8-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ཨ༽ 8-1-2 ལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས།.................༡ མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། .........................༡ ༼ དང་པོ༽ སྔོན་འགྲོ་ལ་གཉིས། ................................༢ ༡ ཆོས་ཉན་ཚུལ། .........................................༢ ༢ ཉམས་སུ་ལེན་ཚུལ། .....................................༦ ༡༽ ལམ་སྤྱིའི་ཡན་ལག་ཐུན་མོང་སྔོན་འགྲོ། ........................༦ 1 དལ་འབྱོར་རྙེད་དཀའ་བསྒོམ་པ། ..............................༧ 2 ཚེ་མི་རྟག་པ་བསྒོམ་པ། ...................................༢༡ 3 འཁོར་བའི་ཉེས་དམིགས་བསྒོམ་པ། ..........................༥༢ ༡ བཤད་བྱའི་ཆོས་ལ་འཁོར་བ་སྤྱིའི་སྡུག་བསྔལ་བཤད་པ། .............༥༢ ༢ བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པ། .................༥༩ ❶ ངན་སོང་གསུམ་གྱི་སྡུག་བསྔལ། ............................༦༠ ༡ དམྱལ་བའི་སྡུག་བསྔལ། ..................................༦༠ <1> ཚ་དམྱལ་བརྒྱད། ....................................༦༠ <2> ཉེ་འཁོར་བ། ........................................༧༥ <3> གྲང་དམྱལ་བརྒྱད། ....................................༨༠ <4> ཉི་ཚེ་བ། ..........................................༨༥ ༢ ཡི་དྭགས་ཀྱི་སྡུག་བསྔལ། .................................༩༠ ༣ དུད་འགྲོའི་སྡུག་བསྔལ། .................................༡༠༠ ❷ མངོན་མཐོ་མི་དང་ལྷ་མིན་དང་ལྷའི་སྡུག་བསྔལ། ................༡༠༥ 1 མིའི་སྡུག་བསྔལ་བསམ་པ། ...............................༡༠༥ ༡༽ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། ................༡༠༦ ༢༽ དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ། ..............༡༢༩ ༣༽ གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། ............༡༣༡ 8-1-3 ༤༽ མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ། ..................༡༣༣ ༥༽ འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། ...................༡༣༤ 2 ལྷ་མིན་གྱི་སྡུག་བསྔལ་བསམ་པ། ...........................༡༤༡ 3 ལྷའི་སྡུག་བསྔལ་བསམ་པ། ..............................༡༤༣ 4 ལས་འབྲས་བསྒོམ་པ། ..................................༡༥༣ ༡ སྤང་བྱ་མི་དགེ་བའི་ལས། ................................༡༥༧ ༢ བསྒྲུབ་བྱ་དགེ་བའི་ལས། ................................༡༨༤ ༣ ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ། ....................༡༩༡ ༢༽ ཐུན་མོང་མ་ཡིན་པའི་སྔོན་འགྲོ། ..........................༡༩༧ ༡* སྔགས་སྤྱི་དང་ཐུན་མོང་གི་སྔོན་འགྲོ།.......................༡༩༨ 1 ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བ། ...................༡༩༨ ༡ ཐར་པའི་ཕན་ཡོན། ....................................༡༩༨ ༢ སྐྱབས་འགྲོའི་དབྱེ་བ། ..................................༡༩༩ ༣ སྐྱབས་སུ་འགྲོ་ཚུལ། ...................................༢༠༤ ༤ བསླབ་བྱ་དང་ཕན་ཡོན་བསྟན་པ། ..........................༢༡༤ ༡༽ བསླབ་བྱ། ........................................༢༡༤ ༢༽ ཕན་ཡོན་བསྟན་པ། ..................................༢༢༡ 2 ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ...............༢༢༥ ༣ བྱང་ཆུབ་ཀྱི་སེམས་སྒོམ་པ། ..............................༢༤༢ .............༢༦༧ པར་བྱང་སྨོན་ཚིག......................................༢༨༦ རྗེ་ཉིད་ཀྱི་རྣམ་ཐར་ཉུང་བསྡུས། ..............................༢༨༧ བསྒྲིགས་རྗེས་ཀྱི་གཏམ། ..................................༣༠༡ 8-1-4 ༄༅། །ལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ ལ་འཛིན་བདེ་ཉུང་བསྡུས་ བཞུགས་སོ། ། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ༀ་སྭ་སྟི། འཕགས་པའི་ཡུལ་དང་གངས་ལྗོངས་ལྷ་ལམ་རབ་ཡངས་མཁས་ཤིང་གྲུབ་ བརྙེས་རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་འཁོར་ཡོངས་ རྫོགས་ཉ་རྒྱས་ཟླ་བཞིན་རབ་ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ཐུག་དབུ་མ་ ཆེན་མོའི་དགོངས་དོན་གདུལ་བྱའི་ཁམས་བཞིན་བཤད་པའི་གསུང་རབ་ལེགས་བཤད་ འོད་དཀར་གྱིས། །རྒྱལ་བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་ཤེ༵ས་ར༵བ་རྒྱ༵ལ་ མཚ༵ན་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། །ཐུབ་བསྟན་རྒྱ་མཚོའི་བཅུད་འཛིན་སྒྲོ༵ལ་ བ༵འི་མགོ༵ན། །མདོ་རྒྱུད་དགོངས་དོན་མ་ལུས་ལེགས་པར་བཀྲལ། །དབང་ལུང་མན་ངག་ གདམས་པའི་བཅུད་ཀྱིས་བསྐྱངས། །བསིལ་ལྗོངས་ཁྲོད་འདི་ཞིང་མཆོག་ལྟ་བུར་བྱས། །བློ༵་ གྲོ༵ས་རབ་ཡངས་ཕྱོགས་ཀྱི་འཁོར་ལོའི་ལྟོར། །སྲིད་འདིར་གྲ༵གས་པ༵་བཤད་སྒྲུབ་ཉི་ཟླའི་ 8-1-5 རྒྱན། །གདུལ་བྱ་རྒྱ་མཚོའི་རྨོངས་མུན་ལེགས་བསལ་མཁན། །དད་པའི་སྙིང་གི་པདྨོ་ཁོང་ ནས་འཛུམ། །གུ༵ས་གུ༵ས་དད་པའི་སེམས་ཀྱིས་ཟ༵བ་ཟ༵བ་དམ་ཆོས་རིན་ཆེན་ཕྲེང་བ་འདི །། འགྲི༵གས་འགྲི༵གས་མགྲིན་པའི་ལམ་ནས་སྙ༵ན་སྙ༵ན་ཚིག་གི་སྲད་བུར་ལེགས་བསྟར་ཏེ། །མ༵ང་མ༵ང་སློབ་བུ་རྣམ་ལ་ཡ༵ང་ཡ༵ང་བརྗོད་ནས་དད་པའི་རྒྱན་དུ་འབུལ། །མཛེ༵ས་མཛེ༵ས་ ཚིག་སྦྱོར་མེད་ཀྱང་བརྩེ༵་བརྩེ༵་བློ་ལ་འཛིན་བདེ་ལྷུག་པར་བསྩལ། ། ལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས་འཆད་པར་བྱེད་པ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། ༼ དང་པོ༽ སྔོན་འགྲོ་ལ་གཉིས། དང་པོ་ལ། ཆོས་ཉན་ཚུལ། ཉམས་སུ་ལེན་ཚུལ་གཉིས་ལས། ༡ ཆོས་ཉན་ཚུལ། དང་པོ་ཆོས་ཉན་ཚུལ་ནི། འོ་ད་ལས་དང་པོ་པ་རྣམས་ཀྱིས་ཆོས་ཉན་པའི་དུས་སུ་འདུ་ ཁང་གི་ཕྱི་རོལ་ནས་ལྷམ་ཕུད་གཟན་སྐྱོར་ཕབ་ནས་གུས་འདུད་དང་བཅས་ནང་དུ་འདུས་ཏེ། ལུས་ངག་ཡིད་གསུམ་གུས་པ་དང་བཅས་ཏེ་ཕྱག་ལན་གསུམ་འཚལ་ནས། དམའ་བའི་ས་ལ་ འདུག་སྟེ། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་ བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། ཆོས་ཉན་པའི་དུས་སུ་སྣོད་ཀྱི་སྐྱོན་ གསུམ། དྲི་མ་དྲུགམི་འཛིན་པ་ལྔ་སོགས་སྤང་དགོས་པ་ལས། དང་པོ་སྣོད་ཀྱི་སྐྱོན་གསུམ་ ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་ མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་པ་ལྟར། རང་གི་རྣ་བའི་ཤེས་པ་ཆོས་འཆད་ 8-1-6 པའི་སྒྲ་དེ་ལ་གཏད་ནས་ཉན་དགོས། ཆོས་ཀྱི་ཚིག་དོན་རྣམས་སེམས་ལ་མ་བཟུང་ན་སྤང་ བྱ་དང་བླང་བྱའི་ཁྱད་པར་མི་ཤེས། ཆོས་ཉན་པའི་དུས་སུ་ཆགས་སྡང་རྨོངས་གསུམ་སོགས་ དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱི་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་ མིན་དུ་འགྲོ་སྟེ། མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་དུ་མ་སྤྱད་ན། །ཆོས་ཀྱིསླར་ངན་ སོང་དུ་འགྲོ་བའི་རྒྱུ་བྱེད། །ཅེས་གསུངས་པ་ལྟར། བླ་མ་དང་ཆོས་ལ་ལོག་རྟོགམཆེད་གྲོགས་ ལ་ཟུར་ཟ་དང་ང་རྒྱལ། ཁྱད་གསོད་སོགས་སྤངས་དགོས། ཐུབ་པ་ཆེན་པོས། ངས་ནི་ཁྱོད་ལ་ ཐར་བའི་ཐབས་བསྟན་གྱིས། །ཐར་བ་རང་ལ་རག་ལས་བརྩོན་པར་མཛོད། །ཅེས་གསུངས་ པ་ལྟར། བླ་མས་སློབ་མ་ལ་ཁྲིད་བཤད་པ་དེ། ཆོས་ཉན་ཚུལ། སྒྲུབ་ཚུལ། སྡིག་པ་སྤང་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ལེན་ཚུལ་རྣམས་གསུངས་དགོས། སློབ་མས་ཀྱང་དེ་རྣམས་མ་ བརྗེད་པར་སེམས་ལ་བཟུང་ནས་ཉམས་སུ་བླང་དགོས། གཉིས་པ། དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་ དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར། ཆོས་དང་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་མ་དད་ པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་དུ་གཡེང་བ། དབང་ཤེས་རྣམས་ནང་དུ་སྡུད་ ཆེས་པ། ཆོས་ཐུན་རིང་བ་སོགས་ཀྱི་སྐྱོ་བ་སྟེ་དྲི་མ་དྲུག་སྤང་དགོས། གསུམ་པ། མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་ འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་ དང་ལྔ་སྤང་དགོས། འདུ་ཤེས་བཞི་བསྟེན་དགོས་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་ བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་ 8-1-7 བྱའོ། །ནན་ཏན་དུ་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང༌། ཆོས་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་ སོགས་རབ་འབུལ་ཞིང༌། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང༌། །སྲོག་ཆགས་ཀུན་ལ་འཚེ་མི་ བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་ སྐྱོན་ཚིག་འདྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་དང༌། །སྤྱོད་ལམ་གཞན་བསྟེན་པ་ ནི། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་སོགས་ མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤང་བར་བྱས་ཏེ། དང་པོ་ཡིད་དང་མཐུན་པའི་གནས་ སུ། མཉམ་བཞག་ཐུན་གྱི་སྐབས་རྣམས་སུ། རྐང་པ་སྐྱིལ་ཀྲུང་བཅས་ལུས་དྲང་པོར་བསྲང༌། ལག་གཉིས་མཉམ་བཞག་བྱ་བ་སོགས་སྤྱོད་ལམ་རགས་པ་ཙམ་གཙང་སང་ངེར་བྱས་ཏེ། བློས་གཞིག་འགྲེལ་འདི་ལྟར་བཏང་སྟེ། ད་སྐབས་བདག་ལ་ཆོས་བྱེད་པའི་མཐུན་རྐྱེན་ཕྱི་ ནང་ཀུན་ནས་ལན་གཅིག་འགྲིག་ཡོད་པ་འདི་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་རང་ ལ་ཁ་རྗེ་དང་བསོད་ནམས་ཆེ་བ་ཡིན་ཏེ། རང་དོན་མ་ཟད་གཞན་དོན་ཡང་བསྒྲུབ་ན་བསྒྲུབ་ ཆོག་པས་ད་ནི་བསམ་པ་གཅིག་དྲིལ་གྱི་སྒོ་ནས་ཆོས་རྣམ་དག་ཅིག་བསྒྲུབ་དགོས་པར་ཐག་ བཅད་དེ། འདིལྟར་བསམ་པར་བྱ་དགོས། རང་གཞན་སེམས་ཅན་ཐམས་ཅད་ཐོག་མ་མེད་ པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་རྒྱུ་ཉོན་མོངས་པ་དུག་གསུམ་ དང༌། འབྲས་བུ་སྡུག་བསྔལ་གསུམ་གྱི་ནད་ཚབས་པོ་ཆེས་བཏབ་པ་ལྟ་བུའི་སྡུག་བསྔལ་ གྱིས་མནར་བའི་འགྲོ་བ་འདི་རྣམས་ཀྱི་སྡུག་བསྔལ་ལ་བློས་གཞིག་འགྲེལ་ཏེ་རྗེས་དཔྱོད་ ཅིག་བྱས་ན་ཀྱེ༵་མ༵་ཞེས་པ་སེམས་སྐྱོ་བའམ་ཡིད་ཞུམ་པ་ནི་སྡུག་བསྔལ་དུ་མས་མནར་པའི་ མ་རྒན་འདི་དག་གི་སྡུག་བསྔལ་འབྱུང་བའི་གནས་ཚུལ་ལ་སོ༵མས་ད༵ང་གྲ༵ངས་ཚད་འཛིན་རྒྱུ་ 8-1-8 མེ༵ད་པའི་བསྐ༵ལ་པ༵་མང་པོའམ་དུ་མ་རུ༵། སྡུག་བསྔལ་མི་བཟོད་པ་མྱོང་བར་འདུགརང་ཅག་ ལ་སྟེས་དབང་གི་བསོད་ནམས་ཆ་མཐུན་ཙམ་ལ་བརྟེན་ནས། ཤིན་ཏུ་རྙེ༵ད་པར་དཀ༵འ་བའི་ ད༵ལ་བ་བརྒྱད་དང་འབྱོ༵ར་བ་བཅུ་ཚང་བའི་ལུས་རྟེན་འདི་བརྒྱ་ལམ་ཙམ་མམ་སྲིད་མཐའ་ ཙམ་ན་ཇི་ལྟར་རྙེད་པ་ཡིན་སྙམ་ནས་བློས་གཞིག་འགྲེལ་ཞིག་ཉམས་ལེན་ཐུན་ཐམས་ཅད་ ཀྱི་སྔོན་དུ་འགྲོ་དགོས་སོ། ། ༢ ཉམས་སུ་ལེན་ཚུལ། གཉིས་པ་དམ་པའི་ཆོས་ཟབ་མོ་ཉམས་སུ་ལེན་པ་ལ། ཐོག་མར་སྔོན་འགྲོའི་རིམ་པ་ རྣམས་དམ་པ་གོང་མའི་ཕྱག་སྲོལ་དང་མན་ངག་ལ་བརྟེན་ཏེ་ཆོས་ཟབ་མོ་ཉམས་སུ་ལེན་ ཚུལ་འཆད་པར་བྱེད་པ་ལ། ལམ་སྤྱིའི་ཡན་ལག་ཐུན་མོང་སྔོན་འགྲོ་དང༌། ཟབ་ལམ་སྔགས་ ཀྱི་ཡན་ལག་ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་ལས། དང་པོ་ལམ་སྤྱིའི་ཡན་ལག་ཐུན་ མོང་སྔོན་འགྲོ་ལ། ༡༽ ལམ་སྤྱིའི་ཡན་ལག་ཐུན་མོང་སྔོན་འགྲོ་ལ་བཞི། ཚེ་འདིར་ཆོས་བསྒྲུབ་འདོད་ཀྱི་བསམ་པ་བསྐྱེད་བྱེད་དལ་འབྱོར་རྙེད་དཀའ་བསྒོམ་པ། ཕྱི་བཤོལ་གྱི་ལེ་ལོ་སྤངས་སྟེ་མྱུར་བར་ཆོས་བསྒྲུབ་འདོད་ཀྱི་བརྩོན་འགྲུས་བསྐྱེད་པ་ཚེ་མི་ རྟག་པ་བསྒོམ་པ། ཆོས་བསྒྲུབ་པ་དེ་ཡང་ཐར་ལམ་དུ་སྒྱུར་བྱེད་འཁོར་བའི་ཉེས་དམིགས་ བསྒོམ་པ། ཆོས་བསྒྲུབ་པ་དངོས་དགེ་སྡིག་སྤང་བླང་བྱེད་འདོད་ཀྱི་ཡིད་ཆེས་བསྐྱེད་པ་ལས་ འབྲས་བསྒོམ་པ་དང་བཞི་ལས། 8-1-9 1 ཚེ་འདིར་ཆོས་བསྒྲུབ་འདོད་ཀྱི་བསམ་པ་སྐྱེད་བྱེད་དལ་འབྱོར་རྙེད་དཀའ་བསྒོམ་པ། དང་པོ་ཚེ་འདིར་ཆོས་བསྒྲུབ་འདོད་ཀྱི་བསམ་པ་སྐྱེད་བྱེད་དལ་འབྱོར་རྙེད་དཀའ་བསྒོམ་ པ་ལ། ཤིན་ཏུ་རྙེད་པར་དཀའ་བའི་དལ་བ་བརྒྱད། འབྱོར་བ་བཅུ། དཔེ་གྲངས་རྒྱུ་གསུམ་གྱི་ སྒོ་ནས་རྙེད་པར་དཀའ་ལུགས། དལ་འབྱོར་ལ་སྙིང་པོ་ལེན་དགོས་པ་དང་བཞི་ལས། དང་པོ་ཤིན་ཏུ་རྙེད་པར་དཀའ་བའི་དལ་བ་བརྒྱད་ནི། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་ སྟོངས་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་ལས། ངན་སོང་ གསུམ་དུ་སྐྱེས་ན་སྡུག་བསྔལ་གྱིས་མནར་ཚབས་ཤིན་ཏུ་ཆེ་བས་ཆོས་བསྒྲུབ་མི་ནུས་པ་མ་ ཟད་ཆོས་ཀྱི་སྒྲ་ཙམ་ཡང་འཛིན་མི་ཤེས། སྡུག་བསྔལ་གྱིས་གདུང་བ་ལ་བར་མཚམས་མེད་ པར་དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ནི་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ནི་བཀོལ་སྤྱོད་དང་ཕན་ཚུན་འཚེ་བའི་སྡུག་བསྔལ་སོགས་ལ་སྤྱོད་པས་ཆོས་བྱེད་མི་ ཁོམ། ཀླ་ཀློནི། ཀློ་ཁ་ཁྲ་ཞེས་པ་སོགས་མཐའ་འཁོབ་སུམ་ཅུ་རྩ་གཉིས་ཡོད་པའི་འཚེ་བ་ཆོས་ སུ་སྨྲ་བ་སོགས་ལོག་ལྟས་རྒྱུད་དཀྲུགས་པས་དམ་པའི་ཆོས་ལ་བློ་བསྒྱུར་མི་བཏུབ། མ་བག་ མར་ལེན་པ་སོགས་ལུགས་སྲོལ་ངན་པ་འདི་རང་རང་གི་ཆོས་ལུགས་སུ་རློམ་པ་འདིའི་རྗེས་ སུ་འབྲང་བས་ཆོས་ལ་མི་མོས་པའམ་ཆོས་མི་མཁོ་བས་མི་ཁོམ། ལྷ་ཚེ་རིང་པོ་ནི། བཤེས་ སྤྲིངས་འགྲེལ་བར། འདུ་ཤེས་མེད་པ་དང༌། གཟུགས་མེད་པའི་ལྷ་གཉིས་ལ་བཤད་པ་ལྟར་ འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་པའི་འདུ་ཤེས་མེད་པ་ནི་སེམས་དང་སེམས་བྱུང་ རགས་པ་བཀག་ནས་བསྐལ་ཆེན་མང་པོར་གནས་པའི་གཟུགས་ཁམས་དང༌། གཟུགས་མེད་ ཀྱི་ལྷ་སོ་སྐྱེས་ཕལ་ཆེར་ནི་དགེ་སྡིག་གང་གི་འདུ་ཤེས་མེད་པའི་བསམ་གཏན་ལ་ཐར་བར་ བཟུང་ནས་བསྒོམས་པས་བསྐལ་ཆེན་མང་པོའི་བར་དུ་གནས་པ་དང༌། མི་ཁོམ་པ་བརྒྱད་ཀྱི་ 8-1-10 གཏམ་ལས། འདོད་ཡོན་གྱིས་གཡེང་བའི་འདོད་ལྷ་ཡིན་པར་བཤད་པ་ལྟར། འདོད་ཁམས་ ཀྱི་ལྷ་སོ་སྐྱེ་ཕལ་ཆེ་བ་རྣམས་ཀྱང་འདོད་ཡོན་ལ་ཆགས་པས་དུས་རྟག་ཏུ་གཡེང་བའི་ངང་དུ་ གནས་པ་ལས་ཆོས་ལ་མི་འཇུགལྷ་མ་ཡིན་ཡང་འདོད་ཡོན་ལ་རྟག་ཏུ་གཡེང་བ། དེའི་སྟེང་ དུ་ལྷག་པར་ངན་སོང་བཞིན་དུ་ལུས་རྟེན་ངན་པས་ཆོས་བྱེད་མི་ཁོམ། ལོག་པར་ལྟ་བ་ནི། ཚེ་ སྔ་ཕྱི་ལས་རྒྱུ་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་ཆོས་ལ་ཞེ་ སྡང་བ་ཞིག་ཏུ་སྐྱེས་ན་ཆོས་ལ་གཏན་ནས་མི་མོས་པ་སོགས་ཆོས་མེད་པར་ལྟ་བས་ཆོས་ལ་ མི་མོས། སངས་རྒྱས་ཀྱིས་སྟོངས་པ་ནི། མུན་པའི་བསྐལ་པ་དང༌། སངས་རྒྱས་མ་བྱོན་པའི་ ཡུལ་རྣམས་སུ་ཆོས་མེད་པའི་ས་ཆ་ཡུལ་ཕྱོགས་མཐའ་འཁོབ་ཏུ་སྐྱེས་ན་དགེ་སྡིག་ལ་བླང་ དོར་བྱ་མི་ཤེས་པས་དཀོན་མཆོག་གསུམ་གྱི་མཚན་ཙམ་ ཡང་མི་ཐོས་པས་ཆོས་བྱ་མི་ཁོམ་པའི་གནས་ཡིན། ལྐུགས་པར་སྐྱེས་ན། རང་རྒྱུད་ལས་ སུ་མི་རུང་བས་ཆོས་ཉན་འཆད་སྒོམ་སྒྲུབ་གང་ཡང་བྱེད་མི་ནུས། དེ་ལྟར་མི་ཁོམ་པའི་གནས་ བརྒྱད་དང་བྲལ་ཏེ་སོས་དལ་བ་འདི་ལ་དལ་བ་བརྒྱད་ཟེར་རོ། ། གཉིས་པ་འབྱོར་པ་བཅུ་ལ། རང་འབྱོར་ལྔ་དང༌། གཞན་འབྱོར་ལྔ་ལས། དང་པོ་རང་ འབྱོར་ལྔ་ནི། ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་དབང་པ་ཚང༌། །ལས་མཐའ་མ་ལོག་གནས་ ལ་དད། །ཅེས་གསུངས་པ་ལྟར། ད་སྐབས་སུ་རང་ལ་མིའི་ལུས་རྟེན་གྱི་འབྱོར་བ། ས་ཚིགས་ རྒྱ་གར་ཡུལ་དབུས་ཡིན་ཡང༌། ཆོས་ཚིགས་ཀྱི་ཡུལ་དབུས་སུ་སྐྱེས་པས་ཡུལ་གྱི་འབྱོར་བ། དབང་པོ་མ་ཚང་ན་ཆོས་ཀྱི་གེགས་སུ་གྱུར་པས་དབང་པོའི་ཡོན་ཏན་གྱི་འབྱོར་བ། ལས་ཀྱི་ མཐའ་ལོག་ན་རྟག་ཏུ་མི་དགེ་བ་ལ་སྤྱོད་ཅིང་ཆོས་ལ་རྒྱབ་ཕྱོགས། ད་རེས་ཆོས་ལ་མོས་པ་ བསམ་པའི་ཁྱད་པར་གྱི་འབྱོར་བ། རང་བློ་ཆོས་ལ་མོས་པ་ཡོད་པའི་དད་པས་དམ་པའི་ཆོས་ ཀྱི་འབྱོར་བ་སྟེ་རང་འབྱོར་ལྔ་ཚང་དགོས། 8-1-11 གཉིས་པ་གཞན་འབྱོར་ལྔ་ནི། ཀླུ་སྒྲུབ་ཀྱིས། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་པ་ལྟར། སྒྲོན་བསྐལ་ལ་མ་སྐྱེས་ན་ཆོས་ཀྱི་མིང་ཙམ་ཡང་མེད། ད་རེས་སངས་རྒྱས་བྱོན་པའི་སྟོན་པ་ ཁྱད་པར་གྱི་འབྱོར་བ། སངས་རྒྱས་བྱོན་ཀྱང་ཆོས་མ་གསུངས་ན་དོན་མེད་པས་བསྟན་པ་ དམ་པའི་ཆོས་ཀྱི་འབྱོར་བ། བསྟན་པ་ནུབ་ན་ཆོས་མེད་པས། ད་ལྟ་བསྟན་པའི་གནས་ཚད་ མ་རྫོགས་པས་དུས་ཀྱི་འབྱོར་བ། བསྟན་པ་དེ་ལ་མ་ཞུགས་ན་མི་ཕན་པ་ལས། བསྟན་པའི་ སྒོར་ཞུགས་པ་རང་གི་སྐལ་བའི་འབྱོར་བ། ཞུགས་སུ་ཟིན་ཀྱང་མཐུན་རྐྱེན་དགེ་བའི་བཤེས་ གཉེན་གྱིས་མ་ཟིན་ན། ཆོས་དེ་ཉིད་མི་ཤེས་པས་དེས་ཟིན་པ་ལྷག་པའི་ཐུགས་རྗེའི་འབྱོར་བ་ སྟེ། འདི་ལྔ་པོ་ནི་གཞན་རྐྱེན་ལ་ལྟོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བྱའོ། ། གསུམ་པ། དཔེ་གྲངས་རྒྱུ་གསུམ་གྱི་སྒོ་ནས་རྙེད་པར་དཀའ་ལུགས་ལ། དཔེའི་སྒོ་ནས་ རྙེད་པར་དཀའ་ལུགས་དང༌། གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ལུགས་དང༌། རྒྱུའི་སྒོ་ནས་ རྙེད་པར་དཀའ་ལུགས་གསུམ་ལས། དང་པོ་དཔེའི་སྒོ་ནས་རྙེད་པར་དཀའ་ལུགས་ནི། རླབས་ ཆེན་པོས་རྣམ་པར་དཀྲུགས་པའི་རྒྱ་མཚོའི་སྟེང་གི་གཉའ་ཤིང་གི་བུ་ག་དང༌། ཞབས་ཀྱི་རུས་ སྦལ་གྱི་མགྲིན་པ་འཕྲད་པ་ལས་ཀྱང་མི་ལུས་ཐོབ་པར་དཀའ་བ་བཅོམ་ལྡན་འདས་ཀྱིས་ གསུངས་ཏེ། དེ་ཡང་སྟོང་གསུམ་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་པ་དེའི་ཁར་རྨོས་གླང་གི་ རྭ་སྦྲེལ་བའི་ཤིང་ལ་གཉའ་ཤིང་དུ་གྲགས་པ་དེ་ལྟ་བུའི་བུ་ག་གཅིག་པ་ཞིག་ཤར་གྱི་རླབས་ ཀྱིས་ནུབ་དང༌། ནུབ་ཀྱི་རླབས་ཀྱིས་ཤར་དུ་དེད་པ་སོགས་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་ བ་ཞིག་ཡོད་ལ། མཚོ་དེའི་གཏིང་ན་རུས་སྦལ་ལོང་བ་ལོ་བརྒྱ་རེ་ན་མཚོ་ཁར་ལན་རེ་འོང་བ་ ཞིག་ཡོད་པ་དེ་གཉིས་འཕྲད་པ་ནི་ཤིན་ཏུ་དཀའ་སྟེ། གཉའ་ཤིང་ལ་སེམས་མེད་པས་རུས་ སྦལ་ཚོལ་བའི་བློ་མེད། རུས་སྦལ་ལོང་བས་གཉའ་ཤིང་ལ་ལྟ་བའི་མིག་མེད། གཉའ་ཤིང་དེ་ 8-1-12 ཡང་ཕྱོགས་གཅིག་ཏུ་སྡོད་ན་འཕྲད་སྲིད་པ་ལས། དུས་རྒྱུན་པར་སྐད་ཅིག་ཀྱང་མི་སྡོད། རུས་ སྦལ་དེ་ཡང་རྟག་ཏུ་མཚོ་ཁར་ཉུལ་ནས་འགྲོ་ན་འཕྲད་སྲིད་པ་ལས། ལོ་བརྒྱ་རེ་ན་མཚོ་ཁར་ ལན་རེ་ལས་མི་འབྱུང་བས་དེ་གཉིས་འཕྲད་པ་ཤིན་ཏུ་དཀའ་ཡང༌། སྟེས་དབང་གིས་གཉའ་ ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་ཡང་སྲིད་མོད་ཀྱི། དལ་འབྱོར་གྱི་མི་ལུས་རྙེད་ པ་ནི་དེ་ལས་དཀའ་བར་མདོ་ལས་གསུངས་པའི་དོན། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོར་ ཆེར་གཡེངས་གཉའ་ཤིང་བུ་ག་དང༌། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་རྒྱལ་པོ་བདེ་སྤྱོད་ལ་གདམས་པ་དང༌། ཞི་བ་ལྷས། རྒྱ་མཚོར་ཆེར་གཡེངས་གཉའ་ཤིང་ གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀའ་གསུངས། །ཞེས་པ་ལྟར་ དང༌། གཞན་ཡང་གྱང་ལོགས་ཀྱི་ཞལ་བ་འཇམ་པོ་དང༌། ཁབ་རྩེ་གྱེན་དུ་བསྟན་པ་ལ་སྲན་ མའི་འབྲུ་ཆགས་དཀའ་བའི་དཔེ། མྱང་འདས་ཀྱི་མདོ་ལས་གསུངས་པ་སོགས་ཀྱིས་ཤེས་ པར་བྱའོ། ། གཉིས་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ལུགས་ནི། ཇི་སྐད་དུ། དམྱལ་བ་ནི་ས་ཆེན་ པོའི་རྡུལ་ཙམ། ཡི་དྭགས་ནི་གང་གཱའི་ཀླུང་གི་བྱེ་མ་ཙམ། དུད་འགྲོ་ནི་ཆང་འགག་གི་སྦང་ མ་ཙམ། ལྷ་མ་ཡིན་ནི་ཁ་བ་བུ་ཡུག་འཚུབ་པ་ཙམ། ལྷ་དང་མི་ནི་སེན་མོའི་སྟེང་གི་རྡུལ་ཙམ་ ལས་མེད་པར་གསུངས་པས། །སྤྱིར་མཐོ་རིས་ཀྱི་ལུས་རྟེན་དཀོན་ཅིང༌། དེ་ལས་ཀྱང་དལ་ འབྱོར་གྱི་མི་ལུས་ཤིན་ཏུ་དཀོན་པར་ཡང་ཡང་བསམ། གསུམ་པ་རྒྱུའི་སྒོ་ནས་རྙེད་པར་དཀའ་ལུགས་ནི། ཇི་སྐད་དུ། མངོན་མཐོའི་རྒྱུ་ནི་ཚུལ་ ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར་མངོན་པར་མཐོ་བའི་ལྷ་མི་ཙམ་ཐོབ་བྱེད་ཀྱི་ རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་དགོས་ཀྱང། ཁྱད་པར་དལ་འབྱོར་བཅོ་བརྒྱད་ 8-1-13 ཚང་བའི་ལུས་རྟེན་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང༌། སྦྱིན་སོགས་དགེ་ བ་དུ་མས་གྲོགས་བྱ། སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའི་སྒོ་ནས་ཐོབ་དགོས་ ཏེ། དེ་ལྟ་བུའི་དལ་འབྱོར་དེ་ཡང་སྟེས་དབང་དང༌། སྟབས་ལེགས་ལྟ་བུས་ཐོབ་པ་མ་ཡིན། བསྐལ་པ་མང་པོར་ཚོགས་གཉིས་བསགས་པའི་འབྲས་བུ། ཤིན་ཏུ་རྙེད་དཀའི་དལ་འབྱོར་ ལ༵ན་གཅི༵ག་ཐོབ་པ་ནི་འདི༵་ལྟ་བུ་ཡིན་ཏེ། པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས། དལ་འབྱོར་ མི་ལུས་རྙེད་པ་འདི། །ཕོ་སྒོ་མཐོ་བས་མ་ལགས་ཏེ། །བསོད་ནམས་བསགས་པའི་འབྲས་བུ་ ཡིན། །ཞེས་གསུངས་ཏེ། རྗེ་ཇོ་ནང་ཀུན་མཁྱེན་ཆེན་པོས། སྤྲིངས་ཡིག་ལས། དཔེ་གྲངས་ རྒྱུ་གསུམ་སྒོ་ནས་རྙེད་དཀའ་བ། །གལ་ཏེ་རྙེད་ཀྱང་ཆུ་ཡི་ཆུ་བུར་བཞིན། །ཞེས་གསུངས་ པ་བཞིན་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་འདི་ཡང་དཔེ་གྲངས་རྒྱུ་གསུམ་གྱི་སྒོ་ ནས་རྙེད་པར་ཤིན་ཏུ་དཀའ་བ་ཡིན། གལ་ཏེ་སྟེས་དབང་གིས་རྙེད་དུ་ཆུག་ཀྱང་ཆུ་ཡི་ཆུ་བུར་ བཞིན་དུ་ནམ་ཡལ་མི་ཤེས་པས་ད་ལྟ་ཉིད་ནས་དམ་ཆོས་ཟབ་མོའི་དོན་ཉམས་སུ་བླང་བར་ བྱས་ནས་སྙིང་པོ་ལོན་པར་བྱ་དགོས་པ་འདི་གནད་རྩ་ཆེ་བས་འདི་ལ་འཆུག་མི་ཉན་པར་ སེམས་ཐག་བཅད། རྗེ་ཏཱ་ར་ནཱ་ཐས། ད་རེས་ཙམ་མ་གཏོགས་མི་ལུས་ནི། །ཡང་ཡང་དུ་ཐོབ་ པ་ཤིན་ཏུ་དཀའ། །སླར་ངན་སོང་གསུམ་དུ་སྐྱེས་ཙ་ན། །དམ་ཆོས་ཀྱི་སྐལ་བ་གཅིག་ཀྱང་ མེད། །ཅེས་སོགས་གསུངས་སོ། ། བཞི་པ་དལ་འབྱོར་ལ་སྙིང་པོ་ལེན་དགོས་པ་ནི། དལ་འབྱོར་གྱི་མི་ལུས་ཞིག་ཐོབ་ཀྱང་ སྐྱེ་བ་ད་རེས་མ་ཡིན་ཀྱང་ཚེ་རབས་གཞན་དུའང་ཆོས་བསྒྲུབ་ཆོག་སྙམ་ན། དེ་ལྟ་བུའི་ལུས་ འདི་ཡང་ནས་ཡང་དུ་མི་འཐོབ་སྟེ། །སྤྱོད་འཇུག་ལས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་ དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས་པ་བཞིན་ཡང་ཡང་ཡིད་ལ་བླང་ 8-1-14 བར་བྱའོ། །མི་ལུས་ཙམ་ཐོབ་ཀྱང་ཆོས་རང་རྒྱུད་དུ་མ་སྦྱར་ནས་མི་དགེ་བ་འབའ་ཞིག་ལ་ སྤྱོད་ན་ནི། ངན་སོང་ལས་ཀྱང་ཐ་ཆད་དེ། རྗེ་མི་ལས། ཁྱི་ར་མགོན་པོ་རྡོ་རྗེ་ལ། །སྤྱིར་དལ་ འབྱོར་མི་ལུས་དཀོན་གསུངས་ཏེ། །ཁྱོད་འདྲ་མཐོང་ན་དཀོན་རྒྱུ་མེད། །ཅེས་གསུངས་པ་ ལྟར་ངན་སོང་གི་གཏིང་རྡོ་བྱེད་པ་ལ་མི་ལས་ཐུ་བ་མེད་དེ། ད་རེས་གང་ལྟར་བྱས་ཀྱང་རང་ དབང་ཡོད་པ་ཡིན་པས། ཇི་སྐད་དུ། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་ འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །དགེ་སྡིག་ཀུན་གྱི་གཡོག་པོ་ལུས་འདི་ཡིན། །ཞེས་ གསུངས། དེས་ན་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས། ད་རེས་དལ་འབྱོར་བཅོ་བརྒྱད་ དང་ལྡན་པའི་མི་ལུས་ཤིག་རྙེད་པ་འདི་ལ་སྙིང་པོ་ངེས་པར་ལེན་དགོས་ན་སྙིང་པོ་ལེན་པའི་ ཐབས་ནི་དམ་པའི་ཆོས་བསྒྲུབ་པ་ལས་གཞན་ཚེ་འདིའི་ལྟོ་གོས་དང༌། འཇིག་རྟེན་ཆོས་བརྒྱད་ བསྒྲུབ་པའི་ངང་ལ་དལ་འབྱོར་དོན་མེད་དུ་ཟད་དེ། འཆི་ཁ་བྲང་ལག་འཐབ་པ་ནི་ཕོ་མ་སྐྱེས། འདུན་མ་མ་ལེགས་པ་ཡིན་ཏེ། །སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་ གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་ གཞན་མེད་དོ། །ཞེས་གསུངས། དལ་འབྱོར་གྱིལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་ འཛིན་བདེ་ཉུང་བསྡུས། མི་ལུས་དེ་དེ་ཙམ་དུ་རྙེད་པར་དཀའ་བའི་དོན་ཅི་ཡིན་སྙམ་ན་སྤྱིར་ མི་འདིརྣམས་ཀྱིས་ནི་མི་ཁོམ་པའི་གནས་མང་པོར་བརྒྱུད་བརྒྱུད་ནས་བརྒྱ་ལམ་ཙམ་མམ་ རེས་འགའ་ཙམ་ན་མི་ལུས་དེ་ལན་རེ་ལས་མི་རྙེད་པ་ནི་འདིལྟར་ཡིན་ཏེ། སྤྱིར་འགྲོ་བ་རྣམས་ ནི་མི་དགེ་བ་བཅུ་སོགས་མི་དགེ་བ་འབའ་ཞིག་ལ་སྤྱོད་པ་ཆེས་མང་ཞིང་མི་དགེ་བས་ལས་ བསགས་པ་དུ་མ་ལ་ནི་ཐོག་མེད་ནས་གོམས་གོམས་པའི་སྟོབས་ཀྱིས་ད་སྐབས་སུ་རྩོལ་བ་ མི་དགོས་པར་ངམ་ངམ་ཤུགས་ཤུགས་ཀྱིས་རྒྱུན་མི་འཆད་པར་མི་དགེ་བའི་རྟོག་པ་དུ་མ་ འབྱུང་ཞིང༌། དེ་མ་ཟད་རང་ལ་འོང་མི་འོས་པའང་འདི་ལྟར་འབྱུང་ཏེ། བྱང་ཆུབ་སེམས་དཔའ་ 8-1-15 འམ་སྐྱེས་བུ་དམ་པའམ་བླ་མ་ལ་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེ་བས་ཀྱང་བསྐལ་པ་སྟོང་དུ་ སྦྱིན་པ་བཏང་བ། བདེ་བར་གཤེགས་པ་ལ་མཆོད་པ་བྱས་པ་རྣམས་དང༌། སོགས་ཁོངས་ ནས་བྱུང་བ་དད་པ་དང༌། ཚུལ་ཁྲིམས་སྲུང་བ། ཁ་ཏོན་སོགས་ཆོས་སྤྱོད་ཀྱི་བྱ་བ་གང་བྱས་ རྣམས་འཇོམས་པར་གསུངས་ཏེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་ དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་ གིས་འཇོམས་པར་བྱེད། །ཞེས་གསུངས་པ་ལྟར་དགེ་བ་འཇོམས་པ་མ་ཟད་དེ་འདྲའི་ཡུལ་ གཉན་པོ་ལ་ངན་སེམས་སྐྱེ་བའི་གྲངས་བཞིན་དུ་བསྐལ་པའི་བར་མནར་མེད་དུ་སྐྱེས་ནས་ གནས་པ་སོགས་སྡུག་བསྔལ་དུ་མས་མནར་ཚབས་ཀྱང་ཤིན་ཏུ་ལྕི་བ་ཡིན་ཏེ། སྤྱོད་འཇུག་ ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ ཐུབ་པས་གསུངས། །ཞེས་པ་ལྟར་ཉེས་སྤྱོད་དེ་དག་ལ་འཛེམས་པར་བྱ་དགོས་པའི་ཕྱིར། ངན་འགྲོ་པ་དེས་ནི་ངན་འགྲོ་ནས་ངན་འགྲོ་ཁོ་ནར་འཕེན་ཞིང་ངན་འགྲོའི་རྟེན་ལ་ཡང་མི་ དགེ་བའི་ལས་རྒྱུན་མི་ཆད་དུ་འབྱུང་བས་ངན་འགྲོ་ནས་ངན་འགྲོར་བརྒྱུད་དེ་བསྐལ་པ་དུ་ མར་བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། བདག་གི་སྤྱོད་པ་འདི་ འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང༌། །དགེ་བ་བདག་གིས་མ་བྱས་ན། །ངན་ སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ ན། །སྡིག་པ་དག་ཀྱང་ཉེར་བསགས་ནས། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ ཡང་ཐོས་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཁྱད་པར་ད་སྐབས་ཀྱི་སྐྱེ་བ་རྗེས་མ་ རྣམས་སུ་དལ་འབྱོར་གྱི་མི་ལུས་ཤིག་ཐོབ་པ་ནི་ཤིན་ཏུ་དཀའ་སྟེ། རྒྱུ་མ་བསྒྲུབ་པར་འབྲས་ 8-1-16 བུ་མི་འབྱུང་བ་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། རྗེ་བཙུན་ཏཱ་ར་ནཱ་ཐས། རྙེད་དཀའི་མི་ ལུས་ཐོབ་དུས་སུ། །དོན་ཡོད་ཐབས་ལ་འབད་པར་འཚལ། །ཞེས་གསུངས་པ་ལྟར་སྤྱིར་མཐོ་ རིས་ཀྱི་ལུས་རྟེན་དཀོན་ཅིང༌། དེ་ལས་ཀྱང་དལ་འབྱོར་གྱི་མི་ལུས་ཤིན་ཏུ་དཀོན་སྟེ་སྙིང་པོ་ ལེན་ཐབས་ལ་འབད་པར་བྱ་དགོས་ཏེ། ཡང་ཏཱ་ར་ནཱ་ཐས། གང་ཞིག་སྲིད་ཞིའི་ཕུན་ཚོགས་ བདུད་རྩིའི་འབྲས། །དལ་འབྱོར་དཔག་བསམ་ལྗོན་པའི་རྩེར་ཆགས་པ། །འདི་ལས་འདོད་ དགུ་ཅི་ཡང་བླང་བར་རིགས། །གཞན་དུ་འདི་འདྲ་རྙེད་པ་བརྒྱ་ལམ་ཞིག །ཅེས་གསུངས་པ་ ལྟར་དུ་ཆོས་ལ་བརྩོན་པར་བྱའོ། །ད་རེས་ལན་ཅིག་སྟེས་དབང་གིས་རྙེད་པའི་དུས་འདིར་ དལ་འབྱོར་ལ་སྙིང་པོ་ལོན་པའི་ཐབས་ཆོས་ཁོ་ན་ལས་གཞན་གང་གིས་ཀྱང་ཕན་པ་མེད་དེ། སློབ་དཔོན་དཔའ་བོས། རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟོང་པས་རང་ཁྱིམ་བཞིན། །དགེ་བཅུའི་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །ཞེས་གསུངས་པ་ལྟར་ དང༌། གཞན་ཡང་མཉམ་མེད་ཇོ་བོ་ཆེན་པོ་ཨ་ཏི་ཤས། དལ་འབྱོར་ཕུན་སུམ་ཚོགས་པའི་ ལུས། །ཤིན་ཏུ་རྙེད་དཀའ་རྙེད་གྱུར་ཅིང༌། །ཕྱིས་ཀྱང་ཤིན་ཏུ་རྙེད་དཀའ་བས། །སྒྲུབ་ལ་ འབད་པས་དོན་ཡོད་བྱ། །ཞེས་དང༌། འབྲོམ་སྟོན་པས་ཀྱང༌། རྟེན་དལ་འབྱོར་འདི་ནི་ཤིན་ཏུ་ རྙེད་པར་དཀའ། །རྗེ་སངས་རྒྱས་བསྟན་དང་མཇལ་བ་དེ་བས་དཀོན། །ཁྱེད་རྙེད་དཀའི་དལ་ འབྱོར་ཆུད་ཟོས་མ་བྱེད་ཅིག །ཅེས་གསུངས་ཤིང༌། སྤྱན་སྔ་པ་ལ། དལ་བ་འབྱོར་བ་མི་ལུས་ ཐོབ་པ་དྲན་ནམ་གསུངས། །ཡང་སྤྱན་སྔ་པས། དལ་འབྱོར་རྙེད་པར་དཀའ་བ་འདིལ་བསམ་ ན་གཉིད་ལོག་ལོང་དང་ཁམས་སེང་ལོང་མི་འདུག་གསུངས་ནས་ཐུགས་དམ་འབའ་ཞིག་ མཛད་པའི་ལོ་རྒྱུས་ཡོད་ལ། ཐུགས་དམ་ལ་འཇུག་རེས་ཀྱིས། གང་ཚེ་རང་དབང་འཇུག་ཅིང་ མཐུན་གནས་པ། །ཞེས་སོགས་བཏོན་ནས་ཐུགས་དམ་མཛད་དོ། །ཕུ་ཆུང་པས། དལ་འབྱོར་ གྱི་ལུས་ཐོབ་ནས་དགེ་བའི་ལས་མ་བྱས་པར་ཤི་ན། ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་ཞིག་ 8-1-17 རྙེད་ནས་ལོངས་མ་སྤྱད་པར་སྟོར་དུ་བཅུག་པ་དང་འདྲ་ལ། སྡིག་པ་བྱས་ན་ནོར་བུ་དུག་དང་ འདྲེས་པའི་ལྷད་ཟན་རྡོག་པོ་གཅིག་ཏུ་བཙོང་པ་དང་འདྲ་གསུངས། པོ་ཏོ་བས། རྙེད་པར་ དཀའ་ལ་འཇིག་པར་སླ་བའི་དལ་འབྱོར་འདི་ཆུད་ཟོས་སུ་མི་གཏོང་བར་ད་རེས་དོན་དང་ བཅས་ནོམ་པ་དང་བཅས་པ་ཞིག་བྱེད་དགོས་གསུངས། ཁ་རག་པས། དལ་འབྱོར་མི་ལུས་ རིན་པོ་ཆེ། །རྙེད་པར་དཀའ་བ་ཐོབ་པ་ལ། །ཐོབ་པ་ཡལ་བར་མི་གཏོང་བར། །གཏན་གྱི་སོ་ ནམ་གྱིས་ཤིག་ཨཾ། །ཞེས་དང༌། མི་ཡིགྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སྤྱོད་འཇུག་ བཞིན་གསུངས། ཤ་བོ་པས། འོ་སྐོལ་དུས་ད་རེས་དལ་འབྱོར་མི་ལུས་ཐོབ། དགེ་བའི་བཤེས་ གཉེན་དང་མཇལ། ཐེག་པ་ཆེན་པོའི་ཆོས་དང་འཕྲད་པའི་དུས་འདིར་སྐྱེ་བ་ཕྱི་མ་ལ་ཅི་ འཆོས་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་རྐང་ཅི་ཚུགས་བྱེད་དགོས། ཞེས་གསུངས། རྗེ་ཏཱ་ར་ནཱ་ཐས། ཤིན་ཏུ་རྙེད་པར་དཀའ་བ་ནི། །མི་ལུས་ཤིང་རྟ་ལ་ཞོན་ནས། །ཐར་པའི་གྲོང་ ཁྱེར་འཇུག་འདོད་པས། །ཤིན་ཏུ་འབད་པས་བརྩོན་པར་བྱ། །ཞེས་གསུངས་པ་ལྟར། དལ་ བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི་ཤིན་ཏུ་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེའི་ ཤིང་རྟ་ལྟ་བུ་ལ་ཞོན་ནས་ཐར་པའི་གྲོང་ཁྱེར་དུ་འཇུག་འདོད་པ་དག་གིས་དམ་པའི་ཆོས་ཟབ་ མོ་ལ་ཤིན་ཏུ་འབད་པ་དུ་མས་བརྩོན་པར་བྱ་དགོས་སོ། །གཞན་ཡང༌། ཆོས་རྗེ་རྒྱལ་སྲས་ རིན་པོ་ཆེ་ཉིད་ཀྱིས། དལ་འབྱོར་རྙེད་པར་དཀའ་བས་རྙེད་ཚེ་སྙིང་པོ་ལོངས། །ཞེས་དང༌། དེ་ བས་རང་གིས་རང་ཉིད་མ་བསླུ་བར། །ཚུལ་གནས་ཐོས་བསམ་སྒོམ་ལ་སྦྱོར་བ་ཡིས། །དམ་ ཆོས་ཚུལ་བཞིན་བསྒྲུབ་ལ་དལ་འབྱོར་འདི། །ཐོབ་པ་དོན་ཡོད་མཛོད་ཅིག་ཤེས་ལྡན་རྣམས། །ཞེས་གསུངས་ཤིང༌། ཉིད་ནས་ཀྱང་དེ་བཞིན་དུ་ཕྱག་ལེན་ལ་བཏབ་བོ། །རྗེ་ཏཱ་ར་ནཱ་ཐས། རྙེད་པར་དཀའ་བའི་མི་ལུས་འདི། །ཉམས་ལེན་ཆོས་ལ་མ་བཀོལ་ན། །ད་རེས་སྟོང་ལོག་ 8-1-18 བྱེད་དེ་མཆིས། །སྒོམ་ལ་འབུངས་དང་དད་ལྡན་བུ། །ཞེས་གསུངས་པ་ལྟར་ཆོས་ལ་འབད་དེ་ ངེས་དོན་སྙིང་པོའི་ཆོས་ཉམས་སུ་ལེན་ནོ། །མདོར་ན་དལ་འབྱོར་གྱི་མི་ལུས་འདི་ཁོ་ན་མ་ གཏོགས་གཞན་གྱི་ལུས་རྟེན་ལ་ཆོས་ཡང་དག་པ་བསྒྲུབ་མི་ནུས་ཤིང་ད་སྐབས་དམ་ཆོས་རྣམ་ དག་ཅིག་ངེས་པར་བསྒྲུབ་དགོས་པར་ཞེ་དམ་ཡང་ཡང་བྱེད་དགོས་པ་ནི་གནད་དམ་པ་ཡིན་ པས་དལ་འབྱོར་རྙེད་པར་དཀའ་བའི་བསམ་པ་འདི་ལ་ཡིད་འགྱུར། རྩོལ་བྱས། བཅོས་མིན་ གྱི་མྱོང་བ་མ་ཐོན་བར་དུ་བསྒོམ་པར་བྱ། དལ་འབྱོར་ལ་སྙིང་པོ་ལེན་འདོད་ཀྱི་བསམ་པ་ མཚན་ཉིད་ཚང་བ་ལ་ཆོས་བཞི་ཚང་དགོས་ཏེ། ཆོས་བསྒྲུབ་དགོས་པར་རྟོགས་པ་དང༌། དལ་ འབྱོར་གྱི་ལུས་རྟེན་ལ་ཆོས་བསྒྲུབ་ནུས་པར་རྟོགས་པ་དང༌། ཆོས་བསྒྲུབ་པ་ཡང་ཚེ་འདིར་ བསྒྲུབ་དགོས་པར་རྟོགས་པ་དང༌། ཚེ་འདིར་ཡང་མྱུར་དུ་ད་ལྟ་ཉིད་ནས་བསྒྲུབ་དགོས་པར་ རྟོགས་པའོ། །དེས་ན་དལ་འབྱོར་རྙེད་དཀའ་བསྒོམ་པའི་སྐབས་སུ་འཆི་བ་མི་རྟག་པ་དྲན་ བཞིན་ལས་འབྲས་ཆུད་མི་ཟ་བ་ཡིན་པས་ལས་མི་དགེ་བ་ལས་བདེ་བ་མི་འབྱུང༌། སྡུག་ བསྔལ་ཁོ་ན་འབྱུང་ཡོང༌། སྡུག་བསྔལ་འབྱུང་ན་ནི་ལུས་སེམས་ཀྱིས་བཟོད་མི་ནུས་པ་ཡིན། ཚེ་འདིར་ཆོས་བསྒྲུབ་པ་ཡང་དལ་བ་བརྒྱད་དང་འབྱོར་བ་བཅུ་པོ་འདི་ལྟ་བུ་དང་ལྡན་པའི་ ལུས་རྟེན་ལ་བསྒྲུབ་ནུས། གཞན་གྱི་ལུས་རྟེན་གྱིས་བསྒྲུབ་མི་ནུས། དལ་འབྱོར་གྱི་ལུས་རྟེན་ ནི་དཔེ་གྲངས་རྒྱུ་གསུམ་གྱི་སྒོ་ནས་ཤིན་ཏུ་རྙེད་དཀའ་བས་ད་རེས་ལན་ཅིག་མི་ལུས་ཐོབ་ པའི་ཚེ་ད་ལྟ་ཉིད་དང་མྱུར་བར་ཆོས་མ་བསྒྲུབས་ན་ནམ་འཆི་ཆ་མེད་པས། ཆོས་བསྒྲུབ་མི་ ཁོམ། དལ་འབྱོར་རྙེད་དཀའ་བསྒོམ་ཚེ་དལ་བརྒྱད་འབྱོར་བཅུའི་ངོ་བོ་བསྒོམ་པ་དང༌། རྙེད་ པར་དཀའ་བ་བསྒོམ་པ་གཉིས་གཙོ་བོ་བྱས་ནས་ཡན་ལག་ཏུ་འཆི་བ་མི་རྟག་པ་དང༌། ལས་ འབྲས་དང༌། འཁོར་བའི་ཉེས་དམིགས་བསམ་པ་གསུམ་དང་བཞིལས་དང་པོ་པ་རྣམས་ལ་ དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས། ཀ་ཚང་དགོས་སོ། །དེས་ན་དལ་འབྱོར་རྙེད་དཀའི་ 8-1-19 བསམ་པ་མཚན་ཉིད་ཚང་བ་སྐྱེས་པ་ལ་འཆི་བ་མི་རྟག་པ་རྟོགས་པ་སོགས་བཞི་ཀ་མཚན་ ཉིད་ཚང་བ་སྐྱེ་དགོས་པ་སོགས་ཡིན་པས་འཁོར་བ་ལས་བློ་ལྡོག་སྟེ་དལ་འབྱོར་རྙེད་དཀའ་ བསྒོམ་པ་དེ་མཚན་ཉིད་པ་སྐྱེ་དགོས་པས། རྗེ་བཙུན་ཏཱ་ར་ནཱ་ཐས་ཕལ་ཆེར་འཆི་བ་མི་རྟག་པ་ ནས་མགོ་འཛིན་པར་མཛད་པ་སོགས་སྣ་ཚོགས་ཡོད་ཀྱང་ཐམས་ཅད་གནད་གཅིག་ལ་ འབབ། དོན་གྱི་སྟེང་ནས་ཁྱད་པར་མེད། ཅེས་གསུངས་པ་ཡིན་ནོ། །དལ་འབྱོར་རྙེད་དཀའ་ བསམ་པ་ཚར་རོ། ། 2 ཕྱི་བཤོལ་གྱི་ལེ་ལོ་སྤངས་སྟེ་མྱུར་བར་ཆོས་བསྒྲུབ་འདོད་ཀྱི་བརྩོན་འགྲུས་བསྐྱེད་པ་ཚེ་ མི་རྟག་པ་བསྒོམ་པ། གཉིས་པ་ཕྱི་བཤོལ་གྱི་ལེ་ལོ་སྤངས་སྟེ་མྱུར་བར་ཆོས་བསྒྲུབ་འདོད་ཀྱི་བརྩོན་འགྲུས་ བསྐྱེད་པ་ཚེ་མི་རྟག་པ་བསྒོམ་པ་ལ། ངེས་པར་མྱུར་དུ་འཆི་བ་བསམ་པ། ནམ་འཆི་ཆ་མེད་ བསམ་པ། འཆི་བ་ལ་ཆོས་མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ་དང་གསུམ་ལས། དང་པོ་ངེས་པར་མྱུར་དུ་འཆི་བ་བསམ་པ་ནི། མྱུར་བར་དལ་འབྱོར་ལ་སྙིང་པོ་མ་བླངས་ ན་ངེས་པར་འཆི་བ་འོང་སྟེ། སྐྱེས་རབས་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །དེ་ནས་བཟུང་སྟེ་འཇིག་རྟེན་འདི་དག་ནི། །ལམ་དེར་ཞུགས་ནས་ལམ་གཞན་མ་གོལ་བར། །འཆི་བདག་དྲུང་དུ་དེ་ནི་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། སྐྱེ་སྲིད་འདི་བླངས་ པའི་སྐབས་སུ་དང་པོ་མའི་མངལ་དུ་ཞུགས་པའི་ནུབ་མོ་ནས་བཟུང་སྟེ། སྐྱེ་ལུས་འདིའི་ཚེ་ ཇེ་ཟད་ཇེ་ཟད་དུ་འགྲོ་བའི་མཐར་འཆི་བདག་གིདྲུང་དུ་མྱུར་མགྱོགས་ནས་འགྲོ་བས་དུས་ད་ ལྟ་ཉིད་ནས་ཉིན་མཚན་ཀུན་ཏུ་ཆོས་ལ་འབད་པར་བྱ་དགོས་པར་བསམ་པ་འདི་གནད་ཆེ་བ་ ཡིན་ཏེ། སྤྱིར་ཕྱི་ནང་སྣོད་བཅུད་ཐམས་ཅད་མི་རྟག་ཡང་དགོས་རང་གི་ཚེ་སྲོག་མིརྟག་ཅིང་ 8-1-20 ར༵བ་ཏུ༵་འཇི༵ག་སླ༵་བའི་རང་བཞིན་ཅན་མ་ཡིན་པ་གཅིག་ཀྱང་མེད་པ་ཡིན། ཕྱི་ནང་གི་དངོས་ པོ་ཐམས་ཅད་ནི་འཆི་བདག་གི་གཤེད་མ་དང་འདྲ་བའི་འཆི༵་རྐྱེ༵ན་བས༵མ་མི༵་ཁྱ༵བ་པའི་ཁྲིག་ མེར་གྱིས་གང་བའི་དབུས་ན་བདག་གནས་པ་ཡིན། ཕྱི་སྣོད་ཀྱི་འཇིག་རྟེན་ཡང་མི་རྟག་སྟེ། སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་གླིང་ཕྲན་རི་རབ་ ལྷ་གནས་དང་བཅས་པའི་ར་བ་སྲ་ཞིང་བརྟན་པ་བསྐལ་པའི་བར་དུ་གནས་པ་འདི་དག་ཀྱང་ མི་རྟག་པར་མེ་བདུན་དང༌། ཆུ་གཅིག་གིས་ངེས་པར་འཇིག་པར་འགྱུར་བ་ཡིན་པའི་ཕྱིར། ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་འཇིག་པའི་དུས་ལ་བབ་ཚེ། ནང་བཅུད་ཀྱི་འགྲོ་བ་རྣམས་ མས་རིམ་གྱིས་སྟོང་ནས་བསམ་གཏན་དང་པོའི་གནས་མན་ཆད་ན་སེམས་ཅན་གཅིག་ཀྱང་ མེད་པར་འགྱུར། དེ་ནས་རིམ་པས་ཉི་མ་གཅིག་གིས་རྩི་ཤིང་དང་ནགས་ཚལ་ཐམས་ཅད་ བསྲེགས། གཉིས་ཤར་བས་ཆུ་ཀླུང་དང༌། ལྟེང་ཀ་མ་ལུས་པར་སྐེམ། གསུམ་པས་ཆུ་ཀླུང་ ཆེན་པོ་ཐམས་ཅད་སྐེམ། བཞི་པས་མཚོ་ཆེན་པོ་མ་དྲོས་པའང་སྐེམ། ལྔ་པས་ཕྱིའི་རྒྱ་མཚོ་ ཆེན་པོ་ཟབས་སུ་དཔག་ཚད་བརྒྱ་དང་ལྡན་པ་སྐེམ་པ་ནས་རིམ་བཞིན་ཉིས་བརྒྱ། བདུན་ བརྒྱ་དང༌། སྟོང་དང༌། ཁྲི་དང༌། བརྒྱད་ཁྲིའི་བར་དུ་སྐམ་པའི་ལྷག་མ་དཔག་ཚད་དང་རྒྱང་ གྲགས་ནས་མཐར་རྨིག་རྗེས་ཀྱི་ཆུ་ཙམ་ཡང་མ་ལུས་པར་སྐེམ་པར་བྱེད། ཉི་མ་དྲུག་གིས་ས་ ཆེན་པོ་གངས་རི་དང་བཅས་པ་བསྲེགས། བདུན་གྱིས་རིའི་རྒྱལ་པོ་རི་རབ། གླིང་བཞི། གླིང་ ཕྲན་བརྒྱད། གསེར་རི་བདུན་ཁོར་ཡུག་གི་ལྕགས་རི་དང་བཅས་བསྲེགས་ནས་མེ་ལྕེ་གཅིག་ ཏུ་གྱུར་སྟེ། ཐུར་དུ་འཁྱིལ་ཞིང་འབར་བས་དམྱལ་བའི་གནས་ཐམས་ཅད་བསྲེགས་ཤིང༌། མེ་ ལྕེ་གྱེན་དུ་གཡོས་པས་ཚངས་པའི་གཞལ་ཡས་ཁང་སྟོང་པ་རྣམས་ཀྱང་བསྲེགས་པས། འོད་ གསལ་གྱི་ལྷ་བུ་གཞོན་ནུ་རྣམས་སྐྲག་ཅིང༌། འདི་ལྟ་བུའི་མེ་ཆེན་པོ་འབར་ཞིང་བྱུང་ངོ་ཞེས་ སྒྲོག་པ་ན། ལྷ་རྒན་པོ་དག་གིས་འདི་ནི་སྔར་ཡང་ཚངས་པའི་འཇིག་རྟེན་གྱི་བར་དུ་བྱུང་ 8-1-21 ནས་སླར་ལོག་པ་ཡིན་སྐྲག་མི་དགོས་སོ་ཞེས་དབུགས་འབྱིན་པར་བྱེད། དེ་ལྟར་མེས་ལན་ བདུན་ཞིག་རྗེས་སུ། བསམ་གཏན་གཉིས་པའི་ལྷ་གནས་སུ་སྤྲིན་ཆུའི་སྙིང་པོ་ཅན་ཆགས་ པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང༌། བཤོལ་མདའ་ཙམ་དུ་བབས་པས་འོད་གསལ་ གྱི་ལྷ་གནས་མན་ཆད་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་འཇིགདེ་ལྟར་ཆུས་འཇིག་པ་བདུན་རྫོགས་ ནས། འོག་གཞི་རླུང་རྡོ་རྗེ་རྒྱ་གྲམ་གྱེན་དུ་ལངས་ཏེ་བསམ་གཏན་གསུམ་པའི་ལྷ་གནས་མན་ ཆད་ཐལ་བ་རླུང་གིས་གཏོར་བ་ལྟར་འཇིགདེལྟར་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་ རེ་རེའང་བྱེ་བ་ཕྲག་བརྒྱ་ཡང་སྟོང་གསུམ་ཆེན་པོ་གཅིག་གི་ནང་དུ་ཆུད་པ་ཐམས་ཅད་མཉམ་ དུ་ཞིག་ནས་མཐར་ཐམས་ཅད་ཀྱང་ནམ་མཁའ་གཅིག་ཏུ་གྱུར་སྟེ་སྟོང་པའི་གནས་སྐབས་དེ་ ལྟ་བུ་ཡོད་པ་ཡིན་ན། རང་རེ་མིའི་ལུས་རྟེན་ནམ་གཞུག་གི་སྦྲང་བུ་ལྟ་བུ་འདི་ལ་རྟག་པ་དང་ བརྟན་པ་ཅི་ཡོད། མཐོ་སྟེ་སྲིད་པའི་རྩེ་མོ་མན་ཆད་དང༌། དམའ་སྟེ་དམྱལ་བ་གདན་ལ་ཐུག་ པ་ཡན་ཆད་ན་སེམས་ཅན་ཡོད་དོ་ཅོག་ལ་འཆི་མི་དགོས་པ་ནི་གཅིག་ཀྱང་མེད་དེ། ཇི་སྐད་ དུ། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བསྲེག་ཆེ་བའི་ལུས་ཅན་འདི་དག་ཀུན། །ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལུས་ལྟ་ཅི་འཚལ། །ཞེས་ གསུངས་པ་ལྟར། ཤིན་ཏུ་བརྟན་ཞིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་དང་རི་རབ་ལྷུན་པོ་གསེར་རི་ བདུན་དང་མཐའི་རྒྱ་མཚོ་ཆེན་པོ་དང་བཅས་པ་བསྐལ་པ་འཇིག་པའི་ཚེ་ཉི་མ་བདུན་ཤར་བ་ ལས་མེ་འབར་བས་བསྲེག་པར་བྱ་རྒྱུའི་ས་དང་ལྷུན་པོ་ལ་སོགས་པའི་རྒྱ་ཆེ་བའི་ལུས་ཅན་ འདི་དག་ཀུན་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་ན། ཚེར་མ་ཟུག་པ་ཙམ་གྱིས་འཆི་བར་ བྱེད་ནུས་པའི་ཤིན་ཏུ་ཉམ་ཆུང་བའི་མི་ལུས་འདི་ནི་ཤི་ནས་མེད་པར་འགྱུར་བ་ནི་ལྟ་སྨོས་ ཀྱང་ཅི་འཚལ་ཏེ་བཤད་ཅི་དགོས། ཉོན་མོངས་པ་དང་འཁོར་བ་སྤངས་པའི་སྒོ་ནས་འཆི་ བདག་གི་བདུད་སྤང་ན་ནི་བདག་ལ་མི་འཆི་བའི་དབང་དང་ངན་སོང་དུ་མི་སྐྱེ་བར་བྱེད་པ་ལ་ 8-1-22 སོགས་པའི་དབང་ཡོད་ཀྱང༌། ཉོན་མོངས་པ་དང་འཁོར་བ་མ་སྤངས་པས་མི་འཆི་བའི་རང་ དབང་མ་ཐོབ། དེ་རིང་ཙམ་དུ་མི་འཆི་བའི་གདེང་མེད། ནམ་འཆི་ཆ་མེད། འཆི་རྐྱེན་ལ་ངེས་ པ་མེད་དོ། །མྱ་ངན་བསལ་བའི་སྤྲིངས་ཡིག་ལས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་པ་འོན་ཏེ་ཐེ་ཚོམ་ཟ། །ཞེས་པ་ ལྟར། སྐྱེ་བ་ཡོད་ན་འཆི་བའི་ཆོས་ཅན་ཡིན་པས་མཐོ་རིས་ལྷའི་འཇིག་རྟེན་མན་ཆད་ན། འདི་ ནི་སྐྱེས་ནས་མ་ཤི་འོ་ཞེས་བྱ་བ་དེ་ལྟ་བུ་མཐོང་བའི་ཐོས་པ་ལྟ་ཅི། དེ་ཤི་འམ་མ་ཤི་སྙམ་དུ་ཐེ་ ཚོམ་ཟ་བ་ཡང་མེད་པར་ཐམས་ཅད་ཤི་སྟེ། མི་རྟག་པའི་ཚོམས་ལས་ཀྱང༌། སྐྱེས་པ་བུད་མེད་ མང་པོ་དང༌། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་ གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་ བར། །དེ་བཞིན་ཁ་ཅིག་གོག་ཙམ་ནས། །དེ་བཞིན་ཁ་ཅིག་ཡོངས་གཏུག་ན། །ལ་ལ་རྒན་ དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་ སྨིན་པ་ལྷུང་བ་བཞིན། །ཞེས་གསུངས་ཏེ། སྐྱེས་པ་བུད་མེད་སུ་དང་སུ་ཡིན་ཡང་ལ་ལ་དར་ བབ་ཙམ་དུ་འཆི། ལ་ལ་མའི་མངལ་ནས་འཆི། ལ་ལ་བཙས་པའི་དུས་སུ་འཆི། དེ་བཞིན་ཁ་ ཅིག་གོག་པོར་འགྲོ་བའི་དུས་སུ་འཆི། ལ་ལ་རྒན་པའི་དུས་སུ་འཆི། ལ་ལ་གཞོན་ནུའི་དུས་ སུ་འཆི། ལ་ལ་དར་ལ་བབ་པར་འཆི་བ་སྟེ། མི་འཆི་བ་གཅིག་ཀྱང་མེད་པར་ཕྱིའི་བགེགས་ རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་ཉི་ཁྲི་ཆིག་སྟོང༌། དགྲའི་གནོད་པ་མེ་ཆུ་དུག་མཚོན་ ལ་སོགས་པའི་འཇིགས་པ་དང༌། སྟག་གཟིག་དོམ་དྲེད་ལ་སོགས་པའི་འཇིགས་པ་དང༌། ནང་ རླུང་མཁྲིས་བད་ཀན། སྙིང་ཆུས་གང་བ། གློ་བ་རྣག་ཏུ་ཟག་པ། ཟས་མི་ཞུ་བ། སྐོམ་མགུལ་ དུ་འགགས་པ། དོན་སྣོད་ཐམས་ཅད་ཆུས་གང་ཞིང་ཟག་པ། རྒྱུ་ཟེར་སོགས་མདོར་ན་ནད་ རིགས་བཞི་བརྒྱ་རྩ་བཞི། རྒས་པ་སོགས་འཆི་བའི་རྐྱེན་གྲངས་མེད་པས་གང་བའོ། །དེར་མ་ 8-1-23 ཟད་འཚོརྐྱེན་ཡང་འཆི་རྐྱེན་དུ་འགྱུར་ཏེ། སློབ་དཔོན་ཨཱརྱ་དེ་ཝས། འཆི་བའི་རྐྱེན་ནི་ཤིན་ཏུ་ མང༌། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང༌། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་གསུངས་པ་ ལྟར། འཚོ་རྐྱེན་དུ་འདོད་རྒྱུའི་ཟས་དང༌། གོས་དང༌། གནས་ཁང་དང༌། མལ་གནས་དང༌། སྨན་ལ་སོགས་པ་འགྱུར་ནས་འཆི་རྐྱེན་བྱེད་པ་གྲངས་མེད་པས་བདག་ཀྱང་མྱུར་བར་འཆི་ བའི་རྐྱེན་བྱེད་དོ། །བདག་དང་པོ་སྐྱེས་པའི་དུས་ནས་བཟུང་སྟེ་འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་ བས་ཉིན་རེ་ལས་ཉིན་རེར་ཇེ་ཉེ། ཟླ་རེ་ལས་ཟླ་རེར་ཇེ་ཉེ། ལོ་རེ་ལས་ལོ་རེར་ཇེ་ཉེར་འགྲོ་ སྟེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་ལྟར་ གྱི་དོན་འདི་ཡང་ཡང་ཡིད་ལ་གོམས་པར་བྱའོ། །སྤྱོད་འཇུག་ལས། རེ་ཞིག་གསོན་ཚེ་འདི་ ཉིད་ལའང༌། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་ གང་ཡིན་མདུན་ན་གནས། །ཞེས་གསུངས་པ་ལྟར་རང་གཞན་ཀུན་གྱི་དོན་དུ་དགྲ་བོ་རྣམས་ ལ་སྡང་སེམས་མེ་ལྟར་དུ་འབར། མཛའ་གྲོགས་རྣམས་ལ་འདོད་ཆགས་ཆུ་ལྟར་འཁྲིགས་པ་ སོགས་སྡིག་པའི་ལས་མི་ཟད་པ་འཁོར་ཚེ་ཐོག་མེད་ནས་གངས་ཀྱི་རིམ་པ་ལྟར་བསགས་ པ་ལ་བཤགས་སྡོམ་ཡང་ཡང་མ་བྱས་ན་ཕྱི་མར་ངན་སོང་མུ་མཐའ་མེད་པར་འགྲོ་དགོས་ སོ། །རྗེ་ཏཱ་ར་ནཱ་ཐས། མཛའ་བའི་གྲོགས་ཀྱང་རྨི་ལམ་མགྲོན་པོ་འདྲ། །ཡོད་པའི་འཕྲོ་ལ་ གར་སོང་ཆ་མེད་འགྲོ། །དཔལ་འབྱོར་འདི་ཡང་སྟོན་ཀའི་ན་བུན་འདྲ། །ཡུན་རིང་སྡོད་སྡོད་ འདྲ་ཡང་འཕྲལ་དུ་འཇིག །དབང་ཐང་ལོངས་སྤྱོད་སོས་ཀའི་འཇའ་ཚོན་འདྲ། །མིག་སྔར་ མཛེས་ཀྱང་ཡིད་བརྟན་རྟག་མི་ཐུབ། །དེ་ལ་གཡོ་སྒྱུ་རྫུན་ཟོབ་ལྷུར་བླངས་པའི། །ཁེ་སྤོགས་ ཉེས་པ་ཆེ་བས་རིགས་མ་ཡིན། །ཞེས་གསུངས་པ་ལྟར། འདོད་ཆགས་སྐྱེ་བའི་མཛའ་གྲོགས་ ཕོ་མོ་ཐམས་ཅད་ཀྱང་རྨི་ལམ་གྱི་མགྲོན་པོ་དང་འདྲ་སྟེ། གར་སོང་ཆ་མེད། དཔལ་འབྱོར་ 8-1-24 ཐམས་ཅད་སྟོན་ཀའི་ན་བུན་དང་འདྲ་སྟེ། འཕྲལ་དུ་འཇིགདབང་ཐང་ལོངས་སྤྱོད་ཐམས་ཅད་ སོས་ཀའི་འཇའ་ཚོན་དང་འདྲ་སྟེ། མིག་སྔར་མཛེས་ཀྱང་མི་རྟགགཡོ་སྒྱུ་ལྷུར་བླངས་པའི་ཁེ་ སྤོགས་ཉེས་པ་ཆེ་བའི་རིགས་ཐམས་ཅད་བོར་ཏེ། ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་ བཀོལ་བར་བྱའོ། ། གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། ཁྱད་པར་འཛམ་བུའི་གླིང་པའི་མི་རྣམས་ཀྱི་ཚེ་ ལ་ངེས་པ་མེད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབས་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་རང་གི་ཁའི་དབུགས་ཀྱི་ རྒྱུ་བ་ཆད་པ་ན་འཆི་བ་གློ་བུར་དུ་འོང་བ་དང༌། གཉིད་ལོག་སྐབས་སུ་ཚེ་སྲོག་ཟད་ནས་འཆི་ བའང་ཤིན་ཏུ་མང་བས་སད་ཁོམ་པ་འདི་ངོ་མཚར་བའི་གནས་སུ་འདུག་པ་ལྟར་ནམ་འཆི་ ཆ་མེད་ཡིན་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་ དམར་ནང་འདུག་མར་མེ་བཞིན། །ཞེས་གསུངས་པ་ལྟར་སྣོད་བཅུད་ཐམས་ཅད་འཆི་རྐྱེན་ དུ་མ་གྱུར་པ་གཅིག་ཀྱང་མེད་པ་ནི་དཔེར་ན་རླུང་དམར་ནང་དུ་མར་མེ་བཞག་པ་ལྟར་བདག་ གཞན་ཐམས་ཅད་འཆི་རྐྱེན་མཐའ་ཡས་པའི་ནང་ན་སྒྱུ་ལུས་ཤ་ཁྲག་ཆུ་སེར་དང་འབུ་སྲིན་ མི་གཙང་བའི་རྐྱལ་བ་འདི་ཉམ་ཆུང་བ་གཞོམ་སླ་བ། ནམ་འཆི་དང་འདིར་འཆི་ངེས་པ་མེད། སང་ཙམ་འཆི་འམ། དོ་ནུབ་ཙམ་འཆི་འམ། ད་ལྟ་ནས་ཁའི་དབུགས་ཀྱི་རྒྱུ་བ་འདི་ཆད་པ་ན་ འཆི་བར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་ པ་རིགས་མ་ཡིན། །བདག་ནི་མེད་པར་འགྱུར་བའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང༌། །ཞེས་གསུངས་པ་ལྟར་ཉི་མ་དེ་རིང་ནས་འཆི་བ་འདི་ཐོག་ལྷུང་བ་ལྟར་གློ་བུར་དུ་ཐོག་བབ་ འབྱུང་བ་འདི་བདག་གིས་མཐོང་བའི་ཆོས་སུ་གྱུར་པ་འདི་ག་ལྟར་རོ། །ཇོ་ནང་ཀུན་མཁྱེན་ 8-1-25 ཆེན་པོས། རྩྭ་རྩེའི་ཟིལ་བ་རླུང་གསེབ་མར་མེ་ལྟར། །འཆི་བ་མིརྟག་ཡིན་པས་ཐུགས་ལ་ཞོག །ཅེས་གསུངས་པ་ལྟར་མྱུར་བར་དལ་འབྱོར་ལ་སྙིང་པོ་མ་བླངས་ན་རྩྭ་རྩེའི་ཟིལ་བ་དང་རླུང་ གསེབ་ཀྱི་མར་མེ་ལྟར་འཆི་རྐྱེན་འདི་ཤིན་ཏུ་མང་ཞིང་འཚོ་རྐྱེན་ཉུང་བས་ནམ་འཆི་ཆ་མེད་ པའི་འཆི་བ་མི་རྟག་པ་ཡིན་པའི་གནས་ཚུལ་འདི་ཐུགས་ལ་ཞོག་མཛོད། ཅེས་གསུངས་པའི་ ཕྱིར་རོ། །ཆེད་དུ་བརྗོད་པའི་ཚོམས་ལས། སང་ཙམ་འཆི་ཡང་སུས་ཤེས་ཀྱི། །དེ་རིང་ཉིད་དུ་ བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་གསུངས་ པ་ལྟར་སང་ཉིན་ཙམ་དུ་འཆི་བར་སྲིད་དེ་རིང་ཉིད་ནས་འཆི་ཆོས་གཤའ་མ་ཞིག་ཨེ་འགྲུབ་ ལ་ནན་ཏན་བྱ། འདུས་བྱས་ཐམས་ཅད་ལ་རྟག་པ་དང་བརྟན་པ་གཅིག་ཀྱང་མེད་དེ། རྗེ་ཏཱ་ ར་ནཱ་ཐས། ལང་ཚོ་དར་བའི་ལུས་འདི་ནི། །མཛེས་ཀྱང་མི་རྟག་འཇའ་ཚོན་བཞིན། །འཇའ་ ཚོན་འདི་ཡང་ལུས་བཞིན་དུ། །འདུས་བྱས་རྣམས་ཀྱི་ངང་ཚུལ་སྟོན། །ཞེས་གསུངས་པ་ལྟར། སྐྱེས་པ་ཐམས་ཅད་མི་རྟག་སྟེ་འཆི། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད། འདུས་པ་ ཐམས་ཅད་མི་རྟག་སྟེ་བྲལ། བརྩིགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། མཐོན་པོ་ཐམས་ ཅད་མི་རྟག་སྟེ་ལྷུང། དེ་བཞིན་དུ་དགྲ་གཉེན་སྐྱིད་སྡུགབཟང་ངན། རྒྱུ་ནོར། གཉེན་ཉེ་འབྲེལ། འཁོར་སློབ་མ། སྡེ་མངའ་རིས། བཟའ་བཏུང་ལོངས་སྤྱོད་ཐམས་ཅད་མི་རྟགམཐོན་པོ་གནམ་ ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། མཛེས་པོ་ལྷ་ལྟ་བུ། འཕྱོར་པོ་འཇའ་ཚཽན་ལྟ་བུ་ སོགས་སུ་དང་སུ་ཡིན་ཀྱང་མི་རྟག་སྟེ། འཆི་བ་གློ་བུར་དུ་སླེབ་ཙ་ན་རང་དབང་སྐད་ཅིག་ཀྱང་ མེད་པར་གཅེར་བུ་ལག་སྟོང་མཆན་དུ་བཅུག་ནས་འགྲོ་དགོས་ཏེ། གྲྭ་སྟོང་ཕྲག་མང་པོའི་ བླ་མ་ཡིན་ཀྱང་གྲྭ་པ་གཅིག་ཙམ་ཡང་ཁྲིད་ས་མེད། སྡེ་ཁྲི་ཕྲག་མང་པོའི་དཔོན་པོ་ཡིན་ཀྱང་ གཡོག་པོ་མི་གཅིག་ཙམ་ཡང་ཁྲིད་ས་མེད། འཛམ་བུའི་གླིང་གིརྒྱུ་ནོར་ལོངས་སྤྱོད་ཀྱི་བདག་ པོ་ཡིན་ཀྱང་ཁབ་རྐུད་པ་ཙམ་ཡང་ཁྱེར་དབང་མེད། ཐ་ན་རང་གིས་གཅེས་པར་བསྐྱངས་པའི་ 8-1-26 ལུས་འདི་ཤུལ་དུ་བསྐྱུར་ནས་རྣམ་ཤེས་མགྲོན་པོ་ལྟ་བུ་དེ་བུད་ནས་ལས་དཀར་ནག་གི་རྗེས་ སུ་འབྲང་བའོ། ། ད་སྐབས་བདག་གིས་ཟས་གོས་གནས་མལ་དཔལ་འབྱོར་སྙན་གྲགས་ལ་སོགས་པ་ བསྒྲུབ་པའི་སྒོ་ནས་གཅེ༵ས་པར་སྐྱོ༵ང་བའི་ཟག་བཅས་ཉེར་ལེན་གྱི་ལུས་ཕུང་འདི་མི་རྟག་སྟེ། ཞི་བ་ལྷས། ལུ༵ས་འདི༵་ཁྱོད་ཀྱིས་བསྲུང་ཀྱང་ནི། །འཆི་བདག་བརྩེ་བ་མེད་པ་ཡིས། །འཕྲོག་ སྟེ་ཝ་དང་ཁྱིར་བྱིན་ན། །དེ་ཚེ་ཁྱོད་ལ་ཅི་བྱར་ཡོད། །ཅེས་གསུངས་པ་ལྟར་འཆི་བདག་ གཤིན་རྗེ་འདིས་ཁོམ་ལོང་སྤུ་ཙམ་ཡང་མེད་པ་དུས་དེ༵་རི༵ང་ཉི༵ད་ནས་ཚེ་སྲོག་གཅོད་པར་ ངེས་པའི་གློ་བུར་དུ་འཆི༵་བ་འབྱུང་བར་སྲི༵ད་པས་རང་ཅག་རྣམས་ལ་འདི་ལྟར་འབྱུང་དགོས་ པ་ནི་དང་པོ་སྐྱེ་བའི་དུས་ནས་གྲུབ་ཡོད་པ་ཡིན་པ་འདི་ལ་ཡང་ཡང་བསམས་པར་བྱས་ཏེ་ འཆི་བ་མི་རྟག་པའི་ཚུལ་ལ་བློ་འགྱུར་བག་ཨེ་ཐོན་བལྟ་བར་བྱའོ། །ཀླུ་སྒྲུབ་ཀྱིས། འཆི་བའི་ རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་ རྟག་ཏུ་ཆོས་བསྒྲུབ་མཛོད། །ཅེས་གསུངས་པ་བཞིན་མདོར་ན་ཕྱིའི་དགྲ་གདོན་གཡང་ས་ སོགས་དང༌། ནང་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་དང༌། འཚོ་རྐྱེན་ཁ་ཟས་གནས་མལ་ མཛའ་གྲོགས་སོགས་ཀྱིས་ཀྱང་འཆི་བའི་རྐྱེན་བྱེད། འཇིག་རྟེན་ན་སྲིད་ཚད་ཀྱི་དངོས་པོ་ ཐམས་ཅད་གསོད་པའི་གཤེད་མ་ལྟ་བུར་མཐོང་བར་བྱའོ། །མདོར་ན་ཚེ་སྲོག་ལ་རྒོལ་བས་ རྐྱེན་ངན་ཁྲིག་མེར་གྱིས་གང་ནས་གཤེད་མ་བུ་ཡུག་འཚུབ་པ་ལྟ་བུའི་དབུས་ན་བདག་གནས་ པར་ཡང་ཡང་བསམ། རྗེ་ཏཱ་ར་ནཱ་ཐས། ལུས་འདི་ཆུ་ཡི་ལྦུ་བ་འདྲ། །དབུགས་ཀྱང་སྟོན་ཀའི་ ན་བུན་བཞིན། །མཐོ་རིས་འབྱོར་བའི་དཔལ་འདི་ཡང༌། །རྨི་ལམ་ལྟད་མོ་ཇི་བཞིན་ནོ། །ཞེས་ གསུངས་པ་ལྟར། རང་རེ་རྣམས་ལ་ནམ་ཞིག་འཆི་སྙམ་པ་ནི་ཀུན་ལ་ཡོད་ཀྱང༌། ཉི་མ་དེ་རིང་ ཡང་དེ་རིང་མི་འཆི། སང་ཉིན་ཡང་དེ་རིང་མི་འཆི། ཟླ་བ་གཅིག་སོང་ཀྱང་དེ་རིང་མི་འཆི། ལོ་ 8-1-27 གཅིག་སོང་ཡང་དེ་རིང་མི་འཆི། དེ་བཞིན་དུ་ལོ་བཅུ་སོང་ཀྱང་དེ་རིང་མི་འཆི། ལོ་ཉི་ཤུ་སོང་ ཡང་དེ་རིང་མི་འཆི་སོགས། ལོ་བརྒྱ་སོང་ཀྱང་དེ་རིང་མི་འཆི། སྙམ་པ་སོགས་དེ་རིང་མི་འཆི་ ཁོ་ན་བསམ་པའི་ངང་ནས་དུས་འདས་ཏེ། འཆི་བ་ལ་གཏུག་པ་ཡིན། དེ་བཞིན་དུ་ཉི་མ་རེ་ རེ་བཞིན་མི་འཆི་བར་འདུག་གྲབས་ཁོ་ན་བྱས་ཏེ། ཚེ་འདིའི་བྱ་སྤྱོད་འབའ་ཞིག་བསྒྲུབ་པ་ ལས་ཕྱི་མར་ཕན་པའི་ཆོས་བསྒྲུབ་པ་ལུས་པར་འགྱུར་བའི་ཕྱིར། །གསུམ་པ་འཆི་བ་ལ་ཆོས་ མ་ཡིན་པ་ཅིས་ཀྱང་མི་ཕན་པར་བསམ་པ་ནི། ཞི་བ་ལྷས། བདག་ནི་མལ་ན་འདུག་བཞིན་ དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་དག །བདག་ ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་ བཤེས་ཅི་ཕན། །དེ་ཚེ་བསོད་ནམས་གཅིག་སྐྱབས་ན། །དེ་ཡང་བདག་གིས་མ་བསྟེན་ཏོ། །ཞེས་གསུངས་པ་ལྟར། བདག་འཆི་བདག་གཤིན་རྗེའི་ཕོ་ཉས་ཟིན་སྐབས་གཉེན་བཤེས་ ཀུན་གྱིས་མཐའ་ནས་བསྐོར་ཀྱང་སྲོག་བཅད་པ་ཡི་ལུས་སེམས་ཀྱི་ཚོར་བ་མི་བཟོད་པ་དག་ བདག་ཉིད་གཅིག་པུས་མྱོང་བར་འགྱུར་བ་ལས་གཉེན་བཤེས་དེ་དག་གིས་ཅི་ཕན། དེ་ཚེ་ རྣམ་དཀར་གྱི་བསོད་ནམས་གཅིག་པུ་སྐྱབས་གནས་ཡང་དག་ཡིན་ཀྱང། དེ་ཡང་བདག་ གིས་མ་བསྟེན་པར་ལོངས་སྤྱོད་ཅི་ཙམ་མང་ཡང་ཐམས་ཅད་ཤུལ་དུ་བསྐྱུར་ནས་འགྲོ་དགོས། རྣམ་དཀར་དགེ་བ་དང་སྡིག་པ་མི་དགེ་བ་ཁོ་ན་རང་གི་རྗེས་སུ་འབྲང་བ་ཡིན་པས་ད་སྐབས་ སུ་དགེ་སྒྲུབ་སྡིག་སྤོང་ལ་འབད་པར་བྱ་དགོས་ཏེ། ཆོས་ལྡན་རབ་འབྱོར་གྱི་ཞལ་ནས། དགེ་ དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལྡོག་ནས། །འགའ་ཡང་ཁྱོད་རྗེས་མི་ འབྲང་བ། །མཁྱེན་པར་གྱིས་ལ་ལེགས་པར་དཔྱོད། །ཅེས་གསུངས་པ་བཞིན། འཆི་བའི་ཚེ་ ན་དགེ་སྡིག་གཉིས་མ་གཏོགས་པར་ལུས་དང་ལོངས་སྤྱོད་མཛའ་གྲོགས་ཐམས་ཅད་བསྐྱུར་ ནས་འགྲོ་བ་འདི་ལ་བསམས་ནས་བསོད་ནམས་བསག་པ་དང་སྡིག་པ་བཤགས་ཐབས་ལ་ 8-1-28 ནན་ཏན་དུ་འབད་པར་བྱའོ། །རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེརྒྱལ་པོ་ འཆི་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །ཞེས་གསུངས་པ་ལྟར་ ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་མེད། མཛའ་བཤེས་དང་གཉེན་ གྲོགས་ཅི་ཙམ་མང་ཡང་ཐ་ན་བྲན་གྱི་ཐ་མ་ཁྱེའུ་གཅིག་ཙམ་ཡང་ཁྲིད་དབང་མེད། དེར་མ་ ཟད་རང་གིས་གཅེས་པར་བསྐྱངས་པའི་ལུས་འདི་ཤུལ་དུ་བསྐྱུར་ནས་མར་གྱི་ནང་ནས་སྤུ་ བཏོན་པ་ལྟར་ནང་རྣམ་པར་ཤེས་པ་འདི་ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་དེད། འཇིགས་ པའི་མུན་ནག་གིས་མདུན་ནས་བསུས་ཏེ་འགྲོ་དགོས་པ་འདི་ཡ་ང་བ་དང༌། ཉམ་ཐག་པའི་ གནས་ཡིན་པས་དུས་ད་ལྟ་ཉིད་ནས་ཆོས་ལ་འབད་པར་བྱའོ། ། ཡང་ཡང་བསམས། ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་ བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བར་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ ལྟར་འཇོམས། །ཞེས་གསུངས་པ་བཞིན། བདག་གིས་སྡུག་བསྔལ་གཏན་ནས་མི་འདོད་ པ་མ་ཟད་སྡུག་བསྔལ་འདོར་བར་འདོད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་མི་དགེ་བ་ཆགས་ སྡང་སོགས་ལ་སེམས་རྒྱུན་དུ་འཁོར་བ་འམ། རྒྱུག་པར་བྱེད། འདོད་ནི་བདེ་བ་འདོད་ཀྱང་ མི་ཤེས་པའི་དབང་གིས་རང་ལ་བདེ་བ་འབྱུང་བའི་རྒྱུ་དགེ་བའི་བག་ཆགས་ཡོད་པ་རྣམས་ ཆགས་སྡང་རྨོངས་གསུམ་གྱི་དགྲ་བོས་འཇོམས་པར་བྱ་བ་འདི་ལ་བག་ཟོན་མཛོད། ཞི་བ་ ལྷས། ཐམས་ཅད་བོར་ཏེ་ཆ་བགོས་པར། །བདག་གིས་དེ་ལྟར་མ་ཤེས་པས། །མཛའ་དང་མི་ མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང༌། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །བདག་ནི་མེད་པར་འགྱུར་བ་སྟེ། །དེ་བཞིན་ཐམས་ ཅད་མེད་པར་འགྱུར། །ཞེས་གསུངས་པ་ལྟར། མཛའ་བ་རྣམས་ལ་ཆགས་པ་དང༌། མི་མཛའ་ བ་རྣམས་ལ་སྡང་བ་སོགས་ཀྱི་སྒོ་ནས་མི་དགེ་བའི་ལས་དུ་མ་བསགས་བསགས་པ་ལ་བརྟེན་ 8-1-29 ནས་ངན་སོང་དུ་འགྲོ། རྗེ་ཏཱ་ར་ནཱ་ཐས། བསགས་པའི་ལོངས་སྤྱོད་གཞན་གྱིས་བགོ་བཤར་ བྱེད། །གཅེས་པའི་ལུས་སྲོག་བཞག་ནས་འགྲོ་བའི་ཚེ། །གཡོག་དང་བུ་རྟ་རྗེས་སུ་མི་འབྲང་ ཞིང༌། །ཆེ་གེ་ཤི་ཞེས་མིང་རྐྱང་ཙམ་གཅིག་ལུས། །ཞེས་གསུངས་པ་ལྟར། ད་སྐབས་མཛའ་ དང་མི་མཛའ་ཐམས་ཅད་མེད་པར་འགྱུར། བདག་གིས་གཅེས་པར་བསྐྱངས་པའི་ལུས་དར་ ཟབ་ཚར་གོས་པགས་རིགས་སྣ་ཚོགས་དང་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱིས་བརྒྱན་ཏེ། ཁ་ཇ་ཆང་ཤ་མར་མངར་རིགས་སྣ་ཚོགས་ཀྱི་ངང་དུ་ལོངས་སྤྱོད་པའི་མཐོན་པོ་གནམ་ལྟ་བུ་ དང༌། མཛེས་པོལྷ་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུའི་དར་ལ་བབ་བཞིན་ཡོད་པ་ཞིག་ཡིན་ཀྱང་རོ་ཞེས་ བྱ་བ་མཐོང་ན་འཇིགས་པ་ངམ་གནག་པའི་གནས་སུ་སྐད་ཅིག་ཙམ་ནས་འགྱུར། དེའི་དུས་ སུ་ཐ་གུས་བསྡམས་ཡོལ་བས་བསྒྲིབས། ས་དང་རྡོས་བརྟེན། ཁ་ཕོར་དེ་མགོ་སྔས་སུ་ཟན་ གྱིས་བཀང་བར་བྱས། གཅེས་དགུ་དམར་དགུ་ཇི་ལྟ་བུ་ཞིག་ཡིན་ཀྱང༌། ཡ་ང་བ་དང་སྐྱུགས་ བྲོ་བའི་གནས་སུ་འགྱུར། ཉིན་ཁ་ཤས་ནས་བྱ་ཁྱིའི་ཟས་སམ། ཆུ་ལ་བསྐྱུར་རམ། མེར་ བསྲེག་གམ། དུར་ཁྲོད་དུ་འདོར་རམ། མེད་པར་བྱེད་ཐུབ་ཙ་ན་བློ་བདེ་བའི་ངང་ལ་གནས་པ་ ལས་ཅི་ཡང་མེད། རྗེ་ཏཱ་ར་ནཱ་ཐས། སྤྱིར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དང༌། །འདུས་ བྱས་ལ་རྟག་པའི་གོ་སྐབས་མེད། །སྒོས་འཆི་བ་ནམ་ཡོང་ཆ་མེད་པས། །གཞན་ཅིས་ཀྱང་ མི་ཕན་ཆོས་ལ་འབུངས། །ཞེས་གསུངས་པ་ལྟར། འཆི་ཙ་ན་རང་གཅིག་པུ་བར་དོའི་གནས་ སུ་གྲོགས་མེད་གཅིག་པུར་རང་དབང་སྤུ་ཙམ་ཡང་མེད་པར་འཁྱམས་དགོས་པ་ཡིན་པས། དེའི་ཚེ་དམ་པའི་ཆོས་ཉག་གཅིག་སྐྱབས་སུ་གྱུ ར་པས་ད་ལྟ་ཉིད་ནས་དམ་པའི་ལྷ་ཆོས་ཉག་ མ་རེ་ཨེ་འགྲུབ་ཅི་ནས་ཀྱང་འབད་དགོས་སྙམ་དུ་ཡང་ནས་ཡང་དུ་བསམས་པར་བྱ་དགོས་ པ་འདི་གནད་དམ་པ་ཡིན། རྗེ་ཏཱ་ར་ནཱ་ཐས། འདུས་པའི་ཐ་མ་འབྲལ་བ་ཆོས་ཉིད་ལགས། །བསླང་པའི་མཐའ་ནི་འགྱེལ་བར་འགྱུར་བ་དང༌། །བསགས་པའི་ཐ་མ་རིང་པོར་མི་ཐོགས་ 8-1-30 འཛད། །གསོན་མཐའ་འཆི་བ་ཡིན་ཞེས་རྒྱལ་བས་གསུངས། །འདྲེན་པ་རྡོ་རྗེའི་སྐུ་ཡང་མི་ བརྟན་ན། །སོ་སོའི་སྐྱེ་བོ་རྣམས་ནི་སྨོས་ཅི་འཚལ། །རི་རབ་གླིང་བཞི་བཅས་པའི་འཇིག་རྟེན་ འདིའང༌། །ཐལ་བ་ཙམ་ཡང་མི་ལུས་འཇིག་པར་གསུངས། །ཞེས་པ་ལྟར། ཕྱི་སྣོད་ཀྱི་རི་རབ་ གླིང་བཞི་གླིང་ཕྲན་དང་བཅས་མི་རྟག་ན་ནང་བཅུད་ཀྱི་སྐྱེ་འགྲོ་སུ་དང་སུ་ལའང་ཉིན་ཅིག་ གློ་བུར་དུ་འཆི་བདག་གི་བདུད་པོ་ཁོས་ཞགས་ནག་བཟུང༌། ཨམ་གཙིགས་བསྡམས། སོ་ཞོ་ ངོམ་ནས་དྲུང་དུ་སླེབ་ཙ་ན། ཞི་བ་ལྷས། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་ སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་གསུངས་པ་བཞིན་ དུ་དུས་དེ་ཚེ་འཆི་བདག་གཤིན་རྗེ་ཁོ་ལ། ཕྱུག་པོའི་རྒྱུ། དཔའ་བོའི་དཔུང༌། བཙན་པོའི་ཤེད། མཁས་པའི་གཏམ། མཛེས་མའི་གཟུགས། མགྱོགས་པའི་བང༌། གང་གིས་ཀྱང་མི་ཕན་ཏེ། ལྕགས་ཀྱི་སྒམ་ཆུང་སྲུབ་མེད་པ་ཞིག་ཏུ་བཅུག་ནས་དཔའ་བོའི་སྐྱེས་བུ་རྣོ་བའི་མཚོན་ཐོགས་ པ་འབུམ་ཕྲག་དུ་མས་མདའ་རྩེ་དང༌། མདུང་རྩེ། གྲི་རྩེ་སོགས་ཕྱིར་ལ་བསྟན་ནས་བསྐོར་ ཏེ་བསྡད་ཀྱང་བསྲུང་རྒྱུ་དང༌། གབ་རྒྱུ་སྤུ་རྩེ་ཙམ་ཡང་མེད་པར་འཆི་བདག་གཤིན་རྗེ་ཁོས་ ཞགས་ནག་དེ་སྐེ་ལ་བཞགགདོང་སྔོ་ཧམ་མེ་མིག་མཆི་མ་སྐྱ་ཙ་རེ། མགོ་རྐང་ལག་ལྔས་ཡོབ་ ཡོབ་བྱེད་བཞིན་ཚེ་ཕྱི་མའི་ལམ་པོ་ཆེར་ཁྲིད་འགྲོ་བ་མ་གཏོགས། དཔའ་བོས་བཀྱེ་ས་མེད། བཙན་པོས་བསྒོ་ས་མེད། རྒྱུ་ཟས་ཀྱིས་བསླུ་ས་མེད། བྲོས་ས་དང་གབ་ས་མེད། སྐྱབས་དང་ སྐྱོབ་པ་མགོན་དང་དཔུང་གཉེན་ཐབས་དང་ཐུགས་རྗེ་གང་ཡང་མེད་དེ། སྨན་པའི་རྒྱལ་ པོ་དངོས་སུ་བྱོན་ཀྱང་ཚེ་ཟད་པའི་འཆི་བ་ལ་བཤོལ་མི་ཐེབ་པ་ཡིན་པས། དུས་ད་ལྟ་ཉིད་ དུ་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་འགྲོ་བར་འཆི་ཁར་ཕན་པའི་དམ་ཆོས་ཡང་དག་པ་ 8-1-31 ཞིག་བསྒྲུབ་དགོས་སྙམ་དུ་ཞེ་ཐག་པ་ནས་བསམ་པར་བྱའོ། །ཀུན་མཁྱེན་ཇོ་ནང་པ་ཆེན་ པོས། འཆི་བ་ཙམ་གྱིས་མི་ཕན་སྡིག་པའི་ཡོ་ལང་གིས། །འཆི་ཁ་བར་དོའི་འཇིགས་སྐྲག་སྣ་ ཚོགས་དང༌། །ངན་སོང་གསུམ་གྱི་སྡུག་བསྔལ་ཡ་ང་བ། །ལེ་ལོ་མི་ཁོམ་ཤིན་ཏུ་འབད་པར་ འཚལ། །ཞེས་གསུངས་པ་ནི་ནམ་ཞིག་འཆི་བ་ཙམ་གྱིས་མི་ཕན་པ་སྟེ་མི་ཆོག་པར་སྡིག་པ་ མི་དགེ་བའི་འཁྲུལ་བའི་སྣང་བ་སྣ་ཚོགས་པའི་ཡོ་ལང་གིས་འཆི་ཁ་དང་བར་དོའི་སྐབས་ ཀུན་ཏུ་འཇིགས་སྐྲག་སྣ་ཚོགས་བསྐྱེད་པ་དང༌། སྐྱེ་སྲིད་གཞན་དུ་ངན་སོང་གསུམ་གྱི་སྡུག་ བསྔལ་བཟོད་དཀའ་ཞིང་ཡ་ང་བ་ངེས་པར་འབྱུང་བས་ན་ད་ལྟ་ཉིད་དུ་ཆོས་སྤྱི་དང་ཁྱད་པར་ ངེས་དོན་ཟབ་མོའི་ཆོས་མཆོག་འདི་ལྟ་བུ་དང་འཕྲད་སྐབས་ཆོས་ལ་ཕྱི་བཤོལ་གྱི་ལེ་ལོ་མི་ ཁོམ་པར་ཤིན་ཏུ་མྱུར་བས་འབད་པར་བྱ་དགོས་པ་ལགས་ཏེ་འབད་པར་འཚལ་ལོ། །རྒྱལ་ པོ་ལ་གདམས་པའི་མདོ་ལས། སྐྱེས་བུ་དེ་ནི་གང་དང་གར་འགྲོ་ཡང༌། །ལས་ནི་གྲིབ་མ་ བཞིན་དུ་རྗེས་སུ་འབྲང༌། །ཞེས་དང༌། འདུལ་བ་ལུང་ལས། ལུས་ཅན་དག་གི་ལས་རྣམས་ ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པར་ ཉིད་དུ་འགྱུར། །ཞེས་གསུངས་པས་རང་འཆི་བའི་དུས་སུ་སྔར་ལས་གང་དང་གང་བསགས་ པ་རྣམས་ཀྱི་བག་ཆགས་སྣ་ཚོགས་ཀྱི་ནུས་སྟོབས་སམ་ས་བོན་སེམས་ལ་བཞག་ཡོད་པ་འདི་ བསྐལ་པ་བརྒྱའི་བར་དུ་ཆུད་མི་ཟ་བར་དུས་ལ་ནམ་བབ་པ་ན་འབྲས་བུ་སྨིན་པར་འགྱུར་བ་ ནི་ལས་འབྲས་མི་བསླུ་བའི་ཚུལ་ལ་ངེས་པ་རྙེད་པར་བྱའོ། ། ད་ནི་མི་རྟག་པ་སྒོམ་པ་རྣམས་ཀྱི་སྙིང་པོའི་དོན་འདི་མདོར་བསྡུས་ནས་བསྒོམ་པར་བྱ་ བ་ནི། འདི་ལ་རྩ་བའི་ཚིག་ལྔ་ཞེས་བྱ་སྟེ། དང་པོལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་ འཛིན་བདེ་ཉུང་བསྡུས། མི་སྡོད་འགྱུར་བར་བསམས་པ། གཞན་དག་ཤི་བ་མང་དུ་བསམས་ པ། འཆི་རྐྱེན་མང་པོ་ཡང་ཡང་བསམས་པ། འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ་པ། ཤི་ནས་ 8-1-32 ཇི་ལྟར་འགྱུར་བར་བསམས་པ་དང་ལྔ་ཞེས་བྱ་བ་སྟེ། དང་པོ་ནི། རང་སྐྱེས་ནས་ཕུང་པོའི་ རྒྱུན་དུས་རྟག་ཏུ་འགྱུར་ཞིང༌། བདག་དང་པོ་བུ་ཆུང་གི་དུས་ན་གཏམ་མི་ཤེས་པ་འགྲོ་མི་ནུས་ པ་སོགས་དེ་འདྲ། བྱིས་པའི་དུས་ན་འགྲོ་ནུས་པ་སྐྲ་སྐྱེས་པ་ཤ་དམ་པ་སོགས་དེ་འདྲ། ལང་ཚོ་ དར་ཙམ་ན་མཁུར་ཚོས་དམར་བ། ལུས་སྟོབས་རྒྱས་པ། མདོག་ལེགས་པ། སེམས་སྟོབས་ ཆེ་བ་སོགས་དེ་འདྲ། རྒས་པ་ན་སྐྲ་དཀར་བ་ལུས་གཉེར་མས་གང་བ། མདངས་ཉམས་པ། མདོག་མི་སྡུག་པ། ཁ་རྡིབ་པ་སོགས་དེ་འདྲ། དེ་ལྟར་འགྱུར་ཏེ་འཆི་བ་ལ་ཇེ་ཉེ་ཇེ་ཉེར་འགྲོ་ བས་རང་ལ་ཕན་པའི་ལུས་ཀྱང་དེ་འདྲ་ན་ཕྱི་རོལ་ན་ཡོད་པའི་དངོས་པོས་ཀྱང་ཅི་ཞིག་བྱ་ མདོར་ན་ལུས་དང་ལོངས་སྤྱོད་ཐམས་ཅད་ལ་ཞེན་ལོག་གི་བློ་འམ་སེམས་སྐྱོ་ལྷང་ལྷང་བ་ལ་ བཞག་གོ། ། གཉིས་པ་ནི། ད་ལྟ་ཡན་ལ་རང་ཡུལ་དང་ཡུལ་གཞན་དང༌། རང་གི་བཟའ་ཚང༌། གཉེན་ཉེ་འབྲེལ་སོགས་མི་མང་པོ་ཡོད་པ་རྣམས་རེ་རེ་ནས་ཞིབ་ཏུ་བགྲངས་ཏེ་ཤི་བ་རྣམས་ ལ་བསམ། རང་ལས་རྒན་པ་ཡང་ཅི་ཙམ་ཤིརང་དང་མཉམ་པའང་ཅི་ཙམ་ཤིརང་ལས་ གཞོན་པ་ཅི་ཙམ་ཤིད་ལྟ་ཡོད་པ་ལས་ཤི་བ་མང༌། ཤི་བ་ཐམས་ཅད་ངན་སོང་དུ་འགྲོ་བ་ཅི་ ཙམ་ཡོད། མངོན་མཐོ་ལྷ་མི་ཙམ་ཐོབ་པ་ཅི་ཙམ་ཡོད། ཐར་ལམ་ཐོབ་པ་འདྲ་ཨེ་སྲིད་དམ། བདག་སྔར་ཤི་བ་དེ་དག་གི་གསེབ་ཏུ་ཤི་མ་སོང་བ་ཁ་རྗེ་ཆེ། ད་ནི་མ་ཤི་གོང་དུ་འཆི་ཆོས་ གཤའ་མ་ཞིག་མི་བྱེད་པའི་ཐབས་མེད་སྙམ་དུ་བསམ། མ་ཤི་བར་གནས་པ་ཐམས་ཅད་མིག་ གིས་མཐོང་ཚོད་དང་རྣ་བས་ཐོས་ཚོད་ཐམས་ཅད་མཐོ་དམན་འབྱོར་རྒུད་སྣ་ཚོགས་འབྱུང་ བ་སོགས་ལ་བསམས་ཏེ་སེམས་སྐྱོ་ལྷང་ངེར་བསམ། གསུམ་པ་ནི། གོང་དུ་བཤད་པ་བཞིན་ འཆི་རྐྱེན་བུ་ཡུག་ཏུ་འཚུབ་པའི་དབུས་སུ་བདག་གནས་པར་བསམ། བཞི་པ་ནི། བདག་འཆི་ཁར་ཟས་སྐོམ་མི་འཇུ་བ། ཕུང་པོ་བསྒུལ་བསྐྱོད་མི་ནུས་པ། 8-1-33 དབང་པོ་མི་གསལ་བ། ནད་དྲག་པོས་མནར་བ། ལུས་ལོངས་སྤྱོད་གཉེན་གྲོགས་སོགས་དང་ འབྲལ་མི་ཐུབ་བཞིན་དུ་འབྲལ་དགོས་པ་ལ་བསམ། ལྔ་པ་ནི། བདག་ཤི་ཟིན་སྐབས་ལུས་སེམས་གཉིས་སོ་སོར་བྲལ། ལུས་འདི་ཡང་ན་ས་ ལ་བསྐུངས་ནས་སྲིན་བུའི་ཕུང་པོར་གྱུར། ཡང་ན་ཆུ་ལ་བསྐྱུར་ནས་ཉ་སྲམ་གྱིས་ཟ། ཡང་ན་ མེ་ལ་བསྲེགས་ནས་རུས་པ་སྤར་གང་དུ་འགྱུར། ཡང་ན་རིའམ་ཐང་ལ་བསྐྱལ་ནས་བྱ་ཁྱིའི་ ཁ་ནས་འཐེན་རེས་བྱེད། མཐར་ཞག་ཁ་ཤས་ནས་ཤུལ་ཙམ་ཡང་མེད་དོ། །ད་ལྟ་འཁྱག་མི་ འཇུགལྟོགས་མི་འཇུགན་མི་འཇུགཟས་གོས་སྣ་ཚོགས་ཀྱིས་བསྐྱངས་ནས་གཅེས་གཅེས་ མོར་བྱས་ནས་རང་ལུས་ཀྱི་ཐ་མ་ནི་དེ་འདྲ་ཞིག་ཡིན། སེམས་ནི་དགེ་སྡིག་བསགས་པའི་ ལས་ཀྱི་ཁུར་དེ་ཐོགས་ནས་རིགས་དྲུག་གར་སྐྱེ་ངེས་པ་མེད་པའི་གནས་སུ་འགྲོ་དགོས་སོ། ། འཆི་བ་མི་རྟག་པ་སྒོམ་པའི་དུས་སུ། དལ་འབྱོར་རྙེད་དཀའ་བསམ་པ། ལས་འབྲས་ བསམ་པ། འཁོར་བའི་སྡུག་བསྔལ་བསམ་པ་རྣམས་ཚང་བར་བྱའོ། །གཞན་ཡང་འཆི་བ་མི་ རྟག་པ་བསྒོམ་པའི་ཕན་ཡོན་ཡང༌། མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ནས། དང་པོ་སྐྱེ་ འཆིའི་འཇིགས་པས་དེད་པ་ཤྭ་བ་བཙོན་དོང་ནས་འབྲོས་པ་ལྟ་བུ་ཞིག་དགོས། བར་དུ་ཤི་ ཡང་མི་འགྱོད་པ་ཞིང་པས་སོ་ནམ་རེམས་པ་ལྟ་བུ་ཞིག་དགོས། ཐ་མ་བློ་བདེ་བ་བྱ་བ་རླབས་ ཆེན་ཟིན་པའི་སྐྱེས་བུ་ལྟ་བུ་ཞིག་དགོས། དང་པོ་ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་ མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་བསྒོམ་པ་བུ་གཅིག་པོ་ཤི་བའི་མ་ལྟ་ བུ་ཞིག་དགོས། ཐ་མ་དབྱེར་མེད་དུ་ཤེས་པ་ཕྱུགས་མ་དགྲས་དེད་པའི་རྫི་བོ་ལྟ་བུ་ཞིག་ དགོས། ཞེས་གསུངས། དེ་ལྟ་བུ་མ་བྱུང་གི་བར་དུ་འཆི་བ་མི་རྟག་པ་འདི་ཁོ་ན་བསྒོམ་དགོས་ ཏེ། བཅོམ་ལྡན་འདས་ཀྱིས་ཀྱང༌། འཆི་བ་མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ ཅད་ལ་མཆོད་པ་བྱས་པ་ཡིན་ནོ། །མིརྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་ 8-1-34 དབུགས་ཕྱུང་བ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་ལུང་སྟོན་ པ་ཡིན་ནོ། །མི་རྟག་པ་མང་དུ་བསྒོམ་ན་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ ཡིན་ནོ། །དཔེར་ན་རྗེས་རྣམས་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་ཡིན་ནོ། །དེ་བཞིན་དུ་ནང་ པ་སངས་རྒྱས་པའི་བསྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ན་མི་རྟག་པ་བསྒོམ་པའི་འདུ་ ཤེས་ཁོ་ན་མཆོག་ཡིན་ནོ། །ཞེས་གསུངས་པ་དང༌། འདུལ་བ་ལུང་ལས། ངའི་འཁོར་བུམ་པ་ བཟང་པོ་ལྟ་བུ་དང༌། དགེ་སློང་ཤཱ་རིའི་བུ་དང༌། མོའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་ གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་ དྲན་པ་མཆོག་ཡིན་ནོ། །ཞེས་གསུངས་པ་སོགས་ཕན་ཡོན་མང་ཡང་ཡི་གེ་མང་དོགས་ནས་མ་ སྤྲོས་སོ། །དེ་བཞིན་དུ་དགེ་བའི་བཤེས་གཉེན་པོ་ཏོ་བ་ལ། དགེ་བསྙེན་གཅིག་གིས་ཆོས་ གཅིག་ཏུ་བྱ་བ་ལ་གལ་གང་ཆེ་ལགས་ཞུས་པས། པོ་ཏོ་བའི་ཞལ་ནས། ཆོས་གཅིག་ཏུ་བྱ་བ་ ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་ འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། ཐ་མ་ལ་ཆོས་མཉམ་པ་ཉིད་ དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་ པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་ འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་དད་པ་སྐྱེ་ བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མ་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ཤིང་རྒྱུད་ལ་སྐྱེས་ན། དང་པོ་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ ཆོས་བསྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་ བསྒོམ་ཞིང་རྒྱུད་ལ་སྐྱེས་ན། དང་པོ་གོ་ཆའི་བརྩོན་འགྲུས་རྩོམ་པའི་རྒྱུ་བྱེད། བར་དུ་སྦྱོར་ བའི་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཕྱིར་མི་ལྡོག་པའི་བརྩོན་འགྲུས་རྩོམ་ 8-1-35 པའི་གྲོགས་བྱེད། གསུངས་ཤིང༌། དེས་ན་མི་རྟག་པ་བསྒོམ་པའི་འདུ་ཤེས་ལ། ཡིད་འགྱུར། རྩོལ་བྱས། བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་མ་སྐྱེས་ན། ཆོས་ཞུ་ལོ་དང༌། བྱེད་ལོ་ཇི་ཙམ་ བྱས་ཀྱང་མཐར་ཆོས་དྲེད་ཀྱི་རྒྱུར་འགྱུར་བ་ཡིན་ཏེ། ཕ་དམ་པའི་ཞལ་ནས། བོད་ཀྱི་ཆོས་ བྱེད་པ་ལ་ཤི་སྙམ་པ་ནི་གཅིག་ཀྱང་མི་སྣང་བ་ལ། ལུས་པ་ནི་གཅིག་ཀྱང་མ་མཐོང༌། ལར་ སེར་གོས་གྱོན་ནས་ནོར་བསགས་པ་ལ་དགའ་ཚད་འདིས་འཆི་བདག་གཤིན་རྗེ་ལ་ཟས་ནོར་ འཇལ་བ་ཨེ་ཡིན་སྙམ། ནོར་བཟང་བཟང་ཐམས་ཅད་ཚགས་བྱེད་ལུགས་ལ། དམྱལ་བ་ལ་ ལྐོག་འདུན་འཇལ་བ་ཨེ་ཡིན་སྙམ། བོད་ཀྱི་ཆོས་པ་འདི་ཚོ་མཐོང་ན་དགོད་རེ་བྲོ་ཨ་ཧ་ཧ། ཐོས་པ་སུ་ཆེ་ང་རྒྱལ་ཆེ། །སྒོམ་པ་སུ་བཟང་ཟས་ནོར་བསོགས། །དབེན་པ་སུ་བརྟེན་འདུ་ འཛི་མང༌། །རང་ཡུལ་གང་སྤངས་ངོ་ཚ་མེད། །དེ་ཚོ་ཆོས་ལ་དྲེད་པ་ཡིན། །དེ་ཚོ་སྡིག་ལ་ དགའ་བ་ཡིན། །ཕ་རོལ་པོ་ཤི་བ་མཐོང་ཡང་རང་འཆི་བ་མིཤེས་པས་ལེ་ལན་དང་པོ་དེ་ལ་ ཐུག ཅེས་གསུངས་སོ། །དུས་དང་གནས་སྐབས་ཐམས་ཅད་དུ་འཆི་བ་ཁོ་ན་བསྒོམ་ཞིང༌། འགྲོ་འདུག་ཉལ་གསུམ་ཐམས་ཅད་ལ་འཇིག་རྟེན་འདིའི་བྱ་བ་འདི་སྤྱོད་ལམ་གྱི་ཐ་མ་ཡིན་ ནོ། །ཞེས་ངག་ཏུ་བརྗོད། ཡིད་ལའང་བསྒོམ། གནས་གཞན་དུ་འགྲོ་ནའང་དེར་འཆིའམ། གནས་འདིར་ཨེ་ལོག་ཆ་མེད་དོ་སྙམ་པ་དང༌། ལམ་དུ་ཞུགས་པའམ། ངལ་སྟེགས་ལ་སྡོད་ ནའང་འདིར་འཆིའམ་སྙམ་པ་དང༌། གང་ན་འདུག་ཀྱང་འདིར་འཆིའམ་སྙམ་པ་དང༌། མཚན་ མོ་ཉལ་བའི་དུས་ཀྱང་དོ་ནུབ་ཉལ་ས་འདིར་འཆིའམ། སང་ཉིན་ལྡང་བའི་ངེས་པ་མེད་དོ་ སྙམ་པ་དང༌། ནངས་མོ་ལྡང་བའི་དུས་ཀྱང་དེ་རིང་གི་ཉིན་གང་འདིར་འཆིའམ། དོ་ནུབ་ཉལ་ བའི་ངེས་པ་མེད་དོ་སྙམ་དུ་འཆི་བ་འབའ་ཞིག་སྙིང་ཐག་པ་ནས་དུང་དུང་བསྒོམ་ཞིང༌། སྔོན་ བཀའ་གདམས་པའི་དགེ་བཤེས་རྣམས་མཚན་མོ་གཟིམས་པའི་ཚེ་ནངས་པར་མེ་བཏང་རྒྱུ་ ཨེ་འོང་མི་ཤེས་སྙམ་དུ་མེ་མི་སྦ་བ་དང༌། གསོལ་ཞལ་ཡང་ཁ་སྦུབས་ནས་འཇོག་པ་དང༌། སྒོ་ 8-1-36 མི་གཅོད་པ་སོགས་འཕྲལ་དང་འཕྲལ་ལ་འཆི་བའི་ཐུགས་འདུན་འབའ་ཞིག་མཛད་པ་ བཞིན་ཉམས་སུ་བླང༌། རང་རེ་འཛམ་བུའི་གླིང་པའི་མིརྣམས་སྐྱེས་པ་ཙམ་ནས་འཆི་བར་ངེས་ ཀྱང༌། འཆི་ལུགས། འཆི་རྐྱེན། འཆི་བའི་དུས་ཚོད་མ་ངེས་ཤིང༌། ནམ་འཆི་དང་འདིར་འཆི་ འདི་ལྟར་འཆི་དང་གང་གིས་འཆི་བ་ནི་སུ་ལའང་ངེས་པ་མེད་དོ། །དེ་བཞིན་དུ་དགྲ་གཉེན་ ཀྱང་མི་རྟག་སྟེ། སྔོན་འཕགས་པ་ཀ་ཏྱ་ན་བསོད་སྙོམས་ལ་ཕེབས་པས་ཁྱིམ་བདག་གིས་བུ་ ཞིག་པང་ན་བཟུང༌། ཉ་ཤ་ཞིག་ཞིམ་ཞིམ་ལྟར་ཟ། ཁྱི་མོ་ཞིག་རུས་པ་འཆའ་བ་ལ་རྡོས་རྡེག་ པར། འཕགས་པའི་མངོན་ཤེས་ཀྱིས་གཟིགས་པས། ཉ་དེ་སྐྱེ་བ་ད་རེས་ཀྱི་ཕ་དང༌། ཁྱི་མོ་དེ་ མའི་སྐྱེ་བ་ཡིན་ཞིང༌། ཚེ་སྔོན་རང་གསོད་པའི་དགྲ་དེ་སྲོག་ལན་ཆགས་ནས་བུར་སྐྱེས་པ་ཡིན་ པར་གཟིགས་པས། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་ན་བཟུང༌། །ཆུང་མས་ ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟར་ཚེ་འདིར་ཡང་ དགྲ་དེ་མི་རྟག་གཉེན་དུ་འགྱུར། ཕ་མ་སྤུན་ཟླ་མི་རྟག་རྒྱུ་རྫས་དང་ལོངས་སྤྱོད་ཕྲ་མོ་རེའི་ ཕྱིར་དུ་འཁོན་ནས། གཅིག་གིས་གཅིག་ལ་ཅི་གནོད་བྱེད་པ་དང༌། བཟའ་ཚང་དང་ཉེ་འབྲེལ་ ཡིན་ཡང་འཕྲལ་རྐྱེན་ཕྲན་བུ་རེས་དགྲར་འགྱུར་ཏེ་གཅིག་གིས་གཅིག་གསོད་པ་སོགས་མི་ རྟག་པའི་རང་རྟགས་མངོན་པ་དང༌། སྐྱིད་སྡུག་གི་གནས་སྐབས་ཀྱང་མི་རྟག་སྟེ། ཚེ་སྟོད་ འབྱོར་ཞིང་སྐྱིད་པ་དུ་མ། ཚེ་སྨད་དབུལ་ཞིང་སྡུག་བསྔལ་བ་དང༌། ཚེ་སྟོད་སྡུག་བསྔལ་བ་དུ་ མ་ཚེ་སྨད་ལ་སྐྱིད་པ་ཡང་ཡོད་ཅིང༌། ཚེ་སྟོད་སྤྲང་བོར་གྱུར་པ་ཡང་ཚེ་སྨད་རྒྱལ་པོར་འགྱུར་བ་ ཡང་དུ་མ་ཡོད། རྗེ་བཙུན་མི་ལའི་ཁུ་ལྟ་བུ། སྔ་དྲོ་མནའ་མ་བསུས་ཏེ་སྐྱིད་པའི་སྟོན་མོ་བྱེད་པ་ ལ། ཕྱི་དྲོ་ཁང་པ་བརྡིབས་ཏེ་སྡུག་བསྔལ་གྱི་སྨྲེ་སྔགས་འདོན་པ་ལྟ་བུ་བསམ་གྱིས་མི་ཁྱབ། ཆོས་ཕྱིར་དཀའ་བ་སྤྱད་དེ་སྡུག་བསྔལ་གྱི་རྣམ་གྲངས་དུ་མ་མྱོང་ཡང་མཐར་བདེ་སྐྱིད་བླ་ན་ མེད་པ་ཐོབ་སྟེ། སྔོན་བྱོན་གྱི་རྒྱལ་བ་གོང་མ་རྣམས་དང༌། རྗེ་བཙུན་མི་ལ་ལྟ་བུ་ཡིན། སྡིག་ 8-1-37 པས་བསགས་པའི་ནོར་རྫས་དང༌། ལོངས་སྤྱོད་ཀྱིས་སྐྱིད་པར་བྱས་ཀྱང་མཐར་སྡུག་བསྔལ་ མུ་མཐའ་མེད་པར་འགྱུར་ཏེ། སྔོན་ཉི་འོག་གི་རྒྱལ་ཁབ་ཏུ། དང་པོ་ཞག་བདུན་འབྲས་བུའི་ ཆར་བབས། དེ་ནས་ཞག་བདུན་གོས་ཀྱི་ཆར་བབས། དེ་ནས་ཞག་བདུན་རིན་པོ་ཆེའི་ཆར་ བབས། མཐར་སའི་ཆར་བབས་ཏེ་ཐམས་ཅད་ས་འོག་ཏུ་ཤི་ནས་ངན་སོང་དུ་སྐྱེས་པ་ལྟ་བུ་ ཡིན་པས། སྐྱིད་སྡུག་རྟག་པ་མེད་པ་ལ་རེ་དོགས་ཀྱི་འཛིན་འཁྲིས་མི་བྱེད་པར་འཇིག་རྟེན་ཚེ་ འདིའི་བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར། ཆོས་ཕྱིར་དཀའ་ སྤྱད་དང་སྙིང་རུས་ཀྱིས་སྡུག་བསྔལ་དང་དུ་བླངས་ནས་རྒྱལ་བ་གོང་མའི་གཤེགས་ཤུལ་སྙོག་ པ་ཞིག་བྱེད་དགོས་སྙམ་དུ་ཞེ་ཐག་པ་ནས་བསྒོམ། སྔོན་བསགས་ཀྱི་བསོད་ནམས་ཟད་ཙ་ན་ བསམ་བློ་ཐམས་ཅད་ཕྱིན་ཅི་ལོག་ཏུ་སྐྱེ། བྱ་བ་ཐམས་ཅད་ལམ་དུ་མི་འགྲོ། མིས་འཕྱ། རང་ སྡུགགཞན་གྱིས་བརྙས་བཅོས་བྱེད་པ་ཁོ་ནར་གྱུར། སྔར་གྱི་ཡོན་ཏན་ཕྲན་བུ་རེ་ཡོད་པ་ རྣམས་ཟད་པ་ལྟར་གྱུར་ནས་ཅི་ཡང་མེད་པ་ཡང་དུ་མ་ཡོད། གཞན་ཡང་རང་ལ་ངེས་འབྱུང་ དང་སྐྱོ་ཤས་སད་སུད་སྐྱེས། ལྟར་སྣང་གི་ཆོས་ཞིག་སྒྲུབ་ལོབྱས། གཞན་འཇིག་རྟེན་པས་ བཟང་པོར་བརྩིས་ཏེ། ཡོན་བདག་དང༌། སློབ་མས་ཞབས་ནས་བཏེགས་ཙ་ན་རང་གིས་རང་ རྒྱུད་ཞིབ་ཏུ་མི་བརྟག་པར་ང་ནི་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་ང་རྒྱལ་གྱིས་རྒྱུད་སྦོས། སྣང་ བ་འུར་ལངས་ནས་ངས་གང་བྱས་ཀྱང་ཆོག་སྙམ་པའི་བློ་སྐྱེ་བ་ནི། བདུད་ཀྱིས་མངོན་སུམ་ བསླུས་པ་ཡིན་ཞིང༌། བདག་འཛིན་གྱི་ཡུལ་ཕུད། བདག་མེད་ཀྱི་ཡེ་ཤེས་སྐྱེས། འཕགས་པའི་ ས་མ་ཐོབ་ཀྱི་བར་དུ་བཟང་ངན་གྱི་སྣང་བ་ལ་རྟག་པ་མེད་པས། དུས་རྟག་ཏུ་འཆི་བ་མི་རྟག་ པ་བསྒོམ། རང་རྒྱུད་ཀྱི་སྐྱོན་ལ་བརྟག་སྟེ་རྟག་ཏུ་དམན་ས་འཛིན། ངེས་འབྱུང་དང་སྐྱོ་ཤས་ བསྐྱེད། ཞི་དུལ་དང་བག་ཡོད་ལ་བསླབ། འདུས་བྱས་མི་རྟག་པ་དང༌། འཁོར་བའི་སྡུག་ བསྔལ་ལ་བསམས་ནས་དུས་རྟག་ཏུ། ཡིད་ཕྱ་དུང་ངེ་། སེམས་སྐྱོ་ཆད་དེ་བ་ཞིག་ལ་བསླབ་ 8-1-38 དགོས་ཏེ། རྗེ་མི་ལས། མི་མེད་ལུང་པའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་གསུངས་པ་ལྟར་ ཉམས་སུ་བླང་དགོས། སྤྱིར་ལུས་སེམས་ཀྱི་ཚོགས་པ་མི་རྟག་པས་གཡར་བོ་ལ་བདག་ཏུ་མ་ འཛིན། འགྲོ་ན་ལམ་མི་རྟག་པས་གོམ་པ་ཆོས་ཕྱོགས་སུ་འདོར། འདུག་ན་གནས་མི་རྟག་ པས་དག་པའི་ཞིང་ཁམས་ཡིད་ལ་བྱ། བཟའ་བཏུང་དང་ལོངས་སྤྱོད་མི་རྟག་པས་ཏིང་ངེ་ འཛིན་ཟས་སུ་ཟ། ཉལ་ན་གཉིད་མི་རྟག་པས་འཁྲུལ་བ་འོད་གསལ་དུ་སྦྱངས། འབྱོར་ན་ནོར་ མི་རྟག་པས་འཕགས་པའི་ནོར་བདུན་བསྟེན། གཉེན་གྲོགས་དང་སྲིད་སྡེ་མི་རྟག་པས་དབེན་ པར་ངེས་འབྱུང་ལ་བསྐུལ། ཆེ་བཙན་དང་སྙན་གྲགས་མི་རྟག་པས་རྟག་ཏུ་དམན་ས་བཟུང༌། སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་དང་ཁ་ཏོན་ལ་བསྐུལ། དད་པ་དང་ངེས་འབྱུང་མི་ རྟག་པས་དམ་བཅའ་བརྟན་པོ་ལ་བརྩོན། འདུ་ཤེས་དང་རྣམ་རྟོག་མི་རྟག་པས་མི་གཞི་བཟང་ པོ་ལ་བསླབ། ཉམས་དང་རྟོག་པ་མི་རྟག་པས་ཆོས་ཉིད་ཟབ་མོའི་དོན་ལ་སྦྱོར། དེའི་དུས་སུ་ སྐྱེ་འཆིའི་བར་ལག་འགྱེལ། འཆི་བྲོད་ཀྱི་གདེང་ཚད་རྙེད། འཆི་མེད་ཀྱི་བཙན་ས་ཟིན། བྱ་ རྒོད་པོས་གནམ་འཕང་ཆོད་པ་དང་འདྲ་བས། ང་འཆིའོ་སྙམ་པའི་ཡི་མུག་དེ་དུས་དེ་ནས་ བསྒོམ་མི་དགོས་ཏེ། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་ བསྒོམས་བསྒོམས་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་ བོར་ཏེ་ཐལ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་དགོས་པར་ཡང་ཡང་བསམ་མོ། །ཕ་དམ་ པའི་ཞལ་ནས། མི་རྟག་པ་འདི་རྒྱུད་ལ་སྐྱེས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ བརྩོན་འགྲུས་ཀྱི་ལྕག་བྱེད། མཐར་འོད་གསལ་ཆོས་སྐུ་འཐོབ་པར་བྱེད་གསུངས། འབྲོམ་ གྱིས་ཀྱང༌། ཚེ་མི་རྟག་བར་སྣང་མཚམས་ཀྱི་གློག་དང་འདྲ། ཁོ་སྐྱེས་ཙམ་ཉིད་ནས་འཇིགས་ པའི་ཆོས་ཅན་ཡིན། ཞེས་སོགས་དང༌། ཚེ་བློས་མ་ཐོང་ན་ཅི་བྱས་ཆོས་སུ་མ་སོང་སྟེ། འཇིག་ 8-1-39 རྟེན་ཆོས་བརྒྱད་ལས་མ་འདས་ལ། ཚེ་འདི་བློས་ཐོངས་ན་ཆོས་བརྒྱད་དང་མ་འདྲེས་པར་ཐར་ བའི་ལམ་དུ་སོང་བ་ཡིན། ཞེས་དང༌། ཡེར་བའི་ཞང་བཙུན་གྱིས། ཚེ་འདིའི་འདོད་པ་སྤོང་བ་ ལ་གཉེན་པོ་དུས་རྒྱུན་དུ་མི་རྟག་པ་སྒོམ་པ་གལ་ཆེ། སྔ་དྲོ་མི་རྟག་པ་མ་སྐྱེས་ན་ཉི་མ་ཕྱེད་ན་ ཚེ་འདི་པར་ཆ། ཉི་མ་ཕྱེད་ལ་མ་སྐྱེས་ན་དགོང་མོ་ཚེ་འདི་པར་ཆ། ཚེ་འདི་པར་སོང་ན་ཅི་བྱས་ ཆོས་སུ་མི་འགྲོ། ཞེས་དང༌། སྤྱན་སྔ་བས། ད་ནངས་མི་རྟག་པ་ཐུན་རེ་མ་བསྒོམས་ན་དེའི་ ཉིན་མོ་ཚེ་འདི་པར་འགྲོ། གསུངས། ཁ་རག་པས། མི་འཆི་སྡོད་པའི་ས་ཕྱོགས་མེད། །འཆི་ ངེས་དེ་ཡང་མྱུར་དུ་འཆི། །འཆི་ལ་ཅིས་ཀྱང་མི་ཕན་གྱིས། །ལོང་མེད་རྒྱུད་ལ་བསྟེན་ཅིག་ཨཾ། །ཞེས་དང༌། བྲག་རྒྱབ་པས། ཚེ་འདིས་ཀུན་ནས་བསླངས་པས་འབད་རྩོལ་ཇི་སྙེད་བྱས་ཀྱང༌། འཆི་བའི་ནངས་པར་སྒྲེན་མོ་ལག་པ་སྟོང་པར་འགྲོ་དགོས་པ་ཡིན། དེས་ན་འཆི་བ་སྔས་སུ་ བཅུག་ལ། ཚེ་འདིའི་རྣམ་རྟོག་དང་མ་འདྲེས་པའི་ཆོས་ཤིག་བྱེད་དགོས། གསུངས། ཀ་མ་ པས། ད་ལྟ་འཆི་བས་འཇིགས་པ་ཞིག་དགོས། འཆི་ཀར་མི་འཚེར་བ་ཞིག་དགོས་པ་ལ། འོ་ སྐོལ་དེ་ལས་བཟློག་ནས་ད་ལྟ་མི་འཇིགས། འཆི་ཀར་བྲང་ལ་སེན་མོ་འདེབས་གསུངས། སྣེའུ་ཟུར་བས། འཆི་བ་རྗེས་དྲན་རྒྱུད་ལ་སྐྱེས་པ་དང་གཅིགཚེ་བློས་ཐོངས་པ་དང་གཉིས་ ཆོས་བྱེད་པ་དང་གསུམ་མགོ་མཉམ། མི་འཆི་སྙམ་པ་དང༌། ཚེ་འདི་ལ་ཤི་སྤར་འཐམ་པ་སྡིག་ པ་བྱེད་པ་གསུམ་མགོ་མཉམ་དུ་འོང་གསུངས་ཏེ། འཆི་བ་བསྒོམས་མ་བསྒོམས་ཀྱི་ཕན་ཡོན་ དང༌། ཉེས་པའོ། །ཡང་མི་རྟག་པ་དྲན་པས། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་ བརྩོན་འགྲུས་ཀྱི་གྲོགས་བྱེད། ཐ་མ་འོད་གསལ་ཆོས་སྐུ་འཐོབ་པའི་གྲོགས་བྱེད་པས་ཤིན་ཏུ་ གལ་ཞེས་དམ་པ་དུ་མས་གསུངས་པ་སོགས་མང་ངོ། །གཞན་ཡང་རྒྱལ་སྲས་པ་ཉིད་ཀྱིས། མི་རྟག་པ་བཅོས་མིན་ཞིག་སྐྱེས་ན། ཆོས་མིན་ཅིས་ཀྱང་ཡིད་ལ་མི་བྱེད་པ་ཞིག་འོང་བར་ འདུག་སྟེ། འདིའི་མྱོང་བ་རྣམ་དག་སྐྱེས་པའི་ཆོས་པའང་རེ་རེ་ཙམ་དུ་འདུག ཅེས་དང༌། པོ་ཏོ་ 8-1-40 བའི་ཞལ་ནས། ཁྱོད་ཀྱིས་འཆི་བ་མི་རྟག་པ་མང་དུ་སོམས་དང༌། དེར་འཆི་ངེས་པའི་བློ་ གཅིག་བྱུང་ན། སྡིག་པ་སྤོང་བ་ལ་དཀའ་རྒྱུ་མེད། དགེ་བ་བསྒྲུབ་པ་ལ་དཀའ་རྒྱུ་མེད་པ་ཞིག་ འོང་གི་དེའི་སྟེང་དུ་ཁྱོད་ཀྱིས་བྱམས་པ་དང༌། སྙིང་རྗེ་མང་དུ་སྒོམས་དང༌། དེ་རྒྱུད་ལ་སྐྱེས་ན། སེམས་ཅན་གྱི་དོན་བྱེད་པ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི། དེའི་སྟེང་དུ་ཁྱོད་ཀྱིས་ཆོས་ རྣམས་ཀྱི་གནས་ལུགས་སྟོང་པ་ཉིད་མང་དུ་སྒོམས་དང༌། དེ་རྒྱུད་ལ་སྐྱེས་ན། འཁྲུལ་བ་སྦྱོང་ བ་ལ་དཀའ་རྒྱུ་མེད་པ་ཞིག་འོང་གི། ཞེས་གསུངས། འཆི་བར་ངེས་སོ་ནམ་འཆི་ངེས་པ་མེད། །འཆི་ཚེ་ངེས་པར་ཕན་པ་དམ་ཆོས་ཡིན། །ཞེས་སོགས་མང་དུ་གསུངས་ཤིང༌། དེ་བཞིན་དུ་ ཐུགས་དམ་གྱི་གཙོ་བོར་མཛད་དོ། །དེ་ལྟར་མི་རྟག་པ་རྒྱུད་ལ་སྐྱེས་ན། འཇིག་རྟེན་ཚེ་འདིའི་ བྱ་བཞག་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པ་སྐྱུག་ནད་ཅན་ལ་བཙོ་ཟན་བྱིན་པ་ལྟ་བུ་ ཞིག་འོང་བ་ཡིན་ནོ། །དེ་ལྟ་བུའི་མི་རྟག་པ་རྒྱུད་ལ་སྐྱེས་པའི་ཚད་ཇི་ལྟ་བུ་ཞིག་ཡིན་ན། དགེ་ བཤེས་ཁ་རག་སྒོམ་ཆུང་ལྟ་བུ་ཞིག་དགོས་པ་ཡིན་ཏེ། ཁོང་གཙང་གི་ཇོ་མོ་ཁ་རག་གི་རི་ཁྲོད་ དུ་སྒྲུབ་པ་བྱེད་པ་ལ་བྱོན་པས་བྲག་ཕུག་གི་སྒོ་ན་ཚེར་ཕུང་ཞིག་འདུག་པ་ལ་ན་བཟའ་ཐོགས་ པས། དང་པོ་བཅད་དམ་སྙམ་པ་ལ་རྗེས་སུ། ཨ་ཅང་ང་བྲག་ཕུག་གི་ནང་འདིར་འཆི་བ་ལས་ སླར་ཨེ་ལྡོག་མི་ཤེས་དེ་བས་དགེ་སྦྱོར་རང་བྱས་ན་ཁེབས་ཆེ་དགོངས་ནས་བཅད་པ་མ་བྱུང༌། ཡང་སྒོར་བྱོན་སྐབས་ཀྱང་དེ་བཞིན་དུ་བྱུང་བ་ལ་ང་སྒོ་ནས་ནང་དུ་ཨེ་ལྡོག་མི་ཤེས་དགོ། ངས་ ཏེ། དེ་ལྟར་ལོ་མང་པོའི་བར་དུ་བཞུགས། བླ་མ་གྲུབ་པ་ཐོབ་སྟེ་སོང་ཡང་ཚེར་ཕུང་གཅོད་པ་ མ་བྱུང་བ་ཡིན། དེས་ན་རང་རེ་རྣམས་ཀྱང་དེ་ལྟ་བུ་རེ་རྒྱུད་ལ་ངེས་པར་མ་སྐྱེས་ཀྱི་བར་དུ་ སྦྱོར་བ་སེམས་བསྐྱེད། དངོས་གཞི་ཐབས་སྣ་ཚོགས་ཀྱིས་བློ་བཅོས་ཏེ་མི་རྟག་པ་གཤའ་མ་ ཞིག་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་བསྒོམ། མཇུག་བསྔོ་བས་རྒྱས་ཐེབས་པར་བྱ་བ་དང་བཅས་ ཉམས་སུ་བླངས་ནས་དམ་པ་གོང་མའི་རྗེས་ཤུལ་སྙོག་པ་ཞིག་ལ་ཅི་ནས་ཀྱང་འབད་དགོས་ 8-1-41 པའོ། །རྒྱུ་མཚན་དེས་ན་འཆི་བ་མི་རྟག་པ་འདི་སྒོམ་པ་ལ་འགྱུར་ལྡོག་མེད་པར་བརྟན་པ་མ་ ཐོབ་པར། དཔེར་ན་འཁྲིག་སྤྱོད་སྤོང་བའི་ཚུལ་ཁྲིམས་བསྲུང་ཚེ་བུད་མེད་མཛེས་མ་གྲོགས་ སུ་བྱུང་ན་སེམས་འདོད་ཆགས་ཀྱི་དབང་དུ་འགྲོ། བརྟན་པ་ཐོབ་ན་དེའི་དབང་དུ་མི་འགྲོ། བྱམས་པ་བསྒོམ་ཚེ་དགྲ་དང་འཕྲད་ན་ཞེ་སྡང་གི་དབང་དུ་འགྲོ། བརྟན་པ་ཐོབ་ན་དེའི་དབང་ དུ་མི་འགྲོ་བ་སོགས་གནད་ཐོག་ཏུ་ཕབ་པར་བྱའོ། །འཆི་བ་མི་རྟག་པ་རྟོགས་པའི་བློ་མཚན་ ཉིད་ཚང་བ་ནི། ངེས་པར་འཆི། ནམ་འཆི་ཆ་མེད། དེ་རིང་འཆི་སྲིད་སྙམ་པའི་ཚེ་ན། དེའི་རྐྱེན་ གྱིས་དལ་འབྱོར་རྙེད་པར་དཀའ་བ་དང༌། ལས་འབྲས་མི་བསླུ་བ་དང༌། ངན་སོང་ལ་སོགས་ པའི་སྡུག་བསྔལ་བཟོད་གླགས་མེད་པ་རྣམས་སེམས་ལ་རང་ཤུགས་ཀྱི་སྐྱེས་ནས་ཆོས་མྱུར་ དུ་བསྒྲུབ་འདོད་ཀྱི་བློ་སྐྱོ་ལྷང་ལྷང་བ་ཞིག་རྒྱུན་མི་ཆད་པར་འབྱུང་བའོ། །དེས་འཆི་བ་མི་རྟག་ པའི་ཁྲིད་ཚར་བ་ལགས། 3 ཆོས་བསྒྲུབ་པ་དེ་ཡང་ཐར་ལམ་དུ་སྒྱུར་བྱེད་འཁོར་བའི་ཉེས་ དམིགས་བསྒོམ་པ་ལ་གཉིས། གསུམ་པ་ཆོས་བསྒྲུབ་པ་ཐར་ལམ་དུ་སྒྱུར་བྱེད་འཁོར་བའི་ཉེས་དམིགས་བསྒོམ་པ་ལ། བཤད་བྱའི་ཆོས་ལ་འཁོར་བ་སྤྱིའི་སྡུག་བསྔལ་བཤད་པ། བྱེ་བྲག་རིགས་དྲུག་སོ་སོའི་སྡུག་ བསྔལ་བཤད་པ་གཉིས་ལས། ༡ བཤད་བྱའི་ཆོས་ལ་འཁོར་བ་སྤྱིའི་སྡུག་བསྔལ་བཤད་པ། དང་པོ་ནི། སྔར་བཤད་པ་ལྟར་དལ་འབྱོར་གྱི་མི་ལུས་ཤིག་རྙེད་ཀྱང་ཡུན་རིང་སྡོད་ལོང་ མེད་པར་ཤི་འགྲོ། ཤི་ན་མེ་ཤི་བའམ། ཆུ་སྐམ་པ་ལྟ་བུ་མ་ཡིན་པར་དབང་མེད་དུ་སྐྱེ་བ་ལེན་ དགོས། སྐྱེ་བ་བླངས་ཕྱིན་འཁོར་བའི་སྡུག་བསྔལ་ལས་མ་འདས་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐས། 8-1-42 འཁོར་བའི་ལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས། སྡུག་བསྔལ་ནི་ ཕ་མཐའ་མེད། །གར་སྐྱེ་ལ་རང་དབང་མ་མཆིས་ཤིང༌། །ཕྱི་མའི་བདེ་སྡུག་ནི་ལས་ལ་རག །སྡིག་ལས་ལ་ཅིས་ཀྱང་འཛེམས་པར་ཞུ། །ཞེས་གསུངས་པ་ལྟར། སྤྱིར་འཁོར་བ་ཞེས་བྱ་ བ་དེ་རྫ་མཁན་གྱི་འཕང་ལོའམ། ཟོ་ཆུན་གྱི་ཁྱུད་མོའམ། བུམ་ནང་དུ་ཆུད་པའི་སྦྲང་མ་ལྟ་བུ་ ཡིན་ཏེ། རྗེ་ཇོ་ནང་པ་ཆེན་པོས། བུམ་པའི་ནང་དུ་སྦྲང་མ་འཁོར་བ་བཞིན། །ཁམས་གསུམ་ མཐའ་དག་སྡུག་བསྔལ་རང་བཞིན་སྤྱོད། །དེ་ལས་ཐར་བྱེད་དམ་ཆོས་དགོས་པར་འགྱུར། །དེ་སྣོད་དལ་འབྱོར་མེད་པར་བྱེད་སྐལ་མེད། །ཅེས་གསུངས་པ་ལྟར། དཔེར་ན་བུམ་ནང་དུ་ སྦྲང་མ་བཅུག་ནས་ཁ་བཅད་ན་སྦྲང་མ་གང་དུ་འཕུར་ཀྱང་བུམ་ནང་ཁོ་ན་ལས་གཞན་དུ་འགྲོ་ མི་ནུས་པ་བཞིན། ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས་ཁོ་ན་ཡིན་པས་ འཁོར་བ་ལས་ཐར་བྱེད་དམ་པའི་ཆོས་མཆོག་ཟབ་མོ་འདི་ལ་འབད་པར་མ་བྱས་ན། ལུས་ རྟེན་དམན་པ་གང་གིས་ཀྱང་དམ་ཆོས་བྱེད་སྐལ་མེད་དེ། ཇོ་ནང་ཏཱ་ར་ནཱ་ཐས། ཟད་མེད་ འཁོར་བའི་འཁོར་ལོ་བསྐོར་བསྐོར་ནས། །སྲིད་འདིར་སྡུག་བསྔལ་མྱོང་བའི་མཐའ་གྲངས་ མེད། །དཀའ་ལས་དཀའ་དགུ་མྱོང་སྟེ་དོན་མེད་ཡིན། །མཚམས་མེད་བྱས་པས་དམྱལ་བ་ མནར་མེད་དུ། །སྐྱེས་པའི་ཕ་མཐའ་བགྲངས་ཀྱང་སུ་ཡིས་ཆོད། །རང་གིས་མ་བསྡད་པ་ཡིས་ ས་དེ་ཅི། །ལས་སྟབས་འདི་མ་བྱས་ཞེས་གཅིག་ཀྱང་མེད། །སྡུག་བསྔལ་མ་མྱོང་བྱ་བ་ག་ལ་ ཡོད། །ཅེས་གསུངས་པ་ལྟར་རིགས་དྲུག་སོ་སོའི་གནས་འདིར་སྐྱེ་བའི་རྒྱུ་ཟག་བཅས་ཀྱི་ལས་ དགེ་བ་དང་མི་དགེ་བའི་རྒྱུ་ལས་སྐྱེ་བ་གཅིག་ནས་གཅིག་ཏུ་འཁོར་བས་ན་འཁོར་བ་ཞེས་ བྱ། རང་རེ་འཁོར་བའི་གནས་འདིར་ཐོག་མ་མེད་པའི་དུས་ནས་འཁྱམས་ཏེ་ད་ལྟའི་བར་དུ་ སྐྱེ་བ་འདི་མ་བླངས་པ་གཅིག་ཀྱང་མེད་དེ། མྱ་ངན་བསལ་བ་ལས། ཡང་དང་ཡང་དུ་དམྱལ་ བ་ན། །ཟངས་ཞུན་བསྐོལ་བ་གང་འཐུང་པ། །རྒྱ་མཚོའི་ནང་གི་ཆུ་ལ་ཡང། །དེ་ཡི་ཚད་ཙམ་ 8-1-43 ཡོད་མ་ཡིན། །ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་བ་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་ པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་ བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་ཡིས། །སྣོད་དུ་རྒྱ་མཚོ་རུང་མ་ཡིན། །ཕན་ཚུན་དགྲ་རུ་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུང་ན་དེ་ལྟར་མཐོ་བ་ ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པས། །ས་ལུད་ ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ན་ཤིན་ཏུ་འགེངས། །ཞེས་ དང༌། མདོ་དྲན་པ་ཉེར་བཞག་ལས་ཀྱང༌། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ ཤིགདེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་ན་འཁོར་བ་གང་གི་ཚེ། གྲོགས་སྦུར་དུ་ སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་ལས་ ཀྱང་ཆེས་མཐོ་ཞིང༌། ངུས་པའི་མཆིལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་ བསྡུས། མའང་རྒྱ་མཚོ་བཞིའི་ཆུ་བས་ལྷག་གོ། །དམྱལ་བ་དང་ཡི་དྭགས་སུ་གྱུར་པ་དེའི་ཚེ་ ལན་གྲངས་མེད་པ་ཞིག་འཐུངས་པའི་ཟངས་ཞུན་ཁོལ་མ་དང་ཁྲག་དང་ཆུ་སེར་དང་རྣག་དང་ ངར་སྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་བཞི་ལས་མང་ ཞིང༌། འདོད་པ་དག་གི་ཕྱིར་མགོ་དང་ཡན་ལག་དང་ཉིང་ལག་བཅད་པའང་གང་གཱའི་ཀླུང་ གི་བྱེ་མ་སྙེད་ཀྱི་ཁམས་ན་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་ པའི་གྲངས་དང་མཉམ་པར་འགྱུར་རོ། །ཞེས་དང། རྗེ་ཏཱ་ར་ནཱ་ཐས། ས་ཕྱོགས་གཅིག་ཏུ་ཆད་ པས་མགོ་བཅད་པའི། །མགོ་བོ་འབའ་ཞིག་སྤུངས་པར་གྱུར་ན་ཡང༌། །སྟོང་གསུམ་འཇིག་ རྟེན་འདི་རུ་ག་ལ་ཤོང༌། །འཁོར་བའི་སྡུག་བསྔལ་འདི་ལ་ཟད་པ་མེད། །དམྱལ་བའི་གནས་ ཀྱི་སྡུག་བསྔལ་བསམ་གྱུར་ན། །ཡུད་ཙམ་གཅིག་ཀྱང་བཟོད་སྐབས་ག་ལ་ཡོད། །ད་ལྟ་ འབད་ན་བཟློག་པའི་ཐབས་མཆིས་ཀྱང༌། །ལེ་ལོའི་ངང་ལ་མི་ཚེ་སྐྱེལ་ལུགས་འདིས། །ནམ་ 8-1-44 ཞིག་དབང་མེད་ངན་སོང་གཡང་སར་ལྷུང༌། །དེ་ཚེ་འགྱོད་ཀྱང་འཕྱིས་པའི་དུས་གཅིག་འོང༌། །ཞེས་གསུངས་པ་ལྟར། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། སྡུག་བསྔལ་གྱི་གནས། སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་ཏེ། ཀུན་མཁྱེན་ཇོ་ནང་པ་ཆེན་པོས། འོན་ཀྱང་རྣམ་ ཤེས་བག་ཆགས་དག་གིས་བསླད། །ལར་དེ་འདྲ་མི་ཤེས་ཕལ་བ་ཡིས། །འཁྲུལ་སྣང་དངོས་ པོ་བདེན་པར་བཟུང་བ་ལ། །ལས་དང་ཉོན་མོངས་སྣ་ཚོགས་ཉིད་དུ་འཆར། །ཞེས་གསུངས་ པ་ལྟར་ཀུན་གཞིའི་རྣམ་ཤེས་ཀྱིས་མི་དགེ་བའི་བག་ཆགས་མཐའ་དག་འཛིན་ཅིང་མི་གཏོང་ བས་ན་བག་ཆགས་དེས་སེམས་བསླད་པས་ཉོན་མོངས་པ་དུག་གསུམ་གྱི་འབྲས་བུ་ཡིན་ པར་ལར་དེ་འདྲ་མི་ཤེས་པའི་མི་ཕལ་བ་ཡིས། གཟུང་འཛིན་འཁྲུལ་སྣང་གི་དངོས་པོ་རྣམས་ བདེན་པར་བཟུང་བ་ལས་སླར་ཡང་ལས་ཉོན་སྣ་ཚོགས་བསྐྱེད་པས་སླར་འཁྲུལ་སྣང་རྒྱུན་ ཆད་མེད་པ་འབྱུང་སྟེ། ཀུན་གཞིའི་རྣམ་ཤེས་དང་ཉེར་ལེན་གྱི་ཕུང་པོ་ལྔ་འདི་རང་རྒྱུད་ལ་ ཡོད་ན་དེ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ཕན་ཆད་ཀྱི་སྡུག་བསྔལ་མཐའ་ཡས་པ་སྐྱེད་པར་བྱེད་དེ། ཉེར་ཕུང་འདིའི་དབང་གིས་ཕྱི་མའི་སྡུག་བསྔལ་དུ་མའི་རྒྱུ་བསག་ཅིང༌། བསགས་ཟིན་པའི་ ལས་གྲངས་མེད་པ་འཛིན་ཅིང་མི་གཏོང་བས་ན་ཉེར་ཕུང་འདི་ཕྱི་མའི་སྡུག་བསྔལ་གྲངས་ མེད་པའི་སྣོད་དུ་འགྱུར་པའི་ཕྱིར། ད་ལྟའི་ཉེར་ཕུང་འདི་སྡུག་བསྔལ་ཅི་མཆིས་པ་ཐམས་ ཅད་ཀྱི་རྟེན་ནམ་སྣོད་དུ་གྱུར་པ་ཡིན་ཏེ། དམྱལ་བ་རྣམས་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ རྣམས་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་རྣམས་གཅིག་གིས་གཅིག་གསོད་པ་ལ་སོགས་ པའི་སྡུག་བསྔལ། ལྷ་རྣམས་འཆི་འཕོ་ལྟུང་བའི་སྡུག་བསྔལ། མི་རྣམས་སྐྱེ་རྒ་ན་འཆིའི་སྡུག་ བསྔལ་སོགས་མདོར་ན་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་འདི་ཕུང་པོ་ལྔ་ལ་བརྟེན་ནས་ འོང་བ་ཡིན་ཏེ། གཟུགས་ཕུང་མེད་ན་ཚ་གྲང་བཀྲེས་སྐོམ་སོགས་མི་འབྱུང༌། ཚོར་བ་མེད་ན་ བདེ་སྡུག་བཏང་སྙོམས་རྣམས་མི་འབྱུང༌། འདུ་ཤེས་མེད་ན་སྡུག་བསྔལ་གྱི་མཚན་མ་མི་ཤེས། 8-1-45 འདུ་བྱེད་མེད་ན་སྡུག་བསྔལ་གྱི་ཡུལ་ནང་དུ་སེམས་པ་མེད། རྣམ་ཤེས་མེད་ན་ཡུལ་གྱི་ངོ་བོ་ མཐོང་ནས་དེ་ཉེ་བར་ལེན་པའི་བློ་མི་སྐྱེ། དེས་ན་ཉེར་ལེན་གྱི་ཕུང་པོ་ལྔ་འདི་དུག་གི་སྡོང་ པོ་ལྟ་བུར་གྲུབ་པ་ལ་བརྟེན་ནས་སྡུག་བསྔལ་དུ་མ་འབྱུང་བའི་སྣོད་དུ་གྱུར་པའི་ཕྱིར། ཉེར་ ལེན་གྱི་ཕུང་པོ་འདི་སྡུག་བསྔལ་གྱི་སྣོད་ཀྱང་ཡིན་ཏེ། ཚོར་བ་སྡུག་བསྔལ་མཚུངས་ལྡན་དང་ བཅས་པ་དང་དེའི་འཛིན་ཡུལ་འཇིག་རྟེན་ན་སྡུག་བསྔལ་བསྐྱེད་པའི་ཡུལ་ཅི་ཡོད་པ་དང་ བཅས་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དེ་དག་སྐྱེད་བྱེད་ཀྱི་བག་ཆགས་དེ་ཕུང་པོ་དང་ རྗེས་སུ་འབྲེལ་བས་ན། ཉེར་ལེན་གྱི་ཕུང་པོ་དེས་དེ་དག་བསྐྱེད་པའི་ཕྱིར་རོ། །ཚོར་བ་བདེ་ བ་མཚུངས་ལྡན་དང་བཅས་པ་དང་དེའི་འཛིན་ཡུལ་འཇིག་རྟེན་ན་ཚོར་བ་བདེ་བ་བསྐྱེད་པའི་ ཡུལ་ཅི་ཡོད་པ་དང་བཅས་པ་ནི་འགྱུར་བའི་སྡུག་བསྔལ་ཏེ། དེ་དག་སྐྱེད་བྱེད་ཀྱི་བག་ཆགས་ དེ་ཕུང་པོ་དང་རྗེས་སུ་འབྲེལ་བས་ན། ཉེར་ལེན་གྱི་ཕུང་པོ་དེས་དེ་དག་བསྐྱེད་པའི་ཕྱིར་ རོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྣོད་ཀྱང་ཡིན་ཏེ། ལས་དང་ཉོན་མོངས་པ་སྔ་མའི་ གཞན་དབང་དུ་གྱུར་པའི་ཉེར་ལེན་གྱི་ཕུང་པོ་རང་ཉིད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ ཏེ། སྔ་མའི་ལས་ཉོན་གྱིས་བསྐྱེད་པ་ཞིག་ཡིན་ཕྱིན་དེ་ཉོན་མོངས་པ་སྐྱེ་བ་དང༌། རྒྱུན་གནས་ པ་དང༌། ཇེ་ཆེར་འཕེལ་བ་དང༌། རྗེས་སུ་མཐུན་པས་སྡུག་བསྔལ་མཐའ་དག་གི་འབྱུང་ གནས་ཡིན་པའི་ཕྱིར་རོ། །དེས་ན་ཉེར་ཕུང་དེ་ལ་ཉོན་མོངས་པ་བསྐྱེད་པའི་ས་བོན་དང༌། གཟུགས་དང་རྣམ་ཤེས་ཀྱི་ཕུང་པོ་སོགས་ལ་བརྟེན་ནས་རང་གཞན་ཀུན་གྱི་ཉོན་མོངས་པ་ བསྐྱེད་པ་དང༌། གནས་པ་དང༌། འཕེལ་བའི་ས་བོན་རྗེས་སུ་འབྲེལ་བའོ། །ཉོན་མོངས་པ་ རྣམས་ནི། དངོས་རྒྱུ་ཅི་རིགས་ནས་སྡུག་བསྔལ་ཁོ་ན་ལ་སྦྱོར་བྱེད་དང༌། སྡུག་བསྔལ་བརྒྱ་ ཕྲག་མྱོང་བར་འགྱུར་བའི་ལས་རྣམས་ཉེར་ཕུང་འདིའི་མི་གཏོང་བར་འཛིན་ཅིང་སྡུག་བསྔལ་ དྲག་པོ་བསྐྱེད་ཕྱིར་ཉོན་མོངས་པ་དང༌། ཉེར་ཕུང་འདི་ལས་ཐུ་བའི་སྡུག་བསྔལ་ཞིག་སྲིད་ 8-1-46 དམ་སྙམ་ན། སྡུག་བསྔལ་མ་ལུས་པ་འབྱུང་བའི་གཞི་འདི་ཉིད་ཁོ་ན་ཡིན་པར་འདུགཀུན་ མཁྱེན་ཇོ་ནང་པ་ཆེན་པོས། མངོན་རྒྱན་ཊཱི་ཀ་མདོ་ལུགས་མར། སྤང་བྱ་ཀུན་ཉོན་ཕྱོགས་ཀྱི་ བག་ཆགས་ཀྱི་རྟེན་གཞི་ལ་ཀུན་གཞིའི་རྣམ་ཤེས། ཞེས་གསུངས་པ་ལྟར། ཀུན་གཞི་ས་བོན་ དང་བཅས་པ་སྤང་དགོས་ཕྱིར། དེ་ལས་ཐར་འདོད་ཀྱི་བློ་བསྐྱེད་དགོས་པ་དང༌། ཉེར་ཕུང་ འདི་ལས་ཐར་འདོད་ཀྱི་བསམ་པ་ཡིད་འགྱུར་བ་ཤུགས་དྲག་པོ་བསྐྱེད་པར་བྱ། ཀུན་གཞི་ས་ བོན་བཅས་དང་ཉེར་ཕུང་འདི་ལས་ཐར་འདོད་སྐྱེ་བ་འདི་གལ་ཤིན་ཏུ་ཆེ་སྟེ། ཉོན་མོངས་པ་ དང་ཉེར་ཕུང་འདི་ལས་ཐར་འདོད་མེད་ན། འདི་དག་དང་བྲལ་བའི་ཐར་པ་ཐོབ་འདོད་སྐྱེ་ ལུགས་མེད། དེ་མ་སྐྱེས་ན་ཐར་ལམ་དུ་འཇུག་པ་མེད་པའི་ཕྱིར། དེ་ལྟར་འཁོར་བ་མཐའ་ དག་སྡུག་བསྔལ་གྱི་གནས། སྡུག་བསྔལ་གྱི་རང་བཞིན། མེའི་འོབས་ལྟ་བུ་ཡིན་ཏེ། ཀུན་ མཁྱེན་ཇོ་ནང་པ་ཆེན་པོས། འཁོར་བའི་ཉེས་དམིགས་རྣམ་པ་སྟོང་རིག་ནས། །སྲིད་པའི་བདེ་ ལ་རྒྱབ་ཀྱིས་ཕྱོགས་པ་དང༌། །ཞེས་དང༌། རྗེ་ཏཱ་ར་ནཱ་ཐས། ཚུལ་ཁྲིམས་དེ་ཡང་ངེས་འབྱུང་གི་ བསམ་པ་རྣམ་པར་དག་པ་དང༌། བདག་མེད་ཀྱི་ལྟ་བས་ཟིན་ན་ཐར་པའི་རྒྱུ་གྲུང་པོ་ཡིན་ཞེས་ ཏེ། ངེས་འབྱུང་གིས་མ་ཟིན་ན་ཐར་ལམ་མིན་པར་ཡང་ཤུགས་ལ་འཕེན་པའི་ཕྱིར་དང༌། ངེས་ འབྱུང་གི་བསམ་པ་འདིས་མ་ཟིན་པའི་བསླབ་པ་གསུམ་སོགས་ཇི་ལྟ་བུ་ཞིག་ཡོད་ཀྱང་ཐར་ པའི་ལམ་དང༌། ཐར་པ་ཙམ་ཐོབ་བྱེད་དུ་མི་འགྲོ་བས་ངེས་འབྱུང་གིས་མ་ཟིན་པའི་དགེ་བ་ རྣམས་ཉེར་ཕུང་ལ་ཆགས་པའི་འདོད་ཆགས་རྒྱུན་མི་ཆད་པར་ཡོད་པ་དེས་བཅིངས་ནས་སྲིད་ པའི་བདེ་འབྲས་ཙམ་ཐོབ་ཀྱང་ཐར་པའི་རྒྱུར་མི་འགྱུར་རོ། །མདོར་ན་ངེས་འབྱུང་གི་བསམ་ པ་ཡིད་འགྱུར། རྩོལ་བཅས། བཅོས་མིན་མ་སྐྱེས་པར་བསྒོམ་པར་བྱའོ། ། ༢ བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པ་ལ་གསུམ། 8-1-47 གཉིས་པ་བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་བཤད་པ་ལ། ངན་སོང་གསུམ་གྱི་ སྡུག་བསྔལ། མངོན་མཐོ་མི་དང་ལྷ་མིན་དང་ལྷའི་སྡུག་བསྔལ། སླར་ཡང་གལ་ཆེ་བ་འཁོར་ བ་སྤྱིའི་སྡུག་བསྔལ་བསམ་པ་དང་གསུམ་ལས། ❶ ངན་སོང་གསུམ་གྱི་སྡུག་བསྔལ་ལ་གསུམ། དང་པོ་ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ་ལ། དམྱལ་བའི་སྡུག་བསྔལ། ཡི་ དྭགས་ཀྱི་སྡུག་བསྔལ། དུད་འགྲོའི་སྡུག་བསྔལ་གསུམ་ལས། ༡ དམྱལ་བའི་སྡུག་བསྔལ་ལ་བཞི། དང་པོ་དམྱལ་བའི་སྡུག་བསྔལ་ལ། ཚ་དམྱལ། ཉེ་འཁོར་བ། གྲང་དམྱལ། ཉི་ཚེ་བ་བཞི་ ལས། <1> ཚ་དམྱལ་བརྒྱད། དང་པོ་ཚ་དམྱལ་བརྒྱད་ཀྱི་སྡོམ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས། ཡང་སོས་ཐིག་ནག་བསྡུས་ འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་དང༌། །ཚ་བ་རབ་ཚ་མནར་མེད་པའོ། །ཞེས་ གསུངས་པ་དང༌། ཇོ་ནང་ཀུན་མཁྱེན་ཆེན་པོས། ངན་སོང་གསུམ་གྱི་སྡུག་བསྔལ་ཡ་ང་བ། །ལེ་ལོ་མི་ཁོམ་ཤིན་ཏུ་འབད་པར་འཚལ། །ཞེས་དང༌། རྗེ་ཏཱ་ར་ནཱ་ཐས། སྤུ་གྲིས་གཏམས་ པའི་ཐང་ནི་རྒྱ་རེ་ཆེ། །རལ་གྲིའི་ནགས་ཚལ་ཐིབས་པོ་ཕ་མཐའ་མེད། །རི་ཀླུང་ཐམས་ཅད་ མེ་ལྕེ་འབར་བས་ཁྱབ། །ཅེས་གསུངས་པ་ལྟར། ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་ དཀའ་ཞིང་ཡ་ང་བ་ངེས་པར་འབྱུང་བས་ན་ད་ལྟ་ཉིད་དུ་ཆོས་སྤྱི་དང་ཁྱད་པར་ངེས་དོན་ཟབ་ མོའི་ཆོས་མཆོག་འདི་ལྟ་བུ་དང་འཕྲད་སྐབས་ཆོས་ལ་ཕྱི་བཤོལ་གྱི་ལེ་ལོ་མི་ཁོམ་པར་ཤིན་ 8-1-48 ཏུའམ་མྱུར་དུ་འབད་པར་བྱ་དགོས་པ་ལགས་ཏེ་འཚལ་བར་མཛོད་གསུངས་ཀྱང་བདག་ གིས་དེ་ལྟར་དགེ་བ་ནི་མ་བྱས་སྡིག་པ་ནི་སྔར་མང་དུ་བསགས་ཟིན་པ་མ་ཟད་ད་དུང་མི་ དགེ་བ་དུ་མ་ལ་ཉིན་མཚན་ཀུན་ཏུ་ངམ་ངམ་ཤུགས་ཤུགས་ཀྱིས་འབད་མེད་སྤྱོད་བཞིན་པ་ འདིའི་དབང་གིས་ད་ངན་སོང་གསུམ་དུ་སྐྱེ་བ་ལས་འགྲོ་ས་གཞན་གང་ཡང་མེད་པར་འདི་ལ་ ཅི་ཞིག་ཕན་སྙམ་དུ་བསམ། དེ་ནི་ངན་སོང་གི་སྡུག་བསྔལ་བསམ་པའི་དམིགས་པ་འོག་མ་ ཐམས་ཅད་ཀྱི་ཐོག་མར་བསྒོམ་རྒྱུའི་སྒོ་ལྟ་བུ་ཡིན། བདག་ངན་སོང་གསུམ་ལས་ཚ་དམྱལ་ དུ་སྐྱེ་ན། ཚ་དམྱལ་བརྒྱད་ཀྱི་གནས་ནི། མངོན་པ་གོང་མ་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་གསུངས་པ་ལྟར་འོག་ མ་མནར་མེད་དང༌། དེའི་སྟེང་དུ་ཡར་རིམ་པར་རབ་ཏུ་ཚ་བ། ཚ་བ། ངུ་འབོད་ཆེན་པོ། ངུ་ འབོད། བསྡུས་འཇོམས། ཐིག་ནགཡང་སོས་རྣམས་གནས་པར་གསུངས་ཀྱང་བཤད་རིམ་ ནི། འཛམ་བུའི་གླིང་གི་ས་སྟེང་ནས་མར་ས་འོག་དཔག་ཚད་སུམ་ཁྲི་ཉིས་སྟོང་སོང་མཚམས་ ན་དམྱལ་བ་ཡང་སོས་ཡོད། དེ་ནས་འོག་ཏུ་རིམ་པར་དཔག་ཚད་བཞི་སྟོང་བཞི་སྟོང་སོང་ བའི་མཚམས་སུ་དམྱལ་བ་གཞན་དྲུགདེ་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་དམྱལ་བ་མནར་ མེད་ཡོད་པར་གསུངས་པའོ། །སྤྱིར་ཚ་དམྱལ་བརྒྱད་པོའི་གནས་ཐམས་ཅད་འདྲ་བར་རི་ཀླུང་ ས་གཞི་ཐམས་ཅད་ལྕགས་སྲེག་གི་ས་གཞིར་མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་བ། ཟངས་ཞུན་ དང་ཁྲོ་ཆུ་ཞ་ཉེའི་ཆུ་ཚན་དང༌། ལན་ཚྭ་རྣོན་པོ་ལ་སོགས་པ་ལུས་ཀྱི་ཤ་པགས་པ་ཐམས་ཅད་ འགྱུར་བྱེད་ཀྱི་ཆུ་ཀླུང་རབ་ཏུ་མང་པོ་དང༌། དེ་ལྟ་བུའི་མཚོ་དང་འབབ་ཆུ་མང་པོ་ཡོད་པ། ཤིང་ རྣམས་ཀྱང་ལྕགས་སྲེག་དང་མཚོན་ཆ་སོགས་མེ་འབར་བ་ལས་གྲུབ་པ། གདུག་པའི་བྱ་དང་ གཅན་གཟན་ལས་ཀྱི་སྲིན་པོ་མགོ་དགུ་པ་དང་གཤིན་རྗེའི་སྐྱེས་བུ་མང་པོས་གང་སྟེ། ཀུན་ མཁྱེན་ཏཱ་ར་ནཱ་ཐས། གཤིན་རྗེའི་སྐྱེས་བུས་དབང་མེད་བཅིངས་ནས་ཁྲིད། །དམྱལ་བའི་མེ་ 8-1-49 ཚོགས་འབར་བའི་ནང་དུ་ལྷུང༌། །འཇིགས་རུང་མཚོན་ཆའི་ཆར་བ་ལུས་ལ་ཕོག །ལས་ངན་ དབང་གིས་ཚེ་ལ་འཁྱོལ་དུས་མེད། །ཅེས་གསུངས་པ་ལྟར་རོ། །འདུལ་བ་ལུང་ལས། ཐ་མལ་ ཙན་དན་དུས་མཐའ་དང༌། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །དེ་བཞིན་སྡུག་བསྔལ་ བདུན་ཕྲག་འགྱུར། །ཞེས་ཐ་མལ་གྱི་མེ་ལས་བདུན་འགྱུར་གྱིས་ཙན་དན་གྱི་མེའི་ཚ། དེ་ལས་ བདུན་འགྱུར་གྱིས་དུས་མཐའི་མེའི་ཚ། དེ་ལས་བདུན་འགྱུར་གྱིས་དམྱལ་བ་ཡང་སོས་ཀྱི་ མེའི་ཚ། དེ་ལས་བདུན་འགྱུར་གྱིས་ཐིག་ནག་གི་མེའི་ཚ་བ་ནས་མནར་མེད་བར་གྱི་སྟེང་མ་ སྟེང་མ་ལས་འོག་མ་འོག་མའི་མེའི་བདུན་འགྱུར་བདུན་འགྱུར་གྱི་ཚ་བའོ། །ཚ་དམྱལ་བརྒྱད་ པོ་དེར་སྐྱེ་བའི་བར་དོ་བ་རྣམས་ལ་ཆར་རླུང་གིས་དེད་པ་དང༌། ལྷག་པ་ཆེ་བ་སོགས་གྲང་ བའི་སྣང་བ་ཆེར་འབྱུང་ངོ༌། །དེ་ནས་སྔོན་ལས་ཀྱི་དབང་གིས་རང་གང་དུ་སྐྱེ་བའི་ཚ་དམྱལ་ གྱི་གནས་མཐོང་བས། དེར་སོང་ན་དྲོ་བར་ཤེས་ནས་སྲེད་པའི་སྒོ་ནས་བརྒྱུགས་ཏེ་གནས་ དེར་ཚུད་ནས་དེ་མ་ཐག་ཤི་ནས་འབྱུང་བ་སྡུད་རིམ་ཡུན་ཐུང་ངུ་ཞིག་གི་མཐར་ཅུང་ཟད་ཙམ་ བརྒྱལ་བའི་རྗེས་སུ་བཞིན་ལག་དབང་པོ་ཐམས་ཅད་ཚང་བ་ཅན་ཞིག་ཏུ་སྐད་ཅིག་གིས་སྐྱེ་ བ་ཡིན་ཏེ། དཔེར་ན་གཉིད་སད་པ་དང་འདྲ། དབང་པོ་ཐམས་ཅད་ཚང་བ་དེས་ཀྱང་སྡུག་ བསྔལ་ཤིན་ཏུ་ཆེ་སྟེ། མིག་གིས་མི་སྡུག་པའི་གཟུགས་སྣ་ཚོགས་མཐོང༌། རྣ་བས་སྒྲ་མི་སྙན་ པ་ཐོས། སྣས་དྲི་མི་ཞིམ་པ་མྱོང༌། ལྕེས་ཟངས་ཞུན་སོགས་རོ་ངན་པ་ཟ། ལུས་ཀྱིས་མེས་སྲེག་ པ་སོགས་རེག་བྱ་མི་བཟོད་པ་མྱོང་བའི་སྡུག་བསྔལ་དང༌། ཡིད་ཀྱིས་དེ་ཀུན་གྱི་སྡུག་བསྔལ་ སོགས་མྱོང་ལ་སྡུག་བསྔལ་དྲུག་ཀ་ཅིག་ཅར་དུ་མྱོང་བ་ཡིན་ནོ། །ཚ་དམྱལ། གྲང་དམྱལ། ཉི་ ཚེ། ཉེ་འཁོར་བ་ཐམས་ཅད་རྫུས་སྐྱེས་ཡིན། ཚ་དམྱལ་བརྒྱད་པོའི་སྡུག་བསྔལ་མི་འདྲ་བ་ སོ་སོའི་ཁྱད་པར་ནི། དང་པོ་ཡང་སོས་ནི། དེར་སྐྱེས་པའི་སེམས་ཅན་རྣམས་འཕེན་བྱེད་ཞེ་ སྡང་གི་ལས་ཀྱིས་འཕངས་པས། དེའི་བྱེད་པ་རྒྱུ་མཐུན་ལས། ཐམས་ཅད་ཀྱིས་གཅིག་གིས་ 8-1-50 གཅིག་མཐོང་བ་ན་ཕན་ཚུན་མི་ཤ་ཆགས་པའི་དགྲ་བོ་མཐོང་བ་བཞིན་ཞེ་སྡང་དྲག་པོ་སྐྱེ་ལ། ལག་ཏུ་བླངས་ཚད་ལས་ཀྱི་དབང་གིས་མཚོན་ཆ་རྣོན་པོར་སོང་ནས་གཅིག་ལ་གཅིག་གིས་ བསྣུན་པས་ལུས་ཐམས་ཅད་དུམ་བུ་མང་པོར་སོང་བ་ན། རེ་ཞིག་ཤི་བ་བཞིན་དུ་བརྒྱལ་ཞིང་ འགྱེལ་འགྲོ། དེ་ནས་ནམ་མཁའ་ལས་རླུང་གྲང་མོ་དང༌། ཡང་སོས་པར་གྱུར་ཅིག ཅེས་པའི་ སྒྲ་བྱུང་བ་ན་ལུས་སྔ་མ་བཞིན་སོས་པར་འགྱུར་ཞིང༌། ཡང་སྔོན་བཞིན་འཐབ་པ་སོགས་ཡང་ ཤི་ཡང་སོས་ལ་ཟད་པ་མེད་པའི་སྡུག་བསྔལ་དཔག་མེད་མྱོང་བ་ཞིག་གོ། །སྤྱོད་འཇུག་ལས། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང༌། །རབ་ཏུ་ཚ་བའི་ མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་ གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང༌། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་ བ་མི་དགེ་མང་པོར་འགྱུར། །ཞེས་གསུངས་པ་ལྟར་གཤིན་རྗེའི་སྐྱེས་བུ་ཁྲོ་གཉེར་ཅན་ལུས་ སྦོམ་ཞིང་འཇིགས་སུ་རུང་བ་མཚོན་ཆ་སྣ་ཚོགས་ཐོགས་པ་རྣམས་ཀྱིས་པགས་པ་མ་ལུས་པ་ བཤུས། རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ཁོལ་མ་ཁོག་ཏུ་བླུགས་ནས་ནང་ཁྲོལ་ ཐམས་ཅད་སྲེག་ཅིང་འབར། མེ་འབར་བའི་རལ་གྲི་དང་མདུང་ཐུང་དག་གིས་བསྣུན་ཅིང་ བཅད་ནས་ཤ་ཚལ་པ་སྟོང་དུ་གཏུབ་པ་རྣམས་ལྕགས་བསྲེག་གི་ས་ལ་ཚིག་པ་ནའང་ཤ་ཚལ་ སོ་སོའི་གྲངས་བཞིན་ཚོར་བ་སྡུག་བསྔལ་མི་བཟོད་པ་མྱོང་མཐར་ཅུང་ཟད་རྒྱལ་བ་ན་ཡང་ སོས་པར་གྱུར་ཅིག་ཅེས་པའི་སྒྲ་ནམ་མཁའ་ནས་བྱུང་བ་ན་ལུས་སྔ་མ་བཞིན་དུ་གྱུར། ཡང་ ཟངས་ཞུན་ཁོལ་མ་ཁོག་ཏུ་བླུག་པ་སོགས་ཡང་ཤི་ཡང་སོས་ལ་ཟད་པ་མེད་དོ། །ཏཱ་ར་ནཱ་ ཐས། གཤིན་རྗེའི་སྐྱེས་བུས་རང་ལུས་དུམ་བུར་གཏུབ། །སླར་ཡང་འགྲིགས་ནས་བརྒྱ་སྟོང་ དུ་མར་གཤག །ཤ་རུས་རྐང་གི་བར་དུ་མེས་ཚིག་ནས། །ཡང་སོས་ཡང་བསྲེག་ཚུལ་གྱིས་ བསྐལ་མང་འདས། །ཞེས་གསུངས་པ་ལྟར་གྱི་དོན་ཉམས་སུ་བླང་ངོ༌། །སློབ་སྤྲིངས་ལས། 8-1-51 ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་ རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཞེས་གསུངས་པ་ལྟར་ཡང་སོས་ལ་སོགས་ པའི་དམྱལ་བ་དྲུག་གི་ཚེ་ཚད་རིམ་པར་ཡང༌། ཡང་སོས་ཚེ་ཚད་ནི། མི་ལོ་ལྔ་བཅུ་ལ་རྒྱལ་ ཆེན་རིགས་བཞིའི་ཞག་གཅིགདེ་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བརྩིས་པའི་ལྷའི་ རང་ལོ་ལྔ་བརྒྱ་ལ་དམྱལ་བ་ཡང་སོས་ཀྱི་ཞག་གཅིགཞག་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་འམ། དེ་མི་ལོ་ས་ཡ་དགུ་ལ་ཞག་གཅིག་ཏུ་བརྩིས་པས་རང་ ལོ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་དགོས་པའོ། ། གཉིས་པ་ཐིག་ནག་ནི། བཤེས་སྤྲིངས་ལས། ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟད་རྣོན་པོ་རྣམས་ཀྱིས་གཤག །ཅེས་གསུངས་པ་ལྟར་སྔར་བཤད་པའི་ཡང་སོས་ སྡུག་བསྔལ་ཡོངས་རྫོགས་ཀྱི་སྟེང་དུ་དེར་སྐྱེས་པའི་སེམས་ཅན་རྣམས་ལ་ལས་ཀྱི་གཤིན་ རྗེ་རྣམས་ཀྱིས་སེམས་ཅན་དེའི་ལུས་ལ་ཟུར་བཞིའམ་ཟུར་བརྒྱད་དམ་ཆ་ཤས་རྣམ་པ་སྣ་ ཚོགས་སུ་ཐིག་ནག་པོ་དུ་མ་བཏབ་སྟེ། དེའི་སྟེང་ནས་སོག་ལེ་རྣོན་པོ་མེ་འབར་བས་སྙིང་དང་ ནང་ཁྲོལ་ལ་ཐུག་གི་བར་དུ་འདྲ་བ་དང༌། སྟ་རེ་རྣོན་པོ་དག་གིས་གཤོག་པར་བྱེད་ཅིང༌། དེ་ ཡང་ལས་ཀྱི་དབང་གིས་སྟོད་གཏུབ་པ་ན་སྨད་འགྲིགསྨད་གཏུབ་པ་ན་སྟོད་འགྲིག་པས་ནམ་ དུས་ཡང་ཡང་དང་ཡང་དུ་གྲུབ་ཟིན་མེད་པའི་སྡུག་དྲག་པོ་དེ་མྱོང་དགོས་སོ། །ཚེ་ཚད་ནི། མི་ ལོ་བརྒྱ་ལྷ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ཏུ་བརྩིས་པའི་ལྷའི་རང་ལོ་སྟོང་གཅིགཐིག་ ནག་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ངམ། དེ་མི་ལོ་བྱེ་བ་གསུམ་ས་ཡ་དྲུག་ལ་ཞག་ གཅིག་ཏུ་བརྩིས་པས་རང་ལོ་སྟོང་ཕྲག་གཅིག་གི་བར་དུ་སྡུག་བསྔལ་མྱོང་དགོས་སོ། ། གསུམ་པ་བསྡུས་འཇོམས་ནི། སློབ་སྤྲིངས་ལས། རི་དང་མཉམ་ལུག་རུ་རིང་འཇིགས་སུ་ རུང་བ་གཉིས། །འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་བརླག་ཅིང་འཇོམས། །ཞེས་གསུངས་ 8-1-52 པ་ལྟར་དང༌། བཤེས་སྤྲིངས་ལས། ཁ་ཅིག་ཏིལ་བཞིན་བཙིར་ཏེ་དེ་བཞིན་གཞན། །ཕྱེ་མ་ ཞིབ་མོ་བཞིན་དུ་ཕྱེ་མར་བྱེད། །ཅེས་གསུངས་པ་ལྟར་དེར་སྐྱེས་པའི་སེམས་ཅན་རྣམས་ ཕྱོགས་གཅིག་ཏུ་འདུས་ཤིང་ཚོགས་པ་ན་དམྱལ་སྲུང་རྣམས་ཀྱིས་སྔར་རང་གིས་གང་བསད་ པའི་སྲོག་ཆགས་ཤ་བ་དང༌། རྒོ་བ། ར་ལུགརྟ་གཡགསྟག་སེང། དོམ་དྲེད། ཉ་སྦལ། ཆུ་སྲིན་ ལ་སོགས་པའི་མགོ་བརྙན་ཅན་རྭ་རྩེ་དང་མགོ་ལ་མེ་འབར་བ་རི་ཡི་གདོང་བ་ལྟ་བུའི་བར་དུ་ དེད་པ་ན་དེ་གཉིས་འཐབ་པས་བར་དུ་གཅུར་ཞིང་བཙིར་བས་བུག་སྒོ་ཐམས་ཅད་ནས་ཁྲག་ གི་ཆུ་ཀླུང་རབ་ཏུ་འབེབས་པར་མ་ཟད་ཤ་རུས་ནང་ཁྲོལ་དང་བཅས་པ་ཕྱེ་མ་ཞིབ་མོ་བཞིན་ དུ་བྱེད་ཅིང༌། སླར་ཡང་རི་གཉིས་ཁ་གྱེས་པར་གྱུར་པ་ན་ལུས་སྔར་བཞིན་གྲུབ་ནས་ཡང་སྔར་ བཞིན་འཐབ་པས་བར་དུ་གཅིར། ཡང་ལྕགས་ཀྱི་གཏུན་པ་དཔག་ཚད་མང་པོ་ཅན་གྱི་སྟེང་ དུ་སེམས་ཅན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། ལྕགས་བསྲེགས་ཀྱི་ཐོ་བ་རི་རབ་ཙམ་ གཤིན་རྗེའི་ལས་མཁན་རྣམས་ཀྱིས་ཀླད་ལ་བསྐོར་ནས་བརྡུང་པས་ཐམས་ཅད་ཀྱང་ངུ་ཅོ་ དིར་རེ་དང་བཅས་གནད་གཅོད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་བསམ་གྱིས་མི་ཁྱབ་པའི་ ངང་དུ་ཤིཐོ་བ་བཏེགས་པ་ན་སླར་སོས་ཏེ་སྔར་བཞིན་སྡུག་བསྔལ་མྱོང་བའོ། །སྡུག་བསྔལ་ དེ་འདྲ་ཡང་ཡང་འབྱུང་བ་ནི། རང་གིས་སྔར་བསགས་པའི་ལས་གང་ཡོད་དང༌། དམྱལ་བར་ སྐྱེས་པས་ལས་གསར་བ་གང་བསག་རྣམས་མ་ཟད་བར་དུ་སྡུག་བསྔལ་གྱི་རྒྱུན་ཆད་པ་མེད་ པར་དུས་རྟག་ཏུ་འབྱུང་བའོ། །ཚེ་ཚད་ནི། མི་ལོ་ཉིས་བརྒྱ་ལྷ་འཐབ་བྲལ་གྱི་ཞག་གཅིག་ཏུ་ བརྩི་ཞིང་ལྷའི་ལོ་གཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་ གཉིས་སམ། མི་ལོ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི་རྣམས་བསྡུས་འཇོམས་ཀྱི་ཞག་ གཅིག་ཏུ་བརྩིས་པས་རང་ལོ་སྟོང་ཕྲག་གཉིས་ཀྱི་བར་དུ་སྡུག་བསྔལ་མྱོང་བའོ། ། བཞི་པ་ངུ་འབོད་ནི། དེར་སྐྱེས་པ་དག་གཤིན་རྗེ་དང༌། སྲོག་ཆགས་འཇིགས་སུ་རུང་བ་ 8-1-53 དུ་མས་དེད་པ་ན་རྒྱང་རིང་པོ་ནས་ཁང་པ་དཀར་པོ་ཞིག་མཐོང་ནས། དེར་སོང་ན་བདེའོ་ སྙམ་ནས་དེར་བརྒྱུགས་ཏེ་ནང་དུ་ཕྱིན་པ་ན། ལྕགས་ཁང་མེ་འབར་བ་སྒོ་མེད་དུ་གྱུར་ནས་ ལུས་ཕྱི་ནང་མེད་པར་བསྲེག་པས་དྲག་ཏུ་ངུ་བའི་སྒྲ་སྙིང་དཀྱིལ་དུ་ཟུག་པའི་འོ་དོད་འབོད་དོ། །ཚེ་ཚད་ནི་མི་ལོ་བཞི་བརྒྱ་ལྷ་དགའ་ལྡན་གྱི་ཞག་གཅིགདགའ་ལྡན་གྱི་ལོ་བཞི་སྟོང་ངུ་འབོད་ ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་བཞི་འམ། མི་ལོ་དུང་ཕྱུར་ལྔ་དང་བྱེ་བ་བདུན་ས་ཡ་ དྲུག་ལ་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་བཞིའི་བར་དུ་སྡུག་བསྔལ་མྱོང་དགོས་སོ། ། ལྔ་པ་ངུ་འབོད་ཆེན་པོ་ནི། གོང་དང་འདྲ་བ་ལས་ལྕགས་བསྲེག་གི་ཁང་པ་ཉིས་རིམ་དུ་ ཚུད་པས་སྒོ་ཕྱི་ནང་གཉིས་ཀ་ལྕགས་ཞུན་གྱིས་ཞལ་བ་བྱས་པས་མེ་དྲག་ཏུ་འབར་བས་ནང་ མ་ལས་ཐར་ཀྱང་ཕྱི་མ་ལས་མི་ཐར་བར་ཤེས་པས་འོ་དོད་ཆེན་པོས་འབོད་པའོ། །ཚེ་ཚད་ནི། མི་ལོ་བརྒྱད་བརྒྱ་ལྷ་འཕྲུལ་དགའི་ཞག་གཅིག་ཏུ་བྱས་པའི་ལྷའི་ལོ་བརྒྱད་སྟོང་ངུ་འབོད་ ཆེན་པོའི་ཞག་གཅིག་ཏུ་བརྩིས་པས་རང་ལོ་བརྒྱད་སྟོང་ངམ། མི་ལོ་དུང་ཕྱུར་ཉེར་ གསུམ་དང་ས་ཡ་བཞི་ལ་ཞག་གཅིག་ཏུ་བརྩིས་པས་རང་ལོ་སྟོང་ཕྲག་བརྒྱད་དོ། ། དྲུག་པ་ཚ་བ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་བརྒྱུད་པར་བགྱིད། །ཅེས་གསུངས་པ་ལྟར་དམྱལ་སྲུང་རྣམས་ཀྱིས་ ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་ངོས་ཐམས་ཅད་ཚེར་མ་རྣོན་པོས་ཁྱབ་པ་དེས་སྤྱི་ བོ་ནས་བཤང་ལམ་གྱི་བར་ཐལ་བྱུང་དུ་ཕུག་ནས་ནང་ཁྲོལ་ཐམས་ཅད་འབར་ཞིང་མིགརྣ་བ། སྣ། ཁ། བ་སྤུའི་བུ་ག་ཐམས་ཅད་ནས་མེ་ལྕེ་དུ་བ་སྟུད་མར་བྱུང༌། ཡང་བཤང་ལམ་ནས་སྤྱི་ བོར་ཐལ་བྱུང་དུ་ཕུག་པ་སོགས་རེས་མོས་བྱེད། ལྕགས་སྣོད་ཆེན་པོ་སྟོང་གསུམ་ཙམ་གྱི་ནང་ དུ་ཁྲོ་ཆུ་ཁོལ་མས་བཀང་བའི་ནང་དུ་སེམས་ཅན་གྲངས་མེད་པ་བཙོ་བསྲེག་བྱེད་སྐབས་སྟེང་ དུ་ཐོན་པ་རྣམས་ལ་ལས་མཁན་གྱིས་ལྕགས་ཀྱུས་བཟུང་སྟེ། མགོ་ལ་ཐོ་བས་བསྣུན་པས་དྲན་ 8-1-54 པ་ཉམས་པའི་ཚེ་སྡུག་བསྔལ་གྱི་ཚོར་བ་མི་བཟོད་པ་འབྱུང༌། དེལྟར་རང་གི་ལས་མ་ཟད་བར་ རྒྱུན་དུ་འབྱུང་བ་ཡིན་ནོ། །ཚེ་ཚད་ནི། མི་ལོ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ལྷ་གཞན་འཕྲུལ་ དབང་བྱེད་ཀྱི་ཞག་གཅིགལྷའི་ལོ་ཆིག་ཁྲི་དྲུག་སྟོང་ཚ་བའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ ཁྲི་ཕྲག་གཅིག་དང་དྲུག་སྟོང་ངམ། མི་ལོ་དུང་ཕྱུར་དགུ་བཅུ་གོ་གཉིས་དང་བྱེ་བ་གཅིག་དང་ ས་ཡ་དྲུག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་དྲུག་གོ། ། བདུན་པ་རབ་ཏུ་ཚ་བ་ནི། སློབ་སྤྲིངས་ལས། དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། །ཁུ་བ་འབར་བས་འཁྲིགས་པ་ལྡུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་ བ། །ཚེར་མ་ཅན་ལ་ཀུན་ཏུ་བརྒྱུད་པར་བགྱིད། །ཅེས་གསུངས་པ་ལྟར་གོང་དུ་བཤད་པ་དེ་ འདྲའི་སྟེང་དུ་ལྕགས་ཁྱིམ་མེ་འབར་བའི་ནང་དུ་ལས་མཁན་རྣམས་ཀྱིས། ལྕགས་ཟངས་མེ་ འབར་བ་ཆེན་པོར་འགྱུར་བྱེད་ཀྱི་ཁྲོ་ཆུ་བཞུས་པས་ཁུ་བ་རབ་ཏུ་འབར་བའི་ནང་དུ་བཅུག་ ནས་ཤ་རྣམས་ཞིག་ནས་རུས་ཀོང་འབའ་ཞིག་གྱུར་པའི་དུས་སུ་ཡང་ཕྱིར་ཕྱུང་ནས་ལྕགས་ བསྲེགས་ཀྱི་སྣམ་བུས་ལུས་དཀྲིས་པ་དང༌། གཞན་ཡང་ཁ་ཅིག་གསལ་ཤིང་ཚེར་མ་ཅན་རྩེ་ གསུམ་པ་མེ་འབར་བས་རྐང་མཐིལ་ནས་གཉིས་དང༌། འོག་སྒོ་ནས་བསྣུན་ཏེཕྲག་པ་གཉིས་ དང་སྤྱི་བོར་ཕུད་དེ་བུ་ག་ཐམས་ཅད་ནས་མེ་ལྕེ་དང༌། རྣག་ཁྲག་སྟུད་མར་འབྱུང་བ་དང༌། ཡང་ གསལ་ཤིང་ཚེར་མ་ཅན་རྩེ་གསུམ་པ་མེ་འབར་བས་སྤྱི་བོ་དང༌། ཕྲག་པ་གཉིས་ནས་བཙུག་ སྟེ་རྐང་མཐིལ་གཉིས་དང༌། འོག་སྒོར་འབྱིན་པས་སླར་ཡང་སྔར་ལྟར་ཡང་ཡང་བསྣུན་པས་ སྡུག་བསྔལ་འབྱུང་བའོ། །སློབ་དཔོན་ཙནྡྲ་གོ་མིས། དམྱལ་མེ་དུ་བ་ཆེ་དགུ་གནམ་ས་འཐུལ་ བས་གནམ་མདོག་འགྱུར། །མེ་ལྕེ་ལག་མང་རྣམ་པར་འཕྲོས་ནས་ཕྱོགས་ཀྱི་དཀྱིལ་འཁོར་ ཁེབས། །རུས་ཀོང་དཀར་དུམ་ཕྲེང་བའི་རྒྱན་གྱིས་སྤུད་པས་སྐྱི་གཡའ་བ། །གླེན་གོས་གྱོན་ སྡིག་ཐབས་ཀྱེ་མ་ཀྱེ་མ་ཧུད་ཟེར་བ་བཞིན། །ཞེས་དང། རྗེ་བཙུན་ཏཱ་ར་ནཱ་ཐས། ཁྲོ་ཆུ་འབར་ 8-1-55 བའི་གཏིང་དུ་འཇུག་པ་དང༌། །ལྕགས་ཀྱི་ཐང་ལ་ལན་བརྒྱར་བགྲེ་བ་སོགས། །སྡུག་བསྔལ་ བསམ་ན་དབང་མེད་སྐྱི་ཤ་བུང༌། །ཞེས་གསུངས་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་སྟེང་ དུ་ནད་རིགས་སྣ་ཚོགས་ཀྱིས་བཏབ་པ་སོགས་ཇི་བཞིན་བརྗོད་ལས་འདས་སོ། །དམྱལ་བ་ འོག་མ་རྣམས་ལ་རང་རང་གི་སྡུག་བསྔལ་དེ་མ་ཟད་དམྱལ་བ་ཡང་སོས་སྡུག་བསྔལ་དེ་ཐིག་ ནག་མན་ཆད་བདུན་ཀ་ལ་ཡོད་པ་སོགས་གོང་མ་གོང་མའི་སྡུག་བསྔལ་ཐམས་ཅད་དམྱལ་བ་ འོག་མ་འོག་མ་རྣམས་ལ་ཚང་བར་ཡོད་ཅིང༌། ཐིག་ནག་གི་འདྲ་གཅོད་ཀྱི་སྡུག་བསྔལ་དེ་ནི་ ཡང་སོས་ལས་ལྷག་པ་ཡིན་པ་སོགས་འོག་མ་འོག་མའི་རང་རང་གི་སྡུག་བསྔལ་དུ་བཤད་པ་ རྣམས་ནི་དམྱལ་བ་གོང་མ་རྣམས་ལ་མེད་པའི་ལྷག་པ་ཡིན་ནོ། །སློབ་སྤྲིངས་ལས། རབ་ཏུ་ ཚ་ཕྱེད་མནར་མེད་ནི་བར་གྱི་བསྐལ་པའོ། །ཞེས་གསུངས་པ་ལྟར། རབ་ཏུ་ཚ་བའི་ཚེ་ཚད་ནི། བསྐལ་བ་ཕྱེད་ཐུབ་པ་སྟེ། མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས་པའོ། ། བརྒྱད་པ་མནར་མེད་པ་ནི། ཤར་ཕྱོགས་ཀྱི་ས་གཞིར་དཔག་ཚད་མང་པོ་མེ་འབར་བ་ དེ་ཉིད་རབ་ཏུ་མཆེད་དེ། དམྱལ་བའི་སེམས་ཅན་རྣམས་ཀྱི་པགས་པ་དང་ཤ་དང་རུས་པ་ རིམ་གྱིས་འབར་ནས་རྐང་ལ་ཐུག་ཅིང་འབར། སྙིང་ནས་ཀྱང་ཕྱིར་རིམ་གྱིས་པགས་པའི་ བར་དུ་འབར་བས་མེལྕེའི་ཕྲེང་བས་ལུས་ལ་དཀྲི་ཞིང་འཁྱུད་པ་དང༌། ཡང་ཕྱོགས་གཞན་ གསུམ་ནས་ཡང་དེ་ལྟར་འབར་བས་མེ་དང་ལུས་དབྱེར་མེད་དུ་སོང་ཞིང་དེ་ལས་མནར་རྒྱུ་ མེད་པས་སྡུག་བསྔལ་བ་སྟེ། སློབ་སྤྲིངས་ལས། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་ན། །སྤྱི་ཚུགས་འབྲས་ཀྱི་ཐུག་པ་བཞིན་དུ་འཚེད། །ཅེས་གསུངས་པ་ལྟར་ཁ་ཅིག་ལྕགས་ལས་ བྱས་པའི་ཟངས་ཆེན་མེ་འབར་བའི་ནང་དུ་ཁྲོ་ཆུའི་ཁུ་བའམ་ཟངས་དང་ཞ་ཉེ་བཞུས་པའི་ཁུ་ བའི་ནང་དུ་མགོ་བོ་ཐུར་དུ་ལྷུང་སྟེ་འབྲས་ཀྱི་ཐུག་པ་བསྐོལ་བ་བཞིན་དུ་བསྲེགས་པས་སྡུག་ བསྔལ་བཟོད་གླགས་མེད་པ་མྱོང་བས་དུས་འདའ་བ་སྟེ། ད་སྐབས་སུ་བདག་ཅག་མེ་ཆེན་ 8-1-56 པོས་བསྲེག་ན་ཚོད་ཙམ་ཞིག་ནས་མེ་མང་ཡང་ལྷག་པར་ཚ་བ་ཡང་མེད། སྡུག་བསྔལ་མང་ བཞིན་སེམས་ཡང་འཐིབས་ནས་འགྲོ་མོད། དམྱལ་བ་རྣམས་ནི་དེ་ལྟར་མ་ཡིན་ཏེ། ལས་ དབང་གིས་སྡུག་བསྔལ་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་སེམས་ཡང་ཇེ་གསལ་ཇེ་གསལ་དུ་འོངས་ ནས་སྡུག་བསྔལ་ཀུན་སྐད་ཅིག་ལ་མྱོང་ནུས་ཤིང༌། ལས་མ་ཟད་པར་ལོ་གྲངས་མེད་དུ་མེ་ དྲག་ཏུ་འབར་ཀྱང་ལུས་ཀྱི་བུད་ཤིང་ནི་ཟད་རྒྱུ་མེད། གཞན་ཡང་ལས་མཁན་རྣམས་ཀྱིས་ ལྕགས་བསྲེགས་ཀྱི་དུམ་བུའི་སོལ་བ་རི་ཙམ་སྤུངས་པའི་དབུས་སུ་དམྱལ་བའི་སེམས་ཅན་ གྲངས་མེད་པ་བཅུག་ནས། སྟག་གཟིག་གི་སྦུད་པ་བུས་པས་མེ་དང་ལུས་གཉིས་དབྱེར་མེད་ དུ་གྱུར། སྡུག་བསྔལ་གྱི་ཚོར་བ་ཤིན་ཏུ་རགས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས་སེམས་ ཅན་མི་མཐོང་ཡང་ཐར་འདོད་རྒྱུན་ཆད་མེད་པར་སྐྱེ་ཡང་ཐར་བའི་དུས་མེད། བར་སྐབས་མེ་ སྒོ་ཅུང་ཟད་རེལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས། ཕྱེ་བས་བྲོས་ པར་རློམ་པ་ན། ལས་མཁན་རྣམས་ཀྱིས་མདའ་བོ་ཆེ་དང༌། དབྱུག་པ་དང་ཐོ་བ་ལ་སོགས་ པས་བསྣུན་ཅིང༌། ཁྲོ་ཆུ་ཁོལ་མ་ཁར་བླུག་པ་སོགས་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་ ཚང་བར་མྱོང༌། ཡང་ལྕེ་ཕྱུང་སྟེ་ཕྱོགས་ཀུན་ནས་ལྕགས་ཀྱི་ཕུར་བ་མང་པོས་བརྒྱངས་ཏེ་ཁམ་ ཁུམ་མེད་པར་བྱེད་པ་དང༌། ཡང་དེ་ལྟར་བརྒྱངས་ནས་ལྕེ་ལ་རྨོས་དོར་ལྔ་བརྒྱས་རྨོས་པ་དང༌། ལྕགས་བསྲེག་གི་རི་ཆེན་པོ་ལ་འབབ་འཛེགས་བྱེད་དུ་འཇུག་པ་དང༌། ལྕགས་བསྲེག་གི་ ས་གཞི་ལ་གན་རྐྱལ་དུ་བཞག་སྟེ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཁ་ཕྱེ་བའི་ནང་དུ་ལྕགས་ཀྱི་ཐུ་ ལུམ་མེ་འབར་བ་དང་ཟངས་ཞུན་བསྐོལ་བ་སོགས་ཁར་བླུག་སྟེ་ལྐོག་མ་དང་ནང་ཁྲོལ་རྣམས་ ཚིག་ནས་ཚིག་ཕྱེ་རོ་སྨད་ནས་ཕྱུང་བ་སོགས་ཀྱང་ཡོད་པར་བཤད་ལ། མར་མེའི་སྡོང་བུ་ལ་ མེ་འབར་བ་ལྟར་དམྱལ་བའི་སེམས་ཅན་གྱི་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་མེ་འབར་བས་མེ་ ལྕེ་དང་དམྱལ་བའི་སྲོག་ཆགས་གཉིས་སོ་སོར་དབྱེ་བ་ཕྱེད་མི་ཐུབ་སྟེ་མེའི་ནང་དུ་སྨྲེ་སྔགས་ 8-1-57 འདོན་པ་ཙམ་ཡོད་པ་ལས་སེམས་ཅན་ཡོད་པར་རྗེས་སུ་དཔག་པས་ཤེས་སོ། །སླར་ཡང་ སློབ་སྤྲིངས་ལས། རབ་ཏུ་ཚ་ཕྱེད་མནར་མེད་ནི་བར་གྱི་བསྐལ་བའོ། །ཞེས་གསུངས་པ་ལྟར། རབ་ཚའི་ཚེ་ཚད་བསྐལ་ཕྱེད། མནར་མེད་ཚེ་ཚད་བར་གྱི་བསྐལ་པ་གཅིག་ཏུ་སྡུག་བསྔལ་ མྱོང་དགོས་སོ། །འདི་ནི་ཆོས་སྤངས་ཀྱི་ལས་དང་མཚམས་མེད་པའི་ལས་བྱས་པའི་སེམས་ ཅན་དང༌། སྔགས་སུ་ཞུགས་ནས་རྡོ་རྗེ་སློབ་དཔོན་ལ་ལོག་ལྟ་སྐྱེས་པ་སོགས་སྐྱེ་བའི་གནས་ ཡིན་ཏེ། ལས་གཞན་གྱིས་འདིར་སྐྱེ་མི་ནུས་སོ། །དེ་ལྟ་བུའི་ཚ་དམྱལ་གྱི་སྡུག་བསྔལ་དེ་ བཟོད་ནུས་པ་ག་ལ་ཡོད། ད་ལྟ་མེ་སྟག་ཕྲ་མོ་ཙམ་གྱི་སྡུག་བསྔལ་བཟོད་མི་ནུས་ན། དམྱལ་ བའི་སྡུག་བསྔལ་དེས་ནི་དེལྟར་དྲགཡུན་ནི་དེ་ལྟར་རིང༌། བདག་གིས་སྡུག་བསྔལ་ཅུང་ཟད་ ཙམ་མི་བཟོད་ན་དམྱལ་བའི་སྡུག་བསྔལ་འདི་ལྟ་བུ་མི་འབྱུང་བའི་གདེང་ནི་མེད། འབྱུང་བའི་ རྒྱུ་ཁོང་ཁྲོ། འདོད་ཆགས། གཏི་མུག་ལ་སོགས་པའི་མི་དགེ་བའི་ཉེས་སྤྱོད་ཀྱི་ལས་རྣམས་ ནི་ཉི་མ་རེ་རེ་ལ་ཡང་ལན་བརྒྱ་ཕྲག་རེ་འབྱུང་གིན་འདུགད་ལྟ་མ་བསག་ཀྱང་ཐོག་མ་མེད་ པའི་དུས་ནས་ལས་ངན་གྲངས་མེད་པ་བདག་གི་རྒྱུད་ལ་ཡོད། སྡུག་བསྔལ་དེ་ཐོག་ཏུ་བབ་ན་ ཅིབྱེད་སྙམ་དུ་སྐྱོ་ཤས་ཡང་ཡང་དྲངས། ད་སྐབས་སུ་བདག་གི་ལུས་ཀྱི་ཕྱི་ནང་ཀུན་མེ་འབར་ བ་ཞིག་ཞིབ་ཏུ་བསམ་སྟེ་བསྒོམ་ན་དེ་མི་བཟོད་པར་མཐོང་ན། དམྱལ་བའི་སྡུག་བསྔལ་དོས་ དྲག་ལ་ཡུན་རིང་བ་འདི་བདག་གི་ཐོག་ཏུ་བབ་ཚེ་ག་ལ་བཟོད་ངེས་པར་བཟོད་མི་ནུས་པས་ དེར་མི་སྐྱེ་བའི་ཐབས་ཁོ་ན་ད་ལྟ་ཉིད་དུ་འབད་པར་བྱ་དགོས་ཏེ། དམྱལ་བའི་གནས་དེར་སྐྱེ་ བའི་རྒྱུ་མི་དགེ་བ་བཅུ་སོགས་སྡིག་པ་གསར་དུ་མི་བྱེད་སྔར་བྱས་པ་ཐམས་ཅད་ཀྱང་གཉེན་ པོས་དག་པར་སྦྱངས་ན་དམྱལ་བར་མི་སྐྱེ་བའི་ཐབས་དེ་ཁོ་ན་ཡིན། ད་ནི་ཚ་དམྱལ་བརྒྱད་ པོར་མི་སྐྱེ་བའི་ཕྱིར་དུ་ཆོས་ལ་བསམ་པ་རྩེ་གཅིག་ཏུ་བྱས་ནས་འབད་པར་བྱའོ། ། <2> ཉེ་འཁོར་བ། 8-1-58 གཉིས་པ་ཉེ་འཁོར་བ་ནི། ཚ་དམྱལ་བརྒྱད་པོ་རེ་རེ་ལའང་ལྕགས་ཀྱི་ར་བས་བསྐོར་ ཞིང་ར་བ་རེ་རེའི་ཕྱོགས་རེ་རེ་ལ་སྒོ་རེ་རེ་ཡོད་ལ། སྒོ་རེ་རེ་ལའང་དམྱལ་བ་ལྷག་པ་བཞི་ བཞི་ཡོད་དེ། མངོན་པ་མཛོད་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་ བཞི་ན། །མེ་མ་མུར་དང་རོ་མྱག་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་གསུངས་པ་ ལྟར། དེ་ཡང་ཚ་དམྱལ་བརྒྱད་པོའི་ཕྱོགས་རེ་རེ་ལ་ཡང༌། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་ འདམ། སྤུ་གྲིས་གཏམས་པའི་ལམ་སོགས་དང༌། ཐལ་ཚན་གྱི་ཆུ་བོ་རབ་མེད་བཞི་ནི། ཤར་ ཕྱོགས་ན་བཞི། ལྷོ་ན་བཞི། ནུབ་ན་བཞི། བྱང་ན་བཞི་ཡོད། ཚ་དམྱལ་བརྒྱད་པོ་རེ་རེ་ལ་ ཡང་ཕྱོགས་བཞིར་རྩིག་ངོས་རེ་རེ་ཡོད་པ་རྩིག་ངོས་རེ་རེ་ལ་སྒོ་ཆེན་རེ་རེ་ཡོད་པ་ཉེ་འཁོར་ དེ་དག་གི་ཕྱི་རོལ་ཏུ་ལྕགས་ཀྱི་ར་བས་བསྐོར་བ་དང༌། ར་བ་དེ་ལའང་ཕྱོགས་བཞིར་སྒོ་ཤིན་ ཏུ་ཆེན་པོ་ཡངས་ཤིང་རྒྱ་ཆེ་བ་རེ་རེ་ཡོད་པ་སྟེ། དང་པོ་མེ་མ་མུར་གྱི་འོབས་ནི་ར་བ་དེ་དང་ འདབ་ཆགས་སུ་འོབས་མེ་འདགས་གིས་གང་བ་ཁ་ཞེང་ཤིན་ཏུ་ཆེ་བ་ཡོད་དེ་གནས་དེར་དང་ པོ་ཉིད་ནས་སྐྱེས་པའི་བར་དོ་ལས་ཚེ་འཕོས་ནས་འདིར་སྐྱེ་བ་དང༌། ཡང་ན་ཚ་དམྱལ་དངོས་ གཞི་ནས་འདིར་སྐྱེ་བ་གཉིས་ཡོད་པར་བཤད། སྔོན་བསགས་ཀྱི་ལས་ཆེ་ཆུང་གི་དབང་ལས་ མེ་མ་མུར་པུས་མོ་ནུབ་ཙམ་མམ། སྐེད་པ་ནུབ་ཙམ་མམ། ལུས་ཚང་མ་ནུབ་པ་སོགས་མ་ངེས་ པར་འབྱུང༌། སེམས་ཅན་རྣམས་ཀྱི་ལུས་ཀྱི་ཤ་ལྤགས་ཀུན་བསྲེགས་ནས་ཞིག་པ་ན། སླར་ ཡང་སྟེང་དུ་བཏེག་ཚེ་ལུས་སྔར་བཞིན་དུ་གྲུབ། ཡང་ནུབ་པ་སོགས་ཀྱི་སྡུག་བསྔལ་མྱོང་བས་ དུས་འདའ་བའོ། །འབྲོས་པར་འདོད་ཀྱང་མགོ་འཁོར་བས་སླར་ཡང་འོབས་དེར་ཚུད་པར་ འགྱུར་རོ། །དམྱལ་སྲུང་འཇིགས་སུ་རུང་བ་རྣམས་ཀྱིས་འོབས་ཀྱི་མཐའ་བསྐོར་ཏེ་འབྲོས་སུ་ མི་སྟེར་རོ། །གཉིས་པ་རོ་མྱགས་ཀྱི་འདམ་ནི། སྔ་མ་དང་འདབས་ཆགས་པ་ན་ཕྱི་ས་བཤང་ གཅི་སོགས་དྲི་མི་ཞིམ་པའི་འདམ་དུ་ཚུད་པའི་སེམས་ཅན་རྣམས་ཀྱི་མགོ་གས་པ་ཙམ་དུ་བྱེད་ 8-1-59 ཅིང༌། འདམ་གྱི་ནང་ནས་སྲིན་བུ་ལྕགས་ཀྱི་མཆུ་ཅན་དུ་མས་ཤ་ལྤགས་ཁྲག་དང་རུས་པ་ རྣམས་ཟ་ཞིང་ཟད་པར་བྱེད་པ་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་སོ། ། གསུམ་པ་སྤུ་གྲིས་གཏམས་པའི་ལམ་ལ་སོགས་པ་ནི། དེ་དང་འདབས་ཆགས་པ་ན་ ས་གཞི་ཐམས་ཅད་སྤུ་གྲིའི་སོས་གཏམས་པའི་གནས་ལ། དེར་སྐྱེས་པའི་སེམས་ཅན་དེས་ ནེའུ་སིང་དུ་མཐོང་ནས་གནས་དེར་འཚོལ་བ་ལ་སོང་བ་དང་ཐུག་པའི་ཐང་སྔོན་པོ་ས་གཞི་ ཐམས་ཅད་སྤུ་གྲི་སོར་བཞི་པ་དུ་མས་བར་མཚམས་མེད་པར་གཏམས་པའི་གནས་དེར་རྐང་ པ་བཞག་པ་ན་ཤ་ལྤགས་ཐམས་ཅད་གཅོད། བཏེག་པ་ན་ཡང་སོས་པ་ལ་སོགས་པའི་སྡུག་ བསྔལ་མྱོང་བ་མ་བཟོད་པས་འགྱེལ་བས་ལུས་ཐམས་ཅད་གཅོད་པའི་སྡུག་བསྔལ་མྱོང་བའི་ ལས་མ་ཟད་བར་དུས་འདའ་བའོ། །དེ་དང་འདབས་ཆགས་སུ་མཛོད་ཀྱི་སོགས་ཁོང་ནས་ བྱུང་བའི་རལ་གྲི་ལོ་མའི་ནགས་ཚལ་ཞེས་པ་ནི། སྔར་བཞིན་གྱི་དེར་སྐྱེས་པའི་སེམས་ཅན་ དེ་ནགས་ཚལ་སྔོན་པོར་མཐོང་ནས་དེར་སོང་ན་བསིལ་བ་ཡོད་པས་བདེའོ་སྙམ་སྟེ་དགའ་ བས་དེར་ཕྱིན་པ་ན། ནགས་ཀྱི་ལོ་མ་ཐམས་ཅད་རལ་གྲི་དང་སྟ་རེ་དགྲ་སྟ་ལ་སོགས་པའི་ མཚོན་ཆར་གྲུབ་ཡོད་པ་དེ་རླུང་གིས་བསྐྱོད་པས་ཆད་ནས་ཆར་བ་ལྟར་བབས་ཏེ། སེམས་ ཅན་རྣམས་ཀྱི་ལུས་དུམ་བུ་མང་པོར་བྱེད་པའི་སྒོ་ནས་དུས་འདའ་བའོ། །ཤལ་མ་ལིའི་སྡོང་ པོ་ནི། དེ་དང་འདབས་ཆགས་པ་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་པ་ལ་གནས་ འཚོལ་དུ་སོང་བ་ལ་ཁྱི་སྲེ་བོ་འཇིགས་སུ་རུང་བ་སོགས་སྲོག་ཆགས་གདུག་པ་ཅན་མང་པོས་ དེད་པ་ན་ཤལ་མ་ལིའི་སྡོང་པོར་འཛེགས་པ་ན་ལྕགས་ཀྱི་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ ཁ་ཐུར་དུ་བསྟན་པ་མང་པོ་ཡོད་པས། དེ་དག་གིས་ལུས་ཀྱི་པགས་པ་དང༌། ཤ་དང་རུས་པ་ དང་ནང་ཁྲོལ་གྱི་བར་དུ་འབིགས་ཤིང་གཤག་བཞིན་དུ་རྩེར་སླེབ་པ་ན། ཁྭ་ལ་སོགས་པའི་ གདུག་པའི་བྱ་རྣམས་ཀྱིས་མིག་འབྲུ་ཞིང་ཀླད་པ་ཟ་བ་དང་ལྟོ་བ་འདྲལ་བ་ལ་སོགས་པའི་ 8-1-60 སྡུག་བསྔལ་མང་དུ་བྱེད་ཅིང༌། དེ་ལ་སྐྲག་ནས་ཡང་ཐུར་དུ་བབས་པ་ན། ཚེར་མ་དག་ཀྱང་ ཁ་གྱེན་དུ་བསྟན་ནས་སྔར་བཞིན་འབིགས་པ་ལ་སོགས་པའི་སྡུག་བསྔལ་མི་བཟོད་པ་མྱོང་ བཞིན་རྩར་སླེབ་པ་ན་སྔར་བཞིན་དེད་ནས་འཛེགས་པ་ལ་སོགས་པའི་སྡུག་བསྔལ་མི་བཟོད་ པ་མྱོང་དགོས་པའོ། །སྡོང་པོའི་རྩ་བར་ཕྱིན་པ་ན་སྔོན་བསགས་པའི་བྱེད་པ་རྒྱུ་མཐུན་དུ་བུད་ མེད་རྣམས་ལའང་ལྕགས་ཀྱི་སྐྱེས་པ་དང༌། སྐྱེས་པ་རྣམས་ལ་བུད་མེད་འཇིགས་སུ་རུང་བས་ འཁྱུད་པས་མགོ་བོ་ཁར་བཅུག་སྟེ་ལྡད་པས་འགྲམ་ཕུག་གཉིས་ནས་ཀླད་པ་སྐྱ་ཐལ་གྱི་འོང་ བ་སོགས་ཀྱིས་སྡུག་བསྔལ་བའོ། །སྤུ་གྲིའི་ལམ་ལ་སོགས་པ་གསུམ་པོ་དེ་ནི་མཚོན་ཆའི་ གནོད་པ་ཡིན་པ་ལ་རིགས་འདྲ་བས་གྲངས་གཅིག་ཏུ་བསྡོམས་པ་ཡིན། བཞི་པ་ཐལ་ཚན་གྱི་ ཆུ་བོ་རབ་མེད་ནི། དེ་དང་འདབས་ཆགས་པ་ན་འགྱུར་བྱེད་ཀྱི་ཆུ་བསྐོལ་བ་རབ་ཏུ་ཚ་བའི་ ཆུ་བོ་རབ་མེད་ཡོད་པ་ལ། རྒྱང་རིང་པོ་ནས་ཆུ་ཀླུང་འབབ་པར་མཐོང་ནས་དེར་དགའ་བས་ བརྒྱུགས་ཏེ་ཚམ་ཚོམ་མེད་པར་མཆོངས་པ་ན། ཆུ་ཀླུང་དེ་ནི་མེ་དང་ཆུ་འདྲེས་མ་ཤིན་ཏུ་ཚ་ བ་གཏིང་ཟབ་ལ་རྒྱ་ཆེ་བ་ཞིག་ཡིན་ལ། སེམས་ཅན་དེའི་ལུས་ཆུ་ནང་དུ་ནུབ་ཙམ་གྱིས་ཤ་ རྣམས་ཤིན་ཏུ་ཚོས་པས་ཤ་རུས་སོ་སོར་བྲལ་ཏེ། སྲོག་ནི་རུས་པ་ལ་གནས་ཏེ། ཀེང་རུས་སུ་ ཟང་གིས་སོང་བ་ན། སེམས་ཅན་དེ་ལས་དབང་གིས་ཆུའི་སྟེང་དུ་ཐོན། ཤ་ཐམས་ཅད་སྔར་ བཞིན་སྐྱེས་ནས་ཡང་ཆུ་ནང་དུ་ནུབ་སྟེ་ཚོས་པ་སོགས་ཀྱིས་དུས་འདའ་བའོ། །ཆུ་དེའི་འགྲམ་ གཉིས་ན་གཤིན་རྗེའི་སྐྱེས་བུ་དབྱུག་པ་དང་མཆིལ་བའམ་ལྕགས་ཀྱུ་ལ་སོགས་པ་བཟུང་བ་ རྣམས་ཀྱིས་འབྲོས་སུ་མི་སྟེར་ཞིང༌། མཆིལ་པས་ཕྱིར་ཕྱུང་ནས་མེ་འབར་བའི་ས་གཞི་ལ་ གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་འདྲི་ཁོ་བོ་བཀྲེས་སོ། །སྐོམ་མོ་ཟེར་བ་ན། ལྕགས་ཀྱི་ ཐོ་ལུམ་མེ་འབར་བ་ཁར་བཅུག་ཅིང་ཟངས་ཞུན་བསྐོལ་བ་ཁར་བླུག་པ་ལ་སོགས་པའི་སྡུག་ བསྔལ་མྱོང་བའོ། །ཅི་སྐྱེས་བུའི་ཆ་བྱད་ཀྱི་སྲུང་མ་དང༌། ཁྭ་ལྕགས་ཀྱི་མཆུ་ཅན་ལ་སོགས་པ་ 8-1-61 དམྱལ་སྲུང་གི་འཁོར་དེ་དག་སེམས་ཅན་ཡིན་ནམ་མ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་ སེམས་ཅན་ཡིན་པར་འདོད། མདོ་སྡེ་བ་རྣམས་སེམས་ཅན་མ་ཡིན་པར་འདོད། རྣལ་འབྱོར་ སྤྱོད་པ་བ་རྣམས་ནི་སེམས་ཅན་སྡིག་པ་བྱས་པའི་དབང་གིས་རང་གི་སེམས་ཅན་ཉིད་དེལྟར་ སྣང་བར་འདོད་དེ། དོན་འདི་དང་མཐུན་པར། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་ མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་ པས་གསུངས། །ཞེས་པ་ལྟར་རོ། །ཉེ་འཁོར་བ་བཞི་པོ་དེ་དག་ལ་ཚེ་ཚད་ངེས་པ་མེད་ཀྱང་ དེར་སྐྱེས་པ་རྣམས་མེ་མ་མུར་གྱི་འོབས་ལ་སོགས་པ་བཞི་པོ་སོ་སོར་ལོ་བརྒྱ་སྟོང་དུ་མའི་ བར་དུ་གནས་པས་དེ་དག་གི་སྡུག་བསྔལ་དོས་ནི་དྲག་ཡུན་ནི་རིང་ངོ་སྙམ་དུ་བསམ་མོ། །དེ་ ལྟར་བཤད་པའི་ཚ་དམྱལ་བརྒྱད་དང༌། ཉེ་འཁོར་ལྷག་པ་བཅུ་དྲུགལྕགས་ཀྱི་ཤལ་མ་ལི་ལ་ སོགས་པ་དེདག་གི་སྡུག་བསྔལ་རྣམས་ལ་རང་གིས་དཔྱད་པར་བྱ་སྟེ། དབེན་པར་སོང་ཏེ་ མིག་བཙུམ་ཞིང་རང་ཉིད་དམྱལ་བའི་གནས་དེར་སྐྱེས་པར་བསམ། འཇིགས་སྐྲག་དང་སྡུག་ བསྔལ་ད་སྐབས་སུ་རང་ལ་དངོས་སུ་འབྱུང་བ་ལྟ་བུ་བསམ། གནས་དེ་དག་ཏུ་སྐྱེ་བའི་རྒྱུ་ཡི་ གཙོ་བོ་ནི་ཞེ་སྡང་གི་ལས་ཡིན། རང་གིས་ཀྱང་ཚེ་རབས་འདི་དང་གཞན་དུ་ཉོན་མོངས་པ་ཞེ་ སྡང་གི་ལས་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་པས་ཕྱི་མར་དམྱལ་བའི་གནས་སུ་སྐྱེ་ ངེས། དེས་ན་ད་རེས་རང་གིས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མར་མཇལ། ཟབ་མོའི་གདམས་ངག་ཉན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཏུ་ཡོད་པའི་དུས་འདིར། ཕྱིན་ ཆད་ངན་སོང་གི་གནས་དེར་མི་སྐྱེ་བའི་ཐབས་ལ་འབད་དགོས་ཡང་ཡང་བསམ། སྔར་བྱས་ ཀྱི་ལས་ངན་བསགས་པ་རྣམས་ལ་འགྱོད་པ་དྲག་པོས་བཤགས་པ་དང༌། ཕྱིན་ཆད་དམྱལ་བ་ དེ་དག་ཏུ་སྐྱེ་བའི་ལས་སྲོག་ལ་བབས་ཀྱང་མི་བྱ་བའི་དམ་བཅའ་དྲག་པོ་བྱ་དགོས་པ་འདི་ལ་ 8-1-62 ནན་ཏན་དུ་འབད་པར་བྱ་བའོ། ། <3> གྲང་དམྱལ་བརྒྱད། གསུམ་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གྲང་དམྱལ་བརྒྱད་ནི། ཚ་དམྱལ་ བརྒྱད་ཀྱི་ཐད་སོར་དཔག་ཚད་ཁྲི་ཕྲག་གཅིག་གི་ཕ་རོལ་ན་ཡོད་ཅིང༌། འཛམ་བུའི་གླིང་འདི་ ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་སོང་བའི་ས་འོག་ན་ཆུ་བུར་ཅན་ཡོད་ལ། དེ་ནས་ས་འོག་ ཏུ་རིམ་པར་དཔག་ཚད་ཉིས་སྟོང་ཉིས་སྟོང་རེ་སོང་བའི་མཚམས་རྣམས་སུ་གྲང་དམྱལ་བདུན་ སྟེང་འོག་ཏུ་ཆགས་ཡོད་པ་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐས། གྲང་བས་ཉེན་ནས་བརྒྱ་ཚལ་སྟོང་ ཚལ་དུ། །རང་ལུས་གས་ཚེ་འཇིགས་པ་ཅིས་མི་སྐྱེ། །ཐོས་ཀྱང་འཇིགས་ལ་བསམ་ན་ཚུགས་ ཐབས་མེད། །ཅེས་གསུངས་པ་ལྟར། གྲང་དམྱལ་ཐམས་ཅད་གྱི་གནས་ནི་ཆབ་རོམ་གྱི་ཐང་ ཆེན་པོ་མཐའ་སྐོར་གངས་རིའི་ཕྲེང་བས་བསྐོར་བ། ཁ་བ་བུ་ཡུག་དང་རླུང་གྲང་མོའི་རེག་བྱ་ ཤ་ལྤགས་ཕུག་ནས་རུས་པ་དང་ནང་ཁྲོལ་གྱི་གཏིང་དུ་འགྲོ་བ་ལྟ་བུའི་གྲང་བས་ཕྱོགས་ཀུན་ ཁྱབ་པ། ལག་པ་རྐྱང་སྐུམ་ཙམ་མི་མཐོང་བ་གོས་ནི་ལྷན་པོ་ཙམ་ཡང་མེད། དྲོད་ནི་མེ་སྟག་ ཙམ་མེད། གྲང་དམྱལ་བརྒྱད་པོ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་ཉི་ཤུ་ཉི་ཤུས་འགྱུར་ གྱིས་གྲང་བར་མདོ་ལས་གསུངས་སོ། །དེ་ལྟ་བུའི་གནས་སུ་སྔོན་ལས་ཀྱིརྣམ་སྨིན་ཐོག་ཏུ་ བབས་པའི་གང་ཟག་སྟེ་གཅེར་བུ་གཞོན་ཤ་དང་ལྡན་ཞིང་ཚ་སྲན་ཆུང་བ་རིག་པ་མྱུར་ཞིང་ གསལ་བར་རྫུས་སུ་སྐྱེས་པའོ། །གྲང་དམྱལ་བརྒྱད་གྱི་སྡོམ་ནི། ཀུན་མཁྱེན་ཏཱ་ར་ནཱ་ཐས། ཆུ་བུར་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་ གསུངས་པ་ལྟར་གྲང་དམྱལ་དེར་སྐྱེས་པར་འགྱུར་བའི་སེམས་ཅན་དེ་ཡང་བར་དོའི་སྐབས་ སུ་ཐོག་མར་མེ་ནང་དུ་ཚིག་པ་ལྟ་བུའི་སྣང་བ་བྱུང་ནས་གྲང་བ་འདོད་པའི་སྐབས་སུ་རང་ 8-1-63 གང་དུ་སྐྱེ་བའི་གྲང་དམྱལ་མཐོང་འོང་། དེ་ནས་དེ་ཕྱོགས་སུ་བརྒྱུགས་ཏེ་སོང་བས་གནས་ དེར་ཚུད་ནས་དེ་མ་ཐག་ཐིམ་རིམ་ཡུན་ཐུང་བ་ཞིག་བྱས་ཏེ་ཤི་འཕོས་ནས་རྫུས་སྐྱེས་སུ་སྐྱེ་ བ་ལེན་པར་བཤད། དེ་ནས་གྲང་དམྱལ་སོ་སོའི་སྡུག་བསྔལ་བསམ་པ་དེ་ལ་དང་པོ་ཆུ་བུར་ ཅན་ནི། ཆེས་གྲང་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆུ་བུར་གྱིས་གང་ནས་ཡན་ལག་ཐམས་ ཅད་འཁུམས་ཏེ་དུས་རྟག་ཏུ་གནས་པའོ། །རྗེ་ཏཱ་ར་ནཱ་ཐས། གྲང་བས་ཉེན་ནས་པདྨའི་འདབ་ ལྟར་གས། །ཚེ་ཡི་ཚད་ནི་བརྒྱ་སྟོང་ས་མ་ཡ། །འདི་ལ་བཟོད་ཐབས་འདུག་གམ་སྙིང་མེད་ པོ། །ཞེས་པའི་དོན་གྲང་དམྱལ་བརྒྱད་ཀྱི། ཚེ་ཇི་སྲིད་ཐུབ་ཅེ་ན། བཅོམ་ལྡན་ཀྱིས་དེ་དག་ དཔེ་ཙམ་དུ། དགེ་སློང་དག་དཔེར་ན། འདི་ན་ཡུལ་མ་ག་དྷཱའི་ཏིལ་སྦྱང་ཁལ་བརྒྱད་ཅུ་འགྲོ་ བ་ཞིག་ཏིལ་གྱིས་བྱུར་བུར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་ རེ་རེ་ཕྱིར་བོར་ན། དགེསློང་དག་རིམ་པ་དེས་ན། ཡུལ་མ་ག་དྷཱའི་ཏིལ་སྦྱང་ཁལ་བརྒྱད་ཅུ་པོ་ དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། དགེ་སློང་དག་ཆུ་བུར་ཅན་ཉི་ཤུ་ཇི་ལྟ་ བ་དེ་བཞིན་དུ་ཆུ་བུར་བརྡོལ་བ་ཅན་གཅིག་ཡིན་ནོ། །ཞེས་པ་ནས། དགེ་སློང་དག་པདྨ་ལྟར་ གས་པ་ཉི་ཤུ་ཇིལྟ་བ་དེ་བཞིན་དུ། པདྨ་ལྟར་གས་པ་ཆེན་པོ་གཅིག་ཡིན་ནོ། །ཞེས་གསུངས་ སོ། །སློབ་དཔོན་དབྱིག་གཉེན་གྱིས། དེའི་དོན་མདོར་བསྡུས་ནས་བསྟན་པ་ནི། ཏིལ་སྦྱང་ ནང་ནས་ལོ་བརྒྱ་ཞིང༌། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། །ཞེས་གསུངས་པ་ལྟར་འོག་མ་རྣམས་ལ་དེའི་འགྲེས་སོ། ། གཉིས་པ་ཆུ་བུར་བརྡོལ་བ་ཅན་ནི། སྔ་མ་ལས་ཀྱང་ཉི་ཤུའི་འགྱུར་གྱིས་གྲང་ངར་ཆེ་བས་ ཆུ་བུར་རྡོལ་ནས་ཁྲག་དང་ཆུ་སེར་འཛག་ཅིང་དེ་ཡང་ཆབ་རོམ་ཏུ་འགྱུར་བཞིན་འཁུམས། སློབ་སྤྲིངས་ལས་ནི། ཆུ་སེར་གྱི་ནང་ལས་སྐྱེས་པའི་སྲོག་ཆགས་ཐམས་ཅད་ཀྱིས་ལུས་ཕྱི་ 8-1-64 ནང་འབུགས་ཤིང་ཟ་བར་ཡང་བཤད་དོ། །ཏིལ་སྦྱང་ཉི་ཤུ་ཐམ་པ་སྔར་བཞིན་ཟད་པའི་བར་ མྱོང་དགོས། གསུམ་པ་ཨ་ཆུ་ཟེར་བ་ནི། དེ་ལས་ཀྱང་ཉི་ཤུའི་འགྱུར་གྱིས་གྲང་བས་ཨ་ཆུ་ཨ་ཆུ་ཞེས་ སྐད་ཤུབ་ཤུབ་པོར་སྨྲ་ཞིང་དེ་ཚེ་ཚིག་འབྲུ་གོ་རྒྱུ་ཡོད་པ་ཅུང་ཟད་ཙམ་གྱི་སྨྲེ་སྔགས་འདོན་ པའོ། །སྡུག་བསྔལ་མྱོང་བའི་ཡུན་ཏིལ་སྦྱང་བཞི་བརྒྱ་རེ་སྔར་བཞིན་ཟད་པའི་བར་དུ་མྱོང་ དགོས་སོ། ། བཞི་པ་ཀྱི་ཧུད་ཟེར་བ་ནི། དེ་ལས་ཀྱང་ཉི་ཤུའི་འགྱུར་གྱིས་གྲང་ངར་ཆེ་བས་སྨྲེ་སྔགས་ འདོན་པའི་ཚིག་འབྲུ་མི་ཐོན་པ་སྐད་ཕྲ་མོ་ཙམ་འབྱིན་པ་ལ་སོགས་པའི་སྡུག་བསྔལ་དེ། ཏིལ་ སྦྱང་སྟོང་ཕྲག་བརྒྱད་ཀྱིས་ཏིལ་རྣམས་སྔ་མ་བཞིན་ཟད་པའི་བར་དུ་མྱོང་དགོས་པའོ། ། ལྔ་པ་སོ་ཐམ་པ་ནི། དེ་ལས་ཀྱང་ཉི་ཤུའི་འགྱུར་གྱི་གྲང་ངར་ཆེ་བས་ལུས་འདར་བས་ ཨོས་སྐོ་རེངས་ཤིང་དུ་སོང་ལ་སོ་འདར་ཁྲིག་ཁྲིག་ཏུ་རྡེབ་པའོ། །དེ་ལྟ་བུའི་སྡུག་བསྔལ་དྲག་ པོ་དེ་ཏིལ་སྦྱང་ཁྲི་ཕྲག་གཅིག་དང་དྲུག་སྟོང་གི་ཏིལ་རྣམས་སྔར་བཞིན་ཟད་པའི་བར་དུ་མྱོང་ དགོས་སོ། ། དྲུག་པ་ཨུཏྤལ་ལྟར་གས་པ་ནི། སྔ་མ་ལས་ཀྱང་ཉི་ཤུའི་འགྱུར་གྱིས་གྲང་ངར་ཆེ་བས་ སེར་བུས་གདུང་བས་ལུས་སྔོན་པོར་སོང་ཞིང་གྲང་ཆེས་པས་ལུས་ཐམས་ཅད་གས་ལ། གས་ ཁ་རེ་ལའང་ཚལ་བ་ལྔའམ་དྲུག་ཏུ་སོང་བ་དེ་འདྲ་བའི་སྡུག་བསྔལ་བཟོད་བླག་མེད་པ་དེ། ཏིལ་སྦྱང་ས་ཡ་གསུམ་དང་འབུམ་ཕྲག་གཉིས་སྔར་བཞིན་ཟད་པའི་བར་དུ་མྱོང་དགོས་སོ། ། བདུན་པ་པདྨ་ལྟར་གས་པ་ནི། ཡང་སྔ་མ་ལས་ཉི་ཤུའི་འགྱུར་གྱིས་གྲང་ངར་ཆེ་བས་ བསེར་བུས་ཡང་ཡང་གདུང་བས་སྔོན་པོའི་ཤུན་པ་ཕྲལ་ཏེ། པགས་པ་ཤིན་ཏུ་ཤ་མདོག་ དམར་པོར་གྱུར་ནས་ལུས་དུམ་བུ་བརྒྱ་ལ་སོགས་པར་གས་པའི་སྡུག་བསྔལ་ཤུགས་དྲག་ 8-1-65 པོ་དེ་འདྲ་སྟེ། ཏིལ་སྦྱང་བྱེ་བ་དྲུག་དང་ས་ཡ་བཞིའི་ཏིལ་སྔར་བཞིན་ཟད་པའི་བར་དུ་མྱོང་ དགོས་སོ། ། བརྒྱད་པ་པདྨ་ལྟར་ཆེར་གས་པ་ནི། སྔ་མ་ལས་ཀྱང་ཉི་ཤུའི་འགྱུར་གྱི་ཆེ་བའི་གྲང་ངར་ མཐར་ཐུག་པས་བཏབ་པས་ལུས་ཀྱི་ཆ་ཤས་རེ་རེའང་དུམ་བུ་བརྒྱ་ཚལ་སྟོང་ཚལ་དུ་གས་ པས་ནང་ཁྲོལ་རྣམས་ཕྱིར་ཐོན་ལ། དེལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ ཉུང་བསྡུས། ཡང་གས་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དེ་ཏིལ་སྦྱང་དུང་ཕྱུར་བཅུ་ གསུམ་དང་བྱེ་བ་བརྒྱད་ཀྱི་ཏིལ་རྣམས་ལོ་བརྒྱ་བརྒྱ་ནས་ཏིལ་འབྲུ་རེ་རེཕྱིར་ཕྱུང་བས་ཡོངས་ སུ་རྫོགས་པར་ཟད་པའི་བར་དུ་སྡུག་བསྔལ་མྱོང་དགོས་སོ། །ཀུན་མཁྱེན་ཏཱ་ར་ནཱ་ཐས། གྲང་ བས་ཉེན་ནས་བརྒྱ་ཚལ་སྟོང་ཚལ་དུ། །གས་པའི་དུས་ན་མགོན་སྐྱབས་གཞན་མ་མཆིས། །ཞེས་གསུངས་པ་ལྟར་གྲང་དམྱལ་དུ་སྐྱེས་ཟིན་སྐབས་སུ་གྲང་དམྱལ་བརྒྱད་ཀྱི་སྡུག་བསྔལ་ དེ་དོས་ནི་དེ་ལྟར་དྲགཡུན་ནི་དེ་ལྟར་རིང༌། འདི་ལྟ་བུའི་སྡུག་བསྔལ་ཅུང་ཟད་ཙམ་ད་སྐབས་ བཟོད་མི་ནུས་ན་ནམ་ཞིག་གྲང་དམྱལ་གྱི་སྡུག་བསྔལ་དེ་བདག་ལ་མི་འབྱུང་བའི་གདེང་ནི་ མེད། འབྱུང་བའི་རྒྱུ་ཁོང་ཁྲོ་ལ་སོགས་པའི་ཉེས་སྤྱོད་རྣམས་ནི་ཉི་མ་རེ་རེ་ལ་ཡང་ལན་བརྒྱ་ ཕྲག་རེ་འབྱུང་གིན་འདུགད་ལྟ་མ་བསག་ཀྱང་ཐོག་མེད་ནས་བསགས་པའི་ལས་ངན་གྲངས་ མེད་པ་བདག་གི་རྒྱུད་ལ་ཡོད། དེ་ཐོག་ཏུ་བབ་ན་ཅི་བྱེད་སྙམ་དུ་སྐྱོ་ཤས་ཡང་ཡང་དྲངས། <4> ཉི་ཚེ་བ། བཞི་པ་ཉི་ཚེ་བའི་སྡུག་བསྔལ་བསམ་པ་ནི། ཉི་ཚེ་བའི་དམྱལ་བའི་གནས་ནི་ས་འོག་ཏུ་ ཚ་གྲང་གི་དམྱལ་བ་རྣམས་ཀྱི་ཉེ་འཁོར་གྱི་བར་མཚམས་རྣམས་དང་ས་སྟེང་གི་རི་དང༌། ཐང་ དང༌། ཆུ་དང༌། ཀ་བ་དང༌། སྐས་དང༌། རྒྱ་མཚོའི་འགྲམ་ལ་སོགས་པ་ངེས་མེད་ལ་གནས། 8-1-66 ཚེ་ཡང་ངེས་པ་མེད་དེ་འགའ་ཞིག་དམྱལ་བ་དངོས་གཞི་རྣམས་ལས་ཚེ་རིང་བ་ཙམ་ཡང་ཡོད། ཁ་ཅིག་ཞག་གཅིག་གཉིས་སོགས་ཚེ་ཐུང་བའང་ཡོད། ལོ་བརྒྱ་ཐུབ་པ་དང༌། ལོ་སྟོང་དང་ཁྲི་ ལ་སོགས་པ་ཚེ་ལ་ངེས་པ་མེད་པ་ཡིན། སྡུག་བསྔལ་མྱོང་ཚུལ་ཡང་མ་ངེས་པ་སྣ་ཚོགས་མྱོང་ བ་ཡིན་སྟེ། མདོ་ལས། ཉིན་མོ་ས་གཞི་ཐམས་ཅད་རིན་པོ་ཆེའི་ས་གཞི། ལོངས་སྤྱོད་ཐམས་ ཅད་ལྷའི་ལོངས་སྤྱོད། སྐྱེས་པ་དང༌། བུད་མེད་ཐམས་ཅད་ལྷའི་བུ་དང་བུ་མོ་ལྟ་བུར་གྱུར་ནས་ ལྷའི་བདེ་བ་མྱོང་ངོ༌། །མཚན་མོ་ས་གཞི་ཐམས་ཅད་ལྕགས་བསྲེག་གི་ས་གཞི། བཟའ་བཏུང་ ཐམས་ཅད་ཁྲོ་ཆུ་ཁོལ་མ། སྐྱེས་པ་བུད་མེད་ཐམས་ཅད་ཕན་ཚུན་དགྲར་གྱུར་ནས་མཚན་ མོ་དམྱལ་བའི་སྡུག་བསྔལ་མྱོང་བ་སོགས་དུ་མ་བཤད་པ་རྣམས་དང༌། གངས་རིའི་ནང་དུ་ ལུས་ཀྱང་གངས་རི་ལྟ་བུར་སྐྱེས་ནས་གྲང་བས་འཁུམས་ཏེ་སྡོད་པ་དང༌། རྡོའི་ནང་དུ་ལུས་ རྡོ་ལྟ་བུར་སྐྱེས་ནས་བསྒུལ་བསྐྱོད་ཅུང་ཟད་ཀྱང་མི་ནུས་པ་དང༌། ཡང་གྲལ་གདན་གྱི་ནང་ དུ་གདན་ལྟ་བུའི་ལུས་སུ་སྐྱེས་ནས་གཞན་དག་གདན་ལ་སྡོད་པ་དང༌། གདན་སྟེང་དུ་འགྲོ་ འགྲུལ་བྱེད་པ་ན་རང་གི་ལུས་ཀྱི་སྟེང་དུ་སྡོད་པ་དང༌། ལུས་ཀྱི་སྟེང་དུ་འགྲོ་འགྲུལ་བྱེད་པའི་ སྡུག་བསྔལ་མྱོང་བའི་དམྱལ་བ་གདན་འདྲ་བ་དང༌། དེས་འགྲེས་ཏེ་དམྱལ་བ་རྩིག་པ་འདྲ་བ་ དང༌། གཏུན་བུ་འདྲ་བ་དང༌། འཕྲུ་བ་འདྲ་བ་དང༌། ལྗོན་ཤིང་འདྲ་བ་དང༌། ཕྱགས་ཤིང་འདྲ་ བ་དང༌། ཐབ་ཀ་འདྲ་བ་དང༌། ཐག་པ་འདྲ་བ་དང༌། ཀ་བ་འདྲ་བ་ལ་སོགས་པ་ལུས་ཀྱི་རྣམ་པ་ ཡང་མ་ངེས་པ་སྣ་ཚོགས་པ་ཡོད་དོ་སྙམ་དུ་བསམ་ཏེ། སྡུག་བསྔལ་རྣམ་པ་སྣ་ཚོགས་ཤུགས་ དྲག་པ་བཟོད་བླག་མེད་པ་དེ་འདྲ་བ་དེ། ལས་ཀྱི་ནུས་པ་མ་ཟད་བར་དུ་ཡུན་རིང་པོར་མྱོང་ དགོས་སོ། །ཉི་ཚེ་བའི་སྡུག་བསྔལ་དེ་ཡང་དོས་ནི་དྲགཡུན་ནི་རིང༌། ཞེས་བྱ་བ་ལ་སོགས་པ་ སྔ་མ་བཞིན་དུ་བསྒོམ་པས་སྐྱོ་ཤས་སོགས་བསྐྱེད། དཔེར་ན་སྔོན་འགྲོ་མགོན་གླིང་རྗེ་རས་ པས། མཚོ་མགོ་དེ་ལུང་གངས་ཆེན་དང༌། མཚོ་གཞུག་ཟས་མ་རྒུ་རུ་ལ་ཟུག་ནས་ཉིན་ལམ་ 8-1-67 མང་པོའི་བར་དུ་ཡོད་པའི་ཡར་འབྲོག་གཡུ་མཚོའི་ནང་ན་ཉ་གཟིགས་ནས་བཤུམ། ཨ་ཁ་ཁ་ དཀོར་མ་ཟ་དཀོར་མ་ཟ་གསུངས། དེ་ཅི་ལགས་ཞུས་པས། མཚོ་ནང་འདིར་བླ་མ་དཀོར་ཟན་ ཞིག་གི་རྣམ་ཤེས། ཉི་ཚེ་བའི་དམྱལ་བར་སྐྱེས་ཏེ་སྡུག་བསྔལ་མྱོང་གིན་འདུག་གསུངས། དེ་ སྟོན་ཞུས་པས། རྫུ་འཕྲུལ་གྱིས་མཚོ་སྐད་ཅིག་ལ་བསྐམ་ཙ་ན། ཉ་ཆེན་པོ་ཞིག་གི་ལུས་ཀྱིས་ མཚོ་གང་ཡོད་པ་ལ་སྲོག་ཆགས་གྲངས་མེད་པས་གོ་མཚམས་མེད་པར་གཏམས་ཏེ་ཟ་བཞིན་ ཡོད་པས་སྡུག་བསྔལ་མི་བཟོད་པས་འདྲེ་ལྡོག་བྱེད་ཀྱིན་འདུག འདི་ལྟ་བུའི་ལས་ངན་པ་སུ་ ཞིག་ཡིན་ལགས་ཞུས་པས། འདི་གཙང་བླ་རྟ་ནག་ཅན་གྱི་སྐྱེ་བ་ཡིན་གསུངས། གཙང་བླ་རྟ་ ནག་ཅན་ཞེས་བྱ་བ་དེ། ངག་ནུས་དང་བྱིན་རླབས་ཤིན་ཏུ་ཆེ་ཞིང་འདྲེ་གདོན་གྱིས་གནོད་པ་ རྣམས་ལ་ལྟ་སྟངས་བྱས་པ་ཙམ་གྱིས་ཕན་པ་སོགས་བྱུང་བས་དབུས་གཙང་རུ་བཞིའི་མཆོད་ གནས་སུ་གྱུར་ཏེ། གཤིན་པོའི་འབུལ་བ་བྱས་པ་སོགས་ལ་ཕཊ་སྒྲ་རེ་བྱས་ནས་རྟ་ཟོག་མང་ པོ་བླངས་འགྲོ་བ་ཞིག་ཡོད་པ་དེ་ཡིན། གཞན་ཡང་གྲུབ་ཆེན་ཐང་སྟོང་རྒྱལ་པོས། རྡོ་ཕ་བོང་ ཆེན་པོ་ཞིག་གི་སྟེང་དུ་རྩ་རླུང་གི་འཁྲུལ་འཁོར་མཛད་པས་རྡོ་དེ་ཕྱེད་ཚལ་དུ་གས་པའི་ནང་ ན་སྦལ་བ་ཆེན་པོ་ཞིག་གི་ལུས་ལ་སྲོག་ཆགས་ཆུང་ངུ་གྲངས་མེད་པ་འབྱར་ནས་ཟོས་པས་ སྡུག་བསྔལ་མི་བཟོད་པར་ཁ་ནག་དེང་དེང་འདུག་པ་འདི་ཅི་ལགས་ཞུས་པས། འདི་དམར་ མཆོད་བྱེད་པའི་བླ་མ་ཞིག་གི་སྐྱེ་བ་ཡིན་གསུངས། ད་ལྟ་བླ་མ་སེར་མོ་རྣམ་པ་ཚོ་ཡང༌། ཡོན་ བདག་གིས་འབྲི་གཡག་དང༌། ར་ལུག་ཚོ་བ་དང༌། རྒྱགས་པ་རེ་བཤས་ནས་མཚེར་བ་དང་ རྒྱུ་མ་སོགས་ཤ་ཚིལ་དང་ཁྲག་གིས་གཡོས་ནས་བཀང༌། ཚང་འབྲོང་གི་རྩིབ་ཤ་འདར་ཅུམ་ མེ་བའི་སྟེང་དུ་བཞག་ནས་དྲངས་ཙ་ན། མནབ་གཟན་དེ་དབུ་ལ་འཐེན་ནས། ནང་ཆུ་རྣམས་ བྱིས་པས་ནུ་མ་ནུ་ནུ་མཛད། ཕྱག་གྲི་དེ་ཁ་ཞིག་བླངས་ནས་ཕྱི་ཤ་རྣམས་དལ་བུས་གསོལ། བཞེས་པ་ཟིན་ཙམ་ན་ཞལ་སྣུམ་ཆིལ་ལེ་དབུ་རླངས་པ་ཕལ་ལེ། སྔར་གྱི་དེ་མ་ཡིན་པའི་རྒྱ་ 8-1-68 དམར་ཙིག་གེ་བ་ཞིག་བྱས་ནས་དབུ་བཏེག་འོང་བར་འདུག་སྟེ། ཚེ་འདིར་གསོལ་གསོལ་ བའི་བུ་ལོན་ཕྱི་མར་སྐུ་ལུས་ཀྱི་སྟེང་ནས་འཇལ་དགོས་བྱུང་ཙ་ན། ཉི་ཚེ་བའི་དམྱལ་གནས་སུ་ འོ་བརྒྱལ་ཆེན་པོ་ཡོད་པར་འདུགདེ་བཞིན་དུ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སྡེ་དགེ་ ན་བཞུགས་སྐབས། ཉིན་གཅིག་དེ་རིང་དངུལ་མདའི་ཆུ་ནང་འདིར་གང་བྱུང་ཡང་གཏོང་མི་ ཉན་ཞེས་གྲྭ་པ་མང་པོར་སྒུག་ཏུ་བཅུགཕྱི་དྲོ་ཙམ་ན་ཤིང་སྡོང་དུམ་ཆེན་པོ་ཞིག་ཆུས་ཁྱེར་བྱུང་ བ་དེ་བླངས་ནས་དེ་ལས་གཞན་གང་ཡང་མ་བྱུང་ཞུས་པས། དེ་ཡིན། སྡོང་དུམ་དེ་གཤོགས་ གསུངས། སྡོང་དུམ་གཤག་པའི་ནང་ན་སྦལ་བ་ཆེན་པོ་ཞིག་ལ་སྲོག་ཆགས་མང་པོས་ཟ་ཀྱིན་ འདུག་པ་དེ་ལ་ཁྲུས་ཆོག་སོགས་མཛད། སྡེ་དགེའི་གཉེར་པ་བོརྒྱས་བྱ་བ་ཞིག་གི་སྐྱེ་བ་ཡིན་ གསུངས། དེས་ན་མི་དཔོན་དང་བླ་སྤྲུལ་གཉེར་བ་རྣམས་ཀྱང་ད་ལྟ་རྒྱུ་ནོར་ལ་དབང་ཆེ་ཡང་ དམྱལ་གནས་འདི་དག་ལ་བསམ་ནས་སྟབས་གཟབ་བྱེད་དགོས་པར་འདུགདེ་བཞིན་དུ་སྔོན་ བཅོམ་ལྡན་འདས་བཞུགས་སྐབས་སུ་གྲོང་གི་ཤན་པ་ཞིག་གིས་མཚན་མོར་སྲོག་མི་གཅོད་ པའི་ཁྲིམས་བླངས་པ་ཉི་ཚེ་བའི་དམྱལ་བ་སྐྱེས་ཏེ། མཚན་མོ་ཁང་བཟང་ཉམས་དགའ་བའི་ ནང་དུ་བུད་མེད་མཛེས་མ་བཞིས་བཟའ་བཏུང་ལོངས་སྤྱོད་ཀྱིས་མཆོད་ཅིང་ཤིན་ཏུ་སྐྱིད་པ་ ལ། ཉིན་མོར་ཁང་བ་ཡང་ལྕགས་བསྲེགས་ཀྱི་ཁང་བར་གནས་འགྱུར། བུད་མེད་བཞི་ཁྱི་སྲེ་ བོ་འཇིགས་སུ་རུང་བར་གྱུར་ནས་ཟ་བར་བྱེད་པ་དང༌། ཡང་བྱི་ཕོ་བྱེད་པས་ཉིན་མོ་བྱི་ཕོ་མི་ བྱེད་པའི་སྡོམ་པ་བླངས་པས་ཉིན་མཚན་གྱི་སྐྱིད་སྡུག་སྔར་གྱི་དེ་ལས་ལྡོག་པར་མྱོང་བ་གྲོ་ བཞིན་སྐྱེས་རྣ་བ་བྱེ་བ་རིས་གཟིགས་པ་དང༌། ཡང་གཙུག་ལག་ཁང་ཡིད་དུ་འོང་བར་དགེ་ སློང་ལྔ་བརྒྱ་ཙམ་གནས་པ་ཉིན་གུང་ཙམ་ལ་གཎྜི་བརྡུངས་ནས་གདུགས་ཚོད་ལ་འདུས་ཚེ་ གཙུག་ལག་ཁང་ལྕགས་བསྲེགས་ཀྱི་ཁང་པ་དང༌། ལྷུང་བཟེད་དང་ཕོར་པ་སོགས་མཚོན་ ཆར་གནས་འགྱུར་ནས་རྡེག་རེས་འབའ་ཞིག་བྱེད། གདུགས་ཚོད་ཡོལ་བའི་ཚོད་ལ་སྔར་ 8-1-69 བཞིན་གྱེས་ཏེ་གནས་པ། སྔོན་འོད་སྲུང་གི་དུས་སུ་དགེ་སློང་མང་པོ་གུང་ཚིགས་ཀྱི་སྐབས་ ཚིག་གི་རྩོད་པ་བྱས་པའི་རྣམ་སྨིན་ཡིན་པར་བཤད་པ་ལ་སོགས་པ་རྣམས་ཡིན་ནོ། ། ༢ ཡི་དྭགས་ཀྱི་སྡུག་བསྔལ། གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ། དལ་འབྱོར་གྱི་ལུས་འདི་ནམ་འཆི་ངེས་ པ་མེད་པས་མྱུར་དུ་འཆི་འོངས། ནན་ཏར་ན་སྤྱིར་ན་འཆི་བ་ཁོ་ན་ལ་ནི་ཆེས་འཇིགས་རྒྱུ་མེད་ དེ། ཤི་བས་མི་ཆོག་པར་རང་གིས་སྡིག་པ་མི་དགེ་བའི་ལས་གྲངས་མེད་པ་བསགས་ཡོད་ པས་ལས་ངན་པ་དེའི་དབང་གིས་དམྱལ་བར་མ་སྐྱེས་ཀྱང་ཡི་དྭགས་སུ་སྐྱེས་པའི་ཚེ་བདེ་ བ་ཡོད་དམ་སྙམ་ན་ཡི་དྭགས་ཀྱི་ཡུལ་དེ་ན་ཡང་བདེ་བ་མེད་དེ། སྤྱིར་ཡི་དྭགས་ལ་གནས་ ན་གནས་པ་དང༌། ཁ་འཐོར་བ་དང་རིགས་གཉིས་ཡོད། དང་པོ་ཡི་དྭགས་གནས་ན་གནས་ པ་ནི། འཛམ་གླིང་གི་ལྷོ་ཕྱོགས་ས་འོག་མར་དཔག་ཚད་ལྔ་བརྒྱ་འདས་པ་ན། ཡི་དྭགས་ཀྱི་ གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་མདོག་སྐྱ་བ་སྤང་སོགས་ཅུང་ཟད་ཀྱང་མེད་པར་གསེག་མ་དང་ གྲོག་མོས་ཁྱབ་པ། ཟ་བའི་ཟས་ཆུ་ཐིགས་ཙམ་དང་གོན་པའི་གོས་ལྷན་པོ་ཙམ་ཡང་མེད་པ། ཤིན་ཏུ་སྡུག་བསྔལ་བའི་གནས་དེའི་དབུས་ན་ཡི་དྭགས་ཀྱི་གཙོ་བོ་གཤིན་རྗེ་ཆོས་ཀྱི་རྒྱལ་ པོའི་རྒྱལ་ཁབ་ཡོད། དེའི་ཉེ་འཁོར་ཐམས་ཅད་ན་ཡི་དྭགས་བགྲང་བ་ལས་འདས་པ་ཞིག་ གནས། མདོ་སྡེ་ཆེན་པོ་དྲན་པ་ཉེར་བཞག་ལས། ཡི་དྭགས་ལ་རིགས་སུམ་ཅུ་སོ་དྲུག་ཡོད་ པར་གསུངས་ལ། སྐབས་འདིར་རིགས་སོ་དྲུག་པོ་རྣམས་མདོར་བསྡུ་ན། ཡི་དྭགས་ཟས་སྐོམ་ ལ་ཕྱིའི་སྒྲིབ་པ་ཡོད་པ་ཅན་དང༌། ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ཅན་དང༌། ཟས་སྐོམ་ གྱི་སྒྲིབ་པ་ཡོད་པ་ཅན་གསུམ་དུ་འདུས། གསུམ་པོ་དེ་དག་ལ་སྡུག་བསྔལ་ཐུན་མོང་བ་ནི། རྗེ་ ཏཱ་ར་ནཱ་ཐས། ལོ་བརྒྱའི་བར་དུ་ཟས་སྐོམ་ཁམ་གཅིག་ཀྱང༌། །མ་རྙེད་བཀྲེས་སྐོམ་འཇིགས་ 8-1-70 པས་ཉེན་པའི་དུས། །ཞེས་གསུངས་པ་ལྟར་སྤྱིར་ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ བཟོད་བླག་མེད་པ་དང་རྟག་ཏུ་ལྡན་པ། བཟའ་བཏུང་ཅི་ཡང་མེད་པས་ལུས་ཀྱི་པགས་པ་ དང་ཤ་དང་ཁྲག་ཐམས་ཅད་སྐམ་པ། སྡོང་དུམ་མེས་ཚིག་པ་ལྟ་བུ་ལུས་སྐམ་ལ་ནག་དུམ་མེ་ བ། གདོང་སྐྲས་ཁེབ་པ། ཁ་ཤིན་ཏུ་བསྐམས་ཤིང་ལྕེས་ལྡག་པ། ལུས་ཀྱི་རུས་ཚིག་ཐམས་ ཅད་ཕྱེ་ཞིང་འཁོར་བ་བཟའ་བཏུང་ཡིད་ལ་སེམས་པ་སྐད་ཅིག་ཀྱང་རྒྱུན་མི་ཆད་པའི་སྡུག་ བསྔལ་མྱོང་སྟེ། གཞན་ཡང་ཏཱ་ར་ནཱ་ཐས། ལོ་བརྒྱའི་བར་དུ་ཟས་སྐོམ་མིང་ཡང་མེད། །འཐབ་ རྩོད་དབང་གིས་རང་ལུས་ལན་བརྒྱར་རྨས། །ཚ་གྲང་སྡུག་བསྔལ་བཟོད་པར་དཀའ་བ་ཡི། །ཡི་དྭགས་གནས་སུ་སྐྱེས་ན་ཇི་ལྟར་བགྱི། །ཞེས་གསུངས་པ་ལྟར། དང་པོ་ཟས་སྐོམ་ལ་ཕྱིའི་ སྒྲིབ་པ་ཡོད་པ་ཅན་ནི། བཤེས་སྤྲིངས་ལས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང༌། །འཚལ་བའི་མཐུ་ དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལའི་ཡང་ཏོག་ བསྐམ་པ་ལྟ་བུ་ལགས། །ཞེས་གསུངས་པ་ལྟར། ཁ་ཁབ་མིག་ཙམ། མགྲིན་པ་རྟ་རྔ་ཙམ། ལྟོ་ བ་རིའི་གཏོས་ཙམ་ཆེ་བས་བཀྲེས་པས་ཉེན། ཡུལ་ཁམས་ཐམས་ཅད་མི་གཙང་བ་དང་རྣག་ ཁྲག་ཁོ་ནས་ཁྱབ། ཟས་སྐོམ་འཚོལ་བའི་མཐུ་མེད་པ། ཡི་དྭགས་ཁ་ཅིག་ནི་པགས་པ་དང་ རུས་པ་ལས་མེད་པ་ལུས་གཅེར་བུ་སྟེ། ཤིང་གི་ལོ་མ་བསྐམས་པ་ལྟ་བུར་གྱུར་པ་ལོ་བརྒྱ་སྟོང་ དུ་མའི་བར་དུ་ཟས་སྐོམ་ཡེ་མི་རྙེད། བར་སྐབས་རེ་ལ་རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་ཆེན་ པོ་སྤུངས་པ་མཐོང་ནས་སོང་སོང་ཡང་དྲུང་དུ་ཕྱིན་པ་ན་ཤུལ་ཙམ་ཡང་མེད་པར་སོང་བ་དང། ཆུ་ཀླུང་ཆེན་པོ་དང་ལྗོན་ཤིང་འབྲུ་རྒྱས་པ་མཐོང་ནས་རྒྱང་རིང་པོར་སོང་ནས་འགྲམ་དུ་ཕྱིན་ པ་ན། ཆུ་ཅུང་ཟད་ཀྱང་མེད་པར་གསེག་མ་དང་བྱེ་མས་ཁྱབ། ཤིང་རྣམས་སྐམ་པོ་གྱུར། ལ་ ལ་སྲིན་པོ་འཇིགས་སུ་རུང་བ་མང་པོས་བསྲུངས་པའོ། ། 8-1-71 གཉིས་པ་ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ་ཅན་ནི། སློབ་སྤྲིངས་ལས། ཁབ་མིག་ ཙམ་གྱི་ཁ་ལ་དཔག་ཚད་མང་མཆིས་པའི། །ལྟོ་ཆེ་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུང་ཡང༌། །མགུལ་ཕུག་ཡངས་པ་ཉིད་དུ་ཕྱིན་པར་མི་འགྱུར་ལ། །དབུགས་ཀྱི་དུག་གིས་ཆུ་ཡི་ཐིགས་ པའང་བསྐམ་པར་འགྱུར། །ཞེས་གསུངས་པ་ལྟར་སྔ་མའི་སྡུག་བསྔལ་གྱི་སྟེང་དུ་ཡུན་རིང་ པོར་འབད་པས་ཟས་སྐོམ་ངན་ངོན་ཙམ་རྙེད་ཀྱང་ཁར་མི་ཚུད། ཅུང་ཟད་ཚུད་ཀྱང་མགྲིན་ པར་མི་ཐར། སྐོམ་རྣམས་ཁའི་དུག་གིས་ཀྱང་སྐམ། མགྲིན་པར་ཐར་ཡང་ལྟོ་བ་རིའི་གཏོས་ ཙམ་ཡོད་པས་མི་ཕན་པ་མ་ཟད་སླར་བཀྲེས་སྐོམ་གྱི་གདུང་བ་ཆེས་ཆེར་བསྐྱེད། དེ་ལ་སོགས་ པ་སྡུག་བསྔལ་དྲག་པོ་མྱོང་དགོས་པའོ། ། གསུམ་པ་ཟས་སྐོམ་གྱི་སྒྲིབ་པ་ཡོད་པ་ཅན་ནི། སློབ་སྤྲིངས་ལས། ཁ་ཅིག་མཚན་ཞིང་ཁ་ ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབ་བྱེད་པ་འཚལ། །སྣད་རིགས་འགས་ནི་རྣག་ དང་ཕྱི་ས་དང༌། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་ མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཞེས་གསུངས་པ་ལྟར། མེ་ལྕེའི་ཕྲེང་ བ་ཅན་གྱིས་ནི་གང་ཟོས་པ་དང་འཐུང་བ་ཐམས་ཅད་ཁོག་པའི་ནང་དུ་མེ་འབར་ནས་ཁ་སྣ་ སོགས་ནས་མེ་ལྕེ་དམར་ལྷབ་ལྷབ་བྱུང་བ་དང༌། མེ་མདག་ཟ་དགོས་ཤིང༌། བཤང་གཅི་དང༌། རྣག་ཁྲག་ལ་སོགས་པ་ཟ་བ་ལས་བཟང་པོ་གཏན་མི་རྙེད་པ་དང༌། འགའ་ཞིག་རང་གི་ཤ་ལ་ བཅད་ནས་ཟ་ཞིང་དེ་ལས་གཞན་ལ་སྤྱོད་མི་ནུས་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མི་ བཟོད་པ་དུ་མ་དང༌། གོས་དང་བྲལ་བས་རེས་ཚད་པས་ཚིག་ཆེས་པ་དང༌། རེས་གྲང་བས་ སྦྲེབས་པའི་སྡུག་བསྔལ་དཔག་ཏུ་མེད། དགུན་དུས་སུ་ནི་ཉི་མའི་འོད་ཀྱིས་གྲང་རོགས་བྱེད། སོས་ཀ་ཚད་པའི་དུས་ཟླ་བའི་འོད་ཀྱིས་ཀྱང་ཚིག་སྟེ་འོང༌། ཆར་བབས་པ་ན་མེའི་ཆར་འབབ་ སྟེ། ཚིག་པའི་སྣང་བ་འབྱུང༌། དུས་རྟག་ཏུ་འཚོལ་འགྲོས་ཀྱི་བྲེལ་ནས་ངལ་ཞིང་ཐང་ཆད། 8-1-72 