6-1-1a ༄༅། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར་བཞུགས་སོ། ། 6-1-1b ཨཱཿ །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནི། །གདོད་ནས་དག་པའི་གཞལ་ཡས་ཁང་། །སྙིང་གའི་ཆུ་སྐྱེས་ ཟེའུ་ལ། །མི་ཤིགས་བདེ་བའི་ཐིག་ལེ་དང་། །དབྱེར་མེད་རྒྱལ་ཀུན་འདུས་པའི་རྗེ། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ། །མཚན་དཔེ་འོད་ཀྱི་རང་བཞིན་ གསལ། ། ༈ དཔལ་ལྡན་ཐུགས་རྗེའི་བདག་ཉིད་རིན་པོ་ཆེ། །བདག་གི་དངོས་བཤམས་འབུལ་ན་མདུན་མཁར་རམ་སྤྱི་བོར་ཞེས་ཁ་བསྒྱུར། གོང་གི་བསྐྱེད་པ་མི་དགོས། མཆན། སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་ བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མ་ལུས་ 6-1-2a མཆོག་གསུམ་འདུས་པའི་བདག་ཉིད་ཁྱོད། །དད་པའི་ཡིད་མཚོ་ཀུན་ནས་དྭངས་པ་ལ། །མཁྱེན་བརྩེའི་ཟླ་གཟུགས་ནམ་ཡང་མི་ འགོག་པར། །བྱང་ཆུབ་བར་དུ་འབྲལ་མེད་མགོན་དུ་བཞུགས། །མང་དུ་ཐོས་པ་རྒྱ་མཚོའི་མཆོད་ཡོན་འཁྱིལ། །བྱམས་བརྩེའི་རང་བཞིན་བསིལ་བའི་ ཆུ་རྒྱུན་འབེབ། །རྨད་བྱུང་དད་པའི་མེ་ཏོག་ཚོགས་བཀྲམ་ཞིང་། །རྣམ་དག་ཚུལ་ཁྲིམས་མཆོག་གི་དྲི་བསུང་ལྡང་། །ཤེས་རབ་སྒྲོན་མེའི་སྣང་བ་འོད་དུ་ གསལ། །བྱང་ཆུབ་སེམས་མཆོག་ཡིད་འོང་སྤོས་ཆུའི་རྒྱུན། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །གཟུངས་དང་བརྩོན་པ་མཆོག་གི་སྤྲིན་ཆེན་ 6-1-2b ལས། །བསྟོད་དབྱངས་སྙན་པའི་རོལ་མོ་འབུམ་སྒྲོགས་ཤིང་། །སོ་སོ་ཡང་དག་རིག་པའི་སྤོབས་པ་ཡི། །བླ་རེ་གདུགས་དང་རྒྱལ་མཚན་བ་དན་གྱི། །བདག་ལུས་གཞལ་མེད་ཁང་བཟང་རབ་ བརྒྱན་ནས། །སྙིང་གི་ཆུ་སྐྱེས་བཞད་པའི་གེ་སར་ལ། །དགྱེས་པར་བཞུགས་པ་འགྲོ་མགོན་ཆོས་ཀྱི་རྗེ། །ཀུན་མཁྱེན་ཆེན་པོ་རྟག་ཏུ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་ གསོལ་འདེབས་ན། །ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་གྱུར་ཅིག །གང་སྣང་བདེ་སྟོང་རོལ་པའི་འདོད་ཡོན་ལྔ། །བྱང་ཆུབ་ཡན་ལག་བདུན་ལྡན་རྒྱལ་སྲིད་རྫས། །འཕགས་ལམ་ངོ་བོ་བཀྲ་ཤིས་ རྟགས་བརྒྱད་དང་། །འཕགས་ནོར་གྲངས་ལྡན་ཉེ་བའི་རིན་ཆེན་སོགས། །ལྷ་ཀླུ་མི་ཡི་འབྱོར་བའི་དངོས་པོ་དང་། །དག་པའི་ཞིང་གི་བཀོད་པ་རབ་འབྱམས་ཀྱིས། །མ་ལུས་མཁའ་དབྱིངས་རྒྱས་ པར་བཀང་ནས་ཀྱང་། །རྒྱུན་མི་འཆད་པར་འགྲོ་མགོན་ཁྱེད་ལ་འབུལ། །བཅུ་དྲུག་དགའ་བའི་རང་བཞིན་ལྷ་མོ་ནི། །བརྒྱད་གཉིས་ཐིག་ལེ་དག་པའི་མཆོད་རྫས་ཅན། །སྟོང་ཆེན་དབྱིངས་སུ་ ཟིམ་པའི་སྒྱུ་ཐབས་ཀྱིས། །ཟག་མེད་བདེ་བའི་ཉམས་འགྱུར་སྟོང་དུ་སྤེལ། །མདོར་ན་བདག་གཞན་སྒོ་གསུམ་འབྱོར་པར་བཅས། །དུས་གསུམ་དགེ་བའི་རྩ་བ་ཀུན་བསྡོམས་ཏེ། །ཡེ་ཤེས་ 6-1-3a འདོད་རྒུར་རོལ་པ་དགྱེས་མཆོག་སྤྲིན། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་དཔྱིད་དུ་འབུལ། །ཕྱིའི་མཆོད་པའོ། །བདག་ལུས་རྡོ་རྗེ་རྩ་ཡི་བྷཉྫ་རུ། །རང་བྱུང་དྭངས་མའི་ཁམས་ མཆོག་བདུད་རྩིའི་བཅུད། །རྒུད་འཇོམས་འཆི་མེད་གྲུབ་པའི་སྨན་ཆེན་འདི། །འགྲོ་མགོན་ཆོས་ཀྱི་རྒྱལ་པོར་མཆོད་པ་འབུལ། །སྤྱི་བོ་ལ་སོགས་འཁོར་ལོའི་གནས་ལྔ་པོར། །ཁམས་གསུམ་ ཆགས་པ་དབྱིངས་སུ་སྒྲོལ་བའི་ཁྲག །ཆགས་མེད་མཆོད་པ་ཆེན་པོའི་རླབས་མདངས་ཅན། །རང་བྱུང་རཀྟའི་མཆོད་པ་ཁྱོད་ལ་འབུལ། །ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། ། ནང་བཅུད་འགྲོ་བ་ཀུན་གྱི་ཕུང་པོ་ལ། །རང་གསལ་བཀྲག་མདངས་དབང་པོའི་མཛེས་བརྒྱན་པ། །དམ་རྫས་གཏོར་མའི་མཆོད་པ་འདི་ཡང་འབུལ། །སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ ལས། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་བ། །མཐའ་དབུས་མེད་པར་གསལ་བའི་འོད་འབར་ནི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །ནང་གི་མཆོད་པའོ། །རྨད་བྱུང་ལྟ་ན་སྡུག་པའི་ ལང་ཚོ་ནི། །མཐོང་བའི་མོད་ལ་ཟག་མེད་བདེ་སྟེར་མ། །གང་གི་ལུས་ལས་བྱུང་བ་བཟང་པོའི་དྲིས། །དཔག་ཚད་བྱེ་བའི་ཁྱོན་ཀུན་འགེང་བྱེད་ཅིང་། །ཟུར་གྱིས་འཛུམ་བཞིན་ཡིད་འཕྲོག་རྡོ་རྗེའི་ 6-1-3b གླུ། །སྟང་སྟབས་བསྐྱོད་པའི་གར་དང་བཅས་སྒྲོགས་པ། །ལས་རླུང་སྲིད་པའི་འཆིང་བ་མཐའ་དག་ཀུན། །ངེས་པར་གཅོད་ལ་མྱུར་བའི་ཕོ་ཉ་མོ། །མཐོན་མཐིང་སྤྲིན་ལས་གློག་བཞིན་ལྡེམ་ ཀྱོག་གི་སྒེག་ནི། །རོལ་པའི་རྩེ་འཇོ་མིག་འཕྲུལ་ལྟར་བསྒྱུར་ཞིང་། །གཅིག་ལས་དུ་མར་འཕྲོ་བའི་ཕྱག་རྒྱའི་ཚོགས། །ཐབས་མཆོག་རིག་པའི་གྲོགས་ལ་དགྱེས་བཞིན་དུ། །ལག་པའི་ལྕུགས་ཕྲན་ ཕན་ཚུན་འབྲེལ་བྱས་ཤིང་། །མཆུ་སྒྲོས་པདྨའི་སྦྲང་རྩི་འཐུང་བ་ཡིས། །མྱོས་པའི་སྒྲ་དབྱངས་ཀུན་ནས་གསལ་བྱེད་པ། །མཉམ་པར་སྦྱོར་བའི་རེག་བྱ་ལས་སྐྱེས་པའི། །བདེ་སྟོང་ཟག་པ་ མེད་པའི་སྟོབས་མཆོག་གིས། །སྲིད་པའི་ལས་རླུང་དབུ་མར་བཟློག་ནས་ཀྱང་། །མི་ཤིག་རྡོ་རྗེའི་རྒྱལ་ཐབས་བསྐྲུན་བྱེད་པ། །བདེ་མཆོག་སྒྱུ་མ་བདེ་བའི་རོལ་མོ་ནི། །མཁའ་དང་མཉམ་པར་ སྤྲུལ་ཏེ་ཁྱོད་ལ་འབུལ། །གསང་བའི་མཆོད་པའོ། །མ་ལུས་སྣང་ཞིང་སྲིད་པའི་ཆོས་སོ་ཅོག །སྣང་སྟོང་རིག་པའི་ངང་དུ་རོ་གཅིག་པའི། །མི་ཤིགས་ཐིག་ལེ་ཆེན་པོར་ཁྱབ་བརྡལ་བ། །དུས་གསུམ་ མཉམ་པ་ཉིད་དུ་དགྱེས་གྱུར་ཅིག །འོད་གསལ་མཐིང་དབྱིངས་དྭངས་པའི་ནམ་མཁའ་ལ། །རིག་རྩལ་འཇའ་ཟེར་ཐིག་ལེ་བཀྲམ་པའི་དབུས། །རིག་གདངས་མ་འགག་རྡོ་རྗེའི་ལུ་གུ་རྒྱུད། །རང་བྱུང་ 6-1-4a རྩལ་སྣང་བཀོད་པའི་མཆོད་པ་འབུལ། །སྙིང་རྗེའི་དམ་པ་མཐའ་ཡས་པ་ཡི་ཁྱབ། །ཐབས་མཆོག་བདེ་ཆེན་རིག་པའི་རོལ་མོ་དང་། །ལྷན་སྐྱེས་རྡུལ་བྲལ་སྟོང་ཆེན་དག་ པའི་དབྱིངས། །ཨེ་ཝྃ་མཉམ་སྦྱོར་བདེ་བའི་མཆོད་སྤྲིན་འབུལ། །སྲིད་དང་ཞི་བ་རོ་གཅིག་འདྲེས་པའི་མོད། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །འོད་གསལ་བདེ་བའི་བདེ་མཆོག་ མཉམ་པ་ཉིད། །ཟག་མེད་དགྱེས་པ་མཆོག་གིས་དགྱེས་གྱུར་ཅིག །རྨད་དུ་བྱུང་བའི་མཆོད་པའོ། །ཨེ་མ། ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི། །རབ་འབྱམས་དཀོན་མཆོག་རྩ་བ་གསུམ། ། ཀུན་འདུས་ཡིད་བཞིན་རིན་པོ་ཆེ། །མགོན་པོ་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །ལྷན་སྐྱེས་རྨོངས་པའི་དབང་གྱུར་པས། །སྣང་སྲིད་དག་པའི་ཆོས་ཉིད་ལ། །གནས་ བཞིན་དུ་ཡང་སྲིད་པར་འཁྱམས། །མེད་བཞིན་སྣང་ཡང་འཁོར་བ་འདི། །བདེན་ཞེན་ཅན་གྱིས་བཟོད་པར་དཀའ། །སྡུག་བསྔལ་རྦ་རླབས་ཆེར་གཡེང་བ། །བདག་ལ་བརྩེ་བའི་སྤྱན་གྱིས་གཟིགས། ། རྟེན་འབྲེལ་ལས་དང་སྨོན་ལམ་དང་། །ཆོས་ཉིད་ཡེ་ཤེས་ཐུགས་རྗེ་ཡིས། །མཆོག་སྦྱིན་རྡོ་རྗེའི་དུས་ལགས་ན། །ཐུགས་དམ་སྙིང་ནས་བསྐུལ་ལོ་རྗེ། །དྭངས་མཁར་ཉི་མའི་འོད་དང་ནི། །རླན་ 6-1-4b མེད་སྤྲ་བར་མེ་བཞིན་དུ། །ཤེས་རབ་རང་བྱུང་སྒྲོན་མེའི་རྩལ། །སློང་བའི་ཐབས་ཆེན་ཁྱོད་ཀྱིས་མཛོད། །ལས་རླུང་སྲིད་པའི་སྣང་ཞེན་ཀུན། །རྨི་ལམ་སད་པའི་གནས་སྐབས་ལྟར། །ད་ལྟ་ ཉིད་དུ་གཅོད་བྱས་ནས། །སྙིང་དབུས་གཞོན་ནུ་བུམ་པ་སྐུའི། །མི་ཤིགས་ཐིག་ལེར་རོ་གཅིག་པའི། །མགོན་པོ་ཁྱོད་ཀྱི་ཡེ་ཤེས་སྐུ། །མངོན་སུམ་ཉིད་དུ་མཐོང་ནས་ཀྱང་། །མཁའ་ཁྱབ་ འགྲོ་ཀུན་འདྲེན་པར་ཤོག །ཞེས་སོ། །རང་རིག་ཆོས་སྐུའི་ཏི་ལ་ཀར། །དུས་གསུམ་རྒྱལ་བ་སྲས་དང་བཅས། །འདུ་འབྲལ་མེད་པ་ངེས་ཤེས་ན། །གཤེགས་བཞུགས་བསྐྱེད་བསྟིམ་རྩོལ་བ་ཟད། །མ་ལུས་རྒྱལ་བ་མཆོད་པ་ ལས། །བླ་མ་མཆོད་པ་མཆོག་ཡིན་ཅིང་། །མཆོད་པའི་ནང་ན་ཐབས་མཆོག་འདི། །ཐབས་ཆེན་སྔགས་ཀྱི་ཆོ་ག་བཞིན། །དབང་བཞིའི་ཡེ་ཤེས་སྐྱེ་བའི་ཐབས། །ཕྱི་ནང་གསང་བ་ཡང་གསང་གི། མཆོད་པ་འདི་འདྲ་བརྩམ་བྱས་ན། ། བླ་མའི་དགོངས་རྒྱུད་སྙིང་ལ་འཕོས། །དེ་ནས་སྐད་ཅིག་ཉིད་ལ་ཡང་། །ལག་པའི་མཐིལ་ན་གཏེར་མཐོང་བཞིན། །གཏིང་གསལ་བསམ་མི་ཁྱབ་པའི་དབྱིངས། །འབད་པ་མེད་པར་ཤུགས་ཀྱིས་མཐོང་། །དེ་ནས་མཁའ་ལ་ཁྱུང་བཞིན་དུ། ། སྣ་ཚོགས་བཀྲི་དྲང་ཐེག་པའི་ལམ། །གྲུབ་མཐའི་སྒྲོག་ཏུ་མི་ཚུད་ཀྱང་། །གྲུབ་མཐའ་སྣ་ཚོགས་སྟོན་ལ་མཁས། །མི་ཕམ་པས་སོ། ། བླ་མའི་གསོལ་འདེབས་བཞུགས། སྔོན་ཚེ་རླབས་ཆེན་ 6-1-5a ཐུགས་བསྐྱེད་སྨོན་ལམ་མཐུས། །མཐའ་ཡས་འགྲོ་ཀུན་ཡོངས་བཀྲམ་བྱ་བའི་ཕྱིར། །རྣལ་འབྱོར་དབང་ཕྱུག་དམ་པའི་ཚུལ་སྟོན་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་ བ་འདེབས། །བརྒྱུད་ལྡན་གདམས་ངག་ཟབ་མོའི་རྗེས་སུ་ཞུགས། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐའ་རུ་ཕྱིན། །འབྲེལ་ཚད་དོན་ལྡན་མཆོག་གི་རྣལ་འབྱོར་པ། །དཔལ་ལྡན་བླ་མའི་ཞབས་ ལ་གསོལ་བ་འདེབས། །ཁྱད་པར་ངེས་གསང་ཕྱག་རྫོགས་དགོངས་པའི་དོན། །ཟབ་མོའི་ཆོས་ཉིད་གནས་ལ་རང་བྱན་ཚུད། །ཉིན་མཚན་ཁོར་ཡུག་འོད་གསལ་ཆེན་པོར་ཟླུམ། །དཔལ་ལྡན་བླ་ མའི་ཞབས་ལ་གསོལ་བ་འདེབས། །ཐབས་མཁས་ཐུགས་རྗེའི་རྣམ་རོལ་ཚད་མེད་པའི། །སྐལ་བཟང་གདུལ་བྱའི་ཚོགས་རྣམས་རྗེས་སུ་འཛིན། །དཔག་ཡས་འགྲོ་ལ་ཕན་བདེའི་ཕྲིན་ལས་ མཛད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །པདྨ་ཐོད་ཕྲེང་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོ་མ། །ཀུན་ཀྱང་བླ་མའི་ངོ་བོར་འདུ་འབྲལ་མེད། །ཀུན་ འདུས་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བླ་མའི་སྐུ་ནི་བདེ་གཤེགས་ཀུན་གྱི་དངོས། །གསུང་ནི་ཟབ་རྒྱས་ཐེག་པ་མཆོག་གི་མཛོད། །ཐུགས་ནི་མི་རྟོག་སྤྲོས་བྲལ་ཆོས་ཀྱི་དབྱིངས། །སྐུ་ 6-1-5b གསུམ་ངོ་བོར་བླ་མར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །དཔལ་ལྡན་བླ་མའི་ཐུགས་རྒྱུད་དགོངས་པའི་མཐིལ། །ཡེ་ཤེས་རྡོ་རྗེ་སྙིང་ལ་འབེབས་པ་དང་། །ཟབ་ གསང་ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས། །སངས་རྒྱས་ལས་ཀྱང་ཆེས་ཆེར་དཀོན་པ་ཡི། །ངེས་གསང་རྡོ་རྗེ་ཐེག་པའི་མཐར་ཐུག་དོན། །སྟོན་མཛད་བཀའ་དྲིན་འགྲན་བྲལ་བླ་མ་མཆོག ། ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །གང་གི་ཐུགས་བསྐྱེད་དགོངས་པའི་རྩལ་ཆེན་པོས། །ས་སྟེང་མཐའ་དག་གསང་སྔགས་བསྟན་པས་ཁྱབ། །དེའི་མཐུས་སྣོད་བཅུད་རྒུད་ པ་མ་ལུས་ཞི། །རྫོགས་ལྡན་དུས་བཞིན་སྐྱེ་དགུ་བདེ་གྱུར་ཅིག །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །དཔལ་མགོན་བླ་མ་རྟག་ཏུ་མཉེས་བྱེད་ཅིང་། །ཟོལ་མེད་དད་དང་དམ་ཚིག་རྣམ་ དག་པས། །བླ་མའི་ཕྲིན་ལས་རྒྱ་ཆེར་སྤེལ་བར་ཤོག །ངོ་བོ་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པ་ཡི། །དཔལ་ལྡན་བླ་མ་སངས་རྒྱས་ཀུན་དངོས་ལ། ། གཅིག་ཆོག་ཡིད་ཆེས་བཀའ་བཞིན་ལེགས་གྲུབ་པས། །ཡང་དག་ལམ་གྱི་རྟེན་འབྲེལ་ཚུལ་བཞིན་དུ། །འགྲིགས་པས་ས་ལམ་གེགས་མེད་མྱུར་བགྲོད་ནས། །བླ་མ་མཆོག་དང་དབྱེར་མེད་ 6-1-6a ལྷག་པའི་ལྷའི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་གྱུར་ཅིག །ཅེས་པ་འདི་རྟོགས་ལྡན་རྒྱལ་པོ་ཤྲཱིའི་མཚན་ཅན་གྱི་ཞབས་པད་གུས་པའི་གཙུག་གིས་བརྟེན་པ་དྲུང་བློ་བཟང་དོན་གྲུབ་ནས་འདི་ལྟ་བུ་ཞིག་དགོས་ ཞེས་ནན་ཏན་བསྐུལ་ངོར་མི་ཕམ་པས་གྲོ་བཞིན་ཟླ་བའི་ཉ་ལ་རྫོང་མགོ་རི་ཁྲོད་དུ་སྦྱར་བ་དགེའོ། །མངྒ་ལཾ།། ༄༅། །དུས་ཀྱི་རྒུད་པ་ཞི་བའི་བདེན་ཚིག་སྨོན་ལམ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧོཿ །དཀོན་མཆོག་རྩ་ གསུམ་རྒྱ་མཚོའི་བྱིན་རླབས་དང་། །ལྷ་དང་དྲང་སྲོང་དཀར་ཕྱོགས་སྐྱོད་བའི་མཐུས། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཐབ་རྩོད་སོགས། །མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ནས། །ཚེ་རིང་ནད་ མེད་བདེ་སྐྱིད་དཔལ་འབྱོར་རྒྱས། །དགེ་བའི་སེམས་ལྡན་ཆོས་ཀྱི་བྱ་བ་འཕེལ། །མཐའ་ཡས་འགྲོ་ཀུན་བྱང་ཆུབ་ལམ་ལ་འཇུག །འཇིགས་མེད་བདེ་བ་ཆེན་པོའི་གནས་ཐོབ་ཤོག །ཆོས་ ཉིད་གདོད་ནས་རྣམ་པར་དག་པ་ལ། །སྡུག་བསྔལ་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་དོན་གཟིགས་པ་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་མཐུ་བཙན་ཐུགས་རྗེའི་སྟོབས་ཆེ་བས། ། འཁྲུལ་སྣང་སྙིགས་མའི་རྒུད་པ་རབ་ཞི་ནས། །བཀྲ་ཤིས་བདེ་ལེགས་ངོ་མཚར་སྣང་བ་ཡིས། །ས་གསུམ་ཀུན་ཏུ་ཁྱབ་པའི་དགེ་མཚན་དཔལ། །ཉིན་མོར་བྱེད་པ་བཞིན་དུ་གསལ་གྱུར་ 6-1-6b ཅིག །ཧྐྞྨླྭྲྱྃ་སྭཱ་ཧཱ། ཞེས་པ་འདི་ཉིད་རྣལ་འབྱོར་དབང་ཕྱུག་རྟོགས་ལྡན་ཆེན་པོ་ཤཱཀྱ་ཤྲཱི་ཛྙཱ་ནས་དུས་རྒུད་ཞི་བའི་སྨོན་ལམ་ཞིག་བྲིས་ཞེས་གསུང་བསྐུལ་ལྟར༧མི་ཕམ་འཇམ་དཔལ་དགྱེས་པས་ཆབ་མདོའི་ས་ཕྱོགས་སུ་ཞི་བ་ས་བྱི་ དབོ་ཟླའི་ཚེས་རྒྱལ་བའི་གྲངས་ཀྱི་དུས་དགེ་བར་དམ་པ་དང་པོའི་སངས་རྒྱས་ལ་གསོལ་བ་བཏབ་སྟེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག༔ དགེའོ། ། 6-2-1a བཀའ་བརྒྱད་ཀྱི་ཞི་བ་གསང་ཆེན་རིགས་གཅིག་སྒྲུབ་ཐབས་ནི། བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་ འཛིན་པ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྐུ་ལྡེམ་བག་ཆགས་པ་གཞོན་ཚུལ་ཅན། ལོངས་སྐུའི་ཆས་སམ། གདན་ཉི་ཟླ་པདྨ་ལ་བཞུགས་པར་ བསམ། དེ་ཡི་དབུ་ཡི་འཁོར་ལོ་རྩིབས་བཞི་པའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨ་འདབ་བཞིའི་སྟེང་དུ་ཨྃཿདམར་པོ། ཐུགས་ཀར་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཧཱུྃ་ མཐིང་ནག་གཅིག་བསམ། དེ་ཡི་དུས་ན་སྐྱེ་འགྲོ་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་རང་འདྲ་བའི་སྐུ། སྒྲར་གྲགས་པ་ཐམས་ཅད་འབྲུ་གསུམ་གྱི་གསུང་། སེམས་ཀྱི་དྲན་ རྟོག་ཐམས་ཅད་ཐུགས་ཀྱི་རང་བཞིན་དུ་མོས་ལ། འབྲུ་གསུམ་བཟླ། ཡང་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཕྱི་ནང་གསང་བའི་མཆོད་པས་བདེ་གཤེགས་མཆོད་ཁམས་གསུམ་སེམས་ཅན་གྱི་སྒྲིབ་པ་ སྦྱང་ནས་སངས་རྒྱས་ཀྱི་ས་ལ་བཀོད། ཚུར་འདུས་པས་ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ་བསྡུས་ནས་རང་ལ་ཐིམ་པར་བསམ་ལ་འཕྲོ་འདུ་གསེར་གྱི་བ་ཐག་གཟེང་བ་ལྟར་བྱའོ། ། 6-2-1b ལས་སྒྲུབ་ན། སྤྱི་བོའི་ཨོཾ་གྱི་འོད་ཟེར་དཀར་པོས་ཞི་རྒྱས། མགྲིན་པའི་ཨཱཿཡི་འོད་ཟེར་དམར་པོས་དབང་། ཐུགས་ཀའི་ཧཱུྃ་གི་འོད་མཐིང་ནག་གིས་དྲག་པོའི་ལས་བྱས། སླར་བསྡུས་ནས་བདག་མི་དམིགས་ཆོས་ ཀྱི་དབྱིངས་སུ་སངས་རྒྱས་པར་བསམ། དེ་དག་དབྱངས་དྲུག་གིས་འདྲེན་པར་བྱ། ཁྲོ་བོའི་སྐབས་ན། བདག་ཉིད་སྐད་ཅིག་གིས་དཔལ་བཛྲ་ཧེ་རུ་ཀ་རྡོ་རྗེ་དང་དུང་ཁྲག་འཛིན་པ་དུར་ཁྲོད་ཀྱི་ཆས་ཅན་ ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་འཁོར་ལོ་སོགས་གོང་ལྟར། དེ་ལ་སྒྲིབ་སྦྱང་དང་བགེགས་འདུལ་སོགས་དམིགས་པ་ཁ་བསྒྱུར་ནི། འབྲུ་གསུམ་གྱི་དོན་ཆོས་ཉིད་སྣང་སྟོང་ཟུང་ འཇུག་ཏུ་ཤེས་ཤིང་ཡུལ་གསུམ་གསལ་བའི་དུས་ན་དྲོད་གསུམ་འབྱུང་སྟེ། ཕྱི་ལུས་ཡོད་དུ་མི་ཚོར། ནང་དབུགས་རྒྱུ་བ་མི་ཚོར། གསང་བ་བདེ་བ་སེམས་ལ་འཆར། རྟགས་གསུམ་ནི་རབ་བདེ་བར་གཤེགས་པའི་གཟུགས་ མཐོང་། འབྲིང་ལུང་སྟོན་སྒྲ་ཐོས། ཐ་མ་ལུས་དྲི་འབྱུང་བའོ། །གཞན་ཡང་མཁའ་འགྲོ་མ་འདུ། སྐྲ་དཀར་གཉེར་མ་སོགས་མི་འབྱུང་ངོ་། །འཁོར་འདས་ཐམས་ཅད་ཀྱི་སྒོ་གསུམ་གྱི་སྲོག་འབྲུ་གསུམ་འདིར་འདུས་པས་གང་ལ་དམིགས་ པ་རང་དབང་མེད་པར་འགྲུབ་ཅེས་གསུངས་སོ། །ཧཱུྃ་སྒྲུབ་ནི། རང་ཡི་དམ་གྱི་ཐུགས་ཀར་ཧཱུྃ་མཐིང་ནག་གཅིག་བསྒོམ། ཧཱུྃ་བཟླས་པས་ཧཱུྃ་ལས་འོད་འཕྲོས་སྣང་སྲིད་ས་རྡོ་རི་བྲག་རྩི་ཤིང་སོགས་གདོས་ 6-2-2a བཅས་ཐམས་ཅད་ཀྱང་ཧཱུྃ་དུ་གྱུར་པས་ཆི་ལི་ལི་གང་ནས་ཐམས་ཅད་ཧཱུྃ་དུ་མེར་མེར་གནས་པ་སྐུ། དེ་བཞིན་སྒྲ་ཐམས་ཅད་ཧཱུྃ་གི་སྒྲ་གདངས་ཁོ་ན་དང་། དྲན་ རྟོགས་ཐམས་ཅད་བདེ་སྟོང་གི་ཏིང་འཛིན་དུ་གསལ་ལ། ཧཱུྃ་ཁོ་ན་བཟླ། ཁ་སྒྱུར་ཧཱུྃ་དེ་དག་ཁྲོ་བོ་སོགས་ཀྱི་སྐུར་བསྒྱུར་ལ་དགྲ་བགེགས་བསྒྲལ་བར་བསམ་པ་སོགས་བྱ། བཀའ་བརྒྱད་པོ་ཚུར་བསྡུས་ན་ མཐར་ཐུག་སྙིང་པོ་ཧཱུྃ་གཅིག་ལ་ཐུག་འདི་ཁོ་ན་ཡང་དག་པའི་སྙིང་པོ་ཡིན་པས་གཞན་ཅི་ཡང་མི་དགོས། ཅི་བསམ་འགྲུབ་བོ་ཞེས་གསུངས་སོ། །ཧཱུྃ་གི་ཛབ་དགོངས་ས་མ་ཡ་རྒྱཿ བཀའ་བརྒྱད་ཆོས་སྡེ་ ལས་བཏུས་པ་དགེའོ། །མངྒ་ལཾ། ། 6-2-2b empty page 6-3-1a ༄༅། །རིག་འཛིན་བརྒྱུད་བསྐུལ་བྱིན་རླབས་ཆར་འབེབས་བཞུགས། ཨེ་མ་ཧོཿརང་སྣང་རྣམ་དག་ཕྱོགས་བཅུའི་ཞིང་ཁམས་ནས། །རིག་འཛིན་བརྒྱུད་པའི་བླ་མ་ཐུགས་རྗེ་ཅན། ། ཉམ་ཐག་བདག་གིས་གདུང་བས་གསོལ་འདེབས་ན། །ཐུགས་རྗེས་དགོངས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་དབྱིངས་བརྡལ་བ་ཆེན་པོའི་ཞིང་ཁམས་ནས། །ཆོས་སྐུ་ཀུན་བཟང་ཡབ་ ཡུམ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །རང་སྣང་མ་འགགས་འོད་ལྔའི་ཞིང་ཁམས་ནས། །ལོངས་སྐུ་རིགས་ལྔ་ ཡབ་ཡུམ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་མོས་ལྡན་བདག་ལ་སྣ་ཚོགས་འགྲོ་བ་འདུལ་བའི་ཞིང་ཁམས་ནས། །སྤྲུལ་སྐུ་རིགས་གསུམ་མགོན་པོ་བྱིན་རླབས་ཅན། ། ཐུགས་དམ་མ་གཡེལ༴ མོས་ལྡན་བདག་ལ༴ དྷ་ན་ཀོ་ཤ་མཁའ་འགྲོའི་ཚོགས་དབུས་ནས། །ཡང་སྤྲུལ་དགའ་རབ་རྡོ་རྗེ་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ༴ མོས་ལྡན་བདག༴ དུར་ཁྲོད་སོ་ས་གླིང་གི་ཕོ་བྲང་ནས། །རིག་འཛིན་ཤྲཱི་སེང་ཧ་བྱིན་རླབས་ཅན། །ཐུགས་དམ་མ༴ མོས་ལྡན་བདག༴ དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཆེན་ནས། །གྲུབ་མཆོག་རིག་འཛིན་རྣམ་ 6-3-1b བརྒྱད་བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། གནས་ཡུལ་དུར་ཁྲོད་གྲུབ་པའི་ཞིང་ཁམས་ནས། །རིག་འཛིན་ གྲུབ་པ་ཕོ་མོ་བྱིན་རླབས་ཅན། །ཐུགས་དམ་མ༴ མོས་ལྡན༴ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས། །ཨོ་རྒྱན་པདྨ་ཐོད་ཕྲེང་བྱིན་རླབས་ཅན། །ཐུགས་དམ་མ༴ མོས་ལྡན༴ གངས་ཅན་ སྒྲུབ་གནས་དཔལ་གྱི་ཕོ་བྲང་ནས། །གྲུབ་མཆོག་རྗེ་འབངས་ཉེར་ལྔ་བྱིན་རླབས་ཅན། །ཐུགས་དམ༴ མོས་ལྡན༴ མ་ངེས་ཟབ་གཏེར་གཉན་གྱི་དབེན་གནས་སུ། །འགྲོ་འདུལ་གཏེར་སྟོན་བརྒྱ་རྩ་ བྱིན་རླབས་ཅན། །ཐུགས་དམ༴ མོས་ལྡན༴ རིས་མེད་འགྲོ་བ་འདུལ་བའི་ཕོ་བྲང་ནས། །བཀའ་གཏེར་བརྒྱུད་པའི་བླ་མ་བྱིན་རླབས་ཅན། །ཐུགས་དམ༴ མོས་ལྡན༴ ནམ་མཁའི་ མཐར་ཐུག་ཞིང་ཁམས་རབ་འབྱམས་ནས། །རྒྱལ་སྲས་རིག་འཛིན་གྲུབ་ཚོགས་བྱིན་རླབས་ཅན། །ཐུགས་དམ༴ མོས་ལྡན༴ སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །དྲིན་ཆེན་རྩ་བའི་བླ་མ་ བྱིན་རླབས་ཅན། །ཐུགས་དམ་མ་གཡེལ་ཐུགས་རྗེས་མྱུར་དུ་གཟིགས། །མོས་ལྡན་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མཁྱེན་བརྩེ་ནུས་པ་མཚུངས་པ་མེད་པའི་རྗེ། །བྱིན་རླབས་རྩ་བ་ 6-3-2a བླ་མ་རིན་པོ་ཆེ། །དངོས་དང་བརྒྱུད་པ་ཕྱག་རྒྱའི་འཁོར་དང་ནི། །ཞིང་ཁམས་གཞལ་མེད་ཁང་དང་ཚོམ་བུར་བཅས། །མཉམ་ཉིད་རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས། ། སྣང་སྟོང་སྐུ་ཡི་གར་ཐབས་ལམས་སེ་ལམ། །དགྱེས་བཞད་གསུང་གི་བརྡའ་སྐད་དི་རི་རི། །བདེ་སྟོང་ཐུགས་ཀྱི་དགོངས་པ་ཐ་ལ་ལ། །བྱིན་རླབས་ཡེ་ཤེས་ན་བུན་ཐིབས་སེ་ཐིབ། །འཇའ་འོད་ མེ་ཏོག་ཆར་པ་ཐོ་ལོ་ལོ། །དངོས་གྲུབ་བདུད་རྩིའི་སྦྲང་ཆར་ཏ་ལ་ལ། །ད་ལྟ་སྐད་ཅིག་ཉིད་དུ་འདིར་བྱོན་ནས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་མཆོག་ བསྐུར་དུ་གསོལ། །སྒྲུབ་པའི་འབྲས་བུ་དུས་འདིར་མཆིས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བིདྱཱ་དྷཱ་ར་སརྦ་ས་མ་ཡཱ་ཕེཾ་ཕེཾ། ཛྙཱ་ན་ཨཱ་བེ་ཤ་ ཡ་ཨཱ་ཨཱཿཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་རིག་འཛིན་བརྒྱུད་བསྐུལ་འདི་སྒྲུབ་པའི་དུས་སུ་དབྱངས་སྙན་པོའི་གདུང་ཤུགས་ཀྱིས་བསྒྲགས་པས་རིག་འཛིན་རྣམས་ཀྱིས་བྱིན་གྱིས་བརླབས་ནས་སྒྲུབ་པའི་འབྲས་བུ་དོན་ཡོད་ པར་འགྱུར་བས་སྐལ་བཟང་རྣམས་ཀྱི་སྙིང་ལ་འཆང་བར་བྱའོ། །ཞེས་རབ་ཚེས་ས་ཁྱི་ཟླ་ཚེས་ལ་འཇམ་དཔལ་རྡོ་རྗེས་སྤེལ་བ་མངྒ་ལཾ། ། 6-3-2b empty page 6-4-1a བསྐྱེད་རྫོགས་ཆེན་མོའི་བྱིན་འབེབས་ནི། ཧཱུྃ༔ ཕྱོགས་བཅུ་དུས་གསུམ་མཁའ་དབྱིངས་དཀྱིལ་འཁོར་ནས༔ སྤྱི་དང་ཁྱད་པར་བླ་མ་དགེ་བའི་བཤེས༔ དངོས་དང་བརྒྱུད་པ་ ཕྱག་རྒྱའི་འཁོར་དང་བཅས༔ ཞིང་ཁམས་གཞན་མེད་ཁང་དང་ཚོམ་བུ་དང་༔ ཐབས་དང་ཤེས་རབ་གཉིས་མེད་བྱེ་བྲག་དང་༔ ཞི་ཁྲོ་ཡབ་ཡུམ་རིགས་ལྔས་བསྡུས་པའི་ལྷ༔ ཕྲིན་ལས་ སྒྲུབ་མཛད་མཁའ་འགྲོའི་ཚོགས་རྣམས་ལ༔ རྩེ་གཅིག་གདུང་བའི་སེམས་ཀྱིས་གསོལ་བར་འཚལ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ༔ དང་པོའི་ལས་ཅན་སྐྱེས་བུ་བདག་འཇུག་ན༔ གནས་པའི་ས་དང་བཟུང་བའི་ཡུལ་རྣམས་ཀུན༔ ཚད་མེད་གཞལ་ཡས་ཁང་དུ་བྱིན་གྱིས་རློབས༔ ཕུང་པོ་ལྔས་བསྡུས་ཤེས་བྱ་གཞི་ཡི་ཚོགས༔ རྣམ་གྲོལ་ཧེ་རུ་ཀ་རུ་བྱིན་གྱིས་རློབས༔ འབྱུང་བ་ལྔས་བསྡུས་ཁམས་དང་ནུས་པའི་དངོས༔ ཁྲོ་མོ་དབང་ཕྱུག་ཡུམ་དུ་བྱིན་གྱིས་རློབས༔ སྐྱེ་མཆེད་རྣམ་ཤེས་ཚོགས་བརྒྱད་ཡུལ་དང་བཅས༔ ལྕམ་དྲལ་རིགས་ཀྱི་སྲས་སུ་བྱིན་ གྱིས་རློབས༔ རྟེན་ཅིང་འབྲེལ་འབྱུང་ལུགས་དང་ལྡོག་པའི་བློ༔ འབྱུང་འཇུག་ཕྲིན་ལས་གྲོགས་སུ་བྱིན་གྱིས་རློབས༔ དུས་གསུམ་རྣམ་རྟོག་བསམ་བརྗོད་མཚན་མའི་ཚིག༔ མ་ 6-4-1b འགག་བརྗོད་མེད་གསུང་དུ་བྱིན་གྱིས་རློབས༔ མ་རིག་གཏི་མུག་རྨོངས་པ་བག་ལ་ཉལ༔ རྣམ་དག་ཡེ་ཤེས་ཐུགས་སུ་བྱིན་གྱིས་རློབས༔ ས་མ་ཡ་ཨཱ་དྷིཥྛ་ན་ཨ་ཝེ་ཤ་ཡ༔ ཞེས་སོ། ། མངྒ་ལཾ། ། 6-5-1a བཀའ་བརྒྱད་བདེ་གཤེགས་འདུས་པ་ཡི། །ལས་བྱང་སྙིང་པོ་རབ་གསལ་བ། །དངོས་གྲུབ་ཀུན་འབྱུང་ཞེས་བྱ་བཞུགས། ། 6-5-1b ན་མོ་གུ་ར་ཝེ། དཔལ་ལྡན་སངས་རྒྱས་ཀུན་དངོས་པདྨ་སྐྱེས། །ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལྷར་ཤར་བ། །རང་རིག་གདོད་མའི་དབྱིངས་སུ་རོ་གཅིག་ཕྱིར། །གཉིས་མེད་ རོལ་པ་ཆེན་པོས་ཕྱག་འཚལ་ལོ། །གང་ཟག་དམ་པ་མཆོག་གི་སྐལ་པ་བཟང་པོས་མཛེས་པ་རྣམས་ཀྱིས་རབ་འབྱམས་ཞི་ཁྲོའི་ཁྱབ་བདག་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་རྣལ་འབྱོར་ཟབ་མོ་ལ་དུས་ དང་རྒྱུན་གྱི་ཉམས་ལེན་བྱེད་པར་འདོད་པས། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་དུ་དྲིལ་ཏེ་འཇུག་པ་ལས། དང་པོ་དོན་བཅུ་གཅིག་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། རང་གི་སྙིང་ག་ནས་ འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་དང་བཅས་པ་ཐམས་ཅད་དཔལ་སྒྲུབ་པ་ཆེན་པོ་བཀའ་བརྒྱད་དཀྱིལ་འཁོར་དགུ་ཡི་ལྷ་ཚོགས་ཀྱི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ 6-5-2a ཛཿཞེས་བྱ་ལ། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ན་མོ༔ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ ཡི་དམ་ལྷ་ཚོགས་སྒྲུབ་ནས་ནི༔ གང་ལ་གང་འདུལ་ ཕྲིན་ལས་ཀྱིས༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་བསགས་པ་ནིཿ ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་བྱ། ཛཿཧཱུྃ་བྃ་ཧོཿ ཚོགས་ ཞིང་རྣམས་རང་ལ་ཐིམ་པར་གྱུར༔ བཞི་པ་བགེགས་བསྐྲད་པ་ནི༔ རང་ཉིད་སྐད་ཅིག་གིས་ལས་ཀྱི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་ 6-5-2b གིས༔ གཡས་གསུམ་རྡོ་རྗེ་ཞགས་པ་ལྕགས་སྒྲོག༔ གཡོན་གསུམ་བནྡྷ་དགྲ་སཏྭ་ལྕགས་ཀྱུ་བསྣམས་པ༔ རྒྱན་ཞི་ཁྲོ་སྤེལ་མ༔ སྤྱན་བགྲད་པ་མཆེ་བ་གཙིགས་པ༔ ལྗགས་འདྲིལ་ བ༔ ཞལ་ནས་ཧཱུྃ་སྒྲ་འབྲུག་ལྟར་སྒྲོགས་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་གར་གྱི་ཉམས་དགུས་ས་གསུམ་ཟིལ་གྱིས་གནོན་པར་བསམས་ལ། བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ བདེ་གཤེགས་འདུས་པའི་དཀྱིལ་འཁོར་འདིར༔ བསྒྲུབ་པའི་ལྷ་རྣམས་མ་གཏོགས་པ༔ མི་དང་མི་མིན་འབྱུང་པོའི་ཚོགས༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ དཔལ་ཆེན་ཆེ་མཆོག་ཁྲོས་ནས་ནིཿ སྤྲུལ་པའི་ཁྲོ་ཚོགས་བཅས་པ་ཡིས༔ འཁོར་ལོ་རྡོ་རྗེ་རལ་གྲི་དང་༔ ཐོ་ཆེན་ལྕགས་ཀྱུ་ལ་སོགས་པའི༔ མཚོན་ ཆ་འབར་བ་སྣ་ཚོགས་ཀྱིས༔ ཁྱོད་ཀྱི་ལུས་སྲོག་མ་ལུས་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་པར་བྱེད༔ ཁྲོ་བོའི་ཚོགས་ཀྱིས་འདུལ་བར་བྱེད༔ ཁྲོ་མོའི་ཚོགས་ཀྱིས་དབང་དུ་སྡུད༔ ཁྲོ་ཆུང་སྤྲུལ་པས་རྡུལ་དུ་བརླག༔ ཡེ་ཤེས་མེ་ཡིས་བསྲེག་པར་བྱ༔ བསྐལ་པའི་ཆུ་ཡིས་བཀྲུ་བར་བྱ༔ སྟོབས་ཆེན་ས་ཡིས་མནན་པར་བྱ༔ འཐོར་བྱེད་རླུང་གིས་གཏོར་བར་བྱ༔ 6-5-3a ནམ་མཁའི་ངང་དུ་སྟོང་བར་བྱ༔ དེ་བས་རང་གི་གནས་སུ་དེངས༔ ཇི་ལྟར་ནུས་པའི་ལས་མཛོད་ཅིག༔ སུམ་བྷ་ནི་བཟླས་སོ༔ ལྔ་པ་མཚམས་བཅད་པའི་ཕྱིར༔ ལྟ་ བའི་མཚམས་གསལ་གདབ་པ་ནི༔ སྣང་སྲིད་ལྷའི་རོལ་པར་ཤེས་ནས༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིར༔ ཕྱི་ནང་སྣོད་བཅུད་སྣང་གྲགས་མ་ལུས་ཀུན༔ ཆོས་དབྱིངས་སྐྱེ་ མེད་ངང་ལས་མ་གཡོས་ཀྱང་༔ ཐབས་དང་ཤེས་རབ་དབྱེར་མེད་དཀྱིལ་འཁོར་ཉིད༔ རིག་པའི་ཆོ་འཕྲུལ་ཡེ་ཤེས་ལྷ་ཡི་ཚོགས༔ གཉིས་མེད་རོལ་པ་ཆེན་པོར་རྟོགས་པར་བྱའོ༔ དྲག་ པོ་མཚོན་ཆའི་མཚམས་ནིཿཧཱུྃ༔ བདག་ཉིད་ལས་ཀྱི་ཆེ་མཆོག་ཐུགས་ཀ་ནས༔ ཨོཾ་ཨཱཿཧཱུྃ་ལ་སོགས་པའི་ཡིག་འབྲུ་རྣམས༔ འཕྲོས་པས་འཁོར་ལོ་རྡོ་རྗེ་རལ་གྲི་སོགས༔ མཚོན་ ཆའི་ཚོགས་ཀྱིས་བར་མཚམས་མེད་པར་གཏམས༔ ཨོཾ་ཧཱུྃ་ཨཱཿཛཿཕཊ༔ ཁྲོ་བོ་རོལ་པའི་མཚམས་ནི༔ ཧཱུྃ༔ ཕྱོགས་མཚམས་སྟེང་འོག་ཕྱོགས་བཅུ་མ་ལུས་ཀུན༔ ཐམས་ཅད་རྒྱལ་བ་ ཞི་ཁྲོའི་ལྷ་ཚོགས་ཏེ༔ ཁམས་གསུམ་གདུག་པ་འདུལ་བྱེད་སྤྲིན་ལྟར་འཁྲིགས༔ ལྷ་ལས་མ་གཏོགས་བགེགས་ཀྱི་མིང་ཡང་མེད༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ 6-5-3b ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛཱ་ལ་མཎྚ་ལ་ཕཊ་ཕཊ་ཕཊ༔ ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཞེས་དངཿ སུམ་བྷ་ནིའི་སྔགས་བརྗོད༔ དྲུག་པ་སྒོ་དབྱེ་བ་ནི༔ ཧོ༔ ཡེ་ནས་རྣམ་དག་རང་བཞིན་ལྷུན་གྲུབ་པའི༔ བདེ་ གཤེགས་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིར༔ མ་རིག་རྟོག་པའི་དབང་གིས་སྒོ་བཅད་པ༔ ཡེ་ཤེས་བཞི་ལ་སོགས་པའི་སྒོ་ཕྱེས་ཤིག༔ བྷྲུྃ་པྲ་ཝེ་ཤ་ཡ་ཕཊ༔ བདུན་པ་བརྡའ་ཕྱག་ འཚལ་བ་ནི༔ ཧཱུྃ༔ བདེ་གཤེགས་ཞི་ཁྲོ་རང་བཞིན་ལྷུན་གྲུབ་པར༔ བརྡ་དང་གར་དང་གུས་པས་མཚོན་ནས་ཀྱང་༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་བགྱིས་ན༔ དབྱེར་མེད་དག་པའི་ ཀློང་དུ་བཞེས་སུ་གསོལ༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ ཡ་མི་ན་མོ༔ བརྒྱད་པ་དམ་བཅའ་བ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་ལྷ་ཚོགས་འཁོར་བཅས་རྣམས༔ སྔོན་ནས་རྣལ་འབྱོར་བདག་ གི་ཡི་དམ་ལྷ༔ སྲོག་གི་ཕྱིར་ཡང་མི་སྤོང་སྒྲུབ་པ་ཡིས༔ ཡུན་གྱི་ཡི་དམ་ལྷ་རུ་བསྒྲུབ་པར་བྱའོ༔ བཛྲ་ས་མ་ཡ་ཧཱུྃ༔ དགུ་པ་བྱིན་དབབ་པ་ནི༔ ཧཱུྃ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ དང་༔ རིག་འཛིན་མཁའ་འགྲོ་འཁོར་དང་བཅས་པ་རྣམས༔ གནས་འདིར་གཞལ་ཡས་རྣལ་འབྱོར་དམ་རྫས་ལ༔ བྱིན་ཕོབ་མཐུ་རྩལ་དབང་བསྐུར་བྱིན་གྱིས་རློབས༔ ཧཱུྃ༔ དུས་ 6-5-4a གསུམ་བདེ་གཤེགས་རྒྱལ་བ་རྣམས༔ ཆོས་སྐུ་སྐྱེ་བ་མེད་པ་ལས༔ གཟུགས་སྐུ་འགྲོ་བའི་དོན་གྱི་ཕྱིརཿ གཉིས་མེད་དབྱིངས་ལས་སྐུར་བཞེངས་ཤིག༔ ཞི་ཁྲོ་ འཁོར་དང་བཅས་པ་རྣམས༔ མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་༔ དངོས་གྲུབ་མ་ལུས་ཆར་ལྟར་ཕོབས༔ དབང་མཆོག་མ་ལུས་བདག་ལ་བསྐུར༔ སྐུ་ཡི་གར་ཐབས་གློག་ལྟར་ བསྒྱུར༔ གསུང་གི་ང་རོ་འབྲུག་ལྟར་སྒྲོགས༔ ཐུགས་ཀྱི་བརྩེ་བས་བདག་ལ་དགོངས༔ དཀྱིལ་འཁོར་འདི་ལ་བྱིན་ཅིག་ཕོབ༔ སྒྲུབ་རྫས་འདི་རྣམས་བྱིན་གྱིས་རློབས༔ གཞལ་ཡས་ འདི་ལ་བརྟན་པར་བཞུགས༔ མཐུ་དང་རྩལ་གྱི་ནུས་པ་ཕྱུངས༔ རྟགས་དང་མཚན་མ་མངོན་དུ་སྟོན༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ ས་མ་ཡ་ཨཱ་བེ་ཤཱ་ཡ་ཧཱུྃ་ཧཱུྃ་ཨཱ༔ ཨོཾ་བཛྲ་ཀྲོ་དྷ་ དེ་བ་སརྦ་དུཥྚན་ཌཱ་ཀི་ནཱི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བཅུ་པ་མཆོད་པ་བྱིན་གྱིས་བརླབས་ཤིང་འབུལ་བ་ནི༔ རྃ་ཡྃ་ཁྃ༔ ཞེས་པས་མེ་རླུང་ཆུས་མཆོད་རྫས་ཀྱི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས་ནས་སྟོང་པའི་ ངང་ལས་གནས་དང་ཡོ་བྱད་ཐམས་ཅད་དག་པ་ཆེན་པོའི་རོལ་པ་སོ་སོའི་མཚན་ཉིད་དང་ལྡན་པའི་ཀུན་ཏུ་བཟང་པོའི་སྤྲིན་རབ་འབྱམས་སུ་དམིགས་ལ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་མཉམ་པ་ཆེན་པོའི་ངང་ཉིད་ལས༔ 6-5-4b འདོད་པའི་ཡོན་ཏན་མ་འགགས་རོལ་པར་ཤར༔ ཕྱི་ནང་གསང་བའི་མཆོད་པ་བསམ་མི་ཁྱབ༔ ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤཔྟ་ཨཱ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ སརྦ་པཉྩ་ཨ་མྲྀ་ཏ་ཧྲཱི་ཋཱ༔ ཨོཾ་མ་ཧཱ་བ་ལིངྟ་ཏེ་ཛོ་བྷ་ལིང་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ༔ ཨོཾ་སརྦ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཞེས་བྱིན་གྱིས་ བརླབས་ནས༔ ཧཱུྃ༔ རྣལ་འབྱོར་བདག་ཅག་ཚོགས་གཉིས་བསགས་པ་དང་༔ རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་བའི་ཕྱིར༔ ཕྱི་ནང་གསང་བའི་མཆོད་སྤྲིན་ཆེན་པོ་རྣམས༔ འབུལ་གྱི་ བྱིན་གྱིས་བརླབ་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིང་ཏ་མ་ཧཱ་རཀྟ་ཨ་ཧོ་སུ་ཁ་ས་མ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་ས་མ་ཡ་ཛ་ཛཿ ཞེས་པས་སྤྱན་དྲངས་ལ༔ བཅུ་གཅིག་པ་བཤགས་པ་བྱ་བ་ནི༔ ཧཱུྃཿ བདེ་གཤེགས་ཞི་ཁྲོ་རིག་འཛིན་སྲུང་མར་བཅས༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་དགོངས་སུ་གསོལ༔ དད་དང་བརྩོན་འགྲུས་བརྟུལ་ ཞུགས་ཆུང་བ་དང་༔ ལེ་ལོ་གཡེང་བའི་དབང་དུ་གྱུར་པས་ན༔ རྩ་བ་ཡན་ལག་བཅས་པའི་དམ་ཚིག་རྣམས༔ ཉམས་ཆག་འགལ་འཁྲུལ་གྱུར་པས་གཞུང་དང་འགལ༔ 6-5-5a རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པ༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ ཀྱང་༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་འབྲས་བུའི་མཆོག༔ རྩོལ་བ་མེད་པར་དུས་འདིར་གྲུབ་པར་མཛོད༔ ཡིག་བརྒྱ་ལན་གསུམ་བཟླ་བར་ བྱའོ༔ གཉིས་པ་དངོས་གཞི་ལ་ལྷ་བསྐྱེད་སྤྱན་དྲངས་མཆོད་བཟླས་བཞི༔ དང་པོ་ལྷ་བསྐྱེད་པ་ལ་ཐོག་མར་ཏིང་ངེ་འཛིན་གསུམ་བསྒོམ་པ་ནི༔ དང་པོ་རང་གི་སེམས་ཉིད་མཉམ་པ་ཆེན་པོའི་དབྱིངས་དེ་བཞིན་ཉིད་ལ་བློ་བཞག་སྟེ༔ ཧཱུྃཿ རྣམ་དག་བྱང་ཆུབ་སེམས་ཀྱི་རང་བཞིན་ནི༔ གདོད་ནས་མ་སྐྱེས་ཡེ་བརྡལ་གཏིང་མཐའ་མེད༔ མི་གནས་མི་དམིགས་སྤྲོས་པ་མེད་པའི་ངང་༔ བརྗོད་མེད་བསམ་འདས་མཉམ་ ཉིད་དབྱིངས་སུ་རྫོགས༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་བ་ཨད་མ་ཀོ྅ཧཾ༔ དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཀུན་ཏུ་སྣང་བའི་རྩལ་འགགས་པ་མེད་པའི་འོད་མཐིང་ནག་ ཀུན་ཏུ་ཁྱབ་པ་ལ་བློ་བཞག་སྟེ༔ ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་ཉིད་ལས༔ གཟུང་འཛིན་མཚན་མ་རྡུལ་ཙམ་མི་གནས་ཀྱང་༔ རྩོལ་མེད་དབྱིངས་ལས་འགགས་པ་མེད་པའི་ཕྱིར༔ སྒྱུ་མའི་ཕྱག་རྒྱའི་བྱེ་ 6-5-5b བྲག་ཅིར་ཡང་གསལ༔ དྷརྨ་དྷཱ་ཏུ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ༔ རང་སེམས་རྒྱུའི་ཡི་གེ་ཧཱུྃ་ལས་འོད་ཟེར་འཕྲོས་འདུས་རྡོ་རྗེ་དང་དེ་ལས་ཡེ་ཤེས་སེམས་དཔའ་སྨུག་ནག་ཞལ་གཅིག་ཕྱག་གཉིས་ཚོན་གང་བའི་སྐུར་གསལ་བར་བལྟས་ལ༔ ཆོས་ཉིད་དབྱིངས་སུ་ཐམས་ཅད་སངས་རྒྱས་ཤིང་༔ སྐྱེ་མེད་བདེ་ཆེན་ངང་དུ་རོ་གཅིག་ཀྱང་༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ཀྱིས༔ རང་རིག་ཡེ་ཤེས་ཆོས་སྐུ་མངོན་དུ་ཤར༔ བཛྲ་ ཙིཏྟ་ཧཱུྃ༔ ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་ཨེ་སོགས་ས་བོན་རྣམས་འཕྲོས་ཏེ༔ རྟེན་དང་བརྟེན་པའི་ལྷ་བསྐྱེད་པ་ནི༔ ཨེ༔ ཀུན་བཟང་ཐིག་ལེའི་ངང་དུ་དབྱེར་མེད་ཀྱང་༔ སྣང་སྲིད་ལོག་ལྟ་འཁོར་བ་བསྒྲལ་ སླད་དུ༔ རྒྱུད་དྲུག་སྐྱེ་འགྲོ་ཀུན་དང་བདག་ཉིད་ཀྱི༔ སེམས་ནི་མཐའ་དབུས་མེད་དེ་ནམ་མཁའི་དབྱིངས༔ དབུགས་ནི་སྐྱེད་བྱེད་རླུང་ནག་རྡོ་རྗེས་གཏམས༔ ཆུ་ནི་སྦྱོང་བྱེད་མཚན་མའི་བག་ ཆགས་འཁྲུད༔ གཟུགས་ནི་འགགས་མེད་ཕྱག་རྒྱའི་རྟགས་མཆོག་འཛིན༔ དྲོད་ནི་གཡོས་བྱེད་མཚན་མའི་བག་ཆགས་བསྲེགས༔ སྲིད་གསུམ་དབྱིངས་སུ་ཡེ་ནས་ལྷུན་གྲུབ་ཅིང་༔ མ་འགགས་འབྲུ་ལྔ་ཡི་གེའི་འཕྲོ་འདུ་ཡིས༔ རིན་ཆེན་རིགས་ཀྱི་ཆོ་འཕྲུལ་འབྱུང་བ་ལྔ༔ ཕོ་བྲང་གཞལ་ཡས་འདེགས་པའི་རྟེན་ཏུ་བརྟན༔ ཨེ་ཡཾ་ར་སུཾ་ཀེཾ་རཾ༔ ཨེ་ལས་ནམ་མཁའ་མཐའ་ 6-5-6a དབུས་མེད༔ ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད༔ ར་ལས་རཀྟའི་རྒྱ་མཚོའི་དལ༔ སུཾ་ལས་ཞིང་ཆེན་ས་གཞི་སྟེ༔ ཀེཾ་ལས་རུས་པའི་རི་རབ་བརྩེགས༔ རཾ་ལས་ མེ་འོད་རབ་ཏུ་འབར༔ ཨེ་ཨགྣི་མཎྚ་ལ༔ ཡཾ་ཀརྨ་མཎྚ་ལ༔ ར་རཀྟ་མཎྚ་ལ༔ སུཾ་ཏིཀྵྞ་མཎྚ་ལ༔ ཀེཾ་ནི་རི་ཏི་ཛྭ་ལ་མཎྚ་ལ༔ རཾ་ཛྭ་ལ་མཎྚ་ལ༔ ཧཱུྃ༔ བྷྲཱུྃ་ལས་བནྡྷའི་གཞལ་ཡས་ཁང་༔ ཕོ་ བྲང་ཆེན་པོ་དགུ་དང་ལྡན༔ ཕྱི་ནང་མེད་པའི་དཀྱིལ་འཁོར་གསལ༔ དེ་དབུས་དྲེགས་པ་ཉི་ཟླའི་གདན༔ ཚོམ་བུ་དགུ་ཡི་ལྷ་ཚོགས་ཀྱི༔ གཙོ་དང་འཁོར་རྣམས་བཞུགས་གནས་ཉི༔ ཟླ་ གམ་དབང་ཆེན་འབར་བའི་གཞལ་ཡས་ནི༔ དཔག་གིས་མི་ལངས་མཐའ་དབུས་མེད་པར་བརྡལ༔ ཚད་ལས་འདས་པ་རྦ་ཀློང་ཡོངས་ལ་ཁྱབ༔ ཁྱད་པར་ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ༔ བནྡྷ་སྨུག་ནག་འབར་བའི་ཁང་བཟང་ནི༔ མཐུ་ཆེན་བདུད་ཀྱི་རྒྱལ་པོའི་མགོ་བཅད་བརྩིགས༔ རྔམ་པའི་ཁྲོ་བོ་རྣམས་ཀྱི་གཟེར་གྱིས་བཏབ༔ དྲེགས་པ་ལྷ་ཆེན་བརྒྱད་ཀྱི་ཀ་གདུང་ལ༔ གདུག་པའི་ཀླུ་རྒྱལ་ཀུན་གྱིས་རབ་ཏུ་གཏམས༔ གཟའ་ཆེན་ཁ་བད་རྒྱུ་སྐར་མིག་ཚགས་བྱས༔ རྒྱལ་མཚན་བླ་རེ་ཉ་ཆེན་འཕན་གདུགས་གསལ༔ གདུག་བྱེད་སྦྲུལ་ནག་བཤིབས་པའི་ཟ་ར་ 6-5-6b ཚགས༔ དེ་སྟེང་ཐབས་ཀྱི་འཁོར་ལོ་རྩིབས་སྟོང་འབར༔ འོག་ཏུ་ཤེས་རབ་པདྨ་འདབ་སྟོང་གདལ༔ གནོད་སྦྱིན་གདུག་པའི་ཚོགས་རྣམས་ཐམས་ཅད་དང་༔ ཚངས་པ་ལྷ་ཆེན་བརྒྱ་བྱིན་ ཕོ་མོ་རྣམས༔ དྲག་པོའི་ཤུགས་ཀྱིས་བསྒྲལ་ནས་གདན་དུ་བསྣོལ༔ དྲེགས་པ་མ་ལུས་དབང་དུ་བསྡུ་བའི་ཕྱིར༔ བཀའ་ཉན་གུས་ཕྱིར་ཕྱོགས་མཚམས་གདན་དུ་བསྣོལ༔ བྷྲཱུྃ་བི་ ཤྭ་བི་ཤུད་དྷེ་བནྡྷ་ཛྙཱ་ན་ཨེ་ཙཀྲ་མཎྜལ་བྷྲུཾ༔ ཙཀྲ་གརྦྷེ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཨཱཿ ཡཀྴ་མཎྜལ་པྲ་མ་ནི་མ་ཧཱ་དེ་བ་ཨུ་མ་དེ་བཱི་ཏི་ར་བཾ༔ དེ་ལྟར་སྣོད་རྣམ་པར་དག་པ་ལྷའི་གཞལ་ཡས་ཁང་དུ་བསྐྱེད་ནས༔ བཅུད་རྣམ་དག་ལྷའི་འཁོར་ལོར་བསྐྱེད་པ་ནི༔ ཡེ་ཤེས་སེམས་དཔའ་འོད་དུ་ཞུ་ནས་ཧཱུྃ་དུ་གྱུར༔ དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་ཏེ་ཐིམ་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དེ་འོད་དུ་ཞུ་ནས་ ཆེ་མཆོག་གི་སྐུར་བསྒོམ་པར་བྱ་སྟེ༔ ཧཱུྃ༔ སྙིང་པོ་ཡེ་ཤེས་ཧཱུྃ་གི་བྱིན་རླབས་ལས༔ ཀུན་བཟང་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྨུག་ནག་འབར་བ་འཇིགས་བྱེད་རྔམ་པའི་སྐུ༔ ཉི་ཤུ་རྩ་གཅིག་དབུ་རྣམས་ས་དང་སྦྱོར༔ སྐྱེ་ཤི་རྩད་གཅོད་བཞི་བཅུ་རྩ་གཉིས་ཕྱག༔ གདུག་པའི་མཚོན་ཆ་འབར་བའི་ཕྱག་མཚན་ནི༔ བཞི་བཅུ་རྩ་གཉིས་དཀྱིལ་འཁོར་ལྷ་དང་ 6-5-7a སྦྱོར༔ སྡང་མིག་གློག་འགྱུ་དྲུག་ཅུ་རྩ་གསུམ་འབར༔ རྣམ་ཐར་ཞབས་བརྒྱད་ཕྱོགས་མཚམས་ཀུན་ཏུ་བརྟན༔ དུར་ཁྲོད་འབར་བའི་ཆས་བརྒྱད་སྐུ་ལ་རྫོགས༔ ཨོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྚ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཧཱུྃ༔ མི་དམིགས་སྤྲོས་མེད་དབྱིངས་ལས་མ་གཡོས་ཀྱང་༔ ཀུན་བཟང་དཔལ་ཆེན་ཐུགས་དམ་བསྐངས་བའི་ཕྱིར༔ རྟོག་ བྲལ་གཉིས་མེད་ངང་ལས་སྐུ་བསྐྱེད་མ༔ ཤེས་རབ་རྣམ་དག་ཆོས་ཀྱི་དབྱིངས་བདག་མོ༔ འབར་བའི་དབུ་དགུ་ཆོས་ཀྱི་དབྱིངས་དང་སྦྱོར༔ རལ་པ་དམར་ཁམ་དབུ་སྐྲ་ལྕང་ལོར་འཁྱིལ༔ ཐབས་དང་ཤེས་རབ་ལྡན་པའི་ཕྱག་བཅོ་བརྒྱད༔ ཕྱག་མཚན་མཚོན་ཆ་འབར་བ་ཅིར་ཡང་སྟོན༔ སྟངས་སྟབས་ཚུལ་དང་ལྡན་པའི་ཞབས་བཞིས་འཁྲིལ༔ སྣ་ཚོགས་ཅིར་ཡང་བསྒྱུར་ བའི་སྐུ་མདོག་ལ༔ རིན་ཆེན་སྣ་ཚོགས་ན་བཟའ་རྒྱན་དུ་ཀླུབས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་རུམ་དུ༔ མི་འགྱུར་གཡུང་དྲུང་དུས་གསུམ་འདུ་འབྲལ་མེད༔ ཐམས་ཅད་སྐྱེད་བྱེད་ དབྱིངས་ཀྱི་ཡུམ་དུ་སྟོན༔ ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་མུཾ༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་ཡབ་ཀྱི་བདེ་ཀློང་ནས༔ ཟླ་བའི་དཀྱིལ་འཁོར་ས་བོན་ཨོཾ་དང་བཅས༔ གནམ་ཞལ་དབྱིངས་ 6-5-7b ཕྱུག་ཡུམ་གྱི་མཁའ་ཀློང་ནས༔ ཉི་མའི་དཀྱིལ་འཁོར་ཐིག་ལེ་མུཾ་དང་བཅས༔ ཨོཾ་དང་མུཾ་གྱི་འཕྲོ་འདུ་གསལ་བ་ལས༔ ཡབ་ཡུམ་བདེ་མཆོག་ཆོས་དྲོད་ཉམས་སུ་ཤར༔ ཧཱུྃ༔ ཏིཥྛ་བཛྲ་ཧཱུྃ༔ པདྨ་མཎྚ་ལ༔ ས་མ་ཡ་ཧོ༔ ས་མ་ཡ་སཏྭཾ༔ ར་ཧོ་ཧཾ༔ ར་ག་ཡ་མི༔ ཨ་ལ་ལ་ཧོ༔ ཛཿཧཱུྃ་བྃ་ཧོ༔ ཧཱུྃ་ཧཱུྃ༔ ཨོཾ་ཧཱུྃ་ཕཊ༔ རིན་ཆེན་པདྨ་རྒྱས་མཛད་ནས༔ གཉིས་མེད་ འཁྲིལ་བས་དགྱེས་པར་ཐིམ༔ བྱང་ཆུབ་སེམས་ཀྱི་སྤྲིན་སྤྲོས་པས༔ སྟོང་གསུམ་ཁྲོ་བོའི་དཀྱིལ་འཁོར་སྤྲོ༔ ཧཱུྃ་ཧཱུྃ༔ འཇིག་རྟེན་དྲེགས་པ་མ་ལུས་བསྒྲལ་ནས་ནི༔ འཁོར་འདས་མ་ལུས་ དབང་དུ་བསྡུད་པའི་ཕྱིར༔ མ་དང་སྲིང་མོ་ཆུང་མ་མཛའ་མོ་བཞིན༔ བྲན་དུ་བྱས་ཏེ་བདག་གི་བཀའ་ཉན་གྱུར༔ སྟོང་གསུམ་འབར་བའི་ཁྲོ་ཆུང་རྣམས༔ བསྡུ་བའི་དངོས་པོས་ཀུན་ བསྡུས་ཏེ༔ དབྱིངས་སུ་ཐིམ་ནས་ཡིག་འབྲུའི་སྐུ༔ ཁྲོ་བོར་གྱུར་ནས་ཕྱོགས་མཚམས་འགོད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཡབ་ཡུམ་གྱི་བྱང་ཆུབ་སེམས་ལས་ནམ་མཁའི་ཁམས་ ཁྱབ་པའི་ཁྲོ་བོ་སྤྲོས་པའི་ཚོགས་ཀྱིས་སྔོན་བྱུང་རུ་ཏྲ་བཏུལ་བའི་རྣམ་པ་དང་མཚུངས་པར་དྲེགས་པ་ཕོ་ཐམས་ཅད་བསྒྲལ་ཏེ་གདན་དུ་བྱས༔ མོ་རྣམས་དབང་དུ་བསྡུས་ཏེ་དལ་དུ་བཞག༔ སླར་ཐམས་ཅད་འདུས་ཏེ་ས་བོན་ 6-5-8a ཧཱུྃ་ཡིག་དགུའི་རྣམ་པར་གྱུར་པ་ལས་ཕོ་བྲང་ཚོམ་བུ་དགུའི་ལྷ་ཚོགས་སུ་གྱུར་པར་བསམས་ལ༔ ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་ཆེ་ མཆོག་ཧེ་རུ་ཡབ༔ གཉིས་མེད་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་ཡུམ༔ རིགས་བཞི་ཡབ་ཡུམ་ཁྲོ་བཅུ་སྒོ་བར་གསལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་གྱི་ཕྱོགས་ ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཡབ༔ གཉིས་མེད་ཡུམ་ཆེན་ཀྲོ་དྷྭི་ཤྭ་རི་ཡུམ༔ རིགས་བཞི་ཡབ་ཡུམ་ཀཽ་སེང་སྒོ་མར་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་ཡབ༔ གཉིས་མེད་ཡུམ་མཆོག་བེ་ཏ་ཛ་ཏི་ཡུམ༔ གཤེད་བཞི་ཡབ་ཡུམ་ ཕྱོགས་སྐྱོང་སྒོ་བར་གསལ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་པདྨ་དབང་ཆེན་ཡབ༔ གཉིས་མེད་ཡུམ་ མཆོག་པདྨ་གཟི་ལྡན་ཡུམ༔ སྲས་མཆོག་ཟིལ་གནོན་ཡབ་ཡུམ་སྒོ་བར་གསལ༔ ཨོཾ་པདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ 6-5-8b བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ༔ གཉིས་མེད་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་ཡུམ༔ སྲས་མཆོག་ཁྲོ་བཅུ་ཕྲ་ཐབས་སྒོ་མར་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སརྦ་བིག་ནན་ བྃ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཉིད་གཞི་མུ་ཁ་ལེ༔ དབྱིངས་དང་ཡེ་ཤེས་སྨན་མོ་སྒོ་མར་ གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ༔ གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་ས་ཏྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་རིག་ འཛིན་ཐོད་པ་རྩལ༔ རིགས་བཞིའི་རིག་འཛིན་གྲུབ་པའི་རིག་འཛིན་བརྒྱད༔ རྡོ་རྗེ་སློབ་དཔོན་བཞི་ཡི་སྐུ་རུ་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་མཚམས་ ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ༔ གཉིས་མེད་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་ཡུམ༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་སྐུ་རུ་གསལ༔ ཨོཾ་བཛྲ་ཙཎྚ་སརྦ་དུཥྚན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ཡབ༔ གཉིས་མེད་ཡུམ་ཆེན་འབྱུང་ལྔའི་བདག་ 6-5-9a མོ་ཡུམ༔ སྔགས་བདག་དྲེགས་པ་བཅོ་བརྒྱད་སྐུ་རུ་གསལ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཧཱུྃ༔ དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་འཁོར་ཡུག་ན༔ དབང་ཕྱུག་ མཁའ་འགྲོ་གིང་དང་ལང་ཀ་དང་༔ འབར་མ་ཕོ་ཉ་མ་བདུན་སྲིང་བཞི་དང་༔ ས་བདག་མོ་དང་མཁའ་འགྲོ་བརྟན་མར་གསལ༔ ཨོཾ་བཛྲ་སརྦ་མ་ཧཱ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ དེ་ལྟར་བསྐྱེད་ནས་ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པ་དང་ཡེ་ཤེས་ལྔས་དབང་བསྐུར་བ་ནི༔ ཧཱུྃ༔ བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི༔ ཁྲོ་རྒྱལ་ཡེ་ནས་ཡིན་པའི་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་རླབས་ཅིང་༔ ཡེ་ཤེས་ལྔ་ཡིས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ནི༔ ཧཱུྃ༔ རྣམ་དག་མཉམ་པ་ཆེན་པོའི་ངང་ཉིད་ལས༔ རིག་པའི་དབྱིངས་ལས་ སྐྱེ་བ་མེད་མོད་ཀྱང་༔ སྐྱེ་བའི་ཆོ་འཕྲུལ་བཀའ་བརྒྱད་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལས་གནས་འདིར་གཤེགས་སུ་གསོལ༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་ཧྲིཾ་ཧྲིཾ་ཛ་ཛཿ བཞུགས་སུ་གསོལ་ བ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ལ་སོགས་པའི༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དྲེགས་པ་ཉི་ཟླ་པདྨའི་གདན་ཁྲི་ལ༔ བདག་ལ་དགྱེས་ཤིང་བརྟན་ 6-5-9b པར་བཞུགས་སུ་གསོལ༔ ཛཿཧཱུྃ་བྃ་ཧོ་ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛཱ་ལྷན༔ དེ་ནས་ཕྱག་སོགས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ འགྲོ་བའི་ལོག་རྟོག་མ་ལུས་ འདུལ་བའི་ཕྱིར༔ ཡེ་ཤེས་སྐུ་མཆོག་སོ་སོར་བསྟན་པའི་ལྷ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ་ཚོགས་ལ༔ བདག་གི་སྒོ་གསུམ་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ན་མོ༔ མཆོད་པ་འབུལ་བ་ལ༔ ཕྱི་མཆོད་ནི༔ ཧཱུྃ༔ བདེ་བར་གཤེགས་འདུས་ལྷ་རྣམས་ལ༔ ཐུན་མོང་མཆོད་པ་འབུལ་བ་ནི༔ ཡོན་ཆབ་ཨརྒྷཾ་མེ་ཏོག་སྤོས༔ མར་མེ་དྲི་དང་ ཞལ་ཟས་དང་༔ རོལ་མོ་སྒྲ་སྙན་བསམ་མི་ཁྱབ༔ དངོས་སུ་སྦྱར་དང་ཡིད་ཀྱིས་སྤྲུལ༔ བདག་པོས་ཡོངས་སུ་མ་བཟུང་སོགས༔ མཉེས་པར་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་ སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ནང་མཆོད་ནི༔ ཧཱུྃ༔ རྒྱལ་བ་ཞི་ཁྲོ་འཁོར་བཅས་ལ༔ ཁྱད་པར་མཆོད་པ་འབུལ་བ་ནི༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ དྲི་ལྡང་རོ་བརྒྱ་རེག་ན་འཇམ༔ མང་པོ་བསམ་གྱིས་མི་ཁྱབ་པ༔ ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས༔ སྒོ་ལྔའི་དབང་པོའི་ཡེ་ཤེས་ 6-5-10a ལྔར༔ དགྱེས་པར་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པཾ་ཤཔྟ་གྷནྡྷེ་ར་ས་སྤརྴེ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ གསང་མཆོད་ནི༔ ཧཱུྃ༔ གསང་བའི་ དཀྱིལ་འཁོར་ལྷ་རྣམས་ལ༔ བཀའ་གསང་རྨད་བྱུང་མཆོད་པ་ནི༔ དཔའ་བོ་འབྲུ་བཅུད་ཛ་གད་ཆང་༔ ཚིལ་ཆེན་མར་མེ་ཤ་ཆེན་སྤོས༔ དབང་པོའི་མེ་ཏོག་རཀྟའི་ཆབ༔ བདུད་རྩིའི་ དྲི་དང་རྐང་གླིང་སྒྲ༔ དྲི་ཆེན་བཤོས་དང་དྲི་ཆུའི་རྒྱུན༔ ཤ་ཆེན་རཀྟ་བྱང་ཆུབ་སེམས༔ རང་ལ་གནས་པའི་བདུད་རྩི་ལྔ༔ རྩ་བ་ཡན་ལག་ཇི་སྙེད་ཀུན༔ མ་ལུས་འབུལ་གྱིས་བཞེས་སུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་པཱུ་ཛ་མེ་གྷ་ཁཱ་ཧི༔ དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ བཅོམ་ལྡན་ཞི་ཁྲོའི་དཀྱིལ་འཁོར་ལྷར༔ གཏི་མུག་གཟུགས་ཕུང་དེ་བཞིན་རིགས༔ ཞེ་སྡང་རྣམ་ཤེས་རྡོ་རྗེའི་རིགས༔ ང་རྒྱལ་ཚོར་བ་རིན་ཆེན་རིགས༔ འདོད་ཆགས་འདུ་ཤེས་པདྨའི་རིགས༔ ཕྲག་དོག་འདུ་བྱེད་ལས་ཀྱི་རིགས༔ ཆོས་དབྱིངས་གསལ་དྭངས་མཉམ་པ་ཉིད༔ སོ་སོར་རྟོག་དང་ནན་ཏན་དང་༔ ཡེ་ཤེས་ལྔ་རུ་བཞེས་སུ་གསོལ༔ ཨོཾ་ཛྙཱ་ན་པཉྩ་མ་ཧཱ་པཱུ་ཛ་མེ་གྷ་ཧཱུྃ༔ སྨན་མཆོད་ནི༔ ཧཱུྃ༔ རྣམ་རྟོག་མ་སྤངས་ཡེ་ཤེས་དངོས་གྲུབ་རྫས༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་འདི༔ ཡེ་ 6-5-10b ཤེས་ལྔ་རྫོགས་སྒྲུབ་པའི་རྫས་ཆེན་པོ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ་རྣམས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་དངོས་གྲུབ་མ་ལུས་ སྩལ་དུ་གསོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བདུད་རྩིའི་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ དོན་དམ་བདེ་བ་ཆེན་པོའི་དཀྱིལ་འཁོར་ལས༔ མཚུངས་པ་མེད་པའི་བནྡྷའི་སྣོད་ནང་དུ༔ ཡེ་ཤེས་ ལྔ་རྫོགས་བདུད་རྩི་རིན་ཆེན་གཏེར༔ སྙིང་པོ་མེད་ལས་དངོས་གྲུབ་སྙིང་པོ་བླངས༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ གཏོར་མའི་མཆོད་པ་ནི༔ ཧཱུྃ༔ རྨད་དུ་བྱུང་བའི་གཏོར་ མ་ཆེན་པོ་འདི༔ ཆོས་ཉིད་སྐྱེ་བ་མེད་པའི་ངང་ཉིད་ལས༔ འདོད་པའི་ཡོན་ཏན་ཚོགས་ཀྱིས་རབ་བརྒྱན་ཏེ༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ ཨོཾ་མ་ཧཱ་བ་ལིང་ཏ་ཁཱ་ཧི༔ རཀྟའི་མཆོད་པ་ནི༔ ཧཱུྃ༔ ཉོན་མོངས་རྩ་བ་འཁོར་བའི་ཁྲག་ཆེན་འདི༔ འཁོར་བ་མ་ལུས་དབྱིངས་སུ་སྟོང་བྱའི་ཕྱིར༔ དུང་ཆེན་སྣོད་དུ་ཁྲག་ཆེན་རབ་སྦྱར་ཏེ༔ སྒྲུབ་པ་ བཀའ་བརྒྱད་ལྷ་ཚོགས་ཐུགས་དམ་བསྐང་༔ མ་ཧཱ་རཀྟ་མཎྚ་ལ་ཁཱ་ཧི༔ མཆོད་པ་ཀུན་འབུལ་བ་ནི༔ ཧཱུྃ༔ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱག་རྒྱ་གར་དང་ཕྱི་ནང་མཆོད་པ་དང་༔ 6-5-11a སྦྱོར་སྒྲོལ་གཏོར་མ་རཀྟའི་མཆོད་པ་དང་༔ དམ་རྫས་བདུད་རྩི་རྫས་ཀྱི་མཆོད་པ་རྣམས༔ ཆོས་ཉིད་རོལ་པའི་རྒྱན་དུ་འབུལ་ལགས་ན༔ གཉིས་མེད་བླང་དོར་མེད་པར་ བཞེས་ནས་ཀྱང་༔ མཐུན་འཇུག་རིགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་པཱུ་ཛ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་ཀྱི་ངང་༔ སྐྱེ་མེད་ཆོས་ཀྱི་ དབྱིངས་ལས་མ་གཡོས་ཀྱང་༔ ཐབས་ལ་མཁས་པས་སོ་སོའི་སྐུར་སྟོན་པ༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་བསྟོད༔ ཆེ་མཆོག་ཡོན་ཏན་ལྷ་ལ་ཕྱག་འཚལ་བསྟོད༔ ཐུགས་ མཆོག་ཡང་དག་ལྷ་ལ༴ སྐུ་མཆོག་གཤིན་རྗེའི་ལྷ་ལ༴ གསུང་མཆོག་དབང་ཆེན་ལྷ་ལ༴ ཕྲིན་ལས་ཕུར་པའི་ལྷ་ལ༴ མ་མོ་རྦོད་གཏོང་ལྷ་ལ༴ རིག་འཛིན་བླ་མའི་ཚོགས་ལ༴ འཇིག་རྟེན་མཆོད་བསྟོད་ལྷ་ལ༴ དམོད་པ་དྲག་སྔགས་ལྷ་ལ༴ ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ དཀྱིལ་འཁོར་གྱི་ལྷ་རྣམས་སྣང་ལ་རང་བཞིན་མེད་པར་ གསལ་བའི་གཙོ་བོ་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་མེད་པ་ཚོན་གང་བའི་ཐུགས་རིན་པོ་ཆེ་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུའི་ནང་ན༔ སྲན་ཟླུམ་ཙམ་གྱི་ཉི་མའི་སྟེང་དུ་རྡོ་རྗེ་མཐིང་ག་འགྲེང་ 6-5-11b ཐབས་ནས་འབྲས་ཙམ་གྱི་ལྟེ་བར་ཧཱུྃ་མཐིང་ནག་ཡུངས་འབྲུ་ཙམ་ལ་སོ་སོའི་རྩ་སྔགས་གཙོ་བོའི་ཁ་དོག་དང་མཐུན་པ་གཡོན་སྐོར་དུ་འཁོད༔ ཡེ་ཤེས་སེམས་དཔའི་ཐུགས་སྲོག་ལས་འོད་ཟེར་ཁ་དོག་ལྔ་པ་ཕྱིར་འཕྲོས་ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་པས་ལྷའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་སྣང་ལ་རང་བཞིན་མེད་པར་གསལ་བ་སྐུ་ཕྱག་རྒྱ་ཆེན་པོའི་ཛབ་དགོངས་དང་༔ ཡེ་ཤེས་སེམས་དཔའི་ ཐུགས་སྲོག་ཧཱུྃ་ལས༔ ཞི་བ་ལ་ཨཱ་དཀར་པོ་དང་༔ ཁྲོ་བོ་ལ་ཕཊ་མཐིང་ནག་གྲངས་མེད་པ་ཕྱིར་འཕྲོས་པས༔ འཕགས་པ་ཐམས་ཅད་ཀྱི་ཐུགས་དམ་རྒྱུད་བསྐུལ༔ སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བསྒྲལ་ཏེ་ ཚུར་འདུས་པའི་ཡིག་འབྲུ་རྣམས་ཞི་ཁྲོའི་སྐུར་གྱུར་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་གྱི་བཟླས་པར་བསམས་པ་གསུང་གི་ཛབ་དགོངས་དང་༔ དེའི་དུས་སུ༔ སྐུ་ལྷར་གསལ་བ༔ གསུང་སྙིང་པོ་སྒྲོགས་པ༔ ཐུགས་ཡེ་ཤེས་ཆེན་པོ༔ དེ་གསུམ་དབྱེར་མེད་པ་འཕྲོས་འདུས་དོན་གཉིས་བྱེད་པ་རྣམས་རིམ་པ་ལྟར་མེ་ལོང་སོར་རྟོག་ཆོས་དབྱིངས་མཉམ་ཉིད་བྱ་གྲུབ་ཀྱི་ཡེ་ཤེས་ལྔ་ཡིན་ཞིང་༔ ཐམས་ཅད་དཔའ་ཆེན་པོའི་ཐུགས་གཉིས་སུ་མེད་པ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངང་དུ་གནས་པ་ནི་ཐུགས་ཀྱི་ཛབ་དགོངས་ཏེ་དེ་ལྟ་བུའི་དགོངས་པ་དང་ལྡན་པས༔ གོང་གི་ལྷ་བསྐྱེད་སྐབས་ལྟར༔ ཁྲོ་བོའི་ལྷ་རྒྱུད་ཡོངས་ 6-5-12a ཀྱི་སྙིང་པོ་ཆེ་མཆོག་གི་རྩ་སྔགས་འབྲུ་བཅུ་གསུམ་མ་དང་༔ ཁྲོ་བོ་ཀུན་གྱི་སྙིང་པོ་ཡང་དག་གི་རུ་ལུ་འབྲུ་དགུ་པ་དང་༔ གཤིན་རྗེ་གཤེད་ཀྱི་མ་གཤིན་འབུམ་སྡེའི་སྲོག་སྙིང་ཨཱ་ཀྲོ་འབྲུ་བཅུ་བདུན་མ་དང་༔ གསུང་གི་ལྷ་རྒྱུད་ཡོངས་ཀྱི་སྙིང་པོ་རྟ་མགྲིན་གྱི་འབྲུ། ཛབ་བསྐུལ་ལྟར་ན་བཅུ་དགུ་ཡིན། མཆན། བཅོ་ལྔ་པ་དང་༔ ཕྲིན་ལས་ལྷ་རྒྱུད་ཀྱི་སྙིང་པོ་ཕུར་པའི་ཀཱི་ལ་ཡ་འབྲུ་བཅོ་ལྔ་པ་དང་༔ སྲིད་པ་མ་མོའི་སྙིང་པོ་འབྲུ་སོ་གཅིག་པ་དང་༔ དྲེགས་པ་འདུས་པའི་སྙིང་ པོ་འབྲུ་བཅུ་གཅིག་པ་དང་༔ དམོད་པ་དྲག་སྔགས་ཀྱི་སྙིང་པོ་འབྲུ་དགུ་པ་དང་། རིག་འཛིན་བླ་མའི་སྙིང་པོ་འབྲུ་བཅུ་གསུམ་པ་རྣམས་བཟླ་བར་བྱའོ༔ སྤྲོ་ན་ཛབ་བསྐུལ་དང་ཚེ་སྒྲུབ་ཀྱང་ བྱའོ༔ རྗེས་སུ་ཚོགས་ཀྱི་མཆོད་པ་བྱ་བ་ལ༔ ཤ་ཆང་ལ་སོགས་པའི་དམ་ཚིག་གི་རྫས་བཤམས་ལ་བྱིན་གྱིས་བརླབས་པ་ནི༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་སྒྱུ་མར་རིག་པ་ལས༔ རིག་ པའི་ཡེ་ཤེས་རྃ་ཡྃ་ཁྃ༔ དེ་ལས་མེ་རླུང་ཆུ་བྱུང་བས༔ ཚོགས་ཀྱི་རྣམ་རྟོག་བསྲེགས་གཏོར་བཀྲུས༔ རྃ་ཡྃ་ཁྃ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་ཀུན་སྒྱུ་མར་རིག་པ་ ལས༔ རིག་པའི་ཡེ་ཤེས་བྷྲཱུྃ་འཕྲོས་པས༔ རྫས་རྣམས་འདོད་ཡོན་ཚོགས་སུ་བསྒྱུར༔ ཨོཾ་གྱིས་མི་གཙང་ཉེས་པ་སྦྱངས༔ ཨཱཿཡིས་དཔག་ཏུ་མེད་པར་སྤེལ༔ ཧཱུྃ་གིས་སྣ་ཚོགས་ 6-5-12b གང་འདོད་བསྒྱུར༔ ཧྲཱིཿཡིས་མ་ལུས་ཁྱབ་པར་བྱས༔ བྷྲཱུྃ་ཨོཾ་ཨཱཿཧཱུྃ་ཧྲཱིཿདེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་གནས་མཆོག་དམ་པ་དང་༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་ ཞིང་ཁམས་དང་༔ ཐུགས་རྗེ་ཐབས་མཁས་ཞི་ཁྲོའི་ཕོ་བྲང་མཆོག༔ རང་བྱུང་ལྷུན་གྲུབ་དགུ་ཡི་གཞལ་ཡས་ནས༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་ཀུན་འདུལ་བ༔ རྒྱལ་བ་ཞི་ཁྲོ་སྒྲུབ་ ལུང་བརྒྱུད་ཀྱི་ལྷ༔ ཡབ་ཡུམ་སྲས་དང་ཕོ་ཉ་སྤྲུལ་པར་བཅས༔ སྒྲུབ་ཅིང་མཆོད་པ་བཤམས་པའི་གནས་འདི་རུ༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་ ས་མ་ཡེ་ཛཿཧཱུྃ་བྃ་ཧོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་པྲ་ཏི་ཛ་ཧོ༔ ཚོགས་དང་པོ་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཆེན་པོ་འདིར༔ རིན་ཆེན་སྣ་ཚོགས་རྒྱན་ གྱིས་བརྒྱན་པ་དང་༔ རྒྱལ་མཚན་འཕན་གདུགས་བླ་རེ་ལྷབ་ལྷུབ་དང་༔ བདུག་སྤོས་དྲི་ཞིམ་མེ་ཏོག་སིལ་མར་བཀྲམ༔ བདུད་རྩི་དྲི་དང་སྣང་གསལ་སྒྲོན་མེར་བཅས༔ ལྷ་དང་མི་ཡི་ རོལ་མོ་སྣ་ཚོགས་དང་༔ གླུ་གར་བྲོ་དང་ཚིགས་སུ་བཅད་པས་བསྟོད༔ བཟའ་བཏུང་བདུད་རྩི་རོ་མཆོག་སྣ་ཚོགས་དང་༔ རྒྱལ་སྲིད་རིན་ཆེན་སྣ་བདུན་ཡིད་འོང་རྫས༔ གོས་ 6-5-13a དང་རྒྱན་དང་རིན་ཆེན་རྒྱན་གྱིས་མཛེས༔ སྒེག་མོ་ཕྲེང་ཐོགས་རིན་ཆེན་དབྱངས་མཁན་མ༔ སྤོས་མཆོག་མར་མེ་ལ་སོགས་བྱུགས་པ་དྲི༔ གཟུགས་སྒྲ་དྲི་རོ་རེག་བྱ་ ཆོས་ལ་སོགས༔ ཐབས་ལྡན་རོལ་པའི་མཆོད་པ་སྣ་ཚོགས་དང་༔ བླ་མེད་མཆོག་གི་མཆོད་པ་སྦྱར་བ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་ བརྒྱན་ནས༔ སྒྲུབ་པ་བཀའ་བརྒྱད་ལྷ་ལ་མཆོད་པ་འབུལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ག་ན་ཙཀྲ་པཱུ་ཛ་ཁཱ་ཧི་ཁཱ་ཧི༔ གཉིས་པ་བསྒྲལ་ཞིང་བསྟབ་པའི་མཆོད་པ་ནི༔ ནྲྀ་ཏྲི་བཛྲ་ཨངྒུ་ཤ་ཛཿཛཿཧཱུྃ་བྃ་ཧོ༔ ཞེས་པས་བཀུག་ལ༔ ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ ཆོས་སྐུ་དྲག་པོའི་ངང་ཉིད་ལས༔ དྲག་པོར་མ་གྱུར་གང་ཡང་མེད༔ སྒྲུབ་མཆོག་ བདག་གཞན་མ་ལུས་ཀྱི༔ དགྲ་དང་གནོད་པའི་ཚོགས་རྣམས་ཀུན༔ ཐམས་ཅད་མ་ལུས་བསྒྲལ་བར་མཛོད༔ དགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་རྦད༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་རྣམས༔ གྲུ་གསུམ་ཧོམ་ཁུང་གདངས་པའི་ཞལ་ཕྱེས་ཤིག༔ ཆོས་ཉིད་མི་འགྱུར་ནམ་མཁའི་རང་བཞིན་ལས༔ གཟུགས་སྣང་རྟོག་པའི་ 6-5-13b བག་ཆགས་ཀུན་སྦྱངས་ཤིང་༔ འཁོར་བའི་ལམ་ལྔ་དགག་པར་བྱ་བའི་ཕྱིར༔ དགྲ་བགེགས་བསྒྲལ་བའི་དུག་གསུམ་ཤ་ཁྲག་རུས༔ ཞལ་ཟས་ཚོགས་ལ་བཀའ་བརྒྱད་ལྷ་ཚོགས་རོལ༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་རྃ་ཁཱ་ཧི༔ ཚོགས་ཐ་མ་ལ་བཤགས་པ་ནི༔ ཧཱུྃ༔ སྒྲུབ་པ་བཀའ་བརྒྱད་རིག་འཛིན་སྲུང་མའི་ཚོགས༔ བདག་གིས་རྒྱལ་བའི་བཀའ་བཞིན་སྒྲུབ་མ་ལྕོགས༔ ཚོགས་ ཀྱི་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཞལ་ཟས་ཚོགས་ལ་བྱིན་གྱིས་མ་རློབས་པས༔ གཙང་སྦྱོར་ལ་སོགས་ཆུང་བ་མཐོལ་ལོ་བཤགས༔ རྩ་བ་ཡན་ལག་དམ་ཚིག་ཉམས་གྱུར་པ༔ ཞལ་ཟས་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ རྣལ་འབྱོར་མཆེད་དང་ལྕམ་དྲལ་ཐམས་ཅད་ཀྱིས༔ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི་ཕུལ་བས༔ ཚེ་དང་ལོངས་སྤྱོད་ཕུན་སུམ་ ཚོགས་པ་དང་༔ ཕྱི་མར་ཚོགས་རྫོགས་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་ལ་ཨོཾ་ཨཱཿཧཱུྃ་ཧྲཱིས་བྱིན་གྱིས་བརླབས་ལ༔ དང་པོ་ཡར་གནས་མཆོད་པ་ནི༔ ཧཱུྃ༔ ཆོས་དབྱིངས་དུར་ཁྲོད་ འབར་བའི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ སྔགས་ཚིག་བཤུག་པའི་བརྡ་ཡིས་མཚོན་ནས་ཀྱང་༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ 6-5-14a ཞིང་ཆེན་གཡབ་མོའི་བརྡ་ཡིས་མཚོན་ནས་ཀྱང་༔ མ་ལུས་འཁོར་བཅས༴ གླུ་གར་ཕྱག་རྒྱའི་བརྡ་ཡིས་མཚོན་ནས་ཀྱང་༴ མ་ལུས་འཁོར་བཅས༴ རྔ་གླིང་དུང་ ཆེན་བརྡ་ཡིས་མཚོན་ནས་ཀྱང་༔ མ་ལུས་འཁོར་བཅས༴ བདུད་རྩི་རཀྟ་ཕྱར་བས་མཚོན་ནས་ཀྱང་༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ དམ་རྫས་བདུད་རྩིའི་ གཏོར་མ་འདི་ལོངས་ལ༔ རྣལ་འབྱོར་བདག་གི་བཅོལ་བའི་ཕྲིན་ལས་མཛོད༔ ཞེས་དང་མར་གནས་ཚན་དགུ་མཆོད་པ་ནི༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ དཀྱིལ་འཁོར་བར་ ཁྱམས་གཞལ་ཡས་ནས༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ མཁའ་འགྲོ་ཆེན་མོ་སུམ་ཅུ་གཉིས༔ སྐྱེས་མཆོག་གིང་ཆེན་བཅོ་བརྒྱད་དང་༔ ཕོ་ཉ་དྲུག་ཅུ་རྩ་བཞི་པོ༔ ལང་ཀ་དུར་ཁྲོད་བདག་ བཅུ་དྲུག༔ འབར་མ་ཆེན་མོ་རྣམ་པ་བརྒྱད༔ མ་མོ་བདུན་དང་སྲིང་མོ་བཞི༔ ས་བདག་ཆེན་མོ་སུམ་ཅུ་གཉིས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཅས༔ རང་གི་གནས་ནས་གཤེགས་ སུ་གསོལ༔ ལྷག་མའི་མཆོད་གཏོར་བཞེས་སུ་གསོལ༔ བཞེས་ཤིག་རོལ་ཅིག་ཁ་རྃ་ཁཱ་ཧི༔ ཕྲིན་ལས་གྲུབ་པའི་དངོས་གྲུབ་སྩོལ༔ ཇི་ལྟར་ནུས་པའི་ཕྲིན་ལས་མཛོད༔ ཐུན་མོང་གི་ཆོས་ 6-5-14b ལྔ་ལ༔ ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་དུ༔ ཡེ་ཤེས་ལྷ་རྣམས་ཕུད་ཀྱི་བདག༔ དེ་རྗེས་ལྷག་མས་མི་མཆོད་དུ༔ བཀའ་ཡི་སྲུང་མ་ལྷག་ལ་དགྱེས༔ བར་དུ་སྤྲིན་ལྟར་མི་གཏིབས་སུ༔ དགེ་བའི་བཤེས་གཉེན་གཉན་གྱི་བཀའ༔ ཕུད་ལྷག་གཅིག་ཏུ་མི་བསྲེ་རུ༔ གཉིས་མེད་ཆོས་སྐུ་གཅིག་ཏུ་བྱུང་༔ མ་ཚོགས་དབང་ཕྱུག་དམ་ལ་འདུས༔ དཔལ་གྱི་བཀའ་བཞིན་ཕྲིན་ལས་ མཛོད༔ ཅེས་ཕུད་ལྷག་གཅིག་ཏུ་བསྲེས་ལ༔ ཧཱུྃ༔ ལྷག་མ་ཁ་ཆུས་མི་བཏབ་ཏུ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ མ་སྲིང་རྒྱ་མཚོ་བྲན་དང་བཅས༔ ཁྱོད་དང་གཉིས་མེད་དམ་ཚིག་བསྲེ༔ གཡར་དམ་གཅིག་ཏུ་དགོངས་ནས་ཀྱང་༔ ཐུགས་དམ་གཅིག་ཏུ་གྲུབ་པར་མཛོད༔ ཨོཾ་ཨུཥྩི་ཊ་གྷྲྀ་ན་ཏིཥྛ་བ་ལིངྟ་ས་མ་ཡ་ཧཱུྃ་ཛཿཞེས་ཁ་ཆུས་གདབ༔ ལྔ་པ་གནད་ལ་དབབ་ཅིང་དམ་བསྲེ་བ་ནི༔ ཧཱུྃ༔ ཧེ་རུ་ཀ་ཡི་དཀྱིལ་འཁོར་དུ༔ གཡར་དམ་ཅན་ལ་གཅིག་ཏུ་དགོངས༔ དབང་ཕྱུག་མ་དང་མཁའ་འགྲོ་གིང་༔ ཕོ་ཉ་ལང་ཀ་ས་བདག་མོ༔ འབར་མ་མ་བདུན་སྲིང་མོ་བཞི༔ འབུམ་ ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ ལྷག་མའི་མཆོད་གཏོར་བཞེས་ནས་ཀྱང་༔ སྔོན་གྱི་བཀའ་དང་དམ་བཞིན་དུ༔ ཚུལ་བཞིན་མཆོད་ཀྱི་ཕྲིན་ལས་མཛོད༔ བདེ་གཤེགས་ 6-5-15a ཞི་ཁྲོ་བཀའ་སྡོད་བཅས༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ བུད་དྷིའི་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྡོ་རྗེ་སློབ་དཔོན་ཐུགས་དགོངས་སྒྲུབས༔ སྒྲུབ་པ་པོ་ཡི་རེ་བ་སྐོངས༔ རྒྱུ་སྦྱོར་ཡོན་བདག་གནོད་པ་བཟློག༔ འཁོར་སྲུང་རྐྱེན་བཟློག་བར་ཆད་སོལ༔ ཚེ་སྲིངས་ནོར་སྤེལ་དགྲ་བགེགས་ ཐུལ༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མཛོད༔ ན་མོ་ས་མ་ཡ་བྷྱོ་བྷྱོ་བྷྱོ༔ བསྡུ་ན་ཐུན་མོང་གི་ལས་ཙམ་གྱིས་འཐུས་སོ༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་མཁའ་དབྱིངས་དག་པ་ ལས༔ ཐབས་ཀྱི་ཆོ་འཕྲུལ་སྒྲུབ་པ་བཀའ་བརྒྱད་ལྷ༔ གཟུགས་སྐུ་འཇིགས་པའི་ཚུལ་དུ་སྐུར་བཞེངས་ལ༔ དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ ཆད་མདོ་བསྒྲགས་པ་ནི༔ ཧཱུྃ༔ སྔོན་ ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀས༔ བདེ་གཤེགས་འདུས་པའི་རྒྱུད་རྣམས་གསུངས་པའི་ ཚེ༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་གྱིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ 6-5-15b ལས་འགྲུབ་པར་མཛོད༔ དེ་རྗེས་བར་གྱི་བསྐལ་པ་དབུ་མ་ལ༔ མི་མངོན་རིག་པ་འཛིན་པའི་གནས་མཆོག་ཏུ༔ རིག་འཛིན་གཙོ་བོ་རྡོ་རྗེ་ཆོས་ཆེན་གྱིས༔ རྒྱུད་ཀྱི་ཚིག་དོན་བསྡུ་བ་མཛད་པའི་ ཚེ༔ བཀའ་ཡི་སྲུང་མ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ སོ་སོའི་སྐུ་གསུང་ཐུགས༴ ཇི་ལྟར་ཁས་བླང་༴ མཆོད་གཏོར༴ བཞེས་ལ༴ དེ་རྗེས་མཐའ་ཡི་བསྐལ་པ་ཕྱི་མ་ལ༔ ལྷ་གནས་གསུམ་དུ་ གྲགས་པའི་གནས་མཆོག་ཏུ༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས༔ རྒྱུད་སྡེ་མཐའ་དག་ཡི་གེར་བཀོད་པའི་ཚེ༔ སྒྲུབ་ལུང་བཀའ་བརྒྱད་བྱེ་བྲག་བཀའ་སྲུངས་ ཀྱིས༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཅི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ དེ་རྗེས་སྙིགས་མའི་དུས་ལ་ བབ་པའི་ཚེ༔ དུར་ཁྲོད་རོ་གླིང་བསིལ་བའི་ཚལ་ཆེན་དུ༔ མཁའ་འགྲོ་ཆེན་མོ་ལས་ཀྱི་དབང་མོ་ཡིས༔ གསང་སྔགས་རྒྱུད་སྡེ་གཏེར་དུ་བསྩལ་བའི་ཚེ༔ སྣང་སྲིད་འཇིག་རྟེན་དྲེགས་ པའི་ཚོགས་བཅས་ཀྱིས༔ སོ་སོའི་སྐུ༴ ཇི་ལྟར༴ མཆོད་གཏོར༴ དེ་འོག་རྩོད་པའི་དུས་ལ་བབ་པའི་ཚེ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པའི་རྩར༔ གྲུབ་པ་བརྙེས་པའི་སློབ་ 6-5-16a དཔོན་བརྒྱད་རྣམས་ཀྱིས༔ དགུང་བདུན་དགོངས་པ་མཛད་ནས་གཟིགས་པའི་ཚེ༔ དྲེགས་པ་ཅན་གྱིས་གཏེར་སྒྲོམ་གཏད་ནས་སུ༔ སོ་སོའི་སྐུ༴ ཇི་ལྟར༴ མཆོད་གཏོར་བཞེས༴ དེ་འོག་གདུལ་བྱའི་དུས་ལ་བབ་པའི་ཚེ༔ བོད་ཡུལ་ཁ་བ་ཅན་གྱི་རྒྱལ་ཁམས་སུ༔ སློབ་དཔོན་པདྨ་འབྱུང་གནས་བྱོན་པའི་ཚེ༔ བོད་ཀྱི་ལྷ་སྲིན་གདུག་པ་ཐམས་ ཅད་ཀྱིས༔ རང་རང་མཐུ་རྩལ་ཆེ་བ་བསྟན་བྱས་ཏེ༔ སོ་སོའི༴ ཇི་ལྟར༴ མཆོད་གཏོར༴ དེ་འོག་གངས་ཅན་བོད་ཀྱི་ཡུལ་འདི་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ སློབ་ མ་རྗེ་འབངས་ཐུགས་ཀྱི་སྲས་དགུ་ཡིས༔ སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ སོ་སོའི༴ ཇི་ལྟར༴ མཆོད་ གཏོར༴ དེ་འོག་འགྲོ་དོན་དུས་ལ་བབ་པ་ན༔ རིག་འཛིན་གཏེར་སྟོན་བརྒྱུད་པར་བཅས་པ་ཡིས༔ གསང་སྔགས་བསྟན་པ་སྤེལ་ཞིང་སྒྲུབ་པའི་ཚེ༔ གཏེར་སྲུང་དམ་ཅན་ དྲེགས་པའི་ཚོགས་རྣམས་ཀྱིས༔ སོ་སོའི༴ ཇི་ལྟར༴ མཆོད་གཏོར༴ ད་ལྟར་སྒྲུབ་པའི་རྣལ་འབྱོར་བདག་ཅག་གིས༔ མཁའ་འགྲོ་དམ་ཅན་འདུས་པའི་གནས་མཆོག་ཏུ༔ 6-5-16b ཚེ་འདིར་སངས་རྒྱས་སྐུ་གསུམ་བསྒྲུབ་པའི་ཚེ༔ བཀའ་ཡི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ བཤལ་ཆུས་བརྟན་མ་བསྐྱང་བ་ནི༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ༔ ཀྱེ༔ བཀའ་ཡི་ཚོགས་དང་བཅས་ཉིད་དུ༔ ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ༔ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀའི༔ སྤྱན་སྔར་ཁས་བླངས་དམ་བཅས་པའི༔ བརྟན་མ་ཆེན་མོ་ཁྱེད་རྣམས་ ཀྱིས༔ འདིར་གཤེགས་དམ་སྐོང་ཕྲིན་ལས་མཛོད༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གསང་བའི་ཡུམ་གཅིག་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུས་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོར་གཏོགས་པའི་བརྟན་མ་ཆེན་མོ་བཞི༔ ཤ་མེད་གངས་དཀར་རྡོ་རྗེ་གཡུ་བུན་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གཏེར་བདག་ཁྱུང་བཙུན་རྡོ་རྗེ་གཡུང་མོ་བཙུན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་མོ་ཡི་བརྟན་མ་ཆེན་མོ་བཞི༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་ 6-5-17a ལ་རོ་རྡོ་རྗེ་སྨན་གཅིག་མ༔ སྨན་བཙུན་ཁུག་ཆོས་རྡོ་རྗེ་དབྱར་མོ་བསིལ༔ ཏིང་ཏིང་ཏིང་གི་རྡོ་རྗེ་ཏིང་མོ་བཙུན༔ སྨན་དུ་གཏོགས་པའི་བརྟན་མ་ཆེན་མོ་བཞི༔ དེ་ལྟར་བརྟན་མ་ཆེན་མོ་བཅུ་གཉིས་པོ༔ ལྷབ་ལྷུབ་མང་པོའི་རྒྱན་དང་བཅས༔ བྲན་གཡོག་མང་པོའི་འཁོར་དང་བཅས༔ སིལ་སྙན་མང་པོའི་སྒྲ་དང་བཅས༔ འདིར་བྱོན་དམ་ སྐོང་ཕྲིན་ལས་མཛོད༔ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱང་༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཞིང་ཆུང་བཀྲམ་པའི་གདན་སྟེངས་སུ༔ ལག་ཏུ་རྡོ་རྗེ་བཞག་ནས་ཀྱང་༔ ཐར་ པ་འཐོབ་པའི་མིང་ཡང་བཏགས༔ འཇིག་རྟེན་བསྟན་པ་བསྲུང་བར་བྱས༔ ཇི་ལྟར་ཁས་བླངས་དམ་བཅས་པའི༔ ཞལ་བཞེས་དམ་ལས་མ་འདའ་བར༔ རྒྱན་གྱི་གཏོར་མ་འདི་ ལོངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཌཱ་ཀི་ནཱི་བ་ལིངྟ་ཁཱ་ཧི༔ དེ་ནས་གཏོར་གཞོང་ཁ་སྦུབ་ལ་བྲོ་བརྡུང་བ་ནི༔ ཧཱུྃ༔ དགྲ་བགེགས་བསྒྲལ་བའི་སེམས་ཉིད་ལ༔ རྡོ་རྗེ་ དབྱིངས་ཀྱི་བྲོ་བརྡུངས་པས༔ ཞི་བ་བྱང་ཆུབ་སེམས་ཀྱི་བྲོ༔ གཏུམ་པོ་གདུག་པ་ལྷན་ནེར་འགྱུར༔ དགྲ་བགེགས་བསྒྲལ་བའི་ཁོག་པ་ལ༔ ཆེ་མཆོག་ལྷ་ཚོགས་བྲོ་བརྡུངས་པས༔ 6-5-17b ཡོན་ཏན་ཐམས་ཅད་རྫོགས་པའི་བྲོ༔ གཏི་མུག་མུན་པ་མ་ལུས་སེལ༔ དགྲ་བགེགས་བསྒྲལ་བའི་མགོ་བོ་ལ༔ སྐུ་ཡི་ལྷ་ཚོགས་བྲོ་བརྡུངས་པས༔ གཤིན་རྗེའི་ཚོགས་རྣམས་འདུལ་ བའི་བྲོ༔ ང་རྒྱལ་དྲེགས་པ་གཞི་ནས་འཇོམས༔ དགྲ་བགེགས་བསྒྲལ་བའི་མགྲིན་པ་ལ༔ གསུང་གི་ལྷ་ཚོགས་བྲོ་བརྡུངས་པས༔ མ་ལུས་དབང་དུ་སྡུད་པའི་བྲོ༔ འདོད་ ཆགས་ཞེན་པ་ལམ་དུ་སློང་༔ དགྲ་བགེགས་བསྒྲལ་བའི་སྙིང་ག་ལ༔ ཐུགས་ཀྱི་ལྷ་ཚོགས་བྲོ་བརྡུངས་པས༔ ཁྲག་འཐུང་ཚོགས་རྣམས་རོལ་པའི་བྲོ༔ ཞེ་སྡང་གནོད་པ་འདུལ་ ཞིང་བཟློག༔ དགྲ་བགེགས་བསྒྲལ་བའི་ལྟེ་བ་ལ༔ ཕྲིན་ལས་ལྷ་ཚོགས་བྲོ་བརྡུངས་པས༔ སྣང་སྲིད་ཕུར་པས་འདེབས་པའི་བྲོ༔ ཕྲག་དོག་ངན་སེམས་གཏན་ནས་སྤོང་༔ དགྲ་བགེགས་བསྒྲལ་བའི་གསང་གནས་ལ༔ རྦོད་གཏོང་ལྷ་ཚོགས་བྲོ་བརྡུངས་པས༔ མ་མོ་མཁའ་འགྲོ་སྤྲིན་ལྟར་འདུས༔ ཆགས་པའི་རྦ་རླབས་གཏིང་ནས་སྐམ༔ དགྲ་བགེགས་ བསྒྲལ་བའི་ཡན་ལག་ལ༔ མཆོད་བསྟོད་ལྷ་ཚོགས་བྲོ་བརྡུངས་པས༔ འཇིག་རྟེན་དྲེགས་པ་འདུལ་བའི་བྲོ༔ ལྷ་བདུད་ཚོགས་རྣམས་ལས་ལ་འཁོལ༔ དགྲ་བགེགས་བསྒྲལ་ 6-5-18a བའི་ནང་ཁྲོལ་ལ༔ དྲག་སྔགས་ལྷ་ཚོགས་བྲོ་བརྡུངས་པས༔ དམོད་པ་དྲག་སྔགས་ཆར་ལྟར་འབེབ༔ མི་མཐུན་ཕྱོགས་རྣམས་རྡུལ་དུ་རློག༔ དགྲ་བགེགས་ བསྒྲལ་བའི་རྣམ་རྟོག་ལ༔ རིག་འཛིན་ལྷ་ཚོགས་བྲོ་བརྡུངས་པས༔ ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱོང་༔ ས་ལམ་མ་ལུས་དབྱིངས་སུ་རྫོགས༔ དགྲ་ནི་ཐལ་བར་བརླག་པའི་བྲོ༔ བདུད་ནི་ཕྱེ་མར་འཐག་པའི་བྲོ༔ རྒྱུད་དྲུག་གནས་སུ་འཇོམས་པའི་བྲོ༔ འགྲོ་དྲུག་གཡངས་ས་གཅོད་པའི་བྲོ༔ འཇིགས་པའི་བདུད་བཞི་འཇོམས་པའི་བྲོ༔ གསང་བའི་དགྲ་ གསུམ་གསོད་པའི་བྲོ༔ བར་ཆད་མེད་པར་བརྡུངས་པར་བྱའོ༔ ཨོཾ་སུམྦྷ་ནི་སོགས་བཟླའོ༔ སླར་མཆོད་བསྟོད་བྱས་ལ༔ ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐོང་ཞིང་བཟོད་པར་གསོལ་བ་ནི༔ ཧཱུྃ༔ བདག་ཅག་ མ་རིག་ལུས་དང་ངག་སེམས་ཀྱི༔ བག་མེད་ཚུལ་གྱི་དམ་ལས་འགལ་གྱུར་ཏེ༔ རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ༔ རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་དགོངས་སུ་གསོལ༔ ཆོས་ཉིད་མཉམ་པ་ཆེན་པོའི་ངང་ཉིད་ལ༔ མ་རིག་དབང་གིས་ཕྱོགས་རིས་སོ་སོར་བཟུང་༔ དབྱེར་མེད་གཅིག་གི་ངང་དུ་མཐོལ་ལོ་ 6-5-18b བཤགས༔ ཞེས་བྱས་ལ་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཡེ་ཤེས་འབར་བ་ཀློང་གི་དཀྱིལ་འཁོར་དགུར༔ དཔལ་ཆེན་ཧེ་རུ་དགུ་ནི་དབྱིངས་ནས་བཞེངས༔ ཡུམ་མཆོག་ཁྲོ་མོ་དགུ་ནི་སྐུ་ལ་འཁྲིལ༔ ནམ་མཁའི་མཐའ་ཀླས་ཆོས་ཀྱི་དབྱིངས་ལ་མཁས༔ མ་ཆགས་སྤྱན་ལྔ་གྲུབ་པའི་ཡེ་ཤེས་ཅན༔ ཀུན་ནས་འདུས་པ་མ་ལུས་འདིར་གཤེགས་ཤིག༔ ལྷ་དང་རིག་འཛིན་སྲུང་མ་ཐམས་ཅད་ལ༔ འདིར་འདུས་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྨིན་གྲོལ་རྒྱུད་སྦྱངས་བསྐྱེད་རྫོགས་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་བཞི་ མཐའ་རུ་ཕྱིན་ནས་ཀྱང་༔ དབང་དང་དངོས་གྲུབ་དམ་པ་ཞུ་ལགས་ན༔ ལས་དང་ཐུགས་རྗེ་མཐུན་པའི་ཡི་དམ་ལྷས༔ སྔོན་གྱི་ཐུགས་དམ་ཆེན་པོའི་དམ་ཚིག་གིས༔ སྐུ་གསུང་ཐུགས་ ཀྱི་དངོས་གྲུབ་རབ་འབྱམས་རྣམས༔ བདག་ཅག་སྒྲུབ་པ་པོ་ལ་དུས་འདིར་སྩོལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་དེ་ཝ་སརྦ་དུཥྚན་ཌཱ་ཀི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ དཀྱིལ་འཁོར་བསྡུ་བ་ནི༔ ཧཱུྃ༔ ཞི་ཁྲོ་ཀུན་འདུས་དཀྱིལ་འཁོར་འདིར༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱིས༔ ཞི་ཁྲོའི་ལྷ་ཚོགས་བསྙེན་ཅིང་སྒྲུབ༔ དངོས་གྲུབ་ 6-5-19a མཆོག་དང་ལས་བཞི་གྲུབ༔ སྣོད་བཅུད་བྱང་ཆུབ་མཆོག་ཏུ་བསྡུ༔ ཀུན་གཞི་སྐྱེ་མེད་མྱ་ངན་འདས༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ༔ འོད་ཟེར་སླར་ འདུས་ཡ་ལ་ལ༔ བདེ་ཆེན་ཐིག་ལེའི་ཀློང་དུ་བཛྲ་མུཾཿཧཱུྃ་ཧཱུྃ་ཧཱུྃ༔ ཅེས་བརྗོད་པས་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ༔ དེ་ནས་རིམ་བཞིན་འཁོར་དང་གཙོ་བོ་ཐུགས་སྲོག་གི་ཐིག་ལེའི་ བར་དུ་འདུས་ཏེ༔ དེ་ཉིད་ཀྱང་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཐིམ་ནས་མ་བཅོས་ལྷུན་གྲུབ་ཏུ་མཉམ་པར་བཞག༔ སླར་རྩ་བའི་སྔགས་ཀྱིས་ལྷར་ལྡང་ལ༔ གོ་བགོ་བ་ནི་རྡོ་རྗེའི་ཕྱག་རྒྱ་གནས་གསུམ་བཞག་ལ༔ ཅིས་ཀྱང་མི་ཚུགས་མི་ཤིག་པ༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་༔ ཐམས་ཅད་དུ་ནི་རྒྱལ་བར་གནས༔ མིང་དང་མཚན་མ་མ་གྲུབ་པར༔ མི་གནས་ མ་བྲལ་འདུས་མ་བྱས༔ ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བྱའོ༔ སྨོན་ལམ་གདབ་པ་ནི༔ ཧོ༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་༔ རབ་འབྱམས་རྒྱལ་བའི་བཀའ་དབང་ཐོབ་ནས་ཀྱང་༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་ 6-5-19b བར་ཤོག༔ འདི་ལྟ་བུ་ཡི་མན་ངག་ལུང་ཐོབ་པའི༔ བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན་དང་༔ ལུ་གུ་རྒྱུད་དུ་འབྲེལ་བའི་མཆེད་ལྕམ་རྣམས༔ འོག་མིན་ལྷུན་གྱིས་གྲུབ་པའི་ གནས་མཆོག་ཏུ༔ དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་༔ གསང་ཆེན་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ ཤོག༔ རྣལ་འབྱོར་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས༔ དེ་དག་མ་སྐྱེས་པ་ནི་ཡུམ་གྱི་མཁར༔ ཡབ་ཡུམ་དབྱེ་བ་མེད་པའི་སྐུ་གསུང་ཐུགས༔ རྩོལ་བྲལ་རྫོགས་པ་ཆེན་པོར་ སངས་རྒྱས་ཤོག༔ སོ་སོའི་ལུང་དང་མན་ངག་ཀུན་ཤེས་ནས༔ གཞུང་དང་མཐུན་པའི་སྒྲུབ་པ་ཕུན་སུམ་ཚོགས༔ གང་གིས་སྒྲུབ་པ་བཀའ་བརྒྱད་མཐར་ཕྱིན་པས༔ སྒྲུབ་ཆེན་ བརྒྱད་ཀྱི་འབྲས་བུ་ཐོབ་པར་ཤོག༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ༔ བཅོམ་ལྡན་དཔལ་མཆོག་རྡོ་རྗེ་སེམས་དཔའ་ལ༔ རབ་ཏུ་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ བཀྲ་ཤིས་རབ་མཆོག་ བདག་གིས་བརྗོད་བྱས་པས༔ འདུས་པའི་ཚོགས་འདིར་ཕུན་ཚོགས་དཔལ་སྩོལ་ཅིག༔ དེ་བཞིན་གཤེགས་ཀུན་སྟོང་པར་རབ་གནས་ཤིང་༔ དགྱེས་ཚུལ་བཞུགས་ཚེ་རྫུ་འཕྲུལ་གྱིས་སྤྲུལ་ 6-5-20a ནས༔ ཐབས་ཀྱིས་དགོངས་ཤིང་བསོད་ནམས་ཞིང་གཤེགས་ལྟར༔ དེས་ནི་དེང་འདིར་བཀྲ་ཤིས་མཆོག་གྱུར་ཅིག༔ བཀྲ་ཤིས་གང་ཞིག་སྐུ་མཆོག་ནམ་མཁར་འགྲོ༔ མཚན་ནི་དེར་བཏགས་དགྱེས་རབ་པདྨ་ཡི༔ དབྱིངས་སུ་གཞལ་ཡས་ཁང་མཆོག་མངོན་སྤྲུལ་ནས༔ དེ་བཞིན་གཤེགས་པ་ཐམས་ཅད་རབ་དགྱེས་པ༔ དེས་ནི་དེང་འདིར་བཀྲ་ཤིས་མཆོག་ གྱུར་ཅིག༔ བཀྲ་ཤིས་གང་ཞིག་རྡོ་རྗེ་མོས་པ་ཡི༔ དྲག་ཤུལ་ངག་གིས་སྟོང་གསུམ་གཡོས་པར་གྱུར༔ ཧཱུྃ་དང་ཕཊ་ཀྱིས་སྤྲུལ་པའི་འོད་ཟེར་མཆོག༔ སྐར་ལྟར་འཁྲུགས་པས་སེམས་ཅན་ དོན་མཛད་ལྟར༔ དེས་ནི་དེང་འདིར་བཀྲ་ཤིས་མཆོག་གྱུར་ཅིག༔ བཀྲ་ཤིས་གང་ཞིག་ཕྲིན་ལས་རྣམ་པ་བཞི༔ ཞི་རྒྱས་དབང་དྲག་ཁྱད་པར་དེ་བཞིན་དུ༔ སོ་སོའི་ཡིད་ལ་འདོད་བཞིན་རབ་ གྲུབ་པ༔ དེས་ནི་དེང་འདིར་བཀྲ་ཤིས་མཆོག་གྱུར་ཅིག༔ ཉིན་མོ་བཀྲ་ཤིས་མཚན་མོ་བཀྲ་ཤིས་ཤིང་༔ དངོས་གྲུབ་དམ་པའི་དབྱིག་མཆོག་ཐོབ་པ་དང་༔ བཀྲ་ཤིས་ཡེ་ཤེས་བླ་མ་བདེ་གཤེགས་ ཀྱི༔ བྱིན་གྱི་རླབས་ཀྱིས་མྱུར་དུ་ནོན་གྱུར་ཅིག༔ ཅེས་བྱས་ལ་མེ་ཏོག་གི་ཆར་མངོན་པར་འཐོར་བས་དགེ་ལེགས་སུ་བྱའོ། །རྒྱལ་དབང་པདྨའི་ཞལ་ལུང་རྡོ་རྗེའི་ཚིག །བྱིན་རླབ་དངོས་གྲུབ་འདོད་དགུའི་གཟི་འབར་བ། །སྲིད་ན་ 6-5-20b རྙེད་པར་དཀའ་བའི་རིན་ཆེན་ཚོགས། །ཆོག་འགྲིགས་དཀྱུས་ཀྱི་སྲད་བུར་ལེགས་པར་བརྒྱུས། །འདི་ཡི་དགེ་བ་ཉིན་མོར་བྱེད་པའི་འོད། །ཕྱོགས་ཀྱི་མུ་མཐའ་ཡངས་པར་རབ་ཁྱབ་ནས། །སྔ་འགྱུར་བསྟན་པའི་པད་ཚལ་རྒྱས་པ་དང་། ། དངོས་གྲུབ་འདོད་དགུའི་དྲི་བསུང་འཕེལ་གྱུར་ཅིག །ཅེས་པའང་རྒྱུན་གྱི་ཉམས་ལེན་ལ་འཇུག་པ་བདེ་ཞིང་དོན་འདུས་པར་བྱ་བའི་ཕྱིར། བཀའ་བརྒྱད་བདེ་གཤེགས་འདུས་པའི་གཞུང་གི་བསྐྱེད་རྫོགས་ཆུང་འབྲིང་གི་ལས་བྱང་ གཉིས་དགོངས་པ་བསྡེབས་ཤིང་རྡོ་རྗེའི་གསུང་ལྷད་མེད་ཁོ་ན་ཆོ་གར་བསྒྲིགས་པ་འདི་ནི་རབ་ཚེས་ལྕགས་ཡོས་དབྱར་ཟླའི་ཚེས་གསུམ་ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེའམ་དཔལ་ཆེ་མཆོག་ དགྱེས་པ་རྩལ་ཞེས་བྱ་བས་བཀོད་པ་འདིས་བསྟན་འགྲོ་ལ་ཕན་པ་རྨད་དུ་བྱུང་བ་བྱེད་པར་གྱུར་ཅིག། །མངྒ་ལཾ། ། 6-6-1a ཛབ་བསྐུལ་ནིཿ ཧཱུྃ༔ གསང་བའི་དཀྱིལ་འཁོར་ཆེ་མཆོག་ཕྱག་སྟེང་ན༔ ཐབས་དང་ཤེས་རབ་ཉི་ཟླའི་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་ ཀུན་ཏུ་བཟང་པོ་ཡབ་ཡུམ་དང་༔ རིགས་ལྔ་སེམས་དཔའ་ཐུབ་དྲུག་སྒོ་བའི་ཚོགས༔ མཉེན་ལྕུག་འཁྲིལ་ལྡེམ་གསལ་འཚེར་ལྷུན་སྡུག་ཅིང་༔ གཟི་བརྗིད་འོད་ཟེར་འཕྲོ་ལ་བརྟགས་དཀའ་ བ༔ གཞོན་ཚུལ་སྐུ་ལ་ཞི་བའི་ཆས་དགུ་གསོལ༔ གསུང་ནི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་མི་འགྱུར་ཆེན་པོ་ཡེ་ཤེས་སེམས༔ ཛབ་ཀྱིས་རྒྱུད་བསྐུལ་རྡོ་རྗེའི་སྐུ་གསུང་ཐུགས༔ ཨཱཿལས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ དྷཱ་ཏུ་ཨཱཿཞེས་བཟླ༔ ཧཱུྃ༔ དབུས་ཕྱོགས་སྨུག་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ བྱོལ་སོང་ལྷ་ཀླུ་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་ཤེས་རབ་ཉི་ཟླའི་འོད་ཀྱི་དཀྱིལ༔ མ་ཆགས་པདྨ་འབར་བའི་གེ་སར་ལ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གསང་བའི་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མ༔ རིགས་བཞི་ཡབ་ཡུམ་ཁྲོ་བཅུ་སྒོ་བ་ 6-6-1b བཞི༔ བརྗིད་པའི་སྐུ་ལ་དུར་ཁྲོད་ཆས་རྣམས་རྫོགས༔ གསུང་ནི་སྙིང་པོ་སྒྲ་སྒྲོགས་སྔགས་ཀྱི་སྒྲ༔ ཐུགས་ནི་སྒྲོལ་མཛད་སྲོག་དང་རབ་བཅས་ནས༔ ཛབ་ཀྱི་སྙིང་པོ་རྡོ་རྗེ་སྐུ་གསུང་ ཐུགས༔ ཕཊ་ཀྱིས་སྤྲོས་པས་སྟོང་གསུམ་སྐུ་ཡིས་གང་༔ མ་གསལ་བར་དུ་བསྐྱེད་ཅིང་འབད་པས་བསྒོམ༔ མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་༔ ཨོཾ་བཛྲ་ཀྲོདྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ཕྱོགས་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དྲེགས་པ་རུ་དྲ་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༴ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གསང་བའི་ཡུམ་མཆོག་ཀྲོ་ཏཱི་ཤྭ་རི་མ༔ རིགས་བཞིའི་ཁྲག་འཐུང་ཀོ་སེང་སྒོ་མ་བཞི༔ བརྗིད་པའི༴ གསུང་ནི༴ ཐུགས་ནི༴ ཛབ་ཀྱི༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་བར་ དུ༴ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃཿ ལྷོ་ཕྱོགས་སེར་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ མ་ཧེ་ཆུ་གླང་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༴ བཅོམ་ལྡན་ དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ སྦྱོར་ཡུམ་བཻ་ཏཱ་སྒྲོལ་ཡུམ་ཛཱ་ཊི་མ༔ གཤེད་བཞི་ཡབ་ཡུམ་ཕྱོགས་སྐྱོང་སྒོ་བའི་ཚོགས༔ བརྗིད་པའི༴ གསུང་ནི༴ ཐུགས་ནི༴ ཛབ་ 6-6-2a ཀྱི་སྙིང་པོ༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་པར་དུ༴ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་དམར་ནག་གྲུ་གསུམ་དཀྱིལ་ འཁོར་ནས༔ གདུག་པ་ཀླུ་རྒྱལ་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༴ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དམར་པོའི་སྐུ༔ གསང་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ༔ བཀའ་ ཉན་ཕྲ་མེན་ཁྲོ་རྒྱལ་སྒོ་བའི་ཚོགས༔ བརྗིད་པའི༴ གསུང་ནི༴ ཐུགས་ནི༴ ཛབ་ཀྱི་སྙིང་༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་བར་དུ༴ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཕྱོགས་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ སྟག་གཟིག་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ རིགས་བཞི་ཁྲོ་བཅུ་ཕྲ་ཐབས་སྒོ་མའི་ཚོགས༔ བརྗིད་པའི༴ གསུང་ནི༴ ཐུགས་ནི༴ ཛབ་ཀྱི༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་ བར་དུ༴ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བྃ་ཧཱུྃ་ཕཊ༔ ཧཱུྃཿ ཤར་ལྷོ་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ སྲིད་པ་མ་མོ་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༴ 6-6-2b བཅོམ་ལྡན་དཔལ་ཆེན་བླ་མེད་ཧེ་རུ་ཀ༔ གསང་བའི་ཡུམ་མཆོག་ཉིད་གཞི་མུ་ཁ་ལེ༔ དབྱིངས་དང་ཡེ་ཤེས་སྨན་མོ་སྒོ་མར་བཅས༔ བརྗིད་པའི༴ གསུང་ནི༴ ཐུགས་ནི༴ ཛབ་ཀྱི༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་བར་དུ༴ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ༔ གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རཱི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་མཐིང་ནག་གྲུ་ གསུམ་དཀྱིལ་འཁོར་ནས༔ དར་གྱི་ཕོ་ལོང་བསྒྲིལ་བའི་གདན་སྟེང་དུ༔ ཐབས་དང་༴ མ་ཆགས༴ བཅོམ་ལྡན་དཔལ་ཆེན་རིག་འཛིན་ཐོད་པ་རྩལ༔ གྲུབ་པའི་རིག་འཛིན་རྡོ་རྗེ་སློབ་དཔོན་ ཚོགས༔ བརྗིད་པའི་སྐུ་ལ་རུས་པའི་རྒྱན་རྣམས་རྫོགས༔ གསུང་ནི༴ ཐུགས་ནི༴ ཛབ་ཀྱི༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་བར་དུ༴ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དྲེགས་པ་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༴ བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་སྐུ༔ གསང་བའི་ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མ༔ དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་བཅས༔ བརྗིད་པའི༴ གསུང་ནི༴ ཐུགས་ནི༴ ཛབ་ཀྱི༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་ 6-6-3a བར་དུ༴ ཨོཾ་བཛྲ་ཙཎྚ་སརྦ་དུཥྚན་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དབང་ལྡན་ལྷ་ཆེན་བསྣོལ་བའི་གདན་སྟེངས་སུ༔ ཐབས་དང་༴ མ་ཆགས༴ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོའི་སྐུ༔ གསང་བའི་ཡུམ་མཆོག་འབྱུང་བ་ལྔ་ཡི་བདག༔ སྔགས་བདག་དྲེགས་པ་བཅོ་བརྒྱད་འཁོར་དང་བཅས༔ བརྗིད་པའི༴ གསུང་ ནི༴ ཐུགས་ནི༴ ཛབ་ཀྱི༴ ཕཊ་ཀྱིས༴ མ་གསལ༴ མ་འགྲུབ་བར་དུ་ཏིང་འཛིན་མི་བཏང་ངོ་༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཞེས་ཛབ་བསྐུལ་རྫོགས་སོ། །གཞན་ཡང་སྤྲོ་ན་བཀའ་སྡོད་སྤྱི་སྔགས་བཛྲ་སརྦ་ སོགས་དང་ཁྲོ་བོ་སྤྱི་དྲིལ་བཛྲ་ཙཎྚ་འབྲུ་བཅུ་དགུ་པ་དང་། ཁྲོ་རྒྱལ་སྟོབས་འདུས་ཀྱི་དྲག་སྔགས་སོ་ལྔ་པ་རྣམས་ཀྱང་བཟླ་བར་བྱ་བ་ཕྱག་ལེན་ནོ། །ཚེ་སྒྲུབ་སྦྱར་ན། ཧཱུྃ༔ ཆེ་མཆོག་ཕྱག་མཚན་བཞི་བཅུ་རྩ་གཉིས་ཀྱི༔ ལྷ་རྣམས་སྐུ་ མདོག་དཀར་པོ་ཤེལ་ལྟར་དག༔ གཡས་པ་རང་རྟགས་གཡོན་པ་ཚེ་བུམ་བསྣམས༔ ཆེ་མཆོག་དབུ་སྟེང་སངས་རྒྱས་ཚེ་དཔག་མེད༔ དཀར་གསལ་རིན་ཆེན་ཕྲེང་བ་ཚེ་བུམ་གཡས༔ གཡོན་ན་ བགྲང་ཕྲེང་ནེའུ་ལེའི་རྐྱལ་བ་བསྣམས༔ དེ་ཡི་དབུ་སྟེང་སངས་རྒྱས་འོད་དཔག་མེད༔ སྐུ་མདོག་ཤེལ་འདྲ་མཉམ་བཞག་ཚེ་བུམ་བསྣམས༔ གཞན་ཡང་བཀའ་བརྒྱད་ལྷ་ཚོགས་ཐམས་ཅད་ 6-6-3b ཀྱང་༔ གཡས་པ་རང་རྟགས་གཡོན་པ་ཚེ་བུམ་འཛིན༔ ཐུགས་ཀའི་འོད་ཀྱིས་སྲིད་ཞིའི་ཚེ་བཅུད་དང་། །ཕྱོགས་བཅུའི་བདེ་གཤེགས་སྦྱོར་བའི་བྱང་སེམས་རྣམས༔ བསྡུས་ཏེ་བདག་ཐིམ་བདག་ གི་ཙིཏྟ་ནི༔ རིན་ཆེན་ཤེལ་གུར་འདྲ་བའི་གནམ་སྒོ་ལ༔ རྟ་མགྲིན་དམར་པོ་ཡབ་ཡུམ་སྲུང་བར་མཛད༔ དེ་དབུས་རྡོ་རྗེ་རྒྱ་གྲམ་འོད་འབར་བར༔ ཉི་མའི་སྟེང་ན་ཤེལ་གྱི་གའུ་ལ༔ ཀུན་གཞི་འོད་དཀར་ ཐེག་ལེ་ཨ་ཡིས་མཚན༔ དེ་མཐར་ཚེ་སྙིང་དམར་པོས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་སེམས་ཅན་སྒྲིབ་པ་སྦྱངས༔ ཀུན་གྱི་དང་བཅུད་འོད་དཀར་རྣམ་པར་འདུས༔ འོད་དཔག་མེད་ དང་ཚེ་དཔག་མེད་པའི་སྐུར༔ བརྒྱུད་དེ་བདག་ཉིད་ཆེ་མཆོག་དབུ་གཙུག་ནས༔ ཙིཏྟ་རིན་ཆེན་གཞལ་ཡས་ཁང་དུ་འཁྱིལ༔ སྐུ་ཡི་དབྱིབས་བརྒྱུད་ཡུམ་གྱི་བྷ་ག་རུ༔ ཉི་ཟླ་པདྨའི་གདན་ལ་གནམ་ ཞལ་མ༔ སྐུ་མདོག་ཤེལ་འདྲ་ཕྱག་ན་ཚེ་བུམ་བསྣམས༔ དེ་ཡི་གཙུག་ནས་བབ་པས་སྐུ་ལུས་གང་༔ ཡབ་ཡུམ་བདེ་བ་ཆེན་པོའི་ངང་ཉིད་དུ༔ འཆི་མེད་རྡོ་རྗེའི་ཚེ་མཆོག་གྲུབ་པར་བསམ༔ རྩ་ སྔགས་རྣམས་ལ་ཚེ་ཤམ་འདི་སྦྱར་བཟླས༔ བསྡུ་ན་ཆེ་མཆོག་གི་སྔགས་ཁོ་ནར་སྦྱར་བས་འགྲུབ་བོ༔ ཨོཾ་བྷྲཱུྃ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་ཨཱཿ སྐབས་སུ་ཕོ་ཉས་ཚེ་བཅུད་བསྡུ་བསྟིམ་བྱ༔ དེས་ནི་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ༔ ༈ ཆེ་མཆོག་ཡེ་ཤེས་ 6-6-4a ཀུན་ཏུ་གསལ་བའི་སྐུ༔ ཉེར་གཅིག་དབུ་ལ་ཉི་ཟླའི་དཀྱིལ་འཁོར་འཛིན༔ སྐུ་དམར་འོད་ལྔའི་དཀྱིལ་འཁོར་ཐམས་ཅད་ཁྱབ༔ ཉི་ཟླའི་དབུས་ན་རིགས་ལྔའི་ཚོམ་བུ་གསལ༔ རྩ་འཁོར་མུ་ཁྱུད་ལྔ་ལྡན་ཐིག་ལེའི་ ནང་༔ བདེ་གཤེགས་བདུན་བརྒྱ་ཉེར་ལྔ་འོད་སྐུར་བཞུགས༔ སྟེང་འོག་རླུང་གཅུན་མིག་བསྒྲད་མཁའ་ལ་གཏད༔ ཞག་བདུན་ཐོ་རངས་མཁའ་སྤྱོད་འོད་སྐུར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔ ༈ ཧཱུྃཿ དཔལ་ཆེན་ ཚོམ་བུ་དགུ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་ཐུགས་རྗེའི་འོད་ཟེར་གྱིས༔ རབ་འབྱམས་ཕྱོགས་བཅུ་སྣོད་ཀྱི་འཇིག་རྟེན་དང་༔ འཁོར་འདས་ལམ་གྱིས་བསྡུས་པའི་ཚེ་བཅུད་ ཀུན༔ འོད་ལྔའི་དྭངས་མ་ཕྱག་མཚན་ཡིག་འབྲུའི་ཚུལ༔ ཁ་བ་བུ་ཡུག་བཞིན་དུ་བཀུག་ནས་ཀྱང་༔ བདག་དང་བསྒྲུབ་བྱ་རྣམས་ལ་བསྟིམ་པ་ཡིས༔ མི་ཤིགས་དྭངས་མ་རྡོ་རྗེའི་ཚེ་མཆོག་ དཔལ༔ དུས་འདི་ཉིད་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཙཎྚ་ཤྲཱི་ཧེ་རུ་ཀ་སརྦ་དུཥྚཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ མ་མ་ཨཱ་ཡུཪྫྙཱ་ན་ཕེཾ༔ བཛྲ་ཛྙཱ་ན་ཚེ་བྷྲུཾ་ནྲི་ཛ༔ སརྦ་ སིདྡྷི་ཕ་ལ་ཧཱུྃཿཨཱཿ ཞེས་མི་ཕམ་པས་ཆུ་ཡོས་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་དྲུག་ལ་ཕྲལ་བྲིས་དགེའོ། །མངྒ་ལཾ། ། 6-6-4b empty page 6-7-1a བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚེ་འགུགས་རྡོ་རྗེ་ཚེ་མཆོག་གྲུབ་པ་བཞུགས་སོ། །ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐུགས་དམ་ཅན༔ སྤྲུལ་པའི་ཕོ་ཉ་མགྱོགས་མའི་ ཚོགས་སྤྲོས་ལ༔ བསོད་ནམས་བར་ཆད་བྱེད་པ་ཞི་མཛད་དེ༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཨོཾ་བོ་དྷི་ཙིཏྟ་སོགས། ཨོཾ་ནྲི་བྷྲཱུྃ་སོགས། ཧཱུྃ༔ ཆེ་མཆོག་ཡོན་ཏན་ ལྷ་ཚོགས་ཐུགས་དམ་ཅན༔ སྤྲུལ་པའི་ཕོ་ཉ་མགྱོགས་མ་ཁྲོ་ཚོགས་ཀྱིས༔ དཔལ་ལ་གནོད་པར་བྱེད་པ་རྡུལ་དུ་རློག༔ རྡོ་རྗེ་ཚེ་མཆོག་འགུགས་པའི་ལས་མཛོད་ཅིག༔ ཨོཾ་བཛྲ་ ཀྲོ་དྷ་མ་ཧཱ་ཤྲཱི་སོགས། ཨོཾ་ནྲི་བྷྲཱུྃ་བཛྲ་སོགས། ཧཱུྃ༔ ཡང་དག་ཐུགས་ཀྱི༴ སྤྲུལ་པའི༴ ཡིད་ལ༴ རྡོ་རྗེ་ཚེ༴ ཨོཾ་རུ་ལུ་སོགས། ཧཱུྃ༔ འཇམ་དཔལ་སྐུ་ཡི༴ སྤྲུལ་པའི་ ལུས་ལ༴ རྡོ་རྗེ༴ ཨོཾ་ཨཱ་ཀྲོ་ཏེ་ཀ་སོགས། ཧཱུྃ༔ པདྨ་གསུང་གི༴ སྤྲུལ་པའི༴ ངག་ལ༴ ཨོཾ་པདྨནྟ་ཀྲྀ་ཏ༴ ཧཱུྃ༔ ཕུར་པ་ཕྲིན་ལས༴ སྤྲུལ་པའི༴ ལས་ལ་གནོད་པར༴ རྡོ་རྗེ༴ ཨོཾ་བཛྲ་ཀཱི་ལི༴ ཧཱུྃ༔ མ་མོ་རྦོད་གཏོང་༴ སྤྲུལ་པའི༴ ཚེ་ལ་གནོད༴ རྡོ་རྗེ༴ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་སོགས། ཧཱུྃ༔ རིག་འཛིན་བླ་མའི་ལྷ་ཚོགས༴ སྤྲུལ་པའི་ཕོ་ཉ༴ 6-7-1b ལམ་ལ༴ རྡོ་རྗེ༴ ཨོཾ་བཛྲ་མ་ཧཱ་སོགས། ཧཱུྃ༔ འཇིག་རྟེན་མཆོད་བསྟོད༴ སྤྲུལ་པའི༴ སྒྲུབ་ལ༴ རྡོ་རྗེ༴ ཨོཾ་བཛྲ་ཙཎྚ་སརྦ༴ ཧཱུྃ༔ དམོད་པ་དྲག་སྔགས༴ སྤྲུལ་པའི༴ སྟོབས་ ལ༴ རྡོ་རྗེ༴ ཨོཾ་བཛྲ་སརྦ༴ ཧཱུྃཿ དཔལ་གྱི་བཀའ་སྡོད་ལྷ༴ སྤྲུལ་པའི༴ བླ་ལ༴ རྡོ་རྗེ༴ ཨོཾ་བཛྲ་སརྦ་མ་ཧཱ་ཡཀྴ་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་ནྲི་བྷྲཱུྃ༴ ཧཱུྃཿམཁའ་ཁྱབ་རྩ་གསུམ་ རྒྱལ་བ་ཐུགས་དམ་ཅན༔ སྤྲུལ་པའི༴ སྲོག་ལ༴ རྡོ་རྗེ་ཆེ་མཆོག༴ ཨོཾ་བཛྲ་ཙཎྚ་སརྦ༴ ཧཱུྃ༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་ལྷ་ཚོགས་རྣམས༔ མ་གཡེལ་ཐུགས་དམ་ ནུས་པའི་དཔུང་བསྐྱེད་ལ༔ སྤྲུལ་པའི༴ བདག་ལ༴ རྣལ་འབྱོར་བདག་གི་བླ་ཚེ་ཡར་འཁྱམས་དང་༔ གདོན་བགེགས་བྱད་ཀྱིས་བརྐུས་པ་ཐམས་ཅད་ཁུག༔ འབྱུང་ལྔ་སྣོད་ཀྱི་ དྭངས་མ་བཅུད་ཀྱི་གཡང་༔ རྩ་གསུམ་རྒྱལ་བའི་བྱིན་རླབས་དངོས་གྲུབ་དཔལ༔ མདོར་ན་འཁོར་འདས་ལམ་གྱི་ཚེ་བཅུད་བཀྲག༔ མ་ལུས་འོད་ལྔ་ཡིག་འབྲུ་ཕྱག་ མཚན་གྱི༔ རྣམ་པར་ཁ་ཆར་བུ་ཡུག་འཚུབས་བཞིན་བཀུག༔ སྙིང་དབུས་དྭངས་མ་ནྲི་ལ་རྒྱས་བཏབ་པས༔ རྒུད་མེད་རྡོ་རྗེའི་ཚེ་དང་ལང་ཚོའི་དཔལ༔ དུས་འདི་ཉིད་དུ་འགྲུབ་པར་ 6-7-2a མཛད་དུ་གསོལ༔ ཨོཾ་ཨཱ་ལི་ཀཱ་ལི་ཛྙཱ་ན་པཉྩ་ས་ཏྭ་ཀྲོ་དྷ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ནྲི་བྷྲཱུྃ་བཛྲ་ཛྙཱ་ན་ཨཱཿཡུ་ཥེ་ཧཱུྃ་ཨཱཿ ཞེས་བརྗོད་པས་རྡོ་རྗེའི་ཚེ་མཆོག་འགྲུབ་པར་འགྱུར་རོཿ ཆུ་ འབྲུག་ཟླ་༡༢ཚེས་༡༤ལ་པདྨ་བདེ་ལྡན་གླིང་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།། །། 6-7-2b empty page 6-8-1a ༄༅། །བཀའ་བརྒྱད་བདེ་གཤེགས་འདུས་པའི་ཕྱག་རྒྱའི་མཆོད་སྒོམ་མངོན་རྟོགས་ཆེན་མོའི་གསལ་འདེབས་རྡོ་རྗེ་བཀོད་པའི་འོད་ཟེར་བཞུགས་སོཿ 6-8-1b ཧཱུྃཿ དབུས་ཀྱི་ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ མ་བཅོས་རྫོགས་པའི་ཆེ་མཆོག་ཧེ་རུ་ཀ༔ སྐུ་ནི་སྨུག་ནག་འབར་བ་ཆེན་པོ་ལ༔ དབུ་ནི་ཉེར་གཅིག་ཕྱག་ནི་བཞི་བཅུ་གཉིས༔ ཞབས་ནི་རྣམ་པ་བརྒྱད་དུ་བསྒྲད་པ་སྟེ༔ རྩ་ཞལ་སྨུག་ནག་ཁྲོ་རྒྱལ་ཡེ་ཤེས་དབུ༔ གཡས་ཀྱི་ཞལ་དཀར་ལ་འཚེར་བ། བདུད་ འདུལ་ཡེ་ཤེས་དབུ༔ གཡོན་གྱི་ཞལ་དམར་ལ་དྭངས་པ། རྟོག་འཇོམས་ཡེ་ཤེས་དབུ༔ དབུས་ཞལ་སྟེང་གི་ཞལ་དྲུག་ཡང་ན་དབུས་ཞལ་དྲུག་མཐིང་། གཡས་བདུན་དཀར། གཡོན་བདུན་དམར་བའོ།། མཐིང་ལ་རྔམས༔ གཡས་ཞལ་སྟེང་ གི་ཞལ་དྲུག་མས་ནས་ཡར༔ རིམ་བཞིན་སྔོ་ལ་གཙིག་དང་དཀར་ལ་དྭངས༔ གནག་ལ་ 6-8-2a གཙིགས་དང་དཀར་ལ་བཞེད་པ་དང་༔ སྔོ་ལ་རབ་ཏུ་གཙིགས་དང་དེ་སྟེང་ཞལ༔ དཀར་ཞིང་ཟུར་ལ་གཟིགས་པའི་རྣམ་པའོ༔ གཡོན་ཞལ་ སྟེང་གི་ཞལ་དྲུག་བརྩེགས་མ་ནི༔ མས་ནས་རིམ་པར་ལྗང་ལ་རྔམ་པ་དང་༔ དམར་ལ་འདྲིལ་དང་ལྗང་ལ་འཚེར་བ་དང་༔ དམར་ལ་གཤེ་ཞིང་ལྗང་ལ་ འདྲིལ་བ་དང་༔ དམར་ལ་ཐུར་དུ་གཟིགས་པའི་ཞལ་རྣམས་ནི༔ རབ་དགའ་ལ་སོགས་ཉེར་གཅིག་ས་དང་སྦྱོར༔ ཞལ་རེ་ལ་ཡང་སྤྱན་གསུམ་ལྡན་པ་སྟེ༔ འཁོར་བའི་སྡུག་བསྔལ་ཐུགས་རྗེས་བརྣག་པ་ཡི༔ གཡས་ཀྱི་སྤྱན་ཀུན་སྡང་མིག་གྱེན་དུ་བཟློག༔ ངན་སོང་གསུམ་གྱི་སྡུག་བསྔལ་སྒྲོལ་མཛད་ཕྱིར༔ 6-8-2b གཡོན་གྱི་སྤྱན་ཀུན་སྡང་མིག་གློག་ལྟར་ཐུར་དུ་གཟིགས་ཤིང་། འགྱུར༔ འགྱུར་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཕྱིར༔ དབུས་ཀྱི་སྤྱན་ཀུན་དབྱིངས་སུ་ཅེ་རེར་གཟིགས༔ སྲིད་གསུམ་ལས་རྒྱལ་སྐུ་གསུམ་ལྷུན་ གྲུབ་ཕྱིར༔ དབུ་སྐྲ་ཁམ་ནག་རལ་པ་གྱེན་དུ་འཁྱིལ༔ འཁོར་བའི་གཡུལ་བཟློག་མྱ་ངན་འདས་སྤོར་ཕྱིར༔ ཤངས་ནས་དྲག་པོའི་འཐོར་རླུང་རབ་ཏུ་གཡོ༔ རྨོངས་པའི་ མུན་པར་ཡེ་ཤེས་འོད་འགྱེད་པའི༔ སྨིན་མཚམས་སྣང་དཔྲག་འབར་བའི་གློག་སྟོང་འཁྱུག༔ སྒྲ་ཉིད་རང་བཞིན་མེད་པར་མཐར་ཕྱིན་པའི༔ སྙན་ནས་བསྐལ་པའི་འབྲུག་སྟོང་རྔམ་ ཞིང་ལྡིར༔ ཚ་གྲང་གདུང་སེལ་ཤེས་རབ་འོད་འགྱེད་པའི༔ སྙན་ཆ་ཉི་ཟླའི་འོད་ཟེར་མཆོག་ཏུ་ལྷམ༔ ཁམས་གསུམ་འཁོར་བ་གྱུར་མིད་མཛད་པ་ཡི༔ དབྱིངས་ཀྱི་ ཞལ་ཧོམ་རྔམ་པའི་ཚུལ་དུ་གདངས༔ སྐྱེ་ཤི་རྩད་གཅོད་མྱང་འདས་སར་སྒྲོལ་བའི༔ འབར་བའི་མཆེ་བ་ཟངས་ཡག་རྣམ་པར་གཙིགས༔ མ་ཚོགས་འབུམ་གྱི་གནས་རྟེན་མཛད་ པའི་ཕྱིར༔ ཞལ་ནས་ཁྲག་གི་ཞམ་ཆུ་ཁོལ་མ་འཁྲུགས༔ རྒྱུད་དྲུག་སེམས་ཅན་ཐུགས་རྗེས་བསྣུན་པའི་ཕྱིར༔ ལེ་བརྒན་ལྗགས་འདྲིལ་ཐོག་གི་བུ་ཡུག་འཚུབས༔ དམིགས་མེད་ 6-8-3a ཐུགས་ནི་དོན་དམ་དབྱིངས་ན་གསལ༔ གསུང་གི་ང་རོས་སྟོང་གསུམ་དབང་དུ་སྡུད༔ སྤྲུལ་པའི་ཕོ་ཉ་ཁྲོ་བོ་ཕྱོགས་བཅུར་འགྱེད༔ གར་གྱི་ཉམས་དགུས་སྲིད་ གསུམ་ཟིལ་གྱིས་གནོན༔ ཆེ་བཙན་འགྲན་ཟླ་མེད་པ་ཁྲོ་བོའི་རྗེ༔ འཁོར་འདས་ལྷུན་རྫོགས་དཔལ་གྱི་སྐུ་མཆོག་འབར༔ རིག་འཛིན་མང་པོའི་དཔུང་གཉེན་མཛད་པའི་ཕྱིར༔ རིན་ཆེན་ གཤོག་པས་འཇིག་རྟེན་གཡོ་བར་བཀང་༔ ཉོན་མོངས་འཁོར་བའི་བག་ཆགས་བསྲེགས་པའི་ཕྱིར༔ བ་སྤུ་ཐོ་ལུམ་རྩེ་ནས་མེ་ཆེན་འབར༔ འཁོར་བའི་ཞིང་གི་ལོག་རྟོག་རྩད་གཅོད་ ཕྱིར༔ སྐུ་སྟོད་ཚངས་པའི་གཡང་གཞི་རྣམ་པར་གསོལ༔ དཔལ་ཆེན་ཆས་ཞུགས་ཕྲིན་ལས་བཞི་ལྡན་ཕྱིར༔ སྐུ་སྨད་སྟག་གི་ཤམ་ཐབས་བརྗིད་པར་དཀྲིས༔ དབྱིངས་ལས་མ་ གཡོས་ཐོགས་མེད་སྐུ་བརྙེས་ཕྱིར༔ གླང་ཆེན་ཀོ་རློན་ན་བཟའ་བརྗིད་པར་ཀླུབས༔ རྒྱལ་ཀུན་མཉེས་མཛད་རྨོངས་མུན་སེལ་བའི་ཕྱིར༔ ཐོད་པའི་ཕྲེང་བ་ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་ཅན་གྱི་དབུ་རྒྱན་དང་། མང་པོས་སྐུ་ལ་བརྒྱན༔ ཞེ་སྡང་རྩད་གཅོད་ཀླུ་རིགས་དབང་སྡུད་ཕྱིར༔ སྦྲུལ་ནག་སྟོང་གི་ཆུན་པོས་ཡན་ལག་བརྒྱན༔ དཀར་ཁྲས་དབུ་རྒྱན་སོགས། འདོད་ཆགས་སྐམ་རློན་རྙིང་པ་ཚར་ 6-8-3b གསུམ་གྱི་དོ་ཤལ། མཚོ་སྐེམ་མཁའ་འགྲོ་དབང་སྡུད་ཕྱིར༔ ཁྲག་དང་ཞག་གི་ཐིག་ལེས་རྣམ་པར་སྤྲས༔ ཕྲག་དོག་དྲུངས་འབྱིན་གཉིས་མེད་དོན་རྟོགས་ཕྱིར༔ སྲོག་རྩ་ཨན་ཛ་ཐལ་ཆེན་ཚོམ་བུས་ མཛེས༔ ང་རྒྱལ་དྲེགས་འཇོམས་ཡེ་ཤེས་ལྔ་ལྡན་པའི༔ བསྐལ་པའི་མེ་ཆེན་འབར་བའི་ཀློང་ན་བཞུགས༔ བཻ་ཌཱུར་ཡ་ཡི་བྲག་སྟེང་རིགས་དྲུག་འགྲོ༔ དེ་སྟེང་པདྨ་ཉི་མ་ཟླ་གདན་ལ༔ གཡས་སུ་ཚངས་དབང་ཁྱབ་སོགས། ལྷ་བརྒྱད་ གཡོན་དུ་ཀླུ་དགའ་བོ་སོགས། བརྒྱད་དེ༔ བྱོལ་སོང་གཙོ་བརྒྱད་བཞི་སེང་སྟག་གཟིག་དོམ། བཞིས་གླང་ཆེན་མ་ཧེ་ཆུ་སྲིན་སྦྲུལ། བརྫིས་པའི་སྟེང་༔ གསེར་གྱི་འཁོར་ལོ་བཅུ་གཉིས་རྩིབས་ཅན་ལ༔ གཡས་སུ་ལྷ་ཆེན་ཁ་སྦུབ་མགོ་བོ་དང་༔ གཡོན་དུ་ཨུ་མ་གན་རྐྱལ་ནུ་གཉིས་སྟེང་༔ ཏིང་འཛིན་བརྒྱད་དང་ཆོས་ཉིད་བརྒྱད་སྦྱོར་བའི༔ བརྐྱང་གཡོན། བསྐུམ་གཡས། ཞབས་བརྒྱད་རྔམ་པའི་ཚུལ་གྱིས་ བརྫིས༔ འཇིགས་པའི་ཁྲོ་ཚུལ་ཀུན་དང་ལྡན་པར་བཞུགས༔ བཞི་བཅུ་རྩ་གཉིས་ཕྱག་གི་དཀྱིལ་འཁོར་ན༔ རྒྱལ་བ་ཡབ་རྣམས་ཕྱག་གཡས་ཐབས་ཀྱི་ངང་༔ དང་ པོའི་ཕྱག་ནས་རིམ་པར་ཐ་མའི་བར༔ བྱེད་པོ་ཀུན་བཟང་མཐིང་ག་མཉམ་བཞག་ཅན༔ སྣང་མཛད་དཀར་པོ་ཆོས་ཀྱི་འཁོར་ལོ་བསྐོར༔ མི་བསྐྱོད་མཐིང་ག་ས་གནོན་རྡོ་རྗེ་འཛིན༔ རིན་འབྱུང་ 6-8-4a གསེར་མདོག་ནོར་བུ་མཆོག་སྦྱིན་མཛད༔ མཐའ་ཡས་མདོག་དམར་ཏིང་འཛིན་པདྨའི་རྒྱ༔ དོན་གྲུབ་ལྗང་གུ་རྒྱ་གྲམ་སྐྱབས་སྦྱིན་ཕྱག༔ ས་སྙིང་ དཀར་པོ་རིན་ཆེན་མྱུ་གུ་བསྣམས༔ ནམ་མཁའི་སྙིང་པོ་མཐིང་ག་རལ་གྲི་གདེངས༔ སྤྱན་རས་གཟིགས་དབང་དམར་པོ་པདྨ་འཛིན༔ ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་བསྣམས༔ བྱམས་ པ་དམར་སྐྱ་ཀླུ་ཤིང་མཛེས་ཡང་ན་གུནྡེ། པ་འཛིན༔ ཀུན་བཟང་དཀར་པོ་རིན་ཆེན་སྙེ་མ་བསྣམས༔ སྒྲིབ་པ་ཀུན་སེལ་སྔོན་པོ་པོ་ཏི་འཛིན༔ འཇམ་དཔལ་དཀར་ལྗང་རལ་གྲི་ཨུཏྤལ་བསྣམས༔ རྣམ་རྒྱལ་དཀར་པོ་རྡོ་རྗེ་རྩེ་གསུམ་འཛིན༔ གཤིན་རྗེ་གཤེད་ནག་རྡོ་རྗེ་བེ་ཅོན་བསྣམས༔ རྟ་མགྲིན་དམར་པོ་ཐོད་སྤྲུལ་པདྨ་བསྣམས༔ བདུད་རྩི་འཁྱིལ་པ་ལྗང་གུ་རྒྱ་གྲམ་ འཛིན༔ ལྷ་ཡི་ཐུབ་པ་མདོག་དཀར་པི་ཝཾ་འདྲེན༔ ལྷ་མིན་ཐུབ་པ་སྔོན་པོ་གོ་ཆ་འཛིན༔ མི་ཡི་ཐུབ་པ་སེར་པོ་གསེག་ཤང་བསྣམས༔ སངས་རྒྱས་ཡུམ་རྣམས་ཕྱག་གཡོན་ཤེས་རབ་དང་༔ བྱ་བའི་ཆོས་ནི་དཀར་མོ་མཉམ་བཞག་འཕྲོ༔ ཀུན་བཟང་དབྱིངས་ཕྱུག་དཀར་མོ་དྲིལ་བུ་འཁྲོལ༔ སངས་རྒྱས་སྤྱན་མ་མཐིང་ག་ཐོར་གཙུག་བསྣམས༔ གོས་དཀར་མོ་ནི་མདོག་སེར་རིན་ 6-8-4b ཆེན་སྟོབ༔ མ་མཱ་ཀི་ནི་དམར་གསལ་པདྨ་འཕྱར༔ དམ་ཚིག་སྒྲོལ་མ་ལྗང་གུ་རྒྱ་གྲམ་བསྣམས༔ ལཱ་སྱེ་ཕྱག་མཚན་གྱི་ལྷ་རྣམས་ལ་གདན་མི་དགོས་པར་བཞེད། ཛབ་བསྐུལ་ལྟར་ན་གདན་སུམ་བརྩེགས་ཡོད། དཀར་མོ་སྒེག་ཚུལ་མེ་ལོང་འཛིན༔ མཱ་ལེ་སྔོན་མོ་རིན་ཆེན་ཕྲེང་བ་བསྣམས༔ གིརྟི་དམར་མོ་པི་ཝཾ་རྒྱུད་འདྲེན་མཛད༔ ནིརྟི་ལྗང་གུ་གར་བསྒྱུར་ཅོད་པཎ་ཕྲེང་༔ གདུག་པའི་སྤྲིན་འཕྲོ་དམར་ སེར་སྤོས་ཁང་འཛིན༔ མདངས་ལྡན་མེ་ཏོག་མ་དཀར་སྔོའང་། པདྨའི་ཕྲེང་༔ གསལ་བའི་འོད་ལྡན་དམར་སེར་མར་མེ་འཛིན༔ དག་བྱེད་ལྗང་གུ་དུང་ཕོར་དྲི་ཆབ་འཐོར༔ རོ་ལངས་དཀར་མོ་ འགུགས་པའི་ལྕགས་ཀྱུ་བསྣམས༔ མི་ཕམ་སྔོན་མོ་རྡོ་རྗེ་ཞགས་པ་འཛིན༔ རལ་གཅིག་དམར་མོ་སྡོམ་བྱེད་ལྕགས་སྒྲོག་ཐོགས༔ ཁྲོ་གཉེར་མ་ནི་ལྗང་གུ་དྲིལ་བུ་བསྣམས༔ བྱོལ་སོང་ཐུབ་པ་སྔོན་པོ་པོ་ཏི་འཛིན༔ ཡི་དྭགས་ཐུབ་པ་དམར་པོ་རིན་ཆེན་སྒྲོམ༔ དམྱལ་བའི་ཐུབ་པ་མཐིང་ནག་མེ་ཆུ་བསྣམས༔ ཡབ་ཡུམ་གཉིས་མེད་ཐབས་དང་ཤེས་རབ་སྦྱོར༔ མ་ཡེངས་འཛིན་བྲལ་ངང་དུ་ལམ་མེར་གསལ༔ འདི་ལ་ཕྱག་རྒྱའི་མཆོད་པའི་སྐབས་སུ༔ ཞི་འདུལ་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ༔ ཞེས་སྒྱུར། གཉིས་མེད་ཡུམ་ཆེན་གནམ་ཞལ་དབྱིངས་ཕྱུག་མ༔ 6-8-5a ཆོས་ཉིད་མི་འགྱུར་སྐུ་མདོག་སྨུག་ནག་ལ༔ ཡེ་ཤེས་ཀློང་དགུ་ལྡན་པའི་དབུ་དགུ་སྟེ༔ གཡས་གསུམ་དཀར་ལ་གཡོན་གྱི་གསུམ་པོ་དམར༔ དབུས་ཀྱི་ཞལ་ གསུམ་སྨུག་ནག་སྐུ་ཡི་མདོག༔ སྟོང་ཉིད་བཅོ་བརྒྱད་ཕྱག་གི་གྲངས་ལྡན་པ༔ གཡས་གཡོན་དང་པོ་རྡོ་རྗེ་དྲིལ་བསྣམས་འཁྱུད༔ གཡས་ཀྱི་འོག་མར་དབྱིངས་ཀྱི་མ་མོ་བརྒྱད༔ གཡོན་གྱི་འོག་མར་ལས་ཀྱི་ཕྲ་མེན་བརྒྱད༔ ཁྲོ་མོའི་རྒྱན་དང་གཟིག་གི་ཤམ་ཐབས་ཅན༔ རིགས་མཆོག་བཞི་ལྡན་ཞབས་བཞི་སྟངས་གཡས་བརྐྱང་གཡོན་བསྐུམ་པའི། སྟབས་འཁྲིལ༔ མ་ཡེངས་འཛིན་བྲལ་ངང་དུ་ལམ་ མེར་རང་རིགས་རྟགས་ཀྱི་ཕྱག་རྒྱ་མཆོད་པར་བཞེས། གསལ༔ གཙོ་བོའི་མདུན་ནས་ཤར་སོགས་ཕྱོགས་བཞི་རུ༔ བཅོམ་ལྡན་དཔལ་ཆེན་རཀྴ་ཧེ་རུ་ཀ༔ སྨུག་ནག་སྐུ་དང་དབུས་ཞལ། དབུ་གསུམ་ཕྱག་དྲུག་གཡས། དཀར་གཡོན། དམར་ཞལ༔ ཞབས་བཞི་བརྐྱང་བསྐུམ་ཐབས་དང་ཤེས་རབ་འོག་མ་གསུམ་ལའང་དེ་ལྟར་ཤེས་པར་བྱ། བསྒྲད༔ གཡས་གཡོན་དང་པོ་འཁོར་ལོ་བྷན་དམར་བསྣམས༔ བར་མ་གཉིས་ན་ཏི་ ར་རྒྱུ་ཞགས་འཛིན༔ ཐ་མ་གཉིས་ན་ཁྱུང་ཆེན་བ་སུ་འདྲེན༔ རཀྴཱ་ཀྲོ་ཏི་སྨུག་ནག་ཞལ་གཅིག་མ༔ ཕྱག་གཉིས་ཡབ་འཁྱུད་འཁོར་ལོ་དུང་དམར་ 6-8-5b སྟོབ༔ བཅོམ་ལྡན་ཁྲག་འཐུང་གུ་ཧྱེ་ཧེ་རུ་ཀ༔ དབུ་གསུམ་སེར་ནག་མཐིང་དང་དམར་བའི་ཞལ༔ གཡས་གཡོན་དང་པོ་རིན་ཆེན་ཐོད་ཁྲག་བསྣམས༔ གཡས་གཡོན་བར་མས་སྟོང་གི་འཇིག་ རྟེན་འཛིན༔ ཐ་མ་གཉིས་ན་དགྲ་སྟྭ་རྒྱུ་ཞགས་སྡོམ༔ གུ་ཡ་ཀྲོ་དྷཱི་རིན་ཆེན་དུང་དམར་སྟོབ༔ བཅོམ་ལྡན་དཔལ་ཆེན་བི་ཤྭ་ཧེ་རུ་ཀ༔ དམར་ནག་དབུ་གསུམ་མཐིང་དང་དཀར་བའི་ཞལ༔ གཡས་ གཡོན་དང་པོ་པདྨ་བྷན་དམར་བསྐྱིལ༔ བར་མ་བེ་ཅོན་སྟོང་གི་འཇིག་རྟེན་འཛིན༔ ཐ་མ་གཉིས་ན་དགྲ་སྟྭ་ཐོང་གཤོལ་བསྣམས༔ བི་ཤྭ་ཀྲོ་དྷི་ས་ནུ་ཀྲོ་དྷིའང་། པདྨ་དུང་ཁྲག་སྟོབ༔ བཅོམ་ལྡན་དཔལ་ཆེན་ཡཀྴ་ ཧེ་རུ་ཀ༔ ལྗང་ནག་དབུ་གསུམ་དཀར་དང་དམར་བའི་ཞལ༔ ཕྱག་དྲུག་དང་པོ་རྒྱ་གྲམ་བནྡྷ་དཀྲུགས༔ བར་མ་གཉིས་ན་རལ་གྲི་ཞགས་པ་བསྣམས༔ ཐ་མ་གཉིས་ན་དགྲ་སྟྭ་ཐོང་ གཤོལ་འཛིན༔ ཡཀྴ་ཀྲོ་ཏི་རྒྱ་གྲམ་ཐོད་ཁྲག་སྟོབ༔ རིགས་བཞི་ཡབ་ཡུམ་ཀུན་ཀྱང་དུར་ཁྲོད་ཆས༔ ཡུམ་རྣམས་ཡབ་ཀྱི་མདོག་མཚུངས་གཉིས་མེད་འཁྲིལ༔ དེ་ཡི་ཕྱི་རོལ་ཤར་ལ་སོགས་པ་ ཡི༔ ཕྱོགས་སྐྱོང་སོ་སོའི་གནས་སུ་ཁྲོ་བོ་བཅུ༔ དྲི་ཟ་འདུལ་བྱེད་འཁོར་ལོ་ཏྲི་ཤུལ་དཀར༔ མེ་ལྷ་འདུལ་བྱེད་མེ་དབལ་དབྱུག་ཐོ་དམར༔ གཤིན་རྗེ་འདུལ་བྱེད་དགྲ་སྟྭ་ཐོད་དབྱུག་མཐིང་༔ 6-8-6a སྲིན་པོ་འདུལ་བྱེད་སྨུག་ནག་རལ་གྲི་ཞགས༔ ཀླུ་རྣམས་འདུལ་བྱེད་པདྨ་སྤུ་གྲི་དམར༔ དམར་སྐྱ་བ་དན་རྔ་ཡབ་རླུང་ལྷ་འདུལ༔ གནོད་སྦྱིན་འདུལ་བྱེད་རྒྱ་གྲམ་ དྲིལ་བུ་ལྗང་༔ དབང་ལྡན་འདུལ་བྱེད་དགྲ་སྟྭ་རྩེ་གསུམ་མཐིང་༔ ལྷ་རྣམས་འདུལ་བྱེད་སྔོ་སྐྱ་མདའ་གཞུ་འགེངས༔ ས་བདག་འདུལ་བྱེད་དུད་ཁ་ཐོ་བ་ཞགས༔ ཁྲོ་བོ་བཅུ་པོ་ཀུན་ཀྱང་ ཞབས་གཉིས་ཀྱིས༔ ཕྱོགས་སྐྱོང་གདོན་གྱི་ཚོགས་ཀུན་འདུལ་ཞིང་གནོན༔ ཤར་ལ་སོགས་པ་དཀྱིལ་འཁོར་སྒོ་བཞི་རུ༔ ཡ་མཱནྟ་ཀྲྀཏ་དཀར་པོ་ལྕགས་ཀྱུ་བསྣམས༔ པྲ་ཛྙཱན་ཏ་ཀྲྀཏ་ སེར་པོ་ཞགས་པ་བསྣམས༔ པདྨཱན་ཀྲྀ་ཏ་དམར་པོ་ལྕགས་སྒྲོག་བསྣམས༔ བིགྷ་ནཱན་ཏ་ཀྲྀཏ་ལྗང་གུ་དྲིལ་བུ་བསྣམས༔ དུས་གསུམ་སངས་རྒྱས་ཡོན་ཏན་འདུས་པའི་ཚོགས༔ མ་ཡེངས་ འཛིན་བྲལ་ངང་དུ་ལམ་མེར་གསལ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཕྱག་རྒྱའི་མཆོད་པའི་དུས་སུ། ཚིག་ཕྱི་མ་དང་སྔགས་མི་དགོས་པར་རང་རིག་ཕྱག་རྒྱའི་མཆོད་པ་བཞེས་སུ་གསོལ༔ ཞེས་སྦྱར་བ་འོག་གི་ གནས་སྐབས་ཀུན་ཏུ་འགྲེས་ཤེས་པར་བྱ། ལས་ཀྱི་དོན་དུ་བསྐུལ་བའི་ཚེ། དྲིལ་བུ་བསྣམས་ཞེས་པའི་རྗེས་སུ། ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས་དམ་ཅན༔ དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ 6-8-6b ཞེས་སོགས་བསྐུལ་ཆེན་པོ་ལ་སོགས་པ་བཞིན་དུ་རིགས་འགྲེ་བ་ཀུན་ལ་ཤེས་པར་བྱའོ། །ཧཱུྃ༔ ཤར་གྱི་ཕྱོགས་ནས་དཀྱིལ་འཁོར་གཙོ་བདག་ནི༔ བཅོམ་ལྡན་ཁྲག་འཐུང་བཛྲ་ཧེ་རུ་ཀ༔ མཐིང་ནག་དབུ་ གསུམ་གཡས་དཀར་གཡོན་དམར་ཞལ༔ ཕྱག་དྲུག་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས༔ ཏི་རའི་དབྱུག་པ་དུང་དམར་རྒྱུ་ཞགས་གཡོན༔ ཁྲོ་ཚུལ་ཀུན་ལྡན་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་ བཞི་བརྐྱང་བསྐུམ་ཁྱུ་མཆོག་རཱུ་དྲ་བརྫིས༔ ཀྲོ་དྷི་ཤྭ་རི་ཡུམ་རྣམས་སྐུ་མདོག་ཡབ་དང་མཚུངས་པ་འོག་གི་སྐབས་ཀུན་ཏུ་འགྲེའོ།། ཁ་ཊྭཱཾ་ཐོད་ཁྲག་སྟོབ༔ གཙོ་བོའི་མདུན་གྱི་ཤར་སོགས་ཕྱོགས་བཞི་ལ༔ བུདྡྷ་ཧེ་རུ་སྨུག་ནག་གཡས། མཐིང་གཡོན། དམར་ཞལ༔ ཕྱག་དྲུག་ཏིར་ དབྱུག་ཁྱུང་ཆེན་ཏི་རའི། ནང་ཁྲོལ་འདྲེན་པ། གཡས༔ རྒྱུ་ཞགས་བྷན་དམར་ཏི་རའི་བ་སུ་གཡོན༔ ཞབས་བཞི་བརྐྱང་བསྐུམ་ ཐབས་དང་ཤེས་རབ་བསྒྲད༔ བུདྡྷི་ཀྲོ་དྷཱི་འཁོར་ལོ་ཐོད་ཁྲག་འཁྱུད༔ རཏྣ་ཧེ་རུ་སེར་ནག་མཐིང་དམར་ཞལ༔ ཕྱག་དྲུག་རིན་ཆེན་བྱིས་པ་ཆུང་དུས་རོ་ཡིན། དབྱུག་པ། དགྲ་སྟྭ་གཡས༔ སྟོང་གི་ འཇིག་རྟེན་བྷན་དམར་རྒྱུ་ཞགས་གཡོན༔ རཏྣ་ཀྲོ་དྷི་རིན་ཆེན་དུང་དམར་སྟོབ༔ པདྨ་ཧེ་རུ་དམར་ནག་མཐིང་དཀར་ཞལ༔ ཕྱག་དྲུག་པདྨ་བེ་ཅོན་དགྲ་སྟྭ་གཡས༔ སྟོང་ 6-8-7a གི་འཇིག་རྟེན་བྷན་དམར་ཐོང་གཤོལ་གཡོན༔ པདྨ་ཀྲོ་ཏཱི་པདྨ་ཐོད་ཁྲག་སྟོབ༔ ཀརྨ་ཧེ་རུ་ལྗང་ནག་དཀར་དམར་ཞལ༔ ཕྱག་དྲུག་རྒྱ་གྲམ་རལ་གྲི་དགྲ་སྟྭ་གཡས༔ རི་རབ་སྟོང་གི་འཇིག་རྟེན་ནམ། བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས༔ ཀརྨ་ཀྲོ་ཏཱི་རྒྱ་གྲམ་ཐོད་ཁྲག་སྟོབ༔ དེ་ཡི་ཕྱི་རོལ་ཕྱོགས་བཞི་མཚམས་བཞི་རུ༔ ཀཽ་རི་ཀཽ་རི་སོགས་བཞི་ཤར་ནས་དང་། པུསྐ་སོགས་ཤར་ལྷོ་ནས་འགོད། ཕྲ་མེན་བརྒྱད་ཀྱང་དེ་ལྟར་ཤེས་པར་ བྱའོ། །ཀོ་སེང་རྣམས་སྤེལ་ཏེ་བཀོད་པའི་ལུགས་ཀྱང་ཡོད། མཐིང་ག་བྱིས་དབྱུག་བྷན་དམར་ཐོགས༔ ཙཽ་རི་ སེར་མོ་ཐབས་ཤེས་མདའ་གཞུ་འགེངས༔ པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔ བཻ་ཏ་ནག་མོ་ཞིང་ཟ་གཡས་རྡོ་རྗེ་གདེངས་ཤིང་། གཡོན་བྱིས་པའི་རོ་ཡི་མགོ་བཅད་ནས་ཟ་བའོ།། རྡོ་རྗེ་འཕྱར༔ པུསྐ་དམར་སེར་བུས་པའི་བ་བྱིས་པའི་རོ་ཡི་རྒྱུ་མ་དྲངས་ནས་ཟ་བ། སུ་འདྲེན༔ གྷསྨ་ལྗང་ནག་དུང་ཁྲག་དཀྲུག་ཅིང་ཐོད་རློན་ནང་དུ་ཁྲག་ཀླད་པ་དང་དཀྲུགས་ནས་གསོལ་བ། འཐུང་༔ སྨེ་ཤ་མཐིང་ནག་ཏི་རའི་ སྙིང་འབྱིན་ཟ༔ ཙནྡྲ་སེར་སྐྱ་ཏི་རིའི་མགོ་རོ་ཡི་མགོ་བཅད་ནས་གཡས་སུ་ཐོགས། ལུས་ འབྲལ༔ དེ་ཡི་ཕྱི་རོལ་ཕྱོགས་བཞི་མཚམས་བཞི་རུ༔ སེང་ཧ་ཕྱག་དཔུང་མགོར་གྱེན་དུ་བསྣོལ་ནས་ཞིང་ཐོགས་ནས་འདྲད་བཞིན་པའོ།། སེར་མོ་ཞིང་ཟ་སེང་གེའི་མགོ༔ ལུས་གཡོན་པས་འཛིན་པའོ།། 6-8-7b བྱ་གྷྲྀ་དམར་མོ་ལག་བསྣོལ་ཕྱག་ཐུགས་ཀར་ཐུར་དུ་བརླ་སྟེང་དུ་བསྣོལ་ནས་མདུན་གྱི་རོ་ལ་མིག་འབྲུ་ཚུགས་སུ་གཟིགས་པའོ།། སྟག་གི་མགོ༔ སྲི་ལ་ནག་མོ་བྱིས་ལྡག་པའི་རོ་ཡི་སྙིང་ཕྱུངས་ནས་ལྕེས་པ། ཝ་ཡི་མགོ༔ ཤྭ་ན་མཐིང་ནག་ཤ་ཞིང་གི་ཁོག་པ་ཁ་ཕྱེས་ནས། འདྲད་སྤྱང་ཀིའི་མགོ༔ ཀྲྀ་ཏ་དམར་མོ་གྲི་རལ་གྲི་དང་དུང་དམར་འཛིན་པ། ཐོད་བྱ་རྒོད་མགོ༔ ཀང་ཀ་དམར་ སྨུག་རོ་ཕྲག་པར་ཞིང་ཁུར་ནས་ཐོགས་པ། དུར་བྱའི་མགོ༔ ཁྭ་ཁྭ་ནག་མོ་གཡས་ན། གྲི་གཡོན་པ། ཐོད་བྱ་རོག་མགོ༔ ཧུ་ལུ་མཐིང་ག་ལྕགས་ཀྱུ་བྷན་དམར་འུག༔ དཀྱིལ་འཁོར་ཆེན་པོ་དེ་ཡི་སྒོ་བཞི་རུ༔ རྟ་གདོང་དཀར་མོ་འགུག་བྱེད་ལྕགས་ཀྱུ་འཛིན༔ ཕག་གདོང་ནག་མོ་ འཆིང་བྱེད་མཆེ་ཞགས་སྡོམ༔ སྤྲེལ་གདོང་དམར་མོ་སྡོམ་བྱེད་ལྕགས་ལྕགས་སྒྲོག་གི་འོད་ཉི་ཟླར་འབྲེལ་བས་ཉི་ཟླ་ལྕགས་སྒྲོག་ལའང་ཟེར། སྒྲོག་འཆང་༔ སྤྱང་གདོང་ལྗང་གུ་ཐལ་བར་རློག་པས་ཐལ་བྱེད་མ་དང་། ལས་མཐར་ཕྱིན་པར་བྱེད་པས་མཐར་བྱེད་མའང་ཟེར། མྱོས་བྱེད་དྲིལ་བུ་འཁྲོལ༔ དུས་གསུམ་བདེ་གཤེགས་ཐུགས་མཆོག་ འདུས་པའི་ལྷ༔ མ་ཡེངས་འཛིན་བྲལ་ངང་དུ་རང་རིག་ཕྱག་རྒྱའི་སོགས། ལམ་མེར་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ཕྱོགས་དཀྱིལ་འཁོར་ལྷ་རྣམས་འདུས་པའི་གཙོ༔ བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེ་གཤེད༔ མཐིང་ནག་དབུ་ 6-8-8a གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ནག༔ ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སྟྭ་གཡས༔ གཡོན་པ་བསྡིག་ མཛུབ་མདུང་ཐུང་བྷན་དམར་འཛིན༔ ཁྲོ་ཚུལ་ཀུན་ལྡན་དུར་ཁྲོད་ཆས་བརྒྱད་རྫོགས༔ ཞབས་བཞི་གཤིན་རྗེ་མ་ཧེའི་སྟེང་དུ་བགྲད༔ གཡོན་ནས་སྦྱོར་བའི་ཡུམ་མཆོག་ཆེན་མོ་ནི༔ བཻ་ཏཱ་དུག་ཧྲུལ་གྱི་ཐུལ་པ་གྱོན་པས་དུག་ཧྲུལ་མའང་ཟེར། ནག་ མོ་དགྲ་སྟྭ་དུང་དམར་སྟོབ༔ གཡས་ནས་སྒྲོལ་ཡུམ་ཨེ་ཀ་ཛཱ་ཊི་ནི༔ སྔོ་ནག་ཏྲི་ཤུལ་གཡང་གཞི་གཡས་ན་འཕྱར༔ གཡོན་པས་ཐོད་ཁྲག་གི་ནང་དུ། ཙིཏྟ་ཡོད་པ། ཡབ་ལ་སྟོབ༔ གཙོ་འོག་གི་སྐབས་སུ་སྦྱོར་ཡུམ་རྣམས་གཡོན་དང་སྒྲོལ་ཡུམ་རྣམས་གཡས་སུ་བསྒོམ་དགོས་སོ། །མདུན་ཤར་སོགས་ཕྱོགས་བཞིར་གཤེད་ཆེན་བཞི༔ ཡ་མ་རཱ་ཛ་མཐིང་ནག་སྨུག་ནག་བྱས་ཀྱང་རུང་། དཀར་དམར་ཞལ༔ ཕྱག་དྲུག་འཁོར་ལོ་རལ་གྲི་ལྕགས་ཀྱུ་གཡས༔ ཁ་ཊྭཱྃ་དགྲ་སྟྭ་རྒྱུ་མའི་ཞགས་པ་གཡོན༔ གཡུ་ཡི་རལ་གཅིག་ནག་མོ་སྦྲུལ་གྱི་ཐུལ་པ་ཅན་གཡས་ཡབ་ལ་འཁྱུད་པ་གཡོན། དུང་དམར་སྟོབ༔ པ་སྦྱོར་ཡུམ། ལྷ་མོ་ནག་མོ་འམ་ལྷ་མོ་དཔལ་འབར་ཏེ་རེ་མ་ཏི། རལ་གྲི་ནེའུ་ལེ་འཛིན༔ པ་སྒྲོལ་ཡུམ་མོ།། མྱོས་བྱེད་འབར་བ་སེར་ནག་སྔོ་དམར་ཞལ༔ 6-8-8b ཕྱག་དྲུག་བེ་ཅོན་རལ་གྲི་དགྲ་སྟྭ་གཡས༔ གཡོན་པས་བྷན་དམར་འཁོར་ལོ་ལྕགས་ཀྱུ་བསྣམས༔ གཏུམ་མོ་དུག་ཧྲུལ་སེར་ནག་བྷན་གཡས་འཁྱུད་གཡོན་པས། དམར་སྟོབ༔ ཁྲག་གི་ཆགས་གཞི། བདག་མོ་སེར་ནག་སྤྱང་ཀུའི་ གདོང་༔ གཡས་ན་སྤུ་གྲི་གཡོན་པས་ཙིཏྟ་བསྣམས༔ མ་རུ་ཙེ་ནི་དམར་ནག་དཀར་སྔོའི་ཞལ༔ བེ་ཅོན་རིན་ཆེན་དབྱུག་པ་ཁ་ཊྭཱྃ་གཡས༔ བན་དྷ་ འཁོར་མེ་ཡི། ལོ་རྒྱུ་ཞགས་གཡོན་ན་བསྣམས༔ ལྷ་མོ་འོད་ཟེར་ཅན། ཕྱག་དམར་མོ་གཡས་ཨུཏྤ་ལ་བསྣམས་ནས་འཁྱུད་ཅིང་གཡོན། དུང་དམར་སྟོབ༔ གླིང་བཞི་གཙུག་འབྱམས་དམར་པོ་རྨ་བྱའི་ཐུལ་པ་ཅན། གཡས་ན་ནི༔ མདུང་དམར་ལ། བ་དན་བཏགས་པ་དང་། བྷན་དམར་ནང་དུ། ཙིཏྟ་ཡོད་པ། གཡོན༔ རལ་པ་ ཚར་དགུ་ལྗང་ནག་དཀར་དམར་ཞལ༔ ཕྱག་དྲུག་བེ་ཅོན་བཏུན་ཤིང་རྒྱ་གྲམ་གཡས༔ བྷན་དམར་འཁོར་ལོ་རླུང་གི། རྒྱུ་ཞགས་གཡོན་ན་བསྣམས༔ བདུད་འདུལ་ནག་མོ་ནི་རེ་མ་ཏི་དར་ནག་གི་ཐུལ་པ་ཅན་ཞལ་ནས་མི་ཁྲག་འཛག་པ་གཡས་བདུད་ཀྱི། ཁྲམ་བམ་བྷནྡྷ་གཡོན། སྟོབ༔ སྲིན་མོ་མགོ་འཕྱང་ལྗང་ནག་སྲིན་མོ་འབུམ་གྱི། ཐོད་པས་བརྒྱན༔ ཞིང་དུག་གསུམ་བསྒྲལ་བའི་ལྤགས་ཆེན་ན་བཟའ་ཅན། གཡས་པ་དགྲ་སྟྭ་གཡོན་པས་དུང་དམར་ འཛིན༔ དེ་རྒྱབ་ཕྱོགས་བཅུར་ཕྱོགས་སྐྱོང་བཅུ་གཉིས་ཏེ༔ 6-8-9a སྟེང་གི་ཕྱོགས་ན་གནས་པ་རྣམ་གཉིས་ནི༔ ནག་འཇོམས་མཐིང་ནག་རྡོ་རྗེ་རྩེ་ལྔ་དང་། དགྲ་སྟྭ་བསྣམས༔ ནག་མོ་རལ་ཅན་ནི་རེ་མ་ཏི་གཡས་ཚོན་དྲུག་སྔོ་དམར་བསྣམས་ནས། ཡབ་འཁྱུད། གཡོན། དུང་དམར་སྟོབ༔ ཕྱ་སངས་དཀར་སེར་ ཚེ་གཡས། བུམ་གཡོན་ན། རྡོ་རྗེའི་ཐོང་། གཤོལ༔ ཤེལ་གྱི་གདོང་དགུ་གཡས། ཤེལ་གྲི་གཡོན། བྷན་དམར་སྟོབས་ཅིང་ཡབ་ལ། འཁྱུད༔ ཤར་དང་ཤར་ལྷོ་ལ་སོགས་གཡས་སྐོར་གྱིས༔ བྲག་ཤར་དུ་ཀོང་ཙེ། འཇོམས་དཀར་སེར་གཡས་རི་རབ་ཀྱི། བྲག་དང་གཡོན་སྲིད་པའི། འཁོར་ལོ་འཛིན༔ ཤེལ་མིག་ཁྲོ་མོ་ལྕགས་ཀྱུ་དུང་དམར་སྟོབ༔ ཤར་ལྷོར་ཨ་བ། གླང་མགོ་སྨུག་ ནག་ཁ་ཊྭཱྃ་ལྕགས་ཀྱུ་འཛིན༔ དྲང་སྲོང་ཡུམ། དཀར་སྐྱ་མཆེ་གཙིགས་མ། དཀར་སྐྱའི་མེ་ཡི་རལ་པ་ཅན། མདོག༔ གཡས་པས་སྐར་མདའ་གཡོན་པས་དུང་དམར་སྟོབ༔ ལྷོར། ཡ་བ་ཏི་ སྔོ་ནག ། རལ་གྲི་ལྕགས་ཀྱུ་འཛིན༔ ཡུམ། དྲེད་ཀྱི་ཧབ་ཤམ་ཅན། ཁྲམ་ཤིང་བནྡྷ་ཐོགས༔ ལྷོ་ནུབ་ཏུ། མིག་དམར་དམར་ནག་རལ་གྲི་ཏིར་དབྱུག་ཅན༔ ཁྲག་གི་རལ་གཅིག་རལ་གྲི་བྷན་ དམར་སྟོབ༔ འདི་ལ་གཤིན་རྗེ་དུས་ཚོད་འཛིན་པ་ཟེར། རྨིག་པ་དུད་ཁ་ཐོད་ཕྲེང་ལྕགས་སྒྲོག་བསྣམས༔ ཀླུ་མོ་པུས་འགྲོ་སྦྲུལ་ཞགས་བྷན་དམར་སྟོབ༔ ཏེལ་པ་སྔོ་ནག་སྤུ་གྲི་བྷན་དམར་ 6-8-9b ཐོགས༔ རླུང་ལྷ། སྤྱན་གསུམ་མ་སྤྲིན་གྱི་རལ་པ་ཅན། མཆེ་གཙིག་བ་དན་དུང་དམར་སྟོབ༔ བདུད་འཇོམས་ལྷ་མཆོག་དུད་ཁའང་ཟེར། སྨུག་ནག་ཐོ་བ་བྷན་དམར་བསྣམས༔ སྨུག་ནག་རལ་གཅིག་ཤེལ་གྲི་བྷན་དམར་སྟོབས༔ ཆོས་རྒྱལ་ དཀར་སེར་གཡས། རྡོ་རྗེ་རྩེ་གསུམ་གཡོན། ཁྲམ་ཤིང་། ནག་པོ། འཛིན༔ རྡོ་རྗེ་རལ་གཅིག་ཞགས་ཉི་ཟེར་གྱི། པ་དང་། དུང་དམར་སྟོབ༔ འོག་གི་ཕྱོགས་ན་བཞུགས་པའི་གཤིན་རྗེ་གཉིས༔ འབར་བ་ དམར་པོ་རྩིས་བྱང་གཏུན་ཤིང་འཛིན༔ དམར་མོ་མགོ་དགུ་ཏྲི་ཤུལ་དང་བྷན་དམར་སྟོབ༔ ཐོད་དབྱུག་མཐིང་ནག་སྟིར་དབྱུག་ཤོད་དྷེའུ་ཐོགས༔ ནག་ མོ་ཕག་མགོ་འཇའ་ཡི། ཞགས་པ་ཐོད་ཁྲག་སྟོབ༔ དཀྱིལ་འཁོར་ཆེན་པོ་དེ་ཡི་སྒོ་བཞི་རུ༔ དུང་གི་རྒོད་མགོ་ཞེས་མདོག་དཀར་པོ། རྡོ་རྗེ་རྩེ་ལྔ་དང་། ལྕགས་ཀྱུ་བསྣམས༔ ལྕགས་ཀྱི་སྟག་མགོ་མཐིང་ནག་གཡས། རིན་ཆེན་གྱི་དབྱུག་པ་དང་གཡོན་རྒྱུ་མའི། ཞགས་པ་བསྣམས༔ བསེ་ཡི་ཀང་ཀ་ནི་མདོག་དམར་པོ་བྱ་རོག་གི་དབུ་ཅན་གཡས། པདྨ་གཡོན་ཁྲག་གི། ལྕགས་སྒྲོག་བསྣམས༔ གཡུ་ཡི་སྤྱང་མགོ་ལྗང་གུ་སྟེ་ལྕགས་ཀྱི་སྤྱང་ཀུ་མགོའང་གསུངས་གཡས་རླུང་གི། རྒྱ་གྲམ་དང་། དྲིལ་བུ་བསྣམས༔ འདི་རྣམས་ཕོ་ཡིན་ནག་མོ་སོགས་སུ་བྱས་པ་ཡིག་ནོར་རོ། །གཤེད་པོ་བཅུ་གཉིས་ཀྱི་ཡུམ་སྐུ་མདོག་དམིགས་སུ་མ་གསལ་བ་ཀུན་ཡབ་དང་འདྲ་བར་ཤེས་པར་བྱའོ།། བདེ་བར་གཤེགས་ 6-8-10a པའི་སྐུ་མཆོག་འདུས་པའི་ཚོགས༔ རང་རིག་ཕྱག་རྒྱའི་སོགས། མ་ཡེངས་འཛིན་བྲལ་ངང་དུ་ལམ་མེར་གསལ༔ ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་ཕྱོགས་དཀྱིལ་འཁོར་ལྷ་རྣམས་འདུས་པའི་གཙོ༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དབང་གི་སྐུ༔ དམར་ནག་དབུ་གསུམ་དམར་དབུས། དཀར་གཡས། སྔོ་གཡོན། བའི་ཞལ༔ ཕྱག་དྲུག་རྡོ་རྗེ་ཁ་ཊྭཱྃ་ སྤྲུལ་ཞགས་གཡས༔ དྲིལ་བུ་བྷན་དམར་ལྕགས་སྒྲོག་གཡོན་ན་བསྣམས༔ དབུ་གསུམ་གཙུག་ན་རྟ་མགོ་ལྗང་གུ་ནི༔ རྟ་སྐད་ལྷང་ལྷང་མཚེར་བ་གསུམ་གྱིས་ བརྒྱན༔ སྐུ་ལ་དུར་ཁྲོད་འཇིགས་པའི་ཆས་རྣམས་རྫོགས༔ ཞབས་བཞི་བརྐྱང་བསྐུམ་གདུག་པ་ཀླུ་རྣམས་བརྫིས༔ རལ་གཅིག་དམར་ནག་ཁ་ཊྭཱྃ་དུང་ཁྲག་སྟོབ༔ གཡས་གཡོན་ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ མདོག་དམར་ལྕགས་ཀྱུ་དང་ནི་ཕུར་པ་བསྣམས༔ གཙོ་བོའི་ཕྱོགས་བཞིར་ཤར་ནས་གཡས་སྐོར་དུ༔ སྲས་མཆོག་རིགས་ཀྱི་དབང་ཆེན་དབང་ཆེན་སྡེ་བཞི་འདི་མངོན་རྟོགས་ཕལ་ཆེར་ལ་མེད། རྒྱལ་བ་བཞི༔ རྡོ་རྗེ་དབང་ཆེན་ཞལ་གསུམ་ཕྱག་དྲུག་མཐིང་༔ ཕྱག་དྲུག་དང་པོ་རྡོ་རྗེ་དུང་ཁྲག་བསྣམས༔ རྡོ་རྗེ་དབང་མོ་ཡུམ་དང་མཉམ་པར་སྦྱོར༔ རིན་ཆེན་དབང་ 6-8-10b ཆེན་ཞལ་གསུམ་ཕྱག་དྲུག་སེར༔ ཕྱག་དྲུག་དང་པོ་རིན་ཆེན་ཐོད་ཁྲག་གཏེམ༔ རིན་ཆེན་དབང་མོ་ཡུམ་དང་མཉམ་པར་སྦྱོར༔ པདྨ་དབང་ཆེན་ཞལ་གསུམ་ཕྱག་དྲུག་དམར༔ ཕྱག་དྲུག་ དང་པོ་པདྨ་ཐོད་ཁྲག་བསྣམས༔ པདྨ་དབང་མོ་ཡུམ་དང་མཉམ་པར་སྦྱོར༔ ལས་ཀྱི་དབང་ཆེན་ཞལ་གསུམ་ཕྱག་དྲུག་ལྗང་༔ ཕྱག་དྲུག་དང་པོ་རྒྱ་གྲམ་ཐོད་ཁྲག་བསྣམས༔ ལས་ཀྱི་དབང་མོ་ ཡུམ་དང་མཉམ་པར་སྦྱོར༔ ཀུན་ཀྱང་གཡས་དཀར་གཡོན་སྔོ་དབུས་རང་མདོག༔ བར་མ་གཉིས་ཀྱིས་ཁ་ཊྭཱྃ་སྦྲུལ་ཞགས་བསྣམས༔ ཐ་མ་གཉིས་ན་དབང་གི་ཕུར་པ་འདྲིལ༔ ཀུན་ ཀྱང་དབུ་གཙུག་རྟ་མགོ་རྟ་སྐད་འཚེར༔ ཡུམ་རྣམས་ཡབ་མདོག་ཁ་ཊྭཱྃ་ཐོད་ཁྲག་འཛིན༔ དེ་རྒྱབ་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་སུ༔ དཔལ་ཆེན་སྤྲུལ་པ་ཟིལ་གནོན་ཁྲོ་བོ་བརྒྱད༔ དམར་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ ཀུན་ཀྱང་གཡས་དཀར་གཡོན་སྔོ་དབུས་དམར་ནག༔ དབུ་གཙུག་རྟ་མགོ་རྟ་སྐད་ཐེངས་གསུམ་འབྱིན༔ ཤར་ལ་སོགས་པའི་ ཕྱོགས་བཞིར་བཞུགས་པ་ནི༔ ཡེ་ཤེས་ལྷ་རྣམས་ཟིལ་གནོན་ཁྲོ་བོ་བཞི༔ ཤར་དུ། ཞི་བའི་ལྷ་རྣམས་ཟིལ་གནོན་རྟ་མགྲིན་ནི༔ ཕྱག་དྲུག་འཁོར་ལོ་རྡོ་རྗེ་རིན་ཆེན་གཡས༔ པདྨ་རལ་ 6-8-11a གྲི་དྲིལ་བུ་གཡོན་ན་བསྣམས༔ བརྐྱང་བསྐུམ་ཞབས་བཞིས་ཞི་བ་རིགས་ལྔ་གནོན༔ མི་ཕམ་ཁྲོ་མོ། དམར་མོ་སྐུ་ལ་དགྱེས་པར་འཁྲིལ༔ ལྷོར། ཁྲོ་བོ་ཟིལ་གནོན་འཇིགས་ བྱེད་ཁྲོ་བཅུ་གནོན༔ ཕྱག་དྲུག་པདྨ་དབྱུག་ཐོ་སྤུ་གྲི་གཡས༔ ཁ་ཊྭཱྃ་དགྲ་སྟྭ་རྒྱ་གྲམ་གཡོན་ན་བསྣམས༔ ཁྲོ་གཉེར་དམར་མོ་སྐུ་ལ་དགྱེས་པར་འཁྲིལ༔ མ་མོ་ཟིལ་གནོན་ དབྱིངས་ཀྱི་ཡུམ་དྲུག་གནོན༔ ཕྱག་དྲུག་བསྡིག་མཛུབ་ལྕགས་ཀྱུ་སྦྲུལ་ཞགས་གཡས༔ ལྕགས་སྒྲོག་རྔེའུ་ཆུང་ཁ་ཊྭཱྃ་གཡོན་ན་བསྣམས༔ རོ་ལངས་དམར་མོ་སྐུ་ལ་དགྱེས་པར་འཁྲིལ༔ ཁྱུང་རྣམས་ཟིལ་གནོན་རིགས་ལྔའི་ཁྱུང་ཆེན་གནོན༔ ཕྱག་དྲུག་གཡས་དང་པོ་ན། རྡོ་རྗེ འི་ཁྱུང་དང་། གཉིས་པས། ས་ཡི་ཁྱུང་། དང་མེའི་ཁྱུང་གཡས༔ ནམ་མཁའ་ཆུ་དང་། རླུང་གི། བྱ་ཁྱུང་གཡོན་གསུམ་ན་བསྣམས༔ སྤྱན་གཅིག་དམར་མོ་སྐུ་ལ་དགྱེས་པར་འཁྲིལ༔ ཤར་ལྷོ་ནས་བརྩམས་མཚམས་བཞིར་བཞུགས་པ་ཡི༔ འདི་རྒྱུད་དང་ཕུད་སྐོང་ནས་གསུངས་པའི་དགོངས་པ་ཡིན། གཞན་དུ་ཟིལ་གནོན་བརྒྱད་པོ་ཕྱོགས་བཞིར་ ཕྱི་ནང་དུ་འགོད་པར་མཛད། ལས་ཀྱི་ལྷ་རྣམས་ཟིལ་གནོན་ཁྲོ་བོ་བཞི༔ ཤར་ལྷོར། ཕོ་རྒྱུད་ཟིལ་གནོན་དྲེགས་པའི་ལྷ་བརྒྱད་གནོན༔ ཕྱག་དྲུག་རྡོ་རྗེ་ཐོད་སྐམ་རྒྱུ་ཞགས་གཡས༔ དུང་ཁྲག་ཐོད་ 6-8-11b རློན་ཞིང་དབྱུག་གཡོན་ན་བསྣམས༔ རྡོ་རྗེ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ༔ མོ་རྒྱུད་ཟིལ་གནོན་མ་བདུན་སྲིང་བཞི་གནོན༔ ཕྱག་དྲུག་རྡོ་རྗེ་རལ་གྲི་མདའ་ནི་གཡས༔ ཞགས་པ་ བསྡིག་མཛུབ་གཞུ་ནི་གཡོན་ན་བསྣམས༔ གཤིན་རྗེ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ༔ ཀླུ་རྣམས་ཟིལ་གནོན་གདུག་པའི་ཀླུ་བརྒྱད་གནོན༔ ཕྱག་དྲུག་སྦྲུལ་དཀར་སྦྲུལ་སེར་སྦྲུལ་ དམར་གཡས༔ སྦྲུལ་ཁྲ་སྦྲུལ་སྔོན་སྦྲུལ་ལྗང་ཡང་། སྦྲུལ་ནག་གཡོན་ན་བསྣམས༔ ཀླུ་མོ་ལས་བྱེད་དམར་མོ་སྐུ་ལ་འཁྲིལ༔ གཟའ་རྣམས་ཟིལ་གནོན་ཉི་ཟླ་གཟའ་བརྒྱད་གནོན༔ ཕྱག་དྲུག་རྡོ་རྗེ་ཞགས་པ་རལ་ གྲི་གཡས༔ དུང་ཁྲག་སེང་ལྡེང་དབྱུག་པ་ཁྱུང་ནག་གཡོན༔ གནོད་སྦྱིན་ལས་བྱེད་དམར་མོ་སྐུ་ལ་འཁྲིལ༔ ཡུམ་ཆེན་རྣམས་ནི་ཁ་ཊྭཱྃ་ཐོད་ཁྲག་སྟོབ༔ སྒོ་བཞིའི་ སྒོ་བ་དཀར་སེར་དམར་ལྗང་མདོག༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་གསུང་གི་དབང་ཕྱུག་ཚོགས༔ རང་རིག་ཕྱག་རྒྱའི། མ་ཡེངས་འཛིན་ བྲལ་ངང་དུ་ལམ་མེར་གསལ༔ ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཕྱོགས་དཀྱིལ་འཁོར་བདེ་གཤེགས་འདུས་པའི་གཙོ༔ བཅོམ་ལྡན་དཔལ་ཆེན་ 6-8-12a རྡོ་རྗེ་གཞོན་ནུ་ནི༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་སྐུ་མདོག་མཐིང་༔ གཡས་དཀར་གཡོན་དམར་དབུས་ནི་མཐིང་ནག་ཞལ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་ བསྣམས༔ གཡོན་གཉིས་ཁ་ཊྭཱྃ་ཀ་དང་མེ་དཔུང་འབར༔ ཐ་མ་གཉིས་ན་རི་རབ་ཕུར་བུ་འདྲིལ༔ དུར་ཁྲོད་འཇིགས་པའི་ཆས་བརྒྱད་སྐུ་ལ་བརྒྱན༔ ཞབས་བཞི་བརྐྱང་བསྐུམ་ ལྷ་ཆེན་སོགས། ཕོ་བདུད་དྲེགས་པ་བརྫིས༔ འཁོར་ལོ་རྒྱས་འདེབས་མཐིང་ནག་སྐུ་ལ་འཁྲིལ༔ གཡས་པ་ཁ་ཊྭཱྃ་ཐོགས་ནས་ཡབ་ལ་འཁྱུད༔ གཡོན་པས་ཨུཏྤལ་ཐུགས་དམ་རྒྱུད་ཡང་ན་དུང་ཁྲག་གཙོ་ལ་སྟོབ་པར་བྱེད་ཅེས་སྦྱར། བསྐུལ་ མཛད༔ ཕྱོགས་བཞིར་རིགས་ཀྱི་སྲས་མཆོག་རྣམ་པ་བཞི༔ སངས་རྒྱས་སྲས་མཆོག་བུདྡྷ་ཀཱི་ལ་ཡ༔ དབུ་གསུམ་གཡས་སྔོ་གཡོན་ དམར་དབུས་དཀར་སྲས་མཆོག་བཞིའི་སྐུ་མདོག་རྩ་ཞལ་དང་མཐུན་པ་གོ་དགོས་སོ།། ཞལ༔ ཕྱག་དྲུག་དང་པོ་རྡོ་རྗེ་དགྲ་སྟྭ་བསྣམས༔ བར་མ་གཉིས་ན་རལ་གྲི་ཞགས་པ་འཛིན༔ རིན་ཆེན་སྲས་མཆོག་རཏྣ་ཀཱི་ལ་ཡ༔ དབུ་གསུམ་གཡས་དཀར་ གཡོན་དམར་དབུས་སེར་པོ༔ ཕྱག་དྲུག་དང་པོ་བེ་ཅོན་དགྲ་སྟྭ་བསྣམས༔ བར་མ་གཉིས་ན་རིན་ཆེན་རལ་གྲི་འཛིན༔ དབང་གི་སྲས་མཆོག་ 6-8-12b པདྨ་ཀཱི་ལ་ཡ༔ དབུ་གསུམ་གཡས་དཀར་གཡོན་སེར་དབུས་དམར་ཞལ༔ གཡས་གཡོན་དང་པོས་རལ་གྲི་མདུང་ཐུང་བསྣམས༔ བར་མ་གཉིས་ཀྱིས་མདའ་གཞུ་འགེངས་ཤིང་འཕེན༔ ཕྲིན་ལས་སྲས་མཆོག་ཀརྨ་ཀཱི་ལ་ཡ༔ དབུ་གསུམ་གཡས་དཀར་གཡོན་དམར་དབུས་ལྗང་ཞལཿ གཡས་གཡོན་དང་པོ་མདུང་དང་གྲི་གུག་བསྣམས༔ བར་མ་གཉིས་ན་ལྕགས་ཀྱུ་རལ་གྲི་ འཛིན༔ ཀུན་ཀྱང་ཐ་མས་རི་རབ་ཕུར་པ་འདྲིལ༔ རིམ་བཞིན་སྐུ་སྨད་དངུལ་གསེར་ཟངས་ལྕགས་ཀྱི༔ ཕུར་པ་ཞི་སོགས་ལས་མཚུངས་དབྱིབས་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་པའི། ཀྱི་དཔལ༔ གྲུ་གསུམ་འབར་བ་ཨེ་ ཡི་གདན་ལ་བཞུགས༔ དེ་རྒྱབ་སྟེང་དང་ཤར་དང་ཤར་ལྷོ་ནས༔ གཡས་བསྐོར་ཚུལ་གྱིས་འོག་གི་བར་དག་ཏུ༔ ཧཱུྃ་ཆེན་སྔོ་སྐྱ་གཡས། སེར་དང་དམར་གཡོན། བའི་ དབུས་ཞལ་སྐུ་མདོག་དང་མཚུངས་པར་བསྟན་པ་ཤེས་དགོས་སོ། །ཞལ༔ གཡས་གཡོན་དང་པོ་རྡོ་རྗེ་དུང་ཁྲག་དཀྲུགས༔ འདི་ཁྲོ་བཅུ་ཀུན་ལ་འདྲ། རྡོ་རྗེ་གསོད་བྱེད་མའང་ཟེར། བར་མ་གཉིས་ན་མདའ་གཞུ་འགེངས་ཤིང་འཕེན༔ ཐ་མ་གཉིས་ན་རི་རབ་ཕུར་པ་འདྲིལ༔ འདིའང་ཀུན་ལ་འདྲ། སྒྲ་འབྱིན་རླུང་འབྱིན་བརྗེས་ཀྱང་རུང་། རྡོ་རྗེ་སྒྲ་འབྱིན་བེ་ཅོན་ཐོད་ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་ཕག་དང་རྨིགས་ 6-8-13a བུའི་ཡབ་ཀྱི་སྤྲུལ་པ། ཡུམ་གྱི་སྤྲུལ་པ། མགོ༔ རྣམ་རྒྱལ་དཀར་པོ་སྔོ་དང་ལྗང་སེར་ཞལ༔ བར་མའི་ཕྱག་གཉིས་འཁོར་ལོ་ཏྲི་ཤུལ་བསྣམས༔ རྡོ་རྗེ་བསྙེམས་མ་རལ་གྲི་བྷན་དམར་སྟོབ༔ ཡབ་ཡུམ་ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ དབྱུག་པ་སྔོན་པོ་སྔོ་དཀར་དམར་བའི་ཞལ༔ བར་མའི་ཕྱག་གཉིས་མེ་དབལ་དབྱུག་ཐོ་བསྣམས༔ རྡོ་རྗེ་སེར་མོ་ལྕགས་ཀྱུ་བྷན་ དམར་སྟོབ༔ ཡབ་ཡུམ་སྤྲུལ་པ་གཡག་དང་བྱ་རོག་མགོ༔ གཤིན་རྗེ་གཤེད་པོ་སྔོ་སྐྱ་ལྗང་སྔོན་ཞལ༔ བར་མའི་ཕྱག་གཉིས་ཐོད་དབྱུག་དགྲ་སྟྭ་བསྣམས༔ དུར་ཁྲོད་བདག་མོ་ཐོད་དབྱུག་ དུང་དམར་སྟོབ༔ ཡབ་ཡུམ་སྤྲུལ་པ་ཤ་བ་འུག་པའི་མགོ༔ མི་གཡོ་མགོན་པོ་དབུས་ཞལ་དང་སྐུ་མདོག ། ལྗང་སྔོན་གཡས། སྨུག་གཡོན། ནག་ཞལ༔ བར་མའི་ཕྱག་གཉིས་རལ་གྲི་ཞགས་པ་བསྣམས༔ རྡོ་རྗེ་གཏུན་ཁུང་ཐོ་བ་དུང་ ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ རྟ་མགྲིན་དམར་པོ་དཀར་དང་སྔོ་བའི་ཞལ༔ བར་མའི་ཕྱག་གཉིས་སྤུ་གྲི་ཞགས་པ་ བསྣམས༔ རྡོ་རྗེ་གཏུམ་མོ་སྤུ་གྲི་དུང་དམར་སྟོབ༔ ཡབ་ཡུམ་སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ འདོད་རྒྱལ་དམར་སྐྱ་སེར་དང་ལྗང་གུའི་ཞལ༔ བར་མའི་ཕྱག་གཉིས་བ་དན་རྔ་ཡབ་ 6-8-13b བསྣམས༔ རྡོ་རྗེ་མདའ་སྙེམས་ཐོ་བ་དུང་ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ བདུད་རྩི་འཁྱིལ་པ་ལྗང་ནག་དཀར་དམར་ཞལ༔ བར་མའི་ཕྱག་གཉིས་རྒྱ་གྲམ་དྲིལ་བུ་བསྣམས༔ རྡོ་རྗེ་རླུང་འབྱིན་རྡོ་རྗེ་སྐྱོང་བྱེད་མའང་ཟེར། དགྲ་སྟྭ་དུང་ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ ཁམས་གསུམ་རྣམ་རྒྱལ་མཐིང་ག་དཀར་དམར་ཞལ༔ བར་མའི་ཕྱག་གཉིས་རྡོ་རྗེ་སྦྲུལ་ཞགས་བསྣམས༔ རྡོ་རྗེ་བསྐུལ་བྱེད་གསོད་བྱེད་ཀྱང་། གྲི་གུག་དུང་དམར་སྟོབ༔ ཡབ་ཡུམ་སྤྲུལ་པ་དོམ་དང་སྲེ་མོང་མགོ༔ སྟོབས་ཆེན་དུད་ཁ་གནག་དང་ལྗང་ཀུའི་ཞལ༔ བར་མའི་ཕྱག་གཉིས་ཐོ་བ་ ཞགས་པ་བསྣམས༔ རྡོ་རྗེ་བསྐྱོད་མ་རྩེ་གསུམ་ཐོད་ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་དྲེད་དང་བྱི་བའི་མགོ༔ ཁྲོ་བཅུ་ཀུན་ཀྱང་ཐོག་མཐའི་ཕྱག་མཚན་མཚུངས༔ རྡོ་རྗེའི་ གཤོག་པ་ནམ་མཁའི་མཐའ་མཉམ་གདེངས༔ དུར་ཁྲོད་ཆས་རྫོགས་ཞབས་བཞི་བརྐྱང་བསྐུམ་གྱིས༔ རང་རང་ཕྱོགས་ཀྱི་ཕྱོགས་སྐྱོང་གདོན་རྣམས་གནོན༔ ཡུམ་རྣམས་སྐུ་མདོག་ ཡབ་འདྲ་དགྱེས་པར་འཁྲིལ༔ ཐུགས་ཀྱི་སྤྲུལ་པ་ཕྲ་མེན་ཕྲ་ཐབས་ཚོགས༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ཡབ་ཡུམ་ཏེ་གཡས་བཞུགས་ཡབ་དང་གཡོན་བཞུགས་ཡུམ་གྱི། ཚུལ༔ དང་འདྲ། 6-8-14a རྡོ་རྗེ་རི་རབ་ཕུར་པ་ཁྲ་ཐབས་སོ་སོས་ཕྱག་མཚན་མི་འདྲ་བ་བསྣམས་པའི་ལུགས་ཡོད་ཀྱང་འདིར་ཐམས་ཅད་ཀྱིས་གཡོན་པའི་ཕུར་པ་དེ་གཡས་རྡོ་རྗེ་རི་རབ་ཀྱིས་འདེབ་ཚུལ་ཅན་དུ་བསྒོམ་མོ།། འཛིན་ཞིང་འདེབས༔ རང་རང་གཙོ་བོའི་གཡས་དང་གཡོན་ན་བཞུགས༔ སྒོ་བཞི་སྲུང་མཛད་ཕྲ་མེན་སྒོ་མ་བཞི༔ པུ་ཤུད་མགོ་ཅན་དཀར་ མོ་ལྕགས་ཀྱུ་འཛིན༔ སྐྱ་གའི་མགོ་ཅན་སེར་མོ་ཞགས་ པ་འཛིན༔ སྲིན་བྱའི་མགོ་ཅན་དམར་མོ་ལྕགས་སྒྲོག་འཛིན༔ ཁྲ་ཡི་མགོ་ཅན་ལྗང་གུ་དྲིལ་བུ་འཛིན༔ དུས་གསུམ་བདེ་གཤེགས་ཕྲིན་ལས་རྫོགས་མཛད་ལྷ༔ རང་རིགས་ཕྱག་རྒྱའི་མཆོད་སོགས། མ་ཡེངས་འཛིན་བྲལ་ ངང་དུ་ལམ་མེར་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནཾ་བྃ་ཧཱུྃ་ཕཊ༔ ཧཱུྃ༔ ཤར་ལྷོའི་དཀྱིལ་འཁོར་བདེ་གཤེགས་འདུས་པའི་གཙོ༔ བཅོམ་ལྡན་མངོན་རྫོགས་བླ་ མེད་ཧེ་རུ་ཀ༔ དབུ་གསུམ་གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ ཕྱག་དྲུག་རྡོ་རྗེ་དྲིལ་བུ་བྱས་ཀྱང་ཆོག ། ཁྱུང་དང་སྤྲུལ་ཞགས་གཡས༔ བྷནྡྷ་ཞིང་དབྱུག་ཐོད་པའི་ག་འུ་གཡོན༔ དུར་ཁྲོད་འཇིགས་ པའི་ཆས་ཀྱིས་སྐུ་ལ་བརྒྱན༔ ཞབས་བཞི་བསྒྲད་པས་མ་བདུད་མ་མོ་གཟིར༔ ཀུན་ཏུ་བཟང་མོ་ཉིད་གཞི་མུ་ཁ་ལེ༔ དེ་བཞིན་ཉིད་ཀྱི་གཞིར་གྱུར་པ་མུ་ཁ་ལེ་ཞེས་རྒྱུད་ལས་གསུངས། སྐུ་ 6-8-14b གཅིག་ལ་ཕྱོགས་བཞི་ཀར་མདུན་དུ་སྣང་བས། བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན༔ ཕྱོགས་གང་ནས་བལྟས་པའི་མདུན་གྱི། མཁའ་བཞིའི་བྷ་ཀློང་ནས་རིགས་བཞི་སྐྱེད་པའི། ག་བཞིར་སྣང་ཡང་དོན་ལ་ཡབ་དང་སྦྱོར་བའི། བདེ་ཀློང་གཅིག་ཏུ་འཁྱིལ༔ བ་སྟེ་ཐ་དད་དུ་མེད་དོ། ། དབུ་གཅིག་ལ་ཕྱོགས་སོ་སོའི་དབང་གི་ཡེ་ཤེས་ལྔའི། ཞལ་ལྔ་སྣང་སྟེ། དབུས་ཤར་སོགས་མཐིང་དཀར་སེར་དམར་ལྗང་བས། སྲིད་པ་ཐམས་ ཅད་གསལ༔ སྐུ་ནི་དབུས་ཞལ་ལྟར་མཐིང་ཀའོ། ། ཕར་ཕྱིན་དྲུག་ལྡན་ཕྱག་དྲུག་ཕྱག་མཚན་ནི༔ རྡོ་རྗེ་དྲིལ་ཞགས་བདུད་རྩི་བུམ་པ། གཡས་ན་བསྣམས༔ དྲིལ་བུ་བྷན་དམར་གཡང་གཞི་གཡོན་ན་བསྣམས༔ སྣ་ཕྱོགས་སོ་སོའི་དབང་གིས། ཚོགས་འགྱུར་བའི་མདངས་ དང་ན་བཟར་ལྡན༔ ཤར་ཕྱོགས་ས་ཁམས་ཀྱི། མཁའ་འགྲོ་སེང་གདོང་རྣམ་སྣང་གསལ༔ དཀར་མོ། ཕྱག་དྲུག་དང་པོ་རྡོ་རྗེ་བྷན་དྷ་དམར༔ བར་མ་གཉིས་ན་དགྲ་སྟྭ་གཏུན་ཤིང་བསྣམས༔ ཐ་མའི་ཕྱག་གཉིས་གཡས་ཀྱི། སེང་གེར་གཡོན་ན་བཟུང་བའི། མཆོག་ཆེན་སྙོད༔ ལྷོ་ཡི་མཁའ་འགྲོ་མེ་ཁམས། འོད་གསལ་འབར། བན་གླང་ཏེ་གླང་པོ་ཆེའི། གདོང་༔ ཅན་སྔོན་མོ། ཕྱག་དྲུག་དང་པོ་རིན་ཆེན་བྷནྡྷ་བསྣམས༔ བར་མ་གཉིས་ན་མེ་དབལ་དབྱུག་ཐོ་ འཛིན༔ ཐ་མའི་ཕྱག་གཉིས་སྟག་མོ་ཞིང་ཕྲན་སྙོད༔ ནུབ་ཕྱོགས་ཆུ་ཁམས། མཁའ་འགྲོ་མཉེན་གསལ་འཁྲིལ། 6-8-15a ཕུད་ཀཿཐོག་ཞལ་ཐང་ནང་ཕུད་ཁ་ཞེས་པུ་ཤུད་བྱས་འདུག་དཔྱད། ཀའི་སྟེ་ཅེ་སྤྱང་གི། གདོང་༔ ཕྱག་དྲུག་དང་པོ་པདྨ་བྷནྡྷ་བསྣམས༔ བར་མ་གཉིས་ན་ཞགས་པ་ཏྲི་ཤུལ་འཛིན༔ ཐ་མའི་ཕྱག་གཉིས་ཅེ་སྤྱང་ཞིང་ཆུང་སྙོད༔ བྱང་ཕྱོགས་ རླུང་གི། མཁའ་འགྲོ་ཁྱུང་གདོང་ཡང་གསལ་གཡོས༔ ལྗང་གུ། ཕྱག་དྲུག་དང་པོ་རྒྱ་གྲམ་བྷནྡྷ་བསྣམས༔ བར་མ་གཉིས་ན་དབྱུག་ཐོ་རྒྱུ་ཕྲེང་ འཛིན༔ ཐ་མ་གཉིས་ན་སྤྱང་ཀུ་ཞིང་ཆུང་སྙོད། གཙོ་བོ་ཡབ་ཡུམ་གཡས་ན་བཞུགས་པ་ཡི༔ ནམ་མཁའི་མཁའ་འགྲོ་བཀྲག་གསལ་མཉམ་སེར་པོ། མཐིང་ག་བྱས་ཀྱང་རུང་། རྡོ་རྗེ་མཆུ༔ མངོན་རྟོགས་སུ་རྡོ་རྗེ་ཕ་ལམ་གྱི་དབུ་ཞེས་གསུངས་ རྡོ་རྗེ་རྩེ་ལྔའི་དབུའམ་འུག་པ་རྡོ་རྗེའི་མཆུ་ཅན་བྱས་ན་རུང་ངམ་སྙམས་ཀྱང་གསལ་ཁ་མ་མཐོང་དཔྱོད། བཀའ་བརྒྱད་ཞལ་ཐང་འགའ་ན་ཞལ་གསུམ་ཀ་ཁྱུང་གི་དབུར་བྱས་པ་འདུག ། ཕྱག་དྲུག་དང་པོ་འཁོར་ལོ་ བྷནྡྷ་བསྣམས༔ བར་མ་གཉིས་ཀྱིས་རྒྱལ་མཚན་སྤུ་གྲི་འཛིན༔ ཐ་མ་གཉིས་ན་འུག་པ་ཞིང་ཆུང་སྙོད༔ དབྱིངས་ཀྱི་ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ༔ རང་རང་རིགས་ཀྱི་སྐུ་མདོག་གསལ་བ་ལ༔ ན་ བཟའ་དེ་མཚུངས་ཀུན་ཀྱང་དབུ་གསུམ་སྟེ༔ གཡས་གཡོན་གོང་བཤད་ལྟར། རང་གདོང་དབུས་མ་ཁྲོ་མོའི་ཞལ༔ གསུམ་ཀ་སྐུ་མདོག་དང་མདོག་མཚུངས། ཞབས་བཞིས་ཕྱོགས་བཞིའི་ཤར་ནས་བརྒྱ་བྱིན་ 6-8-15b སོགས་ཏེ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་གྱི། གདོན་དང་ནམ་མཁའི་མཁའ་འགྲོས། ཡ་བདུད་གནོན༔ གཙོ་བོ་ཡབ་ཡུམ་གཡོན་གྱི་ཟླ་གམ་ལ༔ སྲིད་པ་འདི་ལ་ཕྲ་མེན་ལས་རྒྱ་མཚོའང་ཟེར། བདེ་འགྲོ་དབུ་གསུམ་སྐུ་མདོག་མཐིང་༔ མཐིང་དཀར་དམར་བའི་ཞལ་ཅན་ ན་བཟའ་མཐིང་༔ ཕྱག་དྲུག་དང་པོས་འཁོར་ལོ་རིན་ཆེན་བསྣམས༔ བར་མ་གཉིས་ན་གཡང་གཞི་བྷན་དམར་འཛིན༔ ཐ་མའི་ཕྱག་གཉིས་ཚེ་བུམ་ ལྕགས་ཀྱུ་བསྣམས༔ ཞབས་དྲུག་བསྒྲད་པས་ཞབས་བཞི་བྱས་པའང་འདུག་སྟེ་དཔྱད། རྒྱུད་དྲུག་སྒོ་ཡང་གཅོད༔ གཙོ་བོ་ཡབ་ཡུམ་མདུན་ན་བཞུགས་པ་ནི༔ ཉི་ཟླ་ཐོད་ཕྲེང་མདོག་དཀར་མོ་སྤྲིན་དཀར་གྱི་ན་བཟའ་ལ། འཇའ་ཚོན་འཕྲོ་ཞིང་། གསལ༔ བ། ཉི་ཟླ་སྟོང་གི་ཕྲེང་བས་ཐོད་པར་ བརྒྱན༔ ཕྱག་གཡས་ཟངས་ལྕགས་སྐུད་པ་དམར་ནག་ལ༔ སྙིང་གི་ཕྲེང་བ་བརྒྱུས་པའི་ཞགས་པ་འཕེན༔ གཡོན་ན་ ཉི་ཟླའི་ཞགས་པ་ཐོགས་པའོ༔ ཕྱི་རོལ་ཤར་སོགས་ཁྲོས་པའི་དབང་མོ་བཞི༔ ཤར་དུ་ཉི་མ་ཁྲོས་པ་མདོག་དཀར་སྤུ་གྲི་བསྣམས༔ ལྷོར། ཁྲག་འཐུང་ཁྲོས་པ་སྔོན་མོ་ཐོད་ཁྲག་འཛིན༔ ནུབ། བདུད་ རྩི་ཁྲོས་པ་དམར་མོ་བུམ་པ་ཐོགས༔ བྱང་དུ་སྲིད་གསུམ། བདེ་སྦྱོར་ཁྲོས་པ་ལྗང་ནག་ཏི་ར་འཕྱར༔ བཞི་ཀས་རང་རང་མདོག་མཚུངས་ན་བཟའ་གསོལ༔ དེ་ཡི་མཚམས་བཞིའི་གྲུ་ཆད་ལ་བཞུགས་ 6-8-16a པ༔ སྦས་པའི་མ་མོ་ཆེན་མོ་རྣམ་པ་བཞི༔ ཤར་ལྷོར། སྲིད་པ་བརྒྱན་བྱེད་དཀར་མོ་སྐྲ་ཞགས་འཛིན༔ ལྷོ་ནུབ་ཏུ། སྔོན་མོ་དབྱིངས་ཕྱུག་ཞིང་གི་དབྱུག་པ་ཐོགས༔ ནུབ་བྱང་། བདག་ཉིད་དམར་མོ་རྒྱུ་མའི་ཞགས་པ་འཕེན༔ གཅིག་སྤྱོད་སེར་མོ་ཞིང་ལྤགས་གཡང་གཞི་རྡེབས༔ སྦས་པའི་མ་བཞི་འདི་དགྱེས་སྡེ་བཞིའི་མཚམས་བཞིར་བསྒོམ་ཀྱང་ཆོག ། དེ་རྒྱབ་ཕྱོགས་བཞིར་ རིགས་ཀྱི་དགྱེས་སྡེ་བཞི༔ ཤར་དུ། དཀར་མོ་མིག་གཅིག་བྷནྡྷ་ཟླུམ་པོ་འཛིན༔ ལྷོར། ནག་མོ་མཆེ་གཙིག་བྷན་དྷ་སུལ་མང་ཐོགས༔ དམར་མོ་དབང་སྡུད་བྷནྡྷ་ལྕང་ལོ་འཕྱར༔ སེར་མོ་ལས་མཁན་སྟེ་ཚེ་འཕེལ་མའང་ཟེར། བྷནྡྷ་རྒྱ་གྲམ་བསྣམས༔ བདེ་ཐོད་གཉིས་དང་འདི་ཡན་བཅུ་གཉིས་ལ་ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི་ཟེར། དེ་ཡི་ཕྱི་རོལ་དཀྱིལ་འཁོར་བར་ཁྱམས་ལ༔ ལས་ཀྱི་སྨན་མོ་ཉི་ཤུ་རྩ་བརྒྱད་དེ༔ ཤར་ལ་སོགས་ པའི་ཕྱོགས་བཞིར་རིམ་པར་ནི༔ ཤར་དུ་ཨེ་ཀ་ཛཱ་ཊི། རལ་གཅིག་དཀར་མོ་སྤྲིན་དཀར་འཇའ་ཚོན་ཆ་ག་ཅན་གྱོན་ནས། ཁ་ཊྭཱྃ་དང་། མི་རོ་ཐོགས༔ ལྷོར་ཨ་ཕྱི་ཆེན་མོ། སྲིད་པ་ཆགས་བྱེད་མཐིང་ག་མི་ལྤགས་གྱོན་ནས། མི་སྙིང་རློན་པ། འཛིན༔ ནུབ་ཏུ་རྣལ་འབྱོར་ཆེན་མོ་སྲིད་པ་ཆ་སྙོམས་དམར་མོ་མི་ལྤགས་དང་སྟག་ལྤགས་ཀྱི་ན་བཟའ་ཅན། ཐོད་ཁྲག་ འཛིན༔ བྱང་དུ་ཨེ་ཀ་ཛ་རར་གྲགས་པ། འདོད་ཁམས་གཙོ་མོ་མཐིང་ནག་སྟག་གི་ 6-8-16b གཡང་གཞི་ཟངས་ཀྱི་ཞབས་མ་ཅན་གྱོན་ནས། ཁྲམ་ཤིང་ཐོགས༔ དེ་རྒྱབ་ཤར་ལ་སོགས་པའི་ཕྱོགས་བཞི་རུ༔ ཤར་དུ། གླིང་བཞི་སྤྱི་ཕུད་དམ་སྤྱི་འགྲོ་ཡང་ཟེར། དཀར་གསལ་ལྕགས་ཀྱུ་ཐོགས༔ ལྷོར། རིན་ཆེན་སྲིད་འདེགས་མའམ་འཇིག་རྟེན་དབང་སྒྱུར་མའང་ཟེར། སྔོན་མོ་གྭའུ་གཡུ་ཡི། འཛིན༔ པདྨ་གར་དབང་དམར་མོ་ཐོད་ཁྲག་བསྣམས༔ རྡོ་རྗེ་གར་དབང་སེར་མོ་ཐོད་ཁྲག་འཛིན༔ དེ་བཞི་ཀས། རང་རང་མདོག་ མཚུངས་ན་བཟའ་སྐུ་ལ་གསོལ༔ འདི་བརྒྱད་ལ་སྨན་མོ་སྤུན་བརྒྱད་དམ་ཆགས་བྱེད་ཆ་སྙོམས་མིན་པ་དྲུག་ལ་ཨེ་ཀ་ཛ་ཊི་སྤུན་དྲུག་ཟེར། འདི་བརྒྱད་ཕྱོགས་བཞིའི་སྟོད་སྨད་དུ་བཀོད་པ་ཡང་ཡོད། དེ་ཡི་མཚམས་བཞིའི་གྲུ་ཆད་ བཞི་ལ་ནི༔ ཧར་ཏིང་དཀར་མོ་ཤེལ་གྱི་གོ་ཟུ་ཅན་ལག་ན། མེ་ཡི་དཀྱིལ་འཁོར་ཐོགས༔ དུན་ཏིང་ནག་མོ་གཡུ་ཡི་གོ་ཟུ་ཅན། ས་ཡི་དཀྱིལ་འཁོར་ཐོགས༔ ཤན་ཏིང་དམར་མོ་བྱེ་རུའི་གོ་ཟུ་ཅན། ཆུ་ཡི་དཀྱིལ་འཁོར་ཐོགས༔ གྲུབ་ཏིང་སེར་མོ་གསེར་གྱི་གོ་ཟུ་ཅན། རླུང་གི་ དཀྱིལ་འཁོར་ཐོགས༔ འདི་བཞི་ལ་གྲུ་འདེགས་བཞི་ཟེར། དེ་ཡི་ཕྱི་རོལ་ཤར་སོགས་ཕྱོགས་བཞི་རུ༔ སྲིན་མོ་ཆེན་མོ་བཞི་ཚན་གཉིས་གནས་ཏེ༔ ཤར་དུ། སྲིན་མོ་བསྐམ་པ་དཀར་མ་ཆེན་རྡོ་རྗེ་ཀུན་གྲགས་ཀྱང་ཟེར། མོ་ཤེལ་ཕུར་ཐོགས༔ དང་གཡོན་བནྡྷ། ལྷོར། སྲིན་མོ་ཕོར་ཐོགས་རྡོ་རྗེ་ཀུན་བཟང་ཟེར། སྔོན་མོ་ཐོད་ཁྲག་འཛིན༔ 6-8-17a ནུབ་ཏུ། སྲིན་མོ་གཡང་གཞི་རྡོ་རྗེ་གྲགས་སྙེམས། དམར་མོ་ཐོད་བྷྲམ་དང་བནྡྷ། ཐོགས༔ བྱང་དུ། སྲིན་མོ་གསོད་བྱེད་སེར་མོ་རྡོ་རྗེ་འོད་གསལ་མ། བྷན་གྲི་ཐོགས༔ ཤར་དུ། སྲིན་མོ་སྣོམ་བྱེད་དཀར་མོ་རྡོ་རྗེ་གཡུ་སྒྲོན་ཟེར། བྷན་རློན་ཐོགས༔ ལྷོར། སྔོན་མོ་མདངས་ལྡན་བྷན་དམར་ཕུར་བུ་ཐོགས༔ འདི་མེད་པའི་ལུགས་ཀྱང་ཡོད། ནུབ་དུ། སྲིན་མོ་ཟ་བ་དམར་མོ་འདི་ལ་རྡོ་རྗེ་ཡེ་ཤེས་ཆེན་མོ་ཟེར། ཞིང་ལྤགས་རྡེབས༔ ཤིང་བྷནྡྷ་ཐོགས་ཡོད། བྱང་དུ། སྲིན་མོ་ཟ་བྱེད་རྡོ་རྗེ་གསལ་འཕྲོ་ཟེར། དམར་སེར་ཐོད་ཁྲག་འཐུང་༔ ཞིང་ལྕགས་ཀྱུ་འཛིན་པའོ། །དེ་བརྒྱད་རང་མདོག་མཚུངས་པའི་གོ་ཟུ་ཅན༔ སྔོན་མོ་མདངས་ལྡན་མ་གཏོགས་བདུན་ལ་མ་བདུན་ཟེར། དེ་ཡི་ཕྱི་རོལ་ཤར་ལ་སོགས་པ་བཞིར༔ དཀར་མོ་མཆེ་གཙིགས་བྷནྡྷ་དཀར་པོ་ཐོགས༔ ནག་མོ་ཁ་འབྱམས་བྷནྡྷ་སྔོན་པོ་བསྣམས༔ དམར་མོ་མཆུ་འཇིབས་བྷནྡྷ་དམར་པོ་འཛིན༔ སེར་མོ་རྐང་ལྡག་བྷནྡྷ་སེར་པོ་ཐོགས༔ འདི་བཞི་ལ་དམག་གི་རྒྱལ་མོ་བཞི་ཟེར། དཀྱིལ་འཁོར་ཆེན་པོ་དེ་ཡི་སྒོ་བཞི་རུ༔ ཤར་དུ་ལྷ་ཡི་སྲིན་མོ་དཀར་མོ་ནི༔ གླིང་བཞི་མགྱོགས་མ་རྡོ་རྗེ་རྩེ་གསུམ་ བསྣམས༔ ལྷོ་རུ་གཤིན་རྗེའི་སྲིང་མོ་སྔོན་མོ་ནི༔ མཁའ་ལ་ཁྱུང་ལྡིང་མི་མགོའི་ཐོད་དབྱུག་ཐོགས༔ ནུབ་ཏུ་ཀླུ་ཡི་སྲིང་མོ་དམར་ནག་ནི༔ དམར་མོ་གཡག་ཐོད་སྦྲུལ་གྱི་ཞགས་པ་ 6-8-17b གདེངས༔ བྱང་དུ་གནོད་སྦྱིན་སྲིང་མོ་སེར་ནག་ནི༔ ནག་མོ་སྡེར་ཆེན་ནེའུ་ལེའི་རྐྱལ་པ་འཛིན༔ འདི་བཞི་ལ་ལས་ཀྱི་སྲིང་མོ་བཞི་ཟེར། བདེ་བར་གཤེགས་པ་ལས་ཀྱི་རྦོད་གཏོང་བདག༔ མ་ཡེངས་རང་རིགས་ཕྱག་རྒྱའི་སོགས། འཛིན་བྲལ་ངང་དུ་ལམ་མེར་གསལ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་ཏཱི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཧཱུྃ༔ ལྷོ་ནུབ་དཀྱིལ་འཁོར་རིག་པ་འཛིན་ པའི་ཚོགས༔ དབུས་སུ་ཆེ་མཆོག་ཡོན་ཏན་རིག་འཛིན་ཏེ༔ ཤར་དུ་ཡང་དག་ཐུགས་ཀྱི་རིག་འཛིན་དང་༔ ལྷོ་རུ་འཇམ་དཔལ་སྐུ་ཡི་རིག་འཛིན་དང་༔ ནུབ་ཏུ་པདྨ་གསུང་གི་རིག་འཛིན་དང་༔ བྱང་དུ་ཕུར་པ་ཕྲིན་ལས་རིག་འཛིན་དང་༔ ཤར་ལྷོར་རྦོད་གཏོང་མ་མོའི་རིག་འཛིན་དང་༔ ལྷོ་ནུབ་རྩ་བའི་སློབ་དཔོན་རིག་འཛིན་དང་༔ ནུབ་བྱང་འཇིག་རྟེན་མཆོད་བསྟོད་རིག་འཛིན་ དང་༔ བྱང་ཤར་དམོད་པ་དྲག་སྔགས་རིག་འཛིན་བརྒྱད༔ དེ་ཡི་ཕྱི་རོལ་དཀྱིལ་འཁོར་བར་ཁྱམས་ལ༔ ཤར་དུ་ལྷུན་གྱིས་གྲུབ་པའི་རིག་འཛིན་དང་༔ ལྷོ་རུ་ཕྱག་ རྒྱ་ཆེན་པོའི་རིག་འཛིན་དང་༔ ནུབ་ཏུ་ཚེ་ལ་དབང་བའི་རིག་འཛིན་དང་༔ བྱང་དུ་རིག་པ་འཛིན་པའི་རིག་འཛིན་བཞི༔ འདི་བཞི་ནང་དུ་བྱས་པའང་ཡོད། དཀྱིལ་འཁོར་ཆེན་པོ་དེ་ཡི་ 6-8-18a སྒོ་བཞི་རུ༔ ས་ལ་གནས་དང་བརྒྱུད་པའི་བླ་མ་རྣམས༔ ཤར་སྒོར་དམ་ཚིག་དབང་གི་བླ་མ་དང་༔ ལྷོ་སྒོར་མན་ངག་ལུང་གི་བླ་མ་དང་༔ ནུབ་སྒོར་ཤེས་རབ་ རྒྱུད་ཀྱི་བླ་མ་དང་༔ བྱང་སྒོར་ཉམས་ཆགས་སྐོང་བའི་བླ་མའི་ཚུལ༔ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་དེ་རྣམས་ཀྱང་༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ སྣ་ཚོགས་ འགྱུར་བའི་མདངས་ལྡན་མི་ཤ་ཁ༔ མི་ཡི་ཤ་མདོག་ལྟར་ལ་དཀར་དམར་ཡིད་དུ་འོང་བའོ།། ཞི་བའི་ཚུལ་དགུ་མཛེས་པའི་སྟངས་སྟབས་ཅན༔ དབུ་ལ་དབང་གི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་ ཁྲི་སྟེང་དར་འབོལ་པད་ཉིའི་དབུས༔ བཞེངས་པའི་སྟབས་ལྡན་དར་དང་རུས་པ་དང་༔ རིན་ཆེན་རྒྱན་ཆ་མང་པོ་ཁྲོ་ལོ་ལོ༔ དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་ཐིབས་སེ་ཐིབ༔ འགྱིང་ བག་ལ་སོགས་སྣ་ཚོགས་མཛད་སྤྱོད་ཅན༔ བྱིན་རླབས་ཡེ་ཤེས་བྱིན་ཆེན་ཆར་ལྟར་འབེབས༔ བདེ་གཤེགས་བྱིན་རླབས་རིག་འཛིན་བླ་མའི་ཚོགས༔ མ་ཡེངས་རང་རིག་ཕྱག་རྒྱའི་སོགས། འཛིན་བྲལ་ངང་དུ་ལམ་ མེར་གསལ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཧཱུྃ༔ ནུབ་བྱང་དཀྱིལ་འཁོར་འཇིག་རྟེན་དྲེགས་པའི་གཙོ། །བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་ 6-8-18b འདུལ་ནི༔ སྐུ་མདོག་མཐིང་ནག་འབར་བ་ཆེན་པོ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པའི་ཚུལ༔ དབུས་ཀྱི་ཞལ་ནི་སྐུ་ཡི་མདོག་དང་མཚུངས༔ གཡས་ཞལ་ཁམ་ནག་གཡོན་ ཞལ་སྨུག་ནག་འབར༔ དང་པོའི་ཕྱག་གཉིས་རྡོ་རྗེས་དུང་ཁྲག་དཀྲུགས༔ གཡས་ཀྱི་ཕྱག་གཉིས་ལྷ་བརྒྱད་མགོ་བོ་དང་༔ བཞི་རེ་བཞི་རེར་བགོས་ནས་འཛིན་པའོ།། གཡོན་གྱི་ཕྱག་གཉིས་ཀླུ་བརྒྱད་ མགོ་བོ་བསྣམས༔ ཁྲོ་ཚུལ་འཇིགས་རྔམ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཞབས་བཞི་བརྐྱང་བསྐུམ་དྲེགས་པའི་སྙིང་གར་བརྫིས༔ ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མཐིང་ནག་ལ༔ ཕྱག་གཡས་རྡོ་རྗེ་ཡབ་ཀྱི་མགུལ་ནས་འཁྱུད༔ ཕྱག་གཡོན་དུང་ཁྲག་ཡབ་ཀྱི་ཞལ་དུ་སྟོབ༔ གཙོ་བོའི་གཡས་སུ་སེང་གེའི་གདན་སྟེང་ན༔ ལྷ་ཆེན་མཐིང་ནག་མཐིང་ནག་བེར་ཆེན་ གསོལ༔ ཕྱག་གཡས་གྲི་གུག་གཡོན་པས་ཙིཏྟ་བསྣམས༔ གཙོ་བོའི་གཡོན་ཕྱོགས་གླང་པོ་ཆེ་ཡི་སྟེང་༔ བཙུན་མོ་ཨུ་མ་སྐུ་མདོག་མཐིང་ནག་ལ༔ ལྗང་ནག་བེར་གསོལ་རྩེ་གསུམ་ ཐོད་ཁྲག་བསྣམས༔ དེ་ཡི་ཕྱི་རོལ་ཕྱོགས་བཞི་སྟེང་འོག་ཏུ༔ དྲེགས་པ་ཡབ་ཡུམ་ཟུང་རེ་བཞུགས་པ་ནི༔ ཤར་དུ་ཡ་མ་རཱ་ཛ་སྐུ་མདོག་ནག༔ གཅན་གཟན་གདུག་པའི་ 6-8-19a པགས་རློན་སྐུ་ལ་གསོལ༔ གཡས་ན་བེ་ཅོན་གཡོན་ན་ཐོད་དབྱུག་བསྣམས༔ མ་ཧེ་སྔོ་ནག་འཇིགས་སུ་རུང་བ་ཆིབས༔ དེ་ཡི་ཡུམ་མཆོག་སྒྲོལ་བྱེད་ནག་མོ་ནི༔ དར་ནག་གོས་ཅན་ཆུ་གླང་སྔོན་པོ་ཆིབས༔ ཕྱག་གཉིས་སྲིད་པའི་འཁོར་ལོ་བསྐོར་བར་མཛད༔ ལྷོ་རུ་བདུད་པོ་རྐོས་རྗེ་མཐིང་ནག་མདོག༔ དར་ནག་བེར་གསོལ་བདུད་རྟ་ནག་པོ་ཆིབས༔ ཕྱག་གཡས་ཁྲམ་ཤིང་གཡོན་ན་དགྲ་སྟྭ་བསྣམས༔ དེ་ཡི་ཡུམ་མཆོག་ནག་མོ་རེ་མ་ཏི༔ སྐུ་མདོག་ནག་མོ་དར་ནག་གོ་ཟུ་ཅན༔ ཁྲམ་ཤིང་ནད་རྐྱལ་ཐོགས་ནས་བོང་བུ་གྭ་དམར། བཅིབས༔ ནུབ་ཏུ་སྲིན་པོ་གློག་ཕྲེང་དུད་ཁའི་མདོག༔ ལུས་ལ་གློག་གི་ཕྲེང་བ་འཕྲོ་བས་བརྒྱན༔ གཡས་པས་ཐོག་དང་གཡོན་པས་སེར་བ་འདྲིལ༔ ཆིབས་སུ་གློག་དམར་ གཡོ་བའི་འབྲུག་ལ་ཆིབས༔ དེ་ཡི་ཡུམ་མཆོག་སྦལ་མགོ་ཁྲག་མིག་མ༔ སྐུ་མདོག་དམར་ནག་ཁྲག་གི་ལབ་ནག་གསོལ༔ ཁྲག་ཕུར་གཡས། ཁྲག་ཕོར་གཡོན། ཐོགས་ནས་རྔ་མོང་གྭ་པ། ཆིབས༔ བྱང་དུ་ གནོད་སྦྱིན་ཡཀྴ་མེ་དབལ་ནི༔ སྐུ་མདོག་མཐིང་ནག་མེ་ཡི་སླག་པ་གསོལ༔ སེང་གེའི་སླག་པ་བྱས་ནའང་རུང་། གཡས། རིན་ཆེན་གཡོན། རལ་གྲི་བསྣམས་ནས་སྟག་ལ་ཆིབས༔ 6-8-19b དེ་ཡི་ཡུམ་མཆོག་གནོད་སྦྱིན་མོན་མོ་ནག༔ གཡས་པ་སྤུ་གྲི་གཡོན་པ་སྤྱང་མོ་བསྣམས༔ དར་ནག་གོས་གསོལ་ལྕགས་ཀྱི་ཕག་མོ་ཆིབས༔ སྟེང་དུ་གཟའ་བདུད་རྒྱལ་པོ་རཱ་ཧུ་ལ༔ དུད་ཁ་ དབུ་དགུ་སྲིན་གཟུགས་རོ་སྨད་སྦྲུལ༔ ཕྱག་གཡས་མདའ་གཞུ་གཡོན་ན་སྦྲུལ་ཞགས་བསྣམས༔ འབྲུག་སློག་གསོལ་ཞིང་འབྲུག་ཆེན་ཁ་གདངས་ཡིད་ལྟར་མགྱོགས་པའི་ཤུགས་ཅན་ལ། ཆིབས༔ ཡུམ་མཆོག་གནམ་སྨན་ཐོག་འདི་ལ་ཨ་ཕྱི་ཆེན་མོའང་ཟེར། གི་ བུ་ཡུག་མ༔ སྐུ་མདོག་དམར་སྐྱ་གསེར་གྱི་གོ་ཟུ་གསོལ༔ གཡས་པས། ཐོག་གཡོན་པས། སེར་བ། བསྒྲིལ་ཞིང་ཡིད་ལྟར་མགྱོགས་པའི། འབྲུག་མོ་སྐད་ཆེན་ལ། ཆིབས༔ པའོ།། འོག་ཏུ་ཀླུ་ བདུད་ནག་པོ་མགོ་དགུ་པ༔ སྐུ་སྟོད་མི་གཟུགས་སྐུ་སྨད་སྦྲུལ་དུ་འཁྱིལ༔ སྐུ་མདོག་དུད་ཁ་སྦྲུལ་གྱི་སློག་པ་གསོལ༔ སྦྲུལ་གཡས། ཞགས་གཡོན། ནད་རྐྱལ་ བསྣམས་ནས་ཆུ་སྲིན་ནག་པོ། ཆིབས༔ ཡུམ་མཆོག་ཀླུ་མོ་ནག་མོ་སྦྲུལ་མཇུག་ཅན༔ སྐུ་མདོག་དུད་ཁ་སྦྲུལ་གྱི་རལ་པ་གདེངས༔ གཡས། སྦྲུལ་ཞགས་གཡོན། ནད་རྐྱལ་བསྣམས་ ནས་རུས་སྦལ་ནག་པོ། ཆིབས༔ དཀྱིལ་འཁོར་ཆེན་པོ་དེ་ཡི་བར་ཁྱམས་སུ༔ ཤར་སྟོད་ཤར་དབུས་ཤར་སྨད་ལ་སོགས་པ༔ ཕྱོགས་བཞིར་གཡས་བསྐོར་དྲེགས་པ་ 6-8-20a བཅུ་གཉིས་ཏེ༔ ཤར་སྟོད་དུ། གང་བ། བཟང་པོ། དཀར་པོ་འདི་ལ་ནོར་བུ་བཟང་པོ་ངང་ལྷ་རབས་ཤམ་པོ་ཟེར་སྲིད་པ་ལྷའི་སྡེ་དཔོན་ནོ།། གཡས། དར་མདུང་གཡོན། ཤེལ་གྲི་བསྣམས༔ དར་དཀར་བེར་གསོལ་ལྷ་གཡག་དཀར་པོ་ཆིབས༔ ཤར་དབུས་སུ། གནམ་ ཐེའུ་ཞེས་མདོག་མིང་མཐུན་དཀར་པོ་འདི་ལ་གིང་ཆེན་དཀར་པོའང་ཟེར། དཀར་པོ་ཟ་འོག་སྔོ་ཁྲ་གསོལ༔ གཡས། ཤེལ་མདུང་ལྡན་དཀར་ཀྱང་། གཡོན། རལ་གྲི་བསྣམས་ནས་རྟ་དཀར་ཆིབས༔ ཡུམ་དམར། སྤྱི་ཤར་སྨད་དུ། བདུད་ རྒྱལ་པོ་གུ་རུམ་ཙེ་ཞེས་པ། མདོག་དཀར་རྒྱ་བྱེའུ་དཀར་མོའི། ཁྲབ་སྟེ་ལྕགས་ཁྲབ། གསོལ༔ དར་མདུང་དང་། ཤེལ་གྲི་བསྣམས་ནས། རྡོ་རྟ་གྲོ་བོ་ཆིབས༔ ཤར་གྱི་དཀར་པོ་གསུམ་མོ།། ལྷོ་སྟོད། སྲིད་པའི་རྒྱལ་མོ་དཀར་གསལ་དར་དཀར་གསོལ༔ གཡས། འཁོར་ལོ་གཡོན། མེ་ལོང་འབྲུག་མོ་རལ་ཆེན་ཆིབས༔ ལྷོ་དབུས་སུ། ཨེ་ཀ་ཛ་ཊི་མཐིང་ནག་དར་ནག་གསོལ༔ གཡས། ཙིཏྟ་གཡོན། གཡུ་སྤྱང་འགྱེད་ཅིང་དྲིལ་ནག་ཆིབས༔ མཁའ་འགྲོ་མགྱོགས་བྱེད་ནག་མོ་དར་ནག་གསོལ༔ གཡས། རྒྱུ་ཞགས་གཡོན། ཚོན་གྱི། དྲུ་གུ། བསྣམས་ནས་སོ་བྱ་རོག་པོ། བཅིབས༔ བན་ཆེན་རྡོ་རྗེ། བདུད་འདུལ་རྡོ་རྗེ་ཀུན་འདུས་དང་ཀུན་འདུལ་ཀྱང་ཟེར། དམར་ནག་གཡས། ཁྲག་ཐུན་གཡོན། ཉུངས་ 6-8-20b ཐུན་ཐོགས༔ དར་ནག་བེར་གསོལ་དྲེའུ་རྟ་ཁམ་ནག་ཆིབས༔ བཙན། སྲོག་ཟན་དམར་པོ་དར་དམར་རལ་ཀ་ཅན༔ བསེ་མདུང་མདའ་གཞུ་ཐོགས་ནས་རྟ་དམར་ཆིབས༔ བཙན་འགོང་ དམར་པོ་སྐྱེས་བུ་དམར་པོ་དང་ཡམ་ཤུད་དམར་པོའང་ཟེར། དར་དམར་ཟབ་སླག་གསོལ༔ ཤང་ལང་གཡས་བཙན་གྱི། གཡོན། ཟངས་ཞགས་བསྣམས་ནས་ཟངས་རྟ་དམར་པོ་ལ། ཆིབས༔ བགེགས་རྒྱལ་བི་ན་ཡ་ཀ ། ནག་པོ་དར་ནག་བེར་ཆེན་གསོལ༔ གཡས། ཁ་ཊྭཱྃ་གཡོན། ཐོད་ཁྲག་བསྣམས་ནས་ བདུད་རྟ་ནག་པོ་རྟིང་དཀར། ཆིབས༔ མུ་སྟེགས་ཀཱ་ལ་ཡཀྴ་ཟེར། ནག་པོ་དར་ནག་བེར་ཆེན་ཅན༔ གཡས། རྩེ་གསུམ་གཡོན། ཐོད་ ཁྲག་བསྣམས་ནས་སེང་གེ་དཀར་མོ། ཆིབས༔ དམུ་བདུད་ནག་པོ་བཀྲག་མེད། དར་ནག་བེར་ཆེན་ཀླུབས༔ གཡས། ཤང་ལང་གཡོན། མདའ་གཞུ་དམུ་རྟ་མཆོང་རྒོད་ལ། ཆིབས༔ པའོ།། དཀྱིལ་འཁོར་ཆེན་པོ་དེ་ཡི་སྒོ་བཞི་རུ༔ ཤར་སྒོར་སྲོག་བདག་ལྷ་ཆེན། ཚངས་པ་དཀར་པོ་ནི༔ གཡས། ཤེལ་གྱི་སྤུ་གྲི་གཡོན། ཉི་ཟེར་ཞགས་པ་འཕེན༔ བྱ་རྒོད་ཐུལ་པ་གསོལ་ནས་སེང་གེ་དཀར་མོ། ཆིབས༔ ལྷོ་སྒོར་རྒྱལ་ཆེན་རྡོ་རྗེ་བྱ་ཁྱུང་རྒྱལ་པོ་དང་ལི་བྱིན་ཧར་ལེགས་སོགས་ཟེར། པེ་ཧར་སྐུ་མདོག་དཀར༔ གཡས་ན་བདུད་ 6-8-21a ཞགས་ནག་པོ་དང་། གཡོན་པས་སྤུ་གྲི་བསྣམས༔ དོམ་སློག་གསོལ་ཞིང་བན་གླང་སྟེ་གླང་ཆེན། སྣ་རིང་ཆིབས༔ ནུབ་སྒོར་སྐྱེས་བུ་སྐུ་ལྷ་སྐུ་མདོག་དཀར༔ སྐུ་ལྷ་གསང་བ་དང་རྡོ་རྗེ་ལེགས་པ་ཡང་ཟེར། གཡས་པ་རྡོ་རྗེ་གཡོན་པ་རུ་ མཚོན་ཕྱར༔ སྐྱིན་དཀར་སླག་པ་གསོལ་ཞིང་ར་དཀར་གནམ་རུ་ཅན་ལ། ཆིབས༔ བྱང་སྒོར་མགོན་པོ་མ་ཧཱ་ཀ་ལ་མཐིང་༔ གཡས་ ན་གྲི་གུག་གཡོན་ན་བེང་ཆེན་བསྣམས༔ ལྗང་ནག་བེར་གསོལ་རྟ་ནག་རྟིང་དཀར་ཆིབས༔ སྒོ་བཞིར་བཞུགས་པ་འདི་དག་ལ་དབང་ཆེན་སྡེ་བཞི་ཡང་ཟེར། དྲེགས་པའི་སྡེ་དཔོན་ཆེན་པོ་སུམ་ཅུ་པོ༔ རེ་རེ་ལ་ཡང་རང་རིགས་རྒྱལ་བློན་ འབངས༔ བྲན་དང་ཡང་བྲན་སྤྲུལ་པ་ཕྱག་བརྙན་སོགས༔ བསམ་གྱིས་མི་ཁྱབ་འཁོར་གྱིས་ཡོངས་སུ་བསྐོར༔ འཇིག་རྟེན་ལས་ཀྱི་ དྲེགས་པ་ཅན་གྱི་ཚོགས༔ མ་ཡེངས་རང་རིག་ཕྱག་རྒྱའི་སོགས། འཛིན་བྲལ་ངང་དུ་ལམ་མེར་གསལ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚ་ཧཱུྃ་ཕཊ༔ ཧཱུྃ༔ བྱང་ཤར་དཀྱིལ་འཁོར་དྲགས་སྔགས་ལྷ་ཡི་གཙོ༔ བཅོམ་ལྡན་དཔལ་ ཆེན་སྟོབས་ལྡན་ནག་པོ་ནི༔ སྐུ་མདོག་ནག་པོ་ཆོས་ཉིད་འགྱུར་བ་མེད༔ དབུ་གསུམ་ཀུན་ཀྱང་མཐིང་ནག་དྲག་པོའི་ཞལ༔ ཕྱག་དྲུག་དང་པོ་རྡོ་རྗེས་དུང་ཁྲག་དཀྲུགས༔ 6-8-21b གཡས་ཀྱི་ཕྱག་གཉིས་ལྷ་བརྒྱད་ཙིཏྟ་བསྣམས༔ གཡོན་གྱི་ཕྱག་གཉིས་ཀླུ་བརྒྱད་ཙིཏྟ་ཐོགས༔ དུར་ཁྲོད་ཆས་རྫོགས་མེ་དཔུང་དབུས་ན་འགྱིང་༔ ཞབས་བཞིས་དགྲ་བགེགས་དྲེགས་པའི་སྙིང་ གར་བརྫིས༔ ཡུམ་མཆོག་འབྱུང་བ་ལྔ་ཡི་བདག་མོ་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཡབ་ལ་འཁྱུད༔ ཕྱག་གཡས་ནམ་མཁའ་གྱེན་འདེགས་གཟུགས་ཁམས་འདུལ༔ ཕྱག་ གཡོན་ས་གཞི་ཐུར་མནན་འདོད་ཁམས་གནོན༔ དུར་ཁྲོད་ཆས་ལྡན་ཞལ་ནས་འབྱུང་ལྔ་འཆར༔ ཤར་སོགས་ཕྱོགས་བཞིར་དྲེགས་པ་ཡབ་ཡུམ་བཞི༔ ཤར་དུ་གཤིན་རྗེ། འཆི་བདག་མཐིང་ནག་ཐོད་ པ་གྲི་གུག་བསྣམས༔ དེའི་བཙུན་མོ། འཆི་བདག་ནག་མོ་གྲི་གུག་ཐོད་འཛིན་གཡོན༔ བདུད་པོ་ནག་པོ་མེ་ཡི་ཁ་རླང་ཅན། ཁྲམ་ཤིང་བདུད་ཞགས་འཛིན༔ བདུད་མོ། ནག་མོ་ཁྲག་འཛག་ཁྲམ་ཤིང་ཐོད་རློན་བསྣམས༔ སྲིན་པོ་གསོད་བྱེད། ནག་པོ་རལ་གྲི་ཐོད་ཁྲག་བསྣམས༔ སྲིན་མོ་གསོད་བྱེད། ནག་མོ་གྲི་གུག་མི་མགོ་འཛིན༔ གནོད་སྦྱིན་གང་བཟང་། སྔོན་པོ་རལ་གྲི་རུ་མཚོན་ནག༔ ཤ་ཟ། རལ་གཅིག་སྔོན་མོ་དར་ནག་ཞིང་ ལྤགས་བསྣམས༔ པས་འཁྱུད་པའོ།། དེ་རྒྱབ་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་སུ༔ ཕྱོགས་བཞི་སྟེང་འོག་དྲེགས་པ་དྲུག་བཞུགས་སྟེ༔ ཤར་དུ། ལྷ་ཆེན་མ་ཧཱ་དེ་བ། དཀར་ 6-8-22a པོ་ནི། བ་དན་ཤེལ་གྲི་དཀར༔ ལྷོ་རུ་དྲ། ཐར་པ་ནག་པོ་མཆོད་གཏོར་དུག་ཐུན་བསྣམས༔ ནུབ་ཏུ། དམུ་རྗེ་ནག་པོ་དམུ་རྗེ་བཙན་པོ་དང་རྗེ་བཙུན་ཀྱང་ཟེར། དར་ནག་ཞགས་པ་ཐོགས༔ བྱང་དུ། མུ་སྟེགས་ཡཀྴ། ནག་པོ་ཁ་ཊྭཱྃ་ཐོད་ཁྲག་ བསྣམས༔ སྟེང་དུ། ཁྱབ་འཇུག་ནག་པོ་ར་ཧུ་ལ། ཁྲམ་ཤིང་དགྲ་སྟྭ་འཕྱར༔ འོག་ཏུ། ཀླུ་རྒྱལ་སྔོན་པོ་འདི་ལ་སོག་མ་མེད་དང་གཞོན་ནུ་གཏུམ་པོའང་ཟེར། བུམ་པ་རུས་སྦལ་འཛིན༔ དཀྱིལ་འཁོར་ཆེན་པོའི་ ཤར་སོགས་སྒོ་བཞི་རུ༔ ཤར་སྒོར། ཧར་ལེགས་དཀར་པོ་སྟེ་རྒྱལ་པོ་ལི་བྱིན་ཧ་ར། ཤེལ་གྲི་དར་དཀར་བསྣམས༔ ལྷོར། ཕོ་ཉ་འགོང་པོ་ཁུ་ལེ་ཞལ་གཅིག་ཕྱག་གཉིས་ཡིན་པ་ལ་ལག་པ་དགུ་ལ་སོགས་པས་ཕྱོགས་ཀུན་ཏུ་བསྙབ་པའོ།། ལག་དགུ་མདོག་སེར་སྤྲུལ་པ་འགྱེད༔ པ། ནུབ་ཏུ། རྡོར་མཛེས་པོ་རྡོ་རྗེ་ལེགས་པ། དཀར་པོ་རུ་མཚོན་དཀར་པོ་གཡས་དང་། དམར་པོ་གཡོན་ན། འཕྱར༔ བ། བྱང་དུ། ཡམ་ཤུད་དམར་པོ་བཙན་མདུང་དམར་པོ་དང་། བཙན་གྱི་རལ། གྲི་འཛིན༔ པའོ། །སྔགས་བདག་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་དམ་ཉམས་དགྲ་དང་བགེགས་ཚོགས་ གཟིར༔ ཀླུ་རྒྱལ་གཏུམ་པོ་སྦྲུལ་ལྤགས་རློན་པ་གསོལ༔ གཞན་ཀུན་ཞིང་ལྤགས་རློན་པའི་ན་བཟའ་ཅན༔ ཤིན་ཏུ་ཁྲོ་གཏུམ་དམོད་པའི་མཚོན་འཆང་ཞིང་༔ རེ་རེ་ལའང་ 6-8-22b འཁོར་གཡོག་བསམ་མི་ཁྱབ༔ དྲག་སྔགས་དམོད་པའི་ལྷ་ཡི་ཚོགས་ཆེན་རྣམས༔ རང་རིག་ཕྱག་རྒྱའི་སོགས། མ་ཡེངས་འཛིན་བྲལ་ངང་དུ་ལམ་མེར་གསལ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ གཞན་ཡང་སྤྲོ་ན་སོ་སོའི་བཀའ་སྲུང་དང་། ཕྱིའི་བཀའ་སྡོད་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ཀྱང་རྒྱས་པར་ཚིག་གིས་གསལ་གདབ་པར་བྱའོ། །དེ་ལྟར་ལྷའི་མངོན་རྟོགས་གསལ་འདེབས་ཆེན་པོ། ཕྱག་རྒྱའི་ མཆོད་པ་དང་། བསྐུལ་ཞིང་མཆོད་པ་ལ་སོགས་པ་གང་ལའང་ཁ་སྒྱུར་བས་ཆོག་པ་འདི་ནི། རང་ཉིད་དཀྱིལ་འཁོར་ཆེན་པོ་འདིའི་བསྙེན་སྒྲུབ་ལ་གནས་པར་འདོད་ནས་ཡང་དབེན་པདྨ་བདེ་ལྡན་དུ་ཞི་བའི་བསྙེན་སྒྲུབ་ ལ་གཞོལ་བའི་ཚེ། རྗེས་སུ་ཁྲོ་བོའི་བསྙེན་སྒྲུབ་དུས་སུ་གསལ་འདེབས་འདི་འདྲ་ཞིག་མེད་ན་བསྒོམ་ཁོག་བློ་ལ་འཆར་དཀའ་བར་མཐོང་ནས། བསྐྱེད་རྫོགས་ཆེན་མོ་རྒྱ་ཆེར་རོལ་པའི་གཞུང་གི་རྒྱུད་རྡོ་རྗེའི་ཚིག་གི་ ཕྱག་རྒྱའི་མཆོད་པ་གཞིར་བཟུང་། དེར་མི་གསལ་བ་དང་གོ་རིམ་སོགས་རྒྱུད་རྣམས་དང་བསྐྱེད་རྫོགས་ཆེ་འབྲིང་གི་མངོན་རྟོགས་དང་། བསྐུལ་ཆེ་ཆུང་དང་། བསྟོད་པ་དང་བཟློག་པ་ལ་སོགས་པའི་གཞུང་གོང་འོག་ ཞིབ་ཏུ་བསྡུར་ཏེ། སྨིན་གླིང་སྐུ་མཆེད་ཀྱི་གསུང་སོགས་ལམ་འདིའི་གསལ་བྱེད་ཀྱི་ཡིག་ཆ་ཅི་རིགས་པའང་བལྟས་ནས་གསལ་བྱེད་ཚིག་གི་ཁ་བསྐང་རྣམས་བདེར་འདུས་རང་གཞུང་ལས་བཏུས་ཏེ་གང་འོས་སུ་སྦྱར་ཞིང་། ཕྱག་ 6-8-23a མཚན་དང་ན་བཟའ་གདན་སོགས་ཅུང་ཟད་མི་འདྲ་བ་དག་གང་ལྟར་བྱས་ཀྱང་འགལ་བ་མེད་མོད། གཞུང་ལས་གྲགས་ཆེ་བ་བཞིན་བཟུང་ནས། ཡིག་སྐྱོན་སོགས་ཀྱི་ནོར་བ་བསལ་ཏེ། ཚིག་རྡོ་རྗེའི་གསུང་གོང་འོག་དཀྱུས་གཅིག་ཏུ་སྡེབས་ཤིང་། དོན་རྒྱལ་དབང་རིག་འཛིན་ཆེན་པོའི་དགོངས་པ་ལས་རང་བཟོ་མེད་པར་རབ་ཚེས་ཆུ་འབྲུག་རྒྱལ་ཟླའི་ཡར་ངོའི་ཚེས་བཅུ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཆེ་ མཆོག་དགྱེས་པ་རྩལ་ཞེས་བྱ་བས་གྲུབ་པར་བགྱིས་པ་འདིས། ལམ་འདི་ཉིད་དོན་དུ་གཉེར་བ་རྣམས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་པའི་རྒྱུར་གྱུར་ཅིག། མངྒ་ལཾ།། །། 6-8-23b empty page 6-9-1a དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་བྱང་རྒྱུད་ནས་བཏུས་པ་ཕྲིན་ལས་མྱུར་འགྲུབ་བཞུགས། ། 6-9-1b གཏོར་མ་བྱིན་གྱིས་བརླབས་ཤིང་འདི་སྐད་དོ། །ཧཱུྃ། ཐུགས་རྗེ་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཆོས་སྐུ་སྟོང་ཉིད་དབྱིངས་ལས་མ་གཡོས་ ཀྱང་། །འཇིག་རྟེན་དྲེགས་པའི་ཚོགས་རྣམས་གདུལ་བའི་ཕྱིར། །ཁྲོ་ཆེན་དཔའ་གཏུམ་འཇིགས་བྱེད་སྐུར་བསྟན་པ། །ཐུགས་དམ་དགྱེས་བསྐུལ་གསང་བའི་ ཡུམ་དང་བཅས། །མ་རྟོགས་ཤུགས་ཀྱིས་འདུལ་ཕྱིར་གཤེགས་སུ་གསོལ། །དྲེགས་པའི་དབང་ཕྱུག་འཇིག་རྟེན་ལྷ་ཡི་གཙོ། །འདོད་པའི་ལྷ་མོ་བདེ་ཆེན་འབྱུང་ གནས་མ། །འཁོར་ཚོགས་དྲག་ཤུལ་མཐུ་སྟོབས་དཔུང་གི་བདག །ཁྲོ་གཏུམ་གདུག་པའི་རྩལ་འཆང་དཔལ་དང་ལྡན། །རྡོ་རྗེ་འཆང་བའི་བཀའ་བཞིན་རྗེས་སུ་ 6-9-2a སྒྲུབ། །དམ་ཚིག་ཆེར་དགོངས་གནས་འདིར་གཤེགས་སུ་གསོལ། །ཨཱོཾ་བཛྲ་སརྦ་དུཥྚ་ན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། ཨ་གངྕ་ཡ་ས་མ་ཡ་ཧྲིཾ་ཧྲིཾཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ལྷ་ཆེན་ཉི་ཟླ་པདྨའི་གདན་སྟེང་དུ། །བཅོམ་ལྡན་ཁྲོ་རྒྱལ་རྔམས་བརྗིད་འབར་བའི་སྐུ། །ཡབ་ཡུམ་དགྱེས་པར་ རོལ་ཞིང་བཞུགས་སུ་གསོལ། །སྣང་སྲིད་དྲེགས་པ་མ་ལུས་སྡེ་དཔོན་གཙོ། །འདོད་ཁམས་བདག་པོ་དགྱེས་མཛད་ཡུམ་དང་བཅས། །ལྷ་སྲིན་ཚོགས་ཀྱི་གཙོ་ ཆེན་འཁོར་དང་བཅས། །ཕྲིན་ལས་མཐུན་པའི་གདན་ལ་བཞུགས་སུ་གསོལ། །བཛྲ་སརྦ་དུཥྚན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། ས་མ་ཡ་ཏིཥྛ་བཛྲ་ཛཿཧཱུྃ་བྃ་ཧོཿ 6-9-2b དུས་གསུམ་སངས་རྒྱས་ཐུགས་ཀྱི་སྙིང་པོ་མཆོག །ཆོས་ཀྱི་སྐུ་ལས་གཟུགས་སྐུ་འགྲོ་དོན་སྤྲུལ། །ཆེ་བཙན་འགྲན་ཟླ་མེད་པ་ཁྲོ་བོའི་རྗེ། །དབང་སྡུད་ཡུམ་དང་བཅས་ལ་ཕྱག་འཚལ་ལོ། །ཕྱོགས་ བཅུའི་རྒྱལ་བ་མ་ལུས་སྲས་དང་བཅས། །དམ་ཆོས་བསྟན་པའི་ཚུལ་སྲུང་འཇིག་རྟེན་མགོན། །ཞིང་བཅུ་སྒྲོལ་མཛད་ཕྲིན་ལས་དྲག་ཤུལ་ཅན། །སྡེ་དཔོན་སུམ་ཅུའི་ཚོགས་ལ་ཕྱག་འཚལ་ ལོ། །བཛྲ་སརྦ་དུཥྚཱན་ཨཥྚ་ན་ཡ་ཨེ་ཛཿབྷྱོ། ན་མཿཨཱ་རལླི་ཧོ། དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ལ། །སྐུ་གསུང་ཐུགས་མཉེས་མཆོད་པ་འབུལ་བ་ནི། །གདུགས་དང་རྒྱལ་ མཚན་བ་དན་བླ་རེ་དང་། །ཕྲེང་བ་ཕྱེ་མ་ལྡ་ལྡི་ཟ་ར་ཚགས། །བདུག་སྤོས་མེ་ཏོག་མར་མེ་ཞབས་བསིལ་དང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བྲོ་དང་། །རེག་འཇམ་འདོད་ཡོན་མ་ལུས་ ཇི་སྙེད་པ། །འཕགས་པའི་ཐུན་མོང་མཆོད་ཚོགས་བཞེས་སུ་གསོལ། །ཁྱད་པར་གསང་བའི་མཆོད་པ་འབུལ་བ་ནི། །དུག་གསུམ་གནས་སུ་སྦྱོང་བའི་ཤ་ཁྲག་རུས། །དུག་ལྔ་ སྨན་དུ་སྒྲུབ་པའི་དམ་ཚིག་རྫས། །སྟོབས་མཆོག་ནུས་པ་བ་ལིང་མཆོད་པའི་དངོས། །ཐུགས་རྗེ་མཐུན་པའི་ངང་གིས་བཞེས་སུ་གསོལ། །དཔལ་ཆེན་ཡབ་ཡུམ་བཀའ་བཞིན་རྗེས་ 6-9-3a བསྒྲུབ་པའི། །དབང་ཕྱུག་ཆེན་པོ་ཡབ་ཡུམ་མངའ་བདག་རྗེ། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །བཀའ་ཡི་བསྟན་སྲུང་སྡེ་དཔོན་སུམ་ཅུ་ལ། ། འདོད་པའི་ཡོན་ཏན་མཆོད་ཅིང་སྦྱིན་པ་ནི། །དཀར་དམར་སེར་ལྗང་ལ་སོགས་མདོག །ཟླུམ་པོ་གྲུ་བཞི་ལ་སོགས་དབྱིབས། །ཆེ་ཆུང་སྦོམ་ཕྲ་རིང་ཐུང་ཚད། །མཛེས་དང་མི་མཛེས་སྡུག་མི་ སྡུག །འབྱུང་བ་རྟེན་འབྲེལ་རོལ་མོའི་སྒྲ། །གླུ་ཚིག་བསྟོད་དབྱངས་སྙན་པའི་ཚིག །སྤོས་སྨན་བདུད་རྩི་མེ་ཏོག་དྲི། །བསྲེག་གསུར་བམ་སུང་དྲི་དང་ངད། །ཁ་མངར་ཚ་སྐྱུར་བསྐ་ བ་དང་། །ལན་ཚྭ་སྤོད་དང་བྱི་ཀུ་དང་། །འཇམ་རྩུབ་བསིལ་ཡང་ཚ་དང་དྲོ། །སོ་སོའི་ཡོན་ཏན་ཚོགས་དང་བཅས། །འདོད་དགུར་འབུལ་གྱིས་བཞེས་སུ་གསོལ། །བདུད་རྩི་ལྔ་དང་ཤ་ལྔ་དང་། ། དོན་སྙིང་ལྔ་དང་འབྱུང་བ་ལྔ། །དབང་པོ་ལྔ་དང་ཡུལ་ལྔ་དང་། །ཕུང་པོ་ལྔ་དང་ནང་རོལ་ལྔ། །འཚེ་ཞིང་གནོད་དང་བར་དུ་གཅོད། །གདུག་པར་སེམས་ཞིང་ལོག་པར་ལྟ། །མི་མཐུན་ཕྱོགས་ ལྔར་བཅས་པ་རྣམས། །སོ་སོར་འབུལ་གྱིས་བཞེས་སུ་གསོལ། །བཛྲ་སརྦ་དུཥྚཱན་ཨཥྚ་ན་ཡ་ཨེ་ཛཿབྷྱོཿ མ་ཧཱ་བ་ལིངྟ་ཨ་མྲྀ་ཏ་སུ་ཀ་ཏ་མཾ་ས་རཀྟ་པི་པ་ཐ་བ་སུ་ཏ་ས་མ་ཐ། ཨི་དཾ་གྲྀཧྞནྟུ་ས་མ་ 6-9-3b དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དང་། །ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁོར་བཅས་ཀྱི། །སྐུ་མཆོག་འགྱུར་མེད་མེ་ལོང་གཟུགས་བརྙན་བཞིན། ། གསལ་ཞིང་རྟོག་མེད་སྣང་ལ་མ་འགགས་པ། །སྐུ་ལྔ་ལྷུན་གྲུབ་རྫོགས་པའི་དངོས་གྲུབ་སྩོལ། །གསུང་མཆོག་འགགས་མེད་བྲག་ཆ་སྒྲ་བརྙན་བཞིན། །སྙན་དང་མི་སྙན་གྲགས་ སྟོང་ཚངས་པའི་གསུང་། །གསུང་དབྱངས་ནམ་མཁའི་མཐའ་ཁྱབ་དངོས་གྲུབ་སྩོལ། །ཐུགས་མཆོག་སྤྲོས་བྲལ་བསམ་འདས་ཆོས་ཀྱི་དབྱིངས། །མི་རྟོག་བདེ་ཆེན་ཐབས་དང་ཤེས་རབ་དང་། །རྩོལ་ མེད་མི་གཡོ་མཆོག་གི་དངོས་གྲུབ་སྩོལ། །ཡོན་ཏན་བརྗོད་ཀྱིས་མི་ལང་སྣ་ཚོགས་ཏེ། །འདས་དང་མ་འདས་མཆོག་དང་ཐུན་མོང་གི། གྲུབ་པ་བརྒྱད་དང་མཐར་ཐུག་དངོས་གྲུབ་སྩོལ། །འཇིགས་ པ་བརྒྱད་སོགས་ཞི་དང་འབྱོར་པ་རྒྱས། །ལོག་ལྟ་མོས་པའི་ཚུལ་གྱིས་དབང་སྡུད་ཅིང་། །མངོན་སྤྱོད་དགྲ་བགེགས་འདུལ་བའི་དངོས་གྲུབ་སྩོལ། །བཛྲ་སརྦ་དུཥྚཱན་ཨཥྚ་ནཱ་ཡ་ཀཱ་ཡ་སིདྡྷི་ཝཱཀ་ སིདྡྷི་ཙིཏྟ་སིདྡྷི་གུ་ཎ་སིདྡྷི་སརྦ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃ། ཞེས་མཆོད་བསྟོད་གྲུབ་པ་རྩ་བའི་རྒྱུད་ནས་ཁོལ་དུ་ཕྱུངས་པའོ།། ༈ །སྡེ་དཔོན་གསོལ་བསྡུས་ཕྲིན་ལས་ཀུན་འགྲུབ་བཞུགས། ཧཱུྃ། ངང་ཉིད་ 6-9-4a ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །འཇིགས་བྱེད་འབར་བའི་ཚུལ་དུ་སྐུར་བཞེངས་པ། །བཅོམ་ལྡན་དྲེགས་པ་ཀུན་འདུལ་ཡབ་ཡུམ་གྱི། །བཀའ་དང་འཁོར་ན་གནས་ པའི་མཐུ་བོ་ཆེ། །དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས། །ཁྲོ་གཏུམ་གདུག་པའི་རྩལ་འཆང་དཔལ་དང་ལྡན། །རྡོ་རྗེ་འཆང་གི་བཀའ་བཞིན་རྗེས་སུ་སྒྲུབ། །དམ་ཚིག་ཆེར་དགོངས་གནས་འདིར་ གཤེགས་སུ་གསོལ། །འབར་བའི་གདན་ལ་དགྱེས་པར་བཞུགས་ནས་ཀྱང་། །གུས་པས་མཆོད་བསྟོད་བཅོལ་བའི་ཕྲིན་ལས་མཛོད། །དབང་ཕྱུག་ཆེན་པོ་ཨུ་མ་དེ་བཱི་དང་། །ཡ་མ་རཱ་ཛ་ཟ་བྱེད་ ནག་མོ་ཡུམ། །གཤིན་རྗེ་བྲང་དཀར་བདུད་མོ་རེ་མ་ཏི། །སྲིན་པོ་གློག་ཕྲེང་སྦལ་མགོ་ཁྲག་མིག་མ། །གནོད་སྦྱིན་ཡཀྴ་ནག་པོ་མོན་མོ་ནག །གཟའ་བདུད་གནམ་སྨན་ཐོག་གི་བུ་ཡུགས་མ། །ཀླུ་བདུད་ མགོ་དགུ་ཀླུ་མོ་ཡཀྴ་ནག །ནོར་བུ་བཟང་པོ་གནམ་ཐེལ་དཀར་པོ་དང་། །གུ་རུམ་རྩེ་དང་མ་མོ་སྲིད་རྒྱལ་མ། །ཨེ་ཀ་ཛཱ་ཊི་ནག་མོ་མགྱོགས་བྱེད་མ། །བན་ཆེན་བདུད་འདུལ་སྲོག་ཟན་དམར་པོ་དང་། ། བཙན་འགོང་དམར་པོ་བི་ནཱ་ཡ་ཀ་དང་། །ཀཱ་ལ་ནག་པོ་ནག་པོ་བཀྲག་མེད་དང་། །སྲོག་བདག་ཚངས་པ་རྒྱལ་པོ་པེ་ཧར་དང་། །སྐུ་ལྷ་གསང་བ་མགོན་པོ་ནག་པོ་སྟེ། །དྲེགས་པའི་སྡེ་དཔོན་ཆེན་ 6-9-4b པོ་སུམ་ཅུ་ནི། །འཁོར་དང་ཡང་འཁོར་སྤྲུལ་པ་རྡུལ་སྙེད་བཅས། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །བརྒྱུད་གསུམ་བླ་མས་བཀའ་བསྒོས་དམ་བཞག་བཞིན། །བསྟན་དང་བསྟན་ འཛིན་སྐྱོང་ཞིང་སྤེལ་བ་དང་། །ཐོགས་མེད་ཕྲིན་ལས་རྣམ་བཞིའི་སྟོབས་འབར་ཞིང་། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཛྲ་ཙཎྚ་སརྦ་དུཥྚཱན་ཨེ་ཛཿབྷྱོ༔ མ་ཧཱ་དེ་བ་ཨུ་མ་ དེ་བཱི་ཡ་མ་རཱ་ཛ་ཡ་མ་དུན་ཏིང་དུ་ཁྲག་དུན་ཏིང་རཀྴ་རཀྨོ་ཡཀྴ་ཡཀྨོ་རཱ་ཧུ་ལ་ཨ་སེ་ལ་ནཱ་ག་རཱ་ཛ་ནཱ་ག་ཀྲོ་ཏཱི་ཤྭ་རི་དེ་བ་ཏྲི་པ་ཤ་ལིང་། ཏིག་སྣ་འདྲེ་རུཾ། མ་མ་རུ་ལུ་ཨེ་ཀ་ཛཱ་ཊི་ཌཱ་ཀི་ནཱི་རུ་དྲ་ཨ་བི་ཤུ་ཧཾ་ཤཾ་བི་ནཱ་ ཡ་ཀ་ཏིརྠི་ཀ་མུན་མུན་གིང་ཀ་ར་རཱ་ཙ་བཛྲ་སཱ་དྷུ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་མ་སརྦ་ཀརྨ་སིདྡྷི་མྨེ་པྲ་ཡཙྪ་ཏུ་ཧོཿ ཟིལ་གནོན་དགྱེས་པ་རྩལ་གྱིས་ མཆོད་བསྟོད་གྲུབ་པ་རྩ་བའི་རྒྱུད་ལས་བཏུས་པ་སྟེ། གསོལ་མཆོད་ལ་བརྩོན་ན་ཕྲིན་ལས་རྣམ་པ་བཞིའི་སྟོབས་ངང་གིས་རྒྱས་པར་ལུང་ལས་གསུངས་པས་ཐེ་ཚོམ་མེད་དོ། །བཛྲ་ས་མ་ཡ༔ ༈ སྔགས་བདག་དྲེགས་པའི་ གསོལ་བྱང་དྲག་པོའི་ཐོག་འབེབས་བཞུགས། ཤ་ཁྲག་གིས་བརྒྱན་པའི་གཏོར་མ་བཤམས་ཤིང་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུྃ། ཐབས་ཤེས་སྟོང་གསལ་ཆོས་སྐུའི་དཀྱིལ་འཁོར་ནས། །ཡེ་ཤེས་ 6-9-5a སྟོབས་ལྡན་ཡབ་ཡུམ་གཤེགས་སུ་གསོལ། །གྲུ་གསུམ་ཨེ་ཡི་དལ་ལ་བཞུགས་སུ་གསོལ། །སྡེ་བརྒྱད་དམག་དཔོན་གཟའ་བདུད་གཤེགས་སུ་གསོལ། །འཆི་བདག་ སྲོག་ལེན་ཡབ་ཡུམ་གཤེགས་སུ་གསོལ། །ལས་མཁན་མོན་པ་རྣམ་གསུམ་གཤེགས་སུ་གསོལ། །ནམ་མཁའི་མཐའ་དང་མཉམ་པའི་ཞིང་ཁམས་ནས། །མཐུ་ཆེན་སྔགས་ཀྱི་བདག་པོ་ དྲེགས་པའི་ཚོགས། །ཅི་བགྱིའི་བཀའ་ཉན་དྲེགས་པ་གཤེགས་སུ་གསོལ། །ཏི་ར་རོ་ཡི་གདན་ལ་བཞུགས་སུ་གསོལ། །ལུས་ངག་ཡིད་གསུམ་དད་པས་ཕྱག་འཚལ་ལོ། །མཛེས་པའི་གཞལ་ ཡས་ཀ་པཱ་ལ་ཡི་ནང་། །ཕྱི་ནང་གསང་བའི་མཆོད་པ་མ་ལུས་སྦྱར། །ཤ་ཁྲག་དམར་དང་སྙིང་སྣས་རབ་ཏུ་བརྒྱན། །ཆང་ཕུད་ཨ་མྲྀ་ཏ་དང་རཀྟས་བྲན། །སྣོད་དང་བཅུད་ལྡན་མཐུན་པའི་ མཆོད་པ་འབུལ། །ལྷ་མཆོག་སྟོབས་ལྡན་ཡབ་ཡུམ་མཉེས་གྱུར་ཅིག །བཀའ་སྲུང་དྲེགས་པའི་ཚོགས་རྣམས་ཚིམ་གྱུར་ཅིག །འཆི་བདག་ནག་པོ་འཆི་བདག་ནག་མོ་ཡུམ། །མེ་ཡི་ཁ་ ངས་ནག་མོ་ཁྲག་འཛག་མ། །སྲིན་པོ་གསོད་བྱེད་སྲིན་མོ་གསོད་བྱེད་མ། །གང་བ་བཟང་པོ་ཤ་ཟ་རལ་གཅིག་ཡུམ། །མ་ཧཱ་དེ་བ་ཐར་པ་ནག་པོ་དང་། །དམུ་རྗེ་བཙན་པོ་མུ་སྟེགས་ཀཱ་ལ་ནག ། 6-9-5b གཟའ་བདུད་རཱ་ཧུ་ཀླུ་རྒྱལ་སོག་མ་མེད། །ལི་བྱིན་ཧར་ལེགས་ཁུ་ལེ་ལག་དགུ་དང་། །རྡོ་རྗེ་ལེགས་པ་ཡམ་ཤུད་དམར་པོ་བཅས། །སྔགས་བདག་དྲེགས་པ་ཆེན་པོ་བཅོ་བརྒྱད་ནི། །འཁོར་ དང་བཀའ་ཉན་སྤྲུལ་པ་ཡང་སྤྲུལ་བཅས། །སྣང་སྲིད་མཐུ་ཆེན་དྲེགས་པ་མ་ལུས་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་གྱིས། །དགྱེས་པར་བཞེས་ཤིང་རོལ་པར་མཛད་ ནས་ཀྱང་། །བརྒྱུད་གསུམ་བླ་མའི་སྤྱན་སྔར་དམ་བཅས་ལྟར། །བསྟན་པའི་དབུ་འཕང་སྨད་པའི་དམ་ཉམས་ལ། །ཕུང་བྱེད་དྲག་པོ་སྔགས་ཀྱི་མཐུ་ནུས་ཕོབ། །གནོད་པའི་དགྲ་བགེགས་ ཐལ་བའི་རྡུལ་དུ་རློག །ཇི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་པ། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །བཛྲ་སརྦ་དུཥྚཱ་ན་ཡ་མ་མ་མ་རུ་ལུ་དུ་ཁྲག་དུནྟིང་རཀྴ་རཀྨོ་ཡཀྴ་ཡཀྨོ་ དེ་བ་རུ་དྲ་མུན་མུན་ཏིརྟི་ཀ་རཱ་ཧུ་ལ་ནཱ་ག་རཱ་ཙ་ཧཾ་ཤཾ་བཛྲ་སཱ་དྷུ་ཤུ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་ཨ་མྲྀ་ཏ་རཀྟ་ཁཱ་ཧི་ཁཱ་ཧི་སརྦ་སིདྡྷི་ཧཱུཾ་སྭཱ་ཧཱ། ཞེས་པའང་རྡོ་རྗེ་གཙུག་ལག་གི་རྒྱུད་ནས་ཁོལ་དུ་ཕྱུངས་པ་སྟེ། །ཚུལ་འདི་ ལ་བརྩོན་པས་ཕྲིན་ལས་དྲག་པོའི་སྟོབས་མཆོག་ཏུ་རྒྱས་པར་ལུང་ལས་བསྔགས་པས་དེ་ལྟར་ངེས་པར་བྱའོ། །ཞེས་ཟིལ་གནོན་དགྱེས་པ་རྩལ་གྱིས་སོ། །མངྒ་ལཾ། །ས་མ་ཡ༔ གསང་རྒྱ༔ སྦས་རྒྱ༔ 6-10-1a བཀའ་བརྒྱད་བདེ་གཤེགས་འདུས་པ་ལས༔ བསྐྱེད་རྫོགས་ཆུང་བའི་མདངས་བསྐད་བཞུགས་སོ༔ ༔ 6-10-1b བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཡང་ནས་ཡང་དུ་སྙན་དུ་བརྒྱུད༔ གསང་སྔགས་མཆོག་ གི་བསྒྲུབ་པ་འདི༔ མདངས་ལ་སོགས་པའི་རྗེས་རྣམས་ཀྱིས༔ རིག་འཛིན་སོ་སོའི་ཐུགས་དམ་བསྐང་༔ རྫས་ནི་རིན་ཆེན་སྣ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ ལྡན་དང་༔ རབ་བྱུང་དམ་རྫས་བདུད་རྩི་དང་༔ རྨད་ད་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ ཤ་ཆེན་སྤོས་ཀྱི་དུད་པ་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ སྣང་གསལ་ཞུན་མར་མདངས་དང་ནི༔ མཁའ་ལྡིང་བྱ་དང་ཤེལ་སྒོང་ལུག༔ ཙ་ར་ལ་སོགས་མདངས་ཀྱིས་བསྐང་༔ རོལ་མོ་སིལ་སྙན་སྒྲ་དང་བཅས༔ བསྐང་བའི་ཆོ་ག་འདི་སྐད་དོ༔ 6-10-2a ཧཱུྃ༔ ཤར་ནས་བཛྲ་ཨཀྵོ་བྷྱ༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་ མཐོལ་ལོ་བཤགས༔ ལྷོ་ནས་རཏྣ་སྭཱ་བྷ་ཝ༔ རིན་ཆེན་རིགས་ཀྱི་ཐུགས་དམ་ལས༔ ང་རྒྱལ་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་ འཆབ་མཐོལ་ལོ་བཤགས༔ ནུབ་ནས་པདྨ་དྷ་ར་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལས༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་ འཆབ་མཐོལ་ལོ་བཤགས༔ བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས༔ ཕྲག་དོག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་ 6-10-2b མཐོལ་ལོ་བཤགས༔ དབུས་ནས་བཻ་རོ་ཙ་ན་ཨོཾ༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལས༔ གཏི་མུག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ རྩ་ བའི་དམ་ཚིག་གསོ་བའི་ཕྱིར༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་༔ མི་སྤང་དམ་ཚིག་གསོ་བའི་ཕྱིར༔ མཆེད་དང་ལྕམ་དྲལ་ཐུགས་དམ་བསྐང་༔ དང་བླངས་དམ་ཚིག་གསོ་བའི་ཕྱིར༔ གཟུངས་མ་རྣམ་རོལ་ཐུགས་དམ་བསྐང་༔ སྤྱད་བྱའི་དམ་ཚིག་གསོ་བའི་ཕྱིར༔ དམ་རྫས་ལྔ་ཡིས་ཐུགས་དམ་བསྐང་༔ ཤེས་བྱའི་དམ་ཚིག་གསོ་བའི་ཕྱིར༔ ལྟ་སྒོམ་སྤྱོད་པས་ཐུགས་ དམ་བསྐང་༔ ཐུགས་དམ་གཉན་པོ་སྐོངས་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃཿ རྣམ་རྟོག་བག་ཆགས་སྦྱང་བའི་ཕྱིར༔ ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ དུག་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡབ་ལྔའི༴ འབྱུང་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡུམ་ལྔའི་ཐུགས་དམ་བསྐང་༔ རྣམ་ཤེས་བརྒྱད་པོ་གནས་དག་པའི༔ སེམས་དཔའ་བརྒྱད་ཀྱི༴ ཡུལ་བརྒྱད་གནས་སུ་དག་པའི་ཕྱིར༔ སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཉོན་མོངས་དྲུག་པོ་འཇོམས་པའི་ཕྱིར༔ ཐུབ་པ་དྲུག་གི༴ ཡིད་ 6-10-3a དང་ཆོས་ཉིད་གནས་དག་གྱུར་པའི༔ ཀུན་བཟང་ཡབ་ཡུམ༴ སྒོ་བཞི་བསྲུང་བར་བྱ་བའི་ཕྱིར༔ སྒོ་བ་ཡབ་ཡུམ༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཁྲོ་བོ་ཀུན་གྱི་རྗེ་བཙན་མཆོག༔ ཆེ་མཆོག་ལྷ་ཚོགས༴ ཁྲོ་ཚོགས་གདུག་པ་འདུལ་བའི་ཕྱིར༔ ཆེ་མཆོག་ཡབ་ཡུམ༴ ཕྲིན་ལས་བཞི་ཡིས་ དོན་མཛད་པའི༔ རིགས་བཞི་ཧེ་རུ་ཀ་ཡི༴ དེ་ཡི་ཐུགས་དམ་བསྐུལ་བའི་ཕྱིར༔ ཀྲོ་ཏཱི་རིགས་བཞིའི༴ ཕྱོགས་བཅུའི་གདོན་རྣམས་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ༴ དགྲ་ བགེགས་མ་ལུས་འདུལ་བའི་ཕྱིར༴ སྒོ་བ་བཞི་ཡི༴ བསྟན་པའི་དགྲ་བགེགས་འདུལ་བའི་ཕྱིར༔ ལྕེ་སྤྱང་མ་བརྒྱད༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ མཉམ་ཉིད་ངང་ལས་རོལ་པའི་སྐུ༔ ཡང་དག་ལྷ་ཚོགས༴ དུག་ལྔ་རྩད་ནས་གཅོད་པའི་ཕྱིར༔ རིགས་ཀྱི་ཡབ་ལྔའི་ཐུགས༴ འབྱུང་ ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡུམ་ལྔའི༴ རྣམ་ཤེས་བརྒྱད་པོ་འཇོམས་པའི་ཕྱིར༔ ཀཽའུ་རི་མ་བརྒྱད༴ ཡུལ་བརྒྱད་གནས་སུ་དག་པའི་ཕྱིར༔ སེང་ཧ་བརྒྱད་ཀྱི༴ 6-10-3b ཚད་མེད་ངོ་བོ་ཡིན་པའི་ཕྱིར༔ སྒོམ་བཞི་ཡིས༴ བསྟན་པ་བསྲུངས་ཤིང་ལས་ལ་མྱུར༔ དབང་ཕྱུག་ཉེར་བརྒྱད༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་ སྩོལ་ལ་ཅིག༔ ཧཱུྃ༔ དྲག་པོས་གདུག་པ་འདུལ་བའི་ཕྱིར༔ གཤིན་རྗེའི་ལྷ་ཚོགས༴ བདེ་གཤེགས་རྣམས་ཀྱིས་སྤྲུལ་པའི་སྐུ༔ གཤིན་རྗེ་ཡབ་ཡུམ་ཐུགས་དམ་བསྐང་༔ དེ་ཉིད་ལས་ལ་འགྱེད་པའི་ཕྱིར༔ གཤེད་བཞི་ཡབ་ཡུམ༴ ཕྱོགས་བཅུའི་འབྱུང་པོ་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ༴ སྒོ་བཞི་བསྲུངས་ཤིང་ལས་ལ་མྱུར༔ སྒོ་བ་བཞི་ཡི༴ དམ་ཉམས་ཁྲམ་ལ་བཏབ་པའི་ཕྱིར༔ ཁྲམ་ཐོག་བདུད་ཀྱི༴ སྲོག་གཤེད་མ་བགོ་བའི་ཕྱིར༔ གྲི་ཐོགས་གིང་གི་ཐུགས་དམ་བསྐང་༔ དགྲ་བོ་རྩིས་ལ་གདབ་པའི་ཕྱིར༔ ཤོད་ཐོགས་ རྩིས་པའི༴ དགྲ་སྙིང་མངོན་དུ་ཕྱུངས་བའི་ཕྱིར༔ ཤན་པ་བཞི་ཡི༴ ལས་རྣམས་མ་ལུས་བསྒྲུབ་པའི་ཕྱིར༔ ལས་མཁན་མོན་པའི༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཁམས་གསུམ་དབང་དུ་བསྡུད་པའི་ཕྱིར༔ རྟ་མགྲིན་ལྷ་ཚོགས༴ དྲེགས་པ་མ་ལུས་ཟིལ་གནོན་ཕྱིར༔ རྟ་མགྲིན་ཡབ་ཡུམ༴ དྲེགས་ 6-10-4a པ་མ་ལུས་བསྒྲལ་བའི་ཕྱིར༔ བྱི་ལ་པུ་ཤུད་ཐུགས༴ འབྱུང་པོ་ཐམས་ཅད་ཟིལ་གནོན་ཕྱིར༔ ཟིལ་གནོན་ཁྲོ་བོ་བརྒྱད་ཀྱི༴ དེ་ཡི་ཐུགས་དམ་བསྐུལ་བའི་ཕྱིར༔ ཟིལ་གནོན་ཡུམ་གྱི༴ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ སྒོ་བ་བཞི་ཡི༴ སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཕྱིར༔ དཔལ་གྱི་བཀའ་ཉན༴ ཐུགས་དམ་གཉན་པོ་བསྐང་ གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དམ་སྲི་གདུག་པ་འདུལ་བའི་ཕྱིར༔ ཕུར་པའི་ལྷ་ཚོགས༴ སྣང་སྲིད་ཕུར་པས་རྒྱས་གང་བ་ཕྱིར༔ རྡོ་རྗེ་གཞོན་ནུའི༴ གཙོ་བོའི་ཐུགས་དམ་བསྐུལ་བའི་ཕྱིར༔ འཁོར་ལོ་རྒྱས་འདེབས༴ དུག་ལྔ་བདུད་འདུལ་ཁྲོ་བོའི་རྒྱལ༔ རིགས་ལྔ་ཀཱི་ལ་ཡ་ཡི༴ ཐུགས་རྗེ་ཐབས་ཀྱི་ཐམས་ཅད་འདུལ༔ ཏ་ན་ཁྲོ་བཅུའི༴ སྐྱེ་མེད་ཆོས་སྐུའི་བྱིན་བརླབས་ལས༔ ཁྲོ་མོ་བཅུ་ཡི༴ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཏེ༔ ཟ་བྱེད་ཕ་བཅུའི༴ བཀའ་ཉན་ཕོ་ཉ་མགྱོགས་བྱེད་མ༔ གསོད་ བྱེད་མ་བཅུའི༴ ཕྱག་རྒྱ་བཞི་ཡིས་དོན་མཛད་མ༔ སྒོ་མ་བཞི་ཡི༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་གྱི་བཀའ་ཉན༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ 6-10-4b དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དུས་མིན་འཆི་བ་བཟློག་པའི་ཕྱིར༔ མ་མོ་ལྷ་ཚོགས༴ རིགས་ལྔའི་སངས་རྒྱས་སྤྲུལ་པའི་སྐུ༔ བླ་མེད་ཧེ་རུ་ཀའི༴ གཉིས་ མེད་སྦྱོར་བའི་ཡུམ་མཆོག་མ༔ མུ་ཁ་ལེ་ཡི་ཐུགས་དམ་བསྐང་༔ ཚེ་དང་སྲོག་ལ་མངའ་མཛད་མ༔ རྟག་རྒྱལ་མ་ལྔའི་ཐུགས་དམ་བསྐང་༔ བཀྲག་དང་མདངས་ལ་དབང་བསྒྱུར་མ༔ རྗེ་མོ་བཅུ་བཞིའི་ཐུགས༴ དབུགས་དང་རླུང་ལ་དྲོད་ཉུལ་མ༔ སྨན་མོ་ལྔ་བཅུའི༴ མ་མོ་རྣམས་ཀྱི་ལས་མཁན་མོ༔ སྒོ་མ་བཞི་ཡི༴ དམ་ཉམས་དགྲ་བོ་བསྒྲལ་བའི་ཕྱིར༔ བཀའ་ སྡོད་ལྷ་ཚོགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་མཆོད་པའི་ཕྱིར༔ རིག་འཛིན་ལྷ་ཚོགས༴ གྲུབ་ཆེན་བརྒྱད་ལ་ དབང་བསྒྱུར་ཕྱིར༔ རིག་འཛིན་བརྒྱད་ཀྱི༴ ཕྲིན་ལས་བཞི་ཡིས་བསྒྲུབ་པའི་ཕྱིར༔ རིག་འཛིན་བཞི་ཡི༴ རྒྱུད་ལུང་དབང་དང་དོན་སྟོན་ཕྱིར༔ སྙན་བརྒྱུད་བླ་མའི༴ དྲིན་ལ་ལན་ གྱིས་བླན་པའི་ཕྱིར༔ སློབ་དཔོན་བཞི་ཡི༴ སྔར་འདས་མ་འོངས་ད་ལྟ་བཞུགས༔ དུས་གསུམ་རིག་འཛིན༴ དངོས་གྲུབ་ཆར་ལྟར་དབབ་པའི་ཕྱིར༔ དཔའ་བོ་མཁའ་འགྲོའི༴ 6-10-5a ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ འགོ་བའི་ལྷ་རྣམས་མཆོད་པའི་ཕྱིར༔ མཆོད་བསྟོད་ལྷ་ཚོགས༴ དྲེགས་པ་ ལས་ལ་བསྐུལ་བའི་ཕྱིར༔ དྲེགས་པ་ཀུན་འདུལ༴ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ཁམས་གསུམ་སྤྱི་འདུལ༴ ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་མཆོད༔ དབང་ཕྱུག་ཆེན་ པོའི༴ མོ་རྒྱུད་རྣམས་ཀྱི་ཆེ་བཙན་ཕྱིར༔ ཨུ་མ་དེ་བཱིའི༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ སྡེ་དཔོན་ཉེར་བརྒྱད༴ སྒོ་བཞི་བསྲུང་བའི་ལས་མཛད་པའི༴ སྒོ་བ་བཞི་ ཡི༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཞིང་བཅུ་གདུག་པ་འདུལ་བའི་ཕྱིར༔ དྲག་སྔགས་ལྷ་ཚོགས༴ དྲེགས་པ་མ་ལུས་ཟིལ་ གནོན་ཕྱིར༴ སྟོབས་ལྡན་ནག་པོའི༴ མོ་རྒྱུད་ཐམས་ཅད་ཟིལ་གནོན་ཕྱིར༔ འབྱུང་ལྔའི་བདག་མོའི༴ གཤིན་རྗེ་དམོད་པའི་དྲགས་སྔགས་ཅན༔ འཆི་བདག་ནག་པོའི༴ མ་མོ་དམོད་ པའི་དྲག་སྔགས་ཅན༔ མ་མོ་ཁྲག་འཛག༴ བསྟན་སྲུང་དམོད་པའི་དྲག་སྔགས་ཅན༔ དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང་༔ བཀའ་ཉན་དམོད་པའི་དྲག་སྔགས་ཅན༔ 6-10-5b སྒོ་བ་བཞི་ཡི༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཕྱི་རིམ་ལྕགས་རི་ནག་པོ་ལ༔ དཔལ་གྱི་བཀའ་སྡོད་སྲུང་མ་ནི༔ དཀྱིལ་ འཁོར་མུ་རན་སྐྱོང་བའི་ཕྱིར༔ དབང་ཕྱུག་ཉེར་བརྒྱད༴ ནམ་མཁའི་མཐའ་དང་མཉམ་པའི་ཕྱིར༔ མཁའ་འགྲོ་སུམ་ཅུའི༴ རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར༔ གིང་དང་ལང་ ཀའི༴ ཐུགས་ཀྱི་སྤྲུལ་པ་འགྱེད་པའི་ཕྱིར༔ འབར་མ་བརྒྱད་ཀྱི༴ འཇིག་རྟེན་ཁམས་ལ་དབང་བསྒྱུར་ཕྱིར༔ དབང་ཆེན་སྡེ་བཞིའི༴ ས་བདག་གདུག་པ་འདུལ་བའི་ཕྱིར༔ ས་ བདག་སུམ་ཅུའི་ཐུགས་དམ་བསྐང་༔ འཁོར་བའི་རྒྱ་མཚོ་སྐེམ་པའི་ཕྱིར༔ མ་མོ་བདུན་གྱི༴ དམ་ཚིག་གཞུང་བཞིན་བསྲུང་བའི་ཕྱིར༔ སྲིང་མོ་བཞི་ཡི༴ ཕྱོགས་བཅུར་སྤྲུལ་པ་འགྱེད་ པའི་ཕྱིར༔ ཕོ་ཉ་དྲུག་ཅུའི༴ མི་ནད་ཕྱུགས་ནད་རྒྱུན་བཅད་ཕྱིར༔ འབུམ་ཕྲག་མཁའ་འགྲོའི༴ བོད་ཁམས་བསྟན་པ་སྐྱོང་བའི་ཕྱིར༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐངས༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་ 6-10-6a སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རང་བྱུང་དམ་རྫས་བདུད་རྩི་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་མཆོད་པ་དང་༔ ཤ་ཆེན་སྤོས་ཀྱི་དམ་ རྫས་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ སྣང་གསལ་མར་མེའི་མཆོད་པ་དང་༔ ཙ་ར་འདི་ཡི་མདངས་ཀྱིས་བསྐངས༔ མཁའ་ལྡིང་འདི་ཡི་མདངས་ཀྱིས་བསྐངས༔ ཤེལ་ སྒོང་འདི་ཡི་མདངས་ཀྱིས་བསྐང་༔ འདི་ལྟར་བསྐང་བསྐང་གསོ་གསོ་ནས༔ ཐུགས་དམ་གཉན་པོ་དེས་བསྐང་ལ༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ བདག་གི་དབྱར་དམ་སོར་ སྩོལ་ཅིག༔ དབྱར་དམ་བསྐངས་ལ་རྐྱེན་ངན་བཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་དཔེའོ༔ མངའ་བདག་ཆེན་པོའི་གཏེར་མའོ༔ མདངས་བསྐང་ཆུང་བ་ལགས་སོ༔ 6-10-6b empty page 6-11-1a ༄༅། །བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་བཟློག་བསྡུས་པ་དགྲ་བགེགས་དཔུང་འཇོམས་བཞུགས་སོ། ། 6-11-1b ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ༔ འདིར་གཏོར་བཟློག་བསྡུས་པ་བྱ་བར་འདོད་པས་ལྕགས་སྣོད་སོགས་སུ་དཔལ་གཏོར་གྲུ་གསུམ་ཆེ་བ་གཅིག་ལ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་ བ་མཐེབ་ཀྱུ་གང་མང་དང་ཤ་ཁྲག་སྨན་དང་མེ་ཏོག་སྣ་ཚོགས་པས་བརྒྱན་ལ། དེའི་མདུན་དུ་ཟན་གྱི་ཉ་བོ་སོགས་དང་གདབ་ཕུར་ཐུན་ལ་སོགས་པ་བཤམས། ལས་བྱང་གཞུང་བསྲངས་ལ་ཚོགས་ཐ་མའི་ སྐབས་སུ། ཨོཾ་བཛྲ་མཎྜལ་ཧཱུྃ། ཞེས་བརྗོད་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་དུ་གྱུར། ཨོཾ་བཛྲ་ཤྲཱི་ ཧེ་རུ་ཀ་ཀྲོ་ཏཱི་ཤྭ་རི་ཧཱུྃ་ཕཊཿ ཅེས་བརྗོད་པས། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཁྲག་འཐུང་རོལ་པའི་ལྷའི་དཀྱིལ་འཁོར་ཆེན་པོར་གྱུར། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ 6-11-2a ཧཱུྃ་ཕཊ༔ སརྦ་ཀརྨ་ཡཀྵ་བྷྱོ་ཛཿ ཞེས་བརྗོད་པས། སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གྱུར་པ་ཐམས་ཅད་སྔོན་གྱི་ཐུགས་དམ་ཆེན་པོ་ལས་བཞེངས་ ནས་དམག་དཔུང་གོ་བསར་བྱེད་པ་བཞིན་དུ་རྔམ་པའི་ཧཱུྃ་སྒྲ་ལྡིར་གྱིས་ལངས་པར་བསམས༔ ཕུད་འཐོར་ཞིང་དཔང་གཟུགས་པ་ནི༔ ཧཱུྃ༔ ཕྱོགས་བཅུ་ནམ་མཁའ་ ཡངས་པའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ ཡི་དམ་ཞི་ཁྲོ་བཀའ་བརྒྱད་ལྷ་ཚོགས་རྣམས༔ བརྩེ་བའི་ཐུགས་རྗེས་བདག་ ལ་དགོངས་སུ་གསོལ༔ བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ༔ སྔགས་འཆང་སྒྲུབ་པ་པོ་ལ་དགྲ་བྱུང་ན༔ བདག་གིས་མ་ཉེས་མ་ཡོ་སྲུང་མ་མཁྱེན༔ གཟུ་དང་དཔང་ 6-11-2b དུ་དཀོན་མཆོག་བཞུགས༔ ཞལ་ལྕེ་སྣང་སྲིད་ལྷ་འདྲེས་མཛོད༔ དམ་ཉམས་དགྲ་བོ་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་ མ་གསང་སྔགས་སྙིང་པོ་ཕྲལ༔ ད་ལྟ་རྣལ་འབྱོར་བདག་ལ་བརྡོས༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ཡི་འབྲས་བུ་སྨིན༔ འདི་ནི་བསྒྲལ་ བའི་ཞིང་ཡིན་པས༔ རྒྱལ་བ་བཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རྔམ་བརྗིད་ཁྲོ་བོའི་ཚུལ་དུ་སྐུར་བཞེངས་ལ༔ བསྒྲལ་བའི་ཞིང་ བཅུ་འདུལ་བའི་དུས་ལ་བབ༔ མ་གཡེལ་མ་གཡེལ་རྒྱལ་བ་ཞི་ཁྲོའི་ཚོགས༔ དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད༔ དེ་ནས། ཨེ་ཛྭ་ལ་མཎྜལ་ཞེས་བརྗོད་པས། བྲུབས་ ཁྲུང་གྲུ་གསུམ་འབར་བའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་གང་ཡིན་པ་མངོན་སུམ་བཞིན་དུ་གསལ་བར་གྱུར༔ རུ་ཏྲ་སརྦ་ཤ་ཏྲུྃ་མཱ་ར་ཡ་ནྲྀ་ཛ༔ ན་མོ། རྗེ་བཙུན་སོགས། བདེན་པ་བདར་ལ་དགུག ། དེ་ནས་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ འབར་བ་གཏུམ་ཆེན་རྔམ་པ་ལ༔ ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ༔ སངས་རྒྱས་བསོད་ནམས་སྐུ་ཡང་འཇིག༔ 6-11-3a བདུད་རྩི་ལྔའམ་ཟག་རྫས་ལ༔ གཟུགས་དང་མིང་རུས་བཅས་པ་དེར༔ ཕོ་ཉས་བཀུག་སྟེ་ཕུར་བུས་གདབ༔ རྡུལ་དུ་བྱས་ཏེ་ཚོགས་སུ་འབུལ༔ ཁྲག་འཐུང་རྡོ་ རྗེ་འཁོར་བཅས་ཀྱིས༔ ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན༔ རྡུལ་ཕྲན་བཞིན་དུ་བརླག་ནས་ཀྱང་༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ ཧཱུྃ༔ བློ་ལྡན་ཚོགས་ནི་ཉི་ཟླའི་འོད༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ དཀོན་མཆོག་དབུ་འཕང་སྨད་པ་དང་༔ སློབ་དཔོན་སྐུ་ལ་བརྙས་བྱེད་དང་༔ རྡོ་རྗེའི་སྤུན་ལ་འཁུ་བ་དང་༔ བདག་ ལ་བར་དུ་གཅོད་པ་ཡི༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ ཁྲག་འཐུང་ལྷ་ཚོགས་ཐམས་ཅད་ཀྱིས༔ དབང་དུ་སྡུས་ལ་རྡུལ་དུ་རློག༔ ཅེས་བྱས་ལ། དེ་ནས་ལྷ་དང་ཕྲལ་ བ་ནི༔ ཧཱུྃ༔ དམ་ཉམས་དགྲ་བོ་སྡིག་ཅན་ལ༔ འགོ་བར་བྱེད་པའི་ལྷ་ཁྱོད་ཉོན༔ དམ་ཉམས་དགྲ་བགེགས་སྡིག་ཅན་འདིས༔ དང་པོ་སངས་རྒྱས་བསྟན་པ་བཤིག༔ བར་དུ་དཀོན་མཆོག་ དབུ་འཕང་སྨད༔ ཐ་མ་གསང་སྔགས་སྙིང་པོ་དྲལ༔ དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླངས༔ མཚམས་མེད་ལྔ་ཡི་འབྲས་བུར་སྨིན༔ འདི་ནི་བསྒྲལ་བའི་ཞིང་ 6-11-3b ཡིན་ཕྱིར༔ འདི་ཡི་མགོན་སྐྱབས་མ་མཛད་པར༔ ཡེ་ཤེས་ལྷ་ནི་རང་བཞིན་གནས་སུ་གཤེགས༔ འཇིག་རྟེན་ལྷ་ནི་རང་རང་གནས་སུ་གཤེགས༔ གལ་ཏེ་མི་འགྲོ་མགོན་དང་སྐྱབས་ མཛད་ན༔ ཡེ་ཤེས་ལྷ་ནི་ཐུགས་དམ་ཉམས་པར་འགྱུར༔ འཇིག་རྟེན་ལྷ་ནི་རྡུལ་དུ་ག་པར་འགྱུར༔ དེ་བས་འདི་ཡི་མགོན་སྐྱབས་མ་མཛད་ཅིག༔ ཧཱུྃ་ཧཱུྃ་བི་ཤྭ་ཀྲོ་ཏ་ཛྭ་ལ་མཎྚ་ལ་ཧཱུྃ་ ཕཊ༔ ཅེས་བརྗོད་པས་བདག་དང་མདུན་གྱི་ལྷ་རྣམས་ལས་ཕོ་ཉའི་ཚོགས་འཕྲོས་པས་མཚོན་ཆ་སྣ་ཚོགས་ཕར་འཕེན་ཚུར་འཕེན་གྱི་འུར་སྒྲ་དང་ཐུག་ཆོམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་བཞིན་བརྡས་པས་ ཡེ་ཤེས་ཀྱི་ལྷ་རྣམས་ལུས་ཀྱི་གོས་ཕུད་པ་ལྟར་བྱོལ་ནས་རང་བཞིན་གྱི་གནས་སུ་གཤེགས༔ འཇིག་རྟེན་གྱི་ལྷ་རྣམས་བྱེའུའི་སྟེང་དུ་ཁྲ་བབ་པ་ལྟར་སྐྲགས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་བྲོས་ཏེ་དམ་ཉམས་དེ་མགོན་སྐྱབས་བྱེད་པའི་ལྷ་ ཐམས་ཅད་དང་བྲལ་ནས་དྲན་པ་སྟོར་ཞིང་བརྒྱལ་ནས་འགྱེལ་བར་བསམས༔ སླར་ཡང་ཕོ་ཉ་བཏང་སྟེ་དྲག་ཏུ་དགུག་པ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ བཀའ་བརྒྱད་ལྷ་ཚོགས་དུས་ ལས་བབ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ དགྲ་བགེགས་དགུག་པའི་དུས་ལ་བབ༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི༔ རང་ 6-11-4a དབང་མེད་པར་འདི་རུ་ཁུག༔ དབང་དུ་སྡུས་ལ་རྡུལ་དུ་རློག༔ ཧཱུྃ༔ ཁྲག་འཐུང་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལྕགས་ཀྱུ་དཀར་མོའི་ཚོགས་ནི་སྐར་ལྟར་འཁྲུགས༔ ཞགས་པ་སེར་མོའི་ཚོགས་ནི་སྤྲིན་ལྟར་གཏིབས༔ ལྕགས་སྒྲོག་དམར་མོའི་ཚོགས་ནི་གློག་ལྟར་འཁྱུག༔ དྲིལ་བུ་ལྗང་གུའི་ཚོགས་ནི་ཐོག་ལྟར་འབེབ༔ ཁྱེད་རྣམས་དཔལ་གྱི་ཕོ་ཉ་ སྟེ༔ རྦད་ཅིང་བཏང་བ་ང་ཡིས་བྱེད༔ འགུག་ཅིང་བསྟིམ་པ་ཁྱོད་ཀྱིས་མཛོད༔ གང་ལ་བྱ་བ་ཁྱོད་ཤེས་ཀྱི༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ ལྕགས་ཀྱུ་ཅན་གྱིས་སྙིང་ ནས་དྲོངས༔ ཞགས་པ་ཅན་གྱིས་མགུལ་ནས་སྡོམས༔ ལྕགས་སྒྲོག་ཅན་གྱིས་དབང་པོ་ཆིངས༔ དྲིལ་བུ་ཅན་གྱིས་རྒྱབ་ནས་ཕུལ༔ རང་དབང་མེད་པར་འདིར་ཁུག་ལ༔ གཟུགས་དང་ ལིང་ག་འདི་ལ་བསྟིམ༔ མིང་བྱང་འདི་ལ་གནས་པར་མཛོད༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ དགྲ་བགེགས་གནོད་བྱེད་བཛྲ་ཨངྒུ་ཤ་ཛཿརཏྣ་པཱ་ཤ་ཧཱུྃཿཔདྨ་སྥོ་ཊ་བྃཿཀརྨ་ གནྜེ་ཧོཿ དེ་ལྟར་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་ལན་གསུམ་མམ་ལྔའམ་བདུན་གྱིས་བཀུག་པས་ཁུག་རྟགས་ལ། རབ་སྙིང་རྗེ་བའམཿ འབྲིང་བག་དྲོ་བ་དང་༔ ཐ་མ་ཞེ་སྡང་སྐྱེ་བ་ལ་སོགས་པ་བྱུང་བ་དང་༔ ཉེས་པ་བསྒྲགས་ 6-11-4b པ་ནི༔ ཧཱུྃ༔ སེམས་ཅན་ཆེན་པོ་ཁྱོད་ཉོན་ཅིག༔ ཁྱོད་ནི་གཏི་མུག་དབང་གྱུར་པས༔ ལས་དགེ་བ་སྤངས་ནས་མི་དགེ་བསྒྲུབ༔ ཁྱོད་ནི་ཞེ་སྡང་དབང་གྱུར་པས༔ སྙིང་རྗེ་མེད་པར་གསོད་ལ་ དགའ༔ ཁྱོད་ནི་ང་རྒྱལ་དབང་གྱུར་པས༔ བདག་བསྟོད་གཞན་གྱི་ཡོན་ཏན་སྨོད༔ ཁྱོད་ནི་འདོད་ཆགས་དབང་གྱུར་པས༔ མ་བྱིན་ལེན་དང་མི་ཚངས་སྤྱོད༔ ཁྱོད་ནི་ཕྲག་དོག་དབང་ གྱུར་པས༔ དུས་གསུམ་སངས་རྒྱས་ཡོན་ཏན་སྨོད༔ ལས་དགེ་བ་བཅུ་ནི་ཁྱད་དུ་བསད༔ མི་དགེ་བཅུ་ནི་དང་དུ་བླང་༔ མཚམས་མེད་ལྔ་ཡི་འབྲས་བུ་སྨིན༔ དང་པོ་སངས་རྒྱས་བསྟན་ པ་བཤིག༔ བར་དུ་དཀོན་མཆོག་དབུ་འཕང་སྨད༔ ཐ་མ་གསང་སྔགས་སྙིང་པོ་དྲལ༔ དེ་ནས་སློབ་དཔོན་སྐུ་ལ་བརྡོས༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་པས༔ ཐུགས་རྗེ་ཐབས་ཀྱིས་ བསྒྲལ་བར་བྱ༔ ཞེས་བྱས་ལ་ཁྲག་འཐུང་ལྷ་ཚོགས་ཐམས་ཅད་ཅེ་སྤྱང་ཤ་ལ་རྔམས་ཤིང་ཁྲག་ལ་དགའ་བ་ལྟར་ཞིང་བཅུ་སྒྲོལ་བའི་ལས་ལ་རྔམས་པར་བསམས་ནས༔ དུག་སྣ་ཁྲག་སྣ་སྐེ་ཚེ་ཤང་ཚེ་ཉུངས་ཀར་ཉུངས་ནག་ཟི་ར་ནག་པོ་ལྕགས་ ཕྱེ་ཟངས་ཕྱེ་རྡོ་ཕྱེ་རྣམས་ཀྱི་ཐུན་བྲབས་ལ༔ ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཐུགས་རྗེའི་ལྷ༔ སྒྲུབ་ 6-11-5a ཆེན་བཀའ་བརྒྱད་ལྷ་ཚོགས་འཁོར་དང་བཅས༔ སྟོང་ཉིད་དབྱིངས་ལས་ཐུགས་དམ་རྒྱུད་བསྐུལ་གྱིས༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ བསྟན་པ་གཉན་ལ་དགྲ་དར་ན༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ རྣལ་འབྱོར་བདག་གི་ར་མདའ་མཛོད༔ གནས་འདིར་དྲག་པོའི་ཐུན་ལ་རྒྱུག༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ ཀྱིས༔ དགྲ་བགེགས་འགུགས་པའི་ཕྲིན་ལས་མཛོད༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་ཀྱིས༔ དགྲ་བགེགས་མཐུ་དང་རྫུ་འཕྲུལ་ཕྲོག༔ འཇམ་དཔལ་སྐུ་ཡི༴ དགྲ་བགེགས་ལྷ་དང་ དབྱེ་བར་མཛོད༔ པདྨ་གསུང་གི༴ དགྲ་བགེགས་རྣམ་ཤེས་རྟེན་ལ་ཕོབ༔ ཕུར་པ་ཕྲིན་ལས༴ དགྲ་བགེགས་ལུས་སེམས་བྱད་དུ་ཆུག༔ མ་མོ་རྦོད་གཏོང་༴ དགྲ་བགེགས་རྣམ་ ཤེས་སྨྱོ་རུ་ཆུག༔ འཇིག་རྟེན་མཆོད་བསྟོད༴ དགྲ་བགེགས་ལུས་སེམས་རྡུལ་དུ་རློགས༔ དམོད་པ་དྲག་སྔགས་ལྷ་ཚོགས་ཀྱིས༔ དགྲ་བགེགས་ཤ་ཁྲག་ཚོགས་སུ་རོལ༔ ཡིད་ལ་ བརྣག་པའི་དགྲ་བགེགས་རྣམས༔ དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ༔ ཞེས་བརྗོད་ལ་ལྷ་ཚོགས་རྣམས་ལས་ཕོ་ཉ་དང་ནད་མཚོན་འཇིགས་པའི་ཆོ་འཕྲུལ་སྣ་ཚོགས་ཀྱི་ཆར་དགྲ་བགེགས་ཀྱི་སྟེང་དུ་བབ་པར་བསམས་ 6-11-5b ལ༔ ཁྲོ་རྒྱལ་སྟོབས་འདུས་ཀྱི་དྲག་སྔགས་སོ་ལྔ་པ་དང་། མཱ་ར་ཡ་ཐུན་ཡ་རྦད༔ ཅེས་བཟླས་ལ་ཐུན་བྲབས་སོ། །དེ་ནས་གདབ་ཕུར་ལག་ཏུ་བླངས་ལ། རང་གི་གཡས་གཡོན་གྱི་སོར་མོ་རིགས་ལྔ་ཡབ་ཡུམ་བཅུར་གསལ་ བའི་བར་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོ་འདུས་སྲས་མཆོག་ཀཱི་ལ་ཡ་སྐུ་སྟོད་མཐིང་དཀར་དམར་བའི་ཞལ་གསུམ་དང་ཕྱག་དྲུག་གི་གཡས་དང་པོ་གཉིས་ན་རྡོ་རྗེ་རྩེ་དགུ་དང་དགྲ་སྟྭ་གཡོན་གཉིས་མེ་དཔུང་དང་ཁ་ཊཱཾ་ཐ་མ་གཉིས་ན་རི་རབ་ ཕུར་བུ་འདྲིལ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ་རྡོ་རྗེའི་གཤོག་པ་ཅན། སྐུ་སྨད་ཕུར་བུ་འབར་བ་མགར་གྱི་སོལ་མལ་ནས་དྲངས་པ་ལྟ་བུའི་རྣམ་པ་ཅན་ཆུ་སྲིན་ཁ་ནས་སྦྲུལ་གྱི་ཆུན་པོ་འཕྱང་བ། དེའི་རྒྱ་མདུད་གོང་མར་ཞི་བ་དང་ཆང་ཟུང་ ལ་ཁྲག་འཐུང་ལྷ་དགུའི་ཕོ་བྲང་དང་བཅས་པ། རྒྱ་མདུད་འོག་མར་དཔལ་གྱི་བཀའ་སྡོད་དང་རྩེ་མོར་མཚོན་ཆ་སྣ་ཚོགས་ཀྱི་ཚྭ་ཚྭ་འཕྲོ་བ། བསྒྲིལ་བ་ཙམ་གྱིས་སྲིད་གསུམ་འདར་བ། ཕྱར་བ་ཙམ་གྱིས་ཁམས་གསུམ་ སྔངས་པ། བཏབ་པ་ཙམ་གྱིས་སྟོང་གསུམ་བརླག་ནུས་པར་བསྐྱེད་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཀྩི་ཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་པས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པས་ཁམས་གསུམ་དུས་ གཅིག་ལ་སྒྲོལ་ནུས་པར་བསམས། དེ་ནས་ཕུར་པ་བསྒྲིལ་ཞིང་འདི་སྐད་དོ། །ཧཱུྃ༔ བདག་ཉིད་ཁྲག་འཐུང་ཧེ་རུ་ཀ༔ གཡས་པ་ཐབས་ཀྱི་རང་བཞིན་ལ༔ རིགས་ལྔ་ཡབ་ལྔའི་ངོ་བོར་གསལ༔ 6-11-6a གཡོན་པ་ཤེས་རབ་རང་བཞིན་ལ༔ རིགས་ལྔ་ཡུམ་ལྔའི་ངོ་བོར་གསལ༔ ཐབས་དང་ཤེས་རབ་སྦྱོར་བ་ལས༔ མཐིང་ནག་ཧཱུྃ་ལས་བསྐྱེད་པའི་ལྷ༔ སྲས་མཆོག་ བཛྲ་ཀཱི་ལ་ཡ༔ ལྟེ་བ་ཡན་ཆད་སྐུ་སྟོད་ནི༔ དབུ་གསུམ་ཕྱག་དྲུག་རྡོར་གཤོག་ཅན༔ དུས་གསུམ་བདེ་གཤེགས་འདུས་པའི་སྐུ༔ ལྟེ་བ་མན་ཆད་སྐུ་སྨད་ནི༔ ཡེ་ཤེས་ཕུར་པ་ དཔལ་དང་ལྡན༔ དུག་ལྔ་འཇོམས་མཛད་མགོ་བོ་རྒྱ་མདུད་ནི༔ སྲིད་གསུམ་བླ་མེད་གནས་སུ་སྒྲོལ་བའི་ཕྱིར༔ ཞི་བའི་དཀྱིལ་འཁོར་བཞུགས་པར་མངའ་གསོལ་ནས༔ མ་བཅོས་ ལྷུན་གྱིས་གྲུབ་པར་གཟི་བརྗིད་བསྐྱེད༔ ཆང་ཟུང་ཟུར་བརྒྱད་དུར་ཁྲོད་བརྒྱད་ཀྱི་ངང་༔ རྣམ་ཤེས་ཚོགས་བརྒྱད་དབྱིངས་སུ་སྒྲོལ་བའི་ཕྱིར༔ ཁྲོ་བོའི་དཀྱིལ་འཁོར་བཞུགས་པར་མངའ་གསོལ་ ནས༔ བཅུ་དྲུག་རོལ་པ་ཆེན་པོར་གཟི་བརྗིད་བསྐྱེད༔ རྐེད་པ་རྒྱ་མདུད་ཕྲིན་ལས་བཞི་ཡི་ངང་༔ ཆུ་སྲིན་ཁ་ནས་སྦྲུལ་གྱི་ཆུན་པོས་བརྒྱན༔ འཁོར་བ་ཆོས་ཀྱི་དབྱིངས་སུ་སྒྲོལ་བའི་ཕྱིར༔ བཀའ་སྲུང་ཕོ་ཉ་བཞུགས་པར་མངའ་གསོལ་ནས༔ མཁའ་དབྱིངས་ཡུམ་གྱི་བྷ་གར་གཟི་བརྗིད་བསྐྱེད༔ རྩེ་མོ་ཟུར་གསུམ་མངོན་སྤྱོད་དྲག་པོ་ཡིས༔ དུག་གསུམ་སྐུ་གསུམ་ 6-11-6b དབྱིངས་སུ་སྒྲོལ་བའི་ཕྱིར༔ མཐུ་རྩལ་རྨད་དུ་བྱུང་བར་མངའ་གསོལ་ནས༔ འབྲས་བུ་སྐུ་གསུམ་དབྱིངས་སུ་གཟི་བརྗིད་བསྐྱེད༔ ཕྲིན་ལས་རྫོགས་པའི་རྡོ་རྗེ་ཕུར་པ་ནི༔ བསྒྲིལ་ བ་ཙམ་གྱིས་སྲིད་པ་གསུམ་ཡང་འདར༔ ཕྱར་བ་ཙམ་གྱིས་ཁམས་གསུམ་སྔངས་པར་བྱེད༔ བཏབ་པས་ཁམས་གསུམ་སྐད་ཅིག་ཙམ་ཡང་བརླག༔ གནོད་བྱེད་དགྲ་བགེགས་རྣམས་ ལ་སྨོས་ཅི་དགོས༔ གདུག་པ་འདུལ་མཛད་བཛྲ་ཀཱི་ལ་ཡ༔ ལས་རྣམས་དོན་དུ་གཉེར་ཅིག་བཛྲ་ཀཱི་ལ་ཡ༔ འཕངས་ནས་ཕྱིར་མ་ལྡོག་ཅིག་བཛྲ་ཀཱི་ལ་ཡ༔ སྲོག་དབུགས་ལུས་དང་ ཕྱེས་ཤིག་བཛྲ༴ རྣམ་ཤེས་ལུས་དང་ཕྱེས་ཤིག་བཛྲ༴ དགྲ་བགེགས་རྡུལ་དུ་རློགས་ཤིག་བཛྲ་ཀཱི་ལ་ཡ༔ ཕཊ་ཕཊ༔ ན་མཿས་མནྟ་བུདྡྷཱ་ནཾ༔ ཀཱ་ཡ་ཝཀྩི་ཏ་བཛྲ་ཀཱི་ལ་ཡ་ཕཊ་ཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི་གནོད་བྱེད་བིག་ནཾ་བཾ་ཧཱུྃ་ཕཊ༔ ཞེས་བཏབ་ཅིང་བསྒྲིལ་ལ༔ ཕྱོགས་བཅུའི་བདེ་གཤེགས་རྣམས་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ་པས་གཟི་བརྗིད་དང་ལྡན་པར་བསམས༔ ཡང་ཕུར་པ་ཕྱོགས་ཐམས་ཅད་དུ་བཏབ་ཅིང་བསྒྲིལ་བས་གནོད་བྱེད་རྣམས་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ་པས་རྫུ་འཕྲུལ་དང་ལྡན་པར་བསམས༔ དེ་ནས་དགྲ་བགེགས་ཀྱི་རྣམ་ཤེས་སྤར་བ་ནི། ཨེ་མ་ཁམས་གསུམ་སེམས་ 6-11-7a ཅན་རྣམསཿ མ་རྟོགས་འཁྲུལ་པ་སྙིང་རེ་རྗེཿ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནིཿ བསད་ཅིང་མནན་པ་མ་ཡིན་ཏེཿ ཐུགས་རྗེའི་ཐབས་ཀྱིས་བསྒྲལ་བ་ལསཿ ཕུང་པོ་རྒྱལ་བའི་ཞིང་དུ་གསལཿ གཟུགས་ཀྱིས་ལྷ་རྣམས་མཆོད་པར་བྱཿ རྣམ་ཤེས་ཡུམ་གྱི་མཁའ་ལ་སྤརཿ ཁྱོད་ནི་རྒྱལ་བའི་སྲས་སུ་བསྐྱེདཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཿ ཨེ་རཾ་བཾ་རཾ་བོདྷི་ཙིཏྟ་ཧྲིཿ སཾ་ཧ་ར་ཎཿཕཊཿ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ལན་གསུམ་བསྒྲིལ་པདྨ་ཀྲོ་དྷཱི་ཤྭ་རི་ཀླད་ལ་ལན་གསུམ་གཡུག་བཛྲ་ཀཱི་ལི་ཀཱི་ལ་ཡ་རྐེད་པར་གཡོན་སྐོར་གསུམ་མ་ཧཱ་ཡཀྵ་ཀ་ལ་རཱུ་ ལ་ཕོ་རྒྱུད་བསྐུལ་ཕྱིར་གཡས་སུ་ཚོམ་རྔམས་བྱ། ཀརྨ་རཾ་རཾ་ཛྭ་ལ་རཾ་མོ་རྒྱུད་བསྐུལ་ཕྱིར་གཡོན་དུ་ཚོམ་རྔམས་བྱ། གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊཿ གཟས་པོའི་སྙིང་གར་གདབ། ཞེས་ཕུར་པ་དེ་དམིགས་བྱའི་སྙིང་ གར་བཏབ་ཅིང་བསྒྲིལ་བས་ཁོའི་སྙིང་གི་དཀྱིལ་ན་རླུང་གི་དྭངས་མ་སྔོ་སྐྱ་བྱེའུའི་རོ་ཙམ་གནས་པའི་ནང་ན་ཁྲག་གི་དྭངས་མ་དམར་པོ་རྒྱ་སྲན་གྱི་གྭའུ་ཙམ་པ་དེའི་དཀྱིལ་ན་རྣམ་པར་ཤེས་པའི་རྟེན་ཐིག་ལེ་དཀར་པོ་ཡུངས་འབྲུ་ཙམ་ཞིག་གནས་པ་དེ་ལ་ཕུར་པ་བཏབ་ ཅིང་བསྒྲིལ་བས་རླུང་གི་དྭངས་མ་དེ་ན་བུན་རླུང་གིས་གཏོར་བ་ལྟར་གཏོར། ཁྲག་གི་དྭངས་མ་དེ་ལྕགས་སྲེག་མར་ལ་ཕོག་པ་ལྟར་ཞུ་ཞིང་བསྐམ་ཐིག་ལེ་དཀར་པོ་དེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་པ་ཁོང་སེང་ནས་ཡར་དྲངས་ཏེ་ཆང་ཟུང་ 6-11-7b གི་ཕོ་བྲང་ན་ཧེ་རུ་ཀ་ཡབ་ཡུམ་བཞུགས་པའི་ཐུགས་ཀར་ཐིམ་པས་ཁོའི་ལུས་སེམས་དང་བྲལ་ནས་ཟླ་བ་གཟས་ཟིན་པ་ལྟར་བཀྲག་མདངས་ཉམས་པར་བསམས་ལ། བདག་ཕུར་གཟས་གསུམ་དབྱེར་མེད་པ་ཆོས་ཉིད་ཀྱི་དགོངས་པ་ ལ་བཞག་གོཿ དེ་ནས་ཕུར་པ་བསྐོར་ཞིང་བཏབ་སྟེ༔ ཧཱུྃ༔ ལྕགས་སམ་ནག་པོའི་ཤིང་རྣམས་ལ༔ མངོན་སྤྱོད་དྲག་པོའི་ཕུར་པ་བྱས༔ མགོ་བོ་རྒྱ་མདུད་གྲུ་བཞི་པ༔ ཆང་ཟུང་ཟུར་ བརྒྱད་ལོགས་བརྒྱད་དེ༔ རྐེད་པ་རྒྱ་མདུང་ཆུ་སྲིན་ཁ༔ རྩེ་མོ་ཟུར་གསུམ་དཔལ་དང་ལྡན༔ ཕྱི་ནི་དུར་ཁྲོད་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་བསྒོམས་ཏེ༔ དགྲ་དང་བགེགས་ལ་ བཏབ་པའི་ཚེ༔ བདུན་བརྒྱུད་རྩད་ནས་གཅོད་པར་བྱེད༔ དམ་ཉམས་དགྲ་བགེགས་སྡིག་ཅན་ཁྱོད༔ རུས་ནི་ཞེ་སྡང་ཕ་ལས་བྱུང་༔ ཤ་ཁྲག་འདོད་ཆགས་མ་ལས་གྲུབ༔ རིགས་ནི་ གཏི་མུག་ལས་ཀྱིས་དེད༔ འཁོར་བ་མ་ཡི་མངལ་དུ་ཞུགས༔ ཉོན་མོངས་ལྔ་ཕུང་གཟུགས་སུ་གྲུབ༔ ལྔ་ཕུང་རྩད་ནས་བཅད་པའི་ཕྱིར༔ ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ༔ རྣམ་ཤེས་རྟེན་ དང་བྲལ་བའི་ཕྱིར༔ སྙིང་གི་དཀྱིལ་དུ༴ གཟུགས་ཀྱི་འདུ་ཤེས་བྲལ་བའི་ཕྱིར༔ མིག་གི་དཀྱིལ་དུ༴ ཉན་པ་སྒྲ་ཡི་འདུ་ཤེས་བཤིག་པའི་ཕྱིར༔ རྣ་བའི་དཀྱིལ་དུ༴ སྣམ་ 6-11-8a པ་དྲི་ཡི་འདུ་ཤེས་བཤིག་པའི་ཕྱིར༔ སྣ་ཡི་དཀྱིལ་དུ༴ མྱོང་བ་རོ་ཡི་འདུ་ཤེས་བཤིག་པའི་ཕྱིར༔ ལྕེ་ཡི་དཀྱིལ་དུ༴ འཛིན་པ་ལག་གི་འདུ་ཤེས་བཤིག་པའི་ ཕྱིར༔ དཔུང་པའི་དཀྱིལ་དུ༴ རིགས་བརྒྱུད་འཁོར་བའི་འདུ་ཤེས་བཤིག་པའི་ཕྱིར༔ གསང་བའི་དཀྱིལ་དུ༴ ང་རྒྱལ་བདག་འཛིན་འདུ་ཤེས་བཤིག་པའི་ཕྱིར༔ ཀླད་ པའི་དཀྱིལ་དུ་ཀཱི་ལ་ཡ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ན་ཤ་ཡ་བྷན་དྷ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་ཕུར་པ་དམིགས་བྱའི་གནས་དེ་རྣམས་སུ་གདབ་པ་དྲག་པོ་བྱས་ པས་དེའི་ལུས་ངག་ཡིད་གསུམ་བརླག་པར་བསམ་མོ༔ དེ་ནས་སྲས་མཆོག་གིས་གཏུབ་སྟེ༔ ཧཱུྃ༔ ང་ནི་དུས་གསུམ་བཞུགས་པ་ཡི༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཡེ་ཤེས་རྣོ་བའི་མཚོན་ ཆ་ཡིས༔ ལོག་རྟོག་འཁོར་བ་རྒྱུན་ཆོད་ཅིག༔ ཨོཾ་མནྟྲ་སུཾ་བྷ་ནི་བཛྲ་ཛྭ་ལ་ཧཱུྃ༔ ཨོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲྃ་བྷྲཱྃ་ཧྲཱི་བྷྲཱུྃ་ཧཱ་བྷྲཱུྃཿ ཚལ་པ་ཚལ་བ༔ མཱ་ར་ཡ་ཛ་ཛཿཞེས་བརྗོད་པས་ཕུར་བུའི་དབལ་ལས་མཚོན་ ཆའི་ཆར་བབ་པས་གཟུགས་ཕུང་ཕྱེ་མར་སོང་བར་བསམ་མོ༔ དེ་ནས་གཏུན་དུ་བརྡུང་བ་ནི༔ ཧཱུྃ༔ བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་ཀུན༔ རྡོ་རྗེ་མཚོན་ཆས་བསྒྲལ་ 6-11-8b ནས་ཀྱང་༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ནས༔ ལྷ་ཡང་རུང་སྟེ་བརླག་པར་བྱེད༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཨོཾ་བཛྲ་པདྨ་ཨ་ཀྲོ་ཏ་ཡ་ཁ་ཐཾ༔ ཞེས་གཏུན་ཁུང་ཤེས་རབ་ཀྱི་མཁར་ཐོ་བ་ཡབ་ཀྱི་རྡོ་རྗེས་བརྡུངས་བས་གང་ལ་བྱ་བའི་གཟུགས་ཕུང་༔ ཏིལ་གཏུན་དུ་བརྡུངས་བ་ལྟར་ཤ་རུས་དམར་མྱོག་གིས་བཏང་བར་བསམས༔ དེ་ནས་བསྟབས་པ་བྱ་ཕྱིར་ལས་ཀྱི་སྒྲོལ་གིང་ གིས་ཉ་བོ་དང་གདབ་ཕུར་བཟུང་ལ་གཤིན་རྗེའི་རྔམས་འགྲོས་ཀྱིས་བསྟབས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་དཔལ་གྱི་བཀའ་སྡོད་བཅས་པ་དགྱེས་པའི་ཚུལ་གྱིས་རྐན་སྒྲ་དང་བཅས་ཏེ་གསོལ་བས་དགྲ་བགེགས་ཀྱི་དུག་གསུམ་ གནས་སྟོང་བར་བསམས༔ སྒྲུབ་པ་པོ་རྣམས་ཀྱིས་ཀྱང་རོལ་མོ་དང་བཅས་སྟེ་ཁྲག་འཐུང་གི་འགྱིང་འགྲོས་བཅས༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ དོན་དམ་ཆོས་ཉིད་ཞལ་ཕྱེས་ ཤིག༔ ཁམས་གསུམ་འཁོར་བ་ཞལ་དུ་བསྟབ༔ སྐུ་ལྔ་ཡེ་ཤེས་ཞལ་ཕྱེས་ཤིག༔ ཉོན་མོངས་དུག་ལྔ་ཞལ་དུ་བསྟབ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བསྒྲལ་ བའི་ཞིང་བཅུ་ཞལ་དུ་བསྟབ༔ ཕྱེ་ཞིག་ཕྱེ་ཞིག་ཞལ་ཕྱེས་ཤིག༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་མཆོད་པ་ 6-11-9a དང་༔ དབང་པོ་ནང་རོལ་བཅས་པ་རྣམས༔ ཞལ་དུ་བསྟབས་སོ་ཁ་རཾ་ཁཱ་ཧི༔ མགུལ་དུ་བསྟིམ་མོ་ཨ་ར་ལི༔ དབྱིངས་སུ་བསྒྲལ་ལོ་ས་མ་ཡ༔ བཞེས་ཤིག་ ལྷག་མ་མེད་པར་མཛོད༔ མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ༔ མ་ཧཱ་ཙིཏྟ༔ མ་ཧཱ་ཀེང་ནི་རི་ཏི༴ མ་ཧཱ་བ་སུ་ཏ༔ མ་ཧཱ་གོ་རོ་ཙ་ན༴ དབང་པོ་རྣམ་ལྔ་ཁཱ་ཧི༔ སྐྱེ་མཆེད་དྲུག་ཁཱ་ཧི༔ རྣམ་ ཤེས་ཚོགས་བརྒྱད་ཁཱ་ཧི༔ ཞེས་བསྟབས་པས་དགྱེས་ནས་ཅི་བཅོལ་བའི་ཕྲིན་ལས་མཛད་པར་བསམ༔ དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ལ་དཀྱིལ་འཁོར་གྱི་ལྷ་རེ་རེ་བཞིན་ཡང་བསྐུལ་བའི་མཇུག་ཏུ་ཉ་བོ་བསྒྲལ་བའི་ ཕུང་པོ་བསྟབ༔ རཀྟ་ཕྱར་ཞིང་བཟློག་བྱང་སྦྱར༔ ཕུར་སྐོར་བྱ༔ བྷྱོས་གདབ་ཅིང་༔ དམོད་བཅོལ་བྱ་སྟེ༔ ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་ དཔལ་ཆེན་ཀུན་བཟང་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཀུན་ཏུ་བཟང་མོ་དང་༔ སེམས་དཔའ་སེམས་མ་བརྒྱད་དང་ཐུབ་པ་དྲུག༔ སྒོ་བ་སྒོ་མ་ལ་སོགས་ཞི་ཁྲོའི་ཚོགས༔ ཐུགས་ དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ འཇིག་རྟེན་སྣོད་བཅུད་གཏོར་མར་བཅས༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ གཟུགས་ 6-11-9b སྒྲ་དྲི་རོ་རེག་བྱ་ཆོས༔ སྣང་སྲིད་མཆོད་པའི་ཡོ་བྱད་ཀུན༔ མཛེས་ཤིང་བཀྲ་བར་བཤམས་ནས་སུ༔ བཅོམ་ལྡན་ཞི་བའི་ལྷ་ཚོགས་ལ༔ གཉིས་སུ་མེད་པའི་ཚུལ་གྱིས་འབུལ༔ སྣོད་རྣམས་གཞལ་ཡས་ཁང་དུ་བསྒྱུར༔ བཅུད་རྣམས་ལྷ་དང་ལྷ་མོར་བསྒྱུར༔ འཁོར་བ་མྱང་འདས་ཆེན་པོར་བཟློག༔ སེམས་ཅན་སངས་རྒྱས་ཉིད་དུ་བཟློག༔ དུག་ལྔ་ཡེ་ཤེས་ལྔ་རུ་ བཟློག༔ ཕུང་ལྔ་རྒྱལ་བ་རིགས་ལྔར་བཟློག༔ འབྱུང་ལྔ་ཡུམ་ལྔའི་ངང་དུ་བཟློག༔ དབང་ཤེས་སེམས་དཔའ་བརྒྱད་དུ་བཟློག༔ ཡུལ་དུས་སེམས་མ་བརྒྱད་དུ་བཟློག༔ མཐའ་བཞི་སྒོ་ བ་བཞི་རུ་བཟློག༔ རིགས་དྲུག་ཐུབ་པ་དྲུག་ཏུ་བཟློག༔ ཐ་མལ་རང་རྒྱུད་འཁྲུལ་རྟོག་ཀུན༔ ཆོས་དབྱིངས་སྐྱེ་མེད་ངང་དུ་བཟློག༔ སྣང་སྲིད་བདེ་བ་ཆེན་པོར་བཟློག༔ བཟློག་ཅིག་ སྒྱུར་ཅིག་ས་མ་ཡ༔ དེ་ནས་ཁྲོ་བོའི་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་ཁྲོ་མོ་ 6-11-10a གནམ་ཞལ་མ༔ རིགས་བཞི་ཧེ་རུ་ཀ་དང་ཡུམ་བཞི་དང་༔ ཁྲོ་བོ་བཅུ་དང་ཡུམ་བཅུ་སྒོ་བ་བཞི༔ ཅེ་སྤྱང་མ་བརྒྱད་ཆེ་མཆོག་སྣ་ཚོགས་རྣམས༔ ཐུགས་དམ་རྒྱུད་བསྐུལ་ བཅོལ་བའི་ཕྲིན་ལས་མཛོད༔ འདི་བཟློག་བྱང་དང་སྔགས་སྦྱར། ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་བཛྲ་ཧེ་རུ་ཀ༔ གཉིས་མེད་ཡུམ་མཆོག་ཀྲོ་ཏི་ཤྭ་རི་མ༔ ཁྲག་འཐུང་རིགས་བཞི་ཡབ་ཡུམ་ཀཽ་རི་བརྒྱད༔ སེང་ཧ་མ་བརྒྱད་སྒོ་མ་བཞི་རྣམས་དང་༔ བསྟན་པ་སྲུང་བའི་དབང་ཕྱུག་ཉི་ཤུ་བརྒྱད༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་མ་ལུས་རྣམས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ བཅོམ་ལྡན་དཔལ་ཆེན་གཤིན་རྗེ་གཤེད་པོ་དང་༔ གཉིས་མེད་ ཡུམ་མཆོག་ཟ་བྱེད་བེ་ཏཱ་ལི༔ སྦྱོར་བའི་ཡུམ་མཆོག་ཨེ་ཀ་ཛ་ཏི་མ༔ རིག་འཛིན་གཤེད་ཆེན་བཞི་པོ་ཡུམ་དང་བཅས༔ ཕྱོགས་སྐྱོང་བཅུ་གཉིས་ཡབ་ཡུམ་གིང་བཞི་དང་༔ ཁྲམ་ཐོགས་ བདུད་བཞི་ཤོད་ཐོགས་རྩིས་པ་བཞི༔ བཤན་པ་ལྔ་སོགས་སྐུ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར༔ ཧཱུྃ༔ པདྨ་གསུང་གི་དཀྱིལ་འཁོར་ཆེན་ 6-11-10b པོ་ནས༔ བཅོམ་ལྡན་དཔལ་ཆེན་རྟ་མགྲིན་དབང་གི་སྐུ༔ གཉིས་མེད་ཡུམ་མཆོག་པདྨ་གཟི་ལྡན་མ༔ ཕྲ་མེན་ཡབ་ཡུམ་ཟིལ་གནོན་ཁྲོ་བོ་བརྒྱད༔ ཡེ་ཤེས་དཔལ་གྱི་ཁྱི་བརྒྱད་སྤྱང་བརྒྱད་དང་༔ སྒོ་བ་བཞི་དང་ཁམས་རྒྱ་དམུས་ལོང་སོགས༔ པདྨ་གསུང་གི་ལྷ་ཚོགས་མ་ལུས་རྣམས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ ཕྲིན་ལས་ལྷུན་གྱིས་ གྲུབ་པའི་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ གཉིས་མེད་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ རིགས་ཀྱི་སྲས་བཞི་ཁྲོ་བོ་ཡབ་ཡུམ་བཅུ༔ ཟ་གསོད་ ཉི་ཤུ་སྒོ་མ་ཆེན་མོ་བཞི༔ བསེ་མོ་བཞི་དང་རེ་ཏི་མཆེད་བཞི་དང་༔ ཤོ་ན་མུ་ཁ་བསེ་ལྕགས་དུང་སྐྱེས་བུ༔ བཞི་གསུམ་བཅུ་གཉིས་ལ་སོགས་ཕུར་པ་ཡི༔ ལྷ་ཚོགས་བདུན་ཅུ་རྩ་གཉིས་བཞི་འདྲ། ལ་སོགས་ཁོང་འབྱུང་སེར་སོགས། རྣམས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ མ་མོ་རྦོད་གཏོང་ལྷུན་གྲུབ་དཀྱིལ་འཁོར་ནས༔ བཅོལ་ལྡན་དཔལ་ཆེན་བླ་མེད་ཧེ་ རུ་ཀ༔ གཉིས་མེད་ཡུམ་མཆོག་ཉིད་གཞི་མུ་ཁ་ལེ༔ དབྱིངས་ཀྱི་ཡུམ་ཆེན་རྟག་པའི་རྒྱལ་མོ་ལྔ༔ རྒྱ་མཚོ་ལ་སོགས་རྗེ་མོ་བཅུ་བཞི་དང་༔ སྨན་མོ་ཉེར་བཞི་སྲིན་མོ་ཉི་ 6-11-11a ཤུ་བརྒྱད༔ སྒོ་མ་བཞི་དང་ཡང་གབ་རྒྱལ་མོ་བཞི༔ སྦས་པའི་མ་བཞི་གདོང་མོ་མཆེད་བཞི་དང་༔ རོ་ཁ་མ་གསུམ་ལ་སོགས་དངོས་བསྟན་ལྟར། དགུ་བཅུ་གཉིས༔ ཐུགས་དམ་རྒྱུད་ བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ རིག་འཛིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ རོ་ལངས་བདེ་བ་རྡོ་རྗེ་ཐོད་ཕྲེང་རྩལ༔ ཡང་དག་ཐུགས་ ཀྱི་རིག་འཛིན་ཆེན་པོ་དང་༔ འཇམ་དཔལ་སྐུ་ཡི་རིག་འཛིན་ཆེན་པོ་དང་༔ པདྨ་གསུང་གི༴ ཕུར་པ་ཕྲིན་ལས༴ བདུད་རྩི་སྨན་གྱི༴ མ་མོ་རྦོད་གཏོང་༴ འཇིག་རྟེན་མཆོད་བསྟོད༴ དྲག་སྔགས་རིག་འཛིན་རིགས་ཀྱི་རིག་འཛིན་དང་༔ སློབ་དཔོན་སྡེ་བཞི་ལ་སོགས་རིག་འཛིན་དང་༔ མཁའ་འགྲོ་སྡེ་བཞི་དཔའ་བོ་གིང་ཆེན་བཞི༔ དེ་ལ་སོགས་ཏེ་དཔའ་བོ་དཔའ་མོའི་ ཚོགས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ མཆོད་བསྟོད་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡབ་གཅིག་ལྷ་མཆོག་དྲེགས་པ་ཀུན་ འདུལ་དང་༔ གཉིས་མེད་ཡུམ་མཆོག་ཁམས་གསུམ་སྤྱི་འདུལ་མ༔ དབང་ཕྱུག་ཆེན་པོ་ཨུ་མ་དེ་བི་དང་༔ ཡ་མ་རཱ་ཛ་སྒྲོལ་བྱེད་ནག་མོ་དང་༔ རྐོས་རྗེ་དྲང་དཀར་ནག་མོ་རེ་མ་ཏི༔ 6-11-11b རཀྴ་གློག་ཕྲེང་སྦལ་མགོ་ཁྲག་མིག་དང་༔ ཡཀྴ་མེ་དབལ་མོན་མོ་ནག་མོ་དང་༔ རཱ་ཧུ་ལ་དང་ཐོག་གི་བུ་ཡུག་མ༔ ཀླུ་བདུད་ནག་པོ་ཡག་ཤ་ནག་མོ་དང་༔ ལྷ་རབས་ཤམ་པོ་རྒྱལ་པོ་གུ་རུམ་རྩེ༔ གནམ་ཐེའུ་དཀར་པོ་ཨེ་ཀ་ཛཱ་ཊི་དང་༔ རྡོ་རྗེ་ཡུམ་ཆེན་འབྱུང་བ་ལྔ་ཡི་བདག༔ ཅེས་གདུགས་པ་སྲིད་རྒྱལ་མ་ཡིན་ནམ་སྙམ་བརྟག ནག་མོ་མགྱོགས་བྱེད་རྡོ་རྗེ་བདུད་འདུལ་དང་༔ སྲོག་ཟན་ཡམ་ཤུད་ཀཱ་ལ་ནག་པོ་དང་༔ བཀྲག་མེད་བི་ན་ཡ་ག་ཚངས་པ་དང་༔ དགྲ་བླ་བེ་ཧར་སྐུ་ལྷ་གསང་བ་དང་༔ མགོན་པོ་ནག་པོ་ལྷ་སྲིན་སྡེ་བརྒྱད་སོགས༔ བསྟན་པ་སྲུང་མཛད་མཐུ་རྩལ་མངའ་བ་རྣམས༔ ཐུགས་དམ་རྒྱུད་བསྐུལ་ བཅོལ་བའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ དྲག་སྔགས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡབ་གཅིག་སྟོབས་མཆོག་སྟོབས་ལྡན་ནག་པོ་དང་༔ གཉིས་མེད་ ཡུམ་མཆོག་འབྱུང་བ་ལྔ་ཡི་བདག༔ འཆི་བདག་གཤིན་རྗེ་སྐྱེ་འགྲོའི་སྲོག་བདག་དང་༔ མེ་ཡི་ཁ་རླངས་བདུད་མོ་ཁྲག་འཛག་དང་༔ སྲིན་པོ་གསོད་བྱེད་སྲིན་མོ་གསོད་བྱེད་དང་༔ གང་ བ་བཟང་པོ་ཤ་ཟ་རལ་གཅིག་དང་༔ ཁྱབ་འཇུག་ཆེན་པོ་མ་ཧཱ་དེ་བ་དང་༔ ཐར་པ་ནག་པོ་ཁུ་ལེ་ལག་དགུ་དང་༔ ༧དམུ་རྗེ་བཙན་པོ་མུ་སྟེགས་ཀཱ་ལ་ནག༔ ལི་བྱིན་ཧར་ལེགས་ཀླུ་རྒྱལ་ 6-11-12a སོག་མ་མེད༔ རྡོ་རྗེ་ལེགས་པ་ཡམ་ཤུད་དམར་པོ་དང་༔ གོ་རིམ་ལྟར་ན། ཐར་པ་ནག་པོ་དམུ་རྗེ་བཙན་པོ་དང་། མུ་སྟེགས་ནག་པོ་ཀླུ་རྒྱལ་སོག་མ་མེད། ལི་བྱིན་ཧར་ལེགས་ཁུ་ལེ་ལག་དགུ་དང་། རྡོ་རྗེ་ལེགས་པ་ཡམ་ཤུད་དམར་པོ་དང་། འདྲ་སྟེ་དཔེ་གཞན་བལྟ་དགོས་སོ། །གཤིན་རྗེ་ལྷ་དང་བདུད་དང་གཟའ་ཆེན་དང་༔ བཤན་པ་ལ་སོགས་དྲག་སྔགས་ལྷ་ཚོགས་རྣམས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་ པའི་ཕྲིན་ལས་མཛོད༔ བཟློག་བྱང་སྦྱར། ཧཱུྃ༔ གཞན་ཡང་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་གྱི༔ ཕོ་ཉ་ལས་མཁན་གསོད་བྱེད་དྲེགས་པའི་ཚོགས༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་དང་༔ ལངྐ་དུར་ཁྲོད་བདག་མོ་རྣམ་བརྒྱད་དང་༔ མ་བདུན་སྲིང་བཞི་འབར་མ་ཆེན་མོ་བརྒྱད༔ དཔལ་གྱི་བཀའ་སྡོད་ཕོ་ཉ་དྲུག་ཅུ་བཞི༔ བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་སོགས༔ ས་བདག་ཆེན་མོ་སུམ་ཅུ་རྩ་གཉིས་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་གིང་ཆེན་སོགས༔ ཕོ་ཉ་སྲོག་གཅོད་ཤན་པ་ ལ་སོགས་རྣམས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ་གྱི་མཇུག་ཏུ་བཟློག་བྱང་དང་སོ་སོའི་བཟློག་སྔགས་སྦྱར་བར་བྱ་ཞིང་༔ དེའི་དུས་སུ་སྣོད་ཐམས་ཅད་མཐིང་ 6-11-12b ནག་གྲུ་གསུམ་འབར་བའི་གཞལ་ཡས་ནས་ལྷ་ཚོགས་རྣམས་ཁྲོས་འཁྲུགས་རྔམ་པའི་ཚུལ་གྱིས་ཁྲོ་བོ་ཁྲོ་མོ་སྤྲུལ་པ་ཡང་སྤྲུལ་ཕྱག་མཚན་མཚོན་ཆ་སྣ་ཚོགས་ཐོགས་པས་ནམ་མཁའི་ཁམས་བཀང་ནས༔ དགྲ་བགེགས་ཕོ་མོ་རྣམས་ བཟུང་སྟེ་སྙིང་འབྱིན་ལྷུ་དྲལ་ནང་རོལ་འདྲེན་པ་སོགས་དྲག་པོའི་ལས་ཀྱིས་ཤ་ཟོས་ཁྲག་འཐུང་རུས་པ་འཆོས་ནས་གཏན་མེད་དུ་བརླག་སྟེ༔ ཞི་རྒྱས་དབང་དྲག་བཟློག་པ་སོགས་བདག་གིས་ལས་གང་བཅོལ་བ་བསྒྲུབ་ པར་བསམ་མོ༔ ལྟས་ངན་དམིགས་ཀྱིས་བཟློག་ན་ཟོར་གྱི་རྩེར་བྱ་ཁྱུང་གི་གཟུགས་བཀོད་ལ་ཁྱུང་བཟློག་སྦྱར་བས་གྲུབ་བོ༔ ༈ མཐར་གཏོར་མ་ཟོར་དུ་འཕེན་པ་ལ་ཐོག་མར་གསེར་སྐྱེམས་མཆོད་དེ་ཟོར་ ལམ་དབྱེ་བ་ནི༔ ཧཱུྃ༔ གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ མ་ཉེས་ཞལ་ལྕེ་ལྷ་འདྲེས་ཆོད༔ རྣལ་འབྱོར་དབང་ཕྱུག་ཟོར་འཕེན་ནོ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ན༔ སྣང་སྲིད་ལྷ་འདྲེ་གནས་པ་ཀུན༔ མཐོ་བ་རྣམས་ཀྱི་ཞབས་སྐུམས་ཞིག༔ དམའ་བ་རྣམས་ཀྱི་དབུ་ཆུམས་ཞིག༔ བར་མ་རྣམས་ཀྱི་སྐུ་ཟུར་ཅིག༔ དབུ་ཞབས་སྐུ་ལ་ཕོག་སྲིད་པས༔ སོ་ སོའི་ཕོ་བྲང་སྒོ་སྡོམས་ཞིགཿ སྟེང་གི་ལྷ་ལ་ཟོར་མི་འཕེན༔ འོག་གི་ཀླུ་ལ་ཟོར་མི་འཕེན༔ བར་གྱི་གཉན་ལ་ཟོར་མི་འཕེན༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་༔ གསེར་སྐྱེམས་དམ་པ་ 6-11-13a འདི་བཞེས་ལ༔ དྲག་པོ་གཏོར་མའི་ལམ་ཕྱེས་ཤིག༔ ཁྲག་འཐུང་ཕུར་པ་གཏོར་ཟོར་བཅས༔ གནོད་བྱེད་དགྲ་བགེགས་རྣམས་ལ་འཕེན༔ ཟ་འདྲེ་ཕུང་འདྲེ་ རྣམས་ལ་འཕེན༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟོར་ཟོར་དགྲ་བགེགས་རྣམས་ལ་ཟོར༔ ཞེས་བྱས་ལ་ཟོར་འཕེན་པ་ནི། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ ང་ནི་ བདེ་གཤེགས་ཀུན་གྱི་གཙོ༔ ང་ནི་མ་མོ་ཀུན་གྱི་ཡབ༔ ང་ནི་གཤིན་རྗེ་ཀུན་གྱི་གཤེད༔ ང་ནི་མཁའ་འགྲོ་ཀུན་གྱི་གཙོ༔ མཁའ་འགྲོ་འབུམ་ནི་སྤུངས་སེ་སྤུང་༔ ཞུབ་ཅན་སྟོང་ནི་སི་ལི་ལི༔ འཁོར་གྱི་ཆོས་སྐྱོང་དམ་ལ་ འདུས༔ དམ་ཅན་རྒྱ་མཚོ་དམག་ལ་ཆོས༔ ལྷ་འདྲེའི་དམག་དཔུང་ཆི་ལི་ལི༔ དར་གྱི་རུ་མཚོན་ལྷབས་སེ་ལྷབ༔ མཚོན་གྱི་དབལ་རྩེ་ཡེ་རེ་རེ༔ ཉུངས་ཀར་གཞུ་བརྡུང་ཁུགས་སེ་ ཁུག༔ མཚེ་ཡི་མདའ་འཕེན་ཏ་ལ་ལ༔ གཏོར་མའི་སྒྱོགས་ཆེན་སྒོ་རོ་རོ༔ ཁྲག་གི་ཐུན་ཆེན་ཆིལ་ལི་ལི༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ ཟོར་ཟོར་དགྲ་བགེགས་རྣམས་ལ་ཟོར༔ ཧཱུྃ༔ སྡང་ བའི་དགྲ་བོ་དམ་ཉམས་འདི༔ དང་པོ་ཞེ་སྡང་ཕ་ཡིས་བསྐྱེད༔ དེ་ནས་འདོད་ཆགས་མ་ཡི་མངལ༔ དེ་ནས་ལྔ་ཕུང་ཡན་ལག་རྒྱས༔ ལྔ་ཕུང་རྩད་ནས་བཅད་པའི་ཕྱིར༔ ཞེ་སྡང་སྙིང་ལ་ 6-11-13b གཏོར་ཟོར་ཡ༔ གཏི་མུག་ཤ་ལ་གཏོར་ཟོར་ཡ༔ འདོད་ཆགས་ཁྲག་ལ་གཏོར་ཟོར༴ ཕྲག་དོག་དབུགས་ལ༴ ཕུང་པོ་ལྔ་ལ༴ རྡོ་རྗེ་སློབ་དཔོན་སྐུ་དགྲ་དང་༔ མཆེད་དང་ལྕམ་དྲལ་སྤྱི་དགྲ་དང་༔ རྣལ་འབྱོར་བདག་གི་སྒོས་དགྲ་དང་༔ གཟུགས་མེད་དམ་སྲི་འབྱུང་པོ་ལ༔ དྲག་པོ་གཏོར་མའི་ཟོར་རྒྱོབ་ལ༔ ལྔ་ཕུང་ཡན་ལག་རྡུལ་དུ་རློག༔ དཔལ་ཆེན་རྔམས་པའི་ཞལ་དུ་བསྟབ༔ འཁོར་གྱི་ཆོས་སྐྱོང་མཆོད་པར་བཞེས༔ མ་མོ་མཁའ་འགྲོས་རྔམ་ཟས་མཛོད༔ སེམས་ཉིད་རྒྱལ་བའི་གནས་སུ་སྤོར༔ དྲག་སྔགས་སོ་ལྔ་པ་དང་། རྦོད་ཟོར་སརྦ་བྷྱོ་བཟློག༔ ཅེས་བརྗོད་ལ་ ཟོར་འཕངས་པས་དགྲ་བགེགས་ཀྱི་སྟེང་དུ་ཁྲག་འཐུང་ལྷ་ཚོགས་ཐམས་ཅད་ཀྱིས་ནད་རིམས་ཀྱི་ན་བུན་འཐུལ་ཞིང་༔ སྐུ་ལས་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས༔ ཕོ་ཉ་དང་ཕྱག་མཚན་ཐུན་ཟོར་སྣ་ཚོགས་བུ་ཡུགས་ལྟར་འཚུབ་ཅིང་ དྲག་སྔགས་དང་ཐུག་ཆོམ་དྲག་པོ་རི་རབ་བསྙིལ་བ་ཙམ་གྱི་སྒྲ་དང་བཅས་ཏེ༔ ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་གང་བས༔ སྣང་སྲིད་ཐམས་ཅད་ས་གཡོས་པ་ལྟར་འགུལ་ཞིང་འུར་ཆོམ་གྱིས་གཡོས་ནས་དགྲ་ བགེགས་གང་ཡིན་པའི་སྲུང་བའི་གུར་དྲལ༔ མགོན་སྐྱབས་ཀྱི་ལྷ་བྲེད་དེ་གཏོར༔ ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པའི་ཤ་ཁྲག་ལ་ཁྲག་འཐུང་གི་ལྷ་ཚོགས་ཅེ་སྤྱང་ཤ་ལ་རོལ་བའམ་དུར་བྱས་ཤ་རྙེད་པ་ལྟར་ 6-11-14a ཆེམ་ཁྲོལ་གྱིས་གསོལ་ནས་ཏིལ་འབྲུ་ཙམ་ཡང་མ་ལུས་པར་བསམ་ཞིང་༔ མཐར་མཉམ་ཉིད་ཀྱི་ལྟ་བས་རྒྱས་འདེབས་པ་དེ་ལྟ་བུའི་དམིགས་པ་གསལ་པོར་བྱའོ༔ དེ་རྗེས་བཤལ་ཆུས་ བརྟན་མ་སྐྱོང་བ་དང་བྲོ་སོགས་སྤྱི་ལྟར་གཞུང་ནས་བླངས་ཏེ་བྱའོ༔ འདི་ནི་བསྡུས་པ་ལ་མོས་ཤིང་ལག་ལེན་རྒྱས་པར་མི་ལྕོགས་པ་དག་གི་ཆེད་དུ༔ བདེ་གཤེགས་འདུས་པའི་གཞུང་ལས་གུད་དུ་བཀོལ་པ་པོ་ནི་ འཇམ་དཔལ་དགྱེས་པའི་རྡོ་རྗེ་སྟེ་ལྕགས་ཡོས་གདུག་པའི་ཟླ་བ་དགུ་པའི་ཚེས་བཞི་ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་བྲིས་པ་འདིས་ཀྱང་དངོས་གྲུབ་ཇི་ལྟར་བསམ་པ་ཐོབ་པར་གྱུར་ཅིག༔ མངྒ་ལཾ༔ 6-11-14b empty page 6-12-1a ཁྲོ་བོའི་བཟློག་བྱང་ནི། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ ཁྱེད་ལ་ཕྲིན་ལས་གཉེན་པོ་བཅོལ་བ་ནི༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། ཞེས་སམ། རྒྱུ་སྦྱོར་ཡོན་བདག་གི༔ སྔོན་ལས་འཕྲལ་རྐྱེན་ངན་པའི་ཕྱོགས་ཀུན་ཟློག༔ ཡས་ཀྱི་བདུད་དང་མས་ཀྱི་སྲི་ལངས་ཟློག༔ ལོ་སྐག་ཟླ་སྐག་དུས་སྐག་ཐམས་ཅད་ཟློག༔ གདོན་བགེགས་དགྲ་ཡི་དཔུང་རྣམས་ཐམས་ཅད་ཟློག༔ ཕ་རོལ་རྦད་འདྲེ་རྦོད་གཏོང་དམོད་བྱད་ཟློག༔ དགྲ་བགེགས་བསམ་སྦྱོར་ངན་པ་ཐམས་ཅད་ཟློག༔ ཡེ་ ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ ལས་ཀྱི་ཕོ་ཉའི་གདུག་རྩུབ་དགྲ་ལ་ཟློག༔ འཇིག་རྟེན་དྲེགས་པའི་ཟ་ཁ་དགྲ་ལ༴ སྣང་སྲིད་སྡེ་བརྒྱད་གནོད་པ་དགྲ་ལ༴ ཕྱོགས་བཅུའི་གདོན་གྱི་ཆོ་འཕྲུལ༴ མི་ནད་ཕྱུགས་ནད་དལ་ཡམས༴ ཐན་དང་ལྟས་ངན་ཆོ་འཕྲུལ༴ ཆག་ཆེ་ཉམས་ང་ཐམས་ཅད༴ ཕུང་འདྲེ་མི་ཁ་ལངས་པ༴ ཕྱོགས་དུས་རྟེན་འབྲེལ་ལོག་པ༴ སྣོད་བཅུད་རྒུད་པའི་དབུལ་ འཕོངས༴ བློ་ཉེས་དོན་ཉམས་ཡིད་འཁྲུག༴ རྨི་ལམ་རྟགས་མཚན་ངན་པ༴ དབང་ཐང་འབྱོར་བའི་གོད་ཟགས༴ སེམས་ཀྱི་སྡུག་བསྔལ་བསམ་པའི་བར་ཆད་སོགས༔ འགལ་རྐྱེན་ཉེར་འཚེ་མ་ 6-12-1b ལུས༴ མེ་ཆུ་དུག་མཚོན་དམག་ལ་སོགས་པ་ཡི༔ འཇིགས་པ་ཆེན་པོ་ཐམས་ཅད་དགྲ་ལ༴ ནད་རིགས་བཞི་བརྒྱ་རྩ་བཞི༴ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ གློ་བུར་དགུ་བཅུ་རྩ་གཅིག༴ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ རྐྱེན་ངན་ཉི་ཁྲི་ཆིག་སྟོང་༴ ལྟས་ངན་བརྒྱད་ཅུ་རྩ་གཅིག༴ གཤིས་ངན་འགུམ་པ་བཅོ་བརྒྱད༴ དུས་མིན་འཆི་བ་ཐམས་ཅད༴ མི་མཐུན་བར་ཆད་ཐམས་ཅད༴ བཟློག་གོ་དམར་ ཆེན་གཏོར་མ་འདི་ཡིས་བཟློགཿ བསྒྱུར་རོ་ལྟས་ངན་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ་བྷྱོ་གནོད་བྱེད་དགྲ་དང་བགེགས་ལ་བྷྱོ༔ བྱད་མ་གདོན་བགེགས་མ་ལུས་རྡུལ་དུ་རློག༔ ཡིད་ལ་བརྣག་པའི་དགྲ་ བགེགས་ལས་ངན་རྣམས༔ ལས་མཁན་ཕོ་ཉ་བཤན་པའི་ཚོགས་རྣམས་ཀྱིས༔ མྱུར་དུ་སོད་ལ་ཤ་ཁྲག་རུས་པ་ཟོ༔ བདག་གིས་གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ ཞེས་ བཀའ་བརྒྱད་ཚོམ་བུའི་ལྷ་དཔལ་གྱི་བཀའ་སྡོད་དང་བཅས་པའི་བསྐུལ་གྱི་མཇུག་ཏུ་སྦྱར་ཞིང་སོ་སོའི་སྔགས་ཀྱི་མཐར། གནོད་བྱེད་རྦད་འདྲེ་རྦོད་ཟོར་མི་མཐུན་འགལ་རྐྱེན་ཐམས་ཅད་མཱ་ར་ཡ་བྷྱོ་ བྷྱོ་ཟློག་ཟློག༔ ཅེས་སྦྱར་བས་གྲུབ་བོ། །གཞུང་ལས་བཏུས་ཏེ་ཆེ་མཆོག་དགྱེས་པ་རྩལ་གྱིས་བྲིས་པ་མངྒ་ལཾ། ། 6-13-1a དྲག་སྔགས་སོ་ལྔ་པའི་ཤམ་དུ། ཨོཾ་ཨཱ་ཀྲོ་ཏེ་ཀ་ཤྲཱིཿམཉྫུ་ཡ་མ་རཱ་ཙ་བཟློག༔ ཨེ་ཀ་དུ་ན་བཟློག༔ ནཱ་ག་དུ་ན་བཟློག༔ ས་ག་དུ་ན་བཟློག༔ ཙ་དུར་སྙིང་ན་བཟློག༔ མ་མོ་རཱ་ཙ་ཡ་བཟློག༔ མ་སན་དུ་ན་བཟློག༔ པུ་རི་དུ་ན་བཟློག༔ ཏིང་པུར་དུ་ན་བཟློག༔ མ་མ་དུ་ཏྲི་བཟློག༔ རཱ་ཧུ་ལ་བཟློག༔ པྲ་མ་རཱ་ཙ་བཟློག༔ དྲ་ཀར་ཤར་ལིང་བཟློག༔ ཐོད་ བསྒྱུར་བཟློག༔ ཐོད་ཁྲོལ་བཟློག༔ པ་ལ་པ་ཏི་ལིང་བཟློག༔ པ་ར་ཙ་ཀྲ་ཧྲཱིཿཏི་ཨ་པ་ན་ཡ་ཆེ་གེ་མོའམ་ཕ་རོལ་བྱད་མའི་རྦོད་གཏོང་སརྦ་རྦད་བཟློག༔ འདི་ནི་བཀའ་བརྒྱད་དྲག་སྔགས་བསྡུས་པ་ སོ་ལྔ་མ་ལས། རང་ཆེ་མཆོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་དགུ་གཡོན་བསྡིག་མཛུབ་ཅན། དེའི་སྤྱི་བོར་འཇམ་དཔལ་མགྲིན་པར་རྟ་མགྲིན་ཐུགས་ཀར་ཡང་དག་ལྟེ་བར་རྡོ་རྗེ་གཞོན་ནུ་བསྒོམ། སྲུང་ འཁོར་གྱི་ཕྱི་རོལ་དུ་འཁོར་ལོ་གཡས་གཡོན་དུ་འཁོར་བས་གནོད་བྱེད་ཐམས་ཅད་བསད་བཅད་གཏུབས་ཏེ་མེ་ལྕེས་བསྲེག་པར་བསམ་ལ་དྲག་སྔགས་སོ་ལྔ་པ་དང་གོང་གི་བཟློག་སྔགས་བཟླས་པས། ལྷ་འདྲེའི་ དམག་དཔུང་བཟློག་པའི་རྟགས༔ དུང་འབུད་རྔ་བརྡུངས་རོལ་མོ་དཀྲོལ༔ མཚོན་ཆ་ཐོགས་ནས་ཁྲོམ་སྣ་བསྒྱུར༔ ལས་ལ་བྲན་བཞིན་འཁོལ་བར་འགྱུར༔ རྦོད་གཏོང་བཟློག་པར་ཐེ་ཚོམ་མེད༔ ལྷ་འདྲེའི་དམག་དཔུང་ཆོམ་པར་ 6-13-1b འགྱུར༔ ཞེས་དང་། འདི་ལས་ཟབ་པ་འཛམ་བུའི་གླིང་ན་མེད༔ ཅེས་གསུངས་པས་ཁྲོ་རོལ་གཏོར་བཟློག་བསྡུས་པ་འདི་ཡི་བཟློག་སྔགས་སུ་འདི་བཟླ་བར་བྱ་སྟེ་བཟློག་དམིགས་སྤྱི་ཁྱབ་ལྟར་བྱའོ། །མངྒ་ལཾ། ། ༈ བཟློག་བྱང་ བསྡུས་པ། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་པའི་རྗེས་སུ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མི་མཐུན་འགལ་རྐྱེན་བར་ཆད་དགྲ་ལ་བཟློག༔ སོ་སོའི་རྩ་སྔགས་ཀྱི་མཐར། གནོད་བྱེད་རྦད་འདྲེ་རྦོད་ཟོར་མི་མཐུན་འགལ་རྐྱེན་ཐམས་ཅད་མཱ་ར་ ཡ་བྷྱོ་བྷྱོ་བཟློག༔ ཅེས་སྦྱར་བས་འཐུས་སོ། །ཤུ་བྷཾ་མངྒ་ལཾ།། །། 6-14-1a ཁྱུང་གི་ལྟས་ངན་བཟློག་པ་རྒྱས་པ་ནི། ཁྱུང་གི་ལྟས་ངན་བཟློག་པ་རྒྱས་པ་ནི། ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲོ་རྒྱལ་གྱི༔ དབུ་ལ་ཁྱུང་ཆེན་འབར་བས་བརྒྱན༔ ཁྱུང་གི་རལ་ནག་སྤྲུགས་པ་ལས༔ ཡུལ་གྱི་མ་མོ་ བཅུ་གསུམ་འགྱེད༔ ནམ་མཁའ་སྨུག་ནག་འཐིབས་པའི་བྱད༔ དྲེད་མོང་རལ་འཛིང་ལྟས་ངན་བཟློག༔ ཁྱུང་གི་རྭ་ཅོ་འབར་བ་ལས༔ སྤྲུལ་པའི་ཕོ་ཉ་བཅུ་དྲུག་འགྱེད༔ གནམ་ལྕགས་ས་ལ་ལྟུང་བའི་བྱད༔ རྣོ་དབལ་ངར་གྱི་ལྟས་ངན་ཟློག༔ ཁྱུང་གི་སྤྱི་གཙུག་ནོར་བུ་ལས༔ སྣ་ཚོགས་ལས་ཀྱི་སྤྲུལ་པ་འགྱེད༔ གནོད་བྱེད་སྲོག་ལ་ཤན་པའི་ བྱད༔ ནོར་བུ་དབྱིག་གི་ལྟས་ངན་ཟློག༔ ཁྱུང་ཞལ་མཐིང་ནག་བགྲད་པ་ཡིས༔ འཇིགས་སུ་རུང་བའི་ཁྲོ་བོ་སྤྲུལ༔ མི་སྡུག་སྣ་ཚོགས་གཟུགས་སུ་བསྟན༔ གདོང་ཅན་ལྟས་ ངན་དགྲ་ལ་ཟློག༔ གནམ་ལྕགས་མཆུ་སྡེར་འབར་བ་ཡིས༔ སྟོབས་ལྡན་སྤྲུལ་པ་གྲངས་མེད་འགྱེད༔ ཤ་ཁྲག་སྲོག་ལ་རྔམ་པའི་བྱད༔ ལྟོ་འགྲོ་སྡེར་ཆགས་ལྟས་ངན་ ཟློག༔ ཞེ་སྡང་དུག་སྦྲུལ་གསོལ་བ་ཡིས༔ ཁྱུང་ཆེན་སྤྲུལ་པ་གྲངས་མེད་འགྱེད༔ ས་བདག་ཀླུ་གཉན་འཁྲུག་པའི་བྱད༔ གཏད་ཁྲམ་ཀླུ་ཡི་ལྟས་ངན་ཟློག༔ ཁྱུང་གཤོག་ 6-14-1b འབར་བས་བར་སྣང་ཁྱབ༔ མྱུར་མགྱོགས་སྤྲུལ་པས་གྲངས་མེད་འགྱེད༔ མགྱོགས་བྱེད་མཁའ་ལ་ལྡིང་བའི་བྱད༔ འདབ་གཤོག་ཅན་གྱི་ལྟས་ངན་ཟློག༔ ཁྱུང་ཆེན་ གསུང་སྐད་འབྲུག་སྒྲ་སྒྲོགས༔ ང་རོ་འབྲུག་ལྟར་ལྡིར་བའི་བྱད༔ ཁྲོ་གཏུམ་ང་རོ་འབྱིན་པ་ཡི༔ མ་རུངས་གདུག་པའི་ལྟས་ངན་ཟློག༔ གཡས་ཀྱི་གཤོག་ཟུར་ དང་པོ་ལ༔ སྟེང་ཕྱོགས་བྱ་ཁྱུང་འབར་བ་བཅུ༔ སེང་གེ་འབྲུག་སྔོན་འཐབ་པའི་བྱད༔ གནམ་ལྕགས་འབར་བའི་ལྟས་ངན་ཟློག༔ གཤོག་ཟུར་ འབར་བ་གཉིས་པ་ལ༔ སྤྲུལ་པའི་ཁྲོ་བོ་ཆེན་པོ་བཅུ༔ གླང་ཆེན་རྦབ་ལ་འཕྱོ་བའི་བྱད༔ སྟག་སེང་འཛིང་བའི་ལྟས་ངན་ཟློག༔ གཤོག་ ཟུར་འབར་བ་གསུམ་པ་ལ༔ དཔལ་གྱི་ཁྲོ་བོ་བཅུ་རུ་སྤྲུལ༔ གནམ་ས་སྤྲིན་དམར་མཆེད་པའི་བྱད༔ བུད་མེད་རལ་འཛིང་ལྟས་ངན་ཟློག༔ གཡས་ ཀྱི་གཤོག་ཟུར་བཞི་པ་ལ༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ སྐར་མདའ་ས་ལ་ལྟུང་བའི་བྱད༔ དབྱིག་གི་ནོར་བུའི་ལྟས་ངན་ཟློག༔ གཡས་ཀྱི་གཤོག་ཟུར་ 6-14-2a ལྔ་པ་ལ༔ ཏ་ཀྲིད་སྒོ་བ་བཅུ་དྲུག་ཤར༔ རི་རབ་མེ་ཆེན་འབར་བའི་བྱད༔ ལྕི་བ་ཟས་ཀྱི་ལྟས་ངན་ཟློག༔ གཡོན་གྱི་གཤོག་ཟུར་དང་པོ་ལ༔ སྲོག་རྩའི་མ་མོ་བདུན་ དུ་ཤར༔ རྒྱ་མཚོ་དུག་སྦྲུལ་འཁྱིལ་བའི་བྱད༔ མེ་ཏོག་བཅུད་ཉམས་ལྟས་ངན་ཟློག༔ གཡོན་གྱི་གཤོག་ཟུར་གཉིས་པ་ལ༔ ཨེ་ཀ་དྲག་མོ་སྤུན་དྲུག་ཤར༔ མཁའ་ ལ་སྟག་མོ་འཕྱོ་བའི་བྱད༔ རྫི་བས་བསྐྱོད་པའི་ལྟས་ངན་ཟློག༔ གཡོན་གྱི་གཤོག་ཟུར་གསུམ་པ་ལ༔ སྲིན་མོ་ལྔ་བཅུ་རྩ་བདུན་སྤྲུལ༔ མཁའ་ལ་བྱ་རྒོད་སྡེར་འཛིང་ བྱད༔ གཏེར་གྱི་བཅུད་ཉམས་ལྟས་ངན་ཟློག༔ གཡོན་གྱི་གཤོག་ཟུར་བཞི་པ་ལ༔ སྲིང་མོ་བཞི་དང་རྒྱལ་མོ་ལྔ༔ གཡུ་ཤ་རྭ་བཅུ་འཛིང་བའི་བྱད༔ སེང་གེ་ངུ་འབོད་ལྟས་ ངན་ཟློག༔ གཡོན་གྱི་གཤོག་ཟུར་ལྔ་པ་ལ༔ ཉི་ཤུ་རྩ་བརྒྱད་སྤྲུལ་པ་སྟེ༔ རྣོ་དབལ་ངར་གྱིས་གཅོད་པའི་བྱད༔ རྨ་བྱ་གཡེང་བའི་ལྟས་ངན་དང་༔ གཡུ་སྒོང་སྔོན་པོ་ ཡར་བ་དང་༔ ལྕགས་ཀྱི་སེར་བ་འདེབས་པ་དང་༔ ཤེལ་དཀར་ནང་དུ་དུག་གཡོས་དང་༔ ཟངས་སྒོང་དམར་པོ་འགྲིལ་པ་དང་༔ མི་བཟད་འབར་བ་ཀླད་ལ་བསྐོར༔ 6-14-2b ཉི་མ་སྤྲིན་གྱིས་སྒྲིབ་པ་དང་༔ ཟླ་བ་གཟའ་ཡིས་ཟིན་པ་དང་༔ འཚུབ་མ་མང་པོས་བསྐོར་བ་དང་༔ སེང་གེ་གངས་ཀྱི་སྟེང་སྟོད་ཀྱང་། ནས་ལྷུངས༔ ཤེལ་གྱི་སྒོ་ང་ཡར་བ་དང་༔ སྤྲིན་ཆེན་ རལ་བའི་རྟགས་སྟོན་དང་༔ མ་བུའི་དང་། བོང་བུའི་དང་། དབང་པོའི་བཅུད་ཆེན་ཟག་པ་དང་༔ དབང་པོའི་ལྟས་ངན་བཅུ་གསུམ་ཟེར། ཁང་ཐོག་བྱ་ནག་སྡེར་འཛིང་དང་༔ ཕུགས་སུ་བྱི་བ་མཁུན་པ་དང་༔ སྒོ་ཁྱི་ངུ་འབོད་བྱེད་པ་དང་༔ ཁྱིམ་ཕྱིར་ཤྭ་མོང་སྐྱེ་བ་དང་༔ མཚན་ལ་འུག་པ་རྒོད་པ་དང་༔ ཉིན་གུང་ཝ་མོ་བརྒྱལ་བ་དང་༔ སྤྱང་མོ་ངུ་འདུར་བྱེད་པ་ དང་༔ མཛོ་འགལ་སྣ་བཟད་བུད་པ་དང་༔ ཕུག་གདུང་ཀ་བ་ཆག་པ་དང་༔ གསེར་གྱི་ཀ་བ་ཁ་འཇོལ་དང་༔ སྤྲེལ་གྱིས་གླ་རྐྱ་རྒྱུག་པ་དང་༔ ཁྱིམ་གྱི་ཀ་གདུང་འཚག་པ་དང་༔ སྦྲ་གུར་ཆོན་ཐག་འགུལ་བ་དང་༔ ཡོས་འཐག་རམ་ཕྱེ་འབྱུང་བ་དང་༔ ནོར་ལུག་བར་ཆད་ཁྲིད་པ་དང་༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི༔ ལྟས་ངན་ཉི་ཤུ་རྩ་བརྒྱད་ བྱུང་༔ ཁྱུང་ཆེན་འབར་བའི་སྤྲུལ་པས་ཟློག༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ༔ རྒྱལ་མོ་བཞི་དང་གདོང་མོ་བཞི༔ སྤྲུལ་པ་འོད་ཀྱི་ཕྲེང་བ་ཤར༔ གསེར་སྒོང་ཁྲ་མོའི་ཟུར་ 6-14-3a བསྟན་ཏེ༔ ཡར་བ་དང་། ལྕུག་ཕྲན་ཟོར་གྱིས་འདེབས་པ་དང་༔ གཟའ་སྐར་འཁྲུག་པའི་བྱད་བྱུང་བ༔ ཟོར་བརྒྱད་རྩེ་ལ་སྦུར་བ་ཆགས༔ དེ་ཡི་ལྟས་ངན་ཁྱོད་ཀྱིས་ ཟློག༔ བཟློག་གོ་རི་རབ་རྩེ་ལ་ཟློག༔ བསྒྱུར་རོ་རྒྱ་མཚོའི་སྟེང་དུ་བསྒྱུར༔ ཡར་བདུད་རྒྱལ་པོ་ཡར་ལ་ཟློག༔ མ་བདུད་རྒྱལ་མོ་མར་ལ་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་བསྒྱུར༔ མོ་བདུད་དལ་ཁ་གཡོན་དུ་བསྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར༔ བཟློག་ཅིག་བསྒྱུར་ཅིག་ས་མ་ཡ༔ བཀའ་བརྒྱད་ཀྱི་ལྟས་ངན་བཟློག་པ་ལགས་སོ། ། དགེའོ། ། 6-14-3b empty page 6-15-1a ཁྱུང་བཟློག་བཞུགས་སོ། །ལྟས་ངན་དམིགས་ཀྱིས་བཟློག་པར་བྱ་ན་ལྟས་ངན་ཐམས་ཅད་བཟློག་པའི་གཉེན་པོ་ཁྱད་པར་ཅན་ཁྱུང་ཡིན་པས། དཔལ་གྱི་གཏོར་མ་ལ་ཁྱུང་གི་གཟུགས་བཙུགས་པས་ བརྒྱན། ཨོཾ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ སརྦ་དུཥྚན་ཨེ་མཱ་ར་ཡ་ལྟས་ངན་ཆོ་འཕྲུལ་ཐམས་ཅད་དགྲ་ལ་བྷྱོ་བྷྱོ་བཟློག་བཟློག༔ ཅེས་པའི་སྔགས་དེ་ངག་ཏུ་བཟླ། གྲུབ་ན་ཤོག་དྲིལ་ལ་བྲིས་ཏེ་ཁྱུང་གཟུགས་ཀྱི་ཁོག་པར་ བཅུག །ལྟས་ངན་དམིགས་གསལ་ལ་དེའི་མིང་སྤེལ་མཱ་ར་ཡའི་འོག་ཏུ་འཇུག་དམིགས་པ་ནི། བདག་ཉིད་དཔལ་ཆེན་པོའི་དབུ་ལ་ཁྱུང་གིས་བརྒྱན་པ་ལས། སྤྲུལ་པ་ཁྲོ་བོ་དང་། ཁྲོ་མོ་ཁྱུང་གི་ལྷ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ ཁྱབ་ཅིང་ཧཱུྃ་དང་བྷྱོ་བཟློག་གི་སྒྲ་དི་རི་རི་རྦད་འདྲེ་རྦོད་གཏོང་ལྟས་ངན་ཐམས་ཅད་བཟློག་པར་བསམ་ལ། འདི་སྐད་དོ། །ཧཱུྃ༔ རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས༔ དཔག་བསམ་ལྗོན་པ་ཤིང་གི་སྡོང་པོ་ལ༔ འཇིགས་ བྱེད་སྤྲུལ་པའི་བྱ་ཁྱུང་ཁྲོ་བོའི་རྒྱལ༔ བདག་ཉིད་དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཔལ་ཆེན་བཅོམ་ལྡན་འདས༔ གང་འདུལ་ཐབས་ཀྱི་བྱ་ཁྱུང་སྐུ་རུ་སྤྲུལ༔ ཁྲོ་རྒྱལ་དག་དང་དགོངས་པ་མཉམ་པར་བཞུགས༔ ཐབས་དང་ཤེས་རབ་གཉིས་མེད་ཡུམ་དང་སྦྱོར༔ གནམ་ལྕགས་ངུར་མའི་མཆུ་སྡེར་ཕྱར་བ་ཡིས༔ ས་བདག་ 6-15-1b ཀླུ་གཉན་འདར་ཞིང་འཇིགས་པར་བྱེད༔ ཁྲོ་ཆུའི་རྭ་ལ་བསྐལ་པའི་མེ་ཆེན་འབར༔ གཤོག་པ་གསེར་གྱི་རལ་གྲི་མེ་དཔུང་འབར༔ སྣང་སྲིད་མ་ལུས་ཟིལ་གྱིས་ གནོན་པར་བྱེད༔ མཇུག་མ་གཡུ་ཡི་རུ་མཚོན་ཧ་ལྕམ་ཁ༔ འཁོར་ལོའི་རིན་ཆེན་འབར་བས་དབུ་ལ་བརྒྱན༔ རྣལ་འབྱོར་བདག་གིས་བྱ་ཁྱུང་བོས་པའི་ཚེ༔ སྔོན་གྱི་ ཐུགས་དམ་ལས་ལ་བསྐུལ་བ་ཡི༔ སྤྱན་ནས་ཁྲག་གི་རྦ་ཀློང་ཆི་ལི་ལི༔ ཁྱུང་སྐད་ཏང་ཏང་ཀླུ་རྣམས་སྙིང་རྩ་འདར༔ གཤོག་པ་གཡས་པས་ཉི་ཟླ་ཚོགས་པོར་འཕེན༔ གཤོག་པ་གཡོན་པས་ས་གཞི་གདར་ཤ་གཅོད༔ ལྕགས་སྡེར་བགྲད་པས་ཚངས་པའི་ཡུལ་ས་གནོན༔ གཤོག་པ་བརྡབ་པས་གཟའ་ཀླུ་དབང་དུ་སྡུད༔ སྤུ་གྲིའི་ མཆེ་གཙིགས་གནམ་ལྕགས་ངར་མའི་མཆུ༔ ཀླུ་ཆེན་བརྒྱད་པོ་འདར་ཞིང་ལས་ལ་འཁོལ༔ བྱ་ཁྱུང་རྒྱལ་པོ་འབོད་དོ་སྙན་མ་སྲ༔ བྱ་ཁྱུང་རྒྱལ་པོ་གཡབ་པོ་སྤྱན་མ་ རྟུལ༔ བྱ་ཁྱུང་རྒྱལ་པོ་བརྟེན་ནོ་རྒྱང་མ་རིང་༔ བྱ་ཁྱུང་རྒྱལ་པོ་སྒྲུབ་བོ་མཐུ་མ་ཆུང་༔ བྱ་ཁྱུང་རྒྱལ་པོ་བསྐུལ་ལོ་རྩལ་མ་ཞན༔ ལྟས་ངན་བཟློག་ཅིང་ཕྲིན་ལས་བསྒྲུབ་པའི་ཕྱིར༔ རི་རབ་ 6-15-2a རི་ཡི་གནས་མཆོག་དམ་པ་ནས༔ བསྟན་པ་སྲུང་ཕྱིར་གནས་འདིར་སྤྱན་འདྲེན་ན༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ སྣང་སྲིད་ འདོད་ཡོན་ཆོས་དབྱིངས་མཆོད་པ་དང་༔ རྨད་དུ་བྱུང་བའི་གཏོར་མའི་མཆོད་པ་དང་༔ དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་༔ སྦྱོར་སྒྲོལ་རཀྟའི་མཆོད་པ་ཆེན་ པོས་མཆོད༔ སྲིད་པའི་བྱ་ཁྱུང་རིགས་ལྔ་འཁོར་བཅས་ཀྱིས༔ ཐུགས་དམ་མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད༔ དགྲ་བགེགས་གཤེད་གྱུར་བྱ་ཁྱུང་རྒྱལ་པོ་ཡིས༔ ལྟས་ ངན་མ་ལུས་བཟློག་བསྒྱུར་དུས་ལ་བབ༔ ཆགས་ཆེ་ཉམ་ང་བཟློག་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ལ་ལྟས་ངན་དམིགས་ཀྱིས་བཟློག་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཁྲོ་རྒྱལ་གྱི༔ དབུ་ལ་ཁྱུང་ཆེན་འབར་བས་བརྒྱན༔ ཁྱུང་གི་རལ་ནག་སྤྲུག་པ་ལས༔ སྲིད་པའི་མ་མོ་ཐམས་ཅད་འཁྲུགས༔ གཞན་སྤྲུལ་ཁྲོ་བོའི་ཚོགས་ཀྱིས་གང་༔ གཡས་ཀྱི་ གཤོག་ཟུར་ལྔ་པོ་ལ༔ སྟེང་གི་ཁྲོ་བོ་བཅུ་དང་ནི༔ གསང་བའི་ཁྲོ་བོ་བཅུ་རུ་འབར༔ སྤྱི་དཔལ་ཁྲོ་བོ་བཅུ་དང་ནི༔ རྫོགས་པ་ཆེན་པོའི་ཁྲོ་བཅུ་འབར༔ ཏ་ཀྲི་ཁྲོ་བོ་བཅུ་དྲུག་ 6-15-2b ཤར༔ ལྟས་ངན་མི་རུང་སྣ་དགུ་ཡང་༔ བཟློག་གོ་ཁྱུང་ཆེན་འབར་བས་ཟློག༔ བསྒྱུར་རོ་ཆགས་ཆེན་དགྲ་ལ་བསྒྱུར༔ གཡོན་གྱི་གཤོག་ཟུར་ལྔ་པོ་ལ༔ སྲོག་རྩའི་མ་ མོ་བདུན་དུ་ཤར༔ ཨེ་ཀ་དྲག་མོ་སྤུན་དྲུག་དང་༔ སྲིན་མོ་འབར་མ་བདུན་དུ་ཤར༔ གདོང་མོ་བཞི་དང་རྒྱལ་མོ་ལྔ༔ དབང་མོ་ཉེར་བརྒྱད་སྤྲུལ་པ་འབྱུང་༔ ལྟས་ངན་ བརྒྱད་ཅུ་རྩ་གཅིག་དང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་༔ གློ་བུར་དགུ་བཅུ་རྩ་གཅིག་ཟློག༔ བཟློག་གོ་སྡང་བའི་དགྲ་ལ་ཟློག༔ བསྒྱུར་རོ་གནོད་པའི་བགེགས་ལ་ བསྒྱུར༔ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ལ༔ རྒྱལ་མོ་བཞི་དང་གདོང་མོ་བཞི༔ སྤྲུལ་པའི་མ་མོ་བརྒྱད་དུ་ཤར༔ ཆགས་ཆེན་ཉམས་ང་ཐམས་ཅད་ཀུན༔ བཟློག་གོ་ སྡང་བའི་དགྲ་ལ་ཟློག༔ བསྒྱུར་རོ་གནོད་པའི་བགེགས་ལ་བསྒྱུར༔ ཞེས་དང་། སླར་ཡང་། ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུྃ་སྒྲ་ཅན༔ སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས༔ ཕྱག་ན་མདུང་དམར་ཆེམས་སེ་ཆེམ༔ བ་དན་རྩེ་གསུམ་གཡབ་མོས་འདེབས༔ གཡས་ནས་བསྐོར་བས་ལྷ་སྲིན་སྡུད༔ གཡོན་ནས་བསྐོར་བས་ཀླུ་སྲིན་ 6-15-3a སྡུད༔ ཀླད་ལ་བསྐོར་བས་བདུད་དཔུང་འཇོམས༔ སྲོག་ལ་དབང་བྱེད་དྲོད་ལ་ཁྱབ༔ ཡེ་ཤེས་ཁྱུང་ཆེན་འབར་བ་ཡིས༔ ལྟས་ངན་དམིགས་ཀྱིས་གཞིག་ ཏུ་གསོལ༔ ལྟས་ངན་དམིགས་ཀྱིས་བསྒྲལ་དུ་གསོལ༔ ལྟས་ངན་དམིགས་ཀྱིས་བཟློག་ཏུ་གསོལ༔ མཐིང་ནག་ཁྲོ་བོས་ཞལ་ཁྱིམ་གྱིས༔ གདོང་ཅན་ལྟས་ངན་བཅུ་ དྲུག་ཟློག༔ རྣོ་དབལ་ཁྲོ་ཆུའི་རྭ་ཅོ་ཡིས༔ རྭ་ཅན་ལྟས་ངན་བཅུ་དྲུག་ཟློག༔ རལ་གྲི་འབར་བའི་གཤོག་པ་ཡིས༔ འདབ་ཆགས་ལྟས་ངན་བཅུ་དྲུག་ཟློག༔ ལྕགས་ཀྱུ་ ངར་མའི་སྡེར་མོ་ཡིས༔ སྡེར་ཆགས་ལྟས་ངན་བཅུ་དྲུག་ཟློག༔ གནམ་ལྕགས་ཨུར་མོའི་མཆུ་དབལ་གྱིས༔ ལྟོ་འགྲོའི་ལྟས་ངན་བཅུ་དྲུག་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་ གཅིག་ཟློག༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་ཟློག༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་ཟློག༔ བྷྱོ་བྷྱོ་ཟ་བའི་འདྲེ་ལ་ཟློག༔ བྷྱོ་བྷྱོ་ཕུང་བའི་སྲི་ལ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར༔ ཁྲོཾ་ག་རུ་ཎ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ལྟས་ངན་ཆོ་འཕྲུལ་ཐམས་ཅད་བྷྱོ་བྷྱོ་བཟློག་ཅིག་བསྒྱུར་ཅིག༔ ཅེས་ཐལ་རྡེབ་བྱ། འདི་ནི་བཀའ་བརྒྱད་བདེ་གཤེགས་འདུས་པ་སོགས་གཏེར་རྙིང་རྣམས་གུང་ 6-15-3b མཐུན་པར་བྱུང་བའི་ཁྱུང་བཟློག་གི་འདོན་ཆ་ལ་དོན་གྱི་གོ་རིམ་བསྡེབ་ཅིང་ཐོག་མའི་ཡིག་ཆུང་གིས་བརྒྱན་ཏེ་འཇམ་དཔལ་དགྱེས་པའི་བྲིས་པ་དགེའོ། །འདི་དྲག་པོའི་གཏོར་བཟློག་གང་ལའང་སྦྱར་དུ་རུང་ངོ་། ། མངྒ་ལཾ། དགེའོ། །དགེའོ། །དགེའོ།། །། 6-16-1a འདིར་བཀའ་བརྒྱད་འདོན་འགྲིགས་ལ། ཐོག་མར་ཚིག་བདུན། བརྒྱུད་འདེབས་ནས་དཀྱུས་ལྟར་བཏང་། ཕྱག་རྒྱའི་མངོན་རྟོགས་རྒྱས་པ་གྱེར་ན། དབུས་ཀྱི་ ཕྱོགས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། མ་བཅོས་རྫོགས་པའི་སོགས་ཡོངས་རྫོགས། རྗེས་སུ། ཧཱུྃ། དཀྱིལ་འཁོར་ཕྱི་ཡི་བར་ཁྱམས་སོགས། བཟླས་པའི་བར་དུ་བཏང་། བཟླས་དམིགས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་སྣང་ལ་སོགས་ནས། དེ་ལྟ་བུའི་དགོངས་པ་དང་ལྡན་པས། ཛབ་བསྐུལ། ཧཱུྃ། གསང་བའི་དཀྱིལ་འཁོར་སོགས་ཀྱིས་སོ་སོའི་བཟླས་པ་ཅི་ལྕོགས་བྱ། བཀའ་སྡོད་དང་ སྤྱི་དྲིལ་དང་སྟོབས་འདུས་ཀྱང་ཅུང་ཟད་བཟླ། མཐར་ཚེ་སྒྲུབ་དམིགས་པ་ཆེ་མཆོག་གི་སྔགས་ཤམ་ཚེ་སྙིང་སྦྱར་བ་བཟླ། དབྱངས་གསལ་རྟེན་སྙིང་གིས་ཁ་བསྐང་ལ་མཆོད་བསྟོད་བྱ། དེ་ནས་གསོལ་ཁ་བཏང་། ཚོགས་བྱིན་བརླབ་ནས་མཆོད་བསྒྲལ་བཤགས་གསུམ་བྱ། དེ་ནས་བསྐང་བ། སྤྲོ་ན་མདངས་སྐོང་ཆེན་པོ། ཧཱུྃ། ཤར་ནས་བཛྲ་ཨཀྵོ་སོགས་དང་། སྤྲོ་ན་བཤགས་པ་གང་རིགས་བྱ། དེ་ནས་སྨད་ལས་ཀྱི། ཨོཾ་བཛྲ་ མནྜ་ལ་ཧཱུྃ་སོགས། ཞལ་བསྟབ་བར་དཀྱུས་ལྟར་བཏང་། དེ་ནས་བཟློག་དམིགས་བཅས་བཟློག་སྔགས་ཅི་རིགས་བཟླ། མཐར་བདེན་དམོད་ཐལ་སྡེབ་བྱ། དེ་ནས་ལིངྒ་བསྒྲལ་བའི་དུམ་བུ་གཏོར་ཆུང་ 6-16-1b བཅས་སྐབས་སུ་འབུལ་ཞིང་། ཧཱུཾ། ཞི་བ་དབྱིངས་ཀྱི་སོགས་ནས་རྒྱས་ན་སྨེད་ཆེན་འདོན། རིམ་བཞིན་གྱེར། དཔལ་དགུ་སོ་སོའི་བཟློག་པ་ལ་བཟློག་བྱང་སྤྲོ་ན་དོན་བདུན་གཞུང་གི་ཡིག་ཆུང་བཞིན། སྤྲད་ལ་སོ་སོའི་སྔགས་ལ་བཟློག་ཤམ་བཏགས་ཏེ་འདོན། ཁྱུང་བཟློག་འདོན། བཟློག་པ་ འགྲེས་བྱང་རྒྱས་བསྡུས་ཅི་རིགས་བསགས་ན་དེ་ལྟར་བྱ། རྗེས་སུ་ཐུན་གཏོར་བཏང་ལ་ཚོགས་དྲངས། ལྷག་མ་བསྔོ། གསོལ་ཁ་མཆོད། དེ་ནས་ཆད་བརྟན་སོགས་བཀྲ་ཤིས་ཀྱི་བར་དུ་དཀྱུས་ལྟར་བཏང་ངོ་། ། ༈ ཟོར་འཕེན་ཉིན་བཟློག་པ་གྲུབ་རྗེས་ཟོར་ལམ་དབྱེ་བའི་གསེར་སྐྱེམས་ཕྱི་རོལ་དུ་མཆོད་ལ། ནང་དུ་མཆོད་བསྟོད་ནོངས་བཤགས་རྗེས་ཟོར་བསྐུལ་བཞེངས་ཏེ་ཟོར་སྒྲུབ་བྱ། ཐུན་གཏོར་དང་ཆད་ཐོ་ལ་དགུག་བསྟིམ་དྲག་པོ་བྱས་ཏེ་དམག་ ལྟོའི་ཚུལ་དུ་འབུལ། གནས་ལྕགས་ཐོག་མདའ་འདོན་ན་འདིར་བྱ། ཁྲོ་ཆུའི་དུག་ཁྲག་གཏོར་འབུལ་བྱ་ན་འདིར་བྱ། དེ་ཀུན་ཟོར་རྩར་འབུལ། དེ་ནས་ལྷག་མ་བཏང་ལ་སྣོད་གཞན་དུ་བཞག །གཏོར་ཚུགས་ལམ་ནང་དུ་ཟ་ལམ་བཏང་། དེ་ནས་ བསྐུལ་པ་རྒྱས་བསྡུས་ཅི་རིགས་རྗེས་ཟོར་འཕེན་པ། ཧཱུཾ། གཟུ་དང་དཔང་དུ་སོགས་དང་། ཧཱུཾ་ང་ནི་དཔལ་ཆེན་མས་འཕང་། དམོད་བཅོལ་སྤྲོ་ན་བྱ། དེ་རྗེས་བཟློག་བྱང་འདོན། མཚམས་བཅད། ནང་དུ་ལོག་སྟེ་སྒོ་ཁར་བརྟན་མ་བསྐྱང་། བྲོ་བརྡུང་། ནང་དུ་ཚེ་འགུགས་དང་མཆོད་བསྟོད་ནོངས་བཤགས་རྗེས་དངོས་གྲུབ་བླངས་ལ། གསོལ་ཁ་མཆོད་ནས་བསྡུ་ལྡང་བཀྲ་ཤིས་བྱའོ། ། མི་ཕམ་པས་སོ་དགེ། མངྒ་ལཾ། ། 6-17-1a ༄༅། །ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་ལས་བྱང་རྡོ་རྗེ་གནམ་ལྕགས་འབར་བའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། ། 6-17-1b ན་མོ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡེ། འདིར་ཡ་མཱནྟའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་རྫས་དང་ཡོ་བྱད་ཐམས་ཅད་འདུ་བྱས་ལ། ཐོག་མར་ཚོགས་བསགས་ པ་ནི། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དཔལ་ཆེན་པོ་ཕྱག་རྒྱ་ཟིལ་གནོན་ལ་ཕྱོགས་བཅུ་དུས་བཞིའི་ རབ་འབྱམས་སྐྱབས་ཡུལ་རྒྱ་མཚོ་མ་ཚང་བ་མེད་པས་བསྐོར་བའི་སྤྱི་བོར་བླ་མ་རྡོ་རྗེ་སློབ་དཔོན་བཞུགས་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་ 6-17-2a མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔ ཉེས་ བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པ་མཐའ་བཞིའི་དྲི་མ་མེད༔ རྫོགས་ པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲང་བའི་ལས་རྣམས་ ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་མཐར། ཛཿཧཱུྃ་བྃ་ཧོཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཕྱག་ 6-17-2b རྒྱ་ཟིལ་གནོན་གྱི་སྐུར་གྱུར་སོགས་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་བསང་ཆུ་བྱིན་རླབས་དང་། དཀར་བགེགས་བསྔོ་བ་སོགས་སྤྱི་ལྟར་བྱའོ། །དེ་ནས་བཤགས་པ་ནི། ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ རང་རིག་ཡེ་ཤེས་ཀློང་དུ་མ་གྱུར་ཅིང་༔ རྟགས་དང་མཚན་མ་མྱུར་དུ་མ་ཕྱིན་པས༔ ཟིལ་གནོན་ལྷ་ཚོགས་ཐུགས་དང་ཅི་འགལ་བ༔ ཁྲོ་གཏུམ་ཐུགས་རྗེ་ཅན་ལ་བཟོད་པར་གསོལ༔ དོན་དམ་ ངང་ལ་དགེ་སྡིག་གཉིས་མེད་ཀྱང་༔ དེ་ལྟར་མ་རྟོགས་གཟུང་འཛིན་དབང་གིས་ནི༔ ཉམས་ཆག་འགལ་འཁྲུལ་གྱུར་པ་ཅི་མཆིས་པ༔ གནོང་འགྱོད་མོས་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ བཛྲ་ས་མ་ཡ་ཨཱཿ དམ་བཅའ་བ་ནི། ཧཱུྃ༔ བདག་ནི་དེང་ནས་བྱང་ཆུབ་སེམས་བསྐྱེད་དེ༔ བསྙེན་སྒྲུབ་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས༔ གསང་སྔགས་ཟབ་མོའི་སྤྱོད་པ་མཐར་དབྱུང་ཞིང་༔ བླ་མེད་སྙིང་པོ་བསྒྲུབ་བར་དམ་བཅའོ༔ བྱིན་དབབ་པ་ནི། ཧཱུྃ༔ རྟོག་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ནས། །སྟོང་པའི་ཆོས་ཉིད་ཡེ་ཤེས་རང་སྣང་བ༔ འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ འཁོར་བཅས་ཀྱིས༔ དབང་དང་བྱིན་རླབས་མཐུ་དང་དངོས་གྲུབ་སྩོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་པ་བྱིན་རླབ་ནི། ཧཱུྃ༔ ཆོས་ཉིད་མཉམ་པ་ཆེན་པོའི་ངང་ཉིད་ལས༔ འདོད་པའི་ཡོན་ཏན་མ་ 6-17-3a འགགས་རོལ་པར་ཤར༔ ཕྱི་ནང་གསང་བའི་མཆོད་པ་བསམ་མི་ཁྱབ༔ ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ། སྤྲོ་ན་ཉེར་སྤྱོད་འདོད་ ཡོན་སྨན་རཀ་གཏོར་གསུམ་སོ་སོའི་སྔགས་རྒྱས་བརླབས། དངོས་གཞི་ལྷ་བསྒོམ་པ་ནི། ཨྱཻ་ཨྱཻ་ཨྱཻ། ཨེ་ཉིད་སྟོང་པ་ཆོས་འབྱུང་སྟེ༔ མ་སྐྱེས་འགགས་པ་མེད་པ་ལས༔ རང་བཞིན་གནས་པ་དྲན་པར་བྱ༔ ཨེ་ཡི་ཕོ་བྲང་ཟླ་གམ་གསུམ༔ ཐོད་པའི་མཁར་བཞི་འཁོར་ལོ་བརྒྱད༔ ལྕགས་མཁར་བཅུ་གཉིས་བར་ཁྱམས་བཞི༔ སྒོ་བཞི་རྟ་བབས་བརྒྱད་དང་ལྡན༔ འོབས་ཆེན་བཅུ་དྲུག་རྡོ་རྗེའི་ གུར༔ བྱས་པ་མེད་པར་ལྷུན་གྱིས་གྲུབ༔ བཤིགས་པ་མེད་པར་ངང་གིས་སྟོང་༔ ཕྱི་དང་ནང་མེད་ཀུན་ཏུ་ནང་༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ ཕྱོགས་སྐྱོང་རུ་དྲ་མ་ཧེ་བརྒྱད༔ ཉི་ཟླ་པདྨ་བརྩེགས་པའི་གདན༔ ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ རྒྱུ་དང་རྐྱེན་ལས་མ་སྐྱེས་པར༔ རིག་པ་ཆུ་ལས་ཉ་འཕར་ཚུལ༔ དྲུག་པ་རྡོ་རྗེ་འཆང་ཆེན་པོ༔ རྒྱལ་བ་ཀུན་ གྱི་སྤྱི་གཟུགས་ཅན༔ མཐིང་ནག་ཟིལ་གནོན་དྲེགས་པ་འདུལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཞལ༔ འཁོར་ལོ་རལ་གྲི་རྡོ་རྗེ་ 6-17-3b གཡས༔ བེ་ཅོན་གཏུན་ཤིང་བསྡིགས་མཛུབ་གཡོན༔ རིགས་ལྔའི་ཁྲོ་བོས་དབུ་ལ་བརྒྱན༔ དཔལ་གྱི་ཆས་རྫོགས་དུར་ཁྲོད་བརྒྱན༔ ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་ ཙིཏྟ་བྷན་དམར་སྟོབ༔ ཡེ་ཤེས་བཞི་ཡི་སྤྲུལ་པ་ལས༔ ཐུགས་ཀར་ཡ་མ་མེ་ལོང་ཡེ་ཤེས། རཱ་ཛ་ནི༔ སྨུག་ནག་འཁོར་ལོ་ཙིཏྟ་འཛིན༔ ཡ་མའི་ཐུགས་ཀར་དྲེགས་མཉམ་ཉིད། པའི་བདག༔ ལྗང་ནག་རྡོ་རྗེ་སྙིང་ཕྲེང་འཛིན༔ དྲེགས་པའི་ཐུགས་ཀར་ཁྱམས་བྱ་གྲུབ། ཁང་སྟེ༔ འཇིགས་བྱེད་ཆེན་པོ་ཐུར་དུ་བལྟ༔ ལྟོ་ན་སྲིད་གསུམ་ཚེ་སྲོག་འཆང་༔ སྤྱི་གཙུག་མཁའ་ལྡིང་གདུག་པ་སོར་རྟོག་འདུལ༔ དཀར་པོ་ཟིལ་ གནོན་རོ་ཉེ་ཟ༔ ཕྲག་གོང་སྨུག་ནག་འཇིགས་པའི་ཁྱུང་༔ སོག་ཁར་སྟག་མོ་རོ་ལ་རྔམས༔ ནུ་ཁར་སེང་གེ་རལ་པ་སྤྲུགས༔ སྟ་ཟུར་དུག་སྦྲུལ་ཁ་རླངས་འབྱིན༔ རི་རབ་ལྟ་བུར་བརྗིད་པ་ཡི༔ སྐུ་ལ་ཁྲོ་བཅུ་རྫོགས་པར་བསྒོམཿ མགུལ་ནས་ཞབས་ཀྱི་བར་དག་ལ༔ ཁྲོ་ཆུང་མཚོན་ཆ་ཐོགས་པས་གཏམ༔ བ་སྤུ་རྡོ་རྗེའི་ཚྭ་ཚྭ་འཕྲོ༔ བུ་ག་དགུ་ནས་ རྡོ་རྗེ་ཡི༔ ཐོག་དང་མེ་ཡི་འཚུབ་མ་འཕྲོཿ སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འགྱེད༔ ཞི་ཁྲོ་མ་གཤིན་ཕུར་པ་དང་༔ ས་བདག་འགོང་པོ་བེ་ཧར་དང་༔ དམ་སྲི་སྐྱེ་འགྲོ་ཐམས་ཅད་ཀུན༔ 6-17-4a ཀླུ་དང་ཀླུ་བདུད་མཛེ་ཡི་ནད༔ ཟིལ་གྱིས་གནོན་ཅིང་སྟོབས་རྣམས་འཕྲོག༔ ཟླ་གམ་གསུམ་ལ་སྤྲུལ་པ་གསུམ༔ སྐུ་སྤྲུལ་འཆི་བདག་བྱེ་བ་དང་༔ གསུང་སྤྲུལ་ སྲོག་བདག་དམར་པོ་དང་༔ ཐུགས་སྤྲུལ་ཚེ་བདག་དབུ་དགུ་པའོ༔ ཕྱི་རིམ་ཐོད་པའི་མཁར་བཞི་ལ༔ གཤེད་པོ་ཡ་མ་རཱ་ཛ་དང་༔ སྲིན་པོ་མྱོས་བྱེད་འབར་བ་དང་༔ ཀླུ་བདུད་ཨཱརྱ་མ་ རུ་ཙེ༔ གནོད་སྦྱིན་རལ་པ་ཚར་དགུའོ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཕྱོགས་བཞི་ལ་ནི་མོན་པ་བཞི༔ མཚམས་བཞི་ལ་ནི་བདུད་བཞི་སྟེ༔ དེ་དག་ཡུམ་དང་བཅས་པའོ༔ ཕྱི་རིམ་ལྕགས་མཁར་བཅུ་གཉིས་ལ༔ ལས་ཀྱི་འཆི་བདག་བཅུ་གཉིས་གནས༔ དེ་ཡི་ཕྱི་རིམ་བར་ཁྱམས་ལ༔ ཕོ་གཤེད་མོ་གཤེད་ལ་སོགས་པའི༔ ཤ་ཟ་ཀིང་ཀང་མ་མོའི་ཚོགས༔ བསམ་གྱིས་མི་ཁྱབ་འཁོར་རྣམས་ཀུན༔ སྒོ་བཞི་རུ་ནི་རྒྱལ་པོ་དང་༔ མགོན་པོ་བདུད་དང་གནོད་སྦྱིན་བཞི༔ ཕྱི་རོལ་འོབས་ཆེན་བཅུ་དྲུག་ལ༔ འོབས་སྲུང་ཆེན་པོ་བཅུ་དྲུག་གནས༔ དེ་ལྟར་དེ་དག་ཐམས་ཅད་ཀྱང་༔ སེམས་ཉིད་སྟོང་པའི་ཆོ་འཕྲུལ་ཏེ༔ ཆོས་ཉིད་དབྱིངས་ལས་ཤར་བས་ན༔ བར་སྣང་ཁམས་ཀྱི་འཇའ་ཚོན་དང་༔ མེ་ལོང་ནང་གི་གཟུགས་བརྙན་བཞིན༔ 6-17-4b སྣང་ལ་རང་བཞིན་མེད་པར་བསྒོམ༔ སྤྱན་འདྲེན་པ་ནི། ཨེཿ མི་རྟོག་ངང་ལས་ཐུགས་རྗེའི་སྐུ༔ སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན༔ ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག༔ ཟིལ་གནོན་ ལྷ་ཚོགས་དབྱིངས་ནས་བཞེངས༔ བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ བཞུགས་གསོལ་ནི། ཧཱུྃ༔ གཤིན་རྗེ་གཤེད་པོ་ཡབ་ཡུམ་སྲས་འཁོར་བཅས༔ ཐུགས་རྗེ་ཡེ་ཤེས་གཤེགས་བཞུགས་མི་ མངའ་ཡང་༔ ལོག་རྟོག་སེམས་ཅན་སྲིད་པ་སྒྲོལ་བ་དང་༔ རྣལ་འབྱོར་སྒྲུབ་པའི་འབྲས་བུ་མཐར་དབྱུང་ཕྱིར༔ གཟུགས་བརྙན་བསྐྱེད་པའི་དཀྱིལ་འཁོར་དམ་པ་འདིར༔ འཁོར་ བཅས་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་ཀྱང་༔ གདུག་པ་འདུལ་ཕྱིར་ཁྲོ་རྒྱལ་སྐུར་ སྤྲུལ་པ༔ འཇིགས་བྱེད་གཤིན་རྗེ་གཤེད་པོ་འཁོར་བཅས་ལ༔ གཉིས་མེད་མཉམ་པའི་ངང་དུ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ་པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་བ་ནི། ཧཱུྃ༔ བདེ་བར་གཤེགས་ སོ་བཅོམ་ལྡན་འདས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཀྱིས༔ སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ༔ སྣ་ཚོགས་གཟུགས་མཛེས་ཕྱག་རྒྱ་གར༔ 6-17-5a སྒྲ་སྙན་ཡིད་འོང་གླུ་དབྱངས་དང་༔ ཀུན་ཏུ་ཚིམ་བྱེད་དྲི་ཡི་མཆོག༔ བདུད་རྩི་རོ་མཆོག་བརྒྱ་དང་ལྡན༔ མཉེན་འཇམ་བདེ་བ་རེག་བྱའི་མཆོགཿ བདེ་སྟོང་རྡོ་རྗེ་ བཀོད་པའི་སྤྲིན༔ ཕྱོགས་བཅུ་ནམ་མཁའི་ཁམས་བཀངས་ནས༔ ཁྲོ་རྒྱལ་གཤིན་རྗེའི་ཚོགས་ལ་འབུལ༔ ཨ་ལ་ལ་ཧོ་དགྱེས་པར་མཛོད༔ ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནི་ཨ་ལ་ལ་ཧོཿ ན་མོ་མཉྫུ་ཤྲཱི་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤཔྟ་པྲ་ཏིཙྪ་ཧོཿརཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་པཱུ་ཙ་ཧོཿ བདུད་རྩིའི་མཆོད་པ་ནི། ཧཱུྃ༔ བདེ་གཤེགས་རིགས་ལྔའི་བདུད་རྩི་བྱང་ཆུབ་སེམས༔ འཁོར་ པའི་དུག་སེལ་ཞི་ཁྲོ་མཆོད་པའི་མཆོག༔ སེམས་རྒྱུད་དག་པས་མཉམ་ཉིད་དབྱིངས་སུ་བསྡུས༔ རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་ རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི༔ རཀྟའི་མཆོད་པ་ནི། ཧཱུྃ༔ རྡོ་རྗེ་བྷནྡྷ་སྟོང་གསུམ་ཁོར་ཡུག་ནང་༔ ཞིང་བཅུ་བསྒྲལ་བའི་རཀྟའི་རྒྱ་མཚོར་འཁྱིལ༔ གདུག་པའི་རྦ་རླབས་སྲིད་རྩེར་འཕྱུར་བ་འདི༔ ཁམས་གསུམ་ཆགས་པ་དབྱིངས་སུ་སྒྲོལ་ཕྱིར་འབུལ༔ མ་ཧཱ་རཀྟ་ཁཱ་ཧིཿ གཏོར་མ། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ འབྲས་བུ་ལྔ་ 6-17-5b བསྒྲལ་ཤ་ཁྲག་རུས་པའི་ཚོགས༔ རྨད་བྱུང་དམ་རྫས་དཔལ་གྱི་གཏོར་མ་ནི༔ འདོད་ཡོན་ལྷ་མོའི་ཚོགས་དང་བཅས་ཏེ་འབུལ༔ མ་ཧཱ་བ་ལིངྟ་ཁ་ཧཱི༔ སྦྱོར་མཆོད་ནི། ཧཱུྃ༔ ཤེས་རབ་དབྱིངས་མ་ ཡུམ་གྱི་གཞལ་ཡས་སུ༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་མཆོག་བཀོད་དེ༔ ཐབས་དང་ཤེས་རབ་ལྡན་པའི་སྦྱོར་མཆོད་ཀྱིས༔ འཕགས་པ་ཐམས་ཅད་མཉེས་པའི་མཆོད་པ་འབུལ༔ ཨོཾ་ ཨཱ་ནུ་རཱ་ག་ག་ཎ་པཱུ་ཙ་ཧོ༔ མཉམ་པ་ཆེན་པོའི་མཆོད་པ་ནི། ཧཱུྃ༔ མཉམ་ཉིད་མི་གཡོ་མཉམ་ཉིད་སངས་རྒྱས་པའི༔ ངན་རྟོག་མཚན་མའི་སྤྱོད་ཡུལ་ངང་གིས་མེད༔ གཟུང་འཛིན་མཚན་མ་ཀུན་ལས་འདས་ པ་ཡི༔ མཉམ་པ་ཆེན་པོའི་མཆོད་པ་རྣམ་པར་རོལ༔ བཛྲ་ཛྙཱ་ན་དྷརྨ་དྷཱ་ཏུ་པཱུ་ཙ་ཧོཿ བསྟོད་པ་ནི། ཧཱུྃ༔ གཏུམ་ཆེན་རབ་འབར་གཤིན་རྗེ་འཇོམས་མཛད་ལྷ༔ ཉི་མ་འབུམ་ལས་ལྷག་པའི་འོད་ལྡན་ ཁྱོད༔ ཕྱག་མཚན་མང་པོ་བསྐལ་པའི་མེ་ལྟར་འབར༔ འཇིགས་བྱེད་གཤིན་རྗེ་གཤེད་ལ་ཕྱག་འཚལ་བསྟོད༔ མི་གནས་མི་དམིགས་ཆོས་སྐུར་དག་པ་ལས༔ བདུད་འདུལ་ཁྲོ་བོ་མཆོག་ གི་སྐུར་སྤྲུལ་ཏེ༔ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ༔ ཁྲོ་བོའི་རྒྱལ་པོ་དྲི་མེད་ཡེ་ཤེས་སྐུ༔ རབ་ཏུ་མི་བཟད་འབར་བའི་ཚུལ་ 6-17-6a སྟོན་པ༔ ཆོས་ཉིད་མཉམ་པའི་ངང་ལས་མི་གཡོ་བར༔ ཐུགས་རྗེའི་ཚུལ་གྱིས་ཁྲོ་ལ་ཕྱག་འཚལ་བསྟོད༔ དད་སྣང་རབ་ཀྱིས་འཕགས་མཆོག་མི་གཏོང་ཞིང་༔ འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒོམ་ན༔ མི་མཐུན་ཕྱོགས་རྣམས་རྡུལ་དུ་བརླག་པ་དང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ བཟླས་པ་བྱ་བ་ནི༔ ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་དགྲ་བགེགས་བཅོམ༔ དྭངས་བཅུད་འོད་ཟེར་རང་ལ་འདུས༔ ལས་བཞིའི་ ཕྲིན་ལས་ལྷུན་གྱིས་གྲུབ༔ སྣང་སྲིད་ཐམས་ཅད་དཔལ་ཆེན་པོ༔ ལྷ་སྔགས་དབྱེར་མེད་དགོངས་པར་ཤར༔ ཨཱ་ཀྲོ་སྦྱི་བསྙེན་དང་༔ སྐུ་གསུང་ཐུགས་སྔགས་ཨེ་རིང་བཅས་བཟླའོ༔ ཚོགས་མཆོད་བྱ་བ་ནི༔ ཚོགས་ ཀྱི་དམ་རྫས་འདུ་བྱས་ལ། བསང་སྦྱང་བྱིན་གྱིས་བརླབས། སྤྱན་འདྲེན་པ་ནི། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་ཁྲོ་བདག་གཙོ༔ རབ་ཏུ་མི་བཟད་འཇིགས་པའི་ཚོགས༔ ཚོགས་ཀྱི་ལོངས་སྤྱོད་ཆེན་པོ་ལ༔ གཏུམ་རྔམ་འཁྲུགས་པའི་ཚོགས་རྣམས་གཤེགས༔ ཡ་མ་ཀྲོ་དྷ་ས་མ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛ་ལྷན༔ དང་པོ་མཆོད་པ་ནི། ཨེཿ མཉམ་སྦྱོར་ཆོས་ 6-17-6b སྐུའི་དཀྱིལ་འཁོར་ནས༔ འབར་བ་གཤིན་རྗེ་གཤེད་པོའི་ཚོགས༔ གཏུམ་རྔམ་འཁྲུགས་པའི་ལྷ་ཚོགས་ལ༔ ལོག་འདྲེན་དགྲ་བགེགས་འདུལ་བའི་ཕྱིར༔ ཞལ་ཟས་ཚོགས་ཀྱི་མཆོད་ པ་འབུལ༔ འབར་བའི་ཞལ་དུ་ཁཱ་རཾ་ཁཱ་ཧི༔ ཨེ་ཀ་ཡ་མ་ཀྲོ་དྷ་ག་ཎ་ཙཀྲ་ཁཱ་ཧི༔ བཤགས་པ། ཧཱུྃ༔ ཕྱག་རྒྱ་ཟིལ་གནོན་འཁོར་བཅས་དགོངས་སུ་གསོལ༔ འདོད་ཆགས་ཞེ་སྡང་གཏི་ མུག་ང་རྒྱལ་ཕྲག་དོག་ལྔ༔ ཡེ་ནས་རྣམ་པར་དག་པའི་རང་བཞིན་ལ༔ རྨོངས་པའི་དབང་གིས་དེ་ལྟར་མ་རྟོགས་ཏེ༔ དངོས་པོར་བཟུང་ནས་བླང་དོར་གཟུང་འཛིན་རྣམས༔ འཇམ་དཔལ་ རང་བཞིན་ཚེ་བདག་སྐུ་ལ་བཤགས༔ བཛྲ་ས་མ་ཡ་ཤུདྡྷེ་ཨཱ༔ བསྒྲལ་བ། ཧཱུྃ༔ གྲུ་གསུམ་ཨེ་ཡི་སྣོད་ནང་དུ༔ བདུད་རྩི་ལྔའམ་ཟས་ལྔ་ལ༔ མཚན་མ་མིང་དུ་བཅས་པར་བྱ༔ གཏུམ་ རྔམས་འཁྲུགས་པའི་ལྷ་ཚོགས་ཀྱིས༔ དགྲ་བགེགས་དབང་པོ་དགུག་ལ་བསྟིམ༔ ཕུར་བུས་བཏབ་ལ་མཚོན་ཆས་བསྒྲལ༔ ཨེ༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི༔ དྲག་པོ་ཨེ་ཡི་གཞལ་ཡས་ ནས༔ ཟིལ་གནོན་ལྷ་ཚོགས་འཁོར་བཅས་ཀྱི༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ གང་ལ་བྱ་བ་ཁྱོད་ཀྱིས་ཤེས༔ དམིགས་པ་གང་ཡིན་མྱུར་དུ་སྒྲོལ༔ ཞེ་སྡང་དྲེགས་པའི་སྦྱོར་བ་ 6-17-7a ཆོམས༔ རྩ་རྒྱུད་ཁྲག་དང་རྦ་ཀློང་སྐོམས༔ ལུས་སྲོག་དབང་པོ་དྭངས་སྙིགས་ཕྱེས༔ འབྱུང་བ་རྣམ་ཤེས་བཀྲག་མདངས་བསྡུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བར་མཛོད༔ ཨེ་མྱགས་ཡ་རྔུབ་མུག་ཤག་ཀ་དུན་ནྲི་ཏྲི་མཱ་ར་ཡ་རྦད༔ ཞལ་བསྟབ་ནི། རྃ་ཡྃ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཨེཿ ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ བསྒྲལ་ བའི་ཞིང་བཅུར་གྱུར་པ་འདི༔ བདུད་རྩིར་བསྒྱུར་ནས་འབུལ་ལགས་ཀྱིས༔ གཏི་མུག་ཤ་ཡི་ངོ་བོ་ཟོ༔ འདོད་ཆགས་ཁྲག་གི་རྒྱ་མཚོ་འཐུང་༔ ཞེ་སྡང་རུས་པའི་རི་བོ་ཆོམས༔ ང་རྒྱལ་ མཁྲིས་པ་རྩད་ནས་ཆོད༔ ཕྲག་དོག་དོན་སྙིང་ཞལ་དུ་གསོལ༔ ཕུང་པོ་ལྔ་དང་འབྱུང་བ་ལྔ༔ ཁམས་དང་སྐྱེ་མཆེད་མ་ལུས་པ༔ འབར་བ་གཤིན་རྗེའི་ཞལ་དུ་སྟོབས༔ བསྟན་ པ་སྲུང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་ཁཱ་ཧི༔ བསྐང་བ་ནི། ཧཱུྃ༔ བསྐང་ངོ་ཀལ་པས་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་ ཚིག་རྫསཿ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས༔ ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་༔ མཉམ་སྦྱོར་མཆོད་པས་དགྱེས་པར་ཐིམ༔ ཧཱུྃ༔ 6-17-7b ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ གཟུགས་སུ་སྣང་བ་ཇི་སྙེད་ཀུན༔ སྐུ་མཆོག་ཕྱག་རྒྱ་ཆེན་པོ་སྟེ༔ གཤིན་རྗེ་གཤེད་པོ་འཁོར་བཅས་ལ༔ མཚོན་བྱེད་གཟུགས་ཀྱི་མཆོད་པ་ འབུལ༔ སྐུ་མཆོག་ཕྱག་རྒྱས་མཉེས་གྱུར་ཅིག༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ སྒྲ་རུ་སྣང་བ་ཇི་སྙེད་ཀུན༔ གསུང་མཆོག་ཕྱག་རྒྱ་ཆེན་པོ་སྟེ༔ རོ་ལངས་ཁྲོ་མོ་འཁོར་བཅས་ལ༔ སྔགས་ཚིག་སྒྲ་ཡི་མཆོད་པ་འབུལཿ གསུང་མཆོག་དམ་པ་མཉེས་གྱུར་ཅིག༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ སེམས་ཅན་ཀུན་གྱི་རྣམ་རྟོག་ཀུན༔ ཏིང་འཛིན་ འབུམ་ཕྲག་མཐའ་ཡས་ཏེ༔ སྒེག་མོ་རལ་གཅིག་འཁོར་བཅས་ལ༔ རྩེ་གཅིག་ཐུགས་ཀྱི་མཆོད་པ་འབུལ༔ ཐུགས་མཆོག་དམ་པ་མཉེས་གྱུར་ཅིག༔ ཐུགས་དམ་གཉན་པོ་ བསྐང་གྱུར་ཅིག༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ ཕན་གནོད་གནས་དམིགས་འགྲོ་འོང་ཀུན༔ དེ་བཞིན་གཤེགས་ 6-17-8a པའི་བྱིན་རླབས་ཏེ༔ ཡ་མ་རཱ་ཛ་འཁོར་བཅས་ལ༔ ཡོན་ཏན་འཕྲུལ་གྱི་མཆོད་པ་འབུལ༔ ཡོན་ཏན་མཆོད་པས་མཉེས་གྱུར་ཅིག༔ ཐུགས་དམ་གཉན་པོ་ བསྐང་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ ནམ་མཁའི་མཐའ་ཀླས་འཇིག་རྟེན་ན༔ དགེ་དང་མི་དགེའི་ལས་རྣམས་ཀུན༔ དེ་བཞིན་གཤེགས་པའི་མཛད་སྤྱོད་དེ༔ སྤྲུལ་པའི་དམ་ཅན་འཁོར་བཅས་ལ༔ སྐྱོན་བྲལ་ཚོགས་ཀྱི་མཆོད་པ་འབུལ༔ ཚོགས་ཀྱི་མཆོད་པས་མཉེས་གྱུར་ཅིག༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ བསྐངས་གྱུར་ དབང་དང་དངོས་གྲུབ་སྩོལ༔ ཚོགས་ལ་རོལ་ཞིང་ལྷག་མ༔ ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ལྷག་མགྲོན་འགུག་པ། ཨེ་མ་བྱང་ཆུབ་སེམས་དཔའ་ནི༔ འཇམ་དཔལ་ཁྲོ་ བོའི་རྒྱལ་པོ་མཆོག༔ གང་ཕྱིར་སེམས་ཅན་འདུལ་དོན་དུ༔ ཁྲོ་བོ་འདི་དག་ཐུགས་ལས་ཕྱུངས༔ ཐམས་ཅད་མ་ལུས་འདིར་འདུས་ཤིག༔ ལྕགས་ཀྱུའི་ཕྱག་རྒྱས་དགུག༔ ཨོཾ་བཛྲ་ཊ་ཀི་རཱ་ཛ་ཧཱུྃ་ཛཿ ཁྱུང་གི་ཕྱག་རྒྱས་ཟིལ་གྱིས་མནན་ལ། ཨོཾ་ཤྲཱི་མཉྫུ་ཀྲོ་དྷ་ཛྙཱ་ན་སརྦ་དུཥྚཾ་བྷནྡྷ་ཡ་ཧཱུཾ་ཕཊ༔ རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་དམ་ལ་བཞག །ས་མ་ཡ་དུ་མནྟ་ཀ་ར་ཕཊ༔ བེ་ཅོན་གྱི་ 6-17-8b ཕྱག་རྒྱས་གནད་ནས་བསྐུལ་ལཿ ཨེ་ཀ་ས་མ་ཡ་ཧཱུྃ༔ དམེ་གཏོར་སྨན་དང་ཞིང་བཅུའི་ཤ་རུས་དག༔ ཁྲག་ཆེན་དུག་དང་སྦྲུས་ཏེ་རབ་སྦྱར་ནས༔ བདུད་རྩི་བྱིན་ནས་ཕྱག་རྒྱ་བསྒྲེང་བྱས་ཏེ༔ ལོག་རྟོག་བདག་གིར་འཛིན་པའི་ཞིང་བཅུ་ལ༔ མངོན་སྤྱོད་རྟགས་ཀྱི་ཕྲིན་ལས་འདི་སྤྱོད་ཅིག༔ ཡ་མ་རཱ་ཛ་ཌཱཀྐི་ནི་པྲེ་ཏ་ཛྭ་ལ་པྲ་མ་ནི་ཀིངྐ་ར་ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ ཆད་བརྟན་སོགས་སྤྱི་ལྟར་བྱ། མཆོད་བསྟོད་ནི། ཨེཿ བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་འཁོར་བཅས་ལ༔ ཁྱད་པར་མཆོད་པ་པཉྩ་ཨ་མྲྀ་ཏ༔ མ་ཧཱ་བ་ལིང་རཀྟ་བཅས་པ་འབུལ༔ བཞེས་ནས་བླ་མེད་དངོས་གྲུབ་སྩལ་དུ་ གསོལ༔ ཨོཾ་ཤྲཱི་ཡ་མཱནྟ་ཀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ༔ ལྷ་ཡི་ལྷར་གྱུར་བཅོམ་ལྡན་གཤིན་རྗེའི་གཤེད༔ བདུད་ཀྱི་བདུད་ཆེན་མ་རུངས་འདུལ་བའི་ ལྷ༔ ཁྲོ་རྒྱལ་ཀུན་གྱི་གཙོ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། བཤགས་པ་ནི། ཡི་དམ་ལྷ་མཆོག་ཟིལ་གནོན་འཁོར་བཅས་ཀྱིཿ བསྙེན་བསྒྲུབ་ཕྲིན་ལས་གཞུང་བཞིན་བགྱིས་པ་ལ༔ བདག་ཅག་མ་རིག་ལོག་རྟོག་དབང་སོང་བས༔ འགལ་འཁྲུལ་ནོངས་པ་ཅི་མཆིས་བཟོད་པར་གསོལ༔ ཡིག་བརྒྱ་བཟླ། ཛབ་ཁང་གི་མདུན་བསྐྱེད་ལ། ཤྲཱི་ཡ་མཱནྟ་ཀ་ས་མ་ཡ་སྟྭཾ་ཧོ༔ ཞེས་མེ་ཏོག་ 6-17-9a འཐོར། ཧཱུྃ༔ ལྷུན་གྲུབ་རང་བཞིན་གསང་བའི་ཕོ་བྲང་ནས༔ ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པ་ཡིས༔ འཇམ་དཔལ་ཁྲོས་པ་གཤིན་རྗེ་གཤེད་ཀྱི་ལྷ༔ མ་ལུས་མཉམ་པའི་རྒྱལ་པོ་དགོངས་ སུ་གསོལ༔ འཇམ་དཔལ་སྐུ་གསུང་ཐུགས་ཡོན་བྱིན་རླབས་དང་༔ ཁྱད་པར་བརྟུལ་ཞུགས་དྲག་པོའི་སྟོབས་ཀྱི་རྩལ༔ མངོན་སྤྱོད་འགྲུབ་པའི་དངོས་གྲུབ་མ་ལུས་པ༔ དུས་འདིར་རྣལ་འབྱོར་བདག་ལ་ སྩལ་དུ་གསོལ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་སིདྡྷི་ཧཱུྃ་ཛཿཞེས་མདུན་བསྐྱེད་ཀྱི་གནས་ལྔའི་འོད་ལྔ་རང་ལ་ཐིམ་པར་བསམས་ལ་སྔགས་བདུན་ནམ་ཉེར་གཅིག་གིས་དངོས་གྲུབ་བླང་ངོ་། །ཧཱུྃ་ཛཿཞེས་ཛབ་ཁང་རང་ལ་ བསྡུ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཞལ་ཡས་རྩ་བའི་ལྷ་ལྔ་རྒྱན་རྟ་བརྒྱད༔ གཙོ་བོ་ཟིལ་གནོན་ཉིད་ཀྱི་ཐུགས་ཀར་ཐིམ། ཟིལ་གནོན་ཉིད་ཀྱང་མི་དམིགས་ཆོས་ཀྱི་དབྱིངས༔ འཁོར་རྣམས་རང་རང་གནས་སུ་ལས་ལ་ གཤེགས༔ བཛྲ་མུཿཞེས་པས་དཀྱིལ་འཁོར་བསྡུ། ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ལྷར་ལྡང་། དགེ་བསྔོ། དགེ་འདིའི་མཐུ་ཡིས་མཁའ་མཉམ་འགྲོ་ཀུན་གྱི༔ རྒྱུད་ལ་ཡོད་པའི་སྒྲིབ་གཉིས་ཀུན་ བྱང་ནས༔ གཤིན་རྗེའི་གཤེད་གྱུར་བཅོམ་ལྡན་ཉིད་གྲུབ་ནས༔ ཕྲིན་ལས་རྣམ་བཞིས་གདུལ་བྱའི་དོན་བྱེད་ཤོག༔ བཀྲ་ཤིས་ནི། གང་ཞིག་བླ་མེད་བཅོམ་ལྡན་གཤིན་རྗེའི་གཤེད༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་ 6-17-9b བསམ་ཡས་པ༔ འགྲོ་བ་ཀུན་གྱི་རྒྱུད་ལ་རབ་ཞུགས་ནས༔ དངོས་གྲུབ་རྣམ་གཉིས་འཕེལ་བའི་བཀྲ་ཤིས་ཤོག༔ ཅེས་པའང་པདྨའི་མན་ངག་རྩ་བའི་དགོངས་པ་གཞིར་བཞག་ཟླ་གསང་ལ་སོགས་པའི་ཏནྟྲའི་ཚིག་གིས་ཁ་བཀངས་ཏེ་ཟིལ་གནོན་དགྱེས་ པ་རྩལ་གྱིས་བསྡེབས་པས་འགྲོ་ཀུན་དཔལ་ཧེ་རུའི་གོ་འཕང་ཐོབ་པར་གྱུར་ཅིག༔ མངྒ་ལཾ༔ ༈ །།ཚེ་བདག་ལྕགས་འདྲའི་བརྒྱུད་འདེབས་ནི། ཀུན་བཟང་འཇམ་དཔལ་འཇམ་དཔལ་བཤེས་གཉེན་དང་། །ཨོ་རྒྱན་གཙུག་ལག་དཔལ་དགེ་ བལ་པོའི་རྒྱལ། །གནུབས་ཆེན་གནུབས་ཀྱི་རིགས་བྱོན་ ཡོན་ཏན་རྒྱ་མཚོ། ཡེ་ཤེས་རྒྱ་མཚོ། པདྨ་དབང་རྒྱལ། ལྷ་རྗེ་འཇམ་དཔལ། རྒྱ་གར་རྡོ་རྗེ། ཆོས་ཀྱི་ཡེ་ཤེས། དྲུག་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྕོལ། །ཁྲོ་འབར་དར་རྒྱས་ཡང་དག་རྡོ་རྗེ་དང་། །ཤེས་ཕུག་པ། རྒྱལ་འབུམ་རྔོག་སྟོན། ལེགས་བསོད་འབུམ། གྲོ་སྟོན་བློ་གྲོས་ གསལ། ཕག་སྟོན་ཤཱཀ་མགོན། སྦུག་སྟོན་ཆོས་ཀྱི་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ། སྩོལ། དཔང་ སྟོན་བདེ་ལེགས་རྒྱས་མཚན། སེ་སྟོན་རིན་ཆེན་རྒྱལ་མཚན། སྤྱན་ཆབ་ མགོན་པོ་ཟླ་བ། ནུབ་དགོན་བྱམས་པ་ཆོས་རྒྱལ་མཚན། པ། བྱང་བདག་ཡབ་སྲས་ཆོས་དབྱིངས་རང་གྲོལ་དང་། །ཟིལ་གོང་ས་ལྔ་པ། གནོན་བཞད་པ་འགྱུར་མེད་རྡོ་རྗེ་ སྨིན་གཏེར། ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྕོལ། །རྒྱལ་སྲས། པད་འགྱུར་རིན་རྣམ་ བདེ་ཆེན་རྡོ་རྗེ། གསུང་སྤྲུལ་པད་དབང་དང་། ཁྲི་པདྨ་དབང་རྒྱལ། །སངས་རྒྱས་ཀུན་དགའ། ཁྲི་ཆེན། ཡིད་བཞིན་དབང་རྒྱལ། ཡིད་དབང་བློ་མཐའ་ཡས། ཀོང་སྤྲུལ། རིན་ཆེན་རྣམ་རྒྱལ 6-17-10a རིན་པོ་ཆེ། །ཟིལ་གནོན་དགྱིས་རྩལ་མི་ཕམ་རྒྱ་མཚོ། རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཟིལ་གནོན་རྩ་བའི་ལྷ་དང་རྒྱན་གྱི་ལྷ། །སྤྲུལ་པ་རྣམ་གསུམ་གཤེད་བཞི་མོན་བདུད་ དང་། །འཆི་བདག་བཅུ་གཉིས་སྒོ་སྐྱོང་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། ཚེ་དག་གི་བརྒྱུད་འདེབས་དང་སྨན་མཆོད་ལྷན་ཐབས་སུ། ༈ །གོང་གི་གསོལ་བ་ཞེས་པའི་མལ་དུ། །སྨན་མཆོད་ འབུལ་ལོ་མཐུ་དབང་དངོས་གྲུབ་སྕོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁ་ཧི། ཞེས་བསྒྱུར་རོ། །འགྱུར་མེད་རྡོ་རྗེ་བྲིས་པའོ། །གོང་གི་གཏེར་ཆེན་མན་ཆོས་ཀྱི་བློ་གྲོས་པས་སོ། །སྐྱབས་སེམས་གང་མོས་དང་། ཨོཾ་ཨ་ར་པ་ ཙ་ན་དྷཱི༔ སྐྱེས་མེད་སྟོང་པ་ཡུམ་གྱི་མཁའ་དབྱིངས་སུ། །ལྷན་སྐྱེས་བདེ་བས་རྟག་ཏུ་རོལ་པ་ཡི། །དོན་དམ་གཉིས་སུ་མེད་པའི་ཡེ་ཤེས་སུ། །གཡོ་མེད་གཡོ་བ་ཆུ་ཟླའི་གར་གྱིས་ནི། །མིང་མེད་མིང་དང་མཚན་མའི་ཚུལ་བསྟན་ པ། །མཁྱེན་རབ་ངག་གི་དབང་ཕྱུག་གུར་གུམ་མདོག །ཞལ་གཅིག་ཕྱག་བཞིར་རལ་པོད་མདའ་གཞུ་འཛིན། །མཚན་དང་དཔེ་བྱད་རྒྱན་དང་ཆ་ལུགས་རྫོགས། །དྭངས་པའི་མཁའ་ལ་དབང་པོའི་གཞུ་ལྟ་བུ། །ཡེ་ཤེས་སྙིང་པོ་སྔགས་ཀྱི་ སྲོག་དང་ལྡན། །སྣང་སྲིད་ཀུན་ཀྱང་དེ་ཡི་ངང་ཚུལ་དུ། །གཞོམ་མེད་རྡོ་རྗེའི་རྒྱུད་ཀྱི་རང་སྒྲ་སྒྲོགས། རིག་སྔགས་རྒྱལ་པོའི། བསྙེན་པའི་རིམ་པ་དང་པོའོ། །ལྟ་བས་གཟེར་བཏབ་ཏིང་འཇིན་གཡོ་མེད་དང་། །བརྩོན་པས་གསང་སྔགས་ཆུ་བོའི་གཞུང་བཞིན་བཟླ། །ལྷ་སྔགས་སེམས་གསུམ་དབྱེར་ 6-17-10b མེད་རོ་མཉམ་དུ། །བདེ་ཆེན་གཉུག་མ་དོན་གྱི་འཇམ་དཔལ་འགྲུབ། །ཨྠྀི། ༈ དཀར་བགེགས་བཏང་། ཧཱུྃ༔ བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས༔ མཐིང་ནག་ཧཱུྃ་གི་འོད་ཟེར་ལས༔ སྟོང་གསུམ་ཁྲོ་བོས་རབ་གང་ཞིང་༔ རྔམ་སྒྲས་ འཇིག་རྟེན་ཀུན་བཀངས་ནས༔ གནོད་མཛེས་ཁྲོ་བོ་མ་ཡིན་པའི༔ གདུག་པ་གཡོ་འགུལ་མིང་ཡང་མེད༔ ཁྲོ་རྒྱལ་མཚོན་ཆ་མེ་རི་འབར༔ འབར་བའི་མཚམས་ལས་མ་འདའ་ཞིག༔ ཨོཾ་སུམྦྷ་ནི༴ སོགས། སྲ་བརྟན་མི་གཡོ་རྡོ་རྗེའི་གུར་ཁང་དང་༔ གཏུམ་དྲག་ཁྲོ་བོ་རོལ་པས་རབ་གཏམས་ཤིང་༔ རྣོ་ངར་མཚོན་ཆ་ཁ་དོག་ལྔ་ལྡན་པའི༔ དུས་མཐའི་མེ་ཡིས་བར་མཚམས་མེད་པར་བྱས༔ ཕཊ་རཾ་ཨེ་རཾ་ཛྭ་ལ་རཾ༔ སྲུང་འཁོར་ནི། བྷྲཱུྃ་ལས་སྲུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་པ་ཉི་གདན་དང་བཅས་ པའི་སྟེང་དུ་རྩིབས་བཅུ་ལ་ཧཱུྃ་བཅུ་ལས་ཁྲོ་བོ་བཅུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་བེ་ཅོན་དང་ཞགས་པ་བསྣམས་པ་འཁོར་ལོའི་ལྟེ་བའི་དབུས་སུ་རང་ཉིད་ཟིལ་གནོན་དུ་གསལ་བའི་ཐུགས་ཀར་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཞི་བའི་ཉམས་ཅན་ཕྱག་གཉིས་ན་འཁོར་ ལོ་དང་པདྨ་བསྣམས་ཤིང་དུར་ཁྲོད་ཆས་ཀྱི་བརྒྱན་པ་གསལ་ཞིང་གནད་གྱི་འཁོར་ལོ་དེ་གང་ལའང་མ་རེག་པར་འཁོར་བའི་རྩིབས་ཀྱི་བར་དུ་ནད་གདོན་སྡིག་སྒྲིབ་དགྲ་བགེགས་རྫས་སྔགས་ཏིང་འཛིན་གྱི་ངན་སྦྱོར་སོགས་བར་དུ་གཅོད་པ་ཐམས་ཅད་མྱལ་མྱལ་གཅོད་པར་བསམ་ལ། ཨོཾ་ཨཱཿཨུཥྞི་བཛྲ་ཙཀྲ་ཝརྟི་སརྦ་ལོ་ཀཱི་ཀ་ལོ་ཀོཏྟར་ཡནྟྲ་མནྜ་ཏནྟྲ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཀུ་རུ་ཀུ་རུ་མུ་རུ་མུ་རུ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ གནོད་བྱེད་ཨ་མུ་ཀ་མཱ་ར་ཡ་མཱ་ར་ཡ་ཧྲཱིཿཧྲཱིཿཧྲཱིཿཛཿཛཿཛཿ ཟློག་ཟློག་ཟློག༔ ཕཊ་ཕཊ་ཕཊཿ ཀོང་རྦད་ 6-17-11a རྨུགས་ནན་ཆུ་མ་རིལ་གནོད་བྱེད་མ་ར་ཡ་རྦད༔ ཅེས་བཟླ།། ༈ །།བྱིན་བསྐུལ་རྡོ་རྗེའི་སྒྲ་དབྱངས་བཞུགས། ཧཱུྃ། ཆོས་དབྱིངས་མཐའ་དབུས་བྲལ་བའི་དཀྱིལ་འཁོར་ན། །བདེ་ཆེན་རྡོ་རྗེ་རང་བྱུང་ཡེ་ཤེས་སྐུ། །དུས་གསུམ་འགྱུར་མེད་ མཉམ་པ་ཉིད་ཀྱི་ངང་། །ཕྱོགས་དུས་ཀུན་ཁྱབ་སྒྱུ་མའི་རྣམ་རོལ་བདག ༡ །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །སྙིང་རྗེ་ཆེན་པོའི་དབང་ཕྱུག་ཧེ་རུ་ཀཿ འཇམ་དཔལ་དྲག་པོར་ཁྲོས་པ་གཤིན་རྗེའི་རྒྱལ། །འཕགས་མཆོག་ ཡ་མནྟ་ཀ་དགོངས་སུ་གསོལ། ༢ །འགྱུར་བཅས་ཀུན་རྟོག་གློ་བུར་འཁྲུལ་པ་ཡི། །རང་གཟུགས་སྲིད་པ་གློག་གི་ཟློས་གར་ཅན། །འཆིང་བཅས་སྡུག་བསྔལ་བཟོད་དཀའི་རྦ་ཀློང་དུ། །ཆུད་པ་ཉམས་ཐག་བདག་གི་གདུང་ ཤུགས་ཀྱིས། ༣ །ལྷ་མཆོག་ཁྱོད་ཀྱི་རྣལ་འབྱོར་བཙོན་བགྱིད་ན། །ལུས་ངག་ཡིད་ལ་རྡོ་རྗེའི་བྱིན་ཆེན་པོ། །བསྒོམ་པ་ཙམ་གྱིས་འབེབ་པར་མཛད་ནས་སུ། །དབུགས་དབྱུང་བདེ་བའི་ངལ་བསོ་སྩལ་དུ་གསོལ། ༤ །འཁྲུལ་དང་ ཉིང་འཁྲུལ་གཡོ་བའི་གནས་སྐབས་སུ། །སྐུ་གསུང་ཐུགས་ཀྱི་མཚན་མ་བསྟན་པ་དང་། །བྱིན་རླབས་སྣང་བས་ཡིད་ཀྱི་མུན་བསལ་ནས། །བླང་དོར་སྒྲིབ་མེད་མཐོང་བར་མཛད་དུ་གསོལ། ༥ །བདེ་བའི་འོད་ཟེར་སྟོང་འབར་ཡེ་ ཤེས་སྐུའི། །གཟི་བྱིན་ལུས་ལ་འཇུག་པར་མཛད་ནས་སུ། །རྡོ་རྗེའི་ཚེ་དང་ལང་ཚོ་གྲུབ་པ་དང་། །བདེ་སྟོང་དབྱེར་མེད་ཏིང་འཛིན་ཐོབ་པར་མཛོད། ༦ །རབ་གསལ་ཉི་ཟླ་ལྟ་བུའི་ཞལ་མཐོང་ཞིང་། །སྤྲུལ་པའི་འཁོར་ལོ་ 6-17-11b དམ་ཅན་རྒྱ་མཚོ་ཡི། །འདུ་བ་སྤྲིན་ལྟར་མངོན་དུ་སྣང་བྱས་ནས། །རབ་འབྱམས་ལས་ཀུན་ཐོགས་མེད་གྲུབ་པར་མཛོད། ༧ །རྒྱལ་སྲིད་གྲངས་ལྡན་བསྐུལ་ཞིང་གསོལ་འདེབས་ཚིག །དུས་མཐའི་སྔགས་བཙུན་དུག་ལྔའི་མེ་འབར་བ། ། འཇམ་དཔལ་མིང་འཛིན་འཇམ་དབྱངས་རྣལ་འབྱོར་པས། །མེ་ཕག་ ༡༠ པའི་ཚེས་༩ ལ་བྲིས་སོ་དགེ། ༈ དུས་སུ་ཁྲག་གི་ཨརྒྷཾ་སྦྲེང་། མཆོད་རྔ་བརྡུང་ཞིང་དབྱངས་ཀྱིས་བསྐུལ། ཧཱུྃ༔ ཨེ་ལས་ཆོས་དབྱིངས་དྲག་པོའི་གཞལ་ཡས་སུ། །ཀ་དག་ངང་ནས་ ལྷུན་གྱིས་གྲུབ་པ་ཡི། །ཧེ་རུ་ཀ་དཔལ་ཕྱག་རྒྱ་ཟིལ་གནོན་སྐུ། །དུན་ཏིང་བདུད་ཀྱི་རྒྱུ་བ་མཐར་བྱེད་ཅིང་། །ཡ་མ་སྲོག་གི་བདག་པོ་ཀུན་ཀྱི་གཤེད། །མ་མོ་མཁའ་འགྲོ་ཀུན་ཀྱི་ཚོགས་རྗེ་ཁྱོད། །སྙིང་པོ་སྔགས་ཀྱིས་ཐུགས་དམ་རྒྱུད་བསྐུལ་ཞིང་། ། ཁྲག་ཆེན་ཨརྒྷཾ་བསྒྲེང་བས་མངའ་དབུལ་ན། །ར་རི་དང་བྲལ་མཁྱེན་པའི་མཁའ་ཀློང་ནས། །མ་ལུས་ཁྱབ་པའི་ཐུགས་དམ་བརྩེར་དགོངས་ཏེ། །ཙ་ལ་ཐུགས་རྗེའི་ཤུགས་ཀྱིས་བདག་ཅག་ལ། །ཡ་མཚན་མཆོག་དང་ཐུན་མོངས་དངོས་གྲུབ་ སྩོལ། །ཨེ་ཀ༴ འདི་ཡིས་ཐུགས་རྒྱུད་དབང་མེད་དུ། །བསྐུལ་ནས་དངོས་གྲུབ་འཐོབ་པར་བྱེད། །ས་མ་ཡ། ཞེས་པའང་ཟིལ་གནོན་དགྱེས་པ་རྩལ་གྱིས་རབ་ཚེས་ཆུ་རྟ་ཟླ་ ༡༡ པའི་ཚེས་ ༢༠ ལ་བྲིས་པ་དགེའོ།། ༈ །།སྔགས་བྱང་སྙིང་གི་ཏི་ལ་བཞུགས་སོ། །ཨོཾ་ཨཱ་ ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ སྤྱི་བསྙེན་འབྲུ་བཅུ་བདུན་མའོ༔ ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ༔ ཕྱི་སྐོར་སྐུ་ཡི་དྲག་སྔགས་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་ཕྱུང་བ་ཡིག་འབྲུ་བཅུ་གཉིས་པའོ༔ ཨེ་མྱགས་ཡ་རྔུབ་ 6-17-12a མུག་ག་ག་ཀ་དུན༔ ནང་སྐོར་གསུང་གི་དྲག་སྔགས་སྲོག་དམར་ལེན་འབྲུ་བརྒྱད་པའོ༔ ཨེ་དུན་ཀ་ཡཾ༔ གསང་སྐོར་ཐུགས་ཀྱི་དྲག་སྔགས་འཐུ་བཞི་པའོ༔ ཨྱེ་ཨྱེ་ཨྱེ༔ ཨཱ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཡ་མ་ ཡེ༔ ཀཱ་ལ་རཱུ་པ་ཀ་པ་ཡེ༔ ཧྲཱི༔ ཥྚཱི་ཨ་པ་ཡེ༔ ཨ་ཨ་ནེ་ཨ་ནེ༔ ཨུ་ཨུ་ནེ་ཨུ་ནེ༔ དུ་དུ་ནེ་དུ་ནེ༔ ཨ་ཨི་ཨུ་ཨེ་ཨོ་ཨཾ༔ ར་རཱི་ལ་ལཱི༔ དུ་རུ་ཡེ༔ བྱ་ཙ་ཡེ༔ སིང་ཧ་ཡེ༔ ཧྲི་ད་ཡེ༔ བྷི་ཏ་ཡེ༔ ཙིཏྟ་ཡེ༔ ཧ་ལ་ཡེ༔ མུ་ཀ་ཡེ༔ ཨུ་ཨུ་ནེ་ཨུ་ཨུ་ནེ༔ བྱི་ཏྲི་ཏ༔ ཨ་ཨ་ན་ན༔ ཡ་མ་རཱ་ཛ༔ ཡ་མ་རཀྴ༔ ཡ་མ་རག་ཨ༔ ཡ་མ་རཀ་ཥ༔ བཻ་ཏཱ་ལི་ཀྲོ་དྷཱི་ཤྭ་རཱི་མ་མ་ཨེ་ཀ་ཛཱ་ཊི་དེ་མ་ཁ་ལ་བཾ་རིལ་ རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙནྜ་རཀྴ་མོནྟ༔ ཨཱཿཧཱུྃ་ཛ༔ ཡང་གསང་ཨ་མེ་རིང་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་རྒྱལ་པོ་སྟེ༔ གནུབས་ཆེན་པོའི་ཞལ་ནས༔ རྩ་བ་ལུས་ ཀྱི་དྲག་སྔགས་ལ༔ ཡིག་འབྲུ་བརྒྱ་དང་ཞེ་དགུ་ཡོད༔ འབུམ་ཕྲག་གཅིག་ཏུ་བཟླ་བར་བྱ༔ ཞེས་གསུངས་སོ། །གསང་སྔགས་ཚན་ལྔ་པོ་འདི་དག་ཀྱང་ལུང་ལས་ཇི་སྐད་དུ༔ ཀུན་ཀྱང་ཆོས་ཉིད་མ་བཅོས་པའི༔ མ་འགགས་རང་སྣང་ རོལ་པའི་རྩལ༔ ཆོས་ཀུན་སྙིང་པོར་གྱུར་པ་ཡི༔ འཇམ་དཔལ་གཞོན་ནུ་ཡིན་པར་བཤད༔ ཅེས་གསུངས་སོ༔ རཀྴ་མོནྟ་ཞེས་པའི་མཚམས་སུ་སྤྱང་མོ་དྲུག་གི་སོ་གདགས་ན༔ གནོད་བྱེད་ཨ་མུ་ཀ་མྱགས་ཐུམས་ 6-17-12b རིལ་ཏྲིག་ནན་སྦུར་ཡ་ནན༔ ཨེ་ཏུ་ར་ཐུཾ་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ གཟིར་བའི་སྤྱང་མོ་སྲུང་བའི་སོའོ༔ དེ་བཞིན་དུ། གནོད་བྱེད་ཨ་མུ་ཀ་རྩ་སྦུར་ཡ་སྲོག་ནན༔ སྙིང་གཟེར་བྲེང་ཤག་ཡཾ་རྦད༔ ཨེ་ཧུར་ཐུཾ་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ གཤིན་པ་གཡུ་སྤྱང་ངོ་༔ གནོད་བྱེད་ཨ་མུ་ཀ་དུ་རཾ་ཏྲི་ཡཾ་འདྲིད་ཕྱུང་སྲོག་ལ་གཟིར་མནན་ཕྱུང་༔ ཨེ་ཧུར་ཐུཾ་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡཿ ཐུག་པ་ དབྱུང་བའི་སྤྱང་མོའོ༔ གནོད་བྱེད་ཨ་མུ་ཀ་ཨེ་ནན་ཡཾ་བཟློག་འདྲིད་བྷྱོ༔ ཨེ་ཧུ་ར་ཐུཾ་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ བཟློག་པའི་སྤྱང་མོའོ༔ གནོད་བྱེད་ཨ་མུ་ཀ་མནྟྲ་དུཾ་མ་ཧཱ་ར་ག་དུ་རཾ་ཐུཾ་རིལ་རྦད༔ ཨེ་ཧུར་ཐུཾ་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ གསང་ལམ་དགག་པའི་སྤྱང་མོའོ༔ གནོད་བྱེད་ཨ་མུ་ཀ་བྷི་ཏཾ་སྟྭམྦྷ་ཡ་ནན༔ ཨེ་ཧུ་ར་ཐུཾ་ཛ༔ ཁཾ་ཤག་རོ་མྱགས་མུག་ཏི་རྦད་ཡ༔ མནན་པའི་ སྤྱང་མོའོ༔ སྔགས་དང་དམིགས་པའི་འབྱིན་འཇུག་གི༔ མན་ངག་བླ་མའི་ཞལ་ལས་ཤེས༔ བརྩམ་པ་ཙམ་གྱིས་བསྟན་དགྲ་ཕུང་༔ རིག་འཛིན་བརྒྱུད་པའི་མཚོན་ཆ་ཡིན༔ ཨི་ཐཾ༔ ༈ སྟོང་ཚིག་གི་མཆོད་བསྟོད་ནི༔ ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སྦྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ 6-17-13a མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིངྟ་སརྦ་པཱུ་ཛ་ལ་ཧི༔ ཞེས་སོ། །མངྒ་ལཾ། ། ༈ །འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བཀའ་སྲུང་ལས་ཀྱི་གཤིན་རྗེའི་གསོལ་མཆོད་དྲག་པོའི་མེ་དཔུང་རབ་འབར་ བཞུགས་སོ། །ཤ་ཁྲག་གི་གཏོར་མ་དང་བདུད་རྩིའི་གསེར་སྐྱེམས་སོགས་བཤམས་ལ། དགྲ་བགེགས་འགུག་བཞུག་བསྒྲལ་ནས་བདུད་རྩིར་བརླགས་ཏེ་འདི་སྐད་དོ། ཧཱུྃ་ཛཿ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་བྱུང་གིས། ། ལྷོ་ཕྱོགས་རིམ་པ་བདུད་ཀྱི་ས་འོག་ཏུ། །འཇིགས་རུང་སྒོ་མེད་ལྕགས་མཁར་བཅུ་དྲུག་ནས། །འཆི་བདག་ལས་ཀྱི་གཤིན་རྗེ་འཁོར་དང་བཅས༔ དྲག་པོའི་སེར་སྤྲིན་བཞིན་དུ་སྐུ་བསྐྱོད་ཅིག །དད་ པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་གཤེགས་འཆི་བདག་གཤིན་རྗེའི་རྒྱལ། །སྔོན་གྱི་དམ་ཚིག་གཉེན་པོ་རྗེས་དགོངས་ལ། །ཁྲག་ཞག་རྒྱ་མཚོའི་རྦ་ཀློང་ཀུན་ནས་འཁྱིལ། ། དམར་ནག་སྐལ་པའི་མེ་རླུང་འབར་ཞིང་འཁྲུགས། །རྡོ་རྗེ་ཐོག་གི་བུ་ཡུག་འཚུབ་པ་ཡི། །འབར་བའི་གནས་འདིར་དགྱེས་པར་བཞུགས་ནས་སུ། །འདའ་དཀའ་དམ་ཚིག་རྡོ་རྗེའི་བདུད་རྩི་བཞེས། ། 6-17-13b འབྲལ་མེད་སྙིང་གི་ཐིག་ལེར་དགོངས་མཛོད་ལ། ། མཐུ་སྟོབས་ནུས་པ་ཐོགས་པ་མེད་པ་ཡི། །དྲག་པོ་ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མི་སྡུག་སྲིན་པོ་ཁྲོས་པའི་རྣམ་འགྱུར་སྐུ། །མདོག་ནག་དུས་ མཐའི་ཆར་སྤྲིན་ལྟར་རྔམ་ཞིང་། །རྡོ་རྗེའི་བེ་ཅོན་གདེངས་ཤིང་ཐོད་ཁྲག་འཛིན། །དུར་ཁྲོད་དྲག་པོའི་རྒྱན་ཆས་ཡོངས་སུ་རྫོགས། །ཟ་གསོད་གཅོད་གཟིར་འཆིང་སོགས་དྲག་པོའི་ལས། །བསམ་པ་ ཙམ་གྱིས་ཐོགས་མེད་བསྒྲུབ་བྱེད་པའི། །མཐུ་རྩལ་མི་བཟད་མ་གཤིན་རབ་འབྱམས་དང་། །སྲིད་གསུམ་གནས་པ་འབྱུང་པོའི་འཁོར་དང་བཅས། །ཁམས་གསུམ་ཚེ་སྲོག་མདངས་ལ་དབང་ མཛད་ཅིང་། །དགེ་སྡིག་སྟངས་འཛིན་བཀའ་ཡི་བྱ་ར་བྱེད། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་རྒྱལ་པོ་ཆེ། །ལས་ཀྱི་མཐུ་ལྡན་རྡོ་རྗེ་ཁོལ་པོ་ཡི། །ཁམས་གསུམ་ས་ལེར་གཟིགས་པ་བགྲད་པའི་སྦྱན། ། དུས་མཐའི་མེ་ལྟར་རབ་འབར་སྡང་མིག་གིས། །ཉེས་བྱེད་སྙིང་རྩ་བསྲེག་པའི་གློག་འབུམ་འཁྲུག །དེང་འདིར་གཟིགས་སུ་གསོལ་ལོ་ཆོས་སྐྱོང་རྗེ། །སྲིད་གསུམ་སྲོག་དབུགས་རྔུབ་པའི་འཐོར་ རླུང་གིས། །བཤུགས་པའི་འབྲུག་སྟོང་རི་རབ་བསྙིལ་མཛད་ཅིང་། །དགྱེས་པའི་གར་གྱིས་སྡིག་ཅན་ཁྲག་ལ་འཐུང་། །དགོངས་སུ་གསོལ་ལོ་ལེགས་ཉེས་སྟངས་འཛིན་མགོན། །ཁྲག་ལྡན་ 6-17-14a མཆེ་བའི་གངས་རི་སྐྱིན་ཐང་ཅན། །འབར་བའི་ལྗགས་འདྲིལ་དུག་མདའི་ཟེར་མ་འཚུབས། །སྟོང་གསུམ་གཡོ་བ་དྲག་པོའི་གད་རྒྱངས་ཅན། །གསོལ་ལོ་མཆོད་དོ་གསང་ཆེན་བྱ་ ར་བ། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་རུས་དོན་སྙིང་གཏོར་མ་རི་ལྟར་སྤུངས། །དྲོད་རླངས་དབུགས་ཀྱི་ན་བུན་འཐིབས་པ་ཡི། །ཁྲག་ཆེན་དུག་ཆུའི་ཨརྒྷཾ་མཚོ་ལྟར་ འཁྱིལ། །སྣོད་བཅུད་རྣམ་དག་འོད་ལྔའི་ཟེར་མདངས་འཁྲུགས། །བདུད་རྩི་སྨན་གྱི་རྒྱ་མཚོ་ཆི་ལི་ལི། །གསུར་ཆེན་དུད་པའི་ཚོགས་ནི་སྤྲིན་ལྟར་འཁྲིགས། །སྣ་ཚོགས་དབང་པོའི་མེ་ ཏོག་འཇའ་ལྟར་བཀྲ། །རྐང་གླིང་དྲག་པོའི་རོལ་མོ་འབྲུག་ལྟར་སྒྲོགས། །འབར་བའི་དམ་རྫས་སྣ་ཚོགས་ཆར་ལྟར་འབེབས། །ངོ་བོ་བདེ་སྟོང་ཡེ་ཤེས་རང་བཞིན་ལ། །རྣམ་པ་མི་བཟད་ དྲག་པོའི་མཆོད་པའི་སྤྲིན། །མ་ཚང་མེད་པར་ལྷུན་གྱིས་གྲུབ་པ་འདིས། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྐྱོང་བ། །གསང་ཆེན་སྔགས་ཀྱི་སྲུང་མ་མཐུ་རྩལ་ཅན། །ཆོས་ཀྱི་ རྒྱལ་པོ་འཁོར་བཅས་མཉེས་གྱུར་ཅིག །འཇམ་དཔལ་དཔའ་བོ་བློ་ལྡན་མཆོག་སྲེད་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་བཀའ་བཞིན་དུ། །རྒྱལ་བསྟན་སྤྱི་དང་ནང་རྒྱུད་སྡེ་ 6-17-14b གསུམ་སྲོལ། །ཁྱད་པར་དཔལ་ཆེན་ཕྱག་རྒྱ་ཟིལ་གནོན་གྱི། ། བརྒྱུད་འཛིན་རྣལ་འབྱོར་སྙིང་གི་ཐིག་ལེར་སྐྱོངས། །རྣམ་བཞིའི་ཕྲིན་ལས་ཡིད་ལ་གང་འདོད་པ། །དམིགས་པ་ཙམ་གྱིས་ཁྱོད་ ལ་བཅོལ་བའི་བཀའ། །གུས་པས་གཙུག་ཏུ་ལོངས་ལ་ཐོགས་མེད་སྒྲུབས། །གསང་ཆེན་བསྟན་ལ་འཚེ་བའི་དམ་ཉམས་དང་། །ཡང་དག་ལམ་ལ་བར་དུ་གཅོད་པའི་བདུད། །སྔགས་ འཆང་བདག་ལ་གནོད་པའི་དགྲ་བགེགས་ཀྱི། །སྲོག་ལུས་དབང་ཐང་རིགས་བརྒྱུད་བཅས་པ་འདི། །འཆི་བདག་ནག་པོ་ཁྱོད་ཀྱི་ཟས་སྐལ་དུ། །གཏད་དོ་གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི། ། རྗེས་ཤུལ་ལྷག་མ་མེད་པར་སྐད་ཅིག་ལ། །རོལ་ཞིང་དགྱེས་པའི་གད་རྒྱངས་འབྲུག་སྟོང་ལྟར། །བསྒྲགས་པས་བདག་ཅག་དཔོན་སློབ་སྡེ་དང་བཅས། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོབས་ བསྐྱེད་ཅིང་། །མངོན་སྤྱོད་དྲག་པོ་ཕྲིན་ལས་མཐར་ཕྱིན་ནས། །ཟུང་འཇུག་ཧེ་རུ་ཀ་དཔལ་འགྲུབ་པར་མཛོད། །ཅེས་པ་འདི་ཡང་རང་ཉིད་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་བསྙེན་བསྒྲུབ་ལ་གནས་པའི་ཚེ་དགོས་པའི་ ཡན་ལག་ཏུ་མཐོང་ནས། ཟིལ་གནོན་དགྱེས་པ་བརྩལ་ཞེས་བྱ་བས་རབ་ཚེས་ལྕགས་འབྲུག་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་པའི་ཉིན་ཕྱེད་ཐུན་གསེང་ལ་བྲིས་པ་དགེ་ལེགས་འཕེལ་ལོ།། ༈ །།འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གཏེར་ 6-17-15a གྱི་སྲུང་མ་རྒྱ་ཆེན་སྡེ་བཞི་མཆོད་ཐབས་བཞུགས། བྷྱོཿ རིག་འཛིན་པདྨ་འབྱུང་གནས་དང་༔ གནུབས་ཆེན་རྡོ་རྗེ་ཡང་དབང་གིས༔ དམ་ལ་བཏགས་པའི་དྲག་ཤུལ་འཆང་༔ གསང་བ་སྙིང་འཛིན་གཏེར་བདག་རྣམས༔ བསྒྲུབ་པའི་སྡོང་གྲོགས་བྱེད་པ་དང་༔ རང་ཉིད་མཆོད་པ་བཞེས་སླད་དུ༔ གནས་འདིར་དད་པས་སྤྱན་འདྲེན་གྱིས༔ དམ་ཚིག་དབང་གིས་གཤེགས་ སུ་གསོལ༔ བཛྲ་ཨཾ་ཀུ་ཤ་ཛ་ཛ༔ གཏོར་མ། ཨོཾ་སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ༔ གཏོར་མ་ཟག་པ་མེད་པ་ཡེ་ཤེས་ ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃཿ ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུདྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་བ་ལིངྟ་ཁཱ་ཧི་སྭཱ་ཧཱ༔ ཞེས་སེ་ གོལ་དང་བཅས་ལན་གསུམ་མམ་བདུན་སོགས་ཀྱིས་ཕུལ། འདོད་དོན་གསོལ། ཕྲིན་ལས་བཅོལ། སྒྲུབ་པ་པོ་རྨི་ལམ་འཁྲུགས་པ་དང་སྙིང་མི་དགའ་བའམ་ཚིག་པ་ཟའམ་འགྲོ་སྙིང་འདོད་པའམ་ཤེས་པ་མི་བདེ་བ་ལ་སོགས་པ་བྱུང་ན་གཏེར་སྲུང་ གི་སྐྱོན་ཡིན་པས་ཆོས་སྐྱོང་ལ་གཏད་རྒྱ་བཀྲོལ་ཏེ། གཏེར་བདག་མཆོད་པ་ནི། སྔོན་དུ་ཟིལ་གནོན་གྱི་གཏོར་མ་བསྔོ། །དེ་འང་མཎྜལ་གྲུ་གསུམ་ནག་པོའི་ཁར། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། དྲག་པོའི་སྔགས་ཀྱིས་ལྷ་ཚོགས་ 6-17-15b ལ་ཕུལ་ལ་གསོལ་བ་བཏབ། གཡས་སུ་རྡོ་རྗེ་རྒྱ་གྲམ་དཀར་པོའི་སྟེང་། རིན་པོ་ཆེའི་སྣོད་ནང་དུ་རྩེ་ལྷ་མཐུ་བོ་ཆེ་ལ་ཟླུམ་གཏོར་དཀར་པོ་གཅིག་དང་། ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ་ལ་ཀླུ་བཤོས་འབྲས་ལྡན་དཀར་པོ། དེ་གཉིས་དཀར་གསུམ་ མངར་གསུམ་ར་དཀར་པོའི་འོ་ཆབ་ཀླུ་སྨན་བཅས་པ་དང་། གཡོན་ཕྱོགས་སུ་རྡོ་རྗེ་རྒྱ་གྲམ་དམར་པོའི་སྟེང་། ཡེར་བའི་རྫོང་བདག་ལ་བཤོས་བུ་ཟུར་གསུམ་དམར་པོ་དང་། ལྷ་སའི་བདུད་བཙན་ལ་གཤོས་བུ་གྲུ་བཞི་ནག་པོ་རྩེ་རྒྱལ། དེ་གཉིས་ ལ་ཤ་ཁྲག་གིས་བརྒྱན། དེ་ནས་ཞུ་བ་གསོལ། ཡོན་ཕུལ། བདག་གིས་ཐོད་བཅིངས་རྔ་བརྡུངས་ཤིང་འདི་སྐད་གྱེར་རོ༔ བྷྱོཿ འགྱུར་བ་མེད་པ་ཆོས་ཀྱི་སྐུ༔ ཆོས་སྐུ་འགྱུར་བ་མེད་པ་ལས༔ ལོངས་སྐུ་ཡ་མཱནྟ་ཀ་ བྱུང་༔ ལོངས་སྐུ་ཡ་མཱནྟ་ཀ་ལས༔ སྤྲུལ་སྐུ་ཚེ་བདག་ནག་པོ་བྱུང་༔ སྟོན་པའི་སྐུ་གསུང་ཐུགས་ལས་སྤྲུལ༔ བྷྱོཿ གཡུ་ཕུའི་རྩེ་ལྷ་མཐུ་བོ་ཆེ༔ ཆིབས་སུ་རྟ་དཀར་ཕྲུམ་མར་ཆིབས༔ སྐུ་ལ་དར་དཀར་སློག་པ་གསོལ༔ དབུ་ལ་དར་དཀར་བགྱིངས་ཐོད་བཅིངས༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ དར་དཀར་རུ་མཚོན་གནམ་དུ་འཕྱར༔ རྒྱུ་འཐུམས་སྙིང་གཟེར་དགྲ་ལ་ ཡ༔ དགྲ་བོའི་ཡུལ་དུ་དམག་དྲོངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཡེར་བའི་རྫོང་བཙན་མཐུ་བོ་ཆེ༔ ཆིབས་སུ་ཞུར་དམར་གདོང་གསུམ་ཆིབས༔ སྐུ་ལ་དར་ 6-17-16a དམར་བེར་ཆེན་གསོལ༔ དབུ་ལ་དར་དམར་འགྱིངས་ཐོད་བཅིངས༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ དར་དམར་རུ་མཚོན་གནམ་དུ་ཕྱར༔ བཙན་གྱི་ ཞགས་པ་ཀླད་ལ་བསྐོར༔ དམ་ཉམས་དགྲ་ལ་བཙན་ཞགས་རྒྱོབ༔ གྲི་ཐབས་ཕོ་གཟེར་དགྲ་ལ་ཡ༔ དགྲ་བོའི་ཡུལ་དུ་དམག་དྲོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བྷྱོཿ ལྷ་སའི་བདུད་བཙན་མཐུ་བོ་ཆེ༔ ཆིབས་སུ་བྲ་ནག་རྟིང་དཀར་ཆིབས༔ སྐུ་ལ་བེར་ནག་སུམ་བརྩེགས་གསོལ༔ དབུ་ལ་ཐོད་ནག་འདོམ་གསུམ་བཅིངས༔ སྟག་རལ་གཡས་ལ་ གཟིག་ཤུབ་གཡོན༔ དར་ནག་རུ་མཚོན་གནམ་དུ་ཕྱར༔ བདུད་ཞགས་ནག་པོ་མདའ་ལྟར་འཕེན༔ ཐིབས་ནད་ནག་པོ་དགྲ་ལ་ཡ༔ དགྲ་བོའི་ཡུལ་དུ་དམག་དྲོངས་ལ༔ བཅོལ་ བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོཿ ཀླུ་བདུད་རྡོ་རྗེ་སྤྱན་གཅིག་མ༔ ཆིབས་སུ་རུས་སྦལ་དཀར་ཁྲ་ཆིབས༔ སྐུ་ལ་སྡིག་པའི་གཡང་གཞི་གསོལ༔ དབུ་ལ་སྦྲུལ་གྱི་གདེངས་ ཀ་ཅན༔ སྲམ་གྱི་རྒྱལ་མཚན་གནམ་དུ་ཕྱར༔ སྦྲུལ་ནག་ཞགས་པ་ཀླད་ལ་བསྐོར༔ ཀླུ་ནད་མཛེ་ཤུ་དགྲ་ལ་ཡ༔ དགྲ་བོའི་ཡུལ་དུ་དམག་དྲོངས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་ 6-17-16b པར་མཛོད༔ འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་གཏེར་སྲུང་མཆོད་ཐབས་རྫོགས་སོ༔ སྒྲུབ་པ་བྱེད་པའི་དུས་སུ་ཚིག་པ་ཟ་བའམ༔ སྙིང་མི་དགའ་བ་སོགས་བྱུང་ན་གཏེར་སྲུང་གི་སྐྱོན་ཡིན་པས་འདིའི་མཆོད་ཐབས་ལ་བརྩོན་པར་ བྱའོ༔ འདི་ཞུ་དུས་གཏོར་མ་ཕུལ༔ དེ་ནས་ཞུ་བ་པོ་ལ་ལག་གཏོད་བྱས་ལ་ཆོས་ལག་ཏུ་གཏད༔ དེ་ལྟར་བྱས་ན་བྱིན་ཆེ་དབང་སྒྲུབ་གྱི་དུས་སོགས་སུ་མཆོད་པ་མ་བྱས་ན་འཁུ་ལྡོག་འོང་བར་གྲགས་ཤིང་དེ་ལྟར་མངོན་ནོ་གསུངས༔ དེ་ལྟར་ མ་བྱས་ན་སློབ་དཔོན་མཛེས་ཁྱེར༔ སློབ་མ་འཆིའམ་སྨྱོ༔ གནུབས་བུདྡྷས་གཡས་རུའི་རྫ་ལྷུད་མོའི་མཁའ་འགྲོ་མ་གྲོལ་འདེབས་ཀྱི་ས་རུ་སྦས་སོ༔ དེ་ནས་ཕྱིས་བླ་མ་རྒྱ་ཞང་ཁྲོམ་གྱིས་བཏོན༔ དྲེགས་པ་ཅན་བཞི་པོ་འདིས་བླ་མའི་ལས་ ཀ་བྱ་ཡི་གསུངས༔ ཆོས་སྐྱོང་དུ་བཟུང་ནས་གཏོར་མ་རེ་གུད་དུ་དགོས་གསུངས༔ སྙིང་འཛིངས་དང་སྟག་ཞོན་སྙིང་གཅིག་མའི་གཏད་རྒྱ་གྲོལ་བའི་གདམ་པ་གནུབས་བནྡེ་བདག་གིས་ཕྱི་རབས་གང་ཟག་གི་དོན་དུ་གཏེར་དུ་ཕྱོགས་གཅིག་ཏུ་སྦས་སོ༔ དྲེགས་ པ་ཅན་ལ་གཏད༔ འདི་ལས་ལྷག་པ་ཡོད་རེ་ན་ར་ཀན༔ ཨྠྀི༔ སརྦ་མངྒ་ལཾ། ༈ འདིར་ན་རག་དོང་སྤྲུགས་སོགས་སྤྲོ་ན་བྱ། ཚོགས་བྱིན་རླབས་ནི། རྃ་ཡྃ་ཁྃ། ཚོགས་གཞོང་ཆོས་ཀྱི་དབྱིངས་དང་མཉམ་པ་པདྨ་བྷཉྫ་ཡངས་པའི་ ནང་དུ་ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ངོ་བོ་ཟག་མེད་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་འདོད་རྒུ་རབ་འབྱམས་ཀྱི་སྤྲིན་ཕུང་མི་ཟད་པ་ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་དྲ་བ་ཆེན་པོའི་ 6-17-17a རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱི༔ ལན་གསུམ་གྱིས་བརླབས་སོ། །ཧཱུྃ། དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད། །བྱིན་རླབས་རྩ་བ་ཨོ་རྒྱན་རིན་པོ་ཆེ། །འགྲོ་མགོན་བློ་ལྡན་མཆོག་ སྲེད་སྤྲུལ་པའི་སྐུ། །དྲིན་ཆེན་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཞི་ཁྲོ་ཡི་དམ་འདུས་པའི་རང་བཞིན་ཅན། །དངོས་གྲུབ་རྩ་བ་མཁྱེན་རབ་འཇམ་དཔལ་དབྱངས། །ཕྱག་རྒྱ་ཟིལ་གནོན་འཁོར་འདས་སྤྱི་དཔལ་ གཙོ། །ཡི་དམ་ལྷ་ཚོགས་རྣམས་ཀྱི༴ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་སྟེ། །བར་ཆད་བསལ་མཛད་རྡོ་རྗེ་ཁྲོས་མའི་སྐུ། །རིགས་ཀྱི་ལྷ་མོ་དབྱངས་ཅན་བཻ་ཏཱ་ལི། །མ་སྲིང་མཁའ་འགྲོའི་ཚོགས་ཀྱི༴ རྒྱལ་བའི་སྤྱན་སྔར་ ཞལ་བཞེས་དམ་ཚིག་ཅན། །ཕྲིན་ལས་སྒྲུབ་མཛད་ཆོས་སྐྱོང་ཡོངས་ཀྱི་གཙོ། །མ་མགོན་གཟའ་རྡོར་སྡེ་བཞི་ལས་གཤིན་སོགས། །བསྟན་སྲུང་དམ་ཅན་རྒྱ་མཚོའི༴ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས། ། བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ། །རྩ་གསུམ་སྲུང་མའི་ཐུགས་དང་ཅི་འགལ་བ། །མཐོལ་ཞིང་བཤགས་སོ་ཚངས་པར་སྩལ་དུ་གསོལ། །ཞེས་པའང་གཏེར་རྙིང་གི་ཚིག་ལ་འབྱིན་འཇུག་གིས་ཟིལ་གནོན་དགྱེས་པ་ རྩལ་གྱིས་བསྡེབས་པའོ། །རྒྱས་པར་གཏེར་གཞུང་མདངས་སྐོང་བམ་སྐོང་སོགས་བྱའོ། ། ༈ སྤྱི་ཡི་རྒྱུག་བྱང་ཆད་ཐོ་ནི། ཧཱུྃ། སྔོན་ཚེ་བདེ་གཤེགས་རྒྱལ་བ་རྒྱ་མཚོ་ཡིས༔ གསང་ཆེན་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། འགྲོ་ 6-17-17b འདུལ་གྲུབ་པའི་རིག་འཛིན་མཆོག་རྣམས་ཀྱིས༔ ཡ་མཱནྟ་ཀའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ དམ་རྫས་ དཔལ་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཤྲཱི་དྷརྨ་པཱ་ལ་མ་ཧཱ་བ་ལིངྟ་ཁཱ་ཧི༔ བརྟན་མ་ནི། ཧཱུྃ༔ བོད་ཁམས་སྐྱོང་བར་ཁས་བླངས་བརྟན་མའི་ཚོགས༔ བདག་ཉིད་ཆེན་མོ་ལ་ སོགས་བདུད་མོ་བཞི༔ ཁ་རག་ཁྱུང་བཙུན་ལ་སོགས་གནོད་སྦྱིན་བཞི༔ གངས་ཀྱི་གཡུ་བུན་ལ་སོགས་སྨན་མོ་བཞི༔ སྐྱོང་མ་བཅུ་གཉིས་ལ་སོགས་འཁོར་བཅས་ཀྱིས༔ སྔོན་ཚེ་ཇི་ལྟར་དམ་བཅས་དེ་བཞིན་དུ༔ གཏོར་མ་ལོངས་ ལ་བྱམས་པས་གྲོགས་མཛོད་ཅིག༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི༔ བྲོ་བརྡུང་བ་ནི། ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཀུན་ཀྱང་འཇམ་དཔལ་གཤིན་རྗེའི་གཤེད༔ ཁྲོ་བོ་འདུས་པས་ནམ་མཁའ་གང་༔ ཁྲོ་མོ་འདུས་པས་ས་གཞི་གང་༔ ཁྲོ་ཆུང་འདུས་པས་བར་སྣང་གང་༔ ཐམས་ཅད་འདུས་པའི་ངང་ཉིད་ལས༔ ཡེ་ཤེས་ཆེན་པོའི་བྲོ་བརྡུངས་པས༔ དགྲ་བགེགས་དམ་སྲི་ཐལ་བར་བརླག༔ ཨོཾ་ལཾ་ཨཱ༔ ལཾ་ཧཱུྃ་ལཾ་དགྲ་བགེགས་དམ་སྲི་སྟམྦྷ་ཡ་ནན༔ བསྡུ་ལྡང་སྐབས། སླར་ཡང་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་སྐད་ཅིག་གིས་ཡ་མཱནྟ་ཀའི་སྐུར་ལམ་གྱིས་གསལ་བའི་ 6-17-18a གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་གྱུར། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་ལ་ཨོཾ་ཨཱཿཧཱུྃ་བཛྲ་ཀ་ཝཱ་ཙི་རཀྵ་བྷྲཱུྃ་ཞེས་གོ་བགོའོ། ། སྨད་ལས་དང་འབྲེལ་ན་སྟོང་ན་ཚིག་གྲུབ་འཕྲོས་སུ། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་གནམ་ལྕགས་ཀྱི་སོ་དང་སྤུ་གྲིའི་དཔལ་ཅན་གྱི་མཚོན་ཆ་སྣ་ཚོགས་པའི་རང་བཞིན་དུ་འཕྲོས་པས་གནོད་ བྱེད་ཐམས་ཅད་མྱལ་མྱལ་གཅོད་པར་གྱུར། ཨྱཻ་རིང་གཟིར་ཤམ་ཅན་དང་། ཡང་ལྷ་ཚོགས་རྣམས་ཀྱི་སྐུ་ལས་རྡོ་རྗེ་མེ་འོད་གནམ་ལྕགས་ཞུན་མའི་ཚྭ་ཚྭ་ལྟར་འཕྲོས་པས་གནོད་བྱེད་ཐམས་ཅད་ཆོམ་ཆོམ་ཐུལ་གྱིས་བསྲེགས་པར་བསམས་ ལ། ཨྱེ་རིང་ཟློག་སྤྱང་མཐར་ཐལ་རྡེབ་བྱ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། མཆོད་བསྟོད་གསལ་སྒྲོན་ཁ་བསྒྱུར་ཅན་ཁྱུང་བསྐུལ་མཇུག་བར་བཏང་རྭ་ཟོར་ངར་འདོན་འགུག་སྒྲལ་སྟབ་པ་བཅས་གྲུབ་ནས་གུ་གུལ་བདུག་ཅིང་། ཨེ་བྷྲཱུྃ་ཞེས་བརྗོད་པས་ཐུན་སྣོད་གྲུ་ གསུམ་ཨེ་ཡི་དབྱིངས་ནམ་མཁའ་ལས་ཀྱི་བཙོན་ཁང་དུ་གྱུར། དུག་ཁྲག་བྱུག་ལ་རཀྟ་ཛྭ་ལ་མཱ་ར་ཡ་ཕཊ༔ བི་ཥ་ཧ་ལ་ཧཱུྃ༔ མོན་པ་ཕོ་མོ་རྣམས་ཀྱིས་དུག་མཚོན་གྱི་ཆར་དབབ་པར་བསམ། ཐུན་བྲབས་ལ། སྐུ་གསུང་ཐུགས་ སྔགས་དང་། ནྲྀ་ཏྲི་གནོད་བྱེད་དགྲ་བགེགས་ཀྱི་སྲོག་ལ་ཐུན་རླུང་བྷྱོ༔ བྱད་མ་གནོད་བྱེད་ཀྱི་སྲོག་ལ་ཐུམས་རི་ལི་ལི་བྷྱོ༔ རྭ་ཟོར་གཤིན་རྗེ་ལས་ཀྱི་བཙོན་ཁང་ཨེ་ཡི་སྣོད་ནམ་མཁའ་དང་མཉམ་པ་མེ་རི་ཁྲག་མཚོ་ཐོག་སེར་ 6-17-18b འཁྲུགས་པའི་ཀློང་ན་ལས་ཀྱི་གཤིན་རྗེའི་ཚོགས་སྤྲུལ་པའི་ཕོ་ཉ་སྣང་སྲིད་ཀྱི་དྲེགས་པ་བསམ་གྱིས་མི་ཁྱབ་པ་བཟོད་པར་དཀའ་བའི་ཚུལ་དུ་ཁྲོ་ཞིང་རྔམས་པས་དགྲ་བགེགས་རྡུལ་དུ་བརླག་པའི་ལས་བྱེད་པར་བསམས་ལ། མཆོད་བསྟོད་མཐར་དབྱུང་ཚོགས་མཆོད་བཤགས་བཅས་གྲུབ་ནས་གསེར་སྐྱེམས། ཧཱུྃ། རིག་འཛིན་རྩ་བརྒྱུད་སོགས། གཟུ་དཔང་ནི། ཧཱུྃ༔ ཆོས་དབྱིངས་དྲག་པོ་ཨེ་ཡི་དཀྱིལ་འཁོར་ནས༔ འཇམ་དཔལ་ཁྲོས་པའི་ལྷ་ཚོགས་འཁོར་དང་བཅས༔ མི་མངོན་དབྱིངས་ནས་གསན་ཅིང་དགོངས་སུ་གསོལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་པོ་མཛོད༔ ཧཱུྃ༔ མཁའ་ལྟར་ཡངས་ཀྱང་སྤྲིན་ལྟར་གཏིབས་ནས་བྱུང་༔ སྟེང་གི་ལྷ་རྣམས་གཟུ་དང་དཔང་མཛོད་ ཅིག༔ མཚོ་ལྟར་དལ་ཀྱང་དཔའ་ལྟར་རླབ་ཏུ་བྱུང་༔ འོག་གི་ཀླུ་རྣམས་གཟུ་དང་དཔང་མཛོད་ཅིག༔ གངས་ལྟར་དཀར་ཀྱང་གཡའ་ལྟར་གནག་ཏུ་བྱུང་༔ ལྷ་སྲིན་སྡེ་བརྒྱད་གཟུ༴ གྲི་ལྟར་བྲོས་ཀྱང་གཤེད་ལྟར་ འདེད་དུ་བྱུང་༔ བསྟེན་པའི་ལྷ་སྲུང་གཟུ༴ བྱིའུ་ལྟར་བྲོས་ཀྱང་ཁྲ་ལྟར་འདེད་དུ་བྱུང་༔ གཞི་བདག་གཉན་པོ༴ ངན་པའི་སེམས་ལ་ནམ་ཡང་མཛའ་དུས་མེད༔ ནག་པོ་བརྩེགས་པའི་དུག་ལ་ཧབ་ཤ་བྱེད༔ འབྱུང་བ་དངས་མའི་ཆུ་ལ་སྐྱོགས་ཀྱིས་བཅུས། །ཉེས་མེད་དྲང་པོའི་ལམ་ལ་གནས་པ་ཡི༔ རྣལ་འབྱོར་བདག་ལ་དམ་ཉམས་དགྲ་བོས་བརྡོས༔ ཆོས་སྐྱོང་སྲུང་མ་མེད་དམ་ཕྲིན་ལས་མཛོད༔ ཕུད་མཆོད། 6-17-19a ཨྱཻ་རིང་ཚར་གཅིག་གིས་སྤྲུལ་པ་སྤྲོ།། ༈ །།འགུགས་པ་དང་ལྷ་དབྱེའི་རྒྱུག་བྱང་བཞུགས། རྟེན་གསལ་བ་ནི། ཨེ་རཾ་ཛྭ་ལ་རཾ། མདུན་དུ་ཨེ་ ནག་པོ་ཡོངས་སུ་གྱུར་པ་ལས་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ་ཁ་དོག་ཅིང་མཐིལ་ཡངས་པ་ཟིན་ནས་ཐར་ས་མེད་པ་སྟེང་ན་གཏི་མུག་གི་མུན་པ་འཐིབས་པ་འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་ བ། བར་ན་ཞེ་སྡང་གི་མེ་འབར་བ། ནད་མཚོན་དུག་གི་བུ་ཡུག་འཚུབས་པ་ལས་ཀྱི་རླུང་དམར་དྲག་པོ་འཁྲུགས་པའི་དབུས་ན་ལས་བྱེད་ཀྱི་ཕོ་ཉ་སྐར་ལྟར་འཁྲུགས་ཤིང་གློག་ལྟར་འཁྱུག་པ་སྲིད་པ་གསུམ་ གྱི་སྡིག་ཅན་མ་ལུས་པ་བསྒྲལ་བའི་གཤིན་རྗེའི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་འམ་ཏྲི་དུད་ཁ་ལས་འོད་ཟེར་འཕྲོས་དགྲ་བགེགས་བྱད་མའི་བཀྲག་མདངས་ཐམས་ཅད་བསྡུས་ནས་ཐིམ་པ་ཡོངས་སུ་ གྱུར་པ་ལས། དགྲ་བགེགས་བྱད་མ་ཐམས་ཅད་འདུས་པའི་ངོ་བོ་གཟུགས་རིད་ཅིང་ཉམ་ཐག་པ་མྱ་ངན་གྱི་འདུག་སྟངས་ཅན་ཡན་ལག་ལྕགས་སུ་བཅུག་པ་བུ་ག་དགུ་ནས་ཁྲག་འཛག་ཅིང་གཅེར་ བུ་སྐྱབས་དང་བྲལ་བ་མངོན་སུམ་བཞིན་དུ་གསལ་བར་གྱུར། ཕོ་ཉ་འགྱེད་པ་ནི། བདག་ཉིད་ཀྱི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་ཁྲོ་བོ་ཁྲོ་མོ་བཀའ་སྲུང་དྲེགས་བྱེད་དང་བཅས་པའི་ཐུགས་ 6-17-19b དམ་བསྐུལ་བ་ལས་ཕྱག་རྒྱ་བཞི་སོགས་སྤྲུལ་པའི་ཕོ་ཉ་བུ་ཡུག་འཚུབས་པ་ལྟར་འཕྲོས་པས་གང་ལ་དམིགས་པའི་དགྲ་བགེགས་ཐམས་ཅད་ལྕགས་ཀྱུ་ཅན་གྱིས་སྙིང་ནས་བཟུང་ཞགས་པ་ཅན་ གྱིས་ཡན་ལག་བཅིང་ལྕགས་སྒྲོགས་ཅན་གྱིས་མགུལ་ནས་བསྡམ། དྲིལ་བུ་ཅན་གྱིས་མྱོས་སུ་བཅུག །འཇིགས་པའི་མུན་པས་མདུན་ནས་བསུས་ལས་ཀྱི་རླུང་གིས་རྒྱབ་ནས་དེད། ལས་ བྱེད་ཕོ་ཉའི་ཚོགས་ཀྱིས་རྒྱོབ་སོད་ཀྱི་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དུ་སྒྲོགས་ཤིང་ཤོག་སྐྱ་རླུང་གིས་ཁྱེར་བ་ལྟར་རང་དབང་མེད་པར་ནམ་མཁའ་ལ་གཡུག་བར་སྣང་ལ་བསྐོར་ས་གཞི་ལ་བསྡབ་ཅིང་ སྙིང་ཧེད་ཧེད་འདར་ཡེད་ཡེད་བྲུབ་ཁུང་གི་ལིང་ག་ལ་ཐིམ་པར་གྱུར། ཞེས་དམིགས་པ་དྲག་ཏུ་གཟིར་ཞིང་ལྕགས་ཀྱུའི་ཕྱག་རྒྱ་བཅས། ཛཿ ན་མོ་རིག་འཛིན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་ གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཇམ་དཔལ་གཤིན་ 6-17-20a རྗེ་གཤེད་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། འདིར་ཁ་བསྒྱུར་སོགས་གང་ འདོད་བྱ། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་ཞེས་སམ། རྒྱུ་འབྱོར་པ་ཡོན་གྱི་བདག་པོ་ལ་ཞེས་སམ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་ བཅས་པ་རྣམས་ལ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་ཤོམས་པ། ད་དགྲ་ཐད་དུ་ལངས་པ། གཟུགས་ཅན་སྡང་བའི་དགྲ། གཟུགས་མེད་གནོད་བྱེད་ཀྱི་བགེགས། བསམ་ ངན་སྦྱོར་རྩུབ་ཆག་ཆེ་ཉམས་ང་བྱད་ཕུར་བར་ཆད་གཏོང་བའི་རིགས་སུ་གྱུར་པ་ཐམས་ཅད་དམིགས་པའི་རྟེན་འདི་ལ་གཉིས་སུ་མེད་པར་ཁུག་ཅིག །བླ་འགུགས་སྔགས་བཅས་རོལ་མོ་དྲག་ཏུ་བརྡུང་ཞིང་ དར་གྱི་གཡབ་མོས་བཀུག་པར་བྱའོ། །དེ་ནས་འགུགས་པ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། རྩ་བ་གསུམ་གྱི་བྱིན་རླབས་དང་། མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་དང་། ཕྱག་རྒྱ་ཟིལ་ གནོན་བདེན་པའི་མཐུས། ཚིག་རྐང་འདི་ཁ་བསྒྱུར། གནོད་བྱེད་དགྲ་བགེགས་བྱད་མ་རྣམས། དམིགས་རྟེན། ལིང་ག་འདི་ལ་མྱུར་དུ་ཁུགཿ ཅེས་དང་། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ 6-17-20b ཆོས་སྐྱོང་སྲུང་མའི་བཀའ་ཡི་བདེན་པས་དགྲ་བགེགས་བྱད་མ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག་ཛཿཧཱུྃ་བྃ་ཧོ༔ བླ་འགུགས་སྔགས་ནི་ཡི་དམ་ཆོས་སྐྱོང་གང་བྱེད་སྔགས་ཤམས་ལ་སྦྱར་དགོས་ཀྱང་འདིར་གཤིན་ རྗེ་ལ་མཚོན་ན། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་ཐམས་ཅད་ཛཿཧཱུྃ་བྃ་ཧོ། དགྲ་བགེགས་བྱད་མའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོགས་མྱོགས༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོགས༔ ལིང་ཤག༔ ལིང་ཐུམས༔ ཙ་མུནྟྲི་ཛཿཧཱུྃ་བྃ་ཧོ༔ ཞེས་བླ་འགུགས་ཀྱི་སྔགས་བསྐྱེད་ལ་རྟགས་བྱུང་གི་བར་དུ་བཟླ། མཐར། ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོཊ་བཾ༔ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོ༔ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ༔ དབྱེར་མེད་སྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱཿ ཞེས་བྱའོ། ། དེ་ནས་ལྷ་དབྱེ་བ་ནི་ཡེ་ཤེས་དང་འཇིག་རྟེན་གྱི་དྲག་བྱེད་ཐམས་ཅད་ཀྱི་མཐུ་སྟོབས་བསྐུལ་བས་བྱ་རོག་དང་འུག་པའི་གདོང་ཅན་གཉིས་སུ་བྱུང་ནས་དགྲ་བོ་དང་ལྷ་རྣམས་ལ་སྲན་ཕུང་རྡོས་གཏོར་བ་ལྟར་ཕྱེ་བར་བསམས་ལ། ཧཱུྃ༔ མ་ཉེས་མ་ལན་ དཀོན་མཆོག་གསུམ༔ བདེ་གཤེགས་རྣམས་ཀྱིས་གཟུ་དཔང་གྱིས༔ ཞལ་ལྕེ་ལྷ་སྲིན་ཡོངས་ཀྱིས་ཆོད༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན༔ བསྟན་པ་བཤིག་པའི་དམ་ཉམས་འདིའིཿ 6-17-21a སྲུང་སྐྱོབ་མགོན་སྐྱབས་མ་བྱེད་ཅིག༔ བདག་ཅག་མི་ནོར་འཁོར་བཅས་ལ༔ སྡང་བའི་སེམས་དང་རྩུབ་པའི་སེམས༔ གདུག་པའི་སེམས་དང་མི་མཐུན་སེམས༔ གནོད་པའི་སྦྱོར་བ་བྱེད་པ་ཡི༔ མི་དང་མི་མིན་ཐམས་ཅད་ཀྱི༔ སྟོབས་དང་ནུས་པ་ཐམས་ཅད་ཤིག༔ མཐུ་དང་རྫུ་འཕྲུལ་ཐམས་ཅད་ཕྲོག༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་རྣམས༔ འདི་ཡི་ ཤ་ཟོ་ཁྲག་ལ་འཐུངས༔ ཁྲམ་ལ་ཐོབ་ལ་སྲོག་རྩ་ཕྲོལ༔ སྐུར་ཅིག་རྩ་བ་རླུང་ལ་སྐུར༔ སྨྱོ་འབོག་མྱོས་དང་བརྒྱལ་དུ་ཆུག༔ བདག་ལ་གནོད་པའི་དམ་ཉམས་འདིར༔ རང་ཤ་རང་གིས་ ཟ་རུ་ཆུག༔ རང་ཁྲག་རང་གིས་འཐུང་དུ་ཆུག༔ རང་མཚོན་རང་ལ་འཛུག་ཏུ་ཆུག༔ རང་གཤེད་ཕོབ་ཅིག་དྲེགས་པའི་ཚོགས༔ བཀའ་ཡི་ཆད་པ་འདི་ལ་ཆོད༔ མྱུར་དུ་ཕོབ་ཅིག་དྲེགས་ པའི་ཚོགས༔ ལས་འདི་མྱུར་དུ་གྲུབ་པར་མཛོད༔ ཡེ་ཤེས་ལྷ་རྣམས་དབྱིངས་སུ་གཤེགས༔ འཇིག་རྟེན་ལྷ་རྣམས་རང་གནས་དེངས༔ དགྲ་བོ་སྐྱོབ་བྱེད་ལྷ་སྲུང་རྣམས༔ ཕྲོལ་ཅིག་ཨུ་ཙ་ཊ་ཡ་ཕཊ༔ ལྷ་དབྱེའི་སྔགས་བཟླའོ།། ༈ །།ལྷ་དབྱེའི་སྔགས་བྱང་བཞུགས། ཨ་ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས༔ མ་མ་ཏྲག་རཀྴ་མཱ་ར་ཡ་ཕྱེས༔ ཨོཾ་དགྲ་བོ་ཡུལ་ཤ་ཕཊ༔ ཨོཾ་དགྲ་ 6-17-21b བོ་དགྲ་ཤ་ཕཊ༔ ཨོཾ་དགྲ་བོ་མོ་ཤ་ཕཊ༔ ཨོཾ་དགྲ་བོ་སྲོག་ཤ་ཕཊ༔ ཨོཾ་དགྲ་བོ་སྙིང་ཤ་ཕཊ༔ ཨོཾ་དགྲ་བོ་ལྷ་ཤ་ཕཊ༔ ཡཾ་ཡཾ་ཡ་ཏྲི་ཕྱེས༔ མཾ་མཾ་མ་ཏྲི་ཕྱེས༔ སྦུ་སྦུ་བུ་ཏྲི་ཕྱེས༔ ཁ་འུར་ པ་འུར་པ་ཤག་ཕྱེས༔ རུ་ཏྲ་ནི་ལྷ་དང་ཕྱེས༔ རུ་ཏྲ་ཧབ་ལེ་ཧོབ་ལེ་ཤག་ཕྱེས༔ དྷེ་བ་ཤག་ཕྱེས༔ བྷ་རི་ཤག་ཕྱེས༔ ན་སུ་ཡེ་ཤག་ཕྱེས༔ མ་མ་ཀ་སུ་ཡེ་ཤག་ཕྱེས༔ ཀ་ཁ་ག་ གྷ་ང་ཡཾ་དགྲ་བོ་འདི་སྐྱོབ་བྱེད་ཀྱི་ལྷ་དང་ཕྱེས་ཤིག༔ བརྟེན་པའི་ལྷ་གནོད་པའི་བདུད་དུ་ཕོབ་ཅིགཿ གནོད་བྱེད་ཀྱི་འདྲེ་དང་སྤྲོད་ཅིག༔ ལུས་ངག་ཡིད་གསུམ་ལིང་གའི་རྟེན་ལ་ཕོབ་ ཅིགཿ ཤག་ཤག་དགྲ་བོའི་བླ་ཤག༔ ཤེལ་ཤེལ་དགྲ་བོའི་བླ་ཤེལ༔ ཕུང་ཕུང་དགྲ་བོའི་བླ་ཕུང་༔ དགྲ་བོ་ལྷ་དང་བཅས་པ་ཤིག་ཤིག་རྦད་རྦད༔ གནོད་བྱེད་དགྲ་བོ་རྣམས་ཀྱི་བླ་ ཁུག་ཅིག༔ ཨཾ་གུ་ཤ་ཛ་ཛ༔ ཞེས་ལྷ་དབྱེའི་སྔགས་བྱང་ཟབ་མོ་ཀུན་ལ་གསང་། གསང་རྫས་བདུག་ཐུན་བྲབས་དམིགས་པ་གཟིར་བས་དགྲ་བོ་སྐྱོབ་པའི་ལྷ་དང་གཉེན་ཚན་ཐམས་ཅད་བྱ་རོག་རྡོས་བསྐྲོགས་པ་ལྟར་འབྱུང་ངེས་སོ། ། དེ་ནས་བསྒྲལ་ན་ཨ་བོ་ཙི། །ང་རྒྱལ་ཅན་ལ་ཞེ་རེ་ཚིམ། །བསྟན་པའི་དགྲ་ལ་ཐབས་རེ་ཟབ། །སྔགས་ནག་རྣམས་ཀྱི་མཚོན་ཆ་ཡིན། །དགེའོ། ། ༈ ཧཱུྃ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་ 6-17-22a མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཆེན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་དག་བསྲེག་བྱེད་ན། །སངས་རྒྱས་ཐམས་ ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཨེ་མ་བདག་ཉིད་ཆེན་པོ་སྟེ། །བསད་པས་སངས་རྒྱས་བྱང་ཆུབ་ཐོབ། །སླར་ཡང་བརྩེ་བས་སེམས་ཅན་རྣམས། །བསད་པར་བྱ་བས་བསད་པར་ བྱ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱའོ། །འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མ་ ལུས་ཀུན་ཉོན་ཅིག །རྡོ་རྗེ་རྣོན་པོ་འཇམ་དཔལ་གྱི། །ཐུགས་རྗེའི་ངང་དང་ཤེས་རབ་དང་། །ཐབས་མཁས་པ་ཡི་བྱིན་རླབས་ཀྱིས། །འགྲོ་བ་ཐམས་ཅད་སྲུང་བར་མཛད། །འགྲོ་བའི་བདག་པོའི་ཚེ་དང་སྲོག །གསོན་པོ་བདེ་ བར་བར་གཅོད་པ། །བདག་དང་གཤིན་རྗེ་འཁོར་བཅས་ཀུན། །བཅོམ་ཞིང་གསོད་པའི་གཤེད་པོ་ནི། །འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་དེས། །ཁ་ཊཱཾ་ཐོད་པ་ མི་བཟད་པས། །གཤིན་རྗེ་བཅོམ་ནས་བསད་པར་བྱ། །རྡོ་རྗེའི་མཚོན་གྱིས་གང་བསད་པ། །སྲོག་ནི་ལོག་རྟོག་རྡོ་རྗེར་ཤི། ནམ་ཡང་ལྡང་བའི་དུས་མེད་པས། །སླར་སྐྱེ་བ་དག་ག་ལ་ཡོད། །འཆི་བ་མེད་པར་ 6-17-22b སྲོག་འདོན་པ། །རྡོ་རྗེའི་སྲོག་རྩ་རླུང་ལྟ་བུ། །ཡང་དག་བསྒྲལ་བ་རྡོ་རྗེའི་ཚེ། །སྐྱེ་ཤི་མེད་པའི་ས་ལ་འགོད། །འཇམ་དཔལ་རྡོ་རྗེས་རྒྱུད་ལས་བཏུས། ། ༈ བདག་དང་མདུན་གྱི་ཟོར་རྫས་རྣམས་དྲག་པོའི་དཀྱིལ་འཁོར་ ལས་སྤྲུལ་པའི་ཟོར་བདག་དྲེགས་པ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱིས་བསྡུས་པ་མ་ཚང་བ་མེད་པ་ཐམས་ཅད་དགྲ་བགེགས་བྱད་མའི་སྟེང་དུ་ཁྲོས་འཁྲུག་རྔམ་པར་གྱུར་པའི་ཚོགས་ལས་ཁྲོ་ཆུང་དུག་མཚོན་གྱི་སྤྲིན་དྲག་སྔགས་ཀྱི་ འབྲུག་སྟོང་ལྡིར་ཞིང་ནད་མཚོན་སོགས་གདུག་པའི་ཐོག་ཆར་དྲག་ཏུ་འབེབས་པ་ཕྱོགས་བཅུར་འཕྲོས་པས་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ དང་ཁྱད་པར་དུ་དགྲ་བགེགས་བྱད་མ་རྣམས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་སྦུར་མ་རླུང་གིས་དེད་པ་བཞིན་བསྡུས་ཏེ་གནོད་བྱེད་དེ་དག་གི་སྟེང་དུ་ཕབ་པས་སྲུང་འཁོར་སྡེ་རིས་དང་བཅས་པ་ནག་ཐུལ་གྱིས་རྗེས་ མེད་དུ་རླག་པར་གྱུར། ཟློག་སྔགས་བཟླ་མཐར་བདེན་སྟོབས་དང་། སྔོན་ལས་འཕྲལ་རྐྱེན་ངན་པ་འགལ་རྐྱེན་བར་ཆད་མི་མཐུན་པའི་རིགས་སུ་གྱུར་པ་ཐམས་ཅད་དང་ཁྱད་པར་དུ་ཕ་རོལ་མི་དང་མི་མ་ཡིན་པའི་བསམ་ ངན་སྦྱོར་རྩུབ་རྦད་འདྲེ་རྦད་གཏོང་ཆག་ཆེ་ཉམ་ང་ལྟས་ངན་བར་ཆད་མི་མཐུན་པའི་འཚེ་བ་གང་དང་ཅི་མཆིས་པ་ཐམས་ཅད་དགྲ་བགེགས་བྱད་མ་ཁོ་རང་གི་སྟེང་དུ་ཟློག་ཅིག་སྒྱུར་ཅིག་མཱ་ར་ཡ་རྦད་ཟློག༔ བཟློག་པ་མི་མཐུན་བར་ཆད་ཀུན་འཇོམས་ཞེས་བྱ་བ་བཞུགས། 6-17-23a ཧཱུྃ། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །དཔལ་ཆེན་འཁོར་བཅས་དྲག་ པོའི་ཕྲིན་ལས་མཛོད། །ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་བདག་པོ་གསུམ། །གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་བཅས། །ཁྲོ་མཆོག་ཡ་མཱནྟ་ཀའི་ལྷ་ཚོགས་རྣམས། །སྔོན་གྱི་ཐུགས་ དམ་ཆེན་པོའི་དམ་ཚིག་བཞིན། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ནས། །རིག་འཛིན་རྣལ་འབྱོར་བདག་རྒྱུ་འབྱོར་ཡོན་གྱི་བདག་པོ་འཁོར་བཅས་ལ། ཅག་འཁོར་བཅས་ལ། །རྣམ་རྟོག་དུག་ལྔའི་རང་མདངས་ལས་བྱུང་བའི། །སྔོན་ གྱི་ལས་དང་ཕྲལ་གྱི་རྐྱེན་གྱུར་པ། །དགྲ་གྱོད་མི་ཁ་དམོད་བྱད་དལ་ཡམས་བཟློག །སྡེ་བརྒྱད་གདུག་རྩུབ་ལྟས་ངན་ཆོ་འཕྲུལ་བཟློག །ནད་གདོན་བར་ཆད་ཆགས་ ཆེ་ཉམ་ང་བཟློག །མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་བཟློག །རང་བྱུང་ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས། །སྣ་ཚོགས་འབར་བའི་ཕྱག་རྒྱ་ཤར་བ་ཡི། །རྫས་སྔགས་ཏིང་འཛིན་དམིགས་ པའི་འཁྲུལ་འཁོར་གྱིས། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག །བསྒྱུར་རོ་གནོད་བྱེད་དགྲ་དང་བགེགས་ལ་བསྒྱུར། །བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་ 6-17-23b ཤིང་བྱ་ཟླ་དྲུག་ཚེས་བཅོ་ལྔའི་མཚན་མོར་ཟིལ་གནོན་དགྱེས་པ་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ་ལོ། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡ་མ་ཧཱ་ཤ་རི་ཨེ་ས་བྷྱོ་བཟློག་རྦད་ཡ༔ ཞེས་སོ་བཀྲ་ཤིས༔ སྐབས་འདིར་གཏེར་གཞུང་ ལྕགས་སྡིག་གི་ཟློག་པའང་གྱེར་ཞིང་བསྡུ་ན་འདི་ཁོ་ན་གྲངས་བསགས་ཀྱང་ཆོག་ལ་མཐར་འོག་ནས་འབྱུང་བའི་ཐུན་གཏོར་གཏོང་། མཆོད་བསྟོད་གསལ་སྒྲོན་མི་ལྕོགས་པའམ་བསྒྲལ་བའི་དབུ་སོགས་སུ་བསྐུལ་བ་དགོས་ན། ཧཱུྃ༔ ཁྲོ་རྒྱལ་ གཤིན་རྗེ་ནག་པོ་ཡབ་ཡུམ་དང་༔ སྲོག་གི་བདག་པོ་ཡབ་ཡུམ་མིང་སྲིང་བཅས༔ བསྟན་པ་སྲུང་བའི་ལྷ་མཆོག་འཁོར་བཅས་རྣམས༔ གནས་འདིར་གཤེགས་ཤིང་བརྟན་པར་བཞུགས་སུ་ གསོལ༔ བཅོམ་ལྡན་ཕྱག་རྒྱ་ཟིལ་གནོན་ཡབ་ཡུམ་དང་༔ ཚེ་བདག་འཆི་བདག་སྲོག་གི་བདག་པོ་གསུམ༔ གཤེད་བཞི་མོན་བདུད་འཆི་བདག་སྒོ་སྲུང་དང་༔ དྲག་པོའི་ལས་མཛད་ ཕོ་ཉ་དམ་ཅན་བཅས༔ ལྷ་མཆོག་ཡ་མཱནྟ་ཀ་ཡི༔ དཀྱིལ་འཁོར་བཅས་པ་ཁྱེད་རྣམས་ཀྱི༔ མཛད་པ་མ་ལུས་བདག་གིས་བགྱིད༔ སངས་རྒྱས་བསྟན་པ་བདག་ སྲུང་བས༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཡ་མཱནྟ་ཀའི་དཀྱིལ་འཁོར་འདིར༔ བདག་གི་བསམ་པ་འགྲུབ་པ་དང་༔ བསྟན་པ་གཉན་པོ་སྲུང་དུ་གསོལ༔ 6-17-24a མ་མོ་གཤིན་རྗེ་བདུད་དང་བཙན༔ གཟའ་ཀླུ་རྒྱལ་པོ་གནོད་སྦྱིན་ལྷ༔ སྣང་སྲིད་དྲེགས་པ་འཁོར་དང་བཅས༔ འཇམ་དཔལ་གཤེད་པོའི་སྤྱན་སྔ་རུ༔ ཇི་ལྟར་ ཁས་བླངས་དམ་བཅས་བཞིན༔ གདུང་བའི་ང་རོས་བདག་འབོད་ཀྱི༔ དམར་གྱི་གཏོར་མའི་དམ་ལ་འདུས༔ ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས༔ དམ་རྫས་བདུད་ རྩིའི་གཏོར་མ་ནི༔ དགྲ་བགེགས་ཤ་ཁྲག་ངོ་བོ་རུ༔ རྔམ་པའི་ཞལ་དུ་མཐུན་པའི་རྫས༔ དམིགས་ཀྱིས་འབུལ་ལོ་བཞེས་སུ་གསོལ༔ བདག་དང་བསྟན་ལ་འཚེ་བ་ཡི༔ དགྲ་ བགེགས་རྩད་ནས་བཅད་པ་དང་༔ ཇི་ལྟར་བཅོལ་བའི་ཕྲིན་ལས་ཀུན༔ ཐོགས་མེད་ཡིད་བཞིན་འགྲུབ་པར་མཛོད༔ ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་པ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མི་ཕམ་པས་རྒྱུད་ལས་བཏུས། བཀྲ་ཤིས།། ༈ །། ལས་གཤིན་གསོལ་བསྡུས་བར་ཆད་ཀུན་སེལ་ནི། ཧཱུྃ། འདི་ནས་དཔག་ཚད་བརྒྱད་ཁྲིའི་འོག །ཐོད་པ་ལྕགས་ཀྱི་མཁར་ནང་ན། །གཤིན་རྗེ་ཀུན་གྱི་སྡེ་དཔོན་ནི། །བདུད་པོ་མི་ཟན་ 6-17-24b སྐྱེ་འགྲོའི་བདུད། །བྱེ་བ་གུང་རིང་སུས་མི་བཟློག །མེ་ལྕེ་གློག་གི་ཕྲེང་བ་ཅན། །ཡུམ་ནི་གཏུམ་མོ་དུག་ཧྲུལ་མ། །བཀའ་ཉན་གཤེད་ཆེན་ཡབ་ཡུམ་བཞི། །འཆི་བདག་བཅུ་གཉིས་ཕོ་ཉར་ བཅས། །ཡབ་གཅིག་འཇམ་དཔལ་བཀའ་བྱུང་གིས། །དམ་རྫས་གཏོར་མ་འདི་བཞེས་ལ། །བདག་དང་བསྟན་ལ་འཚེ་བ་ཡི། །དགྲ་བགེགས་མ་ལུས་ཚར་གཅོད་ཅིང་། །བཅོལ་བའི་ཕྲིན་ ལས་འགྲུབ་པར་མཛོད། །ཨོཾ་ཡ་མ་རཱ་ཛ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་མ་ཧཱ་བ་ལིང་ཏ་ཁཱ་ཧི། རྒྱུད་ནས་བཏུས་པ་དགེ ༈ །།ཡཿ མཐིང་ནག་ཨེ་ཡི་དཀྱིལ་འཁོར་ནས། །འཇམ་དཔལ་ཁྲོས་པའི་ བཀའ་ཉན་པ། །ནག་པོ་མི་བཟད་སྲིན་པོའི་གཟུགས། །ཁམས་གསུམ་ཡོངས་ཀྱི་ཚེ་སྲོག་བདག །གཤིན་རྗེའི་རྒྱལ་པོ་སྟོབས་པོ་ཆེ། །རྡོ་རྗེ་བེ་ཅོན་ཀླད་ལ་ཕྱར། །ཐོད་པར་གདུག་པའི་སྙིང་ཁྲག་ འཐུང་། །ཧ་ཧ་ཧེ་ཧེའི་གད་བརྒྱངས་ཅན། །དུར་ཁྲོད་རྒྱན་གྱིས་རྣམ་པར་བརྒྱན། །འབར་བའི་མེ་དཔུང་དབུས་ཉིད་ན། །མ་ཧེ་ཁྲོས་པའི་གདན་ལ་བཞེངས། །སྦྱོར་ཡུམ་གཏུམ་མོ་དུག་ཧྲུལ་མ། །མཐིང་ ནག་མི་སྲུན་དྲག་མོའི་གཟུགས། །འཁོར་ནི་ལས་ཀྱི་གཤེད་ཆེན་བཞི། །འཆི་བདག་བཅུ་གཉིས་ཕོ་ཉར་བཅས། །དམ་ཚིག་བཞིན་དུ་འདིར་གཤེགས་ནས། །དམ་རྫས་སྨན་རག་གཏོར་མ་བཞེས། ། 6-17-25a ཟབ་མོའི་རྒྱུད་ལུང་མན་ངག་ལ། །གཤེ་བར་བྱེད་པའི་དགྲ་བོ་རྣམས། །ཁ་ཁ་ཁཱ་ཧི་མཱ་ར་ཡ༔ རིག་འཛིན་བརྒྱུད་པར་བཅས་པ་རྣམས། །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་ མཛོད། །ཡ་མ་རཱ་ཛ་མ་ཧཱ་བ་ལིངྟ་ཁཱ་ཧི། མེ་སྤྲེལ་ཟླ་བ་ལྔ་པའི་ཚེས་བཅུ་གཅིག་གི་གུང་ཐུན་ལ་འཇམ་དཔལ་རྡོ་རྗེའི་ཡིད་ལས་རྡོལ་བ་བསྟན་དགྲ་དམ་ཉམས་ཀྱི་གཉེན་པོར་གྱུར་ཅིག། །། ༈ གཤིན་རྗེ་གཤེད་ཀྱི་དགྲ་ཆོས་མཐུ་རྩལ་ རྨད་བྱུང་བཞུགས་སོ། །ན་མོ་ཡ་མཱནྟ་ཀ་ཡེ། གཡུལ་དྲག་པོ་འགྱེད་པ་སོགས་ཀྱི་ཚེ་དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས། ཧཱུྃ། ཨེ་ཉིད་སྟོང་པ་སོགས་ཚིགས་བཅད་ཀྱིས་རང་གཤིན་རྗེ་གཤེད་ཚེ་བདག་འཁོར་བཅས་སུ་གསལ། ཨྱེ་རིང་ལ་ གནོད་བྱེད་དགྲ་བགེགས་དམག་ཇག་ཐམས་ཅད་ཞེས་བཅུག་པའི་གཟིར་སྤྱང་བཏགས་ཏེ་ཅུང་ཟད་བཟླ། གཏོར་མ་ལ་དགྲ་བགེགས་འགུག་བསྟིམ་མཚོན་ཆའི་ཆར་གྱིས་གཏུབ་པར་བསམས་ལ། ཨྱེ་རིང་གཟིར་སྤྱང་ཅན་ཚར་གཅིག་བརྗོད། ཤ་རི་ཁྲག་ མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་མདུན་གྱི་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་ལ་ཕུལ་བས་དགྱེས་པའི་གད་རྒྱངས་དི་རི་རི་གསོལ་ནས་ཁྲོས་འཁྲུག་རྔམ་པའི་གཟི་བྱིན་བསྐལ་པའི་མེ་ལྟར་འབར་ཞིང་མཚོན་ཆའི་ཆར་གྱིས་གང་ལ་བརྣག་པ་རྡུལ་དུ་བརླག་པར་ བསམས་ལ། རྔ་བརྡུང་ཞིང་། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི། དྲག་པོ་ཨེ་ཡི་གཞལ་ཡས་ནས། །སྣང་སྲིད་ཟིལ་གནོན་གཤིན་རྗེའི་གཤེད། །འཇམ་དཔལ་ཚེ་བདག་ནག་པོ་བཞེངས། ། 6-17-25b སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གཉིས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ། །ཕྱག་རྡོར་ཡ་མ་རུས་སྦལ་ཁྱུང་། །རྒྱན་གྱི་ལྷ་བརྒྱད་མོན་བདུད་བརྒྱད། །གཤེད་བཞི་འཆི་བདག་བཅུ་གཉིས་ དང་། །སྒོ་སྲུང་བཞི་ལ་སོགས་པ་ཡི། །ཡ་མཱནྟ་ཀའི་ལྷ་ཚོགས་རྣམས། །ཐུགས་དམ་ཆེན་པོའི་དུས་ལ་བབས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་བསྲུང་བྱ་ཐམས་ཅད་ཀུན། །རྡོ་རྗེ་ སྲུང་བའི་གུར་དུ་ཚུད། །མི་དཔའ་རྟ་མགྱོགས་མཚོན་ངར་ཕྱུངས། །སྲུང་སྐྱོབ་བྱིན་རླབས་འདོད་དོན་སྒྲུབ། །བདག་ལ་བསམ་སྦྱོར་ངན་པ་ཡི། །སྡང་བའི་དགྲ་དང་གནོད་བྱེད་བགེགས། །ཁུག་ ཅིག་དྲོངས་ཤིག་མཱ་ར་ཡ། །དགྲ་བོ་དཔའ་བའི་དོན་སྙིང་ཕྱུངས། །འོག་རྟ་མགྱོགས་པའི་རྒྱུས་པ་ཆིངས། །གོ་ཁྲབ་ཤིག་ལ་རྣོ་མཚོན་ཆོད། །སྐྱོབ་པའི་ལྷ་སྲུང་བདུད་དུ་ཕོབ། །དགྲ་ཤ་ཟོ་ལ་དགྲ་ཁྲག་ འཐུང་། །དགྲ་བོའི་མི་ནོར་ཕྱགས་མས་ཐོབ། །དགྲ་བོའི་གཡུལ་གྱི་ཕྲུ་མ་གཏོར། །དགྲ་བོ་ཐལ་བ་རྡུལ་དུ་རློག །ཧཱུྃ། འདི་ནས་དཔག་ཚད་བརྒྱད་ཁྲིའི་འོག །ཐོད་པ་ལྕགས་ཀྱི་མཁར་ནང་ན། ། བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །གཤིན་རྗེ་དགུ་རི་སུས་མི་བཟློག །མེ་ལྕེ་གློག་གི་ཕྲེང་བ་ཅན། །ལག་ན་བེ་ཅོན་འཁོར་ལོ་ཐོགས། །ཡུམ་ནི་གཏུམ་མོ་དུག་ཧྲུལ་མ། །བཀའ་ཉན་གཤེད་ཆེན་ཡབ་ 6-17-26a ཡུམ་བཞི། །འཆི་བདག་བཅུ་གཉིས་ཕོ་ཉར་བཅས། །ཡ་མཱནྟ་ཀའི་བཀའ་བྱུང་གིས། །དུས་འདི་ཉིད་དུ་དམ་ལ་འདུས། །ཤ་ཁྲག་གཏོར་མ་སོགས་གོང་ལྟར། ཧཱུྃ། ཡེ་ཤེས་ ལས་དང་འཇིག་རྟེན་གྱི། །ཕོ་རྒྱུད་མགོན་པོའི་དམག་ཚོགས་ཆོས། །སྡང་བའི་དགྲ་བོ་རྡུལ་དུ་རློག །མོ་རྒྱུད་མ་མོའི་དམག་ཚོགས་ཆོས། །སྡང་བའི་དགྲ་བོ༴ དྲེགས་པའི་སྡེ་དཔོན་སུམ་ཅུ་ ཆོས། །སྡང་བའི་དགྲ༴ སྔགས་བདག་དྲེགས་པ་བཅོ་བརྒྱད་ཆོས། །སྡང་བའི༴ སྣང་སྲིད་དྲེགས་པ་སྡེ་བརྒྱད་ཆོས། །སྡང་བའི༴ དགྲ་བླ་ཝེར་མའི་དམག་དཔུང་ཆོས། །སྡང་བའི་དགྲ་ བོ༴ ཡུལ་ལྷ་གཞི་བདག་དམག་ཚོགས་ཆོས། །སྡང་བའི༴ དམག་དང་ཟོར་གྱི་ལས་མཛད་པ། །སྲིད་པའི་མཐུ་ཆེན་ཐམས་ཅད་ཆོས། །སྡང་བའི་དགྲ་བོ་རྡུལ་དུ་རློགས། །དེ་རིང་དམག་དཔུང་ མེ་རེ་རེ། །དེ་རིང་གོ་མཚོན་སི་ལི་ལི། །དེ་རིང་དཔའ་ཤུགས་དཔུངས་སེ་དཔུང་། །དེ་རིང་ཞེ་སྡང་སྐུ་ཤུགས་ཕྱུངས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བདག་དང་བསྲུང་བྱ་ཐམས་ཅད་ཀུན། །རྡོ་ རྗེ་སྲུང་བའི་གུར་དུ་ཚུད། །མི་དཔའ་རྟ་མགྱོགས་མཚོན་ངར་ཕྱུངས། །སྲུངས་སྐྱོབ་བྱིན་རློབས་འདོད་དོན་སྒྲུབས། །བདག་ལ་བསམ་སྦྱོར་ངན་པ་ཡི། །སྡང་བའི་དགྲ་དང་གནོད་བྱེད་བགེགས། ། 6-17-26b ཁུག་ཅིག་དྲོངས་ཤིག་མཱ་ར་ཡ། །དགྲ་བོ་དཔའ་བའི་དོན་སྙིང་ཕྱུངས། །འོག་རྟ་མགྱོགས་པའི་རྒྱུས་པ་ཆིངས། །གོ་ཁྲབ་ཤིག་ལ་རྣོ་མཚོན་ཆོད། །སྐྱོབ་པའི་ལྷ་སྲུང་བདུད་དུ་ཕོབ། །དགྲ་ཤ་ཟོ་ལ་ དགྲ་ཁྲག་འཐུང་། །དགྲ་བོའི་མི་ནོར་ཕྱགས་མས་ཐོབས། །དགྲ་བོའི་གཡུལ་གྱི་ཕྲུ་མ་གཏོར། །དགྲ་བོ་ཐལ་བ་རྡུལ་དུ་རློགས། །མཐར་གཏོང་མ་དགྲ་ཕྱོགས་སུ་བོར། དགྲ་བོ་འཁོར་བཅས་རྗེས་མེད་དུ་བརླག་པར་བསམས་ ལ། ཐལ་རྡེབ་བཅས་ཨེ་རིང་བཟློག་སྦྱང་ཅན་ཚར་གཅིག་བརྗོད་ལ་ཆོས་ཉིད་ཀྱི་གཤིས་སུ་མཉམ་པར་བཞག །འདི་ནི་དགོས་པའི་དབང་གིས་གདོང་ངན་མེ་སྤྲེལ་སྣྲོན་ཟླའི་ཚེས་འདོད་ལ་འཇམ་དཔལ་རྡོ་རྗེའི་ཡིད་ཀྱི་མཚོ་ལས་བྱུང་བ་ལན་གཅིག་གིས་ དགྲ་དཔུང་བརླག་པའི་ཐོག་ཆར་དྲག་པོ་ཨི་ཐི་རྒྱཿ འདི་ནི་གནད་ཆེ་བ་མ་གཏོགས་གར་ཐོད་ཐོད་དུ་འདོན་པ་སྤངས་ལ་གྲངས་མང་མི་དགོས་སོ། །མངྒ་ལཾ། ། ༈ །།མོན་པའི་བསྐུལ་བ་ཕྲིན་ལས་ ལྷུན་གྲུབ་བཞུགས། ཧཱུྃ། སྣང་སྲིད་ཀུན་བདག་ཡ་མཱནྟ་ཀ་ཡི། །ཡེ་ཤེས་དཀྱིལ་འཁོར་མཉམ་པ་ཆེན་པོ་ལས། །རང་རྩལ་མ་འགགས་ཕྲིན་ལས་ཕོ་ཉ་བ། །མཐུ་ཆེན་མོན་པ་ཡབ་ཡུམ་དབྱིངས་ནས་ བཞེངས། །ཧཱུྃ། ཤར་གྱི་ཕྱོགས་ཀྱི་ཕྲིན་ལས་ཕོ་ཉ་བ། །དུང་གི་མོན་པ་དྲེགས་ཆེན་སེང་གེའི་དབུ། །མོན་མོ་བླ་རྐུན་རྔམས་པའི་གདོང་ཅན་འཁྱུད། །སྤྲུལ་པ་ཡང་སྤྲུལ་ནམ་མཁའི་དབྱིངས་ཀུན་ 6-17-27a ཁྱབ། །དམ་རྫས་དཔལ་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་ལ་བང་མ་བུལ། །རྟགས་དང་མཚན་མ་མངོན་དུ་བསྟན་པ་དང་། །སྣང་སྲིད་དབང་དུ་ འདུ་བའི་ཕྲིན་ལས་མཛོད། །ཚིག་རྐང་ཐ་མ་འདི་གང་འདོད་ཁ་བསྒྱུར་བྱ། ཧཱུྃ། ལྷོ་ཡི་ཕྱོགས་ཀྱི་ཕྲིན་ལས་ཕོ་ཉ་བ། །ལྕགས་ཀྱི་མོན་པ་གསོད་བྱེད་སྟག་གི་གདོང་། །མོན་མོ་ནག་མོ་གཡུ་ཡི་རལ་ ཅན་འཁྱུད། །སྤྲུལ་པ་ཡང་སྤྲུལ་ནམ་མཁའི་དབྱིངས་ཀུན་ཁྱབ། །དམ་རྫས་དཔལ་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་ལ་བང་མ་བུལ། །རྟགས་དང་མཚན་མ་མངོན་ དུ་བསྟན་པ་དང་། །སྣང་སྲིད་དབང་དུ་འདུ་བའི་ཕྲིན་ལས་མཛོད། །ཧཱུྃ། ནུབ་ཀྱི་ཕྱོགས་ཀྱི་ཕྲིན་ལས་ཕོ་ཉ་བ། །བསེ་ཡི་མོན་པ་གཏུམ་ཆེན་དྲེད་ཀྱི་མགོ། མོན་མོ་ཚེ་འཕྲོག་ཁྲག་གི་རལ་ཅན་ འཁྱུད། །སྤྲུལ་པ་ཡང་སྤྲུལ༴ དམ་རྫས་དཔལ་གྱི༴ རྣལ་འབྱོར༴ རྟགས་དང་མཚན་མ༴ སྣང་སྲིད་དབང་དུ༴ ཧཱུྃ། བྱང་གི་ཕྱོགས་ཀྱི་ཕྲིན་ལས་ཕོ་ཉ་བ། །གསེར་གྱི་མོན་པ་སྲོག་གཤེད་ཁྱུང་ གི་མགོ། མོན་མོ་བླ་རྐུན་སྙིང་ལ་གཟེར་འདེབས་འཁྱུད། །སྤྲུལ་པ༴ དམ་རྫས༴ རྣལ་འབྱོར༴ རྟགས་དང་༴ སྣང་སྲིད་དབང་དུ༴ ཧཱུྃ། ཕྲིན་ལས་མོན་པ་ཆེན་པོ་ཁྱེད་རྣམས་ནི། ། 6-17-27b སྣ་ཚོགས་ཅིར་ཡང་འགྱུར་བའི་ཐོགས་མེད་གཟུགས། །རྔམ་པའི་ང་རོས་ཁམས་གསུམ་དབང་དུ་སྡུད། །སྒྲིབ་བྲལ་ཐུགས་ཀྱིས་སྣང་སྲིད་ས་ལེར་མཁྱེན། །བསྐུལ་ཞིང་བཅོལ་ན་ལས་སུ་ཅི་ ཡང་བྱེད། །མུ་མེད་ནམ་མཁའ་བ་སྤུའི་ཁྱོན་དུ་འཛུད། །དུས་གསུམ་སྣང་བ་སྐད་ཅིག་ཡུད་ལ་སྟོན། །ཐོགས་མེད་མཐུ་ལྡན་ཡིད་བཞིན་ནོར་བུའི་ཚུལ། །སྒྲུབ་པོའི་ཡིད་ཀྱི་རེ་བ་མཆོག་ཏུ་ སྐོངས། །ཡེ་ཤེས་དཔལ་གྱི་དམ་ཚིག་ཇི་བཞིན་དུ། །རྣལ་འབྱོར་གདུང་བའི་ཡིད་ཀྱིས་དེང་བསྐུལ་ན། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །བདག་གི་ཡིད་ལ་བརྣག་པའི་ལས་འདི་ དག །ཇི་ལྟར་རེ་ཞིང་བསམ་པ་དེ་བཞིན་དུ། །མ་ཐོགས་ད་ལྟ་ཉིད་དུ་སྒྲུབ་པར་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ ཞེས་བ་ལིང་ཕུལ་ལ་ཇི་ལྟར་འདོད་པའི་དོན་ལ་བསྐུལ་བས་ཕྲིན་ལས་ཐམས་ཅད་ འགྲུབ་པར་འགྱུར་རོ། ། ཚིག་རྐང་ཐ་མ་དེ། ནད་གདོན་བར་ཆད་ཞི་བའི་ཕྲིན་ལས་མཛོད། །ཅེས་པ་དེ་བཞིན་དུ། མི་མཐུན་བར་ཆད་སྲུང་བའི་ཕྲིན་ལས་མཛོད། །ཚེ་བསོད་དཔལ་འབྱོར་རྒྱས་པའི༴ དམིགས་བྱ་དབང་དུ་འདུ་བའི༴ གནོད་བྱེད་དགྲ་བོ་བསད་པའི༴ བྱད་ཕུར་རྦོད་གཏོང་བཟློག་པའི༴ འདྲེ་གདོན་འབྱུང་པོ་འདུལ་བའི༴ དགྲ་ལ་ཆོ་འཕྲུལ་གཏོང་བའི༴ གནོད་དབལ་ 6-17-28a ཟུག་པ་དབྱུང་བའི༴ དུག་རྣམས་མ་ལུས་འབྱིན་པའི༴ བྱད་རྣམས་མ་ལུས་འགྲོལ་བའི༴ ཕ་རོལ་བྱས་པ་བཤིག་པའི༴ དགྲ་བགེགས་བྱད་མ་མནན་པའི༴ གནོད་པའི་གསང་ལམ་དགག་པའི༴ ཉོ་ཚོང་དོན་གཉེར་སྒྲུབ་པའི༴ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་སོགས་གནས་སྐབས་ཀྱི་ལས་རང་གི་ཇི་ལྟར་འདོད་པའི་དོན་གང་ཡིན་གྱི་ཁ་ བསྒྱུར་སྦྱར་བར་བྱའོ། །འདི་ནི་རབ་ཚེས་ས་གླང་ཁྲུམ་ཟླའི་ཚེས་བཅོ་བརྒྱད་ཀྱི་མཚན་མོ་སྒྲོན་མེའི་སྣང་བ་ལ་བརྟེན་ནས་འཇམ་དཔལ་རྡོ་རྗེས་གང་དྲན་སྤེལ་བ་མངྒ་ལཾ།། ༈ །།གཤིན་རྗེ་ནག་པོའི་དགྲ་ཆིངས་འཆོར་མེད་ དུས་ཀྱི་ཞགས་པ་བཞུགས། ན་མོ་ཡ་མཱནྟ་ཀཱ་ཡ། ཕ་རོལ་གྱི་འཚེ་བ་བཅིང་བར་འདོད་པས་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས། རང་ཟིལ་གནོན་དུ་གསལ་ལ་ཨེ་རིང་གཟིར་སྤྱང་ཅན་ཅི་རིགས་བཟླ། གཏོར་མ་ལ་དམིགས་ བྱའི་སྟོབས་མཐུ་ནུས་པ་བཀུག་ལ་ཤ་རི་ཁྲག་མཚོར་དམིགས་ཏེ་མདུན་གྱི་སྐུ་སྤྲུལ་འཆི་བདག་ནག་པོ་མ་གཤིན་ཀླུ་བདུད་འབུམ་གྱི་ཚོགས་ལ་ཕུལ་བས་དགྱེས་པའི་ཧབ་སྒྲ་དི་རི་རི་གསོལ་ཞིང་གང་ལ་བརྣག་པའི་དགྲ་བགེགས་ཐམས་ཅད་དྲུ་གུ་ ཐུལ་དུ་བཅིངས་ནས་ལྕགས་མཁར་སྒོ་མེད་ཀྱི་ནང་དུ་ལྡང་བ་མེད་པར་བྲུབ་པར་བསམས་ལ། རྔ་བརྡུང་ཞིང་འདི་སྐད་དོ། །ཧཱུྃ། འབྱུང་བ་གདན་བཞིའི་རྔམས་འོག་ན། །ལས་ཀྱི་ཚེ་བདག་ནག་པོ་ནི། །ཡ་མཚན་ 6-17-28b ཆེན་པོ་རྨད་དུ་བྱུང་། །མུན་ནག་འཐིབ་པའི་འོག་ཏུ་བཞུགས། །གཡས་པའི་ལག་ན་རི་རབ་ཐོགས། །གཡོན་པའི་ལག་ན་རྒྱ་མཚོ་འཁྲུགས། །ཞབས་ཀྱིས་རླུང་གི་འཁོར་ལོ་བསྐོར། །མ་ གཤིན་ཀླུ་བདུད་འབུམ་གྱིས་བསྐོར། །ཡ་མཱནྟ་ཀའི་བཀའ་བཞིན་དུ། །སྐད་ཅིག་ཉིད་ལ་གནས་འདིར་བྱོན། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བགེགས་ལས་ངན་ རྣམས། །མནན་ཅིང་བཅིང་བའི་དུས་ལ་བབ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས། །བསམ་ངན་སྦྱོར་རྩུབ་བྱེད་པ་ཡི། །སྡང་བྱེད་དགྲ་དང་ གནོད་བྱེད་བགེགས། །ཁུག་ཅིག་དྲོངས་ཤིག་བྷནྡྷ་ཡ། །བསམ་པ་ངན་པའི་མདུན་གྲོས་ཆིངས། །སྦྱོར་བ་ངན་པའི་བྱ་བྱེད་ཆིངས། །སྨྲ་བ་ངན་པའི་ལྕེ་བདར་ཆིངས། །བྱད་སྟེམས་གདུག་ པའི་དུག་དཔལ་ཆིངས། །མཚོན་ཆ་ངར་མའི་སོ་ཁ་ཆིངས། །གཅན་གཟན་གདུག་པའི་མཆེ་བ་ཆིངས། །གདོན་བགེགས་འབྱུང་པོའི་ཟ་ཁ་ཆིངས། །དགྲ་ཇག་བྱེད་པའི་མཐུ་སྟོབས་ཆིངས། ། ཆོམ་རྐུན་བྱེད་པའི་ཡན་ལག་ཆིངས། །བརྣག་པའི་དགྲ་བགེགས་དམ་སྲི་རྣམས། །འཆོར་མེད་དུས་ཀྱི་ཞགས་པས་ཆིངས། །ལྡང་མེད་འབྱུང་བཞིའི་གདན་གྱིས་ནོན། །སྒོ་མེད་ལྕགས་མཁར་ 6-17-29a ནང་དུ་ཆུག །རྒྱ་མཚོ་ཆེན་པོའི་གཏིང་དུ་ཁྱེར། །རི་རབ་ཆེན་པོའི་མཐིལ་དུ་ནོན། །དགྲ་བོ་བྲུབ་བོ་སྟྭམྦྷ་ཡ། །ནམ་ཡང་ལྡང་བར་མ་བྱེད་ཅིག །སྐུ་གསུང་ཐུགས་ཀྱི་ རྒྱས་གདབ་བོ། །སྔགས་འཆང་རྣལ་འབྱོར་འཁོར་དང་བཅས། །དགྲ་ལས་རྒྱལ་བའི་ཕྲིན་ལས་མཛོད། །ཨོཾ་ནག་པོ་ནཱ་ག་བྷེ་ཏ་སྲོག་ལ་ཛྭ་ལ་ཛྭ་ལ་ནྲྀ་ཧུར་ཐུམ་དགྲ་བོའི་སྙིང་ལ་ཤག་རྦད༔ དགྲ་ བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་སྟྭམྦྷ་ཡ་ནན་ནན༔ ཞེས་བརྗོད་ལ། དམིགས་པ་དེ་དང་ལྡན་པས་ཨེ་རིང་མནན་སྦྱང་ཅན་ཅི་རིགས་བཟླ། གཏོར་མ་དགྲ་ཕྱོགས་བོར་ལ་སྲུང་འཁོར་བསྒོམ། བསྙེན་སོང་ནུས་ལྡན་རྣམས་ ཀྱིས་འདི་ལ་མང་མི་དགོས་སྟེ་ཚབས་ཆེ་ན་གསུམ་བསྐྱར་བས་འགྲུབ་བོ། །གདོང་ངན་ཟླ་བདུན་ཚེས་བདུན་ལ། སྔགས་ནག་ཟིལ་གནོན་དགྱེས་པས་སྤེལ།། ༈ །།གཤིན་རྗེ་འཆར་ཁ་ནག་པོའི་དགྲ་བཟློག་དྲག་པོའི་འཐོར་ རླུང་བཞུགས་སོ། །དགྲ་རྐུན་འཚེ་བ་བཟློག་པར་འདོད་པས་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས། རང་ཟིལ་གནོན་དུ་སྐད་ཅིག་གིས་གསལ་ལ་ཨེ་རིང་གཟིར་སྦྱང་ཅན་ཅུང་ཟད་བཟླ། གཏོར་མ་ལ་དགྲ་བགེགས་དགུག་བསྟིམ་བསྒྲལ་ བའི་ཤ་ཁྲག་རི་མཚོ་ལྟར་གྱུར་པ་མདུན་གྱི་འཆར་ཁ་ནག་པོ་འཁོར་བཅས་ལ་ཕུལ་བས་བཞེས་ཤིང་སྤྲུལ་པའི་ཚོགས་ཀྱིས་དགྲ་བགེགས་ཐམས་ཅད་སྦུར་མ་རླུང་གིས་དེད་པ་ལྟར་རྗེས་མེད་དུ་བཟློག་པར་བསམས་ལ། ཧཱུྃ། མ་འགགས་ལྷུན་ 6-17-29b གྱིས་གྲུབ་པའི་གནས། །སྟོང་གསུམ་འཇིག་རྟེན་ཀུན་གྱི་བདག །མཐོ་རིས་ངན་སོང་ཀུན་གྱི་ལམ། །འཆར་ཁ་ནག་པོ་གཤེགས་སུ་གསོལ། །འཇིག་རྟེན་མ་མོ་ཐམས་ཅད་ཀྱང་། །ཁྱོད་ ཀྱི་སྐུ་ཡི་ཆ་ལ་བརྟེན། །མ་མོ་འཁོར་བཅས་གཤེགས་སུ་གསོལ། །དྲེགས་པ་བདུད་ཀྱི་ཚོགས་རྣམས་ཀྱང་། །ཁྱོད་ཀྱི་ཞེ་སྡང་ཆ་ལ་བརྟེན། །ཡ་མ་འཁོར་བཅས་གཤེགས་སུ་གསོལ། ། གཤིན་རྗེའི་ལས་མཁན་ཐམས་ཅད་ཀྱང་། །ཁྱོད་ཀྱི་ང་རྒྱལ་ཆ་ལ་བརྟེན། །སྲོག་བདག་འཁོར་བཅས་གཤེགས་སུ་གསོལ། །ཁྱོད་ཀྱི་ལྟོ་ན་སྲིད་གསུམ་འཕྱོ། །ཁྱོད་ནི་ཁམས་གསུམ་ཀུན་ གྱི་བདག །ཁྱོད་ཀྱི་འཁོར་དུ་གནས་པ་ཡི། །གནམ་སྨན་བདུན་དང་མ་མོ་བདུན། །གཤིན་རྗེ་བདུན་དང་བདུད་པོ་བདུན། །སྤྲུལ་པ་བཞི་དང་མོན་པ་དང་། །རོ་ལངས་ཤ་ཟ་གཟའ་སྐར་ཀླུ། ། སྣང་སྲིད་དྲེགས་པ་འཁོར་དང་བཅས། །ཡ་མཱནྟ་ཀའི་དམ་ལ་འདུས། །འཆར་ཁ་ནག་པོ་འཁོར་བཅས་ཀྱིས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། ། ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །དཔྲལ་བའི་གཤེད་དུ་བརྐོས་པ་བཟློག །བསམ་ངན་སྦྱོར་རྩུབ་ཤོམ་པ་བཟློག །དགྲ་ཇག་ཆོམ་རྐུན་བྱེད་པ་བཟློག །ཕྱི་རོལ་ 6-17-30a འབྱུང་བཞིའི་འཇིགས་པ་བཟློག །དངོས་སྣང་གཟུགས་ཅན་གནོད་པ་བཟློག །ལྐོག་གྱུར་ལྷ་འདྲེའི་འཚེ་བ་བཟློག །ཕྱི་ནང་གསང་བའི་བར་ཆད་བཟློག །མི་མཐུན་ གནོད་པའི་ཕྱོགས་རྣམས་ཀུན། །བཟློག་གོ་སྡང་བའི་དགྲ་ལ་བཟློག །བསྒྱུར་རོ་གནོད་པའི་བགེགས་ལ་བསྒྱུར། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །ཨོཾ་ཧྲཱི་ཥྚི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊཿ ཨོཾ་ ཤ་རི་བྷྱོ་བཟློག །མ་རི་བྷྱོ་བཟློག །ཁྲག་མ་མ་བྷྱོ་བཟློག །ཙི་རི་སྙིང་བྷྱོ་བཟློག །སྙིང་བྷྱོ་བཟློག །མ་ཏི་ཐོད་ཁྲག་ཛ་བྷྱོ་བཟློག །ཁྲག་ཏི་སྙིང་ལ་ཡ་བྷྱོ་བཟློག །ནྲི་ཏྲི་ཆོད་བཟློག །ནཱ་ག་ཆོད་བཟློག །མུ་ལོ་ཆོད་ བཟློག །ཤ་ལོ་ཆོད་བཟློག །ཤ་ལ་ཀྱིང་ཀྱིང་བྷྱོ་བཟློག །ས་མ་ཡ་ཨ་ཏི་པྲ་མ་ན་ཡ་ནྲྀ་པ་ར་ན་གནོད་བྱེད་དགྲ་ཇག་ཆོམ་རྐུན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག ། ཞེས་ཐལ་རྡེབ་བྱ། མཐར་ཨེ་རིང་བཟློག་སྦྱང་ཅན་བཟླ་ཞིང་གཏོར་མ་དགྲ་ཕྱོགས་སུ་བོར་བས་འགལ་རྐྱེན་ཐམས་ཅད་བཟློག་པར་འགྱུར་ཏེ་ཤིན་ཏུ་ཟབ་བོ། །རིག་སྔགས་འཆང་བ་ཟིལ་གནོན་དྲག་པོ་རྡོ་རྗེས་གདོང་ངན་སྤྲེལ་ལོའི་སྤྲེལ་ཟླའི་དམར་ ཕྱོགས་རྫོགས་པ་དང་པོར་བྲིས་པ་ཛ་ཡནྟུ། །དགེའོ། ། 6-17-30b ༈ ཀིང་ཀང་གཏོར་འབུལ། ཧཱུྃ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་མཐུ་སྟོབས་ཀྱིས། །དུག་ལྔའི་གདུག་པ་བསྡུས་པའི་དཔལ་ལས་འཁྲུངས། །འཇིགས་བྱེད་ཆེན་པོ་སྲིད་པ་གསུམ་ན་རྗེ། །དཔལ་འབར་ཀིཾ་ཀང་ཆེན་པོ་ གཤེགས་སུ་གསོལ། །དགྲ་བོའི་ཤ་ཁྲག་དམར་གྱི་གཏོར་མ་སྤུངས། །གསོན་ཁྲག་དྲོད་རླངས་འཐུལ་བའི་ཨརྒྷཾ་དང་། །ཚིལ་གསུར་སྤོས་མཆོག་བདུག་པའི་སྤྲིན་ཕུང་འདི། །གསོལ་ལོ་རོལ་ཅིག་དགྱེས་པར་མཛད་ དུ་གསོལ། །རིག་འཛིན་བརྒྱུད་པའི་བྲན་གཅིག་མཐུ་བོ་ཆེ། །སྣང་སྲིད་ཡེ་ཤེས་བདུད་རྩིས་ཐུགས་དམ་བསྐང་། །མི་འདའ་རྡོ་རྗེ་གསང་བའི་དམ་བསྲེ་ན། །རྟག་ཏུ་སྙིང་གི་གྲོགས་སུ་དགོངས་པར་མཛོད། །རྒྱལ་བའི་བསྟན་ པ་མདོ་སྔགས་བཤད་སྒྲུབ་སྡེ། །ཁྱད་པར་རྒྱུད་གསུམ་རྫོགས་པ་ཆེན་པོའི་སྲོལ། །གང་ན་གནས་པར་བསྟན་པའི་མེལ་ཙེ་མཛོད། །བསྟན་དགྲ་དམ་ཉམས་སྙིང་ཁྲག་ཧུབ་ཀྱིས་རོལ། །ཕྲིན་ལས་རྣམ་བཞི་ཐོགས་མེད་གློག་ལྟ་བུར། ། རྣོ་མྱུར་མི་བཟད་གཡོ་བའི་གད་རྒྱངས་སྒྲ། །དྲག་པོ་འབྲུག་སྟོང་བཞིན་དུ་བསྒྲགས་པ་ཡིས། །མི་མཐུན་བདུད་ལས་རྣམ་པར་རྒྱལ་བར་མཛོད། །ཨྱཻ་རྃ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་པའང་འཇམ་དཔལ་དགྱེས་པས་ སོ། །མངྒ་ལཾ། ། ༈ འཆར་ཁའི་གཏོར་བཟློག་བཅུད་དྲིལ་བཞུགས། ན་མོ་ཡ་མཱནྟ་ཀ་ཡེ། །གློ་བུར་བཟློག་པའི་ལས་བརྩོམ་ན། །དམར་གཏོར་ཞལ་ལམ་ཁྲོམ་རིས་ཅན། །རང་འདྲའི་འཁོར་བཞི་བཤོས་བུ་ནི། །ཉེར་བརྒྱད་ཞེ་གཉིས་བསྐོར་བ་ཤ་ཁྲག་བརྒྱན། ། 6-17-31a བསྡུ་ན་དེ་ཙམ་རྒྱས་པར་ནམ་རྒྱང་སོགས། མདོས་དང་བརྔན་ཆ་སྣ་ཚོགས་བཅས། བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུྃ༔ མ་འགག་ལྷུན་གྱིས་གྲུབ་པའི་གནས༔ སྟོང་གསུམ་འཇིག་རྟེན་ཀུན་གྱི་ བདག༔ མཐོ་རིས་ངན་སོང་ཀུན་གྱི་ལམ༔ འཆར་ཁ་ནག་པོ་གཤེགས་སུ་གསོལ༔ འཇིག་རྟེན་མ་མོ་ཐམས་ཅད་ཀྱང་༔ ཁྱོད་ཀྱི་སྐུ་ཡི་ཆ་ལ་བརྟེན༔ མ་མོ་འཁོར་བཅས་གཤེགས་སུ་གསོལ༔ དྲེགས་པ་བདུད་ཀྱི་ཚོགས་རྣམས་ཀྱང་༔ ཁྱོད་ཀྱི་ཞེ་སྡང་ཆ་ལ་བརྟེན༔ ཡ་མ་འཁོར་བཅས་གཤེགས་སུ་གསོལ༔ གཤིན་རྗེའི་ལས་མཁན་ཐམས་ཅད་ཀྱང་༔ ཁྱོད་ཀྱི་ང་རྒྱལ་ཆ་ལ་བརྟེན༔ སྲོག་ བདག་འཁོར་བཅས་གཤེགས་སུ་གསོལ༔ ཕ་ནི་བདུད་ལ་མ་ནི་ཀླུ༔ ཀླུ་བདུད་དྲེགས་པ་མཐུ་བོ་ཆེ༔ ནག་པོ་ཆེན་པོ་གཤེགས་སུ་གསོལ༔ གནམ་ལ་གནས་པའི་མ་མོ་བདུན༔ སྟེང་གི་ ཕྱོགས་ནས་ལས་མཛོད་ཅིག༔ གཡས་ཀྱི་ཕྱོགས་ནས་མ་མོ་བདུན༔ གཡོན་གྱི་ཕྱོགས་ནས་གཤིན་རྗེ་བདུན༔ དུར་ཁྲོད་རོ་ལངས་ནག་པོ་བདུན༔ འཇིག་རྟེན་འདས་པའི་སྲིན་མོ་བདུན༔ བཀའ་ཉན་མོན་པ་ནག་པོ་བདུན༔ བན་ནག་བོན་ནག་རྫུ་འཕྲུལ་ཅན༔ ཞང་བློན་མུན་པ་མཐུ་བོ་ཆེ༔ གཟའ་དང་རྒྱུ་སྐར་ཀླུ་ཡི་ཚོགས༔ མ་མོ་མཁའ་འགྲོ་བྲན་དང་གཡོག༔ ཁྱེད་ཀྱི་བཀའ་ 6-17-31b ཉན་རྫུ་འཕྲུལ་ཅན༔ དབང་དུ་སྡུད་པའི་མཐུ་བོ་ཆེ༔ དྲེགས་པ་ཕོ་མོ་ས་བདག་ཀླུ་ཡི་ཚོགས༔ རྫུ་འཕྲུལ་དྲེགས་པས་ཉམས་པ་འདུལ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ ཤ་རི་ཁྲག་མཚོ་རླངས་པ་འཕྱུར་བ་འདི༔ འཆར་ཁ་ནག་པོ་འཁོར་དང་བཅས་ལ་འབུལ༔ བདག་ལ་བར་ཆད་བྱེད་པའི་དགྲ་དང་བགེགས༔ འཆི་བདག་ནག་པོའི་ཞལ་དུ་ཁ་རཾ་ཁྭ་ཧི༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གང་དུ་མངགས་པ་དོན་མ་ཆུང་༔ ཉམས་པ་འདུལ་བའི་དུས་ལ་བབ༔ གང་ལ་དམིགས་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་ཀུན༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློགས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན༔ བཟློག་ཅིང་བསྒྱུར་བའི་ ཕྲིན་ལས་མཛོད༔ ཅེས་བྱས་ལ་བདག་ཉིད་ལྷའི་འོད་ཀྱིས་ཐུགས་རྒྱུད་བསྐུལ་བས་འཆར་ཁ་ནག་པོ་འཁོར་བཅས་ཁྲོས་འཁྲུགས་རྔམས་པའི་རང་བཞིན་ལས། ནད་མཚོན་དུག་དང་ཐོག་སེར་གྱི་བུ་ཡུག་འཚུབ་པས་དགྲ་བགེགས་བར་ཆད་ཐམས་ ཅད་རྡུལ་དུ་བརླག་པར་བསམ་ལ་སྔགས་འདི་བཟླའོ། །ཨོཾ་ཧྲཱིཿཥྚཱི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ༔ ཨོཾ་ཤཱ་རི་བྷྱོ་བཟློག༔ མ་རི་བྷྱོ་བཟློག༔ ཁྲག་མ་མ་བྷྱོ་བཟློག༔ ཙི་རི་སྙིང་བྷྱོ་བཟློག༔ སྙིང་བྷྱོ་བཟློག༔ མ་ཏི་ཐོད་ཁྲག་ 6-17-32a ཛ་བྷྱོ་བཟློག༔ ཁྲག་ཏི་སྙིང་ལ་ཡ་བྷྱོ་བཟློག༔ ནྲྀ་ཏྲི་ཆོད་བཟློག༔ ནཱ་ག་ཆོད་བཟློག༔ མ་ལོ་ཆོད་བཟློག༔ ཤ་ལོ་ཆོད་བཟློག༔ ཤ་ལ་ཀྱིང་ཀྱིང་བྷྱོ་ བཟློག༔ ས་མ་ཡ་ཨ་ཏི་ཀྲ་མ་ན་ཡ༔ ནྲྀ་པཱ་ར་ན་བྷྱོ་བྷྱོ་བཟློག་བཟློག༔ སྔགས་གྲོང་ཁྱེར་བཅོ་ལྔ་པའོ༔ ཞེས་བཟླས་གཏོར་མ་དགྲ་ཕྱོགས་འཕང་༔ ཆག་ཆེ་ཉམ་ང་ཅི་ཡོད་ཀྱང་༔ སྐད་ཅིག་ཉིད་ལ་བཟློག་པར་ འགྱུར༔ རི་གཟར་རྦབ་དང་འཆི་བདག་བདུད༔ ཟློག་པར་བྱེད་ན་གཞན་པ་སྨོས་ཅི་འཚལ༔ ཤིན་ཏུ་ཟབ་ཕྱིར་གཞན་ལ་གསང་༔ ས་མ་ཡ༔ རྒྱུད་ལས་སོ༔ འཆར་ཁ་ནག་པོ་ཞལ་གཅིག་ཕྱག་གཉིས་ལྟོ་ན་སྲིད་ པ་གསུམ་པོ་གནས་པ་ཕྱག་གཉིས་ན་མཆོད་རྟེན་གཉིས་བསྣམས་པའོ། །བསད་པའི་དུས་སུ་གཡས་སྤུ་གྲི་གཡོན་སྦྲུལ་ཞགས་བསྣམས་པ་སྦྲུལ་མཇུག་ཅན་འཁོར་སྣང་སྲིད་དྲེགས་པས་བསྐོར་བའོ། །ཨ་ཛི་ཏ་བི་ཛ་ཡའི་ལག་ ཆའོ། །དགེ་ལེགས་འཕེལ། ༈ ཐུན་རྒྱུན་གཏོར་ལ་རཀྟ་བྲན་ཞིང་འགུག་གཞུག་ལན་གསུམ་མཐར། བདུད་རྩི་བྲན་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་ བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་བདུད་རྩིའི་རང་བཞིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབ་ལ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་སོགས་ལྷ་སོ་སོའི་རྩ་སྔགས་སམ་མཚན་ 6-17-32b སྔགས་མཐར། ས་པ་རི་ཝཱ་རཱ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་མམ་བདུན་གྱིས་དབུལ། བཛྲ་པུཥྤེ་སོགས་ནས། ཤབྟ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སརྦ་པཱུ་ཙ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཞེས་མཆོད། ཆོས་ དབྱིངས་ངང་ལས་སོགས་ལྷ་གང་ཡིན་གྱི་བསྟོད་པ་ཚིགས་སུ་བཅད་པས་བསྟོད་ལ། ཧཱུྃ༔ གཤིན་རྗེ་གཤེད་ཧཱུྃ། དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ལྷ། །བཀའ་སྡོད་སྲུང་མ་དྲེགས་པའི་དམག་ཚོགས་ལ། །ཞེས་ཁ་བསྒྱུར་གང་འདོད་བྱ། པོའི་ལྷ་ཚོགས་འཁོར་བཅས་ལ༔ དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་སོགས༔ ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིཾ་ཏ༔ ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ ཚོགས༔ འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི༔ ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ༔ ཁམས་གསུམ་དབང་སྡུས་དགྲ་བགེགས་བདུད་སྡེའི་དཔུང་༔ ཐམས་ཅད་མིང་ གི་ལྷག་མར་ཚར་ཆོད་ཅིག༔ ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམས་དཔུང་༔ ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག༔ ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས༔ ནམ་ཡང་ ལྡང་མེད་མནན་བརླག་སོགས་ཁ་བསྒྱུར་བྱ། པའི་ལས་མཛོད་ཅིག༔ མདོར་ན་བདག་གི་རེ་འབྲས་གང་ཡིན་པ༔ འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད༔ ཅེས་སྨིན་གླིང་གཏེར་བྱོན་དྲག་ 6-17-33a དམར་ལས་སོ། ། ༈ ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་གི། དྲག་པོ་ཨེ་ཡི་གཞལ་ཡས་ནས། །ཕྱག་རྒྱ་ཟིལ་གནོན་ལྷ་ཚོགས་ཀྱི། །ཐུགས་དམ་ཆེན་བོའི་དུས་ལ་བབ། །དྲག་པོ་ཟོར་གྱི་ལས་མཛོད་ཅིག ། ༈ ཧཱུྃ། སྟེང་གི་ལྷ་ལ་ཟོར་མི་འཕེན༔ ལྷ་ཆེན་བརྒྱད་པོ་ཞབས་སྡུས་ཤིག༔ འོག་གི་ཀླུ་ལ་ཟོལ༴ ཀླུ་ཆེན་བརྒྱད་པོ་དབུ་འཕངས་དམོད༔ བར་གྱི་བཙན་ལ༴ གཉན་ཆེན་སྡེ་བཞི་སྐུ་བཟུར་ལ༔ དྲག་པོ་གཤིན་ རྗེའི་གཏོར་ཟོར་འདི༔ སྡང་བའི་དགྲ་ལ་གཏོར་ཟོར་ཡ༔ དགྲ་བོ་བདུན་བརྒྱུད་རྩད་ནས་ཆོད༔ གནོད་པའི་བགེགས་ལ་ཁྲག་ཟོར༴ མོ་རྒྱུད་ཁྲག་གི་མངལ་ནས་སྐེམས༔ ཐུན་ཟོར་བུ་རྒྱུད་ཚལ༴ བུ་ཚ་བདུན་བརྒྱུད་རྩད༴ མདའ་ཟོར་སྒོ་ཡི་ནོར༴ སྒོ་ནོར་གོང་འདྲེའི་ཕྱགས་མས་ཐོབ༔ ཐོད་ཟོར་ནང་ཁོང་སྲིས༴ ཕྱགས་མས་ཐལ་བ་རླུང་ལ་བསྐུར༔ ཕུར་ཟོར་དགྲ་བོའི་སྙིང་༴ དྲག་པོ་གྲི་འཐབ་ནད་ཀྱིས་སོད༔ རྡོ་ཟོར་དགྲ་བོའི་མཁར༴ སྐྱེ་བའི་ མཁར་གྱི་རྒྱུན་ལམ་ཆོད༔ བྱད་ཁ་བཟློག་ལ་ཕུར་ཁ་སྒྱུར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ༈ ཚེ་འགུགས། ཧཱུྃ། ཚེ་ལ་དབང་ཐོབ་གཤིན་རྗེའི་གཤེད། །ཕྱག་མཚན་བེ་ཅོན་འཁོར་ལོ་ཡིས། །གཤིན་རྗེའི་གནས་ཁང་བཅོམ་ ནས་ནི། །གཤིན་རྗེའི་ལག་ནས་ཚེ་འཕྲོག་ལ། །རྣལ་འབྱོར་བདག་ལ་ཚེ་སྩོལ་ཅིག །སྤྱི་བསྙེན་མཐར། ཨཱ་ཡུཿརྫྙཱ་ན་གཡུ་ཚེ་ཨ་བ་ན་ཡ་བྷྲཱུྃ༔ ཚེ་བྷྲཱུྃ་གཡུ་བྷྲཱུྃ་ཨཱ་ཡུཿརྫྙཱ་ན་བྷྲཱུྃ༔ སྨད་ལས་འདོན་དམིགས་བསྙེན་ཡིག་ལས་བླང་གཞན་ལུགས་གཏན་ནས་མི་འདྲེས། 6-17-33b empty page 6-18-1a ཧཱུྃ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་འབར་བའི་གཞལ་ཡས་ནས། །ལྕགས་མཁར་སྒོ་མེད་བཅུ་དྲུག་འབར་བའི་དབུས་ཕྱོགས་ནས། །འོབས་ཆེན་བཅུ་གཉིས་འབར་ བའི་དཀྱིལ་འཁོར་ནས། །ཐོད་མཁར་འབར་བའི་དབུས་ཕྱོགས་ན། །ཕོ་བྲང་ལྕགས་མཁར་སྤུ་གྲིས་གཏམས་པ་ན། །ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན། །ལྟོ་འཕྱེ་ཕྱོགས་ སྐྱོང་མ་ཧེ་བརྫིས་པའི་ཁྲི། །ཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ན། །སྲོག་བདག་ཚེ་བདག་ནག་པོ་སྐུ་བཞེངས་ཤིག །རྔམས་པའི་ཚུལ་གྱིས་བླ་རྐུན་ལས་ལ་ཁྱེས། །ཤར་གྱི་ཕྱོགས་ ནས་དགྲ་བགེགས་བླ་འགུགས་པ། །དུང་གི་མོན་པ་སེང་གེའི་མགོ། དབུ་དགུ་སྤྱན་དགུ་ཞལ་དགུ་གདངས། །ཕྱག་དགུ་ཞབས་དགུ་ཙིཏྟ་དགུ། །ཞབས་དགུས་སྟོང་ཁམས་བླ་ལ་རྒྱུག ། སྤྱན་དགུས་དགྲ་བགེགས་བལྟས་ནས་འཛིན། །སྙིང་དགུས་དགྲ་བགེགས་ཡིད་ལ་འཛིན། །ཕྱག་དགུས་ཙིཏྟ་ཁོང་ནས་འབྱིན། །ཞལ་དགུས་ཁ་མངར་མེད་པར་གསོལ། །ལྗགས་དགུས་ མྱོང་བའི་ཁྲག་མཚོ་འཐུང་། །དགྲ་བགེགས་མ་ལུས་ཁུག་ལ་ཤོག །ལྷོ་ཡི་ཕྱོགས་ནས་བླ་འགུགས་པ། །ལྕགས་ཀྱི་མོན་པ་སྟག་གི་མགོ། དབུ་དགུ་སྤྱན་དགུ་ལ་སོགས་འགྲེ། །ནུབ་ཀྱི་ 6-18-1b ཕྱོགས་ནས་བླ་འགུགས་པ། །བསེ་ཡི་མོན་པ་དྲེད་ཀྱི་མགོ། དབུ་དགུ་སྤྱན་དགུ་ལ་སོགས་འགྲེ། །བྱང་གི་ཕྱོགས་ནས་བླ་འགུགས་པ། །གསེར་གྱི་མོན་པ་ཁྱུང་གི་མགོ། དབུ་ དགུ་སྤྱན་དགུ་ལ་སོགས་འགྲེ། ། 6-19-1a ༄༅། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོའི་སྦྱིན་སྲེག་རྡོ་རྗེའི་མེ་དབལ་རབ་འབར་ཞེས་བྱ་བ་བཞུགས་སོ། ། 6-19-1b བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་ཉམས་པ་བདུན་ལྡན་སོགས་བསྒྲལ་བྱའི་ཡུལ་ལ་རྒྱུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས། ཐབས་སྔགས་ ཀྱི་ཆོ་ག་དྲག་པོའི་མཐུ་ལ་བརྟེན་ནས། འབྲས་བུ་འཚེངས་པ་གསུམ་ལྡན་གྱི་དགོངས་སྤྱོད་ཟབ་མོ་དང་ལྡན་པས་དྲག་པོའི་སྲེག་བླུག་གི་ཆོ་ག་བསྒྲུབ་པ་ལ། དུར་ཁྲོད་ལ་སོགས་དྲག་པོའི་ ས་གཞི་ལ། ལོ་ཟླ་ཞག་དུས་གཟའ་སྐར་རྩུབ་མོའི་ཆ་ལ་བབས་པའི་ཚེ་དང་། མར་ངོའི་ཉེར་དགུ་ལ་སོགས་པའི་གུང་གཉིས་ཀྱི་དུས་སུ་ཚར་གཅོད་མེ་ཡི་ལས་སྦྱོར་བརྩམ་པར་བྱ་སྟེ། དེ་ཡང་ལྟོ་འཕྱེའི་མཆན་དུ་བརྐོས་ཐབ་བམ། བརྩིགས་ཐབ་བྱ་སྟེ། དྲག་པོའི་ཐབ་ཁུང་གྲུ་གསུམ་པ་ངོས་རེར་སོར་ཉི་ཤུ་པ། ཟབས་སུ་སོར་བཅུ་ཅན་རྩེ་མོ་གཅིག་བྱང་ངོས་བསྟན་པ། 6-19-2a ཐབ་ཀྱི་སྟེང་དུ་སོར་གསུམ་གྱི་ཕྱི་ནས་རྒྱ་དཔང་སོར་གསུམ་གྱི་ཁ་ཁྱེར་རྡོ་རྗེས་མཚན་པ། དབུས་སུ་པདྨ་ནག་པོ་ལ་སོར་བརྒྱད་པའི་ཁྲོ་བོའི་རྡོ་རྗེ་རྭ་གདེངས་པས་ མཚན་པ། བདུད་རྩི་དང་བཅས་པའི་ས་ནག་པོས་ཕྱི་ནང་ཀུན་དུ་བྱུགས། རོ་སོལ་དང་བོང་བུ་རྔ་མོང་སོགས་ཀྱི་སྤང་གང་རྙེད་དང་དུག་ཁྲག་སོགས་ཀྱིས་ཀྱང་བྱུགས། དྲི་ངན་པའམ་དྲི་མེད་པའི་ མེ་ཏོག་སྔོན་པོའི་སིལ་མ་དགྲམས། ཡང་ན་གདུག་པའི་ས་སྣའི་སྟེགས་བུར་རྒྱར་མདའ་གང་། དཔངས་སུ་ཇི་ལྟར་འཚམས་པའི་སྟེང་། མ་ཏྲཾ་གྱི་ཁོག་པར་གྲུ་གསུམ་ཁ་ཁྱེར་རིམ་པ་ གསུམ་ལྡན་གྱི་ཐིག་བཏབ་པའི་བྲིས་ཐབ་བྱ། གྲུ་གསུམ་གྱི་ཟུར་གསུམ་དུ་ཤིང་གསུམ་མཆེ་བའི་ཚུལ་དུ་བསླངས། ཐབ་གསུམ་པོ་གང་ཡང་རུང་བ་དེའི་ནང་དུ། དུག་ཤིང་ཚེར་མ་ཅན་གྱི་ 6-19-2b བུད་ཤིང་ལ་དུག་ཁྲག་དང་ཚིལ་ཞུན་གྱིས་སྦགས་པའི་ཧོམ་གྲུ་གསུམ་བརྩིགས། མེ་ཚང་དང་ཤར་ལྷོར་ཞུན་ཆེན་གྱི་ཏིང་ལོ་དང་བཅས་གཞུག །དེར་སློབ་དཔོན་ཉིད་ཀྱིས་ཁྲག་དང་ཆུ་སོགས་ཀྱིས་གཤེར་བའི་གོས་སྔོན་པོའམ་ནག་པོ་གྱོན། རཀྴ་སོགས་དྲག་ཆས་ཀྱིས་བརྒྱན་ཅིང་། ཞིང་ལྤགས་སམ་དུར་ཁྲོད་ཀྱི་རས་ལ་ཞིང་ཆེན་བྲིས་པའི་གདན་བཏིང་ཞིང་། སྟན་སྲབ་པ་ལ་རུས་སྦལ་གྱི་འདུག་སྟངས་ཀྱིས་འདུག་སྟེ། རྐང་པས་རྐང་བ་གཡས་པའི་རྐང་མཐིལ་གྱིས་གཡོན་པའི་བོལ་གནོན་ པའོ། །མནན། སོ་ཡིས་སོ་འཆའ། མིག་གདོང་ཚུགས། གདོང་ཁྲོ་གཉེར་སོགས་གཏུམ་པོའི་སྟབས་ཀྱིས། རང་གི་སེམས་ཁྲོ་ཞིང་འཁྲུགས་པ་ལ་གནས་བཞིན་པས་ཁ་ལྷོར་ཕྱོགས་པར་འདུག ། སློབ་དཔོན་གྱི་གཡས་སུ་མཆོད་རྫས། ལྕགས་ཕྱེ་རྡོ་ཕྱེ་དུག་ཁྲག་ཤ་སྣ་འབྲུ་ནག་གི་གཏོར་མ་གྲུ་གསུམ་ཆེ་བ་མཐེབ་ཀྱུ་ཟུར་གསུམ་དུ་མས་བསྐོར་བ། གཡས་གཡོན་དུ་སྨན་རཀ །དེའི་མདུན་དུ་ཁྲག་གི་ མཆོད་ཡོན་སོགས་ཚར་གཉིས་སམ་མ་འཛོམས་ན་ཁ་གསོ་སྤྱད་བཅས་དང་། མེ་ལྷའི་གཏོར་མ་ཟུར་གསུམ་དང་གོས་ཟུང་གཉིས་དང་། རྡོ་ཐལ་དང་བཅས་པའི་སོ་རྩི་གཉིས་བཅས་བཤམས། སྒྲུབ་པོའི་གཡོན་ངོས་སུ་ དྲག་པོའི་རྫས་བདུན་ཞེས། མེ་སྲོག་འཛིན་པའི་རྫས་བུད་ཤིང་གི་རྒྱུ་ལས་བྱུང་ཞིང་རྩ་བའི་ཆ་ལས་བཟོས་པའི་ཡམ་ཤིང་ཟུར་གསུམ་སོར་བཅུ་པ། གཉིས་ཀྱང་། རྩེ་མོ་གཉིས་རྣོ་བ་མར་ནག་དང་ཚིལ་ཞུན་མི་རྟ་ཁྱི་སོགས། 6-19-3a དུག་ཁྲག་གིས་བྱུགས་པ། རྩ་བའི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་མིང་རུས་བླ་དྭགས་གནས་ཡིག་ཚུལ་བཞིན་བྲིས་པའི་ལིང་ག་ཟག་རྫས་ཅན་མ་ཁྱུད་གང་ངམ་སོར་གང་པ་སོགས། གྲངས་ལྡན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་བསྲེས་དུག་ཁྲག་ཏིལ་ མར་ཅན། རིལ་བུ་མིང་རུས་ཅན། གནད་དབབ་ཀྱི་རྫས་སྦལ་སྦྲུལ་ཉ་ཁྱི་བྱ་ཕག་ལ་སོགས་པའི་ཤ་གི་ཝཾ་ཀྱང་སྣང་། དུག་སྣ་བསྲེས་པའི་རིལ་བུ། གསོད་པའི་རྫས་ལྕགས་ཟངས་རྡོའི་ཕྱེ་མ་ མྱོས་པའི་རྫས་མར་ནག་དམེ་མནོལ་གྱི་ཁྲག་དང་སྦྱར་བ། ཚ་པའི་རྫས་ཏིལ་མར་ཡུངས་ཀར་ཚ་བ་གསུམ་སྟེ། དེ་ལྟར་རྫས་བདུན་པོ་ལྕགས་སམ་བསེ་ཕོར་ཐོད་ངན་ ལ་སོགས་པའི་སྣོད་དུ་རིམ་གྱིས་བཤམས། རྩ་བའི་རྫས་མ་འཛོམ་ན་དགྲ་བགེགས་ཀྱི་རཱུ་པ་འབྲུ་ནག་གི་ཟན་ལ་བཅོས་པས་རུང་། སྣོད་རྫས་སྟེགས་བུ་ཡོ་བྱད་རྣམས་མདོག་ནག་པོ་དབྱིབས་གྲུ་གསུམ་ཤ་སྟག་བྱ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་དགང་བླུགས་ཁ་སྦྱར། འབྲུ་ནག་གི་མེ་ཏོག །ཐབ་དང་རང་གི་བར་དུ་མེ་ཡོལ་ཀྱང་བཞག་གོ། རྫས་བསྡུ་ན། གོང་གི་ཡམ་ཤིང་དང་། ཁྲག་དང་སྦྱར་བའི་མར་ཁུ་དང་། དུག་ ཁྲག་ལན་ཚྭ་སྐེ་ཚེ་རྡོ་ཕྱེ་བསྲེས་པའི་འབྲུ་ནག་གི་ཟན་ལ་དགྲ་བགེགས་ཀྱི་རཱུ་པ་བཅོས་ཏེ་ལས་གཞུང་གི་བསྒྲལ་ལས་དུས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་མཚོན་རྣོན་པོས་གཏུབ་པར་བྱས་པ་སྟེ་འདི་གསུམ་གྱིས་མཐུས། གྲངས་བསོགས་ 6-19-3b ནའང་དྲག་པོའི་རྫས་སྤུངས་བསྲེས་བའི་ལིང་ཆེན་གཏུབ་པའམ། ལིང་ཆུང་གྲངས་མང་ཁོ་ནས་གྲངས་བཟུང་ངོ་། །དྲག་རྫས་དམིགས་བསལ་བ་ལ་གྲངས་འཛིན་ནའང་རྫས་ཆེན་བདུན་པོ་སོང་རྗེས་སམ། ཡམ་ཤིང་དང་ མར་ཁུ་གཉིས་ཀྱི་རྗེས་སུ་བསོག་གོ། དངོས་གཞི་ཡི་དམ་གྱི་ལས་གཞུང་བསྲངས་ཤིང་། བསྒྲལ་ལས་དུས་འགུགས་འདྲེན་དྲག་པོ་བྱས་ནས་རྫས་ལ་བསྟིམས་ལིང་ག་བསྒྲལ་ལས་བྱས་ཏེ། བསྟབ་པའི་མགོར་ལས་ལ་འཇུག ། སྲེག་རྐྱང་ཡིན་ན་བདག་བསྐྱེད་བཟླས་པ་མཆོད་བསྟོད་བར་གྲུབ་པར་བྱས་ནས། སྐབས་འདིར་སྔར་མ་གྲུབ་ན་བསང་ཆུ་བྱིན་རླབས་བྱ། རྡོར་དྲིལ་དགང་བླུགས་བྱིན་རླབས་སྤྱི་ལྟར་སྦྱར། ལག་གཡོན་གྱི་བསང་ཆུ་འཐོར་ཞིང་མཆོད་ རྫས་བསང་སྦྱངས། སྟོང་པའི་ངང་ལས་ཐོད་རློན་གྱི་སྣོད་ཡངས་ཤིང་རྒྱ་ཆེ་བར་ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས། ཐོད་རྔའི་རོལ་མོ། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་དྲག་པོའི་མཆོད་ སྤྲིན་ནམ་མཁའི་མཐའ་ཀླས་པར་གང་བར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས། ཤཔྟ་པཉྩ་ཀ་མ་གུ་ཎ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ་ཧྲཱིཿ 6-19-4a ཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལི་ངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་མཆོད་རྫས་བྱིན་གྱིས་བརླབས་ནས། སྲེག་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ ལས་ཨཱཿལས་བྱུང་བའི་དམར་གྱི་དུང་ཆེན་སྟོང་གསུམ་དང་མཉམ་པའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི་ཤ་ཁྲག་ཕུང་ཁམས་སྐྱེ་མཆེད་ལས་བྱུང་བའི་སྲེག་རྫས་རྣམས་ངོ་བོ་ཟག་མེད་ཡེ་ཤེས་ ཀྱི་བདུད་རྩི་རྣམ་པ་སོ་སོའི་མཚན་ཉིད་ཡོངས་སུ་རྫོགས་པས་ལྷ་མཉེས་པ་དང་དྲག་པོའི་ལས་ཐོགས་མེད་དུ་སྒྲུབ་པའི་ནུས་པ་དང་ལྡན་པས་ནམ་མཁའི་ཁམས་གང་བར་གྱུར། རྩ་སྔགས་དང་། ནྲྀ་ཏྲི་ཨ་མུ་ཀ་མཱ་ར་ཡ་ཛ་ཛཿ ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱི་བྱིན་གྱིས་བརླབ། དེ་ནས་ཐུན་འཕེན་ཞིང་རྔ་རོལ་བཅས་མཚམས་བཅད་ཀྱང་སྤྲོ་ན་འདོན་པར་གསུངས། གདོལ་བཤན་དམེ་ཡུག་ལ་སོགས་པའི་ཁྱིམ་ ནས་བྱུང་བའི་མེ་སྦར་ལ། རྩ་སྔགས་དང་། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་ཛཿ དགྲ་བགེགས་དམ་སྲི་འབྱུང་པོ་མ་ར་ཡ་ཛྭ་ལ་རཾ༔ ཞེས་མེ་སྦར་ཏེ་རླུང་གཡབ་ཀྱིས་ནུབ་བྱང་ནས་གཡབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད། ཁྲག་དང་ཚིལ་ཞུན་བཅས་པའི་མར་ནག་གི་དགང་བླུགས་ཀྱིས་བྲན་ཅིང་། ཨོཾ་ཨགྣ་ཡེ་དགྲ་བགེགས་དམ་སྲི་འབྱུང་པོ་ཛྭ་ལ་རཾ་ཞེས་མེ་གསོ། དེ་ནས་མེ་ཐབ་བསང་སྦྱངས། སྟོང་པའི་ངང་ 6-19-4b ལས་ཧཱུྃ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་མཐིང་ནག་གྲུ་གསུམ་བང་རིམ་གསུམ་ལྡན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དྲག་པོའི་མེ་རི་མེ་དཔུང་དམར་ནག་ཏུ་འབར་བའི་ཀློང་ན། ར་སྐྱེས་ ཁམ་ནག་ཞིང་གི་ཐོད་པའི་སྒ་དང་ལྤགས་པས་གཡོགས་ཤིང་སྦྲུལ་གྱི་གོང་སྨེད་བྱས་པའི་སྟེང་རཾ་ཡིག་ཡོངས་སུ་གྱུར་པ་ལས། ཟ་བྱེད་མེ་ལྷ་མཐིང་ནག་ཁྲོ་གཏུམ་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ན་ཧོམ་གཟར་དང་མེ་ཕུང་། འོག་མ་གཉིས་ན་དབྱུག་ཐོ་དང་བགྲང་ཕྲེང་བསྣམས་པ། རིགས་ཀྱི་བདག་པོ་དོན་ཡོད་གྲུབ་པས་རྒྱས་གདབ་པ། སྐུ་ལ་ དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་ཞིང་འཚུབས་པའི་བདག་ཉིད་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་ ཡེ་ཤེས་ཀྱི་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར། སྐྱབས་སྦྱིན་གྱི་རྒྱའི་མཐེ་བོང་རྣ་བའི་དྲུང་དུ་གཡབ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་ འདས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྔོན་གྱི་ཐུགས་དམ་ཇི་བཞིན་ཏུ། །འབར་བའི་གནས་འདིར་གཤེགས་ནས་ཀྱང་། །སྲེག་བླུགས་ཞལ་ཟས་བཞེས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ 6-19-5a ག་ཝཱན་ཨགྣེ་ཀྲོ་དྷ་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿས་མ་ཡ་སཏྭཾ། ཛཿཧཱུྃ་བྃ་ཧོཿདེ་ནས་བྱོན་པ་དང་། མེ་ཏོག་ཞིག་ཐབ་དུ་དོར་ལ། པདྨ་ཀ་མ་ལཱ་ཡ་སཏྭཾ། ཞེས་གདན་ཕུལ་ལ། འདིར་ནི་བདག་གིས་ལྷ་རྣམས་ལ། །སྦྱིན་སྲེག་མཆོད་པ་བསྩལ་ལགས་ན། །དེ་སྲིད་དུ་ནི་བཅོམ་ལྡན་འདས། །འབར་བའི་མེ་ནང་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཞེས་པས་ བཞུགས་སུ་གསོལ། ཧཱུྃ། མེ་ལྷ་དྲང་སྲོང་འཁོར་བཅས་ལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་དང་ཞལ་ཟས་དང་། །དབྱངས་སྙན་རོལ་མོའི་མཆོད་པ་འབུལ། ། བདུད་རྩི་སྨན་གྱི་མཆོད་པ་འབུལ། །དམར་ཆེན་རཀྟའི་མཆོད་པ་འབུལ། །དམ་རྫས་གཏོར་མའི་མཆོད་པ་འབུལ། །ཕྱི་ནང་གསང་བའི་མཆོད་པ་བཞེས། །ཨོཾ་ཨགྣི་ཀྲོ་དྷ་ས་པཱ་རི་ཝཱ་ར་བཛྲ་ ཨརྒྷཾ་ནས། ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིངྟ་པཱུ་ཛ་ཧོཿ ཞེས་མཆོད་ནས་བསྟོད་པ་ནི། ཧཱུྃ། ཁྱོད་ནི་མགོན་པོ་རྡོ་རྗེ་འཛིན། །ཁྱོད་ནི་གླང་པོའི་རྣ་བ་ཅན། །ཁྱོད་ནི་བཟང་པོའི་རྒྱན་དང་ ལྡན། །ཁྱོད་ནི་རྣམ་པར་གནོན་པ་ཡིན། །ཡོན་ཏན་རིན་ཆེན་འབྱུང་གནས་ཁྱོད། །ཁྱོད་ནི་བདེ་བ་སྦྱིན་པ་སྟེ། །ཁྱོད་ནི་གཟུགས་ནི་མཛེས་པའི་རྒྱན། །ཁྱོད་ནི་མེ་ལྷ་རལ་པ་ཅན། །གཟི་བྱིན་ 6-19-5b བདེན་ཚིག་མཚུངས་མེད་པ། །ཕྱག་འཚལ་མེ་ལྷའི་རྒྱལ་པོ་ལའོ། །ཞེས་བསྟོད། དེ་ནས་བྱོན་ཟན་ནི། ལག་གཡོན་པས་བླུག་གཟར་དང་། གཡས་པས་དགང་གཟར་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་ནས། མེ་ལྷའི་ ཞལ་རབ་ཏུ་གདངས་བའི་ལྗགས་རྡོ་རྗེས་མཚན་པ་ལ་རྃ་དང་། དགང་བླུགས་གཉིས་ཀྱི་ཁ་ལའང་རྃ། ཞལ་གྱི་རྃ་ལས་འོད་ཀྱི་སྦུ་གུ་བྱུང་བ་དགང་བླུགས་ཀྱི་རྃ་ལ་ཟུག་པས་མར་ཁུ་དྲངས་ཏེ་གསོལ་བར་ གྱུར། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་དགང་གཟར་བཀང་སྟེ་དགང་གཟར་བླུགས་གཟར་ཁ་སྦྱར་ནས་ལག་གཉིས་པུས་མོའི་ཕྱིར་སོན་པར་ཐབ་ལ་གཡོན་དུ་ལན་གསུམ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་ཨ་དཱི་བྱ་ཨ་དཱི་བྱ་ཨ་བི་ ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡ་དགྲ་བགེགས་དམ་སྲི་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་བརྗོད་ཅིང་འབུལ། དེ་འདྲ་ལན་གསུམ་མཐར། འདོད་གསོལ་དུ། བདག་ལ་གནོད་ཅིང་འཚེ་བར་བྱེད་པའི་ དགྲ་བགེགས་ཐམས་ཅད་དྲག་པོའི་ཕྲིན་ལས་ཀྱིས་ཚར་གཅོད་པར་མཛད་དུ་གསོལ། དེ་ནས་ཡམ་ཤིང་སོགས་ནས། མར་ཁུའི་བར་གྱི་རྫས་བདུན་པོ་རིམ་པས་བླངས་ལ། སྣོད་ལག་གཡས་སུ་ཐོགས་ནས་གཡོན་པས་ འབུལ་ཞིང་། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ། །མེ་ལྷ་དྲང་སྲོང་ཁྲོས་པ་འཁོར་བཅས་ལ། །དྲག་པོའི་རྫས་མཆོག་སྲེག་པའི་མཆོད་པ་འབུལ། །གདུག་ཅན་ 6-19-6a དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །ཞེས་བརྗོད་ལ། ཨོཾ་ཨགྣ་ཡེ་སོགས་སྔགས་ཀྱི་རྫས་རེ་རེ་ནས་ཅི་རིགས་ཕུལ་མཐར་འདོད་གསོལ་སྦྱར། རྫས་རྫོགས་ནས་ཡུངས་ཀར་ཐབ་ཏུ་ འཐོར་ཏེ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་སྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་བདག་གི་མངོན་སྤྱོད་དྲག་པོའི་ཕྲིན་ ལས་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། དེ་ནས་ཡེ་ཤེས་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་ནས་དཔང་པོ་མཛད་པར་བསམ། བུད་ཤིང་གསོས་ལ་བུམ་ཆུས་བྲན། དམ་ཚིག་མེ་ལྷའི་ལྟོ་བ་འབར་ཞིང་བསྲེག་ པའི་ཀློང་ན། འདས་པའི་ལྷ་རྣམས་མངོན་རྟོགས་བཞིན་བསྐྱེད་ཅིང་སྤྱན་འདྲེན་བཞུགས་གསོལ་རྣམས་འདོན་ཆ་བཞིན་དུ་སྦྱར། ལྷ་དེ་དག་ཤིན་ཏུ་ཁྲོས་ཤིང་འཁྲུགས་པའི་ཉམས་ཅན་བསྐལ་པའི་མེ་ལྟར་འབར་ བའི་གཟི་བྱིན་བཟོད་པར་དཀའ་བའི་སྐུ་ལས་འོད་ཟེར་མཐིང་ནག་ཚ་ཞིང་རྩུབ་པ་རྡོ་རྗེ་མེ་མཚོན་ཁྲོ་ཆུང་གི་ཆར་འབེབས་པ་འཕྲོས་པས་གང་ལ་བྱ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་རང་དབང་ མེད་པར་འགུགས་ཤིང་ཐལ་བ་རྡུལ་དུ་བརླག་པ་དྲག་པོའི་ཕྲིན་ལས་མཛད་པར་གྱུར། དེ་ནས་གཞུང་གི་མཆོད་པ་འདོན་ཆ་བཞིན་དུ་རྒྱས་པའམ། བསྡུ་ན་སྔགས་ཙམ་གྱིས་མཆོད། བསྟོད་པ་བྱ། སྒྲུབ་མཆོད་ 6-19-6b དང་འབྲེལ་ན། མེ་ལྷའི་ལྟོ་བར་གཞུང་གི་མངོན་རྟོགས་བཞིན་གཞལ་ཡས་ཁང་དང་གདན་བསྐྱེད་ལ། སྤྱན་འདྲེན་གྱི་ཚིག་བརྗོད་པས་དཀྱིལ་འཁོར་ནས་ཚོམ་བུ་སྤྱན་དྲངས་སྟེ་རང་སྔགས་ཀྱིས་ཚོམ་བུ་ཅུང་ཟད་རེ་ཐབ་ཏུ་དོར་ཏེ་བཞུགས་ གསོལ་བྱ། དེ་ནས་གསལ་གདབ་ཕྱིར་ལྷ་ཡི་མངོན་རྟོགས་འདོན་ཅིང་། མཐར་ལྷ་དེ་དག་སོགས་སྦྱར་ཞིང་མཆོད་བསྟོད་བྱ། དེ་ནས་བྱོན་ཟན་ནི། ཡེ་ཤེས་ཀྱི་ལྷ་རྣམས་ཀྱི་ཞལ་ཤིན་ཏུ་གདངས་པའི་ལྗགས་ཧཱུྃ་ལས་ སྐྱེས་པའི་རྡོ་རྗེ་ཧཱུྃ་གི་མཚན་པ་ལ་རཾ་དང་། སོགས་སྔར་བཞིན་སྦྱར་ཏེ། རྩ་སྔགས་བདུན་དང་མཐར་ཨགྣ་ཡེ་སོགས་སྦྱར་ཏེ་བདུན་གསུམ་བྱོན་སྐྱེམས་ཕུལ་འདོད་གསོལ་བྱ། དེ་ནས་སྐབས་འདིར་སྲེག་རྐྱང་ཡིན་ན་དྲག་ བསྐུལ་གསེར་སྐྱེམས་སོགས་ནས་བསྒྲལ་ལས་ཡོངས་རྫོགས་བྱ། དེ་ཙམ་མི་ནུས་ན་འགུགས་འདྲེན་བསྒྲལ་བ་ཙམ་བྱས་རྗེས། རྫས་བདུན་པོ་རྣམས་རེ་རེ་ནས་དབུལ་ཏེ། ཧཱུྃ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག ། འབར་བ་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག །བདུད་རྩི་ལྔའམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པར་བྱ། ། བཀུག་ནས་རྡོ་རྗེ་ཕུར་བུས་བཏབ། །རྡུལ་དུ་བྱས་ལ་ཚོགས་སུ་བསྟབ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཞེ་སྡང་རྡོ་རྗེ་འཁོར་བཅས་ཀུན། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། ། 6-19-7a ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །སྐད་ཅིག་ཡུད་ལ་བརླག་མཛད་ན། །བརླག་པར་མ་གྱུར་གང་ཡང་མེད། །དར་ཕུ་ཙར་ཕུ་ནར་ཕུ་ཨ་བྷི་ཙརྱ་མཱ་ར་ཎ་ཧཱུྃ་ཕཊ། ཞེས་ བསྐུལ་ནས། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། །དམ་རྫས་བདུད་རྩི་འབར་བའི་མཆོད་པ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི། །འཇམ་དཔལ་ གཤིན་རྗེ་གཤེད་ཀྱི་ཞལ་དུ་བསྟབ། །བཞེས་ནས་དགྲ་བགེགས་མ་ལུས་བསྒྲལ་དུ་གསོལ། །རྩ་སྔགས་དང་། གནོད་བྱེད་དགྲ་བགེགས་བྱད་མའི་སྲོག་ལ་མཱ་ར་ཡ་རྦད། ཛྭ་ལ་རཾ་ཁ་རཾ་ ཁཱ་ཧི། ཞེས་བཏགས་པ་བཟླས་ཏེ་རྫས་ཅི་རིགས་འབུལ། མཐར་དམོད་བཅོལ་སྦྱར། འཁོར་ལའང་ཁ་བསྒྱུར་ཏེ་ཕུལ། དེ་ལྟར་སྤྱི་ཡི་རྫས་སོང་ནས་དམིགས་བསལ་དྲག་པོའི་ལས་ལ་བརྟེན་པའི་བསད་པ་སོགས་ལ་རྫས་ སྤུངས་ས་རང་རང་གི་རྫས་སོ་སོ་དམིགས་སྔགས་སོ་སོས་སྦྱིན་སྲེག་བྱ་སྟེ། དེ་ཡང་བསད་པ་ལ་བཤད་མ་ཐག་པ་ལྟར་དགྲ་ལ་དམིགས་བྱའི་དྲི་མ་རྗེས་ས་དང་བགེགས་ལ་གནས་རྟེན་གྱི་ས་སོགས་བསྲེས་པའི་དུག་ཁྲག་མི་སྐྲ་མི་རུས་ཕུབ་མ་ སོགས་ཀྱི་ལིང་ག་མིང་རུས་ལྡན་པ་གྲངས་མང་བསྲེགས་ཏེ། ལྷ་རྣམས་ཀྱིས་དགྲ་བགེགས་བཀུག་ནས་མཚོན་གྱིས་གཏུབས་ཏེ་ཤ་ཁྲག་ལྷག་མེད་དུ་རོལ་པར་བསམ། སྔགས་ཤམ་དུ། དགྲ་བགེགས་ཆྒཻ་མོ་མཱ་ར་ཡ་ཧཱུྃ་ཕཊ། 6-19-7b ཅེས་བཏགས་པའི་རྫས་འབུལ་ལ་བརྒྱའམ་སྟོང་ལ་སོགས་པ་གྲངས་བསོགས། མངོན་སྤྱོད་ཀྱི་བསྐྲད་པ་ལ་ཁྭ་དང་འུག་པའི་སྒྲོ་གཙོ་བོར་གྱུར་པའི་རྫས་ལ་སྦྱིན་སྲེག་བྱ་སྟེ། དམིགས་པ་ནི་ཡཾ་ལས་བྱུང་བའི་རླུང་དཀྱིལ་ནག་པོ་ གཞུ་ཡི་དབྱིབས་ཅན་ལ་གནས་པའི་རྔ་མོང་སྔོན་པོ་རླུང་གི་ཤུགས་ཅན་ལ་དམིགས་བྱ་བསྐྱོན་ཏེ་སྤྲུལ་པའི་ཁྲོ་བོའི་ཚོགས་ཀྱིས་དེད་ནས་ལྷོ་ཡི་ཕྱོགས་སུ་ཤོག་སྐྱ་རླུང་གིས་ཁྱེར་བ་ལྟར་ཕྱི་མིག་ཙམ་ཡང་ལྟ་བའི་དབང་མེད་པར་མཐའ་ མེད་དུ་བསྐྲད་པར་བསམ། རྩ་སྔགས་ཤམ་དུ། ཆྒཻ་མོ་ཨུཙྪ་ཏ་ཡ་ཧཱུྃ་ཕཊ། ཅེས་སྦྱར། དབྱེ་བ་ལ། ནིམ་པའི་ལོ་མ་སྦྲུལ་ཤུན་ཁྭ་ཏ་དང་འུག་པའི་ཚང་བསྲེས་པའི་རྫས་སྲེག་ཅིང་། ལྷ་རྣམས་ཀྱིས་སྤྲུལ་ པའི་བྱ་རོག་དང་འུག་པའི་མགོ་ཅན་རྟ་དང་མ་ཧེ་ལ་ཞོན་པ་དབྱེ་ཡུལ་རྣམས་ཀྱི་སྙིང་ལ་ཞུགས་པས་ཕན་ཚུན་ཤིན་ཏུ་མི་མཐུན་པའི་སེམས་རྩུབ་མོས་འཐབ་འཛིང་མཚོན་གྱིས་འཁྲུགས་ནས་འུར་ཟིང་ལངས་པར་བསམ་ལ། སྔགས་ཤམ་དུ། ཆྒཻ་མོ་འདི་དང་ཆྒཻ་མོ་འདི་གཉིས། བི་དྭེ་ཥ་ཡ་ཧཱུྃ་ཕཊ། ཅེས་བཏགས་ལ་བཟླས་སོ། །དྲག་པོའི་དགུག་པ་ལ་ནི། དྷ་དྷུ་ར་དང་ཀ་ར་ཝི་ར་ཁྲག་དང་བཅས་པའི་མེ་ཏོག་དམར་པོ་སོགས་རྫས་སྲེག་ཅིང་། རླུང་གི་དཀྱིལ་འཁོར་ལ་གནས་པའི་སེང་གེ་དམར་པོའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་དགྲོལ་བ་ལ་སྤྲུལ་པའི་ཕོ་ཉས་ལྕགས་ཀྱུ་སྙིང་ལ་བཏབ་ཞགས་པས་མགུལ་ནས་བཅིང་སྟེ་རླུང་ཤུགས་ཀྱིས་རང་དབང་མེད་པར་འོང་བར་བསམས་ལ་ 6-19-8a རྩ་སྔགས་ལ། ཆྒཻ་མོ་ཨཱ་ཀརྵ་ཡ་ཛཿཞེས་བཏགས་སོ། །རེངས་ཤིང་གནོན་པའི་ལས་ལ་ཡུང་བ་ལྡོང་རོས་བ་བླ་དང་ཕུག་རོན་སྦལ་པ་ལུག་དང་ཉ་ལ་སོགས་པའི་ཤ་དང་བག་ཕྱེ་དང་འབྲུ་ དང་དུག་སྣའི་རྫས་གང་རྙེད་བསྲེག་ཅིང་། ལྷ་རྣམས་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པ་འོད་ཟེར་སེར་པོ་འཕྲོ་བར་གསལ་བའི་མདུན་དུ་ས་གཞིར་དམིགས་བྱ་བསྒྱེལ་བའི་སྙིང་གར་རི་རབ་དང་དེ་སྟེང་སྣ་ཚོགས་རྡོ་རྗེ། དེ་སྟེང་ ས་དཀྱིལ་རི་ཕྲན་རོལ་མཚོ་བཅས་པ་ཁ་ཐུར་དུ་བསྟན་པས་མནན་ཅིང་སྟེང་དུ་འབྱུང་རིམ་རི་རབ་ལྷ་ཡི་ཕོ་བྲང་བཅས་ཏེ་ལྡང་མེད་དུ་བསམས་ལ་སྔགས་ཤམ་དུ། ཆྒཻ་མོ་སྟྭམྦྷ་ཡ་ཀུ་རུ་ལྃ། ཞེས་བཟླས། ངག་གནོན་ན་གཞན་ རེངས་པར་འདྲ་ལ་ལྕེ་སྟེངས་དཀྱིལ་རི་རབ་དང་རྡོ་རྗེ་རྒྱ་གྲམ་གྱིས་མནན་པ་གསལ་བཏབ་ནས་སྔགས་ཤམ་དུ། ཆྒཻ་མོའི་ངག་སཏྭཾ་བྷ་ན་ཀུ་རུ་ལཾ། ཞེས་བཟླས་སོ། །རྨོངས་པ་ལའང་རེངས་པ་དང་འདྲ་ལ་ལྷ་རྣམས་ཀྱི་འོད་ནག་ པོས་དམིགས་བྱའི་ལུས་ངག་ཡིད་གསུམ་འོ་མ་རུལ་བ་བཞིན་དུ་ནག་ཐིབས་སེ་རྨུགས་ཤིང་དྲན་པ་ཉམས་པར་བསམས་ལ། ཆྒཻ་མོ་མོ་ཧ་ཡ་ནན། ཞེས་བཟླ། སྨྱོ་བར་བྱེད་པ་ལ། དྷ་དྷུ་ར་སོགས་དུག་ཁྲག་ཚ་བའི་མར་ ཁུ་དང་ཤ་ཆེན་དང་བྱ་རྒོད་ཤ་སོགས་བསྲེག་ཅིང་། ལྷ་རྣམས་ལས་སྨྱོ་དུག་གི་ཆར་བབ་པས་དམིགས་བྱའི་སྙིང་གར་ཐིམ་པས་དྲན་པ་ཉམས་ཅིང་དབང་མེད་དུ་སྨྱོ་བར་བསམས་ལ། སྔགས་ཤམ་དུ་ཆྒཻ་མོ་ཨུནྨ་ད་ཧཱུྃ་ཕཊཿ 6-19-8b ཅེས་བཟླས། དྲག་པོའི་ཆོ་འཕྲུལ་གཏོང་བ་ལ་ལྟས་ངན་གྱི་སྲོག་ཆགས་ཀྱི་ཤ་གཙོ་བོར་གྱུར་པའི་ཤ་སྣ་དང་དུག་ཁྲག་གི་རྫས་བསྲེག་ཅིང་། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་ལས་སྤྲུལ་པའི་ཕོ་ཉ་འཇིགས་སུ་རུང་བས་དགྲ་བོའི་ཁྱིམ་ ཐམས་ཅད་དུ་ལྟས་ངན་གྱི་ཡོ་ལང་འཁྲུགས་ཏེ་ཐན་གྱི་དམག་ཚོགས་མུན་པ་ལྟར་གཏིབས་པར་བསམས་ལ། སྔགས་ཤམ་དུ། ལི་ཕྲི་མ་རཾ་ཀ་ར་རྨ་རི་ཤེའུ་རེའུ། ཧེ་དུན་རྩ་ཕོབ། ཁྱུང་རྩ་ཧེ་ཕཊ། ཅེས་བཏགས་ལ་བཟླས་ སོ། །དེ་ཡང་སྤྱིར་ལས་སོ་སོ་སྒྲུབ་པ་ལ་ཐོགས་པ་མེད་པའི་རྫས་དེ་དག་ཕུལ་བས་ལྷ་མཉེས་པའི་འོད་ཟེར་གྱིས་ལས་གང་འདོད་གྲུབ་པ་དང་། སྔགས་དང་དམིགས་པ་འདོད་གསོལ་སོགས་འདས་མ་འདས་གཉིས་ཀར་ཁ་བསྒྱུར་ ཏེ་སྦྱར་དགོས་པ་ནི་ཀུན་ཏུ་ཤེས་པར་བྱའོ།། ༈ །།དེ་ལྟར་རྫས་འབུལ་བ་རྫོགས་ནས་དམིགས་བསལ་ཧོམ་མཆོད་བྱེད་ན། ལྕགས་སླང་དུ་མར་ནག་བསྐོལ་བའི་མེ་ལྕེས་སླེབ་སར་ལིངྒ་བཀྲམས་ལ་དྲག་བསྐུལ་གསེར་ སྐྱེམས་འགུགས་གཞུག་བྱས་ལ་བཞེས་སྒྲ་དྲག་པོ་བཅས་ཛ་གད་རྫས་ལྡན་གྱིས་མེ་སྦར་ཏེ་ཧོམ་མཆོད་བྱའོ། །མཐར་བྱོན་སྐྱེམས་བཞིན་དུ་གཤེགས་སྐྱེམས་བདུན་གསུམ་ཕུལ། སྔགས་ཙམ་གྱིས་ཉེར་སྤྱོད་སྨན་སོགས་མཆོད། ཨོཾ་བཛྲ་ཝ་སཏྲཱ་ཡ་སྭཱ་ཧཱཿ གོས་ཟུང་ཕུལ། ཨོཾ་བཛྲ་ཏཾ་བུ་ལཱ་ཡ་སྭཱ་ཧཱས། སོ་རྩི་འབུལ། བསྟོད་པ་བྱ་བ་ནི། སངས་རྒྱས་ཀུན་གྱི་དངོས་པོ་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། ། 6-19-9a སངས་རྒྱས་ཀུན་མཆོག་གཙོ་བོའི་གཙོ། །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་ལོ། །ཀྱེ་ཀྱེ་གཤིན་རྗེ་གཤེད་དམར་པོ། །ནག་པོ་ཡིན་ན་ནག་པོ་ཞེས་བསྒྱུར། བླ་མ་སྲིན་པོའི་གཟུགས་རང་བཞིན། །ཁོ་བོས་ ཁྱོད་མཐོང་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་སྤོངས། །ཁྱོད་ཀྱིས་གར་མཛད་ས་སྟེང་དང་། །ས་བླ་དང་ནི་ས་འོག་གཡོ། ཆགས་པས་བརྒྱན་ཁྲོ་ཁྱོད་རོ་ལངས་ ཞིག་པར་མཛོད་ཅེས་བསྒྱུར། པའི་ཁྲོ་བོ་ཡི། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ནི་སྦོམ་ཐུང་དམར་ནག་པོའང་། པོ་སྟེ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་པ། །རྡོ་རྗེ་དབྱངས་ནག་པོ་ཡིན་ན་ཨཉྫ་ནག་པོ་ལྕགས་འདྲ་བའི། ཅན་མ་ཡིས་བཏུད། །གར་མཛད་ཁྱོད་ནི་བདེ་བ་ཆེ། །ཧྲཱིཿཥྚིའི་གསང་སྔགས་དག་གིས་ནི། །ཁྱོད་ནི་ས་གསུམ་འཁྲུལ་པ་སེལ། །རྗེ་བཙུན་སྙིང་རྗེའི་ ཁྲོ་བོ་ལགས། །གར་མཛད་ཁྱོད་ནི་འགྲོ་ལ་གཟིགས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། འདོད་གསོལ་སྦྱར། འདོད་གསོལ་འདི་སྐབས་བཟློག་པ་སོགས་ཀྱི་ཕྲིན་བཅོལ་བྱེད་ན་སྦྱར། བཟོད་གསོལ་ མཐར་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྟིམ། སྒྲུབ་དཀྱིལ་གྱི་སྐབས་གཤེགས་གསོལ་དུས་ཚོམ་བུ་སླར་སྤྱན་འདྲེན་པ་དང་བསྟུན། ཡེ་ཤེས་པ་བསྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་གྱུར། ཞེས་བརྗོད། 6-19-9b གཞལ་ཡས་ཁང་གདན་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སླར་ཡང་ཤིང་བསྣན། བསང་ཆུས་བྲན། འཇིག་རྟེན་པའི་མེ་ལྷ་དཔང་པོར་བཞུགས་པ་བཛྲ་ས་མཱ་ཛཿ དམ་ཚིག་པ་དང་གཉིས་སུ་ མེད་པར་གྱུར། མཆོད་བསྟོད་བྱས་ལ། སྲེག་རྫས་བདུན་པོ་སྔར་བཞིན་ཕུལ་མཐར། གཤེགས་སྐྱེམས་བྱོན་ཟན་ལྟར་ཕུལ་ལ། གོས་ཟུང་སོ་རྩིའང་འབུལ། དམར་གཏོར་དགང་བླུགས་ཁར་བཞག་སྨན་རཀ་བྲན། རྃ་ཡྃ་ཁྃ་གིས་ བསངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ལ། ཨོཾ་ཨགྣ་ཡེ་ཀྲོ་དྷ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་པཱུ་ཛ་ཁཱ་ཧི། ཞེས་ལན་གསུམ་གྱིས་འབུལ། འདོད་གསོལ་དུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་ཞེས་སོགས་ ཀྱིས་ཕྲིན་ལས་བཅོལ། སླར་ཉེར་སྤྱོད་སྔགས་ཙམ་དང་། མེ་སྟེ་བསྲེག་བྱ་སོགས་ཀྱིས་བསྟོད། བཟོད་གསོལ་བྱ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་ དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཨོཾ་ཨགྣ་ཡེ་གཙྪཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། མེ་ལོང་ཡོད་ཀྱང་མི་བཞག་པར་དུག་ཁྲག་གི་ཆུས་བསད་པའི་ཐལ་ བ། བསྐུལ་ཞིང་བཟློག་པའི་ཐལ་སྡེབ་དང་འབྲེལ་བར་དགྲ་ཕྱོགས་སུ་ཟོར་དུ་འཕང་སྟེ་རླུང་ལ་བསྐུར་བའམ། ཡང་ན་ཐལ་སོལ་རྣམས་སྣོད་ངན་དུ་བྲུབས་ལ་མཆོད་རྟེན་ནམ་ལམ་རྒྱ་གྲམ་དུ་མནན་གཡམ་པ་ལ་རི་རབ་དང་རྒྱ་གྲམ་བྲིས་པས་མནན། 6-19-10a ཚིག་ཏུ་ཡང་། མནན་ནོ་རི་རབ་ལྕིད་ཀྱིས་མནན། །བསྐྱོན་ནོ་འཁོར་ལོའི་རྩིབས་ལ་བསྐྱོན། །འཕང་ངོ་རྒྱ་མཚོའི་གཏིང་དུ་འཕང་། །སྦྱིན་ནོ་གནོད་སྦྱིན་ཟས་སུ་སྦྱིན། ། གཏད་དོ་གཤིན་རྗེའི་ལག་ཏུ་གཏད། །དཔག་ཚད་ལྔ་བརྒྱའི་འོག་ཤེད་ན། །གཤིན་རྗེའི་རྒྱལ་པོས་ཆོས་འཆད་ཀྱིས། །དེ་ཡི་དྲུང་དུ་ཆོས་ཉོན་ཅིག །བྱང་ཆུབ་སེམས་ནི་མ་སྐྱེས་ཚེ། །ནམ་ ཡང་གཏང་བར་མི་བྱའོ། །ནམ་ཞིག་བྱང་ཆུབ་སེམས་སྐྱེས་ན། ། དེ་ཚེ་གནས་ངན་དེ་ལས་དྲང་བར་བྱའོ། །རྩ་སྔགས་མཐར། ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སུཾ་ནན་སཏྭམྦྷ་ཡ་ནན། ཞེས་བརྗོད། གང་ལྟར་ཡང་ ལས་རྣམས་ཀྱི་མཐའ་སྡུད་དུ་རྡོ་རྗེའི་བྲོ་བརྡུང་བར་བྱ་སྟེ། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམ་ནས། །བཅིང་བསྒྱུར་བསྐྱོད་ནས་ཕྱོགས་བཅུར་གཡོ། །མྱོས་ནས་བསད་དེ་ ཚིག་པར་འགྱུར། །ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་མ་ལུས་ཀུན། །སྐད་ཅིག་ཡུད་ལ་བརླག་པར་མཛད། །བརླག་པར་མ་གྱུར་གང་ཡང་མེད། །ཧཱུྃ་ཧཱུྃ་ཧཱུྃ། རྩ་ སྔགས་དང་སུམ་བྷ་ནི་བཟླས་སོ། །དེ་ནས་བདག་བསྐྱེད་དཀྱིལ་འཁོར་གྱི་མཇུག་བསྡུ་ཞིང་བསྔོ་སྨོན་བཀྲ་ཤིས་ཀྱིས་རྗེས་བརྒྱན་པར་བྱའོ། །རྫས་རྫོགས་རྗེས་མེ་ཐུན་བརྡེག་ན། དཔལ་ཆེན་སྐུ་ལས་མེ་དཔུང་རྣམ་ལྔ་འབར༔ 6-19-10b མེ་ལྕེ་ཁྲོ་ཆུང་ཡང་སྤྲུལ་མཚོན་ཆ་ཡིས༔ ཚྭ་ཚྭ་འཕྲོས་པས་ནད་གདོན་སྡིག་སྒྲིབ་བསྲེག༔ བར་ཆད་གདོན་བགེགས་བརླག་ཅིང་བཅོམ་པར་གྱུར༔ དྲག་སྔགས་མཐར། གནོད་བྱེད་དམ་སྲི་ཕོ་ མོའི་སྲོག་ལ་རཾ་རཾ། ཙིཏྟ་རཾ་རཾ་ཐུལ་ཐུལ་ཛྙཱ་ན་ཨ་ན་ལ་ཙཀྲ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྒྲུབ་ལ་བར་ཆད་བྱེད་པ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ་ཨུཙྪ་ཏ་ཡ་ཕཊ། སརྦ་ཨནྟ་ར་ཤཱནྟིཾ་ཀུ་རུ་ཧཱུྃ་ཕཊ་རྃ་སྭཱ་ཧཱ༔ ཞེས་སྦྱར་རོ། །དེ་ལྟར་མངོན་སྤྱོད་ཀྱི་སྲེག་བླུགས་འདི་ཡང་རྒྱུད་དང་ཟབ་གཏེར་གྱི་དགོངས་དོན་མ་ནོར་བ་བཞིན་དུ་རིག་འཛིན་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་རབ་ཚེས་ལྕགས་འབྲུག་ཟླ་བ་བདུན་པའི་ཚེས་ཉེར་ ལྔ་ལ་གྲུབ་པར་བགྱིས་པས་བསྟན་དགྲ་མ་ལུས་པ་གདོད་མའི་དབྱིངས་སུ་སྒྲོལ་བའི་དཔལ་ཧེ་རུ་ཀ་ཆེན་པོའི་མཐུ་སྟོབས་ལ་མངའ་དབང་འབྱོར་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ། 6-20-1a འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་མཐའ་ཟབ་རྒྱ་འགྲོལ་ནས་གབ་སྦས་མེད་པར་བསྟན་པའི་ཕྲིན་ལས་རྡོ་རྗེའི་མེ་ཆེན་ཞེས་བྱ་བ་ཨི་ཐི་རྒྱཿཿ 6-20-1b དཔལ་ཡ་མནྟ་ཀ་ལ་ཕྱག་འཚལ་ལོ། །འདིར་འཇམ་དཔལ་དཔའ་བོ་བསྒྲུབ་པའི་རྣལ་འབྱོར་བས་བྱད་ཕུར་རྦོད་གཏོང་ལྟས་ངན་སྐག་རིགས་ཆག་ཆེ་ཉམས་ང་བཟློག་པར་ འདོད་པ་དང་། ཁྱད་པར་དུ་རང་ལ་འཚེ་བའི་དགྲ་བགེགས་སྡིག་ཅན་མྱུར་དུ་བསྒྲལ་བར་འདོད་པས། བྱ་སླ་ལས་མྱུར་བའི་གདམས་ངག་ཤིན་ཏུ་ཟབ་པ་འདི་ལྟར་བྱ་སྟེ། ལོ་ཟླ་ཟད་པའི་ དུས་དང་ནི། །ཉེར་དགུ་ལ་སོགས་མར་གྱི་ངོར། །ཉི་མ་ལ་སོགས་ནག་པོ་དང་། །གཟའ་སྐར་ཕྱོགས་དུས་ཐེབ་དྲག་པོར། །གྲིབ་སོ་ས་ལ་ཕེབ་པའི་ཚེ། །གདུག་ཅན་ཤིང་གི་ཧོམ་ ཁུང་བརྩིགས། །དམིགས་བྱའི་རཱུ་པ་ཆེ་བ་ཅིག །ལིང་ཕྲན་ལྔ་བཅུའམ་ཉེར་གཅིག་བསྐོར། །སྲོག་ཡིག་ལིང་ག་གཞུང་ལྟར་བྲི། །ཡན་ལག་བཞི་བརྒྱང་ཛ་སོགས་བཀོད། །སྙིང་ 6-20-2a གར་བགེགས་ལ་ཏྲི་ཡིག་དང་། །དགྲ་ལ་ནྲྀ་ཡིག་མིང་རུས་བྲི། །ཐ་མར་དམོད་བཅོལ་ལས་སྔགས་བྲིས། །བཙན་དུག་མི་རྟ་ཁྱི་ཁྲག་གསུམ། །གླང་ ཁྲག་ཞ་ཉེ་མུ་ཟི་ནག །རོ་སོལ་ཐང་ཕྲོམ་དགུ་པོ་དང་། །དམིགས་བྱའི་ཟག་རྫས་བསྲེས་པ་རྣམས། །ལིངྒ་རྣམས་ལ་བྱུགས་པར་བྱ། །དེ་དང་གྲང་མཉམ་དམར་གཏོར་བཤམས། ། ཤ་ཁྲག་དག་གིས་རྣམ་པར་བརྒྱན། །མདུན་དུ་དྲག་པོའི་ཟོར་བཀོད་དེ། །ཉེར་སྤྱོད་ལ་སོགས་མཆོད་པ་བཤམས། །རང་སྲུང་དམིགས་པ་སྔགས་དང་ནི། །ཆོས་སྨན་བྱིན་རླབས་རྫས་ བཅས་འཐུང་། །སྐྱབས་སེམས་ཚོགས་བསགས་སྔོན་འགྲོ་བས། །སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་གཞལ་ཡས་ཁང་། །མཚན་ཉིད་ 6-20-2b ཡོངས་རྫོགས་དྲག་པོའི་ཕོ་བྲང་འབར། །ཕྱི་རིམ་རྡོ་རྗེ་མེ་ཡི་རྭ་གུར་འཁྲིགས། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར། །དེ་དབུས་ཕ་ལམ་ལས་གྲུབ་འཁོར་ལོ་ནི། །རྩིབས་བཞི་རྣོ་ ངར་ལྡན་པའི་དབུས་ཉིད་དུ། །པདྨ་ཉི་མ་རོ་ཡི་གདན་སྟེང་དུ། །རང་སེམས་ཐོད་དབྱུག་ཡཿཡིས་མཚན་པ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་པ་སྦྱངས། །བགེགས་དང་ ལོག་འདྲེན་བར་ཆད་ཐམས་ཅད་བཏུལ། །ཚུར་འདུས་ཡོངས་གྱུར་འཇམ་དཔལ་གཤིན་རྗེའི་གཤེད། །འཇིག་པའི་སྤྲིན་ནག་འཁྲིགས་པ་ལྟ་བུའི་ཞལ། །སྤྱན་གསུམ་ལྡང་མིག་དུས་ མཐའི་མེ་ལྟར་འབར། །ཞལ་གདངས་མཆེ་གཙིགས་རྐན་སྒྲ་འབྲུག་ལྟར་སྒྲོག །རྔམ་པའི་ལྗགས་འདྲིལ་གློག་སྟོང་བཞིན་དུ་འཁྱུག །ཁམ་སེར་རལ་པ་ནམ་མཁའི་དབྱིངས་སུ་ བསྒྲེང་། །སྨིན་མ་ཨག་ཚོམ་དམར་སེར་མེ་འོད་འཕྲོ། །ཞལ་གཅིག་ཕྱག་གཉིས་གཟི་བརྗིད་རབ་ཏུ་འབར། །ཕྱག་གཡས་བཞད་སྒྲ་སྒྲོག་པའི་ཐོད་དབྱུག་གདེངས། །གཡོན་པས་ ཐོད་པ་ཁྲག་གིས་བཀང་བ་འཛིན། །ཞབས་གཉིས་འདོར་ཐབས་བརྐྱང་བསྐུམ་ཚུལ་གྱིས་བསྒྲད། །དཔལ་དང་དུར་ཁྲོད་ཆས་རྫོགས་གར་དགུས་རྔམ། །མི་སྡུག་སྲིན་པོ་ཁྲོས་པའི་ 6-20-3a ཚུལ་གྱིས་འགྱིང་། །ཡེ་ཤེས་བསྐལ་པའི་མེ་དཔུང་ཀུན་དུ་འབར། །ཕྱོགས་བཞིར་རིགས་བཞིའི་གཤིན་རྗེ་མཐིང་སེར་དམར། །ལྗང་ནག་རྡོ་རྗེའི་བེ་ཅོན་ལ་སོགས་ དང་། །ཐོད་ཁྲག་འཛིན་ཅིང་ཆ་ལུགས་གཙོ་དང་མཐུན། །ཀུན་གྱི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་དང་། །གཙོ་བོའི་ཐུགས་ཀའི་མཐིང་ནག་ཡཿཡིག་ལས། །འོད་འཕྲོས་ཕྱོགས་དུས་ དེ་བཞིན་གཤེགས་པ་ཀུན། །འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྣམ་པ་རུ། །སྤྱན་དྲངས་དམ་ཡེ་གཉིས་སུ་མེད་པར་གྱུར། །ཐུགས་ཀར་ཡ་མཐར་སྔགས་ཕྲེང་གཡས་སུ་འཁོར། །འོད་ཟེར་ རིགས་བཞི་གཤིན་རྗེའི་ཐུགས་ཀར་ཕོག །སྣང་སྲིད་རབ་འབྱམས་དཔལ་ལྡན་གཤིན་རྗེའི་གཤེད། །ཐམས་ཅད་རྡོ་རྗེ་སྔགས་ཀྱི་རང་སྒྲ་འུར། །ཨོཾ་ཤྲཱི་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊཿ མ་ཡེངས་རིག་ པ་གཏད་ནས་བཟླ། །དེ་བར་གཞན་ཚིག་མ་འདྲེས་བྱ། །དེ་ནས་ལིང་ག་གཏོར་མ་ལ། །དགྲ་བགེགས་གྲིབ་གསུམ་འགུག་བསྟིམ་བྱ། །ཤན་པ་ལ་སོགས་གདུག་པའི་མེས། །ཐེབས་ཀྱིས་ཕྱོགས་བསྟུན་མེ་སྦར་ལ། །རང་གི་ ལག་གཡོན་ཕྲེང་ནག་གམ། །རཀྴ་གང་འཛོམས་བཟུང་བྱས་ལ། །དགྲ་བགེགས་གང་ཡིན་ངོ་བོར་བསམ། །སྔགས་ཚིག་རེ་བསྒྲག་ཕྱིར་ལ་བསྒྱུར། །གཏོར་མ་ལིང་ག་རེ་བཤམས་ཕྲལ། །བསྔོ་ཞིང་མེ་ཡི་དབུས་སུ་བསྲེག ། 6-20-3b སྣོད་སྟོང་མི་བཞག་དམ་ཚིག་གོ། མཆོད་གཡོག་ཡོད་ན་དེར་འབུལ་གཞུགས། རང་ཉིད་ཡ་མཱནྟ་ཀ་མཐིང་ནག་འབར། །ཞལ་གཅིག་ཕྱག་གཉིས་མཚོན་ཆའི་རལ་པ་ཅན། །ཞལ་གདངས་མཆེ་གཙིག་ དྲག་པོའི་སྤྱན་གསུམ་བསྒྲད། །དུར་ཁྲོད་ཆས་རྫོགས་ཡེ་ཤེས་རྡོ་རྗེའི་སྐུ། །ཕྱག་གཡས་ལྕགས་ཀྱུས་གནོད་བྱེད་མ་ལུས་པ། །ཐོགས་མེད་འགུགས་ཤིང་སྲུང་སྐྱོབ་ལྷ་དང་ཕྲལ། ། གཡོན་པའི་མཐེབ་མོ་གསེར་གྱི་སྟྭ་རེ་ཕྱར། །མཛུབ་མོ་དངུལ་གྱི་གདན་པ་དག་གི་བར། །དམིགས་བྱའི་མགོ་ལུས་ཧྲུ་ག་གིས་གཏུབ་པར་གྱུར། །མདུན་དུ་ཧོམ་ལ་མེ་འབར་དུག་གི་མཚོ། ། ཁྲོ་ཆུའི་རྦ་རླབས་འཕྱུར་བའི་དབུས་ཉིད་དུ། །མེ་ལྷ་ལས་གཤིན་དམར་ནག་གཅེར་བུ་ནི། །ལྟེ་བ་ཡན་ཆད་མཚོ་ཡི་སྟེང་དུ་འཐོན། །ལག་པ་གཉིས་ན་ཉི་ཟླ་ཆ་ལང་བརྡེབས། །དམར་སེར་རལ་ པ་བསྐལ་པའི་མེ་ལྟར་འབར། །ཟ་བྱེད་ཞལ་གྱི་དཀྱིལ་འཁོར་རབ་ཏུ་གདངས། །ཕྱོགས་རྣམས་རྡོ་རྗེའི་མཚོན་ཆའི་གུར་གྱིས་གཏམས། །དགྲ་བགེགས་ཤ་ཁྲག་ཞལ་དུ་ལྷག་མེད་ བཞེས། །དེ་ལྟར་དམིགས་པ་ནན་བསྐྱེད་པར། །སྔགས་འདི་བརྒྱ་རྩ་གཅིག་བཟླའོ། །ཨྱཻ་ས་བྷྱོ་བཟློག་རྦད༔ མཐར་ནི་བཞེས་ཤིག་ལ་སོགས་པའི། །དམོད་བྱ་ཐལ་མོ་ལན་གསུམ་བརྡབས། །ཐ་མར་ལས་གཤིན་ 6-20-4a རང་ལ་བསྟིམ། །ཐལ་བར་མ་གྱུར་བར་དུ་བསྲེག །ཐལ་བར་གྱུར་ཚེ་གཏོར་ཆེན་དང་། །ལྷན་ཅིག་དགྲ་ཡི་ཕྱོགས་སུ་དོར། །གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་རྣམས། །ཁྲོས་འཁྲུགས་རྔམ་པའི་ དམག་ཚོགས་ཀྱིས། །དགྲ་བགེགས་ཐལ་བར་བརླག་པར་བསམ། །སྔགས་འདི་ཉེར་གཅིག་ལ་སོགས་བཟླ། །ཐལ་རྡེབ་དམིགས་པ་དྲག་ཏུ་བྱ། །ཨོཾ་ཧཱུཾ་ཏྲིག་ཁྲོཾ་བྷྱོ༔ མ་ཎི་མཱ་ར་ཎི་བྷྱོ༔ མཱ་ར་དུ་ན་བྷྱོ༔ རཀྨོ་ རཀྴན༔ ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ༔ ཡ་མ་རཱ་ཛ༔ ཀཱི་ལ་ཡ་བྷྱོ༔ དེ་ལྟར་བྱས་པས་དེ་མ་ཐག །མི་དང་མི་མིན་གྱིས་འཚེ་བའི། །མི་མཐུན་ཕྱོགས་རྣམས་གང་ཡིན་པ། །དུས་མཐའི་མེ་ཡིས་རྩྭ་སྦུར་ལྟར། ། སྐད་ཅིག་ལྷག་མ་མེད་པར་བྱེད། །དགྲ་ལ་བསོད་ནམས་ཆེ་ཆུང་དང་། །བགེགས་ལ་ནུས་པ་དྲག་ཞན་གྱི། །ལན་གསུམ་གཉིས་སམ་གཅིག་ཉིད་ཀྱིས། །འགྲུབ་འགྱུར་འདི་ལ་ཐེ་མི་ཚོམ། །མེ་ལ་རོ་སོལ་བྲོ་བ་དང་། ། དངོས་ཉམས་རིག་པ་དཔའ་རྩལ་འུར། །རྨི་ལམ་ཐོད་མཁར་མེ་འབར་དང་། །གླང་སྨྱོན་མི་ནག་ཐོག་སེར་འདེབས། །དར་ནག་ཕྱར་དང་རལ་ནག་བསིགས། །ཆར་མུན་འཁྲིགས་སོགས་འཇིགས་པའི་ལྟས། །འཇིགས་ ཤིང་སྐྱི་གཡའ་བག་དྲོ་དང་། །འོད་དང་གཟི་འབར་ལ་སོགས་དང་། །ཐེབ་ཕྱོགས་གཏོར་མ་འཕང་བའི་དུས། །ཕར་ལ་དྲག་པའི་རླུང་ལྡང་དང་། །ཧོམ་གྱི་མེ་ལ་སྒྲ་གྲགས་སོགས། །འགྲུབ་པའི་རྟགས་མཚན་ཅི་རིགས་འབྱུང་། ། 6-20-4b དགྲ་བགེགས་གདུལ་དཀའ་ག་བྱེད་པ། །མངོན་སྤྱོད་ལས་ཀྱི་མཐར་ཐུག་སྟེ། །གྲིབ་རྩོག་ཅིས་ཀྱང་མི་སེལ་བ། །སྐད་ཅིག་ཡུད་ལ་འདི་ཡིས་འཇོམས། །ལོ་རེ་ལན་རེ་བྱས་པ་ན། །སྐག་སོགས་ཉམ་ང་ཀུན་ཀྱང་འཇིག ། དགྲ་བོ་ཚངས་པ་འདྲ་ཡང་འཆི། །བགེགས་ནི་འཆི་བདག་ཉིད་ཀྱང་བརླག །གྲིབ་ནི་རང་སྟོབས་གྲོགས་སུ་འབར། །ཚེ་མཐུ་བསམ་པའི་བར་ཆད་ཀུན། །བརླག་ནས་སླར་ཡང་སྐྱེ་མི་བྱེད། །གལ་ཆེ་ལན་རེ་ལྟ་བུ་ ལས། །མང་དུ་བྱས་ན་སྲོག་ལ་འབར། །གལ་ཐོད་སྤེལ་ན་མྱུར་དུ་འཆི། །ལས་རྣམས་ཀུན་གྱི་རྣོ་འདོན་སྟེ། །ཕྲིན་ལས་གསང་བའི་མཐར་ཐུག་གོ། ཞེས་འཇམ་དཔལ་ནག་པོ་གྲིབ་འཇོམས་རྡོ་རྗེ་ཕ་ལམ་གྱི་ལས་ མཐའ་རྡོ་རྗེའི་མེ་ཆེན་ཞེས་བྱ་བ་འདི་ནི། སངས་རྒྱས་གླིང་པ་དང་། གུ་རུ་ཆོས་དབང་། སྔགས་འཆང་རཏྣ་གླིང་པ་གསུམ་གྱི་གཏེར་ཁའི་བཅུད་གཅིག་ཏུ་དྲིལ་ནས་གུ་རུའི་གསུང་རྡོ་རྗེའི་བྱིན་རླབས་ཀྱི་དྲོད་མ་ཡལ་བར་བཀོད་པ་པོ་ནི་ ལམ་འདིའི་བཀའ་བབ་༧འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་པ་རྡོ་རྗེ་བློ་གྲོས་དྲི་མེད་རྩལ་གྱིས་སྦྱར་བ་དགེའོ། །མངྒ་ལཾ།། །། 6-21-1a རྟ་མགྲིན་ཡང་གསང་གི་ཕྲིན་ལས་དབང་དྲག་འབར་བ་བཞུགས་སོ། ། 6-21-1b བླ་མ་དང་དབང་ཆེན་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིར་རྟ་མགྲིན་ཡང་གསང་གི་རྒྱུན་ཁྱེར་ཉམས་སུ་བླང་བར་འདོད་པས་ཐོག་མར་མདུན་དུ་སྐྱབས་ཡུལ་གསལ་བཏབ་ལ། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་བརྒྱད་རྣམ་དག་བྱ། དེ་ནས་མཚམས་བཅད་ནི། ཧཱུྃ༔ དཔལ་ཆེན་མི་བཟད་དཀྱིལ་འཁོར་ནས༔ འབར་བའི་ཁྲོ་བོ་མེ་དཔུང་འབར༔ གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས༔ བགེགས་དང་ལོག་འདྲེན་རྡུལ་དུ་རློག༔ དབང་ཆེན་མེ་དཔུང་དམར་ནག་འབར༔ བསྐལ་པ་དུས་མཐའི་མེ་ལྟ་བུ༔ དབང་དྲག་མཚོན་ཆ་བྲག་ལྟར་གཏམས༔ གང་ལ་བབ་ཀྱང་གཅོད་ཅིང་སྒྲོལཿ དབང་ཆེན་ཁྲོ་བོ་མི་བཟད་རྔམ༔ སྲིད་པའི་ཡེ་ཤེས་འཁོར་ལོ་འཁྲིགས༔ དབང་ཆེན་ 6-21-2a མཚམས་ལས་གང་འདའ་བར༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱིས༔ ཨོཾ་རཾ་ཀྲོ་ཏ་རཀྵ་བཛྲ་ཛྭ་ལ་རེཾ་ཏིཀྵྞ་བི་ཤྭ་ཛྭ་ལ་རཾ་ཕཊ་རཾ་རཾ༔ དེ་ནས་མཆོད་པ་ རྣམས། རྃ་ཡྃ་ཁྃ་གིས་སྦྱང་ཞིང་། ཨོཾ་ཨཱཿཧཱུྃ་ཧོས་བྱིན་གྱིས་བརླབས། དངོས་གཞི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ ཆོས་དབྱིངས་ནམ་མཁའི་ཀློང་ཡངས་ནས༔ ཆོས་རྣམས་སྣ་ཚོགས་ རང་ཤར་བ༔ རང་བཞིན་མེད་པ་ཆུ་ཟླ་འདྲ༔ ཐུགས་རྗེ་ཆེན་པོ་ཀུན་ལ་ཁྱབ༔ སྙིང་པོ་ཡེ་ཤེས་ཧཱུྃ་གི་དབྱིབས༔ ཆེན་པོ་ལྔ་ཡི་སྙིང་པོ་ལྔ༔ འབྱུང་བ་ལྔ་ཡི་ དྭངས་མ་ཆགས༔ ཡེ་ཤེས་འབར་བའི་གཞལ་ཡས་ཁང་༔ ཆོས་ཀྱི་དབྱིངས་ཀྱི་གནས་ཆེན་པོ༔ དབུས་ན་གྲུ་གསུམ་ཟླ་གམ་གསུམ༔ ཕྱི་རོལ་འཁོར་ལོ་རྩིབས་ 6-21-2b བཞི་པ༔ ཐོད་པ་སྐམ་རློན་ཕྲེང་བ་ཟླུམ༔ གྲུ་ཆད་སྒོ་བཞི་རྒྱན་དང་ལྡན༔ ཕྱི་ནང་མེད་པ་ཡོངས་སུ་གསལ༔ དབུས་ཀྱི་གྲུ་གསུམ་བདུད་ནག་གདན༔ པདྨ་ཉི་མ་འོད་དུ་འབར༔ མེ་དཔུང་ འབར་བའི་ཀློང་དཀྱིལ་ན༔ པདྨ་ཁྲག་འཐུང་རྟ་མཆོག་དཔལ༔ སྐུ་མདོག་དམར་ནག་ཆེན་པོ་ལ༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་ལྗང་དབུས་དམར་ ནག༔ དབུ་སྐྲ་ཁམ་ནག་གྱེན་དུ་འཁྱིལ༔ དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན༔ གཙུག་ན་རྟ་མགོ་ལྗང་གུ་འཚེར༔ སྐུ་སྟོད་ཞིང་ཆེན་གླང་ཆེན་མནབས༔ སྐུ་སྨད་སྟག་ལྤགས་ཐོད་རློན་ཕྲེང་༔ རིགས་བཞི་སྦྲུལ་བརྒྱན་ཆས་རྣམས་རྫོགས༔ སྤྱན་གསུམ་ཞལ་བསྒྲད་མཆེ་བ་གཙིགས༔ སྨིན་མ་སྨ་ར་ཨག་ཚོམ་སེར༔ པདྨ་ལྕགས་ཀྱུ་བེ་ཅོན་གཡས༔ བྷན་དམར་ཞགས་པ་རལ་ གྲི་གཡོན༔ ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས༔ གཡོན་ན་ཡུམ་ཆེན་ཁྲོ་མོ་ནི༔ པདྨ་གར་གྱི་དབང་ཕྱུག་མ༔ སྐུ་མདོག་སྔོ་ནག་དུར་ཁྲོད་ཆས༔ དབུ་རལ་ནག་པོ་རིན་ཆེན་སྤྲས༔ ཁྲོ་ ཚུལ་སྤྱན་གསུམ་མཆེ་བ་གཙིགས༔ གཡས་འཁྱུད་གཡོན་པ་དུང་དམར་སྟོབ༔ ཤར་གྱི་རྩིབས་ལ་དྲི་ཟའི་གདན༔ རྡོ་རྗེ་དབང་ཆེན་ཁྲོས་པ་དཀར༔ རྡོ་རྗེ་ཐོད་དབྱུག་ཕྱག་ན་བསྣམས༔ ལྷོ་ 6-21-3a ཡི་རྩིབས་ལ་གྲུལ་བུམ་གདན༔ རིན་ཆེན་དབང་ཆེན་ཁྲོས་པ་སྔོ༔ རིན་ཆེན་ལྕགས་ཀྱུ་ཕྱག་ན་བསྣམས༔ ནུབ་ཀྱི་རྩིབས་ལ་ཀླུ་དབང་ལྡན༔ པདྨ་དབང་ཆེན་ཁྲོས་པ་དམར༔ པདྨ་ཞགས་པ་ཕྱག་ན་བསྣམས༔ བྱང་གི་རྩིབས་ལ་གནོད་སྦྱིན་གདན༔ ཕྲིན་ལས་དབང་ཆེན་ཁྲོས་པ་ལྗང་༔ རལ་གྲི་ཁ་ཊྭཱྃ་ཕྱག་ན་བསྣམས༔ བཞི་ཀའང་ཞལ་གཅིག་ཕྱག་གཉིས་པ༔ ཆས་ བརྒྱད་མེ་དཔུང་ཀློང་ན་བཞུགས༔ སྒོ་བཞིར་སྒོ་མ་བཞི་པོ་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དཀར་སེར་དམར་ལྗང་དུར་ཁྲོད་བརྒྱན༔ དབང་ཆེན་ཡང་གསང་ཁྲོས་པའི་ལྷ༔ མ་འདྲེས་ཡོངས་སུ་རྫོགས་པར་གསལ༔ བྱིན་རླབས་དབང་བསྐུར་ཡོངས་སུ་རྫོགསཿ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུ་བཞེངས་པ༔ དབང་ཆེན་ཁྲོས་པའི་རྒྱལ་པོ་བཞེངས༔ དབུས་ཀྱི་ཡེ་ཤེས་གཞལ་ཡས་ནས༔ པདྨ་རྟ་མཆོག་གཤེགས་སུ་གསོལ༔ ཡུམ་ཆེན་ཁྲོ་མོ་གཤེགས་སུ་ གསོལ༔ ཕྱོགས་བཞིའི་འཁོར་ལོའི་རྩིབས་སྟེང་ནས༔ སྤྲུལ་པའི་ཁྲོ་བོ་གཤེགས་སུ་གསོལ༔ སྒོ་བཞི་གནས་ཀྱི་གཞལ་ཡས་ནས༔ སྒོ་མ་བཞི་རྣམས་གཤེགས་སུ་གསོལ༔ ས་མ་ཡ་ཛ༔ 6-21-3b ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་བཛྲ་དྷཱ་ཏུ་ས་པ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དམ་ཚིག་དབང་ཆེན་དཀྱིལ་འཁོར་འདིར༔ ཡེ་ཤེས་ཁྲོ་བོ་མི་བཟད་པ༔ དབང་ཆེན་ དཀྱིལ་འཁོར་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱིཿདཔལ་ཆེན་ཁྲོ་བོ་མི་བཟད་པ༔ རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ༔ ཁྲོ་མོ་ཡུམ་ལ་ཕྱག་འཚལ་ལོ༔ སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ སྒོ་སྲུང་བཞི་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ་པྲ་ཏི་ཛ་ཧོ༔ མཆོད་པ་འབུལ་བ་ལ༔ འདོད་ཡོན་གྱི་མཆོད་པའི་དང་པོ་ཉེར་སྤྱོད་ནི། ཧཱུྃ༔ བདུག་སྤོས་སྣང་གསལ་ཞུག་ཏོག་སྒྲ༔ ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་༔ པདྨ་དབང་ཆེན་དཀྱིལ་འཁོར་ལྷར༔ མཆོད་པ་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་མ་ཧཱ་པདྨེ་ཤྭ་ར་ས་པ་ རི་ཝཱ་ར་ཨརྒྷཾ་དྷུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱ་ཤཔྡ་པཱུ་ཙ་མེ་གྷ་ས་མུ་དྲ་རཏྣ་ས་མ་ཡེ་ཧཱུྃ༔ འདོད་ཡོན་ལྔ་ཡི་མཆོད་པ་ནི༔ ཧཱུྃ༔ གཟུགས་ཀྱི་ལྷ་མོ་སྐུ་མདོག་དཀར༔ གཟུགས་ཀྱི་ལོངས་སྤྱོད་སྣ་ཚོགས་འཛིན༔ དབང་ཆེན་ཁྲོ་བོའི་སྤྱན་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་མཛོད༔ སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ༔ སྒྲ་ཡི་ལོངས་སྤྱོད་སྣ་ཚོགས་འཛིན༔ དབང་ཆེན་ཁྲོ་བོའི་སྙན་ལ་འབུལ༔ ཨ་ལ་ལ་ཏེ་དགྱེས་ 6-21-4a པར་མཛོད༔ དྲི་ཡི་ལྷ་མོ་སྐུ་མདོག་སེར༔ དྲི་ཡི་ལོངས་སྤྱོད་སྣ་ཚོགས་འཛིན༔ དབང་ཆེན་ཁྲོ་བོའི་ཤངས་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་མཛོད༔ རོ་ཡི་ལྷ་མོ་སྐུ་ མདོག་དམར༔ རོ་ཡི་ལོངས་སྤྱོད་སྣ་ཚོགས་འཛིན༔ དབང་ཆེན་ཁྲོ་བོའི་ལྗགས་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་མཛོད༔ རེག་བྱའི་ལྷ་མོ་སྐུ་མདོག་ལྗང་༔ རེག་བྱའི་ལོངས་སྤྱོད་སྣ་ཚོགས་ འཛིན༔ དབང་ཆེན་ཁྲོ་བོའི་སྐུ་ལ་འབུལ༔ ཨ་ལ་ལ་སྟེ་དགྱེས་པར་མཛོད༔ ཨོཾ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་པཱུ་ཙ་ཧོ༔ ནང་སྨན་རཀ་གཏོར་གསུམ་མཆོད་པའི་དང་པོ་སྨན་མཆོད་ནི༔ ཧཱུྃ༔ རང་བྱུང་གདོད་ ནས་རྣམ་པར་དག༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས༔ འཆི་མེད་བདུད་རྩི་ར་ས་ཡན༔ དམ་རྫས་མཆོག་གི་མཆོད་པ་འདི༔ པདྨ་དབང་ཆེན་དཀྱིལ་ འཁོར་ལ༔ བདག་གི་དད་པས་འབུལ་ལགས་ཀྱིས༔ བཞེས་ཏེ་འཕྲུལ་གྱི་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ སྤྲོ་ན་རྩ་བརྒྱུད་བླ་མ་དང་ཡི་དམ་དཀྱིལ་འཁོར་སོ་སོ་ནས་འབུལ་ལོ། ། བདུད་རྩིའི་དངོས་གྲུབ་བསྡུ་བ༔ ཧཱུྃ༔ ཡེ་ཤེས་ཁྲོ་བོ་དབང་ཆེན་གྱི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མཆོག༔ རྣལ་འབྱོར་ལུས་ངག་ཡིད་ལ་ཐིམ༔ གཉིས་མེད་གྱུར་ནས་བརྟན་པ་ཆེ༔ ཨོཾ་ 6-21-4b ཨཱཿཧཱུྃ༔ ཞེས་བདུད་རྩི་མྱོང་། རཀྟའི་མཆོད་པ་ནི༔ ཧཱུྃ༔ སྣ་ཚོགས་ཁྲག་གི་མཚོ་འཁྱིལ་པའི༔ རཀྟ་དམར་གྱི་མཆོད་པ་འདི༔ པདྨ་དབང་ཆེན་དཀྱིལ་འཁོར་ལ༔ མཆོད་པར་འབུལ་ལོ་བཞེས་སུ་ གསོལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ གཏོར་མའི་མཆོད་པ་ནི༔ ཧཱུྃ༔ ཁྱད་པར་འདོད་ཡོན་མཆོད་པའི་མཆོག༔ ཤ་ཁྲག་ཀེང་རུས་གཏོར་མ་ཡིས༔ ཁྲོ་རྒྱལ་དབང་ཆེན་ཐུགས་དམ་བསྐང་༔ ཡུམ་ ཆེན་ཁྲོ་མོའི་ཐུགས་དམ་བསྐང་༔ སྤྲུལ་པ་རིགས་བཞིའི་ཐུགས་དམ་བསྐང་༔ སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི༔ གསང་བ་སྦྱོར་སྒྲོལ་གྱི་མཆོད་པའི་དང་པོ་སྦྱོར་མཆོད་ནི། ཧཱུྃ༔ གསང་བ་ཐབས་དང་ཤེས་རབ་ལས༔ པདྨ་ནོར་བུ་མཉམ་སྦྱར་ནས༔ དགྱེས་པ་ཆེན་པོའི་བདེ་ཆེན་དང་༔ བྱང་ཆུབ་སེམས་ཀྱི་མཆོད་པ་འདི༔ པདྨ་དབང་ཆེན་དཀྱིལ་འཁོར་ལ༔ མཆོད་པར་འབུལ་ལོ་བཞེས་སུ་གསོལ༔ མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་སྭཱ་ཧཱཿ སྒྲོལ་མཆོད་ནི། ཧཱུྃ༔ ཞིང་གྱུར་ཐམས་ཅད་རང་བཞིན་བསྒྲལ༔ ཤ་ཁྲག་སྲོག་དབུགས་མཆོད་པ་འདི༔ པདྨ་དབང་ ཆེན་དཀྱིལ་འཁོར་ལ༔ མཆོད་པར་འབུལ་ལོ་ཁ་རཾ་ཁཱ་ཧི༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེང་ནི་རི་ཏི་བ་ལིཏྟ་ཁཱ་ཧི་བྷི་བྷ་ཧོ༔ བསྟོད་པ་ནི༔ ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་༔ 6-21-5a ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་ཆེན་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ པདྨ་གར་དབང་ཡུམ་ལ་ཕྱག་ འཚལ་བསྟོད༔ རིགས་བཞིའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་བསྟོད༔ སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི༔ ཧྲཱིཿབདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ༔ ཐུགས་ཀར་པདྨ་འདབ་བརྒྱད་ཀྱི༔ གེ་སར་ལ་ནི་སྙིང་པོ་ཧྲཱི༔ འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་སྙིང་པོ་བསྡུས༔ སེམས་ཅན་སྒོ་གསུམ་སྒྲིབ་པ་སྦྱངས༔ ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་དང་༔ ཡུམ་གྱི་སྙིང་པོཿ ཨོཾ་མ་ཧཱ་ཀྲོ་ཏཱི་ཤྭ་རི་ཧཱུྃ་ཕཊ༔ གཞན་ཡང་རིགས་བཞི་དང་སྒོ་མའི་སྙིང་པོའང་སྤྲོ་ན་བཟླ༔ མཐར་ཛབ་བསྟོད་ནི༔ ཧཱུྃཿ པདྨ་རིགས་ཀྱི་ཁྲོ་རྒྱལ་མཆོག །དཔལ་ཆེན་པདྨ་ཧེ་རུ་ཀ༔ མི་བཟད་ཁྲོ་རྒྱལ་རྟ་མཆོག་དཔལ༔ དབང་དྲག་སྟོབས་ཆེན་རྔམ་ཆེན་གཏུམ༔ སྐུ་མདོག་དམར་ནག་བརྗིད་ཅིང་འགྱིང་༔ དབུ་གསུམ་རྣམ་ཐར་གསུམ་ཡང་སྟོན༔ ཕྱག་དྲུག་རྒྱུད་དྲུག་རྩད་ནས་གཅོད༔ ཞབས་བཞི་འཁོར་བའི་ 6-21-5b ཆོས་བཞི་སྒྲོལ༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས༔ རྟ་མགོ་ལྗང་ཀུ་རྟ་སྐད་འཚེར༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ རྔམ་པའི་ང་རོ་འབྲུག་ལྟར་སྒྲོགས༔ དྲེགས་པ་ཕོ་མོ་དབང་དུ་སྡུད༔ དབང་ཆེན་སྐུ་ལ་ཕྱག་འཚལ་བསྟོད༔ དངོས་གྲུབ་བླང་བ་ནི། ཧཱུྃ༔ ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ༔ དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས༔ མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག༔ དུས་ འདིར་རྣལ་འབྱོར་བདག་ལ་སྩོལ༔ ཨོཾ་པདྨ་ཏ་ཀྲྀ་ཏ་པདྨ་ཤྭ་རི་མ་ཧཱ་ཀྲོ་ཏ་ཧ་ཡ་གྲཱི་ཝ་མ་མ་ཏྲ་ཀྨོ་དུན་ཏིང་ཧྲིཾ་ཧྲིཾ་ཧཱུྃ་ཛཿཞེས་སྒྲུབ་སྔགས་དང་། ཨོཾ་པདྨ་ཀྲོ་དྷ་ཀཱ་ཡ་ཝ་ཀ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོ༔ དེ་ནས་ཚོགས་ཀྱི་ མཆོད་པ་ལ་ཤ་ཆང་སོགས་ཇི་འབྱོར་འདུ་བྱས་ལ༔ ཨོཾ་སརྦ་བི་ཤུདྡྷོ྅ཧ྄ཾཿ སྦྱངས། ཨོཾ་མ་ཧཱ་རཏྣ་ཀཱ་མ་ལ་དྷེ་བི་ཤུདྡྷེ་ཧཱུྃ་གིས་བྱིན་གྱིས་བརླབ་ཞིང་༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིས་སྤེལ་ལ། སྤྱན་འདྲེན་ནི། ཧཱུྃ༔ རང་བཞིན་རྣམ་དག་ ངང་ཉིད་ལས༔ སྤྲུལ་པའི་ཁྲོ་བོ་མི་བཟད་པ༔ པདྨ་དབང་ཆེན་དཀྱིལ་འཁོར་ལྷ༔ ལོངས་སྤྱོད་ཚོགས་ལ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ་པདྨ་ཀ་མ་ལ་ཡེ་སཏྭཾ་ཧཱུྃཿ གདན་ཕུལ། དེ་ནས་དང་པོ་མཆོད་ པ། ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ 6-21-6a ཧཱུྃ༔ མཛེས་སྡུག་གཟུགས་ཀྱི་མཆོད་པ་འདིཿ དབང་ཆེན་དཀྱིལ་འཁོར་སྤྱན་ལ་འབུལ༔ སྤྱན་གྱི་ཐུགས་དམ་སྐོང་གྱུར་ཅིག༔ གཟུགས་ཀྱི་མཆོད་པ་བཞེས་སུ་ གསོལ༔ སྙན་པ་སྒྲ་ཡི་མཆོད་པ་འདི༔ དབང་ཆེན་དཀྱིལ་འཁོར་སྙན་ལ་འབུལ༔ སྙན་གྱི་ཐུགས་དམ་སྐོང་གྱུར་ཅིག༔ སྒྲ་ཡི་མཆོད་པ་བཞེས་སུ་གསོལ༔ དྲི་ཞིམ་ངད་ཀྱི་མཆོད་པ་ འདི༔ དབང་ཆེན་དཀྱིལ་འཁོར་ཤངས་ལ་འབུལ༔ ཤངས་ཀྱི་ཐུགས་དམ་སྐོང་གྱུར་ཅིག༔ དྲི་ཡི་མཆོད་པ་བཞེས་སུ་གསོལ༔ ཞལ་ཟས་རོ་ཡི་མཆོད་པ་འདི༔ དབང་ཆེན་དཀྱིལ་ འཁོར་ལྗགས་ལ་འབུལ༔ ལྗགས་ཀྱི་ཐུགས་དམ་སྐོང་གྱུར་ཅིག༔ རོ་ཡི་མཆོད་པ་བཞེས་སུ་གསོལ༔ འཇམ་པ་རེག་བྱའི་མཆོད་པ་འདི༔ དབང་ཆེན་དཀྱིལ་འཁོར་སྐུ་ལ་འབུལ༔ སྐུ་ཡི་ ཐུགས་དམ་སྐོང་གྱུར་ཅིག༔ རེག་བྱའི་མཆོད་པ་བཞེས་སུ་གསོལ༔ བདེ་སྟོང་ཆོས་ཀྱི་མཆོད་པ་འདི༔ དབང་ཆེན་དཀྱིལ་འཁོར་ཐུགས་ལ་འབུལ༔ ཐུགས་ཀྱི་ཐུགས་དམ་སྐོང་ གྱུར་ཅིག༔ ཆོས་ཀྱི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཙ་ཁ་ཧི༔ བར་པ་བཤགས་པ། ཧཱུྃ༔ བདག་ཅག་མ་རིག་ཉོན་མོངས་སེམས་ཅན་གྱིས༔ བག་མེད་ཚུལ་གྱིས་དམ་ 6-21-6b ལས་འགལ་གྱུར་ཏེ༔ པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཐུགས་དང་འགལ་བའི་ལས་ནི་ཅི་བགྱིས་པ༔ ཐུགས་རྗེ་མངའ་བའི་ལྷ་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ ནས་འཕྲུལ་གྱི་དངོས་གྲུབ་སྩོལ༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ས་མ༔ སོགས་ཡིག་བརྒྱ་བཟླ༔ ཐ་མ་བསྒྲལ་བ་ནི༔ རྟེན་ལ༔ ནྲྀ་ཏྲི་བཛྲ་ཨངྒུ་ཤ་ཛཿ ཛཿཧཱུྃ་བྃ་ཧོ༔ ཞེས་བཀུག་ལ༔ ཧཱུྃ༔ སྤྲུལ་པའི་ཁྲོ་བོ་འབར་ བ་ཡིས༔ ཞིང་བཅུ་མ་ལུས་ཐམས་ཅད་དང་༔ འཁོར་བའི་ཉོན་མོངས་རྒྱ་དྲལ་ནས༔ དུག་ལྔ་དབྱིངས་སུ་བསྒྲལ་བར་བྱའོ༔ ནྲྀ་ཏྲི་མཱ་ར་ཡ་ཕཊཿ ཅེས་བསྒྲལ་ནས༔ བསྟབ་པ་ནི༔ ཧཱུྃ༔ ཤ་ ཁྲག་རུས་པ་ནང་ཁྲོལ་མཁྲིས༔ འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ཕྲག་དོག་མཆོད་པ་འབུལ༔ སྐུ་གསུང་ཐུགས་དང་ཡོན་ཏན་དང་༔ ཕྲིན་ལས་དངོས་པོར་བཞེས་སུ་ གསོལ༔ མ་ཧཱ་མཾ་ས་རཀྟ་ཀིང་ནི་རི་ཏི་ཁ་རཾ་ཁཱ་ཧི༔ གཞན་ཡང་བསྟན་སྲུང་གིང་ལྔ་གཟའ་གདོང་བེག་རྩེ་མཆོད་པ་སོགས་སྤྱི་ལྟར་བྱའོ༔ དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས་ནས༔ དབང་ གི་རྟ་སྐད་ཀྱི་རོལ་པས་མ་མོ་མཁའ་འགྲོ་འབོད་བ་ནི༔ ཨེ་ཨ་ར་ལི་ཧྲཱིཾ་ཛཿཞེས་དབང་དུ་བསྡུས་ལ། ཨོཾ་ཨུཥྩི་ཊ་བ་ལིངྟ་ཁཱ་ཧེས་གཏོར་མ་བསྔོ་ཞིང་རྒྱས་པར་ལྷག་ཆོག་དང་༔ རྟ་བྲོ་འདོད་ན་ཟུར་དུ་ཤེས་པར་བྱའོ༔ དེ་ནས་དཀྱིལ་ 6-21-7a འཁོར་བསྡུ་ཞིང་ལྷར་ལྡངས་ལ་བྱ་ཁྱུང་གི་ཕྱག་རྒྱ་བཅའ་ཞིང་གནས་ལྔར་བཞག་ལ༔ ཧ་ཡ་གྲཱི་བ་ཧྲཱིཿ གབ༔ པད་མོ་དྷ་ར་ཧྲཱིཿགབ༔ པདྨ་བྷནྡྷ་ཧྲཱིཿགབ༔ ཙནྡྲ་རཀྵ་ཧྲཱིཿགབ༔ རུ་ལུ་རུ་ལུ་ ཧཱུྃ་བྷྱོ་ཧཱུྃ༔ ཞེས་པས་རང་བསྲུང་བའི་གོ་ཆ་བགོ་ཞིང་༔ དགེ་བ་བསྔོ་བ་ནི༔ དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས༔ པདྨ་རྒྱལ་པོའི་གོ་འཕང་མཆོག་ཐོབ་ནས༔ མ་རིག་ལྡོང་བའི་སྐྱེ་ཚོགས་ ཐམས་ཅད་ལ༔ རོལ་པའི་རྟ་སྐད་ཕྱོགས་བཅུར་སྒྲོགས་པར་ཤོག༔ ཅེས་དང་སྨོན་ལམ་བཀྲ་ཤིས་ཅི་རིགས་པས་དགེ་ལེགས་ཀྱི་སྣང་བས་ཀུན་ཏུ་ཁྱབ་པར་བྱའོ༔ ཞེས་པའང་ཡང་གསང་ཁྲོས་པའི་རྒྱུད་ཀྱི་རྡོ་རྗེའི་ཚིག་ རྣམས་སོར་བཞག་ལ་ཆོ་གའི་འགྲོས་སུ་མཚམས་སྦྱར་བའི་རྒྱུན་ཁྱེར་སྤྲོས་མེད་སྙིང་པོའི་ཉམས་ལེན་གྱི་ཚུལ་དུ་རིག་འཛིན་པདྨའི་རྗེས་འཇུག་འཇམ་དཔལ་དགྱེས་པས་ཆུ་རྟ་ལོའི་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་ལྔ་ཉི་མ་མེ་བཞིའི་འགྲུབ་སྦྱོར་ བཟང་པོ་ལ་གྲུབ་པར་བགྱིས་པ་འདིས་འགྲོ་བ་ཀུན་གྱིས་དཔལ་དབང་ཆེན་ཁྲོ་བོའི་རྒྱལ་པོའི་གོ་འཕང་རིན་པོ་ཆེ་འགྲུབ་པར་གྱུར་ཅིག༔ མངྒ་ལཾ༔ ༈ རྟ་མགྲིན་ཡང་ཕྱུངས་ནག་པོའི་རྒྱུན་ཁྱེར་གནམ་ལྕགས་རལ་ གྲི་བཞུགས། འདིར་རྟ་མགྲིན་ནག་པོའི་རྒྱུན་ཁྱེར་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་ཚོགས་བསགས་སྔོན་དུ་བཏང་ནས། དངོས་གཞི་ཏིང་ངེ་འཛིན་བསྒོམ་པ་ནི། ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཅེས་རྩ་ 6-21-7b སྔགས་ལན་གཅིག་བརྗོད་པ་ཡིས། སྐད་ཅིག་དྲན་རྫོགས་ཏིང་འཛིན་གྱིས༔ གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས༔ ཕྱག་གཡས་སྒྲོལ་བྱེད་རལ་གྲི་ཡིས༔ དགྲ་བགེགས་མགོ་ལུས་དུམ་བུར་ཕྲལ༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་བསྣམས༔ དགྲ་བགེགས་མ་ ལུས་སྲོག་སྙིང་འདྲེན༔ ཞབས་གཉིས་དགྲ་བགེགས་བསྣོལ་མར་མནན༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་གཙུག་རྟ་མགོ་ལྗང་གུ་གདེངས༔ རྟ་སྐད་དྲག་པོ་ནམ་མཁར་འཚེར༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ སྐུ་སྟོད་ཞིང་ལྤགས་གཡང་གཞི་དང་༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་ བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས༔ བ་སྤུ་མེ་ཡི་ཚྭ་ཚྭ་འཕྲོས༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ དབུ་སྐྲ་གནམ་ལྕགས་རལ་པ་ཅན༔ རལ་པ་བསིགས་པའི་སྐྲ་གསེབ་ ནས༔ ཁྲོ་ཆུང་དཔག་མེད་ཕྱིར་འཕྲོས་པས༔ དགྲ་བགེགས་ཐམས་ཅད་ཚར་བཅད་དེ༔ ཚུར་འདུས་ཁྲོ་བོའི་གུར་དུ་གྱུར༔ དེ་ཡང་བསྲུང་བ་བཟློག་པ་དང་༔ བསད་པའི་ལས་མཛད་ཁྲོ་ 6-21-8a བོ་ནི༔ རིམ་པ་གསུམ་གྱི་ཚུལ་དུ་སྒོམ༔ བདག་ཉིད་དམ་ཚིག་སེམས་དཔའ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཉི་མའི་གདན་ལ་ཧཱུྃ་མཐིང་ནག༔ གཟི་ བརྗིད་ལྡན་པའི་མཐའ་སྐོར་དུ༔ རྩ་སྔགས་གཡས་སུ་འཁོར་བར་བསམ༔ འོད་ཟེར་སྤྲོ་བསྡུའི་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ མེ་རི་ཁྲོ་བོའི་རང་བཞིན་ལས༔ གནོད་བྱེད་མིང་ཡང་མེད་པར་གྱུར༔ ཞེས་བསམ་ལ་སྔགས་བཟླའོ། །དེ་ཡང་གཞུང་ལས༔ སེམས་ཉིད་འོད་གསལ་སྐྱེ་མེད་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་ བསྟིམ་རྒྱས་གདབ་མི་འཚལ་སྟེ༔ དྲན་པ་ཙམ་གྱིས་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི༔ བསྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་གསུངས་པ་ལྟར་ངེས་པར་བྱ་བ་ནི། རྡོ་རྗེ་ ལྟ་བུའི་ཏིང་འཛིན་གྱི་རིམ་པའོ། །གཉིས་པ་གནམ་ལྕགས་ལྟ་བུའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧཱུྃ་ཕཊ༔ ཡཀྴ་ནག་པོ་ནྲྀ་ཏྲི་ཧུར་ཐུཾ་ཛ༔ གནོད་བྱེད་མཱ་ར་ཡ་སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་ རྦད༔ ཁྲག་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཡིག་ལ་རྦད་རྦད༔ ཙིཏྟ་ཟུང་ཟུང་༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཕྱུང་ཕྱུང་༔ ཙིཏྟ་གཏུབ་གཏུབ༔ ཙིཏྟ་ 6-21-8b མྱོགས་མྱོགས༔ ཙིཏྟ་ཐུམ་རིལ༔ ཡཱ་ཡཱ༔ བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་ཕྱུང་༔ ཁཾ་ཁཾ༔ ལཾ་ལཾ༔ ཚལ་པར་རྦད་རྦད༔ དུམ་བུར་རྦུད་རྦུད༔ ཐུམ་མྱོག་བཾ་རིལ༔ མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་པ་སྟེ་དེ་ཡང་། ཧྱ་གྲཱི་ཝའི་ཡི་གེ་བཅུ༔ རྟ་མགྲིན་རྩ་བའི་སྔགས་སུ་བསྟན༔ ཡཀྴ་ནག་པོ་མན་ཆད་ནི༔ ལས་སྔགས་གནམ་ལྕགས་སྤུ་གྲི་ཡིན༔ ནྲྀ་ཏྲི་དགྲ་དང་བགེགས་ཀྱི་སྲོག༔ ཧུར་ཐུམ་ ཛ་ནི་འགུགས་པའི་སྔགས༔ གནོད་བྱེད་གང་ཡིན་མིང་གི་ཐེམས༔ མཱ་ར་ཡ་ནི་བསད་པའོ༔ རྦད་ཚོ་བརྒྱད་པོ་སྲོག་གི་སྔགས༔ ཡང་ན་རལ་གྲིའི་ལས་སུ་འདོད༔ ཙིཏྟ་ཟུང་ནས་བྷྱོ་ཡི་བར༔ ཡིག་འབྲུ་རྩ་བརྒྱད་བསད་པའི་སྔགས༔ ཡང་ན་ ལྕགས་ཀྱུའི་ལས་སུ་འདོད༔ སྲོག་རྩ་ཆོད་ནས་རྦད་སོད་བར༔ ཡིག་འབྲུ་ཉི་ཤུ་རྩ་དགུ་ནི༔ ཐུན་མོང་བསད་པའི་སྔགས་སུ་འདོད༔ ཛྭ་ལ་རཾ་གྱིས་བསྲེག་པར་བྱེད༔ ཨུ་ཙ་ཏ་ཡིས་བསྲེག་ཅིང་གཏོར༔ ཕཊ་ཀྱིས་ཐམས་ཅད་འཇོམས་པར་བྱེད༔ འདི་ཡིས་མི་ཐུལ་གང་ཡང་མེད༔ དཔེར་ན་གནམ་ལྕགས་སྤུ་གྲི་འདྲ༔ རྣོ་བའི་ཚད་ནི་མེ་ལྟ་བུ༔ མྱུར་བའི་ཚད་ནི་གློག་ལྟ་བུ༔ རྒོད་པའི་ཚད་ནི་ཐོག་ལྟ་བུ༔ གཏུམ་པའི་ཚད་ནི་རྦབ་ལྟ་བུ༔ དགྲ་དང་བགེགས་དང་བྱད་མ་དང་༔ ནད་ཀྱི་རིགས་དང་གདོན་གྱི་རིགས༔ གཉན་རིགས་ལྷོག་པ་ཐབ་ཀྱི་རིགས༔ མཛེ་དང་ཤུ་འབྲུམ་སྐྲང་ལྷོག་དང་༔ སྨྱོ་འབོག་བརྒྱལ་ནད་ལ་སོགས་པ༔ གང་དང་གང་ལ་བཏབ་པ་དེ༔ མེ་དང་རྩྭ་སྦུར་དཔེ་བཞིན་དུ༔ བསྲེགས་ 6-21-9a ཤིང་རབ་ཏུ་བསྲེག་པར་བྱེད༔ རླུང་དང་ཐལ་མའི་དཔེ་བཞིན་དུ༔ གཏོར་ཞིང་རབ་ཏུ་གཏོར་བར་བྱེད༔ དྲག་སྔགས་བསྟན་པ་མང་ཡོད་ཀྱང་༔ རྣོ་མྱུར་བསྟན་པ་འདི་ལས་མེད༔ འདི་ལ་རིགས་ནི་ འགའ་ཡོད་ཀྱང་༔ སྔགས་འགྲིགས་ཚང་བ་འདི་ལས་མེད༔ འདི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ༔ བསྙེན་པའི་དུས་སུ་རྩ་སྔགས་བཟླ༔ བསྒྲུབ་པའི་དུས་སུ་ལས་སྔགས་གདགས༔ ལས་སྦྱོར་ལས་སྔགས་རྐྱང་པར་བཟླ༔ བསྙེན་སྔགས་བུང་བ་ཚང་ཚོལ་བཞིན༔ བསྒྲུབ་སྔགས་མེ་དཔུང་འབར་བ་འདྲ༔ ལས་སྔགས་སེང་ཆེན་འབེབ་འདྲར་བཟླ༔ སྔགས་ཀྱི་གནད་ལ་གསུམ་ཡིན་ཏེ༔ མགལ་མེ་འཁོར་བ་ལྟ་བུ་དང་༔ བ་ཐག་ཁྲིད་པ་ལྟ་བུ་དང་༔ མེ་སྒྱོགས་འཕང་བ་ལྟ་བུའོ༔ ཞེས་གསུངས་པ་ལྟར་ངེས་པར་བྱའོ། །ཁྲོ་ཆུ་ལྟ་བུའི་རྫས་ཀྱིས་བསྲུང་བ་ནི༔ བྱུགས་བདུག་སྲུང་བའི་རྫས་རྣམས་གཞུང་བཞིན་བསགས་ལ་བསྡུ་སྒྲུབ་བྱ་བའོ། །རྫས་སྔགས་ཏིང་འཛིན་གསུམ་པོ་དེ་ ནི། ཚུར་ལ་གང་གིས་མི་ཚུགས་པ་གོ་ཆ་ལྟ་བུའི་མན་ངག་སྦྱིན་ལ། ཕར་ལ་གང་ཡང་མི་བཏང་བའི་མཚོན་ཆ་ལྟ་བུའི་མན་ངག་ནི་དྲག་སྔགས་ལས་ལ་སྦྱང་ནས་དགྲ་གདོན་ཐལ་བར་བརླག་པ་མངོན་སྤྱོད་གཙོ་བོར་གྱུར་པའི་ཕྲིན་ལས་རབ་ འབྱམས་སྒྲུབ་པ་སྟེ་གཞུང་ལས་ཤེས་པར་བྱའོ། །འདི་ལྟ་བུའི་ལྷ་མཆོག་ཁྱད་པར་ཅན་ནི་དུས་སྙིགས་མར་བར་ཆད་འཚེ་བ་རླུང་ལྟར་གཡོ་བའི་ཚེ་གཉེན་པོ་སྟོབས་ཀྱི་ལྷ་ཁྱད་པར་ཅན་ཡིན་ཞིང་། བཀྲ་ཤིས་ཤིང་རྒྱུད་འཇམ་པ་སྡེ་བརྒྱད་རང་ 6-21-9b ཤུགས་ཀྱིས་འཁོར་བས་རྣོ་ཞིང་མྱུར་བ། རྟ་མགྲིན་གྱི་སྒྲུབ་ཐབས་བྱེ་བ་ས་ཡ་མཆིས་ཤིང་། དེ་དག་ཕལ་ཆེར་མཆོག་གི་དོན་དང་། ལ་ལ་བར་ཆད་སེལ་བ། ལ་ལ་བསྟན་པ་སྲུང་བ། ལ་ལ་དྲེགས་པ་གཙུན་པ། ལ་ལ་དྲེགས་ པ་འདུལ་བའི་དོན་དུ་གསུངས་པ་ཀུན་གྱི་དགོངས་པ་ཆིག་ཏུ་དྲིལ་བ་འདི་ནི་གསང་སྔགས་རིག་སྔགས་གཟུངས་སྔགས་དྲག་སྔགས་ཀུན་གྱི་རྣོ་སོ་བྱ་སླ་ཚེགས་ཆུང་དོན་ཆེ་བ་འདི་ཤིན་ཏུ་ཟབ་པར་གདམས་པ་ཡིན་ནོ་ཞེས་གུ་རུ་རིན་པོ་ཆེས་གསུངས་སོ། ། ཉང་གཏེར་སྒྲུབ་ཐབས་གནམ་ལྕགས་རལ་གྲིའི་གཞུང་རྡོ་རྗེའི་ཚིག་སོར་བཞག་སྟེ་གོ་རིམ་བསྒྲིགས་ཤིང་མཚམས་སྦྱོར་ཕྲན་བུ་བཅས་པདྨ་བཞད་པ་རྩལ་ལམ་མི་ཕམ་རྣམ་རྒྱལ་དུ་འབོད་པས་མེ་ཕག་མགོ་ཟླའི་ཚེས་མཁའ་མིག་གྲངས་ ལ་བྲིས་པ་འདིས་སྒྲུབ་པོ་རྣམས་ཀྱིས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་ཅིག། མངྒ་ལཾ།། ༈ །རྟ་མགྲིན་གཏོར་འབུལ་ནི༔ བནྡྷ་རིན་ཆེན་སྣོད་མཆོག་ཏུ༔ ཤ་ཆང་འབྲས་ཆན་ལ་སོགས་པ༔ ཅི་འབྱོར་བ་ ཡི་གཏོར་མ་བཤམས༔ བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཡི་གེ་གསུམ་གྱི་བྱིན་གྱིས་རླབས༔ ལྷ་ཚོགས་མདུན་དུ་སྤྱན་དྲངས་ལ༔ སྔགས་འདིས་ལན་གསུམ་འབུལ་བར་བྱ༔ ཞེས་པས་ཨོཾ་བརྗོད་པས་སྟོང་པར་ བསམ༔ ཨཱཿབརྗོད་པས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ༔ ཧཱུྃ་བརྗོད་པས་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ལ༔ ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ 6-21-10a ཨཱཿཧཱུྃ་ལན་གསུམ། དེ་ནས་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་དཔལ་རྟ་མགྲིན་ནག་པོ་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་བྱོན་པར་ བསམ། ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཕཊ༔ ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡཿ མཱཾ་ ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་གིས་ཁྲོ་རྒྱལ་སྐུར་བསྟན་པ༔ གར་གྱི་དབང་ཕྱུག་ཁྲོ་བོ་ཀུན་གྱི་ རྗེ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས༔ བྱང་ཆུབ་ལམ་གྱི་བར་ཆད་སེལ་བ་དང་༔ བསྟན་པ་བཤིག་པའི་དགྲ་དང་བགེགས་ལ་སོགས༔ བདུད་དང་ལོག་པར་འདྲེན་པ་ཐམས་ ཅད་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བྱ། ནན་ཆེན་ཆོས་སྐྱོང་ལྟར་རྦད་ཅིང་བསྐུལ་བ། ཧཱུྃ༔ བསྐུལ་ལོ་ཡཀྴ་མཐུ་བོ་ཆེ༔ རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ མ་གཡེལ་ 6-21-10b སྲུང་མ་དམ་ཚིག་ཅན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་ཚེ་ཁྱོད་ཀྱིས་སྲིང་༔ ཡོན་བདག་བར་ཆད་ཁྱོད་ཀྱིས་སོལཿ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ལ་ལས་མཛོད་ཅིག༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་པའི་ཕྲིན་ལས་འགྲུབ་ པར་མཛོད༔ ཅེས་བྱའོ། །ཉང་གི་གཏེར་ཁ་ནས་བཏུས་པའོ། །མངྒ་ལཾ། ། ༈ །རྟ་སྐད་ཐེངས་གསུམ་གྱི་དགོངས་པའི་སྒོ་ནས་གཏོར་འབུལ་བཞུགས། ཧཱུྃ༔ བཅོམ་ལྡན་དཔལ་ཆེན་རྟ་མཆོག་རོལ་པའི་ སྐུ། །སྐུ་མདོག་དམར་ནག་ཐམས་ཅད་དབང་དུ་སྡུད། །རྟ་སྐད་འཚེར་བས་དྲེགས་པ་ལས་ལ་གཏོང་། །ཕྱག་མཚན་མཚོན་ཆས་གདུག་པ་ཐལ་བར་རློག །དུར་ཁྲོད་རྒྱན་ཆས་མཁའ་ འགྲོ་དམ་ལ་སྡུད། །ཞབས་ཀྱི་དོར་སྟབས་དགྲ་བགེགས་དམ་སྲི་གཟིར། །ཁམས་གསུམ་དབང་སྡུད་རྟ་མཆོག་སྐུ་ལ་བསྟོད། །ཨོཾ་པདྨ་མ་ཧཱ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྫོང་འཕྲང་ ལས་སོ། །ཧཱུྃ། སྣང་སྲིད་ཟིལ་གནོན་པདྨ་དབང་གི་ལྷའི། །དཔལ་གྱི་རྟ་སྐད་དང་པོ་བསྒྲགས་པ་ཡིས། །འཁོར་འདས་དབྱེར་མེད་མཉམ་པའི་དགོངས་པར་བརྡལ། །རྟ་སྐད་གཉིས་ 6-21-11a པས་སྣང་སྲིད་ཐམས་ཅད་ཀུན། །ཤ་རི་ཁྲག་མཚོ་རུས་པའི་རི་རབ་ལ། །མ་མོ་མཁའ་འགྲོ་དགྱེས་ཤིང་རྟག་ཏུ་རོལ། །དབང་གི་རྟ་སྐད་གསུམ་པས་བསྐུལ་བ་ ཡིས། །སྣང་སྲིད་མ་མོ་མཁའ་འགྲོའི་ཚོགས་རྣམས་ཀུན། །འགྱིང་གླུ་དང་བཅས་ཡུད་ཀྱིས་བཀུག་ནས་སུ། །རྣལ་འབྱོར་དགོས་པའི་ལས་ལ་བསྐུལ་ཞིང་སྒྲུབ། །དབང་ཆེན་དཔལ་གྱི་ རྡོ་རྗེའི་བཀའ་བཞིན་དུ། །མ་སྲིང་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཇི་ལྟར་འདོད་པའི་ཕྲིན་ལས་མྱུར་དུ་སྒྲུབ། །མ་མ་ཌཱ་ཀཱི་ནི་བ་ལིངྟ་ཁཱ་ཧི། ཞེས་བཀའ་བརྒྱད་རྫོང་འཕྲང་གི་ཛབ་བསྟོད་ལ་རྟ་སྐད་ཐེངས་གསུམ་གྱི་དགོངས་པ་སྦྱར་བའི་མ་མོ་མཁའ་འགྲོའི་གཏོར་འབུལ་འདི་ནི་ཕྲིན་ལས་ཐམས་ཅད་འགྲུབ་པའི་སླད་དུ་པདྨ་བཞད་པ་རྩལ་གྱིས་བྲིས་པ་དགེའོ། །༈ རྟ་ མགྲིན་ཡང་གསང་གི་བཀའ་སྲུང་རྣམས་ཀྱི་གཏོར་འབུལ་བསྡུས་པ་ནི། གཏོར་མ་དང་སྐྱེམས་ཕུད་སོགས་ཇི་འབྱོར་བའི་མཆོད་པ་བཤམས་ལ། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་ཧོ། བྱིན་གྱིས་བརླབས་ལ། ཧྲཱིཿ དབང་ ཆེན་ཐུགས་ལས་སྤྲུལ་པའི་དམ་ཚིག་ཅན། །སྲོག་བདག་འོད་རྒྱལ་ཚངས་པ་དུང་ཐོད་དང་། །རྡོ་རྗེ་ལེགས་པ་བདུད་པོ་རི་ནག་སྤུངས། །ཡམ་ཤུད་དམར་པོ་གཟའ་གདོང་ལྕམ་དྲལ་དང་། །བེག་ 6-21-11b ཙེ་ལྕམ་སྲིང་འཁོར་དང་བཅས་པ་རྣམས། །གར་བཞུགས་གནས་ནས་འདིར་གཤེགས་དགྱེས་པར་བཞུགས། །ཨོཾ་པཉྩ་ཀིང་ཀ་ར་རཱ་ཧུ་ལ་རཀྨོ་པྲ་ཎ་ཨཱཏྨ་ན་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨརྒྷཾ་ སོགས་ནས། ཤཔྡ་པྲ་ཏིཙྪ་ཧོཿ ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཱ་ཛ་སྲོག་ལ་ཧྲཱི༔ ཨ་ཤུག་མེ་ཧྲི་སྲོག་ལ་ཛཿ ཙ་པ་ལ་ཨ་ཤུག་ཙ་ཏྲི་ལིང་ཛཿབཛྲ་སཱ་དྷུ་ཏྲཱི༔ ཧྲཱི་དུན་དུན། ཤུ་ལ་ གྲཱི་ཝ༔ རཱ་ཧུ་ལ་བཛྲ་རཀྴ་མ་ར་ཙ་ཤ་དྷ་ཡ༔ རཀྨོ་པྲ་ཎ་ཨཱཏྨ་ས་པ་རི་ཝཱ་ར༔ ཨི་དམ་པ་ལིང་གྷྲིཧྣ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ནྟུ། ཡ་ཐཻ་བཾ་ཡ་ཐཻཥྚཾ་ཉྫ་ཐ་ཛི་གྷ་ཐ་ བི་པ་ཐ་མ་ཏི་པྲ་མ་ཐ་མ་མ་སརྦ་ཀརྟ་ཡ་སད་སུ་ཁཾ། བི་ཤུདྡྷེ་ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ༔ ལན་གསུམ་གྱིས་གཏོར་མ་འབུལ། མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧེས་སྨན་རཀ་ཕུལ་ ལ། ཧཱུྃ། དབང་ཆེན་བཀའ་སྡོད་གིང་ཆེན་སྡེ་ལྔ་དང་། །གཟའ་གདོང་ལྕམ་དྲལ་བེག་ཙེ་ལྕམ་སྲིང་རྣམས། །མ་ལུས་སངས་རྒྱས་བསྟན་པ་བསྲུང་མཛད་ཅིང་། །ཟས་ སུ་དགྲ་བོའི་ཤ་ཁྲག་ཚོགས་རྣམས་ཟ། །དམ་ཉམས་དགྲ་བགེགས་རྩད་ནས་གཅོད་མཛད་པའི། །དྲེགས་པ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །ཕྱི་ནང་གསང་བའི་མཆོད་པ་འདི་ 6-21-12a བཞེས་ལ། །རྨད་བྱུང་རོལ་པའི་དངོས་གྲུབ་སྩོལ་དུ་གསོལ། །ཞེས་བརྗོད་ཅིང་ཕྲིན་ལས་བཅོལ་བས་ཅི་བསམ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་པའང་ ཆུ་རྟ་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ལ་མི་ཕམ་རྣམ་པར་རྒྱལ་བས་ཡིག་རྙིང་ལས་བཏུས་ཏེ་བྲིས་པ་དགེའོ། །སརྦ་མངྒ་ལཾ། ། 6-21-12b empty page 6-22-1a ༄༅༅། །རྟ་མགྲིན་ནག་པོའི་ལས་འགྲིགས་དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་བཞུགས་སོ། ། 6-22-1b ༄༅༅། །ན་མོ༔ བཛྲ་ཀྲོ་དྷཱ་ཡ། དཔལ་རྟ་མགྲིན་ནག་པོའི་བསྙེན་བསྒྲུབ་ཉམས་སུ་བླངས་བར་འདོད་ན། སྔོན་དུ་འདི་ཡི་དབང་དང་སྲོག་གཏད་ལེགས་ པར་ནོས་ཏེ། དམ་ལ་གནས་ནས། རྟེན་བཀྲམ་ཞིང་མཆོད་པ་ལ་སོགས་པ་གཞུང་ལྟར་འདུ་བྱས་ནས། ཐོག་མར་སྐྱབས་སུ་འགྲོ་བ་ནི། བདག་ནི་དེང་ནས་བྱང་ ཆུབ་བར༔ བླ་མ་དཀོན་མཆོག་ཡི་དམ་ལྷ༔ པདྨ་དབང་གི་དཀྱིལ་འཁོར་དུ༔ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས༔ ལན་གསུམ་བྱ༔ དེ་ནས་སེམས་བསྐྱེད་པ་ནི༔ སེམས་ཅན་མ་ལུས་ཐམས་ཅད་ཀུན༔ སངས་རྒྱས་ས་ལ་འགོད་བྱའི་ཕྱིར༔ རྟ་ 6-22-2a མགྲིན་དབང་གི་དཀྱིལ་འཁོར་དུ༔ བདག་ནི་འཇུག་ཅིང་བསྒྲུབ་པར་བགྱི༔ ལན་གསུམ་བྱ། ཚོགས་བསགས་ པ་ནི། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི༔ བླ་མ་ཡི་དམ་ལྷ་ཚོགས་དང་༔ རྒྱལ་བ་མ་ལུས་སྲས་དང་བཅས༔ དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རངས༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ 6-22-2b བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ་བྱ༔ བསྟན་པ་དང་སེམས་ཅན་གྱི་དོན་དུ་སངས་མ་རྒྱས་ ཀྱི་བར་དུ་ལུས་ངག་ཡིད་གསུམ་དག་པ་ལ་བསྐུལ་ཞིང་དཔལ་རྟ་མགྲིན་ནག་པོའི་བསྒོམ་བཟླས་ལ་འཇུག་པར་བྱའོ༔ ཛཿཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་ རང་ལ་ཐིམ་པར་གྱུར༔ རང་ཉིད་སྐད་ཅིག་གིས་དཔལ་རྟ་མགྲིན་ནག་པོའི་སྐུར་གྱུརཿ དཀར་བགེགས་བྱིན་རླབས་དང་གཏོར་མ་ཕུལ་བ་སྤྱི་ལྟར་བྱ༔ མཚམས་བཅད་པ་ནི༔ ཧཱུྃཿ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ ཕྱོགས་བཅུར་ཁྲོ་བོའི་སྤྲུལ་པ་འགྱེད༔ ཡེ་ ཤེས་ཁྲོ་རྒྱལ་ཆེན་པོ་བཅུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་ཅན༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན༔ གཡོན་པས་འགུགས་བྱེད་ལྕགས་ཀྱུ་ཡིས༔ དགྲ་བགེགས་སྙིང་ནས་ 6-22-3a རབ་བཟུང་ཞིང་༔ གཡས་པས་རྡོ་རྗེ་རལ་གྲི་ཡིས༔ དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ སྤྲུལ་པའི་ཁྲོ་བོས་ནམ་མཁའ་ཁེངས༔ ཧཱུྃ་གི་སྒྲ་སྒྲོགས་དི་རི་རི༔ ཕཊ་ཀྱི་བརྡའ་སྐད་ཁྲ་ལ་ལ༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ མ་དག་པ་རྣམས་ཚར་ཆོད་ཅིག༔ བགེགས་ཀྱི་ སྦྱོར་བ་རྒྱུན་ཆོད་ཅིག༔ བཛྲ་ཀྲོ་དྷ་ཛྭ་ལ་རཾ་རཀྵ་རཀྵ༔ བྱིན་ཆེན་དབབ་པ་ནི། ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འཇིགས་ བྱེད་ཁྲོ་བོའི་སྐུར་སྟོན་པ༔ རྟ་མཆོག་དྲག་པོའི་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གློག་ལྟར་མྱུར་བའི་ཐུགས་རྗེས་བརྩེར་དགོངས་ལ༔ འདིར་གཤེགས་ དབང་སྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ངོ་མཚར་རྟགས་དང་མཚན་མ་མྱུར་དུ་སྟོན༔ རྩ་སྔགས་མཐར་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ མཆོད་པ་བྱིན་རླབས་ནི། ཧཱུྃ༔ ཆོས་དབྱིངས་མཉམ་པ་ཆེན་པོའི་ངང་ཉིད་ལས༔ འདོད་པའི་ཡོན་ཏན་མ་འགགས་རོལ་པར་ཤར༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་༔ 6-22-3b ཞལ་ཟས་རོལ་མོའི་བྱེ་བྲག་སྣ་ཚོགས་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ མ་འགགས་ཐབས་ཀྱི་མཆོད་པ་བསམ་མི་ཁྱབ༔ ཨོཾ་བཛྲ་ཨརྒྷཾ་ནས་ ཤཔྡ་ཨཱ་ཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཧོ༔ དེ་ནས་ལྷ་བསྐྱེད་པ་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཅེས་བརྗོད་པ་ཙམ་གྱིས་སྐད་ཅིག་གིས་ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་དྲག་པོའི་སྤྱན་གསུམ་བསྒྲད་ ཅིང་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་རབ་ཏུ་གཙིགས་པ༔ ཕྱག་གཡས་སྒྲོལ་བྱེད་ཀྱི་རལ་གྲིས་དགྲ་ བགེགས་ཀྱི་མགོ་ལུས་དུམ་བུར་གཏུབ་པ༔ གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྲོག་སྙིང་འདྲེན་པ༔ ཞབས་གཉིས་འདོར་ཐབས་ཀྱིས་ དགྲ་བགེགས་ནོན་པར་མནན་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ༔ སྤྱི་གཙུག་ཏུ་རྟ་མགོ་ལྗང་གུར་རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར་བས༔ 6-22-4a ཁམས་གསུམ་མ་ལུས་དབང་དུ་སྡུད་ཅིང་སྲིད་གསུམ་མ་ལུས་ཟིལ་གྱིས་གནོན་པ༔ སྐུ་སྟོད་ལ་ཞིང་གི་གཡང་གཞི་དང་༔ སྐུ་སྨད་ལ་ སྟག་གི་ཤམ་ཐབས་གསོལ་བ༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ༔ བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ བསྐལ་ པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པ༔ དབུ་སྐྲ་གནམ་ལྕགས་ཀྱི་རལ་པ་བསིགས་པའི་སྐྲ་གསེབ་ནས་ཁྲོ་ཆུང་གི་ཚོགས་དཔག་ཏུ་མེད་པ་ཕྱིར་འཕྲོས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ ཁྲོ་ཆུང་ཐམས་ཅད་ཚུར་འདུས༔ སྲུང་བའི་གུར་ཁང་དང་ཟློག་བསད་ཀྱི་ལས་མཛད་པར་གྱུར༔ དེའི་ སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་ གཡོས་ཀྱང་༔ ཐུགས་རྗེ་ཁྲོས་པས་དགྲ་བགེགས་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་ 6-22-4b སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿཞེས་སྤྱན་དྲངས། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་ དུ༔ དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ་ཞིང་། ཧཱུྃ༔ ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ༔ ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ༔ རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ ཁྲོ་ རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོདཿ ན་མོ་པུ་རུ་ཤ་ཡ་ཧོ༔ ཞེས་ཕྱག་བྱ༔ ཧཱུྃ༔ དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་༔ དུག་ལྔ་སྨན་ སྦྱར་བདུད་རྩི་ཆེན་པོ་འདི༔ ཁྲོ་རྒྱལ་དབང་གི་སྐུ་ལ་མཆོད་པ་འབུལ༔ སྲིད་གསུམ་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ༔ ཨོཾ་ཧྱ་གྲྀ་ཝ་ས་པཱ་རི་ཝ་ར་ ཨརྒྷཾ་ནས་ཤཔྡ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཞེས་སྤྱིར་མཆོད་ནས༔ ཁྱད་པར་དུ་ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་ 6-22-5a བསམས་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ༔ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི༔ བྷ་ ལིངྟ་ཁ་རཾ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་ཕུལ༔ བསྟོད་པ་ནིཿཧཱུྃ༔ ཆོས་སྐུ་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ལོངས་སྐུ་འཇིགས་པའི་ཆ་ལུགས་རྫོགས་ མཛད་པ༔ འབར་བའི་ཁྲོ་རྒྱལ་དབང་གི་སྐུར་སྤྲུལ་ནས༔ འཇིག་རྟེན་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་ མེད༔ དར་ནག་བེར་ཆེན་སྣང་སྲིད་ཟིལ་གྱིས་གནོན༔ སྤྱི་གཙུག་རྟ་དབུ་སྣ་ཚོགས་ཕྲིན་ལས་རྫོགས༔ བདུད་འདུལ་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་རལ་གྲིས་དགྲ་བགེགས་རྩད་ནས་གཅོད༔ གཡོན་པས་ལྕགས་ཀྱུས་མ་རུངས་སྙིང་ནས་འདྲེན༔ ལྕགས་རལ་གསེབ་ནས་ཁྲོ་ཆུང་སྤྲུལ་པ་ འགྱེད༔ གནོད་སྦྱིན་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་སྨིན་མ་ 6-22-5b གློག་སྟོང་འཁྱུགས༔ དཔལ་གྱི་ཆས་ལྡན་མེ་དཔུང་ཀློང་ན་འགྱིང་༔ རབ་འཇིགས་དཔའ་བོ་ཆེ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་གི་ང་རོས་ཁམས་གསུམ་དབང་ དུ་སྡུད༔ ཕཊ་ཀྱི་འབྲུག་སྒྲས་ལོག་ལྟ་མ་རུངས་འཇོམས༔ རྟ་སྐད་དྲག་པོས་དྲེགས་པ་ལས་ལ་བསྐུལ༔ གསུང་མཆོག་རིགས་སྔགས་རྒྱལ་ལ་ཕྱག་ འཚལ་བསྟོད༔ ཐུགས་ཉིད་སྤྲོས་དང་བྲལ་བའི་རང་བཞིན་ལས༔ ཡེ་ཤེས་ལྔ་ཡི་མཚན་མ་ཅིར་ཡང་སྟོན༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ ཡི༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི༔ བདག་ཉིད་ཁྲོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཐུགས་ཡེ་ཤེས་ སེམས་དཔའ་ཡི་གེ་ཧཱུྃ་མཐིང་ནག་གཟི་བརྗིད་དང་ལྡན་པ་གཅིག་བསམ༔ ཧཱུྃ་གི་མཐའ་བསྐོར་དུ་རྩ་བའི་སྔགས་ཕྲེང་དམར་པོ་འོད་ཟེར་དང་བཅས་པ་འགལ་ མེ་འཁོར་བ་ལྟ་བུ་གཡས་བསྐོར་དུ་དམར་སྒ་ར་ར་འཁོར་བ་གཅིག་ཏུ་གྱུར་པར་བསམ༔ ཧཱུྃ་དང་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་དཔག་ཏུ་ 6-22-6a མེད་པ་ཕྱིར་འཕྲོས་པས་ལུས་ཕྱི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས༔ འོད་ཟེར་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་འཕྲོས་ པས་ཕྱི་སྣོད་འཇིག་རྟེན་གྱི་ཁམས་རི་བྲག་རྩི་ཤིང་ནགས་ཚལ་དངོས་པོར་གྱུར་ཚད་མེ་རི་དང་མེ་དཔུང་དུ་གྱུར༔ ནང་བཅུད་ཀྱི་སེམས་ཅན་མི་དང་མི་མ་ཡིན་པའི་ སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཐམས་ཅད་ཁྲོ་བོའི་རང་བཞིན་དུ་གྱུར་ནས་སྔགས་ཀྱི་རང་སྒྲ་འུ་རུ་རུ་སྒྲོགས་པར་བསམས་ལ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ ཝ་ཧཱུྃ་ཕཊ༔ ཅེས་བུང་བས་ཚང་འཚོལ་བ་ལྟ་བུ་དི་རི་རི་བཟླས་པར་བྱའོ༔ འདི་ལ་སྭ་བྷཱ་ཝ་སོགས་སྟོང་པར་སྦྱོང་བ་དང་༔ ལྷ་ས་བོན་ལས་བསྐྱེད་པ་དང་༔ ཡེ་ཤེས་པ་བསྟིམ་པ་དང་༔ དབང་ བསྐུར་ཞིང་རྒྱས་གདབ་པ་རྣམས་མ་བཤད་དེ༔ གཞུང་ལས༔ སེམས་ཉིད་སྟོང་གསལ་སྐྱེ་མེད་འདི༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་ལ༔ བསྐྱེད་བསྟིམ་རྒྱས་ གདབ་མི་འཚལ་ཏེ༔ དྲན་པ་ཙམ་གྱིས་རྫོགས་པ་ནི༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི༔ སྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་གསུངས་སོ༔ མཐར་མཆོད་ཅིང་ 6-22-6b བསྟོད་ལ་གཏོར་མ་ཕུལ་བ་ནི༔ སྣོད་གཙང་ནང་དུ་ཤ་ཁྲག་ལ་སོགས་གང་འབྱོར་བའི་གཏོར་མ་འབུལ་ལ༔ ཨོཾ་བརྗོད་པས་སྟོང་པར་བསམ༔ ཨཱཿབརྗོད་པས་གཏོར་སྣོད་ཡངས་ ཤིང་རྒྱ་ཆེ་བར་བསམ༔ ཧཱུྃ་བརྗོད་པས་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་གསུམ་མམ་ བདུན་བརྗོད་ལ་བྱིན་གྱིས་བརླབས༔ སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་དཔལ་རྟ་མགྲིན་ནག་པོ་ལ་འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་ དང་བཅས་པ་བྱོན་པར་བསམ༔ ཁྲོ་བོའི་རྒྱལ་པོའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ནས་གསོལ་བར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ ཝ་ཧཱུྃ་ཕཊཿ ཡཀྴ་ནག་པོ་དགྲ་བགེགས་མཱ་ར་ཡ༔ མཾ་ས་རཀྟ༔ ཙིཏྟ་ཀོ་རོ་ཙ་ན༔ བ་སུ་ཏ་ཀེཾ་ནི་རི་ཏི༔ བྷ་ལིངྟ་ཁ་རཾ་ཁཱ་ཧི༔ ལན་གསུམ་མམ་བདུན་གྱིས་ཕུལ༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེའི་དབང་གིས་ཁྲོ་རྒྱལ་སྐུར་བསྟན་པ༔ གར་གྱི་དབང་ཕྱུག་ཁྲོ་བོ་ཀུན་གྱི་རྗེ༔ ཡེ་ 6-22-7a ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་ བཞིན་དུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ དམ་ཚིག་དབང་གིས་རྣལ་འབྱོར་བདག་ཅག་སྐྱོངས༔ བྱང་ཆུབ་ལམ་གྱི་བར་ཆད་ བསལ་བ་དང་༔ བསྟན་པ་བཤིག་པའི་དགྲ་དང་བགེགས་ལ་སོགས༔ བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ ལས་འགྲུབ་པར་མཛོད༔ ཅེས་པ་ཡི་དམ་ལྟར་མཆོད་ཅིང་ཕྲིན་ལས་བཅོལ་བའོ། ། ༈ ཚོགས་བཏང་ན། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་ཀྱི་ ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཁྲོས་ པས་དགྲ་བགེགས་འཇོམས་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་སྤྱན་འདྲེན་ན༔ དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ བཛྲ་ས་མ་ 6-22-7b ཡ་ཛཿཛཿ དང་པོ་མཆོད་པ་ནི༔ ཧཱུྃ༔ རྟ་མཆོག་རོལ་པ་འཁོར་དང་བཅས་རྣམས་ལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ འདོད་ཡོན་ལོངས་ སྤྱོད་ཚོགས་ཀྱི་མཆོད་པས་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ག་ཎ་ཙཀྲ་པཱུ་ཛཿཁཱ་ཧི༔ བཤགས་པ་ནི༔ ཧཱུྃ༔ རྟ་མགྲིན་ ནག་པོའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ནི་བསྐལ་པ་ཐོག་མ་མེད་རོལ་ནས༔ ཐ་མ་ལུས་འདི་བླངས་པ་ཡན་ཆོད་དུ༔ ཉོན་མོངས་འཁྲུལ་པའི་ དབང་དུ་གྱུར་པས་ན༔ ལུས་ངག་ཡིད་ཀྱིས་མི་དགེ་ཅི་མཆིས་པ༔ རྒྱལ་བའི་སྐུ་གསུང་ཐུགས་དང་འགལ་བ་རྣམས༔ ཞལ་ཟས་ཚོགས་མཆོད་འདི་ ལ་བརྟེན་ནས་སུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་བཤགས་པར་བགྱི༔ ཐུགས་རྗེ་བརྩེ་བས་བཟོད་པ་ཡར་བཞེས་ལ༔ ཡེ་ཤེས་དོན་གྱི་ཚངས་པ་ སྩལ་དུ་གསོལ༔ ས་མ་ཡ་ཨཱ་ཨཱཿ བསྒྲལ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བྱིན་རླབས་ནུས་པའི་ 6-22-8a མཐུ་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་ཆེན་པོས་དེང་འདིར་བསྟན་པ་ལ་གནོད་ཅིང་སེམས་ཅན་ལ་འཚེ་བར་བྱེད་པ་དང་༔ རྣལ་ འབྱོར་པ་བདག་ཅག་དམ་པའི་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་གང་ཡིན་པ་དེ་དག་སྐད་ཅིག་གིས་ཚོགས་ཐ་མ་འདི་ལ་ཁུག་ཅིག༔ ནྲྀ་ཡཾ་ཛཿཏྲི་ཡཾ་ཛཿབཛྲ་ཨཾ་གུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ༔ དབང་ཆེན་རྟ་མཆོག་ཧེ་རུ་ཀ༔ རྔམ་དྲག་གཏུམ་པའི་རང་བཞིན་ལས༔ དྲེགས་ པ་སྡེ་བརྒྱད་སྐར་ལྟར་འཁྲུགས༔ ལས་བྱེད་ཕོ་ཉས་སྟོང་གསུམ་གང་༔ སྒྲོལ་བྱེད་མཚོན་ཆའི་ཆར་ཆེན་འབེབས༔ གནོད་བྱེད་གཟུགས་ཕུང་དུམ་ བུར་གཏུབ༔ ལྔ་ཕུང་ལྷ་ཡི་ཞལ་དུ་བསྟབ༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ༔ གནོད་བྱེད་འབྱུང་པོ་མཱ་ར་ཡ་རྦདཿ བསྟབ་པ་ནི༔ ཧཱུྃ༔ རྟ་མཆོག་ རོལ་པའི་ལྷ་ཚོགས་སྐུར་བཞེངས་ལ༔ རྔམ་བརྗིད་རབ་ཏུ་འཇིགས་པའི་ཞལ་ཕྱེས་ཤིག༔ གྲུ་གསུམ་བྷན་དྷ་འབར་བའི་སྣོད་ནང་དུ༔ དགྲ་བགེགས་ 6-22-8b འབྱུང་པོ་བསྒྲལ་བའི་ཤ་ཁྲག་འདི༔ དབང་ཆེན་རྟ་མགྲིན་ལྷ་ཚོགས་ཞལ་དུ་བསྟབ༔ དགྱེས་པར་རོལ་ཅིག་བཛྲ་ཨཱ་ར་ལི༔ གཏི་མུག་ཤ་ལ་ཆེམ་ཆེམ་ དགྱེས་པར་རོལ༔ འདོད་ཆགས་ཁྲག་ལ་ལྕིབ་ལྕིབ་དགྱེས་པར་རོལ༔ ཞེ་སྡང་རུས་ལ་ཀྲུམ་ཀྲུམ་དགྱེས་པར་རོལ༔ དངོས་གྲུབ་བར་ཆད་བྱེད་པའི་དགྲ་ དང་བགེགས༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་འདི༔ དབང་ཆེན་རྟ་མགྲིན་ཁྱེད་ཀྱིས་བཞེས་ནས་ཀྱང་༔ བྱང་ཆུབ་ལམ་ལ་བར་ཆད་མེད་པར་ མཛོད༔ མ་ཧཱ་མཱཾ་ས༔ རཀྟཿ ཀེཾ་ནི་རི་ཏི༔ མ་ཧཱ་ཙིཏྟ༔ གོ་རོ་ཙ་ན༔ བ་སུ་ཏ་ལ་ཁཱ་ཧི༔ བསྐང་བ་ནི༔ བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱིས་བྱིན་གྱིས་བརླབས་ལ། ཧཱུྃ༔ སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་སྤྱན་སྔ་རུ༔ ཐུགས་བསྐྱེད་རྣམ་དག་རྒྱ་ཆེན་གྱིས༔ ཐུགས་དམ་གཉན་པོ་ཞལ་བཞེས་པའི༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ སྤྱན་རས་གཟིགས་དབང་གཤེགས་སུ་གསོལ༔ འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ༔ གསུང་གི་ 6-22-9a དབང་ཕྱུག་གཤེགས་སུ་གསོལ༔ གར་གྱི་དབང་ཕྱུག་གཤེགས་སུ་གསོལ༔ དབང་གི་རྒྱལ་པོ་གཤེགས་སུ་གསོལ༔ ཧྱ་གྷྲྀ་ཝ་ གཤེགས་སུ་གསོལ༔ རྟ་མགྲིན་ནག་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ནག་པོ་གཤེགས་སུ་གསོལཿ ཡཀྴ་ནག་པོ་གཤེགས་སུ་གསོལ༔ བདུད་ འདུལ་ནག་པོ་གཤེགས་སུ་གསོལ༔ ཀླུ་འདུལ་ནག་པོ་གཤེགས་སུ་གསོལ༔ གཟའ་འདུལ་ནག་པོ་གཤེགས་སུ་གསོལ༔ གདོན་འདུལ་ནག་པོ་ གཤེགས་སུ་གསོལ༔ བགེགས་འདུལ་ནག་པོ་གཤེགས་སུ་གསོལ༔ སྲི་འདུལ་ནག་པོ་གཤེགས་སུ་གསོལ༔ དགྲ་འདུལ་ནག་པོ་གཤེགས་སུ་གསོལ༔ དཔལ་མགོན་ནག་པོ་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ བསྟན་སྲུང་ནག་པོ་གཤེགས་སུ་གསོལ༔ ལས་མཁན་ ནག་པོ་གཤེགས་སུ་གསོལ༔ སྲོག་བདུད་ནག་པོ་གཤེགས་སུ་གསོལ༔ ཤན་པ་ནག་པོ་གཤེགས་སུ་གསོལ༔ མོན་པ་ནག་པོ་གཤེགས་སུ་གསོལ༔ 6-22-9b སྤྲུལ་པ་ནག་པོ་གཤེགས་སུ་གསོལ༔ ཡང་སྤྲུལ་ནག་པོ་གཤེགས་སུ་གསོལ༔ བཀའ་ཉན་ཕོ་ཉ་གཤེགས་སུ་གསོལ༔ དྲེགས་པ་ཕོ་མོ་ གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དགྲ་བགེགས་འདུལ་ཕྱིར་གཤེགས་སུ་ གསོལ༔ ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ བསྒྲུབ་ ཅིང་མཆོད་པའི་གནས་འདི་རུ༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཁྱེད་ལ་ཕྱག་འཚལ་མཆོད་པ་འབུལ༔ ཐུགས་དམ་གཉན་པོ་བསྐང་ གྱུར་ཅིག༔ ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ སྤྱན་གྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་གཟུགས་ཀྱིས་ཐུགས་དམ་བསྐང་༔ སྙན་གྱི་དབང་པོ་ཚིམ་བྱའི་ ཕྱིར༔ སྣ་ཚོགས་སྒྲ་ཡིས་ཐུགས་དམ་བསྐང་༔ ཤངས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་དྲི་ཡིས་ཐུགས་དམ་བསྐང་༔ ལྗགས་ཀྱི་དབང་པོ་ 6-22-10a ཚིམ་བྱའི་ཕྱིར༔ སྣ་ཚོགས་རོ་ཡིས་ཐུགས་དམ་བསྐང་༔ སྐུ་ཡི་དབང་པོ་ཚིམ་བྱའི་ཕྱི༔ སྣ་ཚོགས་རེག་བྱས་ཐུགས་དམ་བསྐང་༔ གསུང་གི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་དབྱངས་ཀྱིས་ཐུགས་དམ་བསྐང་༔ ཐུགས་ཀྱི་དབང་པོ་ཚིམ་བྱའི་ཕྱིར༔ སྣ་ཚོགས་ཆོས་ཀྱིས་ཐུགས་ དམ་བསྐང་༔ ཕྱི་ནང་བར་ཆད་ཞི་བའི་ཕྱིར༔ ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་༔ ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར༔ ནང་གི་མཆོད་པས་ ཐུགས་དམ་བསྐང་༔ སྣང་བ་དབང་དུ་བསྡུ་བའི་ཕྱིར༔ གསང་བའི་མཆོད་པས་ཐུགས་དམ་བསྐང་༔ དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ ཤ་ཁྲག་དམར་གྱིས་ཐུགས་དམ་བསྐང་༔ སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ དབང་དང་བྱིན་རླབས་ འབེབས་པའི་ཕྱིར༔ དམར་ཆེན་རཀྟས་ཐུགས་དམ་བསྐང་༔ སྣ་ཚོགས་ཕྲིན་ལས་མཛད་པའི་ཕྱིར༔ དམ་རྫས་གཏོར་མས་ཐུགས་དམ་བསྐང་༔ 6-22-10b བསོད་ནམས་ཕུན་སུམ་ཚོགས་པའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཧཱུྃ༔ འགྲོ་དྲུག་ཐབས་ཀྱིས་འདྲེན་པའི་ཕྱིར༔ ཐུགས་རྗེ་ ཆེན་པོའི་ཐུགས་དམ་བསྐང་༔ ཡེ་ཤེས་ཕྱོགས་མེད་རྒྱས་པའི་ཕྱིར༔ སྤྱན་རས་གཟིགས་དབང་ཐུགས་དམ་བསྐང་༔ འཁོར་འདས་ཆོས་ལ་དབང་ བསྒྱུར་ཕྱིར༔ འཇིག་རྟེན་དབང་ཕྱུག་ཐུགས་དམ་བསྐང་༔ གསུང་གི་ཕྲིན་ལས་སྤྲུལ་པའི་ཕྱིར༔ གསུང་གི་དབང་ཕྱུག་ཐུགས་དམ་བསྐང་༔ གང་ ལ་གང་འདུལ་སྟོན་པའི་ཕྱིར༔ གར་གྱི་དབང་ཕྱུག་ཐུགས་དམ་བསྐང་༔ ཁྱད་པར་དབང་གི་ལས་མཛད་ཕྱིར༔ དབང་གི་རྒྱལ་པོའི་ཐུགས་དམ་བསྐང་༔ ཐུགས་རྗེ་ཁྲོས་པའི་གར་མཛད་ཕྱིར༔ ཧ་ཡ་གྷྲྀ་བའི་ཐུགས་དམ་བསྐང་༔ འཇིག་རྟེན་དྲེགས་པ་ཚར་གཅོད་ཕྱིར༔ རྟ་མགྲིན་ནག་པོའི་ཐུགས་དམ་བསྐང་༔ གདུག་པ་མ་ལུས་འདུལ་བའི་ཕྱིར། དཔེ་ལ་ལར། བསྒྲལ་བའི་ཕྱིར༔ གནོད་སྦྱིན་ནག་པོའི་ཐུགས་དམ་བསྐང་༔ རྒྱལ་བསེན་ཕོ་མོ་འདུལ་བའི་ཕྱིར༔ ཡཀྴ་ 6-22-11a ནག་པོའི་ཐུགས་དམ་བསྐང་༔ འཆི་བདག་ཕོ་མོ་འདུལ་བའི་ཕྱིར༔ བདུད་འདུལ་ནག་པོའི་ཐུགས་དམ་བསྐང་༔ གདོལ་པ་ཕོ་ མོ་འདུལ་བའི་ཕྱིར༔ ཀླུ་འདུལ་ནག་པོའི་ཐུགས་དམ་བསྐང་༔ དྲང་སྲོང་ཕོ་མོ་འདུལ་བའི་ཕྱིར༔ གཟའ་འདུལ་ནག་པོའི་ཐུགས་དམ་བསྐང་༔ ས་ བདག་ཀླུ་གཉན་འདུལ་བའི་ཕྱིར༔ གདོན་འདུལ་ནག་པོའི་ཐུགས་དམ་བསྐང་༔ མ་ཡམས་ཐམས་ཅད་འདུལ་བའི་ཕྱིར༔ བགེགས་འདུལ་ནག་ པོའི་ཐུགས་དམ་བསྐང་༔ དམ་སྲི་ཐམས་ཅད་འདུལ་བའི་ཕྱིར༔ སྲི་འདུལ་ནག་པོའི་ཐུགས་དམ་བསྐང་༔ དགྲ་སྡང་ཐམས་ཅད་འདུལ་བའི་ཕྱིར༔ དགྲ་འདུལ་ནག་པོའི་ཐུགས་དམ་བསྐང་༔ དམ་ཉམས་སྲོག་དབུགས་ལེན་པའི་ཕྱིར། །དཔེ་ལ་ལར། འབྱུང་པོ་ཕོ་མོ་འདུལ་བའི་ཕྱིར༔ ལྕགས་རལ་ནག་པོའི་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་ ལེན་པའི་ཕྱིར༔ སྡིག་པ་ནག་པོའི་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་༔ ལྕགས་ར་ལ་ནག་པོའི་ཐུགས་དམ་བསྐང་ཿ 6-22-11b ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིརཿ ལེགས་ལྡན་ནག་པོའི་ཐུགས་དམ་བསྐངཿ བསྟན་པའི་རུ་ཏྲ་བསྒྲལ་བའི་ཕྱིར༔ སྲུང་མ་ནག་པོའི་ཐུགས་དམ་ བསྐང་༔ དྲག་པོའི་ལས་ལ་མངའ་མཛད་ཕྱིར༔ ལས་མཁན་ནག་པོའི་ཐུགས་དམ་བསྐང་༔ ཚེ་དང་སྲོག་ལ་མངའ་མཛད་ཕྱིར༔ སྲོག་བདུད་ ནག་པོའི་ཐུགས་དམ་བསྐང་༔ གསོད་དང་གཅོད་ལ་མངའ་མཛད་པའི༔ ཤན་པ་ནག་པོའི་ཐུགས་དམ་བསྐང་༔ ཤ་དང་ཁྲག་ལ་མངའ་མཛད་ཕྱིར༔ མོན་པ་ནག་པོའི་ཐུགས་དམ་བསྐང་༔ སྟོང་གསུམ་དགྲ་བགེགས་འདུལ་བའི་ཕྱིར༔ སྤྲུལ་པ་ནག་པོའི་ཐུགས་དམ་བསྐང་༔ བདུན་བརྒྱུད་རྩད་ནས་ གཅོད་པའི་ཕྱིར༔ ཡང་སྤྲུལ་ནག་པོའི་ཐུགས་དམ་བསྐང་༔ གཙོ་བོའི་བཀའ་བཞིན་བསྒྲུབ་པའི་ཕྱིར༔ བཀའ་ཉན་ཕོ་ཉའི་ཐུགས་དམ་བསྐང་༔ དཔལ་གྱི་བཀའ་སྡོད་ཡིན་པའི་ཕྱིར༔ དྲེགས་པ་ཕོ་མོའི་ཐུགས་དམ་བསྐང་༔ བཀའ་དང་དམ་ལ་གནས་པའི་ཕྱིར༔ ལྷ་སྲིན་སྡེ་བརྒྱད་ཐུགས་ 6-22-12a དམ་བསྐང་༔ མཆོད་ན་དགེ་བའི་གྲོགས་མཛད་ཕྱིར༔ ཡུལ་ལྷ་ཟོ་དོར་ཐུགས་དམ་བསྐང་༔ ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ ནས༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་བསྐང་གྱུར་ཅིག༔ ཆགས་ཆེ་ཉམས་ང་མེད་པར་མཛོད༔ སྔོན་གྱི་ལས་ དང་འཕྲལ་གྱི་རྐྱེན༔ མི་མཐུན་ཕྱོགས་རྣམས་ཞི་བར་མཛོད༔ ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད༔ འཁོར་དང་བསྟན་པ་རྒྱས་པར་མཛོད༔ སྣང་ བ་དབང་དུ་བསྡུ་བ་དང་༔ བསམ་པ་ཡིད་བཞིན་འགྲུབ་པར་མཛོད༔ ལུས་ངག་ཡིད་གསུམ་བསྲུང་བ་དང་༔ ཕྱི་ནང་བར་ཆད་བཟློག་ཏུ་གསོལ༔ བྱིན་རླབས་མཐུ་རྩལ་ཆེན་པོ་དང་༔ དབང་དྲག་ཕྲིན་ལས་ཐོག་ལྟར་ཕོབ༔ དགྲ་ལ་རྦད་ན་དགྲ་དཔུང་ཆོམ༔ བགེགས་ལ་རྦད་ན་བགེགས་དཔུང་ཐུལ༔ གདོན་ལ་རྦད་ན་གདོན་སྐུང་ཕུད༔ ལུས་གདོན་ནད་གདོན་རྩད་ནས་ཆོད༔ གོད་འདྲེ་ཡུལ་འདྲེ་ཕུགས་ནས་ཕྱུང་༔ དམ་སྲི་འདྲེ་མོ་ཚང་ནས་ཐོན༔ ས་ 6-22-12b བདག་ཀླུ་གཉན་སྙིང་ནས་དྲོངས༔ རྒྱལ་བསེན་འབྱུང་པོ་སྤྱི་ནས་ཆོམ༔ གཟའ་གདོན་ཐམས་ཅད་རྡུལ་དུ་རློག༔ བྱད་མ་རང་གཤེད་རང་ལ་ཕོབ༔ ནད་པ་ཡོད་ན་ཡོ་ནས་སློངས༔ སྲིའུ་ཡོད་ན་ཚང་ནས་སྐྱེད༔ ཤི་ཁ་ཆོད་ལ་གོད་ཁ་སྡོམས༔ གོད་ཁ་ཆོད་ལ་ནོར་ཕྱུགས་སྐྱོངས༔ མི་ཁ་སྒྱུར་ལ་ཡམས་ ཁ་ཟློག༔ དུས་ལ་བབ་པོ་ས་མཱ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཤགས་པ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་གསན་ཅིང་དགོངས་སུ་ གསོལ༔ བྱམས་མགོན་ཐུགས་རྗེ་ཕྱོགས་རིས་མི་མངའ་ཡང་༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་མཐའ་ཡས་ཀྱིས༔ ཞི་ལ་ཞི་དང་ཁྲོ་ལ་ཁྲོ་བོ་སོགས༔ གང་ལ་གང་འདུལ་དེ་ལ་དེར་སྟོན་ཅིང་༔ ཕྲིན་ལས་རྣམ་བཞིས་འགྲོ་བ་ཐབས་ཀྱིས་འདུལ༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ ཚུལ་གྱིས་དམ་ལས་འགལ་གྱུར་པ༔ བྱམས་མགོན་ཐུགས་རྗེ་ཅན་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ༔ ཧཱུྃ༔ རྟ་ 6-22-13a མགྲིན་ནག་པོ་གསན་ཅིང་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་༔ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་སྟོན་པ༔ དབང་དྲག་སྟོབས་ཀྱིས་ཚར་གཅོད་རྗེས་བཟུང་མཛད༔ ཤིན་ཏུ་ཁྲོས་པ་གནོད་སྦྱིན་དྲག་པོའི་གཟུགས༔ གནམ་ལྕགས་རལ་པས་སྟོང་ཁམས་མུན་ལྟར་གཏིབས༔ ཆོས་ཉིད་ཡངས་པས་འཇིག་རྟེན་ལྟོ་བར་བཅུག༔ སྙིང་རྗེ་རྔམ་པས་འགྲོ་དྲུག་ཐབས་ཀྱིས་འདྲེན༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་ གྱིས་དམ་ལས་འགལ་གྱུར་པ༔ འཕགས་མཆོག་སྤྱན་རས་གཟིགས་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལོ་ཚངས་པ་སྩལ་དུ་གསོལ༔ ཧཱུྃ༔ རྟ་ མགྲིན་ནག་པོ་གསན་ཅིང་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང་༔ ཐུགས་རྗེའི་དབང་གིས་མ་རུངས་ཚར་གཅོད་ཕྱིར༔ ཤིན་ཏུ་མི་ བཟད་གནོད་སྦྱིན་གདུག་པ་ཅན༔ ཁྲོ་གཏུམ་སྲིན་པོའི་ཆ་ལུགས་སྲོག་ལ་རྔམ༔ རབ་འཇིགས་དྲག་པོའི་འཁོར་ཚོགས་ལས་ལ་འགྱེད༔ བསྟན་པ་ 6-22-13b བསྲུང་ཕྱིར་བཀའ་ཡི་བྱ་ར་མཛད༔ དཀར་པོའི་ཕྱོགས་སྐྱོང་ནག་པོའི་ཕྱོགས་རྣམས་འཇོམས༔ མ་རིག་དབང་གིས་དེ་ལྟར་མ་རྟོགས་ཏེ༔ བག་མེད་ཚུལ་ གྱིས་དམ་ལས་འགལ་གྱུར་པ༔ དབང་ཆེན་དྲེགས་པ་འདུལ་ལ་བཟོད་པར་གསོལ༔ བཟོད་པར་གསོལ་ལ་ཚངས་པ་སྩལ་དུ་གསོལ༔ ཧཱུྃ༔ གསང་ སྔགས་གཉན་པོའི་སྒོར་ཞུགས་རྣལ་འབྱོར་པ༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་པས༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ གསུང་ གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཡན་ ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྲིན་ལས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ སྡོམ་པ་སྤྱི་དང་འགལ་བ་མཐོལ་ལོ་བཤགས༔ བཀའ་ལུང་དབང་དང་མི་ལྡན་མཐོལ་ལོ་བཤགས༔ དམ་ཚིག་སྣོད་དང་མི་ལྡན་མཐོལ་ལོ་བཤགས༔ མན་ངག་བཅུད་དང་མི་ལྡན་མཐོལ་ལོ་བཤགས༔ 6-22-14a ཉམས་ལེན་གདིངས་དང་མི་ལྡན་མཐོལ་ལོ་བཤགས༔ ཡི་དམ་བླང་དོར་བྱས་པ་མཐོལ་ལོ་བཤགས༔ བསྙེན་སྒྲུབ་བར་ཆད་བྱས་པ་ མཐོལ་ལོ་བཤགས༔ བསྐྱེད་རིམ་ཏིང་འཛིན་མ་གསལ་མཐོལ་ལོ་བཤགས༔ རྫོགས་རིམ་དགོངས་པ་མ་རྫོགས་མཐོལ་ལོ་བཤགས༔ བཟླས་བརྗོད་ སྙིང་པོ་མ་དག་མཐོལ་ལོ་བཤགས༔ ཕྲིན་ལས་གཞུང་བཞིན་མ་བསྲང་མཐོལ་ལོ་བཤགས༔ མཆོད་པ་ལོ་ཟླར་འདས་པ་མཐོལ་ལོ་བཤགས༔ ཚོགས་ དང་གཏོར་མ་ཆག་པ་མཐོལ་ལོ་བཤགས༔ དུས་དང་དུས་ལས་འདས་པ་མཐོལ་ལོ་བཤགས༔ དུས་མིན་ལས་ལ་སྦྱར་བ་མཐོལ་ལོ་བཤགས༔ མཐོལ་ ལོ་བཤགས་སོ་བླ་མ་ཡི་དམ་ལྷ༔ གནོང་ངོ་འགྱོད་དོ་དཔའ་བོ་མཁའ་འགྲོའི་ཚོགས༔ བཟོད་པར་གསོལ་ལོ་སྲུང་མ་དམ་ཚིག་ཅན༔ ཚངས་པར་སྩོལ་ ཅིག་བཛྲ་ས་མཱ་ཡ༔ ཨ་ཨཿ ཚོགས་ལ་རོལ༔ དེ་ནས་བཟློག་པ་བྱ་བར་འདོད་ན༔ ཐོག་མར་གཏོར་མ་ལ་ཕུད་དང་བཅས་པའི་རཀྟ་སྦྲེང་ཞིང་མངའ་གསོལ་ནི༔ ཧཱུྃ༔ དཔལ་ལྡན་མ་ཧཱ་ 6-22-14b ཀཱ་ལ་རྟ་གདོང་ཞལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བླ་མར་མངའ་གསོལ་ཚད་མེད་ཐུགས་རྗེ་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་ གསོལ་ལོ༔ ཡི་དམ་མངའ་གསོལ་བྱམས་མགོན་སྤྱན་རས་གཟིགས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དཔལ་བོར་མངའ་གསོལ་རྟ་ མགྲིན་དབང་གི་ལྷ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཁྲོ་བོར་མངའ་གསོལ་གནམ་ལྕགས་རལ་པ་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་ མངའ་གསོལ་ལོ༔ མགོན་པོར་མངའ་གསོལ་དཔལ་ལྡན་ནག་པོ་ཆེ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཆོས་སྐྱོང་མངའ་གསོལ་མ་ཧཱ་ཀཱ་ ལ་ཆེ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ བསྟན་སྲུང་མངའ་གསོལ་ལྷ་ཆེན་ཚོགས་ཀྱི་བདག༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ ལོ༔ ལས་མཁན་མངའ་གསོལ་ཡཀྴ་མཐུ་བོ་ཆེ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཤན་པར་མངའ་གསོལ་གནོད་སྦྱིན་སྲོག་ལ་རྔམསཿ 6-22-15a ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཚར་གཅོད་མངའ་གསོལ་ཕྱག་གཡས་རལ་གྲི་བསྣམས༔ ཁྱེད་ལ་མཆོད་ཅིང་བསྟོད་ དེ་མངའ་གསོལ་ལོ༔ རྗེས་བཟུང་མངའ་གསོལ་ཕྱག་གཡོན་ལྕགས་ཀྱུ་འཛིན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཟིལ་གནོན་མངའ་ གསོལ་དར་ནག་བེར་ཆེན་གསོལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དབང་དྲག་མངའ་གསོལ་སྤྱི་གཙུག་རྟ་སྐད་འཚེར༔ ཁྱེད་ལ་མཆོད་ ཅིང་བསྟོད་དེ་མངའ་གསོལ་ལོ༔ ཡོན་ཏན་མངའ་གསོལ་དཔལ་གྱི་ཆ་ལུགས་ཅན༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཕྲིན་ལས་མངའ་ གསོལ་སྲིད་གསུམ་གདུག་པ་འདུལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ལྷ་དབང་མངའ་གསོལ་ལྷ་རྣམས་ཟིལ་གྱིས་གནོན༔ ཁྱེད་ལ་ མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཀླུ་དབང་མངའ་གསོལ་ཀླུ་རྣམས་ཟས་སུ་ཟ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ སྟོབས་ལྡན་ 6-22-15b མངའ་གསོལ་དྲེགས་པ་ལས་ལ་བཀོལ༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ ཡེ་ཤེས་མངའ་གསོལ་མེ་དཔུང་དབུས་ན་བཞུགས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ འཇིག་རྟེན་མངའ་གསོལ་སྡེ་བརྒྱད་ཕོ་ཉར་འགྱེད༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དམ་ཅན་མངའ་གསོལ་སངས་རྒྱས་བསྟན་པ་སྲུངས༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ དགྲ་ལྷ་མངའ་གསོལ་དགྲ་བགེགས་རྩད་ནས་ གཅོད༔ ཁྱེད་ལ་མཆོད་ཅིང་བསྟོད་དེ་མངའ་གསོལ་ལོ༔ རྣལ་འབྱོར་བདག་གིས་ཁྱེད་ལ་མངའ་གསོལ་བས༔ ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་རྒྱུད་ མཉེས་ནས༔ ཡོན་ཏན་ཕྲིན་ལས་རྩལ་གྱི་སྟོབས་བསྐྱེད་ལ༔ བསྟན་པའི་དགྲ་བགེགས་མ་རུངས་རྡུལ་དུ་རློགས༔ བདག་ཅག་ཡོན་མཆོད་འཁོར་ བཅས་བསྲུང་དུ་གསོལ༔ མི་མཐུན་རྐྱེན་ཟློག་བཅོལ་བའི་ཕྲིན་ལས་མཛོད༔ དེ་ནས་བསྐུལ་པ་ནི༔ ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ 6-22-16a ནས༔ དགྲ་བགེགས་དྲེགས་པ་བསྣོལ་བའི་གདན་སྟེང་ན༔ རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག༔ གནོད་སྦྱིན་ནག་པོ་སྐུ་བཞེངས་ ཤིག༔ ལས་མཁན་ནག་པོ་སྐུ་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ ཆོས་དབྱིངས་ངང་ལས་མ་གཡོས་ཀྱང་༔ གདུག་ པ་འདུལ་ཕྱིར་དྲག་པོའི་སྐུ༔ སྐུ་མདོག་ནག་པོ་འཇིགས་པ་ལ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད༔ སྤྱི་གཙུག་རྟ་དབུ་ལྗང་ཞུར་འཚེར་ བ་ཡིས༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྐུ་ལ་དར་ནག་བེར་ཆེན་གསོལ་བ་ཡིས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔ དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན་པ་ཡིས༔ རིག་པའི་དབང་རྫོགས་དོན་དམ་རྒྱས་པའི་རྟགས༔ དབུ་སྐྲ་ལྕགས་ཀྱི་རལ་བ་བསིགས་པ་ཡིས༔ ཁྲོ་ཆུང་ མང་པོས་དགྲ་བགེགས་ཚར་གཅོད་མཛད༔ སྙན་ནས་དྲག་པོའི་འབྲུག་སྒྲ་སྒྲོགས་པ་ཡིས༔ དགྲ་བགེགས་མ་ལུས་ཟིལ་གྱིས་གནོན་པར་བྱེད༔ སྤྱན་ 6-22-16b ནས་མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ དགྲ་བགེགས་མ་ལུས་སྲེག་པར་བྱེད༔ ཤངས་ནས་དྲག་པོའི་འཐོར་རླུང་འབུད་པ་ཡིས༔ དགྲ་བགེགས་མ་ལུས་གཏོར་ བར་བྱེད༔ ཞལ་ནས་ཁྲོ་བོའི་གད་བརྒྱངས་སྒྲོགས་པ་ཡིས༔ དགྲ་བགེགས་མ་ལུས་བརྒྱལ་བར་བྱེད༔ མཆེ་བ་དཀར་པོ་ཟུར་གསུམ་གཙིགས་པ་ཡིས༔ དགྲ་བགེགས་མ་ལུས་ཟ་བར་བྱེད༔ གཡས་པས་སྒྲོལ་བྱེད་རལ་གྲི་བསྣམས་པ་ཡིས༔ དགྲ་བགེགས་མ་ལུས་དུམ་བུར་གཏུབ་པར་བྱེད༔ གཡོན་ པས་འཛིན་བྱེད་ལྕགས་ཀྱུ་བསྣམས་པ་ཡིས༔ དགྲ་བགེགས་མ་ལུས་སྙིང་ནས་འདྲེན་པར་བྱེད༔ ཞབས་གཉིས་རོལ་པའི་རྟ་བྲོ་བརྡུང་བ་ཡིས༔ དགྲ་ བགེགས་མ་ལུས་ཐལ་བ་རྡུལ་དུ་རློག༔ ཐོད་རློན་ལྔ་བཅུའི་དོ་ཤལ་བྱས་པ་ཡིས༔ དགྲ་བགེགས་བསྒྲལ་ནས་ཐུགས་དམ་གཉན་པོ་སྐོང་༔ སྐུ་སྟོད་ཞིང་ཆེན་ གཡང་གཞི་གསོལ་བ་ཡིས༔ ཉོན་མོངས་ཕྲག་དོག་གནས་སུ་དག་པར་བྱེད༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ་བ་ཡིས༔ ང་རྒྱལ་སྡུག་བསྔལ་རྩད་ནས་ 6-22-17a གཅོད་པར་བྱེད༔ བ་སྤུ་བསྐལ་པའི་མེ་ལྟར་འབར་བ་ཡིས༔ ས་བདག་ཀླུ་གཉན་མ་ལུས་གཞོབ་ཐུལ་བསྲེགས༔ གནམ་ལྕགས་ སྡིག་པའི་ཚྭ་ཚྭ་འཕྲོ་བ་ཡིས༔ རྒྱལ་བསེན་འབྱུང་པོ་མ་ལུས་རྡུལ་དུ་རློག༔ ཧཱུྃ༔ བསྐུལ་ལོ་ཡཀྴ་མཐུ་བོ་ཆེ༔ རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ མ་གཡེལ་སྲུང་མ་དམ་ཚིག་ཅན༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་ བསྟོད༔ རྣལ་འབྱོར་སྐུ་ཚེ་ཁྱེད་ཀྱིས་སྲིངས༔ ཡོན་བདག་བར་ཆད་ཁྱེད་ཀྱིས་སོལ༔ སྡང་བའི་དགྲ་ལ་རྟགས་ཕྱུངས་ཤིག༔ གནོད་པའི་བགེགས་ ལ་ལས་མཛོད་ཅིག༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ ཡབ་ཅིག་ཐུགས་རྗེ་ཆེན་པོ་སྙན་ གསོན་དང་༔ རྟ་མགྲིན་ནག་པོ་སྙན་གསོན་དང་༔ ནག་པོ་ཆེན་པོ་སྙན་གསོན་དང་༔ ཡཀྴ་ནག་པོ་སྙན་གསོན་དང་༔ འཁོར་གྱི་དྲེགས་པ་སྙན་གསོན་དང་༔ 6-22-17b ཕོ་ཉ་ལས་མཁན་སྙན་གསོན་དང་༔ ཁྱོད་ནི་སྔོན་གྱི་ཐུགས་དམ་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ བདག་ནི་ཁྱེད་ལ་མཆོད་ཅིང་གསོལ༔ ཁྱེད་ཀྱི་ཕྲིན་ ལས་དུས་ལ་བབ༔ དུས་ལ་བབ་བོ་དམ་ཚིག་ཅན༔ ཁྱེད་ལ་ཟློག་བསྒྱུར་ཕྲིན་ལས་བཅོལ༔ ཟློག་བསྒྱུར་ཕྲིན་ལས་བཅོལ་བ་ནི༔ སྔོན་ཚེ་ཟློག་པ་གང་ ནས་བྱུང་༔ སྟོང་གསུམ་སྟོང་གི་འཇིག་རྟེན་དུ༔ རཱུ་ཏྲ་སྡེ་གསུམ་དར་བའི་ཚེ༔ དཔལ་ཆེན་རིགས་གསུམ་མགོན་པོ་ཡིས༔ དྲག་པོ་དཔལ་གྱི་གཏོར་ ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ རུ་ཏྲ་སྡེ་གསུམ་གཏན་ནས་བརླག༔ དེ་ནས་ཟློག་པ་གར་ སྲིད་ན༔ སུམ་ཅུ་རྩ་གསུམ་ལྷ་གནས་སུ༔ ལྷ་དང་ལྷ་མིན་འཐབ་པའི་ཚེ༔ ལྷ་དབང་རྒྱལ་པོ་སྟོབས་ཆེན་གྱིས༔ དྲག་པོ་དཔལ་གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིགས་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ ལྷ་མིན་གཡུལ་ངོ་བཟློག་པར་མཛད༔ དེ་ནས་ཟློག་པ་གར་སྲིད་ན༔ རྒྱ་ 6-22-18a གར་རྡོ་རྗེ་གདན་དྲུང་དུ༔ མུ་སྟེགས་དམག་ཚོགས་རྒོལ་བའི་ཚེ༔ སློབ་དཔོན་ཤཱཀྱ་སེང་གེ་ཡིས༔ དྲག་པོ་དཔལ་གྱི་གཏོར་ཆེན་ བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་བརྡུངས༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ མུ་སྟེགས་དམག་ཚོགས་ཕམ་པར་མཛད༔ སྔོན་བྱུང་ སྲིད་པ་དེ་བཞིན་དུ༔ ད་ལྟ་སྔགས་འཆང་སྒྲུབ་པ་པོས༔ བདག་དང་རྣལ་འབྱོར་ཡོན་བདག་གི༔ ཕྱི་ནང་བར་ཆད་བཟློག་པའི་ཕྱིར༔ དྲག་པོ་དཔལ་ གྱི་གཏོར་ཆེན་བཤམས༔ གསང་སྔགས་མཐུ་ཡི་རྔ་ཆེན་རྡུང་༔ རིག་སྔགས་ཐུན་གྱི་ཟོར་ཆེན་འདྲིལ༔ མི་མཐུན་བར་ཆད་བཟློག་གྱུར་ཅིག༔ བྷྱོཿ དྲག་པོ་དཔལ་གྱི་གཏོར་ཆེན་འདི༔ གསང་སྔགས་འདུས་པའི་བྱིན་རླབས་ཡིན༔ རིག་སྔགས་འདུས་པའི་མཚོན་ཆ་ཡིན༔ ཁྲོ་བོ་འདུས་པའི་མཐུ་རྩལ་ ཡིན༔ ཁྲོ་མོ་འདུ་བའི་དྲག་སྔགས་ཡིན༔ ཕོ་ཉ་འདུ་བའི་ལས་མཁན་ཡིན༔ སྡེ་བརྒྱད་འདུ་བའི་དམོད་མོ་ཡིན༔ འདི་ཡིས་མི་བཟློག་གང་ཡང་མེད༔ 6-22-18b བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ཆགས་ཆེ་ཉམ་ང་མཆིས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྔོན་གྱི་ལས་ལས་གྱུར་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འཕྲལ་གྱི་རྐྱེན་ལས་གྱུར་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཡས་ཀྱི་བདུད་ཁ་གཡོས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མས་ཀྱི་སྲི་ཁ་ལྡངས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕ་རོལ་རྦོད་གཏོང་བཏང་བ་ཡང་༔ བཟློག་ གོ་དམར་ཆེན་གཏོར་མས་ཟློག༔ ཚེ་ལ་བར་དུ་གཅོད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྲོག་ལ་ཧུར་ཐུམ་འབྱུང་བ་ཡང་༔ བཟློག་གོ་དམར་ ཆེན་གཏོར་མས་ཟློག༔ ལུས་ཀྱི་འབྱུང་བ་འཁྲུགས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སེམས་ལ་སྡུག་བསྔལ་འདབ་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ དུས་མིན་འཆི་བ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཧེ་རུ་ཀ་ཡི་དྲག་སྔགས་ཀྱང་༔ བཟློག་གོ་ 6-22-19a དམར་ཆེན་གཏོར་མས་ཟློག༔ ཁྲོ་ཚོགས་ཡབ་ཀྱི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་ཚོགས་ཡུམ་གྱི་ དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འཁོར་ཚོགས་སྤྲུལ་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕོ་ ཉ་ལས་ཀྱི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མགོན་པོས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་མོས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཤིན་རྗེས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ ཟློག༔ གནོད་སྦྱིན་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕོ་བརྒྱུད་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་ གཏོར་མས་ཟློག༔ མོ་བརྒྱུད་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྷ་རྣམས་དམོད་པའི་དྲག་སྔགས་ཀྱང་༔ བཟློག་གོ་ 6-22-19b དམར་ཆེན་གཏོར་མས་ཟློག༔ ཀླུ་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཉན་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་ གོ་དམར་ཆེན་གཏོར་མས་ཟློག༔ གཟའ་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བདུད་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བཙན་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ རུ་ཏྲས་དམོད་པའི་མཚོན་ ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་ཡམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ འགོང་པོས་དམོད་ པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ རྒྱལ་པོས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསེན་ མོས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཐེའུ་རང་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ 6-22-20a ས་བདག་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མུ་སྟེགས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་ གཏོར་མས་ཟློག༔ བགེགས་རྣམས་དམོད་པའི་མཚོན་ཆ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྷ་ཡི་དལ་ཟོར་འཕེན་པ་ཡང་༔ བཟློག་གོ་དམར་ ཆེན་གཏོར་མས་ཟློག༔ ལྷ་མིན་མཚོན་ཆ་འཁྲུགས་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གཟའ་རྒོད་ཀིང་ཀང་འབེབས་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ གཤིན་རྗེའི་འཁོར་ལོ་སྐོར་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་མོས་ཁྲག་ནད་གཏོང་བ་ཡང་༔ བཟློག་ གོ་དམར་ཆེན་གཏོར་མས་ཟློག༔ འཆི་བདག་ཁྲམ་ལ་བཏབ་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བདུད་ཀྱི་ཞགས་པ་འཕེན་པ་ཡང་༔ བཟློག་ གོ་དམར་ཆེན་གཏོར་མས་ཟློག༔ བཙན་གྱི་ཇག་སྣ་རྒྱུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ རྒྱལ་པོས་སྨྱོ་འབོག་གཏོང་བ་ཡང་༔ བཟློག་ 6-22-20b གོ་དམར་ཆེན་གཏོར་མས་ཟློག༔ འབྱུང་པོས་བར་ཆད་བྱེད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གནོད་སྦྱིན་ཟ་ཁ་སྟོན་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ ས་བདག་ཁྲམ་ལ་བཏབ་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཀླུ་ཡི་གཏད་ཁྲམ་བཅུག་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ ཐེའུ་རང་སྲིས་ལ་རྐུ་བ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མུ་སྟེགས་ངན་སྔགས་བྱེད་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ བེནྡས་རིག་སྔགས་བྱེད་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བོན་པོས་མཐུ་ཐུབ་བྱེད་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ སྐྱེ་བོས་མདའ་ཟོར་འཕེན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བུད་མེད་དུག་ཟོར་ཤམ་པ་ཡང་༔ བཟློག་གོ་ དམར་ཆེན་གཏོར་མས་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡང་༔ བཟློག་ 6-22-21a གོ་དམར་ཆེན་གཏོར་མས་ཟློག༔ ཀེག་རིགས་སུམ་བརྒྱ་དྲུག་བཅུ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ལྟས་ངན་བརྒྱད་ཅུ་ རྩ་བཞི་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ གློ་བུར་ཉི་ཁྲི་ཆིག་སྟོང་ ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མོ་ལྟས་མཚན་མ་ངན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཕ་ཚན་ནང་གི་རྒྱ་འདྲེ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མ་ཚན་ནང་གི་སྟོང་འདྲེ་ཡང་༔ བཟློག་གོ་དམར་ ཆེན་གཏོར་མས་ཟློག༔ དར་ཚན་ནང་གི་སྟོང་འདྲེ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ དར་སྲི་གཞོན་སྲི་ཆུང་སྲི་ཡང་༔ བཟློག་གོ་དམར་ཆེན་ གཏོར་མས་ཟློག༔ བརྒྱ་ཡི་མི་ཁ་ཟུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ སྟོང་གི་བྲམ་ཆུ་ཟུག་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ 6-22-21b ཟློག༔ མ་ཉེས་ཁ་ཡོག་ངན་པ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ མི་ལ་ན་ཚ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ནོར་ལ་ གོད་ཁ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཞིང་ལ་བཙའ་སད་སེར་གསུམ་ཡང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཐན་ལྟས་ ངན་པ་ཐམས་ཅད་ཀྱང་༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ ཟློག་སྒྱུར་ཕྲིན་ལས་བཅོལ་བ་ནི༔ བསྒྱུར་རོ་ལྟས་ངན་འཚེར་རྩུབ་སྒྱུར༔ ཟློག་པའི་རྒྱལ་ པོས་བཟློག་ཏུ་གསོལ༔ སྒྱུར་བའི་རྒྱལ་པོས་བསྒྱུར་དུ་གསོལ༔ བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་ འགྲུབ་པར་མཛོད༔ ཡང་དགྲ་ཆོས་དང་འབྲེལ་ན༔ འབྱོར་ན་གོ་མཚོན་དང་སྔགས་པ་ཆས་སུ་ཞུགས་ནས༔ དར་ནག་ཐོད་ལྡེང་སོགས་ཡོ་བྱད་འབྱོར་ཚད་ཚོགས་པར་བྱས་ནས༔ ཁྲོ་བོ་རྟ་མགྲིན་གྱི་ལྷ་ཚོགས་ ཐམས་ཅད་དམག་དཔུང་ལྟར་བསྐྱེད་ནས༔ རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པར༔ ཧཱུྃ༔ ང་ནི་ཐུགས་རྗེ་ཆེན་པོའི་སྐུ༔ ང་ནི་རྟ་མགྲིན་དབང་གི་ལྷ༔ ང་ནི་ཁྲོ་བོ་ཀུན་གྱི་རྗེ༔ ང་ 6-22-22a ནི་མཁའ་འགྲོ་ཀུན་གྱི་གཙོ༔ ང་ནི་སྣང་སྲིད་ཀུན་གྱི་བདག༔ ཁམས་གསུམ་སྲིད་གསུམ་ང་ཡི་ཟས༔ ཆེ་བའི་ལྷ་རྣམས་ང་ཡི་འཁོར༔ ཆུང་བའི་ལྷ་རྣམས་ང་ཡི་བྲན༔ མཐུ་ཆེན་སྟོབས་ལྡན་ཟིལ་གྱིས་གནོན༔ ང་ཡི་ཐུགས་ཀྱི་སྤྲུལ་པ་སྟེ༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་སྐུ༔ མ་ཧཱ་ཀཱ་ལ་རྟ་ གདོང་ཞལ༔ ཡཀྴ་ནག་པོ་མཐུ་བོ་ཆེ༔ ལས་མཁན་གནམ་ལྕགས་རལ་པ་ཅན༔ རབ་འཇིགས་དྲེགས་པའི་འཁོར་ཚོགས་ལས་ལ་འགྱེད༔ གཏིང་ནས་ ཁྲོས་ཤིང་ཆས་ཙ་ན༔ སྟོང་གསུམ་ཀུན་ཀྱང་ཤིགས་སེ་ཤིག༔ གནམ་ས་ཀུན་ཀྱང་འུ་རུ་རུཿ རི་རབ་ཀུན་ཀྱང་སྒ་ར་ར༔ རྒྱ་མཚོ་ཀུན་ཀྱང་མེ་རེ་རེ༔ ཉི་ཟླ་ གཟའ་སྐར་ཆ་ལ་ལ༔ རིགས་དྲུག་སེམས་ཅན་ཉི་ལི་ལི༔ ལྷ་སྲིན་སྡེ་བརྒྱད་ཤ་ར་ར༔ མཁའ་ལ་འབྲུག་སྒྲ་དི་རི་རི༔ བར་སྣང་གློག་དམར་ཁྱུགས་སེ་ ཁྱུག༔ གནམ་ལྕགས་སེར་ཆེན་ཁྲ་ལ་ལ༔ རླུང་ནག་འཚུབ་མ་ཀྱི་ལི་ལི༔ བསྐལ་པའི་མེ་འབར་ལྷབས་སེ་ལྷབ༔ མཚོན་ཆའི་ཚ་ཚ་དཔུངས་སེ་དཔུང་༔ 6-22-22b བསྐུལ་ལོ་སྟོབས་ལྡན་ནག་པོ་ཆེ༔ རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ སྟོབས་ལྡན་ནག་པོ་དགྲ་ལ་ཆོས༔ སྲོག་ བདུད་ནག་པོ་དགྲ་ལ་ཆོས༔ ཡཀྴ་ནག་པོ་དགྲ་ལ་ཆོས༔ གནོད་སྦྱིན་ནག་པོ་དགྲ་ལ་ཆོས༔ རུ་ཏྲ་ནག་པོ་དགྲ་ལ་ཆོས༔ ལས་མཁན་ནག་པོ་དགྲ་ལ་ཆོས༔ ཤན་པ་ནག་པོ་དགྲ་ལ་ཆོས༔ མོན་པ་ནག་པོ་དགྲ་ལ་ཆོས༔ ལྷ་དམག་འབུམ་སྡེ་དགྲ་ལ་ཆོས༔ ཀླུ་དམག་འབུམ་སྡེ་དགྲ་ལ་ཆོས༔ གཉན་དམག་འབུམ་ སྡེ་དགྲ་ལ་ཆོས༔ བདུད་དམག་འབུམ་སྡེ་དགྲ་ལ་ཆོས༔ བཙན་དམག་འབུམ་སྡེ་དགྲ་ལ་ཆོས༔ མི་ནག་འབུམ་སྡེ་དགྲ་ལ་ཆོས༔ བྱ་ནག་འབུམ་སྡེ་དགྲ་ ལ་ཆོས༔ ཁྱི་ནག་འབུམ་སྡེ་དགྲ་ལ་ཆོས༔ གཅན་གཟན་འབུམ་སྡེ་དགྲ་ལ་ཆོས༔ དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི༔ དཔུང་པ་ཆོག་ལ་རྒྱུས་པ་ཆིངས༔ གོ་ཁྲབ་བཤུས་ལ་མཚོན་ཆ་འཕྲོགས༔ མི་རྟ་ཕྱེས་ལ་ནང་ཚན་དཀྲུགས༔ དམག་དཔོན་སོད་ལ་དམག་མི་གཏོར༔ དགྲ་བོའི་བུ་རྟ་ཆོམ་ལ་ཕོབ༔ དགྲ་བོའི་ཕོ་ 6-22-23a བརྒྱུད་རྩད་ནས་ཆོད༔ དགྲ་བོའི་མོ་བརྒྱུད་མངལ་ནས་སྐེམས༔ དགྲ་བོའི་རིགས་བརྒྱུད་མཐའ་ནས་སྡུས༔ དགྲ་བོའི་བླ་རི་རྨིང་ནས་ཤིགས༔ དགྲ་བོའི་བླ་མཚོ་གཏིང་ནས་སྐེམས༔ དགྲ་བོའི་བླ་ཤིང་རྐེད་ནས་ཆོག༔ དགྲ་བོའི་སྒོ་ནོར་ཕྱགས་མས་ཐོབ༔ དགྲ་བོའི་ཡུལ་མཁར་རླུང་ལ་སྐུར༔ གཏོར་ མ་འདི་དང་དགྲ་བོ་གཉིས༔ མཉམ་པོར་བཞེས་ལ་མེད་པར་མཛོད༔ སངས་རྒྱས་ཆོས་ལ་དགྲ་བྱུང་ན༔ སྲུང་མ་དམ་ཅན་ར་མདར་བཟློག༔ རེམས་ཤིག་ ཆོས་སྐྱོང་དམག་ལ་ཆོས༔ ཆོས་ཤིག་དགྲ་དང་བགེགས་ལ་ཆོས༔ མགོན་པོའི་དམག་ཚོགས་དགྲ་ལ་ཆོས༔ མ་མོའི་དམག་ཚོགས་དགྲ་ལ་ཆོས༔ གཤིན་ རྗེའི་དམག་ཚོགས་དགྲ་ལ་ཆོས༔ གནོད་སྦྱིན་དམག་ཚོགས་དགྲ་ལ་ཆོས༔ ལྷ་ཡི་དམག་ཚོགས་དགྲ་ལ་ཆོས༔ ཀླུ་ཡི་དམག་ཚོགས་དགྲ་ལ་ཆོས༔ གཉན་ གྱི་དམག་ཚོགས་དགྲ་ལ་ཆོས༔ གཟའ་ཡི་དམག་ཚོགས་དགྲ་ལ་ཆོས༔ བདུད་ཀྱི་དམག་ཚོགས་དགྲ་ལ་ཆོས༔ བཙན་གྱི་དམག་ཚོགས་དགྲ་ལ་ཆོས༔ རྒྱལ་ 6-22-23b པོའི་དམག་ཚོགས་དགྲ་ལ་ཆོས༔ འགོང་པོའི་དམག་ཚོགས་དགྲ་ལ་ཆོས༔ ཐེའུ་རང་དམག་ཚོགས་དགྲ་ལ་ཆོས༔ ས་བདག་དམག་ཚོགས་དགྲ་ལ་ཆོས༔ ཡུལ་ལྷའི་དམག་ཚོགས་དགྲ་ལ་ཆོས༔ ཟོ་དོར་དམག་ཚོགས་དགྲ་ལ་ཆོས༔ དམག་ཚོགས་དགྲ་ལ་ཆས་ཙ་ན༔ བཙན་པོ་གྱོན་ལ་རྣོན་པོ་ཐོགས༔ གོ་ཆ་ གྱོན་ལ་མཚོན་ཆ་བདོར༔ མགྱོགས་པ་ཞོན་ལ་རིངས་པར་རྒྱུག༔ དཔའ་བའི་གོ་གྱོན་ལྷུབས་སེ་ལྷུབ༔ མགྱོགས་པའི་རྟ་རྒྱུག་སྤྲེངས་སེ་སྤྲེང་༔ ཤན་པས་ མཚོན་ཐོགས་ཟངས་སེ་ཟང་༔ ཀུ་བསོ་ཆ་སྒྲ་དི་རི་རི༔ དར་ནག་རུ་མཚོན་པུ་རུ་རུ༔ རླུང་ནག་འཚུབས་མ་ཀྱི་ལི་ལི༔ ནད་ཀྱི་ན་བུན་ཐུ་ལུ་ལུ༔ ཡམས་ཀྱི་ ངས་པ་ཕྱུ་རུ་རུ༔ ཁྲག་གི་སེར་བ་ཧྲི་ལི་ལི༔ དུག་གི་ཁུ་འཕང་ཤ་ར་ར༔ མཚོན་གྱི་ཆར་པ་སི་ལི་ལི༔ སྔགས་ཀྱི་འབྲུག་སྒྲ་དི་རི་རི༔ ཐུན་གྱི་གློག་དམར་ ཁྱུགས་སེ་ཁྱུག༔ ཟོར་མདའ་དགྲ་བོའི་སྙིང་ལ་རྒྱོབ༔ མཱ་ར་ཡ་ཡི་ལས་མཛོད་ཅིག༔ ཀྱཻ༔ ལས་ངན་སྡིག་ཅན་དགྲ་བོ་འདིས༔ བདེ་གཤེགས་རྒྱལ་བའི་ 6-22-24a བསྟན་པ་བཤིག༔ ཐེག་ཆེན་ཆོས་ལ་སྐུར་པ་བཏབ༔ དགེ་འདུན་འདུས་པའི་དཀོར་ལ་འཕྲོགས༔ དགེ་བ་བཅུ་པོ་རྒྱབ་ཏུ་ སྐྱུར༔ མི་དགེ་བཅུ་པོ་དང་དུ་བླང་༔ དམ་ཅན་ཡོངས་ལ་དོ་ཡང་བསྡོས༔ སྔགས་འཆང་བདག་ལ་འགྲས་སུ་བཙལ༔ སྒྲུབ་པ་པོ་ལ་ལྷ་མེད་ཟེར༔ སངས་རྒྱས་ཆོས་ལ་བདེན་མེད་ཟེར༔ ཆོས་སྐྱོང་ཁྱོད་ལ་མཐུ་མེད་ཟེར༔ བདག་ནི་མ་ཉེས་ཁོ་ཡིས་ཉེས༔ ཆགས་པ་མེད་པར་བུ་ལོན་བརྡས༔ བྱས་པ་མེད་པར་སྲོག་ལ་རྔམ༔ དེ་བས་བསྒྲལ་བའི་ཞིང་བཅུ་ཚང་༔ ཞིང་བཅུ་ཚང་བའི་སྡིག་པོ་ཆེ༔ སྡིག་ཅན་མྱུར་དུ་མ་བསྒྲལ་ན༔ དཀོན་མཆོག་ གསུམ་གྱི་བསྟན་པ་བཤིག༔ སྲུང་མ་དམ་ཚིག་མེད་པར་འགྱུར༔ དེ་བས་སྲུང་མ་དམ་མ་གཡེལ༔ དེ་བས་སྲུང་མ་མཐུ་མ་ཆུང་༔ དེ་བས་སྲུང་མ་རྩལ་ མ་ཞན༔ དུས་ལ་བབ་པོ་དམ་ཚིག་ཅན༔ གཏད་དོ་གཉེར་རོ་དགྲ་དང་བགེགས༔ ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས༔ སོད་ཅིག་ཐུལ་ཅིག་མེད་པར་ 6-22-24b མཛོད༔ སོད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ ས་ཡི་བརྟེན་ཕུར་ཕུད་ལ་ཤོག༔ ཚེ་ཡི་འདུ་བྱེད་བསྡུས་ལ་ཤོག༔ སྲོག་ གི་འཕར་ཐག་ཆོད་ལ་ཤོག༔ སེམས་ཀྱི་མར་མེ་སོད་ལ་ཤོག༔ དགྲ་བོ་ལས་ངན་སྡིག་ཅན་འདི༔ ལྷན་ཅིག་སྐྱེས་པའི་ལྷ་དང་ཕྱེས༔ མཉམ་པོར་འོང་ བའི་བདུད་དང་སྤྲོད༔ ལས་ཀྱི་གཤིན་རྗེས་ཤན་པ་གྱིས༔ ཕོ་བརྒྱུད་རྣམས་ཀྱིས་ཤ་ལ་ཟོ༔ མོ་བརྒྱུད་རྣམས་ཀྱིས་ཁྲག་ལ་འཐུང་༔ བྱ་ཅན་རྣམས་ ཀྱིས་ནང་རོལ་ཟོ༔ ཁོང་ཁྲག་ཁ་ནས་སྐྱུགས་སུ་ཆུག༔ ནང་དབུགས་ཕྱི་རུ་འདྲེན་དུ་ཆུག༔ ཕུང་པོ་ས་ལ་འགྱེལ་དུ་ཆུག༔ འོ་དོད་གནམ་དུ་འབོད་དུ་ཆུག༔ ཡན་ལག་ས་ལ་རྡེབ་ཏུ་ཆུག༔ ཡར་ཤ་ཡར་ལ་དགྲ་ཤ་ཟ༔ མར་ཤ་མར་ལ་དགྲ་ཁྲག་འཐུང་༔ ཕར་ཤ་ཚུར་ལ་དགྲ་རུས་མུར༔ ཏིལ་འབྲུ་ཙམ་ཡང་མེད་པར་ གྱིས༔ མཱ་ར་ཡ་ཡི་དུས་ལ་བབས༔ དུས་ལ་བབ་པོ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གཏོར་མ་དགྲ་ཕྱོགས་སུ་འཕེན༔ ལྷག་མ་ནི༔ 6-22-25a ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར༔ ཨེ་ཨཱཿརལླི་ཧྲིཾ་ཧྲིཾ་ཛཿཛཿ ཧཱུྃཿ རྟ་མགྲིན་ནག་པོའི་འཁོར་དུ་གནས་པ་ཡི༔ ཕྱི་འཁོར་སྐྱོང་བའི་སྲུང་མ་ཐམས་ཅད་དང་༔ དབང་ཕྱུག་མཁའ་འགྲོ་གིང་དང་ལངྐ་དང་༔ ཕྲ་མེན་ ཤུགས་འགྲོ་གཤིན་རྗེ་སྲིན་པོའི་ཚོགས༔ འཇིགས་པའི་ལུས་ལ་རྔམ་པའི་ཆ་བྱད་ཅན༔ ལེགས་ཉེས་སྟང་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ རྫུ་ འཕྲུལ་ཐོགས་མེད་དཔལ་གྱི་ཕམ་ཕབ་སྡུད༔ ཏིང་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམས༔ རང་རང་སྤྲུལ་པ་འཁོར་དང་བཅས་པ་རྣམས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཇི་ལྟར་དབང་བའི་ཕྲིན་ལས་སོ་སོར་མཛོད༔ ཨོཾ་ཨུཙྪི་ཥྚ་སརྦ་ཌཱ་ཀི་ནི་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཆད་ཐོ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ འོག་མིན་ཆོས་དབྱིངས་དུར་ཁྲོད་དུ༔ དབང་ཆེན་རྟ་མཆོག་རོལ་པ་ཡིས༔ ཡེ་ཤེས་རྩལ་དབང་ཞིང་ཁམས་ཀྱི༔ 6-22-25b མཁའ་འགྲོ་དམ་ཅན་དབང་དུ་བསྡུས༔ རང་རང་ལས་ལ་བཀོལ་བའི་ཚེ༔ རྣལ་འབྱོར་བར་ཆད་བསྲུང་བ་དང་༔ གཏོར་མ་ལེན་པར་མ་ཆད་དམ༔ ཁས་ བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ འཇིགས་བྱེད་པདྨ་ཐོད་ཕྲེང་གིས། ཟངས་མདོག་དཔལ་རི་དུར་ཁྲོད་བརྒྱད༔ རྡོ་རྗེ་ གདན་སོགས་གནས་རྣམས་སུ༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ རྣལ་འབྱོར་བར་ཆད་བསྲུང་བ་དང་༔ གཏོར་མ་ལེན་པར་མ་ཆད་དམ༔ ཁས་ བླངས་མ་གཡེལ་ཕྲིན་ལས་མཛོད༔ དེ་འོག་བསྐལ་པ་ཐ་མ་ལ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་ཟབ་ལུང་སྟག་ཚང་དང་༔ ཨ་སུ་ ར་སོགས་གནས་རྣམས་སུ༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ རྣལ་འབྱོར་བར་ཆད་བསྲུང་བ་དང་༔ གཏོར་མ་ལེན་པར་མ་ཆད་དམ༔ བཀའ་ ཡི་གཏོར་མ་འདི་ལོངས་ལ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ང་ནི་པད་མའི་བརྒྱུད་འཛིན་ཡིན༔ ཁྱོད་ནི་སློབ་དཔོན་གཏོར་ལེན་ཡིན༔ 6-22-26a དམར་གཏོར་དམ་པ་འདི་བཞེས་ལ༔ ཁས་བླངས་མ་གཡེལ་ཕྲིན་ལས་མཛོད༔ ས་མ་ཡ་བྷྱོ༔ བརྟན་མ་ནི༔ ཨོཾ་ཨཱཿཧཱུྃ་ བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཧཱུྃ༔ ཕྱོགས་མཚམས་སྟེང་འོག་དག་ན་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས༔ བྲན་ གཡོག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་མ་གཡེལ་ བར༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བསམ་པ་ཡིད་བཞིན་བསྒྲུབ་པ་དང་༔ སྡང་དགྲ་གདོན་བགེགས་ཐམས་ཅད་ རྡུལ་དུ་རློག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ བརྟན་མ་ཆེན་མོ་བཅུ་གཉིས་ཀྱི་ཞལ་དུ་མ་ཧཱ་བ་ལིངྟ་ལ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ ཨ་མྲྀ་ཏ་ཁཱ་ཧི༔ རྟ་བྲོ་ནི༔ ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་ལ༔ དཔའ་བོ་ཆེན་པོས་བྲོ་བརྡུངས་པས༔ ཕྱོགས་བཅུ་ནམ་མཁའི་ 6-22-26b ཁམས་གང་ནས༔ ཁྲོ་བོའི་ཚོགས་དང་ཁྲོ་མོའི་ཚོགས༔ མ་སྲིང་ཚོགས་དང་ཕོ་ཉའི་ཚོགས༔ བྲོ་ལ་གཤེགས་སོ་ཆེམས་སེ་ཆེམ༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ རྟ་སྐད་ལན་གསུམ་སྟེང་དུ་སྒྲོགས༔ དང་པོས་གཟུགས་མེད་ཁམས་ཀུན་གཡོས༔ གཉིས་ པས་གཟུགས་ཁམས་དབང་དུ་བསྡུ༔ གསུམ་པས་འདོད་ཁམས་ཟིལ་གྱིས་གནོན༔ འདི་ནི་རྟ་མགྲིན་ཁྲོས་པའི་བྲོ༔ ཧཱུྃ༔ རྟ་བྲོ་ འཁོར་གསུམ་འོག་ཏུ་བརྡུང་༔ དང་པོས་ས་སྟེང་འཇིག་རྟེན་གཡོ༔ གཉིས་པས་ས་བླ་དབང་དུ་བསྡུ༔ གསུམ་པས་ས་འོག་ཟིལ་གྱིས་ གནོན༔ ཁྲོ་བོ་ཆེན་པོའི་མཐུ་རྩལ་ཡིན༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ དུག་གསུམ་དགྲ་བགེགས་ཞབས་སུ་མནན༔ ཞེ་ སྡང་ཕོ་རྒྱུད་གཡས་སུ་ནོན༔ འདོད་ཆགས་མོ་རྒྱུད་གཡོན་དུ་ནོན༔ གཏི་མུག་རིགས་རྒྱུད་རྩད་ནས་བརླག༔ འདི་ནི་ཕོ་ཉའི་ཕྲིན་ 6-22-27a ལས་ཡིན༔ ཧཱུྃ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བྱད་མ་དམ་སྲི་གདོན་གྱི་ཚོགས༔ ཞབས་ཀྱི་འོག་ ཏུ་བསྡུས་ནས་ནི༔ རྟ་མགྲིན་ཁྲོས་པའི་ཆོགས་ཀྱིས་བརྡུངས༔ ཡེ་ཤེས་རི་རབ་བརྗིད་ཀྱིས་མནན༔ དྲག་སྔགས་རྡོ་རྗེའི་མཚོན་གྱིས་ གཏུབས༔ གཟི་བརྗིད་མེ་དཔུང་འབར་བས་བསྲེགས༔ སྲིད་པ་ལས་ཀྱི་རླུང་གིས་གཏོར༔ ཇི་སྲིད་བསྐལ་པ་མ་རྫོགས་པར༔ དགྲ་ བགེགས་ལྡང་བར་མ་གྱུར་ཅིག༔ སརྦ་སཏྭཾ་བྷ་ཡ་ནན༔ ཨོཾ་ནན༔ ཨཱཿནན༔ ཧཱུྃ་ནན༔ སརྦ་བིག་ནན༔ ཤ་ཏྲུཾ་ནན༔ དེ་ནས་ མཆོད་ཅིང་བསྟོད་པ་ནི༔ ཨོཾ་ཧྱ་གྷྲི་ཝ་ས་པ་རི་ཝ་ར་ཨརྒྷཾ་དང་༔ གོང་ལྟར་ཤོ་ལོ་ཀས་བསྟོད༔ བཤགས་པ་ནི༔ བདག་ནི་མ་རིག་འཁྲུལ་ པའི་དབང་གྱུར་པས༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་དང་༔ སྒོ་གསུམ་ཉེས་པའི་ཚོགས་རྣམས་ཅི་མཆིས་པ༔ ཁྲོ་མཆོག་རྟ་མགྲིན་ 6-22-27b སྐུ་ལ་མཐོལ་ལོ་བཤགས༔ ཞེས་ཡིག་བརྒྱ་བཟླས༔ འདོད་གསོལ་ནི༔ ཁྲོ་རྒྱལ་རྟ་མགྲིན་དགོངས་སུ་གསོལ༔ ཁྱེད་ལ་མཆོད་བསྟོད་བགྱིས་ པའི་བྱིན་རླབས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་༔ དབང་དྲག་འགུགས་བསྐྲད་མནན་གཟིར་ལ་སོགས་པའི༔ ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཞེས་གསོལ་བ་གདབ་བོ༔ དངོས་གྲུབ་ཀྱང་སྔགས་ཙམ་གྱིས་བླང་༔ རྫོགས་རིམ་ནི༔ རང་རིག་སེམས་ ཀྱི་དཀྱིལ་འཁོར་དུ༔ ཁྲོ་རྒྱལ་གསལ་སྟོང་ཆེན་པོར་ཤར༔ ནམ་མཁའི་འཇའ་ཚོན་ཡལ་བ་བཞིན༔ སྐྱེ་མེད་ཆོས་དབྱིངས་ངང་དུ་བཞག༔ ཨཱ་ཨཱཿ སླར་ཡང་སྔགས་བརྗོད་པས་ལྷར་ལྡང་ལ༔ སྨོན་ལམ་ནི༔ དགེ་བ་འདི་ཡིས་མྱུར་དུ་བདག༔ སོགས་བྱའོ༔ བཀྲ་ཤིས་ནི༔ བླ་མ་དཔལ་ཆེན་ ཧེ་རུ་ཀ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ནས༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔ 6-22-28a གཞན་ཡང་བཀྲ་ཤིས་ཅི་རིགས་བརྗོད་པར་བྱའོ། ། ཞེས་པ་འདི་ནི་སྔགས་པ་རྟ་མགྲིན་དབང་རྒྱལ་ནས་བསྐུལ་ངོར་རྟ་ནག་རང་གི་གཏེར་གཞུང་ལས། ཉང་གཏེར་གུར་དྲག་བདེ་གཤེགས་ འདུས་པས་ཁ་བསྐངས་ཏེ་ལས་འགྲིགས་སུ་མི་ཕམ་རྣམ་པར་རྒྱལ་བ་པདྨ་བཞད་པས་བསྡེབས་པ་དངོས་གྲུབ་གཉིས་ཀྱི་དཔལ་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ། ། དགེའོ།། །། 6-22-28b empty page 6-23-1a དཔལ་ཆེན་ཡང་དག་གི་རྒྱུན་གྱི་རྣལ་འབྱོར་རུ་ལུ་གསང་བའི་དགོངས་པ་བཞུགས་སོ༔ 6-23-1b ན་མོ་ཤྲཱི་ཧེ་རུ་ཀ་ཡ། དཔལ་ཡང་དག་གི་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་འདོད་པས། རྡོ་རྗེ་སློབ་དཔོན་སོགས་སྐྱབས་སེམས་ཚོགས་བསགས་ སྔོན་དུ་འགྲོ་བས། ཐོག་མར་མཉམ་ཉིད་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དབྱིངས་སུ་མཉམ་པར་བཞག་པས་ཏིང་འཛིན་རྣམ་གསུམ་དབྱེར་མེད་ཀྱི་ཚུལ་དུ། ཧཱུྃ༔ ཕྱི་ནང་སྣོད་བཅུད་ཆོས་ ཉིད་ཆེན་པོ་ནི༔ རང་བཞིན་རྣམ་དག་སེམས་ཀྱི་སྤྱོད་ཡུལ་ལ༔ སངས་རྒྱས་སེམས་ཅན་གཉིས་སུ་ངས་མ་མཐོང་༔ སྣང་སྟོང་དབྱེར་མེད་རྡོ་རྗེ་ཐེག་པའི་ལམ༔ གོ་བའི་ཡུལ་འདི་སངས་རྒྱས་བདེ་ཆེན་ཞིང་༔ འདི་ཉིད་རྣམ་དག་སྤྲུལ་སྐུར་ཐུག་ཕྲད་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་ཕྱི་སྣོད་གཞལ་ཡས་ཁང་དུ་གསལ་བ། 6-23-2a ཧཱུྃ༔ དབང་ཆེན་ཡུམ་ལྔ་འདུས་པའི་མཁའ་དབྱིངས་སུ༔ སྲིན་པོ་མ་ཏྲཾ་བསྒྲལ་བའི་ཁོག་པ་ལ༔ བནྡྷ་ཚར་གསུམ་བརྩེགས་པའི་རྩིགས་པ་བྱས༔ རཀྟའི་སྤྱིན་སྦྱར་གནམ་ལྕགས་གཟེར་ཆེན་བཏབ༔ ཡོན་ཏན་ཆེ་རྒྱས་གྲུ་བཞི་མཆོད་རྟེན་ཚུལ༔ ཟླ་གམ་དབང་ཆེན་སྨུག་ནག་འབར་བ་ན༔ ཀ་བ་མཆོག་བརྒྱད་ལྡན་པའི་ རེ་ཆ་དགུ༔ ཚངས་པའི་གདུང་བཞི་མཆོག་ཆེན་ཀ་བ་དང་༔ ཉི་ཟླའི་ཀ་ཞུ་ཕག་ཆེན་ཀ་གདན་དང་༔ སྦྲུལ་གྱི་སྐྱེས་བུ་ཀ་རུའི་ཡ་སྤྱི་བ་ལ༔ རུས་སྦལ་མ་ཐེམ་ཞིང་གི་སྒོ་ འགེག་སྟེ༔ ཏ་ལའི་སྐྱེད་ཤིང་འདོད་ཡོན་ལྷ་མོ་དང་༔ འབར་བའི་བར་ཁྱམས་དུར་ཁྲོད་གནས་བཅས་ཏེ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་རྒྱན་དང་ཆས༔ མཐའ་ 6-23-2b དང་དབུས་མེད་ཡེ་ཤེས་ནམ་མཁའི་རྒྱ༔ དྲེགས་པ་ཁྱོ་ཤུག་བསྣོལ་ཞིང་ཞིང་ཆེན་བཏིང་༔ རབ་གསལ་ཉི་མའི་གདན་དང་བཅས་པ་འདི༔ རྒྱུ་འབྲས་མ་བཀག་དག་པའི་གཞལ་ཡས་ཁང་༔ དཔལ་ཆེན་ ཁྲག་འཐུང་ཚོགས་ཀྱི་བཞུགས་གནས་ཡིན༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བཅུད་ལྷར་གསལ་གདབ་པ། ཧཱུྃ༔ ཆོས་ཉིད་སྐྱེ་མེད་གདོད་ནས་དག་པ་ལ༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་སྐུར་བསྟན་པའི༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་ལ༔ ཀོ་སིང་ལ་སོགས་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཡེ་ཤེས་སྐུར་གསལ་ཐུགས་རྗེས་ཁྱབ་པའི་སྐུ༔ གདུག་པ་འདུལ་ཕྱིར་འཇིགས་བྱེད་ སྐུར་སྟོན་པ༔ དུར་ཁྲོད་རྒྱན་མཛེས་གདུག་བྱེད་མཚོན་ཆ་བསྣམས༔ བསྐལ་པའི་མེ་འབར་དུར་ཁྲོད་དཀྱིལ་འཁོར་ན༔ ཁམས་གསུམ་སྟོང་མཛད་ཁྲག་འཐུང་ཕྱག་རྒྱའི་ཚོགས༔ རྒྱུ་འབྲས་མ་བཀག་ ལྷ་ཡི་དཀྱིལ་འཁོར་གསལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ལྟ་བུའི་ལྷ་དེ་གདོད་ནས་དམ་ཡེ་དབྱེར་མེད་ཀྱི་ངོ་བོར་ངེས་པས་དབང་བསྐུར་བྱིན་རླབས་སྤྱན་འདྲེན་མི་དགོས་ལ། མཆོད་པ་བྱ་བ་ནི། ཧཱུྃ༔ མེ་ཏོག་བདུག་སྤོས་ལྷ་ བཤོས་མར་མེ་བཅས༔ བླ་རེ་རྒྱལ་མཚན་ན་བཟའ་འཕན་དང་གདུགས༔ སིལ་སྙན་རྔ་དུང་རིན་ཆེན་མུ་ཏིག་ཕྲེང་༔ གཟུགས་སྒྲ་དྲི་རོ་རེག་སོགས་ལྷ་མོའི་ཚོགས༔ བདེ་ཆེན་བྱང་ཆུབ་སེམས་ 6-23-3a ཀྱི་མཆོད་སྤྲིན་རྣམས༔ དངོས་སུ་བཤམས་ཤིང་སེམས་ཀྱིས་རྣམ་སྤྲུལ་ཏེ༔ ཡེ་ཤེས་རང་སྣང་ཞི་ཁྲོའི་དཀྱིལ་འཁོར་ལ༔ འབྲུ་བརྒྱད་འཕྲོ་འདུས་འབུལ་ནས་མཆོད་པ་ བཞེས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དེ་ནས་བཟླས་པ་ལ། ཧཱུྃ་ནི་ཐབས་ཆེན་ཤེས་རབ་སྦྱོར༔ ཡེ་ཤེས་ཐིག་ལེ་ཐུགས་ལ་ཤར༔ ཟུར་བརྒྱད་སྟེང་ནས་འབྲུ་བརྒྱད་འཕྲོ༔ ཁམས་གསུམ་སེམས་ ཅན་སྡུག་བསྔལ་བསལ༔ རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ༔ སྔགས་ཚིག་སྒྲ་ཡི་མཆོད་པས་མཉེས༔ ཚུར་འདུས་དང་པོའི་གནས་སུ་ཐིམ༔ ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱངས༔ སྐུ་ གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ གཉིས་སུ་མེད་པའི་བྱང་ཆུབ་སེམས༔ འབྲུ་བརྒྱད་ཡི་གེ་འཕྲོ་ཞིང་འདུ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བཟླ་ཞིང་སྐབས་སུ་ཛབ་བསྐུལ་བྱ་བ་ནི། ཨོཾ། དཔལ་ ཆེན་ཁྲག་འཐུང་ཐུགས་ནི་རིན་པོ་ཆེ༔ ཐུགས་རྗེ་སྐུ་མདོག་ཡིད་བཞིན་འབྱུང་བའི་གཏེར༔ བདག་ནི་བླ་མེད་བྱང་ཆུབ་མཆོག་སེམས་བསྐྱེད༔ རང་སེམས་གདོད་ནས་མ་སྐྱེས་རིན་པོ་ཆེ༔ ལྷ་དང་གཉིས་སུ་མེད་པར་མཉམ་བཞག་ནས༔ ཨུཏྤལ་འདབ་བརྒྱད་ལྟ་བུའི་ལྗགས་བརྐྱང་ཞིང་༔ འཁུར་བ་དབུགས་རིང་ཨོཾ་དང་བཅས་པ་ཡི༔ རུ་ལུ་རུ་ལུ་འཁོར་ལོ་ཚོགས་ཆེན་པོ༔ 6-23-3b བར་ཆད་མེད་པའི་བཟླས་བརྗོད་ཏིང་འཛིན་གྱིས༔ སེམས་རྟོག་སྦྱང་ཞིང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གཞན་ཡང་སྤྲོ་ན་འོད་ཟེར་དང་ལྷ་ལ་འཕྲོ་འདུ་བཏང་བ་དང་རུ་ལུ་ཕྲིན་ལས་སུ་ ཤེས་པ་གཞུང་བཞིན་བྱའོ། །བསྙེན་པ་ཇི་ཙམ་ནུས་པ་དམིགས་པ་གསལ་བས་བཟླ་ཞིང་། རྗེས་སུ་བཟླས་བརྗོད་མཆོད་པར་ཕུལ་བ་ནི། སྒྲུབ་པ་པོའི་བཟླས་བརྗོད་ཀྱི། རུ་ལུ་ཐམས་ཅད་བསྡུས་ཏེ་དཔལ་ཆེན་པོའི་ཐུགས་ཀར་ཕུལ་ལ། ཨོཾ། བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ བདེ་བར་གཤེགས་སོ་ཁྲོ་རྒྱལ་ཚོགས༔ རྒྱལ་བ་རྒྱ་མཚོ་འཁོར་བཅས་ལ༔ བཟླས་བརྗོད་སྔགས་ཀྱི་འཁོར་ལོ་བསྐོར༔ མཆོད་པ་དམ་ པ་བླ་ན་མེད༔ བཟླས་བརྗོད་མཆོད་པ་བཞེས་སུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུྃ༔ དེ་ནས་གོང་གི་མཆོད་པ་བྱ། བཤགས་པ་ནི་རུ་ལུ་བཤགས་པར་ཤེས་པའི་སྐབས་བཞིན་བྱའོ། །དེ་ནས་དངོས་གྲུབ་བསྡུ་བ། ཧཱུྃ༔ ཡེ་ ཤེས་འབྱམ་ཀླས་དཀྱིལ་འཁོར་ལ༔ བསྒྲུབ་པའི་དཀྱིལ་འཁོར་བསམ་མི་ཁྱབ༔ ཟླ་གམ་དཀྱིལ་འཁོར་རིན་ཆེན་དབང་༔ ནུབ་ཕྱོགས་ངོས་སུ་ཁ་བལྟས་ཏེ༔ དུས་གསུམ་སངས་རྒྱས་ ཐམས་ཅད་དང་༔ དཔལ་ཆེན་ཁྲག་འཐུང་འཁོར་ཚོགས་ལ༔ ཚོན་གང་ཆོས་ཀྱི་འཁོར་ལོ་ལས༔ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ༔ ཕར་འཕྲོས་པས་ནི་ཡེ་ཤེས་ལྷའི༔ སྐུ་གསུང་ 6-23-4a ཐུགས་ལ་མཆོད་པ་འབུལ༔ སླར་འདུས་པས་ནི་སྒྲུབ་པ་པོའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་བསམ་ལ། ཧཱུྃ༔ ཁྲོ་ལ་ཁྲོས་པས་ ཞི་མཛད་པ༔ ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས༔ འབར་བའི་བྱིན་རླབས་རྨད་པོ་ཆེ༔ དེ་ཉིད་དུ་ནི་བདག་ལ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལྷ་ཐམས་ཅད་རང་ལ་ཐིམ་པས་དངོས་གྲུབ་ཐོབ་པར་ བསམ། བསྡུ་ལྡང་བྲལ་བའི་དོན་ལས་བསྡུ་ལྡང་ལྟར་སྟོན་པ་ནི། ཨཱཿ ཕྱག་རྒྱའི་ཆ་ལུགས་ཐ་དད་ཀྱང་༔ དང་པོར་ཆོས་ཉིད་ངང་ལས་བྱུང་༔ བར་དུ་སྤྱོད་པ་ཅི་སྤྱད་ཀྱང་༔ ཀུན་བཟང་རོལ་པའི་ངང་དུ་ སྤྱད༔ ཐ་མར་རོལ་པའི་སྣང་བ་ཡང་༔ ཆོས་ཉིད་མཉམ་པའི་ངང་དུ་བསྡུའོ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས༔ རྣམ་དག་ལམ་ཆེན་ཀུན་སྒྲོལ་ ཕྱིར༔ མི་སྐྱེ་མི་འགག་ཅིར་མི་དགོངས༔ མིང་དང་མཚན་མ་མ་གྲུབ་པར༔ མི་གནས་མ་བྲལ་འདུས་མ་བྱས༔ ཆོས་ཀྱི་དབྱིངས་ཀྱིས་བསྲུངས་པས་ན༔ སངས་རྒྱས་ཀྱིས་ཀྱང་མི་གཟིགས་སོ༔ ཅིས་ཀྱང་མི་ཕྱེད་མི་ཤིགས་པའི༔ སྟོང་པའི་གོ་ཆ་བླ་ན་མེད༔ མཚན་མའི་ཡུལ་ཀུན་བཅོམ་ནས་ཀྱང་༔ ཐམས་ཅད་མྱུར་དུ་རྒྱལ་བར་གནས༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པས་གོ་བགོ་བ་བྱས་ནས་ 6-23-4b དགེ་བསྔོ་བཀྲ་ཤིས་བྱའོ། །འདི་ནི་དཔལ་ཡང་དག་ཧེ་རུ་ཀ་ཆེན་པོའི་སྤྲོས་མེད་དོན་གྱི་རྣལ་འབྱོར་གྲུབ་བརྒྱའི་གཤེགས་ཤུལ་དམ་པ་ལགས་ཏེ། དཔལ་ཧེ་རུ་ཀའི་ཏནྟྲ་ལས་རུ་ལུ་བྱེ་བྲག་ཏུ་ཤེས་པའི་སྐབས་ནས་ལུང་གི་ཚུལ་དུ་རྡོ་རྗེ་ཐུགས་མཆོག་ རྩལ་གྱིས་བཏུས་པ་མངྒ་ལཾ། །འདི་ལ་དངོས་གྲུབ་ཇི་འདོད་བཞིན་ཐོབ་པའི་རྟེན་འབྲེལ་མཆོག་ཡོད་དོ། །རབ་ཚེས་ཉི་མ་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་བརྒྱད་ལའོ་དགེ ། ༈ ཡང་དག་རྒྱུན་ཁྱེར་གྱི་ཚོགས་ བཞུགས། མཚན་ལྡན་བནྡྷ་སྟོང་གསུམ་མཉམ་པའི་ནང་༔ ཐབས་ཤེས་དབྱེར་མེད་ཚོགས་ཀྱི་ལོངས་སྤྱོད་ཆེ༔ འདོད་ཡོན་ལྷ་མོའི་སྤྲིན་ཕུང་རབ་ཏུ་འཕྲོ༔ མཉམ་པའི་དམ་ཚིག་ བདེ་ཆེན་རོལ་པར་གྱུར༔ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་ཧོ༔ ཧཱུྃ༔ དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ ཐུགས་རྗེའི་ ངང་ཉིད་ཆོས་སྐུའི་རོལ་པ་ལས༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི། བཛྲ་ས་མ་ཡ་ཛ༔ རྡོ་རྗེ་སྒེག་མོ་རྡོ་རྗེ་ཅན༔ རྡོ་རྗེ་མ་ལྱཱ་རིན་ཆེན་ཕྲེང་༔ རྡོ་རྗེ་གི་རྟི་པདྨའི་ དབྱངས༔ རྡོ་རྗེ་ནིརྟི་ལས་ཀྱི་གར༔ ཐབས་དང་ཤེས་རབ་ཚོགས་ལྡན་པའི༔ དཀྱིལ་འཁོར་ལ་ཡང་དཀྱིལ་འཁོར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ལ་སྱཱ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་རཱ་ག་མ་ལྱཱ་ཏྲཾཿ ཨོཾ་ཤྲཱི་བཛྲ་རཱ་ 6-23-5a ག་གིརྟི་ཧྲཱི༔ ཨོཾ་ཤྲཱི་བཛྲ་རཱ་ག་ནིརྟི་ཨཱ༔ བླ་མེད་མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ སྟེ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལས༔ སེམས་ ཅན་དབང་གིས་ནོར་འཁྲུལ་ཅི་མཆིས་པ༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཡིག་བརྒྱ། ཨེ་ནྲྀ་ཏྲི་ཛ་ཧཱུྃ་བྃ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨཱ་བེ་ཤ་ཡ་ཨ༔ ཁྲག་འཐུང་རྡོ་རྗེ་ འཁོར་བཅས་ཀྱིས༔ འཇིག་རྟེན་ཁམས་ནི་རབ་འབྱམས་ན༔ ཞིང་གྱུར་དག་ནི་སུ་ཡང་རུང་༔ མ་ལུས་བསྡུས་ཏེ་བརླག་པར་མཛོད༔ སརྦ་དུཥྚན་མཱ་ར་ཡ་ཕཊ༔ དབྱིངས་ཀྱི་ཞལ་ནི་དུག་ གསུམ་རོལ་པའི་ཧོམ༔ འབར་བའི་ཀློང་དུ་དུག་གསུམ་བམ་གྱི་ཚོགས༔ འབུལ་ལོ་ཨ་ལ་ལ་སྟེ་བཞེས་ནས་ཀྱང་༔ དངོས་གྲུབ་བར་ཆོད་བདུད་རྣམས་མེད་པར་གྱིས༔ མ་ཧཱ་པཱུ་ཛ་ཁཱ་ཧི༔ མཉམ་པའི་ལོངས་སྤྱོད་བདེ་བ་ཆེ༔ མཚན་ལྡན་སྦྱོར་བས་ཐམས་ཅད་འགྲུབ༔ ལྷ་ཚོགས་ཀུན་ཀྱང་དེ་བཞིན་དུ༔ དགྱེས་སྦྱོར་བདེ་བའི་དངོས་གྲུབ་ཐོབ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ དངོས་ 6-23-5b པོ་ཆོས་ཉིད་ཡངས་པའི་ཀློང་དུ་བསྐང་༔ སྣང་བ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང་༔ གསལ་བ་ཤེས་རབ་འབར་བའི་ཀློང་དུ་བསྐང་༔ སྡུག་བསྔལ་བདེ་ཆེན་ཀ་དག་ཀློང་དུ ཀུན་རྫོབ་དོན་ དམ་གཉིས་སུ་མེད་པར་བསྐང་༔ མཆོད་དུ་མེད་དེ་གཉིས་མེད་རོལ་པས་མཆོད༔ བསྐང་དུ་མེད་དེ་སྐྱེ་མེད་ཀློང་དུ་བསྐང་༔ སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར༔ བསྒྲལ་དུ་མེད་ དེ་མཉམ་ཉིད་དབྱིངས་སུ་སྒྲོལ༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ ལྷག་མ་བསྡུས་ཏེ་བརླབས། ཁྲག་འཐུང་རོལ་པའི་བཀའ་ཉན་ནི༔ འབར་མ་ལ་སོགས་ལྷག་སྡུད་ཚོགས༔ ཚུར་གཤེགས་དཔལ་གྱི་ཕམ་ཕབ་བཞེས༔ དམ་སྐོང་ཕྲིན་ལས་འགྲུབ་པར་མཛོད༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་༔ རབ་ འབྱམས་རྒྱལ་བའི་བཀའ་དབང་ཐོབ་ནས་ནི༔ འགྲོ་བ་ཡོངས་ཀྱི་དཔལ་དུ་འགྱུར་བར་ཤོག༔ རྣལ་འབྱོར་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས༔ དེ་དག་མ་སྐྱེས་པ་ནི་ཡུམ་གྱི་མཁའ༔ ཡབ་ཡུམ་ དབྱེ་བ་མེད་པའི་སྐུ་གསུང་ཐུགས༔ འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་ཤོག༔ བཀྲ་ཤིས་གང་ཞིག་དངོས་གྲུབ་འབྱུང་བའི་གནས༔ འབར་བའི་རྒྱལ་པོ་ཁྲག་འཐུང་རོལ་པའི་སྐུ༔ མཁའ་ 6-23-6a འགྲོ་མང་པོ་བདེ་བའི་ཚོགས་དང་རོལ༔ མཆོག་ཏུ་མི་འགྱུར་ཀུན་ནས་གྲུབ་པར་ཤོག༔ གྲུབ་པའི་འབྲས་བུ་མཐའ་ཡས་ཀྱི༔ སེམས་ཅན་དོན་ཀུན་གྲུབ་པ་དང་༔ དོན་གྲུབ་བསམ་པ་འགྲུབ་གྱུར་པའི༔ བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་ཤོག༔ ཚོགས་དང་སྨོན་ལམ་བཀྲ་ཤིས་དང་བཅས་པ་འདི་ནི་ཆོ་ག་སྔ་མའི་ཁ་སྐོང་དུ་དཔའ་བོ་ལས་རབ་གླིང་པ་ལ་དག་སྣང་གི་ཚུལ་དུ་བཀའ་བབས་ པའོ། །འདི་ཡང་རྒྱུད་ཀྱི་ཚིག་ཤ་སྟག་ཡིན་པར་འདུག་གོ། མངྒ་ལཾ། །༈ ཧེ་རུ་ཀའི་ཀལྤོ་ལས། རུ་ལུ་བཤགས་པར་ཤེས་པ་ནི། ཨོཾ། ཡེ་ཤེས་ལྷ་ཚོགས་ཞི་ཁྲོའི་དཀྱིལ་འཁོར་ འདིར༔ རིག་འཛིན་དམ་ཅན་རྒྱ་མཚོ་དགོངས་སུ་གསོལ༔ ཚེ་རབས་ཐོག་མཐའ་མེད་པའི་དུས་མཐའ་ནས༔ ད་ལྟ་ལུས་འདི་བླངས་པ་ཡན་ཆོད་དུ༔ རང་སེམས་མ་རིག་བདག་ཏུ་བཟུང་བ་ ཡིས༔ འཁོར་བའི་ཉེས་སྐྱོན་སྣ་ཚོགས་བྱུང་ནས་སུ༔ ཀུན་གཞིའི་བློ་ལ་བག་ཆགས་བསགས་པ་དང་༔ བར་དུ་ཐུགས་རྗེས་བཟུང་དང་སྩོལ་བ་ཡིས༔ བྱང་ཆུབ་སེམས་བསྐྱེད་ ཐར་ལམ་སྒོར་ཞུགས་སྟེ༔ ཐེག་པ་རིམ་པར་བགྲོད་ཅིང་སྤྱད་པའི་ཚེ༔ ཚུལ་ཁྲིམས་སྡོམ་པ་ཕྱི་ནང་དམ་ཚིག་ལས༔ ཞིག་རལ་ཆགས་ཉམས་གྱུར་པ་ཅི་མཆིས་དང་༔ ཁྱད་པར་གསང་ 6-23-6b སྔགས་ཐེག་པའི་སྒོར་ཞུགས་ནས༔ འདའ་དཀའ་སྡོམ་པའི་དམ་ཚིག་མནོས་པ་ལས༔ སྔོན་དུ་སྤྱད་པའི་གོམས་ཤུགས་ཆུང་བ་ཡིས༔ ཉམས་སུ་མ་རྟོགས་གཞུང་བཞིན་མ་སྤྱད་དེ༔ བླ་མ་ མཆེད་ལ་སྲི་ཞུ་བརྩེ་གདུང་ཆུང་༔ སྔགས་དང་ཕྱག་རྒྱ་རྒྱུན་བཅད་གསང་ཚིག་སྤེལ༔ མཛད་སྤྱོད་རྣམ་ལྔས་འགྲོ་དོན་ལྷུར་མ་བླང་༔ དུག་ལྔ་རྣམ་གྲོལ་ལམ་དུ་གནས་མ་གྱུར༔ མཉམ་ པའི་མཆོད་པས་ལྟ་བ་ཐག་མ་ཆོད༔ ཤེས་པར་བྱ་བའི་སྤྱོད་ཡུལ་ཡལ་བར་དོར༔ གྲུབ་པར་བྱ་བའི་འབྲས་བུ་རྒྱུན་ཐག་བསྲིངས༔ དབང་དང་མི་ལྡན་ཆོས་བཤད་ལས་རྣམས་བརྩམ༔ རྟོགས་པ་སྟོབས་ཆུང་དགེ་བསྒོམ་བསྒྲུབ་ལ་གཡེལ༔ དམ་རྫས་མཆོད་ཚོགས་གཞུང་བཞིན་མ་སྟོབ་དང་༔ དམ་བཅས་ཁས་བླང་བགྱིས་ཀུན་རྗེས་མ་སློབ༔ བྱང་ཆུབ་ རིགས་ཅན་སྤྱོད་པས་ཐུགས་མ་བསྲུང་༔ བར་ཆད་གནོད་སྐྱེན་མ་བཟོད་འཁྲུལ་སེམས་ཤོར༔ སྣོད་དང་མི་ལྡན་གྲོགས་ངན་གྲིབ་མས་ཕོག༔ དེ་ལ་སོགས་སྟེ་ཉེས་སྡིག་ ཇི་བསགས་པ༔ གནོང་འགྱོད་མཐོལ་བཤགས་བཟོད་པར་གསོལ་ལགས་ན༔ བྱམས་མགོན་ཐུགས་རྗེས་ཚངས་པར་སྩལ་དུ་གསོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ 6-23-7a བཤགས་ཡུལ་ལྷ་དང་མཁའ་འགྲོ་རིག་འཛིན་ཕོ་ཉའི་ཚོགས་ལ་རུ་ལུ་འབྲུ་བརྒྱད་ཀྱི་ཡེ་ཤེས་འོད་ཟེར་ཕར་འཕྲོས་པས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཕུང་དུ་གྱུར། བདག་ལ་ཚུར་འདུས་པས་ཉེས་ སྐྱོན་བྱང་ཞིང་དག་ནས་ཡེ་ཤེས་ཀྱི་སྐུ་ནག་ནོག་གི་དྲི་མ་དང་བྲལ་བ་ཤེལ་སྒོ་ཕྱིས་པ་ལྟར་གསལ་ཞིང་དྭངས་པར་བསམ་མོ། །དགེའོ། ། 6-23-7b empty page 6-24-1a ༄༅། །ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་གྱི་ཕྱི་ནང་གསང་སྒྲུབ་བཞུགས་སོ། ། 6-24-1b ན་མོ་བཛྲ་དྷཱ་རཱ་ཡ། འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས༔ ཁྲོ་རྒྱལ་འདི་ཡི་སྒྲུབ་པའི་གནས༔ གནམ་ས་གྲུ་གསུམ་བྲག་རི་ནི༔ མཐིང་ནག་ ཤིང་དང་ཆུ་ཆེན་འཁྲུགས། སེམས་ཅན་སྣ་ཚོགས་སྐད་རིགས་སྒྲོགས༔ ཡང་ན་བདེ་ཞིང་ཉམས་དགའ་བ༔ མེ་ཏོག་སྔོན་པོ་སྐྱེ་བའི་གནས༔ དུར་ཁྲོད་ཤིང་གཅིག་ལ་སོགས་པར༔ རཏྣའི་དཀྱིལ་འཁོར་མདའ་གང་བྱ༔ དབུས་སུ་ཨེ་ལས་ཟླ་གམ་གསུམ༔ རྩིབས་བཞི་པདྨ་འདབ་བརྒྱད་བྱ༔ སྒོ་རྫོགས་རྡོ་རྗེ་མེ་རིས་མཚན༔ དེ་དབུས་གནམ་ལྕགས་རྡོ་རྗེའི་གཟུགས༔ གཏོར་ མ་མཆོད་རྫས་བཤམ་པར་བྱ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ སྤྱི་གཏོར་བཀའ་བསྒོ་མཚམས་ཡང་བཅད༔ ཚད་མེད་བཞི་སོགས་སྔོན་སོང་ནས༔ ཨོཾ་ཨཱཿཧཱུྃ་ཞེས། དག་པ་ 6-24-2a གསུམ་གྱི་སྔགས་བརྗོད་པས༔ ཉེས་སྒྲིབ་ཀུན་དག་སྟོང་པར་བསྒོམ༔ དེ་ནས་ཏིང་འཛིན་རིམ་པ་ནི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཆོས་ རྣམས་སྟོང་པ་ཉིད་དུ་བསྒོམ༔ དེ་ནས་ཀུན་སྣང་ཏིང་འཛིན་ནི༔ ཀུན་ཁྱབ་སྙིང་རྗེ་ཆེན་པོར་བསྒོམ༔ དེ་ནས་རྒྱུ་ཡི་ཏིང་འཛིན་ནི༔ སེམས་ཉིད་ཡི་གེ་ཧཱུྃ་དུ་བསྒོམ༔ ཧཱུྃ་ལས་རཾ་འཕྲོས་མེ་ཡིས་བསྲེག༔ ཡཾ་འཕྲོས་ཐམས་ཅད་རླུང་གིས་གཏོར༔ ཁཾ་འཕྲོས་ཆུ་ཡིས་ཐམས་ཅད་བཤལ༔ ཐམས་ཅད་སྟོང་པར་གྱུར་པ་ལས༔ ཧཱུྃ་ལས་ཨེ་ འཕྲོས་ནམ་མཁར་གྱུར༔ ཡཾ་འཕྲོས་རླུང་གི་དལ་དུ་གྱུར༔ ར་འཕྲོས་རཀྟའི་རྒྱ་མཚོར་གྱུར༔ སུཾ་འཕྲོས་ཞིང་ཆེན་ས་གཞིར་གྱུར༔ ཀེཾ་འཕྲོས་རུས་པའི་རི་ 6-24-2b རབ་གྱུར༔ བྷྲུྃ་འཕྲོས་རཏྣའི་གཞལ་ཡས་ཁང་༔ ཕྱི་ནི་རིན་ཆེན་སྣ་ལྔ་ལ༔ ནང་ནི་ཐོད་པའི་གཞལ་ཡས་ཁང་༔ ཕྱི་ནང་སྟོང་གསལ་འོད་ཟེར་འཕྲོ༔ སྒོ་བཞི་རི་རབ་ཆུ་སྲིན་དང་༔ ལྷ་སྲིན་ སྦལ་པའི་བླུད་བུས་བྲེས༔ སྦྲུལ་གྱི་ཛ་དང་རིན་ཆེན་ཡོལ༔ ལྷ་ཀླུའི་ཀ་གདུང་གཟའ་བརྒྱད་ཕྱམ༔ རྒྱུ་སྐར་དྲལ་ལ་ཞིང་ཆེན་ཡོལ༔ ཙིཏྟའི་ཆུན་འཕྱང་རཀྟས་སྦྱར༔ མེ་རི་རྡོ་རྗེའི་ཀློང་ དཀྱིལ་དེར༔ ཨེ་དབུས་མ་ལས་ཉི་མ་དང་༔ ཨ་ལས་ཟླ་བ་པདྨའི་སྟེང་༔ དྲེགས་པ་ཕོ་མོའི་གདན་སྟེང་དུ༔ ནམ་མཁའི་མཐོངས་ནས་ཧཱུྃ་བབ་སྟེ༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་བརྗོད་ གཏུམ་པོ་ཆེན་པོ་ནི༔ འཇིག་རྟེན་གསུམ་ལས་རྒྱལ་བའི་སྐུ༔ སྐུ་ཆེ་ཡན་ལག་རགས་པ་ལ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས༔ གཡོན་པ་ བསྡིག་མཛུབ་ཐུགས་ཀར་བརྟེན༔ དྲེགས་པ་ཕོ་མོའི་གདན་ལ་བཞུགས༔ གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིང་༔ སྟག་གི་ལྤགས་པའི་ཤམ་ཐབས་ཅན༔ ཞལ་གདངས་མཆེ་ བ་རབ་ཏུ་གཙིགས༔ སྤྱན་གསུམ་སྡང་མིག་རབ་ཏུ་དམར༔ སྙན་ཆ་དང་ནི་དོ་ཤལ་དང་༔ ཕྱག་དང་ཞབས་ཀྱི་གདུ་བུ་རྣམས༔ ཞེ་སྡང་སྦྲུལ་གྱིས་རབ་ཏུ་བརྒྱན༔ བསྐལ་པའི་མེ་དཔུང་ 6-24-3a ཀློང་ན་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ ཧཱུྃ་ལས་འོད་འཕྲོས་འཕགས་པ་མཆོད༔ དུས་གསུམ་སངས་རྒྱས་ གཏུམ་པོར་གྱུར༔ ཚུར་འདུས་སྤྱི་བོར་ཐིམ་པ་ལས༔ དབང་བསྐུར་ཆུ་ལྷག་དབུ་རྒྱན་གྱུར༔ འདི་ཡན་ཆད་ཀྱིས་ཐོག་མར་མདུན་བསྐྱེད་བསྒོམ་པ་ལུགས་འདིའི་ཁྱད་པར་རོ། །དེ་ནས་བདག་བྱིན་གྱིས་བརླབས་ཏེ་བདག་བསྐྱེད་ བསྒོམ་པ་ནི༔ བསྐྱེད་པའི་གཏུམ་པོའི་སྤྱི་བོ་ནས༔ ཨོཾ་འཕྲོས་བདག་གི་ལུས་ལ་ཕོག༔ ལུས་ཀྱི་སྒྲིབ་པ་དག་ནས་ནི༔ བདག་ཉིད་གཏུམ་པོར་གྱུར་པར་བསམ༔ ཨཱཿལས་འོད་འཕྲོས་ངག་ ལ་ཕོག༔ ངག་གི་སྒྲིབ་པ་ཀུན་དག་ནས༔ ངག་སྒྲ་སྔགས་སུ་གྱུར་པར་བསམ༔ ཧཱུྃ་ལས་འོད་འཕྲོས་ཐུགས་ཀར་ཕོག༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཆོས་ཉིད་དོན་ལ་གནས་པར་བསྒོམ༔ བདག་གི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས༔ ཡེ་ཤེས་གཏུམ་པོའི་རྣམ་པར་བྱོན༔ ཛཿཧཱུྃ་བྃ་ཧོས་དབྱེར་མེད་གྱུར༔ དབང་བསྐུར་རིགས་ཀྱི་ བདག་པོ་ནི༔ མི་བསྐྱོད་པ་ཡིས་མཚན་པར་གྱུར༔ སླར་ཡང་འོད་འཕྲོས་སྣོད་བཅུད་ཀུན༔ གཞལ་ཡས་ཁང་དང་ལྷ་རུ་གསལ༔ ཚུར་འདུས་རང་གི་ལུས་ལ་ནི༔ རྡོ་རྗེའི་གོ་ཁྲབ་གྱོན་པར་བསྒོམ༔ 6-24-3b གཞན་ཡང་སྤྲོ་ན། སྟེང་འོག་ཕྱོགས་མཚམས་ཁྲོ་བོ་བཅུ༔ བར་ཁྱམས་ཀླུ་བརྒྱད་གཟའ་ཆེན་བརྒྱད༔ ཕྱོགས་སྐྱོང་བཅུ་སོགས་བཀའ་ཉན་གསལ༔ བདག་མདུན་ཐུགས་ནས་འོད་འཕྲོས་པས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲང་བསྟིམ༔ མཆོད་དང་བསྟོད་པ་དག་ཀྱང་བྱ། བཟླས་པ་ནི། བདག་དང་མདུན་དུ་བཞུགས་པ་ཡི༔ གཏུམ་པོ་ཉིད་ཀྱི་ཐུགས་ཀ་རུ༔ རྡོ་རྗེ་མཐིང་ནག་སེན་གང་ཙམ༔ དེ་ དཀྱིལ་ཟླ་བའི་གདན་ལ་ནི༔ མཐིང་ནག་ཧཱུྃ་ནི་ནས་ཙམ་ལ༔ རྩ་བའི་སྔགས་ཀྱིས་བསྐོར་བར་བསམ༔ བཟླས་པས་འོད་ཟེར་ཁྲོ་བོ་ཁྱུང་༔ མཚོན་ཆ་མེ་རི་འཕྲོས་པ་ཡིས༔ སྟོང་གསུམ་ ཁམས་གང་དགྲ་བགེགས་བསྲེགས༔ སྣང་སྲིད་ལྷ་སྔགས་ཆོས་སྐུའི་ངང་༔ དེ་ལྟར་གསལ་བསྙེན་སྔགས་འདི་བཟླས༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ རྩ་བའི་གསང་སྔགས་འབྲུ་བཅུ་གཉིས་པ་ འབུམ་ཕྲག་གསུམ་དང་ཉེར་གཅིག་བཟླ་བ་ནི་བསྙེན་ཚད་དོ། །རྟགས་ནི་འོག་ནས་བཤད་པ་བཞིན་ནོ། །དེ་དག་བསྙེན་པའི་རིམ་པའོ། །དེ་ནས་ཐུན་མཐར་སྒྲུབ་སྔགས་བཟླ་བ་ནི། མདུན་བསྐྱེད་རང་ལ་བསྡུ་བྱས་ལ༔ རང་གི་ཐུགས་ ཀའི་སྔགས་ཕྲེང་ལས༔ ཁྲོ་ཁྱུང་མེ་མཚོན་འོད་འཕྲོས་པས༔ ཀླུ་གདོན་ལ་སོགས་ཚར་བཅད་གྱུར༔ སྔགས་ཤམ་དུ། ཨོཾ་ཉི་མ་པ་ལ་ནན༔ ཡཀྴ་ཙིཏྟ་མུ་ཏྲ་བཟློག་བྱེར༔ ནཱ་ག་ཤིག༔ ནཱ་ག་བཟློག༔ 6-24-4a ནཱ་ག་བྱེར༔ ནཱ་ག་སྙིང་ལ་ནན༔ ནཱ་ག་མགོ་ལ་ནན༔ ཨོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་རཱ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བཟླའོ༔ དེ་ལྟར་སྒྲུབ་པའི་རྟགས་མཆོག་ནི༔ རབ་ནི་མཁའ་ འགྲོ་ཐང་ལ་ལྷུང་༔ འབྲིང་ནི་སྲོག་ཆགས་མྱོས་པ་ཡིན༔ ཐ་མ་རྨི་ལྟས་བཟང་པོར་སྟོན༔ རྟགས་བྱུང་ལས་ལ་སྦྱར་བྱ་སྟེ༔ ལས་སྦྱོར་གཞན་དུ་ཤེས་པར་བྱ༔ ཞེས་གསུང་། འདིར་རྦོད་གཏོང་བཟློག་ན༔ ཉི་ཞེས་པ་ནི་ཞེས་ སུ་བསྒྱུར༔ ནཱ་ག་ཞེས་པའི་ཚབ་ཏུ་རྦོད་གཏོང་ཞེས་གཞུག་པས་འགྲུབ་བོ༔ གཞན་ཡང་སྡེ་བརྒྱད་འདུལ་བའི་ཤམ་བུ་སོགས་ཁ་བསྒྱུར་དང་མན་ངག་རྣམས་ཀྱང་ཤེས་པར་བྱའོ༔ འདི་ནི་ཕྱི་ལྟར་སྒྲུབ་པ་སྟེ༔ སྤྲོས་ལ་དགའ་ བས་ཉམས་སུ་ལོངས༔ འདི་ལ་ཡོན་ཏན་བརྗོད་མི་ལང་༔ དྲེགས་པ་ཅན་རྣམས་དབང་དུ་སྡུད༔ ས་བདག་གཟའ་དང་ཀླུ་གཉན་བདུད༔ རྒྱལ་པོ་ལ་སོགས་སྡེ་བརྒྱད་ཚོགས༔ གནོད་པར་མི་འགྱུར་བྲན་དུ་འགྱུར༔ ཞེས་གསུངས་ཤིང་དེ་ལྟར་ཕྱི་སྒྲུབ་ཀྱི་བསྙེན་སྒྲུབ་ཐེམས་ནས་དེའི་ལས་ཚོགས་སེར་འབེབ་ནས་རྡོ་རྗེའི་ལས་མཐའ་བར་བཅུ་བཞི་པོ་དག་ཀྱང་བདེ་བླག་ཏུ་འགྲུབ་པ་ཡིན་ནོ༔ གཉིས་པ་ནང་སྒྲུབ་གཏུམ་པོའི་གསང་སྔགས་ཁྱུང་ཤམ་ཅན་ནི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུྃ་ལས་བདག་ཉིད་གཏུམ་པོ་ནི༔ ཤིན་ཏུ་ཁྲོས་པ་གཤིན་རྗེའི་གཟུགས༔ གདུག་ 6-24-4b པའི་སྟེང་ན་བརྐྱང་བསྐུམ་བཞུགས༔ མཐིང་ནག་རྔམ་པ་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པ་བསྡིག་མཛུབ་ཁྱུང་གི་བྱ་ཁྲ་འགྱེད༔ ཟླ་རྒྱས་ཞལ་ལ་རྔམ་པའི་མཆེ་བ་གཙིགས༔ སྤྱན་གསུམ་ སྡང་མིག་བསྐལ་པའི་མེ་ལྟར་འབར༔ སྨ་ར་སྨིན་མ་ཨག་ཚོམ་ཤིན་ཏུ་བསྡུས༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་རབ་ཏུ་བརྗིད༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་སྤྲུལ་གྱིས་བརྒྱན༔ རིགས་ ལྔས་དབུ་བརྒྱན་དུར་ཁྲོད་ཆས་བརྒྱད་གསོལ༔ མེ་དཔུང་དཀྱིལ་བཞུགས་ཐུགས་ཀར་ཉི་མའི་སྟེང་༔ རྡོ་རྗེའི་ལྟེ་བར་ཧཱུྃ་ལ་རྩ་སྔགས་བསྐོར༔ གཡས་སུ་འཁོར་ཞིང་འོད་ཟེར་ཞལ་ནས་ ཐོན༔ འཕགས་མཆོད་འགྲོ་བའི་སྒྲིབ་སྦྱངས་སྣང་སྲིད་ཀུན༔ ལྷ་སྔགས་ཆོས་སྐུའི་རང་བཞིན་དངོས་གྲུབ་བཅུད༔ ཚུར་འདུས་རང་གི་ཐུགས་སྲོག་དག་ལ་ཐིམ༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ ཎ་ཧཱུྃ་ཕཊ༔ ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བསྙེན་པ་འབུམ་ཕྲག་གཅིག་ཏུ་བཟླས་པས་འགྲུབ༔ དེ་ལ་རྟགས་ཀྱི་རིམ་པ་འབྱུང་བ་ནི༔ རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ༔ གཏུམ་པོ་དང་ནི་ཁྱུང་གི་ཞལ་མཐོང་ དང་༔ རི་བོ་བང་འདེགས་ཉི་ཟླ་ཀླད་ལ་བསྐོར༔ མེ་འབར་མཚོ་སྐེམ་ཀླུ་ཚོགས་བསད་པ་དང་༔ གདུག་པ་བཏུལ་ནས་བདག་ཉིད་རྒྱལ་བ་དང་༔ ཆོ་འཕྲུལ་ཆེ་ཞིང་དེ་ནས་ཞི༔ ཁྱུང་ལ་རྟ་བྱས་མཁའ་ལ་འཕུར་བ་དང་༔ ཉམས་ 6-24-5a དགའ་རིག་པ་དྭངས་ཤིང་ངར་སྐྱེས་དང་༔ ཤ་ཁྲག་དམར་ཉོག་མི་རྟ་བསད་པ་འབྱུང་༔ དེ་ལྟར་བྱུང་ནས་ལས་སྦྱོར་བྱ་བ་ནི༔ ཕྱག་གཡས་ཁྱུང་གི་སྤྱི་བོར་བཞག་པར་བསྒོམ༔ སྙིང་གའི་ ཧཱུྃ་ལས་འོད་འཕྲོས་རྡོ་རྗེའི་ལྟེ་བར་ཕོག༔ དེ་ལས་འོད་འཕྲོས་འཕགས་ལ་མཉེས་མཆོད་འབུལ༔ ཚུར་འདུས་རྡོ་རྗེའི་ལྟེ་བར་ཧཱུྃ་ལ་ཕོག༔ དེ་ལས་འོད་འཕྲོས་ཁྱུང་གི་སྤྱི་བོར་ཐིམ༔ འོད་ འཕྲོས་ཁྲོ་བོ་ཁྱུང་ཚོགས་དཔག་མེད་ཀྱིས༔ གནོད་བྱེད་བཀུག་ནས་ལིང་ག་དག་ལ་བསྟིམ༔ ལྷ་འདྲེ་མི་གསུམ་གང་གནོད་ལིངྒ་བྲི༔ བྲུབས་ཁུང་ཐོད་པ་མཚན་ངན་ནང་དུ་བཅུག༔ འགུག་གཞུག་བྱ་ཞིང་དུག་ཁྲག་ཐུན་ གྱིས་བྲབས༔ སྔགས་རྒོད་འདི་ཡིས་དྲག་ཏུ་གཟིར་བར་བྱ༔ ཧཱུཾ་ཕཊ་ཥ་ཎ་རོ་མ་ཧཱ་ཙཎྚ་ག་རུ་ཊ་དྷེ་ཝ་ཐོན་ཕྱུང་༔ ནཱ་ག་ས་ས་ག་པ་ཤའི་ཀྱང་། གའི་སྙིང་ལ་གཟིར༔ གནོད་བྱེད་འབྱུང་པོ་ཐུམས་རི་ལི་ལི་རྦད༔ དེ་ཡིས་སོད་དང་ཐུབ་ པའི་རྟགས་མེད་ན༔ དྲག་སྔགས་སུམ་ཅུ་སོ་དགུ་པ་ཡིས་བྲབས༔ ནཱ་ག་ཙནྡྷ་ཚལ་བ་ཨུད་ཀ་ར་ཏེ༔ ནཱ་ག་ཙིཏྟ་ཤག་ཏི་ཚལ་བ་ནན༔ ནཱ་ག་ཀྲོ་ཏ་ར་ཙི་ཏའང་། ཙ༔ ཡ་ཡ་ཤིཾ་ཤི་ནན་ནན༔ དུལ་ དུལ་རྦུད་རྦུད་ཐུམས་རི་ལི་ལི་ཛཿ བསྒྲུབ་བྱའི་གཟུགས་ལ་དུག་ཁྲག་ཆར་ཕབ་ནས༔ མཚོན་ཆས་གདབ་ལ་ནུབ་ཀྱི་མཆོད་རྟེན་འོག་ཏུ་མནན༔ ཐོད་པའི་ལིང་ག་སྔོ་དམར་རྒྱ་གྲམ་བཅིང་༔ རྫོགས་རིམ་རང་དང་ལྷ་གཉིས་དབྱེར་མེད་ 6-24-5b དེཿ གནོན་ནས་ལྷན་སྐྱེས་འཇའ་ཚོན་ལྟ་བུར་ཤེས་པར་བྱ༔ མཆོད་བསྟོད་མི་དགོས་རང་དང་ལྷན་ཅིག་སྐྱེས༔ ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པར་གནས༔ ཐུན་མཚམས་གཏོར་མ་གཏོང་ན་རྒྱུད་ཀྱི་སྔགས་ཀྱིས་འབུལ་བར་བྱའོ༔ རྒྱལ་ པོ་གཟིར་ན་སྔགས་ཤམ་དུ༔ ཨོཾ་བཛྲ་བཛྲ་ཀྲོ་ཏ་ཀྲོ་ཏ་རཱ་ཙ་སི་ཏི་ཨ་མྲྀ་ཏ་ཧཱུྃ་ཕཊཿ ར་ཙ་སི་ཏི་ས་མ་ཡ་ཐིབ་ཛཿར་ཙ་ཨ་ཧོ་བྷྲཱུྃ་རྦད༔ ཤེ་མ་རུ་ཏི་མ་ཧོ་ཛཿཞེས་བཏགས་ལ་བཟླས་རྟགས་བྱུང་ན་མནན་པ་གོང་བཞིན་ བྱའོ། །དེ་ལྟར་ནང་སྒྲུབ་ཀྱི་བསྙེན་པ་ཐེམ་ནས། བུམ་ཁྲུས་ནད་གསོ། སྤུ་གྲི་རེག་ཆོད། གཟའ་རྒོད། སྡེ་བརྒྱད་ཛམ་དམར། བསྐྲད་དབྱེ་འགོམ་ཆོག་རྣམས་གང་འདོད་འགྲུབ་བོ། །གསུམ་པ་གསང་སྒྲུབ་ལ། ལྷ་སྔགས་རྫོགས་རིམ་གྱི་ རྣལ་འབྱོར་གསུམ་ལས། དང་པོ་ནི། དབེན་པའི་གནས་སུ་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས༔ སྟོང་པར་སྦྱང་ལ། སྟོང་པའི་ངང་ནས་རང་ཐ་མལ་པའི་ཐུགས་ཀར་ཧཱུྃ་མཐིང་ནག་དྭངས་མ་སྨུག་ནག་ལས་འོད་ ཟེར་འཕྲོས་པས་མེ་འབར་ལུས་མགོ་མཇུག་ཏུ་ཁྱབ་པས༔ བདག་ཉིད་སྐད་ཅིག་གིས་གཏུམ་པོ་ཡབ་ཡུམ་དུ་གྱུར་ཏེ་པདྨ་ཉི་ཟླ་དྲེགས་པའི་གདན་ལ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་ གཉིས་ཞབས་ཕྱེད་སྐྱིལ་དུ་བཞུགས་པ༔ དབུ་སྐྲ་ཁམ་ནག་གྱེན་དུ་འབར་ཞིང་སྤྱན་གསུམ་སྡང་མིག་དམར་ལ་འཁྲུགས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་ 6-24-6a དཔྲལ་བར་བསྡུས་པ༔ སྨ་ར་སྨིན་མ་ཨག་ཚོམ་སེར་བ༔ ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ༔ ཡན་ལག་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་ བུ་ཡུམ་ལ་འཁྱུད་པ༔ མི་མགོའི་དོ་ཤལ་སྟག་ལྤགས་རློན་པའི་ཤམ་ཐབས་མི་ལྤགས་ཀྱི་གཡང་གཞི་སྐུ་ལ་གསོལ་བ༔ གླང་ཆེན་གྱི་ཀོ་རློན་སྟོད་ན་གཡོགས་པ༔ ཐལ་ཆེན་གྱི་ཚོམ་བུས་སྨིན་ མཚམས་སུ་མཛེས་པར་བྱས་པ༔ རཀྟའི་ཐིག་ལེས་བརྒྱན་པ༔ ལྟོ་བ་ལ་ཞག་གི་ཟོ་རིས་བྱས་པ༔ སྐུ་ཁྲོ་ཞིང་སྒེག་པ༔ གསང་བའི་ཡུམ་དབྱིངས་ཕྱུག་ལྗང་དམར་ཞལ་གཅིག་ཕྱག་གཉིས་མ༔ གཡས་པས་བནྡྷ་ཡབ་ལ་འཁྱུད་པ༔ གཡོན་དྲིལ་བུ་སྐུ་ལ་བརྟེན་པ༔ ཞབས་གཉིས་ཡབ་ཀྱི་སྐུ་ལ་འཁྲིལ་བ༔ ཁྲོ་མོ་སྤྱན་གསུམ་རུས་པའི་རྒྱན་གྱིས་བརྒྱན་པ༔ ཡབ་ཡུམ་མེ་དཔུང་ འབར་བའི་ཀློང་ན་བཞུགས་པ༔ དམ་ཚིག་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒོམ༔ གཉིས་པ་སྔགས་ཀྱི་རྣལ་འབྱོར་ནི༔ ཐུགས་ཀའི་ཧཱུྃ་དྭངས་མ་ལ་སྔགས་ཀྱིས་བསྐོར་བ་དེ༔ ཡབ་ཀྱི་ཞལ་ ནས་འཐོན་ཡུམ་གྱི་ཞལ་དུ་ཞུགས༔ དབུ་མའི་ནང་ནས་མར་སོང་སྟེ་བྷ་ག་ལ་བདེ་བ་དང་བཅས་ནས་འཐོན༔ གསང་བ་ནོར་བུའི་ནང་ནས་ཡར་འཐོན་ཏེ་མགལ་མེ་ལྟར་འཁོར་བར་བསམས་ལ༔ ཨོཾ་བཛྲ་ 6-24-6b ཙནྡྲ་མ་ཧཱ་རོ་ཥ་ཎ་མ་མ་པི་ཏི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བསྙེན་པའི་གྲངས་ཚད་ཕྱི་སྒྲུབ་དང་འདྲ། གསུམ་པ་རྫོགས་རིམ་གྱི་རྣལ་འབྱོར་ནི༔ ཕྱི་སྣོད་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་༔ ནང་བཅུད་ཀྱི་སེམས་ ཅན་ཐམས་ཅད་གཏུམ་པོ་ཡབ་ཡུམ༔ སྣང་གྲགས་ཐམས་ཅད་བདེ་སྟོང་གསལ་སྟོང་རིག་སྟོང་གྲག་སྟོང་མཐའ་གྲོལ་ཀློང་ཡངས་ཆེན་པོའི་ངང་ལ་བཞག་གོ༔ དེའི་ཕྱིར་བསྐྱེད་བསྟིམ་དང་ཉེར་བསྡུ་སོགས་ མི་དགོས་པར་རང་བཞིན་ལྷུན་གྲུབ་ཏུ་གསལ་བཏབ་བོ༔ རྟགས་ནི་ལུས་བདེ་ངག་ལ་ནུས་པ་འབྱུང་༔ སེམས་ལ་བདེ་གསལ་མི་རྟོག་སྐྱེ༔ ཞལ་སྟོན་ལུང་བསྟན་ཆོས་འཆད་མངོན་ཤེས་འཆར༔ ནུས་པ་དྲག་པོའི་དངོས་གྲུབ་འབྱུང་༔ ཚེ་གཅིག་ལ་གཏུམ་པོའི་གོ་འཕང་ལ་གནས་ཤི་དུས་འཇའ་དང་རིང་བསྲེལ་སྐུ་གདུང་འབྱུང་ངོ་། །བསྙེན་པ་ཐེམས་ནས། ཡབ་ཡུམ་གྱི་གནས་ལྔར་སྤྱི་བོར་སངས་རྒྱས་མཁའ་འགྲོ་ཡབ་ཡུམ༔ མགྲིན་པར་རིན་ཆེན་ མཁའ་འགྲོ་ཡབ་ཡུམ༔ སྙིང་གར་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ༔ ལྟེ་བར་པདྨ་མཁའ་འགྲོ་ཡབ་ཡུམ༔ གསང་བར་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་གསལ་ཞིང་དེ་དག་གི་ཐུགས་ཀར་ སོ་སོའི་ས་བོན་གྱིས་མཚན་པ་ལས་འོད་འཕྲོས་པས་ཞི་རྒྱས་དབང་དྲག་གི་སྤྲོ་བསྡུ་བྱ་ཞིང་སྔགས་ཤམ་དུ། ཧ་རི་ནི་ས་ར་ཙ་ཧྲིཿཡ་ཙིཏྟ་ཧྲིང་ཧྲིང་ཛཿཛཿ ཤནྟིང་ཀུ་རུ་སིདྡྷི་ཧཱུྃཿ པུཥྚིཾ་ཀུ་རུ་སིདྡྷི་ཧཱུྃ༔ 6-24-7a ཝ་ཤཾ་ཀུ་རུ་སིདྡྷི་ཧཱུྃ༔ མཱ་ར་ཡ་སིདྡྷི་ཧཱུྃ༔ ཞེས་མང་དུ་བཟླས་པས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ། ཕྲིན་ལས་ཀུན་སྒྲུབ་ལུས་དང་གྲིབ་བཞིན་འགྲོགས་ནས་ མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་འགྱུར་རོ། །སྐབས་སུ་ཞི་རྒྱས་དབང་དྲག་དང་མཐུན་པའི་ཐབ་ཀྱི་དལ་བྲིས་ལ་ལས་མཐུན་ཤིང་དང་ཚོགས་གཏོར་སོ་སོར་བཤམས། མེ་ནང་གཏུམ་པོ་ཡབ་ཡུམ་དཔའ་བོ་མཁའ་འགྲོ་འཁོར་ བཅས་བསྐྱེད། བསྲེག་རྫས་བདུད་རྩིར་བསམ་ལ་མེ་མཆོད་དུ་ཕུལ་བས་ཕྲིན་ལས་ཐོགས་པ་མེད་པར་དོན་ཀུན་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གཞན་ཡང་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་སྒྲུབ་ཐབས་ལས་ ཚོགས་དང་བཅས་པ་འདོད་ན་གཞུང་དུ་ལྟ་བར་བྱ་ཞིང་། འདི་ནི་རྩ་བའི་སྒྲུབ་པ་ཕྱི་ནང་གསང་གསུམ་གྱི་ཚུལ་ལས་འབྲེལ་རྩལ་དང་པདྨ་གླིང་པའི་གཏེར་ཁ་གོང་འོག་མཐུན་པར་བྱུང་བའི་ཟབ་གཏེར་རྡོ་རྗེའི་ཚིག་ཁོ་ན་སོར་བཞག་བར་སྐབས་ མཚམས་སྦྱོར་ཅུང་ཟད་བཅས་ཕྱོགས་གཅིག་ཏུ་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་ཐམས་ཅད་འདུལ་གྱི་མགོ་ཟླའི་དམར་ཕྱོགས་ཚེས་བཅུ་གཉིས་ལ་བྲིས་པས་འགྲོ་བ་ཀུན་གྱིས་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གྱུར་ཅིག །མངྒ་ལཾ།། །། ༈ ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་རྒྱུན་ཁྱེར་ཡང་སྙིང་བཞུགས། སྟོང་པའི་ངང་ལས་སྐད་ཅིག་གིས༔ ཉི་ཟླ་པདྨའི་གདན་སྟེང་དུ༔ ཧཱུྃ་ལས་བདག་ཉིད་གཏུམ་པོ་ནི༔ མཐིང་ 6-24-7b ནག་ཕྱག་གཡས་རྡོ་རྗེ་ཕྱར༔ གཡོན་པ་བསྡིག་མཛུབ་ཐུགས་ཀར་བརྟེན༔ སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས༔ ཤིན་ཏུ་ཁྲོས་པ་གཤིན་རྗེའི་གཟུགས༔ གདུག་པའི་སྟེང་ན་ བརྐྱང་བསྐུམ་བཞུགས༔ དུར་ཁྲོད་ཆས་རྫོགས་མེ་གློང་ཀོང་འགྱིངས༔ ཐུགས་ཀར་ཉི་སྟེང་རྡོ་རྗེའི་དབུས༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འཕྲོ་ འདུའི་དམིགས་པ་དང་བཅས་ཏེ། བཟླས་པ་ཆུ་བོའི་རྒྱུན་བཞིན་བྱ། ཀླུ་གདོན་གཟིར་ན་སྔགས་ཤམ་དུ། ཁྱུང་སྔགས་ཤམ་བུ་དང་བཅས་པ། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ནཱ་ག་དུ༔ ཙནྡྷེ་ཙནྡྷེ༔ མི་ལི་མི་ལི༔ བྷནྡྷ་བྷནྡྷ༔ ནཱ་ག་ནི་སྭཱ་ཧཱ༔ ཞེས་བཏགས་དམིགས་པས་གཟིར་བས་འགྲུབ། སེམས་ཉིད་ཡེ་ནས་འོད་གསལ་ངང་༔ འཁོར་འདས་ཆོས་ཀུན་འུབ་ཆུབ་པའི༔ འགྱུར་མེད་རིག་པ་རྡོ་རྗེ་འཛིན༔ ཡེ་ནས་སྤྲོ་བསྡུ་བྲལ་བར་ལྟ༔ རྡོ་རྗེ་འཛིན་པ་ཚེ་འདིར་འགྲུབ༔ ས་མ་ཡཱ༔ དྲེགས་པ་ཀུན་འདུལ་གྱི་སྒྲུབ་ཐབས་སྙིང་པོར་ཕྱུངས་པ་འཇམ་དཔལ་དགྱེས་པའི་བློ་མཚོ་ལས་ཐོན་པའོ། །མངྒ་ལཾ། ༈ དྲེགས་འདུལ་གྱི་ཚོགས་བཞུགས་སོ། །སླ་ཨ་སྲ༔ བཛྲ་པ་ཎི་ལ་ན་མོ། དེ་ནས་ཚོགས་མཆོད་བྱ་བ་ནི༔ ཚོགས་བཤམས་ལ༔ དང་པོ་ཕྲིན་ལས་གདབས་པ་ནི༔ ཧོ་དགོངས་སུ་གསོལ༔ ཆོས་ཀྱི་སྐུ་ལས་འགྲོ་བ་འདུལ་ 6-24-8a བའི་དོན་དུ༔ དཔལ་ཆེན་ཕྱག་ན་རྡོ་རྗེ་ཡབ་ཡུམ༔ འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ༔ སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་གསན་ཅིང་དགོངས་སུ་གསོལ་ཞེས་བྱའོ༔ གཉིས་པ་ཚོགས་བཤམས་ཤིང་བྱིན་གྱིས་བརླབ་པ་ནི༔ བདུད་རྩི་ཚོགས་ལ་གཏོར་ཞིང་བསང་༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱང་ཕྱིར་ཡི་གེ་སྤྲོ༔ རྃ་ལས་མེ་བྱུང་དངོས་འཛིན་བསྲེག༔ ཡྃ་ ལས་རླུང་བྱུང་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་དག༔ ཡང་ཅིག་ལྷ་ཡི་ཐུགས་ཀ་ནས༔ བྱིན་གྱིས་རློབ་པའི་ཡི་གེ་སྤྲོ༔ ཧཱུྃ་གིས་རྣམ་པར་རྟོག་པ་སྦྱངས༔ ཨཱཿཡིས་ཡེ་ ཤེས་བདུད་རྩིར་བརླབས༔ ཨོཾ་གྱིས་འདོད་ཡོན་སྣང་སྲིད་སྤེལ༔ ཧྲཱིཿཡིས་མཐོང་སྣང་ལྷ་ཚོགས་དགྱེས༔ གསུམ་པ་ཡུལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་རྣམ་དག་གྲུ་གསུམ་དཀྱིལ་འཁོར་ནས༔ བཅོམ་ལྡན་དཔལ་ཆེན་དྲེགས་འདུལ་ཡབ་ཡུམ་ཀྱང་༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ མེ་དཔུང་དྲེགས་པ་བསྣོལ་བའི་ཁྲི་སྟེང་ནས༔ ཁྲོ་རྒྱལ་ཡབ་ཡུམ་བཅུ་དང་སྦྲུལ་ པར་བཅས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སངས་རྒྱས་བསྟན་པ་སྲུང་བའི་ཞིང་ཁམས་ནས༔ བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ ལོངས་སྤྱོད་ཚོགས་ 6-24-8b ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཞི་པ་ཚོགས་མཆོད་ཅིང་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ རྡོ་རྗེ་གཏུམ་པོ་ཡབ་ཡུམ་ཁྲོ་བཅུར་བཅས༔ སྤྲུལ་པ་ཡང་ སྤྲུལ་མ་ལུས་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ་ལོ་བཞེས༔ གཞན་ཡང་བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཆོས་སྐྱོང་ནོར་ལྷ་གཏེར་དང་གཞི་བདག་ལ༔ ལོངས་སྤྱོད་ཚོགས༔ ཨོཾ་ཨཱཿཧཱུྃཿ མ་ཧཱ་ག་ཎ་ཙཀྲ་ཨེ་དཾ་དུཥྚཾ་བ་ལིངྟ་ཁཱ་ཧི་པྲ་ཏི་ཙ་ཧོཿཤྲཱི་པཉྩ་ཁཱ་ཧི༔ མ་ཧཱ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་མ་ཧཱ་རི་ཏི་དཔྱད། མ་ཧཱ་པཉྩ་ཨ་ མྲྀ་ཏ་ཁཱ་ཧི༔ ལྔ་པ་བསྐང་བཤགས་བྱ་བ་ནི༔ ཚོགས་ཕུད་གཙང་བར་བསགས་ལ༔ ཧཱུྃ༔ བསྐང་ངོ་ཀལ་པས་ཐུགས་དམ་བསྐང་༔ ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ དཔལ་ ཆེན་ཕྱག་ན་རྡོ་རྗེ་ཡབ་ཡུམ་དང་༔ འཇིགས་བྱེད་ཁྲོ་བོ་ཕ་བཅུ་མ་བཅུ་དང་༔ ཡང་སྤྲུལ་ཌཱ་ཀི་སྲུང་མ་འཁོར་བཅས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་ཐུགས་དམ་བསྐང་༔ མ་རིག་ བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔ ཁྲོ་རྒྱལ་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཚོགས་ཀྱི་མཆོད་པས་ཐུགས་དམ་སོ་སོར་བཤགས༔ 6-24-9a དྲུག་པ་ལིངྒ་བསྒྲལ་བསྟབས་ལ་མང་དུ་བཤད་ཀྱང་ནུབ་གཅིག་གི་ཕྲིན་ལས་ཀྱི་སྐབས་སུ་ཚོགས་ཕུད་ཐ་མར་དམིགས་བྱའི་རཱུ་པ་བྱས་ཏེ། བཛྲ་ཨཾ་གུ་ཤ་ཛཿཞེས་པས་གང་ཡིན་པའི་ཤེས་པ་དགུག བཛྲ་པཱ་ཤ་ཧཱུྃ༔ ཞེས་པས་བཅིང་། བཛྲ་སྥོ་ཊ་བྃ༔ ཞེས་པས་ལྕགས་སྒྲོག་གིས་བསྡམ༔ བཛྲ་གྷནྡྷེ་ཧོ༔ ཞེས་པས་དྲིལ་བུས་དབྱེར་མེད་བསྲེས་ལ་གདབ་ལས་བྱ་སྟེ། དེ་ཡང་བསྡུས་པར་བྱ་ན། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤོ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ དངོས་གྲུབ་བར་ཆད་ བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཕོབ་ཅིང་རྣམ་པར་གཟིར་བར་གྱིས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རིང་པར་ཁུག་ལ་སྨྱོ་རུ་ཆུག༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ང་ཡི་དབང་དུ་གྱུར་ནས་ཀྱང་༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ ལ་ཡ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་གདབ་ལས་བྱས་ལ། ཨོཾ་ཨཱཿཧཱུྃ༔ ཧཱུྃཿ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ དགྲ་བགེགས་བསྒྲལ་ 6-24-9b བའི་ཤ་ཁྲག་རུས༔ ཞལ་དུ་བསྟིམ་མོ་ཁ་རཾ་ཁཱ་ཧི༔ ༈ ལྷག་མ་ནི། ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་ཕྱུག་མ་སྲིང་མཁའ་འགྲོ་དང་༔ འབར་མ་གིང་ལང་ཕོ་ཉའི་ ཚོགས༔ གནས་བཟང་དེ་ནི་དུར་ཁྲོད་འཛིན༔ གོས་བཟང་དེ་ནི་གཡང་གཞི་གྱོན༔ སྐྱོགས་བཟང་དེ་ནི་བྷནྡྷ་ཐོགས༔ ཟས་སུ་ཤ་དང་ཁྲག་ལ་བྱེད༔ ལྷག་ལ་དབང་བའི་ཚོགས་རྣམས་ཀུན༔ ཨོ་རྒྱན་པདྨ་ཐོད་ཕྲེང་གི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཥྩི་ཏ་བ་ལིངྟ་གྲྀ་ཧྞ་ཁཱ་ཧིཿ ཆད་བརྟན་སོགས་རྗེས་ཆོག་སྤྱི་ལྟར་བྱ། རྒྱས་པར་ཆོ་གའི་ཡན་ལག་སྒྲུབ་ཆེན་ཁོག་དབུབ་དང་ཆད་བརྟན་སོགས་ཕྱག་རྡོར་ཐུགས་སྒྲུབ་ནས་བླང་སྟེབྱའོ། །དགེའོ། །༈ ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་ཐུན་མཚམས་གཏོར་འབུལ་ནི། གཏོར་མ་བྱིན་ གྱིས་བརླབས་ལ་སྔགས་འདིས་འབུལ། ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་བ་ལིངྟ་ཨི་དཾ་གྲཱི་ཧྞ་ཁཱ་ཧི་ཁཱ་ཧི་ཙཀྲ་ནི་སྭཱ་ཧཱཿ ཞེས་ལྔའམ་བདུན་གྱིས་ཕུལ་ལ་བསྟོད་ཅིང་གསོལ་བ་གདབ་པར་བྱ་སྟེ། གཏུམ་པོའི་བསྐུལ་བྱང་ནི། ཧཱུྃ༔ རང་བཞིན་ཆོས་ ཉིད་སྟོང་གསལ་དབྱིངས་ཆེན་ལས༔ རང་བཞིན་ལྷན་སྐྱེས་སྤྱན་འདྲེན་མི་དགོས་ཀྱང་༔ ཐུགས་རྗེའི་རང་རྩལ་འགྲོ་བའི་དོན་སླད་དུ༔ ཆུ་སྲིན་གཞལ་ཡས་བྱ་ཁྱུང་བླ་རེས་ནི༔ ཀླུ་གཉན་པདྨ་ཉི་ཟླའི་གདན་ 6-24-10a ལ་བཞུགས༔ རྣམ་དག་མོས་པའི་ཡིད་ཀྱིས་ཕྱག་འཚལ་ལོཿ འདོད་ཡོན་ལྔ་ཡི་མཆོད་པ་འབུལ་ལོ་བཞེས༔ ཧཱུྃ༔ བདུད་འདུལ་ཁྲོ་རྒྱལ་ཡབ་ཡུམ་གཏུམ་པོ་མཁའ་འགྲོའི་སྐུ༔ སྐུ་མདོག་མཐིང་ནག་ནམ་མཁའི་མདོག་ལྟར་གསལ༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བརྐྱང་བསྐུམ་བསྒྲད༔ སྤྱན་གསུམ་སྡང་མིག་ཁྲོ་གཉེར་མཆེ་བ་གཙིགས༔ རལ་པ་ཁམ་ནག་ཨག་ཚོམ་ སྨིན་མ་སེར༔ ཕྱག་གཡས་རྡོ་རྗེས་དྲེགས་པ་མ་ལུས་འཇོམས༔ ཕྱག་གཡོན་བསྡིག་མཛུབ་ཁྱུང་གིས་ས་བདག་འདུལ༔ མགུལ་རྒྱན་དཀར་པོའི་སྦྲུལ་གྱིས་བརྒྱན་པ་ནི༔ རྒྱལ་རིགས་ཀླུ་རྣམས་ དབང་དུ་སྡུད༔ དབུ་རྒྱན་དམར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི༔ བྲམ་ཟེའི་ཀླུ་རྣམས་དབང་དུ་སྡུད༔ ཕྱག་གདུབ་སེར་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི༔ རྗེ་རིགས་ཀླུ་རྣམས་དབང་དུ་སྡུད༔ སྐུ་རེགས་ ལྗང་ཀུའི་སྦྲུལ་གྱིས་བརྒྱན་པ་ནི༔ དམང་རིགས་ཀླུ་རྣམས་དབང་དུ་སྡུད༔ ཞབས་གདུབ་ནག་ཁྲའི་སྦྲུལ་གྱིས་བརྒྱན་པ་ནི༔ གདོལ་པའི་ཀླུ་རྣམས་དབང་དུ་སྡུད༔ ཀླུ་རིགས་ལྔ་ཡི་རལ་པ་སྦྲུལ་ དུ་འཁྲིལ༔ ས་བདག་ཀླུ་གཉན་ཐམས་ཅད་དབང་དུ་སྡུད༔ བ་སྤུའི་བུ་ག་ཀུན་ནས་བྱ་ཁྱུང་སྤྲུལ་པ་འགྱེད༔ བཀའ་ལས་འདའ་བྱེད་ཀླུ་རྣམས་ཟས་སུ་ཟཿ དུར་ཁྲོད་ཆས་བརྒྱད་སྐུ་ལ་གསོལ་བ་ 6-24-10b ནི༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བྲན་ལྟར་འཁོལ༔ ཀླུ་འདུལ་ཁྲོ་བོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་བདུད་འདུལ་གཏུམ་པོ་ནི༔ སྙན་ནས་འབྲུག་གི་སྒྲ་སྒྲོགས་དྲེག་པ་ཐམས་ ཅད་བརྒྱལ༔ སྤྱན་ནས་མེ་འབར་ཁམས་གསུམ་བསྲེག་པར་བྱེད༔ ཤངས་ནས་རླུང་བུས་སྟོང་གསུམ་ཐམས་ཅད་འགེངས༔ ཞལ་ནས་དྲག་པོའི་སྒྲ་སྒྲོགས་ཉོན་མོངས་ཐམས་ཅད་བསྲེག༔ ཡུན་གྱི་ལྷར་ཡང་ཁྱོད་མཆོད་བདག་གིས་བསྒྲུབ༔ ཀླུ་རྣམས་བཀའ་ལས་འདའ་བྱེད་ན༔ རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ས་བདག་ཀླུ་གཉན་ཐམས་ཅད་དང་༔ སྣང་སྲིད་ལྷ་སྲིན་སྡེ་ བརྒྱད་ཚོགས༔ གུམ་གུམ་ཆུམ་ཆུམ་ལས་ལ་འདུས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བསྐུལ་བྱང་རྒྱུད་ལས་སོ། ། 6-25-1a ༄༅། །རྒྱུད་ལུགས་རྡོ་རྗེ་ཕུར་པའི་ལས་བྱང་ཕྲིན་ལས་ཐོགས་མེད་བཞུགས་སོ། ། 6-25-1b ན་མོ་ཤྲཱི་བཛྲ་ཀུ་མཱ་རཱ་ཡ། རྒྱལ་བ་ཀུན་གྱི་ཕྲིན་ལས་སྐུ། །རྡོ་རྗེ་གཞོན་ནུ་ལ་བཏུད་ནས། །དེ་ཡི་བསྙེན་སྒྲུབ་རིམ་པ་ལ། །འཇུག་པའི་ཆོ་ག་རྒྱུད་བཞིན་བྲི། །འདིར་དབང་ ཐོབ་ཅིང་དམ་ཚིག་ལ་གནས་པས་རྡོ་རྗེ་ཕུར་པ་སྒྲུབ་པ་ལ། དམ་ཚིག་གི་རྫས་ཐམས་ཅད་ཚོགས་པར་བྱས་ནས། ཐོག་མར་མདུན་དུ་སྐྱབས་ཡུལ་རྣམས་གསལ་བཏབ་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་ དཔལ་སོགས་ཀྱིས་ཚོགས་བསགས་ནས། བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་ གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ དྲག་སྔགས་དང་སུཾ་བྷ་ནིས་ 6-25-2a གཟིར། མཚམས་བཅད་པ། ཧཱུྃ༔ མི་ཤིགས་མཚོན་ཆའི་གུར་དང་ས་གཞི་ལ༔ དམར་ནག་དམར་སྨུག་མེ་ཡི་འདུ་འཕྲོ་འཁྱིལ༔ ཡེ་ཤེས་ཁྲོ་བོ་བཅུ་ ཡང་དབྱིངས་ནས་བཞེངས༔ ཁྲག་འཐུང་རོལ་པའི་ལྷ་ཚོགས་ནང་ན་བཞུགས༔ མཚམས་ཀྱི་དཀྱིལ་འཁོར་མ་ལུས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ བྱིན་དབབ་ པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་བསྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ གཉིས་མེད་སྦྱོར་བའི་མཁའ་དབྱིངས་ ནས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ སྐུ་ཡི་གཟི་བྱིན་ཡ་ལ་ལ༔ གསུང་གི་འབྲུག་ 6-25-2b སྒྲ་འུ་རུ་རུ༔ ཐུགས་རྗེའི་འོད་ཟེར་གློག་ལྟར་འཁྱུགས༔ ཁྲོ་བོ་ཁྲོ་མོ་ཆར་ལྟར་འབེབས༔ རྣལ་འབྱོར་བདག་ལ་བྱིན་གྱིས་རློབས༔ སྒྲུབ་རྫས་རྣམས་ལ་ནུས་པ་སྐྱེད༔ རྟགས་དང་མཚན་ མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ཨཱ་བེ་ཤ་ཡ་ཕེཾ་ཕེཾ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། མཉམ་ཉིད་ཀུན་ཏུ་བཟང་པོའི་ཀློང་ ཡངས་སུ༔ སྣང་སྲིད་བདེ་བ་ཆེན་པོར་རང་ཤར་བ༔ ཕྱི་ནང་གསང་བའི་མཆོད་པའི་དམ་ཚིག་རྫས༔ མུ་མཐའ་མེད་པ་ནམ་མཁའ་མཛོད་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋ༔ ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱེ་དྷརྨ་དྷཱ་ཏུ་མ་ཧཱ་སུ་ ཁ་པཱུ་ཙ་ཧོ༔ དེ་ནས་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆེན་སྔོན་པོ་འབར་བ་ནི༔ ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔ ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུྃ༔ དབྱིངས་ ཀྱི་ནམ་མཁའ་གྲུ་གསུམ་ངང་༔ རླུང་ཁྲག་ཤ་ཆེན་ཀེང་རུས་མེ༔ འཇིགས་པའི་དུར་ཁྲོད་གཞལ་ཡས་ཁང་༔ ཕྱི་ནི་རིན་ཆེན་ལྔ་ལས་གྲུབ༔ འདོད་ཡོན་སྣ་ཚོགས་སྤྲིན་ལྟར་གཏིབཿ 6-25-3a ནང་ནི་དུར་ཁྲོད་གཞལ་ཡས་ཁང་༔ དྲག་པོའི་བཀོད་པ་ཡོངས་སུ་རྫོགས༔ ཕྱི་རིམ་དུར་ཁྲོད་ཆེན་པོ་བརྒྱད༔ སྣ་ཚོགས་བཀོད་པས་འཇིགས་སུ་རུང་༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ ཛྙཱ་ན་ཙཀྲ་མཎྜལ་བྷྲུྃ༔ གཞལ་ཡས་ཆེན་པོ་དེ་ཡི་དབུསཿ གྲུ་གསུམ་མཐིང་ནག་ཟླ་གམ་གསུམ༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་འབར༔ དབུས་སུ་རུ་ཏྲ་བསྣོལ་བའི་ཁྲི༔ པདྨ་ཉི་མ་བདུད་ བཞིའི་སྟེང་༔ དྲུག་པ་རྡོ་རྗེ་འཆང་ཆེན་པོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་ དབྱིག་ཏུ་བདག་བསྐྱེད་དོ༔ སྒེག་པ་དཔའ་བ་གར་དགུ་པ༔ རབ་འཇིགས་མེ་དཔུང་དཀྱིལ་ན་བཞུགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་སྟེ༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་ བགྲད༔ ཞབས་གཉིས་བརྐྱང་བསྐུམས་ཚུལ་དུ་བཞུགས༔ སྐྲ་བརྗེས་བཞད་ཁྲོ་གཤེ་བའི་ཞལ༔ སྤྱན་དམར་སྨིན་མ་སྨ་ར་སེར༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ ཕྱག་དྲུག་གཡས་ ཀྱི་དང་པོ་ཡིས༔ གསེར་གྱི་རྡོ་རྗེ་རྩེ་དགུ་བསྣམས༔ བར་པས་རྡོ་རྗེ་རྩེ་ལྔ་འཛིན༔ གཡོན་གྱི་དང་པོས་མེ་དཔུང་བསྣམས༔ བར་པས་ཁ་ཊཱྃ་རྩེ་གསུམ་ཐོགས༔ མཐའ་གཉིས་རི་རབ་ཕུར་པ་ 6-25-3b འདྲིལ༔ མཐིང་ནག་སྐུ་ལ་དུར་ཁྲོད་བརྒྱན༔ འཁོར་ལོ་རྒྱས་འདེབས་སྦྱོར་བའི་ཡུམ༔ ཞལ་གཅིག་ཕྱག་གཉིས་བདེ་བའི་སྐུ༔ སྦྲུལ་དང་ཐོད་པ་གཟིག་གིས་བརྒྱན༔ དྲིལ་བུ་ཐོད་ཁྲག་བསྣམས་ ནས་འཁྱུད༔ གཙོ་བོའི་སྐུ་ཡི་གཡོན་ཕྱོགས་སུ༔ ཨེ་ཀ་ཙ་ཏི་སྒྲོལ་བའི་ཡུམ༔ གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ༔ དྲིལ་བུ་གཡེར་ཁ་ཉིད་ལས་ཀྱང་༔ རྟོག་མེད་ཆོས་ཀྱི་སྒྲ་འབྱིན་མ༔ མ་མོ་བཅུ་དྲུག་ཕོ་ཉར་འགྱེད༔ ཡབ་ཀྱི་ཐུགས་ཀར་དཔལ་བེའི་ཀློང་༔ བཛྲ་ས་ཏྭ་ཡབ་ཡུམ་ནི༔ མཚན་དང་དཔེ་བྱད་ཡང་དག་རྫོགས༔ རྡོ་རྗེ་དྲིལ་བུ་བདེ་བར་འཁྱུད༔ ཀུནྡ་ལྟ་བུར་ དཀར་བའི་མདོག༔ སྲོག་གི་གོ་རུ་ཤར་བ་དང་༔ ཐུགས་ཀར་ཉི་དཀྱིལ་རྡོ་རྗེའི་དབུས༔ ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ནི༔ སྙིང་གི་དཀྱིལ་དུ་བསྒོམ་པར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དམ་ཚིག་ཡེ་ཤེས་ཆེན་པོ་ཡི༔ པདྨོ་རིན་ཆེན་ལྡན་བྱས་ནས༔ ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་ཀྱང་༔ བདེ་མཆོག་སྒྱུ་མའི་བརྡ་འདིས་ བསྐུལ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔ སྲིད་པ་རྡོ་རྗེར་གྲུབ་མཛོད་ཅིག༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོར་གྲུབ་པར་མཛོད༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ 6-25-4a ཛཿཧཱུྃ་བྃ་ཧོཿ ཡབ་ཡུམ་གཉིས་མེད་སྦྱོར་བ་ཡི༔ བདེ་བའི་སྒྲ་དང་འོད་ཟེར་གྱིསཿ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་ཡབ་ཡུམ་སྐུ་ལ་ཞུགས༔ བདུད་རྩི་བྱང་ཆུབ་སེམས་སུ་ཞུ༔ མཁའ་གསང་འོད་ཀྱི་གོང་བུ་ལས༔ ཕྱོགས་སྐྱོང་དྲེགས་པའི་གདན་སྟེང་དུ༔ སྤྲུལ་པའི་ཁྲོ་བཅུ་ཕྲ་མེན་གསལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ༔ གརྫྫ་ གརྫྫ་ཧཱུྃ་ཕཊ༔ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་ཧཱུྃ་མཛད་དང་༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་སྨྲིགས་བུའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ ཧ་ན་ཧཱུྃ་ཕཊ༔ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྚ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ ཕཊ༔ ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་དབྱུག་སྔོན་ཅན༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ ཨོཾ་བཛྲ་ཀྲོདྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊཿ ལྷོ་ ཕྱོགས་གཤིན་རྗེའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད༔ ཡུམ་ཆེན་དུར་ཁྲོད་བདག་མོ་དང་༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བནྡྷ་བནྡྷ་ཧཱུྃ་ཕཊ 6-25-4b ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཀླུ་ཡི་གདན་སྟེང་དུ༔ ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ༔ ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་༔ སྤྲུལ་པ་བྱི་ལ་པུ་ཤུད་མགོཿ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ནུབ་བྱང་ རླུང་ལྷའི་གདན་སྟེང་དུ༔ ཁྲོ་ཆེན་གཞན་གྱིས་མི་ཐུབ་པ༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྚ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྱང་ཕྱོགས་ གནོད་སྦྱིན་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝང་མགོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ བྱང་ཤར་ འབྱུང་པོའི་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ༔ ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ སྤྲུལ་པ་དོམ་དང་སྲེ་མོང་མགོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ འོག་ཕྱོགས་ས་བདག་གདན་སྟེང་དུ༔ ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་༔ སྤྲུལ་པ་དྲེད་དང་བྱི་བའི་མགོ༔ ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་ཀུན༔ ཞལ་གཅིག་ཕྱག་ 6-25-5a གཉིས་མདོག་ནག་གཟུགས༔ ཡབ་རྣམས་ཕྱག་གཉིས་ཕུར་པ་འདྲིལ༔ ཡུམ་རྣམས་དྲིལ་བུ་ཐོད་འཛིན་འཁྱུད༔ མཆེ་བ་ཅན་དང་གཤོག་པ་ཅན༔ ཕྲ་མེན་མགོ་ བརྙན་ཉི་ཤུ་ནི༔ སྦྲུལ་དང་ཐོད་པས་རབ་ཏུ་བརྒྱན༔ ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས༔ སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས༔ དུས་ཀྱི་འོད་ཟེར་འཕྲོ་བས་འཁྲུགས༔ ཛཿཧཱུྃ་བྃ་ཧོཿ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔ སྐྱ་གའི་མགོ་ཅན་ལྕགས་ཀྱུ་མ༔ ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ༔ པུ་ཤུད་མགོ་ཅན་ཞགས་པ་མ༔ ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ༔ སྲིན་བྱའི་ མགོ་ཅན་ལྕགས་སྒྲོག་མ༔ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔ ཁྲ་ཡི་མགོ་ཅན་དྲིལ་བུ་མ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མ༔ དཀར་སེར་དམར་དང་ལྗང་བའི་མདོག༔ གཟིག་དང་ ཐོད་སྦྲུལ་རྒྱན་དུ་བྱས༔ བསྐུམས་ཞིང་བརྐྱངས་པའི་ཞབས་ཀྱིས་གནས༔ ཕྱག་གཡོན་ཕུར་པ་འདེབས་པར་མཛད༔ མེ་དཔུང་དཀྱིལ་ན་ཁྲོ་ཚུལ་བཞུགས༔ གཞན་ཡང་ལྷ་དང་རིག་འཛིན་དང་༔ དམ་ཅན་སྲུང་མའི་ཚོགས་རྣམས་ཀྱང་༔ ཏིལ་གྱི་གོང་བུ་བཞིན་དུ་བཞུགས༔ གནས་གསུམ་ཡི་གེའི་ས་བོན་ལས༔ རྡོ་རྗེ་གསུམ་དུ་བྱིན་རླབས་ཤིང་༔ དེ་བཞིན་གཤེགས་པ་ཐམས་ཅད་ 6-25-5b ཀྱིས༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཧཱུྃ༔ ཐབས་ཀྱིས་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་ བྱིན་རླབས་བདག་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱི་ཨཱཿ སྐབས་འདིར་རྫས་ཀྱི་ཕུར་པ་སྲས་མཆོག་ཏུ་བསྐྱེད་ཅིང་དབང་བསྐུར་བྱིན་རླབས་བྱའོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ནི། དཀྱིལ་འཁོར་གསུམ་གྱི་གནས་གསུམ་གྱི་ ས་བོན་ལས་འོད་ཟེར་འཕྲོས་པས༔ མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་རྣམ་པར་སྤྱན་དྲངས༔ ཨོཾ་བཛྲ་ས་མཱ་ཛ༔ ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ བཞུགས་སུ་གསོལ་བ་ནི། ཧཱུྃ༔ སྔོན་གྱི་ཐུགས་དམ་ཆེན་པོ་བཞིན༔ སྒྲུབ་ལ་དངོས་གྲུབ་ སྩོལ་བའི་ཕྱིར༔ ཏིང་འཛིན་དཀྱིལ་འཁོར་དམ་པ་འདིར༔ གཉིས་མེད་ངང་དུ་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། ཧཱུྃ༔ སྲིད་གསུམ་གདུག་པ་བསྒྲལ་ 6-25-6a བ་དང་༔ ང་རྒྱལ་བདུད་རྣམས་གཞོམ་པ་ཡི༔ དཔའ་བོ་རྡོ་རྗེ་འཁོར་བཅས་ལ༔ རྩེ་གཅིག་ཡིད་དད་གུས་པས་འདུད༔ ཨ་ཏི་པུ་ཧོ༔ པྲ་ཏི་ཙ་ཧོ༔ མཆོད་པ་འབུལ་ བ་ནི། ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ༔ དུར་ཁྲོད་མཆོག་གི་གནས་འདི་རུ༔ ཞིང་ཆེན་གསར་རྙིང་ ཏི་རར་བཅས༔ དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ༔ མཁའ་འགྲོ་འབར་བའི་ཚོགས་ལ་འབུལ༔ མ་ལུས་གཤེགས་ནས་བསྣམས་སུ་གསོལ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས༔ ཕྱོགས་བཅུ་ནམ་མཁའི་ཁམས་བཀངས་ཏེ༔ དཀྱིལ་འཁོར་ལྷ་ལ་དགྱེས་པར་འབུལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤཔྟ་པྲ་ཏི་ཙྪ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིང་ཏ་ཁཱ་ཧི༔ མ་ཧཱ་སུ་ཁ་པཱུ་ཙ་ཁཱ་ཧིཿ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བ་ཡིཿ འོད་ཟེར་འཕྲོ་འདུའི་ཀློང་དཀྱིལ་ན༔ ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ༔ སྐུ་ནི་ཅིར་ཡང་འགྱུར་བའི་གཟུགས༔ ཧཱུྃ༔ དབུ་སྐྲ་ཁམ་ནག་རལ་པ་ཅན༔ གྱེན་དུ་འཁྱིལ་ཞིང་སྲིད་རྩེར་འབར༔ མི་མཉམ་ཁྲོ་གཉེར་སྡང་མིག་ནི༔ 6-25-6b ལོག་པར་ལྟ་བ་འདུལ་བའི་སྤྱན༔ ཧཱུྃ༔ མཆེ་བ་ཟངས་ཡག་གཙིགས་པ་ནི༔ སྐྱེ་ཤིའི་རྩ་བ་གཅོད་པའི་ཚུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ལས༔ ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྣང་༔ ཧཱུྃ༔ ཐུགས་རྗེའི་བྱིན་རླབས་སྤྲིན་ལྟར་གཏིབས༔ བྱམས་པའི་འོད་ཟེར་གློག་བཞིན་འགྱུར༔ རྔམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགསཿ སྤྲུལ་པའི་ཐོག་སེར་ཆར་ལྟར་འབེབས༔ ཧཱུྃ༔ སྔོན་གྱི་ཐུགས་དམ་ཆེན་པོ་ནི༔ ཀླན་ཀ་ཆེན་པོ་བདུད་ལ་ཚོལ༔ ཀྱལ་ཁ་ཆེན་པོ་བགེགས་ལ་ཚོལ༔ ཡལ་གམ་ཅན་ལ་དངོས་གྲུབ་སྩོལ༔ ཧཱུྃ༔ ཐུགས་དམ་ཆེན་པོའི་བྱིན་རླབས་ཀྱིས༔ བདག་ལ་བྱིན་གྱིས་བརླབ་མཛད་ཅིང་༔ བདག་གི་ལྷག་པའི་བསམ་པ་རྣམས༔ འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ༔ འཁྱིལ་ཞིང་རྒྱན་ཡང་འཁྱིལ་བ་ཆེ༔ སེམས་ལ་བརྗོད་ མེད་སྐུ་མི་མངའ༔ སྒྲ་ལས་འདས་པའི་སྦྱོར་བ་སྟེ༔ བསམ་དང་བྲལ་བའི་ཡེ་ཤེས་ལགས༔ ཧཱུྃ༔ སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད༔ མཉམ་ཉིད་ངང་གིས་ཁྲོ་ལ་ ཕྱག་འཚལ་བསྟོད༔ ཁྲོ་བོ་ལོངས་སྤྱོད་མཛད་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ ཁྲོ་རྒྱལ་འདུས་པའི་སྲས་མཆོག་ཀཱི་ལ་ཡ༔ མ་གཡོས་ཆེ་ 6-25-7a མཆོག་སྐུ་གསུང་ཐུགས་ཀྱི་བདག༔ སྡུག་བསྔལ་ལོག་པར་འཁྱམས་པའི་སེམས་ཅན་རྣམས༔ ཐུགས་རྗེའི་བྱེ་བྲག་དབྱིངས་སུ་སྒྲོལ་མཛད་པ༔ ཐབས་ཀྱིས་བསྒྲལ་ བའི་སྐལ་དང་མི་ལྡན་ཡང་༔ ཤུགས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛད་དུ་གསོལ༔ དེ་ནས་བཟླས་པ་བྱ་བ་ནི། ཐུགས་ཀའི་དཔལ་བེའི་གནམ་སྒོ་རུ༔ རྟ་མགྲིན་དམར་པོས་སྲུང་བ་ཡི༔ ཡེ་ ཤེས་སེམས་དཔའི་ཐུགས་ཀའི་དབུས༔ ཉི་དཀྱིལ་ཧཱུྃ་ལ་སྔགས་ཀྱིས་བསྐོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷ༔ ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྩ་བའི་སྙིང་པོ་འབྲུ་བཅུ་པ་དངཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷ་ནན་བྃ་ཧཱུྃ་ཕཊ་ཛ་ཧཱུྃ་ཨ༔ སྒྲུབ་པའི་སྙིང་པོ་འབྲུ་བཅོ་བརྒྱད་མ་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡབ་ཡུམ་གཉིས་སུ་མེད་པའི་སྙིང་པོ་འབྲུ་ཉེར་གསུམ་མ་དང་༔ གསང་བ་སྤུ་གྲིའི་དྲག་སྔགས་བཅས་ཅི་རིགས་བཟླའོ། །གཞན་ཡང་སྤྲོ་ན་གོང་གི་ཁྲོ་བཅུའི་སྔགས་དང་། སྒོ་མའི་ས་བོན་ཡང་ཅི་ལྟར་རིགས་པར་ བཟླའོ། །མཚོན་ཆ་ཕྱག་མཚན་ཡིག་འབྲུ་དང་༔ མེ་འོད་དུ་བ་འཇའ་དང་སྒྲཿ དྲེགས་བྱེད་མངོན་སུམ་མཐོང་བ་ན༔ ཚེ་དང་ལོངས་སྤྱོད་མི་ཉམས་འཕེལ༔ རིག་འཛིན་ས་དང་དབྱིངས་རྣམས་འཐོབ༔ ཁམས་གསུམ་ཡོངས་སྒྲོལ་ཏིང་འཛིན་གྱིས༔ 6-25-7b ནམ་མཁའ་ཆོས་སྐུ་ཉག་གཅིག་ཐོབ༔ སྐབས་སུ་ཛབ་བསྐུལ་ནི། ཧཱུྃ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཞི་དབུས་ལྔའི་འཇིག་རྟེན་གྱི༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ ཀུན་ ཀྱང་རྡོ་རྗེ་ཕུར་པའི་ལྷ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད༔ མཐིང་ནག་མེ་ཡི་འོད་འཕྲོ་ཞིང་༔ རྒོད་དང་གཤེ་དང་ཁྲོ་བོའི་ཚུལ༔ ཕྱག་དྲུག་འཇིགས་པའི་མཚོན་ཆ་ཡིས༔ འགྲོ་ དྲུག་བྷ་གའི་དབྱིངས་སུ་སྦྱོར༔ ཞབས་བཞིས་བདུད་བཞི་ཟིལ་གྱིས་གནོན༔ ཁྲོ་བོའི་སྤྲུལ་པས་ནམ་མཁའ་གང་༔ ཁྲོ་མོའི་སྤྲུལ་པས་ས་གཞི་གང་༔ ཕྲ་མེན་སྤྲུལ་པས་བར་ སྣང་གང་༔ སྒོ་མའི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ ཐམས་ཅད་བདེ་བའི་ཀློང་ནས་ཤར༔ བསམ་གྱིས་མི་ཁྱབ་ཀུན་ལས་འདས༔ བརྗོད་མེད་དབྱིངས་ཀྱི་ཐིག་ལེ་ཆེ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ལྷའི༔ ཞལ་ནས་ཕུར་པའི་སྔགས་སྒྲ་སྒྲོགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང་༔ དཀྱིལ་འཁོར་འདི་ལ་བརྟན་པར་བཞུགས༔ ཕུར་པ་འདི་ལ་དབང་ཞིག་སྐུར༔ ཕུར་པ་འདི་ལ་བྱིན་གྱིས་རློབས༔ རྟགས་དང་མཚན་མ་དབྱུང་བ་དང་༔ རིག་འཛིན་བདག་ལ་དངོས་གྲུབ་ 6-25-8a སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སོགས་བཟླའོཿ ཐུན་མཐར་མཆོད་ཅིང་བསྟོད་པར་བྱའོཿ དེ་ནས་ཚོགས་ཀྱི་མཆོད་པ་ནི༔ ཤ་ཆང་སོགས་ཚོགས་ཀྱི་དམ་རྫས་རྣམས་བསང་ལ༔ ཨོཾ་སརྦ་དྲཱ་བྱམ་ཤོ་དྷ་ནི་ཧཱུྃ་ཕཊ༔ རྃ་ཡྃ་ཁྃཿ ཨོཾ་ཨཱཿཧཱུྃཿ ཚོགས་རྫས་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་ཐམས་ཅད་པའི་རང་བཞིན་དུ་གྱུར༔ སྤྱན་འདྲེན་པ་ནི། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་ དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ལ༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛཿས་མ་ཡ་ཏིཥྛ་ལྷན༔ མཆོད་པ་ནི། ཧཱུྃ༔ བླ་མེད་ མཆོག་གི་མཆོད་པ་དམ་པ་འདི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་པ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་ དུས་ལ་བབ༔ ཚོགས་ཕུད་མཆོད་པ་བཞེས་སུ་གསོལ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཆོགས་ཕུད་མཆོད་པ་བཞེས་སུ་གསོལ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཚོགས་ཕུད་ མཆོད་པ་བཞེས་སུ་གསོལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ བཤགས་པ་ནི། ཧཱུྃ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་དགོངས་སུ་གསོལ༔ མ་རིག་བདག་ཅག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་ 6-25-8b གྱིས་དམ་ལས་འགལ་གྱུར་ཏེ༔ འདོད་ཁྲོ་གཏི་མུག་དབང་གིས་ནོངས་བགྱིས་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཐོལ་ལོ་བཤགས༔ འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བཟླ། བསྒྲལ་བ་ནི། ཨེ་རཾ་ཞེས་འབྲུབ་ཁུང་བསྐྱེད། ནྲྀ་ཏྲི་ཛ་ཞེས་དམིགས་བྱ་གསལ་བཏབ་ལ། དང་པོ་བསྐུལ་པ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་ བརྙན་ཆེན་པོའི་དུས་ལ་བབ༔ ཤོ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་པོའི་དུས་ལ་བབ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ ཆེན་པོའི་བྱིན་རླབས་ཀྱིས༔ གཏོགས་ཤིག་གྲོགས་དང་ཕྲལ་བར་གྱིས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ 6-25-9a མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ དགྲ་ བགེགས་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་ཏ་ན་ཧཱུྃ་ཕཊ༔ དགྲ་བགེགས་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊཿ དེ་ནས་གདབ་ ཁ་དངོས་ལ། ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཨོཾ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན༔ མོ་ཧ་གྷ་ཏ་ཡ་བྷ་ག་ཝན་བཛྲ་ཧཱུྃ་ཀ་ར༔ ཛཿཧཱུྃ་བྃ་ཧོ༔ སརྦ་བིགྷ་ནཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཧཱུྃ་ཀ་ར་ཧཱུྃ༔ ཧཱུྃ་ཀ་ར་ཨཱཿཞེས་དང་། དྲག་སྔགས་བཟླ་ཞིང་ཚེ་ཁྲུས་གནས་གསུམ་གྱི་དགོངས་པ་ལྡན་པས་བསྒྲལ༔ དེ་ནས་ཤ་ཁྲག རྃ་ཡྃ་ཁྃ་གིས་སྦྱང་། ཨོཾ་ཨཱཿཧཱུྃ༔ གིས་བདུད་རྩིར་བརླབས་ལ། ཧཱུྃ༔ དགྲ་བགེགས་ཤ་ནི་ཟན་ལས་ཞིམ༔ གཏི་མུག་མཆོད་པ་བླ་ན་མེད༔ དགྲ་བགེགས་ཁྲག་ནི་ཆང་བས་ཞིམ༔ འདོད་ ཆགས་མཆོད་པ་བླ་ན་མེད༔ དགྲ་བགེགས་རུས་རྐང་མར་བས་ཞིམ༔ ཞེ་སྡང་མཆོད་པ་བླ་ན་མེད༔ བླ་མེད་མཆོད་པ་འདི་འབུལ་གྱིས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ 6-25-9b མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཏི༔ ཚོགས་ལ་རོལ། ཚོགས་ཀྱི་ལྷག་མ་རྣམས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོར་གྱུར༔ ཨེ་ཨ་ར་ལི་ཧྲིང་ཛཿས་སྤྱན་དྲངས། ཧཱུྃ༔ བྲན་དང་ བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ བསྒྲལ་ལས་རྒྱས་པ་དུག་ཕུར་ནག་པོ་ལྟར་བྱའོ༔ ལས་རྗེས་བསྡུ་ཞིང་བསྔོ་སྨོན་བཀྲ་ཤིས་སྤྱི་ལྟར་བྱའོ༔ རྒྱུད་ཀྱི་དགོངས་པ་བཞིན་རྡོ་རྗེ་ཐུགས་མཆོག་ རྩལ་གྱིས་བསྡེབས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག ། ༈ །དྷ་ཏི་རྣམ་གསུམ་གྱི་དྲག་སྔགས་ཆིག་དྲིལ་སྤུ་གྲི་འབར་བ་ནི། སྒྲུབ་སྔགས་མཐར༔ མ་རཀྨོ་ཡཀྨོ་ཀཱ་ལ་རུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རིལ་རིལ༔ ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ ཆེ་མྱགས༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མ་དྷ་ནི་ཡེ་ཧཱུྃ་ཕཊ༔ ༈ །མཚན་མ་རྫས་ཀྱི་ཕུར་པ་རྒྱུ་དབྱིབས་ཚད་ལྡན་འདུ་བྱས་ལ། ཤུ་ནྱ་ཏའི་སྔགས་ཀྱིས་སྟོང་པར་སྦྱང་། མཚན་མ་རྫས་ཀྱི་ཕུར་པ་མི་དམིགས་ 6-25-10a པའི་ངང་ལས་བདག་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་མཁའ་གསང་ནས་ཧཱུྃ་གཅིག་འཕྲོས་འདུས་ཡོངས་སུ་གྱུར་པ་ལས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས། སྲས་མཆོག་ཕུར་བུ་ཞལ་གསུམ་ཕྱག་དྲུག་པ་ཕྱག་མཚན་དང་རྒྱན་ཆ་གཙོ་བོ་དང་མཚུངས་པ༔ སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་འབར་བའི་དབལ་དང་ལྡན་པར་གསལ་བའི་ལྕུམ་ཞོག་གི་དབུས་ལྡིར་བ་ དེར་བྷྲཱུྃ་ལས་གཞལ་ཡས་ཁང་གི་དབུས་སུ་གཙོ་བོ་ཡབ་ཡུམ་དབུ་རྒྱན་གྱི་ལྷ་དང་བཅས་པ་དང་༔ ལྕུམ་ཞོག་བརྒྱད་ལ་ཕྱོགས་མཚམས་ཀྱི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་དང་བཅས་པ༔ རྒྱ་མདུད་གོང་མར་ཧཱུྃ་ ཀ་ར་ཡབ་ཡུམ་མགོ་བརྙན་དང་བཅས་པ༔ རྒྱ་མདུད་འོག་མར་སྟོབས་པོ་ཆེ་ཡབ་ཡུམ་ཕྲ་མེན་དང་བཅས་པ༔ དེའི་ལོགས་བཞིར་སྒོ་མ་བཞི༔ དཔལ་གྱི་ནང་དུ་ཕུར་སྐྱོང་སྲུང་མའི་ཚོགས་ མ་ལུས་པ་གསལ་ཞིང་དབལ་གྱི་ཟུར་གསུམ་དུ་ཧཱུྃ་གསུམ༔ ལོགས་གསུམ་ཕཊ་གསུམ༔ རྩེ་མོ་ཨ་དཀར་པོ་གཅིག་དང་བཅས་པ་གསལ་བར་གྱུར༔ དེ་ནས་སོར་མོ་ལག་པའི་རྒྱབ་དུ་བསྣོལ་གུང་མོ་གཉིས་བསྒྲེང་ བ་ཆུ་སྲིན་རྣམ་གྲོལ་གྱི་འཁྱུད་རྒྱས་བླངས་ལཿ ངག་ཏུཿས་མ་ཡ་ཛཿཞེས་བརྗོདཿ དེ་ནས་སོར་མོ་པདྨ་ཁ་ཕྱེ་བ་འདྲ་བར་སྦྱར་ཏེ་ལག་མཐིལ་དུ་ཕུར་པ་འདྲིལ་ཞིང་༔ ལག་གཡས་མ་ལས་ཉི་མའི་དཀྱིལ་འཁོར་ལ་ཀུན་ཏུ་བཟང་པོ༔ 6-25-10b སོར་མོ་ལྔ་ལ་རིགས་ལྔ༔ གཡོན་པ་ཨ་ལས་ཟླ་དཀྱིལ་ལ་ཀུན་ཏུ་བཟང་མོ༔ སོར་མོ་ལྔ་ལ་ཡུམ་ལྔ་གསལ་བ་ཡབ་ཡུམ་སྦྱོར་བ་མཛད་པས༔ ཡུམ་གྱི་མཁའ་གསང་དུ་བཞུགས་པའི་སྲས་ མཆོག་ཕུར་བུར་ཡེ་ཤེས་ལྔས་དབང་བསྐུར་བར་བསམ་ལ་སོར་མོ་ཅུང་ཟད་བསྣོལ་ཞིང་ཕུར་པ་འདྲིལ༔ དབང་བསྐུར་བའི་སྔགས་ལྔའམ་བསྡུ་ན༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས། སྲས་མཆོག་གི་སྤྱི་བོར་ འཁོར་ལོའི་དབུས་སུ་ཨོཾ་དཀར་པོ་ལ་བུདྡྷ་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་བསྡུས་ཏེ་སྲས་མཆོག་ གི་སྤྱི་བོར་ཐིམ་པས་སྐུ་ཡི་སྒོ་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བདུན་ལ་སོགས་པ་བཟླའོ༔ མགྲིན་པར་པདྨ་ འདབ་བརྒྱད་ཀྱི་དབུས་སུ་ཨཱཿདམར་པོ་ལ་པདྨ་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་བསྡུས་ཏེ་ མགྲིན་པར་ཐིམ་པས་གསུང་གི་སྒོ་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་བསམ་ལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བདུན་ལ་སོགས་པ་བརྗོད། 6-25-11a ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་མཐིང་ཀ་ལ། བཛྲ་ཀཱི་ལ་ཡའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་དངོས་ གྲུབ་མ་ལུས་པ་བསྡུས་ཏེ་ཐུགས་ཀར་ཐིམ་པས་ཐུགས་ཀྱི་སྒོ་ནས་ཁམས་གསུམ་དུས་གཅིག་ལ་སྒྲོལ་བའི་མཐུ་སྟོབས་ནུས་པ་དང་ལྡན་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བདུན་སོགས་བཟླའོ༔ དེ་ནས་བྱུགས་བདུག་བྲབས་གསུམ་གྱིས་ལས་ལ་བསྐུལ་ཞིང་གཟི་བྱིན་བསྐྱེད་པ་ནི༔ གཙོ་ཕུར་ལག་གཡས་སུ་བཟུང་༔ བྱུགས་པའི་རྫས་སོགས་ཉེ་བར་བཞག་ལ༔ ཧཱུྃ༔ གུ་གུལ་སྦྱར་བས་བྱིན་བསྐྱེད་དགྲ་བགེགས་སྒྲོལ༔ ཉུངས་ཀར་ རྒྱལ་པོས་རྒྱུད་བསྐུལ་བར་ཆད་གདུལ༔ རཀྟ་ཁོལ་མས་དམ་སྐོང་གཟི་མདངས་བསྐྱེད༔ བར་ཆད་གདུག་པའི་དགྲ་བགེགས་རྡུལ་དུ་རློག༔ ཅེས་བྱ་ལ༔ གུ་གུལ་དང་ཚིལ་ཆེན་སྦྱར་བའི་དུད་པས་ཕུར་པ་ བདུག་ཅིང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་ཤ་ལ་ར་ཙ་ཧཱུྃ༔ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་ཅི་རིགས་བཟླས་པས༔ སྔོན་གྱི་སྒྲོལ་བ་དྲག་པོའི་ཞེ་སྡང་རྗེས་སུ་དྲན་ ནས་སྤྱན་རྩ་དམར་ལོག་གིས་སོང་ནས་གདུག་པའི་དབལ་དང་ལྡན་པ༔ མི་བཟད་པའི་རྣོ་ངར་ཐོགས་རྡུགས་མེད་པའི་ནུས་པ་དང་ལྡན་པར་བསམ་པ་ནི་ཐུགས་མཉེས་པའི་མཆོད་པའོ༔ དེ་ནས་ཡུངས་ཀར་གྱིས་བྲབས་ལ༔ 6-25-11b ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཻ་ཏ་ལི་མ་དྷ་ལ་རཀྵ་རཀྵ་ཧཱུྃ་ཕཊཿ སུ་རུ་སུ་རུ་པྲ་སུ་རུ༔ ཨ་ཏི་ཏིཥྛ་མུགས་མུགས༔ ཧ་ལ་ཧ་ལ༔ དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས༔ བ་སྤུའི་ བུ་ག་ཚུན་ཆོད་ཀྱང་ཁྲོ་ཆུང་གིས་གཏམས་ནས་རྡོ་རྗེའི་གཟི་བྱིན་བསྐལ་པའི་མེ་ལྟར་འབར་བས་བར་ཆད་ཐམས་ཅད་རྡུལ་དུ་བརླག་པའི་ནུས་པ་དང་ལྡན་པར་བསམ་པ་ནི་སྐུ་མཉེས་པའི་མཆོད་པའོ། །དེ་ནས་མི་རྟ་གཅན་ གཟན་ར་ཁྱི་ཕག་པའི་ཁྲག་སོགས་ཁྲག་སྣ་དང་༔ རེ་ལྕག་སྤྱང་ཚེར་རི་ཤོ་བསེ་ཞོ་བཙན་དུག་སོགས་དུག་སྣ་སྦྱར་བས་བྱུགས་ཤིང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་མ་དྷ་ལ་མ་དྷ་ལ་རཀྵ་རཀྵ༔ དགྲ་བགེགས་པ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་ཅི་རིགས་བཟླས་པསཿ གདུལ་བྱ་གདུག་པ་ཅན་ནམ་ཡང་མི་གཏོང་བའི་ཐུགས་དམ་རྗེས་སུ་ཆགས་པའི་གཟི་མདངས་ལྷག་པར་རྒྱས་ཤིང་ཕུར་པ་དམར་ནག་དུད་ཁ་རེག་པས་འཇོམས་པ་གཅིག་ཏུ་གྱུར་ པར་བསམ་པ་ནི་གསུང་མཉེས་པའི་མཆོད་པའོ༔ དེ་ལྟར་བྱས་པས༔ རྫས་ཀྱི་དུད་པ་དུག་གི་སྤྲིན་དམར་ནག་ཏུ་འཁྲིགས་པའི་གསེབ་ནས་འབར་བའི་སྲས་མཆོག་ཤིན་ཏུ་རྔམ་པའི་གར་དགུས་རོལ་པའི་གཟི་བྱིན་ བཟོད་པར་དཀའ་བ༔ བསྐལ་པའི་མེ་དཔུང་འབུམ་ལྟར་འབར་ཞིང་༔ དྲག་སྔགས་ཀྱི་ང་རོ་འབྲུག་སྟོང་ལྟར་སྒྲོགས་པ་སྤྲུལ་པའི་ཁྲོ་ཆུང་དང་མཚོན་ཆའི་ཐོག་སེར་དྲག་ཏུ་བབས་པས་བར་ 6-25-12a ཆད་ཐལ་བར་བརླག་ཅིང་རྣམ་ཤེས་དབང་དུ་བསྡུས་པར་བསམ་ལ་དྲག་སྔགས་སྙིང་པོ་ཚར་གཅིག་བརྗོད་ནས༔ དགྲ་བགེགས་ཀྱི་སྙིང་དཀར་ནག་གི་མཚམས་སུ་བཞུགས་པར་བསམ་ལཿ ས་མ་ ཡ་ཏིཥྛ་ལྷནཿ ཞེས་བརྗོད་ལ་དལ་དུ་ཕུར་པའི་གདན་ལ་བཞག་གོ ། དེ་ནས་དཀྱིལ་འཁོར་གསུམ་སོགས་གཞུང་ལྟར་རོ། །འཇམ་དཔལ་རྡོ་རྗེས་བསྡེབས་པ་དགེའོ། ༈ །སྨད་ལས་དུག་ཕུར་ནག་པོའི་ དགོངས་པ་ཁོལ་དུ་ཕྱུངས་པ་བཞུགས་སོ། །གསེར་སྐྱེམས་གཟུ་དཔང་ཨེ་ཁང་བསྐྱེད་པ་རྣམས་སྔོན་དུ་སོང་ནས་བསྒྲལ་ལས་དངོས་ལ་འཇུག་པ་ནི༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་དམ་ ཚིག་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ སྔོན་ཆད་ཇི་ལྟར་དམ་བཅས་བཞིན༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ རིངས་པར་ཁུག་ལ་སྨྲར་ཆུག་ཅིག༔ 6-25-12b ང་ཡི་དབང་དུ་གྱུར་ནས་ནི༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱི་ཏནཱ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་འདི་ལྷ་དང་ ཕྱེས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བནྡྷ་བནྡྷ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་གཟུགས་ལ་ཕོབ་ཅིག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ དགྲ་བོ་ ཆེ་གེ་མོ༔ ཤཱི་གྷྲཾ་ཨ་ན་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་འདི་བྱད་དུ་ཆུག་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ༔ དགྲ་བགེགས་བྱད་མ་ འདི་སྨྱོ་རུ་ཆུག་ཅིག༔ དེ་ནས་གདབ་ལས་ལ། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་ དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་༔ ལུས་ངག་རྡུལ་ དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཨོཾ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན༔ མོ་ཧ་གྷ་ཏ་ཡ་བྷ་ག་ཝན༔ ཤི་ཀྲི་བི་ཀྲི་བཛྲ་ཧཱུྃ་ཀ་ར་ཛཿཧཱུྃ་བྃ་ཧོ༔ སརྦ་བིགྷ་ནཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ 6-25-13a ཕཊ༔ ཧཱུྃ་ཀ་ར་ཧཱུྃ༔ ཧཱུྃ་ཀ་ར་ཨཱཿཞེས་བརྗོད་པས་བདག་རྡོ་རྗེ་གཞོན་ནུཿ ཕུར་པ་སྲས་མཆོག་ལིངྒ་གཟས་པོ་དངོས་སུ་གསལ་བའི་གསལ་བ་གསུམ་ལྡན་གྱི་ངང་ནས་དལ་གསུམ་གྱི་ སྤྱི་བོ་དང་༔ ཕུར་པའི་རྩེ་མོ་དང་༔ གཟས་པོའི་སྙིང་གར་ཨ་དཀར་པོ་རེ་བསམ་པ་ཨ་དཀར་བྱ་དཀར་གྱི་དགོངས་པའོ༔ སྤྱི་བོའི་ཧཱུྃ་ཀར་ཡབ་ཡུམ་དང་ཨ་ཞུ་བས་དལ་གསུམ་གྱི་སྐུ་ལུས་རྐྱལ་བ་ཞོས་གང་བ་ལྟར་དཀར་ལྟེམ་གྱིས་ གྱུར་ཅིང་༔ ཕུར་པ་གཟས་པོའི་སྙིང་གར་ནས་གང་ཙམ་མ་རེག་པར་བསྒྲིལ་བས༔ ཕུར་རྩེའི་ཨ་ལས་འོད་དང་ཨ་ཕྲ་མོ་ཡུངས་ཀར་ཙམ་འཕྲོ་བ་གཟས་པོའི་ཨ་ལ་ཐིམ་ཞིང་༔ དེ་ལས་ཀྱང་འོད་ཕར་འཕྲོས་ཤིང་ཚུར་འདུས་ པས་སྡིག་སྒྲིབ་དག་ནས་བསྒྲལ་བའི་སྐལ་ལྡན་དུ་གྱུར་པར་བསམ་པ་ཁོའི་ཁྲུས་ལུང་སྟེ་སྔགས་བཟླ་ཤིང་ཡུན་བསྲིང་ངོ་༔ དེ་ནས་བདག་ཕུར་གཟས་གསུམ་དགོངས་པ་གཅིག་དམ་ཚིག་གཅིག་ཆོས་ཉིད་གཅིག་གིས་འབྲེལ་བར་ཤེས་པ་ཐུགས་ རྗེ་འབྲེལ་ཐག་གི་དགོངས་པའོ། དེ་ནས་སྤྱིར་སེམས་ཅན་ཐམས་ཅད་དང་བྱེ་བྲག་ཏུ་གཟས་པ་པོ་འཁོར་བར་མི་གཏོང་བའི་སྙིང་རྗེ་དྲག་ཏུ་བསྐྱེད་པ་ནི་གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པ་སྟེ༔ དགོངས་པ་གསུམ་དང་ལྡན་པར་བྱ་སྟེ་རེ་རེ་བཞིན་ཀཱི་ ལ་ཡ་འབྲུ་དགུ་ཅི་རིགས་བཟླ་བཞིན་དམིགས་པ་གསལ་བཏབ་བོ་དེ་དག་ནི་ཁྲུས་ལུང་ངོ་༔ དེ་ནས་ཚེ་ལུང་ལ༔ ཧཱུྃ༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ 6-25-13b ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ གདུག་ཅིང་སྡང་སེམས་ལྡན་པ་ཡི༔ ལྷའམ་འོན་ཏེ་བདུད་ཀྱང་ རུང་༔ ང་ལ་བར་ཆད་བྱེད་པའི་བགེགས༔ མཐུ་དང་རྫུ་འཕྲུལ་མེད་པར་བྱོས༔ ཞེས་བྱས་ལ། རྩ་སྔགས་བརྗོད་བཞིན་ཕུར་པ་ནས་གང་མ་རེག་ཙམ་དུ་དབང་པོའི་སྒོ་ལྔ་ལ་བསྒྲིལ་བས་སྒོ་ལྔའི་རྣམ་ཤེས་སྦྲ་ཡི་ཆོན་ཐག་ བསྡུས་པ་བཞིན་ཀུན་གཞི་ལ་འུབ་ཀྱིས་འདུས་པར་བསམ་པ་ནི་དང་པོར་བྱུང་ཚོར་གྱི་སྒོ་དགག་པ་ཞེས་བྱའོ༔ དེ་ནས་ཡང་སྔགས་བཟླ་བཞིན་ཕུར་བུ་སྙིང་གར་བཏབས་པས་ཁོའི་པགས་པ་ཤ་ཁྲག་འབིག་སྟེ་སྙིང་དཀར་ནག་གི་འབྲེལ་མཚམས་དྲལ་ ནས༔ ཕུར་བུའི་འོད་ཀྱིས་སྙིང་དཀར་ནག་གི་མཚམས་ན་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཡོད་པ་བསྲོས༔ དེའི་ནང་ན་དྭངས་མ་གསུམ་སྟེ༔ རྩའི་དྭངས་མ་རྒྱུས་པ་བལྡད་པ་འདྲ་བ༔ ཁྲག་གི་དྭངས་མ་མཚལ་ཅོག་ལ་མ་ལྟ་བུ་དབུགས་ཀྱི་དྭངས་མ་གསེར་ས་ འོག་ཏུ་སྦས་པའི་རླངས་པ་ཙམ་གསུམ་ཡོད་པ་དེ་གསུམ་གྱི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་ཨ་ཐུང་གི་ཚུལ་དུ་ཡོད་པ་དེ་ལ་ཕུར་རྩེས་རེག་པས་ཁབ་ལེན་ལ་ལྕགས་ལྟར་ཕུར་རྩེར་འུབ་ཀྱིས་འདུས་ཤིང་དྭངས་མ་གསུམ་སྐམ་པར་བསམ་ པ་ནི་སེམས་ཀྱི་དཔྱིས་ཕྱུངས་ནས་ཀུན་གཞི་རྩད་བཅད་པའོ༔ དེ་ལྟར་ཁོ་རང་གི་རྣམ་ཤེས་སླར་མི་ལྡོག་པར་ཚུར་བསྡུས་པའི་ཤུལ་དེར་ཕུར་པ་གཞན་གཅིག་བཏབ་ལ་བཞག་གོ༔ དེ་ནས་ཕུར་རྩེ་རང་གི་སྙིང་གར་གཏད་པས་ཨ་ཡིག་ 6-25-14a དེའི་བཀྲག་མདངས་གཟི་བརྗིད་ཐམས་ཅད་དངུལ་ཆུའི་ཐིགས་པ་ལྟར་བསྡུས་ཏེ་བདག་གི་སྙིང་གར་ཐིམ་པས་དམིགས་བྱའི་ཚེ་བསོད་ནམས་ཐམས་ཅད་བདག་གི་གསོས་སུ་ཐིམ་པར་བསམ་པ་ནི་བདག་གི་ ཚེ་ལུང་སྟེ་རེ་རེ་བཞིན་སྔགས་བཟླ་ཞིང་དམིགས་པ་གསལ་བཏབ་བོ༔ གསུམ་པ་གནས་ལུང་ནི། ཧཱུྃ༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེས་གཏམས་ བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཞེས་བྱས་ལ་ཕུར་རྩེ་གྱེན་དུ་བསྟན་ལ་ལག་པ་ཡ་གཅིག་གིས་ཕུར་པའི་མགོ་ནས་གྱེན་ལ་གདབ་པ་དང་མཉམ་དུ་ཡེ་ཤེས་ཀྱི་རླུང་ཧ་རེ་ལངས་པས་ཁོའི་ཤེས་པ་ཨ་ཐུང་དེ་མེ་སྟག་ ཡར་བ་བཞིན་བཏེགས་ནས་འོག་མིན་དུ་རིགས་ལྔའི་སྦྱོར་མཚམས་སུ་འཕང་ལ། ཨཨ་ཨ་ཕཊ༔ ཅེས་བརྗོད་ཅིང༔ གཉིས་སུ་མེད་པའི་སྲས་དམ་པར་གྱུར་པར་བསམ་ལ་རྩ་སྔགས་ཅི་རིགས་བཟླའོ༔ དེ་ནས་མི་དགེ་བཅུ་ ཚར་གཅོད་པའི་ཁྲོ་བཅུའི་ཕུར་པ་དང་༔ སྒོ་མའི་ཕུར་བ་སོགས་ལུས་གནས་སོ་སོར་གདབ་སྟེ་དུམ་བུ་ཚལ་པར་བྱས་པར་བསམ་ལ༔ དྲག་སྔགས་རཀྨོ་བཟླ་བཞིན་ཕུར་པ་སོ་སོར་ཡོད་ན་དེ་དང་མིན་ན་ལས་ཕུར་གྱིས་གདབ་བོ༔ དེ་ནས་རྡུལ་ དུ་བརླག་པ། ཧཱུྃ༔ རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཁྲོ་ 6-25-14b མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུང་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དགྲ་བགེགས་ཆེ་གེ་མོ། ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མ་རྣམས་རྡུལ་དུ་རློག་ཅིག༔ ཁ་ཐཾ་ཁ་ཐཾ་ཁ་ཐཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ དྲུག་པ་ཞལ་དུ་བསྟབ་པ༔ ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ དགྲ་བགེགས་ཤ་ཁྲག་མཆོད་ པ་བཞེས༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ཤ་ཁྲག་མཆོད་པ་འདི་བཞེས་ལ༔ བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ར་ བིདྱ་ཧཱུྃ་ཕཊ༔ དགྲ་བོ་ཆེ་གེ་མོ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ དགྲ་བགེགས་བྱད་མའི་ཤ་ཁྲག་རུས་གསུམ་བཞེས་ཤིག་རོལ་ཅིག༔ བཛྲ་ཡཀྴ་ཀྲོ་དྷ་ཁཱ་ཧི༔ ཞེས་བཏབ་པས༔ ལྷ་རྣམས་དགྱེས་ནས། ཧ་ཧ་ཧ༔ ཞེས་པས་བཞད་སྒྲ་དི་རི་རི་གསོལ། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་དངོས་གྲུབ་སྩོལ༔ ཕཊ་ཕཊ་ཕཊ༔ ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ༔ དེ་ནས་གསོ་བ་གསུམ་གྱི་དགོངས་པ་དང་ལྡན་པའི་སྒོ་ནས་སྨོན་ལམ་གདབ་པ་ནི༔ ཧོ་དགོངས་སུ་གསོལ་ལོ༔ ཆོས་ཉིད་ཀྱི་བདེན་པའོ༔ གསང་སྔགས་ཀྱི་བྱིན་གྱིས་རླབ་བོ༔ སངས་རྒྱས་ཀྱི་མཐུའོ༔ ཨ་བྷི་ཙརྱའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ཞེས་བརྗོད་ 6-25-15a ཅིང་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་གོང་གི་ཕུར་པའི་ཁྲོ་བོ་སྤྲོས་པ་ཐམས་ཅད་འོད་ཀྱི་གོང་བུར་གྱུར་ནས༔ བདག་ལ་ཐིམ་པས་མེ་ལ་བུད་ཤིང་བསྣན་པ་ལྟར་རང་ཉིད་གཟི་བརྗིད་སྔར་རབས་ཀྱང་ཆེས་མཆོག་ཏུ་འབར་ བར་བསམ་པ་ནི་བདག་གསོ་བའོཿ ཡང་ཀཱི་ལ་ཡ་ཉེར་གཅིག་བཟླས་ཤིང་གདབ་ཕུར་རྣམས་ཕྱུངས་ལ་གཙོ་ཕུར་དང་བཅས་ལན་གསུམ་ཀླད་ལ་གཡུགས་པས་ཁམས་གསུམ་སྲིད་གསུམ་ཐམས་ཅད་ཁྲོ་བོ་ཕུར་ཕུ་སྟོད་ཞལ་གསུམ་ཕྱག་དྲུག་སྨད་ལྕགས་སྲེག་ གི་ཕུར་བུ་ཟུར་གསུམ་པ་མགལ་གྱི་སོལ་མལ་ནས་ཕྱུངས་པ་ལྟ་བུ༔ དེ་ཐམས་ཅད་སྐུ་ཆེ་ལ་ཡན་ལག་རགས་པ་སྟོང་གསུམ་བ་སྤུར་ཚུད་པའི་ཚུལ་གྱི་སྒྲ་འབྲུག་སྟོང་ལྟར་འུར་འུར་དང་གློག་བསྐལ་མེ་ལྟར་ཆེམ་ཆེམ་གཡོ་བ་ཀུན་ལས་རྣམ་ པར་རྒྱལ་བའི་མཐུ་སྟོབས་ནུས་པ་མཚུངས་པ་མེད་པའི་རང་བཞིན་དུ་བསམ་པ་ནི་ཕུར་པ་གསོ་བའོ༔ ཡང་ཀཱི་ལ་ཡ་བཅོ་བརྒྱད་བཟླས་ཏེ་བསྒྲིལ་བས་ཁྲོ་བོ་ཕུར་པའི་ཚོགས་རྣམས་བསྒྲལ་བྱའི་ཞིང་དུ་གྱུར་པའི་དགྲ་བགེགས་གདུག་པ་ ཅན་རྣམས་གང་ན་གནས་པའི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་དེ་དག་གི་རྣམ་ཤེས་ཧཱུྃ་དུ་བསྡུས་པ་ཨཱཿལས་ཟླ་དཀྱིལ་གྱི་སྟེང་དུ་བཞག་ཡྃ་ལས་རླུང་གིས་བཏེགས་ཏེ་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕང་ བས་འཁོར་བར་གནས་པ་ཀུན་གྱི་ལས་ངན་རྒྱུན་ཆད་པར་བསམ་པ་ནི་གཟས་པ་པོ་གསོ་བའོ༔ དེ་ལྟར་བྱས་པས་ནུས་པ་རྣམས་ཉམས་པ་གསོ་ཞིང་མཐུ་སྟོབས་མེ་ལ་ཤིང་བསྣན་པ་བཞིན་དུ་འཕེལ་ལོ༔ དེ་ནས་ཐལ་མོ་སྦྱར་ཏེ༔ ཧོཿ དཔལ་ 6-25-15b ཆེན་པོའི་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ ཏ་ན་སྒྲོལ་བ་གནས་སུ་མ་སྟོབ་པ་དང་༔ ག་ཎ་སྦྱོར་བ་བྱིན་གྱིས་མ་རློབ་པ་དང་༔ མཆོད་སྔགས་དང་ཏིང་འཛིན་མ་དག་ཅིང་ཉམས་པ་ དང་༔ དགེ་བ་བཅུ་དང་དུ་མ་བླངས་ཞིང་མི་དགེ་བཅུ་རྩད་མ་ཆོད་པ་དང་༔ བཀའ་བཞིན་གཞུང་མ་བསྲང་བ་དང་༔ དམ་ཚིག་རྩ་བ་དང་ཡན་ལག་ཆག་ཉམས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་ མཐོལ་ཞིང་བཤགས་ན་བཟོད་པ་དམ་པ་མཛད་དུ་གསོལ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར༔ ཚངས་པ་དམ་པ་སྩོལ་བ་ཅི་གནང་༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་ རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་སྦྱོར་བ་ལམ་དུ་ལོངས༔ སྒྲོལ་བ་ཚད་དུ་ཕྱིན༔ སྔགས་ཀྱི་མཐུ་གྲུབ་ནས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག༔ ཅེས་བྱའོ་དུག་ཕུར་རྫོགས་སོ༔ ལྷག་མ་ནི། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ བྲན་དང་བཀའ་ཉན་ཕོ་ཉའི་ ཚོགས༔ ཤྭ་ན་བདག་ཉིད་ས་བདག་མ༔ བསེ་ལྕགས་དུང་གི་སྐྱེས་བུ་སོགས༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ སྔོན་ཆད་ཅི་ལྟར་དམ་བཅས་ 6-25-16a པའི༔ མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ ཧ་ན་ཧ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ མ་ཐ་མ་ཐ་བཛྲ༔ ཛྭ་ལ་ཛྭ་ལ་བཛྲ༔ སུ་རུ་སུ་རུ་བཛྲ༔ མུ་རུ་མུ་རུ་བཛྲ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མཱ་ར་སཱེ་ནཱ་པྲ་མ་རྡ་ནི་ཧཱུྃ་ཕཊ༔ ཧཱུྃ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ནན་དྷ་ཏི་མ་མ་ཤི་གྷྲཾ་ཀ་ར་ཡེ་བ་ལིཾ་ཏ་ཁཱ་ཧི༔ དྲག་སྔགས་དུག་དབལ་ འཁྲུགས་པ་ཡི། །སྨད་ལས་དུག་ཕུར་ནག་པོ་འདི། །རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན། །བསྟན་དགྲ་བསྒྲལ་བའི་མཚོན་ཆར་ཕྱུང་། །རྒྱུད་ལུང་གི་དགོངས་བཅུད་མ་ནོར་བར་འཇམ་དཔལ་རྡོ་རྗེས་བསྡེབས་པ་ མངྒ་ལཾ། །ཨེ་ཐི་རྒྱ༔ ༈ །ཕུར་པ་ལྷ་རྒྱུད་ཀྱི་བསྟོད་པ་རྒྱུད་ལས་གསུངས་པ་ནི། ཧཱུྃ༔ ཤིན་ཏུ་མི་བཟད་དཔལ་ཆེན་འབར་བའི་སྐུ། །ཞེ་སྡང་ཐུགས་མཆོག་ཉོན་མོངས་རྩད་ནས་ གཅོད། །ཆོས་སྐུ་ཡེ་ཤེས་མངའ་བརྙེས་གཞོན་ནུའི་ཚུལ། །རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །བདེ་ཆེན་དབྱིངས་ནས་སྤྲུལ་པའི་ འབྱུང་གནས་གཙོ། །རཀྴ་དཔལ་གྱི་སྐུ་ལ་དགྱེས་པར་འཁྲིལ། །ཆོས་ཉིད་དབྱིངས་ཆེན་འཁོར་ལོ་རྒྱས་འདེབས་མ། །ལ་ཕྱག་འཚལ་བསྟོད། སོགས་ཁ་སྒྱུར་ཀུན་ལ་འགྲེ། ཆོས་དབྱིངས་ངང་ལས་ 6-25-16b བསྐྱོད་པ་མེད་པའི་ངང་། །ཕྲིན་ལས་མི་གཡོ་གདུག་པ་ཐབས་ཀྱིས་འདུལ། །དྲག་ཤུལ་རྔམ་པའི་ལས་ལ་ཐོགས་པ་མེད། །སྒྲོལ་བའི་ཡུམ་མཆོག་ཨེ་ཀ་ཛཱ་ཊི་མ། །ཕྲིན་ལས་རྣམ་བཞིས་ དགྲ་བགེགས་འདུལ་མཛད་ཅིང་། །ཡེ་ཤེས་ཕུར་པས་ཐམས་ཅད་དབྱིངས་སུ་འདེབས། །དུག་ལྔའི་བདུད་འདུལ་ཁྲོ་མཆོག་འདུས་པའི་སྐུའི། །རིགས་ལྔའི་སྲས་མཆོག་བཛྲ་ཀཱི་ལ་ཡ། །དབུས་ ཕྱོགས་གཙོ་བོ་ཡབ་ཡུམ་སྲས་མཆོག་བཅས། སོགས། རོལ་པའི་སྟོབས་ཀྱིས་གཟའ་སྐར་ཚར་གཅོད་ཅིང་། །འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་བཞིན་ གསལ། །སྐྱེ་བཞི་མོས་པས་སྐྱེ་ལ། དབང་མཛད་ཧཱུྃ་ཀ་ར། །མཚན་མ་མེད་པའི་དབྱིངས་ཐོས་རིག་པའི་སྒྲ། །དབྱིངས་ཉིད་རིག་ཤེས་དབྱིངས་ལ་སྙན་ཉན་ཀྱང་། པའི་སྒྲ། །དེ་ལ་བསྟན་པ་གསུང་གི་སྒྲ་ འབྱིན་པ། །ཁམས་གསུམ་ཧཱུྃ་མཛད་མཉེས་བྱེད་སྒྲ་བྱ་མི་ཏ། འབྱིན་མ། ཕུར་པ་མྱང་འདས་དང་། གཞན་ན་སྒྲ་འབྱིན་རླུང་འབྱིན་མ་བསྣོལ་འདུག་དཔྱད། ཁྲོ་བཅུའི་བསྟོད་པ་མྱང་འདས་ན། རླུང་འབྱིན་སྒྲ་འབྱིན་ གཉིས་མིན་ཚད་གཅིག་ཏུ་འདུས་སོ། །ལྷག་མཐོང་ཆོས་དབྱིངས་ཞི་གནས་ན་གྱིས་བརྒྱལ། །འཁོར་བ་ཐུགས་རྗེའི་སྨོན་ལམ་སྟོབས་ཀྱིས་མྱོས། །རྟོག་འཇོམས་རྫས་ལ་གཙང་དམེ་ 6-25-17a མེད་པར་རོལ། །དེ་ཕྱིར་ཕྲ་མེན་མྱོས་བྱེད་ཕག་གི་དབུ། །འཇུག་པ་རང་དབང་མེད་པའི་གཉིད་གྱུར་པ། །མཉམ་པའི་ཆོས་རྟོགས་ལོག་ལྟ་མྱོས་བྱེད་ཅིང་། །འཁོར་ བའི་ཉོན་མོངས་ཐམས་ཅད་མྱོས་པར་བྱེད། །ཐམས་ཅད་མྱོས་བྱེད་ཕྲ་མེན་སྨྲིག་བུའི་དབུ། །སྟེང་ཕྱོགས་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། སོགས་ཁ་སྒྱུར་སྦྱར། བཟློག་པའི་སྟོབས་ཀྱིས་ལྷ་རྣམས་ཚར་ གཅོད་ཅིང་། །མ་བྱིན་ལེན་པའི་སྐྱོན་སྤངས་དབང་ཕྱུག་ཆེ། །རབ་ཏུ་ཤེས་པའི་ཤེས་རབ་མཐར་ཕྱིན་པ། །ཡོ་སེམས་ལའང་། བྱད་དབང་མཛད་ཁྲོ་བོ་རྣམ་པར་རྒྱལ། །ཡེ་ཤེས་ཐུགས་རྗེ་ཟིན་པས་མཐར་མི་ འཆང་། །ཐུགས་རྗེ་ཡེ་ཤེས་ཟིན་པས་སྲིད་ལས་གྲོལ། །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་སྙེམས། །རྣམ་པར་རྒྱལ་བ་མཉེས་མཛད་རབ་སྙེམས་མ། །སྡུག་བསྔལ་ ཐུགས་རྗེ་མི་བཟོད་ཕྲིན་ལས་དཔའ། །ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་བརྟུལ། །གདོད་ནས་དག་པས་འཁོར་བ་མཐར་ཐུག་སྒྲོལ། །དེ་ཕྱིར་དཔལ་རྟུལ་ཟ་བྱེད་སྟག་གི་དབུ། ། ཡིད་གཡོ་ལས་ཅན་སེམས་པར་གྱུར་པ་ནི། །ཡེ་ཤེས་དབང་གིས་ཐུགས་རྗེ་འགྲོ་ལ་གཡོ། །དོན་མཛད་གོད་འཕྲང་ཡེ་ཤེས་དབྱིངས་སུ་མཁྱེན། །དེ་ཕྱིར་ཚུལ་ཁྲིམས་ཆེན་མོ་བྱ་རྒོད་དབུ། །ཤར་ 6-25-17b གྱི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། འཛིན་ཚུལ་སྟོབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང་། །ལོག་ལྟའི་སྐྱོན་སྤངས་ཡང་དག་ལྟ་དང་ལྡན། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད་པས་ཆེ། །ཡེ་ ཤེས་དབང་མཛད་ཁྲོ་ཆེན་དབྱུག་སྔོན་ཅན། །རིག་པའི་སྡེར་ཆེན་ཆོས་ཀྱི་དབྱིངས་ཉིད་འཛིན། །ཐུགས་རྗེའི་ལྕགས་ཀྱུས་འཁོར་བ་མི་གཏོང་ཞིང་། །ཤེས་རབ་ཐབས་ཀྱི་ལྕགས་ཀྱུས་མཐའ་ གཉིས་འཛིན། །དབྱུག་པ་སྔོན་པོ་མཉེས་མཛད་རྡོ་རྗེ་སྡེར། །སྡང་མིག་ཐུགས་རྗེ་མི་འགྱུར་ཞེ་ལ་གནོན། །མཐུ་རྩལ་རྔམ་བརྗིད་འགྱུར་མེད་བདུད་དཔུང་བཟློག །ཚམ་རྔམ་རལ་བསིགས་ གདང་ངར་འཇིག་རྟེན་འགེངས། །དེ་ཕྱིར་ཕྲ་མེན་འགྱུར་མེད་གཡག་གི་དབུ། །བསམ་པའི་དངོས་པོ་འདོད་ལ་འདུན་པར་གྱུར། །དབྱིངས་ཉིད་ཡེ་ཤེས་མཁྱེན་པས་ཤེས་བྱ་ཟ། །ཐུགས་རྗེ་ འདུན་པས་འཁོར་བའི་བག་ཆགས་སྦྱངས། །དེ་ཕྱིར་ཕྲ་མེན་ཟ་བྱེད་བྱ་རོག་དབུ། །ཤར་ལྷོའི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། འཇིགས་བྱེད་སྟོབས་ཀྱིས་འཆི་བདག་ཟིལ་གནོན་ ཅིང་། །སྲོག་གཅོད་ཉེས་སྤངས་སྐུ་ཡི་དབང་ཕྱུག་ཆེ། །གཟུང་འཛིན་སྐྱོན་སྤངས་བསམ་གཏན་ངང་ལ་གནས། །ཚེ་ལ་དབང་མཛད་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་མཚན་སྡུད་ 6-25-18a ཐུགས་རྗེའི་དུར་ཁྲོད་འབྱུང་། །སྤྲུལ་པས་འགྲོ་བསྒྲལ་སྐུ་དང་ཡེ་ཤེས་འཕྲོ། །ཤེས་སྙིང་མ་སྐྱེས་དབུ་མའི་རིག་པ་སྐྱེད། །ཁྲོ་རྒྱལ་གཤིན་རྗེ་མཉེས་མཛད་དུར་ཁྲོད་བདག། རྟོག་པའི་སྒྲའང་། དགྲ་སྤངས་དྲན་པའི་དགོན་པར་གནས། །འཁྲུལ་སྐྱོན་དྲི་མ་ཤེས་བཞིན་རྫིས་ཚོར་སྤོང་། །འགྲོ་དོན་དུས་ལ་བབ་ན་ཐུགས་རྗེ་འཇུག །དེ་ཕྱིར་ཕྲ་མེན་འཇུག་བྱེད་ཤ་བའི་དབུ། ། དམིགས་ལ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། །ཡེ་ཤེས་དབྱིངས་སུ་རྟོག་དྲངས་ཉིན་མོ་ཉལ། །འགྲོ་མདོངས་རྨོངས་ལ་ཐུགས་རྗེས་མཚན་མོ་ལྡངས། །ཡེ་ཤེས་ཐུགས་རྗེས་དྲངས་ པ་འུག་པའི་དབུ། །ལྷོ་ཡི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། བརྡེག་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅོད་ཅིང་། །རྫུན་གྱི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །ཐབས་ཀྱི་སྟོབས་ ཀྱིས་མཚན་མ་འདུལ་མཛད་པ། །སྐྱེ་མོས་འང་། ལ་དབང་མཛད་བྲན་ཚུལ་མིག་གཡོ་མགོན། །དབྱིངས་སུ་མཚན་མ་ཤེས་རབ་ཐོ་བས་བརྡུངས། །ཐུགས་རྗེའི་ཕྲིན་ལས་སེམས་ཅན་མཚན་མ་འཇོམས། ། དབུ་མར་ཡེ་ཤེས་སྙིང་རྗེས་མི་རྟོག་ངང་། །མི་གཡོ་མགོན་པོ་མཉེས་མཛད་གཏུན་ཁུང་མ། ། ཆོས་དབྱིངས་གནས་ལ་རྟོག་པའི་སྐྱོན་སེལ་ཞིང་། །ཐུགས་རྗེའི་སྤྲུལ་པའི་སྤུ་རིས་བསམ་ 6-25-18b མི་ཁྱབ། །དུག་གསུམ་མི་སྤོང་ཤ་ཁྲག་རུས་ལ་རོལ། །སེལ་བྱེད་སྤྲུལ་པས་དོན་མཛད་གཟིག་གི་དབུ། །བརྟག་བརྣར་ཀྱང་། པའི་དངོས་ལ་རྩེ་གཅིག་ཏིང་འཛིན་གྱུར། །མཉམ་ཉིད་མཐའ་བྲལ་དབྱིངས་ ལས་མི་གཡོ་བར། །རྟོག་གེའི་སྤྱོད་ཡུལ་བྱིས་པས་མི་མཐོང་སྦེད། །དེ་ཕྱིར་ཕྲ་མེན་སྦེད་བྱེད་ཁྭ་ཡི་དབུ། །ལྷོ་ནུབ་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། བརྗིད་པའི་སྟོབས་ ཀྱི་ཀླུ་རྣམས་ཟིལ་གྱིས་གནོན། །ཕྲ་མའི་ངག་རྩུབ། སྐྱོན་སྤོང་ངག་གི་དབང་ཕྱུག་ཆེ། །འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན། །ཆོས་ལ་དབང་མཛད་ཧ་ཡ་གྲཱི་བ་དཔལ། །རྡོ་རྗེ་གཏུམ་ མོས་མཚན་མའི་དངོས་པོ་བཅོམ། །ཐུགས་རྗེ་རྔམ་ཚུལ་སྲིད་པ་ཐལ་བར་བརླག །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྡིགས། །ཧ་ཡ་གྲཱི་བ་མཉེས་མཛད་རལ་གཅིག་མའང་། ཙནྡྲ་ལི། ། ཡང་བག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན། །མི་འདུལ་ཟུང་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །དུས་ལ་བབ་ན་བརྩོན་འགྲུས་ཤུགས་དང་ལྡན། །དེ་ཕྱིར་མཁས་ བརྩོན་མཛད་པ་བྱི་ལའི་དབུ། །ལས་འབྲས་བདེན་ལ་ཡིད་ཆེས་དད་པར་གྱུར། །མཉམ་ཉིད་དབྱིངས་སུ་ཡེ་ཤེས་ཤུགས་ཀྱིས་མགྱོགས། །ཞི་གནས་སྤྱན་གྱིས་ལྷག་མཐོང་བགྲོད་ཚེགས་ 6-25-19a ཆུང་། །དེ་ཕྱིར་ཕྲ་མེན་མགྱོགས་བྱེད་པུ་ཤུད་དབུ། །ནུབ་ཀྱི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། ཤུགས་འཆང་སྟོབས་ཀྱིས་རླུང་ལྷ་ཚར་གཅོད་ཅིང་། །འཁྱལ་ང་རྒྱལ་ཀྱང་། བའི་སྐྱོན་སྤང་ངག་གི་དབང་ཕྱུག་ཆེ། །འདོད་པ་ཀུན་ཏུ་སྦྱིན་མཛད་རྒྱལ་པོའི་ཚུལ། །སེམས་ལ་ཡོ་བྱད་ཀྱང་། དབང་མཛད་ཁྲོ་བོ་གཞན་གྱི་མི་ཐུབ་རྒྱལ་ཀྱང་། འདོད་པའི་རྒྱལ། །ཕྲ་མོར་འབིགས་པ་ཡེ་ཤེས་དབྱིངས་སུ་ འཕེན། །ཡེ་ཤེས་མདའ་ནི་གནད་དུ་ཐུགས་རྗེས་བརྡེག །མ་འཁྱོགས་དབུ་མ་ཆེན་པོའི་དོན་རྟོགས་ལས། །གཞན་གྱིས་མི་ཐུབ་མཉེས་མཛད་མདའ་སྙེམ་ མ། །ཡེ་ཤེས་དབྱིངས་ལ་འཇུག་པས་ཤེས་བྱ་ཟ། །དབྱིངས་ཉིད་ཡེ་ཤེས་ལ་འཇུག་ཉོན་མོངས་ཟ། །གཉིས་མེད་ཡེ་ཤེས་ཕྲིན་ལས་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་ཆེན་མོ་སྤྱང་ཀིའི་དབུ། །ངེས་པའི་དངོས་ པོར་འཛིན་པའི་མོས་པར་གྱུར། །ལྷག་མཐོང་ཡེ་ཤེས་དབྱིངས་ཉིད་མཉམ་གྱུར་འཛིན། །ཞི་གནས་གཅེས་པར་འཛིན་པ་མི་འཇོག་པ། ། དེ་ཕྱིར་ཕྲ་མེན་འཛིན་བྱེད་ཁྲ་ཡི་དབུ། །ནུབ་བྱང་ཁྲོ་བོ་ཡབ་ཡུམ་ ཕྲ་མེན་བཅས། །སོགས། གཟིར་བའི་འང་། འཚིར་བའི་སྟོབས་ཀྱིས་གནོད་སྦྱིན་ཞབས་ཀྱིས་གནོན། །ཕྲག་དོག་ངག་རྩུབ་སྐྱོན་སྤང་ངག་གི་དབང་ཕྱུག་ཆེ། །སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་ 6-25-19b རྗེའི་རྩི། །ལས་ལ་དབང་མཛད་བདུད་རྩི་ཀུཎྚ་ལི། །བསྐྱོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད། །ཐུགས་རྗེའི་ཤུགས་ཀྱིས་འགྲོ་རྣམས་གནས་ནས་སྤོར། །ཐབས་དང་ཤེས་རབ་སྤྱོད་པས་ མཐའ་གཉིས་སྤོར། །བདུད་རྩི་འཁྱིལ་བ་མཉེས་མཛད་རླུང་འབྱིན་མ། །རིགས་བཙུན་གཉན་པོར་གྱུར་པས་ཐམས་ཅད་འདུལ། །ཕྲིན་ལས་རྩལ་གྱིས་བདུད་དཔུང་མ་ལུས་འཇོམས། །སྟོང་ ཉིད་སྒྲ་བསྒྲགས་མུ་སྟེགས་ཝ་ཚོགས་འཇིགས། །དེ་ཕྱིར་འཇོམས་བྱེད་རྩལ་མཆོག་སེང་གེའི་དབུ། །འདྲིས་པའི་དངོས་པོ་མ་བརྗེད་དྲན་པར་གྱུར། །དབྱིངས་དང་ཡེ་ཤེས་མཉམ་ཉིད་མ་བརྗེད་ དྲན། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། །གཉིས་ལ་མ་རྨོངས་སྒྲོན་མ་ཕ་ཝང་དབུ། །བྱང་གི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། གནོན་པའི་སྟོབས་ཀྱིས་འབྱུང་པོ་ ཚར་གཅོད་ཅིང་། །གནོད་སེམས་ཉེས་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། །གཉན་པོའི་སྟོབས་ཀྱིས་མི་མཐུན་ཟིལ་གྱིས་གནོན། །རྫུ་སྨོན་ལམ་ཀྱང་། འཕྲུལ་དབང་མཛད་ཁམས་གསུམ་པདྨ་འཁྱིལ་བའང་དཔྱད། རྣམ་པར་རྒྱལ། །བདག་རྟོག་ ལོག་ལྟའི་མཚན་མ་ཀུན་བཅོམས་ནས། །ཟ་བྱེད་མཆེ་བས་སྐྱེ་ཤི་རྩད་བཅད་དེ། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པ། །ཁམས་གསུམ་རྣམ་རྒྱལ་མཉེས་ 6-25-20a མཛད་གསོད་བྱེད་མ། །དབྱིངས་ལ་ཡེ་ཤེས་ཉལ་ཞིང་ཐུགས་རྗེ་རྨི། །མཐིང་ནག་གཅེར་བུ་དྲག་པོའི་སྐུར་སྟོན་ཅིང་། །ཐུགས་མཆོག་རྣམ་དག་ཆོས་ཉིད་དབྱིངས་སུ་མཁྱེན། །དེ་ ཕྱིར་ཕྲ་མེན་རྨི་བྱེད་དོམ་གྱི་དབུ། །ཆོས་རྣམས་འབྱེད་པ་མེད་པའི་གནས་གྱུར་པའི། །མཉམ་ཉིད་ངང་དུ་ལོག་ལྟ་སེལ་བྱེད་ཅིང་། །རིག་པ་བསྐྱེད་པས་སོམ་ཉི་ཐེ་ཚོམ་གཅོད། །དེ་ཕྱིར་ཕྲ་མེན་ གསོད་བྱེད་སྲེ་མོའི་དབུ། །བྱང་ཤར་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། འདེབས་འདེགས་པའི་འང་། པའི་སྟོབས་ཀྱིས་ས་བདག་ཚར་གཅོད་ཅིང་། །བརྣབ་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། ། བཟོད་པ་ས་གཞི་ལྟ་བུའི་གོ་ཆ་དགོས། །སྨོན་རྫུ་འཕྲུལ། ལམ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ། །ཐུགས་དམ་དབང་གིས་རྣམ་དག་དབྱིངས་ནས་བསྐུལ། །ཐུགས་རྗེའི་ཤུགས་ ཀྱིས་འགྲོ་བ་གནས་ནས་འདྲེན། །གཉིས་མེད་མཆོད་བསྐུལ་དབུ་མའི་དགྱེས་པ་སྟོབ། །མ་ཧཱ་བ་ལ་མཉེས་མཛད་བསྐྱོད་ཙུནྡ་དང་བསྐུལ་བྱེད་མའང་ཟེར། བྱེད་མ། །ཡེ་ཤེས་ཐུགས་རྗེའི་སྟོབས་ཀྱིས་མཐའ་གཉིས་ གནོན། །ཚམ་རྔམ་རལ་བསིགས་སྤྲུལ་པས་བདུད་དཔུང་འཇོམས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་ཀྱིས་རོལ། །དེ་ཕྱིར་ཕྲ་མེན་སྟོབས་ལྡན་དྲེད་ 6-25-20b ཀྱི་དབུ། །གསུམ་འདུས་གཅོད་པའི་རེག་པར་གྱུར་པ་ནི། །ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཀྱང་། །ཕྱག་རྒྱ་བཞི་རུ་མ་སྐྱེས་དབྱིངས་སུ་འབྲོས། །དེ་ཕྱིར་ཕྲ་མེན་འབྲོས་བྱེད་བྱི་བའི་དབུ། ། འོག་གི་ཁྲོ་བོ་ཡབ་ཡུམ་ཕྲ་མེན་བཅས། །སོགས། འཁོར་བ་རྡོ་རྗེ་བརྗོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེ་བརྗོད་པས་མཐའ་གཉིས་སྤང་། །རྗོད་བྱེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ། ། དེ་ཕྱིར་བརྗོད་མེད་རྡོ་རྗེ་ལྕགས་ཀྱུ་མ། །ཆོས་ཉིད་རྡོ་རྗེས་མཚན་མའི་དངོས་པོ་བཤིག །ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེགས། །ཕྱག་མཚན་རྡོ་རྗེས་དྲེགས་པ་ལྷ་བདུད་འཇོམས། ། དེ་ཕྱིར་འཇོམས་བྱེད་རྡོ་རྗེ་ཞགས་པ་མ། །འཆི་མེད་བདུད་རྩིས་ཡུལ་སེམས་སྐྱེ་འགག་མེད། །གྲུབ་པའི་བདུད་རྩིས་བསམ་པའི་འབྲས་བུ་ཐོབ། །ཐུགས་རྗེས་འགྲོ་བདུད་རྩི་གཏོང་བླ་ མེད་སྒྲུབ། །རྩི་མཆོག་ཡེ་ཤེས་རྡོ་རྗེ་ལྕགས་སྒྲོག་མ། །ཡེ་ཤེས་འཁྲོལ་བྱེད་ཡོན་ཏན་རྒྱ་མཚོ་སྒྲུབ། །ཐུགས་རྗེ་འཁྲོལ་བྱེད་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེས་གཉིས་མེད་ དབྱིངས་སུ་འདུས། །དེ་ཕྱིར་བརླག་བྱེད་རྡོ་རྗེ་དྲིལ་འཁྲོལ་མ། །ཡེ་ཤེས་སྒོ་མ་ཆེན་མོ་བཞི་རྣམས་ཀྱིས། །ཞེས་སོགས། ཕུར་པ་ལྷ་རྒྱུད་ཀྱི་རྟོག་པ་འདི་རྒྱུད་ལུང་མན་ངག་གི་ཡིག་ཆ་རྣམས་གོ་བསྡུར་ཏེ་གབ་དཀྲུགས་རྣམས་ 6-25-21a གོ་རིམ་བསྡེབས་ཤིང་། འགྱུར་ཁྱད་རྣམས་དོན་གང་ལེགས་བཟུང་། ཡིག་སྐྱོན་རྣམས་དག་པར་བྱས་ཏེ། མི་ཕམ་འཇམ་དཔལ་རྡོ་རྗེས་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་གླིང་དུ་དགའ་བ་ཆུ་འབྲུག་ལོའི་སྤྲེལ་ཟླའི་ཡར་ཚེས་གསུམ་པ་ལ་ཡི་གེར་དག་པར་བྲིས་པ་ མངྒ་ལཾ། ༈ །བསྟོད་བསྐུལ་རེ་རེའི་མཐར། དགྲ་བགེགས་ཤ་ཁྲག་མཆོད་པ་འདི་བཞེས་ནས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །ཕ་རོལ་མི་དང་མི་མིན་བསམ་ངན་གྱི། །རིག་སྔགས་རྦོད་གཏོང་ མཐུ་གཏད་ངན་སྦྱོར་སོགས། །མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ། །དམ་ཉམས་བྱད་མ་རང་གཤེད་རང་ལ་ཕོབ། །དགྲ་བགེགས་བྱད་མ་སོད་ ཅིག་མཱ་ར་ཡ༔ ཞེས་སྦྱར། ཀུན་གྱི་མཇུག་ཏུ། ཤྭ་ན་བདག་ཉིད་ས་བདག་ཆེན་མོ་བཞི། །བསེ་ལྕགས་དུང་གི་སྐྱེས་བུ་གིང་ཆེན་གསུམ། །དཀར་བདུད་ལྕམ་དྲལ་འབྱུང་པོ་སེར་པོ་སོགས། །དཔལ་ཆེན་རྡོ་རྗེ་ ཕུར་པའི་སྲུང་མ་རྣམས། །དགྲ་བགེགས་ཤ་ཁྲག་མཆོད་པ༔ སོགས་སྦྱར་རོ། ༈ །ཀྱེ། དགོངས་སུ་གསོལ་ལོ་རིག་འཛིན་རྩ་བ་གསུམ། །གཟིགས་སུ་གསོལ་ལོ་བསྟན་སྲུང་དམ་ཅན་ཚོགས། །མཁྱེན་པར་གསོལ་ལོ་ སྣང་སྲིད་དྲེགས་པའི་ཚོགས། །སྒྲིབ་མེད་སྤྱན་གྱིས་ལེགས་ཉེས་ཤན་ཕྱེས་ཤིག །བསམ་སྦྱོར་མདའ་བཞིན་བསྲངས་པའི་རྣལ་འབྱོར་ལ། །བསླུ་སེམས་གཞུ་བཞིན་འཁྱོགས་པ་སྐྱེ་བོའི་སེམས། །རང་བྱས་མེད་པའི་ 6-25-21b གཞན་བྱས་ངན་པ་ལ། །རྟིང་གཅོད་ཁྱེད་རང་རྣམས་ལས་གཞན་སུ་ཞིག །གལ་ཏེ་རང་ཉིད་བསམ་སྦྱོར་མ་དྲང་ན། །མཁྱེན་ལྡན་རྣམས་ཀྱིས་བདག་ལ་ཅི་ཞིག་བགྱི། །རང་ཉིད་དྲང་བཞིན་གཞན་གྱིས་འཚེ་བ་ན། ། དྲང་མཁན་གཉན་པོ་མེད་དམ་གཉིད་ལ་སོང་། །སྲིད་པའི་མཁའ་ལ་ལེགས་ཉེས་འབྱེད་པའི་སྤྱན། །ཉི་ཟླ་ལྟར་འབར་ནམ་ཡང་མི་བསླུ་བ། །སྣང་ཞིང་སྲིད་པའི་དྲང་མཁན་མཐུ་བོ་ཆེ། །ཁྱོད་ཀྱིས་མི་མཐོང་པ་ནི་ཡོངས་ མེད་ཅིང་། །ཚུལ་ལྡན་རྣམས་ལ་དགྱེས་པའི་སྤྱན་རས་ངོམ། །ཚུལ་མིན་རྣམས་ལ་སྡང་མིག་དྲུག་ཆར་འབེབ། །དེ་རིང་གཟུ་དང་དཔང་པོ་ཁྱོད་ལ་བཅོལ། །ཁྱོད་མིན་རྣལ་འབྱོར་རྣམས་ལ་དཔང་པོ་མེད། །སྣང་སྲིད་གསལ་ བའི་སྤྱན་གྱིས་ད་ལྟོས་ལ། །དྲང་ཤན་འབྱེད་པའི་གནམ་ཐིག་དྲང་པོར་ཐོབས། །ལེགས་ཉེས་རྟིང་གཅོད་འབར་བའི་རལ་གྲི་གདེངས། །ཕྲིན་ལས་དུས་ལ་བབ་པོ་ས་མ་ཡ། །ཟླ་གཉིས་ཚེས་བཅོ་ལྔ་ལ་ལབ་བླ་བྲང་ ཐོག་ཏུ་མི་ཕམ་པས་དགོས་དབང་གིས་བྲིས་སོ། །ཚེ་བདག་ཟློག་ཐུང་ལ། ཁྲོ་མཆོག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་སྒོ་མ་བཞི། །ཕུར་སྲུང་དམ་ཅན་དྲེགས་པའི་ཚོགས་དང་བཅས། ། ཕྲིན་ལས་རྡོ་རྗེ་ཕུར་པའི་ལ་སོགས་ཁ་བསྒྱུར། ཨོཾ་བཛྲ་ཀི་ལི་ཀཱི་ལ༴ མྶ་ར་ཙཀྲ་ཧྲཱི་ཥྚི་ཨ་པ་ན་ཡ༔ ཕ་རོལ་བྱད་མའི་རྦོད་ཟོར་རཾ༔ སརྦ་ཟློག་ཟློག་ཡ༔ གནོད་བྱེད་རྦད་འདྲེ་རྦོད་ཟོར་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་སོ། ། 6-25-22a ༈ ཕུར་པའི་གཏོར་འབུལ་བར་ཆད་ཀུན་སེལ་བཞུགས་སོ། །ཧཱུྃ༔ ཁྲོ་རྒྱལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་བཞེངས། ། ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ། །འཇིགས་བྱེད་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་དང་། །སྤྲུལ་པ་ཡང་སྤྲུལ་སུམ་སྤྲུལ་ཕོ་ཉའི་ཚོགས༔ གདུག་པའི་དགྲ་བགེགས་ཁུག་ལ་ཕུར་པས་རྒྱོབ། །བར་ཆད་དམ་སྲི་ཐལ་ བའི་རྡུལ་དུ་རློག །འདི་རྫོང་འཕྲང་ལས་སོ། །དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི། །ཤ་རི་ཁྲག་མཚོ་འདོད་རྒུའི་བ་ལིངྟ་། །ཡེ་ཤེས་བདུད་རྩིའི་རང་བཞིན་འདི་བཞེས་ལ། །རྣལ་འབྱོར་འདོད་ པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཾ་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨཱཿས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཀའ་བརྒྱད་རྫོང་འཕྲང་ལས་གསུངས་པའི་རྡོ་རྗེའི་ཚིག་ལ་རྗེས་ཀྱི་ཤོ་ལོ་ཀ་ གཅིག་བསྣན་ཏེ་མི་ཕམ་པས་སྦྱར་བ་མངྒ་ལཾ། །ཁྲོས་མནག་མའོ་གཏོར་འབུལ་ནི། གཏོར་མ་ཤ་ལྡ་བདུད་རྩིའི་རང་བཞིན་དུ་བསམ་ལ། ཨར་ལེ་ཕེཾ༔ ཞེས་པས་བླ་མ་མཁའ་འགྲོ་སྦྱན་དྲངས། ཨོཾ་ཤཱི་བཛྲ་བྷར་ཧེ། ཧ་རི་ནི་སར་ ཙ་ཧྲི་ཡ་དཾ་བ་ལ་ལིངྟ་གྷྲིཧྞ་གྷྲིཧྞ་ཁ་ཁ་ཁྭ་ཧི་ཁཱ་ཧི༔ ལན་བདུན་གྱིས་འབུལ། ཧཱུཾ༔ སྐྱེས་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནསཿ འགྲོ་བའི་དོན་མཛད་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་མཐིང་ནག་གཏི་མུག་ 6-25-22b ཕག་གི་དབུ༔ གཅིག་བུ་རྔམ་བརྗེད་འཇིགས་པའི་ཆ་ལུགས་ཅན༔ ཕྱག་གཡས་གྲི་གུག་འབར་བས་ཉོན་མོངས་གཅོད༔ གཡོན་པས་ཐོད་པ་ཁྲག་འཀང་ཞལ་དུས་གསོལ༔ ཕ་རོལ་ཕྱིན་དྲུག་ རུས་པའི་རྒྱན་དྲུག་ལྡན༔ བདེ་ཆེན་ཡབ་དང་གཉིས་མེད་ཁ་ཊྃ་འཛིན༔ ཞབས་གཉིས་བརྐྱང་བ་སྐུམ་རོ་ཡི་གདན་ལ་འགྱིངས༔ བསྐལ་པའི་མེ་དཔུང་ཀློད་ན་ཧཱུྃ་སྒྲ་སྒྲོགས༔ གནས་ གསུམ་མཁའ་འགྲོའི་ཚོགས་རྣམས་དབང་དུ་སྡུད༔ མཆོག་ཐུན་དངོས་གྲུབ་མ་ལུས་ཀུན་སྟེར་མ༔ མཐུན་སྟོབས་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་ སྒྲུབ་པའི་ལྷ༔ རིགས་བཞི་མཁའ་འགྲོ་སྐུ་ལ་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ༔ ལྷ་འདྲེ་མི་གསུམ་མ་ལུས་དབང་དུ་བསྡུས༔ གནོད་བྱེད་ འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློགས༔ རྣམ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཉང་གི་གཏེར་གཞུངས་ལས་སོ། ༈ །ཁྲོས་ནག་བཀའ་སྲུང་སྦྱང་ཞོན་མཆེད་གསུམ་ གསོལ་བྱད་དགྲ་བགེགས་མཐར་བྱེད་བཞུགས། གཏོར་མ་འབྲུ་གསུམ་གྱི་བྱིན་གྱིས་རླབས་ནས། ཧཱུྃ༔ དུར་ཁྲོད་ཁྲག་མཚོ་མེ་རླུང་འཁྲུགས་པའི་ཀློང་། །སྤྱང་ཞོན་མག་མོ་གྲི་གུག་ཐོད་ཁྲག་འཛིན། །སྟག་ 6-25-23a ཞོན་མར་མོ་གྲི་གུག་སྦྲུལ་ཞགས་ཐོགས། །འཕར་ཞོན་སྔོན་མོ་གྲི་གུག་ལྕགས་ཀྱུ་བསྣབས། །ལས་བྱེད་ཕོ་ཉ་བྱེ་བ་འབུམ་གྱིས་བསྐོར། །ཨུ་རྒྱན་སྨུག་ནག་འཁྲིགས་ པའི་དུར་ཁྲོད་ནས། སྐད་ཅིག་ཡུད་ལ་གནས་འདིར་གཤེགས་སུ་གསོལ། །བདུད་རྕེ་སྨན་རག་གཏོར་མའི་མཆོད་པ་བཞེས། །པདྨ་ཐོད་ཕྲེང་དགྱེས་མཛད་ཁྲོས་མ་ཡི། །བཀའ་བཞིན་སྒྲུབ་ པའི་རྣལ་འབྱོར་བདག་ཅག་གི། །འགལ་རྐྱེན་ཀུབ་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །དགྲ་སོད་བགེགས་ཐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་བྷྱོ་ཛཿམ་ཧཱ་བ་ལིངྟ་ཁཱ་ཧཱི། ཞེས་པའང་འཛམ་ དཔལ་དགྱེས་པའི་རྡོ་རྫེས་རྣམས་རྒྱལ་ལོའི་མགོ་ཟླའི་ཚེས་གཅིག་ལ་པདྨ་བདེ་ལྡན་དུ་སྦྱར་བ་མངྒ་ལཾཿ། ༈ །ཕུར་པའི་བཀའ་སྲུང་གི་གསོལ་མཆོད་སྙིང་པོ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །བྲན་དང་བཀའ་ཉན་ ཕོ་ཉའི་ཚོགས། །ཤོ་ན་བདག་ཉིད་ས་བདག་མ། །བསེ་ལྕགས་དུང་གི་སྐྱེས་བུ་སོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབ། །དམ་རྫས་གཏོར་མ་འདི་བཞེས་ལ། །སྔོན་ཆད་ཇི་ལྟར་དམ་ བཅས་བཞིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་བ་ལིངྟ་ཁཱ་ཧི། གཞུང་ལས་དྷཱི་ཡིས་བཏུས་པ་དགེ། ༈ ཧཱུྃ༔ ཁྲག་འཐུང་པདྨ་དྲག་པོ་ཡི། ། 6-25-23b སྤྱན་སྔར་ཁས་བླངས་དམ་བཅས་པའི། །གཏེར་སྲུང་བདུད་བཙན་ཀླུ་གསུམ་པོ། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །མི་མཐུན་རྐྱེན་བཟློག་དགྲ་བགེགས་ཐུལ། །བཅོལ་བའི་ ཕྲིན་ལས་འགྲུབ་པར་མཛོད། །མ་ར་དུ་ཤུ་ལ་ཙ་ནཱ་ག་ཕུ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། མི་ཕམ་པས་སོ། ༈ །ཕུར་བའི་སྒོ་ནས་མཐུ་བཟློག་རྡོ་ཟོར་གྱི་ལག་ལེན་གསལ་པོར་བཀོད་པ་གནམ་ལྕགས་ ཐོག་ཟེར་བཞུགས་སོ། །ན་མོ་གུ་རུ་ཀྲོ་དྷ་ར་ཛཱ་ཡ། འདིར་ཐབས་ཞགས་ཀྱི་རྒྱུད་ལས་རིག་སྔགས་གཅོད་པའི་མན་ངག་གསུངས་པ་དང་། གུ་རུ་རཏྣ་གླིང་པའི་གཏེར་ཁ་ལས་རྡོ་ཟོར་གྱི་སྔགས་ཚན་གཉིས་བྱུང་བ་དགོངས་པ་བསྡེབ་ ཏེ་འགོད་པ་ལ་ལྷ་དང་མཁའ་འགྲོས་གནང་བ་སྩལ་དུ་གསོལ། དེ་ཡང་རྡོ་རྗེ་ཕུར་པའི་ཆོ་གའི་གཞུང་བསྲངས་ལ། ལས་སྦྱོར་རྡོ་ཟོར་བསྒྲུབ་བར་བྱ་སྟེ། ཕྱར་ནག་གམ་ཕུབ་བམ་སླ་ངའི་ནང་དུ། བྲག་རྒོད་ཀྱི་རྡོ་དམར་པོའམ་ནག་པོ་ཟུར་ གསུམ་ཆེ་བ་དབུས་སུ་བཞག །གཞན་བྲག་ནག་ཆུ་འགྲམ་རྡོ་ནག་དུ་མས་མཐའ་བསྐོར་ཏེ་བཞག །མཚལ་དང་དུག་ཁྲག་སྦྱར་བས་རྡོ་རྣམས་ལ། ཨོཾ་གུ་རུ་ཧ་རི་ནི་ས༔ ད་པ་ཤ་སྲོག་དུ༔ རྡོ་པ་ཤ་སྲོག་དུ༔ ནི་པ་ཤ་སྲོག་དུ༔ ནི་ཧྲི་ ཞེས་པ། ད་པ་ཤ་སོགས། ནཱ་ག་ཁམས་གསུམ་བཅས་བཞི་པོའི་མགོ་ལ་སྦྱར་འདུག །འདི་ཁང་སེལ་ཞིང་སེལ་གྱི་སྔགས་སུ་འདུག །ནི་ཡིན་ནམ་དཔྱད། ནི་བ་ཤའི་རྗེས། གུམ་པ་ཤ་སྲོག་དུ་ཞེས་པ་ལས་རྒྱུད་ན་འདུག །ནཱ་ག་ཁམས་གསུམ་ 6-25-24a སྦུར་ཤིགས་ཀྱང་། ཡ༔ བཟློག་བཟློག་བྷྱོ་བྷྱོཿ ཞེས་བྲིས། གལ་ཏེ་རྡོ་རང་ལ་བྲི་མ་བདེ་ན་དུག་ཤོག་ལ་བྲིས་ཏེ་སྦྱར། གཞན་ཡང་ཁྲག་གིས་རྡོ་རྣམས་ལ་བྷྱོ་བྷྱོ་བཟློག་བཟློག་གང་ཤོང་བྲིས་རྡོ་ཟོར་རྣམས་བལ་ཚོན་གྱི་ནང་དུ་གཏུམས་ལ་བཅིངས། རུས་པ་དང་ ཁྲག་གིས་བརྒྱན་ལ་བཞག་གོ། ཕུར་པའི་བསྙེན་པ་སྤུ་གྲིའི་སྔགས་བཅས་ཅི་རིགས་བཟླས་པའི་རྗེས་སུ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཁོག་པ་ཁ་ཕྱེ་བ་ལས་པགས་པ་ས་གཞིར་གྱུར་པའི་སྟེང་དུ་དེའི། རུ་དྲའི་ཀེང་རུས་ལས་གྲུབ་པའི་རི་རབ་ཆེན་པོ་ མཚོན་ཆ་སྣ་ཚོགས་འབར་བའི་ནགས་ཚལ་འཁྲིགས་པ། དུག་རླངས་མེ་རི་དམར་ནག་དུ་འབར་བ། མཐོང་བ་ཙམ་གྱིས་འཇིགས་ཤིང་ཡ་ང་བའི་རང་བཞིན་ཅན། ཁྲག་གི་རྒྱ་མཚོ་ཆེན་པོའི་རྦ་རླབས་ དྲག་ཏུ་འཁྲུགས་པའི་དབུས་ནས་ཐོལ་གྱིས་སྐྱེས་པ་དེ་ལ། ཡེ་ཤེས་དང་འཇིག་རྟེན་པའི་དྲེགས་བྱེད་ཐམས་ཅད་ཀྱི་མཐུ་དང་ནུས་པ་འཇིག་རྟེན་ཁམས་ཀྱི་ནད་མཚོན་དུག་སོགས་དྲག་པོའི་རྫས་ཀྱི་ ནུས་པ་ཐམས་ཅད་བསྡུས་ནས་ཐིམ་པར་བསམ་ལ། རྡོ་ཟོར་སྒྲུབ་པའི་སྔགས་འདི་བདུན་སོགས་བརྗོད་དོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། ནཱ་ག་ཐུཾ་ཐུཾ་མཱ་ར་ ཡ་དུག་ཐུམ་རིལ་བྷྱོ། ཞེས་སོ། །སྐབས་འདིར་ཚོགས་ཀྱི་མཆོད་བཤགས་སྐོང་བ་བསྒྲལ་སྟོབ་བཅས་སོང་ནས། དེ་ནས་གསེར་སྐྱེམས་དང་། གཟུ་དཔང་བྱ། ཤ་ཁྲག་དང་ལིང་ག་ལ་དམིགས་ཏེ་འགུགས་གཞུག་དྲག་པོ་བྱས་ནས། ཨོཾ་ཨེ་ཨ་ར་ལི་ 6-25-24b ཧོ་ཧྲིཾ་ཧྲིཾ་ཧྲིཾཿ ཞེས་བརྗོད་པས་ཕྱོགས་བཅུ་ན་བཞུགས་པའི་ཁྲོ་བོ་ཐམས་ཅད་འཁོར་དང་བཅས་པ་སྤྱན་དྲངས། ཧཱུྃ། ལྷ་མོ་བློ་ལྡན་ཚོགས་ཀྱི་བདག །ཧེ་རུ་དཔལ་ལ་ཕྱག་འཚལ་ལོ། ། སློབ་དཔོན་ལ་ནི་བརྙས་བྱེད་ དང་། །རྣལ་འབྱོར་བར་དུ་གཅོད་པ་དང་། །དམ་ཚིག་གཉན་པོ་འདྲལ་བ་དང་། །རྡོ་རྗེའི་སྤུན་ལ་འཁུ་བ་དང་། །བདག་ལ་བསམ་ངན་སྦྱོར་རྩུབ་བྱེད། །བྱད་ཁ་རྦོད་གཏོང་བྱེད་པ་རྣམས། །ཁྱེད་ཀྱིས་རྡུལ་དུ་བརླག་ནས་ནི། །གནོད་ སེམས་མ་ལུས་གཏན་ནས་ཕྱུངས། །ཞེས་བྱས་ལ་དགྲ་བོ་རིག་སྔགས་དང་བཅས་པ་བཀུག་པའི་གཟུགས་ལ། ཕུར་པས་བཏབ་སྟེ། ཀཱི་ལ་ཡ་འབྲུ་བཅོ་བརྒྱད་པ་སྤུ་གྲི་ཚར་གཅིག་གིས་བསྒྲལ། དཀྱིལ་འཁོར་གྱི་ལྷ་དང་རྫས་ཀྱི་ ཕུར་པ་དང་རྡོ་ཡི་ཟོར་དེ་ལས་དྲག་པོ་མཚོན་ཆའི་ཆར་པ་ཐོག་ལྟར་བབ་པས། དགྲ་བགེགས་བྱད་མའི་ཕུང་པོ་རིག་སྔགས་ཀྱི་ནུས་པ་དང་བཅས་པ་ཚལ་པ་དུམ་བུར་གཏུབ་པར་བསམ་ལ། ཐབས་ ཞགས་ལས་གསུངས་པའི་རིག་སྔགས་གཅོད་པའི་དྲག་སྔགས་ཁྱད་པར་ཅན་བཟླས་པ་ཙམ་གྱིས་དྲེགས་པ་ཅན་ཐམས་ཅད་བརྒྱལ་ཞིང་གཅོད་པར་བྱེད་པ་འདི་ཅི་ནུས་བཟླས་ལ་ལིངྒ་དུམ་བུར་གཏུབ་བོ། །ཨོཾ་བཛྲ་ཛྭ་ལ་བཛྲ་ཧཱུྃ། མནྟྲ་སུམྦྷ་ནི་ཨོཾ་བཛྲ་ ཛྭ་ལ་ཧཱུྃ། ཨོཾ་བྷྲཱུྃ་ཧཱུྃ་བྷྲཱུྃ་ཏྲཱྃ་བྷྲཱུྃ་ཧྲཱིཿབྷྲཱུྃ་ཨཱཿབྷྲཱུྃཿ དེ་ནས། དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། 6-25-25a བསྟབ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་དང་མཉམ་པ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་དང་ཁྲོ་བོ་ཁྲོ་མོ་མ་མོ་མཁའ་ འགྲོ་ཕྲ་མེན་ལས་བྱེད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་གད་བརྒྱངས་དི་རི་རི་གསོལ་ཞིང་རྣལ་འབྱོར་བ་བདག་གི་བགོ་བའི་བཀའ་ལ་ཉན་ནས་དགྲ་བགེགས་བཟློག་བསད་ཀྱི་ལས་ལ་རྔམ་པས་ དྲག་པོའི་ཕྲིན་ལས་མཛད་པར་བསམ་ལ། རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱིས་མཆོད། འབྱུང་པོའི་ཤ་ནི་ཤིན་ཏུ་ཞིམ། །འབྱུང་པོའི་ཁྲག་ནི་ཤིན་ཏུ་ཞིམ། །འབྱུང་པོའི་རུས་པ་ ཞིམ་པ་སྟེ། །གསོལ་ཏེ་ཐམས་ཅད་དགྱེས་པར་མཛོད། །བཛྲ་པུཥྤེ་སོགས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧེས་བདུད་རྩི། མ་ཧཱ་རཀྟ་ཁཱ་ཧེས་ཁྲག་མཆོག །བསྐལ་པ་མེ་ལྟར་མས་བསྟོད། ཨེ་མའོ་ཆོས་ ཀྱི་དོན་འབྱུང་བ། །ཆོས་དོན་དག་པ་བདག་མེད་པ། །ནམ་མཁའ་དང་ནི་མཉམ་པའི་གནས། །རྡོ་རྗེ་རྒྱལ་པོར་ཕྱག་འཚལ་བསྟོད། །ཅེས་བྱས་ལ་རོལ་མོ་དང་བཅས་ཐུན་གཏོར་གཞུང་ལྟར་འབུལ། དེ་ནས་ཕུར་ པའི་ལྷ་རྒྱུད་བསྐུལ་བ། ཧཱུྃ། ཤིན་ཏུ་མི་བཟད་དཔལ་ཆེན་སོགས། དབུས་ཕྱོགས་གཙོ་བོ་ཡབ་ཡུམ་ཕྲ་མེན་བཅས། །དགྲ་བགེགས་ཤ་ཁྲག་མཆོད་པ་འདི་བཞེས་ནས། །རྣལ་འབྱོར་བདག་ཅག་ 6-25-25b འཁོར་དང་བཅས་པ་ལ། །ཕ་རོལ་མི་དང་མི་མིན་བསམ་ངན་གྱིས། །རིག་སྔགས་རྦོད་གཏོང་མཐུ་གཏད་ངན་སྦྱོར་སོགས། །མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་རྣམས་ཀུན། །བཟློག་ ཅིང་བསྒྱུར་བའི་ཕྲིན་ལས་དུས་ལ་བབ། །དམ་ཉམས་བྱད་མ་རང་གཤེད་རང་ལ་ཕོབ། །དགྲ་བགེགས་བྱད་མ་སོད་ཅིག་མཱ་ར་ཡ། །ཞེས་བཏགས་པ་ཁྲོ་བཅུ་སྒོ་མ་ཕུར་སྲུང་བཅས་ཀྱི་བར་དུ་དེ་ལྟར་སྦྱར་ ཞིང་ལིང་རོ་ཟོར་རྩར་འབུལ། དེ་ནས། དལ་གྱི་ལྷ་རྣམས་ཀྱི་ཞལ་ཕྱིར་གཟིགས་ནས་བཟློག་སྔགས་འབྲུག་སྟོང་ལྟར་བསྒྲགས་ཤིང་། ཁྲོ་ཚོགས་མེ་མཚོན་དྲག་པོའི་ཐོག་ཆར་འཕྲོས་པས་བདག་ འཁོར་དང་བཅས་པའི་འགལ་རྐྱེན་གནོད་པ་བར་ཆད་ཅི་ཡོད་པ་ཐམས་ཅད་སྦུར་མ་རླུང་གིས་ཁྱེར་བ་ལྟར་ཕྱིར་དེད་པ་དང་བཅས་ཏེ་ཁྲོ་བོ་དང་དྲེགས་པའི་དམག་དེ་དག་དགྲ་བགེགས་བྱད་མའི་སྟེང་དུ་ ཕབ་པས་སྲུང་བའི་གུར་བཅོམ་ནས་སྡེ་དང་རིས་སུ་གཏོགས་པ་ཐམས་ཅད་ཐལ་བ་རྡུལ་དུ་བརླག་སྟེ་རྗེས་ཤུལ་མེད་པར་བྱས་པར་བསམ་ལ། ཕྲེང་བ་ཕྱིར་བསྒྱུར་ཏེ། ཨོཾ་གུ་རུ་ཧ་རི་ནི་ས་ད་པ་ཤ་སོགས་ གོང་གི་སྔགས་དེ་བདུན་དང་ཉེར་གཅིག་བརྒྱ་སོགས་སྐབས་བསྟུན་དང་། དྲག་སྔགས་གནམ་ལྕགས་ཐོག་གི་སྤུ་གྲི་བཟློག་པ་ཐུབ་ཆོད་ཟབ་མོ་འདི་ཅི་ནུས་སུ་བཟླ་བར་བྱའོ། །བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ། བདུད་པྲ་མཱ་ར་ཡ་རྦད་ནན། 6-25-26a ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཛ་དུན་ལིང་ཤག་རྦད་ནན༔ ཤིག་ཤིག་རྦད་ནན༔ དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནནཿ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་སོ། །སྔགས་འདིས་ཕྱི་ནང་སྡེ་བརྒྱད་རྦད་འདྲེ་རྦོད་གཏོང་ཀུན་དང་། ཐ་ན་གཅན་གཟན་དང་སྦྲང་བུ་ཡན་ཆད་ཀྱི་ཉེ་བར་འཚེ་བ་ཐམས་ཅད་ཁ་འཆིང་ཞིང་བཟློག་པར་བྱེད་དོ། །རང་ལ་གཞན་གྱི་རྦོད་གཏོང་ སོགས་ཚབས་ཆེ་ན། ཉི་ནག་དང་ཁྱབ་འཇུག་རྒྱུ་དུས་སོགས་དུས་རྩུབ་མོ་བྱུང་བ་ལ་བཟླ་ཞིང་། ཐོག་སེར་འབབ་པ་སོགས་ཉམ་ང་དང་ཉེར་འཚེ་བྱུང་དུས་བྱ་ཡི་ཤིན་ཏུ་གཉན་པས་གར་ཐོད་ཐོད་མི་བྱ་ཞེས་གསུངས་སོ། །སྔགས་བཟླས་པའི་ཡུངས་ཀར་ གྱིས་རྡོ་ཟོར་ལ་བྲབས་པར་བྱའོ། །མཐར་བདེན་སྟོབས་བརྗོད་ལ་ཐལ་མོ་གདབ། ཀ་དམ་པའི་ཕུར་ནག་གི་བཟློག་བྱང་སོགས་བཟློག་བྱང་ཅི་རིགས་བཏོན་ཀྱང་ལེགས་སོ། །དེ་ནས་གསོལ་ཁ་སོགས་དཀྱུས་ལྟར་བྱ། དེ་ལྟར་ཞག་གཅིག་ གམ་གསུམ་སོགས་སྐབས་དང་བསྟུན་ཏེ་བསྒྲུབས་པའི་མཐར། གསེར་སྐྱེམས་སྒོ་དབྱེ་དང་ཟོར་འཕེན་པའི་ཚིག་རྒྱས་བསྡུས་གང་འོས་རྗེས། རང་རྡོ་རྗེ་གཞོན་ནུར་གསལ་བའི་ཕྱག་གཡས་ན། གདུག་པའི་རྡོ་ཟོར་ཆེན་ པོ་ནད་མཚོན་དུག་གི་མེ་དཔུང་དམར་ནག་ཏུ་འབར་བ་དེ་ཉིད་དགྲ་བགེགས་བྱད་མ་གང་དུ་གནས་པའི་སྟེང་དུ་གནམ་ལྕགས་ཀྱི་ཐོག་བབ་པ་ལྟར་བརྒྱབ་པས་སྲུང་གུར་ལུས་སྲོག་ཡུལ་ཁམས་དང་བཅས་ 6-25-26b པ། སྒོ་ང་བྲག་གིས་བཅར་བ་ལྟར་བརླག་ནས་རིམ་པར་འོག་གཞིའི་འབྱུང་བ་བཞི་ཡི་དཀྱིལ་འཁོར་དང་བསྲེས་ཏེ་རྣམ་པར་ཤེས་པ་དྲག་པོའི་ནམ་མཁའ་མཐིང་ནག་ཨེ་དབྱིངས་མུ་མེད་མཐའ་བྲལ་ཆོས་ཉིད་ ཆོས་སྐུའི་ཀློང་དུ་ཐིམ་ནས་གནོད་པའི་བསམ་སྦྱོར་ནམ་ཡང་མི་སྐྱེ་བར་འཁྲུལ་སྣང་རྒྱུན་ཆད་དེ་སངས་རྒྱས་པར་བསམ་ལ། རྡོ་ཟོར་ལག་ཏུ་ཐོགས་ནས་འཕེན་སྟངས་བཅས། རྡོ་ཟོར་སྔགས་ད་པ་ཤ་ཅན་ཚར་གསུམ། ཐུབ་ཆོད་སྤུ་གྲི་ཚར་བདུན་ཙམ་བཟླ་ཞིང་། ཡང་ཡང་དམིགས་པ་གསལ་ངེས་ལན་གསུམ་བསྐྱར་ལ། ཕྱོགས་བཞིའམ། གང་གནོད་ཕྱོགས་སུ། དགུ་སྟོང་སོགས་ལ་ལག་པའམ་འུར་རྡོས་འཕང་། འདི་དང་མཉམ་དུ་གཏོར་བཟློག་གཞན་གྲུབ་ནའང་ ལེགས་སྟེ་ཟོར་རྣམས་ཁྱིམ་མམ་གྲོང་གི་མཐའ་བསྐོར་ཏེ་གནོད་པའི་ཕྱོགས་སུ་འཕང་། བདེན་བརྡར་དམོད་བཅོལ་བྱ་ཞིང་གཡབ་མོ་བརྡབ། དེས་བན་བོན་སྟོང་གིས་བྲུབས་ཀྱང་ནུབ་གཅིག་གིས་འཇོམས་ཞིང་རང་གཤེད་འབེབ་པར་བྱེད་པ་དང་ལྷ་སྲིན་ སྡེ་བརྒྱད་ཀྱི་གནོད་པ་ཐམས་ཅད་ཧུར་ཐུམ་དུ་བཟློག་པ་ཟབ་པའི་མཐར་ཐུག་གོ། ས་མ་ཡཱ་རྒྱ། གསང་རྒྱཿ ཚུལ་འདིས་ཕ་རོལ་གྱི་རིག་སྔགས་གཅོད་པའི་ལས་མཐའ་སྦྱིན་བསྲེག་བྱ་ན། སྐུད་པ་ནག་པོས་བཅིངས་པའི་རྩྭ་གཟུགས་ཀྱི་ལིངྒའི་ ཁོང་པར། ནྲྀ་དང་ཏྲི་ལ་ཕ་རོལ་བྱད་མ་ཆེ་གེ་མོ་རིགས་སྔགས་ཀྱི་ནུས་པ་དང་བཅས་པ་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿཞེས་བྲིས་པའི་ཤོག་བྱང་གཞུག་ཕ་རོལ་གྱི་ཟག་རྫས་བྱུགས་ན་མྱུར། མེད་ཀྱང་ཆོག་གོ། འདི་བཅས་ནས་རྡོ་ཟོར་གྱི་གམ་དུ་བཞག་ 6-25-27a སྟེ་བྱད་མའི་རྣམ་ཤེས་དེ་ལ་བསྟིམ་པ་ཞལ་ཤེས་སོ། །དེ་ནས་བདག་དཔལ་ཆེན་པོ་ཡང་ཕུར་གང་རུང་སོགས་སུ་གསལ་ལ། འཁོར་ཀོ་སེང་དང་བཀའ་ཉན་གྱི་ཚོགས་ཁྲོ་བོ་བཅུ་སོགས་ཀྱིས་བསྐོར་བར་ གསལ། གོང་ལྟར་ཨོཾ་ཨེ་ཨཱ་ར་ལི་སོགས་ཀྱི་ཁྲོ་ཚོགས་སྤྱན་དྲངས་པ་དང་བསྐུལ་ཏེ་ཕོ་ཉ་བཏང་བས་བྱད་མ་དང་། རིག་སྔགས་ཐམས་ཅད་བཀུག་སྟེ་དམིགས་རྟེན་དེ་ལ་བསྟིམ། གོང་ལྟར་ཕུར་བུས་གདབ་ཅིང་། རིག་སྔགས་ གཅོད་པའི་སྔགས་བཟླ་བཞིན་མཚོན་ཆས་གཏུབས་ནས། དུག་ཅན་དང་ཚེར་མ་ཅན་གྱི་ཤིང་གི་ཧོམ་དུ་མེ་སྦར་ལ་རཾ་ལས་དྲག་པོའི་མེ་ལྷའི་ལྟོ་བར་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྐད་ཅིག་གིས་བསྐྱེད་ལ། དགྲ་བགེགས་བསྒྲལ་བའི་ཤ་ རི་སོགས་གོང་ལྟར། རྩ་སྔགས་དང་། ཧཱུྃ་ཧ་ཕཊ་བྷྱོ་རཾ། ལ་གཏོར་སྔགས་བཏགས་པས་འབུལ། འབྱུང་པོའི་ཤ་ནི་སོགས་ཉེར་སྤྱོད་སྨན་རག་བཅས་པས་མཆོད་ཅིང་། ཚ་རྩུབ་གནག་པའི་ཤིང་དང་ལིང་རོ་ཤ་ཁྲག་ཆང་དང་སྦྱར་བ་ བསྲེགས་ལ། རྩ་སྔགས་དང་། གནོད་བྱེད་དགྲ་བགེགས་བྱད་མ་རིག་སྔགས་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨགྣེ་ཛྭ་ལ་རཾ། ཞེས་ཅི་རིགས་པར་འབུལ། སྤྲོ་ན་ལྷ་རྒྱུད་ཀྱི་བསྐུལ་བའི་རྗེས་སུ། བསྟབ་པའི་འཕྱོང་ཚིག་བཅས་ལྷ་ རེ་རེ་བཅས་འབུལ་ལོ། །ལྷ་རྣམས་ཀྱི་ཧ་ཧའི་སྒྲ་དང་བཅས་ཏེ་ལྷག་མེད་གསོལ་བར་བསམ། སླར་མཆོད་ཅིང་། བསྐལ་པ་མེ་ལྟར་འབར་བ་ཡི་སོགས་ཀྱིས་བསྟོད་པའི་རྡོ་རྗེའི་གླུ་དང་གར་གྱིས་མཉེས་པར་བྱས་ནས་མི་དམིགས་པར་ 6-25-27b བསམ་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ། །གལ་ཏེ་མནན་པ་བྱེད་ན་སྲེག་པའི་ཐལ་བ་ཆ་གཅིག་ཟོར་དང་མཉམ་དུ་རླུང་ལ་བསྐུར། ཆ་གཅིག་གམ་ཆ་ཤས་ལས་བརྣག་པའི་རུ་པ་སྲོག་ཡིག་ལྡན་པར་བཟོས་པ། དེ་ལ་བྱད་མ་དང་དེའི་རིགས་ སྔགས་ཀྱི་ནུས་པ་ཐམས་ཅད་བཀུག་ནས་བསྟིམ་པ་ནན་ཏན་བྱས་ལ། སྒོ་ཐེམ་གྱི་འོག་དོང་གྲུ་གསུམ་ནང་མགོ་མཇུག་བཟློག་སྟེ་འཕང་བ་འབྱུང་བཞིའི་རྔམས་འོག་ཐར་མེད་ཨེ་ཁང་དུ་ཚུད་དེ་སྙིང་སྟེང་རི་རབ་ལྟ་བུའི་ཕུར་པའི་གཟེར་ཐེབ། སླར་དེ་སྟེང་འབྱུང་བ་རིམ་བརྩེགས་སྟེང་ལྷའི་ཕོ་བྲང་བཅོས་པས་ནམ་ཡང་ལྡང་བ་མེད་པར་བསམ་ལ། རྩ་སྔགས་ལ་དགྲ་བགེགས་བྱད་མ་རིག་སྔགས་ཀྱི་ནུས་པ་དང་བཅས་པ། ཏྲིག་ནན་ཨེ་ཧུར་ཐུམ་མཱ་ར་ཡ་རྦད། སྟཱ་མྦྷ་ཡ་ ནན་མནན་སྔགས་གཞན་ཡང་བཟླས་ཆོག་ཞེས་བྲོ་བརྡུང་བྱའོ། །ཚུལ་དེ་དག་གིས་ཕ་རོལ་བྱད་མའི་རིགས་སྔགས་རྦོད་གཏོང་ཐམས་ཅད་གཏན་བརླག་ཏུ་བྱེད་པར་གདོན་མི་ཟ་བས་གསང་ཏེ་སྙིང་ལ་འཆང་བར་བྱའོ། །ཨེ་མ་སྔ་འགྱུར་གདམས་པ་ངོ་མཚར་ཆེ། །འདི་ལ་བརྟེན་ནས་ ཕྱོགས་ཀྱི་བྱད་མའི་དཔུང་། །ཆེས་མང་ནགས་ཚལ་མེ་ཡིས་འཇོམས་ལྟར་བཏང་། །ཆུ་སྟག་དགུན་ཕྱོགས་ཆོས་འདི་ཉི་ལྟར་གསལ། །འདོན་ཆ་མང་བ་ཙམ་ཞིག་གཙོ་བོ་མིན། །སྔགས་དམིགས་ ལག་ལེན་ཟབ་པ་མཆོག་ཏུ་བསྔགས། །འདི་བཞིན་ཉམས་སུ་ལོངས་དང་ཕས་རྒོལ་གྱི། །གཡུལ་ལས་རྣམ་རྒྱལ་སྙན་གྲགས་འབྲུག་སྒྲ་སྒྲོགས། ཧ་ཧ། ཞེས་པའང་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་རང་ཉིད་ལ་དགོས་པའི་ 6-25-28a དོན་དུ་བསྡེབ་ཅིང་ལག་ཏུ་བླང་པས་ཡིད་ཆེས་ངོ་མཚར་གྱི་འབྲས་བུ་མཐོང་བ་ཤིན་ཏུ་ཟབ་ཅིང་གསང་བ་ཨི་ཐི་རྒྱ། ཤུ་བྷཾ་མངྒ་ལཾ། ༈ །ཨོཾ་ཨཱཿཧཱུྃ། རུ་དྲའི་ཀེང་རུས་ལས་ གྲུབ་པའི་རི་རབ་ཆེན་པོ་མཚོན་ཆ་སྣ་ཚོགས་འབར་བའི་ནགས་ཚལ་འཁྲིགས་པ་དུག་རླངས་དང་མེ་རི་དམར་ནག་ཏུ་འབར་བ། མཐོང་བ་ཙམ་གྱི་འཇིགས་ཤིང་ཡ་ང་བའི་རང་བཞིན་ཅན། ཁྲག་གི་རྒྱ་མཚོ་ཆེན་པོ་རྦ་ཀློང་དྲག་ཏུ་འཁྲུགས་པའི་དབུས་ནས་ཐོལ་གྱིས་སྐྱེས་པ་དེ་ལ་ཡེ་ཤེས་འཇིག་རྟེན་པའི་དྲེགས་བྱེད་ཐམས་ཅད་ཀྱི་མཐུ་དང་ནུས་པ། འཇིག་རྟེན་ཁམས་ཀྱི་ནད་མཚོན་ དུག་སོགས་དྲག་པོའི་རྫས་ཀྱི་ནུས་པ་ཐམས་ཅད་བསྡུས་ནས་ཐིམ་པར་གྱུར། རྡོ་ཡི་ཟོར་དེ་ལས་དྲག་པོ་མཚོན་ཆའི་ཆར་བབ་པས་དགྲ་བགེགས་བྱད་མ་ཐམས་ཅད་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་ གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་སྟོང་གསུམ་དང་མཉམ་པ་ལ། ཁྲོ་བོ་ཁྲོ་མོ་མ་མོ་མཁའ་འགྲོ་ཕྲ་མེན་ལས་བྱེད་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་གད་རྒྱངས་དི་རི་རི་རོལ་ཞིང་རྣལ་འབྱོར་པ་བདག་གི་ བགོ་བའི་བཀའ་ལ་ཉན་ནས་དགྲ་བགེགས་བཟློག་བསད་ཀྱི་ལས་ལ་རྔམ་པར་གྱུར། ཁྲག་སྐྱེམས་མཆོད་ལ། ཧཱུྃ། བརྒྱུད་པ་དགུ་ལྡན་རིག་འཛིན་བླ་མའི་ཚོགས། །དུས་འདིར་བསྟན་པ་གཉན་ལ་ 6-25-28b དགྲ་དར་ཞིང་། །བསྟན་འཛིན་རྣལ་འབྱོར་རྣམས་ལ་དགྲ་ལངས་ན། །མ་གཡེལ་ཐུགས་རྗེ་ཁྲོས་པའི་བརྟུལ་ཞུགས་ཀྱིས། །དྲང་སྲོང་དམོད་པ་ལས་ཀྱི་སྐུར་བཞེངས་ནས། །དགྲ་བགེགས་ཤ་ཁྲག་མཆོད་པ་འདི་བཞེས་ལ། །རིགས་ སྔགས་རྦོད་གཏོང་བྱེད་པའི་དམ་ཉམས་འདིའི། །སྲུང་བའི་གུར་ཁང་རྡོ་རྗེའི་མཚོན་གྱིས་ཆོམས། །འགོ་བའི་ལྷ་སྲུང་གནོད་པའི་བདུད་དུ་ཕོབས། །དམོད་པའི་སྔགས་ནུས་ཁོ་ལ་སྨིན་པར་གྱིས། །ལུས་ལ་མཚོན་ཆ་སྣ་ཚོགས་ཆར་ ཕོབས་ལ། །རྣམ་ཤེས་ལུས་སྲོག་རྟེན་དང་ཕྲོལ་ལ་ཐོང་། །གནོད་བྱེད་བྱད་མ་བསད་པའི་དུས། །རྦོད་གཏོང་རིག་སྔགས་བཟློག་པའི་ལས་མཛོད་ཅིག །མི་མཐུན་འགལ་རྐྱེན་བཟློག་པའི་ལས་ མཛོད་ཅིག །ཡེ་ཤེས་ཀློང་དགུ་འབར་བའི་གཞལ་ཡས་ནས། །རབ་འབྱམས་ཡི་དམ་ཁྲོ་བོའི་ལྷ་ཚོགས་རྣམས། །དགྲ་བགེགས་ཤ་ཁྲག་སོགས་གོང་ལྟར། ཁྱད་པར་ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས། །ལྷ་མཆོག་ རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ། །སྲས་མཆོག་ཁྲོ་བཅུ་ཡབ་ཡུམ་ཕྲ་མེན་དང་། །སྒོ་སྐྱོང་ཕུར་སྲུང་དམ་ཅན་དྲེགས་པའི་ཚོགས། །དགྲ་བགེགས་ཤ་ཁྲག་སོགས། ཁམས་གསུམ་ས་དགུ་གནས་ཀྱི་དུར་ཁྲོད་ནས། །ཡེ་ ཤེས་འཇིག་རྟེན་ལས་ཀྱི་ཌཱ་ཀྐི་མ། །འབུམ་ཕྲག་ཡངས་པ་ཆེན་པོའི་ལྷ་ཚོགས་རྣམས། །དགྲ་བགེགས་ཤ་ཁྲག་སོགས། ཕྲིན་ལས་དྲག་པོ་སྒྲོལ་བྱེད་གཞལ་ཡས་ནས། །ཡེ་ཤེས་འཇིག་རྟེན་བསྟན་སྲུང་དྲེགས་བྱེད་ཚོགས། ། 6-25-29a སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །དགྲ་བགེགས་ཤ་ཁྲག་སོགས། ཧོ། དགོངས་སུ་གསོལ་ལོ་རབ་འབྱམས་རྩ་བ་གསུམ། །ཉེས་མེད་བདག་ལ་འཚེ་ ཞིང་བར་གཅོད་པའི། །དགྲ་བགེགས་བྱད་མ་བསྒྲལ་བའི་དུས་ལ་བབ། །ཐུགས་དམ་མ་གཡེལ་བཅོལ་བའི་ལས་འདི་སྒྲུབས། །མཁའ་མཉམ་ཆོས་དབྱིངས་དྲག་པོའི་གཞལ་ཡས་ནས། ། རབ་ཁྲོས་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས། །འབར་བའི་སྐུ་མཆོག་སྣ་ཚོགས་ཅིར་ཡང་སྟོན། །ཕྱག་ན་སྒྲོལ་བྱེད་དྲག་པོའི་མཚོན་ཆ་བསྣམས། །ཞལ་ནས་དྲག་སྔགས་དམོད་པའི་ཐོག་ སེར་འཕྲོ། །ཡེ་ཤེས་ཐུགས་རྗེ་ཁྲོས་པའི་བརྟུལ་ཞུགས་ཀྱིས། །མི་མཐུན་བར་ཆད་བཟློག་པའི་ལས་ལ་བཞེངས། །དགྲ་བགེགས་བྱད་མ་བསད་པའི་དུས་ལ་བབ། །རྦོད་གཏོང་རིགས་སྔགས་ བཟློག་པའི་ལས་མཛོད་ཅིག །མི་མཐུན་འགལ་རྐྱེན་བཟློག་པའི་ལས་མཛོད་ཅིག །དགྲ་བགེགས་བྱད་མ་ལྷ་དང་བཅས་པ་ཡི། །སྲོག་ཆོད་དབུགས་ཕྲོག་ཤ་ཟོ་ཁྲག་འཐུང་ལ། །རྡུལ་ཕྲན་ ཙམ་ཡང་མེད་པར་བརླག་མཛད་དེ། །རིག་འཛིན་བདག་ཅག་འཁོར་དང་ལྟོས་པར་བཅས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འཇིགས་མེད་རྡོ་རྗེའི་རྒྱལ་མཚན་དེང་འདིར་སྒྲེངས། །ཡིད་ 6-25-29b ལ་རེ་བའི་དོན་ཀུན་འགྲུབ་པ་དང་། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་བྱས་ལ་བཟློག་སྔགས་དམིགས་པ་གསལ་བཞིན་བཟླ། མཐར། གདུག་པའི་རྡོ་ཟོར་ཆེན་པོ་དེ་ཉིད་དགྲ་བོ་བྱད་མ་གང་དུ་གནས་པའི་ སྟེང་ནས་ཐོག་བརྒྱབ་པ་ལྟར་འཕངས་པས། ལུས་སྲོག་ཡུལ་ཁམས་དང་བཅས་པ་སྒོ་ང་བྲག་ལ་བཅར་བ་ལྟར་བརླག་ནས། འབྱུང་བཞིའི་དཀྱིལ་འཁོར་བཞི་དང་བསྲེས་ཏེ་རྣམ་ཤེས་ནམ་མཁའ་དྲག་པོ་ཨེ་དབྱིངས་མུ་མེད་པ་མཐའ་ བྲལ་ཆོས་ཉིད་ཀྱི་ཀློང་དུ་ཐིམ་ནས། གནོད་པའི་བསམ་སྦྱོར་ནམ་ཡང་མི་སྐྱེ་བར་བསམ་ལ་འཕང་ངོ་། །དགོས་པའི་དབང་གིས་ཆུ་སྟག་ཟླ་བ་དགུ་པའི་ཉེར་དགུ་ལ་འཇམ་དཔལ་དགྱེས་བའི རྡོ་རྗེས་ཡིད་ལས་ཕྲལ་ཤར་དགེ་ལེགས་ཀྱི་ རྒྱལ་མཚན་བསྒྲེང་བར་གྱུར་ཅིགདགེའོ།། ༈ །།ཧཱུྃ། ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་སུ། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་ནས། །དྲག་པོའི་སྐུར་བཞེངས་ དཔལ་ཆེན་ཧེ་རུ་ཀ །བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །བདུད་འདུལ་ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །ཟ་གསོད་ཉི་ཤུ་སྲས་མཆོག་སྒོ་མ་དང་། །ཕུར་སྐྱོང་སྲུང་མ་དམ་ཅན་དྲེགས་པའི་སྡེ། ། མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ལྷུན་པོར་སྤུངས་པའི་འདོད་དགུའི་བ་ལིང་ཏ། །དམ་རྫས་བདུད་རྩི་སྨན་དང་རཀྟ་དམར། ། 6-25-30a རྒྱ་མཚོ་ལྟ་བུར་བསྐྱིལ་བའི་མཆོད་ཚོགས་ཀྱིས། །ཐུགས་དམ་དགྱེས་བསྐྱེད་གསང་བ་སྔགས་ཀྱི་སྒྲ། །འཛབ་བསྙེན་གྲངས་སུ་བགྲང་བའི་མཆོད་པ་འབུལ། །ཆེ་བའི་ཡོན་ ཏན་མཉམ་མེད་ཡེ་ཤེས་སྐུ། །ཐོགས་མེད་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད། །སྙིགས་དུས་ལས་ཉོན་དྲག་པོས་མནར་བ་བདག །བར་ཆད་དགྲ་བགེགས་འབྱུང་པོས་འཚེ་བྱེད་ན། །རེ་ས་སྐྱབས་ གནས་གཞན་དུ་མ་མཆིས་པས། །སྙིང་ནས་ལྷ་མཆོག་ཁྱོད་ཀྱི་ཐུགས་དམ་བསྐུལ། །སྔོན་གྱི་ཐུགས་དམ་མ་གཡེལ་ཐུགས་རྗེས་དགོངས། །དུས་འདི་ཉིད་དུ་ཡེ་ཤེས་རྡོ་རྗེ་ཡི། །བྱིན་རློབས་དབང་ སྐུར་སྒྲུབ་པའི་རྟགས་མཚན་སྟོན། །བར་ཆད་དགྲ་བགེགས་དམ་སྲིའི་སྲོག་ལུས་སྙིང་། །གཞོབ་རྒོད་རྡོག་པས་བརྫིས་པ་ཇི་བཞིན་དུ། །གསོ་གླགས་མེད་པར་དམྱལ་ཐག་གཅོད་པ་དང་། །གཞན་ དོན་ལྷུན་གྲུབ་ཐུགས་རྗེས་ཡང་སྒྲོལ་གྱིས། །སྲིད་པའི་དགྲ་སྡེ་རྩད་ནས་གཅོད་པ་ཡི། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མ་ལུས་པ། །ཐོགས་མེད་ད་ལྟ་ཉིད་དུ་གྲུབ་པ་དང་། །ཐལ་འབྱིན་རྣམ་བཞིའི་དགོངས་ པའི་རྩལ་རྫོགས་ནས། །བྱང་ཆུབ་འབྲས་བུའི་མཐར་ཐུག་འགྲུབ་པར་མཛོད། །ཅེས་ཟླ་བཅུ་གཉིས་ཚེས་གཅིག་ལ་མི་ཕམ་པས་སོ། །དགེའོ། ། 6-25-30b empty page 6-26-1a ༄༅། །སྔགས་རྒོད་ལོཀྟྲིའི་རྒྱུན་ཁྱེར་སྙིང་པོ་དྲང་སྲོང་དམོད་པ་མཚོན་ཆའི་འཁོར་ལོ་བཞུགས་སོ། ། 6-26-1b ན་མོ་གུ་རུ་རྀ་ཥི་ཀྲོ་དྷ་རཱ་ཛཱ་ཡ། འདིར་དྲང་སྲོང་ཞེ་སྡང་རྡོ་རྗེའི་རྒྱུན་གྱི་རྣལ་འབྱོར་ཟབ་མོའི་དམིགས་གནད་སྙིང་པོར་དྲིལ་ཏེ་ཉམས་སུ་བླང་བར་འདོད་པས། མདུན་གྱི་ནམ་མཁར་སྐྱབས་ཡུལ་ གསལ་བཏབ་ལ། ཧོཿརྡོ་རྗེ་སློབ་དཔོན་སངས་རྒྱས་སོགས་ཀྱིས་ཚོགས་བསགས་ནས་ཐོག་མར་ཞི་བར་བསྙེན་པ་ནི། ཨཱཿ རང་ལུས་ཐ་མལ་དྷུ་ཏིའི་ནང་། །སྙིང་ཐད་པདྨ་འདབ་ བཞིའི་དབུས། །ཉི་ཟླའི་གདན་ལ་ཨཱཿདཀར་པོ། །དེ་ལས་འོད་འཕྲོས་སྡིག་སྒྲིབ་སྦྱངས། །རྩ་གསུམ་འདུས་མདོར་པདྨ་ནི། །དམར་མོ་འདབ་མ་བཞི་སྟེང་དུ། །ཨཱཿཡིག་ རི་བོང་འཛིན་པའི་མདོག །འོད་འཕྲོས་ལུས་གང་ནད་གདོན་སྦྱངས། གང་ན་སར་ཉི་སྟེང་ཨཱཿདཀར་གྱིས་སྦྱང་བ་བྱ། མཆན། སྐད་ཅིག་བདག་ཉིད་དྲང་སྲོང་ནི། །སྐུ་མདོག་སྔོ་སྐྱ་སྐེམ་ 6-26-2a རིད་གཟུགས། །སྨིན་མ་ཨག་ཚོམ་རྒྱ་མདོར་སླེབས། །རས་དཀར་སྨད་དཀྲིས་སྟོད་གཡོགས་ཅན། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །ཕྱག་ གཡས་སྐྱབས་སྦྱིན་སྤྱི་བླུགས་དང་། །གཡོན་པ་ལུང་ཐང་ཕྲེང་བ་ཐུགས་ཀར་འཛིན། །འཁོར་དུ་དྲང་སྲོང་འབུམ་གྱིས་བསྐོར། །གདོད་ནས་དམ་ཡེ་གཉིས་སུ་མེད། །སྙིང་གར་ ཉི་མའི་གདན་སྟེང་དུ། །སྲོག་གི་སྙིང་པོ་ཧཱུྃ་མཐིང་ནག །ཏྲང་དུའི་སྔགས་ཀྱིས་བསྐོར་བར་གྱུར། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛཿཞེས་བཟླས་དྲག་པོར་སྒྲུབ་པ་ནི། དྲང་སྲོང་ ཞི་བ་འོད་ཞུ་ནས། །རང་གི་ལུས་ཀྱི་ངོ་བོ་སྟེ། །མཐིང་ནག་གནམ་ལྕགས་རྡོ་རྗེ་ནི། གནས་པ་རྩ་ལ་ཤེས་པར་བྱ། ཞེས་པའི་དོན། རྩེ་དགུ་ཆེ་བརྗིད་རྣོ་དབལ་འབར། །ཡར་རྩེ་མེ་ 6-26-2b འབར་ཚྭ་ཚྭ་འཕྲོ། །མར་རྩེ་བྱད་མ་གན་རྐྱལ་གྱི། །ལྕེ་ཡིས་བྲང་ཁེབ་སྙིང་དབུས་གཟིར། །རྡོ་རྗེའི་ལྟེ་བ་ཡངས་པའི་ནང་། །གསེར་གྱི་ཙཀྲ་རྩིབས་བརྒྱད་དབུས། །རང་ཉིད་སྐད་ཅིག་ཁྲོ་བོ་ནི། །ཞེ་སྡང་རྡོ་རྗེ་ གསང་བའི་བདག །མཐིང་ནག་ཞལ་གཅིག་ཕྱག་བཞི་པ། །དང་པོ་གཉིས་ཀྱིས་ཐོ་བ་དང་། །རལ་གྲི་འབར་བ་རབ་ཏུ་གདེངས། །མཐའ་གཉིས་གནམ་ལྕགས་ཕྱག་མཐིལ་ལ། །སོར་མོ་ལྕགས་སྡིག་ མགོ་དགུ་འཕྱར། །ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །ཉི་ཟླའི་གདན་ལ་བརྐྱང་བསྐུམ་བགྲད། །ཤིན་ཏུ་ཁྲོ་ཞིང་མི་སྡུག་པ། །རྒྱན་མེད་མེ་དཔུང་ཀློང་ན་བཞུགས། །སྤྱི་བོར་དྲང་སྲོང་དྲི་མེད་དང་། སྐབས་ འདིར་དྲང་སྲོང་གི་ཕྱག་གཡས་གསེར་གྱི་འཁོར་ལོ་རྩིབས་རྣོན་བསྣམས་པའོ། །དེ་སྟེང་རིགས་བདག་པད་གསང་འདུས་ཡབ་ཡུམ། འབྱུང་བཞུགས། །ཐུགས་ཀར་ཧྲཱིཿལས་འཁོར་ལོ་ནི། །རྩིབས་བརྒྱད་དབུས་སུ་པད་ཉིའི་སྟེང་། །ཡེ་ཤེས་སེམས་དཔའ་ གསང་བའི་བདག །མཐིང་ནག་སྦྲུལ་རྒྱན་སྟག་རྒྱུད་ཀྱི་དགོངས་པར་མཐུན། ཤམས་ཅན། །རྡོ་རྗེ་རྩེ་ལྔ་དྲིལ་བུ་བསྣམས། །ཞབས་གཉིས་ཕྱེད་སྐྱིལ་ཚུལ་གྱིས་བཞུགས། །ཐུགས་སྲོག་མཆོང་གུར་ཕུབ་འདྲ་ བ། །ཟུར་བརྒྱད་དབུས་སུ་ཉི་མའི་སྟེང་། །ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག །ཤིན་ཏུ་གསལ་ཞིང་འཚེར་བར་བསྒོམ། །མན་ངག་སེམས་ལ་ཤེས་པར་བྱ་ཞེས་པའི་དོན་ནོ། །དབྱིངས་ 6-26-3a ནས་ཡེ་ཤེས་སྤྱན་དྲངས་ཐིམ། །མཆོད་བསྟོད་བྱ་བའམ་མ་བྱས་ཀྱང་རུང་སྟེ་བཟླས་པ་ནི། ལྕེ་རྩར་ཨཱཿལས་ཟླ་དཀྱིལ་ལ། །ཨཱཿཡིག་དཀར་པོ ཏྲང་དུས་བསྐོར། །དེ་དབུས་ལྕེ་ནི་གནམ་ ལྕགས་ཀྱི། །རྡོ་རྗེ་རྩེ་དགུའི་ལྟེ་བ་རུ། །ཉི་སྟེང་ཧཱུྃ་འདྲེན་པ་དཀྱིལ་དུ་ཤེས་པར་བྱ་ཞེས་པའི་དོན་ནོ། །ལ་སྔགས་ཕྲེང་བསྐོར། །རྩེ་ཡི་རྭ་དགུ་ཕྱིར་གདངས་ཤིང་། །ཁོང་སིང་བཅས་པའི་རྩེ་མོ་རུ། །ཕཊ་དམར་མཆོང་གཅོད་པ་རྩེ་ལ་ཤེས་པར་བྱ་ཞེས་པའི་དོན་ནོ། །བཅག་ལྟ་བུ་དགུར། །མེ་ཡི་ཚྭ་ཚྭ་ དྲག་ཏུ་འཕྲོ། །ལྟེ་བའི་ཧཱུྃ་ལས་འོད་འཕྲོས་པས། །སྡེ་བརྒྱད་སྙིང་ནས་དབང་མེད་དྲངས། །ངུར་མོའི་སྒྲ་བཅས་མདུན་དུ་ འཁོད། །སླར་ཡང་ཧཱུྃ་ལས་འཕྲོས་པ་ཡི། །རྡོ་རྗེ་རྒྱ་གྲམ་རེ་རེ་ནི། །སྡེ་བརྒྱད་སོ་སོའི་སྤྱི་བོར་བཞག །འགུལ་འཁྱོག་སྤངས་ཏེ་གནས་པར་བསམ། །ཆེ་བའི་ང་རྒྱལ་འདི་ལྟར་བསྐྱེད། ཧཱུྃ། ང་ནི་མ་མོ་ ཀུན་གྱི་ཡབ། །ང་ནི་གཤིན་རྗེ་ཀུན་གྱི་ཡུམ། །ང་ནི་ཁམས་གསུམ་ཀུན་གྱི་བདག །ང་ནི་དབང་ཕྱུག་ཆེན་པོ་སྟེ། །ང་ནི་སྲོག་གཅོད་ཀུན་གྱི་རྗེ། །ང་ནི སྲིད་པ་ཀུན་གྱི་བདག །ང་ནི་སྐྱེ་འགྲོ་ ཀུན་གྱི་ཡབ། །ང་ནི་སྙིང་ཁྲག་ཀུན་གྱི་བདག །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །ང་ཡི་ལས་རྣམས་ཁྱོད་ཀྱིས་སྒྲུབས། །ཅེས་ལྟ་བ་གྱད་ཀྱི་གདེང་བསྐྱེད་ལ། ལྕེ་དབུས་ཧཱུྃ་ལས་འོད་འཕྲོས་པས། །སྡེ་ 6-26-3b བརྒྱད་རྣམས་ཀྱི་སྙིང་ག་ནས། །སྲོག་ཡིག་བཀུགས་པས་ཐལ་སྦྱར་འདར། །འདུད་ཅིང་ཇི་གསུང་བཀའ་ནོད་ཅིང་། །སྲོག་སྙིང་ཚུར་དྲངས་ཧཱུྃ་གི་གདན། །ཉི་མའི་དལ་ལ་ཐིམ་པར་བསམ། །ཟིལ་གནོན་ འཁོར་འདས་ཀུན་བདག་ངའོ། །ཞེས་ཆེ་བའི་ང་རྒྱལ་བཅས། ཨོཾ་ལོཀྟྲི་པཱ་ལ་ནན། ས་ག་པཱ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙར་ཙིར་ཙར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སོད་ཤིག་ལྷུ་རུ་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་བཱ་ཙི་བརླག་བརླག །ཞེས་རྩ་སྔགས་ཅི་ནུས་སུ་བཟླའོ། །སྔགས་གྲངས་བདུན་ཅུ་དོན་གཅིག་ཡོད། དེ་ཡང་གུ་རུ་པདྨའི་ཞལ་ནས། རབ་ནི་ཞག་བདུན་ དག་ན་འགྲུབ། །འབྲིང་ནི་བཅུ་བཞི་དག་ན་འགྲུབ། །ཐ་མ་ཉི་ཤུ་རྩ་གཅིག་ཡིན། །ནུས་པ་བྱའམ་ཁྱི་ལ་ཚད། །ལིང་གིས་སོང་ན་འགྲུབ་པ་ཡིན། །བརྒྱལ་ལམ་ཤི་ན་ཐལ་བ་ཡིན། །འདི་ལྟ་བུ་ཡི་སྔགས་རྒོད་ཀྱིས། །ཉི་ཟླའི་ འོད་ཀྱང་འཕྲོག་པར་ནུས། །དཔག་བསམ་ཤིང་ཡང་གཅོད་པར་ནུས། །ལྷ་སྲིན་སྡེ་བརྒྱད་འཆི་བར་ནུས། །མི་དང་འབྱུང་པོ་སྨོས་ཅི་དགོས། །ཞེས་དང་། ཐམས་ཅད་དབང་དུ་སྡུད་པའི་སྔགས་རྒོད་འདི། །སྒྲུབ་ཏུ་མེད་པར་འཐོག་བབ་ནུས་པ་ཆེ་སྟེ་ སྔགས་རྒོད་ཡིན། །སྡེ་བརྒྱད་དབང་དུ་སྡུད་པ་ཀུན་གྱི་གཅུད་ཕུར་ཡིན། །གཞན་གྱི་ནུས་པ་འཇིག་པ་གདུག་པ་དབལ་གསོད་ཡིན། །ཐམས་ཅད་བརླག་པར་བྱེད་པ་གསོད་པའི་དྲག་སྔགས་ཡིན། །མཛེ་ནད་སེལ་བར་བྱེད་པ་དུག་སེལ་ནག་པོ་ཡིན། ། 6-26-4a གང་དམིགས་བརླག་པར་བྱེད་པ་རྣོ་ངར་མཚོན་ཆ་ཡིན། །འབྱུང་པོ་བརླག་པར་བྱེད་པ་བྲམ་ཟེ་ལོཀྟྲི་ཡིན། ཅིས་ཀྱང་བཟློག་ཏུ་མེད་པ་དྲང་སྲོང་དམོད་པ་ཡིན། ཞེས་གསུངས་པ་བཞིན་ནོ། །དེ་ནས་དྲག་སྔགས་རིང་ མོ་བཟླ་བ་ནི། རྡོ་རྗེའི་རྩེ་ཡི་ཕཊ་རྣམས་ལས། །གནམ་ལྕགས་རྡོ་རྗེ་མེ་འབར་བ། །མགར་གྱི་ཚྭ་ཚྭ་ལྟར་འཕྲོས་ནས། །བཀའ་ལས་འཁུ་ཞིང་དམ་ལོག་པའི། །གནོད་བྱེད་རྣམས་ལ་ཕོག་པ་ཡིས། ། རྩྭ་སྦུར་མེ་ཡིས་བསྲེག་པ་ལྟར། །ཚག་སྒྲ་དང་བཅས་སྐད་ཅིག་གིས། །རྗེས་ཤུལ་ཙམ་ཡང་མེད་པར་གྱུར། ཅེས་བསམ་ལ། ཧཱུྃ། སངས་རྒྱས་ཐམས་ཅད་གཟུ་དང་དཔང་། །དམ་ཆོས་རིན་ཆེན་གཟུ་ དང་དཔང་། །དགེ་འདུན་འདུས་པ་གཟུ་དང་དཔང་། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །ཆོས་སྐྱོང་སྲུང་མ་གཟུ་དང་དཔང་། །རྒྱལ་འགོང་ཆེན་པོ་འདུལ་བའི་ཕྱིར། །དྲང་སྲོང་ཆེན་པོ་དྲི་ མེད་ནི། །སྐུ་ནི་མི་འགྱུར་བརྟན་པ་ལ། །ཕྱག་མཚན་འཁོར་ལོ་བསྒྱུར་བཞིན་དུ། །དགྲ་བགེགས་མགོ་ལ་འཁོར་ལོ་བསྐོར། །རྒྱལ་འགོང་མགོ་ལ་འཁོར་ལོ་བསྐོར། །སྡེ་བརྒྱད་སྲོག་ལ་འཁོར་ ལོ་བསྐོར། །འཁོར་ལོ་གཡས་སུ་བསྐོར་ཙ་ན། །རྒྱལ་འགོང་སྙིང་ལ་འཁོར་ལོ་རྒྱོབ། །འཁོར་ལོ་གཡོན་དུ་བསྐོར་ཙ་ན། །མོ་གདོན་སྙིང་ལ་འཁོར་ལོ་རྒྱོབ། །ཅེས་བྱས་ལ། ཨོཾ་ལོཀྟྲི་པཱ་ལ་ནན་ 6-26-4b རྦད་ཐུམས། འཇིག་རྟེན་མགོན་པོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ས་ག་པཱ་ཤ་ནན་རྦད་ལིང་། ས་བདག་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ནཱ་ག་དུ་དུ་ནན་རྦད་ཕཊ། ཀླུ་ བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། མ་མཾ་མ་མཾ་རྦད་མྱོགས། མ་མོའི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཙིར་ཙར་ཙིར་ཙར་རྦད་རྦུད། བཙན་གྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ ཐུན་བྷྱོ་རྦད། བཾ་རུ་ལུ་བཾ་རུ་ལུ་རྦད་ཐུཾ། བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོས། གཟའ་བདུད་ཀྱི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། ཧོ་ར་ཧོ་ར་རྦད་ཤག །རྒྱལ་འགོང་གི་སྲོག་ཆོད་སྙིང་ཕྱུངས་ཙིཏྟ་མཱ་ར་ཡ་ཐུན་བྷྱོ་རྦད། རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། བེ་ཧར་གྱི་སྲོག་ལ་དུང་ དུང་སྙིང་ལ་ཤད་ཤད། གཙང་ཐེལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། གནོད་བྱེད་བསམ་སྦྱོར་ངན་པའི་རྒྱལ་འགོང་གི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཀ ཆེ་གེ་མོའི་ སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤད། ཙི་དུ་སོད་ཙི་དུ་སོད་རྦད་ཐིབས། ཤིག་ལྷུ་རུ་གཏུབས་རྦད་མྱོགས། ཧ་ལ་པ་ཏི་ནན། ག་ན་པ་ཏི་རྦད་ 