ་བསླབ་གཞི༷་དེ༷་ལ༷་དེ༷་ནི༷་ཆོ༷་ག༷འོ༷། །གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་ནི། ཡང༷་ཉེ་དགའ་ལྟ་བུའི་དགེ༷་སློང༷་གང༷་ར༷ང་གི༷་ལ༷ག་ གི༷ས་བསླང༷ས་པ༷འི་དོ༷ག་པ༷་ཐ༷་ག༷་པ༷་བདུན་རྒྱུད་ཚུན་ཆད་ཀྱིས་ཉེ་དུ་མ༷་ཡི༷ན་པ༷་ལ༷་གོ༷ས་འཐ༷ག་ཏུ༷་འཇུག༷་ན༷་གོས༷་གྲུབ༷་ན༷་སྤང༷་བ༷འི་ལྟུང༷་བྱེ༷ད་དོ༷། །བཞི་པ་འཐག་རྒྱ་བསྐྱེད་པའི་སྤང་བ་ནི། ཉེ་ དགའ་ལྟ་བུའི་དགེ༷་སློང༷་གི༷་ཕྱིར༷་ཁྱིམ༷་བད༷ག་ག༷མ་ཁྱིམ༷་བད༷ག་གི༷་ཆུང༷་མ༷་ཉེ༷་དུ༷་མ༷་ཡི༷ན་པ༷ས་ཐ༷་ག༷་པ་ཉེ༷་དུ༷་མ༷་ཡི༷ན་པ༷་ལ༷་གོ༷ས་འཐ༷ག་ཏུ༷་བཅུག༷་པ༷་ལ༷ས། དེ༷་ལ༷་ག༷ལ་ཏེ༷་དགེ༷་སློང༷་དེ༷་ལ༷་སྔར༷་མ༷་ བསྟབ༷ས་པ༷ར་རྣམ༷་པར༷་རྟོག༷་པ༷་འག༷འ་ཞི༷ག་བྱུང༷་ནས༷་ཐ༷་ག༷་པ༷་ཉེ༷་དུ༷་མ༷་ཡི༷ན་པའི༷་ག༷ན་དུ༷་སོང༷་སྟེ༷་འཐག་རྒྱ་བསྐྱེད་པའི་ཚིག་འདི༷་སྐ༷ད་ཅེས༷་ཚེ༷་དང༷་ལྡ༷ན་པ༷་ཐ༷་ག༷་པ༷་ཤེ༷ས་པ༷ར་གྱིས༷་ཤི༷ག །གོ༷ས་ འདི༷་ནི༷་ཁོ༷་བོ༷འི་ཕྱིར༷་འཐ༷ག་གིས༷། ཚེ༷་ད༷ང་ལྡ༷ན་པ༷་ཐ༷་ག༷་གོ༷ས་འདི༷་ཞིང༷་རྒྱ༷་ཆེ༷་བ༷་དང༷་། ཁྲུན༷་ཆུར་རི༷ང་ག༷་དང༷་། མཐ༷ར་གྱི༷་ཞག༷་པ༷་བྱེར་ཟུག་སྙོམ་པ་དང་། ཐ༷གས་ར༷ན་བཟ༷ང་པ༷་སང་སེང་ 8-1-31a སོགས་མེད་པ་ལེ༷གས་པ༷ར་གྱིས༷་ཤིག༷། ཚེ༷་དང༷་ལྡ༷ན་པ༷་ཐ༷་ག༷་པ༷་འདི༷་ལྟར༷་ཁོ༷་བོ༷ས་ཁྱོ༷ད་ལ་གླ༷་རྔན༷་འདི༷་ལྟ༷་སྟེ༷། བཟ༷འ་བ༷་ལྔའམ༷ བཅ༷འ་བ༷་ལྔ་ཙ༷མ་མ༷མ། བཟ༷འ་ རྒྱུ༷་ཅུང༷་ཟ༷ད་ཅི༷ག་སྦྱིན༷་ནོ༷་ཞེ༷ས་སྨྲས༷་ནས༷་ཐ་ག་པ་དེ༷་ལ༷་ག༷ལ་ཏེ༷་དགེ༷་སློང༷་དེ༷ས་གོ༷ས་སྒྲུབ༷ས་པ༷འི་ཕྱིར་གླ༷་རྔ༷ན་འདི༷་ལྟ༷་སྟེ༷། བཟའ༷་བ༷འམ༷། བཅ༷འ་བ༷་ཙ༷མ་མ༷མ། བཟ༷འ་རྒྱུ༷་ཅུང༷་ཟ༷ད་ ཅི༷ག་སྦྱི༷ན་ཞིང༷་གོ༷ས་ལག༷་ཏུ་གྲུབ༷་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་འཕྲོག་པའི་སྤང་བ་ནི། ཡང༷་དགའ་བོ་ལྟ་བུའི་དགེ༷་སློང༷་གང༷་ཡང་རུང་བས་ཆོས་འདི་པའི་དགེ༷་སློང༷་ལ༷་གོ༷ས་ཕྱིར་བླང་ དུ་མེད་པར་བྱི༷ན་ནས༷་དེ༷འི་འོ༷ག་ཏུ༷་ཁྲོས༷་འཁྲུག༷་རྔམ༷་པར༷་གྱུར༷་ཏེ༷་ཡི༷ད་མ༷་རང༷ས་ན༷ས་གོས་རང་གིས་འཕྲོག༷་ག༷མ་གཞན་འཕྲོ༷ག་ཏུ༷་འཇུག༷་ཅིང༷་དགེ་སློང་དེ༷་ལ༷་གོས་ཕྲོག་པའི་ཚིག་འདི༷་སྐ༷ད་ཅེས༷་ དགེ༷་སློང༷་ཁྱེད༷་ལ༷་གོ༷ས་མི༷་སྦྱིན༷་གྱིས༷་གོས་ཕྱིར༷་བྱི༷ན་ཅི༷ག་ཅེས༷་ཟེར༷་ན༷་ཡུལ་དགེ༷་སློང༷་དེས༷་གོས་ལྷག༷་མ༷་ཡོ༷ད་པ༷་ཕྱིར༷་སྦྱིན༷་པར༷་བྱ༷་ཞིང༷་བཏང༷་ན༷་ལུས༷་དང་བྲལ་བའི་ཚེ་ན་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །དྲུག་ པ་བརྟད་པ་ལ༷ས་བྱུང་བའི་སྤང་བ་ནི། དགེ༷་སློང༷་གི༷ས་སྟོ༷ན་ཟླ༷་ཐ༷་ཆུང༷་ཉར༷་དགག་དབྱེ་བྱེད་པའི་ཞག༷་བཅུས༷་མ༷་ཚང༷་བ༷་ཚུན༷་ཆ༷ད་དུ་ནད་པ་ལ་སྦྱིན་པ་ལྟ་བུའི་བརྟད༷་པ༷་གློ་བུར་པ་ལ༷ས་བྱུང༷་བའི༷་གོ༷ས་ 8-1-31b ཤི༷ག་གཞན་ལས་རྙེད༷་ལ༷་འདོ༷ད་ན༷་དགེ༷་སློང༷་དེས༷་གོས༷་དེ༷་བླ༷ང་བ༷ར་བྱའོ༷། །བླང༷ས་ནས༷་གོ༷ས་སྦྱིན༷་པའི༷་དུས་ཀྱི༷་བ༷ར་དུ༷་བཅ༷ང་བ༷ར་བྱ༷འོ༷། །འོ་ན་གོས་སྦྱིན་པའི་དུས་དུས་མིན་ཇི་ལྟ་བུ་ཞེ་ན། དབྱར་ཁས་མ་བླང་བའི་གནས་སུ་ནི་སྟོན་ཟླ་ཐ་ཆུང་ཚུན་ཆད་དུས་ཡིན་ལ༷། ལྷག་མ་དུས་མིན་ནོ། །ཁས་བླངས་པའི་གནས་སུ་སྟོན་འབྲིང་ཉ་ནས་དཔྱིད་འབྲིང་ཉ་ཡི་བར་དུས་ཡིན་ལ་ ལྷག་མ་དུས་མིན་ནོ། །དེ༷་ལ༷ས་འད༷ས་པར༷་བཅ༷ང་ན༷་སྤང༷་བའི༷་ལྷུང༷་བྱེ༷ད་དོ༷། །བདུན་པ་དགོན་པ་པའི་སྤང་བ་ནི། དགེ༷་སློང༷་གཉིས་ཡན་ཆད་ར༷བ་ཏུ་མ༷ང་པོ༷་ད༷ག་གན༷ས་མ༷ལ་ཏེ་གཙུག་ལག་ ཁང་གྲོང་ལས་རྒྱང་གྲགས་འཕགས་པའི་དགོ༷ན་པ༷་ཆོམ་རྐུན་པས་བཅོམ་པའི་དོ༷གས་པ༷་དང༷་བཅ༷ས་པ༷ར་གྲག༷ས་པ༷། སེང་གེ་སོགས་ཀྱིས་འཇི༷གས་པ༷་དང༷་བཅ༷ས་པ༷ར་གྲག༷ས་པ༷། སྦྲང་ བུ་སོགས་འཇིག༷་པ༷་ཐ༷་ད༷ད་པ༷ས་འཇིག༷ས་སུ༷་རུང༷་བ༷་དང༷་བཅས༷་པ༷ར་གྲག༷ས་པ་ད༷ག་ཏུ༷་དབྱར༷་ཕྱི་མར༷་ཁས་བླངས་པར་གྱུར༷་ལ༷། དེ་ཡང་དབྱར་ཕྱི་མ་གླེང་གཞིའི་དབང་གིས་ཡིན་གྱི། ལྟུང༷་ བའི༷་ཡན་ལག་ཏུ་ངེས་པར་དགོས་པ་མིན་ནོ། །དགེ༷་སློང༷་དགོན༷་པ༷་བ༷ས་འདོ༷ད་ན༷་ཆོ༷ས་གོ༷ས་གསུམ༷་པས་ཆོས༷་གོ༷ས་ག༷ང་ཡང༷་རུང༷་བ༷་ཁྱིམ༷་གཞ༷ན་དུ་བཞ༷ག་པ༷ར་བྱ༷འོ༷། །དགེ༷་སློང༷་དགོ༷ན་པ༷་ 8-1-32a པ༷་ལ༷་དགེ་འདུན་གྱི་བྱ་བ་ལ་སོགས་པའི་ཕྱིར་མཚ༷མས་ཀྱི༷་ཕྱི༷་རོལ་ཏུ་འགྲོ༷་དགོ༷ས་པ༷་དེ༷་ལྟ༷་བུའི༷་རྐྱེན༷་ཞིག༷་བྱུང༷་ན༷་དགེ༷་སློང༷་དགོ༷ན་པ༷་པ༷་དེ༷ས་ཞག༷་དྲུག༷་གི༷་མཐ༷འ་ཚུན༷་ཆ༷ད་དུ༷་ ཆོ༷ས་གོ༷ས་ཁྱིམ་གཞན་དུ་བཞག་པ་དེ༷་ད༷ང་མཚ༷མས་ཀྱི༷་ཕྱི༷་རོ༷ལ་ཏུ་འབྲལ༷་བར༷་བྱ་བ༷ར་རུང་བའོ༷། །དེ༷་ལ༷ས་འད༷ས་པ༷ར་འབྲལ༷་ན་ཞག༷་བདུན་པའི་སྐྱ་རེངས་ཤར་བ་ན་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། ། བརྒྱད་པ་དབྱར་གྱི་གོས་རས་ཆེན་གྱི་སྤང་བ་ནི། དགེ༷་སློང༷་རྣམ༷ས་ཀྱིས༷་སོ༷་ག༷་རྣམས་ཀྱི༷་ཟླ༷་བ་གཅི༷ག་ལུས༷་པ༷་ན༷་དབྱར་རའི་ཉ་ནས་དབྱར༷་གྱི༷་གོས༷་རས༷་ཆེན༷་བཙ༷ལ་བར༷་བྱ༷འོ༷། །དབྱར༷་ཟ༷ད་ན༷ས་ འོ༷ག་ཏུ་ཟླ༷་བ༷་ཕྱེ༷ད་དེ་སྟོན་འབྲིང་གནམ་སྟོང་གི༷་བ༷ར་དུ༷་བཅང༷་བར༷་བྱ༷འོ༷། །ག༷ལ་ཏེ༷་དགེ༷་སློང༷་གིས༷་སོ་ག༷་རྣམ༷ས་ཀྱི༷་ཟླ༷་བ༷་གཅིག་ལུས༷་པའི༷་སྔོ༷ན་རོལ༷་དུ༷་འབྱར༷་གྱི༷་གོས༷་ར༷ས་ཆེན་ཚོལ༷་བ༷ར་བྱེ༷ད་དམ༷་ དབྱར༷་ཟ༷ད་ནས་འོ༷ག་ཏུ༷་ཟླ༷་བ༷་ཕྱེ༷ད་ལ༷ས་ལྷག༷་པ༷ར་འཆང་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །དགུ་པ་བསྔོས་བསྒྱུར་གྱི་སྤང་བ་ནི། ཡ༷ང་ཉེར་དགའ་ལྟ་བུའི་དགེ༷་སློང༷་ག༷ང་ཡང་རུང་པ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ༷་ འདུན་ལ་བསྔོས༷་པའི༷་གོས་ཀྱི་རྙེད༷་པ༷་ཤེས་བཞིན༷་དུ༷་ག༷ང་ཟ༷ག་བད༷ག་ལ༷་བསྒྱུར༷་དུ༷་འཇུག༷་ན༷་སྤང༷་བའི༷་ལྟུང༷་བྱེ༷ད་དོ༷། །བཅུ་པ་གསོག་འཇོག་གི་སྤང་བ་ནི། བཅོམ་ལྡན་འད༷ས་ཀྱིས༷་དགེ་སློང༷་ན༷་བ༷་ 8-1-32b རྣམ༷ས་ལ༷་ཕ༷ན་པ༷་སོ༷་སོ༷ར་བསྟེན༷་པ༷ར་བྱ༷་བའི༷་སྨན༷་གང༷་ད༷ག་བཀ༷འ་སྩལ༷་པ༷་འདི༷་ལྟ༷་སྟེ༷་མར་བཞུ་བའི་ཞུན༷་མ༷ར་དང༷་། འབྲུ༷་མ༷ར་དང༷་། སྦྲང༷་རྩི༷་དང༷་། བུ༷་ར༷མ་གྱི་ད༷བུ་བ༷་དེ༷་དག༷་ལ༷ས་དགེ༷་སློང༷་ན༷་ བ༷ས་འདོ༷ད་ན༷་རང༷་གིས༷་ཞ༷ག་བདུན༷་པ༷ར་བྱི༷ན་གྱིས༷་བརླབ༷་ཏེ༷་གསོ༷ག་འཇོག༷་གི༷ས་ཡོང༷ས་སུ་ལོང་སྤྱོ༷ད་པ༷ས་ཡོང༷ས་སུ༷་ལོང༷ས་སྤྱད༷་པ༷ར་བྱའོ༷། །དེ༷་ལ༷ས་འད༷ས་པ༷ར་ཡོ༷ངས་སུ༷་ལོང༷ས་སྤྱོ༷ད་པ༷ར་བྱེ༷ད་ ན༷། ཞག་བརྒྱད་པའི་སྐྱ་རེངས་ཤར་བ་ན་སྤང༷་བ༷འི་ལྟུང༷་བྱེ༷ད་དོ༷། །གཉིས་པ་མཇུག་བསྡུ་བ་ནི། ཚེ༷་དང༷་ལྡ༷ན་པ༷་ད༷ག་བད༷ག་གི༷ས་སྤང༷་བའི༷་ལྟུང༷་བྱེ༷ད་ཀྱི༷་ཆོས༷་སུམ༷་ཅུ༷་པོ༷་ད༷ག་བཏོ༷ན་ཟི༷ན་ཏོ༷། ། གསུམ་པ་རྣམ་བཞག་བསྒྲགས་པ་ནི། དེ༷་ལ༷་བད༷ག་གི༷ས་ཚེ༷་ད༷ང་ལྡན༷་པ༷་ད༷ག་ལ༷་ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ༷་ད༷ག་ག༷མ་ཞེ༷ས་དྲི༷འོ༷། །ཅི་འདི༷་ལ༷་ཁྱེད༷་རྣམས་ཡོ༷ངས་སུ༷་དག༷་ག༷མ་ཞེས༷་ ལ༷ན་གཉི༷ས་ལ༷ན་གསུམ༷་དུ༷་དྲི༷འོ། །འདི༷་ལ༷་ཚེ༷་དང༷་ལྡན༷་པ༷་ད༷ག་ཡོང༷ས་སུ༷་ད༷ག་ན༷་འདི༷་ལྟར༷་ཅང༷་མི༷་སྨྲ༷་བ༷ས་དེ༷་དེ༷་བཞི༷ན་དུ་འཛིན༷་ཏོ༷། །གཉིས་པ་ལྟུང་བྱེད་འབའ་ཞིག་པ་གདོན་པ་ལ་བཞི་སྟེ། སྤྱི་སྡོམ་གྱི་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད། མཇུག་བསྡུ་བ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། སྤྱི་སྡོམ༷་ལ༷། ཤེ༷ས་བཞིན༷་དུ་རྫུན་དུ་སྨྲ་བ་སོགས་ད༷ང་ནི་ས༷་ 8-1-33a བོན་འཇིག་པ་སོགས་ད༷ང་། དགེ་སློང་མ་ལ་མ༷་བསྐོས༷་པར་ཆོས་སྟོན་པ༷་སོགས་ད༷ང་། ཡ༷ང་ཡང༷་ཟ་བ་སོགས་ད༷ང་། སྲོག་ཆགས་དང་བཅས་པའི་ཆུ༷་ལ་ ལོངས་སྤྱོད་པ་སོགས་དང༷་། ཁྱིམ༷་དུ་ཟས་གཅོད་པ་སོགས་དང༷་། བས༷མ་བཞིན་དུ་དུད་འགྲོ་གསོད་པ་སོགས་ད༷ང་། འགྲོན༷་མང༷་རྐུན༷་མ༷་དང་ལྷན་ཅིག་འགྲོ་ན་ལམ་དུ་འགྲོ་བ་སོགས་ དང་། མཆོ༷ད་སྟོན༷་ཏེ་ཁྱིམ་པ་འདུག་པ་ལ་མི་བསྒོ་བར་འགྲོ་བ་ལ་སོགས་པའོ། །གཉིས་པ་ལ། བཅུ་ཚན་དགུ་ལས། བཅུ་ཚན་དང་པོ་ལ་གསུམ་ཏེ། སྡོམ་གྱིས་མདོར་བསྟན། ལྟུང་བྱེད་གདོན་པའི་ལུང་དཔོག །སོསོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། རྫུན༷་དུ་སྨྲ་བ་དང་། སྐྱོན༷་ནས་སྨྲ་བ་དང་། དགེ༷་སློང༷་ལ་ཕྲ༷་མ༷་བྱེད་པ་དང༷་། སྐྱོ་སྔོག༷ས་ བྱེ༷ད་པ་དང༷་། ཆོས་སྟོན༷་པ༷་ད༷ང་། ཆོས་འདོ༷ན་པ་དང༷་། གན༷ས་ང༷ན་ལེན༷་བརྗོད་པ་ད༷ང་། མིའི་ཆོ༷ས་བླ་མ་བདེན་པར་སྨྲ་བ་དང་། བཤེས༷་ངོ༷ར་བྱེ༷ད་པ་དང༷་། ཁྱ༷ད་དུ༷་གསོ༷ད་པའོ། ། གཉིས་པ་ནི། ཚེ༷་དང༷་ལྡན༷་པ༷་ད༷ག་ལྟུང༷་བྱེ༷ད་ཀྱི༷་ཆོས་དགུ༷་བཅུ༷་པོ༷་འདི༷་ད༷ག་ནི༷་ཟླ་བ༷་ཕྱེ༷ད་ཅིང༷་སོ༷་སོ༷ར་ཐར༷་པའི༷་མདོ༷་གདོན༷་པ༷་ལ༷ས་འབྱུང༷་ངོ༷་། །གསུམ་པ་ལ་བཅུ་ལས་དང་པོ་ཤེས་བཞིན་ 8-1-33b རྫུན་སྨྲ་ནི། མེ་སྦྱིན་སྐྱེས་ལྟ་བུའི་ཤེ༷ས་བཞིན༷་དུ་བདེན་པའི་འདུ་ཤེས་བསྒྱུར་ནས་རྫུན༷་སྨྲ་ན༷་དོན་གོ་བའི་ཚེ་ལྟུང༷་བྱེ༷ད་དོ། །གཉིས་པ་སྐྱོན་ནས་སྨྲ་བ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གིས་མི༷འི་སྐྱོན༷་ ནས༷་སྨྲ་བའི་བསམ་པས་སྐྱོན་སྨྲ༷་ན༷་ཕ་རོལ་པོ་མི་དགའ་བའམ་དོན་གོ་ན་ལྟུང༷་བྱེ༷ད་དོ༷། །གསུམ་པ་ཕྲ་མ་བྱེད་པ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གང་དགེ༷་སློང༷་ ལ༷་དབྱེ ན་འདོད་པས་ཆེ་གེ་མོས་འདི་སྐད་ཟེར་རོ་ཞེས་ཕྲ༷་མ་བྱེ༷ད་ན༷་དོན་གོ་ཚེ་ལྟུང༷་བྱེ༷ད་དོ། །བཞི་པ་སྐྱོ་སྔོགས་བྱེད་པ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་ག༷ང་ཡང་རུང་བས་དགེ་འདུན༷་བློ་ ཐུན༷་པ༷ས་ཆོས༷་དང་འདུལ་བ་ཇི་ལྟ་བ་བཞི༷ན་དུ༷་རྩོད༷་པ༷་བཞི་པོ་གང་ཡང་རུང་བ་སྦྱང༷ས་ནས་ཞི་བར༷་ཤེ༷ས་བཞིན༷་དུ་ཡང༷་ལ༷ས་ཀྱིས༷་སྐྱོ༷་སྔོག༷ས་འཁྲུགས་ལོང་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་ བུད་མེད་ལ་ཆོས་སྟོན་པ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་བུ༷ད་མེ༷ད་ཀྱི༷་ཡུལ༷་ལེགས་ཉེས་སྨྲ་བའི་དོན་གོ་བ་ལ༷། ཚིག༷་ལྔའི༷་ཆོས་སྟོན་ཚེ་དེ་ལས་ལྷག་པའ༷མ། ཚིག་དྲུག༷་གི་ཆོས་ སྟོན་པ་ན་དེ་ལ༷ས་ལྷག༷་པ༷ར་དྲུག་གམ་བདུན་གྱིས་ཆོས༷་སྟོན༷་ན་ལེགས་ཉེས་སྨྲ་དོན་རི༷ག་པའི༷་སྐྱེས༷་པ༷་ཁྲིམས་གྲོགས་སུ་ཡོད་པ་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །དྲུག་པ་ཆོས་འདོན་པ་ནི། ཡ༷ང་དྲུག་ 8-1-34a སྡེ་ལྟ་བུའི་དགེ༷་སློང༷་ག༷ང་དགེ་སློང་ཕ་མ་ལས་གཞན་པའི་གང༷་ཟ༷ག་བསྙེན༷་པ༷ར་མ༷་རྫོག༷ས་པ༷་དང༷་མཉམ་པ་དང་སྨྲ་བའི་ཚིག༷་གི༷ས་ཆོས༷་དང་ཡི་གེ་འདོ༷ན་ན༷་ལྟུང༷་བྱེ༷ད་དོ༷། ། བདུན་པ་གནས་ངན་ལེན་བརྗོད་པ་ནི། ཡ༷ང་དགེ༷་སློང༷་ག༷ང་ཟ༷ག་བསྙེན༷་པ༷ར་མ༷་རྫོག༷ས་པ༷་ལ༷་དགེ་སློང་ཕ༷་རོལ་པོའི་ཕམ་ལྷག་གི་གན༷ས་ང༷ན་ལེན༷་གྱི༷་ལྟུང་བ༷་བརྗོ༷ད་ན༷། དགེ༷་འདུན༷་གྱིས༷་ གསོལ་བ་འབའ་ཞིག་པའི་ལས་ཀྱི ས་གནང་བ༷་སྦྱིན་པ་ནི་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་མིའི་ཆོས་བླ་མ་བདེན་སྨྲ་ནི། ཡ༷ང་ཉ་བའི་རིགས་ཀྱི་དགེ་སློང་ལྔ་བརྒྱ་ལྟ་བུ་དགེ༷་སློང༷་ག༷ང་ གང༷་ཟག༷་བསྙེན༷་པ༷ར་མ་རྫོག༷ས་པ་ལ༷་མིའི༷་ཆོས༷་བླ༷་མ༷་བདེ༷ན་པ༷ར་སྨྲ༷་ན་དོན༷་གོ་བའི་ཚེ་ལྟུང༷་བྱེ༷ད་དོ༷། །དགུ་པ་བཤེས་ངོར་བྱེད་པ་ནི། ཡ༷ང་དགེ༷་སློང༷་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་ སློང་ག༷ང་ཡང་རུང་བས་སྔར༷་ལེ༷གས་པར༷་རུང་བ༷ར་བྱས༷་པ་སྟེ་དད་པས་ཕུལ་ན༷ས་དེ༷འི༷་འོ༷ག་ཏུ༷་སྟེ་དུས་གཞན་གྱི་ཚེ་འདི༷་སྐ༷ད་ཅེས༷་ཚེ༷་ད༷ང་ལྡན༷་པ༷་དག་གིས༷་འདི་ལྟར༷་བཤེ༷ས་ངོ༷ར་བྱས༷་ཏེ༷་དགེ༷་འདུན༷་གྱི༷་གོས་ ཀྱི་རྙེད་པ་དགེ་འདུན་གྱི་ནང་དུ་གྲུབ་པར་བསྔོས༷་པ༷་བད༷ག་གིས་དོན་དུའམ་བདག་གི་བའི་ག༷ང་ཟ༷ག་ལ༷་བསྔོས༷་སོ༷་ཞེས༷་ཟེར༷་ན༷་ལྟུང༷་བྱེ༷ད་དོ༷། །བཅུ་པ་ཁྱད་དུ་གསོད་པ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་ 8-1-34b དགེ༷་སློང༷་ག༷ང་གསོ་སྦྱོང་གི་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོ༷ར་ཐར༷་པའི༷་མདོ༷་གདོན༷་པ༷་ལྔ༷་པོ༷་འདོ༷ན་པ༷་ན། བསླབ་པ་ཁྱད་དུ་གསོད་པའི་བསམས་པས་འདི༷་སྐ༷ད་ཅེས༷། ཚེ༷་ད༷ང་ལྡན༷་པ༷་ད༷ག་ག༷ང་ད༷ག་ གི༷ས་དགེ༷་སློང༷་རྣམ༷ས་འགྱོ༷ད་པ༷་དང༷་ཡི༷ད་ལ༷་གཅ༷གས་པ༷་ད༷ང་གནོ༷ད་པ༷ར་འགྱུར༷་བའི༷་བསླབ༷་པ༷འི་གཞི༷་ཕྲན༷་ཚེག༷ས་རབ༷་ཏུ༷་ཕྲ༷་བ༷་འདི༷་ད༷ག་གི༷ས་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོ༷ར་ཐ༷ར་པའི༷་མདོ༷་གདོ༷ན་པ༷་ བཏོ༷ན་པ༷་ད༷ག་གི༷ས་ཅི༷་ཞིག༷་བྱ༷་ཞེ༷ས་ཟེར༷་ཞིང༷་བསླབ༷་པ༷་ཁྱ༷ད་དུ༷་གསོད༷་ན༷་ལྟུང༷་བྱེ༷ད་དོ༷། །བཅུ་ཚན་གཉིས་པ་ལ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། ས༷་བོ༷ན་དང་སྐྱེ་བ་འཇིག་པ་དང་འཕྱ༷་བ༷་དང༷་། བསྒོ་བ་རྣ་ལ་གཟོན་པ་དང༷་། ཁྲི༷་སྟེ་གནས་མལ་ད༷ང་། གདི༷ང་བ་དང༷་། སྐྲོད༷་པ༷་དང༷་། ཕྱིས༷་གནོན༷་དང་། རྩ་བ་འབྱུང༷་བ༷་ལ་ འདུག་པ་དང་། སྲོག་ཆགས་དང་བཅས་པའི་རྩ་ཆུར་འདེ༷བས་པ༷་དང༷་། ཕ་གུ་རི༷མ་པ༷་གཉི༷ས་སུ་རྩིག༷་པ༷འོ༷། །གཉིས་པ་ལ་བཅུ་ལས། དང་པོ་ས་བོན་དང་སྐྱེ་བ་འཇིག་པ་ནི། དྲུག་སྡེ་ ལྟ་བུའི་དགེ་སློང་གིས་ས༷་བོན༷་གྱི༷་ཚོག༷ས་ལྔ་དང༷་གྲོག་སྤུར་ལ་སོགས་པའི་འབྱུང༷་པོ༷འི་ཚོགས་གན༷ས་པའི་ཤིང་ལྗོན་པ་རང་གིས་འབྱིན་པ་ལ་སོགས་པས་འཇིག༷་ག༷མ། གཞན་འཇི༷ག་པར་ 8-1-35a བྱེད་དུ༷་འཇུག༷་ན༷་ལྟུང༷་བྱེ༷ད་དོ༷། །ས་བོན་ལྔ་ནི། རྩ་བའི་ས་བོན་གླ་སྒང་སོགས་དང་། སྡོང་བུའི་ས་བོན་ཨ་ཤཏྠ་སོགས་དང་། ཐོག་གུའི་ས་བོན་བུ་རམ་ ཤིང་སོགས་དང་། འགས་པའི་ས་བོན་ཨརྫ་ཀ་སོགས་དང་། ས་བོན་གྱི་ས་བོན་ནས་ལ་སོགས་པའོ། །གཉིས་པ་འཕྱ་བ་ནི། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་ གིས་འཕྱ་བའི་བསམ་པས་ཀུན་ནས་བསླངས་ཏེ་འཕྱ༷་བའམ༷་ཟུར་གྱིས་གཞོ༷ག་འཕྱས༷་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །གསུམ་པ་བསྒོ་བ་རྣ་ལ་གཟོན་པ་ནི། ཡང་འདུན་པ་ལྟ་བུའི་དགེ་སློང་གང་ བསྒོ་བ༷་རྣ་ལ༷་གཟོན༷་པའི་བསམ་པས་ངག་གི་རྣམ་པར་རིག་བྱེད་གཞན་བརྗོ༷ད་ན་ལྟུང༷་བྱེ༷ད་དོ༷། །བཞི་པ་གནས་མལ་ནི། ཡང༷་དགེ༷་སློང༷་ག༷ང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ༷་ འདུན༷་གྱི༷་ཁྲི༷འམ༷། ཁྲི༷འུ༷་འམ། སྟན༷་ན༷ང་ཚང༷ས་ཅ༷ན་ནམ༷། ཝ༷་བ༷འམ༷། སྔས༷་ས༷མ། གོ༷ར་བུ་སྟེ་གྲུ་བཞི། བླ་ག༷བ་མེ༷ད་པ༷ར་རང་གིས་བཏིང༷་ང༷མ། གཞན་འདི༷ང་དུ༷་བཅུག༷་ནས༷་མ༷་ བསྡུས༷་ས༷མ། སྡུད༷་དུ་མ༷་བཅུག༷་གམ༷། དགེ༷་སློང༷་འཁོད༷་པ༷་ལ༷་མ༷་བཅོལ༷་བ༷ར་དེ༷་ནས༷་འདོམས་བཞི་བཅུ་རྩ་དགུ་ཚུན་ཆད་ཀྱི་ཉེ་འཁོར་ལས་འདས་པར་སོང༷་ན༷་ཆོམ་རྐུན་པས་འཇོམས་པ་ 8-1-35b དེ༷་འདྲ༷་བའི༷་རྐྱེན༷་མ༷་གཏོ༷གས་ཏེ༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་འདིང་བ་ནི། ཡ༷ང་དགེ༷་སློང༷་ག༷ང་དགེ༷་འདུན༷་གྱི༷་སྤྱོད་ལམ་བཞི་ཤོང་བའི་གཙུག༷་ལག༷་ཁང༷་དུ༷་རྩའི༷་གདི༷ང་བ༷འམ༷། ལོ༷་མ༷འི་གདིང༷་བ༷་ རང་གིས་བཏི༷ང་ང༷མ། གཞན་འདིང༷་དུ༷་བཅུག༷་ན༷ས་མ༷་བསྡུས༷་ས༷མ། སྡུད༷་དུ༷་མ༷་བཅུག༷་ག༷མ། དགེ༷་སློང་འཁོད༷་པ༷་ལ་མ༷་བཅོ༷ལ་བ༷ར་དེ༷་ན༷ས་འདོམས་བཞི་བཅུ་རྩ་དགུ་ཚུན་གྱི་ཉེ་འཁོར་ ལས་འདས་པར་སོང༷་ན༷་ཆོམ་རྐུན་པས་འཇོམས་པ་དེ༷་འདྲ༷་བའི་རྐྱེན༷་མ༷་གཏོ༷གས་ཏེ་ལྟུང༷་བྱེ༷ད་དོ༷། །དྲུག་པ་སྐྲོད་པ་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་ཁྲོས༷་འཁྲུག༷ས་རྔམ༷ས་ པ༷ར་གྱུར་ཏེ༷་ཡི༷ད་མ༷་རང༷ས་ན༷ས་དགེ༷་འདུན༷་གྱི༷་གཙུག༷་ལ༷ག་ཁ༷ང་ནས༷་ཆོས་འདི་པའི་དགེ༷་སློང༷་རང་གིས་སྐྲོད༷་ད༷མ། གཞན་སྐྲོད༷་དུ༷་འཇུག༷་ན༷་སྲོག༷་གི་བར་ཆད་ལ་སོགས་པ་དེ༷་འདྲ༷་བའི༷་རྐྱེན༷་མ༷་ གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །བདུན་པ་ཕྱིས་གནོན་བྱེད་པ་ནི། ཡང༷་འཆར༷་ཀ་ལྟ་བུའི་དགེ༷་སློང༷་གང༷་དགེ༷་འདུན༷་གྱི༷་གཙུག༷་ལག༷་ཁང༷་ན༷་ཆོས་འདི་པའི་དགེ༷་སློང༷་ད༷ག་སྔ༷་ན༷་འཁོད༷་པ༷ར་རང་གིས་ ཤེ༷ས་བཞིན༷་དུ༷་ཕྱིས༷་འོང༷ས་ནས༷་སུ༷་ལ༷་གནོ༷ད་པ༷་དེ༷་ཉིད་དེ་ལས་གཞན་དུ་འགྲོ༷་བར༷་འགྱུར༷་སྙམ་པ༷་དེ༷་ཉི༷ད་དམིགས་སམ་རྐྱེན༷་དུ༷་བྱས༷་ཏེ༷་གནོད་པས་ཟིལ་གྱིས་གནོན་པའི་ཕྱིས༷་གནོན༷་བྱས༷་ཏེ༷་སྟན༷་ལ༷་ 8-1-36a ཉ༷ལ་ལ༷མ་འདུག་ན༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་རྩ་བར་དབྱུང་བ་ལ་འདུག་པ་ནི། ཡང༷་ཉེ་དགའ་ལྟ་བུའི་དགེ༷་སློང༷་གང༷་དགེ༷་འདུན༷་གྱི༷་སྤྱོད་ལམ་བཞི་ཤོང་བའི་གཙུག༷་ལ༷ག་ ཁང༷་གི༷་སྟེང༷་གི༷་ནམ༷་མཁའ༷་ལ༷་རྩའམ་ལོ་མའི་ཐོ༷ག་བོ༷ར་བར་རམ་བཏིང་བར་ཁྲི༷འམ༷་ཁྲི༷འུ༷་རྩ༷་བ༷འམ༷་རྐང་པ་འབྱུང༷་བར༷་རང་གི་ཤེས༷་བཞིན༷་དུ༷་ལྕིད༷་ཀྱིས༷་ཕ༷བ་སྟེ༷་ཉལ༷་ལ༷མ་འདུག༷་ན༷་ལྟུང༷་བྱེ༷ད་དོ༷། །དགུ་ པ་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་ནི། ཡང༷་འདུན་པ་ལྟ་བུའི་དགེ༷་སློང༷་ག༷ང་རང་གི་མིག་གིས་མཐོང་ནས་ཤེ༷ས་བཞིན༷་དུ༷་སྲོག༷་ཆག༷ས་དང༷་བཅས༷་པའི༷་ཆུས༷་རྩ༷འམ༷། ལྕི༷་བ༷འམ་ ས༷་ལ༷་འདེ༷བས་ས༷མ། གཞན་འདེ༷བས་སུ༷་འཇུག༷་ན༷་ལྟུང༷་བྱེ༷ད་དོ༷། །བཅུ་པ་ཕ་གུ་རིམ་པ་གཉིས་སུ་རྩིག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གི༷ས་གཙུག༷་ལག༷་ཁང༷་སྦྱིན་པར་བྱ་བ་དང་། ཚད་ ལས་ཆེ༷ན་པོ༷་ཞིག༷་རང་གིས་རྩིག་གམ། གཞན་ལ་རྩིག༷་ཏུ༷་འཇུག་ན༷་སྒོ་ཡི༷་སྦུབ༷ས་དང༷་། གཏན་པ་དང་། སྐར་ཁུང་དང་། ཆུ་ཁུང་གི་སྣང༷་བའི༷་གན༷ས། ཇི༷་ཙམ༷་གཏོད་པར་བྱ་བའི༷་འདུ༷་ ཤེ༷ས་ཀྱིས༷་ས༷་བརྟག༷ས་པ༷་ནས༷་བཟུང༷་སྟེ༷་ཕ༷་གུའི༷་རིམ༷་པ་འཇིམ༷་པ་དང༷་བཅ༷ས་པ༷། ཉི་མ་གཅིག་ལ་གཉི༷ས་ས༷མ་གསུམ༷་རྩིག༷་པར༷་བྱ༷འོ༷། །དེ༷་ལ༷ས་ལྷག༷་པར༷་རྩིག༷་ན༷་ལྟུང༷་བྱེ༷ད་དོ༷། །བཅུ་ཚན་ 8-1-36b གསུམ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། མ༷་བསྐོས༷་པར་ཆོས་སྟོན་པ་དང་། ཉི༷་མ༷་ནུབ༷་ཀྱི་བར་དུ་སྟོན་པ༷་དང༷་། ཟ༷ས་ ཅུང་ཟད་ཙམ་གྱིས་ཕྱིར་སྟོན་ཞེས་བརྗོད་པ་དང༷་། ཆོས༷་གོས་སྦྱིན་པ་དང་སྤྱོད་པ་གཉི༷ས་དག༷་དང༷་། དགེ་སློང་མའི་དོ༷ན་མཐུན་དང་ལྷན་ཅིག་འགྲོ་ན་ལམ་དུ་འཇུག་པ༷་དང་། དེ་དང་ལྷན་ཅིག་ གྲུར༷་འཇུག་པ་ད༷ང་། བུད་མེད་དང་ལྷན་ཅིག་དབེ༷ན་པར༷་འདུག་པ་དང་། དགེ་སློང་མ་དང་ལྷན་ཅིག་འགྲེང་བ་གཉིས། དགེ༷་སློང༷་མ༷་ཡིས༷་སྦྱོར༷་བཅུག༷་པའི༷་ཟ༷ས་ཟ་བའོ༷། །གཉིས་པ་ལ་བཅུ་ལས། དང་པོ་མ་བསྐོས་པར་ཆོས་སྟོན་པ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གང༷་དགེ༷་འདུན༷་གྱིས༷་གསོལ་གཉིས་ཀྱི་ལས་ཀྱིས་དགེ་སློང་མའི་སྟོན་པར་མ༷་བསྐོས༷་པ༷ར་དགེ༷་སློང༷་མ༷་ལ་ཆོས་བསླབ་པ་གསུམ་ སྟོན༷་ན༷། འཕགས་ལམ་གྱི་ཆོས༷་འདི༷་ལྟ་བུ༷་དང་ལྡན༷་པ་མ༷་གཏོག༷ས་ཏེ༷་ལྟུང༷་བྱེད་དོ༷། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་སྟོན་པ་ནི། ཡང་དགའ་བྱེད་ལྟ་བུའི་དགེ༷་སློང༷་ག༷ང་དགེ༷་འདུན༷་གྱིས་གསོལ་ གཉིས་ཀྱི་ལས་ཀྱིས་བསྐོས༷་ཀྱང༷་ཉི་མ༷་ནུབ༷་པའི༷་དུས་ཀྱི་བ༷ར་དུ༷་དགེ༷་སློང༷་མ་ལ༷་ཆོས༷་སྟོན༷་ན་ལྟུང༷་བྱེ༷ད་དོ༷། །གསུམ་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་ནི། ཡ༷ང་ཉེ་དགའ་ལྟ་བུའི་དགེ༷་སློང༷་གང༷་གིས་ 8-1-37a ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ལ༷་ཚིག༷་འདི༷་སྐ༷ད་ཅེ༷ས་དགེ༷་སློང༷་དག༷་བཟའ་བ་དང་བཅའ་བའི་ཟ༷ས་ཅུང༷་ཟ༷ད་ཙམ༷་གྱི༷་ཕྱིར༷་དགེ༷་སློང༷་མ༷་ལ༷་བསླབ་པ་གསུམ་སྟོན༷་ཏོ༷་ཞེ༷ས་ཟེར༷་ན༷་ལྟུང༷་ བྱེ༷ད་དོ༷། །བཞི་པ་གོས་སྦྱིན་པ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་དགེ༷་སློང༷་མ༷་བདུན༷་བརྒྱུད་ཚུན་ཆད་ཀྱི་ཉེ༷་དུ་མ༷་ཡི༷ན་པ༷་ལ༷་གོ༷ས་ཕྱིར་བླང་དུ་མེད་པར་བྱི༷ན་ན༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་གོས་བྱེད་ པའི་ལྟུང་བྱེད་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་ག༷ང་དགེ༷་སློང༷་མ༷་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ༷་དུ༷་མ༷་ཡི༷ན་པ༷འི་གོ༷ས་བཟོ་བར་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །དྲུག་པ་དོན་མཐུན་ལམ་དུ་འགྲོ་བ་ནི། ཡང༷་དྲུག་ སྡེ་ལྟ་བུ་དགེ༷་སློང༷་གང༷་ཆོས་འདི་པའི་དགེ་སློང༷་མའི༷་དོན༷་མཐུན༷་ཏེ་འགྲོ༷ན་པོ་དང་ལྷན༷་ཅི༷ག་འཐ༷མས་སྟེ་བརྡ་བྱེད་ན༷ས་འགྲོ་ན༷་ལམ༷་དུ༷་འཇུག༷་པའི་ཚེ་རྒྱང་གྲགས་གཅིག་འདས་ན༷་གནང་བའི་དུ༷ས་མ༷་ གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །དེ༷་ལ༷་གནང་བའི་དུས༷་ནི༷་འདི༷་ཡི༷ན་ཏེ༷། དོན་མཐུན་མེད་པར་བགྲོད་མི་ནུས་པར་ལ༷མ་དོ༷ན་མཐུན༷་གྱིས༷་བགྲོད༷་པ༷ར་བྱ༷་བ༷་ཆོམ་རྐུན་སོགས་ཀྱིས་དོ༷གས་པ༷་དང༷་བཅ༷ས་ པར༷་གྲག༷ས་པ༷། སེང་གེ་སོགས་ཀྱིས་འཇིག༷ས་པ༷་དང༷་བཅ༷ས་པ༷ར་གྲག༷ས་པ༷། སྡིག་སྦྲུལ་སོགས་འཇིག༷ས་པ༷་ཐ་ད༷ད་པ༷ས་འཇིག༷ས་སུ༷་རུང༷་བ༷་ད༷ང་བཅས༷་པ༷ར་གྲག༷ས་པ༷་ཞི༷ག་ཡིན་ན༷་བསླབ་ 8-1-37b གཞི་དེ༷་ལ༷་དེ༷་ནི༷་གནང་བའི་དུས༷་ཡི༷ན་ནོ༷། །བདུན་པ་གྲུར་འཇུག་པ་ན། ཡང༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་གང༷་དགེ༷་སློང༷་མའི༷་དོན༷་མཐུ༷ན་ད༷ང་ལྷན༷་ཅི༷ག་འཐ༷མས་ན༷ས་གྲུ༷་གཅི༷ག་ཏུ༷་འཇུག༷་ཅིང༷་ཆུ་བོའི་རྒྱུན་ལས་ ལྡོག་སྟེ་གྱེན༷་དུ༷་འགྲོ༷འམ༷། རྒྱུན་ཕྱོགས་སུ་ཐུར༷་དུ༷་འགྲོ༷་ན༷་ཐ༷ད་ཀ༷ར་ཕ༷་རོལ༷་དུ༷་འགྲོ༷་བ༷་མ༷་གཏོ༷གས་ཏེ༷། རྒྱང་གྲགས་ཕྱེད་དུ་ཉེས་བྱས་དང་གཅིག་འདས་ན་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་ སྟན་ལ་འདུག་པ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་ག༷ང་བུ༷ད་མེ༷ད་འཁྲིག་པ་བསྟེན་ནུས་ཀྱི༷་ཡུལ༷་ད༷ང་ལྷན་ཅི༷ག་དགེ་སློང་གཅི༷ག་པུ༷་བུད་མེད་གཅི༷ག་དང༷་སྐྱེས་པ་སོགས་མེད་པའི་དབེན༷་པ༷་ སྐྱབ༷ས་ལྔ་པོ་གང་རུང་ཡོ༷ད་པ༷་ན༷་སྟན༷་གཅིག་ལ༷་འདུ༷ག་ན༷་ལྟུང༷་བྱེ༷ད་དོ༷། །དགུ་པ་འགྲེང་བ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་ཆོས་འདི་པའི་དགེ༷་སློང༷་མ༷་དང༷་ལྷན༷་ཅི༷ག་གཅི༷ག་པུ་གཅི༷ག་ དང༷་དབེན༷་པ༷་སྐྱབ༷ས་ཡོ༷ད་པ༷་ན༷་འགྲེང༷་ན༷་ལྟུང༷་བྱེ༷ད་དོ༷། །བཅུ་པ་སྦྱོར་དུ་བཅུག་པ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གང་ཤེ༷ས་བཞི༷ན་དུ༷་ཚུལ་ཁྲིམས་དང་ཐོས་པ་སོགས་ཡོན་ཏན་གྱིས་དགེ༷་ སློང༷་མ༷ས་སྦྱོར༷་དུ༷་བཅུག༷་པ༷འི་ཟ༷ས་བཟ༷འ་བཅའ་ཟ་ན༷་སྔར་ཁྱིམ༷་དུ༷་བོ༷ག་པ༷་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །བཅུ་ཚན་བཞི་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་ 8-1-38a བཤད་པའོ། །དང་པོ་ནི། སྡོམ༷་ལ༷། ཡང༷་ཡང༷་ཟ་བ་དང༷་ནི༷་འདུག༷་གན༷ས་གཅི༷ག་ཏུ་ཟ་བ་དང་། ཕྱེ༷་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ད༷ང་བཅ༷འ་ བ་སྟན་གཅིག་པ་དང༷་། སྤངས་བ་སྟོབ༷ས་པ༷་དང༷་འདུས༷་ནས་ཟ་བ་དང༷་། དུས༷་མིན༷་ཟ་བ་དང་། གསོག་འཇོ༷ག་ཟ་བ་དང༷་། ཁ༷་ན༷ས་མིད༷་པ་བྱིན་ལེན་མ་བྱས་པར་ཟ་བ་དང་། བསོད་པ༷་ ཉི༷ད་སློང༷་བའོ། །གཉིས་པ་ལ་བཅུ་ལས། དང་པོ་ཡང་ཡང་ཟ་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་བཟའ་བ་ལྔ་པོ་ཡ༷ང་ཡང༷་ཟ༷་ན༷་གནང་བའི་དུས༷་མ༷་གཏོ༷གས་ཏེ༷་ལྟུང༷་བྱེ༷ད་དོ༷། །དེ༷་ལ༷་ གནང་བའི་དུས༷་ནི༷་འདི༷་ཡི༷ན་ཏེ༷། ཟས་གཅིག་གིས་འཚོ་བར་མི་ནུས་པའི་ན༷་བ༷་དུས༷་སོ༷། །མཆོད་རྟེན་ནམ་དགེ་འདུན་གྱི་ཆེད་དུ་ལ༷ས་བྱེད་པའི་དུས༷་སོ༷། །དཔག་ཚད་ཕྱེད་དུ་ཕྱིན་པའི་ ལ༷མ་དུས༷་སོ༷། །དགེ་སྦྱོང་གིས་གོས༷་སྦྱིན༷་པ༷འི་ཚེ༷་དུས༷་ཏེ༷་བསླབ་པའི་གཞི་དེ༷་ལ༷་དེ༷་ནི༷་གནང་བའི་དུས༷་ཡི༷ན་ནོ༷། །གཉིས་པ་འདུག་གནས་གཅིག་ཏུ་ཟ་བ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་ གིས་ཕྱི་རོལ་པའི་འདུག༷་གན༷ས་གཅི༷ག་ཏུ༷་ཞ༷ག་ལོན༷་པ༷འི་དགེ༷་སློང༷་མི༷་ན༷་པས༷་བསོ༷ད་སྙོམ༷ས་གཅི༷ག་བཟའ༷་བར༷་བྱ༷འོ༷། །དེ༷་ལ༷ས་ལྷག༷་པ༷ར་ཟ༷་ན༷་ལྟུང༷་བྱེ༷ད་དོ༷། །གསུམ་པ་ལྷུང་བཟེད་དོ་ 8-1-38b གསུམ་ལས་ལྷག་པར་ལེན་པ་ནི། དྲུག་སྡེ་ལྟ་བུའི་དགེ༷་སློང༷་རབ༷་ཏུ༷་མང༷་པོ༷་ད༷ག་ཁྱིམ༷་བདག་གི་ཁྱིམ་རྣམ༷ས་སུ༷་དོང༷་བ༷་ལ༷ས་གལ༷་ཏེ༷་དགེ་སློང་དེ༷་ད༷ག་ལ༷་བྲམ༷་ཟེ༷་དང༷་ཁྱིམ༷་བདག༷་དཀོན་མཆོག་ ལ་ད༷ད་པ༷་ཅ༷ན་དག༷་གི༷ས་ཕྱེ༷་དང༷་ཁུར༷་བ༷་དག༷་དུས༷་ཀྱིས༷་ཡང་ཡང་སྟོབ༷ས་པར༷་གྱུར༷་ལ༷། འདོ༷ད་ཅིང་དོན་དུ་གཉེར་ན༷་དགེ༷་སློང༷་དེ༷་དག༷་གིས༷་ལྷུང༷་བཟེ༷ད་ག༷ང་བ༷་གཉི༷ས་སམ་གསུམ༷་བླང་བར༷་ བྱ༷འོ། །དེ༷་ལ༷ས་ལྷག༷་པར༷་ལེན༷་ན༷་ལྟུང༷་བྱེ༷ད་དོ༷། །ལྷུང་བཟེ༷ད་གང༷་བ༷་གཉི༷ས་ས༷མ་གསུམ༷་བླང༷ས་ནས༷་རང་ཟ་བ་ལས་ལྷག་པ་ཕྱི་རོལ༷་ཀུན༷་དགའ༷་ར༷་བ༷ར་སོང༷་ལ༷་དགེ༷་སློང༷་འཁོད༷་པ༷་རྣམ༷ས་ ལ༷འང༷་བགོ༷་བཤ༷འ་བྱ། བདག༷་ཅག༷་ཀྱང་བཟའ༷་བར༷་བྱ༷་སྟེ༷་སྐབས་དེ༷་ལ༷་དེ༷་ནི༷་ཆོ༷་ག༷་ཡི༷ན་ནོ༷། །བཞི་པ་སྟན་གཅིག་པ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གང༷་ཟ༷ས་ཟོས༷་ཟི༷ན་ཅིང༷་སྤང༷ས་པ༷་ ལ༷ས་ལྷག༷་པོ༷ར་མ༷་བྱས༷་པར༷་བཅའ༷་བ༷འམ༷་བཟའ༷་བ༷་འཆ༷འ་འམ༷་ཟ༷་ན༷་ལྷུང༷་བྱེ༷ད་དོ༷། །ལྔ་པ་སྤང་པ་བསྟབ་པ་ནི། ཡ༷ང་དགེ༷་སློང༷་རྒན་ཞུགས་ལྟ་བུ་གང༷་ཤེས༷་བཞི༷ན་དུ༷་དགེ༷་སློང༷་ཟ༷ས་ཟོས་ཟིན༷་ ཅིང༷་སྤང༷ས་པ༷་ལ༷། ཀླན་ཀའི་སྐབས༷་ཚོལ༷་ཞིང༷་ཅི༷་ནས༷་ཀྱང༷་དགེ༷་སློང༷་འདི༷་ལ་ལྟུང་བའི་ཉེས་པ་འབྱུང༷་བར༷་བྱ༷འོ༷་སྙམ༷་པ༷་དེ༷་ཉི༷ད་རྐྱེ༷ན་དུ༷་བྱས༷་ནས༷། ཚེ༷་དང༷་ལྡན༷་པ༷་བཅའ་པ་འདི༷་འཆོ༷་ཞི༷ག ། 8-1-39a བཟའ་བ་འདི༷་ཟོ༷་ཞི༷ག་ཅེ༷ས་ལྷག༷་པོར༷་མ༷་བྱས༷་པའི༷་བཅའ༷་བ༷་དང༷་བཟའ༷་བ༷་དུས༷་ཀྱིས༷་ཡང་ཡང་སྟོབ༷་ན༷་ལྟུང༷་བྱེ༷ད་དོ༷། །དྲུག་པ་འདུས་ཤིང་ཟ་བ་ནི། ཡང་ལྷས་བྱིན་ལྟ་བུའི་ དགེ་སློང་གང་དགེ་འདུན་དང་མི་མཐུན་པར་ལོགས་སུ་འདུས༷་ཤིང༷་བཟ༷འ་ན༷་གནང་བའི་དུས་མ༷་གཏོག༷ས་ཏེ༷་ལྟུང་བྱེ༷ད་དོ༷། །དེ༷་ལ༷་དུས༷་ནི༷་འདི༷་ཡི༷ན་ཏེ༷། །ན༷་བ༷་དུས༷་སོ༷། །ལ༷ས་ དུས༷་སོ༷། ། ལམ༷་དུས༷་སོ༷། །གྲུར༷་ཞུགས༷་པའི༷་དུས༷་དང༷་། འདུས༷་པ༷་ཆེན༷་པོའི༷་ཚེ༷་དུས༷་དང༷་། ཕྱི་རོལ་པའི་དགེ༷་སྦྱོང༷་གི༷་གསོ་སྦྱོང༷་གི་ཟས༷་དུས༷་ཏེ༷། གཞི་དེ༷་ལ༷་དེ༷་ནི༷་གནང་བའི་དུས་ཡི༷ན་ནོ། །བདུན་པ་དུས་མིན་ཟ་ བ་ནི། ཡང༷་བཅུ་བདུན་སྡེ་ལྟ་བུའི་དགེ༷་སློང༷་གང༷་སྐྱ་རེངས་ནས་ཕྱེད་མ་ཡོལ་བར་དུས་ཡིན་ལ། ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུས༷་མ༷་ཡི༷ན་པར༷་བཅའ༷་བ༷་ལྔའ༷མ༷། བཟ༷འ་བ༷་ལྔ༷་འཆའ༷་ འམ༷་ཟ༷་ན༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་གསོག་འཇོག་ཟ་བ་ནི། ཡ༷ང་ནག་པོ་ལྟ་བུའི་དགེ༷་སློང༷་གང༷་བཅའ༷་བ༷་ལྔ་དང༷་། བཟ༷འ་བ༷་ལྔ་སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་འཇོག་པ་དང་། ཕྱི་དྲོ་ བྱིན་ལེན་བྱས་པ་ཐུན་ཚོད་ཡོལ་གྱི་བར་དུ་གསོག༷་འཇོག༷་བྱས༷་པ༷་འཆ༷འམ༷་ཟ༷་ན༷་ལྟུང༷་བྱེ༷ད་དོ༷། །དགུ་པ་བྱིན་ལེན་མ་བྱས་པར་ཟ་བ་ནི། ཡང༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་གང༷་ཡང་རུང་ 8-1-39b པས་སྐྱེས་པ་བུད་མེད་མ་ནིང་གསུམ་གྱིས་མ༷་བྱི༷ན་པ༷ར་ཁ༷་ན༷ས་མི༷ད་པའི༷་ཟ༷ས་བྱིན་ལེན་མ་བྱས་པར་ཟ༷་ན༷་ཆུ༷་དང༷་སོ༷་ཤིང་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །དེ་ཡང་བྱིན་ལེན་ནི་ལྔ་སྟེ། ལུས་ ཀྱིས་ལུས་ལ་བྱིན་པ་དང་། ལུས་ཀྱིས་ལུས་དང་འབྲེལ་བ་ལ་བྱིན་པ་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བ་ལ་བྱིན་པ་དང་། ལུས་དང་འབྲེལ་བས་ལུས་སུ་བྱིན་པ་དང་། དཀྱིལ་འཁོར་གྱི་སྟེང་དུ་བཞག་པའོ། །བཅུ་པ་བསོད་པ་སློང་བ་ནི། བཅོ༷མ་ལྡན༷་འདས༷་ཀྱིས༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ཀྱི༷་ཟས༷་བསོ༷ད་པ༷་ག༷ང་དག༷་གསུང༷་པ༷་འདི༷་ལྟ༷་སྟེ༷། འོ༷་མ༷་ དང༷་། ཞོ༷་དང༷་། མར༷་དང༷་། ཉ༷་ཤ༷་དང་། ཤ༷་དང༷་། ཤ༷་སྐམ༷་ད༷ག་སྟེ༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་མིན༷་པར༷་བད༷ག་ཉི༷ད་ཀྱི༷་ཕྱིར༷་འོ་མ་སོགས་ཟ༷ས་བསོ༷ད་པ༷་དེ༷་ལྟ༷་བུ༷་ད༷ག་ཁྱིམ་བདག་གཞ༷ན་གྱི༷་ ཁྱིམ༷་དག༷་ན༷ས་བསླངས་ཏེ༷་འཆའ༷་འམ༷་ཟ༷་ན༷་མིད༷་པའི་ཚེ་ལྟུང༷་བྱེ༷ད་དོ༷། །བཅུ་ཚན་ལྔ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། སྲོག༷་ཆགས༷་དང་བཅ༷ས་པའི་ཆུར་སྤྱོད་པ་དང༷་། ཉ༷ལ་པོ་བྱེད་པར་གཤོམ་པའི་སར༷་འདུག༷་པ་དང་། དེར་འགྲེང༷་བ་དང༷་། གཅེར༷་བུ༷་མོ་ལ་ཟས་བྱིན་པ་དང་། དམ༷ག་ལ་ལྟ་ 8-1-40a བ་དང༷་ནི༷། དམག་སར་ཞག༷་གཉིས་ལས་ལྷག་པར་མ་གནང་བར་གནས་པ་དང་། གཡུལ་བཤ༷མས་པ་དཀྲུག༷་ཏུ་འགྲོ་བ༷་དང་། དགེ་སློང་བརྡེག༷་པ་དང༷་། བརྡེག་པར་གཟས༷་པ་དང༷་། གན༷ས་ངན༷་ལེ༷ན་བཅབ་པའོ། །གཉིས་པ་ལ་བཅུ་ལས། དང་པོ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ནི། ཡང༷་འདུན་པ་ལྟ་བུའི་དགེ༷་སློང་ག༷ང་སྲོག་ ཆགས་དང་བཅས་པར་ཤེ༷ས་བཞིན༷་དུ༷་ཐ་མལ་གྱི་མིག་ལ་སྣང་བ་ཆུ་ཚགས་ཀྱིས་ཟིན་པའི་སྲོག༷་ཆག༷ས་དང༷་བཅས༷་པའི༷་ཆུ༷་ལ༷་འཐུང༷་བཀྲུ་སོགས་ལོངས་སྤྱོ༷ད་ན༷་སྲོག་ཆགས་ཤི་བའི་ཚེ་ལྟུང༷་བྱེ༷ད་ དོ༷། །གཉིས་པ་ཉལ་པོ་བྱེད་པར་གཤོམ་པའི་སར་འདུག་པ་ནི། ཡ༷ང་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་ཉལ་པོ་བྱེད་པར་ཤེས༷་བཞིན༷་དུ་ཉལ༷་པོ༷་བྱེ༷ད་པར༷་གཤོམ༷ས་པའི༷་ཁྱིམ་བདག་གི་ཁྱིམ༷་དུ་ ཕྱི༷ས་གནོ༷ན་བྱ༷ས་ཏེ༷་སྟན༷་ལ༷་འདུག༷་ན༷་ལྟུང༷་བྱེ༷ད་དོ༷། །གསུམ་པ་དེར་འགྲེང་བ་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་དུ་ཤེས༷་བཞིན༷་དུ་ཉལ༷་པོ༷་བྱེ༷ད་པར༷་ཤོམ༷་པའི༷་ཁྱི༷མ་དུ༷་དབེན༷་པ་སྐྱབ༷ས་ཡོ༷ད་ པར༷་འདོམ༷ས་གང་ཚུན་ཆད་ལ་འགྲེང༷་བ་དེ་གཉིས་ཀྱིས་ཚོར་ན༷་ལྟུང༷་བྱེ༷ད་དོ༷། །བཞི་པ་གཅེར་བུ་མོ་ལ་ཟས་སྦྱིན་པ་ནི། ཡ༷ང་ཀུན་དགའ་བོ་ལྟ་བུའི་དགེ༷་སློང༷་ག༷ང་གཅེར༷་བུ༷་པ༷འམ༷་གཅེར༷་བུ༷་མ༷་ 8-1-40b དང་ཀུན༷་ཏུ༷་རྒྱུ༷་བའམ༷། ཀུན༷་ཏུ་རྒྱུ༷་མོ༷་ལ༷་རང༷་གི༷་ལ༷ག་ནས༷་བཅའ༷་བ་ལྔའམ༷། བཟ༷འ་བ༷་ལྔ་གང་རུང་བྱི༷ན་ན༷་ལྟུང༷་བྱེ༷ད་དོ༷། །ཉེ་དུ་དང་། རབ་བྱུང་ལ་ལྟོས་པ་དང་། ན་བ་དང་། སྡིག་ལྟ་དང་ བྲལ་བའི་དོན་ནི་མ་གཏོགས་སོ། །ལྔ་པ་དམག་ལ་ལྟ་བ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གང༷་དཔུང་གང་རུང༷་གིས་དམ༷ག་ཆས༷་པ༷་ལ༷་ལྟད་མོ་ལྟར༷་འགྲོ༷་ན༷་ཉེ་འཁོར་ལས་འདས་པའི་ཚེ༷་ལྟུང་ བྱེ༷ད་དོ༷། །རྒྱལ་པོས་བཀུག་པ་སོགས་ནི་མ་གཏོགས་སོ། །དྲུག་པ་དམག་ནང་དུ་གནས་པ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང༷་ག༷ང་དམག་དཔུང་ཚོགས་བཞི་པ་གཡུལ་དུ་ཆ༷ས་པ༷་ལ༷། རྒྱལ་པོས་བཀུག་པ་སོགས་ཀྱི་དབང་གིས་ལྟ༷་བ༷ར་འགྲོ༷་བ༷་དེ༷་ལྟ༷་བུའི༷་རྐྱེན༷་ཞིག༷་བྱུང༷་ན་དགེ༷་སློང༷་དེ༷ས་དམག༷་དེའི༷་ནང༷་དུ་ཞག༷་གཉིས་ཚུན་ཆ༷ད་གན༷ས་པ༷ར་བྱའོ༷། །དེ༷་ལ༷ས་ལྷ༷ག་པ༷ར་གནས་ན༷་གསུམ་ པའི་སྐྱ་རེངས་ཤར་ཚེ་ལྟུང་བྱེད་དོ༷། །རྒྱལ་པོས་བཀུག་པ་མིན་ན་ཞག་གཅིག་ལ་ཡང་ལྟུང་བར་འགྱུར་རོ། །བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བ་ནི། ཡ༷ང་དྲུག་སྡེ་ལྟ་བུའི་ དགེ༷་སློང༷་གང་རྒྱལ་པོས་བཀུག་པ་སོགས་ཀྱིས་ཞག༷་གཉི༷ས་དམག༷་དེ༷འི་ནང༷་ན་གན༷ས་པའི༷་ཚེ༷་ན༷་ཡ༷ང་ག༷ལ་ཏེ༷་གཡུལ་བཤ༷མས་པ༷་དཀྲུག༷་ཏུ༷་འགྲོའམ༷་ཁྱུ་མཆོག །ཆུ་སྲིན། སེང་གེ། 8-1-41a ཀླུའི་རྒྱལ༷་མཚ༷ན་གྱི༷་མཆོག༷་ག༷མ། གླང་ཆེན་རྟ་ཤིང་རྟ་དཔུང་བུ་ཆུང་གི༷་མཆོག༷་གམ༷། འབྲུ་ཡི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས། ཟླ་གམ་གྱི་རྣམ་པ། མཁའ་ལྡིང་ གི་འདབ་མ་ལྟ་བུའི་གཡུལ༷་བཤ༷མས་པའི༷་དམ༷ག་ལ༷་ལྟ་བ་ཉམ༷ས་སུ༷་མྱུང༷་བར༷་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་བརྡེག་པ་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་ཁྲོས༷་འཁྲུག༷ས་རྔམ༷ས་པ༷ར་ གྱུར༷་ཏེ༷་ཡི༷ད་མ༷་ར༷ངས་ནས༷་ཆོས་འདི་པའི་དགེ༷་སློང༷་ལ༷་བརྡེ༷ག་པར་བྱེད་ན༷་བརྡེག་གྲངས་ཀྱི་ལྟུང༷་བྱེ༷ད་དོ༷། །དགུ་པ་བརྡེག་པར་གཟས་པ་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་ཁྲོས༷་འཁྲུག༷ས་ རྔམ༷ས་པར༷་གྱུར༷་ཏེ་ཡི༷ད་མ༷་རང༷ས་ནས༷་དགེ་སློང་ལ༷་བརྡེག་པ༷ར་གཟ༷ས་ན༷་ཐ༷་ན༷་ཐལ༷་མོ༷ས་ཀྱང༷་རུང༷་སྟེ་བརྡེག་སྤྱད་རེ་རེ་ལ་ལྟུང༷་བྱེ༷ད་དེ་སྙེད་དོ༷། །བཅུ་པ་གནས་ངན་ལེན་འཆབ་པ་ནི། ཡ༷ང་ཉེར་དགའ་ ལྟ་བུའི་དགེ༷་སློང༷་གང༷་དགེ་སློང་གཞན་གྱིས་གནས་ངན་ལེན་གྱི་ལྟུང་བ་ཤེ༷ས་བཞིན་དུ༷་དགེ༷་སློང་གཞན་དག་གི༷་གན༷ས་ངན༷་ལེན༷་གྱི༷་ལྟུང་བ་བཅ༷བ་ན༷་དགེ་འདུན་བདེ་བར་མི་འགྱུར་བའི་དབང་ཉིད་མ་གཏོགས་ཏེ་ལྟུང༷་ བྱེ༷ད་དོ༷། །བཅུ་ཚན་དྲུག་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། བདེ༷་བ་ཟན་གཅོད་པ་ད༷ང་། མེ༷་ལ་རེག་པ་ད༷ང་། 8-1-41b འདུ༷ན་པ༷་ཕྱིར་བསྒྱུར་བ་དང༷་། བསྙེན༷་པར༷་མ་རྫོག༷ས་པ་དང་ལྷན་ཅིག་ཉལ་བ་དང་། ཆོས༷་ལྟ་བའི་རྣམ་པ་མི་གཏོང་བ་ད༷ང་། སྨྲ༷་བའི་ཡང་རྗེས་སུ་ཕྱོགས་པ་དང་། དགེ༷་ཚུལ༷་བསྙིལ་བ་སྡུད་པ་དང་། ཁ༷་དོག༷་བསྒྱུར༷་བ༷་མིན་པའི་གོས་གྱོན་པ་དང༷་། རིན༷་པོ༷་ཆེ༷་ལ་རེག་པ་དང༷་། ཚ༷་བའི༷་དུས༷་ཀྱི་ཁྲུས་སོ། །གཉིས་པ་ལ་བཅུ་ལས། དང་པོ་ཟན་གཅོད་པ་ནི། ཡ༷ང་ཉེར་དགའ་ལྟ་བུའི་དགེ༷་སློང༷་གང༷་དགེ་ སློང་གཞན་ལ་ཀླན༷་ཀ༷་ཚོལ༷་ཞིང༷་ཅི༷་ནས་ཀྱང༷་དགེ༷་སློང༷་འདི༷་ལ༷་ཆོས་ལྟར་གླན་ཀ༷་བཙལ་བར༷་འགྱུར༷་རོ༷་སྙམ་པ༷་དེ༷་ཉི༷ད་རྐྱེན༷་དུ༷་བྱས༷་ཏེ༷་ནད་པའི་གཉེན་པོའི་ཕྱིར་མིན་པར་ཆེད་དུ་བསམས་ནས་ཆོས་འདི་པའི་དགེ་ སློང༷་དེ༷་ལ༷་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ལྡ༷ན་པ༷་ཚུར༷་ཤོག༷་བྲམ༷་ཟེ་དང་ཁྱིམ༷་བདག་ད༷ག་གི་ཁྱིམ་དུ༷་འདོ༷ང་དང༷་དེར༷་ཁྱོ༷ད་ལ༷་བཅའ༷་བ༷་ལྔ་དང༷་། བཟ༷འ་བ༷་ལྔ་བསོ༷ད་པ་ཅི༷་ཙམ༷་འདོ༷ད་པ༷་སྦྱིན༷་དུ༷་གཞུག༷་གོ༷་ཞེས༷་སྨྲ༷ས་ཏེ་ ཚིག་གིས་ཟུར་བཅད་ནས༷་དེ༷ས་དེ༷་ལ༷་སྦྱིན༷་དུ་མ༷་བཅུ༷ག་པར༷་དེ༷འི་འོ༷ག་ཏུ༷་འདི༷་སྐ༷ད་ཅེས༷་ཚེ༷་དང༷་ལྡན༷་པ༷་ཁོ༷་བོ༷་ཁྱོ༷ད་དང༷་ལྷན༷་ཅི༷ག་སྨྲ༷་བའ༷མ། འདུག༷་པ༷་བདེ༷་བ༷་མ༷་ཡི༷ན་གྱི༷་འདི༷་ལྟར༷་ཁོ༷་བོ༷་གཅི༷ག་པུ༷་ཁོ༷་ན༷་སྨྲའ༷མ༷་ འདུག༷་ན༷་བདེ་ཡིས༷་ཁྱོ༷ད་ཉི༷ད་སོང༷་ཞིག༷་ཅེས་ཟེར༷་ན༷་ལྟུང༷་བྱེ༷ད་དོ༷། །གཉིས་པ་མེ་ལ་རེག་པ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང་གང༷་མིན༷་པར༷་བདག༷་ཉི༷ད་ཀྱི༷་ཕྱིར༷་དུས་བྱིན་གྱིས་མ་བརླབ་པར་མེ༷་ལ༷་རང་གིས་རེག་ 8-1-42a གམ་གཞན་རེ༷ག་ཏུ༷་འཇུག༷་ན༷་ལྟུང༷་བྱེ༷ད་དོ༷། །གསུམ་པ་འདུན་པ་ཕྱིར་བསྒྱུར་བ་ནི། ཡ༷ང་དགའ་བོ་ལྟ་བུའི་དགེ༷་སློང༷་ག༷ང་ཉན་ཐོས་ཀྱི་དགེ༷་འདུན༷་གྱི༷་བྱ༷་བ༷་ཆོས༷་དང༷་ལྡན༷་པ་ལ༷་ཆོས་ འདི་པའི་དགེ༷་སློང༷་ལ༷་འདུན༷་པ༷་ཕུལ༷་བ་སྟེ་བྱིན་ན༷ས་དེ༷འི་འོ༷ག་ཏུ༷་ཁྲོས༷་འཁྲུག༷ས་རྔ༷མས་པར༷་གྱུར༷་ཏེ༷་ཡི༷ད་མ༷་རངས༷་ནས༷་སྔར་འདུན་པ་ཕུལ་བ་སྤོང༷་བའི༷་ཆོས༷་སུ༷་བྱེ༷ད་ཅིང༷་འདི༷་སྐ༷ད་ཅེས༷་དགེ༷་སློང༷་འདུན༷་པ༷་ཕྱིར༷་བྱི༷ན་ ཅི༷ག་ཁྱོ༷ད་ལ༷་འདུན༷་པ༷་མི༷་སྦྱིན༷་ནོ༷། །ཞེ༷ས་ཟེར༷་ན༷་ལྟུང༷་བྱེ༷ད་དོ༷། །བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅི༷ག་ཉལ་བ་ནི། ཡ༷ང་དགེ་སློང༷་ཉེར་དགའ་ལྟ་བུ་གང་ཡང་རུང་བར་གང༷་ཟག༷་བསྙེན༷་པར༷་མ་རྫོག༷ས་ པ་ཁྱིམ༷་པ༷་དང༷་། དགེ་ཚུལ་ཕ་མ་སོགས་དང་ལྷན་ཅི༷ག་ནུབ༷་གཉི༷ས་ལ༷ས་ལྷག༷་པར་གན༷ས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་གང་ཡང་རུང་བ་གཅི༷ག་ཏུ༷་ཉལ༷་ན༷་གསུམ་པའི་སྐྱ་རེངས་ཤར་ཚེ་ལྟུང༷་བྱེ༷ད་དོ༷། །ལྔ་པ་ལྟ་བ་མི་གཏོང་བ་ནི། ཡ༷ང་ འཆི་ལྟས་སམ་དགེ༷་སློང༷་ག༷ང་ཡང་རུང་བས་ཚིག་འདི༷་སྐ༷ད་ཅེས༷་འདི༷་ལྟར༷་སངས་རྒྱས་བཅོ༷མ་ལྡན༷་འད༷ས་ཀྱིས༷་མཐོ་རིས་དང་ཐར་པའི་བར༷་དུ་གཅོ༷ད་པའི༷་ཆོས་སུ༷་གསུང༷ས་པ༷་ཕམ་པ་སོགས་ལྟུང་བ་སྡེ་ལྔ་རྩོད་པ་ 8-1-42b ཞི་བའི་ཆོས་བདུན་སོགས་ག༷ང་དག༷་ཡི༷ན་པ༷་དེ༷་དག༷་བསྟེན༷་པ་སྟེ་སྤྱད་ཀྱང༷་མཐོ་རིས་དང་བྱང་ཆུབ་ལ་བར༷་དུ༷་གཅོ༷ད་པར༷་མི༷་འགྱུར༷་ཏེ༷་དེ༷་ལྟར༷་བཅོ༷མ་ལྡན༷་འདས༷་ཀྱིས༷་ཆོས༷་བསྟན༷་པའི་དགོངས་པ༷་བདག་གིས༷་ ཤེ༷ས་སོ༷་ཞེས༷་ཟེར༷་ན་འཆི་ལྟས་ལྟ་བུའི་དགེ༷་སློང༷་དེ༷་ལ༷་ཆོས་འདི་པའི་དགེ༷་སློང་རྣམ༷ས་ཀྱིས༷་བཞམས་ཏེ་བསྒོ་བའི་ཚིག་འདི༷་སྐ༷ད་ཅེས༷་ཚེ༷་དང༷་ལྡ༷ན་པ༷་ཁྱོ༷ད་འདི༷་ལྟར༷་བཅོ༷མ་ལྡན་འདས༷་ཀྱིས༷་བར༷་དུ༷་གཅོ༷ད་པའི་ ཆོས༷་སུ༷་གསུང༷ས་པ༷་ག༷ང་དག་ཡི༷ན་པ༷་དེ༷་དག༷་བསྟེན༷་ཀྱང་བར༷་དུ༷་གཅོ༷ད་པར༷་མི་འགྱུར༷་ཏེ༷་དེ༷་ལྟར༷་བཅོ༷མ་ལྡན༷་འདས༷་ཀྱིས༷་ཆོས༷་བསྟན༷་པ་བདག༷་གི༷་ཤེས༷་སོ༷་ཞེ༷ས་དེ༷་སྐ༷ད་མ་ཟེར༷་ཅིག་བཅོ༷མ་ལྡན༷་འདས༷་ལ༷་ སྐུར༷་པ༷་མ༷་འདེ༷བས་ཤིག །བཅོ༷མ་ལྡན༷་འདས༷་ལ༷་སྐུར༷་བ༷ས་ལེག༷ས་པར༷་མི༷་འགྱུར༷་རོ༷། །བཅོ༷མ་ལྡན༷་འདས༷་ནི༷་དེ༷་སྐ༷ད་མི་བདེན་པ་མི༷་གསུང༷་ངོ༷་། །ཚེ༷་དང༷་ལྡན༷་པ༷་བར༷་དུ༷་གཅོ༷ད་པའི༷་ཆོས༷་རྣམ༷ས་ནི༷་ བར༷་དུ༷་གཅོ༷ད་པ༷་ཉི༷ད་དོ༷་ཞེ༷ས་བཅོ༷མ་ལྡ༷ན་འདས༷་ཀྱིས་རྣམ༷་གྲང༷ས་དུ༷་མར༷་གསུང༷ས་ཏེ༷་དེ༷་དག༷་བསྟེན༷་ན༷་བར༷་དུ་གཅོ༷ད་པ༷ར་འགྱུར༷་གྱིས༷། ཚེ༷་དང༷་ལྡན༷་པ༷་ཁྱོ༷ད་སྡིག༷་པ༷་ཅ༷ན་གྱི༷་ལྟ༷་བ༷འི་རྣམ༷་པ༷་འདི༷་ལྟ༷་བུ་ཐོང༷ས་ ཤིག༷་ཅེ༷ས་ཚིག་འཇམ་པོས་བསྒོ༷་བར༷་བྱ༷འོ༷། །འཆི་ལྟས་ལྟ་བུའི་དགེ༷་སློང༷་དེ༷་ལ༷་དགེ༷་སློང༷་རྣམ༷ས་ཀྱིས༷་དེ༷་སྐ༷ད་བཞམས་ཏེ་བསྒོ་བ༷་ན༷་གལ༷་ཏེ༷་ལྟ་བའི་རྣམ་པའི་གཞི༷་དེ༷་གཏོང༷་ན༷་དེ་ལྟ༷་ན༷་ལེག༷ས། ག༷ལ་ 8-1-43a ཏེ༷་མི༷་གཏོང༷་ན༷་གཞི༷་དེ༷་གཏོང༷་བར༷་བྱ༷་བའི༷་ཕྱིར༷་གསོལ་བཞིའི་ལས་ཀྱིས་ལན༷་གཉི༷ས་ལན༷་གསུམ༷་དུ༷་ཡ༷ང་དག༷་པ༷ར་བསྒོ༷་བར༷་བྱ༷། ཡང༷་ད༷ག་པ༷ར་བསྟན༷་པར༷་བྱའོ༷། །ལ༷ན་གཉི༷ས་ ལན༷་གསུམ༷་དུ༷་ཡ༷ང་དག༷་པར༷་བསྒོ༷། ཡང༷་དག་པར༷་བསྟན༷་པ༷་ན༷་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ༷་ན༷་ལེག༷ས། ག༷ལ་ཏེ༷་བརྗོད་པ་གསུམ་གྱི་མཐར་མི་གཏོང༷་ན༷་ལྟུང༷་བྱེ༷ད་དོ༷། །དྲུག་པ་སྤང་བའི་ རྗེས་སུ་ཕྱོགས་པ་ནི། ཡ༷ང་ཉེ་དགའ་ལྟ་བུ་དགེ༷་སློང༷་ག༷ང་ཤེ༷ས་བཞིན༷་དུ་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པ་མིན་སོགས་སྡིག་ལྟའི་ བརྗོད་པ་དེ༷་སྐ༷ད་ཟེར༷་བའི༷་གང་ཟག༷་འཆི་ལྟས་ལྟ་བུ་ཆོས༷་བཞིན༷་དུ༷་མ༷་བྱས༷་པ༷་སྡིག༷་པ༷་ཅ༷ན་གྱི༷་ལྟ༷་བའི༷་རྣམ༷་པ༷་དེ༷་མ༷་སྤངས༷་པ༷་དང༷་གཏམ༷་འདྲེ༷་བར༷་བྱེ༷ད་ཅིང་ལུང་དཔོག་པ་དང་། བག་ཕེ༷བས་པར་དམིགས་ ཀྱི་འདྲི་བ་སྨྲ༷་བ༷ར་བྱེ༷ད་པ༷་དང༷་། ཀུན༷་ཏུ༷་གན༷ས་པ་གནས་སྦྱིན༷་པར༷་བྱེ༷ད་པ་དང་། ཀུན་ཏུ་ལོང༷ས་སྤྱོ༷ད་པ་དེའི་ལོངས་སྤྱོད་ལ་སྤྱོད་པར་བྱེ༷ད་ཅིང༷་དེ༷་དང༷་ལྷན༷་ཅི༷ག་གན༷ས་བཞི་པོ་གང་རུང་དུ་ཞག་གཅི༷ག་ཏུ༷་ ཉལ༷་ན༷འང༷་ནད་པ་དང་ལྟ་བ་བྲལ་བའི་ཕྱིར་མ་གཏོགས་ཏེ་མཚན་མོའི་མཐར་ལྟུང༷་བྱེ༷ད་དོ༷། །བདུན་པ་བསྙིལ་བ་སྡུད་པ་ནི། ཚེར་མ་དང་ཆེན་པོ་ལྟ་བུ་དགེ༷་ཚུལ་ཞིག༷་ཀྱང༷་འདི༷་སྐ༷ད་ཅེས༷་ཇི༷་ལྟར༷་བཅོ༷མ་ 8-1-43b ལྡན༷་འདས༷་ཀྱིས༷་འདོ༷ད་པ༷་ལྔ་པོ་སྤྱོད་པ་ད༷ག་ནི༷་ལམ་ལའམ་དགེ་སྦྱོང་གི་ཚུལ་ལ་བར༷་དུ༷་གཅོ༷ད་པ༷འོ༷་ཞེ༷ས་གསུང༷ས་པ་གང༷་དག༷་ཡི༷ན་པ༷་དེ༷་དག༷་བསྟེན༷་ཀྱང༷་དགེ་སྦྱོང་གི་ཚུལ་ལ་བར༷་དུ༷་གཅོ༷ད་པ༷ར་མི༷་འགྱུར༷་ ཏེ། དེ༷་ལྟར༷་བཅོ༷མ་ལྡན༷་འདས༷་ཆོས༷་བསྟན༷་པ༷་བདག༷་གིས༷་ཤེས༷་སོ༷་ཞེས་ཟེར༷། ཚེར་མ་དང་ཆེན་པོ་ལྟ་བུའི་དགེ༷་ཚུལ༷་དེ༷་ལ༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ཀྱིས༷་བཞམས་ཏེ་བསྒོ་བའི་ཚིག་འདི༷་ སྐ༷ད་ཅེས༷་དགེ༷་ཚུལ༷་ཁྱོ༷ད་ཇི༷་ལྟར༷་བཅོ༷མ་ལྡན༷་འདས༷་ཀྱིས༷་འདོ༷ད་པ༷་དག༷་ནི༷་བར་དུ༷་གཅོ༷ད་པ༷འོ༷་ཞེ༷ས་གསུང༷ས་པ༷་གང༷་ཡི༷ན་པ༷་དེ༷་དག༷་བསྟེན༷་ཀྱང༷་བར༷་དུ་གཅོ༷ད་པར༷་མི༷་འགྱུར༷་ཏེ༷། དེ༷་ལྟར༷་བཅོ༷མ་ལྡན༷་འདས༷་ ཀྱིས༷་ཆོས༷་བསྟན༷་པ༷་བདག༷་གི༷ས་ཤེ༷ས་སོ་ཞེས་དེ༷་སྐ༷ད་མ་ཟེར༷་ཅི༷ག བཅོ༷མ་ལྡན༷་འདས༷་ལ༷་སྐུར༷་པ་མ༷་འདེབ༷ས་ཤིག༷། བཅོ༷མ་ལྡན༷་འདས༷་ལ་སྐུར༷་པས༷་ལེག༷ས་པར༷་མི༷་འགྱུར༷་རོ༷། །བཅོ༷མ་ལྡ༷ན་འད༷ས་ནི༷་ མི་འགྱུར་ཞེས་དེ༷་སྐ༷ད་མི༷་གསུང༷་ངོ༷་། །ཚེ༷་དང༷་ལྡ༷ན་པ༷་དགེ༷་ཚུལ༷་འདོད་པ༷་ལམ་ལ་བར༷་དུ༷་གཅོད་པ་རྣམ༷ས་ནི༷་བར༷་དུ༷་གཅོ༷ད་པ༷་ཉི༷ད་དོ༷་ཞེ༷ས་བཅོ༷མ་ལྡན༷་འདས༷་ཀྱིས༷་རྣམ༷་གྲངས་དུ༷་མ༷ར་གསུང༷ས་ཏེ༷། དེ༷་ད༷ག་ བསྟེན་ན༷་བར༷་དུ་གཅོ༷ད་པར༷་འགྱུར༷་གྱིས༷། དགེ༷་ཚུལ༷་ཁྱོ༷ད་སྡིག༷་པ༷་ཅ༷ན་གྱི༷་ལྟ༷་བའི༷་རྣམ༷་པ༷་འདི༷་ལྟ་བུ༷་ཐོང༷ས་ཤིག༷་ཅེས༷་བསྒོ༷་བར༷་བྱའོ། །དགེ༷་ཚུལ༷་དེ༷་ལ༷་དགེ་སློང༷་རྣམ༷ས་ཀྱིས་དེ༷་སྐ༷ད་བསྒོ༷་བ༷་ན༷་གལ༷་ཏེ༷་ 8-1-44a གཞི༷་དེ༷་གཏོང༷་ན༷་དེ༷་ལྟ༷་ན༷་ལེག༷ས། གལ༷་ཏེ༷་མི༷་གཏོང༷་ན༷་གཞི༷་དེ༷་གཏང༷་བར༷་བྱ༷་བའི༷་ཕྱིར༷་ལན༷་གཉི༷ས་ལན༷་གསུམ༷་དུ༷་ཡང༷་དག༷་པར༷་བསྒོ༷་བར༷་བྱ༷། །ཡང༷་དག༷་པར༷་བསྟན༷་པ༷ར་བྱ༷འོ༷། ། ལ༷ན་གཉི༷ས་ལན༷་གསུམ༷་དུ༷་ཡང༷་དག༷་པར༷་བསྒོ༷། ཡང༷་དག་པར༷་བསྟན༷་པ༷་ན༷་གཞི༷་དེ༷་གཏོང༷་ན༷་དེ༷་ལྟ༷་ན༷་ལེག༷ས། གལ༷་ཏེ༷་མི༷་གཏོང༷་ན༷་ཚེར་མ་དང་ཆེན་པོ་ལྟ་བུའི་དགེ༷་ཚུལ༷་དེ༷་ལ༷་དགེ༷་སློང༷་རྣམ༷ས་ཀྱིས༷་དེ༷ང་ ཕྱིན༷་ཆ༷ད་དགེ༷་ཚུལ༷་ཁྱོ༷ད་བཅོ༷མ་ལྡན་འདས་དེ༷་བཞིན༷་གཤེག༷ས་པ༷་དགྲ༷་བཅོ༷མ་པ༷་ཡ༷ང་དག༷་པར༷་རྫོགས༷་པའི༷་སང༷ས་རྒྱས༷་དེ༷་ལ༷་སྟོན༷་པ༷འོ༷་ཞེ༷ས་མ༷་ཟེ༷ར་ཅི༷ག ཚ༷ངས་པ༷་མཚུང༷ས་པར༷་སྤྱད༷་ལ༷་མཁས༷་པ༷་བླ་ མའི༷་གན༷ས་ལྟ༷་བུ་ག༷ང་ཡང༷་རུང༷་བའི༷་ཕྱི་བཞིན༷་དུ༷་ཡང༷་མ་འགྲོ༷་ཞིག༷། དགེ༷་སློང༷་རྣམ༷ས་དང༷་དགེ༷་ཚུལ༷་ལྷན༷་ཅི༷ག་ནུབ༷་གཉི༷ས་ཚུན༷་ཆ༷ད་གན༷ས་གཅི༷ག་ཏུ༷་ཉལ༷་དུ༷་དབ༷ང་བ༷་གང༷་ཡི༷ན་པ༷་དེ༷་ཡང༷་དེ༷ང་ཕྱིན༷་ཆ༷ད་ཁྱོ༷ད་ ལ༷་མེ༷ད་དེ༷། མི༷་གཏི༷་མུག༷་ཅ༷ན་ཁྱོ༷ད་བསྙིལ༷་གྱིས༷་གཞན༷་དུ༷་སོང༷་ཞིག༷་ཅེས༷་བསྒོ༷་བར༷་བྱ༷འོ༷། །ཡང༷་དགེ༷་སློང༷་ག༷ང་དེ༷་བསྙིལ་བར་ཤེ༷ས་བཞིན༷་དུ༷་དེ༷་ལྟར༷་བསྙིལ༷་བའི༷་དགེ༷་ཚུལ༷་ཉེ༷་བར༷་འཇོག༷་པ་སྟེ་གནས་ སྦྱིན་པར༷་བྱེ༷ད་དམ༷། ཉེ༷་བར༷་སྟོན་པ་ལུང་འབོག་པར༷་བྱེ༷ད་དམ༷། དེ༷་དང༷་ལྷན༷་ཅི༷ག་གན༷ས་གཅི༷ག་ཏུ༷་ཉལ༷་ན༷་ལྟུང༷་བྱེ༷ད་དོ༷། །བརྒྱ༷ད་པ་ཁ་མ་བསྒྱུར་བ་གྱོན་པ་ནི། དྲུག་སྡེ་ལྟ་བུའི་དགེ༷་སློང༷་གི༷ས་བལ་ 8-1-44b སོགས་གོ༷ས་བདུན་པོ་གང་ཡང་རུང་བ་སར༷་པ༷་ཞིག༷་རྙེད༷་ན༷་ཁ༷་བསྒྱུར༷་བ་ཡི་ཚོན་གསུམ༷་པོ༷་སྔོན་པོ༷་རམ་ལྟ་བུའམ༷་དམར་པོ༷་བཙག་ལྟ་བུའམ༷་ངུར༷་སྨྲིག༷་ཤིང་ཤུན་ལྟ་བུ་ལ༷ས་གང༷་ཡང༷་རུང༷་བས༷་ཁ༷་བསྒྱུར༷་བར༷་ བྱའོ༷། །གལ༷་ཏེ༷་དགེ༷་སློང༷་གི༷ས་གོས༷་ས༷ར་པ༷་ཁ༷་བསྒྱུར༷་བ༷་གསུམ༷་སྔོ༷ན་པོ༷འམ༷། དམར༷་པོ༷འམ༷། ངུར༷་སྨྲིག༷་ལ༷ས་ག༷ང་ཡང༷་རུང༷་བས༷་ཁ༷་མ༷་བསྒྱུར༷་བར༷་ལོང༷ས་སྤྱོ༷ད་ན༷་ལྟུང༷་བྱེ༷ད་དོ༷། །དགུ་པ་རིན་པོ་ཆེ་ལ་རེག་པ་ནི། ཡང་ དགེ༷་སློང༷་དྲུག་སྡེ་ལྟ་བུ་གང་ནོར་བུ་མུ་ཏིག་སོགས་རིན༷་པོ༷་ཆེ༷འམ༷་གཡུལ་ངོར་སྤྱད་པའི་མཚོན་ནམ། རོལ་མོར་སྤྱད་པའི༷་ཡོ་བྱད་རིན༷་པོ༷་ཆེར༷་སྨོས༷་པ༷་རང༷་གི༷་ལག༷་གིས༷་ལེན༷་ཏམ༷་གཞན་ལེན༷་དུ༷་འཇུག༷་ན་ཀུན༷་ དགའ་ར་བར་གཏོགས་པ་དེའི་ཕྱི་རོལ་ན༷་འདུག༷་པ༷འམ༷་གན༷ས་ཁང༷་དུ་གཏོག༷ས་པ༷་ཀུན་རའི་ནང་ན་འདུག༷་པ༷་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །དགེ༷་སློང༷་གིས༷་ཀུན༷་དགའ༷་ར༷་བ༷ར་གཏོགས་པ་ཕྱི་རོལ་ན་འདུག་ པ༷འམ༷། གན༷ས་ཁང༷་དུ༷་གཏོག༷ས་པ༷་ནང༷་ན༷་རིན༷་པོ༷་ཆེ༷འམ༷། རིན༷་པོ༷་ཆེར༷་སྨོས༷་པ་འདུག༷་པ༷་ལ༷་འདི༷་བདག་པོ་སུའི༷་ཡི༷ན་པ༷་དེ༷་ལེན༷་པར༷་འགྱུར༷་གྲང༷་སྙམ༷་པ༷་དེ༷་ལྟ༷་བུའི་སེམ༷ས་ཀྱིས༷་བླང༷་བར༷་བྱ༷་སྟེ༷། བསླབ༷་གཞི༷་ དེ༷་ལ༷་དེ༷་ནི༷་ཆོ༷་ག༷་སྟེ་ཐབས་ཡི༷ན་ནོ༷། །བཅུ་པ་ཁྲུས་བྱེད་པ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ་སློང་གང་བཅོམ་ལྡན༷་འདས༷་ཀྱིས་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་ཁྲུས༷་བྱ༷་བར༷་གསུང༷ས་པ༷་དེ༷་ལ༷ས་འདུམ༷ས་པར༷་ཏེ་ཉུང་ངུའི་དུས་ 8-1-45a ཁྲུས་བྱེ༷ད་ན༷་དུས༷་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །དེ༷་ལ༷་དུས༷་ནི༷་འདི༷་ཡི༷ན་ཏེ༷་སོ༷་ག༷་རྣམ༷ས་ཀྱི༷་ཟླ༷་བ༷་ལྷག༷་མ༷་ཕྱེ༷ད་ད༷ང་གཉི༷ས་པོ་དབྱར་རའི་ཚེས་གཅིག་ནས་འབྲིང་ཉའི་བར་དང༷་ དབྱར༷་རྣམ༷ས་ཀྱི་དང་པོ་དབྱར་འབྲིང་གི་བཅུ་དྲུག་ནས་དབྱར་ཐའི་ཉའི་བར་ཟླ༷་བ༷་ཕྱེ༷ད་དང༷་གསུམ༷་པོ༷་དེ་དག༷་ནི༷་ཚ༷་བའི༷་དུ༷ས་སོ༷། །ལྷག༷་མ༷་ནི༷་ན༷་བ༷་དུས༷་སོ༷། །ལ༷ས་དུ༷ས་སོ༷། །ལམ་དུས་སོ། །རླུང་ གིས་ཆོས་གོས་ཀྱི་གྲ༷་བསྐུལ་བའི་རླུང་དུས༷་སོ༷། །ལུས་ལ་ཆར་ཐིག་གཉིས་ཡན་ཕོག་པས་ཆར༷་དུས༷་སོ༷། །རྗི༷་ཆར༷་དུས༷་ཏེ༷་བསླབ་གཞི་དེ་ལ་དེ་ནི་གནང་བའི་དུས༷་ཡི༷ན་ནོ༷། །བཅུ་ཚན་བདུན་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། དུད༷་འགྲོ༷་གསོད་པ་དང་། འགྱོ༷ད་པ༷་བསྐྱེད་པ་དང་། སོར༷་མོ༷་གག་ཚིལ་དང༷་། ཆུ་ལ་རྩེ༷་བ་དང༷་། བུད་མེད་དང་ ལྷན༷་ཅི༷ག་ཉལ་བ་དང་། སྔང༷ས་པར་བྱེ༷ད་པ་དང༷་། གོས་དང་ཡོ་བྱད་སྦེད༷་པ་དང༷་། གདེ༷ང་མེ༷ད་པར་བྱིན་པས་འཚོ་བ་དང་། གཞི༷་མེ༷ད་པར་སྐུར་པ་འདེབས་པ་དང༷་། སྐྱེས༷་པ༷་མེ༷ད་པར་བུད་མེད་དང་ ལྷན་ཅིག་ལམ༷་དུ་འགྲོ༷་བ༷འོ༷། །གཉིས་པ་ལ་བཅུ་ལས། དང་པོ་དུད་འགྲོ་གསོད་པ་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་སྲོག་གཅོད་པར་བས༷མས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ 8-1-45b ཆག༷ས་གསོད༷་ན༷་ལྟུང༷་བྱེ༷ད་དོ༷། །གཉིས་པ་འགྱོད་པ་སྐྱེད་པ་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་འགྱོད་པ་བསྐྱེད་པར་བས༷མས་བཞིན༷་དུ༷་ཅི༷་ནས༷་ཀྱང༷་དགེ༷་སློང༷་འདི༷་ཐ་ན་ཡུད༷་ཙམ༷་ཞིག༷་ཀྱང༷་བདེ༷་བ༷་ ལ༷་མི༷་རེག༷་པར༷་བྱའོ༷་སྙམ༷་པ༷་དེ༷་ཉི༷ད་རྐྱེན༷་དུ༷་བྱས༷་ཏེ༷། རྐྱེན་གཞན་མེད་པར་ཆོས་འདི་པའི་དགེ༷་སློང༷་ལ༷་ཁྱོད་བསྙེན་རྫོགས་མིན་ནོ་ཞེས་སོགས་ཀྱིས་འགྱོ༷ད་པ༷་སྐྱེད༷་ན༷་འགྱོད་པ་མ་སྐྱེས་ཀྱང་དོན་གོ་ཚེ་ ལྟུང༷་བྱེ༷ད་དོ༷། །གསུམ་པ་ཞག་ཚིལ་བྱེད་པ་ནི། ཡང་བཅུ་བདུན་སྡེ་ལྟ་བུའི་དགེ་སློང་གང་དགེ་སློང་ལ་སོར༷་མོ༷་དང་ཁུ་ཚུར་སོགས་ཀྱིས༷་མཆན་ཁུང་སོགས་སུ་ག༷ག་ཚིལ༷་བྱེ༷ད་ན་ལྟུང༷་བྱེ༷ད་དོ༷། །བཞི་ པ་ཆུ་ལ་རྩེ་བ་ནི། སིམ་པར་འདོད་པ་དང་རྐྱལ་སློབ་པ་ལ་ལྟུང་བ་མེད་ཀྱང་བཅུ་བདུན་སྡེ་ལྟ་བུའི་དགེ་སློང་གིས་ཆུ༷་ལ༷་རྩེ༷་བའི་སེམས་ཀྱིས་རྐྱལ་ན༷་ལྟུང༷་བྱེ༷ད་དོ༷། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བ་ནི། ཡང༷་མ་འགགས་པ་ལྟ་བུ་ཆོས་འདི་པའི་དགེ༷་སློང༷་གང༷་བུ༷ད་མེ༷ད་འཁྲིག་པ་བསྟེན་ནུས་ཀྱི༷་ཡུལ༷་དང༷་ལྷན༷་ཅི༷ག་བཞི་པོ་གང༷་རུང༷་གི་གན༷ས་སུ༷་གློས་ཕབ་སྟེ་ཉལ༷་ན༷་ལྟུང༷་བྱེ༷ད་དོ༷། །དྲུག་པ་སྔངས་བར་བྱེད་པ་ ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གང་དགེ༷་སློང༷་གཞན༷་ལ༷་སྔང༷ས་པར༷་རང་གིས་བྱེ༷ད་དམ༷། གཞན་སྔང༷ས་བར༷་བྱེ༷ད་དུ༷་འཇུག༷་ན༷་ཐ་ན༷་བཞ༷ད་གད་བྱ༷་བར་བས༷མས་ཀྱང༷་རུང༷་སྟེ༷། །ཕ་རོལ་ལ་སྐྱོ་བར་ 8-1-46a བྱ་བའི་ཆེད་མ་གཏོགས་ལྟུང༷་བྱེ༷ད་དོ༷། །བདུན་པ་རྫས་སོགས་སྦེད་པ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གང༷་། ཆོས་འདི་པའི་དགེ༷་སློང༷་ང༷མ། དགེ༷་སློང༷་མ༷འམ༷། དགེ༷་སློབ༷་མ༷འམ༷། དགེ༷་ཚུལ༷་ལམ༷། དགེ༷་ཚུལ༷་མའི༷་ལྷུང༷་བཟེད༷་དམ༷། ཆོས༷་གོས༷་སམ༷། ལྷུང་བཟེད་ཀྱི་སྣོད་དྲ༷་བ༷འམ༷། ཕོར༷་བུ༷འམ༷། སྐ༷་རག༷ས་སམ༷། གཞན་ཡང་དགེ༷་སྦྱོང༷་གི༷་འཚོ༷་བའི༷་ ཡོ༷་བྱད༷་ག༷ང་ཡང༷་རུང༷་བ༷་རང་གིས་སྦེད༷་དམ༷། གཞན་སྦེད༷་དུ་འཇུག༷་ན༷་ཕན་པར་འདོད་པ་དེ༷་འདྲ༷་བའི༷་རྐྱེན༷་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་བྱིན་པས་ཉེ་བར་འཚོ་བ་ནི། ཡང༷་ཉེར་དགའ་ལྟ་བུའི་དགེ༷་ སློང༷་ག༷ང་ཡང་རུང་བས་དགེ༷་སློང༷་ལ༷་གོས་བྱི༷ན་ན༷ས་དེ༷འི༷་འོག་ཏུ༷་ཕ་རོལ་པོས་བྱིན་པའི་གདེ༷ང་མེ༷ད་པར༷་སྤྱོ༷ད་ན༷་ལྟུང༷་བྱེ༷ད་དོ༷། །དགུ་པ་སྐུར་པ་འདེབས་པ་ནི། ཡ༷ང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ༷་ སློང་གང༷་ཁྲོས༷་ཤིང༷་ཞེ༷་སྡང༷་པར༷་གྱུར༷་ནས༷་གྱད་བུ་ནོར་ལྟ་བུའི་དགེ༷་སློང༷་དག༷་པ༷་གླེང་བའི་གཞི་དེའི་ལྟུང༷་བ༷་མེ༷ད་པ༷་ལ་གཞི༷་མེ༷ད་པར༷་དགེ༷་འདུན༷་ལྷག༷་མ༷་བཅུ༷་གསུམ་གྱི་གང་ཡང་རུང་བའི༷་ཆོས༷་ཀྱིས༷་སྐུར་པ་འདེབས་ ན༷་ལྟུང༷་བྱེ༷ད་དོ༷། །བཅུ་པ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ནི། ཡང༷་མཉན་ཡོད་དུ་འགྲོ་བའི་དགེ་སློང་ལྟ་བུ་ཆོས་འདི་པའི་དགེ༷་སློང༷་གང༷་ཡང༷་རུང་བ་སྐྱེས༷་པ༷་མེ༷ད་པར༷་བུ༷ད་མེ༷ད་འཁྲིག་པ་བསྟེན་ 8-1-46b ནུས་དང༷་ལྷན༷་ཅི༷ག་དགོན་པའི་འགྲོན༷་ལམ༷་དུ༷་འགྲོ༷་ན༷་ཐ༷་ན༷་གྲོང༷་གི་བར༷་དུ༷་ཡང༷་རུང༷་སྟེ་རྒྱང་གྲགས་གཅིག་ལས་འདས་པ་ན་ལྟུང༷་བྱེ༷ད་དོ༷། །འོན་ཀྱང་འཇིགས་པ་བསྐྱེལ་མར་གོ་མཆན། དེས་བསེལ་བྱེད་པ་དང་། ལམ་སྟོན་པ་དང་། མི་ ནུས་པ་འཁྲིད་པ་ནི་མ་གཏོགས་སོ། །བཅུ་ཚན་བརྒྱད་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི་སྡོམ༷་ལ༷། རྐུ༷་བ་དང་ལྷན་ཅིག་ལམ་དུ་ འགྲོ་བ་དང༷་། ལོ་ཉི༷་ཤུ༷་མ༷་ལོན༷་པ་བསྙེན་པར་རྫོགས་པ་ད༷ང་། ས་རྐོ༷་བ་ད༷ང་། མགྲོན༷་དུ་གཉེར་བ་ལས་རིང་དུ་འདུག་པ་དང༷་། བསླབ༷་པ༷་ཉེ་བར་འཇོག་པ་སྤོང་པ་དང༷་། འཐབ༷་པ་རྣ་ཉན་ལས་ གྱུར་པ་དང༷་། མི༷་སྨྲ་བར༷་འགྲོ༷་བ༷་དང༷་། མི༷་གུས༷་པ་དང་། ཆང༷་འཐུང༷་བ་དང་། དུས༷་མིན༷་པར༷་གྲོང་དུ་འགྲོ་བའོ༷། །གཉིས་པ་ལ་བཅུ་ལས། དང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་ནི། ཡང༷་འགྲོན་ལམ་དུ་འགྲོ་བའི་དགེ་སློང་ལྟ་བུ་ཆོས་འདི་པའི་དགེ༷་སློང༷་གང༷་ཡང་རུང་བ་དོན༷་མཐུན༷་དུ༷་གྱུར་པའི་རྐུན༷་མ༷་དང་། ཤོ་གམ་དྲལ་བའི་ཚོང་པ་དང་ལྷན༷་ཅི༷ག་དགོན་པའི་འགྲོ༷ན་ལམ༷་དུ་འགྲོ་ན་ཐ༷་ ན་གྲོང༷་བར༷་དུ་ཡང༷་རུང༷་སྟེ་རྒྱང་གྲགས་གཅིག་འདས་པ་ན་ལྟུང༷་བྱེ༷ད་དོ༷། །དེས་བསིལ་བྱེད་པ་སོགས་ནི་མ་གཏོགས་སོ། །གཉིས་པ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་ནི། ཡང༷་མོའུ་ 8-1-47a གལ་གྱི་བུ་ལྟ་བུ་དགེ༷་སློང༷་གང༷་ཡང་རུང་བས་མཁན་པོའི་སྒོ་ནས་བསྒྲུབ་བྱའི་གང༷་ཟག༷་ལོ༷་ཉི༷་ཤུ༷་མ༷་ལོན༷་པ༷་དགེ༷་སློང༷་གི༷་དངོས༷་པོ༷ར་བསྙེན༷་པར༷་རྫོག༷ས་པ༷ར་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །དེ་ལྟ་ན་ ག༷ང་ཟག༷་དེ༷་ཡང༷་བསྙེན༷་པར༷་རྫོག༷ས་པར༷་མི༷་འགྱུར༷་ལ༷་སྒྲུབ་བྱེད་དགེ༷་སློང༷་དེ༷་དག༷་ཀྱང༷་སྨད༷་པར༷་འགྱུར༷་བ༷་ཡི༷ན་ཏེ༷་བསླབ་གཞི་དེ༷་ལ༷་དེ༷་ནི༷་ཆོ༷་ག༷་ཡི༷ན་ནོ༷། །གསུམ་པ་ས་རྐོ་བ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་ སློང༷་གང༷་རུང་བ་མ་བྱས་པར་རང༷་གི༷་ལག༷་གིས༷་འཐས་པའི་རང་བཞིན་ཅན་གྱི་ས༷་རྐོ༷འམ༷། གཞན་ལ་སྐོ༷ར་འཇུག༷་ན༷་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཇུག་ པ་མ་གཏོགས་ལྟུང༷་བྱེ༷ད་དོ། །བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ༷་སློང༷་གི༷ས་ཟླ༷་བ༷་བཞི༷ར་མགྲོན༷་དུ༷་བོས༷་པ༷་བདག༷་གི༷ར་ཏེ་ཁས་བླང་བར་བྱའོ༷། །དེ༷་ལ༷ས་ལྷག༷་ པར༷་བདག༷་གིར་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །དགེ་སློང་སོ༷་སོར༷་ཏེ་ཐ་དད་དུ་མགྲོན༷་དུ༷་བོ༷ས་པ༷་དང༷་། སྔ་མ་སོང་ནས་ཡང༷་དང༷་ཡང༷་དུ་མགྲོན༷་དུ༷་བོ༷ས་པ༷་དང༷་། དུས༷་ཀྱིས༷་ཏེ་ནན་ཏན་དུ་མགྲོན༷་དུ་བོས༷་པ༷་དང༷་། དགེ་ སློང་རྟག༷་ཏུ༷་སྟེ་ཇི་སྲིད་འཚོའི་བར་མགྲོན༷་དུ༷་བོ༷ས་པ༷་ནི༷་མ་གཏོག༷ས་ཏེ༷་དེ་ལ༷་དེ༷་ནི༷་དུས༷་ཡི༷ན་ནོ༷། །ལྔ་པ་བསླབ་པ་ཉེ་བར་འཇོག་པ་སྤོང་བ་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང༷་ག༷ང་དགེ༷་སློང༷་རྣམ༷ས་ཀྱིས༷་ཚེ༷་དང༷་ལྡན༷་པ༷་ 8-1-47b ཁྱོ༷ད་ཀྱིས༷་བསླབ༷་པ༷་འདི༷་ལ༷་བསླབ༷་པར༷་བྱའོ༷་ཞེ༷ས་བསྒོ༷་བ༷་ན༷་དེ༷་དག༷་ལ༷་འདི༷་སྐ༷ད་ཅེས༷་བདག༷་དགེ༷་སློང༷་མདོ༷་སྡེ༷་མཐའ་དག་འཛིན༷་པ༷་དང༷་། འདུལ༷་བ༷་མཐའ་དག་འཛིན༷་པ༷་དང༷་། མ༷་མོ༷་མཐའ་དག་འཛིན༷་པ༷་ རྣམ༷ས་ལ༷་འདྲི༷་བའི༷་བར༷་དུ༷་སྒོ་གསུམ་གྱིས་བྱ་བ་མ་ཡིན་པ་བྱེད་པས་བྱིས༷་པ༷་སྡེ་སྣོད་གསུམ་མི་འཛིན་པས་རྨོང༷ས་པ༷་སྡེ་སྣོད་གསུམ་ལ་མི༷་གས༷ལ་བ༷་དེ་གསུམ་ལ་མི༷་མཁ༷ས་པ༷་ཁྱེད༷་ཀྱི༷་ཚིག༷་གི༷ས་བསླབ་པ༷་འདི༷་ ལ༷་མི༷་སློབ༷་བོ༷་ཞེ༷ས་ཟེར༷་ན༷་ལྟུང༷་བྱེ༷ད་དོ༷། །དགེ༷་སློང༷་ཀུན༷་ཤེས༷་པར༷་འདོ༷ད་པ༷ས་ཀྱང༷་བསླབ༷་པ༷་འདི༷་ལ༷་བསླབ༷་པར༷་བྱའོ༷། །དགེ༷་སློང༷་མདོ༷་སྡེ༷་འཛིན༷་པ༷་དང༷་། འདུལ༷་བ༷་འཛིན༷་པ༷་དང༷་། མ༷་མོ༷་འཛིན༷་པ༷་རྣམ༷ས་ ལ༷་ཡང༷་དྲི༷་བར༷་བྱ༷་སྟེ༷་བསླབ་གཞི་དེ༷་ལ༷་དེ༷་ནི༷་ཆོ༷་ག༷་ཡི༷ན་ནོ༷། །དྲུག་པ་ཉན་རྣ་ལས་གྱུར་པ་ནི། ཡང༷་ཉེར་དགའ་ལྟ་བུའི་དགེ་སློང༷་གང༷་ཆོས་འདི་པའི་དགེ༷་སློང༷་རྣམ༷ས་ལ༷་འཐབ༷་པར༷་གྱུར༷། མཚང༷་ འ༷དྲུ་བར༷་གྱུར༷། མི༷་མཐུན༷་པར༷་གྱུར༷། རྩོད༷་པར༷་གྱུར༷་ཅིང༷་འཁོད༷་པ༷་ལ༷ས། དགེ༷་སློང༷་འདི༷་དག༷་ཇི༷་སྐ༷ད་ཟེར༷་བ༷་དེ༷་བདག༷་གི༷ས་མཉན༷་ཏེ༷་སྨྲས་པ་རང་དེ༷་དེ༷་ལྟར༷་རྗེ༷ས་སུ༷་ཐ༷་སྙད༷་ དེ་སྐད་གད༷གས་པར༷་ཟིལ་གནོན་དུ་བྱའོ༷་སྙམ༷་པ༷་དེ༷་ཉི༷ད་རྐྱེན༷་དུ༷་བྱས༷་ཏེ་ཅང༷་མི༷་སྨྲ༷་བར༷་ཏེ་ཁ་མི་གྲགས་པར་ཉན༷་ནས༷་འདུག༷་ན༷་ཞི་བར་འདོད་པ་མ་གཏོགས་ཏེ་ལྟུང༷་བྱེ༷ད་དོ༷། །བདུན་ 8-1-48a པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ནི། ཡང༷་དགེ༷་སློང༷་དགའ་བོ་ལྟ་བུ་གང༷་ཡང་རུང་བ་དགེ༷་འདུན༷་གྱི༷་ཆོས༷་དང༷་ལྡན༷་པའི༷་གཏམ༷་རྣམ༷་པ༷་གཏན༷་ལ༷་འབེ༷བས་པའི་ ལས་གསུམ་པོ་བྱེད་པ༷་བྱུང༷་བ༷་ན༷་རྒྱུ་མཚ༷ན་ཅང༷་། མི༷་སྨྲ༷་བར༷་སྟན༷་ལ༷ས་ལང༷ས་ཏེ༷་ཐོས༷་པའི༷་ཉེ་འཁོར་ལས་འདས་པར་འགྲོ༷་ཞིང༷་དགེ༷་སློང༷་འདུག༷་པ༷་ལ༷་བདག་འགྲོ་སོ༷གས་མི་སྨྲ་ན༷། ལྷུང་ བཟེད་ཆོས་གོས་མེས་འཇིག་པ་སོགས་འགྲོ་དགོས་པ་དེ༷་འདྲ༷་བའི༷་རྐྱེན༷་བྱུང་བ་ནི་མ་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་མི་གུས་པའི་ལྟུང་བྱེད་ནི། ཡ༷ང་ནག་པ་གླང་ཆེན་ལྟ་བུའི་ དགེ་སློང་གང་ཡང་རུང་བས། དགེ་འདུན་དང་དགེ་བསྐོས་སངས་རྒྱས་ཀྱི་ཚིག་ལ་གུས༷་པར༷་མི༷་བྱེ༷ད་ན༷་ལྟུང༷་བྱེ༷ད་དོ༷། །དགུ་པ་མྱོས་འགྱུར་འཐུང་པའི་ལྟུང་བྱེད་ནི། ཡང་ལེགས་ འོང་ལྟ་བུའི་དགེ་སློང་གང་ནས་སོགས་འབྲུའི༷་ཆང༷་དང༷་། རྩ་སྡོང་སོགས་ལས་བྱས་པ་བཅོ༷ས་པའི༷་ཆང༷་། མྱོས༷་པར༷་འགྱུར༷་པ༷ར་མགུལ་དུ་མིད་དེ་འཐུང༷་ན༷་ལྟུང༷་བྱེ༷ད་དོ༷། །བཅུ་པ་དུས་མིན་ གྲོང་དུ་འཇུག་པའི་ལྟུང་བྱེད་ནི། ཡང་འཆར་ཀ་ལྟ་བུའི་དགེ༷་སློང༷་གང༷་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུས༷་མ༷་ཡི༷ན་པར༷་སྲང་དང་བཞི་མདོ་སོགས་གྲོང༷་དུ༷་འཇུག༷་ཅིང༷་དགེ༷་སློང༷་ 8-1-48b འདུག༷་པ༷་ལ༷་མི༷་སྨྲ༷་ན༷་ལྷུང་བཟེད་མེས་ཚིག་པ་སོགས་དེ༷་འདྲ༷་བའི༷་རྐྱེན༷་མ༷་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །བཅུ་ཚན་དགུ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་ པར་བཤད་པའོ། །དང་པོ་ནི། སྡོམ༷་ལ༷། ཟས༷་བཅ༷ས་ཁྱིམ་དུ་རྒྱུ་བ་དང་། སྐྱ༷་རེང༷ས་མ་ཤར་བར་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དང་། ད༷་གདོད༷་ཤེས་ཞེས་བསླབ་པ་ཁྱད་ དུ་གསོད་པ་དང་། ཁ༷བ་ར༷ལ་འཆོས་པ་དང༷་ནི༷། ཁྲི༷་རྐང༷་འཆོས་པ་དང༷་། ཤིང་བལ་བདལ༷་བ་དང༷་། གདི༷ང་པ་དང༷་། གཡ༷ན་པ༷་དགབ༷་པ་དང༷་། དབྱར་གོས་རས་ཆེན༷་ དང་། བདེ༷་གཤེག༷ས་ཆོས༷་གོས༷་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་རྣམས་སོ༷། །གཉིས་པ་ལ་བཅུ་ལས། དང་པོ་ཁྱིམ་དུ་རྒྱུ་བའི་ལྟུང་བྱེད་ནི། ཡང༷་ཉེར་དགའ་ལྟ་བུ་དགེ༷་སློང༷་ག༷ང་ ཟས༷་དང༷་བཅས༷་པའི༷་སྟེ་ཟས་ཀྱི་སླད་དུ་ཁྱིམ༷་དུ་བསོད་སྙོམས་ཀྱི་ཕྱིར་མགྲོན༷་དུ༷་བོས༷་ནས༷་སྔ༷་དྲོ༷་ཁྱིམ་གཉིས་ལས་ལྷག་པ་དང༷་། ཕྱི༷་དྲོ༷་ཁྱིམ༷་གསུམ༷་མ༷མ་བཞི་དག༷་ཏུ༷་རྒྱུ༷་ཞིང༷་ཁྱིམ༷་པ༷་འདུག༷་ པ༷་ལ༷་བདག་མ་སླེབ་ན་ཟས་དུས་སུ་བྲིམ་ཞེས་མི༷་བསྒོ༷་ན༷་ཆོས་གོས་མེས་འཇིག་པ་སོགས་དེ༷་འདྲ༷་བའི༷་རྐྱེན༷་མ་གཏོག༷ས་ཏེ༷་ལྟུང༷་བྱེ༷ད་དོ༷། །གཉིས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ 8-1-49a ལྟུང་བྱེད་ནི། ཡང༷་འཆར་ཀ་ལྟ་བུ་དགེ༷་སློང༷་གང༷་ནམ༷་ལང༷ས་བར་ཏེ་སྐྱ༷་རེང༷ས་གསུམ་ལས་ཐ་མ་མ་ཤར༷་བར༷་ནོར་བུ་སོགས་རིན༷་པོ༷་ཆེ༷་དག༷་ག༷མ། མཚོན་སོགས་ རིན༷་པོ༷་ཆེར༷་སྨོས༷་པ༷་དག༷་མ༷་བསྡུས༷་པར༷་རྒྱལ༷་པོ༷་རྒྱལ༷་རིག༷ས་སྤྱི༷་བོ༷་ནས་དབང་བསྐུར༷་བའི༷་སྒོ༷་གཏན༷་ནམ༷་སྒོ༷་གཏན༷་གྱི༷་ཉེ༷་འཁོར༷་ལ༷ས་འདས༷་པར་འགྲོ་ན༷་རྒྱལ་པོས་བཀུག་པ་དང་གདུལ་བྱ་ འདུལ་བ་ལ་སོགས་པ་དེ༷་འདྲ༷་བའི༷་རྐྱེན༷་མ༷་གཏོག༷ས་ཏེ༷་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱི་ལྟུང༷་བྱེ༷ད་དོ༷། །གསུམ་པ་བསླབས་གཞི་ཁྱད་དུ་གསོད་པའི་ལྟུང་བྱེད་ནི། ཡང༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་གང༷་ཟླ༷་ བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོར༷་ཐར༷་བའི༷་མདོ༷་ཕམ་པ་ནས་ཞི་བྱེད་པར་བདུན་པོ་གདོན༷་པ༷་འདོན༷་པའི༷་ཚེ༷་ན་འདི༷་སྐ༷ད་ཅེ༷ས་ཚེ༷་དང༷་ལྡན༷་པ༷་དག༷་འདི༷་ལྟར༷་བཅོམ་ལྡན་འདས་ཀྱིས་གསུང་པའི་ཆོས༷་འདི༷་ཡང༷་ མདོ༷་ཡི༷་ནང༷་དུ༷་གཏོག༷ས། མདོ༷་ཡི༷་ནང༷་དུ༷་འདུས༷་པར༷་བདག༷་གིས༷་ད༷་གདོ༷ད་ཤེས༷་སོ༷་ཞེས༷་ཟེར༷་ན༷། དེ༷་ལ་གལ༷་ཏེ༷་དགེ༷་སློང༷་འཁོད་པ་རྣམ༷ས་ཀྱིས༷་ཀྱང༷་ཚེ༷་དང༷་ལྡན༷་པ༷་འདི༷་སྔོ༷ན་གསོ༷་སྦྱོང༷་ གི༷་ལ༷ས་ལ༷་ལན༷་གཉི༷ས་སམ༷་གསུམ༷་གྱི༷་ཚེ༷་གྲལ་ན་འདུག༷་པར༷་ཤེ༷ས་ཤིང༷་དེ༷་ལ༷ས་ལན༷་མང༷་དུ༷་འདུག་པ་ཤེས་ན༷་ལྟ༷་ཅི༷་སྨོས༷་ན༷་ཚེ༷་དང༷་ལྡན༷་པ༷་དེ༷་མི༷་ཤེས༷་པས༷་ལྟུང་བ་ལས་མི༷་འགྲོ༷་བས༷་དེ༷་ལྟུང༷་བ༷་གང༷་ 8-1-49b མ་མོས་པས་བྱུང༷་བ༷་དེ༷་ཆོས༷་བཞིན༷་དུ༷་ཕྱིར་བཅོས་བྱེ༷ད་ཅིང༷་སོ༷་སོར༷་ཐར༷་པའི༷་མདོ༷་གདོ༷ན་པ༷་གདོན༷་པའི༷་ཚེ༷་སྤྱོད་ལམ་གྱིས་གུས་པ༷ར་བྱས༷་ཏེ༷་ཆོས༷་ཉན༷་པར༷་མི༷་ བྱེ༷ད། དད་པས་བླ༷་མར༷་བྱས༷་ཏེ༷་མི༷་བྱེ༷ད། སེམས་མ་གུས་པས་རུ༷་ཤིང༷་ལྟར༷་བྱས༷་ཏེ༷་མི༷་བྱེ༷ད། ཡི༷ད་ལ༷་བྱས༷་ཏེ༷་མི༷་བྱེ༷ད། ཕྱི་རོལ་དུ་གཡེང་བས། སེམ༷ས་རྩེ༷་གཅི༷ག་ཏུ༷་མི༷་བྱེ༷ད། རྣ་བ་ མི་གཏོད་པས། རྣ༷་བླག༷་ཏེ༷་མི༷་བྱེ༷ད། ཞུམ་པས། སེམ༷ས་ཐམ༷ས་ཅ༷ད་ཀྱིས༷་བས༷མ་ཏེ༷་ཆོས༷་ཉ༷ན་པར༷་མི༷་བྱེ༷ད་པ༷ས་ཚེ༷་དང༷་ལྡན༷་པ༷་ཁྱོ༷ད་ཀྱི༷་མ༷་རྙེད༷་དེ༷་རྙེད༷་པ༷་མ༷་ཡི༷ན་ཞིང༷་ཉེས༷་པ༷་རྙེད༷་དེ༷་ ལེག༷ས་ལ༷་རྙེད༷་པ༷་མ༷་ཡི༷ན་ནོ༷་ཞེ༷ས་འགྱོ༷ད་པར༷་བྱའོ༷། །ཚེ༷་དང༷་ལྡན༷་པ༷་དེ༷་ལ༷་འགྱོ༷ད་པར༷་བྱ༷་བ༷་ནི༷་འདི༷་ཡི༷ན་ཏེ༷། གདོད་ཤེས་ཀྱི་ལྟུང༷་བྱེ༷ད་དེ་ཉིད་དོ༷། །བཞི་པ་ཁབ་རལ་འཆོས་པའི་ལྟུང་ བྱེད་ནི། ཡང༷་ཆོས་འདི་པའི་དགེ༷་སློང༷་གང༷་བ༷་སོའམ༷། རུས༷་པ༷འམ༷། རྭ༷་ཡི༷་ཁ༷བ་རལ༷་སྦུ་གུ་ཅན་ནམ་འཆང་བ་ལྟ་བུ་རང་གིས་བྱེ༷ད་དམ༷། གཞན་བྱེ༷ད་དུ༷་འཇུག༷་ན༷་དངོས་ པོ་དེ་བཅག༷་ནས༷་བཤགས་དགོས་ལ་དེ་ཡང་ལྟུང༷་བྱེ༷ད་དོ༷། །ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ནི། ཡང༷་འཆར་ཀ་ལྟ་བུའི་དགེ༷་སློང༷་གིས༷་བདེ་བར་གཤེགས་པའི་ཉན་ཐོས་ཀྱི་དགེ༷་ 8-1-50a འདུན༷་གྱི༷་ཁྲི༷འམ༷། ཁྲི༷འུ༷་རང་གིས་སམ༷་གཞན་ལ་བྱེ༷ད་དུ༷་འཇུག༷་ན༷་རྩ༷་བ༷འམ༷་རྟིང་པ་བུ༷་གར༷་གཞུག༷་པ༷་མ༷་གཏོག༷ས་པར༷་དེ་མན་ཆད་ན་བདེ༷་བར༷་གཤེ༷གས་པའི༷་ སོར༷་བརྒྱ༷ད་ཀྱི༷་ཚད༷་དེ་ཚད་དང་ལྡན་པའི་ཁྲུ་གང༷་དུ༷་བྱེ༷ད་དུ༷་གཞུག༷་པར༷་བྱ༷འོ༷། །དེ༷་ལ༷ས་ལྷག༷་པར༷་བྱེ༷ད་དུ༷་འཇུག༷་ན༷་ཚད་ལྷག་དེ་བཅ༷ད་ནས༷་བཤགས་དགོས་པའི་ལྟུང༷་བྱེ༷ད་དོ༷། །དྲུག་པ་ ཤིང་བལ་བདལ་བའི་ལྟུང་བྱེད་ནི། ཡང༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་གང༷་དགེ༷་འདུན༷་གྱི༷་ཁྲི༷འམ༷་ཁྲི༷འུ་ལ༷་ཤིང༷་བལ༷་ལྔ་གང་ཡང་རུང་བ་རང་གིས་བད༷ལ་ལམ་གཞན་ལ་བདལ་དུ༷་འཇུག༷་ན༷་ དངོས་པོ་དེ་བསྡུས༷་ནས༷་བཤགས་དགོས་པའི་ལྟུང༷་བྱེ༷ད་དོ༷། །བདུན་པ་གདིང་བ་ལས་གྱུར་པའི་ལྟུང་བྱེད་ནི། ཡང་ཆོས་འདི་པའི་དགེ༷་སློང༷་གིས༷་སྟེང་རིམ་དུ་འདིང་བའི་གདིང༷་བ༷་རང་ ངམ་གཞན་ལ་བྱེ༷ད་དུ༷་འཇུག༷་ན༷་ཚད༷་གང་ཡིན་པ་བཞི༷ན་དུ༷་བྱེ༷ད་དུ༷་ཆུག༷་ཅི༷ག བསླབ་གཞི་དེ༷་ལ༷་གདིང༷་བའི༷་ཚད༷་ནི༷་འདི༷་ཡི༷ན་ཏེ༷། སྲི༷ད་དུ༷་བདེ༷་བར༷་གཤེག༷ས་པའི༷་མཐོ༷འི་མཐོ༷་དོ༷་སྟེ་ ཚད་དང་ལྡན་པའི་ཁྲུ་གསུམ་དང་ཞིང༷་དུ༷་མཐོ༷་ཕྱེ༷ད་དང༷་དོ༷་སྟེ་ཁྲུ་དོ་དང་སོར་མོ་དྲུག་གོ། མི་ཆོག་ན་སྲི༷ད་དུ༷་བདེ་བར་གཤེགས་པའི་མཐོ༷་གང༷་སྟེ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་དག་གི༷ས་ 8-1-50b སྲིང༷ས་ཤིག༷་དེ༷་ལ༷ས་ལྷག༷་པར༷་བྱེ༷ད་དུ༷་འཇུག༷་ན༷་ལྷག་ཆ་བཅ༷ད་ན༷ས་བཤགས་དགོས་པའི་ལྟུང༷་བྱེ༷ད་དོ༷། །བརྒྱད་པ་གཡན་དགབ་ལས་གྱུར་པ་ནི། ཡང༷་ཆོས་འདི་པའི་དགེ༷་སློང༷་གི༷ས་ གཡན༷་པའི༷་ནད་གསོ་ཞིང་དག༷བ་པར༷་བྱེ༷ད་པའི་གོས་རང་ངམ་གཞན་ལ་བྱེ༷ད་དུ༷་འཇུག༷་ན༷་གཡན་དགབ་ཀྱི་ཚད༷་གང་ཡིན་པ་དེ་བཞིན༷་དུ༷་བྱེ༷ད་དུ༷་ཆུག༷་ཅི༷ག །དེ༷་ལ༷་གཡན༷་པ༷་དགབ༷་པའི༷་ཚད༷་ འདི༷་ཡི༷ན་ཏེ༷། སྲི༷ད་དུ༷་བདེ༷་བར༷་གཤེག༷ས་པའི་མཐོ༷འི་མཐོ་བཞི༷་སྟེ་ཚད་དང་ལྡན་པའི་ཁྲུ་དྲུག་དང་ཞིང༷་དུ༷་མཐོ༷་དོ༷་སྟེ་ཁྲུ་གསུམ་མོ། །དེ༷་ལ༷ས་ལྷག༷་པར༷་བྱེ༷ད་དུ་འཇུག༷་ན༷་བཅ༷ད་ནས༷་ལྟུང་ བྱེ༷ད་དོ༷། །དགུ་པ་དབྱར་གྱི་གོས་རས་ཆེན་ལས་གྱུར་པ་ནི། ཡང་ཆོས་འདི་པའི་དགེ༷་སློང༷་གིས༷་དབྱར༷་གྱི༷་ཆར་སྐྱོབ་པའི་གོས༷་ར༷ས་ཆེན་རང་ངམ་གཞན་ལ་བྱེ༷ད་དུ༷་འཇུག༷་ན༷་རས་ཆེན་ ཀྱི་ཚད༷་གང་ཡིན་པ་དེ་བཞིན༷་དུ༷་བྱེ༷ད་དུ༷་ཆུག༷་ཅི༷ག །དེ༷་ལ༷་དབྱར༷་གྱི༷་གོ༷ས་རས༷་ཆེན༷་གྱི༷་ཚད༷་ནི་འདི༷་ཡིན་ཏེ། སྲི༷ད་དུ༷་བདེ༷་བར༷་གཤེག༷ས་པའི༷་མཐོ༷འི་མཐོ༷་དྲུག༷་སྟེ་ཁྲུ་དགུ་དང་ཞིང༷་དུ་མཐོ༷་ ཕྱེ༷ད་དང༷་གསུམ༷་སྟེ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཙམ་མོ༷། །དེ༷་ལ༷ས་ལྷག༷་པར༷་བྱེ༷ད་དུ༷་འཇུག༷་ན༷་དངོས་པོ་དེ་བཅ༷ད་ནས༷་བཤགས་པའི་ལྟུང༷་བྱེ༷ད་དོ༷། །བཅུ་པ་བདེ་བར་གཤེགས་པའི་ 8-1-51a ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ནི། ཡང༷་ཉེ་དགའ་ལྟ་བུ་དགེ༷་སློང༷་གང༷་སྟོན་པ་བདེ༷་བར༷་གཤེག༷ས་པའི༷་ཆོས༷་གོས༷་ཀྱི༷་ཚད༷་ཀྱི༷་ཆོ༷ས་གོ༷ས་བྱེ༷ད་དུ༷་འཇུག༷་ གམ༷་བདེ༷་བར༷་གཤེག༷ས་པའི༷་ཆོས༷་གོས༷་ལ༷ས་ལྷག༷་པར༷་རང་ངམ་གཞན་ལ་བྱེ༷ད་དུ༷་འཇུག༷་ན་ལྟུང༷་བྱེ༷ད་དོ༷། །དེ༷་ལ༷་བདེ༷་བར༷་གཤེག༷ས་པའི༷་ཆོ༷ས་གོ༷ས་ཀྱི༷་ཚད༷་ནི༷་འདི༷་ཡི༷ན་ཏེ། ། སྲི༷ད་དུ༷་བདེ༷་བར༷་གཤེ༷གས་པའི༷་མཐོ༷འི་མཐོ༷་བཅུ༷་སྟེ་ཁྲུ་བཅོ་ལྔ་དང་། ཞིང༷་དུ༷་བདེ་བར་གཤེགས་པའི་མཐོ༷་དྲུག༷་སྟེ༷་ཚད་དང་ལྡན་པའི་ཁྲུ་དགུ་སྟེ་དེ༷་ལ༷་འདི༷་ནི༷་བདེ༷་བར༷་གཤེག༷ས་པའི༷་ ཆོས༷་གོ༷ས་ཀྱི༷་ཚད༷་དོ༷། །གསུམ་པ་མཇུག་བསྡུ་བ་ནི། ཚེ༷་དང༷་ལྡན༷་དག༷་བདག༷་གིས༷་ལྟུང༷་བྱེ༷ད་ཀྱི༷་ཆོ༷ས་དགུ༷་བཅུ༷་པོ༷་དག༷་བཏོན་ཟིན༷་ཏོ༷། །བཞི་པ་རྣམ་བཞག་བསྒྲག་པ་ནི། ལྟུང་བྱེད་འབའ་ཞིག་པ་བཏོན་པ་དེ༷་ལ༷་བདག༷་གིས༷་ཚེ༷་དང༷་ལྡན༷་པ༷་དག༷་ལ༷་ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ༷་དག༷་གམ་ཞེས༷་དྲི༷འོ༷། །ཅི༷་འདི༷་ལ༷་ཁྱེད༷་ཡོངས༷་སུ༷་དག༷་གམ༷་ཞེས༷་ལན༷་གཉི༷ས་ ལན༷་གསུམ༷་དུ༷་དྲིའོ༷། །འདི༷་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་ཡོང༷ས་སུ༷་དག༷་ན༷་འདི༷་ལྟར༷་ཅིང༷་མི༷་སྨྲ༷་བ༷ས་དེ༷་དེ་བཞིན༷་དུ༷་འཛིན༷་ཏོ༷། །གསུམ་པ་སོ་སོར་བཤགས་པ་གདོན་པ་ལ་ལྔ་སྟེ་སྡོམ་གྱིས་ 8-1-51b མདོར་བསྟན། སོར་བཤགས་གདོན་པའི་ལུང་དཔོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་བཞག་བསྒྲག་པའོ། །དང་པོ་ནི། སྡོམ༷་ལ༷། གྲོང༷་དུ་དགེ་སློང་མ་ལ་ཟས་ལེན་ པ་དང༷་། ཁྱིམ༷་གཞན༷་ཉི༷ད་དུ་གྲལ་རིམས་སུ་མ་ཕེབས་པར་འགྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་དང༷་ནི༷། བསླབ༷་པ༷་རྣམ༷་དྲལ་ཏེ་ཁྱིམ་དུ་འཇུག་པ་དང༷་། དགོན༷་པ༷་ནགས་ཉུལ་ ལས་བྱུང་བ་ནི༷་སང༷ས་རྒྱས༷་ཕན༷་པར༷་གསུང༷ས་པ༷་ཡིས༷། སོ༷་སོར༷་བཤག༷ས་པ༷ར་བྱ༷་བ༷་གསུང༷ས་སོ། །གཉིས་པ་ནི། ཚེ༷་ད༷ང་ལྡན༷་པ༷་དག༷་སྨྲེ་ངག་འདོན་པའི་སྒོ་ནས་སོ༷་སོར༷་བཤག༷ས་ པར༷་བྱ༷་བ་ཁ་ན་མ་ཐོ་བའི༷་མཚན་ཉིད་འཛིན་པས་ན་ཆོས་འོག་ནས་འབྱུང་བའི་བཞི༷་པོ༷་འདི༷་དག༷་ནི༷་ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་གསོ་སྦྱོང་གདོན་པའི་ཚེ་སོ༷་སོར༷་ཐར༷་པའི༷་མདོ༷་གདོན༷་པ༷་ལ༷ས་འབྱུང༷་ ངོ༷་། །གསུམ་པ་ལ་བཞི་སྟེ། དང་པོ་དགེ༷་སློང༷་མ་ལ་ཟས་ལེན་པའི་སོར་བཤགས་ནི། ཡང༷་ཉེ་དགའ་ལྟ་བུའི་དགེ༷་སློང༷་གང༷་ཆོས་འདི་པའི་དགེ༷་སློང༷་མ༷་བདུན་ཚུད་ཆད་ཀྱི་ཉེ༷་དུ༷་མ༷་ཡི༷ན་ པ༷་ལམ༷་པོ༷་ཆེའི༷་སྲང་ན༷་འདུག༷་པ༷་བསོ༷ད་སྙོམས༷་ཀྱི༷་ཕྱིར༷་ལམ་པོ་ཆེ་དང་། སྲང་དང༷་། བཞི་མདོ་དང་། སུམ་མདོ་ལ་སོགས་པའི་གྲོང༷་དུ༷་འགྲོ༷་བ༷་ཡི་ཡུལ་དེ་ལས་བཅའ༷་བ༷་ལྔ༷་བཟའ༷་བ༷་ལྔ། 8-1-52a བྱིན་ལེན་སྟོབ་ཏུ་མ་བཅུག་པར་རང༷་གི༷་ལག་གི༷ས་བླང༷ས་ཏེ༷་འཆའ༷་བ༷འམ་མགུལ་དུ་མིད་ནས་ཟ༷་ན༷་དགེ༷་སློང༷་དེས༷་གྲོང་གི་ཕྱི༷་རོལ༷་ཀུན༷་དགའ༷་ར༷་བ༷ར་ཏེ་གཙུག་ལག་ ཁང་དུ་སོང༷་སྟེ༷་དགེ༷་སློང༷་འཁོད་པ་རྣམ༷ས་ལ༷་ཚེ༷་དང༷་ལྡན༷་པ༷་ད༷ག་བད༷ག་ལ༷་སྨད༷་པའི༷་གནས་ཚུལ་དང་མི་མཐུན་པས་མི༷་རིག༷ས་པ༷་སྨྲེ་ངག་འདོན་པའི་སྒོ་ནས་སོ༷་སོར༷་བཤག༷ས་པར༷་བྱ༷་བའི་ལྟུང་བ༷་བྱུང་ གིས༷། ཆོས༷་དེ༷་ཚེ་དང་ལྡན་པའི་མདུན་དུ་སོ༷་སོར༷་བཤག༷ས་སོ༷། །ཞེས་མཐོལ་ནས་སོ༷་སོ༷ར་བཤག༷ས་པར༷་བྱ༷་སྟེ༷་ཆོས༷་འདི༷་ནི༷་སོ༷་སོར༷་བཤག༷ས་པར༷་བྱ༷་བའོ། །གཉིས་པ་གྲལ་རིམས་ སུ་མ་ཕེབས་པར་འབྲིམ་འཇུག་མ་ཟློག་པར་ཟ་བའི་སོར་བཤགས་ནི། ཡང༷་དྲུག་སྡེ་ལྟ་བུའི་དགེ༷་སློང༷་ག༷ང་གསུམ་ཡན་ཆད་རབ༷་ཏུ༷་མང༷་པོ༷་དག༷་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ༷་རྣམ༷ས་སུ༷་ ཟས་ཀྱི་ཕྱིར་མགྲོན༷་དུ༷་བོས༷་ནས༷་ཟན༷་ཟ༷་བའི༷་ཚེ༷་དེ་ན་གལ༷་ཏེ༷་སྤོམ་དགའ་མོ་ལྟ་བུའི་དགེ༷་སློང༷་མ༷་ཞིག༷་དགེ་སློང་འདི༷་ལ༷་ནི༷་བཅའ༷་བ༷་བྱི༷ན་ཞིག༷། འདི༷་ལ༷་ནི༷་འབྲས༷་ཆེན༷་བྱི༷ན་ཞིག༷། འདི༷་ལ༷་ ནི༷་སྲན༷་ཚོད་བྱིན་ཞིག །འདི༷་ལ༷་ནི༷་བཏུང༷་བ༷་བྱི༷ན་ཞིག༷། ཡང༷་བྱི༷ན་ཞིག༷་ཅེས༷་བསྒོ༷་ཞིང༷་འདུག༷་ན༷་དགེ༷་སློང༷་མ༷་དེ༷་ལ༷་དགེ༷་སློང༷་འཁོད་པ་དེ༷་རྣམ༷ས་ཀྱིས༷་འདི༷་སྐ༷ད་ཅེས༷་བསྒོ་བར་བྱའོ། ། 8-1-52b སྲིང༷་མོ༷་ཁྱོ༷ད་དགེ༷་སློང༷་རྣམ༷ས་ཟན༷་ཟ༷་བའི་བར༷་དུ༷་རེ༷་ཞིག༷་ཙབ་ཙབ་མ་བྱེད་པར་ཁ་རོག་པར་སྡོ༷ད་ཅི༷ག་ཅེ༷ས་བསྒོ༷་བར་བྱའོ༷། །གལ༷་ཏེ༷་དགེ༷་སློང༷་གཅི༷ག་གིས༷་ཀྱང༷་དགེ༷་སློང༷་མ༷་དེ༷་ལ༷་དེ༷་སྐ༷ད་ ཅེས༷་སྨྲ༷་མ༷་སྤོབ༷ས་ཏེ་མ་སྨྲས་ན༷་དགེ༷་སློང༷་འཁོད་པ་དེ༷་དག༷་ཐམ༷ས་ཅ༷ད་ཀྱིས༷་ཕྱི༷་རོལ༷་ཀུན༷་དགའ༷་ར༷་བར༷་སོང༷་སྟེ༷་དགེ༷་སློང༷་རྣམ༷ས་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་བདག༷་ཅག༷་ལ༷་སྨད༷་པའི༷་གན༷ས་ མི༷་རིག༷ས་པ༷་སོ༷་སོར༷་བཤག༷ས་པར༷་བྱ༷་བ༷་བྱུང་གིས༷་ཆོས༷་དེ༷་སོ༷་སོར༷་འཆགས༷་སོ༷་ཞེས༷་སོ༷་སོར༷་བཤགས༷་པར༷་བྱ༷་སྟེ༷་ཆོས་འདི༷་ཡང༷་སོ༷་སོར༷་བཤག༷ས་པར༷་བྱ༷འོ༷། །གསུམ་པ་བསླབ་ པ་བྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ནི། རྒྱུན་ཞུགས་སོགས་སློབ༷་པ༷་དག༷་གི༷་བྲམ་ཟེ་སོགས་ཁྱིམ༷་གང༷་དག༷་དགེ༷་འདུན༷་གྱིས༷་ཁྱིམ་གྱི་བསླབ༷་པའི༷་སྡོམ༷་པ༷་གསོལ་བའི་ལས་ ཀྱིས་བསྡོམ༷ས་པར༷་གྱུར་ལ༷་ཡང༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་གང༷་སློབ༷་པ༷་དག༷་གི༷་ཁྱིམ༷་གང་དག༷་དགེ༷་འདུན་གྱིས༷་བསླབ༷་པའི༷་སྡོམ་པ༷ས་བསྡམས་པ༷་དེ༷་ལྟ༷་བུ༷་དག༷་ཏུ༷་མཆོག་ཟུང་ལྟ་བུ་སྔར༷་མགྲོན༷་དུ༷་ བོས་པ་ནི་མ་གཏོགས་ཏེ་མ༷་བོས༷་པར༷་ཏེ་མ་བསྡབས་པར་སོང༷་སྟེ༷་རང་གི༷་ལག༷་གིས༷་བཅའ༷་བ༷་དང༷་བཟའ༷་བ༷་བླང༷ས་ཏེ༷་འཆའ༷མ་ཟ༷་ན༷་དགེ༷་སློང༷་དེ༷ས་ཕྱི༷་རོལ༷་ཀུན༷་དགའ༷་ར༷་བར༷་སོང༷་སྟེ༷་དགེ༷་སློང༷་ 8-1-53a རྣམ༷ས་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་བདག༷་ལ༷་སྨད༷་པའི༷་གན༷ས་མི༷་རིག༷ས་པ༷་སོ༷་སོ༷ར་བཤག༷ས་པར༷་བྱ༷་བ༷་བྱུང༷་གིས༷་ཆོས༷་དེ༷་སོ༷་སོར༷་འཆགས༷་སོ༷་ཞེས༷་སོ༷་སོར་བཤགས༷་པར༷་ བྱ༷་སྟེ༷་ཆོས༷་འདི༷་ཡང༷་སོ༷་སོར༷་བཤག༷ས་པར༷་བྱ༷འོ༷། །བཞི་པ་ནགས་བརྟགས་པ་ལས་གྱུར་པའི་སོར་བཤགས་ནི། བདེ་བར་གཤེགས་པའི་ཉན་ཐོས་ཀྱི་དགེ༷་འདུན༷་གྱི༷་གན༷ས་ མལ༷་གྲོང་ལས་རྒྱང་གྲགས་གཅིག་གི་ས་ན་ཡོད་པའི་དགོན༷་པ༷་གང༷་དག༷་ཆོམ་རྐུན་སོགས་ཀྱིས། དོག༷ས་པ༷་དང༷་བཅས༷་པར༷་གྲག༷ས་པ༷། སྟག་སོགས་གཅན་གཟན་གྱིས་འཇིག༷ས་ པ༷་དང༷་བཅས༷་པར༷་གྲག༷ས་པ༷། ཤ་སྦྲང་དང་སྦྲང་བུ་རླུང་ཉི་མ་སོགས་འཇིག༷ས་པ༷་ཐ༷་ད༷ད་པས༷་འཇིག༷ས་སུ༷་རུང༷་བ༷་དང༷་བཅས༷་པར༷་གྲགས༷་པར༷་གྱུར༷་ལ༷་ཡང༷་དྲུག་སྡེ་ལྟ་བུ་དགེ༷་སློང༷་ གང༷་དགེ༷་འདུན༷་གྱི་གན༷ས་མལ༷་དགོན༷་པ༷་གང༷་དག༷་དོག༷ས་པ༷་དང༷་བཅས༷་པར༷་གྲག༷ས་པ༷། འཇིག༷ས་པ༷་དང་བཅས༷་པར༷་གྲག༷ས་པ༷། འཇིག༷ས་པ༷་ཐ༷་ད༷ད་པས༷་འཇིགས༷་སུ་རུང༷་བ༷་ དང༷་བཅས༷་པར་གྲག༷ས་པ༷་དེ༷་ལྟ༷་བུ༷་དག༷་ཏུ༷། ནགས་ཉུལ་པས་སྔར༷་ནགས་མ༷་ཉུལ༷་བར༷་ཀུན༷་དགའ༷་ར༷་བའི༷་ཕྱི༷་རོལ༷་ཏུ་བཅ༷འ་བ༷་དང༷་བཟའ༷་བ༷་བྱིན་ལེན་སྟོབས་སུ་བཅུག་ནས་བླང༷ས་ཏེ༷་ 8-1-53b འཆའ༷མ༷་ཟ༷་ན༷་དགེ༷་སློང༷་དེ༷ས་ཕྱི༷་རོལ༷་ཀུན༷་དགའ༷་ར༷་བར༷་སོང༷་སྟེ་དགེ༷་སློང༷་རྣམ༷ས་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་བདག༷་ལ༷་སྨད༷་པའི༷་གན༷ས་མི༷་རིག༷ས་པ་སོ༷་སོ༷ར་བཤག༷ས་པར༷་བྱ༷་བ༷་བྱུང༷་གིས༷་ཆོས༷་ དེ༷་སོ༷་སོར༷་འཆགས༷་སོ༷་ཞེས༷་སོ༷་སོར༷་བཤག༷ས་པར༷་བྱ༷་སྟེ༷་ཆོས༷་འདི༷་ཡང༷་སོ༷་སོར༷་བཤག༷ས་པར༷་བྱ༷་བའོ༷། །བཞི་པ་མཇུག་བསྡུ་བ་ནི། ཚེ༷་དང༷་ལྡན༷་པ༷་དག༷་བདག༷་གིས༷་སོ༷་སོར༷་བཤག༷ས་ པར༷་བྱ༷་བའི༷་ཆོས༷་བཞི༷་པོ༷་དག༷་བཏོ༷ན་ཟིན༷་ཏོ༷། །ལྔ་པ་རྣམ་བཞག་བསྒྲགས་པ་ནི་སོར་བཤགས་བཏོན་པ་དེ༷་ལ༷་བདག༷་གིས༷་ཚེ༷་དང༷་ལྡན༷་པ༷་དག༷་ལ༷་ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ་དག༷་ གམ༷་ཞེས༷་དྲི༷འོ༷། །ཡང་ཅི༷་འདི༷་ལ༷་ཁྱེད༷་རྣམ༷ས་ཡོངས༷་སུ༷་དག༷་གམ༷་ཞེས༷་ལན༷་གཉི༷ས་ལན༷་གསུམ༷་དུ་དྲི༷འོ། །འདི༷་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་ཡོང༷ས་སུ༷་དག༷་ན༷་འདི༷་ལྟར༷་ཅང༷་མི༷་སྨྲ༷་བས༷་དེ༷་དེ༷་ བཞིན༷་དུ༷་འཛིན༷་ཏོ༷། །བཞི་པ་བསླབ་པར་བྱ་བ་མང་པོ་གདོན་པ་ལ། སོ་སོར་བཤད། མཇུག་བསྡུ། རྣམ་བཞག་བསྒྲགས་པའོ། །དང་པོ་ལ་དགུ་སྟེ། གོས་ལས་གྱུར་པའི་ སྡེ། ཁྱིམ་དུ་འདུག་པའི་སྡེ། ཟས་བླང་བའི་སྡེ། ཟས་ཟ་བའི་སྡེ། ལྷུང་བཟེད་ལ་སྤྱོད་པའི་སྡེ། ཆོས་བསྟན་པའི་སྡེ། སྒྲུབ་པའི་སྡེ། རྒྱུ་བའི་སྡེའོ། །དང་པོ་ལ། སྡོམ་ 8-1-54a གྱིས་མདོར་བསྟན། བསླབ་པར་བྱ་བ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་དོ། །དང་པོ་ནི། སྡོམ༷་ལ༷། ཤམ༷་ཐབས༷་ལ༷་ནི༷་རྣམ༷་པ་བདུན༷་དང༷་། སྟོ༷ད་གཡོག༷ས་ཆོས་གོས་ལ༷་ཡང༷་རྣམ༷་པ་གསུམ་སྟེ་གོས་ཀྱི་བཅུ་དང༷་ཤིན༷་ཏུ༷་བསྡམས༷་ལ༷་སོག༷ས་པ༷་ཁྱིམ༷་དུ་འགྲོ་བའི་སྡེ་ལྔ༷་དང་། མགོ༷་གཡོ༷གས་པ་ལ༷་སོག༷ས་པ་རྣམ༷་པ༷་ལྔ༷་དང་། མཆོ༷ད་པ་ལ༷་སོ༷གས་པ༷་རྣམ༷་པ་ལྔ་དང༷་། ལུས༷་བསྒྱུར་བ་ལ༷་སོག༷ས་པ༷་རྣམ༷་པ༷་ལྔ༷་སྟེ་མི་འགྲོ་བ་ཉི་ཤུ་དང་། སྟན་ལ་འདུག༷་པར༷་མི་བྱ༷་བ༷་ལ་སོགས་པ་རྣམ་པ་དགུ༷་དག༷་དང༷་། ཟས་བླང་བ། བྱི༷ན་ལེན༷་བྱ༷་བ༷་སོགས་བརྒྱད་རྣམ༷ས་སོ༷། །གཉིས་པ་ནི། ཚེ༷་དང༷་ལྡན༷་པ༷་དག༷་བསླབ༷་པར༷་བྱ་བའི༷་ཆོས་བརྒྱ་དང་བཅུ་གཉིས་འོག་ནས་འབྱུང་བ་མང༷་པོ༷་འདི༷་དག༷་རྣམ༷ས་ནི༷་ཟླ༷་བ༷་ ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོར༷་ཐར༷་པའི༷་མདོ༷་གདོན༷་པའི༷་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལ༷ས་འབྱུང༷་ངོ༷་། །གསུམ་པ་ནི། ཤམ༷་ཐབས༷་ཀྱི་མ་མཐའི་ཁད་མཉམ་པས་ཟླུམ༷་པོར༷་བགོ༷་བར༷་ བསླབ༷་པར༷་བྱ། ཤམ༷་ཐབ༷ས་ཧ༷་ཅང༷་རྩིང་པ༷་པུས་མོར་མི་སླེབ་པ་མ༷་ཡི༷ན་པ༷་དང༷་། ཧ༷་ཅང༷་འཇོལ༷་བ༷་ལོང་བུར་སླེབ་པ་མ༷་ཡི༷ན་པ༷་དང༷་། གླང༷་པོ༷་ཆེའི༷་སྣ༷་ལྟར༷་ཕྱོགས༷་གཅིག་འཕྱང་ 8-1-54b ནས་ནར་བ་མ༷་ཡི༷ན་པ༷་དང༷་། ཤམ་ཐབས་ཏ༷་ལའི༷་ལོ༷་མ༷་ལྟར༷་ལྟེ་གོང་དུ་མར་བལྟེབ༷ས་པ༷་མ༷་ཡི༷ན་པ༷་དང༷་། ཤམ་ཐབས་འབྲུའི༷་ཕུར༷་མ༷་ལྟར༷་སྐ་རགས་བར་ཐུམ་བུར་གྱུར་པ་མ༷་ ཡི༷ན་པ༷་དང༷་། ཤམ་ཐབས་ལྟེ་བའི་འོག་ཏུ་སྦྲུལ༷་མགོའི༷་གདེང༷་ཀ༷་ལྟར༷་ཕྱིར་བྱུང་བ་མ༷་ཡི༷ན་པར༷་བགོ༷་བར༷་བསླ༷བ་པ༷ར་བྱའོ༷། །ཆོས༷་གོས༷་བླ་གོས་དང་སྣམ་སྦྱར་མ་མཐའ་མཉམ་པའི་ ཟླུམ༷་པོར༷་བགོ༷་བར༷་བསླབ༷་པར༷་བྱའོ༷། །ཆོས༷་གོས༷་ཧ༷་ཅང༷་རྩིང༷་པ༷་པུས་གོང་དུ་མི་སླེབ་པ་མ༷་ཡི༷ན་པ༷་དང༷་། ཆོས་གོས་ཧ༷་ཅང༷་འཇོལ༷་བ༷་ལོང་བུར་སླེབ་པ་མ༷་ཡི༷ན་པར༷་བགོ༷་བར༷་བསླབ༷་པར༷་ བྱའོ༷། །གཉིས་པ་ཁྱིམ་དུ་འདུག་པའི་སྡེ་ནི་དྲན་ཤེས་ཀྱིས་ཤིན༷་ཏུ༷་བསྡམ༷ས་ཏེ་རྐང་ལག་བསྐྱོད་པ༷་སོགས་མི་བྱ་བར་ཁྱིམ་གཞན་དུ་འགྲོ་བ་དང༷་། གོས་ལེགས༷་པར༷་ལུས་ལ་མཉམ་ པར་གཡོགས་ཤིང་བགོས༷་པ༷་དང༷་། ཅ་ཅོའི་སྒྲ༷་བསྐྱུང༷་བ༷་དང༷་། མིག༷་གཡེང༷ས་པར༷་མི༷་བྱ༷་བར་འཁྲུལ་པ་མེད་པར་ཁྱིམ་གཞན་དུ་འགྲོ་བ༷་དང༷་། མིག་གཉའ༷་ཤིང༷་གང༷་ཙམ༷་དུ་ལྟ༷་ ཞིང༷་ཁྱིམ༷་གཞན༷་དག༷་ཏུ༷་འགྲོ༷་བར༷་བསླབ༷་པར༷་བྱའོ༷། །མགོ༷་རས་ལ་སོགས་ཀྱིས་མི༷་གཡོག༷ས་པ༷་དང༷་། ཆར་སོགས་མེད་པར་གོས་འདོམ་སྣང་བར་མི༷་བརྫེ་བ༷་དང༷་། གོས་ཕྲག་ 8-1-55a གཉིས་ཀར་མི༷་གཟར༷་བ༷་དང༷་། ལག་པ་གཉའ་གོང༷་དུ༷་གཡས༷་པ་མདུན་ནས་དཔུང་མགོ་གཡོན་པར་བཞག་དེ་བཞིན་གཡོན་པའང་བྱས་པས་མི༷་བསྣོལ༷་ བ༷་དང༷་། ལག་པ་གཉིས། ཐད་ཀར་བརྐྱངས་ཏེ་སོར་མོ་གཉིས་ལྟག༷་པར༷་མི༷་བསྣོལ༷་བར༷་ཁྱིམ༷་གཞན༷་དུ་འགྲོ༷་བར༷་བསླབ་པར༷་བྱའོ༷། །ཁྱིམ་དུ་འགྲོ་བའི་ཚེ་རང་གར་མི༷་འཆོང༷་ པ༷་སྟེ་མཆོང་ཞིང་མི་འགྲོ་བ་དང༷་། ཧ་ཅང་སྒྱིད་པ་མི༷་བརྐྱང༷ས་པ༷་དང༷་། ཙོག༷་པུས༷་འགྲོ་བ་མ༷་ཡི༷ན་པ༷་དང༷་། རྐང་པས་རྟིང་པ་བཏེགས་ཏེ་བྲང༷་པས༷་འགྲོ་བ་མ༷་ཡིན་པ༷་དང༷་། ལག་ པ་གཉིས་སྐེད་པའི་དཀུར༷་བརྟེན་ཏེ་གྲུ་མོའི་ཕྱོགས་སུ་སྨྱུང་སྨྱུང་པོར་བྱས་ཤིང་མི་བརྟེན་པ༷ར་ཁྱིམ༷་གཞན༷་དུ༷་འགྲོ༷་བ༷ར་བསླབ༷་པར༷་བྱའོ༷། །ལུས་གཅུ་སྟེ་མི༷་བསྒྱུར༷་བ༷་དང༷་ལག༷་པ༷་མི༷་དཀྱོག༷་པ༷་ དང༷་། མགོ༷་མི༷་བསྒྱུར༷་བ༷་དང༷་། གཞན་དག་དང་ཕྲག༷་པ༷་གཉིས་མི༷་སྤྲད༷་པ༷་དང༷་། གཞན་དང༷་ལག༷་པ༷་མི༷་སྦྲེལ༷་བར༷་ཁྱིམ༷་གཞན༷་དུ༷་འགྲོ༷་བར༷་བསླབ༷་པར༷་བྱའོ༷། །གསུམ་པ་སྟན་ ལ་འདུག་པའི་སྡེ་ནི། ཁྱིམ་བདག་སོགས་ཀྱིས་མ༷་བསྒོས༷་པར༷་ཁྱིམ༷་གཞན༷་དུ༷་སྟན༷་ལ༷་མི༷་འདུག༷་པར༷་བསླབ༷་པར༷་བྱ༷། སྟན༷་ལ༷་སྲོག་ཆགས་སོགས་མ༷་བརྟག༷ས་པ༷་དང༷་། གྱ་ཚོམ་དུ་ལུས༷་ 8-1-55b ཐམ༷ས་ཅ༷ད་ཀྱི༷་ལྗིད༷་ཀྱིས༷་ཐིག༷་ཅེས་མི༷་དབ༷བ་པ༷་དང༷་། རྐང༷་པའི་སྟེང་དུ་རྐང་པ༷་བཞག་སྟེ་མི༷་བསྣོལ༷་བ༷་དང༷་། བཪླ༷་ཡི་སྟེང་དུ་བརླ་བཞག་ཏེ་མི༷་བསྣོལ༷་བ༷་དང༷་། ལོང༷་བུའི༷་སྟེང༷་དུ༷་ལོང༷་ བུ༷་མི༷་གཞག༷་པ༷་དང༷་། རྐང༷་པ༷་གཉིས་ཁྲི་འོག་སོགས་སུ་འགབ་གུང་དུ་བཀུག་སྟེ་མི༷་དགུག༷་པ༷་དང༷་། བརླ་གཉིས་གཤིབ་སྟེ་བྱིན་པ་དང་རྐང༷་པ༷་གཉིས་བསྒྲད་ནས་མི༷་གདང༷་བ༷་དང༷་། རྐང་པ་གཉིས་ཐད་ཀར་གདང་ཏེ་འདོམ༷ས་མི༷་སྣང༷་བར༷་ཁྱིམ༷་གཞ༷ན་དུ༷་སྟན༷་ལ༷་འདུག༷་པར༷་བསླབ༷་པར༷་བྱའོ༷། །བཞི་པ་ཟས་བླང་བའི་སྡེ་ནི། ལེག༷ས་པ༷ར་བྱིན་ལེན་བྱས་ནས་ཟས༷་བླང༷་ བར༷་བསླབ༷་པར༷་བྱ༷། སྣོད་ཀྱི་ཁ་ལོགས་ཀྱི་མུ་དང༷་ཁ༷་ད༷་ཆ༷ད་དུ༷་མ༷་ཡི༷ན་པ༷་དང༷་། ཚོད༷་མ༷་དང༷་ཟས་མཉ༷མ་པར༷་མ༷་ཡི༷ན་པ༷་དང༷་། གྲལ་ཐར༷་ཆ༷གས་སུ༷་དང༷་། ལྷུང༷་བཟེད༷་ལ༷་ མིག་གིས་བལྟ༷་ཞིང་སྣོད་དུ་ཤེས་པས་བླང་བ༷་དང༷་། བཅའ༷་བ༷་དང༷་བཟའ༷་བ༷་མངོ༷ན་སུམ་དུ་མ༷་འོང༷ས་པར༷་ལྷུང༷་བཟེད༷་སྔར་ཡོད་མིན་པར་མི༷་བཟེད༷་པ༷་དང༷་། ཡང༷་ཟན་སོགས་འདོ༷ད་པའི༷་ ཕྱིར༷་འབྲས༷་ཆན༷་གྱིས༷་ཚོད༷་མ༷་སྦས་ནས་མི༷་དགབ༷། ཚོད༷་མས༷་འབྲ༷ས་ཆན༷་མི༷་དགབ༷་པ༷་དང༷་། བཅའ༷་བ༷་དང༷་བཟའ༷་བའི༷་སྟེང༷་དུ༷་ལྷུང༷་བཟེད༷་མི༷་གཟུང༷་བར༷་བསླབ༷་པར༷་བྱའོ༷། །ལྔ་པ་ 8-1-56a ཟས་བའི་སྡེ་ལ་གཉིས་ཏེ་དང་པོ་སྡོམ་གྱིས་མདོར་བསྟན་པ་ནི། སྡོམ༷་ལ༷། ཟས༷་ལ༷་ལེག༷ས་པར༷་བྱ༷་བ༷་དྲུག༷་དང་། ཙུག༷་ཙུག༷་ལ༷་སོ༷གས་པ་རྣམ༷་པ༷་ལྔ༷། འབྲུ༷་ནས༷་ཐ༷་ད༷ད་དུ་བྱེ༷ད་པ༷་སོགས་ལྔ༷། ལག༷་པ༷་བལྡག༷་པ་ལ༷་སོག༷ས་པ༷་རྣམ༷་པ༷་ལྔ༷་སྟེ་བསླབ་པ་ཉི་ཤུ་རྩ་གཅིག་གོ། གཉིས་པ་སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་ནི། གྲོང་ འབའ་ཞིག་ཏུ་མ་ཟད་གནས་ཐམས་ཅད་དུ་ལེག༷ས་པར༷་ཟས་བཟ༷འ་བར༷་བསླབ༷་པར༷་བྱ། ཁར་ཁམ་ཚད་དུ་གཞུག་ཅིང་མིད་པར་བྱ་བའི་ཟས༷་ཧ༷་ཅང༷་ཆུང༷་བ༷་མ༷་ཡི༷ན་པ༷་དང༷་། ཁམ༷་ཧ༷་ཅང༷་ཆེ༷་བ༷་མ༷་ཡི༷ན་པ༷་དང༷་། ཁམ༷་རན༷་པ༷་རང༷་དང༷་འཇིག་རྟེན་དང༷་མཐུན་པར་བཟའ་བ་དང༷་། ཁམ༷་ཁ་ཡི་སྒོར་ཉེ་བར་མ༷་གཟས༷་པར༷་ཁ༷་མི༷་གདང༷་བ༷་དང༷་། ཁ༷་ཁམ༷་ཀྱིས༷་བཀང༷་ སྟེ༷་ཚིག་མི༷་སྨྲ་བར༷་བསླབ༷་པར༷་བྱའོ༷། །ཟས་མྱང་བ་ན་ཁ་སྒྲ་ཙུག༷་ཙུག༷་ཟེར་བར་མི༷་བྱ༷་བ༷་དང༷་། ཙག༷་ཙག༷་ཟེར༷་བར་མི༷་བྱ༷་བ༷་དང༷་། ཧུ༷་ཧུ༷་ཟེར་ཞིང་བཟའ་བར་མི༷་བྱ༷་བ༷་དང༷་། ཕུ༷་ཕུ༷་ཟེར་ ཞིང་བཟའ་བར་མི༷་བྱ༷་བ༷་དང༷་། ཟས་ཟ་བ་ན་ལྕེ༷་ཕྱུང༷་སྟེ༷་ཟས༷་མི༷་བཟའ༷་བར༷་བསླབ༷་པར༷་བྱའོ༷། །འབྲས་ཆེན་སོགས་འབྲུ༷་རེ་རེ་ནས༷་ཐ༷་ད༷ད་དུ་མི༷་བྱ༷་བ༷་དང༷་། ཟན་འདི་ཁའོ་ཞེས་སོགས་ 8-1-56b འཕྱས་མི་གདག༷ས་པ༷་དང༷་། མཁུར༷་བ༷་གཡས་གཡོན་མི༷་སྤོ༷་བ་དང་། རྐན༷་སྒྲ་མི༷་གཏོག༷ས་པར༷་བཟའ་བ་དང་། ཁམ༷་འཕྲོར༷་སོས་མི༷་བཅ༷ད་པར༷་ཟས་བཟའ༷་བར༷་བསླབ༷་པར་བྱའོ༷། ། ལག༷་པར་ཟས་ཆགས་པ༷་མི༷་བལྡག༷་པ༷་དང༷་། ལྷུང༷་བཟེད༷་ལ་ཟས་ཆགས་པ་ལྕེ་སོ༷གས་ཀྱིས་མི༷་འབྱོག༷་པ༷་དང༷་། ལག༷་པ༷་ལ་ཟས་ཆགས་པ་མི༷་སྤྲུག༷་པ༷་དང་། ལྷུང༷་བཟེད༷་ཀྱི་ནང་དུ་ཟས་ སོགས་བླུགས་ཏེ་མི༷་བསྐྱོམ་པ༷་དང༷་། མཆོ༷ད་རྟེན༷་འདྲ༷་བར༷་བཅོས༷་ཏེ་བཅོམ་ནས་ཟས༷་མི༷་བཟའ༷་བར༷་བསླབ༷་པར༷་བྱའོ༷། །དྲུག་པ་ལྷུང་བཟེད་ལ་སྤྱོད་པའི་སྡེ་ལ་གཉིས་ཏེ། དང་པོ་ སྡོམ་གྱིས་མདོར་བསྟན་པ་ནི་སྡོམ༷་ལ༷། འཕྱ༷་བ༷་ལ༷་སོག༷ས་པ༷་རྣམ༷་པ༷་བཞི༷་དང་། ལྷུང༷་བཟེད༷་ལ༷་ཡང༷་རྣམ༷་པ༷་བཅུ༷་དང་། འགྲེང༷་བར༷་བྱེ༷ད་པ༷་ལ༷་སོག༷ས་པ༷་ལྔ༷་དང༷་། མགོ༷་གཡོག༷ས་ པ་ལ༷་སོ༷གས་རྣམ༷་པ༷་ལྔ༷་དང༷་། དོ༷་ཀེར་ཅ༷ན་ལ༷་སོ༷གས་པ་ལྔ༷་དང་། གླང༷་ཆེན༷་ཞོན་པ་ལ༷་སོ༷གས་བཞོན༷་པ༷་རྣམ་པ༷་ལྔ༷་དང་། ལག༷་ན༷་འཁར༷་བ༷་ཐོགས་པ་ལ་སོ༷གས་པ༷་རྣམ༷་པ་དྲུག༷་དང་། ན༷་བ༷་ལ༷་སོག༷ས་པ་རྣམ༷་པ༷་བཞི༷་སྟེ་བསླབ་པ་བཞི་བཅུ་རྩ་བཞི་འོག་ནས་འབྱུང་བ་རྣམ༷ས་སོ༷། །གཉིས་པ་སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་ནི། དྲུང༷་ན༷་འདུ༷ག་པ༷འམ་ཐག་རིང་ 8-1-57a པོའི༷་དགེ་སློང༷་གི༷་ལྷུང༷་བཟེད༷་ལ༷་འཕྱས༷་གད༷གས་པའི་ཕྱིར༷་མི༷་བལྟ༷་བར༷་བསླབ་པར༷་བྱ༷། ལག༷་པ༷་ཟས༷་དང་འབག༷ས་པས་བྱ་མ་བུམ་སོགས་ཆུ༷་སྣོ༷ད་ལ༷་མི༷་གཟུང༷་ བར༷་བསླབ༷་པར༷་བྱ། དྲུང༷་ན༷་འདུག༷་པའི༷་དགེ་སློང༷་ལ༷་ཟ༷ས་དང༷་འབག༷་པའི༷་ཆུས༷་མི༷་གཏོར༷་བར༷་བསླབ༷་པར༷་བྱ༷། ཁྱིམ༷་པ༷་འདུག་པ༷་ལ༷་མ༷་དྲིས༷་པར༷་ཆུ༷་ཟས༷་དང༷་འབག༷ས་པ༷་ཁྱིམ་པའི་ཁྱིམ༷་ གཞན༷་དུ༷་མི༷་དཔོ༷་བར༷་བསླབ༷་པར་བྱའོ༷། །ལྷུང༷་བཟེད༷་གྱི༷་ནང༷་དུ༷་ཤིང་ཐོགས་སོགས་ཕྱེད་ཕྱེད་ཟོས་པ་ངན་མར་གྱུར་པའི་ཟས༷་ཀྱི༷་ལྷག༷་མ༷་བླུག༷ས་ཏེ༷་མི༷་དོར༷་བར༷་བསླབ༷་པར༷་བྱའོ༷། །འོ༷ག་ གཞི༷་ལོ་མ་ལ་སོགས་དག་གིས་གཡོགས་པ་མེ༷ད་པའི་ས༷་ཕྱོགས༷་སུ༷་ལྷུང༷་བཟེད༷་མི་བཞག༷་པར༷་བསླབ༷་པར༷་བྱ༷། དོས་ཆད་པའི་གད༷་ཀ༷་མ༷་ཡི༷ན་པ༷་དང༷་། བྱིན་གྱིས་གཞོལ་བའི་གཡ༷ང་ ས༷་མ༷་ཡི༷ན་པ༷་དང༷་། བང་རིམ་ལྟ་བུའི་དཀ༷ན་གཟར༷་པོ༷་མ༷་ཡི༷ན་པར༷་ལྷུང༷་བཟེད༷་བཞག༷་པར༷་བསླབ༷་པར༷་བྱ༷། ཆག་པ་སྤོང་ཕྱིར་འགྲེང༷་སྟེ་ལྷུང༷་བཟེད༷་མི༷་བཀྲུ༷་བར༷་བསླབ༷་པར༷་བྱ༷། ངམ་ གྲོག་གི་གད༷་ཀ༷་མ༷་ཡི༷ན་པ༷་དང༷་། གཡ༷ང་ས༷་མ་ཡི༷ན་པ༷་དང༷་། དཀན༷་གཟར༷་པོ༷་མ༷་ཡི༷ན་པར༷་བཀྲུ༷་བར༷་བསླབ༷་པར༷་བྱ༷། འབ༷བ་ཆུ༷་དྲག༷་པོ༷འི་རྒྱུན༷་ལ༷ས་ཟློག༷་སྟེ༷་ལྷུང༷་བཟེད༷་ཀྱི༷་ཆུ༷་མི༷་བཅུ༷་ 8-1-57b བར༷་བསླབ༷་པར༷་བྱའོ༷། །བདུན་པ་ཆོས་སྟོན་པའི་སྡེ་ནི། ཉན་པོ་མི༷་ན༷་བར༷་འདུག༷་པ༷་ལ༷་འཆད་པོ་འགྲེང༷་སྟེ་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱ༷། ཉན་པོ་མི༷་ན༷་བར༷་ཉལ༷་བར༷་འཆད་པོ་ འདུག༷་སྟེ༷་ཆོས༷་མི༷་བཤ༷ད་པར་བསླབ༷་པར༷་བྱ། ཉན་པོ་མི༷་ན༷་བར༷་སྟན༷་མཐོན༷་པོ༷་ལ༷་འདུག༷་པ༷་ལ༷་འཆད་པོ་སྟན༷་དམའ༷་བ༷་ལ༷་འདུག༷་སྟེ༷་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱ༷། ཉན་པོ་མི༷་ན༷་བར༷་མདུན༷་དུ༷་འགྲོ༷་བ༷་ ལ༷་འཆད་པོ་ཕྱི་ནས༷་འགྲོ༷་ཞི༷ང་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱ༷། ཉན་པོ་མི༷་ན༷་བར༷་ལམ༷་ནས༷་འགྲོ༷་བ༷་ལ༷་འཆད་པོ་ལམ༷་གྱི༷་འགྲམ༷་ནས༷་འགྲོ༷་ཞིང༷་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱའོ༷། ། ཡང་ཉན་པོ་མི༷་ན༷་བར༷་རས་སོགས་ཀྱིས་མགོ༷་གཡོགས༷་པ༷་དང༷་གོས་བརྫེས༷་པ༷་དང༷་འཕྲག་པར་གཟར༷་བ༷་དང༷་། ལག་གཉིས་གཉའ༷་གོང༷་དུ༷་བསྣོལ༷་བ༷་དང༷་། ལྟག༷་པར༷་བསྣོལ༷་བ༷་ ལ༷་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱའོ༷། །ཡང་མི༷་ན༷་པར༷་སྐྲ༷་ཐོར་ཅོག་བྱས་པའི་དོ༷་ཀེར༷་ཅ༷ན་དང༷་། ཞྭ་གྱོན༷་པ༷་དང༷་། མགོ༷་དར་གྱི་ཅོད༷་པན༷་ཅ༷ན་དང༷་། མགོ༷་མེ་ཏོག་གི་ཕྲེང༷་ བ༷་ཅ༷ན་དང༷་། ཕྲེང་བ་སོགས་ཀྱིས་མགོ༷་དཀྲིས༷་པ༷་ལ༷་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱའོ༷། །ཉན་པོ་མི༷་ན༷་བར་གླང༷་པོ༷་ཆེ༷་ལ་ཞོན༷་པ་དང༷་། རྟ༷་ཞོན༷་པ༷་དང༷་། ཁྱོག༷ས་འདོ་ 8-1-58a ལེ་ལྟ་བུ་ན་འདུག༷་པ༷་དང༷་། གཡག་སོགས་བཞོན༷་པའི༷་སྟེང༷་ན༷་འདུག༷་པ༷་དང༷་། མཆི༷ལ་ལྷམ༷་གྱོན༷་པ༷་ལ༷་ཆོས༷་མི༷་བཤ༷ད་པར་བསླབ༷་པར༷་བྱའོ༷། །ཉན་པོ་ མི༷་ན༷་བར༷་ལག་ན༷་འཁར་བ༷་ཐོག༷ས་པ༷་དང༷་། ལག༷་ན༷་གདུག༷ས་ཐོག༷ས་པ༷་དང༷་། ལག༷་ན༷་མཚོན༷་ཆ༷་ཐོག༷ས་པ༷་དང༷་། ལག༷་ན༷་རལ༷་གྲི༷་ཐོགས༷་པ༷་དང༷་། ལག༷་ན༷་དགྲ༷་ཆ༷་མདའ་ གཞུ་ཐོག༷ས་པ༷་དང༷་། གོ༷་ཆ༷་གྱོན༷་པ༷་ལ༷་ཆོས༷་མི༷་བཤ༷ད་པར༷་བསླབ༷་པར༷་བྱའོ༷། །བརྒྱད་པ་སྒྲུབ་པའི་སྡེ་ནི། དགེ་སློང་མི༷་ན༷་བར༷་འགྲེང༷་སྟེ༷་བཤང༷་བ་དང་གཅི༷་བ་མི༷་བྱ༷་བར༷་བསླབ༷་ པར༷་བྱའོ༷། །མི༷་ན༷་བར༷་དགེ་སློང་ཆུ༷་ཡི༷་ནང༷་དུ༷་བཤང༷་གཅི༷་དང༷་། མཆི༷ལ་མ༷་དང༷་། སྣབས༷་དང༷་། སྐྱུག༷ས་པ༷་དང༷་། རླུག༷ས་པ༷་མི་བྱ་བ་དང་། བྱས་ཟིན་པ་ཡང་མི༷་ དོར༷་བར༷་བསླབ༷་པར༷་བྱའོ༷། །དགེ་སློང༷་མི༷་ན༷་བར༷་ཐམས་ཅད་ཁྱབ་པར་མ་གཏོགས་རྩ༷་སྔོ༷ན་པོ༷་ཡོ༷ད་པའི༷་ས༷་ཕྱོགས༷་སུ༷་བཤང༷་གཅི༷་དང༷་། མཆི༷ལ་མ༷་དང༷་། སྣབ༷ས་དང༷་། སྐྱུག༷ས་པ༷་དང༷་། རླུག༷ས་པ༷་མི༷་དོར༷་བར༷་བསླབ༷་པར༷་བྱའོ༷། །དགུ་པ་རྒྱུ་བའི་སྡེ་ནི། སྲོག་ལ་གནོ༷ད་པ༷་བྱུང༷་བ༷་མ༷་གཏོག༷ས་པར༷་ཤིང༷་ལ༷་མི༷་གང༷་ཙམ༷་ལ༷ས་མཐོ༷་བར༷་མི༷་འཛེ༷གས་པར༷་བསླབ༷་ 8-1-58b པར༷་བྱའོ༷། །གཉིས་པ་མཇུག་བསྡུ་བ་ནི། ཚེ༷་དང༷་ལྡན༷་པ༷་དག༷་བདག༷་གིས༷་བསླབ༷་པར༷་བྱ་བའི༷་ཆོས༷་མང༷་པོ༷་རྣམ༷ས་བཏོན༷་ཟིན༷་ཏོ༷། །གསུམ་པ་རྣམ་བཞག་བསྒྲགས་པ་ནི། བསླབ་ པར་བྱ་བའི་ཆོས་མང་པོ་བཏོན་པ་དེ༷་ལ༷་བདག༷་གིས༷་ཚེ༷་དང༷་ལྡན༷་པ༷་དག༷་ལ༷་ནི༷་འདི༷་ལ༷་ཁྱེད༷་རྣམས་ཡོངས༷་སུ༷་དག༷་གམ༷་ཞེས༷་དྲི༷འོ༷། །ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོངས༷་དག༷་གམ༷་ཞེས༷་ལན༷་གཉི༷ས་ ལན༷་གསུམ༷་དུ༷་དྲི༷འོ། །འདི༷་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་ཡོང༷ས་སུ་དག༷་ན༷་འདི༷་ལྟར༷་ཅང༷་མི༷་སྨྲ༷་བས༷་དེ༷་དེ༷་བཞིན༷་དུ༷་འཛིན༷་ཏོ༷། །ལྔ་པ་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གདོན་པ་ལ། སྡོམ་ གྱིས་མདོར་བསྟན། གདོན་པའི་ལུང་དཔོག །མཚན་ཉིད་རྒྱས་པར་བཤད་པ། མཇུག་བསྡུ། རྣམ་བཞག་བསྒྲགས་པའོ། །དང་པོ་སྡོམ༷་ལ༷། མངོ༷ན་སུམ༷་གྱིས་འདུལ་ བ་དང་། དྲ༷ན་པས༷་འདུལ་བ་དང་། མ༷་མྱོས༷་པས་འདུལ་བ་དང༷་། དེ༷་བཞིན༷་དུ་གང༷་ཚུལ་ཤིང་མང༷་པོ་སྦྱིན་པ་དང་། དེའི་ངོ༷་བོ༷་ཉི༷ད་ཚོལ་དུ་གཞུག་པ་དང་། རྩྭ་རྣམ༷ས་བཀྲམ༷་པ༷་ལྟ༷་ བུ༷་དང༷་། ཁས༷་བླང༷ས་པར༷་ཡང༷་བྱ༷་བ༷་སྟེ་བདུན་པོ༷འོ༷། །གཉིས་པ་ནི། ཚེ༷་དང༷་ལྡན༷་པ༷་དག༷་འཁྲུག་ལོང་གི་རྩོད༷་པ༷་བཞི་པོ་དག་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་ 8-1-59a བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པ་དང་། ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཅི་རིགས་པར་ཞི༷་བར༷་བྱ༷་བའི༷་ཆོས༷་བདུན༷་པོ༷་འོག་ནས་འབྱུང་ བ་འདི༷་དག༷་ནི༷། ཟླ༷་བ༷་ཕྱེ༷ད་ཕྱེ༷ད་ཅིང༷་སོ༷་སོར༷་ཐར༷་པའི༷་མདོ༷་གདོན༷་པའི༷་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལ༷ས་འབྱུང་ངོ་། །གསུམ་པ་ནི། དེ་ལ་འཁྲུག་ལོང་གི་རྒྱུ་བཞི་ནི། དངོས་ པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། གདམ༷་ངག་སོགས་འཇོག་པས་གཞན་སྤོང་བ་དང་། ལྟུང་བ་དང་བཅས་པར་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པ་ཉིད་དོ། ། འཁྲུག་ལོང་གི་རྩོད་པ་བཞི་ནི། འགྱེད་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །ཞི་བར་བྱ་བའི་ཆོས་བདུན་ ནི། མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་མྱོས་པས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན༷་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླངས་པར་བྱ་བའོ། །ཞི་བར་བྱེད་ཚུལ་ནི་འཁྲུག་ལོང་གི་རྒྱུ་དང་པོ་ལས་བྱུང་ལ་འགྱེད་ཕྱིར་རྩོད་པ་ལ། མངོ༷ན་སུམ༷་གྱིས༷་འདུལ་བར༷་འོས༷་པ༷་ལ༷་མངོ༷ན་ 8-1-59b སུམ༷་གྱིས༷་འདུལ༷་བ༷་དང་། གང༷་ཚུལ༷་ཤིང༷་མང༷་པོ༷་སྦྱིན༷་པར་འོས༷་པ༷་ལ༷་ཚུལ༷་ཤིང༷་མང༷་པོ༷་སྦྱིན༷་པས་རྒྱུད་གཅིག་ཏུ་བྱ་བས་དེ་ཞི་བར་བྱའོ། །རྒྱུ་གཉིས་པ་ལས་བྱུང་བའི་མི་གདམ་པའི་རྩོད་ པ་ལ་ནི། རྒྱུ་བཅས་མངོས་སུམ་དང་། གང་མང་གིས་རྒྱུད་གཅིག་ཏུ་བྱ་བ་དང་། རྒྱུ་མེད་པ་ལ་དྲ༷ན་པས༷་འདུལ༷་བར༷་འོས༷་པ༷་ལ༷་དྲ༷ན་པ༷ས་འདུལ༷་བ༷་སྦྱིན༷་ནོ༷། །མ༷་མྱོས༷་པས༷་འདུལ༷་ བར༷་འོས༷་པ༷་ལ༷་མ༷་མྱོས༷་པས༷་འདུལ༷་བ༷་དག༷་པ༷་སྦྱིན༷་ནོ༷། །རྒྱུ་གསུམ་པ་ལས་བྱུང་བའི་ལྟུང་ཕྱིར་རྩོད་པ་ནི། ངོ་མི་ཤེས་པ་ལ་དེ༷འི༷། ངོ༷་བོ༷་ཉི༷ད་ཚོལ༷་དུ༷་གཞུག༷་པར༷་འོས༷་པ༷་ལ༷་དེ༷འི༷་ ངོ༷་བོ༷་ཉི༷ད་བཙལ༷་བ་སྦྱིན༷་ནོ༷། །ལྟུང་བ་བྱུང་བ་ངོ་ཤེས་པ་ཕྱིར་འཕྲོས་པ་མེད་པ་ལ་ནི་གང༷་བླང༷ས་པར༷་འོས༷་པ༷་ལ༷་ཁས༷་བླངས༷་པར༷་བྱའོ༷། །ཕྱིར་འཕྲོས་པ་ཉི་ཚེ་བ་དང་འབྲེལ་བ་ལ། མངོན་སུམ་གྱི་འདུལ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་བ་ལ་རྩྭ་བཀྲམ༷་པ༷་ལྟ༷་བུར༷་འོས༷་པ༷་ལ༷་རྩྭ་བཀྲམ༷་པ༷་ལྟ༷་བུ༷་སྦྱིན༷་ནོ༷། །རྒྱུ་བཞི་པ་ལས་བྱུང་བའི་བྱ་ཕྱིར་རྩོད་པ་ལ། ཆོས་བདུན་པོ་ཐམས་ཅད་ཀྱིས་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ལས་ལ་མཐུན་པ་ཉིད་ 8-1-60a སྦྱིན་དུ་གཞུག་པས་ཞི་བར་བྱའོ། །དེ་ལྟར་རྒྱུ་བཞི་ལས་རྩོད༷་པ༷་བྱུང༷་བར༷་གྱུར༷་པ༷་རྣམ༷ས་རྩོད༷་པ༷་ཞི༷་བར་བྱ་བའི༷་ཆོས་བདུན༷་པོ༷་འདི༷་དག་གིས་ཤེས་བྱ་རྣམ་པར་ བཞག་པའི་ཆོས༷་དང༷་། ཚུལ་ཁྲིམས་རྣམ་པར་བཞག་པས་འདུལ༷་བ༷་དང༷་། སྟོན༷་པའི༷་བསྟ༷ན་པ༷་བཞིན༷་དུ༷་ཆུང་ངུའམ་སྦྱོར་བ་ཡང་ན་གོང་གི་ཆོས་བཞིན་དུལ་བར༷་བྱ། འབྲིང་ ངམ་དངོས་གཞི་དང་འདུལ་བ་བཞིན་ཞི༷་བར༷་བྱ༷། ཆེན་པོའམ་མཇུག་གི་སྐབས་སམ་སྟོན་པའི་བསྟན་པ་བཞིན་རྣམ་པར༷་ཞི༷་བར༷་བྱའོ༷། །བཞི་པ་ནི། ཚེ༷་དང༷་ལྡན༷་པ༷་དག༷་བདག༷་གིས༷་ སྔར་བསྟན་པའི་རྩོད༷་པ༷་ཞི༷་བར༷་བྱ༷་བའི་ཆོས༷་བདུན༷་པོ༷་དག༷་བཏོན༷་ཟིན༷་ཏོ༷། །ལྔ་པ་རྣམ་བཞག་བསྒྲགས་པ་ནི། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་བཏོན་པ་དེ༷་ལ༷་བདག༷་གིས་ཚེ༷་དང༷་ལྡན༷་ པ༷་དག་ལ༷་ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ་དག༷་གམ༷་ཞེས་དྲི༷འོ༷། །ཅི༷་འདི༷་ལ༷་ཁྱེད༷་རྣམས་ཡོང༷ས་སུ༷་དག༷་གམ༷་ཞེས༷་ལན༷་གཉིས་གསུ༷མ་དུ༷་དྲི༷འོ༷། །འདི༷་ལ༷་ཚེ༷་དང༷་ལྡན༷་པ༷་དག༷་ཡོངས༷་སུ༷་ དག༷་ན༷་འདི་ལྟར༷་ཅང༷་མི༷་སྨྲ༷་བས༷་དེ༷་དེ༷་བཞིན༷་དུ༷་འཛིན༷་ཏོ༷། །གཉིས་པ་མཇུག་བསྡུ་བ་ལ་གཉིས་ཏེ། སོ་སོར་ཐར་བའི་མདོ་གདོན་པ་ལྔ་པོ་གདོན་ཟིན་པར་བསྟན་པ་དང་། ཚུལ་ཁྲིམས་ 8-1-60b ཀྱི་རྒྱུ་དང་འབྲས་བུ་ལ་ནན་ཏན་བྱ་བར་གདམས་པའོ། །དང་པོ་ནི། ཚེ༷་དང༷་ལྡ༷ན་པ༷་དག༷་བདག༷་གིས༷་སོ༷་སོ༷ར་ཐར༷་པའི༷་མདོ༷་གདོན༷་པ་ལྔ་འདོན་པའི༷་ནང་ནས་གླེང༷་གཞི༷་བཏོན༷་ཟིན༷་ཏོ༷། ། ཕམ༷་པར་གྱུར༷པའི་ཆོས༷་བཞི༷་དང་། དགེ༷་འདུན༷་ལྷག༷་མའི༷་ཆོས་བཅུ༷་གསུམ་དང༷་། མ༷་ངེས༷་པའི༷་ཆོས༷་གཉི༷ས་དང༷་། སྤང༷་བའི༷་ལྟུང༷་བྱེ༷ད་ཀྱི༷་ཆོས༷་སུམ༷་ཅུ༷་དང༷་། ལྟུང༷་བྱེ༷ད་ཀྱི༷་ ཆོས༷་དགུ༷་བཅུ༷་དང་། སོ༷་སོར༷་བཤགས༷་པར༷་བྱ༷་བའི་ཆོས༷་བཞི༷་དང༷་། བསླབ༷་པའི༷་ཆོས༷་མང༷་པོ༷་བརྒྱ་དང་བཅུ་གཉིས་དང༷་རྩོད༷་པ༷་ཞི༷་བར༷་བྱ༷་བའི༷་ཆོས༷་བདུན༷་པོ༷་དག༷་བཏོན༷་ཟིན༷་ཏོ༷། ། གཉིས་པ་ནི། བདུད་བཞི་བཅོམ་ཞིང་ལེགས་པ་དྲུག་དང་ལྡན་པའི་བཅོ༷མ་ལྡན༷་འདས༷་དེ་ཉིད་མངོན་སུམ་རྟོགས་པས༷་དེ༷་བཞིན༷་གཤེག༷ས་པ༷་ཉོན་མོངས་པའི་དགྲ་བཅོམ་ཞིང་ཆགས་བཅས་ཀྱིས་ མཆོད་པར་འོས་པས་དགྲ༷་བཅོམ་པ༷། ཇི་ལྟ་ཇི་སྙེད་མངོན་སུམ་མཁྱེན་པའི་ཡང་དག༷་པར༷་རྫོགས༷་པའི༷་སང༷ས་རྒྱས༷་དེ༷འི༷་འདུལ་བའི་མདོ༷་སྤྱིར་གཏོག༷ས་ཤིང༷་སོ་སོར་ཐར་པའི་མདོར༷་བསྡུས༷་ པ༷་ནི༷་ལྟུང་བ་སྡེ་ཚན་ལྔ་པོ་འདི༷་དག༷་གོ༷། གང༷་སྡེ་སྣོད་གཞན༷་ནས༷་འབྱུང༷་བའི༷་ཆོས༷་མྱང་འདས་ཀྱི་རྗེས་སུ་མཐུན༷་པའི༷་ཆོས༷་བསླབ་པ་གསུམ་པོ་དེ༷་ལ༷་ཡང༷་དགེ་སློང་ཁྱེད༷་རྣམ༷ས་སྦྱོར་བས་འདུན༷་ 8-1-61a པ༷་དང༷་། དངོས་གཞིས་མཐུན༷་པ༷་དང༷་། མཇུག་དགའ༷་བ༷་དང༷་མི༷་རྩོད༷་པར་འཇིག་རྟེན་དང་མི་འགལ་བར་སེམ༷ས་ཀུན༷་ཏུ༷་སྲུང༷་བ༷་དང༷་། འདུལ་བ་དང་མི་འགལ་ བར་དྲན་པ༷་དང༷་བག༷་ཡོ༷ད་པས༷་ངེས་པར་ལེགས་པའི་ལམ་ལ་རྣལ༷་འབྱོར༷་དུ༷་བྱའོ༷། །ལྔ་པ་བསྡུས་པའི་མཚན་ཉིད་ལ་བཞི་སྟེ། བདེ་གཤེགས་བདུན་གྱི་གསོ་སྦྱོང་། འཁོར་བ་སྤོང་ པ། ཚུལ་ཁྲིམས་སྲུངས་བ། དགེ་བ་བསྔོ་བའོ། །དང་པོ་ལ། སོ་སོའི་ངོ་བོ་དང་། དེ་ལ་ནན་ཏན་བྱ་བར་གདམས་པའོ། །དང་པོ་ལ་བདུན་ལས། དང་པོ་རྣམ་པར་ གཟིགས་ཀྱིས་གསོ་སྦྱོང་ནི། སངས་རྒྱས་དེ་ཡི་ཉན་ཐོས་རྣམས་ཉེས་པ་ཆུང་བར་གྱུར་ལ་འོན་ཀྱང་ཆོས་ལ་དགའ་བའི་འདོད་ཆགས་དང་ཆོས་མིན་ལ་ཞུགས་པའི་མུ་སྟེགས་ལ་ རྣམ་པར་འཚེ་བའི་ཉེས་པ་ཙམ་ཞིག་ཡོད་པ་དེ་སྤང་བའི་ཕྱིར་སངས་རྒྱས་དེའི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་བའི་མདོ་གདོན་པའི་ཚེ་གཞན་གྱི་ཉེས་པ་དང་དུ་ལེན་པའི་བཟོ༷ད་པ༷་ནི་དཀའ་ ཐུབ༷་དམ༷་པ༷་ཡིན་ཏེ་ཞེ་སྡང་སྦྱོངས་བ་དང་སྙིང་རྗེ་བསྐྱེད་པའི་ཕྱིར། དེ་ལ་སྡུག་བསྔལ་ཆོས་ཤེས་ཀྱི་བཟོ༷ད་པ༷་ནི་དེ་སྔོན་དུ་བཏང་བས་མྱ༷་ངན༷་ལས་འདས༷་པ༷་ནི་དངོས་པོ་ཀུན་གྱི་མཆོག༷་ཅེས༷་ 8-1-61b སང༷ས་རྒྱས༷་ཀྱིས་གསུང༷ས་ཏེ་གཏན་དུ་བ་ཡིན་པས་སོ། །རབ༷་ཏུ༷་བྱུང༷་བ༷་གཞན༷་ལ༷་ཡིད་ཀྱིས་གནོ༷ད་པ༷་དང༷་གཞན་ལ༷་ལུས་ངག་གིས་འཚེ༷་བ༷་ནི། དགེ༷་སྦྱོང༷་རྫོགས་པ་མ༷་ཡི༷ན་ནོ༷། ། གཉིས་པ་གཙུག་ཏོར་ཅན་གྱི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་ལ་འོན་ཀྱང་གཞན་གྱི་ཉེས་པ་སྒྲོགས་པའི་ཉེས་པ་མང་བ་ཙམ་ཞིག་ཡོད་པས་དེ་སྤང་བའི་ཕྱིར་མིག་དང་ ལྡན༷་པ་གང་འདོད་དུ་འགྲོ༷་བ༷་ཡོ༷ད་པ༷་ཡིས༷་ངམ་གྲོག་སོགས་ཉམ་ང༷་བ༷་དག༷་སྤོང་བར་བྱེད་པ་ཇི༷་བཞིན༷་དུ༷་མཁས༷་པས༷་ཀྱང་འཚོ་བའི་འཇིག༷་རྟེན༷་འདིར༷་སྡིག༷་པ༷་གང་ཡིན་པ་དག༷་ནི༷་ཡོངས༷་ སུ༷་སྤང༷་ལ། ཇི་ལྟར་ན་གཞན་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པས་སྐུར༷་པ༷་མི་གདབ༷། བརྡེག་པ་དང་། ཚིག་རྩུབ་སོགས་ཀྱིས་གནོ༷ད་པར་མི༷་བྱ༷། སོ༷་སོར༷་ཐར་པ༷་སྤོང་པ་ བདུན་གྱི་རང་བཞིན་དེའི་ཡང༷་རྒྱུད་བསྡམས༷་པ༷འམ༷་སྲུངས་པར༷་བྱའོ༷། །ལུས་ལྕི་སོགས་སུ་མི་འགྱུར༷་བས་ཟས༷་ཀྱི༷་ཚོད༷་ཀྱང་རིག༷་པར༷་བྱ། བ༷ས་མཐའི་སྟེ་དབེན་པའི་གནས་སུ༷་གན༷ས་ པར་བྱ། སྒྲིབ་པ་སྤོང་བའི་ཕྱིར་བསམ་གཏན་བཞི་དང་ཤེས་རབ་སྟེ་ལྷག༷་པའི་སེམ༷ས་ལ༷་ཡང༷་དག༷་པར་སྦྱོར༷་བ་སྟེ་རྣལ་འབྱོར་དུ་བྱ་བ་འདི་ནི༷་སངས༷་རྒྱས་ཀྱི་བསྟན༷་པ༷་ཡི༷ན་པས་སྐྱོན་ 8-1-62a སྤངས་ནས་ཡོན་ཏན་སྒྲུབ་པར་བྱ་ལ། སྐྱོན་གྱི་ཆེ་བ་སྐུར་གདབ་དང་གནོད་པ་ཡིན་པས་སྤོངས་ཞེས་པའོ། །གསུམ་པ་ཐམས་ཅད་སྐྱོབ་ཀྱི་གསོ་ སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་བར་གྱུར་ལ་འོན་ཀྱང་ཁྱིམ་པ་དང་འགྲོགས་པ་ལ་དགའ་བའི་ཉེས་པ་ཙམ་ཞིག་ཡོད་པས་དེ་སྤང་བའི་ཕྱིར་ཇི་ལྟར་སྲོག་ཆགས་ བུང༷་བ༷་དེས་མེ༷་ཏོག༷་ལ༷ས་ཁ༷་དོག༷་དང་དྲི༷་ལ༷་མི༷་གནོ༷ད་པར༷་ཁུ༷་བ༷་གཞིབ༷ས་ཏེ༷་འཕུར༷་བ༷་ལྟར༷་དེ༷་བཞི༷ན་དུ་ཐུབ་པ༷་ཉན་ཐོས་རྣམས་བསོད་སྙོམས་ཀྱི་ཕྱིར་གྲོང༷་དུ༷་རྒྱུ༷་བ་ན་ཁ་དོག་དང་དྲི་ལྟ་ བུའི་ཟས་ཙམ་ཞིག་བླངས་ནས་འགྲོ་བར་བྱའོ། །ཞེས་པའོ། །བཞི་པ་འཁོར་བ་འཇིག་གི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་བར་གྱུར་ལ་འོན་ཀྱང་གཞན་གྱི་སྐྱོན་ ཡོན་རྟོག་པའི་ཉེས་པ་ཙམ་ཞིག་ཡོད་པས་དེ་སླད་ཕྱིར་བདག༷་གི༷་རིག༷ས་པ་ལེགས་བཤད་དང་། མི༷་རིག༷ས་ལ༷་བརྟགས༷་པར༷་བྱ༷་སྟེ་གཞན༷་རྣམ༷ས་ཀྱི༷། མི༷་མཐུན༷་པ་མི་རིགས་པ༷་དང༷་། གཞན༷་དག༷་གིས༷་རྫོགས་པར་བྱས༷་པ་དང༷་། མ༷་བྱས༷་པ་རྣམ༷ས་ལ༷་བརྟགས་པ་མིན༷་ཏེ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་འབྱུང་བས་སོ། །ལྔ༷་པ༷་གསེར༷་ཐུབ༷་ཀྱི་གསོ་སྦྱོང་ནི༷། དེའི་ཉན་ 8-1-62b ཐོས་རྣམས་ཉེས་པ་ཆུང་ན་འོན་ཀྱང་སྲེད་བཅས་ཀྱི་བསམ་གཏན་བཞི་པ་སྐྱེད་པའི་ཉེས་པ་ཙམ་ཡོད་པས་དེ་སྤོང་ཕྱིར་ལྷག༷་པའི༷་སེམ༷ས་བསམ་གཏན་བཞི་པོ་དག་ལ་ཞེན་པའི་མཆོག་ འཛིན་སྤོང་ལ་བག༷་བྱ༷་སྟེ༷་མཁྱེན་ལྡན༷་ཐུབ༷་པས་གསུངས་པའི༷་ཐུག༷་བསྐྱེ༷ད་པའི་གཞི༷་འཕགས་པའི་བདེན་བཞི་རྣམ༷ས་ལ༷་བསླབ་ཅིང་ནན་ཏན་བྱ་བ་དང་། དེ་ལྟར་བསླབ་པས་ སྡུག་བསྔལ་ཉེར༷་ཞི༷་ལུས་ངག་བསྡོམས༷་པ་དང་། རྟག༷་ཏུ༷་དྲ༷ན་པ་དང་ལྡན་པ་དྲན་པ་ཉེ་བར་བཞག་པའི༷་རང་སེམས་རྗེས་སུ་སྲུང་བའམ། སྐྱོབ༷་པ༷་མྱ༷་ངན༷་མེ༷ད་པ༷་སྐྱེ་བ་ཟད་པ་མྱ་ ངན་ལས་འདས་པ་ཡི༷ན་ནོ། །དྲུག་པ་འོད་སྲུང་གི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་ལ་འོན་ཀྱང་སྦྱིན་པ་ལ་མི་དགའ་བ་ཙམ་དང་དགྲ་མང་བར་ལྟ་བ་ཙམ་ཞིག་ཡོད་ པས་དེ་སྤང་བའི་ཕྱིར་སྦྱིན༷་པ༷ས་ལོངས་སྤྱོད་ཅན་གྱི་འཁོར་བར་བདེ་བའི་བསོ༷ད་ནམས༷་རབ༷་ཏུ༷་འཕེལ༷་བར་འགྱུར་ལ་ཚུལ་ཁྲིམས་ཀྱིས་ལེགས་པར་བསྡམ༷ས་ན་དགྲ༷་ཡི་རྒྱུ་གསོད་རྐུ་སོག༷ས་ མི་འགྱུར༷་རོ༷། །བསམ་གཏན་གྱི་དགེ༷་བ་དང༷་ལྡན༷་པ༷ས་ཁྲོ་སོགས་སྡིག་པ༷་རྣམ་པར་སྨིན་པ་ཡིད་དུ་མི་འོང་བར་འགྱུར་བ་དག་ཡོངས་སུ་སྤོང༷་ཞིང་ཟག་མེད་ཀྱིས་ཉོ༷ན་མོང༷ས་ཟ༷ད་པས༷་ལྷག་ 8-1-63a བཅས་དང་ལྷག་མེད་ཀྱི་མྱ༷་ངན༷་ལས་འདའ༷་བ་ཐོབ་པར་འགྱུར་རོ། །རང་བཞེད་བསོད་ནམས་གསུམ་པོ་རིམ་པས་མཆོག་དང་ཐམས་ཅད་ཀྱི་གོང་ན་མེད་པ་ཟག་ མེད་ཡིན་ཞེས་བསྟན་པས་ཡོད་སྙམ། བདུན་པ་ཤཱཀ་ཐུབ་གསོ་སྦྱོང་ནི། ལོ་བཅུ་གཉིས་པར་བསྟན་པ་སྐྱོན་མེད་དུ་གནས་དུས་ཟླ་ཕྱེད་གསོ་སྦྱོང་འདོན་པའི་ཚེ་སྡིག༷་པ༷་ཅི༷་ཡང༷་མི༷་ བྱ༷་སྟེ་ཞེས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དགེ༷་བ༷་ཕུན༷་སུམ༷་ཚོག༷ས་པར༷་སྤྱད༷་ཅེས་ཤེས་རབ་ཀྱི་བསླབ་པ་དང་། རང༷་གི༷་སེམ༷ས་ནི༷་ཡོང༷ས་སུ༷་གདུལ༷། ཞེས་ལྷག་པ་ སེམས་ཀྱི་བསླབ་པ་བསྟན་ཏེ་གསུམ་པོ་འདི༷་ནི༷་སང༷ས་རྒྱས༷་བཅོམ་ལྡན་འདས་ཀྱི་བསྟན༷་པ༷་ཡི༷ན་ནོ༷། །ལུས༷་ཀྱི༷་སྡོམ༷་པ༷་ལེག༷ས་པ༷་སྟེ༷། །ངག༷་གི༷་སྡོམ༷་པ༷་ཡང༷་ལེག༷ས་པ༷་ཡི༷ན། ། ཡི༷ད་ཀྱི༷་སྡོམ༷་པ༷་ལེག༷ས་པ༷་སྟེ༷། སྒོ་གསུམ་པའམ། ཐམ༷ས་ཅ༷ད་དུ༷་ནི༷་སྡོམ༷་པ༷་ལེགས༷། །ཀུན༷་ཏུ་བསྡམ༷ས་པའི་དགེ༷་སློང༷་ནི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའོ། །སྡུག༷་ བསྔལ༷་ཀུན༷་ལ༷ས་རབ༷་ཏུ་གྲོལ༷་བ༷་ནི། ཚུལ་ཁྲིམས་ཀྱིས་འབྲས་བུ་ཡིན་ནོ། །ཇི་ལྟར་གྲོལ་ན། ངག༷་རྣམ༷ས་སྲུང༷ས་ཞིང༷་ཡི༷ད་ཀྱིས༷་རབ༷་བསྡམ༷ས་ཏེ༷། །ལུས༷་ཀྱི༷་མི༷་དགེ༷་བ༷་དག༷་མི༷་ 8-1-63b བྱེད་ཅིང་། སྒོ་གསུམ་གྱི་ལ༷ས་ལམ༷་གསུམ་པོ༷་འདི༷་དག༷་རབ༷་ཏུ་སྤྱད༷་ན༷་དྲང༷་སྲོང༷་མཆོག་གི་གསུ༷ངས་པའི་ཟག་མེད་ཀྱི་ལམ༷་ནི༷་ཐོབ༷་པར༷་འགྱུར་རོ། །གཉིས་པ་དེ་ལ་ ནན་ཏན་བྱ་བར་གདམས་པ་ནི། སངས༷་རྒྱས་རྣམ༷་གཟིག༷ས་དང༷་གཙུག༷་ཏོར༷་ཅན་དང་ཐམས་ཅ༷ད་སྐྱོབ༷་དང་འཁོར༷་བ༷་འཇིག༷་དང༷་གསེར༷་ཐུབ༷་དང་འོ༷ད་སྲུང༷་དང༷་ཤཱ༷ཀྱ༷་ཐུབ༷་པ༷་དྲང་སྲོང་གཽ༷འུ་ཏ༷་ མའི༷་གདུང༷་ལྷས་ཕྱག་བྱས་པས་ལྷ༷་ཡི༷་ལྷ༷་མི༷་སོགས་གདུལ་བྱ་འདུལ་ཞིང་སྐྱེས་བུ་རྟ་ལྟ་བུ་དག་ཕྱིན་ཅི་མ་ལོག་པར་ཁ༷་ལོ་སྒྱུར༷་བ༷་བླ༷་ན༷་མེ༷ད་པ་འཇིག༷་རྟེན༷་སྲིད་པ་གསུམ་གྱི་མགོན༷་པོ༷་ གདུལ་བྱ་དུས་ལས་ཡོལ་མེད་དུ་སྐྱོབ༷་པ༷་བླ་ན་མེད་པའི་མཁྱེན་པ་དང་ལྡན་པའི་མཆོག༷་སངས༷་རྒྱས༷་ཡེ་ཤེས་སོགས་འགྲོ་བ་ཐམས་ཅད་པས་དཔའ༷་བོ༷་བདུན༷་པོ༷་དག༷་སྙན་པའི་ གྲག༷ས་པ་དང་ལྡན༷་པ་རྣམ༷ས་ཀྱི༷་སོ༷་སོར༷་ཐར༷་པ་འདི༷་ནི༷་དུས་དང་པོར་བྱ་བ་དང་གསོལ་བ་བྱས་ནས་གདམས་པ་ལྔ་པོ་དག་རབ༷་ཏུ༷་རྒྱས༷་པར༷་བཏོན༷་པ་འདི༷་ལ༷ས་སངས་རྒྱས༷་རྣམ༷ས་ དང༷་གང༷་སངས༷་རྒྱས༷་དེའི་ཉན༷་ཐོས༷་རྣམ༷ས་ཀྱང༷་ཆོས་འདུལ་བ་འདི་ལ་གུས༷་པས་སོ་ཐར་འདི༷་ལ༷་གུས༷་པ༷་དང་བཅས༷་པར་གྱུར༷་པས་འདུས༷་མ༷་བྱས༷་པ༷་མྱ་ངན་ལས་འདས་པ་ཐོབ༷་པར༷་ 8-1-64a གྱིས༷་ཤིག །གཉིས་པ་འཁོར་བ་སྤོང་བ་ནི། བརྩོན་འགྲུས་ཀྱིས་བརྩམ༷་པར༷་བྱ༷་ཞིང༷་འཁོར་བ་ལས་ངེས་པར་འབྱུང་བར༷་བྱ༷་བའི་ཕྱིར་དབེན་པར་སོང་ཞིག ། སངས༷་རྒྱས༷་ཀྱི་བསྟན༷་པ་བདེན་པ་བཞི་ལ༷་བརྩོན་པས་འཇུག༷་པར་བྱའོ། །འདམ༷་བུའི༷་ཁྱིམ༷་ན༷་གླང༷་ཆེན༷་རྒྱུ་བས་འཇོམས་པ་བཞིན༷་དུ་འཆི༷་བདག༷་གི་སྡེ༷་སྲེད་པ་ལ་སོགས་པ་ནི༷་གཞོམ༷ས་ ཏེ་འབྱིན་པར༷་བྱའོ༷། །གང༷་ཞིག༷་རབ༷་ཏུ༷་བག་མེད་སྤངས་ཏེ་བག༷་ཡོ༷ད་པར༷་འཕགས་ལམ་བརྒྱད་ཀྱིས་བསྡུས་པའི་ཆོས༷་འདུལ༷་བ་ཡང་དག་པར་སྒྲུབ་པ་འདི༷་ལ༷། རྗེས་སུ་སྒྲུབ་པས་ སྤྱོད་པར་འགྱུར༷་བ༷་དེ་ནི་འཁོར་བའི་སྡུག་བསྔལ་གྱི་རྩ་བ་སྐྱེ་བའི༷་འཁོར༷་བ༷་རབ༷་ཏུ་སྤང༷ས་ནས༷་ཏེ་གཏན་དུ་སྤངས་ནས་སྐྱེ་སོགས་སྡུག༷་བསྔལ༷་ཐ༷་མར༷་རྒྱུན་གཅོད་པར་བྱེ༷ད་པར༷་འགྱུར༷་རོ། ། གསུམ་པ་ཚུལ་ཁྲིམས་བསྲུང་བ་ནི། ཕན༷་ཚུན༷་གཅིག་ལ་གཅིག་འདོམས་ཤིང་ལྟུང་བ་ལས་སློང་བས་ཚུལ་ཁྲིམས་བསྲུང༷་བ༷་དང༷་། བསྟ༷ན་པ༷་དང་འཁོར་རྣམ་བཞི་འཕེལ༷་ཞིང་གནས་ པར༷་བྱ༷་བའི༷་ཕྱིར༷་སོ༷་སོ༷ར་ཐར་པའི་མདོ་གདོན་པ་ལྔ་པོ་འདི༷་བཏོན༷་པའི༷་སྒོ་ནས༷་དགེ༷་འདུན༷་གྱིས༷་ནི༷་ཞི་མཐུན་གྱི་གསོ་སྦྱོང་ལས་འདིར་ནི་མཐུན་པའི་གསོ༷་སྦྱོང༷་བྱས༷་སོ། །ཚུལ་ 8-1-64b ཁྲིམས་བསྲུང༷་བ་སོགས་གང༷་གི༷་ཕྱིར༷་ནི༷་མདོ༷་བཏོན༷་པ་དང༷་། ཚུལ་ཁྲིམས་སོགས་གང༷་གི༷་ཕྱིར༷་མཐུན་པའི་གསོ༷་སྦྱོང༷་བྱས༷་པར་གྱུར༷་པའི། ཚུལ༷་ཁྲིམ༷ས་དེ༷་ནི༷་བསྲུང༷་བར་བྱ༷་སྟེ་ཇི་ལྟར་ བསིལ་རུམ་གངས་ཁྲོད་ན་གནས་པའི་གཡག༷་རྒོད་རྔ༷་མ་ལ་བག་ཡོད་པས་སྲུངས་བ་རྔ་མ་ཝ་མཇུག་ལྟར་མི་བརྐྱང་བའི་རྩེ༷་མོ༷་ལྡང་དུ་གཟེར་ཏེ་འགྲོ་བ་ཇི༷་ལྟ་བ་དེ་བཞིན༷་ནོ༷། །བཞི་པ་དགེ་ བ་བསྔོ་བ་ནི། སོ༷་སོ༷ར་ཐ༷ར་པ༷་འདི༷་བཏོན༷་པ༷་ཡི༷་བསོ༷ད་ནམ༷ས་གྲུབ༷་པ༷་གང༷་ཡོ༷ད་པ༷་དེ༷ས་ནི༷་འཇིག༷་རྟེ༷ན་མ༷་ལུས༷་པ༷་ཐམས་ཅད་ཐུབ༷་པའི་དབ༷ང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ༷་འཕང༷་ཐོབ༷་ པར༷་ཤོག༷་ཅིག །ཅེས་པའོ། །བཞི་པ་མཇུག་གི་དོན་ལ། དངོས་དང་། བསྒྱུར་བྱང་ངོ་། དང་པོ་ནི། སོ༷་སོར༷་ཐར༷་པའི༷་མདོ༷་རྫོག༷ས་སོ། །གཉིས་པ་ནི། དབ༷ང་ཕྱུག༷་ དམ༷་པའི༷་མངའ༷་བདག༷་དཔ༷ལ་ལྷ༷་བཙན༷་པོ༷འི་བཀའ༷་ལུང༷་གིས༷་འཕག༷ས་པ༷་གཞི༷་ཐམ༷ས་ཅ༷ད་ཡོ༷ད་པར༷་སྨྲ༷་བའི༷་འདུལ༷་བ༷་འཛིན༷་པ༷་སློབ༷་དཔོན༷་ཛི༷་ན༷་མུ༷་ཏྲ༷་སྟེ་རྒྱལ་བའི་བཤེས་གཉེན་དང༷་། བོད་ཀྱི་ཞུས༷་ཆེན༷་གྱི༷་ལོ༷་ཙ༷་བ༷་དགེ་སློང་བ༷ནྡྷེ་ཅོག་རོ་ཀླུའི༷་རྒྱལ༷་མཚ༷ན་གྱིས་བསྒྱུར༷་ཅིང༷་ཞུས༷་ཆེན༷་བགྱིས༷་ཏེ༷་གཏ༷ན་ལ༷་ཕ༷བ་པའོ༷།། །།སླར་སྨྲས་པ། ཀུན་མཁྱེན་སྨྲ་བའི་སེངྒེ་ 8-1-65a མི་ཕམ་རྗེའི། །ལེགས་གསུངས་མཆན་འགྲེལ་ངེས་ལེགས་ཐེམ་སྐས་འདི། །བློ་གསལ་ཉུང་ངུར་འཆད་ལ་དགའ་བ་རྣམས། །འཇུག་ཕྱིར་ དད་བརྩོན་དྲག་པོས་ལེགས་པར་བསྡེབས། །དེ་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་པ། །ཐུབ་པའི་བསྟན་པ་རྒྱས་ཕྱིར་ཡོངས་སུ་བསྔོ། །བསྟན་པའི་རྩ་བ་དམ་ཆོས་ འདུལ་བའི་སྡེ། །ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་རྒྱས་ཤོག །ཅེས་པའང་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་མཆན་ཉམས་མེད་ཀཿཐོག་མཁན་ལེགས་པར་བཤད་ པའི་འབྱོར་ལྡན་དང་། ནུས་ལྡན་རྣམ་གཉིས་ནས་ཞལ་བཤུས་དཀྱུས་སུ་འཛུད་པར་གྲུབ་པའི་ཚེ་མགོ་བཤམས་རྣམས་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །།༈ ཨོཾ་སྭ་སྟི། ༡ ཐུབ་དབང་ཉི་མ་ཤཱཀྱ་སེངྒེ་ཡི། །བསྟན་པའི་གཞི་མ་ཆོས་འདུལ་རིན་པོ་ཆེ། །འདི་ཡོད་པས་ན་ཐར་པ་བདེ་བླག་རྙེད། །ཡོན་ཏན་རྒྱ་མཚོ་ཀུན་གྱི་གཞི་རྟེན་ལགས། ༢ །འདུལ་ལུང་སྡེ་བཞིའི་རྩ་བ་ སོ་སོར་ཐར། །སྟོན་པའི་རྒྱལ་ཚབ་ཉིད་དུ་བདེན་སྨྲའི་སྒྲས། །བཀའ་སྩལ་སྡེ་པ་ཀུན་གྱི་གཙུག་གི་ནོར། །འདི་འཛིན་པ་དེ་དགྲ་བཅོམ་གནས་བརྟན་དངོས། ༣ །འཕགས་ཡུལ་དགོངས་ 8-1-65b འགྲེལ་ཡོན་ཤཱཀ་རྣམ་གཉིས་ཞེས། །ཉི་ཟླ་ལྟར་བསྔགས་སློབ་དཔོན་གུ་ཎ་ཡི། །བསྟན་བཅོས་མདོ་རྩ་རྣམ་པར་བཀྲལ་བའི་མཆན། །མི་ཕམ་བློ་གྲོས་དྲི་མ་མེད་པའི་གསུངས། ༤ །རྫོགས་ལྡན་ ཆོས་སྦྱིན་སྤར་གྱི་འཕྲུལ་ཆེན་འདི། །དཔལ་ཡུལ་གྲུབ་དབང་པདྨའི་མཚན་འཆང་བས། །ཐུགས་བསྐྱེད་ཀཱ་མ་ལ་ལྟར་དཀར་བས་བཞེངས། །ལེགས་བྱས་ལྷ་ལམ་ཡངས་པའི་རྗེས་སུ་འགྲོ། ༥ །འདི་ མཐུས་བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན། །བསྟན་པའི་ཆོས་འདུལ་སྲིད་མཐའི་བར་དུ་གནས། །རྣམ་དག་ཚུལ་ཁྲིམས་གཙང་མའི་གོས་འཆང་བས། །འཛམ་གླིང་ཀུན་ཏུ་ཁྱབ་ཅིང་རྒྱས་ པར་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདིའང་བླ་མ་ཞིང་སྐྱོང་ནས་བསྐུལ་ངོར་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཆ་ཤས་ཐོབ་པ་བློ་གྲོས་རྒྱ་མཚོས་སྨྲས་པ་སརྦ་དཱ་མངྒ་ལཾ།། །། 8-2-1a ༄༅། །ཨོཾ་སྭ་སྟི། སློབ་དཔོན་ཆེན་པོ་རྡོ་རྗེ་གདན་པ་ཇོ་བོ་པུཎྱེ་ཤྲིས་མཛད་པའི་དགེ་བསྙེན་སྡོམ་པའི་རྣམ་པར་བཞག་པ་ཚིགས་སུ་བཅད་པ་བརྒྱད་པ་འདི་འཆད་པ་ལ་བཞི། མཚན་གྱི་ དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ཏོ། །དང་པོ་ནི། རྒྱ༷་ག༷ར་སྐ༷ད་དུ༷། ཨུ༷་པ༷་སཱི༷་ཀ༷་དགེ་བསྙེན་གྱི་ས༷མྦ༷་སྡོམ་པ་ཨཱ༷ཥྚ༷ཀ༷་བརྒྱད་པ། བོ༷ད་སྐ༷ད་དུ༷། དགེ༷་བསྙེ༷ན་གྱི༷་ སྡོ༷མ་པ༷་བརྒྱ༷ད་པ༷། གཉིས་པ་ནི། ས༷ངས་རྒྱས༷་ད༷ང་བྱང༷་ཆུབ༷་སེ༷མས་དཔ༷འ་ཐ༷མས་ཅ༷ད་ལ༷་ཕྱག་འཚ༷ལ་ལོ༷། །གསུམ་པ་ལ་བཞི། དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་བླང་བའི་ཚུལ། འཕྲོས་ དོན་དང་བཅས་པ་ནི། བླང་ཡུལ་ནི་སྡོ༷མ་གན༷ས་བླ་མ་སྡོམ་པ་སྟེར་བ་ལ་མཁ༷ས་པ༷་ལ༷ས། སྡོམ་པ་ཐམས་ཅད་ཀྱི་སྒོ་དཀོན་མཆོག་གསུ༷མ་ལ༷་སྐྱབ༷ས་འགྲོ༷་བླང༷ས་ན༷ས་ནི༷། དུས་ནི་སྲོག་གི་མཐའ་ སྟེ་ཇི༷་སྲི༷ད་འཚོ༷་ཡི་བ༷ར་དུ་འདུ་ཤེས་མ་འཁྲུལ་བས་ཆེད་དུ་བསམ་སྟེ། གསོ༷ད་པ་ད༷ང་དངོས་སམ་ལྐོག་ཏུ་གཞན་ཡོ་བྱད་འཕྲོ༷ག་པ་དང་། བགྲོད་བྱ་ཡན་ལག་ཡུལ་དུས་མིན་པར་འདོད་པས་ལོ༷ག་པ༷ར་ སྤྱོ༷ད་ད༷ང་ངག་གི་བརྫུ༷ན་གྱི༷་ཚི༷ག་སྨྲ་བ་དང་། མྱོས་བྱེད་ཆ༷ང་གི༷་བཏུང༷་བ༷་ད༷ག་ལ༷ས་ལྡོ༷ག་པར་བྱེད་པའི་བསླབ་པའི་ཡ༷ན་ལ༷ག་ལྔ་པོ་ཚ༷ང་པ་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དག་གསོལ་གདབ་ནས་ 8-2-1b སྐྱབས་འགྲོ་བསླབ་པ་ཁ༷ས་ལེན་ཏེ་ཆོ༷་ག༷་བཞིན་དུ་བླང་བར་བྱས་ཟིན་ནས། དེ་ཡང་ངག་གི་བརྫུ༷ན་གྱི༷་ཚི༷ག་ལ༷ས་ལྡོ༷ག་པ༷་ཡི༷ས་མཚོན་ནས། ངག་དེ༷་ཡི༷་སྐྱོན༷་ནི༷་གཞན་ཕྲ་མ་ཚིག་རྩུབ། ངག་རྐྱལ་ལ༷ས་ ཀྱང༷་། ལྡོག༷་པར་བྱས༷་པ་ཤེས་པར་བྱས་ཏེ་སྐ༷བས་འདིར་ལྡོག་པར་བཤ༷ད་པ༷ས་རྫུན་ཁོ་ན་སྨོས་པ་ནི། རྫུན་ཞེས་པ་དེ༷་ཡ༷ང་ཤི༷ན་ཏུ༷་སྨད༷་པ༷འི་ཕྱིར་དེ་གཙོ་བོར་བཟུང་ངོ་། །ག༷ང་ཕྱིར༷་དེ་ལྟར་ལུ༷ས་ད༷ག་གི་མི༷་ དགེ༷་བ་བདུན་ལ༷ས། ཡང་དག་པར་ལྡོག༷་པ༷་ན་ཆགས་སྡང་རྨོངས་མེད་ཡི༷ད་ཀྱིས༷་དགེ༷་བ༷འི་ལ༷ས་ཡིན་ནོ། །ཡིད་དགེ་བ་དང་ལྡན་པ་དེ༷་ཕྱིར་དགེ་སེམས་དེའི་འགལ་ཟླ་བརྣ༷བ་སེ༷མས་གནོ༷ད་པ༷འི་སེ༷མས་དང་། ཐམས་ཅད་ཀྱི་སྒོ་ནས་ལས་འབྲས་ཡིད་ཆེས་པས་ལོག་པར་ལྟ་བ་ལ༷ས་ལྡོག༷་པ་རྣ༷མས་ཀྱང་དོན་གྱིས་གྲུབ༷་པ༷་ཡི༷ན་ནོ། །དེ་ལྟ་ན་མི་དགེ་བ་བཅུ་དང་ཆང་དང་བཅུ་གཅིག་སྤོང་བར་འགྱུར་ན་དགེ་བསྙེན་གྱི་བསླབ་ གཞི་ཡན་ལག་ལྔར་ཅིའི་ཕྱིར་བསྟན་ནམ་སྙམ་ན་ཡ༷ན་ལ༷ག་ལྔ༷་ཡི༷་སྡོམ༷་པ་ཙམ་དུ་བཅོམ་ལྡན་འདས་ཀྱིས་བཤ༷ད་པ་ཉི༷ད། ཉུང་བས་བློ་ཆུང་བ་རྣམས་བསླབ་པ་ལ་མི་སྐྲག་པར་སྡོམ་པར་ལ་གཞུག༷་པ༷་རུ༷་ནི༷་ འདོ༷ད་པ༷ས་སོ༷། །དེ་ཡང་དོན་གྱི་མི་དགེ་བ་གཞན་ལས་ཀྱང་རིམ་པས་ལྡོག་པར་དགོངས་སོ། །གཉིས་པ་བར་དུ་མི་ཉམས་པར་བསྲུང་བའི་ཐབས་ལྟུང་བའི་དངོས་གཞི་བསྟན་པ་ནི། ལྟོ་ན་གནས་པའམ་ 8-2-2a བཙས་ཟིན་པའི་མི་སྲོག་གི་འཚོ་བ་བསྟུང་སྟེ་གསོ༷ད་པ་དང་མིའི་བདག་བཟུང་གི་དངོས་པོ་རྐུ། ཞིང་དེ་ཡང་མ་ཤ་ཀ་ལྔ་ཙམ་གྱི་རིན་ཐང་ཡོངས་སུ་རྫོགས་དང་གཞ༷ན་གྱི་བུད་མེད་ སྟོབས་ཀྱིས་སམ་དེ་འདོད་པས་ཁས་ལེན་པ་བདག་གིར་བྱེད་ཅིང་འཁྲིག་པ་དང་མི་ཆོས་བླ་མའི་བརྫུ༷ན་ཚིག་སྨྲ༷་བ་སྟེ་གང་རུང་བྱུང་ན། སྡོམ་པ་རྩ་བ་ནས་ཉམ༷ས་པའི་རྒྱུ༷་རྣམས་སོ། །གསུམ་པ་ཉམས་ན་ ཕྱིར་བཅོས་པ་ནི། དེ་ལྟ་བུ་བྱུང་ན་སྡོམ༷་པ༷་སླར་ཡང་བླངས་བར་བྱ་སྟེ་དེ་ཡང་སུ་ལས་ལེན་ན་སྔར་བཤད་པ་དེ༷་འདྲ༷འི་གང་ཟག་ཉིད་ལ༷ས་བླང་གི་བྱང་སེམས་ཀྱི་སྡོམ་པ་བཞིན་དུ་རང་གི་བླང་ནས་མི་ཐོབས་སོ། ། ཕས་ཕམ་ལས་གཞ༷ན་ད༷ག་བྱུང་ན་ལྟུང་བ་ཤེས་ནས་མཐོང་སྡོམ་གྱི་ཆོ་ག་ཇི་ལྟ་བར་ནི་བཤགས། དེ་ཡང་བཤགས་ཡུལ་སྡོམ་ལྡན་མཁ༷ས་པ༷་ལ་གང་ཡང་རུང་བ་ཡན་ལག་མ་ཚང་བ་རྣ༷མས་ཡང་བ་ལ༷་ཡིད་ ཀྱིས་ཕྱིན་ཆད་མི་བགྱིད་པར་ཡ༷ང་དག་པར་བསྡོ༷མ། བཞི་པ་བསྲུང་ཚུལ་ཕན་ཡོན་དང་བཅས་པ་མཇུག་བསྡུ་བ་ནི། བཤད་མ་ཐག་པ་འདི༷་ལྟར་སྤང་བྱ་ལས་ལྡོག་པ་སྡོམ་པའི༷་ཚུལ་ཁྲི༷མས་ལ་ཡང་དག་ པར་གན༷ས་ནས་ཐོས་བསམ་སོགས་ཀྱི་སྦྱིན་སོགས་ཀྱི་དངོས་པོར་འཇུ༷ག་པ༷་ལ༷་ཡང་རང་ནུས་སམ་སྟོབས་ཇི༷་ལྟར་ཡོད་པས། གུ༷ས་པར་བྱས་ཏེ་དེ་ལྟ་ན་ཚུལ་ཁྲིམས་གཉིས་པོ་དེ་ལ་ཞུགས་པའམ་དེ༷འི་སྦྱོར་ 8-2-2b བ༷ས། གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་འབྲ༷ས་བུ༷་སྣ་ཚོ༷གས་པ་དེས་ནི་སྟེར་བ་དེའི་ཕྱིར་ཚུལ་ཁྲིམས་འདི་ལ༷་འབ༷ད་དེ༷་རང་ཉམས་སུ་ཇི་ལྟར་ནུས་པ་བརྩོན་པའ༷མ་སྦྱར༷་བ༷་བྱ༷འོ། །ཐར་པ་ཕར་ཞོག་ བདེ་འགྲོ༷་ཡ༷ང་ནི༷་འདོད་པ༷་ཡི༷ས་ཀྱང་ཚུལ་ཁྲིམས་འདི་ལ་འབད་དེ་སྦྱར་བར་བྱ་དགོས་ཏེ། རྒྱུ་མཚན་དཔེར་ན། ཁྲེ༷་ཡི༷་མྱུ༷་གུ༷འི་རྒྱུ༷་ལ༷ས་ནི༷། འབྲས་ས༷་ལུའི་འབྲས་བུ༷་འགྱུར་བ་ཡུལ་དུས་ག༷ང་དུ༷་མི༷་མཐོང་ བ་དེ་བཞིན་དུ་ཚུལ་ལྡན་ལ་ངན་འགྲོ་དང་ཚུལ་འཆལ་ལ་བདེ་འགྲོ་ཡང་དེ་དང་འདྲའོ་ཞེས་དོན་གྱིས་གོའོ། །བཞི་བ་མཇུག་གི་དོན་ནི། དགེ༷་བསྙེན་གྱི༷་སྡོམ༷་པ་ཚིགས་སུ་བཅད་པ་བརྒྱ༷ད་པ༷། ཞེས་པ་ སློ༷བ་དཔོན་ཆེན༷་པོ༷་པུ༷ཎྱེ་ཤྲཱིས༷་མཛ༷ད་པ༷་རྫོ༷གས་སོ༷། །རྒྱ༷་ག༷ར་གྱི༷་མཁ༷ན་པོ་དེ༷་ཉི༷ད་དང་། ལོ༷་ཙཱ༷་བ༷་དགེ༷་སློང༷་ད༷ར་མ་གྲ༷གས་ཀྱིས་བསྒྱུར་བའོ། །འདིའི་འགྲེལ་པའང་འདི་ཉིད་ཀྱིས་མཛད་པ་ཡོད། ཅེས་མཆན་ འགྲེལ་ཉུང་ངུ་རྒྱ་གཞུང་རང་འགྲེལ་གྱི་དགོངས་པ་ཁོ་ནར་མ་ནོར་བ། མཁན་པྲཛྙཱ་ཀཱིརྟིའི་གསུངས་ངོར་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ ། 8-3-1a ཚུལ་ཁྲིམས་ཡང་དག་པ་ལྡན་པའི་མདོ་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་དང་བཞི། དང་པོ་རྒྱ་གར་སྐད། གཉིས་པ་ཐམས་ཅད་མཁྱེན་པ། གསུམ་པ་ལ་མདོའི་རྒྱུ་གླེང་གཞི་གླེང་སློང་དང་། མདོ་ཡི་དངོས་བཤད་པ་གཉིས། དང་པོ་འདི་སྐད་བདག་གིས་ཐོས་པ་ནས། གཉིས་པ་ ལ་ཚུལ་ཁྲིམས་བསྲུང་དགོས་པར་མདོར་བསྟན། དེའི་ཚུལ་རྒྱས་པར་བཤད། བསྲུང་བའི་ཐབས་བསྟན་ཏེ་དོན་བསྡུ་བའོ། །དང་པོ། དགེ་སློང་དག༴ གཉིས་པ་ལ། བསྲུང་བའི་ཕན་ཡོན་ལ་བསམས་པ་དང་། མ་བསྲུང་བའི་སྐྱོན་བསམ་སྟེ་བསྲུང་བ་གཉིས། དང་པོ། དེ་ཕྱིར། གཉིས་པ། ཇི་ལྟར་མིག །གསུམ་པ། བུད་མེད་ བསྟེན་དུ༴ བཞི་པ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས། ཞེས་སོ། །ནང་གསེས་ཤིན་ཏུ་ཡོད་ཀྱང་། སྤྱི་བབ་འདི་འདྲ་ལེགས་སོ་ཤུ་བྷམ། མི་ཕམ་པས་སོ། །མངྒ་ལམ།། 8-3-1b empty page 8-4-1a ༄༅༅། །སྡོམ་གསུམ་ངོ་བོ་གཅིག་ཏུ་སྒྲུབ་པ་བཞུགས། འདི་ན་ཁ་ཅིག་སྡོམ་གསུམ་ཐ་དད་ཡིན་ནོ་ཞེས། རང་ཕྱོགས་ལ་ཞེན་འཁྲིས་ཁོ་ནས་གོ་བའི་གནད་མ་སློང་བར་ཅ་ཅོ་མང་ཞིག་སྨྲ་སྟེ་ཁྱེད་རྙིང་ལུགས་ ལ་སྡོམ་གསུམ་ངོ་བོ་གནས་འགྱུར་དུ་འདོད་པ་མི་འཐད་དེ། འཐད་ན་སོ་ཐར་སོགས་སྔགས་སུ་འགྱུར་ཚེ། འོག་མ་འོག་མ་བཏང་ནས་འགྱུར་རམ་མ་བཏང་ནས་ འགྱུར། དང་པོ་ལྟར་ན་སུམ་ལྡན་རྡོ་རྗེ་འཛིན་པ་མི་འཐད་དེ། སུམ་ལྡན་རྡོ་རྗེ་འཛིན་པ་ཆོས་ཅན། གསུམ་ལྡན་མ་ཡིན་པར་ཐལ། སོ་ཐར་བཏང་ཟིན་ པའི་ཕྱིར། སོ་ཐར་བཏང་ཟིན་ཏེ། བཏང་ནས་སྔགས་སུ་གནས་འགྱུར་བས་སོ་ཟེར་ཞིང་། ༈ གཉིས་པ་ལྟར་ན་སོ་ཐར་རང་གི་ངོ་བོ་མ་བཏང་བར་གནས་ 8-4-1b འགྱུར་མི་སྲིད་དེ་སོ་ཐར་སྡོམ་པ་ཆོས་ཅན། ངོ་བོ་གནས་མ་འགྱུར་བར་ཐལ། རང་གི་ངོ་བོ་མ་བཏང་བས་སོ། །རང་གི་ངོ་བོ་མ་བཏང་ན་གཞན་དུ་འགྱུར་མི་སྲིད་པས་སོ། །ཟེར་ཏེ་གཏན་ཚིགས་ཆེན་ པོར་རློམས་ནས་མགྲིན་པ་གཟེངས་བསྟོད་དེ་སྨྲ་ཞིང་། ཡི་གེར་བཀོད་པ་མཛད་ན་ཡང་། འདིར་རང་གི་བློ་ཉམས་མྱོང་གི་གོ་བབ་དང་བསྟུན་ནས་བཤད་ན་འདི་ལྟ་སྟེ། རྒྱུ་མཚན་གསུམ་གྱིས་བཤད་ པར་བྱའོ། ། ༈ དེ་ལ་རང་ལུགས་བཞག་པ། ངེས་བཟུང་གི་འགལ་ཟླ་དགག་པ། མཐར་ཐུག་ཤིང་རྟ་ཆེན་པོ་དག་གི་དགོངས་པ་གཅིག་ཏུ་བསྒྲུབ་པ་དང་གསུམ་ལས། དང་པོ་ལའང་ དངོས་དང་རྩོད་སྤང་ངོ་། །དང་པོ་རིང་ལུགས་ཀུན་མཁྱེན་ངག་གི་དབང་པོ་ཡབ་སྲས་ཀྱི་བཞེད་པ་ལྟར། སྡོམ་གསུམ་ངོ་བོ་གནས་འགྱུར། རང་ལྡོག་མ་འདྲེས་པ་འདི་འདོད་དོ། །དེ་ཡང་ རྒྱལ་བའི་དགོངས་པ་ལས་རང་བཟོ་མ་ཡིན་ཏེ། འབུམ་ཕྲག་ལྔ་པ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པའི་རྒྱུད་ཀྱི་ལུང་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཅིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། ། གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ 8-4-2a ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་པས་སོ། ། ༈ གཉིས་པ་དེ་ལ་རྩོད་སྤོང་ནི། དེ་ལ་ཁྱེད་ཀྱི་བཏང་ངམ་མ་བཏང་གི་དགག་མཚམས་འདི་རྩེ་མོ་ཤེས་ ཀྱང་རྩ་བ་མ་ཤེས་པའམ། མདའ་འགེངས་ཤེས་ཀྱང་འཕེན་ས་མ་ཤེས་པ་དང་འདྲ་སྟེ། བློ་རྣོ་ཡང་རྒྱ་ཆུང་ངོ་ཞེས། རང་ཕྱོགས་ཞེན་མིན་པར་དྲང་པོའི་གོ་བབ་ལ་འདི་ལྟར་ཤར་ཏེ། སྡོམ་པ་ གསུམ་ཞེས་པ་སྤྱིར་གྱིས་ཉོན་མོངས་པས་མི་འཆིང་བའི་གནད་ལ་བསྲུང་བྱའི་ངོ་བོ་མཚུངས་པ་སྟེ། རྒྱལ་བའི་བཀའ་ཐམས་ཅད་སྲིད་རྩ་གཅོད་ཅིང་། མྱང་འདས་སྒྲུབ་པར་མཐུན་ཕྱིར། བྱམས་པས། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། ཞེས་སོགས་གསུངས་ཤིང་དངོས་སྟོབས་རིགས་པས་ཀྱང་འགྲུབ་པ་ཡིན་ན་རང་གི་ངོ་བོ་མི་འགྱུར་བ་རྟག་བརྟན་ཐེར་ཟུག་ཏུ་མེད་པ་ཤེས་ དགོས་སོ། ། དེ་ལྟར་སོ་བྱང་སྔགས་གསུམ་ནི། སྤོང་བསྒྱུར་ལམ་དུ་བྱེད་པ་ལས། ཉོན་མོངས་དབང་གིས་མི་འཆིང་བའི་གནད་ལ་མཐུན་ཏེ། དཔེར་ན་དུག་མ་ཟོས་པའམ། རིག་སྔགས་ཀྱིས་ཟོས་ པ་དང་། སྨན་དུ་བསྒྱུར་བ་ལྟར། དེ་གསུམ་དུག་གིས་མི་གནོད་པ་འདྲ་ཞིང་། ཕྱི་མ་གཉིས་ཀྱི་སྐབས་དུག་རང་རྒྱུད་པ་ཟོས་པ་མེད་པ་ལྟར། ཐེག་པའི་མཐོ་དམན་ལས། བསྲུང་བྱ་སྡོམ་ 8-4-2b པ། རང་གི་ངོ་བོ་ནི་སྔ་མ་ཕྱི་མའི་རྟེན་ཅན་ལས་རྫས་ཐ་དད་མེད་ན་བཏང་མི་བཏང་བྱ་རྒྱུ་གང་རེད། འོ་ན་གནས་མ་འགྱུར་སྙམ་ན། སོ་ཐར་དེ་བྱང་སྡོམ་གྱི་རྟེན་ཡིན་པས་དང་། བྱང་སེམས་ ཀྱིས་ཟིན་པའི་སྐབས་སུ་དེ་དང་དེའི་སྡོམ་པར་བཏགས་སོ། ། དཔེར་ན་རལ་གྲི་གཅིག །མི་སྡར་མ། དཔའ་བོ། ཤིན་ཏུ་དཔའ་བོ་གསུམ་གྱིས་བདག་ཏུ་བཟུང་ཚེ། སྡར་མའི་རལ་གྲི་སོགས་སུ་ བརྗོད་པ་བཞིན། སྔར་སྡར་མའི་རལ་གྲི་ཡིན་པ། ད་མིན་ཅིང་དཔའ་བོའི་རལ་གྲི་ཡིན་པ་ལྟ་བུའོ། །དེས་ན་རལ་གྲི་ལྟར། སྡོམ་པའི་ངོ་བོ་མ་འགྱུར་ཟེར་ན། འགྱུར་ཏེ་རལ་གྲི་དེའི་བྱེད་ལས་ མི་འདྲ་ཞིང་རླབས་ཆེ་བས་སོ། །རླབས་ཆེ་ཆུང་ཡོད་ཀྱང་འགྱུར་མེད་ན། དབུལ་པོ་ཕྱུག་པོར་གྱུར་ཀྱང་དེ་དུས་འབྱོར་པ་གང་ཡང་མེད་པ་ལྟ་བུ་དང་། མི་གཅིག་དམངས་བློན་རྒྱལ་ པོར་གྱུར་ཀྱང་དེའི་བྱེད་ལས་དང་མི་ལྡན་པ་དགོས་སོ། །དེས་ན་བླང་དོར་གྱི་ཚུལ་ཁྲིམས་གང་ཞིག་སྡོམ་པའི་ངོ་བོ་ཡིན་ལ། འདི་ལྟར་སོ་ཐར་ནི་ཁམས་གསུམ་འཁོར་བ་སྡུག་བསྔལ་དུ་མཐོང་ བ་གང་ཞིག །རང་ཉིད་དེ་ལས་ངེས་པར་འབྱུང་བའི་བློས་དེའི་རྒྱུ་ཉོན་མོངས་སྤང་བ་ལས་ལམ་དུ་བྱེད་མི་ནུས་པ། དཔེར་ན་ཐ་མལ་པ་རིག་སྔགས་མེད་པས་དུག་ཟ་མི་ནུས་པ་ལྟ་བུའོ། །བྱང་ 8-4-3a སེམས་ནི་རང་ཉིད་ཐར་པ་ཙམ་དུ་མ་ཟད། གཞན་དོན་དུ་བསམ་པ་རྣམ་པར་དག་པས་འཇུག་པ་གང་ཞིག །ཕན་པ་ཁོ་ནའི་དབང་དུ་གྱུར་པས་སྤྱད་པ་སྤྱོད་པ་སྟེ། སོ་ ཐར་གྱི་ལྟུང་བ་ལྟ་བུས་ཀྱང་། བསམ་པ་དག་པས་མི་སྐྱོན་པ། དཔེར་ན་དུག་སྨན་དུ་སྒྱུར་ནུས་པའི་རིག་སྔགས་བཞིན་ནོ། །སྔགས་ནི། དུས་མྱུར་དུ་རང་གཞན་དོན་གཉིས་ བསྒྲུབ་པའི་བསམ་པ་རླབས་པོ་ཆེས། སྣང་སྲིད་ཀྱི་ཆོས་ཐམས་ཅད་ལྷ་སྔགས་ཆོས་ཉིད་དུ་སྡོམ་པ་གང་ཞིག །ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་སྟེ། དཔེར་ན་དུག་ཟོས་ པ་དེ་ལ་བསྟེན་ཏེ་དུག་མེད་པར་བྱེད་པ་བཞིན་ནོ། ། དེ་ལྟ་བུའི་བསམ་པའི་དབང་ལས་སྡོམ་པ་རང་གི་ངོ་བོ་ནི་དེ་དང་དེའི་སྡོམ་པ་ཁོ་ན་ལས་གཞན་དུ་མ་གྲུབ་ལ། གལ་ཏེ་ཐ་དད་ཡིན་ན་ སོ་ཐར་གྱི་སྡོམ་པ་དང་བྱང་སྡོམ་སྔགས་པ་ལ་ཡོད་མི་སྲིད་པར་འདོད་དགོས་ཏེ། དེ་གསུམ་མི་གཅིག་པས་སོ། །འོ་ན་དེ་ལྟར་གནས་འགྱུར་ན་ཡོན་ཏན་ཡར་ལྡན་ཡིན་མོད། སུམ་ལྡན་མ་ ཡིན་ཏེ། སྔགས་སྡོམ་དེ་གསུམ་ག་མ་ཡིན་ཏེ། ད་ལྟ་སྔགས་ཁོ་ནར་གྱུར་པས་སོ་ཟེར་ན། ཁྱེད་ལ་འདི་འདྲི་སྟེ། ཐེག་དམན་སོ་ཐར་དེ་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་སོ་ཐར་དུ་འགྱུར་ 8-4-3b རམ་མི་འགྱུར། མི་འགྱུར་ན་སོ་ཐར་སྡོམ་པ་ཅན་གྱི་གང་ཟག་གི་རྒྱུད་ལ་སྔགས་སྡོམ་མི་སྐྱེ་སྟེ། དེ་གཉིས་མི་འདྲ་བས་སོ། །གནས་མི་འགྱུར་ཡང་ཆོ་གས་སོ་སོར་བླངས་བས་མ་འདྲེས་ པར་ཡོད་པ་ཡིན་ན། སོ་ཐར་གཉིས་ཆར་ཡོད་པའི་གང་ཟག་གི་རྒྱུད་ལ་སྔར་ཐེག་དམན་གྱི་སྡོམ་པ་ཉིས་བརྒྱ་ལྔ་བཅུ་ཕྱིས་ཐེག་ཆེན་གསར་བླང་གི་ཉིས་བརྒྱ་ལྔ་བཅུ་གཉིས་མ་འདྲེས་པར་ ཡོད་པས་བསྡོམས་ན་ལྔ་བརྒྱ་པོ་གང་ཟག་གཅིག་གི་རྒྱུད་ལ་ཡོད་ཚུལ་སྨྲོས་ཤིག །འགྱུར་ན་ཐེག་དམན་སོ་ཐར་བཏང་ནས་འགྱུར་རམ། མ་བཏང་ནས་འགྱུར། མ་བཏང་ན་ཐེག་ཆེན་ དུ་མི་སྲིད་དེ། ཐེག་དམན་སོ་ཐར་རང་གི་ངོ་བོ་མ་བཏང་བས་གནས་འགྱུར་བ་མེད་པས་སོ། །བཏང་ནས་འགྱུར་ན་སྔར་གྱི་ཉིས་བརྒྱ་ལྔ་བཅུ་ཡང་བཏང་ངམ་མ་བཏང་དང་པོ་ལྟར་ན་སུམ་ ལྡན་མི་སྲིད་ལ། མ་བཏང་ན་གནས་འགྱུར་རེད་དམ་མ་རེད་སོམས། འོ་ན་རང་ལྡོག་མ་འདྲེས་པ་དང་སུམ་ལྡན་དུ་ཡོད་ཚུལ་ཅི་ཡིན་ཟེར་ན། དེ་ནི་ཡོད་དེ། སྔར་སོ་ཐར་སྐབས་སུ་ལས་ཆོག་ ཇི་ལྟ་བར་བླང་བའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་དེ་གོང་མའི་སྐབས་སུ་ཉམས་སོང་བ་མིན་ཏེ་སྔར་ལས་ཆེས་ལྷག་པའི་ཚུལ་དུ་ཡོད་ན་སུམ་ལྡན་ཟེར་མི་འོས་པའི་རྒྱུ་མཚན་ཅི་རེད། ཐེག་ཆེན་སོ་ཐར་ 8-4-4a སྐབས་སུ་ཐེག་དམན་སོ་ཐར་གྱི་བསྲུང་བྱ་ཉིས་བརྒྱ་ལྔ་བཅུ་དེ་ལས་ལྷག་པར་བསྲུང་རྒྱུ་ཨེ་ཡོད། མེད་ན་དེ་གཉིས་ཐ་དད་དུ་མི་འཐད་ལ། ཡོད་པས་ན་སོ་བྱང་ལ་ ཉིས་བརྒྱ་ལྔ་བཅུའི་ཁོངས་སུ་མ་འདུས་པའི་བསྲུང་བྱ་གཞན་ཡོད་ཅིང་འོག་མ་གཉིས་གོང་མའི་ཆ་ལག་ཡིན་པས་སོ། །དེ་བས་ན་གོང་མས་འོག་མའི་སྡོམ་པ་མི་གཏོང་བ་གང་ཞིག །ཕྱི་ མའི་རྟེན་དུ་འགྱུར་བས་སོ། །དེ་ལྟར་གཞི་བསྲུང་བྱ་གང་ཞིག །རང་གཞན་ཐབས་ཤེས་རྩིས་བཟུང་བའི་ཁྱད་པར་ལས། སྡོམ་པ་རང་གི་ངོ་བོ། སོ་ཐར་བྱང་སེམས་སུ་གྲུབ་ན་ ཉིས་བརྒྱ་ལྔ་བཅུ་ཙམ་པོ་པ་ཁོ་རང་ཐེག་ཆེན་སོ་ཐར་རམ་ཐེག་དམན་སོ་ཐར་གང་ཡིན་དྲིའོ། །དཔེར་ན་སོ་ཐར་གྱི་ཉིས་བརྒྱ་ལྔ་བཅུ་དེ་བྱང་སེམས་ཀྱིས་བཟུང་ནས། དེ་སྟེང་བྱང་སེམས་སྡོམ་པ་བསྣན་ ནས་ཉིས་བརྒྱ་ལྔ་བཅུ་པོ་དེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྡོམ་པར་གྱུར་ནས་སོ་བྱང་གཉིས་པོ་དེ་ཐམས་ཅད་བསྲུང་བ་པོ་ཞིག་ལ། བྱང་སེམས་ཁོ་ན་ལས་སོ་ཐར་གྱི་སྡོམ་པ་མེད་དོ་ཞེས་ཟེར་རྒྱུ་ཨེ་ ཡིན་སོམས་ཤིག །དེ་སྟེང་སྔགས་བསྣན་པ་ཡང་དེ་ལྟར་གྱུར་པས་སོ། །འདིར་ངེད་ཀྱི་བསྲུང་བྱ་སྡོམ་པའི་ངོ་བོ་ཁོ་ན་ལས། དེ་སྒྱུར་བྱེད་ཀྱི་ཐབས་སམ་སེམས་ལ་ཐ་དད་དུ་ཡོད་པ་མི་ཟེར་རོ། ། 8-4-4b དེ་བས་ན་བསྲུང་བྱ་ནི་སྔར་གྱི་སྡོམ་པའི་ངོ་བོ་དེ་ག་ལས་མེད་པས། གཅིག་ཐོག་གཅིག་བསྣན་གྱི་ཚུལ་དུ་སྔ་མ་མ་ཉམས་པར་ཡོད་པས། འདི་ལྟར་ཆོ་ག་དང་བསྲུང་བྱའི་གྲངས་ སོགས་སོ་བྱང་སྔགས་གསུམ་སོ་སོར་རང་རང་གི་སྐབས་སུ་དབྱེར་ཡོད་ཅིང་། ཡོད་པ་དེ་དག་སྔགས་རྐྱང་ལྟ་བུར་མ་སོང་བར་ཚང་པར་བསྲུང་པའི་རང་ལམ་གྱི་ངོས་ནས་ཡོངས་སུ་ རྫོགས་པས། རང་རང་གི་ལྡོག་པ་མ་འདྲེས་པར། གང་ཟག་གཅིག་ལ་མཚོན་ན་འདི་བསྲུང་ན་སོ་ཐར་གྱི་ཁྲིམས་སོ། །འདི་སྔགས་སོ་ཞེས་བགྲང་རྒྱུ་ཡོད་པ་ཡིན་མོད། དེ་བས་ན་སུམ་ ལྡན་རྡོ་རྗེ་འཛིན་པའོ། །དེ་ལྟར་ཡོད་ཀྱང་འོག་མ་གཉིས་རང་རྒྱུད་པ་མིན་ཏེ་གོང་མར་འགྱུར་ཡོད་པས་སོ། ། ༈ ད་ནི་གཉིས་པ་གཞན་སྡོམ་གསུམ་ཐ་དད་དུ་སྨྲ་བ་ དགོངས་གཞི་ཅན་གྱི་གསུང་མིན་པར་རང་མཚན་པར་འདོད་པ་དག་གིས་དགོངས་པ་ཅན་གྱི་གསུང་གི་དཔེ་གཉིས་ཉི་ཟླ་སྐར་མ་དང་། ཆུ་སྣོད་ནོར་བུའི་དཔེས་རྗེས་སུ་ཟློ་མོད། དེ་ནི་སྐབས་སུ་མཁས་པའི་ གསུང་ཙམ་ལས། དེ་དག་གི་དགོངས་གཞི་མཐར་ཐུག་དེ་ལྟ་བུ་མིན་ཏེ་རིགས་པ་འདིས་གནོད་དོ། །དེ་ཡང་ངེས་པར་སོ་ཐར། བྱང་སེམས། སྔགས་གསུམ་འོག་མ་གོང་མར་ཡེ་མི་འགྱུར་ 8-4-5a བར་སྔར་རང་གི་དེ་ཉིད་རང་རྒྱུད་པར་གནས་ན། ཐེག་པ་ཆེ་ཆུང་གི་སོ་ཐར་གཉིས་ལྡན་པ་དག་གི་རྒྱུད་ལ་རང་དོན་ཡིད་བྱེད་ཀྱི་བསྲུང་བྱ་དང་གཞན་དོན་ཡིད་བྱེད་ཀྱི་སྡོམ་ པ་གཉིས་ཅར་ཡོད་པར་འདོད་དགོས་སོ། །དེ་བཞིན་དུ་སོ་ཐར་རང་རྐང་པ་ལ་སྤོང་བ་ལས། སྒྱུར་དང་ལམ་བྱེད་ཀྱི་ནུས་པ་མེད་པས་རྒྱལ་བས་དེ་ལྟར་དེ་དང་དེའི་སྐབས་སུ་གསུངས་ ཡོད་མོད། དེ་བས་ན་ཞིང་བཅུ་ལྟ་བུ་བསྒྲལ་བ་ན་སྒྲོལ་བྱེད་གཅིག་ལས་མེད་ན། སོ་ཐར་རང་རྐང་སུ་ཡོད་པས་སོ་ཐར་སྐབས་སུ་བསྒྲལ་བྱ་ཞིང་བཅུ་དམིགས་བསལ་དང་། སྒྲོལ་བྱེད་ཐབས་ཀྱི་ ཁྱད་པར་དེ་ལྟ་བུ་བཤད་པ་ཨེ་ཡོད། སྔགས་པ་མིན་པའི་སོ་ཐར་པ་ཞིག་གིས་ཞིང་བཅུ་ཚང་བ་བསྒྲལ་ན་རྩ་ལྟུང་ཨེ་ཡོད། ཆང་དང་སྦྱོར་བ་ཨི་ཉན། ཡང་ན་གང་ཟག་གཅིག་སུམ་ ལྡན་རྡོ་རྗེ་འཛིན་པ་དེས། སྦྱོར་བ་ལྟ་བུའི་ཚེ་སོ་ཐར་བསྲུང་མཁན་དེ་འདུག་ནས། སྔགས་བསྲུང་མཁན་གྱིས་སྦྱོར་རམ། ལྷ་ཡབ་ཡུམ་སོགས་སུ་གསལ་བས་གོང་མ་གོང་མས་ འོག་མ་འོག་མར་ཟིལ་གྱིས་གནོན་པ་བཤད་ཨི་དགོས། སོ་ཐར་རང་ངོས་ནས་སྔར་ལས་བཟང་ངན་ཅིར་ཡང་མ་སོང་བས་རང་རྒྱུད་དུ་ཡོད་པས་སོ་ཐར་འདུལ་བའི་ནང་ན་ལྷར་གསལ་ 8-4-5b ནས་སྦྱོར་བ་བྱ་ཆོག་ཞེས་དམིགས་ཀྱིས་བཀར་ཨི་ཡོད། འདི་སྔགས་ཀྱི་ཁ་སྐད་ལས་སོ་ཐར་ལ་མེད་ན་སོ་ཐར་བསྲུང་དགོས་ན་རང་གཞུང་ལྟར་ལས་སྦྱོར་སྒྲོལ་འདི་ཅི་ལ་ བཤད། འོ་ན་ཁྱེད་ཀྱིས་ཀྱང་སོ་ཐར་བསྲུང་དགོས་པར་འདོད་པས་དེ་འདྲའོ་ཟེར་ན། མི་འདྲ་སྟེ། ངེད་ཀྱིས་སྡོམ་པ་བསྲུང་བྱ་རྫོགས་ནའང་། དེ་དག་རང་མཚན་སྔ་མ་ཇི་ལྟ་བར་མི་འདོད་དེ། སྔགས་སྡོམ་སུ་གནས་འགྱུར་བར་འདོད་པས་ན་འོག་མ་བསྲུང་ན་དེ་བསྲུང་བའི་སྡོམ་པ་རྒྱུད་ལ་ཡོད་ཀྱང་། དེ་ནི་གོང་མའི་སྡོམ་པ་ཡིན་པས་དེ་དག་གི་ས་མཚམས་མར་རེ་མི་དགོས་ཏེ། དམངས་ རྒྱལ་པོར་འགྱུར་བའི་དཔེ་ལྟ་བུའོ། །དེ་ལྟར་ན་གང་ཟག་གཅིག་ལ་ཉིས་བརྒྱ་ལྔ་བཅུ་གང་ཕྲད་ལ་སྤོང་སེམས་བྱེད་ཅིང་། བྱང་སེམས་དང་། སྔགས་ཡང་ཡོད་དགོས་པས། ཞིང་བཅུ་ལ་ དཔེར་ན། བསྒྲལ་ན་འདུལ་བའི་རྩ་ལྟུང་དང་པོ་ཕོག་པས་སོ་ཐར་གྱི་ལུགས་སུ་བྱས་ནས་སྲོག་གཅོད་པ་སྤོང་དགོས་ཏེ། སོ་ཐར་སྔགས་སུ་མ་འགྱུར་བས་རང་གི་ངོ་བོས་བསྒྲལ་མི་ནུས་སོ། ། དེ་བས་ན་དེ་ལྟ་བུའི་སུམ་ལྡན་རྡོར་འཛིན་དེ་ལ་སྔགས་ཀྱི་ཞིང་བཅུ་མ་བསྒྲལ་བའི་རྩ་ལྟུང་འབྱུང་རྒྱུ་མེད་དམ། དེ་ལྟར་ན་གང་ཟག་གཅིག་གིས་སོ་བྱང་སྔགས་གསུམ་ལ་ལྟོས་ཏེ་མི་གསོད་ 8-4-6a པ་དང་། སྙིང་རྗེས་གསོད་པ། ཐབས་ཀྱིས་གསོད་པ་གསུམ་དུས་གཅིག་ལ་བྱ་དགོས་སོ། །མ་བྱས་ན། བསྒྲལ་ནི་སྔགས་ལ་ལོ་ཡང་སོ་ཐར་ལ་རྩ་ལྟུང་འབྱུང་སྟེ། དེ་བཞིན་སྔགས་ཀྱིས་དབང་དུ་བྱས་ཏེ་སྦྱོར་བ་རྫུན་མ་བྱིན་ལེན་བཞི་ལྟ་བུ་སྤྱད་པའི་དགེ་སློང་རྡོ་རྗེ་འཛིན་པ་དེ། དེ་ཕྱིན་སོ་ཐར་སྡོམ་པ་གཏོང་བས་སུམ་ལྡན་མིན་ཏེ་ཉིས་ལྡན་ནོ། །དེ་ལྟར་ སོ་སོར་ཡོད་ན་ནད་ཚ་གྲང་ཅན་ལ་སྨན་ཕྱོགས་རེ་བ་འམ་མེ་ཆུ་ལྷན་ཅིག་པ་ཆར་བབ་པ་ལྟར་དང་། སོ་བྱང་སྔགས་རྐྱང་གི་སྡོམ་ཅན་ལྷན་ཅིག་ཚོགས་པ་ལྟར། དེ་དག་གི་བྱ་མི་བྱ་ཐ་ དད་པས་སོ། །ཟིལ་གྱི་མནན་ནས་དགེ་སྟོབས་ཆེ་བས་རྩ་ལྟུང་བྱུང་ཡང་ཉེས་པ་མེད་ན་ནི། སུམ་ལྡན་དུ་བསྒྲུབ་པ་མ་བྱས་ནས་སྔགས་རྐྱང་པ་ཁོ་ན་དགའ་སྟེ། གཅིག་བྱས་ན་ གཅིག་མི་ལོ་བས། དགེ་སྟོབས་ལ་འདྲ་བས་སོ། །དེ་ལྟ་བུ་མིན་ཏེ་རྒྱལ་བས་དགེ་སློང་གི་རྟེན་མཆོག་ཏུ་གསུངས་པས་སོ། །གང་ཟག་གཅིག་གི་རྒྱུད་ལ་མ་འདྲེས་མ་འགྱུར་རང་ མཚན་དུ་ཡོད་ན། ཆང་སོགས་གང་སྡོམ་པ་དང་འཕྲད་ཚེ་གོང་མ་བཙན་ན། སྡོམ་པ་དང་མ་ཕྲད་ཚེ་ཅི་སྡོམས། སོར་སྡོམ་མོ་ཞེ་ན། སོ་ཐར་སྡོམ་པ་ལོགས་སུ་ཡོད་པའི་མཚན་ 8-4-6b གཞི་དེ་གང་ལ་གདགས་སོམས་ཤིག །འོ་ན་རྙིང་མ་རང་ལུགས་ལའང་སོ་ཐར་སྔགས་ཀྱི་སྡོམ་པའི་ངོ་བོར་འདོད་པས་སྲོག་བཅད་ན་ཅི་ཡིན་ཟེར་ན། ངེད་ཀྱི་དེ་སྔགས་ཀྱི་སྡོམ་པར་ འདོད་པའི་ཕྱིར་སྔགས་རང་རྒྱུ་མཚན་དུ་བྱས་ཆོག་ལ། ཁྱེད་ཀྱིས་མི་ཆོག་སྟེ་གང་ཟག་གསུམ་ལྟར་སོ་སོ་བར་འདོད་པས་སོ། །ངེད་ཀྱིས་སོ་བྱང་སྔགས་གསུམ་སྤོང་བསྒྱུར་ལམ་ བྱེད་ཀྱི་དབང་དང་གཙོ་ཆེར་ནང་རྟོགས་ཀྱི་ཁྱད་ལས། དགྲ་བཅོམ། བྱང་སེམས། རྒྱལ་བའི་རྗེས་སུ་སློབ་པར་འདོད་དེ། སྡོམ་པའི་གྲངས་དེ་ཙམ་ནི་དེའི་མཚན་གཞིའི་མཐར་ཐུག་ པར་མི་འཇོག་སྟེ། ཁྱེད་ཀྱིས་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་མཚན་གཞི་ཞོག །ཉིས་བརྒྱ་ལྔ་བཅུ་སོགས་འཇོག་ན། དེ་ནི་སྔགས་ལ་མེད་པར་ཐལ། སོ་ཐར་ཡིན་པས་སོ། །འདོད་ ན་རིགས་ལྔའི་དམ་ཚིག་ཏུ་མེད་དམ། མཚན་གཞི་ཀུན་སློང་གི་ཁྱད་ལས་མེད་ཅེ་ན། དེ་ལྟར་ན་ངེད་ཀྱི་ཟེར་བ་ལྟར་སྡོམ་པའི་ངོ་བོ་རང་མཚན་དུ་མ་གྲུབ་པར་ལྕགས་ལ་གསེར་འགྱུར་ བཞིན་དུ་འགྱུར་བར་ངེད་འདོད་པས་སོ། །དེ་ལྟ་མིན་ན་གང་ཟག་གཅིག་གི་རྒྱུད་ལ་ཐེག་པ་ཆེ་ཆུང་གི་ལྟ་བ་གསུམ་ཡོད་དགོས་སོ། །འོ་ན་ཁྱོད་ལའང་སྲོག་བཅད་པ་ལ་ཉེས་པ་མི་འབྱུང་ཟེར་ 8-4-7a ན། ངེད་ཀྱིས་སྔར་ནས་ཀྱང་དེ་ལྟར་ནང་རྟོགས་གཙོ་ཆེ་བ་ལས་སྡོམ་པ་རང་གི་ངོ་བོ་རང་མཚན་དུ་གྲུབ་པ་མེད་དེ། གཞི་བརྟེན་པ་བཅུད་ལྟ་བུའི་ལམ་དེ། རྟེན་ དམ་ཚིག་དང་འབྲེལ་ནས་རང་རྒྱུད་ལ་ཆགས་པ་ལས། ཕྱི་ལོགས་སུ་ནང་རྟོགས་ལས་སྡོམ་པ་རང་ག་བ་མེད་དོ། །དེ་ལྟ་བས་ན་ལྟ་བ་དང་སྤྱོད་པ་འབྲེལ། སྤྱོད་པ་དང་དུས་ ཚོད་འབྲེལ་ཏེ། ནམ་ཞིག་བསལ་བཞག་མེད་པ་རང་གི་འབྲས་བུ་མངོན་དུ་གྱུར་པ་སངས་རྒྱས་ཀྱི་བར་དུ་འདི་བརྟེན་པ་ཡིན་ནོ། །དེ་བས་ལྷའི་གསལ་སྣང་དང་། དགོས་པ་མི་ ལྡན་པས་སྦྱོར་སྒྲོལ་ལ་སོ་ཐར་ལྟར་ཉེས་པ་ཡོད་དོ། །དེ་ལྡན་ན་ཉེས་པ་མེད་དེ་སྔགས་ཀྱི་ཐབས་ཟབ་མོས་སྡོམ་པས་དེ་དག་གི་གནས་སྐབས་སུ་ཉེས་པར་མི་འགྱུར་རོ། ། དེ་ཡང་ དུས་དང་རྟོགས་པའི་གདེང་ལས་ཐམས་ཅད་བསྲུང་དགོས་ན། རིགས་ལྔ་ཐུན་མོང་དང་ཐུན་མོང་མིན་པའི་དམ་ཚིག་ནང་འགལ་བས་དེ་དག་རྟོགས་པའི་གདེང་ཁྱད་པར་ཅན་གྱིས་འོག་ མ་མནན་པས་མི་འགལ་ལོ། །གནས་མ་འགྱུར་ན། སྲོག་གཅོད་ལ་སྔགས་འགེབས་མི་ལོ་སྟེ། སོ་ཐར་ན་སྔགས་བཤད་པ་མེད་པས་སོ། །འགྱུར་ན་ལོ་ཏེ་ཆུང་ངུའི་ཕྱིར་ན་ཆེ་མི་ 8-4-7b གཏོང་ཟེར་བ་ལྟར། རང་རང་གི་སྡོམ་པའི་དབང་ལས་དོ་གལ་གང་ཆེ་བརྩི་བས་སོ། །སོ་ཐར་ལ་རྩ་བཞི་ལས་གལ་ཆེ་བ་མེད་པས་མི་ལོ་མོད། དོན་ཐོབ་ཀྱིས་རུང་ཟེར་ན། སོ་ཐར་ཇི་ལྟ་བ་བཞིན་ ཡོད་པ་ལ། བསྲུང་ནི་མི་དགོས། རྩ་ལྟུང་ནི་མི་འབྱུང་། གཞུང་བཤད་དང་ནི་འགལ་བ་སྟེ། དེས་ན་རྩ་ལྟུང་བྱུང་བའི་དགེ་སློང་གིས་རྗེས་སུ་བསགས་སྦྱངས་བྱས་པའམ། དེ་ལས་སྟོབས་ཆེ་ བའི་སྡིག་པ་བསགས་ཀྱང་། རྩ་ལྟུང་དངོས་མི་འབྱུང་བས་སོ། །དཔེར་ན་ངོ་བོ་སྔར་ལས་ཅིར་ཡང་མ་འགྱུར་ན། དེའི་བྱེད་ལས་སོགས་ཅི་ལ་འགྱུར་ཏེ། སྐྱེས་བུ་གཅིག་གི་ལུས་ལའང་ སོ་ཐར་དང་སྔགས་ཆེས་འགལ་བས་གང་བྱེད། གོང་མ་ལྟར་བྱེད་ན། འགྱུར་ཏེ་གོང་མའི་དབང་དུ་སོང་བས་སོ། །འགྱུར་བ་མེད་ན་གོང་མས་དེ་ལ་ཅི་བྱས། གཞི་གཅིག་ལ་ཡིན་པ་ གཉིས་སྲིད་ན་ཇི་འདྲ་སོམས། དཔེར་ན་ཚེ་གཅིག་ལ་ཇི་སྲིད་འཚོ་ཞེས་ཁས་བླངས་བས། ཤམ་ཐབ་དཀར་པོ་ལྟ་བུ་ནི་སྔགས་ཆས་ཏེ། དེ་ནི་ཚེ་འདི་ལ་གྱོན་མི་ལོའོ། །ངེད་ཀྱི་ལུགས་ལ་ངོ་བོ་གནས་ འགྱུར་ཏེ་ནང་རྟོགས་དང་སྤྱོད་པ་གོ་བསྡུར་ཏེ། སུམ་ལྡན་ཡིན་ཡང་ལས་དང་པོ་པའི་སྐབས་སུ་སྲོག་མི་གཅོད་ལྟ་བུ་ལའང་། དེ་བསྒྱུར་མི་ནུས་པས་སྤོང་བ་སོ་ཐར། དེའི་འབྲས་བུ་གཞན་ཕྱིར་ 8-4-8a སངས་རྒྱས་སུ་འདོད་པས་བྱང་སེམས། དེ་དག་མཉམ་པ་ཆེན་པོས་ཟིན་པས་སྔགས་ཀྱི་སྡོམ་པའོ། །དེ་ལྟར་རིམ་གྱིས་གོམས་པས་སོ་ཐར་རང་རྐྱང་དུ་མ་སོང་བས་ མྱུར་ལམ་ཡོད་ཅིང་། ལྟུང་བ་མེད་ལ་གདུལ་བྱ་ཡི་རྗེས་སུ་འཇུག་པའོ། །རིམ་པས་ལམ་དུ་བྱེད་ནུས་ན་སྔགས་སྤྱོད་དུ་བྱས་ཏེ་སྦྱོར་སྒྲོལ་སོགས་ཀྱིས་རྩོལ་སྒྲུབ་སྤང་བླང་བསྲུང་ མཚམས་མེད་པའི་ས་ལ་འགྲོ་བའོ། །དེའི་ཕྱིར་སུམ་ལྡན་རྡོ་རྗེ་འཛིན་པ་ཡིན་ཏེ། སློབ་དཔོན་པདྨ་སམ་བྷ་ཝས་ཕྱི་ངུར་སྨྲིག་དགེ་སློང་གི་ཆ་ལུགས་འཛིན། ནང་གསང་ སྔགས་བླ་མེད་ཀྱི་རྣལ་འབྱོར་པ། ཞེས་གསུངས་པ་ལྟར་རོ། །དེ་བས་ན་ལམ་འདི་དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཏེ། རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་དེ་ལྟར་གྱུར་པར། ནག་པོ་ པས་མཚོན་ཏེ་ཤེས་སོ། །དེ་ནི་སྡོམ་གསུམ་ངོ་བོ་གནས་འགྱུར་བའི་དབང་གིས་ཏེ། མ་འགྱུར་ན་རྒྱུད་ལ་དབང་མི་ཐོབ་ཏེ། ད་རུང་སྔར་གྱི་སྤོང་པ་ལས་བསྒྱུར་བ་དང་ལམ་བྱེད་ཀྱི་ནུས་ པ་མེད་པས་སོ། །དེ་ལྟར་སྤང་དང་བླང་བ་གཉིས་དངོས་འགལ་བས་གཞི་གཅིག་ལ་ཡིན་པ་ཅི་ལ་སྲིད། དེ་བས་སོ་ཐར་ཧོར་ཁོང་དུ་ལུས་ཀྱང་སྔགས་སྤྱོད་ཆོག་པ་ཅི་རེད། སོ་ཐར་གྱི་ 8-4-8b མཚན་གཞི་མེད་ན་གསུམ་ཅི་ལ་ལྡན། དེ་བས་ཉི་ཟླ་ལྟར་གྲགས་པའི་ཏཻ་ལོ་ན་རོ་ནག་པོ་པ་སོགས་ལ་སོ་ཐར་གྱི་ཕམ་པ་མི་འབྱུང་བ་དང་། དེང་སང་ཡང་དཀྱིལ་ཆོག་དང་འབྲེལ་ཚེ་རྡོ་རྗེའི་གླུ་གར་ འདུལ་བའི་འགྲོ་བའི་སྤྱོད་ལམ་དང་འགལ་ཡང་མི་སྐྱོན་པ་དེའི་གནད་དེ། དེ་ཐ་དད་ན་མི་གསུམ་ཚོགས་ཀྱང་གཅིག་ཤི་བ་གཅིག་གིས་ཟིལ་གྱིས་མི་གནོན་པ་ལྟར། རང་རང་གི་གཞུང་དུ་ བཤད་པ་ལས་འདས་ཏེ་སྨྲ་མི་ནུས་སོ། །ནུས་ན་དེའི་མཚན་གཞི་ཇི་ལྟ་བ་ག་ལ་གྲུབ། ༈ གསུམ་པ་ཤིང་རྟ་ཆེན་པོ་དེ་དག་གི་དགོངས་པ་མཐར་ཐུག་ཏུ་མི་འགལ་ཏེ་འགལ་ན་ གཅིག་སྐྱོན་དང་བཅས་པར་འདོད་དགོས་པས། དེ་ཡི་དགོངས་པ་གསལ་མཛད་སྐྱེས་བུ་དེ་དག་ས་ཆེན་པོ་ལ་གནས་པ་ཤ་སྟག་ཡིན་པས་སོ། །དེ་ཇི་ལྟར་མི་འགལ་ན། འདི་ལྟར་སོ་བྱང་ སྔགས་གསུམ་སྡོམ་པའི་ངོ་བོ་ཐ་དད་ལ། དུས་དང་ཡུལ་རྟེན་སོ་སོ་བ་ཡིན་པས། དབྱེར་ཡོད་ལ། དེ་ལྟར་སོ་ཐར་སེམས་བསྐྱེད་ཀྱིས་ཟིན་ན་བྱང་སྡོམ་དུ་འགྱུར་ཞིང་། དེ་སྟེང་ བྱང་སྡོམ་བསྣན་པ་ལས། འོག་མ་སོ་ཐར་ཉམས་པ་གཏན་ནས་མེད་ཅིང་། སྔར་ལས་ལྷག་པ་ལས་ཞན་དུ་མ་སོང་བས་དེ་དག་གི་ངོ་བོ་ཐ་དད་དུ་ཁས་བླངས་ཀྱང་མི་འགལ་ཏེ་དེ་ལྟར་ཐ་དད་མིན་ 8-4-9a ན་གང་འདོགས་ཀྱང་ཁྱད་མེད་པས་གཅིག་ལས་གསུམ་མ་གྲུབ་པས་སོ། །དེ་ལྟར་སྔགས་ཀྱིས་ཟིན་ན་དེ་གཉིས་སྟེང་སྔགས་སྡོམ་ཡོད་དོ་ཅོག་བསྣན་པས་འོག་མ་གཉིས་མི་ ཉམས་པའོ། །དོན་དུ་དེ་དག་གནས་འགྱུར་ཏེ། བསྲུང་བྱ་སྡོམ་པའི་ངོ་བོ་ནི། དཔེར་ན། རང་དོན་དུ་སྲོག་མི་གཅོད་པ་དང་། གཞན་དོན་མི་གཅོད་པ་ལྟ་བུ་ཐེག་པ་ཆེ་ཆུང་གི་སྡོམ་པ་བཞག་པ་ ལས་སྡོམ་པ་ཙམ་པོ་པ་རང་གི་ངོ་བོ་ནི་དེ་གཉིས་དབྱེར་མེད་པས་སོ། ། སོ་ཐར་གྱི་ཉིས་བརྒྱ་ལྔ་བཅུ་པོ་སྤངས་ནས་སྔགས་ལ་ལོགས་སུ་ཉིས་བརྒྱ་ལྔ་བཅུ་མེད་ཀྱང་སྔར་གྱི་ཉིས་བརྒྱ་ལྔ་བཅུ་པོ་དེ་ ཐབས་ཀྱིས་ཟིན་པས་སྔགས་སྡོམ་དུ་འགྱུར་བའོ། །དེ་ལྟར་སྡོམ་པ་བསྲུང་ཚུལ་གཅིག་ནའང་། དེ་རྩིས་ཟིན་བྱེད་ཀྱི་ཐབས་ཀྱི་ཁྱད་པར་ལས། དེ་དང་དེའི་སྡོམ་པར་གནས་འགྱུར་ཏེ། དཔེར་ན་མེ་ཏོག་གཅིག་ཕལ་པ་འཕགས་པ་གཉིས་ཀས་ལན་གཉིས་སུ་མཆོད་ན་བྱེད་ལས་མི་འདྲ་བ་དེ། དེ་ལ་བྱང་སེམས་མཆོད་པ་དང་། ཕལ་པའི་མཆོད་པ་གདགས་ཨེ་འོས། མཆོད་རྒྱུད་ མེ་ཏོག་དེ་ཀ་རང་གཅིག་ཡིན་པ་དེ་ལྟར་རོ། །དེ་བས་ཐ་དད་དུ་སྨྲ་བ་ནི་སོ་ཐར་གྱི་སྡོམ་པའི་ངོ་བོ་གང་ལགས་པ་དེ་དག་དེ་དག་གི་སྡོམ་པ་ཡིན་ལ། དེ་གོང་མའི་ཚེ་འོག་མ་སྤང་མི་ 8-4-9b དགོས་ཤིང་མཉམ་པར་ཡོད་པ་ལ་དགོངས་སོ། །ངོ་བོ་གནས་འགྱུར་ནི་མ་སྤང་བའི་སྟེང་དུ་དེ་དག་གི་ངོ་བོ་སྐབས་དེའི་སྡོམ་པར་གྱུར་པ་ལ་དགོངས་ཏེ། དེ་གཉིས་མི་འགལ་ཞིང་དགོངས་པ་ ལེན་ཤེས་ན། མེ་ཤིང་ལྟར་ཕན་ཚུན་གཅིག་གིས་གཅིག་གསལ་བའི་གྲོགས་ལས་གཞན་མེད་པས། ཤིང་རྟ་ཆེན་པོ་དག་གི་དགོངས་པ་ལེན་མ་ཤེས་ནས། རང་གཞན་ཕྱོགས་ལྷུང་དུ་སྨྲ་བ་ ནི། ཕ་གཅིག་གི་བུ་གཉིས་ཕ་སོ་སོར་འཛིན་པའི་རྣམ་རྟོག་གིས་འཁྲུགས་པ་ལྟ་བུའོ། །དེ་བས་མངའ་རིས་པཎྜི་ཏས། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། །རང་ལྡོག་ མ་འདྲེས་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །ཞེས་གསུངས་པ་དེ་ལྟ་བུའི་དགོངས་ པའི་གནད་སློང་ན། འདི་འགལ་འདུར་མི་འཚོལ་བ་ཙམ་དུ་མ་ཟད། ཞར་བྱུང་དུ་ཐེག་པ་ཐམས་ཅད་ཀུན་བགྲོད་གཅིག་གི་ལམ་དུ་འབབ་པ་རྒྱལ་གསུང་ཐམས་ཅད་གདམས་པར་ཤར་བའི་ བློ་གྲོས་རྒྱ་ཆེན་པོ་ཐོབ་པ་ཡིན་ནོ། །དེ་ལྟར་རྣམ་དཔྱད་བློ་ཡི་རྒྱ་མཚོ་ལས། །ལེགས་བཤད་ཚིག་གི་མེ་ཏོག་འཛུམ་པ་འདིས། །སྙིང་དབུས་དྲི་མེད་རིག་པའི་ངོ་བོ་ཉིད། །འཇམ་ 8-4-10a དབྱངས་རྡོ་རྗེ་རྣོན་པོ་དགྱེས་གྱུར་ཅིག །ཅེས་པ་འདི་ཆོས་རྗེ་མི་ཕམ་རིན་པོ་ཆེ། སྐུ་ན་ཆུང་ངུའི་དུས་སུ་གསུངས་པའི་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་མངྒ་ ལཾ། །ཤུ་བྷཾ། ། ༈ སྡོམ་གསུམ་རྣམ་བཞག་འཐད་ལྡན་སྤར། །ཆོས་སྦྱིན་མི་ཟད་འཇོ་བའི་འཕྲུལ། །ལྷུན་གྲུབ་རྒྱལ་མཚན་གྱིས་བསྐྲུན་དགེས། །འགྲོ་ཀུན་ རྣམ་གྲོལ་ཐོབ་གྱུར་ཅིག །སརྦ་མངྒ་ལཾ།། །། 8-4-10b empty page 8-5-1a ༄༅། །བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། 8-5-1b ཨོཾ་སྭ་སྟི། མཁྱེན་རབ་རལ་གྲི་འབར་བའི་གཟི་འོད་ཀྱིས། །ཀུན་རྨོངས་མུན་པའི་འཁྲི་ཤིང་དྲུང་ཕྱུངས་ནས། །མཁྱེན་ གཉིས་ཡེ་ཤེས་སྣང་བ་སྦྱིན་མཛད་པ། །བླ་མ་འཇམ་མགོན་སྨྲ་བའི་སེང་གེས་སྐྱོངས། །ཐུབ་གསུང་ཟབ་དང་རྒྱ་ཆེའི་དགོངས་པའི་དོན། །ཇི་བཞིན་ འགྲེལ་མཁས་དཔལ་མགོན་འཕགས་པ་ཀླུའི། །ལེགས་བཤད་བཤེས་སྤྲིང་མཆན་འགྲེལ་པད་དཀར་ཕྲེང་། །བླ་མའི་གསུང་བཞིན་སྤེལ་འདི་དགའ་ བས་ལོངས། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིང་ཡིག་འདི་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་ཕྱག །གཞུང་ 8-5-2a དོན། མཇུག་དོན་དང་བཞི་ལས། དང་པོ་ནི། རྒྱ༷་གར༷་སྐ༷ད་དུ༷། སུ༷་ཧྲི༷་ད༷་ལེ༷་ཁ༷། བོ༷ད་སྐ༷ད་དུ༷། བཤེ༷ས་པ༷འི་སྟེ་མཛའ་བོ་ རྒྱལ་བུ་བདེ་སྤྱོད་ཅེས་བྱ་བ་དང་དངོས་སུ་མ་ཕྲད་པར་སྤྲིང་བས་ན་སྤྲི༷ང་ཡི༷ག་གོ། གཉིས་པ་ནི། ཉེས་པའི་ཟུག་ངུ་ཀུན་དང་བྲལ་བས་འཇ༷མ་ཞིང་དོན་ གཉིས་ཀྱི་དཔ༷ལ་དང་ལྡན་པ་སྐུ་བགྲེས་རྒུད་མེད་པས་གཞོ༷ན་ནུ༷ར་གྱུ༷ར་པ༷་དེ་ལ༷་ཕྱག༷་འཚལ་ལོ༷་ཞེས་ལོ་ཙཱ་བས་བཀོད་པའོ། །གསུམ་པ་ལ། ཐོག་མར་ དགེ་བ་ཀླད་ཀྱི་དོན། །བར་དུ་དགེ་བ་གཞུང་གི་དོན། །ཐ་མར་དགེ་བ་མཇུག་ཀུན་གི་དོན་དང་གསུམ་ལས། དང་པོ་ལ། བརྩམ་པར་དམ་བཅའ་བའི་སྒོ་ 8-5-2b ནས་ཉན་པར་བསྐུལ་བ། ཁེངས་སྐྱུང་པའི་ཚུལ་གྱིས་ཉན་རིགས་པར་གདམས་པ་གཉིས། དང་པོ་ནི། ཕུན་སུམ་ཚོགས་པའི་ཡོ༷ན་ཏན༷་གྱི་རང༷་བཞི༷ན་དགེ༷་བ་དམ་པའི་ཆོས་ཉན་པའི་སྣོད་དུ་ འོ༷ས་པ་ཞེས་བོས་ནས་གཞུང་མཛད་པ་པོ་ཀླུ་སྒྲུབ་བདག༷་གི༷ས་ནི༷། དབྱངས་ཀྱི་ཡན་ལག་དྲུག་ཅུ་དང་ལྡན་པའི་བདེ༷་བར༷་གཤེ༷གས་པའི༷་གསུང༷་གིས་བསྙ༷ད་པའི་སྡེ་སྣོད་རིན་པོ་ཆེ་རྣམས་ལ༷ས་བྱུང༷་ བའི༷་དོན། ཁྱོད་ཀྱི་ཐུགས་བསོ༷ད་ན༷མས་ལ་འདུན༷་པའི་སླ༷ད་དུ་སྡེབ་སྦྱོར་འཕ༷གས་པ༷འི་དབྱང༷ས་དང་ལྡན་པའི་ཚིགས་སུ་བཅད་པ་འདི༷་དག༷ ཅུང༷་ཟ༷ད་ཅི༷ག་བསྡེ༷བས་པ་ཁྱོ༷ད་ཀྱིས༷་གས༷ན་པའི༷་རི༷གས་སོ་ ཕྱི་མ་ལ་ཚིག་གི་སྒོ་ནས་ཁེངས་སྐྱུང་བ་དང་། དོན་གྱི་སྒོ་ནས་ཁེངས་སྐྱུང་བ་གཉིས། དང་པོ་ནི། དཔེ་ཇི༷་ལྟ༷ར་བདེ༷་གཤེ༷གས་ཀྱི་སྐུ༷་གཟུ༷གས་རྒྱུ་དམན་པ་ཤིང༷་ལ༷ས་ཀྱང༷་། བགྱིས༷་པ༷་ རྣམ་པ་སྒྲོས་གཙང་མིན་ཅི༷་འདྲ༷འ༷ང་རུང༷་སྟེ༷་མཁས༷་པས༷་སྤྱི་བོར་མཆོ༷ད་པ། དེ༷་བཞི༷ན་དུ་བད༷ག་གི༷་སྙན༷་ངག༷་འདི༷་ཚིག་གི་སྦྱོར་བ་སོགས་ང༷ན་ན་ཡ༷ང་། ཟབ་མོའི་ད༷མ་ཆོས༷་བརྗོ༷ད་པ་ལ༷་བརྟེན༷་སླ༷ད་སྨད༷་ པར་མི༷་བགྱི༷་སྟེ་བླང་བར་བྱའོ་ཞེས་གདམས་པའོ། །གཉིས་པ་ནི། སྒོ་གསུམ་གྱི་ཉེས་པ་ངང་གིས་བསྡམས་པའི་ཐུབ༷་པ༷་ཆེ༷ན་པོ༷འི་བཀ༷འ་ནི༷་ཐོག་ཐ་བར་གསུམ་དུ་དགེ་བ་སྙན༷་དགུ༷་སྟེ་མང་པོ་ 8-5-3a ཞིག༷་གི་དོན། ཁྱེད༷་རང་ཉིད་ཀྱི༷་ཐུ༷གས་སུ༷་ལྟ༷་ཡ༷ང་སྟེ་སྔར་ནས་ཆུད༷་མོ༷ད་ཀྱི༷། འོན་ཀྱང་དཔེར་ན་རང་བཞིན་གྱིས་དཀར་བ་རྡོ༷་ཐལ༷་ལ༷ས་བགྱིས༷་པའི་དཀར་རྩི་སོགས་ལ་རྐྱེན་དགུང༷་ ཟླ༷འི་འོ༷ད་ཀྱིས༷་ནི༷། སྔར་ལས་ཀྱང་ཆེ༷ས་དཀ༷ར་ཉི༷ད་དུ༷་ཅི༷་སྟེ༷་མི༷་བགྱིད༷་དེ་བགྱིད་པ་དེ་བཞིན་དུ་ལ༷གས་སོ། །གཉིས་པ་གཞུང་དོན་ལ། མངོན་མཐོ་དང་ངེས་པར་ལེགས་པའི་ལམ་གྱི་རྟེན་དད་པ་བཤད་ པ་དང་། ལམ་གྱི་ངོ་བོ་གཉིས། དང་པོ་ལ། གང་ལ་དད་པར་བྱ་བའི་གཞི་སངས་རྒྱས་སོགས་རྗེས་དྲན་དྲུག་མདོར་བསྟན་པ་དང་། རྗེས་དྲན་ཕྱི་མ་གསུམ་རྒྱས་པར་བཤད་པའོ། །དང་པོ། བདུད་བཞི་ལས་རྒྱལ་བའི་རྒྱལ༷་བས༷་སང༷ས་རྒྱས༷་དང་ཆོས༷་དང༷་དགེ༷་འདུན༷་དང༷་། གཏོང༷་བ་དང༷་ཚུལ༷་ཁྲིམ༷ས་དང་ལྷ༷་རྗེས༷་སུ་དྲ༷ན་པ༷་སྟེ་རྣམ་པ་དྲུག༷། རབ༷་ཏུ༷་བཀ༷འ་སྩལ༷་པ་དེ༷་དག༷་སོ༷་སོ༷་ཡི༷་སྟེ། སངས་ རྒྱས་དོན་གཉིས་ལྷུན་གྲུབ། ཆོས་བདེན་གཉིས་མ་ནོར་པ། དགེ་འདུན་རིག་གྲོལ་གཉིས་ལྡན། གཏོང་བ་འབྱོར་པ་ཕུན་སུམ་ཚོགས་པའི་རྒྱུ། ཚུལ་ཁྲིམས་རྣམ་པར་དག་པ་ཡོན་ཏན་ གྱི་གཞི། ལྷ་ནི་རང་གི་དཔང་པོའམ་མངོན་མཐོའི་ཆོས་ཉམས་སུ་བླང་པས་འབྲས་བུ་ཁྱད་པར་ཅན་ཐོབ་པ་སྟེ། ཡོ༷ན་ཏན༷་གྱི་ཚོག༷ས་ཀྱི༷་རྗེས༷་སུ༷་དྲ༷ན་པར༷་བགྱི༷འོ། །གཉིས་པ་ལ། ལྷ་རྗེས་དྲན། 8-5-3b གཏོང་བ། ཚུལ་ཁྲིམས་རྗེས་དྲན་གསུམ། དང་པོ། དགེ༷་བའི༷་ལ༷ས་བདུན་དང་ལ༷མ་གསུམ་སྟེ་བཅུ༷་པོ༷་ཡང་ནི་ལུས༷་ཀྱིས་སྲོག་གཅོད་མ་བྱིན་ལེན་འདོད་ལོག་སྤོང་བ་གསུམ་དང༷་ནི༷། ང༷ག་གིས་རྫུན་ ཕྲ་མ་ཚིག་རྩུབ་ངག་འཁྱལ་སྤོང་བ་སྟེ་བཞི་དང༷་ཡི༷ད་ཀྱིས༷་བརྣབ་སེམས་ཀུན་གནོད་སེམས་ལོག་ལྟ་སྤོང་ཞིང་ཡང་དག་པའི་ལྟ་བ་ལ་རྟ༷ག་ཏུ༷་བསྟེན༷་པར་བགྱི༷་ཞི༷ང་། རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་ཡང་དབང་ པོའི་མཐུ་ཉམས་པར་བྱེད་པ་ཆང༷་གི་བྱེ་བྲག་རྣམ༷ས་ལ༷ས་ལྡོག༷་པར་མཛད་པ་དང་དེ༷་བཞི༷ན་དུ་གཞན་ལ་མི་གནོད་ཅིང་བག་མེད་ཀྱི་རྒྱུར་མི་འགྱུར་བའི་དགེ༷་བ༷་ཡི༷། འཚོ༷་བ༷་ལ༷་ཡ༷ང་མངོ༷ན་པར༷་དགྱེས༷་པར༷་ མཛོ༷ད་ཅིག །དེས་འབྲས་བུ་ཁྱད་པར་ཅན་ལྷ་ཡི་གནས་འཐོབ་བོ་ཞེས་སོ། །གཉིས་པ་ནི། ལོང༷ས་སྤྱོ༷ད་རྣམས་ནི་མི་རྟག་པས་གཡོ༷་བ༷་ཡིད་བརྟན་གྱི་སྙིང༷་པོ༷་མེ༷ད་ཅིང་ཇི་ཙམ་འབྱོར་ཡང་ངོམ་མི་ཤེས་ པར་མཁྱེན༷་ན༷ས། ཡུལ་ཡོན་ཏན་ཅན་དགེ༷་སློང༷་དང་བྲ༷མ་ཟེ༷་སྡུག་བསྔལ་ཅན་བཀྲེ༷ན་པ་སོགས་དང༷་ཕན་འདོགས་པའི་བཤེས༷་རྣམ༷ས་ལ༷། མ་དག་པའི་སྦྱིན་པ་སྤངས་སྟེ་བསམ་པ་དང་དངོས་པོ་དག་ པའི་སྦྱིན༷་པ༷་ཚུ༷ལ་བཞི༷ན་དུ་སྩལ༷་བར་བགྱི༷འོ་དེའི་དགོས་པ་ནི་འཇིག་རྟེན་ཕ༷་རོལ༷་ཏུ༷། སྦྱིན༷་ལ༷ས་གཞ༷ན་པའི༷་གཉེན༷་མཆོག༷་ཏུ་གྱུར་པ་མ༷་མཆི༷ས་སོ༷། །གསུམ་པ། ཁྱོ༷ད་ཀྱི༷་ཚུལ༷་ཁྲིམ༷ས་ལ་འཆལ་ 8-5-4a ཁྲིམས་ཀྱི་སྐྱོན་དང་བྲལ་བས་མ༷་ཉམ༷ས་པ་དང་འཆལ་ཁྲིམས་ཀྱི་གཉེན་པོར་གྱུར་པའི་ཡན་ལག་རྫོགས་པས་མོ༷ད་མི༷་དམའ༷་སྟེ་ཕུན་སུམ་ཚོགས་པའམ་རྒྱ་ཆེ་བ་དང་། འབྲས་བུ་ཞི་བར་ གཞོལ་བ་ལམ་འཇིག་རྟེན་པའི་ལམ་དང་མ༷་འདྲེ༷ས་པ་དང་འཆལ་ཁྲིམས་ཀྱི་རྒྱུ་ཉོན་མོངས་པའི་ཀུན་སློང་ངན་པ་སོགས་ཀྱིས་མ༷་སྦགས་པ༷་སྟེ་ཚུལ་ཁྲིམས་རྣམ་པར་དག༷་པའི་ཡོན་ཏན་བཞི་དང་ལྡན་པ་དག་བསྟེན༷་ པར༷་མཛོད༷་ཅིག །ཁྲིམ༷ས་ནི༷་རྒྱུ༷་བ་མི་སོགས་དང༷་མི༷་རྒྱུ༷་བ་རི་དང་ཁང་ཁྱིམ་ལ་སོགས་པའི་རྟེན་གཞི་ས༷་ཡིན་པ་བཞི༷ན་དུ༷། མངོན་མཐོ་དང་ངེས་ལེགས་ཀྱི་ཡོ༷ན་ཏན༷་ཀུན༷་གྱི༷་གཞི༷་རྟེན༷་ལག༷ས་པར༷་ ཏེ་ཡིན་པར་གསུང༷ས་སོ། །གཉིས་པ་ལམ་གྱི་ངོ་བོ་ལ། མདོར་བསྟན། རྒྱས་བཤད། དེ་དག་གི་དོན་ཉམས་སུ་ལེན་པ་ལ་དབུགས་དབྱུང་བ་གསུམ། དང་པོ། ཐབས་ལ་མཁས་པས་སྦྱིན༷་པ་དང༷་ ཚུལ༷་ཁྲིམ༷ས་དང་བཟོ༷ད་པ་དང་བརྩོན༷་འགྲུས་དང་བས༷མ་གཏན༷་ད༷ང་། དེ༷་བཞི༷ན་དུ་ཤེས༷་ར༷བ་རྣམས་རྒྱ་ཆེ་བ་གཞལ༷་དུ་མེ༷ད་པ་དང་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པས་ཕ༷་རོ༷ལ་ཕྱིན༷་པ་ སྟེ། འདི༷་དག༷་རང་རྒྱུད་དུ་རྒྱས༷་པར་མཛོ༷ད་ལ་སྲི༷ད༷་པ༷འི་རྒྱ༷་མཚོ༷་ཡི༷། ཕ༷་རོ༷ལ་དུ་ཕྱིན༷་པ༷་རྒྱལ༷་བའི༷་དབ༷ང་པོ༷ར་མཛོ༷ད་ཅིག །གཉིས་པ་ལ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། 8-5-4b བསམ་གཏན། ཤེས་རབ་དྲུག་ལས། དང་པོ་ནི། གང༷་ལ༷་ཕ༷་དང༷་མ༷་དག༷་བཀུར་སྟིས་མཆོ༷ད་པར་བྱེ༷ད་པའི༷། རིག༷ས་དེ༷་ཚངས༷་པ་དང་བཅས༷་སློབ༷་དཔོན༷་དང་བཅས༷་པ༷འ༷ང་སྟེ་འཇིག་རྟེན་ན་མཆོད་ འོས་སུ་གྱུར་པ་དེ་གཉིས་དང་མ་བྲལ་བ་ལ༷གས་པས། དེ༷་དག༷་ལ༷་མཆོ༷ད་པས་ཚེ་འདིར་བྱས་པ་ཤེས་ཤིང་དྲིན་གཟོ་སོགས་ཀྱི་ཡོན་ཏན་གྱིས་གྲ༷གས་པར༷་འགྱུར༷་བ༷་དང༷་། སླ༷ད་མ༷་སྟེ་སྐྱེ་བ་གཞན་ལ༷་ཡ༷ང་མཐོ༷་ རི༷ས་སུ་སྐྱེ་བར་འགྱུར༷་བ༷་ལ༷གས། གཉིས་པ་ལ་བཞི། བསྲུང་བྱ་ཚུལ་ཁྲིམས། དེའི་མི་མཐུན་ཕྱོགས་སྤང་པ། མཐུན་ཕྱོགས་བག་ཡོད་བསྒྲུབ་པ། བག་ཡོད་པའི་ཕན་ཡོན་དཔེས་ཀུན་བཤད་པའོ། ། དང་པོ་ནི། གཞན་ལ་འཚེ༷་བ་སྟེ་རྒྱུ་མིང་གིས་སྨོས་པ་སྲོག་གཅོད་པ་དང༷་ཆོམ༷་རྐུན༷་ཏེ་མ་བྱིན་པ་ལེན་པ་དང་འཁྲིག༷་པ༷་སྟེ་གཡེམ་དང་བརྫུ༷ན་སྤང་བ་སྟེ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་དང༷་ནི༷། བག་ ཡོད་ཀྱི་ཡན་ལག་ཆ༷ང་སྤང་བ་དང༷་བརྟུལ་ཞུགས་ཀྱི་ཡན་ལག་གསུམ་ནི་དུས༷་མི༷ན་པར་ཕྱི་དྲོའི་ཁ་ཟ༷ས་ལ༷་ཆག༷ས་པ༷་སྟེ་ཟ་བ་དང༷་། མལ༷་སྟན༷་མཐོ༷་ལ༷་དག༷འ་བ་དང༷་ངག་གི་གླུ༷་དག༷་དང༷་། ལུས་ཀྱི་ག༷ར་ དང༷་ཕྲེང༷་བའི༷་ཁྱ༷ད་པར༷་རྒྱན་དུ་མ་རྣམས་རྣམ༷་པར་སྤོང༷་ཞིང༷་། སྔོན་གྱི་འཕགས་པ་ད༷གྲ་བཅོ༷མ་པ་རྣམས་ཀྱིས་ཚུལ༷་ཁྲིམ༷ས་ཇི་ལྟར་བསྲུང་བའི་རྗེ༷ས་སུ༷་བྱེ༷ད་པ༷་ཡི༷། ཡ༷ན་ལག༷་བ༷རྒྱད་པོ༷་འདི༷་དག༷་དང༷་ལྡ༷ན་ 8-5-5a ན༷། གསོ༷་སྦྱོང༷་ཞེས་བྱ་ལ་དེས་འདོ༷ད་པ་ན་སྤྱོ༷ད་པའི་ལྷ༷་ཡི་ལུས༷་ཡི༷ད་དུ་འོང༷་བ༷་དེ། རྟེན་མ་ནིང་སོགས་ལ་མི་སྐྱེ་བས་སྐྱེས༷་པ༷་དང་བུ༷ད་མེ༷ད་དག༷་ལ༷་སྩོལ༷་བའམ་སྦྱིན་པར༷་བགྱིད༷་ དོ། །གཉིས་པ། དངོས་པོ་གཏོང་མི་འདོད་པའི་སེ༷ར་སྣ༷་རང་གི་ཉེས་པ་བཅབ་པའི་གཡོ༷་ཡོན་ཏན་ཡོད་པའི་ཟོབ་སྟོན་པ་སྒྱུ༷་བདག་དང་ལོངས་སྤྱོད་དང་བུད་མེད་ལ་འཁྲིགས་པའི་བདེ་བ་ལ་ཆ༷གས་ པ་དང༷་བླང་དོར་ཅི་ལའང་མི་འཇུག་པའི་སྙོམ༷་ལ༷ས་དང༷་། ཡོན་ཏན་གྱི་ཁྱད་པར་མི་ལྡན་པ་ལ་ལྡན་ནོ་སྙམ་པ་མངོ༷ན་པའི༷་ང༷་རྒྱལ༷་ཟག་བཅས་ཀྱི་ཡུལ་ཡིད་དུ་འོང་བ་ལ་འདོ༷ད་ཆག༷ས་མི་འོང་བ་ལ་ཞེ༷་ སྡ༷ང་ད༷ང་། རྒྱལ་རིགས་དང་བྲམ་ཟེ་སོགས་རི༷གས་དང༷་གཟུ༷གས་མཛེས་པ་དང༷་ཕྱི་ནང་གི་རིག་པ་མང་དུ་ཐོས༷་པ༷་དང་ལང༷་ཚོ༷་གཞོན་པ་དང༷་། དབ༷ང་ཐང༷་ངམ་མངའ་ཐང་ཆེ༷་བས༷་རྒྱག༷ས་པ༷་སྟེ་རང་ གི་ཆོས་དེ་དག་ལ་བསམ་སྟེ་ཆགས་ཤིང་རོ་མྱང་བའི་རྣམ་པ་ཅན་དེ་ཉིད་དགྲ༷་བཞི༷ན་དུ་གཟིག༷ས་ཤིག །གསུམ་པ། དགེ་ཆོས་སྒོམ་ཞིང་ཟག་བཅས་ལས་སེམས་སྲུང་པའི་བག༷་ཡོ༷ད་པ་ནི་བདུ༷ད་ རྩིའི༷་གན༷ས་མི་འཆི་བ་ཏེ༷་མྱང་འདས་དང་བག༷་མེ༷ད་པ༷་ནི། འཁོར་བ་འཆི༷་བའི༷་གན༷ས་སུ༷་ཐུབ༷་པས༷་བཀ༷འ་སྩལ༷་ཏེ༷། མདོ་ལས། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་ 8-5-5b བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་སོ། །དེ༷་བས༷་ཁྱོ༷ད་ཀྱིས༷་དགེ༷་བའི་ཆོས༷་གོང་ནས་གོང་དུ་སྤེལ༷་བའི་སླ༷ད་དུ༷། དགེ་བ་ལ་གུས༷་པས༷་རྟ༷ག་ཏུ༷་ བ༷ག་ད༷ང་བཅས༷་པ༷ར་མཛོ༷ད་ཅིག །བཞི་པ། གང་ཟག་ག༷ང་ཞི༷ག་སྔོ༷ན་ཆ༷ད་བག༷་མེ༷ད་པར་གྱུར༷་པ༷་ལ༷། ཕྱིས༷་ན༷ས་བག༷་དང༷་ལྡ༷ན་པར༷་གྱུར༷་པ་དེ༷་ཡ༷ང་ནི། དཔེར་ན་ཟླ༷་བ༷་སྤྲིན༷་དང་བྲལ༷་བ་ལྟ༷་ བུར༷་རྣམ༷་པར་མཛེ༷ས་པ་ཡིན་ཏེ༷། ཆགས་ཅན་གཅུང་དགའ༷་བོ༷་དང་གཏི་མུག་ཅན་ལོག་པའི་བཤེས་ཀྱིས་བསླུས་པ་སོ༷ར་ཕྲེ༷ང་ཅན་གྱིས་མི་དགུ་བརྒྱ་གོ་དགུ་བསད་པ་དང་ཞེ་སྡང་ཅན་མཐོ༷ང་ལྡན༷་ཏེ་རྒྱལ་ པོ་མ་སྐྱེས་དགྲ་སྡིག་གྲོགས་ཀྱི་དབང་དུ་གྱུར་ཏེ་རང་གི་ཕ་བསད་པ་དང་ཆགས་སྡང་གཉིས་ཀ་ཅན་བདེ༷་བྱེ༷ད་ཀྱིས་གཞན་ལ་གཡེམ་པའི་ཕྱིར་རང་གི་མ་བསད་པ་དག་ཀྱང་ཕྱིས་གཉེན་པོའི་ ཆོས་རྒྱུད་ལ་བརྟེན་པས་སྔ་མ་གཉིས་དགྲ་བཅོམ་དང་བར་མ་བྱང་སེམས་ཐ་མ་ལྷར་སྐྱེས་ནས་བདེན་པ་མཐོང་བ་བཞི༷ན་ནོ། །གསུམ་པ་བཟོད་པ་ལའང་ཀུན་བཞི། རྒྱུ་ཁོང་ཁྲོ་སྤང་པར་གདམས་ པ། འབྲས་བུ་འཁོན་འཛིན་སྤང་བ། ཞར་ལ་གཞི་སེམས་ཀྱི་ཁྱད་པར། ཁྲོ་བའི་རྐྱེན་ཚིག་རྩུབ་སྤང་བའོ། །དང་པོ། འདི༷་ལྟར༷་བཟོ༷ད་པ་དང་མཚུ༷ངས་པའི་དཀ༷འ་ཐུབ༷་གཞན་མ༷་ 8-5-6a མཆིས༷་པས༷། ཁྱོ༷ད་ཀྱིས༷་དང་པོ་ནས་ཁྲོ༷་བའི༷་གོ༷་སྐབ༷ས་དབྱེ༷་བར་མི༷་བགྱི༷་སྟེ། ཁྲོ༷་བ༷་སྤོང༷ས་པ༷ས་འབྲས་བུ་ཕྱིར༷་མི༷་ལྡོག༷་པ༷་ཉི༷ད། འ༷ཐོབ་པར༷་འགྱུར༷་པར༷་སང༷ས་རྒྱས༷་ ཀྱིས་ཞལ༷་གྱིས༷་བཞེ༷ས་པ་སྟེ། དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག་དང་། ཁྱོད་ཕྱིར་མི་ལྡོག་པའི་གཉའ་འོར་གྱུར་པ་ཡིན་ནོ། །ཞེས་སོ། །གཉིས་པ། བདག༷་ནི༷་ཕ་རོལ་ པོ་འདི༷ས་དངོས་སུ་ཚིག་ངན་པས་སྤྱོས༷་ལྐོག་ཏུ་འདི༷ས་གཏག༷་སྟེ་སྐྱོན་གྱིས་ངན་བྱས་སྟོབས་ཀྱིས་ཕ༷མ་པར༷་བྱས༷་སོ། །འདི༷་ཡི༷ས་བད༷ག་གི༷་ནོ༷ར་ཕྲོག༷ས་པར་གྱུར༷་ཏོ༷་ཞེས༷། སྔར་གྱི་ཁོ༷ན་ དུ༷་འཛིན༷་པའི༷་སེམས་ཀྱིས་ལུས་ངག་གི་འཁྲུག༷ས་ལོང༷་རྣམ༷ས་སྐྱེད༷་དེ༷། ཁོན༷་འཛི༷ན་དེ་རྣམ༷་པར་སྤང༷ས་ན་སེམས་ལ་ཟུག་ངུ་དང་བྲལ་བས་བདེ༷་བར༷་གཉི༷ད་ཀྱིས༷་ལོ༷ག་པ་ཞེས་བྱའོ། ། གསུམ་པ། འགྲོ་བའི་སེམ༷ས་ཀྱི་ཚུལ་ནི༷་ཆུ་དང༷་ས༷་དང༷་རྡོ༷་བ༷་ལ༷། རི༷་མོར༷་བྲིས༷་པ༷་དེ༷་འདྲ༷ར་མི་བརྟན་པ་དང་བརྟན་པ་དང་ཤིན་ཏུ་བརྟན་པའི་ཁྱད་པར་རི༷ག་པ༷ར་བགྱི༷འོ། །དེའི༷་ནང༷་ནས་ཉོ༷ན་ མོང༷ས་ཅ༷ན་གྱི་སེམས་ལ༷་དང༷་པོ༷་ཆུ་ལ་རི་མོ་ལྟ་བུ་ནི༷། མཆོ༷ག་སྟེ༷་ཆོས༷་ལ་འཇུག་པར་འདོ༷ད་པའི་དགེ་སེམས་རྣམ༷ས་ལ༷་ནི་ཐ༷་མ༷་སྟེ་རྡོ་ལ་རི་མོ་བྲིས་པ་བཞིན་དུ་འགྱུར་བ་མེད་པ་ཉིད་མཆོག་ལ༷གས་སོ་ 8-5-6b བཞི་པ། རྒྱལ༷་བ༷ས་མཐུན་པར་སྨྲས་པས་སྙིང༷་ལ༷་འབ༷བ་པ་དང༷་དོན་ཇི་བཞིན་སྨྲ་བ་བདེ༷ན་པ༷་དང༷་། མི་མཐུན་པའམ་མི་ཤེས་པས་ལོག༷་པར༷་སྨྲ༷་བ་དང་ལྡན༷་པ་སྟེ་སྐྱེས༷་བུ༷་རྣམ༷ས་ཀྱི༷་ཚིག་ནི༷་གོ་རིམ་ བཞིན་དུ། སྦྲ༷ང་རྩི༷་ལྟ་བུ་དང་མེ༷་ཏོ༷ག་ལྟ་བུ་དང་མི༷་གཙང༷་ལྟ༷་བུའི༷་ཚིག༷་ཅེས། རྣམ༷་པ་གསུམ༷་དུ་ཕྱེ་སྟེ་བཀའ༷་སྩལ༷་པ་དེ༷་ལ༷ས། ཐ༷་མ༷་ནི་སྤང༷་བར་བྱ་བ་ཁོ་ནའོ། །བཞི་པ་བརྩོན་འགྲུས་ལ། གང་ ལ་བརྩོན་པར་བྱ་བའི་གཞི་དང་། བསམ་སྦྱོར་དག་པར་མཚུངས་པའི་བརྩོན་འགྲུས་ལ་གདམས་པ་གཉིས། དང་པོ། སྣང༷་ནས༷་སྣང༷་བའི༷་མཐ༷ར་ཐུག༷་སྟེ་འགྲོ་བ་འདིར་ཡང་བདེ་ལ་ཕྱི་མར་ ཡང་བདེ་བ་དང་མུན༷་པ༷་ན༷ས། མུན༷་པའི༷་མཐ༷ར་ཐུག༷་སྟེ་འདིར་སྡུག་བསྔལ་ལ་ཕྱི་མར་ཡང་སྡུག་བསྔལ་གྱི་གནས་སུ་འགྲོ་བ་དང་སྣང༷་ནས༷་མུན༷་མཐ༷ར་ཐུག༷་སྟེ་འདིར་བདེ་ལ་ཕྱི་མར་སྡུག་བསྔལ་ བ་དང་། མུན༷་ནས༷་སྣང༷་བའི༷་མཐ༷ར་ཐུག༷་འདིར་སྡུག་ཀྱང་ཕྱི་མར་བདེ་བར་འགྲོ་བའི་ག༷ང་ཟ༷ག་ནི༷། བཞི༷་སྟེ༷་དེ༷་དག༷་རྣམ༷ས་ཀྱི༷་ནང་ནས་དང༷་པོ༷ར་ཏེ་བདེ་ནས་བདེ་བར་བགྲོད་པར་མཛོ༷ད་ཅིག །གཉིས་ པ། མི༷་ནི༷་ཨ༷་མྲ༷འི་འབྲས༷་བུ་བཞི༷ན་དུ་ཕྱི་ནང་སྨིན་མ་སྨིན་གྱི་མུ་བཞི་ཡོད་པ་སྟེ་དེ་ཡང་ནང་མ༷་སྨིན་ལ༷། ཕྱི་ནས་ལྟས་ན་སྨིན༷་པ༷་དང༷་འདྲ༷་བ་དང་ནང་སྨིན༷་ལ༷་ཕྱི་མ༷་སྨིན༷་པ་འདྲ༷་བ་དང་། ནང་མ༷་སྨིན༷་ 8-5-7a ལ་ཕྱི་ཡང་མ༷་སྨིན༷་པ༷ར་སྣང༷་བ་དང་ནང་སྨིན༷་པ་ལ༷་ནི༷། ཕྱི་ཡང་སྨིན༷་པ༷ར་སྣང་ཞེས༷་བགྱི༷་བ༷་དང་འདྲ༷ར་ཤེས་པའམ་རྟོག༷ས་པ༷ར་མཛོ༷ད་ཅིག །ལྔ་པ་བསམ་གཏན་ལ། སྦྱོར་བ། དངོས་གཞི། ཀུན་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ་གཉིས། མི་མཐུན་ཕྱོགས་རྣམ་གཡེང་སྤང་བ་དང་། མཐུན་ཕྱོགས་ཚད་མེད་བཞི་སྒྲུབ་པའོ། །དང་པོ་ལ། ཡུལ་གྱིས་གཡེང་བ། ཆོས་བརྒྱད་ཀྱིས་གཡེང་བ། ནོར་གྱིས་གཡེང་བ། ལོངས་སྤྱོད་ཀྱིས་གཡེང་བ་བཞི་ལས། དང་པོ་ལ། ནང་གི་འདུ་ཤེས་སྒྱུར་བའི་སྒོ་ནས་དབང་པོ་ཡོངས་སུ་བསྡམ་པ་དང་། ཡུལ་གྱི་མཚན་ ཉིད་ཤེས་པའི་སྒོ་ནས་ཆགས་པ་སྤང་བ་གཉིས། དེའི་དང་པོ་ལའང་བཞི་སྟེ། གཞན་གྱི་བུད་མེད་ལས་དབང་པོ་བསྲུང་བར་གདམས་པ། འདོད་པ་གཞན་ལས་དབང་པོ་བསྲུང་བར་གདམས་པ། དབང་པོ་མ་བསྡམ་པའི་སྐྱོན། དབང་པོ་བསྡམས་ཐུབ་པ་ལ་བསྔགས་པའོ། །དང་པོ་ནི། གཞ༷ན་གྱི༷་ཆུང༷་མ༷་ལ་ཆེད་དུ་མི༷་ལྟ༷་རང་བཞིན་གྱིས་མཐོ༷ང་ན༷་ཡ༷ང་། ན༷་ཚོད༷་མཐུན༷་པར༷་རང་ལས་ཆེ་ན་མ༷་དང༷་ ཆུང་ན་བུ༷་མོ༷་དང༷་། མཉམ་ན་སྲིང༷་མོ༷འི་འདུ༷་ཤེས༷་བསྐྱེ༷ད་པར་བགྱི༷་ཡི་ཆགས་པར་མི་བྱ་ཞིང་གལ་ཏེ་ཆ༷གས་པར་གྱུར༷་ན༷། དེ་དག་གི་ལུས་མི༷་གཙང༷་བ་ཉི༷ད་དུ༷་ཡང༷་དག༷་པར་བས༷མ་པར༷་བགྱི༷འོ། །གཉིས་ 8-5-7b པ། སྐད་ཅིག་ཀྱང་མི་སྡོད་པར་གཡོ༷་བའི༷་སེ༷མས་ནི༷་ཐོས༷་པ་དང་མཚུང༷ས་པར་བསྲུང་བ་དང་དེ་བཞིན་དུ་བུ༷་ལྟ་བུ༷ར་དང་། གཏེར༷་བ༷ཞིན་དུ་དང་སྲོག༷་དང༷་འདྲ༷་པར༷་བསྲུ༷ང་བར་བགྱི༷་སྟེ༷། དེ་ལ་ཐོས་པའི་ དུས་སུ་ཐོས་པའི་དོན་བསྒྲིམས་ཏེ་མ་ཉན་ན། གཡེང་བ་དེའི་ཐད་ཀྱི་ཚིག་དོན་མི་ཐོས་པས་སྒྲའི་ཕྲེང་བའི་རྒྱུན་ལ་ཡིད་མ་ཡེང་པར་བརྒྱུད་མར་བཞག་དགོས་པ་དང་བུ་ཆུང་སྙིང་དུ་སྡུག་པ་དེ་མ་ ཡིས་གཡང་ས་སོགས་སུ་འགྲོ་དོགས་ཀྱིས་དེ་ལ་དྲན་པས་རྟག་ཏུ་བྱ་ར་བྱེད་པ་དང་། གཏེར་ཆེན་པོ་ཆོམ་རྐུན་སོགས་ཀྱིས་ཁྱེར་བར་དོགས་པས་ཉིན་མཚན་དུ་བསྲུང་བ་དང་། ནམ་ཡང་རང་གི་སྲོག་ འདི་ཕངས་ནས་སྲུང་བའི་དཔེ་དེ་ཐམས་ཅད་དང་འདྲ་བར་ཤེས་པར་བྱའོ། །སེམས་དེ་ལ་དྲན་པས་བྱ་ར་བཅུག་ནས་གང་ལ་སྲུང་ཞེ་ན། གདུག༷་པ༷་སྦྲུལ་ལྟ་བུ་དང་དུག༷་དང༷་མཚོ༷ན་རྩེ་གཟིང་བ་དང༷་ དགྲ༷་བོ༷་དང༷་། མེ༷་འབར་བའི་ཀློང་བཞི༷ན་དུ་འདོ༷ད་པའི༷་བདེ༷་བ་ལ༷་ཡི༷ད་འབྱུང༷་བར་མཛོད༷་ཅིག །གསུམ་པ། ཡིད་མ་འབྱུང་ན་ཅིར་འགྱུར་སྙམ་ན། འདོ༷ད་པ༷་རྣམ༷ས་ནི་ཕུང༷་ཁྲོལ༷་ཏེ་ཉེས་པ་ཆེན་པོ་ སྐྱེད༷་པ༷་སྟེ༷། རྒྱལ༷་བ༷འི་དབ༷ང་པོ༷ས་ཀི༷མྦའི༷་འབྲ༷ས་འདྲ༷ར་གསུང༷ས་ཏེ། ཀིམྦའི་འབྲས་བུ་ནི་དྲན་ཉེ་ལས་ནུབ་ཕྱོགས་རྒྱ་མཚོའི་གླིང་ན་ཡོད་པའི་ཤིང་ཞིག་སྟེ་འབྲས་བུར་མངར་ཡང་སྔ་དྲོ་ཟོས་ན་ཕྱི་དྲོ་འཆི་ 8-5-8a འགྲོ་བ་ཞིག་ཡོད་པར་གསུངས་པ་དེའོ། །དེས་ན་དེ༷་ད༷ག་སྤང༷་བར་བགྱི༷་སྟེ་འདོད་པ་དེ༷་ཡི༷་ལྕག༷ས་སྒྲོག༷་གིས༷། འཁོར༷་བའི༷་བཙོ༷ན་ར༷ར་འཇི༷ག་རྟེན༷་འདི༷་དག༷་དབང་མེད་དུ་བཅིང༷ས་པ་ ཡིན་ནོ། །བཞི་པ། གང༷་དག༷་མིག་སོགས་དབ༷ང་པོ༷་དྲུག༷་རང་རང་གི་ཡུ༷ལ་གཟུགས་སོགས་རྣམ༷ས་ལ༷་ནི༷། རྟག༷་ཏུ༷་མི༷་བརྟ༷ན་པར་གཡོ༷་ཞིང་འཇུག་པ་ལས་རྒྱལ་ཏེ་མི་གཡོ་བ་དང༷་གང༷་དག༷་གཞན་ གཅི༷ག །གཡུ༷ལ་ངོར༷་དགྲ༷་ཡི་དཔུང་གི་ཚོག༷ས་ལ༷ས་རྒྱལ༷་བ་དེ༷་གཉིས་དག༷་ལ༷ས། མཁ༷ས་པ་རྣམ༷ས་དང༷་པོ༷་དེ་སྐྱེས་ཀུན་བུ་དཔའ༷་བོ་རབ༷་ལ༷གས་ཏེ་ཡིན་པ༷ར་ཤེས་འཚལ༷་ཏེ། དེའི་རྒྱུ་མཚན་དཔའ་བོ་ནི་ བརྟན་པའི་མིང་སྟེ་གཞན་གྱི་དབང་དུ་མ་གྱུར་པའི་དོན་ཡིན་ལ། གཡུལ་ངོར་དགྲ་ལས་རྒྱལ་བ་ཙམ་བྱ་མི་དཀའ་ཞིང་། ཐོག་མེད་ནས་གོམས་པའི་བག་ཆགས་ཀྱིས་དབང་པོའི་རྗེས་འབྲང་གི་ཡིད་ ཡུལ་གྱི་དབང་དུ་མ་གྱུར་པའི་སོ་སྐྱེ་སུ་ཡང་མེད་པས། དེ་དག་ལས་རྒྱལ་བ་འདི་གཡུལ་ལས་རྒྱལ་བ་ལས་སྟོང་འགྱུར་གྱིས་དཀའ་བས་སོ། །མདོར་ན་གཡུལ་ལས་རྒྱལ་བ་དུད་འགྲོ་ལའང་ཡོད་ ལ། དབང་པོ་ཡུལ་ལས་རྒྱལ་བ་དབང་པོས་ཀྱང་དཀའོ། །གཉིས་པ་ལ་འདོད་ཁམས་ཀྱི་འདོད་པའི་གཙོ་བོ་བུད་མེད་ཀྱི་ལུས་ཡོངས་སུ་ཤེས་པས་ཆགས་པ་སྤང་བ་དང་། འདོད་པ་སྤྱིའི་ 8-5-8b ཚུལ་ཤེས་ནས་ཆགས་པ་སྤང་བ་གཉིས་ལས། དང་པོ། བུ༷ད་མེ༷ད་གཞོ༷ན་ནུའི༷་ལུས༷་ནི༷། ལོག༷ས་ཤིག༷་ཏུ༷་བློས་གཞལ་ན། དྲི༷་ང༷་བ༷་དང༷་བུ་གའི་སྒོ༷་དགུ༷་དོད༷་པ༷་དང༷་། མི༷་གཙ༷ང་བ་འདྲེ་ཙམ་མ་ ཡིན་པར་གཤང་གཅི་ཁྲག་སོགས་རྫས་སོ་གཉིས་པོ་ཀུན༷་གྱི་སྣོ༷ད་དང་འདྲ༷་བ༷་བཟའ་བཏུང་སོགས་ཇི་ཙམ་སྤྱད་ཀྱང་དག༷ང་དཀའ༷་བ་དང༷་། དེ་ལྟ་བུའི་མི་གཙང་བའི་སྣོད་པ༷གས་པ༷ས་གཡོ༷གས་པ་དང༷་ དེ་དག་གི་རྒྱན༷་གསེར་དངུལ་དང་གོས་ལ་སོགས་པ་ཡང༷་ལོ༷གས་ཤིག༷་ཏུ་གཟི༷གས་ཞེས་ལུས་དང་རྒྱན་སོ་སོར་ཕྱེས་ཏེ་རྟོགས་ཤིག་ཅེས་པའོ། །གཉིས་པ། ཇི༷་ལྟར༷་མཛེ༷་ཅ༷ན་པགས་པའི་འོག་ན་རྒྱུ་བའི་ སྲིན༷་བུ༷ས་ཉེ༷ན་པ༷་ནི༷། ཚོར་བ་བདེ༷་བ༷འི་དོ༷ན་དུ༷་མེ༷་ལ༷་ཀུན༷་བསྟེན༷་ཀྱང༷་སྐབས་དེ་ན་སྲིན་རྣམས་ཅུང་མི་རྒྱུ་བར་ཕན་འདྲ་ཡང་། དེས་ནད་ཞི༷་བར༷་མི༷་འགྱུར༷་བར་སླར་ཡང་ཆེས་ཟུག་ངུ་སྡང་བ་དེ༷་དང༷་འདྲ༷་བར༷་ནི༷། འདོ༷ད་པ༷་རྣམ༷ས་ལ༷་ཆག༷ས་པ༷འང༷་མི་ཞི་བར་སླར་ཡང་ཆེར་འཕེལ་བར་མཁྱེན༷་པར༷་མཛོ༷ད་ཅིག །གཉིས་པ་ནང་ཆོས་བརྒྱད་ཀྱིས་གཡེང་བ་ལ། གཉེན་པོ་དང་། སྤང་བྱ་གཉིས། དང་པོ་ལ་གཉེན་པོ་ དངོས་དང་། གཉེན་པོ་དེ་དང་ལྡན་མི་ལྡན་གྱི་སྐྱོན་ཡོན་བཤད་པ་གཉིས། དང་པོ། དོན༷་ད༷མ་གྱི་གནས་ཚུལ་མི་རྟག་སྡུག་བསྔལ་སྟོང་བདག་མེད་པའི་དོན་གཟིག༷ས་པ༷ར་བགྱི༷་སླ༷ད་དངོས༷་པོ་ 8-5-9a རྣམ༷ས་ལ༷། དངོས་པོའི་གནས་ཚུལ༷་ཇི་ལྟ་བ་བཞི༷ན་དུ་ཡི༷ད་ལ༷་བགྱིད༷་པ༷་དེ༷་ལ་གོམ༷ས་པར་མཛོ༷ད་ཅིག །དེ༷་དང༷་འདྲ༷་བ༷ར་བསྔགས་འོས་ཡོ༷ན་ཏན༷་དང་ལྡན༷་པ༷་ཡི༷། ཆོས༷་གཞ༷ན་འག༷འ་ ཡ༷ང་མཆི༷ས་པ༷་མ༷་ལག༷ས་སོ༷་སྟེ་ནང་སེམས་ཀྱི་དགྲ་བཅོམ་པས་སོ། །གཉིས་པ། སྐྱེས༷་བུ༷་གང་དག་རིག༷ས་དང་གཟུག༷ས་དང་མང་དུ་ཐོས༷་པ་དང༷་ལྡན༷་པ་རྣམ༷ས་ཀྱང༷་། དོན་ཚུལ་བཞིན་སེམས་པའི་ཤེས༷་ རབ༷་དང་ཚུལ་བཞིན་བགྱི་བའི་ཚུལ༷་ཁྲིམ༷ས་དང་བྲལ༷་བ༷་ནི་བཀུར༷་བར་བྱ་བའི་འོས་མ༷་ལ༷གས་སོ། །དེ༷་ལྟ༷་བས་ན་གང་ཟག་གང༷་ལ༷་ཚུལ་བཞིན་བསམ་ཞིང་སྤྱོད་པའི་ཤེར་ཚུལ་གྱི་ཡོན༷་ཏན༷་འདི༷་གཉི༷ས་དང་ལྡན༷་ པ། དེ༷་ནི༷་རིགས་སོགས་ཡོ༷ན་ཏན༷་གཞ༷ན་རྣམས་དང༷་བྲལ༷་ཡང༷་མཆོ༷ད་པར་འོས་སོ། །གཉིས་པ་སྤང་བྱ་ལ། ཆོས་བརྒྱད་དངོས་དང་། དེའི་འབྲས་བུ་སྡིག་པ་སྤང་པར་གདམས་པ་གཉིས། དང་ པོ། འཇིག༷་རྟེན༷་པའི་ཚུལ་མཁྱེན༷་པ༷་ཞེས་བོས་ནས་ལོངས་སྤྱོད་རྙེད༷་པ་ད༷ང་མ༷་ཀུན་རྙེད༷་པ༷་དང་། ལུས་སེམས་བདེ༷་བ་དང༷་མི༷་བདེ༷་བ་དང་རྣ་བར་ཚིག་སྙན༷་པ་དང༷་མི༷་སྙན༷་པ་དང༷་། ངོར་བསྟོ༷ད་ པ་དང་ལྐོག་ཏུ་སྨད༷་པ་ཅེས༷་བགྱི༷་བའི་འཇི༷ག་རྟེན༷་གྱི་ཆོས༷་ནི་བརྒྱ༷ད་པོ༷་སྟེ། འཇིག་རྟེན་པ་རྣམས། འདི་ལ་གནས། འདི་ལ་བརྟེན། འདི་ལ་སྤྱོད་འདི་ལས་འདའ་མི་ནུས་པས་སོ། །དེ་རྣམས་ 8-5-9b ནི་བད༷ག་དམ་པའི་ངང་ཚུལ་ཅན་དག་གི༷་ཡི༷ད་ཀྱི་ཡུལ༷་དུ་བྱས་ཤིང་ཞེན་རུང་བ་མིན༷་པར༷་བསྟོད་སྨད་སོགས་ཐམས་ཅད་མགོ༷་སྙོམ༷ས་པར་མཛོ༷ད་ཅིག །གཉིས་པ་ལ། དངོས་དང་། དེ་སྤང་དགོས་ཚུལ་ གཉིས། དང་པོ། ཁྱོ༷ད་ཀྱིས༷་རང་དོན་དུ་མ་ཟད་མཆོད་གནས་བྲ༷མ་ཟེ༷་དང་དགེ༷་སློང༷་དང་ལྷ༷་དང༷་ནི༷། བཤེས་སུ་གྱུར་པའི་མགྲོ༷ན་དང༷་ཡབ༷་ཡུམ༷་སྟེ་ཕ་མ་དག༷་དང༷་དེ་བཞིན་བཙུན༷་མོ༷་དང༷་། འཁོ༷ར་ གྱི༷་སླ༷ད་དུའ༷ང་སྡིག༷་པ༷་མི༷་བགྱི༷་སྟེ༷། འབྲས་བུ་དམྱལ༷་བ༷འི་རྣམ༷་སྨིན༷་རང་གིས་མྱོང་བའི་ཚེ་རྣམ་སྨིན་གྱི་སྐལ༷་པ་ནོ༷ད་པའམ་ལེན་པ་གཞན་འག༷འ་ཡང་མ༷་མཆིས༷་སོ། །གཉིས་པ། སྡིག༷་པའི༷་ལ༷ས་ རྣམ༷ས་སྤྱོ༷ད་པ༷་སུ་འགའ༷་ཡང༷་ནི༷། དེ༷་ཡི༷་མོ༷ད་ལ༷་མཚོན༷་གྱིས་བཏབ་པ་བཞི༷ན་དུ་མི༷་གཅོ༷ད་ཀྱང༷་། ནམ་འཆི༷་བའི༷་དུས༷་ལ༷་བབ༷་པ་ན༷་ཉེས་སྤྱོད་སྡིག༷་པ༷་ཡི༷། ལ༷ས་ཀྱི༷་འབྲས༷་བུ༷་སྡུག་བསྔལ་པ་གང༷་ ལ༷གས་པ་མངོན་པར༷་འགྱུར༷་ཏེ་བྱ་ནམ་མཁའ་ལ་འཕུར་བ༷འི་གྲིབ་མ་བཞིན་ནོ། །གསུམ་པ་ནོར་གྱིས་གཡེང་བ་ལ། ནོར་ལ་སྤང་བླང་གི་དབྱེ་བ་སྤྱིར་བཤད། བྱེ་བྲག་མནོག་ཆུང་གི་བྱ་བ་སྤང་ པ། སྤོང་བྱེད་ཀྱི་གཉེན་པོ་གསུམ་ལས། དང་པོ། ད༷ད་པ་དང༷་ཚུལ༷་ཁྲི༷མས་དང་ཐོས༷་པ་དང༷་གཏོང༷་བ༷་ལ་གོམས་པ་དང༷་། རང་ལ་ལྟོས་ཏེ་དྲི༷་མ་མེ༷ད་པའི་ངོ༷་ཚ༷་ཤེས༷་པ་དང༷་གཞན་རྒྱུ་མཚན་དུ་ 8-5-10a བྱས་ཏེ་ཁྲེལ༷་ཡོ༷ད་པ་དག་ད༷ང་། ཤེས༷་རབ༷་ནི་འཕགས་པའི་ནོར༷་བདུན་ལ༷གས་པ༷ར་ཐུབ༷་པས༷་གསུང༷ས་ཏེ། ནོར་འདིས་རང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དབུལ་ བ་སེལ་ཞིང་དོན་ཆེ་ལ། ནོར༷་གཞ༷ན་ཕལ༷་པ༷་ནི་མི་རྟག་པ་བསླུ་ཞིང་འདྲིད་པ་འཆིང་བའི་རྒྱུར་གྱུར་པས་དོན༷་མ༷་མཆི༷ས་པར་རྟོག༷ས་པར་མཛོད༷་ཅིག །གཉིས་པ། ཁྱད་པར་དུའང་ཆོ་ལོ་སོགས་རྒྱན༷་ པོ༷་འགྱེད༷་དང༷་ཁྲོམ་སོགས་འདུས༷་པ་ལ༷་ལྟ༷་ཞིང་གཡེང་བ༷་དང༷་། བརྩོན་པ་དོར་བའི་ལེ༷་ལོ༷་དང་སྡིག༷་པ༷འི་གྲོག༷ས་པོ་ལ༷་བརྟེན༷་པ༷་དང༷་། ཆང༷་འཐུང་བ་དང༷་མཚ༷ན་མོ༷་གནས་གཞན་དུ་རྒྱུ༷་བ༷་རྣམས་ནི་ འབྲས་བུ་ང༷ན་སོ༷ང་དུ་འགྲོ་བའི་རྒྱུར་ཉེ་བ༷། ཚེ་འདིར་གྲག༷ས་པ༷་ཉམ༷ས་པར༷་འགྱུར༷་བ༷་ཡི་རྒྱུ་ཡིན་པས་དེ༷་དྲུག༷་སྤང༷་བར་མཛོད་ཅིག །གསུམ་པ་ལ། གཉེན་པོའི་ཕན་ཡོན། དེ་དང་བྲལ་བའི་ཉེས་ དམིགས་གཉིས། དང་པོ། ནོར༷་རྣམ༷ས་ཀུན་གྱི༷་ན༷ང་ན༷་འདོད་པ་ཆུང་ཞིང་ཆོག༷་ཤེས༷་པ༷་ནི། རབ༷་དང་མཆོ༷ག་ཏུ་གྱུར་པ་ལ༷གས་པ༷ར་ལྷ༷་མི༷འི་སྟོན༷་པ༷ས་གསུ༷ངས་སོ། །དེས་ན་དུས་ཀུན༷་ཏུ༷་ཆོག༷་ ཤེ༷ས་པར་མཛོ༷ད་ཅི༷ག་ཆོག༷་ཤེས་པའམ་མཁྱེན༷་ན༷། གསེར་སོགས་ནོ༷ར་མི༷་འདོ༷ག་ཀྱང༷་ཡང༷་དག༷་འབྱོར༷་པ༷་ཡི་འབྲས་བུ་མྱོང་བ་ལག༷ས་ཏེ་འབྱོར་པའི་དགོས་པ་ནི་ཆོག་ཤེས་ཡིན་པའི་ཕྱིར་རོ། ། 8-5-10b གཉིས་པ། དེས༷་པ༷་ཞེས་རྒྱུད་ཞི་ཞིང་དུལ་བ་ལ་བོས་ནས་བདོ༷ག་པ་མ༷ང་པོ་ཀུན་རྣམས་བསག་བསྲུང་བརླག་པས་ཇི༷་ལྟར༷་སྡུག༷་བསྔལ༷་བ༷་དེ་ལྟར། འདོ༷ད་པ༷་ཆུང༷་བ་རྣམ༷ས་ནི་དེ༷་ལྟ༷་བུ་སྡུག་བསྔལ་བ་མ༷་ལ༷གས་ ཏེ༷། དཔེར་ན་ཀླུ་ཇི་ལྟར་འབྱོར་བ་ཆེ་བ་ལྟར་སྦྲུལ་མགོའི་གདེང་ཀའང་མང་བས་ཀླུ༷་མཆོ༷ག་དེ་རྣམ༷ས་ལ༷་མགོ༷་བོ༷་ཇི༷་སྙེད༷་པ༷། དེ༷་ལ༷ས་བྱུང༷་བའི༷་བྱེ་ཚན་སོགས་ཀྱིས་གནོད་པའི་ན་ཚ་སྡུག༷་བསྔ༷ལ་ཡང་ དེ༷་སྙེད༷་ཡོད་དོ༷། །བཞི་པ་ལོངས་སྤྱོད་ལ་ཁྱིམ་ཐབ། ཟས། གཉིད་ལ་ཆགས་པ་སྤང་བ་གསུམ། དང་པོ་ལ། སྤང་བྱ་དང་། བླང་བྱ་གཉིས། དང་པོ། རང༷་བཞི༷ན་གྱིས་དགྲ༷ར་འབྲེ༷ལ་ གསོད་པའི་གཤེ༷ད་མ༷་ལྟ༷་བུ༷་དང༷་། ཁྱིམ༷་ཐབ༷ས་དེ་ཉིད་བརྙས༷་པར་བགྱིད༷་པ་རྗེ༷་མོ༷་ལྟ༷་བུ༷་དང༷་། དངོས་པོ་ཆུང༷་ངུའང༷་ཆེད་དུ་མི་སློང་བར་ཕག་ཏུ་རྐུ༷་བ༷་ཆོམ༷་རྐུན༷་ལྟ༷་བུ༷་ཡི༷། ཆུང༷་མ༷་གསུམ༷་པོ༷་དེ༷་ དག༷་རྣམ༷་པར༷་སྤང༷་བར་བྱའོ། །གཉིས་པ། སྲིང༷་མོ༷་ལྟ༷་བུར༷་རང་དང་རྗེས༷་སུ་མཐུ༷ན་པ་གང༷་ཡི༷ན་པ་དང༷་། མཛའ༷་མོ༷་བཞིན༷་དུ༷་སྙིང༷་ལ༷་འབ༷བ་པ༷་ད༷ང་། མ༷་བཞི༷ན་དུ་རང་ལ་ཕ༷ན་པ༷ར་འདོ༷ད་ པ་དང༷་བྲན༷་མོ༷་བཞི༷ན་དུ། རང་གི་དབ༷ང་དུ་གྱུར༷་པ་གང༷་ཡི༷ན་པ་དེ་ནི་སོ་སོའི་རིགས་མི་ཉམས་པའི་རྒྱུ་ཡིན་པས་རི༷གས་ཀྱི༷་ལྷ༷་བཞི༷ན་དུ་བཀུར༷་བར་བྱའོ། །གཉིས་པ་ཟས་ནི། ཁ༷་ཟས༷་ནི་དཔེར་ 8-5-11a ན་སྨན༷་དང༷་འདྲ་བར༷་རིག༷་པ༷འམ་ཤེས་པ་ཡིས༷་ཏེ་སྨན་ནད་གཞི་ལ་ཚོད་ཙམ་ལས་ཆེ་ཆུང་དུ་སོང་ན་མི་ལེགས་པ་ལྟར་ཚོད་རིག་པས། དེ་ཡང་ཀུན་སློང་འདོ༷ད་ཆག༷ས་དང་ཞེ༷་སྡང༷་མེ༷ད་ པར༷་བསྟེན༷་པར་བགྱི༷་སྟེ༷་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ། རྒྱག༷ས་ཕྱིར༷་མ༷་ལ༷གས་སྙེམ༷ས་པ༷འི་ཕྱིར༷་མ༷་ལ༷གས། ཞེས་ཟས་ཀྱིས་ལུས་རྒྱས་ནས་གཞུ་འགེང་པ་སོགས་སྟོབས་སྐྱེ་བའི་ཆེད་དུ་ཟ་ བ་སྟོབས་ཀྱི་རྒྱགས་པའི་ཕྱིར་ཟ་བ། ལང་ཚོ་ཡུན་རིང་དུ་གནས་ཕྱིར་ཟ་བ་ལང་ཚོའི་རྒྱགས་པའི་ཕྱིར་ཟ་བ། དེ་བཞིན་བཞིན་ལ་སེམས་པ། ནད་མེད་པ། ཡུན་རིང་གནས་པ་སོགས་ཀྱི་ཕྱིར་ཟ་བ་ དེ་དང་དེའི་རྒྱགས་པའི་ཕྱིར་ཟ་བའོ། །ཡང་ཟས་བཅུད་ཆེན་གྱིས་ལུས་ཀྱི་ཤད་བསྐྱེད་ནས་སྟོབས་རྙེད་པ་ན་གཞན་གྱི་བུད་མེད་ལ་སྤྱོད་པའམ་དགྲ་ལ་གནོད་པར་བྱ་བ་སོགས་ཕྱིན་ཅི་ལོག་གི་དོན་འདི་ ལ་འཇུག་པར་བྱའོ་སྙམ་པ་སྙེམས་པའི་ཕྱིར་ཟ་བ་དང་། ཡང་འཚག༷་པ་སྟེ་ཟས་བཅུད་ཅན་སོགས་ཀྱིས་ལུས་ཀྱི་ཤ་རྒྱས་པའི་ཕྱིར༷་ཡང་མ༷་ལགས༷་ཏེ་རྒྱགས་འཚག་གཉིས་ཆགས་པ་དང་སྙེམས་པ་ གཞན་ལ་གནོད་པ་ཡིན་པས་ཞེ་སྡང་གིས་ཟ་བ་སྟེ་དེས་ན་དེ་ལྟ་བུའི་ཆེད་མ་ཡིན་པར་དམ་ཆོས་སྤྱོད་པའི་རྟེན་ལུས༷་གན༷ས་པ་འབ༷འ་ཞི༷ག་གིས་ཕྱིར༷་ཟ་བར་བྱའོ། །གསུམ་པ་གཉིད་ནི། དོན་ 8-5-11b རིག༷་པ༷འི་བདག༷་ཉི༷ད་ཅེས་བོས་ནས་ཉིན༷་པར༷་མཐ༷འ་དག༷་སྟེ་ཐམས་ཅད་དུ་མི་གཉིད་པ་དང༷་། མཚ༷ན་མོའི༷་འང་ཆ་གསུམ་དུ་ཕྱེ་བའི་ཐུན༷་གྱི༷་སྟོ༷ད་སྨད༷་གཉིད་མེད་པའི་དུས་ཀྱིས་འདའ་བའམ་ བཟླས༷་པར་བྱས་ན༷ས་ནི༷། མཚན་ཐུན་བར་པར་མན༷ལ་ཚེའ༷ང་གཉིད་དེ་དག་ལ་འབྲས༷་བུ༷་མེ༷ད་པར༷་བཏང་སྙོམས་ལུང་མ་བསྟན་དུ་མི༷་འགྱུར༷་བར༷། ཆོས་སྤྱོད་ཀྱི་རྟེན་ལུས་གནས་པ འི་ཕྱིར་གཉིད་ པར་བྱའོ་སྙམ་དུ་ཤེས་བཞིན་དུ་དྲ༷ན་པ་དང༷་ལྡན༷་པ༷ར་མཚན་ཐུན་སྟོད་སྨད་དེ༷་དག༷་གི་ཀུན་བར༷་དུ༷་མནོ༷ལ་ཅིག །དེའི་ཚེ་གཉིད་ལུང་མ་བསྟན་དགེ་བ་ལ་བསྒྱུར་བའི་ཐབས་སུ། ཉིན་པར་ཀྱང་ཡིད་ ཀྱིས་དགེ་ཆོས་རྣམས་དྲན་བཞིན་པ་དང་། སྣང་བའི་འདུ་ཤེས་མུན་པ་སེལ་བའི་འོད་ཀྱི་མཚན་མ་ལ་སེམས་གཏད་ནས་མྱུར་དུ་ལྡང་བའི་འདུན་པ་དང་བཅས་ཏེ་གཉིད་པར་བྱས་ན་ཀུན་སློང་གིས་དགེ་ བར་འགྱུར་གྱི། གཉིད་ཀྱི་དུས་རང་ལ་འདུན་པ་མེད་ཀྱང་རུང་ངོ་། །གཉིས་པ་མཐུན་ཕྱོགས་ཚད་མེད་བཞི་བསྒྲུབ་པ་ནི། སེམས་ཅན་ཐམས་ཅད་བདེ་འདོད་ཀྱི་བྱམ༷ས་པ་དང༷་སྡུག་བསྔལ་ དང་བྲལ་འདོད་ཀྱི་སྙིང༷་རྗེ༷་ད༷ག་དང༷་བདེ་བ་དང་ལྡན་པ་ལ་དག༷འ་བ༷་དང༷་། དེ་ལྟ་བུའང་ཉེ་རིང་མེད་པར་བརྡལ་བའི་བཏང༷་སྙོམ༷ས་ཏེ་འདི་བཞི་རྟག༷་ཏུ༷་ཡང༷་དག༷་པར་སྒོམ༷་མཛོ༷ད་ཅི༷ག་དང་། དེས་ 8-5-12a གོང༷་མ༷་སངས་རྒྱས་ཀྱིས་བརྙེས༷་པར༷་མ༷་གྱུར༷་པ་དེ༷་ལྟ༷་ནའ༷ང་། ཚང༷ས་པ༷འི་འཇི༷ག་རྟེན༷་གྱི་བདེ༷་བ༷་ཚད་མེད་པ་ཐོབ༷་པ༷ར་འགྱུར༷་རོ། །གཉིས་པ་དངོས་གཞི་བསམ་གཏན་བཞི་ བསྒོམ་པར་གདམས་པ་ནི། ཞི་གནས་ཁྱད་པར་ཅན་གྱི་བསམ་གཏན་སྒོམ་ཚུལ། གཉེན་པོའི་ཡན་ལག་རྟོག་དཔྱོད་ཀྱིས་འདོ༷ད་པ་ན་སྤྱོ༷ད་པ་འདོད་འདུན་རྣམ་འཚེ་སོགས་སྤངས་ཤིང་། ཕན་ ཡོན་གྱི་ཡན་ལག་དབེན་པ་ལས་སྐྱེས་པའི་དགའ་བདེ་ཐོབ། གནས་ཀྱི་ཡན་ལག་སེམས་རྩེ་གཅིག་པ་སྟེ་བསམ་གཏན་དང་པོ་དང་། དེ་བཞིན་དུ་རབ་དྭང་གིས་རྟོག་དཔྱོད་སྤངས་ཤིང་དགའ་བདེ་དང་ལྡན་ པའི་སེམས་ནི་གཉིས་པ་དང་། འདུ་བྱེད་བཏང་སྙོམས་དང་དྲན་ཤེས་ཀྱིས་དགའ༷་བ་སྤངས་ཤིང་བདེ་བ་དང་ལྡན་པའི་སེམས་གསུམ་པ་དང༷་། དྲན་པ་དང་བཏང་སྙོམས་ཡང་དག་གིས་བདེ༷་བ་ སྤངས་ཤིང་ཚོར་བ་བཏང་སྙོམས་དང༷་ལྡན་པའི་སེམས་རྩེ་གཅིག་པ་བསམ་གཏན་བཞི་པ་ཐོབ་ཅིང་གཞན་ཡང་སྡུག༷་བསྔལ༷་དང་ཡིད་མི་བདེ་བ་དག༷་ནི་ཐམས་ཅད་ཀྱིས་སྤང་བའོ། །དེ་ལྟར་སྤང་བྱ་དེ་དག་ རྣམ༷་པར༷་སྤང༷་བའི༷་རྒྱུ་སྙོམས་འཇུག་གི་བས༷མ་ག༷ཏན་བཞི༷་པོ༷་དེ་ཡི༷ས། རིམ་པར་འབྲས་བུ་ཚང༷ས་རིས་དང༷་འོ༷ད་གས༷ལ་དག༷་དང༷་དགེ༷་རྒྱས༷་དང༷་། འབྲས༷་བུ༷་ཆེ༷་ཡི་ལྷ༷་རྣམ༷ས་དང༷་སྐལ༷་མཉ༷མ་ཐོ༷བ་པ་སྟེ་དོན་དུ་ 8-5-12b དེར་སྐྱེ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཉིས། དགེ་སྡིག་བླང་དོར་སྤྱིར་བཤད་པ་དང་། ཁྱད་པར་ཏིང་ངེ་འཛིན་གྱི་སྒྲིབ་པ་སྤང་ཚུལ་ལོ། །དང་པོ་དགེ་སྡིག་གི་ལྕི་ཡང་བཤད་པ་དང་། མི་ དགེ་བའི་གཉེན་པོར་དགེ་བ་སྟོབས་ཆེན་བསྐྱེད་པར་གདམས་པ་གཉིས། དང་པོ། དགེ་སྡིག་གང་ཡིན་ཀྱང་དུས་རྟག༷་པར་བྱེད་པ་ ༡ དང༷་དེ་ལ་མངོ༷ན་པར༷་ཞེན༷་པ་དྲག་པོས་བྱེད་པ་ ༢ དང༷་ལས་དེ་ལ་རང་འཇོམས་ པའི་གཉེན༷་པོ༷་མེ༷ད་པ་༣དང་། ཡོན༷་ཏན༷་གྱི་གཞིའམ་ ༤ ཞིང་ ༥ དཀོན་མཆོག་སོགས་དང་གཙོ༷་ལྡན༷་ཏེ་ཞིང་སྤྱི་ལས་གཙོ་བོར་ཕན་འདོགས་དང་སྡུག་བསྔལ་གྱི་ཞིང་གི་གཞི༷་ལ༷ས་བྱུང༷་བའི༷་ལ༷ས། དགེ༷་དང༷་མི༷་དགེ༷་རྣམ༷་ལྔ༷་ ནི་ལས་གཞན་ལས་ཁྱད་པར་འཕགས་པའི་ཆེ༷ན་པོ༷་སྟེ༷། དེ༷་བ༷ས་མི་དགེ་བ་ཆེན་པོ་སྤང་ཞིང་དགེ༷་བ༷་ཆེན་པོ་སྤྱོ༷ད་པ་ལ༷་བརྩོ༷ན༷་པ༷ར་བགྱི༷འོ། །གཉིས་པ། དགེ་བ་སྟོབས་ཆེ་བས་དཔེར་ན་ལ༷ན་ཚྭ༷་སྲ༷ང་ འག༷ས་ཆུ༷་ནི༷་ཉུང༷་ངུ༷་ཀུན་ཞིག༷ རོ༷་བསྒྱུར༷་བར་བགྱིད༷་ནུས་ཀྱི༷་ག༷ངྒའི༷་ཀླུང༷་ཆེན་པོར་རོ་སྒྱུར་ནུས་པ་མི༷ན་པ་ལྟར༷། དེ༷་བཞི༷ན་དུ་སྡིག༷་པའི༷་ལ༷ས་ནི༷་ཆུང་ངུ༷་བྱས་ན་ཡང༷་། དགེ༷་བའི༷་རྩ༷་བ༷་ཡང༷ས་ཤིང་རྒྱ་ཆེ་བ་ལ༷་ གནོད་མི་ནུས་པ་མཁྱེན༷་པར༷་བགྱིའོ༷། །གཉིས་པ་ཏིང་ངེ་འཛིན་གྱི་སྒྲིབ་པ་སྤང་ཚུལ། སེམས་ཡུལ་ལ་འཕྲོ་བའི་རྒོད༷་པ་དང༷་སྔར་བྱས་སོགས་ལ་འགྱོ༷ད་པ་དང༷་གཞན་ལ་གནོ༷ད་པའི་སེམ༷ས་དང་སེམས་ 8-5-13a ནང་དུ་རྨུག༷ས་པ༷་དང༷་། འཇུག་ཤེས་ནང་དུ་སྡུད་པའི་གཉི༷ད་དང༷་ཟག་བཅས་ཡིད་འོང་གི་འདོ༷ད་ཡོན་ལ༷་འདུ༷ན་པ་དང༷་ལམ་དང་འབྲས་བུ་སོགས་ལ་ཐེ་ཚོ༷མ་པ་སྟེ༷། སྒྲིབ༷་པ༷་ལྔ༷་པོ༷་ འདི༷་དག༷་ནི་དགེ༷་བ༷འི་ནོར༷། འཕྲོག༷་པར་བྱེད་པའི༷་ཆོམ༷་རྐུན༷་ལ༷གས་པ༷ར་མཁྱེན༷་པར༷་མཛོ༷ད་ཅེས་གདམས་སོ། །འདིར་རྒོད་འགྱོད་གཉིས་གཅིག་ཏུ་བྱས་པ་ནི་གཡོ་བར་ཆོས་མཐུན་པའི་ཕྱིར་དང་། རྨུགས་གཉིད་གཉིས་གཅིག་ཏུ་བྱས་པ་ནི་མི་གསལ་བར་ཆོས་མཐུན་པ༷འི་ཕྱིར་རོ། །དྲུག་པ་ཤེས་རབ་ལ་གཉིས། དད་སོགས་ལྔའི་ལམ་གྱི་ངོ་བོ་མདོར་བསྟན་པ་དང་། དྲན་པ་ཉེར་བཞག་ སོགས་ཀྱི་ཤེས་རབ་རྒྱས་པར་བཤད་པའོ། །དང་པོ་ལ། བླང་བྱ་དད་སོགས་བསྟན་པ་དང་། སྤང་བྱ་གཉེན་པོའི་སྒོ་ནས་རྒྱགས་པ་སེལ་ཚུལ་གཉིས། དང་པོ། དགེ་ལ་འདུན་པའི་ད༷ད་ པ་དང༷་དེ་ལ་སྤྲོ་བའི་བརྩོན༷་འགྲུས༷་དག༷་དང༷་སྔར་གྱི་དམིགས་རྣམ་མི་བརྗེད་པའི་དྲ༷ན་པ་དང༷་། དམིགས་པའི་དོན་ལ་རྩེ་གཅིག་པའི་ཏིང༷་ངེ་འཛི༷ན་དང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས༷་རབ༷་ནི་སྦྱོར་ ལམ་ཆོས༷་མཆོ༷ག་གི་ངོ་བོར་གྱུར་བའང་འདི་ལྔ༷་ཉི༷ད་དེ༷། འདི༷་ལ༷་མངོ༷ན་པར་བརྩོན༷་མཛོད༷་ཅི༷ག་འདི༷་དག༷་ནི༷། བཟོད་པའི་སྐབས་ན་སྟོབ༷ས་ལྔ་དང་དྲོད་ཀྱི་སྐབས་དབ༷ང་པོ་ལྔ་ཞེས༷་བགྱི༷་ཞིང་སྦྱོར་ལམ་ 8-5-13b རྩེ༷་མོ༷ར་གྱུར༷་པ༷འ༷ང་འདི་ལྔ་ལས་གཞན་ཡོད་པ་མིན་པ་ལ༷གས་སོ། །གཉིས་པ། ན༷་བ་དང་རྒ༷་བ་དང་སྐྱེ་བ་དང་འཆི༷་བ་དང་སྡུག༷་པ་དང་བྲལ༷་བ་དང༷་དེ༷་བཞི༷ན་དུ༷། སྡུག་བསྔལ་དེ་དག་གི་རྒྱུ་ལ༷ས་ནི༷་ བད༷ག༷་གི༷ར་བྱ༷ས་ལ༷ས་མ༷་འདས༷་པས་བདག་སྡུག་བསྔལ་གྱི་རྒྱུ་འབྲས་ལག་ནས་སོ་ཞེས༷། དེ༷་ལྟར༷་ཡ༷ང་དང༷་ཡང༷་དུ༷་སེ༷མས་པ༷་དེ་ནི༷། སྤང་བྱ་དེ༷་ཡི༷་གཉེན་པོ༷འི་སྒོ༷་ནས་བདག་ནི་ཏིང་འཛིན་དང་ཤེས་རབ་ ལྡན་ནོ་ལ་སོགས་པའི་རྒྱག༷ས་པ་སྐྱེ་བར་མི༷་འགྱུར༷་རོ། །ཡང་ན་རིགས་སོགས་ཀྱི་རྒྱགས་པ་དེ་ཡི་གཉེན་པོ་བྱས་པའི་སྒོ་ནས་རྒྱགས་པར་མི་འགྱུར་ཏེ་རྒྱགས་པ་སེལ་ལོ་ཞེས་ཀྱང་གསུང་། གཉིས་པ་ ལ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཤེས་རབ་ཡིན་པར་བསྟན་པ་དང་། ཤེས་རབ་དེ་ལྡན་གྱི་ལམ་དངོས་བཤད་པ་གཉིས། དང་པོ་ལ། མངོན་མཐོ་དང་ངེས་ལེགས་གཉིས་ཀའི་རྩ་བ་ འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། ངེས་ལེགས་ཀྱི་རྩ་བ་འཇིག་རྟེན་ལས་ཡང་དག་པར་འདས་པའི་ལྟ་བ་གཉིས། དང་པོ། གལ༷་ཏེ༷་མཐོ༷་རི༷ས་དང་ཐ༷ར་པ༷་གཉིས་མི་འདོད་ན་ཕར་བཞག་མངོ༷ན་ དུ་བཞེད༷་པའམ་འདོད་པ་ཞིག་ན༷་ནི། ལས་འབྲས་སོགས་མི་བསླུ་བར་རྟོགས་པའི་འཇིག་རྟེན་པའི་ཡ༷ང་དག༷་པའི་ལྟ༷་བ༷་ལ༷་གོམ༷ས་པ༷་ཀུན་ཉིད་དུ༷་མཛོ༷ད་ཅིག །གང༷་ཟག༷་གང་ཞིག་ལས་འབྲས་མེད་ཅེས་ 8-5-14a ལོག༷་པར༷་ལྟ༷་བས༷་ནི་ལྟར་སྣང་ལེག༷ས་སྤྱད༷་དེ་དགེ་བ་སྤྱད་ཀྱང༷་། དེས་མི་ཕན་པར་ཐམ༷ས་ཅ༷ད་དུ་རྣམ༷་པར༷་སྨིན༷་པ༷་མི༷་བཟ༷ད་པ་མནར་མེད་པའི་སྡུག་བསྔལ་དང་ལྡན༷་ནོ། །འདིར་ སྒྲོལ་ཊཱིཀ་ཏུ། ལོག་ལྟས་སྦྱིན་སོགས་བཏང་ཡང་རྣམ་སྨིན་མི་བཟད་མི་འཐད་ཅེ་ན། ལོག་ལྟའི་འབྲས་བུ་ཆེན་པོས་དགེ་འབྲས་ཆུང་ངུ་ཟིལ་གྱིས་མནན་ནས་མྱོང་མི་ནུས་པའི་དོན་ཏོ་གསུངས། རོང་ཊཱིཀ་ཏུ་ སྔར་སྦྱིན་པ་སོགས་ལ་ལེགས་པར་སྤྱད་པ་ཐམས་ཅད་ཀྱང་། རྣམ་སྨིན་མི་བཟད་པ་ཤིན་ཏུ་ངན་པ་དང་ལྡན་པར་འགྱུར་ཏེ། ལོག་ལྟས་དགེ་བའི་རྩ་བ་རྣམས་དྲུང་ནས་ཕྱུང་བའི་ཕྱིར་རོ་གསུངས། གཉིས་པ། གདུལ་བྱའི་དབང་གིས་སྨོས་པ་མི༷་ནི༷་ཡང༷་དག༷་ཉི༷ད་དུ༷་མི༷་བདེ༷་ཞིང༷་སྡུག་བསྔལ་བ་དང་། དུས་གཉིས་པར་མི་སྡོད་པས་མི༷་རྟག༷་པ་དང་བྱེད་པ་པོའི་བདག༷་མེ༷ད་པ་དང་ལུས་མི༷་གཙ༷ང་བའི་རང་བཞིན་དུ་རི༷ག་ པར༷་བགྱི༷འོ། །དེ་ལྟ་བུའི་དོན་ལ་དྲ༷ན་པ༷་ཉེ༷་བར༷་མ༷་བཞ༷ག་པ་རྣམ༷ས་ཀྱིས༷་ནི༷། གཙང་བདེ་རྟག་བདག་སྟེ་ཕྱིན༷་ཅི༷་ལོ༷ག་བཞི༷ར་ལྟ༷་བ༷་ནི༷་ཕུང༷་ཁྲོལ༷་བ༷་ཅན་ཡིན་ནོ། །གཉིས་པ་ལ་གཙོ་ཆེ་བ་ལྟ་བ་བྱེ་བྲག་ཏུ་ བཤད་པ་དང་། ལམ་དངོས་གཉིས། དང་པོ་ལ། གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང་། བདག་གི་རྟེན་ཕུང་པོ་ལ་དཔྱད་པ་གཉིས། དང་པོ། འདི་ལྟར་གཟུགས་ཀྱི་ཕུང་པོའི་ངོ་བོ་ནི༷་ 8-5-14b བད༷ག་མ༷་ཡི༷ན་ཞེ༷ས་མདོ་ལས་གསུང༷ས་ཏེ༷་ངོ་བོ་གཅིག་པ་མ་ཡིན་ལ་དེ་བཞིན་དུ་བད༷ག །གཟུགས༷་དང༷་ལྷས་སྦྱིན་ལ་རིལ་བ་ལྟར་ཕན་ཚུན་འབྲེལ་བར་ལྡན༷་པའང་མི༷ན་ཞིང་གཟུགས་ལ༷་བདག༷་ཕར་རྟེན་ཏེ་གན༷ས་པ་ ཡ༷ང་མིན༷། བད༷ག་ལ༷་གཟུག༷ས་ཚུར་རྟེན་པའི་ཚུལ་གྱིས་ཐ་དད་པར་ཡང་མི༷་གན༷ས་ཏེ༷་དེ༷་བཞི༷ན་དུ༷། ཕུང༷་པོ༷་ལྷག༷་མ༷་གཞན་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་བཞི༷་པོ་ལ་ཡང༷་བདག་གིས་སྟོང༷་ པར་རྟོག༷ས་པར་བགྱི༷འོ། །གཉིས་པ་ནི། བདག་གིས་སྟོང་བའི་གཞི་ཕུང༷་པོ༷་དེ་ཡང་གནམ་བབ་སྟེ་རེས་འགའ་བདག་ལས་སྐྱེ་རེས་གཞན་ལས་རེས་རྒྱུ་ཡོད་རེས་རྒྱུ་མེད་ལྟ་བུ་འདོ༷ད་རྒྱལ༷་ལ༷ས་སྐྱེ་བ་མི༷ན་ཞིང་དུས༷་ ཀྱི་དབང་ལ༷ས་ཀྱང་མི༷ན། གཙོ་བོའམ་རང་བཞི༷ན་གྱི་རྒྱུ་ལ༷ས་མི༷ན་ཞིང་རང་གི་ངོ༷་བོ༷་ཉི༷ད་ཀྱིས་ཏེ་བདག་སྐྱེ་ལ༷ས་ཀྱང་མི༷ན་ལ། དབ༷ང་ཕྱུག༷་སོགས་བྱེད་པ་པོ་རྟག་པ་ལ༷ས་མིན༷་ཞིང་རྒྱུ༷་མེ༷ད་པ་ཅ༷ན་ཆད་པ་ ཡང་མི༷ན་ཏེ༷། གང་ཞེ་ན་རྒྱུ་མི༷་ཤེས༷་པ་སྡེ་མ་རིག་པ་དང་རྐྱེན་ལ༷ས་དང༷་སྲི༷ད་པས་མཚམས་སྦྱར་བ་ལ༷ས་བྱུང༷་བར་རིག༷་པའམ་ཤེས་པར་མཛོད༷་ཅིག །གཉིས་པ་ལམ་དངོས་ལ། ལམ་གྱི་མི་མཐུན་ཕྱོགས་ ཀུན་སྦྱོར་གསུམ་བཤད་པ། མཐུན་རྐྱེན་བརྩོན་འགྲུས། ལམ་གྱི་ངོ་བོ་ལ་བསླབ་པ་གསུམ་ལས། དང་པོ། ཕྱིན་ཅི་ལོག་གི་ཚུལ༷་ཁྲི༷མས་དང་བརྟུལ༷་ཞུག༷ས་ལ་མཆོ༷ག་ཏུ་འཛི༷ན་པ་དང་ར༷ང་ལུས༷་ཕུང་པོ་ལྔ་ 8-5-15a ལ༷། ཕྱིན༷་ཅི༷་ལོག༷་པར་བདག་ཡོད་པར་ལྟ༷་བ༷་འཇིགས་ལྟ་དང༷་ལམ་དང་འབྲས་བུའི་ཆོས་ལ་ཐེ༷་ཚོམ༷་ཟ་བ་སྟེ༷། སྲིད་པ༷ར་ཀུན༷་ཏུ༷་སྦྱོར༷་བར་བྱེད་པ༷་འདི༷་གསུམ༷་ཐ༷ར་པ༷་ཡི༷། གྲོང༷་ ཁྱེར༷་ཀུན་གྱི་སྒོ༷་འགེག༷ས་པར་བྱེད་པ་ལ༷གས་པ༷ར་མཁྱེ༷ན་པར༷་གྱིས༷་ཤིག །གཉིས་པ། ཐར༷་བ༷་ནི་བདག༷་རང་ལ༷་ར༷ག་ལ༷ས་ཀྱི་དོན་འདི༷་ལ༷་ནི༷། རང་གིས་ལམ་རྒྱུད་ལ་མ་བརྟེན་ན་གཞ༷ན་གྱིས༷་མགོན་ བྱེད་པ་དང་ལམ་གཡར་བ་སོགས་གྲོ༷གས་བགྱིར༷་ཅི༷་ཡང༷་མ༷་མཆིས༷་པས༷། དང་པོར་གཞུང་ལུགས་ལ་ཐོས༷་པ་ཤེས་རབ་དང༷་དེ་ནས་ཚུལ༷་ཁྲིམ༷ས་བསྲུང་ཞིང་རྩེ་གཅིག་པའི་བས༷མ་གཏན་དང༷་ལྡན༷་ པ༷་ཡིས༷། ཐར་ལམ་གྱི་ངོ་བོ་སྡུག་བསྔལ་ཤེས་ཀུན་འབྱུང་སྤང་འགོག་པ་མངོན་དུ་བྱེད་ལམ་རྒྱུད་ལ་བརྟེན་པ་སྟེ་འཕགས་པའི་བདེན༷་པ༷་རྣམ༷་པ༷་བཞི༷་ལ༷་འབ༷ད་པར༷་མཛོ༷ད་ཅིག །གསུམ་པ་ལ། བསླབ་གསུམ་སྤྱིར་བཤད་པ་དང་། ཤེས་རབ་ཀྱི་བསླབ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། ཕྱི་རོལ་པ་སོགས་ལས་འཕགས་པས་ན་ལྷག༷་པའི༷་ཚུལ༷་ཁྲིམ༷ས་དང་ལྷག་པའི༷་ཤེས༷་ར༷བ་ད༷ང་། ལྷག༷་པ༷འི་སེམ༷ས་ཏེ་ཏིང་ངེ་འཛིན་གྱི་བསླབ་པ་གསུམ་ལ༷་རྟག༷་ཏུ༷་བསླབ༷་པར༷་བགྱིའོ༷། །དེ་ལྟར་ན་གཞན་དུ་བསླབ༷་པ༷་བརྒྱ༷་རྩ༷་ལྔ༷་བཅུ༷་ལྷག༷་ཅི༷ག་ཏེ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་སོགས་ཐེག་པ་ཆེ་ཆུང་ 8-5-15b ལས་གསུངས་པ་རྣམས་ནི༷། གསུམ༷་པོ༷་འདི༷་ཡི་ནང༷་དུ་ཡང༷་དག༷་པར༷་འདུ༷་བར༷་འགྱུར༷་རོ། །གཉིས་པ་ལ། ཀུན་ནས་ཉོན་མོངས་ཕྱོགས་ལ་ངེས་པར་འབྱུང་བའི་ཚུལ་དང་། རྣམ་བྱང་ཕྱོགས་ ལ་ལེགས་པར་འཇུག་པའི་ཚུལ་ལ་གདམས་པ་གཉིས། དང་པོ་ལའང་། ཚེ་འདི་ལ་བློ་ལྡོག་པའི་ཐབས་དང་། འཁོར་བ་མཐའ་དག་ལས་བློ་ལྡོག་ཐབས་གཉིས་ལས། དང་པོ་ལ། མདོར་ བསྟན། རྒྱས་བཤད་གཉིས། དང་པོ། དབ༷ང་ཕྱུག༷་ཅེས་བོས་ནས་ལུས༷་སུ་གཏོ༷གས་པའི་དྲ༷ན་པ༷་ནི་བདེ༷་བར་གཤེག༷ས་ཀྱིས༷། ཐར་ལམ་འདོད་པ་ཐམས་ཅད་འདི་ནས་ཞུགས་དགོས་པའི་ ཕྱིར་བགྲོ༷ད་པ༷་གཅི༷ག་པའི༷་ལ༷མ་དུ༷་ཉེ༷་བར༷་བསྟ༷ན་ཏེ། དགེ་སློང་དག །སེམས་ཅན་རྣམས་རྣམ་པར་དག་པར་བྱེད་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་ལས་ཡང་དག་པར་འདའ་ བར་བྱེད་པ་དང་། རིགས་པའི་ཆོས་རྟོག་པར་བྱེད་པ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་བགྲོད་པ་གཅིག་པའི་ལམ་ནི་འདི་ལྟ་སྟེ། ལུས་སུ་གཏོགས་པའི་དྲན་པ་ཡིན་ནོ། ། ཞེས་སོ། །དེ་ལྟར་ལུས་སུ་གཏོགས་པའི་དྲན་པ་དེ༷་ནི༷་བསྒྲིམ༷ས་ནས༷་མངོ༷ན་པ༷ར་བསྲུང༷་བར་བགྱི༷་སྟེ༷། དྲ༷ན་པ༷་ཉམ༷ས་པ༷ས་ནི་ཆོས༷་ཀུན༷་འཇི༷ག་པར༷་འགྱུར༷་བའི་ཕྱིར་ནའོ། །གཉིས་པ་ལ་ཚེ་ 8-5-16a མི་རྟག་པ་ལ་བསམ་པ་དང་། དལ་འབྱོར་རྙེད་དཀའ་ལ་བསམ་པ་གཉིས། དང་པོ་ལ། ནམ་འཆི་ཆ་མེད་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། འཆི་བར་ངེས་པ་ལ་བསམ་ སྟེ་མི་རྟག་པ་བསྒོམ་པ། རྣམ་པ་གཞན་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ། དེ་དག་གི་མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། ཚེ༷་ནི༷་ཕྱི་ནང་གི་གནོ༷ད་པའི་རྐྱེན་མང༷་བས་དཔེར་ན་རླུང༷་གི༷ས་ བཏབ༷་པ༷་ཡི༷། ཆུ༷་ཡི༷་ཆུ༷་བུར༷་བ༷ས་ཀྱ༷ང་མི༷་རྟག༷་པ་དེའི་ཕྱིར་ན༷། འདི་ལྟར་དབུག༷ས་ནང་དུ་རྔུབ༷་པ་ལས་དབུག༷ས་ཕྱིར་འབྱུང༷་ཁོམ་པའམ་ལོང་བྱུང་བ་དང་གཉི༷ད་ཀྱིས༷་ལོ༷ག་པ༷་ལ༷ས། སད༷་ ཁོམ༷་སྟེ་དེའི་བར་དུ་མ་ཤི་པ་གང༷་ཀུན་ལག༷ས་པ་དེ༷་ནི༷་ངོ༷་མཚར༷་ཆེ༷་བ་ཡིན་ནོ། །གཉིས་པ། ལུས༷་ཀྱི་མཐའ༷་ནི་མེས་བསྲེག་ཏེ་ཐལ༷་བ༷འམ། མཐར༷་སྐམ༷་པའམ་མཐར༷་འདྲུལ༷་ཞིང༷་། ཐ༷་མ༷ར་མི༷་ གཙང༷་རུལ་བའི་རོ་སྙིང༷་པོ༷་མ༷་མཆིས༷་པ༷། ཉིང་ལག་དང་ཡན་ལག་སོགས་སོ་སོར་རྣམ༷་པར༷་འཇི༷ག་ཅིང་རྡུལ་ཕྲན་དུ་དེང༷་ལ་མྱག༷ས་ཞིང་རུལ་པར༷་འགྱུར༷་བ༷་སྟེ༷། ད་ལྟ་ནས་དེ་ལྟ་བུར་སོ༷་སོ༷ར་ འགྱེས༷་རུང་བའི་ཆོས༷་ཅ༷ན་དུ༷་མཁྱེན༷་པར༷་མཛོ༷ད་ཅིག །གསུམ་པ། འདི་ལྟར་སྲ་ཞིང་བརྟན་པར་སྣང་བ་ས༷་གཞི་དང༷་ལྷུན༷་པོ༷་དང་རྒྱ༷་མཚོ༷་ཆེན་པོ་རྣམས་ཀྱང་ནམ་ཞིག་བསྐལ་བའི་ཐ་མར་ཉི༷་མ༷་ 8-5-16b བདུ༷ན། འབར༷་བས༷་བསྲེ༷གས་པའི༷་རི་མཚོ་ས་གཞིའི་ལུས༷་ཅ༷ན་ནམ་གཟུགས་ཅན་འདི༷་ད༷ག་ཀྱང༷་། ཐལ༷་བ༷་ཙམ༷་དུ་ཡང༷་ནི་ལུས༷་པར༷་མི༷་འགྱུར༷་ན༷། ཤི༷ན་ཏུ༷་ཉམ༷ས་ཆུ༷ང་བའི་མི༷་ཡི་ལུས་འཇིག་ པ་ལྟ༷་སྨོས༷་ཀྱང་ཅི༷་འཚལ༷་ཏེ་ངེས་པར་འཇིག་པར་འགྱུར་རོ། །བཞི་པ། དེ༷་ལྟར༷་ཕྱི་ནང་གི་དངོས་པོ་འདི༷་ཀུན༷་མི༷་རྟག༷་ཅིང་བད༷ག་པོ་མེ༷ད་དེ༷། སྡུག་བསྔལ་ལས་སྐྱོབ་པའི་སྐྱབས༷་མེ༷ད་ཕན་འདོགས་ པའི་མགོ༷ན་མེ༷ད་རྟེན་འཆའ་བའི་གན༷ས་མེ༷ད་དེ་དེ༷་ཡི་སླ༷ད་དུ༷། འཁོར༷་བ༷་ཆུ༷་ཤིང༷་སྙིང༷་པོ༷་མེ༷ད་པ༷་ལྟ་བུ་འདི་ལ༷ས། མི༷་མཆོག༷་ཁྱོ༷ད་ཀྱིས༷་ཐུགས༷་ནི༷་སྐྱོ་སྟེ་འཁོར་བ་ལས་དབྱུང༷་བར༷་མཛོ༷ད་ ཅིག །གཉིས་པ་དལ་འབྱོར་རྙེད་དཀའ་ལ། སྤྱིར་མི་ཙམ་དུ་སྐྱེ་བ་དཀོན་ཚུལ། ཁྱད་པར་མཐུན་རྐྱེན་འཁོར་ལོ་བཞི་དང་ལྡན་པའི་རྟེན་བསྟན་པ། འགལ་རྐྱེན་མི་ཁོམས་བརྒྱད་དང་བྲལ་ བའི་ཚུལ་ལ་བསམ་པ་གསུམ། དང་པོ་ལ། མིར་སྐྱེ་བ་དཀོན་ཚུལ་དང་། རྟེན་དེ་ལ་སྡིག་པ་སྤྱོད་པ་སྨད་པར་བསྟན་པ་གཉིས། དང་པོ། རྒྱ༷་མཚོ༷་ཆེན་པོ་གཅི༷ག་ལ་གན༷ས་ པའི་གཉའ༷་ཤིང༷་རླུང་གིས་བསྐྱོད་པའི་བུ༷་ག༷་དང༷་། མཚོ་ནང་གི་རུ༷ས་སྦལ༷་གྱི་མགྲིན་པ་ཕྲ༷ད་པ༷་བ༷ས་ཀྱང༷་དུད༷་འགྲོ༷་ལ༷ས་ཐར་ཏེ། མི༷་ཉི༷ད་ཆེ༷ས་ཐོ༷བ་པར་དཀའ༷་བ༷ས་མི༷་དབ༷ང་གིས༷། དམ༷་པའི་ 8-5-17a ཆོས༷་སྤྱོ༷ད་པ༷ས་མི་ལུས་དེ༷་ཉིད་འབྲས༷་བུ་མཆིས༷་པར༷་མཛོ༷ད་ཅིག །གཉིས་པ། གང༷་ཞིག༷་གསེར༷་གྱི་སྣོ༷ད་རི༷ན་ཆེན༷་གཡུ་སོགས་ཀྱི་ཕྲས་སྤྲས༷་པ༷་ཡི༷ས། འོས་པ་མིན་པ་ ང༷ན་སྐྱུག༷ས་འཕྱ༷ག༷་པར་བགྱིད༷་པ༷་ལ་ཀུན་གྱིས་མི་བླུན་པོ་ཞེས་སྨོད་པ་དེ༷་བས༷་ནི༷། གང༷་ཞིག༷་མི༷་རུ༷་སྐྱེས༷་ནས༷་སྡིག༷་པ༷་མི་དགེ་བ་དག༷ བགྱིད༷་པ༷་དེ༷་ནི༷་ཆེས༷་ར༷བ་ཏུ་བླུན༷་པ༷་ལག༷ས་སོ། །གཉིས་པ་ ལ་མཐུན་རྐྱེན་འཁོར་ལོ་བཞི་སྤྱིར་བསྟན་པ་དང་། དགེ་བའི་བཤེས་གཉེན་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། འཕགས་ལམ་སྐྱེ་བ་དང་མཐུན༷་པ༷ར་གྱུར༷་པའི༷་ཡུལ༷་ལྷ་མིའི་འགྲོ་བ་དག་དུ་ག༷ནས༷་ པ༷་དང༷་། རྐྱེན་སྐྱེས༷་བུ༷་དམ༷་པ༷་ལ༷་ནི༷་བསྟེན༷་པ༷་དང༷་། བདག༷་ཉི༷ད་ཐར་པའི་ལམ་ལ་ལེ༷གས་པར་སྨོན༷་པ་དང་དེ་འགྲུབ་པའི་རྒྱུ་སྐྱེ་བ་སྔོ༷ན་མ་ལ་ཡ༷ང་བསོ༷ད་ནམ༷ས་བགྱིས༷་པ་སྟེ། ཆོས་སྒྲུབ་པ་ལ་ དབང་བས་སམ་འཕགས་ལམ་གྱི་ཤིང་རྟའི་འགྲོ་བྱེད་ཡིན་པས་འཁོ༷ར་ལོ༷་ཆེ༷ན་པོ༷་སྟེ་དེ་བཞི༷་ནི༷་ཁྱོ༷ད་ལ༷་མང༷འ་འོ་ཞེས་སོ། །གཉིས་པ། དེ་ལས་ཀྱང་དགེ༷་བའི༷་བཤེས༷་གཉེ༷ན་བསྟེ༷ན་པ༷་ནི་ཚང༷ས་པར༷་སྤྱོ༷ད་ པ་སྟེ་ཚངས་པ་མྱང་འདས་དང་སྤྱོད་པ་ལམ་ཞེས་བཤད་དོ། །དེ་ཉིད་ཡོང༷ས་སུ༷་ཀུན་རྫོག༷ས་པ༷ར་ཐུབ༷་པ༷ས་གསུང༷ས་པ་དེའི༷་ཕྱིར༷་ཏེ། འཕགས་པ་ཀུན་དགའ་བོས། བཅོམ་ལྡན་འདས། འདི་ལྟ་སྟེ། 8-5-17b དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་འདི་ནི། ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱོད་དེ་སྐད་མ་སྨྲ་ཞིག །འདི་ནི་ཚངས་པར་སྤྱོད་ པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །ཞེས་སོ། །དེས་ན་སྐྱེས༷་བུ༷་ད༷མ་པ༷་བསྟེ༷ན་པར་བགྱིའོ༷་དེའི་དགོས་པ་རྒྱལ༷་བ༷་རྫོགས་པའི་སངས་རྒྱས་ལ༷། བརྟེན༷་ན༷ས་སྐྱེ་བོ་རབ༷་ཏུ༷་མང༷་པོ༷ས་ཞི༷་བ༷་ ཐོབ༷་པ་དེ་བཞིན་ནོ། །གསུམ་པ་འགལ་རྐྱེན་མི་ཁོམས་བརྒྱད་དང་བྲལ་ཚུལ་ནི། རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ལོག༷་པར༷་ལྟ༷་བ༷་འཛི༷ན་པ་དང༷་དུད༷་འགྲོ༷་ད༷ང་། ཡི༷་དྭག༷ས་ཉི༷ད་དང༷་དམྱལ༷་བར༷་ སྐྱེ༷་བ༷་དང༷་། རྒྱལ༷་བའི༷་བཀའ༷་མེ༷ད་པ༷་སྟེ་སངས་རྒྱས་མ་བྱོན་པ་དང༷་བྱོན་ཡང་དེའི་བཀའ་མི་ཐོས་པ་ཡུལ་མཐའ༷་འཁོ༷བ་ཏུ༷། ཀླ༷་ཀློ༷ར་སྐྱེ་བ༷་དང༷་ཡུལ་དབུས་སུ་སྐྱེས་ཀྱང་ཡིད་དབང་ལ་སྐྱོན་ཞུགས་ པ་གླེན༷་ཞིང༷་ལྐུག༷ས་པ༷་ཉི༷ད་དང་། འདུ་ཤེས་མེད་པ་ནི་ཚེ༷་རིང༷་ལྷ༷་ཉི༷ད་དེ་དེ་བརྒྱད་པོ་གང༷་ཡང༷་རུང༷་བར༷་ནི༷། སྐྱེ༷་བ༷་ཞེས༷་བགྱི༷་ཆོས་བྱེད་མི༷་ཁོ༷མ་པས་སྐྱོན༷་བརྒྱ༷ད་པོ༷། དེ༷་ དག༷་དང༷་བྲལ༷་ཏེ་ཁོ༷མ་པ༷འམ་དལ་བའི་རྟེན་རྙེད༷་ནས༷་ནི༷། ད་ཕན་ཆད་འཁོར་བར་སྐྱེ༷་བ༷་བཟློག༷་པའི༷་སྟེ་སླར་མི་སྐྱེ་བའི་སླ༷ད་དུ༷་འབ༷ད་པ༷ར་མཛོ༷ད་ཅིག །གཉིས་པ་འཁོར་བ་མཐའ་དག་ལས་ 8-5-18a བློ་ལྡོག་པའི་ཐབས་འཁོར་བའི་ཉེས་དམིགས་བསམ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཅིའི་ཕྱིར་སྐྱེ་བ་བཟློག་དགོས་སྙམ་ན། དེས༷་པ༷་ཞེས་བོས་ ནས་ཟས་གོས་སོགས་འདོ༷ད་པ༷ས་ཕོང༷ས་པ་དང༷་མཐར་འཆི་བ་དང༷་། གནས་སྐབས་སུན༷་པ་དང་རྒ༷་བ་ལ་སོག༷ས་པའི་སྡུག༷་བསྔལ༷་དུ༷་མ༷་ཡི༷། འབྱུང༷་གན༷ས་ཡིན་པས་འཁོར༷་བ༷་ལ༷་ནི༷་སྐྱོ༷་བར་ མཛ༷ད་ཅིང༷་། འདི༷་ཡི༷་ཉེས༷་པའི༷་ཆ་ཤས༷་ཀྱང༷་བརྗོད་པས་གས༷ན་པ༷ར་མཛོ༷ད་ཅིག །རྒྱས་བཤད་ལ། བདེ་བ་ལྟར་སྣང་ཡང་ཡིད་བརྟན་མེད་པའི་ཚུལ་དང་། སྡུག་བསྔལ་རྒྱ་ཆེ་བའི་ཚུལ་བསྟན་པ་ གཉིས། དང་པོ་ལ། ཡིད་བརྟན་མེད་པའི་ཚུལ་དང་། དེ་ལྟར་ཤེས་ནས་དགེ་བ་ལ་སྤྱོད་པར་གདམས་པ་གཉིས། དང་པོ་ལ། དགྲ་གཉེན་ངེས་པ་མེད་པས་ཡིད་བརྟན་མེད་པའི་ཚུལ་དང་། ཚིམ་པ་མེད་པས་ཡིད་བརྟན་མེད་པའི་ཚུལ། ཕྱི་མཐའ་མ་ངེས་པས་ཡིད་བརྟན་མེད་པའི་ཚུལ། མཐོ་དམན་མ་ངེས་པས་ཡིད་བརྟན་མེད་པའི་ཚུལ་དང་བཞི། དང་པོ། ཕ༷་ནི༷་བུ༷་ཉི༷ད་དུ་འགྱུར་བ་ དང་དེ་བཞིན་མ༷་ནི༷་ཆུང༷་མ༷་ཉི༷ད་དང་། སྐྱེ༷་བོ༷་དགྲ༷ར་གྱུར༷་པ༷་དག༷་ཀྱང་བཤེས༷་ཉི༷ད་དང༷་། དེ་ལས་བཟློག༷་པ༷་བཤེས་ཉིད་ཀྱང་དགྲ་ཉི༷ད་དུ༷་མཆི༷་བ༷ས་དེ༷་ཡི་སླ༷ད་དུ༷། འཁོ༷ར་བ༷་དག༷་ན༷་ཡིད་བརྟན་པའི་ངེས༷་པ༷་འག༷འ་ 8-5-18b ཡང་མ༷་མཆིས༷་སོ། །གཉིས་པ། གང་ཟག་རེ༷་རེས༷་ཕྱོགས་ཀྱི་རྒྱ༷་མཚོ༷་ཆེན་པོ་བཞི༷་པས༷་ལྷག༷་པ༷་སྟེ་མང་བ་ཡི༷། འོ༷་མ༷་བཏུང༷ས་ཏེ་དེ༷ས་ཀྱང་ངོམས་པར་མ་གྱུར་ཅིང་ད༷་དུང༷་ཡང་འཕགས་ལམ་མ་ཐོབ་ པར་དུ་སོ༷་སོ༷་ཡི༷། སྐྱེ༷་བོའི༷་ལམ་གྱི་རྗེས༷་སུ༷་འབྲང༷་བའི༷་འཁོ༷ར་བ༷་པས༷་ནི། སྔར་གྱི་དེ༷་བ༷ས་ཀྱང་ཆེས༷་མང༷་བ་ཉི༷ད་ཅི༷ག་ཀུན་བཏུང༷་བར་ཤེས་འཚལ༷་ལོ༷་སྟེ་འཁོར་བ་ལ་ཐོག་མཐའ་མི་མངོན་པའི་ཕྱིར་རོ། །གསུམ་ པ། སེམས་ཅན་རེ༷་རེ༷འི་བདག༷་ཉི༷ད་གཅིག་པུའི་ལུས་སྔར་བོར་བའི་རུས༷་པ༷འི་ཕུང༷་པོ༷་ནི༷། ལྷུན༷་པོ༷་དང་མཉམ༷་པ༷་སྙེད༷་ཅི༷ག་འདས༷་པར་གྱུར༷་ཏེ༷་ད་དུང་ལམ་ལ་མ་འབད་ན་དེ་བས་ཆེས་མང་བ་འདོར་དགོས་ ཤིང་། དེ་བཞིན་དུ་མ༷་ཡི་ཐུག༷་མཐ༷འ་རྒྱ༷་ཤུག༷་གི་ཚི༷་གུ༷་ཙམ༷་གྱི། རི༷་ལུར༷་བྱས་ཏེ་བགྲང༷ས་ཀྱང༷་ས༷་ཡི༷ས་ལ༷ང་མི༷་འགྱུར༷་རོ་སྟེ་མངལ་སྐྱེས་ཀྱི་ལུས་ཁོ་ན་ལ་དཔེར་བྱས་ཏེ། བཅོམ་ལྡན་འདས་ཀྱིས། དགེ་སློང་དག །དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རིལ་བུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ། །ཞེས་འདོར་ བར་བྱེད་ན། དགེ་སློང་དག་ས་ཆེན་པོ་འདིའི་འཇིམ་པ་ནི་ཆེས་སྔར་ཟད་པར་འགྱུར་གྱི། མི་རྣམས་ཀྱི་མ་བརྒྱུད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ང་སྨྲའོ། །ཞེས་གསུངས་ཏེ་ཡང་ཡང་ཉིང་མཚམས་སྦྱོར་ 8-5-19a པའི་དབང་དུ་བྱས་སོ། །བཞི་པ་ལ། སྲིད་རྒྱས་པ་ལ་ཡིད་བརྟན་མེད་པའི་ཚུལ། གྲོགས་ཡིད་འོང་ལ། གནས་བཟང་བ་ལ། སྤྱོད་ཡུལ་བདེ་བ་ལ། ལོངས་སྤྱོད་ ཆེ་བ་ལ། གཟི་བརྗིད་ཆེ་བ་ལ་ཡིད་བརྟན་མེད་པའི་ཚུལ་དང་དྲུག་ལས། དང་པོ། ལྷའི་དབང་པོ་བརྒྱ༷་བྱི༷ན་འཇིག༷་རྟེན༷་གྱི་མཆོ༷ད་འོ༷ས་སུ་གྱུར༷་ནས༷་ནི༷། སླར་ཡང་ལ༷ས་ཀྱི༷་དབ༷ང་གིས༷་ཕྱིར༷་ཡ༷ང་ས༷་ སྟེང༷་མི་དང་དུད་འགྲོ་སོགས་ཀྱི་གནས་སུ་ལྷུང༷་བར་འགྱུར་ཞིང་། མིའི་རྒྱལ་པོ་འཁོ༷ར་ལོ༷ས་སྒྱུར༷་བ༷་ཉི༷ད་དུ༷་གྱུར༷་ནས༷་ཀྱང༷་། སྔོན་གྱི་དགེ་བའི་ལྷག་མ་མེད་ན་འཁོ༷ར་བ༷་དག༷་ཏུ༷་ཡང༷་བྲན༷་ཏེ་བྲན་གྱི་བྲན་ ལྟ་བུ་ཉི༷ད་དུ༷་འགྱུར༷་རོ། །གཉིས་པ། མཐོ༷་རིས༷་ཀྱི་ལྷ་ཡི་བུ༷་མོ༷འི་ནུ༷་མ༷་དང་རྐེད༷་པ༷་ལ༷། ལག་པས་འཁྱུད་ཅིང་རེག༷་པའི༷་བདེ༷་བ༷་དུས་ཡུན༷་རི༷ང་དུ་མྱང༷ས་ནས༷་སླར༷་ཡང་། དམྱལ༷་བར༷་རིའི་བར་ དུ་འཐག༷་པ་དང་མཚོན་གྱིས་གཅོ༷ད་པ་དང་ལྕགས་ཀྱི་ཁྱི་སོགས་ཀྱི་མཆེ་སྡེར་གྱིས་དབ༷ང་པ༷འི་འཁྲུལ༷་འཁོར༷་གྱི༷། རེག༷་པ༷་ཤིན༷་ཏུ༷་མི༷་བཟ༷ད་པ་བརྟེ༷ན་པར་འཚལ༷་ལོ༷། །གསུམ་པ། རིན་པོ་ཆེའི་ ས་གཞི་ལ་རྐང༷་པའི༷་རེག༷་པས༷་མནན་ན་ནེམ༷་པ༷ར་བྱེད་ཅིང་བདེ༷་བ་སྐྱེད་པར་བཟོ༷ད་པ༷འམ་ནུས་པ། ལྷུན༷་པོའི༷་སྤོ༷་ལ༷་ཡུན༷་རིང༷་དུ་ལྷའི་ལོ་སྟོང་ཙམ་དུ་གན༷ས་ནས༷་ནི༷། སླར༷་ཡ༷ང་ལས་དབང་ 8-5-19b གིས་མེ༷་མུར༷་དང་རོ༷་མྱག༷ས་ཀྱི་འདམ་ན་རྒྱུ༷་བ༷་ཡི༷། སྡུག༷་བསྔལ༷་མི༷་བཟ༷ད་པ་ཕོ༷ག་པ་ཡིན་ནོ་སྙམ༷་དུ་ཡིད་ལ་བགྱིད༷་པར་འཚལ༷་ལོ༷། །བཞི་པ། མཐོ༷་རིས༷་བུ༷་མོས༷་མཛེས་པར་བརྟེན་པའམ་འབྲོ༷ངས་ ཤིང༷་སྟེ་རྒྱ་འགྲེལ་ལས་འབྲོང་བ་ནི་ཉེ་བར་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་དེས་ཡིད་དག༷འ་བ༷་དང༷་ལྡན་པ། རྣམ༷་པར༷་མཛེས༷་པའི་ཚལ༷་དུ་སོ༷ན་པར༷་རྩེས༷་ནས༷་སླར༷། འདབ༷་མ༷་རལ༷་ གྲི༷་འདྲ༷་བའི་ཚལ༷་གྱི་ན༷གས་རྣམ༷ས་ཀྱིས༷། རྐང༷་ལག༷་དང་རྣ༷་བ༷་སྣ༷་གཅོ༷ད་པ་དག་འཐོ༷བ་པར༷་འགྱུར༷་རོ། །ལྷའི་ཆུ་བོ་དལ༷་གྱིས༷་འབ༷བ་པ༷་ན་ལྷ༷་ཡི༷་བུ༷་མོ༷་ནི༷་གདོ༷ང་མཛེ༷ས་པ་དང་གསེར༷་གྱི༷་པ༷དྨའི༷་སྟན་ ལ་ལྷ༷ན་ཅིག་ཏུ་ཞུགས༷་ནས༷། སླར༷་ཡང༷་ངན་སོང་དམྱལ༷་བའི༷་ཆུ༷་བོ༷་རབ༷་མེ༷ད་པར༷། རུལ་བ་བ་ཚྭའི་རྣམ་པ་ཀུན་ཅན་ནམ་ཚ༷་སྒོ༷་ཅན་བཟོ༷ད་བརླག༷་གམ་བཟོད་མེད་ཀྱི་ཆུ༷་ཚན༷་ནང་དུ་འཇུག༷་འཚལ༷་ལོ༷། ། ལྔ་པ། ལྷ༷་ཡུལ༷་གྱི་འདོ༷ད་པའི་བདེ༷་བ་ཤིན༷་ཏུ༷་ཆེན༷་པོ༷་དང༷་། ཚང༷ས་པ་ཉི༷ད་ཀྱི་འདོད་པའི་ཆག༷ས་བྲལ༷་གྱི་བདེ༷་བ༷་ཐོབ༷་ནས༷་སླར༷་ཡང་། མན༷ར་མེ༷ད་པའི་དམྱལ་བའི་མེ༷་ཡི༷་བུ༷ད་ཤིང༷་གི་ ཚུལ་དུ་གྱུར༷་པ༷་ཡི༷། སྡུག༷་བསྔལ༷་རྒྱུན༷་མི༷་འཆ༷ད་ཅིང་བར་མཚམས་མེད་པ༷་བརྟེན༷་འཚ༷ལ་ལོ༷། །དྲུག་པ། ལྷའི་བུ་ཉི༷་མ༷་དང་ཟླ༷་བ༷་ཉི༷ད་ཀྱི་སྐྱེ་བ་ཐོབ༷་སྟེ་རང༷་ལུས༷་དང་གཞལ་ཡས་ཁང་པ་ཉིད་ཀྱི༷། 8-5-20a འོ༷ད་ཀྱིས༷་འཇིག༷་རྟེན༷་མཐའ༷་དག༷་སྣང༷་བར་བྱས༷་ཏེ༷། སླར༷་ཡང༷་གླིང་བར་སོགས་མུན༷་ན༷ག་སྨག༷་རུ༷མ་ཕྱིན༷་པར་གྱུར༷་ནས༷། རང༷་གི༷་ལ༷ག་པ༷་བརྐྱང༷་བ༷འང་མི༷་མཐོ༷ང་བར་འགྱུ༷ར་ རོ། །དེ་ལྟ་བུའི་གནས་བཟང་པོ་ཐོབ་པ་དེ་རྣམས་ཀྱང་རྟག་ཏུ་འདུག་པའི་དབང་མེད་པར་སྡུག་བསྔལ་ལ་སྤྱོད་པའི་དུས་དེ་འདྲ་འོང་བར་བསྟན་གྱི། གནས་དེ་དང་དེ་ནས་འཕོས་ན། གནས་ངན་དེ་དང་དེ་འདྲར་སྐྱེ་ངེས་པ་ཉིད་དུ་བཟུང་བར་མི་བྱའོ། །འཕགས་ལམ་མ་ཐོབ་པར་དེ་དག་ཏུ་སྐྱེ་བ་རྣམས། ལས་སྔ་མའི་འཕེན་པ་ཟད་ནས་ཕྱི་མའི་ལས་ཀྱིས་གནས་ངན་དེ་དག་ ཏུ་འགྲོ་བ་ལ་བསམ་པར་བྱའོ། །གཉིས་པར་དེ་ལྟར་ཤེས་ནས་དགེ་བ་ལ་སྤྱོད་པར་གདམས་པ། དེ༷་ལྟར༷་འཁོར་བ་འདི་ཉེས་པའམ་ནོང༷ས་པ༷ར་འགྱུར༷་བ་ཤེས་པའམ་འཚ༷ལ་ནས་བསོ༷ད་ནམ༷ས་ ནི༷། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའི་རྣམ༷་པ་གསུམ༷་མར༷་མེ༷འི་སྣང༷་པ༷་སྟེ་ངན་སོང་གི་མུན་པ་སེལ་བར་བྱེད་པ་རབ༷་ཏུ་བཞེས༷་ཤིག༷ཅིའི་ཕྱིར་ན། རང་ཉིད་གཅི༷ག་པུ༷་ཉི༷་མ༷་ ཟླ༷་བ༷ས་མི༷་བརྫི༷་སྟེ་འོད་ཀྱིས་གཞོམ་མི་ནུས་པའི༷། འཁོར་བའི་མུན༷་ནག༷་མཐ༷འ་ཡས༷་པའི་ནང༷་དུ༷་འཇུག༷་པ་དེ་ཡི་ཚེ་ན་བསོད་ནམས་ཀྱི་སྣང་བ་དང་བྲལ་ན་སྡུག་བསྔལ་མི་བཟད་པའི་ཐིབ་པོ་བརྣག་ 8-5-20b དཀའ་བ་ཤེས་འཚལ༷་ལོ༷། །གཉིས་པ་སྡུག་བསྔལ་རྒྱ་ཆེ་བའི་ཚུལ་ལ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པར་བྱ་བ་དང་། ཤེས་ནས་སྐྱེ་བ་བཟློག་ཕྱིར་འབད་དགོས་པར་གདམས་པ་ གཉིས། དང་པོ་ལ། དམྱལ་བ། དུད་འགྲོ། ཡི་དྭགས། ལྷ། ལྷ་མིན་གྱི་སྡུག་བསྔལ་དང་ལྔ་ལས། དང་པོ་ལ་བསྟན་བཤད་གཉིས། དང་པོ། སེམ༷ས་ཅ༷ན་སྒོ་གསུམ་གྱི་ཉེས༷་ པ༷ར་སྤྱད༷་པ༷་སྤྱོ༷ད་པ་རྣམ༷ས་ལ༷། ཡ༷ང་སོས༷་དང་ཐིག༷་ནག༷་དང་རབ༷་ཏུ༷་ཚ༷་བ༷་དང༷་། བསྡུས༷་འཇོ༷མས་དང་ངུ༷་འབོ༷ད་དང་མན༷ར་མེ༷ད་པ་ལ༷་སོ༷གས་པའི༷། ཚ་གྲང་གི་དམྱལ༷་བ༷་རྣམ༷ས་སུ༷་རྟག༷་ཏུ༷་སྡུག༷་ བསྔལ༷་བར་འགྱུར༷་རོ། །གཉིས་པ་ལ་སྡུག་བསྔལ་ཤེས་པར་བྱ་བ་དང་། དེའི་རྒྱུ་སྤང་བར་གདམས་པ་གཉིས། དང་པོ་ལ། སྡུག་བསྔལ་དངོས་དང་། དེ་གང་ལ་ཅི་ལྟར་འབྱུང་ཚུལ་ལ་ བསམ་པ་གཉིས། དང་པོ། སེམས་ཅན་བསྡུས་འཇོམས་དུ་སྐྱེས་པ་ཁ༷་ཅི༷ག་ལྕགས་ཀྱི་གཏུན་བུས་ཏིལ༷་བཞི༷ན་འཚི༷ར་ཏེ༷་དེ༷་བཞི༷ན་དུ་གཞ༷ན་ཁ་ཅིག་ནི། ལྕགས་ཀྱི་མཆིག་འབར་བ་དག་ གི་སྟེང་དུ་མཆིག་གུས་བཏགས་པས་ཕྱེ༷་མ༷་ཞིབ༷་མོ༷་བཞི༷ན་དུ༷་ཕྱེ༷་མར༷་རློག༷་པར་བྱེད་དོ། །ཐིག་ནག་པ་ཁ༷་ཅི༷ག་སོ༷ག་ལེ༷ས་འདྲ༷་སྟེ༷་དེ༷་བཞི༷ན་གཞན༷། སྟ༷་རེ༷་མི༷་བཟ༷ད་སོ༷་ཀུན་རྣོན༷་པོ་ཅན་རྣམ༷ས་ཀྱིས༷་གཤ༷གས་ 8-5-21a པར་བྱེད་དོ། །དེ༷་བཞི༷ན་གཞ༷ན་ད༷ག་ཆུ་བོ་རབ་མེད་ཀྱི་འགྲམ་སོགས་སུ་ཁྲོ༷་ཆུ༷་བཞུས༷་པ༷་ཡི༷། ཁུ༷་བ༷་འབ༷ར་བ༷་འཁྲིག༷ས་པ༷་ཁ་ནང་དུ་ལྡུད༷་པར༷་བགྱིད༷་དོ། །ཁ༷་ཅི༷ག་ཚ་ དམྱལ་ན་ལྕག༷ས་ཀྱི༷་གས༷ལ་ཤིང༷་མེ་རབ༷་ཏུ་འབ༷ར་བ༷། ཚེ༷ར་མ༷་ཅ༷ན་ལ༷་ཕྲེང་བ་བཞིན་དུ་ཀུན༷་ཏུ༷་རྒྱུ༷ད་པར༷་བགྱིད༷་དོ། །ཁ༷་ཅི༷ག་རལ་གྲིའི་ཚལ་ན་ལྕག༷ས་ཀྱི༷་མཆེ༷་བ༷་དང་ལྡན༷་པའི༷་ཁྱི༷། གཏུམ༷་པོ༷ས་ དབད༷་ཅིང་སྐྲག་ནས་ལ༷ག་པ༷་གནམ༷་དུ༷་བསྒྲེང༷ས་ཤིང་བྲེད་དོ། །དེར་ལས་ཀྱི་དབང་གིས་རང་དབ༷ང་མེ༷ད་པར་གཞ༷ན་དག༷་བྱ་ལྕགས༷་མ༷ཆུ་རྣོ༷ན་པོ༷་དང༷་། སེན༷་མོ༷་མི༷་བཟ༷༷ད་པ་དང་ལྡན༷་པའི༷་ཁྭ༷་རྣམ༷ས་ ཀྱིས་གཏོགས་པའམ་འཐོ༷ག་པར་བྱེད་དོ། །ཁ༷་ཅི༷ག་ཉེ་འཁོར་གྱི་གནས་དེར་ལུས་ལས་བྱུང་བའི་སྲིན༷་བུ༷་དང་སྦུར༷་བ༷་ཕྱི་རོལ་ནས་བྱུང་བ་མདོག་དབྱིབས་རིགས་ཐ་དད་པ་སྣ༷་ཚོག༷ས་དང༷་། ཤ༷་སྦྲང༷་ དང་སྦྲང༷་མ༷་ནག༷་པོ༷་ཁྲི༷་ཕྲག༷་མང་པོ་དག༷། མཆུ་རེག༷་པ་ཙམ་ན༷་མི༷་བཟ༷ད་པའི་རྨ༷་སྲོལ༷་ཆེར༷་འབྱི༷ན་པ༷ས། ཟ༷་བར༷་བགྱིད༷་ཅིང༷་སྡུག་བསྔལ་གྱི་ཚོར་བས་ལུས་འགྲེ༷་ལྡོག༷་དང་ངག་སྨྲེ༷་སྔག༷ས་འདོ༷ན་པར་བྱེད་དོ། ། ཁ༷་ཅི༷ག་ཚ་དམྱལ་ན་མདག༷་མེ༷་འབ༷ར་བའི༷་ཚོག༷ས་སུ༷་ནི༷། དུས་རྒྱུན༷་མི༷་ཆ༷ད་པར༷་རབ༷་ཏུ་བསྲེག༷ས་པས་ཁ༷་ཡ༷ང་བགྲད༷་དེ། དེ་ཙམ་ལས་གཞན་པའི་མཐུ་མེད་དོ། །ཁ༷་ཅི༷ག་རབ་ཏུ་ཚ་བར་ལྕག༷ས་ 8-5-21b ལ༷ས་བྱས༷་ཤིང་མེ་འབར་བ༷འི་ཟང༷ས་ཆེ༷ན་དུ༷། ལུས་སྤྱིའུ༷་ཚུག༷ས་སུ་འབྲ༷ས་ཀྱི༷་ཅུད༷་འཕེ༷ད་སྟེ་འབྲས་ཟན་བཙོ་བ་བཞི༷ན་དུ༷་འཚེད༷་པར་བྱེད་པས་ཤིན་ཏུ་སྡུག་བསྔལ་བ་ཡིན་ནོ། །གཉིས་པ་ལ། ནམ་འབྱུང་བའི་དུས་ལ་བསམ་པ། འབྱུང་ན་མི་བཟོད་པའི་ཚུལ་ལ་བསམ་ལ། མྱོང་བའི་ཡུན་རིང་ཐུང་ལ་བསམ་པ་གསུམ་ལས། དང་པོ། སྡིག༷་ཅ༷ན་རྣམས་ནི་ཁ་ནས་དབུག༷ས་འབྱུང༷་བ་འདི་འ༷གགས་ པའམ་ཆད་པ༷་ཙམ༷་ཞི༷ག་གི༷། དུས༷་ཀྱིས༷་བར༷་དུ༷་ཆོད༷་པ་ལས་གཞན་མེད་པ་དེ་རྣམ༷ས་ཀྱིས་དམྱལ༷་བ༷་ཡི༷། སྡུག༷་བསྔལ༷་གཞལ༷་ཡ༷ས་པའམ་བསམ་ཡས་པ་དེ་ཐོས༷་ནས༷་ཀྱང་རྣམ༷་པ་སྟོང༷་དུ༷། མི་སྐྲག་པའམ་མི༷་འཇིག༷ས་པ་གང༷་ལ༷གས་པ་དེ་ཡི་སྙིང་ནི་རྡོ༷་རྗེའི༷་ར༷ང་བཞི༷ན་ཏེ་ཤིན་ཏུ་སྲ་བ་ཡིན་ནོ༷། །གཉིས་པ་ལ། སྤྱིར། བྱེ་བྲག །དཔེ་བསམ་པ་གསུམ་ལས། དང་པོ། དམྱལ༷་བ༷་ ཡི་ཚུལ་ཡི་གེའམ་གཟུགས་བརྙན་དུ་རི་མོར་བྲིས༷་པ༷་མཐོང༷་བ་དང༷་གཏམ་རྒྱུད་རྣ་བས་ཐོས༷་པ༷་དང༷་། རང་གིས་དེའི་ཚུལ་ཡིད་ལ་དྲ༷ན་པ་དང༷་རང་གིས་ཁ་ཏོན་དུ་བཀླག༷ས་པ་ད༷ང་དབྱིབས་ ཀྱི་ཚུལ་འཇིམ་པ་ལས་ལྡེར་ཚོའི་གཟུག༷ས་སུ༷་བགྱིས༷་པ་རྣམ༷ས་ཀྱིས་ཀྱང༷་། འཇིག༷ས་པ༷་སྐྱེད༷་པར༷་འགྱུར༷་ན༷་ཤིན་ཏུ་མི༷་བཟ༷ད་པའི༷། རྣ༷མ༷་སྨིན༷་དངོས་རང་གིས་ཉམ༷ས་སུ༷་མྱོང༷་ན༷་སྨོས༷་ཅི༷་ 8-5-22a འཚལ༷། གཉིས་པ། བདེ༷་བ༷་ཀུན༷་གྱི༷་ནང༷་ན༷ས་ཁམས་གསུམ་གྱི་སྲི༷ད་པ་མ་ལུས་པ་ཟ༷ད་པ༷་རྣམ་གྲོལ་གྱི་འབྲས་བུ་ནི། བདེ༷་བའི༷་དབང་པོའམ་བདག༷་པོར༷་བགྱིད༷་ པ༷་ཇི༷་ལྟ༷་བར༷། དེ༷་བཞི༷ན་དུ་སྡུག༷་བསྔལ༷་ཀུན༷་གྱི༷་ནང༷་ན༷་ནི༷། མན༷ར་མེ༷ད་པའི་དམྱལ༷་བའི༷་སྡུག༷་བསྔལ༷་ར༷བ་ཏུ་མི༷་བཟ༷ད་པ་སྟེ་ཆེའོ། །གསུམ་པ། མིའི་འཇིག་རྟེན་འདི༷་ན༷་ཉིན༷་ གཅི༷ག་ལ་མདུ༷ང་ཐུང༷་སུམ༷་བ༷རྒྱ༷་ཡིས༷། ར༷བ་ཏུ༷་ཀུན་ཤུགས་དྲག༷་པོར་བར་མ་ཆད་དུ་བཏ༷བ་པའི་སྡུག༷་བསྔལ༷་གང༷་ལག༷ས་པ༷། དེས༷་ནི༷་སེམས་ཅན་དམྱལ༷་བའི༷་སྡུག༷་བསྔ༷ལ་ཆུང༷་ངུ་ལ༷འང༷་། དཔེ་ཡི་ ཕྱོགས་ཙམ་མམ་འོ༷ལ་ཡ༷ང་མཚོན་པར་མི༷་བགྱི༷་དེ་ཡི་ཆ་ཤས་ཙམ་མམ་ཆར༷་ཡང༷་འགྲན་མི༷་ཕོ༷ད་དོ༷། །གསུམ་པ་ཡུན་ནི། བཤད་མ་ཐག་པ་དེ༷་ལྟར༷་སྡུག༷་བསྔལ༷་ཤིན༷་ཏུ༷་མི༷་བཟ༷ད་པ་དག་ལོ༷་ གྲངས། བྱེ༷་བ༷་ཕྲག༷་བརྒྱ༷ད་ཉ༷མས་སུ༷་མྱོང༷་ཡང༷་ནི༷། ཇི༷་སྲི༷ད་རྒྱུ་མི༷་དགེ༷་བའི་ལས་དེ༷་ཟ༷ད་པར་མ༷་གྱུར༷་པ༷། དེ༷་སྲི༷ད་དུ་འཚོ་བའི་སྲོག༷་དང༷་འབྲལ༷་བ༷ར་མི༷་འགྱུར༷་ཏེ་དེ་སྲིད་དུ་མྱོང་བར་འགྱུར་རོ༷། ། གཉིས་པ་དེའི་རྒྱུ་སྤང་བ་ནི། གོང་བཤད་མི༷་དགེ༷འི་འབྲས༷་བུ་འདི༷་རྣམ༷ས་ཀྱི༷་ས༷་བོ༷ན་ནི༷། སྲོག་གཅོད་སོགས་ལུས༷་དང་རྫུན་སོགས་ངག༷་དང་བརྣབ་སེམས་སོགས་ཡི༷ད་ཀྱི་ཉེ༷ས༷་སྤྱད༷་ཆེན་པོ་རྣམས་ 8-5-22b ཡིན་པས་རྒྱལ་པོ་ཁྱོ༷ད་ཀྱིས༷་ནི༷། ཅི༷་ནས༷་ཉེས་པ་དེ༷་ཡི་རྡུལ༷་ཙམ༷་ཡང༷་མ༷་མཆིས༷་པ༷། དེ༷་ལྟར༷་ཉི༷ད་ཀྱི་རྩལ༷་ཅི་ཡོད་ཀྱིས༷་འབ༷ད་པར༷་མཛོ༷ད་ཅིག་ཅེས་གདམས་པའོ། །གཉིས་པ་དུད་འགྲོ་ལ་ སྤྱི་ཡི་སྡུག་བསྔལ་དང་བྱེ་བྲག་ཁ་འཐོར་གྱི་སྡུག་བསྔལ་གཉིས། དང་པོ། དུད༷་འགྲོ༷འི༷་སྐྱེ༷་གན༷ས་སུ་གཏོགས་པ་ན༷་ཡ༷ང་གཞན་གྱིས་གསོ༷ད་པ༷་དང༷་། ཞགས་པ་སོགས་ཀྱིས་བཅིང༷ས་ པ་ད༷ང་ལྕག་སོགས་ཀྱིས་བརྡེག༷་པ་སོ༷གས་མི་དང་མི་མིན་གྱི་གནོད་པ་བྱས་པའི་སྡུག་བསྔལ༷་སྣ༷་ཚོག༷ས་པ༷། ཞི༷་བ་མྱང་འདས་ཐོབ་འགྱུ༷ར་ཐར་ལམ་གྱི་དགེ༷་བ༷་སྤང༷ས་བ༷་རྣམ༷ས་ལ༷་ནི། བྱིང་ གནས་སོགས་གཅི༷ག་ལ༷་གཅི༷ག་ཟ༷་རྣམ་སྨིན་ནམ་སྡུག་བསྔལ་ཤིན༷་ཏུ༷་མི༷་བཟ༷ད་པ༷་དང་ལྡན་ནོ། །གཉིས་པ། ཆུ་གནས་སོགས་དུད་འགྲོ་ཁ༷་ཅི༷ག་ནི་མུ༷་ཏིག༷་དང་ལུག་སོགས་བལ༷་དང༷་གླང་ཆེན་ སོགས་རུས༷་པ༷་དང་ཁྲ༷ག་དང་། ཤ༷་ཡི་ཆེད་དུ་རི་དྭགས་སོགས་དང༷་སྟག་གཟིག་སོགས་པ༷གས་པའི༷་ཆེད༷་དུ༷་འཆི༷་བར༷་འགྱུར༷། རང་དབ༷ང་མེ༷ད་པར་གཞ༷ན་ད༷ག་རྟ་སོགས་རྡོག༷་པ༷་སྟེ་རྐང་པ་དང་མ་ ཧེ་སོགས་ལག༷་པ༷་དང༷་། བོང་བུ་སོགས་ལྕག༷་ཚན་དང༷་གླང་པོ་ཆེ་ལྕག༷ས་ཀྱུ་ད༷ང་དབྱུག་པ་སོགས་གད༷བ་པས༷་གླང་སོགས་བཏབ༷་སྟེ་བྲན་དུ་བཀོ༷ལ་པས་སྡུག་བསྔལ་བར་འགྱུར་རོ། །གསུམ་ 8-5-23a པ་ཡི་དྭགས་ལ་བསྟན་བཤད་གཉིས། དང་པོ། ཡི༷་དྭག༷ས་སུ་སྐྱེས་ན༷་ཡ༷ང་འདོ༷ད་པས༷་ཕོང༷ས་པ༷་ཡི༷ས། བསྐྱེ༷ད་པ༷འི་སྡུག༷་བསྔ༷ལ་བར་མེད་པའམ་རྒྱུན༷་ཆག༷ས་པ་ བཅོས་སུ་མེད་པའམ་མི༷་འཆོ༷ས་པ༷། བཀྲེས༷་པ་དང་སྐོམ༷་པ་དང་དགུན་གྲང༷་བ་དང་སོས་ཀ་དྲོ༷་བ་དང་ཟས་ཕྱིར་རྒྱུ་བས་ང༷ལ་བ་དང༷་སྐྱེས་བུ་མཚོན་ཐོགས་པ་མཐོང་བ་སོགས་ཀྱིས་འཇིག༷ས་པ༷་ཡི༷ས། བསྐྱེ༷ད་པ༷་ཡི་སྡུག་བསྔལ་ཤི༷ན་ཏུ༷་མི༷་བཟ༷ད་པ་བརྟེན༷་འཚལ༷་ལོ༷། །གཉིས་པ་རྒྱས་བཤད་ལ། སྡུག་བསྔལ་དང་། དེའི་རྒྱུ་གཉིས། དང་པོ་སྡུག་བསྔལ་དངོས་དང་། དེ་ཇི་ཙམ་མྱོང་བའི་ཡུན་ གཉིས། དང་པོ། ཡི་དྭགས་ཁ༷་ཅི༷ག་གིས་ཁ༷་ནི༷་ཁབ༷་ཀྱི༷་མིག༷་ཙམ༷་དུ་ཆུང་ལ༷། ལྟོ༷་བ༷་ནི་རི༷་ཡི༷་གཏོས༷་ཙམ༷་དུ་ཆེ་བས་དགང་དཀའ་བས་བཀྲེས༷་པས་ཉེན༷་པར་གྱུར་ཏེ། སྣབས་སོགས་མི༷་གཙང༷་ གྱི༷་ནར༷་ཏེ་དགོས་མེད་དུ་བོ༷ར་བ༷་ཅུང༷་ཟ༷ད་ཀྱང༷་། ཟ་བའམ་འཚལ༷་ཀུན་བ༷འི་མཐུ༷་དང༷་ལྡན༷་པ༷་མ༷་ལ༷གས་སོ༷། །ཁ༷་ཅི༷ག་ཕྱིའི་པག༷ས་པ་དང་ནང་གི་རུས༷་པ་ནི་ལྷག་མར་ལུས༷་ཤི༷ང་ཤ་སྐམ་པ་གོས་མེད་པའི་ གཅེར༷་བུ༷་སྟེ༷། དཔེར་ན་ཤིང་ཏ༷་ལ༷འི་ཡ༷ང་ཏོག༷་ཅེས་མགོའི་རྩེ་མོ་བསྐམ༷ས་པ༷་ལྟ་བུ་ལ༷གས་སོ། །ཁ༷་ཅི༷ག་མཚ༷ན་རེ་རེ་ཞིང་ཞེས་མཚན་མོ་ཐམས་ཅད་དུ་ཁ༷་ནས༷་མེ་འབ༷ར་བ༷་སྟེ༷། ཟས༷་སུ༷་ཟ་ན་ཡང་མེ་ 8-5-23b འབར༷་བཞིན་པའི༷་ཁ༷ར་བབ༷ས་པའི་བྱེ༷་མ༷་འཚ༷ལ་ཏེ་ཟའོ། །སྨད༷་པའི་རིག༷ས་སུ་གནས་པ་འག༷འ་ཞིག་ནི༷་རྣག༷་དང༷་ཕྱི༷་ས༷་སྟེ་དྲི་ཆེན་ད༷ང་། ཁྲག༷་སོ༷གས་མི༷་གཙང༷་བ༷་ཡང༷་མི༷་རྙེད༷་དེ༷། སྡང་སེམས་ ཀྱིས་ཐོ་བ་སོགས་ཐོགས་ནས་ཕ༷ན་ཚུན༷་གདོང༷་དུ༷་འཚོག༷་པའམ་བརྡེག་ཅིང༷་མགྲིན༷་པ༷་ནས༷། ལྦ༷་བ༷་བྱུང༷་བ༷་སྨིན༷་པའི༷་རྣག༷་ཟ་བའམ་འཚ༷ལ་ལོ༷་སྟེ་དེས་སྲོག་འཚོ་བའོ། །ཡི༷་དྭག༷ས་རྣམ༷ས་ལ༷་ཚ་བ་ དང་ལྡན་པ་སོ༷ས་ཀའི༷་དུས༷་སུ༷་ནི༷། ཟླ༷་བ༷འ༷ང་ཚ༷་བར་གྱུར་ནས་གདུང་བ་བསྐྱེད་ལ༷་དགུན༷་གྲང་དུས་སུ་ནི༷་ཉི༷་མའ༷ང་གྲང༷་བར་སྣང་ཞིང་། ལྗོན༷་ཤིང༷་བཟང་པོའང་འདིས་མཐོང་ཚེ་འབྲས༷་བུ༷་ མེ༷ད་པར་འགྱུར༷་ཞིང་འདི༷་དག༷་གིས༷། བལྟས༷་པ༷་ཙམ༷་གྱིས༷་ཆུ་ཀླུང༷་ཡ༷ང་བསྐམ༷་པ༷ར་འགྱུར༷་རོ། །གཉིས་པ། དེ་ལྟར་བ༷ར་ཆ༷ད་པ་མེ༷ད་པར༷་སྡུག༷་བསྔལ༷་ལ་བསྟེ༷ན་པར་གྱུར༷་པ༷། ཉེས༷་པར༷་སྤྱོ༷ད་ པའི༷་ལ༷ས་ཀྱི༷་ཞག༷ས་པ༷་ནི༷། ཤིན་ཏུ་སྲ༷་བས༷་བཅིང༷ས་པ༷འི་ལུ༷ས་ཅ༷ན་ཁ༷་ཅི༷ག་ནི༷་ལོ༷་ཡི་གྲངས། ལྔ༷་སྟོང༷་ད༷ག་དང༷་ཁྲིར༷་ཡང༷་འཆི༷་བར་མི༷་འགྱུར༷་ཏེ་སྡུག་བསྔལ་ཉམས་སུ་མྱོང་ངོ་། །གཉིས་པ་དེའི་རྒྱུ་ནི། དེ༷་ལྟར༷་ཡི༷་དྭག༷ས་རྣམ༷ས་ཀྱིས༷་བཀྲེས་སྐོམ་སོགས་སྣ༷་ཚོག༷ས་པའི༷། སྡུག༷་བསྔལ༷་དོན་མཐུན་དུའམ་རོ༷་གཅི༷ག་ཐོ༷བ་པ༷་གང༷་ལག༷ས་པ༷། དེ༷་ཡི༷་རྒྱུ་ནི༷་སྐྱེ༷་བོ༷་འཇུ༷ངས་པ་ལ་དག༷འ་བ༷་སྟེ་བདག་ལ་ཅི་ཡང་མེད་ 8-5-24a དོ་སྙམ་པ་ཅན། སེར༷་སྣ༷་འཕ༷གས་པ་རྣམས་ཀྱི་ཆོས་མིན༷་པ་དེ་ཉིད་ལག༷ས་པར༷་སང༷ས་རྒྱས༷་ཀྱིས་གསུ༷ངས་ཏེ། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་ སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེ་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཞེས་སོ། །བཞི་པ་ལྷ་ལ། བསྟན་བཤད་གཉིས། དང་པོ། མཐོ༷་རི༷ས་འདོད་པའི་ལྷའི་སྐྱེ་བ་ཐོབ་ན༷་ཡང༷་ལོངས་སྤྱོད་ ཕུན་སུམ་ཚོགས་པ་ཐམས་ཅད་ལ་སྤྱོད་པའི་བདེ༷་བ་ཆེན༷་པོ་ཡོད་མོད་ཀྱི་དེ༷་དག༷་གི༷་སྟོབས་ལས། འཆི༷་འཕོ༷་བའི་དུས་ཀྱི་སྡུག༷་བསྔལ༷་ཉི༷ད་ནི་སྔར་གྱི་བདེ་བའི་ཚད་དེ༷་བས༷་སྟོབས་ཆེ༷འོ། །དེ༷་ལྟར༷་ བས༷མས་ནས༷་ཡ༷་ར༷བས་དམ་པ་རྣམ༷ས་ཀྱིས༷་ནི༷། བདེ་བ་མི་བརྟན་པས་ཟ༷ད་པར་འགྱུར༷་བའི་མཐོ༷་རིས༷་ཀྱི་སླ༷ད་དུ༷་སྲེ༷ད་པར་མི༷་བགྱིའོ༷། །གཉིས་པ། ལྷ་རྣམས་འཆི་བར་གྱུར་པ་དེའི་ཚེ་ལུས༷་ ཀྱི༷་ཁ༷་དོག་མི༷་སྡུག༷་པར་འགྱུར༷་བ༷་དང༷་། རང་གི་སྟན༷་ལ༷་སྔར་ཇི་ཙམ་བསྡད་ཀྱང་མི་སྐྱོ་བ་ལ་དེའི་དུས་སུ་མི༷་དགའ༷་ཞིང་རྒྱན་གྱི་མེ༷་ཏོག༷་གི་ཕྲེང༷་བ་རྙིང༷་པར་གྱུར་པ་དང༷་། གོས༷་ལ༷་དྲི༷་མ༷་ཆག༷ས་པ་ དང༷་ལུས༷་མཆན་ཁུང་སོགས་ལ༷ས་ནི༷། སྔོ༷ན་ཆ༷ད་མེ༷ད་པའི༷་རྡུལ༷་འབྱུང༷་བ་ཞེས༷་བ༷གྱི་བ༷། མཐོ༷་རིས༷་ཀྱི་ལྷ་རྣམས་ལ་འཆི༷་འཕོ༷་སྦྲོན༷་པར་བགྱིད༷་པའི་འཆི༷་བའི་ལྟ༷ས་ལྔ༷། ལྷ༷་ཡུལ༷་ན་གན༷ས་པའི་ 8-5-24b ལྷ༷་རྣམ༷ས་ལ༷་འབྱུང༷་སྟེ༷། དཔེར་ན་ས༷་སྟེང༷་གི་མི༷་རྣམ༷ས་འཆི༷་བ༷ར་གྱུར༷་པ༷་དག༷་གི་ཚེ། སྦྲོན༷་ཀུན་པ༷ར་བྱེ༷ད་པའི༷་འཆི༷་ལྟས༷་རྣམ༷ས་དང༷་འདྲའོ༷། །དེར་མ་ཟད་ལྷ༷་ཡི༷་འཇིག༷་རྟེན༷་དག༷་ན༷ས་ཤི་འཕོ༷ས་པ༷་ རྣམས་ལ༷། གལ༷་ཏེ༷་མཐོ་རིས་སུ་སྐྱེ་བའི་རྒྱུ་དགེ༷་བའི༷་ལྷག༷་མ༷་འག༷འ་མེ༷ད་པ་ན༷། དེ༷་ན༷ས་རང་དབ༷ང་མེ༷ད་པར་དུད༷་འགྲོ༷་དང་ཡི༷་དྭགས༷་དང༷་། དམྱལ༷་བར༷་གན༷ས་པ༷་ལས་གང༷་ཡང༷་རུ༷ང་བར༷་ སྐྱེ་ཞིང་སྡུག་བསྔལ་མྱོང་བར་འགྱུར༷་རོ། །ལྔ་པ་ལྷ་མིན་གྱི་སྡུག་བསྔལ་ནི། ལྷ༷་མི༷ན་གྱི་སྐྱེ་གནས་དག༷་ན༷་ཡང༷་ཕྲག་དོག་གི་རྒྱུ་མཐུན་གྱི་ལས་ཀྱིས་རང༷་བཞི༷ན་གྱིས༷་ལྷ༷་ཡི༷། དཔ༷ལ་ལ༷་སྡང༷་ ཕྱིར༷་ཡི༷ད་ཀྱི༷་སྡུག༷་བསྔལ༷་ཆེ༷་སྟེ་ཕྲག་དོག་གིས་ཡིད་མི་བདེ་བསྐྱེད་པའི་ཕྱིར་རོ། །ལྷ་མིན་གྱི་འགྲོ་བ་དེ༷་དག༷་བློ་དང༷་ལྡན༷་ཡ༷ང་རྣམ་སྨིན་ནམ་འགྲོ༷་བ༷་ཡི༷། སྒྲིབ༷་པས༷་རྟེན་དེ་ལ་བདེ༷ན་པ༷་མཐོང༷་བ༷་མ༷་ མཆིས༷་སོ༷། །གཉིས་པ་དེ་ལྟར་ཤེས་ནས་སྐྱེ་བ་བཟློག་པར་གདམས་པ་ལ། སྐྱེ་བ་བཟློག་དགོས་པའི་རྒྱུ་མཚན། རྒྱུ་མཚན་དེས་ན་སྐྱེ་བ་བཟློག་པ་ལ་དྲག་ཏུ་འབད་པར་གདམས་པ་གཉིས། དང་པོ། འཁོར༷་བ༷་ཡི་རང་བཞིན་ནམ་སྐྱོན་བཤད་མ་ཐག་པ་དེ༷་འདྲ༷་བ་ལ༷གས་པས༷་ལྷ༷་མི༷་དང༷་། དམྱལ༷་བ༷་ཡི༷་དྭག༷ས་དུད༷་འགྲོ༷་རྣམ༷ས་ཀྱི་གནས་རིས་དེ་དག༷་ཏུ༷། སྐྱེ༷་བ༷་འདི་ནི་བཟང༷་པོ༷་མ༷་ལ༷གས་ 8-5-25a ཀྱི་དེར་སྐྱེ་བ༷་ནི༷། འཇིགས་དང་སྡུག་བསྔལ་སོགས་གནོ༷ད་པ༷་དུ༷་མ༷འི་སྣོ༷ད་དུ་འགྱུར༷་བ་ལ༷གས་པས་དེ་ལྟར་མཁྱེན༷་པར་མཛོ༷ད་ཅིག །གཉིས་པ། དེའི་ཕྱིར་རང་གི་ མགོ༷འ༷མ་གོས༷་ལ༷་གློ༷་བུར༷་དུ་མེ༷་ཤོར༷་ན༷་མྱུར་དུ་བཟློག་པ་ལ་འབད་དགོས་པ་ཡིན་ཡང་། འཁོར་བའི་ཉེས་དམིགས་ཤེས་པའི་མཁས་པས་ནི་མེ་དེ༷་ད༷ག་བཟློག༷་ཕྱིར༷་རྩོལ་བའི་བགྱི༷་བ༷་དེའང་ བཏང༷་ནས༷་ཀྱང༷་། ལུས་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱིས་ཡ༷ང་སྲི༷ད་མེ༷ད་པར༷་བགྱི་བ་སྟེ་སྐྱེ་བ་བཟློག་པའི་སླད་དུ་རྩོལ་བའི་ཐབས་འདི་ལ་འབ༷ད་འཚ༷ལ་ཏེ༷། ཡང་སྲིད་མེད་པར་བགྱི་བ་དེ༷་བ༷ས་ ཆེས༷་མཆོག༷་ཏུ་གྱུར་པའི་དགོ༷ས་པ༷་གཞ༷ན་མ༷་མཆི༷ས་པས་སོ། །གཉིས་པ་རྣམ་བྱང་ཕྱོགས་ལ་འཇུག་པའི་ཚུལ་ལ། འབྲས་བུ་ཐར་པ་ལ་ཡིད་ཆེས་པར་བྱ་བ་དང་། རྒྱུ་ལམ་བདེན་ཉམས་སུ་ལེན་པ་ གཉིས། དང་པོ། རྒྱུ་ཚུལ༷་ཁྲིམ༷ས་ད༷ག་དང༷་བས༷མ་གཏན༷་ཤེས༷་རབ༷་ཀྱིས༷་ཏེ་བསླབ་པ་རིན་པོ་ཆེ་གསུམ་གྱིས། འབྲས་བུ་མྱ༷་ང༷ན་ལས་འད༷ས་པ་ཞེས་སྡུག་བསྔལ་ཞི༷་ཞིང་སྲིད་པར་ཀུན་ སྦྱོར་གྱི་ལས་མེད་པས་དུལ༷་བ༷་ཉོན་མོངས་པའི་དྲི༷་མ་མེ༷ད་པའི༷། གོ༷་འཕ༷ང་མི༷་རྒ༷་མི༷་འཆི༷་བ་སྟེ་རྒ་ཤི་མེད་པས་ནམ་ཡང་ཟ༷ད་མི་ཤེས་པའམ་མི༷་འཚལ༷་བ། ཕྱི་རོལ་པས་བཏགས་པའི་ཐར་ 8-5-25b པ་གཟུགས་ཅན་ས༷་ཆུ༷་མེ༷་རླུང༷་ཉི༷་ཟླ༷་ལྟ་བུའི་བེམ་པོ་དང་བྲལ༷་བ་དེ་ཐོ༷བ་པར་མཛོ༷ད་ཅིག །འདི་ལ་ཞི་བ་ལྷག་མེད་མྱང་འདས་ཟག་བཅས་ཀྱི་ཕུང་པོ་འགག་པ་དང་། དུལ་བ་ལྷག་བཅས་མྱང་ འདས་དབང་པོ་དུལ་བ་དང་། གཉིས་ཀ་ཡང་ཉོན་མོངས་པ་མེད་པས་དྲི་མ་མེད་པ་སོགས་ཀྱི་དོན་དུ་བཤད་ཀྱང་རུང་ངོ་། །གཉིས་པ་ལ། མཐོང་ལམ་དང་། བསྒོམ་ལམ་བཤད་ པ་གཉིས། དང་པོ་ལ། ལམ་གྱི་ངོ་བོ་བྱང་ཆུབ་ཡན་ལག་བདུན་བཤད་པ། དེ་ལས་བྱེ་བྲག་ཞི་གནས་དང་འབྲེལ་བར་ཤེས་རབ་ཟབ་མོའི་རྣལ་འབྱོར་བཤད་པ་གཉིས། དང་པོ། མཐོང་ལམ་ཀུན་གྱི་སྐབས་སུ་དམིགས་པ་མི་བརྗེད་པའི་དྲ༷ན་པ་དང༷་ཆོས༷་ར༷བ་ཏུ་རྣམ་པར་འབྱེ༷ད་པའི་ཤེས་རབ་དང༷་བླང་དོར་ལ་འབད་པའི་བརྩོ༷ན་འགྲུས༷་དང༷་། ཡིད་བདེ་བའི་དགའ༷་བ་དང༷་ལུས་ སེམས་ལས་རུང་གི་ཤིན༷་ཏུ༷་སྦྱང༷ས་པ་ད༷ང་སེམས་རྩེ་གཅིག་པའི་ཏིང༷་ངེ་འཛི༷ན་ད༷ང་། བྱིང་རྒོད་དང་བྲལ་བའི་བཏང༷་སྙོམ༷ས་ཏེ་འདི༷་བདུ༷ན་ནི་བྱང༷་ཆུབ༷་ཀྱི་ཡ༷ན་ལག༷་ཅེས་བྱ༷་སྟེ། དེ་ཡང་བྱང་ ཆུབ་ནི་མྱང་འདས་དང་ཡན་ལག་ནི་དེའི་རྗེས་སུ་མཐུན་པ་སྟེ་དེ་སྒྲུབ་པའི་ཐབས་སུ་གྱུར་པའམ་ཡང་ན་བདག་མེད་རྟོགས་པའི་ཤེས་རབ་ནི་བྱང་ཆུབ་ཀྱི་ངོ་བོ་ཡིན་པས་རང་བཞིན་གྱི་དང་དྲན་པ་ནི་ 8-5-26a དེའི་གནས་ཀྱི་དང་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་དང་དགའ་བ་ཕན་ཡོན་གྱི་དང་། ལྷག་མ་གསུམ་ཉོན་མོངས་མེད་པའི་ཡན་ལག་གོ། དེས་ན་དེ་བདུན་ པོ། མྱ༷་ང༷ན་ལས་འད༷ས་པ་ཐོ༷བ་པར་བགྱིད༷་པའི༷་དགེ༷་བའི་ཚོག༷ས་ལག༷ས་སོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། ཆོས་རབ་རྣམ་འབྱེད་ཀྱི་ཤེས༷་རབ༷་མེ༷ད་པར༷་ཐར་བ་ མཆོག་གི་རྒྱུར་གྱུར་པའི་བས༷མ་གཏན༷་ཡོ༷ད་པ་མི༷ན་ཏེ༷་ཤེས་རབ་ཀྱིས་རྟོགས་པའི་དོན་ལ་མཉམ་པར་འཇོག་དགོས་པའི་ཕྱིར། བས༷མ་གཏན༷་མེ༷ད་པར༷་ཡང༷་ནི༷་རྣམ་གྲོལ་གྱི་ལམ་ཡང་དག་པའི་ ཤེས༷་རབ༷་མེ༷ད་དེ་སེམས་མཉམ་པར་བཞག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འབྱུང་བའི་ཕྱིར་རོ། །དེས་ན་གང་ཟག་གང༷་ལ༷་ཤེར་ཏིང་ངམ་ཞི་ལྷག་དེ༷་གཉི༷ས་ཟུང་འབྲེལ་དུ་ ཡོ༷ད་པས༷་ནི་སྲི༷ད་པ༷་ཡི༷། རྒྱ༷་མཚོ༷་ཆེན་པོ་ཐ་གྲུ་མི་མངོན་པ་འདི་ཡང་ཆུང་ངུ་བསྐམ་པར་སླ་བ་གན༷ག་རྗེས༷་ཀྱི་ཆུ་ལྟ༷་བུར༷་ཤེས་པའམ་འཚལ༷་བར༷་བགྱི༷་སྟེ་ཞི་ལྷག་ལྡན་པའི་གང་ ཟག་དེ་སྟོབས་དང་ལྡན་པའི་ཕྱིར་དེ་ལ་འཁོར་བའི་རྒྱ་མཚོ་སྐེམ་པར་བྱ་མི་དཀའ་བས་སོ། །གཉིས་པ་ལ། སྤྱད་བྱ་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ 8-5-26b ལུང་མ་བསྟན་པའི་ལྟ་བ་བཤད་པ། གཉེན་པོ་ཡང་དག་པའི་གནས་ལུགས་རྟེན་འབྲེལ་གྱི་དོན་བཤད་པ་གཉིས། དང་པོ། བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཡིན་གཉིས་མིན་ ཏེ་སྔོན་མཐའ་ལ་བརྟེན་པ་བཞི། དེ་གཉིས་མཐའ་ལྡན་ཡིན་མིན་གྱི་མུ་བཞི་ཕྱི་མཐའ་ལ་བརྟེན་པ་དང་། དེ་བཞིན་གཤེགས་པ་གྲོང་ཕན་ཆད་འབྱུང་མི་འབྱུང་གི་མུ་བཞི་མྱང་འདས་ལ་བརྟེན་པ་དང་ ལུས་སྲོག་གཅིག་ཐ་དད་གཉིས་བཅས་ལུང༷་མ༷་བསྟན༷་པ༷་བཅུ༷་བཞི༷་ཞེས་འཇིག༷་རྟེན༷་ན༷། སྟོན་མཆོག་ཉི༷་མའི༷་གཉེན༷་གྱིས༷་རབ༷་ཏུ་གསུང༷ས་པ་ག༷ང་དག་ལ༷གས་པ༷། དེ༷་དག༷་རྣམ༷ས་ལ༷་དེ་དང་དེའི་ ཚུལ་བས༷མ་པར༷་མི༷་བགྱི༷་སྟེ།༷ དེ༷་ཡི༷ས་བློ༷་ནི༷་ཞི༷་བ༷ར་བགྱིད༷་པ་མ༷་ལ༷གས་ཏེ་མགོ་རྨོངས་ཞིང་ཡིད་ཤ་ཐང་ཆད་པར་འགྱུར་རོ། །འདིར་ལུང་མ་བསྟན་ཞེས་པ། དོན་འདི་དག་ཕྱི་རོལ་པས་བདག་ རྟག་པ་ལས་བརྩམས་ཏེ་དྲི་བ་བྱས་པས་ན་ཁྱད་གཞི་བདག་མེད་པ་ལ་ཁྱད་ཆོས་ལུང་བསྟན་དུ་མེད་པ་དང་། བདག་བཀག་ན་ཡང་དོན་དུ་མི་འགྱུར་བ་ལ་དགོངས་ནས་དྲི་བ་དེ་དག་གི་ལན་ལུང་དུ་ མ་བསྟན་པས་དེ་སྐད་དུ་བཤད་དོ། །གཉིས་པ་ལ་རྟེན་འབྲེལ་དངོས་དང་། དེའི་ཆེ་བ་བརྗོད་པ་གཉིས། དང་པོ། ཀུན་འོ་ན་ཇི་ལྟར་བསམ་པར་བྱ་ཞེ་ན། བདག་མེད་པའི་དོན་མ་རྟོགས་པའི་མ༷་ 8-5-27a རིག༷་པ༷་ལ༷ས་ལ༷ས་འདུ་བྱེད་པ་འབྱུང་ཏེ༷་དེ༷་ལ༷ས་ནི༷། ས་བོན་དང་འཕེན་པའི་རྣ༷མ་ཤེ༷ས་འབྱུང་ཞིང་དེ༷་ལ༷ས་ཚོར་འདུ་སོགས་མི༷ང་བཞི་དང༷་ནུར་ནུར་པོ་སོགས་གཟུག༷ས་རབ༷་ཏུ་ འབྱུང༷་ཞིང་། དེ༷་ལ༷ས་མིག་སོགས་ནང་གི་སྐྱེ༷་མཆེ༷ད་དྲུག༷་སྟེ༷་དེ༷་ལ༷ས་ནི༷། ཡུལ་དབང་ཤེས་གསུམ་འདུས་ཏེ་རེ༷ག་པ༷་དྲུག་ཀུན༷་ཏུ༷་འབྱུང༷་པར༷་ཐུབ༷་པས༷་གསུང༷ས་སོ། །རེག༷་པ༷་ལ༷ས་ནི༷་ཚོར༷་ བ༷་བདེ་སྡུག་སོགས་ཀུན༷་འབྱུང༷་སྟེ༷། ཚོར༷་བའི༷་གཞི༷་ལ༷ས་འཇུག་ལྡོག་གི་སྲེ༷ད་པ༷་འབྱུང༷་བར༷་འགྱུར༷། སྲེ༷ད་པ་ལ༷ས་ནི་དོན་དེའི་ཕྱིར་རྒྱུག་པ་ལེ༷ན་པ༷་སྐྱེ༷་བར༷་འགྱུར༷་བ༷་སྟེ༷། དེ༷་ལ༷ས་ལས་འདུ་ བྱེད་པའི་སྲི༷ད་པ༷་འབྱུང་ཞིང་སྲི༷ད་པ་ལ༷ས་ཕྱི་མའི་སྐྱེ༷་བ༷་འབྱུང་བ་ལ༷གས་སོ། །སྐྱེ༷་བ༷་ཡོ༷ད་ན༷་མྱ༷་ངན༷་དང་ན༷་བ་དང་རྒ༷་བ་དང༷་། འདོ༷ད་པ༷ས་ཕོང༷ས་པ་དང༷་འཆི༷་བ་དང༷་འཇིག༷ས་པ་དང་སྨྲེ་སྔགས་ དང་ཡིད་མི་བདེ་བ་སོག༷ས་ཀྱི༷། སྡུག༷་བསྔལ༷་གྱི་ཕུང༷་པོ༷་ཤིན༷་ཏུ༷་ཆེ༷་བ་འབྱུང༷་སྟེ༷། མ་རིག་པ་འག༷གས་པས་འདུ་བྱེད་འགགས་པ་ནས་སྐྱེ་བ་འགགས་པའི་བར་དུ་འགྱུར་ལ། སྐྱེ༷་བ༷་འགགས༷་ པས༷་མྱ་ངན་སོགས་སྡུག་བསྔལ་འདི༷་ཀུན༷་འག༷ག་པ༷ར་འགྱུར༷་བ་ཡིན་ནོ། །གཉིས་པ། ཇི་སྐད་བཤད་པའི་རྟེན༷་ཅིང༷་འབྲེལ༷་བར༷་འབྱུང༷་བ་འདི༷་ནི་རྒྱལ༷་བ༷་ཡི༷། གསུང༷་གི༷་མཛོད༷་རྒྱ་ཆེ་ཞིང་དངོས་ 8-5-27b པོ་མང་པོ་རྣམས་ཀྱི༷་ནང་ན་གཅེས༷་པའི༷་དོན་ཟབ༷་མོ༷་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་སྟེ༷། གང༷་གིས༷་རྟེན་འབྲེལ་གྱི་ཚུལ་འདི༷་ནི༷་ཡ༷ང་དག༷་པར་མཐོང་བ༷་དེས༷། ཤེས་རབ་ཀྱི་མིག་གིས་སང༷ས་རྒྱས༷་ ཆོས་ཀྱི་སྐུ་དེ༷་ཁོ་ན་ཉི༷ད་རིག༷་པ༷་རྣམ༷་པ་མཆོག༷་གི་བདག་ཉིད་མཐོ༷ང་བ་ཡིན་ནོ། །གཉིས་པ་བསྒོམ་ལམ་ལ། ལམ་གྱི་ངོ་བོ་འཕགས་ལམ་ཡན་ལག་བརྒྱད་བཤད་པ། དེ་ལམ་ཡིན་ཚུལ་ བཤད་པ། ལམ་དེ་ཡི་གཙོ་བོ་བདེན་བཞི་མཐོང་བའི་ཤེས་རབ་ལ་གདམས་པ་གསུམ། དང་པོ། སྔར་མཐོང་ལམ་དུ་རྟོགས་ཟིན་ཡོངས་སུ་གཅོད་པ་ཡང༷་དག༷་པའི་ལྟ་བ༷་དང༷་དེ་ བཞིན་དུ་ལོག་འཚོ་སྤང་བའི་འཚོ༷་བ་དང༷་ལམ་སྒོམ་པ་ལ་རྩོལ༷་བ༷་དང༷་། བརྗེད་པ་མེད་པའི་དྲ༷ན་པ་དང༷་སེམས་རྩེ་གཅིག་པའི་ཏིང༷་འཛི༷ན་དང་རྟོགས་དོན་གཞན་ལ་འདོམས་པའི་ངག༷་དང༷་ འཕགས་པས་སྲོག་གཅོད་སྤང་བ་སོགས་རྣམ་པར་དག་པའི་ལ༷ས་ཀྱི་མཐ༷འ་དང༷་། ཆོས་སྟོན་པ་སོགས་ཀྱི་ངག་དེ་ཉིད་ཀུན་ནས་སློང་བྱེད་ཡ༷ང་དག༷་པའི་རྟོག༷་པ་ཉི༷ད་བཅས་འཕ༷གས་པའི་ ལ༷མ་གྱི་ཡ༷ན་ལ༷ག་བརྒྱ༷ད་དེ། འདིས་སྤང་བྱ་སྤངས་ཤིང་རྣམ་གྲོལ་མངོན་དུ་བྱེད་པས་འཕགས་པའི་ལམ་དང་དེ་ལས་ལྟ་བ་ནི་ཡོངས་སུ་གཅོད་པ་དང་། རྟོག་པ་ནི་གཞན་ལ་གོ་བར་བྱེད་ 8-5-28a པ་དང་། ངག་ལས་མཐའ་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པ་དང་། ལྷག་མ་གསུམ་ནི་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་པས་ཡན་ལག་ཞེས་བྱ། འདི༷་ བརྒྱད་པོ་ནི༷་ཞི༷་བ༷ར་ཏེ་མྱང་འདས་ཐོབ་པར་བགྱི༷་བའི་སླ༷ད་དུ་བསྒོམ༷་པར༷་བགྱིའོ༷། །གཉིས་པ། སྐྱེ༷་བ་འདི༷་ནི་སྡུག༷་བསྔལ༷་བདེན་པའི་མཚན་གཞི་ཡིན་ཞིང་སྲིད་ཀུན་པ་ལ་སྲེ༷ད་པ༷་ཞེས༷་བགྱི༷་བ༷། དེ༷་ནི༷་སྐྱེ་བ་དེ༷་ཡི༷་འགྲུབ་བྱེད་ཀྱི་རྒྱུ༷་ཀུན་འབྱུང༷་ཡིན་ལ་དེ་ནི་རྒྱ༷་ཆེ༷ན་ཏེ༷་ཞེས་སྲིད་པ་སྣ་ཚོགས་རྒྱུན་ཆད་མེད་པར་འབྱུང་བའོ། །སྡུག་ཀུན་འདི༷་གཉིས་པོ་གཏན་དུ་འགོ༷ག་པ༷་ནི༷་ཐར༷་པ༷་ལ༷གས་ཏེ༷་ ཐར་པ་དེ༷་ཉིད། འཐོབ༷་པར་བགྱིད༷་པའི་ལམ་ནི་འཕག༷ས་ལམ༷་ཡ༷ན་ལ༷ག་དེ༷་བརྒྱ༷ད་པོ་ལག༷ས་སོ། །གསུམ་པ། བཤད་མ་ཐག་པ་དེ༷་ལྟ༷ར་འཕ༷གས་པ༷འི་བདེ༷ན་པ༷་བཞི༷་པོ༷་དག༷་གི་དེ་ཁོ་ན་ ཉིད། མཐོང༷་བ༷ར་བགྱི༷་བའི་སླ༷ད་དུ་རྟག༷་ཏུ༷་ལམ་སྒོམ་པ་ལ་བརྩོན༷་པ༷ར་བགྱིའོ༷། །གསུམ་པ་དེ་དག་ཉམས་སུ་ལེན་ཚུལ་ལ་དབུགས་དབྱུང་བ་ལ། རྟེན་དམན་ཡང་འགྲུབ་པའི་སྒོ་ནས་དབུགས་ དབྱུང་བ། ཉམས་ལེན་ཉུང་ངུར་དྲིལ་བའི་སྒོ་ནས་དབྱུགས་དབྱུང་བ། དེ་ལས་ནུས་ཚད་ཉམས་སུ་བླང་ཆོག་པའི་དབུགས་དབྱུང་བ་གསུམ། དང་པོ། བདག་ཁྱིམ་པས་འཕགས་ 8-5-28b པའི་བདེན་པ་མཐོང་མི་ནུས་སྙམ་ན། པ༷ང་ན༷་དཔ༷ལ་གན༷ས་ཞེས་བུ་དང་ཆུང་མ་ནོར་དབྱིག་སོགས་མ་སྤང་བར་མདུན་ན་གནས་བཞིན་དུ་ཁྱིམ༷་པ༷་རྣམ༷ས་ཀྱིས༷་ཀྱང༷་། བླང་དོར་ཤེས༷་པ༷ས་ ཉོ༷ན་མོང༷ས་པའི་ཆུ༷་བོ༷་ལ༷ས་བརྒ༷ལ་བ་ཡིན་གྱི་གཞན་དུ་མིན་ནོ། །ག༷ང་སུ་དག༷་དམ་པའི་གོ་འཕང་གི་ཆོས༷་མངོ༷ན་དུ་བགྱིས༷་པ༷་རྒྱལ་བ་དང་དགྲ་བཅོམ་པ་ཆེན་པོ་དེ༷་དག༷་ཀྱང༷་། ཇི་ཞིག་ན་ཆར་བཞིན་ དུ་གནམ༷་ལ༷ས་བ༷བས་པ༷་མ༷་ལག༷ས་ལོ༷་ཏོག༷་བཞིན༷་དུ། ས༷་རུམ༷་ནས༷་འཐོ༷ན་པ་མ༷་ལ༷གས་ཏེ་འཕགས་པ་དེ༷་དག༷་ཀྱང་སྔོ༷ན་གྱི་དུས། ཉོ༷ན་མོང༷ས་ལ་རག༷་ལ༷ས་པའམ་ཉོན་མོངས་པའི་དབང་དུ་གྱུར་ པ་སོ༷་སོ༷འི་སྐྱེ༷་བོར༷་པས༷་ཏེ་སོ་སྐྱེར་ངེས་ལ། དེས་ན་བདག་ཉིད་ཀྱིས་ཀྱང་ལམ་བསྒོམ་ན་ཉོན་མོངས་པའི་འཆིང་བ་དེ་ཀུན་གྲོལ་ནས་འཕགས་པ་རྣམས་ཇི་ལྟ་བ་བཞིན་དུ་འབྲས་བུ་མངོན་སུམ་དུ་ བསྐྱེད་པ་ཡོད་དེ་ཞེས་སོ། །གཉིས་པ། གཞན་གྱིས་བསྙེང༷ས་པ་དང༷་བྲལ༷་བ་ཞེས་ཕས་རྒོལ་གྱིས་བག་ཚ་བ་མེད་པ་ལ༷་མ༷ང་དུ༷་གསོ༷ལ་ཅི༷་འཚ༷ལ་ཏེ་ཅི་ཞིག་དགོས། ཕ༷ན་པའི༷་གདམ༷ས་ ངག༷་དོན༷་གྱི་སྙིང་པོ༷་ནི་འདི༷་ལ༷གས་ཏེ༷། ཁྱོ༷ད་ཀྱིས༷་ཐུག༷ས་དུ༷ལ་བར་མཛོ༷ད་ཅི༷ག་བཅོ༷མ་ལྡན༷་འདས་ཀྱིས༷་ཀྱང་། སེ༷མས་ནི༷་ཆོས༷་ཀྱི༷་རྩ༷་བ༷་ལ༷གས་པ༷ར་གསུང༷ས་ཏེ། སེམས་དུལ་བ་ནི་ལེགས་པ་ 8-5-29a སྟེ། སེམས་དུལ་བས་ནི་བདེ་བར་འདྲེན། ཞེས་སོ། །གསུམ་པ་ནི། རྒྱལ་པོ་ཁྱོ༷ད་ལ༷་གོང་དུ་དེ༷་སྐ༷ད་གད༷མས་པ༷་གང༷་ལ༷གས་པ་དེ༷་བ༷ས་པར༷་ཏེ་མཐའ་དག་ ཁྱིམ་སྤང་པ་དགེ༷་སློང༷་གིས༷་ཀྱང༷་བགྱི༷་བར༷་དཀའ༷་ན། རྒྱལ་སྲིད་ལ་གཡེང་བ་ཁྱོད་ཀྱིས་ལྟ་ཅི་སྨོས་ཏེ་འོན་ཀྱང་ནུས་ཚོད་བྱས་ཏེ་འདི༷་ལ༷ས་གང༷་ཞིག༷་སྤྱོ༷ད་པའི༷་ངོ༷་བོ༷་དེ༷འི༷། ཡོན༷་ཏན༷་བསྟེན༷་པ༷ས་ སྐུ་ཚེ༷་དོན༷་ཡོ༷ད་པར་མཛོད༷་ཅིག །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ། རྗེས་སུ་ཡི་རང་དང་བསྔོ་བའི་ཚུལ་ལ་གདམས་པ་དང་། གོང་གི་ལམ་དང་འབྲས་བུའི་དོན་ཐམས་ཅད་བསྡུ་བའི་ སྒོ་ནས་གདམས་པ་གཉིས། དང་པོ་ལ། བསྔོ་བ། དེའི་འབྲས་བུ་གཉིས། དང་པོ། གཞན་སྐྱེ་འཕགས་ཀུན༷་གྱི༷་ཟག་བཅས་ཟག་མེད་ཀྱི་དགེ༷་བ༷་ཀུན༷་ལ༷་རྗེས་སུ་ཡི༷་རང༷་བར་བྱ་ཞིང༷་། ཉི༷ད་ ཀུན་ཀྱིས༷་སྒོ་གསུམ་གྱི་ལེག༷ས་པར༷་སྤྱོ༷ད་པ༷་རྣམ༷་པ་གསུམ༷་པོ་ཡང༷་། གཞན་དོན་དུ་སང༷ས་རྒྱས༷་ཀྱི་གོ་འཕང་ཉི༷ད་ཐོབ༷་པར་བགྱི༷་བའི་སླ༷ད་དུ་ཡོ༷ངས་སུ་བསྔོས༷་ནས༷་ཐེག་ཆེན་གྱི་སྒྲུབ་པ་བླ་ན་མེད་པས་ ཀུན་ཏུ་དོན་ཡོད་པར་མཛོད་ཅིག །གཉིས་པ་ལ། གནས་སྐབས་ལམ་གྱི་འབྲས་བུ་དང་། མཐར་ཐུག་སངས་རྒྱས་ཀྱི་འབྲས་བུ་གཉིས། དང་པོ། དེ༷་ལྟར་འཁོར་གསུམ་ཡང་ 8-5-29b དག་གིས་དགེ་བ་བསྔོས་ནས༷་དགེ༷་བའི༷་ཕུང༷་པོ༷་རྒྱ་ཆེན་པོ་འདི༷་ཡི༷ས་ཁྱོ༷ད། ལམ་སྒྲུབ་པའི་གནས་སྐབས་སུ་སྐྱེ༷་བ༷་དཔག༷་ཏུ༷་མེ༷ད་པར༷་ལྷ༷་དང་མི༷་ཡི༷། འཇིག༷་རྟེན༷་རྣམས་སུ་སྐྱེས་ཏེ་ཀུན༷་ གྱི༷་ལམ་བསྒོམ་པའི་རྣལ༷་འབྱོར༷་ཉིད་མི་ཡི་དབ༷ང་པོས་མངོན་དུ་མཛ༷ད་ནས༷་ཀྱང་། ལམ་སློབ་པའི་སྐབས་སུ་ཇི་ལྟར་འཕ༷གས་པ༷་སྤྱན་ར༷ས་གཟི༷གས་དབ༷ང་གི་སྤྱོ༷ད་པ༷་ཡི༷ས། འགྲོ༷་བ༷་ཉམ༷་ཐག༷་ མང༷་པོ༷་མཐའ་ཡས་པ་རྗེས༷་སུ་བཟུང༷་སྟེ༷། སྙིང་རྗེའི་དབང་གིས་འཇིག་རྟེན་དུ་ཡང་དང་ཡང་དུ་འཁྲུང༷ས་ནས༷་འགྲོ་བའི་ན་བ༷་དང་རྒ༷་བ་དང་འདོ༷ད་ཆག༷ས་དང་ཞེ༷་སྡང༷་སོགས་ཉེས་པའི་སྐྱོན་རྣམ༷ས་ བས༷ལ་བར་མཛད་ཏེ༷་ཞེས་སོ། །གཉིས་པ། མཐར་ཕྱིན་མི་སློབ་པའི་དུས་སུ་རང་ཉིད་ཀྱིས་བཟུང་བའི་སང༷ས་རྒྱས༷་ཀྱི་ཞི༷ང་དུ༷་དཔེར་ན་བཅོ༷མ་ལྡན༷་འདས༷། འོ༷ད་དཔ༷ག་ཏུ་མེ༷ད་པ་དང༷་ འདྲ༷་བ༷ར་འཇི༷ག་རྟེན༷་གྱི༷། མགོ༷ན་པོ༷་འཁོར་བ་ཇི་སྲིད་བར་གནས་ནས་སྐུ༷་ཚེ༷་དཔག༷་ཏུ༷་མེ༷ད་པར༷་མཛོ༷ད་ཅིག །གཉིས་པ་གོང་གི་ལམ་འབྲས་བུའི་དོན་བསྡུས་ཏེ་གདམས་པ་ནི། ཤེས༷་རབ༷་དང་ ཚུལ༷་ཁྲིམ༷ས་དང་གཏོང༷་བ་ལས་འབྱུང༷་བའི་གྲག༷ས་པ་ཆེ༷ན་པོ་ཉེས་པའི་དྲི༷་མ༷་མེ༷ད་པ་ཡིས། ལྷ༷་ཡུལ༷་ན༷མ་མཁ༷འ་དང༷་ནི༷་ས༷་སྟེང༷་མིའི་ཡུལ་ཀུན་ཏུ་ཁྱབ་པའམ་རྒྱས༷་པར་མཛ༷ད་ནས༷། ས༷་ལ༷་ 8-5-30a གནས་པའི་མི༷་དང༷་མཐོ༷་རིས༷་ཀྱི་ལྷ༷་རྣམས་ནི༷་ལྷའི་ན༷་ཆུང༷་མཆོག༷་བསྟེན་ནས། ལུས་སེམས་བདེ༷་དག༷ས་རབ་ཏུ་དགའ༷་བ༷་རྣམས་ཆགས་པ་ལས་སེམས་ངེས་པར༷་ར༷བ་ཏུ༷་ ཞི༷་བར་མཛ༷ད་དེ༷། ཉོ༷ན་མོང༷ས་སྡུག་བསྔལ་གྱིས་ཉམ༷་ཐག༷་པའི་སེམ༷ས་ཅ༷ན་ཚོག༷ས་ཀྱི༷་འཇིག༷་པ་དང་སྐྱེ༷་བ་དང༷་། འཆི༷་བ༷་རྣམས་ཞི༷་བར་མཛ༷ད་པ་རྒྱལ༷་བའི༷་དབ༷ང་པོ༷་སངས་རྒྱས་བཅོམ་ ལྡན་འདས་མཚན་དཔེའི་བདག་ཉིད་ཀྱི་གཟུགས་སྐུ་ཉི༷ད་གཞན་དོན་དུ་བརྙེས༷་ནས༷། རང་དོན་ཞི་བ་ཆོས་ཀྱི་སྐུ་འཇིག༷་རྟེན༷་ཀུན་རྟོག་གི་ཡུལ་ལས་འད༷ས་པའི་སྐྱེ་སོགས་ཀྱི་མིང༷་ཙ༷མ་ཡང་ཞི༷་ལ༷་ འཆི་སོགས་ཀྱི་གནོད་པས་ཟིལ་གྱིས་མི་ནོན་པས་མི༷་བསྙེང༷ས་པ༷། རྒ་བའི་གནོད་པ་མེད་པས་མི༷་བགྲེས༷་ཤིང་ནད་སོགས་ཀུན་གྱི་ནོང༷ས་པ༷་མི༷་མང༷འི་གོ༷་འཕ༷ང་མཆོག་བརྙེས༷་པ༷ར་མཛོ༷ད་ ཅིག་ཅེས་གདམས་པའོ། །བཞི་པ་མཇུག་གི་དོན་ལ་མཛད་བྱང་དང་། འགྱུར་བྱང་གཉིས། དང་པོ། བཤེ༷ས་པའི༷་སྤྲིང༷་ཡིག༷་སློབ༷་དཔོ༷ན་འཕག༷ས་པ༷་ཀླུ༷་སྒྲུབ༷་ཀྱིས༷་མཛ༷འ་བོ༷་རྒྱལ་ པོ༷་བདེ༷་སྤྱོད་ལ༷་བསྐུར་པ༷་རྫོག༷ས་སོ༷། །གཉིས་པ། རྒྱ༷་གར༷་གྱི༷་མཁ༷ན་པོ༷་ས༷རྦ༷་ཛྙཱ༷་དེ༷་ཝ༷་སྟེ་ཐམས་ཅད་མཁྱེན་པའི་ལྷ་དང་། ཞུ༷་ཆེ༷ན་གྱི༷་ལོ༷་ཙ༷་བ༷་ཆེ༷ན་པོ་བན༷་དེ༷་ཀ་བ་དཔ༷ལ་བརྩེག༷ས་ཀྱིས༷་ 8-5-30b བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར༷་ཅིང༷་ཞུས༷་ཏེ༷་གཏན༷་ལ༷་ཕ༷བ་པ༷འོ༷། །ས་བཅད་ཀྱི་མཇུག་གི་མཛད་བྱང་ནི། ཀུན་གང་ལ་མཉམ་པར་བཞག་པའི་སྙིང་དབུས་སུ། །མཚུངས་མེད་ཞི་བའི་ རོ་མཆོག་རབ་མྱོང་བ། །སྲིད་པའི་རིམས་ནད་སེལ་བའི་བདུད་རྩི་ཆེ། །འཕགས་མཆོག་མགུལ་གྱི་བུམ་པ་ལས་ཐོན་པ། །འདི་ལ་རང་དང་གཞན་གྱི་ཤེས་རྒྱུད་ལ། །རྣམ་དཀར་དགེ་བའི་ ས་བོན་འཇོག་སླད་དུ། །འདི་ལ་བསྡུས་དོན་རང་བློས་གསར་བཀོད་པ། །འདི་ཡི་དགེ་བ་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་པའང་བསླབ་གསུམ་རྣམ་པར་དག་པའི་དགེ་བའི་བཤེས་གཉེན་ ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པའི་དམ་པ་འགའ་ལ་བཤད་པ་བྱས་པའི་སྐབས་སུ་མ་ཏི་བི་མ་ལས་སྤེལ་བ་རྒྱལ་བསྟན་རིན་པོ་ཆེ་རྒྱས་པར་གྱུར་ཅིག་ཅེས་པའོ། །སླར་ སྨྲས་པ། ཟབ་ཡངས་མཁྱེན་སྤྲིན་བརྩེ་བའི་འབྲུག་སྒྲ་ཅན། །ནུས་མཐུའི་ཆར་གྱིས་ས་གསུམ་དགའ་བསྐྱེད་པའི། །ཐུབ་གསུང་ཟབ་དང་རྒྱ་ཆེའི་ཆུ་ཀླུང་འབུམ། །གཅིག་ཏུ་བསྐྱིལ་ མཁས་དཔལ་ལྡན་ཀླུའི་དབང་པོའི། །ལེགས་བཤད་ངོ་མཚར་ཨུ་དུམ་ཝཱ་རའི་ཚལ། །འཇམ་མགོན་བླ་མའི་རྣམ་དཔྱོད་ཉི་གཞོན་གྱིས། །གསར་དུ་བཞད་པའི་མཆན་འགྲེལ་པད་དཀར་ཕྲེང་། ། 8-5-31a བློ་གསལ་རྐང་དྲུག་དགའ་བའི་གསོས་སུ་འབུལ། །དེ་ལས་བྱུང་བའི་རབ་དགེ་དྲི་མེད་ཀྱིས། །འགྲོ་ཀུན་ཡང་དག་ལྟ་བའི་མིག་རྙེད་ནས། །བདེན་བཞིའི་འཇུག་ལྡོག་གྲུ་ཡིས་སྲིང་མཚོ་ལས། །རབ་ བརྒལ་རྣམ་གྲོལ་རིན་གླིང་ངལ་འཚོར་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་རིན་པོ་ཆེ། །སྲིད་མཐའི་བར་དུ་མི་ཉམས་རྟག་གནས་ཤིང་། །དེར་འཛིན་ཞབས་བརྟན་བཤད་སྒྲུབ་མངའ་ཐང་རྒྱས། །དོན་ གཉིས་ལྷུན་གྲུབ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་པའང་གངས་ཁྲོད་སྨྲ་བའི་སེང་གེ་གཅིག་པུར་གྱུར་པ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ས་བཅད་དང་རྩ་བའི་ཕྱག་མཆན་དཀྱུས་གཅིག་ཏུ་ཀུ་སཱ་ལི་འཇམ་དབྱངས་བློ་ གྲོས་རྒྱ་མཚོས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་ཞལ་བཤུས་བགྱིས་པ་དགེ། །། ༈ ཀླུ་སྒྲུབ་ཀླུ་ཡི་དབང་པོས་ལེགས་གསུང་གཞུང་། །གཏམ་བཟང་བཤེས་པའི་སྤྲིང་ཡིག་མཆན་འགྲེལ་གང་། །མི་ཕམ་ཆོས་རྗེའི་ ལེགས་བཤད་པད་དཀར་ཕྲེང་། །སྒོམ་སྡེ་ནང་ཆེན་ཚོང་དཔོན་ཨོ་རྒྱན་གྱིས། །སྒྱུ་མའི་ནོར་ལ་སྙིང་པོ་ལེན་པའི་བློས། །སྤར་གྱི་ཡོན་སྦྱར་དགེ་བས་ཡིད་ཅན་ཀུན། །གནས་སྐབས་རྒུད་པའི་མུན་སྟུག་དྲུང་ཕྱུངས་ཏེ། །མཐར་ཐུག་རྣམ་ གྲོལ་ཡེ་ཤེས་ཐོབ་པར་ཤོག ། ཤུ་བྷཾ།། །། 8-5-31b empty page 8-6-1a ཨོཾ་སྭ་སྟི། བཀྲ་ཤིས་མཚན་གྱི་རི་མོ་གཡས་འཁྱིལ་དུང་། །སྲིད་པའི་རིམས་ནད་རྒྱུ་བ་གཞིལ་བའི་སྨན། །ཞི་བ་དམ་པ་བདུད་རྩིའི་དབྱངས་སྙན་པོས། ། འཇིག་རྟེན་གསུམ་ན་རྟག་ཏུ་དགེ་གྱུར་ཅིག །སྔོན་གྱི་རབས་སུ་གང་སྣང་བ། །སྒྱུ་མ་ལྟ་བུའི་རི་མོ་ནི། །ཡིད་ཀྱི་མེ་ལོང་གཙང་མའི་ངོགས། །འཆར་བའི་ངང་ཚུལ་འདི་ སྐད་དོ། །ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོ་གསུམ། གཞི་སྟོང་པ་ཉིད། ལམ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པའོ། །འདའ་ཀ་ཡེ་ཤེས་ངེས་དོན་ སྒོམ་པའི་མདོ་ལ་གསུམ། གཞི་དཔའ་བར་འགྲོ་བ། ལམ་སྒྱུ་མ་ལྟ་བུ། འབྲས་བུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་གྱི་མདོ་ལ་གསུམ། སྨོན་ལམ་འགྲུབ་པའི་རྒྱུ། སྨོན་ལམ་རང་གི་ངོ་བོ། སྨོན་ལམ་མཐར་ཕྱིན་པའི་ཕན་ཡོན་ནོ། །བྱང་ཆུབ་ལྟུང་བཤགས་ལས་སྒྲིབ་བཤགས་པའི་མདོ་ལ་གསུམ། ཕྱག་ འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ་ཡོངས་སུ་བསྔོ་བའི་ཕུང་པོའོ། རྡོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ་ལ་གསུམ། གླེང་གཞི། གཟུངས་དངོས། མཇུག་ 8-6-1b ཕན་ཡོན་ཆོ་ག་དང་བཅས་པའོ། །གཙུག་ཏོར་ནས་བྱུང་གདུགས་དཀར་ཟློག་པའི་མདོ་ལ་གསུམ། བདེན་པའི་ཚིག །བདེན་དོན་གྱི་སྔགས། སྔགས་འབྲས་མི་བསླུ་བ་ཕན་ཡོན་དང་ བཅས་པའོ། །གསང་བདག་གོས་སྔོན་ཅན་སྲུང་བའི་མདོ་ལ་གསུམ། གཟུངས་ཀྱི་ཐབས། ཐབས་དང་ལྡན་པའི་གཟུངས། ཐབས་དེས་གྲུབ་པའི་འབྲས་བུའོ། །ནོར་གྱི་རྒྱུན་ མ་ལོངས་སྤྱོད་སྤེལ་བའི་མདོ་ལ་གསུམ། སྔོན་གྱི་བྱུང་བ། ནོར་བུ་ལྟ་བུའི་གཟུངས། སྔགས་འབྲས་མི་བསླུ་བའི་སྦྱོར་བ་ཕན་ཡོན་དང་བཅས་པའོ། །ཡི་གེ་གཅིག་མ་སྙིང་པོའི་ མདོ་ལ་གསུམ། སྙིང་པོའི་བྱུང་བ། སྙིང་པོ་རང་གི་ངོ་བོ། སྙིང་པོའི་ཆེ་བ་བརྗོད་པའོ། །མགོན་པོ་ཚེ་དཔག་མེད་ཚེ་ཡི་མདོ་ལ་གསུམ། འཆི་བ་མེད་པའི་ཞིང་གི་བཀོད་པ། འཆིབ་མེད་པའི་རྔ་སྒྲའི་གཟུངས། འཆི་བ་མེད་པའི་སྔགས་ཚིག་རྨད་དུ་བྱུང་བའི་ཆེ་བ་བརྗོད་པའོ། །གངས་ཅན་སངས་རྒྱས་གཉིས་པ་ནི། །བློ་ཆེན་བྱང་ཆུབ་སེམས་ དཔའི་མཆོག །ཞི་བའི་དབང་པོས་གསུངས་པ་ཡི། །བྱིན་རླབས་གཟུགས་ཅན་བཞིན་དུ་སྣང་། །དེ་ལས་སྙིང་པོའི་ས་དོན་ཅུང་ཟད་ཅིག །རི་མོ་གཉིས་པར་འཕོས་པའི་དགེ་ 8-6-2a མཚན་གྱིས། །རྒྱལ་པོའི་ཐུགས་དམ་མདོ་བཅུའི་བཤད་སྒྲུབ་ལ། །བརྟེན་ནས་འགྲོ་ཀུན་དངོས་གྲུབ་རྙེད་གྱུར་ཅིག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་ པོ་ཆེ་ལ་བྱ་བ་བྱེད་པའི་རྒྱུར་སིདྡྷི་རསྟུ། ཟླ་༣ཚེས་༢༣ལའོ།། །། 8-6-2b empty page 8-7-1a ༄༅། །བདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ་ཞེས་བྱ་བ་བཞུགས་སོ། ། 8-7-1b ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། གང་མཚན་རྣ་བར་སོན་པའི་སྐད་ཅིག་ནས། །བྱང་ཆེན་ལམ་ལས་ཕྱིར་མི་ལྡོག་པ་སོགས། །དཔག་མེད་ཡོན་ཏན་ཚོགས་ཀྱི་མཆོག་སྦྱིན་པ། །འོད་ མཛད་ཚེ་མཐའ་ཡས་པས་འགྲོ་འདི་སྐྱོངས། །དེ་ལ་འདིར་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་མཆོག་ནི་སྲིད་ཞིར་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ལ། ཚུལ་དེའང་ཚེགས་ཆུང་ངུས་ བདེ་བླག་ཏུ་འཐོབ་པའི་ཐབས་ཀྱི་དམ་པ་ནི་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་གདབ་པ་ཡིན་ཏེ། རྒྱལ་བ་ཉིད་ཀྱི་སྨོན་ལམ་གྱི་སྟོབས་ལས་ཞིང་དེར་སྐྱེ་བར་སླ་ཞིང་། སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྐྱེ་བ་ གཅིག་གིས་ཐོགས་པ་ཤ་སྟག་ཏུ་གྱུར་ལ། གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་པའི་བསྔགས་པ་ཞིང་མཐའ་ཡས་པ་ན་བཞུགས་པའི་རྒྱལ་བ་ཀུན་གྱིས་ཡང་ཡང་བསྒྲགས་པར་དེ་ 8-7-2a བཞིན་གཤེགས་པའི་བཀའ་ལུང་དྲི་མ་མེད་པ་ནས་འབྱུང་བའི་ཕྱིར་རོ། །དེས་ན་ཞིང་དེར་སྐྱེ་བར་བྱ་བ་ལ། རྒྱུ་ནི་ཇི་སྐད་དུ། འོད་དཔག་མེད་པའི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས་ ཀུན་དགའ་བོ། །སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པ་དེ་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་ཡོངས་སུ་ བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་ གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ། ། 8-7-2b འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་པ་དང་། དགེ་རྩ་དཔག་མེད་གསོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་རྩ་རྣམས་ཞིང་དེར་སྐྱེ་བའི་ ཕྱིར་བསྔོ་ཞིང་སྨོན་ལམ་གདབ་པ་དང་རྒྱུ་བཞི་གསུངས་པ་ལས། གཙོ་བོ་སངས་རྒྱས་དྲན་པ་དང་ཞིང་དེར་སྐྱེ་བར་འདུན་པ་གཉིས་ཡིན་ཅིང་། དེའི་གྲོགས་སུ་དགེ་རྩ་གསོག་པ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་ལ་བླ་ན་མེད་པའི་ བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་གཉིས་གསུངས་སོ། །དེས་ན་སངས་རྒྱས་ལ་དད་པ་ཉིད་གཙོ་བོར་བསྟན་པའི་སླད་དུ། མདོ་དེ་ལས། ཀུན་དགའ་བོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་ པ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ལྷག་པའི་བསམ་པའི་རྒྱུད་ཀྱིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ་དགེ་བའི་རྩ་བ་རྣམས་ བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང་། ཞིང་དེར་སྐྱེ་བའི་འདུན་པ་གཙོ་བོར་བསྟན་པའི་ཆེད་དུ་ཡང་མདོ་དེ་ལས། ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་ དུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་སེམས་ཡང་དག་པར་གཏོད་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་དེའི་ཁ་དོག་དང་། དབྱིབས་དང་། 8-7-3a ཆུ་ཞིང་དང་། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་འགྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་། བརྗེད་ པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་ལ། དེའི་ཕྱིར་དོན་བསྡུས་ནས་སངས་རྒྱས་ལ་དད་ཅིང་ཞིང་ཁམས་སུ་སྐྱེ་བར་འདུན་པ་གཉིས་གལ་ཆེ་ཞིང་དེ་དང་ལྡན་ན་ཞིང་དེར་སྐྱེ་བར་བསྟན་པ་མདོ་ དེ་ལས། ཀུན་དགའ་བོ། སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེ་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་རྗེས་སུ་དྲན་པར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་ལ། ཆོས་ཟབ་མོ་དག་འཆད་པ་ན་དཀའ་བ་ཐོབ་ཅིང་སྒྱིད་ལུག་པ་ མེད་ལ་མི་འགོང་མི་ཞུམ་ཞིང་ཐ་ན་སེམས་བསྐྱེད་པ་གཅིག་ཙམ་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ཡིད་ལ་བྱེད་དེ༑ འདོད་པ་ཡང་བསྐྱེད་ན་དེ་དག་རྨི་ལམ་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་མཐོང་ཞིང་། འཇིག་རྟེན་གྱི་ཁམས་ བདེ་བ་ཅན་དེར་སྐྱེ་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དེ་དག་དོན་གྱི་དབང་དེ་གཟིགས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་ དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་འོད་དཔག་མེད་དེའི་མཚན་ཡང་ཡོངས་སུ་བརྗོད། བསྔགས་པ་ཡང་གསུང་། བསྟོད་པ་ཡང་སྒྲོགས་སོ། །ཞེས་གསུངས་ཤིང་། འཆི་མེད་རྔ་སྒྲ་ལས་ཀྱང་། འདི་ནས་ནུབ་ཀྱི་ཕྱོགས་རོལ་ 8-7-3b ན། །བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ན་རྫོགས་པའི་སངས་རྒྱས་བཞུགས། །དེ་བཞིན་གཤེགས་པ་ཚེ་དཔག་མེད། །སུ་ཞིག་དེ་ཡི་མཚན་བརྗོད་ན། །དེ་ནི་དེ་རུ་སྐྱེ་བར་འགྱུར། །ཞེས་པ་ལ་སོགས་པ་བཀའ་རྣམས་ནས་ ཡང་ཡང་གསལ་པོར་འབྱུང་བ་བཞིན་ཡིད་ཆེས་པ་བསྐྱེད་དགོས་ཏེ། དེ་ཡང་ཞིང་དེ་ཡོན་ཏན་གྱིས་ཁྱད་པར་འཕགས་པར་ཤེས་ཤིང་། དེ་ལྟ་བུའི་ཡོན་ཏན་ཀྱང་བདེ་བར་གཤེགས་པ་དེའི་སྨོན་ལམ་དང་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་འབའ་ ཞིག་ཡིན་པས་རྟེན་དང་བརྟེན་པའི་ཚུལ་ལ་མོས་པ་ནི་རྒྱུའི་གཙོ་བོ་སྟེ། འཆི་མེད་རྔ་སྒྲའི་གཟུངས་བསྟན་པ་ལས། དད་པའི་རིགས་ཀྱི་བུའམ་བུ་མོ་གང་ལ་ལ་མོས་པ་དང་། དད་པ་དང་། གུས་པ་མང་བ་དེ་དེར་སྐྱེ་བར་འགྱུར་ཏེ། ཞེས་དང་། ཞིང་མདོ་ལས། སེམས་ཅན་ཐམས་ཅད་བདེ་བར་གཤེགས་གྱུར་ལ། །དམ་པའི་དོན་མཁས་ཡེ་ཤེས་རྣམ་དག་སྟེ། །དེ་དག་བསྐལ་པའམ་འོན་ཏེ་ལྷག་པར་ནི། །བདེ་བ་ཅན་གྱི་བསྔགས་པ་རབ་བརྗོད་ཀྱང་། །བསྔགས་པའི་ཕྲེང་བ་རབ་ ཏུ་བརྗོད་པ་ན། །བསྐལ་པ་བྱེ་བ་དེ་དག་ཟད་འགྱུར་གྱི། །བདེ་བ་ཅན་གྱི་བསྔགས་པ་མཐར་མི་ཕྱིན། །དེ་དག་སྤོབས་པའང་ཟད་པར་འགྱུར་མ་ཡིན། །གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཏགས་ཏེ་རྡུལ་ དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་ཀྱི་རྣམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ 8-7-4a ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དེའི། །ཡོན་ཏན་ཐོས་ནས་མགུ་དང་དད་སྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་ བྱ་ཕྱིར་མོས་པ་དྲག་པོ་སྐྱེད། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །གང་དག་རྒྱལ་བའི་བཀའ་དང་ཤེས་རབ་ཅན། ། དེ་དག་དེ་བས་བསོད་ནམས་མང་དུ་འགྱུར། །དོན་དམ་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་དང་། གཞན་ཡང་། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། ། གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འཐོབ་པར་འགྱུར། །ཞེས་དང་། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་པ་བཞིན་དད་པ་ཉིད་བསྐྱེད་པ་གལ་ཆེ་ལ། དད་པ་དེ་ཚུལ་ བཞིན་མི་སྐྱེ་བའི་གེགས་ནི། མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་དང་གསུམ་ཡིན་པས་དེ་དག་བསལ་བར་བྱ་དགོས་ཏེ། ༈ དེ་ཡང་བདེ་བ་ཅན་གྱི་ཞིང་དང་སྟོན་པའི་ཡོན་ཏན་ཁྱད་པར་ཅན་མི་ཤེས་ ཤིང་མ་རྟོགས་པ་དག་ནི། རིགས་ངན་བླུན་པོ་ཕལ་གྱིས་ནོར་བུ་རིན་པོ་ཆེ་དག་གི་ཡོན་ཏན་མི་ཤེས་པའི་རྒྱུས་མི་འདྲི་མི་རྩོལ་བ་དང་འདྲ་བར་ཞིང་དེར་སྐྱེ་བ་དོན་དུ་མི་གཉེར་བས་ན། ཐོག་མར་ཞིང་དེའི་ཡོན་ཏན་རྣམས་ཡང་དག་པའི་ལུང་ལས་ 8-7-4b བསྔགས་པ་བཞིན་རང་གིས་མཉན་ཞིང་གཞན་ལ་བསྟན་པར་ཡང་བྱ་སྟེ། མདོ་ལས། མི་ཕམ་པ་གང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཐོས་པའི་སེམས་ཅན་དེ་དག་ རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། སེམས་ཅན་གང་དག་དེ་བཞིན་གཤེགས་པ་འོད་དཔག་མེད་དེ་ལ་ཐ་ན་སེམས་དད་པ་གཅིག་ཙམ་རྙེད་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་དད་པ་མི་ཕྱེད་པ་དེ་དག་ནི་དམན་པ་ལ་ མོས་པར་མི་འགྱུར་རོ། །མི་ཕམ་པ་དེ་ལྟ་བས་ན་ཁྱོད་མོས་པར་བྱ། ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱ་སྟེ། ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་རྒུ་དང་བཅས་ པའི་འཇིག་རྟེན་གྱི་མདུན་དུ་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བ་དང་། བསྒོམ་པ་ལ་མངོན་པར་དགའ་བར་ བྱའོ། །མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཉིན་ཞག་གཅིག་ཙམ་ཡང་བཟུང་ཞིང་བཅངས་ཏེ། བཀླགས་ཤིང་ཀུན་ཆུབ་པར་བྱས་ལ་བསམ་པ་ཐག་པ་ནས་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བཤད་པར་བྱའོ། །ཐ་ན་གླེགས་ བམ་ལ་ལེགས་པར་བྲིས་ཏེ་བཅང་བར་བྱ་ཞིང་སྟོན་པའི་འདུ་ཤེས་ཀྱང་བསྐྱེད་པར་བྱའོ། །གང་ཞིག་སེམས་ཅན་དཔག་ཏུ་མེད་པ་དག་མྱུར་དུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་དགོད་པ་དང་། བཅོམ་ 8-7-5a ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེ་ལ་ལྟ་བ་དང་། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཡོངས་སུ་གཟུང་བར་འདོད་པ་དེས་ཆོས་ཀྱི་ རྣམ་གྲངས་འདི་མཉན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་ལས་བརྒལ་ཏེ། ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །ཐོས་ནས་ཀྱང་གཡོར་མ་ལྷུང་བའི་རྒྱུད་ཀྱིས་བསམ་པ་ཐག་པ་ནས་ རྗེས་སུ་དགའ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། བཅང་བར་བྱ་བ་དང་། ཡི་གེར་འབྲི་བ་དང་། བསྒོམ་པའི་ཕྱིར་བརྩོན་འགྲུས་རླབས་པོ་ཆེ་ཆེན་པོ་བརྩམ་པར་བྱའོ། །ཐ་ན་བ་གཅིག་འཇོས་པ་ དེ་སྲིད་དུ་ཡང་གཞན་དག་ལ་བརྗོད་པར་བྱའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེས་ཡོངས་སུ་གང་བ་དེ་བརྒལ་ནས་ཀྱང་འགྱོད་པ་དང་ལྡན་པའི་སེམས་གཅིག་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་ཕམ་པ་འདི་ ལྟར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲིག་ཕྲག་དུ་མ་དག་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་འདི་ཉན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། ། ༈ གལ་ཏེ་ཆོས་ཀྱི་ རྣམ་གྲངས་འདི་ལྟ་བུ་ཐོས་ཀྱང་སྔོན་ཚོགས་མ་བསགས་པ་དག་མོས་པར་མི་འགྱུར་ལ། དེ་ཡང་ཇི་སྐད་བཤད་པའི་དོན་ལ་ལོག་པར་ལྟ་བ་ནི་ཕྱི་རོལ་མུ་སྟེགས་ཅན་ལྟ་བུ་སྟེ། དེ་དག་ལ་ལུང་ཙམ་ཚད་མར་སོང་བ་མིན་ཡང་། ཡང་དག་པའི་ 8-7-5b ལུང་གི་དོན་ལ་གཞུག་པའི་ཕྱིར་ཐབས་ཀྱིས་གདུལ་བར་བྱ་བའམ། རིགས་པའི་སྒོ་ནས་གདུལ་བར་བྱ་བ་ལ་རིམ་པ་བཞིན་རྫུ་འཕྲུལ་ལ་སོགས་པས་བསྟན་པ་འདི་ལ་འཛུད་པའམ། ཡང་དག་པའི་རིགས་ལམ་ནས་སྟོན་པ་ཚད་མའི་སྐྱེས་ བུ་དང་། བསྟན་པ་རྣམ་གྲོལ་གྱི་འཇུག་ངོགས་སུ་ལེགས་པར་བསྒྲུབས་ནས། བྱེ་བྲག་ཏུ་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་ངེས་པ་བསྐྱེད་པའི་སྒོ་ནས་དཔྱད་པ་གསུམ་གྱིས་དག་པའི་ལུང་བདེ་བ་ ཅན་གྱི་ཞིང་བཀོད་པའི་མདོ་ལ་སོགས་པ་རྣམས་ཀྱང་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་ལུང་རྣམ་དག་ཏུ་ཡིད་ཆེས་པ་བསྐྱེད་པར་བྱ་དགོས་སོ། ། ༈ གལ་ཏེ་ཆོས་འདི་པར་ཁས་འཆེ་བ་དག་ཀྱང་དམན་པ་ལ་མོས་པའི་དབང་ གིས་དག་པའི་ཞིང་གི་ཡོན་ཏན་རྒྱ་ཆེ་བ་ཐོས་ནས་འདི་ལྟ་བུའི་ཞིང་དུ་སྐྱེ་བ་ལ་འཕགས་པ་ཁོ་ན་མ་གཏོགས་སོ་སོའི་སྐྱེ་བོ་དག་གིས་སངས་རྒྱས་ཀྱི་མཚན་བཟུང་བ་སོགས་ཀྱིས་སྐྱེ་བར་མི་ནུས་སམ་སྙམ་དུ་སེམས་ཐེ་ཚོམ་དང་བཅས་ཤིང་སྨྲ་བ་དག་ནི་ དོན་ཆེན་པོ་ལས་ཉམས་པར་རིག་པར་བྱ་སྟེ། དེའི་ཚུལ་ནི་སོ་སོ་སྐྱེ་བོ་དག་ཀྱང་དད་པ་དང་འདུན་པའི་སྟོབས་ལས་ཞིང་འདིར་སྐྱེ་བ་ཡོད་པ་སོགས་ལུང་གིས་ཤེས་པར་བྱ་བ་ན། ཇི་སྐད་དུ། གནས་གསུམ་པར་ནི་འཕོ་བ་ན། །བསྟན་ བཅོས་ལེན་པ་རིགས་ལྡན་ཡིན། །ཞེས་གསུངས་པ་ལྟར་གཞལ་བྱ་ཤིན་ཏུ་ལྐོག་གྱུར་འདི་ལྟ་བུ་ལ་མི་བསླུ་བའི་ལུང་ཉིད་ལ་བརྟེན་ནས་དོན་ཆེན་པོའི་ཚུལ་ལ་འཇུག་པ་ཁོ་ན་དམ་པ་རྣམས་ཀྱི་སྲོལ་ཡིན་ནོ། །དེའི་ཕྱིར་ཞིང་འདིའི་སྣོད་བཅུད་ 8-7-6a ཀྱི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་ཡང་ཡིན་ལ། བདེ་བར་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་ནས་ཞིང་དེར་སྐྱེ་བར་འདུན་པ་རྣམས་ངེས་པར་སྐྱེ་བའང་ཡིན་པ་ནི་སྔོན་བདེ་བར་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་ དྲུང་དུ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་བཀོད་པ་ཕུན་སུམ་ཚོགས་པ་མ་ལུས་པ་ཚང་ཞིང་དེ་ལས་ཀྱང་ཆེས་ཁྱད་པར་འཕགས་པའི་ཞིང་ཁམས་ཡོངས་ སུ་བཟུང་ནས། སྨོན་ལམ་ཆེན་པོ་བཏབ་པ་དེ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་དཔག་ཏུ་མེད་པ་ལ་བསླབ་པ་མཐར་ཕྱིན་ནས། ད་ལྟ་སྔོན་གྱི་སྨོན་ལམ་བཏབ་པ་ཡོངས་སུ་གྲུབ་སྟེ་ཞིང་ ཁམས་བདེ་བ་ཅན་ཞེས་བྱ་བར་སངས་རྒྱས་ནས་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ཡིན་པའི་ཕྱིར་སངས་རྒྱས་དེའི་སྨོན་ལམ་གྱི་མཐུ་ལས་ཞིང་དེར་སྐྱེ་སླ་ལ་སྐྱེས་ན་དོན་ཆེ་བ་ཡིན་པར་རིགས་པར་བྱ་དགོས་ཏེ། མདོ་ལས། བཅོམ་ ལྡན་འདས་གལ་ཏེ་བདག་བྱང་ཆུབ་ཐོབ་པའི་ཚེ། སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་དག་ན་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་ནས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སེམས་ གཏོང་ཞིང་དགེ་བའི་རྩ་བ་རྣམས་ཀྱང་ཡོངས་སུ་བསྔོ་བར་བགྱིད་ན་མཚམས་མ་མཆིས་པར་བགྱིད་པ་དང་། དམ་པའི་ཆོས་སྤང་བའི་སྒྲིབ་པས་བསྒྲིབས་པའི་སེམས་ཅན་རྣམས་མ་གཏོགས་པར་དེ་དག་ཐ་ན་སེམས་བསྐྱེད་པའི་འགྱུར་བ་ 8-7-6b བཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མ་གྱུར་པ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཞེས་པ་ལ་སོགས་པ་དང་གོང་དུ་ཇི་སྐད་རྒྱུ་བཞི་བསྟན་པ་སོགས་ལུང་གིས་ ངེས་པར་བྱའོ། །དེ་ལ་འདི་སྙམ་དུ་ཞིང་འདི་ནི་དག་པའི་ཞིང་གཞན་ལས་ཀྱང་ཁྱད་པར་འཕགས་ཤིང་དེར་སྐྱེས་པ་ཐམས་ཅད་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཤ་སྟག་ཡིན་པས་ འཕགས་པ་མིན་པ་དག་དེར་སྐྱེ་བར་མི་ནུས་སྙམ་ན། དེར་སྐྱེས་པ་རྣམས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་སོགས་ལུང་ལས་འབྱུང་བ་བཞིན་འདོད་ན། དེར་སྐྱེ་བའི་རྒྱུ་ཡང་ལུང་བཞིན་ཅིའི་ཕྱིར་མི་འདོད་དེ། ཡོན་ཏན་ཤིན་ཏུ་ཆེ་བ་དེ་ལྟ་ བུའང་ཚེགས་ཆུང་ངུས་འགྲུབ་པ་ནི་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཐུར་བལྟ་བར་བྱ་སྟེ། སེམས་ཅན་རང་རང་གི་སྟོབས་སྨིན་པ་ཁོ་ན་ལས་བྱུང་བ་མིན་ནོ། །གལ་ཏེ་སངས་རྒྱས་ཀྱི་མཚན་བརྗོད་པས་ཞིང་དེར་སྐྱེ་བ་ལྟ་བུ་སོགས་ དུས་གཞན་ལ་དགོངས་པའོ། །ཞེས་བཤད་པ་ཡོད་པས་ན་ནམ་ཞིག་འཕགས་ས་ཐོབ་ནས་གཟོད་སྐྱེ་བ་ལ་དགོངས་སོ་ཞེ་ན། སངས་རྒྱས་ཀྱི་མཚན་བརྗོད་པས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གསུངས་པ་ལྟ་བུ་ཁ་ཅིག་མཚན་ བརྗོད་པ་ཙམ་གྱིས་ཚེ་དེ་འཕོས་མ་ཐག་ཏུ་དེར་སྐྱེ་ངེས་པ་མིན་ཀྱང་། ནམ་ཞིག་སྐྱེ་བར་ངེས་པས་གསུང་དེ་ཉིད་ནམ་ཡང་བསླུ་བ་མེད་ལ། དད་པ་སོགས་སྟོབས་སུ་གྱུར་ན་ཁ་ཅིག་ཚེ་འཕོས་མ་ཐག་ཏུ་སྐྱེ་བའང་ཡོད་པས་ན་འཕོས་ནས་དེར་ 8-7-7a སྐྱེ་གསུངས་པའང་རྫུན་མེད་ཅིང་དུས་གཞན་ན་སྐྱེ་བ་ལ་ཡང་དགོངས་ཞེས་བཤད་ཀྱི། སངས་རྒྱས་ཀྱི་མཚན་བརྗོད་པས་ཞིང་དེར་སྐྱེ་བ་སོགས་ལན་གྲངས་གཞན་གྱི་དུས་སུ་སྨིན་པ་ཁོ་ན་ཞེས་སུ་ཞིག་གིས་འཆད་ནུས་ ཏེ་གང་ཟག་གི་ལས་དང་སྐལ་བ་དང་དབང་པོའི་རིམ་པ་ཚད་མེད་ལ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའང་ཚད་མེད་ཅིང་། ཚེ་འདི་བརྗེས་མ་ཐག་ཏུ་དག་པའི་ཞིང་དུ་སྐྱེ་བར་སངས་རྒྱས་ཀྱི་མཚན་ཐོས་པ་དག་གིས་བྱེད་པ་ཡང་སྲིད་པ་ལ་ རིགས་པས་བཟློག་ཏུ་མེད་པའི་ཕྱིར་རོ། །གལ་ཏེ་སྒོམ་པ་ལ་སོགས་པ་འཕགས་པའི་རྟོགས་པ་སྐྱེད་ནུས་ཀྱི་ཡོན་ཏན་ཁྱད་པར་ཅན་ད་ལྟ་མ་མཐོང་བས་ན། ཤི་ནས་ཀྱང་དེ་མ་ཐག་ཏུ་ཞིང་དེར་སྐྱེ་མི་ནུས་སྙམ་ན། ཚེ་འདིར་ལམ་བསྒོམས་ པར་འཕགས་ལམ་གྱི་རྟོགས་པ་མངོན་དུ་གྱུར་པའམ། འགྱུར་མ་རག་པ་ཞིག་ལ་སངས་རྒྱས་ཀྱི་མཚན་ཐོས་པ་སོགས་ཞིང་དེར་སྐྱེ་བའི་རྒྱུ་གཞན་ཚེགས་ཆུང་ལ་དོན་ཆེན་པོ་ཅན་འགའ་གསར་དུ་བསྣན་པ་མེད་ཀྱང་ཞིང་དག་པར་སྐྱེ་བ་ལ་ཐེ་ ཚོམ་ཡང་མེད་ན། འདིར་ནི་མདོ་ལས་མཚམས་མེད་བྱེད་པ་དང་། ཆོས་སྤོང་གི་སྒྲིབ་པ་ཅན་མ་གཏོགས་ཞེས་སོ་སྐྱེ་ལ་དམིགས་ཀྱིས་བསལ་བ་དང་། ཐེ་ཚོམ་ཟ་བཞིན་པའང་སངས་རྒྱས་ཀྱི་མཚན་ཐོས་པ་དང་། སེམས་དད་པ་ ཙམ་དེས་ཞིང་དེར་སྐྱེ་བའི་ཚུལ་གསུངས་པས་ན། སོ་སོ་སྐྱེ་བོ་མཚན་ཐོས་ཤིང་སྨོན་ལམ་འདེབས་པ་དག་ཞིང་དེར་སྐྱེ་བའི་ཚུལ་གསུངས་ཀྱི་འཕགས་པ་གང་དག་སངས་རྒྱས་ཀྱི་མཚན་ཐོས་ཤིང་སྨོན་ལམ་འདེབས་པ་སྐྱེ་བའི་ཚུལ་ 8-7-7b དུ་མ་གསུངས་སོ། །གལ་ཏེ་སོ་སྐྱེའི་དུས་ན་སྨོན་ལམ་བཏབ་པའི་རྒྱུས་སྔོན་དུ་འཕགས་ས་ཐོབ་ལ། དེ་ནས་གདོད་བདེ་བ་ཅན་དུ་སྐྱེ་བ་ལ་དགོངས་སྙམ་ན་མདོ་ལས་དད་འདུན་གྱི་སྟོབས་ཁོ་ནས་སྐྱེ་བར་ཅི་སྟེ་བཤད། གལ་ཏེ་དད་འདུན་གྱི་སྟོབས་ ལས་མི་སྐྱེ་ན་ཡང་དད་འདུན་བསྐྱེད་ན་རིམ་གྱིས་འཕགས་པའི་རྟོགས་པ་ཐོབ་ཅིང་དེ་ནས་སྐྱེ་བའི་ཕྱིར་མདོ་དེ་ནི་དགོངས་པ་ཅན་ནོ་སྙམ་ན། དད་འདུན་ཙམ་གྱིས་སྐྱེ་བར་གསུངས་པའི་ལུང་དོན་ལ་དངོས་སུ་གནོད་པའི་རིགས་པ་མེད་དེ། སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ལས་མཚན་ཐོས་ཤིང་འདུན་པ་བསྐྱེད་ན་རྒྱུ་དེ་དག་གི་སྟོབས་ཁོ་ན་ལས་འཆི་བའི་ཚེ་བདེ་བར་གཤེགས་པའི་སྤྲུལ་པ་མཐོང་ནས་དེ་ལ་དད་པས་དམིགས་ཤིང་། མི་བརྗེད་པའི་ དྲན་པ་སོགས་དབང་པོ་ལྔ་སྟོབས་སུ་གྱུར་པས་དུས་ཐུང་ངུ་དེ་ཉིད་དུ་འཕགས་པའི་ལམ་གྱི་རྟོགས་པ་བསྐྱེད་ནུས་སུ་འགྱུར་བ་ཡོད་དེ། དཔེར་ན་སྔགས་ཀྱིས་བཏབ་པའི་ས་བོན་མྱུར་དུ་སྨིན་པ་བཞིན་དུ་ཚེགས་ཆུང་ངུས་ཀྱང་འཕགས་ ལམ་གྱི་རྟོགས་པ་ཐོད་རྒལ་དུ་འདྲེན་པ་སྲིད་པའི་ཕྱིར། དེ་ལྟ་མིན་ན་གསང་སྔགས་ཀྱི་ཐབས་ཟབ་མོ་རྣམས་དང་། རིག་སྔགས་ཀྱི་ཡོན་ཏན་ཟབ་མོ་དག་དང་། བདེ་བར་གཤེགས་པའི་རྣམ་འཕྲུལ་ཟབ་མོ་རྣམས་ལ་ཡིད་གཉིས་སུ་ འགྱུར་ཏེ། དེ་དག་གིས་ཚེགས་ཆུང་ལ་དོན་ཆེན་པོ་བདེ་བླག་ཏུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་བསྒྲུབ་བྱའང་སྲིད་པར་འགྱུར་ཏེ། དཔེར་ན་ཆུ་བོ་གང་གཱ་དང་ཡ་མུན་འདུས་པར་མ་སྨད་ཤི་བ་གཟུགས་ཁམས་སུ་ 8-7-8a སྐྱེས་པའི་ལོ་རྒྱུས་བཞིན་ཏེ། དེ་དག་རྒྱུ་སྙོམས་འཇུག་སྔོན་དུ་གྲུབ་པ་མེད་ཀྱང་ཕན་ཚུན་བརྩེ་བའི་བསམ་པ་ཤུགས་དྲག་པའི་དགེ་བའི་མཐུས་དུས་དེ་ཉིད་དུ་བསམ་གཏན་གྲུབ་ནས་ ལྷར་སྐྱེས་པ་དང་། གཞན་ཡང་བསྐལ་པ་འཇིག་པའི་དུས་སུ་མི་རྣམས་ཀྱིས་ཆོས་ཉིད་ཀྱི་སྟོབས་ལས་བསམ་གཏན་ཚེགས་མེད་པར་གྲུབ་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཕྱག་སྤྱི་བོར་ བཞག་པ་ཙམ་གྱིས་བསྐལ་པར་ཡང་འགྲུབ་པར་དཀའ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་འགྲུབ་པར་གསུངས་པ་བཞིན་ནོ། །ཡང་གལ་ཏེ་མདོ་ལས་ཀྱང་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་སོགས་ གསུངས་ཤིང་། སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་ལ་རག་ལས་པས་ན་ཚོགས་རླབས་པོ་ཆེ་དང་མི་ལྡན་ན་སྨོན་ལམ་བཏབ་པ་སོགས་ཀྱིས་སྐྱེ་མི་ནུས་སྙམ་ན། སྤྱིར་སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་བསག་ཡིན་ཅིང་། ཚོགས་བསགས་པ་སོགས་ལས་དང་དབང་པོ་སྐལ་བའི་ཁྱད་པར་བཞིན་དུ་ཚེ་འདི་བརྗེས་མ་ཐག་དང་། ཚེ་རབས་གཞན་དང་གཞན་ཅི་རིགས་སུ་ཞིང་དེར་སྐྱེ་བ་ཡོད་པར་འདོད་པ་ཡིན་ལ། འོན་ཀྱང་དད་འདུན་དྲག་པོ་དང་ལྡན་ན་གཞན་ལ་ རག་མ་ལས་པར་ཚོགས་རླབས་པོ་ཆེ་རྒྱུ་དེ་ཉིད་ཀྱིས་འདུམས་པར་འགྱུར་ཏེ། འདི་ལྟར་བདེ་བ་ཅན་དང་སྟོན་པའི་མཚན་ཐོས་པ་རྣམས་ནི་སྔོན་ཚོགས་རྒྱ་ཆེན་པོ་བསགས་པ་ཡིན་པར་མདོ་ལས། མ་འོངས་པའི་དུས་ན་དམ་པའི་ཆོས་རབ་ཏུ་ 8-7-8b རྣམ་པར་འཇིག་པའི་བར་དུ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་རྣམ་པ་འདི་ལྟ་བུ་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྔགས་པ། སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ། སངས་རྒྱས་ཐམས་ཅད་ཀྱིས་གནང་བ། ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཆེན་པོ་མྱུར་དུ་སྒྲུབ་པ་འདི་གང་གི་རྣ་ལམ་དུ་གྲགས་པའི་སེམས་ཅན་དེ་དག་ནི་རྙེད་པ་ཤིན་ཏུ་ལེགས་པར་རྙེད་ཅིང་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང་། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་དང་། སངས་རྒྱས་ཀྱི་བྱིན་གྱི་ བས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་རོ། །ཐོས་ནས་ཀྱང་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། སྒོམ་པ་ལ་དགའ་བར་འགྱུར་བ་དང་། ཐ་ན་ཡི་གེར་བྲིས་ཏེ་མཆོད་པ་བྱེད་པ་དེ་དག་ཀྱང་བསོད་ནམས་མང་དུ་བསྐྱེད་པར་འགྱུར་ཏེ། དེ་བགྲང་བར་སླ་བ་མ་ཡིན་ནོ། །ཞེས་ དང་། བསོད་ནམས་དག་ནི་མ་བྱས་པ། །འདི་འདྲ་འདི་དག་ཐོས་མི་འགྱུར། །དཔའ་བོ་གང་དག་གྲུབ་གྱུར་པ། །དེ་དག་གསུང་འདི་ཐོས་པར་འགྱུར། །ཞེས་དང་། གང་ཞིག་ཆོས་མཆོག་འདི་འདྲ་ཐོས་ནས་ནི། ། བདེ་གཤེགས་དྲན་པ་དགའ་བ་འཐོབ་པར་འགྱུར། །གང་ཞིག་སངས་རྒྱས་བྱང་ཆུབ་མོས་བསྐྱེད་པ། །དེ་དག་འདས་པའི་དུས་ན་ངེད་དང་བཤེས། །ཞེས་གསུངས་པ་སོགས་ཀྱི་ལུང་གི་དོན་བཞིན་དུ་ད་ལྟ་རྙེད་པར་དཀའ་བ་རིན་པོ་ 8-7-9a ཆེའི་གཏེར་ལྟ་བུའི་བདེ་བར་གཤེགས་པའི་མཚན་ཐོས་པ་སོགས་ཀྱི་ཚུལ་ལ་དཔགས་ན་ཚོགས་རླབས་པོ་ཆེའི་རྒྱུ་སྔོན་དུ་སོང་བ་དང་། སླར་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་ངེས་པར་རིག་པར་བྱ་བ་ཡིན་ཏེ། གཞན་དུ་ སྐྱེ་བོ་ཕལ་པ་དག་བདག་གིས་བདག་ཉིད་སྔོན་དང་ཕྱི་མའི་གནས་སྐབས་ན་ཇི་ལྟ་བུ་ཞིག་ཏུ་གྱུར་པ་དང་འགྱུར་བའི་ཚུལ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་སྐལ་བ་ཡོད་མེད་ནི་ཤེས་པར་མི་ནུས་པར་མ་ཟད། དགྲ་ བཅོམ་པ་ཆེན་པོ་རྣམས་ཀྱིས་ཀྱང་དེ་དག་གི་རྒྱུད་ཚུལ་བཞིན་རྟོགས་པར་མི་ནུས་ཏེ་ཁྱིམ་བདག་དཔལ་སྐྱེས་ཀྱི་དགེ་རྩ་བཞིན་ནོ། །དེས་ན་གང་ཟག་རྣམས་ཀྱི་ལས་དང་དབང་པོ་སྐལ་བའི་ཁྱད་པར་བཞིན་དུ་འབྲས་བུ་གྲུབ་ པ་ཡིན་མོད་ཀྱང་། དད་འདུན་ཆེན་པོ་དང་ལྡན་ན་སྐལ་པ་མེད་པ་མི་སྲིད་པར་ཤེས་ནུས་སོ། །དེ་ལྟ་བདེ་བ་ཅན་དང་འདྲེན་པ་འོད་དཔག་མེད་ལ་དད་པ་བསྐྱེད་པ་དེས་ཀྱང་ཚོགས་རླབས་པོ་ཆེ་འགྲུབ་པར་འགྱུར་ཏེ། རྡུལ་སྙེད་ཀྱི་ཞིང་ རིན་པོ་ཆེས་བཀང་སྟེ་བྱིན་པའི་བསོད་ནམས་ལས་ལྷག་པའི་ཚུལ་མདོ་ལས་གསུངས་པ་སྔར་བཀོད་པ་ལྟ་བུ་དང་། གཞན་ཡང་བདེ་བར་གཤེགས་པ་དེའི་མཚན་ཐོས་ནས་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་པ་དང་། བྱང་ ཆུབ་ཀྱི་སྙིང་པོའི་མཐའི་བར་དུ་གཟུངས་ཐོབ་པ་དང་། བུད་མེད་དུ་མི་སྐྱེ་བ་དང་། ཚངས་པར་སྤྱོད་པར་འགྱུར་བ་དང་། རིགས་བཟང་པོར་འགྱུར་བ་དང་། ཏིང་ངེ་འཛིན་དམ་པ་ཐོབ་པ་དང་། བྱང་ཆུབ་སེམས་དཔའི་ 8-7-9b སྤྱོད་པ་ལ་དགའ་བ་དང་། མཆོག་ཏུ་དགའ་བའི་དགེ་བའི་རྩ་བ་དང་ཕྲད་པ་སོགས་ཡོན་ཏན་ཚད་མེད་པ་འཐོབ་པར་མདོ་ལས་གསུངས་པའི་ཕྱིར་རོ། ། ༈ དེ་ལྟར་མདོར་ན་བདེ་བ་ཅན་གྱི་ཞིང་འདི་ནི་ཡོན་ཏན་གྱི་ཁྱད་པར་ཆེས་བསམ་གྱིས་མི་ ཁྱབ་ལ། འདིར་སྐྱེས་པ་ཐམས་ཅད་བྱང་ཆུབ་ཀྱི་ཤིང་གི་དབང་པོའི་དྲུང་ན་བཞུགས་པའི་དེ་བཞིན་གཤེགས་པ་མཐོང་ནས་འཕགས་པའི་སྤང་རྟོགས་མངོན་དུ་བྱས་ཏེ་ཕྱིར་མི་ལྡོག་པ་འགྱུར་ཞིང་། ཐམས་ཅད་འཕགས་ པ་གཞན་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་ཡོན་ཏན་རླབས་པོ་ཆེ་དང་ལྡན་པའི་སྒོ་ནས་ལམ་གྱི་མཐའི་བར་དུ་ཚེ་དེ་ཉིད་ལ་བགྲོད་པར་འགྱུར་བ་སོགས་ཡོན་ཏན་དཔག་པར་དཀའ་བ་ཤ་སྟག་ཡིན་ཞིང་། དེའི་ཕྱིར་ཞིང་ དེའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་བ་མཉམ་པའི་ཡོན་ཏན་རང་སྟོབས་ཀྱིས་སྒྲུབ་པ་ལ་བསྐལ་པ་གྲངས་མེད་ཀྱི་སྦྱངས་པ་སྔོན་དུ་སོང་བ་དགོས་ཀྱང་། འདིར་དད་པ་དང་འདུན་པའི་སྐལ་བ་ཅན་དག་ལ་བདེ་བར་ གཤེགས་པ་འོད་དཔག་ཏུ་མེད་པའི་སྔོན་གྱི་སྨོན་ལམ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མཐུས་ཅོ་ནས་དྲངས་པ་བཞིན་དུ། ཐུགས་རྗེ་ཆེན་པོའི་མཚན་གྱིས་ཞིང་དེར་དྲངས་པར་གྱུར་ནས་ཡོན་ཏན་རྒྱ་ཆེན་པོ་ལ་རང་དབང་འབྱོར་པ་ནི་ ཇི་ལྟར་ཚེགས་ཀྱིས་འཚོ་བའི་དབུལ་པོ་དག་གི་ཡུན་རིང་པོའི་རྙེད་པ་རྣམས་ཀྱིས་ཀྱང་ནོར་བུ་རིན་པོ་ཆེ་དང་ཕྲད་པ་ཙམ་གྱིས་ཐོབ་པའི་འབྱོར་པ་ལ་ཆར་ཡང་བསྒྲུན་པར་མི་ནུས་པ་བཞིན་ནོ། །དེས་ན་སེམས་ཅན་གྱི་སྐལ་བ་དང་ 8-7-10a སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་དེ་གཉིས་ཕན་ཚུན་རྟེན་འབྲེལ་དུ་གྱུར་པའི་མཐུ་ལས་ཤིན་ཏུ་སྦྱང་བར་དཀའ་བའི་ལམ་ཡང་ཚེགས་ཆུང་ངུས་འགྲུབ་པ་ཡོད་ལ། སྤྱིར་མདོ་ལས་ཀྱང་ཕྱུགས་ ཀྱི་འགྲོ་བ་སོགས་ལྔའི་ཚུལ་དུ་ལམ་མྱུར་བུ་ལ་གསུངས་པ་དང་། གཞན་ཡང་སྔགས་གྲུབ་པས་རགས་ལུས་དྭངས་མར་གྱུར་ཏེ་འདོད་གཟུགས་ཀྱི་རིག་འཛིན་ཐོབ་ལ་རྟེན་དེར་ལྷག་པའི་ལྷས་རྗེས་སུ་བཟུང་བས་སློབ་པ་དང་མི་སློབ་ པའི་འབྲས་བུ་ཡོངས་སུ་རྫོགས་ནུས་པ་དང་། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱིས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་གི་འབྲས་བུ་འགྲུབ་པར་གསུངས་པ་ཡང་ལེགས་པར་དཔྱད་ན་དངོས་པོའི་ནུས་པ་བསམ་གྱིས་ མི་ཁྱབ་པའི་མཐུས་དོན་ཤིན་ཏུ་ཆེ་བ་དག་ཀྱང་བདེ་བླག་ཏུ་བྱེད་ནུས་པ་ལ་ངོ་མཚར་ཆེ་བར་ཤེས་ཀྱི། དེ་དག་མི་སྲིད་པར་རིགས་པས་བསྒྲུབ་ཏུ་མི་ནུས་པ་བཞིན་དུ་འདིར་ཡང་འདི་ལྟ་བུའི་དོན་ཆེན་པོ་ཚེགས་ཆུང་ངུས་ཐོབ་པ་ནི་མི་སྲིད་ པ་མ་ཡིན་ཏེ། བདེ་བར་གཤེགས་པ་འདིའི་ཡེ་ཤེས་ཀྱི་རྣམ་འཕྲུལ་ཚད་མེད་པ་ནི་ཚུལ་འདི་ལ་དངོས་པོ་སྟོབས་སུ་སོང་བ་ཡིན་ཅིང་། དེའི་སྒྲུབ་བྱེད་ཡང་དག་པའི་ལུང་ནི་གནས་འདི་ལ་ཚད་མར་སོང་བ་ཡིན་ན། ཅིའི་ཕྱིར་རྟོག་ གེ་ངན་པ་དག་གིས་བདེ་བར་གཤེགས་པའི་བཀའི་ཕྱོགས་གཅིག་བདེ་བ་ཅན་གྱི་ཡོན་ཏན་རྒྱ་ཆེ་བ་ལུང་ལས་འབྱུང་བ་ལྟར་ཁས་བླངས་ནས། ཡོན་ཏན་རྒྱ་ཆེ་བའི་རྒྱུ་མཚན་དེ་ལ་བརྟེན་ནས་ཞིང་འདིར་བདེ་བར་གཤེགས་པས་ 8-7-10b མཚན་ཐོས་པ་སོགས་ཀྱིས་སྐྱེ་མི་ནུས་ཞེས་ལུང་གི་ཕྱོགས་གཅིག་ཁས་མི་ལེན་པ་དག་ནི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་ལུང་བཞིན་ལེགས་པར་དཔྱོད་པའི་བློ་གྲོས་ཤེད་མ་བྱེ་བར་བྱིས་པའི་ཅལ་སྒྲོག་གིས་བདེ་བར་གཤེགས་ པའི་བཀའི་དོན་དཀྲུགས་ནས་འཇིག་རྟེན་པ་རྣམས་རང་བཞིན་གྱི་ཐེ་ཚོམ་དྲག་པོས་ཟིལ་གྱིས་མནན་པ་ལ། སླར་ཡང་སྣོན་བཏབ་སྟེ་ཕལ་ཆེན་དོན་འགྱུར་གྱི་ཐེ་ཚོམ་དང་བཅས་བཞིན་ཞིང་དེར་སྐྱེ་བའི་འདུན་པས་སྐྱེ་བ་ཡོད་པ་ རྣམས་ཀྱང་དོན་མི་འགྱུར་གྱི་ཐེ་ཚོམ་བསྐྱེད་ནས་ཞིང་དེར་སྐྱེ་བའི་དགེ་རྩ་གསོག་པ་སོགས་དོན་ཆེན་པོ་ལས་ཉམས་པ་དང་། གཞན་གྱི་དྲིང་ལ་འཇོག་པའི་བློ་གྲོས་ཅན་ཞིང་དེར་སྐྱེ་བར་འ དུན་པ་གཞན་དག་ཀྱང་ཆུད་ཟ་བར་བྱེད་ པ་ཙམ་ལས། དངོས་སྟོབས་ཀྱི་རིགས་པ་དང་ལྡན་པར་སྨྲ་བ་གང་ཡང་མེད་དེ། ཞིང་གི་ཡོན་ཏན་དང་། དེར་སྐྱེ་བའི་རྒྱུ་གཉིས་ཀ་ལའང་དངོས་ལ་གནོད་བྱེད་མེད་པས་ན་རྒྱུ་བསྟན་པ་ནི་དེ་ལྟར་མིན་ནོ་ཞེས་རྣམ་པར་གཞག་ པར་མི་ནུས་སོ། །གལ་ཏེ་རིགས་པ་མེད་པར་རང་གི་ཉམས་དང་སྦྱར་ནས་རྒྱུ་ལ་ཡིད་མི་ཆེས་ན། མཐར་ཞིང་གི་ཡོན་ཏན་དང་། རྒྱལ་བའི་ཡེ་ཤེས། ལམ་གྱི་ཐབས་ཟབ་མོ་ཀུན་ལའང་ཐེ་ཚོམ་སྐྱེས་ནས་ལམ་ལས་ ཉམས་པར་འགྱུར་རོ། །དེ་ལྟར་ཡང་མདོ་ལས། མི་ཕམ་པ་དེ་ལྟ་ན་ངས་དེ་བཞིན་གཤེགས་པའི་མཛད་པ་དེ་བྱས་པ་ཡིན་ཏེ། ཁྱོད་ཀྱང་ད་ཐེ་ཚོམ་མེད་པར་བརྩོན་པར་གྱིས་ཤིག །སངས་རྒྱས་ཀྱི་ཡེ་ཤེས་ 8-7-11a ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་སོམ་ཉི་མ་ཟ་ཞིག་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རིན་པོ་ཆེའི་བཙོན་རར་ཆུད་ཏ་རེ་ཞེས་དང་། མི་ཕམ་པ་ཆོས་ཀྱི་རྣམ་གྲངས་འདི་ཆུད་མི་ཟ་བར་ བྱ་བའི་ཕྱིར་ཡོངས་སུ་གཏད་པ་ཆེན་པོ་བྱའོ། །སངས་རྒྱས་ཀྱི་ཆོས་མི་ནུབ་པར་བྱ་བའི་ཕྱིར་བརྩོན་པར་གྱིས་ཤིག །དེ་བཞིན་གཤེགས་པའི་བཀའ་མ་འཁྲུགས་པར་གྱིས་ཤིག །ཡུན་རིང་པོར་གནོད་པ་ དང་། མི་ཕན་པ་དང་། མི་བདེ་བ་དང་། སྡུག་བསྔལ་བ་དང་། ལོག་པར་ལྟུང་བར་འགྱུར་ཏ་རེ། ཞེས་གསུངས་པ་བཞིན་དུ་ཤེས་པར་བྱས་ནས་ཚུལ་འདི་ལྟ་བུ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ ཁྱབ་པའི་མཐུའོ་ཞེས་ཐེ་ཚོམ་མེད་པའི་ཡིད་ཀྱིས་གཅིག་ཏུ་དགའ་ཞིང་འདུན་པར་བྱ་སྟེ། གཞན་དུ་ན་དད་འདུན་ཙམ་གྱིས་མི་སྐྱེ་བར་འདོད་པ་དག་གིས་བདེ་བར་གཤེགས་པའི་སྨོན་ལམ་དང་ཡེ་ཤེས་ལ་ནུས་པ་དེ་ལྟ་བུ་མེད་པར་བཟུང་ ནས་ཡང་དག་པའི་ལུང་ལ་ཐེ་ཚོམ་ཟ་བ་ཡིན་པས་ཤིན་ཏུ་མི་རུང་སྟེ། ཚངས་པས་བྱིན་གྱིས་ཞུས་པ་ལས། སངས་རྒྱས་སོམ་ཉི་ཟ་བ་གཡང་སའི་མཆོག །འཇིག་རྟེན་ཀུན་གྱིས་སྐྱབས་བྱེད་མི་ནུས་ཏེ། །བློ་ཆུང་དེ་ནི་ བསྟན་ལས་ཉམས་གྱུར་པས། །མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར། །ཞེས་དང་། ཞིང་མདོ་ལས། ལྟ་བ་ཅན་དང་དམན་དང་ཞུ མ་རྣམས་ཀྱིས། །སངས་རྒྱས་ཆོས་ལ་དད་པ་རྙེད་མི་ནུས། །གང་དག་ 8-7-11b སྔོན་གྱི་སངས་རྒྱས་མཆོད་བྱས་པ། །དེ་དག་འཇིག་རྟེན་མགོན་གྱི་སྤྱོད་ལ་སློབ། །དཔེར་ན་སྐྱེས་བུ་ལོང་བ་མུན་ཁུང་ན། །ལམ་ཡང་མི་ཤེས་བསྟན་པར་ག་ལ་ནུས། །དེ་ལྟར་ཉན་ཐོས་ཐམས་ཅད་སངས་རྒྱས་ཀྱི། ། ཡེ་ཤེས་མི་རྟོགས་སེམས་ཅན་གཞན་ཅི་སྨྲོས། །སངས་རྒྱས་ཀྱིས་ནི་སངས་རྒྱས་ཡོན་ཏན་མཁྱེན། །ལྷ་ཀླུ་ལྷ་མིན་གནོད་སྦྱིན་ཉན་ཐོས་མིན། །སངས་རྒྱས་ཡེ་ཤེས་རབ་ཏུ་བཤད་པ་ནི། །རང་སངས་རྒྱས་ཀྱི་ ལམ་ཡང་འདི་མ་ཡིན། །གལ་ཏེ་སེམས་ཅན་ཐམས་ཅད་བདེ་བར་གཤེགས། །ཡེ་ཤེས་རྣམ་དག་དོན་དམ་མཁས་གྱུར་ཏེ། །དེ་དག་བསྐལ་པའམ་འོན་ཏེ་ལྷག་པར་ནི། །སངས་རྒྱས་གཅིག་གི་ཡོན་ཏན་རྗོད་ བྱེད་ཀྱང་། །དེ་དག་རབ་ཏུ་མྱ་ངན་འདའ་འགྱུར་གྱི། །བསྐལ་པ་བྱེ་བ་མང་པོར་རབ་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་ཚད་རྙེད་མི་འགྱུར་ཏེ། །དེ་ལྟར་རྒྱལ་བའི་ཡེ་ཤེས་ངོ་མཚར་ཏོ། །དེ་བས་མཁས་པ་རིག་པའི་ རང་བཞིན་མི། །གང་ཞིག་ང་ཡི་ཚིག་ལ་ཡིད་ཆེས་ཏེ། །རྒྱལ་བའི་ཡེ་ཤེས་ཕུང་པོ་དབང་བྱས་ཏེ། །སངས་རྒྱས་ཉིད་ཀྱིས་མཁྱེན་ཅེས་ཚིག་ཏུ་བརྗོད། །བརྒྱ་ལམ་ན་ནི་མི་ཡི་ལུས་རྙེད་ལ། །བརྒྱ་ལམ་ན་ནི་སངས་ རྒྱས་འབྱུང་བར་འགྱུར། །དད་དང་ཤེས་རབ་ཡུན་རིང་རྙེད་པར་འགྱུར། །དེ་བས་དོན་ཐོབ་བྱ་ཕྱིར་བརྩོན་འགྲུས་བསྐྱེད། །ཅེས་གསུངས་པ་ལྟར་འདི་ལྟར་སྐལ་བ་དང་ལྡན་པས་ཟབ་མོའི་གནས་རྣམས་ལ་དགའ་ 8-7-12a བ་དག་གིས་ནི། ལས་དང་དབང་པོ་སྐལ་བའི་ཁྱད་པར་དང་ལམ་གྱི་རིམ་པ་ཚད་མེད་པས་འབྲས་བུ་འགྲུབ་པ་ལ་ཚེགས་ཆེ་ཆུང་སོགས་དངོས་པོའི་ནུས་པ་བསམ་གྱིས་མི་ཁྱབ་པ་དགག་ཏུ་མེད་པར་ ཤེས་ཤིག །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྟོབས་ལས་ཚེགས་ཆུང་ངུས་དོན་ཆེན་པོ་འདི་ལྟ་བུ་ཐོབ་པ་ནི་འཐད་པར་རྟོགས་ནུས་ཏེ། མདོ་ལས། ཀུན་དགའ་བོ། ལས་ཀྱི་རྣམ་པར་སྨིན་པ་དང་། ལས་ མངོན་པར་འདུ་བྱེད་པ་བསམ་གྱིས་མི་ཁྱབ་པ་ནི་རྙེད་པར་རུང་གི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བ་དང་། རྫུ་འཕྲུལ་དང་། བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པ་ནི་སུས་ཀྱང་མཐའ་འམ། ཚད་ རྟོགས་པའམ། བསམ་པར་མི་ནུས་ཏེ། གཞན་དུ་ན་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པོ་ཞེས་རབ་ཏུ་འབྱེད་དོ། །ཞེས་གསུངས་པ་བཞིན་ཏེ། ཇི་ལྟར་དཔེར་ན་སྔགས་ཀྱིས་ལྷ་གྲུབ་པའི་ཚེ་ལྷ་དེའི་ཕྱག་ སྤྱི་བོར་བཞག་པ་ཙམ་གྱིས་མངོན་པར་ཤེས་པ་ཐོབ་པ་ན་དེ་སྔགས་ཀྱི་མཐུས་ཡིན་གྱི། སྒྲུབ་པ་པོས་སྔོན་དུ་བསམ་གཏན་དང་རྣམ་གནས་སྦྱངས་ནས་མངོན་ཤེས་གྲུབ་མ་དགོས་པ་ལྟ་བུ་དེ་གལ་ཏེ་རང་གིས་སྔོན་ནས་གྲུབ་ ཟིན་ན་སྔགས་ཀྱི་མཐུ་ཟབ་པའི་ཁྱད་པར་ཀྱང་ཅི་ཞིག་ཐོབ། དེ་བཞིན་དུ་གྲུབ་པའི་རྫས་ཀྱི་ནུས་པ་སོགས་དང་། སངས་རྒྱས་དང་བྱང་སེམས་ཀྱི་སྐུ་མཐོང་བ་དང་བྱིན་གྱིས་བརླབས་པ་དང་། ཆོས་བསྟན་པ་ཙམ་གྱིས་ 8-7-12b བདེན་པ་མཐོང་ནུས་པ་སོགས་མདོ་རྒྱུད་ལས་ཇི་སྐད་གསུང་པ་དེ་དག་ལ་ལོག་པར་མི་ལྟ་བར་བསྟན་པ་འདི་པར་ཁས་འཆེ་བ་དག་གིས་ཞིང་འདིར་སྐྱེ་བའི་ཚུལ་ལའང་སོམ་ཉི་བྱེད་པར་མི་རིགས་ཏེ། དེ་དག་ཚུལ་མཚུངས་ པའི་ཕྱིར་རོ། །དེས་ན་བདེ་བ་ཅན་དུ་སྐྱེས་པ་ཙམ་གྱིས་ཐོབ་པའི་ཡོན་ཏན་རྒྱ་ཆེ་བ་དག་ཀྱང་རྒྱུ་བདེ་བར་གཤེགས་པའི་མཚན་ཐོས་ནས་དད་པ་བསྐྱེད་པ་དག་གིས་འདྲེན་ནུས་པ་ནི་སངས་རྒྱས་ཀྱི་སྨོན་ལམ་གྱི་ཁྱད་པར་ཆེས་ རྨད་དུ་བྱུང་བ་སྟེ། དེ་ཕྱིར་དེ་ལྟ་བུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ཡང་ཆེས་ཁྱད་པར་འཕགས་པའི་ངོ་མཚར་དང་ལྡན་པ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་ཁྱོད་ཀྱི་དབང་པོ་རྣམས་ནི་ཤིན་ཏུ་དྭངས། ཞེས་སོགས་ གླེང་གཞི་ནས་བརྩམས་ཏེ་རྒྱས་པར་བསྟན་པ་བཞིན་ནོ། །དེས་ན་སྐལ་བ་མཆོག་དང་ལྡན་པ་མདོ་འདི་ལྟ་བུ་ལ་གུས་པ་གང་ཞིག །བུ་བསྒོ་བ་ཉན་པས་ཕ་དྲང་སྲོང་གི་ཚིག་ལས་དོན་ཐོབ་པ་བཞིན་དུ་བདེ་བར་གཤེགས་ པའི་བཀའ་ལ་དད་པའི་རྗེས་སུ་འབྲངས་ནས་ཚུལ་བཞིན་ཞུགས་པས་ཞིང་ཁམས་མཆོག་ཏུ་སྐྱེ་བ་བསླུ་མེད་དུ་ཐོབ་པ་དང་། ཡང་ཆོས་ཀྱི་རྗེས་སུ་འབྲངས་ནས་རིགས་པའི་སྟོབས་ཀྱིས་སངས་རྒྱས་ཀྱི་བཀའ་ལ་ཡིད་ཆེས་ཤིང་། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་ངེས་པ་རྣམ་དག་སྐྱེས་པའི་སྐལ་བ་བཟང་པོ་རྣམས་ཀྱིས་ཉི་མའི་སྣང་བ་ལ་བརྟེན་ནས་མིག་དང་ལྡན་པ་ལྟ་བ་བཞིན་དུ་གཞལ་བྱ་ཤིན་ལྐོག་སྟོན་པའི་ལུང་དོ ན་འདི་ལྟ་བུ་ལ་ཐེ་ཚོམ་མེད་པར་ཞུགས་ 8-7-13a པས་ཇི་ལྟར་བཅད་པའི་དོན་མཚུངས་བ་མེད་པ་ཐོབ་པར་འགྱུར་པས་ན། འདི་ལྟར་ཤེས་བྱ་རྣམས་ཀྱི་ནང་ན་མི་མཉམ་ཞིང་མཚུངས་པ་མེད་པའི་ཡོན་ཏན་དང་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ ཡིན་ལ། དེ་ཐོབ་པར་བྱེད་པའི་རྒྱུ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཚད་མེད་པ་ཡིན་ཅིང་། དེ་ལ་བསླབ་པར་འདོད་པ་གང་ཞིག་འགྲོ་བ་མཐའ་དག་རྒུད་པ་ལས་སྐྱོབ་པར་འདོད་པའི་བརྩེ་བ་ཅན་རྣམས་ཀྱིས་ལེགས་པར་ གཞིག་པའི་ཚེ། སེམས་ཅན་རྣམས་ལས་དང་ཉོན་མོངས་དྲག་པོས་ཟིལ་གྱིས་མནན་ཅིང་། ཤེས་རབ་སོགས་ཕུལ་དུ་བྱུང་བ་དང་མི་ལྡན་པས་ལམ་ཟབ་ཅིང་རྒྱ་ཆེ་བ་དག་ཀྱང་ཉམས་འོག་ཏུ་ཚུད་པར་དཀའ་བ་དག་གིས་ ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པ་མ་ལུས་པ་དཀའ་བ་མེད་པར་བདེ་བླག་ཏུ་རྫོགས་པར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ནི་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་གདབ་པ་འདི་ཡིན་པར་རིག་པར་བྱ་སྟེ། དེའི་རྒྱུ་མཚན་ཞིང་འདིར་སྐྱེ་བ་ནི་ སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ལས་དད་འདུན་ཙམ་ཞིག་གིས་ནུས་ལ། སྐྱེས་ནས་དད་སོགས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་འབད་པ་མེད་པར་ཐོབ་ཅིང་ལམ་ལས་ཉམས་མི་སྲིད་པར་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་ སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །དེས་ན་ཚུལ་དེ་ལྟ་བུའི་དོན་གྱི་དབང་གཟིགས་ནས་བཟང་སྤྱོད་དུ། བདག་ནི་འཆི་བའི་དུས་བྱེད་གྱུར་བ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །མངོན་སུམ་སྣང་བ་མཐའ་ 8-7-13b ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །ཅེས་གསུངས་སོ། །དེ་ལྟ་བས་ན་ཚུལ་འདི་ལྟ་བུ་ བསྒྲུབ་པར་ཤིན་ཏུ་སླ་ལ། ཀུན་ལས་ཀྱང་དོན་ཆེ་བས་ན་བདེ་བ་ཅན་གྱི་ཞིང་དུ་རྩལ་སྦྱོང་བའི་ཉམས་ལེན་གྱི་ཚུལ་ལ་འབད་པ་དག་གིས་ཉིན་མོ་དང་མཚན་མོའི་ཉམས་ལེན་གཉིས་སུ་ཤེས་པར་བྱས་ལ། ཉིན་པར་སངས་རྒྱས་ ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པའི་ཡོན་ཏན་མདོ་ལས་འབྱུང་བ་ལྟར་དྲན་པའི་ཡུལ་དུ་བྱས་ནས། དེར་དང་བའི་དད་པ་དང་། སྐྱེ་བར་འདོད་པའི་དད་པ་དང་། རྣམ་འཕྲུལ་ཟབ་མོའི་ཚུལ་ལ་ཡིད་ཆེས་པའི་དད་པ་དྲག་ཏུ་ བསྐྱེད་ཅིང་ཞིང་ཁམས་ཀྱི་རྣམ་པ་ཡིད་ཡུལ་དུ་བྱས་པ་ལ་རྒྱུན་ཆགས་སུ་དམིགས་ཤིང་། དགེ་བའི་ཚོགས་ཇི་ནུས་སུ་བསགས་ནས་ཞིང་དེར་སྐྱེ་བའི་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ཡང་མན་ངག་གི་དབང་དུ་བྱས་ཏེ་ ཚོགས་མཐའ་ཡས་པ་མྱུར་དུ་འདུམས་པ་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པའི་ཡན་ལག་བདུན་པ་བྱ་བ་དང་། འོད་དཔག་ཏུ་མེད་པའི་མཚན་ནས་བརྗོད་ཅིང་གཟུངས་བཟླས་པའི་སྒོ་ནས་ཐུགས་དམ་བསྐུལ་ཞིང་གསོལ་བ་ འདེབས་པའི་རྣལ་འབྱོར་སོགས་ལ་བརྩོན་པར་བྱའོ། །ཡང་མཚན་མོའི་དུས་སུ་ཞིང་ཁམས་དེར་གནས་ཤིང་བདེ་བར་གཤེགས་པ་མཐོང་བའི་འདུན་པ་དྲག་པོས་དྲན་པ་མ་ཉམས་པར་ཉལ་བར་བྱ་སྟེ། ཉིན་པར་ཞིང་སྦྱོང་བ་དང་། 8-7-14a མཚན་མོ་ཉལ་འཕོའི་ཚུལ་ཐབས་ཁྱད་པར་ཅན་དང་འབྲེལ་བའི་གནད་རྣམས་ཞིབ་པར་གསར་རྙིང་བཀའ་གཏེར་གྱི་མན་ངག་གི་རིམ་པ་མང་དུ་བཞུགས་པ་ལས་ཤེས་པར་བྱའོ། །མདོར་ན་ཞིང་དེར་ སྐྱེས་པའི་ཡོན་ཏན་དང་། སྐྱེ་ནུས་པའི་ཚུལ་ཤེས་ནས་ཉིན་མཚན་ཀུན་ཏུ་དད་བརྩོན་རྒྱུན་ཆགས་པ་ཅི་ནུས་སུ་བསྐྱེད་ཅིང་། དགེ་རྩ་ཐམས་ཅད་ཞིང་དེར་སྐྱེ་བའི་ཕྱིར་བསྔོ་བ་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་རབ་ ཀྱིས་ཚེ་འདིར་འདྲེན་པ་འོད་དཔག་མེད་དངོས་སུ་མཐོང་ཞིང་ལུང་བསྟན་ནས་ཞིང་ཁམས་དེར་སྐྱེ་བའི་གདེངས་ཐོབ་པ་དང་། འབྲིང་གིས་ཉམས་ཀྱི་ཚུལ་དུ་བྱིན་གྱི་རླབས་ཐོབ་པ་དང་། ཐ་མའང་རྨི་ལམ་དུ་ཞིང་དང་སྟོན་ པའི་རྣམ་པ་རྨིས་པ་དག་ནི་རྟགས་ཡིན་ཏེ། འདུན་པའི་སྟོབས་ཀྱིས་རྨི་ལམ་ན་སྣང་བའང་ཇི་ལྟར་དམན་ཀྱང་བག་ཆགས་ཐེབ་པ་ཙམ་མིན་པ་མི་སྲིད་པས་འདུན་པའི་བག་ཆགས་ཆུང་ངུ་དེས་ཀྱང་ཞིང་དུ་སྐྱེ་ནུས་ཏེ་སངས་ རྒྱས་ཀྱི་སྨོན་ལམ་གྱི་མཐུ་ལས་ཡིན་ནོ། །གལ་ཏེ་རྟགས་ཀྱི་རྣམ་པ་གསལ་པོ་མེད་ཀྱང་། ཚེ་འདིར་དད་འདུན་ཡང་ཡང་བསྐྱེད་པ་ལྟ་ཅི་སྨྲོས། འཆི་ཁ་མའི་རྣ་ལམ་དུ་སངས་རྒྱས་ཀྱི་མཚན་ཐོས་སུ་གཞུག་ཅིང་ཞིང་ དེར་འདུན་པ་བསྐྱེད་ན་ཡང་སྐྱེ་བར་འགྱུར་ཏེ། འཆི་ཁའི་འདུ་ཤེས་གང་གསལ་བ་ཤིན་ཏུ་སྟོབས་དང་ལྡན་ཅིང་སངས་རྒྱས་འདིའི་སྨོན་ལམ་ཁྱད་པར་འཕགས་པའི་ཕྱིར་རོ། །བར་དོར་སངས་རྒྱས་ཀྱི་མཚན་དྲན་པས་ཀྱང་ 8-7-14b འཕྲལ་དུ་ཞིང་དེར་སྐྱེ་བའི་རྒྱུ་བྱེད་དེ། བར་དོའི་གནས་སྐབས་བསྒྱུར་སླ་ཞིང་། སངས་རྒྱས་ཀྱི་སྨོན་ལམ་ཤིན་ཏུ་སྟོབས་ཆེ་བའི་ཕྱིར་རོ། །དེས་ན་འདི་དང་འཆི་ཁ་དང་བར་དོའི་ཉམས་ལེན་གྱི་གནད་འདི་ལྟ་བུ་ལ་ བྱེད་པ་གལ་ཆེའོ། །དེས་ན་གང་དག་བློ་ལྡན་སྐལ་བ་བཟང་པོ་རྣམས་ཀྱིས་བདེ་བར་གཤེགས་པའི་བཀའ་འདི་ལྟ་བུ་ལ་བརྟེན་ནས། ཚེགས་ཆུང་ངུའི་སྒོ་ནས་བྱང་ཆུབ་སེམས་དཔའི་ཡོན་ཏན་རྨད་དུ་བྱུང་བ་དང་ རྒྱུད་ལ་བདེ་བླག་ཏུ་འདྲེན་པའི་ཐབས་དམ་པ་འདི་ལ་རྣལ་འབྱོར་དུ་བྱ་བར་རིགས་སོ། ༡ །ཚུལ་ཁྲིམས་རྣམ་དག་ཐོས་བསམ་མཆོག་ཏུ་སྦྱངས། །དད་བརྩོན་དྲག་པོས་རླབས་ཆེན་ཚོགས་བསགས་ནས། །བདེ་བ་ཅན་ གྱི་བཟང་པོར་སྤྱོད་པའི་ཚུལ། །རྫོགས་པའི་རྣལ་འབྱོར་གནད་ལ་རྟག་བསྒོམས་པ། ༢ །བཀའ་དྲིན་མཚུངས་མེད་བཤེས་གཉེན་རིན་པོ་ཆེའི། །གསུང་གིས་བསྐུལ་ཚེ་ཆགས་སྡང་དགག་སྒྲུབ་ཀྱི། ། རྟོག་པའི་ཀུན་སློང་རྙོག་མ་ཡོངས་མེད་པར། །དོན་ཆེན་མཚུངས་པ་མེད་པའི་ཞིང་སྦྱོང་གི ༣ །ཉམས་ལེན་གནད་ལ་སྐྱེ་བོ་གཞན་གྱི་བློ། །ཐེ་ཚོམ་ཕྲ་མོའི་གེགས་ལས་བསྒྲལ་ན་ཡང་། །ལེགས་བྱས་ཕ་མཐའ་ བྲལ་བར་འདུ་བྱེད་པའི། །ཚུལ་ལ་བསམས་ནས་འབད་པས་འདི་བགྱིས་སོ། ༤ །དེ་ཡི་དགེ་ཚོགས་ཉི་མའི་སྣང་བ་ཡིས། །ཟབ་ཅིང་རྒྱ་ཆེའི་ཡེ་ཤེས་དམ་པ་དང་། །གང་དེའི་རྒྱུ་མཐུན་གསུང་རབ་དྲི་མེད་ལ། ། 8-7-15a སྒྲིབ་པའི་ཐེ་ཚོམ་མུན་པ་རྣམ་བསལ་ནས། ༥ །འགྲོ་ཀུན་དད་པ་མཆོག་གི་ཡོན་ཏན་དང་། །ལྡན་པས་འོད་ཟེར་དཔག་མེད་ཚེ་ཡི་མགོན། །བདེ་བར་གཤེགས་པ་དེ་ཡི་སྨོན་ལམ་དང་། ། ཡེ་ཤེས་རྒྱ་མཚོ་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པའང་བདག་ཅག་གི་ཐོག་མའི་དགེ་བའི་བཤེས་གཉེན་ཆེན་པོ་བསླབ་པ་གསུམ་གྱི་རྣམ་ཐར་ཕུལ་དུ་བྱུང་ཞིང་། བདེ་བ་ཅན་དུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་ སློབ་པའི་རྒྱུ་ཚོགས་ལ་མངའ་དབང་ཡང་དག་པར་འབྱོར་པ་བཀའ་དྲིན་མཚུངས་པ་མ་མཆིས་པའི་དགེ་སློང་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་འདི་ལྟ་བུ་བྲིས་ཤིག་ཅེས་བཀྲ་ཤིས་པའི་ལྷ་རེག་དང་བཅས་བྲི་ གཞིའི་རྐྱེན་སྦྱར་ཏེ་ཡང་ཡང་བསྐུལ་བ་ལ་བརྟེན་ནས་གང་གི་སློབ་བུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཞེས་བྱ་བས་སྟག་ཚང་རི་ཁྲོད་དུ་བཀའ་དྲིན་གསོ་བའི་མཆོད་ཡོན་གྱི་ཚུལ་དུ་བྲིས་ཏེ་ཕུལ་བའི་དགེ་བས་འགྲོ་ཀུན་བདེ་བ་ཅན་གྱི་ ཞིང་དུ་སྐྱེ་བར་གྱུར་ཅིག །དགེའོ། །བཀྲ་ཤིས་སོ། ། ༈ བསླབ་གསུམ་དབང་ཕྱུག་མངའ་རི་ཆོས་རྗེ་ཡི། །ཐུགས་བསྐྱེད་ཟླ་མེད་མཐུ་ལས་ལེགས་འོང་མཐུས། །སྤར་དུ་བསྒྲུབས་དགེས་འབྲེལ་ཐོགས་ཡིད་ཅན་ཀུན། ། བདེ་ཆེན་ཞིང་སྐྱེས་མངོན་སངས་རྒྱས་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །། 8-7-15b empty page 8-8-1a ༄༅། །རིམ་ལྔའི་ཟིན་བྲིས་ཐོར་བུ་བཞུགས། ། 8-8-1b དང་པོ་གཅིག་ནི་དགུ་དབུས་ན་སོགས་ཀྱི་སྐབས། དང་པོ་གཅིག་ཨ་སྟེ་ངག་ཀུན་གྱི་གཞིའོ། །དགུ་ནི་སྡེ་ཚན་དགུ་སྟེ། ཨ་ ཨེ་ཨི་རྀ་ལྀ་ཨུ་ཨཾ་ཐུང་ངུ་། དེ་རྣམས་རིང་པོ་དང་ཨཱཿརིང་བཅས་ཏེ། དབྱངས་ཐུང་ངུ་སྡེ་ཚན་དང་པོ། རིང་པོ་གཉིས་པ་དང་། ཀ་ཙ་ཊ་ཏ་པའི་སྡེ་ལྔ། ཡ་ ར་ལ་ཝ་མཐར་གནས་བཞི། དྲོད་ཀྱི་ཤ་ཥ་ས་ཧ་བཞི་སྟེ་དགུའོ། །དེ་རྣམས་དང་བདག་ཉིད་བཅས་བཅུས་མ་བཅིངས་པ་ཨའོ་དབྱངས་བཅུ་དྲུག་གསལ་ བྱེད་ཀ་ནས་ཧའི་བར། ཡི་གེ་ཡ་ར་ལ་ཝ་སྟེ་མ་ནིང་གི་ཡི་གེ་ཞེས་ཀྱང་གསུངས། འབྱུང་བའི་མཐའ་ནི་ཡི་གེ་ཧ་ཀྵ་ཆ་ལ་སོགས་པ་ཨ་བཅུ་དྲུག་པ་ནི་ཚེག་ 8-8-2a དྲག་བཅས་པའི་ཨཿའོ། །དེ་གཉིས་མཚམས་སྦྱར་ན་ཨཱ་རིང་པོར་བསྒྱུར་ཏེ་ཨཱཿའོ། །ལྔ་ཡི་ལྔ་ནི་མ་སྲོག་མེད་དོ། །དེ་ཉིད་ རྗེས་སུ་འབྱུང་བའི་དབྱངས་སུ་ཨཱུ་གྱུར་ནས་ཧ་དང་སྦྱར། བཞི་ནི་གསུམ་དུ་ཞེས་པ་བཞི་པོ་རེ་རེར་ཡང་ཡི་གེ་གསུམ་རེ་འདུས་པས་བཅུ་གཉིས་དེ་རྣམས་ སྦྱར་བས་ཨུ་ཨཱཿཧཱུྃ་དུ་གྱུར་པའོ། །དེ་ཡང་ཡི་གེ་ཨཾ་བཅས་ཞེས་ཐིག་ལེ་དང་བཅས་པའོ། །རིང་པོར་བཅས་པ་ཨཱུ་སྟེ་ཧ་དང་སྦྱར་བའོ། །ཕྱག་འཚལ་བའི་ཡི་གེ་ཟེར་ཨོཾ་ནི་ཨ་ཨུ་ མ་གསུམ། ཨཱཿངག་གི་དབང་ཕྱུག་གི་ཡི་གེ་ནི། ཨ་དང་། ཨཱ་དང་ཚེག་དྲག །སྤྲིན་འབྲུག་སྒྲ་སྒྲའི་ཡི་གེ་ཧཱུྃ་གི་གསུམ་ནི། 8-8-2b མགོ་བོ་ཐིག་ལེ་དང་སྲོག་མེད་ཧ་དང་ཞབས་བསྐྱེད་དམ་ཞབས་ཀྱུའོ། །དེ་ཡང་ཨོཾ་ནི་ཨོཾ་གྱི་རྣ་རོ་དང་ཐིག་ལེ་རྗེས་སུ་འབྱུང་བའི་དབྱངས་ཨཱ་ལ་ཐིམ། གསུང་གི་ས་བོན་གྱི་ཐིག་ ལེ་རིང་ཆ་དང་གཉིས་ཐུགས་ཀྱི་ས་བོན་གྱི་ཐིག་ལེ་ལ་ཐིམ། ཞབས་བསྐྱེད་ཧ་ཧ་ཡང་ཐིག་ལེ། ཐིག་ལེ་མགོ་བོ་ལ་ཐིམ་ཏེ་མགོ་བོ་ཁོ་ན་ཨའོ། །དེ་ལྟར་ན་ཡི་གེ་ཨ་བཞི་ལུས་ པ་ཡིན་ཏེ། སྐུའི་ཨ་གསུང་གི་ཨ་ལ་ཐིམ། གསུང་གི་ཨ་རང་གི་ཚེག་དྲག་གི་ཨ་ལ་ཐིམ། དེ་ཡང་ཐུགས་ཀྱི་ཨ་ལ་ཐིམ། ཞེས་གསུངས། ཐུགས་ཀྱི་ཨ་ཐུང་ངུ་གཞོམ་ མེད་ཨ་ལ་ཐིམ་པ་མི་འཇིག་པའི་ཡི་གེ་ལུས་པ། དེ་ཉིད་འབྲས་བུ་ངག་ཀུན་གྱི་རྒྱུར་གྱུར་པའོ། །ཞེས་སོ། །ཡི་གེ་སྔར་བཤད་དབྱངས་གསལ་དང་གང་ཡང་མངོན་ཕྱོགས་ ཞི་སོགས་ལས་ལ་གཙོར་གྱུར་ཡ་ར་ལ་ཝ་བཞི་སྟེ། དབྱངས་བུད་མེད། ཀ་སོགས་གསལ་བྱེད་ཕོ། ཡ་ར་ལ་ཝ་མ་ནིང་སྟེ། འབྱུང་བ་བཞི་སྣོད་ཀྱི་རང་བཞིན་མ་ནིང་ངོ་། །དེ་ཡང་ ཨ་ནས་ཚེག་དྲག་གི་བར་གྱི་དབྱངས་ཀུན་གཉིས་བསྡུས་ཨཱ་ནི་བུད་མེད་དོ། ། ཤེས་རབ་ཀ་ནས་ཧའི་གོ་ཟློག་གི་རིམ་པས་སོ་སོར་བསྡུས་པའི་ཡི་གེ་ཧཱུྃ་ནི་ཐབས་ཀྱི་རང་བཞིན་སྐྱེས་པའོ། ། 8-8-3a ཡ་ར་ལ་ཝ་བཞིའི་ཐ་མར་ཝ་རྐྱང་པར་བྱས་ལ། ཡི་གེ་གཞན་པའི་ཨ་དང་མཚམས་སྦྱར་ཞིང་དེ་རྣམས་ཀྱང་སྣ་ལས་རྗེས་སུ་འབྱུང་པའི་ང་རོ་དང་ལྡན་པ་ཨོཾ་ནི་མ་ནིང་ངོ་། །ཨོཾ་ འོག་ཏུ་འཇུག །ཧཱུྃ་སྟེང་དུ་འགྲོ་བཅས་པར་ནི་མཉམ་པ་ཉིད་དུ་གནས་པ་ཨཱ། ཛྙཱ་ན་ཡེ་ཤེས་སྟེ། ཛྙཱ་ཤེས་པ་ན་དགག་པ་སྟེ། ཡེ་ཤེས་ནི་སེམས་རྟོག་པ་མེད་ པ་རང་བཞིན་གསལ་བར་བཤད་པའི་དོན་དུ་རིམ་ལྔའི་འགྲེལ་པ་དུ་མར་བཤད་དོ། ། ༈ གང་ཞིག་བཅུས་མ་བཅིངས་པ་ཨ་སྟེ། སྡེ་ཚན་དགུས་དེ་མ་བཅིངས་ ལ། དགུ་པས་ལྷག་པའི་སྡེ་ཚན་བཅུ་པ་ནི་གཏན་ནས་མེད་པས་སོ། །ཞེས་བཤད་ན་བདེ། དགུ་དབུས་ན་ཞེས་པ་ཧ་ལ་བཤད་པའང་འདུག །ཀྵ་བཅས་གསལ་བྱེད་སོ་བཞི་ དཔེ་ལ་ལར་དགུའི་དངོས་པོ་ཞེས་པ་ལྟར་ན་ཀྵའི་དང་པོ་ཞེས་ལ་ཀྵིཾ་གསུང་སྣང་། ཐམས་ཅད་ཀྱི་རྩ་བ་ཨའོ། །གསལ་བྱེད་ཀྱི་ནང་ན་ཧ་ཡང་ཤིན་ཏུ་ཕྲ་སྟེ། མ་རིག་པའི་སྐྱེ་ གནས་ཅན་གྱི་རྩ་བ་ལྟ་བུའོ། །དེས་ན་དབྱངས་ཀྱི་ཨ་ནི་ཤེས་རབ་དབྱངས་འདུས་སོ། །གསལ་བྱེད་ཀྱི་ཧ་བཏུ་བ་ལ་ཐབས་གསལ་བྱེད་སུ་འདུས་སོ། །དབྱངས་ཨ་ཨུ་འདུས་པའི་ 8-8-3b ཨོ་ལ། གསལ་བྱེད་མ་ང་རོ་སྦྱར་བ་མ་ནིང་སྟེ། ཅིའི་ཕྱིར་ན་གསལ་བྱེད་ཀྱི་ཆ་དང་འདྲེས་པས་སོ། །དེ་ཡང་རྀ་རྀ། ལྀ་ལཱྀ། མ་ནིང་སྟེ་གསལ་བྱེད་ལ་ལྟོས་དབྱངས་ལྟོས་དང་གསལ་ བྱེད་དེ་གཉིས་འདི་ཆ་ཡིན་པས་མ་ནིང་གི་ཡི་གེ་བཞིར་ཡང་བཤད་ལ། ཨོཾ་ཨཱཿཡང་དེ་དང་འདྲ་བར་མ་ནིང་དུ་བཤད་དོ། །གསལ་བྱེད་ཡ་ར་ལ་ཝ་བཞི་མ་ནིང་སྟེ། ཨི་སོགས་ དབྱངས་འགྱུར་བའི་ཡི་གེ་ཡིན་པས་གཉིས་ཀར་གཏོགས་པར་བཤད། དུས་འཁོར་ལས། ཧ་ཡང་ཨ་འགྱུར་བས་ནི་ཧ་སོགས་ལྔ་དབྱངས་སུ་བཞེད་ལ། གསལ་བྱེད་ཀྱི་ཆར་ ཡང་གཏོགས་པས་མ་ནིང་དུའང་བཞེད། སྐབས་འདི་འབྲུ་གསུམ་ཕོ་མོ་མ་ནིང་དུ་གྱུར་ཚུལ་སྔ་མ་བཞིན་ནོ། །ཨ་ཀ་ཡ་ཤ་བཞི་ནི་གསུམ་དུ་སྦྱར་བ་ནི། ཨ་ཨུ་མ་ཧ་བཞི་པོ་དེ་རེ་ རེར་ཡང་ཨ་ཨ་སོགས་གསུམ་ཏེ་བཤད་ཟིན་ལ། སྦྱར་ཚུལ་ཨཾ་ཞེས་ཀླད་སྐོར་དང་བཅས་པ་དང་། ཨ་ཨ་སོགས་འདུས་པ་ལས་རིང་བ་དང་། ཡོན་ཏན་ནི་ཨ་ཨུ་ལས་ཨོ་བཞིས་ ཨ། ཨ་ཨུ་མ་གསུམ་ཧཱུྃ། ཨ་ཨ་རྣམ་བཅད་ལས་ཨཱཿ དེའི་ཀླད་ཀོར་ཐིག་དང་བཅས་པས་སོ། །འབྱུང་བའི་མཐའ་དབྱངས་ལྔ་པ་ཨུ། ཆ་སོགས་ཀྱི་ནང་ནས་བཅུ་དྲུག་གི་ 8-8-4a གནས་ཨ། དབྱངས་ལྔ་པའི་ལྔ་མ། མཐར་གནས་བཞི་དྲོ་བ་གསུམ་དུ་ངེས་པར་སྦྱར་བ་དེའི་ཐ་མ་ཧ་སྟེ། ཡི་གེ་བཞི་བཏུས་ནས། དེ་ལས་ཨཾ་བཅས་ཏེ་ ཀླད་ཀོར་དང་། ཡོན་ཏན་སྦྱོར་བ་སོགས་ཀྱི་ཨོ་དང་། ཕྱིས་པ་ལས་ཨཱཾ་གྱི་ཀླད་ཀོར་ཕྱིས། མཚུངས་པ་ལས་རིང་པོ་ཨཱ་ཞེས་ཏེ་འབྲུ་གསུམ་བཏུ་བའམ་ད་དུང་ཞིབ་དཔྱད་བྱའོ། །ཡང་ ན་གོང་དུ་བཤད་པ་དེ་ཡི་གེ་བཏུ་ཞིང་སྤྲོས་པའི་ཚུལ་ལོ། །ཕྱིས་པ་ནི་སྡུད་རིམ་གྱིས་གོང་བཤད་ལྟར། ཨ་ཐུང་གཅིག་ལྷག་པར་ལུས་པའི་བར་རོ། ། ༈ བཏུ་གཞི་ཡི་གེའི་ དབང་དུ་བྱས་ན། འབྱུང་བའི་མཐའ་སྟེ་གནས་བཞི་འབྱུང་བའི་ས་བོན་དེའི་མཐའ་ཧ་གཅིག་པུ། ཆ་སོགས་བཅུ་དྲུག་གནས་དབྱངས་ལྔ་སྡེ་ལྔ། བཞི་མཐར་གནས། གསུམ་དྲོ་ བ་སྟེ། དབྱངས་གསལ་ཞེ་དགུའོ། །དེ་ལས་འབྲུ་གསུམ་བཏུ་བའི་དབང་དུ་བྱས་ན་འབྱུང་བའི་མཐའ་ཨུ་བཅུ་དྲུག་ཆ་ཡི་དང་པོར་གཉིས་པ་ཨ་ལྔ་པ་ལྔ་ཀླད་ཀོར་ཨཾ་ཏེ་དེ་བཞི་སྦྱོར་ བས་ཨཾ་འགྲུབ་བོ། །མ་ཨས་ཨཾ་ཞེས་བརྗོད་དོན་དེ་ཕྱིས། གསུམ་པ་དང་འབྱུང་བའི་མཐའ་ནི་ཨ། ཆ་ལ་སོགས་པ་བཅུ་དྲུག་གནས་ཞེས་ཆ་དང་པོ་ཨའམ་ཕྲ་བ་ལ་སོགས་ཀྱི་ 8-8-4b བཅུ་དྲུག་པ་ཨཱཿ དེ་ལ་ཨཾ་སྦྱར། ཨ་བརྗོད་དོན་ཕྱིས། དེ་མཚམས་སྦྱར་ཀླད་ཀོར་བཞག་པས་ཨཱཾཿཀླད་ཀོར་ཕྱིས་ཏེ་ཚེག་དྲག་བསྡུས་པས་ཨཱཿའགྲུབ་བོ། །ཡང་ན་འབྱུང་བའི་ མཐའ་ཧ། བཅུ་དྲུག་གི་ཆ་ཡི་དང་པོ་ཨ། དབྱངས་ཀྱི་ལྔ་པ་ཨུ་མཚམས་སྦྱར་བས་ཧཱུ། གསལ་བྱེད་ཀྱི་ལྔ་པ་སྔ་མ་རྣམས་སྦྱར་བས་ཧཱུྃ་གྲུབ་སྟེ་ཨཾ་སྦྱར་བའི་ཨ་བརྗོད་དོན་དེ་ཕྱིས། དེ་ལྟ་ ན། ཨ། ཨུ། ཨ་མ་བཞི་སྦྱར་ཨོཾ། ཨ་ཨ་ཨ་ཨཿ བཞི་སྦྱར་ཨཱཿ ཨཿབརྗོད་དོན་ཕྱིས། ཧ་ཨ་ཨཱུ་མ་བཞི་སྦྱར་ཧཱུྃ་སྟེ། དེ་ལྟར་ཡི་གེ་བཞི་ནི་འབྲུ་གསུམ་ཏུ་སྦྱར་ཞེས་སོ། །དེའི་ ཚེ་ཨཾ་དང་བཅས་པས་ཡི་གེ་བཞི་སྦྱར་ཀྱང་། ཨོཾ་ཨ་ནི་ཨ་ང་རོ་འབའ་ཞིག་སྦྱར་བས་ཨ་ཕྱིས་པ་དང་མཚུངས་སོ། །ཨ་ལ་ནི་ཚེག་དྲག་འབའ་ཞིག་བྱར་ཏེ་ང་རོ་ཕྱིས་པས་གསུམ། ཧཱུྃ་ལ་ དབྱེ་བ་མེད་དེ་བཞི་ཚང་། དབྱངས་གཉིས་རིང་། རྡོར་བཟླས་བཅུ་གཅིག་ནི་རྡོ་རྗེ་འཆང་ཆེན་པོའི་བཟླས་པ། སྐུའི་བཟླས་པ། དེ་བཞིན་གསུང་གི་བཟླས་པ། ཐུགས་ཀྱི་ བཟླས་པ། རིན་པོ་ཆེའི་བཟླས་པ། དོན་ཡོད་པའི་བཟླས་པ། ཁྲོ་བོའི་བཟླས་པ། འདོད་ཆགས་ཀྱི་བཟླས་པ། ཞེ་སྡང་གི་བཟླས་པ། གཏི་མུག་གི་བཟླས་པ། མ་ནིང་གི་ 8-8-5a བཟླས་པའོ། ། ༈ སེམས་དབེན་ནི་སྣང་བ་རྣམ་པར་དག་པ། དེ་བཞིན་དུ་སྣང་བ་གསལ་བ་སྣང་བ་ཉེ་བར་ཐོབ་པ་རྣམ་གསུམ་མོ། །བདག་ བྱིན་རླབས་ལ་ཆོས་སྐུའི་བདག་བྱིན་རླབས། ལོངས་སྐུའི་བདག་བྱིན་རླབས། སྤྲུལ་སྐུའི་གསུམ་མོ། ། ༈ མངོན་བྱང་ནི་འདོད་ཆགས་རྣམ་པར་དག་པ། ཆགས་བྲལ་ རྣམ་དག །འདོད་ཆགས་བར་མ་རྣམ་དག་གསུམ། ཟུང་འཇུག་ནི་རྒྱུ་དང་འབྲས་བུ་དག་གིས་བསྡུས། རྒྱུ་ནི་ཉན་རང་བྱང་སེམས་གསང་སྔགས་ཀྱི་དབྱེ་བ་བཞི། འབྲས་བུ་ ཡང་རིགས་ཡོན་ཏན་བྱ་བ་རྫས་དབྱེ་བས་བཞི་སྟེ། མདོར་ན་འཇིག་རྟེན་ཆོས་བརྒྱད་ཀྱི་དབྱེ་བས་ཞེས་ཀླུ་བྱང་གསུངས། ༈ ཡང་རྡོ་རྗེའི་བཟླས་པའི་ཐབས་ནི། རླུང་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་གཉིས། དང་པོ་རླུང་གི་དེ་ཉིད་ནི། རྩ་བ་དང་ཡན་ལག་གིས། རླུང་བཅུ་བདེ་བ་ཆེན་པོའི་དབང་གིས་བྱང་ཆུབ་སེམས་ཀྱི་ཐིག་ ལེར་གྱུར་པ་དག་གསང་བའི་སྣ་རྩེར་འདོད་ཆགས་ཀྱི་རིགས་ཅན་གྱི་སེམས་ཅན་ལ་ལྟོས་ནས། སྲོག་དང་རྩོལ་བས་རིམ་གྱིས་སྟེང་འོག་ཏུ་སྤྲོ་བསྡུས་བརྟན་པར་བྱེད་པའི་སྒོམ་པ་ནི། 8-8-5b འདོད་ཆགས་ཀྱི་རིགས་ཅན་གྱི་ཐིག་ལེའི་རྣལ་འབྱོར་དེ་དང་པོ། ཞེ་སྡང་རིགས་ཅན་གྱི་དེ་ཁོ་ན་བཞིན་སྙིང་གའི་པདྨར་ཐུགས་རྡོ་རྗེའི་ས་བོན་གྱི་ཐིག་ལེ་ལ་གསུང་དང་སྐུའི་ས་བོན་གྱི་རིམ་ གྱིས་ཐོབ་པར་བྱས་ཏེ། དེ་ཉིད་དུ་རླུང་གི་དཀྱིལ་འཁོར་མ་ལུས་པ་བཀག་ནས་སྤྲོ་བསྡུས་བཟུང་བ་ཞེ་སྡང་རིགས་ཅན་གྱི་ཐིག་ལེའི་རྣལ་འབྱོར། དེ་བཞིན་དུ་དཀྱིལ་འཁོར་བཞིའི་རིམ་ པ་བཞིན་དུ་འོད་ཟེར་གྱི་འཁོར་ལོ་དམར་པོ་སོགས་སྤྲོས་ནས་གཡས་དང་གཡོན་དང་གཉིས་ཀ་དང་དལ་བར་རྒྱུ་བའི་བྱེ་བྲག་གིས་གདོང་གིས་སྣ་རྩེར་ཐུན་ཕྱེད་བྱེད་ཀྱི་བར་དུ་ཐིག་ལེར་གཟུང་པ་གཏི་མུག་ གི་རིགས་ཅན་རྣམས་ཀྱི་ཐིག་ལེའི་རྣལ་འབྱོར་རོ། །དེ་བཞིན་སྨིན་མའི་དབུས་དང་ལྟེ་བའི་དབུས་ན་རྒྱུ་བ་རིན་འབྱུང་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་ཡང་ཤེས་པར་བྱའོ། །དེ་ཐམས་ ཅད་གཅིག་ཏུ་བསྡུས་ནས་རླུང་གི་དེ་ཁོ་ན་ཉིད་ཅེས་བྱའོ། ། ༈ སྔགས་ནི་འབྲུ་གསུམ་སྟེ། སྤྱིར་སྒྲ་མེད་ན་ཐ་སྙད་གང་ཡང་བྱར་མི་ནུས་ལ་བརྡའི་ཕྱི་མོ་ཡི་གེ་ཞེ་དགུའོ། །དེ་ ཡང་ལྟེ་བའི་གནས་སུ་སྲོག་གི་རླུང་གིས་བསྐུལ་ནས་འབྱུང་སྟེ། ནམ་མཁའི་རླུང་ལས་རབ་བྱུང་ལུས་ལས་ནི། །འབྱུང་ཞིང་ཁ་རུ་ཉེ་བར་ཕྱིན་པའི་སྒྲ། །གནས་གཞན་དག་ཏུ་ 8-8-6a བར་དུ་ཕྱེ་བ་ན། །ཡི་གེ་ཉིད་འགྱུར་གང་ཡིན་དེའི་སྒྲའོ། །དེ་མི་འགྱུར་བ་ཚངས་པ་དང་མཆོག་དང་བཙང་། །ཕུག་ན་གནས་པར་བྲམ་ཟེ་ཡང་དག་འདོད། །དེ་ རབ་སྦྱོར་བས་ངེས་པར་ལེགས་པ་དང་། །མངོན་པར་མཐོ་བ་སྐྱེས་བུས་སྦྱོར་བར་བྱེད། །ཅེས་གང་བཤད་པའོ། །དེ་ལྟར་ཡི་གེའི་ཕྱི་མོ་བཅོམ་ལྡན་འདས་མ་ཡང་ཟླ་ཉིའི་རང་ བཞིན་ཅན་གྱི་འོད་གཡས་དང་གཡོན་ནས་རྒྱུ་བ་དང་། གནས་བརྒྱད་དུ་ཐུགས་ནས་དབྱངས་གསལ་གྱི་དབྱེ་བ་འབྱུང་སྟེ། ཡི་གེ་རྣམས་ཀྱི་གནས་བརྒྱད་དེ། །བྲང་དང་ལྐོག་མ་མགོ་བོ་ དང་། །ལྕེ་ཡི་རྩ་བ་སོ་དང་ནི། །སྣ་དང་རྐན་དང་མཆུའི་གནས། །ཞེས་འབྱུང་། གནས་བརྒྱད་ལས་བྱུང་བའི་སྡེ་ཚན་བརྒྱད་ནི་རྣམ་ཤེས་བརྒྱད་ཀྱི་རང་བཞིན་དང་། རིགས་ཀྱི་ ཡུམ་བཞི་དང་། རྣམ་སྣང་སོགས་བཞིའི་རང་བཞིན། ཀྵ་མི་བསྐྱོད་པའི་རང་བཞིན་ནོ། །སྡེ་ཚན་བརྒྱད་པོ་དེ་ཡང་ཨ་སོགས་དང་པོའི་ཡི་གེ་བརྒྱད་ཀྱིས་བསྡུས་ཏེ། ཨ་ཀ་ཙ་ཊ་ཏ་པ་ ཡ་ཤ་ཞེས་སོ། །དེ་བརྒྱད་བསྡུ་ན་ཁམས་བཞིའི་རང་བཞིན་ཨ་ཀ་ཡ་ཤ་བཞིའོ། །དེ་བསྡུས་ན་ཨ་ཀ་ཡ་གསུམ་དུ་འདུའོ། །ཨ་སོགས་ཤེས་རབ་བུད་མེད་ཀ་ནས་མའི་བར་གྱི་སྡེ་ 8-8-6b ཚན་སྐྱེས་པའི་རང་བཞིན་ཐབས་སོ། །ཡ་ནས་ཧའི་བར་གྱི་སྡེ་ཚན་གཉིས་པོ་འདུས་པ་མ་ནིང་གི་སྡེ་ཚན་ནོ། །དེ་ལ་ཁྱབ་བྱེད་མོ། ཁྱབ་བྱ་སྐྱེས་པ། དེ་གཉིས་ཀྱི་རང་བཞིན་ ཅན་མ་ནིང་སྟེ། དེ་བཞིན་དུ་ལྷན་སྐྱེས་བདེ་བའི་རང་བཞིན་ནམ་སྟོང་ཉིད་སེམས་ཀྱི་རྒྱུད་ཁྱབ་བྱེད་ལ་ཤེས་རབ་མོ། །དེས་ཁྱབ་སྐྱེས་བུ་ཁྱབ་བྱ། ཁྱབ་བྱེད་ཕྱག་རྒྱ། དེ་གཉིས་ སྤངས་པའི་བེམ་པོའི་རྣམ་ཅན་སྣོད་ཀྱི་འཇིག་རྟེན་མ་ནིང་ངོ་། །དབྱངས་བསྡུས་ཨ་ཤེས་རབ། གསལ་བྱེད་བསྡུས་པ་ཧཱུྃ་ཕོ། ཡ་སོགས་སྡེ་རིགས་བསྡུས་པ་ཨོཾ་མ་ནིང་། འདི་ ཡང་ཡི་གེ་ཕྱེད་དང་གསུམ་སྟེ། ཨ་ཨུ་མ་གསུམ་པོ་ཨ་ཤེས་རབ། མ་ཐབས་ཀྱི་ཆ། དེ་གཉིས་འབྲེལ་བྱེད་ཨུ་ཡོན་ཏན་བྱས་ནས་ཨོཾ་མོ། ཡི་གེ་གསུམ་པོ་དེ་དག་ནི་སྐུ་གསུང་ཐུགས་ ཁམས་གསུམ་དེ་བཞིན་གཤེགས་པ་གསུམ་རྩ་གསུམ་སྐུ་གསུམ་ཕོ་སོགས་རྟགས་གསུམ་འཇིག་རྟེན་གསུམ་ལུས་ངག་ཡིད་གསུམ་གྱི་རང་བཞིན་ཡིན་ཕྱིར། འབྱུང་འཇུག་གནས་ གསུམ་གྱི་མཚན་ཉིད་ཅན་ཡིན་པ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །སངས་རྒྱས་སྔགས་ཀྱི་དབྱེ་བ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གསུངས་པ་ཐམས་ཅད་ཀྱི་རྩ་བ་དབྱངས་གསལ་གྱི་ཕྱི་མོ་ 8-8-7a ཡིན་ལ། དེ་ཡང་ཨོཾ་སོགས་གསུམ་གྱི་བདག་ཉིད་ཅན་ཡིན་པས་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེ་གསུམ་པོ་ཁོ་ན་ལ་ཐུག་པ་ཡིན་པར་བརྗོད་དོ། །དེ་ཡང་རང་ བཞིན་ནི་འབྱུང་འཇུག་གསུམ་གྱི་རང་བཞིན་དུ་གནས་པས་འཇུག་སོགས་ཀྱི་སྔགས་ཀྱི་དེ་ཉིད་དུ་བརྗོད་དེ་རྒྱུ་ལ་འབྲས་བུར་བཏགས་པའི་སྒོ་ནས་ཞེས་གསུངས། དེ་ཡང་རྣམ་པ་ བཞི་སྟེ། སྔགས་བཏུ་བ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དེ་ཁོ་ན་ཉིད་བཞིའོ། །དང་པོ་ཕྱི་མོ་ལས་བཟླས་བྱའི་སྔགས་བཏུ་བ་སྟེ། སྙིང་པོ་ཉེ་སྙིང་སོགས་སོ། ། ཡི་གེ་ལས་ཚིག །ཚིག་ལས་ངག་གི་ངག་ཆེན་པོ་སོགས་ལས་ཀྱི་རིམ་པས་རིག་པའི་གནས་ལྔ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཕུང་ཐམས་ཅད་འབྱུང་བ་ནི་སྔགས་བཏུ་བའོ། ། བརྡ་ནི་སྤྲུལ་ལ་སོགས་པའི་བརྡ་སྟེ། སྔགས་ཀྱི་བརྡ་རྣམས་ལས་ཀྱི་བྱེ་བྲག་ལས་སྟེ། སྙིང་པོ་ཉེ་སྙིང་། ས་བོན། ཕྲེང་སྔགས། རིག་སྔགས་གཟུངས་སྔགས་སོགས་ཀྱི་ མིང་གི་བརྡ་བྱས་པའོ། །སྔགས་ཀྱི་དོན་ནི། ཨོཾ་རྣམ་སྣང་སོགས་ཀྱི་ངོ་བོ་ཉིད་དེ་གཞན་རྣམས་ཀྱང་དེ་བཞིན་ནོ། །སྔགས་ཀྱི་དེ་ཁོ་ན་ཉིད་ནི་རང་བཞིན་སྟོང་པ་འོད་གསལ་ཆོས་ 8-8-7b རྣམས་ཀྱི་ཆོས་ཉིད་དོ། །དེ་ཁོ་ན་ཉིད་ཤེས་པ་ལ་སྔགས་ཀྱི་མཐུ་ཞེས་བྱ་སྟེ་དེ་ཤེས་པས་སྔགས་ཀྱི་ལས་རྣམས་ཀྱིས་དོན་འགྲུབ་ལ། མིན་ན་མི་འགྲུབ་པའི་ཕྱིར་རོ་གསུངས། སེམས་དབེན་གྱི་ཐབས་ནི། སྔགས་ཀྱི་དང་། ཕྱག་རྒྱའི་རིམ་པ་གཉིས་སོ། །དེ་ལ་སྔགས་ཀྱི་རིམ་པ་ནི། ཆོས་དབྱིངས་འཁོར་ལོའི་རྩིབས་བརྒྱད་ལྟེ་བར་དབྱངས་དང་པོ་བསྒོམ་ པའི་འོད་དཀར་པོས་ལུས་ཀུན་སྣང་བར་བྱས། དེ་ཡོངས་གྱུར་ཨོཾ་དཀར་པོ་ཞིག་མགོ་ལ་བཀོད། དེའི་རྗེས་པད་ཟླར་གནས་པའི་ཨཱཿཐིག་ལེས་མཚན་པ་དེར་སྔགས་དེ་ལས་བྱུང་ བའི་འོད་ཟེར་གྱིས་འཁོར་ལོ་བཀུག་ལ་གཞུག་པ་ལས་འཇུག་ཤེས་གནས་གྱུར་སྣང་བའི་ཡེ་ཤེས་ཟླ་བ་ལྟ་བུ་སྐྱེ་བར་འགྱུར་རོ། །དེ་རྗེས་ཆོས་ཀྱི་འཁོར་ལོ་དེ་ལ་ཉི་དཀྱིལ་སྟེང་རྡོ་ རྗེ་བསྒོམ། དེའི་སྟེང་དུ་ཡི་གེ་དང་པོ་ཐིག་ལེ་གཉིས་ཀྱིས་བརྒྱན་པ་བཀོད་ནས་དེ་ལས་བྱུང་བའི་འོད་ཀྱིས་ནི་འཁོར་ལོ་ཁ་དོག་དམར་པོས་ལུས་ཀུན་སྣང་བྱས་དེ་ཉིད་ཀྱི་ལྐོགས་ མའི་ཕྱོགས་སུ་ཨཱཿསྤྲོ་ནས་བཀོད་དེ། དེ་ཡང་བཀུག་ནས་ཚེག་དྲག་དང་ལྡན་པ་དེར་འཇུག་པར་བྱས་པས་ཉོན་ཡིད་གནས་གྱུར་སྣང་བ་གསལ་བའི་ཡེ་ཤེས་ཉིད་འོད་ལྟར་གསལ་ 8-8-8a བ་སྐྱེ་བར་འགྱུར་རོ། །དེ་རྗེས་ཆོས་ཀྱི་དབྱིངས་ཀྱི་གནས་འཁོར་ལོ་དང་ས་བོན་གྱིས་མཚན་པ་སྤངས་ནས་སྤྲོས་མེད་ནམ་མཁའ་དང་འདྲ་བ་དེ་ཉིད་དུ་སྙིང་ གའི་པདྨའི་ལྟེ་བར་འབྲུག་གི་སྒྲ་ལྡན་བཀོད་ལ་འོད་ཟེར་གྱི་འཁོར་ལོ་མཚམས་སྤྲིན་དང་མཚུངས་པ་བཀུག་ལ་དེ་ཉིད་དུ་ཐིམ་པར་བྱའོ། །དེས་ཀུན་གཞི་གནས་གྱུར་སྣང་བ་ཉེ་ བར་ཐོབ་པའི་ཡེ་ཤེས་སྐྱེའོ། །དེའི་རྗེས་སུ་མཚམས་ཀྱི་སྣང་བ་ཐོབ་པས་ནམ་མཁའ་དྲི་མེད་དང་མཚུངས་པའི་ལྷན་སྐྱེས་དགའ་བའི་རང་བཞིན་གྱི་སྣང་བ་སྐྱེ་ཞིང་སྣང་བ་གསུམ་ ཉམས་སུ་མྱོང་བའི་མཐའི་འོད་གསལ་དེ་ཁོ་ན་ཉིད་ཐོབ་པའི་ཚེ་སྒྲུབ་པོ་འགྲུབ་པར་འགྱུར་རོ། །ཞེས་གསུངས། ༈ ཕྱག་རྒྱའི་རིམ་པ་ནི། རང་རིགས་རྗེས་ མཐུན་རིགས་ལྔའི་ཕྱག་རྒྱ་མ་ལེགས་པར་བསླབ་པ་ཐོབ་པ་དམ་ཚིག་གི་ཕྱག་རྒྱ་བླངས་ཏེ། དབེན་པར་ལྷའི་ང་རྒྱལ་གྱིས་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་ནས་དགའ་ བཞི་དྲངས་པས་སྣང་བའི་རང་བཞིན་བརྒྱ་དྲུག་ཅུ་ཐིམ་ནས་མཐར་ལྷན་སྐྱེས་འོད་གསལ་མངོན་དུ་བྱེད་དོ། །ལས་རྒྱ་དེ་རུ་མ་རྙེད་ན་རང་ཉིད་སྙིང་ཀ་ནས་སྤྲོས་པའི་ཡེ་ཤེས་ཕྱག་ 8-8-8b རྒྱ་ལ་བརྟེན་ནས་བསྒོམ་པར་བྱའོ་གསུངས། བདག་བྱིན་རླབས་ཀྱི་རིམ་པ་ལ་ཐབས་གཉིས་ཏེ། སྐད་ཅིག་གིས་རྣམ་པའི་རྣལ་འབྱོར་དང་། ཉེར་ཐོབ་སོགས་རིམ་པར་བྱུང་བའི་ སྟོང་གསལ་སྒྱུ་མའི་ལུས་ལྡང་བའོ། །དང་པོ་འོད་གསལ་ལས་སྐད་ཅིག་གིས་སྒྱུ་མའི་སྐུར་ལྡང་པ་ཡིན་ལ། གཉིས་པ་ནི། འོད་གསལ་བ་ལས་ཐོབ་པ་མཆེད་པ་སྣང་བ་གསུམ་ ལས་སྒྱུ་མའི་སྐུར་ལྡང་བ་སྟེ། མཆེད་པའི་དུས་སུ་ཉི་དཀྱིལ་རྡོ་རྗེའི་སྟེང་ན་ཨཱཿབསམ། དེ་རྗེས་པདྨའི་སྟེང་དུ་ཟླ་དཀྱིལ་ལ་རྗེས་སུ་འཇུག་པའི་དབྱངས་བཅས་དབྱངས་དང་པོ་ གཉིས་དེ་འོག་ཟླ་བ་དང་རྡོ་རྗེ་སོགས་ཐབས་ཤེས་འདུས་པའི་ཡེ་ཤེས་ཀྱི་སྐུ་ཕྱག་རྒྱ་བཞིས་རྒྱས་བཏབ་པས་བསྐྱེད་པར་བྱ་སྟེ། སྐབས་འདིར་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་ པར་ལྟ་བ་ཁྱད་པར་ཏེ་གཞན་དུ་བསྐྱེད་རིམ་པར་འགྱུར་རོ་ཞེས་བཤད། ༈ མངོན་པར་བྱང་ཆུབ་པའི་རིམ་པ་ལ། ཐབས་གཉིས་ཏེ། ཕྱག་རྒྱའི་དང་། ཏིང་ངེ་འཛིན་གྱི་ རིམ་པའོ། །ཕྱག་རྒྱ་ལ་གཉིས་ཏེ། ཕྱིའི་མངོན་བྱང་དང་། ནང་གི་མངོན་པར་བྱང་ཆུབ་གཉིས། ཏིང་ངེ་འཛིན་ལ་རིལ་འཛིན། རྗེས་གཞིག་གཉིས་སོ། །ཕྱག་རྒྱའི་རིམ་པ་ནི། ཆུ་ 8-8-9a ཅོད་པན་རྡོར་དྲིལ། མིང་རྗེས་གནས་ལུང་བསྟན། དབུགས་དབྱུང་། ཕྱིར་མི་ལྡོག་པ། གསང་བའི་དབང་བསྐུར་ཐོབ་ནས་སློབ་མ་ཐལ་སྦྱར་ཕྱག་རྒྱ་མཚན་ ལྡན་བླ་མར་ཕུལ། མཆོད་བསྟོད་གསོལ་བཏབ། བླ་མས་ཕྱག་རྒྱ་གནང་བ་དེ་དང་སྙོམས་ཞུགས་བྱ་སྟེ་བླ་མས་དང་པོར་འཁྱུད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་པོ་ནི་ དགའ་བ་དང་སྣང་བའི་ཡེ་ཤེས་ཞེས་བྱའོ། །མཚན་མོའི་ངོ་བོ་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེ་རྗེས་དབང་པོའི་རྣམ་རྟོག་རྣམས་ཟད་ནས་རང་རིག་པ་ཙམ་གྱི་ཡིད་ཀྱི་ཤེས་པས་རྟོགས་ བྱའི་བདེ་བ་ཉམས་སུ་མྱོང་བ་དེ་ནི་རྣམ་པར་སྨིན་པའི་སྐད་ཅིག་མ་སྟེ། མཆོག་དགའ་དང་། སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱའོ། །ཐབས་ཀྱི་ངོ་བོ་དང་འདོད་ཆགས་བར་མའི་ངོ་ བོའོ། །དེ་ནས་ཕཊ་སྒྲས་པདྨའི་སྲུབ་ཀྱི་ནང་དུ་བྱང་སེམས་ཀྱི་ཐིག་ལེའི་རྒྱུན་གྱིས་མཆོད་པ་བྱས་པ་དེ་ནི་ཡིད་མི་བདེ་བའི་རང་བཞིན་ཅན་དང་རྣམ་པར་ཉེད་བའི་སྐད་ཅིག་ཀྱང་ཡིན་ཞིང་། རྣམ་གྲངས་གཞན་དགའ་བྲལ་དང་འདོད་ཆགས་བྲལ་བའི་བདག་ཉིད་དང་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་ཞེས་བྱ་སྟེ་མཚམས་ཀྱི་རང་བཞིན་ནོ། །དེའི་འོག་ཏུ་དབང་དུས་དང་ཤེས་ 8-8-9b པ་ཐམས་ཅད་ཟད་པར་གྱུར་ནས། སྒོ་དགུ་འགགས་པར་གྱུར་པ་ན། སྲོག་སོགས་རླུང་གི་དཀྱིལ་འཁོར་གཅིག་ཏུ་གྱུར་ནས་སེམས་སེམས་བྱུང་གི་བག་ཆགས་ཕྲ་མོའི་དྲི་མ་ཐམས་ ཅད་རབ་ཏུ་ཞི་བའི་གནས་སུ་རོ་གཅིག་པའི་ངོ་བོ་ཉིད་དུ་གྱུར་པ་དང་། འདོད་ཆགས། ཆགས་བྲལ། ཆགས་པ་བར་མ་གསུམ་ནུབ་ནས། སོ་སོ་རང་གི་རིག་བྱའི་ཆོས་སྐུ་ཐོག་ མཐའ་མེད་པའི་ཆོས་ཉིད་དེ་ཁོ་ན་ཉིད་ཐོབ་པར་བྱེད་པ། རྣམ་པ་སྣ་ཚོགས་པའི་སྐད་ཅིག་གི་ཚོགས་དང་བྲལ་བ། རྡོ་རྗེའི་རྩེ་མོར་བྱང་ཆུབ་སེམས་ཀྱི་ཐིག་ལེ་འབའ་ཞིག་ཙམ་ བཟུང་བ་ལ། ཁྱབ་བྱེད་དོན་དམ་བྱང་ཆུབ་སེམས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་གྱི་ལྷན་སྐྱེས་ཀྱི་བདེ་ཆེན་མྱོང་བ་ནི། བདེ་ཆེན་དང་། དེ་ཁོ་ན་ཉིད་བཞི་ པ་དང་། བླང་བར་བྱ་བ་དང་། འོད་གསལ་བ་དང་འབྲས་བུར་གྱུར་པ་ཉིད་དུ་ཤེས་པར་བྱའོ། །དེ་ནི་ཡོད་མེད་དང་། དངོས་དངོས་མེད་བཅིང་ཐར། རྟག་ཆད། རྣམ་བཅས། རྣམ་མེད། སྟོང་མི་སྟོང་། འཁོར་འདས། སྲིད་ཞི། ཀུན་རྫོབ་དོན་དམ། རྒྱུ་འབྲས། སྤྲོ་བསྡུ། འགྲོ་འོང་སོགས་མཚན་ཉིད་བྱེ་བྲག་མེད་པ་དེ་ཁྱོད་ཀྱི་ཤེས་པར་བྱའོ། ། 8-8-10a འདི་ནི་ཕྱིའི་མངོན་པར་བྱང་ཆུབ་པའོ། །དེའི་འོག་ཏུ་དེ་ཁོ་ན་ཉིད་ཐོབ་པའི་སྔོན་དུ། སྨིག་རྒྱུའི་རྣམ་པ་ཅན་འོད་ཟེར་ཁ་དོག་ལྔའི་ཚོགས་དབང་གཞུ་ལྟ་ བུ་སྟོང་པ་འབད་མེད་མཐོང་སྟེ། དེའི་ཚེ་འདི་ལྟར་ཤེས་པར་བྱ་སྟེ། དུ་བ་ལས་མེ་ཤེས་པ་ལྟར་བདག་གིས་གདོན་མི་ཟ་བ་དེ་ཉིད་མཐོང་བར་འགྱུར་སྙམ་དུ་ཤེས་པར་གྱིས་ཤིག ། དེའི་རྗེས་ལ་གཉིས་པ་ཟླ་སྣང་ལྟ་བུ་སྣང་བའི་ཡེ་ཤེས། དེ་རྗེས་ཉི་ཟེར་གྱི་སྣང་བ་མཆེད་པའི་ཡེ་ཤེས། དེ་རྗེས་མཚམས་སྣང་ལྟ་བུ་ཉེར་ཐོབ། དེ་རྗེས་སྣང་བ་ཀུན་ནུབ་པར་གྱུར་ ནས། རྣམ་རྟོག་ཀུན་བྲལ་སྤྲིན་མེད་ནམ་མཁའ་ལྟ་བུའི་རབ་ཏུ་གསལ་བའི་དགའ་བའི་རང་བཞིན་དུ་སྣང་བ་དེ་ནི། ཐམས་ཅད་སྟོང་པ་འོད་གསལ་ཡིན་པར་ཤེས་པར་གྱིས་ཤིག་ ཅེས་དེ་ནི་ནང་གི་མངོན་བྱང་སྟེ་འདི་ནི་ཕྱག་རྒྱའི་རིམ་པའོ། །ཏིང་ངེ་འཛིན་གྱི་རིམ་པ་ནི་རང་གི་ལྟེ་དཀྱིལ་ལ་གནས་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་གནས་ པའི་ཡི་གེ་རྃ་འབར་བའི་འོད་ཀྱིས་འཁོར་ལོ་མེ་འཕྲོས་པས། མགོ་བོ་ནས་བརྩམ་སྟེ་རྐང་པའི་བར་དུ་སྦྱོང་སྟེ་སྣང་བ་མེད་པར་བྱས་ནས། སླར་རྐང་བ་ནས་བརྩམ་སྟེ་མགོ་ 8-8-10b བོའམ་སྙིང་ག་མ་ལུས་པར་བསྲེགས་ནས་ཐམས་ཅད་སྟོང་པ་ཉིད་འཇུག་པ་ནི་རིལ་འཛིན་གྱི་ཏིང་འཛིན་ནོ། །དང་པོར་བ་སྤུའི་བུ་ག་ཀུན་ནས་འོད་བྱུང་བས་འོད་ཀྱི་དཀྱིལ་འཁོར་དེ་ཉིད་ ཀྱིས་བརྟན་གཡོ་ཐམས་ཅད་མི་སྣང་བར་བྱས་ནས། དེ་ནས་བདག་ཉིད་ཀྱང་དེ་བཞིན་དུ་བྱ་བ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་གཉིས་ཀྱི་དཔེ་ནི། སྟོན་ ཁའི་ཆུ་དང་བར་ཟླ་གཟུགས་སྣང་བ་ལྟར་ཏིང་འཛིན་ལ་ཐམས་ཅད་སྟོང་པའི་དེ་ཉིད་གསལ་བར་འགྱུར་རོ། །མེ་ལོང་ཧས་བཏབ་པ་ལྟར་ཏིང་འཛིན་གཉིས་པོ་དེ་ཁོ་ན་ཉིད་འོད་ གསལ་དང་ཐ་མི་དད་པར་འཇུག་པར་སྣང་བར་འགྱུར་རོ། །ཕྱག་རྒྱ་དང་ཏིང་འཛིན་གྱི་སྒོ་ནས་བསྒོམ་པའི་བྱང་ཆུབ་ཀྱི་སྔགས་ཞེས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་ སྔགས་བརྗོད་པའོ། །ཟུང་འཇུག་གི་རིམ་པས་ཐབས་ནི་གཉིས་ཏེ། རྒྱུའི་རིམ་པ་དང་། འབྲས་བུའི་རིམ་པའོ། །རྒྱུ་ནི་ཉན་ཐོས་བྱེ་སྨྲ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པ་དང་། གསང་སྔགས་པའི། བདག་མེད་གཉིས་དང་། ཡོད་པ་དང་མེད་པ་དང་། རྣམ་བཅས་རྣམ་མེད། ཀུན་རྫོབ་དོན་དམ། བརྟག་པ་དང་བརྟག་པ་མིན་པའི་ 8-8-11a ལྷའི་རྣལ་འབྱོར་དུ་སྣང་བ་སོགས་ཀྱི་ཐ་སྙད་དུ་བྱས་པའི་དོན་ཐ་དད་པ་གཉིས་གཉིས་སུ་དབྱེར་མེད་པར་རྣམ་རྟོག་མེད་པའི་རྣལ་འབྱོར་མངོན་སུམ་གྱིས་ རྟོགས་བྱ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ནི་རྒྱུའི་ཟུང་འཇུག་གོ། དེ་ཉིད་ཐོབ་པའི་རྣལ་འབྱོར་པས་བྱ་བ་དང་ཡོན་ཏན་དང་རྫས་དང་རིགས་ཀྱིས་དབྱེ་བ་ནི། བདག་དང་གཞན། བྲམ་ ཟེ་དང་གདོལ་པ་སོགས། བདག་དང་གཞན་གྱི་རྒྱུད་ལ་ཡོད་པའི་དངོས་པོ་རྣམས་ཐ་དད་མེད་པར་ཡོངས་སུ་ཤེས་པ་འབྲས་བུའི་ཟུང་འཇུག་གི་རིམ་པའོ། ། ༈ རིམ་ པ་ལྔ། ཕུང་ལྔ་དག །ཡེ་ཤེས་ལྔ་ཐོབ་སོགས་མདོ་ཙམ་གསུངས་སོ། ། ༈ རྨོངས་པའི་རིགས་ཅན་ཙནྡན་ལྟ་བུ། དབང་པོ་རྟུལ་པོ་ཨུཏྤལ་ལྟ་བུ། འབྲིང་པད་ དཀར། རྣོན་པོ་པདྨ། ཡང་རབ་རིན་པོ་ཆེ་ལྟ་བུའོ། །དེ་ལས་བཞི་ཚོགས་བཤད། གཉིས་སློབ་བཤད་ཀྱི་སྣོད་དོ། ། ༈ སྲོག་སྙིང་ག་སོགས་སུ་གནས། དབང་ པོའི་སྒོ་ནས་རྒྱུ་བ་སྲོག་རླུང་དང་གཅིན་ཕྱི་ས་ཁུ་བ་སོགས་འོག་ཏུ་འདྲེན་པ་ཐུར་སེལ། དགོད་ཟ་ལྡག་འཐུང་འཇེབ་པ་མཉམ་གནས། གྱེན་འགྲོ་སྡུད་བཟའ་མྱང་སོགས་གྱེན་རྒྱུ། 8-8-11b ཁྱབ་འཛིན་འགྲོ་ལྡོག་ཁྱབ་བྱེད་དོ། །སྲོག་རླུང་ཀུན་གཞི། ཉོན་ཡིད་ཐུར་སེལ། མེ་མཉམ་ཡིད་ཤེས། གྱེན་རྒྱུ་ཡིད་དབང་སྟེ་འཇུག་ཤེས་ཀྱི་རང་བཞིན་ནོ་གསུངས། ཁྱབ་ བྱེད་རྣམ་ཤེས་ཕུང་པོ། ཐུར་སེལ་ཚོར་བའི་ཕུང་པོ་སོགས་གསུངས། སྲོག་རླུང་ཆུ་ཁམས། ཐུར་སེལ་ས། གྱེན་རྒྱུ་མེ། མེ་མཉམ་རླུང་། ཁྱབ་བྱེད་ནམ་མཁའ་ཞེས་གསུངས་ རྒྱུ་བ་དང་། རྣལ་འབྱོར་རྒྱུ་བ། ཡང་དག་པར་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་ལྔ་ནི། མིག་སོགས་ལ་གནས་ཏེ་ཉེ་བའི་རླུང་ངོ་། ། ༈ ཨ་ཨུ་མ་འདུས་ཨོཾ། ཨ་དང་ཨཱཿའདུས་ཨཱཿ ཧ་དང་ཨཱུཾ་འདུས་ཧཱུྃ། དེ་རྣམས་ཀྱི་ཕྱིས་པ་ནི་གཅིག་གཅིག་གི་ཆ་ལ་ཐིམ་པ་སྟེ་མི་སྣང་བའོ། །དེ་ནི་ཨོཾ་གྱི་ཡི་གེ་ཨ་ནི་ཨུ་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། ཐིག་ལེ་ནི་ཨཱའི་ཚེག་དྲག་ལ་ཐིམ། རིང་པོ་ཧཱུྃ་ནི་ཐིག་ལེ་ལ་ཞུགས་ནས། ཆ་བཞི་པའི་ཡི་གེ་ཧཱུྃ་གི་ཧ་ནི་ཞབས་ཀྱུ་ཨཱུ་ལ་ཐིམ། ཨཱུ་ནི་དེའི་ནང་ན་གནས་པའི་ཨ་ལ་ཐིམ། ཨ་དེ་ ཐིག་ལེ་ལ་ཞུགས་ནས་ཡི་གེ་ཨ་ཐུང་འབའ་ཞིག་ལུས་པ་དེ་ནི་ཐུང་ངུ་མ་ལུས་ངག་གི་རྒྱུར་ཞེས་གསུངས། ༈ ལྟེ་བར་ཆོས་དབྱིངས་འཁོར་ལོ་རྩིབ་བརྒྱད་ཀྱི་དབུས་ 8-8-12a སུ་གཞོམ་མེད་ཨ་བསྒོམ་པའི་འོད་ཀྱིས་ཨོཾ་དཀར་པོ་མགོ་ལ་བཀོད་ནས་དེ་འཇུག་རླུང་དང་ཆབ་ཅིག་ལྟེ་བའི་ཨ་ལ་ཐིམ་པར་བསམ་པས་སྣང་བ་དང་ པོའི་ཉམས་སྐྱེ། དེ་རྗེས་ལྟེ་བའི་ཨཱཿལས་འོད་འབར་ལྐོག་མར་ཨ་བཀོད་སོགས་གསུངས། ། ༈ རིམ་པ་ལྔ་པོ་འདི། ཕུང་ལྔ་ཡེ་ཤེས་ལྔ། འབྱུང་ བ་ལྔ། དབང་བསྐུར་ལྔ། དེ་བཞིན་གཤེགས་པ་ལྔ། ལམ་ལྔ། རྣམ་ཤེས་ལྔའི་རང་བཞིན་ནོ། ། ༈ རྡོར་བཟླས་ནི། རླུང་བཅུ་ཁུ་ཁྲག་གི་ཐིག་ལེའི་ གཟུགས་སུ་གྱུར་ནས་དབྱིབས་ཀྱི་བདག་ཉིད་ཀྱི་གཟུགས་བསྐྱེད་པས་གཟུགས་རགས་པའི་མངོན་ཞེན་སྤངས་ནས་རླུང་གི་རིམ་པ་ཕྲ་མོ་གོམས་ཕྱིར་གཟུགས་ཕུང་དག་པའོ། ། དེ་བཞིན་ཚོར་བ་བདེ་སོགས་ཀྱི་རྣམ་ཅན་སེམས་རྣམ་པར་དག་པས་ཚོར་ཕུང་དག །བདག་བྱིན་རླབས་སྒྱུ་མའི་ཚུལ་གྱིས་འདུ་ཤེས་རྣམ་དག །མངོན་བྱང་ནི་འདུ་བྱེད་ དགེ་སོགས་ཏེ་དེ་དག་ཀྱང་འདོད་ཆགས་ལ་སོགས་དག་པས་སོ། །རྣམ་ཤེས་དངོས་པོ་ཀུན་གྱི་རང་བཞིན་དེ་དག་ཟུང་འཇུག་གོ། རྡོར་བཟླས་མེ་ལོང་ཡེ་ཤེས། སེམས་ 8-8-12b རྣམ་དག་མཉམ་ཉིད། བདག་བྱིན་བརླབ་སོར་རྟོག །སྣོད་བཅུད་སྒྱུ་མར་རྟོགས་པའི་ཕྱིར་དེ་ཉིད་ལ་ཞུགས་ནས་སེམས་ཅན་དོན་བྱེད་བྱ་གྲུབ། ཟུང་འཇུག་ནི། ཆོས་ དབྱིངས་དྲི་མེད་མཐའ་ཡས་ནམ་མཁའ་ལྟ་བུའོ། །རྡོར་ས་ ༡ བཟླས་སེམས་ཆུ་ ༢ དག །བདག་མེ་ ༣ བྱིན། མངོན་བྱང་། རླུང་ ༤ ཟུང་ནམ་མཁའ་ ༥ འཇུག་ཅེས་སྦྱར། ། ༈ རྡོར་ བཟླས་རིག་པའི་དབང་བསྐུར་གྱི་ངོ་བོ་ཡིན་ཏེ། ཀུན་གཞི་སོགས་ཡོངས་གྱུར་ཐོབ་པས་རྒྱུད་དག །སེམས་དབེན་ཕྱིར་མི་ལྡོག་པའི་ དབང་། བདག་བྱིན་རླབས་གསང་དབང་ཡེ་ཤེས་ཀྱི་སྐུ་ཐོབ་པའོ། །མངོན་བྱང་ཤེས་རབ་དབང་བསྐུར་ཏེ། ཕྱི་ནང་གི་ཤེས་རབ་ཀྱི་རིམ་པ་ཐོབ་པས་སོ། །ཟུང་ འཇུག་ཤེས་རབ་ཡེ་ཤེས་དབང་སྟེ་བཞི་པ་ཡིན་པས་སོ། །རིམ་པ་ལྔ་པོ་རིམ་བཞིན་རྣམ་སྣང་། ༡ རིན་འབྱུང་། ༢ སྣང་མཐའ། ༣ མི་སྐྱོད། ༤ དོན་གྲུབ། ༥ རྡོར་ བཟླས་སྦྱོར་ལམ་གྱི་ངོ་བོ། སེམས་དབེན་མཐོང་ལམ་སྟེ་སྣང་བ་སོགས་ཡེ་ཤེས་རེ་རེ་ཞིང་རྗེས་ཤེས་མཐར་ཐུག་པའི་བར་གྱི་སྐད་ཅིག་བཅོ་ལྔ་མཐོང་ལམ་བདག་བྱིན་ 8-8-13a བསྒོམ་ལམ་སྟེ་སྒྱུ་མ་ལྟར་མཐོང་བའི་ཕྱིར་རོ། །མངོན་བྱང་ཁྱད་པར་ལམ་སྟེ་བར་ཆད་མེད་དང་རྣམ་གྲོལ་ལམ་གྱི་ངོ་བོ་ཡིན་ཕྱིར་རོ། །ཟུང་ འཇུག་མི་སློབ་ལམ་གྱི་ངོ་བོ། །རྣམ་ཤེས་ལྔ་ལ་སྦྱར་ན། གཟུངས་དོན་གྱི་རྣམ་ཤེས་ཏེ་དེ་དག་པ་རྡོར་བཟླས། བདག་གཞན་གྱི་དབང་པོ་རྣམས་སེམས་ཅན་ ཡིན་དེ་དག་པ་སེམས་དབེན། ཉོན་ཡིད་དག་པ་བདག་བྱིན་བརླབས། མིག་སོགས་རྣམ་ཤེས་དག་ནི་རྣམ་པར་རིག་པའི་རྣམ་ཤེས་ཏེ་དེ་དག་པ་མངོན་བྱང་སྟེ་དེར་ འཇུག་ཤེས་རྣམས་འགོག་པའོ། །ཀུན་གཞི་རྐྱེན་གྱི་རྣམ་ཤེས་དེ་དག་པ་ཟུང་འཇུག་སྟེ་བག་ཆགས་བཅས་སྤངས་པས་སོ། །དེ་ཡང་གཅིག་ནི་རྐྱེན་གྱི་རྣམ་པར་ ཤེས། གཉིས་པ་ཉེ་བར་སྤྱོད་པ་ཅན། ཉེ་བར་སྤྱོད་དང་ལོངས་སྤྱོད་དང་། དེ་ཡི་འཇུགས་བྱེད་སེམས་ལས་བྱུང་། ཞེས་པ་བཞིན་ནོ། །གཏི་མུག་དག་པ་ རྡོར་བཟླས། ཞེ་སྡང་དག་པ་སེམས་དབེན། ང་རྒྱལ་དག་པ་བདག་བྱིན་བརླབས། འདོད་ཆགས་དག་པ་མངོན་བྱང་སྟེ་ཆགས་ཆགས་བྲལ་བར་མའི་ཆགས་ 8-8-13b ལས་འདས་པའོ། །ཟུང་འཇུག་ཕྲག་དོག་རྣམ་པ་སྟེ་ཀུན་བྱང་གི་བག་ཆགས་འཇོམས་པས་སོ། །ངག་རྟོག་རྡོར་བཟླས། སེམས་རྟོག་སེམས་དབེན། ལུས་རྟོག་བདག་བྱིན་བརླབས། འདི་གསུམ་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་དག་པའི་ངོ་བོ། །མངོན་བྱང་ནི་དོན་དམ་བདེན་པ་རྣམ་པར་དག་པ། ཟུང་འཇུག་དེ་ གཉིས་རྣམ་པར་དག་གོ། གཏི་མུག་གིས་བསྡུས་པའི་ཉེ་ཉོན་རྡོར་བཟླས་ཞེ་སྡང་སེམས་དབེན་སོགས་གོང་གི་རིམ་པ་བཞིན་ནོ། ། ༈ དང་པོར་ ལུས་དབེན་གྱི་ལུས་རྣམ་དག་ཐོབ་ཀྱང་རྣམ་རྟོག་དང་བཅས་པས་དེ་སྤང་གོམས་ཚེ། རྫོགས་རིམ་གྱི་ཏིང་འཛིན་གོམས་པར་བྱེད་དེ་དགེ་མི་དགེའི་རྣམ་རྟོག་ཐམས་ཅད་རྣམ་ རྟོག་ཏུ་འདྲ་བས་མེ་ཐམས་ཅད་སྲེག་པར་བྱེད་པ་ལྟར། རྣམ་རྟོག་ཆུང་ངུ་ཡང་ག་པར་བྱེད་དེ་དགེའམ་མི་དགེ་བ་ཡང་རུང་། རྣམ་རྟོག་བྱེ་བྲག་འགའ་ཡང་མེད། ། མེ་ནི་སྲེག་པར་བྱེད་པ་ལ། །རྟེན་གྱི་དབྱེ་བས་བྱེ་བྲག་མེད། །འདི་ནི་ཙནྡན་ལས་བྱུང་ཡང་། །རེག་པ་སྲེག་པར་བྱེད་པ་ཉིད། །རྣམ་པར་རྟོག་པ་ཆུང་ 8-8-14a ན་ཡང་། །ཐམས་ཅད་སྤང་བར་བྱ་བ་ཉིད། །འཁྲུལ་པའི་རང་བཞིན་རྟོག་པ་ནི། །སེམས་ནི་ཟློག་པར་བྱེད་པ་ཉིད། །རྣམ་པར་རྟོག་ པའི་གདོན་ཆེན་གྱིས། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་པ་ལ་སོགས་གང་བཤད་པའོ། །ཞེས་ཀླུ་བྱང་གསུངས་སོ། །དང་པོར་ངག་དང་ སེམས་དག་པར་བྱས་གཞན་དོན་གྱི་སྨོན་ལམ་དང་སྙིང་རྗེ་ཆེན་པོས་དོན་དམ་འབའ་ཞིག་ལ་མི་རྟེན་པར་བདག་བྱིན་རླབས་རྣམ་པ་ཐམས་ཅད་ཀྱི་མཆོག་ལྡན་ཡེ་ཤེས་ ཀྱི་སྐུ་ཡི་དཀྱིལ་འཁོར་བསྒོམ། བརྒྱ་ལ་དེར་ཞེན་ན་ནང་དུ་འོད་གསལ་ལ་འཇུག །དེ་ནས་བདེན་གཉིས་དབྱེར་མེད་ཟུང་འཇུག་ཐོབ་གསུངས། སེམས་དབེན་ གྱིས་འོད་གསལ་ཐོབ་ཀྱང་ཡེ་ཤེས་ལ་དབང་བ་ཙམ་དུ་འགྱུར་བའི་ཕྱིར་རྣལ་འབྱོར་པས་ནི་ས་བཅུ་པ་ལ་གནས་པར་འགྱུར་རོ། །བཞི་པ་མངོན་བྱང་གིས་མན་ངག་ བཞི་པས་མངོན་དུ་བྱས་པས་རྡོར་ཏིང་གིས་ས་བཅུ་གཅིག་ཀུན་འོད་དེ་སངས་རྒྱས་ཀྱི་ས་ཐོབ་བོ། །ཡང་དམ་ཚིག་གི་ཕྱག་རྒྱས་དཔེའི་ཡེ་ཤེས་མཐོང་བ་སེམས་ 8-8-14b དབེན་དོན་གྱི་ཡེ་ཤེས་མངོན་བྱང་ཡིན་ནོ་གསུངས། ༈ རྣམ་ཤེས་སམ་སེམས་ཀྱང་དོན་དམ་པར་དཔྱད་ན་འོད་གསལ་ལས་མི་འདའ་ཡང་། ཐབས་མེད་པས་འོད་གསལ་དུ་འཆར་བར་མི་འགྱུར་བས་ཐབས་སྣང་བ་གསུམ་གྱིས་འོད་གསལ་དུ་འཇུག་དགོས་ལ་དེས་དྲངས་པའི་སེམས་ནི་འོད་གསལ་དང་ གཉིས་སུ་མེད་པའི་ཡེ་ཤེས་སུ་འཆར་རོ། །མཆོད་བརྗོད་ཀྱི་དོན་རེ་རེ་ཡང་འགྲེལ་ཚུལ་མཐའ་དྲུག་གི་སྒོ་ནས་བཤད་པ་ཡོད་ཀྱང་མ་སྤྲོས་ཀླུ་བྱང་གི་གཞུང་ལས་ ཤེས་པར་བྱའོ། །ཟིན་བྲིས་འདི་ནི་ཀུན་མཁྱེན་བླ་མ་ཉིད་ཀྱི་དཀའ་བའི་གནས་བསྙེལ་ཐོ་ཙམ་བཀོད་པ་ལས་ཞིབ་པར་མ་བཤད་པས་གོ་དཀའ་བར་འདུག་ཅིང་ཀླུ་བྱང་ གི་འགྲེལ་བ་དང་། ཁ་ཆེའི་མཁས་པ་ལཀྵྨིཾ་ཀྱི་གསུང་རྣམས་ལས་གཙོ་བོར་བཏུས་པ་ཡིན་ཀྱང་རང་བློས་ཇི་དཔོག་ཙམ་ལས་ཞིབ་ཏུ་བསྟུན་མ་ཐུབ་པས་མཁྱེན་པར་མཛོད། ཅེས་པའང་བློ་གྲོས་རྒྱ་མཚོས་ཞུས་དག་པར་བྱས་པའི་སྐབས་སུ་སྨྲས་པའོ།། །།ཨོཾ་སྭ་སྟི། འཕགས་པའི་རྒྱུད་ཀྱི་མན་ངག་རི༷མ་པ་ལྔ༷། ། 8-8-15a གསལ་བར་ཕྱེ་བའི་འགྲེལ་ཆུང་ཟིན་བྲིས་བཅས། །སྤར་དུ་བསྐྲུན་པས་མཐའ་ཡས་འགྲོ་བ་རྣམས། །བླ་མ་གསང་འདུས་གོ་འཕང་ཐོབ་པར་ཤོག ། ཅེས་པའང་འཁོར་ལོའི་མགོན་པོ་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེའི་ཐུགས་དགོངས་རྫོགས་ཕྱིར་དཔོན་དགེ་ལེགས་རྒྱ་མཚོ་དང་། བླ་མ་ཞིང་སྐྱོང་གཉིས་ནས་སྤར་དུ་བསྐྲུན་སྐབས་ སྨོན་ཚིག་ཏུ་བྲིས་པ་ཤུབྷཾ། །སརྦ་མངྒ་ལཾ།། །། 8-8-15b empty page 8-9-1a ༄༅། །གསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། 8-9-1b ཨོཾ་སྭ་སྟི། མཐའ་ཡས་དངོས་པོའི་སྲོག་ཏུ་རབ་ཞུགས་པ། །དཔལ་ལྡན་བྱང་ཆུབ་སེམས་གང་དེ་རྡོ་རྗེ། །སྤྲོས་ དང་སྤྲོས་མིན་མཐའ་ལས་རྣམ་གྲོལ་བ། །ཀུན་ཁྱབ་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་གསང་བ་འདུས། ། རྡོ་རྗེ་རིན་ཆེན་ཟ་མ་ཏོག་གི་སྒྲོམ། །དཔལ་ལྡན་ཀླུ་ཡི་དབང་པོས་མན་ངག་ནི། །རིམ་པ་ལྔ་པས་ཟབ་མོའི་གཏེར་འདི་དབྱེ། །དེ་ཉིད་གསལ་ བྱེད་ཀླུ་ཡི་བྱང་ཆུབ་ཀྱི། །ལེགས་བཤད་ནོར་བུའི་ཕྲེང་བ་ལ་བརྟེན་ནས། །བློ་མཆོག་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིས། །མཆན་ཊཱིཀ་ 8-9-2a དཀྱུས་སུ་བཀོད་ལ་གནང་བ་སྩོལ། །དེ་ལ་འདིར་དཔལ་ལངྐར་གཤེགས་པའི་མདོ་ལས་ལུང་བསྟན་པ་གསང་ སྔགས་ཀྱི་ཚུལ་ཆེན་པོ་ཐུགས་སུ་ཆུད་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་འབད་པ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ ཀྱི་རིམ་པ་ལྔ་པའི་གཞུང་འདི་འཆད་པར་བྱེད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ༷་ག༷ར་སྐ༷ད་དུ༷། པ༷ཉྩ༷་ཀྲ༷་མ༷། བོ༷ད་སྐ༷ད་དུ༷། རི༷མ་པ༷་ལྔ༷་པ༷་དེའི་བརྗོད་བྱ་ལམ་གྱི་རིམ་པ་ལྔ་ཡོད་པས་རྗོད་བྱེད་གཞུང་ལ་ཡང་དེ་ཡི་མིང་གིས་ 8-9-2b བཏགས་པའོ། །གཉིས་པ་ནི། འཇ༷མ་དཔ༷ལ་གཞོ༷ན་ནུར༷་གྱུར༷་པ༷་ལ༷་ཕྱག༷་འཚལ༷་ལོ༷་ཞེས་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་བའོ། །གསུམ་པ་གཞུང་དོན་ལ་བསྟན་བཅོས་ ལ་འཇུག་པའི་རིམ་པ། བསྟན་བཅོས་དངོས། བསྟན་བཅོས་མཐར་ཕྱིན་པའི་བྱ་བ་སྟེ་གསུམ་ལས། དང་པོ་ནི། འགྲོ་བ་ཐམས་ཅད་ཀྱི་མགོ༷ན་པོ༷་སངས་རྒྱས་ཀུན་གྱི་བད༷ག་ ཉི༷ད་དཔ༷ལ་ལྡ༷ན་རྡོ་རྗེ་སེམས་དཔའ་བདེ༷་བ་ཆེ༷ན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ༷་བཏུད༷་དེ༷་རྣལ༷་འབྱོར༷་ཆེན་པོའི་རྒྱུ༷ད་ཀྱི༷་རྒྱལ་པོ་གསང་བ་འདུས་པའི་རྗེས༷་སུ་འབྲང༷ས་ ནས༷་རླུང་སྔགས་མི་ཕྱེད་མི་ཤིགས་པ་རྡོ༷་རྗེ༷་བཟླས༷་པའི་རིམ་པར་བཤད་པར་བྱའོ༷། །གཉིས་པ་གཞུང་དོན་ལ། རིམ་པ་གཉིས་ཀྱི་ངེས་པ། རིམ་པ་ལྔ་པའི་ངེས་པ། དེ་ཉིད་བླ་མའི་ མན་ངག་ལ་རག་ལས་པའི་ངེས་པ་སྟེ་གསུམ་ལས། དང་པོ་ནི། མདོར་བྱས་སོགས་བསྐྱེ༷ད་པའི༷་རི༷མ་པ་མཐར་ཕྱིན་པར་གྱུར་པ་ལ༷་ལེ༷གས་པར་གན༷ས་ཤི༷ང་རྣལ་འབྱོར་པ་གལ་ཏེ་ རྫོག༷ས་པ༷འི་རི༷མ་པ་ལྔ་པོ་འདོ༷ད་པ་རྣམ༷ས་ལ༷་རིམ་པ་ལྔ་ཡི་འཆད་འགྱུར་གྱི་ཐབ༷ས་འདི༷་ལྟ་བུ་རྫོག༷ས་པ༷འི་སང༷ས་རྒྱས༷་ཀྱིས༷་སྐས་ཀྱི་རི༷མ་པ་ལྟ༷་བུར༷་སྔ་མ་ལ་བརྟེན་ནས་ཕྱི་མ་ལ་འཇུག་ 8-9-3a པར་གསུང༷ས་ཏེ་སྐས་ལ་འཛེགས་པའི་སྐྱེས་བུ་ཁང་བཟང་སོགས་ཀུན་མཐོན་པོའི་རྩེར་ཕྱིན་པ་བཞིན་རྡོར་བཟླས་སོགས་ཀྱི་རིམ་གྱིས་རྟག་ཏུ་དགྱེས་པའི་རང་ བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །གཉིས་པ་རིམ་པ་ལྔ་པའི་ངེས་པ་ནི། དེའང་རྡོ་རྗེའི་བཟླས་པའི་རྟེན་སྲོག་རླུང་སྙིང་གར་གནས་པ་མི་བསྐྱོད་པ། ཐུར་སེལ་ བཤང་སྒོར་གནས་པ་རིན་འབྱུང་གི་ངོ་བོ། གྱེན་རྒྱུ་མགྲིན་པར་གནས་པ་སྣང་མཐའ། མེ་མཉམ་ལྟེ་བར་གནས་པ་དོན་གྲུབ། ཁྱབ་བྱེད་ལུས་ཀྱི་ཡན་ལག་གི་ཚིགས་ཀུན་ལ་ གནས་པ་རྣམ་སྣང་སྟེ། རྩ་བའི་རླུང་ལྔའོ། །དེ་ལས་ཡན་ལག་གམ་ཉེ་བའི་རླུང་ལྔ་ནི། རྒྱུ་བ་མིག་གི་དབང་པོ་ལ་གནས་ཏེ་གཟུགས་མཐོང་། རྣམ་པར་རྒྱུ་བའི་རླུང་རྣ་བའི་ དབང་པོར་གནས་ཏེ་སྒྲ་ཐོས། ཡང་དག་པར་རྒྱུ་བའི་རླུང་སྣ་དབང་ལ་གནས་ཏེ་དྲི་ཚོར། རབ་ཏུ་རྒྱུ་བའི་རླུང་ལྕེ་དབང་ལ་གནས་ཏེ་རོ་ཚོར། ངེས་པར་རྒྱུ་བའི་རླུང་ལུས་དབང་ ལ་གནས་ཏེ་རེག་བྱ་འཛིན་ཏེ། དེ་དག་གི་མིང་། ཀླུའམ་གླང་པོ་དང་། རུས་སྦལ་དང་། རྩངས་པ་དང་། ལྷ་སྦྱིན་དང་། ནོར་ལས་རྒྱལ་ཞེས་པའི་མིང་གིས་བཤད་པའོ། ། 8-9-3b དེ་ལྟར་སྙིང་ཁ་ན་གནས་པའི་སེ༷མས་ཅ༷ན་རྣམས་ཀྱི་སྲོག༷་ཏུ་གྱུར༷་པ༷འི་རླུང་ནི་འབྱུང་བ་ཆེན་པོའི་ངོ་བོ་འགྲོ་འོང་དང་བརྐྱང་བསྐུམ་གྱི་མཚན་ཉིད་ཅན་གྱི་རླུང༷་ཞེ༷ས་བྱ༷་བ༷་ཞི་སོགས་ལ༷ས་ ཀུན༷་བྱེ༷ད་པའི་རླུང་འདི༷་ནི༷་རྣམ༷་པར་ཤེས༷་པ་བརྒྱད་ཀྱི་བཞོན༷་པ༷་ཏེ༷་བསྐྱེད་པར་བྱེད་ཅིང་རྟ་དང་རྟ་ལ་ཞོན་པ་བཞིན་ནོ། །རླུང་དེ་ནི་སྲོག་ཐུར་གྱེན་ཁྱབ་མཉམ་ལྔ༷་ཡི༷་བད༷ག་ཉིད་དབང་པོ་ལྔར་ རྒྱུ་བའི་ཀླུ། རུས་སྦལ། རྩངས་པ། ལྷས་བྱིན། ནོར་ལས་རྒྱས་ཏེ་ཡན་ལག་གིས་ལྔ་བཅས་བཅུ༷་མིང༷་ཅ༷ན་རྣམས་ཏེ་བཅུ་ཉིད་དུ་གྱུར་པ་ཡིན་ལ་གོ་རིམ་ནི་དང་པོ་རླུང༷་གི༷་དེ༷་ཉི༷ད་ཤེས་པས་ རིམ༷་གྱིས༷་ནི༷་རླུང༷་སྔགས་སུ་ཤེས་པས་སྔགས་ཀྱི༷་དེ༷་ཉི༷ད་ཡ༷ང་དག༷་འཇུག༷་ཅིང་སྔག༷ས་ཀྱི༷་དམི༷གས་པ༷་རྟོག༷ས་ནས༷་ནི༷་རྡོ༷་རྗེ༷་བཟླས༷་པ༷་རྣམ༷ས་ལ༷་སློབ༷། རྡོ༷་རྗེ༷་བཟླས༷་པ་ལ་བསླབས་ནས༷་ མཐར་མ་ནིང་གི་བཟླས་པས་རྣལ༷་འབྱོར༷་པ༷་སེ༷མས་ཤེས་པ་གསུམ་གྱི་བདག་ཉིད་ཅན་ལ༷་དམི༷གས་པ༷་སྟེ་སེམས་དབེན་ཐོབ༷་པ༷ར་འགྱུར༷་ཞིང་། དེ་ཡང་སྔགས་ཀྱི་དོན། སྔགས་ཀྱི་བརྡ། སྔགས་བཏུབ། སྔགས་ཀྱི་དེ་ཉིད་བཞིའོ། །དང་པོ་ཕྱག་འཚལ་བ་ལ་སོགས་པས་སངས་རྒྱས་ལྔ་བརྗོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟེ་སྤྱི་ཡི་མཚན་ཉིད། ཨོཾ་གྱི་ 8-9-4a རྣམ་སྣང་། ཨཱཿའོད་དཔག །ཧཱུྃ་མི་བསྐྱོད། སྭཱ་ཧཱཿརིན་འབྱུང་དང་དོན་གྲུབ་དག་གོ། སྔགས་ཀྱི་བརྡ་ནི་དང་པོ་སྟེ་ཨོཾ་གྱི་དོན་རྡོ་རྗེ་གཙུག་ཏོར་གྱི་ རྒྱུད་ལས་ཤེས་པར་བྱ་ཞིང་། དེ་ཡང་རེ་ཞིག་སྤྲུལ་སོགས་བཞི་སྟེ། སྤྲུལ་ནི་ཕྱག་འཚལ་བ་དང་སྭཱ་ཧཱ་ལྡན་པ། མགོ་མེད་ནི་ཕྱག་འཚལ་མེད་ཅིང་སྭཱ་ཧཱ་ལྡན་པ། མཐའ་མེད་ ནི་ཕྱག་འཚལ་ལྡན་སྭཱ་ཧཱ་མེད་པ། གཉིས་ཀ་མེད་ན་ཕྱག་འཚལ་དང་སྭཱ་ཧཱ་བྲལ་བ། སྒྲུབ་བྱའི་མིང་ལྷའི་སྔགས་ཀྱི་དང་པོ་དང་བར་དང་ཐ་མར་སྤེལ་བ་སྙིང་པོ་དང་ཉེ་སྙིང་སྐུལ་ བྱེད་དང་ས་བོན་ཕྲེང་སྔགས་སོགས་སོ། །ཡི་གེ་བཏུ་བ་ཡི་གེ་ཞེ་དགུ་པོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་ལ་བསྡུ། བརྒྱད་པོ་ཨ་ཀ་ཡ་ཤ་བཞི་ལ་བསྡུ། བཞི་པོ་ཨོཾ་ཨཱཿཧཱུྃ་ གསུམ་ཀུན་ལ་བསྡུ། སྔགས་ཀྱི་དེ་ཉིད་ནི་དེ་བཞིན་ཉིད་དམིགས་མེད་འོད་གསལ་ལ་སོགས་དོན་དམ་པའོ། །དེ་ལྟའི་དམིགས་པ་དེ་ལས་ལྡང་བའི་རྗེས་ལ་སྒྱུ༷་མ༷་ལྟ༷་བུའི༷་ཏིང༷་ ངེ༷་འཛི༷ན་ལ་གན༷ས་ཞེས་པ་སྟེ་དེ་ཡང་སྒྱུ་མའི་དཔེ་བཅུ་གཉིས་ནི། འཇའ་འདྲ་ཁ་དོག་ལྔ་ཡོད་ཀྱང་རགས་པར་མེད་པས་སོ། །རྨི་ལམ་ལྟར་མེད་ཀྱང་བྱ་བ་བྱེད་པར་སྣང་བ། 8-9-4b མིག་ལ་སྣང་ཙམ་གྱིས་སྨིག་རྒྱུ། གར་ཡང་ཁྱབ་པ་ཆུའི་ཟླ་བ། ཆོས་སྟོན་ཀྱང་ངག་རང་བཞིན་གྱིས་མེད་པ་བྲག་ཆ། སོ་སོར་སྣང་བ་སྤྲུལ་པ། རྣམ་པ་སྣ་ཚོགས་སུ་སྣང་ བ་དྲི་ཟའི་གྲོང་ཁྱེར། མེ་ལོང་གི་གཟུགས་བརྙན་ལྟར་དེ་ཉིད་དང་གཞན་ཉིད་དུ་མེད་པ། མཐོང་བ་ཙམ་གྱིས་འཛིན་པ་མིག་འཕྲུལ། གཅིག་དུ་མར་སྣང་བ་མགལ་མེའི་འཁོར་ལོ། ། མཐོང་ཡང་སྙིང་པོ་མེད་པ་ཆུ་བུར། སྒྱུ་མ་ལྟར་སེམས་ཅན་གྱི་སྣང་ངོར་དོན་བྱེད་པ་ཞེས་ཁ་ཆེའི་མཁས་པ་ལཀྵིཾ་གསུངས། སྒྱུ་ཏིང་ངེ་ཉིད་ཡ༷ང་དག༷་མཐས་ཏེ་འོད་གསལ་བ་ནི༷་ཡང་ཡང་ རྣམ༷་པ༷ར་སྦྱང་བའི་མི་སློབ་པའི་འོད་གསལ་ཡ༷ང་དག༷་མཐ༷འ་ལ༷ས་ལ༷ངས་ན༷ས་ནི༷་གཉིས་མེ༷ད་ཟུང་འཇུག་གི་ཡེ༷་ཤེ༷ས་འཐོ༷བ་པ༷ར་འགྱུར༷་ལ་ཟུང༷་འཇུག༷་གི་ཏིང༷་ངེ་འཛི༷ན་ལ༷་གན༷ས་ནས༷་ སེམས་ཅན་གྱི་དོན་བྱེད་ཅིང་ཆོས་དབྱིངས་ཡེ་ཤེས་ཐོབ་པ་དེ་ཉིད་སླར༷་ཞིང༷་གང་ལ༷འ༷ང་མི༷་སློབ༷་བོ༷། །དེ་ཉིད་ཀྱི་ཕན་ཡོན་ཀྱང་རིམ་པ་ལྔ་པོ་འདི༷་ནི༷་རྫོ༷གས་པ༷འི་རྣལ༷་འབྱོར༷་པ༷་རྡོ༷་རྗེ༷་ འཛི༷ན་པ༷་ཆེན༷་པོ༷འང༷་དེ༷་ཡིན་ཏེ་རྡོ་རྗེ་སེམས་དཔའ་རང་གི་ངོ་བོ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ལྷ་ཡི་རྣམ༷་པ༷་ཀུན༷་གྱི༷་མཆོ༷ག་ལྡན༷་པ༷འི་ཐ༷མས་ཅ༷ད་མཁྱེན༷་པ༷ར་དེ༷་ནས༷་འགྱུ༷ར་རོ། ། 8-9-5a ཞར་ལས་བྱུང་བའི་འབྲས་བུ་ནི་དེ་ཡང་འད༷ས་པ༷་ད༷ང་ནི༷་མ༷་འོ༷ངས་པ་ད༷ང་ད༷་ལྟར༷་བྱུང༷་བ༷འི་སྲི༷ད་གསུམ༷་ནི༷་འོ༷ད་གས༷ལ་བ༷ས་ནི༷་སྦྱངས་ཏེ་རྣམ༷་པར་དག་པས་ སྐ༷ད་ཅི༷ག་དེ༷་ལ༷་སེམས་ཅན་གྱི་ཁམས་རྣམ་པ་བཞིའི་བྱེ་བྲག་མ༷་ལུས༷་མཐོ༷ང་ཏེ་ཐམས་ཅད་མཁྱེན་པར་འགྱུར་རོ། །གསུམ་པ་བླ་མའི་མན་ངག་གི་རིམ་པ་ནི། དཔ༷ལ་ལྡ༷ན་གསང་བ་ འདུས༷་པ༷འི་རྒྱུ༷ད་དུ༷་ནི༷་རྫོགས་རིམ་གྱི་དེ༷་ཁོ་ན་ཉི༷ད་ལྔ་པོ་འདི༷་དག༷་རྒྱས༷་བཏབ༷་ནས༷་བཤ༷ད་པའི༷་རྡོར་ཕྲེང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྷ་མོ་བཞིས་ཆོས་དབྱིངས་ཞུས་པ་དགོངས་པ་ ལུང་བསྟན་བཞིའི་རྒྱུ༷ད་ཀྱི༷་རྗེ༷ས་འབྲངས་ནས༷་བླ༷་མ༷འི་ཞལ་གྱི་སྒོ་ཏེ་ཁ༷་ལ༷ས་རྟོག༷ས་པ༷ར་བྱ༷་དགོས་སོ། །མན་ངག་ཅན་གྱི་བླ་མས་མ་བསྟན་བར་དུ་བཤད་རྒྱུད་ཀྱི་དཔེ་ཀློག་པས་ རང་གི་ཇི་བཞིན་གཏན་ལ་འབེབ་མི་ནུས་ལ་གལ་ཏེ་ཤེས་སུ་ཟིན་ཀྱང་བླ་མ་ལས་ཞུས་ནས་བཀའ་མ་ཐོབ་པས་གསང་སྔགས་རང་གི་ལེན་པར་གྱུར་ནས་དངོས་གྲུབ་མི་འབྱུང་ངོ་ ཞེས་གསུངས། གསུམ་པ་གཞུང་འདི་ཉིད་ཀྱི་ཚིག་དོན་དང་འབྲེལ་པ་རྣམས་རྒྱས་པར་བཤད་པ་ལ། གཞུང་རིམ་པ་ལྔ་ཅན་དུ་ཡོད་པ་ལས། དང་པོ་རྡོ་རྗེའི་བཟླས་ 8-9-5b པའི་རིམ་པ་དངོས་བཤད་དེ། འདི་ལ་ཡང་མདོར་བསྟན་པ་དང་། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་མོ། །དང་པོ་ལ་རྩ་བའི་རྒྱུད་ལས་གསུངས་ཚུལ། ལྷ་མོ་ བཞིས་ཞུས་པ་ལས་གསུངས་ཚུལ། རྒྱུད་ཕྱི་མ་ལས་གསུངས་ཚུལ་ཏེ་གསུམ་ལས། དང་པོ་ནི། དེ༷་ལ༷་ད༷ང་པོ༷་ཁོ༷་ནར༷་རླུང༷་གི༷་དེ་ཁོ༷་ན༷་ཉི༷ད་བསྟན༷་པ༷འི་ཚིག༷་རྩ༷་བ༷འི་རྒྱུ༷ད་ལ༷་ འཇུག༷་པ༷ར་བྱ༷་སྟེ༷། རང་གི་སྣ༷་ཡི༷་རྩེ༷་མོ༷ར་ཏེ་གསང་གནས་སྙིང་ག་གདོང་གི་སྣ་རྩེ་གསུམ་དུ་ཡུང༷ས་ཀ༷ར་ཏེ་རྩའི་འཁོར་ལོ་ཐམས་ཅད་ཀྱི་དྭངས་མ་ལྟ་བུའི་ནང་ནས་བྱུང་བ་ཐོ་རངས་ སྐར་ཆེན་གྱི་རྣམ་པ་ལྟ་བུའི་རླུང་གི་ཐིག་ལེའམ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བས༷མ། རླུང་རྒྱུ་བ་གཡོ་བས་ཙུད་འགྲོ༷་ད༷ང་མི་རྒྱུ་བ་བརྟན་པ་མི༷་འགྲོ༷་ཡུང༷ས་ཀ༷ར་གྱི་ཚད་ཙམ་ ལ༷་ཁམས་གསུམ་ཐམས་ཅད་འོད་ཟེར་གྱི་འཁོར་ལོ་དེར་བསྟིམ་ལ་དེ་ཐམས་ཅད་ཀྱི་ངོ་བོར་བསམ་སྟེ་སྣོད་མིན་ལ་སྦས་པའམ་གས༷ང་བ༷འི་སྔག༷ས་ཀྱིས༷་ཨོཾ་ཨཱཿཧཱུྃ་གསུམ་དུ་བརྟ༷གས་ པ༷་ཡི༷ས་ཡེ༷་ཤེ༷ས་མཆོག༷་གི༷་སངས་རྒྱས་དང་པོས་རྡོ་རྗེ་རྣམས་གན༷ས་གཅིག་ཏུ་གྱུར་པ་བསྒོམ༷་མོ༷། །སེམས་ཅན་གྱི་ཁམས་ཆེན་པོ་སྤྲོ་བའི་རྣལ་འབྱོར་གྱི་བསམ་པ་ཐམས་ཅད་ཡོངས་སུ་ 8-9-6a རྫོགས་པ་བྱེད་པ་ཡིན་པའི་ཕྱིར་རི༷ན་ཆེ༷ན་དང་འདྲ་བས་རེ་སྐོང་དཀར་པོ་སོགས་ཁ༷་དོ༷ག་སྣ༷་ལྔ༷་པ༷་ཆེ་ཆུང་ཡུང༷ས་ཀ༷ར་གྱི་ནི༷་འབྲུ༷་ཚད༷་ཙམ༷་སྣ༷་ཡི༷་རྩེ༷་མོ༷ར་ན༷ན་ཏན༷་དུ༷་བསྒོམ་ སྟེ་འདི་ལ་འདོད་ཆགས་ཅན་གྱི་རྡོར་པད་སྦྱར་བའི་རྡོ་རྗེའམ་པདྨའི་སྣ་རྩེར་བྱང་ཆུབ་ཀྱི་སེམས་འདུས་པའི་ཐིག་ལེ་དང་། ཞེ་སྡང་གི་རིགས་ཅན་གྱི་སྙིང་གི་སྣར་ནི། ཨོཾ་དང་ངག་གི་ དབང་ཕྱུག་གི་ས་བོན་དང་སེམས་ཀྱི་ས་བོན་ཡང་བསྡུས་པའི་སྔགས་ཀྱི་ཐིག་ལེའི་གཟུགས་སུ་བསྒོམ་པ་དང་། གཏི་མུག་ཅན་གྱི་གདོང་གི་སྣ་རྩེར་མེ་སོགས་དཀྱིལ་འཁོར་ བཞིའི་འོད་ཀྱི་ཐིག་ལེ་བསྒོམ་ཞེས་གསུངས། གང་ལྟར་ཡང་ཇི་སྲིད་སེམས་རྩེ་གཅིག་མ་ཐོབ་ཀྱི་བར་དུ་རྣལ༷་འབྱོར༷་གྱི་ངོར་རི༷ག་པ༷ས་རྟག༷་ཏུ༷་བསྒོམ༷་ཞེ༷ས་བྱ༷་བ༷་སྟེ༷་འདི༷་ནི༷་དགོ༷ངས་ པ༷ས་བཤ༷ད་པ༷འོ༷་ཅི་ལ་དགོངས་ན་རྡོར་བཟླས་ལའོ། །གཉིས་པ་ནི། རྡོ༷་རྗེ༷འི་ཚིག༷་འདི༷འི་དོན་བཤད་པ༷་ལྷ་མོ་བཞི༷ས་ཞུས༷་པ༷་ཞེ༷ས་བྱ༷་བ༷འི་བཤད་པ༷འི་རྒྱུ༷ད་ལ༷ས། བསྐྱེ༷ད་ པའི་རིམ་པ་ལ་སྙིང༷་པོ༷་རྫོགས་རིམ་དེ་ལ༷ས་ཡང་ནི༷་སྙིང༷་པོ༷་མཆོ༷ག་རྡོ་རྗེ་བཟླས་པའི་རྣམ་གྲངས་རླུང་གི་དེ་ཁོ་ན་ཉིད་ནི་མཆོག་དམ་པའོ། །སང༷ས་རྒྱས༷་ཀུན༷་གྱི༷་གས༷ང་བ༷་ནི༷་ཐིག་ལེ་ག༷ང་ 8-9-6b དེ༷་ཕུང་པོ་ཡེ་ཤེས་ལ་སོགས་པ་ཐ༷མས་ཅད་ཀྱི་བད༷ག་ཉི༷ད་གན༷ས་པ་དེ༷་ནི༷་ལྷ༷་མོ༷་སྤྱན་མ་ལ་སོགས་ལ་བཤ༷ད་པ༷ར་བྱའོ༷། །སངས་རྒྱས་ལྔའི་རང་བཞིན་ཡེ༷་ཤེ༷ས་ལྔ༷་ཡི༷་དངོ༷ས་ པོ་རླུང་གི་ཐིག་ལེ་དེ༷་ཉི༷ད་ཡུང༷ས་ཀ༷ར་ཕྲ་མོ་ཙམ་གྱི༷་ནི༷་འབྲུ༷་ཚད༷་ཙམ༷་གྱི་ཐིག་ལེ་དེ༷་ཡི༷་དབུས༷་ན༷་གན༷ས་པ༷འི་ལྷ༷་སངས་རྒྱས་ལྔ་ནི་ཡན་ལག་ཡོངས་རྫོགས་ཀྱི་རྣམ་པར་འབྲུ་གསུམ་ མི༷་གས༷ལ་ལ་ཟླ་བ་དང་ཀུནྡ་ལྟར་དཀར་བའི་ཐིག་ལེའི་རྣམ་པར་གས༷ལ་བ༷འི་བདག་ཉིད་ཅ༷ན་གྱི་གཟུགས་ཀྱི་གནས་པ་ཞེས་གསུང༷ས་པ༷་ད༷ང་། གསུམ་པ་ནི། གས༷ང་བ༷་ འདུས༷་པ༷འི་རྒྱུ༷ད་ཕྱི༷་མ༷་ལ༷ས་ཀྱང༷་དོ༷ན་འདི༷་ཉི༷ད་གས༷ལ་བ༷ར་གསུ༷ངས་ཏེ༷་ཡེ༷་ཤེ༷ས་ལྔ༷་ཡི༷་ར༷ང་བཞི༷ན་དབུག༷ས་འབྱུང༷་བ༷་ལྔ༷་ཡི༷་ངོ༷་བོ༷་ཉི༷ད་ཡུངས་ཀར་ལྟ་བའི་གོ༷ང་བུའི༷་གཟུག༷ས་ ཏེརྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས༷་རྡོ་རྗེའི་ལམ་ནས་ཕྱུང༷་ན༷ས་ནི༷་ལྷ་མོའི་པདྨའི་ཀུན་སྣ༷་ཡི༷་རྩེ༷་མོ༷ར་ཡོད་པར་ར༷བ་ཏུ༷་བརྟག༷་པར་བྱ་ཞིང་དེ་བཞིན་གཤེགས་པ་མ་ལུས་པའི་རང་བཞིན་དུ་ གཟུང་པར་བྱའོ། །བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་རི༷ན་ཆེ༷ན་དེ་བཞིན་གཤེགས་པའི་ཁ༷་དོ༷ག་སྣ༷་ལྔ༷་པོ་དེ་ཉིད་ལ་དམིགས་ནས་རླུང་འཛིན་པ༷ར་སྲོ༷ག་ད༷ང་ཡན་ལག་དྲུག་ 8-9-7a གི་ནང་ནས་སྟེང་འོག་ཏུ་སྤྲོ་བ་སྲོག་དང་རྩོལ༷་བ༷་ཞེ༷ས་བྱར༷་བཤ༷ད་དོ། །ར༷ང་སྔག༷ས་ནི་གཞོམ་མེད་ཀྱི་ཡི་གེ་ཕྲ་མོའི་ཐིག་ལེའམ་སངས་རྒྱས་རྡོ་རྗེ་འཆང་ ངོ་དེ་ཉིད་སྙིང༷་ག༷ར་ཐིག་ལེའི་དབུས་སུ་བས༷མས་ན༷ས་ནི༷་སྲོ༷ག་རླུང་ནི༷་ཐིག༷་ལེ༷ར་སོན་པའམ་གན༷ས་པ༷ར་བཞ༷ག་ཏེ་སེམས་དེར་ཟིན་པའོ། །ཞེས༷་གསུང༷ས་པ༷་ད༷ང་། འདི༷་ཉི༷ད་ཡ༷ང་ སླར༷་བཤ༷ད་པ༷་རྡོ༷་རྗེ་ཕྲེང༷་བ༷་ཞེ༷ས་བྱ༷་བ༷་བཤ༷ད་པ༷འི་རྒྱུ༷ད་ལ༷ས། སྣ༷་རྩེར༷་ཡུང༷ས་ཀ༷ར་ཞེ༷ས་བྱ༷་བ༷་སྟེ་ཡབ་ཡུམ་སྙོམ་པར་ཞུགས་པས་ཡན་ལག་ཐམས་ཅད་ཀྱི་ཚིགས་ལས་བསྡུས་ པའི་བྱང་སེམས་ཀྱི་ཐིག་ལེ་སྔ་མ་བཞིན་སྲོག༷་ད༷ང་རྩོལ་བ༷འི་སྒོ་ནས་དམིགས་པའམ་ཇི་ལྟར་འདོད་པ་བཞིན་དུ་བརྟག༷་པ༷་སྟེ༷་སྲོག༷་ད༷ང་རྩོལ༷་བ༷་དེ་ལ་གན༷ས་པ༷་ནི། འོ༷ད་ཟེར་ལྔ་ སང༷ས་རྒྱས༷་ལྔ་ཡི་ངོ་བོ་རྣམ༷ས་སུ༷་བསྒོམ༷་པར་བྱ་སྟེ་དེ་རྣམས་རླུང་ལྔའི་ངོ་བོ་ཡིན་ནོ། །ལུས་ཀྱི་སྟེང༷་གི༷་སྣ༷་ལ༷ས་ཏེ་གདོང་གི་ཕྱོགས་ལས་ངེ༷ས་པར་འབྱུང༷་བ༷་སྣ་བུག་གཡོ༷ན་ ད༷ང་གཡ༷ས་ད༷ང་གཉི༷ས་ཀ༷་དང་དལ༷་བ༷ར་རྒྱུ་ད༷ང་རྣམ༷་བཞི༷ར་འགྱུར༷་བ་བཞི་པོ་ན༷ང་གི༷་དུས་བཞི་ནི༷་ཡི༷ན་པ༷ར་བཤ༷ད་དེ་ནང་གི་དུས་འདི་ལ་ཉིན་ཞག་གཅིག་ལ་སྤྱིར་ཆུ་སྲང་དྲུག་ཅུ་རེ་ 8-9-7b ལ་ཆུ་ཚོད་གཅིག་ཏུ་བརྩིས་པའི་ཆུ་ཚོད་དྲུག་ཅུ་རེར་ངེས་ཏེ། དབུགས་ཡིན་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཁོ་ནར་ངེས་སོ། །འདིར་དབྱུག་གུ་དྲུག་ཅུ་རྩ་བཞི་འདོད་པ་ལྟར། ཉིན་ ཞག་གཅིག་གི་ཆ་ཆུ་ཚོད་དྲུག་ཅུ་རེ་དྲུག་ཅུ་རེ་བཞིས་བགོས་པའི་ཆ་ཆུ་སྲང་བཅོ་ལྔ་ཙམ་རེ་དབྱུག་གུ་རེར་བརྩི་དགོས་པས་ཆུ་ཚོད་དྲུག་ཅུ་ཆུ་སྲང་དུ་ཕབ་པ་ ༣༦༠༠ སུམ་སྟོང་དྲུག་བརྒྱ་ལ་རེ་ བཞིས་བགོས་པས་ཆུ་སྲང་ང་དྲུག་ཐོབ། ཆུ་སྲང་བཅུ་དྲུག་ལྷག་པ་དེ་བཞིས་བསྒྱུར་བས་རེ་བཞི་ཡིན་པས་ཆུ་སྲང་གཅིག་གི་བཞི་ཆ་རེ་དབྱུག་གུ་རེ་བཞི་ལ་སོ་སོ་ནས་འཕར་ རྒྱུ་ཡོང་། ༥༡༤ ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བརྩི་བ་འདི་ཡིན་ལ། ༥ ༡ ༦༥ དུ་འཇུག་གི་རྩིས་སོགས་སྐབས་འགར་དུས་འཁོར་ལས་དེ་ལྟར་བཞེད་དོ། །འདིའི་ཆུ་ ཚོད་དྲུག་ཅུ་ནི་སྤྱིའི་ཆུ་ཚོད་ང་དྲུག་ཡིན་པས་དེ་ལ་ཞག་གཅིག་བརྩིས་ན་སྤྱི་ལས་ཅུང་ཐུང་། དེ་སྟེང་ལྷ་མོ་བཞི་ཡི་གྲངས་བསྣན་པས་སྤྱི་ཡི་ཆུ་ཚོད་དྲུག་ཅུ་ལྷག་ཆད་མེད་པར་ འཆར་རོ། །དེ་ཡང་ཉིན་ཐུན་ཆེན་བཞི་མཚན་བཞི་སྟེ་ཉིན་ཞག་གཅིག་ལ་ཐུན་བརྒྱད། དེ་ཕྱེད་དུ་བྱས་པས་ཐུན་ཕྱེད་བཅུ་དྲུག །དེ་ཕྱེད་བྱས་ ༣༢ ཡིན་ཏེ། ཉིན་མཚན་མཉམ་ 8-9-8a དུས་ཀྱི་དབང་དུ་ཉིན་ལ་དབྱུག་གུ་སོ་གཉིས་མཚན་ལ་སོ་གཉིས་ཡོད་པས་ཐུན་ཚོད་དམ་ཐུན་ནམ་མཚམས་ཞེས་པ་ཐུན་ཆེན་བཞི་སྟེ། དེ་རེ་རེའི་ཡུན་ ལ་ཆུ་ཚོད་བརྒྱད་རེ་ཡོད། ཐུན་ཕྱེད་ཆུ་ཚོད་བཞི། དེའི་ཕྱེད་ཆུ་ཚོད་གཉིས་ཀྱི་ཡུན་ནམ་ཐུན་ཆེན་ཆུ་ཚོད་བརྒྱད་པའི་ཐུན་ལས་དབུགས་འབྱུང་རྔུབ་སུམ་ཅུའི་ཚོད་ ཀྱི་ཆུ་ཀུན་ཚོད་ཕྱེད་ནི་འོད་གསལ་བའི་སྐད་ཅིག་གི་དུས་ཡིན་པས་ཉིན་ཐུན་བཞི་ལ་ཕྱེད་རེ་ཡོད་པ་བསྡོམས་པས་ཆུ་ཚོད་གཉིས། མཚན་ལའང་དེ་དང་འདྲ་བས་གཉིས་རེ་དབྱུག་གུ་བཞི་ནི་ འོད་གསལ་ཉམས་སུ་མྱོང་བ་ནང་གི་དུས་ཞེས་བྱ་ལ། དེའི་ལྷག་མ་དབྱུག་གུ་དྲུག་ཅུ་ནི་འཇིག་རྟེན་ལ་གྲགས་པའི་ཉིན་ཞག་ཏུ་འདོད་དོ། །ལྐོག་མ་ལ་སོགས་བཞི་པོ་རྣམས་ སུ་འབྱུང་ཆེན་བཞིའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བཞི་རང་བཞིན་གྱིས་གྲུབ་པ་སྟེ་མེ་རླུང་གིས་དབང་། རླུང་གི་རླུང་གིས་དགུག་པ། སངས་རྒྱས་པ། ཆུས་ཞི་བའི་ལས་འགྲུབ་ འདི་ལ་དམིགས་པ་བྱེད་ན་ས་བོན། ར་ལ་ཡ་ཝ་རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་ས་བོན་གྱིས་བསྐྱེད་པའི་སོ་སོའི་དབྱིབས་གྲུ་གསུམ་གཞུ་ལྟ་བུ་གྲུ་བཞི་ཟླུམ་པོ་དང་མདོག་ 8-9-8b རང་མདོག་སོགས་ལའང་སྤྲོས་པས་བསྒྲུབ་པར་བསམ་པའོ། །འདིར་གཡས་ན་ཁུ་བ་གཡོན་ན་ཁྲག་གནས་པར་བཤད་ལ། དུས་འཁོར་སོགས་ལས་དེ་གོ་ཟློག་པ་འདི་ མི་འགལ་ལོ་ཞེ་ན་མི་འགལ་ཏེ། ལྐོག་མ་ནས་ལྟེ་བའི་བར་དུ་གཡས་ཁུ་བ་གཡོན་ཁྲག་དང་། ལྟེ་འོག་ཏུ་དེ་ལས་བཟློག་སྟེ་འབབ་ཅེས་རྡོར་ཕྲེང་སོགས་ལས་གསུངས་སོ། ། དེ་ཡང་ལྐོག༷་མ༷་སྙིང༷་ག༷་ལྟེ༷་བ༷་ད༷ང་གས༷ང་བ༷འི་པ༷དྨ༷་གྱེན་དུ་འགྲོ༷་ཞིང་མར་འོ༷ང་བ་སྟོན༷་ལ་ཐུན༷་ཕྱེ༷ད་ཀྱི༷་ཚད་ནི༷་དུས༷་རྟག༷་ཏུ༷་འབྱུང་བ་བཞི་གོ༷་རི༷མས་ཇི༷་བཞི༷ན་གན༷ས་པ༷ར་བསྟན༷། དེ་གང་ཞེ་ན་སྣ་བུག་གཡ༷ས་པ༷་ན༷ས་ནི༷་འབྱུང༷་བ༷འི་ཁ༷མས་མེ༷་ཡི༷་དཀྱིལ༷་འཁོ༷ར་ཉི༷ད་ཡི༷ན་ཏེ༷་ཁ༷་དོ༷ག་དམ༷ར་ཞི༷ང་གས༷ལ་བ༷་འདི་པ༷དྨ༷་མགོ༷ན་པོ༷་སྣང་མཐའི་རྒྱུ༷་བ༷འོ༷། །སྣ་བུག་ གཡོ༷ན་པ༷་ལ༷ས་ནི༷་འབྱུང༷་བ༷འི་ཁ༷མས་རླུང༷་གི༷་དཀྱིལ༷་འཁོར༷་ཞེས༷་བྱ༷་བ༷་ཁ༷་དོ༷ག་ལྗང༷་སེ༷ར་དག༷་ཏུ༷་སྣང༷་བ༷་སྟེ་ལ༷ས་ཀྱི༷་མགོ༷ན་པོ༷་དོན་གྲུབ་པའི་རང་བཞིན་དུ་རྒྱུ༷་བ༷འོ༷། །སྣ་བུག་གཉི༷་ག༷་ ལ༷ས་ནི༷་འབྱུང༷་བ༷འི་ཁ༷མས་མད༷ངས་ཆེན༷་ཁ༷་དོ༷ག་སེ༷ར་པོ༷་སྟེ༷་དབ༷ང་ཆེ༷ན་གྱི༷་ནི༷་དཀྱིལ༷་འཁོ༷ར་ཉི༷ད་རི༷ན་ཆེ༷ན་མགོ༷ན་པོ༷་རིན་འབྱུང་རྒྱུ་བའོ། །དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་རྒྱུ་བའང་ 8-9-9a དལ༷་ཞི༷ང་རྒྱུ༷་བ༷་ཆེར་མེ༷ད་པའམ་མི་ཚོར་བའི་འཇམ་པ༷འི་ཁ༷མས་ད༷ག་ཅིང༷་ཤེལ༷་ལྟར༷་སྣང༷་བ༷་ནི༷་ཆུ༷་ཡི༷་དཀྱིལ༷་འཁོ༷ར་ཉི༷ད་ཡི༷ན་ཏེ༷་རྡོ༷་རྗེ༷་མགོ༷ན་པོ༷་མི་སྐྱོད་པའི་ རྒྱུ༷་བའོ། །ལུས༷་ཀུན༷་ལ༷་ནི༷་གན༷ས་པ༷འི་རླུ༷ང་ཁྱབ་བྱེད་ནི་ཚིགས་མདུད་ཀུན་ཁྱབ་པས་འགྲོ་འོང་སོགས་བྱ༷་བ༷་ཀུན༷་ལ༷་འཇུག༷་པ༷་པོ༷་འདི༷་ནི༷་རྣམ༷་སྣང༷་ངོ༷་བོ༷་སྟེ༷་གསོན་དུས་ཕྱིར་མི་འབྱུང་ ལ་འཆི༷་བའི༷་ཚེ་ན་ལུས༷་ལ༷ས་ཕྱིར་འབྱུང༷་བར༷་འགྱུར༷་ཏེ་ལུས་འདོར་བར་བྱེད་དོ། །རླུང༷་གི༷་དེ༷་ཉི༷ད་གསལ༷་བ༷་ཉིད་དུ་བསྟན་པ་འདི༷་ཡེ༷་ཤེས༷་ལྔ༷་ཡི༷་ངོ༷་བོ༷་ཉི༷ད་དུ་གནས་པ་ཡིན་ལ། དེ་ལྟར་ཡིན་ཡང་རྣལ༷་འབྱོར༷་བྱིས༷་པ༷འི་ཚེ་ཐོས་སམ། བྱ་སྤྱོད་པའི་ཡུལ༷་མི༷ན་ཞི༷ང་མུ་སྟེག་དང་སོ་སྐྱེ་རྟོག༷་གེ༷་པ༷་ཡི༷ས་མི༷་ཤེ༷ས་སོ། །གཉིས་པ་ཚིག་དོན་རྒྱས་པར་བཤད་པ་ལ་ བཤད་བྱ་རྩ་རྒྱུད་ཀྱི་གཞུང་བཀོད། འཆད་བྱེད་རྒྱུད་གཞན་གྱི་ལུས་དྲངས་པ་སྟེ་གཉིས་ལས། དང་པོ་ནི། དེ༷་ལྟར༷་རླུང༷་གི༷་དེ༷་ཁོ༷་ན༷་ཉི༷ད་བསྟ༷ན་ནས༷། ད༷་ནི༷་སྔ༷གས་ཀྱི༷་དེ༷་ཁོ༷་ན༷་ཉི༷ད་ སྟོན༷་པ༷འི་ཚིག༷་རྩ༷་བ༷འི་རྒྱུ༷ད་ཉི༷ད་ལ༷་འཇུག༷་པ༷ར་བྱ༷་སྟེ། དེ༷་བཞིན་གཤེ༷གས་པ༷་ཀུན་ཐ༷མས་ཅ༷ད་ཀྱི༷་སྐུ༷་ད༷ང་གསུ༷ང་དང༷་ཐུག༷ས་ཀྱི༷་གས༷ང་སྔག༷ས་ཐ༷མས་ཅ༷ད་ཀྱི༷་སྙིང༷་པོ༷་འབྲུ་གསུམ་ཀུན༷་ཏུ༷་ 8-9-9b སྐུལ༷་བ༷ར་བྱེ༷ད་པ༷་ཞེས༷་བྱ༷་བ༷་མཆོ༷ག་ཏུ༷་གས༷ང་བ༷་ཉི༷ད་ཀྱི༷་སྐུ༷་དང༷་གསུང༷་ད༷ང་ཐུག༷ས་རྡོ༷་རྗེ༷་ལ༷ས་ངག་ཏུ་བརྗོད་པའི་འབྲུ་གསུམ་ཚིག༷་གི༷་ལ༷མ་ངེ༷ས་པ༷ར་བརྗོ༷ད་པ༷ས་སྔག༷ས་བསྡུས༷་པ༷་ འདི༷་ལྟ༷་བུ༷་གསུང༷ས་སོ༷། །བཟླ་བྱ་ཨོ༷ཾ་ཨཱ༷ཿཧཱུྃ་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་གདངས་སུ་གནས་པའི་དོ༷ན་རྟོག༷ས་པ༷་ཡི༷་བཟླས༷་པ༷་ནི༷་ངོ༷་བོ༷་ཉི༷ད་གཞོམ་དུ་མེ༷ད་པ་མཛེས་ པའམ་བཟ༷ང་པོ༷་ནི་རྒྱུན་མ་ཆད་པ་ལ༷ས་དུས༷་གསུམ༷་སང༷ས་རྒྱས༷་ཀྱིས༷་དེ་ལྟར་བརྟག༷ས་པ༷་རྡོ༷་རྗེ༷་བཟླས༷་པ༷ར་དེ༷་བཤ༷ད་དོ༷། །རྡོར་བཟླས་ལ་དོན་རྟོགས་ཚུལ་དང་། དེའི་ཡོན་ཏན་ངོ་ བོ་ཉིད་མེད་བཟང་པོ་ལ་ལུས་ངག་ཡིད་གསུམ་རང་བཞིན་མེད་པ་སོགས་ཀྱི་དབྱེ་སྒོ་བཅུ་གཉིས་ཞེས་ཀླུ་བྱང་གིས་གསུངས་ཏེ། མི་ཤིགས་པའི་རྡོར་བཟླས་ནི་རྣལ་འབྱོར་པས་མགོ་སོགས་ སུ་ཡི་གེ་གསུམ་བཀོད་ནས། སྤྲོ་བར་བྱེད་པ་དང་གང་བར་བྱེད་པ་དང་བུམ་པ་ལྟ་བུའི་བྱ་བས་འཇུག་པ་སོགས་ཀྱི་ཡིད་ཀྱིས་རྩེ་གཅིག་པ་བྱས་ཏེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ ཀྱི་མཚན་ཉིད་ཁོང་དུ་ཆུད་པ་ཡང་ཡང་གོམས་པ་ནི་འོད་གསལ་བའི་ངོ་བོས་ངོ་བོ་ཉིད་མེད་པ་བཟང་པོ་ནི་མི་ཤིགས་པའི་བཟླས་པའོ། །བདག་གཞན་མ་ལུས་རང་བཞིན་མེད་རྟོགས་ 8-9-10a ཀྱི་རྡོ་རྗེའི་བཟླས་པ་སྐུ། དེ་བཞིན་དུ་སྒྲ་ཚིག་རང་བཞིན་མེད་རྟོགས་གསུང་། བདག་གཞན་གྱི་ཡིད་རྟོག་དུས་གསུམ་རང་བཞིན་མེད་རྟོག་འོད་གསལ་ པའི་ངོ་བོ་རྟོགས་པ་རྡོ་རྗེ་ཐུགས་ཀྱི་བཟླས་པ་སྟེ་གསུམ། དེ་བཞིན་དུ་ཆགས་སྡང་རྨོངས་གསུམ་དེ་དང་དེ་མིན་དུ་མ་གྲུབ་པའི་རང་བཞིན་མེད་པར་རྟོགས་པས་བཟླས་པ་རྡོ་རྗེ་ འདོད་ཆགས་སོགས་ཀྱིས་བཟླས་པའོ། །ལྷ་སྔགས་དབྱེར་མེད་རྟོགས་པས་ཡང་ཡང་གོམས་པས་བཟླས་པ་ནི་མངོན་ཞེན་ངོ་བོ་ཉིད་མེད་པས་བཟང་པོ་སྟེ་སྤྲོ་བའི་རིམ་གྱིས་སེམས་ཅན་གྱི་ དོན་བྱེད་པ་རིན་འབྱུང་གི་བཟླས་པ། འགྲོ་འོང་བྱེད་པ་བྱ་གྲུབ་ཡེ་ཤེས་ལ་གོམས་པས་བཟླས་པ་ནི་ངོ་བོ་ཉིད་མེད་འཁོར་གསུམ་ཡང་དག་པའི་བཟང་པོ་སྟེ་ཡོངས་སུ་ འཛིན་པ་མེད་པ་སོགས་ཀྱིས་དོན་ཡོད་ཀྱི་བཟླས་པ། དོན་རྟོགས་པ་ནི་སངས་རྒྱས་བྱང་སེམས། དེ་ལྟོས་རྣམས་ཀྱི་ཐོབ་འདོད་ཀྱིས་སྔགས་ཚིག་ཤིན་ཏུ་གསལ་བར་འདོན་པ་ ནི་དོན་རྟོགས་པའི་བཟླས་པ། ངོ་བོ་ཉིད་མེད་རྣམ་རྟོག་སྤོང་བའི་བཟང་པོ་སྟེ་སེམས་ཀྱིས་དུས་གསུམ་སངས་རྒྱས་བརྟགས་པ་དེ་རྣམས་ལ་དམིགས་ནས་བཟླས་པ་དེ་ནི་རྡོ་རྗེ་ལྟར་ 8-9-10b བརྟན་ཁྲོ་བོ་རྣམས་ཀྱི་བཟླས་པའོ། །དོན་རྟོགས་སྲོག་དང་རྩོལ་བ་དག་ཡུལ་དུས་ཁ་དོག་དང་དབྱིབས་སྤངས་ནས་བཟླས་པ་དེ་ནི་མ་ནིང་གི་རྡོར་བཟླས། དེ་ལྟར་བཅུ་གཉིས་པོ་ གསུངས། དེ་ཉིད་ཀྱི་དབྱེ་བ་གཞན་ཡང་བཟླས་ཚུལ་དམན་པའི་ལས་ཅན་སློང༷་མོ༷་ཟ༷་ཞི༷ང་མི༷་བཟླས༷་ཏེ༷་མ༷་བསླ༷ངས་པའམ་མ་རྙེད་པ༷་གཞན་ལ༷འ༷ང་ཆག༷ས་པར་མི༷་སློང་ལ་དགའ་བར་མི་བྱའོ་ཞེས་ཀྱང་འདུག །བྱ༷་སྟེ་ཆོག་ཤེས་ བྱ་ཡི་འདོ༷ད་པ༷་ཀུན༷་ལ༷་ཅི་བདེར་ལོ༷ངས་སྤྱོ༷ད་ཅིང༷་སྔག༷ས་ཀྱི༷་ཡ༷ན་ལ༷ག་ལྷར་གསལ་སོགས་ཇི་སྐད་བཤད་པ་ཀུན་ལྟར་སྔགས་ཀྱི་ཡན་ལག་མ༷་ཉམ༷ས་བཟླས༷་པར་བྱའོ། ། གཉིས་པ་ལ། དགོངས་པ་ལུང་སྟོན་གྱི་ལུང་གིས་བཤད་པ་དང་། རྒྱུད་ཕྱི་མ་ལ་སོགས་པ་སྣ་ཚོགས་པའི་ལུང་གིས་བཤད་པ་དང་། གཉིས་མེད་རྣམ་རྒྱལ་ ལ་སོགས་པའི་ལུང་གིས་བཤད་པའོ། །དང་པོ་ནི། བཤ༷ད་པ༷་འདི༷་ཉི༷ད་སླར༷་བཤ༷ད་པ༷། དགོ༷ངས་པ༷་ལུང༷་བསྟ༷ན་པ༷འི་རྒྱུ༷ད་ལ༷ས་གསུང༷ས་པ༷ས་དེ༷་ལ༷་འཇུག༷་པ༷ར་བྱ༷་སྟེ། དེ༷་ནས༷་ དཔ༷ལ་ལྡན་ཕྱག་ན་རྡོ་རྗེ་དང་སྣང༷་མཛད་ཆེ༷་སྟེ་རྡོ་རྗེ་འཆང་ཆེན་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱབ༷་བད༷ག་ལ༷་ནི༷་སླར༷་གསོ༷ལ་བ༷་འདིས་སེ༷མས་ཅ༷ན་གྱི་རིགས་སྣ་ཚོགས་ཐ༷མས་ 8-9-11a ཅ༷ད་སྐྱེད༷་པ༷་པོ༷་རྣམ་པ་སྣ༷་ཚོ༷གས་སུ་སྣང་བའི་གཟུག༷ས་ཅ༷ན་སེམས་འདི༷་ནི༷་ཇི༷་ལྟར༷་སྣང་བ་དེ༷་བ༷ས་སམ་དེ་ལྟར་དངོ༷ས་པོ༷་མེ༷ད་གྱུར༷་ཏེ་རང་བཞིན་མེད་རུང་ཆོས་ ཐམས་ཅད་སྐྱེ་བར་འགྱུར་ཀྱང༷་རྒྱུ་རྐྱེན་ཕྲད་ནས་དངོས་པོ་སྲི༷ད་པ༷་དག༷་ཏུ༷་ར༷བ་ཏུ༷་གྲ༷གས་པ་དེའི་རང་བཞིན་ནི་དོན་དམ་བྱང༷་ཆུབ༷་སེ༷མས་ནི༷་མཁ༷འ་དང་མཉ༷མ་པ༷་ལེ༷གས་པ༷ར་རྗེས༷་སུ༷་ མྱོང༷་མཛ༷ད་པ་དེ་ལྟ་བུ་འགྲོ༷་བ༷འི་དོ༷ན་ནི༷་མཛ༷ད་པ༷་པོ༷་སྐྱེ༷་བོ༷་མཆོག༷་ལ༷་དེ༷་བསྟན༷་གསོ༷ལ་ཏོ། །རྒྱུད་ཀྱི་སྒྲུབ༷་པ༷་ཡི༷་ནི༷་ཐབ༷ས་ཙམ༷་ཞི༷ག་ཤེ༷ས་ན༷ས་རྒྱུད་རྣམས་འཆ༷ད་པ༷ར་བྱེ༷ད་པ་འདི༷་ ལྟར༷་བད༷ག་ནི༷་རྡོ༷་རྗེ༷་སློབ༷་དཔོ༷ན་ཡིན་ཏེ་བླ་མ་ལས་ཐོས་ནས་རྒྱུད་ཤེས་སོ་ཞེ༷ས་མ༷་འོ༷ངས་པ༷་ན༷་སྨྲ༷་བ༷ར་འགྱུ༷ར་བ་དག༷་གི༷་ཚི༷ག་ནི༷་འདི༷་ཉི༷ད་དག༷་སངས་རྒྱས་ཀྱི་དགོངས་པ་ཡི༷ན་ཞེ༷ས་སྨྲ༷་ ཞིང༷་བྱིས༷་པ༷་རྣམས་འཇི༷ག་སྟེ་ཆུད་ཟའོ། །སློབ་དཔོན་ངན་པ་དེ༷་ནི༷་སངས་རྒྱས་ཀྱིས་དགོ༷ངས་པ༷འི་དོན་དམ་བྱང་ཆུབ༷་སེ༷མས་ཇི༷་བཞི༷ན་པའི་དོ༷ན་དུ༷་མི༷་ཤེ༷ས་སོ། །དེ༷་ནས༷་བད༷ག་ པོ༷་བཅོ༷མ་ལྡ༷ན་འད༷ས་རྣ༷མ་པ༷ར་སྣང༷་མཛ༷ད་ཐུབ༷་ཆེན༷་གྱིས༷་ལེ༷གས་ཞེ༷ས་ལན༷་གསུམ༷་གསུང༷ས་མཛ༷ད་ནས༷་ལ༷ག་ན༷་རྡོ༷་རྗེ༷་ལ༷་འདི༷་གསུང༷ས་ཏེ་མི༷་རྟོག༷་པའི་དོ༷ན་གྱི༷་དེ༷་ཉི༷ད་གཞན་གྱིས་མི་རྟོག་ 8-9-11b པ་སྔགས་ཀྱི་དོན་གྱི་ཞེས་ཀྱང་ནི༷་རབ༷་ཏུ༷་ཕྱེ༷་ན༷ས་བཤ༷ད་པ༷ར་བྱ་སྟེ་ངག་ཏུ་སྔགས་བརྗོ༷ད་པ་ད༷ང་སེམས་ཀྱིས་སངས་རྒྱས་སུ་དམི༷གས་པ༷ར་བཅས༷་པ༷་ད༷ང་། དེ་ཉིད་བརྡ༷ར་གྱུར༷་མིང་ད༷ང་ནི༷། དེའི་དེ་ཁོ་ན་ཉིད་དོ༷ན་ད༷མ་མོ༷། །དེའི་དོན་བཤད་པ་ཚིག༷་གི༷་བརྗོ༷ད་པ༷་འཇིག་རྟེན་གྲགས་པ་ཐུན༷་མོང༷་སྟེ༷་ཡི་གེའི་ཕྱི་མོ་ལས་སྔགས་བཏུས་པ་དེ་ངག་ཏུ་བརྗོད་པའོ། །དམི༷གས་པ༷ར་བཅས་ པ༷་སྔགས་ལས་བསྐྱེད་པའི་སང༷ས་རྒྱས༷་ཉི༷ད་དམ་སངས་རྒྱས་ཀྱི་ངོ་བོར་དམིགས་པའོ། །སྔ༷གས་ཀྱི༷་དེ༷་ཉི༷ད་འབྲུ་གསུམ་མམ་སྙིང་པོ་ཉེ་སྙིང་སོགས་མིང་གི་སྒོ་ནས་དོན་མཚོན་པའི་བརྡ༷་ རུ༷་བཤ༷ད་པའི་རྡོར་བཟླས་སོ། །དོ༷ན་ད༷མ་དེ་དག་གི་རང་བཞིན་སྟོང་པ་སྤྲོས་བྲལ་འོད་གས༷ལ་དེ༷་བཞི༷ན་ཉི༷ད་ཡི༷ན་ནོ༷། །སྔགས་བཏུ་བ་གསུངས་པ་ད༷ང་པོ༷་ཨ་གཅི༷ག་ནི༷་སྡེ་ཚན་དགུ་ཡི་དབུས༷་ ན༷་གནས་སོ། །ག༷ང་ཞིག༷་སྡེ་ཚན་བཅུ༷་ཡི༷ས་མ༷་བཅིང༷ས་པ། སྡེ་ཚན་ཨ་གཅིག་པུ་ཧ་དེ༷་ཉི༷ད་སྡེ་ཚན་དུ་བསྡུས་པའོ། །བཅིང༷་མེ༷ད་ཅེས༷་ཡང་ན་དེའི་ཕ་རོལ་དུ་ཡི་གེ་གང་ཡང་མེད་པས་དེས་ མ་བཅིང་པ་ཞེས་བྱ༷་སྟེ༷་དེ༷་ཤེ༷ས་པ༷་ནི༷་མཆོག༷་ཀུན་གི༷་གན༷ས་ཏེ་རྟོགས་པའོ། །མདོར་ན་དབྱང༷ས་ད༷ང་གས༷ལ་བྱེ༷ད་ཡི༷་གེ༷་སྟེ༷་སྡེ་ཚན་གྱི་གྲང༷ས་དགུ༷་ཡི༷་ནི༷་རྗེས༷་འཇུག༷་པ༷་དེ་དག་ཨ༷་གཅིག་པུས༷་བཅིང༷ས་ 8-9-12a ནས་ཕ༷ན་ཚུན༷་ཡ༷ང་དག༷་སྦྱོར་བ་སྟེ་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོའམ་རང་གི་ངོ་བོ་ཉིད་དུ་ག༷ང་གི༷ས་དེ་ལྟར་ཤེ༷ས་པ་དེ༷་ནི་འགྲོ༷་བའི༷་བླ༷་མའི་ས་ཐོབ་བོ། །དེས་ཨ་དོན་འོད་ གསལ་ལོ། །འབྱུང༷་བའི༷་མཐ༷འ་འབྱུང་བ་བཞིའི་མིང་དེའི་མཐའ་ནི་དབྱངས་བཞིའི་མཐའི་ཨུ་ཨཱུ་གཉིས་པོ་ཞེས་འཆད་པའང་ཡོད། ཧ་ད༷ང་ཡ༷ང་ད༷ག་ལྡན༷། དང་པོ་ཆ༷་ལ༷་སོ༷གས་པ༷་དབྱངས་བཅུ༷་དྲུག༷་གན༷ས་སོ། །བཅུ་དྲུག་ཆ་ནི་དང་པོར་གནས། ཞེས་ཀླུ་བྱང་འགྲེལ་ན་འདུག །ཨཱ་དིའི་ སྒྲ་དང་པོ་སོགས་སྒྲ་གཉིས་ཀར་འཇུག་པའི་དང་པོ་ལ་འཇུག་པ་ལེགས་སོགས་སྒྲ་ལྟར་བཤད་དཀའོ། ། ཀ་སོགས་སྡེ་ཚན་ལྔ་པོ་དེའི་དང་པོ་ལྔ། གཉིས་པ་ལྔ་སོགས་ལྔ༷་པ༷་ལྔ༷་ད༷ང་ཡ༷ང་ད༷ག་ལྡ༷ན་ཞེས་པའོ། །འབྱུང་བའི་མཐའ་སོགས་འདི་ལ་འཆད་ཚུལ་མང་སྟེ། སྔགས་བཏུ་གཞི་ དབྱངས་གསལ་བཤད་པ། ཡི་གེ་ཐམས་ཅད་འབྱུང་བའི་གཞི་མཐར་ཐུག་ཨ་ཐུང་ངུ་དང་ཡང་དག་ལྡན་པའི་དབྱངས་དང་པོའི་ཆ་ལ་སོགས་བཅུ་དྲུག་ཏུ་གནས་པ་དང་། ཀ་ཙ་ཊ་ཏ་པའི་ སྡེ་པ་ལྔ་པ་ནང་གསེས་ལྔ་རེ་དང་། ཡང་དག་ལྡན་མཐར་གནས་བཞི་ནི་དང་པོ་དཔྱོད་དྲོད་གསུམ་དུ་ངེས་པར་སྦྱར༷། ཡི་གེ་ཞེ་དགུ་ནི་སྔགས་བཏུ་བའི་གཞིའོ། །ཡང་ན་འབྱུང་བའི་མཐའ་ཧ་ལ་ 8-9-12b བཤད་ནའང་ཞེ་དགུའོ། །ཀླུ་བྱང་གིས་འབྱུང་བའི་མཐའ་འབྱུང་བཞིའི་ས་བོན་མཐར་གནས་བཞིའི་མཐའ་ན་གནས་པ་ཤའོ། །ཡང་དག་ལྡན་དེ་རྣམས་ཀྱི་དང་པོ་ཡ། བཅུ་དྲུག་ཆ་ དབྱངས་རྣམས་ཀྱི་དང་པོ་ཨ། ལྔ་པ་ལྔ་ནི་ཀ་སོགས་སྡེ་ལྔ། ཡང་དག་ལྡན་དེ་རྣམས་ཀྱི་དང་པོ་ཀ །དེ་ལྟར་ཨ་ཀ་ཡ་ཤ་སྟེ་འབྱུང་ཆེན་བཞི་དང་ལྷ་མོ་བཞི་ལས་བཞི་དང་། དགའ་ བཞིའི་རང་བཞིན་ཅན་བཞི་ནི། ཡི་གེ་འབྲུ་གསུམ་དུ་ངེས་པར་སྦྱར་ཏེ། ཤེས་རབ་རང་བཞིན་ཨའི་སྡེ་ཚན་ཡི་གེ་ཨཱ་ཐབས་ཀྱི་རང་བཞིན་ཀ་སོགས་སྡེ་ཚན་ཡི་གེ་ཧཱུྃ། གཉིས་ཀའི་ རང་བཞིན་གྱི་ཡ་དང་ཤ་དག་ནི་ཨོཾ་སྟེ། རྡོར་ཕྲེང་ལས། ཆ་གཉིས་པ་དང་དགུ་པ་ཉིད་དུ་བཤད། སུམ་ཅུ་བཅུ་པ་ལྔ་པ་ས་བོན་ཉིད། ཆ་གཉིས་པ་དང་ལྔ་པ་དྲུག་པར་ལྡན། རྣམ་བྱུང་ དེ་ནི་ཐིག་ལེ་ཡིན་པར་བརྗོད། ཅེས་གསུངས་ཏེ་སྒྲ་ཇི་བཞིན་པའོ་གསུངས། ཡང་དབྱངས་གསལ་གྱི་ཡི་གེ་གང་ཞིག་སྔར་བཤད་པ་དེ་རྣམས་གང་ཡང་རང་རང་གི་མཚན་ཉིད་ལ་མངོན་ པར་ཕྱོགས་པས་ཕོ་མོ་མ་ནིང་དུ་དབྱེ་བ་སོགས་སོ། །ཀླུ་བྱང་གིས། མངོན་པར་ཕྱོགས་པ་ཞི་སོགས་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པའི་མཐར་གནས་དང་དྲོ་བའི་ཡི་གེར་བཤད་ 8-9-13a པ་གང་ཡིན་པའོ། །ཞེས་གསུངས། དབྱངས་ཀྱི་སྡེ་ཚན་ནི་བུད་མེད། གསལ་བྱེད་སྡེ་ལྔ་ནི་སྐྱེས་པ། མཐར་གནས་དང་དྲོ་བ་ནི་མ་ནིང་ཞེས་གསུངས། ཁམས་ལ་སོགས་པ་ནི། ཁམས་ནི་བྱིངས་དང་ལ་སོགས་པས་རྐྱེན་དང་རྟགས་དང་རྣམ་དབྱེ་དང་བྱེད་རྐྱེན་དེ་ཕན་དང་། བསྡུ་བ་དང་། བྱེད་པ་དང་། སྐྱེས་བུ་དང་། བདག་དོན་ དང་། གཞན་དོན་དང་། བྱེད་པ་བྱ་བ། དུས་ཀུན་དང་འབྲེལ་པ་དང་། སྐྱེས་བུ་དང་། ཡི་གེ་དང་། ཚིག་ངག །ངག་ཆེན་པོ་སོགས་ཀྱི་བྱེ་བྲག་ཏུ་ཡོངས་སུ་བརྟགས་ཏེ་ཐ་སྙད་དུ་བྱས་ ཞེས་སོ། །ཡང་བཤད་ཚུལ་གཅིག་ལ། དང་པོ་གཅིག་དགུ་དགུ་ཆ་དང་པོ་བཅུ་དྲུག་གི་གནས་ཨ་བཅུས་འབྱུང་བའི་མཐའ་དང་། མ་བཅིངས་པ་ཧ། ལྔ་པ་ལྔ་ནི་མ། བཞི་ནི་ཨ་ཧ་ཨུ་མ་བཞི། དེ་ལས་ཨོཾ་ ཨཱཿཧཱུྃ་བསྒྲུབ་པའོ། །སྡེ་ཚན་དགུ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་བཅུ་ནི་སྡེ་ཚན་དང་པོའོ། །ང་ཉ་ན་མ་གཉིས་པ། ཀ་ཁ་ག་གྷ་གསུམ་པ། ཙ་ཚ་ཛ་ཛྷ་བཞི་ པ། ཊ་ཋ་ཌ་ཌྷ་ལྔ་པ། ཏ་ཐ་ད་དྷ་དྲུག་པ། པ་ཕ་བ་བྷ་བདུན་པ། ཡ་ར་ལ་ཝ་བརྒྱད་པ། ཤ་ཥ་ས་ཧ་དགུ་པའོ། །ཡང་ལུགས་གཅིག །དབྱངས་ལས་མ་ནིང་བཞི་དང་ཨཾ་ཨཿ 8-9-13b བྲལ་བ་དང་པོ། དེ་ནས་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བདུན་དང་བརྒྱད། དེ་སྟེང་མ་ནིང་གི་སྡེ་ཚན་དྲུག་བསྣན་པས་དགུར་བཤད་པའང་སྣང་། དང་པོའི་ཨ་གཅིག་ནི་སྡེ་ཚན་དགུའི་དབུས་ན་ གནས་པ་སྟེ་ཀུན་ལ་ཁྱབ་དེ་ལྟར་ཡི་གེ ། ༤༩ འོ། ཨ་ཨུ་མ་གསུམ་ལས་ཨོཾ། ཧ་ཨཱུ་མ་ལས་ཧཱུྃ། ཨ་གཉིས་ཚེག་དྲག །མ་ལས་ཨཱཾཿ དེ་ལ་ཚེག་དྲག་བཞག་སྟེ་ཀླད་ཀོར་མ་དབྱི། ཡང་ སྡེ་ཚན་དགུ་ནི། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ། དབྱངས་ཐུང་ངུའི་སྡེ་ཚན། ཨཱ་ནས་ཨཻ་ཨཽ་ཨཱཿབར་རིང་མོའི་སྡེ་ཚན། ཀ་ཁ་ག་གྷ་ང་སོགས་སྡེ་ལྔ། ཡ་ར་ལ་ཝ། ཤ་ཥ་ས་ཧ་བར་ སྡེ་བདུན་ནོ། །གང་ཞིག་བཅུས་མ་བཅིངས་པ་ནི། ཨ་རང་ལའང་གཞན་པའི་སྡེ་ཚན་དགུ་དང་རང་བཅས་བཅུའོ། །དེས་བཅིངས་པ་ནི་དེས་ཀུན་ལ་ཁྱབ་ཅིང་། དེ་ཉིད་ལ་བཅུས་ མ་ཁྱབ་པ་དེ་ནི་སུས་ཀྱང་བཅིངས་མེད་ཅེས་གསུངས་ཏེ་ཡི་གེ་གཞན་ཐམས་ཅད་ཀྱི་ཁོང་ན་གནས་པ་སྲོག་གི་ཨའོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། ཅེས་པ་བཞིན་ནོ། །དེ་ཤེས་པ་སྔགས་ཀྱི་མཆོག་གི་ཚུལ་ལམ་གནས་ཡིན་ནོ། །འདིའི་སྦས་དོན་ཕུང་ལྔ་འབྱུང་ཆེན་བཞིའི་དབུས་ན་གནས་ཀྱང་དབང་ཡུལ་ 8-9-14a བཅུས་མ་བཅིངས་ཤིང་མ་བསྒྲིབ་པའི་སེམས་ཉིད་ཆོས་སྐུ་གནས་པ་ནི་ཡེ་ནས་བཅིང་མེད་རང་བཞིན་རྣམས་ཡིན་ལ། དེ་ཤེས་པ་ནི་མཆོག་གི་གནས་དོན་དམ་ རྟོགས་པའོ། །ཞེས་སོ། །དེ་བཞིན་འོད་གསལ་སྒྱུ་ལུས་སོགས་དང་སྦྱར་སྤྱི་སྦས་སོགས་ཀྱི་བཤད་པ་མང་པོ་སྣང་ངོ་། །སྡེ་ཚན་དགུས་དེ་མ་བཅིངས་ལ་དེ་ཡི་གོང་ན་གཞན་མེད་པའི་ ཕྱིར་བཅུས་མ་བཅིངས་པ་ཞེས་སོ། །ཡ་ར་ལ་ཝ་བཞི༷་ནི༷་ཤ་ཥ་ས་གསུམ༷་དུ༷་ངེས༷་པ༷ར་སྦྱར༷། སྦྱར་ཚུལ་ཡི༷་གེ༷་ཨོཾ་ཀྱང་ཨཱ༷ཾ་བཅས་ཞེས་ཐིག་ལེ་དང་བཅས༷་པ་དང་རི༷ང་པོ༷ར་བཅས༷་ ཨ་ཨུ་ལས་ཨོར་སོང་བ་ཡོ༷ན་ཏན༷་དང་དང་པོ་དང་གསུམ་པ་ལ་ཐིག་ལེ་སྦྱོར༷་བ་དང་ཧ་མ་ཨུ་སྦྱར་བ་སོ༷གས་ཕྱིས༷་ཕྱོགས་དང་མཚུངས་པ་ཞེས་ཀྱང་འདུག །ད༷ང་ལྡ༷ན་ཞེས་བསྒྱུར་བའང་ཡོད། དེ་ལྟ་ན་ཡི་གེ་ཕྱིས་པའོ། ། སོགས་སྒྲས་ཕྱིས་པ་བསྟན་ན་ཕྱིས་དང་ཞེས་པ་བདེ༷འོ། །ཨ་ཐུང༷་ངུ༷་ནི་མ༷་ལུས༷་པའི་ངག༷་ཏུ༷་གྱུར༷་སྟེ་ངག་གིའོ། །ཅོག་གི་ངོ་བོའོ། །དེ་དག་གིས་དུ་མར་ བརྗོད་པས་གཅི༷ག་མི༷ན་རང་གི་ལྡོག་པ་ནས་དུ༷་མ༷འ༷ང་མ༷་ཡི༷ན་ན༷། དབྱངས་གསལ་གྱི་ཡི༷་གེ༷་ག༷ང་ཞིག༷་སྔར༷་བཤ༷ད་པ༷་ཁ་ཚ་སོགས་དང་ག༷ང་ཡ༷ང་དེ་སྲོག་ཏུ་ཞུགས་ནས་སམ་མཐར་ཐུག་ 8-9-14b གི་སྔགས་ལ་མངོ༷ན་པ༷ར་ཕྱོག༷ས་པ༷་ཀ་དང་ཙ་ལ་སོགས་པ་རྣ༷མས་གསལ་བྱེད། དབྱངས་བུ༷ད་མེ༷ད་གསལ་བྱེད་སྐྱེས༷་པ༷་རྀ་ལྀ་སོགས་མ༷་ནིང༷་སྟེ༷་དེ་དག་རྐྱང་པ་སོགས་སམ་ཡང་ན་བྱིངས་ དང་། རྣམ་དབྱེ་ཁ༷མས་ལ༷་སོ༷གས་པ༷ར་ར༷བ་ཏུ༷་བརྟག༷་པར་བྱའོ། །མཐའ་མ་འོ༷ག་ད༷ང་ཡང་འོག་ཏུ་འཇུག་སྟེ་སྟེང་དུ་འབྱུང་བ་ལྡན་པ་གནས་པ་ཞེས་གསུངས། དང་པོ་སྟེང༷་དུ༷་བཅ༷ས་ལྡན་པ༷ར་ནི༷་ཤེ༷ས་ན༷ས་ཞེས་པའི་ཤུགས་ཀྱིས་དབུས་ཀྱང་འབྱུང་ངོ་། །བློ༷་ ཡིས༷་ཏེ་ཤེས་རབ་ཀྱིས་ནི༷་ངེ༷ས་པ༷ར་དང་པོ་ཨོཾ། དབུས་ན་ཨཱཿ ཐ་མ་ཧཱུྃ་སྦྱར༷་བས་དངོས་གྲུབ་ཐོབ་བོ། །དེ་ལྟར་བརྗོ༷ད་ པ༷་ཡི༷་ནི༷་སྔ༷གས་འདི་ནི་སྔགས་ཀྱི་བརྗོད་པ་སྟེ་ཞེས་འདི༷་དག༷་སྙིང་ག་ན་གནས་པའི་སྒྲ་གདངས་གཞོམ་མེད་ཀྱི་རང་བཞིན་ཡིན་པས་སྒྲ་རང་མཚན་པའི་དངོ༷ས་མེ༷ད་པའམ་ཡང་ན་ངོ་བོ་ ཉིད་མེད་པའི་ངོ༷་བོ༷་ལ༷ས་བྱུང༷་བ༷འོ༷། །སྔགས་སམ་ཡི་གེ་དེ༷་ནི༷་ཡོ༷ངས་སུ༷་གྱུར༷་པ༷འི་གཟུག༷ས་རྣམ་སྣང་སོགས་ལྷ༷་རུ༷་ཉེ༷་བ༷ར་མཚོན་པ༷་ག༷ང་དེ༷་ནི༷་ལྷར་ཉེ༷་བ༷ར་དམི༷གས་པ༷འོ༷། །བ༷རྡ་ ནི་འབྲུ་གསུམ་དེ༷་ཉི༷ད་རྡོ་རྗེ་གསུམ་ལུས་ངག་ཡིད་གསུམ༷་དུ་གན༷ས་པ༷་ར༷ང་བཞི༷ན་བཟླས༷་པའི༷་མཚན་ཉི༷ད་དོ༷། །བརྡ་ཞེས་པ་ནི་ཡི་གེ་ཕན་ཚུན་འཚོགས་པའི་སྟབས་ཀྱིས་ཉེ་སྙིང་ 8-9-15a སྙིང་པོ་ཕྲེང་བའི་སྔགས་སོགས་སྦྲུལ་ལྟ་བུར་འབྲེལ་བར་གནས་པ། མགོ་ཅན་མཐའ་རྟེན་ཅན་ལ་སོགས་པའི་སྔགས་དེ་དག་ལས་དེ་དང་དེ་མངོན་པར་ བརྗོད་པའམ་བརྡར་གྱུར་པ་ཡིན་པ་སྤྱིར་བཤད་པ་དང་། སྔགས་ཐམས་ཅད་རྩ་བ་ཡི་གེ་གསུམ་ལ་བསྡུས་ཏེ། རླུང་འབྱིན་འཇུག་གསུམ་དང་སྦྱར་བ་སྲོག་གམ་རླུང་གི་དེ་ཉིད་གསུམ་ དུ་རང་བཞིན་བཟླས་པའོ། །གཞི་གཞོམ་མེད་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཨ༷་ཡི༷ག་གིས་མཚོན་པའོ་ཨ་འབའ་ཞིག་ལ་བརྟེན་པ་ཡེ་ཤེས་ནི་ཞེས་བཤ༷ད་པ༷འི་ཡེ༷་ཤེ༷ས་མཐའ་གང་དུའང་ མི་གནས་པའི་གཉུག་མའི་སེམས་ནི༷་སང༷ས་རྒྱས༷་ཀུན༷་གྱི༷་སྙིང༷་པོ༷ར་གྱུར༷་པའོ། །དེ་ལས་སྤྲོས་པའི་ཨོ༷ཾ་འཇུག་པའི་རང་བཞིན་གྱིས༷་སེ༷མས་ཅ༷ན་རྣམས་ནང་དུ་ཡ༷ང་དག༷་སྡུད་པར་ བྱེད་ལ། སྔགས་དེ་ཉིད་སང༷ས་རྒྱས༷་སྐུར༷་ནི་ར༷བ་ཏུ༷་བརྟག །ཧཱུ༷ྃ་སྲོག་གི༷ས་རང་བཞིན་གྱིས་སེ༷མས་ཅ༷ན་ཡ༷ང་དག༷་སྤྲོ༷་ཞིང་། སངས་རྒྱས༷་ཐུག༷ས་སུ༷་ར༷བ་ཏུ༷་བརྟག །ཨཱ༷ཿནི༷་ མཉམ་པའི་རང་བཞིན་གྱི་གན༷ས་པ༷ར་གྱུར༷་པའོ༷། །སང༷ས་རྒྱས༷་གསུང༷་དུ་ར༷བ་ཏུ༷་བརྟ༷ག་སྟེ། དེ་ལྟར་དབུགས་འཇུག༷་པ༷་ཉི༷ད་ད༷ང་གན༷ས་པ༷་ད༷ང་ལྡང༷་བ༷་ཡི༷་ནི༷་རི༷མ་གྱིས༷་ཀྱང༷་། 8-9-15b ཤེ༷ས་ར༷བ་སྟེ་དོན་དམ་ཤེས་རབ་སྟོང་པ་དང་ཐ༷བས་ཀྱི༷་ཀུན་རྫོབ་སྣང་བ་ཉིད་ཐ་མི་དད་པའི་གཞི༷ར་གནས་ཏེ༷་སྔག༷ས་འབྲུ་གསུམ་པོ་ཉིད་ཀྱི༷་ཡ༷ན་ལ༷ག་དེ་ལྟ་བུ་རླུང་གདངས་སུ་ཤར་བ་དེ་ ལྷ་དང་ཐ་མི་དད་པའི་ཚུལ་མ༷་ཉམ༷ས་བཟླས་པར་བྱའོ། །ཡང་ན་ཐབས་ཤེས་སྙོམས་ཞུགས་ཀྱི་རིམ་པས་ཀུན་རྫོབ་དང་དོན་དམ་ཐ་མི་དད་པར་བཟླས་ཤིང་ཉམས་སུ་མྱོང་བར་ བྱའོ། །ད་ནི་རླུང་གི་གྲངས་ཀྱིས་བཟླས་པའི་གྲངས་བཤད་པ། འདིར་ལྐོག་མ་ལ་སོགས་གནས་བཞིར་མེ་སོགས་དལ་ལ་གོས་དཀར་སོགས་ལྷ་མོ་བཞིའི་ཀུན་རང་བཞིན་ཅན་བཞི་ བསྒོམ་གསུང་། གོ༷ས་དཀ༷ར་ལ༷་སོ༷གས་དཀྱིལ་འཁོར་བཞིར་བཟླས༷་བཤ༷ད་པ༷་དེ་ཡང་ནང་གསེས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཡིན་པས། འབྱུང་ཆུང་རེ་རེ་ལ་དབུགས་ བརྒྱ་ཕྲག༷་གཉི༷ས་ད༷ང་ཉི༷་ཤུ༷་ལྔ༷་འབྱུང་ཆུང་བཞི༷་པོ༷་ལེ༷གས་པ༷ར་བསྡུས་པ༷་ནི༷་སྦྱོར༷་བཞི༷་བསྡུས༷་པ༷་བརྒྱ༷་ཕྲག༷་དགུ༷་སྟེ་འབྱུང་ཆེན་ལའོ། །དེ་ལྟར་དབུགས་དགུ༷་བ༷རྒྱ་དག༷་ཏུ༷་ག༷ང་ བསྟན༷་པ༷་ཉིན་མཚན་མ་རིག་པ་སོགས་དུས་སྦྱོར་རྟེན་འབྲེལ་ཚན་གཉིས་ཉི༷་ཤུ༷་རྩ༷་བཞི༷འི་རི༷མ་གྱིས༷་ནི༷་དེ༷་ནི༷་སོ༷་སོ༷ར་འབྱུང༷་བ༷་ལ༷ས་ཉི༷་ཁྲི༷་ཆི༷ག་སྟོ༷ང་དྲུག༷་བརྒྱ༷་རྒྱུའོ༷། །དེ་ཡང་ཉིན་ 8-9-16a ཞག་གཅིག་ལ་སྤྱིར་ཆུ་ཚོད་དྲུག་ཅུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ཅིང་ཉིན་ཐུན་བཞི་མཚན་ཐུན་བཞི་སྟེ་བརྒྱད་ཀྱི་ཐུན་རེ་རེ་ལ་ཆུ་ཚོད་ཕྱེད་བརྒྱད་ཡོད་ པ་དེའི་ནང་དུ་དཀྱིལ་འཁོར་བཞི་ལ་རྡོར་བཟླས་ཉིས་སྟོང་བདུན་བརྒྱ་ཡོད་པས་ཉིན་ཐུན་བཞི་ལ་ཁྲི་བརྒྱད་བརྒྱ་དང་། མཚན་མོའང་དེ་འདྲ་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བཟླས་ གྲངས་འགྲོའོ། །གཉིས་པ་རྒྱུད་ཕྱི་མའི་ལུང་ལ་སོགས་པ་སྣ་ཚོགས་པའི་ལུང་གིས་བཤད་པ་ནི་ནང༷་གི༷་དུས༷་འདི༷་ཉི༷ད་གས༷ལ་བ༷ར་བྱ༷་བའི༷་ཕྱིར༷་གས༷ང་བ༷་འདུས༷་པ༷འི་རྒྱུད་ཕྱི༷་ མ༷་ལ༷ས། རླུང་དཀྱིལ་འཁོར་བཞིའི་གདངས་སྔགས་ལྷ་མོ་བཞི་སོགས་སུ་ཤེས་པའམ་རི༷ག་པའི༷་ཆོ༷་ག༷་འདི༷་ལྟ་བུ་ཡི༷ས་ནི༷་ཉིན་མཚན་གྱི་ཐུན༷་མཚ༷མས་བཞི༷ར་ནི༷་ར༷བ་སྦྱོར་བ༷ས་ མཚོན་བྱ་དཀྱིལ་འཁོར་མཚོན་བྱེད་རླུང་གི་གྲང༷ས་འབུ༷མ་གྱི༷་ནི༷་མཚ༷ན་ཉི༷ད་ཅ༷ན་གྱིས་འབྲུ་གསུམ་པོའི་སྔག༷ས་ཀྱི༷་ཡ༷ན་ལ༷ག་ལྷ་སྔགས་ཐ་མི་དད་པས་མ༷་ཉམས་བཟླས༷་ཞེས༷་གསུང༷ས་ པ༷་ད༷ང་། རྡོ་རྗེ་བཟླས༷་པ་ཉིད་བླང་བྱ་ཡིན་པར་བསྟན་པ་ནི་ནང་གི་རྣལ་འབྱོར་ཟབ་མོའི་བསྒོ༷མ་པ༷་ཡི༷་ནི༷་བ༷ར་ཆ༷ད་དུ༷་གྱུར་པ་ཅ༷ན་ཡིན་པས་རྣལ༷་འབྱོར༷་ཕྱི༷་རོ༷ལ་ངག་གི་བརྗོད་པ་ཕྲེང་བ་ 8-9-16b སོགས་སུ་གྲངས་བཟུང་སྟེ་བཟླས༷་པ༷་སྤང༷་ངོ་། །སྔགས་དོན་སོགས་ཀྱི་འགྲེལ་ཚུལ་ངག་ཏུ་བརྗོད་པའི་སྔགས་བཟླ་བའི་དོན་ནི་བསྒྲུབ་བྱའི་ལྷ་བཅོམ་ལྡན་རྡོ་རྗེ་ཅན་འགྲུབ་པའི་ ཆེད་ཡིན་ན། དེ་ནི་རང་གི་རླུང་འབྱིན་འཇུག་གསུམ་དང་དབྱེར་མེད་པའི་ཕྱིར་ལྷ་སྔགས་ཐ་མི་དད་རྡོ་རྗེ་ལྟ་བུའི་བདག་ཉིད་ཇི་ལྟ་བར་བཟླས་པ་བྱེད་པའི་ཚེ་གླང་པོ་རྙེད་ནས་གླང་རྗེས་ཚོལ་ བ་ལྟར། སྔགས་ཀྱི་ལུས་ཏེ་ལྷ་སྔགས་དབྱེར་མེད་ཀྱི་དོན་སྔགས་པ་རང་ཉིད་ཀྱིས་མངོན་དུ་གྱུར་ནས། སྔགས་ཀྱི་སྒྲས་ལྷ་གཞན་ཐུགས་དམ་བསྐུལ་བའི་སྒྲ་ཡི་བརྗོད་པ་ངག་ཏུ་ བཟླ་བའི་བཟླས་པ་ཇི་ག་ཚོལ་བར་བྱེད་དམ་ཞེས་འགྲེལ་ན་ལེགས་པར་སེམས། དེ་ལྟ་ན་བསྐྱེད་རིམ་པའང་སེམས་དཔའ་གསུམ་གྱི་རྣལ་འབྱོར་དང་ལྡན་པའི་སྤྱན་དྲངས་མཆོད་པ་ སོགས་བྱེད་པའང་རྫོགས་རིམ་པ་ལ་མི་དགོས་སམ་སྙམ་ན། དེ་འབྱིན་འཇུག་གི་སྔགས་ཀྱིས་བྱེད་ཀྱིས་གཞན་མི་དགོས་ཞེས་འཆད་ན་ལེགས། དེའི་ཕྱིར་བསྐྱེད་རིམ་ པའང་སྔགས་ཚེགས་ཆེན་པོ་བསྒྲུབ་པ་དེ་རྫོགས་རིམ་པས་འབད་རྩོལ་ཆེན་པོ་མི་དགོས་པར་འགྲུབ་བོ། །ཡང་འགྲེལ་ཚུལ་དཀྱུས་ལྟར་བཤད་ན་རྡོར་བཟླས་ཀྱིས་སྔག༷ས་ 8-9-17a ཀྱི་བསྒྲུབ་བྱའམ་དོ༷ན་བཅོ༷མ་ལྡ༷ན་རྡོ༷་ཀུན་རྗེ༷་ཅ༷ན་ཡིན་པ་རྡོ༷་རྗེ༷་འཆང་གི་བད༷ག་ཉི༷ད་དུ་གྱུར་ན་དེས་སྔགས་ཇི༷་ལྟར༷་བཟླས༷་དགོས་ཏེ་ཆུ་བརྒལ་ནས་གྲུ་མི༷་དགོས་ པ་སྟེ། གླང༷་པོ༷་སྔོ༷ན་དུ༷་རྙེད༷་གྱུར༷་ན༷ས་གླང༷་པོ༷འི་རྗེས༷་ནི༷་ཚོལ༷་བྱེ༷ད་ལྟར༷་སྔག༷ས་ཀྱི་ལུས༷་སམ་ཡེ་ཤེས་ཀྱི་ལུས་སུ་ར༷ང་ཉི༷ད་མངོ༷ན་གྱུར༷་ནས༷་གླང་རྗེས་ལྟ་བུའི་རྡོར་བཟླས་གཞ༷ན་དག༷་ ཇི༷་ག༷་འཚོ༷ལ་བྱེད་དམ། གཞ༷ན་ཡ༷ང་སངས་རྒྱས་རྡོ༷་རྗེ༷་འཛི༷ན་ག༷ང་ཞི༷ག་གིས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་སྤྱན་དྲངས་གཞུག་པ་གཤེགས་སུ་གསོལ་བའི་སྔགས་ ཀྱི་སྦྱོར༷་བ༷་གསུམ༷་དམ་ཡེ་ཏིང་འཛིན་སེམས་དཔའ་ད༷ང་ལྡ༷ན་པ༷་ཡི༷ས་ལྷ་སྤྱན༷་དྲང༷ས་པ་དང་གཤེ༷གས་སུ༷་གསོ༷ལ་བར་གྱུར༷་ད༷ང་དེ༷་བཞི༷ན་བཞུག༷ས་སུ༷་གསོལ་བ༷་ཉིད་དང༷་རྫོགས་རིམ་རྡོར་བཟླས་ཀྱི་ རྣལ་འབྱོར་པ་འཇུག་པའི་རླུང་གིས་གཞུགས་པ་ཡིས་ནི་ལྷ་སྔགས་དབྱེར་མེད་པའི་ངོ་བོའི་ལྷ་སྤྱན༷་དྲང༷ས་ཏེ༷་མྱུ༷ར་བ༷་འབྱུང་བའི་རླུང་གི་ཡི༷ས་ ནི༷་གཤེ༷གས་སུ༷་གསོ༷ལ་བ་དང་རང་བཞིན་གྱི་མཉམ་པའི་རླུང་གཉི༷ས་ཀ༷་མི༷ན་པ༷་ལ་བརྟེན་ནས་གནས་པ་དེ་ཡི་ཚེ་བཞུག༷ས་སུ༷་གསོ༷ལ་བའོ། །དེ་ལྟ་ན་སྤྱན་དྲངས་མཆོད་རབ་ 8-9-17b གནས་སོགས་མི་རུང་ངོ་སྙམ་ན་རྫོགས་རིམ་བསྒོམ་པ་དེས་དངོས་གྲུབ་དམ་པ་སྣ༷་ཚོག༷ས་ཀྱི་གན༷ས་རྣམས་སྐད་ཅིག་ཙམ་གྱི་གྲུབ༷་པ་ཁམས་གསུམ་པ་ཡང་དེའི་རང་བཞིན་དུ་ བྱེད་པའི་བླ༷་མེ༷ད་པ༷འོ། །དབུགས་མེད་དངོས་གྲུབ་དམ་པའོ། །ཞེས་པའི་འགྱུར་ལྟར་ན་འབྱིན་འཇུག་སོགས་གཡེང་བ་དང་མཚུངས་པར་གོམས་ཚེ་འཇུག་པ་སོགས་ བཀག་སྟེ་མ་ནིང་བཟླས་པ་གོམས་པའི་དབུགས་མེད་པའོ། །རླུང་གི་རྒྱུ་བ་དྷཱུ་ཏིར་འགག་པའི་དབུགས་མེད་དངོས་གྲུབ་དམ་པ་ཡེ་ཤེས་ཀྱི་སྐུ་འགྲུབ་པའོ་ཞེས་སུའང་བཤད་ སྣང་། རླུང་ལ་དབང་ཐོབ་པས་ཕྱིར་འབྱུང་བ་མྱུར༷་བ༷་ད༷ང་ནི་ནང་དུ་རྣམ༷་བསྡུས༷་ད༷ང་ནང་དུ་དལ་བུར་གནས་པའམ་དལ༷་བ༷་ཅ༷ན་དང༷་གནས་པའི་རླུང་དང་ཨོཾ་སོགས་ཀྱི་སྔག༷ས་ སྦྱོར༷་བ༷འི་ཚུལ༷་འདི༷་བླ༷་མ༷ས་སློབ༷་མ༷འི་རྣ༷་དྲུང༷་དུ༷་ར༷བ་ཏུ༷་འབ༷ད་དེ༷་བཤ༷ད་པ༷ར་བྱ་བའི་གསང་བ་ཡིན་གྱི་ཐམས་ཅད་དུ་བསྒྲག་བྱ་མིན་ནོ། །འདི་བཞི་དགའ་བཞི་ལ་སྦྱར་བའང་སྣང་ ངོ་། །རྡོ་རྗེའི་བཟླས་པའི་བྱེ་བྲག་གཞན་ཡང་དེ༷་ནས༷་རྣལ༷་འབྱོར༷་དབ༷ང་ཕྱུག༷་རྫོགས་རིམ་པ་དག་གི་ཉམས་ལེན་ཐབ༷ས་ཀྱི༷་དམ༷་པ༷་བསྟན༷་པ༷འི་ཕྱིར༷་རྣལ༷་འབྱོར༷་གྱི༷་འབྲ༷ས་བུ༷་ 8-9-18a མངོན་སུམ་རབ༷་ཏུ་སྟེར༷་བའི༷་ཤིན་ཏུ་གས༷ང་བ༷འི་ཡི༷་གེ༷་བཤ༷ད་པ༷ར་བྱ༷་སྟེ་དེ་ཤེས་ན་བསྒོམ་པ་ལྟ་ཞོག་གི་གང༷་ཞིག༷་བས༷མས་པ༷་ཙམ༷་གྱིས༷་ནི༷་རྣལ༷་འབྱོར༷་ ཅན་ལ་མཆོག་སྟེར༷་བར་འགྱུར༷་རོ། །གསང་བའི་ཡི་གེ་གསུམ་གྱི་ནང་ནས་ཀྱང་ཐུགས་ཀྱི་ངོ་བོ་ཧཱུྃ་ནི་གསང་བའོ། །ཆོས་དབྱིངས་ལས་མི་གཡོ་བས་ཡི་གེ། ནང་གི་བདག་ ཉིད་ཅན་གྱི་དམ་པ། ཐབས་དཀྱིལ་འཁོར་གྱི་ཆ་ཤས་བཞིའི་དབྱེ་བས་དགོད་པ་སྟེ། འདི་བསྒོམ་པས་ལྟེ་དཀྱིལ་ལ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ཡི་ གེ་ཨ་བསྒོམ། དེ་ལ་སྐད་ཅིག་གིས་འོད་ཟེར་གྱི་སྒོ་ནས་ཡི་གེ་གསུམ་སྤྲོས་ནས་གནས་སྤྱི་བོ་སོགས་ཇི་ལྟ་བར་བཀོད། དེ་ནས་སྔ་མ་བཞིན་དུ་ཀུན་བསྡུས་ནས་ཧཱུྃ་འབའ་ཞིག་ བསམས་ནས་དལ་བཞིར་ཆ་ཤས་རྣམས་རྣམ་པར་བསྒོམ་ནས་དེ་ཉིད་ལ་བརྟེན་ནས་དབུགས་གཏོང་བ་དང་རྡུབ་སོགས་གསུམ་བྱའོ་ཞེས་ཀླུ་བྱང་གིས་བཤད། དེས་དེ་ཡང་བསམ་ པ་ཙམ་གྱི་མཆོག་སྟེར་དེ་གང་ཞེ་ན་ད༷ང་པོ༷འི་ཡི༷་གེ༷་ཨ་སྦྱོ༷ར་བ༷་ཨོཾ་ཞེས་པ་ཡི༷ས་ཏེ། དང་པོའི་ཡི་གེ་ཨོཾ་གྱིས་རྔུབ། ཧཱུྃ་གིས་འབྱིན་པ་གཉིས་ཁོ་ནར་བཤད་པའང་སྣང་། དང་པོའི་ 8-9-18b ཡི་གེ་ཨ་ནི་ལྟེ་བའི་འཁོར་ལོའི་དབུས་ན་གནས་པ་གཞོམ་མེད་ཀྱི་ཡི་གེ་ཨ་ལས། རྟག༷་རྒྱུ༷་དབུག༷ས་ནི༷་རྔུབ་པར་སྤྲོ༷་བ༷ར་བྱ༷་ཞེས་པ་དེ་ལས་བྱུང་ནས་མགོ་བོ་ཧ་ཨཱུ་གསུང་འདྲ་ཞེས་སོ། །དེ་ཡང་ཡི་གེ་ཧཱུྃ་གི་སྒོ་ནས་དབུགས་ ནི་དབྱུང་བ་དང་རྡུབ་པ་དང་གནས་པ་གསུམ་བྱའོ་ཞེས་གསུངས། མགོ་མེད་ཧ་སྙིང་ཁར་གནས། མགོ་བོ་ཡོད་པ་མགྲིན་པ། ཟླ་ཚེས་སྤྱི་བོར། སྒྲ་ཨཱ༷་ཡི་གདངས་ལྟེ་བ། སྒྲ་ མཐའ་ཐིག་ལེ་གསང་བའི་པདྨ། སྡུད་པ་ལྟེ་བའི་མི་ཤིགས་པའི་ཐིག་ལེའོ། །ལྡང་བ་མགོ་བོ་མེད་པ། གནས་པ་མགོ་བོ་ཡོད་པ། འཇུག་པ་ སྒྲ་དང་། ཐམས་ཅད་སྡུད་པ་སྒྲ་མཐའོ། །ཅི་དགའི་སྟེ་རང་མོས་པ་ལྟར་ཡི་གེ་གཅིག་གིས་བཟླས་ཞེས་སོ། །འབྱུང་འཇུག་གསུམ་ཡི་གེ་གཅིག་གིས་བྱེད་པར་བཟླ་ཚེ་ཡི་གེ་ གཞན་གྱི་རྩོལ་བ་མེད་པས་ཅི་དགའི་བཟླས་པ་ཞེས་སོ། །དང་པོ་ཨོཾ་ཧཱུྃ་གིས་དགུག་གསུངས། ཨོཾ་གྱི་ཚད་ཐལ་མོ་བརྡབ་པ་ཕྱེད་གཉིས། ཨཱ་ཡང་ཐལ་མོ་བརྡབ་པ་ཕྱེད་གཉིས་ ཀྱི་ཚད་ཧཱུྃ་གི་ཚད་ཕྱེད་བཞི་འདི་མན་ངག་གོ་གསུངས། ཨོཾ་ཡེ་ཤེས་སྙིང་པོ་སྟེ་ཨོཾ་བརྟན་པས་དབུགས་དབྱུང་། ཧཱུྃ་སྐུ་གསུང་ཐུགས་མཉམ་པ་སྟེ་དེས་རྔུབ་པའོ་ཞེས་གསུངས་ 8-9-19a དཔྱད། བརྒྱ༷ད་པའི༷་མཐ༷འ་ཧ་ད༷ང་ལྡན༷་པ༷་ཡི༷་ཡི༷་གེ༷་ཧ་ཨཱུ༷་ནི་ཐི༷ག་ལེ༷ར་བཅས༷་ཞེས་ཧཱུྃ་བཏུ་བ་སྟེ་ཧཱུྃ་གིས་རྣལ༷་འབྱོར༷་པ༷་ནི༷། དབུག༷ས་གཏོ༷ང་བྱེ༷ད་འདི༷་ནི༷་ འདོད་པའི་བཟླས་པའམ་ཅི༷་དག༷འི་རང་བཞིན་རྣལ་མའི་བཟླས་པ༷ར་བཤ༷ད་ལ་འདོད་པ་ཡོངས་སུ་རྫོགས་བྱེད་ཀྱི་ཐུགས་རྡོ་རྗེ་འཆང་གི་ངོ་བོར་སྐུ་དང་གསུང་གཅིག་ཏུ་དབྱེར་མེད་འགྲུབ་བོ། ། བཟླས་པའི་གྲངས་ཀྱང་ཁྲི༷་ཕྲག༷་གཉི༷ས་དང༷་ཆི༷ག་སྟོ༷ང་ད༷ང་དེ༷་བཞི༷ན་དུ༷་ནི༷་བརྒྱ་ཕྲ༷ག་དྲུག༷་རྣལ༷་འབྱོར༷་དབ༷ང་པོ༷་ཉིན༷་མཚ༷ན་གྱི༷་བཟླས༷་བརྗོ༷ད་ཀྱི་ནི་གྲ༷ངས་བྱེ༷ད་དོ༷། །ལུང་གི་ཚད་མ་བསྟན་ པའི་ཕྱིར་དེ༷་ནི་འདི༷ར་རྒྱུད་ལ་ལར་གས༷ང་ཞི༷ང་རྡོ་རྗེའི་བཟླས་པར་དགོ༷ངས་པ༷་ཡི༷ས་དགོངས་པ་ལུང་སྟོན་ལས་བཟླས་པ་ཕྲ་མོ༷འི་སྦྱོར༷་བ༷་བཤ༷ད་པ༷་ཡི༷ན་ཏེ་འདི་ལ་སྒྲར་ཀློག་ད༷ང་ཁ༷་ཏོན༷་བྱ་བ་ མེ༷ད་མོ༷ད་ཀྱི༷་འོན་ཀྱང༷་རྣལ་འབྱོར་པའི་བཟླས༷་པ༷ར་བཤ༷ད་པ༷་ཡི༷ན་ཏེ་སྔགས་ཀྱི་གདངས་དབུགས་ཀྱི་གྲངས་སུ་བཟླས་པ་སོགས་རྡོ༷་རྗེ༷་བཟླས༷་པ༷་འདི༷་ཡི༷ས་ནི༷་ཆོ༷་ག༷་འབུམ་ཕྲག་དྲུག་གམ་ ཇི༷་བཞི༷ན་ལྷ་བསྙེན༷་པ་འམ་བ༷སྟེན་བྱ༷་ཞིང༷་བསྐྱེད་རིམ་པ་དང་ཁྱད་ཅི་ཡོད་ཅེ་ན་སྒྱུ་མ༷་ལྟ༷་བུ༷འི་ཏིང༷་འཛི༷ན་གྱིས༷་ལ༷ས་རྣམས་ཐམ༷ས་ཅ༷ད་བསྒྲུབ༷་པ༷ར་བྱ༷་སྟེ་དངོས་པོ་ཐམས་ཅད་སྒྱུ་མའི་ 8-9-19b དཔེ་བཅུ་གཉིས་ཀྱི་ཚུལ་དུ་མཐོང་བ་ལས་ཐམས་ཅད་བྱ་བ་ཡིན་ནོ། །གསུམ་པ་གཉིས་མེད་རྣམ་རྒྱལ་ལ་སོགས་པའི་ལུང་གིས་བཤད་པ་ནི། དེ༷་བ༷ས་ན༷་ཀུན་གཉི༷ས་སུ༷་མེ༷ད་པ༷་མཉམ་ པ༷་ཉི༷ད་རྣམ༷་པ༷ར་རྒྱལ༷་བ༷་ཞེས༷་བྱ༷་བ༷་རྣལ༷་འབྱོར༷་ཆེ༷ན་པོ༷འི་རྒྱུ༷ད་ལ༷ས་ཀྱང༷་རླུང་སྔགས་དབྱེར་མེད་པའི་ཕྱིར་མཉམ༷་མེ༷ད་སྔགས་འབྲུ་གསུམ་ནི༷་བཟླས་ན༷ས་སུ༷་སྒྱུ་མ་ལྟར་ཤེས་ནས་ སྒྲུབ༷་པ༷འི་བད༷ག་ཉི༷ད་ཅ༷ན་གྱིས༷་སྔགས་བསྒྲུབ༷་ན་ཚུལ་དེ༷་ཡི༷ས་ཟླ་བ་གཅི༷ག་གི༷ས་ནི༷་ཁ༷མས་གསུམ༷་གྱི་དངོས་གྲུབ་འགྲུབ༷་པ༷ར་གདོ༷ན་མི་ཟ༷་སྟེ་དེ་ཡང་ཞག་རེར་ཉི་ཁྲི་ཆིག་སྟོང་དྲུག་ བརྒྱ་བཟླས་པས་ཞག་ལྔར་བཟླས་པ་འབུམ་རྩ་བརྒྱད་ནི་འབུམ་ཞེས་བགྲང་བར་བྱའོ། །དེ་ལྟར་ཟླ་བ་གཅིག་ལ་འབུམ་དྲུག་ཡོད་དེ་ཚད་དེས་འགྲུབ་བོ་གསུངས། རླུང་གི་བཞོན་ པ་དང་ལྡན་པའི་རྣམ༷་ཤེས༷་ལ༷ས་ནི༷་འབྱུང༷་བ༷འི་སྔག༷ས་དེ་དག་མཚ༷ན་ཉི༷ད་དྲུག༷་རིགས་དྲུག་གི་སངས་རྒྱས་དང་ལྡ༷ན་བཟླས༷་འབུམ་ཕྲག་དྲུག་ནི་བཟླས་བྱ་སྟེ་ཞེས་འགྱུར་སྣང་། ན༷ས་ཀྱང༷་རྡོ༷་རྗེ༷་སེམས་དཔའ་ལ་རབ་ཏུ་དང་བས་ཕྱག༷་བྱས༷་ཏེ་ བཟླས་ན༷་ཟླ༷་བ༷་ཉ༷་སྟེ་ཟླ་གཅིག་རྫོགས་པའི་མཐའ་ལ༷་རང་དོན་ཕྱག་ཆེན་གཞན་དོན་ལས་བཞིའང་རྡོ་རྗེ་སེམས་དཔའ་དེ་འགྲུབ་པར་འགྱུར༷་རོ། ། 8-9-20a རྫོགས་པའི་རྣལ་འབྱོར་པ་རྡོར་བཟླས་དེ༷་ཙམ་ལ༷ས་དལ་བ་སློང་མོ་སོགས་བརྟུལ༷་ཞུག༷ས་མང་པོའི་བྱེ་བྲག་འཇིག་རྟེན་བཞད་གད་ཀྱི་རྒྱུ་བཤ༷ད་པ༷་མེ༷ད་དེ་བསྟན་པ་མེད་དོ། །དེ་བཞིན་ དུ་འདི་ལ་ཤེལ་སོགས་ལས་གྲུབ་པའི་ཕྲེང༷་བ༷་མི༷་དགོ༷ས་སྔ༷གས་བགྲང་ཀློག་པའི་གྲངས་ཡང་མི༷་དགོ༷ས། བསྙེན་གནས་སོགས་ཀྱི་སྡོམ་པ་གཟུང༷་དང༷་སྦྱིན༷་སྲེག༷་གི་ལ༷ས་ རྣམ༷ས་དག༷་དང་དཀྱིལ་འཁོར་གྱི་ཆོ་ག་དང་མཆོད་པའི་བྱ་བ་གཞན་དང་གཞན་ཡང་དགོས་པ་མེད་ཅིང་གཅི༷ག་ན༷ས་གཅི༷ག་ཏུ༷་ལྡོག༷་པ༷ར་འགྱུར༷་ཏེ་ཕྱི་ཡི་བྱ་བ་ལ་མི་ལྟོས་པའི་ནང་གི་ཡེ་ ཤེས་ཀྱི་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །དེ་ལྟར་སྤྲོས་བཅས་ཀྱི་ཡན་ལག་ཅི་ཡང་མི་དགོས་ན། རྣལ་འབྱོར་པ་དེས་སེམས་ཀྱི་ཞི་སོགས་ལས་ཅི་ཡང་མི་བྱེད་མི་སྒྲུབ་བོ་སྙམ་ ན། དེ་བསྒྲུབ་ཀྱང་དལ་དང་ཡོད་བྱད་ཆ་སོགས་ལ་མི་ལྟོས་ཏེ་ཡི་གེ་ཡ༷་ཡི༷་དོ༷ན་ཅན་རླུང་དཀྱིལ་གྱིས༷་གཡོ་བསྐྱོད་སོགས་རླུང་གི་ལས་ཞི་རྒྱས་དབང་དྲག་གི་གང༷་ཅི༷འ༷ང་རུང༷་དངོ༷ས་གྲུབ༷་ འདོ༷ད་པ༷ས་བྱ༷་བ༷་ནི༷་དེ་བཞིན་དུ་ར༷ྃ་མེ་ལ༷་ས་ཝ་ཆུ་སོག༷ས་པ༷་གསུམ༷་ཉི༷ད་ཀྱིས༷་ཀྱང་འགྲོ༷་བ༷འི་དོ༷ན་ལ༷་ལས་བསྒྲུབ་པ་ལ་འཇུག༷་པ༷ར་བྱ༷་ཞིང་དེ་དག་བཞི་པོའི་དོན་ནི་མེ༷་ད༷ང་རླུང༷་ད༷ང་དབ༷ང་ 8-9-20b ཆེ༷ན་ད༷ང་ཆུ༷་སྟེ༷་སོ༷་སོ༷འི་དཀྱིལ༷་འཁོ༷ར་དུ༷་ཐུན༷་ནི༷་ཕྱེ༷ད་ཕྱེ༷ད་དུས༷་སུ༷་ནི༷་ལ༷ས་ནི༷་གཉི༷ས་གཉི༷ས་སྟེ་བཞི་པོ་རྣམས་གན༷ས་པ༷ར་རམ་འགྲུབ་པར་འགྱུར༷་ལ་ཞི་སོགས་གང་བསྒྲུབ་འདོད་པས་འབྱུང་བའི་ དཀྱིལ་འཁོར་གྱི་རླུང་གི་དུས་དང་བསྟུན་ཏེ་རྡོ་རྗེའི་བཟླས་པས་འོད་ཟེར་དཀར་པོ་སོགས་སྤྲོས་པའི་དམིགས་པས་ཐུན་ནི་ཕྱེད་ཕྱེད་དག་ཏུ་བཟླས་པས་འབད་མེད་དུ་འགྲུབ་བོ། །དེ་ ཡང་རླུང་གིས་དྲག་པོ། མེས་དབང་། ཆུས་ཞི་བ། སས་རྒྱས་པའོ། །གང་ཞིག་མེ་ཏོག་སོགས་ཀྱིས་སངས་རྒྱས་མཆོ༷ད་པ་ལ༷་བརྩོན༷་པས༷་རྣལ་འབྱོར་དེ་སྐྱེ་བ་འདི་དང་ གཞན་དུ་གཞན་གྱིས་མཆོ༷ད་པ༷ར་འགྱུར༷་ལ་སྔགས་ངག་ཏུ་བཟླས༷་པ་ལ༷་བརྩོ༷ན་པ༷ས་སྡིག་པ་རྣམ༷་པ༷ར་དག༷་མེ༷་ལ༷་སྦྱིན༷་སྲེག༷་བྱེད་པ་ལ་ཀུན་བརྩོན༷་པ༷ས་འབྱོར༷་པ་ཕུན་ཚོགས་ཐོབ་བོ། །མི་རྟོག་པ་ དང་རྡོར་བཟླས་ཀྱིས་བས༷མ་གཏན༷་ལ་བརྩོན༷་པ༷ས་ཐར༷་པ༷་ཆེན་པོ་ཐོབ༷་བོ། །གཉིས་པ་ངག་དབེན་གྱི་རིམ་པ་ལ་གནས་པའི་སྤྱོད་པ་བཤད་པ་ནི། སྔག༷ས་པ༷ས་དེ༷་ལྟར༷་རྡོར་བཟླས་དང་ དེའི་དེ་ཉིད་མི་རྟོག་པའི་དོན་ཤེས༷་ན༷ས་ནི༷་འགྲོ༷་བ་འདི་ན༷་དཔེར་ན་བྱིས༷་པ་ཅི་ཡང་མི་ཤེས་པ༷་ཆུང་ངུ་བཞི༷ན་དུ༷་སྤྱོ༷ད་པ་ནི་སྨྱོན་པའི་སྤྱོད་པ་ལྟ་བུ་སོགས་སོ། །དེས༷་ནི༷་རྣམ་པར་མི༷་རྟོག༷་པའི་ 8-9-21a ཆོས༷་ཅ༷ན་དུ་གྱུར་པ་ཉིད་ཀྱིས༷་གས༷ང་སྔགས་རྣམ༷ས་ནི༷་ཚེགས་མེད་པར་འགྲུབ༷་པ༷ར་འགྱུར་རོ། །རྩ་བའི་གསུམ་པ་དོན་བསྡུ་བ་ལ་གཉིས་དང་པོ་མཚམས་སྦྱོར་ བ་ནི། འདི་ནི་གསུང༷་གི༷་རྡོ༷་རྗེ༷་སྒྲུབ་པ་བྱེད་པའི་སྟེ༷་འདི༷་ནི་སྔག༷ས་ཀྱི༷་དེ༷་ཉི༷ད་རབ་ཏུ་གས༷ལ་སྔགས་ཀྱི་དེ་ཉིད་གསལ་བ་འདི་ཞེས་སྣང་། བའོ། །རྡོར་བཟླས་འདི་སྔོན་དུ་བཏང་ནས་འཆད་འགྱུར་སྣང་མཆེད་ཐོབ་གསུམ་གྱི་ཡེ༷་ཤེ༷ས་ གསུམ༷་གྱི༷་དབྱེ༷་བ༷་ཡི༷ས་འོད་གསལ་བའི། སེ༷མས་དབེ༷ན་ཙམ་ལ༷་ནི༷་ངེ༷ས་པ༷ར་སྦྱར༷་བ་སྟེ་འོད་གསལ་བའི་ཆོས་ཉིད་ལ་སྦྱར་བའི་ཕྱིར་འབད་པར་བྱའོ། །གཉིས་པ་ སྣོད་ཀྱི་ཁྱད་པར་བཤད་པ་ནི། འདི་བསྟན་པའི་སྣོད་གསུངས་པ་བླ་མ༷་ལ༷་བརྙས༷་པ་དང་གཡོ་སྒྱུ༷་ཅ༷ན། ད༷ད་པ༷་མེ༷ད་པ་དང་། སྔག༷ས་ཤེས་པ་ཙམ་གྱིས༷་རློམ༷་ ཞིང༷་སྔགས་ཀྱི་གླེག༷ས་བ༷མ་མཐོ༷ང་བ༷ས་ཤེས་སོ་སྙམ་དུ་ཁེ༷ངས་ནས་བླ་མ་མི་བསྟེན་པའམ་དེ་ལ་ད༷ད་པ༷་མེ༷ད་ཅིང༷་སྔགས་ཀྱི་དབ༷ང་བསྐུར་མེད་པའམ་དམ༷ན་པ༷་ལ༷་རྡོ་རྗེ་བཟླས་པའི་གཏམ༷་ གྱི་རི༷མ་པ༷འ༷ང་གང་ཟག་དེ༷་ལ༷་བརྗོ༷ད་མི༷་བྱ༷་རིམ་པའི་གཏམ་ཡང་བསྟན་པར་མི་བྱའོ་ཞེས་འདུག །གང༷་ཞིག༷་བླ༷་མ༷་ལ༷་གུས༷་ཤིང་ཆོས་ལ་ད༷ད་པ་དང༷་ལྡ༷ན་ཞིང་བཀའ་དྲིན་དྲན་པའི་མོ༷ས་པ༷ས་བླ་མར་བསྙེན༷་ 8-9-21b གུས་པས་ཉོན་ལ་རྟག་ཏུ་མངོན་པར་བརྩོན། ཞེས་སྣང་ངོ་། །བཀུར༷་ལ༷་ནི༷་རྟག༷་ཏུ༷་བརྩོན༷་ཞིང་བརྩོན་འགྲུས་དང་ལྡན་པ་ཐོ༷ས་པ༷་ཕྱིན་ཅི་མ་ལོག་པ་འཛི༷ན་ནུས་པ་གང་སློབ༷་མ༷་འདི་དམ༷་པ༷་ཡི༷ས་དེ་ལ༷་བླ༷་མ༷འི་རྗེས་སུ་ བཟུང་བའི་དྲིན༷་སྦྱིན༷་དེ་ལ་བརྟག༷་པར་བྱ་མི༷་དགོ༷ས་སོ། །བླ་མ་སྐུ་དྲིན་ཆེ་བའི་བདག་ཉིད་གསལ་བར་བྱ་བའི་ཕྱིར། བླ་མའི་དྲིན་གྱིས་གྲོལ་བ་དཔེར་རི༷་དབ༷ང་རྩེ༷་ནས༷་རྡོག་འདྲེད་དེ་ གང་ཟག་འག༷འ་ཞི༷ག་ལྟུང༷་གྱུར༷་ན༷་འཆི་བར་མི་འདོད་པས་ལྟུང༷་བ༷ར་འདོད་ཀྱང་ནི་ཞེས་འདུག །མི༷་བྱ༷་སྙམ༷་ཡ༷ང་ལྟུང༷་བ༷ར་འགྱུར༷་ལ་དེ་བཞིན་བླ༷་མ༷འི་དྲིན༷་གྱིས༷་རྡོ་རྗེ་ཐེག་པའི་མན་ངག་གང་ཞིག་རང་ལ་ཕ༷ན་པ༷འི་ ལུང༷་ཐོ༷བ་ན་གྲོལ༷་བ༷ར་མི༷་འགྱུར༷་སྙམ༷་ཡ༷ང་གྲོལ༷་བ༷ར་འགྱུར༷་ཏེ་ངོ་བོའི་ཆོས་ཉིད་དོ། །རྡོ༷་རྗེ༷་བཟླས༷་པ༷འི་རི༷མ་པ༷་སྟེ༷་སློབ༷་དཔོ༷ན་ཀླུ༷་སྒྲུབ༷་ཀྱི༷་ཞལ༷་སྔ༷་ནས༷་ཀྱིས༷་ མཛ༷ད་པ༷འི་རིམ༷་པ༷་ད༷ང་པོ༷འོ།། ༈ །།ད་ནི་རིམ་པ་གཉིས་པ་སེམས་དབེན་ནི་སེམས་རྣམ་དག་གི་རིམ་པའམ་སེམས་ལ་དམིགས་པའི་རིམ་པ་ནི། གཉིས་པ་དགོངས་པ་བླ་ན་མེད་པ་ཞེས་བྱ་བའི་སྐབས་ཀྱི་གཞུང་འདི་ཉིད་བཤད་པ་ལ། དང་པོར་གཞུང་ ལ་འཇུག་པ། བར་དུ་གཞུང་དངོས་རྒྱས་པར་བཤད་པ། རྗེས་བཤད་ཟིན་གྱི་དོན་ཏེ་གསུམ་ལས། དང་པོ་ལ། ཕྱག་ 8-9-22a འཚལ་བ་དང་། དོགས་པ་སྤོང་བ་སྟེ་གཉིས་སོ། །དང་པོ་ནི་ཀླུ་བྱང་ཀུན་གི་འགྲེལ་པར། ཁྱོད་ལ་ཕྱག་འཚལ་ཁྱོད་ལ་འདུད། །ཁྱོད་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཁྱོད་ ཕྱག་འཚལ། །གང་ཞིག་བསྟོད་ཅིང་གང་ལ་བསྟོད་ཅེས་གསུངས་ཏེ། ཁྱོད་ཅེས་པ་ཀྱཻ་རྡོ་རྗེ་ཆེན་པོ་ཞེས་དོན་གྱི་ཤེས་པར་བྱ་སྟེ་ཇི་སྐད་དུ། ངོ་མཚར་གྱུར་དང་རྩོད་པ་དང་། །ཁྲོ་དང་ ཞུམ་དང་ངེས་གཟུང་དང་། །དད་དང་རྗེས་སུ་ཡི་རངས་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་དང་། དགའ་དང་འཇིགས་སོགས་དབང་བཅས་ཡིད་ཅན་གྱིས། སྨྲ་བ་པོ་རྣམས་དེ་བཞིན་བསྟོད་དང་སྨོད། ཚིག་ནི་ལན་གཅིག་མིན་པར་སྨྲ་བ་གང་། དེ་ལ་ཟློས་པའི་ཉེས་པ་ཡོད་མ་ཡིན། ཞེས་པ་ལྟར། ཕྱག་འཚལ་བཞི་སངས་རྒྱས་ བཞི་དང་། ཇི་ལྟར་བསྟོད་ཅིང་རིགས་དྲུག་རྡོ་རྗེ་འཆང་ལ་བསྟོད་པའམ། སྟོང་པ་བཞི་དང་དེ་ལ་ཕྱག་འཚལ་ཚུལ་གཉིས་མེད་དུ་བསྟན་པའོ། །ཕྱག༷་འཚ༷ལ་སྒོ་གསུམ་འ༷དུད་ ཅིང༷་ཕྱག༷་འཚལ༷་འདུད༷་ཕྱག༷་འཚལ༷་ཕྱག༷་འཚ༷ལ་ཕྱག༷་འཚ༷ལ་འདུད༷་ཅེས་སྟོང་བཞི་ལའོ། །དེ་ཡང་ཇི༷་ལྟར༷་བསྟོ༷ད་ཅིང༷་ཕྱག༷་འཚལ༷་བ༷་དོན་དམ་དམིགས་པ་མེད་པའི་ 8-9-22b དབང་དུ་ན་ཡུལ་གང༷་ལ༷་བསྟོ༷ད་ཅིང༷་ཡུལ་ཅན་ག༷ང་གི༷ས་བསྟོ༷ད་དེ་ཇི༷་ལྟར༷་ཆུ༷་ལ༷་ཆུ༷་བཞག༷་དང༷་། ཇི༷་ལྟར༷་མ༷ར་ལ༷་མ༷ར་བཞི༷ན་དུ༷་སོ་སོ་ར༷ང་གི༷ས་རིག་པའི་ཡེ་ཤེས་ཀྱིས་ར༷ང་གི༷་ཡེ༷་ ཤེས༷་ཆོས་ཉིད་འོད་གསལ་རྡོ་རྗེ་ནི༷་ལེ༷གས་མཐོང༷་གང༷་ཡི༷ན་འདི༷ར་དོན་དམ་པའི་ཕྱག༷་ཡི༷ན་ནོ། །གཉིས་པ་ནི། འོ༷ན་ཀྱང༷་གནས་ལུགས་ལ་དེ་ལྟར་ཡིན་མོད་ཀུ༷ན་མཁྱེན༷་གྱིཡེ་ཤེས་ མ༷་ཐོབ༷་པ༷ར་རམ་ཀུན་མཁྱེན་བླ་མ་དེ་ལས་མན་ངག་མ་ཐོབ་པར་ཆོས་ཉིད་དེ་བཞིན་ཉིད་དེ༷་ནི༷་ཉེ༷་བ༷ར་དམི༷གས་པར་མི༷་འགྱུར༷་དཔེར་ན་མུན༷་ན༷ག་ཐིབ་པོའི་ར༷བ་རི༷བ་ཀྱིས༷་ཁེ༷བས་པ༷་ཡི་བུམ་ སྣམ་ཚོགས་མི་མཐོང་བ་བཞིན་ནོ། །འོ་ན་མི་རྟོགས་སོ་སྙམ་ན་སེམས་ཅན་དག་གིས་བླ་མའི་དྲིན༷་གྱིས༷་འོད་གསལ་བའི་སྣང༷་བ༷་ཐོབ༷་པར༷་འགྱུ༷ར་རོ། །གཉིས་པ་བར་དུ་གཞུང་ དངོས་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་སོ། །དང་པོ་ནི། སྟོང༷་ཉི༷ད་སྣང་བ་ཤིན༷་ཏུ༷་སྟོང༷་པ༷་སྣང་བ་མཆེད་པ་ད༷ང་། གསུམ༷་པ༷་ཆེན༷་པོ༷་སྟོང༷་པ༷་སྣང་བ་ ཐོབ་པ་ད༷ང་། བཞི༷་པ༷་ཐ༷མས་ཅ༷ད་སྟོང༷་པ༷་འོད་གསལ་ནི༷་རྒྱུ༷་ད༷ང་ཕྱི་མ་གཅིག་འབྲས༷་བུའི༷་བྱེ༷་བྲ༷ག་གོ༷། མི་མཐུན་པའི་ཕྱོགས་རྣམ་ཤེས་གསུམ་དང་དེ་ལས་བྱུང་བའི་རང་བཞིན་གསུམ་ 8-9-23a ཡིན་ལ་གཉེན་པོའི་ཕྱོགས་སྟོང་པ་གསུམ་ཡིན་ཞིང་དེའི་རྣམ་གྲངས་ཡེ་ཤེས་གསུམ་ཞེས་གསུངས་པའོ། །སེམས་དབེན་སྐབས་འདིར་སེམས་སེམས་ བྱུང་མ་གཏོགས་པའི་རྣམ་རྟོག་གཞན་མི་དམིགས་ཏེ། མི་མཐུན་པའི་ཕྱོགས་རང་བཞིན་དང་བཅས་པ། གཉེན་པོར་གྱུར་པའི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་ གྱིས་རྣམ་པར་དག་པར་བྱ་བ་ཡིན་ཕྱིར་དེའི་མིང་གིས་བསྟན་ཏེ་ཞེས་ཀླུ་བྱང་གསུངས། དེས་ན་རྣམ་པར་ཤེས་པ་ཙམ་དུ་སྣང་བའི་ཡེ་ཤེས་དང་སྟོང་པ་ཉིད་ཅེས་བརྗོད་པར་ བྱའོ། །སྟོང་པ་ཉིད་ཅེས་བྱ་བ་ནི་སྣང་བའི་ཡེ་ཤེས་སྐྱེས་པ་ན་འཇུག་ཤེས་སྤོང་པའོ། །ཤིན་ཏུ་སྟོང་པ་སྣང་བ་མཆེད་པས་ནི་ཉོན་ཡིད་སྤོང་བའི་གཉེན་པོའོ། །ཆེན་པོ་ སྟོང་པ་ཉེར་ཐོབ་ཀྱིས་ཀུན་གཞིའི་རྣམ་ཤེས་སྤོང་ངོ་། །ཐམས་ཅད་སྟོང་པ་འོད་གསལ་ཀྱི་དུས་སུ་ཡེ་ཤེས་གསུམ་དང་སྟོང་པ་ཉིད་གསུམ་སྤོང་བའི་ཕྱིར་འབྲས་བུའོ། །འཇུག་ ཤེས་དྲུག་གི་ཤེས༷་ར༷བ་སྣང་བ་ཉོན་ཡིད་འཁོར་བ་སྐྱེ་བའི་རྒྱུའམ་ཐབ༷ས་སུ༷་སྣང་བ་དང་མཆེད་པ་གཉིས་འདུས་པའམ་སྦྱོར༷་བ༷་ལ༷ས་རྫོག༷ས་པ༷་སྣང་བ་ཐོབ་པ་ཀུན་གཞིའི་རྣམ་ཤེས་ཉེ༷་ 8-9-23b བ༷ར་ཐོབ༷་པ༷ར་འགྱུར༷་ལ་དེ་འདྲའི་ཀུན་གཞིའི་རྣམ་ཤེས་ཆེན་པོ་སྟོང་པ་སྤང་བ་རྫོག༷ས་པ༷་ཉེ༷་བ༷ར་ཐོབ༷་གྱུར༷་ནས༷་དེའི་མཐར་རྣལ་འབྱོར་རྣམས་ཀྱིས་ཐམ༷ས་ཅ༷ད་སྟོང་པ༷་འོ༷ད་གས༷ལ་བ༷་མཐོང་ངོ་། ། གང་ཞིག་རྒྱུ༷་ཡི༷་རི༷མ་པ༷་རྣམ༷་པ༷ར་དག༷་པ༷་རྣམ༷་ཤེས༷་གསུམ༷་པོ༷་སྦྱོར༷་བ༷་དང༷་དེ་དང་ལྷན་ཅིག་སྟོང༷་པ༷་གསུམ༷་ནི༷་མཉམ༷་སྦྱོར༷་བ༷ས་འབྲས་བུ་བླ༷་མེ༷ད་གོ་འཕང་འོད་གསལ་ཉིད་ཐོབ༷་པ༷ར་ འགྱུར༷་རོ། །རྣམ་ཤེས་ཚོགས་བརྒྱད་རྣམ་ཤེས་གསུམ་དུ་བསྡུས་ནས། དེ་སྔགས་ཀྱི་རིམ་པས་འདི་ལྟར་སྤང་བའམ་སྦྱང་བར་བྱའོ། །དང་པོ་ལྟེ་བར་ཆོས་ཀྱི་དབྱིངས་ཀྱི་ འཁོར་ལོ་རྩིབས་བརྒྱད་པད་ཟླའི་སྟེང་དུ་དབྱངས་དང་པོའི་ཐིག་ལེས་མཚན་པ་བཀོད་དེ་མགོ་བོ་སོགས་སུ་ཡི་གེ་གསུམ་བཀོད། དེ་ལས་བྱུང་བའི་འོད་ཀྱི་མགོ་བོ་ན་གནས་པའི་ཨོཾ་ འཇུག་ཤེས་དྲུག་གི་བདག་ཉིད་བཀུག་སྟེ་དེ་ཉིད་དུ་གཞུག་པར་བྱ། དེའི་ཚེ་སྟོན་དུས་ཀྱི་ཟླ་ཟེར་ལྟ་བུའི་སྣང་བ་འགྱུར། དེའི་ཚེ་སྣང་བའི་ཡེ་ཤེས་སྐྱེ་བ་ན་སྟོང་པ་ཉིད་དེ་ཁོ་ན་ཉིད་ཐོབ་པས་ འཇུག་ཤེས་ཀྱི་རང་བཞིན་སུམ་ཅུ་གསུམ་དང་ལྡན་པ་ནུབ་པར་འགྱུར་རོ། །དེ་རྗེས་ལ་དེ་ཉིད་དུ་ཉི་དཀྱིལ་སྟེང་དུ་རྡོ་རྗེ་ལ་གནས་པའི་ཚེག་དྲག་བཀོད། དེའི་འོད་ཀྱིས་ལྐོག་མའི་ 8-9-24a ཨཿབཀུག་ནས་དེ་ཉིད་དུ་གཞུག་པས་ཉི་འོད་དང་མཚུངས་པ་སྣང་བ་གསལ་བའམ་མཆེད་པའི་ཡེ་ཤེས་འབྱུང་ངོ་། །དེའི་ཚེ་ཤིན་ཏུ་སྟོང་པའི་དེ་ཉིད་ཐོབ་པས་ ཉོན་ཡིད་ཀྱི་རྣམ་ཤེས་རང་བཞིན་བཞི་བཅུ་དང་ལྡན་པ་ནུབ་པར་འགྱུར་རོ། །དེའི་རྗེས་ལ་འཁོར་ལོ་ས་བོན་ཟླ་ཉི་སོགས་བསྒོམ་པ་རྣམས་སྤངས་ནས། ཡི་གེ་ཧཱུྃ་ལྟེ་བའི་དབུས་སུ་ གཞུག་པར་བྱའོ། །དེའི་མཚམས་ཀྱི་རབ་ཏུ་གསལ་བ་དང་མཚུངས་པའི་སྣང་བ་འབྱུང་སྟེ། ཀུན་གཞིའི་རྣམ་ཤེས་རང་བཞིན་བདུན་ལྡན་ནུབ་བོ། །དེ་ཆེན་པོ་སྟོང་པ་ཉིད་ཅེས་ གསུངས་པའོ། །དེའི་རྗེས་ལ་རིམ་པས་མཚན་མ་ལྔ་བྱུང་བ་ན་རབ་ཏུ་གསལ་བར་དེ་རྣམས་མེད་པར་གྱུར་ནས་སྤྲིན་མེད་ནམ་མཁའི་སྣང་བ་ལྟ་བུ་བྱུང་བའི་ཚེ། ཡེ་ཤེས་གསུམ་ འགགས་ནས་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཐམས་ཅད་སྟོང་པ་ལས་བླ་མེད་གོ་འཕང་འོད་གསལ་བ་ཐོབ་པའི་བཞི་པ་རང་བཞིན་གནས་ལུགས་སོ། །དམ་ཡེ་གང་ རུང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་ན་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་འཇུག་ཤེས་འགགས་ནས་སྣང་བའི་ཡེ་ཤེས་ཀྱི་རང་བཞིན་གྱི་དགའ་བ་སྐྱེ། རྣམ་པར་ཤེས་པའི་སྐད་ཅིག་ 8-9-24b ལ་ཉོན་ཡིད་འགག །སྣང་བ་མཆེད་པ་མཆོག་དགའ། རྣམ་པར་ཉིད་པའི་སྐད་ཅིག་ལ་ཀུན་གཞིའི་རྣམ་ཤེས་འགགས་ནས་ཉེར་ཐོབ་ཀྱི་རང་བཞིན་དགའ་བྲལ། བྲལ་བའི་རང་ བཞིན་ཇི་ལྟར་སྣང་བ་ཉེར་ཐོབ་ཡིན་པ་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དེའི་རྗེས་སུ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ཡང་ཡེ་ཤེས་གསུམ་འགགས་ནས་འོད་གསལ་ བའི་རང་བཞིན་ལྷན་སྐྱེས་དགའ་བ་སྐྱེའོ། །ཕྱག་རྒྱ་མེད་ན་དཔེའི་དུས་སུ་ཉེ་བར་མཚོན་པའི་དེ་ཁོ་ན་ཉིད་དྲན་པར་བྱས་ནས་སྒོམ་པར་བྱའོ། །གཉིས་པ་རྒྱས་བཤད་ལ་སེམས་ དབེན་འཕྲོས་དང་བཅས་པ་རྒྱས་པར་བསྟན། བདེན་གཉིས་ཟུང་འཇུག་དང་བཅས་པ་མདོ་ཙམ་སྨོས། ལམ་གྱིས་མཚམས་སྤྱི་དང་བོགས་འབྱིན་ཅུང་ཟད་བཤད་པ་སྟེ་གསུམ་ ལས། དང་པོ་ལ་སེམས་དབེན་དངོས་བཤད་པ་དང་། འཕྲོས་དོན་ལས་ཀྱི་མཐའ་རྣམ་པར་འབྱེད་པ་དང་། དང་པོ་ལ་རང་བཞིན་དང་བཅས་པའི་སྣང་བའི་རྣམ་གྲངས་བཤད་ པ་དང་། སྣང་གསུམ་གྱི་ངོ་བོ་ངོས་བཟུང་བ་དང་། ལམ་གྱི་སྣང་གསུམ་སྒྲུབ་པའི་ཐབས་བསྟན་པ་སྟེ་གསུམ་མོ། །དང་པོ་ནི། སྣང་བ་གསུམ་པ་དེའི་རྣམ་གྲངས་སྣང༷་བ༷་སྟོང༷་པ༷་ཤེ༷ས་ར༷བ་ 8-9-25a ད༷ང་། འཇུག་ཤེས་འགག་པའི་སྐབས་དེར་སྣང་བའི་ཡེ་ཤེས་ཀྱི་མིང་དུ་བཏགས་ཏེ་ཟླ་བ་ལྟར་སྣང་བའི་ཕྱིར་རོ། །རང་བཞིན་སོ་གསུམ་སྤང་ ཕྱིར་སྟོང་པའོ། །འཇུག་ཤེས་དྲུག་གི་ངོ་བོ་ཉིད་ཡིན་ཕྱིར་སེམས་ཞེས་བཏགས་པའི་དོན་གྱིས་སོ། །དེ་ཉིད་ཡུལ་དྲུག་འཛིན་པ་ལས་བྱུང་བའི་ཕྱིར་གཞན་དབང་ཞེས་ཐ་སྙད་བྱས་པའོ། ། སེ༷མས་ད༷ང་གཞ༷ན་གྱི༷་དབ༷ང་དག༷་སྟེ༷་འཇུག་ཤེས་དེ༷་ཡི༷་ར༷ང་བཞི༷ན་སེམས་བྱུང་གི་བདག་ཉིད་ཅན་དུ་འཕྲོ༷་རང་རིག་པས་གས༷ལ་བ༷་ད༷་ནི༷་གྲངས་དང་དབྱེ་བའི་སྒོ་ནས་ར༷བ་ཏུ༷་བཤ༷ད་པ༷ར་བྱའོ༷་ ཞེས་དམ་བཅས་ནས། ཚོགས་བརྒྱད་རྣམ་ཤེས་གསུམ་དུ་བསྡུས་པ་དེ་དག་གསལ་པོར་དེ་དག་གི་སེམས་བྱུང་རྣམས་ཀྱིས་དེ་དང་དེའི་ངོ་བོར་རང་རིག་པས་ཉམས་སུ་མྱོང་བར་བྱ་བ་ ཡིན་ནོ། །སྒོ་ལྔའི་ཤེས་པ་དང་ལྷན་ཅིག་འཇུག་པའི་ཡིད་མེད་པས་འཇུག་ཤེས་དྲུག་མེད་ལ། ནང་དུ་སེམས་ཀྱི་ཆོས་དམིགས་པ་ལས་བྱུང་བའི་ཡིད་ཕྲ་མོ་ཡོད་ཀྱང་བདག་འཛིན་མ་ སྤང་ལ་ཕྱིའི་འཇུག་པ་མེད་ཕྱིར་ཉོན་ཡིད་ཅེས་བཞག་གོ་སྙམ་དུ་སེམས་སོ། །དེ་ལ་ཆགས་བྲལ་སོགས་རང་བཞིན་སུམ་ཅུ་རྩ་གསུམ་པོ་འདི་ལུས་ཅན་རྣམས་ཀྱིས་ནང་ཤེས་པ་རང་ 8-9-25b གིས་རིག་པར་བྱ་བ་སྟེ་རང་རིག་མངོན་སུམ་གྱིས་སོ། །འཇུག་ཤེས༷་རྣམས་ནི། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ་དང་མཚུངས་པར་ ལྡན་པས་ཆོས་བཞི་བཅུ་རྩ་བདུན་དང་ལྡན་པའི་སྒོ་ནས་མི་སྟོན་པར་སོ་གསུམ་དང་ལྡན་པས་ཅི་ཕྱིར་སྟོན་སྙམ་ན་བདེན་ཏེ། སྐབས་འདིར་འདི་དག་གི་ཁྱད་པར་ཐུན་མིན་ངེས་ཟིན་ཕྱིར་སོ་ གསུམ་གྱིས་བསྟན་ཀྱང་། ཇི་ལྟར་རྩ་ཉོན་དྲུག་ལས་ཉེ་ཉོན་ཉི་ཤུར་ཕྱེ་བ་དེ་དག་རྣམས་ཀྱི་ངོ་བོ་ཉིད་དེར་འདུ་བ་བཞིན་དུ། འདི་རྣམས་ཉེ་ཉོན་སོགས་ཀྱི་བག་ཆགས་ཕྲ་མོའི་ངོ་བོ་ཡིན་པས་ དེའི་ནང་དུ་འདུ་སྟེ། ཆགས་བྲལ་སོགས་གསུམ་ཉེ་ཉོན་འགྱོད་པའི་ནང་དུ་འདུ་དེ་དེའི་ཆར་གཏོགས་ཏེ། ཡིད་ལ་གཅིག་པའི་རང་བཞིན་ཡི༷ན་ཕྱིར་ཞེས་སོགས་ཀླུ་བྱང་ཀུན་གསུངས་ཏེ། དེ་བཞིན་ཡིད་ཀྱི་འགྲོ་འོང་རྟོག་དཔྱོད་ཀྱི་ཕྲ་རགས་ཡིན་པའི་ཕྱིར་དང་། ཞི་བའི་རྣམ་རྟོག་ནི་རྣམ་པར་མི་འཚེ་བ་སྙིང་རྗེ། འཇིགས་པ་སོགས་གསུམ་པོ་མ་ཆགས་པ་སོགས་དགེ་བ་ གསུམ་དུ་འདུ་སྟེ། འཇིགས་པ་ཡོད་ན་མ་ཆགས་པ་སོགས་རྗེས་སུ་གྲུབ་བོ། །སྲེད་སོགས་གསུམ་དང་ལེན་པ་འདོད་ཆགས་ལས་སོ། །མི་དགེ་བ་ནི། ཆགས་སྡང་དང་ཉེ་ཉོན་ 8-9-26a འཆབ་འཚིག་ཕྲག་དོག་སོགས་སུའོ། །ཚོར་སོགས་གསུམ་ཀུན་ཏུ་འགྲོ་བའི་ཚོར་བ་གསུམ་དུའོ། །བཀྲེས་སྐོམ་རེག་པ། རིག་པ་སོགས་གསུམ་ཡིད་ལ་ བྱེད་པའི་ཕྱིར་རོ། །སོ་སོར་རྟོག་པ་དཔྱོད་པར་རོ། །ངོ་ཚ་ཤེས་པ་དགེ་བའི་སེམས་བྱུང་། སྙིང་རྗེ་མི་འཚེ་བ། བརྩེ་བ་གསུམ་ནི་འདོད་ཆགས་པའོ། །དོགས་དང་ཐེ་ཚོམ་རྩ་ཉོན་ དྲུག་པར་རོ། །སེར་སྣ་ནི་སེར་སྣའམ་ཕྲག་དོག་དུའོ། །དེའི་ཕྱིར་དེ་རྣམས་དགེ་མི་དགེ་ཏེ་ལུང་མ་བསྟན་གྱི་སེམས་བྱུང་རྣམས་ཁོ་ནའོ། །སྣང་བ་མཆེད་པའི་མིང་དུ་ཀླུ་བྱང་འགྲེལ་ པར། སྣང་བ་གསལ་བ་ཞེས་བརྗོད་ཅིང་། ཤིན་ཏུ་སྟོང་པ་ཐབས་ཉིད་དང་ཞེས་སོགས་གསུངས་ཏེ། ཉི་མ་ལྟར་སྣང་བ་གསལ་བས། སྣང་བ་མཆེད་པའམ་གསལ་བ། རང་ བཞིན་བཞི་བཅུ་སྤངས་ཕྱིར་ཤིན་ཏུ་སྟོང་པ། རྩ་གཡས་པ་ན་འབྱུང་བས་ཐབས་ཀྱི་རང་བཞིན། བདག་ལྟ་སོགས་བཞི་དང་རེག་སོགས་ལྔ་ལས་བཏགས་པས་ཀུན་ཏུ་བཏགས་པ། སེམས་དང་སེམས་ལས་བྱུང་བ་དག་ཐ་དད་མེད་ཕྱིར་སེམས་བྱུང་ཞེས་བཏགས་སོ་ཉོན་ཡིད་ནི་བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ་གཉིས། བདག་ཏུ་རྨོངས་པ་གཅིག །བདག་ལ་ 8-9-26b ཆགས་པ་བཞི་དང་། རེག་པ། ཡིད་བྱེད། ཚོར་བ། འདུ་ཤེས། སེམས་པ་སྟེ་ཀུན་འགྲོ་ལྔ་དང་ལྡན་པ་ཡིན་ཞིང་གཞན་དང་མི་ལྡན་པར་ཡང་མིན་ནོ། །ཇི་ལྟར་རང་བཞིན་བཞི་ བཅུ་དང་ལྡན་ཞེ་ན་བདེན་ཏེ། ཉོན་མོངས་བཞིའི་ནང་དུ་རང་བཞིན་བཞི་བཅུ་འདུས་པར་འགྱུར་ཏེ། ཆགས་པ་ནས་འཚིག་པའི་བར་ཏུ་བདག་ཏུ་ལྟ་བར་རོ། །འཁྱུད་པ་ནས་སྤྲོ་བའི་བར་ བདག་ཏུ་རྨོངས་པ། གྱ་ཚོམ་ནས་མི་བདེན་པའི་བར་ནི་བདག་ཏུ་ང་རྒྱལ་བར་རོ། །ངེས་པ་ནས་གྱ་གྱུའི་བར་བདག་ལ་ཆགས་པར་འདུ་སྟེ། འདུ་བྱེད་ང་གཅིག་བཞིན་ནོ། །ཞེས་ཀླུ་བྱང་ གསུངས། དེ་རྣམས་སེམས་བྱུང་ཡིན་བཞིན་དུ་ཡང་རྩ་ཉོན་དུ་འདུ་ཞེས་གསུངས་སོ། །ཆ༷གས་བྲལ༷་དང༷་ནི༷་ཆགས་པ་བ༷ར་མ༷་ཉི༷ད་དེ༷་བཞི༷ན་དུ༷་ནི༷་ཆགས་པ་ཆེན༷་པོ༷་དག༷་ཡི༷ད་ལ༷་འགོ༷་ཞིང༷་འོ༷ང་བ༷་ སྟེ་སེམས་རྣམ་པར་གཡེང་བ་ད༷ང་། མྱ༷་ང༷ན་ལ༷་སོ༷གས་ཆུང་འབྲིང་ཆེ་གསུམ་གསུམ༷་དེ༷་བཞི༷ན། དེ་སྡུག་པ་དང་བྲལ་བ་སོགས་སེམས་ཤིང་ཡིད་གདུང་བའོ། །སེམས་པར་གནས་པ་ཞི༷་བ་དང༷་རྣམ༷་རྟོག༷་ནི་རྒོད་ པ་འཇི༷གས་པ༷་ད༷ང་། སེམས་སྐྲག་པ་ཆུང་འབྲིང་ཆེ་འཇི༷གས་པ༷་བ༷ར་ད༷ང་ཤི༷ན་ཏུ༷་འཇི༷གས་སྲེ༷ད་དང༷་སྲེ༷ད་པ༷་བ༷ར་ཡུལ་ལ་ཞེན་པ་ཆུང་འབྲིང་ཆེ་མ༷་དང༷་། ཤི༷ན་ཏུ༷་སྲེ༷ད་པ་ད༷ང་ 8-9-27a གཞན་ནོར་རམ་ཡུལ་རྣམས་ཉེར༷་ལེ༷ན་པ༷། དགེ་བའི་ལས་ལ་ཐེ་ཚོམ་པ་མི༷་དགེ༷ བཀྲེས༷་དང༷་སྐོམ༷་ཉི༷ད་ད༷ང་དེའོ། །ཚོར༷་དང་ཚོར༷་བ༷་བ༷ར་མ༷་དང༷་བདེ་སྡུག་ བཏང་སྙོམས་གསུམ། དེ་ཀུན་ཡང་ཡུལ་གྱི་བྱེ་བྲག་གི་དབྱེ་ན་ཤིན༷་ཏུ༷་ཚོར༷་བ༷འི་སྐ༷ད་ཅི༷ག་དང༷་། རིག༷་པ༷་པོ༷་ད༷ང་བྱེད་པ་དང་བྱ་བ་དེ་རི༷ག་འཛི༷ན་རང་རིག་གཞི༷་གནས། ནི་དེ་དག་གིས་དམིགས་པའི་ དངོས་རིགས་མི་རིགས་སོ༷་སོ༷ར་རྟོག༷་དང་ངོ༷་ཚ༷་ཤེ༷ས་ཤིང་མི་དགེ་འཛེམ། སྙིང༷་རྗེ༷་ད༷ང་ནི༷། དམིགས་བྱ་ལ་བརྩེ༷་བ༷་གསུམ༷་སྟེ་ཆུང་སོགས་གསུམ་མི་འགྲུབ་པ་དོ༷གས་ཐེ་ཚོམ་ པས་སེམས་མི་གནས་པ་ད༷ང་བ་སོགས་པ་ཡོ་བྱད་སྡུད་པ་བས༷མ་པ༷་ཉི༷ད་དང༷་ནི༷་སེར་སྣ་དངོས་ཀྱང་། ཕྲག༷་དོག༷་ཅེས༷་ནི༷་བྱ་བ༷ར་གྲག༷ས་ར༷ང་བཞི༷ན་སུམ༷་ཅུ༷་རྩ་གསུམ༷་གང༷་ལུས༷་ཅ༷ན་རྣམ༷ས་ ཀྱི༷་ར༷ང་རི༷ག་སྟེ༷་ཉམས་སུ་མྱོང་བ་ལ་ཀུན༷་རྫོབ༷་ཡུལ་ཡུལ་ཅན་འདུས་པ་ལས་དེ་དེར་གས༷ལ་བ༷འི་གཟུག༷ས་སམ་རང་བཞིན་གྱིས༷་ནི༷་དེ་ལྟར་བཏགས་སོ། །དུས་ཀྱི་ཆའི་དབང་དུ་ན། ཟླ་ འོད་ལྟ་བུ་སྣང་བ་ཅུང་མི་གསལ་བའི་ཆ་ནས་མཚ༷ན་མོ༷འི་མི༷ང་དུ༷་ངེ༷ས་པ༷ར་བཤ༷ད། དེ་བཞིན་ཕོ་མོའི་ཆ་ལས་ཤེས་རབ་ཀྱི་ཆ་བུ༷ད་མེད་མི༷ང་དུ༷་བརྗོ༷ད་རེག་བྱའི་དབང་དུ་ན་ཟླ་འོད་ལྟར་འཇ༷མ་ 8-9-27b པོ༷་ལྟ༷་བུ༷འ༷ང་དེ༷་བཞི༷ན་ནོ། །ལུས་ཀྱི་ཆའི་རྩ་གཡོན་གྱི་རླུང་དང་ལྡན་ཕྱིར་འཇུག་ཤེས་སམ་གཡོ༷ན་པ༷འི་མི༷ང་ཡ༷ང་དེ༷་ཉི༷ད་དེ༷་ཉི་ཟླ་གཉིས་ལས་པདྨའི་གདན་ལ་ཟླ་ དཀྱིལ་བསྒོམ་ནས་དེ་དྲངས་ལ༷་ཟླ༷་བ༷འི་དཀྱིལ༷་འཁོ༷ར་པ༷དྨ༷་ཅ༷ན་སྣང་བའི་ཡེ་ཤེས། རང་རིག་བསྟན༷་པར༷་བྱ༷་བ༷འི་རྒྱུར༷་གྱུར༷་པ༷་ཉིད་ཕྱིར་དང༷་པོའི་ཡི༷་གེ༷་ཨ་ཐི༷ག་ཨཾ་ལེ༷ར་བཅ༷ས་པ་ཨོཾ་དང་ཐ་སྙད་དུ་བཏགས་པའི་མིང་གི་རྣམ་གྲངས་ ནི་ཉམས་ཟླ༷་བ༷འི་འོ༷ད་ཟེ༷ར་ལྟར༷་དཀར་ལམ་པར་སྣང༷་ཞི༷ང་ཡེ་ཤེས་གསུམ་གྱི་ནང་ནས་སྣང༷་བ༷འི་ཡེ༷་ཤེ༷ས་ཡ༷ང་དག༷་འབྱུང༷་ངོ་། །སྣང་བ་མཆེད་པ་བཤད་པ་ཤིན༷་ཏུ༷་རང་བཞིན་བཞི་བཅུ་སྤང་ ཕྱིར་སྟོང༷་པ༷་ཐ༷བས་ཀྱི་མིང་ད༷ང་ལྡ༷ན་པ༷་དེ་ནི་སྣ༷ང་བ༷་མཆེ༷ད་པ༷་ཞེས༷་བརྗོ༷ད་དེ༷་དེ༷་བཞི༷ན་དུ༷་ནི༷་ཀུ༷ན་བརྟག༷ས་དང༷་དེ༷་བཞི༷ན་སེ༷མས་ལ༷ས་བྱུང༷་བ༷ར་བཤ༷ད་དོ། །རང་བཞིན་བཞི་བཅུ་ནི་དེ་ཡང་ཆགས་ ཡུལ་མ་ཐོབ་པར་ཆག༷ས་དང་། ཐོབ་ཡུལ་ལ་ཞེན་དང་། དེ༷་བཞི༷ན་ཡིད་འོང་མཐོང༷་ལ་དག༷འ། དམན་སོགས་དག༷འ་བ༷་བར༷་མ༷། ཤི༷ན་ཏུ༷་དག༷འ་མངོན་འདོད་གྲུབ་པའི་ར༷ང་དང༷་། དེ་ ལས་ར༷བ་ཏུ༷་མགུ༷་བ༷་ད༷ང་། འདི་འདྲ་ཡིན་ནོ་སྙམ་དུ་ངོ༷་མཚ༷ར། དེ༷་བཞི༷ན་ངོ་མཚར་མཐོང་བས་དགོ༷ད་པ༷་ད༷ང་། བདེ་བས་ཚི༷མ་ད༷ང་། དེ༷་བཞི༷ན་ཆ༷གས་ཡུལ་ལ་འཁྱུད༷་པ༷་ད༷ང་། 8-9-28a འོ༷་བྱེ༷ད་དེ༷་བཞི༷ན་མཆུ་འཇི༷བ་པ༷་དང༷་། མི་གཡོ་བ་བརྟན༷་ད༷ང་། བརྩོན༷་དགེས་སྤྲོ་བ་དང༷་། ང༷་རྒྱལ༷་མཐོ་བའི་རྣམ་པ་ད༷ང་། ལས་ནི་རྟག་ཏུ་སྤྱོད་པའི་བྱ་བ་ རྫོགས་པ་ཞེས་ཨ་བྷ་ཡས་གསུངས། ལས་བྱ་བའང་ཡིན་འདྲ། འཕྲོག་པ་གཞན་ནོར་འཕྲོག་པ། སྟོབས་འགྲན་པའམ་གཡུལ་འགྱེད་འདོད་པ། སྤྲོ་དགེ་ལས་གོམ་པ། གྱ་ཚོམ་ ནི་ཚམ་ཚོམ་མེད་པར་དྲེགས་པའི་དབང་གིས་མི་དགེའི་ལས་སྤྱོད་པ། དེ་ཡང་དམན་སོགས་གསུམ། དྲག་པ་ནི་རྒྱུ་མེད་པར་ཡང་དམ་པ་རྣམས་དང་རྩོད་པར་སེམས་པ། སྒེག་པ་ཡིད་ འོང་མཐོང་ནས་འགྱིང་བའི་སེམས་ཀྱིས་རྩེ་བར་འདོད་པ། ཞེ་འགྲས་པ་ཡིད་མི་འོང་སྤོང་འདོད། དགེ་ནི་དགེ་ལས་བརྩོན་པ། ཚིག་གསལ་བར་ཐོགས་མེད་ཀུན་བརྗོད་པ། བདེན་ པ་མཐུན་པ་མེད་པའི་ངག །མི་བདེན་དེ་བཟློག །ངེས་པར་ཤིན་ཏུ་བརྟེན་པ་ཡི་དམ། ཉེ་བར་མི་བདེ་བ་དངོས་པོ་ཡོངས་སུ་འཛིན་པ་མི་འདོད་པ། སྦྱིན་པ་རང་གི་བདོག་པ་གཏོང་ བྱེད་ཀྱི་ཡིད། སྐུལ་བ་ལེ་ལོ་ཅན་གྱི་སེམས་ཞུམ་པར་བྱེད། དཔའ་བོ་གནོད་པའི་དགྲ་ལས་རྒྱལ་འདོད། ངོ་ཚ་མེད་པ་སྤྱི་ལྟར། སྒྱུ་ནི་བཅོས་མ། གདུག་པ་ལྟ་ངན་ལ་མྱང་བ། 8-9-28b མི་སྲུན་པའམ་གཡོ་ནི་རང་སྐྱོན་འཆབ་པའོ། །གྱ་གྱུ་དྲང་པོ་མིན་པ། བྱ༷་ལས་དང་ཆོས་དང་བ༷་ད༷ང་འཕྲོག༷་དང༷་སྟོབ༷ས་དང༷་ནི༷་སྤྲོ༷་དང༷་། ལྷན༷་ཅི༷ག་སྐྱེས༷་ཚོམ་ཉི༷ད་ད༷ང་། དེ༷་བཞི༷ན་ལྷན༷་སྐྱེས༷་གྱ་ཚོམ་བ༷ར་མ༷་དང༷་། ཤི༷ན་ཏུ༷་གྱ་ཚོམ་བར་མ་དྲག་པོ་དང་། ལྷན༷་ཅི༷ག་སྐྱེས༷་དང༷་དྲག༷་པོ་དང་རྣམ༷་པ༷ར་སྒེག༷་དང༷་ཞེ༷་འགྲས༷་ཉི༷ད་དགེ༷་ད༷ང་ཚིག༷་གས༷ལ་བདེ༷ན་པ༷་དང༷་མི༷་བདེ༷ན་པ༷་ད༷ང་དེ༷་བཞི༷ན་དེ༷ས། དངོས་པོ་ ཡོངས་སུ་མི་འཛིན་པས་ཉེ༷་བ༷ར་མི༷་ལེ༷ན་རང་གི་དངོས་པོ་དག་སྦྱིན༷་ཉེར་ལེན་མིན་དང་སྦྱིན་པའོ། །ཞེས་ཀྱང་འདུག ། པ༷འོ༷། །ལེ་ལོ་ཅན་ལ་སྐུལ༷་ད༷ང་དེ༷་བཞི༷ན་དཔ༷འ་བོ༷་ད༷ང་། ངོ༷་ཚ༷་མེ༷ད་དང༷་སྒྱུ༷་དང༷་གདུག༷་མི༷་ སྲུན༷་གཡོ་དང་། པ༷་ད༷ང་གྱ༷་གྱུ༷་དག་དང་། ཉི༷ད། མཚ༷ན་རང་བཞིན། ཉི༷ད་བཞི༷་བཅུ༷་གང༷་ཡི༷ན་པ༷་ཤི༷ན་ཏུ༷་སྟོང༷་པའི༷་སྐ༷ད་ཅི༷ག་སྟེ༷་ཉི་མའི་ལྟར་སྣང་བ་ཉིན༷་མོ༷་སྐྱེས༷་པ༷འི་ཐབས་ཀྱི་ཆ་ཡིན་པས། མིང༷་དང༷་ནི༷། ཉི་ཟླའི་ དཀྱིལ་འཁོར་ལྟ་བུའི་སྣང་བ་དང་སྣང་བྱ་རྩུབ༷་མོ༷་བ་གཡ༷ས་པར་ཆ་ལས་བྱུང་བར་བསྟན༷་པ༷་ཡི༷ན། ཉི་དཀྱིལ་རྡོ་རྗེ་ལ་དབྱངས་དང་པོ་ཐིག་ ལེ་གཉིས་བརྒྱན་པ་བཀོད་པའི་ས་བོན་ལས་བྱུང་བའི་ཉི༷་མ༷འི་དཀྱིལ༷་འཁོ༷ར་མི༷ང་ད༷ང་ནི༷་དེ༷་བཞི༷ན་དུ༷་ནི༷་རྡོ༷་རྗེ༷འི་མི༷ང་ཐི༷ག་ལེ༷་གཉི༷ས་ཀྱིས༷་བརྒྱན༷་པ༷་ཡི༷་ཨཿདབྱངས་ཆ༷་རུ༷་དེ༷་ཉི༷ད་ཤེས༷་པ༷ར་བྱ༷། ཉམས་ 8-9-29a ནི་ཉི༷་མའི༷་འོ༷ད་ཟེ༷ར་འདྲ༷་བ༷་ཡ༷ང་སྣང༷་བ༷་མཆེ༷ད་པ༷འི་སྦྱོར༷་བ་ཉོན་ཡིད་ཀྱི་རྣམ་ཤེས་སུ་གྱུར་གསལ་བའི་ཡེ་ཤེས་འབྱུང་ཞེས་ཀྱང་འདུག ། པ༷་ལ༷ས་བྱུང༷་། ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་པར་དག་པ་ཟླ་ཉི་དང་ འབྲེལ་བའི་སྣང་བ་གཉིས་ཐོབ་པས་སྣང་བ་ཐོབ་པ་ཞེས་གསུངས་པ་དང་། ཉི་ཟླའི་སྣང་བ་གང་རུང་ལྟ་བུ་མ་ཡིན་པར་ཉིན་མཚན་གྱི་མཚམས་ ཀྱི་སྣང་བ་ལྟ་བུ་ཉེ་བར་ཐོབ་པ་ཞེས་གཞན་གཉིས་ལ་དེ་འདྲ་ལྡན་པ་རྣམ་པར་བཅད་པའོ། །ཡོངས་སུ་གྲུབ་པ་ནི་སེམས་ཀྱི་གཞིར་གྲུབ་པའམ་དེ་བསལ་ན་དགྲ་བཅོམ་པར་འགྱུར་ཕྱིར་ དང་། མ་རིག་པ་ནི་དེ་ལྡོག་ན་མ་རིག་པར་གདགས་གཞི་མེད་ལ། དེ་ལུང་མ་བསྟན་ཙམ་ཡང་དག་པའི་དོན་མ་རིག་པའམ་རེག་སོགས་སུ་རིག་པར་མི་བྱེད་ཚོར་བ་བཏང་སྙོམས་དང་ལྡན་ པས། འདུ་ཤེས་ལ་སོགས་སུ་མི་འབྱེད་པས་ཀྱང་ཟེར། ཀུན་གཞི་ནི་རེག་ཡིད་བྱེད་ཚོར་འདུ་སེམས་པ་ལྔ་དང་རྟག་ཏུ་ལྡན་པ་ཡིན་ཡང་། བདུན་པོ་འདི་དེ་རྣམས་ཀྱི་ཆར་འདུས་པ་ཤེས་ པར་བྱ། སེམས་བྱུང་གཞན་རགས་པ་རྣམས་ལས་རྒྱུ་ཕྲ་ཞིང་མི་གསལ་བ་བཏང་སྙོམས་དང་རྗེས་སུ་མཐུན་པ་བདུན་པོ་འདིའོ། །ཉི་ཟླའི་བར་རམ་མཚམས་ཀྱི་སྣང༷་བ༷་ཐོབ༷་པ༷་ད༷ག་ 8-9-29b ད༷ང་ནི༷་སྔ་མའི་སྣང་བ་གཉིས་ལས་གཞན་པ་ཉེ༷་བ༷ར་ཐོབ༷་པ༷་དེ༷་བཞི༷ན༷་ཏེ། ཡང་ན་ཤེས་པ་ཐམས་ཅད་གཞིར་ཡོང༷ས་སུ༷་གྲུབ༷་དེ་གསལ་བས་དགྲ་བཅོམ་ཐོབ་པའོ།། པ༷་ཉི༷ད་ཀུན་དང༷་ནི༷། ས་བོན་ཐམས་ཅད་པ་ཉིད་ཀྱི་འབྱུང་ཁུངས་ཏེ་མ༷་ རི༷ག་པ༷་ནི༷་ཉི༷ད་ཅེ༷ས་བྱ༷་གཉེན་པོ་སྟོང༷་པ༷་ཆེན༷་པོ༷འི་སྤང་བྱ་ཡིན་པའི་ཚིག༷་གི༷ས་ནི༷་རྣམ༷་གྲང༷ས་འདི༷་དག༷་བཅོམ་ལྡན་འདས་རྒྱལ༷་བ༷ས་གསུང༷ས་སོ། །ཆག༷ས་ པ༷་བ༷ར་མ༷འི་སྐ༷ད་ཅི༷ག་དང༷་བརྗེད༷་ངེ༷ས་པ༷་དང༷་འཁྲུལ༷་གཡེང་བའི་སེམས། བ༷་དང༷་མི༷་སྨྲར༷་གྱུར༷་དང༷་སྐྱོ༷་བ༷་སེམས་དུབ་པ། དང༷་། སྙོམ་ལས། ལེ༷་ལོ༷་དེ༷་བཞི༷ན་ཐེ༷་རྨུགས་པ། ཚོམ་སྟེ༷་ཐེ་ཚོམ་ནི་མ་ངེས་པའི་སེམས་བྱུང་། མ༷་རི༷ག་པའི་དུས་ཀྱི་སྐ༷ད་ཅི༷ག་བདུ༷ན་པོ༷་ནི༷་ཤེས་རབ་ཕྲ༷་མོ༷འི་ཇི་ བཞིན་དུ་རྟོགས་པའི་རྣལ༷་འབྱོར༷་པ༷ས་ཤེ༷ས་པར་བྱ༷་འདིའི་མཚོན་བྱེད་ཀྱི་མིང་དུ་ས༷་བོ༷ན་ཐི༷ག་ལེ༷་ སོགས་རྗེས་འབྲངས་དང་ལྡན༷་པ། སྒོམ་པ་མི༷ན་ལ༷་རླུང་གི༷་སྒོ༷་ནས༷་སྲོག་འཚོ་བྱེད་སྣ་བུག་ཏུ་འབྱུང༷་བ༷འང་མི༷ན་ག༷ང་ཞི༷ག་མཚམས་ཀྱི་སྣང༷་བ༷་ཐོ༷བ་པ༷་སྨག་གིས་ཁྱབ་པ་ལྟ་བུ་ནི༷་སེམས་ ཀུན་གྱི་གཞི་དང་པོའི་རྣམ་ཤེས་ཡོ༷ངས་སུ༷་རྫོག༷ས་པ༷འི་མཚ༷ན་ཉི༷ད་དོ༷། །ད་ནི་དོན་ཚན་དེ་ཉིད་ཀྱི་འཕྲོས་ལས་རང་བཞིན་དད་སྣང་བ་དེ་དག་དུས་ཇི་ཙམ་དུ་འབྱུང་བ་བཤད་པ་ནི། དེ་ལྟར་ 8-9-30a སེམས་གསུམ་གྱི་གནས་སྐབས་ཅན་གྱི་ར༷ང་བཞི༷ན་ཕྲ༷་བ༷་ཉིན་བརྒྱད་ཅུ་མཚན་བརྒྱད་ཅུ་སྟེ་བརྒྱ༷་དང༷་ནི་དྲུག༷་ཅུ་ཐམ་པ༷་འདི༷་ད༷ག་ཉི༷ད་རྣམ་པར་ཤེས་པ་རླུང༷་ གི༷་བཞོ༷ན་པ༷འི་རྒྱུ༷་ཡི༷ས་བསྐུལ་ནས་ནི༷་ཉིན༷་དང༷་མཚ༷ན་དུ༷་འབྱུང༷་བ༷་ཡི༷ན་ཏེ་རྣམ་པར་ཤེས་པ་ཉེར་ལེན་གྱི་རྒྱུ་དང་། རླུང་ལྷན་ཅིག་བྱེད་རྐྱེན་གྱིས་རྒྱ་མཚོ་ལ་རླབས་ལྟར་འབྱུང་ཞིང་སྐྱེ་ འགག་བྱེད་དེ། གཞན་དབང་ཕྱུག་སོགས་ཀྱི་རྒྱུ་ཅན་ནམ་རྒྱུ་མེད་པ་ཅན་ཡང་མིན་ནོ། །དེ་ལྟར་རྣམ་ཤེས་གསུམ་སེམས་ཡིན་ལ། རང་བཞིན་བརྒྱད་ཅུ་རྣམས་སེམས་བྱུང་ ཡིན་ཏེ་དེ་ཉིད་འཁོར་བའི་འཁོར་ལོ་མ་ལུས་པའི་རང་བཞིན་ཏེ། བྱེད་པོ་སུས་ཀྱང་འཁོར་བར་བཅིངས་པ་མེད་ཀྱང་སེམས་རང་ཉིད་དེ་ལྟར་རྣམ་པར་རྟོག་པས་འཁོར་བར་འགྱུར་ པས་ན་དེ་དགག་པའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་ལམ་གྱི་རིམ་པ་བསྒོམ་པར་བྱའོ། །ཞེས་སོ། །རང་བཞིན་འདི་དག་སྐད་ཅིག་ཐང་གཅིག་ལ་སོགས་པ་ཙམ་དུ་ཡུལ་དེ་དང་དེ་ ཉམས་སུ་མྱོང་བའམ་འདས་པའི་ཡུལ་རྗེས་སུ་དྲན་པའི་ཚུལ་གྱིས་འབྱུང་སྟེ། ཤིན་ཏུ་ཕྲ་བའི་བློས་དེ་རྣམས་སྐད་ཅིག་སོགས་སུ་བྱུང་བ་རང་རིག་པས་ངོས་ཟིན་པར་བྱས་ན་ 8-9-30b སེམས་གསུམ་གྱི་ཁྱད་པར་ཤེས་ལ། གཞན་དུ་དེ་གསུམ་མ་འདྲེས་པར་འབྱེད་མི་ནུས་ཤིང་དེའི་ཕྱིར་རང་བཞིན་རྣམས་དགག་པའི་སེམས་རྣམ་པར་དག་པའང་མི་ཐོབ་བོ། །སྐད་ཅིག་ལ་ སོགས་པའི་དུས་དེ་ཙམ་ལས་ཐུང་པའམ་རིང་པར་རང་བཞིན་རྣམས་མི་འབྱུང་སྟེ། དེ་རྣམས་ནི་ཤིན་ཏུ་ཕྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཕྱིར་སྐད་ཅིག་ལ་སོགས་པའི་དུས་ཀྱི་དབྱེ་བས་ རང་བཞིན་རྣམས་ངོ་ཤེས་པར་བྱས་ལ། དེ་དང་རྗེས་མཐུན་གྱི་གཉེན་པོ་བསྟེན་པར་བྱས་པས་སེམས་དབེན་པའམ་སེམས་རྣམ་པར་དག་པ་འཐོབ་པར་འགྱུར་རོ། །རང་རིག་ཙམ་གྱི་ ཡེ་ཤེས་པ་གཟུང་འཛིན་དང་བྲལ་བ་རང་བཞིན་འོད་གསལ་བའི་སེམས་སོ་སོ་རང་རིག་པའི་རྣལ་འབྱོར་མངོན་སུམ་གྱིས་རྟོགས་བྱ་དེ་ཆོས་ཀྱི་སྐུའི་ཀུན་རང་བཞིན་ཡིན་པས། རྣམ་པར་ཤེས་ པ་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་པས། གནས་ལུགས་ཀྱི་དབང་དུ་ན་ནམ་མཁའ་ལྟ་བུར་སྐྱེ་རྒ་འཆི་བའི་མཚན་ཉིད་དང་བྲལ་བ་ཡིན་ནའང་། སེམས་ཐོག་མ་མེད་པའི་ མ་རིག་པའི་བག་ཆགས་ཀྱིས་གོས་པའི་ཕྱིར་གཟུང་བ་དང་འཛིན་པ་རགས་པའི་ངོ་བོ་ཉིད་དུ་གྱུར་ནས་མི་ཤེས་པའི་མུན་པས་རང་གི་ངོ་བོ་སྟོང་གསལ་ཆོས་སྐུ་མ་མཐོང་བར་བསྒྲིབས་ནས། 8-9-31a བདག་དང་བདག་གིར་འཛིན་པའི་དབང་གི་རྣམ་ཤེས་ཚོགས་བརྒྱད་དུ་འབྱུང་ཞིང་། དེ་བསྡུས་ན་སེམས་གསུམ་གྱི་རྣམ་པས་ཡང་ཡང་འཁོར་བར་འཇུག་པ་ ཡིན་ནོ། །རང་བཞིན་དེ་དག་ཡུན་ཇི་ཙམ་རེ་འབྱུང་ཞེ་ན་སྐ༷ད་ཅི༷ག་དང་ཐ༷ང་ཅི༷ག་དང་ཡུ༷ད་ཙམ༷་དང༷་མི༷ག་བཙུམ༷ས་པ་ཞེས་དང་དེ༷་བཞི༷ན་ཐ༷ལ་མོ༷་བརྡབ་པ་སྟེ༷་དེ་ཙམ་གྱི་ཡུན་དུའོ། །དེ་ལ་ སྐ༷ད་ཅི༷ག་ནི་སེ༷་གོ༷ལ་གཏོག༷ས་པའི་སྒྲ་ཇི་སྲིད་གནས་པའི་ཡུན་ཡིན་པ༷ར་བཤ༷ད། ཐང༷་ཅི༷ག་ནི་ལག་པ་སོགས་ཀྱིས་ཡུངས༷་ཀ༷ར་གཅིག་ལག་མཐིལ་ལ་བསྐོར༷་བ༷་དང༷་། ཡུ༷ད་ཙམ༷་ནི༷་རང་གི་ དབུག༷ས་ནང་དུ་རྔུབ༷་པ་དང་ཕྱིར་འབྱུང༷་བ༷་ཡི་ཡུན་ཙམ༷། མིག༷་བཙུམ༷ས་པའི་མི༷ག་ནི༷་བཙུམ༷ས་པ༷འི་བྱ་བ་རྫོགས་པའི་བ༷ར་རོ། །ཐལ༷་མོ༷་ནི་ལ༷ག་གཉི༷ས་བརྡ༷བས་པ༷་ཡི་བྱ་བ་རྫོགས་པ་ ཙམ་སྟེ༷། དེ་ལྟར་སྐ༷ད་ཅི༷ག་ལ༷་སོགས་པའི་དུས་ཀྱི་མཚ༷ན་ཉི༷ད་དོ༷། །གཉིས་པ་སྣང་བ་གསུམ་གྱི་ངོ་བོ་ངོས་གཟུང་བ་ནི་སོ་སོ་ར༷ང་རིག༷་ཙམ༷་གྱི༷་ཡེ༷་ཤེ༷ས་ནི༷་ནམ༷་མཁ༷འ་ལྟ༷་བུར༷་མཚ༷ན་ཉི༷ད་མེ༷ད་ དེ་སྤྲོས་པ་ཀུན་དང་བྲལ་བའོ་འོ༷ན་ཀྱང༷་ཡེ་ཤེས་མ་རྟོགས་པར་ཚོགས་བརྒྱད་དུ་ཤར་བའི་ཚེ་སེམས་དེ༷་ཡི༷་ད༷བྱེ་ལ༷་ཡོ༷ད་དེ༷་འཇུག་ཤེས་མཚ༷ན་མོ༷་དང་ཉོན་ཡིད་ཉིན༷་མོ༷་དང་ཀུན་གཞི་མཚ༷མས་ཀྱི་ 8-9-31b བདག༷་ཉི༷ད་ཅན་ལ་དེ་ཉིད་ལ་སྟོང་པ་སོགས་ཀྱིས་རྣམ་པར་དག་པའི་སྒོ་ནས་རིམ་བཞིན་སྣང༷་བ་དང༷་སྣང༷་བ༷་མཆེ༷ད་པ༷་དང༷་དེ༷་བཞི༷ན་སྣང༷་བ༷་ཉེར༷་ཐོབ༷་དང༷་། གསུམ་པ་ལམ་གྱི་སྣང་གསུམ་ སྒྲུབ་པའི་ཐབས་བསྟན་པ་ནི། སྣང་གསུམ་དང་བཅས་པའི་སེ༷མས་ནི༷་རྣམ༷་པ༷་གསུམ༷་བཤ༷ད་ནས༷་སེམས་དེ༷་ཡི༷་སྲིད་པ་ཇི་ལྟར་སྒྲུབ༷་པ༷་བརྗོ༷ད་པ༷ར་བྱ༷་སྟེ། གང་དུ་སྐྱེ་བ་ལེན་པའི་ལས་ ཀྱི་བག་ཆགས་ཀྱི་ཉེས་པས་བསྐུལ་བའི་དྲི་ཟའི་སེམས་ཅན་དབང་པོ་ཀུན་ལྡན་སྲིད་པ་བར་མའི་གནས་སྐབས་ན་གནས་པ་དེ། སྐྱེས་པ་བུད་མེད་སྦྱོར་བའི་སྐབས་སུ་ཆགས་སྡང་ གིས་བསྐུལ་ནས་མངལ་དུ་འཇུག་ཅིང་ཁུ་ཁྲག་གི་ནང་དུ་ཐུམ་སྟེ་མེར་མེར། གོར་གོར། རྐང་ལག་འགྱུས་པ། རྒྱུས་པ་པགས་པ་སྤུ་སོགས་ཀྱི་དངོས་པོར་རིམ་པར་སྨིན་པས་ ཟླ་བ་དགུ་དང་ངོ་བཅུའི་རིམ་པས་སྲོག་ཆགས་རྣམས་ཀྱི་དངོས་པོར་གྱུར་ནས་མའི་ལྟོ་བ་ནས་བྱུང་བ་སྟེ། ཡུལ་དྲུག་ཉམས་སུ་མྱོང་བར་བྱེད་ཅིང་། དེ་ནས་ཆགས་སྡང་སོགས་ ཉོན་མོངས་དང་ཉེ་ཉོན་གྱི་དབང་དུ་འཁྱམས་ཞིང་ཡང་ནས་ཡང་དུ་དེ་ཁོ་ན་ལྟར་སྐྱེ་བར་འགྱུར་ཏེ། འཁོར་བའི་བཙོན་རའི་སྡུག་བསྔལ་མཐའ་ཡས་པ་དང་ལྡན་པའི་འགྲོ་བ་དྲུག་ 8-9-32a ཏུ་ཟོ་ཆུན་ཀྱི་འཕྲུལ་འཁོར་བཞིན་དུ་འཁྱམས་པ་ནི་སེམས་ཅན་རྣམས་ཀྱི་སྐྱེ་བའི་ལམ་ཡིན་ནོ། །དེ་ཡང་སྐྱེ་བ་ལེན་པ་པོ་སེམས་དེ་ཀུན་ཉིད་སྐྱེ་གནས་སོགས་ སུ་བསྡུས་པར་བྱེད་པ་རླུང་གི་ལྷན་ཅིག་བྱེད་རྐྱེན་བྱས་པའི་རྣམ་པར་རྟོག་པ་ཡིན་ཏེ། འདི་ལྟར་རླུང་རྣམས་པྲ་བའི་སོགས་ཏེ། དེའི་ཚེ་མིག་དང་གཟུགས་སོགས་ཡུལ་ཡུལ་ ཅན་ལྡན་པའི་ཚེ། ཡིད་ལ་བྱེད་པའི་མཐུས་མིག་ཤེས་སོགས་སྐྱེ་བར་འགྱུར་རོ། །དེ་ཉིད་སྟོན་ཏེ་སྲོག་ལ་སོགས་པའི་རླུང་རྣམ༷ས་རང་བཞིན་གྱིས་སྟོང་པའི་གཟུགས་སམ། སེམས་དང་དབྱེར་མེད་པའི་བསྐྱོད་བྱེད། སྟོང་ཕྲ༷་བ༷འི་གཟུག༷ས་ཀྱིས༷་ནི༷་རྣམ་པར་ཤེས༷་པ་དང༷་། ཡ༷ང་དག༷་པར་འདྲེས༷་པར་གྱུར༷་ནས༷་དང་པོར་ལུས་ལེན་ལུས་རྫོགས་ནས་བཙས་ཏེ་མིག་ སོགས་དབ༷ང་པོ༷འི་ལ༷མ་ན༷ས་བྱུང༷་ནས༷་ནི༷་གཟུག༷ས་སོགས་ཡུལ༷་དྲུག་པོ་རྣམ༷ས་ལ༷་ནི༷་དམི༷གས་པ༷ར་བྱེ༷ད་དོ། །ག༷ང་ཚེ༷་ཡུལ་གང་ཡིན་སྣང༷་བ༷་བདེ་སྡུག་བཏང་སྙོམས་ཀྱི་ལུས་ལྡ༷ན་གྱུར༷་ ཅིང༷་རླུང༷་ནི༷་དེ་དག་གི་བཞོ༷ན་པ༷་ཉི༷ད་དུ་གྱུར༷་པ༷་ཡོད་པ་དེ༷་ཚེ༷་རང་བཞིན་བརྒྱད་ཅུ་སོགས་སེམས་བྱུང་གི་ར༷ང་བཞི༷ན་དེ༷་དག༷་ཀུན༷་མ༷་ལུས༷་ལུས༷་པ༷་མེ༷ད་པ༷ར་འབྱུང༷་ངོ་། །ཀླུ་བྱང་འགྲེལ་པར། 8-9-32b རླུང་ནི་བཞོན་པ་ཉིད་གྱུར་ནས། །གང་ཚེ་སྣང་བ་ལྡན་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །ཅིག་ཆར་རམ་ནི་རིམ་གྱིས་འབྱུང་། །ཞེས་འདུག །སེམས་བྱུང་རྣམས་ཕལ་ ཆེར་རིམ་གྱིས་འབྱུང་བ་མ་ཡིན་ནམ། ཇི་ལྟར་ཅིག་ཆར་ཞེ་ན། སེམས་བྱུང་ཐམས་ཅད་ལ་བསམ་ན་ཐམས་ཅད་ཅིག་ཆར་མིན་ཏེ་རིམ་གྱིས་ཐམས་ཅད་འབྱུང་ཡང་། གང་དུ་ སེམས་བྱུང་གཅིག་གཙོ་བོར་བྱས་ནས་ཤར་ན། གཞན་དེ་དང་ལྷན་ཅིག་འབྱུང་རུང་བ་རྣམས་གཙོ་བོ་མ་ཡིན་པའི་ཚུལ་གྱིས་ཅིག་ཆར་འབྱུང་རུང་སྟེ་རོལ་མོ་དུ་མའི་སྒྲའི་ཅ་ཅོ་བཞིན་རྟོག་ མེད་ཤེས་པར་རིགས་མི་མཐུན་དུ་མ་ལྷན་ཅིག་འབྱུང་བ་ཡོད། དེའི་ཕྱིར་རྩ་ལག་གི་རླུང་སོ་སོའི་གནས་སྙིང་ཁ་ལྐོག་མ་སོགས་དང་། ཁྱད་པར་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་འོད་ གསལ་བ་ལས་རླུང་བྱུང་སྟེ། གཡོན་གཡས་བར་མའི་རྩ་གསུམ་དུ་ལམ་བྱས་ཏེ་རྒྱུའོ། །དེའི་ཕྱིར་ལམ་གསུམ་གང་དང་གར་གནས་པའི་རླུང་དེས་སེམས་བྱུང་གི་རང་བཞིན་དེ་དང་ དེ་རུ་སྐྱེད་དེ། སེམས་ཀྱི་དྲན་པ་སོགས་མིག་ཤེས་སོགས་བཞིན་ནོ། །རྩ་གཡོན་པའི་རླུང་གིས་ཤེས་རབ་ཀྱི་ངོ་བོའི་རང་བཞིན་རྣམས་སྐྱེ། གཡས་པས་ཐབས། དབུས་མ་མ་རིག་ 8-9-33a པ་རྣམས་སྐྱེད་མོད་ཀྱི། འོན་ཀྱང་དེ་དག་དམིགས་རྐྱེན་ཡུལ་གྱི་སྣང་བ་ལྟོས་ཏེ་བུམ་པ་སོགས་དེ་དེའི་རྣམ་ཅན་གྱི་ཤེས་པ་འབྱུང་ངོ་། །ཇི་སྲིད་རླུང་མི་འབྱུང་ཞིང་ ཤེས་པ་མི་གཡོ་བར་གྱུར་པ་སྲིད་དུའོ། །རླུང༷་ནི༷་གནས་སྐབས་ཀྱི་སེམས་གང༷་དང༷་གར༷་གན༷ས་པ༷་དེས་བསྐུལ་ནས་སེམས་བྱུང་གི་རང་བཞིན་དེ༷་ད༷ང་དེ༷་འབྱུང༷་བར་འགྱུར༷་ཇི༷་སྲི༷ད་སྐྱོད་བྱེད་ ཀྱི་རླུང༷་གིས་མ་བསྐྱོད་པ་ནི༷་མི༷་རྒྱུ༷་ད༷ང་སྣང༷་བ༷་མི༷་གཡོ༷་བ༷ར་མ་གྱུར་པ་གྱུར༷་པ༷་དེ་སྲིད་དུ་རླུང་རྒྱུའོ། །འགོག་པ་ནི་སྣང༷་བ༷་གཉི༷ས་ཀྱི༷་རྒྱུར༷་གྱུར༷་པ༷ས་ཏེ། ཀླུ་བྱང་འགྲེལ་པ་ལས། སྣང་བ་གཉིས་ཀྱི་ རྒྱུ་ཅན་ཏེ། །བདག་གི་དངོས་པོ་རྣམ་པར་བརྟན། །གཉིས་ཀའི་ཡན་ལག་ཅན་ཉིད་ཀྱི། །སྣང་བ་ཉེ་བར་ཐོབ་པར་འགྱུར། །ཞེས་གསུངས་དེའི་དོན། སྣང་བ་ གཉིས་ཏེ་རང་བཞིན་རྣམས་དང་། རྣམ་ཤེས་ཀུན་དགག་པའི་དོན་དུ། ཨོཾ་དང་། ཨཱཿགཉིས་དབྱངས་དང་ཚེག་དྲག་ལ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་ཟླ་ཉིའི་སྣང་བ་དང་མཚུངས་ པའི་སྣང་བ་དང་མཆེད་པ། དེའི་རྒྱུ་ཅན་དག་གི་དངོས་པོ་སྟེ་འཇུག་ཤེས་དང་ཉོན་ཡིད་གཉིས་རྣམ་པར་བརྟག་པ་ནི་འགོག་པ་སྒོམ་པའོ་ཞེས་གསུངས། དེའི་རྗེས་སུ་གཉིས་ཀའི་ 8-9-33b ཡན་ལག་ཅན་ཏེ། སྣང་བ་གཉིས་སུ་མཐོང་བ་དང་བྲལ་ནས་རོ་གཅིག་ཏུ་གྱུར་པ་མཚམས་ཀྱི་སྣང་བ་ལྟ་བུའི་སྣང་བ་ཉེར་ཐོབ་ཀུན་གཞིའི་རྣམ་པར་ཤེས་པ་གྱུར་པའི་མཚན་ཉིད་ཀྱི་ཡེ་ཤེས་ རྣལ་འབྱོར་པ་ལས་སྐྱེ་བར་འགྱུར་རོ་ཞེས་འགོག་པའི་རིམ་པ་སྟེ་སྦས་པའོ། །ཞེས་སོ། །དེ་ལྟར་སྔགས་ཀྱི་རིམ་པ་བསྟན་པ་དེའི་ལྷན་ཅིག་བྱེད་རྐྱེན་ཁྱད་པར་ཅན་ཕྱག་རྒྱའི་རིམ་པ་ ནི། ཀླུ་བྱང་འགྲེལ་ལས། དགའ་བ། མཆོག་དགའ། དགའ་བྲལ་གྱི་ཡེ་ཤེས་གསུམ་གྱི་དབྱེ་བ་ཕྱག་རྒྱ་ལས་གསལ་བར་མཚོན་ནོ། །རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་དུས་ སུ་སྣང་བ་མཆེད་པ་སྟེ་མཆོག་གོ། རྣམ་པར་སྨིན་པའི་སྐད་ཅིག་གི་དུས་སུ་སྣང་བ་ཉེར་ཐོབ་ཀྱི་རང་བཞིན་བྲལ་བ་སྟེ་སྦས་པའོ། །སྣང་བ་ནི་འདོད་ཆགས་ཏེ་དགའ་བ། ཆགས་ བྲལ་ནི་སྣང་བ་ཉེར་ཐོབ་སྟེ་བྲལ་བའོ། །དེ་དག་གི་བར་ན་གནས་པའི་གསུམ་པ་གང་ཡིན་དེ་ནི་སྣང་བ་མཆེད་པ་སྟེ་མཆོག་གོ། ཞེས་གསུངས་ཏེ་དེས་འཇུག་ཤེས་སོགས་རྣམ་ཤེས་ཚན་ གསུམ་པོ་དེ་འགག་པར་འགྱུར་རོ་ཞེས་སྦས་པའོ། །ཇི་སྐད་བཤད་པའི་བྱ་བ་ནི་སྔགས་ཀྱི་རིམ་པས་ས་བོན་སོགས་ཀྱིས་སྤངས་པ་དང་། ཕྱག་རྒྱའི་རིམ་པས་དགའ་བ་གཉིས་སྤངས་པའི་ 8-9-34a སྐད་ཅིག་གིས་ཡེ་ཤེས་ཐོབ་པའང་ཡིན་པ་དེ་ནི་སྣང་བ་ཉེར་ཐོབ་སྟེ་སྦས་པས་བཤད་པའོ། །ཞེས་གསུངས། རྡོར་པད་སྦྱར་བ་ཕྱིའི་ཐབས་ཤེས་སྙོམས་འཇུག ། ཐབས་ཆགས་པ་དང་། ཤེས་རབ་ཆགས་བྲལ་གཉིས་མེད་སྦྱོར་བ་ནང་གི་སྙོམས་འཇུག །དེ་གཉིས་ལ་བརྟེན་ནས་འབད་པས་ཐོབ་པའི་ཟུང་འཇུག་གི་ཡེ་ཤེས་གང་དུ་མི་གནས་པ་ཉེར་ཐོབ་ ཅེས་ལྷན་སྐྱེས་སྦས་ཏེ་བཤད་པའོ་སེམས་སོ། །དེ་ཡང་སྣང་བ་གཉིས་ཀྱི་རྒྱུ་ཅན་བད༷ག་གི༷་དངོ༷ས་པོ༷་རྣམ༷་པ༷ར་བརྟག༷ས་པས་ཇི༷་ལྟར༷་སྣང༷་བ༷་ཐོ༷བ་པ༷་ལྟར༷་གཉི༷ས་ཀ༷འི་ཡ༷ན་ལ༷ག་ཉི༷ད་དུ༷་སྟེ་སྣང་བ་གཉིས་ སུ་མཐོང་བ་དང་བྲལ་ནས་མཚམས་སྣང་ལྟ་བུའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་བར་འགྱུར༷་རོ། །ཕྱག་རྒྱའི་རིམ་པ་ནི་སྨན་རྡེའུ་སྔགས་ལ་སོགས་པ་ལས་བྱུང་བའི་སྒྱུ་མ༷་དག༷་ནི༷་ཐ༷མས་ཅ༷ད་ལ༷ས་ བུ༷ད་མེ༷ད་སྒྱུ༷་མ༷་ནི་ཁྱ༷ད་པ༷ར་འཕ༷གས་གང་གིས་ན་སྣང་བ་ལ་སོགས་པའི་ཡེ༷་ཤེ༷ས་གསུམ༷་གྱི༷་དབྱེ༷་བ༷་ནི༷་གས༷ལ་བ༷ར་ཕྱག་རྒྱ་དང་སྙོམ༷་པར་ཞུགས་པ་འདི༷་ལ༷ས་མངོན་སུམ་གསལ་བའམ་མཚོ༷ན་ པ༷ར་འགྱུར༷་བའི་ཕྱིར་རོ། །འདོ༷ད་ཆག༷ས་སྣང་བ་སྟེ་དགའ་བ་དང་མཆོག་དགའ་གཉིས། སྣང་བ་མཆེད་པ་ཉི༷ད་དང༷་ཆག༷ས་བྲལ༷་ནི་དགའ་བྲལ་སྣང་བ་ཐོབ་པ་དང༷་། དེ༷་ཡི༷་བ༷ར་ 8-9-34b དེ༷་གསུ༷མ་པོ༷་དབུས་སུ་ལྷན་ཅིག་སྐྱེས་དགའོ། །སྣང་བ་ཐོབ་པ་ནི༷་ཕོ་མོའི་དབ༷ང་པོ༷་གཉི༷ས་ནི༷་མཉམ༷་སྦྱོར༷་བ༷འི་ཐ་སྙད་ཅན་ཐབས་ཤེས་ཀྱི་རྡོ༷་རྗེ༷་པ༷དྨ༷་འདུས༷་པ་ལ༷ས་རྟོགས་སོ༷། །ནང་གི་སྙོམས་ འཇུག་ནི། ཕྱག་རྒྱ་ལ་བརྟེན་ཀུན་ནས་སྣང་བ་དང་མཆེད་པའི་ཡེ༷་ཤེས༷་ཀྱི་བདག་ཉིད་ཁམས་དཀར་དམར་གྱིའམ་ཡེ་ཤེས་གཉི༷ས་ནི༷་གཅིག་ཏུ་མཉམ༷་སྦྱོར༷་ལ༷ས་སྙོམ༷ས་པ༷ར་འཇུག༷་པ༷ར་བཤ༷ད་ པ༷་ཡི༷ན་ཏེ་སྣང་བའི་ཤེས་རབ། མཆེད་པའི་ཡེ་ཤེས་ཐབས་ཀྱི་ཆའོ། །དེ་དག་སྦྱར་བ་ཐབས་ཤེས་སྙོམས་པར་ཞུགས་པའོ། །ཡེ༷་ཤེས༷་གཉི༷ས་ཀྱི༷་མཉ༷མ་སྦྱོར༷་ད༷ང་ཇི༷་སྐ༷ད་བཤ༷ད་པ༷འི་ བྱ༷་བ༷་ཡི༷ས་འབ༷ད་པ༷ས་ཡེ༷་ཤེ༷ས་ག༷ང་ཞིག་ཆགས་དང་ཆགས་བྲལ་ལས་འདས་པ་ཐོ༷བ་པ༷་དེ༷་ནི༷་སྣང༷་བ༷་ཐོ༷བ་པ༷འོ༷་ཞེས་ཐ་སྙད་བྱས། རྣལ་འབྱོར་པ་གང༷་ཞིག༷་ཆུ༷་སྐྱེས༷་དང་རྡོ༷་རྗེ༷་སྦྱོར༷་བ་གྲགས་ པའ༷མ་ཀུན་རྫོབ༷་ཏུ༷་ཡ༷ང་མེ༷ད་གྱུར༷་ན༷་ཐབ༷ས་ཅི་བྱ་ཞེ་ན་སྔར་དབང་དུས་སུ་ཕྱག་རྒྱའི་བདེ་བ་དེའི་རྗེས་སུ་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན། ལ༷ན་ཅི༷ག་ཙམ༷་ཞི༷ག་མྱང༷་ན༷ས་ཀྱང༷་རྣལ༷་འབྱོར༷་སྟོབ༷ས་ཀྱིས༷་འགྲུབ༷་ པ༷ར་འགྱུར༷་ཏེ་སྔར་གྱི་བདེ་བ་དྲན་ནས་དེ་འདྲར་དམིགས་པས་སོ། །རང་བཞིན་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་སྣང་བ་གསུམ་གྱི་ཡེ༷་ཤེས༷་གསུམ་རང་བཞིན་རྣམས་ 8-9-35a ཀྱི་སྒོ་ནས་འཇུག༷་པ༷འི་ངོ༷་བོ༷་ཡི༷། དེ་གསུམ་གྱི་ཁྱད་པར་རམ་སྣང་གསུམ་མྱོང་བའི་ཐབས་ཀྱི་དབྱེ༷་བ༷་ཇི༷་བཞི༷ན་རང་རིག་པས་ཤེ༷ས་པར་བྱས༷་ལ༷། ཐབས་ཤེས་མ་རིག་ པའི་རྣམ་ཤེས་གསུམ་གྱི་ར༷ང་བཞི༷ན་དེ༷་ཉི༷ད་སླར༷་ཡང༷་ནི༷་རྟག༷་ཏུ་རྣ༷ལ་འབྱོར༷་པ༷ས་ཡང་ནས་ཡང་དུ་ཤེས་པའམ་མཚོ༷ན་པར་བྱ་བ༷་སྟེ་སྦས་པའོ། །གཉིས་པ་འཕྲོས་དོན་ལས་ཀྱི་མཐའ་རྣམ་པར་ འབྱེད་པ་ནི། ཇི༷་ལྟར༷་སྤྲིན༷་ནི༷་མི་འདྲ་བ་སྣ༷་ཚོག༷ས་ཤི༷ང་མདོ༷ག་ད༷ང་དབྱིབ༷ས་ནི༷་ཐ༷་ད༷ད་པ༷་ནམ༷་མཁ༷འི་དབྱིང༷ས་སུ༷་བྱུང་ན༷ས་ནི༷་ནམ་མཁའ་དེ༷་ཉི༷ད་དུ༷་ནི༷་ཐིམ༷་པ༷ར་འགྱུར༷་བ་ལྟར་དེ༷་བཞི༷ན་ར༷ང་བཞི༷ན་ ཐ༷མས་ཅ༷ད་ནི༷་སྣང༷་བ༷་གསུམ༷་གྱི་ནི༷་རྒྱུ༷་ཅ༷ན་ཏེ༷་དེ་ལས་བྱུང་ནས་མ༷་ལུས༷་པའི་ཡུལ༷་ལ་ཞུག༷ས་པའམ་རང་རང་གི་འདོད་པའི་ཡུལ་དཔྱད་ནས༷་ནི༷། དེ་ཐམས་ཅད་རང་གི་འབྱུང་ཁུངས་ཆོས་སྐུ་དེ་ ཁོ་ན་ཉིད་བཞི་པ་འོ༷ད་གས༷ལ་བ༷ར་ནི༷་ཞུག༷ས་པ༷ར་འགྱུར༷་བ་དེ་ལྟ་ན་ཀུན་ཏུ་རྟོག་པའི་རྣམ་ཤེས་ཚོགས་བརྒྱད་པོ་འདི་དག་གི་རང་བཞིན་ནི་ཡེ་ནས་མ་སྐྱེས་པ་འོད་གསལ་བའི་རང་བཞིན་དུ་གནས་ སོ། །འོད་གསལ་ནི་ནམ་ཡང་བསྡུ་བ་དང་སྤྲོ་བ་མེད་དེ། སྔར་བཞིན་ཕྱིས་ཀྱང་དེ་བཞིན་ནོ། །སེམས་སེམས་བྱུང་རྣམས་སྤྲོ་བའི་ཚེ་ནའང་དེ་ལས་གཞན་དུ་མེད་མོད་ཀྱི་དེ་ལྟར་སྣང་བ་ 8-9-35b མི་འགལ་ལ། འོད་གསལ་དུ་བསྡུས་ཀྱང་རང་གི་རང་བཞིན་ལ་ཞུགས་པ་ཡིན་གྱི་གཞན་དུ་འགྲོ་འོང་གང་ཡང་མེད་དོ། །དེའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་བུ་རམ་མངར་བ་དང་ མེ་ཚ་བ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་སྟོང་པ་ཉིད་དུ་གནས་སོ། །དེ༷་འདྲའི༷་ཆོས་རྣམས་ཀྱི་ར༷ང་བཞི༷ན་འོད་གསལ་སྟོང་པ་ནི་མ༷་ཤེས་པ༷ས། དངོས་པོར་འཛིན་ པའི་མི་ཤེ༷ས་མུན༷་པ༷ས་ཁེ༷བས་པ༷་ནི༷་དགེ༷་ད༷ང་མི༷་དགེ༷འི་ལ༷ས་བྱས༷་ནས༷་འགྲོ༷་བ༷་ལྔ༷ར་ནི༷་འཁོ༷ར་བ༷ར་འགྱུར༷་ཏེ་འདི་ལྟར་མཚ༷མས་མེ༷ད་ལ༷་སོགས་པའི་ལས་བྱས༷་ནས༷་ནི༷་དམྱལ༷་ལ༷་སོ༷གས་ བ༷ར་འཚེ༷ད་པ༷ར་བྱེ༷ད་ཅིང་རེས་སྦྱིན༷་སོ༷གས་དགེ༷་བ༷་བྱས༷་ན༷ས་ནི༷་མཐོ༷་རི༷ས་ལ༷་སོ༷གས་དག༷་ཏུ༷་མཆོ༷ད་པ་ཀུན་ཐོབ་བོ། །རིགས་དྲུག་གི་སྐྱེ༷་བ༷་དཔ༷ག་མེ༷ད་སྟོང༷་ཕྲག༷་ནི༷་སྲིད་པ་འདི༷ར་ནི༷་ཡ༷ང་ད༷ང་ ཡ༷ང་འཐོ༷བ་པ༷་དེའི་ཚེ་ན་འདི༷་ནི༷་སྔོ༷ན་ལ༷ས་ཀྱི་རྣམ༷་སྨིན༷་ཡིན་ནོ་ཞེས༷་རྨོང༷ས་པ༷་རྣམ༷ས་ནི༷་མྱ༷་ང༷ན་བྱེ༷ད་དེ་རང་བཞིན་རྣམས་ལས་བྱུང་བར་མི་ཤེས་སོ། །ལས་དེ་དག་ཀྱང་རང་བཞིན་རྣམས་ དང་བཅས་པའི་སེམས་གསུམ་ལས་བྱུང་བར་མི་ཤེས་ཏེ། རང་ལས་བྱུང་བ་ལ་ལས་ལས་བྱུང་ངོ་ཞེས་རང་དབང་མེད་པ་སྐད་དུ་སྨྲའོ། །རང་བཞིན་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ 8-9-36a ཤེས་པ་ཁོ་ན་འཐད་དེ། ར༷ང་བཞི༷ན་རྣམ་པ་གསུམ་གྱི་རྣམ་ཤེས་སྣང༷་བ༷འི་ཚུལ་གྱིས༷་ནི༷་སེམས་གསུམ་ག༷ང་གི༷ས་སྐྱེ༷་བོ༷་རྣམས་ཉོ༷ན་མོང༷ས་པ༷་ཡིན་པའི་ཚུལ་དེ༷་ཉི༷ད་ཤེ༷ས་ན༷ས་ཡེ༷་ ཤེ༷ས་ཅ༷ན་གྱི་རྣལ་འབྱོར་པ་རྣམས་སྲི༷ད་པ༷འི་གཟེ༷བ་ལ༷ས་རྣམ༷་པར་གྲོལ༷་བར་འགྱུར༷་རོ། །གཉིས་པ་བདེན་པ་གཉིས་ཟུང་འཇུག་དང་བཅས་པ་མདོ་ཙམ་སྨོས་པ་ལ་དོན་དྲུག་སྟེ། དཔེ་བསྐྱེད་རིམ་ གྱི་དག་པ་བཤད་པས་སྒྱུ་ལུས་ངོས་གཟུང་། སྒྱུ་ལུས་འོད་གསལ་དུ་འཇུག་པའི་རིམ་པ་བསྟན། བདག་བྱིན་བརླབ་པའི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ། ཕར་ཕྱིན་ཐེག་པའི་ལམ་ཡོངས་ སུ་རྫོགས་ཀྱང་སྔགས་ཀྱི་སྣོན་ཀ་དགོས་ཚུལ། སྔགས་ལམ་ལ་དང་པོར་ཞུགས་པ་ལམ་གཞན་ལ་མི་ལྟོས་པར་བསྟན། འོད་གསལ་མངོན་པར་བྱང་ཆུབ་ཆོས་ཐམས་ཅད་ཀྱི་སྙིང་པོར་ བསྟན་པའོ། །དང་པོ་ནི། བསྐྱེད་རིམ་དང་སྦྱར་ན་དེ་ལྟར་རྫོགས་པའི་རིམ་པས་ཡེ་ཤེས་གསུམ་གྱི་རྣལ་འབྱོར་གྱིས་སེམས་རྣམ་པར་དག་པ་ལ་འཇུག་མི་ནུས་ཤིང་། དེའི་རྣམ་པར་བརྟག་ པའི་རྣལ་འབྱོར་ཙམ། རྣལ་འབྱོར་གྱི་རྒྱུད་སོགས་སུ་གསུངས་པ་ནི། ཤེས་རབ་ངོ་བོ་འདི་ཉིད་ནི་སོགས་སོ་ཤེས༷་ར༷བ་ངོ༷་བོ༷་ཉི༷ད་འདི༷་ལྟ་བུ་ནི༷་ཨོཾ་དང་ལྡན་པ་ཟླ༷་བ༷འི་དཀྱིལ༷་འཁོ༷ར་ད༷ག་ཏུ༷་སེམས་ 8-9-36b ཀྱིས་བརྟག༷་པ་དེ་ཉིད་དག་ཅིང་དྭངས་ལ་འོད་གསལ་བས་རང་གི་སེ༷མས་ཉི༷ད་ཀྱི་ངོ་བོ་ར༷ང་གི༷ས་མཐོང༷་བར་འགྱུར༷་ཏེ༷་སེམས་ར༷ང་ཉི༷ད་ཟླ༷་བ༷འི་གཟུག༷ས་བཞི༷ན་དུ་དག་པར་གྱུར་པ་ཡིན་ནོ༷་དེ༷་ནས༷་ཟླ༷་ བ༷་ལ༷་དམི༷གས་པ༷་ལ་སེམས་ཀྱི་སྣང་བ་སྐྱེས་པ་ནི་ཉི་དཀྱིལ་ལ་གནས་རྡོ་རྗེའི་སྟེང་གི་ཚེག་དྲག་གི་གཟུགས་དང་གཅིག་ཏུ་གྱུར་པའི་རྡོ༷་རྗེ༷འི་མཚ༷ན་མ༷ར་ར༷བ་ཏུ༷་བརྟག༷་པར་བྱ་སྟེ་དེའི་ཚེ་འདི༷་ནི༷་ཡེ་ ཤེས་ལྔའི་ངོ་བོ་རྡོ་རྗེ༷་ལ༷ས་བྱུང༷་བ༷འི་སེམས་ཡིན་པའི་ཕྱིར་ན། རྡོ་རྗེ་སེམས་ནི་བསྐྱེད་པ་ཡིས། རྣལ་འབྱོར༷་པ༷་ཡི༷་ཐབ༷ས་སུ༷་སྟོན་བྱེད་ཀྱང་བཤ༷ད་དོ། །ལྷ་ཡི་རྣམ་པའི་རྒྱུར་གྱུར་པ་ཉིད་ཡིན་ པའི་ཕྱིར་དེ་ནས་ཅི་ཞིག་བྱ་ཞེ་ན་ཟླ༷་བ༷་རྡོ༷་རྗེ༷་སོ༷གས་མཉམ༷་པར་སྦྱོར༷་ཏེ་གཅིག་ཏུ་འདྲེས་པ་དང་སེམ༷ས་ད༷ང་སེ༷མས་བྱུང༷་འདུས༷་པ༷་སྟེ༷་དེ་བཞིན་ཤེས༷་ར༷བ་དང་ཐབ༷ས་སུ༷་འདུས༷་པ༷་རོ་མཉམ་པ་ལ༷ས་རྡོ་རྗེ་ འཆང་སོགས་ལྷ༷་ཡི༷་གཟུ༷གས་ནི༷་འབྱུང༷་བ༷ར་འགྱུར༷་རོ། །དེའི་ཚེ་ཅི་ཞིག་བྱ་ཞེ་ན་ཕྱག་རྒྱ་བཞི་ཞེས་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞིས་ཡེ་ཤེས་པ་དགུག་གཞུག་ཅིང་དབང་དུ་བྱ་བ་བཞིའམ་ སྤྱན་མ་མཱ་ཀཱི་གོས་དཀར་སྒྲོལ་མ་སྟེ་ཕྱག་རྒྱ་ལྷ་མོ་བཞིས་རྒྱས་བཏབ་པ་ནི་འཁོར་གྱིས་བསྐོར་ནས་ཀུན་སམ། ཡང་ན་སྐུ་ཕྱག་ཆེན། གསུང་ཆོས། ཐུགས་དམ་ཚིག །ཕྲིན་ལས་ཀྱི་ཕྱག་རྒྱ་བཞིས་ 8-9-37a རྒྱས་བཏབ་ནས། དེ་ལྟ་བུའི་ཚུལ་དུ་ལྷའི་ང་རྒྱལ་འཛིན་པ་བསྐྱེད་རིམ་ཡིན་གྱི་རྫོགས་རིམ་མ་ཡིན་ནོ། །དེ་ལ་ལྷའི་རྣལ་འབྱོར་ནི་གཉིས་ཏེ། སྔགས་ཀྱི་སྐུའི་རྣལ་ འབྱོར་དང་། ཡེ་ཤེས་སྐུའི་རྣལ་འབྱོར་རོ། །དེའི་དང་པོ་བསྐྱེད་པའི་རིམ་པས་བསྒོམ་པའི་སྐུའོ། །གཉིས་པ་སྔགས་ཀྱི་སྒྱུ་ལུས་སམ་རང་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་སྣང་ བའི་སྐུའོ། །དེ་ཉེར་ཐོབ་སོགས་ཀྱི་རིམ་པའམ། འོད་གསལ་ལས་སྐད་ཅིག་གིས་ལྷའི་རྣམ་པར་འཛིན་པ་ཡང་རྫོགས་རིམ་ཁོ་ན་ཡིན་ནོ་ཞེས་པའི་ཕྱི་མ་འདི་སེམས་ཉིད་ཀྱི་རང་བཞིན་ འོད་གསལ་བས་སྐད་ཅིག་དྲན་རྫོགས་ལ་གསུངས་པ་འདྲ་སྙམ་མོ། །ཕྱག་རྒྱ་བཞི་ཡང་དང་པོ་ཡེ་ཤེས་སེམས་དཔའ་ཕྱག་ཆེན་བསྒོམ། དེའི་ཐུགས་ཀར་ཟླ་དཀྱིལ་ས་བོན་དམ་ཚིག ། སྣ་ཚོགས་རྡོ་རྗེ་སྙིང་པོ་གནས་པའི་ལག་པའི་ཕྱག་རྒྱ་བཅིངས་པ་ལས་ཀྱི་ཕྱག་རྒྱ། ལྕེ་ལ་རྡོ་རྗེ་བསྒོམས་ནས་བརྗོད་པ་ཆོས་ཀྱི་ཕྱག་རྒྱས་བཀུག་པར་ཡང་གསུངས་སོ། །དེ་ལྟར་ཕྱག་ ཆེན། ཆོས། ལས། ཡེ་ཤེས་ཀྱི་ཕྱག༷་རྒྱ༷་བཞིས༷་ནི༷་རྒྱས༷་བཏབ༷་ཅིང༷་རང་འདོད་པའི་ལྷ༷་ཡི༷་ང༷་རྒྱལ༷་འཆ༷ད་བྱེ༷ད་དེ༷་བསྐྱེ༷ད་པ༷འི་རི༷མ་ད༷ང་ལྡ༷ན་པ༷ར་ནི༷་སྔ༷གས་པ༷་རྟག༷་ཏུ་དེ་ལ་སྤྱོ༷ད་པ༷ར་འགྱུར༷་བ་ནི་ 8-9-37b ཇི༷་སྐ༷ད་དུ་དཔ༷ལ་ལྡན༷་འདུས༷་པ་ལ་སོ༷གས་པ༷ར་རྣལ་འབྱོར་མཆོག་དང་། རྣལ་འབྱོར་ཆེན་པོའི་རྒྱུ༷ད་དེ༷་ད༷ང་དེ༷ར་ནི༷་ལྷ་བསྐྱེད་པའི་རིམ་པ་སྣ་ཚོགས་རྒྱས༷་པར་གསུ༷ངས་པ༷འི་དོན་དེ་ལྟ་བུའི་ ཇི༷་སྲི༷ད་སྒོམ༷་ལ༷་སྤྱོ༷ད་གྱུར༷་པ༷་དེ༷་སྲི༷ད་དང༷་པོ༷འི་ལ༷ས་ཅ༷ན་ཡི༷ན་ཏེ་རྫོགས་རིམ་མ་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་སྒྱུ་ལུས་འོད་གསལ་དུ་འཇུག་པའི་ རིམ་པ་བསྟན་པ་ན། ད༷་ནི༷་ཡོ༷ངས་སུ་རྫོ༷གས་པ་རྫོགས་རིམ་གྱི་རྣལ༷་འབྱོར༷་གྱི༷་དོན་ནམ་གས༷ལ་བ༷་རུ༷་ནི༷་བཤ༷ད་བྱ༷་སྟེ༷། གང་ཞེ་ན་སྟོང༷་པ༷་གསུམ༷་གྱི༷་རིམ་པས་སེམས་རགས་པ་དང་ཕྲ་བ། སྣང་ མཆེད་ཐོབ་གསུམ་རྣམ༷་པར་དག༷་པ་གང༷་འོ༷ད་གས༷ལ་བ༷ར་ནི༷་རྫོགས་རིམ་གྱི་སྐབས་འདི༷ར་བཤ༷ད་དོ༷་སྤྲོས་པ་ཐམ༷ས་ཅ༷ད་སྟོང༷་པ༷ར་དེ༷་ཉིད་བརྗོ༷ད་དེ༷་སྣང་བ་སོགས་ཡེ༷་ཤེ༷ས་གསུམ༷་ནི༷་རྣམ༷་པར་དག༷་ པ༷་སྟེ་མེད་པ་ཡེ༷་ཤེས༷་གསུམ་པོ་དག༷་པའི་གན༷ས་སམ་གཞི་འོད་གསལ་དོན་དམ་དེ༷་ཁོ་ན་ཉིད་རྟོག༷ས་པའོ་ཐ༷མས་ཅ༷ད་མཁྱེན༷་པ༷་བླ༷་ན༷་མེ༷ད་པ་རྡོ་རྗེ་འཆང་ས་བཅུ་གཉིས་ཀྱིས་བདག་ཉིད་རྡོ་རྗེ་ལྟ་བུའི་ ཏིང་འཛིན་གྱི་ངོ་བོ་དེ་ལ་དགའ་བ་སོགས་གསུམ་གྱིས་འགྱུར༷་བ༷་མེ༷ད་ཅིང༷་ཕྲ་བའི་རང་བཞིན་སྣང༷་བ༷་གསུམ་ཡང་མེ༷ད་པའོ། །ཀུན་རྫོབ་དོན་དམ་པའི་དབྱེ་བ་གཉི༷ས་ཀྱང་མེ༷ད་ལ་རྣམ་རྟོག་གི་ 8-9-38a སྤྲོས་པ་མཆོ༷ག་ཏུ༷་ཞི༷་བ༷་འོད་གསལ་བ༷་ཉི༷ད་དེ་ནི་ཡོ༷ད་ཅེས་ད༷ང་དེ༷་བཞིན་མེ༷ད་པ༷་ད༷ང་དེ་ནི༷་ཡིན་མིན་སོགས་ཚིག༷་གི༷་སྤྱོ༷ད་ཡུལ༷་མི༷ན་ཏེ་དམིགས་པ་ཐམས་ཅད་དང་བྲལ་བས་ ཡོད་པ་མིན་ལ་སོ་སོ་རང་གི་རིག་པར་བྱ་བས་མེད་པ་ཁོ་ནའང་མ་ཡིན་ནོ། །གསུམ་པ་ཟུང་འཇུག་གི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ་ནི། དེ༷་ན༷ས་འོ༷ད་གས༷ལ་བའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་ ད༷ག་ཅིང་རྙོག་ཀུན་པ་མེད་པ༷་ལ༷ས་ཡེ༷་ཤེ༷ས་གསུམ༷་ནི༷་འབྱུང༷་བར་འགྱུར༷་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་ལ་ཐིམ་པ་འབའ་ཞིག་མ་ཡིན་ཏེ་དེ་ལས་སྒྱུ་མའི་སྐུ་སུམ༷་ཅུ༷་རྩ༷་གཉི༷ས་ཀྱི་མཚ༷ན་བཟང་པོ་འཆ༷ར་ཞིང༷་ དཔེ༷་བྱད༷་བཟང༷་པོ༷་བརྒྱ༷ད་ཅུར༷་ལྡན་གྱུར༷་རྣམ༷་པ༷་ཀུན༷་ཏུ་མཆོག་སྟེ་སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཀུན་ལྡན༷་པའི༷་ཐ༷མས་ཅ༷ད་མཁྱེན༷་པ༷ར་དེ༷་ནས༷་འགྱུར༷་ཞིང་འགྲུབ་པའོ། །བཞི་པ་ མདོ་ལམ་རྫོགས་ཀྱང་སྔགས་ལམ་གྱིས་སྣོན་ཀ་དགོས་ཚུལ་ནི། དེ་ཉིད་མདོའི་ལུང་གིས་བསྟན་པ། དེ༷་སྐ༷ད་དུ༷་རྒྱ༷་ཆེ༷ར་རོ༷ལ་པ༷འི་མདོ༷་ལ༷ས་ཤཱ༷ཀྱ༷་ཐུབ༷་པ༷་དེ༷་བཞི༷ན་གཤེ༷གས་མཐར་ཐུག་གི་མངོ༷ན་ པ༷ར་བྱང༷་ཆུབ༷་འདི༷་བཞེད༷་ནས༷་མདོ་ལམ་གྱི་སྟོང༷་པ༷་ཆེ༷ན་པོ༷་དམིགས་པ་མེད་པས་སེམས་རྣམ་པར་དག་པའི་རིམ་གྱིས་གནས་གྱུར་པར་བྱས་པའི་སང༷ས་རྒྱས༷་ཉི༷ད་ཐོ༷བ་པ༷ར་བྱ༷འོ་ཞེ༷ས་མངོ༷ན་པ༷ར་ 8-9-38b དགོང༷ས་ནས་དབེན་ས་བཙལ་བ་ལས་ནཻ༷་ར༷ཉྫ་ནའི༷་ཆུ་འགྲམ༷་དུ༷་སྟོང་པ་ཆེན་པོ་ལས་མི༷་གཡོ༷འི་ཏིང༷་འཛི༷ན་ལ༷་བཞུག༷ས་པ་ལ༷་དུས་དེའི༷་ཚེ༷་སྔོན་གྱི་རྒྱལ༷་བ༷་རྣམས་མཁ༷འ་ཡི་རྡོ༷་རྗེ་ཏིལ༷་གྱི༷་ག༷ང་བུ༷་ག༷ང་ བཞི༷ན་བཞུག༷ས་ནས་རྒྱལ༷་བ༷འི་སྲས༷་ལ༷་སེ༷་གོ༷ལ་གཏོག༷ས་པས་བསླངས་ནས་དེ༷་ལ༷་དབྱང༷ས་གཅི༷ག་གི༷ས་གསུང༷ས་པ༷་ཁྱོད་ཀྱི་བས༷མ་གཏན༷་སྟོང་པ་ཆེན་པོ་དམིགས་པ་འདི༷་ནི༷་རྣམ༷་པར་དག༷་པ་མི༷ན་ འདི༷ས་ནི༷་མཐ༷ར་ཐུག༷་སངས་རྒྱས་ཀྱིས་མི༷་འཐོ༷བ་སྟེ༷། ཆགས་དང་ཆགས་བྲལ་ཆགས་པ་བར་མ་རིམ་གྱིས་སྤངས་པའི་ཐམས་ཅད་སྟོང་པ་འོད་གསལ་དེ་ལྟ་བུ་ལ་ཁྱོད་ཀྱིས་བསྟེན་པར་གྱིས་ ཤིག །ཀླུ་བྱང་འགྲེལ་དུ་དེ་ཚེ་ཏིལ་གང་བཞིན་གང་བའི། མཁའ་དབྱིངས་གནས་པའི་རྒྱལ་བ་ཡིས། རྒྱལ་བ་ཡི་ནི་སྲས་དེ་ལ། གཡོ་སྒྱུ་མེད་པ་དྲང་པོ་གསུང་གཅིག་གིས་གསུངས་པ། ཞེས་སྣང་ སྟེ། སྔར་གྲུབ་པའི་སངས་རྒྱས་མཁའ་དབྱིངས་གང་བས་སྐུ་ལས་འོད་ཟེར་སྤྲོས་པས་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང་ཏིང་འཛིན་གསུམ་པ་སེམས་ཀྱིས་ལས་མ་འདས་ པའི་སྟོང་པ་ཆེན་པོ་ལས་སངས་རྒྱས་སྒྲུབ་པར་འདོད་པ་དེ་ཙམ་གྱིས་སངས་རྒྱས་མི་ཐོབ་ལ། འོད་གསལ་ཐམས་ཅད་སྟོང་པ་འདི་ལ་བརྟེན་ན་སངས་རྒྱས་སུ་འགྱུར་རོ་ཞེས་དགོངས་ནས། སྒྱུ་ 8-9-39a སྤང་པའི་སེམས་རབ་ཏུ་དྭངས་པའི་བློ་དང་། དབྱངས་གཅིག་གིས་འདི་སྐད་དུ་ཞེས་སོ། །ཐམས་ཅད་སྟོང་པའི་འོད་གསལ་དེ་ཇི་ལྟ་བུ་ཞེ་ན། ནམ༷་མཁ༷འི་ངོ༷ས་ལྟར༷་ གློ་བུར་གྱི་དྲི་མའི་རྣམ་རྟོག་གིས་མ་གོས་པ་བསྟན་དུ་མེད་ཅིང་དཔེ་དང་བྲལ་བ་སྟོང་པ་ཐམས་ཅད་ཀྱི་མཆོག༷་གྱུར༷་པ༷་རྟོགས་བྱའི་མཆོག་འོ༷ད་གས༷ལ་བ༷་ནི༷་དེ༷་མི་དམི༷གས་ཤིང༷་སྣང་གསུམ་མཐའི་ བཞི་པ་འོ༷ད་གས༷ལ་བ༷་ཡི༷་གན༷ས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཞེས་བྱ་བ་དེ་ལྟ་བུ་ཐོབ༷་ནས༷་རབ༷་དག༷འི་ཏེ་རང་དབང་ཅན་གྱི་གཟུག༷ས་སུ༷་སྐྱེ་བ༷ར་འགྱུར༷་དེ༷་ཚེ༷་ར༷བ་དག༷འི་ཡེ་ཤེས་ཀྱི་སྐུའམ་ རྡོ༷་རྗེ༷འི་སྐུ༷་ཚང་བ་སོགས་དང་ཉན་རང་སོགས་སེམས་ཅན་ཀུན༷་གྱི༷་མཆོ༷ག་ནི༷་ཐོ༷བ་པ༷ར་འགྱུར༷་ཏེ་ཕྱིའི་མུར་མཐར་ཐུག་པར་སེམས་ཅན་གྱི་དོན་བྱེད་དོ། །འདི༷་ལྟར༷་སྒྲ༷་དེ༷་གས༷ན་པ༷་ད༷ང་རགས་པའི་ རང་བཞིན་མི་སྣང་ཡང་ཕྲ་བའི་བག་ཆགས་རྣམས་ཡོད་ཀུན་པའི་ཕྱིར་རོ། །དེ༷་ནས་སྟོང་པ་ཆེན་པོའི་ཏིང༷་འཛི༷ན་མི༷་གཡོ༷་བ༷་འདི་ནི་དེ་ཁོ་ན་ཉིད་རྣམ་པར་དག་པའི་བདག་ཉིད་མིན་ནོ་སྙམ་ནས་བཏང༷་ཞིང་ བོར་ནས་འདི༷་ལྟར༷་ནམ༷་ཕྱེ༷ད་དུས༷་སུ༷་ནི༷་རྒྱལ༷་བའི༷་སྲས༷་ཀྱིས༷་མན་ངག་བཞི་པའི་དེ༷་ཁོ་ན་ཉི༷ད་དམི༷གས་པར་མཛད་དེ་སྐུ༷་ནི༷་དྲ༷ང་པོ༷་མ༷་ཡི༷ན་ཞི༷ང་མི༷་དྲང་བ༷་ཡ༷ང་མ༷་ཡི༷ན་ལ༷་དབུག༷ས་གཏོང༷་བ༷་དང་རྔུབ༷་ 8-9-39b པ༷་ཡི༷ས་ཏེ། ཀླུ་བྱང་འགྲེལ་པར། ཀུན་གྱི་དབང་ཕྱུག་ཐོབ་གྱུར་ཏེ། རྡོ་རྗེའི་སྐུས་ནི་དགའ་བར་འགྱུར། ཞེས་འདུག་གཞན་ཡང་དབང་ཕྱུག་བརྒྱད་ནི། ལུས་དང་ངག་གི་དབང་ཕྱུག་ དང་། །དེ་བཞིན་སེམས་ཀྱི་དབང་ཕྱུག་སྟེ། །རྫུ་འཕྲུལ་ཡོན་ཏན་ཀུན་དབང་ཕྱུག །སྨྲ་བྱེད་བྱེད་པོ་ཡོན་ཏན་བརྒྱད། །ཅེས་བྱ་བའི་དབང་ཕྱུག་དེ་ཀུན་ཐོབ་སྟེ་འཇིགས་མེད་རྡོ་རྗེ་ཡེ་ཤེས་ཀྱིས་ སྐུར་གྱུར་ནས་འཁོར་བ་ཇི་སྲིད་དུ་གཞན་དོན་བྱེད་པས་དགའ་བར་འགྱུར་ཞེས་གསུངས། ནམ་ཕྱེད་དུས་སུ་བཞི་པ་དེ་ཉིད་དམིགས་ཞེས་གསུངས་པས། ནམ་མཁའི་ཁམས་ཀྱི་རྒྱལ་བ་རྣམས་ ཀྱིས་དང་པོར་འོད་ཟེར་གྱི་འཁོར་ལོ་སྤྲོས་པས་དེའི་རྒྱུད་སྣོད་དུ་རུང་བར་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་སྤྲོས་པ་དེ་ལ་གཏད་དེ་སྙོམ་པར་ཞུགས་པས། མཚམས་དང་མཚན་མོའི་རིམ་པས་ ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། མི་གཡོ་བ་སྤངས་ཏེ་བཞི་པ་འོད་གསལ་བའི་དེ་ཉིད་ལ་ཞུགས་པ་ཡིན་ཡང་། ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བ་སྦས་ཏེ་མཚན་ཕྱེད་ན་ བཞི་པ་དམིགས་ནས་ཐོབ་པར་གསུངས། དེའི་ཕྱིར་དེང་སང་ཡང་སློབ་མ་རྣམས་ལ་མཚན་ཕྱེད་ཀྱི་དུས་ཤེར་དབང་བསྐུར་བ་བླ་མ་བརྒྱུད་པའི་ཕྱག་ལེན་དེ་ཉིད་གནས་པ་ཡིན་ནོ་གསུངས། སྐུ་ 8-9-40a དྲང་པོ་ཞེས་པ་རྣལ་འབྱོར་པ་ཁ་ཅིག་ལུས་དྲང་པོར་བསྲང་ནས་སྒོམ་པར་བྱེད་དོ། །ཁ་ཅིག་པདྨའི་འདུག་སྟངས་སོགས་ཀྱིས་དྲང་པོ་མིན་པར་སྒོམ་མོ། །ཁ་ཅིག་ གིས་མིག་ཕྱེ་བས་རས་བྲིས་སོགས་ལ་བལྟས་ནས་བསམ་པར་བྱེད་དོ། །ཁ་ཅིག་ནི་དང་པོའི་སྦྱོར་བ་ལ་སོགས་པ་མིག་བཙུམས་ནས་བསམ་གཏན་བྱེད་དོ། །ཤཱཀྱ་སེང་གེས་ནི་དེ་རྣམས་གང་ ཡང་མི་མཛད་དེ། དེ་ཁོ་ན་ཉིད་ཁྱབ་པར་བྱེད་པ་ཐོབ་པས་ལུས་གཡོ་བ་སོགས་ཀྱི་སྤྱོད་ལམ་གཞན་གང་ཡང་མི་དགོས་ཏེ། ཕྱི་རོལ་གྱི་ལུས་ཀྱི་སྡོམ་པ་དང་ཕྱག་རྒྱ་སོགས་ནི་དེ་ཁོ་ན་ཉིད་ཐོབ་པར་བྱ་ བ་དང་། སེམས་དབང་དུ་བྱ་བའི་ཕྱིར་བསྟེན་པར་བྱའོ་ཞེས་གྲགས་ན། གལ་ཏེ་བླ་མའི་དྲིན་གྱིས་དེ་ཁོ་ན་ཉིད་ཐོབ་པ་དེའི་ཚེ། སྒོ་གསུམ་སྡུག་བསྔལ་ཞིང་ཚེགས་ཀྱིས་དུབ་ལ་ཏིང་འཛིན་ཟབ་མོ་ ལས་གཡེང་བར་བྱེད་པ་ལོག་པའི་སྤྲོས་པ་དེ་དག་གིས་ཅི་ཞིག་བྱ་སྟེ། སྔར་གླང་པོ་མོད་ལ་རྙེད་གྱུར་ན། །གླང་པོའི་རྗེས་ནི་འ ཚོལ་ལམ་ཅི། །ཞེས་སོགས་གསུངས་པའོ། །དབུགས་གཏོང་རྔུབ་ ཀྱིས་ཆོས་གསུང༷་བ༷་མ༷་ཡི༷ན་མི༷་གསུ༷ང་བའང་མི༷ན་སྤྱན༷་བཟ༷ང་བཙུམ༷ས་པ༷་མ༷་ཡི༷ན་ཞི༷ང་སྤྱན་ཕྱེ༷་བ༷་ཡ༷ང་མ་ཡི༷ན་པ༷ས་ཐ༷མས་ཅ༷ད་སྟོང༷་པ༷་ངོ་མཚར་རྨད༷་བྱུང་སེམས་ཅན་རེ་བ་རྫོགས་བྱེད་ཆེན༷་པོ༷་ལྷན་ཅིག་ 8-9-40b སྐྱེས་པའི་དེ་ཁོ་ན་ཉིད་གང་གིས། ཆགས་སོགས་ཀྱི་ཉེས་པ་སྤངས་པས་ད༷ང་ཞིང༷་དྲི་མ་ཀུན་མེད་པ་རང་རིག་གི་མངོན་སུམ་དུ་རྣམ་རྟོག་མེད་པར་གས༷ལ་བ༷འི་ཡེ༷་ཤེས༷་ཆེ༷་བླ༷་མ༷་སངས་རྒྱས་རྣམས་ཉི༷ད་ ཀྱི༷་སྐུ་དྲིན༷་གྱིས༷་ནི༷་སྟེ་སངས་རྒྱས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ཀྱི་དྲིན་གྱིས་སོ། །དེ༷་ལ་བརྟེན་ན༷ས་དེ་ཁོ་ན་ཉིད་དེ༷་ནི༷་གས༷ལ་བར་ཡོངས་སུ་རྫོགས་པར་མཐོ༷ང་བར་གྱུར༷་ནས་ད་ལྟའང་སེམས་ཀྱི་དེ་ཉིད་ སྟོན་པའི་བླ་མ་དང་སངས་རྒྱས་ཐ་དད་དུ་མི་བྱའོ། །ཞེས་སོ། །དེའི་སྟོབས་ལས་འོད་གསལ་བ་ནི་རྣམ་པར་དག་པ་མངོན་དུ་བྱས་པས་འད༷ས་པ༷་ད༷ང་ནི༷་མ༷་འོ༷ངས་ད༷ང་ད༷་ལྟར༷་བྱུང༷་པ༷འི་སྲི༷ད་པ༷་ གསུམ༷་སྐ༷ད་ཅི༷ག་དེ༷་ལ༷་མ༷་ལུས༷་མཐོ༷ང་བ་སྟེ་གཟིགས་ནས་འོ༷ད་གས༷ལ་བ༷་ནི༷་རྣ༷མ་དག༷་འཆང༷་བ་སྟེ་དེ་ལས་མ་གཡོས་བཞིན་རྡོ༷་རྗེ༷་ལྟ༷་བུའི༷་ཏིང༷་འཛི༷ན་གྱིས༷་སྐྱ༷་རེ༷ངས་འཆ༷ར་བའི༷་དུས༷་སུ༷་ནི༷་ཆུ༷་ཟླ༷་ད༷ང་ནི༷་ སྨིག༷་རྒྱུ༷་སོ༷གས་སྒྱུ༷་མའི༷་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྐུ་ཡི་ཡོ༷ན་ཏན༷་རྣམ༷ས་ཀྱིས༷་བརྒྱན༷་ཞིང་རྣམ་པར་སྤྲས་པ་ཉིད་བྱང༷་ཆུབ༷་སྙིང༷་པོ༷ར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུག༷ས་ན༷ས་ནི༷་ཤཱཀྱ་སེངྒེ་དེ༷་ ནི༷་བདུ༷ད་རྣམ༷ས་བཅོ༷མ་པ༷ར་མཛ༷ད་པའི་ཚུལ་བསྟན་པ་དྲང་དོན། བདུད་བཞི་མཐར་ཐུག་རྣམ་རྟོག་བཞི་བཅོམ་པ་ངེས་དོན་ནོ། །ཤཱ༷ཀྱ༷་མགོ༷ན་པོ༷ས་ཡ༷ང་དག༷་པ༷འི་ཡེ༷་ཤེས༷་བླ༷་མེ༷ད་དེ་ལྟ་བུ་ལེ༷གས་ 8-9-41a པར་རྡོ་རྗེ་ལྟ་བུ་ཐོབ༷་ནས༷་འགྲོ༷་བ༷་ཁམས་གསུམ༷་ལ༷་ཕ༷ན་པ༷འི་ཕྱིར༷་དེ༷་ཁོ་ན་ཉི༷ད་བླ་མེད་ཀྱི་རྒྱུད་འདི༷ར་ནི༷་སྟོན༷་པ༷ར་མཛ༷ད་ཅིང་མངོ༷ན་པ༷ར་བྱང༷་ཆུབ༷་སྟོན༷་གཟིགས་པ་ཞེས་པ༷་ནི༷་དེ༷་ཁོ་ན་ཉི༷ད་ཀྱི་ བཞི་པའི་ཡེ༷་ཤེ༷ས་བླ་ན་མེད་པ་ཞེ༷ས་བྱར༷་བཤ༷ད་དོ། །ལྔ་པ་སྔགས་ལམ་ལ་དང་པོར་ཞུགས་པ་ཕྱིས་ལམ་གཞན་ལ་མ་ལྟོས་པར་བསྟན་པ་ནི། ཕ་མ་གསོད་པ་སོགས་ མཚ༷མས་མེ༷ད་ལྔ༷་ཡི༷་ལ༷ས་བྱེད་པ་ཅ༷ན་དང༷་མི༷་གང༷་བསོ༷ད་ནམ༷ས་དམ༷ན་པ༷་སྟེ་རིགས་ཆད་པས་ཀྱང༷་ཞེས་ཀླུ་བྱང་གསུངས། ཡི༷ད་བཞི༷ན་གྱི་ནོ༷ར་བུ་ད༷ང་འདྲ༷་བ༷་གཞ༷ན་དོན་བྱེད་ན་ནི་བླ༷་མ༷འི་དྲི༷ན་ གྱིས༷་བཞི་བའི་ཡང་དག་བསྟན་པ་ལས་ཐོ༷བ་པ༷ར་འགྱུར༷་བ་དེའི་ཚེ་སྤྱོ༷ད་པ༷་ཅི༷་དག༷ར་སྤྱོ༷ད་བྱེ༷ད་དེ༷་བག་མེད་པར་གནས་ཀྱང་འདི༷་ནི༷་མ༷་འོ༷ངས་པ་ན་སེམས་ཅན་གྱི་དོན་བྱེད་པའི་རྫོག༷ས་ས༷ངས་རྒྱས༷་ སུ་འགྱུར་རོ། །དྲུག་པ་འོད་གསལ་ཆོས་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ནི་ཆ༷གས་པར་སྣང་བའི་ཡེ་ཤེས་མི༷ན་ཆ༷གས་ད༷ང་བྲལ༷་བ༷་ཉེར་ཐོབ་པའི་ཡེ་ཤེས་མི༷ན་ཞིང༷་དབུ་མ་སྟེ་སྣང་བ་མཆེད་ པའི་ཡེ་ཤེས་ཡང༷་ནི༷་མི༷་དམིག༷ས་སོ༷། །འཇུག་ཤེས་ཀྱི་གཉེན་པོར་ཀུན་ནས་སྟོང༷་པ༷་མ༷་ཡི༷ན། མི༷་སྟོང༷་པ་ཉོན་ཡིད་ཀྱི་གཉེན་པོ་ཤིན་ཏུ་སྟོང་པ་མི༷ན། དབུ༷་མ༷ར་ཏེ་ཀུན་གཞིའི་གཉེན་པོ་སྟོང་པ་ཆེན་ 8-9-41b ཡ༷ང་ནི༷་མི༷་དམི༷གས་སོ༷། །རྒྱུད་སང༷ས་རྒྱས༷་ཐམས་ཅད་ཀུན་གྱི་མཉ༷མ་པར་སྦྱོ༷ར་བ༷་ལས་འདི༷་ཉི༷ད་ལྟར༷་ནི༷་རབ༷་ཏུ་སྟོན༷་ཏེ༷་ཚིག་དེས་ཡེ༷་ཤེས༷་གསུམ༷་བྲལ༷་བའི་དེ༷་ཉི༷ད་བཞི་པ་གང༷་ཡིན་པ་གནས་པ་ལྟར་སྣང་བའི་ཚིག་གིས་ བཞི་པ་ལ་དགོ༷ངས་པ༷་ཡི༷ས་ནི༷་གསུང༷ས་པ༷་ཡི༷ན་ནོ། །དེ༷་བཞི༷ན་དཔ༷ལ་ལྡན༷་གས༷ང་འདུས༷་ཀྱི༷། བྱང༷་ཆུབ༷་སེ༷མས་ཀྱི༷་ལེ༷འུ་ལ༷ས། དངོ༷ས་མེ༷ད་ལ༷་སོ༷གས་ཚི༷གས་བཅ༷ད་ཀྱིས༷་ མངོ༷ན་པ༷ར་བྱང༷་ཆུབ༷་བཞི་པའི་མཚ༷ན་ཉི༷ད་གསུང༷ས་སོ། །དངོས་པོ་མེད་ཀུན་པས་བསྒོམ་པ་མེད། བསྒོམ་པར་བྱ་བ་སྒོམ་པ་མིན། སོགས་ཀྱིས་བཞི་པ་འོད་གསལ་བའི་དོན་མངོན་པར་བྱང་ ཆུབ་བསྟན་པ་ཡིན་ནོ། །དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་རྣམས་དུག་ཆེན་ཡིན། །དུག་ཉིད་ཀྱི་ནི་བརྟེན་བྱས་ན། །དུག་ཏུ་ཉེ་བར་འགྲོ་ བ་ཉིད། །བདུད་རྩི་ཉིད་དུ་བ རྟེན་བྱས་ན། །བདུད་རྩི་ཉིད་དུ་འགྲོ་བར་འགྱུར། །ཞེས་གསུངས་ཏེ། འདོད་ཆགས་དགའ་བའི་རྣམ་གྲངས་དང་ལྡན་པའི་སྣང་བའོ། །ཞེ་སྡང་ནི་བྲལ་བའི་རྣམ་ ལྡན་ཉེར་ཐོབ། གཏི་མུག་སྣང་བ་འགགས་པའི་རྣམ་ལྡན་ཏེ། དེ་རྣམས་བཞི་པ་འོད་གསལ་དེ་ཁོ་ན་ཉིད་མཐོང་བས་དུག་དང་འདྲ་བར་རྟོགས་ཏེ། རྣམ་རྟོག་གི་བག་ཆགས་དང་མངོན་གྱུར་གར་ 8-9-42a ཡང་འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན་ནོ། །དུས་ནམ་གྱི་ཚེ་ཞེ་ན། གང་གི་ཚེ་དེ་རྣམས་དུག་ཉིད་ཀྱིས་ཏེ་རྣམ་རྟོག་གི་རྣམ་པར་ཉམས་སུ་མྱོང་བའི་ཚེ་དུག་ཉིད་དུ་འགྲོའོ། །བཞི་ པའི་དེ་ཁོ་ན་ཉིད་རྟོགས་པས་དེའི་རང་བཞིན་དུ་བརྟེན་ཅིང་རོ་གཅིག་པར་བྱས་པས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པས་བདུད་རྩིར་འགྱུར་ཞེས་སམ། འདོ༷ད་ཆག༷ས་ལ༷་སོག༷ས་པ་ རྣམ༷་པར་དག༷་པ་གང༷་ཡིན་པ་དཔ༷ལ་མཆོ༷ག་དང་པོ་ལ༷ས་ཀྱང༷་གསུང༷ས་པ༷་ཡི༷ན་དེ༷་ཉི༷ད་ཀྱི་དོན་དེ༷་བཞི༷ན་གཤེ༷གས་པ༷ས་ཀྱང༷་བཞི་པ་ཐམ༷ས་ཅ༷ད་སྟོང༷་པ༷ར་གསུང༷ས་པ༷་ཡི༷ན་ཏེ་འདོད་ཆགས་སོགས་ཀྱི་ དེ་ཉིད་ལ་དགོངས་པའོ། །ལུང་ཐམས་ཅད་ཀྱི་ཚད་མ་ཡང་ཤེར་ཕྱིན་སོགས་སྣ༷་ཚོ༷གས་མདོ༷་ད༷ང་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུ༷ད་རྣམས་ལ༷ས་ནི༷་དེ༷་ཁོ་ན་ཉིད་ག༷ང་ཞི༷ག་སྟོང་ཉིད་དང་རང་བཞིན་མེད་ པ་དང་། ཡང་དག་མཐའ་སོགས་ཀྱིས་ཚིག་གིས་ཉེ༷་བ༷ར་བསྟ༷ན་པ༷་དེ་ཐ༷མས་ཅ༷ད་སྟོང༷་པ་འོད་གསལ་གྱི་གན༷ས་འདི༷་ཉི༷ད་ལ༷ས། མདོ་རྒྱུད་སྣ་ཚོགས་པ་དེ༷ར་ནི༷་གཞ༷ན་ད༷ག་མ༷་གསུང༷་སྟེ་ཐམས་ཅད་ དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ནས་གསུང༷ས་པར་རིགས་སོ༷། །མདོ་དང་རྒྱུད་ཁ་ཅིག་ལས་རྣམ་བཅས་རྣམ་མེད། ལྷ་སྔགས་ཏིང་འཛིན། སྦྱོར་བ་དྲུག་ཕྱག་རྒྱ་བཞི་སོགས་གསུངས་པ་ཐམས་ 8-9-42b ཅད་དེ་ཁོ་ན་ཉིད་ཡིན་ཞེ་ན་མིན་ཏེ། དེ་ཐམས་ཅད་ཐབས་ཀྱི་དབྱེ་བ་ཡིན་གྱི། མཐར་ཐུག་གི་དེ་ཁོ་ན་ཉིད་ནི་གཅིག་ལས་ཐ་དད་དུ་བྱར་མེད་དེ་ཐབས་སྣ་ཚོགས་བརྟེན་ནས་དེ་ཁོ་ན་ཉིད་གཅིག་ཐོབ་པར་ འགྱུར་རོ། །འོན་ཀྱང་ཁམས་དང་མོས་པ་དབང་པོ་སོགས་ཀྱི་དབང་གིས་དེ་ཁོ་ན་ཉིད་མཐར་ཐུག་པ་ནི་མ་རྟོགས་ཤིང་། མཁའ་འགྲོ་དང་བླ་མ་སོགས་ཀྱི་རྐྱེན་ལས་དེ་ཐམས་ཅད་མཐར་ ཐུག་རྣམ་པ་ཐམས་ཅད་པའི་འོད་གསལ་བའི་གནས་སུ་འཇུག་པར་རུང་ངོ་། །ཆོས༷་ཕུང༷་བརྒྱ༷ད་ཁྲི༷་བཞི༷་སྟོང༷་ནི༷་ཐུབ༷་པ༷་ཆེན༷་པོ༷ས་གསུང༷ས་པ༷་ལ༷ས་འདི་ལྟ་བུའི་མངོ༷ན་པ༷ར་བྱང༷་ཆུབ༷་མཚ༷ན་ ཉི༷ད་ནི་སྙིང་པོ༷་ལ༷ས་ནི༷་སྙིང་པོ༷ར་བསྐྱེ༷ད་རིམ་སྙིང་པོ་དེ་ལ་རྫོགས་རིམ་སྙིང་པོར་གསུང༷ས་སོ། །བརྟུལ་ཞུགས་ཀྱི་བྱེ་བྲག་གིས་དེ་ཉིད་དོན་དུ་གཉེར་བ་རལ་པ༷་དང་ལྡན་པའམ། གོས་མེད་ གཅེར༷་བུ༷་མགོ༷་རེག༷་གམ༷་སྐྲ་ཁ་སྤུ་བྲེག་པ་རབ་བྱུང་རྣམས་སོ། །སྐྲ་ཡི་ཅོད༷་པ༷ན་ཙམ་ཀུན་བསྐུང་བ་དང་དགེ་སྦྱོང་ཆོས་བཅུ་གཉིས་སོགས་འདུས༷་པ༷་སྤོང༷་འཇུག་ཅེས་པ་འཇིག་རྟེན་གྱི་འདུས་པ་སྤངས་ ཀྱང་ཡོན་ལ་འདུས་པ་ཉན་ཐོས་པ་སྟེ། གཞན་ཡང་སྔགས་ནས་གསུངས་པའི་རྟེན་འབྲེལ་བརྟུལ་ཞུགས་སོགས་སྣ༷་ཚོ༷གས་པའི་རྟག༷ས་འཆང་བ་ཅ༷ན་དེ༷་དག༷་ནི༷་མཐར་འབྲས་བུ་མངོན་པ༷ར་ 8-9-43a བྱང༷་ཆུབ༷་འདོ༷ད་པ༷་རྣ༷མས་སུ་གྱུར་ཀྱང་སེམས་ཀྱི་མངོན་པར་བྱང་ཆུབ་པའི་དེ༷་ཁོ་ན་ཉི༷ད་དམ༷ན་པ༷་སྟེ་དེ་དང་མི་ལྡན་པ་དེ༷་རྣམ༷ས་ཀྱིས༷་ལུས་ཀྱི་བརྟུལ༷་ཞུག༷ས་སྤྱོ༷ད་པ༷་ལ༷་སོ༷གས་ པའི་རི༷མ་པ་དེ༷་ཉི༷ད་ཡེ༷་ཤེ༷ས་ཀྱིས་དམ༷ན་པ༷ས་ན་དེ་འདྲའི་བརྟུལ་ཞུགས་དེས༷་ནི༷་གྲོལ༷་བ༷་རྙེད༷་པར་མི༷་འགྱུར༷་རོ། །རྒྱས་བཤད་ཀྱི་རྩ་བའི་གསུམ་པ་ལམ་གྱིས་མཚམས་དང་བོགས་འབྱིན་བཤད་པ་ ལ། ས་མཚམས་དང་བོགས་འབྱིན་གཉིས་སོ། །དང་པོ་ནི། དང༷་པོའི༷་ལ༷ས་ཀྱི༷་སྦྱོར༷་བ༷་ཡི༷ས་ཏེ། དང་པོའི་རྣལ་འབྱོར་ཞེས་པ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་སྣང་བ་སོགས་ཡེ་ཤེས་ གསུམ་གྱི་རིམ་པས་སྟོང་པ་ཆེན་པོའི་གནས་ཐོབ་པས་ས་བརྒྱད་པ་མི་གཡོ་བ་ཐོབ་པར་འགྱུར་ཏེ། བསྐྱེད་རིམ་པས་ལྷའི་རྣལ་འབྱོར་སྐྱེད་ནས་ཕྱིར་མི་ལྡོག་པའི་དབང་ཐོབ་པ་དང་། དབང་བསྐུར་ ལྔ་རིག་པའི་དབང་ཡིན་པའི་ཕྱིར་ཀུན་གཞི་སོགས་རྣམ་པར་ཤེས་པ་ལོག་པར་གྱུར་པ་དང་། སྣང་བ་སོགས་ཡེ་ཤེས་གསུམ་གྱིས་ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་བརྒྱད་པ་མི་གཡོ་བར་ཐོབ་ པས་སོ། །ཁོ་བོས་འདི་རྗེས་ཐོབ་ཀྱི་སྐབས་ཀྱི་སེམས་མ་ལོག་པ་ཡིན་ནམ་སྙམ་དཔྱོད། ས་བཅུ་ཐོབ་པ་དེའི་རྗེས་ཐོགས་ལ་དཔེ་ལས་བྱུང་བའི་དེ་ཉིད་བརྟན་པར་གྱུར་ན། རྡོར་ཏིང་གིས་ཀུན་ 8-9-43b དུ་འོད་གསལ་ཐོབ་སྟེ། དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པ་ལས་འཆད་པར་འགྱུར་རོ། །དེ་ཉིད་ས་བཅུ་གཅིག་པ་ཡིན་ཞིང་། མོས་སྤྱོད་ནས་བརྩིས་ན་བཅུ་གཉིས་པ་སངས་རྒྱས་ཀྱི་ས་ ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་ས༷་བརྒྱ༷ད་པ༷་ནི༷་ཐོབ༷་པ༷ར་འགྱུར༷་བ་དེ་སྣང༷་བ༷་གསུམ༷་པོ༷ས་མཐའི་འོད་གསལ་མཐོང༷་བ༷་ཡི་མན་ངག་ཐོབ་པ་དག༷་ས༷་བཅུ༷་ཆོས་སྤྲིན་ལ༷་ནི༷་ར༷བ་ཏུ་གན༷ས་ཏེ་ཡེ་ཤེས་ ལ་དབང་ཐོབ། མངོ༷ན་པ༷ར་བྱང༷་ཆུབ༷་ལེ༷གས་པར་ཐོབ༷་ནས༷་གཟུགས་ཁམས་པའི་ཕྱོགས་གཅིག་གཙང༷་མ༷འི་གན༷ས་སུ༷་ཉེ༷་བ༷ར་འགྲོ༷་ཞིང་སང༷ས་རྒྱས༷་ཀྱི་ཞིང༷་རྣམས་སུ་བཞུགས་ན༷ས་དེ་ལས་མི༷་ ལྡོག༷་པ༷ས་དེའི་ཚེ༷་འདི༷་ཉི༷ད་ཀྱི༷་ཐམ༷ས་ཅ༷ད་མཁྱེན༷་པར་འགྱུར་རོ། །འདི་སྔར་སྨོས་ཤཱཀྱ་ཐུབ་པའི་གཏམ་རྒྱུད་ལྟར་ཡེ་ཤེས་ཀྱི་ལུས་ཀྱིས་འོག་མིན་དུ་སངས་རྒྱས་པར་བྱེད། ཡང་རྣལ་འབྱོར་པ་ གང་རུང་ཞིག་གིས་དོན་གྱི་ཡེ་ཤེས་མངོན་དུ་བྱས་པ་དེ་ཡང་གནས་གཙང་མར་འདུག་སྟེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སོང་ནས་ཆོས་བསྟན་པས་སེམས་ཅན་རྣམས་འདུལ་ བར་བྱེད་དེ་རྟེན་གྱི་སྐུ་ཚེ་དེས་ཐམས་ཅད་མཁྱེན་པར་འགྱུར་ཞེས་སོ། །གཉིས་པ་བོགས་འདོན་ནི། མངོན་པར་བྱང་ཆུབ་པ་དོན་གྱི་ཡེ་ཤེས་མངོན་དུ་མཛད་པ་དེ་ཡང་མངོན་པར་བྱང་ཆུབ་ 8-9-44a གསུམ་གྱི་རིམ་པས་ཐོབ་ཚུལ་དང་། དེ་གསུམ་སྤྲོས་བཅས་སོགས་སྤྱོད་པ་གསུམ་དང་འབྲེལ་བའི་ཚུལ་གསུངས་ཀུན་པ་ལ། ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་དང་། བླ་ན་མེད་པའི་མངོན་པར་བྱང་ཆུབ་གསུམ་སྟེ་དེ་དག་རིམ་བཞིན་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་དང་འབྲེལ་བས་མངོན་ པར་བྱང་ཆུབ་པ་བསྒྲུབ་པ་ཡིན་ནོ། །དང་པོ་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་ནི། བསམ་གཏན་གྱི་ཁང་པ་སུམ་བརྩེགས་སུ་བཟའ་བཅའ་སོགས་འོག་ཁང་དུ་འཇོག་པ་དང་། རོལ་མོའི་ བྱེ་བྲག་སོགས་བར་ཁང་། ཡང་ཐོག་དུ་སྒྲུབ་པོ་དབུས་ཀྱི་གཙོ་བོར་གྱུར་པ་འདུག་སྟེ། སངས་རྒྱས་སྤྱན་སོགས་དམ་ཚིག་གི་ཕྱག་རྒྱ་རྣམས་དང་། གཟུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་ ལྷ་མོ་ཡིད་འོང་རྒྱན་ཅན་རྣམས་ལྷའི་ངོ་བོར་བསྒོམ་པ་སྔོན་དུ་འགྲོ་བས་རིགས་ལྔ་དང་བསྲེ་བ་བྱས་ནས། རྡོ་རྗེའི་གླུ་གར་སོགས་འདོད་ཡོན་ལྔའི་རོལ་མོས་བདེ་བར་བྱེད་ཅིང་སྙོམས་འཇུག་གིས་ཇི་ སྲིད་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེ་སྲིད་དུ་སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པས་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་ཞེས་གསུངས་སྟེ་ཨིནྡྲ་བྷཱུ་ཏི་ལྟ་བུའོ། །རྙིང་མའི་ཚོགས་སྒྲུབ་ཀྱང་ 8-9-44b འདི་དང་འདྲའོ། །མངོན་བྱང་ཐམས་ཅད་དབྱིངས་ཤེར་ཕྱིན་ལས་བྱང་ཆུབ་པ་ཡིན་པས། འདིའི་རྐྱེན་ཕྱག་རྒྱའི་ཆོས་འབྱུང་ལ་གཙོ་བོར་བརྟེན་པ་འདྲ་སྙམ། གཉིས་པ་ནི། རྨི་ལམ་སོགས་སུ་ སངས་རྒྱས་སོགས་ཀྱིས་ལུང་བསྟན་པའི་ཕྱག་རྒྱ་མ་རིགས་མཐུན་པ་རྒྱུད་སྦྱངས་ཏེ། འདོད་པའི་ལྷའི་ཆ་ལུགས་བཟུང་ནས་ཇི་ལྟར་རྙེད་པའི་འཚོ་ཆས་ཀྱིས་ཆོག་པར་བྱས་ནས། ཡུལ་ནས་ཡུལ་དུ་ མ་ཆགས་པར་རྒྱུ་ཞིང་། ཕལ་པའི་ཚུལ་དུ་སུས་ཀྱང་མི་ཤེས་པར་སྦས་ཚུལ་གྱི་སྒོ་ནས་ཇི་སྲིད་མངོན་པར་བྱང་ཆུབ་གསལ་བ་དེ་སྲིད་དུ་བསྒོམ་སྟེ་འདི་ནི་དམ་ཚིག་གི་ཕྱག་རྒྱའོ། །ལྷའི་བུ་མོ་དཀུག་པ་ སོགས་ཀྱི་སྒོ་ནས་ཕྱག་རྒྱ་མོ་ནི་གཙོ་བོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྟོགས་པའི་ཕྱག་རྒྱ་དང་ལྡན་པར་གྲུབ་པའོ། །གསུམ་པ་ནི་ཕྱི་རོལ་གྱི་བརྟག་པའི་ལུས་ལས་ཕྱག་རྒྱ་སོགས་སྤངས་ནས། རང་ རིག་ཡེ་ཤེས་ཀྱི་ཕྱག་རྒྱ་བཟུང་ནས། ལྷའི་བརྟུལ་ཞུགས་བཅས་སམ་བརྟུལ་ཞུགས་མེད་པས་གནས་གང་བདེ་གང་ཡང་རུང་བར་གནས་ཤིང་། རྩ་བ་སྡོང་བུ་སོགས་གང་བྱུང་གི་ཟས་དང་། ཏིང་ ངེ་འཛིན་གྱི་ཟས་དང་ལྡན་པས་ཡོ་བྱད་སོགས་གང་ཡང་ཡོངས་སུ་འཛིན་པ་མེད་པ་འདི་ནི་སྨྱོན་པའོ་སྙམ་དུ་འཇིག་རྟེན་པས་མཐོང་བ་དེ་ལྟར་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་ནང་གི་རྟོགས་པ་ 8-9-45a ལས་བླ་ན་མེད་པའི་མངོན་བྱང་བསྒྲུབ་པའོ། །འདི་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་གསུངས་ཀྱང་། སྟོང་གཟུགས་ཕྱག་ཆེན་དང་། རིག་སྟོང་གཉུག་མ་ཐབས་ཤེས་ དབྱེར་མེད་ཀྱི་དབང་ལས་ཕྱིའི་ལས་རྒྱ་ལ་མི་ལྟོས་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་ཀྱང་དོན་གྱིས་བཟུང་ངོ་། །དེ་ལྟར་ཆོ༷ས་འབྱུང༷་གི༷་མངོན་པ༷ར་བྱང༷་ཆུབ༷་པ༷འི་ཕྱག་རྒྱའི་རྗེས་ཆ༷གས་སོ༷གས་ འདོད་ཡོན་ལྔའི་རོ༷ལ་མོ༷་རྒྱ༷་ཆེན༷་པོ༷་དང་བཅས་ཏེ་མངོན་བྱང་བསྒྲུབ་པའོ། །ཆོས༷་དབྱིང༷ས་ཀྱི་མངོ༷ན་པ༷ར་བྱང༷་ཆུབ༷་པ༷་བཟའ་བཏུང་སོགས་ཇི༷་ལྟར༷་རྙེད༷་ཀུན་པ༷འི་སྒོ་ནས་སྤྱོ༷ད་པ༷ས་མངོན་བྱང་བསྒྲུབ་པས་ སོ༷། །དོན་གྱི་ཡེ་ཤེས་མངོ༷ན་པ༷ར་རྟོག༷ས་པ༷་ག༷ང་འབྱུང༷་བ༷་ནི་བླ༷་ན་མེ༷ད་པའི་མངོ༷ན་པ༷ར་བྱང༷་ཆུབ༷་པ༷འོ་དེ་དག་སྤྲོས༷་བཅས༷་ལ༷་སོ༷གས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོ༷ད་པ༷་ཡི༷ས་རྣལ༷་འབྱོར༷་པ༷་ནི༷་མངོན་ བྱང་འདི༷ར་སློབ༷་བོ༷། །ད་ནི་འོད་གསལ་བའི་ཆོས་ཉིད་ཡེ་ནས་ལྷུན་གྱི་གྲུབ་པའི་དེ་ཁོ་ན་ཉིད་ལ། རྣམ་པར་ཤེས་པའི་རིམ་པ་རྣམ་པར་དག་པའམ། སྤྱོད་པའི་རིམ་པས་བསྒྲུབ་ཏུ་ཅི་ཞིག་ཡོད་ སྙམ་པའི་དོགས་པ་བསལ་བ། གཟོད༷་ན༷ས་དག༷་པའི༷་ར༷ང་བཞི༷ན་ཅ༷ན་འོད་གསལ་གཉུག་མའི་རང་བཞིན་ངོ༷་བོ༷་ཉི༷ད་ཀྱིས༷་དེ༷་གྲུབ༷་པའམ་ལྷུན་གྱིས་གྲུབ་པ་ཡིན་ན༷་གཟོད་ནས་དག་པའི་རང་བཞིན་ཅན། ། 8-9-45b དེ་ནི་རང་བཞིན་གྱིས་གྲུབ་ཅིང་། །རྟོག་པས་དེ་ཉིད་མི་སྐྱེ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །ཞེས་ཀླུ་བྱང་འགྲེལ་ན་ཡོད་པ་འདི་གོ་བདེ་དེ་ལ་བསླབ༷་པའི༷་རིམ་པ་གོམས་པ་སྦྱོར༷་བ༷ས་ཅི༷་ཞི༷ག་བྱ་སྟེ། འདི་ལྟར་དེ་ཁོ་ན་ ཉིད་རང་གི་ངོ་བོ་རང་བཞིན་ལྷུན་གྱི་གྲུབ་པ་ཡིན་ལ་དེ་སེམས་ཐམས་ཅད་ཀྱི་གནས་ལུགས་སུ་གནས་པ་ཆོས་ཉིད་དང་། རྟག་པ་དང་། ལྷུན་གྱི་གྲུབ་པ་ཡིན་ནོ། །དེ་ཕྱིར་དེ་ཆོས་ཉིད་བབ་ཀྱིས་ གནས་པ་ཡིན་ཞིང་། སྣང་བ་གསུམ་གྱི་ཡེ་ཤེས་དང་། རྣམ་ཤེས་དག་པའི་རིག་པའི་རྣམ་རྟོག་ལས་མི་སྐྱེ་སྟེ་རྟག་པ་ལྷུན་གྱི་གྲུབ་པ་ཡིན་པས་སོ། །སྐྱེ་ན་དེ་མི་རྟག་པར་རྒྱུ་མཐུན་གྱི་རྟོག་པའི་ ངོ་བོར་ཡང་འགྱུར་རོ། །དེས་ན་གཟོད་ནས་གྲུབ་པའི་དེ་བཞིན་ཉིད་ལ་སློབ་པའི་སྦྱོར་བ་དང་རིམ་པར་བསྒོམ་པས་ཅི་ཞིག་བྱ་ཞེས་སོ། །རྣམ་པར་རྟོག༷་པ་ལ༷ས་དེ༷་བཞི༷ན་ཉི༷ད་མི༷་སྐྱེ༷་བས་སོ་ཞེ་ན། གང༷་ཞི༷ག་གོམས་པའི་སྦྱོར་བ་མི་དགོས་པ་དེ༷་ལྟར༷་དོན་འདི༷ར་རྟོགས་ཀླུ་བྱང་འགྲེལ་དུ། ཡེ་ཤེས་རིམ་པ་སྤངས་ནས་ནི། །གང་ཞིག་དེ་ལྟར་འདིར་རྟོག་པ་ཞེས་གསུངས། ན༷་དེས་ནི་རྣམ་ཤེས་གསུམ་ལས་ཐོབ་པའི་ཡེ༷་ཤེ༷ས་རི༷མ་པ༷་སྤང༷ས་པ༷་ཉི༷ད་ཡིན་པས་ཡེ་ཤེས་དེ༷་ཡི༷་དབྱེ༷་བ༷་མི༷་ཤེས༷་པས༷་གོམས་པའི་སྦྱོར་ བ་མི་དགོས་ཞེས་པའི་ཚིག་ཙམ་གྱིས་མི་ཕན་པས་སླ༷ར་ཡ༷ང་སློབ༷་པ༷ར་འགྱུར༷་བ༷་ཡི༷ན་ཏེ་མ་བསླབ་པར་མངོན་ 8-9-46a བྱང་མི་འབྱུང་ངོ་། །ར༷ང་བཞི༷ན་བརྒྱད་ཅུ་དང་སྣང༷་བ༷འི་ཡེ་ཤེས་གསུམ་པའི་དབྱེ་བ་ཤེས་ཤིང༷་དེ་ལས་དེ༷་ཉི༷ད་བཞི༷་པ༷་ལ༷་འབྱུང་ཚུལ་གྱི་གོ་ཡུལ་ཙམ་ལ་བརྟེན༷་ཀྱང༷་གང༷་ཞི༷ག་རྒྱུ་ཡེ་ཤེས་སྣང་བ་ལ་སོགས་ ཡེ་ཤེས་རྣམ༷་གསུམ༷་ལ་གོམས་པ་མི༷་སློབ༷་ན༷་གང་ཟག་དེས༷་ནི༷་འབྲས༷་བུ༷་དོན་གྱི་ཡེ་ཤེས་ཐོབ༷་པར་མི༷་འགྱུ༷ར་ཀླུ་བྱང་འགྲེལ་ལས། རང་བཞིན་སྣང་བའི་དབྱེ་ཤིང་ཤིང་། །དེ་ཉིད་བཞི་པ་ལ་བརྟེན་ཡང་། །གང་ཞིག་རྣམ་གསུམ་སློབ་བྱེད་པ། །དེས་ནི་འབྲས་བུ་ མྱུར་ཐོབ་འགྱུར། །ཞེས་འདུག །དཔེ་ཇི༷་ལྟར༷་ན་ཤིང༷་ལ༷་གང་ན་མེ༷་གནས་པ༷་མ༷་གཙུབ༷ས་པ༷ར་ནི༷་འབྱུང༷་བར་མི༷་འགྱུར༷་རོ། །དེ༷་བཞི༷ན་མངོན་བྱང་ཡང་བྱང༷་ཆུབ་གོམས་པའི་རྣལ་འབྱོར་ལ་བསླབ༷་བྲལ་བ༷ས་ཚེ༷་འདི༷་ཉི༷ད་ལ༷་འོད་ གསལ་བ་མངོན་དུ་བྱེད་པར་འབྱུང༷་བར་མི༷་འགྱུར༷་རོ། །དེ་བཞིན་ཉིད་རང་བཞིན་གྱིས་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་གོམས་པར་བྱ་བ་གཙོ་བོ་ཡིན་ཏེ། གོམས་པ་མེད་ན་ཚེ་འདི་ལྟར་ཅི་སྨོས་ཏེ། ཕར་ཕྱིན་ཐེག་པའི་ རྣལ་འབྱོར་པས་མཐོང་སྒོམ་ལམ་གྱིས་ཀུན་གོམས་པར་བྱེད་དུ་ཟིན་ཀྱང་བསྐལ་པ་གྲངས་མེད་གསུམ་གྱིས་བྱང་ཆུབ་ཐོབ་ལ། སྔགས་ལམ་གྱིས་ཚེ་འདི་ལ་ཐོབ་པ་ཁྱད་པར་ཡིན་ནོ། །དེའི་ཕྱིར་སེམས་ཀྱི་ཆོས་ཉིད་འོད་ གསལ་བ་རྒྱུ་རྐྱེན་ལས་མ་བྱུང་སྟེ་རང་བཞིན་བབ་ཀྱིས་གྲུབ་པ་ཡིན་མོད་གློ་བུར་གྱི་དྲི་མས་བསྒྲིབས་ནས་རང་ངོར་མི་གསལ་བ་དེ་ཉིད་རྣལ་འབྱོར་པས་རྣལ་འབྱོར་ལ་གོམས་པར་བྱས་པས་གློ་བུར་བའི་དྲི་མ་རྣམས་སྤངས་ 8-9-46b པར་གྱུར་ན་ཆོས་ཉིད་དེའི་རང་ཉིད་ཀྱིས་གསལ་བར་འགྱུར་ལ་དེ་ཙམ་གྱིས་དེ་རྒྱུ་ལས་བྱུང་བའི་མི་རྟག་པར་འགྱུར་བ་མ་ཡིན་ཏེ། དྲི་མ་བསལ་བ་དེའི་རྒྱུ་ཉིད་ཡིན་ཀྱང་གསལ་བྱེད་ཀྱི་རྒྱུ་མིན་ཏེ་མར་མེས་གཟུགས་ གསལ་བ་བཞིན་ནོ། །ཞེས་ཀླུ་བྱང་གསུངས། རྩ་བའི་གསུམ་པ་བཤད་ཟིན་རྗེས་ཀྱི་དོན་ལ། སྣོད་བརྟག་པ་དང་། དགེ་བ་བསྔོ་བའོ། །དང་པོ་ནི། འདི་བསྟན་པའི་སྣོད་གང་ཟག་ ལྔ་ལས་དང་པོ། ཙནྡན་ལྟ་བུ་ནི་གང༷་ཞིག༷་གཡོ༷་སྒྱུའི༷་བློ༷་ཅན་ལེ༷་ལོ༷་ཅན་དག༷་དང་། བླ༷་མ༷་ལ༷་སྟེ་དེའི་དྲིན་མིན་རང་གིས་ཤེས་ཞེས་སྨྲ་ཞིང་སྨོད༷་པ་དང་དབང་ལེགས་པར་མ་ཐོབ་ཀྱང་བདག་གིས་ དབ༷ང་བསྐུར༷་བ་ཐོབ༷་ཅེས༷་རློམ་སེམས་སུ་འགྱུར༷་དང་། བློ༷་དམ༷ན་ཞིང་ཞུམ་པའི་སེ༷མས་ལྡན༷་པས་ཀུན༷་མཁྱེན༷་ཡ༷ང་དག༷་ཐོབ༷་མི༷་འགྱུར༷་དང་སྙམ་དུ་ཞུམ་པ་དང་ཉོན་མོ༷ངས་བླ༷་མ༷འི་སྐྱོན༷་རྣམ༷ས་ མ་ཐོ༷ང་གི༷་ཡོ༷ན་ཏ༷ན་མཐོང་བ་མི༷ན་པའོ། །དེ་སླར་ཡང་རྒྱས་པར་བཤད་པ་བསྙེན་བཀུར༷་བྱས་པ་མེ༷ད་པ༷ར་བླ་མ་ལ་མྱུར༷་དུ༷་ཐར་ལམ་གྱི་དེ༷་ཉི༷ད་ཐོབ༷་པ༷ར་འདོ༷ད་པ་དང་། ཁྱོད་ཀྱི་དེ་ལྟ་བུ་ལ་ཡ༷ང་ད༷ག་ཚིག༷་མ༷་ཡི༷ན་ཞེ༷ས་ བླ་མས་བསྒོ་བ་བྱས་ནའང་ཁྲོ༷་བཅས༷་གཡོ༷་བའམ་འགྲོ་བ༷ར་འགྱུར༷། ཚོག༷ས་ནང༷་བླ༷་མ༷་མཐོང༷་ན༷་རྒྱབ༷་ཀྱིས༷་ཕྱོགས་པ༷ར་བྱེ༷ད་དེ་བླ་མ་མིན་ཚུལ་བསྟེན་པ། དེ༷་ནས༷་དེ༷་དེ་དབེ༷ན་པ༷ར་སོ༷ང་ནས༷་བླ་མ་ལ་ 8-9-47a ཕྱག༷་བྱེ༷ད་པར་འགྱུར༷་པ་དེ༷་ལྟར༷་ར༷ང་བཞི༷ན་ང༷ན་པར་འགྱུར་བ་དམན་པ༷འི་སློབ༷་མ༷་ནི༷་ཙནྡན་ལྟ་བུ་ར༷ང་གི༷་སློབ༷་བུ༷་ཡི༷ན་ཡ༷ང་སློབ་བུ་མ་ཡིན་པ་གཞ༷ན་བཞི༷ན་ཡོང༷ས་སུ༷་སྤང༷ས་ཤིང་ མིའི་ནང་ནས་རིགས་བཟང་པོ་རྒྱལ༷་རི༷གས་དང་རྗེ༷འུ་རི༷གས་མཆོག༷་ལ༷ས་སྐྱེས༷་པ༷ར་གྱུར༷་པ༷་ཡ༷ང་། བརྟན་རྟག༷་པ༷ར་ན༷མ་ཡ༷ང་དེ༷་ལྟར་ཤེས་ནས༷་རང་གི་དྲུང༷་དུ༷་གཞ༷ག་པར་མི༷་བྱའོ༷། །གཉིས་པ་རིན་ པོ་ཆེ་ལྟ་བུའི་གང་ཟག་ནི། ཚུལ་ཁྲིམས་སོགས་ཀྱི་ཡོ༷ན་ཏན༷་མཆོག་ལྡ༷ན་ཐོས་སོགས་ཀྱིས་རྟོགས་བྱ་དོན་གྱི་ཡེ༷་ཤེས༷་དང་དགེ་ཆོས་ལ་བརྩོན༷་པ༷ར་བཅས༷་པ༷་དང༷་ཡ༷ང་ནི༷་བླ༷་མ༷་ལ༷་ གུས༷་ཤིང་དེ་སང༷ས་རྒྱས༷་དང༷་མཉམ༷་པར་ལྟ༷་བ་དང་། རྒྱལ༷་བ༷འི་ཆོས༷་མདོ་རྒྱུད་རྣམ༷ས་རྟོག༷ས་ཤིང༷་རྒྱལ་བའི་བསྟན༷་ལ༷་ཡིད་ཆེས་ནས་ཤིན༷་ཏུ༷་ད༷ད་དེ༷་འདི༷ར་སྣོ༷ད་གྱུར༷་ཡི༷ན་ཕྱིར༷་དེ༷་ལ༷་བླ་མས་དྲིན༷་ སྦྱིན༷་བྱའོ༷། །གསུམ་པ་ཨུཏྤལ་ལྟ་བུ་ནི། སྔགས་ཀྱི་རྒྱུ༷ད་མང༷་ར༷བ་ཏུ༷་ཐོ༷ས་ཤིང༷་པད་དཀར་ནའང་འདི་ལྟར་གསུངས། སྡེ་སྣོད་གསུམ་གྱི་ལུང༷་ལ༷་ལེ༷གས་པར་སྦྱང༷ས་ཀྱང༷་བླ༷་མ༷འི་བསྙེ༷ན་བཀུར༷་དམ༷ན་ཕྱིར༷་མན་ངག་ཟབ་མོའི་ ལུང༷་ཐོབ༷་མ༷་གྱུར༷་པ༷་དེ༷་ནི༷་བད༷ག་ཉིད་ལ་ཕན༷་པ་སྒྲུབ་པ་ཙམ༷་ལ༷འ༷ང་དབ༷ང་མེ༷ད་དེ་མན་ངག་གིས་ཁོང་ལ་ཚིག་ཙམ་བཏོན་པ་ཡིན་པ་ཁ་ནས་བཤད་པའམ་ 8-9-47b གཞན་ལ་བསྟན༷་པའི༷་བསྟན་བཅོས་འབའ་ཞིག་གི་གྲགས་ཡོད་པ་ཙམ་སྟེ་བསྟན་བཅོས་གྲགས་ཞེས་ལུང་གི་ཚིག་ཙམ་སྨྲ་བས་བསྟན་བཅོས་ཀྱི་གྲགས་པ་ཐོབ་ཀྱང་། མཆུ༷་དེ༷་ཡི༷་བསྟན༷་ བཅོས༷་མང་དུ་ཐོས་པ་ནི་སྐྱོ༷་བ༷འི་རྒྱུ༷་ཙམ༷་འབ༷འ་ཞིག༷་ཡི༷ན་ཏེ་དོན་གྱི་སྙིང་པོ་སྟོང་པའི་ཕྱིར་འདིས་ནི་རྩོད་པ་སྨྲ་བ་ལས་སྒོམ་པའི་རོ་མ་རྙེད་པའི་ཕྱིར་རོ། །བཞི་པ་པད་དཀར་ལྟ་བུ་ནི། ལས་ འཕྲོས་དབང་གིས་སྐལ༷་ལྡན༷་གྱུར༷་ཅིང༷་དེ༷་ཉི༷ད་མ༷ན་ང༷ག་ཐོབ༷་གྱུར༷་ཀྱང༷་གང༷་ཞིག༷་བློ༷་གྲོ༷ས་ཀྱང༷་བླུ༷ན་པོ་མིན༷་ལ་དོ༷ན་ནི༷་འདི་དང་འདི་ཞེས་སྦྱོར༷་ནུས༷་པ༷། ཀླུ་བྱང་འགྲེལ་དུ། སྐལ་ལྡན་གྱུར་ཅིང་ དེ་ཉིད་མན་ངག་ཐོབ་གྱུར་ཀྱང་། གང་ཞིག་སྐྱེས་ཐོབ་ཀྱི་ཤེས་རབ་བྲལ་བ་བློ་གྲོས་བླུན་ཞིང་དོན་རྣམས་ཐོས་པའི་དོན་རིགས་པ་རྣམས་རིགས་པ་བཞིས་སྡུད་པར་མི་ནུས་པ། གཞན་ལ་ཕན་ པར་བྱེད་པའི་བློ་གཞན་དོན་ལ་ལྡན་བསྟན་ལ་རབ་འཇུག་ཅིང་། ཚིག་གི་ཡོན་གཏན་ཚིགས་འགོད་པ་དང་དྲང་ངེས་སོགས་འབྱེད་པའི་ཏན་དམན་པ་དེ་ཡང་བརྙས་པར་འགྱུར་བ་ཡིན། ཞེས་སོ། །དེ་ནི་ལས་འཕྲོ་ཡོད་པས་སྐྱེ་བ་གཞན་དུ་དེ་ཉིད་ཐོབ་བོ་ཞེས་བཤད། གཞ༷ན་དོ༷ན་བྱ༷་བའི༷་བློ༷་ཡི༷ས་ཆོས་སྟོན༷་ལ༷་ར༷བ་ཏུ༷་འཇུག༷་ཀྱང་ཚིག༷་གི༷་ཡོ༷ན་ཏན༷་མེ༷ད་ན༷་དེ༷་ཡ༷ང་བརྙས༷་པ་དང་བཅས༷་འགྱུར༷་རོ། །ཐམས་ཅད་ 8-9-48a ལས་མཆོག་གྱུར་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། རྒྱུ༷ད་མ༷ང་ཐོས༷་ཤི༷ང་ཤེས༷་རབ་དང་ལྡན༷། གན༷ས་དྲུག་སྟེ་མཐའ༷་དྲུག་གི་དོན་ཤེས༷་པ༷་ད༷ང་། མི་བརྗེད༷་པའི་དྲ༷ན་ དང༷་། རབ་ཏུ་འབྱེད་པའི་བློ༷་གྲོས༷། དོན་བཅས་འཛིན་པ་མི་འཕྲོག་པའི་བརྟན༷་བློ༷། བརྩོན༷་པ༷་ཕུ༷ན་ཚོག༷ས་དཔལ་ལྡ༷ན་བླ༷་མ༷འི་ཞབས༷་ལ་བཀུར༷་སྟི་བཅས༷་ཤིང༷་དེ༷་ཁོ་ན་ཉི༷ད་ཀྱི་ལུང༷་ཐོབ༷་ པ༷་རྒྱུ༷ད་རྒྱལ༷་གསང་འདུས་རིམ་ལྔའི་མ༷ན་ངག༷་གང་ཟག་དེ༷་ལ༷་བསྟན༷་པ༷ར་འོ༷ས་པ༷་ཡི༷ན་ནོ། །གང་ཟག་ལྔ་ནི་ཙནྡན་གྱི་ཚལ་པ་ལའང་སྦྲུལ་གདུག་པས་དཀྲིས་པ་ལྟར། ཐོས་ཉུང་ང་ རྒྱལ་ཅན་དོན་མེད་མང་དུ་སྨྲ་བའོ། །མ་ལུས་ཐོས་ནས་ཚིག་འཛིན་ཀྱང་ཡང་ཡང་བརྗོད་པ་དང་དོན་གྱི་མན་ངག་བྲལ་བ་ཨུཏྤལ་ལྟ་བུ། ལྷག་པར་མང་དུ་ཐོབ་ཀྱང་ཚིག་གི་སྒོ་ནས་ གཞན་ལ་བསྟན་མི་ནུས་པ་པདྨ་ལྟ་པད་དཀར་མི་འདུག་པས་ཆད་པ་ཡིན་འདྲ། བུ། རིན་པོ་ཆེའི་ལྟ་བུ་ནི་ཚུལ་ལྡན་མཁས་དང་དྲང་རྒྱུད་ཀྱིས། ཐོས་ནས་ལེགས་རྟོན་རིན་ཆེན་ལྟ་བུའོ། །གསུངས། གཉིས་པ་དགེ་བ་བསྔོ་ བ་ནི། འཕ༷གས་པ༷་རྡོ༷་རྗེ༷་སྒྲ་གཅན་འཛིན་བཟང་པོའི་དྲི༷ན་གྱིས༷་རྒྱུ༷ད་རྣམ༷ས་མ༷ང་པོ༷་ཐོ༷ས་ཤིང་དོན་མ་འདྲེས་པར་གས༷ལ་བ༷་ཡིས་རྣམ༷་པ་སྤྲས༷་པའི་ 8-9-48b ཚིག༷་གི༷ས་བྱང༷་ཆུབ༷་ལ༷མ་ནི༷་སེམས་ཀྱི་རྣམ༷་པར་ཕྱེ༷་བ༷ས། ཀླུ་སྒྲུབ་རབ་ཏུ་བྱུང་བའི་མཚན་ནི་ཤཱ༷ཀྱ༷་བཤེ༷ས་གཉེན༷་གྱིས༷་ནི༷་དགེ༷་བ༷་གང༷་བས༷གས་དེས༷་བློ་གྲོས་མཁ༷ས་ཤི༷ང་གས༷ལ་བ༷འི་རྣམ༷་ པར་སྨིན༷་པའི་རྟེན་བྱང་ཆུབ༷་སྣོ༷ད་གྱུར༷་ཤོག །གཞན་ཡང་ཤཱཀྱ་བཤེས་གཉེན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཡང་། དེ་ལ་བརྩེ་བས་རབ་བྱེད་འདིའི་ནང་དུ་མིང་བཅུག་པར་གྱུར་ཤིང་། བླ་མ་ བརྩེ་ལྡན་ནམ་ཡོན་ཏན་ཅན་རང་གིས་བྱས་ཀྱང་སློབ་མས་བྱས་ཞེས་སྨྲ་བ་ནི་ལུགས་ཡིན་ནོ་ཞེས་ཀླུ་བྱང་གསུངས། ཀུན་རིམ་པ་འདིའི་མི༷ང་གི༷་ཁྱ༷ད་པ༷ར་གཞ༷ན་ཡ༷ང་བླ༷་ན༷་མེ༷ད་པ༷འི་དགོ༷ངས་པ༷་ཞེས་ བྱ༷་བ༷་ཐམ༷ས་ཅ༷ད་དག༷་ཅིང༷་སེམས་ཤིན་ཏུ་རྣམ༷་པ༷ར་དག༷་པའི༷་རི༷མ་པ༷་སློབ༷་དཔོ༷ན་ཤཱ༷ཀྱ༷་བ༷ཤེ༷ས་གཉེན༷་གྱིས༷་མཛ༷ད་པ༷་སྟེ༷་རི༷མ་པ༷་གཉི༷ས་པ༷འོ༷།། ༈ །།རིམ་པ་གསུམ་ པ་བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་པ་ལ། གཞུང་ལ་འཇུག་པ་དང་། གཞུང་དངོས་ཀྱི་དོན་ནོ། །དང་པོ་ལ་གཉིས་ལས་དང་པོ་ཕྱག་འཚལ་བ་ནི། རྡོ༷་རྗེ༷་ཅ༷ན་རྣམ༷ས་རིགས་ལྔ་ པོ་ཀུན༷་གྱི༷་གཙོ༷་བོ་རིགས་དྲུག་པ་དང་པོའི་སངས་རྒྱས་རྡོ་རྗེ་འཆང་ངམ་རྡོ༷་རྗེ༷་ཆེ༷་ལ༷་ཕྱག༷་འཚ༷ལ་ཏེ༷། གཉིས་པ་བཤད་པར་དམ་བཅའ་བ་ནི། བད༷ག་ལ༷་བྱི༷ན་གྱིས༷་བརླབ༷་པ༷འི་རི༷མ་པ་གཞན་ཡང་ 8-9-49a བརྩེ༷་བ༷ས་བད༷ག་གི༷ས་བཤ༷ད་པ༷ར་བྱས་སོ༷། །གཉིས་ལ་གཞུང་དངོས་ཀྱི་དོན་ལ། སྒྱུ་ལུས་ཀྱི་གདམས་ངག་སྟོན་པའི་སྔོན་དུ་བྱ་བའི་རིམ་པ་དང་། དངོས་གཞི་ བདག་བྱིན་བརླབ་པའི་རིམ་པ་གསལ་བར་བཤད་པ་དང་། རྗེས་བླ་མ་མཆོད་ཅིང་བཀའ་རྒྱས་བཏབ་པའི་ཚུལ་ཏེ་གསུམ་མོ། །དེ་ལ་དང་པོ་ནི། དེ་ལ་དང་པོར་བསྐྱེད་པའི་རིམ་པའི་ ཞེས་པ་ནས། དེ་ནས་བདག་ལ་བྱིན་རླབས་ཙམ་ཞེས་པའི་བར་ཏེ། འདི་ལ་དབྱེ་ན། སྒྱུ་ལུས་ཀྱི་གདམས་པའི་སྣོད་སློབ་མའི་མཚན་ཉིད། དེས་རྡོ་རྗེ་སློབ་དཔོན་མཉེས་པར་བྱེད་པའི་ ཐབས། སློབ་དཔོན་གྱི་བྱ་བ་དབང་བསྐུར་བའི་རིམ་པ། བདག་བྱིན་རླབས་བཤད་པའི་དོན་དུ་བསྟོད་ཅིང་གསོལ་བ་འདེབས་པ་སྟེ་བཞིའོ། །དང་པོ་ནི། ཀླུ་བྱང་ལས་སྦས་བཤད་སོགས་ མང་པོས་བསྟན་དེ༷་ལ༷་དང༷་པོ༷ར་བསྐྱེ༷ད་པ༷འི་རི༷མ་པ༷ར་རྗེས༷་སུ༷་འབྲང༷་བས༷་དབ༷ང་བསྐུར༷་བ༷་ཐོབ༷་ཅིང༷་། བྱ་རྒྱུད་སོགས་རྒྱུ༷ད་རྣམ༷་པ༷་བཞི༷འི་དགོ༷ངས་པ༷་ཤེས༷་པ༷་ཡི༷་ཤེས༷་ར༷བ་དང༷་ལྡན༷་ཞིང༷་ལུས༷་ དང༷་། ང༷ག་དང༷་། ཡི༷ད་རྣམ༷་པ༷ར་དབེ༷ན་པའི༷་གདམས་ངག་གི་དོན་ཐོས༷་པ༷་འཛི༷ན་པ༷། སྒྱུ་འོད་དེ་སྔགས་ཀྱི་བདེ༷ན་པ༷་རྣམ༷་པ༷་གཉི༷ས་ལ༷་ལྷག༷་པ༷ར་སློབ་མ་མོ༷ས་པ༷ས་རྡོ༷་རྗེ༷་སློབ༷་དཔོ༷ན་ཡ༷ང་ 8-9-49b དག༷་པ༷ར་སྒྱུ་མེད་པའི་བཀུར་སྟི་སོགས་ཀྱིས་མཉེས༷་པ༷ར་བྱས༷་ཏེ༷་ཞེས་སོ། །གཉིས་པ་རྡོ་རྗེ་སློབ་དཔོན་མཉེས་པར་བྱེད་པའི་ཐབས་ཁྱད་པར་ཅན་ལ་བསླབ་པ་ནི། དེའི༷་འོ༷ག་ཏུ༷་བདག་ བྱིན་རླབས་པའི་རིམ་པ་གནང་བའི་གསོལ་བ་བཏབ་པས་སྣོད་དུ་གཟིགས་ཏེ་བླ༷་མ༷་མཉེས༷་པ༷ར་གྱུར༷་ནས་འདོད་ཡོན་གྱི་ཚོག༷ས་ཀྱི༷་མཆོ༷ད་པ༷་ཆེན༷་པོ༷་བྱས༷་ལ༷་ལོ༷་བཅུ༷་དྲུག༷་མ༷་རྡོ༷་རྗེ༷་སློབ༷་དཔོ༷ན་ཆེན་ པོ༷་ལ༷་ཕྱག་རྒྱར་ཕུལ༷་ཏེ༷་ཞེས་སོ། །གསུམ་པ་སློབ་དཔོན་གྱི་བྱ་བ་དབང་བསྐུར་བའི་རིམ་པ་ལ། དཀྱུས་ཀྱི་འགྱུར་ལས། དེའི༷་འོ༷ག་ཏུ༷་བླ༷་མ༷འི་ཞལ༷་སྔ༷་ནས༷་ཡབ་ཡུམ་སྦྱོར་བའི་བྱང་སེམས་ ཀྱི་དབང་བསྐུར་ཏེ། དེ་ལ་ཕྱག་རྒྱ་བྱིན་ནས་མཉམ་པར་སྦྱོར་བའི་འོད་གསལ་ཤེས་པར་བྱས་ལ་དེ་ལས་ལངས་ནས་བད༷ག་ལ༷་བྱི༷ན་གྱིས༷་བརླབ༷་པའི༷་རི༷མ་པ༷འི་མ༷ན་ངག༷་ཐོབ༷་པ་ཡིན་ལ། དེ་ཐོབ་ ནས༷་དེའི༷་འོག་ཏུ་སྤྱི༷་བོར་མེ་ཏོག་གི་ཕྲེང༷་བའི་ཆུན་འཕྱངས་དཔྱངས་པ༷་ད༷ང་། བུམ་པའི་ཆུ༷་ད༷ང་རྫོག༷ས་པ༷འི་སང༷ས་རྒྱས༷་ཅོད་པན་དང་རྡོ༷་རྗེ༷་ད༷ང་དྲིལ༷་བུ༷་སྦྱིན༷་པ༷་མེ༷་ལོ༷ང་ལྟ་བུའི་ཡེ་ཤེས་ད༷ང་། མིང༷་ད༷ང་སློབ༷་དཔོ༷ན་དང༷་ཀུན་རྗེས༷་སུ༷་གན༷ང་བ༷་བཅས་ལུས་རྣམ་དག་སྟེ༷་དེ༷་དག༷་ད༷ང་བཅས༷་པ༷ར་གས༷ང་བ༷འི་དབ༷ང་བསྐུར༷་བ༷་ཐོབ༷་ནས༷། བཞི་པ་བསྟོད་ཅིང་གསོལ་བ་འདེབས་པ་ནི། 8-9-50a བསྟོ༷ད་པ༷་འདི༷ས་བླ༷་མ༷་ལ༷་བསྟོ༷ད་པ༷ར་བྱ༷འོ༷། །ཀྱེ་བཅོམ་ལྡན་རྡོ་རྗེ་སློབ་དཔོན་ཁོ༷ང་སྟོང༷་སྐྱེ་བ་སོགས་ཁྱོ༷ད་ཀྱི༷་སྐུ༷་ལ༷་མེ༷ད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་ བཞིན་ཡིན་པའི་ཕྱིར་རོ། །སྐུ་ཇི་ལྟར་སྣང་ཞེ་ན་ཤ༷་དང༷་རུས༷་པ༷་ཁྲག༷་མེ༷ད་ཀྱང༷་ནམ༷་མཁ༷འ་ལ༷་ནི༷་འཇ༷འ་ཚོན་ལྟར༷་ཁྱོ༷ད་ཀྱི༷་སྐུ༷་ནི༷་སྟོ༷ན་པ༷ར་མཛ༷ད་པ་རྣམ་སྣང་གི་སྒོ་ནས་སོ། །སྐུ༷་ ལ༷་བསྙུན༷་མེ༷ད་ཅིང་མི༷་གཙང༷་མེ༷ད་བཀྲེས༷་དང༷་སྐོམ༷་པ༷་འབྱུང༷་མེ༷ད་ཀྱང༷་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཡིན་ཕྱིར་འདོད་ཆགས་དག་ནས་ཁྱོད་ནི༷་འཇི༷ག་རྟེན༷་རྣམས་དང་མཐུན་པར་རྗེས༷་སུ་འཇུག༷་ཕྱིར༷་ འཇི༷ག་རྟེན༷་བྱ་བ༷་སྟོན༷་པ༷ར་མཛ༷ད་པ་ནི་འོད་དཔག་མེད་པའི་སྒོ་ནས་སོ། །ཆུ༷་ཟླ༷་བཞི༷ན་དུ༷་གཟུང༷་དུ་མེ༷ད་ཅིང་ཆོས༷་རྣམ༷ས་ཀུན༷་ལ༷་གན༷ས་པ༷་རིས་ཆད་དམ་དམིགས་མེ༷ད་མཉམ་ཉིད་དུ་ གནས་ཏེ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་ཕྱིར། ང༷་རྒྱལ༷་མེ༷ད་ཅིང༷་རྨོང༷ས་པ་མི༷་མང༷འ་དམི༷གས་མེ༷ད་ཁྱོ༷ད་ལ༷་ཕྱག༷་འཚལ༷་ལོ༷་རིན་འབྱུང་ངོ་། །སེམས་ཅན་གྱི་དོན་དུ་གཤེ༷གས་ད༷ང་བཞུག༷ས་དང༷་དེ༷་བཞི༷ན་ གཟི༷མས་པ་སྟེ་སྤྱོད་ལ༷མ་དག༷་ནི༷་བྱ་གྲུབ་ཡེ་ཤེས་ངོ་བོ་ཡིན་ཕྱིར་མཛད་ཀྱང་དེ་ཐམ༷ས་ཅ༷ད་དུ༷་ཁྱེད༷་ནི༷་རྟག༷་ཏུ༷་མཉམ༷་འཇོ༷ག་པ༷་མི་དམིགས་ཁྱོ༷ད་ལ༷་ཕྱག༷་འཚལ་ལོ༷་དོན་གྲུབ་ཀྱིའོ། །སྒྱུ་ 8-9-50b མ༷་ལྟ༷་བུའི༷་ཏིང༷་འཛི༷ན་གྱིས༷་འཕར་སྣང་སོགས་དང་ཡན་ལག་དྲུག་ཅུའི་ཆོས་བསྟན་རྫུ༷་འཕྲུལ༷་ཆེ༷་ལ༷་སྟེ་ཆོ་འཕྲུལ་ཆེན་པོ་རྣམ༷་འཕྲུལ༷་ཞི༷ང་། ཐ་དད་མེད་ལ་སྣ༷་ཚོ༷གས་མི༷ན་ལ༷་སྙོམ༷ས་པར་འཇུག༷་པ༷་ ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་ཡེ་ཤེས་ཀྱི་ངོ་བོས་དམི༷གས་མེ༷ད་ཁྱོ༷ད་ལ༷་ཕྱག༷་འཚལ༷་ལོ༷་མི་བསྐྱོད་པའོ། །དེ༷་ལྟར༷་རྡོ༷་རྗེ༷་སློབ༷་དཔོ༷ན་ལ༷་ཡ༷ང་དག༷་པ༷འི་བསྟོ༷ད་པ༷ས་བསྟོ༷ད་ནས༷་ ཚིག༷ས་སུ༷་བཅ༷ད་པ༷་འདི༷ས་མཉན༷་པ༷ར་བྱ༷་བ༷འི་ཕྱིར༷་གསོ༷ལ་བ༷་གད༷བ་པ༷ར་བྱ༷འོ༷་འགྲོ་བའི་དཔའ་བོ་བླ་མ་རིན་པོ་ཆེ་ཁྱོད་ནི་ཀུན༷་མཁྱེ༷ན་པའི་ཡེ༷་ཤེས༷་ཀྱི་ཕུང༷་པོ༷་ཅ༷ན་རྟེན་འབྲེལ་ཡན་ ལག་བཅུ་གཉིས་ཀྱི་སྲིད་པ༷འི་འཁོ༷ར་ལོ༷་རང་བཞིན་མེད་པར་མི་རྟོག་ཡེ་ཤེས་ཀྱི་རྣམ༷་པ༷ར་སྦྱོང༷་བ༷་དེ༷་རི༷ང་བདག་བྱིན་རླབས་ཀྱི་མན་ངག་བཤ༷ད་པ༷འི་རི༷ན་ཆེན་གྱིས༷་ཀྱེ་གཙོ༷་བོ༷་བད༷ག་ལ༷་བཀ༷འ་དྲིན༷་ གྱི་རྗེས་སུ་བཟུང་བར་སྩོལ༷། ཁྱོ༷ད་ཞབ༷ས་པ༷དྨ༷་སྤང༷ས་ན༷ས་ནི༷་གཙོ༷་བོ༷་གཞ༷ན་ལ༷་བདག་སྐྱབ༷ས་སུ་འགྲོ་བ་མ༷་མཆིས༷་སོ། །འགྲོ༷་བ༷འི་དཔ༷འ་བོ༷་ཐུབ༷་ཆེན༷་གྱིས༷། དེ༷་བས༷་བློ༷་མཆོ༷ག་བདག་ པོ་མཉེས༷་པ༷ར་མཛོ༷ད། །ཅེས་པའོ། །གཉིས་པ་དངོས་གཞི་བདག་བྱིན་བརླབ་པའི་རིམ་པ་གསལ་བར་བཤད་པ་ལ་ལྔ་སྟེ་བདག་བྱིན་རླབས་གང་ལས་ཐོབ་པ་དང་། མ་ཐོབ་པའི་ཉེས་ 8-9-51a དམིགས་དང་། ཐོབ་པའི་ཕན་ཡོན་དང་། བདེན་གཉིས་རྒྱུ་འབྲས་སུ་བསྟན་པ་དང་། རིམ་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། དེ༷་ལྟར༷་གསོལ་ འདེབས་མཁས་པ་འཇི༷གས་པ་མེ༷ད་པར་གསོ༷ལ་བ་འདེབས་པ༷འི་ཚིག༷་དག་ཐོས༷་པར་གྱུར༷་ནས༷་ནི༷་སྙིང༷་རྗེ༷་སློབ༷་མ༷་ལ་བསྐྱེ༷ད་དེ༷་དེ༷་ནས༷་བད༷ག་ལ༷་བྱི༷ན་རླབ༷ས་ཀུན་བརྩམ༷ས་པར་བྱའོ། །དེ་ ཡང་བད༷ག་བྱི༷ན་བརླབ༷་པ༷འི་རི༷མ་པ་ཞེས༷་པ༷་སྔགས་ཀྱི་ཀུན༷་རྫོབ༷་བདེ༷ན་པ༷་བསྟན༷་པ༷་སྟེ༷་སེམས་དབེན་ནམ་སེམས་རྣམ་པར་དག་པའི་དོན་གསལ་བ་ལ་སྐུ་མེད་དེ། སེམས་ནི་གཅིག་དུ་མའི་ ཆ་ཤས་དང་བྲལ་ནས་དོན་དམ་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །ངག་བདེན་ལའང་ལྷའི་སྐུ་མེད་དེ་རླུང་ལ་གཟུགས་མེད་པའི་ཕྱིར་རོ། །ལུས་རྣམ་པར་དབེན་པས་ལུས་ལའང་གཅིག་ དུ་མ་མེད་ཕྱིར་ལྷའི་སྐུ་བསྒོམ་པ་མེད་དོ། །འདིར་སྐད་ཅིག་གིས་སམ། ཤེས་རབ་དང་ཐབས་དང་ཉེར་ཐོབ་ཀྱི་རིམ་པས་འོད་གསལ་བ་ལས་ལངས་ཏེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ རིམ་པས་བསྐྱེད་པ་ཡོད་ཀྱི་རང་བཞིན་ཅན་ཉིད་ཡེ་ཤེས་ཀྱི་སྐུར་མཐོང་ནས་ཕྱི་རོལ་གྱི་དངོས་པོ་རྣམས་ལའང་དེ་ཁོ་ན་ལྟར་བལྟ་བར་བྱའོ་ཞེས་པ་ནི་བདག་བྱིན་རླབས་པའི་རིམ་པའོ། ། 8-9-51b དེའི་ཕྱིར་ཀུན་རྫོབ་ཏུ་ལྷ་སྐུ་བསྒོམ་པ་དང་། གཟུགས་སྣང་སྣོད་བཅུད་དང་ཞི་སོགས་ལས་རྣམས་དང་སྔགས་ཕྱག་རྒྱ་ལ་སོགས་བྱ་བའི་ཚོགས་ཐམས་ཅད་ཀྱི་བདེན་པ་མཐོང་བ་སྟེ་ སྒྱུ་མ་སོགས་དཔེ་བཅུ་གཉིས་ཨབྷ་ལ་སྒྱུ་མའི་དཔེ་བཅུ་གཉིས་སུ་ནམ་མཁའི་མེ་ཏོག །མོ་གཤམ་བུ། རི་བོང་རྭ་གསུམ་བགྲང་འདུག ། དང་འདྲ་བར་མཐོང་བ་འདི་ནི་བདག་བྱིན་རླབས་པའི་རིམ་པའོ་ཞེས་བརྗོད་པར་བྱའོ། །དེ༷་ནི༷་བླ༷་མ༷་རྡོ་རྗེ་སློབ་དཔོན་གྱི་དྲིན་དག༷་གི༷ས་འཐོ༷བ་པ༷ར་འགྱུར༷་གྱི༷་གཞན་ དུ༷་མི༷ན་ནོ༷་ཞེས་གསང་བར་གདམས་སོ། །གཉིས་པ་ནི། བད༷ག་ལ༷་བྱི༷ན་གྱིས༷་བརླབ༷་པའི༷་རི༷མ་ག༷ང་ གི༷ས་རྙེད༷་པ༷ར་མ༷་གྱུར༷་པ༷ས་མདོ༷་སྡེ༷་དང་རྒྱུ༷ད་དང༷་རྟོག༷་པ༷་ལ༷་དེ༷་ཡི༷་ང༷ལ་བ༷་དོ༷ན་མེ༷ད་འགྱུར༷་ཏེ་དེའི་སྙིང་པོའམ་རང་བཞིན་ཟུང་འཇུག་ལྟར་བཤད་དུ་མེད་པའི་ཕྱིར་རོ། །གསུམ་པ་ནི། བད༷ག་ ལ༷་བྱི༷ན་རླབ༷ས་ཀྱི་རི༷མ་པ་ཐོབ༷་པའི༷་ཕྱིར་ན་འགྲོ་བའི་གཙོ༷་བོ༷་སང༷ས་རྒྱས༷་ཀུན༷་གྱི་བད༷ག་ཉི༷ད་ཀྱི་དམ་པར་ཡེ་ཤེས་ཀྱི་སྐུ་ཅན་དེར་ངེས་པར་ཚེ༷་འདི༷་ཉི༷ད་དུ༷་སང༷ས་རྒྱས༷་ནི༷་ཐེ༷་ཚོ༷མ་མེ༷ད་པ༷ར་ཐོབ༷་པ༷ར་འགྱུར༷་ རོ། །བཞི་པ་ནི། བད༷ག་བྱི༷ན་བརླབ༷ས་པའི༷་ཏིང༷་འཛི༷ན་ད༷ང་དེ༷་བཞི༷ན་འོ༷ད་གས༷ལ་བ༷་ཡི༷་གན༷ས་བདེན་པ་གཉིས་ནི༷་རྒྱུ་ད༷ང་འབྲ༷ས་བུའི༷་ཁྱ༷ད་པ༷ར་གྱིས་ཀུན་རྫོབ་དང་དོན་དམ་གྱི་བདེ༷ན་པ༷་གཉི༷ས་ 8-9-52a སུ༷་བསྟན༷་པ༷་ཡི༷ན་ཏེ་བདག་བྱིན་བརླབས་ཀྱི་རིམ་པ་གསུམ་པ་འདི། རིམ་པ་གཉིས་པའི་སེམས་དབེན་འོད་གསལ་ལས་བྱུང་བའི་རིམ་པ་གཉིས་པ་རྒྱུ་དང་གསུམ་ པ་འབྲས་བུ་ཡིན་ནོ། །སླར་ཡང་བད༷ག་བྱིན་བརླབ༷ས་པ༷འི་རི༷མ་གྱིས་ས་གསུམ་པ་ཉིད་ནི་རིམ་པ་བཞི་པའི་འོ༷ད་གས༷ལ་བ༷་ནི༷་ཐོབ༷་པ༷ར་འགྱུ༷ར་ལ་དེ་ལྟ་ན་བདག་བྱིན་བརླབ་རྒྱུ་དང་རིམ་པ་བཞི་པའི་ འོད་གསལ་འབྲས་བུའོ། །རིམ་པ་གཉིས་པ་དང་བཞི་པ་འོད་གསལ་ཙམ་དུ་རིགས་གཅིག་པ་ཡིན་ཡང་། ཐབས་དང་སའི་བྱེ་བྲག་ལ་ཐ་དད་དུ་བཞག་ཏེ་དེའི་ཕྱིར་འོད་གསལ་བའི་ རྒྱུའང་ཡིན་ལ་འབྲས་བུའང་ཡིན། བདག་བྱིན་བརླབས་ཀྱང་ཕྱི་མར་ལྟོས་ན་རྒྱུའང་ཡིན་ལ་འབྲས་བུའང་ཡིན་ནོ། །རིམ་པ་བཞི་པ་ལ་ལྟོས་ན་གསུམ་པ་རྒྱུ་གཉིས་པ་ལ་ལྟོས་ན་གསུམ་པ་ འབྲས་བུ་གསུམ་པ་ལ་ལྟོས་ན་གཉིས་པ་རྒྱུ། བཞི་པ་ཀུན་འབྲས་བུ་སོགས་སོ། །ལྔ་པ་རིམ་པ་དངོས་རྒྱས་པར་བཤད་པ་ལ། གང་ལ་བསྒོམ་པའི་གཞི་རྟོགས་པའི་ཕྱིར་སྒྱུ་ལུས་ཀྱི་སྒྲུབ་གཞི་ བསྟན་པ། བདག་བྱིན་བརླབས་པ་སྒྱུ་ལུས་ཀྱི་རིམ་པ་དངོས་གསལ་བར་ངོས་གཟུང་བ། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་ཚད། རིམ་པ་འདི་ཐོབ་པའི་གནས་སྐབས་ཀྱི་ཡོན་ཏན་ཏེ་བཞི་ 8-9-52b ལས། དང་པོ་ནི། འགྲོ༷་ཀུན༷་ལས་ཉོན་གྱིས་བཅིངས་པ་ལ་ར༷ང་དབ༷ང་མེ༷ད་པ༷་སྟེ༷་གཞན་དབང་ཅན་ཡིན་ལ་བསྐྱེད་རིམ་གྱི་སྔགས་ཀྱི་སྐུ་དེ་ཡང་ཟླ་བ་རྡོ་རྗེ་སོགས་ལས་བྱུང་བའི་གཞན་དབང་ ཅན་ནོ་དེའི་ཕྱིར་ར༷ང་དབ༷ང་དུ༷་ནི༷་སྟེ་རང་གི་མཐུ་ལས་འབྱུང༷་བ་མ༷་ཡི༷ན་ནོ། །རང་དབང་ཅན་གྱི་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་དེ༷་ཡི༷་རྒྱུ༷་ནི༷་འོ༷ད་གས༷ལ་བ༷་ཡིན་ཏེ་གཞན་མིན་ནོ་འོ༷ད་གས༷ལ་བ་ནི་རྣམ་ པ་ཐམ༷ས་ཅ༷ད་སྟོང༷་པ༷འོ༷། །བསྐྱེད་རིམ་པས་ལྷར་བསྒོམ་པ་ནི། སྒྱུ་མ་ལྟ་བུའི་ཏིང་འཛིན་བདག་བྱིན་བརླབས་ཀྱི་རིམ་པ་འདི་མེད་པས་མ་དག་པའི་སངས་རྒྱས་ཉིད་ཡིན་ཏེ་དེའི་ཕྱིར་བཏགས་ པའི་རྣལ་འབྱོར་དང་སྔགས་ཀྱི་སྐུ་ཞེས་གསུངས་པའོ། །འདིར་ནི་གཙོ་བོ་སྟེ་བརྟགས་པ་མིན་པར་ཡེ་ཤེས་སྐུ་འདི་ནི་ངེས་པ་ཁོ་ནར་སངས་རྒྱས་པའི་དག་པའི་སྐུ་སྟེ། སྒྱུ་མ་ལྟ་བུ་དེ་ཉིད་ཀྱིས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཀྱི་སྐུ་ཚེ་འདི་ཉིད་ལ་ཐོབ་བོ་ཞེས་གསུངས་སོ། །དེ༷་བ༷ས་རྡོ༷་རྗེ༷་སློབ༷་དཔོ༷ན་གྱིས༷་བདེན་པ་གཉིས་ཀྱི་དང༷་པོ༷ར་བད༷ག་ལ༷་བྱི༷ན་བཪླ༷བས་བསྟན༷་པར་ བྱ་སྟེ་ཞེས་སོ། །འོད་གསལ་བ་ནི་གཅིག་ཉིད་ཡིན་ཏེ་རང་དབང་ཅན་དང་དེ་མ་ཡིན་པས་བྱས་པའི་ཐ་དད་ཡོད་ན་འོ་ན་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་རོ་སྙམ་ན། ཉེས་པ་དེ་བསལ་ཕྱིར་ལས་ཉོན་ 8-9-53a གྱི་བཅིངས་པའི་སེ༷མས་ག༷ང་གི༷ས་ནི་བྱིས༷་པ༷་རྣམ༷ས་འཁོ༷ར་བ༷ར་འཆིང༷་བ༷ས་བཅིང༷ས་གྱུར༷་པ༷་སེ༷མས་དེ༷་ཉི༷ད་ཀྱི་རང་བཞིན་དང་སྣང་བའི་དབྱེ་བ་ཤེས་པའི་ཁོ་ན་ཉིད་ཀྱིས༷་རྣལ༷་ འབྱོར༷་པ༷་རྣམས་བདེ༷་གཤེ༷གས་གན༷ས་སུ༷་སྟེ་འོད་གསལ་བ་དེར་འགྲོ༷་བ༷ར་འགྱུར༷་རོ། །དེའི་ཕྱིར་འོད་གསལ་གཅིག་ཡིན་ཏེ་དོན་དམ་པར་བཅིངས་ཐར་སྐྱེ་འཇིག་སོགས་མེད་པར་བསྟན་ཕྱིར་ འདི༷ར་ནི༷་ག༷ང་ཡ༷ང་སྐྱེ༷་བ༷་མེ༷ད་ཅིང་གང༷་ཡང༷་འཆི༷་བ༷་ཡོ༷ད་པ༷་མ༷་ཡི༷ན་ཀྱང་རྐྱེན་གཟུང་འཛིན་གྱི་སེ༷མས་ཀྱི༷་ར༷ང་བཞི༷ན་དུ་རྣམ༷་པར་གན༷ས་པ༷ར་སྣང་བ་དེ་ནི་འཁོ༷ར་བ༷་ཉི༷ད་ཅེས་ནི༷་ཤེ༷ས་པ༷ར་བྱའོ༷། །ཕ་ མའི་ཁུ་ཁྲག་དང་དྲི་ཟའི་སེམས་འདྲེས་པ་དེའི་ནང་དུ་སྲོག་ཅེས་བྱ་བའི་རླུང༷་གི༷་སྦྱོར༷་བ༷་མེ༷ད་པ༷ར་ནི༷་ཚོགས་བརྒྱད་ཀྱི་སེ༷མས་ཀྱི༷་ར༷ང་བཞི༷ན་གཟུང༷་དུ༷་མེ༷ད་དེ་ཁུ་ཁྲག་གི་ནང་དུ་སྲོག་གི་རླུང་གནས་སོགས་ བརྒྱད་འབྱུང་ཞིང་དེ་ལས་བསགས་པ་སོགས་ཀྱི་ལུས་ལེན་པ་དེས་ན་རླུང་མེད་ན་མི་འབྱུང་ངོ་། །དེའི་ཕྱིར་སེ༷མས་ཀྱི༷་ར༷ང་བཞི༷ན་དེ་ཉིད་རྒྱུར༷་གྱུར༷་པ༷་ལས་འཁོར་བའི་ལ༷ས་ད༷ང་སྲིད་པར༷་སྐྱེ་བ༷་ ཀུ༷ན་དུ༷་འབྱུང་ངོ་། །གཉིས་པ་བདག་བྱིན་བརླབ་པ་སྒྱུ་ལུས་ཀྱི་རིམ་པ་དངོས་གསལ་བར་ངོས་གཟུང་བ་ལ། བདག་བྱིན་བརླབ་པའི་རིམ་པའི་ངོ་བོ། དཔེའི་སྒོ་ནས་དེ་ལ་ངེས་པ་བསྐྱེད་པ། 8-9-53b སྒྱུ་ལུས་དེ་སྒྲུབ་བྱེད་ཀྱི་ཐབས་བཤད་པ་སྟེ་གསུམ་མོ། །ཀུན་དང་པོ་ནི། དེ༷་ཁོ་ན་ཉི༷ད་ཡེ་ཤེས་ཀྱི་རླུང༷་དང༷་ཡ༷ང་ད༷ག་ལྡན༷་པའི་རྣམ༷་ཤེས༷་གསུམ༷་པོ༷་སླར༷་ཡ༷ང་ནི༷་རྣལ༷་འབྱོར༷་པ༷་ཡི༷་ལུས༷་སུ༷་འབྱུང༷་བ་ ལ་སྒྱུ༷་མའི་ལུས༷་ཞེ༷ས་དེ༷་ལ༷་བཤ༷ད་དེ་འོད་གསལ་བའི་གནས་ལུགས་ཀྱི་དབང་དུ་བཅིངས་གྲོལ་མེད་དེ་ཡེ་ནས་མ་སྐྱེས་མི་འགག་པའོ། །དེ༷་བ༷ས་འདི༷་ལྟར༷་འགྲོ༷་བ༷་ཀུན་སྒྱུ༷་མ༷་ལྟ་བུར༷་ འདི༷ར་བཤ༷ད་དེ༷། ཡེ་ཤེས་ཀྱི་ལུས་སྒྱུ༷་མ༷་ལྟ༷་བུ༷འི་ཏིང༷་འཛི༷ན་ལ་གནས་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམ༷ས་ཅ༷ད་དེ༷་ད༷ང་འདྲ༷་བ༷ར་སྒྱུ་མར་མཐོ༷ང་ཏེ་ཇི་ལྟར་ན་གཟུག༷ས་ད༷ང་ཚོར༷་བ༷་ཉི༷ད་ ད༷ང་ནི༷་འདུ༷་ཤེས༷་ད༷ང་ནི༷་འདུ༷་བྱེ༷ད་རྣམ༷ས་ལྔ༷་པ༷་རྣམ༷་པ༷ར་ཤེས༷་པ༷་ད༷ང་ལྔ་པོ་དེ་བཞིན་གཤེགས་པ་ལྔ། དེ༷་བཞི༷ན་ས་ཆུ་མེ་རླུང་གི་ཁ༷མས་ནི༷་བཞི༷་པོ༷་ཡུམ་བཞི་དང༷་། མིག༷་ལ༷་སོ༷གས་དྲུག་དང༷་ ཡུལ༷་དྲུག་རྣམ༷ས་སེམས་དཔའ་སེམས་མ་ཉི༷ད་ཤེས༷་ཡེ་ཤེས། པ༷་ལྔ༷་པོ༷་ཉི༷ད་དག༷་སྟེ༷་མདོར་ན་ཕྱི༷་དང༷་ནང༷་དུ༷་རྣམ༷་པར་ཕྱེ༷་བ༷་ཡི་ཆོས་ཐམ༷ས་ཅ༷ད་སྒྱུ་མ༷་ལ༷ས་གཞ༷ན་མི༷ན་ཏེ་སྣང་ཡང་རང་བཞིན་མེད་པས་སོ། ། གཉིས་པ་དཔེའི་སྒོ་ནས་དེ་ལ་ངེས་པ་བསྐྱེད་པ་ནི་ཇི་ལྟར་སྒྱུ་མ་འདྲ་ན་མེ༷་ལོ༷ང་ནང༷་གི༷་གཟུག༷ས་བརྙན༷་གྱིས༷་སྒྱུ༷་མ༷འི་ལུས༷་ཀྱི་ངོ་བོ་ནི༷་ཤེས༷་པ༷ར་བྱ༷་བ་དེའི་ཁ༷་ 8-9-54a དོག་རྣམ༷ས་ནི༷་སྣང་ཡང་འཇ༷འ་ལྟ༷་བུ༷་ཐོགས་རེག་མེད་པ་དང་། གར་ཡང་ཁྱབ༷་པ༷་ཆུ༷་ཡི༷་ཟླ༷་བ༷་ཆུ་སྣོད་གཅིག་ལ་ཁྱབ་པ་ལྟར་ཆུ་སྣོད་ཇི་སྙེད་དུ་ཁྱབ་པ༷ས་སོ༷། །དངོ༷ས་ པོ་ཡོད་པ་ད༷ང་དངོ༷ས་མི༷ན་མི༷་སྣང་བ་ལ༷ས་གྲོལ༷་བ༷་ཡི་དཔེ་ནི། རྡོ༷་རྗེ༷་སེ༷མས་དཔ༷འ་ཡི་སྐུ་ལེ༷གས་པར་བྲིས༷་པ༷་མེ༷་ལོ༷ང་དྲི༷་མ༷་མེ༷ད་པ༷་ལ༷་གཟུག༷ས་བརྙན༷་གས༷ལ་བ༷ར་སྣང༷་བ༷་དང༷་སྒྱུ་ལུས་མཚུང༷ས་ སྟེ༷། མཚན་དཔེ་དང་སྟོབས་སོགས་རྣམ༷་པ༷་ཀུན༷་གྱི༷་མཆོ༷ག་ལྡན༷་པའི༷་སངས་རྒྱས་ཀྱི་སྐུ༷་ནི༷་བལྟ༷་བ༷ས་མི༷་ངོམ༷ས་པ༷་ཡེ་ཤེས་ཀྱི་སྐུ་སྒྱུ་ལུས་ཀྱང་སློབ༷་མ༷་བཟ༷ང་པོ༷་དེ༷་ལ༷་བསྟན༷་པ་ལ་བད༷ག་ བྱི༷ན་བརླབ༷་ཅེས༷་དེ༷་ལ་བཤ༷ད་དོ༷། །སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་སྒྱུ༷་མ༷ར་བསྟན༷་པའམ་བཤད་པའི༷་མཚ༷ན་ཉི༷ད་ཀྱིས༷་སྒྱུ་མའི་སྐུ་འདི༷་ཉི༷ད་ཉེ༷་བ༷ར་མཚོན༷་པ༷་སྟེ༷། གསུམ་པ་ལ་གཉིས། འཇུག་སྒོ་སྣ་ཚོགས་པའི་སྒོ་ནས་སྒྱུ་ལུས་སྒྲུབ་པའི་ཐབས་དང་། སྒྲུབ་ཐབས་ཀྱི་གཙོ་བོ་སྤྱོད་པ་ལ་ཇི་ལྟར་སྦྱོར་བའི་ཚུལ་ལོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་ལྷའི་བདག་ ཉིད་དུ་གྱུར་པའི་སྔགས་ཀྱི༷་ཀུན་རྫོབ༷་བདེ༷ན་པ༷འི་སྒྱུ༷་མ༷་ཉི༷ད་འདི་ནི་ལོ༷ངས་སྤྱོ༷ད་རྫོག༷ས་པའི༷་སྐུ༷་ཡ༷ང་སྒྲས་སྤྲུལ་སྐུ་དེ་ཡིན་ལ་སྤྲུལ་པའི་སྐུའང་དེ༷འོ། །དེ༷་ཉི༷ད་དྲི༷་ཟ༷འི་སེ༷མས་ཅ༷ན་འཇིག་ 8-9-54b རྟེན་ཀུན་ལ་ཁྱབ་པར་གྱུར༷་པ་དེ་ཉིད་ནི། ཇི་ལྟར་དྲི་ཟའི་སེམས་ཅན་ཞེས་གསུངས་པ་ལུས་ཀྱི་གདོས་པ་བོར་ཏེ། དབང་པོ་ཀུན་ཚང་ཡིད་ཀྱི་ལུས་ཡིན་པ་ལྟར། འདིར་སྒྱུ་མ་ལྟ་བུའི་ལུས་ལ་ ཕུང་པོ་རང་བཞིན་གྱི་རྣམ་རྟོག་མེད་པས་དྲི་ཟའི་སེམས་ཅན་དང་སྒྱུ་མའི་ལུས་ལ་ཁྱད་པར་འགའ་ཡང་མེད་དེ་གཉིས་ཀ་སྒྱུ་མའོ། །ཡང་ན་སེམས་ཅན་ཐ་མལ་པ་རྣམས་ལུས་བོར་ནས་བར་ དོའི་སྐབས་ན་དྲི་ཟའི་སེམས་ཅན་གྱི་ལུས་སྒྱུ་མ་ལྟ་བུ་འབྱུང་བ་བཞིན་དུ་འདི་ཉིད་དེ་དང་ཆ་འདྲ་ལ་དེ་ཡོངས་སུ་དག་པའམ་སྦྱངས་བའི་ཕྱིར་ན་ལོངས་སྤྱོད་རྫོགས་པའི་སྐུའི་རིགས་འདྲ་ དྲི་ཟའི་སེམས་ཅན་དུ་ཀུན་གྱུར་པ་ཟེར་རམ་འདི་ལ་དཔྱད་དགོས་སོ། །མཐར་ཐུག་རྡོ༷་རྗེ༷འི་སྐུ༷་ཡ༷ང་དེ༷་ཉི༷ད་ཡི༷ན་ཏེ་སྟོང་པ་དང་ཆོས་སྐུ་མི་ཕྱེད་པས་སྟོང་པ་ཉིད་རྡོ༷་རྗེ༷་སེམས་དཔ༷འ་སྙིང་རྗེ་དབྱེར་ མེད་པའི་བད༷ག་ཉི༷ད་དོ༷། །གཉིས་པ་སྒྲུབ་ཐབས་ཀྱི་གཙོ་བོ་སྤྱོད་པ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི། དེ༷་བ༷ས་བད༷ག་ཉི༷ད་རྡོ་རྗེ་སེམས་དཔའ་མཆོ༷ད་པ་ལ༷་འཇུག༷་པར་བྱ་སྟེ་དེ་ལས་གཞན་ སངས་རྒྱས་མཆོད་མི་དགོས་སོ། །དེ་ལྟ་ན་བད༷ག་ཉི༷ད་ཀྱི་ཕུང་ལྔ་སང༷ས་རྒྱས༷་ཐམ༷ས་ཅ༷ད་དང༷་སྐྱེ་མཆེད་བྱང༷་ཆུབ༷་སེ༷མས་དཔ༷འ་ཐམ༷ས་ཅ༷ད་ཉི༷ད་ཡིན་ཏེ་ཐ་དད་དུ་མེད་པ་དེ༷་བ༷ས་ཀུ༷ན་ 8-9-55a ནས༷་འབ༷ད་པ༷་ཡི༷ས་བད༷ག་ཉི༷ད་རྟག༷་ཏུ༷་འདོད་པའི་ཡོན་ཏན་ལྔས་མཆོ༷ད་པ༷ར་བྱ༷་ཞེས་དྲང་བའི་དོན་སངས་རྒྱས་བྱང་སེམས་ཐམས་ཅད་རང་བཞིན་འོད་གསལ་ ལས་བྱུང་བའི་ཕྱིར་བདག་ལ་མཆོད་པ་བྱ་བ་ནི་ངེས་དོན་ནོ། །དེ་ནི་རང་དོན་དང་གཞན་དོན་དུ་སྔག༷ས་དང༷་ཕྱག༷་རྒྱའི༷་སྦྱོར༷་བ༷་དང༷་སྐུ་སོགས་ཀྱི་དཀྱི༷ལ་འཁོ༷ར་དང་ལ༷་སོ༷གས་པའི་སྒྲས་ དབང་བསྐུར་ལ་སོགས་པ་ཇི་སྙེད་ཀྱི་རྣམ༷་རྟོག༷་ད༷ང་སྦྱིན༷་སྲེག༷་དང་། གཏོར༷་མ༷་གཏོང་བ་ལ༷་སོ༷གས་ཀུན༷་ཀྱང་རྟག༷་ཏུ༷་སྒྱུ༷་མ༷་བཞི༷ན་དུ༷་བྱ༷། ཞི༷་བ༷་ད༷ང་ནི༷་རྒྱས༷་པ༷་ད༷ང་དེ༷་བཞི༷ན་དབ༷ང་ད༷ང་ མངོ༷ན་སྤྱོ༷ད་ད༷ང་དགུག༷་སོ༷གས་བཅུད་ལེན་གསེར་འགྱུར་རིལ་བུ་སོགས་འདས་མ་འདས་ཀྱི་ལས་ག༷ང་ཅི༷་ཡ༷ང་རུང༷་བ༷་ཀུན༷་དབ༷ང་པོ༷འི་གཞུང༷་ད༷ང་མཚུང༷ས་པ༷ར་སྒྱུ་མའི་ཏིང་ངེ་འཛིན་གྱིས་ བྱའོ༷་ཞེས་པ་ཕྱི་དང་ནང་གི་དུས་ལ་བརྟེན་ནས་ལས་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །སྒེག༷་སོགས་གར་གྱི་ཉམས་དགུ་དང༷་ཉེ༷་བ༷ར་འདོད་ཡོན་ལ་ལོ༷ངས་སྤྱོ༷ད་དང༷་གླུ༷་ད༷ང་རོ༷ལ་མོ༷་རྩེད་མོ་ སོ༷གས་བསྟེན༷་པ༷་ད༷ང་། ལུས༷་ཀྱི༷་སྒྱུ་རྩལ༷་རྣམ༷ས་ལ༷་བཟོ་གསོ་འདོད་པའི་སྒྱུ་རྩལ་སོགས་ར༷བ་ཏུ་འཇུག༷་པ༷་ཆུ༷་ཟླ་དག༷་དང༷་མཚུང༷ས་པ༷ར་བྱའོ༷། །གཟུག༷ས་ད༷ང་སྒྲ་དང༷་དེ༷་བཞི༷ན་དྲི་ 8-9-55b རོ༷་དང༷་རེ༷ག་བྱ༷་ཉི༷ད་དག༷་ལ༷་མིག༷་ལ༷་སོ༷གས་པ༷་འཇུག༷་འགྱུར༷་བ༷་ཀུན་ཀྱང་སྒྱུ༷་མ༷་ལྟ༷་བུར༷་ཉེ༷་བ༷ར་བརྟག༷་པར་བྱའོ། །གསུམ་པ་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་ཚད་ནི། མདོར་ན་རྡོ༷་རྗེ༷་ ཐེག༷་པ༷་ཉམས་སུ་ལེན་པའི་དེ༷་ཉི༷ད་དུ༷་ཀླུ་བྱང་འགྲེལ་དུ། འདིར་མང་བརྗོད་པས་ཅི་ཞིག་བྱ། །རྡོ་རྗེ་ཐེག་པས་ཡང་དག་ཏུ། །ཞེས་གསུངས། འདི༷ར་ནི༷་མང༷་དུ༷་བཤ༷ད་ཅི༷་དགོ༷ས་ རྣལ༷་འབྱོར༷་པ༷ས་ནི༷་ཆོས་ག༷ང་དང་གང༷་དམིག༷ས་པ་དེ༷་དེ༷་སྒྱུ༷་མ༷་བཞི༷ན་དུ༷་བརྟག༷་པར་བྱ་སྟེ་མེ༷་ལོ༷ང་གི༷་ནི༷་གཟུག༷ས་བརྙན༷་དང༷་། རྨི༷་ལ༷མ་དང་། སྒྱུ༷་མ༷་ཆུ༷་བུར༷་དང༷་མིག༷་འཕྲུལ༷་མཚུང༷ས་ པ༷ར་ག༷ང་གིས༷་མཐོང༷་དེ༷་ནི༷་གཙོ༷་བོ༷་རྡོ་རྗེ་འཆང་ཡི༷ན་པ༷ར་བཤ༷ད་དོ་འདི་ལྔ་མིག་ཤེས་ནས་ལུས་ཤེས་བར་ལ་རིམ་པར་སྦྱར། དོན་བྱེད་པ་སྣང་བའི་ཤེས་པའི་རྣམ་པར་དག་པ་ནི་མིག་ཤེས་ ཀྱིས་མཐོང༷་བ༷་ད༷ང་ནི༷་ལུས་ཤེས་ཀྱིས་རེ༷ག་པ༷་ཉི༷ད་ཅེས་མཐོང་བསྒོམ་མྱོང་བ་དང་བཅས་པའི་འགྲོ༷་བ༷་འདི་དག་སྒྱུ༷་མ༷་ཇི༷་བཞི༷ན་ཏེ༷་དོན་དམ་པར་དམི༷གས་སུ་མེ༷ད་ལ་ཀུན༷་རྫོབ༷་དག༷་ཏུ༷་ནི༷་སྒྱུ༷་མ༷་ ལྟ༷་བུར༷་ར༷བ་ཏུ༷་བཤ༷ད་པའོ། །རྣམ་པར་དག་པ་དེ་ཉིད་ཁྱད་པར་དུ་བསྟན་པ་ནི་དབ༷ང་པོ༷་ག༷ང་ད༷ང་ག༷ང་གི་ལ༷མ་དུ་སྣང་བར་གྱུར༷་པ་སྒྱུ་ཀུན་མ་ལྟ་བུ་དེ༷་དང༷་དེ༷་ཡི༷་ངོ༷་བོ༷ར་བསྒོམ་པར་བྱ༷་བ་དང་ 8-9-56a མཉམ༷་པ༷ར་མ༷་གཞ༷ག་པའི་རྗེས་ཐོབ་ལའང་སྦྱོར༷་བ༷་ཡི༷ས་སྣང་བ་ཐམས་ཅད་སང༷ས་རྒྱས༷་ཀུན༷་དང༷་མཉམ༷་པ༷ར་སྦྱོར༷་ཏེ་དེ་བཞིན་གཤེགས་པའི་རང་བཞིན་དུ་བལྟའོ། ། ཕྱོགས་ཀུན༷་ཏུ༷་ཀུན་ནས༷་དངོས་པོ་ཐམ༷ས་ཅ༷ད་དང༷་བད༷ག་གི་ཕུང་ཁམས་སྐྱེ་མཆེད་སོགས་ཉི༷ད་ཀྱང༷་རྟག༷་ཏུ༷་རྣམ༷་པ༷་ཀུན༷་ནས་སང༷ས་རྒྱས༷་ཀུན༷་བད༷ག་དུ་མཐོང་པ་ཡི་དངོ༷ས་གྲུབ༷་ནི༷་རྣལ་འབྱོར་ར༷ང་ ཉི༷ད་ཀྱིས༷་ནི༷་དེ༷་མཐོང༷་འགྱུར༷་བའོ། །བཞི་པ་རིམ་པ་འདི་ཐོབ་པའི་གནས་སྐབས་ཀྱི་ཡོན་ཏན་བསྟན་པ་ནི། ཆོས་ཀུན༷་གྱི་གཙོ༷་བོ༷་བདེ༷་བ༷་ཆེན་པོ་ལྷན་སྐྱེས་ཀྱི་དངོས་པོ་ཀུན༷་གྱི་ར༷ང་བཞི༷ན་ དང་མཉམ་པར་ཞུགས་པའི་སེ༷མས་དཔ༷འ་ཆེན༷་པོ༷་འགྲོ༷་དང༷་བཞུག༷ས་པ་སོགས་སྤྱོད་ལམ་དང་གན༷ས་དང༷་ཟས༷་དང༷་གོས༷་ལ༷་སོ༷གས་པ་ཐམས་ཅད་སྤྱད་པར་སྣང་ཡང་མཁ༷འ་ལ༷་ སྐ༷ད་ཅི༷ག་སྐད་ཅིག་དག༷་གིས༷་མཁའ་རུ་དམིགས་ཞེས་ནམ་མཁའ་ལྟར་དམིགས་སུ་མེད་པར་རྟོག་པ་ཀླུ་བྱང་གིས་བཤད་སྣང་། རྙེད༷་ཅེས་སྣང་བའམ་སྒྱུ་མའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དེའི་སྲི༷ད་པ༷་ གཅོ༷ད་པ༷ར་འགྱུར༷་བ༷་དང༷་འ༷གྲོ་ལ༷་རབ༷་དང་མཆོག༷་ཏུ་གྱུར་པ་དང་དམ་པའི་ཆོས་སྟོན༷་པ༷ར་འགྱུར༷་འཇིག་རྟེན་ལྷ༷་དང༷་བཅས༷་པ༷་ཀུན༷་གྱིས༷་མཆོ༷ད་ཅིང་ཡང༷་དང༷་ཡ༷ང་དུ༷་ཕྱག༷་བྱེ༷ད་པར་ 8-9-56b འགྱུར༷་རོ་ཞེས་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཡོན་ཏན་ཇི༷་ལྟར༷་སྟོན༷་པ༷་རྫོག༷ས་སང༷ས་རྒྱས༷་འཇི༷ག་རྟེན༷་ཕ༷ན་པ༷ར་བཞེ༷ད་པ༷ས་འཇིག་རྟེན་འདི་དང་འཇིག་རྟེན་གཞན་དུ་གཤེག༷ས་པ་དེ༷་བཞི༷ན་ཕྱག་རྒྱ་ཆེན་པོ་གྲུབ་པའི་ རྣལ༷་འབྱོར༷་ཆེན༷་པོ༷་ནི༷་སེམས་ཅན་ལ་ཕན་པ་ཀླུ་བྱང་འགྲེལ་དུ་རང་གི་ཤེས་རབ་བསྐྱེད་པའི་ཕྱིར་ཞེས་སྣང་། སྣ༷་ཚོག༷ས་མི་རྟོག་ཡེ༷་ཤེས༷་སྐྱེས་པས་འཇིག་རྟེན་གྱི་དོན་སངས་རྒྱས་པའི་དུས་རྗེས༷་སུ༷་སྡུད༷་པར་མཛད་ ཅིང་རྡོ༷་རྗེ༷་སེ༷མས་དཔ༷འ་དམིགས་ཀྱང་སྟེ་སྒྱུ་མའི་ཏིང་འཛིན་ཐོབ་པ་འདིས་རང་ཉིད་རྡོ་རྗེ་སེམས་དཔའ་དམིགས་པའམ་སྣང་བའམ་མཚོན༷་པ༷ས་ན༷་འདིས་ཕྱག་རྒྱ་དཀུག་ན་ཁུགས་པ་མི་རུང་ པའམ་ལས་སུ་བྱ་བ་བསྒྲུབ༷་པ༷ར་མི༷་བྱ༷་ཅི༷་ཡ༷ང་མེ༷ད་ལ་བདེ༷་ཆེན་ཕྱག༷་རྒྱ༷་ཆེན༷་པོ༷་ནི༷་ར༷ང་ཉི༷ད་ཀྱི་བློའི་སྟོབས་ཀྱིས་རྗེས༷་སུ་འགྲུབ༷་པ༷ར་འགྱུར༷་རོ། །དགེ་སོགས་ལ༷ས་ད༷ང་རྩ་ཉེའི་ཉོ༷ན་མོང༷ས་ལ༷ས་ ཅ༷ན་སེམས་ཅན་སྐྱེ་གནས་བཞིའི་ལུས༷་ཉོན་མོངས་ལས་ལམ་ལུས་དང་ནི་ཞེས་འདུག །ཀླུ་བྱང་འགྲེལ་ན། ཆོས་དང་ཆོས་མིན་སོགས་ཚིགས་བཅད་མང་པོ་དྲངས་བ་སྣང་། བྱེ༷ད་པ༷་པོ༷་ནི་རྒྱུ་དྲུག་དང་རྐྱེན་བཞི་དང༷་འབྲས༷་བུ༷་ཉི༷ད་རྣམ་སྨིན་གྱི་འབྲས་བུ་སོགས་དེ་དེར་སྨིག༷་རྒྱུ༷་དང་རྨི༷་ལ༷མ་ལྟ༷་བུ༷་དང༷་དྲི༷་ཟ༷འི་གྲོང༷་ཁྱེར༷་དག༷་དང༷་ མཚུང༷ས་པར་ཤེས་པར་བྱའོ། །འདི༷་འདྲའི༷་སྒྱུ་མ་ལྟ་བུའི་ཏིང༷་འཛི༷ན་མི༷་ཤེས༷་པ༷ས་ 8-9-57a དངོ༷ས་པོ༷་ལ༷་ནི༷་ཉེ༷་བ༷ར་དམི༷གས་ཏེ༷་འདོ༷ད་ཆག༷ས་སྣ༷་ཚོག༷ས་སྐྱེས༷་པ༷་རྣམ༷ས་དེ༷་ད༷ག་སྒྱུ༷་མ༷འི་སྨན༷་གྱིས༷་གསོ༷་བར་བྱེད་དོ། །སྒྲུབ་པ་པོ་གང་ཞིག་བད༷ག་བྱི༷ན་བརླབ༷་ པའི༷་མ༷ན་ངག༷་དག༷་ག༷ང་གི༷ས་བླ༷་མ༷་ལ༷ས་མ༷་བསྒྲུབ༷་པ་དེས་ནི་དངོས་པོ་ཡོད་པའི་རྟག༷་པ༷་དང་མེད་པའི་ཆ༷ད་པ༷་ལ༷་ལྷར་སྣང་སོགས་མངོན་ཞེན་གྱི་དམི༷གས་པ༷ས་ལམ་ལ་གོམས་པར་བྱས་པའི་ མི༷་དེ༷་སོ་སྐྱེའི་སར་ཕྱིར༷་ལྡོག༷་འགྱུར༷་བ༷་ཡི༷ན་ནོ། །གསུམ་པ་རྗེས་བླ་མ་མཆོད་ཅིང་བཀའ་ཀུན་རྒྱས་བཏབ་པ་ལ་གཉིས་ཀྱི་དང་པོ་བླ་མ་མཆོད་པ་ནི། མཆོ༷ད་པ༷་ཐམ༷ས་ཅ༷ད་དེ་རང་དང་གཞན་ལྟས་ སོགས་སྤང༷ས་ན༷ས་ནི༷་བླ༷་མ༷་ལ༷་མཆོ༷ད་པ་ཡ༷ང་དག༷་བརྩམ༷་པར་བྱའོ། །བླ་མ༷་དེ་མཉེས༷་པ༷ས་ནི༷་རྣམ་ཀུ༷ན་མཁྱེན༷་པ༷འི་ཡེ༷་ཤེས༷་མཆོ༷ག་ནི༷་ཐོབ༷་པ༷ར་འགྱུར༷་རོ། །བླ༷་མེ༷ད་བླ་ན་མེད་པའི་ཞེས་སྣང་། ཀྱི་ཡོན་ཏན་བྱེ༷ད་པ༷་ སློབ༷་དཔོ༷ན་གྱི༷་ངོ་བོ་རྡོ༷་རྗེ༷་སེ༷མས་དཔ༷འ་མཆོ༷ད་པ་བྱས༷་ནས་སྒྲུབ་པོ་དེ༷་ཡི༷ས་བསོ༷ད་ནམ༷ས་མ༷་བྱས༷་ཅི༷་ཡོད་ལ་དཀ༷འ་ཐུབ༷་མ༷་བ༷སྟེན་ག༷ང་ཞིག༷་ཡོ༷ད་དེ་མེད་དོ། །དེ༷་ཁོ་ཉི༷ད་ ཀྱི་ཡོན་ཏན་མི༷་ཟ༷ད་ཐོབ་པར་འདོ༷ད་པ༷་ཡི༷ས་རང་དངོས་པོའང་ཤིན༷་ཏུ་དག༷འ་གཅེས་པ། བ༷་གང༷་ཆུང་མ་སོགས། དང༷་གང༷་ཡིན་པ་དང་། ཤི༷ན་ཏུ༷་ཁྱ༷ད་པ༷ར་ཅ༷ན་ནོར་བུ་སོགས་ཉི༷ད་དེ༷་དེ༷་དང༷་དེ༷་ནི༷་བླ༷་ 8-9-57b མ༷ར་སྦྱིན༷་པར་བྱའོ། །ཅིའི་ཕྱིར་ན་རྡོ་རྗེ་སློབ༷་དཔོ༷ན་གྱིས༷་ནི༷་བུམ་པ་སོགས་ཀྱིས་རང་རྒྱུད་ཀྱི་སྡིག༷་པ༷་འཕྲོག༷་སྟེ་དབང་བསྐུར་བས་སོ། །སློབ༷་དཔོ༷ན་གྱིས༷་ནི༷་གསང་དབང་གི་རྣམ་རྟོག་སོགས་ ཀྱི་འཇི༷གས་པ༷་སེ༷ལ་ཞིང་སློབ༷་དཔོ༷ན་གྱིས༷་ནི༷་ཤེས་རབ་དབང་བསྐུར་བས་འཁོར་བའི་རྩ་སྲེད་ལས་བྱུང་སྡུག༷་བསྔལ༷་གྱི༷་རྒྱ༷་མཚོ༷འི་འཇི༷གས་ལ༷ས་ཕ༷་རོ༷ལ་ཏུ་བསྒྲལ༷་བར་བྱེད་པའོ། ། གཉིས་པ་བཀའ་རྒྱས་གདབ་པ་ནི། སློབ་མ་སྣོད་གྱུར་ཡིན་མིན་བརྟགས་པ་ག༷ང་གི༷ས་ང༷་རྒྱལ༷་གྱིས༷་སྦག༷ས་ཤིང༷་བླ་མ་མ་བསྟན་པའི་ཡ༷ང་ད༷ག་རི༷མ་པ༷་སུན༷་བདེན་མིན་རིམ་པ་སྟོན་པ་དང་ཞེས་སྣང་། འབྱི༷ན་ད༷ང་དེ༷་ཉི༷ད་ཟབ་མོའི་ཆོས༷་ བླ་མས་བསྟན་པ་ལ༷་བརྙས༷་བཅོ༷ས་པ༷་དེ༷་ལ༷ས་དེ་ཉི༷ད་བསྟན༷་མི༷་བྱ༷་བླ༷་མ༷་ལ༷་གུས༷་ཤིང་སྒྱུ་མེད་པས་བདེ༷ན་པ༷ར་སྨྲ་བ་དང་། རྣམ༷་པ༷ར་མཁ༷ས་བདེན་ཞིང་སྣང་། ཤིང༷་རྒྱུ༷ད་གཅི༷ག་ ལ༷་སྟེ་གཞལ་བྱ་ཀུན་གྱི་ཚིག་དོན་འཛིན་པ་མ་ནོར་བ་དང་། དམ༷་ཚི༷ག་གི་སྤྱོ༷ད་པ༷་བསྲུང༷་བ༷་བརྩོན་འགྲུས་དང་ལྡན་པ་དག༷་བདག་བྱིན་བརླབ་ཀྱི་རིམ༷་པ༷་དེ༷་ལ༷་བསྟན༷་པ༷ར་བྱའོ༷། ། བད༷ག་ལ༷་བྱི༷ན་གྱིས༷་བརླབ༷་པ༷འི་རི༷མ་པ༷་སློབ༷་དཔོ༷ན་ཀླུ༷་སྒྲུབ༷་ཀྱི༷་ཞལ༷་སྔ༷་ནས༷་མཛ༷ད་པ༷་སྟེ༷་རི༷མ་པ༷་གསུམ་པ༷འོ།། ༈ །།མངོན་པར་བྱང་ཆུབ་པའི་རིམ་པའམ་འོད་ 8-9-58a གསལ་གྱི་རིམ་པ་འཆད་པ་ལ་གཞུང་ལ་འཇུག་པ་དང་། གཞུང་དངོས་རྒྱས་པར་བཤད་པ། རྗེས་བསྡུ་བའོ། །དང་པོ་ནི། ཐམ༷ས་ཅ༷ད་སྟོང༷་པ༷་ཡང་དག་དོན་གྱི་ འོད་གསལ་ཉི༷ད་སྟོན༷་པ༷ས་དཔལ་རྡོ༷་རྗེ༷་སེ༷མས་དཔ༷ར་ཕྱག༷་བྱས༷་ཏེ༷་རིམ་པ་བཞི༷་པ༷་མངོ༷ན་པར་བྱང༷་ཆུབ༷་པ༷འི་རི༷མ་པ་འདི༷་བདག་གི༷ས་བཤ༷ད་པ༷ར་བྱའོ༷། །དེ་ལས་འཕྲོས་པ་ནི་མངོན་པར་ བྱང་ཆུབ་པའི་ཆོས་ཉིད་འདི༷་ནི༷་ར༷ང་བྱུང༷་སྟེ་རྒྱུ་རྐྱེན་ལས་འདས་པ་བཅོ༷མ་ལྡན༷་འད༷ས་ཐ་དད་མེད་པས་གཅི༷ག་པུ༷་སངས་རྒྱས་ཐམས་ཅད་ཀྱི་བད༷ག་ཉི༷ད་ཀུན་ལས་ཆེ༷་བ༷འི་ལྷ༷་སྟེ་རང་བྱུང་ གི་ཡེ་ཤེས་ཡེ་ཤེས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །འོན་ཀྱང་འདིའི་མ༷ན་ངག༷་རྣམས་ནི༷་ར༷བ་སྟེར༷་བས་རྡོ༷་རྗེ༷་སློབ༷་དཔོ༷ན་དྲུག་པ་རྡོ་རྗེ་འཆང་དེ༷་བ༷ས་ལྷག༷་སྟེ་སློབ་དཔོན་གྱི་མན་ངག་ མེད་ན་ཆོས་ཉིད་ཡོད་ཀྱང་མི་རྟོགས་པའི་ཕྱིར་རོ། །གཉིས་པ་གཞུང་དངོས་རྒྱས་པར་བཤད་པ་ལ་གཉིས་སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་འོད་གསལ་གྱི་རིམ་པ་འདི་འཆད་པ་ ལ་སྔོན་འགྲོ་དབང་གི་དོན་ལ་དབྱེ་ན། དང་ཀུན་པོར་སློབ་དཔོན་མཉེས་པར་བྱ་བ། བར་དུ་དབང་བསྐུར་བ། མཐར་བསྟོད་ཅིང་གསོལ་བ་གདབ་པ་སྟེ་གསུམ་ལས། དང་པོ་ནི། དེའི་ཕྱིར་ 8-9-58b སློབ་དཔོན་དེ༷་ནི༷་ཡ༷ང་དག༷་པར་མཉེས༷་བྱས༷་ཏེ༷་བསྟེན་ནས་ལོ༷འ༷མ་ཡ༷ང་ན༷་ཟླ༷་བ༷་ལ༷་བླ༷་མ༷་དེ༷་ནི༷་མཉེས༷་བྱས༷་ལ༷་ཅི༷་ནུས༷་པ༷ས་ནི༷་མཆོ༷ད་པ༷ར་བྱ༷་ཅི༷་འབྱོར༷་པ༷་ཡི༷་ཕྱག༷་རྒྱ༷་མ་ནི༷་ཆོས་བཤད་པ་སོགས་ཀྱིས་ ལེག༷ས་པ༷ར་བསླ༷བས་ལ༷་དབུལ༷་བྱ༷་ཞིང༷་ཚོག༷ས་ཀྱི༷་དཀྱི༷ལ་འཁོ༷ར་དབུས༷་སུ༷་ནི༷་ཚོགས་ཀྱི་འཁོར་ལོའི་ཆོ༷་ག༷་ཇི༷་བཞི༷ན་མཆོ༷ད་པ༷ར་བྱ་སྟེ། དགེ་སློང་སོགས་ཀྱི་གྲལ་གྱི་གོང་དུ་རྣལ་འབྱོར་ གྱི་ཚོགས་བཞག་པར་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་སོ། །དེ༷་ན༷ས་འདོ༷ད་ཡོ༷ན་ལྔ༷་ལ་སྤྱོ༷ད་པ༷ས་རྣལ༷་འབྱོར༷་ཆེན༷་པོ༷་མཉེས༷་གྱུར༷་ཏེ༷། གཉིས་པ་བར་དུ་དབང་བསྐུར་བ་ནི། ཕྱག་རྒྱ་དང་སྙོམ༷ས་པ༷ར་འཇུག༷་པ༷འི་ལྷར་བསྐྱེད། རྡོར་པད་བྱིན་རླབས་དེ་བཞིན་གཤེགས་པ་རྣམས་མཁའ་གསང་དུ་སྤྱན་དྲངས་བྱང་སེམས་དུ་ཞུ་བ་སོགས་ཀྱི་ཆོ༷་ག༷་ཡི༷ས། བདེ་ཆགས་ ཀྱིས་སྣང༷་བ༷་དག༷་ནི༷་བསྐྱེ༷ད་པ༷ར་འབྱུང་བ་ན། བྱས༷་ལ་སྲོད་ཀྱི་དུས་སུ་པདྨ་ལྟ་བུའི་བྱང༷་ཆུབ༷་སེམས་ནི༷་ར༷བ་ཏུ་འབ༷ད་པས༷་ཀ༷་ལ༷་ཤ༷་བུམ་པ་སོག༷ས་སྒྲས་ཉ་ཕྱིས་དང་། དུང་ཆོས་ཐོད་པ་དག༷་ཏུ་བཞག༷་ གོ། སློབ༷་མ༷་བཟང༷་པོ་ལ༷་བླ༷་མ༷་ཡི༷ས་བརྩེ༷་བ༷ས་ན༷མ་ཕྱེ༷ད་ཀྱི་དུས༷་སུ་གསང་དབ༷ང་བསྐུར༷་ནམ་ཕྱེད་གསང་དབང་བསྐུར་ནས་སློབ་མ་ལ་ཕྱག་རྒྱ་གཏད་ཕྱག་རྒྱ་དེས་ཀྱང་དེ་ལ་ 8-9-59a ཤ་ལྔ་བདུད་རྩི་ལྔ་བཟའ་བ་དང་། བྷ་གའི་པདྨར་ཙུམ་པ་ན་བྱེད་རུང་ངམ་དྲི། དེས་ནུས་པའི་ལན་གདབ་དེ་ནས་ལྷ་མོ་དེས་ལག་གཉིས་ཀྱི་བྷ་གའི་ངོས་གཉིས་ ནས་བཟུང་སྟེ་དབུས་ན་མིའི་སྣ་ལྟ་བུ་སྐྱེས་བུའི་ལིང་ག་གསུངས་པ་དེ་ནི་རྩ་དབུ་མ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཀུན་ཏུ་བཟང་མོ་ཞེས་བྱ་བ་རྩ་སོ་གཉིས་ཀྱི་གཙོ་བོ་ཁམས་དཀར་ པོ་སྡུད་པ་དེ་ཉིད་ལས་ཁམས་གསུམ་སྐྱེ་ཞིང་དེར་ཐིམ་པར་འགྱུར་རོ། །དེ་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར། ཤེར་ཕྱིན་མ་དང་། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དང་སེམས་ ཅན་ཐམས་ཅད་སྐྱེ་སྡུད་བྱེད་པའོ། །རྩ་གཡོན་པ་བྱང་སེམས་འབབ་པ་དེ་ཉིད་ཐུར་སེལ་གྱི་རླུང་དང་འོད་དཔག་མེད་ཀྱི་ངོ་བོ་ཟླ་བ་ཇེ་རྒྱས་འགྲོ་ཀུན་སྐྱོད་བྱེད་དོ། །གཡས་ཀྱི་རྩ་ རུས་སྦལ་ཞེས་བྱ་བ་རཀྟ་འབབ་པ་ཐབས། མདུན་རྩ་བྱང་སེམས་འབྱུང་བ་རྣམ་སྣང་། རྒྱབ་ཀྱི་རྩ་གཞུ་ལས་རྒྱལ་ཞེས་ཤ་འབྱུང་བ་དོན་གྲུབ་བོ། །དེའི་ཕྱི་རོལ་ན་རྩ་འདབ་བརྒྱད་ དོ་ཞེས་སོགས་ཀྱི་བྷ་གའི་པདྨ་འདབ་བརྒྱད་དབུས་ཀྱི་ཟེའུ་འབྲུའི་རྩ་ལྔ་བཅས་བསྟན་ནས། ཀྱེ་མའོ་བདག་གི་པདྨ་འདི། བདེ་བ་ཀུན་དང་སོགས་ཀྱིས་ཚིག་ཕྱག་རྒྱས་བརྗོད་དོ། ། 8-9-59b དེ་དང་ལྷན་ཅིག་ཆགས་པའི་སྤྱོད་ལམ་སོགས་ཀྱིས་རྩ་བསླང་ནས་སྙོམས་པར་ཞུགས་བླ་མས་ཐུགས་ཀ་ནས་ཡུམ་བཞི་སྤྲོས་སློབ་མའི་ཁར་བཅུག་ནས་དཔེའི་ལྷན་སྐྱེས་ངོ་སྤྲད་དེ་ མཐར་བྱང་སེམས་མི་ལྷུང་བར་གྱེན་དུ་སྤྱི་བོར་དྲངས་པར་བྱའོ། །གསུམ་པ་མཐར་བསྟོད་ཅིང་གསོལ་བ་གདབ་པ་ནི། དབ༷ང་བསྐུར༷་ཡ༷ང་ད༷ག་ཐོ༷བ་ནས༷་ནི༷་ཐོ༷་ར༷ངས་ཀྱི༷་ནི༷་དུས༷་ སུ༷་ཡ༷ང་སློབ༷་མ༷ས་ཐལ༷་སྦྱར༷་བླ༷་མ༷་ལ༷་ཀུན་མཆོ༷ད་ཅིང༷་བསྟོ༷ད་པ༷ས་མཉེས༷་པ༷ར་བྱ༷་ཞིང་གསོལ་བ་གདབ་པ་ནི། ཁམ༷ས་གསུམ༷་ལ༷ས་ནི༷་རྣམ༷་གྲོལ༷་ཞིང༷་ནམ༷་མཁ༷འ་དང༷་ནི༷་མཉམ༷་གྱུར༷་ལ༷་ འདོ༷ད་པ༷་རྣམ༷ས་ཀྱིས༷་མ༷་གོ༷ས་པ༷་དམིག༷ས་མེ༷ད་ས་ཁམས་རྣམ་དག་ཁྱོད་ལ༷་ཕྱག༷་འཚ༷ལ་ལོ༷་ཞེས་སྣང་མཛད་སྐུ་རྡོ་རྗེའི་བསྟོད་པ། ཕུང༷་པོ༷་རྣམ༷ས་དང༷་ཁ༷མས་རྣ༷མས་ད༷ང་སྐྱེ་མཆེ༷ད་རྣམ༷ས་ལ༷་མི༷་མེ༷་ལོ༷ང་ཡེ་ཤེས་ བརྟེ༷ན་ཅིང༷་མ་ཆགས་པ་ཕྱིན༷་ཅི༷་ལོ༷ག་ལ༷ས་རྣམ༷་གྲོལ༷་བ༷་དམིགས་མེ་ཁམས་དག་མེ༷ད་ཁྱོད་ལ༷་ཕྱག༷་འཚལ༷་ལོ༷་འོད་དཔག་མེད་གསུང་རྡོ་རྗེའི་སྒོ་ནས་བསྟོད། རྣམ༷་རྟོག༷་མེ༷ད་ཅིང༷་ཀུན༷་རྟོག༷་མེ༷ད་ ཐུག༷ས་ནི༷་ར༷བ་ཏུ་མི༷་གན༷ས་པ༷་བས༷མ་གྱི་མི༷་ཁྱབ༷་པ༷་ཡི༷་ཐུག༷ས་དམི༷གས་མེ༷ད་ཁྱོ༷ད་ལ༷་ཕྱག༷་འཚལ༷་འདི་ཀླུ་བྱང་ན་མི་འདུག་གོ ། ལོ༷། །ཇི༷་ལྟ༷ར་ན༷མ་མཁ༷འ་གན༷ས་མེད་ཅིང༷་སྤྲོས༷་མེ༷ད་གོ༷ས་ 8-9-60a པ༷་མེ༷ད་པ༷་ལྟར༷་མཁ༷འ་ད༷ང་མཉམ༷་པ༷འི་ཐུག༷ས་མང༷འ་བ༷་དམི༷གས་མེ༷ད་ཁྱོ༷ད་ལ༷་ཕྱག༷་འཚ༷ལ་ལོ༷་མི་སྐྱོད་པ་ཐུགས་རྡོ་རྗེའི་བསྟོད་པ་ཐ༷མས་ཅ༷ད་སྟོང༷་པ༷འི་ར༷ང་བཞི༷ན་ཅ༷ན་ མངོ༷ན་པ༷ར་བྱང༷་ཆུབ༷་ལྟ༷་བ༷ར་འཚ༷ལ་ཞེས་དང་སློབ༷་མ༷ས་ཐལ་སྦྱར༷་བླ༷་མ༷་ལ༷་བསྟོ༷ད་ན༷ས་ཆུ་ཁམས་དག་པ་སླར༷་ཡང༷་བསྐུལ༷་བར༷་བྱ༷། འཁོར་བའི་ལ༷ས་དང༷་སྐྱེ་ལ༷ས་རྣམ༷་གྲོ༷ལ་ཞིང༷་སྣང༷་བ༷་སྟེ་ རྣམ་ཤེས་དང་ཡེ་ཤེས་གསུམ༷་པོ༷་སྤང༷ས་པ༷་ཡི༷་མངོ༷ན་པ༷ར་བྱང༷་ཆུབ༷་མཐོང༷་བ༷ར་ནི༷་མགོ༷ན་པོ༷་ཆེན༷་པོ༷་བད༷ག་འཚ༷ལ་ལོ༷་མི་སྐྱོད་པའི་སྒོ་ནས་གསོལ་བ་འདེབས་སོ། །སང༷ས་རྒྱས༷་ཀུན༷་གྱི༷་ཡེ༷་ཤེ༷ས་ཆེ༷་ དེ་བཞི༷ན་གཤེ༷གས་པ༷་ཀུན༷་གྱི༷་གན༷ས་རྡོ༷་རྗེ༷་ཡེ༷་ཤེས༷་བླ༷་ན༷་མེ༷ད་སློབ༷་དཔོ༷ན་ཆེ༷ན་པོ༷་བད༷ག་མཐོང་པར་འཚ༷ལ་ལོ༷་སེམས་ཅན་གྱི་ཁམས་ཆེན་པོ་ཚིག་གི་སྒོ་ནས་དག་པའི་འོད་དཔག་མེད་ཀྱིའོ། །ཐོ༷ག་ནི་ དགའ་བ་དང་མཆོག་དགའ་མཐ༷འ་མ་དགའ་བྲལ་མེ༷ད་ཅིང༷་ཞི༷་བ༷་ད༷ང་ཉོ༷ན་མོང༷ས་ཐམ༷ས་ཅ༷ད་ཀྱི་རྩ་བ་རང་བཞིན་དང་རྣམ་ཤེས་རྣ༷མ་སྦྱོང༷་ཞིང༷་ལུས༷་དང༷་ང༷ག་དང༷་སེ༷མས་སྦྱོང༷་བ༷་རྡོ༷་རྗེ༷་ཆེན༷་པོ༷་བདག༷་ འཚ༷ལ་ལོ༷་ཞེས་སྐུའི་སྒོ་ནས་གསོལ་འདེབས་སོ། །གཉིས་པ་དངོས་གཞི་འོད་གསལ་དངོས་ཀྱི་གདམས་ངག་བཤད་པ་ལ། མངོན་བྱང་གཉིས་ལ་བརྟེན་ནས་ངོ་སྤྲོད་ཚུལ། ཐམས་ཅད་ 8-9-60b སྟོང་པའི་རང་བཞིན་བཤད་པ། རིམ་པ་འདི་ལ་གནས་པའི་གང་ཟག་གི་ཆེ་བ། འོད་གསལ་གྱི་སྒྲུབ་པ་རྣལ་འབྱོར་གཉིས་ངོས་བཟུང་། རིམ་པ་འདི་ལ་བསྟན་པ་ཐོབ་པའི་ཚད་བསྟན། རང་འབྲས་ཟུང་འཇུག་གི་སྐུ་འཆར་ཚུལ། འོད་གསལ་གྱི་རིམ་པའི་སྤྱོད་པ་བསྟན་པ་སྟེ་བདུན་ལས། དང་པོ་ནི། དེ༷་ལྟར༷་ཡོ༷ན་ཏན༷་ཡ༷ང་དག༷་པ༷་བརྗོ༷ད་པ༷ས་རྣལ༷་འབྱོར༷་པ༷ས་བླ་མ་ མཉེས༷་བྱ༷་ཞིང་བླ་མ་དེས་སྙིང༷་རྗེ༷་སློབ༷་མ་ལ༷་བསྐྱེ༷ད་དེ༷་དེ༷་ནས༷་རི༷མ་པ༷་འདི༷་ཉི༷ད་བརྩམ༷་པ་སྟེ་བཤད་པར་བྱའོ། །མཚ༷ན་མོ༷་སྣང༷་བ༷འི་ཆ༷་སྟེ༷་གས༷ལ་བ༷་ཉི༷་མ༷འི་ཟེ༷ར་འགྱེད༷་སྣང༷་བ༷་མཆེ༷ད་པ༷་ཡི༷ན་ མཚ༷མས་ནི༷་སྣང༷་བ༷་ཐོབ༷་པ༷ར་ར༷ང་གི༷་ར༷ང་བཞི༷ན་རྣམ༷ས་ཀྱིས༷་ལ༷ན་ཅི༷ག་མིན༷་པ༷ར་འགྲོ༷་མཚ༷ན་མི༷ན་ཏེ་དགའ་བ་དང་སྣང་བའི་རང་བཞིན་མིན་པས་སོ། །ཉིན༷་པ༷ར་མ༷་ཡི༷ན་མཆེད་པ་དང་མཆོག་ དགའ་མིན་པས་སོ། །མཚ༷མས་མི༷ན་ཏེ་དགའ་བྲལ་དང་ཉེར་ཐོབ་ག༷ང་ཞིག༷་ར༷ང་བཞི༷ན་དེ་རྣམ༷ས་ཀུན་ད༷ང་རྣམ༷་པར་བྲལ་བ༷་དྲི་མ་མེད་པ་དེ༷་ནི༷་བྱང༷་ཆུབ༷་ཀྱི་ཉམས་སུ་མྱོང་བའི་སྐ༷ད་ཅི༷ག་ཡི༷ན་པ༷ར་བླ༷་མ༷་ མཆོ༷ག་རྡོ་རྗེ་སློབ་དཔོན་གྱིས་བཤ༷ད་པ་རྣལ༷་འབྱོར༷་པ༷་ཉི༷ད་ཀྱི་ཡུལ༷་ཡིན་གྱི་ཕལ་པས་མིན་ནོ། །དང་པོ་ཕྱིའི་མངོན་པར་བྱང་ཆུབ་པ་ནི་མཚན་མོ་ཟླ་བའི་སྣང་བ་དང་ལྡན་པ་དང་ཉིན་མོ་ཉི་མ་དེ་གཉིས་ 8-9-61a ཀྱི་མཚམས་ཀྱི་སྣང་བ་གསུམ་ཡོད་པ་ལྟ་བུ་སྣང་བ་གསུམ། དེ་གསུམ་དང་མ་འདྲེས་པའི་ནམ་མཁའ་རྐྱེན་བྲལ་ལྟ་བུ་ནི་འོད་གསལ་བ་སྟེ་ཕྱིའི་དུས་ཀྱིས་མཚོན་ནས་ བསྟན་པར་བྱ་སྟེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་སྙོམས་འཇུག་གི་དུས་སུ་དང་པོར་འདོད་ཆགས་ཀྱི་དགའ་བས་རང་བཞིན་ཉམས་སུ་མྱོང་བ་ནི་སྣང་བ་ཞེས་བྱ་བ་སྟེ་ཅུང་ཞིག་གསལ་བའི་བདེ་བ་ འབྱུང་བ་མཚན་མོ་ཟླ་འོད་ཡོད་པས་ཅུང་ཞིག་གསལ་ཀྱང་ཐམས་ཅད་ཆེར་གསལ་བ་མིན་པ་ལྟ་བུའོ། །ཁྱོད་ཀྱིས་མཆོག་ཏུ་དགའ་བའི་རང་བཞིན་འདོད་ཆགས་བར་མའི་རང་བཞིན་ཉམས་ སུ་མྱོང་བ་ནི་དགའ་བ་སྔར་ལས་འཕེལ་ཞིང་ཆེས་གསལ་བས། ཉིན་མོ་ཉི་འོད་དང་ལྡན་པ་ལྟ་བུ་སྣང་བ་གསལ་བའམ་མཆེད་པ་ཞེས་བྱའོ། །བྲལ་བ་སྟེ་འདོད་ཆགས་བྲལ་བ་གང་ཡིན་ པ་དེ་ནི་ཟླ་ཉིའི་སྣང་བ་གང་ཡང་མེད་པ་ཡིད་བདེ་བ་དང་བྲལ་བའི་མཚན་ཉིད་ཀྱིས་སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་སྟེ་ཟླ་སྣང་ཉི་སྣང་ནུབ་པའི་མཚམས་ཀྱི་དུས་ལྟ་བུའོ། །རིགས་ཀྱི་བུ་གསུམ་པོ་ འདི་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ། སྐད་ཅིག་དེ་རྣམས་རང་བཞིན་སེམས་བྱུང་རྣམས་དང་ལྡན་པའི་སེམས་གསུམ་ཡིན་པས་སོ། །དེས་ན་དེ་ཁོ་ན་ཉིད་ཀྱི་འོད་གསལ་མཆོག་ཏུ་མི་འགྱུར་བ་ནི་ 8-9-61b མཚན་མིན་སོགས་ཀྱིས་བསྟན་ཏོ། །དེ་མཆོག་ཡིན་ཏེ་ཡེ་ནས་ཡོད་ཀྱང་མ་རིག་པས་བསྒྲིབས་ནས་མི་ཤེས་ལ་སྣང་གསུམ་གྱི་བསླད་པའི་བར་དུ་གློག་གི་སྐད་ཅིག་བཞིན་སྣང་ཡང་ཤེས་པར་དཀའ་བས་ བླ་མ་མཉེས་པ་ལས་མཐོང་དགོས་སོ། །མཚན་མོའི་མུན་པ་མ་ལུས་དང་། མཚམས་ཀྱི་སྣང་བ་གང་དུ་ནུབ་པ་དང་། ཞེས་ཀླུ་བྱང་ལས་སྣང་བ་བདེ། མཚ༷མས་ཀྱི༷་མཐ༷འ་ནི༷་ཆགས་བྲལ་སྐད་ ཅིག་གི་འཇི༷ག་མི༷ན་མུན༷་ན༷ག་མཚན་མོ་འདོད་ཆགས་ཀྱི་སྐད་ཅིག་ཡིན་ལ་དེ་ལས་བྱུང་བའི་ཚོག༷ས་ནི༷་མ༷་ལུས༷་དུས་གང༷་དུ༷་འད༷ས་པ༷་སྟེ་ནུབ་ཅིང་ཞིག་པ་དང༷་། ཇི༷་སྲི༷ད་སྣང་བ་མཆེད་པ་ཉི༷་མ༷་ཡི་སྣང་བ་ ལྟ་བུ་མ༷་ཤར༷་བའི་སྐ༷ད་ཅི༷ག་ཐོ་རངས་ནམ་མཁའ་དྲི་མེད་ལྟ་བུ་འདི༷ར་ནི༷་དྲི༷་མེ༷ད་པའི་ཡ༷ང་དག༷་མཐ༷འ་འོད་གསལ་བ་རུ༷་བཤ༷ད། སློབ༷་དཔོ༷ན་མཆོ༷ག་ནི༷་ར༷བ་རི༷བ་བྲལ༷་བ༷ས་སློབ༷་མ༷་ལ༷་ནི༷་ཕྱི༷་རོ༷ལ་གྱི་དུས་ལ་ དཔེར་བྱས་བྱང༷་ཆུབ༷་བསྟན༷་ཏེ་ཐོ་རངས་ཀྱི་འཚམས་ཀྱི་དུས་སུ་འོད་གསལ། ཉི་ཤར་མཆེད་པ། ཉི་ནུབ་ཉེར་ཐོབ། མཚན་མོ་སྣང་བའི་དཔེ་ཡིན་ནོ། །ནང༷་གི༷་བ༷དེ་བ༷་རྙོག༷་པ་བྲལ༷་བའི་སང༷ས་རྒྱ༷ས་ ཀྱི་བྱང༷་ཆུབ༷་སྐ༷ད་ཅི༷ག་དག༷་གི༷ས་ཐོབ༷་པ༷ར་འགྱུ༷ར་རོ། །ནང་གི་བདེ་ཆེན་མངོན་བྱང་ནི། དང་པོ་འོད་ཟེར་ཁ་དོག་ལྔའི་ཚོགས་སུ་སྣང་བ་དང་། གཉིས་པ་སྨིག་རྒྱུ། གསུམ་པ་མེ་ཁྱེར། བཞི་ 8-9-62a པ་མར་མེ། ལྔ་པ་སྤྲིན་མེད་ནམ་མཁའ་ལྟ་བུ་སྣང་བ་དང་། དེ་ནས་ཟླ་ཉི་མུན་པ་སྟེ། སྣང་མཆེད་ཐོབ་གསུམ་དང་བཅས་ཀུན་པའི་རྗེས་ལ་རྐྱེན་བྲལ་རང་གནས་འོད་གསལ་བའི་ གནས་ལུགས་འཆར་རོ། །ཕྱིའི་མངོན་བྱང་ནི་ཕྱག་རྒྱའི་སྒོ་ནས་དཔེའི་ལྷན་སྐྱེས་སོ། །ནང་གི་མངོན་བྱང་ནི་དཔེ་ལས་བྱུང་བའི་ལྷན་སྐྱེས་ཏེ་ཕྱིའི་ཐབས་ཀྱིས་ནང་གི་ལྷན་སྐྱེས་ཐོབ་བོ། ། གཉིས་པ་ཐམས་ཅད་སྟོང་པའི་རང་བཞིན་བཤད་པ་ནི། ཐོག་མིན་གྱུར་དང་དེ་བཞིན་ཐོག་མར་གྱུར། །དབུས་མིན་གྱུར་དང་དེ་བཞིན་དབུས་གྱུར་དང་། །མཐའ་མིན་གྱུར་དང་དེ་བཞིན་ མཐར་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་གསུངས། །ཞེས་ཐོག་མ་དགའ་བ་དང་བྲལ་བའི་ཐོག་མིན་དང་། ཀུན་གྱི་འབྱུང་གནས་ཐོག་མར་གྱུར་པའམ་དགའ་བས་ཁྱབ་པའི་ ཕྱིར་ཡང་ཐོག་མར་འབྱུང་བའོ། །དེ་བཞིན་སྣང་བ་གཉིས་བྲལ་ཆ་ནས་དབུས་མཐའ་མིན། དེ་དག་མ་ཁྱབ་པའི་ཆ་ནས་མཐར་གྱུར་ཅེས་གསུངས་སོ། །བཞི་པའི་ལྷན་སྐྱེས་དེ་ཡི་མཚན་ ཉིད་ནི་སྣང་བ་ཀུན་གྱི་ཐ༷་མ༷ར་འབྱུང༷་ད༷ང་ཐ་མ་བསྐྱེད་པའི་གཞི་ཡིན་པས་ཐོ༷ག་མ༷ར་འབྱུང༷་བ༷འ༷མ་དབུས༷་མི༷ན་ཏེ་ཀུན་ལ་ཁྱབ་པར་འབྱུང༷་བ༷འ༷མ་ཆགས་དང་ཆགས་བྲལ་གྱི་དབུས༷་སུ༷་འབྱུང༷་ 8-9-62b བ༷འ༷མ་ཀུན་གྱི་མཐ༷འ་མི༷ན་ཀྱང་འབྱུང༷་བ༷འ༷མ་སྣང་གསུམ་གྱི་མཐ༷ར་ནི༷་འབྱུང༷་བ༷་རྣམ༷ས་དེ༷་ད༷ག་ཐ༷མས་ཅ༷ད་སྟོང༷་པ༷ར་ད༷མ་པ༷ས་བཞི་པའི་རང་བཞིན་ཡིན་པར་སངས་རྒྱས་ཀྱིས་གསུང༷ས་སོ། །བཞི་ པའི་དེ་ཉིད་ག༷ང་དུ༷་འགྲོ༷་བ༷་སྟེ་འབྱུང་བའི་རིམ་གྱི་སྤྲོ་བ་ད༷ང་ནི༷་འོ༷ད་མེ༷ད་ཅིང༷་འབྱུང་སྡུད་དེའི་ཞུགས་ཐིམ་གནས་གསུམ་བྲལ་བ་རྡོར་བཟླས་མིན་པར་བསྟན། ཟ༷ད་པ་ནི་རྣམ་ཤེས་གསུམ་ད༷ང་། འཕེ༷ལ་ བ་ནི་སྣང་བ་གསུམ་མེ༷ད་པ། དངོ༷ས་པོ་ནི་འོད་གསལ་ད༷ང་དངོ༷ས་མིན་ནི་རང་བཞིན་རྣམས་ཏེ་དེ་དག་མེ༷ད་པས་མི༷ན་ཏེ་སེམས་དབེན་ཡིན་པའི་ཕྱིར་རོ། །ངོ༷་མཚ༷ར་གཟུག༷ས་ཅ༷ན་ཏེ་དཀྱིལ་འཁོར་ གྱི་འཁོར་ལོ་སྤྲོས་པའི་འོད་གསལ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཚུལ་དེ་ཡི༷ན་ཞི༷ང་ངོ་མཚར་བ་མི༷ན་ཏེ་སྤྲོས་བཅས་ཀྱི་དམིགས་ཤིང་དེ་སྒྱུ་ལུས་ཡིན་པས་འཁོར་འདས་ལ་གན༷ས་པ༷ར་འགྱུར༷་རོ། ། རྟག་ཏུ་གནས་མི༷ན་མྱུར༷་དུ༷་འགྲོ༷་བ༷་སྟེ་མི་རྟག་པ་མི༷ན་ཟུང་འཇུག་ཡིན་པའི་ཕྱིར་ན་ག༷ང་ཞི༷ག་ཡོ༷ད་དོ་ཞེས་ད༷ང་མེ༷ད་དོ་ཞེས་པའི༷་ཐ༷་སྙད༷་རྣམ༷ས་ད༷ང་བྲ༷ལ་ཞིང་བསོ༷ད་ན༷མས་ཀྱི་འདུ་བྱེད་དད་སོགས་ཀྱིས་ དགེ་བའི་གཟུགས་མི༷ན་ཉོན་མོངས་ཆགས་སྡང་གིས་བྱས་པའི་སྡི༷ག་པ༷འི་གཟུག༷ས་མ༷་ཡི༷ན་བསོ༷ད་ན༷མས་དང་སྡི༷ག་པ་གཉིས་འདྲེས་པ་ལ་བད༷ག་ཉིད་མི༷ན་ལ་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་ 8-9-63a འོད་གསལ་མཆོ༷ག་གྱུར༷་པ༷་དེ༷་ནི༷་འོད་གསལ་ཐ༷མས་ཅ༷ད་སྟོང༷་པ༷ར་ས༷ངས་རྒྱས༷་རྣ༷མས་ཀྱིས༷་གསུང༷ས་སོ། །གསུམ་པ་རིམ་པ་འདི་ལ་གནས་པའི་གང་ ཟག་གི་ཆེ་བ་ནི། རྣ༷ལ་འབྱོར༷་པ༷ས་ནི༷་དེ༷་ལྟ༷་བུ༷འི་དེ༷་ཉི༷ད་ཐོ༷བ་པ་ནི་རྒྱུ༷་ད༷ང་མི་རྒྱུའི༷་བད༷ག་ཉིད་དེ་བརྟན་གཡོ་ཀུན་ལ་ཁྱབ་ཅིང་འགྲོ༷་བའི་གཉེ༷ན་གཅི༷ག་ཏེ་ངན་པ་ལྷུར་ལེན་ མཛད་པའི་ཕྱིར་རོ། །ཡེ༷་ཤེ༷ས་དོན་དམ་པའི་ར༷ང་བཞི༷ན་མི༷་ཡི༷་སེ༷ང་གེ༷་ག༷ང་མི༷་ཟ༷ད་ལྷན་ཅིག་སྐྱེས་པའི་ལུ༷ས་ཐོ༷བ་ཅིང༷་མ༷་ལུ༷ས་འགྲོ་ཀུན་གནས་ནས་མི་ཀུན་ཟ༷ད་དུས་ཏེ་ལྷན་སྐྱེས་ཀྱི་ དུས་ཐོབ་པ་ཡིན་པས་འགྲོ༷་བ༷འི་དོན་ཕྱིར་རྒྱུའོ༷། །རྣལ་འབྱོར་པ་དེ༷་ནི༷་ཡོ༷ན་པོ༷འི་ལུ༷ས་ཀྱང་ཏེ་ཉལ་སྒོམ་བྱས་ནས་གནས་ཀྱང་དྲ༷ང་པོ༷་ཡིན་ཏེ་འཁྱོགས་པོ་ལས་འདས་པའི་ཕྱིར། སྟན༷་ལ༷་གན༷ས་པ་མེ༷ད་དེ་འགྲོ་བར་གྱུར༷་ཀྱང༷་ག༷ནས་པ༷་བརྟན་ཞིང་མི་འགྲོ་བ་ཡི༷ན། དེ༷་ནི༷་མི༷ག་བཙུ༷མས་གྱུར༷་ཀྱང༷་མིག་གདང་ཡིན་ལ་རྣམ༷་པར་རྒྱས༷་པའམ་སད་པ་ཡིན། དེ༷་ནི༷་མཉ༷མ་པར་ མ༷་བཞ༷ག་པའི་སྤྱོད་ལམ་བཞི་ཆར་ཀྱང༷་མཉ༷མ་གཞ༷ག་ཡི༷ན་ཏེ་དེ་ཁོ་ན་ཉིད་བརྟན་པའི་ཕྱིར་རོ། །དེ་ནི་ཚིག༷་སྨྲ་བ་ད༷ང་ལྡ༷ན་ཡ༷ང་དག་བསྡམ་པའམ་བརྗོ༷ད་བྲལ༷་ཡིན་ཏེ་སྨྲ་བ་མི་དམིགས་པའི་ 8-9-63b དེ་ཉིད་དུ་གནས་པས་སོ། །དེ༷་ནི༷་འདོད་པའི་ལོ༷ངས་སྤྱོ༷ད་ལྡ༷ན་པར་རོལ་ཡ༷ང་གཟུང༷་བ་དང་བྲལ༷་ཡི༷ན་ཏེ་ཡུལ་རྣམས་མི་དམིགས་པར་རྟོགས་པའི་ཕྱིར། དེ༷་ནི༷་འཇི༷ག་རྟེན༷་ཐམས་ཅད་ཀྱི་ མགོ༷ན་པོ་ཡ༷ང་ང་རྒྱལ་མེད་པ་གཞ༷ན་གྱི་བྲ༷ན་དུ་འགྱུར༷་རོ། །ག༷ང་ཞི༷ག་དེ་ཁོ་ན་ཉི༷ད་རྟོག༷ས་ཤིང༷་འཁོར་བའི་ཉེས༷་པ་ཀུན༷་ཟད་པ་ཡིན་ནོ། །དེ་ལྟའི་འོད་གསལ་དེ་ཁོ་ན་ཉིད་དེ་རྒྱུའི་ཐེག་པས་ བསྐལ་པ་གྲངས་མེད་གསུམ་ན་རྟོགས་འདིར་སྔགས་ཀྱི་ཐབས་ཀྱིས་སྐད་ཅིག་གིས་རྟོགས་བཞི་པ་ཐོབ་པ་དང་གྲོལ་བ་དུས་མཉམ་ཏེ་མི་ཡི་ལུས་སུ་གནས་ཀྱང་སངས་རྒྱས་ཀྱི་དགོངས་ པ་ཤར་བའོ། །མི་རྣམས་ཀྱི་ནང་ན་སྲིད་པའི་ཀློང་འཇོམས་ཤིང་རང་དབང་ཆིག་རྐྱང་དུ་གནས་པའི་སེང་གེ་ཡིན་ཏེ་རང་གི་ཡེ་ཤེས་ཀྱིས་གཞན་གྱིས་ཤེས་པ་འཛིན་པའི་རོལ་བ་སེང་གེ་ རྣམ་རོལ་ཕྱག་རྒྱ་དང་བརྟན་གཡོའི་འགྲོ་བ་ཀུན་གྱི་གནས་ནས་མི་ཟད་པ་ལྷན་ཅིག་སྐྱེས་པའི་དུས་ཐོབ་པ་ཡིན་ཞེས་སོ། །དེ་མིག་གདངས་ནས་བལྟས་ཀྱང་མིག་ བཙུམས་ཡིན་ཏེ་ཕྱི་ནང་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་མཐོང་བས་མིག་བཙུམས་ནས་བསམ་གཏན་ལ་གནས་ནས་ནང་དུ་མཉམ་པར་བཞག་པ་དང་ 8-9-64a འདྲའོ་ཞེས་ཀླུ་བྱང་འགྲེལ་དུ་གསུངས། ཡང་ན་མིག་བཙུམས་ནས་འདུག་གམ་གཉིད་ནས་འདུག་ཀྱང་ཐམས་ཅད་སྟོང་པའི་འོད་གསལ་ལ་གནས་པས་དངོས་ པོ་ཐམས་ཅད་ཀྱི་དེ་ཉིད་མཐོང་བས་མིག་གདངས་པའམ་རྣམ་སད་ཡིན་ཞེས་བཤད་ཀྱང་ལེགས། དེ་ཁོ་ན་ཉིད་མཐོང་མེད་ཇི་འདྲ་བའི་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་ཀྱང་ཤིན་ཏུ་སྤྲོས་པ་ མེད་པའི་སྤྱོད་པ་བྱེད་པ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་རྟོགས་པ་ལས་མི་གཡོ་བས་གང་སྣང་གང་སྤྱོད་ཐམས་ཅད་སྒྱ྄ུ་མ་ལྟར་མཐོང་བའི་ཏིང་འཛིན་བརྟན་པའི་ཕྱིར་རོ། །བཞི་པ་འོད་ གསལ་གྱི་སྒྲུབ་པ་རྣལ་འབྱོར་རྣམ་པ་གཉིས་ངོས་བཟུང་བ་ནི། དེ་ལྟར་མ༷ན་ང༷ག་ཐོབ༷་པའི༷་སློབ༷་མ༷་ཡི༷ས་དེ༷་ན༷ས་རྣལ༷་འབྱོར༷་རྣམ༷་གཉི༷ས་བསླབ༷་པར་བྱ་སྟེ་གང་ཞེ་ན་རི༷ལ་པོ༷ར་འཛི༷ན་པ༷འི་ རི༷མ་པ༷་དང༷་དེ༷་བཞི༷ན་རྗེས༷་སུ༷་གཞིག༷་པའོ༷། །བརྟན་གཡོ་ཐམས་ཅད་རྡོ་རྗེ་འཆང་གི་སྐུ་གཅིག་གི་ངོ་བོ་ལ་རྟེན་མགོ༷་བོ༷་ནས༷་ནི༷་རྐང༷་པ༷འི་བ༷ར་ལ་ཏེ་ཇི༷་སྲི༷ད་སྙིང༷་ག༷ར་ཕྱིན༷་པའི༷་བར་དུ༷་བསམ་ ཞིང་དེ་མི་དམིགས་པར་བསྡུས་པའི་སྒོ་ནས་རྣལ༷་འབྱོར༷་ཡ༷ང་དག༷་མཐ༷འ་ལ༷་འཇུག༷་པ་ནི་རིལ༷་པོ༷ར་འཛི༷ན་པ༷་ཞེ༷ས་བཤ༷ད་དོ༷། །ལྟེ་བར་ཆོས་འཁོར་རྩིབས་བརྒྱད་ཀུན་ལ་ཡི་གེ་ཨ་བཀོད་ནས་ 8-9-64b ཆོས་ཐམས་ཅད་བདག་མེད་པའི་བློས་དེ་ལས་འདི་སྤྲོས་ཏེ་སྟེང་འོག་ཏུ་ཞེས་མགོ་བོ་ནས་རྐང་པའི་བར་བསྲེགས་ནས་སམ་སྦྱང་ནས་སླར་སྙིང་གར་འདུས་ཤིང་ཡང་དེ་ལྟར་བསྡུས་པ་ རིལ་འཛིན་དང་། ཆ་དྲུག་པའི་གོང་བུ་མི་དམིགས་པར་འཛིན་པའི་རིལ་འཛིན་ནོ། །རྒྱུ༷་བ༷་གཡོ་བ་ད༷ང་ནི༷་མི༷་རྒྱུ༷་བརྟན་པ༷་ཉི༷ད་ད༷ང་པོ༷་རིམ་གྱིས་བསྡུས་ཏེ་འོ༷ད་གས༷ལ་བ༷ར་བྱ༷་སྟེ༷་རང་གི་ བ་སྤུའི་ཁུང་བུ་ནས་འོད་ཟེར་འབྱུང་བ་དེས་གསལ་བས་བརྟན་གཡོའི་དངོས་པོ་རྡུལ་ཕྲ་རབ་ཀྱི་བར་དུ་ཕྱེ་ཞིང་དཔྱད་ན་མི་དམིགས་པ་ལྟར་སྣང་བ་སྦྱངས་ནས་རང་ཉིད་ཀྱང་དེ་ལྟར་མི་ དམིགས་པར་བསྡུའོ། །ཕྱི༷་ནས༷་དེ༷་བཞི༷ན་བད༷ག་ཉི༷ད་སྡུད་པར་བྱེ༷ད་རྗེས༷་སུ༷་གཞི༷ག་པའི༷་རི༷མ་པ༷་ཡི༷ན་ཏེ། འདི་ལ་དཔེ་གཉིས་ཏེ་ཆུ་དྭངས་བར་ཟླ་གཟུགས་ཤར་བ་ལྟར་ངོ་བོ་མེད་པའི་ སྣང་བ་ཡིན་པ་དང་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་སྣང་བ་དེ་ཡང་མི་དམིགས་པར་བསམ་མོ། །དེ་གཉིས་ཀའང་ཇི་ལྟར་དབུག༷ས་ཀྱི༷་རླུང༷་གི་ནི༷་ཧས་བཏབ་པ་མེ༷་ལོ༷ང་ལ༷་ཇི༷་ལྟར༷་ ཀུན༷་ཏུ༷་ཐི༷མ་གྱུར༷་པ༷་དེ༷་བཞི༷ན་རྣལ༷་འབྱོར༷་རྣམས་ཡང༷་དག༷་པའི་མཐར༷་ཡང༷་དང༷་ཡ༷ང་དུ༷་འཇུག༷་པར༷་བྱེ༷ད་དེ་འོད་གསལ་གློག་འདྲ་སྐད་ཅིག་ཙམ་ཤར་བ་མིན་པར་རྒྱུན་དུ་བརྟན་དགོས་ 8-9-65a པའི་ཕྱིར་རོ། །མཉམ་གཞག་ཏུ་དེ་ཁོ་ན་ཉིད་འོད་གསལ་དང་སྒྱུ་མ་ལྟ་བུའི་རྗེས་ཐོབ་གཉིས་སློབ་ལམ་དུ་རེས་འཇོག་ཏུ་བསྒོམ་པ་དེ་དག་ནས་རེས་འཇོག་ མིན་པར་ཅིག་ཆར་སྔགས་ཀྱི་བདེན་གཉིས་ཟུང་འཇུག་མཉམ་པ་ཤིན་ཏུ་རྣམ་དག་འབྲས་བུའི་དུས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་ཕྱིར་སྒྱུ་མའི་སྣང་བ་རྣམས་འོད་གསལ་དུ་ བསྡུས་ནས་ཡང་ཡང་སྦྱང་བས་འབྲས་བུ་ཟུང་འཇུག་ཐོབ་ནས་མི་སློབ་ལ་འཇུག་པའི་སླད་དུའོ། །ལྔ་པ་རིམ་པ་འདི་ལ་བརྟན་པ་ཐོབ་པའི་ཚད་ནི། འདི་ལྟར་འགྲོ༷་ད༷ང་འདུག༷་དང༷་ ཉལ༷་དང༷་ཟ༷་བ་དང་མི༷ག་བཙུམ༷ས་པ་དང་འབྱེ༷ད་དང༷་རྩེ་ཞིང་དགོ༷ད་པ༷་སོགས་སྤྱོད་ལམ་ཐམས་ཅད་ནི༷་བས༷མ་གཏན༷་སྦྱོར༷་བ༷་འདི༷་ལྟ་བུ་ཡི༷ས་ནི༷་དེ༷་ཁོ་ཉི༷ད་འོད་གསལ་གྱི་དོན་རིག༷་པ༷་རྟག༷་ ཏུ༷་གན༷ས་པར་བྱའོ། །དྲུག་པ་རང་འབྲས་ཟུང་འཇུག་གི་སྐུ་འཆར་ཚུལ་ནི། གལ་ཏེ་སེམས་ཅན་གྱི་དོན་བྱེད་ན་གཟུག༷ས་དེ་དང་དེས་མཐུན་བཅ༷ས་རླུང་འོ༷ད་ཟེར༷་ལྔ་པ་དེ༷་ད༷ང་དེ༷་ཡི་ཚུལ་རྣ༷མ་ ཤེས༷་རླུང༷་དང༷་ལྡན༷་པ༷་ཡི༷ས་བད༷ག་བྱི༷ན་བརླབ༷་པའི༷་རི༷མ་གྱིས༷་ཀྱང༷་སེ༷མས་ཅ༷ན་དོ༷ན་དུ༷འ༷ང་ལ༷ན་འག༷འ་འབྱུ༷ང་བར་འགྱུར༷་རོ་ཀླུ་བྱང་ལས། བརྒྱ་ལ་སེམས་ཅན་དོན་བྱེད་ན། །དེ་དང་དེ་མཐུན་ 8-9-65b འོད་ཟེར་དང་། །རྣམ་ཤེས་རླུང་དང་ལྡན་པར་ནི། །བདག་བྱིན་བརླབ་པའི་རིམ་པས་བྱ། །ཞེས་གསུངས། དོན་ལ་སེམས་ཀྱི་འཕེན་པས་གང་འདུས་ཀྱི་གཟུགས་རླུང་འོད་ཟེར་དང་ལྡན་པས་ སྒྱུ་མ་ལྟར་སྟོན་ཅེས་པའོ། །ཡང་ན་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་གཙོ་བོར་བྱས་པའི་དེ་མཐུན་འོད་སྤྲོས་པ། རྣམ་ཤེས་རླུང་དང་ལྡན་པའི་ཡིད་ཀྱི་རང་བཞིན་གྱི་ལྷ་སྐུ་བཞེངས་པ་བདག་ བྱིན་བརླབས་ལྟར་བྱས་ཏེ་སྐུ་དང་འོད་ཟེར་དཔག་མེད་ཀྱི་འགྲོ་བ་སྨིན་པར་བྱ་གསུངས། དེ་ཇི་ལྟར་ན་ཀུན་འོད་གསལ་བ་ནི་ཐམས་ཅད་འབྱུང་བའི་རྒྱུ་སྟེ་ཇི༷་ལྟར་དྭ༷ངས་བའི༷་ཆུ་ཀླུང༷་ལ༷ས་ཉ༷་དག༷་མྱུར༷་དུ༷་ལྡང༷་བ༷་ ལྟར༷་དེ༷་བཞི༷ན་ཐམ༷ས་ཅ༷ད་སྟོང༷་པའི་འོད་གས༷ལ་ལ༷ས་རྣམ་པ་སྣ་ཚོགས་པའི་སྒྱུ་འཕྲུལ༷་དྲ༷་བ༷་འབྱུང༷་བ༷ར་འགྱུར༷་རོ། །མོས་པའི་དབང་གིས་གཙོ་བོར་རི༷གས་ལྔའི༷་སང༷ས་རྒྱས༷་ལ་ལྟོས༷་ པའི༷་ཞི་བ་སོགས་སྤྲོས་པའི་རྣམ་པ་ཀུན་ལྡན་ཡིན་ལ་ཕྱག༷་རྒྱ་འོད་གསལ་ལས་བྱུང་བའི་ཆེན༷་པོ༷ར་བརྟག༷་སྟེ་ཤེས་པ༷་ནི༷་འོ༷ད་ཟེར༷་ལྔ༷་ཡི༷་འབྱུང༷་བའམ་འཕྲོ་བ༷་དག༷་སྟེ་དཔེ༷ར་ན་ནམ༷་མཁ༷འི་ འཇའ༷་ཚོན༷་དག༷་དང༷་མཚུང༷ས་སོ། །བདུན་པ་འོད་གསལ་གྱི་རིམ་པའི་སྤྱོད་པ་བསྟན་པ་ནི། རྣལ་འབྱོར་པ་དེ་བཅའ་བའི་ཕྱག༷་རྒྱ་འཆིང༷་བ༷ར་བྱེ༷ད་པ༷འ༷མ་གལ༷་ཏེ༷་གས༷ང་སྔག༷ས་ 8-9-66a བཟློས༷་པ༷འ༷མ་ག༷ང་གཞ༷ན་ལས་ཅི་ཡང་རུང་བ་ཐ༷མས་ཅ༷ད་བྱེད་པ༷་ན༷་ཐ༷མས་ཅ༷ད་སྟོང༷་པའི༷་འོད་གསལ་གྱི་གཞི༷་ལ༷་གན༷ས་ཏེ་དེའི་ངང་དུ་བྱེད་དོ། །གང་བྱེད་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ་གཞན་དུ་བསྐྱེད་རིམ་གྱི་རྣལ་འབྱོར་དང་མཚུངས་བསོད་ནམས་ཀྱི་ཚོགས་ཙམ་ལས་ཡེ་ཤེས་ཀྱི་ཚོགས་སུ་མི་འགྱུར་རོ་ཞེས་གསུངས་ བཟའ་རུང་མི་རུང་ངམ་འགལ་མི་འགལ་ཐ༷མས་ཅ༷ད་ཟ༷་ཞིང༷་ཐམས་ཅད་འཐུང་དངོས་པོ་ཀུན༷་ལ༷་ལྟ༷་སངས་རྒྱས་པར་ཀུན༷་ལ༷་ཕྱག༷་བྱེ༷ད་ཡུལ་ཀུན༷་ཏུ༷་འ༷གྲོ་སྟེ་བྱ་བ་གང་ཅི་ཡང་རུང་བ་ ཐམ༷ས་ཅ༷ད་བྱེ༷ད་པའི༷་མཚ༷ན་མ༷་ཅ༷ན་ཀུན་ཐམ༷ས་ཅ༷ད་སྟོང༷་པ་ལ་གནས་པ༷ས་འགྲུབ༷་པར༷་འགྱུར༷་ཏེ་ཉེས་པ་ཅི་ཡང་མེད་ལ་ཤིན་ཏུ་དག་ཅིང་བླ་ན་མེད་པའི་འབྲས་བུའི་རྒྱུར་འགྱུར་རོ། །གསུམ་ པ་རྗེས་སེམས་བསྐྱེད་ཅིང་ཡོན་དབུལ་ནི། བྱང༷་ཆུབ༷་སེ༷མས་ནི༷་སྔགས་དོ༷ན་དམ༷་ཞེས༷་བྱ༷་བ༷་སྐལ༷་བཟ༷ང་སློབ༷་མ༷་བཟང༷་པོ༷ས་མ༷ན་ངག༷་ཐོབ༷་པ་དེས་ཐལ༷་མོ༷་སྦྱར༷་ནས༷་མེ༷་ཏོག༷་གི་ཕྲེང་བ་ འཛི༷ན་པ༷་ཡི༷་བླ༷་མ༷་ལ༷ས་ནི༷་སླར༷་ཡ༷ང་བླང༷་བ༷ར་བྱ༷་སྟེ་བྱང་ཆུབ་སེམས་ཀྱི་སྔགས་དོན་དམ་པའམ་དོན་དམ་ནི་བྱང་ཆུབ་ཀྱི་སེམས། སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་ 8-9-66b ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་བླ་མ་ལས་ནི་བཤད་པའམ་བསྟན་པ་སླར་ཡང་བླང་བ་བྱའོ། །དངོས་པོ་ཞེས་ལྷ་སྐུ་གཙོ་འཁོར་མཐའ་ཡས་པ་དང་། འཁོར་བའི་འཁོར་ལོ་ཡང་དེ་ལས་བྱུང་ མོད་ཀྱི་རྣལ་འབྱོར་པ་ནི་རང་བཞིན་ཡོངས་སུ་ཤེས་པ་དང་རང་དབང་ཅན་ཡིན་ལ་སོ་སྐྱེ་རྣམས་རང་བཞིན་ཡོངས་སུ་མི་ཤེས་པ་དང་རང་དབང་མེད་པ་སྟེ་ལས་ཉོན་གྱིས་སྐྱེ་བ་སོགས་ རང་དབང་མེད་པར་འབྱུང་བའི་ཁྱད་དོ། །དེས་ན་བཅིང་གྲོལ་དུ་འགྱུར་པར་འཐད་ཀྱང་ཀུན་བྱང་གི་དངོས་པོ་རྣམས་ཀྱི་རྒྱུ་འབྱུང་གནས་ནི་གཅིག་པ་སྟེ་འོད་གསལ་བ་ལས་གཞན་ མེད་ཅིང་དེ་ཉིད་དུ་ཐིམ་པར་འགྱུར་རོ་ཞེས་གསུངས། འདིའི་དོན་ཕྱི་རོལ་པས་བཏགས་པའི་བདག་དང་དབང་ཕྱུག་གམ། བསོད་ནམས་ལྟ་དང་སྐྱེས་བུ་དང་དུས་སོགས་ཚད་མས་ གནོད་པར་གྱུར་པའི་ལམ་དང་བྲལ་ཞིང་། རང་སྡེས་གྲུབ་མཐའ་ཉན་ཐོས་དང་རྣམ་རིག་པ་སོགས་ཀྱི་བརྟགས་པའི་ཕུང་ཁམས་སོགས་དང་སྣང་བ་སེམས་སུ་འདོད་པ་སོགས་བྲལ་ ཚུལ་རྫོགས་ཆེན་སེམས་སྡེ་དང་མཚུངས་སོ། །དེ་ཡང་གང་ཞེ་ན་གསང་འདུས་རྒྱུད་ལས། ཀུན་བདག་དང་སྐྱེས་བུ་གང་ཟག་དབང་ཕྱུག་སྲོག་དུས་སོགས་ཕྱི་རོལ་པའི་བདེན་པའི་ 8-9-67a དངོ༷ས་པོ༷་ཀུན༷་དང༷་རྣམ༷་བྲལ༷་ཞིང༷་བཅོམ་ལྡན་འདས་ཀྱི་ཉན་ཐོས་གཞུག་པའི་དོན་དུ་གསུངས་པ༷འི་ཕུང༷་པོ༷་ཁ༷མས་དང༷་སྐྱེ༷་མཆེ༷ད་ད༷ང་། རྣལ་འབྱོར་སྤྱོད་པ་ རྣམས་སྣང་བའི་རྣམ་པར་རིག་པ་ཁོ་ན་ཡིན་ཞིང་ཐམས་ཅད་དེ་ཡི་རང་བཞིན་ནོ་ཞེས་དང་རྣམ་པ་ཤེས་པར་བྱེད་པས་ན་རྣམ་རིག་ཡིན་ནོ་ཞེས་སྨྲ་བ་སོགས་གཅིག་དང་དུ་མ་བྲལ་བས་ གཟུང༷་དང༷་འཛི༷ན་པ༷་རྣམ༷ས་སྤང༷ས་པ༷་ཆོས༷་བད༷ག་ཆོས་ཀུན་བདག་མེད་མཉམ་ཉིད་ལས། མེ༷ད་དང༷་མཉམ༷་མེ༷ད་པ༷་སྟེ་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཆེན་པོ་དང་རྣམ་ཤེས་གསུམ་གྱི་རང་བཞིན་རང༷་སེམ༷ས་གཟོད༷་ནས༷་མ༷་སྐྱེས༷་ པ༷་ཐམས་ཅད་སྟོང༷་པ༷་འོད་གསལ་བ་ཉི༷ད་ཀྱི༷་ངོ༷་བོ༷་དེ་ཁོ་ན་བཞི་པ་ཉི༷ད་ཡིན་ཏེ་དེ་ལྟ་བུའི་རང་བཞིན་བྱང་ཆུབ་ཀྱི་སེམས་བདག་གིས་བསྒོམ་པར་བྱའོ། ། ཞེས་སོ། །དེ༷་ནས༷་རང་གི་ནུས་པ་དང་རྗེས༷་སུ༷་མཐུན༷་པའི༷་ཡོ༷ན་བླ༷་མ༷་ལ༷་ནི༷་དབུལ༷་བྱ༷་སྟེ༷་འདི་ལྟར་རི༷ན་ཆེན༷་དང་ཁང་ཁྱིམ༷་དང༷་གླང༷་པོ༷་ད༷ང་རྟ༷་དང་ཡུལ༷་དང༷་། མ༷ལ་སྟན༷་དག༷་དང༷་ནི༷་བྲན༷་ཕོ༷་ བྲན༷་ཆུང༷་མ༷་སྡུག༷་གུ་དང་བུ༷་མོ༷་ཤིན༷་ཏུ༷་ཡི༷ད་འོ༷ང་དང༷་གང༷་གིས༷་བད༷ག་ཀྱང༷་དབུལ༷་བྱ༷་ན༷་ལྷག༷་མ༷་རྣམ༷ས་དབུལ་བ་ལྟ༷་སྨོ༷ས་ཅི༷་དགོས༷་སོ། །རྩ་བའི་གཉིས་པ་དོན་དམ་གྱི་འོད་གསལ་ངོས་ 8-9-67b བཟུང་བ་ནི། སློབ༷་དཔོ༷ན་ལ༷་ནི༷་མངོན་པར་བྱང་ཆུབ་པའི་མན་ངག་གི་དྲིན༷་ཐོབ༷་དྲི༷་མ༷་མེ༷ད་པར་སྒོམ་པ་ཤིན་ཏུ་བརྟན༷་པའི༷་བློ༷་ལྡན༷་དེ་དངོ༷ས་པོ༷་ཀུན་བད༷ག་ཉིད་དམ་རང་བཞིན་ཡིན་ ལ་མེ་ལོང་ལྟ་བུའི་ཡེ་ཤེས། གས༷ལ་ཞིང་དྲི་མས་དག༷་པ་མཉམ་པ་ཉིད་དང་ཤིན༷་ཏུ༷་ཕྲ༷་བ༷་སོར་རྟོག་གོ། ཡེ་ཤེས་མཆོག༷་ཞི༷་བའི༷་ར༷ང་བཞི༷ན་བྱ་གྲུབ་ཡེ་ཤེས། སང༷ས་རྒྱས༷་ཀྱི་ མྱ༷་ང༷ན་འདས༷་པ༷འི་ཁ༷མས་སྟེ་ཆོས་དབྱིངས་ཡེ་ཤེས། ཆགས་དང་ཆགས་བྲལ་སོགས་གཉི༷ས་ཆོས་མེ༷ད་པས་རྣམ་རྟོག༷་ཀུན་བྲལ༷་དེའི་ཕྱིར་རྟག༷་ཏུ༷་འགྱུར་བ་མེད་ཅིང་ཀུན་ནས་ བཟླུམ་པའི་ལྷན་སྐྱེས་བདེ༷་བའི༷་ར༷ང་བཞིན་དེ༷་ཉི༷ད་ནི་རྣལ༷་འབྱོར༷་པ༷ས་བསྒོམ༷་བྱ༷་སྟེ་དེའི་འབྲས་བུ་བསོ༷ད་ནམ༷ས་དང་བསོ༷ད་ནམ༷ས་མི༷ན་པ་གཉིས་ལས་གྲོལ༷་ནས་ར༷ང་ཉི༷ད་འདི༷ར་ནི༷་ བཅོ༷མ་ལྡན༷་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཐར་ཐུག་པ་དཔལ་རྡོ༷་རྗེ༷་སེ༷མས་དཔ༷ར་འགྱུ༷ར་རོ༷། །མཆོ༷ག་ཏུ༷་གས༷ང་བའི༷་བདེ༷་བ༷་མངོ༷ན་པ༷ར་བྱང༷་ཆུབ༷་པའི༷་རིམ༷་པ༷་སྟེ༷་སློབ༷་ དཔོ༷ན་ཀླུ༷་སྒྲུ༷བ་ཀྱི༷་ཞལ༷་སྔ༷་ནས༷་མཛ༷ད་པ་སྟེ༷་རི༷མ་པ༷་བཞི༷་པ༷འོ༷།། ༈ །།ལྔ་པ་ཟུང་འཇུག་གི་རིམ་པའམ་མི་གནས་པའི་མྱ་ངན་འདས་ཀྱི་རིམ་པ་ཞེས་བྱ་བ་ 8-9-68a འདི་བཤད་པར་བྱའོ། །དེ་ལ་དང་པོར་གཞུང་ལ་འཇུག་པ་དང་གཞུང་དངོས་བཤད་པའོ། །དང་པོ་ནི། མགོན་པོ་རྒྱུ་བྱང་ཆུབ་སེམས་བསྐྱེད་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་ འབྲས་བུ་བྱང་ཆུབ་ཉིད་སང༷ས་རྒྱས༷་ཀུན་གྱི་བད༷ག་ཉི༷ད་འཆད་འགྱུར་ལྟར་གཉི༷ས་པ༷་ཡི་ཆོས་ཀྱི་རྣམ་རྟོག་ཐ༷མས་ཅ༷ད་རྣ༷མ་སྤང༷ས་པ་གཉིས་མེད་ཡེ་ཤེས་ཀྱི་སྐུ་ལ༷་ཕྱག༷་འཚ༷ལ་ནས་ནི༷་ཟུང༷་ དུ་འཇུག༷་པ༷འི་རི༷མ་པ༷་ཐ༷་མ་བྲི་བ༷ར་བྱའོ༷། །ད་ནི་གཞུང་དངོས་ཀྱི་ཚིག་དོན་ལ་འཇུག་པར་བྱ་སྟེ། ཀུན་ཟུང་འཇུག་སྤྱིའི་མཚན་ཉིད་རྒྱས་པར་བཤད། སློབ་པ་དང་མི་སློབ་པའི་དབྱེ་བ་ མདོ་ཙམ་བསྟན། ཟུང་འཇུག་གི་རིམ་པའི་མཚན་གྱི་རྣམ་གྲངས་བཤད། ཟུང་འཇུག་ལ་བརྟེན་པའི་སྤྱོད་པའི་རྣམ་གཞག་བསྟན་པ་སྟེ་བཞི་ལས། དང་པོ་ནི། འཁོ༷ར་བ༷་ལ༷ས་ཉོན་ གྱིས་འཆིང་བ་ད༷ང་ནི༷་མྱ༷་ང༷ན་འད༷ས་པ་སྒྲིབ་གཉིས་དག་གི་རྟོག༷་པ༷་གཉི༷ས་པོ༷་སྤ༷ངས་པ༷ས་ན༷་ག༷ང་དུ༷་འཁོར་འདས་དེ་གཉིས་དངོ༷ས་པོ༷་གཅི༷ག་ཏུ་གྱུར༷་པ༷་ལ་ཟུ༷ང་དུ༷་འཇུག༷་ཅེས༷་དེ༷་ལ༷་བཤ༷ད་ ཅེས་བསྟན། འཁོར་འདས་ལ་ཕྱི་རོལ་པའི་གྲུབ་མཐའ་དངོས་པོ་འདོད་ཚུལ་ནི་དོན་ལ་མི་གནས་པས་འདིར་མ་སྤྲོས་རང་སྡེ་སངས་རྒྱས་པའི་ལྟར་ན། ཐེག་དམན་ནི་ཟག་ 8-9-68b བཅས་ལས་ཉོན་རྣམ་སྨིན་གྱི་ངོ་བོར་གྱུར་པ་འཁོར་བ། ལས་ཉོན་རྣམ་སྨིན་ཟད་པའི་སོ་སོར་བརྟགས་འགོག་ཙམ་མྱང་འདས་ཟེར་འདིའི་མྱང་འདས་དངོས་མེད་དོ་ཐེག་ ཆེན་པས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཟག་བཅས་སྡུག་ཀུན་གྱིས་བསྡུས་པ་འཁོར་བ། དེ་དང་བྲལ་ཏེ་མི་གནས་པའི་མྱང་འདས་ནི་མྱ་ངན་ལས་ འདས་པའོ་ཞེས་འདོད། དེ་ལྟར་སྣང་ཚུལ་གཉིས་སུ་སྣང་ལ་བསྙོན་དུ་མེད་ཀྱང་གནས་ཚུལ་དོན་དམ་པར་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པས་ཆོས་ཉིད་ཇི་ལྟ་བ་ བཞིན་མངོན་དུ་གྱུར་པའི་ཚེ་ན་དེ་གཉིས་ཐ་དད་དུ་རྟོག་པའི་རྟོག་པ་གཉིས་དང་བྲལ་ཏེ་ཐ་མི་དད་པར་འདོད་ནས་རང་བཞིན་རྣམ་དག་མངོན་དུ་གྱུར་པ་ནི་ཟུང་འཇུག་ཅེས་བྱའོ། །ཀུན༷་ནས་ ཉོ༷ན་མོ༷ངས་པ་ད༷ང་རྣ༷མ་པ༷ར་བྱང༷་བ་གཉིས་ཀ་དོ༷ན་ད༷མ་སྐྱེ་མེད་ཉི༷ད་དུ༷་ཤེས༷་ན༷ས་ནི༷་གང༷་གིས་གཅིག་ཏུ་སྟེ༷་ཐ་མི་དད་པར་ཤེས༷་གྱུར༷་པ༷་དེ༷་ཡི༷ས་ཟུང༷་དུ༷་འཇུག༷་པ༷་ཤེས༷་ཤིང་མངོན་དུ་བྱས་པའོ། །དངོས་ པོ་རྣམ་པ་བཅས་པ་བུམ་སོགས་ཕྱི་རོལ་ན་དངོས་པོ་གང་ཅི་སྣང་བ་དེ་རྣམས་རང་གི་ངོ་བོས་ཡོད་པ་མིན་ཏེ་རང་གསལ་ཉིད་ཡིན་པའི་ཕྱིར། རང་གསལ་གྱི་ངོ་བོ་ནི་ཡོད་དེ་རྣམ་རིག་བཞིན་གཞན་གསལ་ནི་མེད་པ་ 8-9-69a གཞན་དབང་ངོ་། །གཞན་ལ་རག་ལས་དེ་ནི་རྣམ་རིག་ཁོ་ནས་གསལ་བ་ཉིད་ཡིན་ལ། དེས་ན་སྔོ་སེར་སོགས་ཀྱི་རྣམ་པ་དེ་ནི་རྣམ་རིག་ཏུ་རྣམ་པར་ཤེས་ པ་རྣམས་བཅས་སྨྲ་བ་རྣམས་ཀྱི་དངོས་པོར་ཀུན༷་རྟོག༷་དེ་དང་བྲལ་བ་དངོ༷ས་པོ༷་མེ༷ད་པ༷ར་རྟོག༷་པ༷་ངག༷་རྣམ་མེད་པ་སྟེ་རྣམ་རྫུན་པ། རྣལ༷་འབྱོར༷་པ༷ས་ནི༷་ཅི༷ག་ཆ༷ར་སྤྱོ༷ད་ཏེ་དེ་གཉིས་གང་ ཡང་མེད་པར་དེ༷་ནི༷་ཟུང༷་འཇུག༷་ཤེས༷་པའོ༷། །དབུ་མའི་ལྟར་ན་འདི་གཟུང༷་བ༷་ཡུལ་ཞེས་དང༷་འདི་ནི༷་འཛི༷ན་པ༷་ཞེས༷་རྣམ༷་གཉི༷ས་ཀྱི་བློ༷་ནི༷་ཡོ༷ད་མི༷ན་གྱི༷་ག༷ང་དུ༷་དབྱེར་མེད་པའམ་གཟུང་ བ་མེད་པས་འཛིན་པའང་མེད་པའི་མི༷་ཕྱེ༷ད་བློ༷་ཡོ༷ད་པ༷་དེ༷་ནི༷་ཟུང༷་འཇུག༷་ཅེས༷་བྱར༷་བཤ༷ད་ལ་ལོག་རྟོག་རྣམས་ཀྱིས་བདག་སོགས་རྟག༷་པ་ཐེར་ཟུག་ཏུ་ཡོད་པ་ད༷ང་འགགས་པ་མཐར་ ཐུག་མྱང་འདས་ཆ༷ད་པར་གནས་པའི༷་བློ༷་དག༷་ནི་འོད་གསལ་བའི་ཡེ་ཤེས་གང༷་གི༷ས་སྤང༷ས་ན༷ས་གན༷ས་པ༷་ཡི༷ས་ཟུང༷་དུ༷་འཇུག༷་པའི༷་རི༷མ་པ་འདི༷་ཡི༷་དེ༷་ཉི༷ད་ཤེས༷་ཏེ༷་རྣལ་འབྱོར་པ་ མཁ༷ས་པ༷་ཡི༷ན་ཞེས་རྣལ་འབྱོར་པ་སྤྱིའི་ཕྱོགས་ཀྱི་ངོ་བོའོ། །ཤེས༷་ར༷བ་དོ༷ན་དམ་བྱང་སེམས་དང་ཀུན་རྫོབ་བྱང་སེམས་སྙིང༷་རྗེ༷་ཐ་དད་ཀུན་མེད་པར་གཅི༷ག་པ༷ར་ནི༷་ཤེ༷ས་ནས༷་བདག་ཉིད་ནི་གང༷་རབ་ཏུ་དུ༷་འཇུག༷་ 8-9-69b གྱུར༷་པ་ཟུང༷་འཇུག༷་ཅེས༷་བྱར༷་བཤ༷ད་པ༷་སྟེ༷་རི༷མ་པ་འདི༷་སང༷ས་རྒྱས༷་ཀྱི་སྤྱོ༷ད་ཡུལ༷་ལོ༷་ཞེས་དྲངས་པའོ། །ཡང་ན་ཤེས་རབ་ཡེ་ཤེས་ནི་ཕྱག་རྒྱ་སྙིང་རྗེ་ནི་རྡོ་རྗེ་འཆང་སྟེ་ཕྱག་ཆེན། དེ་གཉིས་ ཟུང་དུ་ཞུགས་པས་མི་གནས་མྱང་འདས་ས་བཅུ་གཉིས་ཐོབ་པ་བྱ་བ་ཡིན་ཞེས་ངེས་དོན་ཡང་ཤེས་རབ་ནི་ཤེས་རབ་ཀྱི་ཕར་ཕྱིན། སྙིང་རྗེ་ནི་ཕ་རོལ་ཕྱིན་པ་གཞན་ལྔ་དེ་དག་དབྱེར་མེད་ འཁོར་གསུམ་དག་པའི་སྒོ་ནས་བསྒྲུབ་པ་མཐར་ཕྱིན་པར་ཡང་བཤད་དོ། །ཐབ༷ས་བདེ་ཆེན་ད༷ང་ཤེས༷་ར༷བ་སྟོང་པ་སྙོམ༷ས་འཇུག༷་པ༷ར་འདོད་ཆགས་སོགས་ཐམ༷ས་ཅ༷ད་བསྡུས༷་རང་བཞིན་ལ༷ས་ ལྷན་སྐྱེས་སུ་ཤེས༷་པར་གྱུར༷་པ༷་སྟེ་རྟོགས་ནས་རྣལ༷་འབྱོར༷་ཆེ༷ན་པོ༷་གང༷་དུ༷་ལྷན་སྐྱེས་བདེ་ཆེན་ལ་གན༷ས་དེ༷་ནི༷་ཟུང༷་དུ་འཇུག༷་པར༷་འགྱུར༷་རོ། །གང༷་དུ༷་ཉན་ཐོས་པ་ལྟར་ཕུང་པོ་ལྷག༷་ མ༷ར་བཅས༷་པ༷་དང༷་དེ༷་བཞི༷ན་ལྷག༷་མ༷་མེ༷ད་པ༷་ཞེས༷་འདི༷་ལྟའི༷་རྟོག༷་པ༷་མེ༷ད་གྱུར༷་པ༷་དེ༷་ནི༷་ཟུང༷་དུ༷་འཇུག༷་པ༷འོ༷། །གང༷་དུ༷་གང༷་ཟག༷་ལ་བད༷ག་མེ༷ད་ད༷ང་ཆོས༷་ལ༷་བད༷ག་མེ༷ད་པ༷་དག༷་གི༷་རྟོག༷་པ༷་ གཉིས་ལ༷ས་རྣམ༷་གྲོལ༷་པ༷་ཆོས་ཉིད་གཅིག་པུས་གནས་པ་ནི་ཟུང༷་དུ༷་འཇུག༷་པའི༷་མཚ༷ན་ཉི༷ད་དོ༷། །དེ༷་ཉི༷ད་ཤེས༷་པའི༷་ཏེ་མངོན་པར་བྱང་ཆུབ་སེམས་དབེན་གྱི་པའི་འོད་གསལ་རི༷མ་པ་ཤེས༷་ 8-9-70a ནས༷་བདག༷་བྱི༷ན་བརླབ༷་པའི༷་སྐུར་ལྡང་པ་དང་འོ༷ད་གས༷ལ་ལ༷་སྐུ་ནི་རང་བཞིན་དེ༷་ཉི༷ད་ལ༷་ནི༷་འདུས༷་པ༷་སྟེ་ཐ་དད་དུ་མེད་པ་གང༷་ཀླུ་བྱང་འགྲེལ་པར། བདག་བྱིན་རླབས་དང་འོད་གསལ་དང་། ། དེ་ཉིད་རིག་པས་རིམ་ཤེས་ནས། །དེ་དག་འདུས་པ་གང་ཡིན་པ། །དེ་ནི་ཟུང་འཇུག་རིག་པ་ཡིན། །ཞེས་བདག་བྱིན་རླབས་ལས་ཅིག་ཆར་ལྷའི་རྣམ་པར་སྤྲོས་པ་ ནི་ཀུན་རྫོབ་བདེན་པའོ། །འོད་གསལ་ཞེས་བྱ་བ་ནི་ཡང་འོད་གསལ་དེ་ཉིད་དུ་རིམ་པ་གཉིས་པ་བཞི་པ་བདག་གིས་འཇུག་པའོ། །དེ་ཉིད་རིམ་པས་བདེན་པ་གཉིས་པོ་ཡི་རིམ་པ་དེ་ གཉིས་ཤེས་ནས་རིམ་པ་ལྔ་པས་གཉིས་པོ་དེ་དག་གཅིག་ཏུ་གྱུར་ཅིང་ཐ་མི་དད་པར་བྱས་པ་ཟུང་འཇུག་གོ་ཞེས་གསུངས་འདི་ལེགས། ཟུང༷་དུ༷་འཇུག༷་པ༷འི་རི༷མ་པ་ཞེས་པ་འདི༷་ཡི༷ན་ནོ། ། དེ་ལ་ཏིང་ངེ་འཛིན་གཉིས་ཏེ་རི༷ལ་པོ༷ར་འཛི༷ན་པ་དང༷་རྗེས༷་སུ་གཞི༷ག་པ་དང༷་དེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག༷་ད༷ང་དེ༷་བཞི༷ན་གན༷ས་པ༷་ད༷ང་དེ༷་ན༷ས་འོད་གསལ་ལས་བདག་བྱིན་རླབས་ག༷ང་དུ༷་ ལྡང༷་གྱུར༷་པ༷་དེ་དག་ཐ་དད་དུ་མེད་པ་མཉམ་པར་གྱུར༷་པ་དེ་ནི་ཟུང༷་དུ༷་འཇུག༷་པ༷འོ༷། །བུམ་སོགས་ཀུན༷་རྫོབ༷་ཀྱི་ཆོས་རྣམས་ད༷ང་ནི༷་དེའི་རང་བཞིན་སྟོང་པའི་དོ༷ན་ད༷མ་ད༷ག་སོ༷་སོ༷འི་ཆ༷ར་ནི༷་ 8-9-70b ཤེས༷་གྱུར༷་པ༷་དེ་ཡང་གང༷་དུ༷་ཡང༷་དག༷་འདྲེས༷་གྱུར༷་པ༷་སྟེ་དབྱེར་མེད་པ་ནི་ཟུང༷་དུ༷་འཇུག༷་པ༷ར་དེ༷་བཤ༷ད་དོ༷། །ཀུན་རྫོབ་ལས་ལོགས་ཤིག་ན་དོན་དམ་མེད་དེ་དེའི་ཆོས་ཉིད་ཡིན་པའི་ ཕྱིར་རོ། །དོན་དམ་ལས་ལོགས་ཤིག་ཏུ་ཆོས་ཅན་མི་དམིགས་ཏེ། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་གྱི་ནི་མངར་དང་མེའི། །རང་ བཞིན་ཚ་བ་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི། །སྟོང་པ་རང་བཞིན་ཡིན་པར་འདོད། །བྱས་པ་ཀུན་ཉིད་དང་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་པ་ཡིན། །ཞེས་ དང་། གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་ཞེས་གསུངས་པ་ལྟར་རོ་ཞེས་གསུངས་སོ། །རྫོགས་པའི་རིམ་པའི་སྒོ་ནས་དེ༷་བཞི༷ན་ཉི༷ད་ལ༷་དམིག༷ས་བཞིན་དུ་གནས་པ་ཉི༷ད་ དང༷་ནི་དེ་བཞིན་ཉིད་ལ་དམིགས་པ་དང་། གང་དུ་ལྡང་བ་ཉིད་མེད་པ། དེ་ནི་ཟུང་དུ་འཇུག་པར་འགྱུར། རྣལ་འབྱོར་པ་ནི་མི་ཟད་གནས། ཞེས་ཀླུ་བྱང་ལས་སོ། །ཡང་དེ་བཞིན་ ཉིད་ནི་འོད་གསལ་ལོ། །དེ་གནས་ཀྱང་འདི་དེ་བཞིན་ཉིད། ཅེས་པའང་འདུག །དེ་ལས་ལྡང་ཞེས་མི་རྟོག་པར་མཉམ་ཉིད་དུ་ཀླུ་བྱང་གིས་གསུངས། དེ་ལས་མ་གཡོས་པར་ 8-9-71a ད༷ང་མ༷་བཞ༷ག །ག༷ང་དུ༷་ལྡང༷་པ༷ར་གྱུར༷་པ༷་ནི༷་ཟུང༷་དུ༷་འཇུག༷་པ༷་དེ༷་ཡི༷ན་ཏེ༷་ནམ་ཡང་ཡོན་ཏན་མི༷་ཟ༷ད་པ་རྣལ༷་འབྱོར༷་པ༷་མཆོག་སངས་རྒྱས་པ་ཡི༷་གན༷ས་སོ། །གཉི༷ད་ལོ༷ག་ད༷ང་ ནི༷་ས༷ད་པ༷་སྟེ༷་གན༷ས་སྐབ༷ས་དེ༷་གཉི༷ས་གང་ལ་སྤང༷ས་པ༷་ནི༷་གཉི༷ད་ལོ༷ག་སད༷་ད༷ང་རྣམ༷་བྲལ༷་བ༷་ཟུང༷་འཇུག༷་ཡི༷ན་པ༷ར་སྟོན༷་པ༷ས་གསུང༷ས་ཞེས་སོ། །དེ་ཉིད་ནི་བསྐྱེད་རྫོགས་ལ་མཉམ་ པ༷་བཞག༷་པ༷་གང༷་ལ༷་འདི༷་དག༷་ཐམ༷ས་ཅ༷ད་མེ༷ད་དངོ༷ས་པོ་དང༷་དངོ༷ས་མེ༷ད་ཀྱི་རང་བཞིན་རྣམ༷་པ༷ར་སྤང༷ས་པ༷་ཡི་རྣལ༷་འབྱོར༷་པ༷་ནི༷་ཟུང༷་འཇུག༷་ལ་གན༷ས་པའོ། །འོད་གསལ་ལས་ མཐོང་བའི་ཡེ་ཤེས་དྲ༷ན་དང་། རང་བཞིན་དང་རྣམ་ཤེས་གསུམ་འགགས་ནས་མི༷་དྲ༷ན་ལ༷ས་གྲོལ༷་ཞིང༷་དུས་རྟག༷་ཏུ༷་ཁྱད་པར་མི་འདྲ་བ་མེད་པར་ནམ་མཁའ་སྲིད་དུ་གནས་པའམ་འབྱུ༷ང་བ༷འི་ སྟེ་གནས་པའི་མཚ༷ན་ཉི༷ད་ཅ༷ན་རྣལ༷་འབྱོར༷་པ༷་ནི༷་རང་དབང་དུ་ཇི་ལྟར་འདོ༷ད་བཞིན་པར་དེ་ནི་སྤྱོ༷ད་ལམ་བཞི༷་ཤུགས་འབྱུང་དུ་སྤྱོ༷ད་པའམ་སྟེ་ཟུང༷་འཇུག༷་རི༷མ་པ་ལ༷་གན༷ས་པ༷འོ། །ཆག༷ས་པ་ནི་ དགའ་དང་མཆོག་དགའ་ད༷ང་ཆ༷གས་མི༷ན་དགའ་བྲལ་ལ༷ས་གྲོལ༷་ཞིང༷་མཚན་ཉིད་དང་ཕྲལ་བའི་ལྷན་སྐྱེས་མཆོག༷་ཏུ༷་དགའ༷་ལྷན་སྐྱེས་ཡིན་གྱི་ལྟ་བ་མིན་གསུངས། བའི༷་ལུས༷་དང༷་ལྡན༷་པའི་ཡེ་ཤེས་ཀྱི་ 8-9-71b སྐུ་འཁོ༷ར་བ༷་སྲི༷ད་དུ༷་གན༷ས་བྱེ༷ད་པ༷་ནི་ཟུང༷་འཇུག༷་རྣམ༷་པ༷ར་བསྒོམ༷་པ༷འོ༷། །རང་གི་མཚན་ཉིད་ཀྱི་སྒོ་ནས་རིམ་པ་ལྔ་པ་བྱ༷་བ༷་འབྲས་བུ་དང༷་ནི་བྱེད་པ༷་རྒྱུ་དག་དང༷་མི༷་ཕྱེ༷ད་པ༷་ཡི༷་ངོ༷་བོ༷་ཉི༷ད་ཀླུ་བྱང་དུ་ རྒྱུ་དང་འབྲས་བུ་ཉིད་དང་ནི། རང་བཞིན་མི་ཕྱེད་བྱས་ནས་སུ། །རྣལ་འབྱོར་པ་ནི་གང་ཞིག་གནས། །དེ་ནི་ཟུང་འཇུག་སངས་རྒྱས་གསུངས། །ཞེས་རྒྱུ་ཀུན་གཞིའི་བག་ཆགས། འབྲས་བུ་ཁུ་ཁྲག་ལ་འབྱུང་བའི་ལུས། དེ་གཉིས་མི་ཕྱེད་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའམ། ཡང་ན་རྒྱུ་དང་འབྲས་བུ་དག་ནི་ལྷན་ཅིག་སྐྱེས་པ་དང་ཤེས་རབ་པདྨ་དག་ནི་མི་ཕྱེད་པར་ བྱས་ནས་སམ། རྒྱུ་ནི་རྡོ་རྗེའི་བཟླས་པ་སོགས་རིམ་པ་བཞི་འབྲས་བུ་ཟུང་འཇུག་སྟེ་དེ་རྣམས་རོ་གཅིག་གསུངས་ཀྱང་། རྒྱུ་སྐྱེད་བྱེད་ཀྱི་རིགས་སྤྱི་དང་། འབྲས་བུ་བསྐྱེད་བྱ་ཞེས་དོན་དམ་ པར་སྐྱེ་བ་མེད་པའི་དབྱིངས་སུ་མི་ཕྱེད་པས་ཞེས་སྦྱར་ན་བདེ་འདྲ་སྙམ། དེ་ལྟར་མི་ཕྱེད་རོ་གཅིག་པར་བྱས་ནས་རྣལ་འབྱོར་པ་གན༷ས་པ་གང༷་ཞིག་རྣལ༷་འབྱོར༷་པ༷ས་ཞེས༷་པ༷་ཟུང༷་དུ༷་ འཇུག༷་པ༷ར་དེ༷་བཤ༷ད་དོ༷། །བསྐྱེ༷ད་པ༷འི་རི༷མ་པ༷་འདི༷་ཕྱོགས་གཅིག་ཡི༷ན་ལ་གཞ༷ན་ཡང༷་ཞུ་བདེ་སོགས་ཀུན་རྫོག༷ས་པ༷འི་རི༷མ་པ༷་དག༷་གཉི༷ས་པོ༷་གང༷་དུ༷་གཅི༷ག་པར་གྱུར༷་པ༷་ཡི་དོན་གྱི་ཡེ་ཤེས་དེ༷་ 8-9-72a ནི༷་ཟུང༷་དུ༷་འཇུག༷་པར༷་བཤ༷ད། བསྐྱེད་རིམ་གྱི་ཕྱོགས་ནས་ཡོང༷ས་སུ༷་དག༷་པའི༷་ཡེ་ཤེས་སྐུའམ་ལྷ༷་དང༷་ནི༷་འདི༷ར་ནི༷་མ༷་ད༷ག་པ༷ར་གྱུར༷་སྔགས་ཀྱི་སྐུ་དང་ཐ་མལ་ པ་ཞེས༷་ག༷ང་ཞི༷ག་མི༷་ཕྱེ༷ད་པ༷ར་རྟོག༷་པ༷་སྟེ་དོན་དམ་པའི་དབྱིངས་སུ་ཚུལ་གཅིག་པ་གང༷་ཡི༷ན་དེ༷་ནི༷་ཟུང༷་འཇུག༷་པའོ༷། །རྫོགས་རིམ་གྱི་ངོས་ནས་གཟུག༷ས་ཅ༷ན་ཕུང་ཁམས་སྐྱེ་མཆེད་ ད༷ང་ནི༷་གཟུག༷ས་མེ༷ད་ཅེས༷་རྣམ་ཤེས་དང་ནམ་མཁའ་སོགས་རྟོག༷་པ༷་གཉི༷ས་པོ༷་སྤ༷ངས་པས༷་ན༷་སྟེ་ཆོས་ཉིད་ལ་དེ་ཐ་དད་དུ་མེད་པས་སོ། །ཡང་ན་གཟུགས་མེད་རྣམ་མེད་འོད་གསལ་ གཟུགས་ཅན་རྣམ་བཅས་འོད་གསལ་གྱི་སྣང་བ་དེ་གཉིས་ཐ་དད་མེད། ཅེས་སོ། །རྫོགས་པའི་རྣལ་འབྱོར་གྱི་འབྲས་བུ་ནི་གང༷་ཞིག༷་སྤྲོས་ཀུན་གདོད་ནས་ཞི༷་བར་རྟོག༷ས་པའི་རྣལ༷་འབྱོར༷་ དབ༷ང་པོ༷་དེ༷་ནི༷་ཟུང༷་འཇུག༷་ཐོབ༷་པ༷འོ༷། །གཉིས་པ་སློབ་པ་དང་མི་སློབ་པའི་དབྱེ་བ་མདོ་ཙམ་བསྟན་པ་ནི། དེ༷་ལྟར༷་གང༷་གན༷ས་རྣལ༷་འབྱོར༷་པ༷འོ༷། །ཟུང༷་འཇུག༷་གི་རི༷མ་པ་ལ༷་གན༷ས་པ༷་སྟེ༷་ དེ༷་ནི༷་ཤེས་བྱ་ཀུན་མཁྱེན་དེ༷་ཁོ་ན་ཉི༷ད་མཐར་ཐུག་མཐོང༷་བ་དང་ཁམས་གསུམ་འདུལ་བའི་ཕྲིན་ལས་ལ་ལོངས་སྤྱོད་པའམ་ཕན་བདེའི་ཆོས་སྣ༷་ཚོག༷ས་སམ་སྐུ་གསུང་ཐུགས་རྣམ་པ་ཐམས་ 8-9-72b ཅད་པའམ་རྣམ་པ་སྣ་ཚོགས་འཆང་བ་ལ་འཛི༷ན་ཅེ༷ས་བརྗོ༷ད་པ༷་ཡི༷ན་ནོ། །གསུམ་པ་ཟུང་འཇུག་གི་རིམ་པའི་མཚན་གྱི་རྣམ་གྲངས་བཤད་པ་ནི། སྒྱུ་འཕྲུ༷ལ་དྲ༷་བས༷་མངོ༷ན་སང༷ས་རྒྱས༷་ པ་ནི་སྣང་སྲིད་ཐམས་ཅད་རྣམ་དག་ཡེ་ཤེས་ཀྱི་རོལ་པར་ཤར་བའོ། །འཁོ༷ར་བ༷འི་རྒྱ༷་མཚོའི༷་ཕ༷་རོལ༷་ཏུ་སོ༷ན་པ་ནི་ལམ་མཐར་ཕྱིན་པའི་བྱ༷་བ༷་བྱས༷་པ༷འི་རྣལ༷་འབྱོར༷་ཆེ༷་མི་སློབ་པའོ། ། དེའི་བདེ༷ན་པ༷་གཉི༷ས་ཀྱི༷་ཚུལ༷་དབྱེར་མེད་པ་ལ༷་གན༷ས་སོ། །དེ༷་ཉི༷ད་གཟུང་འཛིན་སོགས་གཉི༷ས་ཆོས་མེ༷ད་པའི་ཡེ༷་ཤེས༷་ཏེ༷་མི༷་གན༷ས་པའི་མྱ༷་ང༷ན་ལ༷ས་འདས༷་པ༷་ཡི༷ན་ནོ། །སང༷ས་རྒྱས༷་ རྡོ༷་རྗེ༷་སེམས་དཔ༷འ་ཞེས་བྱ་བ་ཉི༷ད་ཀྱང་སྟེ་དེ༷་བཞི༷ན་འཁོར་འདས་ཀུན༷་གྱི༷་དབ༷ང་ཕྱུག༷་ཡི༷ན་ཏེ་དབང་ཕྱུག་བརྒྱད་ལྡན་ནོ། །དེ་ཡང་ཆུང་ངུ་དང་ཆེན་པོ་སྟེ། ཕྲ་ཡངས་བདག་པོར་ གྱུར་དང་གར་ཡང་ཕྱིན། འདོད་དགུར་ལྡན་དང་ཡང་བ་བདག་དབང་གྱུར། དགའ་མགུར་གནས་པའི་རྫུ་འཕྲུལ་འདི་བརྒྱད་དོ། །ཡང་ན་སྐུ་གསུང་ཐུགས་ཡོན་ཏན་གྱི་དབང་ ཕྱུག་སོགས་སྔར་སྨོས་བརྒྱད་དེ་འཇིག་རྟེན་པའི་དབང་ཕྱུག་ལས་ནི་དེའི་ཆ་ཙམ་ཞིག་གིས་འཕགས་ལ་འདི་ནི་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པ་དང་ཕུང་བདུད་སོགས་ཀྱི་ 8-9-73a བསྐྱོད་བྱ་མ་ཡིན་པས་ཚད་མེད་མཐར་ཐུག་པའི་དབང་ཕྱུག་བརྒྱད་དོ། །སྤྲོས་པས་མི་ཕྱེད་པ་རྡོ༷་རྗེ༷་ལྟ༷་བུའི༷་ཏིང༷་འཛི༷ན་ཡང༷་འདི་ལ་མཐར་ཐུག་པ་ཡིན་ནོ། ། རྫོག༷ས་པའི༷་རི༷མ་པ་མཐར་ཐུག་པ་གན༷ས་པའང་དེ༷་ཉི༷ད་དེ༷་སྒྱུ༷་མ༷་ལྟ༷་བུའི༷་ཏིང༷་འཛིན༷་མཐར་ཐུག་པ་དང༷་འདི་ཡང་སྒྱུ་མ་ལྟ་བུའི་ཏིང་འཛིན་ཡིན་ན་རིམ་པ་གསུམ་དང་ཁྱད་ཅི་ཡོད་སྙམ་ན། རིམ་པ་གསུམ་པ་ནི་ཇི་སྲིད་དུ་རིམ་པ་བཞི་པས་དག་པར་མ་བྱས་དེ་སྲིད་དུ་ཡོངས་སུ་དག་པར་མི་འགྱུར་ལ། དེ་ཡང་དག་པར་བྱེད་པ་གཞན་མི་དགོས་ཏེ་མི་སློབ་པ་ཉིད་ཡིན་པའི་ཕྱིར་རོ། ། རིམ་པ་གསུམ་པ་དེར་ནི་སྒྱུ་མ་ཉིད་དུ་བལྟ་བར་བྱེད་པ་ཡིན་ལ། འདིར་ནི་ལྷུན་གྱི་གྲུབ་པ་ཁོ་ན་ཡིན་ནོ་ཞེས་ཁྱད་པར་རོ། །རྒྱུད་ཐམས་ཅད་འདི་ཉིད་ཀྱི་ཚད་མ་ཡིན་ཏེ་འཁོར་འདས་སོགས་ གཉི༷ས་སུ༷་མེ༷ད་པ༷ར་ཟུང་འཇུག་དེ༷་བཤ༷ད་དོ༷་སྒྲ༷་ག༷ང་མདོ་དང་རྒྱུད་ལས་སྐྱེ༷་མེ༷ད་ལ༷་སོ༷གས་པ༷་སྟེ་རྒྱུད་ཐམས་ཅད་ཀྱི་འདིར་མཐར་ཕྱིན་པའི་འདི་ཉིད་ཚད་མ་ཡིན་པར་གཟུང་དགོས་ཏེ་སྐྱེ་བ་ མེད་པ་སོགས་ཀྱི་སྒྲ་སོགས་གསུངས་སོ། །དེ་ཡང་དེ་བཞིན་ཉིད། ཡང་དག་མཐའ། མཉམ་པ་ཉིད། སྟོང་པ་ཉིད། མི་རྟོག་ཡེ་ཤེས། དག་པ་འཇིག་རྟེན་པ། འཇིག་རྟེན་ལས་འདས་ 8-9-73b པ། རྣམ་པར་ཐར་པ། གྲོལ་བ། རྣམས་རིམ་པ་ཙམ་དང་། དབུ་མའི་ལམ་ཞེས་པ་ལ་སོགས་པ་གཉི༷ས་སུ་མེ༷ད་པའི་ཡེ༷་ཤེས༷་མི་གནས་པའི་དབྱིངས་ཀྱི་རང་བཞིན་དེ་ཁོ་ན་ཉིད་སྟོན༷་ ཅིང་བརྗོད་པར་བྱེད་པ་ཡིན་པར་གྱུར་པ་དེ་རྣམ༷ས་ཐམ༷ས་ཅ༷ད་ཟུང་འཇུག་གི་རིམ་པ་འདི༷་ཡི༷་དོན་ཅན་གྱི་ཚིག༷་ཡི༷ན་ཏེ༷་མདོ་རྒྱུད་དེ༷ར་ནི༷་གཞུང་ཐ་དད་ཀྱང་དེ་ཁོ་ན་ཉིད་གཅིག་ལས་བརྗོད་བྱ་ གཞ༷ན་ད༷ག་མེ༷ད་པ༷ར་བཤ༷ད་ཏེ་འདི་མ་གཏོགས་པར་དེའི་དོན་དམ་མཐར་ཐུག་མི་རྟོགས་པས་སོ། །རིམ་པ་འདིས་ནི་དུས་གསུམ་གྱི་སངས་རྒྱས་གྲུབ་པར་བྱེད་པ་ཡིན་ཏེ་ག༷ངྒཱ༷་ཀླུང༷་གི༷་བྱེ༷་སྙེད༷་ ཀྱིས༷་སང༷ས་རྒྱས༷་རྣམ༷ས་ཀྱིས༷་འདི༷་དག༷་ཉི༷ད་ཐུག༷ས་སུ་ཆུད༷་ནས་ཡོ༷ད་མེ༷ད་ཕྱོག༷ས་སྤང༷ས་པ༷་འདི་ཉིད་ཀྱིས་ཕྱག༷་རྒྱ༷་ཆེ༷ན་པོ༷འི་བད༷ག་ཉི༷ད་སྒྲུབ༷་པ་ཡིན་ནོ། །བཞི་པ་ཟུང་འཇུག་གི་རིམ་ པའི་བརྟུལ་ཞུགས་ཀྱི་སྤྱོད་པའི་རྣམ་གཞག་བསྟན་པ་ནི། ཟུང༷་འཇུག༷་གི་དོན་རྟོགས་པའི་གོ༷་འཕ༷ང་ལ་གན༷ས་པའི༷་སློབ༷་བཞིན༷་པ༷་ཡི༷་རྣལ༷་འབྱོར༷་ཆེ༷་ཟུང༷་དུ༷་འཇུག༷་པ༷་བསྒོ༷མས་ པར་གྱུར༷་པ༷ས་ན་དེའི་སྤྱོ༷ད་པ༷འང༷་དེ༷་དང༷་གཉི༷ས་སུ༷་མེ༷ད་པར་སྤྱད་པར་བྱ་སྟེ་ཇི༷་ལྟར༷་ན་བདག༷་ཉི༷ད་དེ༷་བཞི༷ན་དགྲ༷་བོ་དང་ཆུང༷་མ༷་དེ༷་བཞི༷ན་མན༷འ་མ༷་དང༷་། ཇི༷་ལྟར༷་སྨད༷་འཚོ༷ང་ 8-9-74a དེ༷་བཞི༷ན་མ༷་ཇི༷་ལྟར༷་བྲམ༷་ཟེ༷་དེ༷་བཞི༷ན་གདོ༷ལ། ཇི༷་ལྟར༷་པ༷གས་པ༷་དང་དེ༷་བཞི༷ན་གོ༷ས་ཇི༷་ལྟར༷་རི༷ན་ཆེ༷ན་དང་ཕུབ༷་མ༷་དང༷་ནས་སོ་དེས་ཀྱང་ཇི༷་ལྟར༷་ཆང༷་དང༷་དེ༷་བཞི༷ན་གཅི༷་ བ་ཇི༷་ལྟར༷་བཟ༷འ་བ༷་དེ༷་བཞི༷ན་བཤ༷ད་པ་ཇི༷་ལྟར༷་དྲི༷་བཟ༷ང་དང་ག༷་བུར༷་ད༷ང་། དེ༷་བཞི༷ན་བཤ༷ད་ལ༷ས་བྱུང༷་བ༷འི་དྲི༷་ཇི༷་ལྟར༷་བསྟོ༷ད་པ༷་བྱེ༷ད་པ༷འི་ཚིག༷་དེ༷་བཞི༷ན་དུ༷་ནི་སྨོད༷་པའི༷་ཚིག༷་ཕྱི་རོལ་པའི་ལྷ་ དྲག༷་པོ༷་དབང་ཕྱུག་དང་རང་གི་ལྷ་རྡོ༷་རྗེ༷་ཅ༷ན་དེ༷་བཞི༷ན་ཇི༷་ལྟར༷་ཉིན༷་མོ༷་དེ༷་བཞི༷ན་མཚ༷ན་ཇི༷་ལྟར༷་རྨི༷་ལ༷མ་དེ༷་བཞིན་ས༷ད་ཇི༷་ལྟར༷་འཇི༷ག་པ༷་དང་དེ༷་བཞི༷ན་གན༷ས་པ་དང་། འཇིག་རྟེན་པའི་ཆོས་ཇི༷་ ལྟར༷་བདེ༷་བ༷་དེ༷་བཞི༷ན་སྡུག༷་བསྔལ༷་ཇི༷་ལྟར༷་སྡང༷་བ༷་དེ༷་བཞི༷ན་དུ་མན༷ར་མེ༷ད་དང་མཐོ༷་རི༷ས་ཀྱང་དེ༷་བཞི༷ན་ཏེ༷། དེ༷་བཞི༷ན་སྡིག༷་དང༷་བསོ༷ད་ནམ༷ས་སོ༷་དེ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ངོས་ ནས་ཐ་དད་དུ་མེད་པ་ལྟར་བལྟ་བར་བྱའོ། །དེ༷་ལྟར༷་ཤེ༷ས་ནས༷་མཉམ་ཉིད་དུ་རྟོགས་པའི་ཡེ༷་ཤེས༷་ཅ༷ན་གྱིས་དེ་དང་དེར་རྣམ་པར་རྟོག༷་པ༷་མེ༷ད་པ༷ར་ལས་ཐམ༷ས་ཅ༷ད་བྱེ༷ད་དོ། །དེ་ཇི་ལྟ་ཞེ་ན་ཡོན་ ཏན་ཐམས་ཅད་སྦས༷་པ༷འི་མཉམ་ཀུན་པ་ཆེན་པོའི་བརྟུལ༷་ཞུག༷ས་ཀྱིས་ཀུན༷་བསྒྲུབ༷ས་ན༷་འཇིག་རྟེན་འདས་པའི་རྡོ་རྗེ་འཆང་ཆེན་པོའི་བར་གྱི་ཕུན༷་སུམ༷་ཚོག༷ས་པ༷་ཐམ༷ས་ཅ༷ད་འགྲུབ༷་པར་འགྱུར་རོ། ། 8-9-74b གསུམ་པ་གཞུང་མཐར་ཕྱིན་པའི་བྱ་བ་ནི། རིམ་པ་གཞན་ལས་མཆོག༷་གྱུར༷་རི༷མ་པ༷་ལྔ༷་པ༷་འདི༷་བཤ༷ད་པ༷ས་བསོ༷ད་ནམ༷ས་དགེ་བ་གང༷་ཐོ༷བ་པ༷ས་སྐྱེ་གནས་བཞིས་བསྡུས་ པའི་སྐྱེ་བོ་རྣམས་ཟུང༷་དུ༷་འཇུག༷་པའི༷་ཏིང༷་ངེ༷་འཛི༷ན་འདི༷་ཡི༷ས་མི་གནས་པའི་མྱང་འདས་ཐོབ་ནས་འཇི༷ག་རྟེན༷་རོ༷ལ་པ༷ར་ཐམས་ཅད་དོན་གཉིས་ལྷུན་གྱི་གྲུབ་པར་ཤོག་ཅིག་ ཅེས་ཡོངས་སུ་བསྔོ་བར་བྱ་སྟེ་ཟོ་ཆུན་ཀྱི་འཁྲུལ་འཁོར་ལྟར་འགྲོ་བ་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས་རྒྱུ་ནི་ཏིང་འཛིན་འདི་ཡིས་འབྲས་བུ་མི་གནས་པའི་མྱང་འདས་ཀྱིས་ དབྱིངས་རྟོགས་ནས་རང་དོན་བྱས་ཏེ། གཞན་དོན་དུ་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་བསྐོར་བའི་ལྷ་མོ་རྣམས་དང་ལྷན་ཅིག་འདོད་ཡོན་ལྔ་ལ་ཉེ་བར་ལོངས་སྤྱོད་ ཅིང་བདེ་བ་ཆེན་པོའི་ཏིང་འཛིན་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རོལ་ཞིང་རྣམ་པར་འཕྲུལ་པར་ཤོག་ཅིག་ཅེས་ཀླུ་བྱང་གིས་གསུངས་སོ། །ཟུང༷་དུ༷་ འཇུག༷་པའི༷་རི༷མ་པ༷་སློབ༷་དཔོ༷ན་ཀླུ༷་སྒྲུབ༷་ཀྱི༷་ཞལ༷་སྔ༷་ནས༷་མཛ༷ད་པ༷་སྟེ༷་རི༷མ་པ་ལྔ༷་པ༷་རྫོག༷ས་སོ། །མཆན་འདི་ཀླུ་སྒྲུབ་ཀྱི་མན་ངག་ཐོབ་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་ 8-9-75a པ་རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་བཞིན་ནོ། །འཕ༷གས་པ༷ས་མཛ༷ད་པ༷འི་རྫོག༷ས་ཚུལ༷་རི༷མ་པ༷་ལྔ༷། །ལ༷མ་ལྔ༷་སྦྱང༷་ཕྱིར༷་བླ༷་མ༷འི་བཀ༷འ་བསྒྱུར༷་བ༷ས། །སྒྲིབ༷་པ༷་ལྔ༷་བྲལ༷་ཡེ༷་ཤེས༷་ལྔ༷་ཐོབ༷་སྟེ༷། །སྐུ༷་ ལྔ༷་མངོ༷ན་ཤེ༷ས་ལྔ༷ར་ལྡན༷་ས༷ངས་རྒྱས༷་ཤོག །རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་ཨཱ༷་ཙ༷ཪྻ༷་ཤྲ༷དྡྷཱ༷་ཀ༷་ར༷་ཝ༷རྨ༷་དང་། ཞུ༷་ཆེ༷ན་གྱི༷་ལོ༷་ཙཱ༷་བ༷་བནྡྷེ༷་རི༷ན་ཆེན༷་བཟ༷ང་པོས༷་བསྒྱུར༷་ཅིང༷་ཞུས་ཏེ༷། སླ༷ད་ཀྱི༷་རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་ཀ༷་མ༷་ལ༷་གུ༷པྟ༷་ད༷ང་ ལོ༷་ཙཱ༷་བ༷་རི༷ན་ཆེན༷་བཟ༷ང་པོ༷ས་ཡུལ༷་དབུས༷་ཀྱི༷་དཔེ༷་ད༷ང་ཡ༷ང་གཏུག༷ས་ཏེ༷་གཏན༷་ལ༷་ཕ༷བ་པ༷འོ༷། །སླར་ཡང་སྨྲས་པ། འདིར་འབད་དགེ་བ་གངས་རི་ལྟར་དཀར་བའི། །བསོད་ནམས་དཔག་ཡས་གྲུབ་ ལས་འགྲོ་བ་རྣམས། །རིམ་པ་ལྔ་ཡི་བགྲོད་པ་མཐར་ཕྱིན་ཏེ། །ཟུང་འཇུག་དང་པོའི་མགོན་པོ་ཐོབ་གྱུར་ཅིག །དཔལ་ལྡན་བླ་མ་རྡོ་རྗེ་ཅན་ཉིད་ཀྱི། །དགོངས་པ་མཁའ་ལྟར་དག་པ་དེ་ཉིད་དང་། །བདག་ ཡིད་དབྱེ་བ་མེད་པར་གྱུར་ནས་ཀྱང་། །ཟབ་མོའི་ལམ་གྱིས་བྱ་བ་བྱེད་པར་ཤོག །འདི་ཡང་སྲིད་པ་ཇི་སྲིད་གནས་ཀྱི་བར། །ནུབ་མེད་བཤད་དང་སྒྲུབ་པས་དར་ཤིང་རྒྱས། །བསྟན་པ་རིན་ཆེན་ ཕྱོགས་བཅུར་འཕེལ་བ་དང་། །འགྲོ་རྣམས་བདེ་དགེའི་དཔལ་གྱིས་འཚོ་བར་ཤོག །ཅེས་པའང་ཀུན་གཟིགས་མ་ཧཱ་པཎྜི་ཏ་འཇམ་མགོན་མི་ཕམ་རིན་པོ་ཆེའི་རྩ་མཆན་དུ་གནང་བ་འཇམ་དབྱངས་བློ་གྲོས་རྒྱ་ 8-9-75b མཚོས་དཀྱུས་སུ་བཀོད་ཀྱང་ཕྱག་བྲིས་འདོན་དཀའ་བས་གོང་འོག་འཁྲུགས་པ་དང་ཚིག་དོན་ནོར་འཁྲུལ་གྱི་ཉེས་པ་བླ་མ་དང་ལྷག་པའི་ལྷ་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་ཟུང་འཇུག་གི་གོ་ འཕང་བདེ་བླག་ཏུ་བརྙེས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲི་ཡོ་བྟ་ཀུན་ཝ་ཏུ། །ཨོཾ་སྭ་སྟི། གསང་རྒྱུད་བྱེ་བ་འབུམ་གྱི་གཙུག་ཏོར་ནི། །དཔལ་ལྡན་འདུས་པ་ནམ་མཁའི་མཐའ་མཉམ་ པ། །དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་གཞིར། །མཆོག་ཏུ་བསྔགས་པའི་པད་དཀར་སྤྱི་བོར་བཅིངས། ༡ །འཕགས་ཡུལ་གྲུབ་བརྒྱའི་མེས་པོ་བྲམ་ཟེ་ཆེས། །རྡོ་རྗེ་འཆང་གི་ཐུགས་ཀྱི་ བཅུད་ཕྱུངས་ནས། །དཔལ་ལྡན་རབ་དགའི་བདེ་བའི་རོས་མྱོས་པ། །འཕགས་པ་ཀླུ་ཡི་དབང་པོས་དཔལ་བེར་བསྟིམ། ༢ །དེ་ཉིད་ཀྱིས་ནི་གཞན་ལ་ཕན་དགོངས་ཏེ། །སྙིང་རྗེ་ནོར་བུའི་སྤྲིན་ཆེན་སྟུག་པོ་ ལས། །འདོད་རྒུའི་གྲུ་ཆར་རིམ་པ་ལྔ་འབེབས་པས། །ས་གསུམ་གྲུབ་གཉིས་དཔལ་གྱི་འབྱོར་པས་གཏམ། ༣ །ཟབ་དོན་མན་ངག་གསལ་བར་འབྱེད་པ་ལ། །ཀླུ་བྱང་གཉིས་པ་རྗེ་བཙུན་མི་ཕམ་པའི། ། ལེགས་པར་བཤད་པ་གསེར་གྱི་མཆོད་སྡོང་འདི། །བསྟན་པའི་བཙས་སུ་སྤར་གྱི་འཕྲུལ་ཆེན་ཡང་། ༤ །འོད་གསལ་ལྷ་ཡི་རིགས་ཀྱི་ཐིག་ལེ་ལས། །ཉེ་བར་སྨིན་པ་སྡེ་བཞི་དགེ་བཅུའི་དབྱིག །ཚེ༷་ལ་དབ༷ང་བའི་ 8-9-76a རྒྱལ་པོ་བདུ༷ད་ཚོགས་འ༷དུལ། །འཇིགས་བྲལ་མི་ཡི་སེང་གེའི་སྟོབས་ལས་འཁྲུངས། ༥ །འདིར་དགེས་གྲུས་པ་ཟླ་ཞུན་ལྟར་དཀར་བའི། །བསོད་ནམས་ཕུང་པོ་གངྒཱའི་བྱེ་རྡུལ་གྱིས། །ཆབ་ སྲིད་བརྟན་ཞིང་མཛད་ཕྲིན་སྐུ་ཚེ་འཕེལ། །འཁོར་ལོས་བསྒྱུར་རྒྱལ་སྲིད་ལ་དབང་འབྱོར་ནས། ༦ །འདོད་ཡོན་ཡེ་ཤེས་ལོངས་སྤྱོད་རྒྱན་དུ་འཆར། །གཟུང་འཛིན་རྟོག་པ་དྷཱུ་ཏིའི་དབྱིངས་སུ་བཅོམ། ། སྲིད་ཞི་ལས་འདས་དཔལ་ལྡན་རྡོ་རྗེ་སེམས། །མཆོག་ཏུ་མི་འགྱུར་བདེ་བའི་བཀྲ་ཤིས་ཤོག ༧ །ཅེས་པའང་སྡེ་དགེ་ཆོས་རྒྱལ་ཆེན་པོས་ཆོས་སྦྱིན་སྤར་དུ་འདུ་འགོད་པའི་ཚེ་སྤར་བྱང་སྨོན་ཚིག་འདི་ཡང་ འཇམ་དབྱངས་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་ཆོས་ཀྱི་བློ་གྲོས་པས་བྲིས་པ་སརྦ་མངྒ་ལཾ།། །།ཤུ་བྷཾ།། 8-9-76b empty page 8-10-1a ༄༅། །ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་བསྡུས་དོན་བཞུགས། ། 8-10-1b ན་མོ་མཉྫུ་ཤྲཱི་ཡེ། ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོ་འདི་འཆད་པར་བྱེད་པ་ལ། མཚན་གྱི་དོན། ཡི་གེ་པའི་ ཕྱག །གཞུང་གི་དོན། མཇུག་གི་དོན་དང་བཞི་ལས། དང་པོ་ནི། བླ་མའི་ཐུགས་སྒྲུབ་སོགས། གཉིས་པ་ནི། རྩ་གསུམ་ཀུན་འདུས་ སོགས། གསུམ་པ་ལ། མན་ངག་འབྱུང་བའི་རྒྱུ་གླེང་གཞི། རྐྱེན་གླེང་སློང་། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་མན་ངག་གི་དོན། མན་ ངག་གི་དགོས་འབྲེལ། འཁོར་ལ་གདམས་ཤིང་བསྟན་པ་གཏད་པ་དང་ལྔ་ལས། དང་པོ་ལ་ཕུན་སུམ་ཚོགས་པ་ལྔ་ཡོད་པའི། ཐོག་མར་ 8-10-2a སྟོན་པ་ཕུན་སུམ་ཚོགས་པ་ནི། དུས་གསུམ་སངས་རྒྱས་སོགས། གཉིས་པ་འཁོར་ནི། ཆོས་སྐྱོང་བའི་རྒྱལ་པོ་ སོགས། གསུམ་པ་གནས་ནི། འཕགས་པ་ཐུགས་རྗེ་ཆེན་པོའི་སོགས། བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། མ་བྱུང་བའི་འབྱུང་བ་ སོགས། ལྔ་པ་དུས་ཤུགས་ལ་བསྟན་ཏོ། །གཉིས་པ་གླེང་སློང་ལ། གླེང་སློང་གི་གཞི་འགོད་པ་དང་། གླེང་སློང་དངོས་གཉིས་ལས་དང་ པོ་ནི། དེའི་ཚེ་དེའི་དུས་ན་སོགས། གཉིས་པ། དེ་ལྟ་བུའི་ངོ་མཚར་སོགས། གསུམ་པ་མན་ངག་གི་དོན་ལ། བཤད་བྱ་འཆད་བྱེད་ 8-10-2b ཅི་ལྟར་འཆད་པའི་ཚུལ་གསུམ་ལས། དང་པོ་བཤད་བྱ་རྡོ་རྗེའི་ཡི་གེ་འབྲུ་བཞི་པ་ནི། ཨོཾ་ཨཱཿསོགས། གཉིས་པ་ལ་སྤྱིར་སྐུ་གསུམ་སྟོན་པས་ཆོས་འཁོར་བསྐོར་ཚུལ། བྱེ་བྲག་ མན་ངག་འདིར་བསྡུས་ཏེ་འཛིན་པར་གདམས་པ་གཉིས་ལས། དང་པོ། ཀ་དག་དབྱིངས་ཀྱི་སོགས། གཉིས་པ་ནི། དེ་རྣམས་ཀུན་གྱི་སོགས། གསུམ་པ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། དེ་ལ་ཤེས་བྱ་སོགས། གཉིས་པ་རྒྱས་བཤད་ལ། གང་ཤེས་པར་བྱ་བའི་གཞི། གང་གིས་རྟོགས་པར་བྱེད་པའི་ལམ། གང་དུ་མཐར་ཕྱིན་ པའི་འབྲས་བུ་དང་གསུམ། དང་པོ་ལ་གནས་ལུགས་ངོ་བོའི་གཞི་དང་། འཁྲུལ་པ་བཏགས་པའི་གཞི་བཤད་པ། སྐབས་ཀྱི་དོན་བསྡུས་ཏེ་མཚམས་སྦྱར་བ་གསུམ་ལས། དང་ པོ། ཤེས་བྱའི་གཞི་ནི་སོགས། གཉིས་པ། ལྷན་སྐྱེས་ཀུན་བཏགས་སོགས། གསུམ་པ། དེ་ལྟ་ནའང་སོགས། གཉིས་པ་ལམ་ལ་སྡོམས་ཀྱིས་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་གཉིས། དང་པོ། རྟོག་བྱེད་ལམ་གྱི་སོགས། གཉིས་པ་ལ། རྒྱུད་སྦྱོང་བའི་རིམ་པ། ས་བོན་གདབ་པའི་རིམ་པ། བསྐྱེད་བསྲིང་བའི༴ གེགས་ 8-10-3a སེལ་བའི༴ བོགས་འདོན་པའི་རིམ་པ་བཤད་པ་ལྔ་ལས། ༈ དང་པོ་ལ་ལམ་གྱི་རྩ་བ་བཤེས་གཉེན་བརྟེན་ཚུལ་དང་། བསྟེན་ནས་བློ་རྒྱུད་སྦྱང་བའི་ ཚུལ་གཉིས། དང་པོ་ལ། བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད། བསྟེན་པའི་ཐབས། སྟེན་བྱེད་སློབ་མའི་མཚན་ཉིད་དང་། གདམས་པ་སྟོན་ཚུལ་བཞི་ལས། དང་ པོ་ནི། དེ་ལ་དང་པོ་སོགས། གཉིས་པ། མཉེས་པ་གསུམ་སོགས། གསུམ་པ། དེས་ཀྱང་དད་དང་ངེས་འབྱུང་སོགས། བཞི་པ། རྒྱུད་དང་སྦྱར་ལ་སོགས། གཉིས་པ་ བློ་སྦྱོང་བའི་ཚུལ་ལ། སྔོན་འགྲོ་དངོས་གཞི་གཉིས་ལས། དང་པོ་ལ། ཐུན་གྱི་སྔོན་འགྲོ་དང་ཁྲིད་ཀྱི་སྔོན་འགྲོ་གཉིས། དང་པོ་ལ་རིང་བའི་སྔོན་འགྲོ་དང་ཉེ་བའི་སྔོན་འགྲོ་ གཉིས་ལས། དང་པོ་ནི། བློ་རིགས་མཐུན་པར་སོགས། གཉིས་པ། བདེ་བའི་སྟན་འདུག་སོགས། གཉིས་པ་ཁྲིད་ཀྱི་སྔོན་འགྲོའམ་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་ རིམ་པ་ལ། དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་བསམ་པ། ལས་རྒྱུ་འབྲས་ལ་བསམ་པ་གསུམ་ལས། དང་པོ། དལ་འབྱོར་ཕུན་སུམ་སོགས། གཉིས་པ། འདུས་ 8-10-3b བྱས་མི་རྟག་སོགས། གསུམ་པ། ལྷ་ཆོས་སྒྲུབ་པའི་སོགས། དངོས་གཞི་ལ། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་དང་། སྐྱེས་བུ་ཆེན་པོ་དང་ཐུན་མོང་བའི་ལམ་ གྱི་རིམ་པ་གཉིས། དང་པོ་ལ། བློ་སྦྱང་ཚུལ་དང་། འབྱོང་བའི་ཚད་གཉིས་ལས་དང་པོ་ནི། ཁྱད་པར་ཐར་བའི་སོགས། གཉིས་པ་ནི། ནམ་ཞིག་སྲིད་པའི་སོགས། གཉིས་པ་ལ། ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ་དང་། ལམ་གྱི་དངོས་གཞི་སེམས་བསྐྱེད་པ་གཉིས་ལས་དང་པོ། དེ་ནས་དཀོན་མཆོག་སོགས། གཉིས་པ་ལ། ཀུན་རྫོབ་སེམས་བསྐྱེད་དང་ དོན་དམ་སེམས་བསྐྱེད་གཉིས། དང་པོ་ལ་སྨོན་འཇུག་གཉིས་ལས་དང་པོ་ནི། རང་ཉམས་ལ་དཔག་སོགས། གཉིས་པ་ལ་རང་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་ལ་བསླབ་ཚུལ། གཞན་ སྨིན་པར་བྱེད་པ་བསྡུ་དངོས་བཞི་ལ་བསླབ་པ། དེ་གཉིས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱང་བ་གསུམ་ལས། དང་པོ། གཞན་ཕྱིར་རྫོགས་བྱང་ཁོ་ན་སོགས། གཉིས་པ། རང་རྒྱུད་ སྨིན་ནས་སོགས། གསུམ་པ། གནད་ཀྱི་སྙིང་པོ་སོགས། གཉིས་པ་དོན་དམ་སེམས་བསྐྱེད་ལ། ལྟ་བས་ཐག་བཅད་ལ། སྒོམ་པས་ཉམས་སུ་ལེན་པ། དེ་དག་གི་འབྲས་བུ་བསྟན་ 8-10-4a ཏེ་མཚམས་སྦྱར་བ་གསུམ། དང་པོ་ལའང་ཕྱི་གཟུང་ཡུལ་རང་བཞིན་མེད་པར་གཏན་ལ་དབབ་པ། ནང་འཛིན་པ་དང་གང་ཟག་གི་བདག་རང་བཞིན་མེད་པར་ གཏན་ལ་དབབ་པ། དཔྱོད་བྱེད་ཀྱི་བློ་རང་བཞིན་མེད་པར་གཏན་ལ་དབབ་པ། སྐབས་ཀྱི་དོན་བསྡུ་བ་དང་བཞི་ལས། དང་པོ། ཁྱད་པར་ཕྱི་རོལ་སོགས། གཉིས་པ། ལྟ་མཁན་ སེམས་ལའང་སོགས། གསུམ་པ། འདོགས་མཁན་རྟོག་པ་སོགས། བཞི་པ། མདོར་ན་བདག་གཉིས་སོགས། གཉིས་པ་སྒོམ་པས་ཉམས་སུ་ལེན་པའི་ཚུལ་ནི། དེ་ ལྟར་ཤེས་ནས་སོགས། གསུམ་པ་གནས་སྐབས་མཐར་ཐུག་གི་འབྲས་བུ་ནི། རྣམ་རྟོག་ཞི་ཞིང་སོགས། ༈ གཉིས་པ་ས་བོན་གདབ་པ་ལ་བསྡུས་པའི་སྒོ་ནས་བསྟན་པ་དང་དེའི་ དོན་རྒྱས་པར་བཤད་པ་གཉིས། དང་པོ། དེ་ནས་ས་བོན་སོགས། གཉིས་པ་ལ། ས་བོན་གདབ་ཐབས་དབང་དངོས་དང་། དེའི་སྲོག་དམ་ཚིག་བསྟན་པ་གཉིས་ལས་དང་པོ་ལ་ གང་ལ་བསྐུར་བར་བྱ་བའི་ཡུལ། གང་བསྐུར་བར་བྱ་བའི་དབང་། ཇི་ལྟར་བསྐུར་བའི་ཚུལ་གསུམ་ལས་དང་པོ། ངེས་པར་འབྱུང་བས་སོགས། གཉིས་པ་མདོར་བསྟན། རྒྱས་ 8-10-4b བཤད་གཉིས་ལས་དང་པོ། རང་རྒྱུད་སྐུ་གསུང་སོགས། གཉིས་པ་རྒྱས་བཤད་ནི། ལུས་རྩ་དག་པར་བྱེད་སོགས། གསུམ་པ་བསྐུར་ཚུལ། དེ་རྣམས་ཀུན་ཀྱང་སོགས། གཉིས་པ་དབང་གི་སྲོག་དམ་ཚིག་བསྟན་པ་ནི། དབང་གི་སྲོག་ནི་སོགས། ༈ གསུམ་པ་བསྐྱེད་བསྲིང་བ་ལ། ཚིག་གོང་མ་དང་མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་ལྟར་རྒྱུད་སྨིན་སོགས། གཉིས་པ་ལ། བུམ་དབང་དང་རྗེས་སུ་འབྲེལ་བའི་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་བསྒོམ་པ། གསང་ དབང་དང་རྗེས་སུ་འབྲེལ་བའི་ཟབ་ལམ་གསལ་སྟོང་ཟུང་འཇུག་བསྒོམ་པ། དབང་གསུམ་པ་དང་རྗེས་སུ་འབྲེལ་བའི་ཕོ་ཉའི་ལམ་བདེ་སྟོང་ཟུང་འཇུག་བསྒོམ་པ། དབང་བཞི་པ་དང་ རྗེས་སུ་འབྲེལ་བའི་རྫོགས་ཆེན་རིག་སྟོང་ཟུང་འཇུག་བསྒོམ་པ་དང་བཞི་ལས། དང་པོ་ལ། བསྐྱེད་རིམ་གྱི་དགོས་པ་བསྟན་པ་དང་། བསྐྱེད་རིམ་དངོས། དེའི་དོན་བསྡུ་བ་དང་གསུམ་ ལས། དང་པོ། དང་པོ་བུམ་པའི་དབང་སོགས། གཉིས་པ་ལ་སྡོམ་གྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ། དེ་ལ་བསྒྲུབ་བྱའི་ལྷ་སོགས། 8-10-5a གཉིས་པ་དེ་རྒྱས་པར་བཤད་པ་ལ། གང་བསྒྲུབ་བྱའི་ལྷ་བཤད་པ། གང་གིས་སྒྲུབ་པའི་ཐབས་བཤད་པ། ཇི་ལྟར་སྒྲུབ་པའི་ལམ། དེ་ལྟར་བསྒྲུབས་པའི་ འབྲས་བུ་དང་བཞི་ལས། དང་པོ། བསྒྲུབ་བྱ་བླ་མ་སོགས། གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། གང་ཡང་སྒྲུབ་བྱེད་སོགས། རྒྱས་བཤད་ལ། རྩ་ བའི་དཀྱིལ་འཁོར་སྒྲུབ་པའི་ཐབས་དང་། དེ་ལ་བསྟེན་པའི་ཕྲིན་ལས་རབ་འབྱམས་སྒྲུབ་པའི་ཐབས་གཉིས་ལས། སྔོན་འགྲོ་དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ ལ། ཐུན་གྱི་སྔོན་འགྲོ་དང་། ཆོ་གའི་སྔོན་འགྲོ་གཉིས་ཀྱི་དང་པོ་ལ། ལམ་གྱི་རྩ་བ་སྐྱབས་སེམས། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་སྒོམ་བཟླས། མཐུན་རྐྱེན་ཚོགས་ བསགས་པ་མཎྜལ་གྱི་རིམ་པ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་དང་བཞིའི་དང་པོ། དེ་ལ་སྐྱབས་སོང་སོགས། གཉིས་པ། ཉམས་རྟོགས་ཡོན་ཏན་སོགས། གསུམ་པ། ཡེ་ཤེས་བསོད་ནམས་སོགས། བཞི་པ། ཁྱད་པར་བྱིན་རླབས་སོགས། གཉིས་པ་ཆོ་གའི་སྔོན་འགྲོ་ལ། འགལ་རྐྱེན་བསལ་བ་དང་། མཐུན་རྐྱེན་སྒྲུབ་པ་ 8-10-5b གཉིས་ཀྱི་དང་པོ་ལ། བགེགས་བསྐྲད་པ་དང་། སྲུང་བའི་འཁོར་ལོ་སྒོམ་པ་གཉིས་ཀྱི་དང་པོ། རང་བཞིན་མ་གྲུབ་སོགས། གཉིས་པ། རྡོ་རྗེའི་རྒྱལ་ཐེབས་སོགས། གཉིས་པ་མཐུན་རྐྱེན་སྒྲུབ་པ་ལ། བྱིན་དབབ་པ་དང་མཆོད་པ་བྱིན་རླབས་གཉིས་ལས། དང་པོ། ཡེ་ཤེས་གཟི་བྱིན་སོགས། གཉིས་པ། ཕྱི་ནང་གསང་མཆོད་སོགས། རྩ་བའི་ས་བཅད་གཉིས་པ་དངོས་གཞི་ལ། རྩ་བའི་རྣལ་འབྱོར་དང་། དེའི་ཡན་ལག་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ། རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་དབུབ་པ། འབྲས་ བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་གསལ་བརྟན་དག་གསུམ་བཤད་པ། སྲོག་སྡོམ་གཟེར་བཞིའི་མན་ངག་བཤད་པ་བཞི། དང་པོ་ལ། དག་པ་དང་བཅས་ཏེ་མདོར་ བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ། དངོས་གཞི་འཆི་དང་སོགས། གཉིས་པ་ལ། དེ་བཞིན་ཉིད། ཀུན་སྣང་། རྒྱུ་ཏིང་ངེ་འཛིན་གསུམ་པོ་རིམ་པ་ལྟར། སྟོང་ཆེན་དེ་བཞིན་ཉིད་སོགས་དང་། སྙིང་རྗེ་སྒྱུ་མ་སོགས། ཕྱག་རྒྱ་གཅིག་པ་སོགས་ཀྱིས་བསྟན། གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ། རྟེན་གཞལ་ 8-10-6a ཡས་ཁང་དང་བརྟེན་པ་ལྷ་བསྐྱེད་པ་གཉིས་ལས། དང་པོ། དེ་ལས་འབར་བའི་སོགས། ལྷ་བསྐྱེད་པ་ལ་མདོར་བསྟན་རྒྱས་བཤད་མཇུག་བསྡུ་གསུམ་ ལས། དང་པོ། ནང་བཅུད་སྐྱེ་བ་སོགས། གཉིས་པ་རྒྱུ་ལས་འབྲས་བུར་བཞེངས་པ་སྤྲོས་པ་ཆེན་པོའི་བསྐྱེད་རིམ་སོགས་བཞི་པོ་རིམ་པ་ལྟར། རྒྱུ་ལས་འབྲས་བུར་སོགས། གསུམ་པ། གང་ཡང་ཕྱག་རྒྱ་གཅིག་སོགས། གསུམ་པ་གསལ་དག་བརྟན་གསུམ་ལ་བསླབ་པ་ནི། སྦྱོང་བྱེད་ཁྱད་པར་སོགས། བཞི་པ་སྲོག་སྡོམ་གཟེར་བཞི་བཤད་པ་ལ། ཏིང་ ངེ་འཛིན་གྱི་གཟེར་བཤད་པ། སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི༴ དགོངས་པ་མི་འགྱུར་བའི་གཟེར་བཤད་པ་བཞི་ལས། དང་པོ་ལ། ཏིང་ངེ་འཛིན་གྱི་རྩལ་ སྦྱང་བ་དང་། འབྱོང་པའི་ཚད་འབྲས་བུ་དང་བཅས་པ་གཉིས་ལས། དང་པོ། ཀུན་ཀྱང་སེམས་འཛིན་སོགས། གཉིས་པ། དེ་ལྟར་ཏིང་འཛིན་སོགས། གཉིས་པ་ལ། སྙིང་ པོ་སྔགས་ཀྱི་གཟེར་འབྲས་བུ་དང་བཅས་པ་ནི། སྔགས་ཀྱི་གཟེར་ནི་སོགས། གསུམ་པ་འཕྲོ་འདུའི་གཟེར་འབྲས་བུ་དང་བཅས་པ་ནི། འཕྲོ་འདུའི་གཟེར་གྱི་སོགས། བཞི་པ་ 8-10-6b དགོངས་པའི་གཟེར་འབྲས་བུ་དང་བཅས་པ་བཤད་པ་ནི། དགོངས་པ་མི་འགྱུར་སོགས། གཉིས་པ་རྣལ་འབྱོར་གྱི་ཡན་ལག་བྱེ་བྲག་ཏུ་བཤད་པ་ལ་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་ པ་བསྟིམ་པ་སོགས་ཕྱོགས་གཅིག་ཏུ་བཤད་པ་ནི། རྣལ་འབྱོར་ཡན་ལག་སོགས། ས་བཅད་གསུམ་པ་རྗེས་ཀྱི་བྱ་བ་ལ། གཏོར་མ་འབུལ་བ་ཚོགས་མཆོད། ཐུགས་དམ་བསྐུལ་ བ་སོགས་བཅུ་གསུམ་པོ་དཀྱུས་ལྟར་ཕྱོགས་གཅིག་ཏུ་བཤད་པ་ནི། ཏིང་འཛིན་བསྒོམ་པའི་རྗེས་ཀྱི་སོགས། གཉིས་པ་དེ་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ། གང་ གིས་སྒྲུབ་པའི་གང་ཟག་ཐུན་མོང་དུ་བཤད་པ། གང་སྒྲུབ་པའི་ཕྲིན་ལས་སོ་སོར་ཕྱེས་ཏེ་བཤད་པ་གཉིས་ཀྱི་དང་པོ། གཞན་ཡང་ལམ་གྱི་སོགས། གཉིས་པ་ལ། རབ་གནས། སྦྱིན་སྲེག །བཅུད་ལེན། གནས་ལུང་། རྗེས་བཟུང་དང་ཚར་གཅོད་ཀྱི་ཕྲིན་ལས། བམ་སྒྲུབ། བདུད་རྩིའི་སྒྲུབ་པ་དང་བདུན་ལས། དང་པོ་ལ། དགོས་པ་བསྟན་ཏེ་མཚམས་ སྦྱར་བ་དང་། རབ་ཏུ་གནས་པའི་ཆོ་ག་གཉིས་ལས་དང་པོ། འཇིག་རྟེན་ཀུན་ཏུ་སོགས། གཉིས་པ་གང་ལ་རབ་ཏུ་གནས་པའི་ཡུལ། གང་གིས་རབ་ཏུ་གནས་པའི་ཚུལ། ཇི་ལྟར་ 8-10-7a རབ་ཏུ་གནས་པའི་བྱ་བ་གསུམ་ལས། དང་པོ་ནི། མཚན་ཉིད་རྫོགས་ཤིང་སོགས། གཉིས་པ། གནས་དུས་ཡོ་བྱད་སོགས། གསུམ་པ་ལ། བགེགས་ བསྐྲད་པ་དྲི་སྦྱང་བ་སོགས་བཅུ་གཅིག་པོ་རིམ་པ་ལྟར་བསྟན་པ་ནི། བགེགས་དང་དྲི་སྦྱང་སོགས། གཉིས་པ་ལ། དགོས་པ་དང་། དངོས་གཉིས་ཀྱི་དང་པོ། ལྷ་རྣམས་ཚིམ་བྱེད་ སོགས། གཉིས་པ་ལ་སྦྱིན་སྲེག་གི་ཆོ་ག་དང་། དེའི་འབྲས་བུ་གཉིས་ལས། དང་པོ་ལ། ཡོ་བྱད་འདུག་སྟངས་སོགས་རིམ་པར་བཤད་པ་ནི། དབྱིབས་དང་ཁ་དོག་སོགས། གཉིས་ པ། རྣོ་ལ་ངར་གྱིས་གདགས། གསུམ་པ་ལ། དགོས་པ་དང་བཅུད་ལེན་དངོས་གཉིས་ལས། དང་པོ་ནི། རྡོ་རྗེའི་རྟེན་མཆོག་སོགས། གཉིས་པ་ལ། གང་ལ་བཅུད་དུ་ལེན་ བྱའི་དངོས་པོ། ཇི་ལྟར་ལེན་པའི་ཐབས་གསུམ་གྱི་དང་པོ། ཉམས་ཤིང་འཕོ་བའི་སོགས། གཉིས་པ། འཁོར་འདས་བཅུད་ཀྱིས་སོགས། གསུམ་པ་ལ་བསྐྱེད་བསྲིང་བ་དང་མི་འགྱུར་ བར་བྱ་བ་གཉིས་རིམ་པས། བསྐྱེད་བསྲིང་མི་འགྱུར་སོགས། བཞི་པ་ལ། དགོས་པ་དང་། དངོས་གཉིས་ལས། དང་པོ། སྙིང་རྗེའི་ཡུལ་གྱུར་སོགས། གཉིས་པ་གནས་ལུགས་ 8-10-7b དངོས་ལ། མདོ་རྒྱས་གཉིས་ལས། དང་པོ། ཡུལ་དང་ཐབས་དང་སོགས། གཉིས་པ་ལ། ཡུལ་གསལ་གདབ། ཐབས་ཀྱིས་སྡིག་སྒྲིབ་སྦྱང་བ་དང་ཡོན་ཏན་ཡར་ལྡན་དུ་བྱ་བ། མཐར་ ཕྱིན་པ་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ལ། རྟེན་བསྐྱེད་དགུག་བསྟིམ་ཞེས་པས་བསྟན། གཉིས་པ། བར་ཆད་བགེགས་ཚོགས་སྦྱངས་སོགས། གསུམ་པ། ལམ་ལྔ་ ཡོངས་སུ་རྫོགས་སོགས། ལྔ་པ་ལ། དགོས་པ་དང་བཅས་ཏེ་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་གཉིས་ལས། དང་པོ། ཐུན་མོང་དེ་བཞིན་གཤེགས་པའི་སོགས། གཉིས་པ་ལ་རྗེས་སུ་བཟུང་བ་དང་། ཚར་གཅོད་པ་གཉིས་ལས། དང་པོ། སྲུང་དང་ཞི་དང་སོགས། གཉིས་པ། ཁྱད་པར་ཚར་གཅོད་སོགས། དྲུག་པ་ལ། དགོས་པ་དང་ དངོས་གཉིས་ལས། དང་པོ། མཆོག་གི་ཕྲིན་ལས་སོགས། གཉིས་པ། མཚན་ཉིད་ལེགས་བརྟགས་སོགས། བདུན་པ་ལ། དགོས་པ་དང་བཅས་ཏེ་མདོར་བསྟན་དང་ དེ་རྒྱས་བཤད་གཉིས་ལས། དང་པོ། ཡེ་ཤེས་རྒྱས་བྱེད་སོགས། གཉིས་པ་ལ། ཇི་ལྟར་སྒྲུབ་པ། དེ་ལྟར་སྒྲུབ་པའི་འབྲས་བུ་གཉིས་ལས། དང་པོ། སྣོད་ 8-10-8a བཅུད་ཡེ་ནས་སོགས། གཉིས་པ། ཚེ་དང་སྐོང་དང་སོགས། གསུམ་པ། ཇི་ལྟར་སྒྲུབ་པའི་ལམ་བཤད་པ་ལ། མཚམས་སྦྱར་བའི་ཚུལ་གྱིས་ མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ། དེ་ལྟར་མཆོག་དང་སོགས། གཉིས་པ་ལ་སྟོང་ཆེན་སོགས་རྣལ་འབྱོར་སྔ་མ་བཞི་མདོ་ཙམ་བཤད་པ་དང་། ཚོམ་ བུ་ཚོགས་ཀྱི་སྒྲུབ་པ་རྒྱས་པར་བཤད་པ་གཉིས་ལས། དང་པོ། སྟོང་ཆེན་སྙིང་རྗེ་སྒྱུ་མའི་སོགས། གཉིས་པ་ལ་མདོ་རྒྱས་གཉིས་ལས་དང་པོ། ཚོམ་བུ་ཚོགས་སོགས། གཉིས་པ་ལ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞི། བྱེ་བྲག་དང་བཅས་པས་སྒྲུབ་པའི་གཞུང་བསྲང་བ་གཉིས་ལས། དང་པོ། དབེན་ཞིང་བྱིན་རླབས་ སོགས། གཉིས་པ། ཏིང་འཛིན་གསལ་ཞིང་སོགས། བཞི་པ་དེ་ལྟར་སྒྲུབ་པའི་འབྲས་བུ་རིག་འཛིན་གྲུབ་པའི་དུས་བསྟན་པ་ནི། དེ་ལྟར་ཟླ་དྲུག་སོགས། བུམ་དབང་གི་རྩ་བའི་ ས་བཅད་གསུམ་པ། དོན་བསྡུ་བ་ནི། མདོར་ན་རིམ་པས་སྨིན་སོགས། དབང་བཞིའི་ནང་ཚན་གཉིས་པ་གསང་དབང་གི་ལམ་དང་རྗེས་སུ་འབྲེལ་བའི་རང་ལུས་ཐབས་ལྡན་བསྒོམ་པ་ལ། 8-10-8b གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། དེ་དག་རྒྱས་པར་བཀྲོལ་བ་གཉིས་ལས། དང་པོ། དེ་ལྟར་བུམ་དབང་སོགས། གཉིས་པ་ལ། ལམ་དངོས་དང་། ལམ་གཞན་ འདུ་བའི་ཚུལ་བསྐྱེད་རིམ་གྱི་དོད་ཐུབ་སྦྱར་ཏེ་འབྲས་བུ་དང་བཅས་པ་གཉིས་ལས། དང་པོ་ལ། མདོར་བསྟན་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ། རྟེན་དང་བརྟེན་པ་སོགས། གཉིས་ པ་ལ། རྟེན་རྡོ་རྗེ་ལུས་ཀྱི་གནས་ལུགས་བཤད་པ་དང་། བརྟེན་པ་རྩ་རླུང་གི་ཐིག་ལེའི་རྣལ་འབྱོར་བཤད་པ་གཉིས་ཀྱི་དང་པོ་ལ། ལམ་དངོས་དང་། དེ་ལ་གོམས་པའི་འབྲས་བུ་གཉིས་ ལས། དང་པོ། འབྱུང་བཞིའི་རྟོགས་པ་སོགས། གཉིས་པ། ཟབ་མོའི་བསྐྱེད་རིམ་འདི་ལ་སོགས། གཉིས་པ་བརྟེན་པ་ལ། མཚམས་སྦྱར་ཏེ་མདོར་བསྟན་པ་དང་རྒྱས་པར་བཤད་པ་ གཉིས་ཀྱི་དང་པོ། དེ་ལྟར་བདེ་ཆེན་སོགས། གཉིས་པ་ལ། བཀོད་པ་རྩ་སྦྱོང་བ། གཡོ་བ་རླུང་སྦྱོང་བ། ཐིག་ལེ་བྱང་ཆུབ་སེམས་སྦྱོང་བ་གསུམ་གྱི། དང་པོ་ལུས་དང་རྩ་ཡི་སྟོང་པར་ནི། ལུས་གནད་ལྡན་པས་སོགས། གཉིས་པ་ལ་ཐུན་གྱི་ཉམས་ལེན་དང་། ཐུན་མཚམས་ཀྱི་ཉམས་ལེན་གཉིས། དང་པོ་ལ། ཉམས་ལེན་གྱི་གཙོ་བོ་བུམ་ཅན་དང་། དེ་སྦྱངས་པའི་ 8-10-9a འབྲས་བུ་གཉིས་ལས། དང་པོ། གོམས་པ་ན། སྐྱོན་ཅན་རླུང་ནི་ཕྱིར་ལ་སངས་སོགས། གཉིས་པ། ལུས་བདེ་ངག་སྙན་སོགས། གཉིས་པ་ཐུན་ མཚམས་སུ་བྱ་བ་ལ། ཐུན་མཚམས་འཁྲུལ་འཁོར་སོགས། གསུམ་པ་ཐིག་ལེ་སྦྱོང་བ་ལ། ལམ་གྱི་གཙོ་བོ་དང་། ལམ་གྱི་ཡན་ལག་གཉིས་ལས། དང་པོ་ལ། དྲོད་དང་བདེ་བ་ མི་རྟོག་པའི་གཏུམ་མོ་བཤད་པ་དང་། གོང་གི་དོན་རྣམས་བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་དོན་བསྡུ་བ་གཉིས་ལས། དང་པོ། དེ་ལ་གོམས་ནས་སོགས། གཉིས་པ། ཟབ་པའི་ བསྐྱེད་རིམ་སོགས། གཉིས་པ་ལམ་གྱི་ཡན་ལག་ལ། མདོ་རྒྱས་གཉིས་ལས་དང་པོ། ལམ་གྱི་ཡན་ལག་ཅེས་པས་བསྟན། གཉིས་པ་རྒྱས་བཤད་ལ། ཉིན་མོ་དང་མཚན་མོའི་རྣལ་ འབྱོར། འཆི་ཁ་དང་བར་དོའི་ཉམས་ལེན་གཉིས་ལས། དང་པོ་ལ་ཉིན་མཚན་གྱི་རྣལ་འབྱོར་གཉིས་ལས། དང་པོ་ཉིན་མོའི་རྗེས་ཐོབ་སྒྱུ་ལུས་བསྒོམ་པ་ལ། ཚིག་སྤྱི་སྦས་མཐར་གྱི་སྒྱུ་ ལུས་རིམ་པ་ལྟར། ཉིན་མོའི་རྗེས་ཐོབ་སོགས། གཉིས་པ་མཚན་མོའི་རྣལ་འབྱོར་ལ། མཉམ་བཞག་དང་། རྗེས་ཐོབ་གཉིས་ལས། དང་པོ་འོད་གསལ་ལ། ཚིག་སྤྱི་སྦས་ 8-10-9b མཐར་གྱི་འོད་གསལ་བཞི་པོ་རིམ་པར། ཆོས་ཀུན་རང་བཞིན་སོགས། རྗེས་ཐོབ་རྨི་ལམ་ནི། རྗེས་ཐོབ་འདུན་པའི་སྟོབས་སོགས། གཉིས་པ་འཆི་ཁ་དང་བར་དོའི་ཉམས་ལེན་ལ། དགོས་པ་བསྟན་པ་དང་། དེ་གཉིས་སོ་སོར་བཤད་པའོ། །དང་པོ། ཚེ་འདིར་གོམས་པ་སོགས། གཉིས་པ་ལ་འཆི་ཁ་མའི་ཉམས་ལེན་དང་། བར་དོའི་ཉམས་ལེན་གཉིས་ལས། དང་པོ་འཕོ་བ་ནི། རླུང་སེམས་བསྡུ་ཞིང་སོགས། གཉིས་པ། བར་དོའི་སྣང་གྲགས་སོགས། གཉིས་པ་ལམ་གཞན་གྱི་དོད་སྦྱར་བ་འ བྲས་བུ་དང་བཅས་པ་ནི། དེ་ལྟར་རྩ་ཁམས་ སོགས། ༈ དབང་བཞིའི་ནང་ཚན་གསུམ་པ་ཤེར་དབང་བཤད་པ་ལ། མཚམས་སྦྱར་ནས་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ། དེ་དག་གི་དོན་བསྡུས་པ་དང་གསུམ་ ལས། དང་པོ། གང་ཡང་ཉམས་རྟོགས་སོགས། གཉིས་པ་ལ། ལམ་དངོས་དང་། གཞན་དེར་འདུ་ཚུལ། དེ་དག་གི་འབྲས་བུ་དང་གསུམ་ལས། དང་པོ་ལའང་མདོར་བསྟན་ རྒྱས་བཤད་གཉིས་ལས། དང་པོ། སྡོམ་མདོར་བསྟན་པ་ནི། ཡུལ་དང་དུས་དང་ཐབས་དང་སོགས། གཉིས་པ་ལ། ཡུལ་དང་དུས་བཤད་པ། ཐབས་བཤད་པ། མཚོན་ཚུལ་ 8-10-10a བཤད་པ་གསུམ་ལས། དང་པོ་ལ། ཡུལ་བཤད་པ། དུས་བཤད་པ། དེ་གཉིས་ཀྱི་མཇུག་བསྡུ་བ་གསུམ་ལས། དང་པོ། མཆོག་དང་དམན་པའི་ ཕྱག་རྒྱ་བརྟགས་ཤིང་དགུག་པའི་ཚུལ་བཤད་པ་ནི། ཡུལ་ནི་ཕྱག་རྒྱ་སོགས། གཉིས་པ་ལས་སུ་རུང་བར་བསྒྲུབས་ནས་དུས་རིག་པར་བྱ་བ་ནི། དེ་ནས་ཉམས་དགའ་སོགས། གསུམ་ པ། མདོར་ན་བརྟག་དང་སོགས། གཉིས་པ་ཐབས་བཤད་པ་ལ། དངོས་གཞི་ཐབས་ལམ་བརྒྱད་བཤད་པ་དང་། དེ་དག་གི་ཉམས་ལེན་སྙིང་པོར་དྲིལ་བ་གཉིས་ལས། དང་པོ་ལ། བསླབ་པ་གསུམ་གྱིས་བདེ་བ་བསྐུལ་བ། འདུ་ཤེས་གསུམ་གྱིས་ཐ་མལ་གྱི་སྣང་ཞེན་ལྡོག་པ་སོགས་གཞུང་ཚིག་གིས་གསལ་བ་ལྟར་ས་བཅད་བདུན་པོ་རིམ་པར། ཐབས་ནི་ཁྲུས་བྱས་ སོགས་སོ། །གཉིས་པ་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ། གང་ཡང་སྔོན་དུ་སོགས། གཉིས་པ་ལ། སྦྱོར་བ་འཁྲིག་ཐབས་བརྒྱད་བཤད་པ། གནས་སྐབས་ མཁས་པ་བཞི་བཤད་པ། མཐར་ཐུག་སྦས་པ་བཞི་བཤད་པ་གསུམ་ལས། དང་པོ། དངོས་གཞི་རིག་ཅན་སོགས། གཉིས་པ། དབབ་ལ་མཁས་པ་སོགས། གསུམ་པ། 8-10-10b ཁྱད་པར་ཟག་མེད་སོགས། བཞི་པ་དཔེ་ཡི་ཡེ་ཤེས་དེའི་མཚོན་བྱ་བཤད་པ། ཐབས་དེས་མཚོན་པའི་སོགས། གཉིས་པ་ལམ་གཞན་གྱི་དོད་ཐུབ་སྦྱར་བ། སྒོ་ལྔའི་རྣམ་ཤེས་ སོགས། གསུམ་པ་འབྲས་བུ། སྣོད་བཅུད་ཧེ་རུ་སོགས། གསུམ་པ་བསྙེན་སྒྲུབ་བཞི་དང་སྦྱར་ནས་འབྲས་བུ་དང་བཅས་པའི་དོན་བསྡུ་བ་ནི། མདོར་ན་རིག་མ་སོགས། ༈ དབང་བཞི་ པ་དང་རྗེས་སུ་འབྲེལ་བའི་ལམ་རིག་སྟོང་ཟུང་འཇུག་ཨ་ཏི་ཡོ་ག་བསྒོམ་པ་ལ། ཚིག་གོང་འོག་མཚམས་སྦྱར་ཏེ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ། བདེ་ སྟོང་ཉམས་མྱོང་སོགས། གཉིས་པ་ལ། ཕྱི་སེམས་སྡེ་བཤད་པ། ནང་ཀློང་སྡེ་བསྟན་པ། གསང་བ་མན་ངག་གི་སྡེ་བཀྲལ་བ་དང་གསུམ་ལས། དང་པོ་ལ། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་བཞི་ཡོད་པ་རིམ་པ་ལྟར། དེ་ལ་ཕྱི་ལྟར་སོགས། སྒོམ་པ་རྩོལ་མེད་སོགས། སྤྱོད་པ་ལམ་ཁྱེར། ཞེས་དང་། འབྲས་བུ་མངོན་དུ་བྱ། ཞེས་པས་བསྟན། གཉིས་པ། ལྟ་བ་ཆོས་ཉིད་ཀྱི་ཀློང་བཤད་པ། སྒོམ་པ་བརྡའ་བཞིའི་གནད་བསྟན་པ་གཉིས་ལས། དང་པོ། ནང་ལྟར་ཡེ་ཤེས་སོགས། གཉིས་པ། དབང་པོའི་སྒོ་ལྔ་སོགས། 8-10-11a གསུམ་པ་མན་ངག་གི་སྡེ་ལ་དགོས་པ་དང་བཅས་པའི་ཚིག་གིས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། ཁྱད་པར་གསང་བ་ སོགས། གཉིས་པ་ལ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གཉིས་ལས། དང་པོ་ལ། སྔོན་འགྲོ། དངོས་གཞི། མཇུག་བསྡུ་བ་གསུམ་ལས། དང་པོ། ལུས་ངག་ཡིད་གསུམ་སྦྱང་བ་དང་རྣལ་དབབ་སོར་གཞུག་བསྟན་པ། སྔོན་འགྲོ་ལུས་སྦྱོང་སོགས། གཉིས་པ་ལ་སྡོམ་གྱིས་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་ པ་གཉིས་ཀྱི་དང་པོ། ལྟ་བས་ཐག་བཅད་སོགས། གཉིས་པ་ལ། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་འབྱིན་པ། འབྲས་བུ་རང་ལས་ རྙེད་པའི་ཚུལ་བཤད་པ་བཞི་ལས། དང་པོ་ལ། ངོ་བོ་ཀ་དག་གི་ཡེ་ཤེས་བཤད་པ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས། དབྱེར་མེད་ཟུང་འཇུག་གི་ཡེ་ཤེས་ངོ་སྤྲད་པ་གསུམ་ལས། དང་པོ། དེ་ལ་ངོ་བོ་སོགས། གཉིས་པ། རང་བཞིན་ལྷུན་གྲུབ། གསུམ་པ་ནི། དེ་གཉིས་གཅིག་དང་སོགས། གཉིས་པ་སྒོམ་པས་ཉམས་སུ་ལེན་ཚུལ་དང་། དེ་འབྱོངས་ 8-10-11b པའི་ཚད་གཉིས་ལས། དང་པོ། དེ་ནས་སྒོམ་པས་སོགས། གཉིས་པ་ཞི་ལྷག་ཟུང་འབྲེལ་མཉམ་རྗེས་མཚུངས་པའི་ཚད་ནི། དེ་ཚེ་རྟོགས་པའི་སོགས། གསུམ་པ་སྤྱོད་ལམ་ ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བ་ནི། སྤྱོད་ལམ་ཐམས་ཅད་སོགས། བཞི་པ་འབྲས་བུ་ལ། འབྲས་བུ་སྐུ་གསུམ་ལྷུན་གྱི་གྲུབ་པའི་ཚུལ་དང་། ལམ་རྐྱེན་དངོས་པོ་བཅུ་ལྷུན་ གྱིས་གྲུབ་པའི་ཚུལ། བསྙེན་སྒྲུབ་ཡན་ལག་བཞི་དང་སྦྱར་བའི་ཚུལ་གྱིས་འབྲས་བུའི་དོན་བསྡུ་བ་གསུམ་ལས། དང་པོ། མདོར་ན་རང་རིག་སོགས། གཉིས་པ། ལྟ་བ་བལྟར་ མེད་སོགས། གསུམ་པ། སེམས་ཀྱི་མཚང་བཙལ་སོགས། གསུམ་པ་ཀ་དག་གི་ལྟ་བའི་མཇུག་བསྡུ་བ་ནི། མདོར་ན་སྣོད་བཅུད་སོགས། གཉིས་པ་ཉམས་ལེན་ཐོད་རྒལ་ལ། མདོ་རྒྱས་གཉིས་ལས། དང་པོ། ཡང་ཟབ་མན་ངག་སོགས། གཉིས་པ་ལ་སྔོན་འགྲོ། དངོས་གཞི། མཇུག་གི་བྱ་བ་གསུམ་ལས། དང་པོ་ལ་རིག་པའི་སྣ་ཁྲིད་འཁོར་ འདས་རུ་ཤན་དབྱེ་བ་ལ་སོགས་པ་དང་། དབྱིངས་རིག་གི་སྣ་ཁྲིད་གནད་བཞི་གཟིར་བ་གཉིས་ལས། དང་པོ། རིག་པའི་སྣ་ཁྲིད་སོགས། གཉིས་པ། ལུས་གནད་སེང་གེ་སོགས། 8-10-12a གཉིས་པ་ལ། ཉམས་སུ་བླང་བྱ་འོད་གསལ་ཡེ་ཤེས་ཀྱི་ཐིག་ལེ་བཤད་པ། དེ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་བཤད་པ། དེ་ལྟར་ཉམས་སུ་བླང་བ་ལ་དངོས་པོ་ བཅུ་ཚང་བའི་ཚུལ་གྱིས་ཁྱད་པར་འཕགས་པའི་གནད་བཤད་པ། ཐུན་བཞིའི་མན་ངག་དང་སྦྱར་ཏེ་ཉམས་ལེན་གནད་དུ་བསྣུན་པ། བསྙེན་སྒྲུབ་བཞིར་སྦྱར་བའི་ཚུལ་གྱིས་ཉམས་སུ་བླངས་པའི་ འབྲས་བུ་བཤད་པའི་དོན་བསྡུ་བ་ལྔ་ཡི་དང་པོ་ཉམས་སུ་བླང་བྱ་ནི། སྙིང་དབུས་མི་ཤིགས་སོགས། གཉིས་པ། སྟོང་པའི་དབྱིངས་སུ་སོགས། གསུམ་པ། ཡེ་ནས་ཤར་བའི་སོགས། བཞི་པ། དགེ་སྦྱོར་སྲང་འཇུག་སོགས། ལྔ་པ། མདོར་ན་སྒོ་གསུམ་སོགས། གསུམ་པ་མཇུག་གི་བྱ་བ་ལ། མཇུག་གི་བྱ་བ་དངོས་དང་། ཞར་བྱུང་གྲོལ་ཚུལ་བརྗོད་པ་གཉིས་ཀྱི་དང་པོ། ལམ་གྱི་ཡན་ལག་སོགས། གཉིས་པ། གལ་ཏེ་ཚེ་འདིར་སོགས། དེ་ལྟར་དེ་དག་རྣམས་ཀྱིས་རྩ་བའི་ས་བཅད་གསུམ་པ་བསྐྱེད་བསྲེང་བའི་རིམ་པ་སོང་ནས། ད་ནི་བཞི་པ་གེགས་བསལ་ བའི་རིམ་པ་ལ། བསྟན་བཤད་བསྡུ་གསུམ་ལས། དང་པོ། དེ་ལྟར་དབང་བཞི་སོགས། གཉིས་པ་ལ། སྤྱི་བྱེ་བྲག་གཉིས་ལས། དང་པོ། དོན་ལ་བར་དུ་སོགས། གཉིས་པ་ལ་ཕྱི་ 8-10-12b འབྱུང་བ་ལུས་ཀྱི་གེགས་སེལ། ནང་བར་ཆད་བདུད་ཀྱི་གེགས། གསང་བ་ཏིང་ངེ་འཛིན་སེམས་ཀྱི༴ ཐུན་མོང་ཉམས་གྲིབ་ཀྱི་གེགས་སེལ་བཞི་ལས། དང་པོ། རྒྱུ་རྐྱེན་འབྲས་བུར་ལྡན་ པའི་ནད་བསལ་ཚུལ། འབྱུང་བ་ལུས་འཁྲུགས་སོགས། གཉིས་པ། བར་ཆད་བདུད་དང་སོགས། གསུམ་པ་ལ་བསྟན་བཤད་གཉིས་ཀྱི་དང་པོ། ཁྱད་པར་ཏིང་འཛིན་སོགས། གཉིས་ པ་ལ། བྱིང་བ་རྒོད་པ་ཉམས་ཀྱི་གེགས་སེལ་གསུམ་པོ་རིམ་པ་ལྟར། བྱིང་ན་ལུས་སོགས། རྒོད་ན་ཁོང་ལྷོད་སོགས། བདེ་གསལ་མི་རྟོག་སོགས་སོ། །བཞི་པ་ལ། ཉམས་གྲིབས་བྱུང་ པའི་རྟགས་དང་། དེ་བཤགས་པའི་ཚུལ་གཉིས་ཀྱི་དང་པོ། ཐུན་མོང་མོས་གུས་སོགས། གཉིས་པ་སྤྱི་དང་ཁྱད་པར་གྱི་བཤགས་ཐབས་གཉིས་ལས། དང་པོ། ཉམས་པ་མཐོལ་ བཤགས་སོགས། གཉིས་པ་ལ་རུ་བཞིའི་བཤགས་པ་དང་། ཟུང་བཞིའི་སོགས་ཀྱི་སྐོང་བ། དེ་ལྟར་བཤགས་པའི་འབྲས་བུ་རྣམས་སོ། །དང་པོ་ནི། ལྷག་པར་ཉམས་ཆག་སྐོང་སོགས། གཉིས་པ། ཉེར་སྤྱོད་ སོགས། གསུམ་པ། སྒོ་གསུམ་སོགས། གསུམ་པ་དོན་བསྡུ་བ་ནི། གཞན་ཡང་བཟོད་མེད་སོགས། ལྔ་པ་བོགས་འདོན་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་བ་གསུམ་གྱི་དང་པོ། 8-10-13a དེ་ནས་བོགས་འབྱིན་སོགས། གཉིས་པ་ལ་ཕྱི་ཡི་བོགས་འདོན། ནང་གི་གསང་བའི་གསུམ་ལས། དང་པོ་ལ། བསྟན་བཤད་གཉིས་ལས། དང་པོ། ཕྱི་རོལ་ ཡུལ་རྐྱེན་སོགས། གཉིས་པ་སྟོང་རྟེན་འབྱུང་ཟབ་མོའི་ངང་ནས་ཐམས་ཅད་ལམ་དུ་ཁྱེར་ཚུལ་ལ། སྤྱི་བྱེ་བྲག་གཉིས་ལས། དང་པོ། དགྲ་ལ་བཟོད་པ་སོགས། གཉིས་པ་ལ་ཀུན་རྫོབ་ དང་། དོན་དམ་གྱི་ཚུལ་གཉིས་ལས། དང་པོ་ལ། དངོས་དང་། དེ་བརྟན་པར་བྱ་བ་གཉིས། དང་པོ་ཀུན་ཀྱང་ཀུན་རྫོབ། གཉིས་པ་བདེ་སྡུག་རྐྱེན་ལ་སོགས། གཉིས་པ་དོན་ དམ་ལ། མཉམ་བཞག་དང་རྗེས་ཐོབ་གཉིས། དང་པོ། དོན་དམ་སྣང་གྲགས་སོགས། གཉིས་པ་རྗེས་ཐོབ་རྨི་ལམ་སོགས། གཉིས་པ་ནང་བསྐྱེད་རྫོགས་ཀྱི་བོགས་འདོན་ལ། བསྐྱེད་པའི་བོགས་འདོན་དང་། རྫོགས་རིམ་གྱི་བོགས་འདོན་གཉིས་ལས། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ། ནང་དུ་བསྐྱེད་རིམ་སོགས། གཉིས་པ་ལ། བསྐྱེད་པའི་རྩལ་སྦྱང་ བ་དང་། དེ་དག་རྫོགས་སྨིན་པའི་ཚུལ་གྱིས་ཉམས་སུ་བླང་བ་གཉིས་ལས། དང་པོ། ཉིན་མཚན་གྱི་ཆ་གཉིས་སུ་ཇི་ལྟར་བྱ་བའི་ཚུལ། བྲིས་སྐུ་མེ་ལོང་སོགས། གཉིས་པ་ནི། ཁྱད་པར་ 8-10-13b འཁོར་བའི་སོགས། གཉིས་པ་རྫོགས་རིམ་གྱི་བོགས་འདོན་ལ། རྩ་རླུང་གི་བོགས་འདོན་དང་། ཆགས་ལམ་གྱི་བོགས་འདོན་དང་། རྫོགས་རིམ་སྤྱིའི་བོགས་འདོན་འབྲས་བུ་དང་ བཅས་པ་གསུམ་ལས། དང་པོ། འཁྲུལ་འཁོར་ཟབ་མོ་སོགས། གཉིས་པ་ཐིག་ལེ་ཞུ་བ་སོགས། གསུམ་པ་ཁྱད་པར་སྦྱང་གཞི་སོགས། གསུམ་པ་གསང་བ་ཨ་ཏིའི་ལམ་གྱི་ བོགས་འདོན་ལ། ཁྲེགས་ཆོད་ཀྱི་དང་། ཐོད་རྒལ་གྱི་བོགས་འདོན་གཉིས་ལས། དང་པོ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། དང་པོ། གསང་བ་དུག་ ལྔའི་སོགས། གཉིས་པ་འདོད་ལ་ཆགས་པའི་སོགས། གསུམ་པ། མདོར་ན་རྣམ་རྟོག་སོགས། གཉིས་པ་ཐོད་རྒལ་བོགས་འདོན། ཁྱད་པར་བྱེད་བཅིང་སོགས། གསུམ་པ་དེ་ དག་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་ཏུ་བསྡུས་ཏེ་བཤད་པ། གཞན་ཡང་ཐུན་མོང་སོགས། ༈ གསུམ་པ། གང་དུ་མཐར་ཕྱིན་པའི་འབྲས་བུ་ལ། མདོ་རྒྱས་གཉིས་ལས། དང་པོ་ སྦྱངས་བའི་འབྲས་བུ་སོགས། གཉིས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ལྔ་ཚན་ལྔ་པོ་རིམ་པས། རང་དོན་མཐར་ཕྱིན། ཞེས་པ་ལ་སོགས་པས་སྟོན་ཏོ། ། ༈ ད་ནི་བཞི་པ་མན་ 8-10-14a ངག་གི་དགོས་འབྲེལ་ནི། དེ་ལྟར་གཞི་ལ་སོགས་པས་བསྟན། ལྔ་པ་འཁོར་ལ་གདམས་ཤིང་གཏད་པ་ལ། མན་ངག་འདི་ཤིན་ཏུ་ཟབ་པར་གདམས་པ་དང་། འཁོར་ལ་གཏད་པ་སྨོན་ལམ་དང་བཅས་པ་གཉིས་ཀྱི་དང་པོ། རྒྱུ་འབྲས་ཐེག་པའི་སོགས། གཉིས་པ། མངའ་བདག་ཡབ་སྲས་སོགས། ༈ ད་ནི་རྩ་བའི་ས་བཅད་བཞི་པ་མཇུག་གི་ དོན་ལ། གཞུང་ཡང་དག་པར་གྲུབ་པའི་ཚིག་གིས་མཇུག་བསྡུ་བ་དང་། དེ་ལྟར་གྲུབ་པའི་གཞུང་ཉིད་སྔོན་དང་ཕྱི་མར་དར་ཚུལ་གཉིས་ལ། དང་པོ། ཅེས་ཐུགས་ཀྱི་སྙིང་པོ་ སོགས། གཉིས་པ་ལ། སྔོན་གྱི་སྐལ་ལྡན་རྣམས་ཀྱི་བཟུང་ཚུལ་དང་། མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་གཏེར་དུ་སྦས་པའི་ཚུལ་གཉིས་ཀྱི་དང་པོ་ལ། བཀའ་ཡི་བསྡུ་བ་ཇི་ལྟར་ བྱས་ཚུལ། དེ་དག་གི་འགྲོ་དོན་འབྱུང་ཚུལ། དེ་ཉམས་སུ་བླངས་ཚུལ་གསུམ་གྱི་དང་པོ། དེ་ལྟར་བཀའ་སྩལ་པ་སོགས། གཉིས་པ་འགྲོ་དོན་འབྱུང་ཚུལ་ལུང་བསྟན་པ་ནི། ནམ་ཞིག་གི་ཚེ་སོགས། གསུམ་པ། དེ་ནས་ཇི་ལྟར་བཀའ་སྩལ་བའི་སོགས། གཉིས་པ་མ་འོངས་བའི་འགྲོ་བ་རྣམས་ལ་གཏེར་དུ་སྦས་པའི་ཚུལ་ལ། གཏེར་དུ་སྦས་པའི་ཚུལ་དང་། ཞར་བྱུང་དེ་ཅི་ལྟར་བཏོན་ནས་འགྲོ་ 8-10-14b དོན་སྤེལ་ཚུལ་གཉིས་ཀྱི། དང་པོ། ནམ་ཞིག་གུ་རུ་སོགས། གཉིས་པ་རྡོ་རྗེའི་ལུང་དོན་དང་མཐུན་པར་འགྲོ་འདུལ་སྐྱེས་མཆོག་རྣམས་ཀྱིས་ས་འདིར་སྣང་བར་མཛད་པའི་ཚུལ་ནི། མཁས་པའི་གཙུག་རྒྱན་སོགས་མཇུག་གི་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏོ། །དེ་ལྟར་ཞལ་གདམས་ལམ་རིམ་ཡེ་ཤེས་སྙིང་པོའི་བསྡུས་དོན་འབྲིང་པོ་ཙམ་གྱི་ཚུལ་དུ་བཀོད་ པའོ། །ཟབ་རྒྱས་རྡོ་རྗེའི་གསུང་གིས་འགྲོ་ཀུན་ལ། །ཐེག་ཚུལ་ཀུན་སྟོན་མཁའ་ལྟར་ཡངས་པའི་གནས། །བྱིས་པའི་བློ་ཡིས་གཞལ་བར་མི་ནུས་ཕྱིར། །ནོར་འཁྲུལ་གང་མཆིས་རྩ་ གསུམ་སྲུང་མར་བཤགས། །ཁྱབ་བདག་འཇམ་པའི་རྡོ་རྗེ་ཡེ་ཤེས་ནི། །ངུར་སྨིག་སྒྱུ་འཕྲུལ་གར་གྱིས་རྣམ་རོལ་པའི། །མཚུངས་མེད་བླ་མའི་གསུང་ཟེར་ཆ་ཙམ་ཞིག །ཐོས་འཛིན་བཅུད་དུ་ ལོན་པའི་ས་བོན་ལས། །ཉེར་སྨིན་བསྡུས་དོན་དཔག་བསམ་དབང་པོའི་ལྗོན། །རྣམ་པ་དུ་མའི་ཚིག་གི་འདབ་ཡངས་པ། །དེ་ལ་ལེགས་བཤད་དྲི་བཟང་རྣམ་འཕྲོ་ན། །དེ་ཡིས་རྩ་གསུམ་སྲུང་ མ་དགྱེས་གྱུར་ཅིག །ཐུབ་བསྟན་སྤྱི་དང་རྒྱལ་དབང་པདྨ་ཡི། །བསྟན་པ་རིན་ཆེན་ཕྱོགས་བཅུར་འབར་བ་དང་། །འཛམ་གླིང་ཆོས་ཀྱི་ཉི་མ་མཁྱེན་བརྩེའི་དབང་། །ཡུན་རིང་ཞབས་བརྟན་ཕྲིན་ལས་རྒྱས་གྱུར་ཅིག ། 8-11-1a ༄༅། །ས་མཐའི་རྣམ་གྲངས་མདོ་མཚོན་བཞུགས་སོ། ། 8-11-1b འཇམ་པའི་དབྱངས་དང་དབྱངས་ཅན་ངག་གི་ལྷར། །བཏུད་ནས་ས་མཐའ་སྦྱོར་ཚུལ་མདོ་ཙམ་བརྗོད། །ན་ར་ལ་གསུམ་རྗེས་སུ་ད་དྲག་དང་། །དེ་ལྷག་ད་འ་ས་གསུམ་མ་ གཏོགས་པའི། །ག་ང་བ་མ་བཞི་ཡི་རྗེས་རྣམས་ལ། །མི་ནོར་ཕྱིར་དུ་ས་མཐའ་འདི་ལྟར་མཛད། །དུས་ཀྱི་དབང་དུ་འདས་པའི་ཚིག་རྣམས་དང་། །སྐུལ་ཚིག་རྣམས་ལ་ས་མཐའ་རྟག་ཏུ་ཐོབ། ། དཔེར་ན་གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཟུངས་ཤིག་གཏོགས་ཤིག་ཅེས་སོགས་ཐམས་ཅད་བསྒྲེ། །བྱ་ཡུལ་བྱེད་པོ་བྱ་བའི་ཚིག་རྣམས་ལ། །དབྱེ་བ་འབྱེད་བྱེད་ཕྱེ་བ་ཞེས་དང་ནི། ། གདེག་བྱ་འདེག་བྱེད་གཏེགས་པ་ལ་སོགས་པ། །བྱས་པ་རྣམས་ལ་ས་མཐའ་མི་ཐོབ་སྟེ། །ཕལ་ཆེར་སྔོན་འཇུག་ནུས་པས་འདས་པ་སྒྲུབ། །དེ་དག་བྱས་པ་ཟེར་ཡང་བྱ་ཚིག་གི། རང་བཞིན་ཡིན་ ཕྱིར་ས་མཐའ་མི་དགོས་སོ། །བྱས་ཟིན་ཡིན་ན་བགྱིས་དང་བཏེགས་གྱེས་སོ། །ལ་སོགས་སྦྱར་བ་ཉིད་དུ་ཤེས་པར་བྱ། །མིང་ལ་དུས་གསུམ་དབྱེ་བས་མ་ཡིན་ཡང་། །མི་ནོར་སླད་དུ་འདི་ལྟར་ ཁྱད་པར་མཛད། །སྔ་མ་ས་མཐའ་མེད་པའི་ཚུལ་དང་ནི། །ཕྱི་མ་ཡོད་པའི་ཤན་འབྱེད་འདི་ལྟར་བྱ། །ཕོ་མོ་འཁྲིག་དང་སྤྲིན་ཕུང་འཁྲིགས། །གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས། །དོན་ 8-11-2a བཞིན་རིག་དང་རིགས་བརྒྱུད་སྤེལ། །རིག་པ་འཛིན་པ་འོས་ཤིང་རིགས། །རག་གི་རྐུད་པ་རགས་དང་ཕྲ། །རིམ་གྱིས་འཇུག་དང་རིམས་ནད་བྱང་། །ཐུག་རེག་མེད་ དང་ཐུགས་ལ་མངའ་། །ཐབ་ཀ་བ་དང་ཐབས་ལ་མཁས། །རྡོད་སོགས་ཆག་དང་སྣོད་བཅུད་ཆགས། །ཆག་ཆག་གདབ་དང་འདོད་ཆགས་སྐྱེ། །མཚོན་ཆས་འཁྲུག་དང་གོ་རིམ་འཁྲུགས། ། ལྕག་གིས་བཞུར་དང་ལྕགས་ཆ་མགར། །རྟོག་དཔྱོད་བགྱིས་དང་དོན་ཀུན་རྟོགས། །མི་རྟག་འཇིག་དང་འཇིགས་ཤིང་སྐྲག །རྟག་ཏུ་སྐྱིད་དང་རྟགས་སུ་བཀོད། །གདུག་པ་ཅན་ དང་གདུགས་དཀར་ཅན། །ཐིག་རྩ་མཁས་དང་ཚིགས་པ་འཛགས། །སྣ་ཐག་གཏགས་དང་བར་ཐགས་རིང་། །ཁ་དོག་ནག་པོ་ནགས་ཀྱི་ཚུལ། །དབང་གིས་ཕྱུག་པ་ཕྱུགས་རྣམས་ མཚོ། །དབུག་པར་བྱ་བ་དབུགས་སྣ་རིང་། །གོ་ཆ་ཚང་དང་ཚངས་པ་ཆེ། །སྣམ་བུ་ཕྲུག་དང་ལྔ་ཕྲུགས་གྲངས། །གྲང་བས་ཉེན་དང་གྲངས་སུ་བགྲང་། །ཕྱག་འཚལ་བ་དང་ཕྱགས་ མས་ཕྱགས། །ལུག་གི་རྫི་དང་ལུགས་ཀྱི་ཆོས། །ཚིག་སྨྲ་བ་དང་ཚིགས་སུ་བཅད། །གཡོག་པོ་བྱེད་དང་གོས་ཀྱིས་གཡོགས། །ལག་བྲིས་བཟང་དང་བདེན་པ་ལགས། །ཡན་ལག་ 8-11-2b ཚང་དང་ཞེ་སའི་ལགས། །ལྷག་པར་གྲང་དང་གྲངས་ལྷགས་ཆེ། །རྣམ་པར་རྒྱལ་དང་འདི་རྣམས་སུ། །ཁོང་དུ་ཆུབ་དང་ཁོངས་སུ་གཏོགས། །ཁུང་བུར་འཛུལ་དང་འབྱུང་བའི་ ཁུངས། །རྡོ་བའི་གཟེག་དང་གཟེགས་ཟན་པ། །ལོག་པར་ལྟ་དང་ལོགས་སུ་དགར། །གང་ཞིག་འདིས་དང་གངས་ཀྱི་རི། །སྣོད་གང་བ་དང་གངས་ཆེན་མཚོ། །རྒྱང་རིང་མཐོང་དང་ རྒྱ་མཐོངས་ཕྱེ། །རེག་བྱ་ཡང་དང་ཁྱོན་ཡངས་པ། །ཁམ་གྱི་ཟས་དང་འདོད་པའི་ཁམས། །གསང་གྲོས་བྱེད་དང་སྐད་གསངས་མཐོ། །གསུང་རབ་ཆོས་དང་ཚེ་རབས་གཏན། །གོ་ སྐབས་དོག་དང་རེ་དོགས་ཆེ། །རྡོ་ཡི་དྲེག་དང་དྲེགས་ལྡན་པ། །ཞལ་ཟས་སྟོབ་དང་སྟོབས་བཅུ་བ། །དགོང་ཀའི་དུས་དང་ཐུགས་ཀྱིས་དགོངས། །འཕག་འཕག་བྱེད་དང་ས་ཐོབ་ འཕགས། །རང་གཞན་གཉིས་ག་རངས་བར་གྱུར། །རེང་བུ་བཞིན་དུ་རེངས་པ་རྣམས། །རིང་པོར་གནས་ཀྱང་རིངས་པར་ཁུག །ཞག་རྒྱ་སོང་ནས་འདུ་ལོང་ཞགས། །ཞག་སྣུམ་འཐུང་ ནས་ཞགས་པ་ཐོགས། །ཐོག་རེག་མེད་ན་ཐོགས་པ་མེད། །ཐོག་པ་མེད་ནས་ད་བར་ཐོགས། །ཐོག་སེར་མི་འབྱུང་བསྲུང་བ་ཐོགས། །ཐོག་ཏུ་འབབ་ན་ཐོགས་སྡུག་མེད། །ཡོང་ཡེ་མི་མངའ་ 8-11-3a ཡོངས་སུ་དག །མེ་ཡིས་ཚིག་དང་ས་ཚིགས་འདིར། །ལྕགས་སྒྲོག་དང་ནི་སྐད་སྒྲ་སྒྲོགས། །གཏམ་སྨྲ་བ་དང་བཅུད་ཀྱིས་གཏམས། །འདི་རྣམས་ནོར་ས་ཆེ་བའི་རིགས། ། བྱ་བའི་མིང་ཅན་མིང་རྐྱང་རྣམས། །ཕལ་ཆེར་ས་མཐར་སྦྱར་བ་སྟེ། །བྱམས་པ་དམིགས་པ་སྐྱུགས་སོགས་བཞིན། །རུས་ཀྱི་མིང་ཅན་ཕལ་ཆེར་ལ། །གནུབས་གཉག་སོགས་བཞིན་ས་མཐར་ བྱས། །རུས་མིན་སོགས་ལ་དེ་ལྡོག་ཤེས། །ཆོས་དབྱིངས་འཇམ་དབྱངས་ཕྱོགས་དང་ཁྱོགས། །དཀྲིགས་ཕྲག་རྒྱ་སྐྱེགས་གླེགས་བམ་མཁྲེགས། །རྡོ་སྐྱོགས་ལམ་རྒྱགས་འཇུག་ངོགས་ སྔགས། །ཡིད་གཅུགས་མགོ་ལྕོགས་ཞབས་ལྗགས་སྙིགས། །ལྟོགས་ཕོང་སྟེགས་སུ་མུ་སྟེགས་དང་། །བླ་དྭགས་ཡི་དྭགས་རི་དྭགས་སོགས། །ས་མ ཐའ་ཅན་དུ་མཛད་པ་མང་། །ཉོན་ མོངས་པ་དང་ཐུན་མོང་བ། །འདི་སོགས་ས་མཐའ་ཡོད་མེད་ཀྱི། །ཁྱད་པར་མཛད་ཀྱང་ཚིག་གྲོགས་ཀྱིས། །དབང་གིས་ནོར་ས་མི་ཆེ་བས། །བྱས་ཀྱང་རུང་ལ་མེད་ཀྱང་འདྲ། །དྲི་བཟང་སོགས་ ལ་གང་ཡང་རུང་། །མང་དུ་སྤྲོས་ན་མཐའ་མེད་ཀྱང་། །འདིར་ནི་སྙིང་པོ་ཙམ་ཞིག་བསྡུས། །དགེ་བས་འགྲོ་བ་ཐམས་ཅད་ཀྱི། །འཇམ་དཔལ་ཤེས་རབ་ཐོབ་གྱུར་ཅིག །ཅེས་མི་ཕམ་པས་བྲིས་པའོ།། །། 8-11-3b ༄༅། །ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི་བི་ཛ་ཡནྟུ། ས་གཞི་མཐའ་ཡངས་འཇིག་རྟེན་འཛིན་པའི་སྣོད། །ས་ཐོབ་འཕགས་རྣམས་སེམས་ཅན་ ཡོངས་ཀྱི་མགོན། །ས་མཐའི་རྣམ་གྲངས་སྨྲ་བ་རྣམ་དག་རྒྱན། །ས་སྐྱོང་བཞིན་དུ་འདི་གསུམ་བསྔགས་པའི་འོས། །ས་མཐའ་ཡོད་པའི་དཔེར་བརྗོད་འདིར་བཞུགས་སོ། །ས་མཐའ་མེད་པའི་དཔེ་ཡང་ འདིར་བཞུག་གོ། གཟིགས་ཤིག་གཟིགས་ཤིག་ལུགས་འདི་གཉིས་ལ་གཟིགས། །གཟིག་ཅིག་གཟིག་ཅིག་ལུག་འདི་གཉིས་ལ་གཟིག །རྟོག་དཔྱོད་མཛོད་དང་གང་འཐད་རྟོགས་པར་འགྱུར། །རྟོག་ དཔྱོད་མཛོད་དང་གང་འཐད་རྟོག་པར་འགྱུར། །ཐབས་ལ་མཁས་ན་རྒྱལ་པོའི་ཐབས་ཐོབ་འགྱུར། །ཐབ་ལ་མཁས་ན་རྒྱལ་པོའི་ཐབ་ཐོབ་འགྱུར། །བྱས་པ་རྟགས་སུ་བཀོད་ན་མི་རྟག་འགྲུབ། །བྱས་པ་རྟག་ཏུ་ བཀོད་ན་མི་རྟག་འགྲུབ། །ལག་པ་ལུས་ཀྱི་ཡན་ལག་ལགས་པར་བརྗོད། །ལག་པ་ལུས་ཀྱི་ཡན་ལག་ལག་པར་བརྗོད། །ལེགས་སོ་ལེགས་སོ་ས་མཐའ་ཡོད་ན་ལེགས། །ལེག་གོ་ལེག་གོ་ས་མཐའ་མེད་ ན་ལེག །གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ་ཞེས། །གསུང་ངོ་གསུང་ངོ་གསུང་བར་འགྱུར་རོ་ཞེས། །གྲངས་ཅན་པ་དང་གྲང་ཅན་པ་ཐ་དད། །གྲང་ཅན་པ་དང་གྲང་ཅན་ཐ་མི་དད། །ཁུངས་མེད་ 8-11-4a ཁོངས་ཆུད་སྨྲ་འཆལ་ལོགས་སུ་སྨྲ། །ཁུང་མེད་ཁོང་ཆུད་སྨྲ་འཆལ་ལོག་ཏུ་སྨྲ། །དྲང་པོའི་ངག་གིས་དྲངས་ན་སུ་ཡང་རུངས། །དྲང་པོའི་ངག་གིས་དྲང་ན་སུ་ཡང་རང་། །ཚིག་རྣམས་ ཚིགས་སུ་བཅད་ལ་སྡེབ་སྦྱོར་ཡོད། །ཚིག་རྣམ་ཚིག་ཏུ་བཅད་ལ་སྡེབ་སྦྱོར་མེད། །ས་ཚིགས་ས་ཚིག་ཐ་དད་གོ་བ་ཡོད། །ས་ཚིག་ས་ཚིག་ཐ་དད་གོ་བ་མེད། །མི་འཇིགས་མི་འཇིག་གོ་དོན་ཐ་དད་ཡོད། །མི་ འཇིག་མི་འཇིག་གོ་དོན་ཐ་དད་མེད། །རིགས་དང་རིག་ལ་གོ་རྒྱུ་ཐ་དད་ཡོད། །རིག་དང་རིག་ལ་གོ་རྒྱུ་ཐ་དད་མེད། །དེ་བཞིན་རྒྱལ་རྟགས་ཐོབ་དང་རྒྱལ་རྟག་ཐོབ། །སྣོད་ཆགས་སྣོད་ཆག་ཐུགས་བཞེད་ ཐུག་བཞེད་སོགས། །དེ་དང་དེ་འདྲ་ཕ་མཐའ་ཡས་པ་ཡི། །དཔེར་བརྗོད་ཚུལ་འདིས་མཚོན་ནས་སྤྲོས་ཏེ་སྨྲོས། །གཞན་ཡང་ར་ལ་ས་ཡི་མགོ་ལྡན་སོགས། །སོ་སོར་མ་ཕྱེས་ནོར་སོ་ཅན་འགྱུར་བའི། ། དཔེར་བརྗོད་རྣམས་ཀྱང་འདི་བཞིན་སྤྲོས་ཀྱིས་ལ། །གླུ་བརྒྱ་ངག་གཅིག་བྱེད་པའི་དག་ཡིག་སྤོངས། །ཡི་གེའི་ནོར་སོ་བསལ་ཕྱིར་ནོར་བའི་གཞུང་། །སྔོན་མེད་གསལ་སྤེལ་ཡ་མཚན་ཆེ་སྙམ་པ། །འབྲེལ་ མེད་སྨྲ་བ་མི་མེད་ལྷ་དང་མཚུངས། །རྨ་བཡའ་ཟེར་དཔེ་བཤེགས་སླད་བཡག་ཚུལ་ཅིག །ཡི་གེའི་བརྡ་དག་ཙམ་ཡང་མི་ཤེས་པའི། །གཞུང་ལུགས་ཀུན་མཁྱེན་དཀའ་དང་རབ་འབྱམས་སུ། །གནས་ 8-11-4b ལྔར་མ་མཁས་ཀུན་མཁྱེན་མི་འགྱུར་ཞེས། །རྒྱལ་ཚབ་ཆེན་པོས་མདོ་སྡེ་རྒྱན་ལས་གསུངས། །དེ་བཞིན་དྲིན་ལན་བསབས་པའི་མདོ་སོགས་ནས། །གནས་ལྔ་རིག་པར་བྱང་སེམས་སློབ་ཅེས་གསུངས། །ཁྱོད་ ཀྱིས་བརྡ་སྤྲོད་ལ་སོགས་རིག་གནས་རྣམས། །གྲོང་པ་རྣམས་ཀྱི་བསླབ་བྱ་ཡིན་ཅེས་བཤད། །ཞིང་རྨོས་ཡོས་འཐག་ལ་སོགས་གྲོང་པའི་ལས། །བསླབ་པ་རྣམས་ལ་རིག་གནས་ཅི་ཞིག་དགོས། །དེ་དག་ གྲོང་པའི་རང་ཚིག་སྨྲ་བ་ལ། །སུམ་རྟགས་ལ་སོགས་གཞུང་གིས་ཅི་ཞིག་བགྱིད། །རྒྱལ་བའི་གསུང་རབ་ངེས་པའི་ཚིག་གིས་ནི། །སོ་སོ་ཡང་དག་རིག་པ་འཐོ་བའི་ཕྱིར། །བརྡ་སྤྲོད་ལ་སོགས་གཞུང་ ལུགས་མཁས་པས་བརྩམས། །དེ་ཕྱིར་ལྔ་རིག་སྨྲ་རྣམས་འདི་ལ་དགྱེས། །དེ་ལྟར་ཉམས་མཚར་ཙམ་གྱི་བརྗོད་པ་ལས། །ནན་ཏན་དྲག་ཤུལ་མིན་ནོ་ཆོས་ཀྱི་གྲོགས། །གཞན་ཡང་ཕན་པའི་སེམས་ཀྱིས་ འདི་སྐད་དུ། །ཁྱེད་ལ་སྦྲོན་པ་བརྩེ་བས་གསན་པར་མཛོད། །ས་དགེ་ཀར་རྙིང་ཀུན་ཀྱིས་མགྲིན་གཅིག་ཏུ། །ས་མཐའ་གཅོད་མཁན་འདི་ཀོ་སུ་ཞིག་ཡིན། །ས་ཟད་བསྟན་བཅོས་འདི་འདྲས་ཅི་བྱ་ཞེས། །ས་ སྟེང་འུར་གྱིས་སྒྲོགས་པ་མང་འདུག་གི། ས་འདིར་སྔོན་བྱོན་ལོ་པཎ་ཆོས་རྒྱལ་དང་། །ས་སྟེང་མཛེས་པའི་རྒྱན་གྱུར་མཁས་རྣམས་ཀྱི། །ས་གཞི་ཁྱབ་པའི་བསྟན་བཅོས་ཐམས་ཅད་ན། །ས་མཐའ་ཡོད་པར་ 8-11-5a མཛད་པའི་ལུགས་སྐྱོངས་ཤིག །ཨ་མཚར་རྩེད་མོ་ལགས་ཏེ་བླ་མ་ཁོང་། །རྒྱུད་དྲང་བློ་གསལ་མང་ཐོས་ཚུལ་དང་ལྡན། །ཡོན་ཏན་ཆེ་ལྡན་ནོ༷་བུ༷་རིན་ཆེན་མཚུངས། །བསྟ༷ན་ འཛིན༷་ཁྱེད་ཉིད་སྐུ་ཚེ་རིང་གྱུར་ཅིག །ཅེས་པའང་འགའ་ཞིག་གི་ངོར་བྱས་ཏེ་རྙིང་བཙུན་རིག་བྱེད་སྨྲ་བ་བློ་གྲོས་རབ་གསལ་པདྨ་བཞད་པས་ཤིང་སྦྲུལ་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ལ་ཕྲལ་དྲན་མཚར་མཚར་ བྲིས་པ་དགེ་མངྒ་ལཾ།། །། 8-11-5b empty page 8-12-1a ༄༅། །ཚད་མ་ཀུན་ལས་བཏུས་པའི་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ་ཞེས་བྱ་བ་བཞུགས་སོ། ། 8-12-1b ན་མོ་གུ་རུ་མཉྫུ་ཤྲི་ཡེ། ཕུལ་བྱུང་མཁྱེན་རབ་རལ་གྲི་འབར་བའི་གཟིས། །འགྲོ་ཀུན་ཐེ་ཚོམ་དྲྭ་བ་གཅོད་མཛད་པ། །རྒྱལ་ ཀུན་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །སྙིང་དབུས་དད་པའི་པདྨོར་རྟག་རོལ་མཛོད། །འདིར་འཛམ་གླིང་མཛེས་པའི་རྒྱན་མཆོག་སློབ་ དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་གཞུང་ཉིད་འཆད་པར་བྱེད་པ་ལ། ཐོག་མར་མཚན་སྨོས་པ་ནི། རྒྱ༷་ག༷ར་སྐ༷ད་དུ༷། པྲ༷་མཱ༷་ཎ༷་ས༷་མུ༷་ཙྪ༷་ཡ༷་ནཱ༷་མ༷་པྲ༷་ཀ༷་ར༷་ཎ། བོ༷ད་སྐ༷ད་དུ༷། ཚད༷་མ༷་ཀུན༷་ལ༷ས་བ༷ཏུས་པ༷་ཞེ༷ས་བྱ༷་བའི༷་ར༷བ་ཏུ༷་བྱེ༷ད་པ༷་ཞེས་པར་འགྱུར་ 8-12-2a ལ་སྐད་གཉིས་ཤན་སྦྱར་ན། པྲ་མཱ་ཎ་ཚད་མ། ས་མུ་ཙྪ་ཡ་ཀུན་ལས་བཏུས་པ། ནཱ་མ་ཞེས་བྱ་བའི། པྲ་ཀ་ར་ཎ་རབ་ཏུ་བྱེད་པ་སྟེ། ཡང་དག་པའི་ཤེས་པ་འཁོར་བཅས་བརྗོད་བྱར་བྱེད་པའི་ཚད་མ་རང་གི་གཞུང་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་སོ། །འགྱུར་ཕྱག་ནི་ སང༷ས་རྒྱས༷་ལ༷་ཕྱག༷་འཚལ༷་ལོ༷། །ཞེས་ལོ་ཙཱ་བས་བཀོད་པའོ། །གཞུང་དོན་དངོས་ནི། མི་བསླུ་བའི་ཚད༷་མ༷ར་སྒྲུབ་བྱེད་ཀྱི་སྟོབས་ལས་གྱུར༷་པ༷་གང་ཞིག་འགྲོ༷་ བ་ཐམས་ཅད་ལ༷་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཕ༷ན་པ༷ར་བཞེད༷་པས། ཐབས་སྟོན༷་པ༷་གང་སྤངས་རྟོགས་ཕུན་ཚོགས་ཀྱི་གནས་སུ་བ༷དེ་བར་ 8-12-2b གཤེག༷ས་ཤིང་འགྲོ་ཀུན་གཏན་དུ་སྐྱོབ༷་པར་མཛད་པ་དེ་ལ༷་ཕྱག༷་འཚལ༷་ནས༷། རང་སྡེ་སངས་རྒྱས་པའི་ལུགས་ཀྱི་ཡང་དག་པའི་ཚད༷་མ༷་ཉིད་ཀྱི་ཚུལ་མ་ནོར་བར་གཏན་ལ་འདེབས་པའམ་བསྒྲུབ་ ཕྱིར༷་ར༷ང་གི༷་ག༷ཞུང་སྔར་བཀོད་པ་རིགས་སྒོ་རིགས་བརྟག་དམིགས་བརྟག་སོགས་ཐོར་བུ་པ་ཀུན༷་ལ༷ས། དོན་གྱི་ཆ་བཏུས༷་ཏེ༷་སྣ༷་ཚོག༷ས་འཐོར་ཐབས་སུ་ཡོད་པ་རྣམ༷ས་འདིར༷་གཞུང་རབ་བྱེད་གཅི༷ག་ ཏུ་བྱའོ༷། །དེ་ལ་མངོ༷ན་སུམ༷་ཚད་མ་དང༷་ནི༷་རྗེ༷ས་སུ༷་དཔ༷ག་པ༷་ཞེས་བྱ་བའི། ཚད༷་མ༷་གཉིས་ཁོ་ནའོ༷་དེའི་རྒྱུ་མཚན་ཡང་ཡུལ་དུས་རྣམ་པ་འདྲེས་མ་འདྲེས་ཀྱིས་སྤྱི་རང་གི་མཚ༷ན་ཉི༷ད་གཉི༷ས་ནི་ཚད་མ་ དེ་གཉིས་ཀྱི་དངོས་ཀྱི་གཞལ༷་བྱ༷་ཡིན་པས་སོ། །དེ་ཡང་འདི་ལྟར་ཚད་མས་འཇུག་ཡུལ་རང་མཚན་གཞལ་བ་ན། ཡུལ་དེ་མངོན་དུ་གྱུར་ན་དེ་དངོས་སུ་གཞལ་ལ་ལྐོག་ཏུ་གྱུར་ན་དེའི་སྤྱི་མཚན་ལ་བརྟེན་ ནས་དེ་གཞལ་དགོས་པས་གཞལ་བྱ་གཉིས་ནི་ཡོད་ལ་གཉིས་ལས་གཞན་མེད་དེ་ཡུལ་མངོན་ལྐོག་གཉིས་སུ་གྲངས་ངེས་པས་སོ། །ཁ་དོག་གི་སྤྱི་དེ༷་ལ༷་མི་རྟག་པའི་སྤྱི་ར༷བ་སྦྱོར༷་ཕྱིར༷་རྗེས་དཔག་གི་ ཚད༷་མ༷། གཞ༷ན་ནི༷་ཡོ༷ད་པ༷་མ༷་ཡི༷ན་ནོ༷། །སྐྲ་ཤད་སོགས་ནི་དོན་དུ་གྲུབ་པ་མེད་པས་ན་རང་མཚན་མིན་ལ། ཞེན་པ་མེད་པས་སྤྱིའང་མིན་ནོ། །འོ་ན་གསལ་བར་སྣང་བས་ཡུལ་ཕུང་གསུམ་པར་ 8-12-3a ཐལ་ཞེ་ན། ཕྱི་རོལ་དུ་སྐྲར་གྲུབ་པ་ནི་མེད་པས་མེད་པ་གསལ་སྣང་ཡིན་ལ། གསལ་སྣང་གི་ཤེས་པ་རང་མཚན་ནོ། །དེའི་སྤྱི་ཤར་བ་ནི་སྤྱི་མཚན་ནོ། །ཡང་བྱས་སོགས་རྟགས་ ལས་སམ་ངེས་པས་ཁ་དོག་མི་རྟག་པར་འཛིན་པ་ནི་རང་སྤྱི་འདྲེས་པ་ཡིན་པས་དེ་འཇལ་གྱི་ཚད་མ་གཞན་དགོས་སམ་ཞེ་ན་མིན་ཏེ་གཞལ་བྱ་གཅིག་ཚད་མ་དུ་མས་ཡ༷ང་ཡ༷ང་ཤེས༷་པ་ཚད་མ་ཕུང་ གསུམ་པ༷འ༷ང་མ༷་ཡི༷ན་ཏེ༷། དེ་ལྟ་ན་ཚད་མ་ཐུག༷་པ༷་མེ༷ད་པར་ཐལ་བར་འགྱུར༷་ཏེ་དཔེར་ན་དྲ༷ན་པ་དང་འདོད་སྡང་སོ༷གས་ཚ༷ད་མ་ཕུང་གསུམ་མིན་པ་བཞི༷ན་ནོ། །དོན་ལ་དོན་རང་རང་གི་མི༷ང་སྦྱོར་ནས་ འཛིན་པ་ད༷ང་དོན་ལ་རི༷གས་དང་བྱ་བ་ཡོན་ཏན་ལ་སོ༷གས་པ་སྦྱོང༷་བ༷་བ་ལང་བ་ལང་གི་རིགས་དང་འདྲེས་པའམ་བ་ལང་དཀར་པོ་ལྟ་བུ་ལ་སོགས་པ་ཡི༷། རྟོག༷་པ༷་དང༷་བྲལ༷་བ་ནི་མངོན་སུམ་མོ། །དེ་ལ་ རྟོག་བྲལ་མ་འཁྲུལ་པ་མངོན་སུམ་ཚད་མའི་མཚན་ཉིད་ཡིན་ལ། དེ་ལ་འབྲལ་བྱ་རྟོག་པ་གང་ཞེ་ན་ངོ་བོ་ཉིད་ཀྱི་ཁམས་གསུམ་པའི་སེམས་སེམས་བྱུང་དང་། རྩིང་ཞིབ་ཀྱི་རྟོག་དཔྱོད་ལྟ་བུ་དེ་མིན་གྱི་སྒྲ་ དོན་འདྲེས་པར་འཛིན་པའམ། སྒྲ་དང་འདྲེར་རུང་བའི་དོན་འཛིན་པའི་ཤེས་པའོ། །དེ་ཡང་ཇི་ལྟར་ན་དོན་རང་རང་གི་མིང་དང་འདྲ་བ་དང་དོན་ལ་དོན་སྦྱར་ཏེ་རིགས་སོགས་འཛིན་པའི་འདྲེས་པ་དེ་མིན་ 8-12-3b པར་དོན་སིལ་བུ་མ་འདྲེས་པ་ཆ་སོ་སོ་ནས་རྣམ་པ་གཏད་པ་ལྟར་སྣང་ཙམ་ཐ་སྙད་དུ་བྱར་རུང་བ་མིན་པའི་དབང་ཤེས་ཙམ་ནི་རྟོག་བྲལ་ལོ། །ཡུལ་དབང་གཉིས་ལས་དབང་པོ་ནི་ཤེས་པ་ལྔའི་ཐུན༷་ མོང༷་མི༷ན་པ༷འི་རྒྱུ་ཡི༷་ཕྱི༷ར། སྒོ་ལྔའི་ཤེས་པ་ལྔ་པོ་དེ༷་ཡི༷་གོ་བྱེད་ཀྱི་ཐ༷་སྙ༷ད་དབ༷ང་པོས༷་བྱས༷་ཏེ་དབང་པོའི་ཤེས་པ་ཞེས་བཏགས་ཏེ་རྔ་སྒྲ་དང་ས་མྱུག་བཞིན་ནོ། །དབང་ཤེས་དེར༷་རང་གི་གཟུང་དོ༷ན་ རྡུལ་ཕྲན་ཁྱད་པར་ཅན་དུ༷་མ༷ས་བ༷སྐྱེད་དགོས་པ༷འི་ཕྱིར༷། ཤེས་པ་རང་ཡུལ་ལམ་ར༷ང་གི་དོ༷ན་ཚོགས་པའམ་བསགས་པ་སྤྱི༷་ཡི༷་སྤྱོ༷ད་ཡུ༷ལ་ཅ༷ན་ཏེ་མ་ལྟོས་པ་རེ་རེས་མིན་ལ་ལྟོས་པའི་རགས་སྣང་ གཅིག་ཀྱང་མིན་ནོ། །བྱས་མི་རྟག་སོགས་ལྡོག་པ་དུ༷་མ༷འི་ངོ༷་བོ༷ར་གྱུར་པའི༷་ཆོས༷་ཅ༷ན་སྒྲ་ལྟ་བུ་ནི༷། དབ༷ང་པོ༷་ལ༷ས་དུ་མའི་བདག་ཉིད་དེ་ལྟ་བུར་རྟོག༷ས་པ་སྲི༷ད་པ་མ༷་ཡི༷ན་ཏེ་རང་མིན་ཀུན་ལས་ལོག་པའི་ཆའམ་ ཆ་མེད་གཅིག་ལ་དུ་མ་མེད་པར་སྣང་བས་སོ། །དེས་ན་དབང་ཤེས་སོ་སོ་ར༷ང་ར༷ང་གིས་རི༷ག་པར་བྱ་བ༷་གང་ཞིག་སྒྲ་རྟོག་གི་ཐ༷་སྙད༷་ཀྱིས༷། བསྟན༷་པར་བྱ་ནུས་པ་མི༷ན་པ་ཡི་ངོ༷་བོ༷་དེ་ནི་དབ༷ང་པོ༷འི་ཡུལ༷་དུ་གྱུར་པའི་ དོན་རང་མཚན་ནོ། །ཡི༷ད་ཀྱང༷་རྟོག་མེད་དེ་ཕྱི་དོ༷ན་རང་མཚན་ལ་དམིགས་པའི་ཕྱིར་དང༷་། མཚན་གཞི་ཆ༷གས་པ་དང་སྡང་བ་བདེ་བ་ལ༷་སོ༷གས་པ་ལྟ་བུ། ར༷ང་རིག༷་དབང་པོ་ལ་མ་བརྟེན་པའང་ཤེས་པ་ 8-12-4a རང་མཚན་འཛིན་པའི་རྟོག༷་པ༷་མེ༷ད་པ༷་ཡི༷ན་ནོ། །ཏིང་ངེ་འཛིན་དང་ལྡན་པའི་རྣལ༷་འབྱོར༷་དུ་བྱ་བ་ཇི་སྙེད་པ་རྣམ༷ས་ཀྱི༷་བླ༷་མ༷་བདག་མེད་པའི་གནས་ཚུལ་ལ་ཞུགས་པའི་བློས༷་སངས་རྒྱས་དེས་ བསྟན་པར་གྱུར་པའི་བདེན་བཞིའི་དོན་སྒྲ་སྤྱི་དང་དོན་སྤྱིའི་རྟོག་པ་དང་མ༷་འདྲེས༷་པ༷་ཡི༷་དོ༷ན་ཙ༷མ་མཐོ༷ང་བ་ནི་རྣལ་འབྱོར་མངོན་སུམ་མོ། །དེ་ལ་རྣལ་འབྱོར་ནི་རྩེ་གཅིག་ཏུ་བསྒོམ་པའོ། །རྣམས་ ཞེས་པ་འཇིག་རྟེན་པའི་བསམ་གཟུགས་འདས་པའི་ཟད་ཟིལ་གནོན་གཉིས་ཀའི་ཚད་མེད་ལ་སོགས་པའོ། །དེ་ཡང་རྒྱལ་བའི་ཡུམ་ལས། རྣལ་འབྱོར་དུ་བྱ་བ་གང་ཇི་སྙེད་དུ་ཡོད་པ་ དེ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ནི་རབ་ཅེས་བྱའོ། །མཆོག་ཅེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། དངོས་པོའི་གནས་ ཚུལ་མཐར་ཐུག་པ་གཞལ་བས་དེའི་གོང་ན་གཞན་མེད་པའོ། །དེས་མཚོན་ཏེ་མི་བསླུ་བ་ཐམས་ཅད་དོ། །ཆགས་སོགས་རང་རིག་མངོན་སུམ་ཡིན་ན་རྟོག་པའང་དེར་འགྱུར་རོ་ཞེ་ན་དེ་ཡིན་ཏེ་འདི་ ལྟར་རྟོག༷་པ༷འ༷ང་རང་གི་ངོ་བོ་ལ་ར༷ང་རི༷ག་མངོན་སུམ་ཉི༷ད་དུ༷་འདོ༷ད་དོ། །རྟོག་བྱའི་དོ༷ན་ལ༷་ལྟོས་ནས་རྟོག་མེད་མ༷་ཡི༷ན་ཏེ་དོན་དེར༷་སྒྲ་དང་འདྲེས་པར་རྟོག༷་པའི་ཕྱིར། སྨིག་རྒྱུ་ལ་ཆུར་འཛིན་ལྟ་བུའི་ 8-12-4b འཁྲུལ༷་ཤེས་དང་། བུམ་པའི་རྡུལ་བརྒྱད་ཚོགས་པ་ལ་བརྡ་ལ་བརྟེན་ནས་བུམ་པའོ་སྙམ་དུ་རྟོག་པ་སོགས་བརྡ་རྟེན་ཅན་ཀུན༷་རྫོབ༷་འཛིན་པའི་ཤེས༷་པ༷་ད༷ང་། འདིས་རྗེས་སུ་དཔོག་པར་བྱེད་ པའི་རྟགས་འཛིན་སྟོན་པ་རྗེས༷་སུ་དཔག༷་པར་རྟོགས་པ་དང་། རྗེས༷་སུ༷་དཔ༷ག་པ་ལ༷ས་བྱུང༷་བའི་རྟོག་པ་ནི་རྟེན་ཅན་བློ་སྟེ་རྗེས་དཔག་དངོས་སོ། །འདས་དོན་དྲ༷ན་པ་དང༷་། མ་འོངས་པ་མངོ༷ན་པར་ འ༷དོད་པ་ཅེ༷ས་བྱ༷་བ་འཁྲུལ་ཤེས་དྲུག་པོ་ནི་རྟོག་པ་མངོན་སུམ་ལྟར་སྣང་བ༷འོ༷། །དེ་སྨྲོས་པ་ཡང་དང་པོ་གཉིས་དབང་པོ་དང་ཉེར་འཇུག་པ་ལ་བརྟེན་ནས་རིགས་པ་ཅན་པས་དབང་ཤེས་སུ་འཁྲུལ་ པ་སེལ་བའི་ཆེད་ཡིན་ལ། དེ་ཡི་མཐུན་དཔེར་ལྐོག་ཏུ་གྱུར་པའི་དོན་ཅན་གྱི་ཤེས་པ་བཞི་སྨྲོས་སོ། །བཞི་པོ་རྟགས་ལ་ལྟོས་མི་ལྟོས་ཀྱི་དབང་དུའོ། །ཕྱི་ནང་གི་འཁྲུལ་རྒྱུས་རྟེན་དབང་པོ་བསླད་པའི་ མངོ༷ན་སུམ༷་ལྟར༷་སྣང༷་ནི་དཔེར་ན་ར༷བ་རི༷བ་བཅ༷ས་པའི་མཐོང་བ་ལ་སོགས་པ་ལྟ་བུའོ། །ཚད་མ་དེས་འདི་ལྟར་དོན་རྟོགས་པའི་བྱ༷་བ་ད༷ང་བཅ༷ས་པ༷ར་གཞལ་བྱ་རྟོ༷གས་པ༷འི་ཕྱིར༷། བྱ་བ་དེའི་ཆ་ ནས་འབྲ༷ས་བུ༷་ཉི༷ད་ཡི༷ན་ལ་རྟོགས་བྱེད་དམ་འཇ༷ལ་བྱེ༷ད་དེ་ལ། བྱེད་པའི་ཆ་ནས་དོན་འདྲ་བ་ལ་ཚད༷་མ༷་ཉི༷ད་དུ༷་ཐ་སྙད་འདོག༷ས་པ༷་སྟེ༷། སྐབས་སུ་ཚད་འབྲས་སུ་རུང་སྟེ་རང་གི་གཞལ་བྱ་རྟོགས་པ་ལ་བྱེད་པོ་ 8-12-5a ཙམ་ལས་ལོགས་སུ་བྱ༷་བ༷་གཞན་དུ་མེ༷ད་པ༷འ༷ང་མ༷་ཡི༷ན་ནོ༷། །ཡང་ན་བྱ་བ་མེད་པ་དབང་པོ་དང་ཕྲད་པ་སོགས་ཚད་མ་མིན་ཏེ་བྱ་བ་ལ་བར་དུ་ཆོད་པའི་ཕྱིར་རོ། །དེས་ན་ཚད་འབྲས་ཐ་ དད་པ་ནམ་ཡང་མི་སྲིད་ཅེས་སོ། །དེའང་སྒྲས་བསྟན་ནམ་སྙམ། ཡ༷ང་ན༷་ལེགས་པར་དཔྱད་ན་མྱོང་བ་རང༷་རི༷ག་ནི་འབྲ༷ས་བུ༷་སྟེ༷་དོན་ཁས་ལེན་ན་ཡང་རང་རིག་འབྲས་བུ་ཡིན་དགོས་པའི་འཐད་ པ་ནི་བློ་རྣམ་མེད་དུ་མི་རུང་ལ་རྣམ་བཅས་ཡིན་དགོས་པའི་གནད་དོ། །གཟུང་རྣམ་འཛིན་རྣམ་གྱིས་མྱོང་བ་རང་རིག་དེ༷་ཡི༷་ངོ༷་བོ༷་ལ༷ས་དོ༷ན་ངེ༷ས་ཀྱི་གཞན་དུ་ངེས་མི་སྲིད་པས་སོ། །དེའི་རྒྱུན་ རང་རིག་གིས་དོན་ངེས་པའང་འདི་ལྟར་འདོད་མི་འདོད་མྱོང་བ་དེས་དོན་རིག་པར་འཇོག་པའི་ཕྱིར་རོ། །དེ་གཉིས་ཀས་མ་མྱོང་ན་ནི་དོན་མྱོང་བར་གཏན་མི་སྲིད་ལ་དོན་རྗེན་པ་མྱོང་ན་དོན་སྣ་ ཚོགས་སུ་ཐལ་བའི་ཕྱིར་རོ། །དེ་ལྟ་ནའང་ཡུལ༷་སྔོ་སོགས་ཀྱི༷་སྣང༷་བ༷འམ་རྣམ་པ་གཟུང་རྣམ་ཉི༷ད་དེ༷་ནི་ཕྱི་རོལ་གྱི་སྔོ་སོགས་འདིའི༷། ཡུལ་ཅན་ཚད༷་མ༷་ཡིན་ཏེ་སྔོ་འཛིན་དེ༷་ཡི༷ས་དེ་འཇ༷ལ་བ༷ར་ བྱེད་དོ། །དེ་ལྟ་ནའང་ཚད་འབྲས་ཡུལ་ཐ་དད་མིན་ཏེ་དོན་གཟུང་བར་སྣང་ཡང་རང་མྱོང་བ་ལས་མ་འདས་པས་སོ། །སྨྲས༷་པ༷། གང༷་ཚེ༷་སྣང༷་བ༷་གཟུང་རྣམ་དེ༷་གཞ༷ལ་བྱ༷་དང་། ཚད༷་མ༷་དང༷་ནི༷་དེ༷འི་ 8-12-5b འབྲས༷་བུ༷། ༢ འཛི༷ན་དང༷་ ༣ སྣང་བ་དེ་རྣ༷མ་པ་རི༷ག་པ་ཡིན་པ་དེ༷་ཡི༷་ཕྱིར༷། དེ༷་གསུ༷མ་ནི་དོན་དུ་ཤེས་པ་གཅིག་གི་བདག་ཉིད་དུ་དབྱེར་མེད་པས་ཐ༷་ད༷ད་དུ༷་མ༷་བྱ༷ས་གཞན་དུ་མེད་པར་གཅིག་ཏུ་འདོད་ཅེས་ སོ། །ཤེས་པ་གཅིག་གི་གཟུང་འཛིན་རིག་གསུམ་ལ་ཚད་འབྲས་གཞལ་གསུམ་བཞག་གི་ཚད་འབྲས་གཞལ་གསུམ་ཐ་དད་དུ་མ་བྱས་ཏེ་དེ་གསུམ་དོན་ལ་དབྱེར་མེད་པའི་ཕྱིར་ཏེ་བློ་བདག་རྣམ་དབྱེར་ མེད་ཅེས་སོ། །དེ་སྒྲུབ་པ་ལ། ཡུ༷ལ་སྔོ་སོགས་ཤེ༷ས་པ༷་གཟུང་རྣམ་ད༷ང་གཟུང་རྣམ་དེ༷་ཤེས༷་པ༷འི། འཛིན་རྣམ་གྱི་དབྱེ༷་བ༷་ཡོད་པས༷་བློ༷་ཡི༷་ཚུལ༷་གཉི༷ས་ཡོད་པ་ཉི༷ད་དུ་སྒྲུབ་ལ། དང་པོ་བློ་ཡི་ ཚུལ་གཉིས་མྱོང་བས་སྒྲུབ་པ་ལ། ཡུལ་ཡོད་པ་ཡུལ་འདོད་མི་འདོད་དུ་མྱོང་བ་དང་། འཁྲུལ་བས་མར་མེ་སོགས་ཀྱི་དཀྱིལ་འཁོར་མཐོང་བ་འདས་སོགས་དྲན་པ་ལྟ་བུའི་ཡུལ་མེད་པ་ ལ་བརྟེན་ནས་བློ་ལ་ཚུལ་གཉིས་སུ་སྒྲུབ་པའོ། །མྱོང་བ་དེ་ལས་ཕྱིས་དེ་འདྲའི་ཡུལ་ཡུལ་ཅན་སོ་སོའི་ཆ་དྲན་པ་ལས་ཀྱང་ཚུལ་གཉིས་གྲུབ་བོ་ཞེས་སོ། །དུས༷་སྔར་མྱོང་བ་ལས་ཕྱི༷ས་ བློ་རྣམ་བཅས་སུ་དྲ༷ན་པ༷་ལ༷ས་ཀྱ༷ང་གྲུབ་སྟེ། ཇི་ལྟར་དྲན་ན་སྔོ་འཛིན་སེར་འཛིན་ལ་སོགས་པའི་བློ་དྲན་པ་ན་ཡུལ་དེ་དེའི་རྣམ་ལྡན་དུ་དྲན་པས་སོ། །དེ་ཡང་སྔར་སྔོ་སོགས་མྱོང་བྱེད་ 8-12-6a ཀྱི་བློ་ལ་སྔོ་སོགས་ཀྱི་རྣམ་པ་དེ་མེད་ན་དེ་དྲན་མི་ཤེས་ཏེ་དུང་མཐོང་བ་དྲན་པ་དེ་ལ་ནག་པོ་མི་དྲན་པ་བཞིན་ནོ། །དེ་ལྟ་ན་ཤེས་པ་སོ་སོ་ཐ་དད་དུ་དབྱེ་མི་ནུས་ཏེ་ཤེས་པ་ཙམ་དུ་ཁྱད་མེད་ པས་སོ། །འཛིན་རྣམ་ཡང་ཡོད་དེ་ཤེས་པ་དང་པོ་གཉིས་པ་སོགས་ཀྱི་དམིགས་ཚེ་རྣམ་པ་གཅིག་གིས་ལྷག་པའི་ཁྱད་པར་ཅན་དུ་དྲན་པའམ་དམིགས་པས་སོ། །དེས་ན་དྲན་པས་ཀྱང་ ཚུལ་གཉིས་སུ་གྲུབ་སྟེ། མ་མྱོང་ན་རྩ་བ་མེད་པས་དྲན་པ་མི་རིགས་སོ། །ཡུལ་སྣང་དང་ཤེས་སྣང་སོ་སོར་དྲན་ཏེ་གཅིག་ཡིན་ན་ཡུལ་དྲན་པ་དང་ཤེས་པ་དྲན་པ་ལ་ཁྱད་མེད་པར་མི་འགྱུར་ བར་དྲན་རྒྱུ་ཡོད་པས་སོ། །བློའི་སྟེང་ན་སྔོན་པོར་སྣང་བ་དང་སྔོ་འཛིན་གཉིས་མེད་ན་སྔོན་པོ་དྲན་པ་དང་སྔོ་འཛིན་དྲན་པ་ལ་ཁྱད་མེད་པར་འགྱུར་ནའང་དེ་མིན་ཏེ་གཟུང་རྣམ་རེ་རེས་ལྷག་པའི་ཁྱད་ ཡོད་པས་སོ། །ཞེས་སོ། །དེ་ལ་གཉིས་མེད་ན་ཤེས་པ་དང་པོ་ཡུལ་དང་ཁྱད་མེད་དུ་སྣང་ལ་ཤེས་པ་ཕྱི་མ་རྣམས་ཡུལ་དང་བཅས་པར་མི་དྲན་ཏེ། དེ་ཡང་འཛིན་པ་ཙམ་ལས་གཟུང་རྣམ་ ཐ་དད་དུ་ཡོད་ན་ཤེས་པ་དང་པོ་དང་སྔོ་སྣང་ལ་ཁྱད་མེད་ལ། གཟུང་རྣམ་ལས་འཛིན་རྣམ་ཐ་དད་དུ་མེད་ན་ཕྱི་མ་རྣམས་ཡུལ་དང་བྲལ་བར་འགྱུར་རོ། །དེ་ལྟར་དངོས་སུ་ཚུལ༷་གཉི༷ས་གྲུབ་ 8-12-6b པ་དང༷་ནི༷་ར༷ང་རིག༷་ཀྱང་གྲུབ༷་པར་འགྱུར་ཏེ། ཚུལ་གཉིས་དང་ནི་རང་རིག་གྲུབ་པ་གཅིག་པས་སམ་ཁྱད་མེད་དེ། གཅིག་གྲུབ་ལ་གཅིག་མ་གྲུབ་མི་ཤེས་པས་སོ། །ཞེས་གཅིག་ཏུ་བསྡུ་བའི་ཚིག་ གོ། དེའི་རྒྱུ་མཚན་ཡང་ལར་བློ་ཀ་བུམ་ལྟར་ཚུལ་གཉིས་ཐ་དད་དུ་ཡོད་དུ་ཟིན་ཀྱང་བློ་དེ་གཉིས་རྫས་གཞན་མིན་པར་ངོ་བོ་གཅིག་ཡིན་པའི་ཚུལ་གྱིས་གཅིག་གིས་གཅིག་མྱོང་བ་མེད་ན་གཅིག་ གཅིག་གི་རྣམ་པ་ཅན་དུ་དྲན་པ་འདི་མེད་པའི་ཕྱིར་ཏེ་ཀ་བ་དྲན་ཚེ་བུམ་པ་མི་དྲན་པ་བཞིན་ནོ། །རྒྱུ་མཚན་བློ་རང་གིས་རང་མ༷་མྱོང༷་བར༷་རྣམ་བཅས་སུ་དྲན་པ་འདི༷་མེ༷ད་པའི་ཕྱིར༷་རོ༷། །སྐྱོན་ མེད་དེ་བློ་རང་ལས་ཤེས༷་པ༷་གཞ༷ན་གྱིས༷་ཉམ༷ས་སུ་མྱོང༷་ཞེ་ན༷། ཐུག༷་མེ༷ད་དུ་འགྱུར་བློ་མྱོང་བྱེད་དེ༷་ལ༷འ༷ང་དྲ༷ན་པ༷་མཐོང་བས་སྟེ༷། དེ་ཡང་སྔ་མ་དེ༷་བཞི༷ན་གཞན་གྱིས་མྱོང་ན་ཤེས་པས་ནང་བློ་ ཁོ་ན་གཅོད་ཀྱི་ཕྱིའི་ཡུལ༷་གཞ༷ན་ལ༷་འཕོ༷་བ༷། མེ༷ད་པ༷ར་འགྱུར༷་ན༷་ཕྱི་རོལ་ལ་འཕོ་བ་དེ༷་ཡང༷་མཐོ༷ང་བའི་ཕྱིར༷་རོ༷་སྟེ་མི་འཐད་དོ། །རྩོད༷་པ་སྒྲུབ༷་པ་ཞེས་པ་དེ་སློབ་དཔོན་དབྱིག་གཉེན་གྱི༷་ རང་ལུགས་མ༷་ཡི༷ན་ཏེ། རྒྱུ་མཚན་སློབ་དཔོན་གྱིས་དེ་ལ་ངེས༷་པ༷ར་སྙིང༷་པོ༷་མེ༷ད་པར༷་དགོ༷ངས་ནས་རང་ལུགས་མ་མཛད་པས་སོ། །གཞ༷ན་དུ༷་དེ་ལ་ཁུངས་མཛད་ན་ཆ༷་ཤ༷ས་སུ༷་གསུ༷ང་ 8-12-7a བར་འགྱུར༷་ཞེས་རྩོད་སྒྲུབ་ཀྱི་ལུགས་དེ་རྟོག་གེ་སྣ་ཚོགས་པའི་ལུགས་བསྲེས་པ་ཙམ་ཡིན་པས་རང་ལུགས་མིན་གལ་ཏེ་ཡིན་ན་ཆ་ཤས་ཏེ་དེའི་ཕྱོགས་གཅིག་གི་དབང་དུ་གསུང་ རིགས་པ་ལ་དེ་མེད་པས་སོ། །དེས༷་ན༷་ཁོ༷་བོ༷ས་དེར་བཤད་པ་ལ་འཐད་མི་འཐད་བརྟག༷་པ༷ར་བྱ༷འོ། །དེ་ལ་རྩོད་སྒྲུབ་ལས་གང་གི་སྒོ་ནས་ཐ་སྙད་འདོགས་པའི་ཕྱིར་དོ༷ན་དེ༷་ཁོ་ན་ལ༷ས་དངོས་ སུ་སྐྱེས༷་པའི་རྣམ་པར༷་ཤེས༷་པ་ནི། མངོ༷ན་སུ༷མ་ཡི༷ན་ནོ་ཞེ༷ས་བྱ༷་བ༷་འདི༷ར། དོ༷ན་དེ༷་ཞེ༷ས་པ༷ས་རྐྱེན་ཀུན༷་བརྗོ༷ད་པ་ཡིན་ན༷། མངོན་སུམ་གང༷་དེ༷་དམིགས་རྐྱེན་དེ༷་འབ༷འ་ཞི༷ག་གམ་ཁོ་ན་ ལ༷ས་སྐྱེ་བ་ནི་མི༷ན་ཏེ་རྐྱེན་བཞིས་ཤེས་པ་སྐྱེ་བའི་ཕྱིར་དེ་ལྟ་ན་ཡང་དོན་ལའང་སྐྱེ་བའི་མངོན་སུམ་ཁོ་ན་རྟོགས་པར་མི་འགྱུར་ཏེ་སེམས་སེམས་བྱུང་ཐམས་ཅད་རྐྱེན་ཀུན་ལས་ཅི་རིགས་པར་སྐྱེ་ བས་སོ་ཞེས་རྩོད་སྒྲུབ་མཁན་པོས་མི་འདོད་ཀྱང་སྤྱིར་མཐའ་གཅོད་པའོ། །ཐ་སྙད་དུ་བྱེད་རྒྱུ་དམིགས་རྐྱེན་ཡུལ་ལ་བརྗོད་པས་སྐྱོན་མེད་ཅེ་ན། དེ་ལའང་ཀུན་སྒྲ་འཇུག་སྟེ་དམིགས་པ་ཆོས་ རྣམས་ཐམས་ཅད་དོ་ཞེས་གསུངས་པས་སོ། །དོན་ཞེས་པ་དམི༷གས་རྐྱེན་ཡུལ་ཁོ་ན་བརྗོད་པ༷འོ༷་ཞེ༷་ན༷་དྲ༷ན་མངོན་འདོད་སོ༷གས་ཀྱི༷་གཟུགས་དྲན་པ་རོ་མངར་པོ་ཟ་འདོད་པ་ལ་མེ་ལྡན་དུ་ 8-12-7b དཔོག་པ་སོགས་ཀྱང་ངོ་། །ཤེ༷ས་པ༷འ༷ང་དེར་ཐལ་དེའི་ཕྱིར་ཏེ་དེ་ལ་རང་ཡུལ་དེ་ལས་གཞན་ལ་དམིགས་ཡུལ་དུ་བྱས་པ་ལ་ལྟོས༷་པ་མ༷་ཡི༷ན་པས་སོ། །ཡ༷ང་རྩོད་སྒྲུབ་ལ་སྨྲས༷་པ༷། དོན་དེ་ ལས་སྐྱེས་པའི་ཤེས་པ་མངོན་སུམ་མོ་ཞེས་པ་ལ། དོན་དེ་དང་མཐུན་པར་སྐྱེས་པ་ཞིག་ལ་ཟེར་རམ་མ་མཐུན་ཀྱང་རྒྱུ་བྱེད་པ་ཙམ་གྱིས་ཡིན། དང་པོ་ལྟར་ན་མི་སྲིད་དེ། དབང་པོ་ལ་ཇི༷་ལྟར༷་སྣང༷་བ༷་ རགས་པ་དེ༷་ནི་དོན་དུ་ཡོ༷ད་པ་མིན་ལ། ཀུན་རྫོབ་ཡིན་པ་དེ༷་ཡི༷་ཕྱིར༷་ན༷་དོ༷ན་ད༷མ་དུ༷། སེ༷མས་རྣམ་མེད་ཀྱི༷་དམི༷གས་པ༷་གཟུགས་སོགས་དོན་ལྔ༷་རྣ༷མས་སོ༷། །སྐད་ཅིག་མ་དང་རྡུལ་ཕྲན་ཚོགས་ པ་ཡིན་པས་དོན་དངོས་དེ༷་ལ༷་ཐ༷་སྙད༷་དུ༷་མ༷་བྱ༷ས་ཏེ་མི་ནུས་པས་སོ། །རྡུལ་ཕྲན་སོ་སོ་བ་ལ་དམིགས་ཀྱང་དེའི་སྒོ་ནས་ཐ་སྙད་དུ་མ་བྱས་ཞེས་ཀྱང་གསུངས། འོན་ཏེ་རྒྱུ་ཡིན་པས་ཡིན་ན་དབང་ པོའི་རྡུལ་ཕྲ་རབ་ཀྱང་འཁྲུལ་མ་འཁྲུལ་གྱི་དབང་ཤེས་ཀྱི་རྒྱུར་ཐལ་ལོ་ཞེས་སོ། །གཉིས་པ་ལ་ཤེས་པ་རྣམས་ནི་གཟུགས་ཤེས་སྒྲ་ཤེས་ཞེས་ཡུལ་གྱི་ཐ་སྙད་བྱེད་ཀྱི་དོ༷ན་གཟུགས་སོགས་ཡུལ་ གྱིས་ངོ༷་བོ༷ས་དབེ༷ན་པ༷་རྡུལ་སིལ་བུ་པ་ཡ༷ང་། ཐ་སྙད་ཀྱིས་བརྗོ༷ད་བྱ༷་མ༷་ཡི༷ན་པས་ཡུལ་གྱི་སྒོ་ནས་བསྟན་བྱའི་དོན་རེག་པས་ན་ཐ་སྙད་ཀྱི་ཡུ༷ལ་དུ་གྱུར་པ་འདི་ཡང་། རྡུལ་སིལ་བུ་པ་མིན་པའི་ 8-12-8a ཚོགས་པའམ་སྤྱི༷་ཡི༷་ཚུལ༷་གྱི༷ས་བསྟན༷་པ༷ར་བྱ༷་བ་ཡིན་པ༷། དེས༷་ན༷་དོན་དེ་སྐྱེས་ཞེས་པ་དབང་པོའི་མངོན་སུམ་གྱི་ཐ༷་སྙད༷་དུ༷་མི༷་བྱ༷་བ་ཁོ་ནའོ། །རི༷གས་པ༷་ཅ༷ན་པ༷་རྣམ༷ས་ནི༷་མིག་སོགས་ དབ༷ང་པོ༷་ད༷ང་གཟུགས་སོགས་དོ༷ན་སྦྱོར་ཞིང་ཕྲ༷ད་པ༷་ལ༷ས་སྐྱེས༷་པ༷འི་ཤེ༷ས་པ༷་རྟགས་དང་ངོ་བོས་བསྟན་མི་ནུས་པས་ཐ༷་སྙད༷་དུ༷་བྱ༷་བ༷་མ༷་ཡི༷ན་པ༷་འཁྲུལ༷་པ༷་མེ༷ད་པ༷་འདིའོ་ཞེས་ཞེ༷ན་པ༷འི་བད༷ག་ཉི༷ད་ ཅ༷ན་ནི༷་མངོ༷ན་སུམ༷་མོ༷་ཞེས༷་ཟེར༷་རོ༷། །རྐང་མིག་པའི་རྗེས་འབྲང་རིགས་པ་ཅན་པ་རྣམས་དབང་ཡུལ་སྦྱོར་འབྲེལ་སོགས་དྲུག་འདོད་དེ་དངོས་འབྲེལ་གཉིས་དང་བརྒྱུད་འབྲེལ་བཞིའོ། ། རྣ་དབང་དང་སྒྲ་འདུ་འབྲེལ་ཏེ། ནམ་མཁའ་རྟག་ཁྱབ་རྣ་བའི་བུ་གར་འབྲེལ་བས་དེའི་ཡོན་ཏན་དང་འདུའོ། །བདག་ནི་ཡིད་དང་སྦྱར་བའི་རྫས་སུ་འདོད། དབང་དོན་ཕྲད་པས་ཟླ་བ་གཉིས་ སྣང་སོགས་གཅོད། འཁྲུལ་པ་མེད་པས་སྨིག་རྒྱུ་ཆུར་འཛིན་སོགས་དབང་ཤེས་མིག་དབང་འཁྲུལ་བ་གཅོད་པར་འདོད་དོ། །མངོན་སུམ་མཚན་ཉིད་དེ༷་ཡ༷ང་རི༷གས་པའམ་འཐད་པ་མ༷་ ཡི༷ན་ཏེ༷། དབ༷ང་དོ༷ན་ཕྲད་པ་ལ༷ས་བྱུ༷ང་བའི་བློ༷་ལ༷་ནི༷། ཐ༷་སྙད༷་དུ་བྱ་བ་དང་ལ་སོགས་འཁྲུལ་པ་དང་ཞེན་པ་གསུམ་སྲི༷ད་པ་མ༷་ཡི༷ན་པས་མཚན་ཉིད་ཕྱི་མ་གསུམ་ལ་རྣམ་བཅད་མེད་དོ། ། 8-12-8b དབང་ཤེས་ནི་རང་མཚན་དེ་རྟོག་པ་མེད་པས་དེ་ཐ་སྙད་དུ་བྱ་མི་རུང་ལ། སྨིག་རྒྱུ་ལ་འཁྲུལ་པ་ནི་ཡིད་ལ་ཡིན་ཏེ་དབང་པོའི་མིན་ཞེན་པ་ནི་སྤྱིའི་ཚུལ་གྱིས་ངེས་པ་སྟེ་དེ་གསུམ་དབང་པོ་ལ་ མི་སྲིད་དོ། །ཕྲད་པའང་མི་འཐད་དེ་མིག་རྣས་དབང་དོན་བ༷ར་ད༷ང་བཅ༷ས་པ༷་འཛི༷ན་པ༷་ད༷ང་། ཤེ༷ས་པ༷་དབང་པོ་ལས་ལྷ༷ག་པ༷འམ་ཆེ་བའ༷ང་ཤེས་པའམ་ཐོབ༷་པར་མི༷་འགྱུར༷་བས་སོ། ། མིག་རྣ་གཉིས་ད༷བང་པོ༷་རང་གི་རྟེན༷་ལ༷ས་ཕྱིར༷་མི༷་འཕོ༷་བས་ཕྲད་པ་མེད་དོ། །གལ་ཏེ་འཕོ་ན་ནི་དབང་དོན་ཕྲད་རྒྱུའི་དབང་པོ་དེ་མིན་པས། ཡུལ༷་ལ༷་འཛི༷ན་པ༷ར་ནུས༷་མ༷་ཡི༷ན་ཏེ་རྟེན་དང་ བྲལ་བས་སོ། །རྟེན་དང་བྲལ་བས་འཛིན་ན་དབང་པོ་བཀབ་པ་དང་ལོང་བས་ཀྱང་འཛིན་པར་ཐལ་ལོ། །བདེ༷་སྡུག་སོ༷གས་མངོན་སུམ་གྱིས་གཞ༷ལ་བྱ༷་མི༷ན་པ༷འ༷མ་མིན་པར་ཐལ་ཏེ་ དབང་དོན་མ་ཕྲད་ཅིང་། དེ་འཇལ་གྱི་དབང་པོ་གཞན་མེད་པས་སོ། །དེ་ཡང་ཡིན་ཏེ། དེ་འཇལ་བརྟགས་ལ་ནི་མི་ལྟོས་པར་ཤེས་ལ། དེ་ལྟ་ན། དེའི་ཡུལ་གང་ལ་ཡུལ་ཅན་གང་སྟེ་ མིག་སོགས་ནི་མིན་ནོ། །འམ་སྒྲས་དེ་གཞལ་ན་དེའི་ཡུལ་ཅན་ཚད་མའམ་མངོན་སུམ་གཞན་ཞིག་ཡོད་དགོས་སོ་ཞེས་སོ། །ཡང་ན་གལ་ཏེ་དེ་འཇལ་བྱེད་དབ༷ང་པོ༷་གཞ༷ན་ཞིག་ཡོ༷ད་ 8-12-9a དགོས་པར་ཐལ་ལོ། །དེ་འདོད་ན་ཡི༷ད་དབ༷ང་པོ༷། གྲངས་ཅན་སོགས་ཀྱིས་བཤད་པ་དེ་ཡང་བཀ༷ག་པ༷་མེ༷ད་ཕྱིར༷་དོ༷ན་གྱིས༷་ཡོད་པར་ཐོབ༷་ཅེ༷་ན༷། དབ༷ང་པོ༷་གཞ༷ན་སྣ་ཚོགས་ཀྱི༷་སྒྲ༷་ སྨྲོས་པ་དོ༷ན་མེ༷ད་པར་འགྱུར་རོ། །གཞན་ཡང་ཚད་འབྲས་ཐ་དད་དུ་བཞག་པ་དེ་མི་འཐད་པར་ཐལ། འབྲས་བུ་ངེས་པ་དེ་ནི་ཚད་མའི་དུས་ན་ཡོད་པའི་ཕྱིར་ངེ༷ས་པ༷འི་བདག་ཉིད་ ཅན་མངོན་སུམ་དོ༷ན་ལ༷་ཁོ་རང་ལས་ཚད་མའི་འབྲ༷ས་བུ༷་མེ༷ད། མངོན་སུམ་གྱིས་ཡུལ་ཤེ༷ས་པ༷་དེ་ཡི༷་ཡ༷ང་ནི་གཟུགས་སོགས་ཀྱི་ཁྱད་པར་ཤེས་པའི་ཚ༷ད་མ་ཁོ་རང་ཉི༷ད་ལ༷ས། དོ༷ན་ གཞན་ཁྱད་པར་ཅན་ཤེས་པ་འབྲས༷་བུ༷ར་སྨྲ༷་བ༷ར་འགྱུར༷་ན་ནི། སྤྱི་སོགས་ཁྱད་པར་དུ་བྱེད་པའི་ཤེས་པ་ཚད་མ་དང་རྟག་པ་སོགས་ཁྱད་པར་དུ་བྱ་བའི་ཤེས་པ་འབྲས་བུ་སྟེ། ཁྱད་པར་གཟུང་བ་ ཙམ་ཁྱད་པར་བྱེད་པ་བཟུང་བ་ཡིན་ལ། ཁྱད་པར་ཅན་བཟུང་བ་ཁྱད་པར་དུ་བྱ་བའི་གཞི་ཡིན་པས་སོ་སྙམ་ན། ཁྱ༷ད་པ༷ར་ལ༷་དེར་ཤེས་པ་མི༷ན་ཏེ་དེ་གཉིས་ཡུལ་ཐ༷་ད༷ད་པའི་ཕྱིར༷། ཁྱད་ པར་བྱེད་ཤེས་དེ༷་ལ༷་ཁྱད་པར་དེ་རྟོགས་པ་ཡོ༷ད་པ་མིན་ནོ་གལ་ཏེ་བྱེད་ཤེས་དེ་ལ་ཚད་གཞལ་གཉི༷ས་ཀར་འགྱུར་ཤེ༷་ན༷། མ༷་ཡི༷ན་ཏེ་དེ་ལྟ་ན་ཁྱ༷ད་པ༷ར་བྱ༷་བ༷འི་ཤེས་པ་ལ༷འ༷ང་གཉིས་ཀར་ 8-12-9b འགྱུར༷་བའི་ཕྱིར་རོ། །ཤེས་བྱ་ཁོང་དུ་ཆུད་ཀྱང་སྔར་རྒྱུད་ལ་ཡོད་པའི་མ་རྟོགས་སོགས་ལོག་པ་འགྲུབ་པོ་ཞེ་ན། མངོན་སུམ་རྣམས་གཟས་ཙམ་གྱིས་སྐྱེ་བ་ལ་དེའི་སྔར་མ་རྟོགས་པ་ལོག་རྒྱུ་ཅི་ཞིག་ཡོད། ཡོད་ཀྱང་དེ་ལོག་པ་མེད་པ་ཙམ་ཡིན་པས་དེ་གཞལ་བྱར་གྱུར་པ་ནི་དཔྱད་དུ་མི་བཟོད་དོ། །མེད་པ་ནི་སུའི་འབྲས་བུར་མི་རུང་ངོ་། །མ༷་རྟོག༷ས་ལོག་རྟོགས་ཐེ་ཚོམ་ལ་སོགས་སྔར་ཡོད་ལོག་པ་ ཤེས་པ་ཀུན༷་ལ༷་མི༷ན་ཏེ་དེ་མེད་ཀྱང་ཚད་མ་སྐྱེ་བ་མཐོང་བས་སོ། །སྔར་ཡོད་པ་གསར་དུ་ལོག་ཀྱང་ལོ༷ག་པ༷་ནི་མེ༷ད་པ་ཙམ་ཡིན་ཕྱིར༷་འབྲ༷ས་བུ༷་མི༷ན་ནོ། །བྱེ༷་བྲ༷ག་པ༷་རྣ༷མས་ནི༷་བད༷ག་ད༷ང་དབ༷ང་པོ༷་ད༷ང་ ཡི༷ད་ད༷ང་གསུམ་པོ་དོ༷ན་དུ༷་ཕྲ༷ད་པ༷་ལ༷ས་ག༷ང་གྲུབ༷་པ༷་དེ༷་གཞ༷ན་ཡི༷ན་ནོ་ཞེ༷ས་སོ༷། །ཡོད་པ་སོགས་སྤྱི༷་ད༷ང་ཁྱ༷ད་པ༷ར་ལ༷་ལྟོས༷་པ༷་ད༷ང་བུམ་སོགས་རྫས༷་ད༷ང་སྔོ་སོགས་ཡོ༷ན་ཏ༷ན་ད༷ང་འགྲོ་སོགས་ལ༷ས་ ལ༷་ལྟོས༷་ནས་འདིའོ་ཞེས་བཟུང་བ༷་ནི་མངོ༷ན་སུ༷མ་མོ་ཞེ༷ས་བརྗོ༷ད་པ༷ར་མི༷་བྱ༷་སྟེ། དབང་ཤེས་རྣམས་ར༷ང་ཡུ༷ལ་ལ༷་ལྟ༷་བ༷འི་དོ༷ན་ཅ༷ན་ཙམ་ཡིན་ཕྱིར༷་རྟོག་པ་མིན་པས། ཁྱ༷ད་པ༷ར་ལྔ་པོ་དེ་རྣ༷མས་ ད༷ང་ཁྱད་པར་ཅན་སྦྱར༷་བར་མི༷་བྱ༷་བ་ཡིན་ནོ། །དུ་མས་གཟུང་བྱ་ནི་གཅི༷ག་མི༷ན་ཏེ་ཡིན་ན་གཟུག༷ས་དང་སྒྲ་ལ་སོ༷གས་ཀྱང༷་གཅི༷ག་པར་འགྱུར༷་རོ། །དབང་པོ་དུ་མས་གཟུང་བྱ་གཅིག་མིན་པར་མཐོ༷ང་ 8-12-10a བའི་ཚེ་ན༷་དབ༷ང་པོ༷་དུ་མ་ལ༷ས་གཅིག་པུ་དེ༷་མཐོང་བ་མི༷ན། མཐོང་ན་དབ༷ང་པོ་གཞ༷ན་དོ༷ན་མེ༷ད་པར་འགྱུ༷ར་བའི་ཕྱིར༷་རོ༷་སྟེ་གཅིག་ཡུལ་གཅིག་གིས་མཐོང་བས་སོ། །དབང་ པོས་ནི་རང༷་ཡུལ༷་ཡིན་ན་དངོས་པོ་ཐ༷་ད༷ད་ཀྱང༷་འཛི༷ན་ནུས་ཏེ་མིག་ཤེས་གཅིག་གིས་སྔོ་སེར་སོགས་བཞིན་ནོ། །གཟུགས་སོགས་སོ་སོ་ལའང་དབ༷ང་པོ༷་ཀུ༷ན་གྱི༷ས་རང་ཡུལ་འཛི༷ན་པ༷ར་ འགྱུར་ཏེ་རྫས་སོགས་བཞིན་ནོ། །རྫ༷ས་དང་གྲངས་དང་ལས་ལ་སོག༷ས་ལ༷་འཛིན་པ་མི༷ན་ཏེ་བུམ་པ་རྩུབ་མོའོ་སྙམ་དུ་མིག་གིས་སམ་མཐོང་ཟིན་བུམ་པ་མུན་ཁང་དུ་རེག་ཚེ་བུམ་པ་དཀར་པོ་ སོགས་ཁྱད་གཞི་ཁྱད་ཆོས་སྦྱར་ཏེ་འཛིན་སྙམ་ན་དབང་པོ་གཞ༷ན་གྱི༷་ཡུ༷ལ་སྒྲ་ལྟ་བུ་ལ། དྲི་དང་རེག་བྱ་སོགས་གཞལ་བྱའི་ཡུལ་དུ་མེ༷ད་ཕྱིར༷་དབང་པོ་གཞ༷ན་གྱི༷་སྤྱོ༷ད་ཡུ༷ལ་མི༷ན། གལ་ཏེ་ ཁྱད་པར་བྱ་བྱེད་ཀྱི་དོན་དེ་དག་དབང་པོའི་ཡུལ་དུ། རྫས་ཡོན་སོགས་ཡུ༷ལ་དེ༷་དབང་ཡུལ་དུ་མཚུང༷ས་པ༷ར་འདོ༷ད་ཅེ༷་ན༷། རྫས་རྟེན་གཞན་ལ་རྟེན་པར་མི༷་འདོ༷ད་པ༷་ལ༷འ༷ང་རྟེན་པར་ཐ༷ལ་བ༷ར་ འགྱུར༷་ཏེ་སྔོ་སོགས་རྫས་ལྡན་དུ་རྟོག་པས་སོ། །དབང་པོ་ཐ་དད་པས་ཐ་དད་དུ་བསྒྲུབ་པ་ནི་མ༷་ངེ༷ས་ཤེ་ན་དབང་ཡུལ་དེ༷་ནི༷་གཞ༷ན་དུ༷་བརྗོད་པ་ཡིན་པས་སྐྱོན་མེད་དོ། །ཡུལ་ཐ་དད་ཡིན་པས་ཇི་སྟེ་ 8-12-10b མི་ངེས། དབང་པོ་གཅིག་གི་ཡུལ་ཡིན་ཡང་གཅིག་མིན་ན་ཅིས་མི་ངེས་ཞེས་སོ། །ཡང་དབང་པོ་ཐ་དད་ཅེས་པ་དེས་དབང་པོ་ཐམས་ཅད་ཀྱི་ཐ་དད་ལས་སོགས་དབང་པོ་ཐ༷མས་ཅ༷ད་པའི་ཐ༷་ད༷ད་དུ་ མར་བསྒྲུབ༷་བྱར༷་བརྗོ༷ད་པ་མ༷་ཡི༷ན། དབ༷ང་པོ༷་ཐ༷་ད༷ད་མེ༷ད་ཀྱང༷་བློ༷། ཐ༷་ད༷ད་པའི་ཕྱིར༷་ནི༷་ཚིག་དོན་དྲུག་སོགས་ཐ༷་ད༷ད་དུ་འདོད་ན༷། གཞ༷ན་དུ་མདོག་དབྱིབས་གཡོ་སོགས་དང་རྫས་དག་པ་ཐ༷་ད༷ད་མེ༷ད་ པར་རྒྱུ་མཚན་གང༷་ལ༷ས་ཡིན་ཏེ་མི་འཐད་དེ་དེ་དག་ལ་བློ་ཐ་དད་མཐོང་བས་སོ། །སེ༷ར་སྐྱ༷་པ༷་རྣ༷མས་ཀྱིས་ནི༷་རྣ༷་བ༷་ལ༷་སོ༷གས་པ༷འི་དབང་པོ་ལྔ་ཡིད་ཀྱིས་བྱིན་གྱིས་བརླབས་ནས་ཡུལ་ལ་འཇུག༷་པ༷་ནི་མངོ༷ན་ སུམ༷་དུ༷་འདོ༷ད་དོ༷། །ཡུལ་སྒྲ་ཡོན་ཏན་གསུམ་གྱི་འཕེལ་འབྲིའི་རིགས་དཔག་ཏུ་མེད་པས་དེ་བཞིན་དབང་པོ་ཐུ༷ག་པ༷་མེ༷ད་པ༷་ཡི་གྲངས་ངེས་ཉམས་པའ༷མ་ཡང་ན་ཡུལ་ཡོན་ཏན་གསུམ་ལྡན་དུ་ བཞག་པས་དབ༷ང་པོ་ལྔ་ཡང་གཅི༷ག་ཏུ་འགྱུར༷་རོ། །ཡོན་ཏན་བཀོད་པའི་དབྱིབས་ཀྱི་ཁྱད་པར་མི་འདྲ་བ་འཛིན་པས་གཅིག་ཏུ་མི་ཐལ་ཞེ་ན། དབྱིབས་ནི་དབང་པོ་མིག་ལུས་གཉི༷ས་ཀྱིས་གཟུང༷་གི་རྣ་ སོགས་གསུམ༷་གྱི༷་ཡུལ༷་མ༷་ཡི༷ན་པས་གནོད་དོ། །གཞན་ཡང་ཡུལ་སྒྲ་ལྟ་བུ་གཅིག་ལ་ཡང་དབྱིབས་དུ་མ་ཡོད་པར་ཐལ་ལོ། །མེད་ན་གསེར་གྱི་རྣ་རྒྱན་དང་སྐྱོགས་ཀྱི་དབྱིབས་ཀྱང་ཡུལ་གཅིག་ 8-12-11a ཡིན་པས་ན་ཞེས་སོ། །འདིའི་སྐབས་དབྱིབས་ཞེས་རིགས་སམ་ཡོན་ཏན་གསུམ་གྱི་བཀོད་པ་ཙམ་ལ་གོ་དགོས། དེ་ཡང་དབང་པོས་བཀོད་པ་ཙམ་མམ་དེའི་ཁྱད་པར་འཛིན་ གཉིས་ཀ་ཁྱད་པར་བྱས་ནས་འཛིན་ན། ཡུལ༷་ཀུན་གཅིག་ཡིན་པས་ཐ༷་ད༷ད་མེད་པ༷ར་འགྱུར༷། རྣམ་འགྱུར་ཐ༷་ད༷ད་པ་འཛིན་ན་དོ༷ན་གྱི༷་རང༷་བཞི༷ན་གཙོ་བོ་ནི་འཛི༷ན་པར་མི་འགྱུར༷་ལ། རང་ བཞིན་འཛིན་ན་དོ༷ན་གྱི་བྱེ༷་བྲ༷ག་འཛི༷ན་པར་མི་འགྱུར༷། གཉིས་ཀ་འཛིན༷་ན༷འ༷ང་ཡི༷ད་བཞི༷ན་རྣ༷མ་པར་རྟོག༷་པར་འགྱུར། སོ་སོར་འཛིན་ན་དོན་ལྔ་འཛིན་པའི་སྐབ༷ས་དེ༷འི་ཚེ་དེའི་རང་བཞིན་ སྙིང༷་སྟོབ༷ས་སོ༷གས་འཛིན་པ་མ༷་ཡི༷ན། དོན་དང་བདེ་སོགས་གཞ༷ན་མིན༷་ཞེ༷་ན༷་སྒྲ་སོགས་བདེ་སོགས་དེ་ཡི་འབྲས༷་བུའང་མི༷ན་ཏེ་རང་རང་འབྲས་བུ་མི་རིགས་པ༷འ༷མ། གཞ༷ན་ཉི༷ད་མི༷ན་ན༷་ སོ་སོར་བློས་ག༷ཟུང་བྱ༷་མི༷ན་པས་དབང་ཡུལ་མིན་ནོ། །བསྡོམས་ནས་འཛིན་ན་ཡུལ༷་སྣ་ཚོག༷ས་པའང་རྣམ༷་པ༷ར་མཚུང༷ས་པར་དབང་པོ་གཅིག་གིས་འཛིན་པ༷ར་འགྱུར༷་རོ། །དུ༷་མ༷ར་འཛི༷ན་ ཕྱིར༷་གྲ༷ངས་ཅ༷ན་གྱི།༷ བྱེ༷་བྲ༷ག་ཕྱི་མ་ཁ༷་ཅི༷ག་སྔ་མ་ལྟར་མི༷་འདོ༷ད་དེ་གཙོ་བོ་གཅིག་མི་འདོད་དོ༷། །རང་བཞིན་དང་རྣམ་འགྱུར་རེ༷་རེ༷འི་ངོ༷་བོ༷ར་ཡང་ཐ༷མས་ཅ༷ད་ད༷ག་ལ། ག༷ཙོ་བོ༷་དེར་རྡུ༷ལ་ཕྲ༷ན་སོ༷་ 8-12-11b སོ༷ར་ཡོ༷ད་པས་གྲངས་མེད་ཐུག་མེད་དུ་ཐལ་ལོ་བདེ་སོགས་ར༷བ་ཏུ་སྦྱོར༷་བ༷འི་བྱེ༷་བྲ༷ག་གམ་ཁྱད་པར་ལ༷ས། རྣམ་འགྱུར་རམ་འབྲ༷ས་བུ༷་སྒྲ་ལ་སོགས་པ༷འི་ངོ༷་བོ༷ར་མཚོ༷ན་ཅིང་འགྲུབ་པ༷ར་བྱེ༷ད་པ་ཡིན་ དགོས་ནའང་། བདེ་སོགས་ཀྱི་རྡུལ༷་ཕྲན༷་གསུ༷མ་པོ་ནི་ར༷ང་བཞི༷ན་དུ༷། གཅི༷ག་ཉི༷ད་དུ༷་ཡ༷ང་རྒྱུ་མཚན་གང༷་གིས་འགྲོ༷། ཅིས་ན་རི༷གས་བདེ་སོགས་མི༷་མ༷ཐུན་ལ༷ས་གྱུར༷་བ༷་ཡི༷། དངོས་པོ་དོན་གཅིག་ཏུ་ར༷བ་ཏུ༷་སྦྱོར༷་ བ༷་འ༷དོད་པའང་མ༷་ཡི༷ན་པས་སོ། །རང་བཞིན་དང་རྣམ་འགྱུར་གི་ཚུལ༷་གཉི༷ས་སུ་ཤེས༷་པ༷ར་མི༷་འདོ༷ད་ན༷། དེས་ན་འབྲ༷ས་བུ༷་སྒྲ་སོགས་གཅི༷ག་གི༷་ངོ༷་བོ༷ར་འགྱུར༷། རྒྱུ་མཚན་སྒྲ་སོགས་དོན༷་གྱི༷་རང༷་བཞི༷ན་ནི་སོ་ སོའི་དུ༷་མ༷་སྟེ༷། འོན་ཀྱང་དབ༷ང་པོ༷འི་ཡུལ༷་ནི༷་དེ་ལས་གང་དམིགས་སྐྱེ་བའམ་རྣམ་འགྱུར་ཁྱ༷ད་པ༷ར་ཅ༷ན་ཡིན་ནོ། །དེ༷་ཕྱི༷ར་རྣམ་འགྱུར་རེ༷་རེ༷འི་དངོ༷ས་པོ༷་ལ༷། ཡོན་ཏན་གསུམ་སོགས་འདོད་པ་འདིའི་གྲང༷ས་ ཅ༷ན་སྔ་མའི་ལུག༷ས་ལ༷ས་ཁྱ༷ད་པ༷ར་འཕ༷གས་མོད་ད་རུང་གཞི་སྐྱོན་བཅས་སོ། །ཡུལ༷་གཅི༷ག་ཏུ་ངེས་པ་མ༷་ཡི༷ན་པ་དུ་མ་ལ་འཇུ༷ག་པ༷་ཡིན་དེ༷། ཁྱོད་ལྟར་ན་ཚ༷ང་མ༷འི་བརྗོ༷ད་པ༷་མ༷་ཡི༷ན་ནོ༷་ཞེས་ མ་ཡིན་པར་ཐལ་ཏེ་མངོན་རྗེས་གཉིས་ཀའི་ཁོངས་སུ་མི་འདུ་བས་སོ། །ཇི་ལྟར་ན་དབང་པོ་དང་ཡུལ་གཅིག་པ་མིན་ན། རྟགས་ལ་བརྟེན་པའི་རྗེས་དཔག་ཀྱང་མིན་པས་སོ། །སྐྱོན་དེ་མེད་དེ། རྣ་ 8-12-12a སོགས་ཀྱི་དོན་ལ་མངོན་སུམ་ཡིན་ལ། ཡིད་འཇུག་ནི་དོན་དང་དབང་པོའི་འཇུག་པ་གཉིས་ཀ་དྲན་པའོ་ཞེ་ན་ཞེས་གྲངས་ཅན་པས་མངོན་སུམ་གྱིས་འཇུག་པའི་བྱེ་བྲག་ཏུ་ཁས་ལེན་ པས་སོ། །ཡིད་འཇུག་དེ་དྲ༷ན་པ་མི༷ན་ཏེ་དེའི་རྒྱུ་སྔར་ཉམ༷ས་སུ་མ༷་མྱོང༷་ཕྱིར། དུས་ཅི༷ག་ཆ༷ར་དྲན་ཡུལ་དབང་འཇུག་དང་དྲན་པ་ཡིད་བློ་གཉི༷ས་ཀ༷་འབྱུང༷་བ༷ར་འགྱུར༷་བས་ཀྱང་མི་འཐད་དོ། །དེས་ ན་ཡིད་དེ༷་ནི༷་ཚད༷་མ་མི༷ན་ནོ་དེས་ན་ཡིད་ལ་དྲ༷ན་པ་ཉམ༷ས་ཏེ་མེད་པ༷འ༷མ། གལ་ཏེ་དྲ༷ན་པ༷་ཡི༷ན་ན༷འ༷ང་ཡིད་དབང་གཉིས་ཡུལ་གཅིག་མིན་པས་གཞ༷ན་མཐོ༷ང་བར་འགྱུར༷་ལ་དེ་ལྟ་ན་གཞན་མཐོང་གཞན་ དྲན་འགལ་ལོ། །ཡིད་ནི་དྲ༷ན་པ༷ར་ལྷག༷་པ༷ར་ཏེ་དབང་པོའི་རྗེས་སུ་དྲན་པར་བརྗོ༷ད་པའི་ཕྱིར༷་ཞེ་ན༷། འོ་ན་དབང་པོའི་བཟུང་རྗེས་ཡིད་ཀྱིས་འཛིན་པར་བྱེད་ལ། ཡིད་ཀྱིས་བཟུང་ནས་ནི་དབང་པོས་ཇི་ ལྟ་བ་བཞིན་རིག་པར་བྱེད་དོ་ཞེས་རང་གི་གཞུང་ལས་དེ་གཉིས་ཡ་མ་བྲལ་བར་བཤད་པ་བསལ་ཏེ་ཞེས་སོ། །ལྷག་པ་ཞེས་ཡིད་ལ་དྲན་པ་ཡོད་ཀྱི་དབང་པོ་ལ་མེད་པས་ན་ལྷག་པར་བརྗོད་ཟེར་ན་རང་ གིས་རྣམ༷་བས༷ལ་དབ༷ང་གཞ༷ན་དོ༷ན་མེ༷ད་འགྱུར༷་ཏེ་ཡིད་ཀྱིས་ཕྱི་དོན་ཀུན་རྟོགས་པས་སོ། །དཔྱོ༷ད་པ༷་པ༷་རྣམ༷ས་ནི༷་དོན་ཡོ༷ད་པ༷་ད༷ང་ཡ༷ང་ད༷ག་པ༷ར་ཕྲ༷ད་ན༷ས་སྐྱེས་པའི་སྐྱེས༷་བུ༷འི་དབ༷ང་པོ༷་རྣམ༷ས་ཀྱི༷་བློ༷་དེ༷་མངོ༷ན་སུ༷མ་མོ༷་ 8-12-12b ཞེ༷ས་ཟེ༷ར་རོ༷། །དེ༷་ལ༷། ཡོ༷ད་པ་ཞེས་པའི་བས༷ལ་བྱ༷་མེ༷ད་པ༷་སྟེ༷་ཡང་དག་པར་ཕྲད་ན་ཡོད་པས་ཁྱབ་པས་སོ་མེད་པ་ལ་ཕྲད་པ་མེད་དོ། །ཡང་དག་པར་ཕྲ༷ད་ཅེས༷་པ༷་ལ༷ས་དེ༷་རི༷ག་བྱ༷་ཡིན་པས་སོ། ། གང་དང་ཕྲད་པར་དོགས་པའི་ལ༷ན་དུ༷་ཡོད་པ་དང་ཕྲ༷ད་པ༷་ཞེས་བསྟེ༷ན་ཏོ༷་ཞེ༷་ན༷། འདི་ནི་དབ༷ང་པོ༷འི་ཁྱ༷ད་པ༷ར་གྱི་ཆོས་ཉིད་དུ༷་བརྗོ༷ད་པ་ཡིན་གྱི༷། སྤྱིར་ཡོ༷ད་པ༷་ཙ༷མ་ད༷ང་ཕྲ༷ད་པ༷་རུང༷་བ་མ༷་ཡི༷ན་མི༷ན་དེ༷། རྒྱུ་ མཚན་གང༷་གི༷ས་བརྗོ༷ད་དེ་གྲུབ་ཟིན་པས་སོ། །དེ་ལྟར་སྤྱིར་ཡོད་པ་དང་ཕྲད་རུང་ནི་བརྗོད་མི་དགོས་ལ་དབང་པོའི་ཁྱད་པར་དུ་བྱས་ན་ཕྲད་པས་ཆོག་པ་ཁོ་ནའོ། །ཅི༷་སྟེ༷་ཡོད་ཅེས་པའི་སྒྲ༷་དབང་པོ་ དམ༷་པ༷ར་འདོ༷ད་པ་དང་། ཡང་དབ༷ང་པོ༷་ལེགས་པའམ་མཛེ༷ས་པ༷ར་བརྗོ༷ད་པ༷་ཡི༷ན་ནོ་ཞེས་ཡོད་པ་དང་ཕྲད་ཅེས་པས་གང་མེད་པ་འཛིན་པའི་དབང་པོ་རབ་རིབ་སོགས་དམན་པའམ་མི་ ལེགས་པ་བཅད་པའི་དོན་དུ་སྨྲས་སོ་ཞེ་ན། དབང་པོ་དམ༷་པ༷ར་གྲུ༷བ་ད༷ང་ལེགས་པའམ་མཛེ༷ས་པ༷་དེ༷། མིག་ལ་སྐུད་རྒྱུའི་མི༷ག་སྨ༷ན་དང་རྐང་པར་བྱུགས་པ་ལ༷་སོག༷ས་གཞ༷ན་ལ༷ས་ཀྱང༷་ཡོད་པས་ དེ་བྱུང་ཡང་དེར་ཐལ་ལོ། །འོ་ན་ཡོད་སྒྲས་དབང་པོ་ལེགས་པ་ཙམ་སྟོན་ན་དོན་ཁོ་ནས་དབང་པོ་དམ་པར་གྲུབ་པ་མིན་པས། དམ་པར་གྲུབ་བྱེད་མིག་སྨན་སོགས་དང་མིག་ཕྲད་པ་ཡང་ཚད་ 8-12-13a འགྱུར་རོ། །དེས་ན་ཁྱབ་ཆེས་སོ། །མིག་སྨན་བསྐུས་པ་ལས་བྱུང་བའི་མིག་གི་བློ་འདིའོ་ཞེས་སོགས་སུ་འགྱུར་རོ་ཞེས་སོ། །དཔེར་ན་འགྲོ་ཚད་ལ་འགྲོ་ལྡན་མ་གྲགས་པར་བ་ལང་ ཁོ་ན་ལ་གྲགས་པ་ལྟར། མིག་སོགས་དམ་པར་གྲུབ་ཟིན་ལ་མི་བཟུང་བར་ཡུལ་ལམ་དོན་ཁོ་ན་ལ་སྐབས་འདིར་བཟུང་ངོ་ཞེ་ན། གལ་ཏེ་དོན་ཁོ་ནས་མཛེས་སོགས་སུ་གྲུབ་པར་གྲ༷གས་ལ༷ས་དེ༷་ ལྟར་བརྟག༷་གྲ༷ང་ན༷། དམ་སོགས་སུ་བྱེད་པའི་སྒྲ༷་དེ༷་དབ༷ང་པོའི་ཡུ༷ལ་ཁོ་ན་ལ༷་གྲགས་པ་ནི༷་མི༷ན། དུས་ཀུན༷་ཏུ༷་དབང་པོ་དོ༷ན་དང༷་ཕྲ༷ད་གྲ༷ང་ན༷། གཟུག༷ས་དང་སྒྲ༷་བ༷ར་དུ༷་ཆོ༷ད་པ༷་ད༷ང་། དོན་ལས་ ལྷག་པ་ཆེ༷ན་པོ༷འ༷ང་འཛི༷ན་པ༷ར་མཐོ༷ང་བས༷་ན༷། བ༷ར་དུ༷་མ༷་ཆོ༷ད་པར་འདོད་པ༷་ལ༷་གནོ༷ད་དོ། །འགྲེལ་བྱེད་ཁ་ཅིག་ན་རེ། ཚད་འབྲས་བློའི་སྐྱེ་བ་ལས་གཞན་དུ་མ་མཐོང་ལ་ཚད་མ་དང་འབྲས་ བུ་དོན་གཞན་དུ་འདོད་དབང་གིས་གང་ལས་བློ་སྐྱེ་བར་གྲུབ་པ་དེ་མངོན་སུམ་མོ་ཞེས་དབང་དོན་ཕྲད་པ་ཚད་མར་འདོད། དེ་ལ་འོ་ན། ཡོད་པ་དང་ཡང་དག་པར་ཕྲད་པའི་སྐྱེས་བུའི་དབང་ པོ་རྣམས་མངོན་སུམ་མོ་ཞེས་སྨྲས་པས་ཆོག་མོད། བློ་ཡི་སྐྱེ་བ་ཅི་བྱ་ཞེས་སོ། །བློ༷་ཡི༷་རྒྱུ༷་ཡི༷་ཚོ༷གས་པ༷་རུ༷། ཁོ་རང་གི་མདོར་བརྗོ༷ད་པ༷་བདག་སོགས་དེ་བོ༷ར་ན༷ས་དོན་གང༷་ལ༷ས་བློ་སྐྱེ་བར་ 8-12-13b གྲུབ་དེ༷ས། མངོན་སུམ་ཚད༷་མ༷་ཉིད་དུ་འཇོག་ཅི༷་སྟེ༷་དོ༷ན་ཁོ་ན་རྒྱུ་ཡི༷ན་པ༷འ༷མ། ཡིན་ན་མདོར་བློ༷་ཡི༷་དང་སྐྱེ༷་བ༷་ཞེ༷ས་ཅི༷་ལ་བསྣན༷་ཏེ་མི་དགོས་སོ། །ཁྱོད་ལྟར་ན་དོ༷ན་ད༷ང་དབ༷ང་པོ༷་དང་ཡི༷ད་དང་བདག་ སྐྱེས༷་བུ༷་དང་བཞི་པོ། སྦྱོར༷་ད༷ང་འདུ༷་བྱེ༷ད་པ་ཡི་ཤུགས་ལ༷ས་གཞ༷ན། མངོ༷ན་སུ༷མ་གྱི༷་ནི༷་བློ༷་བསྐྱེ༷ད་པ༷འི། ཚོག༷ས་པ༷འམ་གང་ལས་སྐྱེ་ན་ཞེས་བརྗོ༷ད་པ༷་དེ༷་ཇི་ལྟར་རུང་སོམས་ཤིག་དབང་དོན་ཕྲད་པ་ ལས་འདི་དག་ཁོ་ནའོ་ཞེས་ངེས་ཤེས་སྐྱེ་བ་དེ་མངོན་སུམ་མོ་སྙམ་ན། ཁྱད་པར་གྱི་ཆོས་བ་ལང་ཉིད་དང་རྫས་བ་ལང་སོགས་སྦྱོར་བ་དབང་པོ་ལ་མེད་དེ་དེ་དོན་ལ་ལྟ་བ་ཙམ་ཁྱེད་འདོད་ལ། སྤྱིར་ རང་རང་རིག་བྱ་ཐ་སྙད་ཀྱིས་བསྟན་མིན་ཡིན་པར་བཤད་ཟིན་པས་སོ། །གླང༷་ཉི༷ད་དེ་བ་ལང་གི་རིགས་སོགས་རིགས་ལྡན་དང་སྦྱོར༷་བ་ལ༷ས་ནི༷་དོ༷ན་དེ། བ༷་ལ༷ང་ཉི༷ད་དམ་ཁོ་ན་རྒྱུ་ངེས་པ་སོ༷གས་སུ་འཇ༷ལ་ བར་བྱེ༷ད་པ་འདོད་ནའང་། དབ༷ང་པོ༷འི་བློ༷་ལ༷་དོ༷ན་རྣ༷མས་སྤྱི་སོགས་དང༷་། སྦྱོར༷་བ༷འི་ནུས༷་པ༷་ཡོ༷ད་མ༷་ཡི༷ན། དོ༷ན་མི༷ན་པ་ཤེས༷་པ༷་དབང་ཡིད་རྟོག་མེད་འཁྲུལ་པ་དང་རྟོག་པའ༷ང་རྣ༷མ་ཀུ༷ན་ཏུ༷། མངོ༷ན་སུམ༷་ཚད༷་མའི་བློ༷་རུ༷་གན༷ས་པ༷ར་རམ་གྲུབ་པར་འགྱུར༷་རོ། །དེས་ན་ཅི༷་སྟེ༷་བློ༷་ཡི༷་སྐྱེ༷་བ༷་ཞེས་བློ་ལས་གཞན་པ་ཕྱི་དོན་ལས་མངོན་སུམ་དུ་འདོ༷ད་དེ་མི་རིགས་སོ། །ཚད་མ་ལ་དོ༷ན་ 8-12-14a གཞ༷ན་ཞིག་དེའི་འབྲ༷ས་བུར༷་སྨྲ༷་བ༷་ཡི༷ས་ནི། ཚད་མའི་ཡུལ་ལས་དོ༷ན་གཞ༷ན་ནམ་ཡང་ཐོ༷བ་པ༷ར་འགྱུར༷་བ་མ༷་ཡི༷ན་ཏེ། དེའི་རྒྱུ་མཚན་ནི་དོ༷ན་གྱི༷་བློ༷་ཤ༷ར་བའམ་སྐྱེས་པ་ཉིད་འབྲ༷ས་བུ་ མི༷ན་ན། དེ༷་ལ༷ས་གཞ༷ན་པའི་འབྲ༷ས་བུ་ཅིའང་བཞག་ཏུ་མེ༷ད་པ༷ས་སོ། །བློ༷་ཡི༷་སྐྱེ༷་བ༷་བློ༷་ལས་གཞ༷ན་ཡི༷ན་ན༷་མི་འཐད་དེ། དེའི་འཕྲོད༷་འདུ༷་ནི་ར༷ང་གི༷་རྒྱུ་འཕྲོད་འདུ་ཅན་ལ༷ས་ཏེ༷། ཚད༷་ མ༷་ནི་འཕྲོ༷ད་པ༷་འདུ༷་བ༷་ལ༷ས་འབྱུང་ན་ཡང་འཕྲོད་འདུ་རྒྱུ་རྟག་པ་མི་སྐྱེ་བ་དང་བློ་འཕྲོད་འདུ་ཡིན་པའང་དེ་ལས་གཞན་དུ་སྐྱེ་བ་མེད་སོགས་ཀྱིས་གནོད་དེ། ཅི༷་སྟེ༷་བློ་དང་སྐྱེ་བ་གཞ༷ན་མི༷ན་ བློ་མངོན་སུམ་དུ་འགྱུར་བས་སྐྱེ་བ་སྨྲོས་པ་འདི༷་ལ་དོ༷ན་མེ༷ད་དོ། །གལ་ཏེ་རྒྱུ་སྐྱེས༷་བུ༷་རྣ༷མ་པ༷ར་འགྱུ༷ར་ན༷ས་བློ༷། སྐྱེད༷་ན༷་སྐྱེས་བུ་ཉིད་མི༷་རྟག༷་པ༷་རུ༷་འགྱུ༷ར། ཅི༷་སྟེ༷་བད༷ག་དེ༷་སྔར་གྱི་གནས་སྐབས་ ལས་མི༷་འགྱུར༷་ན༷། སྔར་ཚད་མིན་དུས་དང་ཁྱད་པར་མེད་པ་ནི་བློ་དེ༷་ལ༷་ཚད༷་མ༷་ཞེ༷ས་མི༷་སྦྱར་ཏེ་དེས་ཚད་མ་ཅི་ཡང་མི་སྐྱེད་པས་སོ། ། ཚད༷་མ༷་ཀུན་ལ༷ས་བཏུས༷་པ་ལ༷ས་མངོ༷ན་སུམ༷་གྱི༷་ལེ༷འུ༷་སྟེ༷་ དང༷་པོ༷འོ༷།། །།རྗེ༷ས་དཔ༷ག་ལ་རྣ༷མ་པ་གཉི༷ས་དེ་ལས་ར༷ང་དོ༷ན་ནི༷། ཚུལ༷་གསུ༷མ་ཚང་བའི་རྟག༷ས་ལ༷ས་གཞལ་བྱའི་དོ༷ན་མཐོ༷ང་བའི་ཤེས་པ༷འོ༷། །འབྲ༷ས་བུ༷་སྔར༷་མངོན་སུམ་དུ་བཤད་པ་ 8-12-14b བཞི༷ན་སྒྲ་དང་མི་རྟག་པའི་ཚོགས་དོན་གཞལ་བྱ། དེ་ལ་གསར་དུ་མི་སླུ་བའི་ཤེས་པ་ཚད་མ། དེ་རྟོགས་པའི་ཚད་མ་འབྲས་བུའོ། །ཚད་མ་གཉིས་ཀྱི་ཡུ༷ལ་ད༷ང་ནི༷། ངོ༷་བོ༷་མ༷ཚུངས་པ་མི༷ན་ ཏེ་འོག་ཏུ་འཆད་དེ་དེ༷་གཉི༷ས་ཀྱི༷འོ། །དོན་ར༷ང་གི༷་མཚ༷ན་ཉིད་ནི་ཚིག་ལས་བསྟ༷ན་བྱ༷་མི༷ན་ཏེ། དེ་གཉིས་ཀྱི་གཟུ༷ང་ཡུལ་རང་སྤྱི་ལས་ཐ༷་ད༷ད་ཕྱིར༷་རང་མཚན་དོན་དེ༷་ལ༷ས་གཞ༷ན་རེག་བྱ་དཔོག་ པ་དང་སྔར་མཐོ༷ང་ངོ་ཐོས་སོ་ཞེས་སོ༷གས་ཀྱི་སྒྲའི་ཐ་སྙད་ཉི༷ད་ཀྱི་སྒོ༷་ན༷ས་བསྟན༷་པ༷་ནི་སྤྱི་ཡིན་གྱི། ར༷ང་གི༷་ངོ༷་བོ༷་བྱེ་བྲག་པའམ་རང་མཚན་བརྗོ༷ད་པ༷་མི༷ན་ཏེ། དེ་དག་གི་མི༷ང་ལ༷ས་ཤེས༷་ཕྱིར༷་ དེས་ན་རང་མཚན་ལས་རྣམ༷་པ༷་གཞ༷ན་སྤྱི་མཚན་བསྟན༷་བྱ༷་ཡིན་ནོ་དེ་ཕྱིར་ཡི༷ད་ཀྱི༷་རྣམ༷་པ༷་དབང་ཤེས་ཀྱིས་རང་མཚན་བཟུང་ནས་ཡིད་ཤེས་ཀྱིས་སྤྱིའམ་བྱེ་བྲག་གི་ཐ་སྙད་བྱས་པ་ལ་ཡིད་ཀྱི་རྣམ་པ་ གཉིས་ཞེས་སོ། །རྗེས་དཔག་དེ་སྤྱི༷་མ༷་ཡི༷ན་ལ༷འ༷ང་མཐོ༷ང་བའི༷་ཕྱིར༷་ཏེ་སྐྱེ་མཆེད་གཞན་ལས་གཞན་དང་རེག་བྱ་ལས་རླུང་དཔག་པ་བཞིན་ཞེ་ན། དེ༷་མི༷ན་ཏེ་དེས་དཔག་བྱའམ་མཚོ༷ན་བྱ༷་སྤྱི༷་ཡི༷ན་ པའི་ཕྱིར༷། བྱེ་བྲག་པའི་རེག་བྱ་བཏང་སྙོམས་རླུང་ལས་གཞན་ལ་འགོག་པའི་ཡི༷ད་ཆེ༷ས་ཚི༷ག་གི༷་སྒྲུབ༷་བྱེ༷ད་ཀྱིས༷་ཏེ་རེག་བྱ་ནི་རེག་བྱ་མཐོང་བ་རྣམས་ཀྱི་མ་ཡིན་ནོ་ཞེས་བྱེ་བྲག་པ་ཟེར་ཏེ། གང་ 8-12-15a རེག་བྱ་མཐོང་བ་ལ་བཏང་སྙོམས་ཚད་མར་བསམ་པའོ། །རླུང་དེ༷་ལ༷ས་གཞ༷ན་ལ༷་འགེ༷གས་པ༷ར་བྱེ༷ད་ཟེར་ན་མི་འཐད་དེ་ལུང་དོན་ལ་རིགས་པས་དཔྱོད་པ་དང་མ་མཐོང་ཙམ་གྱིས་མི་འགྲུབ་ པས་སོ། །གལ་ཏེ་ལུང་དང་རྗེས་དཔག་ཐ༷་མི༷་ད༷ད་དུ༷་གྲུབ༷་ཅེ༷་ན༷། མ༷་ཡི༷ན་ཏེ་ཐ༷་ད༷ད་ཀྱང༷་སྲི༷ད་པའི་ཕྱིར༷་ཏེ་ལུང་ལ་འཁྲུལ་པ་སྲིད་པས་སམ། ཡང་ན། རྗེས་དཔག་གི་ཡུལ་མིན་པ་ཞིག་ ལུང་གིས་སྟོན་སྲིད་པས་སོ། །ཁྱོད་ལ་མཚུངས་ཤེ་ན་མིན་ཏེ་ཡོངས་སུ་བརྟགས་ནས་ཡི༷ད་ཆེ༷ས་ཚི༷ག་ཀྱང༷་དཔྱད་གསུམ་གྱིས་དག་པའི་མི༷་སླུ༷་བ༷ར། མཚུང༷ས་པའི་ཕྱིར༷་ན་དེས་ནི་ལྐོག་གྱུར་ ལ་རྗེ༷ས་སུ༷་དཔ༷ག་པ༷་ཉི༷ད་དོ༷། །ཚུལ་གསུམ་རྗེ༷ས་སུ༷་དཔ༷ག་པར་བྱ་བ༷་ཤེས་འདོད་ཆོས་ཅན་ལ་ཡོད་པ་ཕྱོགས་ཆོས་དང་ཕྱོགས་དེ༷་དང་མཐུན་པ་ལ༷། ཡོ༷ད་པ་རྗེས་འགྲོ་ད༷ང་བསྒྲུབ་ཆོས་མེ༷ད་ པ་ཉི༷ད་ལ༷་མེ༷ད་པ༷་ལྡོག་པའོ༷། །ཚུལ་གསུམ་པོའི་ཟུར་དུ་ཤེས་པའམ་དེར་ངེས་པ་ཞེས་པའི་ཚུལ་ལོགས་སུ་སྤྲོས་དགོས་ཏེ། ཚུལ་གསུམ་པོ་མ་ཤེས་པའམ་མ་ངེས་པ་ནི་རྟགས་མིན་པས་ སོ་ཟེར་ན། ཚུལ་གསུམ་པོའི་མཚན་ཉིད་སྟོན་པ་འདི༷་རུ༷་ཤེས༷་པ༷་མ་སྨྲོས་ནའ༷ང་དོན་གྱིས་ཐོ༷བ་པ༷་ཉི༷ད་དེ། རྟགས་ནི་ཤེ༷ས་བྱེ༷ད་སྐབ༷ས་ཀྱི༷་དབ༷ང་བྱས༷་ཕྱིར༷་གསུམ་ཀར་ངེས་པ་དགོས་པ་ནི་དོན་ 8-12-15b གྱིས་གྲུབ་པའོ་ཞེས་སོ། །ཚུལ་གསུམ་ཚང་བ་རྟགས་སུ་བསྟན་པ་ངེས་ཚུལ༷་རེ༷་རེ༷་ད༷ང་གཉི༷ས་གཉི༷ས་པ༷་ཚུལ་གསུམ་མ་ཚང་ན། རྟག༷ས་ཡང་དག་གི་དོན༷་མི༷ན་པ༷ར་དོ༷ན་གྱི༷ས་བྱས༷་སོ། །དེ་གང་ཞེ་ན་སྒྲ༷་རྟག༷་ སྟེ༷་བྱས༷་པའི༷་ཕྱིར༷་ལྟ་བུ་སོགས་ཆོས་གཅིག་པུ་ཅན་ནོ་སྒྲ་རྟག་སྟེ་ལུས༷་ཅ༷ན་ཡིན་པའི་ཕྱིར༷་ཞེས་འདིའི་ཕྱོགས་ཆོས་བྱེ་བྲག་པའི་འདོད་པ་ལ་ལྟོས་ནས་མ་གྲུབ། ལྡོག་ཁྱབ་དོན་ལ་མ་གྲུབ་ཐམས་ཅད་དུ་སོང་ བ་མིན་པའི་རྫས་ཀྱི་ཚད་ལ་དངོས་མིང་དང་རྡུལ་ཕྲན་རྟག་པ་ལའང་ཡོད་པར་འདོད་པས་རྗེས་འགྲོ་གཅིག་པུ་ཅན་ད༷ང་སྒྲ་རྟག་སྟེ་གཞ༷ལ་བྱ༷་མི༷ན་པའི་ཕྱིར༷་རོ༷་ཞེས་ལྡོག་པ་གཅིག་པུ་ཅན་ནོ། །སྒྲ་ རྟག་སྟེ་ལུས༷་ཅ༷ན་མི༷ན་པའི་ཕྱིར༷་ལྟ་བུ་དང་པོ་གཉིས་ཅན་ཏེ། བྱེ་བྲག་པའི་འདོད་པ་ལ་ལྟོས་ནས་དང་པོ་གཉིས་གྲུབ། སྒྲ་རྟག་གམ་གཞལ་བྱ་མིན་པ་ནི་ཕྱོགས་ཆོས་དང་མི་མཐུན་ཕྱོགས་ ལས་མཐོང་བ་ཙམ་གྱི་ལྡོག་ཅན་ནོ། །སྒྲ་རྟག་སྟེ་མཉ༷ན་བྱའི་ཕྱིར༷་ཞེས་རྗེས་འགྲོ་མེད་པའི་ཚུལ་གཉིས་ཅན་ནོ། །མིག༷་གི་ག༷ཟུང་བྱའི༷་ཕྱིར༷་སྒྲ་མི་རྟག༷་ཅེས་པ་ཚུལ་དང་པོ་མེད་པ་ཅན་ནོ། །ཁ་ ཅི༷ག་ན་རེ་གཏན༷་ཚི༷གས་ནི་བསྒྲུབ་ཆོས་ལ་མི༷་འཁྲུལ༷་བས༷། དཔེར་ན་ལམ་དུ་ལྷན་ཅིག་གནས་པར་ཐམས་ཅད་ཀྱིས་ཕྱོགས་དང་དུ་བ་མིན་པས་ན་ཆོས་མེ་ཙམ་དཔོག་ཅེས་སོ། །ཡང་སྤྱིར་མེ་ 8-12-16a ཙམ་དང་དུ་ཙམ་འཇིག་རྟེན་ལ་གྲུབ་ཟིན་པས་ཕྱོགས་དེར་མེ་འབྲེལ་བ་དེ་དཔག་གོ་ཟེར་རོ། །རྟགས་ཀྱི་ཆོས༷་གཞ༷ན་མེ༷་ལྟ་བུ་ཁོ་ན་དཔ༷ག་པ༷ར་བྱ༷་བ༷ར་ ༡ འདོ༷ད། བསྒྲུབ་བྱ་ཆོས༷་དང༷་ཆོས༷་ ཅ༷ན་དག༷་ནི་ཕྱིར་རྒོལ་ལ་གྲུ༷བ་ཟིན་ཕྱིར༷། དཔག་མི་དགོས་པས་དེ་གཉིས་ཀྱི་འབྲེ༷ལ་བ༷་ཆོས་གཞན་དཔ༷ག་བྱར༷་ཁ༷་ཅི༷ག་འདོ༷ད། ༢ ཆོས་ ༡ མེ་ལྟ་བུ་ལ༷་གཏན༷་ཚིག༷ས་དུ་བ་ལྟ་བུ་གྲུབ༷་ན༷་ནི༷། རྟགས་དེ༷་ཡིས༷་ ཆོས་ཅན་དེ༷་ལ༷་གཞ༷ན་ཅི༷་དཔ༷ག་སྟེ་རྟགས་གྲུབ་པ་དང་ཆོས་གྲུབ་པས་ཏེ། མེ་འབའ་ཞིག་ཙམ་དཔག་བྱ་ཡིན་ལ་དེ་དུ་བའི་དུས་ན་གྲུབ་པས་ཇི་ཞིག་དཔག །ཡང་མེ་དུའི་འབྲེལ་པ་ལས་མེ་དཔོག་ཅེ་ ན། དེ༷་ལྟར༷་ཆོ༷ས་ཅ༷ན་ས་ཕྱོགས་མེ་ལྡན་དེ༷་ཉི༷ད་ལ༷། གང་རྟགས་འདིས་དཔ༷ག་བྱར༷་ཅི༷་ཡི༷་ཕྱིར་མི༷་འདོ༷ད་དེ་ཚོགས་དོན་དཔག་བྱར་འགྱུར་རོ། །དེ་ལ་དུ་རྐྱང་མེ་རྐྱང་ཙམ་ཡིན་ན་མི་ཕན་པས་འབྲེལ་ དགོས་ན། ས་ཕྱོགས་དང་མེ་རྐྱང་ཡང་མིན་ཞེས་འཕེན་པ་གནད་དོ། །འབྲེལ༷་པ༷འ༷ང་དོན་གཞན་འཇལ་བ་མི་འཐད་དེ་བཏགས་པ་ལས་གཞི་སོ་སོའི་འབྲེལ་པ་གཉི༷ས་ནི༷་ཡོ༷ད་པ་མ༷་ཡི༷ན་པས་སོ། ། གཉིས་ཞེས་པ་ལྡན་འདུའི་འབྲེལ་པ་གཉིས་ནི་མེད་ཅེས་དང་། གཞི་གཉིས་སོ་སོའི་འབྲེལ་བ་རང་རྐྱ་བ་མེད་ཅེས་དང་། ཆོས་ཅན་ལ་འབྲེལ་བ་ཚོགས་དོན་ཡིན་ལ། དཔེ་ལ་གྲུབ་ཟིན་པས་ཀྱང་། 8-12-16b དེའི་ངོར་མེ་དུ་གཉིས་མེད་ཅེས་དང་སོགས་འགྲེལ་ཡང་། དུ་ཡོད་དེ་ན་མེ་ཡོད་ཅེས་བརྟགས་པ་ཙམ་མོ། །མེ་འབྲེལ་ལམ་དུ་འབྲེལ་འདྲ་སྙམ། སྐྱོན་དེ༷་བཞི༷ན་དྲུག༷་པའི༷་སྒྲ༷་རུ༷་འགྱུར༷་ཏེ་རྗེས་དཔག་གི་ ཚོགས་དོན་མི་གཞལ་བར་འབྲེལ་པ་གཞལ་ན། ལ་ལ་མེ་ཡོད་དུ་མི་གཞལ་བར་ལ་དང་མེའི་འབྲེལ་བའོ་སྙམ་དུ་དང་། དེ་བཞིན་བརྗོད་ཚེ་ལ་ལ་མེ་ཡོད་ཅེས་མི་བརྗོད་པར་མེའི་འབྲེལ་བའོ་ ཞེས་དྲུག་སྒྲས་སྟོན་རིགས་པར་ཐལ་ལོ། །འབྲེལ་བ་མཁན་པོ་རྗེས་དཔག་གིས་དངོས་སུ་བརྗོ༷ད་པ༷ར་མི༷་བྱ༷་བར་ཐལ་ལོ། །འབྲེལ་པ་ནི་བསྒྲུབ་བྱར་བརྗོད་པར་མི་བྱ་བ་སྟེ་ལ་ལ་མེ་ཡོད་ ཅེས་བརྗོད་ཀྱི་ལ་དང་མེ་འབྲེལ་ཞེས་བརྗོད་བྱ་མིན་པས་སོ། །གང་མ་བརྗོད་པ་དེ་ནི་བསྒྲུབ་བྱར་ཇི་ལྟར་ཡིན་དོ༷ན་གྱིས་སྨོས༷་ཕྱིར༷་མི་སྐྱོན་ཞེ་ན། མིན་ཏེ་གཏན༷་ཚིག༷ས་དུ་བ་དེ་ལ་མེ་ལྡན་གྱི་ལ་ ལ་མེའི་འབྲེལ་རྐྱང་འདི༷་ད༷ང་འབྲེ༷ལ་བ༷་མི༷ན་ཏེ་སྔར་བཤད་པ་བཞིན་ནོ། །དུ་ལྡན་གྱི་ཕྱོགས་དང་མེ་དུའི་འབྲེལ་བ་བསྟན་བྱ་མིན་ཡང་དཔག་བྱར་བྱེད་པ་བཞིན་འབྲེལ་བའང་དེ་འདྲའོ་སྙམ་ ན་མིན་ཏེ། རྟག༷ས་དུ་བ་ཉིད་ཀྱི༷་མེ་དང་མེད་ན་མི་འབྱུང་བའི་འབྲེལ་བའམ་འཁྲུལ༷་པ༷་མེ༷ད་པ༷་ནི༷། བསྒྲུབ་བྱའི་ཆོས༷་ལ༷ས་གཞ༷ན་དུ༷་དཔེ་ཡི་སྟེང་དུ་སྟོན༷་པ༷ར་བྱེད། དང་པོར་དཔེ་དེ༷ར་གྲུབ༷་ 8-12-17a ནས་གཟོད་ཆོས་དེ༷་ད༷ང་ལྡ༷ན་པ༷་ཡི༷། ཆོས༷་ཅ༷ན་གོ༷་བ༷ར་བྱེ༷ད་པ༷་ཡི༷ན་ཏེ་ཚོགས་དོན་བསྒྲུབ་བྱར་བྱེད་དོ་ཞེས་སོ། །དུ་བ་ལྟ་བུའི་རྟག༷ས་ཀྱི༷་རྗེས༷་སུ༷་བསྟན༷་བྱ༷་བ༷འི། ཆོས༷་བསྒྲུབ་བྱ་ལ༷་ དཔྱ༷ད་པ༷་གཞ༷ན་ཡ༷ང་འཇུག༷་སྟེ། མེའི་ཆོ༷ས་ཀྱི་དོ༷ན་དུ༷་མ༷་སྟེ་གསལ་འབར་རྣོ་སོགས་ནི་གཏ༷ན་ཚི༷གས་ཀྱིས༷། རྣམ༷་པ༷་ཐ༷མས་ཅ༷ད་དུ༷་བྱེ་བྲག་ཕྱེ་ནས་རྟོག༷ས་པ་མི༷ན་ཏེ་རྟགས་དང་མེད་ན་མི་ འབྱུང་མེད་པས་སོ། །རྟགས་དེ་ཉིད་རང་གི་བསྒྲུབ་བྱ་གང༷་དང༷་མེད་ན་མི་འབྱུང་གི་འབྲེ༷ལ་བ༷་དེ་ཁོ་ན་ཡོ༷ངས་སུ་བཅ༷ད་ནས། ཆོས༷་གཞ༷ན་དེ་མིན་པ་ད༷ང་བྲལ༷་བ་ཙམ་ཐོབ༷་པ༷ར་བྱེ༷ད་དེ་དུ་ བས་མེ་ཙམ་རྟོགས་པ་བཞིན་ནོ། །དཔེར་ན་ཡོ༷ན་ཏན༷་དང་དྲི༷་ད༷ང་དྲི༷་བསུ༷ང་སོག༷ས། དེ༷་ཡི༷་བྱེ༷་བྲ༷ག་གི༷ས་རིམ༷་པ༷ས། རྫ༷ས་མི༷ན་ལ་སོགས་པ་སོ་སོའི་ལྡོག་ཕྱོགས་རྣ༷མ་པར་བཅ༷ད་ ནས། ཨུ༷ཏྤ༷ལ་ལ༷་སོ༷གས་རེ༷་རེ༷་རྟོ༷གས། དེ་ལ་ཡོན་ཏན་ཉིད་ཀྱི་རྫས་མིན་པ་ལས་ལོག་པ་དང་། དྲི་ཉིད་ཀྱིས་སའི་ཡོན་ཏན་མིན་པ་ལས་ལོག་པ་དང་། དྲི་བསུང་བ་ཉིད་ཀྱིས་དྲི་ང་ བའི་སྤྱི་ལས་ལོག་པ་དང་། དྲི་བསུང་གི་བྱེ་བྲག་ཨུཏྤལ་གྱི་དྲིས་ཨུཏྤལ་མིན་པ་ལས་ལོག་པ་སོགས་རེ་རེ་རྟོགས་ཏེ་བྱེ་བྲག་པ་ཁྱོད་ལྟར་ན་ཡང་། གལ༷་ཏེ༷་དགོས་ཡུལ་མཐོ༷ང་བ༷་བཞི༷ན་དུ་ 8-12-17b གཏ༷ན་ཚི༷གས་རྣམས། ཡུལ་ལ་སྒྲུབ༷་པ༷འི་སྒོ༷་ན༷ས་འཇུ༷ག་ན༷་ནི༷། ལྡོག་ཆ་ཐ་དད་པའི་ཆ་སོ་སོ་བ་ཐ༷མས་ཅ༷ད་ཕྱེ་ན་རྟོག༷ས་པ༷ར་མི༷་འགྱུ༷ར་བ༷འ༷མ། ཡ༷ང་ན༷་དགག་སྒྲུབ་ཐམ༷ས་ཅ༷ད་ཅིག་ཆར་རྟོག༷ས་པ༷ར་ འགྱུར༷་རོ། །དེ་ཡང་དུ་བྱས་ཀྱིས་མེ་མི་རྟག་མི་རྟོགས་ཏེ། ཆོས་གཞན་བདག་མེད་སོགས་ཐམས་ཅད་མ་རྟོགས་པའི་ཕྱིར། ཁྱབ་སྟེ། མི་རྟག་བདག་མེད་གཉིས་སྒྲའི་སྟེང་ན་ཆ་མེད་པས་རྟོགས་མ་རྟོགས་མི་ འཐད་དོ། །ཡང་ན་མི་རྟག་བཞིན་གཞན་ཀུན་ཀྱང་རྟོགས་པར་ཐལ་ལོ། །ཡང་ན་དུ་བའང་མེ་མཐའ་དག་ལ་མ་མཐོང་བས་མེ་འདི་ཡང་མི་རྟོགས་ཞེས་རང་འགྲེལ་ལས་སོ། །ཇི་ལྟར་མཐོང་བ་བཞིན་དུ་རྟོགས་ ན་ནི་གསལ་རྣོ་སོགས་བྱེ་བྲག་ཀུན་ཀྱང་རྟོགས་པར་འགྱུར་རོ། །ག༷ལ་ཏེ༷་སྤྱི༷་དོན་གཞན་ལ༷ས་མངོན་རྗེས་འཇུག་པ་ཡི༷ན་གྲ༷ང་ན༷། སྤྱི་དེ༷་ནི༷་གསལ་བ་དེ༷་ལ༷ས་གཞ༷ན་དུ༷་འགྱུར༷་ལ། དེ་ཡང་རྟེན༷་གསལ་བ་ རྣམས་ཐམས་ཅད་མ༷་མཐོ༷ང་བ༷་ཡི༷་ཕྱི༷ར། ཐ༷་ད༷ད་མི༷ན་པའི་སྤྱི་གཅི༷ག་པོ་དེ་ཡང་མཐོ༷ང་བར་མི་འགྱུར༷་རོ། །སྔོ་ཕྱུར་དང་སྐྱ་བོ་སོགས་ཆ་དུ་མ་ནས་དུ་བ་ཡིན་པའི་ཆ༷་ཤ༷ས་འདི༷་ལྟ༷་བུ༷འི་ཚུལ༷་བཟུང་ བའི་སྒོ་ནས༷། རྟ༷གས་ཅ༷ན་མེ་ཙམ་ལ༷་ནི༷་རྟགས་དེ་མི༷་འཁྲུལ༷་ཞི༷ང་། བསྒྲུབ་བྱ་མེ་དེ༷་ཉི༷ད་ཀྱི༷་གསལ་འབར་རྣོ་སོགས་ཆོ༷ས་དུ༷་མ༷་ཡོད་ན༷འ༷ང་། རང་གི་བསྒྲུབ་བྱའམ་ཆ་ཅི༷ག་ཤོས༷་མེ༷་ཙམ་ཐོབ་ 8-12-18a པ༷ར་བྱེ༷ད་པ༷་ཡི༷ན་ནོ། །ཡ༷ང་སྐབས་ཀྱི་ཚིགས་བཅད་བརྗོ༷ད་པ༷། རྟགས་ཀྱི་མེ་སོགས་རྟག༷ས་ཅ༷ན་ག༷ང་གི་ངོ་བོ་ད༷ང་རྗེས༷་སུ་འབྲེ༷ལ་བའི༷། རྟག༷ས་ཅ༷ན་དེ༷་ཁོ་ན་འདི༷ར་རྟག༷ས་དེ་ལས་ རྟོག༷ས་པར༷་བྱ༷་བ་ཁོ་ན་ཡི༷ན། རྟགས་ཅན་དེའི་བྱེ་བྲག་གསལ་འབར་སོགས་རྟགས་དེས་རྟོག༷ས་བྱ༷་མ༷་ཡི༷ན་ཏེ༷། བྱེ་བྲག་དེ༷་དག༷་ཉི༷ད་ལ༷་འཁྲུལ་ཕྱིར༷་རོ༷། །རྟག༷ས་དུ་བ་སོགས་ད༷ང་ རྗེས༷་སུ༷་འབྲེ༷ལ་བ༷འི་དོ༷ན། མེ་སོགས་ཀྱི་སྤྱི་ནི་རྟོག༷ས་བྱ༷་ཡིན་གྱི་རྟག༷ས་ཅ༷ན་གྱི༷་བྱེ༷་བྲག༷། རྟགས་དེས་རྟོགས་པ་མ༷་ཡི༷ན་ཏེ་འདི་གཉིས་རྟགས་རྟགས་ཅན་གྱི་ངོས་ནས་བསྟན་པ་སྟེ་བྱེ་ བྲག་དེ༷་ལ༷་རྟགས་དེས་ཡོད་པ་སོགས་སུ་རྟོག༷ས་པ༷་པོ༷འི། རྟོག༷ས་པ༷་ནི་མི་ངེས་པ་ར༷བ་ཏུ༷་འཁྲུལ༷་པའི༷་ཕྱི༷ར། ཞེ༷ས་བྱ༷་བ༷་ནི༷་བ༷ར་སྐ༷བས་ཀྱི༷་ཚི༷གས་སུ་བཅ༷ད་པ༷་དག༷་གོ༷། འབྲེ༷ལ་པ༷་ཞེས་འབྲེལ་ རྒྱུའི་ཆོས་ག༷ཉིས་ལ༷་གན༷ས་མོད་ཀྱང༷་ཐམས་ཅད་ཐམས་ཅད་ཀྱི་གོ་བྱེད་མིན་ཏེ། རྟག༷ས་ད༷ང་རྟག༷ས་ཅ༷ན་ལྷན༷་ཅི༷ག་པའི་འབྲེལ་པ༷་ནི། ཕན་ཚུན་གཅིག་ལ་གཅིག་རྟེ༷ན་ད༷ང་བརྟེ༷ན་པ༷་བཞི༷ན་ཁྱབ་ བྱེད་དང་ཁྱབ་བྱ་ཡི༷ན་གྱི༷། ཡ༷ང་ད༷ག་འཕྲོད༷་པ༷་ཉི༷ད་ཅེས་པའི་འབྲེལ་པ་རང་རྐྱ་བ་དེ་ནི་མ༷་ཡི༷ན་ནོ། །ཡང་དག་འཕྲོད་པ་ཡིན་ན་དུ་བས་མེ་བཞིན་མེས་ཀྱང་དུ་བ་གོ་སྟེ། དེ་གཉིས་ཀྱི་འབྲེལ་པ་ལ་ 8-12-18b ཁྱད་མེད་པས་སོ་སྙམ་པའོ། །རྟ༷གས་ལ༷་ནི༷་རྟ༷གས་ཅ༷ན་ཡོ༷ད་པ༷་ཉི༷ད་དམ་ཁོ་ན་སྟེ། ཅི༷ག་ཤོས༷་རྟག༷ས་ནི་རྟག༷ས་ཅ༷ན་ཉི༷ད་དམ་ཁོ་ན་ལ༷་ཡོ༷ད་པ་དེ་ལྟ་ན། རྟག༷ས་ད༷ང་རྟག༷ས་ཅ༷ན་འདི་གཉིས་ཀྱི་འ༷བྲེལ་ བ༷་ཡི༷། ངེ༷ས་པ༷འམ་ངེས་བཟུང་ནི་དེ་ལྟར་མི་འདྲ་བ་བཟློག༷་ན༷ས་གན༷ས་པ༷་ཡི༷ན་ནོ། །རྟགས་བསྒྲུབ་བྱའི་ཆོས་ཁོ་ན་ཡོད་པ་ཞེས་དང་། ཆོས་རྟགས་ལ་ཡོད་པ་ཁོ་ན་ཞེས་སྔ་མ་གཞན་ལྡན་ ཡིན་པས་ཁྱབ་བྱེད་དུ་མི་འཇུག །ཕྱི་མ་མི་ལྡན་ཡིན་པས་ཁྱབ་བྱེད་དུ་འཇུག་སྟེ། མདོར་ན་ཆོས་རྟགས་ལ་ཁྱབ་བྱེད་དུ་ཡོད། རྟགས་ཆོས་ལ་ཡོད་ཀྱང་ཁྱབ་བྱེད་མིན་པའི་ངེས་བཟུང་ ནི་ཁྱད་ཡོད་པས་སོ། །ཡང་དཔེར་ན་བྱས་མི་རྟག་ཁྱབ་མཉམ་པས་བྱས་པ་རྟགས་སུ་འགྱུར་བ་བཞིན་རྟགས་ཅན་དུ་ཡང་འགྱུར་ཏེ། དཔེར་ན་གློག་ལྟ་བུ་བྱས་པ་ལྐོག་གྱུར་མི་རྟག་མངོན་ གྱུར་ལ་མི་རྟག་པས་བྱས་པ་སྒྲུབ་པ་དང་། འབྲས་བུ་རྒྱུ་ནུས་པ་ཐོགས་མེད་གྲུབ་ནའང་ཁྱབ་བྱེད་ཀྱིས་ཁྱབ་བྱ་གྲུབ་པ་བཞིན་ནོ་སྙམ་ན། རྟག༷ས་ཀྱིས༷་ཆོས་གཅིག་ལ་ཁྱབ༷་པ༷་ཡོད་པའང་ འདོ༷ད་པ༷་ཡིན་ཏེ༷། འོན་ཀྱང་ཆོས་དེ་ཁྱབ་བྱེད་ཡིན་པས་དེ༷་ཡི༷་ཆ༷་ན༷ས་རྟག༷ས་ཅ༷ན་དུ་གྱུར་པ་ཡི༷ན་གྱི། རྟགས་ཁྱབ༷་བྱེ༷ད་ཡིན་པ་དེའི་ཆ༷་ནས༷་རྟགས་ཅན་དེ༷་གོ༷་བྱེ༷ད་མ༷་ཡི༷ན་ཏེ་རྟགས་ཆོས་འབྲེལ་བ་ 8-12-19a ངེས་པ་ལ་རག་ལས་ཀྱི་དཔེར་ན་རྭ༷་ཅ༷ན་བ༷་ལ༷ང་གི་གོ་བྱེད་མིན་པ་བཞིན༷། དཔེར་ན་རྭ་ཅན་གྱིས་བ་ལང་ལ་ཁྱབ་ཀྱང་རྭ་ཅན་ལས་བ་ལང་གོ་བ་མི་ནུས་པ་བཞིན་ནོ། །མ་བྱས་རྟག་ སོགས་སོ༷་སོ༷ར་བཀ༷ག་པ༷འི་ཆ་ལ་ཕན་ཚུན་མི་འཁྲུལ༷་བ༷་ཡོད་པ། བྱས་པས་མི་རྟག་པ་ལ་ཁྱབ་ཏུ་ཟིན་ཀྱང་རྟག་པ་ཉིད་བཀག་ནས་གོ་བ་དེ་བཞིན་མི་རྟག་པས་བྱས་པ་ལ་ཁྱབ་པ་ཉིད་ཀྱིས་ ཀྱང་མ་བྱས་པ་བཀག་གོ། དེ་ནི་གང༷་ཕྱིར༷་འབྲེ༷ལ་པ༷་ལ༷་ལྟོས༷་པ་ཡིན་གྱི་ཁྱབ་བྱེད་ཡི༷ན་པ་ཙམ་གྱིས་མིན་པ། དེ༷་ཕྱིར༷་རྟག༷ས་གཅིག་ཉིད་ཀྱིས༷་རྟ༷གས་ཅ༷ན་ལ༷། ཁྱབ༷་པ༷་ཡོད་པ་བདེ༷ན་ཡང༷་ཁྱབ་ བྱེད་ཡིན་པ་ཙམ་ལས་གོ་བར་བྱེ༷ད་པ་པོ༷་མི༷ན་ནོ། །ཡང༷་བརྗོ༷ད་པ༷། བྱས༷་པ༷་ཉི༷ད་ཀྱིས༷་འཇི༷ག་པ༷་ལ༷། ཁྱབ༷་པ༷་ནི་འབྲེལ་བ་ཉིད་ཀྱིས༷་སོ་མ༷་བྱས༷་པ༷་ཡི༷ས་ཁྱབ་པ་མི༷ན་པ་ནི་འགལ་བས་སོ། རྟག༷་པ༷་ མི༷ན་པ་མི་རྟག་པ་ལ༷་ཁྱབ་པ་མིན༷་པ༷ར། མ༷་བྱས༷་པ༷་ཡི༷་དོ༷ན་གྱིས༷་སྟོན༷། རྭ༷་ཅ༷ན་ཉི༷ད་ཀྱིས༷་བ༷་ལ༷ང་ལ༷། ཁྱབ༷་པ༷ས་བ་ལང་དེས་དེ་རྭ༷་ཅ༷ན་མི༷ན་ལ༷ས་ལྡོག༷་གི དཔེར༷་ན་གླང༷་སྟེ་བ་ལང༷་ཕོ་ལ་ རྭ༷་ཅ༷ན་གྱིས༷་ཁྱབ༷་པ་བཞི༷ན། བ༷་ལ༷ང་གི༷་དོ༷ན་ཡིན་པ་ཟློག༷་བྱེ༷ད་མི༷ན་ཏེ་དེ་གཉིས་མི་འགལ་བས་སོ། །ཞེ༷ས་བྱ༷་བ༷་ནི༷་བ༷ར་སྐ༷བས་ཀྱི༷་ཚིགས༷་སུ༷་བཅ༷ད་པ༷་ད༷ག་གོ༷། རྩོད༷་པ༷་སྒྲུབ༷་པ༷་ནས༷་ནི༷་མེ་དུ་འབྲེལ་ 8-12-19b བ་ལྟ་བུའི་མེ༷ད་ན༷་མི༷་འབྱུང་བ༷འི་དོ༷ན་འདི་མཐོ༷ང་བ་ནི༷་འབྲེལ་བ་དེ་རི༷ག་པའི་རྗེ༷ས་སུ༷་དཔ༷ག་པ་སྟེ་འདིས་རིག་པར་བྱེད་པ༷འོ་ཞེ༷ས་བརྗོ༷ད་དོ༷། །རྗེ༷ས་དཔག་ཚད་མ་དེས་རྟགས་ཆོས་མེ༷ད་ན༷་མི༷་འ༷བྱུང་བ་མཐོ༷ང་བ༷འི་ཚེ་ན། མེད་ན་མི་འབྱུང་བ་ར༷ང་གི༷་རྣམ༷་པ༷་ཙ༷མ་སྟེ་འབའ་ཞིག་མཐོ༷ང་བར་འདོ༷ད་ན༷་དེ་ཡང་དོན་གྲུབ་པས། དེ༷་རིག༷་པ་ཞེས་མི་བརྗོ༷ད་པ་སྟེ་མི་དགོས་སོ། །དེ་རིག་པ་ཞེས་པས་གཞ༷ན་དཔེ་ཡི་སྟེང་ཉི༷ད་དུ། བརྗོ༷ད་ཅེ་ན༷་ དཔེ་ཇི༷་ལྟ་བུ༷ར་གང༷་ལ༷་ཆོས་གཞན་ཇི་ལྟ་བུར་མཐོང་སྟེ་མཐོང་བ་མི་སྲིད་དེ་དཔེ་འདྲ་ཡུལ་མེད་པར་འདོད་ཙམ་དུ་འགྱུར་བས་མི་འཐད་དོ། །ཡང་མེད་ན་མི་འབྱུང་བའི་དོན་གཞན་དུ་མཐོང་ན་ནི། འདི་ མཐོང་ཞེས་ཇི་ལྟར་བརྗོད་པར་བྱ་ཞེས་སོ། །ཡང་ན་ཇི་ལྟར་གང་ལ་གང་མཐོང་བའི་རྒྱུ་མཚན་མེད་པས་ངན་ཆད་པའོ། །དེ་མེད་ཀྱང་རྗེས་དཔག་ཡིན་ན། མིག་གི་གཟུང་བྱ་བུམ་པ་ལ་མཐོང་བས་སྒྲ་ལ་ མི་རྟག་པ་རྟོགས་པར་ཐལ་ལོ། །གལ་ཏེ་དོ༷ན་འདི་ཞེས་པ་དེ༷་བསྒྲུབ༷་བྱ༷་ལ༷་བརྗོད་དོ་ཞེ༷་ན༷། བསྒྲུབ་བྱ་རྟོགས་ཟིན་ལ་མེ༷ད་ན༷་མི༷་འབྱུང༷་བ་རྟོགས་པ་ཞེ༷ས་སྨྲོས་ཅི༷་དགོ༷ས་ཏེ། རྒྱུ་མཚན་རྟགས་དུ༷་སོ༷གས་ ཆོས་མེ༷་སོ༷གས་ལ༷་དཔེ་ཡི་སྟེང་དུ་མཐོང་བ་དེ་ལ༷ས། གཞ༷ན་པ༷འི་དཔག་བྱ༷་དེ༷་རི༷ག་ཅེས་པ་གང༷་ཡོད་དེ་མེད་དོ། །སྒྲའི་སྟེང་ན་བསྒྲུབ་བྱའི་ཆོས༷་ལ་དོ༷ན་གྱི་ཆ་དུ་མ༷་ཡོ༷ད་པ༷་ལ༷ས། དེ༷་ཀུན་རི༷ག་པ༷་ཞེ༷ས་ཇི༷་ 8-12-20a ལྟར༷་བརྗོ༷ད་དེ་མི་སྲིད་པས་སོ། །རི༷གས་པ༷་ཅ༷ན་རྣ༷མས་ན༷་རེ༷་རྟགས་ཆོས་དང་རྟགས་ཆོས་ཀྱི་འབྲེལ་པ་རང་མཚན་འཛིན་པའི་མངོན་སུམ་དེ༷་སྔོ༷ན་དུ༷་སོ༷ང་བ༷་ཅ༷ན་གྱི༷་རྗེ༷ས་སུ༷་དཔ༷ག་པ༷་ ནི༷་གསུ༷མ་སྟེ༷། རྒྱུ་སྔ་མ་ཡིན་ལ་འབྲས་བུ་ལྷག་མ་ཡིན་པས་དེས་ཐ་སྙད་བྱས་པ། སྔ༷་མ༷་རྒྱུ་ད༷ང་ལྡན༷་པ༷་རྒྱུ༷་ལས་འབྲས་བུ་དཔོག་པ་ད༷ང་། འབྲས་ལས་རྒྱུ་དཔོག་པ་ལྷག༷་མ༷་ད༷ང་ལྡན༷་པ༷་ ད༷ང་། སྤྱིར་ཆོས་གཞན་ལས་གཞན་མཐོ༷ང་བ༷་ཅ༷ན་ནོ་ཞེ༷ས་ཟླ་བ་རི་ལ་ནུབ་པས་ཉི་མ་ཡང་དེ་ལྟར་འགྱུར་བ་དཔོག་པ་ལྟར་ཆོས་གཅིག་མཐོང་བ་ལྟར་གཞན་ཤིན་ཏུ་ལྐོག་གྱུར་ཤེས་པ་ལྟ་བུ་སྤྱིར་ མཐོང་བ་ཅན་ནོ་ཟེ༷ར་རོ༷། །རྟགས་ཆོས་ཀྱི་འབྲེལ༷་བ༷་དབ༷ང་པོ༷འི་མངོན་སུམ་གྱི་གཟུང༷་བྱ༷་མི༷ན་པས་དེ་སྔོན་སོགས་མིན་ལ། སྔ་མ་དང་ལྡན་ཞེས་པ་འདི་ལ་སྔ་མ་དང་མཚུངས་པས་སམ། ཡང་ ན་འདི་ལ་སྔ་མའི་ཆོས་ཡོད་པས་དེ་སྐད་བཏགས་དེ་ལྟར་ན། ཁྱོད་ཀྱིས་རྗེས་དཔག་ཐམས་ཅད་མངོན་སུམ་སྔོན་འགྲོ་ཅན་དུ་ཁས་བླང་བས་སྔ་མ་དང་འདྲ་བ་སྲིད་པས་སོ། །སྔ༷་མ༷་ལྡ༷ན་ཞེ༷ས་ བྱ༷་བ་དེ༷་ལ༷་དཔྱད་ན་སྔ་མ་དང་མཚུངས་ན། རྗེས་དཔག་ཐམ༷ས་ཅ༷ད་སྲི༷ད་ལ་དེ་ཕྱིར༷་སྔ་མ་ལྟ༷་བུ༷་ནི༷་མི༷ན། རྒྱུས་འབྲས་བུ་དཔོག་ན་འཁྲུལ༷་པ༷འི་ཕྱི༷ར་ན༷་སྟེ་གེགས་སྲིད་པས་ན་སྔ་མའི་ཆོས་དང་ལྡན༷་པ༷་ 8-12-20b མི༷ན། ལྷ༷ག་ལྡ༷ན་ལ༷་ཡང༷་སྔ་མའི་ཆོས་ལྟ༷་བུར༷་ར༷མ། དེ་གཉིས་ཀྱི་འབྲེ༷ལ་དོན་གཞ༷ན་ལ༷ས་ཀྱང༷་དེ་གཉིས་མཚུངས་པར་རྟོག༷ས་མི༷་འགྱུར༷། ཆོས་སྔ་མའི་ལྷག༷་མ༷་ད༷ང་ལྡ༷ན་པ་སྟེ་དེ་འདི་ལ་ཡོད་པ་ལ༷ས་ འགྱུར༷་བ༷་མི༷ན་ཏེ། ཤིང་ཕུང་གཅིག་ལས་སྐྱེས་པའི་ཤིང་ཐོག་རོ་གཞན་ལ་ལྡན་པ་མིན་ཏེ་འཁྲུལ་པས་སོ། །དེ་གཉིས་ཀྱི་འབྲེལ༷་དོན་གཞ༷ན་ལ༷ས་ཀྱང༷་ལྷག་ལྡན་དུ་རྟོག༷ས་པར་མི༷་འགྱུར༷་རོ། །སྤྱིར༷་ མཐོ༷ང་བ༷་ལ༷་དེ༷་བཞི༷ན་དུ༷འོ༷་སྟེ། གཅིག་ཤོས་ཀྱི་ཆོས་གཅིག་ལ་འདྲ་བའམ་ཡོད་པ་དཔྱད་པས་མི་འཐད་ལ་འབྲེལ་པ་ལས་ཀྱང་མིན་ནོ། །ཚད་མ་ལས་འབྲ༷ས་བུ༷་གཞ༷ན་པ༷་ཉི༷ད་མི༷་འཐོ༷བ་སྟེ་མི་ འཐད་པས་སོ། །གལ་ཏེ་རྟག༷ས་ཤེ༷ས་པ་ཚད༷་མ༷་ཡི༷ན་པས་རྗེས་དཔག་ཚད་འབྲས་སོ་ཞེ༷་ན༷། ཡུལ་ཐ་དད་པས་མི་འཐད་ལ་རྟགས་ཚད་མའི་ཡུལ་ཡིན་ན་རྣམ༷་པ༷ར་དབྱེ༷་བ༷་གསུམ་པོའང་འགྲུབ༷་ པར་མི༷་འགྱུ༷ར་ཏེ་གསུམ་པོ་རྟགས་ཙམ་དུ་འདྲ་བས་སོ། །སྔ་མ་དང་ལྡན་པ་སོགས་གསུམ་པོ་ནི་རྟགས་ཅན་བསྒྲུབ་བྱའི་དབྱེ་བ་ཡིན་པས་སོ། །བྱེ༷་བྲ༷ག་པ༷་རྣ༷མས་ན༷་རེ༷། དངོས་པོ་འདི༷་ནི༷་དངོས་པོ་ འདི༷འི༷་འབྲས༷་བུ༷་ད༷ང་རྒྱུ༷་ད༷ང་འདི་དང་ལྡན་པའི་འབྲེ༷ལ་པ༷་ད༷ང་འདི་དང་དོ༷ན་གཅི༷ག་ལ༷་འདུ༷་བ༷་ད༷ང་འདི་དང་འགལ༷་བ༷་ཅ༷ན་ནོ༷་ཞེ༷ས་བྱ༷་བ༷་ཤེས་པ་དེ༷་ད༷ག་ནི༷་རྟག༷ས་ལ༷ས་བྱུང༷་བ༷འོ༷་ཞེ༷ས་རྗེས་དཔག་གོ་ཞེས་ཟེ༷ར་རོ། ། 8-12-21a དེ་ལ་རྒྱུ་འདི་ལས་འབྲས་བུ་འདི་ཞེས་དཔོག་པ་མི་འཐད་དེ་རྒྱུ་ཙམ་འཁྲུལ་ལ་ནུས་པ་ཐོགས་མེད་མ་གྲུབ་པའམ་དངོས་རྒྱུ་བཀོད་ན་ཕྱོགས་ཆོས་མི་འགྲུབ་པས་རྒྱུ༷་ལ༷ས་འབྲ༷ས་བུ༷་འགྲུབ༷་ པ༷་མེ༷ད་དོ། །འབྲེལ་པ་གཉིས་ཏེ་ལྡན་འདུའོ། །དང་པོ་མེ་དུ་ལྟ་བུ་གཉིས་པ་བ་ལང་དང་རྭ་ལྟ་བུའོ། །དེ་ལ། ལྡན༷་པ་ཞེས་པ༷འི་རྟོག༷ས་པ༷་ལ་ནི་དོན་ལ་གྲུབ༷་པ༷་མེ༷ད་དེ་ལྡན་པ་རང་རྐྱ་བ་མི་རིགས་ པས་སོ། །ལྡན་པ་མེ་དུ་ག༷ཉིས་ད༷ང་ལྡན༷་ཕྱིར༷་མེ་དུ་ལ་ལྡན་ཚུལ་དེ་གཉིས་གོ་བྱེད་ལ་ཐ༷་ད༷ད་མི༷ན་པར་འགྱུར་རོ། །མེ་དང་དུ་བའི་ལྡན༷་པ༷་ནི༷། མེ་དུའི་རྫས་རིལ་པོ་ལ་ཡིན་གྱི་དེའི་ཆ༷་འག༷འ་ཞི༷ག་ ལ༷་མ༷་ཡི༷ན་པ༷ས། དུ༷་བ༷ས་མེའི་ཆོས་ཐ༷མས་ཅ༷ད་གོ༷་བར་བྱེ༷ད་ད༷མ། གོ་ན་ནི་དུ་བས་མེ༷་ཡི༷་གས༷ལ་བ༷འ༷ང་གོ༷་བྱར༷་འགྱུར༷། རིགས་པ་དེ༷་བཞི༷ན་དོན་གཅིག་ལ་འདུ༷་བ༷་ལ༷་འཕྲོད་འདུ་སོ༷གས་ལ༷འ༷ང་ ཕན་ཚུན་གོ་བ་སོགས་སུ་ཐལ་ལོ་ཞེས་བརྗོད་པར་བྱའོ། །འག༷ལ་བ༷་དོན་གཞན་ཡོད་པ་ལ༷འ༷ང་ཕན་ཚུན་གོ་བའི་ཉེས་པ་དེ་དག་སྲི༷ད་པ༷འི་ཕྱིར༷་མི་འཐད་དོ། ། ༈ དུ་སོགས་རྟག༷ས་ཀྱི༷་སྤྱི༷་དོན་གཞ༷ན་ཙམ་གོ་བྱེད་ ཀྱི་རྟག༷ས་མི༷ན་ཞི༷ང་། མེའི་བྱེ༷་བྲ༷ག་གསལ་རྣོ་སོགས་རྣ༷མས་ཀྱང༷་རྟག༷ས་ཅ༷ན་གོ་བྱ་མི༷ན་ན་ཡང་། གཞ༷ན་གྱི༷་ལྟར༷་ན༷་མེ་དུ་ཕན་ཚུན་ཐ༷མས་ཅ༷ད་ན༷ས། གོ༷་བྱ༷་གོ༷་བྱེ༷ད་དུ་ཐ༷ལ་བར་འགྱུར༷་ཏེ་འབྲེལ་ 8-12-21b བ་དོན་གཞན་ལས་རྟོགས་པར་ཁས་བླངས་པས་སོ། །ཞེ༷ས་བྱ༷་བ༷་ནི༷་བསྡུ༷་བའི༷་ཚི༷གས་སུ༷་བཅ༷ད་པ༷འོ༷། །ལྡན་སོགས་ཡུལ༷་ད༷ང་དུས༷་ཀྱི་ཁྱད་པར་ལ་ལྟོས༷་ནས་རྟགས་སུའོ་ཞེ་ན་དེར་ལྟོས་སུ༷་ཆུག༷་ ཀྱང་། དེ་འདྲའི་འབྲེལ་རྐྱང་དེ་གོ་བྱ་རྟོགས་པའི་རྒྱུ་ནི་ཚད་མ་གང་གིས་ཀྱང་ཁོང༷་དུ༷་ཆུད༷་མི༷་འགྱུར༷་ཏེ་དེ་མ་དམིགས་ཤིང་མེད་མི་འབྱུང་ལས་དེ་རྟོགས་པས་སོ། །དེའི་རྒྱུ་མཚན་འབྲེལ༷་བ༷་རང་རྐྱ་བ་ ལ་ཕན་ཚུན་གཉིས་པོ་ལ་ཁྱ༷ད་པ༷ར་མེ༷ད་པ༷འི་ཕྱིར༷། དེ་ལ་དོན་གཅིག་ལ་འདུ་བའི་འབྲེལ་པ་གཉིས་ཏེ། འབྲས་བུ་དང་འབྲས་བུ་གཞན་རྫས་གཅིག་ལ་འདུ་བ་གཟུགས་དང་རེག་པ་ལྟ་བུ་དང་། རྒྱུ་དང་རྒྱུ་ གཞན་དོན་གཅིག་ལ་འདུ་བ་ལུས་རྩོམ་པའི་རྐང་ལག་ལུས་ལ་འདུ་བ་ལྟ་བུའོ་ཟེར། དེ་གཉིས་སུ་གྲངས་མ་ངེས་ཏེ། ལུས་ཀྱི་རྒྱུ་མགོ་ཡིན་ལ། དེའི་ཆ་ཤས་དཔྲལ་བ་སོགས་ཡིན་པས་རྒྱུའི་ རྒྱུ་ལས་དོན་གཅིག་ཏུ་འདུ་བ་དང་། འབྲས་བུའི་འབྲས་བུ་ལས་དོན་གཅིག་ལ་འདུ་བ་སོགས་ཀྱང་སྲིད་པས་གྲངས་ཐུག་མེད་དུ་འགྱུར་རོ། །འབྲེལ་པ་གཉིས་ལས་གཞ༷ན་ཡ༷ང་སྲི༷ད་ཕྱིར༷་གཉི༷ས་སུ་ གྲངས་ངེས་པ་མ༷་ཡི༷ན། གང༷་ཞི༷ག་འག༷ལ་བ༷་དེ་ཡང་གོ་བྱེད་ཀྱི་རྟག༷ས་མི༷ན་པར་ཐལ་ཏེ། དེ་ཡང་འགལ་བ་བཞི་སྟེ། མངོན་གྱུར་འགལ་སོགས་སོ། །ཕན་ཚུན་བྱུང་མ་བྱུང་གི་མུ་བཞིའོ། །དེ་ལ་ 8-12-22a ང་དང་སྤྲིན་སྦྱོར་བས་ཆར་མི་འབབ་པ་འགོག་པ་ནི་མི་འགལ་ཏེ། ཆར་མེད་པ་དང་རླུང་སྤྲིན་སྦྱོར་བ་འགལ་མེད་པས་སོ། །འདིར་བྱུང་བ་སྤྲིན་རླུང་གིས་མ་བྱུང་བ་ཆར་བའི་ལས་དཔོག་ཟེར། དེ་ལ་ཆར་ལས་མེད་པ་དང་འགལ་དགོས་ན་ཆར་དང་འདི་ལ་འབྲེལ་བ་ཡོད་དགོས་ཀྱི་ཆོས་གཉིས་ལ་འབྲེལ་བ་མེད་ན་འགལ་ཟླའམ་བཀོད་ཟླ་ལ་གནོད་ཅན་གྱི་ཚད་མ་མེད་དོ། །དེས་ན་འགལ་བས་འགལ་ཟླ་ དཔོག་པ་ནི་ལན་ཞེས་སོ། །དེས་ན་གོ་བྱ་གོ་བྱེད་ལའམ་རྟགས་ཅན་དང་འབྲེ༷ལ་བ༷་མེ༷ད་ཕྱིར༷་ན་རྟག༷ས་འཛིན་བློ༷་ནི་རྟགས་མི༷ན་ཏེ། ཁྱོད་རང་གི་གཞུང་དུ་གང་དེ་རྟག༷ས་ལ༷ས་བྱུང༷་བ༷ར་བསྟ༷ན་པ༷འི་ཕྱིར༷། དེ་རྟག༷ས་འཛིན་སེམས་རྟགས་དངོས་མིན་ཀྱང་རྟགས་ཅན་རྟོགས་པའི་རྒྱུ་ཡིན་པས་དེ་ལ་བཏགས་སོ་སྙམ་ན་ཧ་ཅང་ཐལ་ལོ། །དེ་གཞན་དང་མི་འདྲ་སྟེ་དངོས་རྒྱུ་ཡིན་སྙམ་ན་མིན་ཏེ་དེ་དེའི་བར་དུ་ འབྲེལ་བ་དྲན་པས་ཆོད་པས་སོ། །རྟགས་ཅན་རྟོགས་པའི་རྒྱུ་ཡིན་ཚད་ཐམ༷ས་ཅ༷ད་རྟག༷ས་སུ༷་བརྗོ༷ད་པར་རིགས་པ་མ༷་ཡི༷ན་བདག་སོགས་ལ་ནི་ཐལ་བས་སོ། །ཕྱོགས་ཆོས་མེད་ཀྱང་འབྲེལ་པ་དྲ༷ན་པས་འབྲེ༷ལ་བ༷་ ཅ༷ན་དཔོག་བྱ་ཉིད་དུ༷་གྲུབ༷་པར་ཐལ་ན་དེ་མི་འཐད་དོ། །གཞན་ཡང་འབྲེལ་བ་གཅིག་པུ་ལས་རྟགས་ཅན་རྟོགས་ན་དེ་གཅིག་པུར་ཟད་ཀྱི་གཞན་མེད་པ་འབྲས་བུ་ཉིད་དང་། རྒྱུ་ཉིད་ 8-12-22b དང་། རྣམ་པར་འགྱུར་བ་སོགས་མི་རྟག་པའི་གཏན་ཚིགས་དང་། རྒྱུ་མིན་ཕྱིར་རྟག་པའི་གཏན་ཚིགས་སུ་བརྗོད་པ་བསྟན་བཅོས་སུ་མཐོང་ན་དེར་བཤད་ཀྱི་མདོར་མཚོན་པ་སྟེ་མ་བཤད་པས་ མདོར་ན་ཆད་པར་ཐལ་ལོ། །འབྲས་བུ༷་རྒྱུ༷་ལ༷་སོ༷གས་མདོ༷ར་མ༷་མཚོ༷ན་ནམ་མ་བཤད་པས་ཆད་དོ། །སྐྱོན་མེད་དེ་རྟགས་ཆོས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྒྱུ་འབྲས་ཡིན་ནོ་ཞེ་ན་སྟེ། རྟགས་ཆོས་ཡིན་ནོ་ ཅོག་ཀུན་བསྒྲུབ་བྱ་སྒྲུབ་བྱེད་ཡིན་པས་རྒྱུ་འབྲས་ཀྱི་འབྲེལ་པ་གཅིག་པུ་ལས་མ་འདས་ཤེ་ན། རྒྱུ་རྣམས་ཀྱི་ཐ༷་མ༷་ལྡན་པ་སོགས་གས༷ལ་བྱེ༷ད་དུ་མི༷་འགྱུར༷་ཏེ་སྐྱེད་བྱེད་མིན་པས་སོ། །གསལ་བྱེད་ ཀྱི་རྒྱུ་ལ་སྐྱེད་བྱེད་ཀྱིས་ཁྱབ་པ་ལ་འདིར་ལྡན་སོགས་ནི་རྒྱུ་འབྲས་ལས་ལོགས་སུ་ཡོད་པས་སོ། །ཐ་མ་ཞེས་པ་རྒྱུ་རྣམས་ཀྱི་མཐར་ཐུག་ནི་ལྡན་འདུ་ཡིན་ལ་དེ་རྒྱུ་ལས་ཐ་དད་ཡིན་པས་སོ་ཞེས་ རིག་རལ་གསུངས། གཞན་ཡང་ལྡན་འདུ་ལ་དེ་རྟོགས་པའི་དོ༷ན་མེ༷ད་དེ་དེ་མེད་ཀྱང་མེད་ན་མི་འབྱུང་གི་ཚུལ་གཞ༷ན་ལ༷ས་ཀྱང༷་རྟོགས་བྱ་དེ༷་གྲུབ༷་པའི་ཕྱིར། གྲང༷ས་ཅ༷ན་པ༷་རྣམ༷ས་ན༷་རེ༷། འབྲེ༷ལ་ པ༷་ཡོད་པའི་ཆོས་གཅིག་མངོ༷ན་སུ༷མ་དུ་གྱུར་པ༷་གཅི༷ག་ལ༷ས་ལྷག༷་པ༷་མངོན་སུམ་མིན་པ་གཅིག་ཤོས་གྲུབ༷་པ༷་ནི་རྗེ༷ས་སུ༷་དཔ༷ག་པ༷འོ༷་ཞེ༷ས་ཟེར༷་རོ༷། །གྲངས་ཅན་ན་རེ། ནོར་དང་ནོར་ཅན་དུ་འབྲེལ་ 8-12-23a བ་དང་། འཇིམ་པ་དང་བུམ་པ་བཞིན་རང་བཞིན་དང་རྣམ་འགྱུར་འབྲེལ་བ་དང་། རྫ་མཁན་དང་བུམ་པ་ལྟར་རྒྱུ་དང་རྒྱུ་ཅན་འབྲེལ་བ་དང་མེ་དུ་ལྟར་རྒྱུ་འབྲས་འབྲེལ་པ་དང་། ཡལ་སྡོང་ལྟར་ ཡན་ལག་དང་ཡན་ལག་ཅན་དང་། ངུར་བ་ཁྱོ་ཤུགས་ལྟར་ལྷན་ཅིག་འགྲོགས་འབྲེལ་དང་། བྱ་རོག་དང་འུག་པ་ལྟར་དགྲ་ཟླའི་འབྲེལ་ལམ་གནོད་བྱ་གནོད་བྱེད་ཀྱི་འབྲེལ་བ་སྟེ་བདུན་ཡོད་པས་སྔར་ འབྲེལ་ངེས་ཟིན་གྱི་འབྲེལ་ཅན་གཅིག་མཐོང་བས་གཅིག་ཤོས་དཔག་ཟེར། དེ༷་ལ༷་འབྲེལ་པ་ལ་མངོ༷ན་སུ༷མ་དུ་གྱུར་པ༷་གང་རུང་གཅི༷ག་ལ༷ས་གཅིག་ཤོས་དཔོག་ཞེ༷ས་པ༷འ༷ང་རི༷གས་པ༷་མ༷་ཡི༷ན་ཏེ༷། རྒྱུ་ མཚན་མངོན་སུམ་ནི། ར༷ང་གི་གཟུང་དོ༷ན་ཙ༷མ་ལ༷་ལྟ༷་བ༷འི་རྟོག་མེད་ཡིན་པའི་ཕྱིར། ཐ་སྙད་སྣ་ཚོགས་ཀྱིས་ཁྱད་པར་བྱས་པའི་དོན་མི་འཛིན་པས་དེས་དེ་དང་དེའི་འབྲེལ་ཇི་ལྟར་འཛིན་གལ་ ཏེ་མངོན་སུམ་གྱི་འབྲས་བུ་ཡིད་ཤེས་ལ་མངོན་སུམ་ཞེས་བཏགས་པའོ་ཟེར་ན་ཚད་འབྲས་མི་གཅིག་པ་དེ་འདྲ་བཀག་ཟིན་ཏོ། །ནོར་ནོར་ཅན་གྱི་འབྲེལ་བ་དེ༷་འདྲ་མ༷་ཤེ༷ས་པར་ཡང་མེད་ན་མི་འབྱུང་ ཙམ་ལས་དེ༷་རྟོག༷ས་ཕྱིར། འབྲེལ་པ་ལ་ཁྱ༷ད་པ༷ར་མེ༷ད་ཕྱིར༷་མེས་དུ་བ་དཔོག་པར་ཐལ་ལོ། །མེད་ན་མི་འབྱུང་བ་ནི་རྟགས་ཆོས་གཉིས་ཀ་ལ་གན༷ས་པ་མི༷ན་ཏེ། མེ་མེད་ན་དུ་བ་མི་འབྱུང་གི། ། 8-12-23b དུ་བ་མེད་ན་མེ་མི་འབྱུང་བ་མིན་པས་སོ། །གང་སྦྲུལ་དང་ནེའུ་ལེ་ལྟ་བུ་གནོད་བྱ་གནོད་བྱེད་དེ༷་དག་ལ༷་རྟག༷ས་ད༷ང་རྟག༷ས་ཅ༷ན་དུ་འགྱུར་བའི་འབྲེལ་བ་གང་ཡང་མེ༷ད་དོ། །དེ་ལ་གཙོ་བོ་སོགས་སྒྲུབ་ པའི་འབྲེལ་པ་ཀུན་ལས་གང་ཡིན། རྒྱུ་དང་རྒྱུ་ཅན་ནོ་ཟེར་ན། བསྐྱེད་བྱ་སྐྱེད་བྱེད་ཡིན་ནམ། གསལ་བྱ་གསལ་བྱེད་ཡིན། དང་པོ་ལྟར་ན་གཏན་ཚིགས་མི་འདྲ་བ་ལྔ་སོ་སོར་བརྗོད་པ་དང་། ། རྣམ་འགྱུར་སྣ་ཚོགས་ཐ་དད་མཐོང་བས་གཅིག་པུ་སྒྲུབ་པ་འགལ། དེ་ལ་གྲངས་ཅན་གྱིས་གཙོ་བོ་སྒྲུབ་པའི་གཏན་ཚིགས་ལྔ་སྟེ། ཁྱད་པར་རྣམས་ལ་རྗེས་འགྲོ་མཐོང་བ་དང་། ཚད་མི་མཐོང་ བ་དང་། རྒྱུ་འབྲས་ཀྱི་དངོས་པོ་ཡིན་པ་དང་། ནུས་པ་འཇུག་པ་དང་། འཇིག་རྟེན་སྣ་ཚོགས་ཀྱི་དབྱེ་བ་མཐོང་བའི་ཕྱིར་མི་གསལ་བའི་རྒྱུ་ཡོད་དོ་ཞེས་པའོ། །གཙོ་བོ་ཡོད་པ་དང་། གཅིག་ཉིད་དང་། དོན་ལྡན་དང་། གཞན་གྱི་དོན་ཉིད་ལ་སོགས་པའི་ཆོས་དང་ལྡན་ནོ། །གཏན་ཚིགས་ལྔ་དག་རྣམ་འགྱུར་སོགས་སོ༷་སོ༷ར་མི༷་བརྗོ༷ད་པར་ཐལ་ཏེ་རྒྱུ་ཅན་ཐ༷་ད༷ད་པ་དེ་ལ༷ས། རྗེས༷་སུ༷་འགྲོ༷་བ༷་གཙོ་བོ་ནི་གཞ༷ན་མི༷ན་པ་སྟེ་ཆ་མེད་གཅིག་ཡིན་པའི་ཕྱིར༷་འགལ་ལོ། །རྗེས་སུ་འགྲོ་བ་གཞན་ཐ་དད་པ་ལས་ནི་མ་ཡིན་ནོ་ཞེ་ན། ག༷ལ་ཏེ༷་གཞ༷ན་མི༷ན་པར་འདོད་ན་ 8-12-24a གཙོ་བོ་དང་གཏན་ཚིགས་རྣམ༷་ལྔ༷་ཡང་སོ་སོར་མི༷ན་པར་ཐལ་ལོ། །གཙོ༷་བོ༷འི་ཆ་མེད་གཅིག་པུ་རྟག་པའི་ཆ༷་ན༷ས་བརྒྱ༷་ལ༷མ་སྟེ་རེས་འགའ་འམ་ནམ་དུ་ན༷འ༷ང་། འབྲས་ བུ་སྐྱེད༷་བྱེ༷ད་ཉི༷ད་དུ༷་འགྱུ༷ར་མ༷་ཡི༷ན་ཏེ་རྟག་པས་སོ། །ས་བོན་གྱི་ཆ་ནས་མྱུ་གུ་བསྐྱེད་ཀྱི་གཙོ་བོའི་ཆ་ནས་མིན་ཞེས་པའོ། །ཐ་དད་པ་སྣ་ཚོགས་སུ་མཐོང་བ་འདི་ལ་རྒྱུ་གཅིག་ཡོད་པ་མི་ དཔོག་སྟེ། དེ་ཐ་དད་དུ་ཡོད་ཙམ་ལས་རྗེས་སུ་འཐོབ་ཀྱི་རྒྱུ་གཅིག་པུ་བ་ཞིག་ཡོད་དགོས་པའི་རིགས་པ་མེད་ཅེས་སོ། །གཅིག་ལ་སོགས་པ་གཙུག་ཕུད་ཅན་གྱི་དོན་བཅུ་ནི། ཡོད་ པ་ཉིད་དང་། གཅིག་ཉིད་དང་། དོན་དང་ལྡན་པ་དང་། གཞན་གྱི་དོན་དང་། གཞན་ཉིད་དང་། བྱེད་པ་པོའི་དངོས་པོ་མིན་པ་དང་། སྦྱོར་བ་དང་། འབྲེལ་བ་དང་། མང་པོའི་ སྐྱེས་བུ་རྣམས་དང་། གནས་པ་སྟེ་སྐྱེས་བུའི་ཆོས་བཅུའོ། །རྣམ་འགྱུར་རྣམས་ཐ༷་དད་ཡིན་ན༷་ཡ༷ང་དེ་སྐྱེད༷་བྱེ༷ད་གཙོ་བོ་ནི་མི༷ན། ཐ་དད་དེ་ཡོད་པ་ཙམ་དེ༷་ལ༷ས་ཀུ༷ན་ཏུ༷་འཐོབ་འགྱུར་ ཕྱིར༷་མིན་པ་དང་། ཡང་ན་གཙོ་བོ་དེ་ལས་ཀུན་ཏུ་འཐོབ་པར་འགྱུར་བ་མིན་པས་སོ། །ཆོས་ཅན་གཙོ༷་བོ༷་དང་བདག་ལ༷་སོ༷གས་ཀྱི༷་ཆོས་གཅི༷ག་དང་ཡོད་པ་དང་དོན་ལྡན་སོ༷གས། 8-12-24b བསྒྲུབ་བྱ་དེ་སྒྲུབ་བྱེད་རྣམ་འགྱུར་ཐ༷་ད༷ད་པ་རྣམ༷ས་ཀྱི༷་རྗེས༷་སུ༷་འགྲོ༷་བ་ཉི༷ད། ནུས་པ་འཇུག་པ་ལ༷་སོ༷གས་རྟགས་སམ་རྒྱུ་མཚན་གང༷་ལ༷ས་ཡོ༷ངས་སུ༷་འཛི༷ན་པ་རིགས་ཏེ་མི་རིགས་པར་བཤད་ལ། དེ་ཡི་ཕྱིར་གཏན་ཚིགས་འདི༷་དོན་བསྒྲུབ་བྱ་དེའི་གས༷ལ་བྱེ༷ད་མི༷ན་ནོ། །དེ༷་བཞི༷ན་ནོ༷ར་དང༷་ནོ༷ར་ཅ༷ན་ལ༷། སོ༷གས་པ༷་ཡི་འབྲེལ་པའ༷ང་གས༷ལ་བྱེ༷ད་མ༷་ཡི༷ན་ཞི༷ང་། འདི་བདུན་ལས་འབྲེ༷ལ་གཞ༷ན་ མེད་ན་མི་འབྱུང་བ་ལ༷ས་ཀྱང༷་གོ་བྱ་དེ༷་མཚོ༷ན་པའི་ཕྱིར༷་ན། འདི་བདུན་ནི་དོན་ལ་འབྲེལ༷་མེ༷ད་ཉི༷ད་དུ༷་ཡ༷ང་ད༷ག་པར་བརྗོ༷ད་དོ། །ནོ༷ར་ད༷ང་ནོ༷ར་ཅ༷ན་ལ༷་སོ༷གས་ཙམ༷་སྟེ། དེའི་ངོ་བོའི་སྒོ་ནས། རྟག༷ས་ ཅ༷ན་འཛི༷ན་པ༷་ཡི༷ན་ན༷་ནི༷། མེད་མི་འབྱུང་གི་འབྲེ༷ལ་པ༷་ལ༷ས་གཞ༷ན་རྟག༷ས་ཀྱི་ངོ་བོ་ཙམ་ཤེ༷ས་པ༷་ན༷། དེས་རྟགས་ཅན་རྣ༷མ་པ༷་ཀུན༷་ཏུ༷་འཛི༷ན་པ༷ར་འགྱུ༷ར་རོ། །བརྟག་པ་གཉིས་པ་གཙོ་བོ་ སོགས་སྒྲུབ་པའི་འབྲེལ་པ་གསལ་བྱ་གསལ་བྱེད་ཡིན་ཟེར་ན། གས༷ལ་བྱ་གས༷ལ་བྱེད་ཀྱི༷་དངོ༷ས་པོ༷་ནི། གལ༷་ཏེ༷་རྒྱུ་རྒྱུ་ཅན་དེ༷་གཅི༷ག་པུ་ཡི༷ན་རྣམ་པ་བདུ༷ན་ཅར་གསལ་བྱེད་དུ་རུང་བ་མི༷ན་པར་ ཐལ་ལོ། །དེས་ན་རྒྱུ་དང་རྒྱུ་ཅན་ཁོ་ན་གསལ་བྱེད་ཡིན་གྱི་གཞན་མིན་ན། གཞན་ཡིན་ན་རྒྱུ་དང་རྒྱུ་ཅན་དུ་ངེས་བཟུང་དོན་མེད་དོ། །ཡང་གཙོ་བོ་སྒྲུབ་པ་ལྷན་ཅིག་རྒྱུ་ཡི་དངོས་འབྲེལ་དུ་འདོད་པ་ 8-12-25a ལའང་གཞན་དྲུག་པོ་མིན་པར་ཐལ་བ་དེས་ལན་གདབ་བོ། །གཞན་ཡང་གཙོ་བོ་ལྐོག་གྱུར་ལ་ལྷན་ཅིག་རྒྱུ་བ་མི་ཤེས་སོ། །ཡང་གྲངས་ཅན་པས་རྗེས་དཔག་གཉིས་ཏེ། ཁྱད་པར་ མཐོང་བ་དང་། སྤྱི་མཐོང་པ་གཉིས། དང་པོ་མེ་དུ་འབྲེལ་མཐོང་ན། དུ་བ་དེ་ཁོ་ནས་མེ་ཡང་ཡང་གོ་བ་ལྟ་བུ་ཡིན་ལ། གཉིས་པ་སྔར་མེ་དུའི་འབྲེལ་པ་མཐོང་ན། ཕྱིས་དུ་མཐོང་ཙམ་ གྱིས་མེ་ཙམ་དཔག་པ་ཟེར། སྤྱི་མཐོང་རྗེས་དཔག་ལ་གཉིས་ཏེ་རྒྱུ་ལས་འབྲས་བུ་འབྱུང་རྟོགས་སྔ་མར་བསྟན་ལ། གྲུབ་ཟིན་འབྲས་བུ་མཐོང་ན་རྒྱུ་བྱུང་མིན་རྟོགས་པ་ལྷ༷ག་མ་ལྡན་པ་ཡིན་ལ། སྔ་མ་འཁྲུལ་སྲིད་ཕྱི་མ་འཁྲུལ་མེད་ཟེར་རོ། །ཁྱད་པར་མཐོང་བ་རྗེས༷་དཔ༷ག་མ༷་ཡི༷ན་ཏེ་རྟོགས་ཟིན་གྱི་དོན་དྲ༷ན་པ༷ར་འདོ༷ད་དོ། །སྤྱིར་མཐོང་བ་ལ་གཉིས་སུ་ངེ༷ས་པ༷ར་བཟུང་བ་རི༷གས་པ་མ༷་ ཡིན་ནོ། །དེ་ལ་སྤྱི་མཐོང་བ་ཁོ་ན་རྣམ་པ་གཉིས་པོ་ཞེས་ངེས་བཟུང་བྱས་ན་གཞན་ལྡན་རྣམ་གཅོད། ཡང་ཤེས་པའམ་ཁྱད་པར་མཐོང་བའི་རྗེས་དཔག་མེད་པར་འགྱུར་ལ། སྤྱིར་མཐོང་ བ་རྣམ་པ་གཉིས་ཁོ་ན་ཞེས་མི་ལྡན་དུ་སྦྱར་བ་ནོར་ནོར་ཅན། ལྷན་ཅིག་ཏུ་གནོད་བྱ་གནོད་བྱེད་ཀྱི་འབྲེལ་པ་ལ་བརྟེན་པའི་རྗེས་དཔག་མེད་པར་འགྱུར་ཏེ། དེ་དག་ཁྱད་པར་མཐོང་བ་དང་། 8-12-25b རྒྱུ་ལས་འབྲས་དང་འབྲས་ལས་རྒྱུ་དཔོག་པའི་རྗེས་དཔག་མིན་པས་སོ། །མངོན་སྤྱི་ཁྱད་ཀྱི་རྗེས་དཔག་གསུམ་པོ་དེའི་གྲངས་བཟུང་ན་དེའི་ཁོངས་སུ་མི་འདུ་བ་ཡོད་ཅེས་སོ། །ཡ༷ང་སྨྲ༷ས་པ༷། ནོར་ནོར་ ཅན་སོགས་འབྲེལ༷་པ༷་བདུ༷ན་དུ༷་བསྟན༷་པ༷་ད༷ང་། སྤྱི་ཁྱད་ཀྱི་རྗེས༷་སུ༷་དཔ༷ག་པ༷་གཉི༷ས་ཉི༷ད་ད༷ང་། མངོན་སུམ་དེ༷་སྔོ༷ན་སོ༷ང་བ༷འི་རྗེས༷་དཔ༷ག་ནི༷། གསུ༷མ་སྟེ༷་འདི༷་རྣམ༷ས་དེ་གཉིས་པོ་གང༷་དུ༷་བསྡུ༷། དེས་ན་དེས་བཟུང་ལ་འབྲས༷་བུ༷་མེ༷ད་ཕྱིར༷་རྒྱུ་ལས་འབྲས་བུ་སྒྲུབ་པ་འཁྲུལ་བས་དེ༷་རྟ༷གས་སུ་རུང་བ་མིན། གལ་ཏེ་རྒྱུ་ལས་འབྲས་བུ་དཔོག་པ་ཡིན། ཡང་དེ་དེ་ལ་རག་ལས་པའམ་མེད་ན་མི་འབྱུང་ བའི་འབྲེལ་བ་ལྟ་བུ་ཁྱད་པར་བ་ལ་ལྟོས་ཤེ་ན། འོ་ན་བདུན་པོ་ན་མེད་པའི་འབྲེལ་པ་ཞིག་གསར་དུ་འོང་དགོས་བྱུང་བ་ཡིན་ནོ། །རག་ལས་པས་རྟགས་ཡིན་ན་ནི་འབྲེལ༷་པ༷་གཞ༷ན་དག༷་གསར་དུ་ འོ༷ང་བ༷་ཡི༷ན། གལ་ཏེ་ཐེ་ཚོམ་དང་བཅས་པའི་རྣམ་པར་དཔྱོད་པ་ཅན་གྱི་ལྷག་མ་དང་ལྡན་པའི་རྗེས་དཔག་ཉིད་རྗེས་དཔག་མིན་ལ། གཞན་དུ་གཏན་ཚིགས་ལ་རྗེས་དཔག་ཏུ་བཏགས་ནས་ བརྗོད་དོ་ཞེ་ན། རྗེས་དཔག་ཐམས་ཅད་དཔྱོད་བཅས་ཡིན་ཏེ། རྟགས་ཀྱི་མངོན་སུམ་གཟུགས་མཐོང་ཡང་དཔག་བྱའི་དོན་ལ་ངེས་པར་ཅི་འདི་གང་ལས་ཞེས་དཔྱད་དགོས་པས་ཏེ། ཆུ་ 8-12-26a ཀླུང་རྒྱས་པ་མཐོང་ཡང་འདི་ཅི་ལས་བྱུང་ཞེས་དཔྱད་པ་བཞིན་ནོ། །རྗེས་དཔག་ཐམས་ཅད་ལ་དཔྱོ༷ད་པ་ད༷ང་བཅ༷ས་པ༷ར་བརྗོ༷ད་པ༷ར་བྱ༷་རིགས་པར་ཐལ་ལོ། །ལྷག་ལྡན་གྱི་རྗེས་དཔག་ཁོ་ན་ དཔྱོད་བཅས་ཡིན་ཏེ་རྟགས་ཡོ༷ད་པའ༷མ་ཡོད་ཚད་ཀྱང་ཀུན་ཏུ་དཔྱོ༷ད་པ༷་ད༷ང་བཅ༷ས་ཕྱི༷ར། གལ་ཏེ་དེ་ལྟར་ངེས་བཟུང་མ་བྱས་པས་གང་སྤྱི་མཐོང་བས་རྗེས་སུ་དཔག་པ་དེ་དག་ནི་ལྷག་མ་དང་ ལྡན་པ་དབང་པོའི་ཡུལ་ལས་འདས་པ་རྣམས་ཡང་དག་རྟོགས་པར་བྱེད་དོ་ཟེར་ན། དེ་མི་རིགས་ཏེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་སོགས་ཀྱིས་གཙོ་སོགས་ཡོད་པར་རྟོགས་པའང་འདོད་ པས་སོ། །དེ་རིགས་ལྷག་ལྡན་ནོ་ཟེར་ལྷག་ལྡན་ལས་གཞ༷ན་པ༷་རྗེས་འགྲོ་སོགས་ལ༷ས་ཀྱང༷་གཙོ་སོགས་རབ༷་ཏུ༷་གྲུ༷བ་པར་འདོད་པས་སོ། །གཙུག༷་ཕུད༷་ཅ༷ན་གྱི༷་དོ༷ན་ལས་གཅི༷ག་ཡིན་པར་ རྟོག༷ས་པར་འདོད་པའི་རྟགས་དེས། གཙོ་བོའི་ཆོས་ལྔ་དོན་བཅུ་སོགས་ཐ༷་ད༷ད་པའི་ཐ༷་སྙ༷ད་ཀྱང༷་ཡོད་པ་མི༷ན་པ༷འ༷མ། སྐྱེས༷་བུ༷འི་ཆོས་བྱེད་པོ་མིན་སོགས་ཀྱང་རྣ༷མ་ཀུ༷ན་རྟོག༷ས་པར་མི༷་འགྱུར༷་ རོ། །གཏན་ཚིགས་དང་རྟགས་ཆོས་ཀྱི་འབྲེལ་པ་སོགས་གཙོ་བོའི་འབྲས་བུར་ཁས་བླང་ལ་སྐྱེས་བུའི་རྒྱུ་གཙོ་བོ་མིན་པས་དེ་ལ་འབྲེལ་པ་ཅན་གྱི་རྟགས་མི་སྲིད་པས་སོ། །དཔྱོ༷ད་པ༷་པ༷་ལ༷་ 8-12-26b བརྗོ༷ད་པ༷། རྗེས་དཔག་ནི་མངོ༷ན་སུམ༷་སྔོ༷ན་འ༷གྲོ་ཅ༷ན་ཡི༷ན་ཕྱི༷ར་མངོན་སུམ་དང་དོན་འདྲ་བས། རྗེ༷ས་དཔ༷ག་དང་སྒྲ་བྱུང་དང་ཉིད་འཇལ་དང་དོན་གྱིས་གོ་བའི་ཚད་མ་དང་རྟགས་ལ་སོ༷གས་ཀྱི་མཚན་ཉིད་ མདོ༷ར་མ༷་མཚོ༷ན་ཏེ་མ་བཤད་དོ། །འགྲེལ་པ་བྱེད་པས་ནི་ངག་བྱེད་མཁན་གྱི་བསམ་པ་རྗེས་སུ་བཟླས་ནས་ཕྱེའམ་ཞེ༷་ན༷་འོ་ན་དྲ༷ན་པ་དང་འདོ༷ད་པ་དང་ཞེ༷་སྡང༷་དང༷་། རྩོལ༷་བ༷་ལ༷་སོ༷གས་མངོན་སུམ་སྔོན་ སོང་ཡིན་པས་དེ་དག་ཀྱང་ཚད༷་མ༷་གཞན་ཞིག་ཡིན་པར་འགྱུར༷་རོ། །དེ་ལ་འགྲེལ༷་པ༷་བྱེ༷ད་པ༷ས་གཞ༷ན་བྱེ་བྲག་པའི་གཞུང༷་ལ༷ས། བཏོན༷་ཏེ་དེ༷་དང་གཅི༷ག་ཏུ༷་བསྟུན༷་ནས༷་ནི༷། རྗེས་ དཔ༷ག་ལ༷་རྟགས་འབྲེལ་བ་སོ༷གས་བསྟན༷་པ༷་ཡིན་ཏེ། དེ་ལ་དེ་ལྟར་རྗེས་དཔག་ནི་མངོ༷ན་སུམ༷་སྔོ༷ན་འགྲོ༷་ཅ༷ན་མ༷་ཡི༷ན་ཏེ། དེ་དག་གིས་འབྲེལ་པ་འཛིན་པའི་མངོན་སུམ་འདོད་ན་ལྡན་སོ༷གས་ ཡུལ༷་ལ༷་དབ༷ང་བློ་འཇུ༷ག་པ་སྲིད་པ་མེ༷ད་པས་སོ། །ཡུལ༷་ལ༷འ༷ང་དེ༷་ད༷ག་ཡོ༷ད་མ༷་ཡི༷ན། ལྡན༷་པ༷་ནི་རྗེས༷་དཔག༷་གི་རྟེན་དུ་གྱུར་པའི་རྟག༷ས་མི༷ན་ཏེ་ཕན་ཚུན་གོ་བར་ཐལ་ལོ། །མདོར་ན་ལྡན༷་པ༷་ ཅ༷ན་ནི༷་ར༷ང་གི་ངོ༷་བོ༷་རང་རྐྱབ༷ས། དཔག་བྱ་དེ་ཁོ༷ང་དུ༷་ཆུད༷་པར༷་བྱེ༷ད་པ་པོ་མ༷་ཡི༷ན་ཏེ་དེ་མེད་པས་སོ། །འབྲེལ་ཅན་གཞ༷ན་དུ་གྲུབ་པ་མི༷ན་པ་དེ་མངོ༷ན་སུམ༷་གྱི་ཡུལ་དུ་རུང་བ་ཡ༷ང་མ༷་ཡི༷ན་ནོ། ། 8-12-27a བྱེ་བྲག་པ་འགོག་པའི་སྐབས་ག༷ང་དུ༷་རྗེས་དཔ༷ག་ཉེར༷་འཇལ་ལ༷་སོ༷གས་པར་འདི༷། བཀ༷ག་པ༷་དེ༷་བཞི༷ན་དཔྱོད་པ་པའི་དེ༷་ཡ༷ང་བཀ༷ག་སྟེ་དེ་གཉིས་མཐུན་པས་སོ། །ཡང་དེ་དག་ ན་རེ་དོན་གྱིས་གོ་བའི་ཚད་མ་གཉིས་ཏེ། མཐའ་གཅིག་ཏུ་ངེས་པ་དང་མ་ངེས་པའོ། །དང་པོ་འབྲས་འཚོད་ཀྱི་རྟགས་ལས་སྣོད་དང་ཐབས་སོགས་དོན་གྱིས་གོ་བ་དང་། དུ་བ་ མཐོང་བ་ཙམ་གྱིས་མེ་དོན་གྱིས་གོ་བ་དང་གཉིས་པ་རྩོལ་བ་ལས་བྱུང་བའི་ཕྱིར་མི་རྟག་ཅེས་བརྗོད་པའི་རྩོལ་བ་ལས་མ་བྱུང་བའི་ཕྱིར་རྟག་ཅེས་དོན་གྱིས་གོ་བ་མི་ངེས་ཞེས་ཟེར། དོན་གོ་ཞེས་ཚད་མ་ཕུང་གསུམ་པ་མི་སྲིད་དེ། དོ༷ན་གྱིས་གོ༷་བ་ངེས་མི་ངེས་རྣ༷མ་གཉིས་ལས་མཐ༷འ་གཅི༷ག་ཏུ༷། ངེ༷ས་དེ༷་རྗེས༷་དཔ༷ག་ཡིན་ལ་ཅི༷ག་ཤོས༷་རྫུན༷་ཡིན་པས་ཚད་མར་མི་ རུང་ངོ་། །ཡང་ནག་པ་ཁྱིམ་ན་མེད་པ་ལས་ཕྱི་ན་ཡོད་པར་གོ་བ་ནི་ནག་པ་ཁྱིམ་ན་མེད་པར་གོ་བ། དངོས་མེད་རང་རྒྱུད་པ་འཇལ་བའི་ཚད་མ་ཕུང་གསུམ་མོ་ཟེར། དེ་ལ་སྤྱིར་ནག་ པ་འཚོ་ཞིང་དེར་ཁྱིམ་ན་མེད་པའི་སྒྲས་ཕྱི་ན་ཡོད་པར་ཚོར་གྱི། ནག་པ་མེད་པའི་སྒྲས་དངོས་མེད་ཆིག་རྐྱང་འཇལ་བ་མིན་ཏེ་ཁྱིམ་དང་ཁྱིམ་མིན་གཉིས་གཅིག་ངེས་པ་ལས་ཁྱིམ་ན་ 8-12-27b མེད་ཅེས་སྐབས་ཐོབ་ཀྱིས་ཅིག་ཤོས་གོ་བས་སོ། །གཞན་ཡང་གྲངས་ཅན་པས་གཞན་ཕྱོགས་དགག་ནས་རང་ཕྱོགས་སྒྲུབ་པ་ཚད་མ་གཞན་དུ་འདོད་པའང་བསལ་ལོ། །ན༷ག་པ༷་ཁྱིམ༷་ན༷་མེ༷ད་པ༷་ ཞེས་པ་ཙམ༷་ལ༷ས། མེད་ཚིག་གིས་ཕྱི༷་ན༷་ཡོ༷ད་པ༷ར་ངེས་པར་མཚོ༷ན་པ༷་མི༷ན་ཀྱང་། ཁྱིམ༷་གྱི༷་སྒྲ༷་ཡི༷་དོ༷ན་ལ༷ས་སྐབས་འདིར༷། ཁྱིམ་མིན་ཕྱི༷་ན༷་ཡོ༷ད་པར༷་རབ༷་ཏུ༷་རྟོག༷ས་པ་ཡིན་ནོ། །ཚ༷ད་མ༷་ཀུན༷་ ལ༷ས་བཏུས༷་པ༷་ལ༷ས་རང༷་གི༷་དོ༷ན་གྱི༷་རྗེ༷ས་སུ༷་དཔག་པ༷་སྟེ༷་ལེ༷འུ༷་གཉིས་པ༷འོ༷།། །།གཞ༷ན་དོ༷ན་རྗེས༷་སུ༷་དཔ༷ག་པ༷་ནི༷། རྒོལ་བ་ར༷ང་གི༷ས་མཐོ༷ང་བ་དེའང་དངོས་པོའི་དོ༷ན་གྱི་ཚུལ་གསུམ་པོ་ངག་གིས་ར༷བ་ཏུ་ གས༷ལ་བར་བྱེ༷ད་པའོ། །དེ༷་ལ༷་དཔ༷ག་བྱ་ད༷མ་བཅའ་བསྟན༷་པ༷་ནི༷། སྒྲུབ་བྱེད་མིན་ཏེ་འདིར་རྟག༷ས་ཀྱི༷་བྱེད་པ་འཇུག་པའི་དོ༷ན་གྱི༷་ཡུ༷ལ་དུ༷་འདོ༷ད་པའོ། །བསྒྲུབ་བྱ་དེའི་མཚན་ཉིད་ཀྱང་མ་གྲུབ་པའི་ བསྒྲུབ་བྱ་ར༷ང་གི༷་ངོ༷་བོ༷་ཕྱིར་རྒོལ་གྱིས་མ་གྲུབ་པའོ། །ཉི༷ད་དམ་ཁོ་ནས་དཔེ་རྟགས་མ་གྲུབ་པ་གཅོད་ལ། བསྟན༷་བྱ༷་ནི་ཁྱད་གཞིའོ། །དེའང་རང་གིས་ཁས་བླངས་པ་དང་ཞེ་བས་འདོ༷ད་པར་ འགྱུར་བ་དང་བསལ་བ་བཞིས་མ༷་བས༷ལ་བ༷་དང་ལྔའོ། །ཇི་ལྟར་བསལ་ན་མངོ༷ན་སུམ་གྱི་དོ༷ན་དང༷་རྗེས༷་དཔ༷ག་དང་། ཡི༷ད་ཆེས༷་དང་གྲ༷གས་པ༷ས་བསལ་ལོ། །གང་ལ་ན་བསྒྲུབ་བྱའི་ཆོས་ 8-12-28a ར༷ང་གི་རྟེ༷ན་ཆོས་ཅན་ལ༷འོ། །རི༷གས་པ༷་ཅ༷ན་པ༷་རྣ༷མས་ན༷་རེ༷། བསྒྲུབ༷་བྱ༷་སྟོན༷་པ༷་དམ་བཅའི་མཚན་ཉིད་ཞེ༷ས་སྨྲས་པ༷་འདི༷་ལ༷། ཕྱིར་རྒོལ་གྱིས་གྲུབ༷་པ༷་མེ༷ད་པ༷ར་ཚིག་དེའི་དོ༷ན་གྱིས༷་ བྱས༷་སོ༷་ཞེས་ཟེར་རོ། །དེ༷་ལྟ༷་ན༷་ནི༷་རྟག༷ས་ད༷ང་དཔེ༷་མ༷་གྲུབ༷་པ༷་ཡ༷ང་བསྒྲུབ༷་བྱར༷་འགྱུར༷་ཏེ་དེ་བསྒྲུབ་བྱར་སྟོན་པ་ཡིན་པས་སོ། །འདིར་རྟགས་ཀྱིས་བསྒྲུབ་པར་བྱ་རྒྱུ་དེ་གང་ཡིན་ཆོས་རྐྱང་ངམ་ ཆོས་ཅན་རྐྱང་པའམ་ཚོགས་དོན་ཡིན། རེ་རེ་ཁ་ཡར་བར་སྐྱོན་དངོས་སུ་དང་། བསྒྲུབ༷་བྱ༷་བརྗོད་པ་དེ་ནི་ཆོ༷ས་ཡི༷ན་ན་དེ་རྐྱང་པ་ལ་མཐུན་དཔེ་ལ་རྗེས་འགྲོ་མེད་པས་ཆོ༷ས་མཐུན༷་མེ༷ད་དེ་མཐུན་ཡུལ་ མེད་པས་སོ། །ཆོ༷ས་ཅ༷ན་བསྒྲུབ༷་བྱ༷་ཡིན་ན་གྲུབ་ཟིན་པས་དེ་ལ་རྟག༷ས་འགོད་པ་དོ༷ན་མེ༷ད་དོ། །ཚོགས་དོན་ཡིན་ན་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པའི་ཆོས་དེ་རྗེས་འགྲོ་མེད་ཅིང་རང་གྲུབ་ན་ གྲུབ་མ་གྲུབ་ན་སྒྲུབ་བྱེད་གཞན་མེད་ཅེས་སོ། །ཡང་དཔེ་རྟགས་མ་གྲུབ་པ་དམ་བཅར་མི་འགྱུར་ཏེ་ངེས་བཟུང་གི་སྒྲ་ཁོ་ན་སྦྱོར་ཞེ་ན། ཇི་ལྟར་སྦྱར། བསྒྲུབ་བྱ་ཁོ་ན་བརྗོད་པ་དམ་བཅའ་ ཞེས་གཞན་ལྡན་དུ་འམ། བསྒྲུབ་བྱ་བརྗོད་པ་དམ་བཅའ་ཁོ་ན་ཞེས་མི་ལྡན་དུ་སྦྱོར། དང་པོ་ལྟར་ན་དམ་བཅའི་གོང༷་དུ༷་ངེས༷་བཟུ༷ང་གཞན་གཅོད་པ་ལ་དོ༷ན་ནམ་དགོས་པ་མེ༷ད་པར་འགྱུར་ཏེ། དེ་ 8-12-28b ཡང་དམ་བཅའ་བསྒྲུབ་བྱར་ངེས་ཀྱང་དེ་སྒྲུབ་བྱེད་མ་གྲུབ་པ་ལ་མི་འཇུག་པའི་རྒྱུ་མཚན་མེད་པས་སོ། །ཅི༷ག་ཤོས༷་ཕྱི་ནས་ངེས་པར་བཟུང་བ་ལྟར༷་ན༷་འདོ༷ད་དོན་ལ་ཕན་པར་མི་འགྱུར༷་ཞིང་མི་འདོད་ པར་འགྱུར་ཏེ། སྒྲུབ་བྱེད་བསྒྲུབ་བྱ་ཡིན་པ་བཅད་པ་དང་། བསྒྲུབ་བྱ་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་པར་ཤེས་པའི་ཆེད་དུ་སྨོས་མི་དགོས་ལ། དེ་ལས་གཞན་པའི་དགོས་པ་མེད་པའི་ཕྱིར། རྩོད༷་པ་སྒྲུབ༷་པ༷་ ལ༷་བརྗོ༷ད་པ༷། རིགས་པ་ཅན་ལ་བརྗོད་པ་དེ༷་བཞི༷ན་སྐྱོན་དེ་རྩོད་སྒྲུབ་ནས་བསྒྲུབ༷་བྱ༷ར་བརྗོ༷ད་པ༷་ལ༷་ཡང་འཇུག་གོ། དེ་ན་རེ། འདི་ཕྱོག༷ས་ཀྱི༷་དབང་དུ་བྱས་པའི་ཕྱིར༷་ན༷་སྐྱོན་དེ་སྲི༷ད་པ༷་མ༷་ཡི༷ན་ལ༷། བསྒྲུབ་བྱ་ཡིན་པ་རྣམ༷་པ༷ར་བཅ༷ད་པ༷འི་འདོ༷ད་པའི་དོན་ཏེ་འདོད་པས་རྣམ་པར་བཅད་པ༷་འདི༷་ཞེས་དོན་ཞེ་འདོད་ཀྱི་ཕྱོགས་ཁོ་ན་རྣམ་པར་བཅད་དོ་ཟེར་ན། དེ་ལྟ་ནའང་མི༷་འདོ༷ད་པ་བསྒྲུབ་བྱ་མིན་ པ༷་ལ༷ས་ལོ༷ག་པ༷་ཙམ་ཡིན་ལ་དེ་ནི་དཔེ་རྟགས་མ་གྲུབ་པ་ལའང་ཡོད་པས་སོ། །རི༷གས་པ༷་ཅ༷ན་པ༷་ལ༷་བརྗོ༷ད་པ༷། སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ལྟ་བུ་དམ༷་བཅ༷འ་གཏ༷ན་ཚིག༷ས་ད༷ང་འག༷ལ་ བ༷་ནི་དམ༷་བཅའི་སྐྱོན༷་ནོ་ཞེ༷ས་པ་དེ་རི༷གས་པ༷་མི༷ན་ཏེ་སྤྱིར་བཏང་ལས་དམིགས་བསལ་ཡིན་པས་སོ། །དེ་ལ་ལེགས་པར་དཔྱད་ན་སྦྱོར་བའི་འགོད་ཚུལ་ལམ་ཆོས་དོན་ལ་ལེ༷གས་པ༷ར་མ༷་བསླ༷བས་ 8-12-29a པ༷་རྣ༷མས་ཀྱིས༷་རྟགས་དེ༷་ལྟ་བུ་ནི་ཆོ༷ས་མི༷་མཐུ༷ན་སྦྱོར་གྱི་དཔེས༷་བརྗོ༷ད་པ་ཙམ་ཡིན། ཐམས་ཅད་མི་རྟག་པའི་རྟག༷ས་ཀྱིས་དང་ཡང་དཔེ་ཉེར༷་འཇ༷ལ་གྱིས༷་སྒྲ་རྟག་པ་འདི་བསྒྲུབ༷་བྱ༷་ནི་མ༷་ ཡི༷ན་ལ། ཐམས་ཅད་མིན་པ་ཙམ་དང་སྒྲ་མིན་ཐམས་ཅད་མིན་པ་གཉིས་ཀ་རྟགས་སུ་འཕེན་མི་རིགས་ཏེ་དང་པོ་སྤྱི་སྒྲས་ཁྱད་པར་མི་སྤོང་བས་སྒྲ་ཡང་ཐམས་ཅད་པའི་ཁོངས་སུ་འདུས་སོ། །གཉིས་ པ་ལྟར་ན་སྒྲ་མིན་ཐམས་ཅད་མིན་པ་སྒྲ་རང་ཉིད་ཡིན་པས་གཞི་རྟགས་ཐ་མི་དད་དུ་འགྱུར་བས་མི་རིགས་སོ། །འདི་རྩོད་སྒྲུབ་ནས་འགལ་བའི་རྟགས་སུ་བསྟན་པ་དེ་ཡིན་ཏེ་རྟགས་ལ་ཕྱོགས་ ཆོས་མེད་པས་སོ། །དེ་ལ་དེ་ན་རེ་ཁས་བླངས་དང་བསྒྲུབ་བྱ་འགལ་བ་གཉིས་ཟེར་རོ། །འདི་འག༷ལ་བ༷་ད༷ང་ལྡན་པའི་གཏན་ཚིགས་ལྟར་སྣང་ཡང་མི༷ན་ནོ། །གཉིས་པ་གཏན་ཚིགས་བཤད་པ་ ལ་འགྱུར་ལ་ལར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ཕལ་ཆེར་ཕྱོགས་ཆོས་ཡིན། །དེ་ཕྱིར་གཏན་ཚིགས་ལྟར་སྣང་གི། །སྔོན་དུ་དེ་དབྱེ་བསྟན་པར་བྱ། །ཞེས་གསུངས། ག༷ང་ཞི༷ག་བསྒྲུབ༷་བྱའི་ཆོ༷ས་ཀྱི༷་གོ་བྱེད་ཀྱི་རྟག༷ས་དེ༷་ལྟར་སྣང༷་བ༷་ནི༷་ཕྱོགས་ཆོས་ལས་བརྩམས་པ་ཕ༷ལ་ཆེ་སྟེ་མང་བ༷ས་དེ༷ས་ན༷་གཏ༷ན་ཚི༷གས་ཡང་དག་ལྟར་སྣང་སོ༷གས་དོ༷ན་གྱི༷་དབྱེ་བ་སྟོན་པའི་སྔོ༷ན་དུ༷་ 8-12-29b རྒྱ༷ས་པ༷ར་ཕྱོགས་ཆོས་དེ༷་བསྟན༷་པར་བྱ༷་སྟེ། ལྟར་སྣང་གྲུབ་པ་ཐམས་ཅད་ཕྱོགས་ཆོས་ལས་ཡིན་ལ་འགལ་མ་ངེས་ཀྱང་དོན་གྱིས་དང་ཡང་དག་ཀྱང་ཤེས་པས་སོ། །དེ་ལ་ཕྱོགས་ཆོས་དབྱེ་བ་དགུ་ནི། མཐུན༷་ཕྱོག༷ས་ལ༷་ཁྱབ་བྱེད་དུ་ཡོ༷ད་པ་དང་མེ༷ད་དང་ཆ་རྣ༷མ་གཉིས་ཏེ་རྩ་བ་གསུམ་ལས། དེ་འདྲའི་ཕྱོག༷ས་ཀྱི༷་ཆོ༷ས་རྩ་བ་དེ་རེ་རེ་ལའ༷ང༷་སོ་སོར་རྣམ༷་པ༷་གསུམ་ཡོད་དེ་དེའི་རེ་རེ་ལ་མི༷་མཐུན༷་ཕྱོག༷ས་ ལ༷འ༷ང་སོ༷་སོ༷ར་ནི། ཡོ༷ད་མེ༷ད་གཉི༷ས་ཀའི་བྱེ་བྲག༷་གིས་དགུར་འགྱུར་བའི་ཕྱིར༷། ཆོས་དང་ཆོས་ཅན་བསྡུས༷་པ༷འམ་ཚོ༷གས་པ་བསྒྲུབ༷་བྱ༷་ཡི༷ན་པ༷འི་ཕྱིར༷། ཆོ༷ས་ད༷ང་ཆོ༷ས་ཅ༷ན་ཁ༷་ཡ༷ར་བ༷་སྟེ་རྐྱང་པ་ ནི་དངོ༷ས་སུ༷་ཕྱོགས་སམ་བསྒྲུབ་བྱ་མི༷ན་ཡ༷ང་བསྒྲུབ༷་བྱ་དེ༷འི་ཕྱོག༷ས་གཅི༷ག་ཡི༷ན་ཕྱིར༷་ཆོས་ཅན་ལའང་བསྒྲུབ༷་བྱར༷་བཏག༷ས་པའི་མིང་གི་སྒོ་ནས་བརྗོ༷ད་པས་སྐྱོན་མེད་དོ། །འདི་ལའང་འགྱུར་ཁ་ ཅིག་ལས། རྟགས་ཀྱིས་བསྒྲུབ་བྱ་ཚོགས་པ་ཉིད། །ཡིན་ཕྱིར་ཆོས་དང་ཆོས་ཅན་དག །གཙོ་བོ་མིན་ཡང་ཕྱོགས་གཅིག་ཕྱིར། །བསྒྲུབ་བྱ་ཉིད་དུ་འདོགས་པ་ཡིན། །ཞེས་གསུངས་སོ། ། རྒོལ་བ་གཉི༷ས་ཀ༷་ལ༷་ཐུ༷ན་མོང་དུ་གྲུབ༷་པའི་རྟགས་ཀྱི་ཆོ༷ས་དེ༷་ལ༷ས་དགག་སྒྲུབ་ཀྱི་ཐ༷་སྙད༷་བྱེད་པ་ཡི༷ན་ཕྱིར༷་གཉི༷ས་ཀ༷་ལ༷འ༷མ། དེ་གཉིས་ལས་ག༷ང་ཡ༷ང་རུ༷ང་བ༷་ལ༷་བཟློག༷་སྟེ་བསྒྲུབ་པ༷འ༷མ། རྟགས་ 8-12-30a ཐེ༷་ཚོ༷མ་ཟ་བ་དང་ནི་ཆོས༷་ཁོ་ནར་གྲུ༷བ་ཙམ་སྟེ་ཆོས་ཅན་གྲུབ་པ་ལ་ཆོས་སུ་གྲུབ་པ་བདག་ཡོད་དེ། བདག་གི་ཡོན་ཏན་བདེ་སོགས་དམིགས་པའི་ཕྱིར་ལྟ་བུ་རྣམས་སྒྲུབ་བྱེད་དུ་འདོ༷ད་པ༷་མ༷་ཡིན་ ཞེས་སོ། །དེ་འདྲ་ནི་མི༷་འདོ༷ད་ཐ༷མས་ཅ༷ད་སྒྲུབ་བྱེད་དུ་མ་ཟད་སུ༷ན་འབྱི༷ན་དུའ༷ང་མི་རུང་ངོ་། །རྒོལ་བ་གཉི༷ས་ཀ༷ར་ར༷བ་ཏུ༷་གྲུབ༷་ན༷་ནི༷། སུན༷་འབྱི༷ན་པ༷འ༷མ་སྒྲུབ༷་པ༷་ཉིད་དུ་རུང་བ་ཡི༷ན་ལ། ཐེ་ཚོམ་ཟ་བ་ སོགས་རིགས་པ་གཞ༷ན་གྱིས༷་བློ་སྐྱོན་ཅན་རྣམས་སྒྲུབ་རུང་སླར༷་ཡ༷ང་བསྒྲུབས་ནས་གྲུབ་ན༷་ནི་སྒྲུབ་བྱེད་དུ་འདོ༷ད་དོ། །འདིར་ཁ་ཅིག་གིས། དུ་བ་ཆོས་ཅན་ལས་མེའི་ཆོས་ཅན་རྐྱང་པ་གྲུབ་ཟེར། མེ་རྐྱང་ཙམ་བསྒྲུབ་ན་འབྲེལ་བ་ངེས་ན་དེ་ཙམ་གྱིས་མེ་གྲུབ། དུ་བ་མེའི་ཆོས་ཙམ་དུ་བསྒྲུབ་ན་དམ་བཅའི་ཕྱོགས་རྟགས་སུའོ། །ཡང་དུ་བའི་ཆོས་ཅན་ལས་མེའི་ཆོས་དྲོ་བ་སྒྲུབ་ཟེར་ཡང་། སྔ་མ་དང་། ཆོས་ཅན་གྱིས་ཆོས་གྲུབ་ན་གཙོ་བོ་ཡོད་པར་ཐམས་ཅད་ལ་རྗེས་འགྲོ་ལ་སོགས་པ་སྒྲུབ་པ་ལྟ་བུ་སྟེ་སྔར་བཀག་པའི་དོན་དེས་ན་ཆོས་སྤངས་པའི་ཆོས་ཅན་ཙམ་དང་ཆོས་ཅན་ སྤངས་བའི་ཆོས་བསྒྲུབ་བྱར་མི་རིགས་ཀྱི་ཚོགས་པ་ཡིན་ནོ། །ཞེས་སོ། །དེས་ན་རྐྱང་པ་མུ་བཞི་པོ་བསྒྲུབ་བྱར་མི་འཐད་ཅེས་སོ། །ཆོ༷ས་ཅ༷ན་མེ་ཙམ་དུ་བ་ལྟ་བུ་ཆོས༷་ཅ༷ན་གྱིས༷་སྒྲུབ༷་པ་མིན། 8-12-30b རྟགས་ཀྱི་ཆོ༷ས་དེ༷ས་ཆོ༷ས་རྐྱང་པ་དག་ཀྱང༷་མ༷་ཡི༷ན་ཏེ། འ༷དི་ལྟར༷་རྟགས་ཀྱི་ཆོས༷་ཀྱིས༷་མེད་ན་མི་འབྱུང་གི་ཆོས༷་སྒྲུབ༷་ཅི༷ང་ཆོ༷ས་ཅན་ལ་སྒྲུབ༷་པ་དེ་ཕྱིར་ཆོ༷ས་དེ་ལྡན་གྱི་ཆོས་ཅ༷ན་ཡ༷ང་དེ་བཞི༷ན་གྲུབ་ པ་སོགས་དོན་གྲུབ་བོ། །སྒྲ་རྟག་པ་མིན་ཏེ་ལས་རྟག་པར་ཐལ་བའི་ཕྱིར་རམ། རྟག་ཏུ་དམིགས་པར་ཐལ་བའི་ཕྱིར་ཞེས་འཕང་བ་ན་ཕྱོགས་ཆོས་སྒྲུབ་པ་མེད་ཀྱང་སྦྱོར་བ་དེ་འཐད་པའི་ ཕྱིར་ཞེ་ན། དེ་ཕྱོགས་ཆོས་མེད་ཀྱང་དེ་སྒྲུབ་ཀྱིས་ངག་ཏུ་སོང་བ་མིན་ཀྱང་ཐལ་བ་ཙམ་ཡིན་ཞེས་སོ། །ཕ་རོལ་གྱི་ད༷མ་བཅ༷འ་ལ་རྟག༷ས་ཀྱི༷་ང༷ག་གི༷ས་གང༷་ཞིག་མི༷་འདོ༷ད་པ༷་ལ༷འ༷ང་ཐལ༷་བ༷་རྩོམ༷་པ༷་ འདི༷་ནི་རྒོལ་བའི་འདོད་པ་ལ་ལ༷ན་ཞེས༷་སམ་སུན་འབྱིན་ཤེས༷་བྱ༷་སྟེ་མི་འདོད་ཐལ་བ་ཙམ་དེ༷་ཡི༷་སྒོ༷་ན༷ས་ངག་སྦྱོར༷་བའི་ཕྱིར༷་རོ༷། །གཏ༷ན་ཚི༷གས་བསྒྲུབ་བྱའི་ཆོས་ཀྱི་རྗེ༷ས་སུ་འགྲོ༷་བ་དངོས་སུ་སྟོན་ པའི་ང ག་ག༷ང་ཡིན་པ་ཆོས་མཐུན་སྦྱོར་དཔེ་དང་བསྒྲུབ་ཆོས་མེ༷ད་པ་ལ༷་རྟགས་མེ༷ད་པར༷་བརྗོ༷ད་པ༷ར་བྱ་བ༷་ནི་མི་མཐུན་སྦྱོར་དཔེ་སྟེ་དེ་ལྟར་གཉིས་སོ། །དེ༷ར་ནི༷་དཔེ་ལས་དཔེ་ཅན་གྲུབ་པས། འབྱུང་ ཁུངས་སམ་ལྔ༷་པའི༷་མཐ༷འ་ཅན་དཔེ༷་གཉིས་སོ། །རྟག༷ས་དང་ནི༷་རྩོད་གཞི་ཉེ༷་བ༷ར་སྦྱར༷་བ་ལ༷ས་ངག་དེ་ལྟ་བུ་འདོ༷ད། ངག་མཐུན་མི་མཐུན་གཉིས་པོའམ་གང་རུང་བརྗོད་ཀྱང་རུང་སྟེ་དོན་དུ་རྟགས་རྩོད་ 8-12-31a གཞིར་སྦྱར་བའི་དབང་གིས་འབྱུང་བ་ཁོ་ན་ཡིན་ཞེས་སོ། །དེ་ལ་གཉིས་འོང་བ་དཔེ་སྟོན་པའི་དབང་གིས་ཏེ། དེ་དང་རྟགས་སྦྱར་བའི་དབང་གིས་ཞེས་སོ། །དེ་ལ་གྲངས་ཅན་པ་ལྟར་ན། རྟགས་ ཀྱི་ངག་བསལ་ཏེ་འོངས་པ་དང་། རྣམ་ལྡན་གཉིས་འདོད། དང་པོ་གཞན་ཕྱོགས་བཀག་ནས་རང་ཕྱོགས་སྒྲུབ་པ་ཞིག་སྟེ་དོན་ཐལ་གྱུར་ལ། དེ་ལ་གཞི་ག༷ང་དུ༷་བས༷ལ་འོང༷ས་ཀྱིས༷་བརྗོ༷ད་ན༷་དེ་སྒྲུབ་ པའི་གཏན༷་ཚི༷གས་མེ༷ད་པ༷ར་ཐལ༷་བ་འགྱུར༷་ཏེ་དེ་ལ་ཕྱོགས་ཆོས་མེད་པས་སོ། །དེ་ཡང་མཐུན་མི་མཐུན་དཔེ༷་གཉི༷ས་ལ༷ས་ཕྱོགས་ཆོས་ཅན་གྱི་བསྒྲུབ་བྱ་དེ༷་གྲུབ༷་དགོས་པའི་ཕྱིར༷་རོ༷། །བསལ་འོངས་ལ་ དེ་ཡོད་དོ་ཞེ་ན། ཡོད་པ་དེ༷ས་ན༷་དེ་ནི་སྒྲུབ་བྱེད་ཀྱི་ངག་རྣམ༷་ལྡན༷་ལ༷ས་གཞ༷ན་མི༷ན་པར་ཐལ་ལོ། །ཡང་ཐལ༷་འགྱུར༷་ནི་ཕྱོག༷ས་ཆོ༷ས་ཅ༷ན་མི༷ན་ཕྱིར༷་ཚུལ་གསུམ་མེད་ལ་རྣམ་ལྡན་ལ་ཡོད་ཅིང་ཐལ་འགྱུར་ ནི་ཕྱོགས་ཆོས་མེད་ཀྱང་ཁ༷ས་བླང༷ས་སྔོ༷ན་དུ༷་སོ༷ང་བ༷་ལ༷ས་དེ༷་བཞི༷ན་རྟག༷ས་དང༷་དམ༷་བཅ༷འ་ཡི༷་ཉེ་བར་སྦྱར་བ་ལས་སྐྱོན༷་བརྗོ༷ད་པ་ཙམ་སུན༷་འ༷བྱིན་དུ་ཤེས༷་པ༷ར་བྱ་ལ༷། སྒྲ་དང་བུམ་པ་མི་རྟག་པ་ ཙམ་དུ་ཐ༷་ད༷ད་མེ༷ད་པ༷་ལ་དེ༷་ཉི༷ད་འདི་ལྟ་བུའོ་ཅེས༷་བྱས༷་ན༷ས་མཐུན་དཔེས་གཞ༷ན་ལ༷་དེ༷་སྟོན་པར༷་བྱེ༷ད། གང་མཐུན༷་ཕྱོག༷ས་ཞེས༷་པ༷་བསྒྲུབ་བྱའི་ཆོས་ལྡན་དུ་ཐ་མི་དད་པའི་ཕྱོག༷ས་ལ༷ས་བཞག་ཏེ། 8-12-31b བསྒྲུབ་བྱ་མི་རྟག་ཙམ་འ༷དི་ལ༷འ༷ང་སྒྲ་བུམ་གྱི་ཁྱད་མི་ཕྱེ་ཡང་ཐ༷་ད༷ད་ཅེས༷་མི༷་འདོ༷ད་དོ། །དེ་ལ་དཔྱད་ན་མི་མཐུན་ཕྱོགས་ལ་གསུམ་ཡོད་དེ། མི་རྟག་པ་བཀག་ཙམ་མེད་པ་མི་མཐུན་ཕྱོགས་དང་། འདུས་ མ་བྱས་ནམ་མཁའ་སོགས་འགལ་བ་མི་མཐུན་ཕྱོགས། ཤེས་བྱ་གཞལ་བྱ་སོགས་གཞན་པ་མི་མཐུན་ཕྱོགས་གསུམ་ཡོད་པས། གང་ལས་ལྡོག །གཞན་པ་མི་མཐུན་ཕྱོགས་ལས་ ལྡོག་དགོས་ན་བྱས་པ་མི་རྟག་ལས་གཞན་པའི་སྡུག་བསྔལ་བདག་མེད་པ་ལྟ་བུ་སོགས་ལའང་འཇུག་པའི་ལྡོག་པ་གྲུབ་ལ་མི་རྟག་པའི་ལྡོག་པ་ཁོ་ན་ལ་ཡོད་པ་མི་སྲིད་པས་རྟགས་ཡང་ དག་མི་སྲིད་དོ། །འགལ་བ་ཁོ་ན་ལས་ལྡོག་ན་དུ་བས་གྲང་རེག་མེད་པར་སྒྲུབ་མི་ནུས་ཏེ་གྲང་རེག་ལས་ལོག་པ་མེད་ལ། བཏང་སྙོམས་ལ་ཞུགས་པས་སོ་ཟེར་ན། དེ་གཉིས་ཁྱད་ཕྱེ་མི་དགོས་ ཏེ། བསྒྲུབ་བྱ་དེ༷་ལས་གཞ༷ན་པ་ད༷ང་ནི༷་དེ༷་དང་དངོས་སུ་འག༷ལ་བ་ཏེ༷། མི༷་མཐུ༷ན་ཕྱོག༷ས་རྣམ༷ས་གཉི༷ས་ལ༷་ཡ༷ང་། རྟག༷ས་མེ༷ད་པས༷་མ༷་ལྡོག་པ་ཙམ་གྲུབ་པའི་རྟགས་ཀྱིས་བསྒྲུབ་བྱ་རྟོགས་པ་ ལ་འག༷ལ་བ༷་མེ༷ད། དེ་ཕྱིར་མི་མཐུན་ཕྱོགས་རྣམ༷་པ༷ར་བཅ༷ད་པ༷་ཙམ༷་ལ༷ས་དེ་གཉིས་ཀྱང་གྲུབ་པར་གྱུར༷་པ་ཡི༷ན་ནོ། །ཇི་ལྟར་བྱས་པ་མི་རྟག་པའི་མཐུན་ཕྱོགས་ལ་ཡོད་པ་བཞིན་བདག་མེད་དང་སྒྱུ་ 8-12-32a མ་ལྟ་བུ་སོགས་དོན་དུ་མ་ཞིག་གི་ཡང་མཐུན་ཕྱོགས་ལ་ཡོད་པར་མཚན་ཉིད་གཅིག་ཀྱང་དགོས་པ་འགྲུབ་པའི་སྤྱི་རྟགས་དེ་ལ་རྗེས་འགྲོ་ཡོད་པར་འདོད་པ་བླུན་པོ་མིན་ཏེ། དེས་དེ་འགྲུབ་པའི་ཕྱིར་ ཏེ་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་གྲུབ་ན་རྟགས་གཅིག་གི་ཆོས་དུ་མ་འགྲུབ་པ་ལ་འགལ་བ་མེད་པར་མ་ཟད་རིགས་པ་ཡིན་ནོ། །ཞེས་སོ། །མཐུན༷་ཕྱོག༷ས་ལ༷་མེ༷ད་པ་མིན༷་པ༷་ཉི༷ད་དེ་ཡོད་པ་ཙམ་དུ་ནི་མཚ༷ན་ ཉི༷ད་གཅི༷ག་ཉི༷ད་ཡི༷ན་མོ༷ད་ཀྱང༷་བསྒྲུབ་བྱའི་དོན༷་དུ༷་མ༷་ལ༷་འཇུག༷་པའི༷་རྟགས་ནི་རི༷གས་ཀྱི་མི་རིགས་པ་མེད་དོ། །བྱས་སོགས་བསྒྲུབ་བྱ་དུ་མའི་སྤྱི་ལ༷་རྗེ༷ས་འགྲོ༷་ཡང་འདོད་པ་ནི་རྟགས་དེས་བསྒྲུབ་བྱ་འགྲུབ་ པས་བླུ༷ན་པོའམ་མི་གསལ་བ་ནི་མི༷ན་ནོ། །སྒྲ་རྟག་སྟེ་གཞ༷ལ་བྱ༷་གཉིས་ཡོད་མི་རྟག་སྟེ་བྱས༷་དང༷་ཡོད་མེད་རྩོལ་ལས་བྱུང་སྟེ་མི༷་རྟག༷་ད༷ང་ཡོད་ཆ་གཉིས། རྟག་སྟེ་བྱས༷་ད༷ང་མེད་ཡོད། རྟག་སྟེ་མཉ༷ན་ བྱ༷་མེད་མེད། དུང་སྒྲ་ཆོས་ཅན་རྟག་སྟེ་རྩོལ༷་ལ༷ས་བྱུང་མེད་ཆ་གཉིས། དུང་སྒྲ་རྩོལ་བ་ལས་མ་བྱུང་སྟེ་མི༷་རྟག༷་ཆ་གཉིས་ཡོད། མི་རྟག་སྟེ་རྩོལ༷་བྱུང༷་ཆ་གཉིས་མེད། རྟག་སྟེ། རེག༷་བྱ༷་མི༷ན། ཆ་གཉིས། ཆ་གཉིས། དེ༷་དགུ༷་ནི་ཆོས་རྟ༷ག་པ༷་ལ༷་སོ༷གས་ལ༷་སྒྲུབ་པར་བཀོད་པའོ༷། །དེ་དགུ་བསྡུ་ན་རིགས་གསུམ་སྟེ་དགུ་པོ་དེར༷་གང༷་ཞིག་མཐུན༷་ཕྱོག༷ས་ལ༷་ཡོ༷ད་པ་རྣམ་པ་གཉིས། ཆོས་དེ༷་མེ༷ད་ 8-12-32b པ༷་ལ༷་མེད་པ༷་ཅན་ཏེ། དེ༷་གཉིས་པོ་ནི་རྟག༷ས་ཡང་དག་གོ། འདི༷་གཉིས་པོ་ལས་བཟློག༷་པ་གཉིས་ནི༷། འགལ༷་བ༷་ཡིན་ལ་གཞན་ལྔ་པོ་རྣམ༷ས་མ༷་ངེས༷་པའོ༷། །གཞན་ཡང་ཕྱོགས་ཆོས་གྲུབ་ལ། འགལ་བ་ལ་མི་འཁྲུལ་བའི་གཏན་ཚིགས་གཞན་ཡང་ཡོད་པ་ཡིན་ནོ་ཞེ་ན། མེད་དེ་གཏན་ཚིགས་ཡང་དག་ཡིན་ན་བརྗོ༷ད་པ༷ར་འདོ༷ད་པ༷འི་གྲང༷ས་གཅི༷ག་པ་ཁོ་ན་ཉི༷ད་ཡིན་པས་ཁྱབ་སྟེ་འགལ་ཟླའམ་ འགྲན་ཟླ་མི་སྲིད་དོ། །ཞེས་སོ། །དེ་ལ་བརྗོད་པར་འདོད་པའམ་རྟགས་ཀྱི་བསྒྲུབ་བྱར་བྱེད་པ་དེ་ནི་གྲངས་གཅིག་པ་སྟེ་སྟོབས་མཉམ་གྱི་འགྲན་ཟླ་གཞན་མེད་ལ་བཤད་པའི་དབང་ཕྱུག་སྡེ་སོགས་ མཚན་ཉིད་ཀྱི་ཟུར་དུ་སྦྱར་ཀྱང་མི་དགོས་ཏེ་འགལ་བ་ལ་མི་འཁྲུལ་པའི་ཚད་མ་མི་སྲིད་པས་སོ། །ལུང་ལ་སྲིད་ཀྱང་གང་ཚད་མར་ལྡན་པས་གཅིག་ཤོས་སུན་འབྱིན་ནོ་ཞེ་ན། བརྗོད་པར་འདོད་ པའི་གྲངས་གཅིག་ཉིད་དེ་སྟོབས་མཉམ་པར་བློ་ངོར་སྣང་བའི་འག༷ལ་བ༷་ད༷ག་ལ༷་ཐེ༷་ཚོ༷མ་སྐྱེ་བའི་ཕྱིར་གཏན་ཚིགས་མིན་ནོ། །བྱེ་བྲག་པའི་ལུང་ལ་བརྟེན་པའི་རྟགས་གཉིས་དཔེ་བརྗོད་པ། སྒྲ་རྫས་ མིན་ཏེ། མིག་གིས་གཟུང་བྱ་མིན་པའི་ཕྱིར་དང་སྒྲ་ལས་མིན་ཏེ་མངོན་སུམ་ཡིན་པའི་ཕྱིར། ཞེས་པ་འདི་ཁྱབ་པ་ལ་ཐེ་ཚོམ་ཟ་ཡང་དམ་བཅའ་གཉིས་ནི་སྒྲ་ལ་གཅིག་ཏུ་ངེས་པར་ལུང་ལས་མཐོང་སྟེ། 8-12-33a དེ་གཟེགས་ཅན་གྱིས་རྫས་དང་ལས་སུ་མ་བཤད་དེ་ཡོན་ཏན་དུ་བཤད་པའི་ཕྱིར་ཟེར་ཡང་དེ་རྟགས་ཀྱིས་ངེས་པ་བསྐྱེད་པ་གང་ཡང་མིན་ཏེ་འབྲེལ་མེད་པས་སོ། །ལར་བྱེ་བྲག་པས་སྒྲ་ མི་རྟག་སྟེ་བྱས་ཕྱིར་བུམ་བཞིན། སྒྲ་རྟག་སྟེ་མཉན་བྱའི་ཕྱིར་སྒྲའི་སྤྱི་བཞིན། འདི་གཉིས་སོ་སོའི་བསྒྲུབ་བྱ་ལ་ངེས་པ་བསྐྱེད་ཀྱང་ཚོགས་པ་ལ་ཐེ་ཚོམ་སྐྱེད་ཟེར་ཏེ་ཚོགས་པ་ནི་སྒྲ་རྟག་མི་རྟག་ གཉིས་ཡིན། དེ་ལ་དང་པོ་དངོས་སྟོབས་ཕྱི་མ་བྱེ་བྲག་པའི་ལུང་གི་དབང་དུའོ། །གཉིས་ཀ་ཚད་མ་འདྲ་བར་རློམ་པའོ། །ཡང་སྒྲ་རྟག་སྟེ་བྱས་པའི་ཕྱིར་དང་། སྒྲ་མི་རྟག་སྟེ་མཉན་བྱའི་ཕྱིར་ ཏེ་འགལ་བ་གཉིས་པོ་ཡང་དེ་འདྲར་བསམ་པའོ། །དེ་བཞིན་སྒྲ་རྫས་མིན་ལས་མིན་དུའང་ལུང་གི་དབང་དུ་ངེས་ཀྱི་བྱས་པས་སྒྲ་རྟག་པར་སྒྲུབ་ཆོས་ཀྱི་ངོ་བོ་འགལ། དོན་བྱེད་ནུས་སྟོང་གིས་ དངོས་གྱུར་ནམ་མཁའ་རྟག་གྲུབ་ཆོས་ཅན་ངོ་བོ་འགལ། རྫས་དང་ཆོས་ཀྱི་བྱེ་བྲག་ནི་མིག་སོགས་ཆོས་ཅན་ནམ་འདུས་བསགས་ཡིན་པའི་མིག་སོགས་ཆོས་ཅན་རྟགས་གསལ་སྤྱི་འདྲ་དེ་ལ། དངོས་སྟོབས་ཀྱི་དབང་དུ་ཐེ་ཚོམ་ཡིན་པས་གཉིས་ཆར་འཇུག་ཆོག་པར། རློམ་ཡང་དེ་མིན་ཏེ་གང་ཐེ་ཚོམ་ལ་གཏན་ཕེབས་སམ་ངེས་པ་མེད་གང་གཏན་ཕེབས་ལ་ཐེ་ཚོམ་མི་ཤེས་སོ། ། 8-12-33b ཤེས་ན་ཚད་མ་ལ་ཡིད་བརྟན་མེད་དོ། །དེས་ན་གང་གཏན་ཕེབས་དང་ཐེ་ཚོམ་གྱི་མཚན་ཉིད་གཉིས་དང་ལྡན་པ་ནི་གཉིས་གཉིས་འདོད་པས་ན་རེ་རེ་སྟེ་གཅིག་འགྲུབ་པ་ནམ་ཡང་མེད་ཅེས་སོ། །དེས་ ན་འགལ་བ་མི་འཁྲུལ་བར་འདོད་པ་ནི། རེ་རེ་ལ་གཉིས་ཀ་མིན་གྱི་གཉིས་ཀའང་ཐེ་ཚོམ་གྱི་རྒྱུའོ། །དེ༷་བཞི༷ན་དུ་ཐེ༷་ཚོམ༷་བསྐྱེད་པའི་རྟག༷ས་གཉི༷ས་ལ༷ས་ཆོས་ཅན་དེ་ལ་གཅི༷ག་ཏུ་ངེ༷ས་པ༷་མཐོང་བ་ ཡོད་པ་མ༷་ཡི༷ན་ནོ། །གང་མཚ༷ན་ཉི༷ད་གཉི༷ས་ད༷ང་ལྡན༷་པར་རློམ་པ༷་དེ་ནི༷་ཇི་སྲིད་གཉི༷ས་གཉི༷ས་སུ༷་འདོ༷ད་ལ། རེ༷་རེ༷ར་མི༷ན་པས་ཐེ་ཚོམ་ཁོ་ནའོ། །དེ་ལའང་གང་རྟགས་ཀྱང་དུ་བ་ལྟ་བུ་མེ་ལ་འབྲས་ བུའི་རྟགས་དང་མི་རྟག་ལ་རང་བཞིན་གྲང་རེག་སོགས་འགོག་པ་ལ་འགལ་དམིགས་མེ་མེད་ལ་མ་དམིགས་པ་སོགས་བཞིན་རྟགས་གཅིག་ཀྱང་བསྒྲུབ་བྱ་དུ་མ་ལ་འཇུག་ཀྱང་ཀུན་གྱི་གོ་བྱེད་ཡིན་ནོ། ། ཡང་མི་རྟག་ལྟ་བུ་གཅིག་བྱས་པ་རྩོལ་བྱུང་འདུས་བྱས་སོགས་རྟགས་མང་པོས་བསྒྲུབ་པ་འགལ་ཞེ་ན། མིན་ཏེ། རྟགས་དང་བསྒྲུབ་བྱ་གྲངས་མཉམ་གཅིག་ངེས་གཞན་དུ་མི་འགྱུར་བ་མེད་ཀྱི་ བསྒྲུབ་བྱ་སྣ་ཚོགས་ལ་ལྟོས་ནས་རྟགས་སྣ་ཚོགས་དང་བསྒྲུབ་བྱ་གཅིག་ལ་ལྟོས་ནས་ཀྱང་རྟགས་དེ་རིགས་སྣ་ཚོགས་སུ་འགྱུར་བ་གང་གི་སྒྲུབ་བྱེད་ཀྱི་མཚན་ཉིད་ཚུལ་གསུམ་ཚང་བ་དེ་དེའི་རྟགས་ 8-12-34a སུ་ནམ་ཡང་ཡིན་ནོ། །ཞེས་སོ། །རྟགས་མི་གཅིག་པ༷་དུ་མ༷་སོ་སོ་ཡི༷ན་ཡ༷ང་ཐུན་མོང་དུ་དོན་གཅིག་བསྒྲུབ་ལ་མི༷་འག༷ལ་ན༷། ཤིན༷་ཏུ༷་བ༷ར་ཡ༷ང་དོན་གཅི༷ག་ལ༷་འཇུག༷་གོ། ག༷ང་དག༷་ མཉན་བྱ་ལྟ་བུ་ཐུན༷་མོ༷ང་མི༷ན་པ༷་ཡི་མ་ངེས་པ་དང༷་། ཕྱོགས་གཉིས་ཀའི་སྤྱི་ལ༷་ཁྱབ་པ་དངོས་ཀྱི་མ་ངེས་པ་བཞི་པོ་ད༷ང་བཞིའོ། །འགལ་བ་ལ་མི་འཁྲུལ་བ་ཡང་ལུང་གི་དབང་ངམ་བྱས་པས་ སྒྲ་རྟག་པར་སྒྲུབ་ཆོས་ཀྱི་ངོ་བོ་འགལ། དོན་བྱེད་ནུས་སྟོང་གིས་དངོས་གྱུར་ནམ་མཁའ་རྟག་གྲུབ་ཆོས་ཅན་ངོ་བོ་འགལ་རྫས་དང་ཆོས་ཀྱི་བྱེ་བྲག་ནི་མིག་སོགས་ཆོས་ཅན་ནམ་འདུས་བསགས་ཡིན་ པའི་མིག་སོགས་ཆོས་ཅན་རྟགས་གསལ་སྤྱི་འདྲ་འག༷ལ་བ༷་ལ་མི༷་འཁྲུལ་བ༷འི་རྟགས་ཀྱིས་ཆོས༷་རྣམ༷ས་ཡུལ་དུས་ཐ༷མས་ཅ༷ད་དུ་བསྒྲུབ་བྱ་དེ༷་ལ༷་མ་ངེས་པས་ཐེ༷་ཚོམ་བསྐྱེད་པའི་རྟགས༷་རྣམ༷ས་ ཡི༷ན་ཕྱོག༷ས་ཀྱི༷་ཆོ༷ས་ད༷ང་ནི་ལྡན་པ་ག༷ང་ལ༷། ཤེས༷་འདོ༷ད་བསྒྲུབ་བྱ་དེ་རྟགས་ཀྱིས་བཟློག༷་པས༷་གནོ༷ད་པ༷་འགལ་བ་ད༷ང་། མ་ངེས་པས་ཐེ༷་ཚོ༷མ་ཉི༷ད་དུ༷་གྱུར༷་ལ༷ས་གཞ༷ན་གཏ༷ན་ཚི༷གས་ལྟར༷་སྣང༷་ཡོ༷ད་ མ༷་ཡི༷ན་ལ་ཕྱོགས་ཆོས་མི་ལྡན་པ་དང་གསུམ་ཁོ་ནའོ། །ཆོ༷ས་ད༷ང་ཆོ༷ས་ཅ༷ན་ར༷ང་གི༷་ངོ༷་བོ༷འ༷མ་དེ༷་ཡི༷་བྱེ༷་བྲ༷ག་གམ་ཁྱད་པར་གཉིས་པོ་གང་ཡི༷ན་ཡ༷ང་རུང༷་། ཕྱིན༷་ཅི༷་ལོག༷་ཏུ༷་སྒྲུབ༷་པ༷འི་ཕྱིར༷་བསྒྲུབ་ 8-12-34b བྱ་དེ༷་ལ་རྟགས་ཀྱིས་གནོ༷ད་པ༷ས་འགལ༷་བ༷་ཞེས་བྱ་བ་ཡི༷ན། ཕྱོགས་ཆོས་དགུའི་དབྱེ་བ་གང་ཐུན༷་མོ༷ང༷་གཞལ་བྱ་སོགས་ཀྱི་རྟགས་དང༷་ནི༷་ཁྱ༷ད་པ༷ར་མཉན་བྱ་ཡིན་པའི་རྟགས་ཀྱི༷་ཆོ༷ས་དང༷་བསྒྲུབ་བྱ༷་ལ༷་ལྟོས་ ནས་དང་པོ་གཉི༷ས་སོ། །གོ་བྱེད་ལ་སྤྱི་དང་ཁྱད་པར་དང་ཕྱོགས་གཉིས་ཀའི་ཆ་ཤས་ཏེ་གསུམ་ལས་དེ༷་ལ༷་དང་པོ་སྤྱི་ཁྱད་གཉིས་གང་དུ་མི་ངེས་པའི་ཐེ༷་ཚོ༷མ་ལྷག༷་མ༷་བདུན་ནི་ཕྱོགས་གཉིས་ཆ་ལ་ཆོས་ དང་བསྒྲུབ་བྱ་ལ་ལྟོས༷་ན༷ས་ཏེ་ཡང་དག་ལོག་མ་ངེས་གསུམ༷་དུ༷་ཕྱེ༷། དེ་ལ་དང་པོ་ན་ཕྱོགས་གཉིས་ཀར་རྗེས༷་སུ༷་ཞུགས་པས་ལྡོག་པ་གྲུབ་པ་ད༷ང་གཉིས་པ་གཉིས་ལ་མ༷་ཞུགས༷་རྗེས་འགྲོ་མེད་པ་ལ༷ས་ ལྡོག༷་པ་དང་རྗེ༷ས་འགྲོ༷་གྲུབ༷་པ་མི༷ན་ཕྱིར༷་མ་ངེས་སོ། །གལ་ཏེ་ཕྱོགས་གཉི༷ས་ཀ་ལ༷་ངེས༷་པར༷་རྗེས་ཞུགས༷་པ༷་དང༷་གཉིས་ཀ་ལ་མ་ཞུགས་པས་ཐེ་ཚོམ་གྱི་རྒྱུ་ཡིན་ན། ཕྱོགས་གཉིས་གང་རུང་གཅིག་ལ་ ངེས་པར་ཞུགས་པ་མིན་ཞིང་གཉིས་ཀ་ལས་ངེས་པར་ལོ༷ག་པ༷འ༷ང་མི༷ན་པ༷་གཉིས་ཀ་གྲུབ་པའི་རྟག༷ས་སུ༷་འགྱུར༷་རོ་ཞེ་ན། དོན་དེ་དངོས་འགལ་གྱི་ཆོས་གཉི༷ས་ཀ༷ར་འགྱུར༷་བ༷་སྲིད་མ༷་ཡི༷ན་པས་དེ་ སྒྲུབ་པའི་རྟགས་ཀྱང་མི་སྲིད་དོ། །དེ་བཞིན་ཡོད་པ་ཡི་དོན་ཡིན་ཕན་ཆད་གཉིས་ཀ་མིན་པ་ཡི་མུའང་མིན་ཏེ་དངོས་འགལ་གཅིག་བསྒྲུབ་པའི་ཕུང་གསུམ་མེད་དོ། །གཞལ་བྱ་རྟག་མི་རྟག་གཉིས་ 8-12-35a ལ་ཁྱབ་བྱེད་དུ་ཞུགས་པས་མ་ངེས་ན་བྱས་པས་མི་རྟག་པ་སྒྲུབ་པ་ལའང་རྩོལ་བྱུང་མ་བྱུང་གཉིས་ཀ་ལ་ཚང་བས་ཐེ་ཚོམ་སུ་འགྱུར་ཞེ་ན། མིན་ཏེ་བྱས་པའི་སྒྲ་དེ་ལ་བསྒྲུབ་བྱའི་ཆོས་མི་རྟག་ པ་དེས་རྟག་པ་དེ་རྣམ་གཅོད་དུ་བྱེད་པས་བསྒྲུབ་བྱ་མི་རྟག་པ་འགྲུབ་ཏེ་རྟགས་མཐུན་ཕྱོགས་ལ་ཁྱབ་བྱེད་དམ་ཆ་གཉིས་ཡིན་ཀྱང་རུང་སྟེ་ཕྱོགས་ལ་ཞུགས་ཤིང་མི་མཐུན་མཐའ་དག་ལས་ལོག་སྟོབས་ ཀྱིས་གཅིག་ཤོས་འགྲུབ་ནུས་པའི་ཕྱིར། ཞེས་སོ། །ཡང་ན་གཞི་གང་དུ་མེད་པ་དགག་བྱའི་ཆོས་དེ་རྣམ་གཅོད་ཅེས་སྒྲ་ལ་མེད་པ་རྟག་པ་དེ་རྣམ་པར་བཅད་ནས་ཞེའམ། ཡང་ན་བསྒྲུབ་ཆོས་མེད་པ་ མི་མཐུན་ཕྱོགས་ལས་རྣམ་བཅད་ཅེས་པ་སྟེ་མི་རྟག་པའི་ཁྱད་པར་རྩོལ་བྱུང་ནི་མི་རྟག་པ་ངེས་བྱེད་ཡིན་ཏེ། མི་རྟག་མིན་ལས་གཅོད་ཅེས་སོ། །གཞི་ག༷ང་དུ༷་བསྒྲུབ་བྱ་མེ༷ད་པ་དེ༷་རྣ༷མ་པར་གཅོ༷ད་ བྱེད་དུ༷་གྲུབ༷་པའི་དོ༷ན་དེས་དོ༷ན་བཞིན༷་སྒྲུབ༷་པ༷ར་བྱེ༷ད་པས་གོ་བྱེད་ཡིན་ལ། བསྒྲུབ་བྱ་འགྲུབ་པར་དོན་གཅི༷ག་པའི་རྟགས་དེ༷་རང་གིས་བསྒྲུབ་བྱ་དེ་ལས་གཞ༷ན་བསྒྲུབ་བྱའི་ཁྱད་པར་ལ༷་ཆ་གཉི༷ས་སུ་ གྲུབ༷་ཀྱང་ངོ་། །གལ༷་ཏེ༷་མི་མཐུན་བཅད་པ་ལ་མི་ལྟོས་པར་ཞུག༷ས་པ་བཞིན་དེའི་བྱེ་བྲག་ཀུན་གྲུབ༷་ན༷། དཀར༷་པོ་གྲུབ་པ་ལས་གཟུག༷ས་ཡིན་པ་དང་ཡོ༷ན་ཏན༷་ཡིན་པ་དང་རྟེན༷་པ༷་ཡིན་པ་ལ༷ས་ 8-12-35b རི༷མ་པ༷་བཞི༷ན་དུ༷་ལུགས་འབྱུང་ངམ་བཟློག་རི༷མ་ལ༷ས། ལུགས་འབྱུང་རིམ་བཞིན་དེ་ཡིན་པ་གསུམ། བཟློག་རིམ་གྱིས་དགག་པ་གཟུགས་མིན་སོགས་གསུམ་སྟེ་དྲུག་རྟོག་ཟེར་རོ། །དར་ཊཱིཀ་ན། དཀར་པོ་གཟུགས་ཡོན་རྟེན་པ་གསུམ། གཟུགས་ལ་ཡོན་རྟེན་གཉིས་ཡོན་ཏན་ལ་རྟེན་པ་གཅིག་ཅེས་གསུངས། ལུགས་ལྡོག་རྟེན་པ་ལ་ཡོན་ཏན་གཟུགས་དཀར་པོ་གསུམ་སོགས་གཉིས་གཅིག་བར་ དུ་གསུངས། མདོར་ན་རྟགས་འདིས། མི་མཐུན་གཅོད་པའི་ལྡོག་ཆ་དེ་སྟོན་གྱི། རྟགས་ཞུགས་ཚད་ཀྱི་དངོས་པོ་གོ་ན་ཆོས་དུ་མ་ནི་གཅིག་ལ་རྟགས་གཅིག་གིས་ཅིག་ཆར་གོ་བར་ཐལ་ཞེས་དཀར་ སོགས་མཚོན་པའོ། །གསུ༷མ། གཉི༷ས་དུས་གཅི༷ག་ཏུ་རྟོག༷ས་པ༷ར་འགྱུར༷། གཅིག་ཏུ་ཞེས་གཅི༷ག་གི༷་ཚིག༷་ཏུ༷་བསྟན༷་པ༷འི་ཕྱིར༷་འགལ་བ་དུ་མ་རྟགས་གཅིག་གིས་རྟོགས་པ ར་འགྱུར་ཞེས་ ཏེ་ལྡོག་པ་ལ་མི་ལྟོས་པར་རྗེས་འགྲོ་ཙམ་གྱིས་གྲུབ་ནའོ། །རྟགས་དེ༷་ནི༷་བསྒྲུབ་བྱ་བཟློག༷་པ༷་ལ༷། འགལ༷་བ༷་ཁོ་ན་ཡིན་ནོ། །མི་འགལ་བར་མི་མཐུན་ཕྱོགས་གང༷་དུ༷་ཞུག༷ས་པ༷་ནི༷། བསྒྲུབ་ བྱ་དེ༷་ཡི༷་བྱེ་བྲག༷་ཤན་འབྱེ༷ད་པ་ལ༷་རྨོ༷ངས་པ༷་སྟེ་ཐེ་ཚོམ་རྒྱུའོ། །རྩོད༷་པ༷་སྒྲུབ༷་པ༷་ལ༷་བརྗོ༷ད་པ༷། བསྒྲུབ་བྱ་དེ༷་དང་མཐུན༷་པ་མེ༷ད་མི་མཐུན་ཕྱོགས་ལ་མེ༷ད་པ༷་ཡི༷། ཆོ༷ས་བསྟན༷་པ་ནི་རྟག༷ས་ 8-12-36a སོ་ཞེས༷་པ༷་དེ༷་ལ༷་དེ༷་མཐུན༷་མེ༷ད་ལ༷་མེ༷ད་པ༷་ཁོ་ན་ཉི༷ད་ཅེས༷་སྦྱོར་ན་ནི་ཐུན༷་མོང༷་མི༷ན་པའང་རྟག༷ས་ཡང་དག་ཏུ་འགྱུར༷་ཏེ་དེར་མཚན་ཉིད་དེ་ཞུགས་པས་སོ། །དེ་མཐུན་མེ༷ད་པ༷་ཉི༷ད་ལ༷་ཞེས༷་ ངེ༷ས་པར་གཟུང༷་ན་ནི་རྟགས་ཆོས་ཁྱབ༷་མཉ༷མ་པ་སྒྲ་ལ་བྱས་པ་ལྟ་བུ་སོགས་ཀྱི་རྟགས་འབ༷འ་ཞི༷ག་རྟག༷ས་སུ༷་འགྱུར༷་གྱི་དེ་ལ་རྩོལ་བྱུང་ལྟ་བུ་མིན་པར་ཐལ་ལོ། །བསྒྲུབ་ཆོས་དེ༷་མ༷ཐུན་པའི་ཕྱོགས་ ཉི༷ད་ལ་ཡོད་ཅེས༷་འདོད་ན་མཚན་ཉིད་སྐྱོན་མེད་ཀྱང་དེ་ལྟར་འདོ༷ད་མ༷་ཡི༷ན། དེ་མཐུན་ཁོ་ན་ཞེས་ངེས་པར་བཟུང་ཟེར། དེ་ལྟར་འདོད་རིགས་པ་མིན་ཏེ། སྒྲ་རྟག་པའི་མི་མཐུན་ཕྱོགས་ བུམ་པ་ལྟ་བུ་ལ་རྟག་པ་དེ་ཁོ་ན་མེད་པ་ནི་མི་སྲིད་དོ། །དེ་ལ་རྟག་པ་ལས་གཞན་ཡང་མེད་པ་དུ་མ་ཡོད་པའི་ཕྱིར་དང་ཡོད་པ་དུ་མའང་ཡོད་ཅེས་རང་འགྲེལ་དོན་ནི། རྟགས་གཅི༷ག་ལ༷འ༷ང་རྣམ༷་ པ༷་དུ་མ༷་མེད་ན་མི་འབྱུང་བར་མཐོ༷ང་། དཔེར་ན་བྱས་པ་ཉིད་མི་རྟག་དང་བདག་མེད་སོགས་དུ་མ་དང་མེད་ན་མི་འབྱུང་ཡིན་པ་བཞིན་ནོ། །ཞེས་སོ། །དེའི་ཕྱིར་ངེས་བཟུང་གསུམ་ཀ་སྐྱོན་ ཅན་ནོ། །དེ་མཐུན་མེད་ལ་མེད་པ་དེ༷འི་བད༷ག་ཉི༷ད་ཀྱིས༷་གཏན་ཚིགས་སྟོན༷་ནོ༷་ཅེ༷་ན༷། གཏན༷་ཚི༷གས་བརྗོ༷ད་པས༷་བསྒྲུབ་བྱ་འགྲུབ་ནུས༷་པ་མ༷་ཡི༷ན། འགྲུབ་ནུས་པ་ཡང༷་དག༷་དོ༷ན་བཞི༷ན་སྟོན་ 8-12-36b ན༷་མེད་ན་མི་འབྱུང་བའི་རྣ༷མ་པ༷་གང༷་གིས༷་བསྒྲུབ་བྱ་གང༷་ལ༷་ཞེ༷ས་ཁྱབ་པ་མ༷་བརྗོ༷ད་པས་མི་འཐད་དོ། །དེས་ན་ངག་དེ་འདྲ་བསྒྲུབ་བྱ་ཤེས༷་པ༷ར་བྱེ༷ད་ལ༷ས་འད༷ས་པ༷་བཞིན༷་དུ་དེ་འདྲའི་གཏན་ཚིགས་ དེ་དོ༷ན་གྱི༷་སྒྲུབ༷་བྱེ༷ད་དུ་མཐོ༷ང་མ༷་ཡི༷ན་ཏེ་འདས་ཀྱང་མཐོང་ན་མིག༷་གི༷ས་གཟུང༷་བྱ་ཉི༷ད་སོ༷གས་བརྗོད་པའི་སྒྲ༷་ཡང་མི༷་རྟག་པ༷་རྟོགས་པའི་རྟག༷ས་སུ༷་ཐལ༷་བ༷ར་འགྱུར༷་རོ། །ཁོ་ན་རེ་མེད་ན་མི་འབྱུང་བ་མ༷་ བསྟན༷་རྟགས་མིན་ནོ་ཞེ༷ས་བརྗོ༷ད་དོ་ཞེ་ན། དེ་བརྗོད་པ༷ས་དེ༷། ཇི༷་ལྟར་མེད་མི་འབྱུང་དང་གང༷་ལ༷་མེད་མི་འབྱུང་བ་ཞེ༷ས་མ༷་བརྗོ༷ད་པ་ན་མི་གོ རྟགས་ཆོས་ལྷ༷ན་ཅི༷ག་རྒྱུ༷་བས༷་ཕྱོགས་ཆོས་ཙམ་ གྱིས་བསྒྲུབ༷་བྱ༷་ལ༷་གོ་བ་སྐྱེའོ་སྒྲུབ་བྱེད་འདྲ་བ་ལ་མེད་ན་མི་འབྱུང་བ་སྟོན་མི་ནུས་པའི་གཏན་ཚིགས་དེ་གཏན་ཚིགས་ཡང་དག་མིན་པར་རྟོག་གོ་ཞེ་ན། དེ༷་མི༷ན་ཏེ་འབྲེལ་བ་མི་མཐུན་མཐུན་པའི་ དཔེ༷་གཉི༷ས་ལ༷ས་གོ་བར་འགྱུར༷་བ༷ས་སོ། །མི༷་རྟག༷་ཉི༷ད་སོ༷གས་དཔེ༷་ལ་མཐོ༷ང་ཟིན་པ༷་དེ༷་བསྒྲུབ༷་བྱར༷་གཞ༷ན་རྩོད་སྒྲུབ་མཁན་པོ་ང༷ག་འདོ༷ད་དམ༷་ཅི༷། རི༷གས་པ༷་ཅ༷ན་པ༷་རྣ༷མས་ན༷་རེ༷། བསྒྲུབ་བྱ་ དང་ཆོས༷་མཐུན༷་པ༷་ལ༷ས་གྲུབ་ཟིན་དཔེར་བརྗོ༷ད་པ༷་དེ༷་བསྒྲུབ༷་བྱ༷་སྒྲུབ༷་པ༷འི་གཏ༷ན་ཚི༷གས་སོ༷། །ཞེ༷ས་པ༷་དེ༷་ལ༷། གལ༷་ཏེ༷་ཆོ༷ས་མ༷ཐུན་པའི་དཔེ་ཙམ་སྟོན་པ་སྒྲུབ༷་བྱེ༷ད་ཡིན་ན༷་ཆ༷་ཤས༷་ལྔ་དང་ལྡན་ 8-12-37a པའི་ང༷ག་སྒྲུབ་བྱེད་མི༷ན་ལ་ལྔ་པ༷་འབྱུང་ཁུངས་ཀྱིས་སྟོན་པའང་མི༷ན། དཔེ་ཙམ་སྟོན་པས་དོན་གྲུབ་པས་དམ་བཅའ་སོགས་འདི་ཆ་ཤས་གཞན་གྱིས་ཅི་བྱ། གཞན་ཀུན་དོན་བྱ་བ་གཅིག་ཟེར་ ན། མིན་ཏེ། སྒྲུབ་བྱེད་ཀྱི་དོན་གཞན་ལ་མེད་པས་སོ། །ཆོས་མཐུན་པ་ལས་ཞེས་ལྔ་སྒྲ་མི་འཐད་དེ། དཔེས་བསྟན་པ་ཉིད་སྒྲུབ་བྱེད་ཡིན་ན་དེ་སྒྲུབ་བྱེད་ཡིན་གྱི་དེ་དཔེ་ཅན་དང་ཅིག་ཤོས་ དཔེ་ལོགས་སུ་མི་འགྲུབ་པའི་ཕྱིར་རོ། །ལས་ཞེས་པས་དཔེ་ལ་སྒྲུབ་བྱེད་ལོགས་སུ་མེད་པར་བསྟན་ཏེ་སྒྲུབ་བྱེད་ཀྱི་དཔེ་ཞེས་བསྟན་པའམ། ཆོས་མཐུན་དཔེར་བརྗོད་པ་ཞེས་བརྗོད་རིགས་ ཀྱི་མཐུན་པ་ལས་ཞེས་པ་མི་རིགས་ཞེས་སོ། །ཆོས་མཐུན་པ་ལས་དེ་བརྗོད་པའི་དཔེར་བརྗོད་ཀྱི་ངག་འབྱུང་བ་བརྒྱུད་ནས་རྗེས་དཔག་སྐྱེ་བས་འབྱུང་ཁུངས་སྨྲས་པ་འཐད་ཅེ་ན། འོ་ན་ ཆོས་མཐུན་ལས་གཞན་ཤེས་འདོད་གཅོད་པ་སོགས་འབྱུང་བས་དེ་ཡང་དེར་ཐལ་ལོ། །ཤེས་འདོད་སོགས་སྒྲུབ་བྱེད་དུ་མི་རིགས་ཟེར་ན། སྒྲུབ་བྱེད་ཅེས་པས་རྗེས་དཔག་དངོས་སུ་བསྐྱེད་ པས་སམ། བརྒྱུད་ནས་ཡིན། དང་པོ་མི་རིགས་ཏེ་ཕྱིར་རྒོལ་ལ་མཉན་པ་པོའི་རྒྱུད་ཀྱི་འབྲེལ་བ་དྲན་པ་ཁོ་ན་གཏན་ཚིགས་སུ་འགྱུར་ལ། གཉིས་པ་ལྟར་ན་ཕྱིར་རྒོལ་གྱིས་སྒྲུབ་ངག་ཐོས་པའི་ 8-12-37b ཉན་ཤེས་ཀྱང་དེར་ཐལ་ལོ། །ངག༷་ཅེས༷་པའི་ཁྱ༷ད་པར༷་ཅ༷ན་དུ༷་བྱ་དགོས་པར་འགྱུར༷། ཤེས་འདོད་སོགས་སྒྲུབ༷་བྱེ༷ད་ཉི༷ད་དུ༷་མི༷་རི༷གས་པ༷ས་གཏན་ཚིགས་མིན་ཞེ་ན་སྒྲུབ་བྱེད་ཅེས་དངོས་བརྒྱུད་གཉི༷ས་ཀ༷་ གང་ཡིན་ནའང༷་སྐྱོན་གཞ༷ན་དུ་འཐོབ༷་པར༷་འགྱུར༷་རོ། །གལ་ཏེ་བརྒྱུད་ནས་གྲུབ་པ་གཏན་ཚིགས་ཡིན་ཡང་ཉན་ཤེས་དེར་མི་ཐལ་ཏེ། ཆོ༷ས་མཐུན༷་བརྗོད་པའི་གཏ༷ན་ཚི༷གས་ནི་ཉན་ཤེས་དེ༷་མ༷་ཡི༷ན་ ཞེ་ན། དེའང་མ༷་ཡི༷ན་དཔེ་བརྗོད་པ་དེ༷་རང་ལ༷འ༷ང་དངོས་སམ་བརྒྱུད་ནས་སྒྲུབ་ཅེས་སྐྱོན༷་གཉི༷ས་ཡོད་ཕྱིར༷། གནས་སྐབས་ཕྱོགས་སུ་བྱས་པ་ལ༷་ཡ༷ང་ནམ་ཡང་ཕྱོགས་ཡིན་ལ་གཞ༷ན་མི༷་ སྲིད་པར་ཐལ་ཏེ། དཔེ་སོགས་ར༷ང་ར༷ང་མཚ༷ན་ཉི༷ད་ཀྱིས༷་གནོ༷ད་པའི་ཕྱིར༷་ཐམས་ཅད་གཏན་ཚིགས་མིན་ཞེ་ན། དེ་ན་རྣམ༷་པ༷ར་བརྟག༷ས་པ་སྲི༷ད་པ་མ༷་ཡི༷ན་པར་ཐལ་བ་གང་དེ་སྲིད་པས་ གནོད་དོ། །དེ༷་ཕྱིར༷་མཐུན་པའི་དཔེ་བསྟན་པ་ཞེས་དྲུག༷་པ༷ར་འགྱུར་ལ་དེ༷་ལ༷་ཡང༷་ལྔའི་ནང་ནས་དེ་གཅིག་གཏན་ཚིགས་བྱ་བའི་ཁྱ༷ད་པ༷ར་དོན༷་མེ༷ད་པ༷ར་འགྱུར༷་རོ༷། །གལ་ཏེ་ཁྱད་པར་བ་དེ་ལས་ གཞན་ངག༷་ཀུན༷་ཏེ་ལྔ་གཏན་ཚིགས་སུ་མི༷་འདོ༷ད་ཅེ་ན༷་ཡང༷་། གང་འདོ༷ད་དེ༷་གཏན་ཚིགས་སོ་ཁྱ༷ད་པ༷ར་ཅ༷ན་དུ༷་གྱིས༷་ཤིག་སྟེ་ཐམས་ཅད་ཡིན་པའི་ཟོལ་འདིས་ཅི་བྱ་ཞེས་སོ། །ངག་གཞན་དག་ 8-12-38a སྒྲུབ་བྱེད་དུ་བཏགས་པའོ་ཟེར་ན། འདོགས་པ་དགོས༷་པ༷་མེ༷ད་པ༷ར་རང་རང་གི་དངོ༷ས་ཀྱི༷་ནི། སྒྲ༷་ལ༷ས་བརྒལ༷་བར༷་འདོ༷ད་པ༷་མ༷་ཡིན་ནོ། །ཡན་ལག་ལྔ་ཀ་སྒྲུབ་བྱེད་ཡིན་ན་ལྔ་ཀའི་རྣམ༷་ གྲངས་སོ་སོར་ཙམ༷་ཡང་སྤྱིར༷་བཏང༷་བ༷་ལ༷། ཡང་ཡིན་མིན་དམིག༷ས་བས༷ལ་བ་ཡོ༷ད་པ༷་སྲི༷ད་མ༷་ཡི༷ན། དམིགས་བསལ་ལ་རྣམ་གྲངས་ཙམ་སྤྱིར་བཏང་ཡོད་པ་སྲིད་མ་ཡིན་འདྲ་སྟེ་དམིགས་ བསལ་ལ་སྤྱི་རྗེས་སུ་འཇུག༷་པ་ཡོད་ཀྱི་སྤྱིར་བཏང་ལ་དམིགས་བསལ་ཇི་ལྟར་མེད་པར་དག་གི་ཁྱད་ཀྱང་ཕྱེ་དགོས་རང་འགྲེལ་ལས་བསྟན་པ་དེ་ཡིན་འདྲ། རྟགས་དེར༷་སྣང༷་གི༷ས་སྟོང༷་པ་ཡི་ ཆོ༷ས་གཞ༷ན་དཔེ་དང༷་མཚུང༷ས་པ་སྟེ་གཏན༷་ཚི༷གས་ཡང་དག་ཉི༷ད་དུ༷་འགྱུར༷་རོ། །ཇི་ལྟར་ན་སྒྲ་རྟག་སྟེ་མཉན་བྱ་ཡིན་ཕྱིར། སྒྲའི་སྤྱི་བཞིན། ཞེས་དང་། དུང་སྒྲ་རྟག་སྟེ་རྩོལ་བྱུང་མིན་ ཕྱིར་གློག་བཞིན། འདི་གཉིས་གཏན་ཚིགས་ལྟར་སྣང་གིས་སོང་སྟེ། འཁྲུལ་བ་དང་བཅས་པ་དང་། འགལ་བ་དང་། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ་དང་། དུས་ལས་འདས་པ་རྣམས་གཏན་ཚིགས་ལྟར་སྣང་ངོ་ཞེས་པའི་གྲངས་ངེས་བྱས་པའི་ནང་དུ་འདུས་ལ། ཆོས་མཐུན་པ་དཔེ་བརྗོད་པ་ནི་ཡོད་པའི་ཕྱིར་རོ། །བྱེ༷་བྲག༷་པ༷་རྣམ༷ས་ན༷་རེ༷། 8-12-38b བསྒྲུབ་བྱ་དེ༷་ད༷ང་ལྡན༷་པ༷འི་ཆོ༷ས་གཏ༷ན་ཚི༷གས་སོ༷་དང་དེ་བརྗོད་སྒྲུབ་ངག་གོ་ཞེ༷ས་རྗོད༷་པ༷ར་བྱེ༷ད་དོ༷། །དེ༷་ལ༷་ཡ༷ང་། སྤྱི༷་ཉི༷ད་གཏ༷ན་ཚི༷གས་ཀྱི་ཆོས༷་སུ༷་ཐ༷ལ་བ༷ར་འགྱུར༷་ཏེ་དེ་ལྡན་པའི་ཕྱིར། ཆོ༷ས་ རྐྱང་ད༷ང་ཆོས༷་ཅ༷ན་རྐྱང་པ་བསྒྲུབ༷་བྱ༷་མི༷ན་ཏེ་གྲུབ་ཟིན་པས་སོ། །དེས་ན་ཁྱ༷ད་པ༷ར་ཤེས་འདོད་ཆོས་ཅན་བསྒྲུབ༷་བྱ༷་ད༷ང་ལྡ༷ན་པའི༷་ཆོ༷ས་རྟགས་སུ་འཐོ༷བ་པར་འགྱུར་ལ་དེ་ལྟ་ན་སྒྲ་རྟག་སྟེ་མཉན་བྱ་ ཡིན་པའི་ཕྱིར་ཞེས་པའང་ཡང་དག་ཏུ་འགྱུར་རོ། །དེ་ལྟ་ན་གཞི་དེ་ཆོས་གཞ༷ན་གྱི༷འང་མ༷་ངེ༷ས་པ༷འང་འགྱུར༷་རོ། །གཞན་གྱིའང་སྟེ་མི་རྟག་དང་ལྡན་པའི་བུམ་པའི་ཆོས་སྒྲ་ལ་གཏན་ཚིགས་སུ་ འགྱུར་ཏེ། མིག་གི་གཟུང་བྱ་སྒྲ་མི་རྟག་པའི་རྟགས་སུ་འགྱུར། ཡང་མ་ངེས་པ་སྒྲ་རྟག་སྟེ་ལུས་ཅན་མིན་ཕྱིར་ཞེས་པའང་རྟགས་སུ་ཐལ་བས་སོ། །དངོས་འགྱུར་གྱི་མཁ༷འ་དང་བདག་ལ་ སོ༷གས་པ་ཡོ༷ད་པ་ཉི༷ད་སྒྲུབ༷་པ༷་ཡི༷། སྦྱོར༷་བ༷འང་འགོ༷ད་པ༷ར་མི༷་བྱེ༷ད་པར་འགྱུར༷་ཏེ་ཆོས་ཅན་མ་གྲུབ་པས་དེ་ཡི་ཆོས་ལྡན་མི་ཤེས་པས་སོ། །སེར༷་སྐྱ་པ༷་ན༷་རེ༷། ཕྱིར་རྒོལ་བ་གཞ༷ན་ལ༷་བསྟན༷་ པར༷་བྱ༷་བའི༷་དོན༷་དུ༷་གཞན་དོན་གྱི་རྗེས༷་སུ༷་དཔ༷ག་པ༷་རྣ༷མ་པ༷་གཉི༷ས་ཏེ༷། གཙོ་བོ་སྒྲུབ་པའི་གཏན་ཚིགས་ལྔ་ལྡན་ལྟ་བུ་རང་ཕྱོགས་སྒྲུབ་པ་འཛིན་པར་གྱུར་པ་རྣ༷མ་པ༷ར་ལྡན༷་པ༷་ད༷ང་། 8-12-39a གཞན་ཕྱོགས་བཀག་པའམ་བས༷ལ་ཏེ་དེ་ཁོ་ན་འོ༷ངས་པ༷་གཞན་བཀག་ཙམ་གྱིས་རང་ཕྱོགས་གྲུབ་པར་འདོད་པའོ༷། །ཞེ༷ས་པ༷་འདི༷་ལ༷། རྣམ་ལྡན་སྒྲུབ་ངག་ནི་དམ་བཅའ་བརྗོད་པ་ སོགས་ཡན་ལག་ལྔ་ལྡན་ནོ། །ཞེས་ཟེར། དེ་ལ་གཙོ་བོ་གཅིག་པུ་ལ་སོགས་ཆོས་ལྔ་ལྡན་དེ་སྒྲུབ་པ་གཏན་ཚིགས་འགོད་དོ། །དེ་ལ་མཚན་ཉིད་ལྔ་ལྡན་གཙོ་བོའི་རང་མཚན་རྗེས་དཔག་ཚད་ མས་གཞལ་བྱར་མི་འཐད་པར་ཐལ། གྲངས་ཅན་པས་དེ་ལྟར་འདོད་པ་རྗེས་དཔག་ཚད་མའི་གཟུང་ཡུལ་སྤྱི་མཚན་ཡིན་པའི་ཤེས་པས་ཀུན་ནས་བསླང་བའི་ཕྱིར། དེས་ན་རྣམ་ལྡན་ལས་ གཙོ་བོའི་རང་མཚན་སྒྲུབ་པ་ནི། རྗེས་དཔག་ཚ༷ད་མ༷འི་ཡུལ༷་སྤྱི་མཚན་ཡིན་པ་མི༷་ཤེ༷ས་པ༷འི་ཕྱིར༷་མི་འཐད་དོ། །བསྒྲུབ༷་བྱའི༷་ཆོས༷་ཀྱང༷་སྒྲུབ༷་བྱེ༷ད་དུ༷་འགྱུར༷་བར་ཐལ་དེ་གཉིས་རང་བཞིན་གཅིག་ པའི་ཕྱིར་གཏམ་རྒྱུད་རྒྱས༷་པའི༷་ང༷ག་གཏན་ཚིགས་ཡང་དག་ཏུ་འཐད་པ་མི༷ན་ལྷག་ཆད་བྲལ་བའི་ངག་བསྡུས་པའང་ཁྱོད་ཀྱིས་བརྗོ༷ད་མ༷་ཡི༷ན། དཔེ་ཤིང་ཤུན་སོགས་ལ་གཙོ༷་བོ༷་དཔེ་ལ་རྗེས༷་ སུ་འགྲོ་བ༷་ད༷ང་ལྡན༷་མི༷ན་ཏེ་རྟགས་སུ་སྐྱེད་བྱེད་སོགས་མ་དམིགས་པས་སོ། །རྟགས་ཀྱི་ངག༷་ཀྱང༷་ཉེ་བ༷ར་འཇལ༷་བྱེད་དུ་མི༷་རི༷གས་ཏེ་ངག་གིས་བསྟན་པ་བཞིན་མི་གྲུབ་པས་སོ། །འབྲས་བུས་ 8-12-39b སྟོང་པས་རྒྱུ་གཅིག་སྒྲུབ་པ་ནི། ད༷མ་བཅ༷འ་བ་གཅིག་པུའི་དོ༷ན་ད༷ང་འག༷ལ་བ༷ར་འགྱུར༷། གཅིག་ཡིན་པའི་རྒྱུ་ཙམ་སྒྲུབ་ན་རྩོད༷་པ༷་མེ༷ད་ཕྱིར༷་རྒྱུ་ཡོ༷ད་ཙ༷མ་ནི་གནོད་བྱེད་དུ་གྲུབ་པ་མིན༷། ཐ༷་ད༷ད་པའི་ཤི༷ང་ཤུ༷ན་ ཡལ་འདབ་ལ༷་སོག༷ས་པ་ཤིང་གི་རིགས་གཅིག་ཡོད་པ་བཞི༷ན། རྗེས༷་འགྲོ༷་ཐ༷མས་ཅ༷ད་པ་ཅན་ཙམ་དུ་སྒྲུབ༷་ཅེ༷་ན༷། རི༷གས་གཅི༷ག་ཉིད་ཀུན་ལ་རྗེ༷ས་སུ༷་འགྲོ་བ༷་ཅ༷ན་ལ་རྟགས་གང་བཀོད་ལྟར་སྣང་ཡང་ འབྲས་བུ་དུ་མ་ལས་གཞ༷ན་གསལ་བ་ཐ་དད་དུ་བདེ་སོགས་འབྲས༷་བུ༷་གཅི༷ག་པ༷་ཉི༷ད་ཐམས་ཅད་རྐྱེན་མིན་གྱི་དེ་དག་ཉེ༷་བར༷་ལེ༷ན་པ༷་གཅིག་གྲུབ་ཅེ་ན། དེ་ལ༷འང༷་སྐྱོན་དེ༷ར་འགྱུར༷་རོ། །ཉེ་བར་ལེན་ པ་བདག་ཤེས་རིག་གི་སྐྱེས་བུ་ལའང་གཙོ་བོའི་འབྲས་བུ་དེར་འགྱུར་ཏེ་བདག་གི་ཤེས་པ་ལ་བདེ་སོགས་ཡིན་པས་སོ། །ཞེས་དང་། ཡང་ན་དེར་ཉེ་བར་ལེན་པའི་རྒྱུ་གཙོ་བོ་གཅིག་ཡིན་ནོ་ ཞེ་ནའང་། སྐྱེས་བུ་ལའང་ངོ་། །དེ་ལ་སྐྱེས་བུའི་རྒྱུད་ཀྱི་བདེ་སོགས་ཕྱིའི་ཡུལ་སྒྲ་སོགས་ཀྱི་ཡིན་གྱི་ནང་གི་མིན་ཟེར་ན། ཕྱི་མིན་ཏེ། ཕྱི་ཡིན་པ་དང་མིན་པ་གཉིས་ཀར་སྐྱོན་ཡོད་པས་སོ། །ཕྱི་ ཡིན་ན་བདེ་སོགས་ཀྱང་སྒྲ་སོགས་དང་ཐ་དད་དུ་དམིགས་པས་རིགས་གཅིག་དཔོག་པ་ལ་གནོད། མིན་ན་གཙོ་བོའི་འབྲས་བུར་ཐལ་ལོ། །དེས་ན་བདེ་སོགས་ཕྱི་མི༷ན་ཏེ་ཡིན་མིན་གཉི༷ས་ཀ༷ར་ 8-12-40a ཡང་སྐྱོན༷་ཡོ༷ད་ཕྱིར༷། རིགས་གཅིག་ཡོད་པར་ཁ༷ས་བླ༷ངས་ན༷་ཡ༷ང་རྟགས་དེ་གཅིག་སྒྲུབ་ལ་འག༷ལ་བ༷་ཉི༷ད་དོ། །དེ་སྒྲུབ་ལ་རྟགས་དེ་མ༷་ངེས༷་པ༷ར་ཡ༷ང་འགྱུར༷་ཏེ་གཉིས་ཀར་ཡོད་པས་སོ། ། དེའི་དཔེ༷་ནི༷་བསྒྲུབ༷་བྱ༷ས་དབེན་པའམ་ཕོ༷ངས་པར་འགྱུར༷་ཏེ་གཙོ་བོ་དེ༷་ཡོ༷ད་མི༷ན་པས་སོ། །གཉིས་པ་བསལ་འོངས་འགོག་པ་ནི། དངོས་འགལ་གཅིག་བཀག་པས་གཅིག་འགྲུབ་མོད་ཀྱི། ཐལ་ བས་སུན་འབྱིན་པ་ན་མ་གྲུབ་དང་མ་ངེས་པ་སོགས་བཀག་པས་གཅིག་ཤོས་མི་འགྲུབ་ཅེས་སོ། །ལུས་ཅན་མིན་ཕྱིར་སྒྲ་རྟག་ཅེས་པ་མ་ངེས་སོ་ཞེས་སུན་ཕྱུང་བ་ན་གཞན་བཀག་ན་ཡང་སྒྲ་ མི་རྟག་ཏུ་སྒྲུབ་པ་མིན་པ་བཞིན་ནོ། །གལ་ཏེ་ཆུ་ཀླུང་གང་བ་རྒྱུ་གཞན་གངས་ཞུ་བ་སོགས་སོ་སོར་བཀག་པས་ཆར་འབབ་པ་རྟོགས་པ་བཞིན་བཀག་པ་ལས་ཀྱང་འགྲུབ་པ་ཡིན་ཞེ་ན། མིན་ ཏེ་ཆུ་ཀླུང་གང་བའི་ངོ་བོའམ་ཁྱད་པར་དེ་ལས་དཔག་པ་ཡིན་གྱི་གཞན་བཀག་པས་མིན་ནོ། །འབྲུག་གློག་ལ་ཆར་འབབ་པའི་རྒྱུ་མཚན་སོ་སོར་བསྟན་པས་ཐོག་ལ་སོགས་པའི་རྒྱུར་ཡང་ཐལ་བར་ འགྱུར་རོ། །དེས་ན་གཞན་བཀག་པ་ཙམ་ལས་རང་ལུགས་འགྲུ༷བ་པ་མི༷ན་ཆུ་གང་བ་ནི་བཀག་པས་མིན་ཏེ་ཁྱ༷ད་པ༷ར་ལ༷ས་ཡི༷ན་ནོ༷། །གཞན་ཕྱོགས་འགེ༷གས་པའི་གཏ༷ན་ཚི༷གས་གཉི༷ས་སུ་གྲངས་ངེས་ 8-12-40b པ་མ༷་ཡི༷ན་པས། གཞན་འགེགས་པའི་ཕྱོགས་ཚིག་དཔེ་དང་འགལ་བ་དང་ཁས་བླངས་འགལ་བ་གཉིས་སུ་མི་ངེས་ཏེ་ཕྱོགས་ཆོས་ཀྱི་ཡན་ལག་མ་ཚང་བའི་སྐྱོན་བསྟན་པ་སོགས་ཀྱང་གཞན་ལ་གནོད་བྱེད་ ཡིན་པས་སོ། །གསལ་བ་རྣམས་རྗེས་འགྲོ་མེད་པའི་ཐ་དད་འབའ་ཞིག་ཏུ་ཐལ་གཙོ་བོ་གཅིག་སྔོན་དུ་མ་སོང་བར་སྔར་མེད་གསར་དུ་སྐྱེ་བའི་ཕྱིར། ཞེས་པ་དང་། སྤྱི་གཅིག་སྔོན་དུ་སོང་སྟེ་གསལ་ བ་རྣམས་ལ་རྗེས་འགྲོ་མཐོང་ཕྱིར་ཞེས་པའི་སྦྱོར་བ་གཉིས་ཀྱང་ཞེས་སམ། ཡང་ན་གཙོ་བོ་གཅིག་སྔོན་དུ་མ་སོང་ན་འབྲས་རྣམས་ཤིན་ཏུ་ཐ་དད་དམ་ཡང་ན་ཤིན་ཏུ་ཐ་མི་དད་དུ་སྐྱེད་དོ་ཞེས་ཐལ་བའི་ སྦྱོར༷་བ༷་གཉི༷ས་ཀྱང༷་རི༷གས་པ་མ༷་ཡི༷ན་ཏེ་ཁྱབ་པ་ངེས་ཤིང་དཔེ་ལ་རྗེས་འགྲོ་མེད་པས་སོ། །གཞན་བཀག་པའི་རྗེ༷ས་ཐོ༷གས་མ༷་ནི༷་བཟློ༷ག་པ༷་རང་རྒྱུད་དམ་རང་ལུགས་སྒྲུབ་པར་འདོད་པ་ལ༷་གཙོ་བོ་ གཅི༷ག་ཡོད་པ་ལས་སྐྱེ་བ་བས༷ལ་བ༷་ལ༷་གནོད་བྱེད་དུ་བཀོད་པ་དེ༷་སྒྲུབ་བྱེད་དུ་མི༷་རི༷གས་སོ། །གཙོ་བོ་སྒྲུབ་པའི་རྣ༷མ་ལྡན༷་ལྔ་ཡོད་པ་བཞི༷ན་དུ༷་དེ་བཟློག་ཐལ་བ་འཕང་པ་ནི་གཏན་ཚིགས་ལྔ༷་ཉི༷ད་མི༷ན་ པར་ཐལ་ལོ། །རྗེས་ཐོགས་མ་འདི་གཞན་ཕྱོགས་གཅིག་བསལ་བས་འོངས་པ་ཡིན་ནམ། མཐའ་དག་ཡིན། དང་པོ་གཅིག་ཁོ་ན་ལ་མི་རིགས་ཏེ་གཙང་སོགས་ཀྱིས་ཀྱང་མི་ངེས་སོ། །རྣམ་ལྡན་ 8-12-41a བཞིན་ལྔ་ཉིད་སོགས་མིན་ཏེ་བསལ་ཏེ་འོངས་པ་ནི་གཞན་ཕྱོགས་བཀག་པ་ལས་འོང་གི མཐའ་དག་ཡིན་ན་བསལ་འོངས་ནམ་ཡང་མི་འགྲུབ་བོ། །རྗེས་ཐོགས་མ་འདི་རྒོལ་བའི་ ཕྱོགས་རེ་རེ་ནས་བཀག་སྟེ་མ་ལུས་པ་བཀག་པའི་རྗེས་ཐོགས་ལ་འདོད་ན་ཐུག་པ་མེད་དོ། །ཞེས་སོ། །རྒོ༷ལ་བ་ཡི་འདོད་པ་རེ༷་རེ༷་ནས་བཀ༷ག་པ༷་ལ༷ས་གལ༷་ཏེ༷་རྗེ༷ས་ཐོ༷གས་མ༷་འདོ༷ད་ན༷་རྒོ༷ལ་བ༷འི་ ལ༷ན་ལ༷་ནི་ཕ་མཐ༷འ་མེ༷ད་ཉི༷ད་ཡིན་པས་དེའི་གྲངས་ཀྱི་བ༷སལ་འོ༷ངས་རྣམ༷ས་སུ༷་ཐ༷ལ་བ༷ར་འགྱུར༷་ཏེ་ཐུག་མེད་ཡིན་པས་རང་ཕྱོགས་སྒྲུབ་མི་ནུས་ཞེས་སོ། །ཞེ༷ས་བྱ་བ་བར་སྐབ༷ས་ཀྱི་ཚིག༷ས་སུ༷་བཅ༷ད་ པའོ། །རྩོད༷་པ༷་སྒྲུབ༷་པ༷་ན༷ས་ནི༷། མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བའི་དོན་ནི། གཏན་ཚིགས་ལྟར་སྣང་བའོ། །མ་གྲུབ་པ། མིག་གིས་གཟུང་བྱའི་ཕྱིར་སྒྲ་མི་རྟག་ལྟ་བུ། མ་ངེས་པ། ལུས་ཅན་ མིན་ཕྱིར་རྟག་ལྟ་བུ། འགལ་བ་གཉིས་ཏེ། བྱེ་བྲག་པས། སྤྱི་དབང་པོས་གཟུང་བྱ་ཡིན་པས་རྟག །ཅེས་དང་། གྲངས་ཅན་པས་རྒྱུ་ལ་འབྲས་བུ་ཡོད་དེ་དེ་ལས་ཡོད་པ་སྐྱེ་བའི་ཕྱིར་ལྟ་བུ་ཟེར། འགལ་ བ་དང་པོ་བྱེ་བྲག་པའི་ངོར་དབང་པོས་གཟུང་བྱ་སོགས་གཉིས་སུ་འཇུག་བས་མ་ངེས་པ་ཡིན་གྱི་འགལ་བ་མིན། ཕྱི་མ་སངས་རྒྱས་པའི་ངོར་མ་གྲུབ་པའམ། གྲངས་ཅན་པའི་དབང་དུ་ན་དཔེ་མེད་པས་ 8-12-41b ཐུན་མིན་ཡིན་གྱི་འགལ་བ་མིན་ནོ། །ཞེས་སོ། །མ༷་གྲུ༷བ་པའི་དཔེ་ཙམ་ལས་ཆོས་ཅན་གྱི་ཕྱོགས་གཅིག་མ་གྲུབ་པ་སོགས་དབྱེ༷་བ༷་དང་མཚན་ཉིད་བརྗོ༷ད་མ༷་ཡི༷ན་པ་དང་། གཞི་གང་དུ་འཁྲུལ༷་པ༷་ཅན་མ་ངེས་པ་ལ༷་ ཡང་དབྱེ་མཚན་བརྗོ༷ད་མ༷་ཡི༷ན་པས་སོ། །མ་ངེས་དེ༷་ནི༷་ཐུན༷་མོ༷ང་མིན་པ་ནི་མ་ངེས་པ༷འ༷ང་ཡོ༷ད་ལ། འག༷ལ་བ༷་ལ་མི༷་འཁྲུལ༷་པ༷་ཅ༷ན་ཡང་ཡོད་ཀྱང་མ་བསྟན་པས་སོ། །འག༷ལ་བ༷་དང་པོ་གཅི༷ག་ནི༷་ཕྱོགས་གཉིས་ ཀར་མཚུང༷ས་པ༷་རུ༷་འཇུག་པས་མ་ངེས་ལ། གཅི༷ག་ནི༷་མ༷་གྲུབ༷་པའམ་ཐུན༷་མོ༷ང་མི༷ན་པའི་མ་ངེས་པའོ། །འགལ་རྟགས་ཀྱིས་བཟློག༷་པ༷་སྒྲུབ་ནུས་པ་ཡི༷་ནི༷་རྒྱུ་མཚ༷ན་ད༷ང་། ཞེ་འདོ༷ད་ལ༷་གནོ༷ད་བྱེ༷ད་སོགས་ཀྱི་ དབྱེ་བ་དག་ཀྱང༷་མ༷་བརྗོད་པས་སོ། །རི༷གས་པ༷་ཅ༷ན་པ༷་རྣམ༷ས་ཀྱི༷་ལྟར༷་ན༷། ལྟར་སྣང་བཞི་སྟེ། འཁྲུལ་དང་བཅས་པ། སྐབས་དང་མཚུངས་པ་དང་། བསྒྲུབ་བྱ་དང་མཚུངས་པ། དུས་ལས་འདས་པ་བཞི་ ལྟར་སྣང༷་དུ་ ༡ འདོད། དང་པོ་མ་ངེས་པ་སྟེ། དེ་ཡང་ཕྱོགས་ཁོ་ན་གནས་པ་མིན་པར་ཕྱོགས་ལས་གཞན་ལ་འཇུག་པའོ་ཟེར། དེ་མི་འཐད་དེ། འགལ་མ་གྲུབ་པ་སོགས་ལས་ཐུན་མིན་གྱི་ཁྱ༷ད་པ༷ར་ཡོ༷ད་པ༷་མི༷ན་ དེ༷་ཕྱོགས་ཁོ་ན་ལས་གཞ༷ན་ ༢ ལ་གནས་མི༷ན། གཏན་ཚིགས་སམ་ ༣ མ༷་ངེས༷་པ༷ར་འགྱུར༷་ཏེ་དཔེ་བསྟན་ཚད་དཔེ་ལ་འཁྲུལ་ན་དེར་འགྱུར་པས་སོ། ། ༤ མ༷་གྲུབ༷་མི༷ན་དང་པོ་མ༷་ ༥ ཚ༷ང་བ་ཡིན་པའི་ལྟར་སྣང་ཡིན་ལ་ཕྱིས་ 8-12-42a བསྒྲུབ༷་བྱ༷་གྲུབ༷་པ༷འི་ཕྱིར༷་ལྟར་སྣང་མིན་ནོ། །རིག་རལ་ལྟར་ན། རིགས་པ་ཅན་པའི་ལྟར་སྣང་ལྔ་དང་པོ་འཁྲུལ་ཅན་ནི་མ་ངེས་པ་དང་ཁྱད་མེད་ལ། འགལ་བ་ཞེས་པ་ནི་གྲུབ་མཐའ་ཁས་བླངས་ ནས་དེ་དང་འགལ་བ་སྨྲ་བ་སྟེ། དཔེར་ན་བྱེ་བྲག་པས་རྡུལ་ཕྲན་ལུས་ཅན་མིན་ཕྱིར་རྩོམ་བྱེད་མིན་ཏེ་ཞེས་པ་ལྟ་བུ་ཟེར། དེ་རང་ལུགས་ལ་རྩོམ་བྱེད་དུ་བཤད་པ་དང་འགལ་བས་སོ་ཟེར། དེ་དག་ ཕྱོགས་ཆོས་གྲུབ་པ་དང་དམ་བཅའ་འགལ་བ་ལ་གཞན་ལྟར་སྣང་རང་རྐྱ་བ་མིན་པའི་ཕྱིར། དེས་ན་གྲངས་ཅན་པས་གཙོ་བོ་རྒྱུ་མིན་ཏེ། སེམས་ཅན་མིན་ཕྱིར་ཞེས་པའང་མ་ངེས་པ་མིན་པར་ཐལ། འགལ་བར་འདོད་དགོས་པས་སོ་ཞེས་འཕང་ངོ་། །གསུམ་པ་སྐབས་དང་མཚུངས་པ་ཞེས་པ། གང་ལས་སྐབས་སུ་བབ་པ་དེ་བསྟན་ཕྱིར་འགོད་པ་སྟེ། བདག་རྟག་པ་ཡིན་ཏེ་ལུས་ལས་ གཞན་མིན་པས་སོ། །ལྟ་བུ་སྟེ་རྟགས་དེ་ཕྱོགས་གཉིས་ཀར་ཡོད་པས་མ་ངེས་པར་འགྱུར་ལྟར་སྣང་ལོགས་སུ་བ་མིན་ནོ། །ལུས་ལས་གཞན་མིན་དཔྱད་གཞི་ཁོ་རང་གི་གཞན་སྒྲུབ་པས་ སམ་དཔྱད་བསྒྲུབ་བྱ་དང་མཚུངས་པ་ནི། བསྒྲུབ་བྱ་དང་ཁྱད་མེད་པས་སྒྲུབ་པ་སྟེ་དཔེར་ན། སྒྲ་རྟག་སྟེ་རེག་བྱ་ཅན་མིན་ཕྱིར་བློ་བཞིན་ཞེས་པ་ལྟ་བུ་ཟེར། དེ་རྟགས་རང་ཡང་སྒྲུབ་པས་བསྒྲུབ་ 8-12-42b དགོས་པ་བསྒྲུབ་བྱ་དང་ཁྱད་མེད་འདྲ། དཔྱད། དེ་སྒྲ་རེག་བྱ་ཅན་འདུས་པས་འདོད་པ་དེའི་ངོར་རྟགས་གྲུབ་པར་བྱས་ཀྱང་དེ་སྒྲ་ལ་གྲུབ་པ་མིན་ནོ་ཟེར། ཡང་དུས་ལས་འདས་པ་ནི། སྒྲ་མི་རྟག་སྟེ་བུམ་པ་ བཞིན་ཞེས་བརྗོད་པ་ལ་གཏན་ཚིགས་བརྗོད་དོ་ཞེས་སྨྲས་པ་དང་། བྱས་པའི་ཕྱིར་ཞེས་བརྗོད་པ་ལྟ་བུའོ་ཟེར། འདི་རྟགས་བརྗོད་དུས་མ་བརྗོད་པས་ལྟར་སྣང་ཟེར་ཡང་དེ་རྟགས་མ་ཚང་བས་སྒྲུབ་བྱེད་ མིན་ལ། ཕྱེ་མས་བསྒྲུབ་བྱ་གྲུབ་པའི་ཕྱིར་ལྟར་སྣང་མིན་ནོ། །བྱེ༷་བྲ༷ག་པ༷འི་ལྟར༷་ན༷། ལྟར་སྣང་གསུམ་སྟེ། མ་གྲུབ། མ་བསྟན། ཡོད་མེད་ཡིན་མིན་ཐེ་ཚོམ་ཟ་བ་གསུམ་ཟེར། དང་པོ་དཔེ་དང་ཆོས་ཅན་ལ་ འབྲེལ་བ་མེད་པ། གཉིས་པ་ཡོད་ཀྱང་ཕྱིར་རྒོལ་ལ་འབྲེལ་བ་མ་བསྟན་པ་དང་དང་པོ་གཉིས་ནི་དཔེ་གཞི་ལ་མེ༷ད་པ༷འ༷མ་ནི༷་ཡང་ན་འག༷ལ་བ༷ར་འགྱུར༷། རྭ་ཅན་ལས་རྟ་དཔོག་པ་བཟློ༷ག་པ་སྟེ་འགལ་ལ། ལྟར་སྣང་ ཀུན་དེར་མ༷་ཚ༷ང་བར་བརྗོ༷ད་པ༷་ཡི༷ན་པས་མི་འཐད་དོ། །ཚ༷ད་མ༷་ཀུན༷་ལ༷ས་བཏུ༷ས་པ༷་ལ༷ས་གཞ༷ན་གྱི༷་དོན༷་རྗེས༷་སུ༷་དཔ༷ག་པ༷་སྟེ་ལེ༷འུ༷་གསུམ༷་པ༷འོ༷།། །།རྟགས་ཀྱི་མཚན་ཉིད་ཚུལ༷་གསུམ༷་པའི་རྟག༷ས་ཞེས༷་བརྗོ༷ད་པ༷་ ལས། ཚུལ་དང་པོ་ཕྱོག༷ས་ཀྱི༷་ཆོ༷ས་སུ༷་ལེ༷གས་གནས་པའི༷། དོན་དེའི་ལྷ༷ག་མ༷་རྗེས་ལྡོག་ཚུལ༷་གཉི༷ས་སུ་གྲག༷ས་པ༷་དེ་ནི་དཔེ༷་ཡི༷ས་སྒོ་ནས་ར༷བ་ཏུ༷་སྟོན༷་པ༷ར་བྱེད་པ་ཡིན་ནོ། །དེ་ལ་བསྒྲུབ༷་བྱའི༷་རྗེས༷་སུ༷་འགྲོ༷་བ༷འི་ 8-12-43a རྟག༷ས། བསྒྲུབ་བྱ་དེ་མེད་ན་མེ༷ད་ཉི༷ད་ཀྱི་འབྲེལ་བ་ག༷ང་ཡིན་པ་དེ་ནི་ཆོ༷ས་མ༷ཐུན་པས་རྗེས་འགྲོ་དང་ཅི༷ག་ཤོས༷་མི་མཐུན་ད༷ང་བཅ༷ས་ཉི༷ད་ཀྱི་དཔེ༷་ལ༷་ར༷བ་ཏུ༷་བསྟན༷་པར༷་བྱ༷་བའོ། །དེ་ལ་རྗེས་འགྲོ་ནི་མཐུན་དཔེ་ཆོས་ལྡན་མིན་པ་ བཅད་ནས་ཡིན་པར་སྟོན་པའི་མ༷་ཡི༷ན་དག༷ག་གི༷་དག༷ག་པ༷་དང༷་དེ༷་བཞི༷ན་ལྡོག་པ་མི་མཐུན་ཕྱོགས་ལ་མེད་པ་ཡིན་པར་སྟོན་པ་མཚ༷ན་ཉི༷ད་མེ༷ད་པ༷་ཡི་དགག་པ་ཡ༷ང་། དཔེར་ན་ལྡོག་པ་ནི། མ༷་བྱས༷་པ༷་ལ༷་རྟག༷་ པ་ཡིས་ཁྱབ་པ༷འ༷མ། རྗེས་འགྲོ་ནི། འཇི༷ག་པ༷་ལ༷ས་འདི༷ར་འབྲ༷ས་བུའམ་བྱས་པ་ཉི༷ད་དུ་ངེས་པ་ལྟ་བུའོ། །འདི༷་གཉིས་ནི༷་རྗེས༷་སུ༷་བརྗོ༷ད་པར་བྱས༷་ན༷་མེད་མི་འབྱུང་མེད་པའི་མ༷་ཁྱབ༷་འདོ༷ད་མི༷ན་པར་གལ་ཏེ་ འདི་ཡི་ཕྱོགས་གཅིག་ལ་མཚུང༷ས་པར་རྗེས༷་སུ་འགྲོ་བའི་ཐུན༷་མོ༷ང་ད༷ང་ནི༷་གཅིག་ལ་མི་འགྲོ་བའི་ཁྱ༷ད་པ༷ར་ཉི༷ད་དམ་མི་མཐུན་ཁོ་ན་ལ་ཡོད་པའི་འག༷ལ་བ༷འ༷ང་སྒྲུབ༷་བྱེ༷ད་ཉི༷ད་དུ་འགྱུར༷་པ༷ར་དོགས་ན་ནི་རེ༷་རེ༷་ འམ་གཉི༷ས་ཀ༷་མ༷་བརྗོ༷ད་པ༷་ཡིན་པ་དེ༷ས་ན༷་དཔེ༷ར་བརྗོ༷ད་གཉི༷ས་སུ༷་བྱ༷་བའོ། །ར༷ང་གི༷ས་རྟགས་ལས་གཞལ་བྱ་རྟོག༷ས་པ༷་བཞིན་དུ་གཞ༷ན་ཕ་རོལ་པོ་ལ༷འང་དེ་འདྲའི་ངེས༷་པ༷་སྐྱེད༷་པ༷ར་འདོ༷ད་པ༷་ཡི༷ས་རྟག༷་ཆོས་ ཅན། ཕྱོག༷ས་ཀྱི་ཆོས༷་སུ་གནས་ཉི༷ད་ད༷ང་རྟགས་ཆོས་ཀྱི་མེད་མི་འབྱུང་གི་འབྲེལ༷་བ༷་དང༷་བཅས་པའི་སྒོ་ནས་བསྒྲུབ༷་བྱ༷་བརྗོ༷ད་བྱ༷འམ་བསྟན་པར་བྱའི་གཞ༷ན་དམ་བཅའ་ཉེར་སྦྱོར་སོགས་རྣམ༷ས་སྤ༷ང་། དེ་ལྟ་ན་ 8-12-43b འང་དཔེ༷་ནི༷་རྟག༷ས་ལ༷ས་ལོ༷གས་པ༷་རུ༷་སྒྲུབ་བྱེད་ཀྱི་ཡན་ལག་རང་རྐྱ་བ་ལྟ་བུ་བརྗོ༷ད་པ༷ར་བྱ༷་བ༷་མ༷་ཡི༷ན་ཏེ༷་གཏ༷ན་ཚིག༷ས་ཀྱི་ཕྱོགས་གཅིག་ཁྱབ་པའི་དོ༷ན་མཚོན་ཅིང་སྟོན༷་པ་ཙམ་ཡིན་པའི༷་ཕྱིར༷། དཔེ་ཉེར༷་འཇ༷ལ་ཞེས་ ཕུང་གསུམ་པའི་ཚད་མ་བཞི༷ན་དུ༷་དོ༷ན་མེ༷ད་པའང་མི༷ན་ཏེ་འདིས་རྟགས་ཀྱི༷་འབྲེ༷ལ་བ༷་སྒྲུབ༷་ཅིང་སྟོན་པའི༷་ཕྱིར༷། ག༷ལ་ཏེ༷་ཕྱོགས་ཆོས་ལ་བསམ་པ་ཡིན་ན་དེ་མིན་པའི་དཔེ༷ར་བརྗོ༷ད་པ་མཐུན་མི་མཐུན་གཉི༷ས་ ཡི༷ན་ན་དེའི་དབང་དུ་དཔེ༷་ནི༷་ཡན་ལག་ལོ༷གས་ཤིག༷་ཉི༷ད་དུ་འདོད་ཀྱང་དེ་ལྟར་གྱིས༷་སྒྲུབ་པ་སྐྱོན་ཅན་ཡིན་ཕྱིར་དང་། གལ་ཏེ་ཁྱབ་པ་སྟོན་པ་ལས་གཞན་པའི་ཡན་ལག་ལོགས་སུ་བ་ཞིག་ཏུ་དེ་མི་འཐད་པར་ཐལ། ཁྱབ་པ་ལས་ལོ༷གས་སུ་ཡི༷ན་ན་འཇི༷ག་རྟེན༷་པ་དང༷་མཚུང༷ས་འགྱུར༷་ཏེ་ཁྱབ་འབྲེལ་མེད་པར་དཔེ་ཙམ་ཡིན་པའི་ཕྱིར། འཇིག་རྟེན་དེ༷་དག༷་གི༷ས་ནི་སྒྲ་བུམ་བྱས་པར་འདྲ་ཞེས་དཔེ༷ར་བརྗོ༷ད་ལ༷། ཁྱབ་པ་མི་དགོས་ པར་ཆོ༷ས་མཐུན༷་ཏེ་འདྲ་བ་འབ༷འ་ཞི༷ག་ཙམ་བརྗོ༷ད་པ༷ར་བྱེ༷ད། བསྒྲུབ༷་བྱ༷་དང་སྒྲུབ༷་བྱེ༷ད་གཉི༷ས་ཀྱི་འབྲེལ་བ་སྤ༷ངས་ནས༷་དཔེ་ཙམ་བཀོད་པ་དེ༷་ལྟར༷་ན་དེ་འདྲ་བ་ཙམ་ཉེར༷་འཇ༷ལ་ཙམ༷་པོ༷ར་འགྱུར༷། འདྲ་བ་ཙམ་ འཇལ་ཡང་གོ་བྱེད་མིན་ཏེ་ཕྱོགས་གཅིག་གིས་འདྲ་བས་རྟོགས་ན་ཧ་ཅང་ཐལ་ལ། ཐམས་ཅད་འདྲ་བ་མི་སྲིད་པས་སོ། །འདྲ་ཙམ་གོ་བྱེད་མིན་ཡང་ཆོ༷ས་མི༷་མཐུན༷་པ༷ས་དེ་གོའོ་ཞེ་ན། ཆོས་ཅན་དེ༷་ལ༷་ཡ༷ང་ཉེ༷་བ༷ར་ 8-12-44a འཇ༷ལ་བ་ལྡོག༷་པ༷་མི་མཐུན་ཕྱོགས་དཔེ་མི༷ན་པར་ཤེས་པ་དེའི་ཆེད༷་དུ༷་ཆོས༷་མི༷་མཐུན༷་པའི༷་སྦྱོར༷་བ༷་དེ༷ས་མི༷་མཐུན་ཕྱོག༷ས་ད༷ང་བསྒྲུབ་བྱ་དེ་མེད་པ་སྟབ༷ས་ཅི༷ག་ཡོད་པ་ཙམ་སྟོན༷་ནོ། །འཇིག་རྟེན་པ་རྣམས་ཆུ་ ཀླུང་ན་མེ་དུ་མེད་ཅེས་པ་བཞིན་དེ་གཉིས་མེད་པར་འཇོག་པ་ཙམ་ཞིག་བརྗོད་ཀྱི་རྟགས་མིན་ནོ། །ལྡོག༷་པ༷་ཡི་དཔེ་དང་བཅས་ཏེ་རྣམ༷་པ༷ར་བརྗོ༷ད་པ༷་ན༷་ཡང་། བསྒྲུབ༷་བྱ༷་སྒྲུབ༷་པའི་གཏན༷་ཚི༷གས་ས༷མ་དེ༷་ཡི༷་ཁྱ༷ད་ པ༷ར་དཔེ་ཙམ་བརྗོད་པ་ཡི༷ན་ཡ༷ང་རུང༷་མེད་ན་མི་འབྱུང་མི་སྟོན་པར་མཚུང༷ས་པ་ཙམ་གྱིས་བསྒྲུབ་བྱ་སྟོན༷་ན་ཐུག༷་པ༷་མེ༷ད་པར༷་འགྱུར༷། བསྒྲུབ་བྱ་སྒྲུབ་པ་ལ་བུམ་པ་བྱས་ཕྱིར་མི་རྟག་པ་བཞིན་སྒྲ་ཡང་མི་རྟག ། ནམ་མཁའ་བཞིན་རྟག་པ་མིན། ཞེས་སམ། བུམ་པ་མི་རྟག་བཞིན་སྒྲ་ཡང་མི་རྟག །མཁའ་བཞིན་རྟག་པ་མིན། ཞེས་སྔ་མ་གཏན་ཚིགས་དང་བཅས་པས་སམ་ཕྱི་མ་དེའི་ཁྱད་པར་དཔེ་ཙམ་ཡིན་ ཡང་རུང་། ཁྱབ་འབྲེལ་ཚུལ་གསུམ་བརྗོད་པས་མིན་པ་མཚུངས་པ་ཙམ་གྱིས་སྟོན་པས་ན། བུམ་པ་མི་རྟག་པ་དེའང་གཞན་དང་དེ་དག་ཀྱང་གཞན་སོགས་ཐུག་མེད་དུ་ཐལ་བས་སོ། །ཚུལ་དང་པོ་ ཕྱོག༷ས་ཀྱི༷་ཆོས༷་ཉི༷ད་ཙམ༷་གཏ༷ན་ཚི༷གས་ཡི༷ན་ལ་དཔེ་དེ་ལས་སྒྲུབ་བྱེད་གཞན་ནོ་ཞེ་ན། ཕྱོགས་ཁོ་ན་གཏན་ཚིགས་ཡིན་ན་མ་ངེས་པ་འཁྲུལ༷་པ༷་ཅ༷ན་ཡ༷ང་གཏན་ཚིགས་སུ་འགྱུར༷་དེས་ན་གཏན་ཚིགས་ཕྱོགས་ཁྱབ་ 8-12-44b གཉིས་ཚང་བ་ཡིན་ནོ། །རེ་རེས་མིན་ཡང་དཔེ་གཉི༷ས་ཀ༷་བརྗོ༷ད་ལ༷་འཁྲུལ་བར་མི༷་འགྱུར༷་ཞེ་ན། ཕྱོགས་ཆོས་དགུ༷་ཡི༷་ནང༷་ནས་གཉི༷ས་ལ་གཉིས་གང་བརྗོད་ཀྱང་འཁྲུལ་པ་སྲི༷ད་དོ། །ཆོས་མཐུན་ཙམ་ཁོ་ན་བརྗོད་ན་ གཞལ་བྱ་ཡང་སྒྲ་མི་རྟག་སྒྲུབ་པའི་རྟགས་སུ་འགྱུར་ལ་མི་མཐུན་ཙམ་ཁོ་ན་བརྗོད་ན་ཐུན་མིན་ཡང་ཡང་དག་ཏུ་ཐལ་བས། གཉིས་ཀ་བརྗོད་ན་འཁྲུལ་ཅན་དུ་མི་འགྱུར་ཟེར་ན། དགུའི་ནང་ནས། དང་པོ་མི་རྟག་ པས་དུང་སྒྲ་རྩོལ་བྱུང་བསྒྲུབ་པ་བུམ་སོགས་མཁའ་སོགས་གཉིས་བསྟན་ཀྱང་མི་ངེས། གཉིས་པ། རེག་བྱ་ཅན་མིན་པས་སྒྲ་རྟག་བསྒྲུབ་ལ་མཁའ་དང་བུམ་པའི་དཔེ་གཉིས་བསྟན་ཀྱང་མི་ངེས་པ་བཞིན་ནོ། ། དཔེ༷་ཡང་དག་བསྟན༷་ཟིན་ཏོ༷། །དཔེ༷་ལྟར་སྣང་ལ་ ༡ གཏན༷་ཚིག༷ས་ལ་རྗེས་འགྲོ་མེད་པ་དང་བསྒྲུབ༷་ ༢ བྱ༷་ལ་དང་རྟགས་ཆོས་གཉི༷ས་ཀ་ ༣ ལ་མེ༷ད་པ། དོན་སྐྱོན་ཞུགས་པའི་མཐུན་དཔེ་ལྟར་སྣང་གསུམ་སྟེ། སྒྲ་ རྟག་སྟེ་རེག་བྱ་ཅན་མིན་ཕྱིར་རྡུལ་ཕྲ་ ༡ རབ་བཞིན་དང་། སེམས་པའི་ལས་ ༢ བཞིན་བུམ་པ་བཞིན་ཞེས་པ་གསུམ་པོ་རིམ་བཞིན་ནོ། །དེ་ཡང་དཔེ་དེ་གཏན་ཚིགས་ལ་རྗེས་འགྲོ་མེད་པ་དང་སོགས་སྦྱར། མི་ མཐུན་ཕྱོགས་ལས་ལྡོག་པ་མེད་པའམ། དེ་ལ་ཞུགས་པའི་དཔེ་ལྟར་སྣང་གསུམ་སྒྲ་མི་རྟག་སྟེ། རེག་བྱ་ཅན་མིན་ཕྱིར། ལས་དང་རྡུལ་ཕྲན་ནམ་མཁའ་རྣམས་རིམ་བཞིན། རྗེས་སུ་འགྲོ་ལྡོག་ཕྱིན་ 8-12-45a ཅི་ལོག་ཏུ་བསྟན་པའི་དཔེ་གཉིས་ནི། རྩོལ་བྱུང་ཉིད་མི་རྟག་པས་སྒྲུབ་པ་ལ་བུམ་པ་དཔེར་བཀོད་པ་ཆོས་མཐུན་གྱི་དང་། གང་རྩོལ་བ་ལས་མ་བྱུང་བ་རྟག་སྟེ་དཔེར་ན་ནམ་མཁའ་བཞིན་ ཞེས་མི་མཐུན་དཔེའོ། །དེ་གཉིས་ཁས་བླངས་ཕྱིན་ཅི་ལོག་ཏུ་བསྟན་པའོ། །ཁྱབ་པ་གོ་བསྣོལ་བ་སྟེ། མི་རྟག་ན་རྩོལ་བྱུང་ཡིན་པས་མ་ཁྱབ། རྩོལ་བྱུང་ཡིན་ན་མི་རྟག་པས་ཁྱབ། རྩོལ་མ་ བྱུང་ན་རྟག་པས་མི་ཁྱབ། རྟག་ན་རྩོལ་མ་བྱུང་གིས་ཁྱབ་པ་བཟློག་པའོ། །དཔྱད། མི༷་མཐུན༷་ཕྱོག༷ས་ལ༷་མེ༷ད་པའི་ལྡོག་ཁྱབ་བསྟན་པར་མ༷་བྱས༷་པ་ཡང་རྗེས༷་སུ་འ༷གྲོ་ལྡོག་ཕྱིན༷་ཅི་ལོ༷ག་ཏུ་བསྟན་ པའི་དཔེ་རྣམ་པ༷་གཉི༷ས་དཔེ་རྟགས་ལྟར༷་སྣང༷་བ་གཞན་རྗེས༷་སུ་འགྲོ༷་ལྡོག་མེ༷ད་པ༷འ༷ང་དཔེ་སྐྱོན་ཡི༷ན་ནོ། །གང་སྨྲ་བ་དེ་འདོད་ཆགས་ལྡན་པས་ཁྱབ། ལམ་པོ་ཆེའི་མིའི་ངག་སྨྲ་བཞིན། ཞེས་ པའི་དཔེ་དེ་རྗེས་ཁྱབ་མེད་ཀྱང་ཡོད་ལྟར་སྟོན་པའི་ལྟར་སྣང་ངོ་། །ཁྱོན་དཔེ་སྐྱོན་དྲུག་གསུམ་བཅོ་བརྒྱད་གཞན་དུ་བལྟའོ། །སྐབས་འདི༷་ལའ༷ང་། འདིར་ཡང་རྟག༷ས་མེ༷ད་ཆོས་དང་ གཉིས་ཀ་མེད་སོ༷གས་དང༷་དཔེ༷་ཡང་དག་ཏུ་མེ༷ད་པ་དང༷་། རྗེས༷་འ༷གྲོ་ཕྱིན༷་ཅི༷་ལོ༷ག་ལ༷་སོ༷གས་པ་ཇི་སྐད་བསྟན་པའི་དཔེ་དེ་དག་ནི། རྟགས་ཆོས་ཀྱི་འབྲེལ༷་པ༷་ལེགས་པར་མ༷་བསྟན༷་པ༷་ཡི༷་ 8-12-45b ཕྱིར༷། དཔེ་ཉེར༷་འཇལ༷་ཙམ་ནི་གོ་བྱ་དང་འབྲེལ༷་པ༷་ཅ༷ན་མ༷་ཡི༷ན་ཏེ་ལྟར་སྣང་ངོ་། །ཞེ༷ས་བྱ༷་བ༷་བར༷་སྐབ༷ས་ཀྱི༷་ཚི༷གས་སུ༷་བཅ༷ད་པ༷འོ༷། །རྩོ༷ད་པ༷་སྒྲུབ༷་པ༷་ནས༷་ནི༷། རྟགས་ཆོས་དེ༷་དག༷་གི༷་འབྲེལ༷་བ༷་ངེ༷ས་ པར༷་བསྟན༷་པ༷་ནི༷་དཔེ༷འོ༷་ཞེས༷་པ༷་ཟེར་བ་ལ༷། འབྲེལ་པ་ཇི་ལྟ་བུ་བརྗོད་ཅེ་ན། གང་རྩོལ་བ་ལས་བྱུང་བ་མི་རྟག་པའོ། །ཞེས་པ་ལྟ་བུ་སྟེ་འདི་ལ་ཁྱབ་པ་དངོས་སུ་མ་བསྟན་ཀྱང་ངེས་པར་སྟོན་ པས་བུམ་པ་ལྟ་བུ་དེས་ཡང་དག་ཏུ་འདོད་པའོ། །བུམ་པ་དཔེར་བྱས་པ་དེ་ཙམ་གྱིས་མེད་ན་མི་འབྱུང་གི་འབྲེལ་པ་མ་བསྟན་པས་དཔེ་ཡང་དག་མིན་ལ་རྟགས་ཆོས་དེ༷་ད༷ག་གི༷་ཐུན་མོང་གི་འབྲེལ་ པ་སྟོན་པ་ཞེས༷་བརྗོ༷ད་པར་མི་བྱ༷་སྟེ་རྟགས་ཆོས་དེ་གཉིས་ཕ༷ན་ཚུན་བསྒྲུབ༷་བྱ༷་ཉི༷ད་མི༷ན་པའི་ཕྱིར༷་ཏེ་འབྲེལ་པ་གཉིས་ཀ་ལ་མེད་ཀྱི་རང་ཁོ་ན་མེད་མི་འབྱུང་མེད་པའོ། །རྟགས་ཆོས་ལ་འབྲེལ་བ་ བཞིན་དུ་ཆོས་ཀྱང་རྟགས་ལ་ངེས་པར་འབྲེལ་བ་མི་དགོས་པའི་ཕྱིར། དེས་ན་བུམ་སོགས་ཀྱི་རྟགས་ཆོས་ལྷན་ཅིག་པ་བསྟན་ཡང་མེད་ན་མི་འབྱུང་གི་ཁྱབ་པ་སྟོན་པ་མིན་ཕྱིར། དཔེ་དང་ ཆོས༷་མཐུན༷་དུ་བསྟན་པ་ཙམ༷་གྱིས༷་རྟགས་ཆོས་ལྷན༷་ཅི༷ག་ཏུ༷་རྒྱུ༷་བ༷་སྟེ་མེད་ན་མི་འབྱུང་བ་སྟོན༷་པར་ནུས་པ༷་ཡ༷ང་མེད་མི་འབྱུང་སྟོན་པ་མ༷་ཡི༷ན་ནོ། །རྗེས་འགྲོའི་དོན༷་གྱིས༷་ལྡོག་པ་བསྟན་ཏེ་མེད་མ་ 8-12-46a འབྱུང་བ་གཞ༷ན་ཡ༷ང་བརྗོ༷ད་ཅེ༷་ན༷། མི༷་མཐུ༷ན་ཕྱོག༷ས་ལ་མེད་པ་དེ༷་བརྗོ༷ད་མི༷་བྱ་བ༷་ཞིག་ནའང་མ་བརྗོད་ན་འཁྲུལ་བས་སོ། །མེ༷ད་ན་མི༷་འབྱུང༷་གི༷་འབྲེ༷ལ་པ༷་དེ༷་མི༷་མཐུན༷་ཕྱོག༷ས་ལྡོག་ཁྱབ་ བསྟན་པ་ཉིད་ཀྱི༷ས་བསྟན༷་པ༷་ན༷་བསྒྲུབ༷་བྱ༷་བཟློག་པའི་དོན་ནི་དེས་མ༷་བཟུང༷་འག༷འ་ཡོ༷ད་པ་མི༷ན་ནོ། །བསྒྲུབ་བྱའི་ཆོས་སུ་སྔར་ཆོས་མཐུན་པས་ཡང་དག་པ་འགའ་ཡང་ཡོད་པ་མིན་པས་ཕྱིར་དོན་ མེད་ཅེས་སོ། །ཡང་འདི་ལས་རྗེས་འགྲོ་ལྡོག་དཔེ་དོན་མེད་ཅེས་སམ། མདོར་ན་མེད་མི་འབྱུང་ནི་དཔེ་གཅིག་གིས་སྟོན་ནུས་པ་དེ་ལས་གཞན་དེས་ཅི་བྱ། ཞེས་སོ། །འདི་དཔེ་སྐབས་ཡིན་ པས་སོ། །གཞ༷ན་མེད་ན་མི་འབྱུང་འབྲེལ་ནི༷་ཕྱོགས་དེ༷་ཡི༷ས་བསྒྲུབ༷ས་པའི༷་ཕྱིར༷་ནའོ། །རྟགས་ཆོས་གཉིས་ཀར་འབྲེལ་ཡོད་ན་རྩོལ་མ་བྱུང་གིས་རྟག་པ་སྒྲུབ༷་པ༷་བསྟན༷་པ༷་ཉི༷ད་ཀྱིས༷་ཀྱང༷་མི༷་ འདོ༷ད་པ༷་ཡི༷་རྟག༷་པ༷་འཐོབ༷་སྟེ་ནགས་མེ་གློག་བློ་སོགས་ཀྱང་རྩོལ་མ་བྱུང་གིས་རྟག་པར་ཐལ་ལོ། །ཁྱབ་མཉམ་ལས་གཞན་གྱིས་བསྒྲུབ་པའི་གཅི༷ག་པ༷་ཉི༷ད་ནི༷་དཔེ༷་ཡི༷་སྐྱོན༷་མ༷་ཡི༷ན་ནོ༷། །ཞེས༷་ བསྟ༷ན་ཟིན༷་ཏོ༷། །རྟགས་ཆོས་ཁྱབ་མི་མཉམ་རིགས་ལ་གང་རུང་གཅིག་བསྒྲུབ་པའི་གཅིག་པ་ཅན་ཡིན་པས་དེ་ཐམས་ཅད་དཔེའི་སྐྱོན་ཞེ་ན་སྟེ། དེ་ལ་རེག་བྱ་ཅན་མིན་གྱིས་རྟག་སྒྲུབ་ལ་ 8-12-46b བློ་བུམ་སོགས་ཇི་བཀོད་ཀྱང་དཔེ་ལྟར་སྣང་བཞིན། རྟག་པས་རེག་བྱ་ཅན་མི་སྒྲུབ་པ། ནམ་མཁའ་བཀོད་པའང་དཔེ་ལྟར་སྣང་ངོ་ཞེ་ན་མིན་ཏེ། ཁྱབ་མཉམ་མི་དགོས་ཞེས་བཤད་ཟིན་ཏོ། ། རིག༷ས་པ༷་ཅ༷ན་པ༷་རྣམ༷ས་ན༷་རེ༷། བསྒྲུབ༷་པར༷་བྱ་བའི༷་ཆོ༷ས་སྒྲ་མི་རྟག་ད༷ང་རྩོལ་བྱུང་མཐུན༷་པ༷་ཡི་དཔེ་ལས་བསྒྲུབ་བྱའི་ཆོ༷ས་དེ༷་རྟོག༷ས་པའི༷་དཔེ་དཔེ༷ར་བརྗོ༷ད་པ༷་བུམ་པ་ལྟ་བུ་དང༷་། ཚུལ༷་དེ༷་ བཟློག༷་པ༷་ལས་དཔེ༷་དེ༷་ཕྱིན༷་ཅི༷་ལོ༷ག་པའོ༷་མི་མཐུན་པའི་དཔེའོ་ཞེས༷་ཟེར༷་རོ༷། །ལུགས་དེ༷་ལ༷འང༷་། འབྲེལ་པ་མི་སྟོན་པས་གོ༷་བྱེ༷ད་ཀྱི་རྒྱུ་མཚན་དུ༷་དཔེ་དེ༷་མཐོང༷་བ༷་མ༷་ཡི༷ན་པས་མི་འཐད་དོ། །གཏན་ ཚིགས་དང་འབྲེལ་བའི་ཁྱབ་པ་སྟོན་པ་ཙམ་མིན་པ་དཔེ་ཞེས་པ་དེ་གོ་བྱེད་དུ་མི་རུང་སྟེ། སྒྲ་མི་རྟག་པ་ལ་ནམ་མཁའ་བཞིན་ནོ། །འབྲེལ་བ་མི་སྟོན་ཡང་དཔེས་ཆོས་སྒྲུབ་ནུས་ན་ཐམས་ ཅད་ཀྱིས་ཐམས་ཅད་སྒྲུབ་ནུས་སོ། །དེས་ན་རྟགས་ལ་ལྟོས་མེད་ཀྱི་དཔེ་ཞེས་པ་གོ་བྱེད་མིན་ལ། རྟགས་ཀྱིས་ཀྱང་མཐོང་དཔེས་ཀྱང་མཐོང་ན་ནི་གང་རུང་གཅིག་ལས་གཉིས་ཀ་ དགོས་པ་མེད་དོ། །དེ་བཞིན་དཔེ་གཉིས་ཀ་ཡང་ངོ་། །སྒྲ་མི་རྟག་རྟོགས་དོན་དཔེ་དང་རྟགས་གཉི༷ས་ཀ་སྨོས་པ༷་དོ༷ན་མེ༷ད་འགྱུར༷་ཏེ་དཔེ་རྟགས་གཉིས་ཀའང་སྒྲུབ་བྱེད་ཀྱི་རྣམ༷་ 8-12-47a གྲང༷ས་ཕྱིར་གྱུར་ཀྱང་དགོས་ན་དཔེ་ལ་དཔེ་གཞ༷ན་ལས་གྲུབ༷་ཕྱིར་ཐུག་མེད་དུ་འགྱུར་རོ། །རིགས་པ་ཅན་པའི་སློབ་མ་ཁ་ཅིག་དཔེ་གང་ལ་བརྟེན་ནས་བསྒྲུབ་བྱའི་ ཆོས་དེ་རྟག་པ་དཔེའོ་ཞེས་བརྗོད་པ་མི་རིགས་ཏེ། དཔེ་གཉིས་སྦྱར་ཀྱང་དཔེ་ཙམ་གྱིས་ཅི་ཡང་མི་རྟོགས་སོ། །དེ་ཡང་གོང་གི་རིགས་པས་སོ། །བསྒྲུབ༷་བྱའི༷་ཆོ༷ས་ད༷ང་དཔེ་གཉིས་སྦྱར༷་ བར༷་མི༷་བྱ༷་སྟེ་མི་རྟོགས་པས་སོ། །གཞི་གང༷་ལ༷་ཆོས་གང༷་གི༷་དཔེ༷ར་བརྗོ༷ད་ཀྱིས༷། སྒྲ་མི་རྟག་ལ་བྱས་པའི་བུམ་པ་དཔེར༷་བརྗོ༷ད་པ༷་ལ༷་ལྟོས༷་ནས༷་ནི༷་སྒྲ་ཡ༷ང་དེ༷་བཞི༷ན་ནོ་ཞེ༷ས་ཉེར༷་སྦྱོར༷་བ༷་དང་། ཡང་ བསྒྲུབ༷་བྱ༷་སྒྲ་མི་རྟག་ལ༷་ཡ༷ང་དེ་བཞི༷ན་ཞེས་ཉེ་བ༷ར་སྦྱོར༷་བ༷་རི༷གས་མ༷་ཡི༷ན་ཏེ་ངག་ལྷག་ཆད་ཅན་ཡིན་པས་སོ། །བུམ་པ་བྱས་པ་དེ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་ཚིག་སྦྱོར་བ་དང་། དེའི་ ཕྱིར་བུམ་པ་བཞིན་སྒྲ་ཡང་མི་རྟག་ཅེས་ཚིག་ཉེ་བར་སྦྱར་བ་དོན་མེད་དེ་དགོས་པ་མེད་པས་སོ། །ཡང་བྱས་པ་གཏན་ཚིགས་སུ་བྱས་པ་ནི་བྱས་པའི་སྤྱི་ཡིན་ལ། བུམ་པའི་བྱས་པ་ནི་བྱས་ པའི་བྱེ་བྲག་ཡིན་པས་གཅིག་དོན་མེད་མིན་ཞེ་ན། འདི་ལ་བྱས་པའི་ཕྱིར་མི་རྟག །བུམ་པ་བཞིན། སྒྲ་ཡང་བྱས་པའི་ཕྱིར་མི་རྟག་ཅེས་ཡན་ལག་ལྔ་ལྡན་ལ་ཟེར་འདྲ། བྱས་ 8-12-47b པའི་སྤྱི༷་ཉི༷ད་གཏན༷་ཚིག༷ས་ཉི༷ད་དུ༷་བརྗོ༷ད་པ་ཡིན་གྱི་བྱས་པའི་བྱེ༷་བྲག༷་ནི་ཆོས་ཅན་སོ་སོ་བ་རང༷་ལ༷་རྟེན༷་ཅིང་དེ་ཁོ་ནར་རྗེས༷་སུ་འབྲང༷་བས་དཔེ་ལ་སྤྱིར་ཁྱབ་བྱེད་མིན་ནོ། །ཆོས་མི་མཐུན་སྦྱོར་ནི། བྱས་པའི་གཉེན་པོ། རྟག་པ་དགག་པའི་ཆེད་དེ་བྱས་རྟག་ལྷན་ཅིག་གནས་པ་གཅོད་པའི་ཕྱིར་ཡིན་ཟེར་རམ། མཇུག་སྡུད་དམ་ཉེར་སྦྱོར་ནི་དེའི་ཆེད་དོ་ཞེ་ན། དེ་མིན་ཏེ། བྱས་པ་ སྨྲས་པས་དེ་ཆོད་ཀྱི་མི་དགོས་སོ། །དེ་མི་ཆོད་ན་ཉེར་སྦྱོར་གྱིས་ཀྱང་མི་ཆོད་ལ་དཔེ་ཙམ་གྱིས་ཀྱང་ག་ལ་ཆོད། ཅེས་སོ། །བྱས་པ་ནི་གཉེན༷་པོའི་ཕྱོག༷ས་རྟག་པ་དང༷་ལྡན༷་པ༷་མི༷ན་ན་དེའི་ ཆེད་དུ་ཡན་ལག་གཞན་མི་སྦྱོར༷། ཆོས་མི་མཐུན་དཔེ་ཙམ་བསྟན་པས་བཟློག་ཕྱོགས་གཉེན་པོར་འགོག་ན་ཁྱད་པར་གྱི་ཆོས་མཉན་བྱ་སོགས་བསྟན་པས་ཀྱང་དེ་འགོག་རིགས་པར་ ཐལ་ཏེ་དེ་གཉིས་འདྲ་ཞེས་དེས་གཅོད་པའི་ནུས་པའི་ཁྱབ་པ་མེད་པས་སོ། །གལ་ཏེ་དཔེ་ཙམ་གྱིས་མི་མཐུན་ཕྱོགས་ཆོད་ན་ཁྱ༷ད་པ༷ར་ཐུན་མིན་གྱི་སྒོ༷་ནས༷་ཀྱང༷་གཉེན་པོ་འགོག་པ་དེར༷་འགྱུར༷་ཏེ་ དེ་གཉིས་ཆོས་མི་མཐུན་པས་སོ། །བྱེ༷་བྲག༷་པ༷་རྣམ༷ས་དམ་བཅའ་དང་གཏན་ཚིགས་ཀྱི་ངག་གཉི༷ས་ཀ༷་རབ༷་ཏུ༷་གྲུབ༷་པ༷་དཔེ༷འོ༷་ཞེ༷ས་ཟེར༷་རོ༷། །དེ༷་ལ༷་ཡ༷ང་། དམ་བཅའ་དང་གཏན་ཚིགས་ 8-12-48a ཀྱི་ངག་གཉིས་ཀ་ལ་གྲུབ་པ་ཞེས་པ་འདི་ཅི། ཁྱོད་རང་འདོད་པའི་འདུ་འབྲེལ་དྲུག་ཡིན་ན་སྒྲ་ནམ་མཁའི་ཡོན་ཏན་ཡིན་པས་དེ་དང་འདུ་འབྲེལ་སྒྲུབ་པའི་ནམ་མཁའ་ ཁོ་ན་དཔེར་འགྱུར་གྱི་གཞན་མི་སྲིད་དོ། །ཇི་སྟེ་བསྒྲུབ་བྱའི་ཆོས་དེའམ་ངག་དེ་གཉིས་ཀྱི་དོན་དེའང་འགྲུབ་པ་དཔེའོ་ཟེར་ན། ངག་གི་ཆ་ཤས་སམ་ངག་གི་ཕྱོགས་གཅིག་སྟེ་དཔེ་སྟོན་པའི་ ངག་ནི་བསྒྲུབ་བྱེད་དུ་མི་འཐད་དེ་སྒྲུབ་བྱེད་མིན་པས་སོ། །གཞན་ལ་ཡིད་བརྟན་མི་སྣང་ངོ་། །ནམ་མཁ༷འ་ཁོ་ན་དཔེ༷ར་བརྗོ༷ད་པ༷འི་སྦྱོར༷་བ༷་འགོད་དགོས་པ༷འམ། ངག་དོན་ཡིན་ན་ ངག༷་གི༷་ཕྱོགས་གཅི༷ག་དཔེ་སྟོན་པ་ཉི༷ད་ཀྱང༷་སྒྲུབ་བྱེད་མིན༷་པར་ཐལ་ལ། དེ་འདྲའི་དཔེ་དེས་རྗེས༷་འ༷གྲོ་ཡི་ཚུལ་བརྗོ༷ད་པར༷་མི༷་བྱེད་པ་དེ༷་ནི༷་དཔེ༷་ཡི༷་གཟུག༷ས་བརྙན༷་ཡི༷ན་གྱི་དཔེར་མི་རུང་ངོ་། ། གལ་ཏེ་དཔེ་དེ་བསྒྲུབ་བྱ་ནི་སྒྲུབ༷་བྱེ༷ད་ཀྱི་ཉེ༷་བ༷ར་སྦྱར༷་དོ༷ན་ཅན་ཡིན་ན༷་དཔེ༷་འདི་སྒྲུབ་བྱེད་ར༷ང་རྒྱུ༷ད་ཡི༷ན་ལ་དེ་ལྟ་ན་ཡ༷ང་འདི་དོ༷ན་མེ༷ད་འགྱུར༷་ཏེ་སྒྲུབ་བྱེད་ཚུལ་གསུམ་ཁོ་ན་ཡིན་པས་སོ། །དཔེ་འདི་སྒྲུབ་བྱེད་ དུ་ཉེ་བར་སྦྱོར་ཚེ་འདི་རང་རྒྱུད་ཡིན་ན་གཏན་ཚིགས་ཀྱི་དོན་གྱི་ཕྱོགས་གཅིག་ཡིན་ལ་དེ་ལྟ་ན་འདི་སྒྲུབ་མི་ནུས་པས། འདི་དོན་མེད་ཅེས་སོ། །ཚད༷་མ༷་ཀུན༷་ལ༷ས་བཏུས༷་པ༷་ལ༷ས་དཔེ༷་ད༷ང་དཔེ༷་ 8-12-48b ལྟར༷་སྣང༷་བརྟག༷ས་པ༷་སྟེ༷་ལེ༷འུ་བཞི༷་པ༷འོ༷།། །།འདིར་སེར་སྐྱ་པ་ལ་སོགས་པ་ན་རེ། དོན་གོ་སོགས་ཚད་མ་གཞན་ཡོད་པར་མ་ཟད་ལུང་ཚིག་ལས་ཤིན་ལྐོག་ཤེས་པ་སྒྲུབ་འཇུག་ཡིན་ ལ། དེ་སྒྲ་ལས་བྱུང་བའི་ཚད་མ་ཕུང་གསུམ་པའོ་ཟེར། དེ་ལ༷་སྒྲ་ལ༷ས་བྱུང༷་བ༷་ཞེས་སྨྲ་པོའི་བརྗོད་འདོད་དཔོག་པ་ལ་ཚད་མ་ཡིན་པས་རྗེས༷་དཔག༷་ལ༷ས་ཚད༷་མ༷་གཞ༷ན་ཕུང་གསུམ་པ་མི༷ན་ འདི༷་ལྟར༷་དེ༷་སྒྲུབ་པའི་སྒོ་ནས་འཇུག་པ་མིན་པས་སོ། །ར༷ང་གི༷་གཞལ་བྱའམ་རྟོགས་བྱའི་དོ༷ན་ལ༷་དཔེར་ན་བྱས༷་པས་མི་རྟག་སོ༷གས་སྒྲུབ་པ་བཞི༷ན་དེ་མིན་གཞ༷ན་སེ༷ལ་བའི་སྒོ༷་ནས༷་སྟོན༷་པ༷ར་བྱེ༷ད་ པའོ། །གནས་སྐབས་ལྔ་བྲལ་གྱི་ངག་ལས་བརྗོད་འདོད་ཙམ་དཔོག་གི སྒྲ་དོན་ལ་འབྲེལ་བ་མེད་པས་མི་འཁྲུལ་བ་མེད་དོ། །ལུང་ཡང་རྗེས་དཔག་ཏུ་འདུས་སོ། །དེ་ལ་སྒྲ་གཞན་སེལ་བས་ཡིན་ པར་སྟོན་པ་ལ། གཟེགས་ཟན་པ་སོགས་ན་རེ། ཤིང་ཉིད་ཅེས་པའི་རིགས་དོན་གཞན་ཡོད་ལ། དེ་རིགས་བརྗོད་པའི་སྒྲས་སྒྲུབ་པའི་ཚུལ་གྱིས་བརྗོད་པས་གསལ་བ་ཐམས་ཅད་གོའོ་ཟེར། བྱེ་བྲག་ མཐའ་མེད་པ་ལ་སྒྲ་རེ་རེ་བརྡ་བྱས་ནས་འབྲེལ་མི་ནུས་པས་སྒྲ་ཡིས་བསྟན་མི་ནུས་ལ། དེ་མ་ནུས་པས་རིགས་སྒྲ་དང་ཡང་དེའོ། །དེ་བཞིན་རིགས་རང་དང་ཡང་དེའོ། །གཞན་ཡང་ཡོད་པ་ནི་ 8-12-49a ཀུན་ལ་ཐུན་མོང་པ་ཡིན་ཁྱད་པར་ལ་འཁྲུལ་ལོ། །དེས་ན་རིགས་སྒྲས་སྒྲུབ་པ་མི་སྟོན་དེ་མིན་བཅད་ཙམ་སྟོན་ཞེས་སོ། །བྱེ་བྲག་ཐ༷་ད༷ད་རྣམ༷ས་ཀྱི་རྗོ༷ད་བྱེད་ནི་རིགས༷་ སྒྲ་གཅིག་མི༷ན་ཏེ་བྱེ་བྲག་ལ་མཐའ༷་ཡོ༷ད་པ་མི༷ན་ཕྱིར༷་དེ་སྙེད་གོ་མི་ནུས་ལ་གོ་ཡང་འཁྲུལ༷་པའི༷་ཕྱིར༷། བྱེ་བྲག་པ་ཁ་ཅིག་ནི། རིགས་སྒྲ་ཙམ་མམ། དེ་ལྡན་གསལ་བ་ཙམ་ལ་འབྲེལ་ཆོག་པས་ འབྲེལ་བའི་དབང་གིས་འབྲེལ་ཅན་ལ་མི་འཁྲུལ་ལོ་ཞེ་ན། སྤྱི་གསལ་ཐ་དད་ཀྱི་དོན་ལ་གསལ་བ་སོ་སོར་རྗོད་བྱེད་དུ་སྤྱི་མི་རུང་སྟེ། རྫས་ལྟ་བུ་ལ་ཡོད་པ་ཡོད་ན་ཡོན་ཏན་ལ་ཡོད་མི་ཤེས་པ་ སོགས་སྤྱི་བྱེ་བྲག་གི་གཞི་མཐུན་མི་སྲིད་དོ། །རིག༷ས་སམ༷་དེ་ལྡན༷་འབྲེལ་སྒྲ༷་གསལ་བ་ཐ༷་ད༷ད་ཀྱི༷་དོན༷་ལ༷་སོ༷་སོ༷ར་བྱེ་བྲག་ཕྱེ་སྟེ་རྗོ༷ད་བྱེ༷ད་མི༷ན། ཡ༷ང་བརྗོ༷ད་པ༷། སྔོ་སོགས་ཡོན༷་ཏན༷་ ད༷ང་ནི༷་ཤིང་སོགས་ཡོ༷ན་ཏན༷་ཅ༷ན་བརྗོ༷ད་པ༷འི་སྒྲ་ནི་རྣམ༷་དབྱེ༷་ཐ༷་ད༷ད་དུ༷་ངེ༷ས་པ་ཡོད་ཕྱིར༷་གཞི༷་དང༷་ཆོས་དེ་ངོ་བོ་གཅིག་ཏུ་མཐུ༷ན་པ༷་ཡི༷་རྫས༷་ཤིང་སྔོན་པོ་ལྟ་བུ་དང༷་དེ་བརྗོད་ཀྱི༷་སྒྲ་ད༷ག་རབ༷་ཏུ༷་གྲུབ༷་ པས་ན་སྤྱི་གསལ་ཐ་དད་མིན་ནོ། །བསྡུ༷་བའི༷་ཚི༷གས་སུ༷་བཅད་པ༷འོ༷། །ཡོན་ཏན་དང་ཡོན་ཏན་ཅན་སོགས་ཀྱི་འབྲེལ༷་པ༷་ནི་རྫས་བརྗོད་པའི་སྐབས་འདིར༷་འབྲེལ༷་ཅ༷ན་གྱི༷་ཆོ༷ས་གཉིས་པོ་ 8-12-49b བརྗོད་པ་ཉིད་ཀྱིས༷་ཤུགས་ལ་འཕང༷ས་པར༷་བརྗོ༷ད་པ༷་ཀ་རའི་རོ་སྤོས་ཀྱི་དྲི་བཞིན་ནོ་སྟེ༷་ཀ་རའི་རོ་སོགས་ཀ་ར་དང་རོ་གཉིས་ཏེ་འབྲེལ་ཅན་བརྗོད་པའི་ཤུགས་ལ་གོ་ཡི་འབྲེལ་བ་ཁོ་རང་རྐྱ་བ་མི་ བརྗོད་དོ། །ཆོས་ཆོས་ཅན་དག་ནི་དེ༷་ལྟར་འབྲེལ་པའི་དངོས༷་པོ༷ར་བྱས༷་ནས༷་བརྗོ༷ད་ཀྱི༷་འབྲེལ་པ་ཞེས་རང་རྐྱ་བའི་དངོས༷་པོ༷་གཞ༷ན་གྱི༷་སྦྱར༷་བར་མི༷་བྱ༷་བའོ། །ཤིང་གསལ་འདི༷་ཡི༷་ རི༷གས་ཀྱི༷་སྒྲ༷་ཡི༷ས་ནི༷། རིགས་དོན་གཞན་སོགས་བརྗོ༷ད་པ༷ར་བྱ༷་བ༷་ཉི༷ད་མི༷་འཐད། སྤྱི་དོན་གཞན་ཡོད་ཀྱང་དེ་བརྗོད་པས་དེ་ཐམས་ཅད་ལ་ཁྱབ་པས་མདུན་ན་གནས་པ་སོགས་ བྱེ་བྲག་གོའོ་ཞེ་ན། སྤྱི་རྫས་གཞན་དེ་གོ་ཡི་བྱེ་བྲག་མི་གོ་སྟེ་དེ་དེ་ལ་རང་དབང་དུ་མི་འཇུག་པ་བརྟགས་པའི་ཕྱིར་འབངས་ལ་རྒྱལ་པོ་བཞིན་དང་དེ་གཉིས་གཞི་མཐུན་མི་སྲིད་པའི་ ཕྱིར། ཞེས་སོ། །ཡང་ན་སྔ་མ་དེ་གཉིས་ཀྱི་ཕྱིར་འབངས་ལ་རྒྱལ་པོ་བཏགས་ཀྱང་རྒྱལ་པོའི་བློ་མི་སྐྱེ་བ་བཞིན། དེ་གཉིས་བློས་འཛིན་སྟངས་ཀྱི་ཚུལ་ཐ་དད་པའི་ ཕྱིར་ཞེས་མི་འཐད་དོ། །དེས་ན་སྤྱི་སྒྲ་བྱེ་བྲག་ལ་ར༷ང་དབ༷ང་དུ་འཇུག་པ་མེ༷ད་ཕྱིར༷་སྤྱི༷་རང་དེ༷་ལྡན༷་གོ་བ་མི༷ན་ཏེ་དེ་མིན་ལ་དེར་བཏག༷ས་པའི༷་ཕྱིར༷་དང༷་དེ་གཉིས་གཞི་མཐུན་པའམ་ 8-12-50a འདྲ་བ་མི༷་སྲི༷ད་ཕྱིར༷་དཔེར་ན་འབང༷ས་ལ༷་རྒྱལ༷་པོ༷ར་བཏག༷ས་པ༷་བཞི༷ན་དོན་གཞན་པ་དེ་གཉིས་ཀྱི་འཛིན་པ་བློ༷་ཡི༷་ཚུལ༷་ཐ༷་ད༷ད་པའི་ཕྱིར༷་རོ༷། །དེས་ན་སྤྱི་ སྒྲས་བྱེ་བྲག་སྒྲུབ་ཚུལ་དུ་མི་གོའོ། །ཁྱད་གཞི་གང་ལ་སྤྱི་སྒྲས་ཁྱད་པར་རིམ་གྱིས་གོ་བ་ཡོད་མོད་དེ་དེ་ནི་གཞན་སེལ་ལོ། །གང་མཚུངས་པར་རྟོགས་པ་ལ་ནི་རི༷མ་གྱིས༷་རྗོད༷་ པ༷ར་བྱེ༷ད་པ༷་ནི༷་ཡོད་དོ། །དཔེར་ན་ཀུ༷ནྡ༷་དུང༷་དང་ཟླ་བ་སོག༷ས་ཀྱི་དཀར༷་པོ་བརྗོད་པ་བཞི༷ན་ཏེ། དཀར་པོ་སྤྱི་ལས་ཁྱད་པར་ངེས་པ་དང་། མིག་དང་གཟུགས་སོགས་ ཀྱི་དངོས་པོ། འཁོར་འདས་ཀྱི་ཆོས་ཞེས། སྤྱི་ལས་དེ་མིན་བསལ་བའི་ཁྱད་པར་རེ་རེའི་སྒོ་ནས་ཤེས་དགོས་ཀྱང་། འདི་རང་ཅི་ན་ཤིང་ཞེས་པས་ནི་བྱེ་བྲག་མི་ གོའོ། །དེས་ན་སྤྱིའི་ཤེས་པ་བྱེ་བྲག་ལ་འཕོས་པའི་འདྲ་བ་ནི་མིན་ལ། གལ་ཏེ་སྤྱིས་ཕན་པའི་སྒོ་ནས་བྱེ་བྲག་འདྲ་བའང་མིན་ཏེ་འདི་ལྟར་ཡོན༷་ཏན༷་གཞན་གྱིས༷་ཕན་ བཏག༷ས་པའི་རྫས་ཀྱི་དངོ༷ས་པོ༷་ལ༷། ཡོན་ཏན་དང་འདྲ་བའི་བློ༷་མེ༷ད་པ༷ར་ཡང་ཤེལ་སྔོན་པོ་ཞེས་དངོས་པོའི་བློ་འཇུ༷ག་པར༷་འགྱུར༷་རོ་དེས་ན་འདྲ་བ་མི་སྲིད་དོ། །ཤེལ་སྔོན་ 8-12-50b པོ་ལྟ་བུ་ལ་ཡོན་ཏན་དོན་གཞན་སྔོན་པོས་ཕན་བཏགས་པ་ལ་ལྟོས་ནས་ཤེལ་སྔོན་པོའི་ངོ་བོར་རྟོགས་ཀྱི་རྫས་རང་གིས་གཞན་ལ་ལྟོས་མེད་དུ་ཁྱད་པར་ཅན་དུ་གྱུར་པ་མིན་ཞེ་ན། དབང་ཤེས་ནི་དངོས་ པོ་དུ་མ་འདྲེས༷་པའི༷་ཚུལ༷་དུ༷་གྱུར་པའི་ཆ་ནས༷་རྣམ་པ་ཐ༷མས་ཅ༷ད་དུ་ལོ༷ག་པའི༷་ཤེས༷་པར༷་ཐ༷ལ་བར༷་འགྱུར༷་རོ། །གཞན་ཡང་ཡོན་ཏན་སོགས་ཀྱི་སྒོ་ནས་རྫས་ཁྱད་པར་དུ་འབྱེད་ན། རས་ཁྲ་བོ་ལྟ་བུའི་རྫས་ དེ་ཁ་དོག་སོགས་སོ་སོའི་སྒོ་ནས་རིམ་གྱིས་འབྱེད་དམ། ཅིག་ཆར་འབྱེད། ཕྱི་མ་ལྟར་ན། སྤྱི་སོག༷ས་ཁྱད་པར་མང༷་པོ༷་ཉི༷ད་དང༷་ནི༷་ཁྱད་པར་ཅན་ཅི༷ག་ཆར༷་འཛི༷ན་པར་འདོད་པ༷་རྣམ༷ས་ལ༷་ཡ༷ང་། དེ་ནས་ཁྱད་བྱེད་ཆོས་སྤྱི་ལ་སོགས་པ་མང་པོ་དང་ཅིག་ཆར་འཛིན་མི་སྲིད་དེ། བུམ་པའི་སྤྱི་དང་། ས་ལས་བྱུང་བ་རྫས། དབྱིབས་ཟླུམ་པོ་སོགས་གང་གིས་ཁྱད་པར་དུ་བྱེད་པ་དུ་ མ་བུམ་པ་དང་འདྲེས་ན་ནི་ཡོན་ཏན་ཁྱད་བྱེད་པ་པོ་ཡིན་པའང་ཉམས་ཏེ་ཁྱད་འབྱེད་མི་ནུས་ལ། རིམ་གྱིས་འབྱེད་ན་གཟི་སོགས་ཁྲ་བོ་དབང་པོས་ཅིག་ཆར་བ་མཐོང་བས་གནོད། ཅེས་སོ། །དེ་ལའང་ཁྱད་པར་གྱིས་ཁྱད་པར་ཅན་ལ་ཕ༷ན་འདོག༷ས་པ༷་ནི་འགལ༷་བ༷ར་འགྱུར༷་ཏེ་དེ་ཀུན་འདྲེས་པས་སོ། །རིམ་གྱིས་འབྱེད་ན་གཟི༷་ཡི༷་ཁྲ༷་བོ༷་ཐམ༷ས་ཅ༷ད་ཅིག་ཆར་མཐོང༷་ 8-12-51a བས་གནོད་དོ། །ཡོན་ཏན་ཡོན་ཏན་ཅན་དེ༷་དག༷་ཐ༷་ད༷ད་ཡིན་ཡང་ཡོན་ཏན་གྱི་སྒོ་ནས་ཡོན་ཏན་ཅན་རྟོགས་པར་འདོད་པ་རྣམ༷ས་ལ༷་ཡ༷ང་སྤྱི་དེ༷་ད༷ང་ལྡན༷་པ༷འི་སྐྱེན༷་ རང་དབང་མེད་སོགས་དེ༷་མཚུངས༷་པ་ལྟ་བུའོ། །རིགས་སྒྲ་ནི་རིག༷ས་རང༷་གི་ངོ༷་བོ༷འ༷མ་དེ༷་ལྡན༷་གསལ་བ་ཅན་གྱི༷་ངོ༷་བོ༷ར་རྒྱུ་མཚན་གང༷་ལ༷ས་སྦྱོར༷་བར་མི༷་བྱེ༷ད་པའོ། །རིགས་དེ༷་ལྡན༷་ ཐ༷་ད༷ད་པ་སྟེ་གསལ་བ་ཉི༷ད་ལ་བརྗོ༷ད་ཅེ་ན༷། དེ༷་ཡ༷ང་སྔར༷་ཉི༷ད་ཐ༷་དད་རྣམས་ཀྱི་རིགས་སྒྲ་མིན་ཞེས་པར་བསལ༷་ཟིན༷་ཏོ༷། །རིགས་དེ་དེ་ལ་ལྡན༷་ཙམ༷་གྱི་འབྲེལ་རྐྱང་ཡ༷ང་འབྲེལ༷་པ༷་ཁོ་ ན་བརྗོད་པ་གོ་བའ༷མ་རིགས་སམ་ལྡན་སྨྲས་སོགས་སུ་གསལ་ལོ། །སྤྱི་དེ་དེ་ལ་ཡོ༷ད་པ༷་ཡི༷ན་ཞེས༷་རྣམ༷་པ༷ར་དཔྱ༷ད་པས་མི་འཐད་དེ། ཡོད་ན་བུམ༷་པ༷་སོ༷གས་ཀྱི༷་དེ༷་ལྡན༷་ཤེས་བྱ་ སོགས་ཡོད་པའི་དོན༷་གཞན་སྣམ༷་བུ༷་སོ༷གས་ལ་འཇུག་ན་ཁྱད་མེད་དུ་ཐལ། འཇུག༷་མི༷ན་ན༷་ཐུན་མོང་པ་སྤྱི་ཞེས་པ་ཡི༷་དོ༷ན་དེ༷་ཇི༷་ལྟ༷་བུ༷་ཡིན་ཏེ་སྤྱི་མིན་པས། དེས་ན་སྤྱི་ཞེས་པ་སྒྲ་དོ༷ན་འབ༷འ་ ཞིག༷་པ༷་དང༷་མཚུང༷ས་ཏེ་དོན་སྒྲུབ་པ་མེད་དོ། །ཐམས་ཅད་ལ་སྒྲ་རྟོག་ཐུན་མོང་བ་འཇུག་པའི་རྒྱུ་སྤྱི་དོན་གཞན་འདོད་པ་དེ༷་ཡང༷་ངེས་པའི་རྒྱུ༷་མཚ༷ན་གང་ཡང་མེ༷ད་པར༷་འདོ༷ད་དེ་དེ་མེད་ཀྱང་འཇུག་པས་ 8-12-51b སོ། །ག༷ལ་ཏེ༷་གཡུ་ལྟ་བུ་གཅི༷ག་ལ༷་སྔོན་པོ་ཞེས་བརྗོད་ན་སྔོ་བ༷་དང་། ཆེས་སྔོ་བ་ཆེས་རབ་སྔོ་སོག༷ས་ཀྱི་ཆ་རྣམས་མི་ཤེས་པ་བཞི༷ན་ནོ། །གལ་ཏེ་སྤྱི་ལས་ཁྱད་པར་གོ་བ་ཡོད་པ་ལྟ་བུའི་སྤྱི་ལས་ སྤྱི་ཉི་ཚེ་བ་གོ དེ་ལས་གསལ་བ་གོ་ཞེ་ན། མིན་ཏེ་གཅིག་ལ་སྔོ་སོགས་བཞིན་སྤྱི་ལས་བྱེ་བྲག་གོ་བ་དེ༷་ལྟ༷འང༷་མ༷་ཡི༷ན་དེ་གོ་བར་རིགས་སྒྲ་འཇུག་གམ་ཁྱད་པར་བྱེད་པ་སོགས་ཁས༷་བླང༷ས་ཀྱང༷་རང་ གི་སྔར་འདོད་པ་དང་འགལ་ཏེ་རིགས་གཅིག་ལ་རིགས་གཞན་མེད་པར་འདོད་པས་སོ། །ཡང་སྤྱིས་དངོས་སུ་མི་གོ་ཡང་དོན་གྱིས་འཕངས་ཏེ་གོ་ཞེ་ན། མིན་ཏེ་ལྷས་བྱིན་ཚོན་པོ་ཉིན་པར་ ཟས་མི་ཟ་བ་ལྟ་བུ་དོན་གྱིས་གོ་བ་ཡོད་ཀྱང་སྤྱི་འདིས་དེ་ལྟར་ནུས་པའི་རྒྱུ་མཚན་ཅི་ཡང་མེད་པས་སོ། །སྔོན་པོ་ཞེས་སྤྱི་གཅིག་སྔོན་པོའི་རིག༷ས་གཅིག་ལ༷་ཡང་ཚང་བས་རི༷གས་མེ༷ད་པས༷་ ཁས་བླངས་འགལ་བས་ན་དེ༷་མིན༷། སྤྱི་ལ་དོ༷ན་གྱིས༷་གསལ་བ་འཕང༷ས་པའ༷ང་མ༷་ངེ༷ས་པ་མི་འཁྲུལ་བར་གོ་ནུས་པ་མེད་པ༷འོ༷། །དེས་ན་དངོས་པོ་བརྗོད་པའི༷་སྒྲ་ཐམས་ཅད་ལ༷འ༷ང་ཚད་མ་དང་ རྟགས་སུ་མ་ཟད་དམ་བློར་མ་ཟད་བརྡ་སྦྱོར་བ་གཞ༷ན་སེ༷ལ་ཁོ་ནས་བྱས་ཞེས་སོ། །ཡང༷་བརྗོ༷ད་པ༷། ཤིང་ལྟ་བུ་གཅིག་ལའང་ལྡོག་པ་ཐ་དད་སྒྲས་བརྗོ༷ད་པར༷་བྱ༷་བ༷་མ༷ང་པོ་ཡོ༷ད་ཀྱང༷་ཤིང་ཞེས་ 8-12-52a ལ་སོགས་པའི་སྒྲ་གཅིག་པུ་ཡི༷ས་དེ་ཐམས་ཅད་ཀུན༷་ཏུ༷་རྟོག༷ས་པ་མ༷་ཡི༷ན། ཇི་རྟོགས་ན་སྒྲ་རང༷་དང༷་བརྗོད་བྱ་རྒྱུ་རྗེས༷་སུ༷་འབྲེལ༷་བའི༷་དོན༷་གང་ཡིན་པ་དེ་དེ་མིན་རྣམ༷་པར་ གཅོ༷ད་པ་ཤིང་ལྟ་བུའི་ངག༷་གི༷་འབྲས༷་བུ༷་ཡི༷ན་ནོ། །རྗོད་བྱེད་སྒྲ༷ས་ཀྱང༷་ཤིང་གི་ཆོས༷་གང༷་ཤིང་དུ༷་མ༷་ཡི༷་དོན་ལ༷་ཅིག་ཆར་འཇུག༷་པ་མ༷་ཡི༷ན་གྱི༷་གང་ལ་བརྡ་སྦྱར༷་བར་བྱ༷་བ༷་དེ༷་ཉི༷ད་ལ༷་སེལ་ བས་འཇུག་གི་དེ༷་ནི་སྒྲ༷འི་ངོ་བོ་ལ་ཡེ་ནས་འབྲེལ་པའི་ངོ་བོའི་ཡོ༷ན་ཏ༷ན་ཉི༷ད་སོ༷གས་ཀྱིས༷་དབང་གིས་མ༷་ཡི༷ན་ནོ། །བརྗོད་བྱ་དོན་གཅིག་རྟོགས། རྗོད་བྱེད་ཀྱིས་ཀྱང་ལྡོག་ པ་གཅིག་བརྗོད་དེ་ནི་གཞན་སེལ་བའི་དབང་གིས་ཡིན་གྱི། སྒྲ་དོན་ངོ་བོས་བརྗོད་བྱ་རྗོད་བྱེད་ཡིན་པའི་ཡོན་ཏན་སོགས་ཀྱིས་མིན། ཞེས་སོ། །དེ་ལ་བརྡ་སྤྲོད་པ་ན་རེ། སྒྲས་དོན་གོ་བ་ནི། སྒྲོན་གཟུགས་ལྟར་ངོ་བོའི་ཡོན་ཏན་དང་། ནད་སྨན་བཞིན་ནུས་པའི་ཡོན་ཏན་དང་། དབང་ཡུལ་བཞིན་རུང་བའི་ཡོན་ཏན་སོགས་བཤད་པའང་བཀག་སྟེ། སྒྲ་དོན་ ངོ་བོས་འབྲེལ་པ་མེད་ཀྱང་། གོ་བ་གཞན་སེལ་ཡིན། ཞེས་སོ། །ཞེས༷་བྱ༷་བ༷་སེལ་བའི་དོན་བསྡུ་བ༷འི་ཚིག༷ས་སུ༷་བཅ༷ད་པ༷འོ༷། །བྱེ་བྲག་པ་ན་རེ། སེལ་བ་སྨྲ་བ་ལ་བུམ་ 8-12-52b སྣམ་བརྗོད་པའི་སྒྲ་བཞིན་དུ་སྔོན་པོ་དང་ཨུཏྤལ་བརྗོད་པའི་སྒྲ་དག་ཀྱང་། སོ་སོ་ཁོ་ན་ཡིན་ཕྱིར་ཨུཏྤལ་སྔོན་པོ་ཞེས་པའི་གཞི་མཐུན་དང་ཁྱད་པར་བྱ་བྱེད་དུ་མི་རུང་ལ་ཁོ་བོ་ཅག་ལྟར་ན་ སྔོན་པོའི་སྒྲས་ཡོན་ཏན་དོན་གཞན་དང་ཨུཏྤལ་གྱི་སྒྲས་སྤྱི་དོན་གཞན་བརྗོད་ལ་དེ་གཉིས་རྫས་གཅིག་ལ་འཕྲོད་པ་འདུ་བས་གཞི་མཐུན་འཐད་ཅིང་། ཨུཏྤལ་སྔོན་པོ་ཞེས་ཁྱད་པར་ བྱ་བྱེད་འཐད་ཅེ་ན། ཞེས་ཆོས་གསུམ་རྫས་ཐ་དད་ཀྱང་བ་ལང་ལ་རྭ་གཡས་གཡོན་བཞིན་གཞི་མཐུན་འདོད་དོ། །གཞན་སེལ༷་བ༷ས་སྔོ་སོགས་ཐ༷་ད༷ད་པའི་དོན་རྣམ༷་པར་ཕྱེའི༷་ཕྱིར༷་རྟོགས་ ཀྱི། གཞི་མཐུན་པ་རང་གི་དོན༷་རང་རྐྱ་བ་ནི་ཐ༷་ད༷ད་དུ་རྟོག༷ས་པ་ལ༷་རྨོ༷ངས་པ་ཡིན་ཏེ་གཞི་མཐུན་ཞེས་གཅི༷ག་ལ༷་ཆ་ཐ༷་ད༷ད་པ་རྟོགས་པའི་འབྲས༷་བུ༷་མེ༷ད་ཕྱིར༷་མི་འཐད་ལ་དེས་ན་གཞན་སེལ་བའི་ སྒོ་ནས་ཁྱ༷ད་པ༷ར་བྱེ༷ད་པ་དང༷་ཁྱ༷ད་པ༷ར་བྱ༷་བ་འཐད་པ་ཁོ་ནའོ། །གཞི་མཐུན་པ་ཅན་དེ༷་ནི་སྔོ༷ན་པོ༷་རྐྱང༷་པ༷་མི༷ན་ལ། ཨུཏྤ༷ལ་རྐྱང༷་པ༷འང༷་མ༷་ཡི༷ན་ཏེ༷་དེ་གཉིས་མེ་ཏོག་གཅིག་ལ་བསྡུས༷་པ༷་བརྗོ༷ད་བྱ༷་ ཡི༷ན་པའི་ཕྱིར་རོ། །དེ་མིན་ནཱི་ལ་གཉིས་སོ་སོར་ཕྲལ་བས་ཁ༷་དོག་མི་མཚོན་པ་བཞི༷ན་དུ༷་སྒྲ་དེ་གཉིས་ཀྱང་དོ༷ན་མེ༷ད་འགྱུར། ནཱི་དང་ལ་ཕྲལ་བ་ནི་སྔོན་པོའི་ཁ༷་དོག༷་གི༷་དོན༷་རྟོགས་པའི་སྒྲ་ཅུང་ 8-12-53a ཟ༷ད་ཀྱང༷་མི༷ན་ན༷འང་ནི༷་དང་ལའི་ཚི༷ག་གཉི༷ས་བསྡུས་པ་ལ༷ས་དེ༷་ཡི༷་བརྗོ༷ད་བྱ༷་སྔོན་པོ་རྟོག༷ས་ན༷་ཨུཏྤལ་སྔོན་པོ་བརྗོད་ཀྱང་དེ༷་ལ༷་ཡང་སྔོ་དང་ཨུཏྤལ་ཡ༷ན་ག༷ར་པ༷་དེ༷་སྦྱར་བ་ལས་ གཞི་མཐུན་དེ་རྟོག༷ས་པ༷་ཡི༷ན་ནོ། །གཞི་མཐུན་གྱི་རྫས་གཅིག་འདོད་པ་གཞན་ལ་གཞི་མཐུན་དེ་མི་འཐད་དེ། འདི་ལྟར་སྔོ་དང་ཨུཏྤལ་གཉིས་ཀྱི་གཞི་མཐུན་ཡན་ལག་ཅན་ རྫས་མེ་ཏོག་གཅིག་ཡོད་ན། དེ་ལ་ཡན་ལག་དང་ཡན་ལག་ཅན་རྫས་གཅིག་ཡིན་ནམ་ཐ་དད་ཡིན། དང་པོ་ལྟར་ན་མི་འཐད་དེ། སྔོ་སོགས་ཡན་ལག་ཕ༷ན་ཚུན༷་གཅི༷ག་པར༷་ཐལ༷་བར་ འགྱུར༷་ཕྱིར༷་ན་འདུས་ཤིང་ཚོགས་པའི་ཡན་ལག་ཅན་ལ༷་གཅི༷ག་ཅེས་པ་ཉི༷ད་ཡོ༷ད་པ་མ༷་ཡི༷ན་ནོ། །ཡང་འདུས༷་པ༷་དུ༷་མ༷ར་ཐལ༷་བར༷་འགྱུར༷་ཏེ་ཡན་ལག་དུ་མ་དང་གཅིག་པའི་ཕྱིར། འདུས་པ་ཡན་ལག་ ཅན་གཅིག་ཨུཏྤལ་སྔོན་པོ་ཞེས་པའི་སྒྲས་བརྗོད་ན་ཐ་མི་དད་ཀྱི་དོན་གཅིག་ལས་སྟོན་མི་རིགས་ནའང་སྔོན་པོ་དང་ཨུཏྤལ་སོ་སོའི་རང་གི་བརྗོད་བྱ་ནམ་ཡང་མི་སྤོང་བས་སོ་སོར་གོ་བའི་ཕྱིར། གལ་ཏེ་ སྤྱིའི་ཁོངས་སུ་བྱེ་བྲག་འདུས་པས་དེ་གཉིས་ཀྱི་ཐུན་མོང་གི་སྤྱི་གཅིག་བརྗོད་ཀྱང་སོ་སོར་གོའོ་ཞེ་ན། མིན་ཏེ། སྤྱིའང་རིགས་དོན་གཞན་བརྗོད་པ་སྔར་བཀག་ཟིན་པས་སོ། །དེ་ 8-12-53b བརྗོད་ཀྱི་སྒྲས་ཀྱང་ཡན་ལག་ཅན་གཅིག་བརྗོད་པ་མིན་ཏེ་སྔོ་སྒྲ༷་དག༷་རང༷་གི་དོན་སྤོང་མ༷་ཡི༷ན་པའི་ཕྱིར། དེས་སྔོ་སོགས་ཀྱི་རི༷གས་དོན་གཞན་ནི༷་མ༷་ཡི༷ན་ཏེ་སྔར༷་བཀག་པ་བརྗོ༷ད་ཟིན་ པའི་ཕྱིར༷། སྤྱི་སྒྲ་ལས་བྱེ་བྲག་ལ་ཐེ༷་ཚོམ་ཟ༷་ཕྱིར༷་དེ་མིན་གཞན༷་སེལ༷་བ་མི༷ན་ལ་གང་གིས་སེལ་བས་དོན་བྱེད་མིན་ནོ། །སྤྱི་རྣམས་བྱེ་བྲག་གི་དོན་གཅི༷ག་ལ་འཇུག་པ་ལ༷ས་སྤྱི་ སྒྲ་དེ་རྣམས་དོན་གཅིག་སྟོན་པའི་སྒྲ་རྣམ༷་གྲང༷ས་པ་ཙམ་པོ་གཉིས་སུ༷་འགྱུར༷་བར༷་ཐལ་ལོ། །སྤྱི་དང་བྱེ་བྲག་གི་སྒྲ་དོན་གཅིག་ལ་འཇུག་ན་དེ་གཉིས་གོ་བྱ་ཐ་དད་མེད་པའི་རྣམ་གྲངས་ པར་ཐལ་འདྲ་རང་འགྲེལ་ལས་སོ། །གཉིས་པ་ཡན་ལག་དང་ཡན་ལག་ཅན་ཐ་དད་དགག་པ་ལ། ཡན་ལག་ཅན་དང་ཡན་ལག་ཀྱང་ཐ༷་ད༷ད་ན༷་ཡ༷ང་གཞི་མཐུན་དང་ཁྱད་པར་ བྱ་བྱེད་གཉི༷ས་ཀ༷་མེ༷ད། སྔོན་པོ་དང་ཨུཏྤལ་རྫས་གཞན་ཡིན་ཀྱང་གཞི་མཐུན་གྱི་ཚེ་དོན་གཅིག་ཏུ་འགྱུར་རོ་ཞེ་ན། དོན་གཅིག་ཅེས་པ་འདི་ཅི། སྔོན་པོ་ཨུཏྤལ་གཉིས་ཀ་དོན་གྱི་ ཆ་ནས་གཅིག་ཏུ་འགྱུར་རམ། གཅིག་ལ་གཅིག་ཡོད་པ་ཡིན། ཡང་ན་དོན་མི་གཅིག་ཀྱང་བརྗོད་སྒྲ་གཅིག་ཡིན། སྒྲ་གཅིག་ལའང་དོན་གཅིག་དང་ལྡན་པ་གཉིས་ཏེ་བཞི་པོ་ 8-12-54a གང་ཡིན། དང་པོ་ལྟར། ཨུཏྤལའི་དོན༷་གྱི༷་རྫ༷ས༷་རིག༷ས་ད༷ང་ཡོ༷ན་ཏན༷་སྔོན་པོ་དག་གལ༷་ཏེ་དོ༷ན་གཅི༷ག་ལ༷་འཕྲོད་འདུའི་ཚུལ་གྱིས་འཇུག༷་ཅེ་ན༷། ཨུཏྤལ་ལ་ རྫས་སྤྱི་དང༷་བྱེ༷་བྲག༷་གཉི༷ས་ཡོ༷ད་པ༷་མིན༷་པར་ཐལ་ལོ། །ཨུཏྤལ་སྔོན་པོ་དང་ལྡན། སྔོན་པོ་ཨུཏྤལ་དང་ལྡན་ཏེ་དེ༷་ལྡན༷་གཉི༷ས་ཀྱང༷་ཡོ༷ད་མ༷་ཡིན་སྔོན་པོ་ཨུཏྤལ་མིན་ཨུཏྤལ་སྔོན་པོ་མིན་ པས་སོ། །ཡིན་ན་དེ་གཉིས་སྒྲ་བློ་རྣམ་གྲངས་པར་ཐལ་ལོ། །དེ༷་བཞི༷ན་དུ༷་དེ་གཉིས་བརྗོད་པའི་སྒྲ་ནི༷་ཨུཏྤལ་གྱི་རི༷གས་དོན་གཞན་དང༷་ནི༷། ཡོ༷ན་ཏན༷་དོན་གཞན་ཙམ༷་ ཞིག༷་བརྗོ༷ད་པར༷་འགྱུར༷་གྱི་དོན་གཅིག་མི་བརྗོད་ལ། རིགས་དང་ཡོན་ཏན་དེ༷་ལྡན༷་བརྗོ༷ད་པ༷་ཉི༷ད་ལ༷་ནི༷། དེ་གཉིས་གཞི་མཚུང༷ས་པ་སྟེ་མཐུན་པ་དང༷་མི༷་མཐུན་པའམ་མི་ མཚུང༷ས་དངོས་འགལ་གཉིས་ཚིག་གཅིག་དེས་བརྗོད་པར་ཐལ༷་བར༷་འགྱུར༷་རོ། །དེས་མཚུངས་པ་བརྗོད་ན་དེ་མི་མཚུངས་པ་ཡང་བརྗོད་ཡོད་དགོས་པས་དངོས་འགལ་བརྗོད་པའི་སྒྲ་ གཅིག་སྲིད་པར་ཐལ་ཞེས་འཕང་ངོ་། །དེས་མི་མཐུན་བརྗོད་པ་ནི་དེ་བཞིན་དུ་སྒྲ་རིགས་དང་ཞེས་བཤད་ལའང་ཐལ་པ་དེ་རང་། དེ་གཉིས་སྤྱི་གཅིག་གིས་མཚུང༷ས་ཕྱིར་གཞི་མཐུན་གྱི་ 8-12-54b གཞན་བརྗོ༷ད་པར་མི་འདོ༷ད་ཅེ༷་ན། བ༷་ལ༷ང་རྟ༷་སོ༷གས་ལ༷་ཡ༷ང་གཞི་མཐུན་ཡིན་པར་མཚུང༷ས་པར་ཐལ་ཏེ་ཡོད་སོགས་སྤྱི་གཅིག་གིས་འབྲེལ་བས་སོ། །བ་རྟ་ནི་དབྱིབས་ཀྱིས་བྱེ་བྲག་ཏུ་ བྱས་ལ་སྔོན་པོ་དང་ཨུཏྤལ་དེར་དབྱིབས་ཀྱིས་བྱེ༷་བྲག༷་ཏུ༷་མ༷་བྱས༷་ཤེ༷་ན་ཞེས་དབྱིབས་ཀྱི་ཁྱད་པར་གྱི་སྒོ་ནས་སོ་སོའི་སྤྱི་གསལ་བར་བྱས་ཤེ་ན། འོ་ན་བུམ་པ་གཅིག་ལ་ཡང་དུ་མར་ཁྱབ་ པའི་སྤྱི་མང་པོ་འདྲེས་ཤིང་འདུས་པར་འགྱུར་ཏེ། བུམ་པ་དེ་ཡོད་པ་དང་བུམ་པ་དངོས་པོ་སོགས་སྤྱི་དུ་མས་གསལ་བྱེད་ཡིན་པ་གང་ཞིག་སྤྱི་དབྱིབས་ཀྱི་སྒོ་ནས་གསལ་དགོས་པས་སོ། ། གཞི་མཐུན་གཅིག་ལ་དབྱིབས་དུ༷་མ༷ར་བྱས༷་པ༷་འདུས༷་པ༷ར་འགྱུར༷་ན་དེ་མ་དམིགས་པས་སོ། །གཞི་མཐུན་མི་འདོད་པ་གཞ༷ན་ཡང༷་དེར་ཐལ་ཞིང་འདོ༷ད་པ༷་ལ༷་ཡང་གཞི་མཐུན་མེད་པར་ ལ་ཡ༷ང་གཞི་མཐུན་མེ༷ད་པར་ཐལ། གཞན་བ་ལང་དང་རྟ་གཞི་མཐུན་མི་འདོད་པའང་སྤྱི་མཚུངས་མི་མཚུངས་གཉིས་ཀར་ཐལ། ཡོད་ཉིད་ཀྱི་སྤྱི་འདྲ་བའང་གསལ། བརྡའི་སྤྱི་མི་འདྲ་ བའང་གསལ་བས་སོ། །ཨུཏྤལ་དང་སྔོན་པོ་ལྟ་བུ་མཚུངས་པ་ལའང་གཞི་མཐུན་མེད་པར་ཐལ་ཏེ་མི་འདྲ་བའི་སྤྱི་གསལ་བས་སོ། །ཡོན༷་ཏན༷་རྫས༷་དག༷་ནི་དབྱིབས་མིན་པས་དེ་ལྡན་གྱིས་ 8-12-55a སྤྱིའི་གས༷ལ་བྱེད་མིན༷་པར་འགྱུར༷་རོ། །སྤྱི་བྱེ་བྲག་གི་ཐ༷་ད༷ད་ནི་རྗོད༷་བྱེ༷ད་ཐ༷་ད༷ད་ཙམ་ལ༷ས་ཤེ་ན༷། དངོས་པོ་རང༷་ལ༷ས་ཁྱ༷ད་རང་ཁྱད་སྒྲ་ལས་མེད་ཅེས་པའང་བྱུང་། མེ༷ད་པ་ སྒྲས༷་ཁྱད་མི་ནུས་སོ། །གསལ༷་བྱེ༷ད་དང་གས༷ལ༷་བ༷་ཐ༷་ད༷ད་ལ༷་རྟོག་པ་ཕན༷་ཚུན་རྟེན༷་པ༷་འཐོབ༷་པ༷ར་འགྱུར༷་ཏེ། སྤྱི་ལ་བརྟེན་ནས་རྫས་ཤེས། རྫས་ལ་བརྟེན་ནས་སྤྱི་ཤེས་དགོས་པས་སོ། །དེ་དུས་མཉམ་ གསལ་ན་ཐམས་ཅད་གསལ་བར་ཐལ། མི་མཉམ་ན་ཕན་ཚུན་རྟེན་པར་ཐལ་ལོ། །སྤྱི་གཅིག་གི་ར༷ང་བཞི༷ན་དུ༷་མར༷་ཐལ་བ་དང་། ཡང་ན་རང་བཞིན་དུ་མ་གསལ་བ་དང་སྤྱི་གཅིག་གིས་ཕན་ཚུན་ གསལ་བ་དེ་ལའང་མང་པོར་འགྱུར་ཏེ། ཡོད་པས་བུམ་སོགས་དུ་མ་དང་བུམ་པས་ཡོད་སོགས་དུ་མའང་ངོ་། །སྤྱི་བྱེ་གཅི༷ག་གི༷འང་ཕན༷་ཚུན༷་གས༷ལ་བ༷་མ༷ང་པོར༷་འགྱུར༷་རོ། །སྤྱི་ཡང་ གསལ་བ་དུ་མས་གསལ་དགོས་ཤིང་། བུམ་པའང་ཡོད་སོགས་སྤྱི་དུ་མ་གསལ་བྱེད་ཡིན་པས་སོ། །ཡ༷ང་བརྗོ༷ད་པ༷་དངོས་ལ་ཁྱད་བྱེད་ཡོན༷་ཏན༷་དང་ནུས༷་པ༷་ནི་མིང་གིས་དབྱེ་བ་ཙམ་ ཡིན་གྱི་དོན་ལ་ཐ་དད་མེད་པས་གཞི་མཐུན་མེད་ལ། ཡང་གཅིག་འདོད་རྣམས་མང་པོ་དང་འབྲེལ་བས་དུ་མར་ཐལ་གྱི་གཅིག་གཅིག་པ་མེད། དེས་ན་གཅིག་དང་ཐ་དད་ལ་གཞི་ 8-12-55b མཐུན་མེད་ཅེས་པའང་རིགས་པར་ཐལ། ཇི་ལྟར་རྗོད༷་བྱེ༷ད་ཀྱི། དབྱེ༷་བས༷་གྲངས་བཞིན་ཐ༷་ད༷ད་པར་རབ༷་ཏུ་བརྟག༷ས་པའི་དུ་མ་ཡོད་ལ། སྤྱི་དང་རྫས་གཅི༷ག་ཀྱང་ཆོས་མང༷་པོ༷་དེ་དག་ དང༷་འབྲེལ༷་བའི༷་ཕྱིར༷། དུ༷་མ༷་ཉི༷ད་དུ༷་ཐ༷ལ་བར༷་འགྱུར༷་རོ། །ཞེས༷་བྱ་བ༷་བར༷་སྐབ༷ས་ཀྱི༷་ཚི༷གས་སུ་བཅ༷ད་པ༷འོ༷། །ཁྱ༷ད་པ༷ར་བྱེ༷ད་ཆོས་དང༷་ཁྱ༷ད་པ༷ར་དུ༷་བྱ་བ༷་ཉི༷ད་བློ་ལ་ལྟོས་པས་དོན་རང༷་དབ༷ང་ དུ་གནས་པ་མིན༷་པར་སྔར༷་བརྗོ༷ད་དེ་སྒྲོ་བཏགས་མོད་ཡང་དག་པར་གང་གིས་འཇོག །སྒྲ་སེལ་འཇུག་ལ་གཞ༷ན་དངོས་པོ་ཉི༷ད་དུ༷་མིན༷་སྤྱི༷་དང༷་ནི༷་ཐ༷་ད༷ད་དེ་གསལ་བ་ཁྱད་པར་བྱ་བྱེད་སོགས་དེ་ དེའི་རྣམ༷་གྲང༷ས་དེ་ཉིད་བརྗོ༷ད་འདོད་ཀྱི་སྒྲས་བསྐུལ༷་ནས་བཞག་པའི་ཐ་སྙད་ཙམ་ཡི༷ན་སྔོ་དང་ཨུཏྤལ་འག༷ལ་མེ༷ད་ཕྱིར༷་ན༷་གཅིག་སྒྲས་གཅིག་བརྗོད་བྱར་མི་སྤོང་ཞིང་ཚོག༷ས་པ༷་ཡི་སྤྱི་ བརྗོད་པ་ཡང༷་དེ༷་བཞི༷ན་འགལ་བ་མེད་པས་སོ། །དེའི་ཚུལ་གྱིས། ཁྱད་པར་བྱ་བའི་སྤྱི་བྱེ་བྲག་དོ༷ན་གཞ༷ན་རྗོད༷་པར༷་བྱེ༷ད་དོ༷་ཡ༷ང་བརྗོ༷ད་པ༷། སྤྱི་ཚོགས་གང་བརྗོད་པར་འདོད་པ་དེ༷་ ཙམ༷་ཤེས་པར་འདོ༷ད་པའི༷་ཕྱིར༷་སྒྲ་ཐ༷་ད༷ད་སྦྱོར་ལ་དེའི་བརྗོད་ཚེ་བྱ་བ་རང༷་དང༷་སྤྱི༷་ཡིས༷་སྒྲས་གཅིག་ཤོས་བོར༷་བའམ་སྤང་བ་ནི་མ༷་ཡི༷ན་པས་གཞི་མཐུན་དུ་སྡུད་ཇི་ལྟར་ན་ཤ་པའི་ཁྱད་པར་ 8-12-56a མ་ངེས་ན་ཤིང་སྤྱི་ལས་བྱེ་བྲག་ལ་ཐེ་ཚོམ་མི་ཆོད་ཀྱང་། དེ་བརྗོད་ཚེ་ཤིང་གིས་ཤ་བ་མི་སྤོང་ལ་ཤ་བས་ཤིང་མི་སྤོང་ངོ་། །ཤ་བ་ཁྱད་པར་དུ་མ༷་བཟུང༷་ན༷་ནི་ཤིང་ ཁྱད་ཀྱིས་གཅིག་གི་གཅིག་ལ་དོ༷ན་གཅི༷ག་ཏུ་བཟུང་བ་ལ༷་གཞི་མཐུན་གྱི་སྒྲ་འདི༷་དག༷་ཐེ༷་ཚོམ༷་བསྐྱེ༷ད་པར༷་མཚུངས༷་ཤིང་བཟུང་ན་གཞི་མཐུན་དུ་འགྱུར་རོ། །སྤྱིའམ་གསལ་བ་དུ༷་མ༷་ཡི༷ན་དུ༷་ཟི༷ན་ ཀྱང༷་སྤྱི༷་བཟུང་ན་ཁས༷་ལེ༷ན་པའམ་མི་སྤོང་མ་བཟུང་ན་ཐ༷་ད༷ད་སྟོན་པ་གསལ་སྒྲ་ཉིད་ཀྱིས༷་བརྗོད་བྱ་ལ་མི༷་འཁྲུལ༷་ལོ། །ཁྱ༷ད་པར༷་བྱེ༷ད་དང༷་ཁྱ༷ད་པར༷་དུ༷་བྱེ༷་བ༷་དེ༷་དག༷་ཉི༷ད་མཚུང༷ས་པ་ཙམ་ གྱིས་མི༷ན། ཡང་ན་དེ་གཉིས་རྟོགས་པ་སྐྱེ་ཚུལ་འཇོག་ཚུལ་མི་འདྲ་སྟེ་ཤིང་ཡོད་ཟེར་ན་གང་སྙམ་དུ་དོགས་པ་སྐྱེ། ཤ་བའི་ཁྱད་པར་བརྗོད་ན་དོགས་པ་དེ་ཆད། ཤིང་ཤ་བ་ ཡོད་ཅེས་བྱས་ན་ཤིང་ཡོད་མེད་དོགས་པ་མི་སྐྱེ་བས་དེས་ཁྱད་པར་བྱ་མི་དགོས་པ་རྒྱལ་ཚབ་བོ། །ཞེས་བྱ༷་བ༷་བསྡུ༷་བའི༷་ཚིག༷ས་སུ༷་བཅད་པའོ། །ཐ༷་ད༷ད་པ་སེང་ལྡིང་ལྟ་བུ་ནི་ཐ༷་ད༷ད་ པ་སྟག་པ་སོགས་གཞ༷ན་རྣམས་དང༷་འགལ༷་བའི་ཕྱིར༷་ན༷་དེས་དེ་སེལ༷་བ༷ར་བྱེ༷ད་དེ་དངོས་པོ་རྣམས་ཕན་ཚུན་མེད་ལ་རྟེན་པའོ། །མེ་དང་ཤིང་ལྟ་བུའི་སྤྱི༷་གཞ༷ན་ཐ༷་ད༷ད་པའང་དོན༷་རྣམ༷ས་ 8-12-56b ཀྱི༷་རང༷་གི་ངོ་བོ་དང༷་སྤྱི༷་ནང་ཕན་ཚུན་དག༷་འག༷ལ་བ༷་ཡི༷ན། བུམ་སོགས་དེ༷་ཤ་བའི་སྒྲ་དེའི་དངོ༷ས་སུ༷་བས༷ལ་བྱ༷་མི༷ན་ཏེ་དེ་གཉིས་ཀྱི༷་སྤྱི༷་ནི་མཚུང༷ས་པ༷་ཉི༷ད་མ༷་ཡི༷ན་པའི་ཕྱིར་སྤྱི་སྒྲས་བསལ་བ་མིན་ པས་སོ། །དེ༷་བཞི༷ན་སྣུམ་པ་སོགས་ཁྱ༷ད་པ༷ར་གཞ༷ན་རྣམ༷ས་ནི་སྤྱི་སྒྲ་དེ༷་ཡི༷ས་སེལ༷་བར༷་འགྱུར༷་བ་མ༷་ཡི༷ན་ནོ། །གཅིག་གིས་གཅིག་སེལ་ན་གཞི་མཐུན་པ་མི་སྲིད་ཟེར་ན། ཆོས་གང༷་ ཞིག༷་གཞི༷་མཐུན༷་པར་གྱུར༷་པ་དེ༷་ཡོ༷ན་ཏན༷་མངར་བ་ད༷ང་ནི༷་ཡོ༷ན་ཏན༷་གཞ༷ན་སྣུམ་པ་ལྟ་བུ་དེ༷་ཟས་ཀྱི་རྫས༷་གཅི༷ག་ལ༷་འཇུག༷་པའམ་གཅིག་པའི༷་ཕྱིར༷་གཞི༷་དེ་ཡི༷་སྒོ་ནས་སྦྲེལ་ཏེ་ཕན་ཚུན་མི་སྤོང་ པར་མི༷་འགལ༷་བར༷་བྱས༷་པ༷་ཡིན་གྱི་མི་སེལ་བ་མིན་ཏེ་སེལ་བ་གཅིག་ཤོས་ལ་དེ་མིན་གཞན་ནམ་ཡང་མ༷་མཐོ༷ང་ཕྱིར༷་ཡང༷་སེལ༷་བ༷་ཡི༷ན་ནོ། །ངོ་བོ་གཅིག་པ་རྣམས་ལ་དོན་ལ་ཐ་ དད་པའི་ཁྱད་པར་མེད་ཀྱང་ལྡོག་ཆ་ཐ་དད་ཀྱང་རྫས་སུ་མེད་པའི་གཞི་གཅིག་ལ་མི་འདུ་བ་མེད་དེ། དམག་ལྟ་བུ་ནི་ཚོགས་པ་བརྗོད་པ་སྟེ་བྱ་བའམ་འབྲས་བུ་གཅིག་གི་ཆ་ནས་ བརྟགས་པའོ། །དོན་ལ་དེ་གཉིས་གཞི་གཅིག་གི་སྒོ་ནས་མི་འགལ་བའོ། །གལ་ཏེ་མ་མཐོང་བ་ཙམ་གྱིས་གཅིག་སེལ་ན་སྤྱི་སྒྲས་བྱེ་བྲག་གོ་བར་འགྱུར་ཏེ། བྱེ་བྲག་ལ་སྤྱི་སྒྲ་ 8-12-57a མ་མཐོང་བའི་ཕྱིར། དེ་ཡིན་ཏེ། སྤྱི་སྒྲས་བྱེ་བྲག་གོ་ནུས་པ་མིན་པས་དེ་མི་སྦྱོར་ཞེ་ན་སྟེ ། གསལ་བ་ཐ་དད་ཀུན་ལ་སྤྱི་སྒྲ་ཁོ་ན་མི་འཇུག་པས་ཀྱང་། བྱེ་ བྲག་སྤྱི་ལས་གཞན་མིན་ཏེ། འདི་ལྟར་སྐབས་དང་། ཤུགས་སོགས་ཀྱི་དབང་ལས་ཤིང་འོན་ཅིག་ཅེས་པ་ལས་ཤ་བ་ལ་གོ་བའང་མཐོང་བའི་ཕྱིར། འཇུག་པ་མི་རིགས་པ་མེད་ཅེས་ སོ། །མ་མཐོང་བས་ཡིན་ན་རང༷་ཐ༷་ད༷ད་ལ༷་སྤྱི་སྒྲ་ཡང་སེལ༷་བར་འགྱུར༷་རོ་ཞེ་ན། དེ་གཉིས་གཞ༷ན་མི༷ན་ཏེ་སྐབས་ལ་སོགས་པའི་སྒྲ་དེ་ཡོད་རིག༷ས་པར་མཐོང༷་བའི༷་ཕྱིར༷། དེ༷་ལྟ༷་ ནའང་བྱེ་བྲག་དེ་སྣང༷་ལ༷་ཐེ༷་ཚོ༷མ་ཟ་བར་རིགས་ཏེ་མཐའ་གཅིག་ཡོད་མིན་པས་སོ། །འོ་ན་སྤྱི་སྒྲ་བྱེ་བྲག་ལ་འཁྲུལ་པ་ཡོད་པ་ཇི་ལྟར་སྤྱི་ལས་ཁྱད་པར་ལ་ཐེ༷་ཚོ༷མ་ཟ༷་བར༷་རི༷གས་ཤེ༷་ ན༷། ངེ༷ས་པར༷་སྤྱི་སྒྲ་ཡ༷ན་ག༷ར་བ༷་ལ༷་བྱེ་བྲག་མ་སྤངས་བའི་དབང་གིས་དེ༷་ཤེས་སྐྱེས་སོ། །ཡ༷ན་ག༷ར་བ་དེའི་དབང་དུ་བྱས་པའི་ཐ༷་ད༷ད་ལ་སྤྱི་སྒྲ་འཇུག་པ་མེ༷ད་ན་ཐེ་ཚོམ་ཅི་ཟ་ཅེ༷་ན། དེ་ལྷན་ ཅིག་ཏུ་ཡོ༷ད་པ་མིན་གྱི་ཉན༷་པ༷་པོ༷་ལ༷་ལྟོས༷་པ༷་མཐོ༷ང་། སྤྱི་སྣང་བར་མི་འདོད་ན། པ་ལ་ཤ་ལ་འདི་ཤིང་ངོ་ཞེས་སྟོན། ཉན་པོས་སྤྱི་སྤངས་ནས་བྱེ་བྲག་ཤེས་འདོད་ན་ཤིང་འདི་ས་ལས་བྱུང་ 8-12-57b ངམ་འབྱུང་བ་ལྔ་ལས་བྱུང་ཞེས་དྲི་བ་ལ་ས་ལས་བྱུང་ཞེས་སྟོན་པ་བཞིན་ནོ། །དོན་བཞིན་སྟོན་བྱེད་ཀྱང་སྒྲ༷་གཞ༷ན་རྣམ༷་པ༷ར་བཅ༷ད་ནས༷་ནི་སྒྲ༷་སྤྱི༷་ཙམ་དེ་རྗོད༷་པར༷་བྱེད་པ༷་པོ་ཡི༷ན། དོ༷ན་གང༷་ལ༷་ སྦྱར་བའི་སྒྲ་ཅི༷ག་ཐེ༷་ཚོམ༷་ཟ༷་བས་གཞན་མི་སེལ་ཞེ་ན། སྒྲ་གཅིག་དོན་དུ༷་མ༷་ལ༷་དེ་ཐེ༷་ཚོམ༷་ན༷འ༷ང་ཉན་པོའི་སྐབས་སོགས་ཀྱིས་སེལ་ལོ། །ཨ་ཀྵ། ཤིང་རྟ་དང་གཤོལ་མདའ་སོགས་ དོན་དུ་མ་ལ་འཇུག་པ་ཡོད་པས་དེ་མིན་གཅོད་པ་མི་ངེས་ཤེ་ན། དེ་འཇུག་མདོ་གང་ལ་ཞུགས་པ་དེས་དེ་མིན་གཅོད་ཅེས་པའང་སྒྲས་གོང་གི་དོན་དྲང་ངོ་། །སངས་རྒྱས་པའི་ལུགས་ལ་སྒྲ་ ཡི༷་དོན༷་གཞ༷ན་དངོས་པོ་བ་མ༷་མཐོང༷་ཡ༷ང་རང་དོ༷ན་ཆ༷་ཤ༷ས་སུ་ཕྱེ་ནས་སྟོན༷་པའི༷་ཕྱིར། དོན་སྒྲ་ཡི༷་འབྲེལ༷་པ༷་ནི༷་ཤིན༷་ཏུ༷་སླ༷་ཞིང་སྒྲ་ལས་དོན་ལ་འཁྲུལ༷་པ༷་ཉི༷ད་ཀྱང༷་ཡོ༷ད་པ་མ༷་ཡི༷ན་ནོ། །ཡ༷ང་ བརྗོ༷ད་པ༷། དཔེར་ན་ཤིང་ས་ལ་སོགས་པའི་དོན་ལྔ་པོ་ཡི་སླད་དུ་སྨྲོས་པའི་ཤིང་སོགས་དོན་ལྔ་པོ་དེ་སྔ་མ་ཕྱི་མའི་ངེས་པའི་རྒྱུ་སྟེ་དཔེར་ན་ཤིང་ཞེས་སྨྲོས་ནས་བྱུང་སོགས་ གཞན་ལྔ་ཤུགས་ལ་ངེས། ས་བྱུང་གིས་རྫས་སོགས་གསུམ། རྫས་ཀྱིས་དངོས་ཡོད་སོགས་དེས། རིམ་པ་ལས་བཟློག་པ་ལས་ཕྱི་མ་ཕྱི་མ་ལ་ཐེ་ཚོམ་སྐྱེད་དེ། 8-12-58a གཞལ་བྱ་ཙམ་སྨྲོས་ན་ཡོད་རྫས་ས་བྱུང་ཤིང་བཞི་ལ་ངེས་པ་མི་སྐྱེ་སྟེ་ཐེ་ཚོམ། དངོས་ཡོད་སྨྲོས་ན་རྫས་སོགས་གསུམ་སོགས་སོ། །ཆ་ཤས་སྒྲོ་འདོགས་ བསལ་ཕྱིར་སྒྲ་ཡང་དེ་སྙེད་ངེས་སོ། །ཤིང༷་ཞེས་པའི་སྒྲ་དང༷་ས༷་ལ༷ས་བྱུང༷་དང༷་རྫས༷་ཡིན་པ་དང་། དངོས་པོ་ཡོ༷ད་པ་དང༷་གཞ༷ལ་བྱ༷་ཞེས་པའི་སྒྲས་དོན་སོ་སོར་ངེས་པར་གཟུང་ལ། དེ་གོ་རིམ༷་ལས་བཟློག༷་སྟེ་བརྗོད་ན། དོན་ལྔ་ལ༷ས་བཞི༷་དང་གསུམ༷་དང་གཉི༷ས་གཅི༷ག་ལ་ཐེ༷་ཚོམ༷་དུ༷་འགྱུར༷་ལ་གཞ༷ན་རིམ་པའི་དང་པོ་དང་པོ་ཕྱི་མ་ཕྱི་མ་ངེས༷་པའི༷་རྒྱུ་མཚ༷ན་ཡི༷ན། དེས་ན་སྒྲ་རྣམས་ཆ་ཤས་རྣམ་པར་གཅོད་པའི་དོན་ཅན་ནོ། །ཞེས༷་བྱ༷་བ༷་བར༷་སྐབས༷་ཀྱི༷་ཚིགས༷་སུ༷་བཅ༷ད་པ༷འོ༷། །གལ་ཏེ་གསལ་བ་མཐའ་ཡས་པས་ན། གཞན་སེལ་ལ་བརྡ་ བྱས་ཀྱང་དོན་ལ་རབ་ཏུ་སྦྱོར་བ་མི་སྲིད་དོ་ཞེ་ན། དེ་མིན་ཏེ་ཤིང་ཡིན་ནོ་ཅོག་ཀྱང་དེ་མིན་བཅད་པའམ་དེ་མིན་ལས་ཐ་དད་པའི་དོན། དེའི་སྒོ་ནས་ཐ་དད་མིན་པ་དེས་ན་ གསལ་བ་ཀུན་ལ་འཇུག་གོ། དེ་ཅི་ཡིན་ན། ཤིང་སྒྲས་ཤིང་མིན་གཞ༷ན་ལ༷་ཁྱབ༷་པ༷་བཀ༷ག་པའི༷་གཞན་སེལ་ཡིན་པའི་ཕྱིར༷། ཤིང་མིན་ལས་ཐ༷་ད༷ད་པའི་དོན་སྟོན་པ་ཤིང་ 8-12-58b སྒྲ་དེས༷་རང་གི་གསལ་བ་ཐམས་ཅད་ཐ༷་ད༷ད་མིན༷་ཚུལ་གྱིས་གོའོ། །དངོ༷ས་པོ་ལ་འཁྲུལ་མེད་དུ་འཇུག༷་སྟེ་རང་མིན་ཐ༷་ད༷ད་པའི་དངོས་པོ་ལ་འཇུག་པ་མིན་ཕྱིར༷་ཡང༷་སེལ་འཇུག་གོ། ཡང་གཞན་ སེལ་བར་བརྡ་བྱས་ན་དེ་དངོས་པོ་མེད་པས་དངོས་པོ་ལ་འཁྲུལ་མེད་དུ་གོ་མ་ནུས་སོ་ཞེ་ན། གཞན་བསལ་སྟོན་པའི་དངོས་པོ་དེ་ལ་འཁྲུལ་མེད་དུ་འཇུག་སྟེ། དངོས་པོ་དེ་ལས་ཐ་དད་པ་ བསལ་སྟོབས་ཀྱིས་ནམ་ཡང་འཇུག་པ་མེད་པས་ན་ཡང་མི་འཁྲུལ་ལོ། །རང་མཚན་ཐ༷་ད༷ད་རྣམས་ལ་མཐའ་ཐུག༷་པ༷་མེ༷ད་པའི་ཕྱིར༷་བརྗོད་བྱར་མི་རུང་བ་དང༷་། སེལ་བ་ལ་རི༷གས་ཀྱི༷་ ཆོས༷་སུ་བཏགས་པ་རྣམ༷ས་སེལ་བ་འདི་ལ་རྣམ༷་པར༷་གན༷ས་ཤིང་དེས་གོ་ཆོད་ཅིང་སྐྱོན་མེད་པས་འདི་ཟུང་། ཞེས་སོ། །སྤྱི་དོན་གཞན་ཡོད་པས་འཇིག་རྟེན་ན་གཟུགས་སྒྲ་སྔོན་པོ་ལ་ འཇུག་གི་རོ་སོགས་ལ་མི་འཇུག་པ་ཡིན། སེལ་སྨྲ་ལྟར་ན་སྤྱི་མེད་ཅིང་གསལ་བ་ཐ་དད་ལ་ལྟོས་པས་དེ་མི་འཐད་ལ། ཤིང་བརྗོད་སྒྲས་ཤིང་སྒྲུབ་པའི་ཚུལ་གྱིས་རང་དབང་དུ་གོ་ཡི་དེ་མིན་ བསལ་བ་ཞེས་སྤྱི་རང་མི་སྣང་བས་རྒྱུ་མཚན་གང༷་ལ༷ས་གཞ༷ན་སེལ༷་ཞེས་པ་འདི་ངེས༷་ཤེ༷་ན༷། ཞེས་མདོར་ན་འཇིག་རྟེན་ན་སྒྲ་ཐམས་ཅད་དོན་ལ་དངོས་དབང་གིས་སྦྱར་བ་ལས་སེལ་བ་ཞེས་ཅི་ཡང་ 8-12-59a མི་སྣང་ཞེ་ན། དེ་ཡང་འཇིག་རྟེན་ན་གཟུགས་རྣམས་ཐ་མི་དད་བྱེད་ལ། རོ་རྣམས་དེ་ལས་ཐ་དད་དུ་བྱེད་པའི་སྤྱི་གསལ་ཡོད་ཅེ་ན། ཐ་སྙད་ཀྱི་དེ་ཁོ་ན་ཉིད་ནི། འཇིག༷་རྟེན༷་ གྲགས༷་པའི༷་རྗེས༷་སུ༷་འབྲང་བ་ཁོ་ནས་སྤྱི་གསལ་མི༷་བཙལ༷་ཏེ་དེས་མི་རྙེད་པས་སོ། །གལ་ཏེ་སྤྱི་ཐ་མི་དད་ཡོད་པས་མིན་ན་ཤིན་ཏུ་ཐ་དད་པར་འདྲ་བ་ལ་གཟུགས་ཀྱི་སྒྲ་སྔོན་པོ་ལ་འཇུག་གི་ རོ་ལ་མི་འཇུག་པའི་ཁྱད་པར་ཅིས་ཡིན་ཞེ་ན། དེ༷་ལྟ༷་ན་སྐྱོན་དེ་གཟུག༷ས་ཉི༷ད་དེ་སྤྱི་ལ༷འང་མཚུང༷ས་པར་འགྱུར༷་ཏེ། རོ་དང་སྔོན་པོ་ཐ་དད་པར་འདྲ་བ་ལ་སྤྱི་ཐ་མི་དད་དེ་གཅིག་ཡོད་ཅིང་གཅིག་ལ་ མེད་པའི་རྒྱུ་མཚན་ཅིས་ཡིན་ཞེས་བརྟགས་རིགས་པས་སོ། །རྒྱུ་མཚན་ཡོད་དེ་སྔོ་སོགས་ལ་མིག༷་གིས་གཟུང་བྱ་ཉི༷ད་ལ༷ས་སམ་བྱ༷་བར༷་གན༷ས་པ་ཡོད་པས་སྒྲ་འཇུག་ལ་རོ་སོགས་ལ་དེ་ མེད་པས་ཤེ་ན། རྫས༷་གྲངས་ཚད་རྣམ་འབྱེད་གཞན་ཉིད་གཞན་མིན་ལ༷་སོ༷གས་པར༷་ཡང་གཟུགས་སྒྲ་འཇུག་པར་ཐ༷ལ་བར༷་འགྱུར༷་ཏེ་དེ་རྣམས་མིག་གིས་གཟུང་བྱར་ཁས་བླངས་པས་སོ། ། དཀར༷་མིན༷་སྔོན་པོ་དང་སེར་དམར་སོག༷ས་ལ༷་ཁྱ༷ད་མེ༷ད་པར་གཟུགས་སྒྲ་ཙམ་གྱིས་གོ་བར་འགྱུར༷། གཞན་སེལ་མིན་ན་རྗེས༷་འགྲོ༷་འབའ་ཞིག༷་ལ༷ས་བྱེ་བྲག་གི་དོན་ཐམས་ཅད་གྲུབ༷་པར་ 8-12-59b འགྱུར༷་རོ། །མདོར་ན་སེལ་བས་མིན་པར་སྒྲ་འཇུག་པ་ལ་དངོས་པོའི་རྒྱུ་མཚན་ཞིག་གིས་ཡིན་ན། དངོས་པོ་དེ་རྗེས་སུ་འགྲོ་བ་ཙམ་ཡོད་པ་ན་གོ་སྲིད་དེ། མིག་གིས་གཟུང་བྱ་ཡིན་ ཚད་ཐམས་ཅད་གཟུགས་གཅིག་གི་སྒྲས་ཁྱད་མེད་དུ་གོ་བ་ཡིན་ཏེ་སྒྲ་འཇུག་པའི་རྒྱུ་མཚན་ཡོད་པས་སོ། །དེས་ན་སེལ་བ་ནི་བརྗོད་འདོད་ཀྱིས་དེ་མིན་བསལ་བ་ཙམ་སྟེ། སྒྲ་ དངོས་པོའི་རྒྱུ་མཚན་ཅན་མིན་ནོ། །དཀར་མིན་ཆེས་དཀར་མིན་སོགས་ཁྱད་མེད་དེ་སྤྱི་ཆ་མེད་གཅིག་དང་འདྲེས་པས་སོ་ཟེར། སྤྱི་སྒྲས་བྱེ་བྲག་གོ་བའང་སྐབས་དང་ཤུགས་ལས་ གཞན་བསལ་བ་ཡིན་ནོ། །འདི་གལ་ཆེ། འོ་ན་ཁྱོད་ཀྱང་ལྡོག་པ་འབའ་ཞིག་ཅན་དུ་ཐལ་ལོ་ཞེ་ན། རྗེས་ལྡོག་གི་ཁྱབ༷་པ༷་གཉིས་ཀ་དོན་གྱིས་ཚང་ཡང་སྒྲས་དངོ༷ས་སུ༷་སོ་སོར་ སྟོན་པ་འདོ༷ད་པ་མ༷་ཡི༷ན་ཏེ། གཞན་བསལ་སྟོབས་ཀྱིས་རྗེས་འགྲོ་དང་དངོས་པོ་ཤིང་ཞེས་པས་དེ་མིན་ཆོད་པ་སྟེ། སྒྲ་གཉིས་བྱེད་པའང་མ་ཡིན་ཞེས་པའི་དོན་འདྲ་བས་ སམ་གཞན་གྱི་དངོས་པོ་བརྗོད་ཀྱང་གསལ་བ་ཀུན་ལ་ཁྱབ་པའི་སྤྱི་ཆ་མེད་དངོས་སུ་བརྗོད་པ་མིན་ཟེར་དཔྱད། སྒྲས་རྗེས་ལྡོག་གི་ཁྱབ་པ་དངོས་སུ་བརྗོད་པ་མ་ཡིན་ཀྱང་དོན་ 8-12-60a གྱིས་ཚང་ངོ་། །ཡང་ཁྱོད་སེལ་བར་འདོད་པ་ལྟར་ན་དངོས་པོ་ཐམས་ཅད་སེལ་བའམ་གཞན་མེད་པ་དང་འདྲེས་ན། ཐམས་ཅད་མེད་པ་ལས་གྱུར་པའི་ཐམས་ཅད་ མེད་པར་འགྱུར་ཏེ། ངེད་ཀྱི་ཡོད་པའི་གཙོ་བོ་གཅིག་ནི་རང་བཞིན་དུ་འདོད་པ་དང་འདྲའོ་ཞེས། སེལ་བ་ནི་ཕན་ཚུན་གཅིག་ལ་གཅིག་མེད་པ་དེ་མེད་པ་ཐམས་ཅད་སེལ་བའི་བྱེ་བྲག་ཡིན་ པས་གཞན་སེལ་ཐམས་ཅད་མེད་པ་དང་འདྲེས་ཞེས་ཁྱོད་ཀྱི་ཁས་བླངས་ཟེར་ན། འོ་ན་ཁྱོད་ཀྱིའང་དུ་མ་དང་འབྲེལ་བས་ཡོད་པར་སྒྲུབ་པའང་མེད་པ་གང་རང་གི་བྱེ་བྲག་དུ་མ་དང་འདྲེས་ཕྱིར་རོ། ། ཡོད་པའི་རང་བཞིན་རྟག་ཡོད་པ་ཞེས་པ་ལོགས་སུ་ཡོད་ཚུལ་ཇི་འདྲ། ཞེས་སོ། །ཁྱོད་དངོས་པོ་ཐམ༷ས་ཅ༷ད་ལ་གཞན་མེ༷ད་པ༷འམ་སེལ་བ་དང༷་འབྲེལ༷་ཞེས༷་སྨྲས་ན་དངོས་ཀུན་མེད་པ་དང་དོན་ གཅིག་གང༷་ཞི༷ག་ཁས༷་ལེན༷་དུ༷་ཐལ་ཞེས་པ་དེར་འགྲོ༷་ན༷། འོ་ན་ཡོ༷ད་ཅེས་པ་དེ༷་དངོས་པོ་དུ༷་མ༷འི་བདག༷་ཉི༷ད་དང་འབྲེལ་བ་ལ༷ས་ཡི༷ན་ཞེས༷་ཅི༷་ཞིག༷་ཡིན་པ་ལ་རྒྱུ་མཚན་གང༷་གིས༷་དེ་སྐད་སྦྱོར༷་བ་ཡང་། ཡོད་མེད་ཀྱི་ཤེས་པ་ཐ་དད་དུ་མི་འགྱུར་བར་གཉིས་ཀའི་ཡིན་པར་འདོད་པ་ན་རྟ་བ་ལང་གཉིས་རྣམ་འགྱུར་གྱི་ངོས་ནས་གཅིག་ལ་གཅིག་མེད་ལ་རང་བཞིན་གྱི་ངོས་ནས་གཅིག་པར་འདོད་པའོ། ། 8-12-60b དེ་ལ་གཅིག་ཡིན་ན་ཐ་དད་བློ་འགལ་ཐ་དད་བློ་སྐྱེ་ན་གཅིག་ཡིན་པར་འགལ། ཞེས་སོ། །འཇིམ༷་པའི༷་རང་བཞིན་གཅིག་ལ་རྣམ་འགྱུར་ཐ༷་ད༷ད་ལ༷ས་ཁམ་ཕོར༷་དང་རྫ་བུམ་ལ༷་སོག༷ས་པ་བཞིན་རང་ བཞིན་གཅིག་ལའང་རྣམ་འགྱུར་ཐ༷་ད༷ད་བློར༷་འདོ༷ད་ན༷། སྔར་མེད་དང་ཕན་ཚུན་མེ༷ད་པའི་ཐ༷་ད༷ད་ལ༷ས་ངོ་བོ་གཞ༷ན་དུ་གྱུར་པ་མིན༷་ན་ཡང༷་ཐ༷་ད༷ད་ཀྱི༷་བློ༷་ཅི༷་སྟེ༷་དག༷ག་སྟེ་དགག་མི་རིགས་ནའང་ཁྱོད་ད་ དུང་གཅིག་ཏུ་འདོད་པ་འཁྲུལ་ཞེས་སོ། །དེ་གཉིས་ཐ་མི་དད་པ་མི་རིགས་ཏེ་ཁྱོད་ཀྱི་གཞུང་ལས། ཡོ༷ན་ཏན༷་རྣམ༷ས་ཀྱི༷་རང༷་བཞིན༷་མཆོག༷། སྣང༷་བའི༷་ལམ༷་དུ༷་གང༷་མ༷་གྱུར༷་པ་དོན་ དམ་པའོ། །འདི་ལྟར་སྣང༷་བའི༷་ལམ༷་དུ༷་གང༷་གྱུར༷་པ༷་འདི་ནི་ཀུན་རྫོབ་པ་སྟེ་སྒྱུ༷་མ༷་བཞི༷ན་དུ་ཤི༷ན་ཏུ༷་སྟོང༷་པ་ཡིན་གྱི་དོན་དམ་པ་ཉིད་ནི་མིན་ཞེས་བཤད་པས་སོ། །དེ་གཉིས་གཅིག་མིན་ ཏེ་སྣང་ལམ་དུ་གྱུར་མ་གྱུར་དང་ཀུན་རྫོབ་དོན་དམ་གྱི་ཁྱད་པར་ཡོད་པའི་ཕྱིར། དེ་ལྟ་ནའང་གཉིས་སྣང་ངོ་བོས་བདེན་གྲུབ་ཀྱི་གཉིས་སུ་འདོད་པས་དེ་གཉིས་འགལ་ལོ། །གལ་ ཏེ་རྣམ་འགྱུར་མེད་ལ་གཙོ་བོ་ཡོད་གཅིག་པ་བཀག་པའི་ཐ་དད་ཟེར་ན། གཙོ་བོ་བདེན་པས་རྣམ་འགྱུར་ཡང་བདེན། རྣམ་འགྱུར་རྫུན་པས་གཙོ་བོའང་རྫུན། ཐ་དད་ན་རང་ 8-12-61a བཞིན་ཡིན་པ་ཉམས་སོ། །ཡང་འདི་ལྟར་དཔེར་ན་ཐ་དད་པའི་ཤིང་གསལ་རྣམས་ཐ་དད་དུ་ཡོད་ཀྱང་དེ་ལ་ཐ་དད་མིན་པའི་བློ་སྐྱེ་བ་ནི། དཔེར་ན་ནག་པོ་ སོགས་མཐོང་བ་ལ་གཅིག་ཏུ་ཞེན་པས་བ་ལང་གི་བློ་སྐྱེ་བ་བཞིན་ཞེས་པའི་དཔེ་འགལ་ཏེ། ནག་པོ་དང་བ་ལང་དོན་གཅིག་ཡིན་གྱི་ཐ་དད་མིན་ཟེར་བ་གྲངས་ཅན་པའི་ལུགས་ངན་ཏེ་བ་ལང་དང་ ནག་པོ་སོ་སོའི་སྒྲས་གཞན་བསལ་བའི་ལྡོག་པ་མི་འདྲ་བ་མ་ཤེས་པར་ནག་པོ་དང་བ་ལང་གཅིག་ཏུ་ཁས་ལེན་པའི་བླུན་པོའི་ལྟ་བ་ངོ་ཚ་བའོ། །ནག་པོ་དང་བ་ལང་ཕན༷་ཚུན༷་ཐ༷་ད༷ད་པའི་ གཞན་སེལ་བ་ད༷ག་ཏུ་ཡོ༷ད་ཀྱང༷་ནག༷་པོ༷་ལ༷་སོ༷གས་པ༷་འདུས་པའི་གོང་དུ་མཐོང༷་བ༷་ལ༷ས་དེ༷་ལ་བ་ལང་གི་བློ༷་སྐྱེ་བ་དཔེར༷་བརྗོ༷ད་པ་འཐད་ཀྱང་འགལ༷་ཟེར་བ༷་དེ༷་གཞན་སེལ་ཚུལ་མི་ཤེས་པ་ཁྱོ༷ད་ཀྱི༷་ ལུགས༷་ངན་ལ༷་རྟེན༷་པ༷་ཡི༷ན་གྱི་ངེད་ལ་མི་འགལ། ཞེས་སོ། །སྒྲ་རྟོག་སྒྲུབ་འཇུག་དེ༷་སེལ་བ་ལ་མི་ལྟོས༷་པར་སྒྲུབ་པས་འཇུག་ཞེ༷ས་པ༷་འདི༷་ནི༷་དངོས་པོའི་གནས་ཚུལ་ནི་མིན་ཏེ་ རང༷་གི༷་རྣམ༷་རྟོག་སྤྲོས༷་པ༷ར་ཟ༷ད་ཀྱི་དོན་ལ་གཞན་སེལ༷་བ༷་མིན༷་པའི༷་སྒྲ༷་ཡིས༷་ནི༷་ཆོས་ཀྱི་རང༷་བཞིན༷་འགའ༷་ཡ༷ང་བརྗོ༷ད་པར་མི༷་བྱ་བ༷་ཁོ་ནའོ། །རྒྱུ་འབྲས་སྔ་ན་མེད་པས་གཞན་དུ་རྟོགས་ 8-12-61b དགོས་ན་ཤེས་པ་གཞན་དུ་མི་འགྲུབ་སྟེ་ཤེས་པ་ལ་ཡ་མཐའ་དང་པོ་མེད་པས་ཐོ༷ག་མ༷་མེ༷ད་པའི་ཕྱིར་རྒྱུ་འབྲས་གཅིག་ཅེ་ན། ཤེས་པ་ལ་ཡ་མཐའ་མེད་པ་ཙམ་ནི་ངེད་ཀྱི་འདོ༷ད་པ༷་གྲུབ༷་ ལ། དེས་ཤེས་པ་རྒྱུ་མཐུན་ཡོད་པ་འགྲུབ་ཀྱི་སྐད་ཅིག་གཞན་མིན་མི་འགྲུབ་ཅིང་རིགས་ཡོད་སོགས་ཕ་རོལ་པོའི་འདོད་པའི་སྒྲུབ་བྱེད་དུ་ཅི་ཡང་མི་འགྱུར་རོ། །ཞེས་སོ། །སེལ་བ་སྨྲ་བ་ ཁྱོད་ལའང་བརྡ་མི་འགྲུབ་སྟེ། གཅད་རུང་ཤིང་མིན་མཐའ་ཡས་པ་ལ་སྒྲུབ་རུང་ཤིང་གསལ་མཐའ་ཡས་པས་ཤེ་ན། དེ་གཉིས་མཐའ་ཡས་ཀྱང་ཤིང་མིན་མཐའ་དག་རེ་རེ་ནས་བཅད་མི་ དགོས་ཏེ་སྤྱི་བཅད་པས་ཆོད་ལ། དེས་ཤིང་གི་སྤྱི་གྲུབ་པས་སོ། །དེས་ན་སྤྱི༷་ཡི༷་སྒོ༷་ནས༷་ཤིང་མིན་སེལ༷་བར༷་བྱེ༷ད་དོ། །དངོས་མེད་ལ་ཆོས་ཅན་མི་སྲིད་པས་ཁྱོད་ཀྱིའང་བད༷ག་དང་གཞ༷ན་གཙོ་ བོ་ཡོ༷ད་པ༷ར་ཁ༷ས་ལེ༷ན་དགོས་ཤེ་ན༷། གཅི༷ག་ཉི༷ད་དང་དུ༷་མ་ཉི༷ད་ཀྱིས༷་བརྟག༷ས་པ༷་འཇུག་གི དེ༷་ད༷ག་དངོ༷ས་པོ༷་ཡོད་པ་ལ༷་མི༷་རི༷གས་དངོས་མེད་ཀྱི་སྒྲ་དོན་ལ་བྱེད་དོ། །བདག་མེད་ལ་གཞན་ མེད་ལ་གཞན་མེད་ན་བསལ་རྒྱུའང་མེད་པ་གང་གཞན་དེ་ལ་ཡོད་པ་བདག་ཡོད་པས་ཁྱབ་དེས་ན་སྒྲ་ཡིས་བརྗོད་ཚད་ཡོད་པས་ཁྱབ་ཀྱི་མེད་པ་མི་བརྗོད་ཟེར་ནའམ། ཡང་བདག་ཅེས་པ་ 8-12-62a ཆོས་གཞན་ལས་གཞན་དུ་ཡོད་པར་ཁས་མི་ལེན་དེ་ལ་གཞན་སེལ་མི་སྲིད་ལ། ཡོད་ན་དེ་གཞན་དུ་ཡོད་པས་གཅིག་ཐ་དད་བརྟགས་པ་མི་འཇུག་ཅེ་ན། གཅིག་ཐ་དད་བརྟགས་པ་དེ་ག་ བདག་དངོས་པོ་ལ་མི་འཇུག་ཀྱང་བདག་གི་སྒྲ་དོན་གཞན་སེལ་ཡང་བདག་ཕུང་པོ་སོགས་ལས་གཞན་དུ་དངོས་པོའི་དོན་ལ་མེད་པ འི་ཕྱིར་ཞེས། སྒྲ་དོན་དང་དངོས་པོ་ཐ་དད་དུ་ཤན་མི་ཕྱེད་ན། བདག་སྟེ་དངོས་པོ་རང་ཉིད་གཞན་དུ་ཡོད་པར་ཁས་མི་ལེན་ན། ཁྱོད་ཀྱིའང་རྣམ་འགྱུར་གཙོ་བོ་གཅིག་པར་ཐལ་ལོ། །གཅིག་ན་གཙོ་བོ་དུ་མར་ཐལ་ལོ། །གསལ་བ་ཐ་དད་མེད་ པར་ཐལ་ལོ། །དེ་བཞིན་གསལ་མི་གསལ་ཀྱང་མེད་དོ། །ཁྱོ༷ད་ཀྱི༷་ལུགས་ལའ༷ང་གསལ༷་བ༷་རྣམ་འགྱུར་རྣམས་གཙོ་བོའམ་ནུས༷་པར་འགྱུར༷། གཞན་སེལ་བ་དབང་པོའི་ ཡུལ་དུ་ཐལ་ཏེ་དེ་འཛིན་པའི་དབང་པོ་ཕུང་གསུམ་པ་མེད་ཟེར་ན། གཞན་སེལ་བའི་སྒྲ༷་ཡི༷་བརྗོ༷ད་བྱའི་དོན༷་ལ༷་ཡིད་རྟོག་བཅས་ཀྱིས་དཔྱོ༷ད་པ༷་འདི༷་ཡང༷་རྣ་སོགས་དབ༷ང་པོའི༷་སྤྱོ༷ད་ཡུལ༷་ མིན༷། གང༷་ཞི༷ག་ཤིང་ཞེས་པའི་སྒྲ༷་ལ༷་སོ༷གས་པ༷་འདི༷་འཇུག༷་པའི༷་དབང་གིས་དབ༷ང་པོ༷་ཡུལ་སོ༷་སོ༷ར་འཇུག་པ་མིན༷་པས་སོ། །དོན་གང༷་ཞིག༷་ཚིག༷་གི༷་བརྗོ༷ད་དུ་རུང་བ༷་འདི་ནི་ངག༷་གི་རྐྱེན་ 8-12-62b ལ༷ས་དོན༷་དུ་རྣམ༷་པར༷་བཏག༷ས་པའི་སྤྱི་སྟེ་སྒྲ་དོན་འདྲེས་པའི་ཡིད་རྟོག་ཡིན་ལ་དེ་ཡང་ཇི་ལྟར་ན་བརྡ་མ་བྱང་ཚེ་ངག༷་སྒྲ་རང་མཚ༷ན་དང་དོ༷ན་སོ༷་སོ༷ར་སྣང༷་བར་བརྗོ༷ད་པ་གང༷་དེ༷་ཡིས༷་དང༷་པོ༷་མ་གོམས་ ཚེ་མིང་ལས་དོན་གྱི་རྟོག་པ་ཉེ༷་བར༷་བསྐྱེ༷ད་ཅིང་ཇི༷་ལྟར༷་ཕྱིས་གོམས་པའི༷་ངག༷་དག༷་ལ༷ས་དོན༷་ལ༷་མིང་མེ༷ད་དུ༷་ཟིན༷་ཀྱང༷་མིང་ལས་དོན་གྱི་རྟོག་པ་སྐྱེ་སྟེ་མིང་དོན་འདྲེས་པར་སྣང་ངོ་། །མིང་རྣམས་དོན་སོ་ སོ་རང༷་གི་རྐྱེན༷་དང་རྗེས༷་སུ་འབྲེལ༷་བས༷་དོན་གྱི་རྣམ༷་པ༷་དུ༷་མ༷་སོ༷་སོ༷ར་རྟོགས༷། དེ༷་ཡ༷ང་ང༷ག་གི༷་དོན་དེ་ནི་དེ་མིན་གཞན༷་ལ༷ས་རྣམ༷་པར༷་བཅ༷ད་པའི༷་དོན་དུ༷་འདོ༷ད་དོ། །མིང་དོན་གྱི་འབྲེལ༷་པ༷་ཤེས༷་པ༷འི་ ངག༷་གི༷་དོན༷་གོ་བའམ་བརྗོད་འདོད་དང་དོན་སྤྱིའི་བློ་དཔོག་པ་འདི༷་ཡ༷ང་རྗེས༷་དཔག༷་ལ༷ས་གཞ༷ན་མིན༷་ཏེ་ཚུལ་གསུམ་ཚང་བས་རྗེས་སུ་འགྲོ་ལྡོག་གིས་འགྲུབ་པས་སོ། །ག༷ང་ཞིག༷་ངག༷་ལ༷ས་སྐྱེས༷་ པ༷་ཡི༷་རྣམ༷་རྟོག༷་སྣ༷་ཚོག༷ས་པའི་ཤེས༷་པ༷་ནི༷་དེ་ཡ༷ང་རང༷་རིག༷་ཡི༷ན་པས༷་ན༷། མངོ༷ན་སུམ༷་ཉི༷ད་ལ༷ས་གཞ༷ན་མ༷་ཡི༷ན། དངོས་པོ་དུ་མ་ལ་མི་འཇུག་པའི་འདོད་རྒྱལ་བའི་སྒྲ་སྤྱི་ལ་ཇི་ལྟར་འཇུག་ཅེ་ན་སྟེ། རྒྱུ་མཚན་ཅན་རྣམས་སེལ་བར་རིགས་ན་འདོད་རྒྱལ་ཇི་ལྟར་ཞེ་ན། འདོད་རྒྱལ་ལ་རིགས་བརྗོད་ཚོགས་བརྗོད་གཉིས་ཀྱི་རིགས་ནི་སྤྱི་བརྗོད་ཡིན་མོད་ཚོགས་པའི་སྤྱིའང་དོན་དུ་མི་དབྱེ་བས་སོ། ། 8-12-63a དེ་ཡང་བུམ་པའི་རྡུལ་བརྒྱད་ཀྱི་ཆུ་སྐྱོར་བའི་བྱ་བྱེད་ལ་བུམ་པར་བཏགས་པ་བཞིན། སྒྲ་འདོ༷ད་རྒྱལ༷་བ༷་ཡ༷ང་རང་གིས་བརྗོད་དོན་ལ་རིགས་དང་ཚོགས་པས་དོན༷་དབྱེ༷་བ༷ས་དུ་ མའི་སྤྱི་ཡིན་གྱི་གཅིག་པུ་བ་བརྗོད་པ་ནི་མེད་དོ། །དབྱེ་བ་དེའང་ལ་ལར་ཚིག་གིས་སྤྱི་ཙམ་དངོ༷ས་སུ་རྗོད་པར༷་བྱེ༷ད། རིགས་སྒྲ་དང་ཚོགས་པ་བརྗོད་པའི་སྒྲ་གཉིས་ལྟོས་ནས་ཕྱེའོ། །དེ་ ལ་རིགས་སྒྲ་ནི་ལ༷་ལ༷ར་བྱེ་བྲག་གམ་ཡན་ལག་ལ་བརྟགས་ནས་གོ་སྟེ། གྲོང་གི་ཕག་པ་བཟའ་བྱ་མིན་པ་ཞེས་བརྗོད་ན་ཡན་ལག་ཅན་གྱི་ལྡོག་ཆ་མིན་པར་དེའི་ལུས་ཀྱི་ཆ་ཤས་བཟའ་མི་ འོས་པ་སྟོན། ལ་ལར་ཡན་ལག་ཁོ་རང་ལ་དངོས་སུ་སྟེ། གྲངས་སོགས་སྒྲ་བཞིན། གྲངས་བརྒྱ་ལྟ་བུ་བརྒྱ་ཚོ་ཡིན་གྱི་བཅུ་སོགས་ནི་མིན་ནོ། །ཚོགས་པ་བརྗོད་པའི་སྒྲ་ ཡང་སྐབས་སུ་ཚོགས་ཅན་སོ་སོ་ལ་བཏགས་ནས་འཇུག་སྟེ། ཁང་པ། ཞིང་། ལམ། ལྕགས་རི། སྐྱེས་བུ་སོགས་ཚོགས་པ་ལ་གྲོང་སྒྲས་བརྗོད་པ་དེའི་ཕྱོགས་གཅིག་ སྐྱེས་བུ་ལ་བཏགས་ནས་གྲོང་འོང་ཞེས་པ་དང་། མཛུབ་མོ་ན་བ་ལ་ལུས་ན་ལྟ་བུ་བཏགས་ནས་འཇུག །ཁ་ཅིག་ཏུ་ཚོགས་ཅན་ལ་མི་འཇུག་སྟེ། དཔེར་ན་ཆུ་དང་ནགས་ཞེས་པ། རྡུལ་ 8-12-63b རྫས་སོ་སོ་དང་། ཤ་ཤུག་སོགས་རེ་རེ་ལ་མིན་པ་བཞིན་ནོ། །དེས་ན་རིགས་དང་ཚོགས་བརྗོད་ཀྱིས་འདོད་རྒྱལ་དུ་གོ དེ་ཡང་གཞན་སེལ་བའི་དབང་གིས་དེར་གོ དེ༷་དཔེར༷་ན༷། བརྒྱ་ སྟོང་སོགས་གྲང༷ས་དང༷་སོར་འདོམ་རྒྱང་གྲགས་དཔག་ཚད་བྲེ་སྲང་ཟླ་ཞག་ལོ་བསྐལ་སོགས་ཚད་དམ་མཚ༷ན་ཉི༷ད་དང༷་ནི༷་ཟླུམ་ཟླ་གམ་རིང་ཐུང་ལྷམ་ཁུ་ཚུར་མདུད་པ་ཕྲེང་བ་སོགས་དབྱི༷བས་རང་གི་ ཆ་ཤས་ལ་ལྟོས༷་པ༷་མེ༷ད་པ༷ར་སྤྱི་གྲངས་ཙམ་བློ་ཡུལ་དུ་འཕེན་པ་ལྟ་བུར་རབ༷་ཏུ༷་འཇུ༷ག །ཆུ༷་དྭངས་མོ་ལ་སོགས་པ༷་ནི་རང་རིགས་ཐིགས༷་པ༷་དང༷་། རྡུལ་འདུས༷་པ༷་ལ༷་ཡ༷ང་བརྗོ༷ད་པ༷ར་བྱེ༷ད་པ་ཉིད་དེ་གཉིས་ཀའོ། ། དབྱིབ༷ས་དང༷་སྤྱི་སྒྲ་ཡིན་པས་ཁ༷་དོག༷་ནི་ཚོགས་ཅན་ལས་རང་གི་ཆ༷་ཤ༷ས་ཀྱིས༷་ཁྱ༷ད་པར༷་དུ་བྱས༷་ནས༷་ཆ་རེ་རེ་ལ་འཇུག༷་པ༷་མི༷ན༷། གྲངས་མཐ༷འ་ཡས༷་པ་དེ༷་ཡི༷་ཆ༷་ཤས༷་ལ༷། སྤྱི་སྒྲ་དེ་ར༷བ་ཏུ༷་ འཇུག༷་པ༷་དམིག༷ས་མ༷་ཡི༷ན། སྤྱི་ལས་བྱེ་བྲག་གམ་འདི་ནོར་བུ་མར་གད་དོ་ཞེས་སོགས་ལས་དོན་རྟོགས༷་པའི༷་དོན༷་ནི༷་བཏགས་ནས་བསྟན༷་ཕྱིར༷་རོ༷། །སྔོན་ཆད་སྒྲ་དོན་འབྲེལ་བར་ མཐོང་བ་མིན་ཀྱང་ཤིང་རྟོག་པ་ན་གོའམ། འདི་ནོར་བུ་མར་གད་དོ་ཞེས་བསྟན་པ་ན་དེ་ལྟར་ཡིད་ཆེས་ཏེ་རྗེས་དཔག་ཇི་ལྟར་ཡིན་ཞེ་ནའོ། །དེ་ནི་འདི་ཞེས་པའི་སྒྲའམ། ལག་ 8-12-64a བརྡའམ་སྔར་གྱི་གྲགས་རྙིང་ལས་བསྟན་ཏེ་གོ་བ་ཡིན་གྱི་མིང་ཙམ་གྱིས་མིན་ནོ། །དེ་ཕྱིར་སྒྲ་དོན་དངོས་པོས་འབྲེལ༷་བ༷་མ༷་ཡི༷ན་ཏེ་བློས་བརྟ༷གས་པའི༷་ཕྱིར༷་སྒྲ་བྱུང་ ཚད་ལ་ཕུང་གསུམ་པ་མེད། ཕྱོགས༷་འདི༷ས་ལྷག༷་མ༷་ཉེར༷་འཇལ་སོགས་རྣམ༷ས་ལ༷འ༷ང་ཚད་མ་ཕུང་གསུམ་པ་མིན་པར་བརྗོ༷ད། དེ་ཡང་སྒྲ་བྱུང་ཚད་མ་ཕུང་གསུམ་མིན་ཏེ་སྒྲ་དོན་དངོས་པོའི་མི་ འབྲེལ་བ་བློས་འབྲེལ་བྱས་པའི་འབྲེལ་བ་ལས་མིང་ལས་དོན་དཔགས་པ་རྗེས་དཔག་ཡིན་པས་སོ། །དེ་བཞིན་ཉེར་འཇལ་ཡང་མཐོང་བ་འདི་དང་མ་མཐོང་བ་འདྲ་ཞེས་འཇལ་བ་ལ་ དེ་མཐོང་ངམ་ཐོས་པས་འདྲིས་ཀྱང་བཏགས་ནས་ད་གཟོད་དཔོག་པའོ། །དོན་གོ་བ་ནི་རྗེས་དཔག་གོ། ཞེས་གྲགས་པ་ནི་སྒྲ་ལ་བརྟེན་ནས་གོ་བ་སྟེ། དེ་ཡང་རྗོད་བྱེད་ དེ་བརྗོད་བྱའི་དོན་དུ་འབྲེལ་བརྟགས་ལས་སོ། །སྐབས་སུ་ངེས་པ་ནི་ཉེར་འཇལ་ལྟར་རང་གིས་འབྲེལ་བར་སེམས་པའོ་དཔྱད་དོ། །ཚད༷་མ༷་ཀུན༷་ལ༷ས་བཏུ༷ས་པ༷་ལ༷ས་ གཞན༷་སེལ༷་བརྟག༷ས་པའི༷་ལེ༷འུ༷་སྟེ༷་ལྔ༷་པ༷འོ༷།། །།ཚད་མ་ལྟར་སྣང་བསྟན་པས་ཅི་བྱ་ན། ཚད༷་མ༷་ལྟར་སྣང༷་སྒྲུབ་བྱེད་དུ་བརྗོ༷ད་པར༷་འདོ༷ད་པའི་མུ་སྟེགས་རྣམ༷ས་ལ༷་ 8-12-64b རིགས༷་པ༷འི་ཆ༷་ཤས༷་ཏེ་སྒྲུབ་བྱེད་ཀྱི་ཡན་ལག་སྐྱོན་མེད་སྨྲ༷་བ༷་བཞི༷ན་དུ་དེས་དམ་བཅའ་འམ་ཕྱོགས༷་གྲུབ༷་པ་ལ་དེ་གཉིས་མཚུང༷ས་པ༷་མ་ཡི༷ན་ཞེས༷་བསྟན༷་ཕྱིར༷་ཚུལ་གསུམ་མ༷་ཚང༷་ལ༷་འགལ་ སོ༷གས་ལྟར་སྣང་བརྗོ༷ད་དོ། །སྒྲུབ་བྱེད་དང་སུན་འབྱིན་པ་ནི་དེ༷་ཉི༷ད་རབ༷་ཏུ༷་བསྟན༷་པ་བྱ་ཕྱིར༷་དང༷་གཉིས་པོ་དེ༷་ལྟར༷་སྣང༷་བ༷་བརྗོ༷ད་པའི༷་ཕྱིར་སྒྲུབ་བྱེད་སུན་འབྱིན་ལྟར་སྣང་ལ་ལན་འདི་བརྗོད་པ་ བསྟན་བཅོས་སུ་བཤད་རིགས༷་པ༷་ཡི༷ན། དེ་ལ་ལྟག༷་ཆོད༷་ལ༷་ནི༷་རྗེས༷་མཐུན༷་ལ༷ན་གྱི་ཁྱད་བསྟན་པར་བྱ་སྟེ་ཕྱིར་རྒོལ་གྱིས་ལན་རྣལ་མར་བསམས་ཀྱང་། སྐྱོན་མེད་ལ་སྐྱོན་དུ་བརྗོད་ པ་ནི་སུན་འབྱིན་ལྟར་སྣང་སྟེ། དེ་ལ་མིང་དུ་ལྟག་ཆོད་ཟེར་རོ། །ཕ་རོལ་པོ་ལ་བཀོད་པའི་ཉེས་པ་རང་ལའང་མཚུངས་པ་ལྟག་ཆོད་ཐ་ཤལ་ཟེར། ལྟག་ཆོད་བཅུ་བཞིའི་ངོ་བོ་ ཕྲ༷ད་ད༷ང་མ༷་ཕྲ༷ད་དག༷་དང༷་མཚུངས་པའི་ལྟག་ཆོད་ནི། སྒྲ་མི་རྟག་སྟེ་རྩོལ་བྱུང་ཕྱིར་ལྟ་བུ་ལ་སུན་འབྱིན་པོ་ན་རེ། རྟགས་དེ་བསྒྲུབ་བྱ་དང་ཕྲད་དམ་མ་ཕྲད་ཕྲད་ན་རྒྱ་མཚོ་དང་ཆུ་བཞིན་འདྲེས་ པས་ཁྱད་མེད་ལ། ཡང་མ་གྲུབ་པ་དང་ཕྲད་རྒྱུ་མེད་པས་གྲུབ་པ་དང་ཕྲད་དགོས་ལ། དེ་ལྟ་ན་བསྒྲུབ་བྱ་གྲུབ་ཟིན་པས་གཏན་ཚིགས་མི་དགོས་སོ་ཟེར། མ་ཕྲད་ན་རྟགས་ 8-12-65a མིན་པས་སྒྲུབ་བྱེད་མིན་པ་དང་ཁྱད་མེད་ཟེར་རོ། །འདིའི་ལྟག་ཆོད་ཀུན་གྱི་དང་པོར་མཚུངས་པ་སྦྱར་བ་ནི། ཕྲད་མ་ཕྲད་དུས་གསུམ་མ་བརྗོད་པ་སོགས་དངོས་མིང་ཡིན་ ལ་དེ་དང་འདྲ་བ་སྟེ་དེ་ཡིས་སྐྱོན་དངོས་སུ་མི་འཇུག་པས་མཚུངས་པ་ཞེས་གྲགས་སོ་སྙམ་སྟེ་རང་། དཔེར་ན་རལ་གྲི་འདྲ་བའི། མདུང་འདྲ་བའི་ཞེས་པ་འདྲའམ་དཔྱད། གཉིས་པ་ དུས་གསུམ་མཚུངས་པ་ནི། གལ་ཏེ་རྟགས་བསྒྲུབ་བྱ་བས་སྔ་ན་འདི་གང་གི་རྟགས་ཡིན། བསྒྲུབ་བྱ་མེད་པས་སོ། །ཕྱིས་གྲུབ་ན་གོ་བྱེད་མི་རིགས་ཏེ་གོ་བྱ་རྟགས་མེད་ཀྱང་གྲུབ་པས་སོ། ། དུས་མཉམ་ན་རྭ་གཡས་གཡོན་བཞིན། རྟགས་དང་བསྒྲུབ་བྱ་ཕན་ཚུན་དུས་མཉམ་པས་གཅིག་གཅིག་གིས་སྒྲུབ་མི་དགོས་ཏེ། འདི་གཉིས་རང་གིས་སུན་འབྱིན་དང་དབྱུང་བྱ་ལ་མཚུངས་ཤིང་། མ་ཕྲད་དང་མཚུངས་པས་མི་གྲུབ་པ་མིན་ཞིང་དོན་དམ་གྱི་སྒྲ་དོན་གྱི་རྟགས་ཀྱི་ངོར། རྟགས་སྔ་ནའང་དམ་བཅའི་དོན་ཕུལ་ལོ། །དུས༷་གསུམ༷་པ་ཉིད་ལ༷་བརྟགས་ནས་རྟག༷ས་སུ༷་བརྗོ༷ད་པར་འདོ༷ད་ མིན༷་པར་སྒྲུབ་ནས་ངག་དང་རྟགས་དང་དུས་ཐམས་ཅད་ལ་ནི་མི་འདོད་བརྗོད། ཕྲ༷ད་དང༷་མ༷་ཕྲ༷ད་པའི་བརྟག༷ས་པ་བརྗོ༷ད་པ་དེ་ཚུལ་གསུམ་མ༷་ཚ༷ང་བས་གཏ༷ན་ཚིག༷ས་དང་རྗེས༷་མཐུན༷་ཏེ་ལྟར་ 8-12-65b སྣང་ཡི༷ན་ཏེ་དེས་རང་དོ༷ན་རྟོགས༷་པ་ལ་མ༷་གྲུབ༷་པས་ལྟར༷་སྣང༷་བརྗོད་པ་ཡི༷ན་ནོ། །གསུམ་པ་རྟག་པ་མཚུངས་པ་ནི། སྒྲ་མི་རྟག་ཅེས་སྨྲོས་ན། སྒྲ་མི་རྟག་ཅེས་སྒྲ་དང་མི་རྟག་དོན་གཞན་དུ་བསམས་ ནས། འོ་ན་སྒྲ་མི་རྟག་པའི་རྗེས་སུ་འགྲོ་མི་རྟག་པ་ཡིན་གྱི་སྒྲ་རང་རྟག་པ་ཡིན་ཟེར་བ་དེ་མིན་ཏེ། སྒྲ་ཉིད་དང་མི་རྟག་གཅིག་ཏུ་སྒྲུབ་པའི་མི་རྟག་ལས་ལོགས་སུ་ཕྱེ་བའི་སྒྲ་ནི་མི་གྲུབ་བོ། །དེས་ན་ སུན་འབྱིན་དེ་རང་ཚིག་འགལ་ལོ། །ཇི་ལྟར་ན་སྒྲ་མི་རྟག་པས་རྟག་པ་མི་འདོར་ནའོ། །རྟག༷་པ་དང་མཚུངས་པར་བརྗོ༷ད་སྒྲ་གང་མི༷་རྟག༷་པའི༷་རྗེས༷་སུ་འ༷གྲོ་བ་པ་དེ༷་ད༷ག་ནི་མི་རྟག་ཅེས་པའི་མི་རྟག༷་ པར༷་སྒྲུབ་ནུས༷་མི༷ན་ཞེས་པ་དེ་དམ་བཅའ མ་ཕྱོག༷ས་ཀྱི༷་སྐྱོན༷་དང༷་རྗེས༷་མཐུན༷་དུ་བརྗོ༷ད་དེ་རང་ཚིག་འགལ་བས་སོ། །བཞི་པ་མ་བརྗོད་པ་དང་མཚུངས་པའི་ལྟག་ཆོད་ནི། རྩོལ་བྱུང་གི་ གཏན་ཚིགས་མ་བརྗོད་པའི་སྔར༷་སྒྲ་མི་རྟག་པ་མིན་ཏེ། སྒྲ་མི་རྟག་པར་གཏན་ཚིགས་དེས་སྒྲུབ་པའི་ཕྱིར་ཞེས་སྒྲ་མི་རྟག་པར་རྟགས་ཀྱིས་གསར་དུ་སྒྲུབ་པའི་ཚུལ་དུ་བསམས་ནས་རྩོད་པ་ སྟེ། གཏན་ཚིགས་བརྗོད་ན་སྒྲ་མི་རྟག་ཡིན་ནམ་བརྗོད་ན་རྟག་པར་འདྲའམ། དཔྱད་དེའི་སྔོན་དུ་སྒྲ་མི་རྟག་མིན་པར་རྩོད་པའོ། །དེ་ཡང་རྟགས་བསྒྲུབ་བྱ་ཡིན་ན་གཏན་ 8-12-66a ཚིགས་སྔར་བརྗོ༷ད་ལ་དེ་ལྟ་ན་གཏན༷་ཚིགས༷་མེ༷ད་པ༷་ཡིས༷་བསྒྲུབ༷་བྱ༷་ཡང་མེ༷ད་པ༷ར་ཐ༷ལ་བར༷་འགྱུར༷་དེ་ལྟ་ན་བསྒྲུབ་མི་དགོས་ཏེ་དེས་དེ་སྐྱེད་པ་ཙམ་མོ། །མ༷་བརྗོ༷ད་པ༷་དང་ མཚུངས༷་པའི་ལྟག་ཆོད་དུ། འདི་ཡང་རང་གིས་སྒྲོ༷་བཏ༷གས་ནས༷་དོན་རྟགས་ཀྱིས་དོན་སྒྲུབ་པ་མིན་པར་སྨྲ་པོ༷འི་ངག༷་ཙམ་གྱིས༷་སྒྲུབ༷་པ༷ར་བྱེ༷ད་པར་རློམ་པས་ན། མ༷་གྲུབ༷་པར་བརྗོད་ཀྱང་གྲུབ་པ་ མིན་པའི་ལྟར༷་སྣང༷་། ཡང་ན་ཉུང༷་ལྟར༷་སྣང་སྟེ་མ་ཚང་བ་ལྟར་སྣང༷་ངོ་། །དེ་ཡང་གཏན་ཚིགས་བརྗོ༷ད་པ༷་ལ༷ས་བསྒྲུབ་བྱ་གྲུབ་པས་ན་སྔར༷་སྒྲུབ༷་བྱེ༷ད་འབྱུང་བར་སྒྲོ་བཏགས་པས་ནའོ༷། །ཉུང་ ལྟར་སྣང་བ་ཅི་ཞེ་ན། མ་ཚང་བའོ། །དེ་ཅི་མ་ཚང་ན། གཏན་ཚིགས་མ་ཚང་བའོ། །ཇི་ལྟར་ན་སྒྲུབ་བྱེད་སྔར་ཡོད་དུ་འདོད་པས་སོ། །ཅིས་ན་ཚིག་བརྗོད་པ་ལས་སྒྲུབ་པའི་ཕྱིར་ནའོ། ། དེས་ན་གཏན་ཚིགས་མེད་པའི་ལྟར་སྣང་སྟེ་དོན་མེད་པའོ། །ལྔ་པ་མ་སྐྱེས་པ་དང་མཚུངས་པའི་ལྟག་ཆོད་ནི། རྩོལ་བྱུང་ཉིད་མ་བརྗོད་པའི་སྔར་ནས་རྟགས་མིན་པས་མ་བརྗོད་པའི་སྔར་ སྒྲ་རྩོལ་བྱུང་མ་གྲུབ་པའམ། ཡང་རྩོལ་བྱུང་མ་གྲུབ་པས་རྩོལ་མ་བྱུང་དུ་གྲུབ་པས་སྒྲ་རྟག་པ་ཡིན་པས་ན་རྩོལ་བྱུང་དེ་སྒྲ་ལ་མ་གྲུབ་པ་དང་སྒྲ་རྟག་པའི་སྒྲུབ་བྱེད་དུ་ཡང་དོན་གྱིས་འགྱུར་ 8-12-66b ཞེས་པ། རྟགས་བརྗོད་པ༷་ལ༷ས་སྔར༷་རྟག༷ས་མིན༷་པའི་ཕྱིར༷། རྩོལ་བྱུང་གིས་མི་རྟག་སྒྲུབ་པ་ལྟ་བུ་མ༷་གྲུབ༷་པ༷་དང༷་འགལ༷་བའི༷་ངག༷་ཏུ་ཞེན་པ། རྟགས་མ༷་སྐྱེས༷་པ༷་དང་མཚུངས་པའི་ལྟག་ཆོད་ རྣམ༷་པ༷་གཉི༷ས་པོ་ནི། གཉི༷ས་སུ༷་སྒྲོ༷་བརྟགས་པ༷་ལ༷ས་བྱུང་བར་འདོ༷ད་དོ། །ཇི་ལྟར་ན་སྒྲ་ཡི་ངོ་བོ་སྔར་ནས་མི་རྟག་དང་རྩོལ་བྱུང་ཡིན་པ་ལ། འདིར་བརྗོད་པ་ལས་སྔར་སྒྲུབ་བྱེད་དུ་སྒྲོ་ བཏགས་ཏེ། རྩོལ་བྱུང་བརྗོད་པས་སྒྲ་མི་རྟག་པར་སྒྲུབ་ཏུ་སྒྲོ་བཏགས་གཞིར་བཞག་གི་སྟེང་ནས། དེ་མ་གྲུབ་བསམ་པ་དང་། དེའི་ལོག་ཕྱོགས་ཀྱིས་འགལ་བ་གྲུབ་སྙམ་པ་མ་ངེས་པའི་ སྒྲུབ་བྱེད་གཉིས་ལ་མ་གྲུབ་དང་འགལ་བར་བརྗོད་པའི་ལྟག་ཆོད་གཉིས་སུ་བྱུང་བའོ། །དྲུག་པ་འབྲས་བུ་མཚུངས་པ་ནི། འབྲས༷་བུ༷་གཞ༷ན་ཉི༷ད་ཀྱི༷་ཆ༷་ནས༷་བསྒྲུབ༷་བྱ༷་མི༷་འགྲུབ༷་པར༷་སྟོན༷་པ༷་དེ༷་ཉི༷ད་ འབྲས༷་མཚུངས༷་ལྟག་ཆོད་དེ། འདི་ལྟར་སྒྲ་མི་རྟག་བསྒྲུབ་ལ་བྱས་པའམ། འབྲས་བུ་ཡིན་པར་འདོད་པ། སྒྲ་ལྕེ་སོགས་དང་བུམ་པ་དབྱུག་གུ་སོགས་ཀྱི་འབྲས་བུ་གཞན་ཡིན་ པ་ཉིད་ཀྱི་ཆ་ནས། བྱས་པའམ་འབྲས་བུ་སྒྲ་མི་རྟག་མི་འགྲུབ་པར་སྟོན་པའོ། །དེ༷་ལྟ༷་བུ༷་ལ་སྨྲ་པོའི༷་ཞེ་འདོ༷ད་པས༷་བསམ་ཚུལ་རྣམ༷་པ༷་གསུམ་སྟེ། བུམ་འབྲས་སྒྲ་ལ་ 8-12-67a མེད་ཟེར་ན་མ་གྲུབ་པ་ལྟར་སྣང་། སྒྲ་འབྲས་བུམ་སོགས་མི་རྟག་ཕྱོགས་ལ་མེད་ཟེར་ན་འགལ་བ་ལྟར་སྣང་། དེ་ཉིད་རྟགས་པ་ལའང་མེད་ཟེར་ན་ཐུན་མིན་མ་ངེས་ལྟར་ སྣང་སྟེ། འདིར་བྱས་ཙམ་སྒྲུབ་ཀྱི་གཞན་ལྡན་གཅོད་དུ་མི་སྦྱོར་རོ། །རྟག་པ་ལ་ཡོད་པར་ཁས་ལེན་པ་མིན་ཀྱང་། །མི་བཀག་པ་ཙམ་རེ་རེ་གོའོ། །བདུན་པ་ཆོས་མཐུན་པ་མཚུངས་ པ་ནི། ངེ༷ས་པའམ་ཁྱབ་པ་བསྟན༷་པའི་ཆེད་དུ་བྱས་ཕྱིར་མི་རྟག་སྒྲའི་དཔེར་ནམ་མཁའ་ལྟ་བུ་མི༷་མཐུན༷་ཕྱོག༷ས་ད༷ག་ལ༷ས་ཆོས་ཅན་དང་ཆོས༷་མཐུན༷་དཔེ༷་ཡིས༷་བསྒྲུབ་བྱ་ལས་གཞ༷ན་རྟག་ པ་སྒྲུབ༷་པ༷་ནི༷་ཆོ༷ས་མཐུན༷་པ༷་མཚུང༷ས་པའི་ལྟག་ཆོད་དེ། དཔེར་ན་སྒྲ་མི་རྟག་སྟེ་བྱས་ཕྱིར་མི་མཐུན་དཔེ་ནམ་མཁའ་བཞིན་ཞེས་བཀོད་པ་ན། ནམ་མཁའ་དང་སྒྲ་བྱས་པར་མི་ མཚུངས་པས་མི་རྟག་པར་གྲུབ་ན། སྒྲ་དང་ནམ་མཁའ་ལུས་ཅན་མིན་པའི་ཕྱིར་ནམ་མཁའ་དང་སྒྲ་རྟག་པར་འགྲུབ་ཅེས་ཟེར་རོ། །ཡང་མཐུན་དཔེར་བུམ་པ་བཀོད་པ་ལ། བུམ་པ་ དང་བྱས་པར་མཐུན་པས་མི་རྟག་པ་གྲུབ་ན། ལུས་ཅན་མིན་པར་མཐུན་པས་རྟག་པར་ཡང་འགྱུར་ཏེ་ནམ་མཁའ་བཞིན་ནོ། །ཞེས་ཟེར་རོ། །བརྒྱད་པ་ཆོས་མི་མཐུན་པ་མཚུངས་ 8-12-67b པ་ནི། སྔ་མ་ལས་གཞན་ནམ་གཞ༷ན་གྱི་འདོད་པ་དག༷་ནི༷། ཆོས་མཐུན་དཔེ་ཡང་ཆོས་ཅན་དང་མཐུན་པས་སྒྲུབ་བྱ་བཟློག་པ་ཆོས༷་མི༷་མཐུན༷་པས༷་མཚུང༷ས་པ༷་ཉི༷ད་དོ། །ཕྱོགས་གཉིས་ ཀའི་འདྲ་བ་གང་རུང་གི་ཆ་ནས་གཞ༷ན་ལ༷་མ༷་གྲུབ༷་པ་བསྟན༷་པའི༷་ཕྱིར༷་བརྗོད་པའི་སུན་འབྱིན་དེ་ནི་ཐུན༷་མོང༷་བ་བསྟན་པ་དེའི་ལྟར༷་སྣང༷་རྣམ༷་པ༷་གཉི༷ས་ཡིན་ཏེ། ཆོས་མཐུན་པའི་བུམ་པ་ ལས་བརྩམས་ཏེ་རྟག་པ་དང་། མི་མཐུན་ནམ་མཁའ་ལས་བརྩམས་ཏེ་རྟག་སྒྲུབ་གཉིས་ནི་ཐུན་མོང་བའི་མ་ངེས་པའོ། །རྒོལ་བའི་སྒྲུབ་བྱེད་ལ་མ་གྲུབ་དང་འགལ་མ་ངེས་ཀྱིས་ སྐྱོན་བརྗོད་པ་སུན་འབྱིན་ཡང་། དག་ལ་འདིར་དེ་དང་ཆ་འདྲ་བའི་སྒོ་ནས་སྐྱོན་བརྗོད་པ་ནི་མ་གྲུབ་ལྟར་སྣང་སྟེ་དོན་ལ་གྲུབ་ཀྱང་མ་གྲུབ་པ་ལྟར་བརྗོད་པ་ཞེས་པར་གོ་དགོས་སོ། །དེ་ལྟར་ མ་གྲུབ་པར་འདོད་པ་བཞིན་གྲུབ༷་པར་འདོ༷ད་པ༷་ལའང་རྟགས་དེ་མཚུང༷ས་པའི༷་ཕྱིར༷་དཔེར་ན་འག༷ལ་བ༷་ལ༷་མི༷་འཁྲུལ༷་པ༷་ཅ༷ན་བཞི༷ན་དཔེ་ཙམ་བཀོད་པ་འདི༷་ལྟ་བུ་ལ་ཡང༷་དཔེ་ལ་རྗེས༷་འགྲོ་ ཁྱད་པར་ཅན་བསྟན་པ་མེ༷ད་པ༷འི་ཕྱིར༷། དཔེ༷་ལྟ༷ར་སྣང༷་བའི༷་སྒོ་ནས་སྐྱོན༷་བརྗོ༷ད་པ་ཡི༷ན། དེ་ལྟར་དཔེ་དང་བསྒྲུབ་བྱ་ལ་རྗེས༷་འགྲོ་ཁྱད་པར་ཅན་མ་བསྟན་པར་རྗེས་འགྲོ༷་ཕྱིན༷་ཅི་ལོ༷ག་ 8-12-68a ཉི༷ད་ལ༷ས་དཔེ༷་དང༷་བསྒྲུབ༷་བྱ༷་ཕན་ཚུན་འཆོལ་ཏེ་གཅིག་ཏུ་འདྲེས༷་པ༷ར་འགྱུར༷། རྟོག་གེ་ངན་པ་རྣམས་དཔེ་ཙམ་གྱིས་ཉེ་བར་འཇལ་ཏེ། སྒྲ་བུམ་པ་བཞིན་ཡིན། ནམ་ མཁའ་ལྟ་བུ་མིན་ཞེས་བསྒྲུབ་སྟེ། དེ་ལ་སྒྲ་བུམ་པ་ལྟ་བུ་ཅིས་ཡིན་ནམ་མཁའ་ལྟ་བུ་ཅིས་མིན་པ་མེད་པར། འདྲ་མི་འདྲ་འདྲེས་སོ། །ཡང་ན་རྗེས་འགྲོ་མེད་པར་སྒྲ་བུམ་བཞིན་ཟེར་ ན་བུམ་པ་སྒྲ་བཞིན་ཞེས་ཕན་ཚུན་འདྲེས་པར་འགྱུར་བས་དེ་ཙམ་གྱིས་མི་འགྲུབ་སྟེ། མི་རྟག་དང་རྩོལ་བྱུང་ཕན་ཚུན་གཅིག་གཅིག་གིས་སྒྲུབ་བྱེད་དུ་མི་ངེས་པ་བཞིན་ནོ། །བུམ་སྒྲ་ ཀུན་ཏུ་འབྲང་མི་སྲིད་པས་སོ། །རྗེས་ལྡོག་གཉིས་ཀ་མེད་པའི་རྟགས༷་དེའི༷་བད༷ག་ཉི༷ད་ཀྱི༷་ད༷བྱེ་བ༷ས་རྟག་མི་རྟག་སྒྲུབ་པ་ནི་མ་ངེས་པས་འཁྲུལ༷་པ༷་རྟགས་ལྟར༷་སྣང༷་རྣམ༷་པ༷་གཉི༷ས་ ཡིན་ཏེ། གཏན༷་ཚིག༷ས་དེ་བསྒྲུབ་བྱ་རྟག་མི་རྟག་ཕྱོགས༷་གཅི༷ག་ཏུ༷་ངེས༷་པ༷་སྦྱོར༷་བ༷་སྔ༷་མ༷་དེ་གཉིས་ལ༷་ནི་ཡོ༷ད་མིན༷་པས་སོ། །དགུ་པ་རྣམ་རྟོག་མཚུངས་པ་ནི། གཞི་དང་དཔེའི་ ཆོས་ཀྱི་བྱེ༷་བྲག༷་བརྗོ༷ད་པས༷་སྒོ་ནས་ཆོས༷་མཐུན༷་པ་ལ་བརྟགས་ཏེ་སྐྱོན་བརྗོད་པ༷འ༷ང་རྣམ༷་རྟོག༷་མཚུངས་པའི་ལྟག་ཆོད་དེ། དུང་སྒྲ་ཆོས་ཅན་མི་རྟག་སྟེ་རྩོལ་བ་ལས་བྱུང་ཕྱིར། 8-12-68b དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན། འདི་ལ་ཆོས་མཐུན་པ་ཡོད་ན་བུམ་པ་ཁོ་ན་ཆོས་མཐུན་པར་བྱ་བ་དང་མིག་གིས་གཟུང་བྱ་ཡིན་ཕྱིར། དེ་ཁོ་ན་མི་རྟག་པར་འགྱུར་གྱི། སྒྲ་ མིན་ཏེ་ཆོས་གཉིས་པོ་མེད་ཕྱིར། ཡང་སྒྲ་ཁོ་ན་རྟག་སྟེ། དེ་བསྲེག་བྱ་མིན་པ་དང་། མཉན་བྱ་ཡིན་པའི་ཕྱིར། བུམ་པ་མིན་ཏེ་དེ་གཉིས་མེད་ཕྱིར་ལྟ་བུ། སྒྲ་ དང་བུམ་པའི་ཆོས་བྱེ་བྲག་མི་འདྲ་བའི་སྒོ་ནས་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱས་ཏེ་ཆོས་མཐུན་པའི་དཔེར་བྱས་པ་སུན་ཕྱུང་བ་ནི། རྣམ་རྟོག་མཚུང༷ས་པ༷འོ༷། །དེའང་རྩོལ་ བྱུང་གིས་འདྲ་བ་དང་བསྲེག་བྱ་མིན་སོགས་ཀྱིས་མི་འདྲ་བ་རྣམ་རྟོག་མཚུངས་པའམ་དཔྱད། བརྗོད་པ་འདི༷་ལ༷་ཡང༷་མ་ངེས་པའི་འཁྲུལ༷་པ༷་ཅ༷ན་གྱི༷་བྱེ༷་བྲག་བསྲེག་བྱ་མིན་པ་ལ་སོགས་ པ་དག་གི༷ས་རྟག༷་པ༷ར་སྒྲུབ་མི་ནུས༷་པས་དེ༷་ལྟར༷་སྣང༷་བའོ། །བཅུ་པ་བྱེ་བྲག་མེད་པར་མཚུངས་པ་ནི། སྤྱི༷་མིན༷་པ་སྟེ་ཁྱད་པར་མཉན་བྱ་ལྟ་བུ་ཉིད་ཀྱིས༷་སྒྲུབ་པའང་མ་ངེས་པའི་རྟགས་ ཀྱང༷་རྟག་པར་མི་ནུས་ཞེས་སོ། །དཔེ་བསྒྲུབ་བྱ་ཆོས་ཀུན་གཅི༷ག་ཉི༷ད་དུ༷་ཐལ༷་བ༷ར་འགྱུར༷་བ་འཕེན་པའི་ཕྱིར༷་བྱེ༷་བྲག༷་གམ་ཁྱད་པར་མེ༷ད་པར་མཚུངས་པའི་ལྟག་ཆོད་དོ། །དཔེར་ན་སྒྲའི་མཐུན་ 8-12-69a དཔེར་བུམ་པ་བྱས་པ་ལ་བུམ་པར་ཡོད་པའི་ཆོས་ཐམས་ཅད་སྒྲ་ལ་ཐོབ་པར་འགྱུར་ལ་དེ་ལྟར་ན་དེ་གཉིས་གཅིག་ཏུ་ཐལ། དེ་མིན་ན་དེ་དེའི་མི་རྟག་པའི་དཔེར་མི་རུང་སྟེ་མི་འདྲ་བས་ ཟེར་ཀྱང་འདི་རྣམ་རྟོག་མཚུངས་པ་ལས་ཁྱད་ཆེན་མེད་ཅེས་སོ། །དེ་ལ་བུམ་སྒྲ་མི་རྟག་པར་མཐུན་པ་བྱས་པས་ཡིན་ན་བུམ་སྒྲ་གཅིག་པར་ཐལ་ཏེ། རྒྱུ་མཚན་ཕྱོགས་གཅིག་གིས་འདྲ་བས་ཡིན་ ནམ་མཁའ་དང་བུམ་པའང་བེམ་པོ་སོགས་སུ་འདྲ་བས་ཡང་ཅིས་མི་འགྲུབ་སྙམ་པའོ། །དེ་ལ་ཕྱོགས་ཐམས་ཅད་ནས་འདྲ་བའམ། གཅིག་གིས་འདྲ་བས་འགྲུབ་ན་ཧ་ཅང་ཐལ་ཏེ། ཐམས་ཅད་ནས་འདྲ་ན་བསྒྲུབ་བྱ་དང་རྟགས་ཁྱད་མེད་དུ་ཐལ་ཏེ། འདི་ལྟར་བུམ་པས་སྒྲ་མི་རྟག་པའི་དཔེ་བྱེད་པ་ཐ་དད་མི་འདྲ་བ་ཡོད་ན་མི་འགྲུབ་ན། བྱས་པས་མི་རྟག་པ་སྒྲུབ་པའང་ཐ་ དད་དུ་མི་འདྲ་བ་ཡོད་ན་མི་འགྲུབ་པས་རྟགས་ཆོས་གཅིག་ཏུ་ཐལ་བར་འགྱུར་དགོས་པའི་ཕྱིར་ཡང་། ཞེས་སོ། །འདིར་ཡང་བུམ་སྒྲ་མི་རྟག་པར་ཆོས་མཐུན་ཏེ་སོ་སོར་མེད་ན་གཅིག་ཏུ་ཐལ། དེ་བཞིན་ཆོས་མཐུན་གཞན་དང་ཡང་གཅིག་ཉིད་འགྱུར་ཟེར། སོ་སོར་ཡོད་ན་འབྲས་མཚུངས། མེད་ན་བྱེ་བྲག་མེད་པར་མཚུངས་པའི་རྩོད་དོ། །ཆོས་མཐུན་པས་ཁྱད་པར་མེད་ན་ 8-12-69b ཧ་ཅང་ཐལ། གཞན་བྱ་ཡིན་ཚད་ཀྱི་འགྲོ་ཀུན་གཅིག་ཏུ་ཐལ། ཞེས་དང་། དེས་ན་བསྒྲུབ༷་བྱ༷་དང་རྟགས༷་ལ་ཁྱ༷ད་པར་མེད་ཅེས་བརྗོད་པའི་ཕྱིར༷་ཡང༷་མ༷་གྲུབ་བརྗོད་པ༷་ལྟར༷་སྣང༷་ཡིན་པར༷་ འདོ༷ད། ཡ༷ང་བརྗོ༷ད་པ༷། སྒྲ་མི་རྟག་ལྟ་བུའི་བསྒྲུབ༷་བྱ་ལ༷་ནི༷་གནོ༷ད་པའི་ཆོས༷་མིག་གིས་གཟུང་བྱ་ཡིན་པ་དང་མཉན་བྱ་མིན་སོགས་ཀྱང༷་གཏན་ཚིགས་སུ་མཚུངས༷་པ༷་ཉི༷ད་ཀྱིས༷་བྱེ༷་བྲག༷་མེ༷ད་པར་ སྨྲ་བ་འགལ་བ་ལྟར་སྣང་ངོ་། །ཇི་ལྟར་བུམ་པའི་སྟེང་གི་རྩོལ་བྱུང་གིས་སྒྲ་མི་རྟག་ཏུ་སྒྲུབ་པ་དེ་བཞིན། བུམ་པའི་སྟེང་གི་ཆོས་མཉན་བྱ་མིན་སོགས་ཀྱང་རྟགས་ཡིན་པས་དེའང་སྒྲ་རྟག་པར་སྒྲུབ་ འོས་ཞེས་བརྗོད་པ་སྟེ་གལ་ཏེ་བརྗོད་ན་འགལ་ལོ་ཞེ་ན། དེ་མི་འཕེན་ཏེ། འདི་ཡང་བུམ་པའི་སྟེང་གི་ཆོས་ཐམས་ཅད་ཁྱད་མེད་པར་བཟུང་མི་རིགས་པས་སོ། །རྒྱུ་མཚན་དེ་འདྲའི་ གཏན༷་ཚིགས༷་སྐྱོན་ལ༷་འགའ༷་བ་ལྟར༷་སྣང༷་ཡིན་གྱི་འགལ་བ་དངོས་ཀྱི༷་སྐྱོན༷་ཡོ༷ད་པ་མིན༷་ཏེ༷་ཕྱོག༷ས་ཕྱི་མ༷་སུན་འབྱིན་གྱིས་སྒྲུབ༷་བྱ༷་ཆོས་སམ་ཆོས་ཅན་ཚོགས་དོན་གང་རུང་ལ༷་གནོ༷ད་པ་སྒྲུབ༷་ པའི༷་ཕྱིར༷་དང་དོན་དུ་རྟགས་དེས་བསྒྲུབ༷་བྱ་ལ་གནོ༷ད་པ་མི༷་བྱེ༷ད་པ༷་འགལ༷་ཉི༷ད་མིན་པས་སོ། །བཅུ་གཅིག་པ་དམིགས་པ་མཚུངས་པ་ནི། རང་གིས་བསྒྲུབ༷་བྱ༷་ལ༷ས་གཞ༷ན་ 8-12-70a ཡོད་པར་གཏན༷་ཚིག༷ས་ཀྱིས༷་བསྟན༷་ན༷་མི་གྲུབ་ཅེས་པ་དམི༷གས་པ༷་མཚུངས༷་པ༷་ཡི་ལྟག་ཆོད་དེ། དཔེར་ན་རྩོལ་བྱུང་གིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་རྩོལ་བྱུང་འདི་ མི་རྟག་པའི་སྒྲུབ་བྱེད་ཡིན་ན། འདིས་མི་རྟག་ཡིན་ཚད་སྒྲུབ་དགོས་པ་ལ། འདི་མེད་ཀྱང་གློག་སོགས་མི་རྟག་པར་སྒྲུབ་པའི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་ལས་གཞན་བསྒྲུབ་བྱ་མིན་ པར་ཡང་བསྟན་པ་བསྒྲུབ་བྱར་གྱུར་པ་འདིའང་། འདི་མེད་ཀྱང་མི་རྟག་སྒྲུབ་པ་དམིགས་པ་གློག་སོགས་ལ་འདི་སྒྲུབ་བྱེད་མིན་པ་བཞིན། སྒྲ་ལའང་མིན་ཞེས་པའོ། །དེས་གཏན་ ཚིགས་བསྒྲུབ་བྱ་ལས་གཞན་དུ། བསྟན་ན་ཞེས་གཏན་ཚིགས་ཀྱིས་བསྒྲུབ་བྱ་གཞན་དུ་བསྟན། ཞེས། འགྱུར་འདྲ། ཡང་། གཏན་ཚིགས་ལས་གཞན་གྱིས་བསྒྲུབ་བྱ། བསྟན་ན་ ཞེས་ཀྱང་། སྒྲ་ལ་བསྒྲུབ༷་པར༷་བྱ༷་བའི་ཆོས་དུ༷་མ༷་བཀོད༷་པ༷་ལ༷། གཏན༷་ཚིགས༷་ཀྱང་དེ༷་ད༷ང་རྗེས༷་མཐུན༷་དུ་མ་ཉི༷ད་ཡིན་གྱི་གཅིག་མིན་ཞེས་སོ། །དེ་ཡང་བསྒྲུབ་བྱ་དུ་མ་ནི་ཚོགས་དོན་ཏེ་ སྒྲ་མི་རྟག་དང་། གློག་མི་རྟག་ལྟ་བུའོ། །དེ་དག་གཏན་ཚིགས་སོ་སོས་ཀྱང་བསྒྲུབ་པའང་ཡོད་ལ། གཅིག་གིས་དུ་མ་བསྒྲུབ་པའང་ཡོད། དུ་མས་གཅིག་ཀྱང་ཡོད་ཀྱི། གཅིག་གཅིག་ 8-12-70b གིས་ཁོ་ན་མིན་ནོ། །གཅིག་གིས་དུ་མ་མིན་ཏེ་དཔེར་ན་སྒྲ་ལ་རྟག་མི་རྟག་བཀོད་ན་རྟགས་སོ་སོས་བསྒྲུབ་དགོས་ཀྱི་གཅིག་གིས་མིན་པ་བཞིན། དེའང་རྟག་སྒྲུབ་ཀྱིས་རྟགས་ནི་མེད་དེ་མི་རྟག་ པར་གྲུབ་པས་སོ། །གཉིས་ཀ་ལ་ཞུགས་པ་ནི་མ་ངེས་པའོ། །གཏན༷་ཚིག༷ས་ཀྱིས༷་ནི༷་བསྒྲུབ་བྱ་ལ་མ༷་ཁྱབ༷་ཀྱང༷་བསྒྲུབ༷་བྱའི༷་དངོས༷་པོ༷་རྟོག༷ས་པའི༷་ཕྱིར༷་གློག་སོགས་བཞིན་དུ་རྩོལ་བྱུང་སྒྲ་ལ་ མེད་པར་བསམ་ན་མ༷་གྲུབ༷་ལྟར༷་སྣང༷་ངོ༷་། །དེ་ཡང་སྒྲར༷་གན༷ས་པ་རྩོལ་བྱུང་ཉིད་ཀྱིས་མི་རྟག་པར་གྱུར་ཚད་ཀྱི་ཆོས་ཅན་ཐམ༷ས་ཅ༷ད་སྒྲ་ལ་ར༷བ་ཏུ༷་སྒྲུབ༷་པ༷་མ༷་ཡི༷ན་ཏེ་མི་རྟག་པ་ཙམ་སྒྲུབ་པས་ སོ། །བཅུ་གཉིས་པ་ཐེ་ཚོམ་མཚུངས་པ་ནི། དེ་ཡང༷་ཐེ་ཚོམ༷་མཚུངས་པའི་ལྟག་ཆོད་ནི་མིང་བརྡས་བརྗོ༷ད་དོན༷་ཐ༷་ད༷ད་ལ༷ས་བསམས་ཏེ་གཏ༷ན་ཚིག༷ས་ཐེ༷་ཚོ༷མ་ཟ་ཞེས་རྩོད༷་པ༷ར་བྱེ༷ད་པའོ། །དཔེར་ ན་དུང་སྒྲ་མི་རྟག་པར་རྩོལ་བྱུང་གིས་སྒྲུབ་ན། རྩོལ་བྱུང་ཞེས་པ་འདི་སྔར་ཡོད་རྩོལ་བས་གསལ་བའམ། སྔར་མེད་སྐྱེ་བ་གང་ཡིན་ཐེ་ཚོམ་ཟ་བས་མི་འགྲུབ། ཅེས་སོ། །དེ་ལ་དམ་བཅའ་ནི་ སྒྲ་མི་རྟག་སྟེ་ཞེས་པའང་སྔར་མེད་དགག་པའམ། མི་གསལ་བ་གང་ཡིན་ཐེ་ཚོམ་པའོ། །བསྒྲུབ་བྱ་ལ་དངོས་སམ་འདོད་པ་གཅིག་རྣམས་སུ་སྒྲོ་བཏགས་ནས་ཐེ་ཚོམ་ཟ་ན་དེ་གཉིས་ཀྱི་སྒྲུབ་བྱེད་དུ་ 8-12-71a རྟགས་མ་ངེས། རྟགས་རང་ལ་ཐེ་ཚོམ་ཟ་ན་མ་གྲུབ་པ་ཡིན་ཞེས་བརྗོད་ཀྱང་བརྡ་མི་གཙོ་དོན་ལ་དོན་མ་གྲུབ་ཕྱིར་ལྟར་སྣང་ཡིན་གྱི་མ་ངེས་པ་དང་མ་གྲུབ་མིན་ནོ། ། དེས་ན་བསྒྲུབ༷་བྱ༷་སྒྲོ་བཏག༷ས་པའི་དབང་དུ་ན་མ༷་ངེ༷ས་པ༷་ལྟར༷་སྣང༷་རྟགས༷་ལ་སྒྲོ་བཏགས་པའི་དབང་དུ་ན་མ༷་གྲུབ༷་ལྟར༷་སྣང༷་བརྗོད་པའོ། །བཅུ་གསུམ་པ་དོན་གྱིས་གོ་བ་མཚུངས་པ་ནི། རྩོལ་བྱུང་གིས་མི་རྟག་སྒྲུབ་པའི་དོན༷་ནམ་ཤུགས་ཀྱིས༷་གློག་སོགས་རྟག་པར་སྒྲུབ་པར་འདོ༷ད་པ་མིན༷་པའང་མི༷་མཐུན༷་ཕྱོག༷ས། དུང་སྒྲ་མི་རྟག་པར་རྩོལ་བྱུང་རྟགས་སུ་བཀོད་པ་ན་རྩོལ་ བྱུང་གི་ཕྱིར་མི་རྟག་ན་དོན་གྱིས་རྩོལ་བ་ལས་མ་བྱུང་ཕྱིར་རྟག་པར་འགྱུར་ལ་དེ་ལྟ་ན་མི་རྟག་པར་འདོད་པ་གློག་སོགས་རྟག་པར་ཐལ་བས་རྟག་པར་བསྒྲུབ༷་པ་བརྗོ༷ད་དོ༷ན་གྱིས་གོ༷་བར་ མཚུངས་པའི་ལྟག་ཆོད་དེ། འདི༷་ནི༷་འཁྲུལ༷་པ༷་སྟེ་མ་བྱས་པ་སོགས་གཞ༷ན་གྱི་བསྒྲུབ༷་བྱ༷་རྟག་པ་ལ༷་རྩོལ་མ་བྱུང་དེ༷་ཡིས༷་སྒྲུབ༷་པ༷་དེ༷་ལྟར༷་སྣང༷་བ་སྟེ་འཁྲུལ་པའམ་མ་ངེས་པའོ། །བཅུ་བཞི་པ་ ཐལ་འགྱུར་དང་མཚུངས་པའི་ལྟག་ཆོད་ནི། ཐལ༷་འགྱུར༷་མཚུང༷ས་པར༷་འདོ༷ད་པ༷་ཡ༷ང་རྩོལ་བྱུང་གིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལ་བུམ་པ་དཔེར་བཀོད་ཚེ་བུམ་པ་ཁོ་ན་མི་རྟག་པར་བསྟན་ 8-12-71b པའི་དཔེ་རྟགས་གང་ཡིན་ཞེས་གཏན་ཚིགས་མེད་པར་ཐལ། བསྒྲུབ་བྱའི་ཆོས་དཔེ་ལ་རྗེས་འགྲོ་མེད་པའི་ཕྱིར། ཞེས་བུམ་པས་སྒྲ་སྒྲུབ་ན་བུམ་པའང་ཐལ་འགྱུར༷་དེ་མཚུངས་ཏེ་བུམ་པ་ ཅིས་འགྲུབ་ཅེས། བུམ་པ་མི་རྟག་པར་སྒྲུབ་བཞིན། འདིར་ཞེས་གྲུབ་ཅེས་པ་དཔེ་མེད་པར་བསྟན་པས་གང༷་ཡང༷་རྒོལ་བ་གཉི༷ས་ཀ༷་མ་ཟད་གཏན༷་ཚིགས༷་ཀྱི་ལམ༷་དེ་ནི༷་དཔེས་གྲུབ་པར་ རྩོད་པས་དེ་ནི་དཔེ་ལྟར༷་སྣང༷་བ༷་བཞིན་སྨྲོས་པས་ལྟག་ཆོད་དེ། དེ་ཡང་རྒོལ་བ་གཉིས་ཀའི་གཏན་ཚིགས་ཀྱི་ལམ་འཇུག་སྒོ་ནི་དཔེ་ལ་བཟུང་བ་བརྟགས་པས་ལྟག་ཆོད་དོ། །ལྟག༷་ ཆོད༷་ཀུན༷་ལ༷་དབྱེ་བ་དང་ལན་འདེབས་ཚུལ་ཕྱོག༷ས་ཙམ༷་མོ༷་སྟེ་ཡིན་ནོ། །ལྟག༷་ཆོད༷་བཅུ་བཞི་པོ་རྣམ༷ས་ལ༷་རྩོད༷་སྒྲུབ༷་ཏུ༷་ཕྱིན༷་ཅི༷་ལོག༷་དང༷་བརྫུན༷་ཉི༷ད་དང༷་འགལ༷་བ༷་ཉི༷ད་དེ༷་སྐྱོན༷་གསུམ༷་ འཕང་བ་སྟེ། ཕྲད་མ་ཕྲད། མཐུན་མི་མཐུན། རྣམ་པར་རྟོག་པ། བྱེ་བྲག་མེད་པ། འབྲས་བུ་མཚུངས་པ་སོགས་ནི་ཕྱིན་ཅི་ལོག་སྐྱོན་དེ། གཏན་ ཚིགས་ཀྱི་མཚན་ཉིད་དང་བྲལ་ཞིང་གཏན་ཚིགས་ཀྱིས་གནོད་པ་ཡོད་པའོ། །ཐལ་འགྱུར་མཚུངས་པ་དང་དོན་གོ་སོགས་ཇི་ལྟར་དམ་བཅས་པའི་དོན་དེ་ལྟར་མ་གྲུབ་ལ། 8-12-72a ཚད་མས་གནོད་པ་ཡོད་པས་རྫུན་ནོ། །མ་སྐྱེས་པ་དང་མཚུངས་པ་དང་། རྟག་པ་དང་མཚུངས་པ་སོགས་དམ་བཅའ་དང་རྟགས་ལྷན་ཅིག་མི་གནས་པའི་ འགལ་བའི་སྐྱོན་དེ་སྐྱོན་གསུམ་དུ་དོན་ཚན་བསྡུས་ནས་བསྟན་ཏོ། །དེ་ལ་སྐྱོན་གསུམ་སོ་སོར་མཚོན་མི་ནུས་ཏེ་ལྟག་ཆོད་རེ་རེ་ལ་སྐྱོན་གསུམ་ཀ་འདྲེས་ནས་འབབ་པའི་ཕྱིར། སོ་ སོར་བཞག་པ་དོན་མེད་དེ་དོན་གཅིག་པས་སོ། །གསུམ༷་པོ༷་མ་འདྲེས་པར་ཐ༷་ད༷ད་དུ༷་མཚོན༷་པ་མི༷ན་ཏེ་རིགས་སུ་གཅིག་པས་སོ། །ལྟག༷་ཆོད༷་རྣམ༷ས་ཀྱི༷་མཚ༷ན་ཉི༷ད་དང་དེ་ལ་ལན༷་འདེབས་ ཚུལ་དཀ༷འ་བ༷་དག་སྦྱོར་རིག༷ས་པ༷་ཕྲ༷་མོ༷ར་ཡ༷ང་ཤེས༷་པར་བྱ་ལ༷། རྐང་མིག་པའི་རིག༷ས་པ་བརྟག༷ས་པར༷་ཡ༷ང་བསྟན་ཏོ། །ལྟག་ཆོད༷་གཞ༷ན་མཐའ་མེད་པ་ལ༷་ཡང་ཕྱོགས༷་དེ༷་ཙམ༷་གྱིས་ཤེས་སོ། ། ཡང༷་བརྗོ༷ད་པ༷། རྟོག༷་གེའི༷་ཕྱོག༷ས་ཙམ༷་ཞིག་བསྟན་པའི་མུ༷་སྟེག༷ས་ཀྱི༷་བསྟན་བཅོས་དེ༷་ཡ༷ང་ཚད་མའི་མཚ༷ན་ཉི༷ད་མ་ནོར་བ་མ༷་བསྟན༷་ཅིང༷་། ཅུང་ཟད་བསྟན་པ་རྣམས་རང༷་གི༷་ངག༷་སྦྱོར༷་བ༷་དང༷་ཡ༷ང་ འགལ་བས་ན་སྐྱེས་བུའི་གང་འདོ༷ད་ཀྱི༷་དོན་སྒྲུབ༷་པར༷་བྱེ༷ད་པ༷་མི༷ན་ཏེ་ལོག་བཤད་དོ། །དེ་ཡང་འདུས་བསགས་ཀྱིས་བདག་དོན་སྒྲུབ་དང་། གཙོ་བོ་ཡོད་དེ་ཁྱད་པར་རྗེས་འགྲོ་སོགས་འབྲེལ་ 8-12-72b མེད་བརྗོད་པས་སོ། །མཚན་ཉིད་བསྟན་པ་དངོས་སྟོབས་དང་འགལ་ལ། རང་གི་སྦྱོར་བ་ཁས་ལེན་འགལ་བའོ། །དེས་ན་དངོས་སུ་རང་གིས་ཚང་མར་བརྟགས་པའི་གཞལ་བྱ་དང་བརྒྱུད་ ནས་ཐར་པ་སོགས་རང་གི་འདོད་དོན་མི་སྒྲུབ་ཀྱི་མི་འདོད་པའི་ལམ་དུ་འཕེན། ཞེས་སོ། །གང༷་ཞིག༷་གཞན་གྱིས་བརྟགས་པའི་རྟོག༷་གེའི༷་ལམ༷་ནས༷་ཆོས༷་རྣམས་ཀྱི་ཆོས༷་ཉི༷ད་ལ༷་ཁྲིད༷་ན༷་ལམ་གོལ་བ་དེ་ ནི༷་ཐུབ༷་པའི༷་བསྟན༷་ལ༷ས་ཆེས༷་རྒྱབ་ཕྱོགས་བསྲིང༷ས་ནས་ཐར་ལམ་ལས་ཉ༷མས་པ་ཡིན་པས། ཆོས་བསམ་མི་ཁྱབ་དེ༷་ལྟ༷་ཡིན་ནའང༷་དེ༷་བཞི༷ན་གཤེ༷གས་པའི༷་རང་ལུགས་ཀྱི་ཆོ༷ས་རྣམས་ཀྱི༷་མཚ༷ན་ ཉི༷ད་ཇི་ལྟར་བསྟན་པ་བདག་མེད་སོགས་པ་རྣམ༷ས་གལ༷་ཏེ༷་གཞ༷ན་དུ༷་ལོག་པར་གོ་བའམ་འ༷གྲོ་ན༷་དཔྱ༷ད་དེ་དགག་པར༷་བྱ༷་བ༷འི་རིགས་པའམ་ཡོངས་སུ་བརྟགས་པར་གྱིས། ཞེས་སོ། །གཞན་སྡེའི་ ཚད་མའི་མཚན་ཉིད་གྲངས་སོགས་ཀྱི་སྐྱོན་དང་། རང་གི་དེ་བཟློག་ཡོན་ཏན་ཏེ་རང་གཞན་གྱི་ཚད༷་མའི༷་ཕུང༷་པོའི་སྐྱོན་དང༷་ཡོ༷ན་ཏ༷ན་རྒྱས༷་པ༷་རུ༷་རབ༷་ཏུ་གས༷ལ་བར༷་བྱས༷་ལ༷ས་འདི༷་རུ༷་དགེ༷་བ༷་ཅི༷་བསག༷ས་ དེས། སྐྱེ༷་བ༷་དང་སྐྱེ༷་བར༷་བརྒྱུད་པ་ཡོན༷་ཏན༷་ཡོ༷ད་པ་དང་ཡོ༷ད་པ་མིན༷་པ་རྣམ་པར་འབྱེད་པའི་ཤེས༷་རབ་དམ་པ༷་ཡི༷་སྒོ་ནས་ལམ་གྲུ༷བ་མཐའ་ཞི༷་བ་ལ་གནས་ཞིང༷་འགྲོ༷་བ་ཀུན་ལ༷་འཁོར་བ་ལས་རྣམ༷་པར་ཐར༷་ 8-12-73a པའི་བདེ་བ་གསུམ་པོ་སྟེར༷་བ༷ར་ཤོག༷་ཅིག་གུ། ཚད༷་མ༷་ཀུན༷་ལ༷ས་བཏུས༷་པ༷་ལ༷ས། ལྟག༷་ཆོ༷ད་བརྟག༷ས་པའི༷་ལེ༷འུ༷་སྟེ་དྲུག༷་པ༷འོ།། །།ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་ རབ་ཏུ་བྱེད་པ། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་རིགས་པ་སྨྲ་བའི་གཙུག་གི་ནོར་བུར་གྲགས་པ་བ་སུ་དྷ་ར་རཀྵི་ཏ་དང་། བོད་ཀྱི་ལོ་ཙྪ་བ་དགེ་ བསྙེན་སེང་རྒྱལ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླར་སྨྲས་པ། སྟོན་དང་བསྟན་པ་སྒྲུབ་བྱེད་ཚད་མའི་གཞུང་། །ཀུན་ལས་བཏུས་མདོ་མཁས་པ་ཀུན་གྱི་མིག ། རྒོལ་ངན་འདམ་བུའི་ཚོགས་རྣམས་བརླག་བྱེད་ཅིང་། །སྨྲ་བ་ངན་འཇོམས་རྡོ་རྗེ་རྩེ་བརྒྱ་པ། །འདི་ནི་བསྟན་པ་བསྲུང་བའི་མཚོན་ཆ་སྟེ། །ལྟར་སྣང་རིག་པ་སྲིན་བུའི་མེ་སྒྲོན་ རྣམས། །ཟིལ་གནོན་ཡང་དག་རིག་པའི་ཉིན་བྱེད་ཀྱི། །གཟི་བརྗིད་འོད་བརྒྱའི་སྣང་བས་འགྲོ་འདི་སྲུངས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཅིང་། །སོ་སོར་ཡང་ དག་རིག་བཞིའི་སྣང་བ་ཅན། །རྣམ་མཁྱེན་སྐུ་བཞིའི་ཁང་བཟང་ཉམས་དགའ་བར། །ཕྱིན་ནས་འགྲོ་རྣམས་ཚད་མའི་ལམ་བཀྲིར་ཤོག །འདི་ལས་བྱུང་བའི་དགེ་ 8-12-73b ཚོགས་དཔག་ཡས་འདིས། །བསྟན་པ་རིན་ཆེན་ཡུན་དུ་གནས་པ་དང་། །སྟོན་པ་ཚད་མར་རྟག་པར་གུས་མཆོད་ནས། །ཡང་དག་རིག་གཞུང་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་ ཚད་མ་ཀུན་ལས་བཏུས་པ་མི་ཕམ་རིན་པོ་ཆེའི་མཆན་བུ་དཀྱུས་སུ་གསལ་བར་གྱིས་ཤིག་ཅེས་མཁྱེན་བརྩེ་མཆོག་སྤྲུལ་དམ་པའི་བཀའ་ཡི་གནང་བ་མོས་པ་བརྟན་པར་བྱས། ཤར་ཀཿ ཐོག་པ་ཆེན་པོའི་བཀའ་འབངས་ཀྱི་གྲལ་མཐར་འཁོད་པ་མཁན་མིང་ནུས་ལྡན་ནས་གཞུང་མཆན་བསྡེབས་ཏེ་བྲིས་པ་སླར་ལྔ་རིག་སྣང་བའི་ཉིན་བྱེད་བསྟན་འཛིན་རྒྱལ་མཚན་དང་མཁན་ རིན་པོ་ཆེ་ལེགས་འབྱོར་སྤྱན་སྔར་ཕབས་ཏེ་ཞུས་དག་པར་བྱས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག ། ༈ ཨོཾ་སྭ་སྟི། རྒྱལ་གསུང་བཀའ་དང་དགོངས་འགྲེལ་ བསྟན་བཅོས་ལ། །འཇལ་བྱེད་རིག་པའི་ཚད་མས་གཞལ་བ་ན། །སྟོན་དང་བསྟན་པ་ཡང་དག་ཉིད་དུ་གྲུབ། །བསླུ་མེད་ངེས་ཤེས་རྙེད་བྱེད་འདི་ཁོ་ན། ༡ །འཇམ་དཔལ་དབྱངས་ ཀྱི་རྗེས་བཟུང་ཕྱོགས་གླང་ལ། །མཁྱེན་གཏེར་ཉིད་ཀྱི་གསུང་གི་རྔ་སྒྲས་བསྐུལ། །ཀུན་ལས་བཏུས་པའི་གཞུང་བཟང་འདི་བྱིན་པས། །མཁས་རྣམས་མིག་བཟང་རྡུལ་དང་བྲལ་བ་རྙེད། ། 8-12-74a ༢ འདི་འགྲེལ་བྱེད་ལ་མི་ཕམ་འཇམ་དབྱངས་ནི། །མངོན་སུམ་བྱོན་པ་རྣམ་རྒྱལ་རྒྱ་མཚོ་ཡིས། །གསུང་མཆན་དཔལ་ཡུལ་སྤྲུལ་པའི་སྐྱེས་ཆེན་མཆོག ། ཀརྨ་འགྱུར་མེད་ཐུགས་བསྐྱེད་དག་པས་བཞེངས། ༣ །འདི་དགེས་མཐའ་ཡས་སེམས་ཅན་ཀུན། །ཚད་མར་གྱུར་པའི་ལམ་ལ་ཞུགས། །ཀུན་མཁྱེན་ཀུན་རིག་ཀུན་གཟིགས་ མཆོག །དཀའ་བ་མེད་པ་ཐོབ་གྱུར་ཅིག ༤ །ཅེས་སྤར་བྱང་སྨོན་ཚིག་འདི་ཉིད་བླ་མ་ཞིང་སྐྱོང་ནས་བསྐུལ་ངོར་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་བློ་གྲོས་རྒྱ་མཚོས་བྲིས་པ་ཤུ་བྷཾ།། །། 8-12-74b empty page 8-13-1a ༄༅། །གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་དང་གསུང་རབ་ཀྱི་དཀར་ཆག་སྔ་འགྱུར་བསྟན་པའི་ མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། 8-13-1b བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་ལ་མཁྱེན་པའི་གོམ་སྟབས་གཅིག་གི་བགྲོད་པས་སྲིད་ཞིའི་ཁྱོན་ཀུན་ ཉིན་མོར་བྱེད། །བསྟན་པའི་འཁོར་ལོ་མི་ཡི་ཤ་ཚུགས་དགེ་བའི་བཤེས་སྟོན་རྩོད་པའི་དུས་ཀྱི་འགྲོ་བའི་མགོན། །ལྔ་བརྒྱའི་གཙུག་རྒྱན་བློ་གཏེར་འཇམ་དཔལ་དགྱེས་ པའི་རྡོ་རྗེ་དབྱངས་ཀྱི་རྒྱ་མཚོར་རྟག་རོལ་པ། །བྷོ་ཊའི་ལྗོངས་ཀྱི་སྨྲ་བའི་སེང་གེ་འགྲན་ཟླ་ཀུན་བྲལ་ཀུན་མཁྱེན་བླ་མའི་ཞབས་ལ་འདུད། །རང་བཞིན་འོད་གསལ་ འདུས་མ་བྱས་པའི་དབྱིངས། །གློ་བུར་དྲི་མའི་སྦུབས་ལས་ཡོངས་གྲོལ་བ། །ཟག་མེད་ཡོན་ཏན་བྱེ་བའི་དཔལ་གྱིས་འཁྱུད། །ཐུབ་ཆེན་ལྷ་ཡི་ལྷ་ལ་ཕྱག་བགྱིའོ། །སྒྲ་ 8-13-2a རྟོག་མཚན་མའི་ཡུལ་ལས་རབ་འདས་པའི། །ཟབ་ཞི་སྤྲོས་པ་ཀུན་བྲལ་འགོག་བདེན་དབྱིངས། །སྒྲིབ་གསུམ་གཉེན་པོར་ཆས་པ་ལམ་བདེན་ ཚུལ། །ཞི་གྱུར་དམ་པའི་ཆོས་ཀུན་རྒྱལ་གྱུར་ཅིག །ཆོས་ཀུན་མཉམ་པ་ཉིད་དུ་ཐུགས་ཆུད་པས། །གཟུང་འཛིན་སྒྲིབ་པའི་འཆིང་བ་ལས་གྲོལ་ཏེ། །འགྲོ་ལ་ གྲོལ་བའི་ལམ་བཟང་སྟོན་མཛད་པ། །འཕགས་པའི་དགེ་འདུན་ཚོགས་ལ་དང་བས་འདུད། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་པདྨ་འབྱུང་། །བྱང་ཕྱོགས་ ཐུབ་པའི་རྒྱལ་ཚབ་ཞི་བ་འཚོ། །ངོ་མཚར་རྨད་བྱུང་འཇམ་མགོན་ཁྲི་ལྡེའི་ཞབས། །སྔ་འགྱུར་ལོ་པཎ་བརྒྱུད་པར་བཅས་ཀུན་རྒྱལ། །མཁྱེན་པའི་འདབ་སྟོང་ 8-13-2b འཇམ་མགོན་ཉི་མས་བཞད། །བརྩེ་བའི་ཐུགས་རྗེ་ཕྱག་ན་པདྨོར་འགྲན། །ནུས་མཐུ་ཚད་མེད་གསང་བདག་དཔའ་བོ་དངོས། །འཇམ་དཔལ་དགྱེས་པའི་རང་མདངས་དང་མཚུངས་སུ། །གང་ཐུགས་ སྤོབས་པའི་གཏེར་བརྒྱད་གྲོལ་བ་ལས། །ལེགས་འོངས་འཆོས་སྐྱོབས་ཡོན་ཏན་གངྒཱའི་རྒྱུན། །ལུང་རིགས་མན་ངག་བྱེ་བའི་རླབས་ཕྲེང་ཅན། །ཐུབ་བསྟན་ཆུ་གཏེར་སྤེལ་བྱེད་གཅིག་པུ་ཉིད། །སོ་ སོ་ཡང་དག་རིག་བཞིར་དབང་འབྱོར་བས། །རྟོན་པ་བཞི་ལྡན་ངེས་དོན་ཟབ་མོའི་ཚུལ། །འགྲེལ་ལ་རྣམ་དཔྱོད་འཕགས་ཡུལ་རྒྱན་མཆོག་དང་། །ཀུན་ནས་མཉམ་པར་གཟུར་གནས་ཡོངས་ཀྱིས་བསྔགས། ། དེ་སླད་གང་གསུང་ཚིགས་བཅད་གཅིག་ཙམ་ཡང་། །སྟོང་གསུམ་གསེར་གྱིས་བཀང་ལས་དོན་ཆེ་ཕྱིར། །རྒྱལ་བསྟན་དྲི་མེད་ཐུགས་ལ་བཅང་རྣམས་ཀྱིས། །རྟག་ཏུ་བཤད་སྒྲུབ་དཔུང་པས་གཟུང་ མཛོད་ཀྱེ། །འདིར་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་རྗེ་བཙུན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་དང་བཀའ་དྲིན་ཅན་མཚན་བརྗོད་པར་དཀའ་བ་མི་ཕམ་འཇམ་ དབྱངས་རྣམ་རྒྱལ་རྒྱ་མཚོ་འམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་མཚན་སྙན་འཁོར་ཡུག་རི་བོའི་ཁོངས་སུ་ཁྱབ་པ་དེ་ཉིད་ཀྱི་གསུང་རབ་དྲི་མ་མེད་པ་འཆོས་སྐྱོབ་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་གཏེར་ཆེན་ 8-13-3a པོར་གྱུར་པ་རྣམས་ཕྱོགས་བསྡུས་ཀྱི་དཀར་ཆག་ཉུང་གསལ་མདོར་བསྡུས་སུ་འགོད་པ་ལ་གསུམ། ཐོག་མར་དགེ་བ་བསྟན་བཅོས་མཛད་པ་པོའི་རྣམ་ཐར་ལོ་རྒྱུས་མདོ་ཙམ་ བཤད་པ། བར་དུ་དགེ་བ་བསྟན་བཅོས་ཀྱི་བཞུགས་བྱང་དངོས་བསྟན་པ། ཐ་མར་དགེ་བ་དེ་ལྟར་བསྡུས་པའི་དགོས་པ་དང་ཕན་ཡོན་བཤད་པའོ། །དང་པོ་ནི། སྤྱིར་གདོད་མའི་མགོན་པོ་དཔལ་ཀུན་ཏུ་ བཟང་པོ་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་དུ་ཡེ་ནས་མངོན་པར་བྱང་ཆུབ་པའི་ཡེ་ཤེས་ཀྱི་རང་རྩལ་འགག་པ་མེད་པ་ལས། རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དུ་མི་ཟད་རྒྱན་འཁོར་ལྔའི་བཀོད་པ་རྟག་པར་ འབྱམས་སུ་ཀླས་པ་ལས། དག་དང་མ་དག་གི་གདུལ་བྱ་རང་རང་གི་སྐལ་པ་དང་འཚམས་པར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་ཞི་བ་དང་ཁྲོ་བོ་ལ་སོགས་པ་གང་ལ་གང་འདུལ་གྱི་རོལ་པ་ཚད་མེད་པ་ཆོས་ཀྱི་ དབྱིངས་དང་ནམ་མཁའི་ཁམས་མཐའ་ཀླས་པར་སྣང་བ་ནི་རྒྱུ་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་སམ་བདེ་གཤེགས་སྙིང་པོ་རང་བཞིན་འདུས་མ་བྱས་པ་གཟོད་མ་ནས་རྣམ་པར་དག་ཅིང་ སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་སྟོང་ཆ་ནས་ཆོས་སྐུ་དང་། སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་མཐའ་དག་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་ཡེ་ནས་ 8-13-3b འདུ་འབྲལ་སྤངས་བ་ཉིད་རྟེན་མེད་སྣང་གློ་བུར་པ་གཟུང་འཛིན་འཁྲུལ་པའི་སྒྲིབ་པ་སྤྲིན་སྟུག་པོ་ལྟ་བུ་ལས་ཡོངས་སུ་གྲོལ་བའི་དབང་གིས་དག་པ་མཐར་ཐུག་པ་མངོན་དུ་གྱུར་པ་དང་། སྔོན་སློབ་ལམ་གྱི་ སྐབས་སོགས་སུ་བརྩེ་བའི་ཐུགས་རྗེ་ཆེན་པོ་ཡོངས་སུ་གོམས་ཤིང་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པ་དང་། གདུལ་བྱ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ས་བོན་དུས་སུ་སྨིན་པ་སྟེ་རྒྱུ་རྐྱེན་རྟེན་འབྲེལ་ གྱི་ཚོགས་པ་ལྷན་ཅིག་པའི་མཐུ་ལས། དཔེ་ཇི་ལྟར་ན་སྟོན་ཀའི་ཟླ་བ་དཀྱིལ་འཁོར་ཡོངས་སུ་གང་བ་ཉིད་ནམ་མཁའི་དབྱིངས་ལས་མ་གཡོས་ཀྱང་། ས་གཞིར་ཆུ་སྣོད་ཀྱི་གྲངས་ཇི་སྙེད་པར་གཟུགས་ བརྙན་གྱི་བཀོད་པ་ཐ་དད་པ་དུས་གཅིག་ཅར་དུ་སྣང་བ་བཞིན། འཕགས་ཆེན་རྣམས་ཀྱི་གང་འདུལ་སྒྱུ་མའི་རོལ་པ་ཚད་མེད་ཅིང་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་སྟོན་པར་མཛད་པ་ནི་ཚུལ་འདི་དང་ འདི་ལྟ་བུའོ་ཞེས་སུས་ཀྱང་ཚད་བཟུང་པར་མི་ནུས་ཤིང་། ཁྱད་པར་དུའང་བདག་ཅག་གི་འདྲེན་མཆོག་དམ་པ་འདི་ནི་རང་བསྟོད་དང་གཡོ་སྒྱུས་ཟོལ་སྦྱོར་ཙམ་མ་ཡིན་པར། རྒྱལ་བ་ཀུན་གྱི་ཐུགས་ མཁྱེན་པའི་ཡེ་ཤེས་ཀྱི་རང་མདངས་མ་འགགས་པར་ཤར་བ། དུས་འཁོར་བ་མ་སྟོང་གི་བར་དུ་རྟག་པར་རྒྱལ་སྲས་གཞོན་ནུའི་ཚུལ་གྱིས་རྒྱལ་བའི་ཆོས་མཛོད་མཐའ་དག་འཛིན་པར་མཛད་པ། ངོ་ 8-13-4a མཚར་བའི་རྣམ་ཐར་དང་བཀའ་དྲིན་འཕགས་ཆེན་གཞན་གང་གིས་ཀྱང་བསྒྲུན་དུ་མེད་པ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད། སྙིགས་མའི་དུས་འདིར་རྒྱལ་བསྟན་རིན་པོ་ཆེ་ འཛིན་སྐྱོངས་སྤེལ་བའི་བྱེད་པོར་བསམ་བཞིན་དགེ་བའི་བཤེས་སུ་བསྟན་པ་སྟེ། དེས་ན་སྐྱེས་རབས་ནོར་བུའི་ཕྲེང་བ་ཇི་ལྟར་བྱོན་པ་དང་། ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པའི་ཚུལ་ནི་སངས་རྒྱས་ ཉག་གཅིག་གི་སྤྱོད་ཡུལ་ལས། བློ་ལྡན་ས་བཅུའི་སེམས་དཔའ་རྣམས་ཀྱིས་ཀྱང་ཇི་བཞིན་པར་གཞལ་དཀའི་གནས་སུ་གྱུར་ན། བདག་ལྟ་བུའི་རྨོངས་པ་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཞིག་གིས་ ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེས་ན་རེ་ཞིག་ད་ལྟའི་གདུལ་བྱ་ཐུན་མོང་པ་རྣམས་ཀྱི་ངོ་སྐལ་དུ་ཇི་ལྟར་སྣང་བ་ཙམ་ཡོངས་སུ་གྲགས་པ་ཉིད་རང་གིས་གང་ཐོས་སྒྲོ་སྐུར་དང་བྲལ་བར་མདོ་ཙམ་བརྗོད་ན། རིགས་ ནི་འོད་གསལ་ལྷ་ཡི་གདུང་བརྒྱུད་གནམ་གྱི་རྨུ་ཐག་ལ་འཇུས་ཏེ་བབས་པས་འཇུ་ཞེས་ཡོངས་སུ་གྲགས་ལ། རུས་ནི་བོད་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ཨ་ལྕགས་འབྲུའི་ཁོངས་སུ་གཏོགས་པ། སྔོན་སོག་པོ་ཝང་རྒྱལ་པོའི་བློན་ཆེན། ཕྱིས་ཆོས་སྐྱོངས་བའི་རྒྱལ་པོ་ཆེན་པོ་སྡེ་དགེ་བསྟན་པ་ཚེ་རིང་གི་དུས་སུ་ལྷ་འབངས་སུ་གྱུར་པ། མཁས་པ་དང་གྲུབ་པའི་བཤེས་གཉེན། ནུས་མཐུ་ཅན་གྱི་སྔགས་ 8-13-4b པ། སྟོབས་འབྱོར་དང་ལྡན་པའི་མི་དཔོན་དུ་མ་བྱུང་བའི་བརྒྱུད་ལས། འཇུ་བླ་མདོ་སྡེ་ཞེས་སངས་རྒྱས་སྨན་བླའི་རྣམ་འཕྲུལ་དུ་གྲགས་པ། སྨན་ཁ་ལ་རེག་ཚད་ཚེ་ཟད་རེ་གཉིས་མ་གཏོགས་འཆི་ མ་མྱོང་ཞེས་ཀུན་གྱིས་མཐུན་པར་གླེང་བ་དེའི་ཚའུ་ཚེའི་རིག་བྱེད་འཛིན་པ་འཇུ་མགོན་པོ་དར་རྒྱས་ཞེས་པ་ནི་བདག་ཉིད་ཆེན་པོ་འདིའི་བསྐྱེད་ཡབ་ཡིན་ནོ། །ཆོ་འབྲང་ནི། སྨུག་པོ་གདོང་གི་མི་བརྒྱུད་ ཆོས་འབྱོར་དང་དཔའ་རྩལ་སོགས་འགྲན་ཟླ་བྲལ་བའི་སྐྱེ་བོ་ཕལ་གྱིས་སྨོན་གནས་སུ་གྱུར་པ་དགེ་རྩེ་ཞེས་རུས་ཚན་ཆེ་ཞིང་མི་དཔོན་ཁས་དྲག་འཛོམ་པ་ས་སྐྱོང་སྡེ་དགེའི་ཕྱི་བློན་གྱི་ཁོངས་སུ་གཏོགས་པའི་ དཔོན་ཕྲན་དུ་མ་ཡོད་པའི་ནང་ཚན་དཔོན་རུ་དཔོན་ཆོས་དར་གྱི་བུ་མོ་སྲིང་ཆུང་ཞེས་པ་ནི་བསྐྱེད་ཡུམ་སྟེ། དེ་ལྟར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར། རབ་བྱུང་བཅུ་བཞི་པའི་ནང་ཚན་ཟིལ་གནོན་ཞེས་ པ་མེ་ཕོ་རྟ་ཡི་ལོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན། ཡུལ་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་ཚན་ཟླ་ཀླུང་དལ་གྱིས་འབབ་པའི་འགྲམ། ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ཟླ་རྒྱལ་ རྡོ་རྗེ་འཕེན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་ཡ་ཆུའི་དིང་ཆུང་ཞེས་པར་ངོ་མཚར་བའི་ལྟས་དང་བཅས་ཏེ་སྤྲུལ་པའི་པདྨོ་བཞད། ཉིད་ཀྱི་ཁུ་བོ་དཔོན་བླ་མ་སྒྲུབ་མཆོག་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ 8-13-5a ཞེས་པའི་མཚན་གྱི་ཅོད་པཎ་གསོལ། སྐུ་ཆུང་ངུའི་དུས་ནས་དད་པ་ངེས་འབྱུང་ཤེས་རབ་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཐམས་ཅད་ལྷན་སྐྱེས་སུ་མངའ་ཞིང་ བྱིས་པའི་དུས་ཀྱི་སིའུ་སྐྱེས་པ་ཚུན་ཆོད་ཐུགས་ལ་གསལ་བའི་དྲན་པ་མངའ། སྐུ་ན་ཕྲ་མོའི་དུས་ཉིད་ནས་ཡི་དམ་འཇམ་དཔལ་ཞི་དྲག་དང་། ཆོས་སྐྱོང་གེ་སར་གཉིས་ལས་བསམ་རྒྱུ་མེད་པ་ཞིག་ཡོད་ ཅེས་གླེང་། དགུང་གྲངས་དྲུག་བདུན་ནས་སྡོམ་གསུམ་རྣམ་ངེས་ཐུགས་འཛིན་མཛད། རྩིས་དཀར་ནག་གི་སྔོན་འགྲོ་གསན། དགུང་གྲངས་བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་ཅིང་ལྗགས་ རྩོམ་ཀྱང་ཅི་རིགས་གནང་། དགུང་གྲངས་བཅུ་གཉིས་པའི་ཐོག་ཡུལ་དེའི་སྤྱི་ལུགས་ལྟར། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་པའི་ཆོས་བརྒྱུད། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་དགོན་ ལག་ཏུ་གྱུར་པ་འཇུ་མོ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་ཞུགས་པས་སྐབས་དེར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། དགུང་གྲངས་བཅོ་ལྔ་ དྲུག་སྐོར་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པ་མཁྱེན། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་དུ་འཇམ་དཔལ་སྨྲ་སེང་སྒྲུབ་ཅིང་ 8-13-5b རིལ་བུའི་ལས་སྦྱོར་སོགས་མཛད་པས་རྟགས་མཚན་ཁྱད་པར་ཅན་བརྙེས་ཏེ་དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་མ་བསླབས་པར་མཁྱེན་ཅིང་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་ བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབ་སྦྱང་མ་མྱོང་བར་གསུངས། དགུང་གྲངས་བཅུ་བདུན་སྐབས་ཉག་ཟིང་གིས་འབྲོག་སྡེ་མཐའ་དག་མགོ་ལོག་ཏུ་སོང་བས་རྗེ་ཉིད་ཀྱང་དེར་བྱོན། དུས་ འདི་ཙམ་ནས་ས་རིས་ལ་མཁས་པ་ཡིན་ཟེར། དགུང་གྲངས་བཅོ་བརྒྱད་དགུའི་དུས་སྐུ་ཞང་འགྱུར་བཟང་དང་ལྷན་དུ་ལྷ་ལྡན་གནས་སྐོར་ལ་བྱོན། དེ་སྐབས་དགའ་ལྡན་དུ་ཟླ་བ་གཅིག་ཙམ་གྲྭ་སར་ བཞུགས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་གནས་སྣང་འགྱུར་ཏེ་གང་སྣང་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་འབར་བ་ཞག་ཤས་པར་བྱུང་བ་ནི་ གནས་དེའི་བྱིན་རླབས་རེད་ཅེས་ཉེ་གནས་ལ་གསུང་འཕྲོས་ཕེབས། བྱང་ལམ་དུ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་ཞེས་པའི་གླེགས་བམ་ཕྱག་ཏུ་འབྱོར་བའི་དག་སྣང་བྱུང་ཚུལ་ གཞུང་དེའི་གཤམ་དུ་གསལ། དེ་རྗེས་ཕྱིར་ཕེབས་ནས་ཟུང་འཇུག་གྲུབ་པ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་དང་ཆོས་སྐྱོང་གེ་སར་གྱི་སྲོག་ 8-13-6a གཏད་སོགས་གསན་པས་དབང་གནང་དུས་དང་རྗེས་མ་ཤའི་ལས་སྦྱོར་གནང་སྐབས་གཉིས་ཀར་གཞུང་ནས་བཤད་པ་ལྟར་གྱི་གྲུབ་པའི་རྟགས་མཚན་མངོན་དུ་གྱུར་པས་མཁྱེན་རབ་ ཀྱི་པདྨོ་བཞད། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས། ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན་པས་ཚིག་ དོན་གྱི་ཆ་མཐའ་དག་དཔྱིས་ཕྱིན་པར་ཐུགས་སུ་ཆུད་ཅིང་ཕྱིས་འགྲེལ་ཊཱིཀ་སོགས་ཀྱང་མཛད། གཞན་ཡང་རྒྱུད་ལུང་མན་ངག་གི་བཤགས་པའི་བཤད་པ་གནང་ནས་འགྲེལ་བ་རྩོམ་པར་གསུང་བསྐུལ་དང་། འོད་ མདོ་མཚན་བརྗོད་སོགས་ཀྱང་གསན། ཁྱད་པར་དུ་ཚེ་རབས་དུ་མ་ནས་འབྲེལ་བའི་རིགས་ཀྱི་བདག་པོ་མཚུངས་མེད་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱི་རྣམ་འཕྲུལ་ངོ་མཚར་བཀའ་བབས་བདུན་གྱི་མངའ་བདག་ པདྨ་འོད་གསལ་མདོ་སྔགས་གླིང་པའམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་པས་ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་ཐོག་མར་མ་ཏིའི་འཇམ་དཀར་གྱི་རྗེས་སུ་གནང་ བས་ཆོས་སྒོ་ཕྱེས་ནས་བཟུང་། སྔ་རྗེས་ཅི་རིགས་པར། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང་། ཉེ་བརྒྱུད་དུ་བྱོན་པའི་མདོ་སྔགས་ཀྱི་གཞུང་ཁྱད་འཕགས་རིགས་དང་། གསང་ཆེན་རྡོ་ 8-13-6b རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་བརྟེན་གྱི་བཤད་པ། མན་ངག་ཕྱག་བཞེས་ཀྱི་དམར་ཁྲིད་སོགས་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ། གཞན་ ཡང་སྔ་རྗེས་ཅི་རིགས་པར། འཇམ་མགོན་གྲུབ་པའི་དབང་ཕྱུག་པདྨའི་ཞལ་ཚབ་རྒྱལ་བས་ལུང་བསྟན་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་ལས། སྒྲ་ཙནྡྲ་པ་དང་དངུལ་ཆུའི་བཙོ་བཀྲུའི་ལག་ ལེན་སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་ལྕགས་འདྲ་སྡིག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་རིགས་མཐའ་ཡས་པ་དང་། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་གཙོ་བོར་ གྱུར་པའི་དགེ་བའི་བཤེས་གཉེན་དུ་མ་ལས་ཀྱང་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་རྒྱ་མཚོ་ལྟ་བུ་གསན་པར་མཛད་པ་ལས། ཆ་ཤས་ཙམ་ནི་གསན་ཡིག་དུ་གསལ་བ་བཞིན་ལ། དེ་དག་ཀྱང་ གསན་བ་ཙམ་དུ་མ་བཞག་པར་ཐུགས་ཉམས་སུ་ལེགས་པར་བཞེས་པ། རྒྱུ་སྐུ་ཚེ་དཔག་ཏུ་མེད་པ་ནས་ལེགས་པར་སྦྱངས་ཤིང་གོམས་པས་གསོས་བཏབ་པའི་དཀར་པོའི་རིགས་ཀྱི་ནུས་པ་ཉིད། རྐྱེན་ བླ་མའི་ཐུགས་རྗེ་དང་དགོངས་པའི་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ཡོངས་སུ་སད་པས་བདེ་བར་གཤེགས་པའི་གསུང་རབ་ཀྱི་གནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་མཐའ་དག་རྟོན་པ་བཞི་དང་མི་འགལ་ 8-13-7a བར་སོ་སོ་ཡང་དག་པར་རིག་པ་བཞིའི་ཚུལ་གྱིས་ཐུགས་སུ་ཆུད་དོ། །རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་བས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བ་ཡིན་ ཏེ། དེ་ཡང་རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པ་དྲན་པའི་གཏེར་དང་། བློ་གྲོས་རབ་ཏུ་འབྱེད་པ་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་རྟོགས་པའི་གཏེར་ དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་ བསྲུང་བས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་སྒྲུབ་པའི་གཏེར་ཏེ་གཏེར་ཆེན་པོ་བརྒྱད་པོ་དེ་དག་ ཐོབ་པར་གྱུར་ཏོ། །ཞེས་གསུངས། དེ་ལྟར་ཡིན་པའི་རྒྱུ་མཚན་འཆད་དུ་ཡོད་དེ། དགེ་བའི་བཤེས་གཉེན་ཆེན་པོ་འཇུ་དབོན་འཇིགས་མེད་རྡོ་རྗེ་ལས། མདོ་སྡུད་པའི་རྩ་བའི་ལུང་ཙམ་ཞིག་གསན་ ནས། དེ་འཕྲལ་ཕར་ལ་ཟླ་བ་གཅིག་བཤད་པ་མཛད་པ་དང་། འབུམ་གསར་དགེ་བཤེས་ངག་དབང་འབྱུང་གནས་ལས། དབུ་མ་འཇུག་པ་གསན་དུས་བཤད་ལུང་ཙམ་ལས་འོ་བརྒྱལ་མི་དགོས་ཚུལ་ 8-13-7b ཞུས་པར། བཤད་ལུང་གནང་འཕྲལ་ད་ཉིད་ནས་རྒྱུག་ཕུལ་གསུངས་ལས། འཇུག་པའི་མགོ་ནས་མར་བཤད་པ་མཛད་པས། དགེ་བཤེས་ཀྱིས། ཕྲན་ནི་དགེ་བཤེས་ཀྱི་མིང་ཐོབ་ནའང་འདིའི་བློ་གྲོས་ ཀྱི་ཆ་ཤས་ཙམ་ཡང་མ་མཆིས་སོ་ཞེས་འཁོར་གྱི་དབུས་སུ་བསྔགས་པ་མཛད། དཔོན་སློབ་བློ་གཏེར་དབང་པོའི་མདུན་ནས་ཚད་མ་རིག་གཏེར་དང་། གསོལ་དཔོན་པདྨ་ལས་བྱམས་ཆོས་བྱང་ས་སོགས་ས་ གཞུང་སྤེལ་མའི་བཤད་ལུང་གི་རྒྱུན་ཙམ་གསན་ནས། དེ་འཕྲལ་ཕར་ལ་བཤད་པ་རྒྱས་པར་གནང་བ་དང་། གཞན་ཡང་སེར་ཤུལ་དགེ་བཤེས་ལྷ་རམ་པའི་མདུན་ནས་མཛོད་ཀྱི་བཤད་ལུང་ཙམ་གསན་ པས་མཚོན། གསར་རྙིང་གི་དགེ་བའི་བཤེས་གཉེན་དུ་མ་ལས་ད་ལྟའི་དུས་སུ་རིང་བརྒྱུད་བར་མ་ཆད་པར་བཞུགས་པའི་མདོ་རྒྱུད་དགོངས་འགྲེལ་སྤྱི་དང་། བྱེ་བྲག་ཏུ་རྙིང་མ་བཀའ་གཏེར་ཕལ་མོ་ཆེ་ དང་ཁྱད་པར་དབུ་མ་རྒྱན་དང་འབྱེད་གཉིས། བི་མའི་མཚན་བརྗོད་འགྲེལ་དང་། མན་ངག་ལྟ་ཕྲེང་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་སྐོར་སོགས་ཀུན་མཁྱེན་བླ་མའི་ཉེ་བརྒྱུད་ཐུན་མིན་རྣམས་ཀྱི་རྒྱུན་ཙམ་ རེ་གསན་པས་དོན་མཐའ་དག་ཐུགས་ལས་རང་རྡོལ་གྱི་ཚུལ་དུ་བྱུང་བས། གཞུང་ལུགས་རབ་འབྱམས་སྨྲ་བ་དུ་མའི་ཚོགས་དབུས་སུ་འཇིགས་མེད་སེང་གེ་ལྟ་བུར་བག་ཡངས་སུ་རྒྱུ་ཞིང་། འཆད་པ་དང་། འབེལ་ 8-13-8a བ་དང་། གཞུང་འགྲེལ་རྩོམ་པ་སོགས་ལ་ཐོགས་པ་མེད་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ལ་སུས་ཀྱང་བསྙོན་དུ་མེད་ལ། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། ཕྲན་ཆུང་ངུའི་དུས་སུ་ གསར་རྙིང་གི་དགེ་བའི་བཤེས་གཉེན་བཟང་ལ་མང་བ་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་ལྟ་བུ་ཡིན་ཡང་། རང་ནས་དཔལ་སྤྲུལ་རིན་པོ་ཆེའི་མདུན་ནས་སྤྱོད་འཇུག་ཤེར་ལེ་ཙམ་ལས་གཞན་ཆེར་ ཐོས་པ་མ་བྱུང་། ཕྱིས་བླ་མ་དང་ལྷག་པའི་ལྷའི་བཀའ་དྲིན་གྱིས་དཀའ་ལས་ཆེར་མ་དགོས་པར་དཔེ་བཀླགས་པ་ཙམ་གྱིས་དེ་དག་གི་དཀའ་གནད་རྣམས་ཁྲོལ་བར་བྱུང་། དེ་ཡང་བསླབ་གཉེར་གསར་པའི་ དུས་སུ་གསར་ཕྱོགས་ཀྱི་དཔེ་རྣམས་ཤེས་སླ་བར་བྱུང་ཞིང་སྔ་འགྱུར་གྱི་གཞུང་རྣམས་ནི་གོ་དཀའ་བར་བྱུང་ཡང་། རང་གིས་མི་གོ་བ་མ་གཏོགས་རིག་འཛིན་བརྒྱུད་པའི་གཞུང་ཟབ་མོ་འདི་རྣམས་ལ་དོན་གྱི་གོ་བའི་ གནད་ཆེན་པོ་རེ་ཡོད་ངེས་སྙམ་པ་ལས། ཐེ་ཚོམ་ནི་སྐད་ཅིག་ཙམ་ཡང་སྐྱེ་མ་མྱོང་། དེའི་རྟེན་འབྲེལ་གྱིས་རང་གི་ཤེས་རབ་ཡོངས་སུ་སྨིན་པར་གྱུར་ཏེ། ཕྱིས་བལྟས་དུས་ཟབ་གནད་མཐའ་དག་སྔ་འགྱུར་གྱི་ བརྒྱུད་པ་རིན་པོ་ཆེ་རྣམས་ནས་བརྒྱུད་པའི་ཆོས་ཚུལ་ཁོ་ན་ལ་ཡོད་པར་མཐོང་ཞིང་ངེས་ཤེས་ལྷག་པར་སྐྱེས་པ་ཡིན། སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས་རང་ལུགས་ཀྱི་ཡིག་ཆ་རེ་ཡང་ 8-13-8b གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་དང་རང་གི་བློ་གྲོས་གོམས་ཆེད་རྒྱལ་བསྟན་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅངས་ནས་མདོ་སྐོར་སོགས་ཀྱི་ཡིག་ཆ་རེ་ཡང་བྲིས་ཤིང་དེ་དག་གི་སྐབས་སུ་རང་ ལུགས་ཀྱི་འདོད་པ་རྩལ་དུ་བཏོན་ནས་ཅུང་ཟད་རེ་བཤད་པས་གྲུབ་མཐའ་གཞན་གྱིས་འགོག་བྱེད་ལྟ་བུར་གོ་ནས། ཕྱིས་འདིར་ཕྱོགས་ཐ་དག་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད། དོན་དུ་རང་གི་ཀུན་ སློང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང་། དེང་སང་སྔ་འགྱུར་གྱི་བསྟན་པ་རི་མོའི་མར་མེ་ཙམ་དུ་འགྱུར་ཉེ་ཞིང་། ཕལ་ཆེར་གཞན་ལུགས་ཀྱི་ལད་མོ་བཟློ་བ་ཙམ་ལས་རང་ལུགས་ཀྱི་གྲུབ་མཐའི་གནད་ཅི་ ཡིན་ཙམ་ལ་ཡང་རྟོག་པ་ཞུགས་ནས་འདྲི་མཁན་ཡང་དཀོན་འདུག་པས་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་སྡང་ཞེན་དང་། རང་བསྟོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སློང་ནི་རྨི་ལམ་ ཙམ་དུའང་སྐྱེ་མ་མྱོང་བ་ནི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བར་ཡོད་ཅིང་རྩོད་ལན་སོགས་འབྲི་བ་འདི་དག་ཀྱང་རང་ཉིད་འཕགས་པའི་ཆོས་མ་ཐོབ་གཤིས། རྟོག་གེ་རྟེན་ ཅིང་མ་ངེས་ཕྱིར། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། ཞེས་པ་ལྟར་ཤེས་བྱ་ཟབ་མོ་མཐའ་དག་རྟོགས་པར་ག་ལ་ནུས་ཀྱང་། གང་འཐད་པ་དང་མི་འཐད་པ་དག་བདེ་བར་གཤེགས་པའི་བཀའ་དྲི་མ་ 8-13-9a མེད་པ་དང་དེའི་དགོངས་འགྲེལ་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་རྣམས་ཀྱི་གསུང་གི་སྒྲོན་མེ་ལ་བརྟེན་ནས། རང་ཉིད་ཀྱིས་ཀྱང་རིགས་པ་དང་མི་རིགས་པའི་ཚུལ་ལ་ཅུང་ཟད་ དཔྱད་དེ་སྨྲས་ན་སུས་སུ་ལ་ཕན་ཆ་མེད་པས་གཞན་དག་ལའང་ཅུང་ཕན་པའང་འབྱུང་སྲིད་ལ། གལ་ཏེ་རང་ཉིད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་བཀའ་དང་དགོངས་འགྲེལ་ཟབ་མོ་ བསླད་པར་བགྱིས་པ་ཞིག་ན་ནི་རང་ཉིད་ཀྱི་ཐར་ལམ་གྱི་སྒོ་འགེགས་པ་དང་། གཞན་མང་པོ་ཡང་དེར་སྦྱར་བས་གཏན་དུ་ཕུང་ཚབས་དང་ཉེས་སྐྱོན་དེ་ལས་ཆེ་བ་གཞན་མེད་པས་ན། ཆོས་སྤྱན་དང་ལྡན་པ་ དག་གིས་ལུང་རིགས་ཡང་དག་དང་མཐུན་པར་སུན་ཕྱུང་བར་གྱུར་ན་ནི། དེ་ཉིད་སྨན་པ་བཞིན་དུ་བརྟེན་བྱ་ཡིན་གྱི་སྡང་ཞེན་གྱིས་སུན་ཅི་ཕྱིན་ནམ་ཡང་བྱ་བ་མ་ཡིན་པས། གཟུ་བོའི་བློས་བགྲོ་གླེང་ཅུང་ ཟད་བགྱིས་པ་ཡིན། ཞེས་དམན་པ་བདག་ལའང་གསུང་འཕྲོས་དངོས་སུ་ཕེབས་པ་ཡིན་ཞིང་གཞན་དག་ལའང་གསུང་ཚུལ་ཐོས། དེས་ན་འཕགས་ཆེན་རྣམས་ཀྱིས་དམ་པའི་ཆོས་ཀྱི་མཛོད་ཡོངས་ སུ་བསྲུང་བའི་ཕྱིར་གཞན་གྱི་ལོག་རྟོག་བཟློག་པ་སོགས་ནི་དོན་ཆེན་པོ་དང་འབྲེལ་པ་ཅན་ཏེ་མཁས་མཆོག་བློ་བཟང་རབ་གསལ་དང་། རྗེ་བླ་མ་རྣམ་གཉིས་ཀྱང་ཕན་ཚུན་ལེགས་བཤད་ཀྱི་སྐྱེས་བཟང་པོ་ 8-13-9b བསྐུར་རེས་ཀྱི་འབེལ་བའི་མཐར་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་ནི། བློ་བཟང་རབ་གསལ་ཞབས་ཀྱིས། ཆོས་འབྱོར་སྤྲིན་གྱི་ཕུང་པོ་འཁྲིགས་ པའི་ཀློང་། །ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ། །གྲགས་སྙན་ལྷ་ཡི་རྔ་ཆེན་ལྡིར་པ་ཅན། །ངེས་དོན་ཆོས་ཀྱི་རྒྱལ་པོར་ཡིད་རེ་དགའ། །ཀུན་རྟོག་རྩྭ་སྤུར་མཆེད་པའི་མེ་སྟག་གིས། ། རེག་པའི་ཉེས་ལྟུང་སྙིང་ནས་འཆག་པའི་ཕྱིར། །དྲི་མེད་ལྷ་རྫས་སྤྲིན་དཀར་བླ་རེས་འདི། །གང་སྐུ་ས་འཛིན་ཡངས་པའི་མཁའ་ལ་བྲེས། །ཞེས་དར་བཅས་ཕུལ་བ་དང་། གཞན་ཡང་སྟོང་བཟའ་སིདྡྷི་ལ་ ཡིད་བཞིན་མཛོད་གསུང་སྐབས། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་སྔོན་གྱི་བླ་མ་རྣམས་ཀྱང་རྒྱལ་མཆོག་ཀློང་ཆེན་རབ་འབྱམས་ཀྱིས་རྗེས་སུ་བཟུང་བ་བཞིན། ཁོ་བོ་ཅག་ལའང་དེའི་དོད་པོ་ཀུན་ མཁྱེན་ཆོས་རྗེའི་བྱིན་རླབས་ཅུང་ཟད་ཞུགས་པའི་སྟོབས་ཀྱིས་སྔ་འགྱུར་བའི་ཟབ་གནད་མཐའ་དག་བདེ་བླག་ཏུ་རྟོགས་པས། ད་ལྟ་དགེ་བཤེས་བརྒྱའི་མདུན་རྩོད་ཀྱང་སྐད་རག་མི་བོར་བ་ཕོབ་ལ་ཡིད་ཆེས་ཟེར་ བའི་དཔེ་ལྟར་ཡ་མི་ང་གསུངས་པ་བཞིན་དགེ་བཤེས་ཁང་དམར་བས་ཀྱང་། དམ་པ་འདི་ལ་དངོས་སུ་རྩོད་པ་བྱེད་པ་བྱུང་སྟེ། རྟགས་གསལ་ཁྱབ་གསུམ་བཀོད་པ་ན། དེ་ལ་མ་གྲུབ་པ་དང་། འདོད་ 8-13-10a ལན་འདེབས་པ་སོགས་ལན་བཞི་ཐོགས་མེད་དུ་ཕུལ་ནས། ཕས་རྒོལ་གྱི་ཞལ་ལ་རྡོ་རྗེའི་རྒྱས་འདེབས་པར་བྱས་ཏེ། སྨྲ་བ་བཅད་པ་དང་། གྲགས་པ་ཉམས་པ་དང་། ངོ་ཚ་བ་ གསུམ་བྱིན་ཏེ། ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་ལན་དུ་མར་བརྡུངས་པ་རྒྱུ་མཚན་དུ་བྱས་ཏེ། དཔལ་ཕྱོགས་གླང་ཆོས་གྲགས་ཡབ་སྲས་སོགས་འཁོད་པའི་སེང་གེའི་ཁྲི་ལ་མཁས་པའི་དབང་པོ་ འདི་ནི་བཞུགས་སུ་གསོལ་བར་བྱ་བའི་འོས་སུ་གྱུར་ཏོ། །ཞེས་མཁས་པ་དུ་མའི་འདུན་སར་ཡང་ཡང་གླེང་ཞིང་། ཁྱད་པར་མཁས་པ་ཆེན་པོ་དཔལ་རི་བ་བློ་བཟང་རབ་གསལ་གྱི་རྩོད་ལན་རིགས་ལམ་རབ་ གསལ་དེ་ཉིད་སྣང་བྱེད་ཅེས་པ་མཐོང་བ་ན། ཕྱོགས་ལྷུང་གིས་གདོན་གྱིས་བསླད་པའི་མཁས་པ་དང་མི་མཁས་པ་རྣམས་ལ་ཆ་བཞག་ཅི་ཞིག་ཡོད། བློ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་ནི་ཡིད་རབ་ ཏུ་དང་བའི་ཤུགས་ཀྱིས་རང་དབང་མེད་པར་ལག་པའི་སོར་མོ་རྣམས་སྙིང་གི་ངོས་སུ་ཟུམ་བཞིན་སྙིགས་མའི་དུས་ཀྱི་མཁས་པ་ཆེན་པོ་མི་ཕམ་རྣམ་རྒྱལ་ཞེས་ཡོངས་སུ་གྲགས་པ་འདི་ནི་རྒྱལ་བསྟན་རིན་པོ་ཆེ་སྤྱི་ དང་། བྱེ་བྲག་སྔ་འགྱུར་བསྟན་པའི་རྒྱན་གཅིག་པུར་གྱུར་པ་ཞིག་གོ་ཞེས་དེང་སང་ཤར་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ་ཀུན་ཏུ་གྲགས། སྤྱིར་ཚད་མའི་རིགས་པ་ལ་སྔོན་གོམས་འགོག་མེད་སྣང་ཞིང་ཚད་མ་རྣམ་འགྲེལ་ 8-13-10b གཟིགས་སྐབས་མནལ་ལམ་དུ་ངོ་བོ་ས་པཎ་ཡིན་རྒྱུ་ལ། རྣམ་པ་རྒྱ་གར་གྱི་པཎ་གྲུབ་ཀྱི་ཆས་ཅན་ཤང་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ནས་ ཚད་འགྲེལ་གྱི་དཔེ་ཞིག་དུམ་བུ་གཉིས་སུ་བྱས་ཏེ་ཉིད་ཀྱི་ཕྱག་ཏུ་བཞག་ནས་འདི་གཉིས་མཉམ་དུ་སྡོམས་གསུངས་པས། དེ་ལྟར་བསྡམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ཐམས་ ཅད་ཡོད་སྣང་ཤར་བ་ལ། རལ་གྲི་དེ་གཅིག་གཡུག་པས་ཐོགས་པ་མེད་པར་ཐམས་ཅད་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང་བས་ཕྱིར་ནང་ནས་རྣམ་འགྲེལ་ལ་མི་ཤེས་པ་ཚིག་གཅིག་ཀྱང་མ་བྱུང་ ཞེས་གསོལ་དཔོན་པདྨ་ལ་གསུངས། འདུལ་བ་མདོ་རྩ་ལ་ཐོག་མར་ལན་གཅིག་གཟིགས་པས་ཅུང་གོ་དཀའ་བ་འདྲ་ཞིག་བྱུང་བར། རྗེས་བཀའ་འགྱུར་ཚར་གཅིག་དཔེ་ལྟས་གཟིགས་སྐབས་འདུལ་པོད་ བཅུ་གསུམ་པོ་ཚར་གཅིག་གཟིགས་པ་དེས་མདོ་རྩལ་མི་ཤེས་རྒྱུ་གཅིག་ཀྱང་མི་འདུག་གསུངས། དེ་བཞིན་གྲེ་ཐོག་གིས་སྙུང་ཚུལ་བསྟན་ནས་འཛིང་རྣམ་རྒྱལ་མགོན་ཁང་དུ་བསྐོར་བ་མཛད་དེ་ཡར་དྭངས་ སུ་གྱུར་སྐབས། དཔལ་མཛོད་དགོན་ནས་བསྟན་འགྱུར་གྱི་དཔེ་གཡར་ཏེ་གཟིགས་པས། དེ་དུས་ཀྱི་ཡི་གེ་ཡར་ལེན་ཕྱིར་སྐྱེལ་བླ་མ་རིག་མཆོག་གིས་མཛད་པས། ཁོང་གིས་པུསྟི་བཅུ་གཉིས་ནི་ངེས་པར་ 8-13-11a ཡིན་ལ། སྐབས་རེར་ཉེར་བཞི་ཡང་ཡིན་སྣང་ཤར། གང་ལྟར་ཡང་གླེགས་བམ་དེ་རྣམས་ཉིན་གསུམ་གྱི་ཁོངས་སུ་གཟིགས་ནས་དཔེ་རྣམས་ཕྱིར་སྐྱེལ་བར་མཛད་པས་ཉེ་གནས་ཀྱིས་ པུསྟི་དེ་ཙམ་ཐུགས་སུ་ཆུད་དམ་ཞུས་པས། ཚིག་མཐར་ཆགས་སུ་མ་ཟིན་ཀྱང་། དེའི་དོན་མ་ལུས་པ་ཤེས་ཚར་གསུངས། ཕྱིས་རྫ་དགོན་དུ་ཐུབ་ཆོག་རྒྱབ་ཆོས་ལྗགས་རྩོམ་གནང་སྐབས་མཁན་ ཆེན་བླ་མ་ཀུན་བཟང་དཔལ་ལྡན་གྱིས་ཡི་གེ་པ་མཛད་པས། དེ་དུས་གསོལ་ཇ་རྫ་བུམ་གང་རེ་གསོལ་བའི་ཡུན་ཙམ་ལ་བཀའ་འགྱུར་པུསྟི་ཀ་རེ་གཟིགས་རྟོག་མཛད་དེ་དག་གི་ཚིག་དང་དོན་གྱི་ཆ་ རྣམས་མ་འདྲེས་པར་ཐུགས་ཐོག་ནས་ཤར་གྱིས་རྩམ་པ་གནང་ཚུལ་གསུངས་པ་སོགས་དེ་འདྲའི་ལོ་རྒྱུས་ཤིན་ཏུ་མང་། དེ་ལྟའི་ཚུལ་གྱིས་སྔ་རྗེས་སུ་བཀའ་འགྱུར་ལན་བདུན་ཙམ་ཚང་བར་དཔེ་གཟིགས་ གནང་དེ་ཡང་པོད་སྔ་རྗེས་ཀྱི་ཁྱད་སོགས་ཟབ་གནད་ཐུན་མིན་རྣམས་ནི་དཔེ་སོགས་ལ་བལྟས་པ་མིན་པར་བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་ཕྱེ་བ་དང་། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས། མདོར་ན་འཆོས་སྐྱོབ་ཀྱི་ཡོན་ཏན་རྨད་དུ་བྱུང་བའི་བསྟན་བཅོས་འགལ་བ་དང་ཟློས་པ་དང་མ་འབྲེལ་ 8-13-11b བ་དང་མ་ཚང་བ་སོགས་ཀྱི་སྐྱོན་གྱི་དྲི་མས་གཞར་ཡང་མ་གོས་ཤིང་སྒྲ་དང་སྙན་ངག་དང་སྡེབ་སྦྱོར་སོགས་ཚིག་གི་བརྗོད་པ་ཕུན་སུམ་ཚོགས་ཤིང་། ལུང་དང་རིགས་པ་དང་མན་ངག་གི་ཟབ་གནད་མཐའ་དག་ ཡོངས་སུ་རྫོགས་པ། རྟོག་གེའི་རིགས་པ་ཉི་ཚེ་བས་དུས་རིང་མོར་བརྟགས་ཀྱང་ཕིག་པར་དཀའ་བའི་བརྗོད་བྱ་ཟབ་ཅིང་བརླིང་ལ་རྒྱ་ཆེ་བ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྒྱན་དྲུག་མཆོག་གཉིས་ སོགས་དང་། བོད་ཀྱི་སྨྲ་བའི་སེང་ཆེན་ཀུན་མཁྱེན་ཀློང་རོང་སོགས་ཀྱིས་མཛད་པའི་གཞུང་བཟང་རྣམས་དང་གཉིས་སུ་མ་དམིགས་པའི་དགོངས་འགྲེལ་ཆེན་པོ་རྣམས་རྩོམ་པའི་སྐབས་ཀྱང་དཔེ་སོགས་ གཞན་ལ་གཟིགས་རྟོག་དང་ཟིན་བྲིས་སོགས་ལ་ལྟོས་མི་དགོས་པར་ཤིན་ཏུ་མྱུར་བར་མིག་འཕྲུལ་ལྟ་བུའི་ཚུལ་གྱིས་གནང་བ་བསྟན་བཅོས་རང་རང་གི་གཤམ་གསལ་ལྟར་ལ། ཚུལ་འདི་ལྟ་བུའི་ཟབ་ཅིང་རྣོ་ལ་རྒྱ་ ཆེ་བའི་ཤེས་རབ་དང་སྤོབས་པ་བསམ་གྱིས་མི་ཁྱབ་པ་ནི་ད་ལྟའི་དུས་ཀྱི་བཤེས་གཉེན་ཕལ་དག་ལྟ་ཅི་སྔོན་ཆད་གངས་རིའི་ཁྲོད་དུ་མ་བྱོན་པ་ལྟ་བུ་འདིས་རྗེས་སུ་དཔོགས་གང་ནུས་པ་ཡིན་ལ། དེར་མ་ཟད་གང་ ཟག་གི་དཔང་པོའང་ཡོད་དེ། རིགས་བདག་མཚུངས་མེད་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེས། དུས་ཚེས་དགེ་བ་ཞིག་ལ། མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཟང་རྒྱུན་གང་དཀོན་དང་གནད་ 8-13-12a གང་ཆེའི་རིགས་ཀྱི་གླེགས་བམ་རྣམས་མཆོད་སྟེགས་སུ་བཞུགས་སུ་གསོལ་ནས་མཆོད་འབུལ་རྒྱས་པར་གནང་། དེའི་མདུན་དུ་གབ་རྩེའི་གདན་མཐོ་བར་བཞུགས་སུ་བཅུག་ནས་པུསྟི་ འདི་རྣམས་ཀྱི་བཀའ་ཁྱེད་ལ་གཏད་པ་ཡིན་པས། ཕྱིན་ཆད་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་སྒོ་ནས་མི་ཉམས་པར་ཟུངས་ལ། འཇིག་རྟེན་གྱི་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གསལ་བར་ གྱིས་ཤིག་ཅེས་ཆོས་ཀྱི་བདག་པོར་དབང་བསྐུར་ཞིང་སྒྲོལ་དཀར་གྱི་ཞལ་ཐང་ཤིན་ཏུ་ལེགས་པ་ཞིག་གི་རྒྱབ་ཏུ། ཨོཾ་སྭ་སྟི་ཛ་ཡནྟུ། མི༷་ཕ༷མ་མགོན་པོའི་དགོངས་དོན་ཇི་བཞིན་རྟོགས། །འཇ༷མ་པའི་དབྱང༷ས་ བཞིན་ཤེས་བྱ་ཀུན་ལ་མཁས། །ཕྱོགས་ལས་རྣམ༷་རྒྱལ༷་ཆོས་ཀྱི་གྲགས་པ་ལྟར། །སྙན་པས་རྒྱ༷་མཚོ༷འི་གོས་ཅན་ཁྱབ་གྱུར་ཅིག །ཅེས་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་ པ་སིདྡྷི་རསྟུ། ཞེས་ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པ་རྣམ་དག་རིགས་སྒོ་མཐའ་དག་གི་དགོངས་པ་ཐུགས་སུ་ཆུད་ཅིང་སྙན་པས་འཛམ་གླིང་ཁྱབ་པ་སྟེ་དོན་གྱི་རྒྱུ་མཚན་ཆེན་པོ་བཞི་དང་འབྲེལ་བར་མི་ཕམ་འཇམ་དབྱངས་ རྣམ་རྒྱལ་རྒྱ་མཚོ་ཞེས་པའི་མཚན་གྱི་ཅོད་པཎ་དང་སྦྲགས། སྐུ་གསུང་ཐུགས་རྟེན་འགང་ཆེ་བ་དང་། དབང་རྟགས་སུ་རྗེ་ཉིད་ཀྱིས་བཞེས་པའི་པཎ་ཞུ་རྣ་རིང་བཅས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་ 8-13-12b གཟིངས་བསྟོད་མཛད། ཕྱིས་སུའང་གཞན་ལ་གསུང་འཕྲོས་སུ་ད་ལྟའི་དུས་འདིར་སའི་སྟེང་ན་བླ་མ་མི་ཕམ་ལས་མཁས་པ་མེད། ཁོང་གི་སྐྱེ་རབས་དང་ཡོན་ཏན་གྱི་ཆ་འབྲིས་ན་ཤེར་ཕྱིན་པུསྟི་ཙམ་གྱིས་མི་ཚད་ པ་འབྲི་རྒྱུ་ཡོད་ཀྱང་ཁོང་ད་ལྟ་མི་མཉེས་པར་འདུག་ཅེས་གསུངས་པ་ལོ་རྒྱུས་ཁུངས་མ་ལས་ཐོས། འཁོར་ལོའི་མགོན་པོ་ཀོང་སྤྲུལ་རིན་པོ་ཆེས་ཀྱང་མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་ཞེས་གསུངས་ཤིང་། ཉིད་མཛད་ཚད་མ་ རྣམ་འགྲེལ་དང་། བཀའ་བརྒྱད་རྣམ་བཤད་སོགས་ཀྱི་བཤད་ལུང་ཀྱང་གསན། གསུང་འཕྲོས་ལའང་ཟབ་གསང་རྒྱུད་སྡེའི་མངའ་བདག་སྤོབས་པ་བསམ་གྱིས་མི་ཁྱབ་པ་གསང་བདག་རྡོ་རྗེ་འཛིན་པ་གཉིས་ པ་ལྟ་བུ་རེད་ཅེས་བསྔགས་པར་མཛད་ཅིང་། ཞབས་བརྟན་ཚིགས་སུ་བཅད་པ་བསྩལ་བ་ལས། ཨོཾ་སྭ་སྟི། ཆོས་དབྱིངས་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས། །འགྲོ་ཁམས་ཇི་སྙེད་གང་འདུལ་དེར་ སྟོན་གར། །མཁྱེན་པ་གཉིས་ལྡན་ངག་གི་དབང་ཕྱུག་མཆོག །དཔལ་ལྡན་བླ་མ་བསྐལ་བརྒྱར་འཚོ་གཞེས་གསོལ། །ཞེས་སོགས་གསུང་། དེ་བཞིན་དུ་གསར་ཕྱོགས་ལ་མཁས་པ་འཇའ་པ་མདོ་ སྔགས་ཀྱིས་སྤྱོད་འཇུག་ཤེར་ལེའི་འགྲེལ་པ་ལ་མི་འཐད་པའི་ཆ་བརྗོད་པ་ལ། གངས་ཁྲོད་མཁས་བཙུན་གྲུབ་པའི་ཁྱུ་མཆོག་དཔལ་སྤྲུལ་རིན་པོ་ཆེ་དཔང་པོར་བཞག་ནས་ཞག་དུ་མར་བགྲོ་གླེང་གནང་བའི་ 8-13-13a ཚེ། ཕལ་གྱིས་རང་རང་གི་འདོད་ཕྱོགས་དང་མཐུན་པའི་གཏམ་སྨྲ་བ་ཙམ་ལས་རྒྱལ་ཕམ་མ་འབྱེད་ཚེ། བླ་མ་རིག་མཆོག་ནས་དཔལ་སྤྲུལ་རིན་པོ་ཆེར། དེ་གཉིས་གང་རྒྱལ་ཞུས་ པར། ངས་ནི་རྗེས་གཅོད་མི་ཤེས། ཚར་གཅོད་མི་ཤེས་ཏེ། འཇིག་རྟེན་གྱི་ཁ་དཔེར་བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད་ཟེར་བའི་དཔེ་ལྟར ། མདོ་སྔགས་ཀྱི་གྲྭ་ པ་རྣམས་ཀྱིས་ང་ལ། རྩོད་པ་སྔ་མའི་དུས་བླ་མ་མི་ཕམ་གྱི་ཐུགས་དམ་རྟེན་འཇམ་དཔལ་དབྱངས་ཀྱི་སྐུ་དེའི་ཐུགས་ཀ་ནས་འོད་ཟེར་ཞིག་བྱུང་སྟེ་བླ་མའི་ཐུགས་ཀར་འབྲེལ་འདུག་པ་གསལ་བར་མཐོང་ཟེར་ བས། དེའི་ནང་དུ་དོན་འདུས་འདུག་གསུངས། སྐབས་དེར་ཡང་དཔལ་སྤྲུལ་རིན་པོ་ཆེས། མདོ་སྔགས་ཀྱིས་རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས་ཞེས་པར་འགྲེལ་པ་བྲིས་འདུག་པ་ལ། ལ་ལས་ དགག་པ་དང་ལ་ལས་སྒྲུབ་པར་གོ་བས་འདི་ཐད་ནས་ཀྱང་བགྲོ་གླེང་མཛོད་ཅེས་བཀའ་ཕེབས་བཞིན་མཛད་པས་རྗེ་འདི་ཉིད་རྒྱལ་ཞིང་། རྒྱུད་ལུང་མན་ངག་གི་བཤད་འགྲེལ་རྩོམ་པའི་བཀའ་ཕེབས་པ་སོགས་ཀྱི་ལོ་རྒྱུས་ཁུངས་ མ་ལས་ཐོས་སོ། །གསོལ་དཔོན་པདྨ་ནས། དཔལ་སྤྲུལ་རིན་པོ་ཆེར། བླ་མ་མི་ཕམ་དང་ཁྱེད་གཉིས་སུ་མཁས་ཞུས་པར། མདོ་ཕྱོགས་ལ་ངེད་གཉིས་ཕྱོགས་འདྲ་ཙམ་ཡིན། སྔགས་ལ་མིག་ཕྱེ་བཙུམ་ཙམ་གྱི་ 8-13-13b ཁྱད་ཡོད་བླ་མ་མི་ཕམ་རང་མཁས་གསུངས། ཟབ་གསང་རྒྱུད་སྡེའི་མངའ་བདག་རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་རྡོ་རྗེས་ཀྱང་། མཁྱེན་རབ་ཀྱི་རྩལ། རྟོགས་པའི་ཡོན་ཏན། ལུང་རིགས་ཀྱི་ཁྱད་པར་གང་ནས་ཀྱང་ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་རྣམ་དབྱེར་མེད་པར་དགོངས་ནས། སྔོན་ཆད་མཁས་པ་དང་གྲུབ་པའི་སྐྱེས་ཆེན་དུ་མས་ཐུགས་ལ་བཅངས་ཀྱང་། ཇི་བཞིན་པར་འཆོས་མ་བཟོད་པར་ལུས་པའི་ཡིད་བཞིན་རིན་པོ་ཆེའི་ མཛོད་ཀྱི་འགྲེལ་པ་ཞུས་དག་བྱེད་པར་བསྐུལ་མ་མཛད་པ་དང་། གཞན་ལ་གསུང་འཕྲོས་ལའང་། ཐོས་པས་རང་རྒྱུད་གྲོལ་ཟེར་བ་དེ་བླ་མ་མི་ཕམ་རེད། སྐུ་ན་ཆུང་ངུའི་དུས་རྒྱུད་ལ་འཁྱོག་པོ་ལྟ་བུ་ཞིག་ཡོད་ ཀྱང་། ད་ལྟ་ནི་ཕྱེ་ཐུག་ལ་ཟོ་མར་ཐེབ་པ་ལྟར་ཐུགས་རྒྱུད་དུལ་ཞིང་མོས་གུས་ཆེ་བ་འདི་ཁོ་ནའོ། །གསུངས་ནས་སྤྱན་ཆབ་ཕྱུང་བར་མཛད། ཁྱད་པར་བློ་བཟང་རྒྱལ་བ་གཉིས་པའི་རིང་ལུགས་པ་ཆེན་པོ་རྣམ་ དཔྱོད་འགྲན་ཟླ་དང་བྲལ་བ་དཔལ་རི་བ་བློ་བཟང་རབ་གསལ་གྱིས་ཡང་ལན་དུ། ཁྱད་པར་རྣམ་དཔྱོད་བརྩོན་པའི་མཐུ་ལྡན་ཞིང་། །མང་ཐོས་ཉམས་སུ་ལེན་པའི་ཀུ་ས་ལི། །ཟབ་དོན་ཚོལ་བའི་ངལ་བ་མང་ བསྟེན་པ། །ང་ཡི་མཛའ་ཆེན་མི་ཕམ་བཤེས་གཉེན་བཞུགས། །ཞེས་དང་། ཟབ་རྒྱའི་གསང་བའི་གཏེར་ཆེན་མཛོད་ཀྱི་གཏམ། །བཀྲེན་པས་ཕོངས་པ་བདག་ལ་ཅི་ཆ་ཡང་། །མི་ཕམ་བཤེས་གཉེན་ཚིག་ 8-13-14a གི་ཕོ་ཉ་ཡིས། །བསྐུལ་བའི་འཕྲིན་ལས་ཇི་བཞིན་དེང་འདིར་བསྒྲག །སྐྱོན་བྲལ་པདྨ་དཀར་པོའི་ཕྲེང་བསྟར་བས། །རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མི་ཟད་པར། །ཟབ་རྒྱས་གདམས་ པའི་དེ་ཉིད་ལྡོན་མཁས་པའི། །མི་ཕམ་འཇམ་དབྱངས་མཆེད་དུ་གྱུར་ཅིག་གུ། །ཞེས་པ་ལ་སོགས་པ་དང་། འབྲས་སྤུངས་པའི་དགེ་བཤེས་ཆེན་པོ་ཁང་དམར་པའི་ཞལ་ནས་ཀྱང་། མཁས་མཆོག་མི་ཕམ་ རྣམ་རྒྱལ་ལ་དོན་ལྡན་གྱི་བསྔགས་བརྗོད་མདོར་བསྡུས་ཞིག་བརྗོད་པར་བྱ་བ་ལ། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟར། མཁས་པའི་དབང་ཕྱུག་མི་ཕམ་རྣམ་པར་རྒྱལ་བའི་སྡེ་འདི་ཉིད་གཞོན་ནུའི་དུས་ཉིད་ནས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མའི་མགོན་ལ་བསྟེན་ནས་མང་དུ་ ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། ནང་མངོན་པར་རྟོགས་པའི་ཡོན་ཏན་གྱི་ཚོགས་རིན་པོ་ཆེའི་དཔལ་གྱི་བང་མཛོད་འདོད་དགུར་དབང་འབྱོར་བ་མདོ་དབུས་གཙང་གསུམ་གྱི་མཁས་གྲུབ་བྱེ་བའི་རལ་པའི་ཅོད་པཎ་ གྱི་རྩེ་མོར་ཞབས་ཀྱི་པདྨོ་ངལ་གསོ་བ་ཐོབ་པས་བསྟན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། མི་ཕམ་རྣམ་རྒྱལ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ངེས་པའི་དོན་དུ་རྒྱལ་བའི་སྲས་མཆོག་འཇམ་དཔལ་དཔའ་བོའི་ཡེ་ 8-13-14b ཤེས་ཀྱི་སྒྱུ་མའི་རྣམ་པར་འཕྲུལ་པ་ལས་ཉི་མའི་དཀྱིལ་འཁོར་དང་དེའི་འོད་ཟེར་བཞིན་སྤྲོས་ཏེ་སྙིགས་མ་ལྔ་བདོ་བའི་དུས་སུ་རང་ཅག་འགྲོ་བ་རྣམས་དང་རིས་མཐུན་པའི་དགེ་བའི་བཤེས་གཉེན་གྱི་གཟུགས་ སུ་ཤར་ནས་རྒྱལ་བའི་བསྟན་པ་ལ་བྱ་བ་རྨད་དུ་བྱུང་བའི་ཚུལ་མཛད་པ་ལ་བསམ་ན། འཇམ་མགོན་ས་སྐྱ་པཎྜི་ཏས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་སྦྱངས། །བར་དུ་མཁས་པའི་ཚོགས་སུ་ལེགས་པར་ བཤད། །ཐ་མ་འདྲིས་པའི་ཚོགས་ལ་བརྩོན་པས་བསྒོམས། །དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན། །ཞེས་གསུངས་པ་ལྟར་དམ་པ་འདིས་ཀྱང་དེ་དག་ལག་ལེན་དུ་བསྟར་བའི་ཕྱིར་རོ། །ཞེས་སོགས་ཀྱིས་ བསྔགས་བརྗོད་ཆེས་ཆེར་མཛད་པ་ལྟར་མདོར་ན་དེང་སང་གི་དུས་ན་འཇམ་པའི་དབྱངས་མི་ཕམ་རྒྱ་མཚོ་ཞེས་སྙན་པའི་བ་དན་གྱིས་ཤར་ནུབ་རྒྱ་མཚོའི་མཐའ་ཚུན་ཆད་ཁྱབ་སྟེ་བློ་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་ དད་པའི་སྙིམ་པ་ཨུ་དུམྦཱ་རས་ཡོངས་སུ་བཀང་སྟེ་བསྔགས་བརྗོད་ཀྱི་སིལ་མ་ཕྱོགས་ཐམས་ཅད་ནས་འཐོར་བཞིན་པ་འདིའོ། །དེ་ལྟར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ ཐར་ཇི་ལྟ་བར། སྒྲུབ་གནས་ཀྱི་རྒྱལ་པོ་དཀར་མོ་སྟག་ཚང་དུ་ལོ་བཅུ་གསུམ་དུ་བཞུགས་ཚེ་ཕལ་ཆེར་གསོལ་ཇ་གཉིས་རེ་བཞེས་ཏེ་བསྙེན་སྒྲུབ་ཁོ་ན་ལ་ཐུགས་རྩེ་གཅིག་ཏུ་དྲིལ་བ་གཙོ་བོར་གྱུར་པའི་ཕྱོགས་ 8-13-15a མེད་རིས་མེད་ཀྱི་དབེན་པ་འབའ་ཞིག་ཏུ་འདུ་འཛིའི་གཡེང་བ་དང་ཆོས་བརྒྱད་ཀྱི་སྤྲོས་པ་རིང་དུ་དོར་ནས་སྐུ་ཚེ་རིལ་པོར་སྒྲུབ་པའི་རྒྱལ་མཚན་འཛིན་པར་མཛད་པ་སྟེ། དེ་ཡང་སྣང་སྲིད་ འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་མཉམ་བདེ་བ་ཆེན་པོ་ཆོས་སྐུའི་རང་རྩལ་ལས། སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་ཏུ་འབྱམས་སུ་ ཀླས་པའི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་ཟུང་དུ་འཇུག་པའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ཟབ་མོ་ལས་དུས་ནམ་ཡང་གཡོ་བ་མི་མངའ་སྟེ། བསྐྱེད་རིམ་གྱི་དམིགས་པ་གསལ་ བ་ལ་མཚོན་ན། སྐུ་ན་ཆུང་ངུའི་དུས། ཟུང་འཇུག་རྡོ་རྗེའི་ས་མཁན་ལབ་སྐྱབས་མགོན་རིན་པོ་ཆེ་ལས། མ་ཏིའི་འཇམ་དཀར་གྱི་རྗེས་གནང་མན་ངག་ལས་ཚོགས་དང་བཅས་པ་གསན་ནས་མཚམས་ ཁོངས་སུ་བསྙེན་པ་གནང་དུས། ཐུགས་ཀའི་འཁོར་ལོ་དང་སྔགས་ཕྲེང་དྲག་ཏུ་འཁོར་བ་ལ་ཐུགས་གཏད་པས། ཐ་མལ་གྱི་སྣང་ཤེས་རང་འགག་པའི་གསལ་སྣང་ཁྱད་པར་ཅན་བརྙེས་པ་སོགས་ གཞུང་ནས་བཤད་པའི་ཏིང་ངེ་འཛིན་གྱི་ངང་དུ་དུས་འདས་པ་ནི་བླ་མའི་བྱིན་རླབས་ཀྱིས་ཡིན་པ་འདྲ། ཞེས་དང་། ལར་ཡང་མཚམས་ལ་ལོ་མང་གི་སྐབས་གཞུང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ 8-13-15b རྩེ་གཅིག་པ་ལས། རང་བཞིན་ཁ་གཡེང་མིག་གཡེང་གིས་བསྙེན་པ་ཕྲེང་སྐོར་གཅིག་ཙམ་ཡང་བཟླ་མ་མྱོང་གསུངས། སྐབས་ཤིག་རྡོ་རྗེ་འཆང་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་བྱོན་པས། ཞལ་ནས། ཁྱེད་མཚམས་ ལ་བཞུགས་སྐབས་ཉམས་ལེན་ཇི་འདྲ་མཛད་ཅིང་ཡོད་གསུངས་པར། ཕྲན་གྱིས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང་། ཡི་དམ་གྱི་བསྙེན་མཚམས་བྱེད་དུས་བསྐྱེད་རིམ་མཐར་ཕྱིན་པ་ཞིག་ཨེ་ ཐོན་ལྟ་དགོས་པས་བསྐྱེད་རིམ་ལ་གཟབ་གཟབ་བྱེད་ཀྱིན་ཡོད་ཞུས་པས། དེ་ཚོ་དཀའ་མོ་རེད། ཀུན་མཁྱེན་ཆེན་པོས། ཅི་ཡང་མི་བྱེད་པར་འདུག་འདུག་རྒྱུ་ཞིག་གསུངས་ཨེ་མི་ཡོད་དེ། ཁོ་བོ་ནི་དེ་བཞིན་ བྱས་འདུག་པས་སེམས་ངོ་ཟེར་བའི་དཀར་ཤ་དམར་མདངས་ཅན་ཞིག་མ་མཐོང་ཡང་། ད་ཤི་རུང་ཡ་ང་བག་ཚ་རྡུལ་ཙམ་ཞིག་མི་འདུག་གསུངས་ནས་བཞད་མོ་མཛད། དེ་བླ་མའི་གདམས་ངག་ཡིན་པར་གོ་ ཡང་ད་དུང་བསྐྱེད་རིམ་ལ་ནན་ཏན་བྱས་པས་ད་ལྟ་ཉམས་ལྔའི་ནང་གོམས་པའི་ཉམས་དལ་འབབ་ཀྱི་ཆུ་བོ་ལྟ་བུའི་སྐབས་སུ་སླེབ་འདུག །ད་ཕན་ཞི་གནས་འདིས་སེམས་རྩེ་གཅིག་པ་ཞིག་ཨེ་འགྲུབ་བསམ། ཞི་གནས་ཞིག་འགྲུབ་ན་ལྷག་མཐོང་ནི་ཆུང་ངུའི་དུས་ནས་ཡོད་དར་གསུངས། དེ་དང་མཐུན་པར་བསྙེན་སྒྲུབ་ཀྱི་མངོན་རྟགས་ཀྱང་། རྗེ་ཉིད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་བསྙེན་ 8-13-16a པ་གནང་སྐབས་གཞུང་ནས་བཤད་པའི་རྟགས་ཐམས་ཅད་མ་བྱུང་བ་མེད་གསུངས། འཇུའི་རི་ཁྲོད་དུ་བཞུགས་སྐབས་སྐྱབས་རྗེ་རབ་འབྱམས་རིན་པོ་ཆེ་སྐུ་མདུན་དུ་བྱོན་པར། བཀའ་ལས། རཏ་གླིང་གི་ཚེ་སྒྲུབ་གནང་བའི་ཚེ་ཆུ་འདི་ལོ་གཅིག་རིང་དབྱར་མ་རུལ། དགུན་མ་འཁེང་དང་པོར་བཤམས་དུས་ལྟར་ལས་ཅུང་ཟད་ཀྱང་ཁ་མ་དམའ་བར་འདུག་པས། ལྷ་གྲུབ་པའི་རྟགས་ མཚན་ཞིག་ལོས་ཡིན་གསུངས་ནས་དངོས་གྲུབ་ལེན་ཆོག་མཉམ་དུ་མཛད་ནས། ཚེ་རྫས་སོགས་བསྩལ་བར་མཛད་འདུག་པས་མཚོན། བསྙེན་སྒྲུབ་གང་གནང་ལ་གཞུང་མཐུན་གྱི་རྟགས་ཚད་རིགས་མ་ བྱུང་བ་མེད་ངེས་ཀྱང་ཐུགས་སྒམ་ཞིང་གསང་བ་སྲུང་བ་ལ་དགྱེས་པས་ཞིབ་པར་མི་གསུང་། ཐུན་མོང་གི་སྣང་ཚུལ་དུའང་། སྟག་ཚང་དུ་རྟ་ནག་གི་སྒྲུབ་པ་ཞག་བཞི་མཛད་དེ་གཏོར་རྒྱགས་གནང་སྐབས་ བྲག་རི་ཕྱེ་མར་ཞིག་པ་དང་། སྡེ་དགེའི་སྲས་མོ་བསྙུན་སྐབས་བླ་བསླུ་ཞུས་པས། བླ་ལུག་ལ་ཐུགས་གཏད་པ་ཙམ་གྱིས་རང་བཞིན་གྱིས་ཁ་བསྐོར་བ་ཀུན་གྱིས་མཐོང་། ལྡན་ཁོག་དིས་མགོ་རི་ཁྲོད་དུ་བཞུགས་ སྐབས། ཉིན་གཅིག་འབྲི་ཀླུང་གི་འགྲམ་དུ་བྱོན་ཏེ། བོད་ཁམས་བདེ་བའི་སྨོན་ལམ་དང་། ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་འབྲུ་སྨན་དཀོར་ཆའི་རིགས་ཀླུ་གཏེར་དུ་སྦ་བར་མཛད་པའི་རྗེས་ཐོགས་སུ། 8-13-16b ཕྱག་ན་མདའ་དར་ཞིག་བསྣམས་ཡོད་པ་འབྲི་ཆུའི་ཆུ་དཀྱིལ་དུ་འཕེན་པར་མཛད་པས། མདའ་ཡི་རྩ་བ་ཆུའི་གཏིང་དུ་ཟུག་ཅིང་རྩེ་མོ་གྱེན་དུ་བསྟན་ཏེ་དར་ཚོན་རླུང་གིས་བསྐྱོད་བཞིན་བརྟན་པར་གནས་སོང་ཞིང་། དེ་རྗེས་རྗེ་ཉིད་ཆུ་འགྲམ་ནས་གྱེན་དུ་སྨོན་ལམ་ཤིས་བརྗོད་གསུང་བཞིན་ཞབས་གོམ་པ་བརྒྱད་དགུ་ཙམ་དུ་དལ་བུས་ཕེབས་པར། མདའ་དར་ཡང་སྔ་མ་ལྟར་གྱིས་ཆུ་བོའི་གཞུང་ནས་གྱེན་ལ་འགྲོ་བ་ དེར་འཁོད་ཞབས་གྲས་ཐམས་ཅད་ཀྱིས་མཐོང་བ་དང་། ཆབ་མདོར་བཞུགས་སྐབས་རྒྱ་དམག་གི་འུར་ཟིང་ཆེ་བས་ཉེ་གནས་བླ་མ་དམ་པ་འོད་གསལ་ཐུགས་གཟན་ཆེ་བར་བྱུང་ཚེ། བཀའ་ལས། ཀླ་ཀློ་འཇོམས་ པའི་གཤེད་མ་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་ཡིན། བདག་ཀྱང་དེའི་དམག་དཔོན་ཆེ་ཤོས་ཤིག་ཡིན་པས། དེ་དག་གིས་འཚེ་ག་ལ་ནུས། ཨའུ་ཙི་གསུངས། དེ་བཞིན་སྒ་སྟོད་དུ་བཞུགས་ དུས་ཕྱི་གླིང་གི་འགྲུལ་བ་སོང་བའང་རྗེ་བླ་མ་ཉིད་བཞུགས་པའི་ས་ཕྱོགས་དེ་གཞུང་ལམ་དུ་ཁེལ་ཡང་འགྲོ་མ་ནུས་པར། དེ་ལས་གཞན་དུ་བྱོལ་ཏེ་སོང་བ་དང་། བར་སྐབས་འཇུ་ཉུང་མ་རླུང་རྟ་གུད་ར་ མདའ་སོགས་མི་ཕོད་པར་ཤིན་ཏུ་ཁས་དམན་དགྲ་ཇག་གིས་འཚེ་བའི་སྐབས། རྗེ་ཉིད་ཀྱིས་ཕྲིན་བཅོལ་གནང་བས། མནལ་ལམ་དུ་འགྲུ་དགའ་བདེའི་ཆོས་སྐྱོང་བེར་ནག་དེ་རྟ་ནག་པོ་ཞིག་ཆིབས་ནས། ཕྱག་ 8-13-17a ན་མདུང་ཞིག་བཟུང་སྟེ་དེས་འཇུ་ཉུང་མའི་སྟེང་ནས་རེ་བ་ནག་པོ་ཞིག་བླང་སྟེ་ཕ་ཚད་གཞན་ཞིག་ཏུ་འཕང་སོང་བས་དེ་ཕྱིན་ཆད་འཇུ་པ་ཀླུང་རྟ་དར། དགྲ་ཤེད་ཇེ་ཆེར་སོང་བ་འདི་ཁོ་ བོའི་མཐུ་ཡིན་ཡང་སུས་ཀྱང་ཤེས་པ་མི་འདུག་གསུངས་པས་མཚོན་དེ་རིགས་འགའ་ཞིག་ཐོས། ཕྲན་ལ་ཞལ་རྩེད་དུའང་རྙིང་མ་པ་ཡིན་ན་བསྙེན་སྒྲུབ་མཐར་ཕྱིན་ནུས་པའི་རྟགས་ཐོན་དགོས་པ་ཡིན་ ཁྱོད་ལ་ནུས་པ་ཅི་འདྲ་ཡོད། ངས་ནི་རྣམ་སྨིན་ལ་འཛེམ་པ་མ་གཏོགས་ཉིན་གཅིག་ལའང་མི་དུ་གསོད་དགོས་ཀྱང་གསོད་ཐུབ་གསུངས། རྫོགས་རིམ་ལ་མཚོན་ན། སྔོན་སྦྱངས་ཅིག་ཆར་བའི་རིགས་ ཅན་ཡིན་པར་གང་དུ་གསུང་འཕྲོས་ཕེབ་པས་ཀྱང་ཤེས་ནུས་ལ། དེར་མ་ཟད་སྐུ་ཚེ་འདི་ཉིད་དུའང་། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཚན་བཅས་ཀྱི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་སོགས་ཇི་སྙེད་པ་ཐུགས་ ཉམས་སུ་བསྟར་བས། ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་བདེ་སྟོང་དགའ་བཞི་དང་སྟོང་བཞིས་དྲངས་པའི་དཔེ་དང་དོན་གྱི་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་བ་ ཆེན་པོ་ཉིད་སྐུ་ཉམས་སུ་བསྟར། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་བཞེས་མཐར་ཕྱིན་པས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་ 8-13-17b ཚད་ལ་ཕེབས་ཏེ། སྣང་སྤྱོད་སྐུ་དང་ཡེ་ཤེས་ཀྱི་རོལ་པ་རང་སྣང་ལོངས་སྐུའི་ཞིང་ཁམས་ལ་དབང་བསྒྱུར་བའི་དག་པ་རབ་འབྱམས་ཀྱི་གཟིགས་མོ་འབྱམས་སུ་ཀླས། ནང་གི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ ལོར་ཡོངས་སུ་དག་པའི་སྟོབས་ཀྱིས་སྒོམ་བྱུང་གི་མཁྱེན་རབ་ཀློང་ནས་རྡོལ་ཏེ། ཟབ་དོན་མཐའ་དག་དགོངས་པའི་ཀློང་ནས་རང་རྡོལ་བའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པ་ཤ་སྟག་ཡིན་པས་དགོས་པ་དང་ ཕན་ཡོན་གྱི་ཁྱད་པར་སོགས་བསྟན་བཅོས་ཕལ་དང་མི་མཉམ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པ་ངལ་གསོ་སྐོར་གསུམ། མཛོད་ཆེན་བདུན་སོགས་དང་རྣམ་དབྱེར་མེད་པར་ ཤེས་པར་བྱ་དགོས་ཏེ། ཕྲན་སྔ་མོ་ཆུང་ངུས། དཀར་མོ་སྟག་ཚང་དུ་སྐུ་མདུན་དུ་བཅར་ནས་བཀའ་བརྒྱད་རྣམ་བཤད་ཀྱི་སྙན་སྒྲོན་ཕུལ་སྐབས། རང་བཞིན་གྱིས་བསམ་མནོ་བཏང་སྟེ་བྲིས་ན་སུ་ལའང་འབྲི་རྒྱུ་ཡོད་ མོད། དེ་ལ་དགོས་པ་མེད། སྐབས་འགར་བླ་མ་དང་ལྷག་པའི་ལྷའི་ཐུགས་རྗེ་ལ་བརྟེན་ནས་རང་བཞིན་གྱིས་སེམས་ལ་ཤར་ཏེ་བཟོ་བཅོས་སོགས་ཆེར་མ་དགོས་པར་འབད་མེད་དུ་འབྲི་ཆོག་པ་ཞིག་ཡོང་རྒྱུ་ཡོད་ དར་བས་དེ་ལྟར་བྱུང་ན་ལས་སླ་ཞིང་དགོས་པ་ཆེ་བ་ཞིག་ཡོད་པས་དེ་བར་རེ་ཞིག་སྒུགས་ལ། ཁྱོད་ནས་ཀྱང་བླ་མ་དང་ཡི་དམ་ལ་གསོལ་བ་ཐོབ། ཆོས་སྲུང་ལ་ཕྲིན་བཅོལ་རེ་ཡང་གྱིས་ཞེས་བཀའ་ཕེབས་པ་འདི་ 8-13-18a ལ་གོ་རྒྱུ་གནད་ཆེན་ཞིག་ཡོད་པར་འདུག །མཆེད་གྲོགས་གཞན་དག་ལའང་། ཕྲན་གྱིས་འདོན་ཆ་སོགས་རྩོམ་རིགས་འདི་ལ་དགོས་པ་ཁྱད་པར་བ་རེ་དང་མ་འབྲེལ་བར་རང་བཞིན་ གྱིས་བྲིས་པ་ནི་གཅིག་ཀྱང་མེད་པས་སུས་བཏོན་ཡང་ཕན་ཡོན་དང་བྱིན་རླབས་ཆེ་བར་ཡོད་ཅེས་བཀའ་ཕེབས་པ་བརྒྱུད་ལས་ཐོས་ཤིང་། སོ་སོའི་མཛད་བྱང་གི་གཤམ་དུའང་ཅི་རིགས་སུ་འགོད་པར་མཛད་ གནང་འདུག་པས་ཤེས་པར་ནུས་ལ། དོན་དུ་མཁྱེན་རྟོགས་ཀྱི་རྩལ། དགོངས་པའི་ཉམས། གྲུབ་པའི་སྤྱོད་པ། ལུང་རིགས་ཀྱི་ཁྱད་པར་སོགས་གང་ནས་བརྟགས་ཀྱང་། རྗེ་བཙུན་བརྟན་པའི་ འཁོར་ལོ་བསམ་བཞིན་སྲིད་པར་རྗེས་སུ་ཆགས་པའི་ཡེ་ཤེས་སྒྱུ་མའི་རོལ་གར་རྣམ་ཐར་བསམ་མི་ཁྱབ་པའི་བདག་ཉིད་དུ་ཡོངས་ལ་གྲགས་ཤིང་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་འདི་ལ་སུ་ཞིག་བསྙོན། དེས་ ན་དམ་པ་འདི་ཉིད་ཀྱིས་གསུངས་པའི་ནང་རྒྱུད་ཡོ་ག་སྡེ་གསུམ་གཙོ་བོར་གྱུར་པའི་བསྟན་བཅོས་ཆེན་པོ་རྣམས་ནི། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་ སུ་དག་པ། ཡོངས་སུ་བྱང་བ། སྟོན་པ་དྲང་སྲོང་ཆེན་པོའི་ཞལ་ནས་གསུངས་པ་དང་། རྗེས་སུ་གནང་བ་དང་། བྱིན་གྱིས་བརླབས་པའི་བཀའ་ཡང་དག་པ་དང་། དེའི་དགོངས་འགྲེལ་ཟབ་མོ་འཕགས་པ་ 8-13-18b ཡུལ་གྱི་རྒྱན་མཆོག་རྣམས་དང་གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་སོགས་ཀྱིས་མཛད་པའི་བསྟན་བཅོས་ཆེན་པོ་རྣམས་དང་ཚིག་དོན་གྱི་ཆ་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པ་ནི་ཆོས་སྤྱན་དང་ལྡན་པ་ རྣམས་ཀྱིས་བརྟགས་ན་གསལ་ལ། ཁྱད་པར་དེང་སང་སྙིགས་མ་ལྔ་བདོ་བའི་མཐའ་ལ་ཐུག་པས་ཐུབ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི་བསྟན་པ་ཤིན་ཏུ་ཉམས་ཆུང་བས། འཆི་ཁ་མ་ལ་སྲོག་གི་ཟུངས་ བསྩལ་བ་བཞིན་དུ་གྱུར་པས་ངོ་མཚར་དང་བཀའ་དྲིན་གྱི་སྒོ་ནས་སྔ་མ་བས་ཀྱང་ཁྱད་པར་དུ་འཕགས་པས། རང་གཞན་གྱི་ཕྱོགས་ཀྱི་བསྟན་པ་རིན་པོ་ཆེ་ཐུགས་ལ་དགོངས་པ་རྣམས་ཀྱིས་ཁོང་པའི་སྙིང་དང་ དཔྲལ་བའི་མིག་བཞིན་དུ་གཅེས་སྤྲས་སུ་བྱ་བར་རིགས་པ་ནི་ཞར་བྱུང་འཕྲོས་དོན་དུ་སྨོས་པ་སྟེ། བདག་ཉིད་ཆེན་པོ་འདིའི་ཐེག་མཆོག་ཆོས་ཀྱི་དགའ་སྟོན་མྱོང་བའི་སློབ་ཚོགས་བགྲང་ལས་འདས་པ་བྱུང་བའི་ ནང་ནས་ཞལ་སློབ་གཙོ་བོ། རྡོ་གྲུབ་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ། རྫོགས་སྤྲུལ་ལྔ་པ། དགེ་མང་སྐྱབས་མགོན། མཁན་པད་རྡོར། ཀཿཐོག་སི་ཏུ་རིན་པོ་ཆེ། ཟེ་ཆེན་རབ་འབྱམས། རྒྱལ་ཚབ་ སྤྲུལ་སྐུ། དཔལ་ཡུལ་རྒྱ་སྤྲུལ། ཀརྨ་ཡང་སྤྲུལ། དཔལ་སྤུངས་སི་ཏུ་རིན་པོ་ཆེ། གླིང་རྗེ་དྲུང་། དགེ་མང་དཔོན་བསྟན་འཛིན་ནོར་བུ། མུ་ར་སྤྲུལ་སྐུ། མཁན་ཡོན་ཏན་རྒྱ་མཚོ། བླ་མ་ལུང་རྟོགས། 8-13-19a ཨ་འཛོམ་འབྲུག་སྤྲུལ། རྟོགས་ལྡན་ཤཱཀྱ་ཤྲཱི། ངོར་དཔོན་སློབ། དགུ་རུབ་སྤྲུལ་སྐུ་སོགས་ཞེ་རྫོགས་ཀཿ དཔལ་དཔལ་སྤུངས་སྡེ་དགེའི་དགོན་ཆེན་རེ་སྐོང་སོགས་ཀྱི་ས་དགེ་བཀའ་རྙིང་ གི་སྤྲུལ་པའི་སྐུ་མཆོག་ཆེན་པོ། གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་པ། བསླབ་པ་གསུམ་ལྡན་གྱི་མཁན་པོ། རིམ་གཉིས་ཀྱི་རྣལ་འབྱོར་ལྡན་པའི་སྔགས་པ། ཚེ་བློས་བཏང་གི་བྱ་བྲལ་རྣམས་ དང་། ས་སྐྱོང་སྡེ་དགེ་དང་། གླིང་ཚང་རྒྱལ་པོ་གཙོས་རྒྱ་བོད་ཧོར་སོག་རྣམས་ཀྱི་རྒྱལ་བློན་ཆེ་དགུ། འབྱོར་ལྡན་བསྟན་པའི་སྦྱིན་བདག་རྣམས་ཀྱིས་མཚོན་ཏེ་ཐུགས་བརྩེས་གཟུང་བ་བགྲང་བ་ལས་འདས་ ཤིང་གཞལ་དུ་མ་མཆིས་སོ། །དེ་ལྟར་དགུང་གྲངས་རེ་བདུན་པ་ཆུ་བྱི་ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ་སྐོར་སྐུ་མཚམས་གྲོལ། ཚེས་བཅོ་བརྒྱད་སྐོར་ནས་འགྲུལ་ངན་འགའ་རེས་ཐུགས་སུན་རྐྱེན་ གྱིས་གློ་བུར་དུ་ཚེས་ཉེར་གཅིག་ཉིན་ཕྱི་མཐའི་ཞལ་ཆེམས་ཕྱག་བྲིས་སུ་གནང་བ་འདི་ལྟར། ན་མོ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭཱ་ཡ། མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་ དབང་ཐོབ་ནས། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་སེམས། །ནམ་མཁའ་ཇི་སྲིད་འཛིན་པར་དམ་བཅའ་འོ། །ལས་ཀྱིས་མནར་བས་སྙིགས་དུས་ཆོས་སྨྲ་བདག །མི་ལོ་བཅུ་བདུན་ནང་རྩའི་ 8-13-19b ནད་དྲག་པོས། །བར་མེད་སྡུག་བསྔལ་ཆེ་ཡང་ད་བར་དུ། །སྒྱུ་ལུས་གཟེབས་ལ་བརྟེན་ནས་ཞིང་འདིར་བསྡད། །ད་ནི་ཤི་ལ་དགའ་བའི་འདུ་ཤེས་ཀྱིས། །ཐ་མའི་གཏམ་ཚིག་ཡི་གེའི་རིས་སུ་བྲི། །ཞེས་ པ་ནས། ད་ནི་སྒྱུ་ལུས་ནད་མཐར་འདི་ནང་སྡོད་མི་སྤྲོ་བ་སོགས་ཀྱིས་འཕོ་བའི་འདུན་པ་གཏད་པ་ཡིན། ཞེས་སོགས་ཞལ་ཆེམས་ཡི་གེ་སྦས་ནས་བཞག །ཟླ་བ་གཉིས་པའི་ནང་ཞལ་འཕྲོས་ཅི་རིགས་ བླ་མ་འོད་གསལ་ལ་གནང་། མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་ཙམ་གསུངས། ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་འོད་གསལ་གྱི་གམ་དུ་ཕེབ་ནས་ཁྱོད་ཉིད་དཀར་མོ་སྟག་ཚང་དུ་ཐོག་ མར་ཡོད་པའི་ཕག་ལོ་ཟླ་བ་བཅུ་གཅིག་པའི་ཚེས་ནང་ནས་བཟུང་ད་བར་རང་གིས་བསྙེན་བསྒྲུབ་དང་བསྟན་བཅོས་རྩོམ་རིགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཉིན་རེ་བཞིན་ཆགས་ཕྲི་མེད་པར་ལན་གསུམ་རེ་ རང་རེ་གཉིས་ཐུན་མོང་བ་གྱིས་ཏེ་གཞན་དོན་དུ་བྱང་ཆུབ་ཆེན་པོར་བསྔོས་པས། ད་ནི་སྨོན་ལམ་ཐམས་ཅད་ལེགས་པར་གྲུབ་པའི་རྟགས་མཚན་ཐ་དག་མངོན་དུ་གྱུར་པས་ཁྱོད་མ་འོངས་པ་ན་རྗེ་བཙུན་ འཇམ་དཔལ་དབྱངས་དང་ཁྱད་མེད་དུ་འགྱུར་ངེས་པ་སེམས་གསོས་ཙམ་མིན་པས་སེམས་དགའ་བར་གྱིས། ཉམས་ལེན་སྐོར་ལ་ཐེ་ཚོམ་མ་ཆོད་པ་འདྲ་ཡོད་ན་དེ་རིང་ཆོད། རྒྱུན་རིང་ཨེ་སྡོད་མི་ཤེས་སྤྱིར་ 8-13-20a རང་རེ་དཔོན་སློབ་འདི་ནས་བྱང་ཆུབ་པར་འབྲལ་བ་མེད་ཅེས་ཞལ་བསྒོས་མཛད། དེ་འཕྲལ་བསྟན་འགྲོའི་དཔལ་མགོན་དུ་ཞབས་པད་བརྟན་དགོས་ཚུལ་ལན་གྲངས་ནན་ཞུས་ཕུལ་ བར། ད་ནི་དུས་དང་ནད་ཁམས་སོགས་ཅི་ཐད་ནས་སྡོད་སྤྲོ་བ་མེད་ཅིང་། བསྡད་ཀྱང་དོན་འགྱུར་དཀའ། དེ་བས་ཁྱེད་རང་རི་ཁྲོད་སོགས་སུ་ཉམས་ལེན་སྐྱོང་ཅི་ནུས་མཛོད། ཁྱེད་རང་རང་མགོ་ཐོན་ པའི་ཉམས་ལེན་ནི་ཡོད། ད་ཕན་བླ་མ་གཞན་ལ་རེ་དགོས་ནི་མིན། སྤྱིར་སྐྱེ་འཆི་བར་དོའི་གནས་སྐབས་ཀུན་ཏུ་འཕྲད་ཡོང་། ཕྱི་མར་ཡང་དག་པའི་ཞིང་དུ་སྐད་ཅིག་ཙམ་འབྲལ་བ་མེད་ཚུལ་གསུང་། བཞི་པའི་ཚེས་བཅོ་བརྒྱད་ཉིན་མཁན་ཀུན་དཔལ་བྱོན་ཞིང་ཀཿ ཐོག་ནས་དུས་འཁོར་སྤར་པོད་བཅས་འབྱོར་བསྟུན། བླ་མ་འོད་གསལ་ལ། དེང་སང་སྤྱིར་བདེན་པར་བཤད་ན་ཉན་མཁན་ནི་མེད། རྫུན་པར་ བཤད་ན་ཐམས་ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་མ་སྨྲས། ཕྲན་སོ་སྐྱེས་ཐ་མལ་བ་ཞིག་མིན། བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན། ད་རེས་ཀྱི་རྟེན་འདིར་ན་ ཟུག་ཆེར་བྱུང་བ་འདི་ལས་ཀྱི་ལྷག་མ་ཡིན། ད་ཕན་ཆད་ལས་སྒྲིབ་གཏན་མྱོང་མི་དགོས། ད་རེས་རྟེན་འབྲེལ་གྱི་ཁྱད་ཆེན་པོ་ཡོད་པས་མཁན་ཀུན་དཔལ་ལ་དེ་རིང་ནས་དབུ་ཚུགས་ལ་དུས་འཁོར་གྱི་ 8-13-20b བཤད་ལུང་གིས། སྤྱིར་རྒྱུད་བཤད་མ་མཐའ་ཞག་བཅུ་དགོས་པ་སོགས་གཞུང་གསལ་ཡང་། ད་རེས་ཉིན་བརྒྱད་ཀྱི་ཁོངས་སུ་གྲུབ་པར་གྱིས་ལ་ཚེས་ཉེར་ལྔ་གཟའ་ཟླ་བ་གྲོ་བཞིན་འཕྲོད་དགེ་བར་ གྲུབ་ངེས་ཀྱིས། སྤར་ཡིག་བརྐོ་བཙུགས་ཞིབ་ཆ་མ་གྲུ་སྟབས་ཅུང་གསལ་མིན་ཡོད་འདུག་ཀྱང་བདག་ལ་བྱིན་རླབས་ནུས་པའི་མཐུ་ཡོད་པས་ཁྱེད་གཉིས་བྱིན་གྱིས་བརླབ་པ་ཡིན་གསུངས། བར་སྐབས་ འགར་གསུང་འཕྲོས་ལ། ཕྲན་ནམ་མཁའ་མ་སྟོང་བར་སེམས་ཅན་སྒྲོལ་བའི་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན། ད་རེས་ཀྱི་རྟེན་འདིར་བསྟན་འགྲོ་སྤྱི་དང་ཁྱད་པར་གསང་ སྔགས་སྔ་འགྱུར་བའི་བསྟན་པ་ལ་ཕན་ཆེན་ཞིག་འདོགས་དགོས་མོད་ཀྱང་། སྤྱིར་རྙིང་མ་པ་རྣམས་བསོད་ནམས་དམན་པས་བར་ཆད་ཀྱི་འཚེ་བ་ཆེ་བ་དང་རྟེན་འབྲེལ་གྱི་གནད་ཁ་འགའ་ཞིག་ལ་བརྟེན་ ནས་ནད་ཚབས་ཆེ་བ་སོགས་གང་ཅིས་ཕན་ཐོགས་བསམ་པ་ཙམ་མ་བྱུང་། འོན་ཀྱང་འགྲེལ་ཊཱིཀ་སོགས་ཅི་རིགས་གྲུབ་སོང་། ད་དབུ་མའི་སྤྱི་དོན་གསལ་རྒྱས་ཞིག་བྲི་འདུན་ཡོད་ཀྱང་མ་གྲུབ་མོད། དེ་ གྲུབ་མ་གྲུབ་ཆེན་པོ་མེད་ཅིང་གཉུག་སེམས་སྐོར་དེ་མཐའ་ཕུད་ཞིག་བྱུང་ན་རིས་མེད་ཀྱི་བསྟན་པ་ཡོངས་ཀྱི་སྲོག་ཏུ་གྱུར་པའི་དོན་གནད་ཆེན་པོ་ཞིག་ཡོད་པ་དེ་ཨེ་འགྲུབ་སྙམ་ཡང་ད་རེས་མ་གྲུབ་ལ་ 8-13-21a ད་ནི་དུས་ཀྱི་ཐ་མ་མཐའ་འཁོབ་ཀླ་ཀློ་སོགས་ཀྱིས་བསྟན་ཞབས་སྡུད་ཉེ་སོགས་གང་ཅིའི་ཐད་སྐྱེ་བ་དངོས་ལེན་པ་ལ་ཕན་ཐོགས་ཅི་ཡང་མི་འདུག །སྔོན་སྨིན་གླིང་སྐུ་མཆེད་བཞུགས་ པའི་དུས་ཙམ་ཞིག་ཡིན་ན་བསྟན་འགྲོ་ལ་ཕན་པ་ཅི་རིགས་འབྱུང་སྲིད་མོད། ད་ནི་དུས་དབང་གིས་དེ་འདྲའི་རིགས་དཀའ་གཤིས། འདི་འོག་མ་དག་པའི་ཞིང་དུ་སྐྱེ་བ་ནི་གཏན་དུ་ལེན་རྒྱུ་མིན། དག་པའི་ཞིང་ ཁམས་འབའ་ཞིག་ཏུ་སྡོད་ནས་སྨོན་ལམ་གྱི་དབང་གིས་གང་འདུལ་སྤྲུལ་པའི་རོལ་གར་ནི་འཕགས་པ་རྣམས་ལ་དུས་འཁོར་བའི་མཐའ་བར་རྒྱུན་མི་ཆད་པར་ཅིར་ཡང་འབྱུང་བ་ནི་ཆོས་ཉིད་ཡིན་པ་སྤྱི་ལྟར་སོགས་ བཀའ་འཕྲོས་གནང་། ཉི་ཤུ་གཉིས་གསུམ་སྐོར་ནས་བཟུང་། ད་ནི་འདུ་འཁྲུགས་ཀྱི་ནད་སོགས་གཏན་ནས་དྲག་ཟིན། ད་ཕན་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་ཐོད་རྒལ་གྱི་ སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་རྟག་པར་འཁོར་ཡུག་ཏུ་འཆར་འདུག་གསུངས། ཉེར་ལྔའི་ཉིན་རྒྱུད་ཞག་འཕྲལ། ད་ནི་དིས་མགོ་ཚང་སོགས་ཡོན་བདག་དང་། རྡི་སྤྲུལ་ སོགས་ཕྱོགས་ཀྱི་མཇལ་མི་ཐམས་ཅད་ཤོག་གསུངས། སྐུ་མདུན་དུ་བཅར་ཏེ་སྨོན་ལམ་མཛད། དེ་སྐབས་རྡི་སྤྲུལ་སོགས་ནས་བཞུགས་ཞུས་ཕུལ་བར་ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན་ 8-13-21b བྱང་ཤམ་བྷ་ལར་ཕེབས་རྒྱུ་ཡིན་གསུངས་ཐག་བཅད་གནང་། དེ་རྗེས་བླ་མ་འོད་གསལ། མཁན་ཡོན་དགའ། ཀུན་དཔལ་གསུམ་གྱིས་གསོལ་བ་བཏབ་ངོར་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་བྱིན་ གྱིས་བརླབས་ཏེ་ཚེས་ཉེར་དགུའི་ཉིན་གཟའ་པ་སངས་དང་སྐར་མ་སྣར་མ་འཆར་གྱི་བར་བཞུགས་ཏེ། དེ་བར་གསུང་འཕྲོས་ཅི་རིགས་དང་། ལྷག་པར་ནམ་མཁའི་ཁམས་ཐམས་ཅད་ཡིག་འབྲུ་འབའ་ཞིག་ གིས་གང་འདུག་གསུངས། ཕྱག་བྲིས་བརྡ་ཡིག་སོགས་སྣ་ཚོགས་གནང་ཡོད་འདུག་ཀྱང་འཇམ་དཔལ་གྱི་གཟུངས་གཞུག་ཏུ་ཕུལ་ཟིན་སོང་སྟབས་གསལ་བར་འགོད་མ་ནུས། ཚེས་ཉེར་ལྔ་སྐོར་ ནས་ཉེ་གནས་བླ་མ་ནས་གསུང་བྲིས་བཀྲམ་བཞིན། རྫོགས་ཆེན་རིན་པོ་ཆེ་དང་། གུས་ཕྲན་བཅས་མགྱོགས་འགྲོས་ཀྱིས་ཕྱིན་པ་དེ་ཉིན་རི་ཁྲོད་དུ་འབྱོར། སླར་ཚེས་གསུམ་ལ་སྐུ་གདུང་རིན་པོ་ཆེ་ མཇལ་བས་ཞབས་སེམས་སྐྱིལ། ཕྱག་མཉམ་བཞག་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་གདོད་མའི་གཞི་དབྱིངས་སུ་རེ་ཞིག་གཤེགས་འདུག་པ་མཇལ། སླར་མཆོད་འབུལ་གསོལ་འདེབས་སྒྲུབ་མཆོད་དང་ གསུང་འབུམ་ཡོངས་རྫོགས་ཀྱི་བཀའ་གཏད་པུསྟིའི་ལུང་དབང་གནང་ཞུས་བཅས་མཁན་རྣམ་གཉིས། བླ་མ་འོད་གསལ། སངས་རྒྱས་གཉན་སྤྲུལ། ཕྲན་བཅས་ནས་ལྷན་དུ་ཞུས། སླར་སྐུ་གདུང་རིན་ 8-13-22a པོ་ཆེ་ཞུགས་འབུལ་བགྱིས་པར། ནམ་མཁའ་འཇའ་འོད་ཀྱི་གུར་དང་། ཐིག་ལེ་ཐིག་ཕྲན་སྔར་མཐོང་མ་མྱོང་བ་མང་པོ་དེར་འཁོད་དང་། འབྲི་ཆུ་ཕ་རིའི་རི་མགོ་སོགས་ ཕྱོགས་ཐ་དག་ནས་སྐྱེ་བོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་གྱུར་པས་ཀུན་ཀྱང་དད་པའི་གནས་ལ་བཀོད། ཉེ་གནས་བླ་མ་དམ་པ་འོད་གསལ་ནས་སྐུ་གཤེགས་རྗེས་ཀྱི་བྱ་བ་སྤྱི་དང་བྱེ་བྲག་གདུང་ རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའ་གསེར་ཟངས་ལས་གྲུབ་པ་ཁང་བརྩེགས་མཛེས་ལྡན་ཟེ་ཆེན་དུ་བཞུགས་སུ་གསོལ་བ་སོགས་ལེགས་པར་མཛད་ཅིང་། གཞན་སྐུ་གསུང་ཐུགས་ཀྱི་ རྟེན་ངོ་མཚར་རྨད་བྱུང་ཁྱད་འཕགས་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་རྒྱས་པར་གྱུར་ཏོ། །སྐུ་གཤེགས་ནས་ཞག་བརྒྱ་སོང་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་གྲུབ་ཐོབ་ནམ་མཁའ་ལེགས་པའི་ གདུང་མདུན་བླ་མ་དམ་པ་འོད་གསལ་བཞུགས་ཡོད་པའི་ནམ་ལངས་ཁར་སྐུ་དངོས་ཀྱིས་རྗེས་སུ་བཟུང་སྟེ་དཔེ་ཚན་ལྡེབ་ཉེར་དྲུག་བདུན་ཙམ་ཕྱག་བྲིས་གནང་ཏེ་ཁྱོད་ལ་སྦྱིན་གསུངས་གཏད་པའི་ གཤམ་དུ་འཇའ་ལུས་རྡོ་རྗེ་ཞེས་པའི་ཡིག་འབྲུ་དངོས་སུ་གསལ་བ་དང་། ཞལ་ནས་འཇའ་ལུས་རྡོ་རྗེ་ཞེས་པའི་གསུང་ཆེན་པོ་ལན་གསུམ་གསུངས་ཏེ་ནམ་མཁའ་ལ་འཇའ་ལྟར་ཡལ་བ་དང་ 8-13-22b ཉི་མ་ཤར་བ་དུས་འགྲིགས། གཞན་ཡང་རྨི་ལམ་ཚུན་ཆད་དུ་རྟག་པར་རྗེས་སུ་བཟུང་བ་སོགས་ཀྱི་ལྟས་བཟང་པོ་རྒྱུན་མི་འཆད་པར་བྱུང་བ་སོགས་དང་དམ་ལྡན་པ་རྣམས་ལ་དངོས་ཉམས་རྨི་ལམ་ དུ་རྗེས་བཟུང་ཞིང་བྱིན་གྱིས་བརླབས་པའི་ཚུལ་ངོ་མཚར་བ་མང་དུ་བྱུང་བ་ཡོད་དོ། །དེ་དག་ཐུན་མོང་སྤྱིའི་རྣམ་ཐར་ཆེ་ལོང་ཙམ་སྟེ། ནང་དང་ཤིན་ཏུ་གསང་བའི་རྣམ་ཐར་ནི་ཟུར་ཙམ་ཡང་འདིར་ སྨྲོས་པ་མེད་དོ། །མདོར་ན་བདག་ཉིད་ཆེན་པོ་འདི་ནི་ཐུན་མོང་གི་སྣང་ངོར་གསན་བསམ་སྒོམ་པ་རྒྱ་མཚོའི་མཐར་ཕྱིན་པ་མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་ཀྱི་གོ་འཕང་ལ་གནས་པ་ནི་ས་སྟེང་ ཀུན་ཏུ་གྲགས་ཤིང་གྲུབ་མོད། ཡང་དག་པའི་དོན་དུ་རྗེ་འདི་ཉིད་འཇམ་པའི་དབྱངས་དང་གསང་བའི་བདག་པོ་སོགས་དང་དགོངས་སྤྱོད་ཐ་དད་དུ་དབྱེ་བ་མེད་པའི་ཕྱིར་ལྷའི་ཞལ་གཟིགས་དང་། གྲུབ་ པའི་ཆོ་འཕྲུལ་འགའ་ཞིག་མཛད་ཚུལ་སོགས་བདག་ཉིད་ཆེན་པོ་འདི་ལྟ་བུ་ལ་ཡ་མཚན་དུ་བརྩི་བའི་འོས་མ་ཡིན་མོད་ཀྱང་། གདུལ་བྱ་ཐུན་མོང་པ་དག་གི་ངོར། གནས་གང་དུ་འཁྲུངས་པ། སྐུ་ཚེ་ཅི་ ཙམ་གཞེས་པ། མཛད་པ་ཇི་ཞིག་བསྟན་པ་རྣམས་མ་སྨྲོས་ན་བློ་ཚིམ་པར་མི་འགྱུར་བས་འདིར་རང་གིས་གང་ཐོས་སྒྲོ་སྐུར་དང་བྲལ་བར་བཀོད་པ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་བསྟན་བཅོས་ 8-13-23a ཀྱི་བཞུགས་བྱང་དངོས་སྨྲོས་པ་ལ། སྤྱིར་ཐེག་པ་ཆེ་ཆུང་དང་གོང་འོག་གི་བབས་འབྲེལ་སོགས་ཀྱིས་ཇི་ལྟར་སྒྲིག་ཀྱང་རུང་མོད། འདིར་མགོན་པོ་གང་ཉིད་སྐུ་ཚེ་དཔག་ཏུ་མེད་པ་ནས་རྒྱུ་ཚད་མེད་པ་ བཞིས་བསྡུས་པའི་འབྲས་བུ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཐུགས་ལེགས་པར་འབྱོང་ཞིང་དམ་པའི་ཆོས་འཚོལ་བ་ལ་ཡོངས་སུ་གོམས་ པས། སྐུ་ཚེ་འདི་ཉིད་དུ་བསྡུ་དངོས་བཞིའི་ཕྲིན་ལས་ཀྱིས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་གསང་ཆེན་བླ་ན་མེད་པ་སྔ་འགྱུར་ཡོ་ག་རྣམ་གསུམ་གཙོ་བོར་གྱུར་པའི་ངེས་དོན་མདོ་རྒྱུད་ཟབ་མོའི་ དགོངས་དོན་མཐའ་དག་རྟོན་པ་བཞིའི་ཚུལ་དང་མི་འགལ་བར་རིགས་ལམ་སེང་གེའི་སྒྲ་དབྱངས་ཕྱོགས་ཐམས་ཅད་དུ་སྒྲོགས་པར་མཛད་པ་ལ་མི་འཇིགས་པའི་སྤོབས་པ་དང་སོ་སོ་ཡང་དག་པར་ རིག་པ་བཞི་ལ་མངའ་དབང་འབྱོར་བའི་མཚོན་བྱེད་དུ་ས་བཅད་ཆེན་པོ་བཞིའི་ཆིངས་སམ་སྡོམ་དུ་བསྡུ་བར་བྱ་སྟེ། དེ་ལ་ཐོག་མར་ཡུལ་དམ་པ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་རང་གཞན་གྱི་ རྒྱུད་ལ་ཆོས་སྣང་བའི་སྒོ་དད་པ་ཕུན་སུམ་ཚོགས་པ་སྐྱེད་ཅིང་། རྒྱུད་ལ་བྱིན་རླབས་ཞུགས་པས་བར་ཆད་མི་འབྱུང་ཞིང་གནས་སྐབས་དང་མཐར་ཐུག་གི་བསམ་དོན་མཐའ་དག་ཡིད་བཞིན་དུ་ 8-13-23b འགྲུབ་པའི་དགོས་འབྲེལ་ཁྱད་པར་ཅན་དང་རྗེས་སུ་འབྲེལ་བ་བསྟོད་ཚོགས་དང་རྟོགས་བརྗོད་སོགས་ཀྱི་སྐོར། ཀུན་རྫོབ་ཐ་སྙད་ཀྱིས་མཚོན་པའི་རྒྱ་ཆེ་བ་ཤེས་བྱ་སྤྱིའི་སྒྲོ་འདོགས་གཅོད་ཅིང་ཡང་ དག་པའི་དོན་ལ་རིམ་གྱིས་འཇུག་པའི་སྒོར་གྱུར་པ་ཐུན་མོང་རིག་གནས་ཀྱི་སྐོར། རྣམ་གྲོལ་ལམ་གྱི་འཇུག་ངོགས་ཟབ་ཅིང་རྒྱ་ཆེ་བའི་གནས་མཐའ་དག་ཕྱིན་ཅི་མ་ལོག་པར་སྟོན་པས་ཐེག་པ་ གསུམ་གྱི་གདུལ་བྱ་མཐའ་དག་གནས་སྐབས་དང་མཐར་ཐུག་གི་བྱང་གྲོལ་ལ་དངོས་སུ་སྦྱོར་བར་བྱེད་པ་ནང་དོན་རིག་པའི་སྐོར། བསྟན་པ་རིན་པོ་ཆེ་ཡུན་དུ་གནས་ཤིང་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་ དང་རྫོགས་སྨིན་སྦྱང་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་དུས་འཁོར་བ་ཇི་སྲིད་བར་རྒྱ་ཆེ་ལ་རྒྱུན་མི་ཆད་པར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་རྟེན་འབྱུང་དུ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་གྱིས་དགེ་ལེགས་ སུ་བྱ་བའོ། །དང་པོ་ནི། འཕགས་པ་དཀོན་མཆོག་ཏ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་སྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་ སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོགས་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་ 8-13-24a བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་རྒྱལ་བར་མཆོད་པ་རྒྱ་ཆེན་བྱེད། །གང་དག་རྒྱལ་ལ་མཆོད་པ་ཆེ་བྱེད་པ། །དེ་དག་སངས་ རྒྱས་དད་པ་བསམ་མི་ཁྱབ། །གང་དག་རྒྱལ་བའི་ཆོས་ལ་དད་གུས་པ། །དེ་དག་རྒྱལ་བར་ཆོས་ཉན་ངོམས་པ་མེད། །གང་དག་རྒྱལ་བའི་ཆོས་ཉན་མི་ངོམས་པ། །དེ་དག་ཆོས་ལ་མོས་པ་བསམ་མི་ ཁྱབ། །གང་ད ག་རྟག་ཏུ་དགེ་འདུན་དད་གུས་པ། །དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན། །གང་དག་མི་ལྡོག་དགེ་འདུན་རབ་དད་པ། །དེ་དག་དད་པའི་སྟོབས་ཀྱིས་མི་ལྡོག་འགྱུར། །གང་དག་ དད་པའི་སྟོབས་ཀྱིས་མི་ལྡོག་པ། །དེ་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ། །གང་དག་དབང་པོ་རྣོ་ཞིང་རབ་གསལ་བ། །དེ་དག་སྡིག་པའི་གྲོགས་པོ་རྣམ་པར་སྤང་། །གང་དག་སྡིག་པའི་གྲོགས་ པོ་རྣམ་སྤངས་པ། །དེ་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང་། །གང་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་བཟུང་བ། །དེ་དག་དགེ་བ་རྒྱ་ཆེན་སོག་པར་བྱེད། །གང་དག་དགེ་བ་རྒྱ་ཆེན་ སོག་བྱེད་པ། །བདག་ཉིད་ཆེན་པོ་དེ་དག་རྒྱུ་སྟོབས་ལྡན། །བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ། །དེ་དག་མོས་པའི་ཁྱད་པར་རྒྱ་ཆེན་འགྱུར། །གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ། །དེ་དག་ 8-13-24b རྒྱལ་བ་ཀུན་གྱིས་རྟག་བྱིན་རླབས། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། མདོ་གཞན་ལས་ཀྱང་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ཀྱི་ཐོག་མར་དད་པ་ཉིད་སྨྲོས་པས་མཚོན་པ་དེ་དང་བསྟན་ བཅོས་ལས་ཀྱང་། དད་པ་འཁོར་ལོ་རིན་པོ་ཆེ། ཉིན་མཚན་དགེ་བའི་ལམ་ལ་འདྲེན། ཞེས་སོགས་བརྒྱ་ཆེར་བསྔགས་པས་མཚོན་བསོད་ནམས་ཚད་མེད་པའི་འཇུག་ངོགས་བླ་ན་མེད་པ་ཡིན་ལ། བསོད་ནམས་དང་ལྡན་ན་བསམ་པ་ཐམས་ཅད་ཀྱང་ཡིད་བཞིན་དུ་འགྲུབ་པར་འགྱུར་ཏེ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ཅེས་གསུང་། དགོས་འབྲེལ་དེ་ཉིད་ཀྱི་ཕྱིར་ དད་པ་ཕུན་ཚོགས་ཀྱི་སྒོར་གྱུར་པའི་བསྟོད་ཚོགས་རྗེས་འབྲེལ་དང་བཅས་པའི་སྐོར་ལ་བཞི། བསྔགས་འོས་ཀྱི་གནས་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པའི་སྐོར། རྣམ་ཐར་རྟོགས་བརྗོད་ཀྱི་ སྒོ་ནས་བཀའ་དྲིན་རྗེས་སུ་དྲན་པ་དང་རྗེས་འཇུག་སྤྲོ་བ་བསྐྱེད་པའི་སྐོར། དེ་དང་རྗེས་སུ་འབྲེལ་པ་མཆོད་འབུལ་ཚོགས་གསོག་གི་སྐོར། ཞར་བྱུང་གསོལ་འདེབས་ཐོར་བུ་སྣ་ཚོགས་པའི་སྐོར་རོ། ། དང་པོ་ལ། སྟོན་པ་བཅོམ་ལྡན་འདས་ལ་འགྲོ་བ་བཞི་དང་བྲལ་བའི་བསྟོད་པ་ཚངས་པ་བཞད་པའི་དབྱངས་སྙན། ཆོ་འཕྲུལ་བསྟོད་སྨོན། ངེས་དོན་འཇམ་པའི་དབྱངས་ལ་བསྟོད་པ་རྡོ་རྗེའི་རྒྱུད་ཀྱི། 8-13-25a དགོངས་འགྲེལ། བོད་ཡིག་ཕྱི་མོ་སུམ་ཅུ་དང་འདོགས་བུ་དྲུག་ཚིགས་བཅད་གཅིག་གི་ནང་དུ་ཚང་བ། ཨེ་ཡིག་སྟོང་ཆེན་མ་ལབ་སྐྱབས་མགོན་གསུང་ངོར་མཛད་པ་ལོ་རྒྱུས་ བཅས། འཇམ་བསྟོད་རྒྱུད་དང་བསྟན་བཅོས་ཅི་རིགས་ལས་བཏུས་པ། འཇམ་དཔལ་ཞི་ཁྲོ་རྒྱུད་སྡེ་ཀུན་གྱི་སྙིང་པོ་ཡོངས་སུ་དྲིལ་ཏེ་བསྟོད་པ་བཀྲ་ཤིས་མི་འགྱུར་མ། རྗེ་བཙུན་འཇམ་དཔལ་དཀར་པོ་ ལ་བསྟོད་པ་རྒྱལ་ཀུན་དགྱེས་པའི་རོལ་མོ། འཇམ་དཔལ་བསྟོད་གསོལ་ཤེས་རབ་རབ་འཕེལ། འཇམ་དཔལ་བསྟོད་པ་བྱིན་རླབས་གཏེར་ཆེན་སྨོན་ལམ་བཅས། འཇམ་པའི་རྡོ་རྗེ་ལ་བསྟོད་པ་རྡོ་རྗེ་ ནམ་མཁའི་དཀྱིལ་ལྟ་བུ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་རྩ་སྔགས་ཀྱིས་བསྟོད་པ་རྡོ་རྗེའི་སྒྲ་དབྱངས། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་གཟུགས་རི་མོར་བགྱིས་པ་ལ་གླེང་བསླངས་ ནས་དཔེ་ལས་བརྩམས་ཏེ་བསྟོད་པ་སྦྲང་རྩིའི་མཆོད་ཡོན། རྡོ་རྗེ་རྣོན་པོ་ལ་བསྟོད་པ་ཚིགས་སུ་བཅད་པ་མཁའ་མིག་གྲངས་ལྡན་རྟེན་འབྱུང་ཤིན་ཏུ་དགེ་བའི་དུས་མཛད་པ། རི་བོང་གཟུགས་དང་སོགས་ ཚན་གཅིག །ཐུགས་དམ་ལྷ་བཞིའི་བསྟོད་པ་ཞེས་འཇམ་དབྱངས་དཀར་པོ་ལ་མཆོག་གསུམ་འདུས་པའི་ངོ་བོར་བསྟོད་པ་སྨྲ་བའི་སེང་གེ་བསྒྱིངས་པའི་ང་རོ། །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་ 8-13-25b འཁོར་ལོ་ལ་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་བསྔགས་པ་འཆི་མེད་གྲུབ་པའི་གླུ་དབྱངས། དཔལ་ལྡན་ཛམ་བྷ་ལ་དཀར་པོ་ལ་ཕུན་ཚོགས་སྡེ་བཞིའི་སྒོ་ནས་བསྔགས་པ་སྤྲིན་ཆེན་རྣམ་པར་རོལ་བའི་འབྲུག་སྒྲ། རྡོ་རྗེ་སེམས་དཔའ་དཀར་པོ་ལ་རྡོ་རྗེ་བཞིའི་ཚུལ་གྱིས་བསྔགས་པ་རྡོ་རྗེ་བདུད་རྩིའི་སྒྲ་དབྱངས་བཅས་ལབ་སྐྱབས་མགོན་གྱི་བཀའ་སྩལ་ངོར་མཛད་པ། ཉེར་སྲས་བརྒྱད་ཀྱི་བསྟོད་པ་ལ། དཔལ་རྡོ་རྗེ་ འཛིན་པ་ལ་བསྟོད་པ་རྡོ་རྗེའི་སྒྲ་དབྱངས། འཇམ་དཔལ་ལ་བསྟོད་པ་འཇམ་དབྱངས་དགྱེས་པའི་རོལ་མོ། སྤྱན་རས་གཟིགས་ཀྱི་བསྟོད་པ་པདྨའི་དགའ་ཚལ། ཀུན་བཟང་གི་བསྟོད་པ་ཀུན་ཏུ་བཟང་ པོ། བྱམས་པའི་བསྟོད་པ་བྱམས་པའི་སྤྲིན་ཆེན། སྒྲིབ་སེལ་བསྟོད་པ་འོད་ཟེར་ཆེན་པོ། ནམ་སྙིང་བསྟོད་པ་ནམ་མཁའ་དྲི་མེད། ས་སྙིང་བསྟོད་པ་ས་གཞིའི་མཛེས་རྒྱན་བཅས། མགོན་པོ་སྤྱན་རས་ གཟིགས་ལ་བསྟོད་པ་དབུགས་འབྱིན་ཆེན་པོ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་ངག་གི་དབང་པོའི་མེ་ཏོག་འོད་ཟེར་རབ་ཏུ་བརྩེགས་པ། རྩ་སྔགས་དང་བཅས་པའི་ཕྱག་འཚལ་འདོད་གསོལ་ བཅས། རྡོ་རྗེ་དབྱངས་ཅན་མ་ལ་བསྟོད་པ་ངོ་མཚར་འབུམ་གྱི་སྒྲ་དབྱངས། དབྱངས་ཅན་མའི་བསྟོད་གསོལ་དགའ་བའི་རྒྱ་མཚོ། དབྱངས་ཅན་བསྟོད་པ་རྒྱ་མཚོ་མ། དབྱངས་ཅན་བསྟོད་པ་མཆོག་ 8-13-26a གྲུབ་ཅེས་པ། རིག་བྱེད་མའི་བསྟོད་པ་དབང་གི་ལྕགས་ཀྱུ་རྣོན་པོ། དཔལ་ལྡན་མི་གཡོ་བའི་བསྟོད་པ་བདུད་ལས་རྣམ་རྒྱལ། ཡང་མི་གཡོ་བའི་བསྟོད་གསོལ་དགུང་ གྲངས་ཉེར་བཞི་པའི་དུས་མཛད་པ། སློབ་དཔོན་ཆེན་པོའི་བསྟོད་པ་སྐུ་གསུམ་མ། མཁན་ཆེན་བསྟོད་པ་འཇམ་དཔལ་མ། ཆོས་རྒྱལ་ཆེན་པོའི་བསྟོད་པ་གངས་ཅན་མ། རྒྱལ་བ་གཉིས་པ་འཇམ་ དཔལ་སྙིང་པོ་ལ་ཁྱད་པར་བཞི་ལྡན་གྱི་ཚུལ་དུ་རབ་ཏུ་བསྔགས་པ་དད་པའི་མེ་ཏོག །འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་ རོལ་མོ། ཡང་ཨོཾ་སྭ་སྟི་སོགས་ཀྱིས་བསྟོད་པ། བཀའ་བརྒྱད་སོགས་ཀྱི་ཕྱག་བསྟོད་སྣ་ཚོགས་ཚིག་བཞི་ཅན། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་བསྟོད་པ་རྒྱུན་ཆགས་ནོར་བུའི་དཎྚ་ཀ ཁྲོ་ བོའི་རྒྱལ་པོ་རྡོ་རྗེའི་ཤུགས་འཁོར་དང་བཅས་པ་ལ་བསྟོད་པ་རྒྱུན་ཆགས་རྡོ་རྗེའི་དཎྚ་ཀཾ། གཟའ་བཅུའི་བསྟོད་པ་དོན་ཀུན་འགྲུབ་བྱེད་ནོར་བུའི་རྒྱལ་མཚན་ཞེས་གཟའ་ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན། དུས་མེ། ཀེ་ཏུ་བཅས་ཀྱི་བསྟོད་པ། རྒྱལ་བསྟོད་ལེགས་བྲིས་རྔ་སྒྲ། ཀླུ་ནོར་རྒྱས་ཀྱི་མཆོད་བསྟོད་ཀླུ་དབང་ཀུན་ཏུ་དགའ་བའི་སྒྲ་དབྱངས། བདེ་སྟོང་ཕྱག་རྒྱའི་རྣལ་ 8-13-26b འབྱོར་གྱི་ཚུལ་མདོ་ཙམ་བརྗོད་པ་མཚོ་བྱུང་དགྱེས་པའི་འཛུམ་དཀར། དྲག་པོ་སྔགས་ཀྱིས་སྒྲོལ་བའི་རྣལ་འབྱོར་གྱི་ཚུལ་མདོ་ཙམ་བརྗོད་པ་ཟིལ་གནོན་ཁྲོ་བོ་དགྱེས་པའི་གད་རྒྱངས་། པདྨ་དབང་ ཆེན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལས་གསུངས་པའི་ཛམྦྷ་ལའི་བསྟོད་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་བསྟོད་ཅིང་མངའ་གསོལ་བ་རྫོགས་ལྡན་སྤྲིན་གྱི་རྔ་སྒྲ་རྣམས་སོ། །དྷཱིཿ གཉིས་པ་རྣམ་ ཐར་རྟོགས་བརྗོད་ཀྱི་སྐོར་ལ། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་དྲིན་རྗེས་སུ་དྲན་པའི་ཕྱིར་ཐུབ་ཆོག་བྱིན་རླབས་གཏེར་མཛོད། དེའི་རྒྱབ་ཆོས་པདྨ་དཀར་པོ་ཞེས་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་རྒྱས་ པར་བཀོད་པ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ཀྱི་རྟོགས་པ་བརྗོད་པ་ནོར་བུའི་ཕྲེང་བ། མཛོད་ཆེན་བདུན་སྤར་དུ་བསྒྲུབས་པའི་དཀར་ཆག་རིན་ཆེན་མེ་ལོང་། མ་ཧཱ་པཎྜི་ཏ་རོང་ཟོམ་པ་ ཆོས་ཀྱི་བཟང་པོའི་བཀའ་འབུམ་དཀར་ཆག །ཀཿཐོག་སྐུ་འབུམ་དཀར་ཆག །དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་དཀར་ཆག་འདོད་འབྱུང་རིན་པོ་ཆེའི་ཏོག །ཉག་བླ་པདྨ་བདུད་འདུལ་འཇའ་ ལུས་སུ་སྒྲུབ་པ། སྔ་འགྱུར་འབེལ་གཏམ་དང་། རིག་གནས་འབེལ་གཏམ། དྷཱིཿ །གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་དང་གསུང་རབ་ 8-13-27a ཀྱི་དཀར་ཆག་སྔ་འགྱུར་བསྟན་པའི་མཛེས་རྒྱན་འདི་ཉིད་བཅས་སོ། །གསུམ་པ་ཚོགས་གསོག་མཆོད་འབུལ་གྱི་སྐོར་ལ། མར་མེ་མཆོད་པའི་ལག་ལེན་འབེལ་གཏམ་རྣ་བའི་ བདུད་རྩི། མཆོད་འབུལ་ལག་ལེན་བླ་མ་མདོ་སྔགས་ངོར་གསུངས་པ། འཇམ་དཔལ་མཆོད་ཆོག་གཞུང་རྩ་བ། མཆོད་ཕྲེང་ནོར་བུ་རྒྱས་པའི་སྤྲིན་ཆེན། གཏོར་མའི་ཆོ་ག་ཡིད་བཞིན་དཔལ་སྟེར། མར་མེ་འབུལ་ཚིག་མདོ་རྒྱུད་ནས་བྱུང་བ་ཁ་སྐོང་པ་ལེ་ཚན་གཉིས། མདོ་དང་བསྟན་བཅོས་ལས་བཏུས་པའི་བསྟོད་ཚོགས་སྐོར་བཅས། མཆོད་ཆོག་ནོར་བུའི་ཕྲེང་བ། མཆོད་ཕྲེང་བསྡུས་པ་ཙིནྟ་ མ་ཎི། མཆོད་ཕྲེང་ཡང་སྙིང་ཡིད་བཞིན་དབང་རྒྱལ། བླ་མེད་ལུགས་ཀྱི་མཆོད་ཕྲེང་ཡང་སྙིང་ཡིད་བཞིན་དབང་རྒྱལ། རབ་འབྱམས་ཕྱོགས་བཅུ་མ། སྨན་ལྷའི་མདོ་ཆོག་བདུད་རྩིའི་བུམ་བཟང་། སངས་རྒྱས་མཚན་འབུམ་ནོར་བུའི་ཕྲེང་བ། མཚན་འབུམ་བསྡུས་པ་རྣམས་སོ། ། དྷཱིཿ །བཞི་པ་གསོལ་འདེབས་ཐོར་བུ་སྣ་ཚོགས་པའི་སྐོར་ལ། རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས། རྫོགས་ཆེན་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །ལྷ་མཆོག་ཡ་མཱནྟ་ཀའི་གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས། ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པའི་བསྟོད་གསོལ་ཚིགས་བཅད་མ། 8-13-27b སྟོན་པ་ཐུབ་པའི་དབང་པོ་འཁོར་དང་བཅས་པ་ལ་གུས་པའི་གདུང་ཤུགས་ཀྱིས་གསོལ་འདེབས། འདིར་སོ་སོར་མ་སྨྲོས་པའི་བསྟོད་ཚོགས་སྤར་འཁོད་ཀྱི་མཇུག་གི་གོང་འོག་ཏུ་གསོལ་འདེབས་ བསམ་ལྷུན་སོགས་ཉུང་ངུ་ཚན་བཅོ་བརྒྱད། གསོལ་འདེབས་དངོས་གྲུབ་ཀུན་འབྱུང་། འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་གསོལ་འདེབས་འདོད་དོན་ཡོངས་སྩོལ། འཇམ་པའི་དབྱངས་ལ་གསོལ་ བ་འདེབས་པ་ཐུགས་རྗེའི་འོད་ཟེར་སྙིང་ལ་འགུགས་པའི་ལྕགས་ཀྱུ། རྗེ་བཙུན་མའི་གསོལ་འདེབས་བྱིན་རླབས་སྤྲིན་དཔུང་འཁྲིགས་པ། རིག་བྱེད་དཔལ་མོའི་བསྟོད་པ་གསོལ་འདེབས་ཙིནྟ་མ་ ཎི། གུ་རུའི་གསོལ་འདེབས་ཐུགས་རྗེས་མྱུར་འཛིན། ཚེས་བཅུའི་མཛད་པ་རྗེས་དྲན། བསམ་ལྷུན་བསྡུས་པ། གུ་རུའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །གསོལ་འདེབས་བྱིན་རླབས་ འོད་སྣང་། སྣང་སྲིད་དབང་སྡུད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསོལ་འདེབས་དད་པའི་གདུང་དབྱངས། རྗེ་བཙུན་དམ་པ་སངས་རྒྱས་ལ་གསོལ་བ་ འདེབས་པ། མཚུངས་མེད་ཡོན་ཏན་མགོན་པོའི་གསོལ་འདེབས་དད་བརྒྱའི་པདྨོ་བཞད་པ། རིས་མེད་དམ་པའི་གསོལ་འདེབས་དད་པའི་ལྷ་ལམ། རྗེ་ཉིད་ཀྱི་གསོལ་འདེབས་ཚིག་བཞི་པ་ལེ་ཚན་ 8-13-28a གཉིས་བཅས་སོ། དྷཱིཿ །གཉིས་པ་ནི། དྲིན་ལན་བསབ་པའི་མདོ་ལས། དམ་པའི་ཆོས་མདོ་སྡེ་བཅུ་གཉིས་དང་། རྒྱུའམ་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། སྨན་དཔྱད་ཀྱི་རིག་པ་དང་། འཇིག་རྟེན་པའི་བཟོའི་རིག་པ་ལ་བསླབ་དགོས་ཚུལ་སོ་སོར་གསུངས་པ་ནས། གལ་ཏེ་བྱང་ཆུབ་སེམས་དཔའ་རིག་པའི་དངོས་པོ་ལྔར་མ་བསླབ་ན་ནམ་དུ་ཡང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རོ། །དེ་བས་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་རིག་པའི་དངོས་པོ་ལྔ་ལ་བསླབ་པར་བྱའོ། ། ཞེས་དང་། རྒྱལ་ཚབ་མ་ཕམ་མགོན་གྱིས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ ཚར་བཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་དང་། རྒྱལ་སྲས་ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ན་གང་ཡང་ཡོད་མིན་ཏེ། །དེ་ ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་གསུངས་པ་ལྟར་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་འདོད་པས་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་ལ་བསླབ་ 8-13-28b པར་བྱ་དགོས་པ་ལས་ཐོག་མར་ཕྱི་ཐ་སྙད་ཀྱི་རིག་གནས་ཐུན་མོང་བའི་སྐོར་ལ། རིག་པའི་གནས་ཆེན་བཞི་རྩ་བར་གྱུར་པ་དང་། དེ་དག་དང་ཅི་རིག་པར་རྗེས་སུ་འབྲེལ་བ་ཡན་ལག་གི་སྐོར་ གཉིས་ལས། དང་པོ་ལ་བཞི། ཚིག་ལ་འཁྲུལ་པ་སེལ་བྱེད་བརྡ་སྤྲོད་པའམ་སྒྲ་རིག་པ་ཡན་ལག་དང་བཅས་པའི་སྐོར། དོན་ལ་འཁྲུལ་པ་སེལ་བྱེད་ཚད་མ་རིག་པའི་སྐོར། འཇིག་རྟེན་གྱི་ཉེ་ བར་མཁོ་བའི་དོན་སྣ་ཚོགས་ལ་འཇུག་པར་ཤེས་པ་བཟོ་རིག་པའི་སྐོར་ཡན་ལག་དང་བཅས་པ། ལུས་ཀྱི་ཉེས་པ་སེལ་ཞིང་ཕན་པ་སྒྲུབ་པའི་ཐབས་གསོ་བ་རིག་པའི་སྐོར་ཞར་བྱུང་དང་བཅས་པ་ རྣམས་སོ། །དང་པོ་སྒྲ་རིག་པའི་སྐོར་ལ། བརྡ་སྤྲོད་པ་དབྱངས་ཅན་ངག་གི་མེ་ལོང་ཀུན་བཤད་དང་པོ་ཡན། རྩ་བ་ཚིགས་སུ་བཅད་པ། དེའི་ཡན་ལག་སྒྲའི་སྐད་དོད་བོད་སྐད་དང་ཤན་སྦྱར་བ་ དེ་དང་རྗེས་སུ་འབྲེལ་བ་བོད་ཀྱི་བརྡ་སྤྲོད་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་མཆན། ཡང་འཇུག་གིས་མཐའ་དགོས་ཚུལ་བསྟན་པ་བཅས་སོ། །དྷཱིཿ གཉིས་པ་ཚད་མ་རིག་པའི་སྐོར་ ལ། ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་ཉི་ཟླའི་ཕྲེང་བ། ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོར་བཤད་པ་ལེགས་བཤད་སྣང་བའི་གཏེར། ཚད་མ་ཀུན་བཏུས་ཀྱི་མཆན། ཚད་མ་རིག་གཏེར་གྱི་ 8-13-29a མཆན་འགྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན། དེའི་རྟགས་རིགས་སྐོར་སོགས་དང་། འདིར་ཟུར་མཆན་རྙེད་ན་འཛུད། བསྡུས་ཚད་རྩོད་རིགས་སྨྲ་བའི་སྒོ་འབྱེད། བརྡའ་ཤན་འབྱེད་ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི་རྩ་བ་མཆན་ཅན། ཀླ་ཀློའི་མུན་སེལ་ཉི་མ་བཅས་སོ། །དྷཱིཿ གསུམ་པ་བཟོ་རིག་པའི་སྐོར་ལ། བཟོ་གནས་ཉེར་མཁོ་ཟ་མ་ཏོག །སྐུ་གཟུགས་ ཀྱི་ཐིག་རྩ་རབ་གསལ་ཉི་མ། ཐིག་གི་ལག་ལེན་མདོར་བསྡུས། ཟླུམ་ཐིག་གི་འདབ་མའི་གྲངས་བཅད་པའི་ལག་ལེན། བཟོ་གནས་ཕྲན་སྐོར་གྱི་རྩ་སྡོམ། དྷཱིཿ བཞི་པ་གསོ་བ་རིག་པའི་སྐོར་ལ། རྩ་རྒྱུད་རྡིལ་བཞག་གི་འགྲེལ་པ། བྱང་ཁོག་ཡུལ་ཐིག་གསལ་བྱེད་བཻཌཱུཪྻའི་མེ་ལོང་། ཕྱི་རྒྱུད་རྩ་ཆུའི་འགྲེལ་པ། རྒྱུད་བཞིའི་ཟུར་མཆན། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་བསྡེབ་ཏུ་ བཀོལ་བ། སྨན་སྦྱོར་བདུད་རྩིའི་ཐིག་ལེ། སྨན་ཕྲེང་བརྒྱ་རྩ། ཀླུ་སྒྲུབ་ལུགས་ཀྱི་སྐད་བཅོས་དང་སྐད་སྨན་ཚངས་དབྱངས་རིལ་བུ་སྦྱོར་ཐབས། སྨན་པ་རང་སྲུང་། འདྲེན་སྐྱུགས་སྐོར། སྔགས་བཤལ། ཐབ་བཅོས། ནད་སྐྲན་སྒེར་བཅོས། བྱུག་སྐོར། བདུག་སྐོར། དུག་བཤལ། རྒྱ་ལུགས་སྣ་ཐ། བཤའ་ཐབས། སྨན་གཅེས་བཏུས། ཉེར་ལྔའི་སྦྱོར་བ་འགའ་ཞིག་ལག་ལེན་སྐོར། བྱིས་པའི་རྣ་པྲ་ 8-13-29b དང་བཅོས་སྐོར། ཟླ་ཤེལ་བསྡུ་ཐབས། འཚོ་བྱེད་ཨ་ཛི་ཏ་བི་ཛས་བཀོད་པའི་སྨན་སྦྱོར། ཀོ་ཋ་བཏང་བའི་མན་ངག །མིག་བཅོས་སྐོར། ལག་ལེན་དང་སྦྲེལ་བར་བསྟན་པའི་སྨན། སྨན་ཉུང་ཟབ་སྐོར་ དཔའ་བོ་གཏུམ་པོ་ལ་བརྟེན་པའི་སྨན་ཟབ། སྨན་གཅིག་མའི་སྐོར། སྨན་སྔགས་ཁ་འཐོར། ཕྱུགས་ནད་བཅོས་སྐོར། རྩ་སྐྱོན་སེལ་བ། སྦྱང་སྐོར། མཁྲིས་བཅོས། སྤྱོད་ལམ་དང་ལག་བཅོས། གཞན་ལས་ཐོས་པ་སྨན་གྱི་མན་ངག །རྒྱ་ནག་ཆུ་བཅོས། ཁྱི་སྨྱོན་བཅོས་ཐབས། དྷཱིཿ ཞར་བྱུང་ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་བཅས་སོ། །གཉིས་པ་གཙོ་བོར་དེ་དག་དང་རྗེས་སུ་འབྲེལ་པ་ ཡན་ལག་གི་སྐོར་ལ། མཁས་པ་དགའ་བར་བྱེད་ཅིང་རྩོམ་པས་བསྟན་པ་ཡུན་རིང་དུ་གསལ་བར་བྱེད་པའི་སྒོར་གྱུར་པ་སྙན་ངག་གི་སྐོར། ལྐོག་གྱུར་གྱི་གནས་གསལ་བར་སྟོན་པ་རྟེན་འབྲེལ་མོ་པྲ་ རྩིས་ཀྱི་སྐོར། གཙུག་ལག་གཉིས་ཀྱི་བླང་དོར་གྱི་གནས་གསལ་བར་བྱེད་པ་ལུགས་ཀྱི་བསྟན་བཅོས་སོགས་གཏམ་ཚོགས་ཀྱི་སྐོར། ཞར་བྱུང་བརྟགས་པ་སྣ་ཚོགས་པ་ཐོར་བུའི་སྐོར་དང་བཞི་སྟེ། འདི་ དག་ཏུ་ནང་རིག་པ་དང་འབྲེལ་ཆེ་བ་མང་དུ་ཡོད་ཀྱང་སྡེ་ཚན་གྱི་དབང་གིས་སྐབས་འདིར་བསྡུས་པ་ཡིན་ལ། དེ་ལས་དང་པོ་ལ། སྙན་ངག་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ། ཞར་ 8-13-30a བྱུང་ཡིག་བསྐུར་གྱི་རྣམ་བཞག་མེ་ཏོག་གཞོན་ནུའི་ཕྲེང་བ། འདོད་པའི་བསྟན་བཅོས་འཇིག་རྟེན་ཀུན་ཏུ་དགའ་བའི་གཏེར། གླུ་བྲོ་སྒྱུ་མའི་རོལ་མོ། གླིང་བྲོ་བདེ་ཆེན་རོལ་མོ། རྟེན་འབྲེལ་ལམ་ཡག་བཅས། དྷཱིཿ །གཉིས་པ་མོ་པྲ་རྩིས་ཀྱི་སྐོར་ལ། རིག་སྔགས་རྒྱལ་པོ་ཨ་ར་པ་ཙ་ན་དྷཱིཿལ་བརྟེན་ནས་བླང་དོར་བརྟགས་པ། ཨ་ར་པ་ཙའི་འཁྲུལ་འཁོར་ལྡེབ། ༡སྐྱེ་བརྟགས་ ལྡེབ། ༡ དཔེ་རིས་ཤོག་བཀྲ་བཅས། སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ། དེའི་ལས་རིམ། གེ་སར་མདའ་མོའི་བརྡར་བ། མོ་བརྡར་ལྡེབ། ༡ མདའ་མོའི་དཔྱད་དོན་རིན་ཆེན་མེ་ ལོང་། ཟུར་རྒྱན་སྣང་གསལ་མེ་ལོང་། དཔྱད་དོན་གསེར་གྱི་ལྡེ་མིག །བཙན་གྱི་མོ་ཡིག་མཐོང་གསལ་སྒྲོན་མེ་བཅས། པྲ་ལ་སྨོད་པ་འགོག་པའི་གཏམ་དྲང་སྲོང་རྣ་རྒྱན། གཡུ་སྒྲོན་མའི་པྲ་སྐོར་ལ། གཡུ་སྒྲོན་པྲ་འབེབས་སྣང་གསལ་མེ་ལོང་། གླིང་མཆོག་མ། གསོལ་བྱང་ཕྲིན་ལས་མྱུར་འགྲུབ། ཀླུ་བཙན་གསོལ་མཆོད་བཅས། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། སྐར་ རྩིས་ཀྱི་སྔོན་འགྲོ། ནག་རྩིས་ཀྱི་སྔོན་འགྲོ། བསྟན་རྩིས་ཉེར་མཁོ། སྐར་རྩིས་སྤྱི་བཤད། ཟླ་འཛིན། རྒྱ་རྩིས་གསར་མའི་བརྟག་ཐབས། ཉི་ལྡོག་རྩིས་སྣ་ཚོགས། རྩིས་བསྡུས། 8-13-30b བཻཌཱུར་དཀར་པོའི་ནག་རྩིས་ཀྱི་གསལ་བྱེད་བརྗེད་བྱང་། དུས་རྩིས་ངོ་མཚར་ངོ་མཚར་ཉི་མ་བཅས། དྷཱིཿ །གསུམ་པ་ལུགས་ཀྱི་བསྟན་བཅོས་དང་གཏམ་ཚོགས་ཀྱི་སྐོར་ལ། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ ས་གཞི་སྐྱོང་བའི་རྒྱན་གཞན་ཡང་ལུགས་ཀྱི་བསྟན་བཅོས་ཚན་གཉིས། དྷཱིཿ །གཏམ་ཚོགས་སྐོར་ལ། དུས་མཐའ་སྔགས་བཙུན་རྣམས་ལ་སྙིང་གཏམ་དུ་བགྱིས་པ་ནོར་བུའི་ཕྲེང་བ། བཙུན་ཆུང་རྣམས་ ལ་གཏམ་དུ་བྱ་བ་བདུད་རྩིའི་ཐིགས་ཕྲེང་། དགོན་སྡེ་རྣམས་ལ་གཏམ་དུ་བྱ་བ། ཡུལ་མི་རྣམས་ལ་གཏམ་དུ་བྱ་བ། སྒྲུབ་བརྩོན་རྣལ་འབྱོར་པ་རྣམས་ལ་གཏམ་དུ་བྱ་བ། དགེ་སྦྱོང་རྣམས་ལ་གཏམ་དུ་བྱ་བ། སྒྱུ་མའི་ལམ་ཁྱེར་གནད་འདུས། རིག་སྔགས་སྒྲུབ་པ་རྣམས་ལ་གདམས་པ་གནད་བཞི་པ། རང་གིས་རང་ལ་གྲོས་འདེབས་ནམ་མཐའ་ཅན། རང་བློར་གྲོས་འདེབས་གསལ་བའི་མེ་ལོང་། ཡང་ཐབས་དང་བསོད་ནམས་སོགས། ལས་དང་པོ་པའི་གདམས་པ། པུཎྱཱེ་ས་ར་ལ་གདམས་པ། གྲོས་འདེབས་བདེན་གཏམ་མེ་ལོང་། གྲོས་འདེབས་རྫིང་བུ་རྙོག་མེད། གྲོགས་དང་གཏམ་གླེན་ བྱས་རྐྱེན་ལས་མཚར་གཏམ་དུ་བྱས་པ་ན་མོ་མཉྫུ་ཤྲཱི་ཡེ་སོགས་སོ། །དྷཱིཿ །བཞི་པ་བརྟག་པ་འཐོར་བུའི་སྐོར་ལ། ནམ་མཁའི་གཟའ་སྐར་སོགས་བརྟག་པ། ས་དཔྱད་སྐོར། རིན་པོ་ཆེ་བརྟག་ 8-13-31a པ། མར་མེ་བརྟགས་པ། ཐོད་བརྟགས་ནོར་བུ་ལག་སྟེར། སྦྱིན་སྲེག་མེ་པྲ་བརྟགས་པ། གཏེར་སྟོན་བརྟགས་པ། སྒྲུབ་པའི་མཚན་མ་བརྟགས་པ་རྣམས་སོ། །དྷཱིཿ །གསུམ་ པ་ནང་རིག་པའི་སྐོར་ནི། །འཕགས་པ་ལང་ཀར་གཤེགས་པ་ལས། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཉོན་མོངས་ འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་ འདུལ་བའི་གཉེན་པོར་གསུངས་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་རུ། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང་། ཐེག་པ་ རྣམ་པ་གཉིས་ཡིན་ཏེ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་ལྟར། སྡེ་སྣོད་གསུམ་རྒྱུད་སྡེ་བཞི་ཐེག་པ་ཆེ་ཆུང་སོགས་གདུལ་བྱའི་བློ་རིམ་དང་མཐུན་པར་དབྱེ་ བསྡུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ཞིག་སྣང་བར་མཛད་པ་ལས། འདིར་རིགས་བསྡུ་བའི་དབང་དུ་བྱས་ན་རྣམ་པ་བཞི་སྟེ། འཁོར་འདས་རྒྱུ་འབྲས་བླང་དོར་གྱི་ཚུལ་དུ་སྟོན་པར་བྱེད་པ་རྒྱུ་མཚན་ཉིད་ 8-13-31b ཀྱི་ཐེག་པའི་དགོངས་འགྲེལ་ཡན་ལག་དང་བཅས་པའི་སྐོར། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་གནད་གསལ་བར་བྱེད་པ་སོགས་ཕྱི་ནང་རྒྱུད་སྡེ་ཐུན་མོང་གི་སྐོར། ཐུན་མིན་རྡོ་རྗེ་ཐེག་པ་ གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མན་ངག་གི་སྐོར། ཡང་གསང་བླ་ན་མེད་པ་སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་འགྲེལ་ཊཱིཀ་སྒྲུབ་ཕྲིན་ལས་ཚོགས་མན་ངག་ བསྙེན་ཡིག་ཟབ་ཁྲིད་ཉམས་ལེན་ཞལ་གདམས་ཀྱི་སྐོར་རྣམས་སོ། །དང་པོ་མཚན་ཉིད་ཐེག་པའི་སྐོར་ལ། གཞུང་སྤྱིའི་དོན་འགྲེལ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་དང་། བྱེ་བྲག་གཞུང་སོ་སོའི་ དགོངས་འགྲེལ་ཡན་ལག་དང་བཅས་པའི་སྐོར་གཉིས་ལས། དང་པོ་ལ། མཁས་བྱའི་གནས་བཅུ་ཆོས་ཀྱི་སྡོམ་བཞི་སོ་སོ་ཡང་དག་པར་རིག་པ་བཞིའི་ཁོངས་སུ་ཟབ་པ་དང་རྒྱ་ཆེ་བའི་ཤེས་བྱའི་གནས་མཐའ་ དག་སྟོན་པ་ཆོས་མངོན་པའི་བསྟན་བཅོས་མཁས་པའི་ཚུལ་ལ་འཇུག་པའི་སྒོ། ས་བཅད་པད་དཀར་ཕྲེང་བ། སྡོམ་བྱང་ཚིགས་སུ་བཅད་པ། དེ་ཉིད་ཀྱི་སྐབས་སུ་ཉེ་བར་མཁོ་བའི་ཡན་ལག་གསལ་ བྱེད་དུ་གྱུར་པ་ཤོག་བྱང་ཆ་ཤས་དང་། ཆོས་མངོན་པ་ཀུན་བཏུས་ནས་བསྡུས་པའི་བརྗེད་བྱང་མཆན་ཅན། ཐེག་ཆེན་བསྡུས་པའི་སྙིང་པོ་མཆན་ཅན། རྣམ་བཤད་རིག་པ་སོགས་ནས་བཏུས་པའི་བརྗེད་བྱང་སྣ་ཚོགས་ 8-13-32a བཅས། བདུད་ཀྱི་སྒྱུ་ཐབས་འཇོམས་པ་མཁྱེན་པའི་རལ་གྲི། དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲི། དེའི་ས་བཅད། ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཅས་གཙོ་བོ་ལུས་ལྟ་བུའི་བསྟན་ བཅོས་ཏེ། ཕྱི་མ་འདི་གཉིས་ཐུན་མིན་སྔགས་ཀྱི་མན་ངག་ཁྱད་འཕགས་དང་འབྲེལ་བ་ཡིན་ཡང་འདིར་རང་གཞུང་སྡེ་ཚན་གཅིག་པར་བཀོད་པའོ། །གཉིས་པ་བྱེ་བྲག་སོ་སོའི་དགོངས་འགྲེལ་གྱི་སྐོར་ ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་འགྲེལ་པ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས། བཤེས་སྤྲིང་ས་བཅད་དང་མཆན། སོར་མདོའི་མཆན། ཀཱ་རི་ཀའི་ས་བཅད་དང་མཆན་འགྲེལ། དགེ་ བསྙེན་སྡོམ་བརྒྱད་ཀྱི་མཆན། མངོན་པ་མཛོད་ཀྱི་ས་བཅད་དང་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ། སུམ་ཅུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ། ཉི་ཤུ་པའི་མཆན་འགྲེལ། མདོ་སྡེ་དུམ་བུ་བཞི་པ་ ཁོལ་ཕྱུང་མཆན་བཅས། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་དགོངས་འགྲེལ་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་པ་འོད་ཟེར་ཕྲེང་བ། ཆོས་དང་ ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ཡེ་ཤེས་སྣང་བ་རྣམ་འབྱེད། སྡུད་པའི་འགྲེལ་བ་རྒྱལ་བའི་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། སྡུད་འགྲེལ་ཡུམ་ལ་འཇུག་པའི་ 8-13-32b ལེགས་བཤད་མ་ཕམ་ཞལ་ལུང་། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ས་བཅད་མཆན་འགྲེལ་པུཎྚ་རི་ཀའི་དོ་ཤལ། སྤྱོད་འཇུག་གི་མཆན། ཤེས་རབ་ལེའུའི་རྣམ་བཤད་ནོར་བུ་ཀེ་ཏ་ཀ བརྒལ་ལན་ཉིན་ བྱེད་སྣང་བ། བརྒལ་ལན་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད། རབ་གསལ་ཡང་ལན་གྱི་ལན་སྙིང་པོར་བསྡུས་པ་ཆུང་ཤོག་བཅས། དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་ པའི་ཞལ་ལུང་། རྡོ་བ་དམ་ཆོས་ཞེས་པས་གཞན་གྱིས་ཟེར་སྒྲོས་བསྡུས་ནས་མཁས་སུ་རེ་བའི་འཁྱལ་ངག་དེ་དག་མི་མཁས་མཚང་ཕུད་དུ་ཁོ་རང་ནས་བསྐུལ་བ་བཞིན་ཉམས་མཚར་དུ་ བཀོད་པ། རབ་བྱེད་ལག་པའི་ཚད་ཀྱི་མཆན་འགྲེལ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ། དབུ་མ་རྩ་བ་ཤེས་རབ་ཀྱི་མཆན་འགྲེལ་གནས་ལུགས་རབ་ གསལ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཚིག་ལེའུར་བྱས་པའི་འགྲེལ་པ་ཟབ་མོ་རྣམ་པར་མཐོང་བ། དབུ་མ་ལ་འཇུག་པའི་ས་བཅད་དང་མཆན་འགྲེལ་དྲི་མེད་ཤེལ་ཕྲེང་། ལམ་གྱི་གཙོ་ བོ་རྣམ་གསུམ་གྱི་འགྲེལ་པ། ལྕང་སྐྱའི་ལྟ་མགུར་གྱི་མཆན་འགྲེལ། ཀླུ་དབང་འཇམ་དཔལ་སྙིང་པོའི་དགོངས་རྒྱན། དྷཱིཿ །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ 8-13-33a ལུང་། དེའི་གསལ་བྱེད་བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ། གཞན་སྟོང་ཁས་ལེན་སེང་གེའི་ང་རོ་བཅས་སོ། །གཉིས་པ་རྡོ་རྗེ་ཐེག་པ་སྔགས་ཕྱི་ནང་ཐུན་མོང་གི་ སྐོར་ལ། བསམ་གཏན་ཕྱི་མའི་རྒྱུད་དོན་རྣམ་བཤད་རིག་སྔགས་འཛིན་པའི་ཡིད་ཀྱི་འདོད་འཇོ། བྱ་སྤྱོད་ཀྱི་སྔགས་སྒྲུབ་ཚུལ། བྱ་སྤྱོད་སོགས་དཀྱིལ་འཁོར་སྤྱིའི་ས་ཆོག་དཔལ་གྱི་གཞི་འཛིན། རྡོ་རྗེ་ རྣམ་པར་འཇོམས་པའི་གཟུངས་མཆན་འགྲེལ། བུམ་ཁྲུས་བྱ་ཚུལ་དྲི་མེད་རབ་གསལ། འཇམ་དཔལ་སྨྲ་སེང་སྒྲུབ་ཐབས་བློ་ཡི་ཉིན་བྱེད། སྨྲ་སེང་རིལ་བུའི་སྒྲུབ་ཐབས། དབྱངས་ཅན་མའི་སྒྲུབ་ མཆོད་སྦྱིན་སྲེག་རིལ་སྒྲུབ་སོགས་ཀྱི་སྐོར་དང་དབྱངས་ཅན་དམར་མོ། ཛམྦྷ་ལའི་ཆུ་སྦྱིན། བ་རི་བ རྒྱ་རྩ་དང་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་གཅིག་ཤེས་ཀུན་གྲོལ། ཉེ་སྲས་བརྒྱད་ཀྱི་སྒྲུབ་པ་རིན་ཆེན་ གཏེར་བུམ། ཉེ་སྲས་ཕྱག་བསྟོད་བྱིན་རླབས་གཏེར་ཆེན། རིགས་གསུམ་མགོན་པོའི་ཕྱག་བསྟོད་རིན་པོ་ཆེ། འཕགས་པ་སྤྱན་རས་གཟིགས་སེང་གེ་སྒྲའི་སྒྲུབ་ཐབས་ཡིད་བཞིན་རེ་སྐོང་། མི་ འཇིགས་པ་སྦྱིན་བྱེད་མཆོག་ཏུ་ཟབ་པ། རིག་པའི་ལྷ་མོ་ལྔའི་སྒྲུབ་ཐབས། ཤིན་ཏུ་ཟབ་པའི་ཡི་གེ་གཅིག་པའི་སྒྲུབ་སྒོར། རིག་པའི་རྒྱལ་མོ་གསུམ་གྱི་སྒྲུབ་ཐབས། སྤྱན་རས་གཟིགས་ཡི་གེ་ཕྱེད་དང་ 8-13-33b བཞི་པའི་སྒོམ་བཟླས། སྤྱན་རས་གཟིགས་ཡི་གེ་དྲུག་པའི་བསྒོམ་བཟླས། ལྷ་མོ་སྐུལ་བྱེད་མའི་སྒོ་ནས་རྨི་ལམ་བརྟགས་ཤིང་པྲ་དབབ་པའི་ཆོ་ག་ནོར་རྒྱུན་མ་སྒྲུབ་པ། ལྷ་གང་ལའང་སྦྱར་ཆོག་པའི་ གཏོར་འབུལ་གྱི་ཆོ་ག །འོད་ཟེར་ཅན་མའི་མདོའི་བཀླག་ཐབས། སྒྲུབ་ཐབས་སྣ་ཚོགས་ནང་། ཤེས་རབ་ཕ་རོལ་ཕྱིན་མའི་སྒྲུབ་ཐབས། རྨ་བྱ་ཆེན་མོའི་བསྒོམ་བཟླས། རྒྱལ་མཚན་རྩེ་མོ་དཔུང་རྒྱན་ གྱི་བསྒོམ་བཟླས། སོར་འབྲང་མའི་བསྒོམ་བཟླས། གདུགས་དཀར་མོ། འོད་ཟེར་ཅན་མ། རིག་བྱེད་མ། བདུད་རྩི་ཐབས་སྦྱོར། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། ཕྱག་རྡོར། དེའི་བདག་ བསྐྱེད། འཇམ་དཔལ་མཆོག་སྦྱིན་རྡོ་རྗེ། མི་གཡོ་བ། སྟོབས་པོ་ཆེ། རྟ་མགྲིན། གཉན་འཇོམས་འཇམ་དཔལ་ནག་པོ། འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཕ་ལམ་རྡོ་རྗེའི་རལ་གྲི་མེ་འབར། ཛ མ་བྷ་ལའི་སྒྲུབ་ཐབས། ནོར་རྒྱུན་མའི་སྒྲུབ་ཐབས། ལྷ་ཡི་བླ་མའི་སྒྲུབ་ཐབས། དབྱངས་ཅན་དཀར་མོའི་སྒྲུབ་ཐབས་བཅས། ལྷ་སྣ་ཚོགས་ཀྱི་བཟླས་དམིགས་མདོར་བསྡུས། འཇམ་དཔལ་ ངག་གི་དབང་ཕྱུག་གི་སྒྲུབ་ཐབས་པྲཉྫཱ་ཙཀྲ་ལས་ཚོགས་བཅས། འཇམ་དཔལ་རས་བྲིས་སོགས་ཀྱི་ཟིན་བྲིས། ཡན་ལག་མེད་པའི་རྡོ་རྗེ་ཞེས་དབང་གི་འཇམ་དཔལ་སྒྲུབ་ཐབས། སྟོབས་པོ་ 8-13-34a ཆེ། ཡུམ་ཆེན་མུ་ཁ་ལེའི་སྒྲུབ་ཐབས། རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ། རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས། གཤེད་དམར་ལྷན་སྐྱེས་ཀྱི་ སྒྲུབ་ཐབས། བདེ་མཆོག་ལྷན་སྐྱེས་སྒྲུབ་ཐབས། ཀྱེ་རྡོར་དཔའ་བོ་གཅིག་པའི་སྒྲུབ་ཐབས། དམ་ཚིག་རྡོ་རྗེའི་བཟླས་པ་བྱ་ཐབས། རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ཉམས་ཆགས་སྦྱང་ཐབས། མཁའ་འགྲོ་སྡེ་ལྔ་ལ་བརྟེན་ནས་ཉམས་གྲིབ་སྦྱང་ཐབས། རྡོར་སེམས་ལ་བརྟེན་ནས་ཉམས་གྲིབ་སྦྱང་ཐབས། དམ་གྲིབ་ཉེས་པ་ཀུན་སེལ། གཙུག་ཏོར་འབར་བའི་སྒྲུབ་ཐབས། གཤིན་རྗེ་གཤེད་ དགྲ་འཇོམས་ནག་པོའི་སྒྲུབ་ཐབས། དྲག་པོ་སུམ་སྒྲིལ་སྒྲུབ་པ་ཁྲོ་ཆུ་ཁོལ་མ། འཇིགས་བྱེད་བདེ་ཀྱེ་སོགས་ཀྱི་ཚོགས་མཆོད་མདོར་བསྡུས། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་སོགས་རྗེ་བཙུན་གྲགས་ རྒྱལ་གྱི་གསུངས་ལས་བཏུས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བཅིང་གྲོལ་གྱི་གདམས་པ་ནམ་མཁའ་དྲི་མེད། ས་ར་ཧའི་དོ་ཧའི་མཆན་འགྲེལ་གཉུག་མ་རྡོ་རྗེའི་སྒྲ་དབྱངས། གསང་འདུས་ རིམ་ལྔའི་མཆན། རིམ་ལྔའི་ཁྲིད་སྐོར། དྷཱིཿ །གསུམ་པ་གཉིས་མེད་ཀྱི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ། ཆོས་རྒྱལ་བདུན་དང་རིགས་ལྡན་ཉེར་ལྔའི་གསོལ་འདེབས་དོན་ཐམས་ 8-13-34b ཅད་གྲུབ་པའི་དབྱངས་སྙན། བརྒྱུད་འདེབས། ཡང་ཇོ་ལུགས་བརྒྱུད་འདེབས། སྒྲུབ་ཐབས་སྙིང་པོ་རབ་གསལ། སྡོམ་བཟུང་། ལམ་རྒྱུད་ལ་བརྟེན་པའི་དོན་འགྲེལ། དུས་འཁོར་རྩ་སྔགས། མདུན་བསྐྱེད་སྒྲུབ་ཐབས། བཟླས་དམིགས། ལྷན་སྐྱེས་སྒྲུབ་ཐབས་སྣ་ཚོགས་ནོར་བུ། མཆོད་ཆོག་བསོད་ནམས་གཏེར་མཛོད། ཚོགས་རྣལ་འབྱོར་མའི་མཆོད་ཆོག་སྡེ་དྲུག་སྲུང་མ་དང་བཅས་ པ། རྒྱུད་འཆད་ཐབས། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ། དེའི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ་གླེགས་བམ་ཨེ་ཝཾ་ གཉིས། རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་གྱི་དགོངས་གནད་གསལ་བྱེད་བཻཌཱུཪྻའི་མེ་ལོང་བཅས། རྒྱུད་འགྲེལ་གྱི་ཆ་ལག་ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེ་རིས་དོན་གསལ་བློ་གསལ་དགའ་སྐྱེད། ཟླ་ རྐང་གི་དོགས་གནས་ལ་དཔྱད་པ། ཉི་ལྡོག་ལ་དཔྱད་པ། གླིང་དུམ་བུ་བཅུ་གཉིས་ཀྱི་ཉི་ལྡོག་ལ་དཔྱད་པ་ཐེ་ཚོམ་སྦུབས་འབྱེད། གླིང་བཅུ་གཉིས་ཀྱི་དུས་བཅུ་གཉིས་འཁོར་ཚུལ་ལ་དཔྱད་པ། ཀུན་ གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་། དབྱངས་ཅན་རྒྱན་འཁོར་མོ་རུ་འདེབས་པའི་གདམས་པ། དཔེ་རིས་བཅས་སོ། །དྷཱིཿ །བཞི་པ་ཡང་གསང་བླ་ན་མེད་པ་སྔ་འགྱུར་རྙིང་མའི་ 8-13-35a སྐོར་ལ། འགྲེལ་ཊཱིཀ་སྟོང་ཐུན་གྱི་སྐོར། སྒྲུབ་ཕྲིན་ཆོག་ཁྲིགས་ཀྱི་སྐོར། ལས་ཚོགས་མན་ངག་གི་སྐོར། བསྙེན་སྒྲུབ་ཟབ་ཁྲིད་ཉམས་ལེན་སྦྱོར་ཅིང་ཞལ་གདམས་ཀྱི་སྐོར་དང་ བཞི་ལས། དང་པོ་ལ། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ས་བཅད། རྩ་མཆན། དཀའ་འགྲེལ། གྲུབ་མཐའ་བསྡུས་པ། ལེའུ་བཅོ་བརྒྱད་པའི་ཚིག་འགྲེལ། སྡོམ་གསུམ་རྣམ་ངེས་མཆན། དཔལ་ གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་བརྒྱུད་འདེབས། འཆད་ཐབས་ཐོ་བྱང་། རྩ་མཆན། གཏན་ཚིགས་རྣམས་རིགས་པའི་སྒོ་ནས་སྒྲུབ་པ། སྤྱི་དོན་འོད་གསལ་སྙིང་པོ། མན་ངག་ལྟ་ ཕྲེང་གི་མཆན་འགྲེལ་ནོར་བུའི་བང་མཛོད། བཀའ་བརྒྱད་སྤྱི་དོན་རྣམ་བཤད་སྙིང་པོ། ཡང་དག་གྲུབ་པའི་ཚིག་འགྲེལ་མདོར་བསྡུས། རྣམ་བཤད་གསང་འགྲེལ་ཆེན་མོའི་དོན་བསྡུས་རབ་གསལ། སྔ་འགྱུར་དམ་བཅའ་ཉི་ཤུ་པའི་ཟིན་བྲིས། རྒྱུད་ལུང་མན་ངག་གི་བཤགས་འགྲེལ། ཀློང་གསལ་གཏེར་བྱོན་སྒྲོལ་བའི་ཚིག་གི་དཀའ་འགྲེལ་མཐའ་དྲུག་ཚུལ་བཞིས་བསྟན་པ། བྱང་ཆུབ་སེམས་ བསྒོམ་པ་རྡོ་ལ་གསེར་ཞུན་གྱི་མཆན་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མེ། དྷཱིཿ །གཉིས་པ་སྒྲུབ་ཕྲིན་ཆོག་ཁྲིགས་ཀྱི་སྐོར་ལས། བཀའ་བརྒྱད་སྐོར་ལ། འཕགས་ཡུལ་རིག་འཛིན་བརྒྱད་ 8-13-35b ཀྱི་གསོལ་འདེབས་རྡོ་གྲུབ་གསུངས། བོད་ཡུལ་གྲུབ་ཆེན་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན། ཞི་བ་གསང་ཆེན་རིགས་གཅིག །དྲག་པོ་ཧཱུྃ་སྒྲུབ། བཀའ་བརྒྱད་བདེ་གཤེགས་འདུས་ པའི་ལས་བྱང་སྙིང་པོ་རབ་གསལ་དངོས་གྲུབ་ཀུན་འབྱུང་། བསྐྱེད་རྫོགས་ཆེན་མོའི་བྱིན་འབེབས་གཏེར་གཞུང་། ཛཔ྄་བསྐུལ། ཚེ་བསྐུལ། བསྐྱེད་རྫོགས་ཆེན་མོའི་ གསོལ་འདེབས། བསྐྱེད་རྫོགས་ཆུང་བའི་མདངས་བསྐང་། ལྡེའུ་མིག་གི་རྒྱུད་ལས་བྱུང་བའི་བཤགས་པ། ཕྱག་རྒྱའི་མཆོད་སྒོམ་མངོན་རྟོགས་ཆེན་མོའི་གསལ་འདེབས་རྡོ་རྗེ་བཀོད་པའི་ འོད་ཟེར། གཏོར་བཟློག་དགྲ་བགེགས་དཔུང་འཇོམས། བཟློག་སྔགས་ལྡེབ། ༡ བཟློག་བྱང་ལྡེབ། ༡ ཟོར་སྒྲུབ་སོགས་ལྡེབ། ༡ ཟ་ལམ། འདོན་འགྲིགས་ལྡེབ་ ༡ བཅས། རྒྱུད་ལུགས་འཇམ་དཔལ་ཞི་བའི་ སྐོར་ལ། འཇམ་དཔལ་ཞི་བའི་དབང་ཆོག་ཡེ་ཤེས་རྡོ་རྗེའི་རྒྱུན་འབེབས། འཕགས་པ་འཇམ་དཔལ་རྒྱུད་ཀྱི་ཡང་སྙིང་སུམ་ཕབ་ཅན། སྔགས་སྒྲུབ་པའི་མན་ངག་ཁྱད་པར་ཅན། སྔགས་སྒྲུབ་པའི་ཐུན་ མགོར་སོགས། ཡང་རྡོ་རྗེ་ཆོས་སོགས་བསྒོམ། རྡོར་སེམས་འབྲུ་གསུམ་བཟླ་བ། བགེགས་བསྐྲད་བསྲུང་འཁོར་བསྒོམ་པ། རྒྱུད་ལུགས་འཇམ་དཔལ་ཞི་བའི་སྒྲུབ་ཐབས་ཡེ་ཤེས་སྣང་བ་མཆོག་ 8-13-36a གྲུབ། བཟླས་དམིགས་དང་སྔགས་ཀྱི་ལས་དྲུག །ཡང་གསང་ཚེ་ཡི་སྒྲུབ་པ་འཆི་མེད་རྡོ་རྗེའི་སྲོག་སྒྲུབ། འཇམ་དཔལ་གྱི་ཚོགས་མཆོད། འཇམ་དཔལ་བསྐང་བ་ནོར་བུའི་ ཕྲེང་བ། འཇམ་དཔལ་དམར་སེར་ལས་ཐམས་ཅད་གྲུབ་པའི་རྒྱུན་ཁྱེར་སྙིང་པོ་ཤེས་རབ་ཡེ་ཤེས། ལས་ཚོགས་ཀུན་འབྱུང་ནོར་བུའི་རྒྱལ་པོ། འཁོར་ལོའི་དཔེ་རིས། སྒྲུབ་ཐབས་དང་འབྲེལ་བའི་ སྨོན་ལམ་བྱིན་རླབས་སྤྲིན་ཆེན། འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས། འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས། འཇམ་དཔལ་གཟུངས་སྒྲུབ། འཇམ་དཔལ་གསང་སྒྲུབ། སྟོང་ ཉིད་འོད་གསལ་སོགས། འཇམ་དཔལ་རྡོ་རྗེ་རྣོན་པོ་ནི་སོགས། འཇམ་དཔལ་ཞི་ཁྲོ་སྒྲུབ་ཐབས། དྷཱིཿསྒྲུབ། འཇམ་དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས། རང་ཉིད་འཇམ་དཔལ་སོགས་ཕྱག་བཞི་པ། བྷྲཱུྃ་བྷྲཱུྃ་སོགས། ཨོཾ་མུ་མེད་ནམ་མཁའི་སོགས། དྷཱིཿ འཇམ་དཔལ་དཀར་པོའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ། རྒྱས་པའི་ཁ་སྒྱུར། ལས་ཐམས་ཅད་པའི་སྦྱིན་སྲེག་ཙིཏྟ་མ་ཎི་བཅས། ཁྲོ་ བོ་ལ། ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་གནམ་ལྕགས་འབར་བའི་འཁོར་ལོ། ཚོགས་བསགས་ཡན་ལག་བརྒྱད་པ། ཚོགས་བྱིན་རླབས་སོགས། སྔགས་བྱང་སྙིང་གི་ཏི་ལ། རྒྱུད་བསྟོད་ 8-13-36b བསྐལ་མེ་མ། སྨོན་ལམ་འབྲི་གུང་པའི་གསུང་ལ་ཁ་བསྐང་བ། ཧེ་རུ་ཀ་གལྤོའི་རྒྱུད་ཀྱི་རྡོར་གླུ། བདེ་མཆོག་དགྱེས་པའི་གླུ་དབྱངས་སོགས་རྡོར་གླུ། རྡོ་རྗེའི་གླུའི་མཆོད་པ། གཤིན་རྗེའི་གཏོར་འབུལ། ཀིང་ཀང་གཏོར་འབུལ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་རྡོ་རྗེའི་མེ་དཔལ་རབ་འབར། རྟ་མགྲིན་ཡང་གསང་གི་ཕྲིན་ལས་དབང་དྲག་འབར་བ། བཀའ་སྲུང་རྣམས་ཀྱི་ གཏོར་འབུལ། རྟ་མགྲིན་ཡང་ཕྱུངས་ནག་པོའི་རྒྱུན་ཁྱེར་གནམ་ལྕགས་རལ་གྲི། རྟ་མགྲིན་གཏོར་འབུལ། རྟ་སྐད་ཐེང་གསུམ་གྱི་དགོངས་པ། དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་ གསང་བའི་དགོངས་པ། རྒྱུན་ཁྱེར་གྱི་ཚོགས་ལས་གླིང་དག་སྣང་མ། ཧེ་རུ་ཀ་གལྤོ་ལས་རུ་ལུ་བཤགས་པར་ཤེས་པ། རྒྱུད་ལུགས་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད། དྷ་ཏི་རྣམ་གསུམ་གྱི་ དྲག་སྔགས་ཆིག་དྲིལ། རྫས་ཕུར་བྱིན་རླབས། སྨད་ལས་དུག་ཕུར་ནག་པོའི་དགོངས་པ་ཁོལ་ཕྱུང་། ཕུར་པའི་གཏོར་འབུལ་བར་ཆད་ཀུན་སེལ། ཕུར་པའི་བཀའ་སྲུང་གི་གསོལ་མཆོད་སྙིང་པོ། ཕུར་པ་ལྷ་རྒྱུད་ཀྱི་བསྟོད་པ་རྒྱུད་ལས་གསུངས་པ། ཕུར་པའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་བཀོད་གནམ་ལྕགས་ཐོག་གཟེར། ཐུན་གཏོར་སྨིན་གཏེར་དྲག་དམར་ཁ་བསྒྱུར། གཏོར་ 8-13-37a འགུགས་རིག་འཛིན་མངའ་རིས་པའི་གསུངས། འགུགས་པ་དང་ལྷ་དབྱེའི་རྒྱུག་བྱང་། ལྷ་དབྱེའི་སྔགས་བྱང་། བཟློག་པ་མི་མཐུན་བར་ཆད་ཀུན་འཇོམས་བཅས། ཕྱག་ན་རྡོ་ རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ། ཕྱག་རྡོར་དྲེགས་འདུལ་གྱི་རྒྱུན་ཁྱེར་ཡང་སྙིང་། དྲེགས་འདུལ་གྱི་ཚོགས། ཐུན་མཚམས་གཏོར་འབུལ་བཅས། སྔགས་རྒོད་ལོཀྟྲིའི་རྒྱུན་ཁྱེར་ སྙིང་པོ་དྲང་སྲོང་དམོད་པ་མཚོན་ཆའི་འཁོར་ལོ། དྲེགས་འདུལ་སོགས་ཀྱི་གཏེར་སྲུང་གདོང་ལྷ་མཆོད་ཐབས། དྲང་སྲོང་ཞི་ཁྲོའི་གཏེར་སྲུང་མཆོད་ཐབས། དྲང་སྲོང་དྲི་མེད་བཀའ་སྲུང་འཆི་མེད་ ཙཎྚི་ཀཱ་མཆོད་ཐབས། ཁྲོས་མ་ནག་མོའི་གཏོར་འབུལ། ཁྲོས་ནག་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གསོལ་བྱང་དགྲ་བགེགས་མཐར་བྱེད། བདུད་བཙན་ཀླུ་གསུམ་གཏོར་འབུལ། ཆད་བརྟན་ སོགས་སྤྱིའི་རྒྱུག་བྱང་། མར་མེའི་སྨོན་ལམ་ཡེ་ཤེས་འོད་གསལ། རྩ་གསུམ་གསོལ་མཆོད་ཕྲིན་ལས་ཀུན་འགྲུབ། གཏོར་མ་བྱིན་རླབས། ཐུགས་གསོལ། རྒྱུད་མགོན་ལེགས་ལྡན་ནག་པོའི་གཏོར་ འབུལ་བྱིན་རླབས་ཆར་འབེབས། དཔལ་མགོན་ཚོགས་བདག་གི་ཕྲིན་ལས་སྙིང་པོ། གནུབས་ལུགས་སྟག་ཞོན་མགོན་པོའི་གསོལ་བྱང་། ཚོགས་བདག་མགོན་པོའི་གསོལ་བྱང་། རྗེས་འབྲེལ་མགོན་སྐོར་ལ་ 8-13-37b ཕྱག་བཞི་པ། གུར་མགོན། བྲམ་གཟུགས། བྱ་རོག་གདོང་། བེར་ཅན། ཕྱག་དྲུག་པ་བཅས་ཀྱི་གསོལ་བྱང་། མགོན་དཀར་དུར་བདག་གསོལ་མཆོད། དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་བྱང་ རྒྱུད་ནས་བཏུས་པ་ཕྲིན་ལས་མྱུར་འགྲུབ། སྡེ་དཔོན་གསོལ་བསྡུས་ཕྲིན་ལས་ཀུན་འགྲུབ། སྔགས་བདག་དྲེགས་པའི་གསོལ་བྱང་དྲག་པོའི་ཐོག་འབེབས། འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་ བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང་རབ་འབར། མ་མོའི་གསོལ་ཀ་རྒྱུད་ནས་བཏུས་པ་བྱིན་རླབས་ཆར་འབེབས་ཕྲིན་ལས་གློག་ཞགས་མྱུར་གཡོ། མ་མོའི་བསྐང་གསོལ་ དངོས་གྲུབ་ཆར་འབེབས། མ་མོའི་བསྐང་བ་རིན་ཆེན་ཕྲེང་བ། མ་མོའི་གསོལ་བྱང་བདེ་ཆེན་ཐིག་ལེ། ལྷ་མོ་རེ་མ་ཏིའི་གསོལ་བསྡུས་ཡིག་རྙིང་ལས་བཏུས་པ། ངན་ནེ་མའི་གཏོར་འབུལ། སྨན་བཙུན་ མཆེད་ལྔའི་གསོལ་མཆོད་ཕྲིན་ལས་འདོད་འཇོ། དམ་ཅན་གསོལ་ཁ་དངོས་གྲུབ་ཆར་འབེབས། བྷ་གསོལ་དབང་དྲག་གློག་ཞགས། ལས་གཤིན་གསོལ་མཆོད་གནམ་ལྕགས་འབར་བ། ལས་ གཤིན་གསོལ་བསྡུས་བར་ཆད་ཀུན་སེལ། སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག །གེ་སར་གསོལ་འདེབས། ངོ་མཚར་རྟོགས་བརྗོད་བརྡའ་གསང་ནོར་བུའི་མེ་ལོང་། ཧོར་འདུལ་ 8-13-38a གསལ་འདེབས་དཔའ་བོའི་གད་རྒྱངས། དགྲ་འདུལ་ནོར་བུའི་སྙིང་ཐིག་དགྲ་བླ་ལུས་གཞུག །གེ་སར་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ། གེ་སར་གསོལ་བསྡུས། ཧཱུྃ་ཧཱུྃ་དབྱིངས་ ནས་ཐུགས་རྗེ་སོགས། གསེར་སྐྱེམས་གསོལ་ལོ་ཆེན་མོ། གསོལ་འདེབས་འདོད་དོན་མྱུར་འགྲུབ་སོགས་ནད་ཚེམ། རྟེན་འབྲེལ་རླུང་རྟ་བསྐྱེད་པའི་ཆོ་ག །ནོར་སྒྲུབ། དབང་སྡུད། སྲོག་འཁོར་བྲི་ལུགས། ལྷ་ མོའི་གསང་སྒྲུབ། མ་སང་དགྲ་བྲུབ། པྲ་གསོལ། ཆོས་ཀུན་རང་བྱུང་མ། ལྕག་ཚན་སྒྲུབ་པ། དགྲ་བླའི་བ་དན། རྒྱུན་གསོལ་བསམ་དོན་ལྷུན་གྲུབ། ཞལ་དཀར་འབུམ་པའི་ཕྲིན་ལས་རྡོ་རྗེའི་རླུང་ ཤུགས། རྒྱ་ཚའི་གསོལ་བསྡུས། རྡོ་རྗེ་ཚེ་རྒྱལ། བཅའ་ཐབས་བཅས། ཝེར་མའི་གསོལ་ལོ་ཆེན་པོའི་བྲོ་ཡི་ལས་མཐའ། ཡང་། ཨཱཿསྣང་སྟོང་སོགས། བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་ བརྒྱུད་ཤོག་དྲིལ་མ། ཝེར་མའི་བསང་མཆོད་ཀུན་གསལ་ནོར་བུའི་མེ་ལོང་། རླུང་རྟའི་གསོལ་མཆོད་ཚན་གཉིས་དང་། བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག །ཕྲིན་བཅོལ། གསོལ་མཆོད་བསམ་དོན་ མྱུར་འགྲུབ། ཡང་། ཀྱེ་བདུད་རྩི་སོགས། ཡང་། ཧྲཱིཿ རྩ་གསུམ་ཀུན་འདུས་སོགས་སོ། །དྷཱིཿ །ཀླུ་མོ་དུང་སྐྱོང་མའི་མཆོད་ཐབས་དཔལ་གྱི་བུམ་བཟང་། ཀླུ་མོའི་གསོལ་བསྡུས། སྒྲོལ་གིང་མ་རུ་ 8-13-38b རྩེའི་གཏོར་འབུལ། ཞང་བློན་སྡེ་དགུའི་གསོལ་བསྡུས་ཡིད་བཞིན་ནོར་བུ། ཆོ་འཕྲུལ་དྲག་པོ་ལྷ་གསུམ་ཕོ་ཉར་བཅས་པའི་གཏོར་འབུལ། ལྷ་ཆེན་གསོལ་བྱང་དབང་གི་ལྕགས་ཀྱུ། རྒྱལ་གསོལ། རྗེས་ འབྲེལ་སྣ་ཚོགས་སྐོར། པི་ལིང་འཕར་མའི་གསོལ་བྱང་། དྲེགས་པ་སྡེ་བརྒྱད། ཞིང་སྐྱོང་སེང་གདོང་། ཀླུ་བཙན་འབར་བ་སྤུན་བདུན་བཅས་ཀྱི་གསོལ་བྱང་། ཆོས་སྐྱོང་སྔགས་འབུལ། གསོལ་ བསྡུས་སྐོར་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་སྤེལ་ལེགས། གསོལ་བསྡུས་ཁ་སྐོང་། ཆོས་སྐྱོང་རྣམས་ཀྱི་དྲག་བསྐུལ་གནམ་ལྕགས་རྔམས་སྒྲ། སྐོང་བཤགས་འཇའ་ཚོན་གཏེར་བྱོན་ལ་བསྐང་བ་ ཁ་སབ་ཅན། རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་ལ་མངོན་པར་བསྟོད་པ་ཚངས་པའི་གླུ་དབྱངས་རྒྱལ་སྲས་གཞན་ཕན་པའི་གསུང་ཁ་སབ་ཅན། ཕྲིན་བཅོལ་འཆི་མེད་ཚངས་པའི་གླུ་དབྱངས། གསོལ་ ཁའི་གཏོར་མ་འབུལ་བའི་ཆོ་ག །དྷཱིཿ །གསུམ་པ་ལས་ཚོགས་མན་ངག་གི་སྐོར་ལ། ལས་བཞི་བྱེ་བྲག་སོ་སོའི་སྐོར་དང་། ཐུན་མོང་སྣ་ཚོགས་པའི་སྐོར་གཉིས་ལས། དང་པོ་ལ། ཞི་ རྒྱས་དབང་དྲག་བཞིའི་དང་པོ་ནད་གདོན་སྡིག་སྒྲིབ་ཞི་བའི་སྐོར་ལ། ནད་རིམས་གནོད་པ་ཐམས་ཅད་ཞི་བའི་གཟུངས་འབུམ་བདུད་རྩིའི་ཆར་པ། ནད་དགུ་ཞི་བྱེད་མཚན་བརྗོད་ཀྱི་མན་ངག ། 8-13-39a ཚེ་སྒྲུབ་རྡོ་རྗེའི་ཡང་རྫོང་ལས་འགོ་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ། ནད་བརྒྱ་སྔགས་གཅིག་སྐོར། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་པ། ནད་ཀྱི་ འཁྱུད་དཔྱད། གསེར་གཟུངས། དབང་པོ་དྲུག་གི་ནད་ཞི་བྱེད། སྙིང་མི་བདེ་བ་སེལ་བའི་གདམས་པ། བསམ་ལྷུན་ལས་ཚོགས་ནད་སེལ་གདམས་པ། གཟའ་བཅོས་ཉི་མ་མདུང་གང་མཆན་ ཅན། གཟའི་དུག་སྦྱོང་ལག་ལེན། གྲིབ་སེལ་ཆོ་ག་ནམ་མཁའ་རྣམ་དག །གྲིབ་འཇོམས་རྡོ་རྗེ་མེ་ལྕེ། གྲིབ་འཇོམས་སྦྱིན་སྲེག །བྱད་བཀྲོལ་གསེར་ལྡེའི་རྒྱུན་ཁྱེར། བཅོམ་ལྡན་ འདས་མི་འཁྲུགས་པའི་སྒོམ་བཟླས་ལས་ཚོགས་བཅས། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལས་ཚོགས་བཅས། ཐབས་མཁས་ཀྱི་སྒོ་ནས་སྔགས་སྒྲུབ་པའི་ཆོ་ག་ཁྱད་པར་ ཅན། ལས་སྒྲིབ་རྒྱུན་གཅོད་ཀྱི་གཟུངས་སྔགས་བཀླག་ཐབས། གཟུངས་སྔགས་བརྒྱ་རྩ། བཤགས་སྨོན་ཧོ་ཀློང་མ། ཧོ་ཕྱོགས་བཅུ་དུས་གསུམ་གཤེགས་པ་སོགས། དྷཱིཿ ། གཉིས་པ་ཚེ་བསོད་དཔལ་འབྱོར་རིགས་རྒྱུད་སོགས་རྒྱས་པའི་སྐོར་ལ། ཚེ་སྒྲུབ་གསང་བ་འདུས་པའི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག །ལས་བྱང་བཀླག་ཆོག་ཏུ་ 8-13-39b བཀོད་པ་ཚེ་དབང་འདོད་རྒུའི་དཔལ་སྟེར། རྩ་གསུམ་སྲུང་མ་བཅས་ཀྱི་མཚན་དོན་ལ་ཁཱ་ཧི་ཤམ་ཅན་དུ་སྦྱར་བ། འདིའི་ཆ་ལག་ཏུ་སྟོང་མཆོད་བྱ་བའི་ལག་ལེན་རབ་གསལ། པད་གླིང་གི་བྱིན་འབེབས་ འོད་དྲྭ། རིག་འཛིན་བྱིན་འབེབས། སྐོང་བ་འཆི་བདག་བདུད་འཇོམས། ནང་སྒྲུབ་ཀྱི་བཟླས་དམིགས་ཟུར་བཀོལ། ཚེ་སྒྲུབ་ལྕགས་སྡོང་མའི་ཚེ་འགུགས། བདུད་རྩི་འཁྱིལ་པ་འཆི་མེད་ཚེའི་ རྒྱུད་ནས་གསུངས་པའི་ཚེ་འགུགས། བཀའ་སྲུང་གི་གསོལ་མཆོད་བཅས། ཚེ་སྒྲུབ་གུད་སྦས། ཧྲཱིཿབདེ་ཆེན་རྒྱལ་པོ་སོགས། ཧཱུྃ་བསྙེན་ཅིང་སྒྲུབ་པའི་སོགས་ལྷ་གང་ལའང་སྦྱར་ཆོག་ པ་སོགས་སྣ་ཚོགས། སངས་གླིང་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། དབང་ཆོག་བདུད་རྩིའི་རྒྱུན་འབེབས་འཆི་མེད་དཔལ་སྟེར། ཚ་ཚཱའི་ལས་ཚོགས། འཆི་མེད་རྡོ་རྗེའི་ཚེ་སྒྲུབ་སྐོར། འཆི་མེད་བཅུད་ལེན་སྒྲུབ་པའི་ཐབས་མཆོག་བདུད་རྩིའི་བུམ་པ་བཟང་པོ། ར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ། བཅུད་ལེན་གྱི་ཆ་ལག་རིན་ ཆེན་ཟ་མ་ཏོག །བཅུད་ལེན་སྒྲུབ་པའི་ཚེ་བཀའ་སྲུང་མཆོད་ཐབས་བདུད་རྩིའི་ཆར་འབེབས། སྨན་གཏོང་ཚུལ་རང་གི་སྤྱི་བོར་པདྨ་འདབ་བཞི་སོགས། བཅུད་ལེན་ངག་འདོན། བཅུད་ཆོག་ཁ་ 8-13-40a སྐང་། བྱིན་འབེབས། མདུན་དུ་བདུད་རྩི་སྨན་གྱི་སོགས། སྨན་མཆོད་དངོས་གྲུབ་བསྐྱིལ་བ། ཧོ་རྩ་རྒྱུད་བླ་མ་སོགས། དྷཱིཿ འཆི་བརྟགས་དུས་ཀྱི་གསལ་བ། འཆི་བསླུ་ ནད་གདོན་ཞི་བ་དང་ཚོགས་རྫོགས་པའི་སྒོ་ཁྱད་པར་ཅན་ཀུ་སུ་ལུའི་ཚོགས་གསོག །ནམ་མཁའི་བཅུད་ལེན་ཕྱོགས་མཐོ་སར་འདུག་སོགས། ཚེ་ཐར་གཏོང་བའི་ཆོ་ག་ཚེ་རིང་འདོད་དགུའི་དཔལ་ སྟེར། ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན། ཛམ་དམར་ཐུགས་ཐིག །ཕུད་མཆོད་ཕྱ་གཡང་སྤྲིན་ཆེན། ནོར་ལྷའི་གསོལ་མཆོད་རིན་ཆེན་བུམ་བཟང་། གཡང་སྐྱབས། གཡང་ འགུགས་ལྷ་རྫས་ལྕགས་ཀྱུ། སྨན་བཙུན་གཡང་འགུགས་དབང་གི་ལྕགས་ཀྱུ། གེ་སར་གཡང་སྒྲུབ་ཡིད་བཞིན་ནོར་བུ། གཡང་འགུགས་སྲིད་ཞིའི་དྭངས་བཅུད་སྡུད་པའི་ ནོར་བུ། ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན། གེ་སར་བཞད་པ་བརྒྱད་སྒྲ། རིན་ཆེན་གཏེར་བུམ་སྦ་བ་སོགས། ནོར་རྒྱས་མཆོད་ཆོག་ཀླུ་དབང་ཀུན་དགའི་སྒྲ་དབྱངས། ནོར་རྒྱས་བུམ་སྒྲུབ། ཀླུ་མཆོད་བདེ་ཆེན་དཔལ་སྟེར། ཀླུའི་དཔང་བསྐང་། ཀླུའི་གཏད་ཁྲོལ། ཆར་བསང་འདོད་དགུའི་ཆར་འབེབས། ཆར་སློང་ཟབ་མོ། སེར་བ་ལམ་བསྒྱུར། རླུང་ལམ་བསྒྱུར། 8-13-40b ཆགས་ལམ་ཉེར་མཁོ་རྣམས་སོ། །དྷཱིཿ །གསུམ་པ་དབང་གི་སྐོར་ལ། རོང་ཟོམ་པདྨ་མཁའ་འགྲོ་རིག་བྱེད་མའི་སྐོར། རྟ་མགྲིན་སྒྲུབ་ཐབས་ཕྲིན་ལས་ལྷུན་གྲུབ། བཀའ་སྲུང་ ལྕམ་དྲལ་མཆོད་པ། འདོད་རྒྱལ་སྒྲུབ་ཐབས། སྔགས་བྱང་། དབང་ཕྱུག་ཆེན་པོའི་སྒྲུབ་ཐབས་པདྨ་རཱ་ག །དབང་གི་ལྕགས་ཀྱུ་འབར་བ། དྷཱིཿ །བཞི་པ་དྲག་པོའི་སྐོར་ལ། རྒྱལ་འགོང་སྲོག་ འཇོམས་སྔགས་འབུམ་གནམ་ལྕགས་མེ་འཁོར། འཆར་ཀའི་གཏོར་ཟློག་བཅུད་དྲིལ། འཆར་ཀ་ནག་པོའི་དགྲ་བཟློག་དྲག་པོའི་འཐོར་རླུང་། གཤིན་རྗེ་ལྕགས་སྦྱང་སྒྲུབ་ཐབས། གཤིན་རྗེའི་ དགྲ་ཆིངས་འཆོར་མེད་དུས་ཀྱི་ཞགས་པ། གཤིན་རྗེའི་དགྲ་ཆོས་མཐུ་རྩལ་རྨད་བྱུང་། མོན་བསྐུལ་ཕྲིན་ལས་ལྷུན་གྲུབ། དགོངས་གསོལ་དཔའ་བོའི་འབྲུག་སྒྲ། ལས་བྱེད་དམག་མི་སྦྲན་པ་ དྲེགས་པ་སྡེ་བརྒྱད་བསྐུལ་པ་སྙིང་གཟེར་ལས་ཁོལ་དུ་ཕྱུང་བ། གཏོར་བསྐུལ་གནམ་ལྕགས་ཐོག་མདའ། ཨ་ཙ་ར་དམར་པོ་ཁྲོམ་རྒྱུག་གི་བསྐང་བ་མེ་རླུང་འཁྱིལ་བ་རྣམས་སོ། །གཉིས་པ་ ལས་ཚོགས་ཐུན་མོང་སྣ་ཚོགས་པའི་སྐོར་ལ། རྟེན་གསུམ་རབ་གནས་ཀྱི་ཆོ་ག་དགེ་ལེགས་དཔལ་སྟེར། ཨརྒྷའི་ཆོ་ག་མཁའ་འགྲོའི་ཚོགས་མཆོད། རྒྱུན་གྱི་ཚོགས་བསྡུས། སྒྲུབ་གཏོར་ 8-13-41a གཏེར་སྦ། འབྱུང་ལྔའི་གཏོར་མ་གཏོང་བ། འབྱུང་གཏོར་ལག་ལེན། རྡོ་རྗེ་སེམས་དཔའ་ཞི་བའི་བསྲེག་བླུགས་བཀྲ་ཤིས་དཔལ་འབར། ཆེ་མཆོག་རྒྱས་པའི་བསྲེག་བླུགས་ཡིད་ བཞིན་ནོར་བུ། པདྨ་དབང་ཆེན་གྱི་བསྲེག་བླུགས་སྣང་སྲིད་དབང་སྡུད། ཡ་མནྟ་ཀའི་བསྲེག་བླུགས་དྲག་པོའི་མེ་ཆེན་རབ་འབར། དཔལ་ཡང་དག་ལ་བརྟེན་པའི་མཆོག་གི་བསྲེག་བླུགས་ཡེ་ཤེས་ སྣང་བ་མཁའ་ཁྱབ། རྡོ་རྗེ་གཞོན་ནུའི་ལས་ཐམས་ཅད་པའི་བསྲེག་བླུགས་དོན་ཀུན་གྲུབ་པ། རྩ་གསུམ་གང་ལའང་སྦྱར་ཆོག་པའི་མེ་མཆོད། སྦྱིན་བསྲེག་གི་ལས་རིམ་དོན་གསལ། ཉེ་བར་ མཁོ་བའི་རྫས་སྣ་ཚོགས་ཀྱི་སྦྱར་ཐབས་ལག་ལེན་ཅི་རིགས་བསྟན་པ་ཤེལ་དཀར་ཕྲེང་བ། སྒྲོལ་མའི་མཎྜལ་བཞི་ཆོག །ཉེར་མཁོ་འདོན་ཆ་སྣ་ཚོགས། དྷཱིཿ བསང་བརྔན་སྐོར་ལ། བདེ་ གཤེགས། བྱང་སེམས། བླ་མ། ཡི་དམ། ཕུར་པ་བཅས་སྤྱི་བསང་ཚན་དྲུག་རྫོགས་སྤྲུལ་ལྔ་པའི་གསུང་ངོར་གནང་བ། མགྲོན་བཞིའི་བརྔན་ཆོག་དཔག་བསམ་ལྗོན་ཤིང་། གཞི་བདག་གི་འཕྱང་། རྒྱུན་བསང་འདོད་དགུའི་ཆར་འབེབས། བསང་བསྡུས་མཁའ་ཁྱབ་སྲིད་ཞི་མ། བསང་བསྡུས་ཨ་ཚང་ངོར་གསུངས་པ། དབང་སྡུད་བསང་བརྔན་བདག་ཉིད་པདྨ་སོགས། ལྷ་ཆེན་བསང་། གཟའ་ 8-13-41b བསང་། བཙན་རྒོད་རོལ་པ་རྐྱ་བདུན་བསང་། སྨན་བཙུན་བསང་། ཐང་ལྷའི་བསང་། གེ་སར་བསང་མཆོད་ཀྱི་རང་སྣང་མ། རྫ་བསང་། སྐྱ་མོའི་བསང་། རང་གར་འདུག་གི་གནས་བདག་ མཆོད་ཐབས་མཐུན་རྐྱེན་ཆར་འབེབས། ཞང་ཞུང་མོ་ལྷའི་བསང་། ཝེར་མའི་ལྷ་བསང་རིང་མོ་དགྲ་བླའི་དཔའ་གླུ། ཚོང་ལྷ་དོན་འགྲུབ་གསོལ་བྱང་ནོར་འགུགས་ལྕགས་ཀྱུ། མནོལ་བསངས་ཉམས་ གྲིབ་ཀུན་སེལ། གེ་སར་ལམ་ལྷའི་གསོལ་མཆོད་ཡིད་བཞིན་དོན་གྲུབ། ལམ་ལྷའི་བསང་། རླུང་རྟའི་བསང་། རླུང་རྟའི་སྟོབས་བསྐྱེད་དཀོན་མཆོག་རྩ་གསུམ་མ། རླུང་རྟ་སྤེལ་བ་སྣང་སྟོང་རོལ་པ་ མ། རླུང་རྟའི་བ་དན་མཆོད་པ་འདོད་དགུ་མྱུར་འགྲུབ་ལྷའི་ཁ་བསྒྱུར་བཅས། གཏོ་མདོས་སྐོར། འཇམ་དབྱངས་གསེར་འཁོར་ཉེས་པ་ཀུན་སེལ་བྲི་ཐབས། སྤོམ་གཏའ་ཆེན་མོ་བཀྲ་ཤིས་ཀུན་ཁྱབ། སྒམ་ཆིང་། སྨྲེང་བཀྲ་ཤིས་ནོར་བུའི་རྒྱལ་མཚན་དགེ་ལེགས་དོན་ཀུན་གྲུབ་པའི་དབྱངས་སྙན། ཕྱུགས་ཀྱི་ཤི་སྒབ་བཅད་པའི་གཏོ་དང་གོད་མནན། འཆི་བསླུ་ནད་གདོན་ཀུན་གྲོལ། འཆི་བསླུའི་ འཕྱང་། ཞི་གཏོར་བསྡུས་པ། མདོས་གཞུང་བཀྲ་ཤིས་འཁྱིལ་པ། མདོས་བསྔོ་བའི་འཕྱོངས། མདོས་སྨྲེང་བཀྲ་ཤིས་སྒོ་མང་། འགྲེས་བྱང་འདོན་འགྲིགས་བཅས། མདོས་ཀྱི་ཡན་ལག་ལག་ 8-13-42a ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར་སོགས། མདོས་ཀྱི་ཁ་ཚར་ཞལ་ཤེས་འགའ་ཞིག །ཕན་བྱེད་གཏོ་ཐབས་སྣ་ཚོགས་བཀྲ་ཤིས་སྒོ་མང་། སྲིད་སྲུང་ བྱིས་པ་འཚོ་བའི་གཏོ་བུ་མང་ལྗོན་པ། སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་མོ། གཏོ་སྒྲོམ་འབུམ་ཏིག་གི་དགོངས་དོན་ལག་ལེན་ཁྱེར་བདེར་བཀོད་པའི་གཏོ་ཆོག་བཀྲ་ཤིས་འདོད་འཇོ། འཁྲུགས་སྐོང་ཆ་སྙོམས་བདེ་བྱེད། སྨྲེང་ལེགས་ཉེས་པ་ཀུན་སེལ། སྲིད་པའི་རྨུ་བཅོས། དཀར་གསུར། དམར་གསུར། གདོན་བགེགས་འབྱུང་པོའི་གསུར་བསྔོ་རྐྱེན་ངན་ཀུན་གྲོལ་རྣམས་ སོ། །དྷཱིཿ །བཞི་པ་བསྙེན་ཡིག་ཟབ་ཁྲིད་ཉམས་ལེན་ཞལ་གདམས་ཀྱི་སྐོར་ལ། ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་ཡིག་སྲིད་གསུམ་དགྲ་ལས་རྣམ་རྒྱལ། དེའི་ལྷན་ཐབས་དངོས་གྲུབ་སྒོ་ འབྱེད། ཡ་མཱནྟ་ཀའི་དྲག་སྔགས་སྤྱིའི་དགོངས་གནད་བཤད་པ་རྡོ་རྗེ་རལ་གྲི་འབར་བ། རོང་ཟོམ་རིག་བྱེད་མའི་སྐོར་དང་རྩ་གསུམ་དྲིལ་སྒྲུབ་ཀྱི་དམིགས་ཁྲིད་བསྙེན་ཡིག་གཏེར་མཛོད་ལྟར། ཚིག་ བདུན་བླ་མའི་རྣལ་འབྱོར། ཚོགས་མཆོད་དཔལ་གྱི་བུམ་བཟང་། རིག་འཛིན་རྒྱུད་བསྐུལ་བྱིན་རླབས་ཆར་འབེབས། རྫོགས་ཆེན་བརྒྱུད་པའི་གསོལ་འདེབས། བྱིན་བསྐུལ་རྡོ་རྗེའི་སྒྲ་དབྱངས། 8-13-42b དགའ་རབ་རྡོ་རྗེའི་བླ་མའི་རྣལ་འབྱོར། མཁན་ཆེན་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གྲུ་ཆར། སྨྲྀ་ཏའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན། རོང་ཟོམ་པཎྜི་ཏའི་བླ་མའི་རྣལ་འབྱོར་བྱིན་རླབས་ ཆར་འབེབས། གཡུ་ཐོག་བླ་མའི་རྣལ་འབྱོར་བྱིན་རླབས་སྣང་བ་མྱུར་རྩོལ། ཆོས་གྲགས་བླ་མའི་རྣལ་འབྱོར། ཟབ་ཁྲིད་འདེབས་པའི་རྩ་ཐོ་ཚིག་ལྷུག་མ། སྔོན་འགྲོ་ཐར་ལམ་རབ་གསལ། དུག་ གསུམ་གྱི་གཉེན་པོ་སྒོམ་ཚུལ་གྱི་ཚིག་ལེའུར་བྱས་པ་བདུད་རྩིའི་ཐིག་ཕྲན། སྤྱོད་པ་རྣམ་སྤྱོད་སོ་སོར་བརྟགས་པའི་དཔྱད་སྒོམ་འཁོར་ལོ་མ། དེ་ཉིད་སྐྱོང་ཐབས། དབུ་མའི་ལྟ་ཁྲིད། མན་ངག་ཟབ་མོ་ རྣམ་གསུམ། ཕྱག་ཆེན་པའི་གནས་འགྱུ་རིག་གསུམ་ཙམ་ལ་ཉམས་ལེན་བྱེད་ཐུབ་ན་མཐར་གྱིས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་བསྟན་པ། རྟོགས་ལྡན་རྒན་པོ་རྣམས་ཀྱི་ལུགས་སེམས་ངོ་ མཛུབ་ཚུགས་ཀྱི་གདམས་པ་མུན་སེལ་སྒྲོན་མེ། བླ་མ་དཔལ་ལྡན་ལ་གནང་བའི་སེམས་ཁྲིད། ཡང་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་སོགས་ཚན་གཅིག །རིག་ངོ་སྐྱོངས་ཐབས་ཡེ་ཤེས་སྙིང་པོ། རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ། འཁོར་འདས་ཀུན་ཁྱབ། སངས་རྒྱས་ལག་བཅངས། སྐྱོངས་ཐབས་གནད་ཀྱི་མན་ངག །སེམས་དོན་ཆེ་འབྲིང་ཆུང་གསུམ། རང་གནད་ 8-13-43a ཡེ་ཤེས་འཁོར་ལོ། སངས་རྒྱས་ལག་སྟེར། ནམ་མཁའི་གྲོང་ཁྱེར་ཡངས་པའི་སྒོ་འབྱེད། ཡ་མཱནྟ་ཀའི་ངེས་དོན། ཡང་དག་གི་ངེས་དོན། པདྨ་དབང་ཆེན་གྱི་ངེས་དོན། རྡོ་རྗེ་བདུད་ རྩིའི་ངེས་དོན། ཕུར་པའི་ངེས་དོན། མ་མོའི་ངེས་དོན། རིག་འཛིན་བླ་མའི་ངེས་དོན། མཆོད་བསྟོད་དྲེགས་པའི་ངེས་དོན། དམོད་པ་དྲག་སྔགས་ཀྱི་ངེས་དོན་དགོངས་པ་བཅས། སེམས་དོན། ཚིག་ གསུམ་གནད་ཀྱི་མན་ངག །གནད་བསྡུས་ཡེ་ཤེས་སྙིང་པོ། ཉམས་ལེན་དགའ་རབ་ཞལ་ལུང་། སེམས་ཉིད་ནམ་མཁའི་མེ་ལོང་བལྟ་བ། ལྷན་སྐྱེས་བདེ་བའི་སྒྲོན་མེ། ནམ་མཁའ་ཀློང་ཡངས། སེམས་དོན་ གདམས་པ་ཚན་གཉིས། རྫོགས་ཆེན་གདམས་པ་ལེ་ཚན་གསུམ། ཉམས་ལེན་བདེ་ལམ་ཡངས་པ། རྣལ་འབྱོར་རྟོགས་པའི་དོ་ཧ། ཞི་གནས་ལ་བསྐུལ་བའི་གཏམ་ལྷའི་རྔ་དབྱངས། ཏིང་འཛིན་སྐྱོན་ ཡོན་བཞག་ཐབས། རྫོགས་ཆེན་ལ་བསྔགས་པའི་གདམས་པ། རྫོགས་ཆེན་གཞི་ལམ་འབྲས་བུའི་དོན་ལ་སྨོན་པ་རིག་སྟོང་རྡོ་རྗེའི་རང་གདངས་བཅས། ཀུན་རྟོག་འཆིང་བ་གཅོད་པ་སྔགས་ཀྱི་རལ་གྲི། བྱ་རྩོལ་ཀུན་ཏུ་གཅོད་པ་ཡེ་ཤེས་རལ་གྲི། ཆོས་ཀུན་རྩ་བ་རང་གི་སེམས་ཉིད་སོགས་ཅོག་བཞག་བཞིན། སོ་སོར་བརྟགས་པའི་དཔྱད་སྒོམ་བྱེད་ཐབས་ཉོན་མོངས་དྲ་བ་གཅོད་པའི་འཁོར་ལོ། གྲོས་འདེབས་ 8-13-43b སྤྲིན་གྱི་རྔ་སྒྲ། དྲི་མེད་རིག་པ་ཐིག་ལེར་སོགས། བླ་མ་རྡོ་རྗེ་འཆང་ལ་སོགས། སྡུག་བསྔལ་གང་བྱུང་སོགས། སྲས་བཅས་རྒྱལ་བའི་སོགས། གང་སྣང་རྨི་ལམ་ལོངས་སྤྱོད་སོགས། བླ་མ་ལ་ཕྱག་ འཚལ་ལོ། །ཀྱེ་ཧོ། མི་ཡི་ལུས་སོགས་ཚན་གསུམ། རང་གིས་རང་ལ་གདམས་པ་ངོ་མཚར་མངའ་དབང་། རང་སེམས་འོད་གསལ་དྲི་མ་མེད་པའི་དབྱིངས་སོགས་གདམས་ངག་སྤར་འཁོད་ལྟར་ ཚན་ཉེར་བརྒྱད། སད་རྨི་རྩོད་པའི་གླུ་སྒྱུ་མའི་རོལ་མོ་དགུ་འགྱུར། སྔགས་རྒན་འདྲ་དཔེ་ཉམས་མྱོང་མེ་བཙའ། མེ་ཏོག་དམར་པོ་ཞིག་གི་ཚལ་དུ་སོགས། ཐེག་པའི་གནད་བསྡུས་མཆི་མེད་བདུད་ རྩི་ཐིགས་པའི་གདམས་པ། མི་དྲན་དགུ་དྲན་སོགས་སྤར་འཁོད་ལྟར་ཚན་གཉིས། མན་ངག་གསང་དགོས་ཚུལ་བརྗོད་པ་དྲང་སྲོང་རྒན་པོའི་བདེན་གཏམ། གཉུག་སེམས་འོད་གསལ་གྱི་དོན་ རྒྱལ་བ་རིག་འཛིན་བརྒྱུད་པའི་ལུང་བཞིན་བརྗོད་པ་རྡོ་རྗེ་སྙིང་པོ། གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ། གཉུག་སེམས་ཟུར་དཔྱད་སྐོར་གྱི་གསུང་སྒྲོས་འཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ། དབུ་མ་སོགས་གཞུང་སྤྱིའི་དཀའ་གནད་སྐོར་གྱི་གསུང་སྒྲོས་སྣ་ཚོགས་ 8-13-44a ཕྱོགས་གཅིག་ཏུ་བསྡུས་པ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་སྟེ་འདི་གོང་གི་འཕྲོས་སུ་འདིར་བཀོད་པའོ། །རྩ་བའི་བཞི་པ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ལ། བླ་མ་ཡི་དམ་ མའི་འགྲེལ་པ། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་སོགས། བཟང་སྤྱོད་ས་བཅད་མཆན་བཅས། བདེ་བ་ཅན་དུ་སྐྱེ་བའི་སྒྲུབ་བྱེད་ལུང་གི་ཉི་མ། རྒྱུ་བཞིའི་ དོན་ཉམས་ལེན་སྨོན་ལམ། ཟངས་མདོག་དཔལ་རིའི་སྨོན་ལམ། དབུ་མའི་སྨོན་ལམ་སྣང་སྟོང་ཆུ་ཟླའི་རོལ་རྩེད་རྩ་བ། ས་བཅད་མཆན་ཅན། གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ། མཆོག་ གསུམ་རྩ་གསུམ་མ། བདག་ནི་འདི་ནས་སོགས་སྨོན་ལམ་སྣ་ཚོགས། བཀྲ་ཤིས་ཆོ་ག་དཔལ་གྱི་བེའུ། འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ། བཀྲ་ཤིས་དོན་ཀུན་གྲུབ་པའི་དབྱངས་ སྙན། བཀྲ་ཤིས་མཆོག་གྲུབ། མདོ་ལས་གསུངས་པའི་བཀྲ་ཤིས་ཀྱི་སྐོར་རོ། །གོང་དུ་ཇི་ལྟར་བསྟན་པའི་ལེགས་བཤད་ཁྱད་འཕགས་རྣམས་ཕྱོགས་ཞེན་གྱིས་མ་བསླད་པའི་གང་ཟག་སྤྱི་དང་ཁྱད་པར་ སྔ་འགྱུར་བ་ལ་མེད་མི་རུང་བའི་གཞུང་ཡིན་པས་རྒྱལ་ཚབ་རིན་པོ་ཆེའི་ཐུགས་བསྐྱེད་ཀྱིས་བསྡུ་སྒྲུབ་མཛད་ཅིང་སྤར་དུ་འཁོད་པ་འདི་ནི་བཀའ་དྲིན་ཤིན་ཏུ་ཆེ་ཞིང་ཕྱག་བཞེས་མཚུངས་པ་མ་ 8-13-44b མཆིས་པ་ལགས་སོ། །དེ་ལྟར་འདིར་ཀུན་མཁྱེན་བླ་མའི་ཕྱག་དཔེ་དངོས་ཡོད་རིགས་དང་གཞན་བྲིས་སྤར་གང་འབྱོར་ཆེ་ལོངས་ཙམ་ལས་མཐའ་དག་འདྲི་བར་མ་ནུས་ཏེ། རྗེ་ཉིད་ཆུང་དུས་ནས་ བརྩམ་པ་སོགས་ཕལ་ཆེར་ཞུ་བ་པོ་རྣམས་ལ་བསྩལ་ཟིན་པ་དང་། གཞན་ཞེ་རྫོགས་ཀཿདཔལ་དཔལ་སྤུངས་རྫོང་གསར་སོགས་སྤར་བཞེངས་པ་པོ་དང་རང་གི་སར་བཞུགས་པ་ལས་ཕྲ་ཞིབ་འདིར་ མ་འཁོད་པ་རྗེ་ཉིད་ཀྱི་གསུང་ཡིན་ངེས་དུ་མ་ཡོད་ཀྱང་། ཉིད་ཀྱི་བཀའ་ལས། ཁོ་བོས་བརྩམས་པ་དུ་མ་གཞན་དང་གཞན་དུ་ཡོད་མོད། ཁོ་བོའི་ཡིན་མིན་མི་ཤེས་པའི་རིགས་བཏང་སྙོམས་སུ་ བྱས་ན་ལེགས་ཞེས་གསུངས་པ་གཞིར་བཞག་སྟེང་རྗེའི་ཕྱག་བྲིས་དངོས་མཐོང་བ་དང་ལོ་རྒྱུས་ཁུངས་མ་ཐོས་པ་སོགས་ཀྱིས་རྗེའི་གསུང་དུ་ཐག་ཆོད་པ་གང་རྙེད་སྡེ་ཚན་གར་གཏོགས་དྷཱིཿརྟགས་ གང་ཡོད་དེ་དང་དེར་བསྡུ་བར་བྱ་དགོས་པ་འཕྲོས་དོན་དུ་སྨྲོས་ཏེ་བསྡོམས་ན་མཚན་བཟང་པོ་མཚོན་པར་བྱེད་པའི་པོད་སུམ་ཅུ་རྩ་གཉིས་སུ་བཞུགས་སོ། །གསུམ་པ་ཐ་མར་དགེ་བ་དེ་ལྟར་བསྡུས་པའི་ དགོས་པ་དང་ཕན་ཡོན་བཤད་པ་ལ། སྤྱིར་བསྟན་པ་དང་། བྱེ་བྲག་སྤར་དུ་བཞེངས་ཏེ་བཀུར་སྟི་བྱས་པའི་དགོས་པ་དང་ཕན་ཡོན་གཉིས་ལས། དང་པོ་ལ། ཐུགས་དགོངས་རྫོགས་ཤིང་བཀའ་ 8-13-45a དྲིན་དྲན་པའི་མཆོད་པར་འགྱུར་བའི་དགོས་པ་དང་། བསྟན་འགྲོ་ལ་ཕན་པ་མཆོག་ཏུ་གྱུར་པའི་དགོས་པ་གཉིས་ལས། དང་པོ་ནི། དེ་ལ་བདག་ཉིད་ཆེན་པོ་འདི་ཉིད་ངེས་པའི་དོན་དུ་ རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་ཆོས་སྐུ་མཁའ་ཁྱབ་གདུལ་བྱའི་དཔྱིད་དཔལ་དུ་གཟུགས་ཀྱི་སྐུ་རྣམ་པ་ཐམས་ཅད་པ་གང་འདུལ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་དུ་ངེས་དོན་སྙིང་པོའི་བསྟན་པ་དང་ མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བསམ་བཞིན་དགོས་དབང་གིས་བྱོན་པའི་ཕྲིན་ལས་ཀྱི་གཙོ་བོ་སྐྱེ་དགུ་རྣམས་སྲིད་ཞིའི་རྒུད་པ་ཐམས་ཅད་དང་བྲལ་ཏེ་དོན་གཉིས་མཐར་ཕྱིན་པའི་གོ་འཕང་ མཆོག་ལ་དངོས་བརྒྱུད་ནས་བདེ་བླག་ཏུ་བཀྲི་བའི་ཐབས་མཆོག་བླང་དོར་མ་ནོར་བར་སྟོན་པའི་རིག་གནས་ལྔ་ཕྲན་དང་བཅས་པ་གསལ་བྱེད་ཀྱི་སྒྲོན་མ་མཉམ་པ་མེད་པ་སྤྱི་དང་། ཁྱད་པར་དྲང་ ངེས་ལྡེམ་དགོངས་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་པའི་མདོ་རྒྱུད་མན་ངག་སྙིང་པོའི་བསྟན་པ་རི་མོའི་མར་མེ་ལྟར་གྱུར་པ་ཉམས་གསོས་ཀྱི་གཞིར་བཞེངས་སུ་མཛད་པའི་འགྲེལ་ཊཱིཀ་མན་ངག་ ཉམས་ལེན་གྱི་སྐོར་བྱང་ཆུབ་སེམས་འགྲེལ་ལྟ་བུ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དངོས་དང་རྣམ་དབྱེར་རྡུལ་ཙམ་མ་མཆིས་པའི་ལེགས་བཤད་གང་སྩལ་པ་རྣམས་མི་ཉམས་པར་བཟུང་བར་བྱས་ན། བཀའ་ 8-13-45b དྲིན་དྲན་པའི་གསོས་འདེབས་ཐུགས་དགོངས་རྫོགས་པའི་དགྱེས་མཆོད། དོན་གཉིས་འགྲུབ་པའི་ཐབས་ཆེན། དྲི་མ་མེད་པའི་ཤེས་རབ་ཀྱི་སྤྱན་མཆོག་བླ་ན་མེད་པ་རང་གཞིན་གྱིས་ཐོབ་པའི་དགོས་པ་དམ་པ་ རྣམས་ཀྱི་གསུངས་པ་བཞིན་ནོ། །གཉིས་པ་ནི། མཐའ་ཡས་པའི་སྐྱེ་དགུ་རྣམས་ཀྱི་འདི་ཕྱིའི་སྡུག་བསྔལ་ཀུན་དང་བྲལ་ཏེ་ཕན་བདེ་མ་ལུས་པ་འབྱུང་བའི་རྒྱུ་ནི་རྒྱལ་བསྟན་རིན་པོ་ཆེ་ཡིན་པར་ གསུངས་ཏེ། ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་ གསུངས། དེ་ལ་བསྟན་པ་ནི་གང་། དེ་གནས་པ་ནི་ཇི་ལྟར་ཞེ་ན། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་ པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པས་བསྟན་པ་ཞེས་པ་ལུང་དང་རྟོགས་པའི་ཆོས་ཁོ་ན་དང་། དེ་གནས་ཤིང་དར་བའི་ཐབས་ནི། རྟོགས་པའི་ཆོས་ལམ་བསླབ་པ་ གསུམ་གྱི་ཉམས་ལེན་དང་། ལུང་གི་ཆོས་སྡེ་སྣོད་གསུམ་ལ་འཆད་ཉན་ཁོ་ནས་འཛིན་དགོས་ལ། དེ་གཉིས་ཀའི་མེད་ན་མི་འབྱུང་བའི་རྒྱུ་ནི། བླང་དོར་གྱི་གནས་ཚུལ་བཞིན་ཤེས་པའི་ཐོས་ 8-13-46a པའི་ཤེས་རབ་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང་། །ཁྲིམས་ཀྱིས་མཐོ་རིས་སྒོམ་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་ པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་རྣམ་པར་གྲོལ་བ་ཐོབ། །ཅེས་དང་། ཕར་ཕྱིན་བསྡུས་པ་ལས། ཐོས་ཉུང་དམུས་ལོང་སྒོམ་པའི་ ཚུལ་མི་ཤེས། །དེ་མེད་དེས་ཀྱི་ཅི་ཞིག་བསམ་པར་བྱེད། །དེ་བས་ཐོས་པར་བརྩོན་བྱ་དེ་རྒྱུ་ལས། །བསམ་དང་བསྒོམ་པའི་ཤེས་རབ་ཡངས་པ་འབྱུང་། །ཞེས་གསུངས་པས་སོ། །ཐོས་པ་དེ་ ཡང་བརྗོད་བྱ་བསླབ་པ་གསུམ་ཡང་དག་པར་སྟོན་པའི་རྗོད་བྱེད་ཡང་དག་པའི་ཡི་གེའི་ཕྲེང་བར་སྤྲོས་པའི་ལེགས་པར་བཤད་པའི་གཞུང་དང་མན་ངག་ལ་བརྟེན་དགོས། དེ་ནི་འཕགས་བོད་ཀུན་ ཏུ་བྱུང་ན་ཡང་། ཉན་ཐོས་ཕལ་གྱིས། ཐེག་ཆེན་འབུམ་པ་སོགས་བཀའ་ཡིན་པ་ལ་མིན་ཞེས་སྐུར་འདེབས་དང་། མིན་པ་ལ་ཡིན་པར་སྒྲོ་འདོགས་པ་དང་། ཐེག་ཆེན་པས་ཀྱང་དམན་པ་ 8-13-46b ཉན་རང་སོགས་ཐེག་པ་འོག་མའི་བློ་སྐྱོན་ལ་སྨད་ཅིང་དགག་པར་མཛད་པ་སོགས་ཕན་ཚུན་དགག་སྒྲུབ་སྣ་ཚོགས་དོན་ལ་གནས་པ་དང་མི་གནས་པ་དུ་མ་ཞིག་བྱུང་ཡང་། དེས་སྐྱོན་མེད་ཀྱི་གཞུང་ སྐྱོན་ལྡན་དུ་མི་འགྱུར་བར་མ་ཟད། ཤིན་ཏུ་སྦྱང་བ་དག་པའི་གསེར་བཞིན་ཡོན་ཏན་ཁྱད་འཕགས་མངོན་དུ་འགྱུར་བའི་རྒྱན་དུ་འགྱུར་མོད། འོན་ཀྱང་བྱིས་པ་བློ་ཆུང་རྟོག་གེ་བ་རྣམས་ ཀྱིས་དེ་ལྟར་མི་ཤེས་པས་སྡང་ཞུགས་ཀྱི་དགག་སྒྲུབ་ཀྱིས་རང་གཞན་ཆོས་སྤོང་གི་ལས་སུ་འཕྱན་པར་འགྱུར་བ་ལས་དོན་གཞན་མ་མཆིས་སོ། །ཁྱད་པར་སྔ་འགྱུར་རྙིང་མའི་རྒྱུད་དང་མན་ངག་ དགོངས་འགྲེལ་ཀུན་མཁྱེན་རོང་ཀློང་གི་གཞུང་བཅས་པའང་རྟོག་གེའི་རིགས་པ་ལྟར་སྣང་བས་སུན་འབྱིན་གྱི་ཚེར་མ་ལྟར་སྣང་བ་སྙིང་པོ་མེད་པ་ཆགས་སྡང་གིས་སྤྲོ་བར་བྱས་པ་དག་མཐོང་བ་ན། སྔ་འགྱུར་གྱི་བསྟན་ཞབས་སུ་སྐྱེས་ཤིང་མཁས་པར་རློམ་པའི་བློ་ཆུང་རྣམས་རི་བོང་ཅལ་སྐྲོགས་ཀྱིས་རྒོལ་སྔ་ཕྱིའི་སྐྱོན་ཡོན་གྱི་ཚུལ་ཇི་འདྲའོ་ཞེས་རྟོག་དཔྱོད་ཅུང་ཟད་ཙམ་ཡང་མི་བྱེད་པར་གྲགས་ པའི་རྗེས་སུ་འབྲངས་ཏེ་སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས་རྗེས་བརྗོད་བྲག་ཆའི་བརྟུལ་ཞུགས་ཀྱིས་རང་ཕྱོགས་ཀྱི་ཆོས་དང་བླ་མ་རང་གིས་སྤངས་ཤིང་གཞན་ལ་སྤང་དུ་འཇུག་པའི་ལས་ཁུར་དུ་འདེགས་པ་ 8-13-47a དང་། ལ་ལས་རང་ལུགས་ཟབ་མོའི་དགོངས་དོན་རང་གིས་མི་ཤེས། ཤེས་ལྡན་གཞན་ལ་དྲི་རྟོག་ཙམ་ཡང་མི་བྱེད་པར་རང་མཐོང་ཨ་ཕའི་ཁ་ཕོར་གཙང་ཞེན་གྱིས་ཁྲོས་ཤིང་འཁྲུགས་ པས་རང་གཞན་གྱི་དགེ་ཚོགས་བསྲེག་སྟེ་སོམ་ཉིའི་དྲ་བར་ཆུད་པའི་དུས་འདིར་རྒྱལ་བའི་ཕྲིན་ལས་འགོག་པ་མེད་པས་བསླུ་མེད་རྡོ་རྗེའི་བདེན་དོན་མངོན་སུམ་བསྟར་བ་བདག་ཉིད་ཆེན་པོ་འདིས་རིག་ གནས་སྤྱི་དང་བྱེ་བྲག་ངེས་དོན་ཟབ་མོའི་མདོ་དང་རྒྱུད་ཀྱི་དགོངས་འགྲེལ་དགག་སྒྲུབ་ཀྱི་གནད་གསང་ཟབ་མོ་ཇི་བཞིན་པར་རྟོགས་པའི་བློ་གྲོས་ཀྱི་སྣང་བ་ཡང་དག་པ་མྱུར་དུ་སྐྱེ་ཞིང་ཟབ་རྒྱས་ཀྱི་དོན་ བདེ་བླག་ཏུ་རྟོགས་པའི་གཞུང་བཟང་འདི་འདྲ་གཞན་མེད་པར་གཟུ་བོར་གནས་པའི་བློ་ལྡན་སྐལ་བཟང་རྣམས་ལ་རང་བློར་ཡིད་ཆེས་མངོན་སུམ་དུ་གྱུར་ཏེ་བསྟོད་བསྔགས་བརྗོད་པ་མཐོང་ཐོས་སུ་གྱུར་ལ། ཁྱད་པར་སྔ་འགྱུར་རྙིང་མའི་གྲུབ་མཐའི་རང་རྐང་ཚུགས་ངེས་ཀྱིས་ཁས་ལེན་གྱི་དམ་བཅའ་དང་དགག་སྒྲུབ་ཀྱི་རིགས་པ་དཔྱད་གསུམ་གྱིས་དག་པའི་ཟབ་རྒྱས་ཀྱི་ལུང་གི་དོན་བཞིན་འཁྲུལ་པའི་དྲི་མ་ རྡུལ་ཕྲ་རབ་ཙམ་ཡང་མེད་པའི་རིགས་པ་ཟབ་མོས་ཡང་དག་པར་གྲུབ་པས། སུས་ཀྱང་མི་ཕྱེད་པའི་རྡོ་རྗེ་སྙིང་པོའི་གྲུབ་པའི་མཐའ་ཀུན་མཁྱེན་རོང་ཀློང་སོགས་ཀྱི་དགོངས་པའི་རྒྱན། ཀུན་ཏུ་ 8-13-47b བཟང་པོའི་ཞལ་ལུང་། བྱང་ཆུབ་སེམས་དཔའ་མཆོག་གི་དགོངས་འགྲེལ་མན་ངག་ཟབ་མོ་གང་བསྩལ་ཞིང་གནང་བ་འདི་རྣམས་ནི་ཆེས་ཁྱད་དུ་འཕགས་ཤིང་ངོ་མཚར་བླ་ན་མེད་པའི་གནས་ཕུན་སུམ་ ཚོགས་པའོ། །དེ་ལྟར་ལེགས་བཤད་ཀྱི་བསྟན་བཅོས་ཆེན་པོ་འདི་རྣམས་ནི། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པའི་འཕགས་ཆེན་སེམས་དཔའ་ཆེན་པོའི་བསྟན་བཅོས་ཡིན་ པས། ནོར་བའི་དྲི་མ་ནམ་ཡང་མི་སྲིད་ལ། སོ་སྐྱེ་མང་ཐོས་རིགས་ལམ་ལ་སྦྱང་བ་མཁས་པར་ཡོངས་སུ་གྲགས་པ་མང་པོ་དག་གིས་འགྲན་པའི་འོས་མ་ཡིན་པས་གཞུང་འདི་རྣམས་སུ་རྒྱུ་དང་ འབྲས་བུའི་ཐེག་པའི་རྣམ་བཞག་ཇི་ལྟར་མཛད་པ་ལྟར་བཟུང་བར་བྱས་ན། བློ་ལྡན་རྣམས་ཀྱི་དཔྱད་པའི་སྒོ་སྣ་ཚོགས་ཀྱིས་བརྟགས་ཀྱང་བློ་གྲོས་ན་འཕར་བའི་ཚེ་ཆོས་རྗེ་ཉིད་ཀྱིས་ཇི་ལྟར་བསྟན་ པ་ལྟར་ངེས་ཤིང་རྣམ་པ་གཞན་དུ་བསྒྱུར་མི་ནུས་པར་མཐོང་བས། ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་གསུང་རབ་བཞིན་དུ་བདག་ཉིད་ཆེན་པོ་འདིའི་གསུང་རྣམས་ཀྱང་བསྟན་བཅོས་གཞན་ལས་ ཁྱད་པར་དུ་འཕགས་པ་ཉིད་དུ་ངེས་པ་དང་། ཁྱད་པར་ཚེ་ལུས་གཅིག་གིས་སངས་རྒྱས་འགྲུབ་པའི་མྱུར་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་ཨ་ཏི་ཡོ་ 8-13-48a གའི་ལས་ཉམས་སུ་ལེན་པ་ལ། རྫོགས་ཆེན་གྱི་རྒྱུད་ལུང་མན་ངག་ཟབ་མོ་རྣམས་ཀྱི་དགོངས་དོན་འཁྲུལ་པའི་དྲི་མ་ཅུང་ཟད་ཀྱང་མེད་པར་ཇི་ལྟ་བ་བཞིན་དུ་གསལ་ཞིང་མ་སྦས་ པར་རྗེན་པར་སྟོན་པའི་གདམས་ཟབ་འདི་རྣམས་ཉམས་ལེན་སྙིང་པོ་དོན་གཉེར་རྣམས་ལ་མིག་ཏུ་གྱུར་པའི་ཕྱིར་མཆོག་གཟིགས་དམ་པ་རྣམས་ཀྱིས་བསྔགས་པ་ལྟར། བདག་ཉིད་ཆེན་པོ་འདིའི་ གསུང་རབ་རྣམས་ནི་རྣམ་གྲོལ་དོན་གཉེར་གྱི་གང་ཟག་རིས་མེད་པ་དང་། ཁྱད་པར་སྔ་འགྱུར་རྙིང་མའི་བསྟན་ཞབས་སུ་སྐྱེས་ཤིང་། དེའི་གྲུབ་མཐའ་འཛིན་པར་ཁས་འཆེ་བ་དག་གིས་རྒྱུ་དང་ འབྲས་བུའི་ཐེག་པའི་རྣམ་བཞག་དང་ཁས་ལེན་ཐམས་ཅད་རྗེ་འདི་ཉིད་ཀྱིས་ཇི་ལྟར་བཞེད་པ་བཞིན་བཟུང་ན་རྙིང་མ་པ་ཡིན་པའི་མིང་དོན་དང་ལྡན་པར་འགྱུར་ལ། དེ་ལས་གཞན་དུ་གྱུར་ན་སྔ་འགྱུར་ པའི་གྲུབ་མཐའི་ར་བ་ལས་འདས་ཏེ་རྒྱལ་བུ་དམངས་སུ་འཁྱམས་པ་ལྟར་གྱུར་པ་ཡིན་ནོ། །ངེས་དོན་ཉམས་སུ་ལེན་འདོད་རྣམས་ཀྱིས་ཀྱང་གཞུང་འདི་རྣམས་ལ་འཆད་ཉན་དང་། སྒོམ་སྒྲུབ་གཙོ་བོར་ བྱ་དགོས་ཏེ་རྫོགས་ཆེན་ལ་སོགས་པའི་ཉམས་ལེན་གྱི་གནད་རྣམས་རྗེ་འདིའི་གཞུང་རྣམས་སུ་བསྟན་པ་ལས་ལྷག་པ་སྔར་ཡང་མ་བྱུང་། ད་ལྟར་དང་མ་འོངས་པ་ན་འབྱུང་མི་སྲིད་པས། རྙིང་ 8-13-48b མ་པ་རྣམས་ཀྱིས་གཏེར་ཁ་སོ་སོའི་ཡིག་ཆའི་སྒྲུབ་ཕྲིན་གྱེར་འདོན་དང་། ཁྲིད་ཡིག་ཁོལ་བུ་ཙམ་ལ་རེ་ལྟོས་བྱས་ནས་ལུང་པ་རེ་ན་ཆོས་ལུགས་རེ་འཛིན་པའི་ཞེན་ཚུགས་བཏང་ནས་རྗེ་འཇམ་ དབྱངས་བླ་མའི་གསུང་རབ་རྣམས་སྤྱི་ཕུད་དུ་ཁུར་ཏེ། ལུང་ནོད་པ་དང་། ཡི་གེ་འདྲི་བ་དང་། འཆད་ཉན་བྱེད་པ་དང་། དོན་སེམས་པ་དང་། བསྒོམ་པ་སོགས་ཆོས་སྤྱོད་བཅུ་ལས་རང་གི་ནུས་པ་ དང་བསྟུན་ཏེ་ཅི་རིགས་སུ་འཇུག་དགོས་པ་ཡིན་ཅིང་། སྔ་འགྱུར་རྙིང་མ་པ་རང་ལུགས་ཀྱི་དབང་དུ་བྱས་ན་ཡང་། སྔོན་གྱི་པཎ་གྲུབ་དང་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་བཞེད་པ་དང་། ཐེག་པའི་རྒྱལ་པོ་འོད་ གསལ་སྙིང་ཐིག་གི་བཀའ་བབ་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་དགོངས་པ་ངེས་གསང་སྙིང་པོའི་གྲུབ་མཐའི་དགོངས་དོན་ཟབ་མོ་འཁྲུལ་པའི་དྲི་མ་རྡུལ་ཙམ་ཡང་མ་མཆིས་པ་ཇི་ལྟ་བ་བཞིན་དུ་ གསལ་ཞིང་མ་སྦས་པར་རྗེན་པར་སྟོན་པའི་བསྟན་བཅོས་སུས་ཀྱང་མི་ཕྱེད་པའི་རྡོ་རྗེའི་གྲུབ་པའི་མཐའ་འདི་རྣམས་དང་མཚུངས་པ་གཞན་སུ་ཡང་མ་བྱུང་བའི་ཕྱིར་དང་། རྒྱལ་བའི་དགོངས་ པ་ཇི་ལྟ་བ་བཞིན་དུ་བསྟན་པའི་གཞུང་འདི་རྣམས་ལ་ལྟ་རྟོག་གོམས་འདྲིས་བགྱིས་ན། བྱིན་རླབས་གཟི་བྱིན་མཚུངས་པ་མེད་པའི་ཡེ་ཤེས་འཕོ་བའི་སྟོབས་ཀྱིས་གྲུབ་མཐའ་མཐའ་དག་གི་ 8-13-49a དཀའ་གནད་རང་གྲོལ་ནས། སེམས་ཆོས་ཉིད་གཉུག་མའི་དོན་ལ་རང་ཤུགས་ཀྱི་ངེས་པ་སྐྱེ་ཞིང་གནས་པ་སོགས་ཡོན་ཏན་ཚད་མེད་པ་འཐོབ་པ་འབྱུང་བ་ནི། བློ་ལྡན་སྐལ་ བཟང་རྣམས་ལ་རང་བློར་ཡིད་ཆེས་མངོན་སུམ་དུ་བསྐྱེད་པར་ནུས་པའི་ཕྱིར་རོ། །བླུན་པོ་རང་མཐོང་ཅན་དག་ངེད་རང་གི་ཆོས་འདིས་ཆོག་གཞན་ཅི་ཡང་མི་དགོས་ཞེས་སྨྲ་བ་དང་། རྙིང་མའི་ རྒྱུད་ལུང་དང་དགོངས་འགྲེལ་བཀའ་གཉན་པས་ཡི་གེ་ཞུ་དག་ཀྱང་མི་རུང་བ་སྐད་དུ་སྨྲ་བ་དང་། གཏེར་མ་རྣམས་གཉན་པས་ཆོག་སྒྲིགས་ཀྱང་མི་རུང་བ་སྐད་དུ་སྨྲ་བའི་བླུན་པོའི་གསང་ཚིག་ མཁས་པའི་མདུན་སར་དབྱུང་དུ་མི་རུང་བ་ངོ་མཐོན་དུ་བརྗོད་པ་འགའ་སྔར་དང་ད་ལྟ་ཕྱིས་སུ་ཡང་འབྱུང་མོད། རྙིང་མའི་རྒྱུད་ལུང་བསྟན་བཅོས་ཟབ་མོ་རྣམས་དང་གཏེར་བྱོན་རྡོ་རྗེའི་གསུང་སླད་མེད་ རྣམས་ཟབ་ཅིང་བཀའ་གཉན་པ་ཡིན་པ་བདེན་ཞིང་། དེ་དག་གི་གཞུང་ལ་རྟོག་གེའི་བཅོས་བསླད་དང་ཕྱིན་ཅི་ལོག་ཏུ་ནོར་བར་བཤད་པ་མི་རུང་བ་ཡིན་ན་ཡང་། ཡིག་སྐྱོན་ཡིན་ངེས་བཅོས་ནས་དཔེ་ དག་པར་བྱེད་པ་དང་། དགོངས་དོན་ཤེས་པའི་གང་ཟག་ཚད་ལྡན་ཆོས་ཀྱི་བདག་པོ་རྣམས་ཀྱིས་གཏེར་མའི་གཞུང་ལག་ལེན་དུ་འདེབས་པའི་ཆོག་སྒྲིགས་མི་རུང་བ་ག་ལ་ཡིན་ཏེ། གཞུང་ལུགས་ 8-13-49b རྣམས་ནི་ཉམས་སུ་ལེན་པའི་ཕྱིར་གསུངས་པ་ཡིན་ལ། དེ་ཡང་བསྒོམ་པའི་སྔོན་དུ་བསམ་བྱུང་གིས་སྒྲོ་འདོགས་གཅོད་པ་དང་། དེའི་སྔོན་དུ་དཔེ་དག་པ་ལ་ཐོས་པ་བྱེད་དགོས་པ་ཡིན་གྱི་གཞུང་དེའི་དོན་ ཅི་ཡང་མི་ཤེས་པར་དཔེ་ཆ་མུན་ཁྲོད་དུ་བཞུགས་པའམ། ཡང་ན་ཕྱི་རོལ་བ་ཕལ་གྱིས་དོན་གང་ཡིན་མི་ཤེས་པའི་རིག་བྱེད་ཀྱི་གསང་ཚིག་ཀློག་པ་དང་ཚུལ་འདྲ་བར་གྱུར་ན་རྒྱུད་ལུང་བསྟན་བཅོས་ཟབ་ བསྔགས་ཙམ་གྱིས་སུ་ལའང་ཕན་པར་དཀའ་ལ། ལག་ལེན་ཚད་ལྡན་མི་ཤེས་པར་ཆོ་གའི་ཡན་ལག་གོང་འོག་འཁྲུགས་པ་དང་། མ་ཚང་བ་དང་། ནོར་བའི་སྒྲུབ་ཕྲིན་ངག་ནས་གྱེར་ཤེས་པ་ཙམ་ལ་འབྲས་ བུ་ཆུང་བས་ན། རྨོངས་པ་དང་ཕྲག་དོག་གི་རྒྱུ་ལས་བྱུང་བའི་ལུང་རིགས་ཐོས་བྲལ་གྲོང་པ་རྒན་པོའི་ཁ་གཏམ་ཅལ་ཅོལ་སྨྲ་བ་ཙམ་ལ་མི་རྟོན་པར། ལུང་དང་རིགས་པ་མན་ངག་གི་གནད་རྣམས་ཉམས་འོག་ཏུ་ ཆུད་པར་བྱས་ནས། རྙིང་མ་བཀའ་གཏེར་གྱི་ཆོས་དང་། བསྟན་བཅོས་འདི་ལྟ་བུ་སོགས་ལ་གཅེས་སྤྲས་ཀྱིས་ཟབ་ཅིང་གཉན་པའི་འདུ་ཤེས་བཞག་ནས་དགོངས་དོན་ཚུལ་བཞིན་བརྟགས་ཏེ་སྨྲ་བ་བྱུང་ན་ རྗེས་སུ་ཡི་རངས་པའི་གནས་སོ། །མདོར་ན་བདག་ཉིད་ཆེན་པོ་འདིའི་ལེགས་བཤད་མཆོག་རྣམས་མི་ཉམས་པར་བཤད་སྒྲུབ་ཀྱིས་ཚུལ་བཞིན་བཟུང་སྟེ་ངེས་དོན་སྙིང་པོའི་བསྟན་པ་ཕྱོགས་དུས་གང་དུ་ 8-13-50a དར་ཞིང་རྒྱས་ལ་གནས་པ་དེ་དང་དེར་རྩ་གསུམ་རྒྱལ་བ་རྒྱ་མཚོས་མཁྱེན་ཅིང་དགོངས་ནས་ཐུགས་རྗེ་ཆེན་པོའི་གཟི་བྱིན་བླ་ན་མེད་པས་སྲུང་སྐྱོབས་སྦ་བར་མཛད་པ་དང་། བསྟན་སྲུང་དམ་ཅན་རྒྱ་ མཚོ་མ་སྒྲུབ་རང་འཁོར་དུ་བྱུང་ནས་འགལ་རྐྱེན་མ་ལུས་པ་བཟློག་ཅིང་མཐུན་རྐྱེན་མ་ལུས་བསྒྲུབ་པས་ལས་བཞིའི་ཕྲིན་ལས་རྒྱ་མཚོ་གང་འདོད་གཡེལ་བ་མེད་པར་མཛད་པའི་བདག་རྐྱེན་དེ་དག་གི་མཐུས་སྣོད་ བཅུད་ཀྱི་རྒུད་པ་མཐའ་དག་ཉེ་བར་ཞི་ཞིང་ཕན་བདེའི་ལེགས་ཚོགས་ཡར་ཟླའི་དཔལ་ལྟར་འཕེལ་ཏེ་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་ཁྱད་པར་གསང་ཆེན་འོད་གསལ་སྙིང་པོའི་བསྟན་ པ་ཡུན་རིང་དུ་དར་ཞིང་གནས་པར་འགྱུར་བ་ནི་དགོས་པའོ། །གཉིས་པ་སྤར་དུ་བཞེངས་ཏེ་བཀུར་སྟི་བྱས་པའི་དགོས་པ་དང་ཕན་ཡོན་ནི། དེ་ལ་དྷརྨ་ཞེས་པ་ཆོས་ཀྱི་སྒྲ་ཤེས་བྱ་སོགས་བཅུ་ལ་འཇུག་ཀྱང་ གཙོ་བོ་ལུང་དང་རྟོགས་པའི་ཆོས་ཡིན་ཏེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབས་པ་གང་ཡིན་པ། །འཆོས་སྐྱོབས་ཡོན་ཏན་ཕྱིར་ན་ བསྟན་བཅོས་དེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས། དེའི་ཕྱི་མོའི་ཡི་གེ་འབྲི་མཆོད་སོགས་ནི། རང་དང་གཞན་གྱི་རྒྱུད་ལ་རྣམ་དཀར་གྱི་བསོད་ནམས་ཚད་མེད་པ་ 8-13-50b བསྐྱེད་པ་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་བདག་རྐྱེན་མཆོག་ཏུ་འགྱུར་བས་ཕན་ཡོན་རྒྱ་ཆེ་ཞིང་རྒྱུན་རིང་བ་བླ་ན་མེད་པ་འཐོབ་སྟེ། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་ འཛིན་སྐྱོང་སྤེལ་བའི་རྒྱུ་མཆོག་དྲི་མ་མེད་པ་ནི་གསུང་རབ་རྣམ་པར་དག་པའི་རྗོད་བྱེད་ཡི་གེའི་ཕྲེང་བ་ཉིད་དེ། དེ་ནི་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་དཀོན་མཆོག་གསུམ་གྱི་བདག་ཉིད་ཡིན་ཏེ། ཡུམ་གྱི་འགྲེལ་པར། གཙོ་བོར་ཆོས་སྐུའི་དེ་བཞིན་གཤེགས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་ནོ། །དེ་བས་ན་དེ་སྟོན་པར་བྱེད་པའི་རྒྱལ་བའི་ཡུམ་ལ་མཆོད་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ ཆོས་ཀྱི་སྐུ་ལ་མཆོད་པའི་ཕྱིར་བསོད་ནམས་མང་དུ་སྐྱེ་བ་ཡིན་ནོ། །ཞེས་ཡེ་ཤེས་ཆོས་སྐུ་དང་དེ་ཉིད་འགགས་པ་མེད་པར་གཟུགས་སྐུ་གཉིས་ཀྱི་རྣམ་རོལ་དུ་སྣང་བ་ཉིད། ཕལ་ཆེན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། ། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། འགྲོ་བ་དགེ་ ལ་སྦྱོར་བའི་དོན་མཛད་དོ། །ཞེས་དང་། བདག་ཅག་གི་འདྲེན་མཆོག་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་འཁོར་ལོའི་མགོན་པོ་དཔལ་སྤྲུལ་རིན་པོ་ཆེའི་ཞལ་སྔ་ནས། ཡི་གེའི་རྣམ་རོལ་ཤཱཀྱ་སེང་གེའི་སྐུ། ། 8-13-51a རྗོད་བྱེད་ཚིག་ཕྲེང་ཀུན་མཁྱེན་བླ་མའི་གསུངས། །བརྗོད་བྱའི་དོན་ཟབ་རྒྱལ་བ་ཀུན་གྱི་ཐུགས། །གསུང་རབ་འདི་མཐོང་བདེ་གཤེགས་ཡོངས་རྫོགས་མཐོང་། །ཞེས་དང་། མཆོག་གསུམ་ ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཅེས་པ་ལ་སོགས་པ་མདོ་རྒྱུད་དགོངས་འགྲེལ་རྣམས་ལས་རྒྱ་ཆེར་བསྟན་པ་བཞིན་དུ་རྟོགས་པར་བྱའོ། །དེས་ན་ དཀོན་མཆོག་གསུམ་གྱི་བདག་ཉིད་དམ་པའི་ཆོས་གླེགས་བམ་དང་དེ་འཛིན་པ་པོ་བཞུགས་པའི་ས་ཕྱོགས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་བ་ དང་། ལྷ་དང་གནོད་སྦྱིན་ལ་སོགས་པ་ཆོས་སྐྱོང་བའི་སྲུང་མ་མཐུ་བོ་ཆེ་རྣམས་ཀྱིས་རྟག་ཏུ་མི་གཡེལ་བར་སྲུང་ཞིང་འཇིགས་པ་དང་གནོད་པ་ལས་སྐྱོབས་པར་དམ་བཅས་པ་ཡིན་པས་ཆོས་འཛིན་པ་པོ་དང་ ཆོས་ལ་བཀུར་སྟི་ཚད་ལྡན་ཡོད་ན་གནས་སྐབས་ཀྱི་རྐྱེན་སེལ་ལ་ཡང་སྲུང་བཟློག་གསོལ་མཆོད་བརྒྱ་སྟོང་མང་པོའི་དོ་ཟླ་མིན་ཏེ། ཕྱོགས་ཙམ་མཚོན་ན། བྱང་ཆུབ་སེམས་དཔའ་བྱམས་པས་འདི་ལྟར་ དམ་བཅས་སོ་བཅོམ་ལྡན་འདས་སླད་མའི་དུས་སོགས་དང་། གསེར་འོང་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་ལས། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་སོགས་ལུང་དང་བཅས་པ་དང་། མདོར་ 8-13-51b ན་སྐུ་གཟུགས་མཚན་ཉིད་དང་ལྡན་པ་འཇིག་རྟེན་གྱི་ཁམས་གང་བ་བཞེངས་ཤིང་མཆོད་པ་བགྱིས་པ་ལས་མཆོད་རྟེན་ཆུང་ངུ་ཙམ་བཞེངས་པ་ཕན་ཡོན་ཆེ་ཞིང་། མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ འཇིག་རྟེན་གྱི་ཁམས་གང་བར་བཞེངས་ནས་ཉིན་རེ་བཞིན་དུ་ལྷ་རྫས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པས་མཆོད་པ་ལས་ཀྱང་དམ་པའི་ཆོས་ཚིག་བཞི་པ་ཞིག་འབྲི་ཀློག་བགྱིས་པ་ཕན་ཡོན་ཆེ་བར་ གསུངས་ཞེས་རྟེན་བཞེངས་ཕན་ཡོན་ལས་བཤད་དོ། །དེའི་ཕྱིར་ཡི་གེ་འབྲི་བ་ནི་རྣམ་དཀར་གྱི་བགྱི་བ་མཆོག་ཏུ་འཕགས་པ་ཞིག་སྟེ། དེའི་རྒྱུ་མཚན་གང་ཞེ་ན། གཏན་བདེ་ཐར་པའི་ལམ་ལ་འདྲེན་པ་བདེ་ བར་གཤེགས་པའི་གསུང་རབ་དམ་པའི་ཆོས་རྣམས་ཀྱི་ཚིག་གཅིག་གི་སྒྲ་ཐོས་པ་ཡང་ཕན་ཡོན་རྒྱ་ཆེ་སྟེ། གཎྚིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གནྜི་བརྡུང་བའི་ སྒྲ། །ཐོས་པས་མཐོ་རིས་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་ཡིན་ཞིང་། རྟོགས་པའི་ཆོས་ཐོབ་པ་ལས་མྱ་ངན་ལས་འདའ་བར་འགྱུར་ལ། རྟོགས་པའི་ ཆོས་ཐོབ་པ་ཡང་སྔོན་དུ་ལུང་གི་ཆོས་ཐོས་པ་ལ་རག་ལས་ཤིང་། ལུང་གི་ཆོས་མིང་ཚིག་ཡི་གེའི་རང་བཞིན་ཅན་ཉན་པ་སོགས་ཀྱི་གཞིའམ་རྟེན་དུ་གྱུར་པ་ནི་གསུང་རབ་རྣམས་ཡི་གེར་འབྲི་བ་ཡིན་ལ། ཡི་གེ་ 8-13-52a འབྲི་བའི་ཐབས་ཀུན་གྱི་ནང་ན་སྤར་དུ་འགོད་པ་འདི་དོན་ཆེ་སྟེ། སྤར་དཔེ་དག་པར་བྱས་ན་དཔེ་དག་པ་བརྒྱ་ཕྲག་དུ་མ་ཚེགས་མེད་པར་འགྲུབ་ཅིང་འཛད་མེད་དུ་འཕེལ་ནས་ཕྱོགས་ཀུན་ཏུ་ ཁྱབ་པར་འགྱུར་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་གསོས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དམ་པའི་ཆོས་ཡི་གེ་འབྲི་བ་སོགས་ཆོས་སྤྱོད་བཅུ་པོ་རེ་རེ་ཡང་བསོད་ནམས་ཚད་མེད་པའི་ རྒྱུ་ཡིན་ཏེ། དབུས་མཐའ་རྣམ་འབྱེད་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆང་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། ། སྤྱོད་པ་འདི་བཅུའི་ བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་དང་། དེ་ལས་ཀྱང་ཐེག་པ་ཆེན་པོའི་ཆོས་ཡི་གེར་འབྲི་བ་སོགས་ཕན་ཡོན་ཁྱད་པར་དུ་འཕགས་ཏེ། ལུང་སྔ་མ་ལས། ཁྱད་པར་ཕྱིར་དང་ མི་ཟད་ཕྱིར། གཞན་ལ་ཕན་འདོགས་མ་ཞིའི་ཕྱིར། །ཞེས་གསུངས་ཤིང་ཐེག་ཆེན་གྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚིགས་སུ་བཅད་པ་གཅིག་ཐོས་པ་དང་འཛིན་པ་སོགས་ཀྱི་ཕན་ཡོན་ཚད་མེད་པ་མདོ ལས་གསུངས་པ་བཞིན་ནོ། །རྒྱུའི་ཐེག་པ་ལས་ཆེས་འཕགས་པ་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་ཀྱང་ཤིན་ཏུ་དཀོན་ཅིང་། བརྒྱ་ལམ་ན་རེ་འགའ་ཙམ་ལས་ 8-13-52b ཐོས་པར་དཀའ་ལ། གང་ཐོས་པ་ན་འབྲས་བུ་མཆོག་གི་གོ་འཕང་ལ་ངེས་པར་དབུགས་དབྱུང་བ་དང་འདྲ་ཞིང་། སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་མཐར་ཐུག་པ་དབང་བཞི་པའི་ལམ་སེམས་ཀྱི་ཆོས་ཉིད་ རིག་སྟོང་གཉུག་མ་དོན་གྱི་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་མཐར་ཐུག་པ་ཡིན་པའི་ཕྱིར། ལམ་དེས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་ཅིང་དེ་ལས་ལྷག་པའི་ལམ་གཞན་མེད་པར་ སྒྱུ་འཕྲུལ་གསང་བ་སྙིང་པོ་ལས་གསུངས་པ་ལྟ་བུ་ཡིན་པས་ན། རྒྱུ་འབྲས་ཐེག་པ་ཀུན་དང་ཁྱད་པར་རྫོགས་པ་ཆེན་པོའི་རྒྱུད་དོན་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་འདི་རྣམས་དང་འབྲེལ་པའི་རྣམ་ དཀར་གྱི་ཕུང་པོ་བསམ་པའི་ཡུལ་ལས་འདས་པ་ཡིན་ཏེ། མཐོང་ཐོས་དྲན་རེག་རྣམ་གྲོལ་གྱི་ལམ་ལ་འགོད་པར་འགྱུར་རོ། །དེ་ལྟར་བསྒྲུབས་པའི་ལེགས་བྱས་རྣམས་ཆུད་མི་ཟ་བའི་ཕྱིར་བསྔོ་བར་བྱ་བ་ལ། གང་ ཞིག་ཐེག་མཆོག་དམ་པའི་ཆོས་ཀྱི་སྙིང་པོ་འདི་ལྟ་བུ་བསྡུ་སྒྲུབ་མཛད་ཅིང་སྤར་དུ་བསྒྲུབས་པ་ནི་ཕན་ཡོན་ཆེ་ཞིང་དོན་ཆེན་མཚུངས་པ་མེད་པ་ཡིན་པར་ཤེས་ནས་རང་གིས་ལེགས་བྱས་ལ་དགའ་ཞིང་ཡི་རངས་ པར་བྱས་ན། དགེ་བའི་རྩ་བ་དེ་ཡང་འགྱོད་པ་སོགས་ཀྱིས་མ་གོས་པས་དྲི་མ་མེད་པ་དང་། གོང་ནས་གོང་དུ་རྒྱ་ཆེར་འཕེལ་བར་གསུངས་པའི་ཕྱིར། རང་དང་གཞན་གྱི་དགེ་རྩ་རྣམས་ལ་ཡི་རངས་ཤིང་ 8-13-53a ལེགས་བྱས་དེ་དག་བར་མ་དོར་ཆུད་མི་ཟ་བར་མཐར་འབྲས་བྱང་ཆུབ་ཆེན་པོར་སྨིན་པ་དང་། གནས་སྐབས་སུ་རང་གཞན་གྱི་དོན་གཉིས་འགྲུབ་པའི་དཔལ་ཕུན་སུམ་ཚོགས་པ་འབྱུང་བའི་ ཆེད་དུ་ཡོངས་སུ་བསྔོ་ཞིང་ཤིས་པ་བརྗོད་པའི་དགེ་ལེགས་ཀྱི་རིམ་པ་ནི། ཀུན་ལས་ཁྱད་འཕགས་ཀུན་བཟང་དགོངས་པའི་མཛོད། །ངེས་གསང་སྙིང་པོའི་བསྟན་པ་རིན་པོ་ཆེ། །ཡིད་དཔྱོད་རྟོག་གེའི་ སྤྲོས་པ་ལ་འཆེལ་པས། །རྨོང་པའི་སྨག་ཏུ་འཕྱན་པར་བྱས་ན་ཡང་། །འཇམ་པའི་དབྱངས་དང་བློ་ལྡན་མཆོག་སྲེད་ཀྱི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་གར། །བླ་མའི་རྣམ་པས་འགོག་མེད་འཆར་བ་ཡི། ། བདེན་གསུང་བསླུ་བ་མེད་པ་མངོན་སུམ་ཉིད། །རིག་སྟོང་གདོད་མའི་དབྱིངས་ལས་དགོངས་པའི་རྩལ། །ཅིར་ཡང་རྩེན་པའི་ཀློང་རྡོལ་རྡོ་རྗེའི་གསུངས། །ལེགས་བཤད་ནོར་བུའི་མཛོད་ཀྱི་བགོ་སྐལ་གྱི། ། སྐལ་བཟང་ཐོབ་རྣམས་སྐལ་པ་བཟང་པོ་ཀྱེ། །གཞུང་བཟང་འདི་དག་དཀོན་མཆོག་གསུམ་དངོས་དེ། །ཆོས་སྐུའི་མཆོད་སྡོང་འགྲོ་བའི་དཔྱིད་དཔལ་མཆོག །འཛིན་སྐྱོང་སྤེལ་སོགས་གང་གིས་འབྲེལ་ཐོགས་ པ། །བསོད་ནམས་ཕུང་པོ་བསམ་མི་ཁྱབ་ཅེས་གསུངས། །དེ་སླད་བླ་མའི་བཞེད་པར་རང་ཉིད་ཀྱི། །ལྷག་པའི་སེམས་ཀྱིས་ཚུལ་འདིར་བརྩོན་བྱས་པའི། །དགེ་བ་འདིས་མཚོན་རང་དང་གཞན་དག་ 8-13-53b གི། དུས་གསུམ་དགེ་ཚོགས་གཅིག་ཏུ་བསྡུས་པ་གང་། །མཁའ་ཁྱབ་འགྲོ་བར་ཕྱོགས་དུས་ཐམས་ཅད་དུ། །བསྟན་དང་འགྲོ་ལ་སྨན་པ་མཆོག་ཉིད་ཕྱིར། །རྒྱལ་བ་ཀུན་དང་རྒྱལ་སྲས་ཆེ་རྣམས་ཀྱིས། །ཇི་ ལྟར་བསྔོས་བཞིན་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བསྟན་སྤྱི་དང་ནང་རྒྱུད་ཡོ་ག་གསུམ། །ཁྱད་པར་འོད་གསལ་རྡོ་རྗེ་སྙིང་པོ་ཡི། །རྒྱལ་བསྟན་རིན་ཆེན་ཕྱོགས་དུས་ཐམས་ཅད་དུ། །བཤད་དང་སྒྲུབ་པས་ རྟག་ཏུ་འཛིན་གྱུར་ཅིག །ཕ་མས་གཙོར་བྱས་མཁའ་མཉམ་སེམས་ཅན་རྣམས། །སྡུག་བསྔལ་ཀུན་བྲལ་བདེ་དགའི་དཔལ་ཐོབ་དེ། །ཀུན་ཀྱང་ཐེག་མཆོག་བསྟན་ལ་རབ་ཞུགས་ནས། །རྫོགས་ལྡན་འབྱོར་བའི་ དཔལ་ལ་སྤྱོད་གྱུར་ཅིག །རྗེ་བཙུན་བླ་མ་རྒྱལ་བ་སྲས་བཅས་ཀྱི། །ཐུགས་དགོངས་རྫོགས་ཤིང་བསྟན་འཛིན་དམ་པ་རྣམས། །ཞབས་པད་བརྟན་ཅིང་བསྟན་འགྲོར་ཕན་པ་ཡི། །ཐུགས་ཀྱི་བཞེད་དོན་ཆོས་ མཐུན་འགྲུབ་གྱུར་ཅིག །ཆོས་འདི་གང་དུ་དར་བའི་གནས་རྣམས་སུ། །རྒུད་པ་ཀུན་ཞི་བཀྲ་ཤིས་དཔལ་འབྱོར་ཞིང་། །འགྲོ་ཀུན་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ནས། །ཀུན་ཀྱང་ཀུན་མཁྱེན་རྒྱལ་བ་ཉིད་གྱུར་ ཅིག །ཚུལ་འདིར་བསམ་སྦྱོར་འབྲེལ་བའི་འགྲོ་རྣམས་ཀྱང་། །ཐེག་མཆོག་དམ་པའི་ཆོས་དང་མི་འབྲལ་ཞིང་། །སེམས་ཉིད་འོད་གསལ་གཉུག་མའི་དོན་རྟོགས་དེ། །འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་པར་ཤོག །དེ་ 8-13-54a སྐད་སྨོན་གང་བདེ་བླག་འགྲུབ་འགྱུར་བའི། །མཐུན་འགྱུར་མཁའ་ཁྱབ་ཞིང་གི་རྩ་གསུམ་དང་། །སྲས་བཅས་རྒྱལ་བའི་བདེན་པའི་བྱིན་རླབས་ཀྱིས། །གྲུབ་པའི་དགེ་མཚན་མངོན་སུམ་མཐོང་ གྱུར་ཅིག །འོད་གསལ་ལམ་ཀུན་ཀུན་ནས་ཡོངས་སུ་འགེངས་པ་ཡི། །རྒྱལ་དང་རྒྱལ་སྲས་རིག་འཛིན་ལྷ་དང་དྲང་སྲོང་གིས། །བདེན་ཚིག་ལྷ་ཡི་རོལ་མོ་མེ་ཏོག་ཆར་བཅས་ཏེ། །དགེ་མཚན་བཀྲ་ཤིས་དམ་ པས་དགེ་ལེགས་ཀུན་སྩོལ་ཅིག །ཅེས་པ་ཡང་རྗེ་འཇམ་དབྱངས་བླ་མ་དགོངས་པ་གཞན་དུ་གཟིགས་སྐབས་ཕྱག་དཔེ་རྣམས་ཟེ་ཆེན་རྒྱལ་ཚབ་རིན་པོ་ཆེར་གནང་ཏེ་དོན་གྱིས་རྒྱལ་ཚབ་ཏུ་མངའ་གསོལ་བས་དགོངས་པ་ འཕོས་ཏེ་རྟོགས་པ་ཀློང་རྡོལ་དུ་གྱུར་པ་འདི་ཉིད་དང་། ཀཿཐོག་པ་ཀུན་གཟིགས་སི་ཏུ་རིན་པོ་ཆེ་རྣམ་གཉིས་ཀྱིས་རྗེ་འདིའི་ལེགས་བཤད་རྣམས་རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི་སྙིང་མིག་སྲོག་ལྟར་དགོངས་ཏེ་བསྡུ་སྒྲུབ་ དང་སྤར་འཁོད་ཀྱི་ཐུགས་བཞེད་གནང་ནའང་མཛད་པ་རྒྱ་ཆེ་སྟབས་ཀྱིས་རེ་ཞིག་ཕལ་ཆེར་དེ་གར་ལྷག་སྟེང་། ས་ལུག་ལོར་རྒྱལ་ཚབ་རིན་པོ་ཆེས་བསྙེལ་བ་མེད་པར་དམན་པ་རང་ལ་བོང་བ་གསེར་གཟིགས་ཀྱིས་བཀའ་ནན་ ཕེབ་པ་བཞིན་རང་ཡང་ཟེ་ཆེན་དུ་སོང་ནས་ཕྱག་དཔེ་གང་ཡོད་ཀྱི་ཕྱག་མཆན་སོགས་དཀྱུས་འཛུད་དང་ཞལ་གསར་བཤུ་གང་དགོས་དང་བཀའ་འབུམ་དཀར་ཆག་དགེ་བ་གསུམ་གྱི་ཆིང་གིས་བསྡུས་ཏེ་རྩོམ་ཐོ་བཅས་ཆེ་ལོངས་ 8-13-54b ལེགས་པར་གྲུབ་ཅིང་། རྒྱལ་ཚབ་རིན་པོ་ཆེས་བདག་རྐྱེན་གྱིས་སྦར་དུའང་འཁོད་གྲུབ། ཡང་མེ་སྟག་ལོའི་དཔྱིད་དང་པོའི་སོས་ཐོག་འདིར་རྗེ་བླ་མའི་བཀའ་འབུམ་མཇུག་ཕུད་དང་། ཤེར་ཕྱིན། རྩ་ཤེས། མཛོད་བཅས་ མཇུག་ཕུད་ཞུ་དག་ཆེད་དུ། འོང་དགོས་ཀྱི་བཀའ་ཕེབ་བཞིན་སོང་སྟེ། རང་དཔོན་སློབ་ལྷན་རྒྱས་ཀྱིས་མཇུག་ཕུད་ཞུ་དག་དགོས་རིགས་ཐུགས་བཞེད་ཆེ་ལོངས་རྣམས་གྲུབ་ཅིང་། དཀར་ཆག་དང་ཕྲ་ཞིབ་མ་གྲུབ་པར་བསྟན་ འགྲོའི་བསོད་ནམས་ཀྱིས་མ་འཆུན་པར་རྒྱལ་ཚབ་རིན་པོ་ཆེ་དགོངས་པ་ཆོས་ཀྱི་དབྱིངས་སུ་རེ་ཞིག་བཞུགས་སོང་བར་རྫོང་གསར་ཞབས་དྲུང་རིན་པོ་ཆེའི་ཡང་སྲིད་དམ་པ་བྱོན་ཏེ། སྐུ་གདུང་རིན་པོ་ཆེའི་ཐོག་མཐའ་བར་སོགས་ཀྱི་ བྱ་བ་རྣམས་མཛད་ཅིང་དམན་པ་རང་ལའང་དར་རྡོར་དྲིལ་དང་བཅས་རྗེ་ཀུན་མཁྱེན་བླ་མའི་བཀའ་འབུམ་དཀར་ཆག་གྲུབ་དགོས་ཀྱི་བཀའ་གནང་དང་སྤར་དུ་འཁོད་པའི་ཞལ་བཞེས་སྤྱི་བོར་ཕེབས་པ་དང་། ཉེ་གནས་དམ་པ་ཞིང་ སྐྱོང་གིས་ཀྱང་བཀའ་བསྐུལ་དང་དུ་བླང་སྟེ། རྒྱལ་ཚབ་རིན་པོ་ཆེས་སྔར་གྱི་རྩོམ་གཞིའི་ཤོག་བྱང་དཀྱུས་བཀོད་ཀྱི་ས་བཅད་དང་པོ་གཉིས་ཆེ་ལོང་དུ་གྲུབ་པར་མཛད་པ་ལས་ཤོག་བྱང་འཛུད་དགོས་ཀྱི་རྟགས་ཡོད་མེད་རྣམས་ སུ་ཤོག་བྱང་གསལ་བྱེད་གང་འོས་དཀྱུས་སུ་བཙུད་ཅིང་གསུམ་པ་ཐ་མར་དགེ་བ་ཉིད་རྗེ་འཇམ་དབྱངས་བླ་མ་རྒྱལ་ཚབ་རིན་པོ་ཆེའི་གསུང་ལས་གཙོ་བོར་བསྡུས་ཏེ་རབ་བྱུང་བཅུ་དྲུག་པ་གསར་ཚེས་ཀྱི་ནག་པ་ཟླ་བའི་དཀར་ 8-13-55a ཕྱོགས་ཀྱི་དུས་ཚེས་དགེ་བ་བཟང་པོ་གཉིས་པར་ཀུན་མཁྱེན་བླ་མ་རྒྱལ་བ་ཀུན་དངོས་དུ་མའི་ཞབས་རྡུལ་ལ་རེག་པའི་སྐལ་བཟང་ཐོབ་ཀྱང་རང་གཤིས་ངན་པས་ཡོན་ཏན་རྡུལ་ཙམ་མེད་པས་ཐ་མལ་ལས་ཀྱང་ཐ་མལ་ བ་ཤཱཀྱའི་རྗེས་འཇུག་གི་གཟུགས་བརྙན་རྨོངས་རྟུལ་གྱི་ན་བ་སུ་ཀུ་ས་ས་མནྟ་བྷ་དྲ་དྷརྨ་ཀིརྟིར་འབོད་པས་རྫོགས་པར་གྲུབ་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་སློང་སྡེ་སྣོད་འཛིན་པ་ནུས་ལྡན་གྱིས་བགྱིས་པ་ཕྱོགས་དུས་ཀུན་ཏུ་ དགེ་ཞིང་བཀྲ་ཤིས་ཕུན་སུམ་ཚོགས་པས་ཀུན་བཟང་ཐུགས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །༄། །ཨོཾ་སྭ་སྟི། རྒྱལ་ཀུན་ཡེ་ཤེས་གཅིག་འདུས་འཇམ་དཔལ་དབྱངས། ། སྙིགས་དུས་འགྲོ་ལ་རྗེས་ཆགས་སྤྲུལ་པའི་གར། །ཟབ་རྒྱས་ཆོས་ཀྱི་མཛོད་འཛིན་དགེ་བའི་བཤེས། །མི་ཕམ་རྣམ་པར་རྒྱལ་བས་དགེ་ལེགས་སྩོལ། ༡ །མཁས་བཙུན་བཟང་པོའི་རྩ་བ་རབ་རྒྱས་ཤིང་། །འཆད་རྩོད་ རྩོམ་པའི་ལོ་འདབ་མཐའ་གྲུར་རྒྱས། །ཐུགས་རྗེའི་འབྲས་བུ་འགྲོ་ལ་འདོད་དགུར་སྩོལ། །མཁས་དབང་ལྷ་ཡི་ལྗོན་ཤིང་མཆོག་དེར་འདུད། ༢ །སྒྲིབ་པའི་མུན་གྱིས་ནམ་ཡང་མི་ཕམ་པའི། །འཇམ་དཔལ་དགྱེས་ པའི་དཔའ་བོ་གངས་ལྗོངས་ཀྱི། །མཁས་པའི་གཙུག་རྒྱན་བློ་གྲོས་ཉི་མོར་བྱེད། །མཁྱེན་བརྩེ་ནུས་པའི་སྣང་བ་རྒྱས་པའི་དཔལ། ༣ །མཚུངས་མེད་དཔལ་ལྡན་ས་གསུམ་བཀྲ་ཤིས་པའི། །ཕུལ་བྱུང་མཚུངས་མེད་ 8-13-55b རྣམ་ཐར་འོད་ཟེར་གྱིས། །ཕྱོགས་ཀྱི་ནོར་འཛིན་མ་ལུས་གསལ་བ་དང་། །གྲགས་སྙན་གཟི་བྱིན་མཐའ་གྲུ་ཡོངས་ལ་བརྡལ། ༤ །ཟག་མེད་ཡོན་ཏན་རྒྱ་མཚོ་ཆེན་པོའི་གཏེར། །དེ་ལས་ཟིལ་པའི་ཆ་ལ་བསྔགས་པ་དང་། ། བྱིན་རླབས་འདོད་དགུ་འཇོ་བའི་ལེགས་པར་གསུང་། །ནོར་བུའི་ཕྲེང་བའི་དཀར་ཆག་མཐོང་གྲོལ་འདི། ༥ །སྐལ་བཟང་རྣམས་ལ་རྒྱལ་མཚན་ཏོག་བཞིན་དུ། །དགོས་འདོད་རེ་བའི་ཆར་ཆེན་འབེབས་པ་དང་། །དད་ བརྒྱའི་བསོད་ནམས་རྒྱ་ཆེའི་དཔལ་ཐོབ་ཞིང་། །བཤད་སྒྲུབ་བསྟན་པས་འཛིན་མ་ཡོངས་སུ་ཁེངས། ༦ །དེ་ཕྱིར་ཆོས་སྤྱན་མཁྱེན་པའི་དཔལ་མངའ་བ། །སྟག་ལུང་ཆོས་རྗེ་དཔལ་ལྡན་མཁས་མཆོག་ནས། །སྒྱུ་མའི་ ནོར་གྱིས་སྙིང་པོའི་ས་བོན་དུ། །དངོས་རྫས་ཞལ་འདེབས་དང་བཅས་དགེ་བསྐུལ་བཞིན། ༧ །བླ་མ་མཆོག་དེའི་མཚན་ཙམ་ཐོས་པས་ཀྱང་། །མི་ཕྱེད་དད་བརྒྱའི་བ་སྤུ་རབ་གཡོ་ཞིང་། །མཚུངས་མེད་བསྟན་ལ་མཛད་པའི་ བཀའ་དྲིན་དག །ཆ་ཤས་གསབ་ཕྱིར་ལྷག་བསམ་བཟང་པོས་བསྒྲུབས། ༨ །ཤེས་བྱའི་གནས་ལ་རབ་རྨོང་ཐོས་བརྩོན་གྱི། །ཡོན་ཏན་ཡོངས་དམན་གཞུང་ཞབས་ཐ་ཤལ་བ། །དཔུང་གི་ཁ་ལོ་མདའ་མིང་བཀྲས་མཐོང་ བས། །ཆོས་སྦྱིན་འཛད་མེད་འཇོ་བའི་སྤར་དུ་བརྐོས། ༩ །བསོད་ནམས་འདི་ཡིས་རྒྱུ་སྦྱོར་བས་གཙོས་ལུས་ཅན་འགྲོ་བ་ཇི་སྙེད་ཀུན། །མཚུངས་མེད་རྗེ་བཙུན་བླ་མ་མཆོག་དེའི་ཐུགས་རྗེའི་རུམ་དུ་ལེགས་ཚུད་ནས། །སྒྲིབ་གཉིས་སྒོང་རྒྱའི་ 8-13-56a མུན་ལས་གྲོལ་ཏེ་ཚོགས་གཉིས་འདབ་གཤོག་རབ་རྒྱས་ཤིང་། །ཀུན་ཀྱང་གདོད་མའི་མཁའ་ལ་ལྡིང་ཞིང་ཆོས་སྐུའི་རྒྱལ་སར་མངོན་གྱུར་ཤོག ༡༠ །བཀྲ་ཤིས་རིན་ཆེན་ནོར་འཛིན་ཡངས་པའི་ཕྱོགས་ ཀུན་ཏུ། །བཀྲ་ཤིས་བཤད་སྒྲུབ་བསྟན་པའི་དགའ་ཚལ་རྣམ་པར་རྒྱས། །བཀྲ་ཤིས་ཕན་བདེ་འདོད་རྒུའི་མེ་ཏོག་རབ་བཀྲ་ཞིང་། །བཀྲ་ཤིས་དགེ་མཚན་སྐྱེ་འགྲོ་བུང་བའི་དཔལ་དུ་ཤོག །ཅེས་སྤར་བྱང་སྨོན་ པའི་ཚིགས་སུ་བཅད་པ་འདིའང་རིགས་གཞུང་ཤེས་བྱ་ཀུན་ལ་སྦྱང་སྐྱེས་ཀྱི་ཡོན་ཏན་རི་བོང་གི་རྭ་ལྟར་མ་མཆིས་ཀྱང་མོས་བློ་ཆེ་ཞིང་བག་ཆགས་བཟང་པོའི་ས་བོན་ལྟ་བུར་རྒྱུ་སྦྱོར་བཀྲས་མཐོང་པ་ཨཀྵ་ར་ས་མུ་དྲས་ སྦྱར་བ་འདི་ལ་མཁས་ཀུན་བཟོད་པར་བཞེས་ཤིག །སྤར་འདི་སྡེ་དགེ་དགོན་ཆེན་ལྷུན་གྲུབ་སྟེང་སྤར་ཁང་ཆོས་མཛོད་ཆེན་མོར་བཞུགས་སོ། །སརྦ་དཱ་ཀ་ལྱ་ཎཾ བྷ་ཝནྟུ།། །། 8-13-56b empty page