6-26-5a རྨུགས། འཁོར་བ་ཐུལ་རྦད་ཆོམས། གནོད་བྱེད་འབྱུང་པོའི་ཀ་བཱ་ཙི་བརླག་བརླག་རྦད་ཧུར། ཁ ཕ་རོལ་བྱད་མས་རྦད་པའི་རྒྱལ་འགོང་གི་སྲོག དགྲ་བགེགས་ཆེ་གེ་མོའི་སྲོག་ལ་མཱ་ར་ཡ་རྦད་ རྦད། གནོད་བྱེད་རྒྱལ་པོ་ཐམས་ཅད་ར་ཙ་ཧབ་ལེ་ཧབ་ལེ་སོད། ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོད། འབྱུང་པོ་ཐམས་ཅད་ཀ་ཏྲི་ཀུ་ཏྲི་སོད། དགྲ་བགེགས་བྱད་མ་དམ་སྲི་རྒྱལ་འགོང་ཐམས་ཅད་ཀྱི་སྲོག་ལ་མཱ་ར་ཡ་རྦད་རྦད། བགེགས་ཐམས་ཅད་འགུག་གེ་འགུག་གེ་སོད། །གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོད། ཐེའུ་རང་ཐམས་ཅད་ར་ཏྲི་ར་ཏྲི་མཱ་ར་ཡ་སོད། །བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་མཱ་ར་ཡ་སོད། །གྲེ་བོ་གྲེ་མོ་ཐམས་ཅད་སུཾ་ཏྲི་ སུམ་ཏྲི་མཱ་ར་ཡ་སོད། གནོད་གནོད་བྱེད་དགྲ་བགེགས་བྱད་མ་དམ་སྲི་རྒྱལ་འགོང་ཐམས་ཅད་མཱ་ར་ཡ་སོད་སོད་རྦད་རྦད་ཛ་ཛཿ བྱེད་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་སོད་སོད་རྦད་རྦད་ཛཿཛཿ མན་ངག་འདི་ནི་དྲག་སྔགས་རིང་མོ་ཞེས་བྱ་བ། ཏིང་འཛིན་མེད་ཀྱང་བཟླས་པ་ཙམ་གྱིས་གཅོད་པ་ཡིན་ཞིང་། ལྟ་གདེངས་དང་བཅས་ཞེ་ སྡང་གི་ཉམས་ཧུར་ཕྱུངས་ལ་བཟླས་པར་བྱ་སྟེ། ཇི་སྐད་དུ། དྲག་སྔགས་རིང་མོ་འཛིན་ལ་རྣོ། །ཞེ་སྡང་མ་ཡལ་མཐུ་ཡི་མཆོག །ཞེས་གསུངས་པ་བཞིན་ནོ། ། སྔགས་ཅི་རིགས་བཟླས་མཐར་ཐལ་རྡེབ་ནི། མཐའ་མའི་ཕྱག་གཉིས་རྡོ་རྗེ་བྲག་རི་ལྟར། །སྲ་མཁྲེགས་ཕྱག་མཐིལ་ཉི་ཟླའི་ཁ་བར་དུ། །དགྲ་བགེགས་སྡིག་ཅན་ཐལ་བར་འཐག་པ་ཡི། །ཤ་ཁྲག་སོར་མོ་སྡིག་པ་མགོ་དགུ་ 6-26-5b པ། །རྣམས་ཀྱིས་ལྷག་མ་མེད་པར་ཟོས་པར་གྱུར། །ཞེས་དམིགས་པ་གསལ་བཏབ་ལ་དྲང་སྲོང་གི་དམོད་པ་འདི་བརྗོད་ཅིང་ཐལ་མོ་བརྡབ་པར་བྱའོ། །བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་ པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིག་ཅིག །སྲིད་གསུམ་རྨངས་ནས་སྒྱེལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག ། བཀའ་ཡི་ཆད་པས་ཆོད་ཅིག་གནམ་ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམྦྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེ་མེ་ཡི་ཆར་ཆེན་ པོ་ཕོབས་ཤིག །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། སྦྱོར་བ་ངན་པ་ཐམས་ཅད་ཐུལ་ཅིག །ཞེས་དང་མཐར། བཀའ་བསྒོ་འདི་ཡི་ནུས་པ་ཡིས། །ཐལ་ཕྱེ་རླུང་གིས་གཏོར་བ་ལྟར། །གནོད་བྱེད་དེ་རུ་གནས་ མི་འགྱུར། །གལ་ཏེ་གནས་ན་བརླག་པར་བྱེད། །དྲང་སྲོང་དམོད་དེ་བཟློག་ཏུ་མེད། །ཞེས་དང་། ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་ བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བརྗོད་ནས་ཡིད་ཆེས་ཀྱི་ངེས་ཤེས་ 6-26-6a བསྐྱེད་དོ། །མཐར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་བརྗོད་པས་སྣོད་བཅུད་འོད་གསལ་གཉུག་མའི་ངང་དུ་བསྡུ། ཕཊ་ཕཊ་ཕཊ། ཅེས་བརྗོད་པས་འོད་གསལ་གྱི་ངང་ནས་དྲང་སྲོང་ཞི་བའམ་ཁྲོ་བོའི་སྐུར་ལྡངས་ལ། སྒྱུ་མ་ལྟ་བུའི་ཚུལ་གྱིས་དགེ་ བ་བསྔོ་ཞིང་ཤིས་པ་བརྗོད། ཉལ་ན་ཆུ་ལ་ལངས་ན་མེ། འདུག་ན་བྲག་ལ་འགྲོ་ན་རླུང་། ཞེས་པའི་དོན་བཞིན་རྒྱུན་གྱི་སྤྱོད་ལམ་བསྐྱང་ངོ་། །ཡང་སྲུང་བའི་སྐབས་ཀྱི་དམིགས་འདོན་ནི། ཧཱུྃ་ཐུགས་སྲོག་ཧཱུྃ་ཡིག་འབར་བ་ཡི། །ཐིག་ལེར་བླ་མ་སློབ་དཔོན་ དང་། །ཁོག་པར་རང་དང་མཐའ་སྐོར་དུ། །བསྲུང་བྱ་དབུས་སུ་རང་ཉིད་དྲང་སྲོང་ཞི་བའི་རྣམ་པ། གཡས་སུ་བསྲུང་བྱ་ཕོ། གཡོན་དུ་མོ། རྒྱབ་དུ་ཁང་ཞིང་། མདུན་དུ་ནོར་རྫས་ཐམས་ཅད་དམིགས། མཐའ་དག་ཚུད་པར་གྱུར། །སྨྲ་བྱེད་རྡོ་རྗེའི་ཡིག་འབྲུ་ལས། །འོད་ཟེར་ཕོ་ཉའི་ཚོགས་སྤྲོས་པས། །རང་དང་བསྲུང་བྱ་ཐམས་ཅད་ཀྱི། །ཚེ་སྲོག་ བརྐུས་ཕྲོག་ཡར་འཁྱམས་དང་། །སྣོད་བཅུད་ཡོན་ཏན་མ་ལུས་པ། །ཚུར་བསྡུས་ བསྲུང་བྱ་ཐམས་ཅད་ལ། །བསྟིམ་པས་བཀྲག་མདངས་གཟི་བརྗིད་འབར། །ནང་དུ་རིགས་ལྔའི་སངས་རྒྱས་དང་། །བྱང་སེམས་མ་ལུས་ཏིལ་གང་བཞིན། །ནམ་མཁའི་ཕྱོགས་ཀུན་ཁྱབ་པ་ཡིས། ། བསྲུང་སྐྱོབས་བྱིན་གྱིས་བརླབ་པར་མཛད། །ཕྱི་རོལ་ཕྱག་མཚན་ལྔ་དང་ནི། །རླུང་མེ་ཆུ་ས་ཁྲོ་ཆུང་གུར། །ནང་བལྟས་འཇམ་ཞིང་སྲུབས་མེད་ལ། །ཕྱི་བལྟས་རྣོ་དཔལ་གཅོད་ངར་ལྡན། །དྲག་སྔགས་ 6-26-6b དམོད་ཚིག་རང་སྒྲ་བཅས། །གནོད་བྱེད་དགྲ་བགེགས་ཚར་གཅོད་པའི། །གཞོམ་མེད་རྡོ་རྗེའི་གུར་གྱིས་གཏམ། །ཅིས་ཀྱང་མི་ཤིགས་པ་རུ་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་སྲུངས་སོགས། ཧོ་ར་ཧོ་ར་སྲུངས། ཙི་དུ་སོད་ཙི་དུ་སོད་ཤིག་ལྷུ་རུ་གཏུབས་ཧ་ལ་པ་ཏི་ནན་འཁོར་བ་ཐུལ། གནོད་བྱེད་འབྱུང་པོའི་ཀཱ་བཱ་ཙི་བརླག་བརླག་ནྲྀ་བྷྲཱུྃ་ཧཱུྃ་ཛཿ བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ལ་རཀྵ་རཀྵ་སྭཱ་ཧཱ། ཞེས་བཟླའོ། ། བཟློག་པ་བྱེད་ན། རང་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྨྲ་བྱེད་རྡོ་རྗེ་རྩེ་དགུའི་རྩེར། །ཕཊ་དམར་མེ་ཡི་ཚྭ་ཚ་ནི། །རྣོ་ངར་ཤུགས་དྲག་འཕྲོ་བ་དང་། །མཐའ་ཕྱག་གནམ་ལྕགས་ལག་པའི་མཐིལ། །སོར་མོ་སྡིག་ པ་གདེངས་པའི་དབུས། །བྱད་མ་ལྷར་བཅས་གསལ་བ་འཐག །གཙོ་བོ་བདག་དང་གུར་ཁང་གི། ལྷ་ཚོགས་ཐམས་ཅད་ཕྱིར་གཟིགས་ནས། །དྲག་སྔགས་དམོད་པ་ཆེར་བསྒྲགས་པས། ། སྐུ་ཡི་བ་སྤུའི་བུ་ག་ནས། །སྤྲུལ་པའི་ཕོ་ཉ་ནད་མཚོན་ཅན། །ནམ་མཁའ་གང་བར་སྤྲོས་པ་ཡིས། །བྱད་མ་སྐྱོབ་བྱེད་ལྷ་སྲུང་རྣམས། །ཁོ་རང་གཤེད་ཕབ་སྲུང་འཁོར་བཤིག །མེ་ལྕེས་ སླེབས་པའི་སྦྲང་བུ་བཞིན། །བཅོམ་བསྲེག་ཐལ་བ་ཉིད་བྱས་ནས། །དྲག་པོའི་རླུང་གིས་བསྐྱོད་པ་ཡི། །ཤིང་བལ་བཞིན་དུ་མཐར་བསྐྲད་གྱུར། །ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་བཟློག་ནས། 6-26-7a ཧོ་ར་ཧོ་ར་བྷྱོ་བཟློག་ཙི་དུ་སོད་ནས། བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་བྷྱོ་བཟློག་ཅེས་བཟླ་ཞིང་མཐར་བདེན་བརྗོད་དང་དྲང་སྲོང་དམོད་པ་བཅས་ ཐལ་རྡེབ་བྱའོ། །བསད་པ་ལ། དང་པོར་འགུག་པ་ནི། རང་ལུས་གནམ་ལྕགས་རྡོ་རྗེ་ཡི། །མདུན་དུ་ཨེ་ཡིག་ལས་བྱུང་བའི། །བྲུབས་ཁུང་ལྕགས་ཁང་གྲུ་གསུམ་པ། །དུག་གི་མུན་འཁྲིགས་བསྐལ་མེ་ འབར། །ནད་ཀྱི་ན་བུན་མཚོན་ཆར་འབེབས། །དེ་ཡི་ནང་དུ་གཤིན་རྗེ་ནི། །ཕོ་མོ་འཇིགས་རུང་གཉིས་ཀྱི་བར། །ནྲྀ་ཏྲི་ཡོངས་གྱུར་དམིགས་བྱ་ནི། །མགོན་མེད་སྐྱབས་བྲལ་ཉམ་ཐག་པ། ། མཐའ་སྐོར་དྲེགས་པ་སྡེ་བརྒྱད་ཚོགས། །འཇིགས་གཟུགས་མཚོན་ཆ་ཐོགས་པས་བསྐོར། །སྨྲ་བྱེད་རྡོ་རྗེའི་རྩེ་མོ་ནས། །འོད་ཟེར་ཛཿཡིག་ཕོ་ཉར་འཕྲོས། །དམིགས་བྱ་དབང་མེད་ཉིད་བཟུང་ནས། ། མདུན་གྱི་རྟེན་ལ་ཐིམ་པར་གྱུར། །བདེན་བརྗོད་མཐར། ཨོཾ་ལོཀྟྲི་པཱ་ལ་ནན་ཛཿནས། ཧོ་ར་ཧོ་ར་ནན་ཛཿཙི་དུ་སོད་ནས། ཐུལ་བར་དང་། ཡི་དམ་ལྷ་དང་དྲང་སྲོང་གི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་ རླབས་ཀྱིས་མྱུར་དུ་ཕོབ་ཅིག་ནྲྀ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿ ཅེས་ཅི་རིགས་བཟླས་པས་བཀུག་ལ། བསད་པ་དངོས་ནི། རྡོ་རྗེའི་རྩེ་ཡི་ཕཊ་རྣམས་ལས། །གནམ་ལྕགས་རྡོ་རྗེ་མེ་འབར་བ། །མགར་གྱི་ཚྭ་ཚྭ་ལྟར་འཕྲོས་ 6-26-7b པ། །གནོད་བྱེད་རྣམས་ལ་ཕོག་པ་ཡིས། །བྱ་སྒྲོ་མེ་ཡིས་བསྲེག་པ་ལྟར། །ནག་རོག་སོང་ནས་ལྷ་དང་ཕྲལ། །མཐུ་དང་རྫུ་འཕྲུལ་ཐམས་ཅད་བཤིག །སྙིང་ག་ནྲྀ་ཏྲིའི་དབུས་སུ་ནི། །ཕཊ་ཡིག་དམར་ ནག་ཞུ་བ་ལས། །གནམ་ལྕགས་འབར་བའི་འཁོར་ལོ་ནི། །ལྕགས་སྲེག་ལྟ་བུ་རྣོ་དབལ་ཅན། །རྩིབས་དྲུག་གཡོན་དུ་འཁོར་བ་ཡིས། །ཤ་ཁྲག་མ་ལུས་མྱལ་མྱལ་གཏུབས། །སྡེ་བརྒྱད་ཚོགས་ཀྱིས་ རྗེས་མེད་དུ། །ཧབ་སྒྲ་དིར་དིར་ཟོས་པར་གྱུར། །ཅེས་བརྗོད་ཅིང་དམིགས་ལ་གོང་གི་ཐུན་སྔགས་སམ། ཐུན་སྔགས་ལ་དགྲ་བགེགས་བསད་པའི་ཐེམ་སྦྱར་བའམ། ཡང་ན། ཨོཾ་ལོཀྟྲི་པཱ་ལ་ནན་སོད་ནས། ཧོ་ར་ཧོ་ར་སོད། ཙི་ དུ་སོད་ཙི་དུ་སོད་ནས། བརླག་བརླག །དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་རྦད་རྦད་སོད་སོད་ཅེས་སམ། གནོད་བྱེད་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་སོད་སོད་ཅེས་སམ། དགྲ་བགེགས་བྱད་མ་ ལྷ་སྲུང་དང་བཅས་པ་མཱ་ར་ཡ་སོད། ནྲྀ་ཏྲི་མཱ་ར་ཡ་རྦད་ཡཿ ཞེས་བཟླའོ། །འདི་རྣམས་ནི་ཏིང་ངེ་འཛིན་ཁོ་ནས་སྒྲུབ་པའི་དབང་དུ་བྱས་པ་ཡིན་ལ། བཅས་ཆོག་དང་འབྲེལ་བའི་འདོན་སྒོམ་གྱི་ཚུལ་རྒྱས་པ་ནི་སྔོན་གྱི་རིག་འཛིན་རྣམས་ཀྱི་གསུང་ ལས་ཤེས་པར་བྱའོ། །འདི་ནི་རིག་འཛིན་བརྒྱུད་པའི་གསུང་སོར་བཞག་ཁྲིགས་སུ་བསྡེབ་ནས་མན་ངག་གིས་གསལ་པོར་བསྟན་པ་སྟེ། བཀླག་པས་གྲུབ་པའི་དྲག་སྔགས་ཆེས་ཟབ་ཅིང་རྣོ་བ་ཡིན་པས་ཤིན་ཏུ་གསང་བར་བྱའོ། །ཐུན་མཚམས་སུ་དྲང་ 6-26-8a སྲོང་ལ་གཏོར་མ་འབུལ་བར་འདོད་པས། རིན་པོ་ཆེའི་སྣོད་དུ་ནས་འབྲས་སོ་བ་སོགས་ཀྱི་ཟན་གཙང་མའི་གཏོར་མ་དཀར་གསུམ་མངར་གསུམ་ཤིང་ཐོག་གིས་བསྐོར་བ་ཆུ་གཙང་བཅས་བཤམས། སྭཱ་བྷ་བས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་སྣོད། །ནམ་མཁའ་ལྟ་བུར་རབ་ཡངས་དབུས། །བྷྲཱུྃ་ལས་ལྷ་རྫས་གཏོར་མ་ནི། །ཁ་དོག་དྲི་རོ་རེག་བྱ་ལྡན། །རང་ཉིད་ཡི་དམ་ལྷར་གསལ་བའི། །གནས་གསུམ་ཡི་ གེས་མཚན་པ་ཡི། །ཨོཾ་ལས་འོད་འཕྲོས་འབག་རྩོག་སྦྱང་། །ཨཱཿཡིས་ནམ་མཁའ་མཉམ་པར་སྤེལ། །ཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་ཞུ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ། རང་གི་ཐུགས་ཀའི་ཧཱུྃ་ཡིག་ ལས། །འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས། །རྒྱ་གར་ལྷོ་ཕྱོགས་ཨིནྡྲའི་ཡུལ། །རི་བོ་ཀུན་འདུས་རྩེ་མོ་ན། །ནགས་ཚལ་དྲ་བ་ཅན་དབུས་ནས། །དྲང་སྲོང་དྲི་མེད་འོད་ཟེར་ནི། །འབུམ་ཕྲག་དྲང་སྲོང་ འཁོར་དང་བཅས། །སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ། །མདུན་དུ་པདྨའི་གདན་ལ་བཞུགས། །དང་པོར་བཛྲ་པཱ་ཎི་སོགས། །ཡི་དམ་ལྷ་ལ་ཕུལ་བྱས་ནས། །དེ་ནས་དྲང་སྲོང་རྣམས་ལ་འབུལ། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ ཛཿཁ་ཁ་ཁཱ་ཧི་ཁཱ་ཧི་དུ་ན་ཡ་སྭཱ་ཧཱ། དྲང་སྲོང་དྲི་མེད་འོད་ཟེར་ལ་སོགས་དྲང་སྲོང་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་སྐད་ལན་གསུམ་བརྗོད་པ་ཡིས། །གསོལ་ཞིང་དྲང་སྲོང་མཉེས་ནས་སུ། །ཇི་འདོད་ 6-26-8b སྨོན་ལམ་གདབ་མཛད་ཅིང་། །དྲང་སྲོང་དམོད་པ་བཟློག་པར་བསམ། །འདོད་པའི་དོན་ལ་གསོལ་བ་གདབ། བཛྲ་མུ་ཡིས་གཤེགས་སུ་གསོལ། གྲངས་བསོགས་ན་དཀར་མངར་འདྲེས་པའི་ཟན་རིལ་ཆུ་གཙང་བཅས་ ལ་གྲངས་བསོགས་པར་བྱའོ། །འདི་ནི་ཚོགས་བསགས་དང་སྔགས་གྲུབ་པའི་རྒྱབ་སྐྱོར་དང་བར་ཆད་ཞི་བ་དང་བསོད་ནམས་འཕེལ་བའི་ཐབས་དམ་པ་ཡིན་ནོ། །དྲང་སྲོང་ཚེ་སྒྲུབ་བྱ་བ་ན། དྲང་སྲོང་ཞི་བའི་ཐུགས་ཀ་ རུ། །ཉི་ཟླའི་གའུ་ཁ་སྦྱོར་དབུས། །ཏྲཾ་དཀར་ཐ་མར་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །སྲིད་ཞིའི་ཚེ་དཔལ་བསོད་ནམས་བསྡུས། །བདག་ཐིམ་གཟི་བརྗིད་བཀྲག་ མདངས་རྒྱས། །ཨོཾ་ཏྲང་དུ་ཏྲི་ན་ཏྲང་དུ་ཛ་ཛཿམ་མ་ཨཱ་ཡུ་ཚེ་བྷྲཱུྃ་ནྲྀ་ཛཿཞེས་བཟླའོ། །འདི་རྣམས་ནི་རིག་འཛིན་པདྨའི་ཐུགས་བཅུད་དམ་པ་གྲུབ་བརྙེས་གོང་མ་རྣམས་ཀྱི་རྡོ་རྗེའི་གསུང་གི་སྙིང་པོ་ཁྲིགས་སུ་བསྡེབ་པ་ཡིན་ལ། ཚུལ་འདི་ནི་རབ་ཚེས་ཐམས་ཅད་འདུལ་ཅེས་པའི་ཁྲུམས་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུ་གསུམ་ལ་ལྷག་པའི་ལྷ་འདིའི་བསྙེན་མཚམས་ལ་གནས་པའི་ཚེ་མི་ཕམ་རྣམ་པར་རྒྱལ་བས་སྤེལ་བ་དགེའོ། །༈ ཕྱག་རྡོར་ དྲེགས་འདུལ་སོགས་ཀྱི་གཏེར་སྲུང་ལྡང་ལྷ་མཆོད་པར་འདོད་པས། བཤོས་བུ་དཀར་ཟླུམ་མཐེབ་ཀྱུ་བདུན་གྱིས་བསྐོར་བ་ལ་ཆང་ཕུད་བྲན་ལ་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་འོད་ཟེར་གྱིས་གཏེར་སྲུང་ལྡང་ལྟ་འཁོར་བཅས་སྤྱན་དྲངས་ 6-26-9a ལ་གཏོར་མ་ཕུལ་བས་དགྱེས་པར་བསམ། ཨོཾ་བ་རི་བ་རི་གིངྒ་ར་ཛ་ཛཿཨེ་རཾ་བ་ལིདྟ་ཁ་ཧི༔ ཧཱུྃ༔ ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན། །སྐུ་ལ་དར་དཀར་རལ་ག་གསོལ། ། ཆིབས་སུ་ངང་དཀར་སྒབ་སྔོན་ཆིབས། །གཡས་ན་དར་དཀར་རུ་མཚོན་ཕྱར། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །བཙན་རྒོད་བྱ་ར་སྟོང་གིས་བསྐོར། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་ པའི་ཕྲིན་ལས་འགྲུབ་པར་མཛོད། །ཡིག་རྙིང་ལས་མི་ཕམ་པས་བཏུས་པ་དགེའོ། ། ༈ དྲང་སྲོང་ཞི་ཁྲོའི་གཏེར་སྲུང་མཆོད་ཐབས་ལ། དགེ་བསྙེན་ཤེའུ་ལ་ཟླུམ་གཏོར་ཇོ་བོ་སྙོན་ཁ་གཉིས་ལ་ཟླུམ་གཏོར་སྦྲུལ་འཁྱུད་ཅན་ གཉིས། ཤེལ་གིང་ལ་གསང་ཕྱི་ཕྱེད་བཤོས་དང་། སོ་སོའི་མཐུན་རྫས་རྣམས་བཀོད་ལ་བྱིན་རླབས་བྱ། ཧཱུྃཿ དགེ་བསྙེན་ཤེའུ་ཁ་རི་དང་། །ཇོ་བོ་ཀླུ་བདུད་མགོ་དགུ་དང་། །མཁོན་མཐིང་གཏེར་སྲུང་ཤེལ་ གིང་དཀར། །སྙོན་ཁ་ནག་པོ་ཏི་པ་ཙ། །གཏེར་སྲུང་ཚོགས་རྣམས་གནས་འདིར་གཤེགས། །ཉེར་སྤྱོད་འདོད་ཡོན་གཏོར་མ་དང་། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ ཆགས་འགལ་འཁྲུལ་ཅི་མཆིས་བཤགས། །ཐུགས་དམ་བསྐང་ངོ་དངོས་གྲུབ་རྩོལ། །ཟབ་ཆོས་བསྟན་པ་འཕེལ་བ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ 6-26-9b ཨོཾ་ཨ་ཀཱ་རོས་བསྔོའོ། །རྒྱལ་དབང་ལྔ་པའི་གསུང་སོར་བཞག་ལ་སྣོན་ཅུང་ཟད་བཅས་མི་ཕམ་པས་བྲིས་པ་དགེའོ།། །།འདིར་བླ་མ་གསང་འདུས་གཏེར་སྲུང་སོགས་གཏེར་གནས་མཐུན་པའི་སྲུང་མ་མང་ཞིག་འདུས་ཤིང་། ཆོས་སོ་སོའི་གཏེར་ སྲུང་གང་ཡིན་གྱི་མིང་བཅུག་པས་ཀྱང་གྲུབ་པར་ཤེས་པར་བྱའོ། ། ༈ དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་ཚེ་སྒྲུབ་དག་སྣང་མའི་ཁྱད་པར་གྱི་བཀའ་སྲུང་འཆི་མེད་ཙཎྜི་ཀཱ་མཆོད་པ་ནི། གཏོར་མ་དམར་པོ་ཟླ་གམ་ལ་བ་ལིང་གི་ཤ་དང་ཆང་ཕུད་མ་ ཉམས་པས་བྲན་ལ་བྱིན་གྱིས་བརླབས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནགས་ཚལ་དྲ་བ་ཅན་གྱི་ནུབ་ཕྱོགས་པདྨ་དྲ་བས་ཁེབས་པའི་མཚོ་རྫིང་ནས་འཆི་མེད་ཉེ་དབང་ཙཎྜི་ཀཱ་འཁོར་དང་བཅས་པ་སྤྱན་ དྲངས་པར་བསམ་ལ། ཧཱུྃ་ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་འཆི་མེད་ཙཎྜི་ཀཱ། །ཉེ་བའི་དབང་མོ་བདེ་ཆེན་ལྕམ། །མཆེད་བདུན་སྤྲུལ་པ་ཡང་སྤྲུལ་བཅས། །ཨོ་རྒྱན་པདྨ་སཾ་བྷ་དང་། །དྲང་ སྲོང་དྲི་མེད་ཀུན་ཏུ་དགེའི། །བཀའ་དང་ཐ་ཚིག་གཉན་དགོངས་ལ། །དམ་ཚིག་དག་པའི་གནས་འདིར་བྱོན། །པད་ཉི་རིན་ཆེན་མཛེས་ཁྲིར་བཞུགས། །ཕྱི་ནང་གསང་བ་བླ་མེད་པའི། །མཆོད་སྤྲིན་རྒྱ་མཚོས་ དགྱེས་པར་མཛོད། །ཨོཾ་མ་ཧཱ་སུ་ཁ་ཙཎྜི་ཀཱ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཛཿ ཛཿཧཱུྃ་བྃ་ཧོཿསརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ། སོར་རྟོག་ཡེ་ཤེས་པདྨའི་རིགས། །གོས་དཀར་ཡུམ་གྱི་རང་གདངས་ལས། །བསྟན་པ་བསྲུང་ཕྱིར་ 6-26-10a འཇིག་རྟེན་ཚུལ། །དགྱེས་ཆགས་སིནྡྷཱུ་ཝཱ་རའི་མདངས། །སྲིད་གསུམ་ཁྱབ་པའི་གཟི་འོད་ཅན། །ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་འགུགས། །གཡོན་པས་ཚེ་བུམ་འཆི་མེད་སྩོལ། ། དར་དང་རིན་ཆེན་རྒྱན་གྱིས་མཛེས། །རིན་ཆེན་པདྨ་ཉི་མའི་ཁྲིར། །བཙུན་མོ་རོལ་པའི་སྟབས་ཀྱིས་འགྱིངས། །རང་འདྲའི་སྤྲུལ་པ་དྲུག་གིས་བསྐོར། །ཡང་སྤྲུལ་འཁོར་ཚོགས་བསམ་མི་ཁྱབ། ། བདེ་བ་ཆེན་པོའི་ཕྲིན་ལས་ཀྱིས། །ཚེ་དབང་དངོས་གྲུབ་སྩོལ་ལ་བསྟོད། །མཆོད་གཏོར་བདུད་རྩི་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འཚོ་བའི་ཚེ་སྲིངས་འབྱོར་པ་སྤེལ། ། ཁམས་གསུམ་སྣོད་བཅུད་དབང་དུ་སྡུས། །སྙན་དང་གྲགས་པས་སྟོང་གསུམ་ཁེངས། །མདོར་ན་ཡིད་ལ་བསམ་པའི་དོན། །འབད་མེད་མྱུར་དུ་འགྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ། མཆོད་གཏོར་ གཙང་སར་གཤེགས། འདི་ནི་བཀྲ་ཤིས་ཤིང་བྱིན་ཆེ་ལ་ཕྲིན་ལས་གློག་ལྟར་མྱུར་བ་ཡིན་ནོ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དགོངས་གཏེར་བདག་མི་ཕམ་རྣམ་པར་རྒྱལ་བ་ལ་གཏད་པ་ལགས་སོ། །མངྒ་ལཾ། ། 6-26-10b empty page 6-27-1a དྲང་སྲོང་ཁྲོས་པའི་གཏོར་བཟློག་བཅུད་ཕུར་བཞུགས་སོ། །ན་མོ་གུ་རུ་རི་ཥི་ཀྲོ་དྷཱ་ཡ། འདིར་མན་ངག་ཟབ་མོའི་ཆོས་སྡེ་རིག་པ་འཛིན་པའི་སྙིང་ཐིག་ལས། ས་བཅད་དྲུག་པ་དྲང་སྲོང་དྲི་མེད་ མཐིང་ནག་ལ་བརྟེན་ནས་མངོན་སྤྱོད་དམོད་པའི་ལས་བརྩམ་པ་ནི། མདུན་དུ་ཕུང་སའི་ཧོམ་ནང་དགྲ་བགེགས་ལིང་ག་གཞུག །དེ་སྟེང་མཎྜལ་འཁོར་ལོ་རྩིབས་བརྒྱད་པའི་ཁར་དམར་གཏོར་གཙོ་འཁོར་དགུ་པ་ཤ་ཁྲག་མཚེ་ཡུངས་སོགས་ཀྱིས་བརྒྱན་པ། དྲག་མཆོད་ དང་། ཐུན་རྫས་ཐུན་གཏོར་བཅས་བཤམས། ཐོག་མར་མདུན་དུ་སྐྱབས་ཡུལ་གསལ་ལ། རྡོ་རྗེ་སློབ་དཔོན་སོགས། ཡན་ལག་བརྒྱད་པ་བྱས་ནས་ཚོགས་ཞིང་རང་ལ་ཐིམ་པར་བསམ། མཆོད་པ་བྱིན་གྱིས་བརླབས་པ་ནི། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གནས་ཡུལ་ཀུན། །དག་པ་རབ་འབྱམས་ཞིང་ཁམས་ཆེར། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར། །ཨོཾ་ཨཱཿཧཱུྃ། བདག་མདུན་བསྒོམ་པ་ནི། ཤཱུ་ནྱ་ཏས་སྦྱངས་ཏེ། སྟོང་པའི་ངང་ལས་སྐད་ཅིག་གིས། །རྡོ་རྗེ་སྲུང་བའི་གུར་ཆེན་དབུས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྲུང་རྒྱ་མཚོ་སྤྲིན་ཕུང་འཁྲིགས། ། དེ་དབུས་པད་ཉིད་དགྲ་བགེགས་སྟེང་། །ལོཀྟྲི་པཱ་ལ་ཤིན་ཏུ་འཇིགས། །མཐིང་ནག་དབུ་བརྒྱ་ཕྱག་སྟོང་འབར། །ཕྱག་མཚན་མཚོན་ཆ་སྣ་ཚོགས་གདེངས། །དེ་ཡི་ཐུགས་ཀར་དྲང་སྲོང་ཁྲོས། ། 6-27-1b ཡེ་ཤེས་སེམས་ཕྱག་བཞི་མཆན། དཔའི་སྤྲུལ་སྐུར་བཞེངས། །དེ་ཡི་ཐུགས་དཀར་དྲི་མེད་ཞི། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་ཚུལ། །དེ་ཡི་ཐུགས་ཀར་རྡོ་རྗེ་འཛིན། །ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས། ། མདུན་དུ་གནམ་ལྕགས་འཁོར་ལོ་ནི། །རྩིབས་བརྒྱད་རྣོ་ངར་ལྡན་པའི་དབུས། །པད་ཉི་དྲེགས་པའི་གདན་གྱི་སྟེང་། །མངོན་སྤྱོད་དམོད་པ་སྟོབས་ཀྱི་ལྷ། །ཞེ་སྡང་རྡོ་རྗེ་གསང་བའི་ བདག །འཇིག་རྟེན་སྒྲོལ་མཛད་སྐུ་མདོག་མཐིང་། །ཕྱག་བཞི་ཐོ་བ་རལ་གྲི་དང་། །ཐ་གཉི་གནམ་ལྕགས་ཕྱག་མཐིལ་ལ། །ལྕགས་སྡིག་སོར་མོ་འབར་བ་གདེངས། །གཅེར་བུ་རྒྱན་ མེད་ཤིན་ཏུ་འཇིགས། །ཡེ་ཤེས་མེ་དཔུང་དོར་ཐབས་རོལ། །རྩིབས་བརྒྱད་རང་འདྲའི་སྤྲུལ་པ་བརྒྱད། །སྤྱི་བོར་རིགས་བདག་པད་འབྱུང་དང་། །ཐུགས་ཀར་དྲང་སྲོང་དྲི་མེད་བཞུགས། །མཐའ་ བསྐོར་ཡེ་ཤེས་འཇིག་རྟེན་གྱི། །ཆོས་སྲུང་རྒྱ་མཚོ་སྤྲིན་ལྟར་གཏིབས། །བདག་དང་མདུན་གྱི་ལྷ་ཚོགས་ཀྱི། །གནས་གསུམ་དེ་བཞིན་གཤེགས་ཀུན་གྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ནི། །ཡི་གེ་ གསུམ་ལས་འོད་འཕྲོས་པས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར། བཛྲ་ས་མཱ་ཛ༔ ཛཿ ཧཱུཾ་བཾ་ཧོཿས་མ་ཡ་ཏིཥྛ་ལྷནཿ ཨོཾ་ཨཱཿཧཱུཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་ 6-27-2a བཞིན་སྤྲིན་ཚོགས་ལས། །མཁའ་ཁྱབ་འདོད་ཡོན་རྒྱ་མཚོའི་གཏེར། །བདེ་བ་ཆེན་པོར་བཞེས་སུ་གསོལ། །སརྦ་པཱུ་ཛ་ས་མ་ཡ་ཧཱུཾ། ཧཱུཾ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། ། སྐུ་གསུང་ཐུགས་ཀྱི་གསང་བ་འཛིན། །དྲང་སྲོང་ཞེ་སྡང་རྡོ་རྗེ་ནི། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཐོག་མར་སྲུང་དམིགས་ནི། །ཐུགས་སྲོག་ཧཱུཾ་གི་ཐིག་ལེ་དང་། །བསྲུང་བྱའི་སྒོ་གསུམ་དབྱེར་མེད་ འདྲེས། །མི་ཤིགས་གསུམ་ལྡན་འོད་ཟེར་སྤྲིན། །མེ་མཚོན་ཁྲོ་བོའི་ཚུལ་དུ་འཕྲོས། །ཕྱོགས་དུས་རྒྱལ་བ་མཆོད་པས་མཉེས། །གནོད་བྱེད་འབྱུང་པོ་རྡུལ་དུ་བརླག །བྱད་ཕུར་རྦོད་གཏོང་དབྱིངས་ སུ་བཟློག །ཐམས་ཅད་རིག་རྩལ་གཉུག་མའི་ངང་། །ཚུར་འདུས་ཐུགས་སྲོག་ཐིག་ལེར་ཐིམ། །བྱིན་རླབས་ནུས་སྟོབས་འབར་བར་གྱུར། །ཅེས་པའི་དོན་ལ་དམིགས་པ་རྩེ་གཅིག་པས། ཨོཾ་ལོག་ཏྲི་པཱ་ལ་ ནན་སྲུངས། ས་ག་པ་ཤ་ནན་སྲུངས། ནཱ་ག་དུ་དུ་ནན་སྲུངས། མ་མཾ་མ་མཾ་སྲུངས། ཙི་ཙ་ར་ཙི་ཙ་ར་སྲུངས། བཾ་རུ་ལུ་བཾ་རུ་ལུ་སྲུངས། རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་སྲུངས། ཧོ་ར་ཧོ་ར་ནན་སྲུངས་ ཙི་དུ་སོད་ཙི་དུ་སོད། ཤིག་ལྷུར་གཏུབས། ཧ་ལ་པ་ཏི་ནན། འཁོར་བ་ཐུལ། གནོད་བྱེད་འབྱུང་པོ་ཀཱ་ཝཱ་ཙི་བརླག་བརླག་ནྲི་བྷཱུཾ་ཧཱུཾ་ཛཿམ་མ་སརྦ་རཀྵ་རཀྵ་བྷཱུྃ༔ ཞེས་ཅི་རིགས་བཟླ་ཞིང་སྟོངས་ཚིག་གི་ 6-27-2b མཆོད་བསྟོད་བྱའོ། །དེ་ལྟར་རང་རྡོ་རྗེའི་གུར་དུ་ཞུགས་ནས་ཕས་རྒོལ་གཞོམ་པའི་ལས་དངོས་ལ་འཇུག་པ་ནི་གཞུང་ལས་འོག་ཏུ་གནམ་ལྕགས་ཁང་སྒྲོམ་དབུས། དགྲ་བགེགས་བྱད་མ་དངོས་སུ་གསལ། ཛཿཧཱུཾ་བཾ་ཧོས་དབྱེར་མེད་བསྟིམ། མདུན་བསྐྱེད་ཕྱག་མཚན་ཐོ་བ་དང་། ། རལ་གྲིའི་ཆར་བབས་བསད་བཅད་གཏུབ། །སོར་མོའི་ལྕགས་སྡིག་གྲངས་མེད་པས། །ཤ་ཁྲག་ཧབ་ཧབ་ཟོས་པར་བསམ། །ཞེས་གསུངས་པ་ལྟར་ལག་ཏུ་ལེན་པ་ལ། ཐོག་མར་གསེར་སྐྱེམས་ནི། ཧཱུཾ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། ། བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་ཞེ་སྡང་རྡོ་རྗེའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་སོགས་དང་གཟུ་དཔང་ནི། ཧཱུཾ། མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་ འཁོར་ནས། །དྲང་སྲོང་ཁྲོས་པའི་ལྷ་ཚོགས་འཁོར་བཅས་རྣམས། །མི་མངོན་དབྱིངས་ནས་གསན་ཅིང་དགོངས་སུ་གསོལ། །རྣལ་འབྱོར་བདག་གི་གཟུ་དང་དཔང་པོར་མཛོད། །བསྡུ་ན་དེ་ཙམ་དང་། སྤྲོ་ན་གཟུ་དཔང་གཞན་ཡང་བྱའོ། །དེ་ནས་ཨེ་ཁང་བསྐྱེད་པ་སོགས་ནི། མདུན་འོག་དུར་ཁྲོད་འཇིགས་སུ་རུང་བ་ཡི། །ཨེ་ལས་གཞལ་ཡས་ལྕགས་ཁང་སྒོ་མེད་པའི། །ནང་དུ་གྲུ་གསུམ་ནག་པོ་གཏིང་ཟབ་པ། ། དེ་དབུས་ནྲི་ལས་གནོད་བྱེད་བྱད་མ་རྣམས། །མགོན་མེད་མྱ་ངན་ཕྱག་རྒྱ་ཅན་དུ་གྱུར། །ཞེས་གསལ་བཏབ་ལ། ན་མོ་རྩ་རྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས། །དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། ། 6-27-3a སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན། །དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང་། །ཁྱད་པར་མངོན་སྤྱོད་དམོད་པ་སྟོབས་ཀྱི་ལྷ། །དྲང་སྲོང་ཁྲོས་པ་ཞེ་སྡང་རྡོ་རྗེའི་སྐུ། ། མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས། །བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད། །ཆོས་བྱེད་ཡོངས་ལ་འཚེ་བ་དམ་སྲིའི་དཔུང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ། ། བསམ་ངན་སྦྱོར་རྩུབ་བྱད་ཕུར་རྦོད་གཏོང་དང་། །འགལ་རྐྱེན་བར་ཆད་རྩོམ་པའི་དགྲ་བགེགས་རྣམས། །གང་ན་ཡོད་ཀྱང་དམིགས་རྟེན་འདི་ཉིད་ལ། །ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ །སྐེ་ནས་ཆིངས་ཤིག་ བཛྲ་པཱ་ཤ་ཧཱུྃ། །ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མྱོས་པར་གྱིས་ཤིག་བཛྲ་གཎྚེ་ཧོཿ། ཕྱེས་ཤིག་བཛྲ་པྲ་བེ་ཤཱ་ཡ་ཕཊ། །དབྱེར་མེད་བསྟིམས་ཤིག་ཨཱ་བེ་ཤ་ཡ་ཨཱཿཞེས་དང་ནན་ཆེན་བླ་འགུགས་ཀྱི་སྔགས་ཀྱང་ ཇི་རིགས་བཟླའོ། །དེ་ནས་བསད་པའི་དམིགས་པ་ནི། མདུན་བསྐྱེད་ཕྱག་མཚན་གནམ་ལྕགས་ཐོ་བ་དང་། རལ་གྲིའི་ཆར་བ་ཐོག་གི་བུ་ཡུག་བཞིན། །དགྲ་བགེགས་བྱད་མའི་སྟེང་དུ་དབབ་པ་ཡིས། །ལུས་སྲོག་དབང་ པོ་དུམ་བུར་གཅོད་ཅིང་གཏུབས། །སོར་མོ་ལྕགས་ཀྱི་སྡིག་པ་གྲངས་མེད་པས། །ཤ་ཁྲག་མ་ལུས་ཧབ་ཧབ་ཟོས་པར་གྱུར། །ཅེས་བསད་པའི་དམིགས་པ་གསལ་བཏབ་ལ། ཨོཾ་ལོག་ཏྲི་པཱ་ལ་ནན། ས་ག་པ་ཤ་ནན། 6-27-3b ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙི་ཙ་ར་ཙི་ཙ་ར། བཾ་རུ་ལུ་བཾ་རུ་ལུ། རྦད་ཏྲ་ཀོ་ཤ་ཡ། རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར་ནན། ཙི་དུ་སོད། ཙི་དུ་སོད། ཤིག་ལྷུར་གཏུབ། ཧ་ལ་བ་ཏི་ནན། འཁོར་བ་ཐུལ། ཨ་ཡ་མ་དུ་རུ་ཙ་ཤ་ན། གནོད་བྱེད་དགྲ་བགེགས་འབྱུང་པོ་ཀཱ་བཱ་ཙི་བརླག་བརླག །ཐུམ་རིལ་མྱོགས་རྨུགས་མཱ་ར་ཡ་རྦད་རྦད། ཅེས་བྲག་ཁ་ནས་ཆུ་འབབ་པ་ལྟར་བཟླ། ཐུན་མཐར་ཐུན་རྫས་ལ་བསྔགས་ཤིང་། ཐུན་གདབ་པ་ནི། ཧཱུཾ། རྡོ་རྗེ་གསང་བའི་བཀའ་ལས་ནི། །སྡིག་ཅན་གང་ཞིག་འདའ་བྱེད་པ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས། །ཀླད་པ་ཚལ་པ་བརྒྱ་རུ་ཁོས། །ཞེས་བྱས་ལ་སྔགས་རིང་དང་དྲང་སྲོང་དམོད་པ་ཚར་གཅིག་བཅས་ཐུན་བརྡེག་ཅིང་། བསྒྲལ་པའི་ཤ་ཁྲག་རྣམས་དང་། །ཐུན་གཏོར་བཅས་ལ་རཀྟ་བྲན་ཏེ། རཾ་ཡཾ་ཁཾ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཁྲམ་ཁྲོད་ཆེན་པོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ ཨཱཿཧཱུཾ་ལན་གསུམ་གྱིས་བརླབས། ཨོཾ་མ་ཧཱ་རི་ཥི་ཀྲོདྷ་རཱ་ཛ་ས་པ་རི་ཝཱ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཏི། ལན་གསུམ། བཛྲ་པུཥྤེ་སོགས་ཀྱིས་མཆོད། ཧཱུཾ། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །གསོད་ པ་ལ་སོགས་རྟག་ཏུ་བརྩོན། །བདུད་བཞི་འཇོམས་ཤིང་གདུལ་དཀའ་འདུལ། །འཁོར་བཅས་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུཾ། ཞེ་སྡང་རྡོ་རྗེའི་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་ 6-27-4a ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་རྒུའི་བ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི ། ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་བསྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་ སྟེམས་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་རྣམས། །ནམ་ཡང་ལྡང་མེད་བརླག་པའི་ལས་མཛོད་ཅིག །མདོར་ན་བདག་གི་རེ་ འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་ཐུན་གཏོར་འབུལ། དེ་ནས་བཟློག་པའི་དམིགས་པ་ནི། མདུན་བསྐྱེད་ཀྱི་འཁོར་རྣམས་ཞལ་ཕྱིར་གཟིགས་ཤིང་བཟློག་སྔགས་ བཟླས་པ་དང་ལྷན་ཅིག་ཏུ་རང་འདྲའི་སྤྲུལ་པ་དང་ལས་བྱེད་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་མི་མཐུན་པའི་ཚོགས་ཐམས་ཅད་ཕྱིར་བཟློག་པར་བསམ་ལ། ཨོཾ་ལོ་གྷྲི་པཱ་ལ་ནན་སོགས་ནས། ཀཱ་ཝ་ཙི་བརླག་བརླག་ དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག །ཅེས་ཅི་ནུས་བཟླས་ལ། མཐར་དམོད་པ་དང་བཅས་ཐལ་མོ་བརྡབ་པའི་བར་དུ་བྱད་མ་འཁོར་བཅས་སྒོ་ང་བྲག་བར་བཅར་བ་ལྟར་མིང་མེད་དུ་བརླག་པར་བསམ་ལ། 6-27-4b ན་མོ། རིག་འཛིན་རྩ་བརྒྱུད་སོགས་ནས། ཁྱད་པར་བཅོམ་ལྡན་འདས་དྲང་སྲོང་ཁྲོ་བོའི་རྒྱལ་པོ་ཞེ་སྡང་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་ པ་ཆེན་པོའི་མཐུ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པ་ཐམས་ཅད་དང་ཁྱད་པར་བན་བོན་སྔགས་པའི་མཐུ་བྱད། རྦད་འདྲེ་ རྦོད་གཏོང་ཐན་དང་ལྟས་ངན་མི་མཐུན་པའི་ཕྱོགས་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག་བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག །སྲིད་པ་སྤྱི་ནས་ཤིག་ ཅིག །སྲིད་གསུམ་རྨངས་ནས་བསྒྱིལ་ཅིག །འཁོར་བ་གཏིང་ནས་ཕྱུངས་ཤིག །བསྐལ་པའི་མེས་སྲེགས་ཤིག །དམ་ཚིག་གི་དམོད་པས་སྡིགས་ཤིག །བཀའ་ཡི་ཆད་པ་ཆོད་ཅིག །གནམ་ ལྕགས་རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིག །སུམ་བྷ་ནིས་ནོན་ཅིག །སྲིད་གསུམ་གར་སྐྱེས་ཀྱང་སྡིག་ཅན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་ཆར་ཆེན་པོ་ཕོབ་ཅིག །གནོད་བྱེད་ཤ་ཏྲུཾ་མཱ་ར་ ཡ་རྦད་རྦདཿ སྦྱོར་བ་ངན་པ་ཐམས་ཅད་འདིས་ཐུལ་ཅིག༔ ཅེས་བདེན་སྟོབས་བརྗོད་པ་དང་དམོད་པས་གཟིར་ཞིང་ཐབ་མོ་བརྡབ་པ་ལན་གསུམ་བྱའོ། །དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷྱོཿ ཞལ་གདམས་སྙིང་བྱང་རཀྴ་ཐོད་ཕྲེང་གི་བཟློག་པ་མཆན། 6-27-5a མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང་༔ ཙཀྲ་འབར་བའི་གཞལ་ཡས་ནས༔ སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག༔ ཞེ་སྡང་རྡོ་རྗེ་དབྱིངས་ནས་བཞེངས༔ སྤྲུལ་པའི་ཁྲོ་ཚོགས་ལས་ལ་ཆོས༔ ཡང་ སྤྲུལ་ཁྲོ་བོ་ཁྲོ་མོ་དང་༔ དྲང་སྲོང་དམོད་པའི་མཚོན་འཆང་བ༔ ལོཀྟྲི་པཱ་ལས་སྟོང་ཁམས་གང་༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ འདི་ནས་ཚིག་རྐང་བདུན་ཁ་སྐོང་། རྣལ་ འབྱོར་བདག་ཅག་འཁོར་བཅས་ཀྱི། །སྔོན་ལས་ཕྲལ་རྐྱེན་ལས་བྱུང་བའི། །དགྲ་གྱོད་མི་ཁ་དམོད་བྱད་དང་། །སྡེ་བརྒྱད་གདུག་རྩུབ་ཆོ་འཕྲུལ་དང་། །ཐན་དང་ལྟས་ངན་དལ་ཡམས་དང་། །ཆགས་ཆེ་ཉམ་ང་འཇིགས་ པའི་ཚོགས། །ནད་གདོན་བར་ཆད་མི་མཐུན་ཕྱོགས། །ལོ་ཟླ་ཞག་དུས་ལ་འཁོར་བའི༔ ཆེ་སྲི་ཆུང་སྲི་དར་མའི་སྲི༔ ཕོ་སྲི་མོ་སྲི་རྒས་གཞོན་སྲི༔ ནད་སྲི་དུར་སྲི་ངན་པ་དང་༔ གློ་བུར་རྩུབ་པའི་གེགས་རིགས་ ཀུན༔ བཟློག་གོ་དམར་ཆེན་གཏོར་མས་བཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ཞིང་བཅུ་ཚང་བའི་དགྲ་ལ་བསྒྱུར༔ ཟློག་བསྒྱུར་བཅོལ་བའི་ཕྲིན་ལས་ མཛོད༔ དེ་ནས་གང་དུ་འཕེན་པའི་ཕྱོགས་སུ་གསེར་སྐྱེམས་དང་གཟུ་དཔང་སྔོན་དུ་འགྲོ་བས། དམིགས་བྱའི་རཱུ་པ་ལ་དགུག་གཞུག་བྱ་ཞིང་དེ་འབེན་དུ་བཅས་ལ་ཟོར་འཕང་བ་ནི། ཧཱུྃ། གདུག་པའི་དམ་ཉམས་དགྲ་དང་བགེགས། །བསྟན་ 6-27-5b པའི་རུ་དྲ་མ་གཏོགས་པའི། །སྟེང་འོག་ཕྱོགས་འཚམས་གནས་པ་ཡི། །ལྷ་ཀླུ་གཞི་བདག་སྐུ་བཟུར་ཅིག །གཏོར་ཟོར་དགྲ་བགེགས་སྙིང་ལ་རྒྱོབ། ཡིག་རྙིང་ལས་སོ། །འདི་མན་གསར་རྩོམ། རྒྱལ་ཀུན་མཐུ་སྟོབས་ནུས་པ་དྲག་ པོའི་རྩལ། །དྲང་སྲོང་དམོད་པའི་མཚོན་ཆར་ཡོངས་ཤར་བ། །དམར་ཆེན་གཏོར་ཟོར་གདུག་པའི་དུག་དབལ་ཅན། །དམ་ཉམས་སྡིག་ཅན་བསྟན་དགྲའི་སྙིང་ལ་འཕེན། །རྩ་གསུམ་སྲུང་མའི་ཚོགས་ཀྱི་མཐུ་བསྐྱེད་ ལ། །སྣང329སྲིད་སྡེ་བརྒྱད་དྲེག་པ་ལས་ལ་བྷྱོ། །གང་ལ་བརྣགས་པའི་དགྲ་བགེགས་སྙིང་ལ་ཡ། །རྗེས་ཤུལ་མེད་པར་ཐལ་བའི་རྡུལ་དུ་རློག །རྦད་ཐུམ་རི་ལི་ལི། ཞེས་དང་སྔགས་རིང་དང་དམོད་པའི་མཐར། ཏྲིལ་ཤག་སྲོག་ ཁྱེར་བྷྱོ། ཏྲི་མྱགས་ཀ་པ་ཡཿ སླར་ཡང་སྲུང་འཁོར་བསྒོམ་ཞིང་ནང་དུ་ལོགས། དྲང་སྲོང་ཞི་བའི་ཚེ་འགུགས་བྱ་ཞིང་ལས་རྗེས་སྤྱི་ལྟར་བྱའོ། །གཞན་ཡང་སྤྲོ་ན་ཚོགས་ཀྱི་མཆོད་པ་སོགས་དྲང་སྲོང་ཞི་བའི་གཞུང་ལྟར་བྱའོ། །གསང་བདག་རྡོ་རྗེ་འཛིན་པའི་ཡེ་ཤེས་སྐུ། ། རིག་འཛིན་གྲུབ་པའི་ཚུལ་འཆང་མདོ་སྔགས་གླིང་། །གང་གི་ཞལ་ལུང་ཟབ་མོའི་མན་ངག་འདི། །ཐོབ་ཅིང་རྗེས་སུ་གནང་བས་འདི་བྲིས་སོ། །གྲུབ་པའི་བྱིན་རླབས་མི་ཤིགས་རྡོ་རྗེའི་མཚོན། །མི་བཟད་དམོད་པ་དྲག་པོའི་རྣོ་དབལ་ཅན། །སྡིག་ཅན་སྙིང་ལ་བསྣུན་པས་བདུད་སྡེའི་གཡུལ། ། ཕ་མཐར་བྱེད་འདི་བསྟན་པའི་བཙས་སུ་ཤོག །ཅེས་པའང་རིགས་ཀུན་ཁྱབ་བདག་གཏེར་ཆེན་བླ་མ་མཆོག་གི་ཞལ་སྔ་ནས་ཚུལ་འདིའི་སྨིན་གྲོལ་ནོས་ཤིང་གཏོར་བཟློག་གི་རིམ་པ་འདི་ལྟ་བུའི་ཆོག་ཁྲིགས་ཀྱིས་ཞེས་རྗེས་སུ་གནང་བ་ལ་བརྟེན་ནས་བླ་མའི་བྲན་དུ་གྱུར་པ་མི་ཕམ་རྣམ་པར་རྒྱལ་བས་བྲིས་ 6-27-6a པ་འདིས་འགྲོ་ཀུན་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ཞིང་དཔལ་ཧེ་རུ་ཀའི་གོ་འཕང་གྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །༈ དྲང་སྲོང་ཞི་བའི་གཏོར་འབུལ་འདོད་གསོལ། ཧོ། དྲང་སྲོང་ཆེན་པོ་འཁོར་བཅས་ཀྱིས། ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གི། ལས་དང་ཡེ་ཤེས་རབ་འབྱམས་ཀྱི། །སྔགས་ཀྱི་གྲུབ་པ་ཚུལ་བཞིན་དུ། །བར་ཆད་མེད་པར་ཐོབ་པ་དང་། །ནད་དང་འཇིགས་ པ་སྡེ་བརྒྱད་གདོན། །བྱད་ཕུར་དྲང་སྲོང་དམོད་པ་སོགས། །མི་མཐུན་བར་ཆད་ཐམས་ཅད་ཀུན། །སྲུང་དང་ཞི་དང་བཟློག་པ་དང་། །མདོར་ན་ཡིད་ལ་གང་འདོད་པའི། །མཆོག་ཐུན་དངོས་གྲུབ་མ་ལུས་པ། ། གེགས་མེད་ཡིད་བཞིན་འགྲུབ་པ་རུ། །ཁྱེད་ཀྱིས་སྨོན་ལམ་གདབ་པ་དང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་པའང་ཟླ་༨ཚེས་༢༦ལ་མི་ཕམ་པས་སོ། །ཤུབྷཾ་མངྒ་ལཾ། 6-27-6b empty page 6-28-1a ༄༅། །ཆོས་སྐྱོང་གི་གསོལ་མཆོད་སྐོར་ཕྱོགས་བསྡུས་འདོད་འབྱུང་དཔལ་གྱི་རྫིང་བུ་ཞེས་བྱ་བ་བཞུགས་སོ། ། 6-28-1b གཏོར་མ་བྱིན་བརླབས་ནི། གཏོར་འགུག་སྔོན་དུ་སོང་ནས། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་མེ་རླུང་དང་བཅས་པའི་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་དམར་གྱི་ ཐོད་རློན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་དང་། གཞན་ཡང་ཤ་ལྔ་དང་བདུད་རྩི་ལྔ་ ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཐབས་ཤེས་ཀྱི་ཡི་གེས་མཚན་པ་ཞུ་ཞིང་ཁོལ་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་དྭངས་བཅུད་མ་ལུས་པ་བཀུགས་ཤིང་བསྟིམ་པས་བདུད་ རྩི་དཀར་དམར་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་ཟེར་མ་འཕྲོ་བའི་སྟེང་གི་ནམ་མཁར་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ 6-28-2a ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་སྟེ་རིམ་པར་ཞུ་བ་དམ་ཚིག་གི་རྫས་དང་དབྱེར་མེད་པར་གྱུར་ཏེ། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་རྒུ་རབ་འབྱམས་ཀྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང་། ཨོཾ་མ་ཧཱ་བ་ ལིངྟ་ཏེ་ཛྭ་བ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབས། རང་གི་ཐུགས་ཀའི་འོད་ཟེར་གྱིས་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་མ་ལུས་པ་ཆར་སྤྲིན་ གཏིབས་པ་ལྟར་སྤྱན་དྲངས་བཛྲ་ས་མཱ་ཛཿ དེ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་དྭངས་བཅུད་དྲངས་པས་མཉེས་པར་གྱུར། ཨོཾ་ཨཱཿཧཱུྃ། བཛྲ་གུ་རུ་དེ་བ་ཌཱ་ 6-28-2b ཀི་ནཱི་ཤྲཱི་དྷརྨཱ་པཱ་ལ་བ་སུ་དེ་བ་ནི་དྷི་པ་ཏི་བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿཞེས་བྱས་ནས་གསོལ་ཀའི་གཞུང་དཀྱུས་ལྟར་བཏང་ངོ་། །མངྒ་ལཾ། ། ༈ རྩ་བ་གསུམ་གྱི་གསོལ་མཆོད་ཕྲིན་ལས་ ཀུན་འགྲུབ་བཞུགས། ཨོཾ་ཨཱཿཧཱུྃ། ཀུན་ཁྱབ་ཆོས་ཀྱི་དབྱིངས་དང་མཉམ་པ་ཡི། །སྣང་སྲིད་ཟག་མེད་བདུད་རྩིར་ཞུ་བའི་བཅུད། །འཇའ་ཟེར་ཐིག་ལེ་མཆོད་པའི་སྤྲིན་ཕུང་འཕྲོ། །མཉམ་ཉིད་ བདེ་ཆེན་བདུད་རྩིའི་གཏོར་མ་འདི། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་དང་། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་ནོར་ལྷ་གཏེར་དང་གཞི་ཡི་བདག ། མ་ལུས་འཁོར་དང་བཅས་ལ་མཆོད་པར་འབུལ། །ཁྱད་པར་འཇམ་དཔལ་གཤིན་རྗེ་པདྨ་དབང་། །གསང་བདག་རྡོ་རྗེ་ཕྲིན་ལས་ཕུར་པའི་ལྷ། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཀའ་ཉན་བཅས། ། མཆོད་ཅིང་བསྟོད་དོ་འདོད་དགུའི་དངོས་གྲུབ་སྩོལ། །བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ལེགས་ལྡན་ནག །ལྷ་ཆེན་དཔལ་འབར་མ་ནིང་མགོན་པོ་དང་། །དཔལ་ལྡན་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག ། སྔགས་ཀྱི་སྲུང་མ་རྡོ་རྗེ་རལ་གཅིག་མ། །མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོ་མཆེད་ལྔ་དང་། །དམ་ཅན་སྐྱེས་བུ་བཛྲ་སཱ་དྷུ་རྩལ། །དྲང་སྲོང་གཟའ་མཆོག་ཆེན་པོ་རཱ་ 6-28-3a ཧུ་ལ། །འཆི་བདག་ལས་ཀྱི་གཤིན་རྗེའི་རྒྱལ་པོ་དང་། །བགེགས་འདུལ་གཉན་ཆེན་རྡོ་རྗེ་འབར་བ་རྩལ། །དགྲ་བླའི་རྒྱལ་པོ་སྐྱེས་མཆོག་ཡིད་བཞིན་ནོར། །མཐུ་ལྡན་ ཆེ་བཙན་རོལ་པ་རྐྱ་བདུན་དང་། །རྣམ་སྲས་ཛམ་ལྷ་ཞིང་སྐྱོང་སེང་གེའི་གདོང་། །དུར་ཁྲོད་ལྷ་མོ་ཤན་པ་དམར་ནག་དང་། །སྔགས་ཀྱི་སྲུང་མ་ཤ་ཟ་ཁ་མོ་ཆེ། །སོགས་འདིར་གང་དགོས་འཛུད། མ་ སང་སྐྱེས་གཅིག་བེག་ཙེ་ལྕམ་སྲིང་གཉིས། །བདུད་བཙན་ཀླུ་གསུམ་མཐུ་ཆེན་སྡེ་བཞི་དང་། །གིང་ཆེན་སྡེ་ལྔ་རྒྱལ་ཆེན་སྐུ་ལྔ་དང་། །འགོ་བའི་ལྷ་ལྔ་སྡེ་དྲུག་སྲུང་མ་དང་། །འབར་བ་སྤུན་ བདུན་དྲེགས་པ་སྡེ་བརྒྱད་དང་། །ཞང་བློན་སྡེ་དགུ་གནས་བཅུའི་སྲུང་མ་དང་། །བཅུ་གཅིག་ཐེག་པའི་བཀའ་སྐྱོང་འཁོར་དང་བཅས། །ཕུར་སྲུང་བཅུ་གཉིས་བརྟན་མ་བཅུ་གཉིས་དང་། །མགུལ་ལྷ་ བཅུ་གསུམ་དགྲ་བླ་བཅུ་གསུམ་དང་། །དྲེགས་པ་བཅོ་བརྒྱད་དགེ་བསྙེན་ཉེར་གཅིག་དང་། །སྡེ་དཔོན་སུམ་ཅུ་དཔལ་མགོན་དོན་ལྔ་སོགས། །བརྒྱུད་གསུམ་བླ་མའི་དམ་ཚིག་ལ་གནས་པའི། །སྡེ་ གསུམ་སྣང་སྲིད་དྲེགས་པ་མ་ལུས་ལ། །ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་འབུལ། །རོ་མཉམ་རྡོ་རྗེའི་དབྱིངས་སུ་དམ་བསྲེ་ན། །བྱང་ཆུབ་བར་དུ་སྲུང་སྐྱོབས་མི་གཡེལ་བར། །མི་མཐུན་ 6-28-3b ཕྱོགས་ཞི་ཚེ་དཔལ་ལོངས་སྤྱོད་རྒྱས། །ཁམས་གསུམ་དབང་སྡུས་དགྲ་བགེགས་ཚར་གཅོད་ཅིང་། །ཡང་དག་ལམ་གྱི་བར་ཆད་བསལ་ནས་སུ། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབ་པ་དང་། ། ཇི་ལྟར་བཅོལ་བའི་ཕྲིན་ལས་མ་ལུས་པ། །ཐོགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་པའང་རབ་ཚེས་མེ་ཁྱི་ཟླ་བ་བཞི་པའི་ཚེས་བཅོ་ལྔ་ལ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ། ། ༈ རྒྱུད་མགོན་ལེགས་ལྡན་ནག་པོའི་གཏོར་འབུལ་བྱིན་རླབས་ཆར་ཆེན་བཞུགས་སོ། །ཧཱུྃ༔ ལང་ཀ་ཡུལ་གྱི་གྲོང་དྷལ་གྱི༔ དབུས་ཀྱི་རི་བོ་མ་ལ་ཡ༔ ཀོ་ཀ་ཐར་དམར་རྒྱ་མཚོའི་ངོ་༔ བྱན་ལག་མཆོང་རི་ གནམ་ལྕགས་འབར༔ དྲག་ཤུལ་ཅན་གྱི་རྩེ་མོ་ན༔ རྡོ་རྗེ་ཐབས་ཀྱིས་བལྟ་བའི་ཡུལ༔ ཆོས་འཛིན་རིགས་ཀྱི་སྒྲུབ་གནས་སུ༔ དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས༔ བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་༔ གསང་སྔགས་འཁོར་ལོ་བསྐོར་བའི་ཚེ༔ མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ༔ རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག༔ མགོན་པོ་ནག་པོ་ཆེན་པོ་དང་༔ ཉེ་གནས་ཀྲོ་དྷཱི་ཤྭ་རི་མ༔ ཡབ་ཡུམ་ གཉིས་སུ་མེད་པའི་འཁོར༔ ལང་ཀའི་བདག་པོ་ལ་སོགས་པ༔ འདུས་པ་རྣལ་འབྱོར་ཕོ་མོའི་ཚོགས༔ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ 6-28-4a དུར་ཁྲོད་གསང་བ་མཆོག་གི་གནས་འདིར་བཞུགས༔ རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག༔ མར་ མེ་མུན་སེལ་དྲི་ཞིམ་སྤོས་ཀྱི་མཆོག༔ བདུད་རྩི་ཡོན་ཆབ་འོ་མ་ཀུན་གྱི་གསོས༔ སྒྲིབ་སེལ་བཤོས་གཙང་དམ་པ་བདུད་རྩིར་བཅས༔ དྲང་སྲོང་ཤཾ་བདེ་བྱེད་ཞེས་སོ་མཆན། ཀར་སྐུ་ལ་མཆོད་པར་འབུལ༔ ལྷ་མོ་ཨུ་མའི་ སྐུ་ལ་མཆོད་པར་འབུལ༔ ལེགས་ལྡན་ནག་པོའི་སྐུ་ལ་མཆོད་པར་འབུལ༔ མ་ཧཱ་ཀཱ་ལའི་སྐུ་ལ་མཆོད་པར་འབུལ༔ ལྷ་མོ་དུང་སྐྱོང་སྐུ་ལ་མཆོད་པར་འབུལ༔ ཧཱུྃ༔ ལྕང་ལོ་ཅན་གྱི་མ་ཧཱ་བནྡྷ་རུ༔ བྱང་ཆུབ་སེམས་དང་མཱཾ་ས་རཀྟ་དང་༔ དྲི་ཆེན་ཀུ་ཀུ་ཆུ་སྟེ་རྣམ་པ་ལྔ༔ གཉིས་མེད་སྦྱར་བའི་པཉྩ་ཨ་མྲྀ་ཏ༔ ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ༔ ཧཱུྃ༔ རྣལ་ འབྱོར་ཀུན་གྱི་དཔལ་མགོན་མཆོག༔ བསྟན་པ་སྲུང་བར་ཞལ་བཞེས་པ༔ མ་ཧཱ་ཀཱ་ལ་མཐུ་རྩལ་ཅན༔ དཀའ་ཐུབ་ཆེན་པོ་ཚུར་གསོན་ཅིག༔ ལེགས་ལྡན་ནག་པོ་མ་རུངས་པ༔ ཤ་ཁྲག་ དམར་གྱི་མཆོད་པ་བཞེས༔ རང་གི་རྒྱལ་སྲིད་ལ་གནས་ཏེ༔ ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས༔ རོལ་ཅིག་དགོངས་ཤིག་དམ་ཚིག་གཙོ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ བསེ་ 6-28-4b བྱང་ཁྲམ་ལ་བཏབ་པ་ཡི༔ དམ་ཉམས་དགྲ་བོ་ཡུལ་འཁོར་བཅས༔ འཁོར་དང་བཅས་པས་བཞེས་ནས་ཀྱང་༔ བདག་གི་བར་ཆད་བཟློག་ཏུ་གསོལ༔ གཞན་ཡང་ཁྱོད་དང་མཐུན་པའི་དམ་ རྫས་ནི༔ རྒྱ་ཤུག་ལ་སོགས་སྤོས་ལྔ་ཐུ་ལུ་ལུ༔ ག་བུར་ལ་སོགས་སྨན་ལྔ་ཆི་ལི་ལི༔ འབྲུ་བཅུད་ཆང་གི་ཕུད་ནི་བྲེངས་སེ་བྲེང་༔ རཀྟ་དམར་གྱི་རྒྱ་མཚོ་ཀྱི་ལི་ལི༔ བྷནྡྷ་རུས་པའི་ཚོགས་ ནི་ཁྲ་ལ་ལ༔ ཤ་ཆེན་བདུད་རྩིའི་ཚོགས་ནི་ཚངས་སེ་ཚང་༔ དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ ཨོཾ་་རུ་ཀུ་རུ་ཨི་ཙི་ ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར༔ རུ་ཏྲ་འཇོམས་བྱེད་བདུད་དཔུང་ཐལ་བར་རློག༔ མཐར་བྱེད་ གཞོན་ནུ་འཇིགས་པའི་གད་རྒྱངས་ཅནཿ སྐལ་ལྡན་དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་༔ ལྷ་དམག་དཀར་པོའི་དབུགས་འབྱིན་པ༔ རྡོ་རྗེ་དུར་ ཁྲོད་འཁོར་བཅས་ལ༔ དང་བའི་སེམས་ཀྱིས་ཕྱག་འཚལ་བསྟོད༔ བསོད་ནམས་གཟི་བྱིན་འཕགས་ལ་ཕྱག་འཚལ་བསྟོད༔ དྲག་ཤུལ་མཐུ་ཆེན་ལྡན་ལ་ཕྱག༴ ཡེ་ཤེས་ཚོགས་རྫོགས་ཁྱོད་ 6-28-5a ལ༴ སྤྱོད་པ་རླབས་ཆེན་འཕགས་ལ༴ ཕ་རོལ་ཕྱིན་བཅུ་མངའ་ལ༴ སྒྲིབ་པ་གཉིས་སྤང་ཁྱོད་ལ༴ བདག་མེད་གཉིས་རྟོགས་ཁྱོད་ལ༴ ལུང་བསྟན་ཐོབ་རྫོགས་ ཁྱོད་ལ་ཕྱག་འཚལ་བསྟོད༔ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག༔ རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག༔ མ་མོ་མཁའ་འགྲོ་རྣམས་དང་དམ་ཚིག་གཅིག༔ ལྷ་སྲིན་ སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག༔ སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག༔ ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ༔ འཇིག་རྟེན་འདི་ན་གང་ ཞིག་གིས༔ ཁྱོད་ཀྱི་མཚན་ནས་བརྗོད་སྒྲུབ་ན༔ དངོས་གྲུབ་མྱུར་དུ་སྟེར་མཛད་པའི༔ མི་བསྙེལ་བྱམས་ལ་ཕྱག་འཚལ་ལོ༔ ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ༔ མགོན་པོ་ཁྱོད་ མཆོད་བྱིན་རླབས་ཀྱིས༔ ཕྱོགས་དང་དུས་ནི་ཐམས་ཅད་དུ༔ སེམས་ཅན་ལེགས་དོན་འབྱོར་པ་ལ༔ དགྲ་བགེགས་རྣམ་པ་ཀུན་མེད་ཤོག༔ རྟ་དང་བ་ལང་ནོར་དང་འབྲུ༔ བུ་ཚ་ཕ་མ་གཉེན་བཤེས་ རྣམས༔ དགེ་ཞིང་ཚེ་རིང་ནད་མེད་པར༔ སེམས་ཅན་འབྱོར་པར་ལྡན་པར་ཤོག༔ འགྲོ་བ་ཉེས་མེད་བདེ་གྱུར་ཅིག༔ ནད་དང་མུ་གེ་ཀུན་བྲལ་ནས༔ རྒྱལ་པོ་དགེ་ཞིང་དེས་པ་དང་༔ ཆོས་ 6-28-5b ཀྱི་རྒྱལ་སྲིད་སྐྱོང་པར་ཤོག༔ བདེ་བར་གཤེགས་པའི་བསྟན་པ་འདི༔ ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་༔ མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་༔ ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག༔ དགེ་ བ་ཐམས་ཅད་ཕྱིར་བསྔོ་ཞིང་༔ མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་རྣམས༔ ལོངས་སྤྱོད་རྣམ་གཉིས་རྫོགས་པར་ཤོག༔ བདག་ཅག་བྱང་ཆུབ་ མཆོག་ཐོབ་ནས༔ ཁྱོད་དང་མི་འབྲལ་འགྲོགས་བར་ཤོག༔ རྒྱུད་ཀྱི་རྡོ་རྗེའི་ཚིག་ཁོ་ན། བཏུས་པའི་ལུང་ཡིན་འཇམ་དཔལ་རྡོ་རྗེས་སོ། །མངྒ་ལཾ། ། ༈ དཔལ་མགོན་ཚོགས་བདག་གི་ཕྲིན་ལས་སྙིང་པོ་ བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། འདིར་དཔལ་མགོན་ཚོགས་བདག་གི་ཕྲིན་ལས་གསང་བ་སྤུ་གྲིའི་རྒྱུད་ལས་ཕྱུངས་པ་ནི། མཆོད་རྫས་བཤམས་བྱིན་གྱིས་བརླབས་ནས་འདི་སྐད་དོ། །མདུན་རྟེན་མི་དམིགས་སྟོང་ པའི་ངང་༔ གྲུ་གསུམ་བང་རིམ་གསུམ་པའི་ནང་༔ གྲུ་གསུམ་དམར་ནག་རབ་ཏུ་འཇིགས༔ མེ་འབར་ཚ་ཞིང་སྐྱི་གཡའ་བ༔ ནད་ཀྱི་ན་བུན་རབ་ཏུ་འཁྲུགས༔ མཚོན་ཆའི་ཚྭ་ཚྭ་སྐར་ ལྟར་འཕྲོ༔ སོད་སོད་ཆོམ་ཆོམ་སྒྲ་སྒྲོགས་པ༔ གྲུ་གསུམ་འབར་བའི་གཞལ་ཡས་ཁང་༔ ནང་དུ་པདྨ་ཉི་ཟླའི་སྟེང་༔ དགྲ་བགེགས་ཕོ་མོ་བསྣོལ་བའི་དབུས༔ བདག་གི་ཐུགས་ཀའི་ས་ 6-28-6a བོན་ལས༔ ཡི་གེ་ཧཱུྃ་མཐིང་ཕར་འཕྲོས་པས༔ ཧཱུྃ་ལས་འོད་ཟེར་དཔག་མེད་འཕྲོས༔ གདུག་པའི་དགྲ་བགེགས་ཐམས་ཅད་བསྒྲལ༔ འོད་ཟེར་ཚུར་འདུས་ཧཱུྃ་ལ་ཐིམ༔ བིང་དེ་ཧཱུྃ་གིས་མཚན་པ་ལས༔ མགོན་པོ་ཚོགས་བདག་སྐུ་མདོག་མཐིང་༔ ཆར་སྤྲིན་ལྟ་བུར་རབ་ཏུ་འཇིགས༔ དར་ནག་འཇོལ་བེར་སྐུ་ལ་མནབ༔ ཕྱག་གཡས་ཙན་དན་བིང་ཆེན་བསྣམས༔ གཡོན་པས་ཐོད་པ་ཁྲག་བཀང་ཐོགས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ ཐོད་པ་རིན་ཆེན་སྦྲུལ་གྱིས་བརྒྱན༔ དར་དཔྱངས་སྦྲུལ་གྱི་སྐ་རགས་བཅིང་༔ སག་ཏི་སྔོན་པོའི་ཆག་ལྷྭམ་མནབས༔ མེ་རླུང་འཚུབས་མའི་དབུས་ན་བཞུགས༔ ཡུམ་ཆེན་ཡཀྴ་བཻ་ཏཱ་ལི༔ སྐུ་མདོག་ནག་མོ་འཇིགས་པའི་གཟུགས༔ གཡས་གཡོན་གྲི་གུག་ཐོད་ཁྲག་ཐོགས༔ གཙོ་བོའི་ཐུགས་ཀའི་ཧཱུྃ་གསུམ་ འཕྲོས༔ གྲུ་གསུམ་བང་རིམ་དང་པོའི་གཡས༔ མགོན་པོའི་སྐུ་མཆོག་སྔོན་པོ་ལ༔ ཏྲི་ཤུལ་རྩེ་གསུམ་ཐོད་ཁྲག་ཐོགས༔ གཡོན་དུ་གསུང་མཆོག་སྐུ་མདོག་སྨུག༔ ཕྱག་གཉིས་བིང་དང་ ཐོད་ཁྲག་ཐོགས༔ མདུན་དུ་ཐུགས་མཆོག་སྐུ་མདོག་མཐིང་༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་ཐོགས༔ སྐུ་གསུང་ཐུགས་ཀྱི་མགོན་པོ་རྣམས༔ རྒྱན་དང་ཆ་ལུགས་གཙོ་དང་འདྲ༔ གྲུ་གསུམ་ 6-28-6b བང་རིམ་བར་མ་ལ༔ ཕྱོགས་བཅུའི་མགོན་པོ་ཆེན་པོ་རྣམས༔ རྒྱན་དང་ཆ་ལུགས་སོ་སོར་གསལ༔ དེ་རྒྱབ་སྡེ་བརྒྱད་མགོན་པོ་དང་༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སོགས༔ ལྷ་དམག་བྱེ་བ་ དུང་ཕྱུར་ཚོགས༔ གོ་མཚོན་མང་པོས་ལུས་ལ་བརྒྱན༔ གྲུ་གསུམ་ཐ་མར་བཀའ་སྡོད་ཚོགས༔ དྲི་ཟ་མེ་ལྷ་གཤིན་རྗེ་དང་༔ བདེན་བྲལ་ཆུ་བདག་རླུང་གི་ལྷ༔ གནོད་སྦྱིན་དབང་ལྡན་ས་ བདག་དང་༔ ཉི་ཟླ་གཟའ་སྐར་ཚོགས་དང་བཅས༔ སྤྲུལ་པ་ཡང་སྤྲུལ་ཕྲ་མེན་ཚོགས༔ སྟག་དང་གཟིག་དང་བྱི་ལ་དང་༔ ཕ་ཝང་དྲེད་མོང་ཕག་རྒོད་དང་༔ རྔ་མོང་སྦལ་སྦྲུལ་མགོ་བརྙན་ཅན༔ ཐམས་ཅད་འཇིགས་སུ་རུང་བའི་གཟུགས༔ བསྐལ་པའི་མེ་དཔུང་ཀློང་དུ་བསྐྱེད༔ དེ་ནས་བདག་གི་ཐུགས་ཀ་ནས༔ འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས༔ རི་རབ་དག་གི་བྱང་ཤར་མཚམས༔ རང་བཞིན་གནས་ནས་ཡེ་ཤེས་པ༔ འཁོར་བཅས་མ་ལུས་སྤྱན་དྲངས་གྱུར༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཕེཾ་ཕེཾ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་དབུས༔ གནམ་ལྕགས་ཨུར་མོ་ཏ་ལ་ལ༔ རཀྟའི་རྒྱ་མཚོ་མེ་རེ་རེ༔ ཞིང་ཆེན་ཀེང་རུས་ཁྲ་ལ་ལ༔ འདབ་ཆགས་མང་པོ་ཉི་ལི་ལི༔ ཞིང་ཆེན་གཡང་གཞི་ལྷུབས་སེ་ལྷུབ༔ གསུར་ཆེན་དུད་པ་ཉི་ལི་ལི༔ དེ་འདྲའི་དུར་ཁྲོད་འཇིགས་པ་ནས༔ 6-28-7a མགོན་པོ་འཁོར་བཅས་སྐུ་བསྐྱོད་ལ༔ གྲུ་གསུམ་འབར་བའི་དཀྱིལ་འཁོར་འདིར༔ མགོན་པོ་ཚོགས་བདག་འཁོར་བཅས་རྣམས༔ དམ་ཚིག་དབང་གིས་གཤེགས་སུ་ གསོལ༔ ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཛཿཧཱུྃ་བྃ་ཧོཿ ཨ་ཀད་ཛ་ཡ་ཨ་ཀད་ཛ་ཡ་ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ ཞེས་སྤྱན་དྲངས་ལ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བདུད་འདུལ་ཚོགས་བདག་ཆེན་པོ་སྟེ༔ རྡོ་རྗེ་བསྐུལ་བྱེད་དྲག་པོ་རྩལ༔ སྲིན་པོ་ལངྒ་པུ་རི་ཡི༔ གྲོང་ཁྱེར་ཆེན་པོ་བརླག་མཛད་ཅིང་༔ ལྷ་མ་སྲིན་གྱི་བུ་མོ་ནི༔ གློག་སྲིན་འདུལ་བར་ཞལ་བཞེས་པ༔ ལྷ་ཆེན་མགོན་པོ་ནག་པོ་ཁྱོད༔ སྤྱན་འདྲེན་འདིར་བྱོན་ཕྲིན་ལས་མཛོད༔ རྡོ་རྗེ་འཆང་གི་སྤྱན་ལམ་དུ༔ ཁས་བླངས་དམ་བཅས་མ་བསྙེལ་བར༔ གྲུ་གསུམ་དལ་འདིར་བཞུགས་ས་ལ༔ དགྱེས་ཤིང་བརྟན་པར་བཞུགས་སུ་ གསོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ནག་མོ་ཏིལ་བྷྱོ༔ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ས་མ་ཡ་སྟྭཾ༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་༔ ལྷ་དམག་དཀར་པོའི་དབུགས་ འབྱིན་པ༔ མ་ཧཱ་ཀཱ་ལ་འཁོར་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ ཨ་ཏི་པཱུ་ཧོ་པྲ་ཏི་ཛ་ཧོཿམཆོད་པ་འབུལ་བ་ནི༔ ཧཱུྃ༔ བཀའ་ཡི་བསྟན་སྲུངས་ཞལ་འཆེས་པ༔ བདུད་ 6-28-7b འདུལ་མ་ཧཱ་ཀཱ་ལའི་ཚོགས༔ མགོན་པོ་ཆེན་པོ་འཁོར་བཅས་ལ༔ མཉམ་ཉིད་ཀུན་ཏུ་བཟང་པོའི་ཀློང་༔ གཉིས་མེད་མཆོད་པའི་བྱེ་བྲག་ཤར༔ ཡོན་ཆབ་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ ཆབ་ཞལ་ཟས་དང་༔ རོལ་མོ་ལ་སོགས་མཆོད་པའི་ཚོགས༔ མགོན་པོ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ཡཀྴ་བཻ་ཏཱ་ལི་ན་མཿསརྦ་སོགས་ཁཾ་སྭཱ་ཧཱ༔ བཛྲ་ཨརྒྷཾ་སོགས་ཤབྟ་ གིརྟི་ས་མུ་དྲ་སྭཱ་ཧཱ༔ ཧཱུྃ༔ ལྕང་ལོ་དུང་ཆེན་བནྡྷ་རུ༔ བྱང་སེམས་མ་སྦག་རཀྟ་དང་༔ དྲི་ཆེན་གུ་གུལ་བདུད་རྩི་སྟེ༔ གཉིས་མེད་བདུད་རྩི་ཨ་མྲྀ་ཏ༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོ་འདི༔ མགོན་ པོ་འཁོར་དང་བཅས་ལ་འབུལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ༔ རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས༔ མོན་པ་ནག་པོ་བརྡ་མི་འཕྲོད༔ མགྱོགས་བྱེད་དཔའ་བོ་རླུང་ལ་ཞོན༔ མགོན་པོ་འཁོར་དང་བཅས་པ་ལ༔ གཏོར་མ་རྒྱ་ཆེན་འདི་འབུལ་གྱིས༔ དམ་ཉམས་དགྲ་བགེགས་རྡུལ་དུ་རློགས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་༔ རྡོ་རྗེའི་བྲག་ཆེན་གཏམས་པའི་ཁྲི༔ མཐིང་ནག་གྲུ་གསུམ་འབར་བའི་དབུས༔ རལ་གྲི་མདུང་གཤིབ་གུར་ཁང་ནས༔ ཞིང་ཆེན་བསྣོལ་བའི་གདན་སྟེང་ 6-28-8a ན༔ དཔལ་ལྡན་ནག་པོ་ཆེན་པོ་ནི༔ ཤིན་ཏུ་མི་བཟད་འཇིགས་པའི་གཟུགས༔ སྐུ་མདོག་མཐིང་ནག་འབར་བ་ལ༔ སྐུ་ལ་མཐིང་ནག་བེར་ཆེན་གསོལ༔ རལ་ བ་སེར་ནག་ཀྱི་ལི་ལི༔ སྤྱན་ནས་བསྐལ་པའི་མེ་སྟག་འཕྲོ༔ ཤངས་ནས་རླུང་ནག་འཚུབས་མ་འཁྱིལ༔ ཞལ་ནས་ཁྲག་གི་རྦ་ཀློང་འཁྲུགས༔ ལྗགས་ནི་དྲག་པོའི་གློག་དམར་འཁྱུག༔ མཆེ་བ་རྣོ་གདུག་དགྲ་ལ་གཙིགས༔ གདུག་པའི་ང་རོ་སོད་དང་རྒྱོབ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་བགྲད༔ ཕྱག་ན་ཙན་དན་བིང་ཆེན་བསྣམས༔ བིང་ཆེན་གཉན་པོ་དགྲ་ལ་གསོར༔ བིང་ལས་ཆོ་འཕྲུལ་སྣ་ཚོགས་འགྱེད༔ ལྟས་ངན་སྣ་ཚོགས་དགྲ་ལ་ཐོངས༔ བིང་ལས་མི་ནད་ལོང་དགུ་འཕྲོ༔ ནད་ཀྱི་རྐྱལ་པ་དགྲ་ལ་ཕོབ༔ ནག་པོ་ཆེན་པོ་མཐུ་ཆེན་དང་༔ ཡུམ་ཆེན་ཡཀྴ་བཻ་ ཏཱ་ལི༔ མགོན་པོ་འཁོར་བཅས་མ་ལུས་ལ༔ ལུས་ངག་ཡིད་ཀྱི་གུས་པས་བསྟོད༔ དེ་ནས་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ བདུད་འདུལ་ཚོགས་བདག་ཆེན་པོ་སྟེ༔ མ་ཧཱ་ཀཱ་ལ་འཇིགས་བྱེད་ ཚོགས༔ རྣལ་འབྱོར་ཀུན་གྱི་དཔལ་མཆོག་སྟེ༔ མ་ཧཱ་ཀཱ་ལ་མཐུ་རྩལ་ཅན༔ རིག་འཛིན་རྣལ་འབྱོར་སྲོག་ཤིང་ལགས༔ རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཁྱེད༔ བདག་གི་ཆོས་སྐྱོང་སྲུང་ 6-28-8b མ་གྱིས༔ བདག་གི་འཁོར་རྣམས་སྲུང་བ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དང་༔ ཡེ་དྷརྨ་བཟླའོ། ། དེ་ནས་བཟླས་བ་བྱ་ན། གཙོ་བོ་ཚོགས་བདག་ཡབ་ཡུམ་དང་༔ སྐུ་གསུང་ཐུགས་ཀྱི་མགོན་པོ་དང་༔ ཕྱོགས་བཅུའི་མགོན་པོའི་ཐུགས་ཀ་ནས༔ ཉི་མའི་དབུས་སུ་ཧཱུྃ་མཐིང་བསྒོམ༔ བདག་ གི་ཐུགས་ཀའི་ཧཱུྃ་ལས་ནི༔ སྔགས་ཀྱི་འོད་ཟེར་ལྕགས་ཀྱུ་འཕྲོས༔ ཅི་བཅོལ་ལས་རྣམས་བྱེད་པར་བསམཿ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཡབ་ཀྱི་སྙིང་པོ་འབྲུ་བརྒྱད་པ་འབུམ་གཅིག་བགྲང་། ཨོཾ་བཛྲ་ ཡཀྴ་བེ་ཏཱ་ལི་ཧཱུྃ༔ ཡུམ་གྱི་སྙིང་པོ་དགུ་པ་ཁྲི་ཕྲག་གཅིག་བགྲང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་ཀ་མ་ལ་ཤྲཱི་ནག་མོ་ཏི་ལ་བྷྱོ༔ ཡབ་ཡུམ་གཉིས་སུ་མེད་པའི་སྙིང་པོ་ཆེས་ཟབ་པ་ཚེགས་པར་བཅུ་དགུ་པ་འདི་ཡང་ཅི་རིགས་ བགྲང་། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡཾ་དུ་ཛཿ དངོས་གྲུབ་རླུང་ལྟར་མྱུར་བའི་སྙིང་པོ་ཚེགས་བར་བཅུ་པ་ཡང་ཅི་རིགས་པར་བཟླ། གཙོ་འཁོར་སྤྱི་དྲིལ་ཤཱ་ས་ནའི་སྔགས་རིང་ཡང་ཅི་འགྲུབ་བཟླས། བསད་པར་འདོད་ན། ཨོཾ་ཤྲཱི་མ་ ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཀཱ་ཡ་ཝ་ཀ་ཙིཏྟ་སརྦ་ཤ་ཆེ་གེ་མོ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་བཟླ། བསྲེག་པར་ཕཊ་ཀྱི་ཚབ་ཏུ་རཾ་དང་། མནན་པར་ནན་ཅེས་བསྒྱུར། ཐུན་མཐར་མཆོད་ཅིང་བསྟོད་ནས། བཀའ་ཉན་རྣམས་སྡེ་བརྒྱད་མགོན་ 6-28-9a པོ་ལ་ཐིམ། དེ་ཕྱོགས་བཅུའི་མགོན་པོ་ལ། དེ་སྐུ་གསུང་ཐུགས་མགོན་ལ་ཐིམ། མ་མོ་རྣམས་ཡུམ་ལ་ཐིམ། ཡུམ་དང་སྐུ་གསུང་ཐུགས་ཀྱི་མགོན་པོ་རྣམས་གཙོ་བོ་ལ་ཐིམ། གཙོ་བོ་ ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་གྱེན་རྫོགས་ལས་གང་འདོད་པའི་ཁ་དོག་གི་ཐིག་ལེའི་རྣམ་པར་བདག་གི་ལྟེ་བར་ཐིམ་པར་བསམ། དེ་ནི་ཕོ་ཉ་དབང་དུ་འདུ་བའི་མན་ངག་གི་ཟབ་གནད་དམ་པའོ། །རྒྱུད་ལས་ལུང་གི་ཚུལ་དུ་ཟིལ་གནོན་ དགྱེས་པ་རྩལ་གྱིས་བཏུས་པ་དགེ་ལེགས་འཕེལ་ལོ། ། ༈ དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་བསྟོད་ཅིང་མངའ་གསོལ་བ་རྫོགས་ལྡན་སྤྲིན་གྱི་རྔ་སྒྲ་ཞེས་བྱ་བ། ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། ཧཱུྃ། བསྐལ་ པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །ཧཱུྃ་ཡིག་ལས་བྱུང་རྡོ་རྗེ་ནག་པོ་ཆེ། །དུས་མཐའི་ཆར་སྤྲིན་འཁྲུགས་པ་ལྟ་བུའི་ཞལ། །སྡང་མིག་གློག་སྟོང་འཁྱུགས་ལ་ཕྱག་འཚལ་བསྟོད། ། རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་ངང་ཉིད་ལས། །སྙིང་རྗེ་ཆེན་པོའི་དབང་ཕྱུག་འབར་བའི་སྐུ། །དད་པའི་རྒྱལ་མཚན་རྩེ་མོར་ལེགས་བཀོད་དེ། །ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོར་མངའ་གསོལ་ལོ། ། སྡིག་ཅན་སྙིང་གི་ཁྲག་རྒྱུན་འཛག་པ་ཡི། །གངས་རི་ལྟར་དཀར་རྣོ་དབལ་མཆེ་བ་གཙིགས། །འབར་བའི་ལྗགས་འདྲིལ་ཧཱུྃ་ཕཊ་འབྲུག་སྟོང་སྒྲས། །བདུད་དཔུང་སྐྲག་པར་མཛད་ལ་ཕྱག་ 6-28-9b འཚལ་བསྟོད། །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་ཆེ། །འདོད་ཡོན་བདུད་རྩིའི་ཟེར་ཕྲེང་མཁའ་ཁྱབ་འཕྲོ། །བདེ་ཆེན་དགྱེས་རྒུར་འཆར་བའི་དམ་རྫས་ཀྱིས། །རྣལ་འབྱོར་ཀུན་ གྱི་དགྲ་ལྷར་མངའ་གསོལ་ལོ། །བསྐལ་པའི་མུན་པ་ལྟ་བུར་གནག་པ་ཡི། །དར་ནག་བེར་ཆེན་སྐུ་ཡི་རྒྱན་དུ་བཀླུབས། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་སོགས། །འཇིགས་རུང་རྒྱན་ ཆས་རྫོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་རྡོ་རྗེ་སྲུང་བའི་གུར་ཆེན་པོར། །རྣལ་འབྱོར་བདག་ཅག་ལྟོས་པར་བཅས་པ་རྣམས། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །རིག་ འཛིན་སྲོག་ཤིང་མཆོག་ཏུ་མངའ་གསོལ་ལོ། །ལྷ་མིན་གཡུལ་བཟློག་ཙན་དན་བིང་ཆེན་བསྒྲིལ། །གདུག་པའི་སྙིང་ཁྲག་རོལ་པའི་ཐོད་རློན་འཛིན། །བརྐྱང་བསྐུམ་སྟབས་ཀྱིས་ལོག་ འདྲེན་སྙིང་གར་བརྫིས། །འབར་བའི་གར་དགུ་ལྡན་ལ་ཕྱག་འཚལ་བསྟོད། །མགོན་མཛད་ཁྱེད་ལ་བསྟེན་པའི་རྣལ་འབྱོར་པར། །སྡང་ཞིང་གདུག་པའི་སེམས་འཆང་མི་བསྲུན་སྡེ། །དུས་ མཐའི་མེ་ཡིས་རྩྭ་སྦུར་བཞིན་འཇོམས་པ། །བདུད་འདུལ་ལས་ཀྱི་དབང་ཕྱུག་མངའ་གསོལ་ལོ། །སྟེང་འོག་ཕྱོགས་མཚམས་སྐྱོང་བའི་མགོན་པོ་བཅུ། །སྡེ་བརྒྱད་དྲེགས་པའི་གཙོ་བོ་ཆེ་ 6-28-10a རྣམས་དང་། །བཀའ་སྡོད་ལྷ་དམག་དགྲ་བླ་སྤྲུལ་འཁོར་བཅས། །རབ་འབྱམས་དཔུང་གིས་བསྐོར་ལ་ཕྱག་འཚལ་བསྟོད། །སྒྲུབ་མཆོག་བདག་གི་མཐུ་དཔུང་ སྡོང་གྲོགས་ཀྱི། །རྒྱལ་མཚན་དམ་པར་ཆོས་སྐྱོང་ཁྱེད་ཕྱར་བས། །ཕ་རོལ་རྒོལ་བའི་ཕྱོགས་ལས་རྣམ་རྒྱལ་བ། །སྙན་པའི་བ་དན་ཆེན་པོར་མངའ་གསོལ་ལོ། །དུས་གསུམ་རྒྱལ་ བའི་བསྟན་པ་སྲུང་མཛད་ཅིང་། །སྐུ་གསུམ་ཞིང་ཁམས་ཡོངས་ལ་མངའ་དབང་བསྒྱུར། །ས་གསུམ་གནས་ན་ཆེ་བཙན་འགྲན་ཟླ་བྲལ། །སྲིད་གསུམ་མགོན་པོ་ཁྱོད་ལ་ཕྱག་འཚལ་ བསྟོད། །སྐྱེ་འཆིས་ཉེན་པའི་འགྲོ་ལ་ར་མདའ་མཛད། །དུག་གསུམ་ནད་ཆེན་ཤེས་རབ་སྨན་གྱིས་གསོ། །མི་གནས་ཡེ་ཤེས་མཆོག་ལ་མངོན་སྦྱོར་བའི། །མཐར་ཐུག་ལམ་གྱི་ གྲོགས་སུ་མངའ་གསོལ་ལོ། །ཚོགས་ཀྱི་བདག་པོ་ཁྱོད་ལ་མངོན་བསྟོད་པས། །ཚོགས་ཆེན་རབ་རྫོགས་སྲིད་ཞིའི་ཕུན་ཚོགས་ལ། །ཚོགས་ཀྱི་དབང་ཕྱུག་ལྟ་བུར་དབང་ཐོབ་ནས། ། ཚོགས་ཀུན་དབང་གྱུར་བསམ་དོན་མཐར་ཕྱིན་མཛོད། །དཔལ་ལྡན་རྒྱལ་བའི་བསྟན་པ་དར་བ་དང་། །དཔལ་འབྱོར་མངའ་ཐང་ཚེ་བསོད་སྙན་གྲགས་འཕེལ། །དཔལ་མགོན་ཁྱེད་དང་དབྱེར་ 6-28-10b མེད་མཐུ་ཐོབ་ནས། །དཔལ་གྱི་གཟི་བརྗིད་ཕྱོགས་བརྒྱར་འབར་བར་མཛོད། །ཅེས་པ་འདི་ནི་ཆོས་སྲིད་ལུགས་བརྒྱའི་མདུན་ས་ཆེན་པོ་དཔལ་ལྷུན་གྲུབ་སྟེང་ཞེས་གྲགས་པ་ས་ལ་དབང་བའི་ཕོ་བྲང་ཆེན་པོའི་ཡང་རྩེར། རྒྱལ་བ་ཤིང་རྟའི་ལོ་ཡི་རྒྱལ་ཟླའི་ཡར་ཚེས་ལྔ་ལ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པའི་རྟེན་འབྲེལ་གྱིས། ཆོས་ལྡན་གྱི་རྒྱལ་ཁམས་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །མངྒ་ལཾ། ། དགེའོ། །དགེའོ། །དགེའོ། ། ༈ ཧྲཱིཿ དཔལ་ལྡན་མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀཿ སྲིད་ཞི་ཀུན་ཁྱབ་བདེ་བ་ཆེན་པོའི་བདག །མཆོག་ཏུ་མི་འགྱུར་རྟག་པའི་ ལང་ཚོ་ནི། །འཇིག་རྟེན་གསུམ་ན་གཞོན་ནུའི་ལུས་གཅིག་པུ། །མཆོག་ཏུ་དགའ་བ་ལྟ་ན་སྡུག་པའི་སྐུ། །མཁའ་འགྲོའི་སྤྲིན་གྱི་དྲ་བ་མངོན་མཛེས་པས། །བདེ་ཆེན་སྦྱོར་བའི་རོལ་ མོས་དགྱེས་མཆོད་པ། །ཚོགས་རྗེ་ཚོགས་བདག་དབང་གི་རྒྱལ་པོ་ལ། །སྣང་སྲིད་བདེ་སྟོང་རོལ་མོར་ལེགས་ཤར་བ། །ཀུན་བཟང་མཆོད་སྤྲིན་ཆོས་ཀྱི་དབྱིངས་ཁྱབ་པས། །གུས་པས་ མཆོད་ཅིང་སྙིང་རྗེས་འགྲོ་ཀུན་ལ། །རྗེས་ཆགས་བདེ་ཆེན་རོལ་པར་འདུད་ལགས་ན། །མགོན་པོ་ཁྱབ་བདག་སྒྱུ་མའི་གར་མཁན་གྱིས། །བདེ་ཆེན་རྗེས་ཆགས་དགའ་བའི་གར་གྱིས་ནི། ། 6-28-11a ས་གསུམ་ཀུན་དགར་བྱེད་ཅིང་བདག་གི་སྙིང་། །ཐུགས་རྗེའི་གཟི་བྱིན་བདུད་རྩིས་འགེངས་པར་མཛོད། །བདག་ལུས་ཨུཏྤལ་མིག་གི་མདའ་ཕོག་པས། །གཞན་ སེམས་འདོད་དགུར་དྲངས་ཤིང་གང་མཐོང་བའི། །ཡིད་ཀྱི་བརྟན་པ་འཕྲོག་ནས་གཡོ་ཞིང་འདུད། །ས་གསུམ་དབང་བྱེད་དབང་གི་དངོས་གྲུབ་སྩོལ། །བདག་དང་ཉེ་བས་སྡུག་ བསྔལ་མུན་འཇོམས་ཤིང་། །བདེ་ཆེན་གཟི་འོད་འབར་བས་ཡིད་སྣང་ཀུན། །དགའ་བའི་ངང་དུ་ཐོགས་མེད་བཞུས་ནས་ཀྱང་། །དྭངས་མ་འཕོ་མེད་ཐིག་ལེར་དྲོངས་པར་མཛོད། །ཟླ་བ་ལྔ་ ཚེས་ཉེར་གསུམ་ལའོ། ། ༈ རྗེས་འབྲེལ་མགོན་པོའི་སྐོར་བཞུགས་སོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གསོལ་ཁ་ནི། ཧཱུྃ་རཾ་རཾ། དམར་ནག་མེ་ཡི་དཀྱིལ་འཁོར་ནས། །པདྨ་ ཉི་ཟླ་རོ་སྟེང་དུ། །དཔལ་ལྡན་ཡེ་ཤེས་མགོན་པོ་ནི། །སྐུ་མདོག་མཐིང་ནག་གསུས་པོ་ཆེ། །ཞལ་གཅིག་ཕྱག་བཞི་ཕྱེད་སྐྱིལ་བཞུགས། །གཡས་གཉིས་ཙིཏྟ་རལ་གྲི་བསྣམས། ། གཡོན་གཉིས་ཐོད་ཁྲག་ཁ་ཊྭཱྃ་བསྣམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིག །ཁྲོ་གཉེར་སྤྱན་གསུམ་དམར་ལ་འཁྱུག །ཨག་ཚོམ་སྨིན་མ་དབུ་སྐྲ་སེར། །ཐོད་སྐམ་རིན་ 6-28-11b ཆེན་སྦྲུལ་གྱིས་བརྒྱན། །མི་མགོའི་དོ་ཤལ་སྟག་ལྤགས་དཀྲིས། །འཇིགས་བྱེད་ཆེན་པོར་ཕྱག་འཚལ་བསྟོད། །ཁམས་གསུམ་དྲེགས་པ་མཐུ་བོ་ཆེ། །འཇིགས་བྱེད་མེ་འབར་ཡབ་ ཡུམ་སྐུ། །ལས་མགོན་ཚོགས་ལ་ཕྱག་འཚལ་བསྟོད། །བཟའ་དང་བཅའ་དང་བཏུང་བ་དང་། །བཤོས་དང་ཁ་ཟས་སྣ་ཚོགས་དང་། །སྒྲ་དང་དྲི་དང་རོ་དང་རེག །བདུད་རྩི་ཤ་ཁྲག་གཏོར་ མ་འབུལ། །དགྱེས་པར་དགོངས་ལ་བཞེས་སུ་གསོལ། །མཐུན་རྫས་མཆོད་པ་འདི་བཞེས་ལ། །བདུད་དཔུང་ཐལ་བར་བརླག་པར་མཛོད། །བགེགས་དཔུང་མ་ལུས་བསྒྲལ་བ་དང་། ། དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱི་ད་ཧཱུྃ་ཕཊཿ ས་པཱ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ནག་པོ་ ཆེན་པོའི་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས་བཏུས་པའོ། ། ༈ རྡོ་རྗེ་གུར་གྱི་མགོན་པོའི་གསོལ་ཁ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། ། གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་གདུག་ 6-28-12a པའི་ཁྲག་གང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབ་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་བསྒྱེལ། །དམ་ཚིག་ཉམས་ པའི་སྙིང་འབྱིན་པའི། །དམ་ཚིག་ཅན་ལ་བདག་བསྟོད་དོ། །ཧཱུྃ། ཞལ་གཅིག་པ་ལ་ཕྱག་གཉིས་པ། །གྲི་གུག་ཐོད་པ་ལག་ན་འཛིན། །རལ་པ་ཁམ་ནག་གྱེན་དུ་བརྫེས། །སྤྱན་ གསུམ་མེ་ཡི་མདོག་འདྲ་བ། །མཆེ་བ་ཟླ་བ་ཚེས་པ་འདྲ། །ཐོད་པའི་ཕྲེང་བས་དོ་ཤལ་བྱས། །གསུམ་ཁྱིམ་ཆེ་ལ་འཕྱང་བ་པོ། །མིའུ་ཐུང་ཁྲོས་པའི་གཟུགས་འདྲ་བ། །ཧཱུྃ། འདས་དང་ མ་བྱོན་ད་ལྟར་གྱི། །བསྟན་པ་སྲུང་བར་ཞལ་བཞེས་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །དབུ་སྐྲ་ཁམ་ནག་གྱེན་བརྫེས་པས། །སྟེང་གི་ལྷ་ ཚོགས་འཇིགས་པར་བྱེད། །སྤྱན་བསྒྲད་མཆེ་གཙིག་ལྗགས་འདྲིལ་བས། །བར་གྱི་གདོན་ཚོགས་བསྡིག་པར་བྱེད། །གཡས་པས་གྲི་གུག་བསྣམས་པ་ནི། །དགྲ་བགེགས་འདུལ་ཞིང་ བདུད་མགོ་བཅད། །གཡོན་པས་ཐོད་པ་བསྣམས་པ་ནི། །གནོད་སེམས་ཅན་གྱི་ཁྲག་གང་གསོལ། །ཁྲོས་པའི་ཞབས་གཉིས་བརྡབ་པ་ནི། །གནོད་སེམས་ཅན་གྱི་ལུས་ལ་ཉེད། །ཁྱོད་ 6-28-12b ཀྱིས་ཐུབ་པའི་བསྟན་པ་སྐྱོངས། །རྣལ་འབྱོར་པ་ཡི་བར་ཆད་སྲུངས། །ཚེ་དང་ལོངས་སྤྱོད་རྒྱས་པར་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། ། བླ་མས་བཅོལ་བའི་ཕྲིན་ལས་སྒྲུབས། །ཨོཾ་མ་ཧཱ་ཀཱ་ལ་གསང་བ་གནོད་སྦྱིན་ལྟར་སྒྲུབ་པའི་སྙིང་པོ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ། ཅེས་སོ།། ཡེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའང་རྒྱུད་དང་ཡིག་རྙིང་ལས་བཀོལ་ཏེ་མི་ཕམ་པས་བྲིས་པ་མངྒ་ལཾ། ། ༈ མགོན་པོ་ཞལ་དུ་གྲགས་པ་བྲམ་ཟེའི་གཟུགས་ཅན་གྱི་གསོལ་བྱང་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱི་ གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །ལེགས་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད། །བདག་གིས་བཙུན་པར་ཁྱོད་བསྟོད་ དོ། །འཇིག་རྟེན་འདི་ན་རང་དབང་ཐོབ། །སྔོན་གྱི་བྲམ་ཟེས་སྨྲས་པ་ལྟར། །བཀྲ་ཤིས་མཆོག་གྲུབ་སེམས་བདེར་བྱེད། །ཡིད་མྱུར་གཟུགས་ཅན་ཀུན་ཏུ་གྲགས། །མགོན་པོར་བྱེད་ཅིང་ འཇིག་རྟེན་སྐྱོངས། །འཐབ་པའི་ཚེ་ན་རྟག་ཏུ་རྒྱལ། །གཤིན་རྗེ་མ་མོས་མངོན་པར་བསྟོད། །དར་གྱི་སྟོད་གཡོགས་སྔོན་པོ་ཅན། །སྡུག་དང་མི་སྡུག་གཟུགས་སུ་སྟོན། །མིག་གིས་ཐམས་ 6-28-13a ཅད་སྔངས་བར་བྱེད། །མཆོག་སྒྲུབ་དཔག་མེད་བདེ་སྟེར་བྱེད། །སྙིང་དང་ལྡན་ཞིང་རབ་ཏུ་དཔའ། །རྟག་ཏུ་ཁྱོད་ལ་བདག་གིས་བསྟོད། །ཧཱུྃ། དངོས་གྲུབ་ཐོགས་ མེད་སྩོལ་བའི་ལྷ། །རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །སངས་རྒྱས་སྤྱན་སྔར་དམ་བཅས་པ། །ལེགས་ལྡན་ཁྱོད་ཀྱིས་དགོངས་པར་མཛོད། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ ཕུད་ཤ་ཁྲག་གཏོར་མ་འདི། །ཁྱེར་ཅིག་ཟོ་ཞིག་དམ་ཚིག་ཅན། །བདག་ལ་ཐུགས་རྗེས་དགོངས་མཛོད་ལ། །ཉིད་ཀྱི་མཐུ་རྩལ་ཆེན་པོ་ཡིས། །བདག་ལ་གནོད་བྱེད་བརླག་པ་དང་། །ཡིད་ལ་ རེ་བ་མྱུར་དུ་སྒྲུབས། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཧཱུྃ་ཕཊ་རྙིང་མའི་གཞུང་དུ། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛ་ཛ་ཞེས་སོ་མཆན། སྭཱ་ཧཱ། ས་པ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སློབ་དཔོན་ཀླུ་སྒྲུབ་སོགས་ཀྱི་གསུང་ཚད་ཐུབ་ལས་མི་ཕམ་པས་བཀོལ་བའོ། ། ༈ ལས་མགོན་བྱ་རོག་གདོང་གི་གཏོར་འབུལ་ནི། ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །གྲི་གུག་ཐོད་ཁྲག་ལག་ཏུ་ཐོགས། ། དམིགས་པའི་ནང་ཁྲོལ་འདྲད་ཅིང་ཟ། །དེ་ཡི་རྒྱུ་མ་འདྲེན་པར་བྱེད། །རྐང་དང་རུས་པ་སྟོབ་ཅིང་འཆའ། །ཡུམ་ནི་གསོད་བྱེད་ཁྲག་འཇིབས་མ། །ཕྱག་བཞིས་རྐང་དང་སྙིང་དང་ཁྲག ། 6-28-13b མ་མོ་རྣམས་ཀྱི་ཤ་ལ་རོལ། །དུར་ཁྲོད་ཅེ་སྤྱང་ལུན་འདེ་རྣམས། །དབང་པོ་རྣམས་དང་ནང་ཁྲོལ་འདྲེན། །འབྱུང་པོ་རྣམས་ཀྱིས་ཤ་ལ་སྤྱོད། །དམ་རྫས་གཏོར་མ་འདི་བཞེས་ལ། ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་བཛྲ་གུ་ཎ་ཧྲི་ད་གྲཱིཧྞ་གྲཱིཧྞ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་མཱ་ར་ཡ་མཱ་ར་ཡ་དགྲ་བགེགས་ཀྱི་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྒྱུད་ལས་གསུངས་སོ། ། ༈ མགོན་པོ་བེར་ནག་ཅན་གྱི་གསོལ་བྱང་ནི། ཧཱུྃ། ཧཱུྃ་སྐྱེས་འབར་བ་ནག་པོ་ཆེ། །གདུག་པ་མ་ལུས་ཚར་གཅོད་པའི། །མདོག་ནག་གཟུགས་ཐུང་ གཟི་བརྗིད་ཆེ། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །ཞལ་ནས་ཁྲག་འཛག་མཐུ་བོ་ཆེ། །གསུས་ཁྱིམ་ཆེ་ལ་ཐུར་དུ་འཕྱངས། །མགོ་བོའི་ཕྲེང་བའི་དོ་ཤལ་ཅན། །གྲུ་གསུམ་འབར་ བའི་དབུས་གནས་ཤིང་། །དབང་ཕྱུག་སྲས་པོ་དྲག་ཤུལ་ཆེ། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །ལྷ་ཡི་དམག་དཔོན་བྱེད་པའི་ཚེ། །རྩ་གསུམ་གནས་ཀྱི་བདག་པོ་སྟེ། །དར་ནག་ འཇོལ་བེར་སྐུ་ལ་གསོལ། །ཕྱག་ན་ཙནྡན་བིང་ཆེན་བསྣམས། །གསེར་སྐེད་རིན་ཆེན་སྐུ་ལ་བཅིངས། །ཞབས་གཉིས་བརྐྱང་བསྐུམ་ཚུལ་གནས་ཏེ། །གཡོན་པ་ཐོད་མཆོག་དཀུ་ལ་བརྟེན། ། 6-28-14a དབུ་སྐྲ་ཁམ་ནག་ཐོར་ཚུགས་འཁྱིལ། །འཇིགས་བྱེད་ལྷ་ཡི་གཙོ་བོ་སྟེ། །བདུད་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ནག་པོ་སྲོག་རྒྱུད་ལས་སོ། །ཧཱུྃ། དཔལ་ ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་། །ཡུམ་ཅིག་ལྷ་མོ་ཆེན་མོ་འདོད་ཁམས་བདག །ནག་པོ་ཆེན་པོ་ཡབ་ཡུམ་བཅུ་དྲུག་དང་། །ཕྱོགས་བཅུའི་མགོན་དང་དྲེགས་པ་བདུན་ཅུ་གཉིས། །སྤྱང་ ཞོན་ལ་སོགས་མ་མོ་བདུན་ཚན་བཞི། །སྲིང་བཞི་འབར་བརྒྱད་དུས་བཞི་དམག་རྒྱལ་སོགས། །དཔལ་མགོན་ནག་པོ་ཆེན་པོ་འཁོར་བཅས་ཀྱིས། །དམ་རྫས་བདུད་རྩི་གཏོར་མ་འདི་ བཞེས་ལ། །རྡོ་རྗེ་འཆང་གི་སྤྱན་སྔར་ཞལ་བཞེས་བཞིན། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱོང་བ་དང་། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཇི་ལྟར་བསམས་པ་ ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏཱ་ལི་ཧཱུྃ་ཛཿས་པ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་རྒྱུད་ཀྱི་བསྟོད་པ་ལ་མཇུག་གི་ཚིགས་བཅད་གཉིས་སྦྱར་ཏེ་མི་པམ་རྣམ་པར་རྒྱལ་བས་ བྲིས་པ་དགེའོ། ། ༈ དཔལ་ལྡན་ཕྱག་དྲུག་མགོན་པོའི་གསོལ་བྱང་ནི། ཧཱུྃ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། ། 6-28-14b ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་པས་ཕྲེང་བ་འཛིན། །ཐ་མས་ཌཱ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་པ་ དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །དཔྲལ་ བར་སིནྡྷུ་ར་ཡི་ཐིག་ལེས་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱབ་བཏབ་བརྟེན། །ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་ བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ཚིག་རྐང་འདི་གསར་བསྣན་ལ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང་། ། དཀོན་མཆོག་དབུ་འཕངས་གཉན་པོ་བསྟོད་པ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། །ཅི་འདོད་ དངོས་གྲུབ་མྱུར་དུ་སྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བིགྷྣཱན་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ས་པ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཅེས་གུ་རུ་ཤ་བ་རི་པ་ཆེན་པོ་ལ་མགོན་པོ་ 6-28-15a ཞལ་གཟིགས་དུས་སུ་བསྟོད་པའི་བྱང་བུ་བྱིན་རླབས་ཅན་ལ་གཏོར་འབུལ་གྱི་ཚིགས་རྐང་གཅིག་དང་སྔགས་འབུལ་བཅས་མི་ཕམ་པས་བསྣན་པ་དགེ ༈ གནུབས་ལུགས་སྟག་ཞོན་མགོན་ པོའི་གསོལ་བྱང་ནི། ཧཱུྃཿ བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས། །ཡང་དག་རྔམ་པའི་སྐུ་གཅིག་བྱུང་བ་ནི། །མཐིང་ནག་མི་སྲུན་འཇིགས་བྱེད་འབར་བའི་སྐུ། །ལེགས་ ལྡན་ནག་པོ་ཆེ་བཙན་དྲག་ཤུལ་ཅན། །ས་གསུམ་དབང་བསྒྱུར་སྟག་ཞོན་ནག་པོ་ཆེ། །བསྟན་དགྲ་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྲག་མཚོར་རྒྱུག་ཅིང་ཁམས་གསུམ་སྐད་ ཅིག་ཉུལ། །མ་གཅིག་རེ་མ་ཏི་ལ་ཕྱག་འཚལ་བསྟོད། །ལེགས་ལྡན་ནག་པོའི་སྐུ་གསུང་ཐུགས་ལས་སྤྲུལ། །དགྲ་བགེགས་སྒྲོལ་མཛད་དྲེགས་པ་བདུན་དུ་བསྟན། །ཕྲིན་ལས་ཕོ་ཉ་དུར་ཁྲོད་ མ་མོ་བདུན། །ཡེ་ཤེས་དབྱིངས་ཀྱི་སྤྲུལ་པའི་འཁོར་ལ་བསྟོད། །རྣམ་འཕྲུལ་ཕོ་ཉ་མ་ངེས་སྣ་ཚོགས་པ། །མཆེ་བ་ཅན་དང་བྱ་གཅན་གདུག་པའི་ཚོགས། །སྡེ་བརྒྱད་འཁོར་དང་བཅས་ལ་ བསྟོད་པ་འབུལ། །དམ་རྫས་བརྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་ཅག་རེ་སྨོན་དུས་འདིར་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛཿ དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊཿ ས་པ་རི་ཝཱ་ར་ཨེ་ 6-28-15b དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཡིག་རྙིང་ལས་མི་ཕམ་པས་བཏུས་པ་དགེའོ། །མངྒ་ལཾ། ། ༈ ཚོགས་བདག་མགོན་པོའི་གསོལ་བྱང་ནི། ཧཱུྃ། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། ། མགོན་པོ་ས་བཅུའི་དབང་ཕྱུག་ནི། །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ཡང་དག་གསང་བའི་སྐུ་གཅིག་པོ། །སངས་རྒྱས་ཆོས་ཀྱི་སྲུང་མ་མཆོག ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ནི། །བདུད་འདུལ་ལས་ཀྱི་དབང་ཕྱུག་ལ། །སྣ་ཚོགས་ཀུན་བཟང་མཆོད་སྤྲིན་གྱིས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །བདག་ཅག་འཁོར་དང་བཅས་ པ་ཡི། །གཏན་གྱི་ལྷ་མགོན་དཔལ་མཛད་ནས། །བསམས་པ་སྒྲུབས་ལ་རེ་བ་སྐོང་། །དགྲ་སོད་བགེགས་ཐུལ་རྐྱེན་ངན་ཟློག །དངོས་གྲུབ་མཆོག་རྣམས་ལེགས་སྩོལ་ཞིང་། །བཅོལ་ པའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཆུ་སྦྲུལ་ཟླ་བ་བཞི་ཚེས་ཉེར་བདུན་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བ་མངྒ་ལཾ། ། ༈ མ་མོའི་གསོལ་བྱང་བདེ་ཆེན་ཐིག་ལེ་བཞུགས། ཧཱུྃ༔ བྱང་ཤར་མེ་རླུང་འཚུབས་མའི་ཀློང་དཀྱིལ་ན༔ མཐིང་ནག་མི་སྲུན་རལ་གྲི་ཐོད་ཁྲག་ཅན༔ སྲིན་པོའི་བོང་བུ་རླུང་གི་ཤུགས་ལྡན་ཆིབས༔ སྤྱི་བོར་ཟླ་རྒྱས་ལྟེ་བར་ཉི་མ་འཆར༔ 6-28-16a སྙན་གཡས་སེང་འགྱིང་གཡོན་པར་སྦྲུལ་ནག་འཁྱིལ༔ དུར་ཁྲོད་རྒྱན་ལྡན་རེ་ལྡེའི་ཤམ་ཐབས་ཅན༔ ཞབས་ལ་དབང་གི་ལྕགས་སྒྲོག་མཛེས་པ་ཡི༔ མ་ཅིག་དཔལ་ ལྡན་ལྷ་མོ་རེ་མ་ཏི༔ རང་བྱུང་རྒྱལ་མོ་མིང་བརྒྱ་མཚན་སྟོང་མ༔ སྲིད་གསུམ་བདག་མོ་མཁའ་འགྲོ་ཀུན་གྱི་གཙོ༔ མ་མོ་འབུམ་སྡེའི་དབུས་ན་འགྱིང་བ་ཡི༔ རོལ་པ་ཆེན་པོའི་ཆོ་འཕྲུལ་ སྣ་ཚོགས་ཀྱིས༔ ཁམས་གསུམ་ཁྱབ་རྒྱུག་ལས་མཛད་མཐུ་མོ་ཆེ༔ སྨན་རག་གཏོར་མ་ཡེ་ཤེས་བདུད་རྩིའི་སྤྲིན༔ དམ་ཚིག་རྫས་ཀྱི་མཆོད་པ་འབུལ་ལགས་ན༔ དུས་མཐར་ རྒྱལ་དབང་པདྨའི་བཀའ་བརྒྱུད་ཀྱི༔ སྒྲུབ་མཆོག་རྣམས་ལ་གཡར་དམ་གཅིག་ཏུ་དགོངས༔ སྨོན་ལམ་དམ་བཅས་རྗེས་སུ་དགོངས་མཛོད་ལ༔ གློག་ལྟར་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ནས༔ ཕྱི་ནང་གསང་བའི་མཆོད་སྤྲིན་བཞེས་སུ་གསོལ༔ ཡེ་ཤེས་སྐུ་མཆོག་མི་སྲུན་སྲིན་མོའི་ཚུལ༔ བསྟན་པ་སྲུང་ཞིང་བསྟན་དགྲ་སྒྲོལ་མཛད་མ༔ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་ལ༔ སྒོ་གསུམ་ གུས་པ་ཆེན་པོས་བསྟོད་ཅིང་འདུད༔ སྙིང་ནས་སྙིང་དུ་འགྲོགས་པའི་དམ་བཅའ་ཡིས༔ བདེ་ཆེན་རྡོ་རྗེའི་ངང་དུ་ཁྱོད་བརྟེན་ན༔ མ་གཡེལ་མ་གཡེལ་ཐུགས་རྗེས་དགོངས་མཛོད་ལ༔ མངོན་ 6-28-16b སུམ་ཞལ་སྟོན་བཅོལ་བའི་ཕྲིན་ལས་སྒྲུབས༔ ཨོཾ་བཛྲ་རེ་མ་ཏི་མ་བྷྱོ་ཛཿམ་ཧཱ་བ་ལིང་ཏ་ཁཱ་ཧི༔ ལྷ་མོའི་ཐུགས་ཀར་མཾ༔ ལ་སྔགས་ཡིག་འབྲུ་དགུ་པས་བསྐོར་བར་བསམ་ལ། རང་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ དགྱེས་པ་བསྐྱེད་ཅིང་ཐུགས་རྒྱུད་བསྐུལ། འོད་མཐིང་ནག་ཚུར་འདུས་པ་རང་ཉིད་ཧེ་རུ་ཀའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུར་ཐིམ་པས་ལྷ་མོའི་ཐུགས་དང་རང་སེམས་དབྱེར་མེད་བདེ་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསམས་ལ་སྔགས་བཟླའོ། ། དུས་ཀྱི་རྒྱལ་པོ་ཚེས་བརྒྱད་བཅུ་བཞི་དང་༔ ཉི་ཤུ་དགུ་ལ་མཆོད་གཏོར་མ་ཆག་ཕུལ༔ རྟགས་དང་མཚན་མ་དངོས་སུ་སྟོན་པ་དང་༔ གང་བརྩམས་ཕྲིན་ལས་འགྲུབ་པར་ཐེ་ཚོམ་མེད༔ རྣམ་རྒྱལ་ཆུ་སྦྲུལ་ཟླ་བ་གཅིག་པའི་ཚེས་བཅུ་གཉིས་ ལ་པདྨ་བདེ་ལྡན་གླིང་དུ་འཇམ་དཔལ་རྡོ་རྗེས་སྤེལ་བ་མངྒ་ལཾ། ། ༈ ལྷ་མོའི་གསོལ་བྱང་བཞུགས་སོ། །བྷྱོ༔ གསང་བདག་པདྨཱ་ཀ་རའི་སྤྱན་སྔ་རུ། །དམ་ནོས་སྲིན་མོའི་གཟུགས་སུ་སྐུར་བཞེངས་ ནས། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་མོ་ཆེ། །མ་ཅིག་དཔལ་ལྡན་ལྷ་མོ་གནས་འདིར་བྱོན། །ཁྱོད་ལ་མཐུན་རྫས་དམ་ཉམས་དགྲ་བགེགས་ཀྱི། །ཤ་ཁྲག་ལས་གྲུབ་དམར་ཆེན་གཏོར་མ་དང་། ། བདུད་རྩི་སྨན་རག་ཕྱི་ནང་གསང་མཆོད་རྣམས། །འབུལ་གྱིས་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་ཨ་མཐིས་སེ་བོ་གཡུ་རལ་ཅན། རིགས་འདུས་དྲག་པོ་རེ་སྐོང་གྲུབ་པ་ཐོབ་པའི་གནས་བརྒྱད་ལས་རྫོང་ 6-28-17a དམར་གནས་སུ་གྲུབ་པ་ཐོབ་ཅིང་རེ་མ་ཏི་མངོན་དུ་ཁོལ་བའི་རྣལ་འབྱོར་དབང་ཕྱུག་ཆེན་པོ་མཆན། རྩལ་གྱི་གསུང་ཡིན་ནོ། །ཁ་སྐོང་། སྔོན་ཚེ་རིག་འཛིན་གོང་མས་གསན་བསྒྲུབས་བཞིན། །ད་ལྟ་བདག་ གིས་གདུང་བས་ཁྱོད་བསྒྲུབ་ན། །དམ་ཚིག་དགོངས་ལ་མ་སྲིང་མཛའ་མོ་དང་། །བྲན་མོ་བཞིན་དུ་རྣལ་འབྱོར་འདོད་དོན་སྒྲུབས། །ཚིགས་བཅད་འདི་རིག་འཛིན་རྒྱ་བོ་པའི་གསུང་ལགས་སོ། །ཧེ་རུ་ཀ་དཔལ་ དཔའ་བོ་རྣལ་འབྱོར་མ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ཆེན་པོ་ཡི། །ཕྲིན་ལས་དབང་བསྒྱུར་དཔལ་ལྡན་རེ་མ་ཏིས། །མཆོག་ཐུན་དངོས་གྲུབ་མ་ལུས་བདག་ལ་སྩོལཿ ཁ་སྐོང་ཚིགས་བཅད་འདི་ དགེ་ལེགས་ཀྱི་མཚན་མ་མཐོང་ནས་མི་ཕམ་འཇམ་དཔལ་རྡོ་རྗེས་བཀོད་པ་སྟེ། ཚིགས་བཅད་རྡོ་རྗེ་བཞི་ལྡན་དུ་གྲུབ་པ་བྱིན་རླབས་དངོས་གྲུབ་ཀུན་གྱི་མཛོད་དུ་གྱུར་པ་དགེའོ།། །།མངྒ་ལཾ། །ཚེས་བདུན་ལ་ལུང་ཐོབ་ཚེས་བརྒྱད་ནུབ་ ནམ་མཁར་ཧེ་རུ་ཀ་མཁའ་འགྲོ་རྒྱ་མཚོས་སྐོར་བའི་སྣང་སྲིད་མ་མོའི་དཀྱིལ་འཁོར་ལ། བྲན་མོ་ཞིག་གིས་གར་སྟབས་ཀྱིས་ཕྱག་འཚལ་བ་ལྟ་བུའི་རྨི་ལམ་གྱི་མཚན་མ་ཕྲ་མོ་མཐོང་བས་རྐྱེན་བྱས་ནས་ཚེས་དགུ་ལ་སྦྱར་བའོ། ། ༈ ལྷ་མོའི་ གསོལ་ཁ་རྒྱུད་ནས་བཏུས་པ་བྱིན་རླབས་ཆར་འབེབས་ཕྲིན་ལས་གློག་ཞགས་མྱུར་གཡོ་བཞུགས། སྨན་རག་གཏོར་གསུམ་ཚིལ་ཆེན་གྱི་གསུར། རྐང་གླིང་ཐོད་རྔ་སོགས་སྐོང་རྫས་འདུ་བྱས་བྱིན་གྱིས་བརླབས་ནས་འདི་སྐད་དོ། ། 6-28-17b ཧཱུྃ་བྷྱོཿ མ་གཡེལ་མ་གཡེལ་ཐུགས་རྗེ་ཅན། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །ཀུན་ཏུ་བཟང་མོ་ཡུམ་གྱི་དབྱིངས། །མ་མོ་འབོད་པའི་གླུ་ལེན་ཅིང་། །སྒྲ་ནི་སྟོང་གསུམ་ཁྱབ་པར་ སྒྲོགས། །བསྒྲུབ་ནི་ཡེ་ཤེས་ཐིག་ལེར་བསྒྲུབ། །བརྟེན་ནི་ཧེ་རུའི་གནས་སུ་བརྟེན། །དུར་ཁྲོད་ཆེན་པོའི་གནས་འདི་རུ། །ཤ་ཆེན་གསུར་ནི་དྲི་ཞིམ་ཞིང་། །མཱཾ་ས་ཆེན་པོ་རི་ལྟར་སྤུངས། ། རཀྟའི་རྒྱ་མཚོ་མཚོ་ལྟར་བས། །རུས་པའི་ཕུང་པོ་རི་ལྟར་སྤུངས། །དྲི་ཆུ་མང་པོ་ཆུ་ལྟར་འབྲུབ། །མ་མོ་ཆེན་མོ་སྤྲིན་ལྟར་གཏིབས། །ཕོ་ཉ་མང་པོ་སྐར་ལྟར་འཁྲུགས། །སུམ་བརྒྱ་ དྲུག་ཅུའི་དཀྱིལ་འཁོར་འབྱུང་། །མ་གཡེལ་མ་འདའ་སྲིང་གཅིག་མ། །དུས་འདི་ཉིད་དུ་ཕྲིན་ལས་མཛོད། །མ་ཡི་ནང་ནས་མ་ཅིག་མ། །དམ་ཉམས་ཀུན་གྱི་བདུད་གཅོད་མ། །དམ་ལ་ གནས་པའི་ཚེ་འཛིན་མ། །སྟོང་ཁམས་ཀུན་གྱི་ཉུལ་ལེ་མ། །ནད་བདག་མོ་དང་རིམས་བདག་མོ། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །དྲ་བ་དགུ་ཡི་ལན་ཕྲན་ཅན། །བྱེ་རུ་དམར་པོའི་ རྒྱན་སྲབ་ཅན། །ཉིན་བཞིན་ཁྱོ་དགུ་སྐུངས་སུ་སྦེད། །མཚན་མོ་དུར་ཁྲོད་ཁྱབ་པར་ཉུལ། །རྣལ་འབྱོར་མཐའ་དག་ཚོགས་ཁང་འགྲིམ། །རྣལ་འབྱོར་དམ་ཚིག་གཙང་མི་གཙང་། །མཆེད་ 6-28-18a ལྕམ་བརྩེ་གདུང་ཆེའམ་ཆུང་། །སློབ་དཔོན་ཏིང་འཛིན་དྲོད་ཉུལ་ཞིང་། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་མ། །ཉིད་ཀྱི་མདོག་ནི་མཐིང་ནག་ལ། ། རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ། །ཞལ་ནས་མི་ཁྲག་རྟ་ཁྲག་འཛག །མིག་ནས་ཁྲག་འཛག་ཟུ་ལུ་ལུ། །ལྕགས་ཀྱི་དྲེལ་རྟ་རྐང་གསུམ་བསྐྱོད་པའི་ཚེ། །དཔག་ཚད་ བརྒྱད་ཁྲི་བཞི་སྟོང་ཡང་། །མཚན་མོ་གཅིག་ལ་ཁྱབ་པར་གཅོད། །རྣལ་འབྱོར་ཆེན་མོ་ཨ་ལ་ལ། །དབང་ཕྱུག་ཆེན་མོ་ཨ་ལ་ལ། །ཧཱུྃ་བྷྱོཿ དཔལ་ལྡན་ལྷ་མོ་འགྲོ་ཀུན་བྱམས་མ་ཁྱོད། ། སེམས་ཅན་ཀུན་ལ་བྱམས་ཀུན་མ་དང་འདྲ། །མི་བསླུའི་དམ་ཚིག་དབང་གིས་འདི་རུ་བྱོན། །ལྔ་བརྒྱ་དུས་ཀྱི་མནར་བའི་ཐ་མ་ལ། །བཀའ་དང་གཞུང་བཞིན་བསྒྲུབ་པའི་དམ་ཚིག་ནི། །བག་ ཙམ་དཀོན་ཀྱང་ཐུགས་རྗེས་མ་གཡེལ་དགོངས། །ཇི་ལྟར་མས་བྱམས་བུ་ལ་གདུང་བ་བཞིན། །དམ་ཚིག་ཅན་ལ་དུང་དུང་གདུང་བར་གྱིས། །གང་དུ་སྲིང་བྱམས་མིང་ལ་གདུང་བ་བཞིན། །ཡལ་ གམ་ཅན་ལ་ལྷང་ལྷང་བརྩེ་བར་གྱིས། །མཛའ་མོ་གྲོགས་ལ་ཇི་ལྟར་འདུད་ཚུལ་བཞིན། །རྣལ་འབྱོར་ཅན་ལ་ཀྲིལ་ཀྲིལ་བརྩེ་བར་གྱིས། །ཇི་ལྟར་གཡོག་བྱམས་དཔོན་ལ་སྙིང་བརྩེ་བཞིན། ། 6-28-18b དམ་པ་རྣམས་ལ་ངེས་པར་ཉེ་བར་གྱིས། །བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །རྡོ་རྗེའི་དམ་ཚིག་གཉན་པོ་དགོངས་མཛོད་ ལ། །མཐིང་ནག་འཇིགས་པའི་རྒྱལ་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རྒྱལ་མོ་གཤེགས་སུ་གསོལ། །ཕྱག་བརྙན་གྲུབ་འཛིན་རྒྱལ་མོ་གཤེགས་སུ་གསོལ། །མདོག་བཟང་ ནག་མོ་མཐུ་ཆེན་རྒྱལ་མོ་གཤེགས་སུ་གསོལ། །གསུར་ཆེན་ཤ་ལ་རོལ་ཏེ་གཤེགས་སུ་གསོལ། །དམར་ཆེན་ཁྲག་ལ་རོལ་ཏེ་མཆོད་པ་བཞེས། །རུས་ཆེན་རྐང་ལ་རོལ་ཏེ་མཆོད་པར་བཞེས། ། ཤ་རུས་དམ་རྫས་བདུད་རྩི་འདི་གསོལ་ལ། །བདག་གིས་མངགས་པའི་ལས་འདི་འགྲུབ་པར་མཛོད། །ཧཱུྃ་བྷྱོ། གྲུ་གསུམ་མཐིང་ནག་འབར་བའི་ནམ་མཁའ་ལ། །འཐོར་བྱེད་རླུང་ནག་ཚོགས་ ནི་རྒྱ་གྲམ་གཏམས། །ཆགས་པའི་རཀྟ་རྦ་ཀློང་ཀྱི་ལི་ལི། །ཞིང་ཆེན་གཏམས་པའི་ས་གཞི་མཐའ་དབུས་བརྡལ། །ཀེང་རུས་འབར་བའི་རི་རབ་གཞལ་ཡས་ནི། །ཆུ་སྲིན་བྱེ་བ་ས་ཡའི་ ཐོད་པ་ལ། །མི་བཟད་དུར་ཁྲོད་འབར་བའི་རྩིག་རྨང་བྱས། །འབར་བའི་ཐོད་དགུ་བརྩེགས་པའི་མཁར་དུ་བརྩིགས། །གནམ་ལྕགས་ངུར་མོ་འབར་བའི་གཟེར་ཆེན་བཏབ། །རིན་ཆེན་མཆོག་ 6-28-19a གིས་ཟུར་བཞི་མཛེས་པར་བྱས། །གཡུ་འོད་སྔོན་པོ་འབར་བའི་ཁ་བད་ཅན། །མུ་ཁྱུད་གནམ་ལྕགས་འབར་བའི་རི་ཡིས་བསྐོར། །མཐིང་ནག་གྲུ་གསུམ་འབར་བའི་ དཀྱིལ་འཁོར་དུ། །ཟླ་གམ་དབང་ཆེན་འབར་བའི་མཎྜ་ལ། །གྲུ་ཆད་གྲུ་བཞི་སྒོ་འཁྱུད་བཞི་དང་ལྡན། །ཐོད་ཕྲེང་རྡོ་རྗེ་ར་བ་མེ་དཔུང་འབར། །ཞིང་ཆེན་ཞིང་ཆུང་མང་པོ་གཅལ་དུ་བཀྲམ། ། མཆོག་ཆེན་མཆོག་ཕྲན་མང་པོ་གདན་དུ་བཏིང་། །ཐེའུ་རང་དགུ་བརྒྱ་མང་པོའི་གབ་རྩེ་ལ། །ལྷ་སྲིན་སྡེ་བརྒྱད་མང་པོའི་ནང་རྟེན་ཅན། །མི་བཟད་དྲག་པོའི་གཞལ་ཡས་དམ་པ་འདིར། ། རྣལ་འབྱོར་བདག་ལ་བརྩེ་བས་བཞུགས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་ཕྱིར་བཞུགས་སུ་གསོལ། །དམ་ཉམས་དགྲ་བགེགས་འདུལ་ཕྱིར་བཞུགས་སུ་གསོལ། །མཆོག་ ཐུན་དངོས་གྲུབ་སྩོལ་ཕྱིར་བཞུགས་སུ་གསོལ། །རྟག་ཏུ་འདུ་འབྲལ་མེད་པར་བཞུགས་སུ་གསོལ། །ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་ལས་ཐུགས་རྗེས་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བ་ ཡོངས་ཀྱི་བསྟན་སྲུང་མ། །མ་མོ་ཁྱོད་ལ་མཆོད་པ་འབུལ་བ་ནི། །དགྲ་བགེགས་ཁྲག་གི་མཆོད་ཡོན་མཚོ་ལྟར་བསྐྱིལ། །རཀྟ་དམར་གྱི་ཞམ་ཆུ་ཀླུང་ལྟར་འབབ། །དམ་ཉམས་དབང་ 6-28-19b བོའི་མེ་ཏོག་སྐར་ལྟར་བཀྲ། །ཚིལ་གསུར་བདུག་པའི་སྦྲིན་ཕུང་ཕྱོགས་ཀུན་ཁེབ། །ཞུན་ཆེན་སྣང་གསལ་བསྐལ་པའི་མེ་བཞིན་འབར། །མཁྲིས་ཆེན་རཀྟའི་དྲི་ཆབ་རྦ་རླབས་འཕྱོ། །ཤ་ ཁྲག་རུས་པའི་ཞལ་ཟས་རི་ལྟར་སྤུངས། །རྔ་དབྱངས་དྲག་པོའི་རོལ་མོ་འབྲུག་ལྟར་སྒྲོགས། །སྣང་སྲིད་བདེ་སྟོང་ཡེ་ཤེས་བདུད་རྩིའི་སྤྲིན། །གང་བཞེད་འདོད་རྒུར་འཆར་བའི་མཆོད་པ་ འདི། །དགྱེས་པས་བཞེས་ཤིག་བཅོལ་བའི་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། འདོད་ཡོན་དྲུག་ལྡན་ཕྱི་ཡི་མཆོད་པ་དང་། །མི་དབང་སྙིང་སོགས་ནང་གི་དམ་ཚིག་རྫས། །བདེ་སྟོང་སྦྱོར་སྒྲོལ་ རྡོ་རྗེའི་གླུ་གར་སོགས། །རབ་འབྱམས་སྒྱུ་འཕྲུལ་རྡོ་རྗེའི་མཆོད་སྤྲིན་འབུལ། །རིན་ཆེན་ཨིནྡྲ་ནི་ལའི་བུམ་པ་རུ། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ ཆུབ་སེམས་ཀྱི་རང་བཞིན་ཏེ། །འཐུང་བས་ཚིམ་པའི་ལོངས་སྤྱོད་ཆེན་པོ་འབུལ། །གཞོང་པ་རིན་ཆེན་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གཉིས་མཐུན་པར་སྡེབས་བྱས་ཏེ། །དཀར་ གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པའི། །ལོངས་སྤྱོད་མཆོད་པ་ཆེན་པོས་ཐུགས་དམ་བསྐང་། །རཀྟ་ཁྲག་གི་རྒྱ་མཚོའི་ཐིག་ལེ་དང་། །སྣང་སྲིད་ཁྲག་གི་རྦ་རླབས་ཀྱི་ལི་ལི། །མཁའ་དབྱིངས་ 6-28-20a རྒྱལ་བ་མ་ལུས་མཆོད་པ་དང་། །མ་མོ་མཁའ་འགྲོའི་ཐུགས་དམ་བསྐང་གྱུར་ཅིག །ཧཱུྃ་བྷྱོཿ དཔལ་ལྡན་རྡོ་རྗེ་ཁྲག་འཐུང་རྒྱལ་མོ་ཡིས། །དམ་ཉམས་དམིགས་པའི་ དགྲ་བགེགས་འདི་རྣམས་ཀྱི། །ཕུང་པོ་ལྔ་པོ་དང་ནི་འབྱུང་བ་ལྔ། །ཡུལ་དྲུག་དབང་པོ་དྲུག་དང་རྣམ་ཤེས་དྲུག །ཁམས་དང་སྐྱེ་མཆེད་དག་དང་བཅས་པ་ནི། །མ་ལུས་བཞེས་པར་མཛད་ ནས་བསྣམས་སུ་གསོལ། །མ་མོ་དམ་བཅས་འདིར་བྱོན་ཤ་ལ་བྱོན། །དགྲ་བགེགས་འབྱུང་པོའི་ཤ་ནི་ཟན་ལས་ཞིམ། །མ་མོ་དམ་བཅས་འདིར་བྱོན་ཁྲག་ལ་བྱོན། །དགྲ་བགེགས་འབྱུང་ པོའི་ཁྲག་ནི་ཆང་ལས་ཞིམ། །མ་མོ་དམ་བཅས་འདིར་བྱོན་རུས་ལ་བྱོན། །དགྲ་བགེགས་འབྱུང་པོའི་རུས་པ་མར་ལས་ཞིམ། །ཤ་ཁྲག་རུས་པའི་དམ་རྫས་འདི་གསོལ་ལ། །བདག་ གི་བརྣག་པའི་ལས་འདི་མཐར་ཕྱུངས་ཤིག །ཨོཾ་རུ་རུ་བི་ཏིཥྚ་བ་དོ་སི། །རུ་རུ་རོ་རུ་བོ་ཏིཥྚ་བ་དོ་སི། །ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཛཿ དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་རཾ་ཁཱ་ཧི། ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་རྡུལ་སྙེད་དབྱངས་ 6-28-20b ཀྱིས་ཕྱག་འཚལ་བསྟོད། །མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་སྟེ། །ནག་མོ་ཟ་བྱེད་རྔམས་པའི་མཆེ་བ་ཅན། །དཔལ་ལྡན་རེ་མ་ ཏི་ལ་ཕྱག་འཚལ་བསྟོད། །གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་། །དགེ་བཅུའི་རྟགས་ནི་དམན་པའི་ཞིང་འདིར་བསྟན། །གདུག་པའི་ཚུལ་ཅན་འགྲོ་བ་འདྲེན་མཛད་མ། །བསྟོད་ པ་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་ས་ལ་སྨིན་པའི་སྨོན་ལམ་ཅན། །ས་བརྒྱད་ནོན་པའི་གཞོན་ནུའི་ཚུལ་འཆང་མ། །འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང་། ། གདུག་པ་འདུལ་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་ བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱར་སྟོན་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་མ། །དྲེགས་པ་འཇོམས་མཛད་བདུད་དཔུང་ཟིལ་གྱིས་གནོན། །འགྲོ་དྲུག་སྒྲོལ་ མཛད་སེམས་ཅན་ཀུན་གྱི་མ། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ། །སྲིད་དང་ 6-28-21a རྣམ་གྲོལ་ཡང་དག་དོན་གཅིག་པས། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན་སྡུད། །ཆོས་ཀྱི་དབྱིངས་སུ་རྒྱལ་བ་རྣམས་ དང་མཇལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་མཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ། །ཁྱོད་ནི་སྤྲོས་བྲལ་འོད་གསལ་ཞི་ བའི་ངང་། །ཐུགས་ཀྱི་ཐུགས་མཆོག་རྣམ་པར་བདེན་པའི་ཡུམ། །གདོད་ནས་གཉིས་མེད་ཁྱོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་ནག་མོ་ཁྱོད་ལ་ནི། །ལྷར་བཅས་གཤིན་རྗེའི་རྒྱལ་ བོ་ཉིད་ཀྱང་འདུད། །སྲིད་གསུམ་བརྟན་གཡོ་ལྟོ་པའི་དབུས་ན་འཆང་། །མཚུངས་མེད་མ་ཅིག་ཁྱོད་ལ་བདག་ཕྱག་འཚལ། །མ་རྣམས་ནང་ནས་ཁྱོད་ནི་རྟག་མཆོག་སྟེ། །འཇིག་རྟེན་ གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ། །ཡིད་བཞིན་ནོར་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །བཀྲ་ཤིས་མཆོག་གྲུབ་སེམས་བདེ་གྲགས་ལྡན་པ། །མ་མར་ གྲགས་ཤིང་འཇིག་རྟེན་རབ་ཏུ་སྐྱོང་། །འཐབ་མོའི་གཡུལ་དུ་རྟག་པར་རྒྱུན་དུ་རྒྱལ། །ད་ལྟ་གཤིན་རྗེའི་སྲིང་མོ་ཆེན་མོར་གྱུར། །གོས་སུ་རྟག་པར་དར་གོས་སྔོན་པོ་གྱོན། །སྡུག་དང་མི་སྡུག་ 6-28-21b བྱད་བཞིན་ཀུན་ཀྱང་སྟོན། །སྤྱོད་མཆོག་དམ་པ་ཚད་མེད་འཇིག་རྟེན་འདས། །དད་ཅིང་སྐྱབས་སུ་འོང་བ་རྗེས་སུ་འཛིན། །རི་བྲག་ཟབ་མོ་ནགས་ཚལ་གཙང་པོའི་འགྲམས། །དུར་ཁྲོད་ལ་ སོགས་གནས་སུ་རྒྱུ་བྱེད་ཅིང་། །གང་གིས་དད་ཅིང་བསྟོད་པར་བྱེད་རྣམས་ལ། །ཇི་ལྟར་རེ་བའི་འབྲས་བུ་ངེས་པར་སྩོལ། །རྨ་བྱའི་སྒྲོ་ཡི་རྒྱལ་མཚན་བ་དན་ཕྱར། །དུས་སོ་ཅོག་ཏུ་འཇིག་རྟེན་ སྐྱོང་བར་བྱེད། །རྡོ་རྗེའི་དྲིལ་ཆེན་སྒྲ་འབྱིན་ཏྲི་ཤུལ་འཛིན། །རེས་འགའ་གཡས་གཡོན་ཉི་ཟླའི་རུ་མཚོན་ཕྱར། །ཟླ་བ་མར་ངོའི་ཚེས་དགུ་བཅུ་གཅིག་ལ། །གང་གིས་མཆོད་པར་བྱེད་ལ་མཆོག་ སྩོལ་ཞིང་། །སེམས་ཅན་ཀུན་ལ་རྣམ་པར་གཟིགས་པ་ལ། །ལྷ་མོའི་མཆོག་ཏུ་གྱུར་ཏེ་དཔེ་མེད་པ། །ཞི་དང་ཁྲོ་བ་སྣ་ཚོགས་ཚུལ་མཛད་མ། །སྲིད་གསུམ་གཙོ་བོ་ཀུན་ཀྱང་ཁྱོད་ལ་མཆོད། ། ཕྱོགས་བཅུའི་འཇིག་རྟེན་དག་ཏུ་སྒྲོན་མེར་གྱུར། །གུས་པས་ཁྱོད་ལ་རེ་བ་དེ་ཀུན་སྐོངས། །རྒྱུ་སྐར་ཕྲེང་བའི་དབུས་ན་ཟླ་བ་བཞིན། །ལྷ་རྣམས་ཀུན་གྱི་ནང་ན་མཆོག་མཛེས་མ། །མཐོང་བས་འཇིག་ རྟེན་གསུམ་གྱི་ཀུན་དགའ་འཕེལ། །ལྟེ་བར་རྫོངས་བཅས་ལྷ་རྣམས་གཡུལ་ལས་རྒྱལ། །ངེས་དོན་སྲས་བཅས་རྒྱལ་བའི་ཕྲིན་ལས་མ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ཡངས་པའི་རྗེ། །བསྟན་ 6-28-22a སྐྱོང་སྒྱུ་འཕྲུལ་དྲ་བའི་རོལ་རྩེད་ཅན། །དངོས་གྲུབ་གཉིས་ཀྱི་གཏེར་མཛོད་ཡེ་ཤེས་སྐུ། །གཡུལ་འགྱེད་འཇིགས་གནས་རྒྱལ་པོའི་ཆད་པ་དང་། །མེ་ཆུ་ཆོམས་རྐུན་ལ་སོགས་ འཇིགས་པའི་ཚེ། །རྩེ་གཅིག་སེམས་ཀྱིས་ཁྱོད་ལ་མངོན་ཕྱོགས་ན། །ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར། །དགེ་སྡིག་མི་ཀུན་ཡོངས་སུ་སྐྱོབས་པའི་ཕྱིར། །བྱམས་དང་སྙིང་རྗེ་ཆེན་ པོས་མདུན་དུ་གནས། །དེ་ཕྱིར་བདག་ནི་བསམ་པ་རྩེ་གཅིག་ཏུ། །ལྷ་མོ་ཆེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཧཱུྃ་བྷྱོཿ སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ལས་བཞིའི་དཔལ་ལྷ་མོ། །ཁྱོད་ཀྱི་རང་བཞིན་ཅིར་ཡང་ མ་གྲུབ་ན། །འདི་ལྟར་འཛིན་ཉིད་ཅིར་ཡང་སྣང་བ་ནི། །ཞི་མཛད་ཞི་གྱུར་ཞི་བའི་ངང་ཚུལ་ཅན། །རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །དབང་མཛད་དབང་བསྒྱུར་དབང་གི་ངང་ ཚུལ་ཅན། །དྲག་མཛད་དྲག་འགྱུར་དྲག་པོའི་ངང་ཚུལ་ཅན། །ཞི་རྒྱས་དབང་དང་དྲག་པོའི་འཁོར་གྱིས་བསྐོར། །རྟགས་ཀྱི་སྐུ་མདོག་སྣ་ཚོགས་ཀུན་ཏུ་འབར། །ལས་བཞིའི་ཕྲིན་ལས་རྫོགས་ 6-28-22b ལ་ཕྱག་འཚལ་བསྟོད། །བདག་གི་ནད་གདོན་བར་ཆད་མི་མཐུན་སོལ། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་རྒྱས་པར་མཛོད། །འཁོར་འདས་སྣང་སེམས་དཔལ་ཡོན་དབང་དུ་སྡུས། །དགྲ་བགེགས་ ལོག་འདྲེན་དྲག་པོས་ཚར་ཆོད་ཅིག །མ་བཞིན་བརྩེ་བར་གྱིས་ལ་བྱིན་གྱིས་རློབས། །སྲིང་ལྟར་བྱམས་པར་གྱིས་ལ་བར་ཆད་སོལ། །མཛའ་ལྟར་གདུང་བར་གྱིས་ལ་དངོས་གྲུབ་སྩོལ། །བྲན་ ལྟར་འདུ་བར་གྱིས་ལ་ཕྲིན་ལས་སྒྲུབས། །དུས་གསུམ་ལེགས་ཉེས་བླང་དོར་སྒྲིབ་མེད་སྟོན། །གང་བརྩམ་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །ས་དང་ལམ་གྱི་མངོན་པར་རྟོགས་པ་སྤེལ། ། བསྒྲུབས་པའི་རྟགས་མཚན་དངོས་སུ་མཆིས་པར་མཛོད། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ལྷ་མོ་ཁྱོད་དང་དབྱེར་མེད་ངང་ཉིད་ནས། །གནས་སྐབས་མཐར་ཐུག་དོན་གཉིས་ཕན་ བདེའི་དཔལ། །འབད་མེད་ཡིད་བཞིན་གྲུབ་པར་མཛད་དུ་གསོལ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། །རྒྱལ་བའི་བསྟན་པ་ཕྱོགས་རྣམས་ཀུན་ཏུ་རྒྱས། །བསྟན་དགྲ་དམ་ ཉམས་ཆོས་ཀྱི་དབྱིངས་སུ་སྒྲོལ། །བསྟན་སྲིད་དབུ་འཕང་སྲིད་རྩེར་བསྒྲེང་པར་མཛོད། །མཐའ་ཡས་སེམས་ཅན་སེམས་ཀྱི་འཇུག་པ་བཞིན། །ཕྲིན་ལས་རྣམ་བཞིས་འདོད་པའི་རེ་བསྐངས་ཞིང་། ། 6-28-23a སེམས་ཉིད་གདོད་མ་ཆོས་སྐུའི་དབྱིངས་ཆེན་པོར། །རང་བྱུང་འབྲས་བུའི་ཡེ་ཤེས་གྲུབ་པར་མཛོད། །དེ་ལྟར་མ་མོའི་གསོལ་ཀ་འདི་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཅི་རིགས་པར་བཏུས་ ཤིང་བར་མཚམས་ཀྱི་ཚིག་ཕྲན་བུའང་བཙུད་དེ་ཟིལ་གནོན་དགྱེས་པ་རྩལ་གྱིས་རབ་ཚེས་ལྕགས་འབྲུག་ཟླ་བ་བཞི་པའི་ཚེས་ཉེར་ལྔ་ལ་བྲིས་པ་འདིས་བསྟན་པ་དང་བསྟན་འཛིན་གྱི་དཔུང་གཉེན་མཆོག་ཏུ་གྱུར་ཅིག་མངྒ་ལཾ། ། ༈ མ་མོའི་ བསྐང་གསོལ་དངོས་གྲུབ་ཆར་འབེབས་ནི། སྐང་རྫས་བྱིན་གྱིས་བརླབས་ལ་འདི་སྐད་དོ། །ཧཱུྃཿ ངང་ཉིད་ཆོས་སྐུ་འགྱུར་མེད་དག་པའི་ཀློང་། །འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་ ནས། །དཔལ་ཆེན་སྐུ་ལ་གཉིས་མེད་འཁྲིལ་སྦྱོར་བ། །མ་མོ་སྲིད་པའི་རྒྱལ་མོ་མཐུ་མོ་ཆེ། །ཨེ་ཀ་ཛཱ་ཊི་གུ་ཧྱ་གསང་བའི་ཡུམ། །མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །དཔལ་གྱི་འཁོར་ ཚོགས་ཡེ་ཤེས་རོལ་པ་ལས། །ཆོས་ཀྱི་དབྱིངས་ལས་སྒྱུ་མའི་སྐུར་བཞེངས་ལ། །ཡེ་ཤེས་མཐོངས་ཕྱེས་མ་རིག་མུན་པ་སོལ། །མཉམ་ཉིད་རྫོགས་པའི་དོན་རྣམས་སོ་སོར་ཕྱེས། །ཨོཾ་རུ་ལུ་རུ་ ལུ་ཧཱུྃ་བྷྱོ་ཧཱུྃ། ཧཱུྃ། བསྐལ་པ་རླུང་ནག་འཚུབས་མའི་དཀྱིལ་འཁོར་ནས། །ལས་དང་ཡེ་ཤེས་ཚོགས་ཀྱི་རྗེ་མོ་ནི། །མ་མོའི་དབང་ཕྱུག་སྲིད་པའི་རྒྱལ་མོ་ཆེ། །དཔལ་ལྡན་གཙོ་མོ་ཨེ་ཀཱ་ཛཱ་ 6-28-23b ཊི་མ། །མཁའ་འགྲོའི་ཚོགས་ཀྱི་བཀའ་སྒྱུར་རེ་མ་ཏི། །བསྐལ་པ་ཞིང་གི་རྡུལ་སྙེད་འཁོར་དང་བཅས། །རུ་ལུའི་སྒྲ་སྐད་ནམ་མཁའི་འབྲུག་ལྟར་སྒྲོགས། །ལྷོ་སྤྲིན་འཐིབ་ཚུལ་སྐུ་མདོག་ སྣ་ཚོགས་སྟོན། །གློག་ལྟར་འཁྱུག་ཅིང་གང་ལའང་ཐོགས་པ་མེད། །དུས་བཞིར་ཉུལ་ཞིང་བསྟེན་པའི་དམ་རྫས་བསྲུང་། །རྣལ་འབྱོར་སྐྱོང་ཞིང་རེ་བ་བསྐང་ངོ་ཞེས། །ཞལ་བཞེས་གང་ ལགས་རྗེས་སུ་མཐུན་དགོངས་ལ། །དད་པས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །བདག་ལ་བྱིན་རློབས་དཀྱིལ་འཁོར་གཉན་པོ་ཟུངས། །ཕྱི་ནང་གསང་བའི་མཆོད་ཡོན་ འདི་བཞེས་ལ། །འདོད་པའི་དོན་དགོངས་ཕྲིན་ལས་རྫོགས་པར་མཛོད། །པདྨ་ཉི་ཟླ་རིན་ཆེན་གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཧཱུྃ། རང་བྱུང་ ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །སྐུ་གསུམ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་ཚད་མེད་བརྙེས་ལ་ཕྱག་འཚལ་བསྟོད། །ཆོས་དབྱིངས་འགྱུར་བ་མེད་ལ་ཕྱག་ འཚལ་བསྟོད། །གཟུགས་སྐུ་ཅིར་ཡང་སྟོན་ལ་ཕྱག་འཚལ་བསྟོད། །སྤྲུལ་པ་བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད། །མཐུ་སྟོབས་རྨད་དུ་བྱུང་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་ཐོགས་ 6-28-24a པ་མེད་ལ་ཕྱག་འཚལ་བསྟོད། །ཐུགས་རྗེས་གདུགས་བཞིན་སྐྱོབས་ལ་ཕྱག་འཚལ་བསྟོད། །ཆེ་བའི་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད། །དཔལ་གྱི་སྲུང་མའི་ ཚོགས་ལ་ཕྱག་འཚལ་བསྟོད། །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་བསྟན་སྲུང་རྣམས་ལ་ཕྱག་འཚལ་བསྟོད། །ཧཱུྃ། དེང་ནས་བྱང་ཆུབ་སྙིང་པོར་མཆིས་ ཀྱི་བར། །གཡར་དམ་གཅིག་པས་ཐུགས་རྗེས་དགོངས་སུ་གསོལ། །སྐུ་མདོག་ཕྱག་མཚན་མོས་པས་གསལ་བར་བྱ། །ལུས་ངག་ཡིད་ཀྱི་གདུང་བ་དམ་པ་ཡིས། །ལྷ་མཆོག་ཁྱེད་ དང་ཇི་སྲིད་གནས་ཀྱི་བར། །བདག་དང་མི་འབྲལ་སེམས་ཀྱིས་གོམས་པར་བགྱི། །བདག་ནི་ཁྱེད་མཐོང་དངོས་སུ་བལྟར་མེད་པས། །མུན་པའི་ཚོགས་དང་འདྲ་བར་མཆིས་མོད་ཀྱི། །གདུང་ སེམས་དམ་པས་ཡིད་ཆེས་དངོས་ཇི་བཞིན། །རེ་ཞིང་ལྟོས་སོ་བྱམས་ལྡན་ཐུགས་རྗེའི་ཡུམ། །ཁྱེད་ནི་སྒྲིབ་མེད་ཡེ་ཤེས་ཞལ་མངའ་བས། །དུས་འདིར་བྱིན་རློབས་ཐུགས་རྗེའི་ཞལ་བཟང་ སྟོན། །རྡོ་རྗེ་མཆོག་གསུམ་སྒྲུབ་པའི་དམ་ཚིག་མཆོག །དེང་ནས་བརྩམ་སྟེ་བདག་གིས་བཟུང་བར་བགྱི། །ཧཱུྃ༔ དཔལ་འབར་ཆེན་མོ་མཁའ་འགྲོའི་རྒྱལ་མོ་གསུམ། །དཔལ་གྱི་དམ་ 6-28-24b ཅན་རྒྱ་མཚོ་འཁོར་བཅས་ལ། །ཕྱི་མཆོད་རིན་ཆེན་སྣ་ལྔས་ཐུགས་དམ་བསྐང་། །མཆོད་ཡོན་སྤོས་དང་མར་མེས་ཐུགས་དམ་བསྐང་། །དྲི་ཆབ་ཞལ་ཟས་རོལ་མོས་ཐུགས་དམ་བསྐང་། །སིལ་ སྙན་གླུ་གར་དབྱངས་ཀྱིས༴ །གདུགས་དང་རྒྱལ་མཚན་དར་ཟབ༴ སྨན་དང་མེ་ཏོག་རིན་ཆེན༴ ལྷ་མིའི་འདོད་ཡོན་རྣམ་ལྔས༴ བསྐངས་པས་དངོས་གྲུབ་དམ་པ་སྩལ་དུ་གསོལ། །ནང་ མཆོད་བདུད་རྩི་རྣམ་ལྔས་ཐུགས༴ བདུད་རྩི་སྨན་དང་རཀྟས་ཐུགས་དམ་བསྐང་། །ཛ་གད་དམར་ཆེན་གཏོར་མས༴ ཞུན་ཆེན་སྣང་གསལ་མར་མེས༴ གསུར་ཆེན་དྲི་ཡི་དུད་པས༴ ཞིང་ ཆེན་བླ་བྲེའི་རྒྱན་གྱིས༴ ། ཐོད་ཕྲེང་ཞིང་དབྱུག་བྷནྡྷས༴ མདའ་གཞུ་རྒྱལ་མཚན་ཞགས་པས༴ རྡོ་རྗེ་དགྲ་སྙིང་འབར་བས༴ འཁོར་ལོ་མེ་ལོང་རལ་གྲིས༴ རྩེ་གསུམ་མདུང་ཐུང་དགྲ་ སྟས༴ རིན་ཆེན་པདྨ་ལྕགས་ཀྱུས༴ ལྕགས་སྒྲོག་དྲིལ་བུ་ཕྲེང་བས༴ ནོར་རྐྱལ་ཅང་ཏིའུ་རྔེའུ་ཆུང་ཐུགས༴ གྲི་གུག་རུ་མཚོན་སྦ་ལྕག༴ ཕྱག་མཚན་ཞིང་ལྤགས་ཆས་ཀྱིས༴ ཁྱུང་དང་གཡུ་འབྲུག་རྨ་བྱས༴ སེང་གེ་གླང་ཆེན་རྟ་མཆོག༴ ཤ་རྐྱང་བོང་དྲེལ་གཡག་ལུག༴ ཁྱུ་མཆོག་སྟག་གཟིག་མ་ཧེས༴ ཅེ་སྤྱང་དོམ་དྲེད་བདུད་བྱས༴ མི་ནག་བྱ་ནག་ཁྱི་ནག་ཐུགས༴ 6-28-25a དཔལ་གྱི་ཕོ་ཉའི་ཚོགས་ཀྱིས་ཐུགས་དམ་བསྐང་། །བསྐངས་པས་དངོས་གྲུབ་དམ་པ་སྩལ་དུ་གསོལ། །གསང་མཆོད་སྦྱོར་སྒྲོལ་མཆོད་པས་ཐུགས༴ ཐབས་དང་ཤེས་ རབ་དགྱེས་སྤྲིན༴ མཁའ་མཉམ་བྱང་ཆུབ་སེམས་ཀྱིས་ཐུགས༴ སྣང་སྲིད་ཐམས་ཅད་སངས་རྒྱས་ཞིང་དུ་བསྐང་། །སྣོད་བཅུད་ཐམས་ཅད་ལྷ་དང་ལྷ་མོར་བསྐང་། །གཟུགས་སྣང་སྐུ་ཡི་དཀྱིལ་ འཁོར་ཉིད་དུ་བསྐང་། །སྒྲར་སྣང་གསུང་གི་དཀྱིལ་འཁོར་ཉིད་དུ་བསྐང་། །དྲན་རིག་ཐུགས་ཀྱི་དཀྱིལ་འཁོར་ཉིད་དུ་བསྐང་། །ཉོན་མོངས་ཐམས་ཅད་ཡེ་ཤེས་ཆེན་པོར་བསྐང་། །དགག་སྒྲུབ་ ཐམས་ཅད་བྱང་ཆུབ་སེམས་སུ་བསྐང་། །ཆོས་རྣམས་ཐམས་ཅད་མ་སྐྱེས་སྟོང་པར་བསྐང་། །སྟོང་རིག་ཆོས་དབྱིངས་བདེ་ཆེན་བརྡལ་བར་བསྐང་། །བསྐངས་པས་དངོས་གྲུབ་དམ་པ་སྩལ་དུ་ གསོལ། །ཧོཿ དགོངས་སུ་གསོལ་ལོ་ཡེ་ཤེས་སྤྱན་ལྡན་རྣམས། །བདག་ནི་སྒྲུབ་མཆོག་ངེས་པའི་རྣལ་འབྱོར་བ། །གསང་ཆེན་བླ་ན་མེད་པའི་ལམ་ཞུགས་ཏེ། །རྩ་བ་ཡན་ལག་དམ་ཚིག་ མནོས་པ་ལས། །འགལ་འཁྲུལ་ཉམས་ཆགས་ནོངས་པ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་དག་ཅིང་ཚངས་པ་སྩོལ། །སྲུང་མ་ཁྱེད་བསྟེན་སྒྲུབ་པར་ཁས་བླངས་ཀྱང་། །རྐྱེན་དང་ལེ་ 6-28-25b ལོས་དེ་ལྟར་རྔོ་མ་ཐོགས། །སྒྲུབ་མཆོད་བསྟེན་པའི་དམ་རྫས་མ་ཚང་དང་། །སྒྲུབ་པ་ཡུན་ཐུང་བཟླས་གྲངས་ཉུང་བ་དང་། །ཏིང་འཛིན་མ་གསལ་ལས་སྦྱོར་ཚད་མ་འཁྱོལ། །ལྷ་མཆོག་ཁྱེད་ དང་ད་དུང་ཞལ་མ་མཇལ། །བདག་ནི་དང་པོའི་ལས་ཅན་གཏི་མུག་པས། །སེམས་ཉིད་དོན་གྱི་བདེན་པ་མ་མཐོང་སྟེ། །རྨད་བྱུང་གསང་བ་སྔགས་ཀྱི་བརྟུལ་ཞུགས་ལ། །ཐེ་ཚོམ་སོམ་ཉི་ཉོན་ མོངས་ལོག་ལྟ་ཡིས། །དང་དུ་མ་བླང་སྨད་ཅིང་སྤང་བ་སོགས། །ཉམས་སྒྲིབ་ཉེས་ལྟུང་ཐམས་ཅད་མཐོལ་ལོ་བཤགས། །བདག་གི་འགལ་འཁྲུལ་ཉམས་ཆག་ཇི་མཆིས་པ། །ཡེ་ ཤེས་སྤྱན་མངའ་ཁྱེད་ཀྱི་ཐུགས་ལ་གསལ། །སྔོན་ཚེ་དཔལ་ཆེན་འབར་བའི་སྤྱན་སྔ་རུ། །ཉམས་ཆག་བསྐངས་ཞིང་བསྟན་པ་སྲུང་ངོ་ཞེས། །ཞལ་བཞེས་གང་ལགས་དུས་འདིར་དགོངས་ མཛོད་ལ། །བདག་གི་འགལ་འཁྲུལ་ཉམས་ཆག་སྦྱང་དུ་གསོལ། །དོན་དམ་མ་སྐྱེས་མཁའ་ལྟར་དག་པ་ལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །ཀུན་རྫོབ་སྒྱུ་མ་ ཙམ་གྱི་རང་བཞིན་དུ། །འགལ་འཁྲུལ་ཉེས་པ་ཐམས་ཅད་མཐོལ་ལོ་བཤགས། །ཁྱེད་ནི་སྒྱུ་མའི་རང་བཞིན་ཅིར་ཡང་འཕྲུལ། །བདག་གི་འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ། ། 6-28-26a བཤགས་པས་ཚངས་ཏེ་དག་པའི་དངོས་གྲུབ་སྩོལ། །ཐུགས་རྗེས་བསྐྱང་ཞིང་རེ་བ་བསྐང་དུ་གསོལ། །ཧཱུྃ། སྣང་སྲིད་མ་མོའི་རྗེ་མོ་འཁོར་བཅས་ཀྱིས། །སྔོན་ཚེ་ བཅོམ་ལྡན་དཔལ་ཆེན་སྤྱན་སྔ་རུ། །གསང་བ་སྔགས་ཀྱི་རྗེས་སུ་ཞུགས་རྣམས་ལ། །མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེའོ་ཞེས། །རྡོ་རྗེའི་དམ་བཅས་དུས་འདིར་དགོངས་མཛད་དེ། །འདི་ ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལུས་དང་གྲིབ་བཞིན་མི་འབྲལ་འགྲོགས་མཛོད་ལ། །སྲུངས་སྐྱོབ་བྱིན་རློབས་དངོས་གྲུབ་མ་ལུས་སྩོལ། །བསྟེན་ན་སྲིན་མོའི་ཚོགས་ཀྱང་མ་ལྟར་བྱམས། ། བསྐུལ་ན་བདུད་ཀྱི་ཚོགས་ཀྱང་རྒྱུག་བྱེད་ན། །ཁྱེད་ནི་མཁྱེན་བརྩེ་ནུས་ལྡན་འགྲོ་བའི་མགོན། །སྒྲུབ་མཆོག་བདག་ལ་ཐུགས་བརྩེ་ཅིས་མི་མཛད། །བེམས་པོའི་རང་བཞིན་ནོར་བུ་འབར་བ་ཡང་། ། ལྷ་མིའི་རེ་འདོད་ཡིད་བཞིན་སྐོང་མཛད་ན། །ཁྱེད་ནི་བསམ་འཕེལ་ཡིད་བཞིན་ཅིས་མི་མཛད། །བདག་གི་མངོན་འདོད་རེ་བ་བསྐང་དུ་གསོལ། །རྟག་ཏུ་ཁྱེད་བསྟེན་ཁྱེད་མཆོད་ཁྱེད་སྒྲུབ་ཅིང་། ། རྒྱལ་མཚན་དམ་པར་སྲུང་མ་ཁྱེད་ཕྱར་ན། །མི་མཐུན་རྒུད་པ་ཀུན་ལས་སྐྱོབ་པ་དང་། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་སྩལ་དུ་གསོལ། །ཞེས་མ་མོའི་བསྐང་གསོལ་དངོས་གྲུབ་ཆར་འབེབ་ཅེས་བྱ་བ་ 6-28-26b བྱིན་རླབས་ཀྱི་ཚན་ག་དང་ལྡན་པ་འདི་ནི་སྔོན་གྱི་ཡིག་རྙིང་དག་གིས་གོ་ཕྱེས་ཏེ་རྒྱལ་དབང་པདྨའི་བྲན་དུ་གྱུར་པ་དཔལ་ཟིལ་གནོན་དྲག་པོ་རྩལ་གྱི་ཡིད་ཀྱི་ཆུ་གཏེར་ཟབ་མོ་ལས་ས་ཁྱི་ནག་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུར་མངོན་པར་སྣང་བ་བཀྲ་ཤིས་དགེ་ ལེགས་འཕེལ་བའི་དཔལ་དུ་གྱུར་ཅིག །མངྒ་ལཾ། ། ༈ མ་མོའི་བསྐང་བ་རིན་ཆེན་ཕྲེང་བ་བཞུགས། ཧཱུྃ་བྷྱོ། མ་གཡེལ་མ་གཡེལ་ཐུགས་རྗེ་ཅན། །མ་གཡེལ་མ་གཡེལ་སྲུང་མའི་ཚོགས། ། ཀུན་ཏུ་བཟང་མོ་ཡུམ་གྱི་དབྱིངས། །མ་མོ་འབོད་པའི་གླུ་ལེན་ཅིང་། །སྒྲ་ནི་སྟོང་གསུམ་ཁྱབ་པར་སྒྲོགས། །བསྒྲུབ་ནི་ཡེ་ཤེས་ཐིག་ལེར་བསྒྲུབ། །བསྟེན་ནི་ཧེ་རུའི་གནས་སུ་བསྟེན། །དུར་ ཁྲོད་ཆེན་པོའི་གནས་འདི་རུ། །ཤ་ཆེན་གསུར་ནི་དྲི་ཞིམ་ཞིང་། །མཾ་ས་ཆེན་པོ་རི་ལྟར་སྤུངས། །རཀྟའི་རྒྱ་མཚོ་མཚོ་ལྟར་རླབས། །རུས་པའི་ཕུང་པོ་རི་ལྟར་སྤུངས། །དྲི་ཆུ་མང་པོ་ཆུ་ལྟར་འབྲུབ། ། མ་མོ་ཆེན་པོ་སྤྲིན་ལྟར་གཏིབས། །ཕོ་ཉ་མང་པོ་སྐར་ལྟར་འཁྲུགས། །སུམ་བརྒྱ་དྲུག་ཅུའི་དཀྱིལ་འཁོར་འབྱུང་། །རྒྱུད་ལས་སོ། །ཧཱུྃ་བྷྱོ། སྣང་སྲིད་ཐམས་ཅད་ཡུམ་གྱི་བྷ་ག་སྟེ། །དུས་གསུམ་ བདེ་གཤེགས་ཡུམ་གྱི་ཀློང་ནས་བསྐྱེད། །དབུས་ཀྱི་ཆེ་མཆོག་སྐུ་དང་གཉིས་སུ་མེད། །མུ་མཐར་ཁྱབ་པའི་ཐུགས་དམ་བདག་སྐོང་ན། །དབང་དང་དངོས་གྲུབ་དུས་འདིར་སྩལ་དུ་གསོལ། །ཤར་ 6-28-27a ཕྱོགས་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་གཙོ། །རིན་ཆེན་དབྱིངས་ཕྱུག་མི་ ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་གཙོ། །པདྨ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ ཀྱི་གཙོ། །ལས་ཀྱི་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །དབྱིངས་ཀྱི་མ་ཆེན་བརྒྱད་རྣམས་དང་། །ཡུལ་གྱི་མ་ཆེན་བརྒྱད་རྣམས་ཀྱང་། །བསྐང་ངོ་བསྐལ་ པས་ཐུགས་དམ་བསྐང་། །ཞེས་རྒྱུད་བསྐང་ངོ་། །སེམས་ལས་སྤྲུལ་པའི་མ་མོ་བཅུ་གསུམ་དང་། །ཡེ་ཤེས་དབྱིངས་ཀྱི་རྗེ་མོ་བཅུ་བཞི་དང་། །འཇིག་རྟེན་ལས་ཀྱི་མ་མོ་ལྔ་བཅུ་གསུམ། ། ཡང་གབ་མ་བཞི་སྦས་པའི་མ་བཞི་དང་། །གདོང་མོ་བཞི་དང་དུར་ཁྲོད་མ་མོ་གསུམ། །ཕུང་བྱེད་མ་གསུམ་གསང་བའི་མ་མོ་གསུམ། །ཕོ་ཉ་གསུམ་སོགས་འབུམ་ཕྲག་མཁའ་འགྲོའི་ ཚོགས། །དཀར་སེར་དམར་ལྗང་ནག་མཐིང་སྨུག་མོ་འབུམ། །བརྟན་མ་བཅུ་གཉིས་སྨན་ཕྲན་བྱེ་བ་འབུམ། །ནམ་མཁའི་མཐའ་ཀླས་མུ་མཐར་ཁྱབ་པ་ཡི། །འབུམ་ཕྲག་ཡངས་པ་ཆེན་པོའི་ 6-28-27b ཌཱ་ཀི་མ། །སྣང་སྲིད་མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩི་ཕུད་ཀྱིས་ཐུགས༴ དམར་ཆེན་རཀྟའི་རྒྱ་མཚོས༴ ཤ་རུས་བཅུད་ལྡན་གཏོར་མས༴ ཤ་སྣ་སྙིང་སྣ་ཁྲག་ སྣས༴ མཐུན་པའི་དམ་རྫས་བདོག་དགུས༴ སྲོག་དབུགས་རྣམ་ཤེས་མདངས་ཀྱིས༴ སྣང་སྲིད་མདོས་སུ་བཤམས་པས༴ གཉིས་མེད་མཉམ་པ་ཆེན་པོས་ཐུགས་དམ་བསྐང་། །བདེ་ ཆེན་བྱང་ཆུབ་སེམས་སུ་མཉམ་སྦྱོར་བས། །ཡེ་ཤེས་དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང་། །འཇིག་རྟེན་ལས་ཀྱི་མ་མོའི་ཐུགས་དམ་བསྐང་། །དམ་ཚིག་ཤ་ཟ་མཁའ་འགྲོའི་ཐུགས་དམ་ བསྐང་། །མ་རིག་དབང་གིས་རྣལ་འབྱོར་བདག་ཅག་གིས། །མ་མོ་མཁའ་འགྲོ་འཁྲུགས་པའི་རྒྱུ་དང་རྐྱེན། །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་ དག་ཅིང་ཚངས་པ་སྩོལ། །བདག་ཅག་སེམས་ཅན་ལས་ཀྱིས་མནར་བ་ལ། །རེ་ལྟོས་དཔུང་གཉེན་གཞན་ན་མ་མཆིས་པས། །མ་ལྟར་བྱམས་པ་མ་མོ་མཁའ་འགྲོའི་ཚོགས། །ཐུགས་དམ་རྗེས་དགོངས་ བྱིན་རླབས་དངོས་གྲུབ་སྩོལ། །ནད་རྣམས་མ་ལུས་མྱུར་དུ་ཞི་བ་དང་། །གདོན་རྣམས་མཐའ་དག་དུས་འདིར་གཞོམ་པར་མཛོད། །བྱད་རྣམས་ཐམས་ཅད་ད་ལྟ་ཉིད་དུ་ཁྲོལ། །དུས་མིན་འཆི་བ་ 6-28-28a བཟློག་པའི་ཕྲིན་ལས་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་བ་དང་། །སྣང་སྲིད་འཇིག་རྟེན་དབང་དུ་འདུ་བ་དང་། །གནོད་བྱེད་དགྲ་བགེགས་དྲག་པོས་ཚར་གཅོད་ ཅིང་། །གང་འདོད་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །རང་སེམས་གདོད་ནས་མཉམ་ཉིད་མུ་ཁ་ལེའི། །མཁའ་ཀློང་དབྱིངས་སུ་འཁོར་འདས་འུབ་ཆུབ་པའི། །མ་དང་མོ་ཡི་དོན་ཉིད་ལེགས་ རྟོགས་ནས། །གདོད་མ་འབྲས་བུའི་བཙན་ས་ཟིན་པར་མཛོད། །ཅེས་པའང་རྒྱུད་ལས་གསུངས་པའི་བསྐང་བ་ལ་བསྣན་བཅས་ཞེ་ཆེན་དུ་ཤིང་ལུག་ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ་༧འཇམ་དཔལ་རྡོ་རྗེས་བྲིས་པ་དགེ་ལེགས་ འཕེལ།། །། ༈ འཁྲུགས་སྐོང་ཆ་སྙོམས་བདེ་བྱེད་བཞུགས། །སྐོང་རྫས་འདུ་བྱས་བྱིན་བརླབས་བྱ། །རྔ་བརྡུང་དབྱངས་ཀྱིས་མ་མོ་འབོད། །བྷྱོཿ ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སྲིད་པའི་བདེ་སྡུག་མ་ མོས་བྱེད། །སྣ་ཚོགས་ལོག་སྤྱོད་ལ་བརྟེན་ནས། །མ་མོ་མཁའ་འགྲོ་འཁྲུགས་པ་ལས། །ཁ་རླངས་སྣ་ཚོགས་སྤྲིན་དུ་ཆགས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །ནད་དང་མི་བདེ་ ཆར་ལྟར་འབེབས། །ཁྱད་པར་དམར་མོའི་ཚོགས་བྱུང་བས། །མི་རྣམས་འདོད་ཆགས་མེ་ལྟར་འབར། །རྟག་ཏུ་བུད་མེད་སེམས་བྱེད་ཅིང་། །རང་དབང་མེད་པར་མོ་དབང་འགྲོ། །ཚིམ་པ་ 6-28-28b མེད་པར་འདོད་པས་གདུང་། །མཁའ་ལ་ཁྲག་གི་འོད་ཟེར་འབར། །ས་ལ་ཤྭ་འུད་ཆུ་གནོད་མང་། །ཀུན་ཀྱང་མ་མོའི་ཆོ་འཕྲུལ་ཏེ། །ནད་ཀྱང་མ་མོ་ཁྱེད་ཀྱི་ནད། །ཁྲག་ཀྱང་མ་མོ་ཁྱེད་ཀྱི་ཁྲག ། རིམས་ཀྱང་མ་མོ་ཁྱེད་ཀྱི་རིམས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱི་བསྐལ་པས་འཇིགས་བྱེད་མ། །བསྐལ་པའི་དུས་སྲིད་བདག་མོ་ཁྱེད། །སྤྱི་བདུད་ནད་ཀྱི་ཁ་ལོ་བསྒྱུར། ། བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩི་གཏོར་མ་དང་། །ཁྲག་ཆགས་བྱ་ནག་སྒོ་ང་སོགས། །རྟེན་རྫས་སྒྲུབ་རྫས་བསྐང་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་ བསྐང་། །ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱིས་ལ་ཤྭ་རྡེལ་སྤོས། །ནད་གདོན་བར་ཆད་ བསྒྱུར་དུ་གསོལ། །ནད་ཁ་མི་འཚལ་མ་ཉིད་བཞེས། །རིམས་ཁ་མི་འཚལ་མ་ཉིད་བཞེས། །ཕྱི་རུ་རྐྱེན་ངན་སྣ་ཚོགས་དང་། །ནང་དུ་དུག་ལྔ་རྣམ་རྟོག་གདོན། །ཁྱད་པར་ཆགས་སྲེད་ འཕེལ་བ་ཡི། །བསྐལ་སྲིད་དུས་ཀྱི་འཚུབ་འགྱུར་རྣམས། །མཁའ་ལ་སྤྲིན་དང་ཆུར་རླབས་བཞིན། །མ་ཉིད་ཞལ་གྱི་དབྱིངས་སུ་བསྟིམ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་ 6-28-29a དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །ཟློག་སྒྱུར་ཆེན་པོའི་དུས་ལ་བབ། །དུས་ལ་བབ་པོ་ས་མ་ཡཿ །དབྱིངས་ཀྱི་རྒྱལ་མོ་མུ་ཁ་ལེ། །སྣང་ སྲིད་ཀུན་ཏུ་བཟང་མོ་ཡི། །བྷ་ག་བདེ་ཀློང་ཡངས་པ་རུ། །བསྐལ་སྲིད་དུས་ཀྱི་ཁུག་པ་ཡི། །རྐྱེན་སྣང་ཀུན་རྟོག་རང་གྲོལ་ནས། །བསྐལ་པ་ཆ་སྙོམས་འབྱུང་བ་དར། །སྐྱེ་རྒུ་བདེ་ཞིང་ལྷ་འདྲེ་ བྱམས། །ཀུན་ཀྱང་ཐེག་མཆོག་ཆོས་ལ་སྤྱོད། །རྣལ་འབྱོར་སྒྲུབ་པ་པོ་རྣམས་ཀྱིས། །གདོད་མའི་རང་ཞལ་མཐོང་བ་དང་། །གནས་སྐབས་ཡིད་ལ་རེ་བ་ཡི། །བཅོལ་བའི་ཕྲིན་ལས་འགྲུབ་ པར་མཛོད། །རབ་ཚེས་ས་གླང་ཟླ་བ་གསུམ་པའི་ཚེས་ཉེར་དགུ་ལ། འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡི། བློ་མཚོ་རྐྱེན་སྣང་དྲི་བཞོན་གྱིས། །བསྐུལ་བའི་རླབས་ཀྱི་སྒྲ་དབྱངས་སོ། །མངྒ་ལཾ། ། ༈ ལས་གཤིན་གསོལ་ མཆོད་གནམ་ལྕགས་འབར་བ་བཞུགས། ན་མོ་ཡ་མཱནྟ་ཀཱ་ཡ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་བཀའ་སྲུང་འཆི་བདག་ལས་ཀྱི་གཤིན་རྗེ་ལ་གཏོར་མ་འབུལ་བར་འདོད་པས་ཤ་ཁྲག་གི་གཏོར་མ་བདུད་རྩིའི་སྐྱེམས་དང་བཅས་པ་བཤམས་ཤིང་བྱིན་གྱིས་ བརླབས་ལ་འདི་སྐད་དོ། །ཧཱུྃ། འདི་ནས་བྱང་དུ་རི་བོའི་རྨང་། །དཔག་ཚད་བརྒྱད་ཁྲི་མར་འདས་ན། །རྒྱ་མཚོ་རླུང་གི་བར་དག་ནས། །ཐོད་པ་ལྕགས་ཀྱི་མུན་ཁུང་ན། །མི་རོས་གཏམས་པའི་ 6-28-29b གནས་ཆེན་ན། །གཤིན་རྗེ་ཡོངས་ཀྱི་དེད་དཔོན་པོ། །མ་མོ་ཀུན་གྱི་ཚོགས་རྗེ་བོ། །ཀླུ་བདུད་ཡོངས་ཀྱི་སྲིན་པོ་སྟེ། །གསོན་གཤིན་གཉིས་ཀྱི་ཟམ་ཁ་པ། །གསོན་པོ་སྐོས་ལ་འདེབས་པ་ པོ། །ཤི་བ་ཀུན་གྱི་གཤིན་བུ་རྗེ། །ལྕགས་མཁར་བཅུ་བདུན་མངའ་བདག་པོ། །གཤིན་རྗེ་ནག་པོ་དགྲ་བོའི་གཤེད། །བདུད་པོ་མི་ཟན་སྐྱེ་འགྲོའི་བདུད། །བྱེ་བ་དགུ་རིང་སུས་མི་བཟློག ། མེ་ལྕེ་གློག་གི་ཕྲེང་བ་ཅན། །ལྟོ་ན་སྲིད་པ་གསུམ་པོ་འཕྱོ། །ལག་ན་བེ་ཅོན་འཁོར་ལོ་ཐོགས། །ཟས་སུ་དམ་ཉམས་སྲོག་དབུགས་ཟ། །མ་ཧེ་ནག་པོ་ཞོན་ནས་སུ། །ཐོག་དང་སེར་བ་ ཞལ་ནས་འབེབས། །ཡབ་གཅིག་འཇམ་དཔལ་བཀའ་བཞིན་དུ། །གདུང་བའི་ང་རོས་བདག་འབོད་ཀྱི། །དམར་གྱི་གཏོར་མའི་དམ་ལ་འདུ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བསྟན་ པ་འཇིག་པའི་དགྲ་བོ་འདི། །ཁྲམ་ལ་ཐོབས་ལ་སྟོང་ལ་རྒྱུས། །བེ་ཅོན་རྒྱོབ་ལ་འཁོར་ལོ་སྐོར། །ཁྱོད་ཀྱི་ཟས་སྐལ་འདི་ཡིན་གྱི། །ཤ་རུས་ཁྲག་ལ་ལོངས་སྤྱོད་གྱིས། །དེ་ཡི་ཐུགས་ དམ་རྒྱུད་བསྐུལ་མ། །གཏུམ་མོ་དུག་ཧྲུལ་གོས་གྱོན་མ། །བདུད་མོ་ཁྲག་མིག་རལ་པ་ཅན། །སྣ་ཚོགས་ནད་ཀྱི་མངའ་བདག་མོ། །ཤ་ཁྲག་སྲོག་དབུགས་བདག་མོ་ཁྱོད། །ལས་ཀྱི་རླུང་ 6-28-30a དམར་ཞོན་ནས་ནི། །ལས་ངན་ཐོད་པར་ཁྲག་སྤྱོ་ཞིང་། །འདུ་བ་རྣམ་བཞིའི་ནད་གཏོང་མ། །དམ་རྫས་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་དགྲ་བོ་འདིར། ། ཁྲག་མདའ་བུ་ཡུག་ཆར་ལྟར་ཕོབ། །ཕྱི་རིམ་ལྕགས་མཁར་ཆེན་པོ་བཅུ་དྲུག་ནས། །སྤྲུལ་པ་ལས་ཀྱི་གཤིན་རྗེ་ཆེན་པོའི་ཚོགས། །ཡ་མ་རཱ་ཛ་མྱོས་བྱེད་འབར་བ་དང་། །ཨཱརྱ་མེ་རུ་རལ་པ་ ཚར་དགུ་བཞི། །སྲིན་མོ་ཤ་ཟ་སྲིན་མོ་སྟོབས་ཅན་དང་། །སྲིན་མོ་སེང་གེ་སྲིན་མོ་འབར་མ་བཞི། །ཕྱོགས་བཞིའི་ཐོད་མཁར་བཞི་ནས་འདིར་གཤེགས་ཏེ། །བདུད་རྩི་བྱང་ཆུབ་སེམས་དང་ དམར་ཆེན་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །དམ་ཉམས་དགྲ་བགེགས་དུས་ཀྱི་ཞགས་པས་ཐོབས། །ཕྱི་རིམ་ལྕགས་མཁར་ཆེན་པོ་བཅུ་གཉིས་ན། །བདུད་འཇོམས་དམར་ པོ་ཀོང་ཚེ་བྲག་འཇོམས་དང་། །མིག་དམར་མགོ་དགུ་ལྷ་མཆོག་དུད་ཁ་དང་། །ཨ་བ་གླང་མགོ་ཏེལ་པ་ཡ་བ་ཏི། །སྟག་མགོན་ནག་པོ་ཕྱ་སངས་ཆོས་ཀྱི་རྒྱལ། །གཤིན་རྗེའི་གཟུགས་སྟོན་ དབྱུག་ཐོ་ཞགས་པ་འདེབས། །སྐྱེ་འགྲོ་དབང་སྡུད་སྲིད་གསུམ་ཁྲམ་ལ་འདེབས། །ལས་ཀྱི་སྲིན་པོ་གཤིན་རྗེའི་ཆུང་མ་རྣམས། །སྲིན་མོ་ནག་མོ་སྲིན་མོ་འཕྱང་མ་དང་། །སྲིན་མོ་ལག་ 6-28-30b བརྒྱ་སྲིན་མོ་སེར་མོ་དང་། །སྲིན་མོ་ཞགས་པ་སྲིན་མོ་མིག་བརྒྱ་མ། །སྲིན་མོ་དམར་མོ་སྲིན་མོ་འབྲུག་སྒྲོགས་མ། །སྲིན་མོ་དབུགས་འཕྲོག་སྲིན་མོ་ནད་གཏོང་མ། །སྲིན་མོ་ཁྲག་འཐུང་སྲིན་མོ་ སྦྱིན་སྲེག་མ། །འཇིག་རྟེན་འགྲོ་ལ་ནད་ཀྱི་ཚོགས་གཏོང་ཞིང་། །སྐྱེ་འགྲོའི་སྲོག་ལེན་ཤ་ཁྲག་མདངས་ཟ་མ། །སྣ་ཚོགས་གཟུགས་ཀྱིས་གནོད་པ་སྣ་ཚོགས་བྱེད། །དུས་ཀྱི་ཞགས་པས་དམ་ ཉམས་སྙིང་ནས་འདྲེན། །དམ་ཚིག་རྗེས་སུ་དྲན་ཞིང་དམར་ཆེན་ཁྲག་ལ་གཤེགས། །གཤེད་ཆེན་བཞི་ཡི་སྲས་མཆོག་བཅུ་གཉིས་པོ། །ཡབ་ཡུམ་བྲན་དང་སྤྲུལ་པར་བཅས་པ་རྣམས། །བདུད་ རྩི་བྱང་ཆུབ་སེམས་དང་དམར་ཆེན་རཀྟ་དང་། །དམ་ཚིག་རྫས་ཀྱི་མཆོད་པ་བཞེས་ནས་ཀྱང་། །བསྟན་པ་འཇིག་པའི་འགལ་བྱེད་དགྲ་བོ་འདི། །སྣ་ཚོགས་ནད་དང་གློ་བུར་ཆད་པ་ཡིས། །མྱུར་དུ་ གཟིར་ཏེ་དུས་ཀྱི་ཞགས་པས་དྲོངས། །གཞན་ཡང་གཤིན་རྗེའི་ལས་མཁན་ནི། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་དང་། །མོ་གཤེད་སུམ་བརྒྱ་དྲུག་ཅུ་སྟེ། །གཤིན་རྗེ་བདུན་བརྒྱ་ཉི་ཤུ་རྣམས། །སྲིད་ པ་གསུམ་པོ་ཀུན་ཏུ་རྒྱུ། །ཤ་ཁྲག་སྲོག་དབུགས་ཟས་སུ་ཟ། །དམ་རྫས་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་བོ་རྡུལ་དུ་རློགས། །གཞན་ཡང་གཤིན་རྗེའི་ཕོ་ཉར་གྱུར་པ་ཡི། །ཁྲམ་བདག་ 6-28-31a བདུད་དང་དྲེགས་པ་བཙན་གྱི་ཚོགས། །ཁྱབ་འཇུག་གཟའ་དང་ཐོག་འབེབ་ལྷ་ཡི་སྡེ། །ནད་གཏོང་མ་མོ་སྨྱོ་འབོག་རྒྱལ་པོའི་ཚོགས། །སྲོག་འཕྲོག་གནོད་སྦྱིན་གདུག་པ་ ཀླུ་དང་ནི། །སྣང་སྲིད་དྲེགས་པ་མ་ལུས་འཁོར་དང་བཅས། །དམ་རྫས་ཤ་རི་ཁྲག་མཚོའི་གཏོར་མ་བཞེས། །བཅོམ་ལྡན་གཤིན་རྗེ་གཤེད་པོའི་ཞབས་དྲུང་དུ། །དམ་བཅས་ཁས་བླངས་ བཞིན་དུ་དྲན་མཛོད་ལ། །དམ་ཉམས་དགྲ་བགེགས་རྡུལ་དུ་བརླག་པ་དང་། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཡ་མ་རཱ་ཛ་ཀཱ་ལ་རཱུ་པ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་ཁཱ་ཧི་ ཁཱ་ཧི༔ དེ་ལྟར་བྱས་པས་དགྲ་བགེགས་བར་ཆད་ཐམས་ཅད་རྡུལ་དུ་རློག་པའི་དྲག་པོའི་ཕྲིན་ལས་ལ་མངའ་དབང་འབྱོར་ཞིང་དངོས་གྲུབ་མ་ལུས་པ་གེགས་མེད་པར་ཐོབ་པར་འགྱུར་རོ། །འདི་ནི་ཤིན་ཏུ་བཀའ་དམ་པར་བྱའོ། །ཟླ་གསང་བཤན་པ་སྤུ་གྲིའི་རྒྱུད་ སོགས་གཤེད་སྐོར་གྱི་རྒྱུད་ཀྱི་རྡོ་རྗེའི་ཚིག་ཟིལ་གནོན་དགྱེས་པ་རྩལ་གྱིས་ལུང་དུ་བསྡེབས་པ་འདིས་བསྟན་དགྲ་ཚར་ཆོད་ཅིང་གསང་སྔགས་སྙིང་པོའི་བསྟན་པའི་རྒྱལ་མཚན་ཆེན་པོ་སྲིད་ན་ནུབ་མེད་མངོན་པར་མཐོ་བའི་རྒྱུར་གྱུར་ཅིག ། མངྒ་ལཾ། ། ༈ མགོན་དཀར་དུར་ཁྲོད་བདག་པོའི་གསོལ་མཆོད་ནི། ཧཱུྃ། ཧ་ཧར་དགོད་པའི་དུར་ཁྲོད་ནས། །དཔལ་ཆེན་སྤྲུལ་པ་ཀིང་ཀ་ར། །དངོས་གྲུབ་ 6-28-31b རྣམ་གཉིས་གཏེར་གྱི་བདག །དུར་ཁྲོད་བདག་པོ་ཡབ་ཡུམ་ནི། །ཟླ་བའི་མདོག་ཅན་ཀེང་རུས་གཟུགས། །རིན་ཆེན་ཐོད་པའི་རྒྱན་ཆ་ཅན། །གཡས་ན་རྡོ་རྗེའི་དབྱུག་པ་ཕྱར། །གཡོན་པས་ བྷནྡྷ་ཁྲག་བཀང་བསྣམས། །དར་གྱི་སྟོད་གཡོགས་ཤམ་ཐབས་ཅན། །རོ་ཡི་སྟེང་ན་གར་བྱེད་ཅིང་། །རབ་ཏུ་བརྗིད་ཅིང་འཇིགས་པའི་གཟུགས། །སྤྲུལ་པས་ས་གཞི་བར་སྣང་གང་། །མེ་དཔུང་ འབར་ཞིང་རླུང་ནག་འཚུབ། །གསོལ་བ་བཏབ་ན་དངོས་གྲུབ་སྩོལ། །ཕྲིན་ལས་བཅོལ་ན་ཡིད་བཞིན་བསྒྲུབ། །རྦད་ན་དགྲ་ཇག་ཆོམ་རྐུན་བརླག །རྣལ་འབྱོར་བདག་གིས་རྩེ་གཅིག་ཏུ། །མཆོད་དོ་བསྟོད་ དོ་ལས་ལ་བཞེངས། །རི་ལྟར་སྤུངས་པའི་དམར་གཏོར་དང་། །སྤྲིན་ལྟར་གཏིབས་པའི་འདོད་ཡོན་ཚོགས། །མཚོ་ལྟར་བསྐྱིལ་བའི་རཀྟ་བཅས། །ཧེ་རུ་ཀ་དཔལ་དམ་ཚིག་འདི། །དུར་ཁྲོད་བདག་པོ་ ཡབ་ཡུམ་གྱིས། །དགྱེས་བཞེས་བརྩེ་བའི་ཐུགས་ཀྱིས་དགོངས། །དཀོར་ཆ་སྲུངས་ལ་ཇག་རྐུན་སྒྲོལ། །ཚེ་བསྲིང་དཔལ་བསྐྱེད་འབྱོར་པ་སྤེལ། །བསམ་པ་བསྒྲུབ་ལ་རེ་བ་སྐོང་། །བཅོལ་བའི་ཕྲིན་ ལས་གྲུབ་པར་མཛོད། །ཨོཾ་ཀུ་མ་ཀུ་མ་ཁུམ་ཡབ། ཐིས་སྭཱ་ཧཱ༔ ཡུམ། ཨོཾ་མ་མ་ར་ལི་པྲ་མ་ཡེ་ཛཿཛཿམ་ཧཱ་ཥྨ་ཤ་ན་ཨ་དྷི་པ་ཏི་ཨི་དཾ་བ་ལིང་ཏ་ཉྫ་ཁཱ་ཧི་ཁཱ་ཧི། སརྦ་ཀརྨ་ཀུ་རུ་ཀུ་རུ་ཧོཿ སྙིང་པོ་བཟླ་ 6-28-32a འདོད་ན་ཡབ་ཡུམ་ཐུགས་ཀར་ཀྵི་ཡིག་བསྒོམ། བདག་གི་ཐུགས་ནས་འབར་བའི་འོད་འཕྲོས་ཏེ་སྲོག་གི་སྙིང་པོར་རེག །ཇི་ལྟར་བཀའ་བསྒོས་བསྒྲུབ་པར་བསམ། །ཀྵི་ཞེས་དྲག་ཏུ་བཟླས་པས་བསྙེན། །སྒྲུབ་པའི་ སྙིང་པོ་གོང་གི་ཀུ་མ་མ་མ་གཉིས་ཅི་རིགས་བཟླ། ཇག་རྐུན་བཅིངས་ན་སྒྲུབ་སྔགས་མཐར། སརྦ་ཤ་ཏྲུན་ཙཽ་ར་ཙཀྵུ་མུ་ཁམ་བྷནྡྷ་བྷནྡྷ་ཕཊཿ ནོར་ལོངས་སྤྱོད་འཕེལ་འདོད་ན། སརྦ་བ་སུ་སིདྡྷི་སྡུས་སྡུས་པུཥྚིཾ་ཀུ་རུ་ཧོཿ ལས་ལ་རྦད་ན་ཁྲོ་གཏུམ་ཁྲོས་པའི་གར་གྱིས་ནམ་མཁའ་བཀངས་ནས་དགྲ་བགེགས་བརླག་པར་བསམ། སྔགས་མཐར། ཨེ་ཧུར་ཐུམ་བྲེང་ཤག་རྒྱུག་རྒྱུག་ཡཱ་ཡཱཿ ཞེས་གཏོར་མ་མེ་ཐུན་བཅས་འཕང་ངོ་། །འདི་ནི་གཏེར་གཞུང་ ལས་བཏུས་ཏེ་མི་ཕམ་པས་ལྕགས་ཁྱི་དབྱུག་ཟླའི་ཚེས་ཉེར་བརྒྱད་ལ་བཀོད་པ་མངྒ་ལཾ། ། ༈ ནོར་ལྷའི་གསོལ་མཆོད་འདོད་དགུའི་གནས། །རིན་ཆེན་བུམ་པ་བཟང་པོ་བཞུགས། །འབྱོར་ཚད་གཏོར་མ་བཤམས་ནས་ནི། ། བྱིན་གྱིས་བརླབས་ལ་འདི་ལྟར་འབུལ། །ཀྱེཿ བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །ནོར་གྱི་བདག་པོ་ཨཱརྱ་ཛམྦྷ་ལ། །དབུལ་བ་སེལ་བའི་ལྷ་མོ་ནོར་རྒྱུན་མ། །ཀུ་བེ་ར་སོགས་ཕོ་ཉ་ཆེན་པོ་ བརྒྱད། །ཕ་ལྷ་མ་ལྷ་ཁྱིམ་ལྷ་ཞིང་ལྷ་དང་། །ཕྱུགས་ལྷ་ཐབ་ལྷ་དགྲ་ལྷ་ལ་སོགས་པ། །ལྷ་ཀླུ་གནོད་སྦྱིན་སྡེ་བརྒྱད་གཏེར་གྱི་བདག །མདོར་ན་འཇིག་རྟེན་འཇིག་རྟེན་འདས་པ་ཡི། །རབ་ 6-28-32b འབྱམས་ནོར་ལྷའི་ཚོགས་རྣམས་མ་ལུས་པས། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །དམ་རྫས་གཏོར་མ་ཕུལ་བ་འདི་བཞེས་ནས། །ཡང་ན། རྣལ་འབྱོར་བདག་ལ་ཚེ་རབས་ཐམས་ཅད་དུ། །བདག་དང་རྒྱུ་འབྱོར་ཡོན་གྱི་བདག་པོ་ལ། ། བསོད་ནམས་ནོར་གྱི་དངོས་གྲུབ་སྩལ་དུ་གསོལ། །འཛམ་གླིང་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ། །ནོར་ལྷ་ཆེན་པོ་ཁྱེད་རྣམས་ནི། །འཇིག་རྟེན་སྐྱོང་ བ་གྲགས་དང་ལྡན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དཔུང་ནི་འཇོམས་པར་བྱེད། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །རྫུ་འཕྲུལ་ལྡན་ཅིང་གྲགས་དང་ལྡན། །མི་དང་ལྷ་ནི་སྐྱོང་བར་བྱེད། ། བདག་ཉིད་ཆེན་པོ་དེ་དག་ལ། །སྒོ་གསུམ་གུས་པ་ཆེན་པོ་ཡིས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །མི་ནད་ནོར་གྱི་གོད་ཁ་བཟློག་པར་མཛོད། ། དགྲ་དང་བགེགས་ལས་རྣམ་པར་རྒྱལ་བ་དང་། །ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་སྩོལ། །མདོ་ཡི་ལུང་བཞིན་མི་ཕམ་པས། །ཁྱིམ་བདག་ཆོས་ཀྱི་ལྡུམ་པར་བྲིས། །གང་འདོད་དེ་ལ་ཕྱྭ་གཡང་རྒྱུན། ། འཛད་མེད་ནམ་མཁའ་མཛོད་དུ་རྒྱས། ། ༈ གཡང་སྐྱབས་བཞུགས་སོ། །གཡང་སྐྱབས་བྱེད་ན་གཞི་སྟེང་གཡང་རྫས་གང་རུང་བཤམས་ལ། ཀྱེ། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ཁྲོ་ 6-28-33a བོ་བདུད་རྩི་འཁྱིལ་པའི་མཐུས། །བགེགས་དང་མི་ཤིས་མཚན་མ་རྣམས། །ཡོངས་སུ་ཞི་བ་ཉིད་གྱུར་ཅིག །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཕྱག་འཚལ་སྐྱབས་ གསོལ་ཤིས་གྱུར་ཅིག །ཕྱི་ནང་གསང་བའི་བཀྲ་ཤིས་རྣམས། །དེང་འདིར་འབྱུང་ཞིང་འབབ་གྱུར་ཅིག །གསེར་གྱི་ས་གཞིའི་སྟེང་དུ་ནི། །གཡང་གཞི་དཀར་པོ་དྲི་མེད་བཏིང་། །གཡང་ནས་ སྔོན་མོ་བཅལ་དུ་བཀྲམ། །འདོད་འཇོ་དུང་གི་བ་དཀར་དང་། །རིན་ཆེན་མར་གྱི་ལུག་གུ་བཅས། །བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །མདའ་དར་མེ་ལོང་ མར་ཁུའི་མཚོ། །འབྲང་རྒྱས་ཞལ་དཀར་ལ་སོགས་པ། །ཕྱྭ་ཆ་གཡང་རྫས་བཀྲམས་ནས་སུ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས། །ཆོས་རྣམས་ཀུན་ལ་ མངའ་མཛད་པ། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས། །བཀྲ་ཤིས་སྐྱིད་རྟག་གནས་འདིར་བྱོན། །ཐུགས་རྗེའི་བྱིན་རླབས་ཆེན་པོ་ཡིས། །ཕྱྭ་དང་གཡང་དུ་སྐྱབས་སུ་གསོལ། །ཆོས་ ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །རིགས་ལྔའི་རྒྱལ་བ་འཁོར་དང་བཅས། །གཙུག་ཏོར་རྒྱལ་མོ་རྣམ་པ་ལྔ། །རབ་འབྱམས་རྩ་བ་གསུམ་གྱི་ལྷ། །བདེ་ལྡན་སྐྱིད་ 6-28-33b པའི་གནས་འདི་རུ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་འདིར་བྱོན་ལ། །བདག་ཅག་ཚེ་གཡང་སྐྱབས་སུ་གསོལ། །དཔལ་ལྡན་ཕྱག་ན་རྡོ་རྗེ་ཡི། །བཀའ་ཉན་རེ་བ་སྐོང་ བའི་ལྷ། །གནོད་སྦྱིན་སུམ་ཁྲི་དྲུག་སྟོང་དང་། །ཁྱད་པར་ནོར་ལྷའི་རྒྱལ་པོ་ནི། །དགོས་འདོད་ཆར་འབེབས་རྣམ་ཐོས་སྲས། །ཡུམ་ཆེན་ལྷ་མོ་ནོར་རྒྱུན་མ། །སྲས་མཆོག་ཨརྱ་ཛམ་བྷ་ལ། ། བཀའ་ཉན་གནོད་སྦྱིན་ཡབ་ཡུམ་བརྒྱད། །ནོར་ལྷ་བྱེ་བའི་འཁོར་དང་བཅས། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །བཀྲ་ཤིས་སྐྱིད་པའི་གནས་འདི་རུ། །འཁོར་དང་བཅས་པ་འདིར་བྱོན་ལ། ། རྟ་གླང་རིན་ཆེན་གོས་དང་འབྲུ། །ཁྲུས་ཀྱི་རྫིང་བུ་ལ་སོགས་པ། །རིན་ཆེན་དངོས་གྲུབ་བདག་ལ་སྩོལ། །འདོད་ཡོན་ལྔ་ལ་ལོངས་སྤྱོད་དང་། །བླ་ན་མེད་པ་ཆེན་པོའི་ནོར། །ཇི་འདོད་ཕུན་ སུམ་ཚོགས་པ་ཡི། །དངོས་གྲུབ་ཆེན་པོ་བདག་ལ་སྩོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །མི་ཡི་འཁོར་ལོས་སྒྱུར་བ་སྟེ། །ཀླུ་རྒྱལ་རིན་ཆེན་ཝ་རུ་ཎ། །སྒོ་བཞི་སྐྱོང་བའི་གཡང་ལྷ་དང་། །རྟ་ ལྷ་ཨརྱ་རེ་མནྟ། །ཕྱུགས་ལྷ་བེའུ་རྣམ་པར་རྒྱལ། །ནོར་སྲུང་པརྞ་ཤ་བ་རི། །ཕ་ལྷ་མ་ལྷ་དཀར་མོ་དང་། །ཁྱིམ་ལྷ་གེ་ཐུང་སྒོ་སྐྱོང་གཉིས། །ཞིང་ལྷ་ཕ་ཝང་ཡབ་ཡུམ་དང་། །ཕྱུགས་ལྷ་ཉེར་ 6-28-34a བུ་འཁོར་དང་བཅས། །ཐབ་ལྷ་རོག་པོ་ལ་སོགས་པ། །དར་དཀར་གཡབ་ཅིང་སྤྱན་འདྲེན་ན། །འཁོར་དང་བཅས་པ་མ་ལུས་ཀུན། །བདེ་ལྡན་སྐྱིད་པའི་གནས་འདིར་ བྱོན། །ཕྱེ་མར་མདའ་དར་རིན་ཆེན་དང་། །གསེར་སྐྱེམས་སིལ་སྙན་དཀར་མངར་སྨན། །དམ་རྫས་གཏོར་མ་ལ་སོགས་པ། །མཐུན་པའི་རྫས་ཀྱི་མཆོད་པ་འབུལ། །དེ་རིང་བདག་ཅག་འཁོར་ བཅས་ལ། །མི་ཡི་ཚེ་དང་ནོར་གྱི་གཡང་། །ཟས་ཀྱི་བཅུད་དང་གོས་ཀྱི་མདངས། །རྟ་ཕྱུགས་སྲོག་ཆགས་ཀུན་གྱི་དཔལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་པའི། །ཕྱྭ་དང་གཡང་དུ་སྐྱབས་ སུ་གསོལ། །རིན་ཆེན་ཕྱྭ་ཆ་གཡང་རྫས་ལ། །རྟག་ཏུ་བརྟན་པར་བཞུགས་སུ་གསོལ། །རིན་ཆེན་རྐྱལ་པ་རྒྱས་ཤིང་འཕེལ། །སྒྱུ་མའི་བང་མཛོད་ནམ་མཁའ་མཉམ། །ཀཪྴ་པ་ཎི་བརྒྱ་སྟོང་ཕྲག ། ཉིན་རེ་བཞིན་དུ་གནང་བར་མཛོད། །མི་རྣམས་ཀུན་གྱི་ཕྱྭ་ལོངས་ལ། །ཕྱུགས་རྣམས་ཀུན་གྱི་གཡང་ཁུགས་སོ། །ར་བར་གཡང་འཕེལ་ཕྱུགས་ཀྱིས་གང་། །ཁྱིམ་ལ་གཡང་འཕེལ་མི་ཡིས་གང་། ། བང་མཛོད་གཡང་འཕེལ་འབྲུ་ཡིས་གང་། །སྣོད་བཅུད་གཡང་འཕེལ་དཔལ་གྱིས་གང་། །ཕྱུགས་གཡང་ཚེ་གཡང་ནོར་གཡང་སོགས། །འཁོར་འདས་ལམ་གྱི་དཔལ་ཡོན་ཀུན། །བཀྲ་ཤིས་ 6-28-34b གནས་འདིར་གཡང་ལ་འདུས། །ཇི་བསམ་དོན་ཀུན་འགྲུབ་པར་མཛོད། །དེ་རིང་ཧུ་ཡེ་ཧུ་ལྡན་ནོ། །དེ་རིང་ཕྱྭ་ཡེ་ཕྱྭ་ལྡན་ནོ། །རྒན་པ་རྣམས་ཀྱི་ཚེ་སྲིངས་ལ། །གཞོན་པ་རྣམས་ཀྱི་དཔལ་སྐྱེད་ཅིག ། དཀོན་མཆོག་བདེན་པའི་བྱིན་བརླབ་ཀྱིས། །བཀྲ་ཤིས་ཕྱྭ་གཡང་བརྟན་པར་ཤོག །དེ་ལྟར་བྱས་པས་གཡང་སྐྱབས་ཀྱི་མཆོག་ཏུ་འགྱུར་རོ། །ས་མ་ཡ། ཞེས་པའང་ཤིང་སྤྲེལ་ཟླ་བ་བརྒྱད་པའི་ཚེས་བཅུ་བདུན་ལ་ཁྱིམ་ བདག་དྷརྨཱའི་མིང་ཅན་གྱི་ལྡུམ་པར་འཇམ་དཔལ་དགྱེས་པས་གསེར་འོད་གཡང་སྐྱབས་ཀྱི་དགོངས་དོན་བཞིན་དུ་སྦྱར་བ་སྟེ་གཡང་འགུགས་རྒྱས་པ་སོགས་མ་གྲུབ་ན་མཆོད་པ་གང་རུང་ལ་བརྟེན་ནས་འདི་བཏོན་པས་ཕྱྭ་གཡང་ཉམས་པ་སོར་ཆུད་ཅིང་འདོད་ དགུ་ཕུན་སུམ་ཚོགས་པ་རྒྱས་པར་འགྱུར་རོ། ། ༈ སྨན་སྲུང་ཞང་བློན་སྡེ་དགུའི་གསོལ་བསྡུས་ཡིད་བཞིན་ནོར་བུ་བཞུགས། ཧཱུྃ་ཧྲཱིཿ རིགས་འདུས་རྒྱལ་བ་སྨན་རྒྱལ་རྡོ་རྗེ་འཆང་། །པདྨ་འབྱུང་གནས་ གུ་ཎ་དབྱེར་མེད་ཀྱི། །སྤྱན་སྔར་བཀའ་སྲུང་དམ་ཅན་རྒྱ་མཚོ་དང་། །འཇིག་རྟེན་དྲེགས་པའི་ལྷ་འདྲེ་མ་ལུས་འདུས། །ཁྱད་པར་གནོད་སྦྱིན་རྡོ་རྗེ་བདུད་འདུལ་དང་། །ཨེ་ཀ་ཛཱ་ཊི་གཟའ་བདུད་རཱ་ཧུ་ ལ། །ལྷ་མོ་ཅེ་སྤྱང་ཤན་པ་དམར་ནག་དང་། །དམ་ཅན་སྲོག་གི་སྤུ་གྲི་ཁྲག་རལ་ཅན། །བདུད་མོ་རོ་ཟན་ལས་མཁན་ཧབ་སེ་དང་། །ལྷ་སྨན་ཡེ་ཤེས་ཁྱེའུ་ཆུང་སེར་སྐྱ་མཆེད། །སྨན་རྒྱལ་རིག་ 6-28-35a འཛིན་སྲུང་མའི་ཚོགས་རྣམས་ཀྱིས། །རང་རང་སྲོག་གི་སྙིང་པོ་ཕུལ་ནས་ཀྱང་། །རྡོ་རྗེ་འདའ་ཀའི་མནའ་ཆུ་བླུད་པའི་ཚེ། །དམ་ལས་མི་འདའ་རྡོ་རྗེའི་ཆད་བཞིན་དུ། ། ཐུགས་དམ་མ་གཡེལ་བཅོལ་བའི་ཕྲིན་ལས་མཛོད། །དམ་རྫས་བདུད་རྩི་གཏོར་མ་འདི་བཞེས་ལ། །རྣམ་བཞིའི་ཕྲིན་ལས་ཡིད་ལ་རེ་བའི་དོན། །ཐོགས་མེད་སྐད་ཅིག་ཡུད་ལ་འགྲུབ་པ་དང་། ། བསྟན་འགྲོར་ཕན་པའི་མཐུ་རྩལ་རབ་བསྐྱེད་ཅིང་། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་པའང་གཡུ་ཐོག་སྙིང་ཐིག་གི་ཆད་ཐོ་ལ་ཁ་བསྒྱུར་ཏེ་མི་ཕམ་པས་སྦྱར་བ་དགེའོ་མངྒ་ལཾ། ། ༈ སྒྲོལ་གིང་དམར་པོ་ཡ་མ་མ་རུ་ཙེའི་གཏོར་འབུལ་ནི། ཧཱུྃ། སྒྲོལ་གིང་སྲོག་བདག་མ་རུ་ཙེ། །ཤ་མེད་སྒེག་ཅིང་ཀེང་རུས་འཆང་། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར། །ཐོད་ཕྲེང་དོ་ཤལ་སྦྲུལ་ གྱིས་བརྒྱན། །བེ་ཅོན་གཡས་ལ་ཞགས་པ་གཡོན། །ཡི་དྭགས་ཕོ་མོའི་སྟེང་ན་བཞུགས། །གཡོན་ན་ཁྲོ་གཉེར་འབྱུང་རོ་ལངས་མ། །ཁམ་ནག་རལ་པ་གྱེན་དུ་ལངས། །རལ་གྲི་གཡས་ལ་ཐོད་ ཁྲག་གཡོན། །ཧ་ལ་ཧ་ལའི་སྒྲ་འབྱིན་མ། །ཏི་རའི་ཚོགས་དང་བཅས་པའོ། །ཧཱུྃ། ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཤིན་རྗེ་དམར་པོ་རལ་པ་ཅན། །རུ་དྲ་མྱུར་དུ་བསྒྲལ་ 6-28-35b བའི་ཕྱིར། །སྒྲུབ་པའི་གནས་འདིར་དམ་ལ་ཤོག །ཧཱུྃ། སྔོན་གྱི་རྒྱལ་བས་ལུང་ཕོག་ལྟར། །ཚེ་སྲོག་བདག་པོ་མ་རུ་ཙེ། །སྒྲོལ་གིང་བྱ་བར་དམ་བཅས་པས། །འཁོར་དང་བཅས་པ་ ཁྱེད་རྣམས་ཀྱིས། །དམ་རྫས་བདུད་རྩི་འདི་ལ་ཁ་རཾ་ཁཱ་ཧི། །དགྲ་བགེགས་ཤ་ཁྲག་འདི་ལ་ཁ་རཾ་ཁཱ་ཧི། །ཨོཾ་མཉྫུ་ཤྲཱི་ཀུ་མཱ་ར་ཡ་མཱནྟ་ཀ་མ་རུ་ཙེ་པ་ཏ་ཡེ་ཧཱུྃ། ས་པ་རི་ཝཱ་ར་ཨེ་དཾ་བ་ལིནྟ་ཁ་ཁ་ཁཱ་ ཧི་ཁཱ་ཧི། རྣལ་འབྱོར་ཅན་གྱི་རྟོག་པ་གཞོམ་པའི་ཕྱིར། །མ་རུ་ཙེ་ནི་གར་མཁན་མཆོག་ཉིད་དེ། །གར་མཁན་མཆོག་ཉིད་རྒྱལ་པོ་རྣམ་ཐོས་སྲས། །རྣམ་ཐོས་སྲས་ཉིད་ཀརྨ་ཧེ་རུ་ཀཿ ཁྱོད་ ལ་གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད། །རྣལ་འབྱོར་བདག་གི་ཕོ་ལྷར་མངའ་གསོལ་ན། །སངས་རྒྱས་བསྟན་པ་གཉན་པོ་ཁྱེད་ཀྱིས་སྲུངས། །དཀོན་མཆོག་བླ་མའི་དབུ་འཕང་ཁྱེད་ཀྱིས་ བསྟོད། །སྔགས་འཆང་བདག་གི་བསམས་པ་ཁྱེད་ཀྱིས་སྒྲུབས། །གནོད་བྱེད་དགྲ་བགེགས་མ་ལུས་ཁྱེད་ཀྱིས་སྒྲོལ། །ཚེ་དཔལ་འབྱོར་པ་མཐུ་སྟོབས་ནུས་པ་སྤེལ། །ཕྱོགས་ལས་རྣམ་པར་ རྒྱལ་བའི་ཕྲིན་ལས་དང་། །ཆེ་བཙན་འགྲན་ཟླ་མེད་པའི་དངོས་གྲུབ་སྩོལ། །ཞེས་གཤིན་རྗེ་དམར་པོ་མ་རུ་ཙེའི་རྒྱུད་ཀྱི་དགོངས་པ་བཞིན་འཇམ་དཔལ་དགྱེས་པས་ཀཿཐོག་རྡོ་རྗེ་གདན་དུ་བཀོད་པ་དགེ་ལེགས་སུ་གྱུར་ཅིག ། 6-28-36a ༈ གནོད་སྦྱིན་ཤན་པ་དམར་ནག་གི་མངའ་གསོལ་དབང་དྲག་བདེ་ཆེན་རོལ་མོ་བཞུགས་སོ། །ཧཱུྃ་ཧྲཱིཿ རྒྱལ་བ་ཡོངས་ཀྱི་ཕྲིན་ལས་དྲག་པོའི་དཔལ། །རྒྱལ་བསྟན་སྲུང་བའི་བྱེད་པོར་ཡོངས་ཤར་ བ། །ག༷ནོད་སྦྱིན༷་དྲེགས་པའི་རྒྱལ་པོ་མ༷་རུ༷་ཙེ༷། །དབང་དྲག་ལས་ཀྱི་ཕོ་ཉར་མངའ་གསོལ་ལོ། །སྐུ་མདོག་དམ༷ར་ན༷ག་འཇིགས་རུང་སྲིན་པོའི་གཟུགས། །ཟ་བྱེད་བསྐལ་པ་དུས་མཐའི་མེ་ལྟ་བུ། ། འབར་བའི་སྡང་མིག་གློག་སྟོང་བཞིན་དུ་འཁྱུགས། །དྲེགས་ལྡན་ཡོངས་ཀྱི་རྗེ་བོར་མངའ་གསོལ་ལོ། །རབ་འཇིགས་མེ་རླུང་འཁྲུགས་པའི་ཀློང་དཀྱིལ་ན། །དགྱེས་པའི་གད་རྒྱངས་འབྲུག་སྟོང་ ལྟར་སྒྲོགས་ཤིང་། །འབར་བའི་གར་དགུས་སྡིག་ཅན་སྙིང་ཁྲག་རོལ། །དམ་ཉམས་ཡོངས་ཀྱི་ཤན་པར་མངའ་གསོལ་ལོ། །སྒྲོལ་བའི་གིང་ཆེན་དཔའ་བོའི་མཚན་གྱིས་ཀྱང་། །ས་གསུམ་གདུག་ པའི་དོན་སྙིང་ལྐོག་མར་འབྱིན། །བདུད་སྡེའི་རུ་མཚོན་ཅིག་ཆར་བསྙིལ་མཛད་པ། །ཆེ་བཙན་སྟོབས་ཀྱི་རྒྱལ་པོར་མངའ་གསོལ་ལོ། །ཕྱག་གཡས་འབར་བའི་རལ་གྲི་མཁའ་ལ་གདེངས། །ཁམས་ གསུམ་ཡུད་ཀྱིས་འགུག་པའི་སྙིང་ཞགས་གཡོན། །དུར་ཁྲོད་ཆས་རྫོགས་མེ་ཁྱུང་རླུང་གཤོག་ཆིབས། །བདུད་འདུལ་དཔའ་བོ་མཆོག་ཏུ་མངའ་གསོལ་ལོ། །སྲིད་གསུམ་ས་ལེར་གཟིགས་ 6-28-36b པའི་ཡེ་ཤེས་སྤྱན། །དམ་ལྡན་སྒྲུབ་པ་པོ་ལ་རྟག་ཏུ་གཟིགས། །དངོས་གྲུབ་འདོད་དགུའི་གྲུ་ཆར་འབེབས་པ་ཡི། །ཕྲིན་ལས་ལྷ་མགོན་མཆོག་ཏུ་མངའ་གསོལ་ལོ། །རིག་འཛིན་བརྒྱུད་པའི་ཐ་ ཚིག་སྙིང་ལ་འཆང་། །ཐེག་མཆོག་སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོང་། །ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ། །རྣལ་འབྱོར་ཡོངས་ཀྱི་མགོན་དུ་མངའ་གསོལ་ལོ། །དབྱིངས་ལས་ རང་བྱུང་སྟོབས་ལྡན་དཔའ་བོའི་སྐུ། །སྣང་སྲིད་དྲེགས་པའི་རྗེ་བོར་ཡོངས་ཤར་བ། །རང་སེམས་གདོད་མའི་གཤིས་སུ་རོ་གཅིག་ཀྱང་། །རྣམ་རོལ་འགགས་པ་མེད་པའི་རྩལ་སྣང་དུ། །སྣང་སྲིད་ ཡོ་བྱད་རྒྱན་གྱི་རོལ་མོ་ཡིས། །ཐུགས་དམ་དགྱེས་བསྐང་མངའ་གསོལ་གཟེངས་བསྟོད་ན། །བྱང་ཆུབ་བར་དུ་འབྲལ་མེད་དགྱེས་སྐྱོངས་ཤིང་། །གང་འདོད་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། ། གསང་སྔགས་སྙིང་པོའི་བསྟན་དང་བསྟན་འཛིན་གྱི། །དབུ་འཕང་རྒྱལ་མཚན་སྲིད་རྩེར་མཐོ་བ་དང་། །ངོ་མཚར་སྙན་པའི་བ་དན་བསྒྲེང་བཞིན་དུ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ མཛོད། །ཅེས་པའང་རིག་འཛིན་སྤྲུལ་པའི་སྐུ་འཇིགས་མེད་གཞན་ཕན་མཆོག་གི་གསུང་བསྐུལ་ངོར་༧འཇམ་དཔལ་དགྱེས་པའི་རྡོ་རྗེས་སྒྲུབ་གནས་པདྨ་བདེ་ལྡན་གླིང་དུ་ཁྲག་འཐུང་རྣམ་པར་རོལ་བའི་ཚེས་ཉེར་དགུ་ལ་སྤེལ་བ་དགེ་ལེགས་སུ་ 6-28-37a གྱུར་ཅིག །མངྒ་ལཾ། ། ༈ ཆོ་འཕྲུལ་དྲག་པོ་ལྷ་གསུམ་ཕོ་ཉར་བཅས་པའི་གཏོར་འབུལ་བཞུགས་སོ། །ཤ་ཁྲག་གཏོར་མ་བྱིན་གྱིས་བརླབས་ལ། ཧཱུྃ། ཡབ་གཅིག་གཟའ་བདུད་ ཆེན་པོ་རཱ་ཧུ་ལ། །ནག་པོ་དབུ་དགུ་སྡང་མིག་མཆེ་བ་གཙིགས། །ཕྱག་བཞི་དང་པོ་ཆུ་སྲིན་སྦྲུལ་ཞགས་དང་། །འོག་མ་གཉིས་ཀྱིས་རྭ་ཡི་མདའ་གཞུ་བསྣམས། །མགོ་ལུས་མིག་གང་སྐུ་ སྨད་སྦྲུལ་མཇུག་འཁྱིལ། །གཟའ་བརྒྱད་འགྱེད་ཅིང་སྡེ་བརྒྱད་བྲན་དུ་བཀོལ། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །སྡིག་ཅན་དགྲ་ལ་ལྟས་ངན་ཕུང་ཐབས་ཐོངས། །ཡུམ་གཅིག་མ་ བདུད་ཆེན་མོ་རེ་མ་ཏི། །ནག་མོ་སྤྱན་གསུམ་གཡུ་ཡི་སྨིན་མ་ཅན། །ཟངས་ཀྱི་མཆེ་གཙིགས་རལ་པ་ཁམ་ནག་འཕྱོ། །མི་ལྤགས་གཡང་གཞི་ཐོད་ཕྲེང་སྐུ་ལ་གསོལ། །རལ་གྲི་ནད་རྐྱལ་བསྣམས་ ཞིང་དྲིལ་རྟ་ཆིབས། །ཤ་ཟ་མ་མོའི་འཁོར་བཅས་ཀུན་དུ་རྒྱུ། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །དགྲ་ལ་ལྟས་ངན་ཆོ་འཕྲུལ་ནད་ཡམས་ཐོངས། །སྲས་མཆོག་སྐྱེས་བུ་རྡོ་རྗེ་ལེགས་པ་ ནི། །དམར་ནག་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །རྡོ་རྗེ་གསོར་ཞིང་སྤྲེའུའི་རྒྱལ་མཚན་ཕྱར། །དར་ནག་བེར་གསོལ་སག་ཏིའི་ལྷྭམ་མནབས་པ། །སེང་གེ་བཅིབས་ཤིང་འཇིགས་ 6-28-37b པའི་ཆོ་འཕྲུལ་འགྱེད། །དྲེགས་བྱེད་ལྟས་ངན་འབུམ་གྱི་འཁོར་གྱིས་བསྐོར། །དམ་རྫས་བ་ལིང་མཆོད་པ་འདི་བཞེས་ལ། །སྡང་བའི་དགྲ་ལ་འཇིགས་རུང་ཆོ་འཕྲུལ་ཐོངས། །བཀའ་ཉན་ལས་ བྱེད་ཕོ་ཉ་དྲག་རྩལ་ཅན། །ཨ་ཙར་དམར་ནག་ལྟས་ངན་རྒྱལ་མོར་བཅས། །འཇིགས་རུང་ཆོ་འཕྲུལ་བདག་པོའི་ལྷ་ཚོགས་ལ། །དམ་རྫས་སྨན་རག་གཏོར་མ་ལ་སོགས་པ། །ཕྱི་ནང་གསང་བའི་ མཆོད་པ་རབ་འབྱམས་འབུལ། །རྣལ་འབྱོར་བདག་ལ་བསམ་ངན་སྦྱོར་བ་རྩུབ། །ནོར་འཕྲོག་གཤེ་སྐུར་དུག་བྱད་ངན་སྦྱོར་ཤོམ། །མདོར་ན་འཚེ་ཞིང་སྡང་བའི་དགྲ་བགེགས་ལ། །སྣ་ཚོགས་ འཇིགས་སུ་རུང་བའི་ཆོ་འཕྲུལ་ནི། །ལྟས་ངན་ཐན་གྱི་ཡོ་ལང་འཁྲུགས་པ་ཡིས། །དཔའ་བཀོང་ཟིལ་གྱིས་ནོན་ལ་བྲན་དུ་བཀོལ། །བདག་གི་རེ་བའི་འབྲས་བུ་མཐར་དབྱུང་མཛོད། །ཨོཾ་ར་ཏྲི་ རུ་ཏྲི་རེ་མ་ཏྲི་བྷ་ཧོ་ར་ལིང་ས་པ་རི་ཝཱ་ར་མ་ཧཱ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཉེར་དགུ་སོགས་སུ་གཏོར་མ་ཕུལ་ལ་ཕྲིན་ལས་བཅོལ་བས་དགྲ་བགེགས་སྡིག་ཅན་ལ་དྲག་པོའི་ཆོ་འཕྲུལ་མངོན་དུ་འབྱིན་པར་གདོན་མི་ཟའོ། །རབ་ཚེས་ ལྕགས་སྟག་ཟླ་བ་གསུམ་པའི་ཚེས་བཅུ་བཞི་ལ་འཇམ་དཔལ་རྡོ་རྗེས་བསྡེབས་པ་མངྒ་ལཾ། ། ༈ ལྷ་ཆེན་གསོལ་བྱང་དབང་གི་ལྕགས་ཀྱུ་བཞུགས་སོ། །ཧྲཱིཿ རྒྱལ་ཀུན་སོ་སོར་རྟོགས་པའི་ཡེ་ཤེས་སྐུ། ། 6-28-38a སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་འཕྲུལ་ལས། །ལེགས་ཤར་སྲིད་པའི་དབང་ཕྱུག་ལྷ་ཆེན་པོ། །ཨུ་མ་ཡུམ་དང་རིགས་བཞིའི་ཌཱ་ཀི་དང་། །སྣང་སྲིད་དྲེགས་ལྡན་ མཐུ་ཆེན་ཚོགས་དང་བཅས། །བདེ་ཆེན་འོད་དམར་འཁྲུགས་པའི་ཀློང་ནས་བཞེངས། །བརྟན་གཡོའི་དྭངས་བཅུད་གཡོ་ཞིང་སྡུད་པ་ཡི། །རྗེས་ཆགས་དབང་གི་ཕྱག་རྒྱར་སྣང་མཛོད་ལ། ། གུས་པའི་ཡིད་ཀྱིས་ལེགས་པར་བཤམས་པ་ཡི། །ཕྱི་ནང་གསང་མཆོད་སྣང་སྲིད་འདོད་དགུའི་གཏེར། །དམ་རྫས་བདུད་རྩི་སྨན་རག་གཏོར་མ་བཅས། །བདེ་ཆེན་ཀུན་ཏུ་བཟང་པོའི་མཆོད་པའི་ སྤྲིན། །དགྱེས་པར་བཞེས་ནས་རྣལ་འབྱོར་བདག་ཅག་ལ། །དགྱེས་སྤྱན་ཨུཏྤལ་དམར་པོའི་ཟུར་མིག་གིས། །རྟག་ཏུ་སྐྱོངས་ཤིང་ཡིད་ལ་འདོད་པའི་དོན། །འབད་མེད་ཡིད་བཞིན་གྲུབ་ པའི་དངོས་གྲུབ་སྩོལ། །སྐྱེ་རྒུའི་ཡིད་དང་བརྟན་གཡོའི་དྭངས་བཅུད་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་ཐོགས་མེད་ཁུག །རབ་འབྱམས་ དབང་གི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་དེ་བེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ས་གླང་ཆོ་འཕྲུལ་ཟླ་བ་ཡི། །དཀར་ཕྱོགས་ཡིད་ཀྱི་ཚེས་གྲངས་ལ། །རྒྱལ་དང་ཕུར་བུའི་འགྲུབ་ 6-28-38b སྦྱོར་དུས། །འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ། །དགེའོ། །མངྒ་ལཾ། ། ༈ གཟའ་བདུད་རྒྱུག་བྱང་མེ་འབར་མ་ནི། ཧཱུྃ། མཁའ་མཉམ་དྲག་པོ་ཨེ་ཡི་ཞིང་ཁམས་ནས། །དྲག་པོའི་ ལས་ལ་བཞེངས་པའི་མགོན་པོ་ནི། །སྐུ་མདོག་དུད་ཁ་དབུ་དགུ་ཕྱག་བཞི་པ། །སྤྱན་སྟོང་སྡང་མིག་བསྐལ་པའི་མེ་ལྟར་འབར། །ཆུ་སྲིན་རྒྱལ་མཚན་ཞགས་པ་མདའ་གཞུ་འཛིན། །འཇིགས་ པའི་གད་རྒྱངས་རི་རབ་བསྙིལ་མཛད་ཅིང་། །གདུག་པའི་དུག་རླངས་མེ་རི་དམར་ནག་འབར། །སྡེ་བརྒྱད་དྲེགས་པའི་ཚྭ་ཚྭ་སྐར་ལྟར་འཕྲོ། །ལྟོ་ཞལ་འཇིགས་རུང་སྲིད་གསུམ་ཟས་སུ་ཟ། །གནམ་ ས་བར་སྣང་རི་གླིང་ཀུན་ཏུ་རྒྱུ། །གང་ལ་རྦད་ན་ཐོག་ལྟར་མྱུར་དུ་རྒྱུག །དོ་ནུབ་བསྐུལ་བའི་ལས་ལ་མ་གཡེལ་ཅིག །བརྒྱུད་གསུམ་བླ་མའི་དམ་ཚིག་དགོངས་མཛོད་ལ། །དམ་རྫས་ཤ་ ཁྲག་རུས་པའི་གཏོར་མ་བཞེས། །བསྐུལ་ལོ་རྦད་དོ་དྲེགས་པ་མཐུ་བོ་ཆེ། །བདག་ལ་སྡང་བའི་གནོད་བྱེད་དགྲ་བོ་འདི། །འཇིགས་རུང་ཆོ་འཕྲུལ་དྲག་པོས་དཔའ་བཀོང་ལ། །སོད་ཅིག་སྒྲོལ་ ཅིག་བདུན་རྒྱུད་རྩ་བ་ཕྱུང་། །རྟགས་དང་མཚན་མ་གཉན་པོ་མངོན་དུ་སྟོན། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རཱ་ཧུ་ལ་ཤ་ཏྲུཾ་མཱ་ར་ཡ་བ་ལིངྟ་ཁཱ་ཧི། ལྕགས་ཡོས་ཟླ་བ་བཞི་པའི་ 6-28-39a ཚེས་བཞི་ལ་བན་སྨྱོན་རྡོ་རྗེ་ཐོགས་མེད་རྩལ་གྱིས་སྨྱོན་ངག་ཧོར་བྱུང་མའོ། །མངྒ་ལཾ། ། ༈ དམ་ཅན་གསོལ་ཁ་དངོས་གྲུབ་ཆར་འབེབས་བཞུགས་སོ། །མཆོད་རྫས་བྱིན་གྱིས་བརླབས་ལ། ཧཱུྃ༔ བཅོམ་ལྡན་ཕྱག་རྡོར་བཀའ་ཉན་དམ་ཚིག་ཅན༔ དབྱིངས་ཉིད་དོན་དམ་ངང་ལས་མ་གཡོས་ཀྱང་༔ སྨོན་ལམ་ཐ་ཚིག་ཡལ་བར་མི་འདོར་ཕྱིར༔ འཇིག་རྟེན་ས་ལ་བཞུགས་ནས་ཕྲིན་ལས་ མཛད༔ རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ༔ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི༔ ཆོས་སྐྱོང་སྲུང་མ་རྡོ་རྗེ་ལེགས་པ་ཁྱོད༔ འཁོར་བཅས་མ་ལུས་གནས་འདིར་གཤེགས་སུ་ གསོལ༔ ཕོ་བྲང་ཡིད་འོང་མཛེས་པའི་གཞལ་ཡས་འདིར༔ དགྲ་བགེགས་ཤ་ཁྲག་ར་ཡི་ལོངས་སྤྱོད་དང་༔ རྣལ་འབྱོར་དམ་ཚིག་ལྡན་པའི་གནས་འདི་རུ༔ དགྱེས་ཤིང་བརྟན་པའི་ཚུལ་གྱིས་ བཞུགས་སུ་གསོལ༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་གསང་བའི་བདག༔ མ་ལུས་འདུལ་མཛད་ཁྲོ་རྒྱལ་ཀུན་གྱི་གཙོ༔ དེ་ཡི་བཀའ་སྲུང་བཀའ་ཡི་བྱ་ར་མཛད༔ བསྟན་པའི་དགྲ་འདུལ་ཁྱོད་ལ་ ཕྱག་འཚལ་བསྟོད༔ ཕྱི་ནང་གསང་གསུམ་དངོས་འབྱོར་ཡིད་ཀྱིས་སྤྲུལ༔ དམ་རྫས་རྨད་བྱུང་གཏོར་མའི་མཆོད་པ་དང་༔ བ་སུ་ཏ་དང་ནང་ཁྲོལ་རྣམ་པ་ལྔ༔ ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏཿ 6-28-39b ར་ཡི་དབང་པོ་དོན་སྙིང་རྣམ་ལྔ་དང་༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་རཀྟ་དང་༔ མཐུན་པའི་དམ་རྫས་རྟེན་རྫས་མང་པོ་ཡིས༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད་མཆོད་དོ༔ མ་ལུས་ འཁོར་ཚོགས་རྒྱ་མཚོ་དང་བཅས་པའི༔ ཐུགས་དམ་གཉན་པོ་རབ་ཏུ་བསྐངས་གྱུར་ནས༔ རྣལ་འབྱོར་བདག་གི་ཇི་ལྟར་འདོད་པའི་དོན༔ བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཏྲི་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ འདི་ནི་ཟབ་གཏེར་རྙིང་མ་རྣམས་ཀྱི་རྡོ་རྗེའི་ཚིག་བཏུས་པའི་ཕྱིར་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་འཕགས་པར་གྲུབ་བོ། །འཇམ་དཔལ་རྡོ་རྗེས་བསྡེབས་པ་མངྒ་ལཾ། ། ༈ ཚོང་ལྷ་ཆེན་པོ་དམ་ཅན་གྱི་གསོལ་བྱང་ནོར་འགུགས་ལྕགས་ཀྱུ་བཞུགས་སོ། །གཏོར་མ་སྐྱེམས་ཕུད་སོགས་མཆོད་པ་ཅི་འབྱོར་བཤམས་ལ་འབྲུ་གསུམ་གྱི་བྱིན་གྱིས་བརླབས། ཧཱུྃ། ནུབ་ཕྱོགས་གཙང་གི་ འོ་ཡུག་ན། །དམ་ཅན་ཨ་ཇོ་ཆེན་པོ་བཞུགས། །རྒྱ་བོད་མདོ་གཙང་ཀུན་གྱི་བདག །ཚོང་དཔོན་ཆེན་པོ་མཐུ་རྩལ་ཅན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར། །སྐད་ཅིག་ཉིད་ལ་འདིར་ གཤེགས་ནས། །དམ་རྫས་གཏོར་མ་སྐྱེམས་ཕུད་སོགས། །འདོད་ཡོན་བདུད་རྩིའི་མཆོད་པ་བཞེས། །རྡོ་རྗེ་ལེགས་པ་ཚོང་ལ་མཁས། །ཚོང་པ་རྣམས་ཀྱི་ཆང་བ་ཁྲོལ། །མི་ལས་ཆོད་ལ་ 6-28-40a བདག་ལ་བྱིན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་བཛྲ་སཱ་དྷུ་ས་མ་ཡཿ བཛྲ་ལི་ལ་མ་ཀིང་ཀ་ར་མ་ཧཱ་བ་ལིངྟ་ཁཱ་ཧི་ཁཱ་ཧི། བ་སུ་ན་ན་ཁ་དྷེ་སརྦ་སིདྡྷི་སྡུས་ སྡུས་ཛཿཛཿ ཞེས་པ་ལྕགས་གླང་སྨིན་ཟླའི་ཉེར་གསུམ་ལ་མི་ཕམ་པས་སྤེལ་བ་དགེའོ་མངྒ་ལཾ། ། ༈ ཨ་ཙ་ར་དམར་པོ་ཁྲོམ་རྒྱུག་གི་བསྐང་བ་མེ་རླུང་འཁྱིལ་པ་བཞུགས་སོ། །ཤ་ཁྲག་གི་གཏོར་མ་སོགས་བསྐང་རྫས་ འདུས་བྱས་ལ་བྱིན་གྱིས་བརླབས་ནས་འདི་སྐད་དོ། །ཧཱུྃ༔ ནུབ་ཕྱོགས་ནམ་མཁའི་ཀློང་ཡངས་ནས༔ ཟངས་མཁར་དམར་པོའི་ནང་ཤེད་ན༔ རླུང་ནག་འཁྲུགས་པའི་དཀྱིལ་འཁོར་ནས༔ མི་བཟད་ སྟོབས་ཆེན་མཐུ་བོ་ཆེ༔ ལས་བྱེད་ཨ་ཙར་སྲིན་པོའི་གཟུགས༔ སྲོག་གི་ཤན་པ་དམར་པོ་ཁྱོད༔ རྒྱ་གར་རྒྱ་ནག་ཧོར་གྱི་ཡུལ༔ བལ་བོད་འཇང་མོན་ལ་སོགས་པ༔ གནས་མཆོག་དམ་པ་གར་ བཞུགས་ཀྱང་༔ མ་ཐོགས་མྱུར་དུ་འདིར་གཤེགས་ཤིག༔ དགེ་བསྙེན་ནག་པོ་ཆེན་པོ་དང་༔ ཡུམ་གཅིག་ལྟས་ངན་རྒྱལ་མོ་ཆེ༔ ཕོ་ཉ་དར་འཛིན་ཆེན་པོ་བརྒྱད༔ ལྟས་ངན་ཐན་གྱི་དམག་ ཚོགས་དང་༔ ཟ་བྱེད་གཅན་གཟན་མང་པོའི་ཚོགས༔ མ་ལུས་འཁོར་དང་བཅས་པ་རྣམས༔ རླུང་གི་གཤོག་འབྱར་གློག་གི་བང་ལྡན་པས༔ གནས་འདིར་རྔམས་པའི་ཤུགས་ཀྱིས་མྱུར་ 6-28-40b དུ་གཤེགས༔ དགྲ་བོའི་ཤ་ཁྲག་རུས་ལ་རོལ་བྱེད་ཅིང་༔ ལྕགས་མཁར་ནང་དུ་དགྲ་བགེགས་གདན་ལ་བཞུགས༔ ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི༔ མཛེས་གཟུགས་སྒྲ་སྙན་ དྲི་ཞིམ་རོ་མངར་དང་༔ རེག་འཇམ་འདོད་པའི་ཡོན་ཏན་སྤྲིན་གྱི་ཚོགས༔ དགྲ་བོའི་དབང་རྟེན་ལིང་ག་ཤ་ཁྲག་རུས༔ དབང་པོ་རྣམ་ལྔ་ནང་གྲོལ་བཅས་པ་ཡི༔ ཤ་ཁྲག་དམར་གྱི་གཏོར་མ་ རྒྱན་ལྡན་འདིས༔ དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས་པ་དང་༔ འཇིགས་བྱེད་ཨ་ཙར་དམར་པོ་མི་བཟད་པཿལྷ་སྲིན་སྡེ་བརྒྱད་ལྟས་ངན་དམག་ཚོགས་བརྔན༔ མཆོད་ཅིང་བསྟོད་དོ་དྲེགས་པ་ ཐུགས་དམ་ཅན༔ མིང་གཟུགས་རིས་སུ་བྲིས་པའི་དགྲ་བོ་རྣམས༔ མ་ཤོར་ད་ལྟ་ཉིད་དུ་བསད་པར་མཛོད༔ ཧཱུྃ༔ ནུབ་ཕྱོགས་བསེ་མཁར་དམར་པོའི་ནང་ཤེད་ན༔ འཇིགས་བྱེད་ཨ་ ཙར་དམར་པོ་སྲོག་གི་གཤེད༔ ལྷ་ཆེན་དབང་ཕྱུག་ཆེན་པོའི་སྐུ་ལས་སྤྲུལ༔ མུ་སྟེགས་སྟག་མགོ་ཅན་གྱི་གསུང་གི་སྤྲུལ༔ སྒྲོལ་བྱེད་དམ་ཅན་ཐུགས་ཀྱི་སྤྲུལ་པ་སྟེ༔ མུ་སྟེགས་གུ་ ལང་ནག་པོའི་ཡོན་ཏན་སྤྲུལ༔ གཟའ་ཆེན་རཱ་ཧུ་ལ་ཡི་ཕྲིན་ལས་སྤྲུལ༔ ཨ་ཙར་དམར་པོ་ཆེན་པོ་འཇིགས་པའི་གཟུགས༔ སྒྲོལ་གིང་ཤན་པ་དམར་ནག་གཤེགས་སུ་གསོལ༔ གནས་ 6-28-41a མཆོག་དམ་པ་འདི་རུ་བཞུགས་ནས་ཀྱང་༔ རྔ་གཤང་གླིང་བུའི་སྒྲ་ཡིས་ཐུགས་དམ་བསྐང་༔ དྲི་ཞིམ་སྤོས་ཀྱི་དུད་པས་ཐུགས་དམ་བསྐང་༔ རོ་མཆོག་བརྒྱ་ལྡན་སྐྱེམས་ཀྱིས་ ཐུགས༴ ཤ་ཁྲག་དམར་གྱི་གཏོར་མས༴ ཛ་གད་པཱུ་ཙ་ཕུད་ཀྱིས༴ སྣ་ཚོགས་དམ་རྫས་མཆོད་པས༴ གསེར་གྱི་ར་སྐྱེས་སེར་པོས༴ ལྕགས་ཀྱི་བྱ་ཁྲ་འཕུར་ཤེས༴ དགྲ་བགེགས་དབང་ རྟེན་ལིང་གས༴ བམ་ཆེན་གསར་རྙིང་ཚོགས་ཀྱིས༴ ཚིལ་ཆེན་གསུར་གྱི་དུད་པས༴ དགྲ་བོའི་ཁོང་ཁྲག་དྲོན་མོས༴ དགྲ་བགེགས་དབང་པོ་རྣམ་ལྔས༴ དགྲ་བགེགས་དོན་སྙིང་རྣམ་ལྔས༴ དགྲ་བོའི་ཡུལ་མཁར་ཞིང་གིས་ཐུགས་དམ་བསྐང་༔ ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་ཀྱིས༔ འཇིགས་བྱེད་ཨ་ཙར་དམར་པོའི་ཐུགས་དམ་བསྐང་༔ སྤུ་གྲི་གློག་ཞགས་ཅན་གྱི་ཐུགས༴ ཁྲག་འཐུང་ཤ་ཟན་དམར་པོའི༴ སྲོག་ཟན་མདངས་འཕྲོག་དམར་པོའི༴ ཁྱོད་ཀྱི་བཀའ་ཉན་འཁོར་གྱི་ལས་བྱེད་པ༔ དམ་ཅན་ཕོ་ཉའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ༔ མ་གཡེལ་མ་ གཡེལ་དམ་ཅན་དྲེགས་པའི་ཚོགས༔ སློབ་དཔོན་པདྨའི་བཀའ་ལས་མ་འདའ་བར༔ དོ་ནུབ་ཡིད་ལ་བརྣག་པའི་དགྲ་བོ་ལ༔ ཐན་དང་ལྟས་ངན་ཆོ་འཕྲུལ་མི་བཟད་ཐོངས༔ སྲོག་ཆོད་སྙིང་ཕྱུངས་ 6-28-41b ཤ་རུས་ཞལ་དུ་བཞེས༔ ཕྲིན་ལས་སྦྲུལ་པ་མོན་པ་ནག་པོའི་ཚོགས༔ སྙིང་རྗེ་མེད་པར་གསོད་གཅོད་ལས་ལ་བརྩོན༔ མཚན་མོའི་དུས་སུ་དགྲ་བོའི་བླ་རྐུན་འགྱེད༔ མོན་པ་ནག་པོ་མཚོན་ཆ་ ཐོགས་པ་འབུམ༔ རྐང་ལག་ལྕགས་ཀྱི་རྐང་གདུབ་སི་ལི་ལི༔ མོན་སྐད་ཧ་ལའི་སྒྲ་སྒྲོགས་ཟངས་སེ་ཟང་༔ མོན་བུ་སྤྱི་བཅིངས་ཤག་ཏི་ཐོགས་པ་འབུམ༔ མོན་མོ་ནག་མོ་གླུ་གར་རྩེ་བ་སྟོང་༔ དགྲ་བོའི་བླ་ལ་ཧབ་ཐོབ་འུ་རུ་རུ༔ ལྟས་ངན་སྣ་ཚོགས་ཆོ་འཕྲུལ་ཤ་ར་ར༔ དོ་ནུབ་བདག་གི་དགྲ་བོ་མ་ཤོར་ཅིག༔ ཁྱོད་ནི་མཐུ་རྩལ་སྟོབས་དང་ལྡན་པ་སྟེ༔ སྣང་སྲིད་དྲེགས་པ་ཡོངས་ཀྱི་རྣོ་སོ་བ༔ གནམ་ལྕགས་ཐོག་ལྟར་མྱུར་བའི་ཕྲིན་ལས་ཅན༔ དོ་ནུབ་བསྐུལ་བའི་ལས་ལ་མ་གཡེལ་ཅིག༔ རྣལ་འབྱོར་བདག་ཅག་ལྟོས་པར་བཅས་པ་དང་༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་དུ་ གསོལ༔ ཞི་དང་རྒྱས་དང་དབང་དང་དྲག་པོའི་དོན༔ ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རིག་འཛིན་པདྨའི་རྡོ་རྗེའི་གསུང་། །ཕ་རྒན་རྙིང་མའི་ཆོས་མཛོད་ནས། །གདུག་པ་ལྕགས་སྟག་ ཟླ་༡༠ཚེས་༢༡ལ། །འཇུ་སྨྱོན་གྱིས་བཏུས་ཟབ་གསང་རྒྱ༔ མངྒ་ལཾ། ། ༈ འཕྲལ་དུ་ཆོ་འཕྲུལ་བཏང་འདོད་ན། །ཐུན་གཏོར་ཤ་ཁྲག་བརྒྱན་པ་བཤམས། །དགྲ་བགེགས་འགུག་བསྟིམ་སྲུང་མར་ཕུལ། །བསྟོད་ 6-28-42a ཅིང་ཕྲིན་ལས་དྲག་ཏུ་བསྐུལ། །དེ་ཡི་ཟླ་ལ་ཟངས་ཀྱི་ཐེབ། །ཆུས་བཀང་ནང་དུ་མི་ལ་སྤྲེལ་ཞོན་གཟུགས་བཞག །རང་ཉིད་ཡི་དམ་ཐུགས་འོད་ནི། །ཚ་ལ་རྩུབ་པས་དྲེགས་བྱེད་བསྐུལ། །སྤྲུལ་པ་སྣ་ཚོགས་ ཆོ་འཕྲུལ་གྱིས། །སྲོད་ལ་སེར་ཆེན་གཡོས་པ་ལྟར། །དགྲ་ཡུལ་ཐན་གྱིས་ཡོ་ལང་འཁྲུགས། །དཔའ་བཀོང་ཟིལ་གྱིས་མནན་པར་རང་ལ་གུས་འདུད་དབང་གྱུར་བསམ། །ཧཱུྃ་མུ་ལེ་མུ་ལེ་ཤིག་ཤིག་ཟིང་ཟིང་སྭཱ་ཧཱ། བཛྲ་སརྦ་ དུཥྚཾ་ཨེ་ཛ་བྷྱོཿར་ཏྲི་རུ་ཏྲི་རེ་མ་ཏྲི་བྷ་ཧོ་ར་ལིང་སྲི་ཀ་མུ་ཁ་ཏྲི་ཤང་ཀུ་རུ་ས་མ་ཡ་ཛ་ཛཿབཛྲ་རཀྴ་རཱ་ཧུ་ལ་མ་ར་ཙ་ཤ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཆེ་གེ་མོ་ལ་མྱུར་དུ་རྒྱུག་ རྒྱུག༔ ཧེ་ཙ་དུན་ཕོབ་བྷྱོ༔ ཆོ་འཕྲུལ་དྲག་པོ་ཐོངས་ཤིག༔ བརྒྱ་རེ་བཟླས་ལ་གང་འདོད་དམོད། །གཏོར་མ་དགྲ་ཡི་ཕྱོགས་སུ་འཕང་། །འཕྲལ་དུ་རྣོ་མྱུར་མངོན་གྲུབ་མ། །རྒྱ་རོང་དྲག་སྔགས་དབེན་གནས་སུ། ། ཟབ་གཏེར་དགོངས་པའི་བཅུད་བསྡུས་པ། །ཟིལ་གནོན་དགྱེས་པའི་སྙིང་ལ་ཤར། །བནྡེ་རྣམས་ཀྱི་ཕྱག་ཆ་ཡིན། །རང་ལས་གཞན་ལ་མ་ཤོར་རྒྱ། ། ༈ བཅུད་ལེན་སྒྲུབ་པའི་ཚེ་བཀའ་སྲུང་མཆོད་ཐབས་བདུད་ རྩིའི་ཆར་འབེབས་བཞུགས་སོ། །གཏོར་མ་དང་སྐྱེམས་ཕུད། རཾ་ཡཾ་ཁཾ་གིས་བསངས། ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་ལ། ཧཱུྃ། སྔོན་ཚེ་ཀུན་བཟང་ཧེ་རུ་ཀའི། །སྤྱན་ 6-28-42b སྔར་རྡོ་རྗེའི་ཐ་ཚིག་ཅན། །ལྷ་དང་དྲང་སྲོང་གྲུབ་པའི་གཙོ། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་། །ལྷ་ཀླུ་གནོད་སྦྱིན་རིག་སྔགས་འཆང་། །གནས་དང་ཡུལ་དང་ཞིང་སྐྱོང་བའི། །འཆི་མེད་ དཔའ་བོ་ཌཱ་ཀི་མ། །བདུད་རྩི་སྨན་གྱི་ལྷ་མོ་སོགས། །ར་ས་ཡཱ་ནའི་སྲུང་མ་རྣམས། །བཀའ་དང་དམ་ཚིག་ཇི་བཞིན་དུ། །འདིར་གཤེགས་དམ་རྫས་མཆོད་པ་བཞེས། །བཅུད་ལེན་སྒྲུབ་པའི་ གྲོགས་མཛོད་ཅིག །ཁྱད་པར་རྒྱལ་ཀུན་འདུས་པའི་རྗེ། །འཆི་མེད་པདྨ་ཐོད་ཕྲེང་སོགས། །རིག་འཛིན་བརྒྱུད་པའི་བཀའ་སྐྱོང་བ། །འཆི་མེད་དབང་པོར་གྱུར་པ་ཡི། །ཚེ་འཛིན་མགོན་པོ་ ཚེའི་ལྷ་མོ། །ཡབ་ཡུམ་ལྕམ་དྲལ་བཀའ་སྡོད་དང་། །ཚེ་ལ་དབང་མཛད་མཐུ་རྩལ་ཅན། །སྡེ་དཔོན་དྲེགས་པ་ཆེན་པོའི་ཚོགས། །སྤྲུལ་དང་ཕོ་ཉར་བཅས་རྣམས་དང་། །དཀར་ཕྱོགས་སྐྱོང་བའི་ དགེ་བསྙེན་རིགས། །ལྷ་ཀླུ་བརྟན་མ་ཟོ་དོར་སོགས། །ཚེ་སྤེལ་བཅུད་ལེན་སྩོལ་བ་རྣམས། །འགོ་བའི་ལྷ་མགོན་གཉན་པོ་བཅས། །སྒྲུབ་མཆོག་རྣམས་ཀྱི་ཚེ་སྤེལ་ཞིང་། །ཟབ་མོའི་ཆོས་ ཀྱི་གཉེར་འཛིན་པ། །གཏེར་སྲུང་ཚོགས་རྣམས་གནས་འདིར་བྱོན། །མཉེས་མཆོད་འདོད་ཡོན་གཏོར་མ་དང་། །མཐུན་པའི་དམ་རྫས་ཚོགས་ཀྱིས་མཆོད། །ཉམས་ཆགས་འགལ་འཁྲུལ་ 6-28-43a ཅི་མཆིས་བཤགས། །ཐུགས་དམ་གཉན་པོ་དགྱེས་པར་བསྐང་། །རྒྱལ་བ་རིག་འཛིན་བརྒྱུད་པ་ཡི། །བཀའ་དང་དམ་ལས་མ་འདའ་བར། །བརྒྱུད་འཛིན་རྣལ་ འབྱོར་བདག་ཅག་གིས། །བདུད་རྩི་བཅུད་ལེན་སྒྲུབ་པ་ལ། །མི་མཐུན་བར་ཆད་སྲུང་བ་དང་། །མཐུན་པའི་དངོས་གྲུབ་མ་ལུས་རྩོལ། །རྡོ་རྗེའི་ཚེ་དང་ལང་ཚོ་ལ། །དབང་འབྱོར་ཕྲིན་ལས་ འགྲུབ་པར་མཛོད། །ཤྲི་བཛྲ་དྷརྨཱ་པཱ་ལ་ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིཿཞེས་མཆོད་དོ། །འཇམ་དཔལ་རྡོ་རྗེས་སྤེལ་པ་མངྒ་ལཾ། ། ༈ སྨན་བཙུན་མཆེད་ལྔའི་གསོལ་མཆོད་ ཕྲིན་ལས་འདོད་འཇོ་བཞུགས། ཧྲཱིཿ ཀུན་ཁྱབ་བདེ་བ་དབྱིངས་ཀྱི་ཡུམ་ཆེན་ལྔ། །མ་དག་ཞིང་དུ་སྦྲུལ་སྐུ་སྨན་མོའི་ཚུལ། །སྣོད་བཅུད་གཡང་འཛིན་བཀྲ་ཤིས་ཚེ་ཡི་ལྷ། །རིག་འཛིན་ཡོངས་ ཀྱི་བཀའ་སྐྱོང་མཐུ་མོ་ཆེ། །རྒྱལ་དབང་པདྨའི་ཐ་ཚིག་གཉེར་འཛིན་པའི། །རྡོ་རྗེ་གཡུ་སྒྲོན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔའི་ཚུལ་སྟོན་འབུམ་ཕྲག་མཁའ་འགྲོས་བསྐོར། །འོད་གསལ་ འཆི་མེད་སྤྲུལ་པའི་ཕོ་བྲང་མཆོག །གྲུབ་པའི་རིག་འཛིན་འདུ་བའི་དགའ་ཚལ་ནས། །རྫུ་འཕྲུལ་སྟོབས་ཀྱིས་མྱུར་བར་འདིར་གཤེགས་ལ། །ཕྱི་ནང་གསང་མཆོད་བདེ་ཆེན་བདུད་རྩིའི་སྤྲིན། ། 6-28-43b དགྱེས་དགུར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །སྲིད་ཞིའི་མཛེས་སྡུག་བསྡུས་པའི་སྙིང་པོ་བཞིན། །མཚུངས་མེད་ལང་ཚོའི་གཟི་འབར་མངོན་དགའི་སྐུ། །དགྱེས་ཞལ་ཟླ་བ་འཛུམ་ པའི་འོད་དཀར་གྱིས། །སྒྲུབ་མཆོག་འདོད་རྒུར་སྐྱོངས་ཤིག་ཌཱ་ཀཱི་མ། །བརྟན་གཡོའི་དྭངས་བཅུད་དབང་མེད་འཕྲོག་པ་ཡི། །བྱིན་རླབས་ཉི་མ་འབུམ་གྱི་གཟི་ལྡན་མ། །བདེ་ཆེན་ཌཱ་ཀཱིའི་ གཙོ་མོ་ཐུགས་དམ་ཅན། །སྒྲུབ་མཆོག་བདག་ལ་རྟག་ཏུ་གྲོགས་མཛོད་ཅིག །སྲིད་ཞིའི་ཕྱྭ་གཡང་ནོར་བུའི་སྤྲིན་བསྡུས་ལ། །ཡིད་འོང་དབང་གི་གློག་ཕྲེང་འབུམ་འཁྱུག་ཅིང་། །གྲགས་སྙན་ དབྱར་གྱི་རྔ་གསང་རྟག་སྒྲོགས་ལ། །འཆི་མེད་ཚེ་དཔལ་བདུད་རྩིའི་ཆར་པ་ཕོབ། །གསང་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་དབུ་འཕང་སྲིད་རྩེར་བསྟོད། །རྣམ་ གཉིས་དངོས་གྲུབ་ཡིད་ལ་རེ་བ་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་པའང་འཇམ་དཔལ་དགྱེས་པས་རྒྱལ་ཟླའི་དམར་ཕྱོགས་ཚེས་ལ་ཤར་མར་བྲིས་པ་དགེ་ལེགས་འཕེལ། མངྒ་ལཾ། ། ༈ སྨན་བཙུན་མཁའ་འགྲོ་མཆེད་ལྔའི་གཡང་འགུགས་དབང་གི་ལྕགས་ཀྱུ་བཞུགས། ཧཱུྃ། མཁའ་འགྲོ་མ་ཡི་ཐུགས་དམ་དུས་ལ་བབ། །ནམ་མཁའ་ས་ཆུ་མེ་རླུང་ཁྱབ་པ་ཡི། །འབྱུང་ 6-28-44a བའི་བཅུད་འཛིན་སྐྱེ་རྒུའི་གཡང་སྤེལ་མ། །སྣང་སྲིད་བདེ་ཆེན་ཐིག་ལེའི་མཁའ་ཀློང་ནས། །ཚེ་དང་ནོར་གྱི་ཆར་འབེབས་མགྱོགས་མ་ལྔ། །སྨན་བཙུན་གཞོན་ནུའི་ཚུལ་ འཆང་ཡིད་དུ་འོང་། །སྒེག་ཅིང་ལྟ་ན་སྡུག་པའི་ལང་ཚོ་ཅན། །སྣ་ཚོགས་ནོར་བུའི་རྒྱན་མཛེས་རོལ་ཞིང་བརྩེ། །འཁོར་དང་བཀའ་ཉན་སྤྲུལ་པས་སྲིད་གསུམ་ཁྱབ། །རིན་ཆེན་གཞོང་པ་ནོར་ གྱིས་བཀངས་པ་འཛིན། །སྒྲུབ་པ་པོ་ལ་འདོད་དགུའི་འབྱོར་པ་སྤེལ། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །སྲིད་པ་གསུམ་གྱི་ཕྱྭ་གཡང་ལོངས་སྤྱོད་ཁུག །སྣང་སྲིད་དབང་བསྡུས་སྐྱེ་ རྒུའི་སྙིང་བསྒུལ་ལ། །འཛད་མེད་ལོངས་སྤྱོད་ནོར་གྱི་ཆར་པ་ཕོབ། །མ་འགྱང་ད་ལྟ་ཉིད་དུ་ལས་མཛོད་ཅིག །རྣལ་འབྱོར་བདག་ལ་དགོས་པའི་དུས་བྱུང་ཚེ། །གསང་བ་ནོར་སྦྱིན་ལྷ་མོ་དབྱིངས་ ནས་བསྐུལ། །གྲུབ་པའི་རིག་འཛིན་རྣམས་ཀྱིས་བཀའ་བསྒོས་བཞིན། །ཆོས་ལྡན་སྒྲུབ་པའི་མཐུན་རྐྱེན་ཆར་བཞིན་ཕོབ། །དགྱེས་པའི་འཛུམ་ཞལ་ཟླ་ལྟར་ངོམ་ནས་སུ། །དབུལ་ བའི་རྒྱུན་ཆོད་ཚེ་གཡང་གྲགས་པ་སྤེལ། །བསྟན་དང་བསྟན་འཛིན་དབུ་འཕང་བསྟོད་པ་དང་། །ཇི་ལྟར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འཇམ་དཔལ་མིང་གིས་མི་ཟད་པའི་ལོའི་མགོ་ 6-28-44b ཟླའི་དཀར་ཕྱོགས་ཚེས་དགུ་ལ་ཤར་མར་བྲིས་པ་དགེའོ། ། ༈ ཀླུ་མོ་དུང་སྐྱོང་མའི་མཆོད་ཐབས་དཔལ་གྱི་བུམ་བཟང་བཞུགས། གཏོར་མ་དཀར་ཟླུམ་ཀླུ་སྨན་རིན་ཆེན་དཀར་མངར་སོགས་ཀླུ་ལ་འོས་པའི་རྫས་གཙང་ མ་ཨ་ཀ་རོས་བྱིན་གྱིས་བརླབས་ལ། ཧཱུྃ། ཀླུ་ཡི་རྒྱལ་མོ་དུང་སྐྱོང་མ། །ངེས་དོན་ས་བརྒྱད་རེ་མ་ཏི། །རྣམ་པ་སྣ་ཚོགས་ཚུལ་འཆང་བའི། །གཙུག་ན་རིན་ཆེན་བུ་མོ་ནི། །ཤིན་ཏུ་ཡིད་འོང་ གཞོན་ཚུལ་ཅན། །རབ་དཀར་ཟླ་བ་ཞུན་མའི་མདངས། །ལྷ་རྫས་དར་དང་རིན་ཆེན་བརྒྱན། །པད་ཟླའི་སྟེང་ན་བཞེངས་ཚུལ་བཞུགས། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན། །བདུད་རྩིའི་ རྒྱ་མཚོའི་དབུས་ན་བཞུགས། །གཡས་ན་ཡིད་བཞིན་ནོར་བུ་དང་། །གཡོན་ན་གཏེར་གྱི་བུམ་པ་འཛིན། །འཁོར་དུ་ཀླུ་ཆེན་བརྒྱད་ཀྱི་ནི། །བུ་མོ་གཞོན་ནུ་འབུམ་གྱིས་བསྐོར། །ཡིད་འོང་བྲོ་ གར་ཁྲིགས་སེ་ཁྲིག །ཀླུ་གཡང་དམུ་ཞག་མེ་རེ་རེ། །བདུད་རྩིའི་ཆར་བ་སི་ལི་ལི། །དགྱེས་པའི་གད་མོ་ལྷངས་སེ་ལྷང་། །རིག་འཛིན་བརྒྱུད་པའི་བཀའ་བཞིན་དུ། །བརྩེ་བའི་ཐུགས་ ཀྱིས་གནས་འདིར་བྱོན། །དགྱེས་པའི་ཞལ་རས་རྟག་སྟོན་ལ། །སྒྲུབ་མཆོག་བདག་དང་དམ་བསྲེའོ། །ཁྱེད་ལ་མཐུན་པའི་དམ་རྫས་ནི། །དཀར་མངར་བདུད་རྩིའི་ཞལ་ཟས་དང་། །དར་ 6-28-45a སྣ་སྨན་སྣ་འབྲུ་སྣའི་ཚོགས། །རིན་ཆེན་རི་བོ་བདུད་རྩིའི་ཆུ། །དཔག་བསམ་ཤིང་གི་སྐྱེད་མོས་ཚལ། །ནོར་བུ་བུམ་བཟང་གཏེར་གྱི་མཛོད། །རྟ་ཕྱུགས་རི་དྭགས་ གཅན་གཟན་སོགས། །སྲིད་པར་ཡོད་དགུའི་སྲོག་ཆགས་རིགས། །འཕུར་ལྡེམ་འཕྱོ་འཛུལ་འདོད་དགུར་བསྒྱུར། །ཡིད་འོང་རྩེ་བྲོ་འདོད་ཡོན་བྲོ། །ཕྱྭ་གཡང་སྦྲིན་ལས་བདེ་ཆར་འབེབ། ས་གསུམ་དགའ་བའི་དཔལ་ལྡན་པའི། །ངོ་མཚར་བཀོད་པ་འབྱམས་ཀླས་པ། །བདེ་ཆེན་ཀུན་ཏུ་བཟང་པོ་ཡི། །མཆོད་པའི་སྤྲིན་ཕུང་མུ་མེད་པ། །ལྷ་མོ་ཁྱོད་ལ་གུས་པས་འབུལ། །ཚེ་དང་ ནོར་གྱི་རྒྱུན་འབེབ་ཅིང་། །དཔལ་དང་གྲགས་པའི་མཆོག་སྩོལ་མ། །བདེ་ཆེན་གསང་བའི་ལྷ་མོ་ལ། །རྣམ་པ་ཀུན་ཏུ་བསྟོད་ཅིང་འདུད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །ལྷ་མོ་ཁྱོད་ དང་མི་འབྲལ་ཞིང་། །རྟག་ཏུ་དགྱེས་པས་མགོན་མཛད་དེ། །འདོད་པའི་དངོས་གྲུབ་མ་ལུས་སྩོལ། །རི་རབ་གསེར་རི་རོལ་མཚོ་དང་། །ཕྱོགས་བཞིའི་རྒྱ་མཚོའི་ཁོར་ཡུག་གི། ཀླུ་ཡི་ཚོགས་ ལ་དབང་སྒྱུར་མ། །མཐུ་ཆེན་ཁྱོད་ཀྱིས་བདག་སྐྱོངས་ཤིག །ནད་དང་གདོན་དང་འཇིགས་པ་སོགས། །རྒུད་པ་མ་ལུས་ཀུན་སོལ་ལ། །ཚེ་དང་ནོར་དང་དཔལ་དང་གཡང་། །སྐལ་ 6-28-45b བཟང་ཕུན་སུམ་ཚོགས་པར་སྤེལ། །སྲིད་གསུམ་བདག་མོ་ཁྱོད་ཀྱི་མཐུས། །ལྷ་གཡང་ཆར་ལྟར་དབབ་ཏུ་གསོལ། །རྨ་གཡང་ན་བུན་བཞིན་དུ་གཏིབས། །ཀླུ་གཡང་རྒྱ་མཚོ་བཞིན་ དུ་བསྐྱིལ། །འཛད་མེད་ནོར་གྱི་དངོས་གྲུབ་ཀུན། །འདིར་ཁུག་འདིང་བསྡུས་འདིར་བསྟིམ་ལ། །ཡིད་ལ་རེ་བ་མ་ལུས་པ། །ཡོངས་སུ་འགྲུབ་པར་མཛད་དུ་གསོལ། །ལྷ་མོའི་ཐུགས་ཀར་ ཟླ་སྟེང་མྃ་དཀར་པོ་ལ། ཨོཾ་མ་ཧཱ་ནཱ་གི་ནཱི་ཤཾ་ཁ་པཱ་ལ་ར་ཛྙཱི་ནཱ་ན་ཁ་དྷེ་སྭཱ་ཧཱ། སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་ཤིན་ཏུ་ཟབ་སྟེ་ས་ཕག་སྣྲོན་ཟླའི་ཉེར་བཞི་དལ་འགྲོ་ནམ་གྲུ་རྩེ་བའི་དུས་སུ་རྫ་རྡོ་རྗེ་འཕན་ཕྱུག་གི་རི་ཞོལ་དུ་མཉྫུ་ཤྲཱི་བཛྲ་ གྱིས་བཀོད་པ་དགེ་ལེགས་འཕེལ། ། ༈ ཀླུ་མོའི་གསོལ་བསྡུས་ནི། ཧཱུྃ། དཔལ་ལྡན་ཀླུ་ཡི་རྒྱལ་མོ་དུང་སྐྱོང་མ། །ཀླུ་མོ་འབུམ་གྱི་འཁོར་དང་བཅས་པ་ཡིས། །དམ་རྫས་བདུད་རྩི་ གཏོར་མ་འདི་བཞེས་ལ། །འཛད་མེད་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ། །ནཱ་གི་ནཱི་ཤཱཾ་ཁ་པཱ་ལ་ས་པ་རི་ཝཱ་ར་བ་ལིངྟ་ཁཱ་ཧི། ཞེས་པའང་དྷཱི་མིང་པས་སོ། །མངྒ་ལཾ། ། ༈ རྒྱལ་ གསོལ་ནི། ཧྲཱིཿ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་ 6-28-46a ལོ། །དབང་ཆེན་རོལ་པ་དབྱིངས་ཀྱི་ཆོ་འཕྲུལ་ལས། །སྲོག་བདག་ཚངས་པ་འོད་ཀྱི་སྐྱེས་བུ་ནི། །ལི་བྱིན་ཧ་ར་སྐུ་ལྔ་དྲེགས་པའི་དཔུང་། །དགུང་སྔོན་དབྱིངས་དང་ གཙུག་ལག་ཆོས་འཁོར་ནས། །དགྱེས་པར་འདིར་བྱོན་དམ་རྫས་བ་ལིང་ཏ། །འདོད་དགུ་ཡིད་བཞིན་འཆར་བའི་མཆོད་པ་དང་། །བདུད་རྩི་སྨན་དང་དམར་ཆེན་རཀྟའི་མཚོ། །ཕྱི་ནང་གསང་བ་ཡེ་ ཤེས་བདུད་རྩིའི་གཏེར། །གུས་པས་འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་། །དབང་ཆེན་ཁྲོ་བོ་པདྨ་རྒྱལ་པོ་སོགས། །བརྒྱུད་གསུམ་བླ་མའི་སྤྱན་སྔར་ཞལ་བཞེས་པའི། །རྡོ་རྗེའི་དམ་ཚིག་གཉན་ པོ་ཉེར་དགོངས་ལ། །རྣལ་འབྱོར་བདག་གི་ལས་བཞི་ལྷུན་གྲུབ་ཅིང་། །གསང་ཆེན་བསྟན་པའི་རྒྱལ་རྔ་ཕྱོགས་བཅུར་སྒྲོགས། །ཐེག་མཆོག་ལམ་གྱི་མཐུན་རྐྱེན་ཚུལ་བཞིན་སྒྲུབས། །མཆོག་ ཐུན་དངོས་གྲུབ་ཡིད་བཞིན་གྲུབ་པར་མཛོད། །ཞེས་པའང་རབ་ཚེས་ཆུ་རྟ་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བཞིའི་ཉིན་ཕྱེད་ཀྱི་དུས་རྟེན་འབྲེལ་མཆོག་ཏུ་དག་པར་གང་ཤར་དུ་བྲིས་པ་དགེ་ལེགས་མཆོག་ཏུ་འཕེལ་ལོ། ། ༈ རྗེས་ འབྲེལ་སྣ་ཚོགས་སྐོར་བཞུགས་སོ། །དྲེགས་པ་སྡེ་བརྒྱད་ཀྱི་གསོལ་ཁ་བསྡུས་པ་ནི། ཧཱུྃ༔ སྲིད་པ་གསུམ་ལ་དབང་བསྒྱུར་ཞིང་༔ འཇིག་རྟེན་ཁམས་ལ་མངའ་མཛད་པའི༔ རྣམ་འགྱུར་ཁྲོ་གཏུམ་དྲག་ 6-28-46b ཤུལ་ཅན༔ དྲེགས་པ་སྡེ་བརྒྱད་ད་ཚུར་བྱོན༔ གཤིན་རྗེ་བདུད་དང་མ་མོ་བཙན༔ དམུ་དང་རྒྱལ་པོ་ཐེའུ་བྲང་དང་༔ གཟའ་དང་གནོད་སྦྱིན་སྲིན་པོ་ཀླུ༔ ཕྱི་ནང་གསང་བ་མཆོག་དང་ནི༔ སྤྲུལ་ པ་སྣང་སྲིད་སྡེ་བརྒྱད་པོ༔ སྲིད་པ་གསུམ་ལ་དབང་བྱེད་ཅིང་༔ བར་སྣང་ཁམས་ལ་རྩལ་འབྱིན་པའི༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱིས༔ དམ་ཉམས་དགྲ་བོའི་ཤ་དང་ཁྲག༔ སྨན་རག་ གཏོར་མ་གསེར་སྐྱེམས་བཅས༔ མཐུན་པའི་དམ་རྫས་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ཧཱ་བ་ལིངྟ་ཁཱ་ཧི༔ སྙིང་གཟེར་ནག་པོའི་གཞུང་ལས་བཏུས་ པ་དྷཱི་མིང་པས་སོ། །མངྒ་ལཾ། ། ༈ ཞིང་སྐྱོང་སེང་གེའི་གདོང་ཅན་གྱི་གསོལ་བྱང་ནི། ཧཱུྃ། རྒྱལ་ཀུན་མཐུ་སྟོབས་རྩལ་འཆང་བ། །ཧཱུྃ་ལས་སྐྱེས་པའི་མགོན་པོ་ནི། །སེང་གེའི་ཞལ་ཅན་ ཕྱག་གཉིས་པ། །དར་མདུང་ཐོད་ཁྲག་དམར་གཏོར་འཛིན། །རྟ་ནག་རླུང་གི་ཤུགས་ཅན་ཆིབས། །ཡུམ་ཆེན་དཔལ་འབར་མ་ལ་སོགས། །སྣང་སྲིད་དྲེགས་པ་བརྒྱ་མཚོས་སྐོར། །ཞིང་ཀུན་རྒྱུ་ ཞིང་བསྟན་པ་སྐྱོངས། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །ཐོགས་མེད་ཕྲིན་ལས་འབར་བ་ཡིས། །དབང་དྲག་ལས་ཀྱི་རྟགས་མཚན་ངོམས། །བཅོལ་བའི་ཕྲིན་ལས་འགྲུབ་པར་ 6-28-47a མཛོད། །ཨོཾ་བཛྲ་སུ་སིདྡྷི་སེང་ཧ་མུ་ཁ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལྕགས་ཡོས་ཟླ་བ་དང་པོའི་ཚེས་ཉེར་བརྒྱད་ལ་མི་ཕམ་པས་བྲིས་པ་དགེ ༈ ཀླུ་བཙན་འབར་ བ་སྤུན་བདུན་གྱི་གསོལ་བྱང་བཞུགས་སོ། །ཧྲཱིཿ ལྗོན་ཤིང་བྲག་རིས་གཏམས་པའི་ཕོ་བྲང་ན། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །བཙན་རྒོད་འབར་བ་མ་རུང་མཆེད་དེ་བདུན། །ཕྱི་ལྟར་ ཀླུ་བཙན་དྲག་པོ་ཀུན་དུ་རྒྱུ། །ནང་ལྟར་རཱ་ཙ་དགེ་བསྙེན་ཚུལ་དུ་སྟོན། །གསང་བ་ནོར་བདག་གནོད་སྦྱིན་ཆ་ལུགས་ཅན། །སྣ་ཚོགས་རྫུ་འཕྲུལ་འདོད་དགུའི་རོལ་པ་ཡིས། །དམ་ལྡན་སྒྲུབ་པ་པོ་ཡི་ གྲོགས་མཛད་པ། །རིག་འཛིན་པདྨའི་བཀའ་ཉན་གཏེར་གྱི་བདག །མ་ལུས་འཁོར་དང་བཅས་པ་འདིར་བྱོན་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ནས། །རྣལ་འབྱོར་བདག་ གིས་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་ནཱ་ག་ཙནྟྲི་ཙ་ར་ར་ཏྲི་ཀིང་ཀ་ར་ཡཀྴ་ཡཀྴ་སརྦ་ས་མ་ཡ་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྣམ་རྒྱལ་ཆུ་སྦྲུལ་ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ ལཾ། ། ༈ གསོལ་བསྡུས་སྐོར་བཞུགས་སོ། །ཧཱུྃ། མཆོག་གསུམ་བརྒྱུད་གསུམ་བླ་མ་རྒྱུད་དྲུག་གི། ཡི་དམ་ལྷ་ཚོགས་གནས་གསུམ་མཁའ་འགྲོ་མ། །མ་མགོན་ 6-28-47b གཟའ་རྡོར་སྡེ་གསུམ་སྲུང་མའི་ཚོགས། །གསོལ་བསང་ཡིན་ན་བསང་ངོ་མཆོད་དོ་ཞེས་ཁ་བསྒྱུར་བ་འོག་མ་ཀུན་ལ་འགྲེའོ། །ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །རྩ་གསུམ་སྤྱི་ཡི་གསོལ་བསྡུས་འཇམ་དཔལ་རྡོ་རྗེས་སྤེལ་བའོ། ། ༈ ཧཱུྃ། ལྷ་ཆེན་དཔལ་འབར་ལེགས་ ལྡན་ཚོགས་ཀྱི་བདག །གུར་ཞལ་བེར་ཆེན་ཕྱག་བཞི་ཕྱག་དྲུག་སོགས། །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐམས་ཅད་ལ། ། གསོལ་ལོ་མཆོད་དོ་དགྲ་བགེགས་རྡུལ་དུ་རློག །མགོན་པོ་སྤྱི་ཡི་གསོལ་བསྡུས་མི་ཕམ་པས་སོ། ། ༈ བྷྱོ། རལ་གཅིག་སྲིད་རྒྱལ་རེ་ཏི་དམག་ཟོར་མ། །གཡུ་སྒྲོན་བརྟན་མ་སྲོག་སྒྲུབ་ནག་མོ་སོགས། ། སྣང་སྲིད་མོ་རྒྱུད་ལྷ་མོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་རྣལ་འབྱོར་བུ་བཞིན་སྐྱོང་། །ལྷ་མོ་སྤྱི་ཡི་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཧཱུྃ། སྡེ་དཔོན་སུམ་ཅུ་དྲེགས་ཆེན་བཅོ་བརྒྱད་དང་། ། དཔལ་མགོན་དོན་ལྔ་དྲེགས་པ་སྡེ་བརྒྱད་སོགས། །བཀའ་དང་གཏེར་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གསོལ་ལོ་མཆོད་དོ་བསྟན་དང་བསྟན་འཛིན་སྤེལ། །བཀའ་གཏེར་སྲུང་མའི་གསོལ་བསྡུས་མི་ཕམ་ པས་སོ། ། ༈ བསྭོ། དགྲ་བླ་བཅུ་གསུམ་མཆེད་གསུམ་དྲ་མ་བརྒྱད། །སེང་ཁྱུང་འབྲུག་སྟག་ཐུགས་ཀར་ཅང་སེ་སོགས། །སྣང་སྲིད་དགྲ་བླ་ཝེར་མའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་ 6-28-48a དོ་ཕྱོགས་ལས་རྣམ་རྒྱལ་མཛོད། །དགྲ་བླའི་གསོལ་བསྡུས་མི་ཕམ་བས་སོ། །༈ ཧྲཱིཿ རྣམ་སྲས་ཛཾ་ལྷ་ནོར་བདག་ཕོ་མོ་བརྒྱད། །ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་ལ་སོགས་པའི། ། རབ་འབྱམས་ནོར་ལྷ་གཏེར་བདག་མ་ལུས་ལ། །གསོལ་ལོ་མཆོད་དོ་འདོད་དགུའི་ཆར་རྒྱུན་ཕོབ། །ནོར་ལྷའི་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཨོཾ། ཚངས་དང་དབང་ཕྱུག་ཁྱབ་འཇུག་བརྒྱ་བྱིན་དང་། ། རྒྱལ་ཆེན་བཞི་སོགས་དཀར་པོའི་ཕྱོགས་འཛིན་པ། །འཇིག་རྟེན་སྐྱོང་བའི་ལྷ་མགོན་མ་ལུས་ལ། །གསོལ་ལོ་མཆོད་དོ་བཀྲ་ཤིས་བདེ་ལེགས་མཛོད། །འཇིག་རྟེན་སྐྱོང་བའི་གསོལ་བསྡུས་མི་ཕམ་པས་ སོ། ། ༈ ཧཱུྃ། ལོ་ཟླ་ཞག་དུས་སྤར་སྨེ་གཟའ་སྐར་དང་། །འབྱུང་ལྔ་སྣོད་བཅུད་ཕྱོགས་དུས་གནས་དང་རྒྱུ། །གཙུག་ལག་སྲིད་པ་རྒྱུད་ཀྱི་ལྷ་རྣམས་ཀུན། །གསོལ་ལོ་མཆོད་དོ་ཞི་དང་དགེ་ལེགས་ སྩོལ། །གཙུག་ལག་རྒྱུད་ཀྱི་ལྷའི་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཧཱུྃ། འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་། །རང་དང་ཕ་མེས་སློབ་དཔོན་རྒྱུད་ཀྱི་ལྷ། །འགོ་བའི་ལྷ་མགོན་གཉན་པོ་མ་ལུས་ལ། ། གསོལ་ལོ་མཆོད་དོ་མགོན་སྐྱབས་སྟོང་གྲོགས་མཛོད། །འགོ་བའི་ལྷ་ཡི་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཀྱཻ། མགུལ་ལྷ་བཅུ་གསུམ་དགེ་བསྙེན་ཉེར་གཅིག་དང་། །བརྟན་མ་བཅུ་གཉིས་རི་ཏི་ཐང་ 6-28-48b རྨ་གསུམ་མཚོ་གྲགས་པའི་བཞི་སོགས། །གངས་ཅན་ཡུལ་སྐྱོང་ཟོ་དོར་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་སྲུང་སྐྱོབ་འདོད་དོན་སྒྲུབས། །གཞི་བདག་གསོལ་བསྡུས་མི་ཕམ་པས་སོ། ། ༈ སྤྱི་གསོལ་རྣམས་ཀྱི་ སྐབས་སོ། །ཧཱུྃ། དཔལ་མགོན་ཚོགས་བདག་ཡབ་ཡུམ་སྐུ་གསུང་ཐུགས། །ཕྱོགས་བཅུ་སྡེ་བརྒྱད་འཇིག་རྟེན་མགོན་པོ་དང་། །ཚེ་རྫི་ཤུགས་མགོན་དགྲ་བླ་ལྷ་དམག་བཅས། ། གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཚོགས་བདག་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཧཱུྃ། ཆེ་མཆོག་ཧེ་རུ་ཀ་དཔལ་བསྟན་སྲུང་ཚུལ། །ལྷ་ཆེན་དཔལ་འབར་མ་ནིང་མཆེད་གསུམ་ཉིད། ། བཀའ་ཉན་སྣང་སྲིད་དྲེགས་པའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དུས་གསུམ་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །ལེགས་ལྡན་ ནག་པོ་ཆེན་པོ་ཡབ་དང་ཡུམ། །བཀའ་འཁོར་བྲན་གཡོག་སྤྲུལ་པའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཨ་ཛི་ཏས་སོ། ། ༈ ཧཱུྃ། ཀུན་ཏུ་བཟང་མོའི་ ཡེ་ཤེས་ཁྲོས་པའི་རྩལ། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་མ། །ཡེ་ཤེས་ལས་དང་འཇིག་རྟེན་མ་མོའི་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཨ་ཛི་ཏས་སོ། ། ༈ བྷྱོ། མ་ 6-28-49a ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། །ཁོལ་མོ་ཡང་ཁོལ་བཀའ་ཉན་མངགས་གཞུག་སྡེ། །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་བཅོལ་ བའི་ཕྲིན་ལས་མཛོད། །ཨ་ཛི་ཏས་སོ། ། ༈ ཧྲཱིཿ གནས་ཡུལ་དུར་ཁྲོད་ཀུན་གྱི་བདག་མོ་ནི། །ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ངན་ནེ་མ། །རྫུ་འཕྲུལ་མཐུ་ལྡན་འཁོར་དང་བཅས་པ་རྣམས། ། གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཞིང་སྐྱོང་སྨན་བཙུན་མཆེད་ལྔའི་གསོལ་ཁ་ནི། ཧྲཱིཿ དབྱིངས་ཀྱི་ཡུམ་ཆེན་ལྷན་སྐྱེས་ཌཱ་ཀི་ལྔ། །ཞིང་སྐྱོང་སྨན་བཙུན་མཆེད་ལྔའི་ ཚུལ་སྟོན་པ། །འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས་པ་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་མ་མ་ཌཱ་ཀཱི་ནཱི་བ་ལིངྟ་ཁཱ་ཧི། ཆུ་འབྲུག་ ཟླ་བ་གཅིག་པའི་ཚེས་བཅུ་གསུམ་ལ་གྲངས་བསོག་དགོས་ཚེ་འཇམ་དཔལ་དགྱེས་པས་བྲིས་པའོ། ། ༈ ཀྱེ་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི། བཀའ་ཉན་གངས་ཅན་ཡུལ་སྐྱོང་མཐུ་མོ་ཆེ། །བརྟན་མ་བཅུ་ གཉིས་ཡང་འཁོར་འབུམ་སྡེ་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མ་མ་ཌཱ་ཀི་ནི་མ་ཧཱ་པཱུ་ཙ་ཁཱ་ཧི། འཇམ་དཔལ་དགྱེས་པས་བྲིས་པའོ། ། ༈ བཻཿ དཔལ་ལྡན་རྒྱལ་པོ་ཆེན་པོ་ 6-28-49b རྣམ་ཐོས་སྲས། །ཛཾ་བྷ་ལ་དང་གནོད་སྦྱིན་གཏེར་བདག་བརྒྱད། །ཡབ་ཡུམ་བྲན་འཁོར་ནོར་ལྷ་རབ་འབྱམས་ཚོགས། །གསོལ་ལོ་མཆོད་དོ་དཔལ་འབྱོར་འདོད་དགུ་སྒྲུབས། །རྣམ་སྲས་གསོལ་ བསྡུས་མི་ཕམ་པས་སོ། ། ༈ ཧཱུྃ། འཇམ་དཔལ་སྲོག་གི་བདག་པོ་མ་རུ་ཙེ། །ཚངས་པ་དཀར་པོ་ནག་པོ་ལྕགས་རལ་ཅན། །དྷ་ཤ་གྷྲཱྀ་བ་ཡམ་ཤུད་དམར་པོ་ལ། །གསོལ་ལོ་མཆོད་དོ་དགྲ་བགེགས་ཆམ་ ལ་ཕོབ། །གཤེད་ཆེན་དམར་པོ་ལྷལྔའི་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཧྲཱིཿ སྲིད་གསུམ་དབང་མཛད་དབང་གི་ལྷ་ཆེན་པོ། །དབང་ཕྱུག་ཡབ་ཡུམ་གསང་བའི་ཌཱ་ཀི་བཞི། །བཀའ་སྡོད་དྲེགས་པའི་ ལྷ་ཆེན་འཁོར་དང་བཅས། །གསོལ་ལོ་མཆོད་དོ་དབང་གི་ཕྲིན་ལས་སྒྲུབས། །མི་ཕམ་པས་སོ། ། ༈ ཧཱུྃ། གིང་ ༤ བདུད་ ༤ རྩིས་ ༤ ཤན་ ༤ འཆི་བདག་ཡབ་ཡུམ་དང་། །གཤེད་བཞི་ཕྱོགས་སྐྱོང་ ༡༢ སྟག་ཞོན་མཐུ་ ཆེན་བཞི། །འཇམ་དཔལ་ཟིལ་གནོན་བཀའ་གཏེར་སྲུང་མ་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧྲཱིཿ ཁམ་ ༦ རྒྱ་དམུས་ ༣༢ ལོང་ཁྱི་ ༨ སྦྱང་ཕོ་ཉ་ ༤འབྲུག ༤ ། གིང་ལྔ་གཟའ་གདོང་བེག་ཙེ་ལྕམ་སྲིང་སོགས། །དབང་ཆེན་པདྨ་གསུང་གི་བཀའ་སྡོད་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དགེ་བསྙེན་མཁའ་ 6-28-50a རི་ཇོ་བོ་ཀླུ་བདུད་དང་། །སྙོན་ཁ་ཤེལ་གིང་ལྷ་བཙན་ལྡང་ལྷ་སོགས། །གསང་བདག་དྲེགས་པ་ཀུན་འདུལ་གཏེར་སྲུང་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་ མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། འཇིག་རྟེན་དྲེགས་པ་ཡོངས་ལ་དབང་བསྒྱུར་ཞིང་། །སྣ་ཚོགས་ལས་མཛད་དབང་ཕྱུག་ཉེར་བརྒྱད་སོགས། །ཡང་དག་ཐུགས་ཀྱི་བཀའ་སྲུང་མ་ལུས་རྣམས། ། གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དུར་ཁྲོད་སྤྱང་བརྒྱད་ཚངས་སོགས་གྲུབ་པ་དང་། །སྨན་གྱི་ལྷ་མོ་བདུད་རྩི་བཅུད་ལེན་བདག །ཆེ་མཆོག་བདུད་རྩིའི་ བཀའ་སྲུང་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། ཤྭ་ན་ ༤ བདག་ ༤ ཉིད་ས་བདག་བསེ་མོ་བཞི། །སྐྱེས་བུ་བསེ་ལྕགས་དུང་བར། གིང་ཆེན་བཅུ་གཉིས་འབྱུང་སེར་ སོགས། །དཔལ་ཆེན་རྡོ་རྗེ་ཕུར་པའི་བཀའ་སྡོད་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། །ཧཱུྃ། ཡང་གབ་མ་བཞི་སྦས་མ་གདོང་ མོ་བཞི། །དུར་ ༣ ཁྲོད་ཕུང་༣བྱེད་གསང་ ༣ མ་ཕོ་ཉ་གསུམ། །མངོན་རྫོགས་མ་མོའི་བཀའ་སྲུང་མ་ལུས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། རྡོ་རྗེ་རིན་ 6-28-50b ཆེན་པདྨ་ལས་ཀྱི་རིགས། །དཔའ་བོ་གིང་བཞི་མཁའ་འགྲོ་བཞི་ལ་སོགས། །རིག་འཛིན་བླ་མའི་དཀྱིལ་འཁོར་བཀའ་སྡོད་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། ། མི་ཕམ་པས་སོ། ། ༈ ཧཱུྃ། གིང་བདུད་གཟའ་བཙན་ཀླུ་སྲིན་གནོད་སྦྱིན་དང་། །མ་མོའི་ཚོགས་ཀྱི་སྡེ་དཔོན་མཐུ་བོ་ཆེ། །འཇིག་རྟེན་མཆོད་བསྟོད་དྲེགས་པའི་བཀའ་སྡོད་རྣམས། །གསོལ་ལོ་ མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དཀར་པོ་གིང་དང་ནག་པོ་བདུད་ལ་སོགས། །སྡེ་བརྒྱད་དྲེགས་པ་ལས་ཀྱི་ཤན་པ་བརྒྱད། །སྔགས་བདག་དྲེགས་པའི་ དཀྱིལ་འཁོར་བཀའ་སྐྱོང་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དཀྱིལ་འཁོར་མུ་རན་སྐྱོང་བའི་དམ་ཅན་ནི། །དབང་ཕྱུག་ཉེར་བརྒྱད་ མཁའ་འགྲོ་སུམ་ཅུ་གཉིས། །གིང་ཆེན་བཅོ་བརྒྱད་ལང་ཀ་བཅུ་དྲུག་དང་། །ཕོ་ཉ་དྲུག་ཅུ་རྩ་བཞི་འབར་མ་བདུན་བརྒྱད་ཀྱང་། །མ་བདུན་སྲིང་བཞི་ས་བདག་སུམ་ཅུ་གཉིས། །ཚངས་སོགས་ཕྱོགས་ སྐྱོང་བུ་མོ་འབུམ་ཕྲག་བཅུ། །སྨན་ཕྲན་ཤ་ཟ་བདུད་མོ་འབུམ་ཕྲག་གསུམ། །དཀར་སེར་དམར་སྔོ་ནག་སྨུག་འབུམ་ཕྲག་དྲུག །བརྟན་མ་ཆེན་མོ་བཅུ་གཉིས་ལ་སོགས་པ། ། 6-28-51a འབུམ་ཕྲག་ཡངས་པ་ཆེན་པོའི་མཁའ་འགྲོ་མ། །དཔལ་གྱི་བཀའ་སྡོད་ཅི་བགྱིའི་བཀའ་ཉན་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །དཀྱིལ་འཁོར་ སྤྱིའི་མུ་རན་སྐྱོང་པའི་གསོལ་མཆོད་བསྡུས་པ་མི་ཕམ་པས་སོ། ། ༈ ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་ཐིག་ལེ་རྩལ། །དགྱེས་སྡེ་བརྟན་མ་འཛིན་གིང་ཕོ་ཉའི་ཚོགས། །སྐུ་མཆེད་སུམ་བརྒྱ་དྲུག་ཅུའི་ཚོགས་ དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དབང་ཆེན་པདྨའི་བཀའ་ཉན་མཐུ་བོ་ཆེ། །ལི་བྱིན་ཧར་ལེགས་སྐུ་ལྔ་ཡུམ་བློན་འཁོར། །གནོད་སྦྱིན་ ཡབ་ཡུམ་པུ་ཏྲ་མིང་སྲིང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧྲཱིཿ དྲང་སྲོང་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ། །སྤྲུལ་པ་རྣམ་བརྒྱད་གདོང་མོ་མཆེད་བཞི་ དང་། །གཟའ་དང་རྒྱུ་སྐར་དྲེགས་པ་སྡེ་བརྒྱད་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧྲཱིཿ ཀླུ་བདུད་ནག་པོ་འཇིགས་མཛད་ཏི་པ་ཙ། །ཝ་རུ་ཎ་ དང་ཀླུ་བརྒྱད་དབུ་དགུ་སོགས། །པདྨའི་བཀའ་ཉན་ཀླུ་ཡི་སྡེ་ཚོགས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧྲཱིཿ པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ། ། 6-28-51b ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་བེར། །ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། དུས་གསུམ་རྒྱལ་བའི་ ཕྲིན་ལས་བཀའ་སྐྱོང་བ། །ཞིང་སྐྱོང་ཆེན་པོ་རྡོ་རྗེ་ལེགས་གྲུབ་རྩལ། །བདུད་མགོན་སེང་གེའི་གདོང་ཅན་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ ཕམ་པས་སོ། ། ༈ ཧཱུྃ། དབང་དྲག་པདྨའི་བཀའ་ཡི་ཕོ་ཉ་བ། །བདུད་བཙན་ཀླུ་ཡི་གིང་ཆེན་སྤུ་གྲི་མཆེད། །རྣམ་གསུམ་བཀའ་འཁོར་ཕོ་ཉའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། ཕྱི་ལྟར་ཀླུ་བཙན་ནང་ལྟར་རཱ་ཙའི་ཚུལ། །གསང་བ་གནོད་སྦྱིན་ནོར་བདག་ཚུལ་སྟོན་པ། །འབར་བ་སྤུན་བདུན་སྤྲུལ་འཁོར་ཕོ་ཉར་བཅས། ། གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། འཇམ་དཔལ་བཀའ་ཉན་ཡ་མ་རཱ་ཛ་ནི། །གཏུམ་མོ་དུག་ཧྲུལ་གཤེད་ཆེན་སྡེ་བཞི་དང་། །ཕྱོགས་སྐྱོང་བཅུ་གཉིས་ ལས་མཁན་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ལས་གཤིན་གསོལ་བསྡུས་མི་ཕམ་པས་སོ། ། ༈ བྷྱོ། པདྨ་འབྱུང་གནས་རྡོ་རྗེ་ཡང་དབང་གིས། །དམ་ལ་བཏགས་ 6-28-52a པའི་སྙིང་འཛིང་གཏེར་བདག་ནི། །གཡུ་ཕུའི་རྩེ་ལྷ་ཡེར་བའི་རྫོང་བཙན་དང་། །ལྷ་སའི་བདུད་བཙན་ཀླུ་བདུད་སྤྱན་གཅིག་མ། །མཐུ་ཆེན་སྡེ་བཞི་འདིར་གཤེགས་གཏོར་མ་ བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འཇམ་དཔལ་དགྱེས་པས་སྤེལ་བ་མངྒ་ལཾ། ། ༈ ཧཱུྃ། རྒྱལ་བའི་བསྟན་དང་བསྟན་འཛིན་ལེགས་སྐྱོང་ཞིང་། །བསྟན་དགྲ་མ་ལུས་ཆམ་ལ་ འབེབ་མཛད་པ། །གནོད་སྦྱིན་ཤན་པ་དམར་ནག་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། གནོད་སྦྱིན་ཆེན་པོ་རྡོ་རྗེ་བདུད་འདུལ་དང་། ། ནོར་གྱི་ལས་མཁན་དགེ་བསྙེན་ཡེ་ཤེས་གྲགས། །ཀུན་འཁྱིལ་མཆེད་གསུམ་ཚོགས་བདག་གླང་གདོང་སོགས། །གསོལ་ལོ་མཆོད་དོ་ཟས་ནོར་ཆར་ལྟར་ཕོབ། །མི་ཕམ་པས་སོ། ། ༈ ཧཱུྃ། བདེ་བར་ གཤེགས་པའི་ཞལ་མཐོང་བསྟན་པ་སྲུང་། །ནོར་རྒྱལ་ནོར་བུའི་མཛོད་མངའ་ནོར་རྒྱུན་འབེབ། །དགྱེས་ཡུམ་ཀླུ་མོ་ཀླུ་རིགས་འབུམ་དང་བཅས། །གསོལ་ལོ་མཆོད་དོ་དཔལ་འབྱོར་རྒྱས་པར་ མཛོད། །ཀླུ་ཆེན་ནོར་རྒྱས་ཀྱི་གསོལ་མཆོད་ནོར་འཕེལ་མ་མི་ཕམ་པས་སོ། ། ༈ ཧཱུྃ། རིག་འཛིན་པདྨའི་བཀའ་ཉན་བརྒྱུད་འཛིན་སྐྱོང་། །ཤ་ཟ་མཁའ་འགྲོའི་དབང་ཕྱུག་ཁ་མོ་ཆེ། །རྫུ་འཕྲུལ་མཐུ་ལྡན་ 6-28-52b འཁོར་དང་སྤྲུལ་པར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། འོད་གསལ་སྙིང་པོའི་བཀའ་ཡི་བྱ་ར་བ། །ཤན་པ་སྲོག་སྒྲུབ་ནག་མོ་སྤྲུལ་འཁོར་ དང་། །མྱུར་མགྱོགས་ལས་བྱེད་ཕོ་ཉའི་ཚོགས་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། མྱུར་མཛད་གློག་ཞགས་བྷ་ཧོ་ར་ལིང་དང་། །མ་ གཟའ་དམ་ཅན་ལྟས་ངན་རྒྱལ་མོ་སོགས། །འཇིགས་རུང་ཆོ་འཕྲུལ་བདག་པོའི་ལྷ་ཚོགས་རྣམས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མི་ཕམ་པས་སོ། ། ༈ ཧཱུྃ། ཙང་ཀུན་ བརྟན་མ་ཐེ་སེ་རྗེ་བློན་འཁོར། །ལྟོ་འཕྱེ་ཆེན་པོ་ཧལ་ཁྱི་ལག་ཆེན་སོགས། །སྲིད་པའི་དབང་ཆེན་ས་བདག་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་གནས་ཡུལ་དགེ་བར་མཛོད། །མི་ཕམ་པས་སོ། ། ༈ ཡུལ་བདག་མཆོད་ཐབས་ནི། ཧཱུྃ། སྡེ་བརྒྱད་སྤྱི་དང་ཕྱོགས་འདི་རུ། །གནས་པའི་ཡུལ་ལྷ་གཞི་བདག་རྣམས། །འདིར་གཤེགས་བསང་གསེར་སྐྱེམས་གཏོར་མ་སོགས་ཁ་བསྒྱུར་ཆོག ། གི་མཆོད་པ་བཞེས། །གེགས་ཞི་བསམ་དོན་ལྷུན་གྲུབ་ མཛོད། །ཡིག་རྙིང་ལས་ཁ་བསྒྱུར་ཏེ་མི་ཕམ་པས་སོ། ། ༈ ཀྱེ། འདོད་དོན་ཀུན་སྒྲུབ་དགྲ་ལྷ་མཐུ་བོ་ཆེ། །རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྒྱལ། ། 6-28-53a ནོར་བུ་དགྲ་འདུལ་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །སྒྲུབ་བརྩོན་རྣལ་འབྱོར་གྱི་དབང་ཕྱུག་བིདྱ་དྷཱ་རའི་གསུང་བསྐུལ་བཞིན་སྒྲུབ་ཁང་བདུད་ལས་ རྣམ་རྒྱལ་གླིང་དུ་འཇམ་དཔལ་རྡོ་རྗེས་རྒྱལ་ཟླའི་ཚེས་བདུན་དགེ་བར་བྲིས་པ་འདིས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ལས་རྒྱལ་བར་གྱུར་ཅིག ༈ ཀྱེ། ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་པ། །སྟོང་གསུམ་ མི་མཇེད་བདག་པོ་ཚངས་པ་ཆེ། །གཉན་ཆེན་ཐང་ལྷ་དགྱེས་ཡུམ་བཀའ་འཁོར་བཅས། །གསོལ་ལོ་མཆོད་དོ་འདོད་དགུ་ལྷུན་གྲུབ་མཛོད། །ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ ཧི་ཁཱ་ཧི་སྭཱ་ཧཱ། ཤིང་རྟ་ལོར་རྡོར་བྲོག་ཏུ་མི་ཕམ་པས་བྲིས་པ་དགེ ༈ རྨ་རྒྱལ་པོམ་རའི་གསོལ་ཁ་ནི། ཧྲཱིཿ གངས་ཅན་ཤར་ཕྱོགས་རྨ་གཡང་གཏེར་གྱི་བདག །རྒྱལ་དབང་པདྨའི་བཀའ་ཉན་ཡུལ་སྐྱོང་གཙོ། ། རྨ་རྒྱལ་པོམ་ར་བཀའ་འཁོར་དགྱེས་སྡེ་བཅས། །གསོལ་ལོ་མཆོད་དོ་རྨ་གཡང་འདོད་དགུ་སྩོལ། །ཅེས་པ་ཡང་མི་ཕམ་པས་སོ། ། ༈ ཧཱུྃ། ཚེ་འཛིན་མགོན་པོ་ཚེ་ཡི་ལྷ་མོ་དང་། །ཚེ་ལ་དབང་མཛད་ ལྕམ་དྲལ་བཀའ་སྡོད་བཅས། །ཚེ་དང་དཔལ་སྩོལ་མངོན་ཤེས་མཐུ་ལྡན་རྣམས། །གསོལ་ལོ་མཆོད་དོ་ཚེ་དང་དཔལ་སྐྱེད་ཅིག །ཚེ་རྫིའི་གསོལ་མཆོད་མི་ཕམ་པས་སོ། ། ༈ ཧཱུྃ། རྒྱལ་དབང་པདྨ་ཐོད་ 6-28-53b ཕྲེང་ལ་སོགས་པ། །བརྒྱུད་གསུམ་རིག་འཛིན་བླ་མའི་ཐ་ཚིག་ལ། །གནས་པའི་བཀའ་གཏེར་ཆོས་སྐྱོང་དམ་ཅན་ཚོགས། །གསོལ་ལོ་མཆོད་དོ་བཅོལ་པའི་ཕྲིན་ལས་སྒྲུབས། །བཀའ་གཏེར་སྲུང་མ་སྤྱི་གསོལ་བསྡུས་ པ་ཁ་སྐོང་དུ་མི་ཕམ་པས་སོ། ། ༈ ཧཱུྃ། ཡེ་ཤེས་དང་ནི་ལས་ལས་གྲུབ་པ་ཡི། །མངོན་ཤེས་རྫུ་འཕྲུལ་མཐུ་ལྡན་དམ་ཚིག་སྐྱོང་། །སྣང་སྲིད་ལྷ་སྲིན་དྲེགས་པ་མ་ལུས་ལ། །གསོལ་ལོ་མཆོད་དོ་འདོད་དོན་ཡོངས་ སྩོལ་མཛོད། །དྲེགས་པ་སྤྱི་ཡི་ཞལ་བསྐང་མི་ཕམ་པས་སོ། ། ༈ ཧཱུྃ། རྣལ་འབྱོར་བདག་ལ་སྔོན་ནས་འབྲེལ་བ་དང་། །འཕྲལ་དུ་འགོ་ཞིང་སྡོང་གྲོགས་མཛད་པ་ཡི། །མཆོད་ཅིང་བསྟོད་པའི་མགྲོན་དུ་འོས་པ་ ཀུན། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མཆོད་འོས་ཁ་སྐོང་གི་ཚུལ་གྱིས་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཧཱུྃ། ཉི་ཟླ་སྐར་མའི་ཚོགས་ཀྱིས་ལེགས་མཆོད་ཅིང་། །སྐྱེ་རྒུའི་མགོན་ མཛད་སྨེ་བདུན་གཞལ་མེད་ཁང་། །དེར་གནས་དྲང་སྲོང་ཆེན་པོ་རྣམ་པ་བདུན། །གསོལ་ལོ་མཆོད་དོ་ལྷ་དང་དཔལ་མཛོད་ཅིག །སྐར་མ་སྨེ་བདུན་གསོལ་མཆོད་མི་ཕམ་པས་སོ། ། ༈ ཨོཾ། ཉི་ཟླ་ཟླ་སྲས་ལྷ་དང་ ལྷ་མིན་མཆོག །དམར་ནག་དྲག་པོའི་གཟུགས་ཅན་རྣམ་པ་གཉིས། །དུས་ཀྱི་ཆ་འཛིན་གཟའ་བདུན་འཁོར་དང་བཅས། །གསོལ་ལོ་མཆོད་དོ་དུས་ཀུན་དགེ་བར་མཛོད། །གཟའ་བདུན་གྱི་གསོལ་བསྡུས་ 6-28-54a མི་ཕམ་པས་སོ། ། ༈ ཨོཾ། བཀྲ་ཤིས་དོན་ཀུན་རྒྱས་བྱེད་རྒྱལ་བར་བྱེད། །ཡོངས་སུ་ཚིམ་བྱེད་མཆོག་ཏུ་གྲུབ་བྱེད་མ། །རྒྱུ་སྐར་ལྷ་མོ་རྣམ་པར་རྒྱལ་མ་ལ། །གསོལ་ལོ་ མཆོད་དོ་བདག་ཅག་བདེ་ལེགས་མཛོད། །རྒྱུ་སྐར་རྒྱལ་གྱི་གསོལ་མཆོད་མི་ཕམ་པས་སོ། ། ༈ ཨོཾ་ཨཱཿཧཱུྃ་ཧོཿ ཁྲོ་བཅུ་ཟད་པར་བཅུ་དང་ཕྱོགས་སྐྱོང་བཅུ། །གཟའ་བཅུ་ཀླུ་བཅུ་འབྱུང་པོ་བཅུ་རྣམས་ཏེ། ། སྡེ་དྲུག་སྲུང་མ་དྲུག་ཅུའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་དོན་ཀུན་གྲུབ་པར་མཛོད། །དུས་ཀྱི་འཁོར་ལོའི་སྡེ་དྲུག་སྲུང་མ་དྲུག་ཅུའི་གསོལ་མཆོད་མི་ཕམ་པས་སོ། ། ༈ ཧཱུྃ། པདྨ་འབྱུང་གནས་དྲང་ སྲོང་དྲི་མེད་ཀྱི། །བཀའ་ཉན་འཆི་མེད་དབང་མོ་ཙནྜི་ཀཱ། །མཆེད་དྲུག་གྲངས་མེད་འཁོར་ཚོགས་ཡང་སྤྲུལ་བཅས། །གསོལ་ལོ་མཆོད་དོ་ཚེ་དབང་དཔལ་འབྱོར་སྤེལ། །མི་ཕམ་པས་སོ། ། ༈ ཧཱུྃ། ཚིག་དབང་བཀྲ་ཤིས་དཀར་མོ་མཁའ་འགྲོ་འབུམ། །ཕུ་ཝེར་ལྕམ་དྲལ་སུམ་བརྒྱ་དྲུག་ཅུའི་འཁོར། །སྣང་སྲིད་རྣོ་མཐོང་མོ་ལྷའི་ཚོགས་རྣམས་ཀུན། །གསོལ་ལོ་མཆོད་དོ་མངོན་ཤེས་རྣོ་ཐིག་ ཕོབ། །མི་ཕམ་རྣམ་རྒྱལ་པས་སོ། ། ༈ ཧཱུྃ། མ་སང་གཡའ་སྤང་སྐྱེས་གཅིག་ལ་སོགས་པ། །མ་སང་དགྱེས་སྡེ་སྨན་གྱི་ཚོགས་དང་བཅས། །ཡུལ་སྐྱོང་ཟོ་དོར་དཔུང་དང་བཅས་པ་རྣམས། ། 6-28-54b གསོལ་ལོ་མཆོད་དོ་མཐུ་དཔུང་སྡོང་གྲོགས་མཛོད། །མ་སང་གི་གསོལ་བསྡུས་མི་ཕམ་པས་སོ། ། ༈ ཧཱུྃ། དཔལ་ཆེན་མོ་དང་ཕྱོགས་ཀྱི་ལྷ་མོ་བརྒྱད། །ལྷ་ཆེན་བརྒྱད་སོགས་ཕྱོགས་དང་དུས་ཀུན་ དུ། །བཀྲ་ཤིས་བདེ་ལེགས་དགེ་མཚན་བྱེད་པ་རྣམས། །གསོལ་ལོ་མཆོད་དོ་རྟག་ཏུ་བཀྲ་ཤིས་མཛོད། །བཀྲ་ཤིས་ཀྱི་ལྷ་མཆོད་པ་མི་ཕམ་རྣམ་པར་རྒྱལ་བས་སོ། །གསོལ་བསྡུས་རིན་པོ་ཆེ་དང་མེ་ཏོག་གི་ ཕྲེང་བ་སྤེལ་ལེགས་འདི་རིགས་ཚར་གྲངས་བསགས་པ་སོགས་ལ་དགོས་པ་དུ་མ་མཐོང་ནས། སྔར་རྩ་གསུམ་གེ་སར་ཐང་ལྷ་རྨ་རྒྱལ་བརྟན་མ་ཡུལ་བདག་མཐུ་ཆེན་སྡེ་བཞི་སྨན་བཙུན་གྱི་ཚིགས་བཅད་རྣམས་བྲིས་ལ། སླར་རབ་ཚེས་མེ་སྤྲེལ་ གྲོ་བཞིན་ཟླ་བའི་དམར་ཕྱོགས་བཟང་པོ་དང་པོར་འཆི་མེད་མཆོག་གྲུབ་གླིང་དུ་འཇམ་དཔལ་དབང་གི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐུན་གསེང་ལ་ཆུ་ལྟར་ལྷུད་དེ་ཉིན་གཅིག་ལ་བྲིས་པ་འདི་སླད་ནས་དགེ་ལེགས་ཀྱི་རྒྱུར་འགྱུར་ཞིང་དཔལ་དུ་གནས་སོ། ། མངྒ་ལཾ། ། ༈ གསོལ་བསྡུས་ཁ་སྐོང་། ཏྲི། ཛམ་བྷ་ལ་སོགས་གནོད་སྦྱིན་ཆེ་རྣམས་ཀྱི། །ནོར་གྱི་ལས་མཁན་དགེ་བསྙེན་ཡེ་ཤེས་གྲགས། །མངོན་ཤེས་རྫུ་འཕྲུལ་མཐུ་ ལྡན་ཁྱེའུ་ཆུང་། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ལས་མཁན་ཆེན་པོ་སྙིང་ཁོལ་གྱི་གསོལ་མཆོད་མི་ཕམ་པས་སོ། ། ༈ ཀྵིཿ དཔལ་ཆེན་ཐུགས་སྤྲུལ་རྡོ་རྗེ་ཀིང་ཀ་ར། །ཟླ་མདངས་ 6-28-55a ཀེང་རུས་གཟུགས་འཆང་མགོན་པོ་ནི། །དུར་ཁྲོད་བདག་པོ་ཡབ་ཡུམ་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །མགོན་དཀར་དུར་ཁྲོད་བདག་ པོའི་གསོལ་མཆོད་བླ་མ་མདོ་སྔགས་ཀྱིས་གསུང་བསྐུལ་བཞིན་མི་ཕམ་པས་སོ། ། ༈ ཧཱུྃ། བརྒྱུད་གསུམ་བླ་མའི་བཀའ་ཉན་དམ་ཚིག་ཅན། །ཕྱི་ནང་གསང་བ་མཆོག་དང་སྤྲུལ་པ་དང་། །སྣང་སྲིད་དྲེགས་པ་སྡེ་ བརྒྱད་འཁོར་དང་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །དྲེགས་པ་སྡེ་བརྒྱད་གསོལ་མཆོད་མི་ཕམ་པས་སོ། ། ༈ ཧཱུྃ། ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་འཇིགས་བྱེད་དགུ། ། ཕྱོགས་སྐྱོང་བཅུ་དང་རྒྱུ་སྐར་ཉི་ཤུ་བརྒྱད། །རྒྱལ་ཆེན་བཞིར་བཅས་དཔལ་མགོན་བདུན་ཅུ་ལྔ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གཙང་རིས་དཔལ་མགོན་དོན་ལྔའི་གསོལ་ མཆོད་ལྕགས་ཁྱི་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་མི་ཕམ་པས་སོ། ། ༈ ཧཱུྃ། གསང་བདག་པདྨའི་བཀའ་ཉན་དམ་ཚིག་ཅན། །གཟའ་བདུད་ལས་མཁན་པི་ལིང་འཕར་མ་རྗེ། །འཁོར་བཅུ་ཡང་ འཁོར་སྨེ་དགུ་སྡེ་བརྒྱད་བཅས། །གསོལ་ལོ་མཆོད་དོ་གང་བཅོལ་ཐོགས་མེད་སྒྲུབས། །ས་བདག་པི་ལིང་འཕར་མའི་གསོལ་མཆོད་རབ་ཚེས་ཆུ་བྱི་ཟླ་བ་གསུམ་པའི་ཚེས་ཉི་ཤུ་ལ་མི་ཕམ་པས་སོ། ། 6-28-55b ཧཱུྃ། རྒྱལ་ཀུན་ངོ་བོ་པདྨ་ཐོད་ཕྲེང་གི། རྒྱལ་བསྟན་སྐྱོང་མཛད་རྡོ་རྗེ་འབར་བ་རྩལ། །རྒྱལ་བསེན་དམ་སྲིའི་སྲོག་འཇོམས་ལྷ་ཆེན་པོ། །རྒྱལ་དབང་རིག་འཛིན་བརྒྱུད་པའི་སྤྱན་ སྔ་རུ། །ཞལ་བཞེས་རྡོ་རྗེའི་ཐ་ཚིག་དགོངས་མཛོད་ལ། །མཁའ་ལམ་ཡོངས་ཁྱབ་སྒྱུ་འཕྲུལ་དྲ་བའི་གར། །མངོན་སུམ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང་། །དགྱེས་ཞལ་གསུང་གསང་ ཐུགས་བརྩེས་རྟག་ཏུ་སྐྱོང་། །སྙིགས་དུས་རྣམ་རྟོག་དུག་ལྔའི་རང་མདངས་ཀྱིས། །གློ་བུར་རྒྱལ་བསེན་དམ་སྲིའི་དཔུང་གཡོས་ཚེ། །གཞི་དབྱིངས་ཆོས་སྐུའི་ཀློང་ནས་སྤྲུལ་པའི་གར། །ས་བརྒྱད་ སེམས་དཔའ་ནམ་མཁའི་སྙིང་པོ་ཉིད། །དྲེགས་པ་རྒྱལ་བསེན་དམ་སྲིའི་གཤེད་མ་རུ། །སྐུར་བཞེངས་གཉན་ཆེན་རྡོ་རྗེ་འབར་བ་རྩལ། །གང་ལ་རྒྱལ་དབང་པདྨ་སཾ་བྷ་ཝའི། །བཀའ་རྟགས་རྡོ་རྗེ་ གཙུག་ཏུ་བཅིངས་ནས་ཀྱང་། །དམ་ཚིག་རྡོ་རྗེ་བདུད་རྩིའི་དབང་བསྐུར་ནས། །མ་འོངས་རིག་འཛིན་པདྨའི་བཀའ་བརྒྱུད་དང་། །སྙིགས་དུས་སྐྱེ་རྒུའི་མགོན་དུ་མངའ་གསོལ་བའི། །རྡོ་རྗེའི་ཐ་ཚིག་ གཉན་པོ་ཉེར་དགོངས་ལ། །ཆོས་དབྱིངས་ཞི་བའི་ངང་ལས་ཐུགས་རྗེ་ཡིས། །རྣམ་འགྱུར་མི་བཟད་ཁྲོ་གཏུམ་འབར་བའི་གར། །སྣ་ཚོགས་རྫུ་འཕྲུལ་བཟོད་དཀའི་མེ་དབལ་གྱིས། །དམ་ཉམས་ 6-28-56a རྒྱལ་བསེན་འབྱུང་པོ་རྡུལ་དུ་རློག །གུ་གུལ་དུད་པའི་དྲི་ལྡན་སྤྲིན་ཕུང་དབུས། །དྲག་པོའི་འཐོར་རླུང་བཟོད་དཀའི་འབྲུག་སྒྲ་ཅན། །མཚེ་ཡུངས་རྡོ་རྗེའི་མེ་ཞུན་འཁྲིགས་ པའི་ཀློང་། །སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་། །གནམ་ལྕགས་སྡིག་པའི་ཚྭ་ཚྭ་འཕྲོ་བ་ཡིས། །བསྒྲུབ་མཆོག་ལུས་ངག་ཡིད་ལ་བར་གཅོད་པའི། །རྒྱལ་བསེན་དམ་སྲི་གདུག་ པའི་ལུས་སྲོག་སྙིང་། །ཕྱེ་མར་འཐག་ཅིང་གཞོབ་དུ་བསྲེག་པར་མཛོད། །ལུས་གནས་རྫས་ལ་འཁྲི་བའི་འབྱུང་གདོན་རིགས། །གབ་རྐུང་བྲོས་འཁྱམས་འདའ་བའི་གནས་མེད་པར། ། དུས་མཐའི་མེ་རླུང་འཁྲུགས་པས་སྦྲང་བུ་བཞིན། །ད་ལྟ་ཉིད་དུ་མིང་གི་ལྷག་མར་མཛོད། །མི་ཤིགས་རྡོ་རྗེ་སྲུང་བའི་གུར་ཆེན་པོར། །བདག་ཅག་ལྟོས་པར་བཅས་པ་ཡོངས་ཚུད་ནས། །འདི་ ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྲུང་སྐྱོབས་བྱིན་གྱིས་རློབས་ལ་བསམས་པ་སྒྲུབས། །ཚེ་དཔལ་སྟོབས་འབྱོར་ཡར་ངོའི་ཟླ་བཞིན་སྤེལ། །མངའ་ཐང་ཕྲིན་ལས་མཁའ་ལམ་བཞིན་ དུ་ཁྱབ། །སྙན་གྲགས་དབྱར་རྔའི་སྒྲ་གསང་ཕྱོགས་བརྒྱར་སྒྲོགས། །མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་འབར་མཛོད། །ཅེས་པ་འདིའང་རྒྱལ་རིགས་སྒྲ་གཅན་འཛིན་གྱི་སྤྲུལ་པའི་ཟློས་གར་དུ་ 6-28-56b གྲགས་པའི་སྤྲུལ་སྐུ་རིན་པོ་ཆེས་བཀའ་སྩལ་དང་དུ་བླངས་ཏེ། གང་གི་བཀའ་འབངས་ཀྱི་ཁྲོད་དུ་སྐྱེས་ཤིང་གུ་རུ་བློ་ལྡན་མཆོག་སྲེད་ལ་མི་ཕྱེད་པའི་མོས་པ་ཐོབ་པ་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་རབ་ཚེས་ས་འབྲུག་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ཀྱི་ དགོང་མོར་གང་ཤར་བྲིས་པ་དགེ་ལེགས་འཕེལ་ལོ། ། ༈ ལྷ་ཆེན་འབར་བ་རྩལ་གྱི་མཆོད་གསོལ་སྤྲོ་ན། ཕྱེ་མར། གཏོར་མ། འོ་ཕུད། རྒྱ་ཇའི་ཕུད་བཤམས་ལ། ཧཱུྃ། ཆོས་དབྱིངས་འགྱུར་མེད་ ཀུན་ཏུ་བཟང་། །འགག་མེད་རྩལ་སྣང་ནམ་མཁའི་སྙིང་། །ས་གནས་སེམས་དཔའ་གཉན་ཐང་ལྷ། །ཡུམ་སྲས་བློན་འབངས་སྤྲུལ་ཡང་འཁོར། །མ་ཐོགས་འདིར་གཤེགས་རྟེན་ལ་བཞུགས། ། དྲི་ཞིམ་བསང་དུད་ཕྱེ་མར་སྐྱེམས། །དགྱེས་བཞེས་སྙིགས་དུས་རྒྱལ་གདོན་དང་། །དལ་ཡམས་གཉན་ནད་གནོད་པ་བཟློག །རྒྱལ་བ་རིག་འཛིན་བརྒྱུད་པ་ཡི། །ཐ་ཚིག་ཡལ་བར་མ་འདོར་ བར། །ཆོས་སྡེ་སྲིད་སྐྱོང་བསྟན་པ་རྒྱས། །བཀྲ་ཤིས་དགེ་ལེགས་བརྟན་གྱུར་ཅིག །བཛྲ་ཐང་ཀ་ར་མ་མ་རཀྵ་རཀྵཿ ཞེས་སློབ་དཔོན་པདྨའི་ང་རྒྱལ་མ་བྲལ་བར་མཆོད་ཅིང་བསྟོད་པར་བྱའོ། །མདོ་སྔགས་ བསྟན་འཛིན་པས་སྤེལ་བ་ཛ་ཡནྟུ། གཞེས་ཆེན་པུཎྱེའི་དག་སྣང་གུ་རུ་ཁྱུང་ཞོན་གྱི་བཀའ་སྲུང་ལགས་སོ། ། ༈ རྡོ་རྗེ་གཡུ་སྒྲོན་མའི་གསོལ་བསྐང་ཕྲིན་ལས་མྱུར་འགྲུབ་ཞེས་བྱ་བ་བཞུགས་སོ། །ཅི་འབྱོར་བའི་མཆོད་ 6-28-57a ཚོགས་གཙང་མར་བཤམས་ནས་བྱིན་གྱིས་བརླབས་པས་འདི་སྐད་དོ། །ཧཱུྃ། སྣང་སྲིད་མ་མོའི་དཀྱིལ་འཁོར་ཡོངས་ཀྱི་གཙོ། །བདེ་སྟོང་གུང་སྨན་དབྱིངས་ཀྱི་དབང་ཕྱུག་མ། །གེ་སར་ སྐྱེས་བུའི་གསང་འཛིན་ཌཱཀྐི་ནི། །འབུམ་ཕྲག་མཁའ་འགྲོའི་ཚོགས་བཅས་གཤེགས་སུ་གསོལ། །ལྷན་སྐྱེས་བདེ་བ་ཆེན་པོའི་རང་མདངས་ལས། །རྗེས་ཆགས་རྨད་བྱུང་རྡོ་རྗེའི་ལང་ཚོ་གང་། ། སྨན་བཙུན་གཡུ་ཡི་སྒྲོན་མར་ཤར་བའི་དཔྱིད། །མི་འབྲལ་སྙིང་གི་ཐིག་ལེར་མངའ་གསོལ་ཏེ། །མཆོད་བསྟོད་རོ་མཉམ་རྡོ་རྗེའི་དམ་བསྲེ་ན། །འདུ་འབྲལ་མེད་པར་བརྩེ་དགས་རྟག་ཏུ་སྐྱོངས། ། འཆི་མེད་ཚེ་དབང་འཛད་མེད་ནོར་གྱི་མཛོད། །འགྲན་མེད་སྟོབས་དཔལ་སྙན་གྲགས་གཟི་འབར་ཞིང་། །སྣང་སྲིད་སྒྲིབ་མེད་གསལ་བའི་པྲ་དང་ནི། །ཕུན་ཚོགས་བདེ་སྐྱིད་དགའ་བའི་མཆོག་ རྣམས་སྩོལ། །བདེ་སྟོང་དབྱེར་མེད་རྡོ་རྗེའི་ལམ་མཆོག་ནས། །ཟུང་འཇུག་ཡེ་ཤེས་མྱུར་དུ་འགྲུབ་པར་མཛོད། །ཅེས་པའང་ལྷ་མོ་དགྱེས་པའི་དགེ་ལེགས་ཀྱི་སྣང་བ་དཀར་པོས་ཁྱབ་པའི་དུས་ཀྱི་ཁམས་སུ་ཟིལ་གནོན་དགྱེས་ པ་རྩལ་གྱིས་བྲིས་པ་བཀྲ་ཤིས་མཆོག་ཏུ་གྲུབ་པའོ། །དགེའོ། ། ༈ ཨོཾ་ཨཱཿཧཱུྃ། བཀྲ་ཤིས་གཞལ་མེད་ཁང་བཟང་ཡངས་པའི་དབུས། །ནོར་བུ་བུམ་བཟང་དཔག་བསམ་འདོད་འཇོའི་བ། ། 6-28-57b བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་པོ་ཆེ། །ལྷ་དང་མི་ཡི་འབྱོར་པ་རྨད་བྱུང་གཏེར། །འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །འདོད་དགུར་འཆར་བ་ཡེ་ཤེས་བདུད་རྩི་དངོས། །ཡིད་ བཞིན་གྲུབ་པའི་གཏོར་མ་རྒྱ་ཆེན་པོ། །མགོན་པོ་དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཆོས་སྐྱོང་ནོར་ལྷ་གཏེར་བདག་མ་ལུས་དང་། །རྣམ་སྲས་འཛམ་ལྷ་ཡབ་ཡུམ་ཚོགས་ཀྱི་བདག ། རྡོ་རྗེ་བདུད་འདུལ་ལ་སོགས་གནོད་སྦྱིན་དཔུང་། །ཁྱད་པར་སྐུ་རྗེ་ཝེར་མ་དཀར་པོ་ནི། །རྡོ་རྗེ་ཚེ་གཡང་ལེགས་ཚོགས་རྒྱལ་པོ་དང་། །དཔའ་བརྟུལ་དང་སྨན་དགྱེས་སྡེ་ཡང་འཁོར་བཅས། ། ལྷ་ཀླུ་གཉན་དང་དགྲ་ལྷ་ཝེར་མའི་སྡེ། །མ་ལུས་ལུས་པ་མེད་པའི་དཀྱིལ་འཁོར་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ནས། །མི་ཟད་ཚེ་གཡང་དཔལ་འབྱོར་ཕུན་ཚོགས་རྒྱུན། ། ཆར་ཕོབས་མཚོ་ལྟར་བསྐྱིལ་ལ་སྤྲིན་ལྟར་བསྡུས། །སྙན་དང་གྲགས་པས་རྒྱལ་ཁམས་གང་བ་དང་། །བཀྲ་ཤིས་བསྟན་པ་མཐའ་རྒྱས་དངོས་གྲུབ་སྩོལ། །དཔལ་ལྡན་ནོར་ལྷ་རྒྱ་མཚོའི་ དཀྱིལ་འཁོར་གྱི། །བྱིན་ནུས་ཕྱ་གཡང་གཞི་འདིར་ཆགས་གྱུར་ནས། །དགེ་མཚན་ཤིས་པའི་དཔལ་གཟི་འབར་བར་མཛོད། །ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །ཁམས་ 6-28-58a གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཟླ་བ་ལྔ་པའི་ཚེས་གཅིག་ ལ་མི་ཕམ་པས་འཕྲལ་བྲིས་མངྒ་ལཾ། ། ༈ ཆེ་བཙན་རོལ་པ་རྐྱ་བདུན་གྱི་གསོལ་མཆོད་དབང་གི་གློག་དམར་བཞུགས། ཧྲཱིཿ སྲིད་ཞི་མ་ལུས་ཆོས་སོ་ཅོག །སྣང་སྟོང་ཏི་ལ་གཅིག་གི་ངང་། །རང་བྱུང་ ཡེ་ཤེས་ཆེན་པོ་རུ། །མཉམ་པ་ཉིད་དུ་གྱུར་ན་ཡང་། །ལྷུན་གྲུབ་རོལ་པའི་སྣང་ཆ་ལ། །བདག་ཉིད་པདྨ་དབང་གི་སྐུའི། །གཟི་བྱིན་འོད་དམར་འཁྲུགས་པ་ཡི། །མདུན་མཁར་དྲག་པོ་ བཙན་གྱི་ཞིང་། །ཟངས་རི་ཁྲག་མཚོ་ལྦུ་བ་འཁྲུགས། །རཀྟའི་སྤྲིན་ལས་གློག་དམར་ཆེམ། །མེ་འབྲུག་རྒོད་པའི་སྒྲ་ལྡན་པ། །འཇིགས་རུང་རྡོ་རྗེའི་ཐོག་སེར་འབེབ། །མི་རྟ་གཅན་སྤྱང་བྱ་ དམར་འཚུབ། །དམར་ནག་མེ་རླུང་འཚུབས་པའི་ཀློང་། །ཆེ་བཙན་རོལ་པ་རྐྱ་བདུན་པོ། །ངོ་བོ་སོ་སོར་རྟོགས་པ་ཡི། །ཡེ་ཤེས་རོལ་པ་གཅིག་གི་ངང་། །རྣམ་པ་བཙན་དམར་དྲེགས་པའི་གཙོ། ། རྟ་དམར་རླུང་གཤོག་ཆིབས་སུ་ཆིབ། །གཡས་ན་བཙན་མདུང་རྣོན་པོ་ལ། །བ་དན་དམར་པོ་ལྷབས་སེ་ལྷབ། །གཡོན་ན་མྱུར་མགྱོགས་གློག་གི་ཞགས། །ཉམས་པའི་དགྲ་བོའི་མགུལ་བར་ 6-28-58b འཆིང་། །འཁོར་གསུམ་གོ་ཁྲབ་བསེ་རྨོག་དང་། །འཕྲུ་དམར་ལེ་རྒན་དར་གྱིས་བརྗིད། །བཙན་འཁོར་སྤྲུལ་པ་རྒྱ་མཚོའི་ཚོགས། །ཉི་ཟེར་རྡུལ་ལྟར་ཀུན་དུ་འཁྲིགས། །ཀི་བསོ་ཆ་སྒྲ་དི་རི་ རི། །བོས་པ་ཙམ་གྱིས་གློག་བཞིན་གཡོ། །བསྒྲུབས་ན་ཕྲིན་ལས་རྣམ་བཞིའི་བདག །མ་གཡེལ་ཆོས་སྐྱོང་མཐུ་བོ་ཆེ། །དབང་ཆེན་དཔལ་གྱི་དམ་བཞིན་དུ། །རྣལ་འབྱོར་བདག་གིས་སྤྱན་ དྲངས་ཚེ། །མྱུར་དུ་དགྱེས་པས་འདིར་བྱོན་ལ། །དངོས་དང་ཏིང་འཛིན་རྩལ་སྣང་ལས། །དགྲ་བགེགས་ཤ་རི་ཁྲག་གི་མཚོ། །བདེ་སྟོང་དབང་གི་འོད་དམར་འཁྲུགས། །འདོད་ཡོན་ལྷ་ མོའི་ཟེར་འཕྲོ་བ། །ཡེ་ཤེས་བདུད་རྩིའི་རང་བཞིན་འདིས། །ཆེ་བཙན་རྒྱལ་པོ་གཙོ་འཁོར་དཔུང་། །གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །པདྨ་ཐོད་ཕྲེང་དགྱེས་པའི་གར། །རྟ་སྐད་ གཙུག་ན་རྔམས་པའི་རྗེ། །རང་རིག་ཐིག་ལེར་རོ་གཅིག་པའི། །ཕྲིན་ལས་རང་སྣང་དཔའ་བོ་ཆེས། །མངོན་སུམ་ཉམས་དང་རྨི་ལམ་ལ། །དགྱེས་མཆོག་དབང་གི་ཞལ་རས་ཀྱིས། །རྟག་ཏུ་ འདུ་འབྲལ་མེད་པར་སྐྱོངས། །ལས་བཞིའི་ཕྲིན་ལས་གང་བརྩམས་པ། །རྣོ་མྱུར་གློག་ལྟར་གཡོ་བ་དང་། །ཁམས་གསུམ་བྲན་དུ་བྱིན་ནས་ཀྱང་། །དབང་མཆོག་ནོར་བུའི་ཁྲི་ལ་འཁོད། ། 6-28-59a ཐུགས་གསང་བདེ་སྟོང་སྒྱུ་མའི་འོད། །རང་སྣང་དབྱིངས་སུ་རོ་གཅིག་པའི། །རྣམ་རོལ་དབང་གི་གློག་ཕྲེང་གིས། །ཡིད་བཞིན་འདོད་པ་འཇོ་བར་མཛོད། །རབ་ཚེས་ ཤིང་ཁྱི་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གསུམ་ལ་ལབ་ཆོས་སྡེ་དགོན་དུ་ཉམས་ཞི་དྲག་འདྲེས་པ་དབང་མཛད་སྤྲིན་གྱི་རོལ་མོ་ལས་རྡོལ་བའི་གསོལ་མཆོད་དབང་གི་གློག་དམར་རྣོ་མྱུར་མངོན་སུམ་གཡོ་བ་ཨི་ཐི་རྒྱ།། །། ༈ གཟའ་ རྒོད་པི་ལིང་འཕར་མའི་གསོལ་བྱང་གནམ་ཐོག་འབར་བ་བཞུགས་སོ། །ན་མོ་པདྨ་བཛྲཱེ་ཡེ། དམར་གཏོར་ཤ་ཁྲག་ར་ཤས་བརྒྱན་པ་དང་སྐྱེམས་ཕུད་བཤམས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཧཱུྃ། གསང་བདག་ རྡོ་རྗེ་འཛིན་པ་ཡི། །ཕྲིན་ལས་དྲག་པོ་རཱ་ཧུ་ལའི། །ལས་མཁན་ཕོ་ཉ་དྲག་རྩལ་ཅན། །སྡིག་ཅན་ཉམས་པའི་གཤེད་ཆེན་པོ། །གཟའ་རྒོད་པི་ལིང་འཕར་མ་ནི། །མི་ནག་གཅེར་བུ་མཐེ་བོང་ཙམ། ། རྟ་ནག་བྱི་བ་ཙམ་ཞིག་ཞོན། །དར་ནག་རུ་མཚོན་ལག་ན་ཐོགས། །ཕྱོགས་དང་དུས་ཀྱི་ཆར་རྒྱུ་བའི། །གདོང་དུ་སུ་འཕྲད་ཧུར་ཐུམ་གསོད། །ཉེ་བའི་འཁོར་བཅུ་ཡང་འཁོར་ནི། །སྡེ་བརྒྱད་ ཁྲོམ་སྣ་བརྒྱད་ཀྱིས་བསྐོར། །བསྟན་པ་བསྲུང་ཞིང་ཉམས་པ་སྒྲོལ། །གསང་བདག་པདྨ་འབྱུང་གནས་སོགས། །རྒྱལ་བ་རིག་འཛིན་བརྒྱུད་པ་ཡི། །བཀའ་དང་དམ་ཚིག་ཇི་བཞིན་དུ། ། 6-28-59b འདིར་བྱོན་དམ་རྫས་གཏོར་མ་བཞེས། །ཐུགས་དམ་དགྱེས་བསྐང་ཉམས་ཆགས་བཤགས། །རྟག་ཏུ་བདག་ལ་བུ་བཞིན་དགོངས། །རྣམ་བཞིའི་ཕྲིན་ལས་ཐོགས་མེད་སྒྲུབས། ། ཁྱད་པར་ཡིད་ལ་བརྣག་པ་ཡི། །དགྲ་བགེགས་སྡིག་ཅན་འབྱུང་པོའི་ཚོགས། །ད་ལྟ་ཉིད་དུ་ཧུར་ཐུམ་སོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕེ་ལང་རཀྴ་བིཥྞུ་ཀཱ་ལ་རཱུ་པ་མ་ཧཱ་ པཉྩ་ཨ་མྲྀ་ཏ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷི་ཕ་ལ་ཧཱུྃཿ ཅེས་ཕུལ་བས་ཕྲིན་ལས་ཤིན་ཏུ་མྱུར་བར་བྱེད་དོ། །ཞེས་པའང་འཇམ་དཔལ་རྡོ་རྗེས་རབ་ཚེས་ས་ཕག་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་ལ་བཀོད་པ་འདིས་དམ་ལྡན་ རྣམས་ཀྱི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག །མངྒ་ལཾ། འདིའི་རྒྱུ་ཐེབས་དང་བསྟུན་ནས་མཆོད་པ་དང་། རྦད་པ་བྱས་ན་ལྷག་པར་སྟོབས་ཆེ་ཞིང་མྱུར་རོ། །དགེ་ལེགས་འཕེལ། སླར་ས་སྤྲེལ་ཟླ་བ་གཉིས་པའི་ཚེས་ ཉེར་གསུམ་ལ་ཁྲ་མགུ་རི་ཁྲོད་དུ་མ་དཔེ་ལས་ཞལ་བཤུས་པ་དགེ། །། ༈ བྷ་གསོལ་དབང་དྲག་གློག་ཞགས་བཞུགས། ན་མོ་གུ་རུ་བཛྲ་སིདྡྷི་ཧཱུྃ༔ བླ་མ་པདྨ་འབྱུང་གནས་འདུད༔ ང་ཡི་ལས་རྣམས་འགྲུབ་བྱའི་ཕྱིར༔ ཁྱོད་ཀྱིས་སྨོས་བཞིན་ལུང་བསྟན་པ༔ གསལ་ཞིང་གསལ་ལ་ཆམ་མེར་ཞོག༔ དེ་ཡི་ངང་ནས་ང་ཉིད་ཀྱི༔ ཧོ་ར་ལིང་གི་སྔགས་བསྒྲང་ལ༔ གཏོར་མ་ཕུལ་བར་འདོད་ན་འདི་བཞིན་བྱ༔ ཧཱུྃ༔ ནུབ་ཕྱོགས་ཕ་ཝང་ 6-28-60a ལོང་བུའི་མཁར༔ སྐྱེས་མཆོག་རྡོ་རྗེ་ཐིག་ལེ་རྩལ༔ ཁྱོད་ཀྱི་བཀའ་ཉན་ལས་ཀྱི་བདག༔ བྷ་ཡིག་སྲོག་གི་འཁོར་ལོ་ཅན༔ ད་ལྟ་མྱུར་བར་འདིར་གཤེགས་ལ༔ དམ་རྫས་ར་ཡི་ཤ་ཁྲག་དང་༔ ར་གསུར་དུད་པ་སྤྲིན་ལྟར་གཏིབས༔ སུ་ར་ཆང་དང་བ་ལིང་ཏའི༔ མཆོད་པ་དམ་པ་འདི་ཉིད་ཀྱིས༔ ཨ་ཙར་དམར་པོ་ཧོ་ར་མཆོད༔ མུན་པ་ནག་པོའི་ཐུགས་ དམ་བསྐང་༔ བརྔན་ཅིང་འདོད་པའི་ལས་འདི་སྒྲུབས༔ བྷ་ཧོ་ར་ལིང་ས་པ་རི་ཝཱ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ འདི་ཡི་ལས་སྣ་ཚོགས་མུན་པ་སྒོ་བརྡུང་སོགས་ཡོད་པ་རྗེས་སུ་བསྟན་ནོ། །ཞེས་ཤར་ ཞེས་པ་འདི་ནི་སྣང་གསལ་པྲ་ཡི་མེ་ལོང་ལས་ཨ་ཙར་དམར་ནག་དངོས་སུ་མཐོང་བའི་ཚེ་གསོལ་ཁ་ཁྱད་པར་ཅན། བྱིན་རླབས་ཆེ་ཞིང་ཤིན་ཏུ་མྱུར་བ་རྟགས་མཚན་སྟོན་པ་ཞིག་ཡང་ཡང་ཞུས་པས། སླད་ནས་རབ་ཚེས་ས་གླང་དབྱུག་ཟླའི་ ཚེས་ཉེར་དྲུག་ལ་དཔའ་བོ་ཧ་ཡ་གྲཱི་བས་སྣང་གསལ་མེ་ལོང་ལས་ཡིག་གཟུགས་གསལ་པོར་མཐོང་བ་མྱུར་བར་སྨོད་རིམ་བཞིན་མི་ཕམ་རྣམ་པར་རྒྱལ་བས་ཡི་གེར་བཀོད་པ་བི་ཛ་ཡནྟུཿ ར་ཙ་མི་བཏགས་ལེགས་བབས་དགེ། །། ༈ ཐུགས་གསོལ་བཞུགས། ཧཱུྃ། མདུན་རྟེན་བྷྲཱུྃ་ལས་དྲག་པོའི་གཞལ་ཡས་ཁང་། །ཕྱི་ནང་གསང་བའི་དམ་རྫས་སྤྲིན་ལྟར་གཏིབ། །མི་མཐུན་བདུད་ལས་རྒྱལ་བའི་ཕོ་བྲང་ནི། །དཔལ་ 6-28-60b ལྡན་ཆོས་སྐྱོང་དགྲ་བླའི་དཔའ་རྫོང་མཆོག །མཛེས་བརྗིད་རྒྱལ་མཚན་སྲིད་རྩེར་བསྒྲེང་བ་འདིར། །གསང་རྟེན་བླ་རྡོ་སྲོག་གི་འཁོར་ལོ་རྣམས། །དྲེགས་པའི་སྐུ་གསུང་ཐུགས་སུ་ཡེ་ནས་ ཤར། །དམ་ཚིག་དབང་གིས་མི་འདའ་དགྱེས་བཞུགས་ཕྱིར། །རང་བཞིན་དབྱིངས་ལས་ཐུགས་རྗེ་བསྐུལ་ཚུལ་དུ། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །མཁའ་ལ་སྤྲིན་ལྟར་ ཐུགས་རྗེའི་ཤུགས་ཀྱིས་ནི། །ཚུར་བྱོན་རྟེན་མཆོག་འདི་ལ་དགྱེས་པར་བཞུགས། །རྩ་གསུམ་རབ་འབྱམས་བརྟན་པར་བཞུགས་སུ་གསོལ། །དཔལ་མགོན་མ་ནིང་བརྟན་པར་བཞུགས་སུ་གསོལ། ། ལེགས་ལྡན་ནག་པོ་བརྟན་པར་བཞུགས་སུ་གསོལ། །ཚོགས་ཀྱི་བདག་པོ་བརྟན་པར༴ ཨེ་ཀ་ཛ་ཊི་བརྟན་པར༴ དཔལ་ལྡན་ལྷ་མོ་བརྟན་པར༴ སྨན་བཙུན་མཆེད་ལྔ་བརྟན༴ རྣམ་ སྲས་ཛཾ་ལྷ་བརྟན༴ རྡོ་རྗེ་ལེགས་པ་བརྟན་པར༴ གཟའ་བདུད་ཆེན་པོ་བརྟན༴ ཡ་མ་རཱ་ཛ་བརྟན༴ གཉན་ཆེན་ཐང་ལྷ༴ ནོར་བུ་དགྲ་འདུལ༴ རོལ་པ་རྐྱ་བདུན༴ སྡེ་དཔོན་སུམ་ཅུ་བརྟན༴ དྲེགས་པ་བཅོ་བརྒྱད༴ རྒྱུད་གསུམ་སྲུང་མ༴ དམ་ཅན་རྒྱ་མཚོ་བརྟན༴ དགྲ་བླ་ཝེར་མ༴ སྣང་སྲིད་དྲེགས་པ་བརྟན་པར་བཞུགས་སུ་གསོལ། །མཆོད་བཞེས་དམ་སྐོང་དབང་དང་དངོས་ 6-28-61a གྲུབ་སྩོལ། །རྟག་ཏུ་མི་འབྲལ་འགྲོགས་པའི་དམ་བསྲེ་ན། །བྱང་ཆུབ་བར་དུ་སྲུང་སྐྱོབས་སྟོང་གྲོགས་དང་། །ཉིན་མཚན་གཡེལ་མེད་བྱ་ར་མེལ་ཙེ་མཛོད། །ཕྱི་ཡི་བར་ ཆད་ནང་དུ་མི་གཏོང་ཞིང་། །ནང་གི་དངོས་གྲུབ་ཕྱི་རུ་མ་ཤོར་བར། །ལས་བཞིའི་ཕྲིན་ལས་གློག་ལྟར་གཡོ་བ་ཡི། །རྟགས་དང་མཚན་མ་མངོན་དུ་བསྟན་པར་མཛོད། །དགྱེས་པའི་དཔལ་ཡོན་ ཉི་ཟླའི་སྣང་བ་ཡིས། །སྲིད་ཞིའི་དགེ་མཚན་བཅུད་དུ་འགུག་པ་དང་། །ཇི་ལྟར་རེ་ཞིང་བཅོལ་བའི་དོན་རྣམས་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་ཐམས་ ཅད་འདུལ་ཅེས་པའི་བགྲང་བྱའི་ཁྲུམ་ཟླའི་ཚེས་འདོད་པའི་གྲངས་ལ་སྒྲུབ་ཁང་བདུད་ལས་རྣམ་པར་རྒྱལ་བར་འཇམ་དཔལ་རྡོ་རྗེས་བསྙེན་མཚམས་ཀྱི་སྐབས་སུ་ཤར་མར་བྲིས་པ་ཕྱོགས་དུས་ཀུན་ཏུ་དགེ་ཞིང་ཤིས་པའི་དཔལ་ཡོན་འབར་བར་གྱུར་ཅིག ། ༈ ཆོས་སྐྱོང་སྒྲུབ་ཐབས་ལ། རང་ཡི་དམ་གསལ་ལ་བསྙེན་པ་བརྒྱའམ་སྟོང་བཟླས། སྤྱི་བོར་པད་འབྱུང་སྣང་སྲིད་ཟིལ་གནོན་གསལ་བས་དྲེགས་པ་ཟིལ་གནོན་བསམ། རང་མདུན་ ཆོས་སྐྱོང་གང་ཡིན་གསལ། ཐུགས་ཀར་སོ་སོའི་ས་བོན་མཐར་རང་སྔགས་སྐོར་བ་གསལ། བདག་ཐུགས་འོད་དཀར་པོ་བདུད་རྩིའི་རང་བཞིན་ཅན་འཕྲོས། དྲེགས་པའི་ཐུགས་ཀའི་ས་བོན་སྔགས་ 6-28-61b བཅས་ལ་ཕོག །སྔོན་གྱི་དམ་བཅའ་དྲན་ནས་དགྱེས་པ་བསྐྱེད་ཅིང་བདག་ལ་ཤིན་ཏུ་དགྱེས་ཤིང་བཀའ་ཉན་པར་བསམས་ལ། སོ་སོའི་སྔགས་ཁྲི་གཅིག་བཟླ། ཐུན་མཐར་མཆོད་རྫས་བཟང་ པོ་བཅས་མཆོད་བསྟོད་ཕྲིན་ལས་བཅོལ་ལ་འབད། དེ་ནི་བསྙེན་པའོ། །རྟེན་ཡོད་ན་བརྟན་བཞུགས་ ༢༡ བྱ། སྔགས་དང་ས་བོན་ནི། མ་ནིང་། ཧཱུྃ་ག་ཎ་གུ་ཧྱ༴ རྒྱུད་མགོན། ཧཱུྃ་་རུ་ཀུ་རུ༴ ཚོགས་ བདག་ཧཱུྃ་ཤྲི་མ་ཧཱ༴ སྔགས་བདག་ཏྲག་རོ་རུ་ཨེ་ཀ༴ ལྷ་མོ། བྷྱོ་རུ་རུ༴ ཚེ་རིང་མ། བཾ་ཧ་རི་ནི་ས༴ སྔགས་བཛྲ་པྲ་མོ་ཧ༴ ལྷ་ཆེན། ཨཾ། མ་ཧཱ་དེ་བ༴ རྣམ་སྲས། བཻཿབེ་ཤྲ་ ཛཾ་བྷ་ལ། ཛཾཿ ཛཾ་བྷ་ལ༴ དམ་ཅན། ཏྲིཿ བཛྲ་ས་དུ་སོགས། གཟའ། ཀྵཿ ཧྲཱི་ཤག༴ ལས་གཤིན། ཡ། ཡ་མ་རཱ་ཛ༴ ཐང་ལྷ། ཨཿ ཐང་ཀ་ར༴ ཙི་དམར། ཏྲིཿ རཀྵ་ རཀྵ༴ གེ་སར། ཨ་འམ་ཧཱུྃ། མ་ཧཱ་སེང་ཧ༴ དྲེགས་པའི་སྡེ་དཔོན་སོ་སོའི་ས་བོན་ནམ་ཧཱུྃ་འམ་ཨེ༴ བཛྲ་ཙནྡྲ༴ སརྦ་དུཥྚཾ་ཨེ་ཛ་བྷྱོ། སྔགས་བདག་ཨེ། བཛྲ་སརྦ་དུཥྚཾ་ཧཱུྃ་ཕཊ། སྡེ་བརྒྱད་ སོ་སོའི་ས་བོན་སྦྲོམ་ཚོགས། ཨ། ཡ་མ༴ བཛྲ་ས་མ་ཡ་ཛ་ཛཿ སྒྲུབ་པ་ནི། དྲེགས་པའི་འཁོར་རྣམས་ཀྱི་སྲོག་ཆུང་རིམ་ནས་རིམ་པར་གཙོ་བོར་བསྡུ། གཙོ་བོའི་ཐུགས་སྦྲོམ་དྭངས་མ་ལྔ་འདུས་ 6-28-62a ནས་འཕྲོས་པའི་འོད་ཟེར་རང་གི་ཧཱུྃ་གི་ཞབས་ཀྱུ་ནས་ཞུགས་སྲོག་དབང་འདུས་བསམ། ཐུན་མཐར་དྲེགས་པ་འཁོར་བཅས་འོད་ཞུ་རང་ལྟེ་བར་ཐིམ་མཉམ་ཉིད་ངང་བཞག་གོ། དྲེགས་པའི་སྔགས་ཁྲི་གཅིག་བཟླ། ཐུན་མཐར་མཆོད་བསྟོད་གཉིས་མཐུན་བསྟིམ་སྔགས་སོགས་འདྲ། ལས་སྦྱོར་ནི། རང་ཐུགས་འོད་ཀྱིས་དྲེགས་པའི་ཐུགས་དམ་བསྐུལ། སྤྲུལ་པ་ཡང་ སྤྲུལ་ཕོ་ཉའི་ཚོགས་ཀྱི་ཞི་སོགས་དང་པོ་ནི་དེ་ལ་དྲེགས་པ་སོ་སོར་གང་འདོད་བསྒྲུབ་བསམ། དྲེགས་པའི་སྔགས་ཁྲི་གཅིག་བཟླས་ཁྲི་འབུམ་མོ། །དྲེགས་པའི་བསྙེན་པ་རྫོགས་མཐར་རྟགས་ ཡོང་བར་འགྱུར། བསྙེན་སྒྲུབ་ལ་སོ་སོའི་རྒྱལ་སྡེ་ལ་བརྒྱ་ཙམ་བཟླ། དམ་བསྐང་སོགས་བརྟགས་སྦྱར་བཟླ། སྒྲུབ་པའི་མཐར་དངོས་གྲུབ་ལེན་པའི་རྒྱལ་སྡེ་བ་ཕྱིར་དབང་དུ་མ་འདུས་ན་གཙོ་ སྔགས་ཀྱིས་མནན་བརྒྱ་རེ་ཙམ་དང་། ཁུག་གཞུག་སོགས་རྟག་དང་སྦྱར་བས་མན་ངག་ལྟར་བཟླ། ལན་གསུམ་སྤོག་ཚུལ་གཉིས་གསུམ་འབུམ་བཟླས་པས་འགྲུབ་བོ། །ས་མ་ཡཿ དེས་ དྲེགས་པ་ལས་ལ་འཁོལ་བར་གདོན་མི་ཟའོ། །རབ་ཚེས་མེ་སྤྲེལ་ཟླ་བ་བཞི་པའི་ཚེས་ཉེར་གསུམ་གུང་ཐུན་ལ་མི་ཕམ་པས་ཕྲལ་བྲིས་ཤིན་ཏུ་ཟབ་རྗེས་ནས་འདི་ཞིབ་དགོས་སོ། །མངྒ་ལཾ། ། 6-28-62b ༁ྃ༔ སྐོང་བཤགས་བཞུགས་སོ། །བསྐང་བ་ནི། ཧཱུྃ༔ བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་༔ དུར་ཁྲོད་རྔམ་བརྗིད་རོལ་པའི་དཀྱིལ་འཁོར་འདིར༔ བསྟན་སྲུང་དམ་ཅན་རྒྱ་ མཚོ་འཁོར་བཅས་ལ༔ དམ་རྫས་ཕྱི་ནང་གསང་བས་ཐུགས་དམ་བསྐང་༔ ཧཱུྃ༔ འབོད་པའི་དམ་རྫས་གཡབ་དར་ནག་པོ་དང་༔ སྒྲུབ་པའི་དམ་རྫས་རྟག་གཏོར་ཆེན་པོ་དང་༔ རྒྱུན་དུ་འགྲོགས་ པའི་རྒྱུན་གཏོར་ནར་མ་དང་༔ བདུད་རྩི་སྨན་རག་མཆོད་པས་ཐུགས་དམ་བསྐང་༔ ཧཱུྃ༔ སྐུ་འབགས་ཟིལ་གནོན་སྐུ་ཡིས་ཐུགས་དམ་བསྐང་༔ རྐང་གླིང་རོལ་མོ་དབྱངས་ཀྱིས་ཐུགས༴ ཏིང་ འཛིན་མཉམ་ཉིད་ལྟ་བས་ཐུགས༴ མཱཾ་སའི་བྱེ་བྲག་ཟས་ཀྱིས༴ རཀྟ་བདུད་རྩི་སྐོམ་གྱིས༴ སྐུ་ཆས་རྒྱན་ལྡན་གོས་ཀྱིས༴ ཕྱག་མཚན་སྣ་ཚོགས་ཕྲིན་ལས༴ དགྲ་བགེགས་ཆོམ་འབེབས་ མཐུ་ཡིས༴ སྙན་གྲགས་ཀུན་ཁྱབ་ནུས་པས༴ ཚོགས་གཏོར་བརྗོད་པ་བསྙེན་པས༴ དུག་ཁྲག་ཨརྒྷཾ་ཁྲུས་ཆུས༴ དམར་གསུར་དུད་པ་སྤོས་ཀྱིས༴ འགུགས་འཆིངས་བསྐྲད་དབྱེ་བསྒྲལ་ མཆོད༴ སྲུང་ཟློག་བསད་པ་ལས་མཐས༴ བསྙེན་སྒྲུབ་མཚམས་དང་མཆོད་པས་ཐུགས་དམ་བསྐང་༔ ཧཱུྃ༔ གཞན་ཡང་དཀར་པོ་དགེ་བའི་ལས་ནི་ཅི་མཆིས་པ༔ དམ་ཚིག་གཙང་ཞིང་ 6-28-63a བྱང་ཆུབ་སྒྲུབ་པའི་ལས༔ དེ་དག་ཀུན་གྱིས་ཐུགས་དམ་བསྐང་གྱུར་ཅིག༔ ཐུགས་དམ་མ་བསྐང་པ་རྣམས་བསྐང་བ་དང་༔ བསྐངས་པ་སླར་ཡང་ཆུད་མི་ཟ་བ་དང་༔ གོང་ནས་གོང་འཕེལ་ཆོས་སྐྱོང་མཉེས་གྱུར་ཅིག༔ ཧཱུྃ༔ དེ་ལྟར་མཆོད་པའི་ཡོ་བྱད་མ་ལུས་པས༔ དཔལ་མགོན་ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་༔ དཔལ་འབར་མ་ཧཱ་ཀཱ་ལའི༴ དཔལ་ལྡན་ཚོགས་ཀྱི་བདག་པོའི་ཐུགས༴ མ་མོ་ཨེ་ཀ་ཛ་ཊིའི༴ མ་ཅིག་དཔལ་ལྡན་ལྷ་མོའི༴ ཞིང་སྐྱོང་སྨན་བཙུན་རྒྱལ་མོའི༴ དམ་ཅན་སྐྱེས་བུ་ཆེན་པོའི༴ དྲང་སྲོང་གཟའ་བདུད་ཆེན་ པོའི༴ འཆི་བདག་ལས་ཀྱི་གཤིན་རྗེའི༴ ལྷ་ཆེན་རྡོ་རྗེ་འབར་བའི༴ དོན་གྲུབ་དགྲ་བླའི་རྒྱལ་པོའི༴ ཆེ་བཙན་རོལ་པ་རྐྱ་བདུན༴ རྣམ་སྲས་ཛཾ་ལྷ་ཡབ་ཡུམ༴ དྲེགས་པའི་སྡེ་དཔོན་སུམ་ ཅུའི༴ སྔགས་བདག་དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང་༔ མདོར་ན་བརྒྱུད་གསུམ་བླ་མའི་དམ་འཛིན་པ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧཱུྃ༔ བསྐང་ངོ་བསྐལ་ པས་ཐུགས་དམ་བསྐང་༔ ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔ སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ བསྐངས་གྱུར་དབང་དང་དངོས་གྲུབ་སྩོལ༔ ༁ྃ༔ བཤགས་པ་ནི༔ 6-28-63b ནཤ྅ཐཊགྲཆཏྱཀིཞསཥཿ ཧཱུྃ༔ ནག་པོ་ཆེན་པོ་གསན་ཅིང་དགོངས་སུ་གསོལ༔ དཔལ་མགོན་འཁོར་བཅས་གཟིགས་ཤིང་དགོངས་སུ་གསོལ༔ ཕོ་ཉ་ལས་མཁན་མྱུར་མགྱོགས་དགོངས་ སུ་གསོལ༔ དཀྱིལ་འཁོར་མུ་རན་སྐྱོང་རྣམས་གཟིགས་སུ་གསོལ༔ ཧོཿ བདག་ཅག་རྣལ་འབྱོར་མ་རིག་མ་རྟོགས་ཏེ༔ གསང་སྔགས་གཞུང་དང་འགལ་བ་མཐོལ་ལོ་བཤགས༔ ལེ་ ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ སྒོ་གསུམ་གཡེང་བས་འདས་པ་མཐོལ་ལོ་བཤགས༔ དཔལ་མགོན་ནག་པོའི་ལྷ་ཚོགས་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་ བཤགས༔ བསྐྱེད་རྫོགས་གཞུང་དང་འགལ་བ་མཐོལ༴ སྒྲ་བརྗོད་ཚིག་ཟུར་ཉམས་པ༴ མཆོད་པའི་འབྱོར་ཚོགས་ཆུང་བ༴ གཙང་སྦྲ་བརྩོན་འགྲུས་ཞན་པ་མཐོལ༴ བྱིང་རྨུགས་ལེ་ལོར་ཤོར་ བ་མཐོལ༴ བསྒྲལ་མཆོད་དུས་ལས་འདས་པ་མཐོལ་ལོ་བཤགས༔ ཉམས་ཆགས་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ༔ འཕྲལ་ཡུན་ བར་ཆད་མེད་པར་མཛད་དུ་གསོལ༔ འདི་ནི་འཇའ་ཚོན་སྙིང་པོའི་གཏེར་བྱོན་མ་ནིང་གི་བསྐང་བ་དང་བཤགས་པ་ཡིན་ལ་བསྐང་བ་ལ་ཁ་སབ་ཙམ་བྱས་པ་དགེའོ། ། ༈ རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་ 6-28-64a བསྟོད་པ་ཚངས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མཿཤྲཱི་བཛྲ་དྷརྨ་པཱ་ལ་ཡེ། ཚངས་པ་མགྲིན་སྔོན་ཁྱབ་འཇུག་དང་ནི་དབང་པོ་ཉེ་དབང་བཙུན་མོར་བཅས། །ལྷ་ ཆེན་ཀུན་གྱིས་མངོན་པར་བསྟོད་པ་དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྷ་མིན་ཚོགས་དང་ལྷ་མིན་ཡིད་ཅན་བསྟན་དགྲ་མ་ལུས་བརླག་མཛད་པ། །ཧེ་རུ་ཀ་ཡི་སྤྲུལ་པ་མཆོག་གྱུར་ཀྲོ་ཏི་ཡུམ་གྱི་བདག་ པོར་འདུད། །ལྷ་ཡི་ལྷར་གྱུར་ཆེ་བའི་མཆོག་ལྡན་བདག་མེད་རྡོ་རྗེ་ཁྲོས་པའི་གར། །བདག་འཛིན་རུ་ཏྲའི་སྙིང་ཁྲག་རྔུབ་མཛད་འཇིགས་རུང་རྡོ་རྗེ་སྲིན་པོའི་གཟུགས། །འཇིག་དུས་མེ་དཔུང་ འབུམ་གྱི་གཟི་ལྡན་འཆོལ་བའི་ཁྲོ་རྒྱལ་མ་ནིང་ནག །བདུད་སྡེའི་གཤེད་གྱུར་ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྒྱལ་པོར་བསྟོད། །སྙིང་རྗེའི་དབང་ཕྱུག་སྙིང་རྗེས་ཁྲོས་གང་འཇིག་ དུས་སྤྲིན་གྱི་གཟུགས་ལྡན་པ། །དྲན་པའི་མོད་ལ་བདུད་སྡེའི་དོན་སྙིང་ལྐོག་མར་འབྱིན་མཛད་ནག་པོ་ཆེ། །འབུམ་ཕྲག་བསྐལ་པའི་མེ་ཆེན་འཁྱིལ་དབུས་སྡིག་ཅན་བསྟན་དགྲའི་སྙིང་གར་ནི། ། གར་དགུའི་ཉམས་ཀྱིས་རོལ་བར་མཛད་པ་དཔལ་མགོན་ཚོགས་ཀྱི་བདག་པོར་འདུད། །ཁྲོས་པའི་ཞལ་གྱི་སྤྲིན་ནག་འཁྲིགས་ལས་སྡང་མིག་གློག་ཞགས་རྣམ་གཡོ་ཞིང་། །ཚེམས་ཀྱི་མྱུ་གུ་ 6-28-64b གངས་རིའི་མདངས་འཛིན་སྐྱིན་ཐང་ཟོལ་གྱིས་དགྲ་ལ་འབེབས། །ལྕགས་ཀྱི་སྡེར་མོ་གནམ་ལྕགས་འབར་བས་ཉམས་པའི་ཙིཏྟ་དྲུང་འབྱིན་པའི། །སྲིད་རྒྱལ་མ་ཞེས་སྔགས་སྲུང་གཙོ་མོ་ནམ་མཁའི་ རལ་གཅིག་འཛིན་ལ་བསྟོད། །སྲིད་གསུམ་གནས་ཀུན་ཡུད་ཀྱིས་ཉུལ་ཞིང་སྡིག་ཅན་བསྟན་དགྲའི་སྙིང་སྲོག་ལ། །འཇིགས་པའི་དྲག་ཤུལ་རྡོ་རྗེའི་ཐོག་ཆར་ཐོགས་མེད་མཐུ་ཡིས་འབེབས་ མཛད་མ། །སྣང་སྲིད་དབང་བསྒྱུར་མཁའ་འགྲོའི་རྗེ་མོ་ཕྲིན་ལས་རྣམ་བཞིའི་ཟློས་གར་ཅན། །རེ་མ་ཏི་ཞེས་བསྟན་སྲུང་རྒྱལ་མོ་སྣང་སྲིད་མ་མོའི་འཁོར་བཅས་བསྔགས། །སྲིད་ཞིའི་ མཛེས་སྡུག་སྙིང་པོར་བསྡུས་འདྲ་ཡིད་འོང་ཟླ་བའི་ཞལ་གྱི་ཁྱིམ། །ཚེ་གཡང་འདོད་དགུ་མི་ཟད་འཇོ་བའི་འཛུམ་དཀར་སྣང་བའི་དགའ་སྟོན་ཅན། །མཐོང་བ་ཙམ་གྱིས་བདེ་ཆེན་སྟེར་མཛད་ ལྷན་སྐྱེས་གསང་བའི་ཌཱ་ཀི་ནཱི། །ཞིང་སྐྱོང་སྨན་བཙུན་རྒྱལ་མོའི་ཚུལ་སྟོན་མཆེད་ལྔ་སྤྲུལ་པར་བཅས་ལ་འདུད། །གནོད་སྦྱིན་གཏེར་གྱི་རྒྱ་མཚོ་ཆེ་ལས་དགོས་འདོད་ནོར་བུའི་མཆོག་སྦྱིན་ པའི། །རྣམ་མང་ཐོས་སྲས་ལྷ་མོར་བཅས་པ་གང་དག་བུ་མང་ལྡན་པའི་ཚོགས། །ཐུགས་རྗེའི་གདེང་ཀ་རྣམ་པར་གཡོ་ཞིང་བྱམས་པའི་ཕྱག་གིས་ཉུག་མཛད་པ། །དེ་དག་ཀུན་ལ་གུས་པས་ 6-28-65a འདུད་དོ་འབྲུ་ནོར་ལོངས་སྤྱོད་ཆར་ལྟར་ཕོབ། །ལས་བྱེད་མོན་པའི་རླུང་ནག་དང་འགྲོགས་སྦུད་པའི་གཟུགས་དང་རྡོ་རྗེའི་མདའ། །ལྷན་ཅིག་རྦད་པས་དགྲ་སྙིང་གཏོར་ཞིང་ དགྲ་བོའི་ཀླད་པ་འགེམས་མཛད་པའི། །སྒྲོལ་གིང་ལས་ཀྱི་བཤན་པ་མཆོག་དང་དམ་ཅན་མ་མོ་ངན་ནེ་མ། །དཀོར་ནོར་སྲུང་བའི་བྱེད་པོ་ཀུན་ལ་རབ་ཏུ་དང་བས་བདག་ཕྱག་འཚལ། །སྡིག་ཅན་ དགྲ་བོའི་སྙིང་ཁྲག་རྫིང་བུར་མི་སྡུག་གཟུགས་ཀྱི་ཚང་ཚིང་འཁྲིགས། །སྲིད་གསུམ་སྲོག་དབུགས་གཅིག་ཆར་རྡུབ་པའི་ལྟོ་ཞལ་འཇིགས་རུང་མཁའ་ལ་གདེང་། །ལེགས་ཉེས་འབྱེད་པའི་སྤྱན་ སྟོང་བགྲད་ལས་དམ་ཉམས་སྙིང་ལ་དུག་ཆར་འབེབས། །གསང་བདག་དཔའ་བོའི་བཀའ་སྡོད་མཐུ་ཆེན་འཇིགས་མཛད་རཱ་ཧུ་ལ་ལ་འདུད། །འབུམ་ཕྲག་བསྐལ་པའི་མེ་ཡིས་འཁྱུད་པ་ནག་ པོ་བརྩེགས་པའི་རི་དབང་གཟུགས། །དྲག་ཤུལ་དུག་རླངས་ས་གསུམ་ཁྱབ་མཛད་འཇིགས་པའི་དུས་ཀྱི་སྒྲ་དབྱངས་ཅན། །སྲིད་གསུམ་མ་ལུས་རྡུལ་དུ་བཤིག་པ་རྡོ་རྗེའི་བེ་ཅོན་རྔམ་སྟབས་ གདེངས། །ཁམས་གསུམ་སྲོག་དབུགས་གང་གིས་སྡུད་པ་འཆི་བདག་ལས་ཀྱི་གཤིན་རྗེར་བསྟོད། །མི་ཤིགས་རྡོ་རྗེའི་སྐུ་གསུང་ཐུགས་ལྡན་ལྡོག་མེད་རྡོ་རྗེ་བཙན་པོའི་མཐུ། །རྡོ་རྗེའི་རི་དབང་ 6-28-65b འབུམ་གྱིས་བརྗིད་འདྲ་རྒྱལ་འགོང་དམ་སྲིའི་སྲོག་སྙིང་ལ། །རུལ་བའི་བྲག་ལ་གནམ་ལྕགས་ཐོག་བཞིན་བཟོད་པར་དཀའ་བའི་ངང་ཚུལ་ཅན། །ས་བརྒྱད་སེམས་དཔའ་ཡུལ་ལྷའི་ཚུལ་ སྟོན་རྡོ་རྗེ་འབར་བ་དེ་ལ་བསྔགས། །མཆོག་ཏུ་ཞི་བ་སྙིང་རྗེའི་ཐུགས་ལྡན་ཟླ་གཞོན་བྱེ་བའི་འཛུམ་དཀར་ཅན། །འདོད་དགུའི་མཆོག་སྩོལ་ནོར་བུའི་སྤྲིན་ཆེན་ཡིད་བཞིན་དབང་གིས་གློག་ དམར་འཁྱུགས། །བདུད་སྡེའི་སྲོག་རྩ་དུམ་བུར་འཐོར་བྱེད་ཕྲིན་ལས་དྲག་པོའི་ཐོག་ཆར་འབེབས། །དྲན་པའི་མོད་ལ་ཕྱོགས་ལས་རྣམ་རྒྱལ་དོན་གྲུབ་དགྲ་བླའི་རྒྱལ་པོར་བསྟོད། །གང་བཅོལ་ ཕྲིན་ལས་ཡུད་ཀྱིས་སྒྲུབ་པ་དབང་དྲག་གློག་གི་ཟློས་གར་འབུམ། །དམ་ལྡན་ཡིད་མཁར་མངོན་པར་རྩེན་ལས་སྲིད་གསུམ་བརྟན་པ་འཕྲོག་བྱེད་པ། །དབང་ཆེན་རོལ་པ་གསུང་གི་བསྟན་སྲུང་ ཆེ་བཙན་རྒྱལ་པོ་མཆེད་བདུན་དང་། །སྲིད་པ་གསུམ་པོ་ཡོངས་ཀྱི་རྗེར་གྱུར་མཆོག་གི་དབང་ཕྱུག་བཅས་ལ་འདུད། །བརྒྱུད་གསུམ་བླ་མའི་དམ་ཚིག་གཉེར་འཛིན་བླ་མེད་བཀའ་ཡི་བྱ་ར་བ། །སྡང་ མིག་གཅིག་གིས་སྲིད་གསུམ་བརླག་ནུས་མི་བཟད་དྲག་པོའི་སྟོབས་ཤུགས་འཆང་། །རིག་སྟོངས་གདོད་མའི་རྩལ་ལས་མངོན་སྣང་དྲེགས་པའི་སྡེ་དཔོན་སུམ་ཅུ་དང་། །སྔགས་བདག་དྲེགས་ཆེན་ 6-28-66a བཅོ་བརྒྱད་ལ་སོགས་སྡེ་གསུམ་སྲུང་མ་རྒྱ་མཚོར་བསྟོད། །དག་མཉམ་ཆེན་པོ་ལྟ་བའི་དབྱིངས་སུ་སྒོམ་པའི་གཟི་བྱིན་རབ་བསྐྱེད་དེ། །རྡོ་རྗེའི་ཐ་ཚིག་སྙིང་ལ་བསྒྲགས་ ཅིང་རོ་མཉམ་ཕྱག་རྒྱས་རྒྱས་བཏབ་ནས། །སྣང་སྲིད་གཞིར་བཞེངས་མཆོད་པའི་རོལ་མོས་བསྟན་སྲུང་རྒྱ་མཚོ་མངའ་གསོལ་ན། །བརྒྱུད་གསུམ་བླ་མའི་དམ་ཚིག་དགོངས་ལ་བསྟན་དང་བསྟན་ འཛིན་སྐྱོང་བར་མཛོད། །དཔལ་ལྡན་བླ་མའི་བྱིན་རླབས་སྤྲིན་འཁྲིགས་ཡི་དམ་དངོས་གྲུབ་ཆར་རྒྱུན་འབེབས། །མཁའ་འགྲོའི་ཕྲིན་ལས་འབྲས་བུ་གཡུར་ཟ་ཆོས་སྐྱོང་སྲུང་མའི་རྭ་བ་བརྟན། ། དུས་གསུམ་དགེ་བའི་བཀྲ་ཤིས་གཡང་འཁྱིལ་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་བའི། །གཡར་དམ་གཉན་པོ་འགྲུབ་པར་མཛོད་ཅིག་སྐྱབས་འོས་རྣམས་ཀྱིས་མཐུན་འགྱུར་མཛོད། ། ཅེས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་མངོན་པར་བསྟོད་ཅིང་མངའ་གསོལ་བ་འདི་ནི་རྒྱུད་མགོན་དང་མ་གཟའ་དམ་ཅན་རྣམ་སྲས་ཀྱི་བསྟོད་པ་དང་མཇུག་གི་ཚིགས་བཅད་བཅས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་སོར་བཞག་ལ། ལྷག་མའི་ཚིགས་བཅད་རྣམས་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཞེས་བྱ་བས་ཁ་བསྐངས་པ་སྟེ། འདིས་ཀྱང་བསྟན་དགྲ་མ་ལུས་པ་ཚར་གཅོད་ཅིང་བསྟན་པའི་རྒྱལ་མཚན་ཆེན་པོ་སྲིད་རྩེར་བསྒྲེང་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ། 6-28-66b ༈ ཆོས་སྐྱོང་རྣམས་ཀྱི་སྔགས་འབུལ་འདོད་གསོལ་བཅས་བཞུགས་སོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ན་གུ་ཧྱ་རྃ་སིདྡྷི་ཧཱུྃ་ཕཊ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་་རུ་ཀུ་རུ་ཨི་ཙི་ཀི་ བྷྱ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ས་པ་རི༴ སོགས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ས་པ་རི༴ ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ས་པ་རི༴ ཨོཾ་རུ་རུ་བི་ཏིཥྛ་བ་དྷྭ་སི་རུ་རུ་རོ་རུ་བཻ་ ཏིཥྛ་བ་དྷྭ་སི་ཙ་པ་ལ་ཨ་ཤུག་མེ་ཧཱུྃ་བྷྱོ་ཛཿས་པ་རི༴ ཨོཾ་བཛྲ་པྲ་མོ་ཧ་བཾ་ཧ་རི་ནི་ས་ཧྲིཾ་ཧྲིཾ་སརྦ་སིདྡྷི་སྭཱ་ཧཱ༔ ས་པ་རི༴ ཨོཾ་བཻ་ཤྲ་མ་ཎ་ཛམྦྷ་ལ་བ་སུ་དྷཱ་རི་བ་སུ་དེ་བ་ནི་དྷི་པ་ཏི་ས་པ་རི༴ ཨོཾ་བཛྲ་སཱ་དྷཱུ་ ས་མ་ཡ་བྷ་ག་ཏྲམ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བྃ་ཧོཿས་པ་རི༴ ཨོཾ་ཧྲི་ཤག་རུ་རག་རཾ་ནཱ་གེ་ཙིཏྟ་ཏྲྃ་མ་མ་ཡོ་ཟ་འགྲམ་ཧ་ཧ་ཀ་ཤ་ལ་ཛཿཛཿ ས་པ་རི༴ ཨོཾ་ཡ་མ་རཱ་ཛ་ཀཱ་ལ་རཱུ་པ་ཧཱུྃ་ཕཊ༔ ས་པ་རི༴ ཨོཾ་བཛྲ་ཐང་ཀ་ར་མུན་ཉིད་ཁུ་ཤ་ལི་སྭཱ་ཧཱ༔ ས་པ་རི༴ ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་ཧཱུྃ་ཕཊ༔ ས་པ་རི༴ ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྲི་བ་ཏྲི་ཤུ་ལ་ཧྲིཾ་ཧྲིཾ་ཛཿཛཿ ས་པ་རི༴ ཨོཾ་བཛྲ་ ཙནྡྲ་སརྦ་དུཥྚཾ་ཨཥྚ་ན་ཡ་ཨེ་ཛ་བྷྱོ༔ ས་པ་རི༴ ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ ས་པ་རི༴ ཨོཾ་ཤྲཱི་བཛྲ་དྷ་རྨ་པཱ་ལ་ཀིཾ་ཀ་ར་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོཿ སྲུང་མ་ 6-28-67a ཆེ་གེ་མོ་འམ་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་ཨོ་རྒྱན་པདྨ་འབྱུང་གནས་སོགས་བརྒྱུད་གསུམ་རིག་འཛིན་བླ་མའི་བཀའ་དང་དམ་ལས་མ་འདའ་བར་མཆོད་ སྦྱིན་གྱི་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་འདོད་དགུའི་གཏེར་ཆེན་པོ་འདི་བཞེས་ལ་དཀོན་མཆོག་གི་དབུ་འཕང་བསྟོད་ཅིག །གསང་སྔགས་ཀྱི་བསྟན་པ་སྲུངས་ཤིག །རིག་འཛིན་གྱི་སྡེ་ སྐྱོངས་ཤིག །རྣལ་འབྱོར་པ་བདག་ཅག་གམ་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་རྟག་ཏུ་འབྲལ་བ་མེད་པར་དགྱེས་པའི་སྤྱན་གྱིས་གཟིགས་ནས་མགོན་སྐྱབས་སྟོང་གྲོགས་དམ་པ་མཛོད་ཅིག །སྡང་ པའི་དགྲ་སོད་ཅིག །གནོད་བའི་བགེགས་ཐུལ་ཅིག །བར་ཆད་ཀྱི་རྐྱེན་བཟློག་ཅིག །མི་མཐུན་པའི་ཕྱོགས་ཀུན་ལས་སྲུངས་ཤིག །མཐུན་པའི་ཕྱོགས་ཀུན་ནས་སྤེལ་ཅིག །འདོད་པའི་དོན་ཐམས་ ཅད་སྩོལ་ཅིག །ཕྲིན་ལས་ཇི་ལྟར་བཅོལ་བ་ཡིད་ལ་རེ་བ་བཞིན་སྒྲུབས་ཤིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་དམ་པ་མཛོད་ཅིག །མི་ཕམ་འཇམ་དཔལ་དགྱེས་ པའི་རྡོ་རྗེས་སྤེལ་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ། ༈ ཕྲིན་བཅོལ་འཆི་མེད་ཚངས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །ཧོཿ ཡེ་ཤེས་དང་ལས་ལས་གྲུབ་པ་ཡོན་ཏན་གྱི་ཁྱད་པར་མངོན་ 6-28-67b ཤེས་རྫུ་འཕྲུལ་ཅན། །ལེགས་ཕྲིན་ལས་ཅི་མཛད་ན་སྐྱེ་བོའི། ཉེས་སྟངས་འཛིན་རྣལ་འབྱོར་པའི། དམ་ཚིག་གི། རྗེས་གཅོད་ཅིང་། །རྒྱལ་བའི། བཀའ་བཞིན་རྗེས་སུ་སྒྲུབ་པའི་རྣལ་འབྱོར་པ་རྣམས་ཀྱི། གྲོགས་མཛད་པ། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །འདི་རྒྱུད་ ཚིག་གོ། བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །དམ་ལ་གནས་ཤིང་རྩ་གསུམ་ལྷ་ལ་འཕྲེང་། ། རྟག་ཏུ་ཁྱེད་མཆོད་ཁྱེད་བསྟོད་ཁྱེད་བསྒྲུབས་ཀྱང་། །ཐུགས་རྗེས་དབུགས་དབྱུང་ཅུང་ཟད་མི་མཛད་དམ། །བསྟེན་ན་སྲིན་མོའི་ཚོགས་ཀྱང་མ་ལྟར་བྱམས། །བསྐུལ་ན་བདུད་ཀྱི་ཚོགས་ཀྱང་ལས་ལ་ རྒྱུ། །ཁྱེད་ནི་མཁྱེན་བརྩེ་ནུས་ལྡན་མགོན་མཆོག་ཕྱིར། །རྡོ་རྗེའི་དམ་བཅའ་བསྙེལ་ན་སུ་ལ་རེ། །བདག་ཅག་མི་ཤེས་བག་མེད་ཉོན་མོངས་ཀྱིས། །རྩ་གསུམ་སྲུང་མའི་ཐུགས་དང་ཅི་འགལ་བ། ། སྙིང་ནས་འགྱོད་པས་བཤགས་ཤིང་བསྡོམ་བགྱིད་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་དུས་འདིར་སྩོལ། །གསང་ཆེན་སྔགས་ཀྱི་དཀྱིལ་འཁོར་འཛིན་པ་ལ། །མ་ལྟར་བརྩེ་ཞིང་སྲིང་ལྟར་བྱམས་ པ་དང་། །མཛའ་ལྟར་གདུང་ཞིང་བྲན་ལྟར་འདུའོ་ཞེས། །དཔལ་ཆེན་སྤྱན་སྔར་ཞལ་བཞེས་དགོངས་མཛོད་ལ། །དང་པོའི་ལས་ཅན་རང་སྟོབས་དམན་པ་ཡི། །སྒྲུབ་པའི་རྣལ་འབྱོར་བདག་ལ་ཉིན་ 6-28-68a མཚན་དུ། །ཡེ་ཤེས་སྤྱན་གྱིས་གཟིགས་ཤིང་དགོངས་ནས་སུ། །སྲུང་སྐྱོབ་སྟོང་གྲོགས་གཡེལ་བ་མེད་པར་མཛོད། །ཁྱད་པར་བླང་དོར་བྱ་བའི་གནད་རྣམས་ཀུན། །མ་ འདྲེས་གསལ་བར་ཡོངས་སུ་བསྟན་པའི་ཕྱིར། །དངོས་དང་ཉམས་དང་རྨི་ལམ་དག་ཏུ་ཡང་། །དགྱེས་ཞལ་གསུང་གསང་ཐུགས་བརྩེས་རྟག་ཏུ་སྐྱོངས། །གང་གསུང་རྡོ་རྗེའི་རི་མོ་སྙིང་དབུས་སུ། ། འགོད་ཅིང་རེ་ལྟོས་དམ་པར་ཁྱེད་བཟུང་རྣམས། །མངོན་སུམ་གཟིགས་བཞིན་མཐོང་བ་མི་སྟོན་ན། །རྗེས་བརྩེའི་དམ་བཅའ་རྡོ་རྗེའི་བདེན་ཚིག་ཅི། །བྱང་ཆུབ་བར་དུ་རེ་ཞིང་ལྟོས་པའི་གྲོགས། ། སྙིང་ནས་སྙིང་གི་ལྷ་རུ་ཁྱེད་བསྟེན་ན། །ལས་བཞིའི་ཕྲིན་ལས་གང་དང་གང་བཅོལ་བ། །ངོ་མཐོན་རྟགས་དང་བཅས་སྟེ་སྒྲུབས་པར་མཛོད། །གནས་སྐབས་ཡིད་ལ་ཇི་ལྟར་རེ་བའི་དོན། །འབད་ མེད་ཡིད་བཞིན་ལྷུན་གྱིས་གྲུབ་པ་དང་། །མཐར་ཐུག་གདོད་མ་ཆོས་སྐུའི་དབྱིངས་ཆེན་པོར། །རང་བྱུང་འབྲས་བུའི་ཡེ་ཤེས་འགྲུབ་པར་མཛོད། །མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་རླབས་ དང་། །བདེན་གཉིས་ཆོས་ཚུལ་ཟབ་མོ་མི་བསླུ་ཞིང་། །རྡོ་རྗེའི་དམ་ཚིག་ཆེན་པོའི་མཐུ་སྟོབས་ཀྱིས། །བདག་གིས་ཇི་ལྟར་བཅོལ་བཞིན་འགྲུབ་པར་ཤོག །ཅེས་པའང་དུས་དགེ་བར་འཇམ་དཔལ་དགྱེས་ 6-28-68b པའི་རྡོ་རྗེས་བྲིས་བ་མངྒ་ལཾ། ། ༈ ཆོས་སྐྱོང་རྣམས་ཀྱི་དྲག་བསྐུལ་གནམ་ལྕགས་རྔམ་སྒྲ་བཞུགས། ཧཱུྃ། སྔོན་ཚེ་བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ ཞལ་བཞེས་པའི། །མཐུ་ཆེན་དཔལ་མགོན་སྡེ་གསུམ་དྲེགས་པའི་ཚོགས། །ཐུགས་དམ་གནད་ནས་བསྐུལ་ལོ་ས་མ་ཡཿ ཆོས་དབྱིངས་དུར་ཁྲོད་མེ་རི་འབར་བ་ནས། །དཔལ་མགོན་ མ་ནིང་ནག་པོ་ལས་ལ་བཞེངས། །སྣང་སྲིད་དྲེགས་པའི་སྡེ་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མ་ལ་ཡ་རི་གནམ་ལྕགས་འབར་བ་ནས། ། འཇིགས་མཛད་ལེགས་ལྡན་ནག་པོ་ལས་ལ་བཞེངས། །བཀའ་ཉན་སྲིད་པའི་ལྷ་དམག་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བྱང་ཤར་མདའ་མདུང་རལ་གྲིའི་ གུར་ཁང་ནས། །ཚོགས་བདག་མ་ཧཱ་ཀཱ་ལ་ལས་ལ་བཞེངས། །ཕོ་རྒྱུད་མགོན་པོའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི༴ རླུང་བདག་ཡུལ་གྱི་དུར་ཁྲོད་ ཆེན་པོ་ནས། །དབྱིངས་ཀྱི་རྒྱལ་མོ་རལ་གཅིག་ལས་ལ་བཞེངས། །སྣང་སྲིད་མཁའ་འགྲོའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ༴ བྱང་ཤར་མེ་རླུང་འཚུབ་མའི་དཀྱིལ་ 6-28-69a འཁོར་ནས། །དཔལ་ལྡན་ལྷ་མོ་རེ་ཏི་ལས་ལ་བཞེངས། །མོ་རྒྱུད་མ་མོའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བོད་ཡུལ་ སྒྲུབ་གནས་གཉན་པོའི་ཕོ་བྲང་ནས། །ཞིང་སྐྱོང་ལྷན་སྐྱེས་ཌཱ་ཀི་ལས་ལ་བཞེངས། །བོད་སྐྱོང་ཟོ་དོར་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ༴ འདོད་དགུ་ལྷུན་གྲུབ་གཏེར་གྱི་ ཕོ་བྲང་ནས། །ནོར་བདག་ཛཾ་ལྷའི་སྡེ་ཚོགས་ལས་ལ་བཞེངས། །འཇིག་རྟེན་སྐྱོང་བའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད༴ རྒྱ་བོད་མདོ་གཙང་གནས་ཀྱི་ཕོ་བྲང་ནས། །གིང་ ཆེན་རྡོ་རྗེ་ལེགས་པ་ལས་ལ་བཞེངས། །གཏེར་སྲུང་དྲེགས་པའི་སྡེ་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད༴ ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །གཟའ་བདུད་ ཁྱབ་འཇུག་ཆེན་པོ་ལས་ལ་བཞེངས། །སྡེ་བརྒྱད་དྲེགས་པའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད༴ སྟོང་གསུམ་ཁོར་ཡུག་ཡངས་པའི་ཞིང་ཁམས་ནས། །ཚངས་ཆེན་རྡོ་རྗེ་ འབར་བ་ལས་ལ་བཞེངས། །མཐུ་ལྡན་སྤྲུལ་པའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ༴ བདུད་འདུལ་གསང་བ་སྔགས་ཀྱི་ཕོ་བྲང་ནས། །གེ་སར་དགྲ་བླའི་རྒྱལ་པོ་ 6-28-69b ལས་ལ་བཞེངས། །དགྲ་བླ་ཝེར་མའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །འཇིགས་རུང་བཙན་ཡུལ་ཟངས་ཐང་དམར་པོ་ནས། །ཆེ་བཙན་ རོལ་པ་རྐྱ་བདུན་ལས་ལ་བཞེངས། །རྣོ་མྱུར་བཙན་གྱི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །གསང་སྔགས་བསྟན་པ་སྐྱོང་བའི་ཞིང་ཁམས་ ནས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ལས་ལ་བཞེངས། །བཀའ་སྲུང་དྲེགས་པའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །མཁའ་མཉམ་ དྲག་པོ་ཨེ་ཡི་ཞིང་ཁམས་ནས། །སྔགས་བདག་དྲེགས་པ་བཅོ་བརྒྱད་ལས་ལ་བཞེངས། །མཐུ་ཆེན་སྲུང་མའི་དམག་ཚོགས་དགྲ་ལ་བྷྱོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་ མཛོད། །ཧཱུྃ། དབྱིངས་ནས་ཐུགས་དམ་བསྐུལ་ལོ་དྲེགས་པའི་ཚོགས། །དུག་གསུམ་ཤ་ཁྲག་གཏོར་མ་འདི་བཞེས་ལ། །མི་བཟད་མཐུ་སྟོབས་ནུས་པའི་ཐོག་ཆར་གྱིས། །བརྣག་ པའི་དགྲ་བགེགས་ད་ལྟ་ཉིད་དུ་སོད། །ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །རྟགས་དང་མཚན་མ་དུས་འདི་ཉིད་དུ་སྟོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་གད་རྒྱངས་སྒྲོགས། ། 6-28-70a རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ས་གླང་ཟླ་བ་བདུན་པའི་ཚེས་གཅིག་དམག་དཔོན་སྟ་རེ་ཕྱར་བའི་ཉི་མ་གང་ལ་འཇམ་དཔལ་དགྱེས་པས་གང་ཤར་སྤེལ་བ་མངྒ་ལཾ། ། ༈ གཏོར་བསྐུལ་གནམ་ལྕགས་ཐོག་མདའ་བཞུགས་སོ། །ཀྱེཿ བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །དམ་ལ་གནས་ཤིང་རྩ་གསུམ་ལྷ་ལ་འཕྲེང་། །དགོངས་སུ་གསོལ་ལོ་ རྒྱུད་གསུམ་དྲེགས་པའི་ཚོགས། །ཐུགས་དམ་མ་གཡེལ་བཅོལ་བའི་ལས་འདི་སྒྲུབས། །སྔགས་འཆང་དམ་ལྡན་གང་དུ་གནས་པ་དེར། །ལུང་དང་རྟོགས་པའི་སངས་རྒྱས་བསྟན་པ་ གནས། །རྒྱལ་བསྟན་རིན་ཆེན་གང་དུ་གནས་པ་དེར། །བསྟན་སྲུང་དམ་ཅན་དྲེགས་པའི་ཚོགས་ཀྱང་གནས། །རིག་འཛིན་བླ་མའི་བཀའ་བརྒྱུད་འཛིན་པ་པོས། །བསྙེན་སྒྲུབ་ཕྲིན་ལས་ གཞུང་བཞིན་བསྲངས་ནས་ཀྱང་། །བ་ལིང་བདུད་རྩིའི་མཆོད་པ་བཤམས་ལགས་ན། །དམ་ཅན་རྒྱ་མཚོ་སྤྲིན་ཕུང་བཞིན་དུ་འདུས། །བུ་ཆུང་ཕ་ལ་རེ་བ་ཇི་བཞིན་དུ། །བདག་ཅག་ཁྱེད་ལ་མི་རེ་ སུ་ལ་རེ། །རྒྱལ་མཚན་དམ་པར་ཁྱེད་རྣམས་ཅིའི་མི་ཕྱར། །ཐུགས་རྗེས་གཟིགས་ཤིག་སྔགས་བདག་དྲེགས་པའི་ཚོགས། །བརྒྱུད་གསུམ་བླ་མའི་ཐ་ཚིག་དགོངས་སམ་ཅི། །རྣལ་འབྱོར་ 6-28-70b གདུང་བའི་བསྐུལ་དབྱངས་གསན་ནམ་ཅི། །རྒྱལ་བསྟན་སྨ་འབེབས་བྱེད་པ་གཟིགས་སམ་ཅི། །ཁྱེད་ཀྱི་གཡར་དམ་གཉན་པོ་བདག་གིས་བསྐུལ། །སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་ སོགས། །རིག་འཛིན་བླ་མ་འདུས་པའི་དཀྱིལ་འཁོར་དུ། །སྔགས་བདག་དྲེགས་པའི་ཚོགས་རྣམས་སྤྲིན་ལྟར་འདུས། །མ་འོངས་རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ། །ཡང་གསང་ སྙིང་པོ་ཐུགས་ཀྱི་བསྟན་པ་ལ། །སྙིང་སྟོབས་ལྡན་པ་སྙིང་པོའི་བསྟན་འཛིན་ཚོགས། །བརྟུལ་ཞུགས་དྲག་པོའི རྩལ་གྱིས་འབྱུང་བའི་ཚེ། །སྔགས་བདག་དྲེགས་པའི་དཔུང་ཚོགས་ དེར་ཆས་ནས། །མི་བཟད་དམོད་པ་དྲག་པོའི་གནམ་ལྕགས་ཐོག །འཇིགས་པའི་མེ་དབལ་རྔམ་པའི་ང་རོ་ཡིས། །བསྟན་པའི་ཆེ་བ་སྨད་པའི་དམ་ཉམས་ཀྱི། །དཔའ་བཀོང་སྙིང་འབྱིན་ སྡེ་རིས་བརླག་ནས་སུ། །བསྟན་མཇུག་སྔགས་ཀྱིས་གསོ་བར་དམ་བཅས་བཞིན། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །སྔགས་འཆང་བདེན་ཚིག་རྫུན་དུ་མ་གཏོང་ཀྱེ། ། དྲེགས་པའི་གཟི་བྱིན་དབྱིངས་སུ་མ་སྦེད་པར། །ཇི་ལྟར་རེ་ཞིང་བཅོལ་བའི་ལས་འདི་ལ། །རྟགས་དང་མཚན་མ་མངོན་དུ་བསྟན་པ་དང་། །མ་ཐོགས་མ་འགྱང་ད་ལྟ་ཉིད་དག་ཏུ། །ལས་ཀྱི་ 6-28-71a འབྲས་བུ་མཆིས་པར་མཛད་དུ་གསོལ། །ཧཱུྃ། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་སྲུང་དྲེགས་ཆེན་གཉན་པོའི་ཚོགས་དང་བཅས། །ལྷ་ གྲལ་མི་རྩི་བརྙས་སེམས་འཆང་བ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །རྒྱལ་བ་རྒྱ་མཚོའི་ཐུགས་བཅུད་ནང་རྒྱུད་གསུམ། །མཁས་གྲུབ་རིག་འཛིན་བརྒྱུད་པའི་བཀའ་ལུང་བཅས། ། ཆོས་གྲལ་མི་རྩི་སུན་འབྱིན་བྱེད་པ་ཡི། །སྡིག་ཅན་དགྲ་བོ་ད་ལྟ༴ ཐུགས་རྗེའི་བདག་ཉིད་རྒྱལ་དབང་པདྨ་དང་། །དེ་ཡི་ཟབ་མོ་གཏེར་གྱི་ཆོས་རྣམས་ལ། །བཀའ་དྲིན་མི་བརྩི་བྱས་པ་ ལོག་གཟོ་བའི། །སྡིག་ཅན་དགྲ༴ ཚོགས་ཀྱི་རྒྱལ་པོ་གསང་སྔགས་འདུས་པའི་སྡེ། །རྒྱལ་དབང་པདྨའི་རིང་ལུགས་འཛིན་པ་རྣམས། །མཆོད་གྲལ་མི་བརྩི་གཤེ་བཀུར་བྱེད་པ་ཡི། ། སྡིག་ཅན༴ གངས་ཅན་འདི་ན་བསྟན་སྒོར་ཞུགས་རྣམས་ལ། །ཆོས་དང་གང་ཟག་བཀའ་དྲིན་ཆེ་བ་ནི། །སྔ་འགྱུར་བ་སྟེ་དེ་དག་ཁྱད་གསོད་པའི། །སྡིག་ཅན༴ སྔ་འགྱུར་དབང་ཆོས་ མན་ངག་སྒོར་ཞུགས་ནས། །ངན་སྨྲས་ལོག་ལྟའི་ཁོང་སྐྲན་འཆང་བ་རྣམས། །ཁྱད་པར་དུ་ཡང་བསྒྲལ་བའི་ཞིང་ཡིན་པས། །མ་ཐོགས་ད་ལྟ་ཉིད་དུ་ཁུག་ལ་ཤོག །མདོར་ན་གསང་ཆེན་ 6-28-71b སྔ་འགྱུར་བསྟན་པ་ལ། །བསམ་པ་ངན་དང་སྦྱོར་བ་རྩུབ་པ་དང་། །མངའ་ཐང་དཔལ་ལ་ཇི་གནོད་བྱེད་པ་རྣམས། །མ་ཤོར་ད་ལྟ་ཉིད་དུ་ཁུག་ལ་ཤོག །ཕྱོགས་ཞེན་བསམ་པ་གདུག་པས་ བསྟན་སྲུང་ཚོགས། །ཐུགས་དམ་གནད་ནས་བསྐུལ་བ་མ་ལགས་ཏེ། །སྡིག་ཅན་གང་ལ་ཉེས་པ་འདི་ཡོད་པ། །ལེགས་ཉེས་སྟངས་འཛིན་རྣམས་ཀྱིས་འགུག་པར་འོས། །བསྟན་ལ་གནོད་ ཀྱང་ཁྱེད་ཀྱིས་མི་སྒྲོལ་ན། །འཇིག་རྟེན་བསྒྲལ་བའི་ཞིང་ནི་གང་དུ་མཆིས། །ཕུད་ཀྱི་ངོ་བསྲུང་ཉེས་ཆུང་གསོད་བྱེད་པ། །དེ་འདྲས་བསྟན་པ་བསྲུང་བར་འགྱུར་རམ་ཅི། །རྣལ་འབྱོར་བདག་ དང་བསྟན་སྲུང་རྒྱལ་པོ་རྣམས། །བསྟན་དང་བསྟན་འཛིན་གཙིགས་སུ་བཟུང་བ་ཡི། །འདའ་དཀའ་རྡོ་རྗེའི་དམ་ཚིག་གཅིག་ལགས་ན། །བསྐུལ་བའི་ལས་འདི་ཡལ་བར་མ་དོར་ཅིག ། གལ་ཏེ་ཡང་དག་བསྟན་དང་རང་བཟོའི་ཆོས། །ཐེག་ཆེན་བསྟན་པ་འཛིན་དང་ལོག་སྨོན་ཅན། །འདྲ་ཞིང་མཉམ་པར་དབྱེ་བསལ་མི་བྱེད་ན། །ཁྱེད་ལ་བསྟན་སྲུང་མཚན་གྱིས་ཅི་ཞིག་བགྱི། ། སྔགས་བདག་དྲེགས་པ་མེད་དང་ཁྱད་མ་མཆིས། །རྒྱུ་འབྲས་བདེན་པ་འཆོལ་དང་ཁྱད་མ་མཆིས། །སྲིད་གསུམ་དཔལ་འབྱོར་ཉམས་པར་གྱུར་ཀྱང་སླའི། །བསྟན་པའི་གནད་རྣམས་ཉམས་ 6-28-72a པར་མི་རུང་ཡང་། །བསྟན་ལ་འཚེ་བའི་མི་དང་མི་མིན་གྱིས། །བསྟན་པའི་མངའ་ཐང་བཅོམ་པ་མ་གཟིགས་སམ། །འབར་བའི་སྤྱན་གྱིས་ཁམས་གསུམ་ས་ལེར་གཟིགས། ། དམ་ཚིག་སྙིང་ལ་བརྣག་པའི་ཤུགས་ཀྱིས་ནི། །སྲིད་གསུམ་ཁྱབ་རྒྱུག་ས་གསུམ་བརླག་ནུས་པའི། །དམ་ཅན་དྲེགས་པ་བསྐུལ་ལོ་ས་མ་ཡ། །རྟེན་འབྲེལ་ཆོས་ཉིད་བདེན་པ་མི་བསླུ་ཞིང་། ། བསྟན་སྲུང་དྲེགས་པ་དམ་ཚིག་མཐུ་ལྡན་ན། །བརྒྱུད་གསུམ་བླ་མའི་བརྒྱུད་འཛིན་རྣལ་འབྱོར་གྱིས། །བསྐུལ་བའི་ལས་ལ་བཏང་སྙོམས་ཇི་ལྟར་མཛད། །ནམ་མཁའ་སྟོང་པ་འདི་ལ་ཚད་མ་ འཛུག །ལས་ཀྱིས་རྣམ་པར་སྨིན་ལ་ཁུངས་མ་ཕྱུང་། །སྣ་ཚོགས་གཞན་གྱི་རྐྱེན་ལ་སྙད་མ་གདགས། །ཕྱི་མའི་སྐྱེ་བར་དུས་འདེབས་མ་མཛད་པར། །བརྣག་པའི་དགྲ་བགེགས་ད་ལྟ་ ཉིད་དུ་ཁུག །བཤམས་པའི་གཏོར་མ་འདི་དང་གཉིས་མེད་བསྟིམ། །ཁ་ཁ་ཁཱ་ཧི་དགྲ་བོ་མཱ་ར་ཡ། །རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར། །བསྟན་སྲུང་དྲེགས་པ་རབ་ཏུ་དགྱེས་ མཛོད་ལ། །སྤྱི་སྒོས་རུ་ཏྲའི་མིང་ཡང་མེད་པར་གྱིས། །ཐེག་མཆོག་སྙིང་པོའི་བསྟན་པ་རིན་པོ་ཆེའི། །གནད་རྣམས་ཉམས་པར་བྱེད་པའི་བཟང་རྫུ་ཅན། །གང་དུ་བྱུང་ཡང་དེ་ཡི་མོད་ཉིད་ 6-28-72b ལ། །སྙིང་ཁྲག་ས་ལ་གཏོར་ཞིང་བརླག་པར་གྱིས། །གཞན་ཡང་བསྟན་ལ་གནོད་པའི་དགྲ་དང་བགེགས། །གང་ན་འདུག་པ་མཁྱེན་པའི་སྤྱན་གྱིས་ལྟོས། །ཞི་རྒྱས་དབང་གིས་གདུལ་བར་ འོས་པ་རྣམས། །ཕྲིན་ལས་ཆེན་པོས་དེ་ལྟར་འདུལ་བར་མཛོད། །གལ་ཏེ་ཞི་བས་འདུལ་དུ་མི་འཚལ་ན། །སྡིག་ཅན་དེ་དག་སྡེ་དང་ཕྱོགས་སུ་བཅས། །རྗེས་མེད་བརླག་ཅིང་དེ་ཡི་སྟོབས་དང་ དཔུང་། །ནམ་ཡང་ལྡང་མེད་མནན་པའི་ཕྲིན་ལས་མཛོད། །ཆོས་སུན་འབྱིན་པའི་ལྕེ་ལ་རལ་གྲིས་ཐོབ། །བརྣག་པ་ངན་པའི་སྙིང་ལ་དུག་མདའ་རྒྱོབ། །སྦྱོར་བ་ངན་པའི་ཡན་ལག་ཞགས་ པས་ཆིངས། །རྗེས་བཞག་ངན་པའི་ལས་མཐའ་ཤུལ་མེད་བསྡུས། །སྟོབས་ནུས་རླུང་རྟ་ཁ་ཕུང་རྗེས་མེད་ཐོང་། །འཁོར་གཡོག་སྡེ་དཔུང་མིང་མེད་རང་བརླག་མཛོད། །བརྒྱུད་འཛིན་རྗེས་བརྗོད་ མཐའ་ཡལ་ཤུལ་མེད་གྱིས། །བརྣག་པའི་ལས་འདི་ཇི་བཞིན་མཐར་དབྱུང་ནས། །བསྟན་པའི་སྙིང་པོ་མཆོག་དང་དེ་འཛིན་སྡེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཆི་མེད་རྔ། །ས་གསུམ་ཁྱབ་པར་ བསྒྲགས་པའི་དགེ་ལེགས་ཀྱིས། །འཇིག་རྟེན་ཕན་བདེ་ཆེན་པོས་ཁྱབ་པར་མཛོད། །བརྒྱུད་པའི་བཀའ་ཉན་དམ་ཅན་མཐུ་ལྡན་ཡང་། །བསྐུལ་བའི་ལས་ཀྱིས་མེ་ལྟར་སྤར་བ་གཅེས། །སྔགས་ཀྱི་ལས་ནི་གང་དང་གང་ཡིན་ཀྱང་། ། 6-28-73a འདུན་པའི་རྟེན་འབྱུང་ཅན་དུ་ཤེས་པར་མཛོད། །བསྟན་པ་རིན་ཆེན་བསམས་ནས་བསྟན་སྲུང་ཚོགས། །སྙིང་ནས་བསྐུལ་བ་ཙམ་ཡང་མི་དྲན་པར། །རང་དོན་ཕྲ་མོའི་ཆགས་སྡང་དགའ་སྡུག་གིས། །རྟག་ཏུ་བསྐུལ་པ་འདོན་ རྣམས་ཨ་རེ་འཁྲུལ། །དགོས་པ་བྱུང་ན་དྲེགས་པ་ལས་ལ་བསྐུལ། །བརྒྱུད་པའི་ཁྱད་ཀྱིས་ཕྲིན་ལས་ཆེ་བ་མཐོང་། །བསྟན་པ་གཅེས་ན་ཉམས་པ་ཆམ་ལ་ཕོབ། །དེ་སྐད་འཇིགས་མེད་དཔའ་བོས་སྨྲས་སོ་ཀྱེ། །ཞེས་པ་འདི་ནི་དུས་མཐའི་སྔགས་ ནག་དུག་ལྔའི་མེ་འབར་བའི་མེ་ལྕེ་ཆོས་ཀྱི་དབྱིངས་སུ་འཁྱིལ་བས་ཧ་ཧར་རྒོད་པ་པདྨའི་བསྟན་པ་ལ་སྙིང་ནས་མོས་པ་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་རབ་ཚེས་ས་གླང་ཟླ་བ་གཉིས་པའི་ཚེས་ཉེར་དགུ་ལ་གང་ཤར་སྤེལ་བ་དགེའོ། །དགེ་ལེགས་ཆེར་འཕེལ་ མངྒ་ལཾ། ། ༈ །དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ། །ཧོཿ དགོངས་སུ་གསོལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །ཧོཿ དགོངས་སུ་གསོལ་ལོ། །གཞི་ དབྱིངས་ཆོས་སྐུ་ཆེན་པོའི་ཀློང་ན་རང་སྣང་མ་འགགས་ལྷུན་གྲུབ་ཀྱི་རོལ་རྩལ་ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་དཀོན་མཆོག་གསུམ་དང་ཡི་དམ་རྩ་བ་གསུམ་གྱི་ལྷ་ཚོགས་རབ་འབྱམས་ཆོས་སྐྱོང་ སྲུང་མ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ཁྱད་པར་དུ་སྙིགས་མ་ལྔ་བདོའི་སྐྱབས་གཅིག་སྣང་སྲིད་ཟིལ་གྱིས་གནོན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་པདྨ་ཐོད་ཕྲེང་ 6-28-73b རྩལ། སྤྲུལ་པའི་གུ་རུ་མཚན་བརྒྱད། རྣམ་འཕྲུལ་བཅུ་གཉིས། འཕྲུལ་མཚན་ཉི་ཤུ་ལ་སོགས་པའི་མངའ་བདག་ཆེན་པོ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་དང་། རིག་འཛིན་ཧཱུྃ་ ཆེན་ཀཱ་ར། གྲུབ་མཆོག་འཇམ་དཔལ་བཤེས་གཉེན། མཁའ་གྲུབ་བི་མ་མི་ཏྲ། དབང་ཆེན་ནཱ་ག་རྫུ་ན། མཐུ་ལྡན་པྲ་བྷ་ཧསྟི། དཔའ་བོ་དྷ་ན་སཾ་ཀྲི། ཕུང་བྱེད་ཤི་ནྟཾ་གརྦྷ། འཇིགས་མཛད་གུ་ཧྱ་ ཙནྡྲ། རྗེ་འབངས་སྙིང་གི་བུ་དགུ། བརྒྱུད་པའི་བླ་མ་དམིགས་བསལ་སྦྱར་ན་འདིར་འཛུད། ལ་སོགས་པ་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་བརྒྱུད་གསུམ་རིག་འཛིན་བླ་མའི་ལྷ་ཚོགས་ཁྱེད་རྣམས་ཀྱིས་སངས་རྒྱས་ ཀྱི་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ལ་དགོངས་པའི་ཐུགས་བསྐྱེད་རྡོ་རྗེའི་དམ་བཅའ་དགོངས་པར་མཛོད་ལ་དེང་འདིར་རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། ། རང་སྣང་ཡེ་ཤེས་ཀྱི་དུར་ཁྲོད་ཆེན་པོ་ཆོས་ཀྱི་དབྱིངས་དང་མཉམ་པ་དྲག་པོའི་མེ་རི་དམར་ནག་དུ་འཁྲུགས་པའི་ཀློང་ན་དྲན་པ་ཙམ་གྱིས་དངོས་གྲུབ་འདོད་དགུའི་སྤྲིན་ཕུང་གཡོ་བ། དཔལ་ཆེ་མཆོག་ཧེ་རུ་ཀ་ འབར་བའི་མངའ་བདག་ཆེན་པོ། འཇམ་དཔལ་སྐུ་ཡི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཡང་དག་ཐུགས་ཀྱི་ལྷ་ཚོགས། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས། 6-28-74a མ་མོ་རྦོད་གཏོང་གི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་དང་། ཡི་དམ་སྒེ་ར་གྱི་དགོངས་ གསོལ་སྦྱར་ན་སྐབས་སུ་འཛུད་ལུགས་ཤེས་པར་བྱ། རྒྱུད་སྡེ་དྲུག་གི་ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དགོངས་པ་དུས་སུ་མི་གཡེལ་བའི་རྡོ་རྗེའི་དམ་ཚིག་ཆེན་པོ་ལ་གནས་པ་རྣམས་སྙན་གསན་ཅིང་ དགོངས་སུ་གསོལ་ལོ། །ས་འོག་དང་ས་སྟེང་ས་བླའི་འཇིག་རྟེན་གྱི་གནས་ཡུལ་དུར་ཁྲོད་ཆེན་པོ་རྣམས་སུ་བཞུགས་ཤིང་རྒྱུ་བའི་དཔལ་རྡོ་རྗེ་ཁྲག་འཐུང་ཆེན་མོ་བཛྲ་ཝ་ར་ཧི། གསང་བ་ཡེ་ཤེས་ཀྱི་ ཌཱ་ཀྐི་མ། སེང་གེའི་གདོང་ཅན། མཁའ་འགྲོ་དམིགས་བསལ་ཡོད་ན་འཛུད། སོགས་རིགས་ལྔའི་མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་ཕྲིན་ལས་རྣམ་བཞི་བསྒྲུབ་པའི་མངའ་བདག་ཆེན་པོ་རྣམས་ སྙན་གསན་ཅིང་དགོངས་སུ་གསོལ་ལོ། །ཉི་མ་བྱང་ཤར་གྱི་མཚམས་མདའ་མདུང་རལ་གྲིའི་གུར་གྱི་གཞལ་ཡས་ན་བཞུགས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་རྣམ་སྣང་ཚོགས་ཀྱི་བདག་པོ། གཏུམ་ བྱེད་སྐུ་ཡི་མགོན་པོ། གསོད་བྱེད་གསུང་གི་མགོན་པོ། སྒྲོལ་བྱེད་ཐུགས་ཀྱི་མགོན་པོ། ཡུམ་ཡཀྴ་བཻ་ཏ་ལི། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། ནག་པོ་སྟོང་། དགྲ་བླ་ཁྲི། 6-28-74b ཤ་ཟ་འབུམ། མ་མོ་ས་ཡ། ལྷ་དམག་བྱེ་བ་དུང་ཕྱུར། སྤྲུལ་འཁོར་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །གསང་ཆེན་ལྷུན་གྱིས་གྲུབ་པའི་དུར་ཁྲོད་ འཇིགས་སུ་རུང་བ་ན་དྲེགས་པ་རུ་དྲ་སྡེ་གསུམ་གྱི་གཤེད་དུ་ཁྲོས་པ་སྣང་སྲིད་དྲེགས་པ་ཀུན་གྱི་སྤྱི་རྗེ་དཔལ་འབར་མ་ནིང་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །མཚོ་མུ་ ལེ་མཐིང་གི་གཞལ་ཡས་ན་བཞུགས་པའི་མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་དང་། སྔགས་སྲུང་ཨེ་ཀ་ཙ་ཏི། དམ་ཅན་རྡོ་རྗེ་ལེགས་པ། གཟའ་རྒོད་དུག་གི་ སྤུ་གྲི། སྤྲུལ་པའི་བཙན་རྒོད་ཆེན་པོ། ཞིང་སྐྱོང་སེང་གདོང་ཡབ་ཡུམ། ནོར་སྲུང་དུར་ཁྲོད་ལྷ་མོ། བོད་སྐྱོང་བརྟན་མ་བཅུ་གཉིས། རྣམ་སྲས་ཛམ་ལྷ་ཡབ་ཡུམ། ལས་གཤིན་འཆི་བདག་ནག་པོ། སྔགས་བདག་དྲེགས་པ་བཅོ་བརྒྱད། དྲེགས་པའི་སྡེ་དཔོན་སུམ་ཅུ། བཀྲ་ཤིས་ཚེ་རིང་མཆེད་ལྔ། གཏེར་སྲུང་བདུད་བཙན་ཀླུ་གསུམ། མཐུ་ཆེན་དགྲ་བླ་བཅུ་གསུམ། དཔལ་མགོན་བདུན་ཅུ་རྩ་ལྔ་ སོགས་བརྒྱུད་གསུམ་རིག་འཛིན་བླ་མའི་ཐ་ཚིག་ལ་གནས་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་དམ་ལྡན་གྱི་གྲོགས་མཛད་པ། ལེགས་ཉེས་ཀྱི་སྟངས་འཛིན་ཅིང་། དམ་ཉམས་དགྲ་བོ་སྒྲོལ་བའི་ཕྲིན་ 6-28-75a ལས་དྲག་པོ་ལ་མངའ་དབང་མཛད་པ་རྒྱུད་གསུམ་གྱི་ཆོས་སྐྱོང་དྲེགས་པའི་སྡེ་ཚོགས། བང་གློག་ལས་མྱུར་བ། བོས་ན་འདུ་ཞིང་བསྒྲུབ་ན་འགོ་བ། དམ་ཉམས་ལ་སྡང་མིག་བལྟ་ ཞིང་དགྲ་བོའི་ཤ་ཁྲག་ལ་རྔམས་པ་ཁྱེད་རྣམས་རིག་འཛིན་རྩ་བརྒྱུད་བླ་མའི་སྤྱན་སྔར་དཀྱིལ་འཁོར་ཆེན་པོའི་གྲལ་དུ་བཞག་ནས། སྤྱི་བོར་དབང་རྟགས་ཀྱི་རྡོ་རྗེ་བཞག་ལྕེ་ལ་དམ་ཚིག་གི་བདུད་རྩི་བླུགས་ ཏེ་མ་འོངས་དམ་ལྡན་རིག་འཛིན་གྱི་ཚོགས་ལ་སྟོང་གྲོགས་བྱེད་ཅིང་བསྟན་དགྲ་སྡིག་ཅན་བསྒྲལ་བའི་རྡོ་རྗེའི་ཐ་ཚིག་གཉན་པོ་དགོངས་ལ་རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་སྙན་གསན་ཅིང་དགོངས་སུ་ གསོལ་ལོ། །གཞན་ཡང་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་སྣང་སྲིད་དྲེགས་པ། སྲིད་པའི་བདེ་སྡུག་ཀྱི་སྟངས་འཛིན་ཅིང་། ལེགས་ཉེས་ཀྱི་བྱ་ར་བྱེད་པ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་ སེམས་ཅན། གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་གནས་ཤིང་རྒྱུ་བ། ལོ་ཟླ་ཞག་དུས་ཚེས་དང་གཟའ་སྐར་སྤར་སྨེ་རྟེན་འབྲེལ་གྱི་བདག་པོ་དང་ཁྱད་པར་སའི་ཕྱོགས་དང་དུས་འདི་ལ་དབང་བའི་སྣང་སྲིད་ཀྱི་དྲེགས་ པ་མ་ལུས་པ་ཐམས་ཅད་སྙན་གསན་ཅིང་དགོངས་པར་མཛོད་ལ་བདག་གི་བསྟན་དགྲ་སྡིག་པོ་ཆེ་འདིས་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། ལས་རྒྱུ་འབྲས་ཁྱད་དུ་བསད། སྣང་སྲིད་དྲེགས་པ་ལ་དོ་ 6-28-75b བརྡོས། རྣལ་འབྱོར་པ་བདག་ལ་ཕོད་བཙུགས། ཆོས་སྐྱོང་སྲུང་མ་ལ་འཁོན་བཏང་བའི་སྡིག་ཅན་འདི་རྣམས་བདག་གིས་བསྒྲལ་བ་ལ་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི་ལམ་ནས་སྣང་སྲིད་དྲེགས་པ་ཡོངས་ ཀྱིས་དཔང་པོ་མཛོད་ཅིག་ཧོ། རྩ་གསུམ་ཆོས་སྐྱོང་དྲེགས་པའི་ཚོགས་དང་བཅས་པ་ཁྱེད་རྣམས་ཐུགས་ཆོས་དབྱིངས་སྤྲོས་པ་མེད་པའི་ངང་ལས་སྙིང་རྗེ་དྲག་གཏུམ་མི་བཟད་པའི་རྩལ་སྣང་ཆེན་པོས། དུས་མཐའི་མེ་ལྟར་འབར་བའི་སྐུ་གར་དགུའི་ཉམས་ཀྱིས་བརྗིད་ཅིང་། འཇིགས་རུང་སྤྲིན་ནག་འཁྲིགས་པ་ལྟ་བུའི་ཁྲོ་གཉེར་གཡོ་བ་དང་། དྲག་སྔགས་ཐོག་སེར་འཁྲུགས་པའི་གད་རྒྱང་འབྲུག་སྟོང་ ལྟར་སྒྲོགས་བཞིན་དུ། ལེགས་ཉེས་ཀྱི་དཔང་པོ་མཛད་པའི་སྤྱན་མིག་ཉི་ཟླ་སྟོང་གི་དཀྱིལ་འཁོར་བགྲད་ནས། དགྲ་བོའི་ཤ་ཁྲག་ལ་རྔམས་པ་འབར་བའི་ཞལ་གྱི་དཀྱིལ་འཁོར་གནམ་ས་ལྟར་ གདངས་ཤིང་། སྐྱིན་ཐང་དུག་མདའ་འཕྲོ་བའི་མཆེ་བ་གངས་རི་ལྟར་གཙིགས་ཏེ། གནོད་བྱེད་དགྲ་བགེགས་རྔུབ་པའི་དྲག་པོའི་དབུགས་ཆེན་དུས་མཐའི་འཐོར་རླུང་ལྟར་གཡོ་ཤིང་། འཇིགས་པའི་ གློག་ཕྲེང་དྲག་པོ་གཡོ་བ་ལྟ་བུའི་ལྗགས་བསྐྱོད་པར་མཛད་ནས། དེང་འདིར་དམ་ཉམས་པའི་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། དོན་སྙིང་གི་ནགས་ 6-28-76a ཚལ། དབུགས་རླུང་གི་ན་བུན། རྐང་མར་གྱི་འདམ་རྫབས་དང་བཅས་པའི་དཔའ་སྐྱེམས་འདི་བཞེས་ལ། མཉམ་མེད་ཤཱཀྱ་སེང་གེའི་རིང་ལུགས་སྤྱི་དང་བྱེ་བྲག་དུས་གསུམ་རྒྱལ་ བའི་གདུང་འཚོབ་དཔལ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་རིན་པོ་ཆེ་མདོ་སྔགས་བསྟན་པ་ཉི་ཟླ་ཟུང་འབྲེལ་ལ། བསམ་པ་ངན་པ། སྦྱོར་བ་རྩུབ་པ། དངོས་སུ་འཚེ་བ། ལྐོག་ན་གཤེབ། བསྟན་ དང་བསྟན་འཛིན་གྱི་དབུ་འཕང་སྨད་པའི་དགྲ་བགེགས་སྡིག་ཅན་རྣམས་འཇིག་རྟེན་གྱི་ཁམས་གང་ན་འདུག་པ་འབར་བའི་སྤྱན་གྱིས་གཟིགས་ལ་དུས་ད་ལྟ་ཉིད་དུ་སྒྲོལ་ཅིག །དགྲ་བགེགས་དེ་དག་གི་ སྡེ་དང་ཕྱོགས་སུ་གཏོགས་པ་རྣམས་ཀྱི་བསོད་ནམས་རླུང་རྟ་སྣུབས་ཤིག །ཁ་ཕུང་རྗེས་མེད་དུ་ཐོངས་ཤིག་ནམ་ཡང་ལྡང་མེད་དུ་མཛོད་ཅིག །ཁྱད་པར་དུ་བདག་ཅག་དཔོན་སློབ། སྡེ་དགོན་མི་ཕྱུགས་ ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་བྱད་མ། མཐོ་ལ་ཁ་ནས་ཇག་པ་རྟ་ཁ་བསིག་མི། དམའ་ལུང་ཁུང་ནས་རྐུན་མ་ཤ་ཆིང་ཁུར་མི། རྐུན་ཁ་ཤོམས་བྱེད་མི། འཇབ་ལག་ཤོམས་བྱེད་མི། མི་མེད་དང་ལྷ་མེད་ཟེར་མི། ཁ་མཆུ་དང་རྩོད་ཡ་བཟུང་མི། ཁ་དཀར་ཞིང་སྙིང་ནག་པ། དོ་བརྡོ་ཞིང་ཕོད་བཙུགས་པ། བསམ་པ་ངན་ཞིང་སྦྱོར་བ་རྩུབ་པ། ལེགས་ན་མི་ 6-28-76b དགའ་ཉེས་ན་དགའ་བ། བཟང་ན་མི་དགའ་ངན་ན་དགའ་བ། བསྟོད་ན་མི་དགའ་སྨད་ན་དགའ་བ། ཚེ་སྲོག་དབང་ཐང་ལ་འཁུ་ཞིང་། སྟོབས་དཔལ་འབྱོར་པ་ལ་འཚེ་བ། གཤེ་སྐུར་དུག་སྦྱོར་བྱེད་ ཅིང་། བྱད་ཕུར་རྦོད་གཏོང་ཤོམས་པ། ལག་པ་ཚིག་དུ་རྔོ་བ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་ཤོམས་པ། ད་དགྲ་ཐད་དུ་ལངས་པ། མིང་བྱང་བུ་ལ་བཀོད་པ། མཚན་དཀར་ཆག་ལ་བཏབ་ པ། ཕྲིན་ལས་ཀྱི་ཡུལ་དུ་གྱུར་པ་བསྒྲལ་བའི་ཞིང་དུ་གྱུར་པའི། འདིར་དགྲ་བགེགས་དམིགས་བསལ་ཡོད་ན་འཛུད། དགྲ་བགེགས་སྡིག་པོ་ཆེ་འདི་རྣམས་ཀྱི་སྟེང་དུ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་ཚོགས་རྣམས་ ཁྲོས་འཁྲུགས་རྔམ་པའི་རང་བཞིན་དུས་མཐའི་མེ་རླུང་གིས་བསྐྱོད་པའམ་གནམ་ལྕགས་དྲག་པོའི་སེར་སྤྲིན་འཁྲིགས་པ་ལྟ་བུའི་དམག་དཔུང་ཆེན་པོ་དུས་ད་ལྟ་ཉིད་དུ་ཕོབ་ཅིག །དགྲ་བོ་ཆེ་རྒྱུད་ལ་བབ་ན་ སྡོང་རྒན་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིག །འབྲིང་རྒྱུད་ལ་བབ་ན་ལྕུག་ཕྲན་ཟོར་བས་བརྔས་པ་བཞིན་དུ་ཐོངས་ཤིག །ཆུང་རྒྱུད་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་ཐོངས་ཤིག །ཕོ་རྒྱུད་ཀྱི་རྩ་བ་ཀླུ་ལ་ གཏོད་ཅིག །མོ་རྒྱུད་ཀྱི་མངལ་འཛིན་བཙན་ལ་གཏོད་ཅིག །སྐྱེས་དར་མ་གྲིར་སོད་ཅིག །མོ་དར་མ་འགགས་སུ་ཆུང་ཅིག །བུ་ཚ་ཚངས་ཕྱིང་ནང་དུ་སོད་ཅིག །རིང་པོར་སྐྱེས་པའི་རྩ་བ་ཆོད་ཅིག །ཐུང་ 6-28-77a ངུར་སྐྱེས་པའི་རྟིང་པ་ཕུད་ཅིག །སྦོམ་པོར་སྐྱེས་པའི་ཁོག་པ་དཀྲུགས་ཅིག །གནམ་གྱི་འཇུ་ཐག་ཆོད་ཅིག །ས་ཡི་རྟེན་ཕུར་ཕྱུངས་ཤིག །དམ་ཉམས་པའི་དགྲ་བགེགས་ རྣམས་ཀྱི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་དང་བཅས་པ་ཐལ་བའི་རྡུལ་དུ་རློག་ཅིག །སོད་ཅིག །སྒྲོལ་ཅིག །ཁ་སྐོར་ཅིག །ཚངས་དཀྲུག་ཅིག །ལིངས་ཐོབ་ཅིག །མིག་ཕྱུངས་ཤིག ། སྙིང་དྲོངས་ཤིག །ཁོང་ཁྲག་ས་ལ་ཕོས་ཤིགརོའི་ཟམ་པ་ཚུགས་ཤིག །ཁྲག་གི་ཆག་ཆག་ཐོབས་ཤིག །ངུ་འབོད་ཀྱི་གཟིང་ལོང་ཐོངས་ཤིག །ཕོ་རྒྱུད་ཤ་ལ་དགའ་བས་ཤ་ཟོ་ཞིག །མོ་རྒྱུད་ཁྲག་ ལ་དགའ་བས་ཁྲག་འཐུངས་ཤིག །སྲོག་བདག་དབུགས་ལ་རྔམས་པས་དབུགས་རྡུབས་ཤིག །སྡེ་བརྒྱད་གཟན་ལ་རྔམས་པས་ཟ་ཁ་སྟོན་ཅིག །དགྲ་བོ་འདིའི་ཚེ་སྲོག་ལ་བབ་ན་མར་མེ་རླུང་གིས་བསད་པ་ བཞིན་དུ་ཐོངས་ཤིག །ཁ་རྗེ་ལ་བབ་ན་བྲག་རི་ཐོག་གིས་བཤིག་པ༴ ལུས་སྟོབས་ལ་བབ་ན་སྒོ་ང་བྲག་ལ་བཅར་བ༴ ལྷ་སྲུང་ལ་བབ་ན་བྱ་རོག་རྡོས་བསྐྲོག་པ༴ མངའ་ཐང་ལ་བབ་ན་ལོ་ཏོག་སེར་བས་ བཅོམ་པ་བཞིན་དུ་ཐོངས་ཤིག །འཁོར་འབངས་ལ་བབ་ན་ནགས་ཚལ་མེས་ཚིག་པ༴ ཟས་ནོར་ལ་བབ་ན་ཐལ་བ་རླུང་གིས་གཏོར་བ༴ གཉེན་བཤེས་ལ་བབ་ན་ཤོག་སྐྱ་རླུང་གིས་ཁྱེར་བ༴ ཡུལ་མཁར་ 6-28-77b ལ་བབ་ན་བྱེ་མའི་ཁང་བུ་འགྱེལ་བ་བཞིན་དུ་ཐོངས་ཤིག །ནོར་ཕྱུགས་ལ་བབ་ན་གྲོག་ཚངས་ལ་རྡོ་ཕོག་པ༴ བསོད་ནམས་ལ་བབ་ན་ནམ་ལངས་ཀྱི་སྐར་མ་ཡལ་བ༴ རླུང་རྟ་ལ་བབ་ན་ཁང་རུལ་ལ་སྒྱོག་རྡོ་ཕོག་ པ༴ སྟོབས་ཤུགས་ལ་བབ་ན་རི་དྭགས་རྒྱ་རུ་བཙུད་པ༴ དཔལ་འབྱོར་ལ་བབ་ན་མེ་སྟག་ཆུ་ལ་བོར་བ་བཞིན་དུ་ཐོངས་ཤིག །ལིང་ཁུང་ཆེན་པོ་ཁ་མདོག་ཅིག །ཤན་པ་ལག་དམར་གྱི་སྤུ་གྲི་མ་རྟུལ་ཅིག ། སྐྱེ་བ་ཕྱི་མ་ལ་དུས་མ་བཏབ་ཅིག །ལས་ཀྱི་རྣམ་པར་སྨིན་པ་ལ་ཁུངས་མ་ཕྱུང་བར་རྩ་གསུམ་དམ་ཅན་རྒྱ་མཚོའི་སྐུ་ཤུགས་དྲག་པོ་མི་བཟད་པ་མྱུར་དུ་བསྐྱེད་པར་མཛད་ནས། དུས་ད་ལྟ་ཉིད་དུ་དགྲ་བགེགས་སྡིག་ ཅན་འདི་རྣམས་ལ་འཇིགས་སུ་རུང་བའི་ཆོ་འཕྲུལ་ཐོངས་ཤིག །ལྟས་ངན་གྱི་ཡོ་ལངས་སློངས་ཤིག །སྐྱོབ་བྱེད་ཀྱི་ལྷ་གནོད་བའི་བདུད་དུ་ཕོབ་ཅིག །སྲུང་བའི་གུར་རྡོ་རྗེའི་མཚོན་གྱིས་ཤིག་ཅིག །བསམ་ སྦྱོར་ངན་པའི་མཚོན་ཆ་ཁོ་ཡི་གཤེད་དུ་སློངས་ཤིག །བདུན་བརྒྱུད་རྩད་ནས་ཆོད་ཅིག །མིང་ཙམ་ཡང་མེད་པར་ཐལ་བའི་རྡུལ་དུ་རློག་ཅིག །མདོར་ན་བསྟན་དགྲ་སྡིག་པོ་ཆེ་རྣམས་ཀྱི་བླ་ཚེ་སྲོག་དབུགས་སྟོབས་ དཔལ་འབྱོར་པ་དང་བཅས་པ་རྩ་གསུམ་ཆོས་སྐྱོང་རྒྱ་མཚོའི་འབར་བའི་ཞལ་དུ་བཞེས་ནས་དགྱེས་པའི་གད་རྒྱངས་དྲག་པོ་འབྲུག་སྒྲ་སྟོང་ལྟར་བསྒྲག་པས་བདག་ཅག་དཔོན་སློབ་སྡེ་དང་བཅས་པ་ཕྱོགས་ཐམས་ 6-28-78a ཅད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་མཚུངས་པ་མེད་པའི་སྒོ་ནས་དགྲ་བགེགས་འབྱུང་པོའི་ཚོགས་རྣམས་གདོད་མའི་ཆོས་སྐུ་ཆེན་པོར་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ་བའི་ དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཐར་ཕྱིན་པར་མཛོད་ཅིག །སྨྲས་པ། ཨེ་མ། དམོད་པ་དྲག་སྔགས་དྲག་པོའི་སྤྲིན་ནག་ལས། །འཇིགས་རུང་དཔའ་བོའི་འབྲུག་སྒྲ་རྣམ་འཇིགས་པས། །དགྲ་བགེགས་སྡིག་ཅན་དོན་ སྙིང་ཚལ་པ་བརྒྱར། །འགེམས་འདི་སྔགས་འཆང་དཔའ་བོའི་གད་རྒྱངས་ཡིན། །ཞེས་དགོངས་གསོལ་དཔའ་བོའི་འབྲུག་སྒྲ་ཞེས་པ་འདི་ཡང་རབ་ཚེས་ས་ཡོས་ཟླ་བ་དགུ་པའི་ཚེས་ཉེར་བརྒྱད་ལ་དཔལ་མ་ཧཱ་ཀཱ་ལ་སྒྲུབ་པའི་དུས་སུ་ཟིལ་གནོན་དགྱེས་པ་རྩལ་ ཞེས་འབོད་པས་ཐུན་བར་གཅིག་ལ་ཤར་མར་བྲིས་པ་འདིས་བསྟན་དགྲ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ། ། ༈ །གསོལ་ཁའི་གཏོར་ མ་འབུལ་བའི་ཆོ་ག་བཞུགས་སོ། །གསོལ་ཁའི་གཏོར་མ་འབུལ་བའི་ཚེ་གཏོར་འགུགས་རྒྱས་པའམ་ནྲཱྀ་ཏྲི་བཛྲ་ཨཾ་གུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃ། ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིངྟ་ཁ་ཁ་ཁཱ་ ཧི་ཁཱ་ཧི། ན་མཿཤྲཱི་བཛྲ་སོགས་མཇུག་ཏུ། སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ། །ཆོས་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །མ་ཡིས་བུ་བཞིན་སྐྱོང་བར་ཞལ་བཞེས་པ། །ཆོས་སྐྱོང་ 6-28-78b སྲུང་མའི་ཚོགས་ལ་ཕྱག་འཚལ་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ནི། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། །ཆོས་ སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །དམ་རྫས་འདོད་དགུའི་གཏོར་མ་འདི་བཞེས་ལ། །བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད། །འདི་ལྟར་ཡིད་ལ་བརྣག་པའི་དོན་འབྲས་འདི། ། བླ་མ་ཡི་དམ་ཌཱ་ཀི་བྱིན་རླབས་ཅན། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས་རྣམས་དང་ཆོས་སྐྱོང་དམིགས་གསལ་གྱི་མཚན་བརྗོད་ནས། ཀྱིས། དམ་ཚིག་གཉན་དགོངས་མྱུར་འགྲུབ་ཕྲིན་ལས་མཛོད། །བདག་ཅག་རྣམས་ཀྱི་ཆོས་དང་མཐུན་པའི་དོན། ། ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་གདོན་བགེགས་སོགས་བར་དུ་གཅོད་པའི་རྐྱེན། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །འགལ་རྐྱེན་བར་ཆད་མ་ལུས་ཞི་བ་དང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པར་མཛོད། ། ༈ གསང་སྔགས་སྙིང་པོ་ནང་རྒྱུད་སྡེ་གསུམ་གྱི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང་། །གང་ལ་ལོག་པར་བལྟ་བའི་དགྲ་དང་བགེགས། །རྗེས་ཤུལ་མེད་པར་མྱུར་དུ་བརླག་པར་མཛོད། ། 6-28-79a བརྒྱུད་གསུམ་བླ་མའི་སྤྱན་སྔར་དམ་མནོས་པའི། །སྡེ་གསུམ་དྲེགས་པའི་མཐུ་རྩལ་མངོན་བྱུངས་ལ། །རིགས་གསུམ་སྤྲུལ་པའི་རིང་ལུགས་ཆོས་ཀྱི་མཛོད། །ས་གསུམ་ཁྱབ་ པར་མྱུར་དུ་སྤེལ་བར་མཛོད། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་ གནས་པའི་ཕྲིན་ལས་མཛོད། །རྒྱལ་བ་ཀུན་གྱི་ཉེ་ལམ་གཅིག་པུ་རུ། །རྒྱལ་བས་ཡོངས་བསྔགས་ཐེག་མཆོག་རྫོགས་པ་ཆེ། །རྒྱལ་དབང་པདྨའི་རིང་ལུགས་རྙིང་མ་པའི། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་ པའི་ཕྲིན་ལས་མཛོད། །སྐྱབས་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་། །རྩ་གསུམ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་། །ཆོས་ཉིད་རྣམ་དག་བདེན་པའི་བྱིན་རླབས་ཀྱིས། །བདག་གིས་ཕྲིན་ལས་གང་ བཅོལ་འགྲུབ་པར་ཤོག །དམ་རྟེན་ཡོད་ན། ཅན་སྲུང་མའི་དབང་པོ་འཁོར་བཅས་རྣམས། །དམ་ཚིག་རྟེན་མཆོག་འདིར་ནི་དགྱེས་བཞུགས་ནས། །རྟགས་དང་མཚན་མ་མངོན་དུ་བསྟན་པ་དང་། །ལས་བཞིའི་ཕྲིན་ལས་ ལྷུན་གྱིས་གྲུབ་པར་མཛོད། །རྩ་བརྒྱུད་བླ་མའི་བྱིན་རླབས་སྙིང་ལ་བཞུགས། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་ཐོབ། །མཁའ་འགྲོ་དམ་ཅན་ལུས་དང་གྲིབ་བཞིན་འགྲོགས། །གང་བསམ་ 6-28-79b ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཞིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་ ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མི་ཕམ་པས་དཀྱུས་སུ་བསྡེབས་པ་དགེའོ། ། ༈ མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་ཅེས་པ་མགོན་པོའི་ཏནྟྲ་ལས་སྨོན་ལམ་གདབ་པར་གསུངས་པ་ནི། ཚེ་རབས་སྔོན་ནས་རྒྱལ་བས་ དབང་བསྐུར་ནས། །ཚེ་རབས་བརྒྱུད་ནས་བསྟན་པ་སྲུང་བར་མཛད། །མགོན་པོ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནཱི། ན་མོ་ཡོ་གི་ནཱི། ན་མོ་ཏཱ་ཀི་ནཱི། ཏདྱ་ཐཱ། ཧི་ལི་ཧི་ལི། ཀི་ཏི་ཙི་ཏི་ ནི་ཏི་པ་ཏ་ཡ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆད་དུ། །རྒྱལ་བའི་བསྟན་པ་སྲུང་བར་ཞལ་བཞེས་པས། །དེ་རིང་དུས་འདིར་བསྟན་པ་རྒྱས་པར་མཛོད། །ཅེས་གསུངས་སོ། ། ༈ ལྷ་མོའི་ རྒྱུད་ནས་རལ་གཅིག་མའི་ཕྱག་རྒྱ་ནམ་གྲུ་མའི་གཟུངས་གསུང་བ། ན་མོ་བཛྲ་པཱ་ཎི་སྱཾ། ཙི་ལི་ཙི་ལི། བྷིཎྜ་བྷིཎྜ། མུཉྩ་མུཉྩ། ཏི་པཱ་ལ་ཀ་ན་སྭཱ་ཧཱ། ཞེས་སོ། །འདིས་ལྷ་མོ་སྙིང་ཉེ་བར་འགྱུར་རོ། །སྨོན་ལམ་གདབ་པ་ནི། བདག་ནི་དུས་ཀུན་ལྷ་མོ་ཁྱོད་ཉིད་དང་། །སྐད་ཅིག་མི་འབྲལ་ཕྲིན་ལས་རྣམ་བཞི་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཀུན། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །ཅེས་ཀྱང་བྱའོ། ། 6-28-80a མངྒ་ལཾ། ། ༈ གསོལ་ཁ་རྣམས་གྲངས་གསོག་ཚེ། མ་ནིང་ལ། ཧཱུྃ། དཔལ་མགོན་མ་ནིང་ནག་པོ་དགོངས་སུ་གསོལ། །ཁྱོད་ལ་མཆོད་པ་དམ་པ་ནས། ཁཱ་ཧི་བར་དང་། རྒྱས་ པར་དེ་སྟེང་། འཇིག་རྟེན་འདས་པའི་སོགས་བསྟོད་པ་ཚིགས་བཅད་གཅིག་གམ་གཉིས་བཏགས། ལེགས་ལྡན་ལ། ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག་ནས། ཁཱ་ཧི་བར་བསོགས། ཚོགས་བདག་ལ། ཧཱུྃ། བཀའ་ཡི་བསྟན་ སྲུང་ཞལ་འཆེས་པ་ནས། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི་བར། སྔགས་སྲུང་མ། ཧཱུྃ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ནས་ནས། ས་མ་ཡ་བར་ལ། ཨོཾ་རོ་རུ་ཨེ་ཀ་སོགས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བསོགས། རེ་ཏི་ལ། དཔལ་གྱི་སྲུང་མ༴ གཡུ་སྒྲོན་མཆོད་བྱང་རྒྱས་བསྡུས། ནོར་ལྷ། བྱང་ཕྱོགས་སྐྱོང་བ་མ། དམ་ཅན། བཅོམ་ལྡན་ཕྱག་རྡོར་མ། གཟའ། སྔོན་ཚེ་དབང་ཆེན་མ། ལས་གཤིན། འདི་ནས་དཔག་ཚད་མ། ཐང་ལྷ། ཡང་ཅིག་ བཞེངས་ཤིག་མ། གེ་སར། དབྱིངས་ནས་ཐུགས་རྗེ་མ། བཙན་ཡང་ལེ་བེར། ཀྱེ། སྐྱེས་བུ་སྲོག་གི་བདག་པོ་ནི་སོགས་ནས། ལས་བྱེད་ཕོ་ཉའི་ཐུགས་དམ་བསྐང་བར་བསོག །སྡེ་དཔོན་དྲེགས་པ་སོ་སོའི་གསོལ་བྱང་དེ་ བསོག །རྗེས་འབྲང་རྣམས་རང་རང་གི་གསོལ་བྱང་བསྡུས་པ་རྣམས་བསོགས་དགེའོ། །དགའ་བ་ཆུ་འབྲུག་ཟླ་བ་བདུན་པའི་ཚེས་ཉེར་གསུམ་ལ་སྔར་གསོལ་ཁ་ཀུན་ལ་སྟོང་བརྒྱ་རེ་བསགས་ཚེ་དེ་འཕྲལ་དྲན་པ་ལྟར་སླར་འདིར་བརྗེད་བྱང་དུ་བཀོད་པ་མངྒ་ལཾ། ། 6-28-80b empty page 6-29-1a ༄༅། །རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། ། 6-29-1b ཨེ་མ་ཧོ། མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་། །ལྷ་རྩ་གསུམ་དགྲ་བླའི་སྤྲིན་ཕུང་དབུས། །ཕ་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྩལ། །བྱིན་ཐིབས་སེ་དགྱེས་ ཞལ་ངོམས་བཞིན་བཞུགས། །མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན། །དཔལ་ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ། །རྗེ་རིགས་གསུམ་གཅིག་འདུས་སེང་ཆེན་རྒྱལ། །བུ་མོས་གུས་བཟོད་ མེད་གདུང་ཤུགས་ཀྱིས། །ཕ་ཁྱོད་ལ་གསོལ་བ་སྙིང་ནས་འདེབས། །ཐུགས་འོད་གསལ་འཕོ་འགྱུར་མེད་པའི་ངང་། །བྱམས་སྙིང་རྗེའི་སྤྲིན་ཆེན་རྟག་ཏུ་འཁྲིགས། །ལས་སྨོན་ལམ་ མཐུན་པའི་གདུལ་བྱ་ལ། །བྱིན་བཙན་ཐབས་འབེབས་པའི་ཐུགས་རྗེ་ཅན། །དཔལ་དགྲ་བླའི་སྐུ་ཆས་རེ་རེར་ཡང་། །ལྷ་རྩ་གསུམ་དཀྱིལ་འཁོར་གྲངས་ལས་འདས། །དྲན་ཙམ་གྱིས་བྱིན་ 6-29-2a རླབས་དབང་ཆེན་ཐོབ། །ཡབ་དཔའ་བོའི་བྲོ་བརྡུངས་ཁྲབས་སེ་ཁྲབ། །ཡུམ་དཔའ་མོའི་གླུ་ལེན་ཤར་ར། །རྟ་འདོ་རྗེའི་ཧེར་སྒྲ་ལྷངས་སེ་ལྷང་། །དཔའ་དགྲ་བླའི་ བཞད་སྒྲ་ཆེམས་སེ་ཆེམ། །སེམས་མོས་དུང་ཅན་གྱི་སྐྱེ་བོ་ལ། །ད་མ་གཡེལ་མ་གཡེལ་བྱིན་གྱིས་རློབས། །ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས། །ངག་འདི་ལ་འཕྲུལ་གསུང་ དབང་ཞིག་བསྐུར། །སེམས་འདི་ལ་བདེ་སྟོང་རིག་རྩལ་སྦོར། །རྗེ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག ། བླ་མ་མཁྱེན་ཞེས་ཅི་མང་དང་། །བླ་མ་སྐྱེས་མཆོག་ཡིད་བཞིན་ནོར་བུ་ མཁྱེན། །ཞེས་དང་། ཨོཾ་ཨཱཿཧཱུཾ་བཛྲ་མ་ཧཱ་གུ་རུ་མ་ཎི་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་བཟླས་མཐར་རང་དང་དབྱེར་མེད་བློ་འདས་ཆོས་སྐུའི་ངང་དུ་བཞག །བྱིན་རླབས་མྱུར་འཇུག་རིག་རྩལ་བརྡའ་རྟགས་སྟོན། །ཞག་བདུན་གསོལ་ 6-29-2b བཏབ་རྗེས་སུ་ངེས་པར་འཛིན། །རང་རིག་བློ་འདས་ངང་ནས་སེང་ཆེན་རྗེའི། །བྱིན་རླབས་ཆེ་ཐོབ་རིག་པའི་རྡོ་རྗེས་སྤེལ། །ཐུན་མཐར་ཧོར་འདུལ་དང་རྟ་རྒྱུག་གསོལ་འདེབས་དབྱངས་སྙན་པོས་བསྒྲགས་པར་བྱའོ། །ཐམས་ཅད་འདུལ་གྱི་ཟླ་༣ཚེས་༢༣ལའོ། །དགེའོ། །མངྒ་ལཾ།༈ ངོ་མཚར་རྟོགས་བརྗོད་བརྡ་གསང་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། འཛམ་གླིང་ཕན་བདེ་གྲུབ་པའི་རོལ་མོ་རུ། །ཡེ་ཤེས་ནོར་བུ་འབར་བའི་ཟེར་ཕྲེང་གིས། །ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ། ། སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤིས་པ་སྩོལ། ༡། འདམ་གྱི་པདྨོ་སྣང་བའི་དང་པོ་ལ། །གློག་ཕྲེང་མེ་ལོང་དམར་པོའི་དཀྱིལ་དུ་ཤར། །འབྲུག་སྒྲས་དཔའ་བོ་རླུང་གི་བང་ཞོན་པས། །ཀུན་ཀྱང་དབང་དུ་གྱུར་ལ་ གསོལ་བ་འདེབས། ༢། དབང་ཆེན་ཅང་ཤེས་དམར་པོར་སྣང་བ་ཡི། །རྫུ་འཕྲུལ་རྐང་པ་འཕྲུལ་གྱི་ཞགས་པས་བཀུག ། སྒྱུ་མའི་གཏེར་ལས་སྲིད་གསུམ་ཡོ་བྱད་འགྲིགས། །ཆེ་རྒུས་མངའ་གསོལ་མཛད་ལ་ གསོལ་བ་འདེབས། ༣། སྟག་དང་སེང་འབྲུག་ཁྱུང་དང་གླང་པོའི་ཁྱུ། །དྲེགས་པའི་ཆང་གིས་མྱོས་བཞིན་རྣམ་རྒྱུ་བ། །ཕན་ཚུན་འགྲན་པ་བཞིན་ཏུ་དངར་བའི་མཐར། །སྦས་པའི་ཟོལ་གྱིས་གཤེགས་ལ་གསོལ་ བ་འདེབས། ༤། དྭངས་པའི་ཤེལ་ལས་འཕོས་པའི་གཟུགས་བཞིན་ཏུ། །དུ་མའི་མདུན་ན་སྣ་ཚོགས་ཉམས་ཀྱི་གླུས། །སོ་སོའི་ཡིད་ཀྱི་འདོད་པ་གསལ་བྱེད་པའི། །སྒྱུ་འཕྲུལ་རོལ་མོ་ངོམ་ལ་གསོལ་བ༴ ༥ 6-29-3a བཞིན་ལེགས་ལྷ་ཡི་ནི་གུའི་ཚོགས་མདུན་ནས། །ཟླ་ཉི་སྒྲ་གཅན་སྐར་མའི་རྒྱུ་བ་བཞིན། །སྟོབས་ནུས་རླུང་གི་ཤེད་མོང་རབ་འཁྲུགས་པས། །སྙན་པའི་བ་དན་བསྐྱོད་ལ༴ ༦ དགའ་སྐྱིད་ཉི་ཟླ་འབར་བའི་སྣང་ བའི་ངོགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲུང་། །གྲགས་པའི་འབྲུག་སྒྲས་ས་ཆེན་འདར་བཞིན་ཏུ། །རྒྱལ་ཐབས་ཁྲི་ཆེན་གནོན་ལ༴ ༧ སྤྲིན་ལས་སྣང་བའི་མུ་ཁྱུད་དང་ནི་ཡང་། །འདམ་གྱི་སྦུབས་ ནས་པདྨ་གཞོན་ནུ་བཞིན། །ལྷར་བཅས་ཀུན་དགའི་ལུས་མཆོག་དྲི་མ་མེད། །མངོན་སུམ་སྣང་བར་མཛད་ལ༴ ༨ སྟོབས་ཀྱིས་དྲེགས་པ་ཀུན་ཀྱང་འདི་ཡི་དྲུང་། །ཅོད་པན་རལ་པས་བཏུད་དང་ལྷན་གཅིག་ཏུ། ། བདུད་ཀྱི་སྡེ་ཆེན་ཕམ་པའི་ཆོ་ངེ་བསྒྲགས། །དཀར་ཕྱོགས་རྣམ་པར་རྒྱལ༴ ༩ དེ་ནས་སྲིད་དང་ཞི་བའི་དྭངས་བཅུད་ཀུན། །དབང་མེད་འཕྲོགས་པ་ཡིད་བཞིན་ནོར་བུའི་སྐུ། །རྟག་བརྟན་བསྒྲེས་རྒུད་བྲལ་བའི་ རང་བཞིན་གྱིས། །བསྟན་འགྲོའི་ཕན་བདེ་སྤེལ་ལ༴ ༡༠ དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས། །རིགས་གསུམ་པདྨའི་སྒྱུ་འཕྲུལ་དགྲ་བླའི་རྒྱལ། །ཡིད་ཀྱི་ཨུཏྤལ་གཞོན་ནུའི་དབུས་བཞུགས་ནས། ། རེ་འབྲས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་རྩོལ། ༡༡། རབ་ཚེས་ཤིང་ཁྱི་ཧོར་ཟླ་བཅུ་གཅིག་པའི། །དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུ་ལ། །དཔའ་བོ་གླིང་ལ་གུས་པའི་རྣལ་འབྱོར་བ། །མི་ཕམ་རྣམ་པར་རྒྱལ་བས་ལེགས་པར་སྤེལ། །ལུས་ཟུངས་ 6-29-3b དགའ་སྐྱིད་ནྱ་གྲོ་དྷ་ཡི་འབྲས། །ཕྲ་ཡང་ཇེ་བས་ཇེ་ཆེར་རྒྱས་པ་ཡི། །རྟེན་འབྲེལ་བཟང་པོའི་རྟོག་པ་བཅོས་མིན་དུ། །ཡང་ཡང་སྐྱེ་བའི་རྩལ་ལས་འདི་ཡང་སྣང་། །ཉམས་དགའི་བྲོ་གར་རྩེན་པར་འདོད་པའི་ངང་། །སྒྱུ་མའི་གཉིད་ལས་བརྡ་དོན་སྣ་ཚོགས་ཤར། །དེ་ཚུལ་བརྟག་ན་འདི་ ཡང་རྟེན་འབྲེལ་གྱི། །མཆོག་བཟང་གཡུ་རྒྱལ་ལྷ་ཡི་རྔ་དང་འདྲ། །གེ་སར་ནོར་བུ་དགྲ་འདུལ་ཞེས་བྱ་བ། །འཛམ་གླིང་ཐ་གྲུ་ཀུན་ན་གྲགས་པ་ཡི། །ངོ་མཚར་རྟ་རྒྱུགས་རྟོགས་པ་བརྗོད་པའི་གཏམ། །བརྡའ་གསང་ནོར་བུའི་མེ་ལོང་འདི་ཡིན་ནོ། །སརྦ་མངྒ་ལཾ། ། ༈ ཧོར་འདུལ་གསོལ་འདེབས་དཔའ་བོའི་གད་རྒྱངས་བཞུགས་སོ། །ཨེ་མ་ཧོ། རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་ངང་ཉིད་ནས། །རྡོ་རྗེ་ཁྲོས་པའི་སྒྱུ་འཕྲུལ་མེ་བོ་ཆེ། །ལོག་སྨོན་བདུད་ཀྱི་ཚང་ཚིང་བསྲེགས་ལ་རྔམ། །སྐྱེས་མཆོག་དགྲ་འདུལ་ རྒྱལ་པོ་རྒྱལ་གྱུར་ཅིག ། བདུད་འདུལ་མཉམ་པ་ཆེན་པོའི་ཏིང་འཛིན་ལས། །དྭངས་སྨན་ཌཱ་ཀིས་རབ་བསྐུལ་མཁའ་འགྲོའི་གླུས། །ཐུགས་རྗེའི་གློག་དམར་འཁྱུག་དང་ཆབ་གཅིག་ཏུ། །དགྲ་བླའི་དམག་ སྤྲིན་སྡུད་ལ་གསོལ་བ་འདེབས། །ཤུགས་རྩེན་རླུང་གིས་བཏེགས་པའི་རྟ་བདུན་དབང་། །མཐོང་བ་ཀུན་སྨོན་ཡུལ་གྱི་དབུས་སུ་ཤར། །རེ་འདོད་དགའ་བའི་མིག་ཅན་པདྨོའི་ཚལ། །རྫུ་འཕྲུལ་འོད་བརྒྱས་འབྱེད་ལ༴ དགྲ་བླའི་བ་དན་གཡོ་བའི་འབྲུག་སྒྲ་དང་། །ལྷན་གཅིག་རྒྱུ་བ་སྣ་ཚོགས་ནོར་བུའི་སྐུ། །ཞི་དང་དྲག་པོའི་རོལ་རྩེད་དུ་མ་ཡིས། །ལམ་གྱི་དགྲ་ཚོགས་འདུལ་ལ༴ ཡིད་འཕྲོག་དབང་གི་ལྕགས་ཀྱུས་སྙིང་ 6-29-4a དྲངས་ནས། །སྲིད་པའི་མུན་པ་བདུད་ཀྱི་ཁོང་དུ་གཞུག ། སྒྱུ་མའི་བཀོད་པ་ཆེན་པོའི་རོལ་རྩེད་སྟོང་། །བརྒྱུད་མར་ངོམས་པར་མཛད་ལ༴ བདེ་ཆེན་ནོར་བུའི་གཏེར་ལྡན་པདྨའི་མཚོ། །ཐུགས་ རྗེའི་འོད་སྟོང་འབར་བས་རིང་ནས་བསྐྱང་། །སྦས་པའི་ལུས་མཆོག་རྡོ་རྗེའི་སྟོབས་ལྡན་པས། །ངོ་མཚར་འབྲུག་སྒྲ་སྒྲོགས་ལ༴ དགྲ་སྙིང་དུམ་བུར་བྱེད་པའི་སྒྱུ་འཕྲུལ་བརྒྱ། །སྡིག་ཅན་སྙིང་ལ་སྙིང་རྗེའི་ཤུགས་ ཀྱིས་ངོམ། །སྨག་ལ་ཟླ་བ་བཞིན་དུ་ཐུགས་རྗེའི་མཐུ། །འགོག་མེད་སྣང་བར་མཛད་ལ༴ སྙིང་རྗེའི་ལྕགས་ཀྱུས་དབང་མེད་བཀུགས་ནས་སུ། །མི་བཟད་དུག་ལྔའི་མེ་འབར་བདུད་ཀྱི་མགོ། ཤེས་རབ་ རལ་གྲིས་འབྲེག་པར་མཛད་པ་ཡི། །ངོ་མཚར་མཐུ་ཆེན་སྟོན་ལ་གསོལ་བ་འདེབས། །བྱང་ཕྱོགས་བདུད་ཀྱི་རྒྱལ་མཚན་རྩེ་ནས་བསྙིལ། །ཡང་དག་ཆོས་ཀྱི་རྒྱལ་རྔ་རབ་ཏུ་བསྒྲགས། །ཕྱོགས་ལས་རྣམ་ རྒྱལ་ཉི་ཟླའི་གཟི་བྱིན་གྱིས། །དཀར་ཕྱོགས་རྒྱལ་ཁམས་སྐྱོང་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས། །སྙིང་ལ་དགྲ་བླའི་རྒྱལ་པོའི་མཐུ་ཐོབ་ནས། །ཆོས་སྲིད་ལེགས་ཚོགས་ འཕེལ་བའི་བར་ཆད་དགྲ། །བསམ་པ་ཙམ་གྱིས་རྨིང་མེད་ཐུལ་བར་ཤོག ། ཅི་འདི་ཕྲ་མོའི་མེ་ཞེས་མ་བརྙས་ཤིག ། དུས་སུ་རླུང་གིས་སྦར་ན་ནགས་ཀྱི་གྲོང་། །ཟ་བའི་ལྕེ་རྣོན་གནམ་སའི་ཁ་ལ་འཁྱུག ། ནུས་པའི་རྔམས་སྒྲ་འབྲུག་སྟོང་བས་ཀྱང་ལྡིར། ། 6-29-4b རབ་བྱུང་ཞེས་གྲགས་ལྔ་ཕྲག་གསུམ་པའི་ཁོངས། །ཐམས་ཅད་འདུལ་ཞེས་བགྲང་བྱའི་ནག་པ་ཡིས། །ཉ་བའི་དུས་ཀྱི་དམར་ཕྱོགས་ཚེས་བཅུ་ལ། །སྒྲུབ་ཁང་བདུད་ལས་རྣམ་པར་རྒྱལ་བ་རུ། །སྣ་ཚོགས་ནུས་པ་འཛིན་པའི་སེམས་ཀྱི་ཁམས། །དགྲ་བླའི་རྒྱལ་པོར་མོས་པའི་བག་ཆགས་གཟུགས། ། དྭངས་མཚོར་ཟླ་བ་བཞིན་ཏུ་གསལ་བའི་ཚེ། །མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་མངྒ་ལཾ། ། ༈ གེ་སར་གསོལ་འདེབས་བཞུགས། ཧཻཿ རིགས་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི། ཐུགས་རྗེའི་འོད་ཟེར་འཛམ་གླིང་དཔལ་དུ་ཤར། །སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་གུ་རུ་མ་ཎི་རཱ་ཛ་སིདྡྷི་ཧཱུཾཿ མེ་སྤྲེལ་ཟླ་ ༡༡ ཚེས་ ༣ མི་ཕམ་པས་སོ། ། ༈ གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། རང་ཉིད་རྟ་མགྲིན་པདྨ་དབང་ ཆེན་དུ་གསལ་བའི་དབུ་གཙུག་ཏུ་རྡོ་རྗེ་ཐོད་ཕྲེང་རྩལ་བསྒོམ། རང་གི་མདུན་གྱི་ནམ་མཁར་བདུད་རྩིའི་སྤྲིན་དཀར་པོ་ལང་ལོང་དུ་འཁྲིགས་པའི་དབུས་སུ་དག་པ་ལྷ་ཡི་གཞལ་ཡས་ཁང་རྣམ་པར་རྒྱལ་བའི་ཕོ་བྲང་གི་དབུས་ སུ། གསེར་སྦྱོང་ནོར་བུས་བརྒྱན་པའི་ཁྲི་ལ་ཟ་འོག་དར་གོས་བརྩེགས་པའི་གདན་རྒྱ་གྲམ་གྱི་རེ་ཁས་མཚན་པ། དེའི་སྟེང་དུ་བདུད་དང་དམ་སྲིའི་གཡང་ཤུན་བརྗིད་པར་བཀྲམ་པའི་དབུས་སུ། དགྲ་བླའི་ རྒྱལ་པོ་གེ་སར་ཟླ་བ་ཉ་གང་བ་ལྟ་བུ་བལྟ་བས་མི་ངོམ་པའི་མཛེས་སྡུག་ལང་ཚོའི་གཟི་བྱིན་འབར་བ་ཟ་འོག་སྔོ་སྐྱའི་ན་བཟའ་དང་། ཡང་ཕྱམ་དམར་པོ་གསོལ་བ། གཅན་གཟན་གྱི་པགས་པ་སྔོ་སྐྱས་སྨད་དཀྲིས་པ། དབུ་སྐྲ་སིལ་བུར་གྲོལ་བ་ལ་འཇའ་དང་འོད་ཟེར་འཁྱུགས་པ། དབུ་ལ་ཕྱིངས་ཞྭ་ཟླུམ་པོ་ཟླ་བའི་མདངས་ཅན། མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་དང་། མེ་ལོང་ནོར་བུ་དར་སྣས་མཛེས་པ་ཞལ་འཛོང་རིང་ལ་ 6-29-5a མཛེས་འཛུམ་འཕྲོ་བ། སྙན་ཆ་རིན་པོ་ཆེའི་ཀོང་པད་དང་། མགུལ་པ་ལ་གསེར་གྭ་དང་མེ་ལོང་གིས་བརྒྱན་པ། ནོར་བུའི་ཕྲེང་བ་དཀར་དམར་དང་མེ་ཏོག་སྣ་ཚོགས་པའི་དོ་ཤལ་ཅན། ཕྱག་གཡས་ ཟ་འོག་གི་འབོལ་ལ་བརྟེན་ཅིང་། དབང་སྡུད་སྐབས་གཡས་རྡོ་རྗེའི་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས་སྲིད་ཞིའི་དྭངས་བཅུད་གཡོ་ཞིང་འགུགས་པ། ཞེས་བསྒྱུར། གཡང་སྐྱབས་དུས། ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ། ཞེས་བསྒྱུར། མདའ་མོའི་སྐབས། ཕྱག་གཡས་བརྐྱངས་པས་པདྨ་དཀར་པོ་བསྣམས་པ། ཞེས་བསྒྱུར། བཟློག་པའི་སྐབས། གཡས་གནམ་ལྕགས་ཀྱི་རལ་གྲིས་མ་རུང་སྲིན་པོའི་མགོ་འབྲེག་པ། ཞེས་བསྒྱུར། ཕྱག་གཡོན་ལྕགས་གཞུ་དང་ལྕགས་ མདའ་འཛིན་པ། ཞབས་གཉིས་གོ་ལྷྭམ་སྣ་རིང་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་གཡས་སུ་སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱེའུ་དར་དཀར་གྱི་ཕོད་བཅིངས་པ། །མེ་ཏོག་གི་བརྒྱན་ གྱིས་མཛེས་ཤིང་ཤྭ་རྡིལ་ཐོགས་པ། གཡོན་དུ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་གཡུ་ཐོད་གྱོན་ཞིང་ཕྱག་གཡས་མདའ་དར་དང་། གཡོན་བདུད་རྩིའི་ཀ་པཱ་ལ་དཀུར་བརྟེན་པ། མདུན་དུ་མ་སང་སྤུན་དགུའི་གཙོ་བོ་དམག་ དཔོན་མིག་དམར་ཆེན་པོ་ཁྲོས་པའི་ཉམས་ཅན། ཟ་འོག་དམར་ལྗང་གི་བེར་ཅན་འཕྲུལ་ཞགས་དམར་པོ་འདོམ་དུ་གཞལ་བ། དེ་རྣམས་ཀྱི་མདུན་དུ་གསང་བའི་ཡུམ་ཆེན་རྣམ་བཞི་མཛེས་སྡུག་མཚུངས་པ་ 6-29-5b མེད་པའི་ལང་ཚོ་ཅན། འཁོར་སྨན་ཕྲན་འབུམ་གྱིས་བསྐོར་བ། མཐའ་སྐོར་དུ་ལྷ་དམག་བྱེ་བ་བཙན་རྒོད་གནོད་སྦྱིན་ཀླུ་གཉན་སོགས་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་། དགྲ་ཟླ་ཝེར་མའི་དམག་དཔུང་གྲངས་མེད་པ་ གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་སྤྲིན་འཁྲིགས་པ་ལྟ་བུའི་འཁོར་གྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་ཕྱོགས་ལྷའི་གནས། ཨོ་རྒྱན་རིག་པ་འཛིན་པའི་ཞིང་། རྒྱ་དཀར་ནག་དང་། བོད་ཀྱི་ཡུལ། ཁྱད་པར་མདོ་ཁམས་གླིང་གི་ཡུལ་མཁའ་སྤྱོད་མཐོང་བ་ཀུན་སྨོན་ལ་སོགས་པ། རང་བཞིན་གར་བཞུགས་ཀྱི་གནས་ནས་གེ་སར་སྐྱེས་ བུ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ཏེ་མདུན་གྱི་དམ་ཚིག་པ་ལ་བརྟན་པར་བཞུགས། ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧཾཿ ཨ་ལ་ལི་ཐིམ་པར་གྱུར། ཞེས་སྤྱན་དྲངས་ལ་སྤོས་ཀྱི་དུད་པ་འཐུལ་ཞིང་ རོལ་མོ་དང་བཅས་པས། ཀྱེ། དད་པ་དང་ནི་དམ་ཚིག་གིས། །གེ་སར་སྐྱེས་བུ་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཨོཾ་ཏྲིམ་ཞིམ་ ཁྱིམ་མེ་མུ་ཏྲ་འབར་ར་ཧཾཿ ཨ་ལ་ལི་ལ་མོཿ གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃཿ ཏྲཀྴེར་ཁྱེམ༔ སྲོག་དུང་དུང་ཛཿསརྦ་ས་མ་ཡ་ཐིབ་ཐིབ་འདུ་འདུ་དུང་དུང་ཡེད་ཡེད་ཛ་ཛཿཞེས་འབོད་སྔགས་བཟླས་མཐར། བཛྲ་ས་མ་ 6-29-6a ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། དེ་ནས་དམ་བསྲེ་བ་ནི། ཧཱུྃ། དགོངས་ཤིག་དགྲ་བླའི་རྒྱལ་པོ་ཁྱོད། །སྤྱན་གཟིགས་པདྨ་ཐོད་ཕྲེང་དང་། །ཕྲིན་ལས་དབང་པོའི་སྡེ་ལ་སོགས། །རིག་འཛིན་ བརྒྱུད་པའི་སྤྱན་སྔ་རུ། །རྣལ་འབྱོར་གྲོགས་སུ་ཁས་བླངས་པའི། །ཞལ་བཞེས་དམ་བཅའ་མ་བསྙེལ་བར། །ཅི་བཅོལ་ཕྲིན་ལས་མ་ལུས་པ། །བྱང་ཆུབ་བར་དུ་བསྒྲུབ་བར་མཛོད། །བཛྲ་ས་མ་ཡ་རཀྵ་ཧཱུྃ། ན་མོ་ ན་མ་མི། ཞེས་ཕྱག་བྱ། ཨོཾ་ཏྲིམ་ཞིམ་ཁྱིམ་ས་པཱ་རི་ཝ་ར་ཨརྒྷཾ་པདྱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤཔྟ་ཨཥྚ་མངྒ་ལཾ་དྲ་ཕྱཾ་ལིངྒ་སབྟ་རཏྣ་པཉྩ་ཀ་མ་ གུ་ན་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛཿ པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ལ། ཧཱུྃ། རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་པའི་ གཞན་དབང་གིས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། དམ་ཚིག་ཆགས་ཉམས་འགལ་བ་ཅི་མཆིས་པ། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་པའི་ཚོགས། །འགྱོད་པས་བཤགས་སོ་བྱང་ ཞིང་དག་པ་དང་། །མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་རྩོལ། །བཛྲ་ས་མ་ཡ་ཨཱཿཞེས་པས་བཤགས་ནས། དེ་ནས་བསྐང་བ་ནི། ཧཱུྃ་ཧྲཱིཿ རབ་འབྱམས་ཞིང་ཁམས་རྒྱ་མཚོའི་མཆོད་པའི་སྤྲིན། །མེ་ཏོག་ 6-29-6b བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། །ཁྲག་ཆང་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཚིལ་གསུར་ཙོང་ཐུག་ཞུན་ཆེན་སྒྲོན་མེ་དང་། །ཤ་ཆེན་རྐང་གླིང་ཐོད་རྔ་དྲག་པོའི་རྫས། །བདུད་ རྩི་སྨན་དང་དམར་ཆེན་རཀྟ་དང་། །བ་ལིང་གཏོར་མ་ཛ་གད་དཔའ་བོའི་ཕུད། །བདེ་ཆེན་དགའ་བཞི་འདྲེན་པའི་རིག་མ་འབུམ། །གོ་མཚོན་ཡུལ་མཁར་ཟས་གོས་ཆས་རྒྱན་ཕྱུགས། །རྒྱལ་སྲིད་རིན་ཆེན་ཉེ་རྫས་ནོར་ སྣ་ཚོགས། །ལྷ་མིའི་འབྱོར་པ་རྒྱ་མཚོས་ཀུན་ཏུ་གཏམས། །གཏུམ་རྔམས་དམག་གི་དཔུང་ཆེན་སྤྲིན་ལྟར་འཁྲིགས། །རྟེན་གཡབ་མདའ་དར་དར་སྣ་གློགས་ལྟར་འཁྱུགས། །དྲག་པོའི་རྔ་སྒྲ་ཆ་སྒྲ་འབྲུག་ལྟར་སྒྲོགས། ། ཕ་རོལ་རྒོལ་འཇོམས་མཚོན་ཆ་ཐོག་ལྟར་འབེབས། །ཚེ་གཡང་ནོར་བུའི་ཆར་པ་སི་ལི་ལི། །འཇའ་འོད་བདུད་རྩིའི་སྤོས་སྤྲིན་ཏ་ལ་ལ། །བརྩེ་དགའ་དབང་གི་འོད་དམར་ཁྱུགས་སེ་ཁྱུག ། བདེ་དྲོད་རིག་པའི་རྩལ་སྣང་ ཤིགས་སེ་ཤིག ། སྣང་སྟོང་སྒྱུ་མར་རོལ་པའི་ཡེ་ཤེས་ཀྱི། །ཐིག་ལེ་ཆེན་པོ་འཁོར་འདས་མཉམ་བརྡལ་བ། །འདོད་རྒུ་ལྷུན་གྱིས་གྲུབ་པའི་མཆོད་སྤྲིན་འདིས། །རྩ་གསུམ་ཆོས་སྐྱོང་དགྲ་བླ་ཝེར་མའི་སྲོག ། སེང་ ཆེན་རྡོ་རྗེ་ཚེ་ཡི་རྒྱལ་པོ་དང་། །དགྱེས་ཡུམ་བློན་འབངས་དྲག་པོའི་དཔུང་དང་བཅས། །མི་འབྲལ་རྩེ་གཅིག་འགྲོགས་པའི་དད་གུས་ཀྱིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག ། ཉམས་ཆགས་འགལ་ 6-29-7a འཁྲུལ་ཆོས་ཀྱི་དབྱིངས་སུ་དག ། བདེ་སྟོང་རྡོ་རྗེ་གསང་བའི་དམ་ཚིག་གིས། །རྟག་ཏུ་འདུ་འབྲལ་མེད་པའི་ངང་ཉིད་ནས། །མྱུར་དུ་དངོས་གྲུབ་འདོད་རྒུའི་དཔལ་རྩོལ་ཅིག ། ཅེས་དང་། གེ་སར་ སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ། ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧྃཿ ཨ་ལ་ལི་ལ་མོ། གཏུང་བ་ཁྱེ་ཨ་ ཧོ་ཡེ་སིདྡྷི་ཧཱུྃ། ཏྲཀྴེར་ཁྱིམ་ས་པ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿཞེས་དང་། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། ཨོཾ་ཏྲིམ་ཞིམ་ཁྱིམ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་ཧོཿ ཨོཾ་ཏྲིམ་ཞིམ་སོགས་རྩ་སྔགས་ཤམ་དུ་ ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་འབུལ། བསྟན་པའི་བཀའ་སྲུང་ཆེན་པོ་གེ་སར་འཕྲུལ་གྱི་རྒྱལ་པོ་གསང་ཡུམ་བློན་འཁོར་དགྲ་བླ་ཝེར་མ་སྲུང་མ་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ་སོགས་ནས། མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །འདོད་ གསོལ་སྤྱི་དང་བྱེ་བྲག་ཏུ་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་དང་། །རིགས་གསུམ་ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་གར། །གཅིག་ཏུ་བསྡུས་པ་རྒྱལ་གཤིན་དམ་སྲིའི་གཤེད། །གེ་སར་ 6-29-7b ནོར་བུ་དགྲ་འདུལ་ཁྱོད་ལ་བསྟོད། །ཐུགས་རྗེའི་ལས་སྨོན་དག་པའི་རྟེན་འབྲེལ་གྱིས། །འཛམ་གླིང་བོད་ཀྱི་རྒྱལ་པོའི་སྐུར་བསྟན་པ། །དྲན་པས་ཚེ་གཡང་འདོད་རྒུའི་མཆོག་སྩོལ་བ། །རྡོ་རྗེ་ཚེ་ཡི་རྒྱལ་པོ་ ཁྱོད་ལ་བསྟོད། །སྐལ་བཟང་གང་ཞིག་ཁྱེད་ལ་དད་པའི་མོད། །སྟོབས་དཔལ་མཐུ་ནུས་བསྐལ་པའི་མེ་བཞིན་སྦོར། །དགྲ་གདོན་འབྱུང་པོའི་བླ་སྲོག་ཕྱེ་མར་བྱེད། །སེང་ཆེན་བདུད་འདུལ་དཔའ་བོ་ཁྱོད་ལ་ བསྟོད། །ས་གསུམ་ཆེ་རྒུ་ཀུན་གྱི་ཅོད་པཎ་ལ། །གང་བསམ་རྒྱལ་ཁ་ཐོབ་པར་དབང་བསྒྱུར་ཞིང་། །སྙན་པའི་བ་དན་ཕྱོགས་བཅུར་རྒྱས་མཛད་པ། །དོན་འགྲུབ་ཝེར་མ་དཀར་པོ་ཁྱོད་ལ་བསྟོད། །དེང་ འདིར་རིག་འཛིན་རྣལ་འབྱོར་བདག་ཅག་གི། མི་འབྲལ་རྡོ་རྗེ་གསང་བའི་དམ་ཚིག་གིས། །སྲོག་གི་སྙིང་པོ་གཅིག་ཏུ་བསྡུས་ལགས་ན། །ཐུགས་ཀྱི་དགོངས་ནས་མྱུར་དུ་འགྲུབ་པར་མཛོད། །དེ་ནས་བཟླས་ པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐྱེས་བུ་ཆེན་པོའི་ཐུགས་ཀར་ཉི་མའི་གདན་ལ་ཨ་ཡིག་དཀར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག །དེ་ལས་འོད་ཟེར་སྣ་ལྔ་བྱུང་བ་ རང་ལ་ཐིམ་པས་ལས་བཞིའི་ཕྲིན་ལས་བསམ་པ་ཙམ་གྱིས་ཐོགས་མེད་དུ་འགྲུབ་པའི་བདག་ཉིད་དུ་གྱུར། བར་བསམ་ལ། དམིགས་པ་རྩེ་གཅིག་ཏུ་གཏད་དེ། ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧྃ༔ ཨ་ལ་ལི་ལ་མོ༔ 6-29-8a གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ༔ ཏྲཀྵེར་ཁྱིམ་ཤནྟིཾ་པུཥྚཾ་ཝ་ཤཾ་མཱ་ར་ཡ་སི་དྦྷི་ཧཱུྃ་ཛཿཞེས་པ་ཅི་ནུས་བཟླས་མཐར་དབྱངས་གསལ། ཡིག་བརྒྱ་རྟེན་སྙིང་བཟླ། དེ་ནས་སླར་ཡང་གོང་ལྟར་མཆོད་པས་འཐུས། དེ་ནས་མངའ་གསོལ་ ལ་བདུད་རྩི་འཐོར་ཞིང་དར་སྣ་བསྒྲེངས། མཆོད་པ་སྤོས་རོལ་མོ་བཅས་པས་འདི་སྐད་གྱེར་རོ། །ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་དཔའ་བོ་ཆེ། །ནག་ཕྱོགས་གདུལ་དཀའ་མ་ལུས་འཇོམས་པའི་གཉེན། །དཀར་ཕྱོགས་རྣམ་པར་རྒྱལ་ བའི་རྒྱལ་མཚན་མཆོག ། སེང་ཆེན་དགྲ་བླ་ཝེར་མའི་རྒྱལ་པོ་ཁྱེད། །རྣལ་འབྱོར་བདག་གིས་བྱང་ཆུབ་སྙིང་པོའི་བར། །རེ་ལྟོས་མི་འགྱུར་ཡིད་བཞིན་ནོར་བུའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་ དན་ཏུ། །དཔང་བསྟོད་མངའ་གསོལ་རྡོ་རྗེའི་དམ་ཚིག་བསྲེ། །བསམ་འགྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་སྲོག་གི་བདག ། རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་ རྩལ། །རྣལ་འབྱོར་སྙིང་གི་ཐིག་ལེར་མངའ་གསོལ་ལོ། །དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ། །ཤེས་རབ་རལ་གྲི་མདའ་གཞུ་རྣམ་པར་འཛིན། །དྲན་པས་འཁྲུལ་སྣང་འཁོར་བའི་གཡུལ་ འཇོམས་པ། །རོ་མཉམ་རྡོ་རྗེའི་དབྱིངས་སུ་མངའ་གསོལ་ལོ། །སྲིད་གསུམ་སྐྱེ་རྒུ་ཀུན་གྱི་ཅོད་པན་ལ། །ཆེ་བཙན་འགྲན་ཟླ་མེད་པར་དབང་བསྒྱུར་ཞིང་། །སྣང་སྲིད་དགྲ་བླ་ཝེར་མའི་དཀྱིལ་འཁོར་ 6-29-8b གྱི། །རྗེ་བཙུན་དཔའ་བོ་ཁྱོད་ཉིད་མངའ་གསོལ་ལོ། །ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར། །མི་འཇིགས་སྤོབས་པའི་བདུད་རྩི་ཟླ་མེད་པ། །མྱུར་དུ་སྙིང་ལ་སྩོལ་བས་ཕྲིན་ལས་ཀྱི། །རྣོ་མྱུར་ཐོགས་པ་ མེད་པར་གཡོ་བར་མཛོད། །ཅེས་དེ་ལྟར་མངའ་གསོལ་ནས། ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། སླར་བདུད་རྩིའི་ཕུད་གཏོར་ལ། ཧཱུྃ་ཧཱུྃ། དགྲ་བླའི་རྒྱལ་པོ་རྡོ་རྗེ་ཚེ་ཡི་རྒྱལ། །སྔོན་གྱི་དམ་བཅའ་གཉན་པོའི་དུས་ལ་ བབས། །རྣལ་འབྱོར་བདག་གི་རེ་བ་ཆུད་མ་གསན། །ལས་སྨོན་འབྲས་བུ་བསླུ་བ་མེད་པར་མཛོད། །སྐལ་ངན་སྙིགས་མའི་ཡང་མཐའ་འདི་ན་ནི། །ནག་ཕྱོགས་བདུད་སྲིན་འབྱུང་པོའི་དཔུང་བསྐྱེད་ ནས། །ཐེག་མཆོག་བསྟན་པའི་མངའ་ཐང་སྨད་པའི་ཚེ། །ཁྱེད་ལ་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །མཐའ་བཞིའི་དམག་དཔུང་གློ་བུར་གདུག་པའི་རྐྱེན། །དགྲ་སྡེ་སྟོབས་ཤུགས་དར་བའི་ ནགས་ཚལ་ལ། །མྱུར་དུ་རྔམས་པའི་དགྲ་འདུལ་རྡོ་རྗེའི་མེ། །དཔའ་བོ་ཁྱེད་ཀྱི་དམ་བཅས་དགོངས་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ལ་འཚེ་བ་དང་། །གསང་ཆེན་བསྟན་ལ་འཁུ་བ་རྡུལ་དུ་ རློག ། ཚེ་དཔལ་འབྱོར་པ་མི་ཟད་གཏེར་དུ་བསྐྱིལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་སྡེས། །ནོར་འཛིན་ཐ་གྲུ་ཀུན་ལ་ཁྱབ་པ་དང་། །བཀྲ་ 6-29-9a ཤིས་ལས་མཐའ་བཙན་ཞིང་ཆོས་རྒྱུད་འཕེལ། །ཆོས་མཐུན་བསམ་རྒུ་ཡིད་བཞིན་འགྲུབ་པར་མཛོད། །འདི་ནས་བྱང་ཆུབ་བར་དུ་བདག་ཅག་ལ། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར། ། རྟག་ཏུ་ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །ཅི་བཅོལ་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །སྙན་གྲགས་དགེ་མཚན་དཀར་པོའི་བ་དན་གྱིས། །སྲིད་པ་གསུམ་པོ་ཟིལ་གྱིས་ནོན་པ་ཡི། །ངོ་མཚར་དགྲ་བླ་ ཝེར་མའི་སྟོབས་ཤུགས་ཀུན། །ད་ལྟ་ཉིད་དུ་བདག་ལ་འཇུག་པར་མཛོད། །གནས་སྐབས་ཞི་རྒྱས་དབང་དང་དྲག་པོའི་ལས། །བསམ་པ་ཙམ་གྱིས་ཐོགས་མེད་འགྲུབ་པ་དང་། །མཐར་ཐུག་ཁྱེད་ཐུགས་ གདོད་མའི་གཞི་དབྱིངས་སུ། །རང་བྱུང་ཡེ་ཤེས་སྐུ་རུ་འགྲུབ་པར་མཛོད། །ཅེས་པ་འདིའང་ལྷ་རིགས་བདེ་ཆེན་རོལ་བ་རྩལ་གྱི་དགོངས་གཏེར་རྡོ་རྗེའི་ཚིག་དོན་མ་ནོར་བ་བཞིན་དུ། དཔའ་བོ་ཆེན་པོ་འདི་ཡི་བྱིན་བརླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པ་མི་ཕམ་རྣམ་པར་ རྒྱལ་བས་རང་ལོ་ཉེར་བརྒྱད་ཆུ་བྱ་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་གྲགས་པའི་མཆོད་ཁང་དུ་གྲུབ་པར་བགྱིས་པ་འདིས་ཀྱང་གསང་ཆེན་ཨ་ཏི་ཡོ་གའི་བསྟན་དང་བསྟན་འཛིན་གྱི་དབུ་འཕང་སྲིད་རྩེར་བསྟོད་པའི་རྒྱུར་གྱུར་ཅིག ༈ སྒྲུབ་པ་བྱེད་ན་སྟེགས་བུ་ལ། མཎྜལ་གཏེར་གཞུང་རྩ་བ་ལྟར་ལ། གཏོར་མ་མཁར་ཐབས་ཀྱི་རྩེ་མོར་ནོར་བུ་འབར་བས་བརྒྱན་པ་འཁོར་བཤོས་བུ་བཞི་དང་ཅི་འབྱོར་གྱི་མཆོད་རྫས་ཀྱིས་བསྐོར་བ་རྩ་གསུམ་གྱི་རྟེན་གཏོར། བླ་རྡོ་སྲོག་འཁོར་བཀྲ་ཤིས་པའི་མཆོད་པ་ཅི་འབྱོར་འདུ་ 6-29-9b བྱས་ལ། རྟགས་མ་མཐོང་བར་དུ་བསྙེན་སྒྲུབ་བྱ། ལས་གང་ལའང་དམིགས་པ་ཁ་བསྒྱུར་བས་ཆོག །དབང་སྐུར་དང་བསྙེན་སྒྲུབ་ལས་ཕྲ་མོའི་ཞལ་ཤེས་བཅས་གཏེར་གཞུང་གི་བཤམ་དུ་གསལ་བྱེད་ཡིག་ཆུང་དུ་བཀོད་པ་ལྟར་རོ། །འདི་ཤིན་ཏུ་བཀྲ་ཤིས་པས་འདོན་ཚད་ ཚེ་རིང་བ་དང་། ནོར་ཆར་ལྟར་འབབས་པ་དང་། ཁྱད་པར་སྙན་གྲགས་ཆེ་ཞིང་གོས་བཟང་པོ་ཐོབ་པ་སོགས་ཇེ་བས་ཇེ་བཟང་དུ་གྱུར་པ་དང་། ལྷག་པར་ཉམས་རྟོགས་བདེ་དྲོད་དང་། རྟགས་དང་མཚན་མ་ངེས་པར་འབྱུང་བ་སོགས་ཡོངས་སུ་གྲགས་ཤིང་གྲུབ་པ་ཡིད་ཆེས་པའི་གནས་ཡོད། འདི་ཡང་མི་ཕམ་པས་སྤེལ་པ་སརྦ་མངྒ་ལཾ། ། ༈ ཝེར་མའི་གསོལ་ལོ་ཆེན་པོའི་བྲོ་ཡི་ལས་མཐའ་ཤིན་ཏུ་ཟབ་པ་ནི། ལས་སོ་སོའི་དང་མཐུན་པའི་དམིགས་བཟླས་ཡོད་ཀྱང་། འདིར་དབང་གི་ལས་བྲིས་པ། དུས་ཚེས་བཟང་པོར་བསང་དང་དར་སྣ་སྐྱེམས་ཕུད་སོགས་བརྔན་ཆས་རྒྱ་ཆེན་ པོས་ཝེར་མ་གསོལ། ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། ཅེས་པའི་མཇུག་ཏུ། དབང་མཛད་དགྲ་བླ་ཝེར་མའི་དམག་ཚོགས་ཀྱིས༔ རྡོ་རྗེའི་རྐྱ་བྲོ་དམིགས་བྱའི་སྙིང་ལ་བརྡུང་༔ རང་དབང་མེད་པར་དབང་བསྡུས་བྲན་ དུ་བཀོལ༔ བརྣག་པའི་ལས་འདི་ཇི་བཞིན་མཐར་དབྱུངས་ཤིག༔ ཅེས་བཅོལ་བས། གེ་སར་ཝེར་མའི་དམག་ཚོགས་ཀུན༔ བཞད་པ་བརྒྱད་ཀྱི་དབྱངས་བཅས་སུ། །མཁའ་ལ་དར་ཕྱར་རྐྱ་བྲོ་འཁྲབ། །སྣང་སྲིད་འོད་དམར་ངང་དུ་བཞུ། །བརྟན་གཡོ་སིལ་ཁྲོལ་ བཞིན་དུ་སྦིར༔ རྟ་རྨིགས་པདྨ་དམར་པོས་བརྒྱན༔ དམིགས་བྱའི་སྙིང་ལ་བྲོ་བརྡུངས་པས༔ ཡིད་འཕྲོག་སེམས་བསྒུལ་རྣམ་ཤེས་སྨྱོས༔ དབང་བསྡུས་བྲན་དུ་འཁོར་བར་བསམ༔ རྟེན་འབྲེལ་ཡིག་བཅུ་བཞད་པའི་དབྱངས། ཤམ་བུར། ཆེ་གེ་མོའི་སྙིང་ལ་ཧ་ན་ཧ་ན་ར་ 6-29-10a ག་དུན་དུན་ཝ་ཤཾ་ཀུ་རུ་ཧོ༔ ཞེས་བཟླས་གང་ལ་དམིགས་པ་དེ༔ ལྡོག་མེད་རང་གི་དབང་དུ་འདུ༔ བསད་ཀྱང་མི་འགྲོ་བྲན་བཞིན་བྱེད༔ མེ་ལ་སྦྲང་བུ་བཞིན་དུ་འགུགས༔ སྙིང་ལ་ལྕགས་ཀྱུས་ཟིན་པ་འདྲ༔ ཨེ་མ་ཝེར་མའི་མཐུ་རྩལ་ལྟོས༔ ཕྱི་རུ་སྐྱེ་དགུའི་ སྤྱི་བོར་རྒྱུ༔ ཝེར་མའི་བྲོ་བརྡུང་སྔགས་ཀྱི་གནད༔ སརྦ་ལོ་ཀ་སྤེལ་བས་འགྲུབ༔ དཔལ་ལ་དབང་བའི་རྒྱལ་པོར་འགྱུར༔ ལས་ཀྱི་འཁོར་ལོས་སྒྱུར་བ་འགྲུབ༔ མ་གུས་པ་ལ་ཆད་སྦྱར་ན༔ སྒོ་ཁྱི་བཞིན་དུ་འབངས་སུ་ཞི༔ སྲིད་པའི་རྡོས་ལ་འདེབས་པར་བྱེད༔ ཚད་ལྡན་ལན་ གཅིག་ལས་སྦྱར་ན༔ ཕྱི་ནས་ཆེད་དུ་མ་བསམས་ཀྱང་༔ དུས་སུ་གང་ལ་བརྣག་པ་དེ༔ བདག་ལ་ཕྱག་འཚལ་དགོས་པ་ཡོང་༔ ཨེ་མ་ཝེར་མའི་མཐུ་ལ་ལྟོས༔ མེ་ཕག་ཟླ་༧ཚེས་༡༢ལ་བསེ་རུ་འོད་ལྡན་དཀར་པོའི་སྙིང་དབུས་ནས་ཐོལ་གྱིས་བྱུང་བ་མངྒ་ལཾ། ། ༈ ཧཱྂ༔ སེང་ཆེན་གེ་ ༔ གེ་སར་རྒྱལ་པོ་ལ་བསྟེན་ནས་ལྕག་ཚན་ཡིད་བཞིན་ནོར་བུ་སྒྲུབ་པ་ནི། སྦ་ལྕག་ཚིགས་གསུམ་པའམ༔ བཀྲ་ཤིས་པའི་ཤིང་དང་རིན་པོ་ཆེ་སོགས་ཀྱི་ལྕག་ཚན་ལྕགས་འབྲས་ལྕག་ལུང་ལྡན་པ་ཡིད་འོང་བྱས་ལ༔ ལྕག་ཚན་གྱི་རྩེ་མོའི་སྦུབས་གཡོགས་བྱས་པའི་ནང་དུའམ༔ ཡང་ན་དངུལ་སྦུག་སོགས་སུ་སྔགས་འདི་གསེར་དངུལ་སོགས་སམ་སྣག་མཚལ་གྱིས་བྲིས་ཏེ་བཅུག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་སརྦ་ཨརྠ་སིདྡྷི་ཧཱུྃ་ཨཱ༔ ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་མ་མ་བི་ཛེ་ ཡེ་སིདྡྷི་ཧཱུྃ༔ ཞེས་སོ༔ གཞན་ཡང་རང་མོས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་སྔགས་དང་ཡེ་དྷར་འདོད་གསོལ་མདོར་བསྡུས་བྲིས་ཀྱང་རུང་༔ མེད་ཀྱང་ཆོག༔ ལྕག་འབྲས་ལ་དར་སྣ་ལྔའི་འཕྱང་འཕྲུལ་སོགས་འོས་པའི་རྒྱན་ཅི་རིགས་པས་མཛེས་པར་བྱའོ༔ 6-29-10b དེ་ནི་ཐོག་མར་རྟེན་བཅའ་བའོ༔ བར་དུ་བསྒྲུབ་པ་ནི༔ སྟེགས་ཀྱི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་ལ་ལྕག་ཚན་བཀོད༔ མཆོད་པས་བསྐོར༔ སྦྱངས་ཁྲུས་བྱས་པའམ༔ བསྡུ་ན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་བྷྲུྃ་ ལས་ལྕག་ཚན་དེ་ཉིད་རྩ་བ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ༔ སྐེད་པ་ཡིད་བཞིན་དཔག་བསམ་ཤིང་ལས་གྲུབ་པའི་རིན་པོ་ཆེ་ཟུར་བརྒྱད་པ་ཨཱཿས་མཚན་པ༔ རྩེ་མོ་བཻཌཱུར་ཡ་དབང་གི་རྒྱལ་ པོ་ནོར་བུ་འབར་བའི་ཏོག་ཅན་ཨོཾ་དཀར་པོས་མཚན་པ༔ ལུང་ཐག་རིན་པོ་ཆེ་སྣ་ལྔའི་སྐུད་པ་འཇའ་འོད་འཕྲོ་བ་སྭཱ་སེར་གྱིས་མཚན་པ༔ ལྕག་འབྲས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྐུད་པ་ལྷས་མ་གྲུ་བཞི་མདོག་བརྒྱད་ འཚེར་བ་ཕྲིན་ལས་སྣ་ཚོགས་ཀྱི་འོད་ཟེར་འཁྲུགས་པ་ཧཱ་ལྗང་གིས་མཚན་པ༔ དྲན་པ་ཙམ་གྱིས་དགོས་འདོད་ཆར་ལྟར་འབེབས་པ༔ དགྲ་བླ་ཝེར་མ་མ་མོ་མཁའ་འགྲོའི་བླ་རྡོ་དམ་པ༔ རྣམ་པ་ཐམས་ཅད་ པའི་དངོས་གྲུབ་ཀྱི་རྫས་ཆེན་པོར་གྱུར༔ ཞེས་བརྗོད་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བདུན་བརྗོདཿ ལྕག་ཚན་གྱི་ནང་དུ་བྷྲཱུྃ་ལས་གཞན་ཡས་ཁང་འདོད་རྒུའི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ༔ རྩ་གསུམ་ དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པ༔ ཁྱད་པར་གེ་སར་རྒྱལ་པོ་འཁོར་དཔའ་ཐུལ་དྭངས་སྨན་དགྲ་བླ་ཝེར་མ་མ་ཚང་བ་མེད་པར་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་ཡེ་ཤེས་པ་ 6-29-11a སྤྱན་དྲངས་ནས་བསྟིམཿ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་དྷཱརྨ་པཱ་ལ་མ་ཎི་རཱ་ཛ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ལན་གསུམ་གྱིས་བསྟིམ༔ མཆོད་ཅིང་བསྟོད༔ ལྷ་རྣམས་ཀྱི་འོད་ཟེར་དང་ལས་སྣ་ཚོགས་སྒྲུབ་པའི་ ཕོ་ཉ་ལྕག་འབྲས་ཀྱི་ལམ་ལས་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པས་ཞི་རྒྱས་དབང་དྲག་མཆོག་གི་ལས་གང་འདོད་ལྷུན་གྱིས་གྲུབ་པར་མཛད་ཅིང་བདག་ཅག་ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྒྲུབ་པར་བསམ་ལ༔ གོང་གི་བྲི་རྒྱུའི་སྔགས་ཚན་གཉིས་པོ་རིམ་ བཞིན་བརྒྱ་རེ་བཟླས་པས་བྱིན་གྱིས་བརླབས༔ ནན་ཏན་སྒྲུབ་ན་སྔགས་གོང་མ་ཇི་འགྲུབ་དང་༔ འགྲུབ་རྟགས་མ་བྱུང་གི་བར་དུ་བཟླ༔ རྟགས་ནི་ལྕག་ཚན་འགུལ་བ་དྲོད་དང་དུ་བ་མེ་འབར་འཇའ་སྤྲིན་འཁྲིགས་སྒྲ་སྒྲོགས་པ་སོགས་ཀྱི་བར་དུའོ༔ དེ་ལྟར་བྱུང་ན་ བཟུང་བ་ཙམ་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ༔ མཐར་ལྷ་རྣམས་དང་ལྕག་ཚན་ངོ་བོ་དབྱེར་མེད་པ་སེང་ཆེན་གྱི་རང་བཞིན་ལས་རྣམ་པ་ལྕག་ཚན་དུ་སྣང་བ་དེ་ཉིད་འཆང་བ་དང་གཡུགས་པ་ཙམ་གྱིས་བསམ་པའི་དོན་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པའི་ ནུས་པ་དང་ལྡན་པར་གྱུར༔ ཅེས་བསམ་ལ༔ སུ་པྲ་ཏིཥྛ་དང་རྟེན་སྙིང་ཚར་གསུམ་གྱིས་རབ་གནས་བྱ་ཞིང་བཀྲ་ཤིས་བརྗོད་པར་བྱའོ༔ གསུམ་པ་ལས་སྦྱོར་ནི༔ རྒྱུན་དུ་ལྕག་ཚན་དེ་དང་གར་འགྲོ་གར་འདུག་ཏུ་འཆང་ན་བར་ཆད་ཀུན་སྲུང་ཞིང་ བཀྲ་ཤིས་པ་དང་བསམ་པའི་དོན་འགྲུབ༔ ཁྱད་པར་གནོད་པ་བཟློག་པ་དང་༔ དོན་བསྒྲུབ་པ༔ ལས་གང་བྱེད་པའི་ཚེ་ལྕག་ཚན་ཕྱོགས་དེར་གཡུགས་ཤིང་སྔགས་བཟླ་དམིགས་པ་བྱ༔ གཡུགས་པ་ཙམ་གྱིས་ཆར་དང་ང་སོགས་འབྱུང་ 6-29-11b བའི་འཇིགས་པ་དང་༔ ལམ་དགྲ་ལྟས་ངན་མི་མཐུན་པ་ཐམས་ཅད་བཟློག་གོ༔ ཡུལ་ཁམས་དབང་དུ་བསྡུ་ན་སྔགས་འདྲེན་པའི་ཤམ་བུར་སརྦ་ལོ་ཀ་ཨ་ཀརྵ་ཡ་ཛཿ ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་ཏེ་ལས་བཞིའི་དཔའ་བོ་མཁའ་ འགྲོ་རྣམས་དང་དགྲ་བླ་ཝེར་མ་ཕོ་ཉའི་ཚོགས་ཀྱིས་འོད་ཟེར་དམར་པོས་འཇིག་རྟེན་ཐམས་ཅད་དམར་ལམ་ཞུ་སྟེ་རང་གི་རྐང་ཞབས་སུ་ཐིམ་པར་བསམ་ལ་གང་འདོད་ཕྱོགས་སུ་གཡུགས་པས་ཡུལ་ཁམས་ཐམས་ཅད་དབང་དུ་འདུ༔ ཕས་རྒོལ་དམག་ གི་དཔུང་སོགས་ལ་ལྕག་ཚན་བྲབ་ཚུལ་གྱིས་དབང་དྲག་གི་དམིགས་པ་ཅི་འདོད་བྱས་པས་འགྲུབ༔ རྩོད་པ་སོགས་ཀྱི་ཚེ་དང་པོར་དེ་ཕྱོགས་གཡུགས་ནས་རང་གི་རུམ་དུ་བཅུག་པས་རང་རྒྱལ་ལོ༔ མདོར་ན་གང་དང་ཅི་འདོད་པའི་ལས་ལ་ལྕག་ ཚན་བསྐྱོད་ཅིང་སྔགས་དམིགས་རྐྱང་བས་འགྲུབ་ངེས་ཏེཿགུ་ཧྱ༔ དགེ་བྱེད་ཆུ་སྟག་ཟླ་༡༠ཚེས་༡༨ལ་འཕྲལ་ཤར་མི་ཕམ་པས་བྲིས་པ་སུས་སྒྲུབ་པ་བྱས་པའི་དུས་སུ་དོན་འགྲུབ་བོ༔ མངྒ་ལཾ། ། ༈ གེ་སར་རྒྱལ་པོའི་གཡང་སྒྲུབ་ ཡིད་བཞིན་ནོར་བུ་བསམ་འཕེལ་བཞུགས་སོ། །ན་མོ་པདྨཱ་ཀ་ར་ཡ། འཛམ་གླིང་ནོར་བུ་དགྲ་འདུལ་ལ། །བརྟེན་ནས་དཔལ་འབྱོར་སྤེལ་བའི་ཐབས། །ཕུན་ཚོགས་དཔག་བསམ་ཤིང་ཆེན་ལ། །ནོར་བུའི་འབྲས་ལྡན་འདི་ཉིད་བསྟན། །རིན་ ཆེན་ལས་བྱས་གྭ་འུ་རུ། །གཞུང་བཞིན་སྲོག་འཁོར་བླ་རྡོ་དང་། །གསེར་དངུལ་ཟངས་ལྕགས་གཡུ་བྱུར་སོགས། །རིན་ཆེན་སྣ་ཚོགས་གཡང་རྫས་གཏམས། །ཡེ་གེས་ལས་དང་འཇིག་རྟེན་གྱི། །ནོར་ལྷ་རྣམས་ཀྱི་གཟུངས་སྔགས་སམ། ། 6-29-12a མིང་དང་འདོད་དོན་སྤེལ་ཚིག་བཅས། །ཤོག་དྲིལ་བྱས་པ་རིན་ཆེན་གྱི། །སྦུ་གུར་བཅུག་ལ་ནང་དུ་བཞག ། དེ་ཉིད་སྒྲུབ་པའི་རྟེན་དུ་བཞུགས། །ཇི་འབྱོར་གཙང་མའི་མཆོད་སྤྲིན་བཤམས། །ཡི་དམ་ཆོ་གའི་ལས་གཞུང་བསྲངས། །མདུན་ དུ་བྷྲཱུྃ་ཡིག་སེར་པོ་ནི། །གཙུག་ཏོར་འཁོར་ལོས་བསྒྱུར་བ་ཉིད། །འོད་ཞུ་གྭ་འུ་རིན་ཆེན་གྱི། །གཞལ་ཡས་ཆོས་ཀྱི་དབྱིངས་དང་མཉམ། །སྣ་ཚོགས་འདོད་རྒུའི་སྤྲིན་ཕུང་གཏིབས། །ཕྱི་དང་ནང་མེད་ཀུན་ཏུ་ཟླུམ། ། དེ་དབུས་རིན་ཆེན་སྣ་ཚོགས་ཁྲིར། །ཨ་ལས་སེང་ཆེན་ནོར་བུ་ནི། །དཀར་དམར་བདེ་ཆགས་གཞོན་ནུའི་ཚུལ། །དར་དང་རིན་ཆེན་རྒྱན་ཆས་རྫོགས། །གཡས་ན་ཡིད་བཞིན་ནོར་བུ་དང་། །གཡོན་ན་ལྕགས་ཀྱི་མདའ་ གཞུ་བསྣམས། །དགྱེས་ཡུམ་གསང་བའི་ཡུམ་ཆེན་བཞི། །མཛེས་འཛུམ་མདའ་དར་ཚེ་བུམ་བསྣམས། །རྡོ་རྗེ་ལེགས་པ་གཡུ་སྒྲོན་མ། །དམག་དཔོན་མིག་དམར་ཆེན་པོ་དང་། །གཏེར་སྲུང་རྨ་རྒྱལ་སྤོམ་ར་སོགས། ། འདོད་རྒུ་ཡིད་བཞིན་སྩོལ་བ་ཡི། །གཏེར་བདག་ཝེར་མ་སྤྲིན་ལྟར་འཁྲིགས། །དཔའ་ཐུལ་དྭངས་སྨན་ཡང་འཁོར་བཅས། །དགྱེས་པའི་གླུ་ལེན་བྲོ་བརྡུང་འཁྲབ། །རྫུ་འཕྲུལ་ང་རྟ་ལྷ་བཞི་དང་། །མགྲོན་ཡག་དར་ མ་བཅུ་གསུམ་སོགས། །མ་ངེས་སྒྱུ་འཕྲུལ་རོལ་རྩེད་ཅན། །གློག་ལྟར་འཁྱུག་ཅིང་རྡུལ་ལྟར་འཚུབ། །མཁའ་ལ་བདུད་རྩིའི་སྤྲིན་དཀར་ལ། །ཕུ་བོ་དུང་ཁྱུང་དཀར་པོ་སོགས། །ལྷ་ཁམས་ཕྱྭ་གཡང་བདག་པོ་ 6-29-12b བཞུགས། །མེ་ཏོག་སྤོས་སྤྲིན་འཇའ་འོད་དང་། །ཚེ་གཡང་ཆར་པ་ཐོ་ལོ་ལོ། །བར་སྣང་འོད་ཀྱི་ལྡིང་གུར་ན། །གེར་མཛོ་ལ་སོགས་གཉན་དམག་འབུམ། །ངོ་མཚར་ཀི་བསྭོ་ཤ་ར་ར། །ས་གཞི་གཡང་ཞག་རྒྱ་མཚོ་ ལ། །ནུ་བོ་ཀླུ་སྦྲུལ་འོད་འབྱུང་སོགས། །ཀླུ་ཡི་གཏེར་བདག་མ་ལུས་བཞུགས། །ལོངས་སྤྱོད་ན་བུན་ཆི་ལི་ལི། །བར་མཚམས་འོད་ལྔའི་དྲྭ་མིག་ན། །ཨ་ནེ་དགུང་སྨན་རྒྱལ་མོ་དང་། །སྲིང་ལྕམ་ཐ་ལེ་འོད་དཀར་ སོགས། །འབྱུང་བ་ལྔ་བདག་ལྷ་མོའི་ཚོགས། །ཡིད་འོང་དགྱེས་པའི་རྣམ་འགྱུར་གཡོ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ནོར་ལྷ་གཏེར་བདག་ཝེར་མའི་ཚོགས། །མ་ཚང་མེད་པར་ཀུན་ནས་འཁྱིལ། ། ཕྱོགས་རྣམས་ཀུན་དུ་ཁྱབ་པ་ཡི། །གསེར་འོད་འབར་བའི་ཀློང་དཀྱིལ་ན། །མ་འདྲེས་ཡོངས་སུ་རྫོགས་པའི་གར། །སྣང་སྟོང་མཉམ་ཉིད་ཆེན་པོར་གསལ། །ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། ། པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབས་ཕྱིར་ གཤེགས་སུ་གསོལ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ནག་ཕྱོགས་རྒྱ་འདྲེའི་འཚུབ་འགྱུར་དང་། །མཐའ་དམག་གདུག་པའི་ཁ་གནོན་དུ། །ཁྱོད་ཉིད་དགྲ་བླའི་སྐུར་བཞེངས་པའི། །གེ་སར་རྒྱལ་པོས་བྱིན་ཕོབ་ 6-29-13a ཅིག ། བཀྲ་ཤིས་གསང་བའི་གྭའུ་འདི། །གཞལ་ཡས་ཁང་དུ་བྱིན་གྱིས་རློབས། །རིན་ཆེན་བླ་རྡོ་སྲོག་འཁོར་རྣམས། །ཡེ་ཤེས་ལྷ་རུ་བྱིན་གྱིས་རློབས། །རིན་ཆེན་ནོར་སྣ་གཡང་རྫས་རྣམས། །འདོད་ འབྱུང་ནོར་བུར་བྱིན་གྱིས་རློབས། །རྟེན་མཆོག་འདི་ལ་རྟེན་མཛོད་ལ། །གནས་འདིར་རྟག་ཏུ་བཞུགས་ནས་ཀྱང་། །བདག་གི་ཚེ་གཡང་དཔལ་འབྱོར་བསྐྱེད། །སྙན་དང་གྲགས་པ་ཕྱོགས་བརྒྱར་སྤེལ། །སྲིད་པ་གསུམ་ གྱི་གཙུག་རོལ་ན། །ཆེ་བཙན་འགྲན་ཟླ་མེད་པ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །དུས་འདི་ཉིད་དུ་བདག་ལ་སྩོལ། །ལྷ་ཀླུ་མི་ཡི་སྲིད་པ་ཡི། །བདེ་སྐྱིད་དཔལ་འབྱོར་ཕྱྭ་དང་གཡང་། །སྟེང་ནས་ ཆར་བཞིན་དབབ་ཏུ་གསོལ། །བར་ནས་སྤྲིན་བཞིན་གཏིབ་ཏུ་གསོལ། །འོག་ནས་མཚོ་རླངས་བཞིན་དུ་འཕྱུར། །ཕྱོགས་དུས་ཕྱྭ་གཡང་མ་ལུས་པ། །འདིར་ཁུག་འདིར་བསྡུས་འདིར་སྟིམས་ཤིག ། སྣང་སྟོང་ འོད་ལྔའི་གྭ་འུ་རུ། །མི་ཤིག་ཐིག་ལེས་རྒྱས་ཐོབ་པ། །རྡོ་རྗེའི་ཚེ་གཡང་འོད་འབར་བ། །བཀྲ་ཤིས་ནོར་བུའི་རྒྱལ་མཚན་བསྐྲུན། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ལྷ་ཀླུ་མི་ཡི་འཇིག་རྟེན་ན། །འདོད་པའི་ཡོན་ཏན་ཇི་ མཆིས་པ། །མ་ཚང་མེད་པའི་རོལ་མོར་འབུལ། །བདག་ལ་བརྩེ་བས་བཞེས་སུ་གསོལ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །གཏེར་བུམ་བདུད་རྩི་འདོད་འཇོའི་བ། །གསེར་གྱི་སྙིང་པོའི་སྤྲིན་ལས་ནི། ། 6-29-13b འདོད་རྒུའི་ཆར་ཆེན་འབེབ་པ་དང་། །བསྟོད་བསྔགས་སྙན་པའི་འབྲུག་སྒྲ་གཡོ། །བདེ་ཆགས་དབང་གི་གློག་ཟེར་འབར། །སྣང་སྟོང་མཉམ་པ་ཆེན་པོ་རུ། །ཞེན་མེད་སྒྱུ་འཕྲུལ་དྲ་བའི་གར། །ཁྱོད་ལ་འབུལ་ ལོ་བཞེས་སུ་གསོལ། །སྨན་གཏོར་རཀྟ་ཛ་གད་ཕུད། །ཟག་མེད་དགྱེས་མཉམ་སྦྱོར་བ་ཡི། །སྣང་སྲིད་བདེ་ཆགས་མཛེས་མའི་གར། །གཡོ་འདྲེན་འཁྱུད་ཅིང་མི་ཕྱེད་སིམ། །ཐུགས་ཀྱི་དཔལ་བེའུ་རྒྱས་ པར་འབུལ། །མདོར་ན་སྣང་སྲིད་མ་ལུས་པ། །དགྱེས་མཉམ་མཆོད་པའི་ཕྱག་རྒྱར་འབར། །སྣང་སྟོང་མི་ཕྱེད་དབྱིངས་སུ་སིམ། །ཨ་ལ་ལ་ཧོ་མཆོད་པ་བཞེས། །རྟེན་འབྲེལ་ལས་དང་སྨོན་ལམ་དང་། །ཆོས་ ཉིད་ཡེ་ཤེས་ཐུགས་རྗེ་ཡིས། །དུས་འདིར་རྣལ་འབྱོར་སྒྲུབ་པ་པོའི། །རེ་བའི་འབྲས་བུ་མ་ལུས་པ། །གེགས་མེད་མངོན་དུ་གྱུར་ནས་ཀྱང་། །བྱང་ཆུབ་བར་དུ་མི་འབྲལ་བར། །དཔག་བསམ་ཤིང་དང་ཡིད་ བཞིན་ནོར། །གཏེར་གྱི་བུམ་པ་བཟང་པོ་སོགས། །མདུན་ན་གནས་པའི་མི་བཞིན་དུ། །ངེད་ལ་དགོས་པ་གང་ཡོད་པ། །མ་ཚང་མེད་པར་ཁྱོད་ཀྱིས་སྩོལ། །རྡོ་རྗེ་གསང་བའི་དམ་ཚིག་ལས། །འདའ་བ་ མེད་དོ་ས་མ་ཡ། །ཐུགས་གསང་དབྱིངས་སུ་རོ་གཅིག་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་འོད་ཀྱིས་ཡེ་ 6-29-14a ཤེས་དང་ལས་དང་འཇིག་རྟེན་གྱི་ནོར་ལྷ་རབ་འབྱམས་བསྐུལ། དེ་དག་གི་སྟོབས་དང་རྫུ་འཕྲུལ་དབང་གི་འོད་ཟེར་གློག་ལྟ་བུ་ཕྱོགས་བཅུར་འཕྲོས་པས། འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་དཔལ་འབྱོར་ཐམས་ཅད་འོད་ལྔའི་ཐིག་ལེ་ཐིག་ཕྲན་བཀྲ་ཤིས་ རྫས་རྟགས་ལ་སོགས་པའི་རྣམ་པར་མེར་མེར་ཤིག་ཤིག་ཡོམ་ཡོམ་དུ། བདག་དང་བསྒྲུབ་རྫས་ལྷ་རྣམས་དབྱེར་མི་ཕྱེད་པ་འདའ་མེད་རིན་ཆེན་གསང་བའི་གྭའུ་བཀྲ་ཤིས་གཞལ་ཡས་ཁང་ཆེན་པོ་འདིར་སིབ་སིབ་ཐིམ་པས་ཟླ་བ་སྤྲིན་ལས་གྲོལ་པ་ལྟར། སྟོབས་དཔལ་ཚེ་ བཅུད་བཀྲག་མདངས་ཐམས་ཅད་གོང་ནས་གོང་དུ་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ་ཏེ། འདོད་རྒུ་ལྷུན་གྱིས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ནས། སྲིད་དང་ཞི་བ་ཡོངས་ཀྱི་གཙུག་ན་གཟི་བརྗིད་མཚུངས་མེད་དུ་འབར་བའི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་མངོན་དུ་གྱུར་པར་བསམ་ ལ། མཉམ་ཉིད་རྡོ་རྗེ་ལྟ་བུའི་ངང་ནས་སྔགས་འདི་བཟླའོ། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ། འབར་ར་ཧཾ་ཨ་ལ་ལི་ལ་མོ་གཏུང་པ་ཁྱེ། ཨ་ཧོ་ཡེ་སིདྡྷི་ཧཱུྃ། ཀྲག་ཤེར་ཀྵིམ། རཏྞ་ཕ་ལ་སིདྡྷི་བྷྲཱུྃ༔ ན་ན་ཁ་དྷེ་པུཥྚིཾ་སིདྡྷི་ཧཱུྃ། གཞན་ ཡང་གབ་པའི་བཟླས་དམིགས་ཀྱང་། །སྦྱར་ལ་བཟླས་པ་ཚུལ་བཞིན་བྱ། །མངོན་གསུམ་ཉམས་དང་རྨི་ལམ་ལ། །བསྒྲུབ་པའི་རྟགས་མཐོང་དངོས་གྲུབ་བླངས། །མཐར་ནི་མཆོད་བསྟོད་ཐུགས་དམ་བསྐང་། །ཟས་ནོར་སྤྱི་དང་ཁྱད་པར་དུ། །གང་འདོད་ གསོལ་བཏབ་གཡང་འགུག་བྱ། །རྟག་ཏུ་རྟེན་དེ་མི་འབྲལ་བཅང་། །དུས་དང་དུས་སུ་མཆོད་གསོལ་བྱ། །དེས་ནི་ཇི་ལྟར་དབུལ་པོ་ཞིག ། ནོར་བུའི་གཏེར་ཆེན་སྙེད་པ་ལྟར། །ཇི་བསམ་འབད་མེད་ལྷུན་གྱིས་འགྲུབ། །ས་མ་ཡ། འདི་ནི་རང་བཟོ་མ་ཡིན་ཏེ། ། 6-29-14b རྒྱུད་དང་དམ་པའི་ལུང་བཞིན་དུ། །ལྷ་རིགས་ཆེན་མོའི་དག་སྣང་གི། དགོངས་མཛོད་ནོར་བུ་མངོན་དུ་བསྟན། །ཨྠྀི། ཞེས་པའང་ཝེར་མ་བསེ་རུ་འོད་ལྡན་དཀར་པོ་ཞེས་འབོད་པས་མེ་བྱི་ཟླ་༣ཚེས་༢༥ཡི་གུང་ཐུན་ལ་ཤར་མར་བྲིས་ནས་སླར་ཡང་ལྕགས་འབྲུག་ཟླ་ཚེས་དགེ་བར་ སྤེལ་བ་མངྒ་ལཾ། ། ༈ གེ་སར་རྒྱལ་པོའི་གཡང་འགུགས་སྲིད་ཞིའི་དྭངས་བཅུད་སྡུད་པའི་ནོར་བུ་བཞུགས་སོ། །ཧཱུྃ་ཧྲཱིཿ ཕྱོགས་དུས་ཀུན་ཁྱབ་མཉམ་པ་ཉིད་ཀྱི་དབྱིངས། །མི་ཤིགས་འོད་ལྔ་འབར་བའི་ཏི་ལ་ཀ། རྟག་ བརྟན་གཡུང་དྲུང་གསང་བའི་ཕོ་བྲང་ནས། །ཡེ་ཤེས་རྡོ་རྗེའི་ཚེ་དབང་མཆོག་འཆང་བ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྲིད་པའི་ དགྲ་སྡེ་འཇོམས་པའི་དཔའ་བོ་ཆེ། །ཀུན་འབྱུང་ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ་དང་། །བཀའ་འཁོར་སྣང་སྲིད་དྲེགས་པའི་དཔུང་དང་བཅས༔ མཆོད་ཅིང་བསྟོད་ནས་ཐུགས་དམ་ བསྐུལ་ལགས་ན། །ཐོགས་མེད་ཕྲིན་ལས་དབང་གི་འོད་ཟེར་གྱིས། །སྟེང་འོག་ཕྱོགས་བཅུའི་ཁམས་ན་གནས་པ་ཡི། །ལྷ་ཀླུ་མི་ཡི་སྲིད་པའི་ཚེ་དཔལ་སྟོབས། །འཁོར་འདས་ལམ་གསུམ་དྭངས་མའི་དགེ་ མཚན་ཆ། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་འདིར་བཀུག་ནས། །འོད་འབར་བཀྲ་ཤིས་རྫས་ཀྱི་རྣམ་པ་རུ། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག ། སྣང་སྲིད་བདེ་སྟོང་དབྱིངས་སུ་ཞུ་བ་ཡི། །དགྱེས་ 6-29-15a མཉམ་འདོད་པའི་རོལ་གར་ཆེར་གཡོ་བའི། །ཡེ་ཤེས་ལས་དང་འཇིག་རྟེན་རབ་འབྱམས་གྱི། །གཏེར་བདག་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐུལ། །དགའ་བའི་གར་དང་དགྱེས་པའི་བྲོ་འཁྲབ་ཅིང་། ། བདེ་བའི་གླུ་དབྱངས་འབྲུག་སྒྲ་སྟོང་ལྟར་སྒྲོགས། །བདེ་ཆགས་དབང་གི་འོད་ཟེར་ཀུན་ཏུ་ཁྱབ། །སྣང་སྲིད་རབ་འབྱམས་ཤིག་ཤིག་ཡོམ་ཡོམ་འུར། །སྟེང་ནས་བཀྲ་ཤིས་ལྷ་ཡི་ཕྱྭ་གཡང་ཁུག ། འོག་ནས་འཕེལ་ ཆེན་ཀླུ་ཡི་ཕྱྭ་གཡང་ཁུག ། བར་ནས་དགེ་མཚན་མི་ཡི་ཕྱྭ་གཡང་ཁུག ། དབྱིངས་ནས་སྲས་བཅས་རྒྱལ་བའི་བྱིན་གཡང་ཁུག ། གནས་ནས་རྩ་གསུམ་རྒྱ་མཚོའི་དགྱེས་གཡང་ཁུག ། ཡུལ་ནས་ཆོས་སྐྱོང་ དགྲ་བླའི་མཐུ་གཡང་ཁུག ། ཕྱོགས་ནས་གཏེར་བདག་ཝེར་མའི་ནོར་གཡང་ཁུག ། ཕྱི་ནས་མཁའ་སོགས་འབྱུང་ལྔའི་རྟེན་གཡང་ཁུག ། ནང་ནས་འཇིག་རྟེན་སྐྱེ་རྒུའི་བཅུད་གཡང་ཁུག ། ཞིང་ནས་ ཚེ་དཔལ་འབྱོར་པའི་འཕེལ་གཡང་ཁུག ། མདོར་ན་ཕྱོགས་དུས་སྣང་ཞིང་སྲིད་པ་ཡི། །བཀྲ་ཤིས་དགེ་མཚན་ཕྱྭ་གཡང་དྭངས་མའི་དཔལ། །ཆར་ལྟར་འབེབ་ཅིང་མཚོ་ལྟར་བསྐྱིལ་བ་དང་། །སྤྲིན་དང་ ན་བུན་བཞིན་ཏུ་འཐིབ་ཅིང་ཁུག ། བཀྲ་ཤིས་གཡུང་དྲུང་གསང་བའི་གཞལ་ཡས་འདིར། །མ་ལུས་ལུས་པ་མེད་པར་འདུས་ནས་ཀྱང་། །མི་ཤིགས་ཐིག་ལེ་ཆེན་པོར་རྒྱལ་ཐོབ་ལ། །རྡོ་རྗེའི་ཚེ་གཡང་ནོར་བུའི་ 6-29-15b རྒྱལ་མཚན་སྒྲུབས། །དགོས་འདོད་ཡིད་བཞིན་གྲུབ་པའི་ཆར་འབེབ་ཅིང་། །བདེ་སྐྱིད་དགའ་བ་འབུམ་གྱི་གློག་ཕྲེང་འཁྱུག ། ཕྱོགས་ལས་རྣམ་པར་རྒྱལ་བའི་འབྲུག་སྒྲ་སྒྲོགས། །ངོ་མཚར་ཕྱྭ་གཡང་རྟག་ ཏུ་འཁྱིལ་བར་མཛོད༔ སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །ཟག་མེད་འཇའ་སྐུར་སྨིན་པའི་རྟེན་འབྲེལ་དཔལ། །རང་བྱུང་ཡེ་ཤེས་ཆེན་པོའི་ཕྱྭ་དང་གཡང་༔ དུས་འདི་ཉིད་དུ་འགྲུབ་པའི་དངོས་གྲུབ་ སྩོལ། །སྲིད་དང་ཞི་བའི་དྭངས་བཅུད་མ་ལུས་པ། །ཀུན་ནས་ཐོགས་མེད་འགུགས་པར་བྱེད་པ་ཡི། །ཡིད་བཞིན་རིན་ཆེན་སྡུད་པའི་ནོར་བུ་འདི། །ཟབ་གསང་ཐུགས་ཀྱི་རྒྱ་མཚོར་རྟག་གནས་པའོ། །ཞེས་པའང་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་མེ་བྱི་ཟླ་ ༥ ཚེས་ ༤ ལ་ཡི་གེར་བྲིས་པས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་གྱུར་ཅིག་གུ།། ༈ །། གེ་སར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་བཞུགས་སོ། །བསྐང་རྫས་ཅི་འབྱོར་བ་འདུ་བྱས་བྱིན་གྱིས་བརླབས་ནས་འདི་སྐད་དོ། །ཧཱུྃ་ཧྲཱིཿ རང་ བྱུང་ཀ་ནས་དག་པའི་ཐིག་ལེ་ནི། །གདོད་ནས་སྣང་སྟོང་མཉམ་པའི་ཡེ་ཤེས་ཉིད། །རང་ཤར་ལྷུན་གྱིས་གྲུབ་པའི་རྩལ་སྣང་ལས། །སྣང་སྲིད་རྣམ་དག་ནོར་བུའི་གཞལ་མེད་ཁང་། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་ པའི་དབུས། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །ལྷ་དང་བྱང་ཆུབ་སེམས་དཔའི་ནོར་བུའི་རིགས། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང་། །མ་རྨོས་ལོ་ཏོག་གྲུབ་པའི་དམ་རྫས་ཚོགས། །སྣ་ཚོགས་ 6-29-16a ནོར་གྱི་ཁྱུ་དང་རཏྣའི་གཏེར། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་སོགས། །ལྷ་ཀླུ་མི་ཡི་འབྱོར་པ་རྨད་བྱུང་བས། །ཕྱོགས་རྣམས་ཀུན་ཏུ་ཕྱུར་བུར་གང་བྱས་ཤིང་། །མཁའ་ལ་གསེར་ གྱི་སྙིང་པོའི་སྤྲིན་ཆེན་ལས། །བསྟོད་བསྔགས་སྙན་པའི་འབྲུག་སྒྲ་འབུམ་འཁྲོལ་ཞིང་། །ཡིད་འོང་གསེར་འབར་གློག་གི་ཟློས་གར་རྩེ། །དགོས་འདོད་ནོར་བུའི་ཆར་པ་སི་ལི་ལི། །དཔའ་མཛངས་མཛེས་ པའི་སྐྱེས་བུ་བྱེ་བ་སྙེད། །དགྱེས་པའི་བྲོ་གར་འདུ་འཕྲོ་ཡིད་དུ་འོང་། །རྨད་བྱུང་ལྟ་ན་སྡུག་པའི་སྨིན་ལེགས་འབུམ། །ཡིད་འཕྲོག་འཇོ་སྒེག་རོལ་པའི་རྒྱང་གླུ་རྩེ། །དམ་རྫས་སྨན་རག་གཏོར་མ་རི་མཚོར་བསྐྱིལ། ། འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན་ཕུང་འཐིབ། །རྡོ་རྗེའི་རིག་མ་འབུམ་གྱིས་དགྱེས་འཛུམ་འཁྱུད། །མདོར་ན་ཕྱི་དང་ནང་དང་གསང་བ་ཡི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་ པ་མེད་པར་ལྷུན་གྲུབ་པ། །དགོས་འབྱུང་འཛད་མེད་སྒྱུ་འཕྲུལ་དྲ་བའི་གར། །སྣང་སྲིད་བདེ་བ་ཆེན་པོར་རང་ཤར་བ། །རྨད་བྱུང་རྡོ་རྗེ་བཀོད་པའི་མཆོད་སྤྲིན་འདི། །ཡེ་ཤེས་འདོད་རྒུའི་རོལ་མོར་འཆར་བའི་འཕྲུལ། ། ཀུན་བཟང་མཆོད་སྤྲིན་རྟག་ཁྱབ་ལྷུན་གྲུབ་གཏེར། །དཔལ་ལྡན་འབྱོར་པ་མཆོག་གི་མཆོད་ཆེན་འདིས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཐུགས་དམ་བསྐང་། །རབ་འབྱམས་རྩ་བ་གསུམ་གྱི༴ །ཆོས་སྐྱོང་ནོར་ 6-29-16b ལྷ་གཏེར་བདག༴ ཁྱད་པར་དོན་གྲུབ་ཝེར་མ་དཀར་པོ་ནི། །སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །རྡོ་རྗེ་ཚེ་གཡང་ལོངས་སྤྱོད་རྒྱལ་པོ་ཆེ། །སྣང་སྲིད་དགྲ་བླའི་རྒྱལ་པོའི་ཐུགས་དམ་བསྐང་། །དགྱེས་ཡུམ་མཁའ་ འགྲོ་བཞི་ཡི༴ དམག་དཔོན་མིག་དམར་ཆེན་པོའི༴ དམ་ཅན་རྡོ་རྗེ་ལེགས་པའི༴ སྨན་བཙུན་རྡོ་རྗེ་གཡུ་སྒྲོན༴ རྨ་རྒྱལ་རྡོ་རྗེ་དྲག་རྩལ༴ ཕུ་བོ་དུང་ཁྱུང་དཀར་པོའི༴ སྟེང་ཕྱོགས་ལྷ་ཡི་གཏེར་བདག༴ ཕ་ཡབ་གེར་མཛོ་གཉན་པོའི༴ བར་ཕྱོགས་གཉན་གྱི་གཏེར་བདག༴ ནུ་བོ་ཀླུ་སྦྲུལ་འོད་འབྱུང་ཐུགས་དམ་བསྐང་། །འོག་ཕྱོགས་ཀླུ་ཡི་གཏེར་བདག༴ ཨ་ནེ་གུང་སྨན་རྒྱལ་མོའི༴ སྣང་སྲིད་མ་མོའི་ཚོགས་ ཀྱི༴ སྲིང་ལྕམ་ཐ་ལེ་འོད་དཀར༴ འབྱུང་བ་ལྔ་ཡི་ལྷ་མོའི༴ ། རྫུ་འཕྲུལ་ང་རྟ་ལྷ་བཞིའི༴ མགྲོན་ཡག་དར་མ་བཅུ་གསུམ༴ གནམ་ས་བར་གྱི་ཝེར་མའི༴ སྐུ་འཁོར་དགྲ་བླ་ཝེར་མའི༴ ཌཱ་ཀི་དྭངས་ སྨན་ཚོགས་ཀྱི༴ དཔའ་བརྟུལ་དཔའ་བོའི་ཚོགས་ཀྱི༴ བཀའ་འབངས་སྤྲུལ་པའི་ལྷ་དམག༴ བཀའ་སྡོད་སྣང་སྲིད་དྲེགས་པའི༴ སྣང་སྲིད་དགྲ་བླ་ཝེར་མའི༴ མདོར་ན་སེང་ཆེན་ནོར་བུའི་དཀྱིལ་ འཁོར་དུ། །དགྱེས་བཞིན་བཞུགས་པ་རབ་འབྱམས་ནོར་ལྷའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པ། །མ་ལུས་ལུས་པ་མེད་པའི་ཐུགས་དམ་བསྐང་། །དག་མཉམ་བདེ་བ་ཆེན་པོར་རྟག་ 6-29-17a དགྱེས་ནས། །བདག་ཅག་སྒྲུབ་པ་པོ་ལ་ཚེ་དང་གཡང་། །བསོད་ནམས་དཔལ་འབྱོར་བདེ་སྐྱིད་ཆོས་དང་དབང་། །གཟུངས་སྤོབས་བློ་དང་གཟི་བརྗིད་བཀྲག་མདངས་བཅུད། །ཉམས་དང་རྟོགས་པ་ མཐུ་སྟོབས་ནུས་པའི་རྩལ། །ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བ་དང་། །ཕྱོགས་དང་དུས་ཀྱིས་བསྡུས་པའི་ཕྱྭ་གཡང་དཔལ། །ཆར་ཕོབ་མཚོ་ལྟར་སྐྱིལ་ལ་སྤྲིན་ལྟར་བསྡུས། །བདེ་སྟོང་རྡོ་རྗེ་ཐུགས་ཀྱི་ངང་ཉིད་ནས། ། རྟག་ཏུ་མི་འབྲལ་དགྱེས་རྒུར་སྐྱོང་མཛད་དེ། །བདེ་ནས་བདེ་བ་རྣམ་མཁྱེན་ནོར་བུའི་གླིང་། །ཇི་དགར་བགྲོད་པའི་སྐལ་བཟང་མཆོག་སྩོལ་ཞིང་། །དཔལ་ལྡན་ནོར་ལྷ་རྒྱ་མཚོའི་དཀྱིལ་འཁོར་གྱི། །བྱིན་ ནུས་ཕྱྭ་གཡང་གནས་འདིར་ཆགས་གྱུར་ནས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྩོལ་ཅིག ། སྙན་དང་གྲགས་པས་རྒྱལ་ཁམས་ཀུན་ཏུ་གང་། ། བཀྲ་ཤིས་བསྟན་པ་ཕྱོགས་ཀྱི་ཐ་གྲུར་ཁྱབ། །མངའ་ཐང་དབུ་འཕང་སྲིད་པའི་རྩེ་མོར་བསྟོད། །ཕུན་ཚོགས་བསམ་རྒུ་འགྲུབ་པར་མཛད་དུ་གསོལ། །བཀྲ་ཤིས་དགེ་མཚན་བྱེ་བའི་གཟི་བྱིན་གཡང་། ། རྟག་ཏུ་སྣང་སྟོང་ཐིག་ལེར་འཁྱིལ་མཛད་ཅིང་། །མི་ཤིགས་ཀུན་འབྱུང་བུམ་པ་བཟང་པོ་ནས། །མཆོག་ཏུ་ཚིམ་བྱེད་གྲུབ་པའི་རྒྱལ་ཐབས་སྩོལ། །མཐའ་ཡས་འགྲོ་བ་ཀུན་ལ་དུས་རྟག་ཏུ། །ཕན་བདེ་མི་ 6-29-17b ཟད་མཆོག་གི་གཞིར་གྱུར་པ། །ཡེ་ཤེས་ནོར་བུ་འབར་བའི་གཟི་བྱིན་འོད། །ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱས་པར་མཛོད། །འདི་ལྟར་གེ་སར་ཝེར་མའི་རྒྱལ་པོ་ཡི། །གཡང་སྒྲུབ་བསམ་འཕེལ་ཡིད་བཞིན་ནོར་ བུ་ལ། །གཞུང་དང་ཕྱྭ་གཡང་འགུགས་པའི་ཕྲིན་ལས་ཏེ། །གཉིས་པོ་ཙམ་ལས་གཞན་དག་མ་མཐོང་བས། །བསྐང་གསོལ་འདི་འདྲ་སྦྱར་ན་ཆེས་ལེགས་ཤིང་། །དེ་གསུམ་ཙམ་གྱིས་དོན་ཀུན་བདེ་བླག་གྲུབ། །དེ་ལས་རྒྱས་སྤྲོས་གཞན་གྱིས་ཅི་བྱ་ཞེས། །བསམས་ནས་ བསྐང་རིམ་བློ་ལ་གང་ཤར་བ། །ཤར་མར་རྟེན་འབྲེལ་དགེ་བའི་དུས་སུ་བྲིས། །འདི་ཡི་དགེ་བས་སྐྱེ་བོ་ཐམས་ཅད་ཀུན། །ཕྱྭ་གཡང་འཛད་མེད་ནོར་བུའི་ཆུ་གཏེར་ལ། །འདོད་རྒུར་རོལ་པའི་སྐལ་བཟང་ཐོབ་གྱུར་ཅིག ། ཅེས་པའི་བསྐང་གསོལ་འདི་ཡང་མི་ཕམ་པས་ བཀྲ་ཤིས་ལྷ་རྩེར་བྲིས་པ་མངྒ་ལཾ། ། ༈ ཨཱ༔ སྣང་སྟོང་མཉམ་པ་ཆེན་པོའི་ཐིག་ལེ་རུ། །རྟག་བརྟན་གཞོམ་གཞིག་བྲལ་བའི་ཡེ་ཤེས་ལྷ། །འཕོ་འགྱུར་བྲི་གང་བྲལ་བར་དགྱེས་བཞུགས་པས། །ཕྱྭ་གཡང་དགེ་མཚན་ལྷུན་གྱིས་གྲུབ་པར་མཛོད། ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ རཀྵ་རཀྵ་ཤྲཱི་མཎྚ་ལ་བྷྲཱུྃ། ཞེས་པའི་དོན་མཉམ་པར་བཞག་གོ། །། ༈ བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་བརྒྱུད་ཤོག་དྲིལ་མ་བཞུགས་སོ། །བསྭོ། སྣང་སྟོང་མཉམ་པ་ཆེན་པོའི་དབྱིངས༔ གཡུང་ དྲུང་འགྱུར་བ་མེད་པ་ཡི༔ དོན་དམ་ཐིག་ལེའི་ངང་ཉིད་ལས༔ རང་བྱུང་ཐུགས་རྗེའི་སྐུ་སྤྲུལ་པ༔ གེ་སར་ནོར་བུ་དགྲ་འདུལ་རྩལ༔ ཤར་ཕྱོགས་རྨ་རྒྱལ་སྤོ་མཐོའི་རིའི༔ སྟེང་མཁར་མཁའ་སྤྱོད་འཇའ་ 6-29-18a འོད་གུར༔ སྣང་སྲིད་གསལ་བའི་ཕོ་བྲང་ནས༔ ཕྱྭག་གཤེན་རྣོ་མཐོང་འཕྲུལ་གྱི་ལྷ༔ ཨ་དཀར་འོད་ཀྱི་ཝེར་མ་ནི༔ ཁྱེའུ་བཅུ་དྲུག་ལང་ཚོས་སྒེགཿ དཀར་གསལ་དག་པའི་ཤེལ་འདྲ་བ༔ ཕྱག་གཡས་རིན་ཆེན་སྒྲོན་མེ་ཐོགས༔ སྲིད་པ་གསུམ་པོ་ལམ་མེར་གསལ༔ གཡོན་ན་རཏྣའི་མེ་ལོང་འཛིནཿ ལྐོག་གྱུར་མ་ལུས་སྒྲིབ་མེད་འཆར༔ དར་དཀར་རལ་ཀ་འཇའ་སྤྲིན་གོས༔ མེ་ཏོག་རྒྱས་པའི་སྟེང་ ན་འགྱིངསཿ དགྱེས་ཡུམ་གསང་བའི་ལྷ་མོ་ལྔ༔ འོད་ལྔ་འབར་ཞིང་མེ་ལོང་དང་༔ དགོས་འབྱུང་བུམ་པ་བཟང་པོ་འཛིན༔ ཡབ་ལ་བལྟ་ཞིང་ཆགས་པའི་ཚུལ༔ འཁོར་དུ་ཀུན་གསལ་ཝེར་མ་འབུམ༔ རྡོ་རྗེའི་བྲོ་གར་བརྡའ་གླུ་བསྒྱུར༔ བདེ་དྲོད་གཟི་འབར་ཡ་ལ་ལ༔ སྨན་སྤོས་དྲི་བཟང་ཐུ་ལུ་ལུ༔ འཇའ་སྤྲིན་མེ་ཏོག་ཐོ་ལོ་ལོ༔ སྒྲུབ་པ་པོ་ལ་གདུང་ཞིང་འདུད༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་ གནས་འདིར་གཤེགས་སུ་གསོལ༔ བདུད་རྩི་ཅན་གྱི་ཤིང་གསུམ་དང་༔ སྤོས་དཀར་སྦྱར་བའི་དུད་སྤྲིན་འབུལ༔ འོ་ཆབ་འབྲས་ཆང་མངར་གསུམ་གྱིས༔ སྤགས་པའི་རོ་མཆོག་ཞལ་སྐྱེམས་འབུལ༔ མི་ཤེས་མུན་ འཇོམས་མར་མེ་དང་༔ མདའ་དར་མེ་ལོང་ཕྱེ་མར་ཕུད༔ འདོད་ཡོན་དྲུག་གི་མཆོད་པ་འབུལ༔ རང་སྣང་སྒྱུ་མར་ཤར་བའི་ལྷ༔ ཀུན་གསལ་ཆུ་ཟླའི་རོལ་མོ་ཡིས༔ རྡོ་རྗེའི་སྲོག་ལ་དམ་བསྲེ་ན༔ སྔགས་ 6-29-18b ཀྱི་དམ་ཚིག་གནད་དུ་ལོངས༔ ཞེས་ལྷ་ཡི་ཐུགས་ཀར་ཨ་དཀར་པོ་ཟླ་བ་ལྟ་བུ་ལ། སྔགས་ཕྲེང་གིས་བསྐོར་བ་དམིགས་ཏེ། བསྭོ༔ ཨ་དཀར་ཝེར་མ་ཁོད་དེ་འདུ༔ གསལ་ས་ལེ་པྲ་ཕོབ་སྭཱ་ཧཱ༔ ཞེས་བཟླས། ཀྱེ། དད་པ་དང་ནི་དམ་ ཚིག་གིས༔ འབོད་དོ་སྣང་སྲིད་གསལ་བའི་ལྷ༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ དམ་ལས་མ་འདའ་ད་ཚུར་བྱོན༔ རྣལ་འབྱོར་ངེད་ཀྱི་དགོས་པ་འདི༔ ཕ་ཁྱེད་ལ་མི་དྲི་སུ་ལ་དྲི། བུ་ང་ལ་མི་གསུང་སུ་ ལ་གསུང་༔ བར་སྣང་འཇའ་དང་འོད་ཀྱིས་གང་༔ བརྡའ་དང་རོལ་མོ་ཁྲོ་ལོ་ལོ༔ གར་དང་རྣམ་འགྱུར་ཤིགས་སེ་ཤིག༔ ཕོ་རྒྱུད་གཟི་འབར་ཡ་ལ་ལ༔ མོ་རྒྱུད་མཛེས་འཛུམ་ལྷབས་སེ་ལྷབ༔ བདག་དང་ པྲ་རྟེན་འདི་ཉིད་ཀྱི༔ ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ སྣང་སྲིད་སྒྱུ་མའི་ལྟད་མོ་སྟོན༔ ད་ལྟ་ཉིད་དུ་པྲ་ཕོབ་ཅིག༔ ཅེས་བསངས་བཏང་༔ མདའ་དར་དང་རོལ་མོ་བཅས་པྲ་རྟེན་མེ་ལོང་སོགས་ལ་བལྟར་བཅུག་གོ༔ ས་མ་ཡཱ༔ ཞེས་པའང་ སྣང་གསལ་ཝེར་མའི་བསང་མཆོད་ཀུན་གསལ་ནོར་བུའི་མེ་ལོང་བཞུགས། མཆོད་རྫས་ཅི་འབྱོར་བྱིན་གྱིས་རླབས་ལ། ཧཱུྃ་ཧྲཱིཿ དབྱིངས་ལས་རང་བྱུང་རིག་པ་ཡེ་ཤེས་སྐུ༔ སྣང་ སྲིད་ཀུན་གསལ་ཝེར་མའི་གསས་མཁར་ན༔ སྐུ་རྗེ་དོན་གྲུབ་ནོར་བུ་རྒྱལ་པོ་ནི༔ ཨ་དཀར་འོད་ཀྱི་ཝེར་མ་འཁོར་དང་བཅས༔ བུ་ཆུང་མ་ལ་གདུང་བ་ཇི་བཞིན་དུ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་མྱུར་གཤེགས་ 6-29-19a ནས༔ ངོ་མཚར་རྟགས་དང་མཚན་མ་དངོས་སུ་སྟོན༔ ཕྱི་ནང་གསང་བའི་མཆོད་པའི་དམ་ཚིག་རྫས༔ དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་ཀུན་གང་༔ རོ་མཉམ་བདེ་ཆེན་ཡེ་ཤེས་བདུད་རྩིའི་སྤྲིན༔ དགྱེས་ པར་བཞེས་ལ་རྫུ་འཕྲུལ་མཐུ་བསྐྱེད་ནས༔ རྩ་ང་རིག་པའི་ཁམས་ལ་བདེ་དྲོད་སྦོར༔ རྟེན་འབྲེལ་མི་བསླུ་གནད་ཀྱི་འཆར་སྒོ་སྟོན༔ སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས༔ ཡེ་ཤེས་མིག་གཅིག་དྲི་མ་མེད་པའི་དབྱིངས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བར་འབྱེད་མཛད་ནས༔ བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཐུ་ནུས་སྟོབས༔ ཐོགས་མེད་ཡིད་བཞིན་འཕེལ་བར་མཛད་དུ་གསོལ༔ འཇམ་དཔལ་དཔའ་བོ་ཡེ་ཤེས་སྒྱུ་མའི་གར༔ དཔའ་བོ་ ཆེན་པོ་བདུད་དཔུང་དགྲ་འདུལ་བ༔ ཤེས་རབ་རལ་གྲི་མདའ་གཞུའི་ཕྱག་རྒྱ་ཡིས༔ ཉོན་མོངས་མི་ཤེས་གཡུལ་ངོ་སེལ་མཛད་པཿ སྣང་གསལ་ཝེར་མའི་རྒྱལ་པོ་འཁོར་དང་བཅས༔ མཉམ་ཉིད་ངང་ལས་རང་བྱུང་ཐུགས་རྗེའི་རྩལ༔ རྣོ་གསལ་འོད་འབར་འཕྲུལ་གྱི་དྲ་བ་སྐྱོད༔ མོས་ལྡན་བདག་གི་སྙིང་ལ་ཞུགས་ནས་ཀྱང་༔ དོན་གཉིས་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ ཞེས་མཆོད་པས་སྣང་སྲིད་ཀུན་ཀྱི་རང་ བཞིན་མ་འདྲེས་པར་མཐོང་བའི་མངོན་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འགྱུར་རོ། །ཤིང་སྦྲེལ་ཟླ་༦ཚེས་༡༠ལ་ཝེར་མ་བསེ་རུ་འོད་ལྡན་དཀར་པོས་བཀྲ་ཤིས་རང་སྣང་འཆི་མེད་འོད་ཀྱི་ལྡིང་གུར་བཟང་པོ་ནས་བྲིས་པ་བཀྲ་ཤིས། སརྦ་མངྒ་ལཾ། ། ༈ ཧྲཱིཿ དགེ་མཚན་ 6-29-19b རླུང་རྟ་སྙན་པའི་བ་དན་ཆེ༔ འདོད་རྒུ་ཀུན་འབྱུང་མཆོད་པའི་སྤྲིན་ཕུང་འདི༔ གེ་སར་སྐྱེས་བུ་འཁོར་དང་བཅས་ལ་འབུལ༔ བསམ་དོན་ཀུན་འགྲུབ་ཕྱོགས་ལས་རྣམ་རྒྱལ་མཛོད༔ ཅེས་པ་འདིའང་ཤིང་སྤྲུལ་ཟླ་༥ཚེས་༥མི་ཕམ་པས་ བཀོད་པ་སརྦ་མངྒ་ལཾ། །ཧཱུྃ། བཀྲ་ཤིས་ང་རྟ་སྙན་པའི་བ་དན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་ཆེན་འཕྲོ་བ་འདི། །རྩ་གསུམ་སྲུང་མ་དགྲ་བླ་ཟོ་དོར་དང་། །འགོ་ཞིང་སྐྱོབ་པ་མཆོད་པའི་མགྲོན་གྱུར་སོགས། །ཁྱད་པར་ གེ་སར་ནོར་བུ་དགྲ་འདུལ་རྩལ། །རྫུ་འཕྲུལ་རྡོ་རྗེའི་རྐྱང་རྒོད་ཕེར་པོ་དང་། །དཔའ་བརྟུལ་དྭངས་སྨན་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །རླུང་རྟའི་གསོལ་བསྡུས་འདི་ཡང་དབྱུག་གུ་ཟླ་ བའི་ཡར་ཚེས་༡༠དུས་བཟང་པོར་རུ་དམ་ཡང་ཁྲོད་དུ་མི་ཕམ་པས་བཀོད་པ་མངྒ་ལཾཿདགེའོ། །༁ྃ༔ བོད་ཡུལ་སེང་ཆེན་རྒྱལ་པོ་ལ་བརྟེན་པའི། བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག་སྐལ་ བཟང་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །བསོད་ནམས་ང་རྟ་བསྐྱེད་པའི་ཆོ་ག་སྐལ་བཟང་སྙིང་གི་ཐིག་ལེ་ནི། འདི་ལྟར་རང་གི་རིག་པ་དྲི་མ་མེད་པ་ཀ་དག་ཀུན་ཏུ་བཟང་པོ་རང་བྱུང་པདྨ་རྒྱལ་པོ། ལྷུན་གྲུབ་ནོར་བུ་དགྲ་འདུལ་རང་ཞལ་མཇལ་བའི་གདིང་ལ་དཔའ་བསྐྱེད་དེ། ཆོས་སྐྱོང་དགྲ་བླ་བསྟོད་པའི་མཇུག་ཏུ་འདི་ལྟར་གྱེར་བར་བྱའོ། །ཧཱུྃ། ལྷུན་གྲུབ་པདྨ་ལས་ སྐྱེས་མཚན་དཔེའི་སྐུ། །དགྲ་བླའི་ཆས་ཀྱིས་བརྗིད་ཀྱང་གང་གི་ཐུགས། །རིག་འཛིན་གཙོ་བོ་ཉིད་ལས་མི་གཞན་པ། །འགྱུར་མེད་རྒྱལ་པོ་དོན་གྲུབ་སྐྱེས་བུ་ནི། །འགྲོ་བ་ཀུན་ལ་བདེ་སྐྱིད་དམ་བཅའ་བ། །ཚད་མེད་ 6-29-20a བརྩེ་བའི་དབང་གིས་འདོད་པའི་དོན། །བསྒྲུབ་ཕྱིར་བདག་ཡིད་དྭངས་མའི་ཐིག་ལེ་རུ། །རོ་གཅིག་བཞུགས་པས་དངོས་གྲུབ་གཉིས་ཐོབ་མཛོད། །ཕྱོགས་བཅུའི་ཞིང་བཞུགས་བདེ་གཤེགས་སྲས་བཅས་དང་། ། ཡི་དམ་མཁའ་འགྲོ་སྐྱབས་འོས་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་དབབ་ཅིང་། །ཕུན་ཚོགས་སྡེ་བཞིར་དབང་བའི་ང་རྟ་བསྐྱེད། །མི་བཟད་མཐུ་མངའ་ཆོས་སྐྱོང་སྲུང་མའི་ཚོགས། །ཇི་སྙེད་མ་ལུས་ རྒྱ་མཚོར་ཆར་བཞིན་དུ། །ལུས་ངག་ཡིད་ལ་ཐིམ་པའི་བྱིན་ནུས་ཀྱིས། །མཐུ་རྩལ་ཕུན་སུམ་ཚོགས་པའི་ང་རྟ་བསྐྱེད། །དྲི་བཟང་པདྨོར་ལྡིང་བའི་བུང་བ་ལྟར། །སྲིད་དོ་ཅོག་གི་དགྲ་བླ་ཝེར་མའི་ཚོགས། ། སྐྱེས་བུའི་སྐུ་ལ་སྤྲིན་ཕུང་བཞིན་འདུ་བས། །གང་བསམ་ལས་ལ་དབང་བའི་ང་རྟ་བསྐྱེད། །འཇིག་རྟེན་ཁམས་སུ་རྒྱུ་བའི་རིགས་ལྡན་དང་། །འབྱུང་པོའི་ཚོགས་ཀྱིས་སྲུང་ཞིང་ཕན་པའི་སེམས། །ཉ་གང་ཟླ་ བའི་དཀྱིལ་འཁོར་ལྟར་དཀར་བས། །མཐུན་རྐྱེན་བས་ཆེན་འཕྲོ་བའི་ང་རྟ་བསྐྱེད། །པདྨོ་གཞོན་ནུར་འཆར་ཁའི་ཉི་ཟེར་བཞིན། །འགྲོ་བ་ཀུན་གྱི་བསམ་དང་སྦྱོར་བའི་ཚུལ། །བདག་གི་མཐུན་རྐྱེན་གྲོགས་སུ་ འཆར་བ་ཡིས། །ཡིད་འོང་དགའ་སྟོན་སྟོང་གི་ང་རྟ་བསྐྱེད། །མཁའ་མཉམ་ཞིང་གི་དཔལ་དང་ཡོན་ཏན་ཀུན། །ཅིག་ཆར་དབང་དུ་གྱུར་པའི་ཟླ་བ་ཡིས། །དཀར་ཕྱོགས་དགའ་བའི་ཀུནྡ་འཛུམ་ནུས་པའི། ། 6-29-20b མི་ཟད་བསོད་ནམས་ང་རྟའི་དཔལ་ཡོན་བསྐྱེད། །སྲིད་འདིར་མངོན་མཐོས་སྙེམས་པའི་གཙུག་ཉིད་ལ། །ཟིལ་གནོན་གར་གྱིས་རོལ་པའི་ཞབས་གཉིས་པོ། །དགྲ་སྡེའི་སྤྱི་བོར་ལེན་པའི་དབང་མངའ་བ། །མི་ བཟད་ཤུགས་ལྡན་རྡོ་རྗེའི་རླུང་རྟ་བསྐྱེད། །འགལ་རྐྱེན་ཀུན་ཞི་འདོད་ཅིང་རེ་བའི་དོན། །མ་ལུས་གེགས་མེད་ཡིད་བཞིན་འགྲུབ་པ་ཡིས། །ལས་རྣམས་བསྒྲུབ་ལ་ཐོགས་མེད་མཐུ་ལྡན་པས། །ཕྱོགས་ལས་ རྣམ་པར་རྒྱལ་བའི་ང་རྟ་བསྐྱེད། །བདེ་གཤེགས་སྙིང་པོ་ཀུན་ཁྱབ་གདོད་མ་ནས། །དོན་ཀུན་ལྷུན་གྲུབ་གང་ཁྱོད་དྲན་པས་ཀྱང་། །དོན་རྣམས་འགྲུབ་མཛད་དོན་གྲུབ་སྐྱེས་བུ་ཡིས། །དོན་ཀུན་འབད་མེད་འགྲུབ་ པའི་ང་རྟ་བསྐྱེད། །རང་རིག་ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །གདོད་ནས་རྒྱལ་བ་ཀུན་དང་མི་གཉིས་པ། །རང་བྱུང་པདྨའི་ངོ་བོར་རྣམ་དག་པས། །འགྲོ་ཀུན་གདོད་མའི་གཞི་ལ་གྲོལ་བྱེད་ཤོག ། དེ་ལྟར་མ་ གྱུར་གནས་སྐབས་ཐམས་ཅད་དུ། །རྒྱལ་བ་ཀུན་དང་རྒྱལ་ཀུན་སྙིང་པོ་ནི། །མཚོ་སྐྱེས་རྡོ་རྗེས་ཁྱོད་དོན་འགྲུབ་གྱུར་ཅེས། །དཔལ་ཀུན་རྩོལ་བའི་མེ་ཏོག་གཏོར་གྱུར་ཅིག ། ཅེས་བརྗོད་དེ་འཛམ་གླིང་རྒྱལ་པོ་གེ་སར་མདུན་དུ་ བསྒོམས་པ་རང་ལ་དབྱེར་མེད་དུ་ཐིམ་པར་བསམ་ནས་འདི་ལྟར་གྱེར་ཞིང་རིག་པ་དྲི་མེད་ཀྱི་ངང་བསྐྱང་བཞིན། བསམ་ལྷུན་སིདྡྷི་གང་མང་བསྒྲག་ན། རླུང་རྟ་སྙན་པའི་བ་དན་དགེ་མཚན་ང་གིས་བསྐྱོད་པས་ཕྱོགས་བཅུར་གྲགས་པ་རྒྱས། ལས་བྱས་པ་རྣོ་མྱུར་ཐོགས་མེད་དུ་འོང་། ལེགས་ 6-29-21a པའི་ཕྱོགས་ལ་འཕྲད། ཉེས་པར་བསྣོལ། རྒྱལ་ཁ་ཐོབ་སྟེ་མི་ཡི་ཁྱུ་མཆོག་ཏུ་མངའ་གསོལ་བར་འགྱུར་རོ། །དེ་ལྟར་བྱུང་བར་དངོས་སུ་ཉམས་དང་སྣང་བ་དཔའ་བ་སོགས་དང་། རྨི་ལམ་དུ་རྟ་ཕོ་ཞོན་པ། རོལ་མོ་སྒྲོགས་པ། བ་དན་ཕྱར་བ། རི་ལ་འཛེགས་པ། གྱི་ལིང་འབྲུག་དང་སེངྒེ་སྟག་ལ་སོགས་པར་ཞོན་པ་སོགས་ངོ་མཚར་བའི་རྟགས་འབྱུང་ངོ་། །ཀ་དག་རིག་པའི་རྒྱལ་པོ་པདྨ་སྐྱེས། །ལྷུན་གྲུབ་ནོར་བུ་དགྲ་འདུལ་འབོད་པའི་རྗེ། །དབྱེར་མེད་ཐིག་ལེ་གཅིག་པའི་སྒྱུ་འཕྲུལ་ལས། །དག་སྣང་མན་ངག་རིག་པའི་གསང་ནས་སྤེལ། །རང་ལོ་ ཉི་ཤུ་པ་ཤིང་གླང་ཟླ་༡༠ཚེས་༥ལ་བྲིས་པ་མངྒ་ལཾ། ། ཨོཾ་ཨཱཿཧཱུྃ་ཧཱིཿ ཆོས་ཀུན་རང་བྱུང་ཡེ་ཤེས་ཆེན་པོའི་ངང་། །མཐའ་བྲལ་སྟོང་པ་རིག་པའི་རྩལ་སྣང་ལས། །སྣོད་བཅུད་རྣམ་དག་འོད་ལྔར་འཁྱིལ་བའི་ ཀློང་། །ཀུན་གསལ་བདེ་ཆེན་འབར་བའི་གཞལ་ཡས་ན། །རྩ་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ། །སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ནི། །དཀར་གསལ་ཤེལ་འདྲ་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་སྒྲོན་མེ་སྣང་གསལ་ མེ་ལོང་འཛིན། །དར་དཀར་གོས་དང་འཇའ་སྤྲིན་མེ་ཏོག་བརྒྱན། །དགྱེས་ཡུམ་རྣམ་ལྔ་མདའ་དར་མེ་ལོང་འཛིན། །འཁོར་དུ་སྣང་སྲིད་གསལ་བའི་ཝེར་མ་འབུམ། །རྡོ་རྗེའི་བྲོ་གར་བརྡའ་གླུ་སྣ་ཚོགས་བསྒྱུར། །དྲན་པས་ སྣང་གསལ་པྲ་ཡི་མཆོག་སྩོལ་པ། །མ་ལུས་འཁོར་དང་བཅས་པའི་རྒྱུད་བསྐུལ་ཚེ། །བྱིན་རླབས་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ནས། །བདེ་སྟོང་ཟང་ཐལ་ཐུགས་ཀྱིས་དགོངས་མཛད་དེ། །དགྱེས་པའི་སྐུ་ཡི་གར་ 6-29-21b སྟབས་ཤིགས་སེ་ཤིག ། བཞད་པའི་གསུང་གི་བརྡའ་གླུ་ཀྱུ་རུ་རུ། །འཇའ་སྤྲིན་མེ་ཏོག་ཆར་པ་ཐོ་ལོ་ལོ། །བདེ་དྲོད་རིག་པའི་རྩལ་སྣང་ཤིགས་སེ་ཤིག ། བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས། །སྙིང་དབུས་མི་ཤིག་འོད་ལྔའི་ ཏི་ལ་ཀར། །ཀུན་གསལ་བདེ་ཆེན་ཐུགས་ཀྱི་ཡེ་ཤེས་འོད། །དབྱེར་མེད་མངོན་པར་ཤེས་པའི་མཆོག་དབང་བསྐུར། །སྣང་སྲིད་ཀུན་གསལ་ཝེར་མའི་དཀྱིལ་འཁོར་ཀུན། །ནང་ལྟར་ལུས་ཀྱི་རྩ་ང་ཐིག་ལེའི་ཁམས། །གསང་ བ་བྱང་ཆུབ་སེམས་སུ་རོ་གཅིག་པས། །བདེ་ཆེན་འདུ་འབྲལ་མེད་པར་དགྱེས་བཞུགས་ནས། །སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས། །དུས་གསུམ་སྒྲིབ་མེད་མཁྱེན་པའི་སྤྱན་བཟང་སྩོལ། །རྟེན་འབྲེལ་བསླུ་ མེད་རིག་པའི་འཆར་སྒོ་སྟོན། །རྣོ་མཐོང་སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ས་མ་ཡ་རྒྱ༔ དགེའོ། ཌྐཾཿ །རྡོ་རྗེའི་སེང་ཆེན་རྒྱལ་པོ་ལ་བརྟེན་པའི་རྟེན་འབྲེལ་ང་རྟ་བསྐྱེད་པའི་ཆོ་ག་བཞུགས་སོ་དགེ་ལེགས་འཕེལ། ཌྐཾཿ །ན་མོ་གུ་རུ་ པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞཡ། དེ་ཡང་འདིར་ལེགས་བྱས་མཐོ་དམན་དུ་བསྒྱུར་བའི་རྟེན་འབྲེལ་ཐུགས་སྟོབས་ཀླུང་གི་རྟ་ཕོ་ལྟ་བུ་འདི་ཡི་དར་གུད་ལས། སྐྱེ་འགྲོའི་བྱ་བའི་ལམ་འགྲོས་ཆེ་ཆུང་ཐ་དད་པར་འགྱུར་བ་ཡིན་ལ། དེ་བསྐྱེད་པའི་རྟེན་འབྱུང་དུ་བོད་ཡུལ་རྒྱལ་པོ་དགྲ་འདུལ་ལ་བརྟེན་པ་ནི། ཐབས་གཞན་ལས་ ཆེས་ཟབ་པའི་མཐར་ཐུག་ཡིན་པས་འདི་ལ་འབད་འཚལ། དེ་ལ་ལོ་ཁམས་སམ་སྤར་སྨེ་ང་ཁམས་ཀྱི་མདོག་ཁྱད་པར་དུ་བྱས་པའི་མདོག་ལྔའི་དར་རས་ལ། རླུང་རྟ་བསྐྱེད་པའི་རྟེན་འབྱུང་གི་རི་མོ་ཇི་སྙེད་པ་དང་། ཁྱད་པར་སེར་པོ་ལ་རྟ། དམར་པོར་སྟག སྔོན་པོར་འབྲུག ལྗང་གུར་ཁྱུང་། 6-29-22a དཀར་པོར་སེང་གེ་བྲི། དར་གྱི་བ་དན་ལྕེ་བཞི་ལ། བསམ་ལྷུན་སིདྡྷི་དང་འདོད་གསོལ། གཞན་ཡང་ཀླུང་རྟ་བསྐྱེད་པའི་སྔགས་ལ་སོགས་པ་བྲི་ཞིང་། འདོད་གསོལ་དུ་འདི་བྲི་ཞིང་ངག་ཏུའང་གྱེར་རོ། །ཧཱུྃ༔ ཆོས་ཀུན་རྣམ་དག་རྡོ་རྗེ་རྣོན་པོའི་ཐུགས། ། ཆོས་ཉིད་དྲི་མེད་སངས་རྒྱས་པདྨ་སྐྱེས། །སྒྱུ་འཕྲུལ་འགག་མེད་རྡོ་རྗེའི་དཔའ་བོ་ཆེ། །རིག་འཛིན་ནོར་བུ་དགྲ་འདུལ་འཁོར་བཅས་ཀྱིས། །དགེ་མཚན་རྣམ་རོལ་འཆར་བ་ང་རྟའི་དར། །ཆོས་ཅན་འགག་མེད་རོལ་པའི་མཆོད་ པ་འདི། །ཆོས་ཉིད་ཞི་བ་དབྱིངས་ཀྱི་ཐིག་ལེར་བཞེས། །རླུང་རྟ་སྙན་པའི་བ་དན་གཡོ་བར་མཛོད། །གྲགས་སྙན་དགེ་བ་འབུམ་གྱི་ལེགས་བྱས་མཛོད། །ཁྱོད་ཐུགས་ཀུན་ཁྱབ་དཔལ་གྱི་བེའུ་ལས། །རྫུ་འཕྲུལ་ རྟ་སྟག་ཁྱུང་འབྲུག་སེང་སོགས་ཀྱི། །མི་ཟད་ངོ་མཚར་གཡོ་བའི་རྟེན་འབྱུང་གིས། །སྲིད་པའི་དཔལ་ཡོན་ཀུན་ལས་མངོན་མཐོ་བ། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་མཛེས་ཉིད། །ས་གསུམ་ཡིད་འོང་བདུད་ རྩིའི་སྙིང་པོ་ཅན། །རྨད་བྱུང་སྐལ་བཟང་ང་རྟའི་ཤུགས་སྐྱེད་ཅིག ། ཅེས་དེ་ལྟར་བྱས་ཏེ། རླུང་རྟ་ལ་དྲི་བཟང་ཕུན་སུམ་ཚོགས་པ་བྱུག་ནས་མཁའ་ལ་སྒྲོན་ཏེ་མཁའ་དབྱིངས་གྱེན་ཚུགས་སུ་ལྟ་ཞིང་ཀི་བསྭོ་ཧ་ཧ་དང་སིདྡྷི་སྒྲོགས། ཡེ་དྷར་འདོན། དེ་ནས་བསང་བྱས་ རྔ་རོལ་སྙན་པའི་དབྱངས་བཅས་ང་རྟ་ལ་ནས་འཐོར་ནས་གཞུང་དམིགས་ལྟར་འདི་གྱེར་རོ། །ཧཱུྃ། མཁའ་ཁྱབ་སྒྱུ་འཕྲུལ་དྲ་བའི་བདག་ཉིད་ནི། །གཉིས་མེད་ཡེ་ཤེས་སྐུ་མཆོག་པདྨ་སྐྱེས། །ཕྲིན་ལས་ཐོགས་མེད་དཔའ་བོའི་སྐུར་ 6-29-22b བཞེངས་པ། །སྐྱེས་མཆོག་རིག་འཛིན་ནོར་བུ་དགྲ་འདུལ་རྗེ། །གཞི་ལས་འདུ་འབྲལ་མེད་པའི་དམ་ཚིག་དང་། །གནས་སྐབས་དད་གུས་གདུང་བས་རྩེ་གཅིག་ཏུ། །མཁྱེན་བརྩེའི་གཏེར་ཆེན་ཁྱེད་ཐུགས་གནད་བསྐུལ་ན། ། རིག་འཛིན་པདྨའི་ཐུགས་ཀྱི་ཀློང་ནས་བཞེངས། །དྲི་མེད་དབྱིངས་ལ་ཐོགས་པ་མེད་རྒྱུ་བ། །འགག་མེད་རྡོ་རྗེའི་འགྲོས་ཀྱིས་སྐད་ཅིག་གིས། །གནམ་ས་བར་སྣང་ཁྱབ་པའི་གར་བྱེད་ཅིང་། །དགྲ་བླ་ཝེར་མ་ཆར་སྤྲིན་ ལྟ་བུར་འཚུབ། །མཚར་སྡུག་དྭངས་སྨན་དགྱེས་པའི་གླུ་དབྱངས་སྒྲོགས། །རེག་འཇམ་ཤུགས་དྲག་རྡོ་རྗེའི་ང་གཡོ་ཞིང་། །བདུད་རྩིའི་ཆར་དང་འཆི་མེད་འདོད་དགུའི་བཅུད། །ཡིད་འོང་དྲི་བསུང་སྤོས་ཀྱི་ངད་ ལྡང་བ། །རྡོ་རྗེའི་ཅང་ཤེས་འཁྱུག་པའི་ངར་གྱིས་གཡོ། །སྣ་ཚོགས་དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རོལ་མོའི་སྒྲ་སྙན་ཁྲོ་ལོ་ལོ། །དགྲ་བླའི་བ་དན་གཡོ་བ་ཤིགས་སེ་ཤིག ། དཔའ་བའི་ཀི་བསྭོ་ཆ་སྒྲ་ སྒྲོགས་པ་ཡི། །ཁམས་གསུམ་དྲེགས་པའི་དམག་དཔུང་རྣམས་ཀྱི་མཆོག ། དཔའ་བོ་མཁའ་འགྲོའི་དབུས་ན་རྡོ་རྗེའི་སྐུ། །རབ་བརྗིད་སེང་ཆེན་རྒྱལ་པོ་འཁོར་དང་བཅས། །སྐད་ཅིག་གློག་ལྟར་མྱུར་ བས་གནས་འདིར་བྱོན། །དྲི་མེད་ང་རྟ་བསྐྱེད་པའི་དགེ་མཚན་གྱི། །ལྷ་རྫས་བ་དན་གཡོ་བ་འདི་བཞེས་ལ། །དགེ་མཆོག་ང་རྟ་སྙན་པའི་བ་དན་དེ། །ཤུགས་ཆེན་རྡོ་རྗེའི་ང་གིས་བསྐྱོད་གྱུར་ནས། ། 6-29-23a ཕྱོགས་བཅུའི་ཕྱོགས་མཐར་ཁྱབ་པ་སྙན་གྲགས་དཔལ། །ངོ་མཚར་མཐོང་ན་དགའ་བའི་རང་བཞིན་གཏེར། །ལས་ང་ལྷ་ཡི་རོལ་མོ་དཀྲོལ་བར་མཛོད། །སྙིང་ག་དཔལ་བེའུའི་ཁྱིམ་ལ་དགྱེས་ རོལ་ནས། །དྭངས་པའི་དབྱིངས་ལ་ལྷ་ཡི་སྤྲིན་བཞིན་དུ། །ངོ་མཚར་དགའ་བའི་རོལ་རྩེད་གཡོ་བའི་གར། །དབྱེར་མེད་དབྱིངས་ཀྱི་གཤིས་ལ་བསྒྱུར་བར་མཛོད། །སྙིང་ནང་བདུད་རྩིས་གང་བའི་དཔྱིད་ བཞིན་དུ། །ཉམས་འགྱུར་ཟག་མེད་བདེ་བའི་རོ་ཙ་འཕེལ། །འདའ་མེད་དབང་གི་གཟི་དྲོད་འབར་བ་ཡིས། །འདོད་དགུའི་དཔལ་མོ་མགྲོན་དུ་ཁུག་པར་མཛོད། །ཤུགས་ཆེན་རྡོ་རྗེའི་ང་གིས་བསྐྱོད་ པ་ཡི། །རྫུ་འཕྲུལ་ཐོགས་མེད་འདོད་པའི་མཁའ་ལ་འགྲོ། །ཡིད་འོང་སྤྲིན་ལས་དགའ་བའི་གཟུགས་ངོམས་པ། །རྣོ་མྱུར་ལས་ཀྱི་རྟེན་འབྱུང་ཅང་ཤེས་རྟ། །ལེགས་བྱས་མཐོ་དམན་བསྒྱུར་བའི་ བཞོན་པ་ནི། །སྲིད་པར་རྒྱུ་ཞིང་ཞི་བའི་ལམ་ལ་འགྲོ། །རྡོ་རྗེའི་རྐྱང་རྒོད་ནོར་བུའི་ཕྲིན་ལས་འཕྲུལ། །མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །དབྱེར་མེད་ཞི་བ་དབྱིངས་ཀྱི་ཐིག་ལེར་བཞེས། ། རྣམ་དག་པདྨའི་མཁའ་དབྱིངས་རང་གྲོལ་ནས། །རླུང་རྟ་སྙན་པའི་བ་དན་གཡོ་བར་མཛོད། །མི་བཟད་ང་རོ་གཡོ་བའི་དཔའ་རྔམ་གྱི། །དྲག་པོའི་མེ་ལྕེ་མཆེད་པའི་ཟིལ་འཁྲུགས་པ། །རྣམ་མང་ 6-29-23b དགྲ་བླ་འདུས་པའི་སྙིང་སྟོབས་གཟུགས། །རྔམ་བརྗིད་མཆོངས་ལྡེམ་འགྱིང་བ་འཛུམ་ལྡན་སྟག ། སྐྱེས་བུའི་ཡིད་ལ་དཔའ་བའི་སྟོབས་ཀྱི་རྟེན། །རྒོལ་ངན་རི་བོ་འཇོམ་པའི་རྡོ་རྗེ་ནི། །མཐར་བྱེད་དྲག་པོ་དགྲ་ འདུལ་ཐུགས་ལས་སྤྲུལ། །སྲིད་པར་རྒྱུ་ཞིང་དཀར་ཕྱོགས་སྟོབས་ལས་སྤྲུལ། མི་མཆོག་ནོར་བུ༴ །རབ་བརྗིད་འགྱིང་བ་དཔའ་བོའི་གཟུགས་ཀྱི་དཔལ། །གནམ་ལྕགས་རི་བོའི་ཟོམ་ནས་ངོམས་པའི་ཡིད། ། བདུད་རྩིས་མྱོས་པའི་ཟེར་ལས་ཁམས་གསུམ་པོ། །ཅིག་ཆར་ཟིལ་གྱིས་གནོན་པའི་གདོང་ལྔ་པ། །དགེ་བའི་ཕྱྭ་གཡང་ཆགས་པའི་མདངས་འཕྲོ་ཞིང་། །ཕ་རོལ་སྟོབས་འཕྲོག་རྣམ་གནོན་གཟི་བརྗིད་ རྟེན། །ལྷུན་སྟུག་མངོན་པར་མཐོ་བ་མིའི་ཁྱུ་མཆོག ། ཟག་མེད་གཟི་འབར་སེང་ཆེན་སྐུ་ལས་སྤྲུལ། །མི་མཆོག༴ དཔག་བསམ་ལྗོན་པའི་རྩེ་ནས་བསྐྱོད་པ་ཡི། །དྲག་པོའི་འདབ་གཤོག་རྫུ་ འཕྲུལ་རླུང་གི་བང་། །ཐོགས་མེད་མཁའ་ལ་ལྡིང་ཞིང་འགྱིང་བ་ཡི། །ངོ་མཚར་ཕུན་སུམ་ཚོགས་པ་ཝེར་མའི་ཁྱུང་། །སྐྱེས་བུའི་ཡིད་ལ་ཡོན་ཏན་ཀུན་སྤེལ་བ། །མི་ཟད་དཔལ་གྱི་ནོར་བུ་དགའ་ བའི་རྟེན། །ཤིན་ཏུ་ཡིད་འོང་རྨད་བྱུང་མཛངས་པའི་དཔྱིད། །མངོན་པར་དགའ་བ་སྐྱེས་བུའི་ཡོན་ཏན་འཕྲུལ། །མི་མཆོག་ནོར་བུ༴ སྟུག་ལྡན་ཆུ་སྤྲིན་གཞོན་ནུའི་རུམ་གནས་པ། །མཛེས་པའི་ 6-29-24a གློག་དམར་གཡོ་བའི་སྐ་རགས་ཅན། །གྲགས་སྙན་དགེ་བའི་གསུང་སྒྲོགས་རྒྱ་མཚོའི་མངལ། །ཟབ་པའི་དགེ་མཚན་ཆེས་ལྡིར་དགྲ་བླའི་འབྲུག ། རྒྱལ་ཐབས་རེ་བ་རྫོགས་པའི་ང་རོ་ཡིས། །སྙིང་ ལ་དགེ་བའི་བདུད་རྩིའི་ཆར་འབེབ་ཅིང་། །སྐྱེས་བུའི་གྲགས་སྙན་ཀུན་ཏུ་ཁྱབ་བྱེད་རྟེན། །སྙན་པར་སྒྲོགས་པ་གེ་སར་གསུང་ལས་སྤྲུལ། །མི་མཆོག༴ ཡེ་སྟོང་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །ཕྱི་ནང་ སྣོད་བཅུད་བརྟན་གཡོ་སྲིད་པའི་ཁམས། །སྣ་ཚོགས་སྒྱུ་མ་མཐའ་ཡས་སྤྲོ་བསྡུའི་གར། །བརྗོད་བྱའི་ཡུལ་ལས་འདས་པའི་རོལ་རྩེད་ངོམས། །ལྷ་རྣམས་དགའ་བའི་བདུད་རྩི་འདོད་དགུར་འཇོ། །མི་རྣམས་ བདེ་སྡུག་རྣམ་མང་སྒྱུ་འཕྲུལ་མཐོང་། །ས་འོག་དམྱལ་བ་མི་བཟད་སྡུག་བསྔལ་མྱོང་། །མཁའ་སྤྱོད་ཞིང་གི་འཕགས་པ་རྟག་ཏུ་ཞི། །དེ་སོགས་སྲིད་ཞི་རྣམ་མང་ཆོས་ཀྱི་ཚུལ། །ཀ་དག་དགོངས་པ་ ཆོས་སྐུའི་ཀློང་དུ་གཅིག ། རང་སེམས་རྣམ་པར་གཡོ་བའི་ཆོ་འཕྲུལ་ཏེ། །མི་ཟད་རྟེན་འབྱུང་རིག་པའི་ང་ལས་འཕྲོས། །ཁམས་གསུམ་རྣམ་པར་གྲུབ་པ་འབྱུང་བ་ལྔའི། །འོད་ལྔའི་དྭངས་བཅུད་འབར་ བའི་ཐིག་ལེ་ལས། །མི་ཤིགས་རྡོ་རྗེ་གསང་བ་ང་རྟའི་ལྷ། །དཔལ་ཡོན་ཀུན་གྱི་རྟེན་འབྱུང་གཞི་རུ་གྱུར། །མི་འདའ་འགྱུར་མེད་མཁའ་དབྱིངས་བུམ་པ་རུ། །རྣམ་མང་ལེགས་བྱས་སྒྱུ་འཕྲུལ་གཡོ་བའི་རྟེན། ། 6-29-24b བསམ་པ་ཙམ་གྱིས་འདོད་དགུ་ལྷུན་གྲུབ་པ། །རང་གདངས་སེང་ཆེན་མི་ཤིགས་ཐིག་ལེར་བཞེངས། །ལེགས་པར་སྨོན་པའི་དཔལ་ཡོན་བཅུད་དུ་བཀུག ། འདོད་པའི་གནས་ལ་རྡོ་རྗེའི་ང་གིས་བགྲོད། །སྲིད་ཞིའི་ དཔལ་ལ་འདོད་དགུར་རོལ་མཛད་པ། །མཚུངས་མེད་དབང་གི་སེང་ཆེན་གཡོ་བར་མཛོད། །ཀ་དག་ལྷུན་གྲུབ་པདྨའི་རོལ་པ་ལས། །སྒྱུ་འཕྲུལ་དགེ་བའི་བ་དན་སེང་ཆེན་རྗེས། །ལྕགས་ལ་གསེར་འགྱུར་བཞིན་ དུ་གང་བྱས་ལས། །བཟང་པོར་འགྲོ་བ་སྙན་པའི་རྒྱལ་རྔ་སྒྲོགས། །འདོད་འབྱུང་རྒྱལ་སྲིད་བདུན་དང་རྟགས་རྫས་བརྒྱད། །ཉི་ཟླ་དཔག་བསམ་ཤིང་དང་འདོད་འཇོའི་བ། །གཏེར་བུམ་བདུད་རྩི་ལ་སོགས་ སྲིད་དང་ཞིའི། །དཔལ་འབྱོར་རྣམས་ཀྱི་དངོས་པོའི་དགེ་མཚན་ལྟར། །བཀྲ་ཤིས་ཕྱྭ་གཡང་ཀུན་གྱི་དཔལ་མཐའ་དག ། གཅིག་ཏུ་འདུས་པ་ཡིད་འོང་དགའ་བའི་གཏེར། །སྐྱེ་དགུའི་སྙིང་ལ་འཇུག་པའི་ ཡོན་ཏན་ནི། །མི་ཟད་བསམ་འཕེལ་ཕན་བདེའི་གཏེར་གྱུར་མཛོད། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་མཐོ་ཞིང་། །སྲིད་པ་གསུམ་གྱི་གཙུག་ན་འབར་གྱུར་པ། །ཁམས་གསུམ་དབང་བསྒྱུར་དགྲ་འདུལ་རྒྱལ་ པོ་ཡི། །ཕྱག་རྟགས་རྒྱལ་མཚན་སྲིད་རྩེར་བསྒྲེང་བར་མཛོད། །འདི་ནི་ཤུགས་བསྟན་སྦས་དོན་གནད། །ཟབ་ཅིང་གསང་བ་རྟེན་འབྱུང་གི། གནད་འགག་ཆེ་བའི་མདོག་ལྔའི་དར། །རླུང་རྟ་བྱས་ལ་དགྲ་བླ་བསང་། །ཚིག་འདི་བསྒྲགས་པར་གྱུར་པ་ན། ། 6-29-25a རྨི་ལམ་རྟ་སྟག་འབྲུག་སོགས་ཞོན། །བ་དན་རྙེད་ཅིང་རོལ་མོ་དཀྲོལ། །ཕྱོགས་ལས་རྣམ་རྒྱལ་རི་མཐོར་འཛེགས། །ཉི་ཟླ་ཤར་བ་ལ་སོགས་པ། །རྣམ་པར་དགེ་བའི་མཚན་ལྟས་རྙེད། །དངོས་ཉམས་རིག་པ་དྭངས་ཤིང་དགའ། །དཔའ་བའི་ཉམས་རྒྱས་ཀུན་ གྱིས་བཏུད། །གང་བྱས་ལམ་དུ་འགྲོའོ་ཞེས། །ཌཱ་ཀི་གཽ་རཱའི་ཞལ་ལས་ཐོས། །དེང་སང་ཕལ་ཆེར་་རྟ་ཉམས། །བཙུན་པའི་འདུལ་ཁྲིམས་ཞིག་པ་དང་། །སྨན་དཔྱད་རྩིས་ཀྱི་རྣོ་མྱུར་ཆུང་། །སྐྱེས་པ་མནའ་སྡིག་ཀུན་གྱིས་བརྙས། །དེ་འདྲའི་ཕྱོགས་མང་འབྱུང་བ་དང་། །མ་ཉེས་ དགྲས་འཚེ་བསམ་པ་ནི། །ལོག་པར་གྱུར་བའི་དུས་འདི་ན། །འདི་ལས་ཟབ་པ་མེད་དོ་བུ། །རང་གི་ལག་ཏུ་ལོངས་དང་ཤེས། །ས་མ་ཡཱཿརྒྱ་རྒྱ་རྒྱཿ འདི་བརྩམས་གང་བྱས་ལམ་དུ་འགྲོ། །སྙན་དང་གྲགས་པས་ཀུན་དུ་ཁྱབ། །ལོག་པར་བྱས་ཀྱང་ལེགས་པར་འགྲོ། ། ས་སྟེང་མི་ཡི་ནོར་བུའོ། །འདི་ནི་སྔ་མོར་རིག་པའི་ཐིག་ལེར་གབ་ཡོད་པ། ཟླ་༣ཚེས་༡ལ་ཕབ་པ་ང་རྟའི་དར་བསྒྲོན་པའི་སྐབས་སུ་བཏོན་པས། ངེས་པར་ལས་བྱས་རྣོ་མྱུར་ཐོགས་མེད་དུ་འགྲོ་བར་དངོས་སུ་མཐོང་ཞིང་། རྟེན་འབྱུང་ཤིན་ཏུ་དགེ་བ་བཀྲ་ཤིས་ལ་མི་ཟད་པ་ སྙན་གྲགས་ཀུན་ཏུ་ཁྱབ་པའི་དཔལ་མངོན་དུ་མཐོང་བ། མི་བསླུ་བའི་འབྲས་བུ་དུས་ལས་མི་འདའ་བ་རྡོ་རྗེའི་དཔའ་བོའི་ཐ་ཚིག ཨྠྀི། མངྒ་ལཾ། ། ༈ མ་སང་དགྲ་བྲུབ་བྱེད་ན། གླང་མའི་མི་ཆུང་རྟ་ཆུང་སྐོ་རུ་ཁ། །ཤོ་མང་ཕུབ་ཁུར་འཇག་མའི་མདའ་གཞུ་ ཅན། །བོ་ཐོའི་མཁར་གྱི་ནང་དུ་བཞག ། ཚྭ་སྒོག་རམ་གསུམ་ཤོག་སྐྱེ་གང་། །དེ་ཡི་མདུན་དུ་བཞག་བྱས་ལ། །ཡར་གཞི་ལེབ་ཕྱིང་དཀར་པོའི་སྟེང་། །མདའ་དར་ཕྱེ་མར་སྐྱེམས་ཕུད་བཤམས། །བསྭོ། ཁྲོ་རྒྱལ་ཝེར་མ་ཛོ་ཀི་ཤ་རུ་ར་འདུས་འདུས། ། 6-29-25b མ་སོང་དྲ་མ་དམག་ལ་ཆོ་ཆོ། །ཞེས་ཅི་རིགས་བཟླས་ལ། བསྭོ། གེ་སར་དགྲ་འདུལ་དམག་རྒྱལ་བསྭོ། །མ་སོང་ཝེར་མ་མཐུ་ཆེན་བསྭོ། །མཐུ་ཆེན་ཝེར་མ་ཉི་ཉ་བསྭོ། །གུང་བའི་རྐྱ་ཁྲ་ཆེན་མོ་བསྭོ། །དགྲ་འདི་ན་ གདའ་འོ་གསོད་རོགས་མཛོད། །ཨ་ཙི་ཙ་ཝེར་མའི་དམག་ལ་ལྟོས། །ནམ་མཁའ་དར་གྱིས་གང་ནས་གདའ། །བར་སྣང་འཕྲུ་ཡིས་གང་ནས་གདའ། །ས་གཞི་རྟ་ཡིས་གང་ནས་གདའ། །ཡུལ་ཁམས་འུར་གྱིས་ གང་ནས་གདའ། །གནམ་ལ་སེར་སྤྲིན་འཁྲིགས་ནས་གདའ། །བར་སྣང་འབྲུག་གློག་འཁྲུགས་ཤིང་གདའ། །ས་ལ་ཐོག་ཆར་འབེབས་ཤིང་གདའ། །དགྲ་སུ་ལ་དམག་སྣ་དྲང་རྒྱུ་ཡིན། །སྨོན་མི་གླིང་གི་བརྒྱུད་ འཛིན་ལ། །ཁ་མི་སྙན་གྱོད་གཏམ་བདར་ལ་དྲོངས། །ལག་མི་དགེ་དུག་མཚོན་འཛིན་ལ་དྲོངས། །སེམས་མི་བྱམས་ངན་དགུ་དྲན་ལ་དྲོངས། །ཨ་ལ་ལ་ཝེར་མའི་དཔུང་རེ་རྔམ། །ད་མགོན་དུ་བྱོན་པ་ངོ་མཚར་ཆེ། །ཞལ་ བསྲོ་བ་ཕྱེ་མར་འདི་ཡིས་བསྲོ། །མངའ་གསོལ་བ་མདའ་དང་དར་སྣས་གསོལ། །དཔའ་བསྐྱེད་པ་བདུད་རྩིའི་སྐྱེམས་ཀྱིས་བསྐྱེད། །ད་དགྲ་འདི་སོད་ལ་བགེགས་འདི་ཆོམས། །དགྲ་བླ་མཐུ་རྩལ་མ་ཞན་ཅིག ། ཝེར་མ་ལས་ལ་མ་གཡེལ་ཞིག ། དགྲ་བོ་སོད་ལ་དགྲ་མཁར་ཤིག ། དགྲ་ནོར་ཕྲོག་ལ་དགྲ་སྟོབས་ཆོམས། །ཕོ་ལྷ་དགྱེས་པའི་དར་ཆེན་ཕྱོར། །དགྲ་བླ་དགའ་བའི་གད་རྒྱངས་སྒྲོགས། །བདག་ཅག་རྣལ་འབྱོར་ 6-29-26a སྡེ་དང་བཅས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཅེས་བྱས་ལ་དགྲ་མཁར་བཤིག་ནས་ཉལ་ཉོལ་ཏུ་བརྡུང་ལ། སྟེང་དུ་རྐང་པས་བྲོ་ཁྲབས་ཏེ། བསོ་བསོ། མ་སང་གེ་སར་ཝེར་མའི་དམག་གིས་དགྲ་བོ་མཱ་ ར་ཡ་རྦད་རྦད། མི་ཁ་མཱ་ར་ཡ་གྲུབས། བསམ་ངན་མཱ་ར་ཡ་ཆིངས། སྦྱོར་ངན་མཱ་ར་ཡ་མནན། ཞེས་བྱས་ལ་དགྲ་ཕྱོགས་སུ་བོར། དེས་དགྲ་ཐད་དུ་ལངས་པ་དེ་དག་ཕྲལ་དུ་འཆིའམ་རང་གི་བསམས་པ་བཞིན་དུ་འཇོམས་པར་ཐེ་ཚོམ་མེད་དོ། །བཤད་བཤད་ མི་དགོས་ལག་ཏུ་ལོངས། །ཟོབ་ཟོབ་མི་དགོས་ལག་ལེན་སླ། །ཡིན་ཡིན་མེད་པའི་རིག་པ་ལས། །མིན་མིན་མེད་པའི་ཚིག་འདི་རྡོལ། །རྟེན་འབྲེལ་ལ་མཁས་པའི་ཁྱད་ཆོས་ལགས་སོ། ། ༈ ཕུད་མཆོད་ཕྱྭ་གཡང་སྤྲིན་ཆེན་ནི། བཟའ་བཏུང་དང་ཡོ་བྱད་སོགས་ཅི་ ཡང་རུང་སྟེ། བྱིན་གྱིས་བརླབས་ནས་ཡིད་ཀྱིས་སེང་ཆེན་གཏེར་བདག་ཝེར་མའི་ཚོགས་ལ་འདི་ལྟར་མཆོད་པར་བྱའོ། །ཨོཾ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་བདུད་རྩིའི་སྤྲིན་དཀར་དབུས། །ཕྱྭ་གཡང་བསམ་འཕེལ་ཡིད་བཞིན་ནོར་བུ་ནི། །གེ་ སར་དགྲ་བླའི་རྒྱལ་པོ་ཆེན་པོ་ལ། །རྨ་རྒྱལ་ལ་སོགས་གཏེར་བདག་ཝེར་མས་བསྐོར། །བཟའ་བཏུང་འབྱོར་པ་མཁོ་རྒུའི་ཡོ་བྱད་ཚོགས། །ཡེ་ཤེས་བདུད་རྩི་འདོད་རྒུའི་འབྱུང་གནས་སུ། །བྱིན་གྱིས་བརླབས་ པའི་མཆོད་པ་དམ་པ་འདི། །སྐྱེས་མཆོག་ནོར་བུ་འཁོར་དང་བཅས་ལ་འབུལ། །སྣང་སྲིད་མ་ལུས་སྒྲིབ་མེད་ས་ལེར་གཟིགས། །མཆོག་དམན་བར་མའི་འགྲོ་བ་ཀུན་ལ་བརྩེ། །འདོད་དོན་ཡིད་བཞིན་ནོར་བུའི་ 6-29-26b ཚུལ་སྩོལ་བ། །ཡིད་བཞིན་རེ་སྐོང་ཝེར་མའི་ཚོགས་ལ་བསྟོད། །ཐུགས་རྗེས་དགོངས་ཤིག་མཐུ་ལྡན་དགྲ་བླའི་རྗེས། །བསླུ་མེད་གཡུང་དྲུང་ནོར་བུའི་ཐུགས་ཀློང་ནས། །རྨ་གཡང་ཟས་ནོར་འདོད་རྒུའི་ཆར་ ཆེན་པོས། །རེ་བའི་ཤིང་རྟ་ཡོངས་སུ་བཀང་བར་མཛོད། །ཅེས་ཇ་མཆོད་སོགས་ལ་སྦྱར་ཏེ་འདི་ཉིད་རང་གཞི་བྱེས་གར་འདུག་ཀྱང་ཟས་ནོར་རྙེད་པ་འབྱུང་བར་འདོད་ན་ཉིན་རེ་ཞིང་ངམ། དུས་དུས་སུ་བསྒྲགས་པས་ཚེ་དཔལ་འབྱོར་གཡང་གི་ནོར་བུ་རྣམ་བཞི་ལག་ ཏུ་བཅིངས་ནས་དགོས་འདོད་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་ཡོད། རབ་ཚེས་ཆུ་སྤྲེལ་ཟླ་༡༢ཚེས་༡༤སྔ་དྲོ་ཕྲལ་ཤར་དྷཱི་མིང་པས་སོ་མངྒ་ལཾ། ། ༈ དགྲ་འདུལ་ནོར་བུའི་སྙིང་ཏིག་བཞུགས། ཨཱ། ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཉིད། །རྣམ་ པ་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ། །ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །མ་འོང་རིགས་ལྡན་དྲག་པོ་འཁོར་ལོ་ཅན། །བདག་དང་དབྱེར་མེད་སྙིང་གི་ལྷ་ མཆོག་དང་། །ཟུང་འཇུག་རྡོ་རྗེ་དབྱངས་ཅན་དགྱེས་ཡུམ་བཞི། །དཔའ་རྟུལ་དྭངས་སྨན་དགྲ་བླ་ཝེར་མའི་དཔུང་། །བཀའ་འཁོར་སྣང་སྲིད་དྲེགས་པ་སྡེ་བརྒྱད་བཅས། །ཕྱི་ནང་གསང་བ་ཡེ་ཤེས་བདུད་རྩིའི་ སྤྲིན། །ཐུགས་དམ་དགྱེས་སྐོང་མཆོག་གི་མཆོད་པ་འདིས། །གསོལ་ལོ་མཆོད་དོ་བསྐང་ངོ་མངའ་གསོལ་ལོ། །བསྟོད་དོ་བརྔན་ནོ་མཐུ་ལྡན་དགྲ་བླའི་དཔུང་། །ཐུགས་རྗེ་མཐུ་སྟོབས་ནུས་པའི་ཤུགས་ 6-29-27a སྐྱེད་ལ། །རྣལ་འབྱོར་བདག་གི་ཚེ་དཔལ་བསོད་ནམས་དང་། །དགེ་མཚན་སྙན་གྲགས་ང་རྟ་མཆོག་ཏུ་སྐྱེད། །ཀླུང་འདི་སྲིད་པ་གསུམ་ན་འབྲུག་ལྟར་སྒྲོགས། །ཕ་རོལ་མི་མཐུན་ ཕྱོགས་ཀུན་ཟིལ་གྱིས་གནོན། །སྲིད་པ་གསུམ་གྱི་གཙུག་ན་མཐོ་བ་ཡི། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་ཕྱོར། །ཇི་བསམ་ཐོགས་མེད་ཡིད་བཞིན་གྲུབ་པ་ཡི། །རྫུ་འཕྲུལ་རྡོ་རྗེའི་ང་གི་ཤུགས་འཆང་བའི། ། ཕྲིན་ལས་སྟོབས་ཀྱི་འཁོར་ལོའི་དབུས་སུ་བདག ། བཀོད་ནས་དངོས་གྲུབ་གཉིས་ཀྱི་རྒྱལ་ཐབས་སྩོལ། །དགྲ་བླ་བཞད་པ་བརྒྱད་ལྡན་སྒྲས། །སྙིང་ལ་བསྐུལ་ནས་གང་སྨྲས་པ། །ཕྱོགས་ལས་རྣམ་རྒྱལ་འབྲུག་སྒྲ་ཡིན། །དྷཱི་ཡིག་བདེ་བའི་ ཐིག་ལེར་འཁྱིལ། མངྒ་ལཾ། ། ༈ དགྲ་བླ་ལུས་གཞུག་བཞུགས་སོ། །ཧཱུྃ་ཧྲཱིཿ རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར། །ཡེ་ཤེས་སྐུ་མཆོག་མཐོང་ན་དགའ་བའི་གཏེར། །བདག་སྙིང་པདྨའི་འོ་མཚོར་ དགྱེས་རོལ་ནས། །ལུས་ལ་དགྲ་བླ་ཝེར་མའི་དཔའ་རྫོང་ཆོས། །མཐོང་བ་ཙམ་གྱིས་ཡིད་སྣང་དབང་མེད་དུ། །འཕྲོག་པའི་དགེ་མཚན་ས་གསུམ་འགྲན་མེད་དཔྱིད། །ངོ་མཚར་མིག་གི་བདུད་རྩིའི་སྣང་བ་ འབུམ། །ཅིར་ཡང་གསལ་བའི་རོལ་རྩེད་ངོམས་པར་མཛོད། །བདེ་སྟོང་རྡོ་རྗེའི་གཟི་བྱིན་ཆེན་པོ་ཡིས། །རྨད་བྱུང་དགའ་བདེའི་དཔལ་ཡོན་བསྐྱེད་པ་དང་། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོའི་དཔལ། ། 6-29-27b མྱུར་འགྲུབ་བསྟན་འགྲོའི་ཕན་བདེ་སྤེལ་བྱེད་ཅིང་། །སྲིད་དང་ཞི་བའི་དྭངས་བཅུད་དབང་མེད་འགུག ། ངོ་མཚར་སྙན་པས་འཇིག་རྟེན་ཀུན་ཏུ་ཁྱབ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕྱོགས་ལས་ རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པའང་སེང་གེ་འགྱིང་བའི་སྤོར་བསེ་རུ་འོད་ལྡན་དཀར་པོས་སྤེལ་བ་མངྒ་ལཾ། གེ་སར་ནོར་བུའི་ཕྲིན་བཅོལ་རྡོ་རྗེའི་གད་རྒྱངས་བཞུགས་སོ། །ཧཱུྃ། རྩ་གསུམ་ཀུན་འདུས་སྐྱེས་མཆོག་དགྲ་བླའི་རྗེ། །ཡིད་ བཞིན་ནོར་བུ་སེང་ཆེན་དགྲ་འདུལ་རྩལ། །སྙིང་གི་པདྨོར་ཁྱེད་གཅིག་རྟག་བརྟེན་ནས། །དད་པ་འགྱུར་བ་མེད་པས་ཁྱོད་བསྙེན་ཅིང་། ༡། དམ་ཚིག་རྣམ་པར་དག་པས་ཁྱོད་བསྟེན་ལ། །གཉིས་མེད་ཡེ་ཤེས་ཆེན་པོར་ཁྱོད་ སྒྲུབ་བོ། །བྱང་ཆུབ་བར་དུ་སྲུང་སྐྱོབ་གཡེལ་མེད་པར། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་མཐུ་སྐྱེད་ཅིག༢། དང་པོའི་ལས་ཅན་སྒྲིབ་པས་མནར་བ་བདག ། ནོངས་པ་གང་མཆིས་ཁྱེད་ལ་སྙིང་ནས་བཤགས། །མཐུ་ དཔུང་ཁྱེད་བརྟེན་རྒྱལ་མཚན་ཁྱེད་ཕྱར་506ཞིང་། །གཏན་དུ་མི་བསླུའི་བློ་གཏད་ཁྱོད་ལ་འཆའ། ༣། སྙིགས་དུས་ཕྱི་ནང་ཉེས་པ་དུ་མས་མནར། །སུ་ལའང་ཡིད་བརྟན་རུང་བ་མེད་མཐོང་ནས། །བུ་ཆུང་མ་ལ་གདུང་ བཞིན་ཁྱེད་དྲན་ན། །དུས་གསུམ་ཕ་ལྟར་མགོན་མཛད་ཁྱེད་ཉིད་ཀྱིས། ༤། སྲིད་གསུམ་དགྲ་རུ་ལངས་ཀྱང་བདག་གཅིག་ལ། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་སྩོལ། །དཔལ་འབྱོར་དཔག་བསམ་བུམ་ 6-29-28a བཟང་ནོར་བུའི་གཏེར། །ལག་པའི་མཐིལ་ན་གནས་པ་ཉིད་དུ་མཛོད། ༥། རྐང་གཉིས་རྣམས་ལས་འཁོར་ལོས་སྒྱུར་བ་དང་། །རྐང་བཞི་རྣམས་ལས་གདོང་ལྔའི་དབང་པོ་ལྟར། །མངོན་འཕགས་ ངོ་མཚར་ཉི་མ་ཆེན་པོ་ཡིས། །འགྲན་འདོད་ཟླ་བ་སྐར་མའི་ཚོགས་ནོན་ཅིག༦། མཁའ་ཁྱབ་ཕན་བདེའི་དཔལ་དུ་རྟག་གྱུར་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བདག་སྒྲུབ་ཀྱི། །སྲས་བཅས་རྒྱལ་བའི་ ཕྲིན་ལས་དཔའ་བོ་ཡིས། །བདག་གི་ཡིད་ལ་རེ་བ་ཡོངས་རྫོགས་མཛོད། ༧། ཡིད་ལ་གང་དང་གང་བསམ་ཐོགས་མེད་དུ། །བཞད་པའི་གད་རྒྱངས་བཅས་ཏེ་ངོ་མཐོར་སྒྲུབས། །རང་བྱུང་ཡེ་ཤེས་ མཁའ་མཉམ་ནོར་བུའི་སྐུ། །འཇམ་དཔལ་དཔལ་དང་ལྡན་པར་བདག་གྲུབ་མཛོད། ༨། མེ་སྤྲེལ་ཟླ་༤ཚེས་༨ལ་འཆི་མེད་མཆོག་གྲུབ་གླིང་དུ་འཇམ་དཔལ་རྡོ་རྗེས་བཀོད་པ་མངྒ་ལཾ། ། ༈ །།ལིང་ཚེ་དགུ་བའི་དབུས་སེར་པོ་ལ་གེ་སར་རྐྱ་ མི་རིས། མཚམས་བཞིར། སྟེང་དུ་ཁྱུང་འབྲུག །ཞབས་སུ་སྟག་སེང་གཉིས། ཕྱོགས་བཞིར་དཀར་དམར་ལྗང་སྔོ་བཞིའི་བ་དན་བཞི། སྟེང་གི་བ་དན་དཀར་པོའི་དྲུང་རྡོ་རྗེ་རྩེ་ལྔ། གཡས་གཡོན་ཉི་ཟླ་སྐར་གསུམ། རྡོ་རྗེ་རྩེ་ལྔ། གཡས་གཡོན། སེང་ གེ་ཁྱུང་སྡེབ། ཆུ་སྲིན་དུང་སྡེབ། ཉ་ཆེན་སྲམ་སྡེབ་གསུམ། ལྗང་མཐའི་ཁ་སྐུད་དབང་མདོག་དམར། དར་ལྕེ་ཉིས་སྦྲགས་དར་གྱི་ཕྱེད་སླེབས། སྟེང་ནས་མར་དཀར་སེར་དམར་ལྗང་བཞི་ལ། སྟེང་འོག་གཉིས་ཀར། རྩེ་ནས་འཕྲེད། རླུང་རྟའི་སྔགས། 6-29-28b ཀུན་འདུས་སརྦ་འདུ་འདུ་ཧོ། ཞེས་དང་། མདོག་བཞིན་ཞི་སོགས། ཤམ་བུ་བཞི་སྦྱར། སེར་པོའི་ཀུད་པའི་ཀླད་ལ་མཛོད་སྤུ་ནོར་བུའི་གཟུངས། ལྗང་ཀུའི་སྟེང་དུ་བཛྲ་གུ་རུ། པདྨ་ ཙིནྟ་མ་ཎི་སོགས་རིགས་གསུམ། མ་མགོན་སོགས་སྡེ་བརྒྱད་གེ་སར་སྔགས། ལས་ང་སྲིད་པའི་བ་དན་འདི་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་བཅས་དང་། ཨོ་རྒྱན་པདྨ་དང་། གེ་སར་ནོར་བུ་དགྲ་ འདུལ་ཕྱག་ཏུ་གཏད་པས་དམུ་ཐག་དྲོངས་ཤིག་ཅེས་བྲི། ལྗང་གུའི་དར་ལྕེ་ངོས། གེ་སར་གསོལ་འདེབས། ཨེ་མ་ཧོ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ། ཨོ་རྒྱན་རང་བྱུང་པདྨ་རྒྱལ་པོ་ནི། །དགྲ་བླའི་སྐུར་བཞེངས་འཛམ་གླིང་རྒྱན་མཆོག་རྩལ། །སེང་ཆེན་གེ་སར་རྒྱལ་པོ་སྙིང་ནས་དྲན། །དངོས་ གྲུབ་ཀུན་གྱི་བདག་ཉིད་རིན་པོ་ཆེ། །བདེ་བ་ཆེན་པོ་རྟག་ཁྱབ་ཐུགས་རྗེའི་དཔལ། །ནོར་བུ་དགྲ་འདུལ་བོད་ཀྱི་ལྷ་གཅིག་པུ། །གུས་པས་གསོལ་ བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བསྟན་སྲུང་ཕྱིར་དགྲ་བླའི་རྒྱལ་པོའི་ཚུལ། །རྣམ་བཞིའི་འདུལ་བ་མཆོག་གི་རོལ་རྩེད་ངོམས། ། 6-29-29a དགྱེས་པའི་གསང་ཡུམ་བདེ་སྟོང་རོལ་མོར་སྦྱོར། །མཐར་བཞིའི་བདུད་སྲིན་འགལ་རྐྱེན་དབྱིངས་སུ་བསྒྲལ། །རྟག་ཏུ་འགྲོ་ལ་རང་སེམས་ཆོས་སྐུར་སྟོན། །ཕན་བདེ་འཛད་མེད་ནོར་བུའི་ གཏེར་སྒོ་འབྱེད། །དྲན་པས་འདོད་འབྱུང་ཟག་མེད་ཚེ་ཡི་ལྷ། །ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ། །དྲན་པ་ཙམ་གྱིས་འགལ་བྱེད་ཆོམ་ལ་འབེབ། ། ཟིལ་གནོན་རྡོ་རྗེའི་མཐུ་ལྡན་དཔལ་ཆེན་པོ། །རིག་འཛིན་དྲག་པོ་རྩལ་ལ་གསོལ་བ་འདེབས། །དྲེགས་པ་སྡེ་བརྒྱད་གདུག་པའི་སྲོག་གི་བདག ། མཁའ་འགྲོ་ཆོས་སྐྱོང་སྣང་སྲིད་དབང་བསྒྱུར་རྗེ། །འདི་ཕྱིའི་རེ་ ལྟོས་བསླུ་བ་མེད་པའི་སྐྱབས། །བདེ་མཆོག་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ཡེ་ཤེས་རྡོ་རྗེའི་སྐུ། །དུས་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ། །ཡིད་བཞིན་ཐོགས་མེད་རྡོ་རྗེའི་ དཔའ་བོ་ཆེ། །སྐྱེས་མཆོག་དོན་ཀུན་གྲུབ་ལ་གསོལ་བ་འདེབས། །བསམ་འགྲུབ་བདེ་མཆོག་ནོར་བུའི་ཕོ་བྲང་དུ། །རྩ་གསུམ་ཕྱག་རྒྱའི་ཡེ་ཤེས་ཟུང་འཇུག་སྐུའི། །གདོད་ནས་འདུ་འབྲལ་མེད་པའི་ རྒྱལ་ཁྲིམས་ལ། །ཡིད་ཅན་མཐའ་དག་འུབ་ཆུབ་འབྱུང་བར་མཛོད། །མཆོག་གསུམ་རྩ་གསུམ་ཀུན་འདུས་མཚུངས་མེད་རྗེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྲལ་མེད་ 6-29-29b སྙིང་གི་ཐིག་ལེར་རོ་གཅིག་ངང་། །བྱིན་གྱིས་རློབས་ཤིག་ཡེ་ཤེས་ཐུགས་ཀྱིས་དགོངས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །བསམ་དོན་མ་ལུས་ཡིད་བཞིན་ལྷུན་གྲུབ་ནས། །བྱང་ཆུབ་བར་ དུ་སྲུང་སྐྱོབ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཞེས་དང་། རྣམ་བཅུད་དབང་ལྡན་བྲི། ཞབས་སུ་རྟེན་སྙིང་། ཆོས་ཀུན་རྣམ་དག་རྡོ་རྗེ་རྣོན་སོགས། རླུང་རྟ་བསྐྱེད་པའི་འདོད་གསོལ་བྲིས་ཀྱང་རུང་། གཡོན་ཕྱོགས། མི་རྗེས་དུང་རྡོ་རྗེ་རྟ་རྗེས་པདྨ་སོགས་བྲིས་ན་བཟང་། ནང་རས་དཀར་པོ་སྤྲད། གེ་སར་སྐུ་ཐད། ནང་རས་ལ། ཤེས་རབ་རལ་གྲི་སོགས་ཚིགས་བཅད་གཅིག་བྲིས། མདུན་གྱི་ལུང་ནི་དྲས་དྲུབ་ཐོག་མཐའ་ལྗང་དམར་བྱས་འདུག་ཀྱང་ཅི་བྱས་རུང་སྙམ། དེའི་ རྩེར་རྒྱལ་མཚན་ནོར་བུའི་ཏོག་ཅན་བྱ། ཆུ་སྟག་ཟླ་༧ཚེས་༡༡དྷཱིས་བྲིས། ༈ གེ་སར་གསོལ་འདེབས་བཞུགས། ཧཻཿ རིགས་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི། ཐུགས་རྗེའི་འོད་ཟེར་འཛམ་གླིང་ དཔལ་དུ་ཤར། །སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་གུ་རུ་མ་ཎི་རཱ་ཛ་སིདྡྷི་ཧཱུཾཿ མེ་སྤྲེལ་ཟླ་༡༡ཚེས་༣མི་ཕམ་པས་སོ། ། ༈ ༈ གེ་སར་གསོལ་བསྡུས། ཧཱུྃ་ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། །ཐུགས་རྗེ་ 6-29-30a ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། ། མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །འདི་ནི་ཤིང་སྤྲེལ་ཟླ་༩ པའི་སྐོར་ཞིག་ཏུ་བྲིས། འདི་བཞིན་ནན་ཏན་བཅོལ་ཞིང་གསོལ་བཏབ་ན་མི་འགྲུབ་པ་གང་ཡང་མེད། བྱིན་རླབས་ཕྲིན་ལས་ཤིན་ཏུ་མྱུར་ཞིང་ཚན་ཆེའོ།། །།མངྒ་ལཾ། ། ༈ །གེ་སར་ ནོར་སྒྲུབ་མན་ངག །རང་འོད་ཕར་འཕྲོས་རྩི་ཐོག་དང་རྫིང་བུ་ལ་ཆར་བྲན་པ་ལྟར་རམ། མར་མེ་ལ་སྣུམ་བྲན་པ་ལྟར་དང་། མེ་ལོང་ལ་ཉི་འོད་ཕོག་པ། ཟླ་བ་སྤྲིན་དང་བྲལ་བ་ལྟར་མཁའ་ཁྱབ་སྣོད་བཅུད་ཀྱི་བཀྲག་ མདངས་གོང་ནས་གོང་དུ་བརྒྱ་སྟོང་འགྱུར་དུ་སྤེལ་ཏེ་ཝེ་སྣུམ་བཀྲག་ཤིག་ཤིག་འོད་མེར་མེར་གྱུར་ཏེ་འབྲས་བུ་སྨིན་པ་ལྟར་བཅུད་ཀྱིས་མེར་རེ་ཁྲིག་གེ་གང་བར་བསམ་སྟེ། རང་གནས་སུ་མི་ཤོང་བ་ལྟ་བུར་བསམ། སླར་ དེ་ནས་དངུལ་ཆུ་རྡུལ་ནས་བཀྲབ་པའི་ཚུལ་གྱིས་དེ་དག་གི་དྭངས་བཅུད་ཐམས་ཅད་ཚུར་ཁྱབ་ལེན་ལ་ལྕགས་ལྟར་སིབ་སིབ་འདུ་བར་བསམ་ལ། སྤྲོ་བསྡུ་དེ་འདྲ་ལན་མང་དུ་བྱ་སྟེ། ནོར་བུའི་སྤྲིན་ཆེན་ཞེས་བྱ་ བའི་མན་ངག་གོ། ཡང་སྣོད་བཅུད་ཐམས་ཅད་ཕྱྭ་གཡང་འོད་ལྔ་འབར་བའི་ཏི་ལ་ཀ་ཆེན་པོ་གཅིག་ཏུ་བསམ་ལ། རང་འོད་ཀྱིས་མཁའ་ཁྱབ་ཀྱི་ཞིང་ཐམས་ཅད་དམར་སེར་ལམ་ལམ་དུ་བདེ་དྲོད་ཆི་ལི་གེ་ 6-29-30b ལི་ཞུ། དེ་དང་མཉམ་པར་བདག་གི་སྙན་གྲགས་ཀྱི་སྒྲ་གདངས་སྣོད་བཅུད་ཀུན་ལ་ཁྱབ་པར་རང་གྲགས་པ་སྟོང་གསུམ་པོ་མཁར་རྔ་བརྡུང་བ་ལྟར་འུར་འུར་ཏིང་ཏིང་གྱུར་ཅིང་རྔ་དང་འབྲུག་དང་སིལ་སྙན་ལ་སོགས་པ་ལྟར་ སྒྲ་སྣ་ཚོགས་ཆིལ་ཆིལ་དུ་གྱུར་ཏེ་སྣོད་ཀུན་ནས་ཤིག་ཤིག་ཡོམ་ཡོམ་དུ་གཡོས། བཅུད་ཀྱི་འགྲོ་བ་ལུས་སེམས་ཡོད་ཚད་ཐམས་ཅད་བདག་གི་ཡོན་ཏན་ལ་ཕྱོགས་པའི་དགའ་བདེས་ཁྱབ་ཅིང་སྨྱོན་པ་ཆང་གིས་ མྱོས་པ་ལྟར་འུར་ལངས་ཏེ་གར་བྱེད་ཅིང་ཐམས་ཅད་བདག་གི་དབང་དུ་འདུ་བར་བསམ་ལ། བདེ་བ་གཏིང་ཁོལ་ཁམས་གསུམ་ཡིད་འཕྲོག་པའི་མན་ངག་གོ། དེ་ལན་མང་དུ་བྱ། མཐར་སྣོད་བཅུད་ཐམས་ ཅད་ཞུ་བས་འཇའ་འོད་དང་བཀྲག་ཐམས་ཅད། བདག་དང་སྒྲུབ་རྫས་ལ་ཐིམ། དེ་ཡང་སྙིང་ག་མི་ཤིག་པའི་ཐིག་ལེ་ལ་སིབ་ཀྱིས་འདུས་པས། ཕྱིར་འཕོ་བ་དང་ཉམས་པའི་གོ་སྐབས་ནམ་ཡང་མེད་པར་ གཞོམ་མེད་རྡོ་རྗེ་གསང་བའི་དེ་ཁོ་ཉིད་ཀྱི་རིག་སྟོང་གཉུག་མ་ཆེན་པོར་མཉམ་པར་བཞག་པ་ནི་མི་ཤིགས་རྒྱས་གདབ་རྡོ་རྗེ་རྒྱ་མདུད་ཀྱི་མན་ངག་གོ། འདི་གེ་སར་ནོར་སྒྲུབ་ཀྱི་མན་ངག་ཟབ་མོ་མཐར་ཐུག་ཌཱཀྐིའི་ སྙིང་ཁྲག་དྭངས་མ་ཨི་ཐི་རྒྱ། ༈ གེ་སར་སྲོག་གི་འཁོར་ལོ། ལྟེ་བར་ཧཱུྃ་མཐར་བཛྲ་གུ་རུའི་མཐར། སེང་ཆེན་ནོར་བུ་དགྲ་འདུལ་དགྲ་བླ་ཝེར་མའི་འཁོར་དང་བཅས་པ། བརྒྱུད་གསུམ་བླ་མའི་། 6-29-31a བཀའ་དང་དམ་ཚིག་ལས་མ་འདའ་བར་རྟེན་འདིར་བཞུགས་ལ་བདག་སྒྲུབ་པ་པོ་ལ་ཇི་ལྟར་འདོད་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དེ་རྒྱབ་རྩིབས་བཅུ་ལ། ཨོཾ་མ་ཧཱ་སིང་ཧ་ མ་ཎི་རཱ་ཛ་ཧཱུཾ་བྲི། དེ་རྒྱབ་མུ་ཁྱུད་ལ། སྔགས་བཅུ་པའི་ཧཱུཾ་གི་གོང་དུ། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་སརྦ་སིདྡྷི་ཧཱུཾ་ཨཱཿ རྒྱབ་ཀྱི་མུ་ཁྱུད་ལ་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་བྲི། དེ་རྒྱབ་རྡོ་ར་མེ་རི་བྲི། བདུད་རྩི་ཆོས་སྨན་དང་དྲི་བཟང་པོ་བྱུགས། རང་བྱུང་གི་ཤེལ་ལ་ཧཱུཾ་བྲིས། དེ་མཉམ་དར་སྣས་གྲིལ་ཏེ་ལུས་ལ་འཆང་བས་ལུས་དང་གྲིབ་བཞིན་འགྲོགས་པར་འགྱུར་རོ། །མི་ཕམ་པའི་ཡིད་ ལས་སོ། ། ༈ གསང་བ་ལྷ་མོ་སྒྲུབ་པ་ནི། རང་སེང་ཆེན་གྱི་འོད་ཀྱིས་མདུན་དུ་ཌཱ་ཀིའི་གཙོ་མོ། །རྒོད་ཆུང་དཀར་མོ་ཕྱག་གཉིས་གཡས་ཉི་ཟེར་ཞགས་པ་དང་གཡོན་བུམ་པ་བསྣམས་པ་བྱ་རྒོད་ཀྱི་ཐུལ་པ་ཅན། བྱ་རྒོད་དཀར་མོ་ལ་ཞོན་པ། འཁོར་མཁའ་འགྲོ་འབུམ་གྱིས་སྐོར་བའི་ཐུགས་ཀར་ཟླ་སྟེང་མཾ་ལ། ཨོཾ་མ་མ་ཌཱ་ཀི་ནཱི་གྲི་དྷ་བ་ཀྵིཾ་ཤི་ཏ་ནཱི་ཧ་རི་ནི་ས་ཕེཾ་ཕེཾ་འདུ་འདུ་ཛ་ཛཿ ཧཱུཾ་ཧཱུཾ་ཨཱ་བེ་ཤ་ཨཱ་ཨཱཿ ཞེས་ཤ་ཆེན་དང་ གུ་གུལ་སྦྱར་ལ་བསྲེག་སྟེ་བདུག་ཅིང་སྔགས་བཟླས་པས་སྐད་ཅིག་དེ་ཉིད་ལ་དངོས་སུ་འོང་། ཤ་ཆེན་དང་བ་ལིང་མཆོད་ལ་ཇི་ལྟར་འདོད་པའི་དམ་བཅོལ་ལོ་ས་མ་ཡ། དྷཱིས་སོ། །མངྒ་ལཾ། ༈ 6-29-31b གེ་སར་རྒྱལ་པོའི་དབང་སྡུད་བཞུགས། རང་ཉིད་སེང་ཆེན་རྒྱལ་པོ་དམར་གསལ་བདེ་ཆགས་མཛེས་པའི་ཉམས་བརྒྱ་འབར་བ། ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་དང་། གཡོན་མེ་ཏོག་པདྨའི་ཕྲེང་བ་དམར་ པོ་འདྲེན་པ། དར་དམར་གྱི་བེར་དང་ལ་ཐོད་ཅན། ནོར་བུ་དང་མུ་ཏིག་དམར་པོ་ཨུ་པ་ལའི་ཕྲེང་བས་མཛེས་པ། ཞབས་ཕྱེད་སྐྱིལ་ཅན་འོད་དམར་པོའི་ཀློང་ན་དབང་མཛད་ཝེར་མ་དང་མཁའ་འགྲོའི་ཚོགས་ ཀྱིས་བསྐོར་བའི་ཐུགས་ཀར་པདྨ་དམར་པོ་དང་ཉི་དཀྱིལ་ཧྲཱིཿདམར་པོའི་མཐར་སྔགས་ཀྱིས་སྐོར་བའི་འོད་ཀྱིས་དམིགས་བྱ་རང་དབང་མེད་པར་བཀུག་པར་བསམ་ལ། ཨོཾ་མ་ཧཱ་སིདྷ་མ་ཎི་རཱ་ཛ་པདྨ་ཧ་ས་བྲ་མོ་ད་པ་ར་ཧ་ན་ཧ་ ན། ཆེ་གེ་མོ་ཨཱ་ཀརྴ་ཡ་པ་ཤཾ་ཀུ་རུ་ཛ་ཛཿཞེས་བཟླས་རྟགས་མྱུར་དུ་འོང་། ལན་ཚྭ་དམར་པོ་དང་གླང་སྣ་རྒུན་འབྲུམ་ཆང་བཞི་ལ་སྔགས་ཏེ་ཁོང་དུ་གཏོང་བའམ་རེག་པ་དང་། མེར་བསྲེག་པའི་དུ་བ་བདུག་པ་དང་དྲི་གཞན་དང་སྦྱར་ཏེ་ང་ལ་བསྐུར་ བས་ཀྱང་ངེས་པར་དབང་དུ་འདུའོ། །ས་མ་ཡ། ས་སྐྱོང་ཟླ་༡༠ཚེས་༡༩་དགོང་མོར་བྲིས། ཀྱེ། ལྷ་ཀི་ཀི་ཀི་ལ་བསོ་བསོ་བསོ། །ཕོ་གེ་སར་རྒྱལ་པོ་དམག་གི་ལྷ། ། དགྲ་རྒྱལ་ཁམས་གང་བའི་དུས་བྱུང་ཚེ། །ཐུགས་མ་གཡེལ་མ་གཡེལ་དགྲ་འདུལ་རྗེ། །མགོན་སུ་ལ་མི་རེ་ཁྱེད་ལ་རེ། །ཨ་ཙི་ཙི་དམག་གི་དཔུང་རེ་རྔམ། །ཨ་ལི་ལི་གཞོན་པའི་ཆས་རེ་བཟང་། །ཨ་ཡ་ཡ་མི་ 6-29-32a ཕོ་རྩལ་རེ་ཆེ། །ཕོ་དཔལ་རྩ་ཅན་ཚོ་གཡས་ན་བཞུགས། །སྨན་མཛེས་མ་དྲི་ཞིམ་གྱི་ཞལ་བཟང་མ། །ཞལ་གང་ནས་བལྟས་ཀྱང་འཛུམ་པ་འདྲ། །སེམས་ཅི་ལ་བཏང་ཡང་ཁྱོད་ལ་འགྲོ། ། མོ་མཛེས་སྡུག་ཅན་ཚོ་གཡོན་ན་བཞུགས། །སྟེང་ལྷ་ཡུལ་གྱི་སྤྲིན་དཀར་འོད་རེ་ཆེ། །བར་མི་ཡུལ་གྱི་རྡོ་ཁང་སྨུག་རེ་ཆགས། །འོག་ཀླུ་ཡུལ་གྱི་ན་བུན་ཐོལ་རེ་ལྡང་། །དམུ་ཐག་ལ་འགྱུས་ཏེ་འདི་རུ་ཕེབ། ། གུང་སྐྱིད་པའི་གདན་ལ་རྒྱལ་པོ་བཞུགས། །ཡུལ་དཀར་པོའི་ལྷ་ལུང་འདི་ཉིད་དུ། །གནས་ནོར་རྫས་འཛོམ་པའི་བདག་པོ་དེ། །གླིང་གེ་སར་རྒྱལ་པོ་ཁྱེད་ཀྱིས་མཛོད། །བསང་བདུད་རྩིའི་སྤྲིན་དཔུང་ཐིབས་ སེ་ཐིབ། །རྔ་རོལ་མོའི་དབྱངས་སྙན་འབྲུག་སྒྲ་འུར། །སྐྱེམས་དཀར་མངར་མཚོ་མོ་ཆི་ལི་ལི། །སྤོས་དྲི་བཟང་ངད་པ་སྤུངས་སེ་སྤུང་། །དར་བ་དན་གློགས་ལྟར་ཤིགས་སེ་ཤིག ། སེམས་དད་པའི་བརྩེ་ གདུང་དུངས་སེ་དུང་། །བུ་ཕ་ལ་མི་རེ་སུ་ལ་རེ། །སྨན་བུ་མོ་མ་ལ་ལོས་ཀྱང་རེ། །དུས་འདི་རུ་རྟགས་དང་མཚན་མ་སྟོན། །དགྲ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་བོ་ཐུལ། །གཉེན་ཕུ་དུང་ཅན་གྱི་སྐྱེ་བོ་སྐྱོངས། ། ཞལ་འཆི་མེད་བདུད་རྩིའི་མཛུམ་མདངས་ངོམས། །དགུང་གསེས་རུམ་གྱི་ཨ་དཀར་འོད་པོ་ཆེ། །ཆེ་སྲིད་གསུམ་གྱི་སྤྱི་བོའི་གཙུག་ན་ལྡིང་། །ཆུང་འཇག་གདན་གྱི་སྟེང་ན་དགྱེས་ཚུལ་རྩེ། །ཐུགས་འོད་ 6-29-32b གསལ་གྱི་ངང་ནས་བུ་ལ་གཟིགས། །ཡིད་མོས་གུས་ཀྱི་མཆོད་པ་བཞེས་སུ་གསོལ། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་མི་འགྱུར་བདག་གི་དགྲ་བླ་མཛོད། །དཔལ་ཐུགས་ཡིད་དབྱེར་མེད་ འདྲེས་པར་མཛོད། །ཨ་ལ་ལི་ལ་ལི་ལ་མོ་ལི། ཀྱེ། དགུང་སྟོང་ཆེན་གྱི་མཁའ་དབྱིངས་དྭངས་པ་ལ། །བྱམས་སྙིང་རྗེའི་རང་བཞིན་རྩ་གསུམ་ལྷ། །ཕ་སེང་ཆེན་དཔའ་བོའི་དམག་དཔུང་དུ། ། བྱིན་ཐིབས་སེ་བྱོན་ལ་མགོན་སྐྱབས་མཛོད། །ལྷ་ཤིང་བསང་གི་མཆོད་པ་འདིས། །ཡར་མཆོད་སྐྱབས་གནས་དཀོན་མཆོག་གསུམ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་བསང་། །སྐུ་རྗེ་འཛམ་གླིང་ གེ་སར་ཁོང་། །དུས་ད་ལྟ་དགྲ་འདུལ་དམག་དཔོན་ཚུལ། །དབུ་དར་འཕྲུ་དགུང་དུ་ལམ་སེ་ལམ། །ཆོས་སྐྱོང་སྲུང་མའི་ཟི་ར་ཁོལ། །དར་འཕྲུ་རྐན་སྒྲ་ཐགས་སེ་ཐག ། མ་མཁའ་འགྲོའི་གར་ སྟབས་ཁྲིགས་སེ་ཁྲིག ། དབུ་རྨོག་དཀར་འོད་ཟེར་ལམས་སེ་ལམ། །དགྲ་བླའི་ཁ་ཕོ་ཐམས་སེ་ཐམ། །ཁྲབ་འབུམ་མེའི་རྒྱུན་ཐག་སྤུངས་སེ་སྤུང་། །ཝེར་མའི་དམག་དཔུང་ཁྲིགས་སེ་ཁྲིག ། སྐེད་མདོ་དྲུག་འཁོར་གསུམ་ཤ་ར་ར། །ཁྲག་འཐུང་བཤུད་སྒྲ་ཉི་ལི་ལི། །རྟ་འདོ་བའི་རྒྱུག་མདུར་ཤ་ར་ར། །བཀའ་སྡོད་ཀྱི་བྲོ་གར་ཤིགས་སེ་ཤིག ། དཔའ་དགྲ་བླ་བྱས་ན་གེ་སར་ཡིན། །ཝེར་མ་ 6-29-33a བྱས་ཀྱང་གེ་སར་ཡིན། །ཕྱི་མའི་བླ་མ་གེ་སར་ཡིན། །འདི་གང་དཔོན་པོ་གེ་སར་ཡིན། །ཕྱི་དམག་དཔོན་ནོར་བུ་དགྲ་འདུལ་རྩལ། །ནང་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། །ཐུགས་མི་ འགྱུར་པདྨ་འབྱུང་གནས་རྗེ། །ལྷ་མཆོད་དོ་བསྟོད་དོ་ཐུགས་དམ་བསྐང་། །བུ་དམ་ཚིག་འགྱུར་མེད་བདག་ཅག་ལ། །དེ་རིང་སྐྱབས་མགོན་སྡོང་གྲོགས་མཛོད། །ངའི་བསམ་པ་ཆོས་བཞིན་འགྲུབ་པར་ མཛོད། །དེ་རིང་ཉི་མ་མདུང་གང་ལ། །སྨོན་པའི་འབྲས་བུ་འབྱིན་པར་མཛོད། །སྡང་དགྲ་བོའི་གློ་སྙིང་ལོན་པ་དང་། །རྒྱལ་ཁ་བཟང་རྒུ་ཐོབ་པར་མཛོད། །ཐུགས་མ་གཡེལ་མ་གཡེལ་འཛམ་གླིང་དཔོན། ། ཨ་ལ་ལ་ཆ་ཆ་ཧེ་ཧེ་ཧོ། །འདོ་བ་རྐྱང་རྒོད་སེར་པོ་དེ། །ཕྱི་ནི་བྱོལ་སོང་རྟ་ཡི་ཚུལ། །ནང་ན་སངས་རྒྱས་དགོངས་པ་འཆར། །རྟ་མགྲིན་དབང་གི་སྤྲུལ་པ་རེད། །མཛེས་འདོད་འཇའ་ཚོན་ཀྱི་ལི་ལི། །ཟེར་མ་ ང་གི་བང་གི་མཛོད། །འདབ་ཆགས་བྱ་ཡི་གཤོག་རྩལ་ཚང་། །སེང་གེ་དཀར་མོའི་དཔའ་རྩལ་ལྡན། །རྡོ་རྗེའི་ཟེ་རྔོག་གཡས་གཡོན་ན། །དགྲ་བླ་དུང་ཁྱུང་དཀར་པོ་འཁོར། །རྣ་རྩེ་རྒོད་ཀྱི་ཐིག་ཕྲན་ ལ། །གསལ་བྱེད་སྒྲོན་མེའི་སོ་པ་འཁོར། །དཔུང་པ་ང་གི་འཁོར་ལོ་ལ། །ཚེ་ལ་དབང་བའི་དགྲ་བླ་འཁོར། །འདོ་བ་རྟ་ཡི་རྨིག་བཞི་ལ། །མགྱོགས་པ་ང་གི་དགྲ་བླ་འཁོར། །སྤུ་རྩེ་རེ་ལ་ལྷ་རེ་བཞུགས། ། 6-29-33b བུ་ང་ལ་མི་མགོན་སུ་ལ་མགོན། །བསང་དཔའ་སྐྱེམས་བཞེས་ལ་མགྱོགས་རྩལ་སྤུར། །གནས་གང་འདོད་རྫུ་འཕྲུལ་ཁ་ལོ་སྒྱུར། །མི་བདག་གི་འདོད་དོན་ཁྱོད་ཀྱིས་སྒྲུབས། །ཕྲིན་ལས་རླུང་རྟ་དར་བར་མཛོད། ། རྟ་ཕུ་ཕུ་བསོ་བསོ་ཆ་ཆ་སྤུར། །སེང་ཆེན་གྱི་ཕྲིན་ལས་ཁ་བསྒྱུར་བློན། །ཉག་ཕྲན་ཁ་ལོ་སྒྱུར་བའི་མི། །དགུང་ལ་གཡུ་འབྲུག་གྲགས་པའི་མི། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །རྡོ་རྗེའི་ཐོག་རྒོད་ ལན་མེད་རྩལ། །དམག་དཔོན་འདན་མ་སྤྱང་ཁྲ་ནི། །མདོ་བ་དངུལ་ཕྲུག་ལྡེམ་པ་ཞོན། །གཡས་ན་མདའ་གསོར་སི་ལི་ལི། །གཡོན་ན་གཞུ་སྐོར་གྱི་ལི་ལི། །རྡོ་རྗེའི་གར་སྟབས་ཁྲིགས་སེ་ཁྲིག ། ཝེར་ མའི་དམག་དཔུང་ཐིབས་སེ་ཐིབ། །སྡང་དགྲ་བོའི་སྲོག་ལ་གཏིང་ནས་རྔམ། །བུ་དམ་ཚིག་ཅན་ལ་ཞི་ནས་བཙའ། །གཞི་ལ་ཚེ་རིང་འདན་མ་མཆོད། །བྱེས་ལ་ལམ་ཡག་འདན་མ་མཆོད། །ཚོང་ལ་དོན་ གྲུབ་འདན་མ་མཆོད། །རྩོད་ལ་ཇག་ཡག་འདན་མ་མཆོད། །ཀུན་ལ་བཀྲ་ཤིས་འདན་མ་མཆོད། །ཅི་བསམ་འགྲུབ་པའི་འདན་མ་མཆོད། །བུ་གདུང་ཤུགས་ཅན་ལ་ཤ་ཚ་མཛོད། །སྡང་དགྲ་བོའི་གློ་སྙིང་ ལྕགས་མདས་ཕུག ། སྙིང་ཁྲག་ཝེར་མའི་སྐྱེམ་སྐལ་མཆོད། །གསོལ་ལོ་མཆོད་དོ་སེང་ཆེན་རྒྱལ། །གསོལ་ལོ་མཆོད་དོ་འདན་མ་བློན། །རྒྱལ་བློན་རུ་དར་མཉམ་དུ་སྒྲིགས། །ལྡང་བའི་དགྲ་ལ་མཐུ་མ་ 6-29-34a ཆུང་། །གནོད་པའི་བགེགས་ལ་རྩལ་མ་ཞན། །གསོལ་ལོ་མཆོད་དོ་དཔའ་རྟུལ་སྡེ། །གསོལ་ལོ་མཆོད་དོ་ཝེར་མའི་དཔུང་། །གསོལ་ལོ་མཆོད་དོ་དྲེགས་པའི་ཚོགས། །མ་གཡེལ་མ་ གཡེལ་ཕྲིན་ལས་མཛོད། །དགྲ་ནག་པོ་ས་འོག་མགོ་མཇུག་སྒྱུར། །གཉེན་དཀར་པོའི་ངོ་འཕང་དགུང་ལ་བསྟོད། །ཀླུང་སྙན་གྲགས་རྒྱལ་ཁམས་འབྲུག་བཞིན་སྒྲོགས། །ཕྱོགས་ཀུན་ལས་རྒྱལ་བའི་ རྒྱལ་མཚན་ཕྱོར། །དགྲ་བླའི་བ་དན་ཕྱར་རེ་རན། །ཝེར་མའི་དུང་སྒྲ་སྒྲོགས་རེ་རན། །མ་གཡེལ་མ་གཡེལ་དཔའ་བོ་གླིང་། །དུས་ད་ལྟ་ཉིད་དུ་རྟགས་མཚན་སྟོན། །ཇི་བསམ་པ་ཡིད་བཞིན་གྲུབ་པ་དང་། ། མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཨེ་ཨ་ཏི་མི་བུ་ལྷ་རྒྱལ་ལོ། །སྙིང་ལ་ཟབ་རྒྱས་བློ་མཆོག་ནོར་བུའི་གཏེར། །མང་མཆིས་མགྲིན་པ་འོ་མའི་རྒྱ་མཚོ་ན། །སྙན་ངག་ཀུ་མུད་མཛེས་པའི་ཚལ་བཀྲ་ཡང་། ། འགྲིག་འགྲིག་སྙན་སྙན་བློ་བཟོ་དུ་མ་ཡིས། །མ་སྤྲོས་ཝེར་མའི་དཔའ་གླུ་རིན་པོ་ཆེ། །བྱིན་རླབས་གཟི་བྱིན་སྟོང་དང་རབ་ལྡན་པ། །ཇི་བཞིན་འདི་ན་བཀོད་པ་རྡོ་རྗེའི་ཚིག ། དགྲ་བླ་ཝེར་མ་དགྱེས་པའི་འབྲུག་ སྒྲ་ཡིན། །ཞེས་མེ་གླང་ཟླ་བ་གསུམ་པའི་ཚེས་ཉེར་བཞི་ལ་སྣང་གསལ་གྱི་འོད་ལ་བརྟེན་ཏེ་འཕྲལ་བྲིས་མངྒ་ལཾ། ། ༈ ཀྱེ། རང་སྣང་གནས་ཡུལ་དག་པའི་ཞིང་། །ནམ་མཁའ་མཐིང་གི་གུར་ཁྱིམ་ན། །མཁའ་སྤྱོད་ 6-29-34b མཐོང་བ་ཀུན་སྨོན་གླིང་། །རྨ་གཡང་འཇའ་སྤྲིན་འཐིབ་པའི་ཀློང་། །བདེ་མཆོག་ནོར་བུའི་ཕོ་བྲང་ནས། །ཆེ་རྒུའི་གཙུག་ན་མངོན་མཐོ་བ། །སྣང་སྲིད་དྲེགས་པའི་སྲོག་གི་བདག ། དགྲ་བླ་ཝེར་མའི་སྙིང་གི་ བཅུད། །ཐོགས་མེད་སྣ་ཚོགས་ནོར་བུའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །དོན་གྲུབ་ཝེར་མ་དཀར་པོ་ལ། །བོད་ཡུལ་སེང་ཆེན་ནོར་བུ་ཞེས། །ཙི་ནས་བཀྭན་ལོ་ཡེན་དུ་འབོད། །ཞང་ཞུང་ དགྲ་བླ་ཆེན་པོ་ལ། །འཁོར་ནི་ལྷ་དམག་བྱེ་བ་འབུམ། །མ་ལུས་འཁོར་དང་བཅས་པ་རྣམས། །ཀི་བསོ་ཆ་དང་ཧེ་ཡིས་འབོད། །དགྲ་བླ་དྲ་མ་ཆེ་དགུ་དང་། །མགོན་མཛད་དགྲ་བླ་བཅུ་གསུམ་དང་། །མཐུ་ཆེན་དགྲ་བླ་སྤུན་གསུམ་དང་། །མགྲོན་ཡག་དར་མ་བཅུ་གསུམ་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཚུལ་འཛིན་དགྲ་བླ་ཝེར་མ་ཀུན། །ལ་ལ་ཁྱོད་ཀྱི་རྩལ་ལས་འཕྲོ། །ལ་ལ་ཁྱོད་ ཀྱི་སྐུ་ལ་འདུ། །ཐམས་ཅད་ཁྱོད་ལ་བརྟེན་ལགས་ན། །ཁྱོད་ནི་དགྲ་བླའི་དཔའ་རྫོང་སྟེ། །དྲན་པས་མཐུ་སྟོབས་ནུས་པ་སྤེལ། །བདག་ཅག་རེ་ལྟོས་མི་འགྱུར་བའི། །དད་དང་དམ་ཚིག་དབང་གིས་ནི། ། མཐུ་དཔུང་སྙན་པའི་རྒྱལ་མཚན་དང་། །གཏན་གྱི་གྲོགས་དང་ཡུན་གྱི་མགོན། །ཕོ་ལྷ་འཕྲག་ལྷ་དགྲ་བླ་རུ། །བསྟེན་ནོ་མཆོད་དོ་མཐུ་མ་ཆུང་། །མངའ་གསོལ་གཟེང་བསྟོད་ཐུགས་དམ་བསྐང་། ། 6-29-35a བདུད་རྩི་ཆང་གི་དཔའ་སྐྱེམས་འབུལ། །བ་དན་སྣ་ཚོགས་དཔའ་དར་འབུལ། །བསྟོད་དབྱངས་རོལ་མོའི་དཔའ་རྔམ་འབུལ། །བསང་དང་མཆོད་སྤྲིན་དཔའ་ནོར་འབུལ། །ཀྱེ། ནམ་མཁའི་ཁམས་སུ་རྒྱུ་ཙ་ན། །གཡུ་འབྲུག་སྔོན་མོ་རྟ་རུ་ཞོན། །གཟའ་དང་རྒྱུ་སྐར་རོལ་དུ་ཁྲིད། །ལྷོ་སྤྲིན་སྟུག་པོའི་གཡང་གཞི་འཆང་། །ཉི་མ་ཟླ་བའི་མིག་གིས་བལྟ། །ཁ་རླངས་ན་བུན་སྤྲིན་དུ་ འཁྲིགས། །ང་རོ་འབྲུག་གི་གད་རྒྱངས་ཅན། །གཡས་ན་བ་དན་དཀར་པོ་དང་། །གཡོན་ན་གློག་གི་ཞགས་པ་འཛིན། །སྲིད་གསུམ་ཁྱབ་པའི་མཐུ་བོ་ཆེ། །དྲེགས་པ་སྡེ་བརྒྱད་བྲན་དུ་བཀོལ། །བསང་ དང་བདུད་རྩིའི་སྐྱེམས་ལ་དགའ། །ཀི་ལ་འདུ་ཞིང་བསོ་ལ་དགྱེས། །སངས་རྒྱས་ཆོས་ཀྱི་དབུ་འཕང་བསྟོད། །ལས་ཅན་བསོད་ནམས་ལྡན་པ་ཡི། །སྙན་གྲགས་མཁའ་དང་མཉམ་པར་བྱེད། ། མཆོད་དོ་ཨ་དཀར་ཝེར་མ་ནི། །ཀླུང་རྟ་སྙན་པའི་བ་དན་བདག ། བདུད་འདུལ་ཝེར་མའི་རྒྱལ་པོ་ཆེ། །སྐྱེས་མཆོག་གེ་སར་ནོར་བུ་མཆོད། །མཆོད་དོ་བསྟོད་དོ་མཐུ་བོ་ཆེ། །མཐུ་རྩལ་ནུས་པའི་ ཤུགས་ཕྱུངས་ལ། །དམ་ལྡན་རྣལ་འབྱོར་བདག་ཅག་གི། ཕོ་ལྷ་གཉན་པོ་ཁྱེད་ཀྱིས་མཛོད། །ཀླུང་གི་ཀ་བ་གནམ་དུ་སྒྲེངས། །ཚེ་ཡི་དམུ་ཐག་གྱེན་དུ་དྲོངས། །སྲིད་པ་གསུམ་གྱི་གཙུག་ 6-29-35b རོལ་ན། །ཆེ་བཙན་འགྲན་ཟླ་མེད་པ་ཡི། །ངོ་མཚར་སྙན་པའི་འབྲུག་སྒྲ་སྒྲོགས། །སྣང་སྲིད་བྲན་དུ་འཁོལ་བར་མཛོད། །བསྭོ། བར་སྣང་ཁམས་སུ་རྒྱུ་བ་ན། །རྫུ་འཕྲུལ་རྐྱང་རྒོད་སེར་པོ་ཆིབས། ། དགྲ་བླའི་སྐུ་ཆས་ཡོངས་སུ་རྫོགས། །སྟག་སེང་ཁྱུང་འབྲུག་རྔམ་རྔམ་གཡོ། །དྲེགས་པ་སྡེ་བརྒྱད་སྤྲིན་ལྟར་གཏིབ། །དགྲ་བླ་ཝེར་མ་གློག་ལྟར་འཁྱུག ། གཡུལ་ལ་མགུ་ཞིང་དམག་ལ་དགྱེས། ། ཕ་རོལ་དཔུང་འཇོམས་མཐུ་བོ་ཆེ། །མཆོད་དོ་ནོར་བུ་དགྲ་འདུལ་རྩལ། །སྐྱེས་བུ་སེང་ཆེན་རྒྱལ་པོ་མཆོད། །མཆོད་དོ་བསྟེན་ནོ་སྙིང་གི་ལྷ། །རིག་འཛིན་རྣལ་འབྱོར་བདག་ཅག་གི། འཕྲག་ལྷ་གཉན་ པོ་ཁྱོད་ཀྱིས་མཛོད། །ཀླུང་རྟ་སྙན་པའི་བ་དན་ཕྱོར། །མི་མཐུན་དགྲ་དཔུང་ཆམ་ལ་ཕོབ། །མི་མཉམ་པ་དང་མཉམ་དུ་ཆུག ། མཉམ་པ་རྣམས་ལས་ཁྱད་དུ་ཐོན། །བཟང་རྒུའི་རྒྱལ་ཁ་ཐོན་པ་དང་། ། ཆེ་རྒུའི་མགོ་བོ་གནོན་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཧེ། ས་གཞིའི་ཁྱོན་དུ་རྒྱུ་བའི་ཚེ། །འཇིག་བྱེད་བསྐལ་པའི་མེ་ང་འཁྲུགས། །ཕྱག་ན་ལྕགས་གཞུ་ལྕགས་མདའ་ འགེངས། །བདུད་དགྲའི་སྲོག་གི་གནད་ལ་འདེབས། །ཆོས་སྐྱོང་སྡེ་བརྒྱད་བྲན་བཞིན་འདུ། །སྲིད་གསུམ་སྤྲུལ་པའི་དམག་གིས་གང་། །ཀུན་ཀྱང་མི་བཟད་ཁྲོ་གཏུམ་འབར། །ཀི་བསོ་ཆ་ 6-29-36a སྒྲ་དི་རི་རི། །དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང་། །ཤ་ལ་རྔམས་ཞིང་གསོད་ལ་ཧུར། །དམ་ཉམས་སྲོག་ལ་རྒྱུག་པའི་དཔུང་། །མཆོད་དོ་བསྟེན་ནོ་མཐུ་བོ་ཆེ། །དམ་ལྡན་བདག་གི་ དགྲ་བླ་མཛོད། །ཕྱོགས་མཚམས་སྟེང་འོག་གང་ནས་ཀྱང་། །བདག་ལ་བསམ་སྦྱོར་ངན་པ་ཡི། །དགྲ་བགེགས་གང་འདུག་ཁྱོད་ཀྱིས་མཐོང་། །དེ་མ་ཐག་དུ་ཁུག་ལ་ཤོག ། སྨྲ་བ་ངན་པའི་ ལྕེ་ཆོད་ལ། །བསམ་ངན་འཆང་བའི་དོན་སྙིང་དྲོངས། །སྦྱོར་ངན་ཤོམས་པའི་ལག་པ་བྲོག ། རྩུབ་མོར་ལྟ་བའི་མིག་ཕྱུངས་ལ། །བཞིན་ངན་སྟོན་པའི་མགོ་བོ་ཆོད། །གཤེ་ཞིང་འཕྱ་བའི་ཀླུང་རྟ་ སྣུབ། །མདུན་གྲོས་ཤིག་ལ་བསམ་པ་སྒྱུར། །དགྲ་བགེགས་གཏན་ནས་བརླག་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ཅག་དང་། །ལུས་དང་གྲིབ་ལྟར་མི་འབྲལ་བར། །ལེགས་དང་སྤྲོད་ལ་ཉེས་ དང་བསྣོལ། །མ་ཤེས་སློབ་ལ་མ་དྲན་སྐུལ། །འགྲན་འདོད་ཆམ་ལ་ཕབ་པ་ཡི། །ཟིལ་གནོན་རྡོ་རྗེའི་ཏོག་མཐོ་བ། །དབང་དྲག་རུ་དང་རྔམ་པ་ཡི། །མི་འགྱུར་ཀླུང་གི་ཀ་བ་ཚུགས། །སུམ་རྩེན་ པདྨའི་དགའ་ཚལ་དང་། །མཁའ་སྤྱོད་རིག་འཛིན་གྲུབ་པའི་གྲོང་། །མི་དབང་ཆེ་རྒུའི་མདུན་ས་ནས། །སྟོབས་འབྱོར་ཕྱྭ་གཡང་བཅུད་བསྡུས་ལ། །བཀྲ་ཤིས་ནོར་བུའི་གཞལ་ཡས་ཁང་། ། 6-29-36b དགྲ་བླ་ཝེར་མའི་ཕོ་བྲང་འདིར། །སྟེང་ནས་ཆར་བཞིན་འབེབ་པ་དང་། །བར་ནས་སྤྲིན་བཞིན་གཏིབ་པ་དང་། །ས་གཞིར་ན་བུན་ལྟར་འཁྲིགས་ནས། །རྨ་གཡང་བཅུད་དུ་ཆགས་པར་མཛོད། །སྟེང་ འོག་ཕྱོགས་མཚམས་གནས་པ་ཡི། །རྒྱལ་བློན་བཙུན་འབངས་བན་བོན་དང་། །སྐྱེས་བྲན་བུད་མེད་ལྷ་ཀླུ་མི། །སྣང་སྲིད་སྐྱེ་རྒུ་དབང་བསྡུས་ལ། །བདག་གི་བྲན་དུ་འཁོལ་བར་མཛོད། །མཁའ་དང་ས་གཞི་ ཡངས་པའི་མཐར། །སྙན་གྲགས་དྲི་བསུང་མངར་བའི་སྤྲིན། །ཝེར་མའི་ང་གིས་རབ་བསྐྱོད་པས། །ཕྱོགས་རྣམས་མྱུར་དུ་ཁྱབ་པར་མཛོད། །རང་སེམས་ཐིག་ལེ་ཉག་གཅིག་དང་། །མཉམ་པ་ཉིད་གྱུར་ དགྲ་བླའི་དཔུང་། །དོན་དམ་འབྲས་བུའི་ཧེ་རུ་ཀ། མངོན་གྱུར་འགྲོ་རྣམས་སྒྲོལ་བར་མཛོད། །ཞེས་ཤིང་ཕག་ཟླ་༩ཚེས་༦ལའོ། ། ༈ རྟེན་མདའ་དར་སོགས་བཞག །མཆོད་པ་བསང་རྒྱས་པ་བྱ། ཚིག་མཚམས་སུ། སངས་རྒྱས་ཆོས་ཀྱི་དགྲ་བླ་དང་། །འཇིག་རྟེན་སྲིད་པའི་དགྲ་བླ་རྣམས། །དེ་རིང་རྟེན་ལ་བརྟན་པར་བཞུགས། །ཕོ་ལྷ་ཡོ་བ་དེ་རིང་འཆོས། །དམ་ཚིག་ཉམས་ཆགས་དེ་རིང་བཤགས། །ལྷ་ལ་ངོ་སོ་དེ་རིང་ བསྟོད། །བདུད་ལས་རྒྱལ་ཁ་དེ་རིང་ལོངས། །ཕོ་ལྷ་མ་ཡོ་མ་འཁྱོམས་ཤིག ། དགྲ་བླ་མ་འཁྲུགས་མ་འཁོན་ཞིག ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མཛོད། ། 6-29-37a རང་བྱུང་ཡེ་ཤེས་ཆེན་པོ་ནི། །དབྱེར་མེད་བསམ་དོན་ལྷུན་གྲུབ་མཛོད། །འདིས་ཕོ་ལྷ་ཡོ་བཅོས་ཀྱི་གོ་ཆོད། གཟའ་སྐར་ལེགས་པ་ལ་བྱ། མེ་སྤྲེལ་ཟླ་༤ཚེས་༢༥ལ་དྲན་པའོ། ། ༈ ཡང་ཀླུང་རྟ་སྤེལ་ན། མདུན་དུ་ གེ་སར་དགྲ་བླའི་རྒྱལ་པོའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར། ཀླུང་རྟའི་བ་དན་ནམ་མཁར་དར་ཕྱར། ཕྱེ་མར་བསང་གསེར་སྐྱེམས་སོགས་ཇི་འབྱོར་བའི་མཆོད་པ་བཀོད་པས་མཛེས་པར་བཤམས་ལ། ཧཱུཾ། སྣང་སྟོང་རོལ་པ་ཆེན་པོ་ལས། །རིག་ གསུམ་པདྨའི་སྒྱུ་འཕྲུལ་གར། །ནམ་མཁའི་མཐིང་གི་གུར་ཁྱིམ་ནས། །བདེ་མཆོག་ནོར་བུའི་ཕོ་བྲང་ན། །དགྲ་བླའི་རྒྱལ་པོ་མཐུ་བོ་ཆེ། །གེ་སར་ནོར་བུ་དགྲ་འདུལ་རྩལ། །བདུད་འདུལ་དགྲ་བླ་ཝེར་མ་དང་། ། སྣང་སྲིད་དྲེགས་པ་སྡེ་བརྒྱད་བཅས། །དད་པ་དང་ནི་དམ་ཚིག་གིས། །མཆོད་ཅིང་ཐུགས་དམ་བསྐུལ་ལགས་ན། །ཀི་བསོ་ཆའོ་དགྲ་བླའི་དམག ། འཇིགས་རུང་སེར་སྤྲིན་བཞིན་དུ་བསྐྱོད། །ཐུགས་དམ་མ་གཡེལ་ ཝེར་མའི་དཔུང་། །མཆོད་དོ་བསྟོད་དོ་བཀུར་རོ་བཀྱགས། །དར་སྣ་བ་དན་གློག་ལྟར་གཡོ། །རྔ་དུང་རོལ་མོ་འབྲུག་ལྟར་སྒྲོགས། །སྣ་ཚོགས་མཆོད་པ་སྤྲིན་ལྟར་གཏིབས། །ཀུན་ཀྱང་དག་མཉམ་ཆེན་ པོ་ཡི། །རང་བཞིན་ཡེ་ཤེས་བདུད་རྩི་འདིས། །དགྲ་བླ་ཝེར་མ་གསོལ་ཞིང་མཆོད། །མངའ་གསོལ་གཟེངས་བསྟོད་དཔའ་སྐྱེམས་འབུལ། །རྣལ་འབྱོར་བདག་གི་མཐུ་དཔུང་གི། རྒྱལ་མཚན་དགྲ་བླ་ཝེར་མ་ 6-29-37b ཡིས། །ཐུགས་དམ་ནུས་པའི་དཔུང་བསྐྱེད་ལ། །ཕྲིན་ལས་མངོན་སུམ་ཉིད་དུ་སྒྲུབས། །སྲིད་པ་གསུམ་གྱི་གཙུག་རོལ་ན། །ཆེ་བཙན་འགྲན་ཟླ་མེད་པ་ཡི། །ངོ་མཚར་སྙན་པའི་འབྲུག་སྒྲ་ཅན། །ཀླུང་གི་ཀ་བ་ཁྱོད་ ཀྱིས་ཚུགས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །རྒྱལ་མཚན་སྲིད་པའི་རྩེར་མཐོ་བ། །ཡིད་བཞིན་ནོར་བུའི་ཏོག་མཛེས་པའི། །མཆོག་འདི་བདག་གི་ལག་ཏུ་སྩོལ། །བསམ་སྦྱོར་ངན་པའི་དགྲ་དང་བགེགས། ། བསྐལ་པའི་མེ་ཡིས་སྦྲང་བུ་བཞིན། །གཟི་བྱིན་ཟིལ་གྱིས་བརླག་ནུས་པའི། །མཐུ་སྟོབས་ནུས་པ་ཆེས་ཆེར་བསྐྱེད། །དགྲ་བླ་ཝེར་མའི་སྐུ་དཔུང་ཤུགས། །རྡོ་རྗེའི་མེ་ང་ལྟར་འབར་བ། །རྒྱ་མཚོ་ཆེ་ལ་ཆུ་བོ་ བཞིན། །མྱུར་དུ་བདག་ལ་འཇུག་པར་མཛོད། །ཕུན་ཚོགས་ལས་ང་གྲགས་པའི་རྟ་ཕོ་ལ། །ཞོན་ནས་སྲིད་པའི་མཐོ་གྲལ་སྙེགས་འདོད་ན། །སེང་ཆེན་རྡོ་རྗེ་ང་རྟའི་ཀ་འཛུག་ནི། །ཡིད་བཞིན་དབང་གི་རྒྱལ་པོ་ལག་ཏུ་ལོངས། །འདི་ལ་བརྟེན་པའི་དངོས་ཉམས་ རྨི་ལམ་ལ། །བཀྲ་ཤིས་ཀླུང་གི་ཤུགས་འཕེལ་བརྡའ་དང་རྟགས། །རབ་དུ་གསལ་བར་མཐོང་བའི་མོད་ཉིད་ལ། །དགེ་མཚན་སྙན་པ་འབུམ་གྱི་རོལ་མོ་འཁྲོལ། ས་མ་ཡ། རབ་ཚེས་ཤིང་ཁྱི་ཟླ་༦ཚེས་༢༥ལ་བྲིས་པ་དགེ ༈ ཀྱེ། བདུད་རྩི་ཤིང་གི་དུད་ པའི་སྤྲིན། །ཁ་དོག་དྲི་རོ་ནུས་པར་ལྡན། །ཡེ་ཤེས་བདུད་རྩིའི་རང་བཞིན་འདིས། །ཕུ་ཝེར་མཆེད་གསུམ་ལྕམ་དང་བཅས། ༡། རྣོ་མཐོང་ཕྱྭའུ་གཡང་དཀར་དང་། །གཡུ་དྲུང་གསས་ཆེན་སྡེ་ལྔ་སོགས། །མདུང་ 6-29-38a ལྷ་སུམ་བརྒྱ་དྲུག་ཅུའི་སྡེ། །གནམ་ས་བར་གྱི་ཝེར་མའི་དཔུང་། ༢། ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མོ་ལྷ་ཤེས་བཞི་མཐོང་བརྒྱད་ལྷ། །ཐམས་ཅད་མ་ལུས་བསང་ཞིང་མཆོད། །གྲིབ་ རྨུགས་མུན་པ་དབྱིངས་སུ་སངས། ༣། རྣོ་མཐོང་མཁྱེན་པའི་ཉི་མ་གསལ། །དུས་གསུམ་སྒྲིབ་མེད་མཐོང་བ་ཡི། །མངོན་ཤེས་འཕྲུལ་གྱི་དངོས་གྲུབ་སྩོལ། །གར་འགྲོ་གར་འདུག་དགྲ་བླ་མཛོད། ༤། བཀྲ་ཤིས་ལེགས་ལམ་སྣ་དྲོངས་ལ། །ཕུན་ཚོགས་བསམ་དགུ་འགྲུབ་པ་ཡི། །རྟེན་འབྲེལ་སྒྲིག་པའི་དགྲ་བླར་བཞུགས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་གཡུང་དྲུང་སྡེ་ལྔའི་དཔལ་གསས་དབུ་དགུའི་ ཞལ་རས་ངོམས་པའི་གནས་སུ་རྟེན་འབྲེལ་ཕྱྭ་གཤེན་གྱི་ལེགས་ལམ་ཡིད་བཞིན་འགྲིག་པའི་གནས་དུས་དགེ་བར། ཁྱིམ་བདག་སྐྱ་ལོའི་གཡང་སྤེལ་བའི་ཚེ་མི་ཕམ་པས་བྲིས་པ་དགེའོ། ། ༈ །སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་ཕྲིན་ལས་ལྷུན་ གྲུབ་བཞུགས་སོ། །ཇ་ཆང་བ་ལིང་སོགས་བཤམས་ཤིང་བྱིན་གྱིས་བརླབས་ནས་འདི་སྐད་དོ། །ཧཱུྃ་ཧྲཱིཿ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །དམར་ ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཕོ་བྲང་ནས། །སྲིད་ཞི་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ 6-29-38b མཚོ་སྐྱེས་རྗེའི། །ཐུགས་རྗེའི་རྩལ་སྣང་སྒྱུ་མར་རོལ་པའི་གཟུགས། །རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་དང་བཅས། །མོས་ལྡན་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར། །བརྟུལ་ཞུགས་རྡོ་རྗེའི་གར་གྱིས་མཁའ་ལམ་ ནས། །བདུད་འདུལ་དགྲ་བླ་ཝེར་མའི་སྐུར་བཞེངས་ཏེ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྲིད་པའི་དགྲ་སྡེ་འཇོམས་པའི་མཐུ་ བོ་ཆེ། །སྐྱེས་མཆོག་སེང་ཆེན་ནོར་བུ་སྐུ་འཁོར་དཔུང་། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །དཔའ་བོའི་ཀི་བསོ་ཆ་སྒྲ་འབྲུག་ལྟར་སྒྲོག ། དགེ་མཚན་སྙན་པའི་བ་དན་མཁའ་ལ་ཕྱར། ། རྡོ་རྗེའི་རྟ་མཆོག་བཞོན་པའི་བྲོ་གར་གྱིས། །བར་ཆད་དམ་སྲིའི་སྲོག་སྙིང་ཚལ་བར་འགེམ། །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབེབས། །སྐལ་ལྡན་བདག་གིས་མཆོད་ཅིང་མངའ་གསོལ་ ན། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བདུད་རྩི་དཔའ་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །བཅུད་ལྡན་ཡིད་བཞིན་གཏོར་མའི་མཆོད་པ་བཞེས། །ཁྲག་ཆང་མྱོས་བྱེད་ཨརྒྷཾ་མཆོད་ པ་བཞེས། །འོད་གསལ་དྲི་ཞིམ་བསང་གི་མཆོད་པ་བཞེས། །དར་སྣ་བ་དན་རོལ་མོའི་མཆོད་པ་བཞེས། །བདེ་སྟོང་ཉམས་མྱོང་གསང་བའི་མཆོད་པ་བཞེས། །སྣང་སྲིད་གཞིར་བཞེངས་མདོས་ཀྱི་མཆོད་ 6-29-39a པ་བཞེས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་པ་བཞེས། །ཐུགས་རྗེས་དགོངས་ཤིག་སེང་ཆེན་རིན་པོ་ཆེ། །དམ་བཅའ་མ་གཡེལ་རིགས་གསུམ་སྤྲུལ་པའི་སྐུ། །དེང་ནས་བྱང་ ཆུབ་བར་དུ་མི་འབྲལ་བར། །སྲུངས་སྐྱོབས་བྱིན་གྱིས་རློབས་ལ་ཕྲིན་ལས་བསྒྲུབ། །ཁྱོད་ནི་སྙིང་རྗེ་མཆོག་གི་རང་བཞིན་ཏེ། །ཐུགས་རྗེ་ཆེན་པོའི་མཚོན་ཆེན་རྣམ་པར་འཆང་། །བདུད་ཀྱི་དཔུང་ རྣམས་འདུལ་ལ་མཆོག་ཏུ་གྱུར། །བདུད་བཞིའི་འཇིགས་པ་མཐའ་དག་ཁྱོད་ཀྱིས་སོལ། །མཁྱེན་རབ་དགོངས་པའི་ཀློང་ནས་རྩལ་ཕྱུང་ལ། ། སྐལ་ལྡན་སྙིང་གི་དབུས་སུ་བྱིན་ཆེན་ཕོབ། ། རྩ་ང་རིག་ཁམས་ཡེ་ཤེས་རྩིས་ཐོབ་ལ། །གང་བྱས་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད། །བདུད་འདུལ་དྲག་པོ་སྔགས་ཀྱི་གཟི་འབར་ཞིང་། །སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར་བ་ཡི། །ཚར་ གཅོད་རྗེས་སུ་བཟུང་བའི་ཕྲིན་ལས་ལ། །དབང་འབྱོར་མཐུ་སྟོབས་ནུས་པའི་དངོས་གྲུབ་སྩོལ། །སྙིང་ག་དཔལ་གྱི་བེའུའི་གསང་མཛོད་ནས། །གཟུངས་སྤོབས་བློ་གྲོས་ནོར་བུའི་གཏེར་སྒོ་ཕྱེས། ། གཞན་ཕན་མཁའ་དང་མཉམ་པའི་ཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་གྲུབ་པར་མཛད་དུ་གསོལ། །བྱང་ཆུབ་སེམས་ལྡན་ཀུན་བཟང་སྤྱོད་པ་ཡིས། །ཟབ་མོ་རྡོ་རྗེའི་ཐེག་མཆོག་ལ་གནས་ནས། ། 6-29-39b ས་ལམ་མངོན་པར་རྟོགས་པ་ཆེར་འཕེལ་ཞིང་། །མྱུར་དུ་རྣམ་གྲོལ་རྒྱལ་བའི་དབང་པོར་མཛོད། །ཅེས་པའང་ལྕགས་འབྲུག་ཟླ་༦ཚེས་༢༤ལ་མི་ཕམ་པས་གང་ཤར་བྲིས་པ་དགེ། །།དེ་སར་གསོལ་བསྡུས། ཧཱུཾ་ཧཱུཾ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྫེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་ རྫས་བདུད་རྩེ་གཏོར་མའི་མཆོད་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །མཆོད་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཧཱ་ སིདྷ་མ་ཎི་རཱ་ཛེས་ཝཱ་ར་ཨེ་དམ་བ་ལིདྟ་ཁཱ་ཧཱི། དྷི་མིང་པས་སོ།། ༈ །། དགྲ་བླའི་རྒྱལ་པོ་གེ་སར་གྱི་རྒྱུན་གསོལ་བསམ་དོན་ལྷུན་འགྲུབ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། གསོལ་ལོ་མཆོད་དོ་རྩ་གསུམ་ཀུན་འདུས་ སེང་ཆེན་ནོར་བུ་དགྲ་འདུལ། བདུད་འདུལ་ལས་ཀྱི་དབང་ཕྱུག །རྣལ་འབྱོར་ཡོངས་ཀྱི་ཕོ་ཉ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། སྐྱེས་བུ་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་། ཕུ་བོ་འབུམ་པ་ཞལ་དཀར་སོགས་ཕུ་ནུ་སུམ་ཅུ། དཔལ་ལྡན་ཌཱཀིའི་གཙོ་མོ་སོགས་དྭངས་སྨན་བཅོ་བརྒྱད། ལྷ་ཀླུ་གཉན་གྱི་དམག་ཚོགས། དགྲ་བླ་ཝེར་མའི་དཔུང་རོགས། བཀའ་སྡོད་སྣང་སྲིད་དྲེགས་པ་དང་བཅས་ 6-29-40a པ་ཁྱེད་རྣམས་ལ་དམ་རྫས་ཕུད་ཀྱི་མཆོད་པ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་དོ། །བསྟོད་དོ། །མངའ་གསོལ་ལོ། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་རྣལ་འབྱོར་པ་ བདག་གི་ཕོ་ལྷ་དང་དགྲ་ལྷ་མཛོད་ཅིག །མགོན་སྐྱབས་དང་དཔུང་གྲོགས་མཛོད་ཅིག །ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཀུན་ལས་སྲུང་བ་དང་། ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་གཟི་བརྗིད་ སྤོབས་པ་རིགས་བརྒྱུད་ལ་སོགས་པ་འདོད་པའི་དོན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ལྷ་འདྲེ་མི་གསུམ་ལ་སོགས་པ་གང་བསམ་དབང་དུ་འདུ་བ་དང་། གནོད་བྱེད་བསམ་སྦྱོར་ངན་པའི་དགྲ་བགེགས་ ཐམས་ཅད་ཚར་གཅོད་པ་དང་། ས་དང་ལམ་གྱི་ཡོན་ཏན་མྱུར་དུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། དགྲ་བླ་ཝེར་མ་རྒྱ་མཚོའི་སྐུ་ཤུགས་བདག་ལ་ཞུགས་ནས་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་ དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིག །ཅེས་པའང་ཚངས་སྲས་འཇམ་དཔལ་རྡོ་རྗེས་བཀའ་ལུང་ཕེབས་པ་ལྟར་མི་ཕམ་རྣམ་པར་རྒྱལ་བས་དཔལ་ལྷུན་གྲུབ་སྟེང་དུ་རབ་ཚེས་ཤིང་ལུག་མཆུ་ཟླའི་ཡར་ཚེས་བཅུ་གསུམ་པར་སྤེལ་བ་འདིས་ཆོས་ལྡན་གྱི་རྒྱལ་པོའི་དབུ་འཕང་ མཆོག་ཏུ་མཐོ་ཞིང་སྟན་འགྲོའི་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག མངྒ་ལཾ། ། 6-29-40b empty page 6-30-1a གསོལ་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། ། 6-30-1b གསོལ་མཆོད་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདིར་སྡེ་ཆེན་རྩོད་དང་རྒྱན་ཆེན་འགྱེད། །དོན་ཆེན་བསྒྲུབ་སོགས་དུས་ཀྱི་ ཚེ། །གལ་ཆེན་ནན་གྱི་བྱ་བ་ལ། །སྐྱེམས་ཕུད་གཏོར་མ་དར་སྣ་སོགས། །མཆོད་རྫས་ཇི་འབྱོར་འདུ་བྱས་ལ། །ཏིང་འཛིན་ངར་བསྐྱེད་དགྲ་བླ་གསོལ། །ལས་ཆེན་འགགས་ལ་བསླུ་མི་སྲིད། ། དམ་སྐོང་དབང་དང་དངོས་གྲུབ་ཐོབ། །སྐྱེམས་ཕུད་བསྒྲེངས་ཤིང་བར་བར་རོལ་མོ་དང་བཅས་འདི་སྐད་དོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་ གསོལ་ལོ། །རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས་ལས། རྣམ་རོལ་འགག་མེད་ཐུགས་རྗེའི་རྩལ་སྣང་། རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་རིགས་གསུམ་ཞི་ཁྲོའི་སྒྱུ་ 6-30-2a འཕྲུལ་གཅིག་ཏུ་འདུས་པ། གེ་སར་སྐྱེས་བུ་ཆེན་པོ་རིག་འཛིན་ནོར་བུ་དགྲ་འདུལ། སངས་རྒྱས་ཀུན་གྱི་ངོ་བོ། ཡི་དམ་ཞི་ཁྲོའི་ཁྱབ་བདག་ མ་མོ་མཁའ་འགྲོའི་ཚོགས་རྗེ། ཆོས་སྐྱོང་སྲུང་མའི་གཙོ་བོ། ནོར་ལྷ་རྒྱ་མཚོའི་སྙིང་ནོར། དགྲ་བླ་ཡོངས་ཀྱི་རྒྱལ་པོ། ཝེར་མ་ཡོངས་ཀྱི་སྲོག་སྙིང་། སྡེ་ བརྒྱད་ཡོངས་ཀྱི་སྤྱི་རྗེ། དྲེགས་པ་ཡོངས་ཀྱི་སྲོག་བདག །དཀར་ཕྱོགས་ཡོངས་ཀྱི་ཁ་འཛིན། སྐྱེ་བོ་ཡོངས་ཀྱི་དགྲ་བླ། སེམས་ཅན་ཡོངས་ཀྱི་དཔལ་ མགོན། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། བན་བོན་ཡོངས་ཀྱི་རྒྱབ་བརྟེན། བདུད་འདུལ་ལས་ཀྱི་དབང་ཕྱུག །ནག་ཕྱོགས་ཀུན་གྱི་གཤེད་མ། དམ་ 6-30-2b ཉམས་ཀུན་གྱི་སྲོག་གཅོད། བདུད་སྲིན་ཀུན་གྱི་ཤན་པ་ཆེན་པོ། སྐུ་དགྱེས་པའི་གར་གྱིས་སྲིད་གསུམ་ཟིལ་གྱིས་གནོན་པ། གསུང་རྔམ་པའི་འབྲུག་སྒྲས་ཁམས་གསུམ་དབང་དུ་སྡུད་པ། ཐུགས་འོད་གསལ་གྱི་ཀློང་ནས་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས་པ། དྲན་པ་ཙམ་གྱིས་བྱིན་རླབས་དངོས་གྲུབ་སྤྲིན་ལྟར་འདུ་བ། རྡོ་རྗེའི་རྐྱང་རྒོད་ཕེར་པོ་ལ་ཆིབས་ནས་བར་སྣང་ཁམས་སུ་རྒྱུ་བ། ཀི་ལ་འདུ་ཞིང་བསྭོ་ལ་དགྱེས་པ། ཆད་ལ་བཙན་ཞིང་ཆོས་ལ་རྩི་བ། ཕྱག་གཡས་སྦ་ལྕགས་བསམ་པའི་དོན་གྲུབ་ལས་དགོས་འདོད་ནོར་བུའི་ཆར་པ་འབེབས་པ། གཡོན་པའི་མདུང་མོ་ཁམས་ གསུམ་དགྲ་འདུལ་ལ། དགྲ་བླའི་བ་དན་གཡོ་བ། སྐུ་ལ་དགྲ་བླའི་སྐུ་ཆས་ཡོངས་སུ་རྫོགས་པ། དགྲ་བླ་ཝེར་མའི་སྤྲིན་ཕུང་འཕྲོ་བ། །འཁོར་དུ་དཀར་ཕྱོགས་ཀྱི་ཆོས་སྐྱོང་། །གཙང་རིས་ཀྱི་ དཔལ་མགོན། དགྲ་བླ་ཝེར་མ། ཐུགས་ཀར་ཅོང་སའི་དམག་ཚོགས་མ་ཚང་བ་མེད་པས་བསྐོར་བ། ཐུགས་འོད་གསལ་ལ་སྤྲོས་པའི་མཚན་མ་བྲལ་ཀྱང་། ཐུགས་རྗེ་སྨོན་ལམ་རྟེན་འབྱུང་གི་ དབང་ལས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་བཀའ་ཡི་བྱ་ར་མཛད་པ། འཇིག་རྟེན་གྱི་ཕུད་ལ་དགྱེས་ཤིང་སྐྱེ་བོའི་རྒྱལ་ཁ་འགྲིམ་པ། དམ་ལྡན་བུ་བཞིན་སྐྱོང་ཞིང་དགྲ་བླའི་ཚེ་གཡང་འབེབས་པ། 6-30-3a དམ་ཉམས་ཨར་ལ་གཏོད་ཅིང་དོན་སྙིང་རྔམ་ཟས་བྱེད་པ། མཆོད་ན་འདུ་ཞིང་བསྒྲུབ་ན་འགོ་བ། རྦད་ན་མྱུར་ཞིང་ཆེ་བཙན་འགྲན་ཟླ་བྲལ་བ། བསྟེན་པའི་མི་ལ་རྣ་མི་ ཆུང་བ། བཅོལ་བའི་ལས་ལ་ངོ་མི་ལྡོག་པ། བཀྲ་ཤིས་ཤིང་སྙིང་ཉེ་བ། བྱིན་ཆེ་ཞིང་མཐུ་མྱུར་བ། ལས་མཐའ་བཟང་ཞིང་ཕུག་བཙན་པ། བདེ་ནས་བདེ་བ་བྱང་ཆུབ་ཆེན་པོའི་གླིང་དུ་འདྲེན་པ། དངོས་གྲུབ་གཉིས་ཀྱི་གཏེར་མཛོད་ཆེན་པོ་སེང་ཆེན་ནོར་བུ་དགྲ་འདུལ་ལ་གསོལ་ལོ། །སངས་རྒྱས་ཆོས་ཀྱི་དགྲ་བླ་ཆེན་པོ་ལ་གསོལ་ལོ། །རིག་འཛིན་འཛམ་གླིང་རྒྱན་མཆོག་ལ་གསོལ་ལོ། །ཤེས་ རབ་རལ་གྲི་མདའ་གཞུ་ཅན་ལ་གསོལ་ལོ། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ་ལ་གསོལ་ལོ། །དཔའ་བོ་བདུད་དགྲ་བདུད་དཔུང་འདུལ་ལ་གསོལ་ལོ། །བདུད་བཞིའི་འཇིགས་པ་སེལ་བར་མཛད་ལ་ གསོལ་ལོ། །དུས་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ། རེ་ལྟོས་མི་འགྱུར་བ་དད་པའི་རྒྱལ་མཚན་ཆེན་པོ་ལ། ཆོས་སྐྱོང་གི་རྒྱལ་པོ་སེང་ཆེན་ནོར་བུ་བསམ་འཕེལ་ཁྱོད་བསྟེན་ནོ། །དམ་ཚིག་ འགྱུར་མེད་ཀྱི་ས་གཞི་ལ། དགྲ་བླའི་རྒྱལ་པོ་སེང་ཆེན་རི་དབང་ལྷུན་པོ་ཁྱོད་བསྟེན་ནོ། །བསྙེན་སྒྲུབ་རྣམ་དག་གི་ནམ་མཁའ་ལ། ཝེར་མའི་རྒྱལ་པོ་སེང་ཆེན་ཉི་ཟླའི་དཀྱིལ་འཁོར་ཁྱོད་བསྟེན་ 6-30-3b ནོ། །བསྟེན་པའི་ཆོས་སྐྱོང་མ་ནོར། དད་པའི་གནས་མ་འཆུག །མཆོད་པའི་ལྷ་མ་འཁྲུལ་ན། སེང་ཆེན་ཡིད་བཞིན་ནོར་བུ་ཡེ་ཤེས་ཀྱི་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པས། རྟག་ཏུ་འདུ་ འབྲལ་མེད་པ་རྡོ་རྗེའི་དམ་ཚིག་ཆེན་པོ་ལ་དགོངས་ནས། དགྱེས་པའི་ཞལ་གྱིས་གཟིགས་ཤིག །འཛུམ་པའི་སྤྱན་གྱིས་སྐྱོངས་ཤིག །བཞད་པའི་གསུང་གིས་བརྡ་ཁྲོལ་ཅིག །དགའ་བའི་ཐུགས་ ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་གནས་ལུས་ལོངས་སྤྱོད་ཀྱི་བདག་པོ་མཛོད་ཅིག །བསྒྲུབ་པའི་དགེ་མཚན་མངོན་སུམ་དུ་སྟོན་ཅིག །བཅོལ་བའི་ཕྲིན་ལས་ཡིད་བཞིན་ཏུ་ སྒྲུབས་ཤིག །ཁས་བླངས་པའི་ལས་དོན་ཡོད་པར་གྱིས་ཤིག །སྒོ་གསུམ་གྱི་ལས་ཀྱི་མཐའ་དགེ་ཞིང་ཤིས་པས་འཚོས་ཤིག །ཉམས་དང་རྟོགས་པ་སྐྱེད་ཅིག །ཡེ་ཤེས་དང་ཡོན་ཏན་སྤེལ་ཅིག །ཚེ་དང་བསོད་ ནམས་དཔལ་དང་འབྱོར་པ་སྙན་དང་གྲགས་པ་ཕྱྭ་དང་གཡང་གི་དངོས་གྲུབ་རྒྱ་ཆེན་པོ་དུས་ད་ལྟ་ཉིད་དུ་སྩོལ་ཅིག །རིག་གསང་ཆོས་ཉིད་ཀྱི་དོན་སྟོན་ཅིག །བྱིན་རླབས་ཡེ་ཤེས་ཀྱི་དབང་བསྐུར་ཅིག །བྱས་ཚད་ཆོས་སུ་ འགྲོ་བར་མཛོད་ཅིག །འབྲེལ་ཚད་དོན་དང་ལྡན་པར་མཛོད་ཅིག །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་འབད་མེད་ལྷུན་གྱིས་གྲུབ་པར་མཛོད་ཅིག །ཧོ་དགྲ་བླའི་རྒྱལ་པོ་ཆེན་པོ་ཁྱོད་ནི་རེས་འགའ་ཞི་ཞིང་ 6-30-4a དྭངས་པའི་ཉམས་ཅན། དགྱེས་ཞལ་ཟླ་བ་ལྟར་ངོམས་པ། འདོད་རྒུའི་སྤྲིན་ལས་དགའ་བའི་གར་གྱིས་རྩེན་པ། མཐོང་བས་ཡིད་འཕྲོག་པ། དྲན་པས་ཚེ་སྤེལ་བ། བསྒྲུབ་པས་དཔལ་བསྐྱེད་པ། འཆི་མེད་ཚེ་ཡི་བདག་པོ། བདུད་རྩིའི་ཆར་པ་འབེབས་པ། བདེ་སྐྱིད་སྙན་གསུམ་འཕེལ་བའི་གཡང་འཕེལ་ཆེན་པོ། བཀྲ་ཤིས་པ་ཐམས་ཅད་ཀྱི་འབྱུང་གནས། སྐལ་པ་བཟང་པོ་ཐམས་ཅད་ཀྱི་གཞི་མ། ལེགས་ པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གནས། དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ། རྒུད་པ་སེལ་བའི་ནོར་བུ། ནད་འཇོམས་པའི་བདུད་རྩི། དམན་པ་རྣམས་ལ་དབུགས་དབྱུང་བའི་གཡུལ་ རྒྱལ་ལྷ་ཡི་རྔ་སྒྲ་ཆེན་པོ། རྡོ་རྗེ་ཚེ་གཡང་ལོངས་སྤྱོད་ཀྱི་རྒྱལ་པོ་འཁོར་དཔལ་ལྡན་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པ་རྣམས་ལ་གསོལ་ལོ། །ཡང་ཅིག་འོད་གསལ་དག་པའི་སྐུ། །ནམ་མཁའ་འཇའ་ སྤྲིན་གུར་ཁྱིམ་ནས། །ཁྱེའུ་བཅུ་དྲུག་ལང་ཚོའི་ཉམས། །དཀར་གསལ་དག་པའི་ཤེལ་འདྲ་བ། །ཕྱག་གཡས་ན་རིན་པོ་ཆེའི་སྒྲོན་མེ་ཐོགས་པས། ཁམས་གསུམ་ས་ལེར་གསལ་བ། གཡོན་ན་དངུལ་དཀར་གྱི་མེ་ལོང་ བསྣམས་པས། སྲིད་གསུམ་ལྷང་ངེར་སྟོན་པ། ཕོ་རྒྱུད་དཔའ་བོའི་གར་སྟབས་བྱེད་པ། མོ་རྒྱུད་དཔའ་མོའི་བརྡ་གླུ་ལེན་པ། སྣང་གསལ་པྲ་ཡི་མངའ་བདག །ཀུན་གསལ་ཝེར་མའི་རྒྱལ་པོ། སྲིད་པ་འཕྲུལ་གྱི་ 6-30-4b གསས་མཁར་ན་བཞུགས་ཤིང་། རྣོ་མཐོང་འཕྲུལ་གྱི་མངོན་ཤེས་འཆད་པ། སྣང་སྲིད་ཀྱི་ལེགས་ཉེས་སྟོན་པ། ཤེས་བཞི་མཐོང་བརྒྱད་ཀྱི་མངའ་བདག་ཆེན་པོ། ཡེ་ཤེས་འཕྲུལ་གྱི་སྒྲོན་མེ་འདེགས་ པ། ཤེས་རབ་མེ་ལྕེ་གསལ་ཞིང་འབར་བ། མངོན་ཤེས་རིག་པའི་གསང་སྒོ་འབྱེད་པ། བློ་གསལ་སྤོབས་པའི་གཏེར་ཆེན་འབྱིན་པ། སྣང་གསལ་ཨ་དཀར་འོད་ཀྱི་ཝེར་མ་སྐྱེས་བུ་སེང་ཆེན་འཕྲུལ་གྱི་རྒྱལ་ པོ་འཁོར་ཀུན་གསལ་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པ་ལ་གསོལ་ལོ། །དཀར་གསུམ་མངར་གསུམ་གྱི་རྒྱ་མཚོ། དར་སྣ་བ་དན་གྱི་ལྷབ་ལྷུབ། རྔ་དབྱངས་རོལ་མོའི་འབྲུག་སྒྲ། སྣ་ཚོགས་མཐུན་ རྫས་ཀྱི་མཆོད་སྤྲིན། ཞལ་ཟས་ཕྱེ་མར་གྱི་གངས་རི། མེ་ཏོག་སྤོས་དུད་ཀྱི་སྤྲིན་ཕུང་། མཆོད་ཡོན་ཞབས་བསིལ་གྱི་ཆུ་རྒྱུན། སྣང་གསལ་མེ་ལོང་གི་འོད་ཁྱིམ། དྲི་ཆབ་བདུད་རྩིའི་ཆར་རྒྱུན་ལ་སོགས་ པ། ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་དངོས་སུ་བཤམས་པ་དང་ཡིད་ཀྱིས་སྤྲུལ་པ་འདི་དག་གིས། དགྲ་བླའི་རྒྱལ་པོ་ཆེན་པོ་གེ་སར་ནོར་བུ་ཨ་དཀར་འོད་ཀྱི་ཝེར་མ་འཁོར་དང་བཅས་པ། མཆོད་དོ། ། མངའ་གསོལ་ལོ། །གཟེངས་བསྟོད་དོ། །ཐུགས་དམ་བསྐང་ངོ་། །དཔའ་སྐྱེམ་འབུལ་ལོ། །ཉམས་པ་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཐུགས་དམ་བསྐུལ་ལོ། །རིག་འཛིན་རྣལ་འབྱོར་པ་ 6-30-5a བདག་ཅག་གི་ནད་གདོན་བར་ཆད་བཀྲ་མི་ཤིས་པ་སོགས་རྒུད་པའི་སྐལ་བ་ངན་པ་ཐམས་ཅད་ཉི་མས་མུན་པ་བཅོམ་པ་ལྟར་སོལ་ཅིག །དགྲ་བྱུང་ན་བྱ་ཐོངས་ཤིག །དུག་འོང་ན་སྨན་ཐོངས་ཤིག །བྲག་ལམ་མེད་ ལ་ལམ་གྱིས་ཤིག །ཆུ་ཟམ་མེད་ལ་ཟམ་ཚུགས་ཤིག །བཟང་དང་ལ་ཁར་སྤྲོད་ཅིག །ངན་དང་ལུང་ཁུང་ནས་སྣོལ་ཅིག །མི་ཁ་དང་ཁ་སྨྲས་མ་གཏོང་ཞིག །རྐྱེན་ངན་དང་བར་གཅོད་མ་གཏོང་ཞིག །བྱིང་ན་ སློངས་ཤིག །བརྗེད་ན་བསྐུལ་ཅིག །བྲོས་པའི་རི་བོ་གྱིས་ཤིག །གབ་པའི་ནགས་ཚལ་གྱིས་ཤིག །བརྟེན་པའི་མཁར་རྫོངས་གྱིས་ཤིག །སྲ་བའི་གོ་གྱིས་ཤིག །རྣོ་བའི་མཚོན་གྱིས་ཤིག །མི་ཤེས་པ་སློབས་ཤིག ། མ་མཐོང་བ་སྟོན་ཅིག །ཉིན་གྱི་བྱ་ར་མཛོད་ཅིག །མཚན་གྱི་མེལ་ཙེ་གྱིས་ཤིག །གཞི་ལ་ཁ་འཛིན་གྱིས་ཤིག །བྱེས་སུ་བསུ་སྐྱེལ་གྱིས་ཤིག །ཤེས་རབ་ཡེ་ཤེས་ཀྱི་རྩ་སྒོ་ཕྱེས་ཤིག །རིག་གསང་རྟེན་འབྲེལ་ གྱི་འཆར་སྒོ་སྟོན་ཅིག །སྤོབས་པ་ནམ་མཁའ་དང་མཉམ་པར་གྱིས་ཤིག །ཤེད་མོང་བསྐལ་པའི་མེ་རླུང་ལྟར་བསྐྱེད་ཅིག །བདེ་སྐྱིད་སྙན་པའི་རོལ་མོ་འཁྲོལ་ཅིག །དཔལ་ཡོན་མི་ཟད་པའི་གཏེར་སྒོ་ཕྱེས་ཤིག ། ཉིན་ལ་མཐོང་སྣང་གི་ཉི་མ་གསལ་བར་གྱིས་ཤིག །མཚན་ལ་རྨི་ལམ་གྱི་ཟླ་བ་སྣང་བར་གྱིས་ཤིག །བར་སྐབས་ཉམས་སྣང་དེ་འོད་ཟེར་འབར་བར་གྱིས་ཤིག །སྲིད་གསུམ་ས་ལེར་སྟོན་ཅིག །ཁམས་གསུམ་ 6-30-5b ལྷང་ངེར་སྨྲོས་ཅིག །འཇིག་རྟེན་གསུམ་གྱི་ལེགས་ཉེས་ཐམས་ཅད་རྗེན་ཅེར་དུ་ཡིད་ལ་སྟོན་ཅིག །བསམ་དོན་གྱི་རེ་བ་མཐར་ཕྱིན་པར་གྱིས་ཤིག །ཧོ། རེས་འགའ་བརྗིད་ཅིང་ཚིམ་པའི་ཉམས་ཅན། སྲིད་ཞིའི་ དཔལ་ཡོན་འདུ་བའི་གཞལ་མེད་ཁང་ཆེན་པོར། སྣང་སྲིད་འདོད་རྒུར་བསྒྱུར་བའི་རྒྱལ་པོའི་ཚུལ་དུ་བཞུགས་པ། ཕྱག་གཡས་བསམ་འཕེལ་དབང་གི་རྒྱལ་པོ་དང་། ཕྱག་གཡོན་ཟད་མེད་གཏེར་གྱི་བུམ་པ་ བསྣམས་པ། དཔག་བསམ་ལྗོན་པའི་དགའ་འཚལ་ལ་རྩེ་བ། ཡིད་བཞིན་གཏེར་གྱི་བདག་པོ། རིན་ཆེན་ནོར་བུའི་རྒྱལ་པོ། རྒྱ་བོད་ཀྱི་ནོར་བདག །ཟས་ནོར་འགུགས་པའི་ལྕགས་ཀྱུ། མཁའ་ལ་ལྷ་གཡང་ བདུད་རྩིའི་སྤྲིན་སྡུད་པ། བར་སྣང་ལ་མི་གཡང་དགེ་མཚན་གྱི་ན་བུན་འཁྲིགས་པ། ས་གཞི་ལ་ཀླུ་གཡང་དམུ་ཞག་གི་རྒྱ་མཚོ་བསྐྱིལ་བ། རྨ་གཡང་འདོད་རྒུའི་ཆར་པ་འབེབ་པ། སྙན་པའི་བ་དན་ཆེན་པོ། གྲགས་པའི་འབྲུག་སྒྲ་བརྒྱ་ལྡན། སྲིད་ཞིའི་དྭངས་བཅུད་ཀྱི་བདག་པོ། ཕྱྭ་གཡང་ལོངས་སྤྱོད་ཀྱི་གཞི་མ། སྣ་ཚོགས་འདོད་རྒུའི་རོལ་མོ། མཐོང་བས་ཡིད་འཕྲོག་པ་མཛེས་པས་གཡང་ཆགས་པ། བཟང་ རྒུའི་རྒྱལ་ཁ་ལེན་ཅིང་། ཆེ་རྒུའི་ཅོད་པཎ་འགྲིམ་པ། ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཕྲིན་ལས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ། ཆོས་སྲིད་ཀྱི་དབུ་འཕང་དགུང་ལས་མཐོ་བ། མངའ་ཐང་གི་ཁྱབ་རྒྱ་མཁའ་ 6-30-6a ལས་ཆེ་བ། སེང་ཆེན་ཡིད་བཞིན་ནོར་བུ་བསམ་འཕེལ་འཁོར་གཏེར་བདག་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པ་ལ། བཟའ་བའི་རི་བོ། བཏུང་བའི་རྒྱ་མཚོ། ཡིད་འཕྲོག་གཟུགས་ཀྱི་སྟངས་ སྟབས། སྙན་པའི་སྒྲ་དབྱངས་བརྒྱ་ལྡན། དྲི་ཞིམ་སྤོས་ཀྱི་དུད་སྤྲིན། ཞིམ་མངར་ཟས་ཀྱི་སྟོན་ཆེན། བདེ་སྐྱིད་རེག་བྱའི་དགའ་སྟོན། རྨད་བྱུང་ཆོས་ཀྱི་མཆོད་པ། འདོད་ཡོན་དྲུག་ལྡན་གྱི་སྤྲིན་ཕུང་། ཕྱྭ་ཆ་ གཡང་རྫས་ཀྱི་ཆོལ་བཀྲམ། མདོར་ན་སྲིད་ཞིའི་འབྱོར་པ་མ་ཚང་བ་མེད་པ། འཁོར་འདས་ལམ་གསུམ་གྱི་དགེ་མཚན་དྭངས་མའི་དཔལ་ཡོན་མ་ལུས་པ་འུར་འུར་མེར་མེར་ཤིག་ཤིག་ཡོམ་ཡོམ་དུ་འདུ་ཞིང་བདེ་སྟོང་རྡོ་རྗེ་ བཀོད་པའི་མཆོད་སྤྲིན་སྣང་སྲིད་འདོད་རྒུ་རབ་འབྱམས་སུ་ཤར་བའི་མཆོད་པའི་སྤྲིན་ཕུང་དམ་པ་འདིས། མཆོད་དོ། །མངའ་གསོལ་ལོ། །གཟེངས་བསྟོད་དོ། །ཐུགས་དམ་བསྐང་ངོ་། །དཔའ་སྐྱེམ་འབུལ་ ལོ། །ཉམས་པ་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཐུགས་དམ་བསྐུལ་ལོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ། བཅུད་ཆེན་གྱི་ཟས་སྩོལ་ཅིག །བརྗིད་ཆེན་གྱི་གོས་སྩོལ་ཅིག །གཡང་ཆེན་གྱི་ ནོར་སྩོལ་ཅིག །སྙན་པའི་དར་ཕྱོར་ཅིག །གྲགས་པའི་དུང་བུས་ཤིག །འདོད་རྒུའི་ཆར་ཕོབ་ཅིག །ཕྱྭ་གཡང་གི་རྒྱ་མཚོ་སྐྱིལ་ཅིག །ནོར་དང་ལོངས་སྤྱོད་ཀྱི་དྭངས་མ་ཁུག་ཅིག །རིགས་བརྒྱུད་དང་འབྲུ་ 6-30-6b ནོར་འབྱོར་པ་མངའ་ཐང་གོང་ནས་གོང་དུ་སྤེལ་ཅིག །ཚོང་ལ་ཁེ་ཐོབ་པར་གྱིས་ཤིག །རྒྱན་ལ་རྒྱལ་ཁ་ཐོབ་པར་གྱིས་ཤིག །དཔའ་ལ་དར་ཐོགས་ཤིག །ཁྲོམ་དུ་དུང་བུས་ཤིག །ཤག་དང་རྩལ་གྱི་ཁེ་ཁུག་ ཅིག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག །མཉམ་པ་རྣམས་ལས་ཁྱད་དུ་ཐོན་ཅིག །བཟང་རྒུའི་རྒྱལ་ཁ་བསྟོད་ཅིག །ལེགས་རྒུའི་རྟེན་འབྲེལ་སྒྲིགས་ཤིག །ཆེ་རྒུའི་མགོ་བོ་ནོན་ཅིག །འགྲན་འདོད་ ཆོམ་ལ་ཕོབ་ཅིག །མདོར་ན་སེང་ཆེན་དགྲ་བླ་ཝེར་མའི་སྐུ་ཤུགས་དང་མཐུ་དཔུང་བདག་ལ་ཞུགས་ནས་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་དུས་ད་ལྟ་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཧོ། རེས་ འགའ་འཛུམ་ཞིང་ཆགས་པའི་ཉམས་ཅན། བརྟན་གཡོ་ཀུན་ཁྱབ་འོད་དམར་གྱི་ཀློང་ན་རྡོ་རྗེ་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས་སྲིད་ཞིའི་དྭངས་བཅུད་གཡོ་ཞིང་འགུགས་པ། སྐུ་དགྱེས་པའི་གར་གྱིས་ སྲིད་གསུམ་གཡོ་ཞིང་ཡིད་འཕྲོག་པ། གསུང་བཞད་པའི་ང་རོས་ཁམས་གསུམ་འགུགས་ཤིང་བྲན་དུ་བྱེད་པ། སྲིད་ཞིའི་དཔལ་ཡོན་དྭངས་བཅུད་ལ་རོལ་ཞིང་ཟུར་མིག་རྩེན་པ། མཛེས་པའི་མདངས་ཀྱིས་ དགྱེས་པའི་གར་བྱེད་ཅིང་། སྙན་པའི་གདངས་ཀྱིས་དགའ་བའི་གླུ་ལེན་པ། སྣོད་བཅུད་འོད་དམར་དུ་བཞུ་བ། བརྟན་གཡོ་སིལ་ཁྲོལ་ལྟར་བསྒྱུར་བ། དགྲ་བླའི་འབྲུག་སྒྲ་དགོད་པ། ཝེར་མའི་བ་དན་གཡོ་ 6-30-7a བ། ཉམས་འགྱུར་སྣ་ཚོགས་ཀྱི་རོལ་རྩེད་གློག་ལྟར་གཡོ་བ། བདེ་སྟོང་རྡོ་རྗེ་ཆགས་པའི་ཐུགས་དང་ལྡན་པ། སྣང་སྲིད་ཀྱི་ཡིད་སྣང་དབང་མེད་དུ་འཕྲོགས་པ། སེང་ཆེན་ཡིད་བཞིན་དབང་གི་ རྒྱལ་པོ་འཁོར་དབང་མཛད་དགྲ་བླ་ཝེར་མའི་དམག་དཔུང་དང་བཅས་པ་རྣམས་ལ། བདུད་རྩི་སྨན་གྱི་རྒྱ་མཚོ། འདོད་འབྱུང་གཏོར་མའི་རི་བོ། དམར་ཆེན་རཀྟའི་ཆུ་རྒྱུན། དྲི་བཟང་བསང་གི་དུད་སྤྲིན། རྡོ་རྗེ་བྲོ་ གར་གྱི་སྟངས་སྟབས། སྙན་པའི་གླུ་ཡི་འགྱུར་ཁུག །དཔའ་མཛངས་སྐྱེས་བུའི་བྲོ་ར། ཡིད་འཕྲོག་རིག་མའི་གླུ་དབྱངས། བདེ་སྟོང་ཉམས་ཀྱི་མཆོད་པ། ཞུ་བདེ་ལྷན་སྐྱེས་ཀྱི་རོལ་མོ། དགྱེས་འཛུམ་ འཁྱུད་པའི་འཇོ་སྒེག་ལ་སོགས་པ་སྣང་སྲིད་བདེ་སྟོང་རྡོ་རྗེའི་རོལ་མོར་འབྱམས་སུ་ཀླས་པའི་མཆོད་པ་དམ་པ་འདིས་མཆོད་དོ། །མངའ་གསོལ་ལོ། །གཟེངས་བསྟོད་དོ། །ཐུགས་དམ་བསྐང་ངོ་། །དཔའ་སྐྱེམས་ འབུལ་ལོ། །ཉམས་པ་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཐུགས་དམ་བསྐུལ་ལོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་གི་ལུས་ལ་ཡིད་འོང་གི་གཟི་བྱིན་སྐྱེད་ཅིག །ངག་ལ་བདེན་ཚིག་གི་ནུས་པ་སྩོལ་ཅིག །ཡིད་ ལ་བདེ་སྟོང་གི་ཏིང་འཛིན་སྤོར་ཅིག །མཐོང་ཚད་དབང་དུ་གྱིས་ཤིག །སྲིད་གསུམ་ཟིལ་གྱིས་ནོན་ཅིག །ཁམས་གསུམ་བྲན་དུ་བྱིན་ཅིག །མི་སྙིང་སྒུལ་ཅིག །མི་སེམས་གཡོས་ཤིག །སྣང་བ་དབང་དུ་ 6-30-7b སྡུས་ཤིག །སྲིད་ཞིའི་དྭངས་བཅུད་དྲོངས་ཤིག །ཆེ་རྒུའི་རལ་པ་གདན་དུ་ཐེངས་ཤིག །བཟང་རྒུའི་དཔལ་འབྱོར་མདུན་དུ་ཁུག་ཅིག །རྒྱལ་ཐབས་ཆེན་པོའི་ཁྲི་ལ་ཁོད་ཅིག །ཇི་ལྟར་བསམ་པའི་དོན་ལག་ཏུ་སྤྲོད་ཅིག ། མདོར་ན་སྣང་སྲིད་ལ་མངའ་དབང་བསྒྱུར་བའི་རྡོ་རྗེ་བདེ་བ་ཆེན་པོ་དབང་གི་དངོས་གྲུབ་མ་ལུས་པ་ད་ལྟ་ཉིད་དུ་སྩོལ་ཅིག །ཧོ། རེས་འགའ་འཇིགས་བྱེད་ཁྲོས་པའི་ཚུལ་ཅན། ཐབས་ཤེས་ཀྱི་མདའ་གཞུས་བདུད་སྲིན་ དཔྲལ་བའི་མཚོ་མོ་དཀྲུགས་པ། གནམ་ལྕགས་ཀྱི་རལ་གྲིས་མ་རུངས་སྲིན་པོའི་མགོ་བོ་འབྲེག་པ། རྡོ་རྗེའི་མདུང་གིས་དམ་ཉམས་པའི་སྙིང་ལ་གཟིར་བ། དྲག་པོའི་ལྕགས་ཀྱུས་དགྲ་བོའི་མིག་འབྱིན་པ། འབར་བའི་ གྲི་གུག་གིས་དགྲ་བོའི་སྲོག་རྩ་གཅོད་པ། སྲུང་མའི་ཟི་ར་ཁོལ་བ། སྡེ་བརྒྱད་གནད་ལ་གཅུན་པ། ཕོ་རྒྱུད་རྦབ་ལྟར་བསྒྲིལ་བ། མོ་རྒྱུད་མདའ་ལྟར་འཕེན་པ། ཝེར་མའི་སྐར་མདའ་འཕྲོ་བ། སྣང་སྲིད་ཆ་ ལང་བསྡེབ་པ། སྤྱན་མིག་གི་ཉི་ཟླ་ལས་བསྐལ་པའི་མེ་འབར་བ། ལྗགས་ཀྱི་གློག་དམར་ལས་དྲག་སྔགས་ཀྱི་ཐོག་སེར་འཕྲོ་བ། ཞལ་གྱི་རྦ་ཀློང་ལས་རཀྟའི་རྒྱ་མཚོ་འཁྲུགས་པ། ཤངས་ཀྱི་རླུང་སྒྲོམ་ལས་བསྐལ་པའི་རླུང་ནག་ འཚུབ་པ། སྐུ་ཡི་དཔའ་རྫོངས་ལས་དགྲ་བླའི་དམག་སྤྲིན་འཁྲིགས་པ། ཚེམས་གྱི་གངས་རི་ལས་སྦྱིན་ཐང་དུག་མདའ་འཕྲོ་བ། ཐུགས་འོད་གསལ་གྱི་ངང་ནས་རྡོ་རྗེ་ཁྲོས་པའི་མེ་ཆེན་འབར་བ། དགྲ་བོའི་ཤ་ཁྲག་སྲོག་ 6-30-8a དབུགས་ལ་ཆེར་རྔམས་ཞིང་རོལ་པ། སྣང་སྲིད་ཀྱི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ་ལན་མེད་རྡོ་རྗེའི་མཚོན་གཅིག་སྒྲོལ་བྱེད་དྲག་པོ་ནོར་བུ་དགྲ་འདུལ་རྩལ་འཁོར་དགྲ་བགེགས་འདུལ་བའི་ཝེར་མ་རྒྱ་མཚོ་ དང་བཅས་པ་རྣམས་ལ་དམ་ཉམས་པའི་དགྲ་བོའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་དོན་སྙིང་གི་ནགས་ཚལ། རྐང་མར་གྱི་འདམ་རྫབ། དབུགས་རླངས་ཀྱི་ན་བུན། གསུར་ཆེན་གྱི་དུད་སྤྲིན། དབང་པོའི་མེ་ཏོག་དང་བཅས་ཏེ་དགྲ་བོའི་སྟོབས་མཐུ་ནུས་པ་ཚེ་དཔལ་འབྱོར་པ་དང་བཅས་པ་འབར་བའི་ཞལ་དུ་སྟོབ་པ་དམ་པས་མཆོད་དོ། །མངའ་གསོལ་ལོ། །གཟེངས་བསྟོད་དོ། །ཐུགས་དམ་བསྐང་ ངོ་། །དཔའ་སྐྱེམས་འབུལ་ལོ། །ཉམས་པ་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཐུགས་དམ་བསྐུལ་ལོ། །རིག་འཛིན་རྣལ་འབྱོར་པ་བདག་ཅག་ལ་གནོད་ཅིང་འཚེ་བར་བྱེད་པ། བསམ་སྦྱོར་ངན་པ། སྡང་བའི་ དགྲ། གནོད་པའི་བགེགས་ཐམས་ཅད་གང་ན་འདུག་པ་འབར་བའི་སྤྱན་གྱིས་གཟིགས་ལ། འགུགས་བྱེད་ཀྱི་ལྕགས་ཀྱུ་སྙིང་ལ་ཐོབ་ཅིག །སྡོམ་བྱེད་ཀྱི་ཞགས་པས་ཡན་ལག་ཆིངས་ཤིག །གཅོད་བྱེད་ཀྱི་རལ་ གྲིས་མགོ་བོ་ཆོད་ཅིག །འབིག་བྱེད་ཀྱི་མདུང་གིས་དོན་སྙིང་ཕུགས་ཤིག །འཕེན་བྱེད་ཀྱི་མདའ་མོ་སྲོག་ལ་ཐོབ་ཅིག །སྙིང་བསྐལ་པའི་མེས་སྲེགས་ཤིག །ལུས་རྡོ་རྗེའི་མཚོན་གྱིས་གཏུབ་ཅིག །ནད་མཚོན་ 6-30-8b དུག་གི་ཆར་ཕོབ་ཅིག །ལྟས་ངན་ཆོ་འཕྲུལ་གྱིས་དཔའ་བཀོངས་ཤིག །ཕོ་རྒྱུད་ཀྱི་རྩ་བ་དྲུང་ནས་ཕྱུངས་ཤིག །མོ་རྒྱུད་ཀྱི་མངལ་མཐའ་ནས་སྐེམ་ཤིག །བསམ་སྦྱོར་སྟོབས་ནུས་ཀྱི་དཔུང་ཤིག་ཅིག །བསམ་ ངན་དུག་མདའ་རང་བདུད་དུ་ཕོབ་ཅིག །སྦྱོར་ངན་གྱི་མཚོན་ཆ་རང་གཤེད་དུ་སློངས་ཤིག །ལོ་དང་ཟླ་བར་མ་བཞག་པར་ཞག་དང་ཟ་མའི་ནང་དུ་སྒྲོལ་ཅིག །བྱད་ཕུར་རྦོད་གཏོང་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཕྱིར་ བཟློག་ཅིག །དགྲ་ནག་པོ་ས་འོག་ཏུ་མགོ་མཇུག་ལྡོག་ཅིག །གཉེན་དཀར་པོའི་ངོ་འཕང་དགུང་དུ་བསྟོད་ཅིག །བདག་གི་མཐུ་སྟོབས་ནུས་པ་བསྐལ་པའི་མེ་བཞིན་དུ་སྦོར་ཅིག །མདོར་ན་དྲག་པོ་མངོན་ སྤྱོད་ཀྱི་ཕྲིན་ལས་རྣམས་ཇི་ལྟར་བསམ་པ་ཡིད་བཞིན་དུ་མཐར་ཕྱིན་པར་མཛོད་ཅིག །ཧོ། རེས་འགའ་མ་ངེས་རྫུ་འཕྲུལ་གྱི་རོལ་པ་ཅན། གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་རྒྱུ་ཞིང་། རབ་འབྱམས་ ཕྲིན་ལས་ཀུན་ལ་མངའ་དབང་འབྱོར་པ། བསམ་པ་ཙམ་གྱིས་དངོས་གྲུབ་སྩོལ་པ། བོས་པ་ཙམ་གྱིས་གློག་ལྟར་གཡོ་བ། བསྒྲུབས་པ་ཙམ་གྱིས་དམ་ལ་འདུ་བ། བསྐུལ་པ་ཙམ་གྱིས་ལས་ལ་རྒྱུ་བ། སེང་ ཆེན་རྡོ་རྗེ་དགྲ་བླ་ཝེར་མའི་དམག་དཔུང་རྣམས་ལ་ཕྱི་ནང་གསང་བའི་མཆོད་སྤྲིན་ཡེ་ཤེས་བདུད་རྩི་དམ་པ་ཀུན་ཏུ་བཟང་པོའི་རྣམ་རོལ་ལས་བྱུང་བ་མཆོག་གིས་མཆོད་དོ། །མངའ་གསོལ་ལོ། །གཟེངས་ 6-30-9a བསྟོད་དོ། །ཐུགས་དམ་བསྐང་ངོ་། །དཔའ་སྐྱེམས་འབུལ་ལོ། །ཉམས་པ་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཐུགས་དམ་བསྐུལ་ལོ། །རྡོ་རྗེའི་རྐྱང་རྒོད་ཕེར་པོ་ལ་གསོལ་ལོ། །གསང་བའི་ དགྱེས་སྡེ་བཞི་ལ་གསོལ་ལོ། །དམག་དཔོན་མིག་དམར་ཆེན་པོ་ལ་གསོལ་ལོ། །དམ་ཅན་རྡོ་རྗེ་ལེགས་པ་ལ་གསོལ་ལོ། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་ལ་གསོལ་ལོ། །རྨ་རྒྱལ་རྡོ་རྗེ་དྲག་རྩལ་ལ་གསོལ་ལོ། །ཕུ་བོ་ དུང་ཁྱུང་དཀར་པོ་ལ་གསོལ་ལོ། །སྟེང་ཕྱོགས་ལྷ་ཡི་དམག་དཔུང་ལ་གསོལ་ལོ། །ཕ་ཡབ་གེར་མཛོ་གཉན་པོ་ལ་གསོལ་ལོ། །བར་ཕྱོགས་གཉན་གྱི་དམག་དཔུང་ལ་གསོལ་ལོ། །ནུ་བོ་ཀླུ་སྦྲུལ་འོད་ཆུང་ལ་གསོལ་ ལོ། །འོག་ཕྱོགས་ཀླུ་ཡི་དམག་དཔུང་ལ་གསོལ་ལོ། །ཨ་ནེ་དགུང་སྨན་རྒྱལ་མོ་ལ་གསོལ་ལོ། །སྣང་སྲིད་མ་མོའི་དཀྱིལ་འཁོར་ལ་གསོལ་ལོ། །སྲིང་ལྕམ་ཐ་ལེ་འོད་དཀར་ལ་གསོལ་ལོ། །འབྱུང་བ་ལྔ་ཡི་ལྷ་མོ་ ལ་གསོལ་ལོ། །རྫུ་འཕྲུལ་ཀླུང་རྟ་ལྷ་བཞི་ལ་གསོལ་ལོ། །མགྲོན་ཡག་དར་མ་བཅུ་གསུམ་ལ་གསོལ་ལོ། །དགྲ་བླའི་དྲ་མ་ཆེ་དགུ་ལ་གསོལ་ལོ། །མགོན་པོ་དགྲ་བླ་བཅུ་གསུམ་ལ་གསོལ་ལོ། །དགྲ་བླ་མཆེད་གསུམ་ ལྕམ་དྲལ་ལ་གསོལ་ལོ། །སྣོད་བཅུད་སྲིད་པའི་དགྲ་བླ་ལ་གསོལ་ལོ། །ཕྲིན་ལས་སྣ་ཚོགས་དགྲ་བླ་ལ་གསོལ་ལོ། །འགོ་བའི་ལྷ་མགོན་གཉན་པོ་ལ་གསོལ་ལོ། །དཀར་ཕྱོགས་སྐྱོང་བའི་དགྲ་བླ་ལ་གསོལ་ལོ། ། 6-30-9b ཐུགས་ཀར་སུམ་བརྒྱ་དྲུག་ཅུ་ལ་གསོལ་ལོ། །ཅོང་སེ་ལམ་ལྷ་གཉན་པོ་ལ་གསོལ་ལོ། །གནམ་ས་བར་གྱི་ཝེར་མ་ལ་གསོལ་ལོ། །སྐུ་འཁོར་དགྲ་བླ་ཝེར་མ་ལ་གསོལ་ལོ། །ཌཱ་ཀི་དྭངས་སྨན་ཐམས་ཅད་ལ་གསོལ་ལོ། ། དཔའ་བརྟུལ་དཔའ་བོའི་སྡེ་ཚོགས་ལ་གསོལ་ལོ། །བཀའ་འབངས་སྤྲུལ་པའི་ལྷ་དམག་ལ་གསོལ་ལོ། །བཀའ་སྡོད་སྣང་སྲིད་དྲེགས་པ་ལ་གསོལ་ལོ། །སྣང་སྲིད་དགྲ་བླ་ཝེར་མ་ལ་གསོལ་ལོ། །མདོར་ན་སེང་ཆེན་ དགྲ་འདུལ་རྒྱལ་པོའི་དཀྱིལ་འཁོར་དུ་ཡེ་ཤེས་དང་ལས་དང་འཇིག་རྟེན་གྱི་ཚུལ་འཛིན་པའི་ཆོས་སྐྱོང་དགྲ་བླ་ཝེར་མའི་དམག་དཔུང་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ལ་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་སྤྲིན་རྒྱ་ཆེན་ པོ་འདིས་མཆོད་དོ། །མངའ་གསོལ་ལོ། །གཟེངས་བསྟོད་དོ། །ཐུགས་དམ་བསྐང་ངོ་། །དཔའ་སྐྱེམས་འབུལ་ལོ། །ཉམས་པ་བཤགས་སོ། །དགྱེས་པ་བསྐྱེད་དོ། །ཐུགས་དམ་བསྐུལ་ལོ། །ཀྱེ། ཡེ་ཤེས་ ཀྱི་ཆོས་སྐྱོང་། ལས་ཀྱི་མཐུ་ལྡན། འཇིག་རྟེན་གྱི་མངའ་བདག་དམ་པ་ཁྱེད་རྣམས་ཀྱིས་མཁྱེན་པས་དགོངས། བརྩེ་བས་གཟིགས་ལ་མཐུ་སྟོབས་ནུས་པ་ཆེན་པོས་བདག་ཅག་འཁོར་དང་བཅས་པ་ལ་དུས་འདི་ནས་བྱང་ ཆུབ་སྙིང་པོའི་བར་དུ་སྲུང་སྐྱོབ་ཀྱི་ཕྲིན་ལས་གཡེལ་བ་མེད་པར་འདོད་པའི་དོན་མ་ལུས་པ་གེགས་མེད་ཡིད་བཞིན་དུ་སྒྲུབས་ཤིག །བསྭོ་བསྭོ། སྣང་སྲིད་དགྲ་བླ་ཝེར་མའི་སྤྲིན་འཁྲིགས་པ། །དགྱེས་པའི་གད་རྒྱངས་ 6-30-10a འབྲུག་ལྟར་དགོད་པའི་དབུས། །ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །གེ་སར་ནོར་བུ་དགྲ་འདུལ་ཡེ་ཤེས་སྐུ། །བསྐལ་པའི་ང་ཆེན་བདུན་གྱི་ཤུགས་ལྡན་པའི། །རྫུ་འཕྲུལ་རྡོ་རྗེའི་རྐྱང་རྒོད་ཕེར་པོ་ཆིབས། ། སྣ་ཚོགས་དགྲ་བླའི་སྐུ་ཆས་འོད་དུ་འབར། །མི་ཤིགས་རྡོ་རྗེ་སྐུ་ཡི་དཔའ་རྫོང་ལ། །དགྲ་བླ་ཝེར་མའི་དམག་དཔུང་འཕྲོ་ཞིང་འདུ། །དྲན་པ་ཙམ་གྱིས་དགེ་མཚན་ང་ཤུགས་སྤེལ། །དད་དམ་འགྱུར་བ་མེད་པའི་ཡིད་ཀྱིས་ནི། ། སྣ་ཚོགས་དམ་རྫས་མཆོད་པའི་སྤྲིན་ཕུང་གིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །མངའ་གསོལ་གཟེངས་བསྟོད་བདུད་རྩི་དཔའ་སྐྱེམས་འབུལ། །སྣང་སྟོང་རྡོ་རྗེའི་ཐུགས་ཀྱི་ངང་ཉིད་ནས། །འདུ་འབྲལ་མེད་པར་ མོས་ལྡན་བདག་ལ་གཟིགས། །རིགས་གསུམ་པདྨའི་སྒྱུ་འཕྲུལ་དྲེགས་པའི་རྗེ། །སེང་ཆེན་དགྲ་བླ་དཔའ་བོ་འཁོར་བཅས་ཀྱིས། །རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་ལ། །བྱིན་རློབས་མཐུ་སྟོབས་ནུས་པ་མེ་ལྟར་ སྦོར། །སྙན་པའི་དར་ཆེན་སྲིད་པ་གསུམ་ན་མཐོ། །གྲགས་པའི་འབྲུག་ཆེན་འཇིག་རྟེན་གསུམ་ན་ཁྱབ། །ཕ་རོལ་མི་མཐུན་ཕྱོགས་ཀུན་ཟིལ་གྱིས་ནོན། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །དེ་ལྟར་ དགྲ་བླ་ཝེར་མ་དགྱེས་པ་ཡི། །འབྲུག་སྒྲ་གང་དུ་སྒྲོགས་པའི་ཕྱོགས་དེར་ནི། །ཕུན་ཚོགས་བདེ་སྐྱིད་སྙན་པའི་ཆར་ཆེན་འབེབས། །སྐལ་བཟང་དུས་ཀྱི་དགེ་མཚན་ཉེ་བར་སྡུད། །གང་ལ་དམིགས་ནས་ཆོ་ག་འདི་ལྟ་བུས། །དགྲ་ 6-30-10b བླ་དཔའ་བོར་རྩེ་གཅིག་ལས་བཅོལ་ན། །འདོད་དོན་ཡིད་བཞིན་འགྲུབ་པའི་དགའ་སྟོན་གྱི། །རྒྱལ་མཚན་ཆེན་པོ་ནུབ་པ་མེད་པར་བསྒྲེང་། །ས་མ་ཡ། གསོལ་མཆོད་འདི་ནི་ཝེར་མ་བསེ་རུ་འོད་ལྡན་དཀར་པོའི་ཡིད་ལ་ཤར་ བ་ལྟར་རབ་ཚེས་དབང་ཕྱུག་མྱོས་ལྡན་རྣམ་གནོན་གསུམ་ཀར་ཅི་རིགས་རེ་བྲིས་ཤིང་། ལྕགས་འབྲུག་ས་ག་ཟླ་བའི་ཚེས་༡༨ལ་ཡོངས་སུ་རྫོགས་པར་གྲུབ་པ་འདིས་རྒྱལ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྟོད་པའི་རྟེན་འབྲེལ་ མཆོག་ཏུ་གྱུར་ཅིག ། 6-31-1a ༄༅། །གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་བཞུགས་སོ། ། 6-31-1b ༄༅། །ཉམས་སྣང་སྐྱེས་བུ་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་ཆོས་སྐོར་ལས༔ སྲོག་གཏད་སྒྲུབ་ཐབས་སྲོག་འཁོར་བཅའ་བའི་ཨུ་པ་དེ་ཤ༔ ལྷ་རིགས་ ཆེན་པོའི་གཟིགས་སྣང་ཟེར༔ བླ་མ་དབང་ཆེན་ཧེ་རུ་ཀ་ལ་འདུད༔ བདག་འདྲ་ཟོབ་ཧྲུལ་ཕྲིན་ལས་རོལ་པ་རྩལ༔ ས་འབྲུག་སྤྲེལ་ཟླའི་ཚེས་བཅུའི་ཐོ་རེངས་ ཆར༔ ཉམས་རྨིས་རྨི་ལམ་ཤས་ཆེའི་འཆར་སྒོ་ལ༔ ངེད་རང་ཁྲ་འབྲུག་གཙང་ཁང་དབུས་མར་སླེབ༔ གསང་བདག་བླ་མ་བཞད་པའི་རྡོ་རྗེ་དང་༔ མཇལ་ བ་དེ་མཚམས་རང་གི་མདུན་ཐད་དུ༔ རྨུ་ཐག་ཡིན་རྒྱུའི་སྤྲིན་དཀར་ཟུག་པའི་སྣེར༔ སྐྱེས་བུ་གེ་སར་རྡོ་རྗེ་ཚེ་ཡི་རྒྱལ༔ སྐྱབས་མགོན་བཞད་རྗེའི་གཟིགས་ 6-31-2a སྣང་གེ་སར་དང་༔ མངོན་རྟོགས་བྱིང་མཚུངས་ཕྱག་ན་མདའ་གཞུ་བསྣམས༔ གཡས་སུ་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས༔ ཁྱེའུ་དར་དཀར་ གོས་ཅན་ཤྭ་རྡེལ་ཐོགས༔ གཡོན་དུ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ མདུན་དུ་དམག་དཔོན་མིག་དམར་ཆེན་པོ་ནི༔ འཕྲུལ་ཞགས་འདོམ་གཞལ་གཞན་ཡང་མ་ སང་སྤུན༔ ལྷ་ཕྲུག་སྨན་མོ་མང་པོའི་འཁོར་དང་བཅས༔ མངོན་སུམ་མཇལ་རྗེས་རིག་འཛིན་བཞད་པ་རྗེ༔ ཨོ་རྒྱན་པད་འབྱུང་སྐུ་རུ་གནས་གྱུར་ཏེ༔ རྡོ་རྗེ་གསུང་ གི་གསང་བ་འདི་ལྟར་ཐོས༔ ཨེ་མ་དབང་ཆེན་པདྨ་གསུང་གི་ལྷ་ལ་འདུད༔ བདག་འདྲ་རང་བྱུང་པདྨ་ཐོད་ཕྲེང་གི༔ བོད་ཀྱི་ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ འཇིག་ 6-31-2b རྟེན་མཆོད་བསྟོད་དཀྱིལ་འཁོར་ཆེན་པོར་བཅུག༔ ཁྱད་པར་སྐུ་ལྷ་གེར་མཛོ་གཉན་པོ་སོགས༔ མཚན་དང་རྣམ་འགྱུར་མ་ངེས་ཅིར་སྟོན་པ༔ གེ་སར་སྐྱེས་བུ་རྡོ་རྗེ་ཚེ་ཡི་རྒྱལ༔ འདི་ཡི་ངོ་བོ་འཕགས་མཆོག་ ཐུགས་རྗེའི་གཏེར༔ ཁྲོ་ལ་ཁྲོ་བོས་འདུལ་ཕྱིར་རྟ་མཆོག་དཔལ༔ ཁྱད་པར་མ་འོངས་ཉི་ཤུའི་མཐར་ཐུག་སྐབས༔ དྲེགས་པའི་ཚུལ་སྟོན་གེ་སར་སྐྱེས་བུ་ཞེས༔ ཕྱི་རུ་དཔའ་ཞིང་རྩལ་མྱུར་དགྲ་བླའི་རྒྱལ༔ ནང་དུ་སྙིང་ཉེ་བཀྲ་ཤིས་འཁུ་ལྡོག་ཆུང་༔ ཁྱད་པར་དམ་སྲི་རྒྱ་འདྲེ་འདུལ་བའི་གཉེན༔ དེང་སང་དུས་སུ་བབ་པའི་ལྷག་ལྷ་སྟེ༔ འདི་ཡི་སྒྲུབ་སྐོར་ལས་ཕྲན་དང་བཅས་པ༔ གནམ་སྨན་སྤྲུལ་གཟུགས་རིན་ ཆེན་མིང་ཅན་དང་༔ རྟེན་འབྲེལ་གསང་རྐྱེན་འགྲིགས་ཚེ་རིམ་ཤར་རོ༔ ཞེས་སོགས་བཀའ་ཡི་བསྔགས་བརྗོད་དབུགས་དབྱུང་མཐར༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་དྲག་པོའི་སྔགས་སྒྲ་ཡིས༔ བདག་ལུས་དབང་ ཆེན་རྟ་མཆོག་དཔལ་གཅིག་གྱུར༔ བྱིན་རླབས་དགོངས་པ་གཏད་པས་མཁའ་དབྱིངས་ནས༔ རྟ་མཆོག་སྐུ་དང་ཡིག་འབྲུ་ཕྱག་མཚན་སོགས༔ ཆར་བཞིན་བབས་མཐར་སྐྱེས་བུ་ཆེན་པོ་དེ༔ བདག་གི་གྲོགས་ སུ་གཏད་ཅིང་དམ་ཆུ་བསྲེ༔ དེ་རྗེས་འཁྲུལ་སྣང་རྨི་ལམ་དཀྱུས་སུ་ཞུགས༔ སྐྱེས་མཆོག་ཌཱཀྐི་རིན་ཆེན་མིང་ཅན་གྱིས༔ གསང་རྐྱེན་དངོས་སུ་མ་འགྲིགས་ཟག་རྫས་ཙམ༔ སོན་པས་ཕྱི་ལྟར་ 6-31-3a གསོལ་ཀ་ལ་བརྟེན་པའི༔ བྱང་བུ་ལྷ་བསང་བསང་མདོས་དང་བཅས་པ༔ རིག་དབྱིངས་སྒྲོམ་བུ་ཕྱེས་ཏེ་ཤོག་སྐྱར་བབ༔ ས་མ་ཡ༔ གུ་ཧྱཿརྒྱ་རྒྱ་རྒྱ༔ སྐྱེས་བུ་གེ་སར་དགྲ་ བླའི་རྒྱལ༔ སྲོག་དབང་སྦྱིན་པའི་རིམ་པ་ལ༔ དབེན་པའི་གནས་སུ་དལ་བཤམ་དབུས༔ གོང་ནོན་ཡི་དམ་སྒྲུབ་གཏོར་དང་༔ མདུན་དུ་སྐྱེས་བུ་གཏོར་མཆོད་སོགས༔ དགོས་པའི་ཡོ་བྱད་ཚོགས་པར་བྱ༔ གཏོར་མ་སྐྱེས་བུ་གཙོ་འཁོར་གསལ༔ གསོལ་མཆོད་བསྐང་ཞིང་འབོད་སྔགས་བཟླ༔ སློབ་བུ་ལྷར་བསྐྱེད་བྱིན་དབབ་ལ༔ གོང་ནོན་སྒྲུབ་གཏོར་སློབ་མ་ཡི༔ སྤྱི་བོར་བསྐུར་ལ་འདི་སྐད་བརྗོད༔ ཧྲཱི༔ དབང་ཆེན་རྔམས་པ་དྲེགས་པའི་ལྷ༔ དྲེགས་པ་ཟིལ་གནོན་ཆེན་པོ་ཡི༔ སྐུ་ཡི་དབང་བསྐུར་བྱིན་བརླབས་པས༔ བུ་ཁྱོད་ལྷ་དང་སྐལ་མཉམ་ཤོག༔ ཧྲཱིཿཔདྨ་ཏ་ཀྲྀ་ཏ་ཧྱ་གྲྀ་ཝ་ཨོཾ༔ དེ་བཞིན་ མགྲིན་པ་སྙིང་གར་བསྐུར༔ དྲེགས་པའི་སྲོག་དབང་དངོས་ལ་ནི༔ སྐྱེས་བུ་སྤྱན་དྲངས་མཆོད་དེ་སླར༔ གཏོར་མ་ལྷར་གསལ་ལག་ཏུ་གཏད༔ ཧཱུྃ༔ སྐྱེས་བུ་ཆེན་པོ་དགྲ་བླའི་རྒྱལ༔ སྐུ་རྗེ་གེ་སར་ གཙོ་འཁོར་དཔུང་༔ པད་འབྱུང་རྟ་མཆོག་ཧེ་རུ་ཀའི༔ བཀའ་དང་དམ་ལས་མ་འདའ་བར༔ སློབ་མ་འདི་ལ་འགོ་བར་མཛོད༔ དམ་ལྡན་མོས་པའི་བུ་འདི་ཉིད༔ སྐྱེས་བུ་ཁྱེད་ལ་གཉེར་དུ་གཏད༔ 6-31-3b ལུས་དང་གྲིབ་བཞིན་རྟག་འགྲོགས་ནས༔ བྱང་ཆུབ་བར་དུ་སྲུང་སྐྱོབ་མཛོད༔ ཞེས་བརྗོད་གཏོར་མ་ལག་ཏུ་གཏད༔ དེ་རྗེས་དམ་བསྲེ་ཐུན་མིན་པ༔ སྲོག་སྔགས་སྦྱིན་ཅིང་བླ་རྡོ་གཏད༔ ཧཱུྃ༔ དཔལ་ ལྡན་ལྷ་ཡི་ལྷ་མཆོག་ཆེ༔ སྐྱེས་བུ་ཆེན་བོ་གཙོ་འཁོར་དཔུང་༔ སྲོག་གཏད་འཛིན་པའི་འཁོར་ལོ་ནི༔ སྲོག་ཡིག་བླ་རྡོ་འོད་འཕྲོ་བ༔ ཁྱེད་ལ་གཏད་དོ་རྟེན་དུ་ཟུངས༔ བསྙེན་པའི་སྒྲུབ་པ་ཡུན་དུ་བསྲང་༔ གསོལ་ཞིང་མཆོད་བསྟོད་རྒྱུན་མ་བཅད༔ དམ་ཚིག་མཐའ་དག་མ་ཉམས་གཅེས༔ ས་མ་ཡ་བཛྲ་རཀྵན་ཏུ༔ ཨོཾ་ཏྲི་ཞིམ་ཀྵ་མི་མུ་ཏྲ་འབའ་ར་ཧཱུྃ་ཨ་ལ་ལི་ལ་མོ་གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ་ཀྲ་གྴེར་ཀྵེཾ༔ བཛྲ་ ས་མ་ཡ་ཛ་ཛཿཛ་ཧཱུྃ་བྃ་ཧོཿ ཕྱག་མཚན་ལྕགས་རྒོད་མདའ་གཞུ་དང་༔ ནོར་བུ་འབར་བ་ལག་ཏུ་གཏད༔ ཧཱུྃཿདགྲ་བགེགས་དམ་སྲི་རྒྱ་འདྲེ་སོགས༔ མ་རུངས་ཚར་གཅོད་མདའ་གཞུ་དང་༔ འདོད་ སྦྱིན་ནོར་བུ་འབར་བ་འདི༔ དཔའ་རྟགས་མཚན་མ་ཁྱོད་ལ་སྦྱིན༔ ཨོཾ་ཏྲི་ཞིམ་ཀྵ་མི་སོགས༔ སརྦ་ས་མ་ཡ་ཧཱུྃཿཛ༔ སླར་ཡང་བཀའ་བསྒོ་དམ་བསྒྲགས་ཤིང་༔ ཕྱི་ནང་གསང་བའི་རྟེན་མཆོག་དང་༔ བསང་མདོས་སྐོང་ཕྲིན་འབད་པ་ཐོན༔ གོ་མཚོན་མི་བཤིག་ཐབས་གཞོབ་འཛེམ༔ རྣམ་ཐར་བསྒྲགས་སོགས་འདོར་ལེན་གྱིཿ དམ་ཚིག་སྲུང་ཞིང་སྒྲུབ་ཕྲིན་བཅོལ༔ བླ་མ་ལྷ་ལ་སྲི་ཞུས་བསྟེན༔ མཎྜལ་ 6-31-4a གཏང་རག་རྒྱ་ཆེར་འབུལ༔ སྐྱེས་བུ་ཆེན་པོའི་སྲོག་གཏད་ཀྱི་ལེ་ཚན་ནོ༔ བླ་མ་ཁྲོ་རྒྱལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྐྱེས་བུ་གེ་སར་དགྲ་བླའི་རྒྱལ༔ སྒྲུབ་པའི་རིམ་པ་འདི་ལྟ་སྟེ༔ སྒྲུབ་པའི་དབང་ཐོབ་དམ་ལྡན་པས༔ བཀྲ་ཤིས་བྱིན་ཆགས་དབེན་པའི་གནས༔ རི་མཐོ་ས་གཙང་མཁར་གྱི་རྩེར༔ ལ་སོགས་མ་ངེས་གནས་རྣམས་སུ༔ སྟེགས་བུ་གྲུ་བཞི་ངོས་མཉམ་པར༔ དཀྱིལ་འཁོར་མུ་ཁྱུད་རིམ་གསུམ་བསྐོར༔ རྡོ་ར་མེ་རི་སྣ་ལྔ་པ༔ དབུས་སུ་ཉི་སྟེང་ཨཿདཀར་མཚན༔ དེ་སྟེང་སྒྲུབ་པའི་གཏོར་མ་ནི༔ སྲོག་འཁོར་དར་གདུགས་བརྒྱན་པ་གཟུགས༔ སྨན་ རག་ཕྱི་ནང་མཆོད་པ་དང་༔ ཁྱད་པར་དཀར་ཡོལ་ཡུ་རིང་ནང་༔ རྒྱ་ཇ་གར་ཆང་དམ་པ་བཤམས༔ ཡི་དམ་རྟ་མཆོག་རོལ་པ་ཡི༔ གོང་ནོན་བཟླས་པའི་མཇུག་ཏུ་ནི༔ སྐྱེས་བུའི་སྒྲུབ་ཕྲིན་དལ་བརྟེན་ ནས༔ བསྙེན་བཟླས་ཐུན་དུ་བཅད་དེ་སྒྲུབ༔ དངོས་སུ་རིག་པ་ཤུགས་ཆེ་ཞིང་༔ ལུས་ལ་སྐྱི་བུན་བདེ་དྲོད་འབར༔ གཞན་གྱི་གོ་མཚོན་སྟེར་ཚང་འབྱོར༔ རྨི་ལམ་ཞལ་སྟོན་སྐུ་རྙེད་དང་༔ རྟ་ དཀར་གོ་བགོས་གཡུལ་ལས་རྒྱལ༔ ཐ་མ་སྤྲིན་དཀར་ལྡིང་བ་སོགས༔ རབ་འབྲིང་ཐ་མའི་རྟགས་མཚན་ནོ༔ དེ་ལྟར་གེ་སར་སྐྱེས་བུ་ཆེའི༔ སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡང་༔ སྐལ་ལྡན་སྐྱེས་ 6-31-4b བུའི་ཕག་ནོར་རོ༔ ས་མ་ཡཿ ཁ་ཐམཿ ཧྱ འཕགས་མཆོག་སྙིང་རྗེའི་གཏེར་ལ་འདུད༔ སྐྱེས་བུ་གེ་སར་ཚེ་རྒྱལ་གྱི༔ གསང་བ་སྲོག་གི་འཁོར་ལོ་བསྟན༔ དར་ཤོག་གྲོ་ག་ གང་རུང་ལ༔ གསེར་མཚལ་རྒྱ་སྣག་ལ་སོགས་པའི༔ འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བར་ཨཱཿབཀོད་ཐ་མ་ལ༔ མུ་ཁྱུད་དང་པོར་སྐྱེས་བུ་ཆེའི༔ རྩ་སྔགས་སྤེལ་ཚིག་རིམ་པར་བྲི༔ མུ་ཁྱུད་གཉིས་པར་འཁོར་ལོ་བཞི༔ ཨ་མ་ཙ་ཏྲི་དག་གིས་མཚན༔ གསུམ་པར་བླ་མ་ཡི་དམ་གྱི༔ སྔགས་མགོ་དྲངས་རྗེས་རྩ་གསུམ་ལྷའི༔ བཀའ་དང་དམ་ལས་མ་འདའ་བར༔ སྐྱེས་བུ་ བསྟན་དང་བསྟན་འཛིན་སྐྱོངས༔ བདག་གི་ཕྲིན་ལས་རྣམ་བཞི་མཛོད༔ ཞེས་དང་བཞི་པར་དབྱངས་གསལ་བྱེད༔ དེ་མཇུག་སྐྱེས་བུ་གེ་སར་ཆེཿ གཙོ་འཁོར་དཔུང་བཅས་རྟེན་འདི་ལ༔ བརྟན་ བཞུགས་བདག་གི་གྲོགས་མཛོད་བྲིཿ ལྷག་ཆད་བྲིས་སུབ་མེད་པ་གཅེས༔ བྱིན་དམ་སྨན་ཕུད་དྲི་བཟང་བྱུག༔ ཤེལ་རྡོ་ཟུར་བརྒྱད་ལྡན་པའི་ངོས༔ ཨ་བྲིས་ལྟེ་བར་བཀོད་པ་ལ༔ སྦྱང་ཁྲུས་ བསྐྱེད་བསྟིམ་སྒྲུབ་པའི་ཐབས༔ སྤྱི་བཞིན་ལེགས་བགྱིས་མི་ལྤགས་གྲིལ༔ དར་མཚོན་སྣ་ལྔས་བསྒྲིལ་བར་བྱ༔ གང་ཞིག་མོས་ལྡན་སུས་འཆང་བ༔ འདབ་ཆགས་སྙི་ཡིས་བཟུང་བཞིན་འཁོར༔ 6-31-5a པདྨ་བདག་དང་སྤྱན་རས་གཟིགས༔ ཞི་དྲག་ཐུགས་རྗེའི་སྒྱུ་འཕྲུལ་གར༔ གེ་སར་སྐྱེས་བུ་ཆེན་པོ་ཡི༔ སྒྲུབ་ཐབས་སྙིང་གི་ཏི་ཀ་ལ༔ སྨན་བཙུན་རྡོ་རྗེ་ཟུ་ལེ་མ༔ མི་མོར་བརྟེན་པ་ རཏྣའི་མིང་༔ རྟེན་འབྲེལ་སྟོབས་སུ་གྱུར་པ་དང་༔ དམ་ལྡན་ཆོས་བདག་སློབ་བུ་ནི༔ ནོར་བུ་པདྨའི་མིང་སྒྲ་ཡིས༔ བསྐུལ་བྱུང་དང་བསྟུན་སྐལ་ལྡན་གྱི༔ སྐྱེས་བུ་དམ་ཚིག་ཅན་ལ་སྤེལ༔ ས་ མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གེ་སར་སྐྱེས་བུ་རྡོ་རྗེ་ཚེ་རྒྱལ་གྱི་ཆོས་བཀའ་ཆ་ཤས་ཙམ་འདི་ཡང། དགེ་སློང་སྐལ་བཟང་ནོར་བུ་དང་། སྟོད་ཕྱོགས་ཀྱི་བྱ་བྲལ་བ་སློབ་བུ་རབ་རྒྱས་དང་། བླ་མ་རྡོ་རྗེ་དཔལ་ བཟང་ངམ་དབང་ཕྱུག་གིས་བསྐུལ་མ་མང་སྟབས་ཉམས་སྣང་གི་རྡོ་རྗེའི་ཚིག་རྐང་འགྲིབ་ཉེ་ནས་ཌཱཀྐིའི་རེག་བྱ་དང་། བསང་ཁྲུས་སོགས་བརྟེན་པའི་མཐུ་ལས་ཕྲན་བུའི་ལྷག་ཆད་ཚིག་ཟུར་ཉམས་པ་ ལས་གཞན་རང་བློའི་དྲི་མ་སྤངས་ཏེ་དུང་ཤོག་དཀར་པོར་བབ་པ་འདིས་ཀྱང་དམ་སྲི་གསར་སྐྱེས་རྒྱ་འདྲེ་འགོང་པོ་ཚ་ངར་ཆོག་ཅིང་ཆོས་མཐུན་གྱི་བསམ་རྒུ་ཡིད་བཞིན་ཏུ་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ། ། ༈ གཡང་སྒྱེ་དྲུབ་ལུགས་མེ་སྤྲེལ་ཟླ་༥ཚེས་༡༢ལ་ཕྲལ་དྲན། ཐ་གྲུ་མཉམ་པའི་གྲུ་བཞི་ལ། །བཞི་བསྟེབ་བྱས་པའི་གྲུ་བཞི་གཅིག །ནུ་མ་བརྒྱད་དེ་གྲུ་བཞི་གཅིག །འོག་གི་ནུ་མ་མཆེ་བ་ཡིན། །གྲུ་ 6-31-5b བཞི་གཉིས་ནི་གཡང་སྒྱེའི་ཁོག །ནུ་བརྒྱད་བཞི་ལིང་གྲུ་བཞིར་ལྟེབ། །དེ་ནས་གྲུབ་ལྟེབ་བྱས་ཏེ་བཅད། །དུམ་བུ་བརྒྱད་པོ་གྲུར་ལྟེབ་པའི། །ཆེ་ངོས་གྱེན་དུ་བསྟན་པ་ཡིས། །ནུ་མ་བརྒྱད་འབྱུང་འོག་གི་ནི། ། ནུ་ཆེན་ཆེ་ངོས་གྱེན་བསྟན་ནང་། །ཁ་ཡི་བར་དུ་ཡས་མར་སྦྱར། །ཁ་ནི་གྲུ་བཞིའི་ཕྱེད་དེ་ཕྱེད་གཤག་བྱ། །དེ་ལྟར་བྱས་ན་ཅུང་ཟད་ལྷག་པ་འབྱུང་། །ཡང་ན་ཕྱེད་དེའི་སྟེང་ན་སུམ་ཆ་བསྣན། །ནུ་མ་གཉིས་ དེ་འོག་ནུའི་དཀྱིལ་དྲངས་སྦྱར། །སྟེང་ཐུག་དམར་སེར་འཇའ་རིས་དང་། །འོག་གསུམ་ལྗང་མཐིང་འཇའ་རིས་མཛེས། །ཁ་བུག་ཚར་ལོས་བརྒྱན་པ་ཡི། །ངོ་མཚར་གཡང་གི་མཛོད་དུ་གྲུབ། །ལོགས་ དྲུག་རིན་ཆེན་ཟུར་དྲུག་ལ། །འབྱོར་དྲུག་རྒྱས་པའི་རྟེན་འབྲེལ་ཡོད། །རྩེ་གསུམ་ནོར་བུ་སུམ་ཚུགས་ལ། །སྲིད་གསུམ་གཡང་འདུས་རྟེན་འབྲེལ་ཡོད། །ཁ་ཁྱེར་དཔལ་བེའུ་ཟུར་དྲུག་ལ། །དགོས་འདོད་ འབྱུང་བའི་རྟེན་འབྲེལ་ཡོད། །ཐུར་དུ་སྤུབ་ན་བུམ་བཟང་ནི། །འབྲུ་ཡི་གདན་ལ་བཞག་པ་འདྲ། །ཚེ་བསོད་འཛད་མེད་རྟེན་འབྲེལ་ཡོད། །ཡང་ན་མ་སང་བུ་ཐོག་འདྲ། །འོག་གི་ནུ་མ་གསུམ་པོ་ མཆན། རིགས་རྒྱུད་ཚེ་འཕེལ་རྟེན༴ ཡང་འདོད་འཇོའི་བ་ནུ་འདྲ། །བཟའ་བཏུང་དཀར་འཕེལ་རྟེན༴ གྱེན་བསྟན་ནོར་བུ་འབར་བ་འདྲ། །གཡང་འཕེལ་ནོར་གྲུབ་རྟེན༴ ཡང་ན་འབྲས་ཀྱི་སྙེ་མ་འདྲ། ། 6-31-6a བང་མཛོད་འབྲུ་འཕེལ་རྟེན། ཡང་ན་དཔག་བསམ་ཤིང་ཆེན་འདྲ། །འཁོར་འབངས་གཉིས་རྒྱས་རྟེན༴ ཡང་ན་གསེར་སྙིང་སྤྲིན་ཆེན་འདྲ། །སྙན་གྲགས་རྙེད་འཕེལ་རྟེན་འབྲེལ་ ཡོད། །ཡང་ན་རི་རྒྱལ་རི་སྐོར་འདྲ། །ཆུས་སྲིད་བསྟན་དང་རྟེན༴ དེ་གསུམ་ཕྱྭ་གཡང་དཔལ་གསུམ་གྱིས། །རྟེན་འབྲེལ་ཐམས་ཅད་འདི་ལ་ཚང་། །རྟེན་འབྲེལ་གཡང་གི་མཛོད་ཆེན་པོ། །འཆང་བ་ ཙམ་གྱིས་གཡང་ཆགས་སོ། །ཁ་ཅིག་ཕྱྭ་གཡང་འབབ་པ་ཡིན། །ནུ་དགུ་ཕྱྭ་གཡང་འཁྱིལ་ས་ཡིན། །འདྲ་བ་ཆོས་ཀྱི་འབྱུང་གནས་འདྲ། །གདེངས་ཀ་ཆེ་བ་གྱེན་དུ་བསྟན། །ནམ་མཁའི་མཐའ་མཉམ་ཕྱྭ་ གཡང་འཁྱིལ། །རྩ་བ་ཕྲ་བ་ཐུར་དུ་ཟུག །དཔག་བསམ་རྩ་བ་བརྟན་ཞེས་བྱ། །འདོད་དགུ་འབྱུང་ཞིང་དོན་དགུ་འགྲུབ། །སྐྱེ་དགུ་བདེ་ཞིང་བསམ་དགུ་འབྱོར། །ལེགས་དགུ་ཚང་ཞིང་ཡོད་དགུ་འཕེལ། ། གཡང་དགུ་ཆགས་ཤིང་དཔལ་དགུ་བརྟན། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་རྒྱས། །ཞེས་སོ། །འདི་ཡང་མི་ཕམ་པས་སོ། །རས་ཁ་ལྔ་ཡིན་ན་ཁ་གང་ནུ་བརྒྱད། །ནུ་ཆེན་ཁ་གང་ཁ་ལ་གསུམ་སྟེ་ལྔའོ། ། ༈ རླུང་རྟ་སྙན་པའི་བ་དན་ནི། རྒྱུ་བཟང་རས་དང་ཟ་འོག་ལ། །ཆེ་ཆུང་ཅི་ཙམ་འཚམས་པ་ཡིས། །དབུས་སུ་སེར་པོ་རྐྱ་མི་རིས། །གེ་སར་རྒྱན་ཆས་རྫོགས་པར་བྲི། །ཕྲག་གཡས་ལྗང་ཀུ་ཁྱུང་ལྡིང་ 6-31-6b རིས། །ཕྱག་གཡོན་སྔོན་པོ་གཡུ་འབྲུག་རིས། །རྒྱབ་གྲྭར་དཀར་པོ་དུང་སེང་རིས། །མདུན་གྲྭར་དམར་པོ་མཚལ་སྟག་རིས། །སྤྱི་བོ་མདུན་འོག་རྒྱབ་ཕྱོགས་བཞིར། །རིམ་པར་དཀར་དམར་ལྗང་ཀུ་སྔོ། །དེ་ལ་ བ་དན་རེ་རེ་བྲི། །མདོར་ན་གྲྭ་བཞིར་ལྷ་བཞི་དང་། །ཕྱོགས་བཞི་བ་དན་རེ་རེས་བརྒྱན། །བྲི་གཞི་དཀར་དམར་སྔོ་ལྗང་བཞི། །གྲུ་བཞི་དྲས་ལ་ལེགས་པར་བཀོད། །ཕྱི་རིམ་ནང་གི་གྲུ་བཞི་རེའི། །བཞི་ཆའི་ སེར་པོའི་མུ་ཁྱུད་དང་། །ཕྱེད་ཆའི་ལྗང་ཁུའི་མུ་ཁྱུད་བཀོར། །མཐའ་མ་རྐུད་པ་དམར་པོས་འཁྱུད། །སྟེང་ནས་མས་རིམ་དཀར་སེར་དམར། །སྔོན་པོའི་དར་ལྕེ་བཞི་བཏགས་ལ། །གྱེན་དུ་བཞི་ཆ་འཕྲད་ལིང་ རྩེའི། །ཁྱོན་གཅིག་དང་ནི་ཕྱེད་བཅས་སུ། །རླུང་བསྐྱེད་སྔགས་བྲི་ལྗང་གུ་ཡི། །སྟེང་དུ་དུས་སང་སིདྡྷི་བྲི། གཡས་སུ་བྲི། གཡོན་དུ་པདྨ་གསེར་རྡོར་དང་། །དུང་དཀར་གཡས་སུ་འཁྱིལ་བ་བྲི། ། སྔོན་དུ་ཡེ་དྷར་འདོད་གསོལ་བྲི། །རྒྱབ་ཏུ་དཀར་པོ་སྦྲག་ཀྱང་རུང་། །རྒྱལ་མཚན་དཀར་པོའི་རྩེ་མོ་རུ། །ནོར་བུ་འབར་བའི་མདུང་ལ་སྒྲོན། །ཆོས་དབྱིངས་བདེ་བའི་ཐིག་ལེ་ལས། །སེང་ཆེན་ཕྲིན་ ལས་ཐོགས་མེད་རྩལ། །ལྷུན་གྲུབ་རང་རྩལ་བཞེངས་པར་བསམ། །མཁའ་ལ་ཕྱར་ཏེ་དེ་དག་ལ། །རླུང་རྟ་གཞན་ཡང་བཏགས་ལ་ནི། །རླུང་རྟ་བསྐྱེད་པའི་ཆོ་ག་བྱ། །བ་དན་རང་གི་རྟེན་དུ་བཅིངས། ། 6-31-7a ནམ་དགོས་མཁའ་ལ་སྒྲོན་ཏེ་བསང་༔ རླུང་རྟ་བཞིན་ནི་རི་མཐོར་ཕྱོར། །ལས་ང་རྟེན་འབྲེལ་རབ་དར་བའི༔ ཕུན་ཚོགས་གསང་བའི་ནོར་བུ་འདི༔ ཀུན་ལ་སྦྱིན་པར་ཕོངས་པས་ནི༔ གཞུང་དུ་ང་རྟའི་ལྷ་གཟུགས་དང་༔ དར་གྱི་བ་དན་ལྕེ་བཞི་བྱས༔ ཟུར་ཙམ་དག་ལས་སྨྲོས་པ་མེད༔ འདི་ནི་སེང་ཆེན་ནོར་བུ་ཡི༔ ཡང་གསང་ང་གི་ཏི་ལ་ཀ༔ གང་བསམ་བགྲོད་པ་རྡོ་རྗེས་རྟས༔ སྐུ་གསུམ་རྒྱལ་བའི་གླིང་དུ་ཁུར༔ ས་མ་ཡ༔ དྷ་ཐིམ༔ སླར་ཡང་རྟེན་འབྲེལ་རབ་ཏུ་དགེ་བའི་ལྕགས་རྟ་ཟླ་ཚེས་༡༩ལ་ཤོག་གུར་ཕབ་པ་བཀྲ་ཤིས་བཀའ་རྒྱ་དམ༔ མངྒ་ལྃ། ། 6-31-7b empty page 6-32-1a ཧྲཱིཿ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གིས། །ཐུགས་རྗེའི་སྐུ་སྤྲུལ་འཛམ་གླིང་སེང་ཆེན་རྗེ། །དགྲ་ལྷ་ཝེར་མ་དཔའ་རྟུལ་དང་སྨན་བཅས། །མོས་གུས་གདུང་ཤུགས་ དྲག་པོས་སྤྱན་འདྲེན་ན། །ཐུགས་རྗེ་རྩེར་དགོངས་ད་ལྟ་འདིར་གཤེགས་ལ། །སྙིགས་མ་ལྔ་ལྡན་དུས་ཀྱི་ཐ་མ་འདིར། །ཁྱེད་ལས་རེ་ས་སྐྱབས་གནས་གཞན་མེད་པར། །ཆོས་ལྡན་རིགས་ཀྱི་མྱུ་ གུ་བསྲུང་བའི་ཕྱིར། །མངོན་སུམ་བྱིན་རླབས་ཆེན་པོའི་བརྡ་རྟགས་བཅས། །སྐལ་ལྡན་འདི་ལ་ཐུགས་རྗེས་བྱིན་གྱིས་རློབས། །ལུས་ལ་དགྲ་བླ་ཝེར་མའི་དཔའ་མཁར་ཆོས། །སྒོ་གསུམ་རྡོ་རྗེ་ གསུམ་དུ་བྱིན་བརླབས་ནས། །བློ་གྲོས་སྤོབས་པ་མཐུ་སྟོབས་ནུས་པ་བསྐྱེད། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ། །སྔགས་བྱིན་འབེབས་ བཅས་བྱའོ། །འཇམ་དཔལ་རྡོ་རྗེས་སོ། ། 6-32-1b empty page 6-33-1a འཛམ་གླིང་དུང་ཟླ་དཀར་པོ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱི་ཕྲིན་ལས་རྡོ་རྗེའི་ང་ཤུགས་ཞེས་བྱ་བ་བཞུགས་སོ། །ཞལ་དཀར་འབུམ་པའི་ཕྲིན་ལས་རྡོ་རྗེའི་ང་ཤུགས་ཞེས་བྱ་བ། ཧཱུྃ་ཧཱུྃ། མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་ བའི་བདག་ཉིད་ནི། །གཉིས་མེད་ཡེ་ཤེས་སྐུ་མཆོག་པདྨ་སྐྱེས། །ཕྲིན་ལས་ཐོགས་མེད་དཔའ་བོའི་སྐུར་བཞེངས་པ། །སྐྱེས་མཆོག་རིག་འཛིན་ནོར་བུ་དགྲ་འདུལ་རྗེ། །སྙིང་དབུས་མི་ཤིག་ཐིག་ ལེར་ཞལ་བཀོད་པའི། །ཕྲིན་ལས་རང་སྣང་སྒྱུ་འཕྲུལ་དཔའ་བོའི་གར། །འཛམ་གླིང་དུང་གི་ཟླ་བ་འབུམ་པའི་ཞབས། །ཞལ་དཀར་དགྲ་འདུལ་རྒྱལ་པོ་དབྱིངས་ནས་བཞེངས། །ཁྱེད་ཐུགས་ནམ་མཁའ་ བཞིན་དུ་ཁྱབ་བརྡལ་ཡང་། །མི་བཟད་གདུག་པ་གཞོམས་པའི་ཕྲིན་ལས་ནི། །སྲིད་གསུམ་འཇོམས་པ་བསྐལ་པའི་མེ་ལྟར་འཁྲུགས། །འཕོ་མེད་དབྱིངས་ཀྱི་དཔའ་བརྟན་དགྲ་བླའི་རྒྱལ། །མི་ལྡོག་ གནམ་ལྕགས་ཐོག་གི་མདའ་ལྟ་བུ། །དགྲ་སྙིང་འབིག་ལ་ཐོགས་མེད་ལས་ཀྱི་མཐུ། །རྣོ་མྱུར་མི་བཟད་གཏུམ་པའི་ངང་ལ་བཞུགས། །དངོས་གྲུབ་འདོད་རྒུའི་གཏེར་ཆེན་ཁྱོད་ལ་བསྟོད། །ཚད་མེད་སྙིང་ རྗེས་ཞི་བ་བཅོམ་ལྡན་འདས། །མི་བཟད་བདུད་དཔུང་ཚར་གཅོད་ཁྲོ་བོའི་གར། །མཐར་བྱེད་གཤིན་རྗེའི་གཤེད་ཆེན་འབར་བའི་སྐུ། །ཁྱོད་ལ་མཆོད་དོ་བསྟོད་དོ་ཕྲིན་ལས་མཛོད། །མཚན་འཛིན་ 6-33-1b རྣམ་རྟོག་མཚན་མའི་ཆུ་རླབ་རྣམས། །རིག་དབྱིངས་སེང་ཆེན་རྒྱ་མཚོར་མ་ཐིམ་པར། །སྒྱུ་འཕྲུལ་རྣམ་པར་རོལ་པའི་དཔའ་བོ་ཁྱོད། །འབྲལ་བ་མེད་པར་རིག་པའི་དཔྱིད་དུ་བཞུགས། །རིག་ཁམས་སྤྲིན་གྱི་ སྙིང་པོར་དཔའ་བའི་གཟེར། །དར་ཆེན་གནམ་ལྕགས་འབར་བ་ཁྱེད་གཡོས་པས། །མི་ལྡོག་ཕས་རྒོལ་འཇོམས་ལ་ཐོགས་མེད་མདས། །དགྲ་སྙིང་རྔམས་པའི་ཟས་སུ་རོལ་པར་མཛོད། །གཞན་ཕྱོགས་ ནགས་ཚལ་སྐམ་པའི་ཚང་ཚིང་ལ། །མི་བཟད་འབར་བ་མཐར་བྱེད་མེས་བཏབ་པས། །གཞན་སྟོབས་གྲོགས་སུ་འགྱུར་བ་ཝེར་མའི་རྒྱལ། །དགྱེས་པའི་གད་རྒྱང་འབྲུག་སྟོང་ལྟར་སྒྲོགས་མཛོད། ། ལྷ་ཀླུ་མི་ཡི་ཆེ་རྒུའི་ཅོད་པན་ལ། །གཅིག་དུ་དབང་བའི་གོམས་སྟབས་རོལ་པ་ཡི། །ཟླ་མེད་སྙན་པའི་བ་དན་བཟུང་བྱས་ནས། །སྲིད་པ་གསུམ་པོ་བྲན་དུ་འཁོར་བར་མཛོད། །འདོད་རྒུའི་ཕྱྭ་ གཡང་དག་པའི་དངོས་ཚང་བ། །མི་འདའ་སེང་ཆེན་རྡོ་རྗེའི་གཏེར་བུམ་ལ། །བཅུད་དུ་བསྐྱིལ་བ་ཕན་དང་བདེ་བའི་མཛོད། །མ་ལུས་ཡོངས་རྫོགས་འདོད་པ་བཞིན་མཐོང་ཞིང་། །རྒྱལ་ བ་ཀུན་དངོས་རྡོ་རྗེ་ཐོད་ཕྲེང་གི། །ཐུགས་ཀློང་རྗེ་བློན་འབྲལ་མེད་བྱང་ཆུབ་མཛོད། །ཅེས་འདི་བློ་གྲོས་དྲི་མེད་ཀྱི། །རིག་ཁམས་དྭངས་པའི་མཚོ་ལ་ཤར། །དེ་འཕྲལ་ཆུ་མིག་ལུད་པ་བཞིན། །མ་བྲིས་དབང་མེད་ཤུགས་ 6-33-2a ཀྱིས་ཕྱུངས། །རྟེན་འབྲེལ་རྡོ་རྗེའི་ང་ཤུགས་ཀྱིས། །སྙིང་སྟོབས་དཔའ་བའི་བ་དན་གང་། །བསྐྱོད་པའི་གཞན་གྱིས་མི་བརྫི་བའི། །ཝེར་མ་མཆོག་ཏུ་འདི་ཟུངས་ཤིག །བདེན་རྫུན་ལག་ཏུ་ལོངས་ དང་ཤེས། །རྨི་ལམ་དངོས་ཀྱི་སྣང་ཆ་ལ། །དཔའ་བོའི་སྒྱུ་གར་བདག་ལ་འཆར། །དེ་ལ་ཉ་མོ་རྒྱ་མཚོར་བཞིན། །དགྲ་བླའི་སྐྱབས་སུ་ཚུད་པས་ན། །ཚེ་འདིར་གནས་རྙེད་དགོས་པ་ལས། །གྲོལ་ནས་འདོད་རྒུའི་འབྲས་མཐོང་ཞིང་། །རྣམ་གཉིས་ དངོས་གྲུབ་མྱུར་དུ་འགྲུབ། །ས་མ་ཡཱ༔ མངྒ་ལཾ། མི་ཕམ་འཇམ་དབྱངས་དགྱེས་པའི་ཞལ་གསུངས་མའོ། ། 6-33-2b empty page 6-34-1a སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས་ནི། ཧཱུྃ་ཧཱུྃ་ཧཱུྃ། རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་རྗེའི། །སྐུ་བསྲུང་ཕྱིར་དུ་མ་ཧཱ་ཀཱ་ལ་ནི། ། དཔའ་བོའི་སྐུར་བཞེངས་མཐུ་སྟོབས་ནུས་པའི་བདག །སྒ་བདེའི་ཆོས་སྐྱོང་ཆེན་པོ་བེར་ནག་ཅན། །སྨུག་ནག་ཁྲོ་ཚུལ་དྲག་སྔགས་དམོད་པ་སྒྲོགས། །ཞྭ་ ནག་ཕོད་ཀ་ལ་སོགས་སྔགས་ཆས་གསོལ། །ཕྱག་གཉིས་རྡོ་རྗེའི་སྒྱོགས་རྡོ་དགྲ་ལ་འཕེན། །དགྲ་བགེགས་དམ་སྲིའི་སྟེང་ན་རྔམ་སྟབས་འགྱིངས། ། ནུས་མཐུ་ཆེ་བས་སྲིད་གསུམ་འཕུར་ནས་ཟ། །སྟོབས་རྩལ་ཆེ་བས་རི་རབ་ཚོགས་པོར་འཕེན། །རྫུ་འཕྲུལ་ཆེ་བས་གནམ་ས་སྟེང་འོག་བསྒྱུར། །མྱུར་མགྱོགས་ ཆེ་བས་དགྲ་སྡེ་དྲན་པས་བརླག ། ཆོས་སྐྱོང་དྲེགས་པ་བྲན་དུ་བཀོལ་ཞིང་འགྱེད། །རིག་འཛིན་སྲུང་མ་བདུད་སྡེའི་གཤེད་ཆེན་པོར། །དབྱིངས་ནས་སྐུར་ བཞེངས་འདིར་གཤེགས་གདན་བཞུགས་དགོངས། །ཕྱི་ནང་གསང་བ་བདེ་ཆེན་མཆོད་སྤྲིན་གྱིས། །གསོལ་ལོ་མཆོད་དོ་མགོན་པོ་བེར་ནག་ཅན། །དམིགས་ 6-34-1b པའི་དགྲ་དང་དམ་སྲི་རྒྱལ་འགོང་ལ། །གནམ་ལྕགས་རྡོ་རྗེ་འབར་བའི་སྒྱོགས་རྡོ་རྒྱོབས། །ལུས་ངག་ཡིད་ཀྱི་མཐུ་སྟོབས་ནུས་པ་ཆོམ། །ཕྱེ་མར་ བརླག་ནས་རྗེས་ཤུལ་མེད་པར་མཛོད། །བྱད་ཕུར་རྦོད་གཏོང་གཏད་སེལ་ངག་མནན་དང་། །ནད་རིམས་དལ་ཡམས་འབྱུང་བཞིའི་འཇིགས་པ་ཟློག ། དགྲ་སྣ་རྐུན་སྣ་ཇག་སྣ་གྱོད་སྣ་དང་། །མི་ཁ་སྨྲ་ངན་ཚིག་གི་མཚོན་ཆ་ཟློག །ཆོས་སྐྱོང་ཁྲོ་བོའི་ཚོགས་རྗེ་འཁོར་དང་བཅས། །བདག་གི་དྭངས་མའི་ ཐིག་ལེར་རྟག་བཞུགས་ནས། །འཇིགས་མེད་དཔའ་སྤོབས་མཐུ་སྟོབས་ནུས་རྩལ་བསྐྱེད། །ཆེ་བཙན་ཤུགས་ཀྱིས་ཀུན་ལ་དབང་བསྒྱུར་ཞིང་། ། ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ས་ལུག་ཟླ་༦ཚེས་༢༢ལ་འཇམ་དཔལ་ནོར་བུས་གང་ཤར་བྲིས་པ་དགེ ། 6-35-1a གེ་སར་རྒྱལ་པོའི་གཡང་འབོད་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ། བཀྲ་ཤིས་ཕྱྭ་ཆ་གཡང་རྟེན་དང་། །ཡིད་འོང་མཆོད་པ་རྒྱ་ཆེར་བཤམས། །ལྷ་སྔགས་ཏིང་འཛིན་གཟི་བྱིན་བསྐྱེད། ། མདའ་དར་གཡབ་ཅིང་འདི་སྐད་བསྐུལ། ཧཱུྃ། སྣང་སྟོང་རོལ་པ་ཆེན་པོ་ལས། །ཤར་ཕྱོགས་རྨ་གཡང་ཆགས་པའི་ཡུལ། །བཀྲ་ཤིས་གངས་དཀར་རི་ཡི་སྤོ། །བདུད་རྩིའི་ སྤྲིན་བཟང་ཏ་ལ་ལ། །དབང་གི་གློག་དམར་ཁྱུགས་སེ་ཁྱུག །སྙན་གྲགས་གཡུ་འབྲུག་འུ་རུ་རུ། །བདེ་སྐྱིད་སྦྲང་ཆར་ཤ་ར་ར། །ཕྱྭ་གཡང་ན་བུན་ཐིབས་སེ་ཐིབ། ། འཇའ་ཟེར་མེ་ཏོག་ཐོ་ལོ་ལོ། །སྨན་སྤོས་དྲི་བཟང་དུངས་སེ་དུང་། །དེ་འདྲའི་མཐོང་བ་ཀུན་སྨོན་གླིང་། །ངོ་མཚར་ནོར་བུའི་ཕོ་བྲང་ན། །དཔའ་བོ་གླིང་གི་རྒྱལ་པོ་ནི། ། གཡང་འཕེལ་ཀུན་གྱི་གཡང་ཆེན་པོ། །བདེ་སྟོང་མཉམ་པའི་ཡེ་ཤེས་ཐུགས། །རིགས་གསུམ་པདྨའི་སྒྱུ་འཕྲུལ་གར། །མ་སངས་གཡང་གི་ནོར་བུ་བཞུགས། ། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཚུལ། །ཞལ་མཛེས་བཀྲག་སྣུམ་ཡ་ལ་ལ། །གསེར་འཁོར་ནོར་བུ་བསམ་འཕེལ་འཛིན། །དཔའ་བརྟུལ་དྭངས་སྨན་ཝེར་མ་དང་། ། 6-35-1b རྒྱབ་བརྟེན་རྨ་རྒྱལ་སྤོམ་ར་ནི། །རྨ་རིགས་སུམ་བརྒྱ་དྲུག་ཅུས་བསྐོར། །རྒྱལ་མཚན་བ་དན་ནམ་མཁར་ཕྱར། །དཔའ་བོ་གླིང་གི་སྐྱིད་བྲོ་ལ། །ངོ་མཚར་ཕྱྭ་དང་ གཡང་གི་དཔལ། །དེ་རིང་དམ་ལྡན་རྣལ་འབྱོར་པས། །མཆོད་པའི་ལས་ལ་སྤྱན་འདྲེན་ན། །ཐོགས་པ་མེད་པར་འདིར་གཤེགས་ལ། །མཆོད་དོ་བསྟོད་ དོ་ཐུགས་དམ་བསྐུལ། །བཀྲ་ཤིས་གཡང་གི་བྱིན་ཆེན་ཕོབ། །སྣོད་བཅུད་བདེ་དྲོད་གཟི་མདངས་སྤོར། །ཆོས་སྐྱོང་དམ་ཅན་དམ་ལ་གནས། །དགྲ་བླ་ ཝེར་མ་མཐུ་ཡང་ཆེ། །གནོད་སྦྱིན་གཏེར་བདག་ལས་ལ་དབང་། །དེ་རིང་བསྐུལ་ལོ་སྙིང་གི་ལྷ། །ཐོགས་མེད་དབང་གི་འོད་ཟེར་གྱིས། །སྟེང་འོག་ཕྱོགས་ མཚམས་གནས་པ་ཡི། །བཀྲ་ཤིས་བདེ་སྐྱིད་ཕྱྭ་དང་གཡང་། །སྟོབས་འབྱོར་ནུས་པ་ཚེ་བཀྲག་མདངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །ཟས་ གོས་དཔལ་ཡོན་མ་ལུས་པ། །འོད་ལྔའི་ཐིག་ལེའི་རྣམ་པ་རུ། །འདིར་ཁུག་འདིར་སྡུས་འདིར་སྟིམས་ལ། །ཕྱྭ་ཆ་གཡང་གི་རྫས་རྣམས་དང་། །རྣལ་འབྱོར་ 6-35-2a ལུས་ངག་ཡིད་གསུམ་ལ། །བྱང་ཆུབ་བར་དུ་མི་འབྲལ་བར། །ནོར་བུ་བུམ་བཟང་དཔག་བསམ་ཤིང་། །གསེར་གྱི་སྙིང་པོའི་སྤྲིན་ བཞིན་དུ། །དགོས་འདོད་ཆར་པ་རྟག་ཏུ་ཕོབ། །འདོད་རྒུའི་འབྱོར་པ་མཚོ་ལྟར་བསྐྱིལ། །སྟོབས་དཔལ་མཐུ་ནུས་གོང་དུ་འཕེལ། །རིགས་ཁམས་རྩ་རླུང་ ཉམས་པ་གསོས། །བཀྲ་ཤིས་ཕྱྭ་གཡང་གཟི་བྱིན་སྤོར། །རེ་འབྲས་ད་ལྟ་ཉིད་དུ་སྨོན། །སྲིད་ཞིའི་དྭངས་བཅུད་དབང་གྱུར་ནས། །འདོད་པ་ཆོས་ཀྱི་དབྱིངས་ སུ་ནི། །མཐར་ཕྱིན་ཡེ་ཤེས་སྐུ་རུ་སྨིན། །མཁའ་ཁྱབ་འགྲོ་ལ་ཕན་བདེའི་ཆར། །རྟག་ཁྱབ་ལྷུན་གྲུབ་འབེབས་པར་མཛོད། །ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷ་ ར་ཡ་དྷ་ར་ཡ་ནི་རུནྡྷ་ནི་རུནྡྷ། ཨུ་རྣྣ་མ་ཎི་ཡེ་སྭཱ་ཧཱ། ཨོཾ་ཁུ་ཡེ་ཁུ་ཡེ་ཕྱྭ་ཁུ་ཡེ། ཁུ་ཡེ་ཁུ་ཡེ་གཡང་ཁུ་ཡེ། ཧཱུ་ཡེ་ཧུ་ཡེ་མ་ཧཱ་ཤྲཱི་ཡེ་བི་ཛ་ཡ་འདུ། བདེ་ སྐྱིད་དཔལ་འབྱོར་ཐམས་ཅད་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བྱའོ། །མཐའ་བཞིའི་རྒྱལ་ཁམས་བྲན་བསྒྱུར་བའི། །སེང་ཆེན་ནོར་བུ་དགྲ་འདུལ་ཉིད། །རྟེན་འབྲེལ་དུས་དང་སྨོན་ལམ་གྱིས། ། 6-35-2b ཕན་བྱེད་ལྷ་ཡི་རྒྱལ་པོར་གྱུར། །དེ་ཕྱིར་ཕུན་ཚོགས་དཔལ་ཀུན་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །སྔོན་བྱོན་མཁས་གྲུབ་དུ་མ་ཡི། །ཐུགས་མཛོད་དཔལ་གྱི་བེའུ་ནས། །འདི་ཡི་གཡང་སྒྲུབ་ མ་ཎི་ཀ། གཞན་ལ་མི་སྣང་རྒྱས་བཏབ་ན། །རང་བཞིན་འདོད་རྒུ་འཇོ་ཞེས་གྲགས། །དེ་ཡི་རྟེན་འབྲེལ་གསང་བའི་གནད། །ཅུང་ཟད་བླ་མ་ཡི་དམ་གྱི། །བྱིན་རླབས་མཐུ་ཡིས་ཡིད་ཆེས་པས། །དེ་ཚེ་ དགེ་བའི་སེམས་ཀྱིས་བྲིས། །རབ་ཚེས་ཆུ་བྱ་ཟླ་༦ཚེས་༡༡ལ་རྫོང་གསར་བཀྲ་ཤིས་ལྷ་རྩེར་མི་ཕམ་པས་བྲིས་པའོ། །མངྒ་ལཾ། །ཀ་ཡ་ཨར་ཨ་སྨད། འདུ་སྨད་ཐི་ཕན། མངྒ་ལཾ། ། 6-36-1a པདྨ་མཁའ་འགྲོའི་རིགས་བྱེད་རྩལ་གྱི་བསང་མཆོད་པདྨའི་དྲ་བ་བཞུགས་སོ། །དྲི་བཟང་གི་ཤིང་དང་འོ་སྐམ་སྨན་སྣ་འབྲུ་སྣ་སོགས་གཙང་མ་མེར་བསྲེག་པ་ཆབ་ཀྱིས་བྲན་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ལྷ་རྫས་བསང་གི་དུད་སྤྲིན་ཟག་མེད་བདེ་བ་ཆེན་པོ་འདོད་ཡོན་རྣམ་པ་ཐམས་ཅད་པར་འཆར་བའི་ཀུན་ཏུ་བཟང་པོའི་མཆོད་པའི་ སྤྲིན་ཆེན་པོས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ཧྲཱིཿ རང་བཞིན་འོད་གསལ་དག་པའི་དབྱིངས་ཉིད་ ལས། །བདེ་ཆེན་རང་མདངས་ཡིད་འཕྲོག་ལྷ་མོའི་གཟུགས། །ཐབས་ཤེས་ཨུཏྤལ་མདའ་གཞུའི་ཕྱག་རྒྱ་ཅན། །རིགས་བྱེད་དབང་གི་ཊཱ་ཀི་འདིར་གཤེགས་ཤིག ། ས་གསུམ་བརྟན་པ་འཕྲོག་པའི་ཡིད་འོང་སྐུ། །རྡུལ་བྲལ་བདེ་པའི་ལང་ཚོ་མངོན་འབར་ཞིང་། །སྲིད་ཞིའི་དང་བཅུད་དབང་མེད་སྡུད་པ་ཡི། །དབང་མཛད་མཁའ་ འགྲོ་བྱེ་བ་འབུམ་དང་བཅས། །སྣང་སྟོང་སྐུའི་གར་སྟབས་ལམས་སེ་ལམ། །དགྱེས་བཞེད་གསུང་གི་སྒྲ་དབྱངས་སྒྲོགས་བཞིན་དུ། །མཆོད་པའི་མགྲོན་ 6-36-1b དུ་དགྱེས་པར་འདིར་གཤེགས་ལ། །རྗེས་ཆགས་ཐུགས་ཀྱིས་དགོངས་ཤིང་བརྩེ་བར་མཛོད། །གཙང་སྦྱར་བསང་གི་དུད་སྤྲིན་ཡིད་འོང་བ། །རབ་དཀར་ཆུ་ འཛིན་གཞོན་ནུའི་ཕུང་པོ་ལྟར། །ལྷ་ལམ་རབ་ཏུ་ཁྱབ་པའི་ཟེར་མ་ལས། །འདོད་ཡོན་རྒྱ་མཚོའི་རོལ་པ་ཟད་མི་ཤེས། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་ རྫས་རྟགས་བརྒྱད། །བུམ་བཟང་དཔག་བསམ་ཤིང་དང་ནོར་བུའི་གཏེར། །ལྷ་ཡི་སྐྱེད་ཚལ་བདུད་རྩིའི་ཆུ་བོ་སོགས། །ལྷ་མིའི་འབྱོར་པ་མ་ཚང་མེད་པ་ དང་། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་གང་མཆིས་པའི། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདལ་བ། །རེག་འཇམ་བདེ་མཆོག་འདོད་ཡོན་དྲུག་ ལྡན་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོར་འདུས། །སྣང་སྲིད་དབང་གི་ཕྱག་རྒྱར་སད་པ་ལས། །རྗེས་ཆགས་དགའ་བའི་གཏེར་ལྡན་ གཞོན་ནུའི་ཚོགས། །ཐབས་ཤེས་བདེ་སྟོང་རོལ་པའི་ཟློས་གར་གྱིས། །ཟག་མེད་བདེ་བ་སྤེལ་བའི་མཆོད་པ་འབུལ། །ཐམས་ཅད་མཉམ་ཉིད་འོད་གསལ་ 6-36-2a དག་པའི་དབྱིངས། །གདོད་ནས་བདེ་བ་ཆེན་པོའི་ངང་ཉིད་དུ། །བདག་དང་ལྷ་དང་ཆོས་ཀུན་དབྱེར་མེད་པའི། །རང་བྱུང་མཆོད་པ་ མཆོག་གིས་མཉེས་གྱུར་ཅིག །རྒྱལ་ཀུན་ཕྲིན་ལས་རིགས་བྱེད་དབང་མོ་ཡི། །ཞབས་པད་གཙུག་གིས་བརྟེན་པའི་རྣལ་འབྱོར་བདག །བྱང་ཆུབ་བར་ དུ་འབྲལ་མེད་རྗེས་བཟུང་ནས། །རྣམ་གཉིས་དངོས་གྲུབ་འདོད་དགུའི་གྲུ་ཆར་ཕོབ། །ཐབས་ཤེས་ཨུཏྤལ་མདའ་གཞུའི་སྲིད་གསུམ་གྱི། །ཡིད་སྣང་ བརྟན་པ་དབང་མེད་ཕྲོགས་མཛད་དེ། །མི་དང་མི་མིན་སྐྱེ་དགུའི་ཚོགས་ཆེན་པོ། །རྣལ་འབྱོར་མཐུན་པའི་བྲན་དུ་གནང་བར་མཛོད། །མ་དག་རླུང་སེམས་ གཡོ་བའི་ཆོ་འཕྲུལ་ཀུན། །བདེ་སྟོང་དྷུ་ཏིའི་དབྱིངས་སུ་དབང་བྱས་ནས། །འཕོ་མེད་བདེ་བ་ལྷན་སྐྱེས་ཊཱ་ཀཱི་ནིའི། །གོ་འཕང་ཚེ་འདིར་འགྲུབ་པར་མཛད་ དུ་གསོལ། །དཔལ་དང་འབྱོར་པ་སྙན་དང་གྲགས་པ་དང་། །མཐུ་དང་ནུས་པ་བདེ་དང་སྐྱིད་པའི་དཔལ། །ཡར་ངོའི་ཟླ་དང་དབྱར་གྱི་ཆུ་བོ་ལྟར། །འཕེལ་ 6-36-2b རྒྱས་བརྟན་པའི་ཕྲིན་ལས་མཛད་དུ་གསོལ། །མདོར་ན་ཡིད་ལ་གང་འདོད་དཔལ་ཐོབ་ཅིང་། །མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་དབང་གིས་ཕྱུག །བསྟན་ དང་འགྲོ་ལ་ཕན་པའི་མཐུ་ལྡན་པས། །རང་གཞན་དོན་གཉིས་འགྲུབ་བར་མཛད་དུ་གསོལ། །ཞེས་པའང་དགེ་སྦྱོང་ཚེ་རིག་འཛིན་པ་ཨ་ཚང་གིས་བསྐུལ་ངོར་སྨིན་ཟླའི་དམར་ཕྱོགས་ རྒྱལ་བ་གསུམ་པར་ཁྲ་འགུའི་རི་ཁྲོད་དུ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ། ། 6-37-1a ༄༅༅། །ས་ཆོག་དཔལ་གྱི་གཞི་འཛིན་བཞུགས། 6-37-1b ན་མོ་གུ་རུ་ཀྵི་ཏི་གརྦྷཱ་ཡ། གང་དུ་དཀྱིལ་འཁོར་སོགས་བྱ་བ་ལ་ཐོག་མར་ས་བརྟག་པ་བྱས་ནས་རུང་བར་མཐོང་ན། སྣང་བ་ཕྱོགས་དེར་དབང་བའི་མི་རྣམས་ལ་ཡོན་སོགས་བྱིན་ནས་ གནས་དེར་བསླང་དགོས་ཀྱང་རང་གིར་གྱུར་པའི་ས་ཕྱོགས་སུ་དེ་ལྟར་མི་དགོས་མོད་ཀྱི། སྔར་དུལ་བའི་ས་ཕྱོགས་ཡིན་ཡང་མི་སྣང་བ་སའི་བདག་པོ་མི་མ་ཡིན་པ་རྣམས་ལས་བསླང་བའི་ས་ཆོག་སོགས་ མཛད་སྲོལ་ཡོད་པ་བཞིན། ཐོག་མར་ལྷ་གང་ཡིན་གྱི་བདག་བསྐྱེད་སྔོན་དུ་བཏང་ནས་དཀྱིལ་འཁོར་གང་དུ་བྱ་བའི་ཕྱོགས་དེར་སོང་ལ། ལྷའི་ང་རྒྱལ་དང་ལྡན་པས་བདག་གིས་ཕྱོགས་འདིར་དཀྱིལ་འཁོར་ ཆེན་པོ་བཞེངས་པར་བྱའོ་སྙམ་དུ་བློས་ས་དེ་ཉིད་ཡོངས་སུ་བཟུང་བ་བྱས་ཏེ། ཕྱོགས་དེར་མན་ཌལ་གྱི་དབུས་སུ་དྲི་ཡི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་ཉེར་སྤྱོད་ཀྱི་མཆོད་པ་དང་། དཀར་ 6-37-2a གཏོར་དང་དམར་གཏོར་བཅས་བཤམས། མདུན་གྱི་མཎྜལ་ལ་བཀོད་པའི་མེ་ཏོག་གི་ཚོམ་བུའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་ པྃ་སེར་པོ་ལས་ས་ཡི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཆ་ལུགས་དང་རྒྱན་གྱིས་མཛེས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་བསྣམས་པའི་འཁོར་ དུ་དཀར་པོའི་ཕྱོགས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ཀྱིས་བསྐོར་བ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པ་དང་ཆབས་གཅིག་ རང་གི་ལག་གཡས་ས་གནོན་གྱི་ཕྱག་རྒྱ་ས་ལ་གཏད་པས། ས་ཡི་གཏིང་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པས་དངོས་སུ་གྱུར། མཆོད་པ་ 6-37-2b རྣམས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། ལྷ་རྫས་ལས་གྲུབ་པའི་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པར་བསམ་ལ། ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཞེས་པས་མཆོད་ ཡོན་དང་། དེ་བཞིན་དུ། པ་དྱཾ། པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏེ་ཤཔྟའི་བར་དུ་སྦྱར་ཏེ་མཆོད། དེ་ནས་དཀར་གཏོར་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པས། གཏོར་མ་འདོད་པའི་ཡོན་ ཏན་ལྔ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ས་ཡི་ལྷ་མོ་འཁོར་བཅས་ཀྱི་ལྗགས་ལས་འོད་ཟེར་བྱུང་བས་གཏོར་མའི་བཅུད་གསོལ་བས་དགྱེས་པར་བསམ། ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཨ་ཀཱ་རོ་ སོགས་ལན་གསུམ་གྱིས་ཕུལ་ལ། མཁྱེན་པར་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པ་ཡི་ནི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་ སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་མམ་གཅིག་བརྗོད་ཅིང་། བདག་ཅག་རྣམས་ཀྱིས་ས་ཕྱོགས་ འདིར། །ལྷ་ཆྒིམོའི་དཀྱིལ་འཁོར་ཆེན་པོ་འབྲི་བར་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་བ་དང་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད་པས་རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་ 6-37-3a གནང་བ་བྱིན་པར་བསམ། དེ་ནས་སའི་ལྷ་མོ་འཁོར་བཅས་རེ་ཤིག་གཤེགས་གསོལ་མི་བྱ་བར་དཔང་པོའི་ཚུལ་དུ་བཞག་ནས། ས་ཕྱོགས་དེར་གནས་ཤིང་རྒྱུ་བའི་འབྱུང་པོ་གདུག་པ་ཅན་ནག་པོའི་ཕྱོགས་སུ་གྱུར་པ་ གང་དག །དཀྱིལ་འཁོར་ལྟ་བ་ལ་མི་དབང་བའི་བགེགས་ཀྱི་ཚོགས་རྣམས་བསྐྲད་པ་ནི། དམར་གཏོར་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཟད་པ་མེད་པར་གྱུར་པར་དམིགས་ལ། ཨོཾ་བྷཱུ་མི་པ་ཏི་ས་ པ་རི་ཝ་ར་ན་མཿསརྦ་སོགས་ནས་ཁཾ་གྲྀཧྣ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ་ཞིང་བྱིན་ལ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་པ་གདོན་མི་ཟ། །ཞེས་བརྗོད་དེ་གཏོར་མ་ཕྱིར་དོར་ཞིང་། ཧཱུྃ་བཞི་པའི་སྔགས་ཀྱིས་རོལ་མོའི་སྒྲ་དང་བཅས་ཏེ་ཡུངས་ཀར་འཐོར་བས་ནག་པོའི་ཕྱོགས་ཀྱི་བགེགས་ ཐམས་ཅད་བསྐྲད་པར་བསམ། དེ་ནས་ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་མུཿཞེས་བརྗོད་པས། སའི་ལྷ་མོ་འཁོར་དང་བཅས་པ་ལ་ལས་སྒྲུབ་པའི་སྡོང་གྲོགས་བྱེད་པས་དགྱེས་བཞིན་ས་དེ་ཉིད་དུ་ཐིམ་པར་བསམ། སྐབས་འདིར་ས་ 6-37-3b དབང་དུ་བྱ་བའི་སླད་དུ་ཕུར་གདབ་བྱ་ན། སློབ་དཔོན་གྱི་ལག་གཡོན་པར་ཕུར་པ་ཐོགས་པ། གཡས་པས་རྡོ་རྗེ་ཐོ་བས་ས་ལ་གདབ་པའམ། གདབ་པའི་ཚུལ་བྱས་ལ། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡཱ་ཀོ་ཊཱ་ཡ་ཧཱུྃ་ཕཊ༔ ཞེས་ཕུར་པ་ བཏབ་པས་ས་དབང་དུ་བྱས་པར་བསམ། འདི་མ་བྱས་ཀྱང་ཆོག་གོ། དེ་ནས་ལྟོ་འཕྱེ་ཚུལ་བཞིན་བརྟག་ལ་ས་བརྐོས་ཏེ་ས་པྲ་བརྟག་པར་བྱ་ཞིང་། ས་ཡི་ཟུག་རྔུ་རྣམས་དབྱུང་ནས་སླར་འཐས་པར་བཅག་ལ་དེའི་དབུས་སུ་ཁུང་བུ་བརྐོས་ཏེ་རིན་པོ་ཆེ་ སོགས་ཀྱི་གཏེར་སྦ་ཞིང་ཁོད་བསྙམས་ལ། ཅུང་ཟད་ཤར་དང་བྱང་དུ་གཞོལ་བའི་དཀྱིལ་འཁོར་གྱི་གཞི་མེ་ལོང་གི་ངོས་ལྟར་དྭངས་བའི་སྐྱང་ནུར་བྱ། དེ་ནས་སྦྱིན་སྲེག་དང་སྔགས་དང་ཕྱག་རྒྱ་ལྡན་པའི་སྟངས་སྟབས་སྣ་ཚོགས་ཀྱིས་ས་སྦྱངས་ ཤིང་མཚོན་ཆ་ལྔས་བསྲུང་བར་བྱས་ལ། ལྷ་རྣམས་ཀྱི་འོད་ས་ལ་བསྟིམས་པས་ས་གཞི་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་པས་ཡོངས་སུ་བཟུང་བ་རྣམས་རྒྱས་པར་གཞན་ལས་ཤེས་པར་བྱ་ཞིང་། དེ་ཙམ་མི་དགོས་པའི་རིགས་ལ་ས་སྦྱང་བ་ མདོར་བསྡུས་པ་ནི། རང་གི་ལག་མཐིལ་གཡས་པར་ཡི་གེ་ཧཱུཾ་བསྒོམ་པ་ལས་འོད་འཕྲོས་པས་ས་ཡི་ཟུག་རྔུ་སོགས་ཉེས་སྐྱོན་ཐམས་ཅད་བསལ་བར་བསམ་ལ། ལག་པས་ས་གཞི་དེར་ཆག་ཆག་བྱ་བའམ། དེའི་ཚུལ་བྱས་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་པས་སྦྱང་། དེ་ནས་ས་གཞི་དེ་ནམ་མཁའི་རང་བཞིན་དུ་སྟོང་པར་དམིགས་ལ། ཨོཾ་བྷྲཱུ་ཁཾ་ཞེས་ཅི་རིགས་བརྗོད་དོ། །དེའི་ངང་ལས་ས་གཞི་ 6-37-4a རྡོ་རྗེའི་རང་བཞིན་ཅན་བྱུང་བའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ར་བ་དང་གུར་ལ་སོགས་པ་སྲུང་བའི་འཁོར་ལོས་ཡོངས་སུ་གཏམས་ཏེ་བར་ཆད་གང་ གིས་ཀྱང་མི་ཚུགས་པའི་རང་བཞིན་དུ་བསམ་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལྷའི་འོད་ཀྱིས་ས་ཕྱོགས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་མོས་པའང་སྤྲོ་ན་བྱའོ། ། དེ་ནས་དཀྱིལ་འཁོར་བཞེངས་པའི་སྟ་གོན་དུ། ཕུར་བུ་སྲད་བུ་ཚོན་ཕྱེ་བུམ་པ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། སློབ་དཔོན་ལ་དཀྱིལ་འཁོར་བཞེངས་པར་གསོལ་བ་བཏབ་པ་སྤྲོ་ན་བྱ། རང་ཉིད་ལྷའི་ང་རྒྱལ་ གྱིས་སྔགས་ཅུང་ཟད་བཟླས་ནས་ལག་པ་བཀྲུས་ལ་བ་ཡི་རྣམ་ལྔ་དང་དྲི་བཟང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་ལག་པ་གཡས་པས་གཡོན་སྐོར་གྱི་ཚུལ་དུ་བྱུགས་ལ་ལག་པ་མ་བཏེགས་པར་མེ་ཏོག་དོར་བས་སྐད་ཅིག་གིས་གཞལ་ཡས་ཁང་ སྲུང་བའི་འཁོར་ལོ་དང་བཅས་པར་བསྒོམ། དབུས་སུ་དྲིའི་ཐིག་ལེ་གྲུ་བཞིའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཞག་སྟེ་ལྷ་གང་ཡིན་གྱི་རྩ་སྔགས་བརྗོད་པས། སྐད་ཅིག་གིས་དཀྱིལ་འཁོར་གང་ཡིན་གྱི་ལྷ་ཐམས་ཅད་གསལ་ བཏབ་ལ་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག །དབང་བསྐུར་ཞིང་རིགས་བདག་གིས་དབུ་བརྒྱན་པར་བསམ་ནས། སོ་སོའི་རྩ་སྔགས་ལ། ཆུ་གཉིས་ཉེར་སྤྱོད་དང་བཅས་པའི་སྔགས་སྦྱར་ཏེ་མཆོད། བཛྲ་གཎྚེ་ 6-37-4b སོགས་ཀྱིས་རོལ་མོ་བྱ། ན་བཟའ་དང་གཏོར་མ་འབུལ་ཞིང་གསོལ་བ་གདབ་པའི་ཕྱིར། ལག་པ་གཡས་པས་རྡོ་རྗེ་དང་བཅས་པའི་བདུག་སྤོས་བཟུང་། གཡོན་དྲིལ་བུ་དཀྲོལ་ཞིང་། དཀྱིལ་འཁོར་གང་ཡིན་པ་དེའི་ལྷ་ཡི་གཙོ་ བོ་ལ་ཕྱག་འཚལ་བ་དང་། དེའི་དཀྱིལ་འཁོར་འབྲི་བའི་ཁ་བསྒྱུར་ཤེས་པར་བྱས་ལ། གསང་བ་སྤྱི་རྒྱུད་ལས་གསུངས་པའི་ཚིག་འདི་བརྗོད་པར་བྱ་སྟེ། འདི་ཞེས་རིགས་གསུམ་མགོན་པོ་བཅོམ་ལྡན་འདས་སོགས་ཁ་བསྒྱུར། བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ ལ་ཕྱག་འཚལ་བསྟོད། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། ། སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་ དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་ བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་ཆེན་པོའི་མིང་། །རིགས་གསུམ་མམ། 6-37-5a རྡོར་དབྱིངས་སམ། སང་ནི་འཇམ་དབྱངས་ཞེས་བྱ་བའི། དཀྱིལ་འཁོར་ཆེན་པོ་ཅི་ནུས་ཀྱིས། ཞེས་སོགས་ཁ་བསྒྱུར་བྱ། འདི་ཞེས་བྱ་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་ དང་སློབ་མར་བཅས་པ་ལ། །ཐུགས་ཀྱིས་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་ པས་ལྷའི་གནང་བ་བྱིན་པར་བསམ། དེ་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །སྐབས་འདིར་ལྷ་བུམ་དང་ལས་བུམ་སྟ་གོན་བྱ་ན། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་གྱི་ལྷ་དང་། ལས་བུམ་དུ་ལས་ལྷ་བདུད་རྩི་འཁྱིལ་ པ་སོགས་བསྐྱེད་ལ་སོ་སོའི་བཟླས་པ་བྱ་བ་སོགས་སྤྱི་ལྟར་བྱའོ། །དེ་བཞིན་སློབ་མ་སྟ་གོན་གྱི་ཆོ་ག་དག་ཀྱང་བྱ་ན་གཞན་ལས་ཤེས་པར་བྱའོ། །མཐར་མཆོད་ཅིང་བསྟོད་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་ བསྟིམ་པར་བྱ། དེ་ནས་རེ་ཤིག་དཀྱིལ་འཁོར་གྱི་རྫས་རྣམས་དར་སོགས་ཀྱིས་བཀབ་སྟེ་གཞག་ནས། སང་ནང་པར་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ཚོན་བཀྱེ་བ་མཚན་མ་འགོད་པ། རབ་ཏུ་གནས་ཤིང་སྦྱིན་སྲེག་གི་ མཐར་ཐུག་པའི་མཆོད་པ་རྣམས་ཅི་རིགས་བྱ་ཞིང་། དཀྱིལ་འཁོར་དེར་སྒྲུབ་ཅིང་མཆོད་པ་དང་། སློབ་མ་རྣམས་ལ་དབང་བསྐུར་བ་སོགས་ཀྱི་ལས་བྱ་བ་ཡིན་ནོ། །ས་ཆོག་བསྡུས་པར་ས་ལྷའི་གཏོར་མ་བཏང་ནས། བགེགས་ 6-37-5b བསྐྲད། ཧ་ན་ཧ་ན་ཀྲོ་དྷས་ཀུན་རྫོབ་ཏུ་སྦྱང་བ་དང་། སྭ་བྷཱ་བས་དོན་དམ་པར་སྦྱང་བ་ཙམ་གྱིས་ཆོག་པར་མཛད་དོ། །དེ་ཡང་ཕྱི་རྒྱུད་རྣམས་སུ་བ་བྱུང་དང་དྲི་བཟང་གི་ཆག་ཆག་གདབ་པ་དང་། བླ་མེད་ཀྱི་དཀྱིལ་འཁོར་རྣམས་ལ་བདུད་ རྩི་ལྔའི་ཆག་ཆག་གདབ་པ་སོགས་ཆོ་གའི་ཁྱད་པར་རྣམས་དང་། ས་ཆོག་ཀྱང་རྒྱས་བསྡུས་ཅི་རིགས་མཛད་པའི་ཕྱག་སྲོལ་སྣ་ཚོགས་ཡོད་ཀྱང་། འདི་ནི་བྱ་སྤྱོད་སོགས་དཀྱིལ་འཁོར་སྤྱི་ཡི་ས་ཆོག་སྙིང་པོ་བསྡུས་པ་སྟ་གོན་དང་བཅས་པ་ ཡིན་ནོ། །ཚུལ་འདི་རུ་དམ་རྫོགས་ཆེན་དུ། འདུས་མདོའི་ཡན་ལག་བྱ་སྤྱོད་དང་ཡོ་གའི་སྒྲུབ་མཆོད་གསར་འཛུགས་ཀྱི་དཀྱིལ་ཆོག་གི་ས་སློང་རང་རྐང་བ་ཡོད་ན་ལེགས་ཞེས། བྱ་སྤྱོད་རིགས་གསུམ་དཀྱིལ་འཁོར་སྒྲུབ་པའི་བྱང་འདྲེན་པ། དགེ་སྦྱོང་འགྱུར་མེད་རྒྱ་མཚོས་ནན་ཏན་བསྐུལ་ངོར་གསར་རྙིང་གི་བླ་མ་གོང་མ་དག་གི་ཕྱག་བཞེས་བཞིན་སྙིང་པོར་དྲིལ་ཏེ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཞེས་པས་རུ་དམ་རི་ཁྲོད་དུ་ཕྲལ་མར་བྲིས་པ་དགེ་ལེགས་འཕེལ། ། ༈ རྡོ་རྗེ་རྣམ་འཇོམས་ཀྱི་བུམ་ཁྲུས་བྱ་ཚུལ་དྲི་མེད་རབ་གསལ་བཞུགས་སོ། །ན་མ་ཙཎྚ་བཛྲ་པཱ་ཎ་ཡེ། རྣམ་འཇོམས་ཀྱི་བུམ་ཁྲུས་བྱ་བ་ལ། དང་པོར་བུམ་པ་བསྒྲུབ་པ་གཏེར་བདག་གླིང་པའི་བདུད་རྩིའི་ཆུ་རྒྱུན་བཞིན་ནམ་བསྡུ་ན་བདག་མདུན་སྐད་ ཅིག་གིས་གསལ་བའི་ཚུལ་གྱིས་བསྒྲུབ་ལ། དེའི་ཚེ་མདུན་གྱི་ལྷའི་སྔགས་ཕྲེང་གི་འོད་ཟེར་བསྒྲུབ་བྱ་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས་པའི་དམིགས་པས་སྔགས་རྒྱས་བསྡུས་ 6-37-6a ཉེར་གཅིག་གམ་བརྒྱ་རྩ་བཟླས། སྤྲོ་ན་ཞི་རྒྱས་ཀྱི་སྔགས་ཤམ་ཀྱང་གཞུང་ལྟར་སྦྱར། མཐར་བུམ་པའི་ལྷ་ལ་མཆོད་བསྟོད་དང་། འདས་མ་འདས་ཀྱི་གཏོར་འབུལ་བྱ་བའི་བར་སོང་ནས། དེ་ནས་གྲུབ་ན་ བསྒྲུབ་བྱ་དེ་དང་པོར་ཤུ་ཏི་དང་ཉེ་ཤིང་འདག་རྫས་སྦྱར་བའི་ཆུས་བཀྲུ། ཕྱི་ནང་གི་གཙང་སྦྲར་ལྡན་པས་གོས་གསར་གྱོན། ལྷ་དང་གསང་སྔགས་ལ་ཕྱག་འཚལ་ཏེ་མདུན་དུ་འཁོད་པ་ལ། ཐོག་མར་སྦྱང་བ་གསུམ་དང་ཁྲུས་གསོལ་བྱ་ན་ སྤྱི་ལྟར་བྱ། དངོས་གཞི་ཁྲུས་བྱ་བ་ནི། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུའི་ཚོགས་ ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སྤྱན་དྲངས་ལ། ཨོཾ་བཛྲ་བི་ད་ར་ཎ་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་ གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྤྱན་དྲངས་པའི་ལྷ་རྣམས་དང་བུམ་པའི་ལྷ་དབྱེར་མེད་པ་ནམ་མཁའ་ གང་བའི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བུ་ག་དང་བ་སྤུའི་ཁུང་བུ་རྣམས་ནས་དུད་ 6-37-6b ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས་ལུས་དུང་དཀར་པོའི་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་ངང་ཆིལ་གྱིས་གང་བར་མོས་ལ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་ རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ནད་གདོན་དྲི་མའི་ཚོགས་བཅས་ཀུན། །བཀྲུ་བར་བྱའོ་བྱང་ཞིང་དག་གྱུར་ཅིག །ཨོཾ་བཛྲ་སྟྭ་སོགས་ཡིག་བརྒྱ་བཟླ་ བཞིན་བུམ་པའི་ཆུས་ཁ་བཀྲུ་ཞིང་སྤྱི་གཙུག་ཏུ་བླུགས། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོངས་མཛད་པ། །གཏོང་བའི་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ ཁྲུས་བགྱིའོ། །ན་མཿཙནྜ་བཛྲ་ཀྲོ་དྷཱ་ཡ༴ སོགས་ཉེ་སྙིང་ཚར་གཅིག་གི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་སྔགས་གདགས་པས་བཀྲུ། དེ་བཞིན་དུ། འདི་ནི་ཚུལ་ཁྲིམས༴ འཆལ་ བའི༴ སྲུང་བ༴ ཁྲུས་ལེགས༴ སྔགས་དང་ཁྲུས་སྔགས། འདི་ནི་བཟོད་པའི༴ ཁོང་ཁྲོའི༴ བྱམས་པའི༴ ཁྲུས་ལེགས༴ སྔགས། འདི་ནི་བརྩོན་འགྲུས༴ ལེ་ལོའི༴ བརྩོན་པའི༴ ཁྲུས་ལེགས༴ སྔགས། འདི་ནི་བསམ་གཏན༴ རྣམ་གཡེངས༴ ཏིང་འཛིན༴ ཁྲུས་ལེགས༴ སྔགས། འདི་ནི་ཤེས་རབ༴ ཤེས་འཆལ༴ ཡེ་ཤེས༴ ཁྲུས་ལེགས༴ སྔགས། འདི་ནི་ 6-37-7a ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱས་ལ་གཟུངས་ཀྱི་མཐར་ཁྲུས་སྔགས། སརྦ་པཱ་པཾ་བྷྱཿཤནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣཾ་བྷྱཿཤནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བྱཱ་དྷི་བྷྱཿཤནྟིཾ༴ སོགས། སརྦ་ཨུ་པ་དྲ་བེ་བྷྱཿཤནྟིཾ༴ སརྦ་ཨ་ཀཱ་ལ་མྲྀ་དྱུ་བྷྱཿཤནྟིང༴ སརྦ་གྲ་ཧེ་བྷྱཿཤནྟིང༴ སརྦ་ཛྭ་རེ་བྷྱཿཤནྟིང༴ སརྦ་དུརྶ་སྣེ་བྷྱཿཤནྟིཾ༴ སརྦ་དུར་ནི་མི་ཏེ་བྷྱཿཤནྟིང༴ སརྦ་ཙིཏྟ་བྱཱ་ཀུ་ལེ་བྷྱཿཤནྟིང་ཀུ་རུ་སྭཱ་ཧཱ། ཞེས་དང་སྔགས་དེ་དག་བོད་སྐད་དུ་བྱས་ན་རིམ་པ་ལྟར། སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག །དེ་བཞིན་དུ། བགེགས་ ཐམས་ཅད༴ ནད་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པར་འཆི་བ་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་ པ་ཐམས་ཅད༴ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཞེས་པ་སྟེ་དེ་ལྟར་ཡང་ངག་ཏུ་བརྗོད་ཅིང་། གཞན་ཡང་གྲིབ་དང་མི་གཙང་བ་དང་བྱུར་དང་སྐལ་པ་ངན་པ་བཀྲ་མི་ཤིས་ པའི་དངོས་པོ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་པའི་དོན་བཞིན་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ལ་བུམ་པའི་ཆུས་སྤྱི་བོ་ནས་བླུགས་ཏེ་བཀྲུ། གལ་ཏེ་དངོས་སུ་བཀྲུར་མི་རུང་ན་མེ་ལོང་སོགས་ལ་ཤར་བའམ་གཟུགས་ 6-37-7b བརྙན་ལའང་བཀྲུར་རུང་བར་གསུངས། དེ་ལྟར་གཟུངས་ཚན་གསུམ་བསྒྲགས་པ་གསུམ་དང་བདུན་སོགས་དང་། སྙིང་པོ་དང་ཉེ་སྙིང་གི་མཐར་བཀྲུ་བའི་སྔགས་སྦྱར་ཏེ་དལ་ཁོམས་བསྟུན་ལ་བསྐྱར། མཐར་སྨེ་བརྩེགས་ཀྱི་སྔགས་དང་། ཨེ་ཧོ་ཤུདྡྷེ་ སོགས་འབྱུང་བ་ལྔའི་ཁྲུས་སྔགས་ཀྱང་སྦྱར་ན་ལེགས་པའི་ཕྱག་སྲོལ་མཛད་མ་སྦྱར་ཡང་ཆད་སྐྱོན་མེད། དེ་ནས་བྱབས་པ་ནི། ཁྲུས་ཆུ་ཅུང་ཟང་ཁར་འཛིན་བཅུག་ལ། བྱབས་པ་དང་མཉམ་དུ་ཕྱིར་འདོར་དུ་བཅུག་སྟེ། སློབ་དཔོན་གྱིས་ཀུ་ ཤ་དང་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་བྱབས་པའི་མོད་ལ་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བ་ཁྱེད་རང་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་མདུན་དུ་བྱབས་པར་གྱུར། ཁྲུས་གླུད་བྱེད་ན་མདུན་གྱི་ཁྲུས་གླུད་ལ་ཐིམ་པར་གྱུར་ཅེས་བརྗོད་ལ། ཀུ་ཤ་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པ་ལག་པ་གཡས་སུ་ཐོགས་པས་སྒྲུབ་བྱའི་ སྤྱི་བོ་ནས་རྐང་པའི་བར་དུ་བྱབས་ལ། གཟུངས་རིང་ཐུང་གང་རིགས་མཐར། སརྦ་པཱ་པཾ་ཞེས་སོགས་ལ། ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བཏགས་པ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག ནས། གཞན་ཡང་གྲིབ་ དང་སོགས། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་བྱང་བར་གྱུར་ཅིག་ཅེས་སྦྱར་ལ་ལན་གཅིག་གམ་གསུམ་སོགས་བསྐྱར། ནད་གདོན་སྡིག་སྒྲིབ་ཐམས་ཅད་སོང་བར་བསམ། སྤྲོ་ན། འདོད་ཆགས་ཞེ་སྡང་གཏི་མུག་ 6-37-8a གསུམ། །འདི་དག་འཇིག་རྟེན་དུག་གསུམ་ཏེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ཞེས་བརྗོད་ལ་བྱབས། སྭ་བྷཱ་ཝའི་སྔགས་ལན་ གཅིག་བརྗོད་ལ་བསྒྲུབ་བྱའི་ལུས་ཀྱིས་མཚོན་པའི་ཆོས་ཀུན་མི་དམིགས་པའི་རང་བཞིན་རྗེས་སུ་དྲན་པར་བྱའོ། །ཁྲུས་གླུད་གཏོང་ན་བྱིན་བརླབ་བསྔོ་བ་སོགས་ཀྱིས་འདིར་བཏང་། དེ་ནས་བསྲུང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་ འོད་ཟེར་འཕྲོས་པས་བསྒྲུབ་བྱའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་གོ་ཆས་གཏམས་སྟེ་ཅིས་ཀྱང་མི་ཤིགས་པར་གྱུར། ཅེས་བསམ་ལ། རྡོ་རྗེ་མགོ་བོ་དང་། མགྲིན་པ་སྙིང་ག་དཔུང་པ་ གཡས་གཡོན་རྣམས་སུ་བཞག་ལ། སྙིང་པོའམ་གཟུངས་རིང་གི་མཐར། སརྦ་པ་པཾ་བྷྱཿརཀྵ་རཀྵ་སཱ་ཧཱ། སོགས་དང་། སྡིག་སྒྲིབ་ཐམས་ཅད་ལས་སྲུངས་ཤིག སོགས་ནས། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ ལས་སྲུངས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ། རྡོ་རྗེའམ་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ལ། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་ བདག་གིས་སྲུང་ཟིན་གྱིས། །ཕྱིན་ཆད་སུས་ཀྱང་གནོད་པར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་སརྦ་བུདྡྷཱ་ཨ་དྷིཥྛ་ན་མ་ཙི་ཝརྟ་སྭཱ་ཧཱ། ཞེས་བརྗོད། དེ་ནས་བསྒྲུབ་བྱ་ལ་རང་གི་ལག་གི་རྡོ་རྗེ་ལ་འཛིན་དུ་ 6-37-8b བཅུག་ནས། ཞི་བ་དང་དགའ་བའི་སེམས་ཀྱིས་ལོངས་ཤིག །ཞེས་བརྗོད་ལ་དེས་ཀྱང་ནད་གདོན་ཐམས་ཅད་ལས་ཐར་བའི་བསམ་པས་ལངས་ནས་སླར་རང་བཀྲ་ཤིས་པའི་སྟན་ལ་འཁོད་པ་ལ། ཕན་ཡོན་བསྒྲགས་པ་ནི། དེ་ ལྟར་བགྱིས་པས་ཉི་ཟླ་གཟའ་ལས་གྲོལ་བ་བཞིན་དུ་ཁྱེད་རང་རྣམས་ནད་གདོན་སོགས་ལས་རྣམ་པར་ཐར་བའི་དབང་དུ་བྱས་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་པ་ནས། སྡིག་ པ་ཀུན་ལས་རྣམ་པར་ཐར། ཞེས་པའི་བར་བརྗོད་པས་སྤྲོ་བ་བསྐྱེད་ལ། དེས་ཀྱང་ཡིད་ཆེས་པའི་དད་པས་བཀའ་དྲིན་དྲན་པར་བྱའོ། །དེ་ནས་མཐའ་རྟེན་བཀྲ་ཤིས་པར་བྱ་བའི་སླད་དུ། བཀྲ་ཤིས་པའི་རྫས་བརྒྱད་ སྦྱིན་པའམ། བསྡུ་ན། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད་པའི་མཐར། སྐྱེས་བུ་འདི་དག་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག། ཛ་ཡ་ཛ་ཡ་སུ་ཛ་ཡནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་། མེ་ཏོག་གི་ཆར་དབབ་བོ། །སླར་བུམ་པའི་ལྷ་ལ་མཆོད་བསྟོད་དང་ནོངས་བཤགས་བྱས་ལ། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས་ནས་ལས་ཀྱི་ཁྲོ་བོའི་སྐུར་ལྡང་ལ། སྨོན་ལམ་ཤིས་བརྗོད་བྱ་ཞིང་ཡོ་བྱད་རྣམས་བསྡུའོ། །དེ་ལྟར་གཏེར་བདག་གླིང་པ་སོགས། །སྔ་འགྱུར་བརྒྱུད་པའི་ཕྱག་སྲོལ་ལ། །བཀྲུ་བྱབས་སྲུང་གསུམ་ཚང་བ་ཡི། །ཁྲུས་ཀྱི་ལག་ལེན་འདི་ལྟར་ལགས། །བླ་མ་རྣམས་ཀྱི་ཕྱག་ 6-37-9a སྲོལ་ལྟར་ཡི་གེར་དཀྱུས་གཅིག་ཏུ་མི་ཕམ་པས་ཞེ་ཆེན་དུ་བྲིས་པ་དགེ་ལེགས་འཕེལ་ལོ། ། ༈ ཀླུ་མཆོད་པའི་ཆོ་ག་བདེ་ལེགས་དཔལ་སྟེར་བཞུགས་སོ། །ན་མོ་པདྨཱ་ཀ་རཱ་ཡ། འདིར་ས་ལ་བརྟེན་པའི་མི་རྣམས་ནི་ས་དང་ཆུའི་བྱེད་ལས་ལ་གཙོ་བོར་བརྟེན་ནས་འཚོ་ཞིང་དེ་ཡི་བདག་པོ་ས་བདག་ཀླུ་གཉན་རྣམས་དང་འགྲས་པ་ཞི་ཞིང་བདེ་ལེགས་འབྱུང་བའི་སླད་དུ་ཀླུ་མཆོད་པར་འདོད་པས་དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། དཀར་མངར་འབྲས་ཟན་ལས་བྱས་པའི་དབུས་སུ་ཆུ་བདག་ཝ་རུ་ཎ། འདབ་མ་བརྒྱད་ལ་ཀླུ་ཕོ་མོ་བརྒྱད་ཀྱི་གཟུགས་སམ་མཚོན་བྱེད་གཏོར་ཟླུམ་རེ་བཀོད། ཕྱོགས་བཞིར་རིགས་བཞིའི་གཉན་དང་ས་བདག་བཀོད། བག་ཟན་གཙང་མ་དཀར་ གསུམ་མངར་གསུམ་གྱིས་སྦྲུས་པའི་གཏོར་མ་གྲངས་མང་། འོ་མ་དང་ཆུ་སྣ་ལ་སྦྱར་བའི་དཀར་གསུམ་མངར་གསུམ་གྱི་ཨརྒྷཾ། གཟུགས་འགྲོས་སྣ་ཚོགས། རིན་པོའི་ཆེའི་བུམ་པ་ཀླུ་སྨན་གྱིས་གང་བ། ཤིང་རྩི་བལ་ཚོན་དར་ཟབ། མེ་ཏོག་འབྲས་བུ་རིན་ཆེན་སྣ་ཚོགས། ཤེལ་ཚིག་གཟུགས་བགྲོས་སོགས་ཀླུ་ལ་འོས་པའི་མཆོད་པ་གཙང་མ་ཇི་འབྱོར་དང་། ཉེར་སྤྱོད་གཙང་མ་བཤམས། བསྡུ་ན་འོ་ཆབ་ཀླུ་སྨན་གཏོར་མ་ཙམ་ལ་བརྟེན་པར་རུང་ངོ་། །མཆོད་པ་རྣམས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་བཀོད་པས་མཛེས་པའི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ཀླུ་རྣམས་དགྱེས་པ་སྐྱེད་པའི་ 6-37-9b དམ་རྫས་བཟའ་བཏུང་འབྱོར་བ་ཡོ་བྱད་མཁོ་དགུ་མ་ཚང་བ་མེད་པ་ནམ་མཁའ་མཛོད་ཀྱི་རང་བཞིན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་སོགས་དང་། ཨ་ཀཱ་རོས་དེ་ལྟར་བྱིན་གྱིས་བརླབས། མདུན་དུ་རིན་པོ་ཆེའི་གཞལ་ཡས་ཁང་འདོད་དགུ་ཕུན་སུམ་ཚོགས་པའི་དབུས་སུ། པདྨ་འདབ་མ་བརྒྱད་ཀྱི་དབུས་ཀྱི་གེ་ སར་ལ། ཆུ་བདག་ཝ་རུ་ཎ་དཀར་པོ། འདབ་མ་བརྒྱད་ཀྱི་ཤར་དུ་མཐའ་ཡས་སྔོན་པོ། ལྷོར་ནོར་རྒྱས་སེར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུ་ནག་པོ། ཤར་ལྷོར་པདྨ་ དཀར་པོ། ལྷོ་ནུབ་ཏུ་པད་ཆེན་སེར་པོ། ནུབ་བྱང་དུ་དུང་སྐྱོང་དམར་སྐྱ། བྱང་ཤར་དུ་རིགས་ལྡན་ལྗང་ཀུ་སྟེ། དེ་ཐམས་ཅད་སྟོད་ལྷའི་ལུས་ཅན་ཞལ་གཅིག་ཕྱག་གཉིས་སྤྲུལ་མགོ་བདུན་གྱི་ གདེངས་ཀ་ཅན། སྐུ་སྨད་སྤྲུལ་མཇུག་ཏུ་འཁྱིལ་བ། ཕྱག་ཐལ་མོ་སྦྱར་བས་ནོར་བུ་འཛིན་པ། ལྷ་རྫས་དར་དང་རིན་པོ་ཆེས་རྒྱན་གྱིས་སྤྲས་ཤིང་རང་རང་གི་བཙུན་མོ་དང་སྲས་དང་འཁོར་གྱི་ ཚོགས་སུ་ལྡན་པར་བསྒོམ། པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིར་རིགས་བཞིའི་ས་བདག་ཀླུ་གཉན་ཐམས་ཅད་མདོག་དང་གཟུགས་སྣ་ཚོགས་པའི་ཚུལ་དུ་གནས་པ་དང་། གཞན་ཡང་ཡུལ་རིས་ 6-37-10a ས་ཕྱོགས་གང་ཡིན་གྱི་ཀླུ་དང་ས་བདག་ལ་སོགས་པ་མདོར་ན་སྲིད་པ་ཀླུའི་སྡེ་ཚོགས་ཐམས་ཅད་མ་ཚང་བ་མེད་པར་བསམ། རང་ཡི་དམ་མམ། དཔལ་སེང་གེ་སྒྲའམ་རྟ་མགྲིན་དང་ཕྱག་ རྡོར་གང་རུང་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སོ་སོའི་གནས་ནས་སྤྱན་དྲངས་ཏེ་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པར་བསམ་ལ་འདོད་རྒྱལ་གྱི་ཕྱག་རྒྱ་བཅིངས་ཏེ། ཀྱེ། གདེངས་ཀ་ནོར་བུ་ འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་རྩལ་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་པ་འདིར་གཤེགས་ཤིག ། ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛཿསྭཱ་ཧཱ། ཞེས་གསུམ་མམ་བདུན་བཟླས་པས་དངོས་སུ་བྱོན་པར་བསམ་ལ། པདྨ་ཀ་མ་ལ་ཡ་སཏྭཾ་གྱིས་གདན་ཕུལ་ཏེ། བདེ་བར་གཤེགས་པའི་ཞལ་མཐོང་བསྟན་པ་ སྲུང་། །མགོན་པོ་ཀླུ་ཡི་རྒྱལ་པོ་འཁོར་བཅས་རྣམས། །བདག་ལ་བརྩེ་བའི་སླད་དུ་འདིར་གཤེགས་ཏེ། །དགྱེས་པར་བཞུགས་ཤིང་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་ པ་རི་ཝཱ་ར་ཨརྒྷཾ་སོགས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་། ཀླུ་ཀུན་དུ་དགའ་བའི་ཕྱག་རྒྱ་བསྟན་པར་བྱ་སྟེ། གང་ཞེ་ན་རྒྱུད་ལས་གསུང་བ་ལྟར། གཡོན་པའི་སོར་མོ་དབུས་མ་གསུམ་ཁུ་ཚུར་བཅངས། མཐེ་བོང་ 6-37-10b དང་མཐེའུ་ཆུང་བརྐྱང་། གཡས་པའི་སོར་མོ་ལྔ་གདེངས་པར་བྱས་ལ་གཡོན་པའི་མཐེ་བོང་གི་རྒྱབ་ནས་བཞག་པ། ཀླུ་ཡི་ལུས་སྦྲུལ་གྱི་གདེངས་ག་ཅན་གྱི་རྣམ་པར་བྱས་པ་འདི་ཉིད་བཅང་ལ། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་ སྭཱ་ཧཱ། མཐར་སེ་གོལ་དང་བཅས་པ་ལན་གསུམ་དང་། ཨོཾ་བྷ་ཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། ལན་གསུམ་སོགས་ཀྱིས་གཏོར་མ་བསྔོ། དེ་ནས་དཀར་མངར་གྱི་ཨརྒྷཾ་བསྒྲེང་ནས་བྱང་ཆུབ་སེམས་ཀྱི་བདུད་རྩིས་ཀླུ་ཐམས་ ཅད་མཉེས་པར་བསམ་ལ། ཨོཾ་བ་སུ་ཀི་མཾ་སྭཱ་ཧཱ། བུམ་པའི་ཀླུ་སྨན་བསྒྲེང་ནས་ཡེ་ཤེས་ཀྱི་བདུད་རྩི་བདེ་བ་ཆེན་པོས་ཀླུ་ཡི་ནད་དང་གནོད་པ་ཐམས་ཅད་ཞི་སྟེ་བཀྲག་མདངས་དང་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ལ། ཨོཾ་ནཱ་ག་དེ་བ་སྭཱ་ཧཱ། ཅེས་ཅི་རིགས་འབུལ། མཆོད་པ་སྣ་ཚོགས་འབུལ་བ་ནི། ཨོཾ། ཀླུ་རྒྱལ་ཆུ་རྒྱུད་སྣ་ཚོགས་ནས་བཏུས་པའི་ཚིག་གོ། བདག་ཝ་རུ་ཎ། །མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་ དང་། །དུང་སྐྱོང་དང་ནི་རིགས་ལྡན་དང་། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་ མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་ 6-37-11a ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་ལ་སོགས་པ། །ཀླུ་ཆེན་འཁོར་དང་བཅས་པ་དང་། །ཆུ་ལྷ་ཀླུ་གཉན་ས་བདག་ལ། །མཐུན་པའི་དམ་ རྫས་ཡིད་འོང་བ། །དཀར་གསུམ་མངར་གསུམ་གསོ་བའི་སྨན། །རིན་ཆེན་དར་དང་ཟ་འོག་དང་། །དཔག་བསམ་ཤིང་དང་འདོད་འཇོའི་བ། །ཡིད་བཞིན་རིན་ཆེན་མཆོད་པའི་སྤྲིན། །སྣ་ཚོགས་ ཁྱེད་ལ་ཕུལ་བ་ཡིས། །ཐུགས་ཀྱི་དགྱེས་པ་སྐོང་གྱུར་ཅིག །ཀྱཻ། ཚུར་བྱོན་ཚུར་བྱོན་ཀླུ་ཚོགས་རྣམས། །ཁྱེད་ཀྱི་ཞལ་ཟས་ལོངས་སྤྱོད་དང་། །ནཱ་ག་གེ་སར་ནཱ་ག་པུས། །རྒྱ་མཚོའི་དབུ་བ་ཨུཏྤ་ལ། ། དབང་ལག་ཆུ་སྲིན་སྡེར་མོ་སོགས། །མཐུན་པའི་དམ་རྫས་སྣ་ཚོགས་དང་། །དངོས་བཤམས་ཡིད་སྤྲུལ་མཆོད་པ་རྣམས། །མགྲོན་གྱི་དམ་པར་ཁྱེད་དམིགས་ཏེ། །བདག་ཉིད་དད་པས་མཆོད་ལགས་ ཀྱིས། །བཞེས་ཤིག་རོལ་ཅིག་ཀླུ་ཡི་ཚོགས། །རྒྱན་གྱི་མཆོད་པ་འདི་བཞེས་ཤིག །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ནཱ་ག་རཱ་ཛ་ས་མ་ཡ་ཨ་མྲྀ་ཏ་སརྦ་ཁ་ཁ་ལེ་ལེ། ཞེས་མཆོད་ལ། འདུན་པའི་སྒོ་ནས་སྨོན་ལམ་གདབ་པ་ནི། ཧྲཱིཿ བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། གསར་རྩོམ། སྣ་ཚོགས་མཆོད་པའི་དམ་རྫས་ཡིད་འོང་བ། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱིས། །ནམ་ 6-37-11b མཁའི་དབྱིངས་ཀུན་རྒྱས་པར་བཀངས་ནས་སུ། །རྣམ་མང་གཟུགས་མངའ་ཀླུ་ཡི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡངས་བདུད་རྩིའི་ཆར་འབེབས་ཤིང་། །ཡེ་ཤེས་འོད་ཟེར་སྣང་བས་རབ་ཁྱབ་ནས། །ཡིད་བཞིན་ འདོད་དགུའི་ལོངས་སྤྱོད་འབྱུང་བར་ཤོག །དེ་ཡི་མོད་ལ་ཀླུ་རྣམས་ཞ་གྲུམ་དང་། །དབང་པོ་ཉམས་སོགས་ནད་དང་གནོད་པའི་ཕྱོགས། །ཀུན་ལས་ཐར་ཏེ་བདེ་དགའ་རྒྱ་མཚོ་དང་། །བྱང་ཆུབ་ སེམས་ལྡན་ཐེག་ཆེན་ཆོས་ཐོབ་ཤོག །དེ་ཡི་མཐུ་ལས་བདག་ཅག་ཡོན་མཆོད་རྣམས། །ཀླུ་ཡི་ནད་གདོན་གནོད་པ་ཀུན་ལས་གྲོལ། །ཀླུ་དང་འཁོན་འགྲས་འཁྲུག་པ་བྱང་གྱུར་ནས། །དཔལ་ལྡན་ ཀླུ་དབང་ཚོགས་ཀྱིས་སྐྱོང་གྱུར་ཅིག །རིན་ཆེན་ས་གཞིར་ཆུ་གཏེར་ཟབ་མོའི་འཇིངས། །སྣ་ཚོགས་ནོར་བུའི་ཕོ་བྲང་ཡིད་འོང་བར། །ལྷ་མོ་བརྟན་མ་ས་བདག་ཀླུ་ཆེན་ཚོགས། །དགྱེས་པའི་སྐུ་ མཆོག་མཐོང་ན་རབ་དགའ་བ། །ཡིད་བཞིན་ནོར་བུ་མཆོག་ཏུ་འོད་འབར་བའི། །དཔལ་དང་གཟི་བརྗིད་ཕྱྭ་དང་གཡང་གི་བཅུད། །བདག་དང་སྦྱིན་བདག་རྣམས་ལ་ཞུགས་གྱུར་ནས། །དཔལ་ དང་སྐལ་བཟང་མཆོག་ཏུ་སྤེལ་བར་མཛོད། །དེ་ནས་བསྟོད་པ་ནི། ཧཱུྃ། ཆུ་བདག་ཆེན་པོ་སྤྲུལ་པའི་དམ་ཚིག་ཅན། །མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །རྒྱ་མཚོ་ཆུ་གཏེར་ 6-37-12a ཟབ་པའི་འཇིངས་ཆེན་གནས། །རིན་ཆེན་སྣ་ཚོགས་ཡིད་འོང་སྤྲས་པ་ཡི། །གཞལ་ཡས་འབྱོར་པ་ཕུན་ཚོགས་གནས་ན་བཞུགས། །སྦྲུལ་མགོའི་གདེངས་ཀ་རབ་འབར་ རིན་ཆེན་གསལ། །ཡིད་འོང་ནོར་བུ་འདོད་པ་ཀུན་གྲུབ་པ། །རང་གཞན་ཕུན་ཚོགས་དོན་རྣམས་སྟེར་བའི་དཔལ། །འོད་འབར་ས་འོག་མུན་པ་མ་ལུས་སེལ། །དུ་མའི་བསྐལ་པར་ཡོན་ཏན་སྦྱང་ བ་ཡིས། །ཀླུ་རྒྱལ་འབྱོར་པ་མཆོག་ལ་མངའ་བརྙེས་པ། །བསམ་གྱིས་མི་ཁྱབ་རྫུ་འཕྲུལ་མཆོག་བརྙེས་པའི། །ཡོན་ཏན་བསམ་གྱིས་མི་ཁྱབ་ཁྱོད་ལ་བསྟོད། །སངས་རྒྱས་བཀའ་ཐོབ་དད་ པའི་སྟོབས་འཕེལ་བ། །སངས་རྒྱས་སར་གནས་སྒྲུབ་ལ་ནན་ཏན་བྱེད། །ཐབས་དང་ཤེས་རབ་འབྲེལ་བས་གཞན་དོན་མཛད། །བདག་གཞན་དོན་སྒྲུབ་ཁྱོད་ལ་ཕྱག་འཚལ་བསྟོད། །བདེ་ གཤེགས་སྤྱན་སྔར་ཁས་བླངས་དམ་བཅས་ཏེ། །བསྟན་པ་སྲུང་ཞིང་འགྲོ་རྣམས་བསྐྱང་བའི་ཕྱིར། །ཁས་བླངས་མནའ་ཕུལ་དམ་བཅས་དྲན་གྱིས་ལ། །ཕྲིན་ལས་དོན་གྱིས་བདག་གཞན་དོན་སྒྲུབ་ མཛོད། །ཅེས་ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་ལས་གསུངས་པ་འདིས་བསྟོད་པར་བྱའོ། །དེ་ནས་འདོད་དོན་གསོལ་བ་ནི། ཨོཾ། དཔལ་ལྡན་ཀླུ་ཡི་དབང་པོ་འཁོར་བཅས་ཀྱིས། །རྣལ་འབྱོར་བདག་ཅག་ལྟོས་ 6-37-12b པར་བཅས་པ་ལ། །རྟག་ཏུ་ལྷ་དང་དཔལ་དང་མགོན་མཛད་དེ། །གདུག་པ་ཀླུ་ཡི་ནད་དང་གནོད་པ་སོགས། །མི་འདོད་ཉེར་འཚེ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་ བ་དང་། །ཁྱད་པར་ཀླུ་གཡང་དངོས་གྲུབ་རྒྱ་ཆེན་པོས། །ཡིད་ཀྱི་རེ་བ་ཡོངས་སུ་སྐོང་བར་མཛོད། །ཅེས་དང་། སྒྲོལ་མ་ཀུ་རུ་ཀུལླེའི་རྒྱུད་ལས་གསུངས་པ། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཐོག་ ཕུན་སུམ་ཚོགས་པར་ཤོག །འཇིག་རྟེན་མཐའ་དག་སྐྱིད་པ་དང་། །རྒྱལ་པོ་ཆོས་དང་ལྡན་གྱུར་ཅིག །ཞེས་སོགས་སྨོན་ལམ་བཏབ། དེ་ནས། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཅེས་པས་དཀར་ ཕྱོགས་ཀྱི་ཀླུའི་རྒྱལ་པོ་འཁོར་བཅས་རང་གནས་སུ་གཤེགས། མཁའ་ལྡིང་གི་རྒྱས། ཨོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་པོའི་ཀླུ་རྣམས་བསྐྲད་དེ་མཚམས་བཅད་ལ་བཀྲ་ཤིས་སོགས་བརྗོད་པར་བྱའོ། །འདི་ནི་དོན་ཆེ་སྟེ་འཛམ་ བུ་གླིང་པ་རྣམས་ཀྱི་འབྱོར་པ་ཀླུ་ལ་རག་ལས་པའི་ཕྱིར་ཟས་ནོར་དཔལ་འབྱོར་འཕེལ་བ་དང་། ནད་ཞི་བ་དང་། བདེ་བ་ཕུན་སུམ་ཚོགས་པ་འཐོབ་པའི་ཕྱིར་རོ། །སྐབས་འདིར་ཀླུའི་ནད་གདོན་ཞི་བའི་ཆེད་ཡིན་ན། གོང་གི་བསྟོད་པའི་ རྗེས་སུ། ཀླུ་རྒྱལ་འཁོར་དང་བཅས་པ་ཡིས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས་རྒྱུ་སྦྱོར་ཡོན་བདག་ཀླུ་ཡི་ནད་དང་གནོད་པ་ལས། །མྱུར་བ་ཉིད་དུ་ 6-37-13a གྲོལ་ནས་ཀྱང་། །ཞིང་དང་བཀྲ་ཤིས་བདེ་ལེགས་མཛོད། །ཞེས་སྦྱར་ལ། རང་དང་ཀླུ་རྣམས་ཀྱི་སྟེང་གི་ནམ་མཁར་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་སོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་དང་། འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་དང་། ས་ཡི་སྙིང་པོ་དང་། རི་ཡི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་སོགས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དཔང་པོའི་ཚུལ་དུ་ དམིགས་ལ་དེ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བས་སངས་རྒྱས་བྱང་སེམས་དེ་དག་གི་སྐུ་ཡི་འོད་ཟེར་དམིགས་བྱ་དང་ཀླུ་རྣམས་ལ་ཕོག་པས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་འཁོན་འགྲས་འཁྲུགས་པ་ཅི་བྱུང་བ་ཐམས་ཅད་ སོར་ཆུད་དེ་ཀླུ་ཐམས་ཅད་བདེ་བའི་དཔལ་ཚད་མེད་པ་དང་ལྡན་པར་བསམ་ལ། ཀླུའི་དཔང་སྐོང་སོགས་བཤགས་པའི་རིགས་དང་ཀླུ་བདེ་བ་སྦྱིན་པའི་གཟུངས་སོགས་ཅི་ནུས་བཟླས་པས་ཀླུ་དང་འགྲས་ནས་གནོད་ཚབས་ཇི་ལྟར་ཆེ་ཡང་སོར་ཆུད་ཅིང་ཞི་བ་དང་ བདེ་ལེགས་སུ་འགྱུར་ཏེ་མཐར་ཀླུ་གཤེགས་གསོལ་བྱའོ། །སྐབས་འདིར་ཀླུའི་བྱད་དང་གདོན་ཁྲོལ་བྱེད་པར་འདོད་ན། གོང་ལྟར་མཆོད་ཅིང་བསྟོད་པའི་རྗེས་སུ། ཀླུ་རྒྱལ་འཁོར་དང་བཅས་པ་ཡིས། །མཆོད་སྦྱིན་ བཟང་པོ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །བྱད་དང་གདོན་ལས་གྲོལ་བར་གྱིས། །ཀླུ་ཡི་ནད་རྣམས་ 6-37-13b མེད་པར་མཛོད། །ཕྱིས་ཀྱང་མི་བྱེད་དམ་ཆོས་ལ། །སོ་སོའི་གནས་སུ་འགྲོ་བར་གྱིས། །འདི་ནི་རྡོ་རྗེ་འཆང་གི་བཀའ། །འདི་ལས་འདས་ན་ཀླུ་རྒྱལ་རྣམས། །སྙིང་འཚིག་མགོ་བོ་འགས་ འགྱུར་ཏེ། །ལུས་ལ་བསྐལ་པའི་མེ་འབར་ནས། །སྡུག་བསྔལ་འགྱུར་ན་མ་ལེགས་པས། །དམ་ལས་འདའ་བར་མ་བྱེད་ཅིག །ནཱ་ག་རཱ་ཛ་ས་མ་ཡ་ཨ་བྷེ་ཥིཉྩ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་བཛྲ་པཱ་ཎི་ཧཱུྃ་ ཕཊཿ ཀླུ་རྣམས་དམ་ཚིག་སྒྲུབ་པ་པོས། །དེ་བཞིན་བྱས་ན་ཀླུ་ནད་རྣམས། །སྐད་ཅིག་ཉིད་ལ་འབྱང་འགྱུར་ཏེ། །སྒྲུབ་པོ་བདེ་བར་འགྱུར་བ་ཡིན། །དེ་བས་འདི་ལ་བརྩོན་པར་གྱིས། །ཞེས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་ པའི་རྒྱུད་ཀྱི་རྒྱལ་པོ་ལས་གསུང་བའི་དོན་ཏོ། །དེ་ནས་ཀླུ་རྣམས་ཀྱི་གཟུགས་དང་སྦྲེལ་བའི་སྐུད་པ་སྔོ་དམར་གྱིས་བསྒྲུབ་བྱའི་ལུས་དང་སྲིན་ལག་ལ་བཅིངས་ཏེ་བཞག་རྨ་བྱའི་སྒྲོ་ཆུན་དང་སྨྱག་ཤད་ལྕུག་མའི་ཕོན་པོ་དང་བཅས་པའི་བྱབས་ རྫས་དང་། བཅུད་ལྡན་གྱི་བུམ་པར་ལྷ་བསྐྱེད་བཟླས་བྱས་པ་ཡང་བཤམས། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་གདུག་པ་ཀླུའི་གདོན་དང་བྱད་མ་ལུས་པ་དཀྲོལ་བར་བསམ་ལ། རྩ་སྔགས་ ལ། ཧཱུྃ་ནཱ་ག་རཱ་ཛ་ས་མ་ཡ་ཛ་ཛཿ ཤིག་ཤིག་ཁྲོལ་ཁྲོལ་ཆོད་ཆོད་བྱད་ཁྲོལཿ ཞེས་བརྒྱ་རྩ་ལ་སོགས་པ་ཅི་ནུས་པར་བཟླས་ལ། དེ་ནས་བདག་མདུན་ལྷའི་འོད་ཟེར་ཡེ་ཤེས་ཀྱི་བདུད་རྩིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ 6-37-14a བཀྲུས་པར་བསམ་ནས་བུམ་པའི་ཆུས་ཁྲུས་བྱ་ཞིང་རྣམ་འཇོམས་སོགས་སྔགས་བཟླའོ། །དེ་ནས་བྱབས་རྫས་རྨ་བྱའི་སྒྲོ་ཆུན་སོགས་ཀྱིས་བྱབས་པས་ཀླུ་ཡི་དུག་དང་གདོན་ཐམས་ཅད་ནག་ཉིལ་གྱིས་བསྡུས་ཏེ་བ་སྤུའི་ བུ་ག་དང་ལུས་ཀྱི་སྒོ་རྣམས་ནས་ཐོན་པར་བསམ། གླུད་བྱེད་ན་དེ་ལ་བསྟིམ། ཡི་དམ་གང་ཡིན་གྱི་རྩ་སྔགས་དང་། ཧྲཱིཿནཱ་སེངྒེ་སྒྲའི་གཟུངས་ལས་གསུངས་སོ། །ག་ལེ་ལེ། ནཱ་ག་དུཾ་པ་ལེ་ལེ། ནཱ་ག་ཕུ་ཏ་ཕུ་ཏ། ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལ། སྥུ་ཊ་སྥུ་ཊ། ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ། ཀླུ་དང་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། བཅིངས་པའི་དུག་དང་། ཁ་རླངས་ཀྱི་དུག་དང་། རེག་པའི་དུག་དང་། དུག་ཐམས་ཅད་ཕྱིར་ཕུད་ཅིག་སྭཱ་ཧཱ། དུག་འདིར་མ་འདུག་ཅིག །སྦྱིན་པར་བྱེད་པའི་གན་དུ་སོང་ཤིག །འཛིན་པའི་གན་དུ་སོངས་ཤིག །མེའི་ནང་དུ་སོངས་ཤིག ། ཆུའི་ནང་དུ་སོངས་ཤིག །ཞི་བར་གྱུར་ཅིག་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་བཟླས་ལ་བྱབས། དེ་ནས་ལྷའི་ང་རྒྱལ་གྱིས་རལ་གྲི་ཐོགས་ཏེ། རྩ་སྔགས་དང་། ནཱ་ག་རཱ་ཛ་བྱད་ཆོད་ཁྲོལ༔ ཞེས་བྱས་ལ་ཚོན་སྐུད་རྣམས་དུམ་བུར་ བཅད་དེ། ཀླུ་གཟུགས་རྣམས་ཀྱི་རྩར་བཞག་ལ་གཤེགས་གསོལ་བྱ་བའམ། གླུད་བྱེད་ན་དེའི་རྩར་བཞག་ལ་གླུད་བྱིན་གྱིས་བརླབ་ཤིང་སམྦྷ་ར་དང་མཚན་བཞིའི་གླུད་བདག་རྣམས་ལ་བསྔོ་ཞིང་ཁྱེར་ཅིག་སོགས་ཚིགས་བཅད་བརྗོད། དེ་ནས་ 6-37-14b ཀླུ་གཟུགས་དང་གླུད་རྣམས་ལྷན་ཅིག་གནོད་པའི་ཕྱོགས་སུ་གཤེགས་པར་བྱའོ། །ཡང་ན་བྱད་ཐག་ཚོན་སྐུད་དུམ་བུ་དེ་རྣམས་སེང་ལྡེང་དང་རྒྱ་ཤུག་གི་མེ་སྦར་བའི་དབུས་སུ་བསྲེགས་ནས། ཡེ་ཤེས་ཀྱིས་མེས་བསྲེགས་པར་བསམ་ལ། རྩ་སྔགས་དང་། ཀླུའི་གདོན་དང་དུག་དང་བྱད་ཐམས་ཅད་ཨགྣི་ཡེ་ཛྭ་ལ་རཾ། ཞེས་བྱས་ལ་མི་དམིགས་པར་བསམ། ཀླུ་གཟུགས་རྣམས་ཀླུ་གནས་སར་གཤེགས་པས་ཀླུའི་གདོན་ལས་གྲོལ་བར་འགྱུར་རོ། །འདི་ནི་ ཤིན་ཏུ་གལ་ཆེ་སྟེ་དུས་སྙིགས་མར་ཀླུ་དང་འགྲས་ནས་དེས་གནོད་པ་མང་བ་དང་། གཞན་གྱིས་གཏད་མནན་བྱས་པའམ། རང་དང་སྔོན་ལས་དང་འཕྲལ་རྐྱེན་གྱིས་ཀླུ་དང་འགྲས་ནས་ཀླུས་གནོད་པ་བྱུང་ན་ནད་དེ་དག་ཡུན་རིང་པོར་ཡང་ཐབས་ གཞན་གྱིས་འཚོ་དཀའ་བ་ལ། ཚུལ་འདིས་བདེ་རླག་ཏུ་ཞི་ཞིང་གསོ་ནུས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་ས་འོག་གི་རྒྱུད་ལས། ཀླུ་དང་གནོད་སྦྱིན་ས་བདག་གི་ནད་མཛེ་སོགས་གསོ་བར་ཞུས་པའི་ལན་དུ་བཀའ་སྩལ་བ། མདོ་སྡེས་ནི་ ལས་ཀྱི་རྣམ་པར་སྨིན་པ་མི་བཟློག་ལ་སྔགས་ཀྱིས་བཟློག་པས་ཁྱད་པར་དུ་འཕགས་སོ། །དེ་ལ་ཀླུ་ཞེས་པ་ཉོན་མོངས་པ་གཏི་མུག་ཤས་ཆེ་བས་ཆགས་པ་དང་ཞེ་སྡང་ཡང་ཆེ་སྟེ། གཏི་མུག་གི་དབང་གིས་གཉིད་ཆེ་བ་དང་། ཞེ་སྡང་གི་དབང་ གིས་སྐྱེ་བ་བདུན་དུ་མི་གཏོང་བ་དང་། ཆགས་པའི་དབང་གིས་ཆགས་པ་ལ་གནས་པའི་ལུས་ལ་ཞུགས་ནས་མི་གཏོང་བའོ། །ཀླུ་གདོལ་པ་ཅན་གྱིས་མཐོང་བ་ཙམ་གྱིས་ནད་བསྐྱེད་དོ། །རིགས་གསུམ་ནི་རེག་པ་ཙམ་གྱིས་ནད་བསྐྱེད་དོ། ། 6-37-15a ཀླུ་བྲན་རྣམས་ནི་སྟེང་སྒོ་གསུམ་ནས་ཞུགས་ནས་ལུས་ཀྱི་བཅུད་ཟ་བར་བྱེད་དོ། །ཞེས་གསུངས་ཤིང་དེ་ལྟ་བུའི་ནད་གསོ་བའི་ཐབས་འདི་ནི་གསང་སྔགས་ཀྱི་རྒྱུད་དང་གུ་རུ་པདྨའི་མན་ངག་ཡང་དག་པའོ། །དེ་ལྟར་ཀླུ་ མཆོད་པའི་ཆོ་ག་ཡན་ལག་དང་བཅས་པ་འདི་ནི་རབ་ཚེས་ས་ཕག་ཟླ་བ་དགུ་པའི་ཚེས་གཉིས་ལ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བ་དགེ་ལེགས་འཕེལ། འདི་ཡི་དམ་གང་ལའང་སྦྱར་དུ་རུང་ཡང་གཙོ་བོ་རྟ་མགྲིན་ནམ། ཕྱག་རྡོར་ རམ། སེང་གེ་སྒྲའམ། འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་ལ་བརྟེན་ན་ལེགས་སོ། །བཀྲ་ཤིས། ཀླུའི་ཕྱི་ནོར་བརྒྱད་ནི། དཀར་གསུམ་མངར་གསུམ། པུ་ཤེལ་ཙེ། རྒྱ་མཚོའི་ལྦུ་བ་བཅས་སོ། །ནང་ནོར་བརྒྱད་ནི། རིན་ཆེན་ སྣ་ལྔ། འབྲུ་གསུམ། མཆོག་ནོར་བརྒྱད་ནི། ཞོ་ཤ་གསུམ། ཆུ་སྲིན་སྡེར་མོ། ཤིང་མངར། མངར་གསུམ་ཡིན་ཅེས་འདུག་ཡིག་རྙིང་ནའོ། ། ༈ ཀླུ་ཆེན་ནོར་རྒྱས་ཀྱི་བུམ་སྒྲུབ་བཞུགས་སོ། །ན་མོ་བུདྡྷཡ། འབྱོར་པ་རྒྱས་པའི་ཕྱིར་ཀླུ་ཆེན་ནོར་རྒྱས་ཀྱི་བུམ་པ་བསྒྲུབ་པར་འདོད་པས། བུམ་པ་བཅའ་ལུགས་ཟུར་དུ་གསལ་བ་ལྟར་ལེགས་པར་གྲུབ་ནས་སྒྲུབ་པའི་ཚེ། དགེ་སློང་གཙང་མའམ་སྔགས་པ་ནུས་ལྡན་ལྔས་ཡར་ངོ་ཚེས་བཟང་ཀླུ་ཐེབས་ལ་ཤ་ཆང་ལྒོག་ ཙོང་སྤངས་ཕྱག་བསྐོར་བྱས་ཏེ་བདག་བསྐྱེད་བླངས་ཁ་ལྷོར་བལྟས་ནས་འབྲས་ཚོམ་སྟེང་མཉྫིའི་ཁར་བུམ་པ་བཞག་ལ་མཆོད་པས་བསྐོར་བར་བྱའོ། །དེ་ནས་བུམ་པ། ཨོཾ་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་ 6-37-15b པོ་ཆེ་གཏེར་གྱི་བུམ་པ་རྒྱ་ཁྱོན་སྟོང་གསུམ་དང་མཉམ་ཞིང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཟླ་ཞུན་ལྟ་བུས་གང་བའི་ནང་དུ། དཔག་བསམ་ཤིང་གི་སྐྱེད་ མོའི་ཚལ་མེ་ཏོག་དང་སྨན་སྣས་དཀྲིགས་པའི་དབུས་སུ་རིན་པོ་ཆེའི་གཞལ་མེད་ཁང་བཀོད་པ་ཚད་མེད་པས་མཛེས་པའི་ཕྱི་རོལ་དུ། རིན་ཆེན་རི་བོ། བདུད་རྩིའི་རྫིང་བུ། འདོད་འཇོའི་བ་མོ། མ་རྨོས་ལོ་ཐོག །གཏེར་གྱི་ཁུང་བུ། འདོད་ཡོན་འབྱུང་བའི་སྤྲིན་ལ་སོགས་པ་ཞིང་ཁམས་རབ་འབྱམས་ཀྱི་དཔལ་དང་འབྱོར་པ་མ་ཚང་བ་མེད་པས་བརྒྱན་པར་གྱུར་བའི་ཕོ་བྲང་ཆེན་པོ་དེ་ཡི་ དབུས་སུ། སྣ་ཚོགས་ནོར་བུའི་ཁྲི་ཡི་སྟེང་དུ་པདྨ་དཀར་པོ་ཡངས་པའི་གདན་གྱི་དབུས་སུ། བྃ་ཡིག་གསེར་མདོག་ཟུང་ཡོངས་སུ་གྱུར་པ་ལས། ཀླུ་ཆེན་པོ་ནོར་རྒྱས་ཡབ་ཡུམ་དུ་གྱུར་པ་ནི་ཡབ་ གསེར་མདོག་འཁོར་ལོས་སྒྱུར་བའི་གཟུགས་ཅན། ཕྱག་གཡས་ནོར་བུ་འོད་འབར་བ་དང་། གཡོན་གཏེར་གྱི་བུམ་པའི་ཁ་རྒྱན་མེ་ཏོག་ཨུཏྤ་ལས་སྤྲས་པ་འཛིན་པ། ཡུམ་སེར་མོ་མཛེས་ཚུལ་ སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས་པ། གཉིས་ཀའང་ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་ 6-37-16a ཤིང་གསེར་རྩི་ཁ་དོག་ལྟ་བུའི་འོད་ཟེར་འཕྲོ་བའོ། །དེའི་འཁོར་དུ་ཀླུ་ཆེན་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་གཙོ་བོ་ཡབ་ཡུམ་གྱི་གནས་གསུམ་འབྲུ་གསུམ་ དང་ཐུགས་ཀར་ཟླ་བ་ལ་བྃ་སེར་པོས་མཚན་པར་གྱུར། རང་གི་ཐུགས་ཀ་དང་མདུན་བསྐྱེད་ཀྱི་གནས་གསུམ་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་ནས། ཀླུ་ཆེན་ ནོར་རྒྱས་ཡབ་ཡུམ་འཁོར་དང་བཅས་པ་སྦྱན་དྲངས་ཏེ་མདུན་གྱི་སྐུ་གཟུགས་ལ་ཐིམ་པར་གྱུར། ཨོཾ། བདེ་བར་གཤེགས་པའི་ཞལ་མཐོང་བསྟན་པ་སྲུང་། ནོར་རྒྱས་ནོར་བུའི་མཛོད་ མངའ་བཙུན་མོར་བཅས། །བདག་ལ་ཕན་ཕྱིར་དད་པས་སྤྱན་འདྲེན་ན། །ཚུར་གཤེགས་རྟེན་འདིར་དགྱེས་པར་བཞུགས་སུ་གསོལ། །ཨོཾ་བ་སུ་ཀི་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ་སྦྱན་དྲངས་སྤོས་བཏུལ་རོལ་མོ་བྱ། སྤྱན་དྲངས་པའི་ལྷ་རྣམས་རྟེན་དང་གཉིས་སུ་མེད་པར་གྱུར། །ཅེས་བརྗོད་ལ། གུར་གུམ་གྱིས་སྦག་པའི་འབྲུ་དཀར་འཐོར་ཞིང་། ཡེ་དྷ་རྨ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་ བྱའོ། །དེ་ནས་དཀར་མངར་གྱི་མཆོད་པ་བྱིན་གྱིས་བརླབས་ལ་འབུལ། གཏོར་མ་བསྔོ་བ་སོགས་བྱ། མཆོད་བསྟོད་གདེང་ཀ་ནོར་བུ་འབར་སོགས། ཡབ་གྱི་ཐུགས་ཀར་ཟླ་བ་ལ་བྃ་སེར་པོའི་མཐར་སྔགས་ཀྱིས་བསྐོར་ 6-37-16b བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་འོད་ཟེར་གསེར་མདངས་ཕྱོགས་བཅུར་ཁྱབ་པས་སྣོད་བཅུད་ཀྱི་ཕྱ་གཡང་དཔལ་འབྱོར་ཐམས་ཅད་དང་ཁྱད་པར་དུ་འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་མ་ལུས་ པ་བསྡུས་ཏེ་བདག་དང་རྟེན་ལ་ཐིམ་པས་འདོད་རྒུའི་དཔལ་ཡོན་རབ་ཏུ་རྒྱས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། ཨོཾ་བ་སུ་ཀི་མཾ་སྭཱ་ཧཱཿ ཞེས་དང་། ཨོཾ་བ་སུ་ཀི་ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ༔ ཞེས་བཟླའོ། །མཆོད་བསྟོད་མཐར། ཀླུ་ཡི་རྒྱལ་པོ་ནོར་རྒྱས་བཙུན་མོར་བཅས། །རྟེན་མཆོག་འདི་ལ་རྟག་ཏུ་བཞུགས་མཛད་ནས། །གང་དུ་གནས་པའི་ཕྱོགས་དར་དཔལ་འབྱོར་ཀུན། ། ཡོངས་སུ་འདུ་ཞིང་འཕེལ་དང་རྒྱས་པར་མཛོད། །ཅེས་གསོལ་བ་རྩེ་གཅིག་བཏབ་མེ་ཏོག་འཐོར། དེ་ནས་མེ་ཏོག་འཐོར་ཞིང་ལངས་ཏེ། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད་དོ། །དེ་ལྟར་ཚར་གསུམ་བྱས་པས་ ལེགས་པར་བསྒྲུབ་པར་འགྱུར་རོ། །ཞེས་པའང་དགོས་པ་ཁྱད་པར་ཅན་གྱི་ཕྱིར་མི་ཕམ་པས་དཀར་མོ་སྟག་ཚང་དུ་བྲིས་པ་དགེ། །། ༈ དེ་ལྟར་བུམ་པ་ལེགས་པར་བསྒྲུབ་ནས། རྒྱུན་དང་དུས་སུ་དཀར་མངར་གཙང་མའི་ མཆོད་པས་མཆོད་ཅིང་བསྟོད། དུས་དུས་སུ་བུམ་པ་ལ་སྒྲུབ་པ་བསྐྱལ། མཆོད་བའི་ཚེ་དཀར་མངར་ཟ་ཞིང་གཙང་སྦྲ་ལྡན་པར་བྱ། དེས་འབྱོར་པ་དབྱར་ཆུ་ལྟར་འཕེལ་བར་ཐེ་ཚོམ་མེད་དོ། །ཞེས་ཀྱང་སྨྲས་སོ་དགེ ༈ 6-37-17a གཞན་ཡང་ལོངས་སྤྱོད་འཕེལ་བའི་ཐབས། །བྲེ་གང་ཤོང་བའི་རྫའི་བུམ་པར། །ནང་དུ་སྦྲ་ཚིལ་གཙང་མ་ལ། །ཀླུ་རྒྱལ་ནོར་རྒྱས་སྐུ་སོར་བརྒྱད། །འཁོར་ལོས་སྒྱུར་བའི་གཟུགས་ཅན་ལ། ། ཕྱག་གཡས་རཏྣ་འབར་བ་དང། །གཡོན་པ་གཏེར་བུམ་ཁ་ལོ་ལ། །མེ་ཏོག་ཨུཏྤལ་བསྣམས་པ། །བ་དམར་ར་དཀར་འོ་མ་དང་། །གི་ཧང་ཕྱུགས་ཏེ་ཡུམ་ལ་འཁྱུད། །ཡུམ་གྱི་སྐུ་ཡང་སྦྲ་ཚིལ་ལ། །སོར་བཅུ་སྦྲུལ་མགོ་ལྔ་གདེངས་ ཅན། །ཐལ་སྦྱར་ཡབ་ལ་གཟིགས་པའི་ཚུལ། །གཉིས་ཀ་རིན་ཆེན་རྒྱན་གྱིས་སྤྲས། །བུམ་བའི་ནང་དུ་བཅུག་བྱས་ལ། །ཕྱུག་བཙན་བདུན་ནམ་གསུམ་གྱི་ནི། །འབྲུ་སྣ་བླངས་དང་རིན་ཆེན་ལྔ། ། དུག་རིགས་མིན་པའི་སྨན་གྱི་སྣ། །དར་ཟབ་ལ་སོགས་གཙང་མ་དང་། །ནོར་ལྷའི་མིང་དང་འཇིག་རྟེན་གྱི། །ཆེ་བཙན་ཕྱུག་པའི་མིང་བྲིས་བཅུག །བུད་མེད་གཞོན་ནུ་རུས་བཟང་ལ། །མྱ་ངན་མ་ཕོག་བུ་བཙས་དང་། །བ་ དམར་ར་དཀར་འོ་མས་བཀང་། །ཡར་ངོ་ཀླུ་ཐེབས་ཚེས་གྲངས་བཟང་། །ཚུལ་ཁྲིམས་ལྡན་པའི་དགེ་འདུན་ནམ། །ཡང་ན་བསྙེན་སོང་རྟགས་རྙེད་པའི། །སྔགས་པ་གང་རུང་ལྔ་ཡིས་ནི། །ཤ་ཆང་སྒོག་ཙོང་ལ་སོགས་ སྤངས། །ཕྱག་བསྐོར་བྱས་ཏེ་བདག་བསྐྱེད་བླང་། །ཁ་ལྷོར་བསྟན་ཏེ་འབྲས་ཚོམ་སྟེང་། །མཉྫིའི་སྟེགས་ཁར་བུམ་པ་བཞག །ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་ནས། །ཀླུ་རྒྱལ་ནོར་རྒྱས་ཡབ་ཡུམ་རྣམས། །སྤྱན་འདྲེན་ 6-37-17b བུམ་པར་ལན་གསུམ་བསྟིམ། །རྟེན་སྙིང་རབ་གནས་དཀར་མཆོད་ཕུལ། །གཏོར་གཙང་བསྔོས་ཤིང་བརྟན་བཞུགས་དང་། །ལོངས་སྤྱོད་འཕེལ་བའི་གསོལ་བ་འདེབས། །བཀྲ་ཤིས་བརྗོད་པའི་བུམ་པ་དེ། །གང་དུ་སྦ་བའི་སྟེང་ ལོགས་སུ། །ཉི་ཟླ་མཆོད་རྟེན་ཞིག་འབྲིའོ། ། ༈ གཞན་ཡང་ཆུ་དཀོན་ཡུལ་ཡིན་ན། །རྫ་བུམ་གསར་པ་ཕུལ་གང་ཤོང་། །དེ་ལ་རྒྱལ་ཆེན་བཞི་ལ་ནི། །བུར་མ་འབྲུ་སྣ་ཀླུ་སྨན་དང་། །ཆང་མར་བླུགས་ལ་རིན་ཆེན་གྱི། ། གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། །ཆུ་མིག་སྟེང་སྦ་རྒྱ་ཤོག་ལ། །ཀླུ་ནི་ཕོ་མོའི་གཟུགས་སྤྲུལ་གཉིས། །གཉིས་ཀའི་སྙིང་གར་ཕུཿརེ་བྲིས། །སྐྱེར་ཤིང་ལ་བཏགས་ཆུ་མིག་དེ། །ཀླུ་ཡི་གཞལ་ཡས་ཁང་དུ་བརླབས། །ཤར་ནས་ཕོ་མོའི་ཀླུ་ གཉིས་དགུག །ཆུ་མིག་ཀླུ་ཡི་ཕོ་བྲང་བསྟིམ། །ཀླུ་གཏོར་མངའ་གསོལ་གཞི་བདག་བརྔན། །འབྲུ་ཕྱུགས་ཆུ་རྒྱས་གསོལ་བ་བཏབ། ། ༈ ཀླུ་ཆེན་ནོར་རྒྱས་ཀྱི་མཆོད་བསྟོད་ཀླུ་དབང་ཀུན་ཏུ་དགའ་བའི་སྒྲ་དབྱངས་བཞུགས་སོ། ། རྒྱལ་བའི་ཞལ་མཐོང་རྒྱལ་བསྟན་སྲུང་མཛད་པ། །ནོར་རྒྱས་ནོར་བུའི་ཆར་འབེབ་དབུལ་བ་སེལ། །དཔལ་འབྱོར་འཛད་མེད་དཔལ་གྱིས་མངོན་མཐོ་བ། །ཀླུ་དབང་ཀླུ་ཡི་མགོན་པོ་གཤེགས་ སུ་གསོལ། །གསེར་གྱི་མདངས་ལྡན་ལྷ་མཆོག་གཞོན་ནུའི་ལུས། །ལྷ་རྫས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །འཆར་ཁའི་འོད་ཟེར་དྲ་བས་རྣམ་མཛེས་པ། །སྐྱེ་དགུའི་མིག་གི་བདུད་རྩིར་ 6-37-18a གྱུར་པ་ཁྱོད། །ལང་ཚོའི་དབང་ཕྱུག་མ་དང་ལྷན་ཅིག་ཏུ། །དགྱེས་ཞལ་ཟླ་བ་འཛུམ་པའི་འོད་དཀར་གྱིས། །སྙིང་ལ་བདུད་རྩིའི་བཅུད་ལེན་སྩོལ་བཞིན་དུ། །གནས་འདིར་ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གུས་པའི་ཡིད་ཀྱིས་དངོས་སུ་བཤམས་པ་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པས། །ཡིད་བཞིན་འདོད་དགུར་འཆར་བའི་ མཆོད་པ་ནི། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབ་བྱས་པའི། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱི། །འོད་ཟེར་དྲ་བ་མཛེས་པའི་མུ་ཁྱུད་དང་། །ནམ་མཁའི་འཁོར་ཡུག་མཉམ་ པར་གྱུར་པ་ཡིས། །དཔལ་ལྡན་ཀླུ་ཡི་དབང་པོ་ཁྱོད་མཆོད་དོ། །རྣམ་མང་དགའ་བའི་གར་བཅས་རྡོ་རྗེའི་གླུས། །ཆེ་བའི་ཡོན་ཏན་རྒྱ་མཚོར་བསྔགས་པ་དང་། །ལྷན་ཅིག་སྙན་འཇེབས་རོལ་མོའི་ཚོགས་ གྱི་སྒྲས། །ས་གསུམ་གཡོ་བ་སྙམ་དུ་བསྟོད་པར་བགྱི། །རིན་ཆེན་རི་འདྲ་གཟི་བརྗིད་མཚུངས་མེད་སྐུ། །དཔག་བསམ་ཤིང་ལྟར་བསམ་པའི་རྗེས་འགྲོའི་དབྱངས། །རྫོགས་ལྡན་སྤྲིན་བཞིན་ རེ་བ་རྫོགས་མཛད་ཐུགས། །ནོར་བུའི་གཏེར་མཚུངས་ནོར་གྱི་འབྱུང་གནས་མཆོག །བདུད་རྩིའི་རྒྱུན་མཚུངས་རྒྱུན་ཆད་མེད་པར་ནི། །བུམ་པ་བཟང་ལྟར་བཟང་དགུའི་མཆོག་རྣམས་ཀྱང་། ། 6-37-18b འདོད་འཇོའི་བ་བཞིན་འདོད་དགུར་རྩོལ་བ་ཡི། །ནོར་སྦྱིན་ནོར་གྱི་དབང་ཕྱུག་ཁྱོད་ལ་འདུད། །ཐུབ་དབང་རྒྱལ་པོ་ཤཱཀྱའི་བསྟན་པའི་མཐར། །དབུལ་བའི་སྐལ་པ་ལྷག་པར་བདོ་བའི་ཚེ། །གདུང་བའི་ དབྱངས་ཀྱིས་འབོད་པ་གསན་མཛོད་ལ། །འདོད་དགུའི་ཆར་རྒྱུན་མྱུར་དུ་འབེབས་པར་མཛོད། །བདུན་རྩིའི་སྤྲིན་ཆེན་གློག་གི་དྲ་བ་ཅན། །ཟབ་མོའི་སྒྲ་དང་ལྡན་པ་འདིར་ནི་འོ། །རྒྱ་མཚོ་ཆེན་པོ་ རྣམས་ཀྱང་འཕེལ་ཞིང་འཕེལ། །ན་བུན་གཡོ་བས་ཕྱོགས་ཀྱི་གོ་སྐབས་བཅིངས། །གསེར་ལྡན་དགའ་མའི་ལྟོ་བ་རིན་ཆེན་དང་། །རྩི་བཅུད་འབྲས་བུའི་ཚོགས་ཀྱིས་ཡོངས་གང་བར། ། ས་སྟེང་སྐྱེ་བོ་དགའ་བའི་སྒྲ་འབྱིན་པའི། །ལས་འདིར་མཐུ་དང་ལྡན་པ་ཁྱོད་མིན་ནམ། །སྟོན་ཀའི་ཟླ་རྒྱས་དང་འདྲ་དྲི་མེད་པའི། །སྙིང་རྗེའི་འོད་ཟེར་གསལ་བས་འགྲོ་ཀུན་ལ། །ཕན་འདོད་ བསམ་པས་ཀླུ་མཆོག་ཁྱོད་བསྐུལ་ན། །རེ་བའི་འབྲས་བུ་དེང་འདིར་མཆིས་པར་མཛོད། །མཁའ་ལྟར་ཡངས་བའི་འབྱོར་བ་ཐོབ་པ་དང་། །བསོད་ནམས་ཚད་མེད་ས་ལས་སྨན་ལྟར་འཕེལ། ། བདེ་བའི་ལོངས་སྤྱོད་རྒྱ་མཚོའི་ཆུ་ལྟར་འབྱིན། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་རབ་ཚེས་ལྕགས་སྟག་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་འཇམ་དཔལ་རྡོ་རྗེས་འཕྲལ་དུ་བྲིས་པ་མངྒ་ལཾཿ 6-37-19a དཔེ་ལེགས་བར་བསྡུར་རྒྱ་ཆེར་དགེ་ལེགས་འཕེལ་ལོ། ། ༈ ཆ༷ར་སློ༷ང་ཟ༷བ་མོ༷་བཞུགས་སོ། །འདིར་རྟ་མགྲིན་གྱི་རྒྱུད་ནཱ་ག་ཀླུ་འདུལ། དྲེགས་འདུལ་ལས་མཐའ་སོགས་དང་གུ་རུ་པདྨའི་མན་ངག་ཟབ་གཏེར་རྣམས་དགོངས་པ་མཐུན་པར་ གྱུར་པའི་གདམས་པ་ནི། དང་པོ་ཀླུ་གནས་པའི་སར་སོང་ལ་བྱང་སེམས་བསྐྱེད་དཀར་གསུམ་སྦྲང་རྩིར་བཅས་པས། སྟེགས་བུར་པདྨ་འདབ་བརྒྱད་ དབུས་སུ་དཀར་གཏོར་བཤམས། འདབ་བརྒྱད་ཀླུ་བརྒྱད་དང་། མུ་ཁྱུད་ཀླུ་ནོར་གྱི་གཟུགས་སྣ་ཚོགས་འགོད། ཀླུ་རྣམས་བསྐྱེད་ལ་སྤྱན་དྲང་བསྟིམ། གཏོར་མ་འབུལ། ཆུ་གཏོར་སྤང་སྐོང་སྤྲིན་ཆེན་ བཀླག །ཀླུ་རྣམས་དགྱེས་ཤིང་ཆར་དབབ་བསམ། ཆར་པ་མོད་ན་དེ་ཙམ་གྱིས་ཀྱང་འབབ། དེ་ནས་ཞི་བས་དབབ་པ་ནི། དཀར་གསུམ་མངར་གསུམ་བག་ཕྱེའི་རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ། ཀླུ་སྨན་འོ་མ་ བཅས་ལོགས་སུ་བཤམས། གསེར་དངུལ་རིན་པོ་ཆེའི་སྣོད་དུ་བླུགས། མནྜལ་ཁར་བཞག་ལ་བཟླས་པ་བྱ། རིལ་བུ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་ཐེམ་ནས། ཨོཾ་ནཱ་ག་ཀཱ་ལ་ཧཱུྃཿནཱ་ག་ལེ་ལེ་དུམ་པ་ལེ་ལེ་ནཱ་ག་རཱ་ཛ་ཧཱུྃ་ ཕཊཿ རྒྱུན་སྒྲུབ་བྱེད་ན་ཆར་འབེབས་རིལ་བུ་སྔར་རྒྱལ་གྱི་ཟླ་བའི་ནང་དུ་སྒྲུབ་ཟིན་པར་བྱས་ལ། འདི་སྐབས་རང་ཆུ་བདག་ཝ་རུ་ཎར་བསྒོམ་པའི་ཞལ་ཤེས་ལོགས་སུ་ཡོད། བྷ་རི་ཤ་སོགས་ཁ་བསྒྱུར་སྦྱར། མཆན། རྫ་གསར་པར་བླུག སླར་ནམ་དགོས་ཆུ་ 6-37-19b མིག་ནང་དུ་བླུགས་པས་འབེབ། དེ་སྐབས་མཛེ་ཡུགས་སོགས་མི་གཙང་བ་ལ་འཛེམ་ཞེས་གསུང་འདུག་གོ། རིལ་བུ་ཆུ་མིག་ནང་དུ་བླུགས་པས་ངེས་པར་འབེབས་སོ། །དྲག་འབེབ་ནི་གླ་རྩི་གཙོད་ཁྲག་ཡུགས་སའི་མངལ་ཁྲག་བཙན་དུག་གྭ་དོར་ ལྔ་ཆ་མཉམ་ཞིབ་བཏགས་རིལ་བུ་སྲན་མ་ཙམ་སྨྱུག་ཚིགས་ནང་དུ་བཅུག་ཁ་ལ་ཆས་དམ་པར་བཅད། གཡག་རོག་རྩིད་པའི་སྐུད་པས་རྒྱ་གྲམ་དུ་བཅིངས། རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་འོག་ཏུ་བཏིང་། གླིང་བཞི་ རི་རབ་བྲིས་པས་སྟེང་ནས་མནན་ཏེ་ཆུ་མིག་ནང་དུ་བཞག །རང་ཕྱག་རྡོར་རམ་རྟ་མགྲིན་གྱི་ང་རྒྱལ་གྱིས་ཀླུ་ཐམས་ཅད་གཟིར་ཞིང་བསྐུལ་བས་ཁ་རླངས་སྤྲིན་དུ་འཁྲིགས་ཏེ་ཆར་ཆེན་པོ་བབ་པར་བསམ་ལ། ཆར་ དབབ་སྡུད་ཀྱི་སྔགས་འདི་བཟླ། ཐུམ་ཐུམ་ཆེམ་ཆེམ་བཛྲ་ཁ་ཕྱིར་ཆདཿ ཏིང་ངེ་འཛིན་གྱིས་གཟིར་བས་ཞག་གསུམ་ན་ངེས་པར་འབེབ། དེ་ནས་རྫས་བཏོན་ཤུལ་ཆུ་གཏོར་མང་དུ་བཏང་ལ་བླུག །ཀླུ་སྨན་ འོ་མ་བླུག་ལ་གསོ། ཨོཾ་ནཱ་ག་དེ་བ་སྭཱ་ཧཱཿ མང་དུ་བཟླས་པས་ཀླུ་གསོའོ། །དེས་ཀྱང་མ་ཕེབ་ན། ཤིན་ཏུ་དྲག་པོའི་འབེབ་ལུགས་ནི། མཚན་ངན་ཐོད་ནང་ཤ་སྣ་སྙིང་སྣ་ཁྲག་སྣ་དུག་སྣ་རྙེད་ཚད་ བསགས་ལ་བླུག །ཁྲོ་བོའི་རྒྱལ་པོའི་ཏིང་འཛིན་གྱིས། ཀླུ་གནད་ནས་གཟིར་ལ། དྲག་སྔགས་ཤམ་བུར་སྤྲིན་གྱི་རྒྱལ་པོ་བརྒྱད་པའི་སྔགས་འདི་བཏགས། བས་སྤོགས་པའོ། འང་། ཨོཾ་གྷི་ལི་གྷི་ལི་བྷར་ 6-37-20a ཤ་ཡ་གཪྵ་ཡ་གཉིས། བྷ་རི་ཤ་ཡ་ས་མ་ཡའང་། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཕཊ་ཋ། ཕཊ་ཋ། ཕཊ་ཋ། སྭཱ་ཧཱ། དྲག་འབེབ་རང་དང་འཁོར་ལ་ཐོག་སྲུང་བྱ། ཀླུ་ཡི་སྲུང་བ་གདགས། དེ་ཡིས་མི་ཕེབ་མི་སྲིད། མ་ཕེབ་ན་དེར་བདག་པོ་ཀླུ་ མེད་པས་གཞན་དུ་སྤོ། རྗེས་སུ་ཀླུ་གཏེར་སོགས་བྱ། ས་བདག་གདུག་པ་ཞེ་ངན་པས་དྲག་ལས་བྱས་ན་རང་སྲུང་གཟབ་དགོས་སོ། །དེ་བཞིན་གོང་གི་ཐུམ་ཐུམ་ཆེམ་ཆེམ་སོགས་དང་། ཡང་འབྲུག་བསྐུལ་གྱི་སྔགས་ནི་རང་འབྲུག་ཏུ་བསྒོམ་ལ། ཨོཾ་ཏྲི་ཤིའང་ཏྲ་ཞི་ཞིམ་གྱི་ཆི་བར་ན་ལེ་ལོའང་། སོའང་། བྷི་ཤ་པ་ཙ་པ་ཙ་ཧཱུྃ་ཕཊཿ དེ་བཞིན་སྤྲིན་སྡུད་པའི་སྔགས་ནི་རང་དང་ཀླུ་རྣམས་ཀྱི་ཁ་རླངས་སྤྲིན་དུ་བསམ་ལ། ན་མོ་བྷ་ག་ ཝ་ཏེ་བག་ཏི་ར་ཡ། ཏདྱ་ཐཱ་ཏ་ཐ་ཨ་ནེའང་། ཨ་ན་ལེ་བི་ཤུད་ཤི་ཏའང་། དྷེ་བེ་ར་བེ་ར་དཾ་དཾ་ཐིབས་ཐིབས་སྭཱ་ཧཱཿ ཡང་ཅིག་འདི་བཞིན་ཏེ། ཧཱུྃ་ཧཱུྃ་སབ་སབ་ཧཱུྃ་ཧཱུྃ་སིབ་སིབཿ སོབ་སོབ་འང་། ཞེས་སོ། །ཡང་གཞན་ལས་ གསུངས་པ་ཆར་ཕེབ་ནས་རྒྱུན་འབབ་སྔགས་འདི་ཡང་བར་བར་བཟླ། ཤར་ཤར་ཕོབ། སིལ་སིལ་ཕོབ། ནཱ་གས་ཕོབཿ ཏིང་འཛིན་གྱིས་ཀླུ་རྣམས་མནན་ཏེ་ གཟིར་བས་འདར་ནས་ཆར་འབེབ་པར་འགྱུར་རོ། །གལ་ཏེ་དྲག་རྫས་དང་དམིགས་པས་དེ་ཙམ་མ་གཟིར་ཀྱང་ཅུང་འབེབ་དཀའ་བའམ། ཆར་པ་ཆེན་པོ་འབེབ་པར་འདོད་ན་དྲག་པོའི་སྐབས་ཀྱི་སྔགས་ 6-37-20b རྣམས་ཀྱང་ཅི་རིགས་རེ་ཚོད་དང་བསྟུན་ཏེ་བཟླས་པ་ལ་འགལ་བ་མེད་དོ། །སྤྲིན་ང་གིས་གཏོར་ན་ང་མནན་པ་ནི། རླུང་ལྷ་ཤ་བ་ཞོན་ནས་བ་དན་བསྙལ་བའི་གཟུགས་བྱས་ལ་རྫ་གསར་པའི་ནང་དུ་བཅུག་ དགུག་ལ་བསྟིམ། དེ་མགོ་མཇུག་བཟློག་ལ་དོང་དུ་བཅུག །རྒྱ་གྲམ་སཱཙྪས་སྟེང་ནས་མནན། རླུང་ལྷ་མནན་བསམ་སྔགས་འདི་བཟླ། ཆར་ཡ་ཆུར་ཡ་ཆར་པ་ཡ་ཆར་པ་ཡ་ཏི་ཏི་ལ་ནན་ཀྱང་། ཏི་ཏི་ལཾ་ལཾ་ནནཿ ཞེས་བཟླས་པས་ཆོད། གཟུགས་ མེད་ཀྱང་དམིགས་པ་གསལ་ལ་སྔགས་བཟླས་ཀྱང་ང་ཆུང་ངུ་གནོན། རྗེས་སུ་མཆོད་ཅིང་གསོལ་ལ་གཤེགས་གསོལ་བྱ། ཆར་དབབ་པའི་གདམས་པ་ཟབ་མོ་བཀའ་གཏེར་དུ་མའི་ མན་ངག་གུང་མཐུན་པར་བྱུང་བ་ཟབ་མོ་འཇམ་དཔལ་རྡོ་རྗེས་ས་ཁྱི་ཟླ་བ་བདུན་པའི་ཚེས་ཉེར་གཅིག་ལ་བཤད་སྒྲུབ་ཆོས་གླིང་དུ་བསྡེབས་པ་མངྒ་ལཾ།། །། ༈ ཡང་ཆར་འབེབ་ཤིན་ཏུ་ཟབ་པ་ནི། གནས་གང་དུ་ཆུ་མིག་ཀླུ་ཕྱུག་པ། སྔར་ཕེབ་སྐད་པ། ལྷོ་ནུབ་ཤར་གསུམ་དུ་ཁ་ལྟ་བ། ཆུ་རྐང་ཆད་པ་དང་། གཏིང་ཆེན་ལྐུག་པ་མིན་པ། རྩི་ཤིང་ནགས་ཚལ་ཆུ་འབབ་བཟང་བ་དེ་འདྲར་ཕྱིན་ལ། རང་ཁ་ནུབ་བྱང་དུ་བསྟན་ཀླུ་བརྒྱད་མཎྜལ་བཤམས། དཀོན་མཆོག་ཆོས་སྐྱོང་གཞི་བདག་ལ་དཀར་མངར་གཏོར་མ་བསྔོ། ཀླུ་སྨན་ཆབ་གཏོར་བཱ་སུ་ཀི་རྣམས་བཤམས། མཎྜལ་དབུས་སུ་ཀླུ་སྨན་ 6-37-21a བཏབ་པའི་བག་ཟན་ལས་ཀླུ་གཟུགས་སྦྲུལ་མཇུག་སྦྲུལ་གྱི་གདེངས་ཀ་ཅན། གཡས་སྦྲུལ་ཞགས་ནམ་མཁར་འཕྱར་བ། གཡོན་དུག་ཤིང་གི་ལོ་མ་ཐུགས་ཀར་འཛིན་པ་ཁྲོ་ཞལ་ ཅན་བྱ། པད་འདབ་བརྒྱད་ལ་ཀླུ་བརྒྱད་སྦྲུལ་གདེངས་སྦྲུལ་མཇུག་ཐལ་སྦྱར་ཅན་དང་། མཐར་སྦལ་སྦྲུལ་རྟ་ལུག་སྡིག་པ་ལ་སོགས་གླུད་གཟུགས་གང་འབྱོར་བྱ། རང་གསང་བའི་བདག་པོར་གསལ་ ལ། མདུན་གྱི་གཟུགས་རྣམས་ལ་ཀླུ་རྣམས་དགུག་ཅིང་བསྟིམ་ལ་ལས་བཅོལ་བས་ཆར་ཕོབ་ཅེས་ཞུ་བ་བྱེད་པར་བསམ། རང་གི་ཐུགས་ཀ་ནས་ཕྲིན་ལས་གྱི་ཁྱུང་གཅིག་བཏང་བས་རྒྱ་མཚོ་དང་རོལ་ མཚོའི་ནང་ནས་ཀླུ་བདུད་དེའི་མགྲིན་པ་ནས་བཟུང་སྟེ་རེས་བསྡོམ་རེས་ལྷོད་བྱེད་པར་བསྒོམ། སྔགས་ནི། ཨོཾ་ནག་པོ་ཏི་པ་ཙ་ཡཿ ནཱ་ག་ར་ཙ་དུན་ལིང་། རྦད་རྦད་ཛ་ཛཿ དུན་གྱི་ཨ་ཏི་ནག་པོ་སྲོག་ལ་ཡ་ཡ་ མ་མ་ཤར་ཤར་ཕོབ༔ སལ་སལ་ཕོབ༔ ཕྲཾ་ཕྲཾ་ཕོབ༔ ཅེས་བཟླས་པས་ཀླུ་རྣམས་ཀྱིས་རྒྱ་མཚོ་དཀྲུགས་པའི་སྤྲིན་རླངས་ཀྱིས་ནམ་མཁའ་རབ་ཏུ་ཁེབ་ནས་ཆར་ཆེན་པོ་བབ་པར་བསམ། ཀླུ་གཏོར་དང་བཱ་སུ་ཀི་ མང་དུ་བྱ། ཀླུ་ལ་བརྔན་པ་བྱིན། བཀའ་བསྒོ་བདེན་བདར་ཕྲིན་བཅོལ་བྱ། དེས་རབ་ཞག་གཅིག འབྲིང་ཞག་གཉིས། ཐ་མ་ཞག་གསུམ་ན་འབེབས་སོ། །གལ་ཏེ་ཀླུ་བྱིངས་ཆེ་བའམ། མ་ཆུན་ན་ 6-37-21b ཨར་གཏད་ནི། མིའི་གྲི་རྐང་ངམ་རྟའི་རྐང་སྦུག་གང་རུང་ནང་། ཡུགས་སའི་མངལ་ཁྲག །བུ་མེད་བ་མོའི་ཁྲག །རྟ་ནག་དང་ཁྱི་ནག་གི་ཁྲག །གྲི་ཁྲག །གཙོད་ཁྲག །བཙན་དུག །ཉུང་དཀར་ནག ། གླ་རྩི་དང་རྫས་སྣ་བཅུ་པོ་བླུག་ལ། སྤྲ་ཚིལ་གྱིས་ཁ་ལེགས་པར་བསྡམས་ཏེ་ཆུ་མི་ཤོར་བ་གལ་ཆེ། གཡག་རོག་ཤ་ཆེན་གྱི་རྩིད་སྐུད་ཉིས་བསྒྲིལ་ལམ། མ་བྱུང་ན་ར་རོག་གི་ཨོག་ཞོལ་ལས་སྐུད་པ་བྱས་ ཏེ་མཚོའམ་ཆུ་མིག་སྔོ་ཏིང་གི་གོང་དུ་སྐྱེར་ཕུར་སོར་བཞིའམ་མཐོ་གང་ལ་བཏགས། རྣལ་འབྱོར་རང་སྲུང་བྱ་ཞིང་གལ་ཏེ་མ་འབྱོར་ན། རྣ་འོག་རྨ་བྱའི་སྒྲོ་གཟུགས། གླ་རྩི་གུ་གུལ། སྨན་ཆེན་གསུམ་སྦྱར་བུ་ག་ རྣམས་སུ་བྱུགས། རང་ཁ་ཕྱིར་བསྟན་ནས་ཆུ་མིག་ཏུ་གཞུག །ཕེབས་ནས་རྫས་བླང་བཟོད་གསོལ་བྱ་ཞིང་ཀླུ་གཏོར་བཏང་བུམ་གཏེར་བྱ། འདི་ཅིས་ཀྱང་བྱེད་དགོས་བྱུང་ན་མ་གཏོགས་མི་བྱ་ཤིན་ཏུ་གཟབ་ དགོས་སོ། །རླུང་གནོན་དགོས་ན། རླུང་ལྷ་སྔོ་སྐྱ་ཤ་བ་ལ་ཞོན་པ་བ་དན་དྲིལ་བ་རྨོང་པོའི་ཆ་བྱད་ཅན་བག་ཟན་ལ་བྱ། སྙིང་གར་ཡམ་བདུན་བྲིས་ལ་གཞུག །དེ་རང་གི་འོག་ཏུའམ་ནུབ་བྱང་དོང་དུ་བཅུག། གཡམ་པར་རྒྱ་གྲམ་བྲིས་པས་མནན་ཁ་དམ་དུ་བཅད། རླུང་མ་ཆད་བར་སྔགས་འདི་བཟླའོ། །ཨཱོཾ་བྷ་ཡ་བྷེ་སྟྭམྦྷ་ཡ་ནན། ཨཱོཾ་ཨཱཿཡཾ་ནི་ནོནཿ དེས་ནོན་པར་འགྱུར་རོ། །རྗེས་གཟུགས་བཏོན་ལ་གཏོར་ 6-37-22a མ་ཕུལ་བཟོད་གསོལ་བྱ། ཀླུ་ཡས་རྣམས་ཆུ་ལ་བོར་བར་བྱའོ། །འདི་ནི་ཤིན་ཏུ་ཟབ་པ་རིག་འཛིན་ཤཱནྟིང་གརྦྷའི་མན་ངག་རཏྣ་གླིང་བའི་གཏེར་མ་སྟེ། ཆར་པ་ཅིས་ཀྱང་མ་ ལོན་པའི་སྐབས་དུ་མར་ཨར་གཏད་མ་བྱས་ཀྱང་ཆོ་ག་འདིས་ཆར་གྱི་རྒྱུན་རྒྱ་ཆེན་པོ་ཇི་ལྟར་འདོད་པར་ཕེབས་པའི་ལག་བླང་མ་འཇམ་དཔལ་དགྱེས་པས་ཡིད་ཆེས་རྙེད་པ་ལགས་སོ། །ཆར་སློང་ཟབ་མོ་འདི་ ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ས་ཕྱོགས་གཅིག་སྤེལ་བ་དགེའོ། ། ༈ སེར་བ་ལམ་བསྒྱུར་བཞུགས། ཀྱེ། དྲེགས་པ་ལྷ་སྲིན་མཐུ་བོ་ཆེ། །ཐོག་འབྲུག་གློག་གི་ཟིལ་དང་བཅས། །འཇིགས་ རུང་སྐུ་ཡི་དྲག་ཤུལ་ཅན། །དྲག་པོའི་དཔུང་གི་ཆེ་བསྟོད་དུ། །བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ། །བར་སྣང་ཁམས་ལ་དབང་བསྒྱུར་བས། །བྱོན་པའི་ཤུལ་ལམ་གར་ཡང་བདེ། །འདི་ན་ གནས་པའི་ཉམས་ཆུང་རྣམས། །གློག་གིས་བསྔངས་ཤིང་འབྲུག་གིས་སྐྲགས། །ཐོག་གིས་ཤིན་ཏུ་འཇིགས་ལགས་ཤིང་། །དྲག་པོའི་སྐུ་ཟིལ་བཟོད་དཀའ་བས། །གསེར་སྐྱེམས་མཆོད་པ་འདི་ བཞེས་ལ། །དྲག་ཤུལ་ཆེན་པོའི་དཔུང་གི་ལམ། །འདི་རུ་མ་བཏོད་གཞན་དུ་བསྒྱུར། །ཐོག་སེར་ལམ་སྣ་དགྲ་ལ་གཏོད། །འདི་ན་གནས་པའི་སྐྱེ་བོ་རྣམས། །ཕྱག་ན་རྡོ་རྗེར་སྐྱབས་སོང་ཡིན། །ཨོ་ 6-37-22b རྒྱན་པདྨའི་བཀའ་འབངས་ཡིན། །འཇིག་རྟེན་དྲེགས་པའི་མཆོད་སྡེ་མིན། །དགོངས་ཤིང་བྱམས་པར་མཛད་ནས་ཀྱང་། །གདུག་པའི་ཆོ་འཕྲུལ་ཞི་བར་མཛོད། །ཅེས་བརྗོད་ལ་སྣང་བརྒྱད་དང་རྟེན་འབྲེལ་སྙིང་ པའི་ཡིད་ཀྱིས་བཟླའོ། །བདེན་པའི་སྨྲིང་ལ་སུ་ཡང་རྩི། །གཏོ་ལས་ཕལ་ལ་སྒྲེང་གསོལ་གཙོ། །རྦད་དང་ཆེད་དུ་འཁུ་བ་རྣམས། །མ་གཏོགས་སེར་བ་འདི་ཡིས་བཟློག །བཟློག་ཀྱང་འཁུ་ལྡོག་གདུག་རྩུབ་མེད། །དེ་ཕྱིར་སྨྲེང་འདི་སྐབས་སུ་མཁོ། །མེ་ ཕག་ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ་མི་ཕམ་པས་བྲིས་པ་དགེའོ། ། ༈ རླུང་ལམ་བསྒྱུར་བ་བཞུགས། ཧཱུྃ་བྷྱོ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་པོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། ། ཡུལ་ལྷ་གཞི་བདག་ཕྱོགས་དུས་གནས་རྒྱུའི་ལྷ། །སྣང་སྲིད་དྲེགས་པ་མཐུ་ཆེན་དགོངས་སུ་གསོལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དེ་རིང་ད་ལྟའང་། དྲག་པོའི་གཏོར་ཟོར་འཕེན་པའི་ཚེ། ། དཀྱིལ་འཁོར་གཉན་པོ་ཞལ་ཡང་དེར་བསྒྱུར་ནས། །དྲེགས་པའི་ཕོ་ཉ་རྣམས་ཀྱང་དེར་གཏོང་བས། །རྣལ་འབྱོར་ནང་གི་འདུན་པ་གང་གཏད་སར། །ཕྱི་ཡི་ལྟས་སྣང་ཀུན་ཀྱང་བསྒྱུར་ འཚལ་གྱི། །རླུང་གི་རྒྱུ་བ་དེ་དང་དེར་ཕྱོགས་པས། །ངོ་མཐོན་དྲག་པོའི་ཚུལ་གྱིས་གཡོ་བར་མཛོད། །རྦད་པའི་གདོང་ནས་ཚུར་ལ་གང་རྒྱུ་བ། །རླུང་གིས་སྦུར་མ་བཞིན་དུ་སྔགས་ཀྱིས་དེད། །ལྡོག་ 6-37-23a མེད་རྡོ་རྗེའི་མདའ་ཆེན་གང་གཏད་སར། །གཡོ་མེད་ཐེབས་པར་ཡི་དམ་ལྷ་ཁ་བསྒྱུར་ཆོག་ལྷ་ཡིས་མཛོད། །ལྷ་དེའི་རྩ་སྔགས་དང་། ཡཾ་ཡཾ་འུར་འུར་རྦད་རྦད་ཟློག་ཟློག་བྷྱོ་བྷྱོ་རྒྱུག་རྒྱུག་ཤར་ཤར་ཧྲིལ་ ཧྲིལ་ཤག་བྷྱོ། ཞེས་བདེན་བཟླས་པས་ང་གང་དུ་དམིགས་བར་དྲག་ཏུ་རྒྱུ་ཞིང་ལྟས་ཀུན་ཐེབ་པར་འགྱུར་རོ། །མཉྫུ་ཤྲཱིའི་མདའ་གཞུའི་མན་ངག་ས་གླང་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་མི་ཕམ་པས་སོ། །དགེའོ། ། ༈ རྟ་ཕྱག་ སོགས་ཀྱི་རྒྱུད་དང་མན་ངག་གུང་མཐུན་པར་ཀླུའི་བྱད་ཁྲོལ་ནི། ནད་བའི་ཡན་ལག་ཚོན་སྐུད་དཀྲིས། །དལ་པད་འདབ་བརྒྱད་ལ་ཀླུ་བརྒྱད་ཕོ་མོ་དང་། །རིགས་བཞིའི་གཉན་དང་ས་བདག་འགོད། །སྤྱན་དྲངས་མཆོད་བསྟོད་བྱས་ནས་ སུ། །ཀླུ་གཏོར་ཀླུ་སྨན་རྫས་ཀྱིས་མཆོད། །རང་རྟ་ཕྱག་སོགས་སུ་གསལ་ལ། །བྱད་འགྲོལ་བའི་སྔགས་འདི་བཟླ། །ཧཱུྃ་ནཱ་ག་རཱ་ཛ་ས་མ་ཡ་ཛཿཛཿ ཤིག་ཤིག་ཁྲོལ་ཁྲོལ་ཆོད་ཆོད་བྱད་ཁྲོལཿ རང་རྟ་མགྲིན་ནམ་ཕྱག་རྡོར་ གྱི་ཏིང་འཛིན་གྱིས་ཀླུའི་བྱད་བཅད་པར་བསམ་ལ་བཟླ། མཐར་ནཱ་ག་རཱ་ཛ་བྱད་ཆོད་ཁྲོལཿཁྲོལ་ཀྱང་། ཞེས་བྱས་ལ་གྲི་ཡིས་ཚོན་སྐུད་བཅད་ལ་གཏོར་མའི་ནང་དུ་ཕུལ། དལ་དང་གཏོར་མ་ཀླུ་གནས་སར་གཤེགས། དེས་ཀླུ་ཡི་བྱད་འགྲོལ་བར་འགྱུར་རོ། །ཞེས་གསུངས་ཟབ། དེ་བཞིན་གུང་མཐུན་མན་ངག་ཀླུ་རྟེན་སྤོ་བའི་ཐབས། ཤིང་དང་ནེའུ་གསེང་ཆུ་མིག་ཡོད་པ་དེ་གང་སྤོ་འདོད་པ། ལྟའི་གནས་སུ་དལ་པད་འདབ་བརྒྱད་པ་ 6-37-23b བཞེངས། ཀླུ་དེའི་བཞལ་ཡས་ཁང་དུ་བསམ། །སྨན་སྣ་འབྲུ་སྣ་སྤོས་སྣ་དང་། །དེ་དག་སྦྱར་བའི་གཏོར་མ་བཤམས། །ཟངས་ཀྱི་གླང་བུར་རིན་ཆེན་སྣ་འོག་གི་ཀླུ་གཏའ་སྐབས་ལྟར། ཚོགས་བླུགས། །ཧཱུྃ་ནཱ་ག་ས་མ་ཡ་ཛཿ ནཱ་ག་ཨུ་ཙ་ཏ་ཡ་ ཕཊཿ ཅེས་པ་ཞག་གཅིག་གམ་གསུམ་དུ་བཟླས། དེ་ནས་དལ་བསྡུས་རྫས་གཏོར་མ་བཅས་པ་རྣམས་ས་གཞན་གར་འདོད་རྩི་ཤིང་ཆུ་མིག་ཅན་དུ་བསྐྱལ་ལ་སྤོ་བའི་ས་གཞི་གང་ ཡིན་གཞལ་ཡས་ཁང་རང་ལྷར་གསལ། དུ་བསམ་ལ་གཏེར་དང་བཅས་པར། དེར་གནས་ཆགས་པར་བསམ། ཐབས་དེས་ཀླུ་དེ་སྔ་མའི་གནས་ནས་གནས་དེར་སྤོ་བར་ཐེ་ཚོམ་མེད་ལ་རང་ལ་གནོད་པར་མི་འགྱུར་རོ། །ཞེས་ གསུངས་སོ། །ཡང་དེ་བཞིན་ཀླུ་གཏེར་གཞུག་པའི་ཐབས་ནི། ཟངས་ལ་གླང་བུ་དམར་པོ་བྱས་ལ། གསེར་དངུལ་ཟངས་ལྕགས་བྱེ་རུ་གཡུ་རྣམས་དེའི་རིན་ཆེན་སྣ་ཚོགས་དར་ཟབ་འབྲུ་སྣ་དཀར་མངར་བཅས། ཁོག་པར་བླུགས། ཀླུ་སྨན་སྣ་ཚོགས་ རྙེད་ཚད་ཀྱང་བླུགས། ཡང་ན། མ་རྙེད། ཁས་ས་ལ། ན་བ་གཟན་དག་ལ་བྱ། ཁོག་པར་བ་དང་ར་དཀར་མོའི་འོ་མར་ཀླུ་སྨན་བཏབ་ལ་བླུགས། གུ་གུ་གསར་པར་གླང་བུ་གཞུག་གཏའ་ ཧ། ལ་མ་ཐ་གཉན་ལ་སྙན་ཐཿ མི་ཟད་ཡུན་གྱི་གཏེར་མཛོད་ཅིགཿ ཅེས་པ་བྲིས་ལ་གཞུག་རྫ་མ། བླང་ཁོགས་སུ། པར་བྱ། དེ་ནས་གནོད་པའི་སར་སོང་ལ། ཀླུ་གཏོར་བཏང་ལ་བདེན་པ་ 6-37-24a བདར། །མ་གནོད་ཅིག་ཅེས་བཀའ་ཡང་བསྒོ། །གླང་བུ་རྫིའུ་དེར་སྦ་བར་བྱ། །གནོད་པའི་སྦྱོར་བ་རྒྱུན་འཆད་འགྱུར། །ཀླུ་གཏེར་གཞུག་པའི་ཐབས་སོ། །འཇོག་སར་རྒྱས་ པར་བུམ་པ་བརྒྱད་དུ་ཀླུ་དགུའི་སྙིང་པོ་དང་རྫས་བླུགས། རྡོ་སྒྲོམ་ལེགས་པར་འདབ་བརྒྱད་བྲིས། དབུས་བུམ་པ་བཀོད། ཀླུ་སྨན་མཆོད་པ་ཤིང་རྩིས་བསྐོར། མཆོད་བསྟོད་བྱ། ཀླུ་གཏོར་བཏང་། བདེན་པ་བརྡར། མི་གནོད་བཀའ་བསྒོ། བུམ་པ་མི་ཟད་པའི་གཏེར་དུ་བརླབས་ལ་བསྔོའོ། །དེས་གནོད་སྦྱོར་རྒྱུན་ཆད། མི་ཕྱུགས་འཕེལ། མགོན་སྐྱབས་བྱེད་ཅེས་སེང་སྒྲ་དང་། དྲེགས་འདུལ་གཉིས་ ནས་གསུངས་སོ། །རྟ་མགྲིན་རྒྱུད་ལས་ཀྱང་ངོ་། །ཡང་ཀླུ་གཏའ་སྡོམ་ན། ཀླུ་གནོད་པའི་སར། མཎྜལ་འཁོར་ལོ་རྩིབས་བརྒྱད་པ་ཚོན་གཙང་མ། རྩིས་བྱུགས། རྩིབས་ལ་ནཱ་ག་རཱ་ཛ་ས་མ་ཡ་ཛཿཞེས་བྲི། རིན་ཆེན་འབྲུ་ སྣ་སྨན་སྣ་དར་ཟབ་སྤོས་སྣ་རྩི་སྨན། དཀར་མངར་ཀླུ་སྨན་བཅས་འཁོར་ལོས་གཏུམས་ལ་ཁམས་སའི་གྭའུ་གྲུ་བཞི་གཞལ་ཡས་ཁང་དུ་བསྐྱེད་པར་གཞུག་པད་འདབ་བརྒྱད་ལ་དབུས་སུ་གྭའུ། འདབ་བརྒྱད་ ཀླུ་བརྒྱད་གཟུགས་བྱ། མཐར་ལྷ་བཤོས་སོགས་མཆོད་པ་དང་ཤིང་རྩི་སྣ་ཚོགས་ཀྱིས་བསྐོར། སྤྱན་དྲངས་ཕྱག་འཚལ་མཆོད་པ་སྣ་ཚོགས་ཀྱིས་མཆོད། བསྟོད་པ་བྱ། རིན་པོ་ཆེ་ཡི་གཞལ་ཡས་ 6-37-24b ཁང་དུ། ཡིད་བཞིན་ནོར་བུས་གང་བ་ལས་ཀླུ་རྣམས་ཀྱི་འདོད་པ་འབྱུང་བར་བསམ་ལ་བསྔོ། དུས་འདི་ཚུན་ཆད་མི་གནོད་པའི་བཀའ་བསྒོ། དེས་གནོད་པའི་སྦྱོར་བ་ཞི་ཞིང་རྒྱུན་ཆད་པར་འགྱུར་རོ། ། ཞེས་གསུངས་སོ། ། ༈ གཏུམ་པོ་མེ་ལྕེ་ཕྲེང་བ་ལས། གཞན་གྱི་ཆུ་མིག་རང་གནས་སུ་བརྐུ་བ་ལ་ཆུ་མིག་ཁ་ནུབ་བལྟས་ལྐུགས་པ་གཅིག་གི་ནང་ནས་ས་སྤར་གང་བླངས་ལ། གང་བརྐུ་རྒྱུའི་ཆུ་མིག་གི་ཆུས་སྤྲུས་པའི་ ཀླུ་རྒྱལ་རིགས་སྦྲུལ་མགོ་བདུན་པ་ཀླུ་མོ་བཅས་པའི་གཟུགས་བྱ། དེ་ཡང་ལག་པ་གཡས་ན་ཉ་ཧ་ལ་ཟླུམ་པོ་འཛིན་པ། གཡོན་རང་གི་བཙུན་མོར་འཁྱུད་པ་བྱ། དེ་ཐོད་པ་ཞིག་ཁམ་སས་ཆོག་གམ་རང་། གི་ནང་དུ་བཅུག །དེ་རང་གི་ ཆུ་མིག་རྐོའམ། སྡོ་ཕུག་ཏུ་དོང་མཐོ་གང་བྲུས་པ་དེར་བཞག་ཀླུ་དགུག་གཞུག་བྱ། དེ་ནས་ཁྱི་དཀར་གྲོད་པར་ཀླུ་སྨན་འབྱོར་ཚད་ཁབ་ཀྱིས་བཙག་གསུང་ཀྱང་། བླུག་དེ་ནས་བརྐུ་རྒྱུའི་ཆུ་མིག་བཟང་པོ་དེའི་རྩར་ཕྱིན་ལ། ཆུ་སྐྱོགས་ རེ་བཅུས་ལ་སྔགས་འདི་ལན་གསུམ་རེ་བཟླ། ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ནཱ་ག་ཀུ་ཨུའང་། སུ་རུ་ན་སུ་ཏེའང་། རེཿནཱ་ག་རཱ་ཛ་ས་མ་ཡ་ཧཱུྃ་ཛ་ཛཿ དེ་ལྟར་གྲོད་པ་ཆུས་ཁེངས་པ་དང་ཁ་ལེགས་ བར་བཅིངས། གྲོད་བ་དེའི་ཞབས་སུ་ཁབ་ཀྱིས་ཉེར་གཅིག་བཙག་ལ། རང་རྟ་མཚའ་ལུ་གཅིག་གི་ཡན་ལག་ལ་དར་སྣ་ལྔ་ཚང་བར་བཏགས་པ་ལ་ཞོན། གྲོད་པ་རྟའི་རྐེ་ལ་ 6-37-25a བཏགས་ནས། གཏུམ་པོའི་ང་རྒྱལ་གྱིས་རྩ་སྔགས། ལས་སྔགས་བཅས་བཟླ་ཞིང་ཕྱི་མིག་མི་བལྟ་བར་ཀླུ་རྣམས་རང་གི་རྗེས་ལ་ཡོང་བར་བསམ་ཞིང་། རྟ་འདུར་ཕྱིན་ཆུ་ཙ་ རེ་འོང་ནས། ཡུལ་གྱི་ཆུ་མིག་དེར་ཕྱིན་ལ་སྔར་གྱི་ཐོད་པ་དེའི་ནང་དུ་བླུག་གོ། དེའི་དུས་ཐོ་རངས་མི་སྐད་མ་ཕོག་པ་ལ་བྱའོ། །དེར་ཞག་བརྒྱད་ནས་ཆུ་མིག་བཟང་པོ་སྐྱེ་བར་ངེས་སོ། །ཆུ་བརྐུ་བའི་ ལས་སྦྱོར་ཁྱད་པར་ཅན་ཀླུ་རྒྱལ་རིགས་ལྡན་གྱི་གདམས་པ་ཨྠྀི། ཡང་དེ་ལས། ཆུ་མིག་ལ་ཆུ་ཡོང་ཐབས། ཆུ་གཉན་ཡོད་སར་ཕྱིན་ལ། བདག་ཉིད་དབུས་སུ་འདུག་སྟེ་ཕྱོགས་བཞིར་ཐོ་བཞི་བརྩིགས་ པའི་འོག་ཏུ་དོང་ཁྲུ་གང་རེ་བྲུ། བདག་ལངས་པའི་ཤུལ་དུའང་དོང་ཁྲུ་གང་བྲུ། དེ་ནས་སྦལ་སྦྲུལ་གྱི་ཤ་ཁྲག་དང་བག་ཕྱེ་བསྲེས་ལ་ཀླུ་ཆེན་གནས་སའི་ཆུས་སྦྲུས་ནས་ཀླུ་རྒྱལ་དུང་སྐྱོང་སྤྲུལ་མགོ་བདུན་ པའམ་དགུ་པ། ཕྱག་གཉིས་རང་གི་བཙུན་མོ་ལ་འཁྱུད་པ་གཅིག་བྱས་ལ། དབུས་ཀྱི་དོང་དེར་སིང་མ་རློན་པའི་སྒྲོམ་ལེགས་པར་བྱས་ནས་དེར་གཞུག་ལུ་མའི་ཆུ་དང་། ཆུ་མིག་ལྐུགས་པའི་ཆུ་དང་། ཁྲོན་ པ་རྙིང་པ་དང་། རྫིང་བུ་རྙིང་པ་དང་། ཀླུ་གནས་སའི་ཆུ་དང་། ར་དཀར་མོའི་འོ་མ་ལ་ཀླུ་སྨན་བླུགས་ལ་རྩ་སྔགས་ལ་སྔགས་འདི་བཏགས་ནས་བཟླས་སོ། །བཛྲ་ཙནྜ་ལ་བཏགས། ས་མ་ཡ་ཤཾ་ཁ་པཱ་ལ་སརྦ་ནཱ་ 6-37-25b ག་ཕུ་ལེན་པུ་རུ་མེ་ཡཾཿ ཞེས་བརྒྱ་རྩ་བརྒྱད་བཟླས་ནས་ཀླུ་གཟུགས་དེའི་ཐོག་ནས་མར་བླུགས། དེ་ལྟར་ལན་སྟོང་བརྒྱ་རྩ་བརྒྱད་བཟླས་ཤིང་ཕྱོགས་བཞི་དབུས་ལྔའི་དོང་ནས་ཆུ་ཕྱུ་རུ་རུ་ཡོང་བར་བསྒོམ་པའི་ཆུ་འབྱུང་ ངོ་། །དེར་ཆུ་བག་ཙམ་བྱུང་བ་དང་དོང་ལྔ་པོའི་ཁ་གཡམ་པས་བཅད་ལ། གཡམ་པའི་སྟེང་རྡོ་རྗེ་རྒྱ་གྲམ་བྲིས་ནས་དེ་སྟེང་ཐོ་ལྔ་བཙུགས་ཏེ། དབུས་ཀྱི་ཐོ་དེ་ཕྱག་རྡོར་དང་ཕྱོགས་བཞིའི་ཐོ་རྒྱལ་ཆེན་ བཞིར་བསྐྱེད་ལ་མཆོད་བསྟོད་བྱ། དེ་ནས་ཕར་གཞལ་བའི་འདོམ་ལྔ་བཅུ་ཙམ་དུ་དོང་ཁྲུ་དོ་བྲུས་མན་ངག་ཏུ་དང་པོའི་དོང་ལྔ་པོ་གང་རུང་དུ་བྱས་ཆོག །ཕྱི་མ་རླན་ཡོད་སར་དགོས་ཞེས་འདུག་མཆན་ནོ། །ལ་དེར་ཡང་གོང་གི་ཀླུ་སྨན་སྦྱར་བའི་ཆུ་ཐིགས་འགའ་བླུགས་ཁ་གསིང་མས་བཅད། དེ་ནས་ཕྱག་རྡོར་ དང་རྒྱལ་པོ་བཞི། ཕྱོགས་སྐྱོང་སྲུང་མ་ཡུལ་དེའི་ལྷ་ཀླུ་གཞི་བདག་རྣམས་ལ་གཏོར་མ་བཏང་ནས་ཀླུ་མཆོད་ རྒྱས་པར་བྱ་ཞིང་། ཆུ་འབྱུང་བར་གསོལ་བ་བཏབ་པས་གོང་གི་ཆུ་རྣམས་དོང་གཅིག་པོ་དེར་འབྱུང་ངོ་། །ལུང་པར་ཆུ་དབབ་མན་ངག་ཀླུ་རྒྱལ་དུང་སྐྱོང་གི་ལས་སྦྱོར་ས་མ་ཡ་ཨི་ཐིཿ ༈ བཻ་དཀར་ ལས། ཆུ་དཀོན་ཡུལ་དུ། རྫ་བུམ་དུ་འབྲུ་སྣ་ཀླུ་སྨན་བུ་རམ་ཚང་མར་བླུགས། རིན་ཆེན་གཞལ་ཡས་ཁང་བརླབ་རྒྱལ་ཆེན་བཞི་ལ་བསྔོ། རྒྱ་ཤོག་ལ་ཀླུ་ཕོ་མོ་སྤྲུལ་གཟུགས་གཉིས་སྙིང་གར་ཕུ་རེ་བྲི་དེ་སྐྱེར་ཤིང་ལ་བཏགས། ཆུ་མིག་ཀླུའི་ 6-37-26a གཞན་ཡས་ཁང་དུ་ཤར་ནས་ཀླུ་ཕོ་མོ་དགུག་སྟིམ། ཀླུ་གཏོར་མངའ་གསོལ་བ་དྲན། འབྲུ་ཕྱུག་ཆུ་རྒྱས་གསོལ་བ་བཏབ་པས་ཕན་གསུངས་སོ། ། ༈ གཟའ་ཡི་དུག་སྦྱོང་གི་ལག་ལེན་ནི། གཏུམ་པོའི་བདག་བསྐྱེད་བཟླས་པ་ཅི་རིགས་སྔོན་དུ་བཏང་ནས། ཕོར་སྣོད་གཙང་མར་ཀླུ་བཤོས་རྒྱབ་ཡོལ་མ་གཅིག །གཟའ་དང་། ཀླུ་གཟུགས་གཅིག །ཏིང་ལོ་གཅིག །མཐེབ་ཀྱུ་གཅིག །ཆང་བུ་གཅིག །བསྒྲེས་གླུད་གཅིག་དེ་རྣམས་ནད་ པའི་མདུན་དུ་བཤམས། ཁྲོ་བཅུ་སྤྱན་དྲང་ཁྲུས་གསོལ། དེ་ནས་ཀུ་ཤ་དང་རྨ་བྱའི་སྒྲོ་མདོངས་ཐོགས། མགོ་ནས་མར་བྱབས་པས་ནད་པ་དང་སྔགས་པ་གཉིས་ཀས་དམིགས་པ་ནི། ནད་པའི་ལུས་ཀྱི་ནད་གདོན་ཐམས་ཅད་རྐང་པའི་མཐེ་ བོའི་རྩེ་ལས་འཇའ་ཚོན་ལྟར་ཐོན་ནས་གཏོར་མ་དང་ཁྲུས་ཆུ་དང་གླུད་ལ་ཐིམ་པར་བསམ། འདི་པདྨ་གླིང་པ་སྙུན་ཞིག་བྱུང་བ་གྲོལ་བའི་ཕྱིར་གཏེར་སྟོན་རང་གི་ཞལ་གསུངས་ཕྱག་ལེན་ནོ། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཨོཾ་ཨེ་ ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཁཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ཁཾ་ལཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ནད་གདོན་སྡིག་སྒྲིབ་སརྦ་པ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། གངས་རི་དཀར་ པོའི་ཤར་ཕྱོགས་ནས། །རྗེའུ་རིགས་ཀླུ་ཡི་ཚོགས་རྣམས་དང་། །ཕུར་བུ་ཤིང་གཟའ་ཉིད་ཡིན་ཏེ། །རེངས་ཤིང་འཁུམ་པའི་ནད་གཏོང་བ། །འགྲེས་བྱང་ཡིན། གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ 6-37-26b ཤིག །མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག །བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །དོ་ནུབ་དུག་འདི་མི་ཕྱུངས་ན། །དོ་ནུབ་ བྱད་འདི་མི་འགྲོལ་ན། །དོ་ནུབ་མི་འདི་མི་གཏོང་ན། །དོ་ནུབ་ནད་འདིར་མི་ཕན་ན། །ཕྱག་ན་རྡོ་རྗེའི་བཀའ་བྱུང་གིས། །ཁྱེད་རྣམས་སྲོག་སྙིང་གཅོད་པར་བྱེད། ། དེ་བས་བཀའ་ལས་མ་འདའ་བར། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །ཁ་རླངས་དུག་རྣམས་ ཕྱིར་ཕྱུངས་ཤིག །བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །མཛེ་དང་འབྲས་དང་ཕོལ་མིག་དང་། །སྐྲངས་པ་ཤུ་ཐོར་གཉན་གཟེར་དང་། །རྒྱུ་གཟེར་བཤལ་ནད་རེངས་པ་དང་། །གདུག་ རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །ནཱ་ག་ཤིག་ཤིག་ནཱ་ག་ཁྲོལ་ཁྲོལ། ནཱ་ག་རྦུད་རྦུད། ས་བདག་ཀླུ་དང་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། ནགས་མ་སྟུག་པོའི་ལྷོ་ཕྱོགས་ནས། ། དམངས་རིགས་ཀླུ་ཡི་ཚོགས་རྣམས་དང་། །ཉི་མ་མིག་དམར་མེ་གཟའ་སྟེ། །ཚ་ཞིང་བསྲེག་པའི་དུག་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །ཅེས་པ་ནས་སྭཱ་ཧཱའི་བར་གོང་བཞིན་བརྗོད། 6-37-27a ཧཱུྃ། རྒྱ་མཚོ་ཆེན་པོའི་ནུབ་ཕྱོགས་ནས། །བྲམ་ཟེ་ཀླུ་ཡི་ཚོགས་རྣམས་དང་། །པ་སངས་ལྕགས་གཟའ་ཉིད་ཡིན་ཏེ། །མཁྲེགས་ཤིང་སྲ་བའི་དུག་གཏོང་བ། །གདུག་རྩུབ་ཐམས་ ཅད་ཕྱིར་ཕྱུངས་སོགས་འགྲེ། ཧཱུྃ། གཤའ་མ་བདེ་བའི་བྱང་ཕྱོགས་ནས། །གདོལ་པ་ཀླུ་ཡི་ཚོགས་རྣམས་དང་། །ཟླ་བ་ལྷག་པ་ཆུ་གཟའ་སྟེ། །འཁྲུ་ཞིང་སྐྱུགས་པའི་ནད་གཏོང་བ། །གདུག་རྩུབ་ ཐམས་ཅད་སོགས། ཧཱུྃ། མཚམས་བཞི་གདོལ་པ་གླིང་བཞི་ནས། །དགའ་བོ་འཇོག་པོ་ཉེར་དགའ་བོ། །པདྨ་དུང་སྐྱོང་ནོར་རྒྱས་དང་། །མཐའ་ཡས་རིགས་ལྡན་ཝ་རུ་ཎ། །སྤེན་པ་རཱ་ཧུ་ས་ གཟའ་སྟེ། །ལྕི་ཞིང་འཐིབ་པའི་ནད་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག་སོགས། སྟེང་ལྷ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །འོག་ཀླུ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །གཟའི་དུག་ རྣམས་ཕྱིར་ཕྱུངས་ཤིག །དམུ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །བཙན་གྱི་དུག་རྣམས་ཕྱིར་ཕྱུངས་ཤིག །མ་མོའི་དུག་རྣམས་ཕྱིར་ཕྱུངས་ཤིག །གནོད་སྦྱིན་དུག༴ བདུད་ཀྱི་དུག༴ ཡ་ བདུད་ཀྱི་དུག༴ མ་བདུད་ཀྱི་དུག༴ རྒྱལ་པོའི་དུག༴ དཀོར་བདག་གི་དུག༴ འགོང་པོའི་དུག༴ ཐེའུ་རང་གི་དུག༴ གཉན་གྱི་དུག༴ སྲིན་པོའི་དུག༴ འབྱུང་པོའི་དུག༴ དམ་སྲིའི་ 6-37-27b དུག༴ གཤིན་རྗེའི་དུག༴ ཀླུ་རྒྱལ་རིགས་ཀྱི་དུག་རྣམས་ཕྱིར་ཕྱུངས་ཤིག །ཀླུ་རྗེའུ་རིགས་ཀྱི་དུག་རྣམས༴ ཀླུ་བྲམ་ཟེའི་རིགས་ཀྱི་དུག༴ ཀླུ་དམངས་རིགས་ཀྱི་དུག༴ ཀླུ་གདོལ་པའི་ རིགས་ཀྱི་དུག༴ ཀླུ་དགའ་བོའི་དུག༴ ཀླུ་ཉེར་དགའི་དུག༴ ཀླུ་མཐའ་ཡས་ཀྱི་དུག༴ ཀླུ་པདྨའི་དུག༴ ཀླུ་དུང་སྐྱོང་གི་དུག༴ ཀླུ་ནོར་རྒྱས་ཀྱི་དུག༴ ཀླུ་རིགས་ལྡན་གྱི་དུག༴ ཀླུ་ཝ་ རུ་ཎའི་དུག༴ ས་བདག་ས་སྲིན་གྱི་དུག༴ འབྱུང་བ་ས་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །འབྱུང་བ་ཆུ་ཡི་དུག་རྣམས༴ འབྱུང་བ་མེ་ཡི་དུག་རྣམས༴ འབྱུང་བ་ང་གི་དུག༴ འབྱུང་བ་ནམ་མཁའི་དུག༴ དེ་དག་གི་མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས༴ ཁ་ང་གི་དུག༴ བསམ་སྦྱོར་ངན་པའི་དུག༴ དོ་ནུབ་དུག་འདི་མི་ཕྱུངས་ ན། །དོ་ནུབ་བྱད་འདི་མི་འགྲོལ་ན། །དོ་ནུབ་མི་འདི་མི་གཏོང་ན། །དོ་ནུབ་ནད་འདིར་མི་ཕན་ན། །གསང་བདག་ཕྱག་ན་རྡོ་རྗེ་དང་། །མཁའ་ལྡིང་རྒྱལ་པོ་ག་རུ་ཎ། །རྡོ་རྗེ་འཇིགས་བྱེད་ ཆེན་པོ་སོགས། །དེ་དག་ཐམས་ཅད་ཐུགས་ཁྲོས་ནས། །ཁྱེད་རྣམས་སྲོག་སྙིང་གཅོད་པར་བྱེད། །དེ་བས་བཀའ་ལས་མ་འདའ་བར། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །གཟའ་ཉི་ 6-37-28a མའི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །གཟའ་ཟླ་བའི་གདུག་རྩུབ་ཐམས་ཅད་ཕྱིར༴ གཟའ་མིག་དམར་གྱི་གདུག་རྩུབ༴ གཟའ་ལྷག་པའི་གདུག་རྩུབ༴ གཟའ་ ཕུར་བུའི་གདུག༴ གཟའ་པ་སངས་ཀྱི་གདུག༴ གཟའ་སྤེན་པའི་གདུག་རྩུབ༴ གཟའ་རཱ་ཧུ་ལའི་གདུག་རྩུབ༴ གདོང་མོ་མཆེད་བཞིའི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག། སྐར་ཆེན་ཕོད་སྐར་ཀྱི་གདུག་རྩུབ༴ དུ་བ་མཇུག་རིང་གི་གདུག་རྩུབ༴ སྒྲ་གཅན་འཛིན་གྱི་གདུག་རྩུབ༴ མེ་རུ་ཙེའི་གདུག་རྩུབ༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ ཕྱིར་ཕྱུངས་ཤིག །དེ་ནས་དུག་སྦུར་བའི་ཆེད་དུ་རྨ་བྱའི་མདོངས་བླ་གབ་མེད་པའི་མཁའ་ལ་ཕྱར་བས་གཟའ་ཡི་སྦྲུལ་མཇུག་གི་རྩེ་མོས་སྟེང་གདོན་གཟའ་དུག་ཐམས་ཅད་བླངས་ཏེ་ལུས་ནང་ནས་ཡར་བྱུང་བྱ་རོག་གི་ཞལ་ནས་སྤྲིན་དང་ཁུ་རླངས་ གི་རྣམ་པས་ནམ་མཁའ་ལ་ཡལ་བར་བསམ་ལ། གཟའ་ཉི་མ་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱཿ གཟའ་ཟླ་བ་ནམ་མཁའ་ལ༴ གཟའ་མིག་དམར་ནམ་མཁའ་ལ༴ གཟའ་ལྷག་པ་ནམ་ མཁའ་ལ༴ གཟའ་ཕུར་བུ་ནམ་མཁའ་ལ༴ གཟའ་པ་སངས་ནམ་མཁའ་ལ༴ གཟའ་སྤེན་པ་ནམ་མཁའ་ལ༴ གཟའ་རཱ་ཧུ་ལ་ནམ་མཁའ་ལ༴ གདོང་མོ་མཆེད་བཞི་ནམ་མཁའ་ 6-37-28b ལ། །སྐར་ཆེན་ཕོད་སྐར་ནམ་མཁའ་ལ༴ དུ་བ་མཇུག་རིང་ནམ་མཁའ་ལ༴ སྒྲ་གཅན་འཛིན་ནམ་མཁའ་ལ༴ མེ་རུ་ཙེ་ནམ་མཁའ་ལ༴ རྒྱུ་སྐར་ཉེར་བརྒྱད་ནམ་མཁའ་ལ༴ འཁོར་ལྷ་སྲིན་སྡེ་བརྒྱད་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱཿ དུག་ཐམས་ཅད་ནམ་མཁའི་དཀྱིལ་དུ་འདུས་ཤིག །ཅེས་བརྗོད་པས་སྟེང་གདོན་གྱི་གདུག་རྩུབ་ཕྱིར་ཕྱུངས་ནས་ནམ་མཁར་ཡལ་བར་བསམ། ཨོཾ་ མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱཿ འབྱུང་བ་ཤིང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་མ་མ་སུ་སུ་ཏིང་ཏིང་ཡེ་སྭཱ་ཧཱཿ འབྱུང་བ་ས་ཡི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་མ་མ་ཁཾ་ཁཾ་ཡེ་ སྭཱ་ཧཱཿ འབྱུང་བ་ཆུ་ཡི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་མ་མ་རཾ་རཾ་སྭཱ་ཧཱཿ འབྱུང་བ་མེ་ཡི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ །ཨོཾ་བཛྲ་ཡཾ་ཡཾ་སྭཱ་ཧཱ། འབྱུང་བ་ང་གི་དུག་ཐམས་ ཅད་ཕྱིར་ཕྱུངས་ཤིག །ཨོཾ་བཛྲ་ཁ་ཞུང་ཁ་ཞུང་སྭཱ་ཧཱཿ །འབྱུང་བ་ནམ་མཁའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ནད་དང་གདོན་དང་དུག་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བརྗོད་པས་ཤིང་ དུག་རྩ་ལ་ཞུགས་པས་རེངས་འཁུམ་གྱི་ནད། ས་དུག་ཤ་ལ་ཞུགས་བས་ལྕི་འཐིབ། ཆུ་དུག་ཁྲག་ལ་ཞུགས་པས་འཁྲུ་སྐྱུགས། མེ་དུག་དྲོད་ལ་ཞུག་པས་ཚ་བསྲེག་རླུང་དུག་དབུགས་ལ་ཞུགས་པས་སྨྱོ་བརྒྱལ། མཁའ་དུག་ 6-37-29a སེམས་ལ་ཞུགས་པས་རང་སྣང་འཁྲུལ་རྟོག་གི་ནད་ཐམས་ཅད་དམིགས་མེད་ནམ་མཁར་ཐིམ་ཞིང་ཡལ་བར་བསམ། དེ་ལྟར་ནད་ཚབས་དང་བསྟུན་ཏེ་བདུན་ནམ་ཉེར་གཅིག་སོགས་བཟླས་པས་གཟའ་དང་ཀླུ་ གདོན་གྱི་དུག་ཐོན་པར་འགྱུར་རོ། །མཐར་གླུད་དང་ཁྲུས་ཆུ་རྣམས་སམ་བྷ་རས་བརླབས། མཚན་བཞི་བརྗོད་ལ་གནོད་བྱེད་ལ་བསྔོས་ཏེ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །ཅེས་བྱས་ལ། སརྦ་བྷྲུ་ཏ་གཙྪས་གཤེགས་གསོལ་བྱས་ཏེ་གནོད་པའི་སར་བསྐྱལ། བདག་བསྐྱེད་བསྡུ། བཀྲ་ ཤིས་སྨོན་ལམ་བྱའོ། །འདི་ནི་དུག་ཕྱུངས་བསྡུས་པའི་ལག་ལེན་ནོ། ། ༈ རྒྱས་པར་གཏུམ་པོའི་བདག་བསྐྱེད་བུམ་པ་བསྒྲུབ་པ་སྔོན་དུ་བཏང་། ནད་བདག་ཀྲུ་དང་གཟའི་གཟུགས་བྱས། ནད་པའི་གླུད་གཅིག་ ཀྱང་བཤམས། རང་གི་ཐུགས་ཀའི་འོད་ཀྱིས་གཏུམ་པོ་དང་ཁྲོ་བཅུ་སྦྱན་འདྲེན་པ། ཧཱུྃ། དད་པ་དང་ནི་སོགས་འདོན། བུམ་པ་བཟང་པོ་སོགས་ཀྱིས་བུམ་པའི་ཆུས་ནད་པ་ལ་ཁྲུས་བྱས་ཤིང་། བཛྲ་ཙནྜ་ནས། ནད་གདོན་སྡིག་སྒྲིབ་སརྦ་པཱ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱའི་བར་ཅི་རིགས་བརྗོད། དེ་ནས་སྟོང་པའི་ངང་ལས་གནོད་བྱེད་ཀླུ་དང་གཟའི་གཟུགས་དེ་དག་དངོས་སུ་བསམ། རང་གི་ཐུགས་ཀའི་འོད་ཀྱིས་གནོད་བྱེད་བཀུག་ནས་གཟུགས་ 6-37-29b ལ་བསྟིམ། བདེན་པ་བརྗོད་དེ་བཀུག །གླུད་བྱིན་གྱིས་བརླབས། སམ་བྷ་ར་བརྗོད། བསྔོ་བའང་བྱ། དེ་ནས་དུག་དབྱུང་ཕྱིར་བྱབས་པ་ལ། སློབ་དཔོན་གསང་བའི་བདག་པོའི་ང་རྒྱལ་ལ་གནས་པས། ཕྱག་གཡས་ རྡོ་རྗེ་དང་བཅས་བྱ་བས་སྒྲོ་ཐོགས་ལ། དེར་རྨ་བྱའི་མདོངས་ཀྱི་དབུས་སུ་ཧཱུྃ་ལས་འོད་འཕྲོས་པས་ནད་པའི་ལུས་ཀྱི་གདོན་ཐམས་ཅད་རང་དབང་མེད་པར་སྦྲུལ་དང་རྟ་བླ་སོགས་ཀྱི་རྣམ་པར་སྦུར་མ་ང་གིས་བརྡས་བ་ལྟར་དེད་དེ་གཤང་ལམ་ དང་མཐེ་བོང་ནས་ཐོན་པ་གནོད་བྱེད་ཀྱི་གཟུགས་ལ་ཐིམ། ནད་ཐམས་ཅད་རྣག་ཁྲག་གི་རྣམ་པས་གླུད་ལ་ཐིམ་པར་བསམ། ཧཱུྃ། གངས་རི་དཀར་པོའི་ཤར་ཕྱོགས་ནས། །རྗེའི་རིགས་ཀླུ་ཡི་ཚོགས་རྣམས་ དང། །ཕུར་བུ་ཤིང་གཟའ་ཉིད་ཡིན་ཏེ། །རེངས་ཤིང་འཁུམ་བའི་ནད་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་སོགས་བརྗོད། གཟའ་ཉི་མའི་དུག་ཐམས་ཅད་ནམ་མཁའ་ལ་པྲ་ཤ་ར་ར་ སོགས་བརྗོད་ཚེ། དུག་སྤུར་བའི་དམིགས་པ་གོང་བསྟན་ལྟར་བྱ། དེ་ནས་གདོན་ལ་བཀའ་ནན་བསྒོ་བ། ཆོས་བཤད་ཤིས་བསྟན་པ་རྣམས་ཀྱི་ཚིགས་བཅད་བརྗོད་ནས། མ་མ་སྔོ་ཏ་སྔོ་ཏ་སོགས་འབྱུང་ལྔའི་དུག་ ཕྱུང་གི་དུས་སུ། ཤིང་གི་ཕོན་པོས་བྱབས་པས་ཤིང་གི་དུག་ཐམས་ཅད་ཤིང་དེར་ཐིམ་པར་བསམ། དེ་བཞིན་སས་བྱབས་ས་ལ། ཆུས་བྱབས་ཆུ་ལ། མེས་བྱབས་མེར། རླུང་གཡབ་ཀྱིས་གཡབ་ང་ལ། མེ་ལོང་ 6-37-30a བསྟན་ཏེ་ནམ་མཁར་ཐིམ་པར་བསམ། མཐར་ཀླུད་བསྔོ། གཤེགས་གསོལ་བྱ། བདག་བསྐྱེད་བསྡུའོ། །དུག་ཕྱུངས་ལས་འགྲིགས་ཏེ། རྒྱས་པར་འདོན་ཆ་ནག་འགྲོས་སྔར་གྱི་དཔེ་ལས་གསལ་ལོ། །སྟབས་བདེའི་ ལས་འགྲིགས་འདི་གཞུང་བཞིན་མི་ཕམ་པས་བཀོད་པ་དགེའོ། །མངྒ་ལཾ། ། ༈ སད་སོགས་བཀག་པའི་སླད་དུ་སྤྲིན་དང་ན་བུན་སྡུད་འདོད་ན། དང་པོ་ཀླུ་སོགས་སྡེ་བརྒྱད་དང་གཞི་བདག་ལ་དཀར་གཏོར་བཏང་བཀའ་བསྒོ། དེ་ནས་ཆུ་མིག་དགུ་ཡན་ཆད་གཉན་བོན་ས་བླངས་པའི་ཆུ་ཟོ་བ་གང་བཞག་ལ་ཡེ་དྷར་གྱི་རབ་གནས་བྱ། སྔགས་པའི་བལ་ནག་པོས་ཁ་བཀབ། སྐྱབས་སེམས། སྟོང་པའི་ངང་ལས་རང་ཉིད་སྟོན་པ་ཤཱཀྱ་ཐུབ་པར་གསལ་ ཐོ་ཆུ་རྒྱ་མཚོ་ཆེན་པོ། བལ་ནག་རྒྱ་མཚོའི་ནང་གི་གླང་པོ་ཆེ་སྤྲིན་ནག་འདྲ་བ་གཅིག་གི་ཁ་རླངས་ནམ་མཁར་སྤྲིན་ནག་ཆེན་པོར་གྱུར་པས་གང་སྲུང་བའི་ཡུལ་ཐམས་ཅད་ནག་ཐིབས་སེ་གཡོགས་པར་བསམ། དེའི་ངང་ནས་ ཐུབ་པའི་སྙིང་པོ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཀག་མ་ཚར་བར་དུ་ཉིན་རེ་བཞིན་ཅི་ནུས་རེ་བཟླ། སྐབས་སུ་ཡུལ་གྱི་ལྷ་ཀླུ་གཞི་བདག་ལ་ཆུ་གཏོར་བཏང་བཀའ་བསྒོ་བྱ། བཀག་ཚར་ནས་ཀླུ་གཏོར་ བཅས་ཆུ་མིག་དུ་བླུགས་ནས་ཀླུ་ལ་བཟོད་གསོལ་བྱ། ཡུལ་གྱི་གཞི་བདག་ལ་གཏང་རག་གི་གཏོར་མ་སྦྱིན་པར་བྱའོ། །དེས་མི་ཁེགས་མི་སྲིད་དེ། ཡང་ཡང་བྱས་པའི་ལག་ལེན་མའོ། །ཞེས་གསུང་ཟབ་བོ། །དགེ་ 6-37-30b ལེགས་འཕེལ། ཆར་འབེབ་ན་ལུང་པ་དེའི་གྲོང་པ་རྣམས་ཀྱི་ཕྱེ་ཕུད་དཀར་ཕུད་གཏོར་མ་ཡི་དམ་ཆོས་སྐྱོངས་ལ་ཕུལ་ནས་གསོལ་བ་བཏབ། དངོས་གཞི་རྫས་ནི་ཁྱི་ནག་སྙིང་དཀར་གྱི་བྲུན་ཨ་རུ་ར་ཙམ་གཉིས་སྔགས་འདི་བཏག་ ས་མ་ས་མ་སི་ལི་སི་ལི་ཕོབ་ཕོབ་དུལ་དུལ་ཆིལ་ཆིལ་ཆིགཿ འདི་ལ་དང་པོ་གོང་བསྙེན་སྟོང་ཚོ་གཅིག་བྱ། རྫས་ལ་རྒྱགས་ཁར་ལན་བརྒྱ་རྩ་བདུན་བཟླས་ཏེ་བཏབ་ལ། ཨ་རུ་ར་ཙམ་ཞིག་རྫ་ཡི་རུ་སྦལ་ཁོག་སྟོང་སོ་བཏང་བ་ གཅིག་གི་ནང་དུ་བཅུག་ནས་འཇིམ་པས་ཁ་བཅད་དེ་ཆུ་མིག་གི་ནང་དུ་མིས་མི་མཐོང་བར་སྦ། ཆར་བྷྱོ་བྷྱོཿ །ཞེས་ཆུ་མིག་ཏུ་རྫས་ལ་བཏབ་པས་ཆོག ཕོག་ཐུག་མི་འོང་། དམིགས་པ་རང་གང་མོས་ལྷར་བསྒོམ། དུས་ དང་ཚེས་གྲངས་རྩི་མི་དགོས། བཞག་པ་ཙམ་གྱིས་སྤྲིན་འདུ་ནས་འོང་། རྫས་ཨ་རུ་ར་ཙམ་གཅིག་ཆུ་མིག་སྒོ་རུ་བསྲེག བཞག་ནས་རང་ཁྱིམ་དུ་ཕྱིན་པའམ། ཆུ་མིག་རྩལ་སྡད་པ་གང་བདེས་ཆོག ཆར་ཆེ་ན་རྫས་ འདོན་ཇི་སྲིད་ཆོག་པར་མ་བབ་བར་དུ་བཞག རླུང་གིས་སྤྲིན་བསྡུས་པ་དང་འཐོར་བ་གཉིས་ལས། འཐོར་ན་ང་གནོན་སྔགས་བྲིའོ། །སྤྲིན་ས་ཏ་ར་ཕུདཿ འདི་བརྒྱ་རྩ་རེ་བགྲང་ཕྱོགས་བཞི་མཚམས་བརྒྱད་ཕུས་བཏབ་ པས་ང་ནོན་ནོ། །ཐབས་འདིས་ཇི་ལྟར་འགྱང་ཡང་ཞག་གསུམ་ནས་འབེབ་ངེས་སོ། །རྒྱ་གར་པཎྜི་ཏ་གཅིག་གི་མན་ངག་ཡིན་ནོ། །ཆོས་རྗེ་མི་ཕམ་པའི་ཕྱག་བྲིས་ལས་བཤུས་སོ། ། ༈ ས་གཡོ་བརྒྱ་མནན་པར་འདོད་ན། 6-37-31a རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གསེར་མདོག་ས་གནོན་མཉམ་བཞག་ཅན། བྱང་ཆུབ་ཀྱི་ཤིང་དྲུང་ན་སྟོང་ཆེན་པོའི་འཇིག་རྟེན་ཁེབས་པའི་པདྨ་ལ་སྐྱིལ་ཀྲུང་གིས་ས་མནན་ཏེ་བཞུགས་པའི་ བྱིན་རླབས་ཀྱི་མཐུས། ས་རྣམས་འཇིག་རྟེན་གསུམ་པོ་སུས་ཀྱང་སྤུ་འགུལ་བ་ཙམ་ཡང་བསྐྱོད་མི་ནུས་པར་བསམ་ལ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་་མི་ཙ་ ལ་ཨུརྞྞ་མ་ཎི་ཡེ་སྭཱ་ཧཱ། ཞེས་བཟླས་པས་ཐེ་ཚོམ་མེད་དོ། །མི་ཕམ་པས་སོ། ། ༈ རང་རྡོ་རྗོ་མི་གཡོ་བ་རི་རབ་ཙམ་གྱི་ཞབས་འོག་ཏུ་ང་ཐམས་ཅད་ཡཾ་ཡིག་གི་རྣམ་པར་མནན་ཏེ་གཡོ་འགུལ་མེད་པར་བསམ་ལ། ཨོཾ་ཙནྜ་མ་ཧཱ་ རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་ཧེ་ཧེ་ཏིཥྛ་སོགས། ནི་རུནྡྷ་བྷ་ཡུ་ཨུརྞྞ་མ་ཎི་ཡེ་སྭཱ་ཧཱ། མང་བཟླས་རླུང་ནོན་ནོ། །འཚེ་བ་གཞན་ཁ་བཅིངས་པ་ལ། མི་གཡོ་སོགས་ཀྱི་ཞབས་ཀྱི་འོག་ཏུ་ཨེ་ཁང་དུ་དམིགས་བྱ་བཀུག་བཅིང་མནན་པར་བསམ་ལ། སྔགས་གཉིས་སྦྲེས། བྱི་བ་ཨུརྞྞ། གཅན་གཟན་ཨུརྞྞ། དགྲ་རྐུན་ཨུརྞྞ། ཀུ་ཀུ་ཨུརྞྞ། ཐོག་སེར་འབྲུག་གློག་ཨུརྞྞ། འབྱུང་པོ་ཨུརྞྞ། སོགས་བསྒྱུར། བྱེ་མ་ཡུངས་ཀར་སྔགས་ཏེ་གཏོར་བས་ཐུབ་བོ། །ཕ་རོལ་ཆྒེེ་མོའི་ངག་ཨུརྞྞ། ཤྭ་རྩལ་མདའ་སོགས་བསྒྱུར། འདི་དྷཱི་མིང་པས་བཀོད་པའོ། ། ༈ འབྲུག་སེར་སྲུང་ན། གངས་རི་ཆེན་པོ་རྒྱ་ཆེ་གནམ་འཕང་སླེབ་པའི་སྟེང་ན་རྡོ་རྗེའི་ཁྱུང་ཆེན་འཇིགས་སུ་རུང་བ་དང་། རི་ཡི་ཕྱོགས་རྩེ་ཁོར་ཡུག་ཏུ་དབང་ 6-37-31b ཕྱུག་མ་ཉེར་བརྒྱད་སེང་གེ་འཇིགས་སུ་རུང་བ་ང་རོ་སྒྲོགས་པ་ཉེར་བརྒྱད་ཀྱིས་བསྐོར་ཏེ་རྔམ་སྟབས་སུ་བལྟ་བས་འབྲུག་ཐམས་ཅད་དཔའ་བཀོང་ཏེ་ཉེ་མི་ནུས་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཡོ་ གེ་སད། བཾ་བཾ་སད། རཾ་རཾ་སད། ཕུར་ཕུར་སད། བྲ་མ་ཏི་སད། ཞེས་བཟླས། མཐར་བྷྱོ་ཅི་རིགས་ཟླས་པས་འབྲུག་ཕྱོགས་སུ་ཉེ་བར་གྲགས་མི་ནུས་སོ། །མི་ཕམ་པས་མེ་རྟ་ཟླ་༥་ཚེས་༣ལ་མན་ངག་འདི་གཉིས་བྲིས་སོ་དགེ། །། ༈ །། ནུབ་བྱང་ནས་ང་ལྷ་སྔོ་སྐྱ་ཤ་བ་ཞོན་པ་བ་དན་སྔོན་པོ་ཕྱར་བ་རང་འདྲའི་འཁོར་དང་བཅས་སྤྱན་དྲངས་སྤྲིན་གཏོར་བསམ། ཀྱེ་ཀྱེ། ཚུར་བྱོན་ཚུར་བྱོན་ང་གི་ལྷ། །ཉི་མ་ནུབ་བྱང་མཚམས་ཤེད་ནས། །རླུང་ལྷའི་ རྒྱལ་པོ་མཐུ་བོ་ཆེ། །ཆིབས་སུ་ཤ་བ་རྭ་རྒྱས་ཆིབས། །ཕྱག་ན་ང་གི་བ་དན་ཕྱར། །སྲིད་པ་ང་ལ་དབང་བསྒྱུར་བ། །རང་འདྲ་འབུམ་གྱི་འཁོར་དང་བཅས། །ད་ལྟ་ཉིད་དུ་འདིར་བྱོན་ལ། །འབྱུང་བ་རླུང་ཆེན་འུར་ གྱིས་གཡོས། །ནམ་མཁའི་སྤྲིན་གྱི་རྒྱ་ཐགས་གཏོར། །མ་གཡེལ་མ་གཡེལ་ང་གི་ལྷ། །དམ་རྫས་མཆོད་པ་དམ་པ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡཾ་ཡཾ་བྷ་ཡུ་རཱ་ཛ་ས་མ་ཡ་འུར་འུར། ། མ་ཧཱ་བ་སུ་སིདྡྷི་ཧཱུྃ། མཛེས་བྱེད་ཟླ་༨ཚེས་༡༥་ལ་མི་ཕམ་པས་དགོས་པའི་ཕྱིར་བྲིས་པ་དགེའོ། ། ༈ རླུང་འབོད་ན་རས་ལྗང་ཀུའི་བ་དན་ལྕེ་བཞི་གཉིས་སྦྲགས་ཅན་ལ་ང་ལྷ་ཤ་བ་ཞོན་པ་བ་དན་ཕྱར་བ་བྲིས། དེའི་སྙིང་གར་ཡི་གེ་ཡཾ་བྲིས་ལ་བསྐྱེད། བཀྲ་ཤིས་རབ་ 6-37-32a གནས་བྱ། རྒྱབ་ཏུ་སྔགས་བྱང་ཡིག་ཕྲེང་བཞིན་བྲི། ཧ་པྲ་ཛྙཱ་དྷྲྀ་ཀཱ། བ་ཡུ་རཱ་ཛ་ཡཾ་ཡཾ་འུར་འུར་བསྐྱོད་བསྐྱོད་དྲག་ཏུ་བསྐྱོད། རླུང་གི་དཀྱིལ་འཁོར་རབ་ཏུ་རྒྱས་པར་མཛོད་ ཅིག་ཞེས་བྱས་ལ། དར་ལྕེ་ལའང་ཡཾ་རེ་བྲི། དུས་སུ་དར་དེ་ཕྱར་བས་ནུབ་བྱང་ནས་ང་ལྷ་ཤ་བ་ཞོན་པ་ཕྱག་ན་བ་དན་ཕྱར་བས་ང་གི་འུར་སྒྲས་རི་ཡང་ཐལ་བར་བརློག་པ་གྲངས་མེད་རང་དབང་མེད་པར་བསྐྱོད་པས་གནམ་ ས་བར་སྣང་ཐམས་ཅད་ང་གིས་གང་བར་བསམ་ལ། གོང་སྔགས་དང་ཡཾ་ཇི་མང་བཟླས་པས་དེ་ཕྲལ་ང་ཤིན་ཏུ་དྲག་པོ་ཇི་འདོད་འབྱུང་ངོ་། ། ༈ ཧཱུྃ། མདུན་དུ་བདུད་རྩི་འོ་མའི་རྒྱ་མཚོ་ན། །ཀླུ་བདུད་དཀར་པོ་ཞལ་ གཅིག་ཕྱག་གཉིས་པ། །ཤིན་ཏུ་ཞི་བ་བཞད་ཅིང་གུས་པའི་ཚུལ། །རིན་ཆེན་ཤེལ་གྱི་མདའ་གཞུ་ཕྱག་ན་བསྣམ། །དབུ་གཙུག་དུང་གི་བྱ་མགོ་རྐན་སྒྲ་རྟོག །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་རུམ་དུ་འཁྱིལ། ། ནོར་བུ་རིན་ཆེན་འབར་བའི་རྒྱན་གྱིས་མཛེས། །ཐུགས་ཀར་ཡཾ་ཡིག་དཀར་པོ་སྔགས་ཀྱིས་བསྐོར། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱཿ ཞེས་བཟླས་སྔགས་ཀྱིས་གཏོར་མ་འབུལ། ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ། །རྟགས་ནི་འཇའ་འོད་ཟླ་ཟེར་ བཟུང་། །དེ་ནས་གྲུབ་པའི་སྔགས་འདི་བཟླ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་ཇི་འདོད་སྩོལ་བ་ཡི། །རྟགས་བྱུང་དེ་ཚེ་དངོས་གྲུབ་བླང་། །རྒྱུན་དུ་གསོལ་མཆོད་རྩོན་པར་བྱ། །ཤིན་ཏུ་ལས་མྱུར་ཐོགས་པ་མེད། །ཡིད་བཞིན་རིན་ཆེན་རྙེད་ 6-37-32b པ་འདྲ། །ཟླ་༡༢ཚེས་༨་ལའོ། །གཏོར་མ་བཤམས་ཤིང་བྱིན་གྱིས་རླབས། །དྲིལ་བུ་དཀྲོལ་ཞིང་འདི་ལྟར་དབུལ། །ཧཱུྃ། གསང་བདག་དཔའ་བོའི་ཕྲིན་ལས་པ། །མ་གཤིན་ཀླུ་བདུད་བྱེ་བའི་སྲོག །སྡེ་བརྒྱད་ཀུན་གྱི་རྗེ་བོ་ཆེ། །ཁྲོ་ གཏུམ་མི་བཟད་རཱ་ཧུ་ལ། །ཕྱོགས་དུས་གནས་རྒྱུའི་རྣོ་སོ་བ། །ཡང་སྙིང་ཡིད་བཞིན་ཞི་བའི་ཚུལ། །དངོས་གྲུབ་ཀུན་གྱི་མཛོད་ཆེན་པོ། །བདུད་རྩི་མྱོང་བའི་ཕོ་ཉ་བ། །རིག་འཛིན་བརྒྱུད་པའི་བཀའ་སྡོད་ མཆོག །མི་འབྲལ་རྡོ་རྗེ་སྙིང་གི་གྲོགས། །སྨན་སྐྱེམས་གཏོར་མས་གསོལ་ཞིང་མཆོད། །ཐུགས་དམ་དབྱིངས་སུ་བསྐང་ནས་ཀྱང་། །ལྷ་ཞལ་དགྱེས་པའི་འཛུམ་མདངས་ཀྱིས། །བྱང་ཆུབ་བར་དུ་སྐྱོང་ མཛོད་ལ། །རྣམ་རྟོག་དྲེགས་པ་སྡེ་བརྒྱད་ཀྱི། །འཚུབ་འགྱུར་སྟོང་ཉིད་ཆེན་པོར་བཟློག །རིག་པ་བདེ་སྟོང་རྡོ་རྗེའི་ཀློང་། །འདུ་འབྲལ་མེད་པའི་དམ་ལ་དྲོངས། །ཡིད་ལ་རེ་བ་མཐར་ཕྱིན་ནས། །ཟག་ མེད་རྡོ་རྗེའི་དཔལ་སྐྱོང་ཤིག །ཞེས་འོ་ཕུད་མངར་གསུམ་བཏབ་པ་དང་། ཟན་གཙང་མའི་གཏོར་ཟླུམ་གྱིས་མཆོད་དོ། །དུག་ཕྱུང་པྲ་དབབ་རྫུ་འཕྲུལ་བསྟན། །ཐན་ཆེན་སྒྲུབ་པ་ཚུལ་བཞིན་བྱ། །ས་མ་ཡཱ། སྡེ་བརྒྱད་འབྱུང་པོའི་གཏད་ཀྱི་གྲིབ། །དབྱུང་ཐབ་ མདུན་དུ་གཏོར་ཟླུམ་དང་། །འོ་སྐྱེམས་བཤམས་ལ་བྱིན་གྱིས་རླབས། །ནད་བའི་གྲིབ་གླུད་ཆང་བུ་དང་། །བུམ་པ་དྲི་བཟང་ཆུས་བཀང་བཞག །ས་དུག་མེ་དང་ང་ཆུ་དུག །གཞན་ལ་རང་ཉིད་གསང་བདག་བསྐྱེད། །བུམ་པར་ལྷ་བསྒོམ་གཟུངས་སྔགས་བཟླ། །མདུན་ 6-37-33a དུ་གཟའ་བདུད་ཞི་བ་གསལ། །སྤྱན་དྲང་སྙིང་པོ་བརྒྱ་ཕྲག་བཟླས། །དེ་ནས་ཧཱུྃ། རང་བྱུང་ཡེ་ཤེས་རིག་པའི་རྩལ། །གསང་བདག་དཔའ་བོའི་ཕྲིན་ལས་པ། །ནང་དུ་སྲོག་རླུང་བྱེད་པ་ལས། །ཕྱི་རོལ་སྲིད་ པ་གསུམ་གྱི་རྗེ། །གཟའ་བདུད་དྲག་པོ་རཱ་ཧུ་ལ། །རང་སྣང་ཡེ་ཤེས་ཞི་བའི་ཞལ། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱོད། །སྙིང་གི་གྲོགས་སུ་མངའ་གསོལ་ནས། །དཀར་དམར་བ་ལིང་གཏོར་མ་དང་། །མངར་ གསུམ་ག་བུར་བཏབ་པ་ཡི། །བདུད་རྩི་འོ་མའི་ཞལ་སྐྱེམས་སོགས། །ཕྱི་ནང་གསང་བའི་དམ་རྫས་ཀྱིས། །མཆོད་ཅིང་བསྟོད་དོ་ཐུགས་དམ་བསྐང་། །རིག་འཛིན་བརྒྱུད་པའི་བཀའ་བཞིན་དུ། །རྡོ་རྗེ་འདའ་ དཀའི་དམ་ཚིག་གིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བྱང་ཆུབ་བར་དུ་མི་འབྲལ་བར། །ཚེ་བསྲིང་དཔལ་བསྐྱེད་འབྱོར་བ་སྤེལ། །དགྲ་སོད་བགེགས་ཐུལ་བར་ཆད་བཟློག །བྱང་ཆུབ་བསྒྲུབ་ པའི་མཐུན་རྐྱེན་དང་། །ཉམས་རྟོག་ཡེ་ཤེས་ཆེས་ཆེར་སྤེལ། །སྙན་དང་གྲགས་པ་ཕྱོགས་བརྒྱར་སྒྲོགས། །མདོར་ན་ཕྲིན་ལས་གང་བཅོལ་བ། །འབད་མེད་ཡིད་བཞིན་གྲུབ་པར་མཛོད། །ཧོ་དགོངས་སུ་ གསོལ་ལོ་ལྷ་ཆེན་པོ། །ཁྱོད་ནི་བྱང་ཆུབ་སེམས་དཔའ་སྟེ། །བདེ་བར་གཤེགས་པའི་སྤྱན་སྔ་རུ། །དམ་བཅའ་གཉན་པོ་དགོངས་མཛོད་ལ། །ཕྲིན་ལས་བཅོལ་པ་དྭང་དུ་ལོངས། །བདག་ནི་རིག་འཛིན་རྣམས་ 6-37-33b ཀྱི་གདུང་། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་དང་སྦྱིན་པའི་བདག་པོ་ལ། །ཕས་ཀྱི་བསམ་སྦྱོར་ངན་པ་ཡིས། །འབྱུང་བཞིའི་གཏད་ཀྱི་ནུས་པ་དང་། །ལྷ་སྲིན་འབྱུང་པོའི་གློ་བུར་གྲིབ། །ལུས་ངག་ ཡིད་ལ་ཕོག་པ་རྣམས། །སྟོབས་ཆེན་ཁྱོད་ཀྱི་འོད་ཀྱིས་སྡུས། །གྲིབ་གླུད་འདི་ལ་སྤོ་མཛོད་ལ། །བདག་ཅག་གྲིབ་ལས་ཐར་བར་མཛོད། །ལྕི་ཞིང་འཐིབ་པ་ས་ཡི་དུག །ཚ་ཞིང་བསྲེག་པ་མེ་ཡི་དུག །ཡང་ཞིང་ འཕྱོ་བ་ང་གི་དུག །རླན་ཞིང་གཤེར་བ་ཆུ་ཡི་དུག །བར་ཆད་གློ་བུར་སྡེ་བརྒྱད་གྲིབ། །དེ་ལ་སོགས་པའི་གྲིབ་ཀྱི་རིགས། །ཏིང་འཛིན་སྔགས་རྒྱའི་བྱིན་རླབས་དང་། །ཆོས་སྐྱོང་ཆེན་པོའི་མཐུ་སྟོབས་ཀྱིས། ། མེ་ལོང་སྟེང་གི་རྡུལ་ཕྱིས་བཞིན། །འུབ་ཀྱིས་སྡུས་ལ་ཙེར་གྱིས་ཕྱུངས། །ངར་མི་འདི་ལ་ཐིམ་གྱིས་སྤོ། །ཟླ་བ་སྤྲིན་ལས་གྲོལ་བ་ལྟར། །བདག་ཅག་གྲིབ་ལས་ཐར་གྱུར་ཅིག །ཅེས་བརྗོད་རྣམ་འཇོམས་གཟུངས་ལ་ནི་ ཀེ་ཏ་དང་ནི་འབྱུང་ལྔའི་སྔགས། །ཁྲུས་སྔགས་སྦྱར་ལ་གླུད་སྟེང་བཀྲུ། །དེ་ནས་འབྱུང་དང་ཀེ་ཏ་དང་། །ལམ་ཧོ་བཟླས་ལ་ས་དེ་ཉིད། །སྦྱི་བོར་བསྐོར་ཞིང་ས་དུག་རྣམས། །ས་དེར་བསྟིམ་ལ་ཀླུད་སྟེང་བཞག །ས་ཡི་དུག་དང་གྲིབ་ཐམས་ཅད་ཕྱུངས་ཕྱུངས་ཤནྟིང་ཀུ་རུ་སྭཱ་ཧཱ། ཞེས་བཟླས་འབྱུང་བ་བཞི་ལ་བསྒྱུར། །དེ་ནས་ལུས་ཀྱང་ཡལ་བར་བསམ། །ཨེ་ཧོ་བཟླས་ལ། གྲིབ་ཐམས་ཅད་ཞི་བར་གྱུར་ཅིག་ཞེས་བརྗོད། དེ་ནས་གླུད་བྱིན་རླབས་བསྔོ་ཞིང་གཞན་དུ་འཕེན་ནོ། །འདིས་ཕན་པར་ངེས་སོ། །ས་མ་ཡཱ། ལྕགས་སྦྲུལ་ཟླ་ 6-37-34a ཚེས༡༩་ལའོ། ། ༈ གྲིབ་ཕྱུང་བཞུགས། ཧཱུྃ་ཞེས་བྱ་བའི་ཡི་གེ་གཅིག །རྨ་བྱའི་མདོངས་ལ་གསུམ་སྟོང་བཟླས། །གྲིབ་གླུད་ངར་མི་རིང་པོ་ལ། །བྱབ་ཅིང་བསྟིམ་ལ་གླུད་དུ་བོར། ཀྱེ། མཆོག་གསུམ་སྔགས་ དང་ཕྱག་རྒྱ་དང་། །ཆོས་ཅན་ཆོས་ཉིད་ཟུང་འཇུག་མཐུས། །དམིགས་བྱའི་ལུས་ངག་ཡིད་གསུམ་ལ། །གྲིབ་ཀྱིས་ཕོག་པ་ཀུན་བསྡུས་ཏེ། །གྲིབ་གླུད་འདི་ལ་ཐིམ་པར་གྱུར། །གྲིབ་གླུད་འདོད་པའི་ཡོན་ཏན་ལྔ། ། ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས། །འདོད་རྒུར་འཆར་བའི་རང་བཞིན་འདི། །གྲིབ་བདག་གླུད་བདག་ནད་རིམས་བདག །ལན་ཆགས་བུ་ལོན་བསྙགས་རྣམས་ལ། །བསྔོའོ་དགྱེས་དགུར་ཚིམ་གྱུར་ཅིག ། སཾ་བྷ་ར་ནི་བདུན་གྱི་བསྔོ། །དེ་ནས་ཁྱེར་ཅིག་སོགས་བརྗོད་གཞན་དུ་བསྐྱལ། ཟབ་བོ་ས་མ་ཡ། ༈ འདྲེ་ཟ་ཁ་སྤོ་ཞིང་ཁྱིམ་འདྲེ་གཞན་དུ་བསྒྱུར་བ་ལ། ཟན་ལ་སྤྲེའུ་མཇུག་མ་གྱེན་ལང་ལག་ཏུ་མཁར་བ་ཐོགས་པ་ཞིག་བྱས། གདོང་དང་ལག་པར་ བཙག་བྱུགདེའི་རྒྱབ་ཏུ་རྨི་ལམ་སོགས་སུ་གང་གནོད་པའི་གཟུགས་བྱ། ཤོག་བུ་ལ་སྟིང་གར། ཏྲི་ཡིག་བྲིས་ལ་གླན་ནོ། །མིང་ཤེས་ན་དེ་ཡང་བྲིས་ལ་གླན་ནོ། །རང་ཡི་དམ་བསྒོམ་བཟླས་བ་བརྒྱ་ཙམ་བྱ། མདུན་རྟེན་གྱི་སྙིང་ཀའི་ཏྲི་ལས་འོད་འཕྲོས་འདྲེ་དེའི་སྙིང་གར་ ཁུགས་ནས་བཟུང་རང་གི་ཐུགས་ཀྱི་ཕྱག་རྒྱ་བཞིས་བཀུག་སྟེ་དེ་ལ་ཐིམ་ཛ་ཧཱུཾ་བཾ་ཧོས་དབྱེར་མེད་བསྟིམ་པར་བྱ། ཐིག་ནི་ག་རཱ་ཛ་སྐྱོསཿ དེང་ཀྱི་ཟ་རེས་ཁྱེར་བས་དགྲ་བོ་ཆེ་གེ་མོའི་སར་སྐྱེལ་ལ་རྒྱུག ཅེས་སྔགས་འདི་སྤྲེའུའི་རྣ་བ་གཡས་ལ་ཉེར་གཅིག་བཟླས་ཏེ་ 6-37-34b ཕུ་བཏབ། དེ་ནས་གླུད་རྫས་སྔགས་དྲུག་ཕྱག་དྲུག་གིས་བརླབས་ལ། སྨྲེང་གྱེང་ནི། ཀྱེ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་སྟེ་བདེན་པའི་མཆོག །དགེ་འདུན་འདུས་པའི་ཚོགས་ སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །རྟེན་འབྲེལ་རྒྱུ་ལས་མ་བྱུང་གང་ཡང་མེད། །དེ་ཕྱིར་དཀོན་མཆོག་གསུམ་གྱི་ བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི་རང་བཞིན་དང་། །ཆོས་ཅན་རྟེན་འབྲེལ་བསླུ་མེད་ནུས་པའི་སྟོབས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུས། །གླུད་གཏོར་འདོད་པའི་ཡོན་ཏན་ཀུན་ ལྡན་འདི། །སྔོན་ལས་ལན་ཆགས་དབང་གིས་འབྲེལ་བ་དང་། །གློ་བུར་རྐྱེན་གྱིས་ལྷག་པའི་གདོན་བགེགས་ཚོགས། །སོ་སོའི་ཡས་སྟགས་གཟུགས་ལ་བསྟིམས་ནས་ཀྱང་། །ལན་ཆགས་གླུད་བཟང་ཡིད་ བཞིན་འདོད་དགུར་བསྔོ། །མཉེས་ཤིང་ཚིམ་ནས་གནོད་པའི་བསམ་པ་ཞི། །བུ་ལོན་ལན་ཆགས་ཤ་ཁོན་བྱང་གྱུར་ཅིག །སྔོན་ཚེ་ལྷ་དང་མི་ཡི་དབང་པོའི་གླུད། །སངས་རྒྱས་བྱས་སེམས་རིག་འཛིན་རྣམས་ ཀྱིས་བསྔོས། །ལྷ་སྲིན་འབྱུང་པོ་ཚིམ་ཞིང་དགེ་བར་བྱས། །རྒྱུ་འབྱོར་ཡོན་བདག་རྐྱེན་ངན་རྣམས་ལས་གྲོལ། །རྣམ་ཀུན་ཕན་པའི་ཐབས་ཚུལ་དེ་ལྟར་མཛད། །ད་ལྟ་རྒྱུ་འབྱོར་སྦྱིན་པའི་བདག་པོ་ཡིས། ། 6-37-35a མི་བས་གླུད་བཟང་སྔགས་དང་ཕྱག་རྒྱས་བརླབས། །དཀོན་མཆོག་བདེན་པས་སྔོན་གྱི་ལུང་བཞིན་དུ། ཕན་བདེའི་ཆོ་ག་བཟང་པོའི་ལམ་ནས་ནི། །བདེན་པའི་ཚིག་གིས་བཀྲོལ་ཏེ་བསྔོ་ལགས་ ན། །གླུད་འདི་བཞེས་ལ་གནོད་འཚེའི་བསམ་པ་སྤོངས། །ཆོས་ཉིད་བདེན་པའི་དོན་ལ་གནས་པར་གྱིས། །སཾ་བྷ་རས་བསྔོ། ཁྱེར་ཅིག་སོགས་བརྗོད། ཀྱེ། གདོན་བགེགས་འབྱུང་པོའི་མིང་གཟུགས་དང་། དབྱེར་མེད་ཡས་སྟགས་གཟུགས་ཀྱི་མདུན། །ལན་ཆགས་གླུད་ཀྱི་གཏོར་མ་ནི། །མི་ཟད་འདོད་དགུའི་གཏེར་དུ་བསྔོ། །ད་ནི་མ་འདུག་གཤེགས་རེ་རན། །མཐའ་མེད་རྒྱ་མཚོའི་ཕ་མཐར་དེངས། །མཐའ་ བལ་སྟོང་པའི་དབྱིངས་སུ་སོང་། ཕྱི་མིག་མ་བལྟ་མྱུར་དུ་སོང་། །མི་ཕྱུགས་འབྱོར་པའི་གླུད་བཟང་ནི། །དངོས་ལས་བཟང་སྟེ་ཡིད་རེ་ཚིམ། །འདོད་རྒུར་འབྱོར་ཏེ་ཞེ་རེ་བདེ། །གནས་འདི་མི་བདེ་བར་ མ་འུར། །བུ་ལོན་མི་ཆགས་ཟང་མ་ཐལ། །ད་ནི་འདུག་པའི་གནས་མེད་པས། །མྱུར་བ་ཉིད་དུ་འགྲོ་བར་གྱིས། །གལ་ཏེ་བདེན་པའི་དོན་བཞིན་དུ། །བཀའ་ལ་མི་ཉན་འདུག་བྱེད་ན། །བདག་ཉིད་སངས་ རྒྱས་ཀུན་འདུས་པའི། །དཔལ་ཆེན་ཁྲོ་བོའི་ཐུགས་ཀ་ནས། །མཚོན་ཆ་མེ་དཔུང་ཁྲོ་ཆུང་འཁྲུགས། །སྣང་སྲིད་རྡོ་རྗེའི་མེ་དཔུང་འབར། །བགེགས་ཚོགས་ཐལ་བ་རྡུལ་དུ་བརླག །དེ་བས་ལྡོག་མེད་ 6-37-35b ཤུགས་ཀྱིས་ནི། །རང་དབང་མེད་བར་མྱུར་དུ་སོང་། །ཞེས་བརྗོད་ལ་གླུད་རིང་དུ་བོར། ཁྲོ་བོའི་སྔགས་ཀྱིས་བསྔགས་པའི། ཡུངས་ཀར་ཀུན་ཏུ་འཐོར་ཞིང་སྔགས་པའི་གུ་གུལ་གནས་ཀུན་ཏུ་བདུག ཕུར་བུ་འགྲིལ་ཞིང་དྲག་སྔགས་དང་སུམ་བྷ་ ནི་བཟླ། དམིགས་པས་གཟིར་མཐར་སྲུང་འཁོར་བསྒོམ་མི་དམིགས་པའི་རྒྱས་བཏབ་བོ། །དེ་ལྟར་བྱས་པས་ཁྱིམ་མམ་ཡུལ་དུ་གདོན་ཆགས་པ་གང་དུ་དམིགས་པར་བསྒྱུར་ནུས་པས་ཟབ་བོ། ། ༈ ཀླུའི་གདོན་ཁྲོལ་རྟེན་འབྲེལ་བྱ་ན། ནད་པའི་ལུས་བསྒྲེས་ཟན་ ལས་གླུད་གཟུགས་གཅེར་བུ་མཁྱིད་གང་བ་ལ་སྦྲུལ་ནག་པོས་སྐེ་ནས་རྐང་པའི་བར་དུ་དཀྲིས་པ་བྱས། འོ་སྐྱེམས་དང་ཆང་བུ་མངར་གྱིས་བརྒྱན་ཅན་བཀྲམ། རང་ཉིད་ཕྱག་ན་རྡོ་རྗེར་གསལ། བཛྲ་པཱ་ཎི་བརྒྱ་ཙམ་བཟླ། ཨོཾ་ཨཱཿཧཱུྃ་ཧོ། གླུད་གཏོར་དངོས་ ཀྱི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་འདོད་ཡོན་མི་ཟད་པའི་གཏེར་དང་ལྡན་པར་གྱུར། འབྲུ་གསུམ། སཾ་བྷ་ར་མཚན་བཞིས་བརླབས། ཧོ༔ །གདོན་གྱི་རིགས་སུ་གྱུར་པ་དང་། །ཁྱད་པར་ལན་ཆགས་ཀླུ་ཡི་ གདོན། །བཟུང་ཞིང་ཆགས་དང་ཞེན་པ་རྣམས། །ཁུག་ཅིག་ཨཱ་ཀ་ཡ་ཛ༔ ཨོཾ་བཛྲ་ཊཀྐི་རཱ་ཛ་ཧཱུཾ་ཛཿ དམིགས་བྱ་འདི་ལ་གནོད་པའི་ཀླུ་གཉན་ས་བདག་ཐམས་ཅད་ཨཱ་ཀ་ཡ་ཛཿཛཿཞེས་ཅི་རིགས་བརྗོད་པས་གནོད་པའི་ཀླུ་གདོན་ ཐམས་ཅད་བཀུག་ནས་སྦྲུལ་གཟུགས་ལ་ཐིམ་པར་གྱུར། ཛ་ཧཱུཾ་བཾ་ཧོས་བཅིངས། ཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཁྲོ་བོའི་རྒྱལ་པོའི་བྱིན་སྟོབས་ཀྱིས། །དམིགས་བྱ་ནད་པ་འདི་ཉིད་ལ། །སྔོན་གྱི་ལན་ཆགས་དེད་པ་དང་། ། 6-37-36a ཕྲལ་གྱི་རྐྱེན་བགེགས་བྱེད་པ་ཡི། །གནོད་བྱེད་ཀླུ་གཉན་ས་བདག་ལ། །མི་འདིའི་ཕུང་ཁམས་སྐྱེ་མཆེད་ཆེ། །འདོད་ཡོན་རྒྱ་མཚོར་ཤར་བ་འདི། །བསྔོའོ་དགའ་མགུ་ཡི་རང་ཚིམ། །བུ་ལོན་སོད་ཅིང་ཤ་ མཁོན་དག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོགས། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་རྣམས་རང་གི་གནས་སུ་དེངས། །ཨོཾ་བཛྲ་པཱ་ཎི་ཧཱུཾ། ནཱ་ག་ཤིག་ཤིག་ཁྲོལ་ཁྲོལ་སྭཱ་ཧཱ། ཞེས་བརྗོད་པས་ ཀླུའི་གདུག་སེམས་དང་གནོད་པ་ཐམས་ཅད་ཞི་ནས་རང་གནས་སོང་བར་བསམ། གལ་ཆེ་ན། སཾ་བྷ་ར་སོགས་ནས་ལན་གསུམ་བསྐྱར་ལ། ཁྱེར་ཅིག་སོགས་བརྗོད། གལ་ཏེ་དེས་ཀྱང་མི་གཏོང་བའི་ཀླུ་དང་ནད་ཞེན་ཆེ་བ་དགྲོལ་བའི་ཕྱིར་འདི་སྐད་དུ། ཧཱུྃ། གསང་བདག་དཔའ་བོའི་ཐུགས་ ལས་སྦྲུལ། །འཇིགས་བྱེད་བྱ་ཁྱུང་ག་རུ་ཊ། །རི་རབ་རྩེ་ནས་སྤྱན་འདྲེན་ནོ། །འདིར་གཤེགས་རྣལ་འབྱོར་བདག་ཅག་ལ། །གདུག་པ་ཀླུ་ཡི་གདོན་རྣམས་ཀྱིས། །བཟུང་བ་མྱུར་དུ་མི་དགྲོལ་ན། །ཀླུ་གདོན་གདུག་པའི་ཕུང་ཁམས་ དང་། །བསམ་སྦྱོར་ངན་པའི་ནད་དང་གྲིབ། །བྱ་ཁྱུང་རྒྱལ་པོ་ཁྱོད་ཀྱིས་ཟོ། །ཁྲོལ་ཅིག་ཁྲོལ་ཅིག་ནད་གདོན་ཁྲོལ། ཨོཾ་བཛྲ་པཱ་ཎི་ག་རུ་ཊ་གནོད་བྱེད་ཀླུ་གཉན་ས་བདག་གི་གདུག་པ་ཁྲོལ་ཅིག་ཟོ་ཞིག་ཁ་རཾ་ཁ་ཧི། ཛྭ་ལ་རཾ། ཞེས་བརྗོད་ཐོག་ཁ་འམ་ས་ གཙང་དུ་བཞག་པས་འོལ་བས་ཟོས་ན་ཐེབས་པའི་རྟགས་སུ་བལྟ། དེས་ན་འོལ་བ་ལ་སྦྱིན་པར་བྱ། མིན་ནའང་བྱས་ཟར་གཞུག་གོ། ཀླུ་གདོན་ཁྱུང་གིས་ཁྲོལ་ཅིག་ཅེས་ལན་གསུམ་བརྗོད་རྗེས་ཡེ་དྷར་ཅི་རིགས་བཟླ་བཞིན་གླུད་བོར་ལ་མཐར་བཀྲ་ཤིས་བརྗོད་པར་བྱའོ། །རབ་ཚེས་མེ་ཕག་ཟླ་༣ཚེས་༡༧ཉིན་གུང་ཕྲལ་དུ་མི་ཕམ་པས་བཀོད་པ་དགེ། །། ༈ 6-37-36b ༈ འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཕ་ལམ་རྡོ་རྗེའི་རལ་གྲི་མེ་འབར་བཞུགས་སོ། །སྐྱབས་སེམས་ཚད་མེད་བསྒོམ་པ་རྣམས་སྔོན་དུ་བཏང་། སེམས་ཅན་ཐམས་ཅད་གཏི་མུག་གི་གདོན་ལས་བསྐྱབ་པར་བྱ་བའི་ཆེད་དུ་འཇམ་དཔལ་ནཱ་ག་རཀྴ་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ཧཱུྃ། བདག་ཉིད་སྟོང་པ་སྐྱེ་མེད་ཆོས་སྐུའི་ངང་། ། རང་སེམས་ཕེཿནག་འོད་ཟེར་དམར་པོ་འཕྲོས། །འཇིག་རྟེན་ཀླུ་དང་བདེ་གཤེགས་མཆོད་བྱས་ཏེ། །ཐམས་ཅད་འོད་ཞུ་ཚུར་འདུས་ཕེཿའོད་ཞུ། །ཨོཾ་ཕེ་ལཾ་ཧཱུྃ་ཞེས་རང་ སྒྲ་བརྗོད་པ་ཡིས། །རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་གཡས་གཡོན་ཕྱག །གཡས། སྦྲུལ་ཞགས་གཡོན། ཐོད་པར་ནཱ་གའི་སྙིང་ཁྲག་ འཐུང་། །དབུ་ནི་སྲིད་རྩེ་སྦྲུལ་མཇུག་རྒྱ་མཚོར་བརྐྱང་། །སྣང་སྲིད་དྲེགས་པ་མ་ལུས་དབང་དུ་སྡུད། །གདུག་པའི་ཀླུ་གཉན་བདུད་ཀྱི་གཉེན་པོར་ བསྒོམ། །ཐུགས་ཀར་སྦྲུལ་ནག་མཐོ་གང་ཡེ་ཤེས་ཐུགས། །ཕེཿལ་ཡང་སྙིང་འབྲུ་བཞིས་བསྐོར་བར་བསྒོམ། །ཨོཾ་ཕེ་ལཾ་ཧཱུྃ། ལམ་གྱི་ང་རོ་ང་རུ་བཀླག་མཆན། གསང་སྔགས་ 6-37-37a རྒྱལ་པོ་འབྲུ་བཞི་པ། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །ཚུར་འདུས་ལུས་གང་ནད་སོགས་བསྲེག །མ་ཡེངས་ཆུ་བོའི་རྒྱུན་ལྟར་བཟླ། །རིག་པའི་རྒྱལ་པོ་ཚེ་འདིར་འགྲུབ། །ཤིན་ཏུ་ གདུག་པའི་གདོན་ལ་ནི། །སླར་ཡང་དྲག་ཏུ་ཆེར་འཁྲོས་པས། །མཐིང་ནག་སྦྲུལ་དགུའི་གདེངས་ཀ་ཅན། །དབུས་མའི་སྤྱི་བོར་མི་བསྐྱོད་བཞུགས། །གཡས་བརྒྱད་གྲི་གུག་འབར་བ་བསྣམས། ། གཡོན་བརྒྱད་སྦྲུལ་གྱི་ཞགས་པ་ཐོགས། །རལ་པར་སྡོམ་སྡིག་ཚྭ་ཚྭ་འཕྲོ། །སྐུ་ནི་རི་རབ་རྒྱབ་བརྟེན་ཞིང་། །དབུ་ནི་སྲིད་པའི་རྩེ་མོར་སླེབ། །ཞབས་ནི་སྦྲུལ་མཇུག་རྒྱ་མཚོར་བརྐྱང་། །ཀླུ་རིགས་ ལྔ་ཡིས་སྐུ་ལ་བརྒྱན། །གདོལ་པ་ནག་པོ་ཞབས་འོག་གནོན། །སྐུ་སྟོད་སྲིན་པོ་ཁྲོས་པའི་གཟུགས། །གྲུ་གསུམ་སྤྱན་བསྒྲད་མཆེ་བ་གཙིག །འཇིགས་པ་ཨིག་ཤའི་སྒྲ་ཆེན་སྒྲོགས། །ཀླུ་གཉན་ས་བདག་ཟས་སུ་ཟ། ། སྐུ་ལས་དུག་རླངས་མེ་རི་འབར། །སྔགས་ཀྱི་འོད་ཟེར་ཡེ་ཤེས་མེས། །གནོད་བྱེད་ཀླུ་གཉན་ས་བདག་ཀུན། །ཐུལ་ཐུལ་གཞོབ་ཏུ་བསྲེགས་པར་བསམ། །ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུཾ། ཞེས་པར་ཀླུ་གནད་ནས་གཟིར་བའི་ སྔགས། ཨོཾ་ན་མོ་བུདྡྷ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ། ཞེས་པ་འདི་ཉིད་བཟླས་ཙམ་གྱིས། །གནོད་བྱེད་ཀླུ་གཉན་སྲོག་རྩ་འཚིག །དགོས་གལ་མི་ཆེ་ལས་མི་སྦྱོར། །ཤིན་ཏུ་ཟབ་པོ་ས་མ་ཡཱ༔ ཐུན་མཐར་ 6-37-37b གཏོར་མ་ཉ་སྦྲུལ་སོགས་ཀྱི་ཤས་བརྒྱན་པ། ཨ་ཀ་རོས་ཡེ་ཤེས་ཀྱི་བདུད་རྩིར་བརླབས། སྒྲུབ་སྔགས་ནག་པོ་ཏི་པ་ཙ་ཡ་སོགས་ལ་ཨེ་དཾ་བ་ལཱིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་གཏོར་སྔགས་བཏགས་པས་འབུལ། སླར་ཡང་ཉེར་སྤྱོད་བཛྲ་པུཥྤེ་སོགས་ཀྱི་སྔགས་ཀྱིས་མཆོད། ཧཱུྃ། འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །འཇམ་དཔལ་ནཱ་ག་རཀྴ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ལ་བྱང་ཆུབ་སྙིང་པོའི་བར། ། ཀླུ་གཉན་ས་བདག་ལ་སོགས་པའི། །མི་མཐུན་གདོན་དང་བྱད་གཏད་སོགས། །ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་བའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །སྐྱེ་ཀུན་ཁྱེད་ཀྱིས་རྗེས་འཛིན་ཞིང་། །མཆོག་ཐུན་དངོས་གྲུབ་མ་ལུས་རྩོལ། ། ཅེས་བྱའོ། །ཐུན་མཐར། ལྷར་སྣང་མི་དམིགས་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་། །ཨོཾ་ཕེ་ལཾ་ཧཱུཾ། དགེ་བ་འདི་ཡིས་མྱུར་དུ་བདག །ན་ག་རཀྴ་འགྲུབ་གྱུར་སོགས་བསྔོ་སྨོན་དང་བཀྲ་ཤིས་ པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མི་ཕམ་འཇམ་དཔལ་རྡོ་རྗེས་མེ་བྱ་ཁྲུམ་ཟླའི་ཚེས་བཅོ་བརྒྱད་ཀྱི་དགུང་མོ་ལྷག་པའི་ལྷ་འདི་ཉིད་ལ་གུས་པས་གསོལ་བ་བཏབས་ཏེ་རྡོ་རྗེ་གཙུག་ལག་གི་རྒྱུད་ཀྱི་དགོངས་པ་བཞིན་བྲིས་པ་འདིས། འདི་དང་འབྲེལ་ཚད་ ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་འཇམ་དཔལ་ཁྲོ་བོའི་རྒྱལ་པོའི་གོ་འཕང་ཚེ་འདིར་འགྲུབ་པར་གྱུར་ཅིག་འདིའི་ལས་མཐའ་ཀླུའི་གདོན་ཁྲོལ་དང་གཏད་ཁྲོལ་ལ་སོགས་པ་གཞན་དུ་ཤེས་པར་བྱའོ། །མངྒ་ལཾ། ། 6-37-38a སྲིན་གླུད་ཕན་བདེའི་དཔལ་སྟེར་བཞུགས། ༈ ལུས་ལས་བསྒྲེས་པའི་ཟན་ཆང་ལ། །ཆང་བུ་གླུད་གཟུགས་ཤ་དུམ་བཅས། །བཞག་ལ་སྐྱབས་སེམས་ ཚད་མེད་རྗེས། །མདུན་གྱི་ནམ་མཁར་ཨེ་ཡི་དབུས། །བསྐལ་པའི་མེ་ཀློང་འཇམ་པའི་དབྱངས། །ཁྲོས་པ་ནཱ་ག་རཀྴའི་སྐུ། །མངོན་སུམ་གསལ་བཏབ་མཆོད་ཅིང་བསྟོད། །བདག་གི་གྲིབ་ གདོན་སྲིན་གྱི་ནད། །ཞི་བར་མཛོད་ཅེས་གསོལ་བ་བཏབ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་སྦྲུལ། །དཀར་པོའི་ཐུགས་ཀར་ཕེ་ཡིག་ལ། །སྔགས་ཕྲེང་གྱིས་བསྐོར་འོད་ཟེར་ནི། །དཀར་ པོས་བདག་གི་ལུས་ནང་གང་། །ས་བདག་ཀླུ་ཡི་གྲིབ་གདོན་ལས། །བསྐྱེད་པའི་ཡ་མ་ནད་ཀྱི་ཚོགས། །སྔོ་དམར་རླངས་པའི་རྣམ་པར་ནི། །ཕྱིར་ཐོན་གླུད་རྫས་རྣམས་ལ་ཐིམ། །ལུས་ ནང་བདུད་རྩིས་གང་བར་བསམ། །འབྲུ་བཞིའི་སྔགས་ཤམ་ཡ་མ་དང་། རོ་ག་ཤནྟིཾ་ཀུ་རུ་ཡེ། སྭཱ་ཧཱ་ཞེས་སྦྱར་ཇི་འགྲུབ་བཟླ། དེ་ནས་ཁྲོ་བོའི་རྒྱལ་པོ་ཡི། །ཐུགས་ཀའི་འོད་ཀྱིས་ལན་ཆགས་གདོན། །ཀུན་ བཀུག་མདུན་དུ་འདུས་པར་བསམ། །ཧཱུྃ་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཆོས་ཉིད་ཆོས་ཅན་རྟེན་འབྲེལ་སྟོབས། །འཇམ་དཔལ་ནཱ་ག་རཀྴ་ཡི། །བྱིན་བརླབ་ཐུགས་རྗེ་ཆེན་ 6-37-38b པོའི་མཐུས། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །གདོན་བགེགས་ལན་ཆགས་འབྱུང་པོའི་ཚོགས། །མཆོད་སྦྱིན་གནས་འདིར་མཆིས་གྱུར་ཅིག །དམིགས་བྱའི་ཕུང་ཁམས་ སྐྱེ་མཆེད་དང་། །དབྱེར་མེད་གླུད་ཀྱི་གཏོར་མ་ནི། །ལན་ཆགས་བདག་པོའི་སྤྱོད་ཡུལ་དུ། །འདོད་རྒུར་འཆར་བའི་རང་བཞིན་གཏེར། །མྱོང་གྲོལ་ཡེ་ཤེས་བདུད་རྩི་འདི། །སྔོན་ལས་ ཕྲལ་རྐྱེན་ལས་གྱུར་པའི། །ས་བདག་ཀླུ་གཉན་གྲེ་བོ་སོགས། །ནད་དང་ཁྱད་པར་ཡ་མའི་ནད། །གཏོང་བ་ཀུན་ལ་ལེགས་འབུལ་ན། །འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ཡིས། ། དཔང་པོ་མཛད་ནས་དེང་ཕན་ཆད། །བདག་གི་ལན་ཆགས་བྱང་བར་མཛོད། །འགྲས་པ་བཟླུམས་ལ་མཁོན་པ་བྱང་། །གྲིབ་དང་མི་གཙང་དབྱིངས་སུ་ཡལ། །ནད་གདོན་བར་ཆད་ ཀུན་ཞི་ནས། །བདེ་སྐྱིད་ཆོས་འབྱོར་རྒྱས་པ་དང་། །མཐར་ཐུག་གདོད་མའི་གཞི་དབྱིངས་སུ། །བྱང་ཆུབ་ཆེན་པོ་ཐོབ་པར་ཤོག །སམ་བྷ་ར་སོགས་སྔགས་ཀྱིས་བསྔོ། །གྲངས་ཚར་རྗེས་སུ་གླུད་ ཀྱི་ཚོགས། །གཞན་དུ་བསྐྱུར་ལ་གཙྪས་གཤེགས། །མདུན་གྱི་ལྷ་ཉིད་རང་ལ་བསྟིམ། །མི་དམིགས་རྒྱས་གདབ་བསྔོ་སྨོན་བྱ། །དེ་ལྟར་བྱས་པས་སྲིན་གྱི་ནད། །བཅོས་སྡུགས་མ་ལུས་ཞི་བྱེད་པའི། །མཆོག་ཏུ་ཕན་པའི་ཆོ་ག་ནི། །བདུད་རྩི་ 6-37-39a ལྟ་བུར་ཡིད་འོང་བ། །མི་ཕམ་རྣམ་པར་རྒྱལ་བས་སྤེལ། ། ༈ ལས་ངན་ལ་བརྟེན་གྲིབ་གདོན་གྱིས། །བསླངས་ནས་ཡ་མ་སྲིན་གྱི་རིགས། །བཅོས་རྡུགས་ཟུག་རྔུས་མནར་བ་ལ། །ཕན་བྱེད་ཐབས་ཀྱི་ རིམ་པ་ནི། །ལུས་ཀྱི་དྲི་མར་བསྒྲེས་པའི་ཟན། །སྲིན་བུའི་དབྱིབས་ཅན་ཕྲ་མོ་ནི། །མང་པོ་ཤ་དུམ་ཏིལ་ནག་དང་། །རམ་བུ་དང་བཅས་སྣོད་དུ་བཞག །སྐྱབས་སེམས་ཚད་མེད་བསྒོམ་པའི་རྗེས། །མདུན་དུ་ཚེར་མའི་ཤིང་དག་ ལ། །མེ་སྦར་བྱས་ལ་དམིགས་པ་ནི། མདུན་དུ་རམ་ལས་མེ་འབར་བའི། །དབུས་སུ་གྲུ་གསུམ་མཐིང་ནག་ཀློང་། །སྐད་ཅིག་ནཱ་ག་རཀྴ་ན་ནི། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་ དགུ་གྲི་གུག་གཡོན་སྦྲུལ་ཞགས། །སྐུ་སྨད་སྦྲུལ་འཇུག་རྒྱ་མཚོར་བསྐྱིལ། །དུར་ཁྲོད་ཆས་བརྒྱན་འཇིགས་པའི་གཟུགས། །ཞལ་ནས་ཨིག་ཤའི་སྒྲ་ཆེན་པོ། །སྒྲོགས་པའི་དབུགས་ ཀྱི་འོད་ཟེར་ནི། །ལྕགས་ཀྱུ་ལྟ་བུར་འཕྲོས་ནས་སུ། །བདག་གི་སྣ་ནས་ཁོང་པར་ཞུགས། །ལུས་ནང་ཕྱིན་པས་ཁབ་ལེན་གྱིས། །ལྕགས་བཞིན་གྲིབ་གདོན་ལས་གྱུར་པའི། །སྲིན་ རིགས་མཐའ་དག་འུབ་ཀྱིས་བསྡུས། །འོད་ཟེར་གྱིས་དྲངས་རྫས་ལ་བསྟིམ། །ཞལ་ཉིད་མེ་འབར་དཀྱིལ་འཁོར་དབུས། །དྲག་པོའི་ལྗགས་ལས་ཁྲོ་ཆུའི་ཟེར། །འཁྲུག་བཞིན་པ་ལ་ 6-37-39b བསྟབ་པ་ཡིས། །ཐལ་བ་བུན་བུན་གསོལ་བར་བསམ། །ཨོཾ་ཕེ་ལམ་ཧཱུྃ། ནག་པོ་ཏི་པ་ཙ་ནཱ་ག་རཀྴ་ཀྲོ་ཏ་གྲིབ་གདོན་ཡ་མའི་སྲོག་ལ་མཱ་ར་ཡ་རྦད་སོད། །ཁཱ་རམ་ཁཱ་ཧི་ཛྭ་ལ་རམ། ཞེས་པ་ ནད་ཀྱི་ཚབས་དང་བསྟུན། །བརྒྱ་སྟོང་ཁྲི་འབུམ་དག་ཏུ་བསྐྱར། །དམིགས་པ་གཟིར་བས་བུས་ཀྱི་ནི། །སྲིན་རིགས་བཅོས་རྡུགས་ནད་ཀྱི་རིགས། །དྲུང་འབྱིན་མན་ངག་ཟབ་མོའོ། །ལྕགས་འབྲུག་ཟླ་༡ཚེས་༢༧ལ་མི་ཕམ་པས་ བྲིས་པ། དགེའོ། །མི་ཕམ་རིན་པོ་ཆེའི་མན་ངག ། 6-38-1a སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་བཀྲ་ཤིས་ཕན་བདེ་ཞེས་བྱ་བ་བཞུགས་སོ། ། 6-38-1b སྣང་སྲིད་འཁྲུགས་པ་ཡོ་བཅོས་ཀྱི་གཏོ་ཆེན་པོ་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པའི་རྗེས་སུ། རང་ཉིད་འཕགས་པ་འཇམ་དཔལ་དུ་གསལ། ཨོཾ་ཨཱཿཧཱུྃ། ཨཱརྱ་མཉྫུ་ཤྲཱི་དྷརྨ་དྷཱརྟུ་ཛྙཱན་གརྦྷ་ཨཱཿ ཅེས་ཅི་ རིགས་བཟླས། གཏོ་གཞི་སོགས་ནི། རས་བྲིས་སམ་ཁམ་སའི་རུས་སྦལ་སེར་པོ་གན་རྐྱལ་གྱི་སྟེང་དུ། མགོ་བོར་གླུད་དང་གཏོར་མ་དམར་པོ་དར་དམར་བཙུགས་པ་དང་། ཏིང་ལོ་མེ་འབར་བ། གཞོག་གཡས་གླུད་གཏོར་དང་ བཅས་ལྗང་གུ་ཤིང་ལོ་རྒྱས་གང་རུང་། གཞོག་གཡོན་གླུད་གཏོར་དར་དཀར། ལྕགས་རིགས་མཇུག་མ་གླུད་གཏོར་དར་བཅས་སྔོན་པོའམ་ནག་པོ། ཆུ་སྣོད་དང་སྐྱེམས་ཕུད་རིགས། ཡན་ལག་བཞིར་གླུད་གཏོར་དར་བཅས་ སེར་པོ་དང་། ས་ཡི་ཀོང་བུ་གྲུ་བཞིའི་ནང་དུ་འབྲུ་དང་གསེར་ཕྱེའམ་ས་སེར། རུལ་སྦལ་གྱི་མགོ་བོའི་ཕྱོགས་སུ་ནམ་མཁའ་ཁ་དོག་ལྔ་བ་དང་ཤིང་རིས་ཁྲ་བོ། གཡས་སུ་ཕོ་ཏོང་དང་མདའ་ཁྲ། གཡོན་དུ་མོ་ཏོང་དང་འཕང་ཁྲ། 6-38-2a མཇུག་མར་རྒྱུང་བུ་དང་རྩང་བཀོད། རུས་སྦལ་གྱི་ལྟོ་བའི་དབུས་སུ་རི་རབ་བང་རིམ་བཞི་པའི་སྟེང་། གཏོར་ཟླུམ་འདབ་བཞི་ཟས་སྣས་བསྐོར་བའི་རྩེར་རྒྱལ་མཚན་ཞིག་བཙུགས། གཏོ་དེ་ཡི་མདུན་ནམ་ཕྱོགས་གང་བདེར་ མི་གླུད་དང་ཕྱུགས་གླུད། ཤེལ་ཚི་གཟས་སྣ་རས་སྣ་དར་སྣ་སོགས་མདོས་ཆས་ཀྱི་ཡོ་བྱད་ཅི་འབྱོར་བཤམས་ནས། ཆབ་བྲན་ལ་སྔགས་དྲུག་ཕྱག་དྲུག་དང་། ཨ་ཀཱ་རོ་སོགས། སྣང་སྲིད་འཁོར་འདས་ཀྱི་མགྲོན་ཐམས་ ཅད་རང་ལ་ཇི་ལྟར་འཚམས་པའི་འདོད་ཡོན་མི་ཟད་ནམ་མཁའི་མཛོད་ཀྱི་འཁོར་ལོ་ཀུན་བཟང་བདེ་བ་ཆེན་པོའི་གཏེར་དུ་བྱིན་གྱིས་བརླབས་ལ། ལྟ་དགོངས་དང་ལྡན་པས་སྨྲེང་གྱེར་བ་ནི། ཧཱུྃ། ང་ནི་འཕགས་ པ་འཇམ་དཔལ་ཡིན། །ང་ཡི་ཐུགས་རྗེའི་ཆོ་འཕྲུལ་ལས། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །མ་ཧཱ་གསེར་གྱི་རུས་སྦལ་ཤར། །རུས་སྦལ་དེ་ལས་སྲེད་པ་འདིའི། །ནམ་མཁའི་ངང་ 6-38-2b ལས་གཡོ་བའི་རླུང་། །སྨིན་བྱེད་མེ་དང་སྡུད་བྱེད་ཆུ། །འཐས་བྱེད་ས་ཡི་འབྱུང་བ་ལྔ། །ཕྲ་རག་ཚུལ་གྱིས་ནང་དང་ཕྱིར། །སྣོད་དང་བཅུད་ཀྱི་རྣམ་པ་བྱུང་། །སྤར་ཁ་བརྒྱད་དང་སྨེ་བ་དགུ། །ལོ་འགྲོའི་བཅུ་གཉིས་ ས་བདག་ཚོགས། །གཟའ་དང་སྐར་མ་སྡེ་བརྒྱད་དང་། །སྲིད་པའི་དབང་ཆེན་དྲེགས་པའི་ཚོགས། །རིགས་དྲུག་སྐྱེ་འགྲོ་ཐམས་ཅད་བྱུང་། །ཕན་གནོད་ལྷ་འདྲེ་བདག་དང་གཞན། །སྐྱེ་དང་གནས་ དང་འཇིག་པ་དང་། །འགྲོ་དང་འོང་དང་བདེ་དང་སྡུག །བཟང་ངན་བླང་དོར་སྣ་ཚོགས་པ། ། མི་མཉམ་སྒྱུ་མའི་སྣང་བ་བྱུང་། །ཐམས་ཅད་ང་ཡི་རོལ་པ་ཡིན། །ང་ཉིད་དབྱིངས་ལས་མ་གཡོས་ཀྱང་། ། མ་འགགས་ཐུགས་རྗེས་སྤྲུལ་སྐུ་བྱུང་། །བྱུང་བར་སྣང་ཡང་བྱུང་བ་མེད། །ཀྱེ། ཡེ་ཤེས་ལྷ་རྣམས་མདོས་ལ་བྱོན། །ཕྱོགས་སྐྱོང་དཔལ་མགོན་མདོས་ལ་བྱོན། །སྟེང་གི་ལྷ་རྣམས་མདོས་ལ་བྱོན། ། འོག་གི་ཀླུ་རྣམས༴ བར་གྱི་སྡེ་བརྒྱད་མདོས༴ སྤར་སྨེ་གཟའ་སྐར་མདོས༴ ལོ་ཟླ་ཞག་དུས་གནས་དང་རྒྱུ། །སྲིད་པའི་ལྷ་རྣམས་མདོས༴ རིགས་དྲུག་སེམས་ཅན་མདོས༴ སྣང་ཞིང་སྲིད་ པས་བསྡུས་པ་ཀུན། །དེ་རིང་རིག་རྩལ་མགྲོན་དུ་འབོད། །མགྲོན་དུ་མ་བོས་གཅིག་ཀྱང་མེད། །རིག་པ་སྐྱེ་མེད་ཀློང་ཡངས་ནས། །མ་འགགས་ཐབས་ཀྱི་རྟེན་འབྲེལ་ལས། །ཅིར་ཡང་འཆར་ཞིང་ 6-38-3a ཅི་ཡང་སྲིད། །ཅིར་ཡང་མི་བདེན་སྒྱུ་མའི་ཚུལ། །ངང་ལ་གཡོ་འཁྲུགས་མེད་མོད་ཀྱང་། །རྣམ་རྟོག་དབང་གིས་གཡོ་འཁྲུགས་བྱུང་། །རྣམ་རྟོག་གཡོ་ཞིང་འཁྲུགས་པའི་རྒྱུས། །ཕྱི་ རོལ་དངོས་པོ་གཡོ་འཁྲུགས་སྣང་། །རྣམ་རྟོག་འཁྲུགས་པའི་རྒྱུ་དང་རྐྱེན། །ཡེ་ནས་འཁྲུགས་མེད་ངང་ཉིད་དུ། །བཅོས་པར་བྱེད་པའི་གཏོ་དང་དཔྱད། །འགྲོ་ལ་རྩི་དང་སྨན་དུ་ཆེ། །ཧོ། མ་ཧཱ་གསེར་ གྱི་རུས་སྦལ་གྱི། །ལུས་ལ་སྣང་སྲིད་ཐམས་ཅད་རྫོགས། །རང་སྣང་འདོད་ཡོན་ལྷུན་གྱིས་གྲུབ། །འདི་ན་སྣང་སྲིད་མགྲོན་རྣམས་ལ། །རང་རང་སོ་སོར་ཅི་འདོད་པའི། །མཁོ་དགུའི་ལོངས་སྤྱོད་ ཟད་པ་མེད། །རྒྱུ་ནི་ཡས་གླུད་དངོས་པོ་ལ། །རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར། །སེམས་ཀྱི་དམིགས་པས་འདོད་དགུར་སྦེལ། །འདོད་ཡོན་མི་ཟད་ནམ་མཁའི་མཛོད། །རང་བཞིན་སྐྱེ་མེད་ ཆོས་ཀྱི་དབྱིངས། །རིག་རྩལ་བདེ་ཆེན་གཏེར་མདོས་འདིས། །རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །བཀའ་ཉན་དཔལ་མགོན་ཐུགས་དམ་བསྐང་། །གཙུག་ལག་ལྷ་ཡི་ཐུགས༴ གདོན་ བགེགས་འབྱུང་པོའི་ཐུགས༴ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་། །རིགས་དྲུག་སེམས་ཅན་ཐུགས་དམ་བསྐང་། །ནམ་མཁའི་དབྱིངས་ཀྱི་མཐའ་ཡས་པའི། །སེམས་ཅན་སྐྱེ་འགྲོ་མ་ 6-38-3b ལུས་པ། །ཡེ་སངས་རྒྱས་པའི་དོན་དམིགས་ཏེ། །སྣང་སྲིད་གཞིར་བཞེངས་མདོས་ཆེན་འདིས། །ཡེ་བསྐང་ཆེན་པོའི་ངང་ཉིད་དུ། །ཐུགས་དམ་བསྐང་ངོ་ས་མ་ཡཱ། །མ་བསྐང་བ་ནི་གཅིག་ཀྱང་ མེད། །མ་འཆོས་པ་ནི་གཅིག་ཀྱང་མེད། །མ་ཞི་བ་ནི་གཅིག་ཀྱང་མེད། །མ་གྲོལ་བ་ནི་གཅིག་ཀྱང་མེད། །ཐམས་ཅད་མཉམ་ཉིད་ཆོས་དབྱིངས་སུ། །ཞི་བ་ཆེན་པོའི་མདོས་བཏང་ངོ་། །བསྒྱུར་བ་ ཆེན་པོའི་གཏོ་བཏང་ངོ་། །བཏང་བར་མེད་ཀྱང་བཏང་བར་སྣང་། །བཏང་ནས་ཟློག་མེད་དབྱིངས་སུ་ཐིམ། །འགྱུར་བ་མེད་པས་ཐིག་ལེར་འཁྱིལ། །བདེ་བ་ཆེན་པོའི་ངང་དུ་གནས། །ཐུགས་དམ་ བསྐང་ངོ་ས་མ་ཡཱ། །ཨོཾ་ཕྱི་སྣོད་འཇིག་རྟེན་མདོས་ཁང་དུ། །ཨཱཿནང་བཅུད་སེམས་ཅན་མདོས་སུ་བཤམས། །ཧཱུྃ་སྣང་སྲིད་འདོད་དགུའི་སྤྲིན་ཕུང་འཕྲོ། །ཧོཿའཁོར་འདས་མཉམ་པ་ཆེན་པོར་ བསྐང་། །འདི་ལྟར་གསུམ་མམ་བདུན་སོགས་བསགས། ཨཱཿ ཞི་བ་ཆེན་པོའི་གཏོ་འདི་ཡིས། །མི་ཞི་བ་ནི་གཅིག་ཀྱང་མེད། །དཀོན་མཆོག་བདེན་པ་བསླུ་བ་མེད། །འཇམ་དཔལ་བཀའ་ཡིས་མི་འགྲུབ་མེད། ། རྟེན་འབྲེལ་ཐབས་ཀྱིས་མི་བསྒྱུར་མེད། །ཆོས་ཀུན་རྟེན་འབྲེལ་བསླུ་མེད་དང་། །ཆོས་དབྱིངས་འགྱུར་མེད་བདེན་པ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ 6-38-4a དང་། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །བདེན་པ་ཆེན་པོའི་བྱིན་རླབས་དང་། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་འདིས། །ཕྱི་རུ་འབྱུང་བའི་གཡོ་འཁྲུགས་བཅོས། །ནང་དུ་དུག་ ལྔའི་གཡོ་འཁྲུགས་བཅོས། །བར་དུ་སྡེ་བརྒྱད་གཡོ་འཁྲུགས་བཅོས། །སྣང་སྲིད་འཁྲུགས་པ་ཡོ་ནས་བཅོས། །ཡོངས་སུའམ་རིལ་བོར་རམ་རྫོགས་པའམ་གཞི་ནས་ཞེས་པའི་དོན་ཏོ། །རང་དབང་བྱེད་པོ་འགའ་མེད་ཀྱང་། ། ཕྱི་ནང་རྒྱུ་རྐྱེན་རྟེན་འབྲེལ་ལས། །བདེ་དང་སྡུག་བསྔལ་སྣ་ཚོགས་སྣང་། །རྟེན་འབྲེལ་དོན་རྟོགས་རྣལ་འབྱོར་པས། །བཅོས་ན་ཅི་ཡང་འཆོས་པ་ཡིན། །སྒྲུབ་ན་ཅི་ཡང་འགྲུབ་པ་ཡིན། །ཟློག་ན་ཅིར་ ཡང་བཟློག་པ་ཡིན། །སྒྱུར་ན་ཅིར་ཡང་བསྒྱུར་བ་ཡིན། །ཧཱུྃ་བྷྱོཿ ནད་དང་གདོན་དང་བྱད་སྟེམས་དང་། །འཐབ་དང་རྩོད་དང་འཁྲུགས་པ་དང་། །རྨི་ངན་ལྟས་ངན་མཚན་ངན་རྣམས། །ཟློག་གོ་ སྐྱེ་མེད་གློང་དུ་ཟློག །འཇིགས་པ་རྣམ་པ་སྣ་ཚོགས་དང་། །རྒུད་པ་རྣམ་པ་སྣ་ཚོགས་དང་། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །སྣ་ཚོགས་རོ་མཉམ་དབྱིངས་སུ་བསྒྱུར། །མདོར་ན་མི་མཐུན་ འགའ་སྐྱེན་རིགས། །མི་འདོད་བར་དུ་གཅོད་པ་ཀུན། །རྟེན་འབྲེལ་ཐབས་ཀྱི་ཆོ་ག་ཡིས། །ཟློག་གོ་བསྒྱུར་རོ་དབྱིངས་སུ་བསྒྱུར། །སྣང་སྲིད་འཁོར་འདས་སྣང་བ་ཀུན། །བྱུང་ཡང་དབྱིངས་ཀྱི་ངང་ 6-38-4b ལས་བྱུང་། །གནས་ཀྱང་དབྱིངས་ཀྱི་ངང་དུ་གནས། །འགགས་ཀྱང་དབྱིངས་ཀྱི་ངང་དུ་འགགས། །འཁྲུགས་པ་མེད་དོ་མཉམ་པ་ཉིད། །གཡོ་བ་མེད་དོ་ཆོས་ཀྱི་དབྱིངས། །ནམ་ཡང་གཡོ་ འཁྲུགས་མེད་པར་ནི། །སྣང་སྲིད་ཐམས་ཅད་མཉམ་པར་བཅོས། །བླ་མ་རྩ་གསུམ་དགྱེས་པར་མཛོད། །སྣང་སྲིད་དྲེགས་པ་མགུ་བར་མཛོད། །རིགས་དྲུག་སེམས་ཅན་ཚིམས་པར་མཛོད། ། ཐམས་ཅད་བདེ་ཆེན་ངང་དུ་གནས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །སངས་རྒྱས་ཀུན་གྱི་རང་བཞིན་ཆེ། །སེམས་ཅན་ཀུན་ཀྱང་དེའི་ངང་གནས། །ང་ནི་ཐིག་ལེ་ཉག་གཅིག་དང་། །གཤེགས་ སོ་བཞུད་དོ་ཡ་ལ་ལ། །གསོལ་ལོ་བདེའོ་ཀུན་སྣང་འཕྲུལ། །སྟོང་ངོ་ཡངས་སོ་སྐྱེ་མེད་ཀློང་། །མཉམ་མོ་སྙོམ་མོ་འདུ་འབྲལ་མེད། །གདོད་ནས་རྣམ་དག་བདེ་བ་ཆེ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཨཱཿ ཅེས་བརྗོད་ལ་གཏོ་ཡས་རྣམས་ཕྱོགས་གང་བདེར་གཏོང་། ཕྱོགས་བརྩི་མི་དགོས། གཏོ་སྣ་སུ་འཕྲད་ཀྱང་ལེགས་པ་ལས་གཏོ་སྣའི་དྲག་དབལ་མི་ཕོག །མདོས་ ཀྱི་རྒྱལ་པོ་འདིས་མདོས་གང་དང་གང་གི་གོ་ཆོད། ལས་གང་དང་གང་ཡང་འགྲུབ། དོན་ནི་ཅི་དང་ཅི་ལ་ཡང་དམིགས་པ་བྱེད་པ་གལ་ཆེ། དེ་ནས་མཐའ་རྟེན་དུ་སྦྱིན་བདག་ལ། བཀྲ་ཤིས་རྫས་བརྒྱད་རིམ་པར་སྦྱིན་ཏེ་ཐོག་མར་རྟེན་འབྲེལ་སྙིང་པོ་བཟླས་ལ། །ཉོན་མོངས་རྣམ་རྟོག་ 6-38-5a འཁྲུགས་པ་ཡི། །ཡིད་ཀྱི་ཉེས་པ་གང་མཆིས་པ། །མེ་ལོང་ཡེ་ཤེས་རྒྱ་མཚོའི་ངང་། །རྙོགས་མེད་ཡེ་དག་ཉིད་གྱུར་ཅིག །བཟང་ངན་སྣ་ཚོགས་བརྗོད་པ་ཡིན། །ངག་གི་ཉེས་པ་གང་ མཆིས་པ། ། དུང་དཀར་ཆོས་ཀྱི་སྒྲ་དབྱངས་ཀྱིས། །ཉེས་མེད་བདེ་ལེགས་ཉིད་གྱུར་ཅིག །ཚ་གྲང་ནད་སྣ་འཁྲུགས་པ་ཡི། །ལུས་ཀྱི་ཉེས་པ་གང་འཆིས་པ། །གི་ཝཾ་བདུད་རྩིའི་སྨན་མཆོག་ གིས། །ཟུག་རྔུ་ཀུན་དང་བྲལ་གྱུར་ཅིག །གདོན་རིགས་སྣ་ཚོགས་འཁྲུགས་པ་ཡི། །བགེགས་ཀྱི་ཉེས་པ་གང་མཆིས་པ། །ཡུངས་དཀར་རྡོ་རྗེ་ཁྲོ་བོ་ཡིས། །རྩད་ནས་འཇོགས་ཤིང་ཞི་གྱུར་ཅིག ། ཕྱི་ནང་མི་མཐུན་སྣ་ཚོགས་རྐྱེན། །གང་མཆིས་ཉེས་པ་ཐམས་ཅད་ཀུན། །བིལ་བ་རྒྱུ་འབྲས་བཟང་ལྡན་པས། །མཐུན་པའི་གྲོགས་སུ་འཆར་གྱུར་ཅིག །དུས་མིན་འཆི་སོགས་འཇིགས་པ་ཡི། ། ཉེས་པ་རྣམ་པ་སྣ་ཚོགས་དག །དཱུརྦ་རྡོ་རྗེའི་ཚེ་མཆོག་གིས། །ཞི་ཞིང་འཇིགས་མེད་སྟོབས་ཐོབ་ཤོག །དོན་རྣམས་རྒུད་པ་སྣ་ཚོགས་ཀྱི། །ཕོངས་རྒུད་ཉེས་པ་གང་མཆིས་པ། །ཞོ་ནི་ཡོན་ཏན་ བཅུད་སྙིང་གིས། །རབ་ཞི་དོན་ཀུན་དཔལ་ལྡན་ཤོག །སྣང་སེམས་རང་དབང་མ་གྱུར་པའི། །གཞན་དབང་ཉེས་པ་གང་མཆིས་པ། །ལི་ཁྲི་དབང་གི་རང་བཞིན་གྱིས། །རབ་ཞི་རང་དབང་ 6-38-5b ཐོབ་པར་ཤོག །བཀྲ་ཤིས་ལྷ་མོ་བརྒྱད་རྣམས་ཀྱིས། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་ཤོག །ཡང་དག་ཆོས་ཉིད་མཉམ་པ་ཡིས། །རྟག་ཏུ་མི་འགྱུར་བཀྲ་ཤིས་ཤོག །ཕོངས་རྒུད་ཉེས་པ་ཇི་སྙེད་ ཞི་བྱེད་པ། །བདེ་གཤེགས་བྱིན་རླབས་བཀྲ་ཤིས་རྫས་མཆོག་བརྒྱད། །དེང་འདིར་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཐོབ་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ། ། རིག་པའི་མེ་ལོང་དྭངས་བ་ལ། །རྣམ་མང་ཆོས་ཀྱི་གཟུགས་བརྙན་ཤར། །དུས་སུ་ཆེད་དུ་མ་བསྒྲིགས་ཀྱང་། །རང་སྣང་རང་ཤར་རྟེན་འབྲེལ་མཐུའོ། །རྟེན་འབྲེལ་དབང་གིས་རྟེན་འབྲེལ་གྱི། །གཏོ་ཐབས་ཆོ་ག་འདི་བྲིས་པས། །རྟེན་འབྲེལ་ཐབས་ཀྱིས་འགྲོ་ཀུན་ལ། ། ཕན་བདེ་སྣ་ཚོགས་བྱེད་གྱུར་ཅིག །གཏོ་སྒྲོམ་འབུམ་ཏིག་གི་ལག་ལེན་གཏོ་ཆོག་བཀྲ་ཤིས་འདོད་འཇོའི་རྗེས་ཐོག་ཏུ་འདི་འདྲ་ཞིག་ཡིད་ལ་ཡང་བཞིན་གྱིས་ཤར་བ་མེ་ལུག་རྒྱལ་ཟླའི་ཚེས༢༣ལ་མི་ཕམ་འཇམ་དཔལ་རྡོ་རྗེས་བྲིས་པ་དགེ། །། 6-39-1a བླ་བསླུ་བསྡུས་པ་འཆི་མེད་སྲོག་སྦྱིན་བཞུགས་སོ། །རྩ་གསུམ་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །འདིར་བླ་བསླུ་བསྡུས་པ་བྱ་ན། རིན་ཆེན་སྣོད་དུ་ངར་མི་ཆང་བུ་ཏིང་ལོ་ལ་གླུད་རྫས་འཕན་བཀྲ་སོགས་མཛེས་པར་བྱས་ལ། ཆུ་སྣའི་ནང་དུ་བླ་ལུག་གི་ཕོ་བ་སོགས་སུ་ཕོ་མོའི་སྐྱེ་མཆེད་དོད་པར་བཟོས་ལ་གྲོ་གའམ་ཤོག་གུར་གསེར་རམ། གུར་གུམ་མམ། མཚལ་གྱིས། བསྒྲུབ་བྱའི་མིང་བྱང་བྲིས་པ་དང་། བླ་གཡུ་འོད་འབར་བ། ནས་དཀར་ལོ་གྲངས་སམ། འབྲུ་བདུན་ དར་དམར་གྱིས་དྲིལ་བ་ཤོག་བུར་བཅུག་ནས་བླ་ལུག་གི་ཁོག་ཏུ་གཞག་པ་དང་། ཡང་ན་བླ་ལུག་གི་རྒྱབ་ཏུ་མིང་བྱང་སྦྱར། ཚེ་རྟེན་མདའ་དར་བཤམས། གཞན་ཡང་ཡི་དམ་གྱི་གཏོར་མ་བསྐང་རྫས་སོགས་ཇི་འབྱོར་འདུ་བྱས་ཤིང་ལས་གཞུང་བསྲང་ནས། བསྙེན་པའི་མཐར། རང་ཉིད་ལྷའི་འོད་ཟེར་མགྱོགས་མའི་ཚོགས་ཀྱིས་དམིགས་བྱའི་བླ་ཚེ་ཆད་ཉམས་ཡར་བ་བརྐུས་པ་ཐམས་ཅད་བསྡུས་ནས་རྟེན་དང་བསྒྲུབ་བྱར་ཐིམ་པར་བསམ་ལ། སྔགས་ ཤམ་དུ། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷི་ཏ་སློང་སློང་ནྲྀ་ཁུག་ཛ་ཛ། ཞེས་ཅི་མང་དང་མཐར་ཚེ་འགུགས་ཅི་རིགས་བཟླས་ནས་ཡས་རྣམས་བྱིན་གྱིས་བརླབས་ལ། ན་མོ། མཆོག་གསུམ་རྩ་གསུམ་བྱིན་རླབས་དང་། ། ཁྱད་པར་ཡི་དམ་ལྷ་མཆོག་མཐུས། །དམིགས་བྱའི་བླ་ཚེ་བརྐུ་འཕྲོག་བྱེད། །ལན་ཆགས་གདོན་ཀུན་འདིར་ཁུག་ཅིག །སྔགས་ཤམ་དུ། སརྦ་ལོ་ཀ་བིགྷ་ནན་ཨ་ཀརྵ་ཡ་ཛ་ཛཿ ལན་གསུམ་ 6-39-1b འབྲུ་གསུམ་མཚན་བཞི་སཾ་བྷ་རས་བསྔོས་ལ། ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲེད་དང་ཆགས་དང་ཞེན་པ་དང་༔ དྲན་དང་གཟུང་དང་བསམ་དང་རེག༔ ལྷོད་དང་ཞི་དང་གྲོལ་བར་ མཛོད༔ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །སྟེང་འོག་ཕྱོགས་མཚམས་བླ་བདུད་ནི། །ཕྱོགས་སྐྱོང་འབྱུང་པོ་གདོན་གྱི་ཚོགས། །སྤར་སྨེ་ལོ་སྐོར་ས་བདག་སྡེ། །ཕྱོགས་ དུས་གནས་ཤིང་རྒྱུ་བ་ཡི། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས། །གཉུག་མར་གནས་དང་གློ་བུར་ལྷག །སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི། །རྒྱུ་འབྱོར་ཡོན་གྱི་བདག་པོ་ཡི། །བླ་ ལ་བརྐུ་ཞིང་ཚེ་ལ་རློམས། །སྲོག་ལ་གནོད་པའི་གདོན་བགེགས་རིགས། །མ་ལུས་འཁོར་དང་བཅས་པ་ལ། །རྒྱུ་འབྱོར་མི་འུ་བསླུ་བའི་ཕྱིར། །ངར་མི་སྣ་ཚོགས་རྒྱན་གྱིས་མཛེས། ། ཏིང་འཛིན་སྔགས་རྒྱས་བྱིན་རླབས་པས། །ཁམས་དང་སྐྱེ་མཆེད་ལྷུན་གྱིས་གྲུབ། །བཀྲག་དང་གཟི་མདངས་འོད་ཟེར་འབར། །འདོད་ཡོན་དཀོར་ཆ་མ་ཚང་མེད། །འཛད་མེད་ནམ་ མཁའ་མཛོད་དུ་འཁྱིལ། །ཕུན་ཚོགས་བདེ་སྐྱིད་དྭངས་རེ་སྤྲོ། །མི་ལས་ཆེས་ལྷག་གླུད་བཟང་འདི། །སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་ 6-39-2a པ་ཁྱོད་ཀྱིས་མ་ནོར་ཅིག །ཞི་ཞིང་ཕན་པའི་སེམས་ཀྱིས་ནི། །བུ་ལོན་ལན་ཆགས་བྱང་བ་དང་། །མཁོན་འབྲས་འཁྲུགས་པ་འདུམ་པ་དང་། །གནོད་འཚེ་གདུག་ རྩུབ་ཞི་ནས་ཀྱང་། །བླ་ཚེ་བརྐུས་ཕྲོག་ཡར་བ་ཀུན། །ད་ལྟ་ཉིད་དུ་སོར་ཆུད་དེ། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །ཚར་ཅི་རིགས་རྗེས། རང་གི་ཐུགས་ཀའི་འོད་ཟེར་བདུད་རྩིའི་རང་ བཞིན་ཅན་དཀར་པོ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར། འོད་ཚུར་འདུས་པས་བླ་ཚེ་ཉམས་པ་ཐམས་ཅད་འོད་དང་ཐིག་ལེ་ཡིག ་གེའི་རྣམ་པར་རྟེན་དང་སྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་བསམ་ལ། མདའ་དར་གཡབ་ཅིང་སྤྲོ་ན་འདིར་བླ་འཕྱོང་སྦྱར། མཆན། ཚེ་འགུགས་མཐར་གོང་གི་སྔགས་ཅི་རིགས་བཟླ། ན་མོ་ མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །རྟེན་འབྲེལ་ ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག །ཅེས་དང་ཡེ་དྷར་བཟླ་བཞིན་བླ་ལུག་བསྐོར་བས་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །གཅིག་གིས་མ་བྱུང་ན་ལན་གསུམ་བར་དུ་བརྟགས། དེ་བཞིན་སྤྲོས་པ་བྱེད་ན། སྲང་མདའ་གང་མཐོ་ 6-39-2b དང་། ཤོ་དཀར་ནག་གང་རྒྱལ་དང་། ཆུ་ནང་རྡེའུ་དཀར་ནག་གང་ལོན་ཀྱང་གཞུང་གཞན་བཞིན་དུ་བརྟག་གོ། དེ་ནས་གླུད་རྫོང་བཏབ་ལ། མཚན་བཞི་དང་སྔགས་ཀྱིས་བསྔོས་ལ། ཁྱེར་ཅིག་སོགས་ཤོ་ལོ་ཀ་བརྗོད། མཐར། མཆོང་ སྦྱིན་གནས་འདིར་སོགས་དང་། གཙྪ་ཞེས་པས་གཤེགས་གསོལ་དང་ཆབ་གཅིག་གླུད་བོར་ལ། རྟེན་རྣམས་སྦྱིན་བདག་གི་ལག་ཏུ་གཏད་ལ་རྒྱུན་དུ་འཆང་བར་གདམ་ཞིང་། བཀྲ་ཤིས་རྒྱས་པར་བྱའོ། །དེས་བླ་ཚེ་ཉམས་པ་སོར་ཆུད་ནས་ཚེ་ དབང་རིག་འཛིན་ཐོབ་པར་འགྱུར་རོ། །བཀའ་གཏེར་ལུང་གི་མན་ངག་བཞིན། རབ་ཚེས་ཆུ་རྟ་ཟླ་༣ཚེས་༢༡ལ། ཟིལ་གནོན་དགྱེས་པ་རྩལ་ཞེས་པས། ཐུན་གསེང་ཞིག་ཏུ་སྤེལ་བ་དགེ། །། 6-40-1a བླ་བསླུ་བྱེད་པ་ལ། དང་པོ་སྐྱབས་སེམས་བྱ། རང་སྐད་ཅིག་ཡི་དམ་གང་ཡིན་བསྒོམས། མདའ་གཅིག་འཕང་གཅིག །དར་དཀར་པོའམ་དམར་པོ་ཁ་གང་། སྐུད་པ་སྣ་ལྔ། མེ་ལོང་གཅིག །དོང་རྩེ་གཅིག་ རྣམས་མདའ་ཡི་མགུལ་དུ་བཏགས། ཤ་བརླ་གཡས་པ་གཅིག །གོས་གཅིག །ཤ་ཆང་མར་ཐུད་ཟས་སྣ་ཚོགས། ཚ་རུ་དཀར་པོ་གཅིག །ཡོན་བདག་གི་ལུས་ཀྱི་གོས་ལ་སྦྱར་སྟེ་བཟུང་ནས་ཚེ་དཔག་མེད་པའི་སྙིང་པོ་བརྗོད་ལ། བླ་གླུད་ངར་མི་ ལྔ། མར་མེ་ལྔ། ཟན་ཆང་ལྔ། མཐེབ་སྐྱུ་ལྔ་བྱས་ལ། ལོ་མཐུན་མིས་གཡས་མདའ་དར་གཡུག་གཅིག །གཡོན་ནད་པའི་གོས་བཟུང་ལ་ཕྱོགས་བཞི་མཚམས་བརྒྱད་འབོད་པ་བྱ། འབྲུ་བྲེ་གང་གི་སྟེང་དུ་ཡོན་བདག་གི་ཕོར་བའི་ནང་ཟས་སྣ་ཡོད་ཚད་བཤམས་ ཁྱིམ་སྒོའི་ནང་དུ་ཐོགས་སྐྱེལ་དུ་ཐོགས་ལ་འདི་སྐད་དོ། །ཧཱུྃ། ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །ལྷ་ཡི་ལག་ནས་མི་བླ་བསླུ། །ཉི་མ་ལ་སོགས་ གཟའ་ཆེན་བརྒྱད། །བཀྲ་ཤིས་གཙང་མའི་ཡོན་ཆབ་འདི་བཞེས་ལ། །གཟའ་ཡི་ལག་ནས་མི་བླ་བསླུ། །དུ་བ་མཇུག་རིང་ལ་སོགས་པས། །བཀྲ་ཤིས༴ གཟའ་བདུད་ལག༴ དབང་ ལྡན་ལ་སོགས་ཕྱོགས་སྐྱོངས་བཅུ། །བཀྲ་ཤིས༴ ཕྱོགས་སྐྱོངས་ལག༴ ཆུ་ལྷ་སྲིན་པོ་ལ་སོགས་པ། །བཀྲ་ཤིས༴ ཆུ་ལྷ་སྲིན་པོའི༴ རླུང་ལྷ་གཟའ་སྐར་ལ་ 6-40-1b སོགས་པ། །བཀྲ༴ རླུང་ལྷ་གཟའ་སྐར༴ ཙང་ཀུན་ལ་སོགས་ས་བདག་རྣམས། །བཀྲ་ཤིས༴ ས་བདག༴ རྒྱལ་རིགས་གསེར་མགོ་ལ་སོགས་པས། །བཀྲ་ཤིས༴ ཀླུ་བརྒྱད༴ ཡུལ་འཁོར་སྲུང་ལ་སོགས་པ་ཡིས། །རྒྱལ་ཆེན་སྡེ་བཞི་འཁོར་བཅས་ཀྱིས། །བཀྲ་ཤིས༴ རྒྱལ་ཆེན༴ དྲི་ཟ་གྲུལ་བུམ་ལ་སོགས་པས། །བཀྲ་ཤིས༴ གནོད་སྦྱིན༴ མ་ཎི་བྷ་དྲ་ ལ་སོགས་ནོར་སྲུང་བཞིས། །བཀྲ་ཤིས༴ ནོར་ལྷའི་ལག་ནས༴ གཙུག་ཕུད་གནོད་སྦྱིན་བདུད་རིགས་རྣམས། །བཀྲ་ཤིས༴ བདུད་རིགས༴ སྨིན་དྲུག་ལ་སོགས་རྒྱུ་སྐར་རྣམས། ། བཀྲ་ཤིས༴ རྒྱུ་སྐར་ཉེར་བརྒྱད༴ ། ཆོས་ཀྱི་རྒྱལ་པོ་ལ་སོགས་པའི། །གཤིན་རྗེའི་ལག་ནས་མི་བླ་བསླུ། །དམུའི་ལག༴ བཙན་གྱི༴ བདུད་ཀྱི༴ ཡུལ་ལྷའི༴ སྒོ་ལྷའི༴ ཐབ་ ལྷའི༴ ཁྱིམ་ལྷ་གེ་ཐུང༴ རྒྱུ་འབྱོར་ཡོན་གྱི་བདག་པོ་ཁྱོད། །ཁྱོད་ཕར་ལ་མ་འགྲོ་ཚུར་ལ་ཤོག །ཁྱོད་གཤིན་རྗེའི་ཡུལ་དུ་ཅི་ལ་འགྲོ། །གཤིན་རྗེའི་ཕ་ནི་འཇིགས་རེ་ཆེ། །གཤིན་རྗེའི་མ་ ནི་སྐྱུགས་རེ་བྲོ། །གཤིན་རྗེའི་ཡུལ་ན་མ་འགྲོ་ཅིག །ཁྱོད་གཤིན་ལམ་སྐྱ་བོར་ཅི་ལ་འགྲིམ། །གཤིན་ཆུ་རབ་མེད་ཅི་ལ་བརྒལ། །ཕར་ལ་མ་འགྲོ་ཚུར་ལ་ཤོག །མི་ངོ་ཤེས་ཅན་གྱིས་བོས་པ་ 6-40-2a གྱུར་ཅིག་སྟོན་བརྒྱ་མཐོང་བར་གྱུར་ཅིག་ཅེས་བྱ། སྔགས་འཆང་རྣམས་ཀྱིས་བཀྲ་ཤིས་བརྗོད་པར་བྱའོ། །འདི་ནི་ཡིག་རྙིང་རྣམས་ལས་བཏུས་ཏེ་མི་ཕམ་པས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག། །། 6-40-2b empty page 6-41-1a འཆི་བསླུ་བསྡུས་པ་བདུད་ལས་རྣམ་རྒྱལ་བཞུགས་སོ། །རྣལ་འབྱོར་པས་རང་གཞན་གྱི་འཆི་བ་བསླུ་ན། གཤིན་རྗེའི་དམར་གཏོར་ལ་ཕྱོགས་བཞིར་དམར་གཏོར་བཞི། དེ་རྒྱབ་བཅུ་གཉིས། དེ་རྒྱབ་བཅུ་ཡིས་བསྐོར་ བ་བཤམས། དེ་མདུན་སྒྲུབ་བྱའི་མིང་བྱང་ཨ་མྲྀ་ཏས་བྱུག་པ་དར་དམར་དྲིལ་ལ་རིན་པོ་ཆེའི་སྣོད་དུ་བཞག །གཡས་སུ་དཀར་མངར་འོ་ཆབ་ཆང་བུ་གཙང་མ་བརྒྱ། གཡོན་དུ་དམར་གཏོར་དྲུག་ཅུ་རྩ་བཞི་ཤ་ཁྲག་གིས་བརྒྱན་པ། མདུན་དུ་དྲག་པོའི་ ཉེར་སྤྱོད་སྐུ་གླུད་ཇི་འབྱོར་བའི་གླུད་རྫས་དང་བཅས་པ་བཤམས། རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་འཆི་བདག་ལས་ཀྱི་གཤིན་རྗེ་ཁམས་གསུམ་ན་རྒྱུ་བའི་འབྱུང་པོ་མ་ལུས་པའི་འཁོར་དང་བཅས་ པ་གསལ་བཏབ་ལ། བདག་མདུན་གྱི་འོད་ཟེར་གྱིས་སྤྱན་དྲངས་པར་གྱུར། ཧཱུྃ། ཉི་མ་ལྷོ་ཡི་ཕྱོགས་རོལ་ནས། །འཆི་བདག་གཤིན་རྗེ་འཁོར་དང་བཅས། །འཇམ་དཔལ་ཁྲག་ འཐུང་བཀའ་བཞིན་དུ། །སྤྱན་འདྲེན་གནས་འདིར་མྱུར་དུ་གཤེགས། །ཨོཾ་ཡ་མ་ར་ཙ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛ་ཧཱུྃ་བྃ་ཧོ། ཏིཥྛ་ལྷན། མ་ཧཱ་པུ་ཙ་ཧོ། ཧཱུྃ། སྲིད་པ་གསུམ་ན་ མཐུ་ལྡན་རྗེ། །ཡ་མ་ར་ཙ་འཁོར་བཅས་ལ། །གུས་པས་མཆོད་ཅིང་བསྟོད་ལགས་ན། །འདོད་པའི་དངོས་གྲུབ་མྱུར་དུ་སྩོལ། །དེ་ནས་དཀར་གཏོར་བྱིན་གྱིས་བརླབས་ལ། མཚན་བཞི་བརྗོད་ཅིང་སཾ་བྷ་ 6-41-1b རས་བསྔོ། ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་གཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །ཞེས་ཅི་རིགས་ བསྔོས་ནས། ཧཱུྃ། སྟོང་གསུམ་སྟོང་ལ་དབང་བསྒྱུར་བ། །འཆི་བདག་གཤིན་རྗེ་དྲེགས་པའི་འཁོར། །མ་གཤིན་སྡེ་བརྒྱད་ཕྱོགས་སྐྱོང་དང་། །ལོ་ཟླ་ཞག་དུས་སྤར་སྨེའི་བདག །སྲིད་ གསུམ་གནས་དང་རྒྱུ་བ་ཡི། །སྣང་སྲིད་འབྱུང་པོ་ཐམས་ཅད་དང་། །ཁྱད་པར་དམིགས་བྱ་འདི་དག་ལ། །སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི། །འཆི་བའི་རྐྱེན་བྱེད་བར་ཆད་བདུད། ། གདོན་བགེགས་ལན་ཆགས་བདག་ཀུན་ལ། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་རྫས། །མ་ཚངས་མེད་པ་ནམ་མཁའི་མཛོད། །མཁོ་རྒུ་ཡིད་བཞིན་གྲུབ་པ་ཡི། །མདོས་གླུད་མཆོད་པ་རྒྱ་ཆེན་ པོས། །དགའ་ཞིང་བྱམས་པའི་ཡིད་ཀྱིས་ནི། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཡ་མ་རཱ་ཛ་འཁོར་བཅས་ཀྱི། །བརྒྱུད་གསུམ་བླ་མའི་བཀའ་བཞིན་དུ། །བདག་གི་བཅོལ་ པའི་ཕྲིན་ལས་མཛོད། །འཆི་བའི་ཀེག་བདུད་བཟློག་པ་དང་། །ཆག་ཆེ་ཉམས་ང་ཞི་བར་མཛོད། །ལྷ་འདྲེ་འབྱུང་པོ་གདོན་བགེགས་ཀྱིས། །བླ་ཚེ་བརྐུས་ཕྲོག་ཁྱེར་བ་ཀུན། །ད་ལྟ་ 6-41-2a ཉིད་དུ་སོར་ཆུད་ནས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །བྱད་ཕུར་རྦོད་གཏོང་ བཟློག་པ་དང་། །ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཞེས་བྱས་ལ། ལྷ་འདྲེ་གདོན་བགེགས་ཐམས་ཅད་ཞི་བའི་ཡིད་ཀྱིས་དམིགས་བྱ་ལ་གནོད་པ་ཐམས་ཅད་གྲོལ་ཏེ་བླ་ཚེ་རང་གནས་སུ་ ཁུག་པར་བསམ་ལ། མིང་བྱང་ཚུར་བླང་ནས་ཚེ་གཟུངས་བཟླ་ཞིང་བསྒྲུབ་བྱ་ལ་བདུད་རྩི་འཐོར་ཞིང་རྡོ་རྗེའི་སྲོག་གྲུབ་པར་བསམ་པས་རྒྱས་གདབ་བོ། །དེ་ནས་དམར་གཏོར་ལ་འགུག་གཞུག་བྱས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིས་བྱིན་གྱིས་བརླབས་ ལ། ཨོཾ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་སརྦ་བིག་ནན་ཤ་ཏྲུཾ་མཱ་ར་ཡ་ཨེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ། ཧཱུྃ། སྲིད་པ་ཀུན་ལ་དབང་བསྒྱུར་བ། །ཡ་མ་རཱ་ཛ་སྲོག་གི་བདག ། འཆི་བདག་གཤིན་རྗེ་མ་མོའི་ཚོགས། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །ལོ་ཟླ་སྤར་སྨེ་གེགས་བདུད་དང་། །དབྱུག་གུ་དྲུག་ཅུ་རྩ་བཞི་ལ། །ཞིང་བཅུའི་དགྲ་བགེགས་བསྒྲལ་ བ་ཡི། །ཤ་ཁྲག་གཏོར་མ་འདི་འབུལ་གྱིས། །དགྱེས་པར་བཞེས་ཤིང་བསྣམས་ནས་ཀྱང་། །ནད་གདོན་འཆི་བའི་འཇིགས་པ་དང་། །ཆག་ཆེ་ཉམས་ང་བཟློག་པར་མཛོད། །བསྟན་པ་ 6-41-2b བཤིགས་པའི་དགྲ་བགེགས་ལ། །མྱུར་དུ་མངོན་སྤྱོད་ཕྲིན་ལས་སྒྲུབས། །ཞེས་འབུལ། གླུད་བྱིན་གྱིས་བརླབ་ལ། མཚན་བཞི་དང་སཾ་བྷ་རས་བསྔོ་ཞིང་། ཨོཾ་ཨཱཿཧཱུྃ། ལན་ཆགས་གླུད་གཏོར་ནམ་མཁའ་མཛོད། ། སོ་སོ་ཇི་ལྟར་བཞེད་པ་བཞིན། །ལན་ཆགས་གདོན་བགེགས་རྣམས་ལ་འབུལ། །དམིགས་བྱའི་རྐྱེན་ངན་བསྒྱུར་དུ་གསོལ། །ཞེས་བྱས། དེ་ནས་ལམ་བསྟན་ནི། ཀྱེ། ལན་ཆགས་གདོན་བགེགས་འབྱུང་པོའི་ ཚོགས། །ད་ནི་རང་རང་གནས་སུ་བཞུད། །གནོད་འཚེའི་བསམ་སྦྱོར་རྒྱུན་ཆད་ཅིང་། །ཀུན་ཁྱབ་ཞི་བ་ཆེན་པོར་གྱུར། །ཞེས་བྱས་ལ་ཡས་ལམ་དུ་བོར། གལ་ཆེ་ན་གཙོ་བོའི་གཟུགས་སམ་གཏོར་མའི་ལྟོ་བར་ཞལ་ལམ་ཁྲམ་རིས་བྲིས་པ་ལག་ ཏུ་ཐོགས་ལ། ཀྱེ། བསླུ་མེད་མཆོག་གསུམ་རྩ་བ་གསུམ། །འཇམ་དཔལ་གཞོན་ནུའི་བདེན་པ་ཡིས། །དེ་རིང་འཆི་བ་བཟློག་པ་ཡིས། །རྟགས་དེ་མངོན་སུམ་གྲུབ་པར་མཛོད། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཞེས་དལ་བུས་འཕང་པས་ཞལ་སྦུབ་ཅིང་ཕར་བསྟན་ན་འཆི་བ་བཟློག་པའི་རྟགས་ཡིན་ལ། གལ་ཆེ་ལན་གསུམ་བསྐྱར་ནས་ཐེན་ན་ཐེ་ཚོམ་མེད། སྤེ་ལན་འབྲིང་ན་གསུམ་ཀ་ལོག་ན་དགེ་བའི་དཔུང་བསྐྱེད་ལ་སླར་བསྐྱང་སྟེ་ཡིད་ཆེས་ཐོན་པར་བྱས་ན་དུས་མིན་འཆི་བ་ཐམས་ཅད་ཞི་ ཞིང་རིང་དུ་འཚོ་བའི་དཔལ་འགྲུབ་པར་འགྱུར་རོ། །ཚུལ་འདི་མི་ཕམ་འཆི་མེད་རྡོ་རྗེས་སོ། །བཀྲ་ཤིས། ། 6-41-3a བླ་འབོད་ཀྱི་འཕྱོངས་ནི་ཡིད་མཐུན་པའམ་མཐུན་གསུམ་ལོ་པ་གཅིག་གིས་ནད་པའི་གོས་དྲི་མ་ཅན་གཡོན་དུ་ཐོགས། གཡས་མདའ་དར་མཚོན་སྐུད་སྣ་ལྔ་མེ་ལོང་དོང་རྩེ་བཏགས་པ་ཕྱོགས་བཞི་མཚམས་བརྒྱད་དུ་གཡུག་ཅིང་ མིང་ནས་འབོད་ཅིང་འདིར་ཤོག་ཅེས་བྱ། རྣལ་འབྱོར་པ་རྣམས་ཀྱིས་ཏིང་ངེ་འཛིན་དང་ལྡན་པས། ཧཱུྃ་ཛཿ །བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །འོད་ཟེར་མགྱོགས་མའི་ཚོགས་སྤྲོས་པས། །སྟེང་འོག་ཕྱོགས་ མཚམས་གང་དག་ཏུ། །དམིགས་བྱའི་བླ་ཚེ་འཁྱམས་པ་ཀུན། །རང་དབང་མེད་པར་བཀུག་ནས་ནི། །བསྒྲུབ་བྱའི་ལུས་དང་རྟེན་ལ་ཐིམ། །ཀྱེ། རྒྱུ་འབྱོར་ཡོན་གྱི་བདག་པོ་ཁྱོད། །ཕར་ ལ་མ་འགྲོ་ཚུར་ལ་ཤོག །ཁྱོད་གཤིན་རྗེའི་ཡུལ་དུ་ཅི་ལ་འགྲོ། །གཤིན་ལམ་སྐྱ་བོར་ཅི་ལ་འགྲིམ། །གཤིན་ཆུ་རབ་མེད་ཅི་ལ་བརྒལ། །གཤིན་རྗེའི་མི་ནི་འཇིགས་རེ་ཆེ། །གཤིན་རྗེའི་གནས་ ནི་ཡ་རེ་ང་། །གཤིན་རྗེའི་སྤྱོད་ཡུལ་སྐྱུགས་རེ་བྲོ། །དེ་ན་མ་འགྲོ་འདི་རུ་ཤོག །ཁྱོད་ཀྱི་ཉེ་འབྲེལ་འདི་ན་ཡོད། །གཉེན་དང་མཛའ་བོ་འདི་ན་ཡོད། །ཟས་གོས་གནས་མལ༴ རྒྱབ་ཆ་ ལོངས་སྤྱོད༴ བདེ་སྐྱིད་ལྡན་པའི་གནས་འདི་རུ། །བླ་བདག་རང་གོས་དྲི་ཅན་དང་། །མེ་ལོང་དོང་རྩེ་ཚོན་སྐུད་བཅས། །མདའ་དར་གཡབ་པའི་ཕྱོགས་སུ་ཤོག །མི་ངོ་ཤེས་ཅན་གྱི་འབོད་སྐད་ 6-41-3b དང་། །རྣལ་འབྱོར་གསུངས་ལ་ཉན་ཞིང་ཤོག །རོལ་མོའི་སྒྲ་ལ་ཉན་ཏེ་ཤོག །ད་ལྟ་ཉིད་དུ་འདིར་ཤོག་ཅིག །མདའ་འཕང་བླ་ཡི་རྟེན་ལ་འཁོར། །ཡོད་མེད་གཉིས་ཀྱི་ས་མཚམས་སུ། ། བླ་བསྐལ་པ་སྟོང་གི་ལམ་དུ་སོང་། །འདི་སྙིང་རེ་རྗེ་ལ་ཤ་རེ་ཚ། །ཁྱོད་མི་ཡུལ་བུ་ཚ་ཅི་ལ་བྱེད། །རང་རང་གནས་མལ་འདི་རུ་ཤོག །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ མཐུ་རྩལ་ཅན། །དམ་ཅན་སྲུང་མ་གཉན་པོ་ལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ། །དེ་རིང་མི་བླ་འགུགས་པར་མཛོད། །བླ་རྡོ་གནམ་དུ་མ་ཡར་ཅིག །བླ་ཞགས་ས་ལ་མ་ཡར་ ཅིག །བླ་མདངས་ཕྱོགས་བཅུར་མ་འཐོར་ཅིག །སྣོད་བཅུད་འོད་དུ་མེ་རེ་རེ། །དྭངས་བཅུད་བླ་དང་ལྷན་ཅིག་བཀུག །བླ་རྟེན་རྣམས་ལ་བསྟིམ་པ་ཡིས། །བཀྲག་མདངས་གཟི་ བརྗིད་དཔལ་དུ་འབར། །འགྱུར་བ་མེད་པ་རྡོ་རྗེའི་ཚེ། །རྒུད་པ་མེད་པ་ལང་ཚོའི་དཔྱིད། །ནུབ་པ་མེད་པའི་དཔལ་འབྱོར་གྱིས། །བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས། །ཡིད་བཞིན་ ནོར་བུ་དཔག་བསམ་བཞིན། །དཀྱིལ་འཁོར་འདིར་ནི་བུ་ཁྱོད་ཀྱི། །སྨོན་ལམ་ཇི་ལྟར་བཏབ་པ་བཞིན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་བྱས་ལ་སྦྱིན་བདག་རྣམས་ཀྱིས་ལོ་བརྒྱར་འཚོ་བར་ 6-41-4a ཡིན། །མི་ངོ་ཤེས་ཅན་དང་འགྲོགས་ལ་ཤོག །གསུང་སྙན་ཅན་གྱི་སྐད་ལ་ཉོན་ལ་ཤོག །སིལ་སྙན་ཌཱ་རུའི་སྐད་ལ་ཉོན་ལ་ཤོག །སྔགས་འཆང་བདག་གི་སྐད་ལ༴ དར་དཀར་གཡབ་པའི་ཕྱོགས་སུ་འགྲོགས་ལ༴ མདའ་མོ་ལྟོང་བཟང་རྟེན་འབྲེལ༴ གསེར་འཕང་གཡུ་འཕང་རྟེན༴ མ་མོ་མཁའ་འགྲོའི་ལག་ནས་མི་བླ་བསླུ། །ཐེའུ་རང་ལག༴ འགོང་ པོའི༴ རྒྱལ་འགོང༴ གྲི་ཕོ་གྲི་མོའི༴ མཐུ་ཆེན་གཉན་གྱི་སྲུང་མ་མཁྱེན། །བླ་ཡོད་མེད་གཉིས་ཀྱི་མཚམས་སུ་སོང་། །བསྐལ་པ་སྟོང་གི་ལམ་དུ་སོང་། །འདི་སྙིང་རེ་རྗེ་ལ་ཤ་རེ་ཚ། ། ཁྱོད་མི་ཡུལ་བུ་ཚ་ཅི་ལ་བྱེད། །ཤར་བདུད་ཤར་བཙན་ལག་ནས་མི་བླ་བསླུ། །ལྷོ་བདུད་ལྷོ་བཙན་ལག༴ ནུབ་བདུད་ནུབ་བཙན༴ བྱང་བདུད་བྱང་བཙན༴ བླ་རྡོ་གནམ་ལ་མ་འབུད་ཅིག །བླ་ རྡོ་ས་ལ་མ་འཇུག་ཅིག །བདུད་དང་བཙན་གྱི་ལག་ནས་མི་བླ་བསླུ། །བླ་རྔ་གནམ་ལ་མ་གཡུག་ཅིག །བླ་རྔ་ས་ལ་མ་འཇུག་ཅིག །བླ་བདག་རང་གི་གོས་ཟས་ཡོད། །བླ་ཡི་རྟེན་ས་མདའ་དར་ ཡོད། །གསལ་བྱེད་ལྷ་ཡི་མེ་ལོང་ཡོད། །ཡི་གེའི་བདག་པོ་དོང་རྩེ་ཡོད། །རྒྱབ་ཆ་བལ་ཚོན་སྣ་ལྔ་ཡོད། །ཚོན་གྱི་སྐུད་པ་སྣ་ལྔ་ཡོད། །ཁྱོད་ཕར་ལ་མ་འགྲོ་ཚུར་ལ་ཤོག །ཁྱོད་ཀྱི་ཕ་མ་ 6-41-4b གཉིས་ཀ་འདི་ན་ཡོད། །ཁྱོད་ཀྱི་ཉེ་རིང་འདི་ན་ཡོད། །ཁྱོད་ཀྱི་སྤུན་དང་ཕུ་བོ་འདི་ན་ཡོད། །མཛའ་བོ་ཤག་པོ་འདི་ན་ཡོད། །ཁྱོད་ཁ་ཤ་ཇ་གོས་འདི་ན་ཡོད། །མར་དང་ཐུད་དང་བུ་རམ་གསུམ། ། ཇ་ཆང་ལ་སོགས་འཛོམ་པ་ཡོད། །བོས་པའི་སྐད་ལ་ཉོན་ལ་ཤོག །ཇི་འདོད་སྨོན་ལམ་བཏབ་པ་བཞིན། །ཚེ་རིང་ནད་མེད་ཕུན་ཚོགས་ལྔ། །ཡིད་བཞིན་ནོར་བུ་འོད་ལྡན་པ། །བདེ་ལེགས་ འབྱུང་བའི་བཀྲ་ཤིས་ཤོག །སངས་རྒྱས་སྐུ་གསུམ་བརྙེས་སོགས་བཀྲ་ཤིས་བརྗོད། བསྔོ་བ་སྨོན་ལམ་གྱི་རྗེས་གདབ་པོ། བླ་ངོ་མི་ངོ་རྒྱ་མར་ཚད། སྔོན་འདྲ་བ་མ་ཁུགས་རྟགས། ལྷག་ན་བཟང་། ཆད་ན་འཆི། ལོ་མཐུན་ནི། ཕག་ ལུག་ཡོས་གསུམ། བྱ་གླང་སྦྲུལ་གསུམ། སྟག་རྟ་ཁྱི་གསུམ། བྱི་འབྲུག་སྤྲེལ་གསུམ་ཡིན། གླུད་བསྔོ་གཞན་ཡང་བརྗོད་པར་བྱའོ། །བཻ་རོ་ཙ་ནས་བསྡུས་པའོ།། །།