རུས་ཚིག་ཐམས་ཅད་སྐམ་ནས་རྡོ་ངར་མ་འཐབས་པ་ལྟར་མེ་ལྕེ་ཉུག་ཉུག་འབྱུང༌། ཕན་ཚུན་ འཐབ་ཅིང་རྩོད་པ་དང༌། དོན་མེད་པར་སེམས་ལ་འཇིགས་སྐྲག་ཆེན་པོ་སྐྱེས་ཏེ་འབྲོས་པ་ལ་ སོགས་པའི་སྡུག་བསྔལ་མི་བཟོད་པ་དེ་འདྲ་ཚེ་ཚད་ནི་མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་ བརྒྱ། །ཞེས་གསུངས་པ་ལྟར་མིའི་ཟླ་བ་གཅིག་གིས་ཡི་དྭགས་ཀྱི་ཉིན་ཞག་གཅིག་བརྩིས་ པས་རང་ལོ་ལྔ་བརྒྱ་ཐུབ། མི་ལོ་སྟོང་ཕྲག་བཅོ་ལྔ་ཡིན། བཤེས་སྤྲིངས་ལས། ལྔ་སྟོང་དབང་ དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་གསུངས་པས་ཡི་དྭགས་ཕལ་མོ་ཆེའི་ཚེ་ཚད་རང་ལོ་ ལྔ་བརྒྱ་དང་མི་ལོ་ཡིན་ན་སྟོང་ཕྲག་བཅོ་ལྔ་ཐུབ་པ་ཡིན། ཡི་དྭགས་ཁ་ཅིག་གི་ཚེ་ཚད་མི་ལོ་ ཁྲིཕྲག་སོགས་ཐུབ་པས་ན་ཡུན་ནི་རིང་སྙམ་དུ་བསམ་པའོ། ། གཉིས་པ་ཡི་དྭགས་ཁ་འཐོར་བའི་སྡུག་བསྔལ་ནི། ཡི་དྭགས་ཁ་འཐོར་བ་མཁའ་ལ་ རྒྱུ་བའི་གཞི་བདག་དང༌། རྒྱལ་པོ། བཙན་དང༌། ཤི་འདྲེ། འབྱུང་པོ། མ་མོ། ཐེའུ་རང་ལ་ སོགས་པ་འདྲེ་སྲིན་འདི་དག་གིས་གཞན་ལ་གནོད་པ་བྱས་པས་སླར་ངན་སོང་དུ་སྐྱེ། ཁྱད་ པར་ཞག་བདུན་ཕྲག་རེའི་མཚམས་སུ་སྔར་རང་ནད་དང་མཚོན་དང་འགགས་ལ་སོགས་པ་ གང་གིས་ཤི་བའི་སྡུག་བསྔལ་དེ་ཉིད་མྱོང་ནས། དེ་གཞན་ལ་སྤོ་བར་འདོད་པས་གང་དུ་ཕྱིན་ ཀྱང་དེར་གནོད་ཅིང་རང་ལ་མི་ཕན། སྔོན་གྱི་མཛའ་བཤེས་དང་ཉེ་དུ་ལ་སོགས་པའི་དྲུང་ དུ་དགའ་བས་ཕྱིན་ཀྱང་དེ་དག་ལ་ནད་དང་སྨྱོ་འབོགས་སོགས་མི་འདོད་པའི་སྡུག་བསྔལ་ འབྱུང༌། མཐུ་བོ་ཆེས་བརྡུང་བརྡེག་བྱེད་ཅིང་བསྐལ་པ་སོགས་ལ་མནན་པ་དང༌། སྦྱིན་སྲེག་ གི་མེ་ལ་བསྲེག་པ་དང༌། ཡུངས་ཐུན་དང་རྡོ་ཕྱེ་སོགས་ཀྱིས་བྲབས་པ་ན་མགོ་བོ་ཚལ་བ་ བརྒྱར་འགས་ཤིང་ལུས་དུམ་བུ་སྟོང་དུ་འགྲོ་བ་སོགས་སྡུག་བསྔལ་ཁོ་ན་ལས་མ་འདས། ཡི་ དྭགས་ཁ་ཅིག་བྱ་དང་ཁྱི་ལ་སོགས་པའི་གཟུགས་སུ་ཡོད་པས་གཟུགས་བྱད་ཡིད་དུ་མི་འོང་ བ་སོགས་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ། ཕན་ཚུན་རྩོད་པ། འཇིགས་སྐྲག་ 8-1-73 རྒྱུན་མི་ཆད་པ། བཀྲེས་སྐོམ་གྱིས་གདུང་བ། མ་ཉེས་པ་ལ་འདྲེས་བྱས་སོ། །ཁག་ངན་བྱུང་ཚེ་ སེམས་ལ་སྡུག་བསྔལ་སྐྱེ་བ་དང༌། གཞན་ཡང་ནད་དང་འཆི་བ་དང༌། གཅིག་ལ་གཅིག་གིས་ བྲན་དུ་བཀོལ་བ་ལ་སོགས་པ་མི་དང་དུད་འགྲོ་ལ་སོགས་པའི་སྡུག་བསྔལ་རྣམས་ཚང་བར་ ཡོད་པ་རྣམས་སོ་སོར་ཡིད་ལ་བསམས་ཏེ་འཇིགས་སྐྲག་གི་བློ་བསྐྱེད། དེ་ལྟར་ཡི་དྭགས་ རྣམས་ཀྱི་སྡུག་བསྔལ་དོས་ནི་དྲགཡུན་རིང། ད་ལྟ་བཀྲེས་སྐོམ་གྱི་སྡུག་བསྔལ་སྐད་ཅིག་ཙམ་ ཡང་མི་བཟོད་ན། ལོ་དུ་མའི་བར་དུ་ཟས་ཀྱི་མིང་ཙམ་ཡང་མི་ཐོས་པའི་ཡི་དྭགས་བཀྲེས་ སྐོམ་གྱི་སྡུག་བསྔལ་དེ་དག་ག་ལ་བཟོད། དེར་སྐྱེ་བའི་རྒྱུ་སེར་སྣ་ལ་སོགས་པའི་ཉོན་མོངས་ པ་རྣམས་ནི་ཉི་མ་རེ་ལ་ལན་བརྒྱ་བརྒྱར་འབྱུང་གིན་འདུག་ཀྱང་ད་ནི་དེར་མི་སྐྱེ་བའི་ཐབས་ སྔར་བྱས་ལ་བཤགས་བསྡམ་དང༌། རྗེས་སུ་མི་བྱ་བའི་སྡོམ་སེམས་ཡང་ཡང་བསྐྱེད་པར་ བྱའོ། །སྔོན་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཡི་དྭགས་ཀྱི་ཡུལ་དུ་བྱོན་སྐབས་སུ། གཞལ་མེད་ ཁང་ཞིག་ན་བུད་མེད་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ། རིན་པོ་ཆེའི་རྒྱན་གྱིས་ སྤྲས་པ་ཞིག་གི་ཁྲིའི་རྐང་པ་བཞི་ལ་ཡི་དྭགས་བཞི་བཏགས་ཤིང་འདུགབུད་མེད་བཟང་མོ་ དེས་གྲོ་བཞིན་སྐྱེས་ལ་ཟན་བྱིན་ནས་ཡི་དྭགས་འདི་རྣམས་ཀྱིས་ཁྱེད་ལ་ཟན་སློང་ན་ཅུང་ཟད་ ཀྱང་མ་སྦྱིན་ཅིག་ཟེར། གྲོ་བཞིན་སྐྱེས་ཀྱིས་ཟན་གསོལ་སྐབས་སུ་ཡི་དྭགས་རྣམས་ཀྱིས་སློང་ བ་ལས། གཅིག་ལ་བྱིན་པས་ཕུབ་མར་གྱུར། ཡང་གཅིག་ལ་བྱིན་པས་ལྕགས་ཀྱི་ཐོ་ལུམ་ཟ་ བར་གྱུར། དེ་བཞིན་དུ་རང་གི་ཤ་ཟ་བར་གྱུར། གཅིག་ལ་རྣག་ཁྲག་ཏུ་གྱུར་པས། བུད་མེད་ འོངས་ནས་ཁྱོད་ལ་ཁོ་མོས་མ་སྦྱིན་མ་སྨྲས་སམ། ཁོ་མོའི་སྙིང་རྗེ་ལས་ཁྱོད་ཀྱི་སྙིང་རྗེ་ལྷག་ གམ་ཟེར་བ་ལ། འདི་དག་ཁྱོད་དང་ཅི་ཉེབྱས་པས། འདི་ནི་ཁོ་མོའི་ཁྱིམ་ཐབས་ཡིན། འདི་ ནི་བུ་ཡིན། འདི་ནིལས་དང་པོ་པ་རྣམས་ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས། མནའ་ མ་ཡིན། འདི་ནི་བྲན་མོ་ཡིན། ཁྱེད་ཅག་ལས་ཅི་བསགས་པས་འདིར་སྐྱེས་དྲིས་པས། ཁྱེད་ 8-1-74 འཛམ་བུ་གླིང་པའི་མི་རྣམས་ནི་ཡིད་ཆེས་དཀའ་བ་ཡིན་པས་ཡིད་མི་ཆེས་སོ་ཟེར། ཁོ་བོས་ མངོན་སུམ་དུ་མཐོང་ན་ཇི་ལྟར་ཡིད་མི་ཆེས་ཟེར་བ་ལ། ཁོ་མོ་ན་རེ། བདག་གི་གནས་ནི་གྲོང་ གི་བྲམ་ཟེ་མོ་ཡིན་ཏེ། རྒྱུ་སྐར་ལ་བབས་པའི་ནུབ་མོར་ཟས་བཟང་པོ་དག་སྟ་གོན་བྱས་པ་ ལ། འཕགས་པ་ཀ་ཏ་ཡཱ་ན་ཆེན་པོ་བསོད་སྙོམས་ལ་བྱོན་པར་ཁོ་མོ་དད་པ་སྐྱེས་ནས་བསོད་ སྙོམས་ཕུལ་ཏེ། ཁྱིམ་ཐབས་ལ་རྗེས་སུ་ཡི་རང་བ་འབུལ་དུ་བཅུག་ན་དགའ་བར་འོང་སྙམ་ ནས། རྗེའི་སྲས་འཕགས་པ་ཀ་ཏ་ཡཱ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་པས་རྗེས་སུ་ཡི་རང་བ་ ཕུལ་ཅིག་སྨྲས་པ་ལ། དེ་ཁྲོས་ནས་ཇི་སྲིད་བྲམ་ཟེ་རྣམས་ལ་མ་ཕུལ། གཉེན་བཤེས་རྣམས་ ཀྱིས་སྲི་ཞུ་མ་བགྱིས་པར་ཁྱོད་ཀྱིས་དགེ་སྦྱོང་མགོ་རེག་དེ་ལ་བསོད་སྙོམས་ཀྱི་ཕུད་སྦྱིན་ནམ་ མགོ་རེག་དེས་ཕུབ་མ་ཅི་ཕྱིར་མི་འགམ་ཟེར། དེ་བཞིན་དུ་བུ་ལ་བྱས་པས་དེ་ཡང་ཁྲོས་ཏེ། མགོ་རེག་དེས་ཅི་ཕྱིར་ལྕགས་ཀྱི་ཐོ་ལུམ་མི་ཟ་ཟེར། དེའི་ནུབ་མོ་ཁོ་མོའི་གཉེན་དག་གིས་ཁོ་ མོ་ལ་ཟ་མ་བཟང་པོ་རྣམས་བསྐུར་བ་མནའ་མས་ཟོས་ནས་ངན་པ་རྣམས་ང་ལ་བྱིན། ངས་ ཟ་མ་བཟང་པོ་རྣམས་ཟོས་ནས་ངན་པ་རྣམས་ང་ལ་བྱིན་དྲིས་པས། དེས་ངས་ཁྱོད་ཀྱི་ཟས་ཟ་ བ་ལས་རང་གི་ཤ་ཅི་ཕྱིར་མི་ཟ་ཞེས་རྫུན་སྨྲ་ཞིང༌། དེ་བཞིན་ཁོ་མོའི་གཉེན་རྣམས་ལ་ཟས་ བསྐུར་བ་སྔར་བཞིན་བྲན་མོས་ཟོས་ནས། ངས་ཁྱོད་ཀྱི་ཟ་མ་རྐུ་བ་ལས་རྣག་ཁྲག་ཅི་ཕྱིར་མི་ འཐུང་ཞེས་སྨྲ་བ་རྣམས་ལ། བདག་གིས་སེམས་ཅན་འདི་དག་རང་རང་གི་ལས་ཀྱི་འབྲས་བུ་ ཉམས་སུ་མྱོང་བ་དེར་སྐྱེས་ཞིང་ལྟ་བར་གྱུར་ཅིག་སྙམ་པས། ཡི་དྭགས་མཐུ་མོ་ཆེར་སྐྱེས། དེ་ མིན་ན་འཕགས་པར་བསོད་སྙོམས་ཕུལ་བས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡོད་པ་ཡིན། ཁྱེད་ཡང་བཞུགས་པའི་གྲོང་དུ་འགྲོ་ན་བདག་གི་བུ་མོ་སྨད་འཚོང་བྱེད་པ་དེ་ལ་ཁྱོད་ཀྱི་ཕ་མ་ སོགས་ངས་མཐོང་ནས་དེ་དག་ན་རེ། ལས་འདིའི་འབྲས་བུ་ནི་ཡིད་དུ་མི་འོང་བ་ཡིན་གྱིས་ དམ་པ་མ་ཡིན་པའི་ཆོས། སྡིག་པ་དེ་སྤོངས་ཤིག་ཟེར་རོ། །ཞེས་གསུངས་ཤིག དེ་ཡིད་མི་ 8-1-75 ཆེས་ན་ཁྱོད་ཀྱི་སྔོན་གྱི་ཕའི་ཁང་པ་ན་ལྕགས་ཟངས་གསེར་གྱིས་གང་བ་བཞི་དང༌། གསེར་ གྱི་འཁར་བ་དང༌། རིལ་བ་སྤྱི་བླུགས་ཡོད་ཀྱི། དེ་དག་ཕྱུང་ལ་དུས་དུས་སུ་འཕགས་པ་ཀ་ཏ་ ཡཱ་ན་ཆེན་པོ་ལ་བསོད་སྙོམས་ཕུལ་ནས་བདག་ཅག་གི་མིང་ནས་ཕྱུང་སྟེ་ཡོན་བསྔོ་བ་བྱོས་ ཤིག་དང༌། དེས་ལས་དེ་སྲབ་པ་དང་ཡོངས་སུ་ཟད་པར་འགྱུར་རོ། །ཞེས་ཟེར་རོ། །དེ་བཞིན་ དུ་སློབ་དཔོན་ཛེ་ཏཱ་རི་ལྗོངས་རྒྱུར་བྱོན་པས། ཡི་དྭགས་མོ་གཟུགས་མི་སྡུག་པ་ཕྲུ་གུ་ལྔ་ བརྒྱའི་མར་གྱུར་པ་ཞིག་གིས་སློབ་དཔོན་ལ། ངས་ཁྱོ་ཕོ་རྡོ་རྗེ་གདན་དུ་ཟས་ཚོལ་བ་ལ་སོང་ ནས་ལོ་བཅུ་གཉིས་ཡིན་ཀྱང་མ་བྱུང༌། ཁྱེད་དེར་བྱོན་ན་ཁྱོད་མྱུར་དུ་མ་འོངས་ན་ཕྲུ་གུ་རྣམས་ བཀྲེས་ནས་འཆིའོ་གསུངས་ཤིག་ཟེར། ཁྱོད་ཀྱི་ཁྱོ་ཕོ་དེ་ཅི་ཞིག་ལྟ་བུ་ཡོད། ཡི་དྭགས་ཐམས་ ཅད་འདྲ་བར་འདུག་པས་ངས་ཤེས་སམ་གསུངས་པས། ནོར་མི་དགོས་ཏེ། ཁ་ཆེ་བ་སྣ་ཉག་ པ་མིག་ཞར་བ་གཟུགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཞིག་ཡིན་ཟེར། ཁོང་རྡོ་རྗེ་ གདན་དུ་བྱོན་པས། དགེ་ཚུལ་ཞིག་གིས་གཏོར་ཆུ་དང༌། གཏོར་ཟན་མང་པོ་ཞིག་དོར་ནས་ སོང་བ་ལ། ཡི་དྭགས་མང་པོས་རུབ་བརྒྱབ་པའི་ཁྲོད་ན་ཁོ་རང་འདུགཆུང་མས་འཕྲིན་བསྐུར་ རྣམས་བསྐྱལ་བས། ངས་ལོ་བཅུ་གཉིས་སུ་ཉུལ་ཡང་སྐོར་གཅིག་ཏུ་དགེསློང་ཡང་དག་པ་ གཅིག་གིས་སྣབས་ལུད་ཞིག་དོར་བ་ལ་ངེད་ཡི་དྭགས་མང་པོས་རུབ་བརྒྱབ་པས་ཅུང་ཟད་ རྙེད་པ་ལས་གང་ཡང་མ་རྙེད་པ་ཡིན་ཟེར། ཁོ་རང་སྣབས་ལུད་རྩོད་ས་ནས་ཡི་དྭགས་གཞན་ གྱིས་ཁོའི་ལུས་ལ་རྨ་མང་པོ་བཏོད་འདུགདེ་བཞིན་དུ་ཡི་དྭགས་ཀྱི་གནས་རིས་གང་དུ་སྐྱེས་ ཀྱང་བཀྲེས་སྐོམ་གཙོ་བོར་གྱུར་པའི་སྡུག་བསྔལ་སྣ་ཚོགས་ཀྱིས་གདུང་བའི་ཚུལ་རང་གི་ སེམས་ཐོག་ཏུ་བླང༌། ད་ལྟ་རང་གི་སྔ་དྲོའམ་ཉིན་ཞག་གཅིག་ཙམ་ལ་ཟས་སྐོམ་བཅད་ན་སྡུག་ བསྔལ་ཅི་འདྲ་བ་ཞིག་འབྱུང་འདུགལོ་གྲངས་མང་པོའི་བར་དུ་ཆུའི་མིང་ཙམ་མི་ཐོས་པའི་ གནས་སུ་སྐྱེས་ན་ཇི་ལྟར་བྱེད། དེར་སྐྱེ་བའི་རྒྱུའི་གཙོ་བོ་ནི་སེར་སྣ་ཡིན་པས་བདག་གིས་ 8-1-76 ཀྱང་དེ་ལྟ་བུའི་ལས་བསགས་པ་གྲངས་ཀྱིས་མི་ཆོད། ད་ནི་དེ་ལྟ་བུའི་གནས་རིས་སུ་ཅི་ནས་ ཀྱང་མི་སྐྱེ་བ་ཞིག་བྱེད་དགོས་སྙམ་པ་སོགས་སྙིང་ཐག་པ་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་ སེམས་དང་ཕྱིན་ཆད་མི་བྱ་བའི་སྡོམ་སེམས་སོགས་སྦྱོར་དངོས་རྗེས་གསུམ་ཚང་པའི་སྒོ་ནས་ བཤགས་བསྡམ་ཡང་ཡང་བྱེད་པའོ། ། ༣ དུད་འགྲོའི་སྡུག་བསྔལ། གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ། དུད་འགྲོ་ལའང་བྱིང་ན་གནས་པ་ དང༌། ཁ་འཐོར་བ་གཉིས་ལས། དང་པོ་དུད་འགྲོ་བྱིང་ན་གནས་པ་ནི། མཐའི་རྒྱ་མཚོ་ཆེན་ པོའི་ནང་ན་ཉ་དང༌། ཆུ་སྲིན། དུང་དང༌། སྦལ་བ་དང༌། འབུ་སྲིན་ལ་སོགས་པ་ཆང་འགག་ གི་སྦང་མ་བཞིན་བར་མཚམས་མེད་པར་གང་ཡོད་པ་ལ་སྦྲུལ་དང༌། ཆུ་སྲིན། ཉ་ལ་སོགས་ པ་ཆེ་བ་རྣམས་ཀྱིས་རི་རབ་ལ་ལན་མང་པོའི་བར་དཀྲིས་པ་དང༌། ཆུང་བ་རྡུལ་ཕྲན་ཙམ་དང་ ཁབ་རྩེ་ལྟ་བུ་ཡོད་ཅིང༌། ཆེ་བ་རྣམས་ཀྱིས་ཆུང་བ་རྣམས་ཁྱུར་མིད་བྱེད། ཆུང་བ་རྣམས་ཀྱིས་ ཆེན་པོ་རྣམས་ཐལ་བྱུང་དུ་འབིགས་ཤིང་ཟ། སྲོག་ཆགས་ཆེ་བ་རེ་རེའི་ལུས་ལ་ཆུང་བ་དུ་མས་ ཚང་བཅས་ནས་ཟས་སུ་བྱེད་པ་དང༌། གླིང་བར་ཉི་མ་མི་འཆར་བའི་གནས་སུ་སྐྱེས་པས་རང་ གི་ཡན་ལག་དང་ཉིང་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་བས་ཤིན་ཏུ་སྡུག་བསྔལ། རྒྱ་ མཚོ་ཆེན་པོ་ན་གནས་པའི་ཀླུ་རྣམས་ནི་ནམ་མཁའ་ལྡིང་གིས་གསོད་པ་འབྱུང་བ་ལ་རྒྱུན་དུ་ དོགས་ཟོན་དང༌། བྱེ་ཚན་གྱི་ཆར་གྱིས་བསྲེགས་པ་ལ་དོགས་ཟོན་དང༌། ནང་ཕན་ཚུན་གྱི་ གནོད་པ་ལ་དོགས་ཟོན་སོགས་སྡུག་བསྔལ་གྱི་རྒྱུན་ཆད་པ་མེད་པར་འབྱུང༌། སྤྱིར་དུད་འགྲོ་ རྣམས་བླུན་ཞིང་གཏི་མུག་ཆེ་བས་སྤངས་བླང་གི་གནས་ཐམས་ཅད་ལ་རྨོངས་ཏེ་སྡུག་བསྔལ་ མུ་མཐའ་མེད་པའི་གནས་སུ་སྐྱེ་བ་ཡིན། གཉིས་པ་ཁ་འཐོར་བ་ནི། ལྷ་དང་མིའི་ཡུལ་ན་ 8-1-77 ཡོད་པ་རྣམས་ཀྱང་བླུན་རྨོངས་དང་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཁོ་ནར་སྤྱོད། ཁྱད་པར་གླིང་ གསུམ་གྱི་མི་ཡུལ་གྱི་དུད་འགྲོ་མིས་བདག་ཏུ་མ་བཟུང་བའི་རི་དྭགས་ལ་སོགས་པ་རྣམས་ ནི་འཇིགས་སྐྲག་གི་སྣང་བ་ཁོ་ནར་སྤྱོད། ཟས་ཁམ་གང་ཟ་ཡང་བག་མི་ཕེབ་པ་བཞིན་དུ་ ཟ། གཅིག་གིས་གཅིག་ལ་ཟ་བ་དང༌། རྔོན་པ་གཅན་གཟན་ལ་སོགས་པས་གསོད་པ་དང༌། ཁྲས་བྱེའུ་བསད་པ། བྱེའུས་འབུ་གསོད་པས་མཚོན། གཅིག་གིས་གཅིག་གསོད་པའི་ལས་ ངན་པ་ཁོ་ན་དུས་རྒྱུན་ཏུ་གསོགསྲོག་ཆགས་ཁ་ཅིག་ནི་རང་གི་ལུས་ལ་སྐྱེས་པའི་རྭ་དང༌། སྤུ་ དང༌། པགས་པ་ལ་སོགས་པའི་ཆེད་དུ་གསོད་དེ། མུ་ཏིག་གི་ཆེད་དུ་ཉ་ཕྱིས་གསོད་པ་དང༌། མཆེ་བ་དང་རུས་པ་ལ་སོགས་པའི་ཆེད་དུ་གླང་ཆེན་སོགས་གསོད་པ་དང༌། ཤ་རུས་མཁྲིས་ པ་པགས་པའི་ཆེད་དུ་སྟགགཟིགདོམ། དྲེད། སྲམ། ཝ་སོགས་གསོད་པ། གླ་རྩིའི་ཆེད་དུ་གླ་ བ་དང༌། ཤ་ཁྲག་གི་ཆེད་དུ་རྐྱང་འབྲོང་ལ་སོགས་པ་གསོད་པ་དང༌། ཉ་དང༌། དུང་འབུ། ཆུ་ སྲིན། སྦལ་བ། སྦྲུལ། འབུ་སྲིན། བྱ་རིགས་སོགས་ཟས་ཀྱི་ཆེད་དུ་གསོད་པ་སོགས་རང་གི་ ལུས་ཉིད་ཀྱང་རང་ཉིད་གསོད་པའི་རྒྱུར་སྐྱེས་པས་ཤིན་ཏུ་སྡུག་བསྔལ། ནང་ཕན་ཚུན་གཅིག་ གིས་གཅིག་གསོད་པ་དང༌། རྔོན་པ་རྣམས་ནི་སེམས་ཅན་དེ་དག་ལ་མནར་ཞིང་གསོད་པའི་ ལས་དང་ཐབས་ལ་མཁས་པས། རྒྱ་དང༌། རྙི་དང༌། ཀོག་ཚེ་དང༌། མེ་མདའ་སོགས་གནོད་ པ་དུ་མས་འཕྲལ་དུ་ཚེ་སྲོག་ལ་རྒོལ་བར་བྱེད། མི་ལ་བརྟེན་པའི་དུད་འགྲོ་རྣམས་ནི་བླུན་ཞིང་ གཏི་མུག་ཆེ་བས་གསོད་པའི་གཤེད་མས་རལ་གྲི་ཐོགས་ཏེ་དྲུང་དུ་སླེབ་ཀྱང་མིག་སྔོ་ཅེ་རེ་ལྟ་ བ་ལས་བྲོས་པ་ཙམ་ཡང་མི་ཤེས། དེ་བཞིན་དུ་འོ་མ་བཞོ་བ་དང༌། ཁལ་འགེལ་བ་དང༌། བྱ་ གཅོད་པ་དང༌། སྣ་འབིགས་པ་དང༌། རྡོ་དང་དབྱུག་པ་སོགས་ཀྱིས་རྡེག་པ་དང༌། ཁུར་ལྕི་བ་ བཀལ་ཏེ་ཐག་རིང་པོར་བགྲོད་པས་ངལ་བ་དང༌། རྟ་སོགས་སྟེང་དུ་ཞོན་ཏེ་རྡོག་པས་བཏབ་ སྟེ་བཀོལ་བ་དང༌། མ་ཧེ་སོགས་ལག་པས་བཏབ་སྟེ་བཀོལ་བ་དང༌། བོང་བུ་སོགས་ལྕག་ 8-1-78 གིས་བཏབ་སྟེ་བཀོལ་བ་དང༌། གླང་ཆེན་སོགས་ལྕགས་ཀྱུས་བཏབ་སྟེ་བཀོལ་བ་དང༌། གླང་ སོགས་དབྱུག་པས་བཏབ་སྟེ་བཀོལ་བ་དང༌། རྟ་གླང་དང་གཡག་དང་མཛོ་སོགས་རྨོས་ལ་ བསྐོས་ཏེ་བཀོལ་བ་སོགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་དང༌། རྒྱབ་ ཐམས་ཅད་རྨར་སོང་ཡང་ད་དུང་ཡང་ཁལ་འགེལ་བ་དང༌། ཞོན་ནས་འགྲོ་བ་སོགས་བྱེད། འགྲོ་མ་ནུས་ཙ་ན་ལྕག་གིས་བྲབ་ཅིང་རྡོས་རྡེགསེམས་ཅན་དེ་རྣམས་ལ་དཀའ་ཚེགས་དང་ན་ ཚ་སོགས་སྡུག་བསྔལ་ཅི་འབྱུང་ཡང་ཤ་ཚ་བ་དང་སྙིང་རྗེ་བ་སྤུ་ཙམ་ཡང་མེད། གནག་ཕྱུགས་ དང༌། ར་ལུགརྟ་དྲེལ། མ་ཧེ། བོང་བུ། གླང་ཆེན། གླང་སོགས་རྒས་ནས་འཆི་བ་ལ་མ་ཐུག་ གི་བར་དུ་བེད་བཅད། རྒས་ཙ་ན་རང་གིས་གསོད་པའམ་གཞན་ལ་འཚོང་བ་གང་ཡིན་གྱི་སྒོ་ ནས་ཐམས་ཅད་ཀྱང་བཤས་སུ་ཕབ་ནས་རང་བཞིན་གྱིས་འཆི་བ་ནི་གཅིག་ཀྱང་མེད། དེ་ལྟ་ བུའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ལ་སྤྱོད་པ་ཡིན་ཏེ། བཤེས་སྤྲིངས་ལས། དུད་འགྲོའི་ སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་ མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་ གཞན་དག་རྡེག་པས་ལག་པ་དང༌། །ལྕག་དང་ལྕགས་ཀྱུས་བཏབ་པས་བཏབ་སྟེ་བཀོལ། །ཞེས་དང། ཀུན་མཁྱེན་ཏཱ་ར་ནཱ་ཐས། གནས་ཀྱི་སྐྱབས་མེད་གཅིག་ལ་གཅིག་ཟ་བ། །དགྲ་ ཡི་འཇིགས་པས་རྟག་ཏུ་སྐྲག་ཅིང་འཁྲུལ། །གསོད་གཅོད་བྲན་དུ་བཀོལ་བའི་སྡུག་བསྔལ་ ཅན། །དུད་འགྲོའི་ཚུལ་ལ་བསམ་ན་བཟོད་ཐབས་མེད། །ཅེས་གསུངས་པ་ལྟར་སྡུག་བསྔལ་ བའི་སེམས་ཅན་དེ་དག་མཐོང་ཙ་ན་དེ་རང་ཉིད་ཡིན་པར་བློ་བཞག་ནས་སྡུག་བསྔལ་ཅི་ཙམ་ འདུག་སོགས་ལ་ཞིབ་ཏུ་བསམ་ནས། དུད་འགྲོའི་གནས་སུ་སྐྱེས་པ་སྤྱི་ལ་སྙིང་རྗེ་དྲག་པོ་ བསྒོམ་ཞིང༌། ཁྱད་པར་རང་ལ་བརྟེན་པའི་དུད་འགྲོ་སོགས་ལ་བྱམས་བརྩེས་སྐྱོང་བ་དང༌། 8-1-79 ཐ་ན་འབུ་སྦྲང་དང༌། སྲོག་ཆགས་ཕྲ་མོ་ཚུན་ཆད་ལའང་བདེ་སྡུག་གི་ཚོར་བ་མེད་པ་ནི་གཅིག་ ཀྱང་མེད། དེ་ཐམས་ཅད་རང་གི་ཕ་མ་མ་བྱས་པའང་གཅིག་ཀྱང་མེད་པས་དེ་ཐམས་ཅད་ལ་ བྱམས་པ་དང་སྙིང་རྗེ་བསྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་སུ་བླང་ངོ༌། །ཚེ་ཚད་མཛོད་ལས། དུད་འགྲོ་མཆོག་རིང་བསྐལ་པའོ། །ཞེས་དུད་འགྲོ་ཚེ་མཆོག་ཏུ་རིང་བ་ རྣམས་ནི་བར་གྱི་བསྐལ་པ་གཅིག་དང༌། གཞན་རྣམས་ནི་ལོ་དུང་ཕྱུར། འབུམ་ཕྲགཁྲི། བརྒྱ། ལོ་གཅིགཟླ་བ་གཅིགཞག་གཅིགཉིན་གཅིག་སོགས་ཚེ་ལ་ངེས་པ་མེད་གསུངས་སོ་སྙམ་དུ་ སྒོམ། དེ་ལྟར་བཤད་པའི་ངན་སོང་གསུམ་པོ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱིརྣམས་གྲངས་ དོས་དྲགརྒྱུན་རིང༌། བླུན་ཞིང་གཏི་མུག་ཆེ་བ་ཆོས་ཀྱི་སྣང་བ་མེད་པས་སླར་ངན་སོང་གསུམ་ དུ་སྐྱེ་བའི་རྒྱུ་ཁོ་ན་བསྒྲུབ་པས་དུས་འདའ། དེ་དག་ཏུ་སྐྱེས་ན་ཕྱི་ནས་ཐར་དཀའ་ཞིང༌། དེར་ སྐྱེས་པའི་སེམས་ཅན་རྣམས་ཀྱིས་ཆགས་སྡང་གི་ལས་གྲངས་མེད་བསགས་པས་སླར་ཡང་ ཡང་ངན་སོང་གསུམ་དུ་སྐྱེ་བ་ཡིན་ནོ། །ད་སྐབས་སུ་རང་རྒྱུད་ལ་བརྟག་ན་ངན་སོང་དེ་དག་ ཏུ་སྐྱེ་ངེས་པའི་ལས་བསགས་པ་ཚེ་འདི་དང་ཚེ་རབས་གཞན་ཐོག་མ་མེད་པའི་དུས་སུ་ལས་ བསགས་པ་གྲངས་མེད་ཡོད་པ་ཡིན་པས་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོས་བཤགས་ པ་ཡང་ཡང་བྱེད་པ་དང༌། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་སྙིང་ཐག་པ་ནས་འབད་པར་བྱ། བདག་གིས་ད་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལན་གཅིག་ཙམ་མཇལ་ནས། རང་གཞན་གྱི་ དོན་གཉིས་འགྲུབ་པའི་ལམ་བསྒྲུབ་ཏུ་ཡོད་པ་ཡིན་པས་ཆོས་ཕྱིར་དཀའ་བ་སྤྱད་ཅིང་བརྩོན་ པ་དྲག་པོའི་སྒོ་ནས་ཉམས་སུ་བླངས་ཏེ། རང་གཞན་མཐའ་དག་ངན་སོང་གསུམ་དུ་མི་སྐྱེ་ བའི་ཐབས་ལ་བླ་མ་དང་དཀོན་མཆོག་ལ་ངན་སོང་དེ་དག་ལས་སྐྱོབ་པའི་ནུས་པ་ཡོད་པར་ ཡིད་ཆེས་སྙིང་ཁོང་རུས་པའི་སྒོ་ནས་ཡིད་འགྱུར་རྩོལ་བཅས་བཅོས་མིན་གྱིམྱོང་བ་ཐོན་པར་ བྱའོ། ། 8-1-80 ❷ མངོན་མཐོ་མི་དང་ལྷ་མིན་དང་ལྷའི་སྡུག་བསྔལ་གསུམ། གཉིས་པ་མངོན་མཐོ་མི་དང་ལྷ་མིན་དང་ལྷའི་སྡུག་བསྔལ་བསམ་པ་ལ། མིའི་སྡུག་ བསྔལ་བསམ་པ། ལྷ་མིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པ་གསུམ་ ལས། 1 མིའི་སྡུག་བསྔལ་བསམ་པ་ལ་ལྔ། དང་པོ་མིའི་སྡུག་བསྔལ་བསམ་པ་ལ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་གྱིས་དོགས་ པའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་ བའི་སྡུག་བསྔལ་དང་ལྔ་ལས། ༡༽ སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། དང་པོ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་ལས། དང་པོ་སྐྱེ་བའི་སྡུག་ བསྔལ་བསམ་པ། མངལ་འཇུག་གི་མདོ་ལས། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ལོ། །རྒ་ བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་ཡིན་ ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་ ཡིན་ནོ། །གང་འདོད་པ་བཙལ་ཏེ་མི་རྙེད་པ་ཡང་སྡུག་བསྔལ་ཡིན་ནོ། །ཡོད་པ་བསྲུང་དཀའ་ བ་ཡང་སྡུག་བསྔལ་ཡིན་ནོ། །ཞེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། ལས་འདི་གཅིག་ པུར་བྱུང་བ་ཡང༌། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་གྱེས་འགྱུར་ན། །མཛའ་ བ་གཞན་དག་ལྟ་ཅི་སྨོས། །སྐྱེས་ན་གཅིག་པུ་སྐྱེས་འགྱུར་ཞིང༌། །འཆི་ནའང་དེ་ཉིད་གཅིག་ འཆི་སྟེ། །ཞེས་པ་ལྟར་འཁོར་བ་འདིར་སྐྱེས་ནའང་རང་ཉིད་གཅིག་པུར་སྐྱེ། འཆི་ནའང་ 8-1-81 གཅིག་པུར་འཆི། ན་བ་དང་རྒས་པའི་སྡུག་བསྔལ་ཡང་གཅིག་པུས་མྱོང་དགོས། དེ་ལས་སྐྱེ་ བ་ནི་སྡུག་བསྔལ་གཞན་ཐམས་ཅད་ཀྱི་རྩ་བ་ཡང་ཡིན་ལ། དེ་ལ་སྐྱེ་གནས་བཞི་ལས་སྐྱེ་བར་ གསུངས་ཀྱང༌། ཕལ་ཆེར་མངལ་སྐྱེས་ཡིན་འདིའི་དབང་དུ་བྱས་ན། དང་པོ་སྲིད་པ་བར་དོ་ ནས་མངལ་དུ་འཇུག་ཁར་ཡང་སྡུག་བསྔལ་འདི་ལྟར་ཡོད་དེ། བར་དོའི་སྲིད་འཛིན་པའི་ སེམས་ཅན་ཐམས་ཅད་རྫུ་འཕྲུལ་དང་ལྡན་པ། ནམ་མཁའ་ལ་འགྲོ་ཞིང༌། ལྷའི་མིག་བཞིན་ དུ་སྐྱེ་གནས་ཐག་རིང་པོ་ཡང་མཐོང་བར་ནུས་སོ། །དེ་ཡང་ལས་ཀྱི་དབང་གིས་ལོག་པའི་ སྣང་བ་བཞི་འཆར་ཏེ། དཔེར་ན་རླུང་ཆེན་པོ་ལངས་པ་དང༌། ཆར་ཆེན་པོ་བབས་པ་དང༌། གནམ་རྨུགས་པ་དང༌། སྐྱེ་བོ་མང་པོའི་སྒྲ་ཅ་ཅོ་འཇིགས་སུ་རུང་བ་གྲག་པ་ལྟ་བུའི་འཁྲུལ་ སྣང་སྣ་ཚོགས་འབྱུང་བ་ལས་བཟང་ངན་ཇི་ལྟ་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་འདུ་ཤེས་ བཅུ་འབྱུང་སྟེ། བདག་ནི་ཁང་པའི་ནང་དུ་འཇུག་གོ་སྙམ་པ་དང། གཞལ་མེད་ཁང་དུ་འཇུག་ གོ་སྙམ་པ་དང༌། ཁང་པ་བརྩེགས་པའི་སྟེང་དུ་འཛེག་གོ་སྙམ་པ་དང༌། ཁྲི་ལ་འཛེག་གོ་སྙམ་ པ་དང༌། རྩྭའི་སྤྱིལ་བུར་འཇུག་གོ་སྙམ་པ་དང༌། ལོ་མའི་ཁྱིམ་དུ་འཇུག་གོ་སྙམ་པ་དང༌། རྩྭ་ གསེབ་ཏུ་འཛུལ་ལོ་སྙམ་པ་དང༌། ནགས་ཀྱི་ནང་དུ་འཇུག་གོ་སྙམ་པ་དང༌། རྩིག་པའི་བུ་གར་ འཛུལ་ལོ་སྙམ་པ་དང༌། སོག་མའི་གསེབ་ཏུ་འཇུག་གོ་སྙམ་དུ་སེམས་པ་སྟེ། དེ་ལྟར་སེམས་ པ་དང༌། ཕ་མ་འཁྲིག་པ་སྤྱོད་པ་དེ་ཐག་རིང་པོ་ནས་ཀྱང་མཐོང་ནས་དེར་འགྲོ་སྟེ། དེ་ཡང་ བསོད་ནམས་ཆེར་བསགས་པ་སྐྱེ་གནས་མཐོན་པོ་འཛིན་པ་རྣམས་ཀྱིས་ནི། ཁང་པ་བརྩེགས་ པ་དང་གཞལ་མེད་ཁང་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། །བསོད་ནམས་འབྲིང་དུ་ བསགས་པ་དང༌། སྐྱེ་གནས་འབྲིང་དུ་འཛིན་པ་རྣམས་ཀྱིས་ནི། རྩྭའི་སྤྱིལ་བུ་ལ་སོགས་པར་ མཐོང་ནས་དེར་རྒྱུག་གོ། །བསོད་ནམས་མ་བསགས་པ་སྐྱེ་གནས་ངན་པ་འཛིན་པ་རྣམས་ ཀྱིས་ནི། རྩིག་པའི་བུ་ག་ལ་སོགས་པར་མཐོང་ནས་དེར་རྒྱུག་གོ། །དེར་ཕྱིན་ན། རང་ཕོར་སྐྱེ་ 8-1-82 བ་ཡིན་ན་མ་ལ་འདོད་ཆགས་སྐྱེ་ལ། ཕ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །རང་མོར་སྐྱེ་བ་ཡིན་ན་ ཕ་ལ་འདོད་ཆགས་སྐྱེ་ལ། མ་ལ་ཞེ་སྡང་སྐྱེ་བར་འགྱུར་རོ། །ཆགས་སྡང་གཉིས་ཀྱིས་ཀུན་ ནས་བསླང་པའི་ཕ་མའི་མི་གཙང་བའི་རྫས་དང་བར་དོའི་རྣམ་ཤེས་གཉིས་གོང་བུ་གཅིག་ཏུ་ འདྲེས། དེ་ནས་བཟུང་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དམ་ཟླ་བརྒྱད་དང་ཞག་ཉེར་དྲུག་ལ་ མངལ་དུ་གནས་པར་གསུངས། ཁ་ཅིག་ནི་ཟླ་བ་བརྒྱད་དམ་ཟླ་བ་དགུ་འམ་ཟླ་བ་བཅུའི་བར་ དུ་གནས་པར་གསུངས་སོ། །ཁ་ཅིག་ལ་མ་ངེས་ཏེ་ལོ་དྲུག་ཅུའི་བར་དུ་མངལ་དུ་བསྡད་པ་ ཡང་ཡོད་དོ། །དེ་ཡང་ཞག་བདུན་ཕྲག་དང་པོར་ཚེ་མའམ་བུད་མེད་ཀྱི་མངལ་དུ། ཟངས་ཚ་ བའི་ནང་དུ་བཙོས་ཤིང་བརྔོས་པ་བཞིན་དུ། ལུས་ཀྱི་དབང་པོ་དང་རྣམ་པར་ཤེས་པ་ལྷན་ ཅིག་ཏུ་སྡུག་བསྔལ་མི་བཟད་པ་མྱོང་བ་གང་ཡིན་པ་དེ་ནི་མེར་མེར་པོ་ཞེས་བྱའོ། །དེའི་ དབྱིབས་ནི་འབྲས་ཀྱི་ཁུ་བའམ་ཞོའི་སྤྲིས་མ་ལྟ་བུ་དང་འདྲའོ། །དེ་ནས་ཞག་བདུན་ཕྲག་ གཉིས་པ་ལ་མའི་མངལ་ནས་ཀྱང་ཀུན་ཏུ་རེག་པ་ཞེས་བྱ་བའི་རླུང་བྱུང་ནས་མངལ་ལ་རེག་ པས་ཁམས་རྣམ་པ་བཞི་མངོན་དུ་སྣང་བར་འགྱུར་ཏེ། དེ་ནི་ནུར་ནུར་པོ་ཞེས་བྱའོ། །དེའི་ དབྱིབས་ནི་ཞོ་བསྐ་བའམ་མར་འཁྱགས་པ་ལྟ་བུ་དང་འདྲའོ། །དེ་ནས་ཞག་བདུན་ཕྲག་ གསུམ་པ་ལ་མའི་མངལ་ནས། མཛོད་ཀ་ཞེས་བྱ་བའི་རླུང་བྱུང་ནས། མངལ་དེ་ལ་རེག་པས་ ཁམས་བཞི་པོ་དག་ཤིན་ཏུ་མངོན་དུ་སྣང་བར་འགྱུར་ཏེ། དེ་ནི་ལྟར་ལྟར་པོ་ཞེས་བྱའོ། །དེའི་ དབྱིབས་ནི་ལྕགས་ཀྱི་ཐུར་མའམ་སྲིན་བུ་གྲོག་མ་དང་འདྲའོ། །དེ་བཞིན་དུ་སྦྱར་ཏེ། ཞག་ བདུན་ཕྲག་བདུན་པ་ལ་མའི་མངལ་ནས། འཁྱིལ་བར་བྱེད་པ་ཞེས་བྱ་བའི་རླུང་བྱུང་སྟེ། རླུང་ དེས་མངལ་ལ་རེག་པས་ལག་པ་གཉིས་དང༌། རྐང་པ་གཉིས་འབྱུང་བར་བྱེད་དེ་དེའི་ཚེ་སྐྱེས་ བུ་སྟོབས་དང་ལྡན་པས་ཡན་ལག་རྣམས་འཐེན་ནས་སྐྱེས་བུ་གཞན་ཞིག་གིས་དབྱུག་པས་ གདལ་བ་སྙམ་བྱེད་པའི་སྡུག་བསྔལ་འབྱུང་ངོ༌། །དེ་བཞིན་དུ་སྦྱར་ཏེ། ཞག་བདུན་ཕྲག་བཅུ་ 8-1-83 གཅིག་པ་ལ་མའི་མངལ་ནས། བུ་ག་སྣང་བ་ཞེས་བྱ་བའི་རླུང་བྱུང་ནས་མངལ་ལ་རེག་པས་ བུ་ག་དགུ་པོ་འབྱུང་བར་འགྱུར་ཏེ། དེའི་ཚེ་རྨ་གསར་པ་མཛུབ་མོས་བཙུགས་པ་ཙམ་གྱི་སྡུག་ བསྔལ་ཡོད་དོ། །གཞན་ཡང་མས་ཟས་མ་སྙོམས་ཤིང་གྲང་བ་བསྟེན་ན། གཅེར་བུ་ཆབ་རོམ་ དུ་བསྐྱུར་བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །དེ་བཞིན་དུ། ཁ་ཟས་ཤིན་ཏུ་ཚ་བ་དང༌། ཤིན་ཏུ་ སྐྱུར་བ་ལ་སོགས་པས་ཀྱང་སྡུག་བསྔལ་བསྐྱེད་དོ། །ཟས་ཤིན་ཏུ་མང་བ་ཟོས་པའི་དུས་སུ་ བྲག་བར་དུ་བཙིར་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཟས་ཉུང་ངུ་ཟོས་པའི་དུས་སུ་ནམ་མཁའ་ ལས་གཡང་ལ་བཏགས་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །དྲག་ཏུ་རྒྱུག་པའམ། ལྡང་བའམ། རྡེག་འཆོས་ན་རི་བོའི་ངོས་ལ་འདྲིལ་བ་ལྟ་བུའི་སྡུག་བསྔལ་ཡོད་དོ། །འཁྲིག་ཆགས་མང་དུ་ སྤྱོད་པའི་ཚེ། ཚེར་ལྕག་གིས་བྲབས་པ་ལྟ་བུའི་སྡུག་བསྔལ་ཡོད་དོ། །ཞག་བདུན་ཕྲག་སོ་ བདུན་པ་ལ་ནི་མངལ་ཉིད་དུ་ཤེས་པས་མི་གཙང་བའི་འདུ་ཤེས་དང༌། དྲི་མི་ཞིམ་པའི་འདུ་ ཤེས་དང༌། མུན་ནག་གི་འདུ་ཤེས་དང༌། བཙོན་རའི་འདུ་ཤེས་དང༌། ཡོངས་སུ་སྐྱོ་ནས་ཕྱིར་ འབྱུང་བའི་འདུ་ཤེས་སྐྱེ་བར་འགྱུར་རོ། །ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་པ་ལ་མའི་མངལ་ ནས། མེ་ཏོག་སྡུད་པ་ཞེས་བྱ་བའི་རླུང་འབྱུང་ཏེ། རླུང་དེས་མངལ་ན་གནས་པ་དེ་བསྒྱུར་ནས་ སྐྱེ་བའི་སྒོ་ལོགས་སུ་ཕྱོགས་པར་བྱེད་དོ། །དེའི་ཚེ་ལྕགས་ཀྱུ་འཁྲུལ་འཁོར་ལས་གཅིར་བ་ལྟ་ བུའི་སྡུག་བསྔལ་ཡོད་དོ། །སླར་ཡང་གོང་དུ་བཤད་པ་དེ་ལྟར་དུས་དེ་སྲིད་དུ་མངལ་གྱི་དྲོད་ ཟངས་ཚ་བ་དང༌། རབ་ཏུ་ཚ་བ་ལྟ་བུས་ནི་བཙོས་ཤིང་བརྔོས། རླུང་མི་འདྲ་བ་ཉི་ཤུ་རྩ་བརྒྱད་ ཀྱིས་རེག་ཅིང་བསྐྱོད། མའི་ཟས་ལ་སོགས་པའི་དྭངས་མས་ནི་སྤེལ་ཞིང་བསྐྱེད་པས་མེར་ མེར་པོ་ནས་བཟུང་ནས་ལུས་ཀུན་རྫོགས་པའི་བར་དུ་གྱུར་ཏོ། །དེ་ལྟར་ཡང་དགའ་བོ་མངལ་ འཇུག་གི་མདོ་ལས། དང་པོ་མེར་མེར་པོ་ལས་ནི། །ཤ་ཡི་ཆུ་བུར་སྐྱེ་བར་འགྱུར། །ཆུ་བུར་ ལས་ནི་ལྟར་ལྟར་སྐྱེ། །ལྟར་ལྟར་པོ་ལས་མཁྲང་བར་འགྱུར། །མཁྲང་བ་རྣམ་པར་འགྱུར་ནས་ 8-1-84 ནི། །མགོ་དང་ཡན་ལག་བཞི་སྐྱེས་པས། །རུས་པ་འདུས་ནས་ལུས་གྲུབ་པ། །ཐམས་ཅད་ ལས་ཀྱི་རྒྱུ་ལས་བྱུང༌། །མགོ་ཐོད་རུས་པ་དགུ་འདུས་ཤིང༌། །འགྲམ་པའི་རུས་པ་གཉིས་ འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩ་གཉའ་བའི་ རུས་པ་དང༌། །རྐན་དང་སྣ་ཡི་རུས་པ་དང༌། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་ པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་ གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱ་ཡོད་དེ། །སྒལ་ཚིགས་ལ་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །དེ་ཡི་གྲངས་ནི་ཆ་ བཞིར་འགྱུར། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་བ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེས་པ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་ རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ ཏེ། །ལྷག་མ་གཞན་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་ པ་ལྔ་བཅུ་ཡོད། །ལུས་དང་འབྲེལ་བའི་རུས་པ་ནི། །བསྡོམས་ན་སུམ་བརྒྱ་དྲུག་ཅུ་ཡོད། །རུས་ ཚིགས་ཕན་ཚུན་འབྲེལ་བ་ནི། །སེམས་ཅན་ལུས་ནི་གྲུབ་ཡིན་ཞེས། །ཡང་དག་སངས་རྒྱས་ མཁྱེན་པ་ཡིས། །བདེན་ཚིག་ཏུ་ནི་གསུངས་པ་ཡིན། །རྐང་མཐིལ་ནས་ནི་མགོ་བོའི་བར། །མི་ གཙང་འདྲེས་ཤིང་མི་བརྟན་པ། །དེ་དག་ལྷན་ཅིག་ལུས་འགྲུབ་པས། །ཉམ་ཆུང་འདམ་བུའི་ ཁྱིམ་དང་འདྲ། །རུས་པ་འབའ་ཞིག་གཟེར་བུ་མེད། །ཤ་ཁྲག་ཀུན་ཏུ་བསྐུས་པས་ན། །མི་ གཙང་འཕྲུལ་འཁོར་རབ་འདྲ་ཞིང༌། །སྒྱུ་མས་སྤྲུལ་པའི་གཟུགས་བརྙན་འདྲ། །ལུས་འདི་རྩ་ རྒྱས་དཀྲིས་ནས་ནི། །པགས་པ་གཤེར་བས་གཡོགས་པས་ན། །གནས་དགུ་རྨ་ཡི་སྒོ་ཡོད་ པས། །དེ་ལྟ་བུར་ནི་བལྟ་བར་བྱ། །ཀུན་ནས་གཅིན་སྐྱག་མི་གཙང་བས། །རྟག་ཏུ་གང་ཞིང་ འཛག་པས་ན། །དཔེར་ན་བང་བ་དོང་རྣམས་སུ། །འབྲུ་རྣམས་སྣ་ཚོགས་གང་བ་ལྟར། །ལུས་ 8-1-85 འདི་ཡང་ནི་དེ་བཞིན་ཏེ། །མི་གཙང་སྣ་ཚོགས་རབ་ཏུ་གང༌། །རུས་པའི་འཕྲུལ་འཁོར་གཡོ་ བས་ན། །ཉམ་ཆུང་སྙིང་པོ་ཅི་ཡང་མེད། །བྱིས་པ་སྐྱེ་བོ་རྟག་ཏུ་ཆགས། །མཁས་པ་དག་ནི་ ཞེན་མི་བྱེད། །མཆིལ་སྣབས་རྡུལ་ནི་རྟག་ཏུ་འབབ། །རྣག་ཁྲག་དག་ནི་རྒྱུན་དུ་གང༌། །ཞག་ སོར་འོ་མ་ལྷན་ཅིག་འདྲེས། །ཀླད་རྒྱས་དག་ནི་ཀླད་པས་གང༌། །སྙིང་གར་བད་ཀན་རྒྱུན་དུ་ འབྱུང༌། །ནང་གི་ཞུ་དང་མ་ཞུའི་གནས། །ཀླད་རྒྱས་དང་ནི་པགས་པ་དང༌། །སྙིང་དང་ནང་ ཁྲོལ་གློ་མཆིན་དང༌། །འདི་ལ་སོགས་པའི་རུས་མྱགས་དང༌། །མི་གཙང་རྣམས་དང་ལྷན་ཅིག་ གནས། །སྡིག་པའི་ལས་ནི་འཇིགས་རུང་བས། །འདི་ཉིད་བདག་གི་དགྲ་ཡིན་ན། །ཤེས་མེད་ འདོད་ལ་ཞེན་པ་ཡི། །བླུན་པོ་རྟག་ཏུ་ཕོངས་པར་བྱེད། །འདི་འདྲའི་མི་གཙང་ལུས་འདི་ནི། །གྲོང་ཁྱེར་རྙིང་པ་འདྲ་བས་ན། །ཉིན་མཚན་ཉོན་མོངས་རབ་གཟིར་ཅིང༌། །སྐད་གཅིག་མིན་ ནས་ཀུན་ཏུ་འཁྱམས། །རུས་པའི་གྲོང་ཁྱེར་རྩིག་པར་བྱེད། །ཤ་དང་ཁྲག་གིས་ཞལ་ཞལ་ བསྐུས། །འདོད་སྡང་གཏི་མུག་མཚོན་བཀྱེས་ནས། །ཅི་རིགས་པར་ནི་རྒྱུན་པར་བྱེད། །རུས་ པའི་གྲོང་ཁྱེར་སྐྱུག་བྲོ་བ། །ཤ་ཁྲག་འབྲེལ་ཅིང་འདུས་པས་ན། །རྟག་ཏུ་སྡུག་པའི་གྲོགས་པོ་ ཡིས། །ཕྱི་ནང་སྡུག་བསྔལ་གདུང་བར་བྱེད། །དགའ་བོ་ཁྱོད་ཀྱིས་ཤེས་པར་བྱོས། །ངས་ནི་ ཇི་སྐད་བསྟན་པ་བཞིན། །ཉིན་མཚན་རྟག་ཏུ་དྲན་བྱོས་ལ། །འདོད་པའི་ཡུལ་ལ་སེམས་མ་ བྱེད། །གལ་ཏེ་འདོད་པ་སྤོང་འདོད་ན། །རྟག་ཏུ་དེ་བཞིན་རབ་སྒོམས་ལ། །རྣམ་གྲོལ་ཡོངས་ སུ་ཚོལ་བར་གྱིས། །མྱུར་དུ་འཁོར་བའི་རྒྱ་མཚོ་འདའ། །ཞེས་གསུངས་སོ། །དེ་ནས་ཁ་ཐུར་ དུ་ལྟ་བ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་ལུས་དེ་མགོ་ཐུར་དུ་བཟློག་ནས་ལག་པ་ བརྐྱངས་ཏེ་ཕྱིར་འབྱུང་བར་འགྱུར་རོ། །དེའི་ཚེ་ལྕགས་ཀྱི་འཇུར་མིག་ནས་འདྲེན་པ་ལྟ་བུའི་ སྡུག་བསྔལ་ཡོད་དོ། །ཁ་ཅིག་མངལ་ཉིད་དུ་ཤི་ནས་འབྱུང་བར་འགྱུར་རོ། །ཁ་ཅིག་མ་དང་ མཉམ་དུ་འཆི་བར་འགྱུར་རོ། །ཡང་དེ་བཙས་ནས་ས་ལ་ལྟུང་བའི་དུས་སུ་ཚེར་ཁུང་དུ་བསྐྱུར་ 8-1-86 བ་ཙམ་གྱི་སྡུག་བསྔལ་ཡོད་དོ། །རྒྱབ་ཀྱི་ཕྲུ་མ་བཤུས་པའི་དུས་སུ་གསོན་པོར་པགས་པ་ བཤུས་པ་ལྟ་བུའི་སྡུག་བསྔལ་འབྱུང༌། མི་གཙང་བ་བྱི་དོར་བྱས་དུས་སུ་ཚེར་མའི་ལྕག་གིས་ བྲབས་པ་ལྟ་བུ། མིའི་པང་དུ་བླངས་དུས་སུ་བྱེའུ་ཁྲས་ཁྱེར་བ་ལྟ་བུ། དེ་ནས་ཙོག་པུར་བསྙལ་ ཏེ་འཇོག་པའི་དུས་སུ་མི་གཙང་བའི་འདམ་དུ་ཚུད། ལྟོག་སྐོམ་ན་ཚ་ལ་སོགས་པའི་སྡུག་ བསྔལ་ཅི་བྱུང་ཡང་ངུ་བ་ཁོ་ན་ལས་མི་ཤེས། དེར་ཡུན་དེ་སྲིད་དུ་མངལ་དུ་གནས་ཏེ། ན་ཚ་ཆེ་ ཆུང་དེ་འདྲ། དོག་མི་དོག་དེ་འདྲ། མུན་པ་ནག་མི་ནག་དེ་འདྲ། གཙང་མི་གཙང་དེ་འདྲ་སྟེ་ དཔེར་ན་ད་ལྟ་ཅི་ཙམ་འདོད་པ་ཆེ་བ་ཅིག་ཡིན་ཡང་མི་གཙང་བའི་དོང་དུ་ཁྱོད་ཞག་གསུམ་ སྡོད། ཁ་བཅད་ལ་བཞག་ཞག་གསུམ་གྱི་ནངས་པར་གསེར་སྲང་གསུམ་སྦྱིན་ཟེར་ཡང་དེ་ ལྟར་སུས་ཀྱང་མི་ནུས་ཏེ། མངལ་གྱི་སྡུག་བསྔལ་ནི་དེ་ལས་ཐུའོ། །དེ་ལྟར་ཡང་སློབ་སྤྲིངས་ ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བུས་འགགས། །རབ་ཏུ་དོག་པ་མུན་ནག་ འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ ཡོངས་སྐུམ་པས་སྡུག་བསྔལ་ཆེན་པོར་གནས་དགོས་སོ། །ཞེས་གསུངས་སོ། །དེ་ལྟར་སྐྱེས་ ནས་ལང་ཚོ་སྨིན་པའི་ཚེ་ན་རེ་ཞིག་འཕེལ་བ་ལྟར་སྣང་ཡང་བདག་དང་པོ་སྐྱེ་བ་ནས་བཟུང་ ཉིན་རེ་ལས་ཉིན་རེར་འཆི་བ་ལ་ཇེ་ཉེ། ཟླ་རེ་ལས་ཟླ་རེར་འཆི་བ་ལ་ཇེ་ཉེ། ལོ་རེ་ལས་ལོ་ རེར་འཆི་བ་ལ་ཇེ་ཉེར་འགྲོ་བ་སྟེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་ འདི་རྟག་ཏུ་གོད་འགྱུར་ཞིང༌། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་ འགྱུར། །ཞེས་གསུངས་པ་ལྟར་འཇིག་རྟེན་ཚེ་འདིའི་བྱ་བཞག་ཐམས་ཅད་གྲུབ་པ་དང༌། ཟིན་ པའི་དུས་མེད་པར་ཆུའི་གཉེར་མ་ལྟ་བུ་གཅིག་རྗེས་སུ་གཅིག་འབྱུང་བ་ལ་རྒྱུན་དུ་སྤྱོད་པས་ མཐར་རྒས་པ་དང་འཆི་བ་ལ་གཏུགས། ལས་དེ་དག་ཐམས་ཅད་སྡིག་པ་འབའ་ཞིག་དང་ འབྲེལ་བས་ངན་སོང་གི་རྒྱུ་བྱེད་པ་ཡིན་པས་ཤིན་ཏུ་སྡུག་བསྔལ་འབའ་ཞིག་ལ་སྤྱོད་དགོས་ 8-1-87 པ་སོགས་སྤྱིར་ལས་རྒྱུ་འབྲས་ཀྱི་རྣམ་གཞག་རང་རང་གིས་གང་བསགས་རྣམས་རང་གིས་ མྱོང་བ་ལས་གཞན་དུ་འཆོལ་བར་མི་སྲིད་དོ། ། གཉིས་པ་རྒས་པའི་སྡུག་བསྔལ་བསམ་པ་ནི། རྒས་པའི་ཚེ་ཉམས་པའི་སྡུག་བསྔལ་ལྔ་ ལས། དང་པོ་ཁ་དོག་ཉམས་པ་སོགས་ཀྱི་སྡུག་བསྔལ་ནི། མདོ་རྒྱ་ཆེར་རོལ་པ་ལས། རྒས་ པས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒས་པས་མཐུ་སྟོབས་ཉམས་ཞིང་གཟི་བརྗིད་ ཉམས། །རྒས་པས་མདངས་འཕྲོག་རྒས་པས་འཆི་བར་བྱེད། །རྒས་པས་བདེ་བ་འཕྲོག་ཅིང་ སྡུག་བསྔལ་བསྐྱེད། །ཅེས་གསུངས་པ་ལྟར་རྒས་པས་ཤ་མདོག་དང་མདངས་ལེགས་པོ་ རྣམས་ནུབ་སྟེ་ཁ་དོག་མི་སྡུག་པ་ནག་སྦམ་པའམ། སྔོ་ཐལ་གྱིས་འགྲོ། མགོ་སྤྲ་བའི་མེ་ཏོག་ ལྟར་སྐྱ་བ་དང༌། ལུས་གཉེར་མས་གང་བ་དང༌། མིག་ལ་སོགས་པའི་དབང་པོ་ཀུན་གྱིས་ འདོད་ཡོན་ལྔ་ལ་ལོངས་སྤྱོད་པའི་ནུས་པ་ཐམས་ཅད་བྲལ། ལུས་ཀྱི་བཀྲག་མདངས་དང་ མཐུ་སྟོབས་ཐམས་ཅད་ཤོར་བ་ཡིན་ནོ། ། གཉིས་པ་དབྱིབས་ཉམས་པའི་སྡུག་བསྔལ་ནི། ཁའི་སོ་ནི་ལྷུང༌། ལུས་ནི་གུག་གུག་པོར་ སོང༌། ཡན་ལག་རྣམས་འཁྱོགས། ཤ་ནི་སྐམ། པགས་པ་ནི་ལྷོད། གདོང་བྱད་ནི་གྲིའི་གདན་ རྙིང་པ་ལྟར་གཉེར་མས་ཁེབས་པ་ཡིན་ལ་ལུས་ཀྱི་ཆ་གང་ལ་བལྟས་ཀྱང་མི་མཛེས་པ་ཁོ་ནར་ གྱུར་པའོ། །གསུམ་པ་མཐུ་སྟོབས་ཉམས་པའི་སྡུག་བསྔལ་ནི། ལྡང་བ་ན་སུག་བཞི་འཛུགས་ ཏེ་ལྡང་དགོས། འགྲོ་བ་ན་འཁྱོར་བཞིན་འགྲོ་དགོས། འདུག་པ་ན་ཚྭ་དོ་ཐག་པ་ཆད་པ་བཞིན་ སྡོད། སྨྲ་བ་ན་ལྡབ་ལྡིབ་ལས་མེད་པ་ལ་སོགས་པའོ། ། བཞི་པ་དབང་པོ་ཉམས་པའི་སྡུག་བསྔལ་ནི། མིག་གི་དབང་པོ་ཉམས་ནས་གཟུགས་ མི་གསལ་བ་དང༌། རྣ་བ་འོན་ཏེ་སྒྲ་མི་ཐོས་པ་དང༌། ཡིད་དབང་ཉམས་ཏེ་བརྗེད་ངེས་ཆེ་བ་ སོགས་སུ་འགྱུར་ཏེ། དབང་ཤེས་རྣམས་ཀྱིས་ཡུལ་ལ་ཆེད་དུ་གཏད་ནས་ལྟ་བ་སོགས་བྱེད་ཚེ་ 8-1-88 གཞན་གྱིས་བལྟས་ན་རྫས་འདེབས་པའམ་འཕྱ་སྨོད་བྱེད་པའི་གནས་སུ་འགྱུར་རོ། ། ལྔ་པ་ལོངས་སྤྱོད་ཉམས་པའི་སྡུག་བསྔལ་ནི། ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་ དང༌། གཟུགས་ལ་བལྟ་བ་དང༌། སྒྲ་ལ་ཉན་པས་སེམས་གཏད་མི་ཐུབ་པ་ལ་སོགས་པ་འདོད་ ཡོན་ལ་སྤྱད་དུ་མེད་པ་སྟེ་ལོངས་སྤྱད་པར་མི་ནུས་སོ། །དེ་ཡང་རྗེ་མི་ལས། བརྟོད་ཕུར་འདོན་ པའི་ལྡང་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ ལུགས་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ ཡིད་ཕམ་མ། །ཕྱི་པགས་པ་འདུས་པའི་གཉེར་མ་དང་གཅིག །ནང་ཤ་ཁྲག་ཟད་པའི་འབུར་ འོབས་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་དང་གསུམ། །གསུམ་འདི་གསུམ་ འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་ཅན། །ལྕི་ལ་ཧྲུལ་བའི་དུག་པོ་ དང་གཅིག །གྲང་ལ་རྙོག་པའི་བཟའ་བཏུང་དང་གཉིས། །པགས་པོ་བཞི་སྦྱོར་གྱི་མལ་ས་ དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མིས་འགོམ་ཁྱིས་འགོམ་གྱི་ རྟོགས་ལྡན་མ། །ཞེས་གསུངས་པ་ལྟར་རྒས་པའི་སྡུག་བསྔལ་ལྔ་པོ་ནི་འདོད་ཁམས་ན་ཡོད་ ལ་ཁམས་གོང་མ་གཉིས་ན་མེད་ཀྱང་ཁམས་གོང་མ་གཉིས་དང༌། འདོད་ཁམས་དང་སྤྱིར་ ཁམས་གསུམ་ན་ཕུང་པོ་ཇེ་རྙིང་དུ་སོང་ནས་འཆི་བ་ལ་གཏུགས་པའི་རྒས་པའི་སྡུག་བསྔལ་ ཡོད་དོ། །དེ་ལྟ་བུའི་རྒས་པའི་སྡུག་བསྔལ་འདི་སྤང་པ་ལ་གང་རྒས་པར་འགྱུར་རྒྱུའི་རྣམ་ སྨིན་གྱི་ཕུང་པོ་ལྔ་སྤངས་དགོས། རྣམ་སྨིན་གྱི་ཕུང་པོ་ལྔ་སྤངས་པ་ལ། དེའི་རྒྱུ་ཉོན་མོངས་པ་ སྤང་དགོས། བདག་གིས་ནི་ཉོན་མོངས་པ་མ་སྤང་པས་བདག་ཀྱང་རྒས་པའི་སྡུག་བསྔལ་མ་ སྤང་པས་ན། ཚེ་རིང་རྒས་ལོང་ཞིག་བྱུང་ན་ཐ་མ་ནིརྒས་པར་འགྱུར། གཞན་གཉེན་བཤེས་ དང་དགྲ་གཉེན་འགྲོ་བ་འདི་ཀུན་ཀྱང་རྒས་པའི་སྡུག་བསྔལ་ལྔ་པོ་མྱོང་དགོས་པ་ལ་གོང་དང་ འདྲ་སྙམ་དུ་ཡང་ཡང་བསྒོམ། 8-1-89 གསུམ་པ་ན་བའི་སྡུག་བསྔལ་བསམ་པ་ནི། མི་རྣམས་ལ་སྐྱེ་བ་དང༌། རྒས་པའི་སྡུག་ བསྔལ་ལས། སྡུག་བསྔལ་གཞན་ཡང་ཡོད་དེ། འཕགས་པ་རྒྱ་ཆེར་རོལ་པ་ལས། ནད་བརྒྱ་ མང་དང་ནད་འཐིབས་སྡུག་བསྔལ་གྱིས། །འགྲོ་བ་བཅོས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་ གསུངས་པ་ལྟར། སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་ནད་རིགས་བཞི་བརྒྱ་ལ་སོགས་པ་ ནད་རྣམ་པ་སྣ་ཚོགས་པ་འབྱུང་བ་ཡིན། ནད་ཀྱི་སྡུག་བསྔལ་དེ་ལ་ཡང་སྡུག་བསྔལ་ལྔ་ཡོད་ དེ། དང་པོ་སྡུག་བསྔལ་དང་ཡིད་མི་བདེ་བ་འཕེལ་བའི་སྡུག་བསྔལ་ནི། ནད་ཀྱི་ཟུག་རྔུ་སྟེ་ ནད་ཀྱིས་གདུང་བ་ནད་དངོས་ཀྱི་སྡུག་བསྔལ་ཡིན། དེ་ནི་ལུས་ཀྱི་ས་ཆུ་ལ་སོགས་པ་འབྱུང་ བའི་ཁམས་རྣམས་ཆ་མི་སྙོམས་པར་འཁྲུགས་པས་ལུས་ཚོར་ལ་སྡུག་བསྔལ་དྲག་པོ་འབྱུང་ བས་སྡུག་བསྔལ་དང༌། ནད་དེས་སེམས་ལ་མི་བདེ་བ་བསྐྱེད་ནས་སེམས་ཚོར་བ་སྡུག་བསྔལ་ དྲག་པོས་གདུང་བ་ནི་ཡིད་མི་བདེ་བ་སྟེ། དེ་གཉིས་ནི་ནད་དངོས་ཀྱི་སྡུག་བསྔལ་ཡིན་ནོ། ། གཉིས་པ་ལུས་ཀྱི་རང་བཞིན་འགྱུར་བ་ནི། ནད་ཀྱིས་མནར་བས་ཤ་ཞུ་པགས་པ་ བསྐམས། མདོག་མི་སྡུག་པར་འགྱུར། ལུས་སྟོབས་དང་གཟི་མདངས་རྒྱས་པའི་མི་རྒོད་ཅིག་ ཡིན་ཀྱང་ནད་ཀྱིས་ཟུག་ཟེར་བཙན་པོས་བཏབ་མ་ཐག་ནས་བྱེའུ་ལ་རྡོས་བརྒྱབ་པ་ལྟར་ལུས་ སྟོབས་ཤོར། མལ་གྱི་གཏིང་དུ་ལྷུང། ལུས་བསྒུལ་བསྐྱོད་ཙམ་ཡང་མི་ནུས་ཏེ། སྤྱོད་འཇུག་ ལས། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང༌། །སྲོག་ཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་པ་ ལྟར་ནད་གང་དང་གང་གིས་ཟིན་སྐབས་ཟུག་གཟེར་དྲག་པོའི་ཚོར་སྡུག་འདི་བདག་ཉིད་ གཅིག་པུའི་མྱོང་བ་ལས་གཞན་སུས་ཀྱང་སྐྱོབ་མི་ནུས་སོ། །ནད་འབྱུང་བའི་རྒྱུ་ལས་ངན་དང་ སྒྲིབ་པ་སྦྱང་ན་ནད་དེ་ལས་སྐྱོབ་པར་འགྱུར་རོ། ། 8-1-90 གསུམ་པ་ཡུལ་ཡིད་དུ་འོང་བ་རྣམས་སྤྱད་དབང་མེད་པ་ནི། ནད་ལ་གནོད་པའི་ཁ་ ཟས་སོགས་ལ་འདོད་སྲེད་ཆེ་ཡང་སྤྱོད་མི་ཆོག་པ་དང༌། དྲོ་བའི་གནས་སུ་འདུག་འདོད་ཀྱང་ འདུག་མི་རུང་བ་དང༌། མདོར་ན་རང་གི་བཟའ་བཏུང་གང་འདོད་སོགས་ལོངས་སྤྱོད་མི་རུང་ བའི་སྡུག་བསྔལ་ལོ། །བཞི་པ་ཡིད་དུ་མི་འོང་བ་ངེས་པར་བསྟེན་དགོས་པ་ནི། ཡིད་དུ་མི་འོང་ བའི་སྨན་ཚ་བ། སྐྱུར་བ། ཁ་བ། བསྐ་བ་སོགས་བསྟེན་དགོས་པ་དང༌། གཏར་ཁ། མེ་བཙའ། གཤག་བཅོས་སོགས་བསྟེན་དགོས་པ་དང༌། གདོན་བགེགས་དང་རྒྱབ་བརྟེན་ངན་པའི་ དབང་གིས་སེམས་ལ་རང་དབང་མེད་པས་སྨྱོན་པར་འགྱུར། འཁྲུལ་སྣང་ལས་ཀྱང་འཁྲུལ་ སྣང་ཁོ་ན་ལ་སྤྱོད། རང་གིས་རང་གསོད་པ་དང༌། ལྕེབས་པ་སོགས་ཀྱང་བྱེད། མཛེ་དང་ ཡམས་ལ་སོགས་པས་ཉེན་ན། མིའི་ཁྱུ་ནས་བུད། གསོན་པོ་ཉིད་ཡིན་ཀྱང་ཤི་བ་དང་འདྲ། ལྔ་པ་སྲོག་གི་དབང་པོ་དང་བྲལ་བ་ནི། ནད་ཀྱིས་འཆི་བ་དྲངས་ནས་རིམ་པར་འཆི་བ་ དངོས་འོངས་བའམ། ཡང་ན་ནད་འདིས་འཆིའོ་སྙམ་དུ་འཆི་དོགས་པས་སྡུག་བསྔལ་འབྱུང་ བ་ཡིན་ཏེ། ན་བའི་སྡུག་བསྔལ་འདི་ནི་ན་བ་རང་ལས་ཀྱང༌། སྡུག་བསྔལ་ཆེ་བ་འཆི་བའི་ སྡུག་བསྔལ་དེ་རང་སྔོན་བསུ་བར་བྱེད་མཁན་ཡིན། བདག་ཀྱང་ན་བ་ལས་མ་ཐར། དེས་ན་ ན་བར་འགྱུར་ཏེ་འོངས། བདག་གིས་བཤེས་ལ་སོགས་པ་དགྲ་གཉེན་སོགས་སྤྱིར་འགྲོ་བ་ འདི་ཀུན་ཀྱང་ན་བའི་སྡུག་བསྔལ་མྱོང་བ་ནི་དེ་དང་འདྲའོ་སྙམ་དུ་བསམ་མོ། ། བཞི་པ་འཆི་བའི་སྡུག་བསྔལ་བསམ་པ་ནི། ཡང་མི་རྣམས་ལ་སྡུག་བསྔལ་གཞན་ཡང་ ཡོད་དེ། འཆི་བའི་སྡུག་བསྔལ་ཡང༌། མདོ་རྒྱ་ཆེར་རོལ་བ་ལས། འཆི་དང་འཕོ་དང་འཆི་འཕོ་ དུས་བྱེད་པ། །ཕངས་ཤིང་སྡུག་པའི་སྐྱེ་བོ་དྲག་ཏུ་བྲལ། །ཞེས་གསུངས་པ་ལྟར་དང༌། གཞན་ ཡང་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ ཤིང་གིས་བཙུགས་ཏེ། རྒྱགས་པ་དང་ནི་བྲལ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེན་ 8-1-91 ནི་མེད། ནད་ཀྱིས་ནི་གདུངས། ཁ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལས་ནི་ མི་ནུས། ཁ་ཆུ་དང༌། སྣབས་དང༌། གཅིན་དང༌། ངན་སྐྱུག་གིས་ནི་ལུས་ལ་གོས། སྒྲ་ངར་ངར་ པོ་ནི་འདོན། སྨན་པས་ནི་བོར། མལ་གྱི་ཐ་མ་ན་ནི་ཉལ། འཁོར་བའི་ལས་དང་པོ་པ་རྣམས་ ལ་དམ་ཆོས་བློ་ལ་འཛིན་བདེ་ཉུང་བསྡུས། རྒྱུན་ནི་ནུབ། གཤིན་རྗེའི་མིས་ནི་འཇིགས་སྐྲག དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ ཏུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང༌། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་པ་མེད་པའི་ཕྱོགས་སུ་ནི་ འགྲོ། ནོར་བགོ་བྱར་ནི་མེད། ཀྱེ་ཧུད་མ། ཀྱེ་ཧུད་ཕ། ཀྱེ་ཧུད་བུ་ཞེས་ནི་ཟེར་ཏེ། དེའི་ཚེ་རྒྱལ་ པོ་ཆེན་པོར་ཆོས་མ་གཏོགས་པ་སྐྱབས་དང༌། མགོན་དང༌། དཔུང་གཉེན་ནི་གཞན་མེད་དོ། །ཞེས་གསུངས་པ་ལྟར་དེ་ལ་འཆི་བའི་སྡུག་བསྔལ་རྣམ་པ་ལྔ་ལས། དང་པོ་རང་ཉིད་འཆི་ བར་ཤེས་པ་ན་ད་བདག་འཆི་བའི་དུས་ལ་བབ་ཚེ་ཡུལ་ཁམས་དང༌། ས་ཞིང༌། ཁང་ཁྱིམ། རྟ་ ནོར། གོས་རིགས། འབྲུ་དྲུག་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་འབྲལ་བར་ མཐོང་ནས་སེམས་རབ་ཏུ་སྡུག་བསྔལ་བ་དང་གཅིགརྩ་འཛིང་སྟེ་རང་གི་གཉེན་དང༌། ཉེ་བ་ དང༌། ཡུལ་དཔོན་དང༌། བླ་གྲྭ་ཡོངས་རྫོགས་སོགས་དང་འབྲལ་བར་ཤེས་ནས་སྡུག་བསྔལ་ གྱིས་སེམས་རབ་ཏུ་གདུང་བ་དང་གཉིས། རང་གི་འཁོར་དང༌། གྲོགས་དང༌། བཟའ་ཚང་ སོགས་དང་འབྲལ་བར་ཤེས་ནས་སྡུག་བསྔལ་གྱིས་སེམས་རབ་ཏུ་གདུང་བ་དང་གསུམ། ཤིན་ཏུ་གཅེས་པར་བསྐྱངས་པའི་རང་གི་ལུས་ཕུང་ཏེ་ཡིད་འོང་ཁོ་ནར་མཐོང་བ་འདི་དང་ འབྲལ་བར་ཤེས་ནས་སེམས་ཤིན་ཏུ་སྡུག་བསྔལ་བ་དང་བཞི། འཆི་བ་ཉིད་ཀྱི་ཚེ་ལུས་ལ་ གནད་གཅོད་ཀྱི་སྡུག་བསྔལ་དང་སེམས་ལ་ཡིད་མི་བདེ་བ་དྲག་པོ་དང་བཅས་པ་སྟེ་ལྔའོ། །དེ་ལྔ་པོ་ཡང་ཡང་བསམ། གཞན་ཡང་ད་སྐབས་སུ་དལ་འབྱོར་ལ་སྙིང་པོ་ལེན་དགོས་ཚུལ་ 8-1-92 དང༌། དལ་འབྱོར་ལ་སྙིང་པོ་མ་བླངས་ན་འཆི་ཁར་འགྱོད་པ་འབྱུང་ཚུལ་སོགས་ཀུན་མཁྱེན་ ཏཱ་ར་ནཱ་ཐའི་ཞལ་ནས། དགུང་གྲངས་ང་དགུའི་མཐའ་འམ་དྲུག་ཅུར་སོན་ཙམ་ལ་སྐུ་ཚེ་ཐ་ མར་ཐུགས་དགོངས་ཞིང་གཞན་དུ་གཏད་པ་ལ་ཉེ་བས་འཆི་བ་ལ་མི་འཚེར་བའི་རྒྱུ་མཚན་ གསུངས་པ། གཞན་ཡང་ཉོན་ཅིག་བདག་འཆི་བ་ལ་མི་འཚེར་བའི་རྒྱུ་མཚན་གྱི་གཙོ་བོ་ནི། བླ་མ་དམ་པ་དམ་པའི་ཆོས་དང་དབྱེར་མེད་རོ་གཅིག་ཏུ་གྱུར་པ་དེ་རྣམས་ཀྱི་སྐུ་དྲིན་ལས། སེམས་གནས་ཀྱང་རུང༌། འགྱུ་ཡང་རུང༌། དགེ་བའི་རྣམ་ཆ་ཤར་ཡང་རུང༌། ཉོན་མོངས་པའི་ རྣམ་ཆ་ཤར་ཡང་རུང༌། ལུང་མ་བསྟན་གྱི་རྣམ་ཆ་ཤར་ཡང་རུང༌། བདེ་བ་ཤར་ཡང་རུང༌། སྡུག་ བསྔལ་དུ་ཤར་ཡང་རུང༌། རང་འཁོར་རང་གྲོལ་རང་འགྲོས་ལ་བཟོ་བཅོས་མེད་པ་འདི་ ཀདལ་བྲེལ་དང་སྒྲིམ་མ་སྒྲིམ་ལ་མ་ལྟོས་པ་ཞིག་རྩོལ་མེད་དུ་འཁྱོངས་ཙམ་བདོག་གོ། །འཆི་ བ་ཞེས་བྱ་རྣམ་རྟོག་སྟེ། །ཞེས་གསུངས་པ་ལ། རིག་ཐོག་དང་མྱོང་ཐོག་ནས་བློ་ཁ་ཕྱོགས་ཙམ་ ཡོང་བ་འདི་རྒྱུ་མཚན་དང་པོ་ཡིན། ཡང་བླ་མའི་སྐུ་དྲིན་ལས། ད་ལྟ་གཉིད་འཐུག་པོའི་དུས་ དང༌། སད་དུས་སུ་ཡང་རྣམ་རྟོག་རགས་པ་འགགས་པའི་སྐབས་དེར་རླུང་ཕྲ་རགས་ཐིམ་ པའི་བདེ་སྟོང་གི་འོད་གསལ་རང་ངོ་འཕྲོད་ཙམ་ནམ་དགོས་སུ་བདོག་ཅིང༌། སྤྱིར་བདག་ལ་ སྙིང་རྗེའི་སྒོམ་ཅུང་ཟད་འཆར་དཀའ་བ་དང༌། ཕྱིས་ཀྱང་རྩལ་ཆེ་ཤོས་རང་མི་ཡོང་འདུག་ ཀྱང༌། སྐབས་འདི་དག་ཏུ་མ་རྟོགས་རྨོངས་པའི་འགྲོ་ལ་སྙིང་རྗེ་ཅུང་ཟད་རང་ཤར་བས་ བསྐུལ་ནས། སད་དུས་དང༌། རྨི་ལམ་དུ་ལྷ་སྐུ་སྣང་སྟོང་རང་ཤར། དེ་ཉིད་ཤར་ཙམ་ཉིད་ནས་ རང་གྲོལ་དུ་འདུག་པ་ལ་མྱོང་ཐོག་ནས་བློ་ཁ་ཅུང་ཟད་ཕྱོགས་པས། ཐབས་ཀྱི་སྒོ་ནས་འཆི་བ་ དང༌། བར་དོ་ལམ་དུ་འཁྱེར་ཐུབ་ཙམ་བདོག་པས། བློ་བདེ་བ་འདི་རྒྱུ་མཚན་གཉིས་པ་ཡིན། ཡང་བདག་གིས་ཆོས་པ་ལ་ཡོང་བར་མི་འོས་པའི་སྡིག་པ་རྔམ་ཆེ་བ་བྱས་པ་ནི་ཡེ་མི་དྲན། མ་ དྲན་ཀྱང་བག་མེད་པས་བསགས་པ་ཡོད་སྲིད། ཚེ་འདིར་སྡིག་པ་ཕྲ་མོ་བསགས་པ་རྣམས་ 8-1-93 དང༌། ཚེ་རབས་སྔ་མའི་ཉེས་པ་ཐམས་ཅད་ཐབས་ཀྱི་ཆ་ནས་སྟོབས་བཞི་ཚང་བའི་བཤགས་ པ་འཕྲལ་འཕྲལ་བྱས། ཤེས་རབ་ཀྱི་ཕྱོགས་ནས། དྲང་བོར་འདུག་ལ་ཡང་དག་ལྟོས། །དེ་ནི་ འགྱོད་ཚང་མཆོག་ཡིན་ནོ། །ཞེས་པའི་དོན་ལ་ཅངས་འཇུས་སུ་བྱས་པ་ལགས། ཤེས་བཞིན་ དུ་ཆོས་སྤོང་གི་ལས་དང༌། སྐྱེས་བུ་དམ་པ་ལ་སྐུར་བ་འདེབས་པ་ནི་སྒྲིམས་ཏེ་སྤངས་པས་ བྱས་པ་ནི་མི་དྲན། དེས་ན་མ་གུས་པའི་ཉེས་པ་ནི་ཆེར་མེད། མེད་པའི་ཁུངས་ཡིན། ཡང་དག་ པའི་ཆོས་ཡིན་པར་མ་ཤེས་པ་དང༌། སྐྱེས་བུ་དམ་པ་ཡིན་པར་མ་ཤེས་ནས། མི་ཤེས་པའི་རྒྱུ་ ཅན་གྱིས་སྡིག་བསགས་པ་ནི་མང་པོ་ཀ་ཡོད་རིགས་སུ་འདུགསྨྲ་བ་ལ་དགའ་ཞིང་བག་མེད་ པའི་སྐྱོན་གྱིས། ཀུ་རེ་དང་ཀྱལ་ཀ་སོགས་ཀྱིས་སྡིག་བསགས་པ་ནི་མང་པོ་རང་ཡོང་བར་ འདུགདེ་དག་ཀྱང་སྙིང་ཐག་པ་ནས་མ་ཡིན། བློ་སྐྱོན་མེད་པས་ཅུང་ཟད་དྲག་ཟེར་ནི་དགོས་ ཏེ། ལར་སྡིག་པ་ཆུང་ཆུང་གི་ཚད་ནི་མིན་འདུགསྤྱིར་བདག་ལྟ་བུས་སྡིག་པ་མ་བྱས། ཉེས་ ལྟུང་མེད་ཟེར་བ་བྱས་ན། གཞན་ལ་རྫུན་དང་མགོ་སྐོར་ཁ་ཚ་ལམ་ལམ་པ་ཡིན་པར་འདུགདེ་ ལྟ་ན་ཡང་གཉེན་པོ་བསྒོམས་པས་ཁུར་ཡང་བ་རེ་འཕྲལ་འཕྲལ་བྱས་བདོག་པ་འདི་ནི་རྒྱུ་ མཚན་གསུམ་པ་ཡིན། ཡང་བདག་ལ་ཁེངས་དྲེགས་དང་ཆོས་བརྒྱད་མགོ་མ་སྙོམས་པ་དང༌། རང་འདོད་དང༌། དད་ལྟོས་ཀྱི་བློ་ཤུགས་དྲག་ཤོས་ཟུར་རགས་པོ་རང་མེད་ཀྱང༌། སྤྱིར་རྣམ་ རྟོག་དེ་དག་གི་དཀྱིལ་ན་ཉལ་བ་ལགས་མོད། འོན་ཀྱང་འདི་ན་མང་པོ་ཞིག་རྣམ་རྟོག་སོ་སོ་ ཐ་དད་པ་འདི་ལྟར་འཆར་ཏེ། ངས་ནི་ཆོས་མང་པོ་མ་ཐོས། མང་པོ་མ་ཤེས། གཞན་འདི་དང་ འདི་ལྟ་བུས་ནི་མང་པོ་ཐོས་པ་དང༌། མང་དུ་ཤེས་འདུག་སྙམ་བློ་ཁ་མ་རྫོགས་པར་འཆི་བ་ དང༌། ཡང་ངས་ཆོས་མང་པོ་ཤེས་ཀྱང་ཞུ་མཁན་མ་བྱུང༌། ཤོད་རྒྱུ་མ་བྱུང་སྙམ་བློ་ཁ་མ་ཁེངས་ པ་དང༌། ཡང་ཆོས་ཤེས་ཀྱང་སྒོམ་རྒྱུ་མ་བྱུང་སྙམ་འགྱོད་པ་དང༌། ཡང་གཞན་དག་རང་གི་ སྤྱོད་པ་ལ་རང་འགྱོད་པ་དང༌། འགའ་ཞིག་ངས་ཆོས་ཤེས། སྒྲུབ་པ་བྱས། བྱིན་རླབས་ཀྱང་ 8-1-94 ཡོད་དེ་འགྲོ་དོན་མ་བྱུང་སྙམ་པ་དང༌། ཡང་འགའ་ཞིག་ང་ཆོས་པ་བཟང་པོ་ཡིན་པ་ལ། མི་ མཐོང་མ་བྱུང༌། སློབ་མ་མ་འདུས་ཡོན་བདག་མ་འཛོམས། རྙེད་བཀུར་མ་བྱུང༌། གྲགས་པ་མ་ ཐོབ་སྙམ། ཡིད་མ་རངས་པ་དང༌། ལོག་པ་ངན་པ་ཁ་ཅིག་ནི། ནོར་མ་གསོགས། དགྲ་མ་ ཐུལ། གཉེན་མ་འཁྱོངས། བུ་སྨད་དང༌། གཡོག་རིགས་མགོ་མ་ཐོན་སྙམ། ཡི་མུག་པ་དང༌། ཡང་དེ་འདྲར་གྱུར་གྱིས་དོགས་ནས། འདི་དང་འདི་ལྟ་བུ་མ་བྱུང་བ་ལ། ང་ཤི་བ་བས་ཡོང་བ་ མེད་ཟེར་བ་དང༌། ཡང་ང་ལ་ལོངས་སྤྱོད་ཡོད་པ་ལ་ལག་རྗེས་མ་བྱུང༌། རྟེན་གསུམ་མ་ བཞེངས། དགེ་འདུན་མ་མཆོད། ང་མ་ཤི་ན་ག་གེ་མོ་ཞིག་བྱེད་དགོས་པ་འདུག་ཟེར། སྔར་ འཛིན་ཆགས་འབའ་ཞིག་བྱས་པའི་གནོང་ལངས་པ་དང༌། ཡང་འགའ་ཞིག་སྐྱིད་ཙ་ན་འབྲེལ་ མེད་ཀྱི་བྱ་བས་དུས་འདས། སྡུག་ཐུག་ཙ་ན། ད་རེས་མ་ཤི་ན་ཆོས་ཅིག་རང་བྱེད་པ་ཡིན་ཏེ། སྒོམ་ཅིག་རང་བྱེད་པ་ཡིན་ཏེ་ཟེར་ཞིང༌། ཙབ་ཙོབ་ལངས་པ་དང༌། ཡང་ཁ་ཅིག་ཤུལ་ན་ འཁོར་ལུས་འགྲོ་བར་འདུགགཉེན་ཚན་ལུས་འགྲོ་བར་འདུགབུ་ཚ་བུ་སྨད་ལུས་འགྲོ་བར་ འདུགགྲྭ་པ་འདི་རྣམས་ཅི་འདྲས་འོང༌། ནོར་རྫས་འདི་རྣམས་སུས་རང་ཁྱེར། ང་མེད་ན་ག་གེ་ མོ་དང༌། ཆེ་གེ་མོ་འདི་གནས་སྐབས་ཅི་འདྲར་འགྱུར་ཞེས། ཤུལ་ལ་ཆགས་པར་འདུག་སྟེ། དེ་ དག་ལ་སོགས་པ་འཆི་བ་ལ་འཚེར་བའི་རྣམ་རྟོག་རིགས་མི་གཅིག་པ་མང༌། ལོག་ལྟ་ཅན་ཁ་ ཅིག་ནི། ད་ལྟ་མིག་གིས་བལྟ། རྣ་བས་ཉན། འདོད་ཡོན་ལ་སྤྱོད་པ་ཡིན་ཀྱང༌། ཤི་བ་དེ་མེད་ སྙམ་ནས། ང་ད་ལྟ་རང་མི་འཆི་ལས་ཆེ། དེ་འདྲ་མི་སྲིད་ལས་ཆེ་ཟེར་བ་དང༌། དེ་བཞིན་དུ་ཁ་ ཅིག་ང་གཞོན་པ་ལ་འཆི་དགོས་པ་ཨང༌། ལོངས་སྤྱོད་མ་བྱས། སྐྱིད་པོ་མ་བྱས་པར་འཆི་ དགོས་པའང་ཟེར་བ་སོགས་མི་ཤེས་རྨོངས་པའི་བློ་རིགས་ལ་ཚད་གཟུང་དུ་ག་ལ་ཡོད། ཁོ་ བོ་ཅག་ནི། ལུགས་གཉིས་དང་འབྲེལ་བའི་བཟང་བཟང་མོ་དང༌། འཆོར་འཆོར་པོ་དང༌། རྔམ་ རྔམ་མོ་དང༌། མངོན་པར་མཐོ་མཐོ་མོ་ལ་ཤེས་འདོད་ཆེ་བ་ཙམ་མེད་པས། དེ་རྣམས་མ་བྱུང་ 8-1-95 ཡང་སྐྱོག་པ་ཡོང་གིན་མེད། འོན་ཀྱང་རང་རེ་ལ་ལྟོས་ཚོད་ཀྱི། དེ་དག་ཕལ་ཆེར་བྱུང་ཡང་བྱུང་ བྱུང་བ་ཙམ་དུ་མ་ཟད་སྐྱུག་ལོག་ལོག་བྱུང་བས་བློ་ཁ་མ་ཚིམས་པ་ཅིག་ཀྱང་མེད། དེ་ཡང་ ཆོས་མང་བ་ཐོས་ཀྱང་ཐོས། ཤེས་ཀྱང་ཤེས། མ་ཤེས་མ་ཐོས་སྙམ་འགྱོད་དགོས་པ་མ་བྱུང༌། ཆོས་ཞུ་མཁན་ནི་ཞེ་ལོག་ལོག་ཁམས་གཤིས་ལངས་ལངས་ཀྱང༌། ཡུན་རིང་ལ་དར་དྲག་པ་ ཆོས་བཤད་ཀྱང་བཤད། རང་ཚོད་དང་མཐུན་པར་སྒོམ་ཡང་བསྒོམས། ལྟ་བ་ཟབ་མོ་དང་ནི་ འཕྲད། འགྱོད་པ་མེད་པའི་སྤྱོད་པ་ནི་བྱས། སྐྱེ་བོ་མང་པོ་ལ་ཆོས་དང་ཟང་ཟིང་གིས་ཕན་ནི་ བཏགས། མདོ་ལས། ཕོ་ཤལ་བཀུར་བསྟིས་ཕུང་བར་འགྱུར། །གསུངས་པ་ལྟར། མ་བྱུང་ ཡང་ཆོག་པའི་མི་མཐོང་དང༌། རྙེད་བཀུར་དང༌། གྲགས་པ་ཡང་ཆེ་ཚད་བྱུང༌། བྱུང་བ་ལ་རློམ་ སེམས་དང་དགའ་གྲགས་པའང་ཡེ་མེད། རང་རེས་ཕར་འཁྱོང་ན་རབ་ལ་མི་འཁྱོངས་པ་ཙམ་ གྱི་སློབ་མ་དང་ཡོན་བདག་ཀྱང་བསྡུས། ལྷ་ཁང་དང་དགེ་འདུན་ལ་མཆོད་པ་བྱས། ལག་ རྗེས་གནས་གཞི་ཡང་མང་དུ་ཐིངས། རྟེན་གསུམ་མང་པོའང་བཞེངས་ཟིན། ད་ཅིག་ཅིག་བྱེད་ དགོས་པ་ཡོད་དེ་ཞེས་བྱ་བ་འཕྲོ་ལུས་པ་ཡང་མེད། ཟས་ནོར་ལོངས་སྤྱོད་གྲྭ་རིགས་ཡོན་ བདག་སོགས་ལ་བསམས་ནས། འདི་ལ་དེ་འདྲ་ཞིག་དགོས་པ་ཡོད་དེ། ང་ཤི་ན་ཅི་འདྲ་ཞེས་ ཤུལ་དུ་འཕྲེང་དགོས་པ་ཅུང་ཟད་ཀྱང་མེད་པ་འདི་ནི་རྒྱུ་མཚན་བཞི་པ་ཡིན། ཡང་ཤེས་ལྡན་ འགའ་ཞིག་གར་སྐྱེའི་ངེས་པ་མེད་པ་འདི་ཁ་འཇིགས། ངན་སོང་དུ་སྐྱེས་ན་ཇི་ཙུག་བྱེད། ལྷ་ དང་མི་ཆོས་བྱེད་ས་ཅིག་ཏུ་ཨེ་སྐྱེ་སྟེ་བསམ་ལྟེམ་ལོག་གེ་བྱེད་དེ། དེ་ཡང་བདེན་ཏེ་བདེན་པ་ ཡིན། སྤྱང་ཡང་སྤྱང་པོ་ཡིན་པ་གདའ། འོན་ཀྱང་བདག་ནི་ཕང་ཚེ་ངན་ཀྱང་ལུང་ཐག་བཟང་ བས། ལས་ཉོན་གྱི་དབང་གིས་ངན་སོང་དུ་མི་ལྷུང་བ་ཙམ་ཁས་ལེན། དེར་མ་ཟད་བཟང་ སྨོན་ཅུང་ཟད་ཐེབས་པ་ཙམ་འདུག་པས། ཇི་སྐད་དུ། སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་ཡེ་ ཤེས་རྣལ་འབྱོར་ཡངས་པ་དག་ནི་ཀུན་ཏུ་འཛིན་པ་དང༌། །ཞེས་གསུངས་པ་ལྟར། གོང་ནས་ 8-1-96 གོང་དུ་ཇེ་བཟང་ཇེ་བཟང་དུ་འགྲོ་བའི་གདེང་བག་ཙམ་ཡོད་པ་འདི་ནི་རྒྱུ་མཚན་ལྔ་པ་ལགས་ སོ། །ཞེས་གསུངས་པའི་རྒྱུ་མཚན་ལྔའི་སྒོ་ནས་གདམས་ངག་ཟབ་མོའི་བཅུད་བསྡུས་ནས་ གནང་བ་འདི་རང་ཅག་རྣམས་ཀྱིས་ལག་ལེན་དུ་ཐེབ་པར་བྱས་ཏེ་འཆི་ཁར་མི་འགྱོད་པ་ཙམ་ ལ་འབད་པར་བྱ། དེ་ལྟར་མ་ཡིན་པར་ཚེ་འདིར་འདོད་ལྔ་ཁོ་ན་སྤྱོད་པའི་ཚེ་དུས་འདས་ན་ རྒྱལ་སྲས་ཞི་བ་ལྷའི་ཞལ་ནས། སུ་ཞིག་འཇིགས་ཆེན་འདི་ལས་བདག །ལེགས་པར་སྐྱོབ་ པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་ འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་གསུངས་པ་ལྟར་མི་ སྡིག་ཅན་འཆི་བ་ན་འཆི་ཁར་འཇིགས་སྐྲག་གིས་འཁྲུལ་སྣང་དུ་མ་འབྱུང་སྐབས་སུ་རང་ གཅིག་པུ་མ་གཏོགས་སྐྱབས་དང་མགོན་གཞན་གང་ཡང་མེད་པར་སྔར་བྱས་ཀྱི་སྡིག་པ་ལ་ འགྱོད་ནས་འཆི་ཁར་བྲང་ལག་འཐབ་ཅིང་བྲང་སེན་རྗེས་ཀྱིས་བཀང་ནས་འཆི་བ་ཡིན་ཏེ། ཇི་སྐད་དུ། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས། དེ་ལྟ་བུའི་འཆི་ཁར་ནད་དྲག་པོས་ཐེབ་པ་དང༌། འཁྲུལ་སྣང་སྣ་ཚོགས་འབྱུང་ བ་དང༌། གཤིན་རྗེའི་ཕོ་ཉའི་སྐྱེས་བུས་འཇིགས་གཟུགས་དུ་མ་ངོམ་ནས་བསུ་མར་སླེབ་པ་ དང༌། བར་དོའི་སྣང་བ་ཤར་སྐབས་སུ་མགོན་དང་སྐྱབས་ནི་མེད་དེ། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང༌། །འཇིགས་ ཆེན་ནད་ཀྱིས་ཐེབ་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར་སྔར་ བྱས་ཀྱི་སྡིག་པ་དྲན་པས་འགྱོད་པ་སྐྱེ། ངན་སོང་གི་སྡུག་བསྔལ་དྲན་ནས་འཇིགས་ཤིང་ སྐྲགརང་ལ་རང་དབང་ཡོད་པའི་དུས་སུ་འཆི་ཁར་ཕན་པའི་ཆོས་ཤིག་མ་འགྲུབ་སྙམ་དུ་ འགྱོད་ནས་བྲང་ལ་སྤར་མོ་བཏབ་ནས་བྲང་ལ་ཁུ་ཚུར་གྱིས་བརྡུང་བ་དང༌། གདོང་སེན་རྗེས་ 8-1-97 ཀྱིས་བཀང་ནས་འཆི་དགོས་པ་འདི་ལ་བསམ་ཚེ་སྡུག་བསྔལ་བཟོད་མི་ནུས་པ་མྱོང་དགོས་པ་ ཡིན། འཆི་ཚེ་རང་རེས་འཛིན་ཅིང་ཆགས་པར་བྱེད་པའི་ཡུལ་ཕྱོགས། ས་ཞིང༌། ཁང་ཁྱིམ། ནོར་རྫས། ཡར་གྱི་དཔོན། མར་གྱི་གཡོགཐད་ཀའི་གྲོགས་པོ། དགོན་སྡེ་གྲྭ་ཚང་ཐམས་ཅད་ དང་བྲལ་དགོས་པ་མ་ཟད། རང་གིས་གཅེས་པར་བསྐྱངས་བའི་ལུས་འདི་ཤུལ་དུ་བསྐྱུར་ ནས་ནང་རྣམ་པར་ཤེས་པ་འདི་ལས་རླུང་གི་རྟ་ལ་བསྐྱོད་ནས་འགྲོ་དགོས་ཏེ། སྤྱོད་འཇུག་ ལས། འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི། །འཆི་བདག་བརྩེ་བ་མེད་པ་ཡིས། །ཕྲོགས་ཏེ་བྱ་ དང་ཁྱིར་བྱིན་ན། །དེ་ཚེ་ཁྱོད་ཀྱིས་ཅི་བྱར་ཡོད། །ཅེས་གསུངས་པ་ལྟར་འཆི་ཚེ་ནོར་རྫས་ཏིལ་ འབྲུ་ཙམ་འཁྱེར་དབང་མེད་པ་མ་ཟད་རང་ལུས་ཀྱང་བསྐྱུར་ནས་འགྲོ་དགོས་ན་འཇིག་རྟེན་ འདིའི་བྱ་སྤྱོད་ཐམས་ཅད་ལ་སྙིང་པོ་མེད་པར་སྐྱུག་ལོག་གེ་བ་ཞིག་ཏུ་བསྒོམས་པར་བྱའོ། ། ༢༽ དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉིས་པ་དགྲ་སྡང་བ་དང་ཕྲད་ཀྱིས་དོགས་པའི་སྡུག་བསྔལ་ནི། རང་གི་ནོར་ལོངས་ སྤྱོད་ཡོད་ཚོད་ལ་ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ། རྒྱུན་གྱི་འཚོ་སྐྱོང་སོགས་བྲེལ་དོ་ཁོ་ནའི་ ངང་དུ་དུས་འདའ་ཡང༌། ཕན་པ་མེད་པར་ལོངས་སྤྱོད་དང་འབྱོར་བ་ཐམས་ཅད་ཀྱང་དགྲ་ དང་ཐུན་མོང་དུ་འགྱུར། ཉིན་གྱི་ཇག་པ། མཚན་གྱི་རྐུན་མ་འཕར་སྤྱང་དང༌། གཅན་གཟན་ ལ་སོགས་གློ་བུར་གློ་བུར་དུ་འོངས་ནས་འཚེ་བར་བྱེད། སྤྱིར་ལོངས་སྤྱོད་དང་འབྱོར་བ་ཅི་ ཙམ་ཡོད་པ་དེ་ཙམ་དུ་དེ་དག་བསགས་པ་དང༌། བསྲུང་བ་དང༌། སྤེལ་བ་སོགས་སྡུག་བསྔལ་ མཐའ་ཡས་པའི་རང་བཞིན་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། བསགས་དང་བསྲུང་དང་སྤེལ་ བས་ཉམ་ཐག་པས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ཞེས་དང༌། རྗེ་མི་ལས་ ཞལ་ནས། ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །བར་ 8-1-98 དུ་སེར་སྣའི་མདུད་པས་བཅིངས། །དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །དགྲ་འདྲེ་གཉིས་ཀྱི་ གཡབ་མོ་ཡིན། །རང་གིས་བསགས་པ་མི་ཡིས་སྤྱོད། །ཐ་མ་སྲོག་གི་བདུད་དུ་འོང༌། །དགྲ་ བོའི་ནོར་གཉེར་སེམས་ལ་གཟན། །འགྲོ་བའི་བསླུ་རྡོ་སྤངས་པ་ཡིན། །བདུད་ཀྱིས་མགོ་ བསྐོར་དེ་ང་མི་འདོད། །ཅེས་གསུངས་པ་ལྟར་ནོར་རྫས་འདི་དག་གིས་དང་པོ་བདག་སྐྱིད་ སྣང་དང་གཞན་དག་གིས་སྨོན་སྣང་ཙམ་ཡོད་ཀྱང་ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། བར་དུ་ སེར་སྣའི་མདུད་པས་བཅིངས་ཏེ། ཡར་དཀོན་མཆོག་ལ་མཆོད་པ་དང༌། མར་ངན་སློང་ལ་ སྦྱིན་གཏོང་མི་བྲ་བར། མཐར་དགྲ་འདྲེ་གཉིས་འབོད་པའི་གཡབ་དར་ཡིན། ཐ་མར་རང་ སྲོག་གཅོད་པའི་རལ་གྲི་ལྟ་བུར་འདུག་པས་སྔོན་བྱོན་རྒྱལ་བ་གོང་མའི་རྣམ་ཐར་བཞིན་ ལོངས་སྤྱོད་ནོར་རྫས་ཀྱི་ཆགས་ཞེན་ཐམས་ཅད་རྩ་བ་ནས་བཅད། ཟས་གོས་མཐའ་གཉིས་ སུ་མ་ལྷུང་བ་ཙམ་ལ་བརྟེན་ནས་དམ་པའི་ཆོས་ཁོ་ན་བསྒྲུབ་དགོས་སྙམ་དུ་བསྒོམ་མོ། ། ༣༽ གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། གསུམ་པ་གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ་ནི། སྤྱིར་འཇིག་རྟེན་ པའི་སེམས་ཅན་ཐམས་ཅད་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང༌། ཉེ་དུ་འཁོར་ འབངས་གཉེན་དང་མཛའ་བཤེས་ཀྱི་ཕྱོགས་སུ་ལྷུང་བ་ཡིན་པས། དེ་དག་གི་ཆེད་དུ་སྡུག་ བསྔལ་དུ་མ་ལ་སྤྱོད་ཀྱང་དེ་ཐམས་ཅད་མི་རྟག་པར་འབྲལ་བའི་ཆོས་ཅན་ཡིན་པས་མཐར་ ཐུག་འཆི་བ་ཁོ་ན་ལས་མ་འདས། ཕ་མ་སོགས་བུ་རྒྱུད་ལ་བརྩེ་བར་རློམ་ཀྱང་བརྩེ་ལུགས་ ཕྱིན་ཅི་ལོག་ཏུ་གྱུར་ནས་ཕུགས་སུ་གནོད་པ་བསྐྱལ་བ་ཡིན་ཏེ། རྒྱུ་རྫས་ཐམས་ཅད་བྱིན། གཏན་གྲོགས་ཀྱི་ཆུང་མ་བསུས་ནས་འཁོར་བའི་འཆིང་ཐག་དང་སྦྲེལ། དགྲ་འདུལ་ལུགས། གཉེན་སྐྱོང་ལུགས། རྒྱུ་རྫས་བསོག་ལུགས་སོགས་མི་དགེ་བའི་ལས་ཐབས་དུ་མ་བསླབས་ 8-1-99 པར་བྱས་པས་ངན་སོང་གི་གཏིང་རྡོ་ལས་མི་ཐར་བ་ཞིག་བྱེད་པ་ཡིན་པས་དེ་ལས་གནོད་ ཚབས་ཆེ་བ་མེད། གཞན་ཡང་བུ་བུ་མོ། ཚ་བོ་སོགས་ཀྱིས་དང་པོ་ཕ་མའི་ལུས་ཀྱི་བཅུད་ འཕྲོགབར་དུ་ཁ་ཡི་ཟས་འཕྲོགཐ་མ་བསོགས་པའི་ནོར་འཕྲོགཕར་ལ་བརྩེ་བར་བྱས་ཀྱང་ ཚུར་ལ་རྒོལ། བུ་སྲིང་སོགས་ཀྱང་རང་ནོར་ལ་ཧབ་ཐོབ་བྱེད། ལེགས་ན་གཞན་གྱི་དཔལ་ བསྐྱེད་ཅིང་རང་ཕྱོགས་ལ་ཕན་སྤུ་ཙམ་ཡང་མེད། ཉེས་ན་ནི་ཕ་མིང་གི་གོ་ཁར་ལྷུང་ནས་ སྡིག་ལ་སྦྱོར། རང་འབྱོར་ཞིང་སྙན་གྲགས་ཆེ་བའི་དུས་སུ་གཞན་ཐམས་ཅད་གྱིས་རང་ལ་ལྷ་ བཞིན་དུ་བལྟ། མི་དགོས་ཀྱང་ཟས་ནོར་སྦྱིན་པ་དང་གཡོག་བྱེད། རང་རྒུད་པ་དང་ཉམས་ པར་གྱུར་སྐབས་སུ་ཉེས་པ་ཅུང་ཟད་ཀྱང་མ་བྱས་ཀྱང་ཚུར་ལ་དགྲ་བཞིན་དུ་བལྟ། ཕན་ བཏགས་པའི་ལན་དུ་གནོད་པ་སྐྱེལ། དེ་ལྟ་བུའི་བུ་དང༌། བུ་མོ། གཉེན་དང༌། ཉེ་བ་རྣམས་ ལ་སྙིང་པོ་ཅུང་ཟད་ཀྱང་མེད་པ་ཡིན་ཏེ། རྗེ་མི་ལས། བུ་དང་པོ་ལྷ་བུ་ཡིད་འོང་པོ། །སྙིང་བརྩེ་ བའི་སེམས་ལ་བཟོད་བླག་མེད། །བར་དུ་བུ་ལོན་འདེད་དྲག་པོ། །ཐམས་ཅད་བྱིན་ཀྱང་མགུ་ དུས་མེད། །མི་ཡི་བུ་མོ་ནང་དུ་བཅུགདྲིན་ཅན་ཕ་མ་ཕྱི་རུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་ སྟེར། །མ་ཡིས་བོས་ཀྱང་ཨང་མི་ཁུག །ཐ་མ་ཁྱིམ་མཚེས་སྙིང་རིང་པོ། །ཁྲམ་པའི་ཁ་ཚོས་ བྱས་པས་ཕུང༌། །རང་སྐྱེས་ཀྱི་དགྲ་བོ་སེམས་ལ་གཟན། །འཁོར་བའི་བཤལ་ཐག་སྤངས་ པ་ཡིན། །འཇིག་རྟེན་གྱི་བུ་ཚ་ང་མི་འདོད། །ཅེས་དང༌། བུ་མོ་དང་པོ་ལྷ་ཕྲུག་འཛུམ་ཁ་མོ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་དངོས་ སུ་བསླངས་ནས་ཁྱེར། །མ་ལ་ལྐོག་ཏུ་བརྐུས་ནས་ཁྱེར། །བྱིན་ན་ངོ་སོ་མི་བྱེད་པ། །དྲིན་ཅན་ ཕ་མ་སྙིང་རླུང་སློང༌། །ཐ་མ་སྲིན་མོ་གདོང་དམར་མ། །ལེགས་ན་གཞན་གྱི་དཔལ་བསྐྱེད་ མ། །ཉེས་ན་རང་གི་བྱུར་སྡུད་མ། །ཕུང་བྱེད་ཀྱི་སྲིན་མོ་སེམས་ལ་གཟན། །སངས་མེད་ཀྱིམྱ་ ངན་སྤངས་པ་ཡིན། །ཕུང་གཞིའི་བུ་མོ་ང་མི་འདོད། །ཅེས་དང༌། གཉེན་དང་པོ་འཕྲད་དགའ་ 8-1-100 མཐོང་འཛུམ་པོ། །འདིར་བྱོན་དང་འདིར་བཞུགས་ཀྱིས་ལུང་བ་འགེངས། །བར་དུ་ཤ་ཆང་གི་ ཟས་ལན་ཅན། །ཕར་གཅིག་ལན་དུ་ཚུར་གཅིག་སྟེར། །ཐ་མ་ཆགས་སྡང་གི་གྱོད་གཞི་ཅན། །སྡིག་གྲོགས་ཀྱི་གྱོད་རྩ་སེམས་ལ་གཟན། །སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན། །འཇིག་ རྟེན་གྱི་ཉེ་དུ་ང་མི་འདོད། །ཅེས་གསུངས་པ་ལྟར་ཡིན་ནོ། ། ༤༽ མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ། བཞི་པ་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་ནི། འཇིག་རྟེན་གྱི་ཁམས་འདི་ན་ རང་བདེ་ཞིང་སྐྱིད་པ་མི་འདོད་པ་ནི་གཅིག་ཀྱང་མེད་མོད་དེ། དེ་ལྟར་འདོད་པ་ལྟར་འོང་ བ་ནི་སུ་ཡང་མེད། སྐྱིད་དུ་རེ་ནས་མཁར་བརྩིགས་པ་ཡང་ཞིག་ནས་རང་བསད་པ་དང། འགྲངས་སུ་རེ་ནས་ཟས་ཟོས་པ་ཡང་ནད་དུ་འགྱུར་ཏེ་སྲོག་ལ་རྒོལ་བ་དང༌། རྒྱལ་དུ་རེ་ནས་ གཡུལ་ངོར་ཕྱིན་པས་འཕྲལ་དུ་བསད་པ་དང༌། ཁེ་སྤོགས་འདོད་པས་ཚོང་ལ་ཕྱིན་པ་ན་ དགྲས་བཅོམ་ཏེ་སྤྲང་བོར་འགྱུར་བ་སོགས་ཚེའདིའི་བདེ་སྐྱིད་དང་ལོངས་སྤྱོད་འབྱུང་དུ་རེ་ བས་འབད་རྩོལ་དང་རྩོལ་བསྒྲུབ་ཇི་ཙམ་བྱས་ཀྱང༌། རང་ལ་སྔོན་གྱི་བསོད་ནམས་བསགས་ པའི་ལས་དབང་ཞིག་མེད་ན་འཕྲལ་དུ་ལྟོ་འགྲངས་པ་ཙམ་ཡང་མི་འོང་ཞིང་རང་གཞན་སྡིག་ ལ་སྦྱར། འགྲུབ་ངེས་པ་ངན་སོང་གི་གཏིང་ནས་མི་ཐར་བ་ཞིག་འགྲུབ་པ་མ་གཏོགས་ཅི་ ཡང་འགྲུབ་པ་མེད། དེས་ན་འབད་རྩོལ་རི་བོ་ཙམ་བྱས་པ་ལས་བསོད་ནམས་མེ་སྟག་ཙམ་ བསགས་པ་དགའ་བ་ཡིན་པས་འགྲུབ་དུས་མེད་པ་འཁོར་བའི་བྱ་བྱེད་ཀྱིས་ཅི་བྱ། དེ་ལྟ་བུའི་ ལས་ལ་འཁོར་བ་ཐོག་མ་མེད་པའི་དུས་ནས་ཅི་ཙམ་འབད་ཀྱང་མཐར་ཐུག་ན་སྡུག་བསྔལ་ ཁོ་ན་ལས་བདེ་བ་འདོད་ཀྱང་བདེ་བ་འབྱུང་བའི་རྒྱུ་སྤུ་རྩེ་ཙམ་ཡང་མ་འགྲུབ། དཔེར་ན་ཚེ་ འདིའི་ཆེད་དུ་མི་ཚེ་གཅིག་གི་སྟོད་སྨད་ལ་འབད་པ་ཙམ། དམ་པའི་ཆོས་ལ་འབད་ན། ད་ 8-1-101 ཙམ་སངས་རྒྱ་བའམ་མིན་ཀྱང་ངན་སོང་གི་སྡུག་བསྔལ་གཏན་ནས་མྱོང་མི་དགོས་པ་ཞིག་ འགྲུབ་ངེས་པ་ཡིན། ད་རེས་སྤང་བླང་གི་ས་མཚམས་ཤེས་པའི་སྐབས་འདིར་འགྲུབ་དུས་ མེད་པ་འཁོར་བའི་བྱ་བཞག་ལ་རེ་མི་ཆེ་བར་གཏན་བདེའི་དོན་འགྲུབ་ངེས་པ་དམ་པའི་ཆོས་ གཤའ་མ་ཞིག་བསྒྲུབ་དགོས་སྙམ་དུ་ཡང་ཡང་བསྒོམ་མོ། ། ༥༽ འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ། ལྔ་པ་འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་ནི། གོང་དུ་བཤད་པའི་སྡུག་བསྔལ་དེ་ དག་འདོད་པའི་གང་ཟག་ནི་གཅིག་ཙམ་ཡང་འཇིག་རྟེན་གྱི་ཁམས་འདི་ན་མེད་ཀྱང༌། མི་ འདོད་བཞིན་དུ་སྡུག་བསྔལ་ཁོ་ན་ལ་སྤྱོད་དགོས། སྔོན་ལས་ཀྱི་དབང་ལས་མཐོ་རྒྱལ་པོའི་ མངའ་རིས་དང༌། དམའ་ཕྱུག་པོའི་བྲན་ཁོལ་རྣམས་ཀྱང་རང་དབང་སྐད་ཅིག་ཀྱང་མེད་པར་ མི་འདོད་བཞིན་དུ་སྡུག་བསྔལ་དེ་དག་གི་དབང་དུ་གྱུར། ཉེས་པ་ཅུང་ཟད་རེའི་ཕྱིར་སྡུག་ བསྔལ་དུ་མ་ལ་སྤྱོད་དགོས་ཀྱང་བྱ་ཐབས་བྲལ། ད་ལྟ་གསོད་སར་ཁྲིད་ཀྱང་རང་བསམ་ གྱིས་འགྲོ་བ་ལས་འབྲོས་པ་ཙམ་ཡང་མི་ནུས་པས་མཚོན། མི་འདོད་པ་ཁོ་ན་ཐོག་ཏུ་འབབ་ སྟེ། ཀུན་མཁྱེན་ཆེན་པོས། བཟའ་ཚང་ཉེ་འབྲེལ་འདི་དང་དུས་རྟག་ཏུ། །མི་འབྲལ་འགྲོགས་ པར་འདོད་ཀྱང་འབྲལ་བར་ངེས། །བཟང་པོའི་གནས་མལ་འདི་དང་དུས་རྟག་ཏུ། །མི་འབྲལ་ འདུག་པར་འདོད་ཀྱང་འབྲལ་བར་ངེས། །བདེ་སྐྱིད་ལོངས་སྤྱོད་འདི་དང་དུས་རྟག་ཏུ། །མི་ འབྲལ་སྤྱོད་པར་འདོད་ཀྱང་འབྲལ་བར་ངེས། །དལ་འབྱོར་མི་ལུས་མཆོག་འདི་དུས་རྟག་ཏུ། །མི་འབྲལ་རྟག་པར་འདོད་ཀྱང་འཆི་བར་ངེས། །བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ། །མི་ འབྲལ་ཆོས་ཉན་འདོད་ཀྱང་འབྲལ་བར་ངེས། །དམ་པའི་གྲོགས་བཟང་འདི་དང་དུས་རྟག་ ཏུ། །མི་འབྲལ་འགྲོགས་པར་འདོད་ཀྱང་འབྲལ་བར་ངེས། །དེ་རིང་ཉིད་ནས་བརྩོན་པའི་གོ་ 8-1-102 བགོས་ཏེ། །འབྲལ་མེད་བདེ་ཆེན་གླིང་དུ་བགྲོད་རེ་རན། །སྐྱོ་ཤས་གཏིང་ནས་སྐྱེ་བའི་གྲོགས་ རྣམས་ལ། །ཆོས་མེད་སྤྲང་པོ་བདག་གིས་དེ་སྐད་བསྐུལ། །ཞེས་གསུངས། དེས་ན་ནོར་དང་ ལོངས་སྤྱོད་བདེ་སྐྱིད་དང་སྙན་གྲགས་ལ་སོགས་པ་འབྱུང་བའི་རྒྱུ། རང་ལ་སྔོན་བསགས་ཀྱི་ དགེ་འབྲས་ཞིག་ཡོད་ན་ནི་མི་འདོད་ཀྱང་ཤུགས་ཀྱིས་འབྱུང༌། དེ་མེད་ན་ཅི་ཙམ་འབད་རྩོལ་ དང་རྩོལ་སྒྲུབ་བྱས་ཀྱང་འདོད་པ་ལྟར་མི་འགྲུབ་ཅིང་མི་འདོད་པ་ཁོ་ན་འདུ་བས། ནོར་ཟད་ པ་མེད་པ་ཆོག་ཤེས་ཀྱི་ནོར་ལ་བརྟེན་ནས་ཡང་དག་པའི་དམ་ཆོས་མ་བསྒྲུབ་ན། ཆོས་སྒོར་ ཞུགས་ནས་འཇིག་རྟེན་ཚེ་འདིའི་བྱ་བཞག་སྒྲུབ་པ་ནི་རང་སྡུག་ལ་དམ་པས་ཁྲེལ་བ་ཡིན་ ཏེ། རྗེ་མི་ལས། སྤྱིར་རྒྱལ་བ་མི་ཡི་དབང་པོ་དེས། །ཆོས་རྣམས་ཆོས་བརྒྱད་འཇོམས་ཕྱིར་ གསུངས། །ད་ལྟ་མཁས་པར་རློམ་པ་རྣམས། །ཆོས་བརྒྱད་ཆེ་རུ་མ་སོང་ངམ། །རྒྱལ་བས་ ཚུལ་ཁྲིམས་བསྲུང་བ་དེ། །འཇིག་རྟེན་བྱ་བ་སྤང་ཕྱིར་གསུངས། །ད་ལྟའི་ཁྲིམས་སྲུང་བཙུན་ པ་རྣམས། །བྱ་བཞག་མང་དུ་མ་སོང་ངམ། །སྔོན་དུས་དྲང་སྲོང་ཆ་ལུགས་དེ། །ཉེ་དུའི་འབྲེལ་ ཐག་གཅད་ཕྱིར་གསུངས། །ད་ལྟའི་དྲང་སྲོང་ཆ་ལུགས་རྣམས། །ངོ་བསྲུང་ཆེ་རུ་མ་སོང་ངམ། །མདོར་ན་འཆི་བ་མ་དྲན་པའི། །དམ་ཆོས་ཅི་བྱེད་གྱི་ནར་གདའ། །ཞེས་གསུངས་སོ། །ད་ ལྟ་མི་ཡུལ་གླིང་བཞིའི་འཇིག་རྟེན་སྤྱི་དང་བྱེ་བྲག་རང་རེ་འཛམ་བུའི་གླིང་པར་སྐྱེས་པ་རྣམས་ ད་ལྟ་སྙིགས་མའི་དུས་འདིར་བདེ་བའི་གནས་སྐབས་སྤུ་ཙམ་ཡང་མེད་པར་སྡུག་བསྔལ་ཁོ་ ན་ལ་སྤྱོད། ད་དུང་ལོ་དང་ཟླ་བ་ཞག་དང་ཟ་མ་སྔ་དྲོ་དང་ཕྱི་འཕྲེད་ཙམ་སོང་བཞིན་དུས་ཇེ་ སྙིགས། བསྐལ་པ་ཇེ་ངན་སངས་རྒྱས་ཀྱི་བསྟན་པ། སེམས་ཅན་གྱི་བདེ་སྐྱིད་ཐམས་ཅད་ རིམ་པ་བཞིན་ཉམས་དམའ་བ་ལ་བསམ་ནས་སྐྱོ་བ་བསྐྱེད། གཞན་ཡང་འཛམ་གླིང་ལས་ཀྱི་ ས་པ་ཡིན་ཕྱིར། བཟང་ངན། སྐྱིད་སྡུགལེགས་ཉེས། མཐོ་དམན། ཆོས་དང་ཆོས་མིན་ཐམས་ ཅད་མ་ངེས་པ་ཡིན་པས། དེ་དག་གི་ཚུལ་མངོན་སུམ་དུ་མཐོང་བ་ལ་བལྟས་ནས་རང་རྒྱུད་ལ་ 8-1-103 སྤང་བླང་བྱེད་དགོས་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། སྐབས་སུ་རང་གི་ཡུལ་མཁར་ལོངས་ སྤྱོད་ལྟོས། །སྒྱུ་མར་ཤེས་པས་འཁྲུལ་སྣང་ཞེན་པ་ལོག །སྐབས་སུ་གཞན་གྱི་ནོར་དང་ལོངས་ སྤྱོད་ལྟོས། །སྙིང་རྗེར་ཤེས་པས་འཁོར་བའི་འདོད་པ་སྤོངས། །མདོར་ན་སྣ་ཚོགས་སྣང་བའི་ ཆོས་རྣམས་ལ། །རང་བཞིན་བརྟགས་པས་བདེན་ཞེན་འཁྲུལ་པ་འཇིག །ཅེསགསུངས་པ་ ལྟར་ཉམས་སུ་བླང་ངོ༌། །ཚོགས་ཀྱི་གཏམ་ལས། ཁ་ཅིག་དབུལ་བ་ལས་གྱུར་དང༌། །གཞན་ དག་ཆོག་མི་ཤེས་ལས་བྱུང༌། །ཡོངས་ཚོལ་སྡུག་བསྔལ་མི་བཟད་དང༌། །ཐམས་ཅད་འཁུ་ ཞིང་གསོད་པ་ཡིན། །ཞེས་དང༌། རྗེ་ཇོ་ནང་ཀུན་མཁྱེན་ཆེན་པོས། ལོག་པའི་འཚོ་བ་ཤ་ཆང་ དུག་གིས་མྱོས། །བག་མེད་བཞད་གད་ངག་འཁྱལ་ལུ་གུ་རྒྱུད། །འཐབ་རྩོད་ཀུ་ཅོ་ཞེ་སྡང་མེ་ ལྟ་བུ། །བརྣབ་སེམས་རློམ་སེམས་ར་བའི་ཕྲེང་བ་འདྲེན། །ཡོན་ཏན་ཅན་ལ་ཞེ་འཕྱ་བསྐུར་ དུ་བཅུག །གོ་འཕང་ཐོབ་ན་ང་རྒྱལ་ཆེ་བར་ལྷག །ཟས་འབུལ་ཡོ་བྱད་མི་དགེའི་ཕྱོགས་ལ་ གཏོང༌། །དཀོན་མཆོག་མི་དྲན་འཁོར་བའི་ལས་ལ་དགའ། །ཟས་འབུལ་ཇི་སྙེད་ནམ་མཁའི་ གློག་ལྟར་ཡལ། །རྣམ་སྨིན་ཕྱི་དྲོའི་གྲིབ་མ་ཚུར་ཚུར་འོང༌། །ཞེས་གསུངས་པ་ལྟར་སེམས་ཅན་ ཐམས་ཅད་ལོག་པའི་འཚོ་བ་ཤ་ཆང་དང༌། མི་དགེ་བ་འབའ་ཞིག་སྤྱོད་བཞིན་ལུས་ངག་ཡིད་ གསུམ་འདོད་ལྔ་ལ་བག་མེད་པར་སྤྱོད་པས་བག་ཆགས་གྲངས་མེད་པ་སེམས་སྟེང་དུ་བཞག་ པའི་འབྲས་བུ་ད་ལྟ་ཉོན་མོངས་པ་དུག་གསུམ་སོགས་ཉིན་མཚན་མེད་པར་ངམ་ངམ་ཤུག་ ཤུག་གིས་འབྱུང་བ་འདི་ཀ་ལྟར་རོ། །རྗེ་ཏཱ་ར་ནཱ་ཐས། མིར་སྐྱེས་ན་ཡང་སྡུག་བསྔལ་འབའ་ ཞིག་ལགས། །འཐབ་རྩོད་འཁྲུགས་དང་དབུལ་ཕོངས་བརླག་པ་སོགས། །སྐྱེ་རྒ་ན་འཆིའི་ སྡུག་བསྔལ་བསམ་ལས་འདས། །འཁོར་ལོས་བསྒྱུར་རྒྱལ་ཐོབ་ཀྱང་དམྱལ་བར་སྐྱེས། །མཐོ་ དམན་འབྱོར་རྒུད་ཡིད་བརྟན་ཅི་ཡང་མེད། །ཅེས་གསུངས་པ་ལྟར། ལོངས་སྤྱོད་བདེ་སྐྱིད་ སྙན་གྲགས་ལ་སོགས་པ་འབྱུང་བའི་རྒྱུ། རང་ལ་སྔོན་བསགས་ཀྱི་དགེ་འབྲས་ཞིག་ཡོད་ན་ནི་ 8-1-104 མི་འདོད་ཀྱང་ཤུགས་ཀྱིས་འབྱུང༌། དེ་མེད་ན་ཅི་ཙམ་འབད་རྩོལ་བྱས་ཀྱང་འདོད་པ་ལྟར་མི་ འགྲུབ་ཅིང་མི་འདོད་པ་ཁོ་ན་འདུ་བས། ནོར་ཟད་པ་མེད་པ་ཆོག་ཤེས་ཀྱི་ནོར་ལ་བརྟེན་ནས་ དམ་པའི་ཆོས་མ་བསྒྲུབ་ན། ཆོས་སྒོར་ཞུགས་ནས་ཚེ་འདིའི་བྱ་བཞག་སྒྲུབ་པ་ནི་རང་སྡུག་ལ་ དམ་པས་ཁྲེལ་བ་ཡིན་ཏེ། འཇིག་རྟེན་འཁྲུལ་བར་སྣང་བའི་མི་ཡི་འགྲོ་བ་འདི་རྣམས་སྐྱེ་རྒ་ན་ འཆི་སོགས་ཀྱི་སྡུག་བསྔལ་རིམ་བཞིན། མངལ་འཇུག་གི་མདོ་ལས། དེ་བཞིན་དུ་སྐྱེ་བ་ཡང་ སྡུག་བསྔལ་ལོ། །རྒ་བ་ཡང་སྡུག་བསྔལ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་ཡིན་ནོ། །འཆི་བ་ ཡང་སྡུག་བསྔལ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་ཡིན་ནོ། །མི་སྡུག་པ་དང་ འཕྲད་པ་ཡང་སྡུག་བསྔལ་ཡིན་ནོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་ཡིན་ ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་ཡིན་ནོ། །ཞེས་དང༌། དེས་ན་སྤྱིར་འཁོར་བའི་ གནས་འདི་ནི་སྡུག་བསྔལ་ཆེན་པོའི་རང་བཞིན་མེ་འབར་བའི་ཁང་བ་ལྟ་བུ་ཡིན་ཏེ། མངལ་ འཇུག་གི་མདོ་ལས་ཀྱང༌། ཀྱེ་མ་ཀྱི་ཧུད། སྲིད་པ་འཁོར་བའི་རྒྱ་མཚོ་འདི་ནི་འབར་བ། རབ་ ཏུ་འབར་བ། མཆོག་ཏུ་འབར་བ། ཤིན་ཏུ་འབར་བ་མཆོག་ཏུ་འབར་བ་ཡིན་པས། སེམས་ ཅན་འགའ་ཙམ་ཡང་དེས་མ་བཙོས་པ་མེད་དོ། །རབ་ཏུ་འབར་བར་བྱེད་པའི་མེ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་མེ་དང༌། སྐྱེ་བ་དང༌། རྒ་བ་དང༌། འཆི་བའི་མེ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པའི་ མེ་དག་གིས་རྟག་ཏུ་བསྲེག་ཅིང་འབར་བར་བྱེད་པས། འགའ་ཙམ་ཡང་དེ་ལས་ཐར་བ་མེད་ དོ། །ཞེས་གསུངས་སོ། །དེ་ལྟར་འཁོར་བའི་ཉེས་དམིགས་དེ་དག་ཤེས་པས། སྲིད་པའི་བདེ་ བ་ལས་བློལྡོག་པ་ཡིན་ནོ། །དེ་ལྟར་ཡང༌། ཡབ་སྲས་མཇལ་བའི་མདོ་ལས། འཁོར་བའི་ཉེས་ དམིགས་མཐོང་བ་ན། །སྐྱོ་བའི་སེམས་ནི་རབ་ཏུ་སྐྱེ། །ཁམས་གསུམ་བཙོན་རར་འཇིགས་ པས་ན། །བརྩོན་པའི་སེམས་ཀྱིས་སྤོང་བར་བྱེད། །ཅེས་གསུངས་པ་ལྟར། སྤྱིར་མཐོ་དམན་ 8-1-105 འབྱོར་དབུལ་རྣམས་ལ་སྡུག་བསྔལ་སྣ་ཚོགས་ཡོད་དེ། མཐོན་པོ་རྣམས་ཁེ་དྲག་མི་འཐུབ་ པ་དང༌། ཆེན་པོའི་བྱ་བ་མི་ཤེས་ཤིང་མི་འགྲུབ་པའི་སྡུག་བསྔལ། སེམས་དལ་དུ་མེད་ པར་མི་སེམས་སྲུང་དགོས་པའི་སྡུག་བསྔལ། ཕམ་ཁ་འོངས་པའམ་འོང་དོགས་པའི་སྡུག་ བསྔལ། དམའ་བ་རྣམས་ཁྲལ་སྣ་ཚོགས་ལ་འདེད་པ་དང༌། འཁུར་ལྕི་བ་ཁུར་ནས་རྒྱང་རིང་ པོར་བགྲོད་དགོས་པ། ཆེན་པོའི་སེམས་སྲུང་མི་ནུས་པའི་སྡུག་བསྔལ་སོགས་དང༌། ཕྱུག་པོ་ རྣམས། དགྲས་བཅོམ་པའམ་འཇོམས་ཀྱིས་དོགས། ཉིན་འདུག་མི་དབང༌། མཚན་གཉིད་མི་ དབང༌། ཚོང་ཁེ་བསྐྱེད། ནོར་འཚོ་སྐྱོང་སོགས་ཀྱིས་ལུས་སེམས་དལ་བར་གནས་པ་སྐད་ཅིག་ ཙམ་ཡང་མེད། དབུལ་བོ་རྣམས་ནངས་ཟས་ནངས་མི་རྙེད། ནུབ་ཟས་ནུབ་མི་རྙེད་པ་སོགས་ སྡུག་བསྔལ་བརྗོད་ཀྱིས་མི་ལང་པ་ཡོད་དེ། ཇི་སྐད་དུ། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་ སྐྱེ། །གལ་ཏེ་མིར་སྐྱེ་ན་ཡང་དབུལ་བོ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་འབད་པ་རི་ རབ་ཙམ་བྱས་པ་ལས་བསོད་ནམས་མེ་སྟག་ཙམ་བསགས་ན་དགའ་གསུངས་སོ། །སྤྱིར་ འཁོར་བར་གནས་པའི་སེམས་ཅན་གྱི་ངང་ཚུལ་ནི་དུག་གསུམ་དང་འདོད་ལྔའི་དབང་གིས་ གཅིག་གིས་གཅིག་ལ་འཁོན་སེམས་རྒྱུན་མི་ཆད་པའི་སྒོ་ནས་ཕན་ཚུན་གསོད་པ་སོགས་ སྡུག་བསྔལ་བརྗོད་ཀྱིས་མི་ལངས་པ་ཡོད། གཞན་ཡང་སྡུག་བསྔལ་དུ་མ་དག་ཀྱང་ཡོད་པས་ མིའི་གནས་འདིར་ཡང་སྡུག་བསྔལ་ཁོ་ན་ལས་མེད་དོ་སྙམ་དུ་སྐྱོ་བ་ལྷང་ལྷང་བསྐྱེད་དོ། ། 2 ལྷ་མིན་གྱི་སྡུག་བསྔལ་བསམ་པ། གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིངས་ལས། ལྷ་མིན་དག་ནའང་ རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་དང༌། ཇོ་ནང་ཀུན་ 8-1-106 མཁྱེན་ཆེན་པོས། ལྷ་མི་ཡ་རབས་མཐོན་པོར་སྐྱེ་འགྱུར་ཞིང༌། །ལུས་དང་ལོངས་སྤྱོད་ཕུན་ སུམ་ཚོགས་གྱུར་ཀྱང༌། །མཐའ་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དགེ་བ་མི་བསྒྲུབ་ སྡིག་པ་ངང་གིས་འཕེལ། །དོན་མེད་འདུ་འཛིས་ཉིན་མཚན་དུས་འདའ་བའི། །མི་དེ་གྲུང་ གྲུང་འདྲ་ཡང་བླུན་པོའི་མཆོག །སྒྲེན་མོ་ལག་སྟོང་འགྲོ་བ་སྙིང་རེ་རྗེ། །ཞེས་ལྷ་མིན་དང་ལྷ་ དང་མི་ཡུལ་གྱི་ལོངས་སྤྱོད་དང་བདེ་བ་ཐམས་ཅད་ཆགས་སྡང་གི་རྒྱུ་ལས་སྡིག་པ་གྲངས་ མེད་བསགས་མཐར་ངན་སོང་མུ་མཐའ་མེད་པར་སྐྱེ་བས་སྡུག་བསྔལ་བཟོད་མེད་མྱོང་ དགོས་པ་འདི་རྣམས་སྙིང་རྗེ་བའི་ཡུལ་ཡིན་པར་གསུངས་པ་དང༌། རྗེ་ཏཱ་ར་ནཱ་ཐས། ལྷ་དང་ ལྷ་མིན་གཟུགས་ཁམས་གཟུགས་མེད་ཁམས། །ཐོབ་ཀྱང་ཡིད་བརྟན་མེད་པར་ངན་འགྲོར་ འགྲོ། །འཆི་འཕོ་འཐབ་རྩོད་ལ་སོགས་སྡུག་བསྔལ་མང༌། །ཞེས་གསུངས་པ་ལྟར། ལྷ་མིན་ རྣམས་སྤྱིར་ལོངས་སྤྱོད་ལྷ་རྣམས་དང་འགྲན་པ་ཙམ་ཡོད་ཀྱང༌། སྔོན་མི་དགེ་བ་ཕྲག་དོག་ དང་འཐབ་རྩོད་ལ་གོམས་ཤིང༌། ལས་དེས་འཕངས་པས་ལུས་རྟེན་དེ་བཟུང་བ་ཙམ་ནས་ ཕྲག་དོག་གི་འདུ་ཤེས་རགས། རང་རང་གི་གནས་ནའང་གནས་དང་སྡེ་རིས་རྩོད་ཅིང་ཕན་ ཚུན་འཐབ་རྩོད་ཁོ་ནས་དུས་འདའ། ཡར་ལྷ་ལ་བལྟས་པས་དཔལ་འབྱོར་དང་ལོངས་སྤྱོད་ ཕུན་སུམ་ཚོགས་ཤིང༌། དགོས་འདོད་ཐམས་ཅད་དཔག་བསམ་ཤིང་ལས་འབྱུང་བར་མཐོང་ བས་ཤིང་དེའི་རྩ་བ་ལྷ་མིན་ཡུལ་ན་ཡོད་པས་ཕྲག་དོག་སྐྱེས་ཏེ་གོ་ཆ་གྱོན་མཚོན་ཆ་ཐོགས་ ནས་ལྷ་རྣམས་དང་འཐབ་ཏུ་སོང༌། དེའི་ཚེ་ལྷ་རྣམས་རྩུབ་འགྱུར་ཚལ་དུ་སོང་ནས་གོ་མཚོན་ བླངས་ཏེ་གྱོན། ལྷའི་གླང་ཆེན་རབ་བརྟན་གྱི་མགོ་བོ་སོ་གཉིས་ལ་ཉེ་དབང་སོ་གཉིས་དང་ དབུས་ཀྱི་མགོ་བོར་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཞོན། ལྷའི་དམག་ཚོགས་བསམ་གྱིས་མི་ ཁྱབ་པས་བསྐོར་ནས་ཀི་བསྭོ་ཆ་སྒྲ་སྒྲོག་ཤིང་གཟི་བྱིན་བཟོད་པར་དཀའ་བ་ཙམ་དུ་བྱས་ ནས་འོང་བས། ལྷ་མིན་དང་འཐབ་ཚེ་ལྷ་རྣམས་ཀྱིས་རྡོ་རྗེ། འཁོར་ལོ། མདུང་ཐུང༌། མདའ་ 8-1-107 བོ་ཆེ་སོགས་ཆར་བཞིན་དུ་འཕངས་ཤིང༌། འཕྲུལ་དང་ལྡན་པས་ལྷ་རྣམས་ཀྱིས་རི་ཆེན་པོ་ བཏེགས་ནས་འཕེན་པར་བྱེད་ཚེ། ལྷ་མིན་རྣམས་ནི་མི་བཞིན་དུ་གནད་གང་དུ་ཕོག་ཀྱང་ འཆིབ་དང་རྟག་ཏུ་གཡུལ་ཕམ་པ་མང༌། གླང་ཆེན་ཀུན་སྐྱོང་མྱོས་པའི་སྣ་ལ་རལ་གྲིའི་འཁོར་ ལོ་བཏགས་ཏེ་མངགས་པ་སོགས་ཀྱིས་ལྷ་མིན་འབུམ་ཕྲག་དུ་མ་གསོད་ཅིང༌། དེ་དག་གི་རོ་ རི་རབ་ཀྱི་ངོས་ནས་རྦབ་ཏུ་བསྒྲིལ་ཏེ་རོལ་བའི་མཚོ་ཆེན་ནང་དུ་ལྷུང་བས། མཚོ་རྣམས་ཁྲག་ མདོག་ཏུ་བསྒྱུར། དུས་རྟག་ཏུ་འཐབ་རྩོད་ཁོ་ན་བྱེད། རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་ གསུམ་པའི་ལྷ་རྣམས་དང་ཡང་ཡང་འཐབ་པས་ལྷ་མིན་རྣམས་བསོད་ནམས་ཆུང་བས་ལྷའི་ མཚོན་གྱིས་བརྡེག་པ་ན་གསོད་པ་དང༌། མགོ་བཅད་པ། ཡན་ལག་རྣམས་གཅོད་པ་དང༌། ཕོ་ བ་དང་རྒྱུ་མ་འདྲལ་བ་སོགས་སྡུག་བསྔལ་ཤིན་ཏུ་མང༌། དེ་ལྟར་ལྷ་མིན་གྱི་གནས་ན་སྡུག་ བསྔལ་བསམ་མི་ཁྱབ་པ་ཡོད་པའི་ཚུལ་ལ་ཡང་ཡང་བསྒོམ་པར་བྱའོ། ། 3 ལྷའི་སྡུག་བསྔལ་བསམ་པ། གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ། འདོད་ལྷའི་སྡུག་བསྔལ་དང༌། གཟུགས་དང་ གཟུགས་མེད་པའི་ལྷའི་སྡུག་བསྔལ་བསམ་པ་དང་གཉིས་ལས། དང་པོ་འདོད་ལྷ་རིགས་དྲུག་གི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིངས་ལས། མཐོ་ རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོས་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམ་ ནས་མཁས་པ་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ཞེས་གསུངས་ པ་བཞིན་འདོད་ཁམས་ཀྱི་ལྷ་རིགས་དྲུག་ནི་སྤྱིར་གསོན་པོའི་དུས་སུ་བདེ་སྐྱིད་དང་ལོངས་ སྤྱོད་ཕུན་སུམ་ཚོགས་པ་ཡོད་ཀྱང་རྣམ་གཡེང་ཁོ་ནའི་ངང་དུ་དུས་འདའ་བས་དམ་པའི་ཆོས་ བསྒྲུབ་པའི་བློ་མི་སྐྱེ་སྟེ། བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། 8-1-108 །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་དང༌། ལྷ་ཡི་འཇིག་རྟེན་དག་ནས་འཕོས་ པ་ལ། །གལ་ཏེ་དགེ་བའི་ལྷག་མ་མེད་གྱུར་ན། །དེ་བས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་དང༌། ཚངས་ཉིད་ཆགས་བྲལ་བདེ་ བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་ཡང་སྲིད། །ཅེས་གསུངས་པ་ལྟར་ལྷའི་ དབང་པོ་བརྒྱ་བྱིན་དང༌། ལྷ་ཚངས་པ་དང༌། འཁོར་ལོས་བསྒྱུར་བའི་བདེ་བ་སོགས་ཐོབ་ཀྱང༌། སླར་ཡང་བྲན་གྱི་ཐ་མར་གྱུར་པ་དང་ངན་སོང་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བར་ འགྱུར་རོ། །བཤེས་སྤྲིངས་ལས། མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ། །རེག་པའི་བདེ་བ་ཡུན་ རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབྲད་པའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར་ལྷའི་གནས་ན་དཔལ་འབྱོར་ཕུན་སུམ་ ཚོགས་པ་དང་ལྡན་པ། གྲོགས་ལྷའི་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་རྣམས་ཀྱི་རེག་བྱའི་བདེ་ བ་ཡུན་རིང་དུ་མྱོང་ཞིང༌། རྫིང་བུ་དལ་གྱིས་འབབ་པར་ལྷའི་བུ་མོ་ཤིན་ཏུ་མཛེས་མ་དག་དང་ ལྷན་ཅིག་ཏུ་དགའ་བས་རྩེད་འཇོས་རོལ་གར་སྣ་ཚོགས་པ་དང་དབང་མེད་དུ་བྲལ་ནས་སླར་ ཡང་དམྱལ་བར་སྐྱེས་ནས་འཐག་གཅོད་དབྲད་པའི་འཁྲུལ་འཁོར་གྱིས་གཅོད་པ་དང༌། ཁྲོ་ཆུ་ ཁོལ་མ་ཁ་དང་ཆུ་ལམ་དུ་བླུག་པ། ལྕགས་ཀྱི་གསལ་ཤིང་རྩེ་གསུམ་མེ་འབར་བ་རྐང་མཐིལ་ གཉིས་དང་བཤང་ལམ་མམ་ཆུ་ལམ་ནས་དྲང་སྟེ་ནང་ཁྲོལ་ཐམས་ཅད་བསྲེག་སྟེ་བུ་ག་ཐམས་ ཅད་ནས་མེ་ལྕེ་དང་དུ་བ་འཕྱུར་བ་དང༌། སླར་ཡང་ཕྲག་པ་གཡས་གཡོན་དང་སྤྱི་གཙུག་ནས་ འཛུགས་ཏེ་རྐང་མཐིལ་གཡས་གཡོན་དང་བཤང་ལམ་མམ་ཆུ་ལམ་དུ་ཕྱུང་བ་དེ་འདྲ་ཡུན་ རིང་དུ་བྱེད་པས་སྡུག་བསྔལ་མྱོང་བ་དང༌། གཞན་ཡང་ཐལ་ཚན་གྱི་ཆུ་བོ་རབ་མེད་དུ་བྱིང་བ། ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་བསྐལ་བ་མཐའ་མེད་དུ་ 8-1-109 མྱོང་དགོས་པའི་སྡུག་བསྔལ་ལ་བསམ་ནས་ལྷའི་བདེ་བ་ལ་སྙིང་པོ་ཅི་ཡོད་འགྱུར་བའི་ཆོས་ ཅན་ཁོ་ན་སྟེ། གཞན་ཡང་ཇི་སྐད་དུ། བསྒྲོད་བྱའི་གཟུགས་ལ་ལན་གཅིག་ཆགས་པས་ཀྱང༌། །ཕྱེ་ལེབ་ཅན་གྱི་སྐྱེ་བ་ལྔ་བརྒྱ་བླངས། །སྐྱེ་གནས་རེག་བྱར་ལན་གཅིག་ཆགས་པས་ཀྱང༌། །འདམ་ཟོས་ཅན་གྱི་སྐྱེ་བ་ལྔ་བརྒྱ་བླངས། །ཕོ་མོ་འཁྲིག་ཆགས་སྤྱོད་སེམས་ལན་གཅིག་ གིས། །ཡི་དྭགས་སྐྱེ་ལུས་ལྔ་བརྒྱ་བླངས་པ་སོགས། །ལེགས་གསུང་རྒྱལ་བས་བཀའ་ལས་རྒྱ་ ཆེར་གསུངས། །ཞེས་ལྷ་དང་མིའི་ཡུལ་ན་གནས་པའི་ཕོ་མོ་རྣམས་ཕན་ཚུན་མཛེས་གཟུགས་ དང༌། སྐྱེ་གནས་རེག་བྱས་བདེ་བ་དང་འཁྲིག་སྤྱོད་སོགས་ལ་ཆགས་པའི་འདོད་ཆགས་དང་ མི་ཚང་སྤྱོད་ཀྱི་ཉེས་པ་ཡང་ཡང་བསྟན་པའོ། །ཚེ་བསྐལ་པའི་བར་དུ་གནས་ཀྱང་སྐད་ཅིག་ མ་གཅིག་གི་སྣང་བ་ལས་མེད་པར་ཚེ་ཟད་རན་པ་མི་ཤེས་བཞིན་དུ་འཆི་བ་ལ་ཐུགརྒྱལ་ ཆེན་རིགས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་ལྷ་དྲུག་པོ་གང་ཡིན་ཀྱང་འཆི་ འཕོ་བའི་སྡུག་བསྔལ་མྱོང་དགོས་ཀྱང་ཕྱི་མར་བདེ་ཐབས་ཀྱི་ཆོས་ཅུང་ཟད་ཀྱང་མི་འགྲུབ་ པར་དོན་མེད་ལ་ཚེ་ཟད་འགྲོ། ལྷ་དབང་ཆུང་བ་རྣམས་ཀྱང་ལྷ་དབང་ཆེ་བས་རང་གི་གནས་ ནས་བསྐྲད་པས་སྡུག་བསྔལ་དང༌། བསོད་ནམས་ཆུང་བ་འགའ་ཞིག་ལ་པི་ཝང་ཙམ་རེ་མ་ གཏོགས་ཡོ་བྱད་གང་ཡང་མེད་པས་ཤིན་ཏུ་ཕོངས་པའི་སྡུག་བསྔལ་དང༌། ལྷ་འབྱོར་བ་ཆེན་ པོ་རྣམས་ཀྱིས་ལྷ་བསོད་ནམས་དམན་པ་རྣམས་ཟིལ་གྱིས་མནན་ཏེ། རང་གི་སྔོན་བསགས་ པའི་བསོད་ནམས་ལ་ཡི་ཆད་དེ་རང་ཉིད་ནི་བསོད་ནམས་ཤིན་ཏུ་ཆུང་བའོ་སྙམ་པའི་སེམས་ ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། འདོད་ལྷ་རིགས་དྲུག་གི་ནང་ནས་ཁྱད་པར་རྒྱལ་ཆེན་ རིགས་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷརྣམས་ནི། ལྷ་མ་ཡིན་དང་འཐབ་པའི་སྡུག་བསྔལ་ ཤིན་ཏུ་ཆེ། འདོད་པའི་ལྷ་དྲུག་པོ་ཐམས་ཅད་ལ་ཐུན་མོང་དུ་འཆི་འཕོ་དང་ལྟུང་བའི་སྡུག་ བསྔལ་ཞེས་བྱ་བ་གཉིས་ཡོད་དེ། བཤེས་སྤྲིངས་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་ 8-1-110 དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲན་བྱེད་སྔ་ལྟས་ལྔ། །ཞེས་ གསུངས་པ་ལྟར། དང་པོ་འཆི་འཕོ་བའི་སྡུག་བསྔལ་ནི། འདོད་ལྷ་དྲུག་གི་ལྷ་རྣམས་འཆི་བའི་ སྔ་རོལ་ནས་རང་རང་གི་ཞག་བདུན་ནས་འཆི་ལྟས་ལྔ་བྱུང་སྟེ། སྔར་ལུས་ཀྱི་ཁ་དོག་མཛེས་པ་ ལ། ཁ་དོག་མི་སྡུག་པར་འགྱུར་བ་དང་གཅིགསྔར་རང་གི་གནས་ལ་སེམས་སྐྱོ་བ་དང་སྟན་ལ་ ཅི་ཙམ་བསྡད་ཀྱང་མི་དགའ་བ་མེད་པ་ལ། དེ་དག་ལ་མི་དགའ་བ་དང་གཉིས། སྔར་མེ་ཏོག་ གི་ཕྲེང་བའི་རྒྱན་རྙིང་པར་འགྱུར་བ་མེད་པ་ལ། དེ་རྙིང་པ་དང་གསུམ། སྔར་གོས་ལ་དྲི་མ་ ནག་པོ་ཆགས་མི་སྲིད་པ་ལ། དྲི་མ་ནག་པོ་ཆགས་པ་དང་བཞི། སྔར་ལུས་ལས་རྔུལ་ཆུ་འབྱུང་ བ་མི་སྲིད་པ་ལ། རྔུལ་ཆུ་འབྱུང་བ་དང་ལྔའོ། །འཆི་ལྟས་ལྔ་བྱུང་བ་ན་ལྷ་དེས་ཀྱང་རང་ཉིད་ འཆི་བར་ཤེས་ནས་སྡུག་བསྔལ་ཆེ་སྟེ། རང་རང་གི་གཡོག་དང༌། གྲོགས་ཕོ་མོ་རྣམས་ཀྱིས་ ཀྱང་འཆི་ལྟས་བྱུང་བའི་ལྷ་དེ་སྤངས་ནས་ལྷ་གཞན་གྱི་དྲུང་དུ་འགྲོ་ལ། ལྷ་ཟླ་བོ་རྣམས་དང༌། ལྷའི་བུ་མོ་རྣམས་ཀྱིས་ཀྱང་དེ་འཆི་བར་ཤེས་ནས་དྲུང་དུ་འོང་མི་ནུས་ཤིང༌། རྒྱང་རིང་པོ་ནས་ མེ་ཏོག་འཐོར་ཏེ། ཁྱོད་འདི་ནས་ཤི་འཕོས་ཏེ། མི་ཡུལ་དུ་སྐྱེས། ལས་དགེ་བ་ལ་སྤྱད་དེ། སླར་ཡང་ལྷ་ཡུལ་དུ་སྐྱེ་བར་ཤོག་ཅིག ཅེས་སྨོན་ལམ་བཏབ་ནས་འགྲོ། དེས་ཀྱང་སེམས་ཤིན་ ཏུ་སྡུག་བསྔལ་བར་གྱུར། ལྷའི་འདོད་ཡོན་ལ་ནི་འབྲལ་མི་ཕོད་པར་ཆགས་ཀྱང་རང་དབང་ མེད་པར་འབྲལ་དགོས་པར་ནི་ཤེས། དེ་ལ་བཟློག་ཐབས་ནི་མེད་པར་མཐོང་ནས་རྔ་མོས་ རྔེའུ་སྟོར་བ་ལྟ་བུ་དང༌། ཀླུ་ནམ་མཁའ་ལྡིང་གིས་ཁྱེར་བ་ལྟ་བུ་དང༌། ཉ་བྱེ་ཚན་ལ་བསྒྲེས་པ་ ལྟ་བུ་དང༌། ཚོང་པ་རྣམས་རྒྱ་མཚོ་ཆེན་པོའི་དབུས་སུ་གྲུ་ཞིག་པ་ལྟ་བུའི་སྡུག་བསྔལ་དཔག་ཏུ་ མེད་པ་འབྱུང༌། འཆི་འཕོ་བའི་སྡུག་བསྔལ་མྱོང་བའི་དུས་རིང་ཐུང་ནི། འདོད་ལྷ་དྲུག་པོ་རང་ རང་གི་ཞག་བདུན་ཡིན་ལ། དེ་ཡིན་ན་ཞགཐུང་ཤོས་རྒྱལ་ཆེན་བཞིའི་དབང་དུ་བྱས་ཀྱང་མི་ 8-1-111 ལོ་ཕྱེད་དང་བཞི་བརྒྱ་ཡིན། སུམ་ཅུ་རྩ་གསུམ་པས་མི་ལོ་བདུན་བརྒྱ་དང༌། མཚེ་མས་མི་ལོ་ སྟོང་དང་བཞི་བརྒྱ། དགའ་ལྡན་པས་མི་ལོ་སྟོང་གཉིས་དང་བརྒྱད་བརྒྱ། འཕྲུལ་དགས་མི་ ལོ་སྟོང་ལྔ་དང་དྲུག་བརྒྱ། གཞན་འཕྲུལ་དབང་བྱེད་པས་མི་ལོ་ཁྲི་ཆིག་སྟོང་གཅིག་དང་ཉིས་ བརྒྱའི་བར་དུ་འཆི་འཕོ་བའི་སྡུག་བསྔལ་མྱོང་དགོས་པ་ཡིན། དེ་ལྟར་འདོད་ལྷ་དྲུག་གི་འཆི་ འཕོ་བའི་སྡུག་བསྔལ་དེ་དོས་ནི་དྲགསྡུག་བསྔལ་མྱོང་ཡུན་ནི་རིང་སྙམ་དུ་བསམ། གཉིས་པ་ ལྟུང་བའི་སྡུག་བསྔལ་ནི། ལྷ་རྣམས་ནི་ཤི་བའི་འོག་ཏུ་སླར་ཡང་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ་ ལས་མེད། མིར་སྐྱེ་བ་ཡང་ཤིན་ཏུ་ཉུང༌། ཕལ་མོ་ཆེ་ཐམས་ཅད་ངན་སོང་དུ་སྐྱེ་བ་ཡིན། འཕེན་ བྱེད་ཀྱིས་ལས་ཟད་ནས་གཉིད་སད་པ་བཞིན་དུ་གནས་རིས་འོག་མར་ལྷུང་ནས་སྡུག་བསྔལ་ བར་འགྱུར་ཏེ། ཀླུ་སྒྲུབ་ཀྱིས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་ མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་དང༌། ཇི་ སྐད་དུ། ལྷ་ཡི་འཇིག་རྟེན་ཁམས་ནས་འཕོས་པའི་ཚེ༌། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་ གྱུར། །ཞེས་གསུངས་པ་བཞིན་ལྷ་ཡི་འཇིག་རྟེན་གྱི་ཁམས་དག་ནས་འཆི་འཕོ་འབྱུང་བའི་ཚེ། གལ་ཏེ་མཐོ་རིས་སུ་སྐྱེ་བའི་རྒྱུ་དགེ་བའི་ལྷག་མ་ཅུང་ཟད་ཀྱང་མེད་ན་ཚེ་འཕོས་མ་ཐག་ནས་ ལས་དབང་གིས་དབང་མེད་དུ་དུད་འགྲོའི་ཡུལ་དུ་གནས་པ་དང༌། ཡང་ན་ཡི་དྭགས་སུ་སྐྱེ་བ་ དང༌། དམྱལ་བར་སྐྱེ་བར་འགྱུར་བ་ལས་གཞན་དུ་མི་འགྱུར་རོ། །རྒྱལ་ཆེན་བཞི་པའི་མངོན་ ཤེས་ཀྱིས་སུམ་ཅུ་རྩ་གསུམ་ཡན་ཆད་ནས་འོག་མིན་བར་མི་ཤེས། འོག་ཏུ་གླིང་བཞི་ངན་སོང་ གསུམ་དང་བཅས་པ་རྣམས་ཤེས། ཡང་སུམ་ཅུ་རྩ་གསུམ་གྱི་མངོན་ཤེས་ཀྱིས་རང་གི་སྟེང་ མ་མཚེ་མ་ཡན་ཆད་མི་ཤེས། འོག་མ་རྒྱལ་ཆེན་རིགས་བཞི་མན་ཆད་ཤེས་པ་སོགས་འདོད་ ལྷ་དང་གཟུགས་ཀྱི་ལྷ་རྣམས་ཀྱི་མངོན་ཤེས་ནི་སྟེང་དུ་མི་འཇུག་ཀྱང་འོག་ཏུ་འཇུག་པ་ཡིན་ 8-1-112 པས་ན་ལྷ་རྣམས་འཆི་ཁར་འོག་མའི་གནས་གང་དུ་སྐྱེ་བ་ལེན་པ་དེ་ཤེས་ནས་མིར་སྐྱེ་རྒྱུ་ཡིན་ ནའང་ལྷའི་འདོད་ཡོན་ལ་ལྟོས་ན་མིའི་འདོད་ཡོན་ནི་ཤིན་ཏུ་ངན་པ་དང་ཉུང་བ་ཡིན་པས་ མིའི་འདོད་ཡོན་གྱིས་ལྷའི་མིག་མི་ཁེངས་ཤིང་མིའི་གནས་ནི་ཚ་གྲང་བཀྲེས་སྐོམ་ནད་དང་ དབུལ་ཕོངས་དང་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་མང་པོ་ཅན་དུ་མཐོང༌། གལ་ཏེ་ངན་སོང་ དུ་སྐྱེ་རྒྱུ་ཡིན་ན། ངན་སོང་གསུམ་པོ་དེའི་སྡུག་བསྔལ་མྱོང་དགོས་པར་ཤེས་ནས་སེམས་ཀྱི་ སྡུག་བསྔལ་བཟོད་གླགས་མེད་པ་འབྱུང་བ་ཡིན་ཏེ། ངན་སོང་གསུམ་གྱི་ལུས་ཀྱི་སྡུག་བསྔལ་ བས་ནི་ལྷུང་བ་དེའི་སེམས་ཀྱི་སྡུག་བསྔལ་ནི་མི་བཟོད་པ་ལྟ་བུའོ། ། གཉིས་པ་གཟུགས་དང་གཟུགས་མེད་པའི་ལྷའི་སྡུག་བསྔལ་བསམ་པ་ནི། ཚོགས་ཀྱི་ གཏམ་ལས། གང་ཞིག་གཟུགས་ཅན་གཟུགས་མེད་པའི། །སྡུག་བསྔལ་སྡུག་བསྔལ་ལས་ འདས་ཤིང༌། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་བར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར། །ཞེས་དང༌། རྗེ་ཇོ་ནང་ ཀུན་མཁྱེན་ཆེན་པོས། ཁམས་གསུམ་འཁོར་བར་གནས་པའི་སེམས་ཅན་ལ། །འདོད་པའི་ དབང་གིས་ཉེས་པ་ཕུག་ནས་རྡོལ། །ཞེས་གསུངས་པ་ལྟར་རིགས་དྲུག་གང་དུ་སྐྱེས་ཀྱང་ སྡུག་བསྔལ་ཁོ་ནས་རང་བཞིན་ཡིན་ཏེ། བདག་ནི་རྒྱུན་དུ་ལས་འབྲས་ཀྱི་དབང་གིས་འགྲོ་བ་ རིགས་དྲུག་ཏུ་སྐྱེ་བ་ལེན་པར་འགྱུར་བ་ལས་མི་ལེན་པའི་ཐབས་མེད་པས་ངན་སོང་གསུམ་ དང་མི་དང་ལྷ་མིན་དང་འདོད་ལྷ་དྲུག་ཏུ་སྐྱེས་ན་ནི་སྡུག་བསྔལ་དེ་འདྲ་བ་ཞིག་ཏུ་འདུག འོ་ ན་ཁམས་གོང་མ། གཟུགས་དང་གཟུགས་མེད་པའི་ལྷར་སྐྱེས་ན། བདེ་བ་ཡོད་དམ་སྙམ་ན་ བསམ་གཏན་དང་པོའི་གནས་གསུམ་ན་འདོད་ཁམས་ཀྱི་སྡུག་བསྔལ་རགས་པ་ཞི་བའི་སྡུག་ བསྔལ་ཕྲ་མོ་ཞིག་ལ་བདེ་བར་སྣང་བ་ཞིག་ཡོད་ཀྱང་བདེ་བ་དེ་རང་གི་ངོ་བོའི་སྒོ་ནས་བདེ་ བར་གྲུབ་པའི་བདེ་བ་མཚན་ཉིད་པ་ནི་མེད་ལ་བསམ་གཏན་བཞི་པ་ཡན་ཆད་ན་སྡུག་བསྔལ་ 8-1-113 གྱི་རང་བཞིན་གྱི་ཚོར་བ་བཏང་སྙོམས་ཡོད་ཀྱི་བདེ་བར་སྣང་བ་དེ་ཡང་མེད་དེ། ཁམས་གོང་ མ་དེ་དག་ན། སོ་སོའི་སྐྱེ་བོས་བལྟས་ན་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་འཕགས་པས་ གཟིགས་ན་འོག་ཏུ་འཆད་པ་ལྟ་བུའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ ལས་མ་འདས་པ་ཡིན་པ་དང༌། སྤྱིར་གཟུགས་གཟུགས་མེད་དུ་སྐྱེ་ཚུལ་དང་སྐྱེས་ནས་ཇི་ ལྟར་ཡིན་པ་ནི། བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་བྱེད་བདུན་གྱིས་འདོད་པའི་ ཉོན་མོངས་པ་མངོན་གྱུར་སྤངས་ནས་བསམ་གཏན་དང་པོའི་དངོས་གཞིའི་ཏིང་ངེ་འཛིན་ དེ་རྒྱུད་ལ་སྐྱེས་ན། རྒྱུ་དེ་ལས་ཚེ་ཕྱི་མ་ལ་བསམ་གཏན་དང་པོའི་གནས་གསུམ་གང་རུང་དུ་ སྐྱེའོ། །བསམ་གཏན་གཉིས་པའི་ཉེར་བསྡོགས་ཡིད་བྱེད་བདུན་གྱིས་བསམ་གཏན་དང་པོ་ མན་ཆད་ཀྱི་ཉོན་མོངས་པ་མངོན་གྱུར་སྤངས་ནས་བསམ་གཏན་གཉིས་པའི་དངོས་གཞིའི་ ཏིང་ངེ་འཛིན་རྒྱུད་ལ་སྐྱེས་ན་རྒྱུ་དེ་ལས་བསམ་གཏན་གཉིས་པའི་གནས་གསུམ་གང་རུང་དུ་ སྐྱེས་པ་ལ་སོགས་པ་དེའི་འགྲེས་ཏེ། བསམ་གཏན་གསུམ་པའི་སོ་སྐྱེས་གནས་གསུམ་གང་ རུང་དུ་སྐྱེའོ། །འཕགས་པའི་གནས་ལྔ་ལ་ནི་འཕགས་པ་མ་གཏོགས་སོ་སྐྱེས་རྣམས་སྐྱེ་མི་ ཐུབ། ནམ་མཁའ་མཐའ་ཡས་ཀྱི་ཉེར་བསྡོགས་ཡིད་བྱེད་བདུན་གྱིས་བསམ་གཏན་བཞི་པ་ མན་ཆད་ཀྱི་ཉོན་མོངས་མངོན་གྱུར་སྤངས་ནས་ནམ་མཁའ་མཐའ་ཡས་ཀྱི་དངོས་གཞིའི་ཏིང་ ངེ་འཛིན་སོགས་སྲིད་རྩེའི་བར་འགྲེས། དེ་ལྟར་གཟུགས་གཟུགས་མེད་ལ་སྐྱེས་དུས་དེར་ནི་ ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་གཟུགས་གཟུགས་མེད་ཀྱི་སོ་སོའི་སྐྱེ་བོ་རྣམས་ཀྱི་ རྒྱུད་ལ་ངེས་འབྱུང་དང་བྱང་སེམས་ལ་སོགས་པའི་ཐར་བའི་ལམ་རྒྱུད་ལ་སྐྱེ་དཀའ་བ་དང༌། ཚེ་རབས་སྔོན་དུ་ངེས་འབྱུང་སོགས་སྐྱེས་པ་རྣམས་ཀྱིས་ཀྱང་ཡང་ཡང་སྒོམ་པ་མི་འབྱུང་བས་ ཡོན་ཏན་གོང་ནས་གོང་འཕེལ་དུ་འགྲོ་བ་མེད་ཅིང༌། དེ་མ་ཟད་རང་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་ རོ་ལ་ཆགས་པའི་འདོད་ཆགས་སྐྱེས་ཏེ་འདོད་ཆགས་ཀྱིས་ཏིང་ངེ་འཛིན་གྱི་རོ་མྱངས་པའི་ 8-1-114 སྒོ་ནས་རྒྱུན་དུ་གནས་ཤིང་སེམས་ལ་རོ་མྱང་ཅན་གྱི་ཏིང་ངེ་འཛིན་དེ་འབྲལ་མི་ཕོད་པར་ འདུག་པའི་ངང་ནས་ཚེ་ཟད་དུ་འགྲོ་ཞིང་གཟུགས་གཟུགས་མེད་རྣམས་རང་རང་གི་ཏིང་ངེ་ འཛིན་ཉམས་ནས་ཚེ་ཚད་མ་རྫོགས་པར་འཆི་བར་འགྱུར་བའང་ཡོད། སྔོན་ལས་ཀྱི་འཕེན་ པ་ཟད་པ་ན། སླར་ཡང་འདོད་ཁམས་སུ་སྐྱེ་བར་འགྱུར་རོ། །ཉོན་མོངས་པས་སེམས་རྩུབ་ པ་དང་རགས་པ་སོགས་སེམས་ལ་སོས་མི་དལ་བ་ཅུང་ཟད་ཀྱང་མེད་པར་སེམས་སོས་དལ་ དལ་འདྲ་བར་འདུག་ཀྱང་དེ་ལ་ཡིད་བརྟན་ཅི་ཡང་མི་འབྱུང་བར་སྐྱེ་བོ་ཕལ་བར་གྱུར་ཏེ། དེ་ འདྲ་བའི་འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙིང་པོ་ཅི་ཞིག་ཡོད་སྙམ་དུ་བསམ་པར་ བྱའོ། །དེ་བཞིན་དུ་བསམ་གཏན་བཞི་པ་དང་ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ ཡས་དང༌། ཅི་ཡང་མེད་དང༌། ཡོད་མིན་མེད་མིན། སྲིད་རྩེ་རྣམས་ཀྱི་ཏིང་ངེ་འཛིན་གྱི་བདེ་ བ་ལ་སྙིང་པོ་མེད་ཚུལ་དེ་སོ་སོར་ཤེས་ནས་བསྒོམ་པར་བྱའོ། །དེས་འཁོར་བའི་སྡུག་བསྔལ་ བསམ་པའི་ཁྲིད་ཚར་རོ། ། 4 ཆོས་བསྒྲུབ་པ་དངོས་དགེ་སྡིག་སྤང་བླང་བྱེད་འདོད་ཀྱི་ཡིད་ ཆེས་བསྐྱེད་པ་ལས་འབྲས་བསྒོམ་པ། བཞི་པ་ཆོས་བསྒྲུབ་པ་དངོས་དགེ་སྡིག་སྤང་བླང་བྱེད་འདོད་ཀྱི་ཡིད་ཆེས་བསྐྱེད་པ་ལས་ འབྲས་བསྒོམ་པ་ནི། དེ་ལྟར་འཁོར་བ་མཐའ་དག་སྡུག་བསྔལ་ཁོ་ནས་རང་བཞིན་ལས་མ་ འདས་པས་དེ་དང་བྲལ་བའི་ཞི་བདེའི་གོ་འཕང་དེ་བསྒྲུབ་དགོས་ན་དེ་ཇི་ལྟར་བསྒྲུབ་པར་ བྱེད་སྙམ་ན། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བ་ལས། མི་དགེ་བ་ལས་སྡུག་བསྔལ་ ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ ཏུ་བདེ་བ་དག །ཅེས་གསུངས་པ་བཞིན་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་གི་སྡུག་ 8-1-115 བསྔལ་འབྱུང་བ་ནི་གནས་མེད། ཐ་ན་དམྱལ་བ་ན་རླུང་བསིལ་བ་འབྱུང་བ་ཚུན་ཆད་དགེ་བའི་ འབྲས་བུ་དང༌། མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་གི་བདེ་བ་འབྱུང་བ་གནས་ མེད། དགྲ་བཅོམ་པའི་རྒྱུད་ལ་ཡོད་པའི་ཚོར་བ་སྡུག་བསྔལ་ཚུན་ཆད་མི་དགེ་བའི་འབྲས་བུ་ ཡིན། སྡུག་བསྔལ་ནི་ཤིན་ཏུ་གནོད་པའི་རང་བཞིན་ཅན་ཡིན་པས་དེའི་རྒྱུ་མི་དགེ་བ་མི་བྱེད། བདེ་བ་ནི་རྣམ་པ་ཀུན་ཏུ་ཕན་པའི་རང་བཞིན་ཡིན་པས་དེའི་རྒྱུ་དགེ་བ་ཁོ་ན་སྒྲུབ་པར་བྱེད་ དོ། །སྡུག་བསྔལ་དེ་དག་རྒྱུ་ཅི་ལས་བྱུང་སྙམ་ན། ཟག་བཅས་ཀྱི་ལས་ལས་བྱུང་བར་ཤེས་ པར་བྱ་དགོས་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལས་རྣམས་ཀྱང་ནི་སྣ་ཚོགས་ལས། །དེ་ཡིས་ འགྲོ་འདི་སྣ་ཚོགས་བྱས། །ཞེས་དང༌། སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་ནི་ལས་ཀྱིས་ བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་ བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་དང༌། ཆོས་མངོན་པ་མཛོད་ལས་ཀྱང༌། འཇིག་རྟེན་ སྣ་ཚོགས་ལས་ལས་སྐྱེ། །ཞེས་དང༌། ལས་དེ་ཡང་ཅི་ཞིག་ཡིན་ཞེ་ན། སེམས་པའི་ལས་དང༌། བསམ་པའི་ལས་གཉིས་ཡིན་ནོ། །དེ་ལྟར་ཡང་ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ལས་ གང་ཞེ་ན། སེམས་པའི་ལས་ཀྱང་བསམ་པའི་ལས་ཏེ། ཞེས་དང༌། མངོན་པ་མཛོད་ལས་ ཀྱང༌། ལས་ནི་སེམས་པ་དང་དེས་བྱས། །ཞེས་དང༌། རྩ་ཤེས་ལས་ཀྱང༌། དྲང་སྲོང་མཆོག་ གིས་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །ཞེས་གསུངས། དེ་གཉིས་ རང་ཇི་ལྟ་བུ་ཡིན་ཞེ་ན། སེམས་པའི་ལས་ནི་ཡིད་ཀྱི་ལས་ཡིན་ནོ། །སེམས་པས་བསྐྱེད་པ་ གང་ཡིན་པ་དེ་ནི་བསམ་པའི་ལས་ཡིན་ཏེ། ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་ ལྟར་ཡང་མངོན་པ་མཛོད་ལས། སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་ གི་ལས། །ཞེས་གསུངས་པ་ལྟར། ཇོ་ནང་ཏཱ་ར་ནཱ་ཐས། སྡིག་པ་ཆེ་ཆུང་ཐམས་ཅད་ལ་འཛེམ། དགེ་བ་ཆུང་བ་ལ་བརྙས་བཅོས་མི་བྱེད། ཆེན་པོ་ལ་བློར་མི་ཤོང་བ་མེད་པ། འཕྲལ་ཉིན་རེ་ 8-1-116 བཞིན་ཕྱག་འབུལ། མཆོད་པ། བསྐོར་བ་བྱེད། སྨོན་ལམ་འདེབས་ཞེས་གསུངས་པ་བཞིན། སྤྱིར་དགེ་སྡིག་གི་ལས་ཆུང་ངུ་ཙམ་ལ་ཡང་བརྙས་མི་རུང་སྟེ། ཚོམས་ལས། སྡིག་པ་ཆུང་ངུ་ བྱས་པས་ཀྱང༌། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང༌། །ཕུང་ཀྲོལ་ཆེན་པོ་བྱེད་འགྱུར་ ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །བསོད་ནམས་ཆུང་ངུ་བྱས་པས་ཀྱང༌། །འཇིག་རྟེན་ ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་ པ་བཞིན། །ཞེས་གསུངས་ཏེ་སངས་རྒྱས་འོད་སྲུང་ལ་སྲན་འབྲུ་བདུན་མཆོད་པས་སུམ་ཅུ་ རྩ་གསུམ་གྱི་ཕྱེད་མན་ཆད་ལ་དབང་བའི་ང་ལས་ནུས་རྒྱལ་སྲིད་ཐོབ་པ་སོགས་དགེ་བའི་ ལས་ཆུང་ངུ་རེས་ཀྱང་བདེ་བ་ཆེས་ཆེན་པོ་འབྱུང་བ་དང༌། དགེ་སློང་མ་ཞིག་གིས་གྲོགས་མོ་ རྣམས་ལ་ཁྱི་མོ་ཞེས་སྨྲས་པས་སྐྱེ་བ་ལྔ་བརྒྱར་ཁྱི་མོར་སྐྱེས་པ་སོགས་སྡིག་པ་ཆུང་ངུས་ཀྱང་ འབྲས་བུ་སྡུག་བསྔལ་བཟོད་གླགས་མེད་པ་ཆེས་ཆེན་པོ་བསྐྱེད་པས་སོ། །མཛངས་བླུན་ ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་ གིས་ཀྱང༌། །རྩ་ཕུང་རི་ཙམ་སྲེག་པར་བྱེད། །དགེ་བ་ཆུང་ངུ་དག་ལ་ཡང༌། །མི་ཕན་སྙམ་དུ་ བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསག་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་ གསུངས་པ་བཞིན། དེས་ན་བདག་གིས་སྡིག་པའི་ལས་ཆུང་ངུ་ལའང་བརྙས་པར་མི་བྱེད་ པར་ཅི་ནས་ཀྱང་སྤང་དགོས། དགེ་བ་ཆུང་ངུ་ཙམ་ལ་ཡང་མི་བརྙས་པར་ངེས་པར་སྒྲུབ་པར་ བྱེད་དགོས་སྙམ་དུ་ཡང་ཡང་བསམ། འདུལ་བ་ལུང་ལས། ལས་ཅན་རྣམས་ཀྱི་ལས་རྣམས་ ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པར་ ཉིད་དུ་འགྱུར། །ཞེས་གསུངས་པས། ཕུང་པོ་ལྷག་མེད་དུ་མ་སོང་བར་ལས་ནི་གཞན་གང་ ལ་ཡང་མི་སྨིན་རྣམ་ཤེས་ཀྱིས་ཟིན་པའི་ཕུང་པོ་འདི་ཁོ་ན་ལ་སྨིན་ནོ། །རྒྱལ་པོ་ལ་གདམས་ པའི་མདོ་ལས། སྐྱེས་བུ་དེ་ནི་གང་དང་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་ 8-1-117 འབྲང༌། །ཞེས་གསུངས་པ་ལྟར་དགེ་སྡིག་གང་ཡིན་ཀྱང་མ་བསགས་པའི་ལས་དང་འཕྲད་ པའང་མེད། གཉེན་པོས་མ་བཅོམ་ན་བསགས་པའི་ལས་ཆུད་ཟ་བའང་མེད། རྒྱུ་རྐྱེན་ཚོགས་ ཤིང་དུས་ལ་བབ་ཚེ་ངེས་པར་སྨིན་འོང༌། དེས་ན་དགེ་སྡིག་བླང་དོར་རྣམ་པར་དག་པ་ཞིག་ བྱེད་དགོས་སྙམ་དུ་བསམ། སྤྱིར་དགེ་སྡིག་གི་ལས་ལ་གྲངས་མེད་པ་ཞིག་ཡོད་ཀྱང༌། མཛོད་ ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་ བཅུར་གསུངས་སོ། །ཞེས་པ་ལྟར་རང་ཅག་ལ་འབྱུང་ཉེ་ཞིང་སྤང་བླང་བྱས་ན་གནད་ཆེ་བའི་ ཆེ་ལོང་རྣམས་བཅོམ་ལྡན་འདས་ཀྱིས་བསྡུས་ནས་དགེ་མི་དགེ་རེ་རེ་ལའང་ལས་ལམ་བཅུར་ གསུངས་སོ། །དེ་ལས་མི་དགེ་བ་ནི། དབུ་མ་རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་ གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་ལྟར་ཀུན་སློང་མི་དགེ་ བས་བསྐྱེད་པའི་སྒོ་གསུམ་གྱི་ལས་སོ། ། ད་སྐབས་སུ་བཤད་བྱའི་ཆོས་ལ། སྤང་བྱ་མི་དགེ་བའི་ལས། བསྒྲུབ་བྱ་དགེ་བའི་ལས། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་དང་གསུམ་ལས། ༡ སྤང་བྱ་མི་དགེ་བའི་ལས། དང་པོ་སྤང་བྱ་མི་དགེ་བའི་ལས་ལ། ལུས་ཀྱི་ལས་སྲོག་གཅོད། མ་བྱིན་ལེན། འདོད་ པས་ལོག་པར་གཡེམ་པ་དང་གསུམ། ངག་གི་ལས་རྫུན། ཕྲ་མ། ཚིག་རྩུབ། ངག་ཀྱལ་བཞི། ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས་ལོག་ལྟ་གསུམ་དང་བཅུ། དང་པོ་སྲོག་གཅོད་པ་ནི། དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ། གཞི་མིའམ་ དུད་འགྲོ་ལ་སོགས་པ་གང་ཡིན་ཀྱང༌། བསམ་པ་གསོད་པར་འདོད་པས། སྦྱོར་བ་མཚོན་ དུག་སྔགས་ཀྱིས་གསོད་པར་བརྩམས་པའམ། གཞན་ལ་གསོད་དུ་བཅུག་ནས། མཐར་ཐུག་ 8-1-118 གཞན་གྱི་སྲོག་གི་དབང་པོ་འགག་པའོ། ། གཉིས་པ་མ་བྱིན་ལེན་ནི། དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ། གཞི་གཞན་ གྱི་དངོས་པོ་རིན་ཐང་ཚང་བ། བསམ་པ་རྐུ་བར་འདོད་པའི་སེམས་ཀྱིས། སྦྱོར་བ་རང་གིས་ དངོས་སུ་བསྐུས་པའམ་གཞན་ལ་བསྐུར་བཅུག་ནས། མཐར་ཐུག་དངོས་པོ་དེ་བདག་པོ་དང་ ཕྲལ་ནས་བདག་གིར་བྱས་པའོ། ། གསུམ་པ་ལོག་གཡེམ་ནི། དུག་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ། གཞི་ཕོ་མོ་ མ་ནིང་མི་དང་དུད་འགྲོ་གང་ཡིན་རུང༌། ལུས་གསོན་པོའམ་ཕྱེད་དུ་ལོངས་པའི་རོ་ལྟ་བུའི་ཁ་ དང༌། བཤང་ལམ་ཟག་བྱེད་གསུམ་པོ་གང་རུང་དུ། བསམ་པ་ཆགས་པའི་སེམས་ཀྱིས། སྦྱོར་ བ་ཕོ་དབང་བཅུག་ཅིང༌། མཐར་ཐུག་རེག་པ་ལས་བྱུང་བའི་བདེ་བ་རྫོགས་པར་ཉམས་སུ་ མྱོང་བའོ། །དེ་ལ་ཡུལ་མིན་པ་ནི། དགེ་སློང་མའམ་དགེ་ཚུལ་མ། ཉེ་དུ་དང༌། མ་དང༌། གཞན་ གྱིས་བདག་ཏུ་བཟུང་བ་དང་གཞན་གྱིས་བསྲུངས་བའོ། །དུས་མིན་པ་ནི། བསྙེན་གནས་ བསྲུངས་བ་དང༌། ན་བ་དང༌། སྦྲུམ་མ་དང༌། མྱ་ངན་གྱིས་ནོན་པ་དང༌། ཟླ་མཚན་འཛག་པ་ དང༌། ཉིན་མོའི་དུས་དང༌། བང་མ་སང་བའོ། །གནས་མིན་པ་ནི། བླ་མའི་ཉེ་འཁོར་དང༌། དཀོན་མཆོག་གི་རྟེན་ཡོད་སར་དང༌། ཕ་མ་དང་རིགས་ཀྱིས་སྲུང་བ་དང༌། མ་སྨིན་པའི་གཞོན་ ནུ་མ་དང༌། ཁ་དང་བཤང་ལམ་བརླ་དང་བསྡམ་པ་དང་ལག་པར་བསྐྱོད་པ་སོགས་སོ། ། ངག་གི་ལས་ལ་བཞི་ལས། དང་པོ་རྫུན་ལ། རྫུན་ཕལ་བ། རྫུན་ཆེན་པོ། མི་ཆོས་བླ་མའི་ རྫུན་དང་གསུམ་ལས། དང་པོ་ནི། གཞན་བསླུ་བའི་བསམ་པས་རྫུན་སྨྲ་བ་ཐམས་ཅད་དོ། ། གཉིས་པ་ནི། དགེ་བ་ལ་ཕན་ཡོན་མེད། སྡིག་པ་ལ་ཉེས་པ་མེད། དག་པའི་ཞིང་ན་བདེ་ བ་མེད། ངན་སོང་ན་སྡུག་བསྔལ་མེད། སངས་རྒྱས་ལ་ཡོན་ཏན་མེད་ཟེར་ན་རྫུན་རྔམ་པོ་ཆེ འམ་རྫུན་ཆེན་པོའོ། ། 8-1-119 གསུམ་པ་ནི། ས་མ་ཐོབ་པར་ཐོབ། མངོན་ཤེས་མེད་པར་ཡོད། ལྷ་ངས་མཐོང་དེ་ལ་ གཏང་རག་བྱིན། འདྲེ་ངས་མཐོང་དེ་ལ་ཆད་པ་བཅད་ཟེར་བ་ནི་མི་ཆོས་བླ་མའི་རྫུན་ཡིན་ནོ། །ཟག་བཅས་ཀྱི་མངོན་ཤེས་ཕྲན་བུ་འཇིག་རྟེན་པའི་ལམ་དུ་ཡོད་ཀྱང་དེ་ལ་ཐུག་མི་ཐུག་སྣ་ ཚོགས་ཡོད། ཟག་མེད་ཀྱི་མངོན་ཤེས་ནི་འཕགས་པ་ས་ཐོབ་མ་གཏོགས་གཞན་ལ་མེད་པས་ དེ་འདྲ་དཀའོ། ། གཉིས་པ་ཕྲ་མ་ལ། མངོན་ཕྲ། ལྐོག་ཕྲ་གཉིས་ལས། དང་པོ་ནི། མི་ཕལ་ཆེར་གྱིས་མི་ གཉིས་མཉམ་དུ་ཡོད་པ་ལ། འདིས་ཁྱོད་ལ་ལྐོག་ཏུ་ངན་སྨྲས་འདི་དང་འདི་ལྟ་བུ་བྱས། གནོད་ པ་འདི་དང་འདི་ལྟ་བུ་བསྐྱལ། དེརིང་ཁྱེད་གཉིས་འདྲ་མིན་འདི་ལྟར་བྱེད་དམ་ཞེས་ཕྲ་མ་བྱེད་ པ་ནི་མངོན་ཕྲའོ། ། གཉིས་པ་ནི༌། མི་ཡིད་མཐུན་པ་གཉིས། གཅིག་གི་དྲུང་དུ་སོང་སྟེཁྱོད་ཀྱིས་དེ་ལ་རྩིས་ ཆེན་དུ་བྱེད་ཀྱང་དེས་ཁྱོད་ལ་འདི་དང་འདི་ལྟ་བུ་ཟེར་རོ། །ཞེས་ཟེར་ནས། དེ་གཉིས་ཕྲ་མས་ འབྱེད་པ་ལ་ལྐོག་ཕྲ་ཟེར། དེ་དག་ལས་ཀྱང་ཉེས་པ་ཆེ་ཤོས་དགེ་འདུན་ཕན་ཚུན་ཐུགས་མི་ མཐུན་པར་བྱེད་པ་དང༌། ཁྱད་པར་གསང་སྔགས་ཀྱི་ཆོས་སྟོན་པའི་བླ་མ་དང༌། སློབ་མའི་ བར་དུ་དབྱེན་བྱེད་པ་དང༌། ཆོས་གྲོགས་ཕན་ཚུན་མི་མཐུན་པར་བྱེད་པ་ནི་ཤིན་ཏུ་ཡང་ཉེས་ པ་ཆེའོ། ། གསུམ་པ་ཚིག་རྩུབ་ནི། སྐྱེ་བོ་བྱད་མི་མཛེས་པ་ལྟ་བུ་ལ་དེའི་སྐྱོན་མངོན་སུམ་དུ་སྒྲོག་ པ་ལྟ་བུ་སྟེ། དཔེར་ན་མི་ཞར་བ་དང། འོན་པ། ལོང་བ་སོགས་དང༌། གཞན་ཡང་ཕ་རོལ་གྱི་ མཚང་ནས་བརྗོད་པ་དང༌། ངན་དུ་སྨྲས་པ་ཐམས་ཅད་དང༌། འཇམ་པོའི་སྒོ་ནས་ཕ་རོལ་པོ་ ལ་ཡིད་མི་བདེ་བར་བྱེད་པ་དང༌། གཞན་ཡང་བླ་མ་དང་སྐྱེས་བུ་དམ་པ་རྣམས་ཀྱི་དྲུང་ནས་མི་ སྙན་པ་སྣ་ཚོགས་བརྗོད་པ་ཡང་ཉེས་པ་ཆེའོ། ། 8-1-120 བཞི་པ་ངག་ཀྱལ་ནི། དམག་གི་གཏམ་དང༌། ཆགས་སེམས་ཀྱི་གླུའི་རྣམ་པ་དང༌། སྨད་ འཚོང་མའི་གཏམ་དང༌། གཏམ་མང་པོ་འབྲེལ་མེད་དུ་སྨྲ་བ་རྣམས་དང༌། ངག་འཁྱལ་སྣ་ ཚོགས་སྨྲ་བ་དེ་ཡང་རང་བཞིན་དུ་གང་བབ་བྱུང་རྒྱལ་དུ་སྨྲ་བ་དང༌། གཞན་ཡང་ཁ་ཏོན་དང༌། བཟླས་བརྗོད་ལ་སོགས་པ་ཡང་ངག་འཁྱལ་དང་བསྲེས་ནས་ཅི་ཙམ་འདོན་ཟློས་བྱས་ཀྱང་ འབྲས་བུ་མི་འབྱིན་ཞིང༌། ཁྱད་པར་དགེ་འདུན་གྱི་ཚོགས་གྲལ་དུ་ངག་འཁྱལ་སྣ་ཚོགས་སྨྲ་ བ་ནི། ཚོགས་པ་གྲལ་གང་རེའི་དགེ་བའི་ཚོགས་མི་གཅིག་གིས་གཅོད་ཅིང་སྦྱིན་བདག་གི་ ཚོགས་བསགས་ཆུད་གཟན་པ་ཡིན། གྱ་ཚོམ་དུ་གསང་སྔགས་བོན་དུ་གྱེར་བས་ཉེས་པ་ལྕི་ ཞིང༌། དཀོར་ནག་པོ་འདི་ལྕགས་བསྲེགས་ཀྱི་རིལ་བུ་འདྲ་བས། བསྐྱེད་རྫོགས་ཟུང་དུ་འཇུག་ པའི་ཁྲོ་ཆུའི་འགྲམ་པ་དང་ལྡན་ན་མ་གཏོགས། ཐ་མལ་གྱིས་ཟོས་ན་རྒྱུད་འཚིག་ཅིང་བརླག་ པ་ཡིན་ཏེ། ཇི་སྐད་དུ། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲགས་ན་ཐར་བའི་སྲོག་རྩ་ གཅོད། །ཅེས་གསུངས་པ་ལྟར་དེས་ན་བསྐྱེད་རྫོགས་དང་ལྡན་ན་ལྟ་ཅི། ཚིག་ཙམ་ཤེས་པ་དེ་ ཡང་ལེགས་པར་མི་འདོན་ངག་འཁྱལ་གྱི་གཏམ་སྣ་ཚོགས་དང༌། ཆགས་སྡང་གི་བསམ་པ་སྣ་ ཚོགས་པས་དུས་འདའ་བ་ནི། རང་གཞན་ཕུང་ལ་སྦྱོར་བ་ཡིན་པས། བླ་མ་སེར་མོ་བ་རྣམས་ ནས་རྒྱུན་དུ་ངག་འཁྱལ་གྱི་གཏམ་འདི་སྤངས་ནས་སྨྲ་བཅད་དང་བཟླས་བརྗོད་ལ་བརྩོན་པ་ གལ་ཆེ་བ་ཡིན་ནོ། །ཡིད་ཀྱི་ལས་ལ་གསུམ་ལས། དང་པོ་བརྣབ་སེམས་ནི། གཞན་ཕ་རོལ་ གྱི་རྒྱུ་རྫས་ཡིད་དུ་འོང་བ་ལ་དེ་ངའི་ཡིན་ན་དགའ་སྙམ་དུ་ཡང་དང་ཡང་དུ་ཡིད་ཀྱིས་བདག་ གིར་བྱེད་པ་དང༌། དེ་ངས་ལོན་པའི་ཐབས་ཅིལྟ་བུ་ཡོད་སྙམ་པ་སོགས། ཡིད་ཙམ་གྱིས་ གཞན་ནོར་ལ་འདོད་པ་སྐྱེས་པ་ཐམས་ཅད་ཡིན། གཉིས་པ་གནོད་སེམས་ནི། གཞན་ལ་ཞེ་སྡང་དང་ཁོང་ཁྲོའི་སེམས་ཀྱིས་ངས་འདི་དང་ འདི་ལ་གནོད་པ་འདི་ལྟ་བུ་བྱའོ་སྙམ་པ་དང༌། གཞན་ལ་དཔལ་འབྱོར་ཡོད་པ་ལ་མི་དགའ་ 8-1-121 ཞིང༌། འདི་འདི་ཙམ་དུ་མ་བདེ་ན་མ་སྐྱིད་ན་འདི་ལ་ཡོན་ཏན་འདི་ལྟ་བུ་མེད་ན་ཅི་མ་རུང་སྙམ་ པ་དང༌། གཞན་ལ་མི་འདོད་པ་བྱུང་ན་དེ་ལ་དགའ་བ་བསྒོམ་པ་སོགས་གཞན་ལ་གནོད་པར་ སེམས་པ་ཐམས་ཅད་དོ། ། གསུམ་པ་ལོག་ལྟ་ནི། ལས་རྒྱུ་འབྲས་མེད་པར་ལྟབ་ནི། སྐྱེ་བ་སྔོན་གྱི་ལས་དང༌། སྐྱེ་བ་ ཕྱི་མར་བདེ་སྡུག་མྱོང་བ་ལ་སོགས་པ་མེད་དོ། །དེ་ཡང་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་ བ་དང༌། སྡིག་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་མེད་དོ་སྙམ་ནས་རྒྱུ་འབྲས་མེད་པར་ ལྟ་བ་ཡིན་ནོ། །དེ་ལྟར་མི་དགེ་བ་བཅུ་པོ་ལས་ཀྱང་སྲོག་གཅོད་དང༌། ལོག་ལྟ་གཉིས་སྡིག་ཆེ་ སྟེ། ཇི་སྐད་དུ། སྲོག་གཅོད་གོང་ན་སྡིག་གཞན་མེད། །མི་དགེ་བཅུ་ལས་ལོག་ལྟ་ལྕི། །ཟེར་བ་ དེ་ཡིན། མི་དགེ་བ་བཅུ་པོ་རེ་རེ་ལ་འབྲས་བུ་བཞི་བཞི་སྟེ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་ གྱི་འབྲས་བུ། དབང་གི་འབྲས་བུ། སྐྱེས་བུས་བྱེད་པའི་འབྲས་བུ་དང་བཞི། དང་པོ་ནི། མི་དགེ་བ་བཅུ་པོ་གང་ཡིན་ཀྱང༌། ཀུན་སློང་ཞེ་སྡང་གི་དབང་གིས་བྱས་ན་ དམྱལ་བར་སྐྱེ། འདོད་ཆགས་ཀྱི་དབང་གིས་བྱས་ན་ཡི་དྭགས་སུ་སྐྱེ། གཏི་མུག་གི་དབང་ གིས་བྱས་ན་དུད་འགྲོར་སྐྱེ། ངན་སོང་དེ་དག་ཏུ་སྐྱེས་ནས་རང་རང་གི་སྡུག་བསྔལ་བསམ་ མི་ཁྱབ་པ་ལ་སྤྱོད་དགོས་པ་ཡིན། ཡང་ན་ཆགས་སྡང་རྨོངས་གསུམ་ཤིན་ཏུ་ཚབས་ཆེ་བ་དང་ རྒྱུན་རིང་པོའི་སྒོ་ནས་ལས་བསགས་ན་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་ འགྲོར་སྐྱེ་བ་ཡིན་ནོ། ། གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་དང༌། མྱོང་བ་རྒྱུ་མཐུན་གཉིས་ ལས། དང་པོ། སྔར་སྲོག་གཅོད་བྱེད་པ་ཞིག་ཡིན་ན། ད་ལྟ་ཡང་སྲོག་གཅོད་པ་ལ་དགའ་བ་ དང༌། སྔར་མ་བྱིན་པ་ལེན་པ་ཞིག་ཡིན་ན། ད་ལྟ་རྐུ་བ་ལ་དགའ་བ་སོགས་ཡིན། ཇི་སྐད་དུ། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་གསུངས་སོ། ། 8-1-122 གཉིས་པ་མྱོང་བ་རྒྱུ་མཐུན་ནི། མི་དགེ་བ་བཅུ་པོ་རེ་རེ་ལ་གཉིས་གཉིས་ཏེ། སྔོན་སྲོག་ གཅོད་པའི་འབྲས་བུ། ད་ལྟ་ཚེ་ཐུང་ཞིང་ནད་མང་བ་ཡིན་ཏེ། སྐྱེ་བ་ལན་གྲངས་མང་པོའི་བར་ དུ་ཚེ་ཐུང་བ་དང༌། སྐྱེ་བ་ལན་གྲངས་མང་པོའི་བར་དུ་ཆུང་ངུ་ནས་ནད་སྣ་ཚོགས་པས་མནར་ བ་ཡིན། སྔོན་བསགས་པའི་ལས་ལ་བཤགས་པ་དང་འགྱོད་སེམས་བྱེད་པ་དང་དགེ་སྒྲུབ་ སྡིག་སྤོང་སོགས་ལ་འབད་པར་བྱའོ། །མ་བྱིན་བླངས་པས། ད་ལྟ་ལོངས་སྤྱོད་མེད་པ་དང༌། ཅུང་ཟད་རེ་ཡོད་ཀྱང་འཕྲོག་པ་དང༌། རྐུ་བ་ལ་སོགས་ དགྲ་ཟླ་མང་བར་འགྱུར། ནོར་དང་ལོངས་སྤྱོད་ཀྱིས་དབུལ་བ་རྣམས་ཀྱང་འབད་རྩོལ་རི་བོ་ ཙམ་བྱེད་པ་ལས། བསོད་ནམས་མེ་སྟག་ཙམ་གསོག་པ་དགའ་བ་ཡིན། ནོར་དང་ལོངས་སྤྱོད་ ཀྱི་ཕྱིར་དུ། ཚོང་ཁེ་དང༌། རྐུན་མ་དང༌། ཇག་པ་དང༌། དཀོར་ཟ་བ་སོགས་ལས་རྙེད་པ་ཅི་ཙམ་ ཆེ་ཡང་མི་ཕན་པར་མཐར་དབུལ་བོ་དང༌། མུ་གེས་འཆི་བ་ཡང་མང་ངོ༌། །འདོད་པས་ལོག་ གཡེམ་གྱིས། ཁྱིམ་ཐབ་མི་མཛེས་ཤིང༌། ལྷོད་པ་ཅན་དང༌། དགྲ་ཟླ་ལྟ་བུར་འབྱུང་བ་དང༌། ད་ལྟ་གཟའ་ཟླ་ཕལ་ཆེར་དུས་རྟག་ཏུ་འཐབ་རྩོད་དང་འཁོན་འཛིང་ཁོ་ན་བྱེད་པ་ནི་སྔོན་ འདོད་ལོག་སྤྱོད་པའི་རྒྱུ་མཐུན་ཡིན། རྫུན་དུ་སྨྲ་བའི་མྱོང་བ་རྒྱུ་མཐུན་གྱིས། རང་ལ་སྐུར་བ་ འདེབས་པ་མང་བ་དང༌། གཞན་གྱིས་བསླུ་བར་བྱེད་པ་མང་བ་ཡིན། ཕྲ་མ་བྱས་པའི་རྒྱུ་མཐུན་ གྱིས། འཁོར་གཡོག་མི་མཐུན་པ་དང༌། བདག་ཉིད་ལ་རྒོལ་བ་སོགས་འབྱུང་སྟེ། བླ་མའི་གྲྭ་ ཚང་ངམ། དཔོན་གྱི་སྐུ་འཁོར། དུད་ཚང་གི་གླ་གཡོག་ཕལ་ཆེར་ནང་མི་འདུའོ། །སྔོན་གྱི་ ལས་ངན་བསགས་པ་ལ་འགྱོད་པ་བསྐྱེད། རང་གཞན་གྱི་འཁོན་པ་སྡུམ་པ་ལ་འབད་དགོས་ པ་ཡིན། ཚིག་རྩུབ་པོ་སྨྲས་པས། རྟག་ཏུ་མི་སྙན་པ་ཐོས་ཤིང༌། རང་གིས་སྨྲས་པ་ཡང་འཐབ་ མོའི་ཚིག་ཏུ་འགྱུར། ལར་ཚིག་རྩུབ་པོ་འདི་མི་དགེ་བ་རྣམས་ལས་ཉེས་པ་ལྕི་ཤོས་ཡིན་ཏེ། འཇིག་རྟེན་པའི་དཔེ་ལ་ཡང༌། ཚིག་ལ་མདའ་མཚོན་མེད་ཀྱང་མི་སེམས་ཚལ་བར་གཏོང༌། 8-1-123 ཟེར་བ་ལྟར་རོ། །སྐྱེས་བུ་དམ་པ་དང་བྱང་ཆུབ་སེམས་དཔའ་ཞིག་ལ་སྐུར་བ་འདེབས་པ་ དང་ངན་སྨྲས་བྱས་ན་ཁམས་གསུམ་སེམས་ཅན་བསད་པ་ལས་ཉེས་པ་ལྕི་བར་གསུངས་ཏེ། ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་ བ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །ཞེས་གསུངས། ངག་ཀྱལ་ བའི་རྒྱུ་མཐུན་གྱིས། རང་གི་ཚིག་མི་བཙུན་ཞིང་སྤོབས་པ་ཆུང་བར་གསུངས་པས། དྲང་པོར་ སྨྲས་ཀྱང་བདེན་དུ་མི་འཛིན་པ་དང༌། མང་པོའི་ནང་དུ་གཏམ་བཤད་ལ་རང་ཉིད་སྤོབས་པ་ ཆུང་བར་འབྱུང་བ་ཡིན། བརྣབ་སེམས་ཀྱིས་རྒྱུ་མཐུན་པའི་འབྲས་བུར་ཡིད་ལ་བསམ་པ་མི་ འགྲུབ་ཅིང་མི་འདོད་པ་ཐོག་ཏུ་འབབ། གནོད་སེམས་ཀྱིས་འཇིགས་ཤིང་སྐྲག་པ་དང་འཚེ་བ་ མང༌། ལོག་ལྟས་ལྟ་བ་ངན་པ་ལ་གནས་སོ། ། གསུམ་པ་དབང་གི་འབྲས་བུ་བཅུ་ནི་ཡུལ་ལ་སྨིན་པ་སྟེ། སྲོག་གཅོད་ཀྱིས་ས་ཕྱོགས་ ཉམས་མི་དགའ་ཞིང་ངམ་གྲོག་དང་གཡང་ས་ཅན་ལ་སོགས་སྲོག་ལ་གནོད་པ་ཅན་དུ་སྐྱེ། མ་བྱིན་པར་བླངས་པས་ལོ་ཏོག་ལ་སད་སེར་སྡང༌། ལྗོན་ཤིང་ལ་འབྲས་བུ་མི་ཆགས། མུ་གེ་ ཡོད་པའི་སར་སྐྱེ། ལོག་པར་གཡེམ་པས་བཤང་གཅི་དང་འདམ་རྫབ་ལ་སོགས་པ་ཡིད་དུ་ མི་འོང་བར་གནས་དགོས་པའོ། །རྫུན་གྱིས་འབྱོར་བ་མི་བརྟན་ཞིང་རྟག་ཏུ་ཤེས་པ་བརྟབས་ ཤིང་སྐྲག་པའི་ཡུལ་རྐྱེན་དང་འཕྲད། ཕྲ་མས་ཡུལ་ངམ་གྲོག་དང་གཅོང་རོང་ཅན་ལ་སོགས་ བགྲོད་དཀའ་བར་གནས་དགོས། ཚིག་རྩུབ་པོས་རྡོའི་གསེག་མ་དང་ཚེར་མ་ཅན་ལ་སོགས་ པའི་ས་ཕྱོགས་ཡིད་མི་བདེ་བར་སྐྱེ། ངག་འཁྱལ་གྱིས་སོ་ནམ་བྱས་ཀྱང་འབྲས་བུ་མི་འབྱུང༌། དུས་ཚིགས་ལོག་ཅིང་མི་བརྟན་པར་སྐྱེ། བརྣབ་སེམས་ཀྱིས་ལོ་ཏོག་ཉེས་ཤིང་གནས་དུས་ ངན་པའམ་སྡུག་བསྔལ་མང་པོ་འབྱུང༌། གནོད་སེམས་ཀྱིས་རྟག་ཏུ་འཇིགས་པ་དང་འཚེ་བ་ མང་བའི་ཡུལ་དུ་སྐྱེ། ལོག་ལྟས་འབྱོར་བ་ཉུང་ཞིང་སྐྱབས་དང་དཔུང་གཉེན་མེད་པར་སྐྱེ། 8-1-124 དེ་ལྟར་རྒྱུ་འབྲས་ཀྱིརྣམ་གཞག་རྒྱས་པ་ནི་མདོ་དྲན་པ་ཉེར་བཞག་སོགས་ལས་ཤིན་ཏུ་རྒྱས་ པར་བཀའ་བསྩལ་པས་དེར་བལྟ་བར་བྱ་བ་ལས་འདིར་འབྲིར་མ་ལང་ལ། འདིར་མདོ་ལས་ རྣམ་འབྱེད་དང༌། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཞུང་གཉིས་སྤྱིའི་ཁོག་ གཅིག་པས་དེ་གཉིས་ཅུང་བསྡུས་པས་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་བསྟན་པ་ནི། དམྱལ་བ། ཡི་ དྭགས། དུད་འགྲོ། ལྷ་མིན། མི། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ སུ་སྐྱེ་བའི་རྒྱུ་གོ་བདེ་བར་བསྟན་པ་ནི། མདོ་དེ་གཉིས་ལས། གང་དག་སེམས་ཅན་དམྱལ་ བར་སྐྱེ་བར་འགྱུར་བའི་ལས་བཅུ་ནི། ཤིན་ཏུ་ཞེ་སྡང་བའི་སེམས་ཀྱིས་ལུས་དང༌། ངག་དང༌། ཡིད་ཀྱིས་ཉེས་པ་ཆེར་བྱས་པ་གསུམ་དང༌། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ། མེད་ པར་ལྟ་བ། སེར་སྣ་ཆེ་བ། དྲིན་དུ་མི་གཟོ་བ། མཚམས་མེད་པའི་ལས་བྱེད་པ། འཕགས་པ་ ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྐུར་བ་འདེབས་པ་རྣམས་སོ། །ཡང་མདོ་དེ་གཉིས་ལས། བསྟན་པ་རྣམས་རིམ་པར་རིང་དུ་འཁྱམས་པའམ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ བའི་ལས་བཅུ་ནི། ལུས་དང༌། ངག་དང༌། ཡིད་ཀྱིས་ངན་པར་སྤྱོད་པ་ཆུང་ངུ་གསུམ་དང༌། ངན་པ་ལ་དད་པ། ཤིན་ཏུ་དད་པ། ལོག་པས་འཚོ་བ། སེར་སྣ་ལ་དད་ཅིང་མི་གཏོང་བ། སྦྱིན་ པ་ལ་གེགས་བྱེད་པ། འདོད་པ་ལ་ཆགས་བཞིན་དུ་ཤི་བ། བྲུ་བ་ཚ་(ལྟོགས་པའམ་བཀྲེས་པའི་དོན་) ཞིང་སྐོམ་བཞིན་དུ་ཤི་བ་རྣམས་སོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་བཅུ་ ནི། ལུས་དང༌། ངག་དང༌། ཡིད་ཀྱིས་ཉེས་པ་འབྲིང་དུ་བྱས་པ་གསུམ་དང༌། འདོད་ཆགས་ དང༌། ཞེ་སྡང་དང༌། གཏི་མུག་ལས་བྱུང་བའི་ལས་སྣ་ཚོགས་པ་སྟེ་གསུམ་བཅས་དྲུག་དང༌། ཕ་མ་དང་རབ་ཏུ་བྱུང་བ་རྣམས་ལ་ཚུལ་དང་མི་མཐུན་པའི་སྦྱིན་པ་བྱེད་པ་དང༌། དུད་འགྲོར་ སྐྱེས་པའི་སེམས་ཅན་ལ་འཕྱ་བྱེད་པ་དང༌། དེ་ལྟར་སྨོན་པ་སྟེ་དཔེར་ན་བ་ལང་ངམ་བྱའི་ བརྟུལ་ཞུགས་ཅན་སོགས་དེར་སྐྱེ་བར་སྨོན་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་དགོས་ 8-1-125 པའི་དབང་གིས་དེར་སྐྱེ་བ་འཛིན་པ་དང༌། བྲམ་ཟེ་ཆར་འབེབས་ཀྱིས་འོད་སྲུང་ཆེན་པོ་ལ་ སྤྲེའུ་དང་འདྲ་བར་མི་སྙན་པ་བརྗོད་པས་སྐྱེ་བ་ལྔ་བརྒྱར་སྤྲེའུའི་ལུས་ཆེན་ལེན་པར་གསུངས་ པ་ལྟ་བུ་རྣམས་སོ། །ཨ་སུ་ར་སྟེ་ལྷ་མིན་དུ་སྐྱེ་བར་འགྱུར་བའི་ལས་བཅུ་ནི། ཐམས་ཅད་ ལའང་ལུས་དང༌། ངག་དང༌། ཡིད་ཀྱིས་ཅུང་ཟད་ངན་པར་སྤྱོད་པ་གསུམ་དང༌། ངར་སེམས་ པ་སྟེ་ངའོ་སྙམ་པའི་ང་རྒྱལ་དང༌། མི་མཚུངས་པའི་ང་རྒྱལ་དང༌། བླ་ལས་ལྷག་པའི་ང་རྒྱལ་ དང༌། གོང་མ་ལས་ལྷག་པའི་ང་རྒྱལ་དང༌། གོང་མ་ལས་ཀྱང་གོང་མའི་ང་རྒྱལ་དང༌། བདག་ ལ་མི་སྲིད་པའི་ང་རྒྱལ་དང༌། དགེ་བའི་རྩ་བ་བསྐྱེད་པ་ལ་ལོག་པར་སྨོན་པ་སྟེ་དེར་བསྔོས་པ་ རྣམས་སོ། །མིར་སྐྱེ་བའི་ཆོས་བཅུ་ནི། སྲོག་གཅོད་པ་སྤོང་བ་སོགས་སྒོ་གསུམ་གྱིས་དགེ་བ་ བཅུའི་ལམ་མ་ཉམས་ཤིང་མ་གོད་པས་མིའི་འཇིག་རྟེན་དུ་སྐྱེའོ། །འདོད་ཁམས་ཀྱི་ལྷར་སྐྱེ་ བའི་ལས་བཅུ་ནི། དགེ་བ་བཅུའི་ལས་ལམ་ཡོངས་སུ་རྫོགས་ཤིང་ལེགས་པར་སྦྱངས་པར་ བྱས་པའོ། །གཟུགས་ཁམས་ཀྱི་ལྷར་སྐྱེ་བར་འགྱུར་བའི་ལས་བཅུ་ནི། དགེ་བཅུའི་ལས་ཀྱི་ ལམ་རྣམས་ལེགས་པར་སྦྱངས་ཤིང་ཤིན་ཏུ་མཉམ་པར་བཞག་པ་དང༌། ཁྱད་པར་དུ་ཤིན་ ཏུ་འཕགས་པ་དང་ཡོངས་སུ་རྫོགས་པར་བྱས་པའོ། །གཟུགས་མེད་པའི་ཁམས་ན་སྤྱོད་ པའི་ལྷར་སྐྱེ་བར་འགྱུར་བའི་ལས་བཅུ་ནི། དགེ་བ་བཅུའི་ཆོས་དང༌། མི་གཡོ་བར་འཛིན་པ་ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་གོམས་པར་བྱས་པ་ལས་སོ། །གཞན་ཡང་ བྱས་ལ་མ་བསགས་པའི་ལས་ཡོད་དེ། ལས་བྱས་ནས་ངོ་ཚ་བར་འཛིན་པ་དང༌། འགྱོད་པ་ དང༌། སྨོད་པ་དང༌། འཆགས་པ་དང༌། མཐོལ་བ་དང༌། སྤོང་བ་དང༌། ཕྱིན་ཆད་མི་བྱེད་སྡོམ་ པ་སྟེ། ལས་དེ་ལྟ་བུ་ནི་བྱས་ལ་མ་བསགས་པའོ། །དེ་བཞིན་དུ་བསགས་ལ་མ་བྱས་པའི་ལས་ ཡོད་དེ། ལས་གང་སེམས་ཀྱིས་ཡོངས་སུ་རྫོགས་པར་བྱས་ཤིང་ཚིག་ཏུའང་ལས་འདི་བྱའོ། །ཞེས་སྨྲས་ནས་ལས་དངོས་དེ་མ་བྱས་པའོ། །བྱས་ཀྱང་བྱས་ལ་བསགས་ཀྱང་བསགས་པའི་ 8-1-126 ལས་ཡོད་དེ་ལས་གང་བྱས་ནས་མི་འཛེམས་པ་དང༌། མི་ལྡོག་པ་དང༌། མི་འགྱོད་པ་དང༌། མི་ སྨོད་པ་དང༌། མི་འཆགས་པ་དང༌། མི་མཐོལ་བ་དང༌། མི་འདོར་བ་དང༌། མི་སྤོང་བ་དང༌། ཕྱིན་ཆད་ཀྱང་སྡོམ་པར་མི་བྱེད་པའོ། །བྱས་ཀྱང་མ་བྱས་ལ་བསགས་ཀྱང་མ་བསགས་པའི་ ལས་ཡོད་དེ། ལས་གང་ཆེད་དུ་མ་བསགས་པར་བྱས་པ། རྨི་ལམ་ན་བྱས་པའམ། བྱེད་དུ་ བཅུག་པ་ལྟ་བུའོ། །ལས་གང་གིས་སེམས་ཅན་དམྱལ་བར་སྐྱེས་ནས་དེའི་ཚེ་ཚད་ཡོངས་སུ་ རྫོགས་པར་བྱས་ནས་འཕོ་བར་འགྱུར་བ་ཡོད་དེ། ལས་བསགས་ནས་དེ་ལ་ངོ་ཚ་བ་སོགས་ སུ་མི་འཛིན་ཞིང་མི་བཤགས་ལ། ཕྱིན་ཆད་སྡོམ་པར་མིབྱེད། དེ་ལ་ཕྱིར་ཞིང་དགའ་བར་བྱེད་ པ་སྟེ་དཔེར་ན་ལྷས་བྱིན་བཞིན་ནོ། །དེ་དག་ལས་རྣམ་འབྱེད་དང༌། ལས་ཀྱི་རྣམ་པར་འགྱུར་ བའི་མདོ་གཉིས་ལས་གསུངས་སོ། །དཀོན་མཆོག་བརྩེགས་པ་ལས། ཅི་འདྲ་བ་ཡི་ལས་བྱས་ པ། །རྣམ་པར་སྨིན་པའང་དེ་འདྲར་འགྱུར། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །དེ་ནི་ཅུང་ཟད་ འགྱུར་བ་མེད། །ཅེས་དང༌། དྲན་པ་ཉེར་བཞག་ལས། དགེ་བ་ཡིས་ནི་བདེ་བ་ཐོབ། །མི་དགེ་ བ་ལས་སྡུག་བསྔལ་འབྱུང༌། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་ སྟོན། །ཞེས་དང༌། དེས་པས་ཞུས་པའི་མདོ་ལས། ས་བོན་ཚ་བ་རྣམས་ལས་ནི། །འབྲས་བུ་ ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ཀྱིས་ནི། །འབྲས་བུ་མངར་བ་སྐྱེད་པར་འགྱུར། །དཔེ་ཟླར་བྱས་པ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང༌། །དཀར་པོའི་འབྲས་བུ་མངར་ བ་དག །མཁས་པའི་མིས་ནི་ཤེས་པར་འགྱུར། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །སྡིག་པ་ རྣམ་གསུམ་མི་བྱ་ཞིང༌། །གཞན་དག་བྱེད་ཀྱང་མཁས་པ་ཡིས། །རྗེས་སུ་དགའ་བར་མི་བྱའོ། །ལུས་དང་ངག་དང་ཡིད་ཀྱིས་ནི། །དཀར་པོ་རྣམ་གསུམ་རྟག་ཏུ་བྱ། །གང་དག་དགེ་བ་སྤྱོད་ བྱེད་པ། །གཞན་དག་ལ་ཡང་ཡི་རང་བྱ། །ཞེས་དང༌། ཆེད་དུ་བརྗོད་པའི་ཚོམས་ལས། སྡིག་ པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། 8-1-127 །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཇི་སྲིད་སྡིག་པ་མ་སྨིན་པར། །དེ་སྲིད་བྱིས་པ་མངར་ བར་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་དེ་ནི་ཚ་བར་སེམས། །ཇི་སྲིད་སྡིག་པ་མ་ སྨིན་པ། །དེ་སྲིད་སྡིག་པ་རུང་བར་ལྟ། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་ཚེ་སྡིག་པ་མཐོང་ བར་འགྱུར། །ཇི་སྲིད་བཟང་པོར་མ་སྨིན་པ། །དེ་སྲིད་བཟང་པོ་སྡིག་པར་མཐོང༌། །གང་ཚེ་ བཟང་པོ་སྨིན་གྱུར་པ། །དེ་ཚེ་བཟང་པོ་མཐོང་བར་འགྱུར། །སྡིག་པ་སྡུག་བསྔལ་སོགས་པས་ ན། །དེ་ལ་དགའ་བར་མི་བྱའོ། །ཞེས་དང༌། དེ་ཉིད་ལས། སྡིག་པ་ཆུང་བྱས་བདག་ཉིད་ཀྱི། །ཕྱི་བཞིན་མི་འོང་མ་སེམས་ཤིག །ཆུ་ཡི་ཐིགས་པ་ལྷུང་བ་ཡིས། །བུམ་ཆེན་གང་བ་ཇི་བཞིན་ དུ། །ཅུང་ཟད་ཅུང་ཟད་བསགས་པ་ཡི། །སྡིག་པས་བྱིས་པ་གང་བར་འགྱུར། །ཞེས་དང༌། སྐྱེ་ རབས་ལས། བདག་གི་ཕྱིར་དང་གཞན་གྱི་ཕྱིར་དག་ཏུ། །བདེ་བར་འདོད་ན་སྡིག་པ་མི་བྱ་སྟེ། །བྱིས་པ་བདེ་འདོད་གང་ཞིག་སྡིག་བྱེད་ན། །དེ་ཡི་འབྲས་བུ་སོ་སོར་མྱོང་བར་འགྱུར། །མ་ མཐོང་བར་ནི་སྡིག་པ་བགྱིས་པ་དག །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་ རྣལ་འབྱོར་ཅན་གྱི་མི་དག་གི། རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་གསུངས་པ་ ལྟར་དུ་བསམ་པར་བྱའོ། ། བཞི་པ་སྐྱེས་བུས་བྱེད་པའི་འབྲས་བུ་ནི། དེ་དག་ལས་ལས་གང་དང་གང་བསགས་པ་ རྣམས་སླར་ཡང་ཉོན་མོངས་པས་གསོས་བཏབ་སྟེ་མང་པོར་འཕེལ་ནས། སྐྱེ་བ་དང་ཚེ་རབས་ དུ་མ་རྣམས་སུ་སྡུག་བསྔལ་མུ་མཐའ་མེད་པར་འབྱུང་བ་དང༌། སླར་ཡང་ལས་ངན་གོང་ནས་ གོང་དུ་འཕེལ་ནས་འཁོར་བ་མུ་མཐའ་མེད་པར་འཁྱམས་པར་འགྱུར་བ་ཡིན་ནོ། །སྲོག་ གཅོད་སོགས་མི་དགེ་བ་བཅུ་བཀའ་དང་བསྟན་བཅོས་ལས་གསུངས་པ་རྣམས་རིམ་པར། བཅོམ་ལྡན་འདས་ཀྱིས། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་དང༌། དྲན་པ་ཉེར་བཞག་ལས། ལས་ངན་མི་དགེ་ཚ་བས་འདིར། །རྣམ་པར་སྨིན་པ་ 8-1-128 ཚ་བ་སྟེ། །གནོད་པ་ཆེན་པོ་བྱེད་པ་ཡིན། །དེ་ལྟ་བས་ན་སྡིག་པ་སྤོངས། །ཞེས་དང༌། ཚོམས་ ལས། བདག་ཉིད་བདེ་བར་འདོད་པའི་ཕྱིར། །དགོད་བཞིན་སྡིག་པའི་ལས་བྱས་པའི། །སྡིག་ པའི་ལས་དེའི་རྣམ་སྨིན་ནི། །ངུ་བཞིན་ཉམས་སུ་མྱོང་བར་འགྱུར། །ཞེས་དང༌། འདུལ་བ་ ལས། ཇི་ལྟར་གྲིབ་མ་མི་ཡི་རྗེས་འབྲང་བ། །འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར། །དེ་ བཞིན་དགེ་དང་མི་དགེ་གྲིབ་མ་ལྟར། །སངས་རྒྱས་སྨྲ་བ་བླ་ན་མེད་པ་གསུངས། །ཞེས་དང༌། མདོ་ལས། སྲོག་གཅོད་པ་ལས་ཕྱིར་ལྡོག་ཅིང༌། །ཁྲིམས་བཟུང་ཡང་དག་སྡོམ་ལ་དགའ། །གང་དག་འབྱུང་པོ་མི་འཚེ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་དང༌། འདུལ་བ་ལས། གང་དུ་སྡོད་ཀྱང་ལས་ཀྱིས་མི་རྫི་བའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ནོ། །བར་སྣང་ཉིད་ མིན་རྒྱ་མཚོའི་ནང་མིན་ཞིང༌། །རི་བོའི་ཕུག་ཏུ་ཞུགས་པའང་མ་ཡིན་ནོ། །ཞེས་དང༌། མཛོད་ ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་ གསུངས་པ་ལྟར། གཞན་ལ་གསོད་དུ་བཅུག་པ་དང་གཞན་གྱིས་བསད་པ་ལ་རྗེས་སུ་ཡི་རང་ བྱས་པ་ལྟར། མི་དགེ་བཅུ་པོ་ཡང་གཞན་གྱི་བྱས་པ་རྣམས་ལ་རྗེས་སུ་ཡི་རང་བ་བྱས་པ་ནི། བསགས་ལ་མ་བྱས་པའི་སྡིག་པ་སྟེ། སྡིག་པ་མཉམ་དུ་འབྱུང་ངོ༌། །གསོད་སེམས་མེད་པར་ རྐང་ཞབས་སུ་འབུ་སྲིན་སོགས་སྲོག་ཆགས་ཕྲན་བུ་ཤི་བ་ལྟ་བུ་བྱས་ལ་མ་བསགས་པའི་སྡིག་ པ་སྟེ། འདི་ནི་སྡིག་པ་ཆུང་བ་ཙམ་མོ། །མ་བྱིན་ལེན་པ་ནི། ཀུན་མཁྱེན་ཏཱ་ར་ནཱ་ཐས། སྡིག་ པ་ལ་ཤི་འཛེམ་རོ་འཛེམ་གྱིས། །ཡོང་ན་དགེ་བ་ཅི་འགྲུབ་ཀྱིས། །ལྷ་ཁང་དགེ་འདུན་བླ་མའི་ རྫས། །དུག་ནག་པོ་ཧ་ལ་ཧ་ལ་ཡིན། །འབྲུ་གཅིག་ཀྱང་ཁ་ལ་མ་ཁྱེར་ཞིག །ཅེས་གསུངས་ པ་བཞིན། ལྷ་རྟེན་དང༌། གསུང་རབ། གཙུག་ལག་ཁང་སོགས་བཞེངས་བའི་རྒྱུ་ནོར་དང༌། དགེ་འདུན་གྱི་སྤྱི་རྫས། བླ་མའི་ཕྱག་རྫས་རྣམས་ནི་དུག་ཧ་ལ་ནག་པོ་ལྟ་བུ་ཡིན་པས་འབྲུ་ གཅིག་ཙམ་ཀྱང་ཁ་ལ་མི་འཁྱེར་བར་ཤིན་ཏུ་འཛེམ་དགོས་པར་གསུངས། ཁྱད་པར་དུ་ཁྱིམ་ 8-1-129 པ་ཕོ་མོ་ཞིག་གིས་ཇ་ཐུག་ལྷག་མ་ཕོར་གང་ཙམ་འཐུང་ནའང་དམྱལ་བ་དང༌། ཀླུ་ནད་ཐེབས་ པ་སོགས་སུ་སྐྱེ་བར་གསུངས་པ་ནི། ཉི་མའི་སྙིང་པོ་ལས། སྤུ་གྲི་རྣོན་པོ་དག་གིས་སུ། །རང་ གི་ཡན་ལག་གཏུབ་པ་སླའི། །བསྔོས་ཟིན་པ་ཡི་དངོས་པོ་ནི། ཁྱིམ་པ་རྣམས་ལ་སྦྱིན་མི་ བྱ། །ཞེས་སོ། །སྔོན་མོའུ་འགལ་བུ་དང་དཔལ་སྐྱེས་གཉིས་རྒྱ་མཚོའི་འགྲམ་དུ་བྱོན་ལམ་ན་ སེམས་ཅན་ཤིང་སྡོང་ཆེན་པོ་འདྲ་བ་ཞིག་ལ་སྲིན་བུ་མང་པོས་གང་ནས་ཟ་ཞིང་མི་སྙན་པའི་ སྒྲ་ཆེན་པོར་གྲགས་པ་ཞིག་ཡོད་པ་ཅི་ཡིན་དྲིས་པ་ན། འདིས་སྔོན་དགེ་སློང་ལི་ཏ་ཞེས་བྱ་ བ་དགེ་འདུན་གྱི་ལས་སྤྱོད་པ་ཞིག་ཡིན་པས་དགེ་འདུན་གྱི་ནོར་རྫས་ལ་རང་གིས་སྤྱད་པས་ སྡོང་པོ་འདིར་སྐྱེས། ཁྱིམ་པ་སོགས་ལ་བྱིན་པས་དེ་དག་སྲིན་བུ་འདི་དག་ཏུ་སྐྱེས་ནས་ཁོ་རང་ ལ་ཟ་བ་ཡིན། འདི་ནས་འཕོས་ཏེ་དམྱལ་བ་ཆེན་པོའི་ནང་དུ་སྔ་བས་འགྲོ་དགོས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱིས། དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་ བྱེད་རྣམས་ལ་བདག་མ་སྐྱེས། །ཞེས་སྨོན་ལམ་བཏབ་པའང་འདི་ལྟ་བུ་ལ་དགོངས་པ་ཡིན་ ནོ། །བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་ པར་བགྱིད་པ་དེ་བས་ཀྱང༌། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིས་པ་དེ་ནི་ཆེས་ རབ་བླུན་པ་ལགས། །ཞེས་གསུངས་པ་ལྟར། ཡང་དགེ་འདུན་གྱི་རྫས་མ་བྱིན་ལེན་པའི་ལོ་ རྒྱུས་མང་པོ་ཡོད་ཀྱང་ཤིན་ཏུ་སྐྲག་པའི་ལོ་རྒྱུས་ནི། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་ པ་ལ་དགེ་འདུན་མང་པོ་ཡོད་པ་དེ་རྣམས་ལ་ཚོང་པ་ཞིག་གིས་རིན་པོ་ཆེ་ཕུལ་བ་དེ་དགེ་སློང་ དབང་ཡོད་ཅིག་གིས་བཟུང་ནས་དགེ་འདུན་ལ་མ་ཕུལ་ལོ། །ནམ་ཞིག་དགེ་འདུན་རྣམས་ ཀྱིས་དེ་ལ་བསྙགས་པ་ན་ཁོ་ཚིག་པ་ཟོས་ཏེཁྱེད་ཅག་སྐྱག་པ་ཟོ་རིན་པོ་ཆེ་ནི་ང་ཡི་ཡིན་ནོ་ ཞེས་སྨྲས་སོ། །དེ་ནས་ཚེ་འཕོས་ཏེ་དམྱལ་བར་སྐྱེས་ནས་སླར་ཡང་ངན་སྐྱུགས་མི་གཙང་བའི་ ཁྲོད་དུ་བསྐལ་པ་ཆེན་པོ་དགུ་བཅུ་རྩ་གཅིག་གི་བར་དུ་སྐྱེས་སོ། །ཡང་ཚེ་འཕོས་ཏེ་རྒྱལ་པོའི་ 8-1-130 ཁབ་ཀྱི་གྲོང་འདབས་ན་མི་གཙང་བ་ཐམས་ཅད་འདུས་པའི་རྫིང་ཁྲོད་ཆེན་པོའི་ནང་དུ་སྲིན་ བུ་སྦྲུལ་ལྟ་བུ་རྐང་ལག་བཞི་ཡོད་པ་ཞིག་ཏུ་སྐྱེས་ཏེ་སངས་རྒྱས་ཤཱཀྱ་ཐུབ་པས་གཟིགས་ནས་ དགེ་སློང་རྣམས་ལ་བསྟན་ཏོ། །ད་དུང་ཡང་དམྱལ་བར་སྐྱེས་ཏེ་ལོ་ཁྲི་ཕྲག་མང་པོར་འདུག་ གོ། །ཡང་མི་གཙང་བའི་ཁྲོད་འདིར་སྐྱེས་ནས་མ་འོངས་པ་ན་བསྐལ་བཟང་སངས་རྒྱས་སྟོང་ འཁོར་དང་བཅས་པ་ཡང་འདིར་བྱོན་ནས་སྲིན་བུ་འདིས་ལས་ངན་བྱས་པའི་ལོ་རྒྱུས་སྟོན་ པ་ཡིན་གསུངས་པ་ཐར་པའི་དུས་ནི་མ་གསུངས་སོ། །ལོ་རྒྱུས་དེ་ལ་བསམ་ནས་དགེ་འདུན་ སྤྱི་དཀོར་ལེན་པ་ལ་འཛེམ་པར་བྱ་དགོས་སོ། །ཡང་ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་ ཚུལ་ཁྲིམས་བཅོས་ནས་ཚུལ་ལྡན་གྱི་རྣམ་པ་སྟོན་པ་དང༌། ཆོས་མིན་ཆོས་ལྟར་བཅོས་ནས་ མཁས་པའི་རྣམ་པ་སྟོན་པ་དང༌། ཟོག་པོ་གྲུབ་ཐོབ་ཀྱིརྣམ་པ་བསྟན་ནས་དཀོར་ནོར་སྡུད་པ་ ཡང་ལོག་པའི་འཚོ་བ་སྟེ་མ་བྱིན་བླངས་པའི་འབྲས་བུ་དང་འདྲ་བ་ནི། རྒྱལ་པོ་སྲོང་བཙན་ སྒམ་པོའི་གསུང་ལས། དཀོར་ཟས་བསྡུས་ནས་གཉེན་གྲོགས་ཕ་མ་སོགས་གསོས་ན། དཀོར་ བསྡུ་མཁན་རྔ་མོང་དུ་སྐྱེ། དེ་ལ་ཟོས་ཚད་ཐམས་ཅད་རྔ་ཕྲུག་ཏུ་སྐྱེ། ཡོན་བདག་ཐམས་ཅད་ རྔ་མོང་གི་བདག་པོར་སྐྱེས་ནས་ལན་ཆགས་འཇལ་དགོས་གསུངས་སོ། །གྲུབ་ཆེན་ཐང་སྟོང་ རྒྱལ་པོས་མི་ཉག་སྒའི་ལུང་པར་ཕ་བོང་ཞིག་གི་ནང་ནས་སྦྲུལ་གཉའ་ཤིང་གང་ཙམ་ལ་སྦལ་ བ་མཐེ་བོང་ཙམ་སྟོང་ཕྲག་མང་པོས་ཁ་ལག་ཐམས་ཅད་འཐམས་ནས་ཟ་བ་ལ། ལྗགས་ཆབ་ གཏོར་ཞིང་གནས་སྤར་མཛད། གྲྭ་པ་རྣམས་ལ་ཡོན་ཏན་མེད་པས་དཀོར་ཟོས་ན་འདི་ལྟར་ འགྱུར་རོ་གསུངས། ཡང་རྗེ་ཁ་རག་པའི་གཟིམས་ཁང་གི་ཉེ་འཁོར་ན་བྱ་ཁྲ་ཞིག་ཡོད་པས་ སེམས་ཅན་བསད་བསད་ནས། ནམ་ཞིག་ཤི་བ་སོགས་ཀྱི་ལོ་རྒྱུས་དང༌། གཞན་ཡང་གཙང་ བླ་རྟ་ནག་ཅན་ཡར་འབྲོག་གཡུ་མཚོའི་ནང་ཉ་ཆེན་པོར་སྐྱེས་པ་སོགས་དང༌། དྲན་པ་ཉེར་ བཞག་ལས། གང་དུ་འཚོ་བ་ལོག་པ་ཡིས། །ཅུང་ཟད་ཙམ་གྱིས་འཚོར་གྱུར་པ། །དེ་ནི་བཤང་ 8-1-131 འཇིབ་ནུབ་གྱུར་ཏེ། །སྲིན་བུ་དག་གིས་ཟ་བར་འགྱུར། །ཞེས་དང༌། མདོ་ལས། སྦྱིན་པ་པོ་ཡི་ དད་པས་སྦྱིན་པ་ནི། །ལྡན་དང་གྲོལ་ལ་ང་ཡིས་གནང་བ་ཡིན། །མི་ལྡན་པ་ཡིས་ཁམ་གཅིག་ ཟོས་གྱུར་ཀྱང༌། །ངོ་ལོན་རི་རབ་ཙམ་ཞིག་ཟ་བར་འགྱུར། །ཞེས་དང༌། མདོ་ལས་ཀྱང༌། གང་ དག་མ་བྱིན་ལེན་སྤོང་ཞིང༌། །སྦྱིན་པ་གཏོང་ལ་རྟག་ཏུ་དགའ། །རྐུ་བ་སྤོང་ཞིང་མི་རྐུ་བ། །སྐྱེ་ བོ་དེ་དག་མཐོ་རིས་འགྲོ། །ཞེས་སོགས་གསུངས་སོ། །ལོག་གཡེམ་ནི། ཟླ་བ་སྒྲོན་མའི་མདོ་ ལས། འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་བ་བསྟེན་བྱེད་དེ། །འགྲོ་བ་རུལ་ བར་འགྲོ་འགྱུར་ཞིང༌། །ངན་འགྲོ་རྣམས་སུ་ལྷུང་བར་འགྱུར། །འཇིགས་པ་ཆེན་པོའི་ཞགས་ པ་ནི། །བུད་མེད་ཞགས་པ་མི་བཟད་པ། །སངས་རྒྱས་རྣམས་ཀྱིས་འདོད་པ་དང༌། །བུད་མེད་ བསྟེན་པར་མ་བསྔགས་སོ། །ཞེས་དང༌། དྲན་པ་ཉེར་བཞག་ལས། བུད་མེད་ཕུང་བར་བྱེད་པ་ སྟེ། །འཇིག་རྟེན་འདི་ཕུང་ཕ་རོལ་ཕུང༌། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་ རྣམ་པར་སྤོངས། །ཞེས་སོགས་གསུངས་པས་སྦྲུལ་གདུག་པ་དུག་མྱུར་དུ་ཁྱབ་པར་བྱེད་པ་ལྟ་ བུའི་བུད་མེད་ལ་བརྟེན་ན་འདིཕྱི་ཀུན་ཏུ་ཕུང་བརླག་གི་རྒྱུ་ཡིན་ནོ། །མདོ་ལས། ཆགས་པས་ ཟིལ་ནོན་མི་ཡིས་ནི། །བྱ་དང་མི་བྱ་རྟོགས་མི་འགྱུར། །ཞེས་དང༌། བྲམ་ཟེ་དགའ་བ་ཅན་གྱི་ མདོ་ལས། གཞན་གྱི་ཆུང་མ་རྒྱན་གྱིས་བརྒྱན་པ་དག །མེ་ལྕེ་འབར་བ་བཞིན་དུ་ཡོངས་སྤོངས་ ལ། །རང་གི་ཆུང་མ་རྙེད་པས་ཆོག་པར་གྱིས། །འདོད་རྒྱུ་དུག་དང་འདྲ་བ་མ་སྤྱོད་ཅིག །ཅེས་ དང༌། རྒྱུད་ལས། ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་ པ་ཆེས་སླ་ཞིང༌། །ཉེས་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་ མ་མཐོང་སླད། །ཞེས་དང༌། མཛོད་ལས། ལོག་གཡེམ་ཤིན་ཏུ་སྨད་ཕྱིར་དང༌། །ཞེས་དང༌། ཚུལ་ཁྲིམས་འཆལ་བའི་གང་ཟག་གིས་ཀྱང་དགེ་འདུན་གྱི་མཚམས་ཁང་དང༌། གཙུག་ལག་ ཁང་དང༌། གདན་ཆ། ཟས་གོས། བཏུང་བ་ཆུ་ཕོར་གང་སོགས་ལ་ལོངས་སྤྱོད་ན་དམྱལ་བ་ 8-1-132 དང་དུད་འགྲོ་མཛེ་ཅན་སོགས་སུ་སྐྱེ་སྟེ། འདུལ་བ་ལས། ཚུལ་ཁྲིམས་འཆལ་བས་ས་ནི་གོམ་ པ་གང༌། །ཟས་ནི་ཁམས་གང་བཏུང་བ་ཆུ་ཕོར་གཅིག །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་ སྤྱོད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་འགྱུར། །ཞེས་དང༌། དཀོན་བརྩེགས་ལས་ ཀྱང༌། འཆལ་བའི་ཚུལ་ཁྲིམས་ཅན་དག་གིས། །ཆོས་གོས་རབ་ཏུ་གྱོན་གྱུར་ཀྱང༌། །དད་པས་ བྱིན་པ་ཆུད་ཟོས་པས། །ཐུ་ལུམ་འབར་བ་མིད་པ་འདྲ། །ཞེས་དང༌། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱིས། །ཚུལ་ཁྲིམས་འཆལ་ བ་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང༌། མྱང་འདས་ལས། ཉེས་ ན་རྡོ་བསྲེགས་ཟ་བ་དང༌། །ཟངས་ཞུན་ཁུ་བ་འཐུང་ཡང་རུང༌། །བདག་ལ་ཚུལ་ཁྲིམས་མེད་ པ་རུ། །ཡིད་ཆེས་མི་ཟས་ཟ་མི་ཕོད། །ཅེས་དང༌། སློབ་དཔོན་ཆོས་ཀྱི་གྲགས་པས། ལོག་ པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་དགག་པ་མིན། །ཞེས་དང༌། མཐུན་གྲོགས་ རྣམས་ལ་ཆགས་ན། སྔོན་གཞན་གྱི་ཆུང་མ་ལ་ལོག་གཡེམ་བྱེད་མི་ཞིག་ཡོད་པ་ཆུང་མའི་ བདག་པོ་དེས་དེ་བསད་པའི་རྣམ་ཤེས་དེ་ཡང་བུད་མེད་ལ་ཆགས་པའི་དབང་གིས་བུད་མེད་ དེའི་མངལ་དུ་སྐྱེས་པ་དང༌། བུད་མེད་ལ་ཆགས་པའི་མི་ལ་ལ་ཤི་ནས་བུད་མེད་ཀྱི་ལྟོ་བའི་ སྲིན་འབུ་སྐྱེ་བར་མདོ་ལས་གསུངས་སོ། །མདོ་ལས་ཀྱང༌། གཞན་གྱི་ཆུང་མའི་ཐད་མི་འགྲོ། །ལོག་པར་གཡེམ་པ་རྣམ་པར་སྤོང༌། །བདག་གི་ཆུང་མས་ཆོག་སེམས་པ། །སྐྱེ་བོ་དེ་དག་མཐོ་ རིས་འགྲོ། །ཞེས་གསུངས་སོ། ། རྫུན་ནི། འདུལ་བ་ལས། རྫུན་སྨྲ་བའི་གང་ཟག་ལ་ནི་ཆུ་སྣོད་ཀྱི་ཆུ་ཕོས་པ་ན་ཉུང་ངུ་ ཙམ་ལྷག་པ་བཞིན་ཡོན་ཏན་གྱི་ཁྱད་པར་ཉུང་ངུ་ལས་མེད་པ་དང༌། ཆུའི་ལྷག་མ་ཉུང་ངུ་དེ་ ཡང་ས་ལ་ཟག་པ་བཞིན་ཚངས་སྤྱོད་ཀྱི་ཡོན་ཏན་ཐམས་ཅད་ཟག་པ་དང༌། སྣོད་སྟོང་པ་ཁ་ སྦུབ་པ་བཞིན་ཚངས་སྤྱོད་དང་ཡོན་ཏན་ཐམས་ཅད་ཁ་སྦུབ་པ་དང༌། གླང་པོ་ཆེ་དྲེགས་པའི་ 8-1-133 སྣས་ནི་མི་བྱེད་པ་མེད་པ་བཞིན་མི་གཏི་མུག་ཅན་རྫུན་སྨྲ་བའི་གང་ཟག་གིས་ནི་མི་བྱེད་པ་ཅི་ ཡང་མེད་གསུངས་སོ། །ཡང་ལུས་ཅན་རྫུན་དུ་སྨྲ་བ་ཡི། །ཆོས་གཅིག་ལས་ནི་འདས་གྱུར་ཏེ། །འཇིག་རྟེན་ཕ་རོལ་བཤིག་པ་ཡིས། །འདི་ལ་སྡིག་པ་མི་བྱེད་མེད། །ཅེས་སོ། ། རབ་ཏུ་བྱུང་བ་རྣམས་ཀྱིས་རྫུན་སྨྲ་ན་རབ་ཏུ་བྱུང་བའང་མིན་པར་འགྱུར་ཏེ། ཚོམས་ ལས། བརྟུལ་ཞུགས་མེད་ཅིང་རྫུན་སྨྲ་ན། །མགོ་བོབྲེག་ཙམ་དགེ་སྦྱོང་མིན། །རྨོངས་པ་འདོད་ ལ་ཞུགས་པ་དག །ཇི་ག་དགེ་སྦྱོང་ཡིན་ནམ་ཀྱེ། །ཞེས་དང༌། མདོ་ལས། རིན་པོ་ཆེ་ཐམས་ ཅད་ཀྱི་ནང་ནས་བདེན་པའི་རིན་པོ་ཆེ་མཆོག་ཏུ་བཟང་ངོ༌། །སྒྲོན་མ་ཐམས་ཅད་ཀྱི་ནང་ནས་ བདེན་པའི་སྒྲོན་མ་མཆོག་གོ། །མཛའ་བཤེས་ཐམས་ཅད་ཀྱི་ནང་ནས་བདེན་པའི་མཛའ་ བཤེས་ཁྱད་པར་འཕགས་པ་ཡིན་ནོ། །ཞེས་གསུངས། རྫུན་མི་སྨྲ་བ་ནི་གནས་སྐབས་སུའང་ ཀུན་གྱི་ཡིད་ཆེས་པའི་གནས་གསེར་ལྟ་བུ་དང་ལྷ་ཡུལ་དུའང་སྐྱེ་སྟེ། མདོ་ལས། གཞན་གྱི་ དོན་ལ་སླུ་བྱེད་དང༌། །བདག་གི་ཕྱིར་དང་འཇིགས་ཕྱིར་དང༌། །རྫུན་གྱི་ཚིག་རྣམས་མི་སྨྲ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་བདེན་པར་ གསུངས་པ་ལྗགས་ཀྱི་མཚན་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་ཡིན་ནོ། ། ཕྲ་མ་ནི། འདུལ་བ་ལས། གཞན་གྱི་ཚིག་གིས་གྲོགས་པོ་ཡོངས་མི་སྤོང༌། །གཞན་གྱིས་ སྨྲས་པ་དག་ལ་བརྟག་པར་བྱ། །དབྱེ་བར་འདོད་པའི་མིས་ནི་གླགས་ལྟ་ཞིང༌། །དེ་ཕྱིར་ དབྱེན་གྱི་ཚིག་ལ་ཡིད་མི་རྟོན། །དེས་ན་རྫུན་པ་ངོ་ཚ་མེད་པ་དང༌། ངོ་དགའ་ཕྲ་གཏམ་མཁས་ པ། ཞེ་ནག་ངོ་གཉིས་པ་རྣམས་ཀྱིས་ཕྲ་མ་བྱེད་པ་ཡིན་པས། དེ་འདྲའི་མི་དང་སྐད་ཅིག་ཀྱང་ འགྲོགས་མི་རུང་སྟེ། ཚོམས་ལས། དད་པ་མེད་ཅིང་སེར་སྣ་ཅན། །དབྱེན་བྱེད་ཕྲ་མ་ཅན་དག་ དང༌། །མཁས་པས་བཤེས་པར་མི་བྱ་ཞིང༌། །སྡིག་ཅན་གྲོགས་དང་འགྲོགས་མི་བྱ། །ཞེས་ དང༌། མདོ་ལས། གྲོགས་པོ་རྟག་པར་འབྱེར་བྱེད་པ། །ཕྲ་མའི་ཚིག་རྣམས་རབ་སྤོང་ཞིང༌། 8-1-134 །གང་དག་འདུམ་པར་རབ་དགའ་བ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་སོགས་གསུངས་ སོ། ། ཚིག་རྩུབ་ནི། འདུལ་བ་ལས། དེ་བས་ཡིད་འོང་བརྗོད་བྱ་ཞིང༌། །ཡིད་དུ་མི་འོང་ནམ་ ཡང་མིན། །ཡིད་དུ་འོང་བ་རྗོད་བྱེད་ན། །དགེ་བར་འགྱུར་ཞིང་སྡིག་མེད་ཡིན། །ཞེས་དང༌། མདོ་ལས། ཚིག་གི་དྲི་མས་ཟིལ་ནོན་པ། །གང་ཡིན་དེ་ལ་བདེ་བ་མེད། །སེང་གེ་སྦྲུལ་ནི་མ་ རུངས་ལྟར། །ཚིག་ངན་ཅན་ལ་མཐོ་རིས་མེད། །ཅེས་དང༌། དྲིན་ལན་བསལ་བའི་མདོ་ལས། ལྕགས་ཀྱི་འཁོར་ལོ་ཚ་བ་དག །སྤྱི་བོའི་སྟེང་དུ་རྒྱུན་འཁོར་ཡང༌། །སྡུག་བསྔལ་བར་ནི་མི་ འཛིན་ཏེ། །ནམ་ཡང་ཚིག་ངན་མི་སྨྲའོ། །ཞེས་དང༌། མདོ་ལས། རྒྱགས་ལ་བརྟེན་ཅིང་ཞེ་ གཅོད་པ། །ཚིག་རྩུབ་དག་ནི་རྣམ་སྤོང་ཞིང༌། །འཇམ་པོའི་ཚིག་ཏུ་གང་སྨྲ་བ། །སྐྱེ་བོ་དེ་དག་ མཐོ་རིས་འགྲོ། །ཞེས་དང༌། བརྟན་པས་ཚིག་རྩུབ་སྤང་བྱ་ཞིང༌། །རྟག་ཏུ་འཇམ་པའི་ཚིག་ སྨྲོས་ཤིག །ཚིག་སྙན་མངོན་པར་དགའ་བའི་མི། །མྱ་ངན་འདས་ལ་ཉེ་བར་གནས། །ཞེས་ དང༌། ཚོམས་ལས། སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ཚིག་ངན་སྨྲ་བར་བྱེད་པ་ཡི། །ཚིག་གི་སྟ་ རེ་སྐྱེས་གྱུར་ནས། །བདག་ཉིད་གཅོད་པར་བྱེད་པར་འགྱུར། །ཞེས་དང༌། ཨོ་རྒྱན་ཆེན་པོས། མི་ངན་ཚིག་ནི་དུག་གི་སྡོང་པོ་འདྲ། །གར་ཕོག་ས་ན་དུམ་རེ་ཆད་དུ་འགྲོ། །ཞེས་སོགས་ གསུངས་སོ། ། ངག་འཁྱལ་ནི། མདོ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། ངག་འཆལ་སྨྲ་བའི་གང་ ཟག་ལ་ཉེས་པ་ཤིན་ཏུ་མང་པོ་གསུངས། མདོ་ལས་ཀྱང༌། དོན་མེད་གནས་དང་ལྡན་པ་ ཡི། །ཀྱལ་བའི་ཚིག་རྣམས་རབ་སྤང་ཞིང༌། །གང་ཡང་དུས་སུ་ཆོས་སྨྲ་བ། །སྐྱེ་བོ་དེ་དག་ མཐོ་རིས་འགྲོ། ཞེས་དང༌། སྤྱོད་འཇུག་ལས། བྱིས་དང་འགྲོགས་ན་བྱིས་པ་ལས། །བདག་ བསྟོད་གཞན་ལ་སྨོད་པ་དང༌། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ 8-1-135 ངེས་པར་འབྱུང༌། །ཞེས་དང༌། ཨོ་རྒྱན་ཆེན་པོས་ཀྱང༌། ཟླ་བ་རེ་ལ་བཟླས་བརྗོད་མ་དག་པ་ ཞིག་བྱེད་པ་བས། ཞག་རེ་ལ་ངག་བཅད་བྱས་ན་དགའ། ཞེས་སོགས་གསུངས་སོ། །བརྣབ་ སེམས་ནི། ཨོརྒྱན་ཆེན་པོས། བླ་མའི་ནོར་རྫས་ཧ་ལའི་དུག །ཁོང་དུ་སོང་ན་འཆི་བ་ཡིན། །ཞེས་དང༌། ཇོ་ནང་ཀུན་མཁྱེན་ཆེན་པོས། ལོག་པའི་འཚོ་བ་ཤ་ཆང་དུག་གིས་མྱོས། །བག་ མེད་བཞད་གད་ངག་འཁྱལ་ལུ་གུ་རྒྱུད། །འཐབ་རྩོད་ཀུ་ཅོ་ཞེ་སྡང་མེ་ལྟ་བུ། །བརྣབ་སེམས་ རློམ་སེམས་ར་བའི་ཕྲེང་བ་འདྲེན། །ཞེས་དང༌། བཤེས་སྤྲིངས་ལས། ནོར་རྣམས་ཀུན་གྱི་ ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པ་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་ལྡན་ལགས། །ཞེས་ དང༌། མདོ་ལས། གྲོང་ངམ་འོན་ཏེ་དགོན་པ་ན། །གཞན་གྱིས་བདག་གིར་བྱས་པ་ལ། །དེ་ལ་ ཆགས་སེམས་གང་མེད་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། ཞེས་སོགས་གསུངས་སོ། །གནོད་ སེམས་ནི། དྲན་པ་ཉེར་བཞག་ལས། སེམས་ནི་དགྲ་ནང་དགྲ་ཆེན་ཏེ། །སེམས་ལས་གཞན་ པའི་དགྲ་མེད་དོ། །གཙུབ་ཤིང་རང་གིས་རང་སྲེག་ལྟར། །སེམས་ནི་རང་གི་སེམས་ཀྱིས་སྲེག །ཞེས་དང༌། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་ སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་ བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་དང༌། ལྕགས་བསྲེགས་ས་གཞི་སུ་ ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲདེ་དག་ཐམས་ཅད་ཀུན། །སྡིག་སེམས་ ཡིན་པར་ཐུབ་པས་གསུངས། །ཞེས་དང༌། ཡང་སྤྱོད་འཇུག་ལས། ཁྱོད་ཀྱིས་འདོད་པའི་སྡུག་ བསྔལ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེང་བར་འགྱུར་ཞེ་ན། །དེ་ལས་ ཕུང་བ་གཞན་ཅི་ཡོད། །ཅེས་དང༌། ཚོམས་ལས། གནོད་སེམས་ཅན་གྱི་མི་ནང་ནས། །གནོད་ སེམས་མེད་པར་གནས་པ་དང༌། །གནོད་སེམས་ཅན་ནང་གནོད་མེད་པ། །ཀྱེ་མ་ཧོ་ཤིན་ཏུ་ 8-1-136 བདེ་བར་འཚོ། །ཞེས་དང༌། གང་ལ་གནོད་པའི་སེམས་མེད་ཅིང༌། །སེམས་ཅན་ཀུན་ལ་བརྩེ་ བ་དང༌། །སྲོག་ཆགས་ཀུན་ལ་བྱམས་བྱེད་པ། །དེ་ལ་ནམ་ཡང་འཁོན་མི་འབྱུང༌། །ཞེས་དང༌། ཤི་ནས་ལྷའི་དཔལ་ཆེན་པོའང་མྱོང་བ་ཡིན་ཏེ། མདོ་ལས། བྱམས་པའི་སེམས་ཀྱིས་མི་འཚེ་ ཞིང༌། །གནོད་པར་སེམས་པ་མེད་པ་ཡིས། །སྐྱེ་བོ་ཀུན་ལ་མི་གནོད་པ། །སྐྱེ་བོ་དེ་དག་མཐོ་ རིས་འགྲོ། །ཞེས་སོགས་གསུངས་སོ། །ལོག་ལྟ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་མཐོ་ རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ ལྟ་བས་དགེ་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་དང༌། ཚོམས་ ལས། མི་ཡིས་འདི་ན་ཉ་རུལ་ལ། །ཀུ་ཤའི་གཙང་བྱེད་བཅིངས་པ་གང༌། །ཀུ་ཤ་ཉིད་ཀྱང་ རུལ་འགྱུར་ལ། །སྡིག་གྲོགས་བསྟེན་པའང་དེ་བཞིན་འགྱུར། །ཞེས་དང༌། དཀོན་བརྩེགས་ ལས། ཆོས་སྨྲའི་དགེ་བཤེས་གང་ཡིན་བསྟེན་གྱིས་ལ། །སྡིག་པའི་གྲོགས་པོ་ལན་འགའང་ མ་བསྟེན་ཅིག །ཚུལ་ཁྲིམས་ལྡན་དང་མང་དུ་ཐོས་གྱིས་ལ། །དམ་པའི་དོན་གྱི་མུ་གཅིག་ཤེས་ པར་མཛོད། །ཅེས་དང༌། མདོ་ལས་ཀྱང༌། ལས་དང་ལས་ཀྱི་རྣམ་སྨིན་དང༌། །གཉིས་ཀ་ལ་ ཡང་གང་དད་ཅིང༌། །ཡང་དག་ལྟ་བ་ཡང་དག་འཛིན། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་ སོགས་གསུངས་སོ། ། ༢ བསྒྲུབ་བྱ་དགེ་བའི་ལས། གཉིས་པ་བསྒྲུབ་བྱ་དགེ་བའི་ལས་བཅུ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་ བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་ བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར་དགེ་བ་བཅུ་ ཞེས་པ་ནི། མི་དགེ་བ་བཅུ་སྤངས་པ་དེ་ཡིན། དེ་ཡང་སྲོག་གཅོད་པ་སྤངས་ནས་སེམས་ཅན་ 8-1-137 གྱི་སྲོག་བསྐྱབ་དགོས། དེ་ལུས་ཀྱི་དགེ་བ་གཅིག་ཡིན། མ་བྱིན་པར་ལེན་པ་སྤངས་ནས་སྦྱིན་ པ་གཏོང་དགོས། དེ་ལུས་ཀྱི་དགེ་བ་གཉིས་པ་ཡིན། འདོད་ལོག་སྤངས་ནས་ཚུལ་ཁྲིམས་ བསྲུང་དགོས། དེ་ལུས་ཀྱི་དགེ་བ་གསུམ་པ་ཡིན། རྫུན་སྤངས་ནས་བདེན་པར་སྨྲ་དགོས། དེ་ ངག་གི་དགེ་བ་གཅིག་ཡིན། ཕྲ་མ་སྤངས་ནས་འཁོན་པ་བསྡུམ་དགོས། དེ་ངག་གི་དགེ་བ་ གཉིས་པ་ཡིན། ཚིག་རྩུབ་སྤངས་ནས་སྙན་པར་སྨྲ་དགོས། དེ་ངག་གི་དགེ་བ་གསུམ་པ་ཡིན། ངག་འཁྱལ་སྤངས་ནས་ཁ་ཏོན་བྱེད་དགོས། དེ་ངག་གི་དགེ་བ་བཞི་པ་ཡིན། བརྣབ་སེམས་ སྤངས་ནས་གཏོང་སེམས་འཆང་དགོས། དེ་ཡིད་ཀྱི་དགེ་བ་དང་པོ་ཡིན། གནོད་སེམས་ སྤངས་ནས་ཕན་སེམས་བསྒོམ་དགོས། དེ་ཡིད་ཀྱི་དགེ་བ་གཉིས་པ་ཡིན། ལོག་ལྟ་སྤངས་ ནས་ཡང་དག་པའི་ལྟ་བ་རྒྱུད་ལ་བསྟེན་དགོས། དེ་ཡིད་ཀྱི་དགེ་བ་གསུམ་པ་ཡིན། དེ་དག་གི་ རྣམ་སྨིན་གྱི་འབྲས་བུ་ནི། མཐོ་རིས་གསུམ་གང་རུང་དུ་སྐྱེ། བྱེད་པ་རྒྱུ་མཐུན་གྱིས་ཚེ་རབས་ ཐམས་ཅད་དུ་དགེ་བ་བྱེད་པ་ལ་སྤྲོ་ཞིང་དགེ་བ་གོང་འཕེལ་དུ་འགྱུར། མྱོང་བ་རྒྱུ་མཐུན། སྲོག་གཅོད་སྤངས་པས་ཚེ་རིང་ཞིང་ནད་ཉུང༌། མ་བྱིན་ལེན་སྤངས་པས་ལོངས་སྤྱོད་དང་ ལྡན་ཞིང་དགྲ་རྐུན་མེད། འདོད་ལོག་སྤངས་པས་ཁྱིམ་ཐབ་མཛེས་ཤིང་དགྲ་ཟླ་ཉུང༌། རྫུན་ སྤངས་པས་ཀུན་གྱིས་བསྟོད་ཅིང་བྱམས། ཕྲ་མ་སྤངས་པས་འཁོར་གཡོག་གུས། ཚིག་རྩུབ་ སྤངས་པས་སྙན་པར་ཐོས། ངག་འཁྱལ་སྤངས་པས་ཚིག་བཙུན། བརྣབ་སེམས་སྤངས་པས་ བསམ་དོན་འགྲུབ། གནོད་སེམས་སྤངས་པས་འཚེ་བ་དང་བྲལ། ལོག་ལྟ་སྤངས་པས་ལྟ་བ་ བཟང་པོ་རྒྱུད་ལ་སྐྱེ། དབང་གི་འབྲས་བུ་ནི། ཡུལ་ལ་སྨིན་པས། སླར་མི་དགེ་བའི་འབྲས་བུ་ དེ་དག་ལས་ལྡོག་སྟེ། ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་བར་འགྱུར་བ་ ཡིན། སྐྱེས་བུ་བྱེད་པའི་འབྲས་བུ་ནི། དགེ་བའི་ལས་གང་བྱས་པ་དེ་མངོན་པར་འཕེལ་ནས། བསོད་ནམས་རྒྱུན་མི་ཆད་པ་འབྱུང་བ་ཡིན་ནོ། །ཁྱད་པར་དུ་དེང་སང་དུས་ངན་སྙིགས་མ་རྟ་ 8-1-138 རྒན་གྱི་འགྲེ་ལོག་ལྟ་བུ་དུས་ངེས་མེད་དང༌། མི་ཆོས་མེད་འཕྲད་ནས། དཔེར་ན་ཉི་མ་ནུབ་ པ་དང་མཉམ་དུ། ཐན་བྱ་རྣམས་རྒྱུག་བཞིན་པ་ནི། བསྟན་པ་ནུབ་ལ་ཉེ་བ་དང༌། ལས་ངན་ རྣམས་ནག་སྐེ་སེ་སྐྱེས་ནས་ནད་མུག་མཚོན་གསུམ་གྱི་བསྟན་པ་གྱེན་དུ་དར། བདེ་སྐྱིད་ཆོས་ གསུམ་གྱི་བསྟན་པ་ཐུར་དུ་ནུབ་པ་ནི། ཨོ་རྒྱན་ཆེན་པོས། གནམ་དུ་མི་རུང་ཐན་སྐར་ཤར་ བའི་དུས། །གྲུབ་མཐའི་ཁ་འཛིན་སྐྱེ་བོས་རྩོད་པ་འབྱུང༌། །ས་གཞི་རི་བོས་སྐད་ངན་འདོན་ པའི་དུས། །མཐའ་ཡི་མཚོན་ཁ་དབུས་སུ་རྡོལ་བ་འབྱུང༌། །དྲང་ངེས་བདེན་པའི་བཀའ་ལ་ མི་ཉན་དུས། །ཡུལ་རེར་འདྲེ་རྒོད་རེ་རེ་དར་བ་འབྱུང༌། །ཞེས་དང༌། གློ་བུར་ཆ་ལུགས་རེ་རེ་ འགྱུར་བའི་དུས། །མཐའ་མི་རེ་རེ་དབུས་སུ་འོང་བ་འབྱུང༌། །ནད་མཚོན་མུ་གེའི་བསྐལ་པ་ དར་བའི་དུས། །འགྲོ་རྣམས་སྐྱབས་གནས་རི་ལ་བཅའ་བ་འབྱུང༌། །ཞེས་དང༌། འགྲོ་རྣམས་ མི་དགེ་འཆོལ་ཉོག་སྤྱོད་པའི་དུས། །ས་གཡོས་ཐོག་གི་ཆར་བ་འབབ་པ་འབྱུང༌། །བསྟན་ དང་དགོན་སྡེ་ནང་འཁྲུག་བྱེད་པའི་དུས། །མཐའ་མིའི་དམག་དཔུང་དབུས་སུ་དར་བ་འབྱུང༌། །ཀློ་མོན་རྒྱ་ཡིས་ཡུལ་ཁམས་གང་བའི་དུས། །བོད་ལ་རང་དབང་ཅུང་ཟད་མེད་པ་འབྱུང༌། །ཞེས་སོགས་དུས་ཀྱི་སྙིགས་མ་དང༌། གཞན་ཡང་དུག་ལྔ་ཤིན་ཏུ་རགས་པས་ཉོན་མོངས་ དང༌། །ཚེ་ལ་ངེས་པ་མེད་པས་ཚེ་ཐུང་བ། །ལོག་ལྟ་སོགས་ཀྱིས་རྒྱུད་བསླད་པས་རང་རྒྱུད་ གདུལ་དཀའ་བས་སེམས་ཅན་གྱི་སྙིགས་མ་ལས་ཀྱང་ཆེས་སྙིགས་མ་ལྔ་པོ་དར་བའི་དུས་ འདིར་གང་ལ་བསམ་ཀྱང་སྙིང་རྩ་འདར་བའི་གནས་མ་གཏོགས་ཅི་ཡང་མེད་ལ། ཁྱད་པར་ དུ་བསྟན་པ་དང་སེམས་ཅན་སྙིགས་མའི་རྟགས་སུ་ཆོས་སྒྲུབ་པ་ལ་བར་ཆད་མང་དུ་འབྱུང་སྟེ། དེ་ཉིད་ལས། ནག་པོ་བདུད་ཀྱི་བསྟན་པ་དར་བའི་དུས། །ལྷ་ཆོས་བསྒྲུབ་ལ་བར་ཆད་མང་དུ་ འབྱུང༌། །ཞེས་དང༌། ཇོ་བོ་རྗེའི་གསུངས་ལས། བདུད་ཀྱི་རིགས་འདི་གཡོ་སྒྱུ་མཁས། །འདོད་ ཆེན་ནོར་གྱི་རྣམ་པས་བྲིད། །ཆོས་པ་ཆོས་ལྟར་འཆོས་པས་བྲིད། །བཙུན་པ་བཟང་འདོད་ 8-1-139 རློམ་པས་བྲིད། །མཁས་པ་ང་རྒྱལ་ཁེངས་པས་བྲིད། །རྣམ་གཡེངས་གླུ་གར་གཞས་ཀྱིས་བྲིད། །ཕལ་ཆེར་གཞོན་ནུའི་ལང་ཚོས་བྲིད། །ཕལ་ཆེར་མཛེས་པའི་རྒྱན་གྱིས་བྲིད། །ཕལ་ཆེར་ གྲོགས་ངན་དགྲ་བོས་བྲིད། །ཅེས་སོགས་གསུངས་པ་ལ་བསམ་ནས་ད་ལྟ་འདི་འདྲའི་དུས་ སུ་མི་ལུས་ཐོབ་པའང་བསྐལ་པ་བཟང་དུས་དུད་འགྲོར་སྐྱེས་པ་ལས་ཐུ་བ་ལྟར་གྱུར་པས་ གཟབ་དགོས་སོ། །ད་ལྟ་རང་རེའི་གཞི་ནོར་འབུ་ཚང་ཙམ་འདི་ལ་བློས་མི་ཐོངས་རྒྱུ་ཅི་ཡང་ མེད་ཀྱང༌། བློ་ངན་གོམས་དུ་སོང་བ་འདི་རྣམས་ནི། ཁྱི་ཕག་མི་གཙང་བ་ལ་ཆགས་པ་བཞིན། ཆགས་སྡང་རྨོངས་གསུམ་དང་འདོད་པ་སྣ་ཚོགས་ལ་འཐམས་འདུག་པ་རྣམས་ཀྱེ་མ་ཀྱེ་ཧུད། སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་ཀྱི་འབྱོར་བ་ཐམས་ཅད་མཆིལ་མ་དོར་བ་བཞིན་སྤངས་ ནས་སངས་རྒྱས་པ་ཡིན། དུས་ངན་གྱི་ད་ལྟའི་སྡུག་བསྔལ་འདི་དང༌། གོང་དུ་བཤད་པ་ལྟར་ ཕྱི་མའི་སྡུག་བསྔལ་མི་བཟོད་པ་མྱོང་དགོས་པ་ལ་བསམ་ན་ཁྱིམ་ངན་འབུ་ཚང་འདྲ་བ་འདི་ གཏོང་མི་ཐུབ་པ་ནི་ཤིན་ཏུ་འཁྲུལ། ནོར་ལོངས་སྤྱོད་ལ་ཆགས་ན། སྔོན་ཡུལ་ཝཱ་ར་ཎ་སཱི་ ན། ཁྱིམ་བདག་ཕྱུག་པོ་ཞིག་ཡོད་པས་ཉོ་ཚོང་མང་པོ་བྱས་ཏེ། གསེར་བུམ་བདུན་ཡོད་པ་ སེར་སྣའི་དབང་གིས་ས་འོག་ཏུ་སྦས་ཏེ་བཞགཁོ་རང་ཤི་ནས་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་ཏེ། གསེར་བུམ་རྣམས་བསྲུངས་སོ། །ནམ་ཞིག་གྲོང་ཁྱེར་དེ་ཡང་སྟོང༌། སྦྲུལ་དེ་ཤི་ཐབས་མང་ པོར་བྱས་ཀྱང་ཡང་ཡང་སྦྲུལ་དུ་སྐྱེས་ནས་གསེར་བུམ་རྣམས་ལ་དཀྲི་ཞིང་འདུགལོ་ཁྲི་ཕྲག་ མང་པོའི་བར་དུ་གསེར་བུམ་རྩར་སྦྲུལ་དུ་སྐྱེས་སོ། །ནམ་ཞིག་གསེར་ལ་ཆགས་པས་ལས་ ངན་བླངས་པ་ཤེས་ནས་ངེས་འབྱུང་སྐྱེས་ཏེ། ལམ་ཟུར་རྩྭ་གསེང་ཞིག་ཏུ་གབ་ནས་བསྡད་དེ། མི་ཞིག་ལམ་དུ་འགྲོ་བ་ལ་བོས། མི་དེས་ཕན་ཚུན་བལྟས་ཀྱང་ཅི་ཡང་མ་མཐོང་བར་སོང༌། ཡང་བོས་ཏེ་ཁོ་བོའི་དྲུང་དུ་ཤོག་ཅིག མི་དེས་ཁྱོད་སྦྲུལ་གདུག་པས་ཁོ་བོར་གནོད་པ་བྱ་བས་ འོང་མི་ཕོད། གནོད་པ་བྱ་འདོད་ན་ཁྱོད་མ་འོངས་ཀྱང་ནུས་སོ། །དེ་སྐྲག་ནས་དེར་སོང༌། འདི་ 8-1-140 ན་གསེར་བུམ་ཡོད་པ་ཁྱེར་ནས་དགེ་འདུན་པ་ལ་མཆོད་སྟོན་གསོལ་ཅིག མི་དེས་སྦྲུལ་དེ་ སྒམ་དུ་བཅུག་ནས་ཁུར་དགེ་འདུན་པའི་དྲུང་དུ་བཞག གསེར་གྱིས་མེ་ཏོག་དང༌། ཞལ་ཟས་ ཉོས་ནས་དགེ་འདུན་ལ་བྲིམས། སྦྲུལ་ཀྱང་དགའ་བས་མགོ་བཀྱགས་ནས་ལྟའོ། །དེས་ཆོས་ ཀྱང་ཐོས་པའི་མཐར་ཤི་ནས་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །སྔོན་སྦྲུལ་དེ་ཤཱ་རིའི་བུ་དང༌། མི་ དེ་སྟོན་པའི་སྐུ་ཕྲེང་ཡིན་ནོ། །དགེ་སློང་ཞིག་ལྷུང་བཟེད་ལ་ཆགས་ནས་དེར་སྦྲུལ་དུ་སྐྱེས་པ། སྟོན་པ་ལ་ཕུལ། སྟོན་པས་ལྷུང་བཟེད་ཕྱེས་པ་དང༌། སྦྲུལ་ཚིག་པ་ཟོས་ཏེ་ནགས་སུ་བརྒྱུགས། ཁ་ནས་ཞེ་སྡང་གི་མེ་འབར་བས་ནགས་ཚིག་པ་དང་གཅིགརྣམ་ཤེས་དམྱལ་མེས་ཚིག་པ་དང་ གཉིས། དགེསློང་གི་རོ་དུར་ཁྲོད་དུ་ཚིག་པ་སྟེ། ཡོ་བྱད་གཅིག་ལ་ཆགས་པས་ཉི་མ་གཅིག་ལ་ མེ་གསུམ་འབར་བའོ། །ཡང་དགེ་སློང་ཞིག་ལ། གཡུ་ལེགས་པོ་ཞིག་ཡོད་པ་ལ་ཆགས་ནས་ ཤི་བས་སྦལ་བ་ཞིག་ཏུ་སྐྱེས་ཏེ་རྐང་ལག་བཞི་པོས་གཡུ་དེ་ལ་འཐམས་ནས་འདུག་པ་ལེན་མ་ བཅུག་པ་ན། ཐབས་བྱས་ཏེ་སྦལ་བ་གན་རྐྱལ་དུ་བཞག་ཏེ་ཆུ་ཚན་སྟེང་དུ་བླུགས་པས་ལོན་ སྐད་དང༌། འབྲས་སྤུངས་ཀྱི་གྲྭ་པ་ཞིག་ལ་དངུལ་ཊཾ་མང་པོ་ཡོད་པ་རྩིག་གསེང་དུ་སྦས་ནས་ བཞགཁོ་རང་ཤི་ནས་སྡོམ་ཞིག་ཏུ་སྐྱེས་ཏེ་དངུལ་གྱི་སྟེང་དུ་སོང་བས་སིལ་སིལ་ཞེས་པའི་སྒྲ་ ཁང་རོགས་གྲྭ་པ་རྣམས་ཀྱིས་ཐོས་པས་བཙལ་ཏེ། དངུལ། སྡོམ་སྡིག་དང་བཅས་པ་རྭ་སྟོད་ ཀྱི་མདུན་དུ་ཁྱེར་བས་བླ་མས་བཤན་པ་ཞིག་ལ་གཏོད་གསུངས། བཤན་པ་དེས་སྡོམ་ཟོས་ཏེ་ སེ་གོལ་བཏབ་ནས་སྤར་སྐད། དགེ་སློང་ཞིག་ཆོས་གོས་ལ་ཆགས་ནས་སྦྲུལ་དུ་སྐྱེས་པ་དང༌། ཁྱིམ་བདག་ས་ལྤགས་ཀྱི་ཆུང་མ་ཤིན་ཏུ་མཛེས་པ་ཞིག་རྒྱ་མཚོའི་གླིང་དུ་ཚོང་པ་དང་མཉམ་ དུ་སོང་བས་ཤི་ནས་རང་གཟུགས་ལ་ཆགས་པས་སྦྲུལ་དུ་སྐྱེས་ཏེ་རོའི་ཁ་སྣ་ཐམས་ཅད་ནས་ འཛུལ་ཏེ་འདུག་པ། མོའུ་འགལ་ཆེན་པོས་གཟིགས་མི་གཙང་ལས་ཉོན་གྱིས་གང་བའི་སྒྱུ་ ལས་ཀྱི་པགས་པ་མཛེས་སྣང་ཙམ་ལ་ཆགས་པ་བྱ་ཅི་རུང༌། དཔེར་ན་མི་གཙང་བ་ལ་ཚོན་ 8-1-141 བྱུགས་པ་དང༌། ཚེར་མ་དར་གྱིས་བཏུམས་པ་འདྲའོ། །རྫིའུ་ཞིག་འུར་རྡོ་ལ་ཆགས་ནས་ཤི་ བས་ཉལ་སའི་འོག་ཏུ་འུར་རྡོ་སྦྲུལ་དུ་གྱུར་པ་དང༌། རྒན་པོ་ཞིག་མེ་ཆ་ལ་ཆགས་པས་ཤི་བས་ ཀོ་ཁོག་སྦལ་པར་གྱུར་ལྕགས་སྣེ་གཉིས་གླང་རྐུབ་ནས་ཟུགས་ཏེ་འདུག་པ་སོགས་མང་ངོ༌། །སྒོ་ནོར་ལ་ཆགས་ནས་སྒོ་ནོར་དུ་སྐྱེས་པའང་མང་ངོ༌། །མཉན་ཡོད་ན་ཁྱིམ་བདག་དབུལ་ པོ་ཞིག་ཤི་བས་བ་གླང་རྒྱབ་ཆད་གཅིག་པ་ལ་ཆགས་པས་གླང་རྒྱབ་རྨའི་ནང་དུ་འབུ་ལ་སྐྱེས་ མ་ཐག་ཏུ་བྱས་ཟོས། ཉི་མ་རེ་རེ་ལ་ལན་བདུན་བདུན་དུ་སྐྱེ་འཆི་བྱས་པར་གསུངས། དེ་ ལྟར་ནོར་ལོངས་སྤྱོད་ནི་ཆགས་ཞེན་སྡུག་བསྔལ་གྱི་རྩ་བ་ཡིན་ཚེ་འདི་ལའང་ཕུང་བ་ཡིན་ཏེ། བཅོམ་ལྡན་འདས་དང་ཀུན་དགའ་བོ་གཉིས་བསོད་སྙོམས་ལ་གཤེགས་པས་ལམ་ན་གསེར་ བུམ་ཞིག་གཟིགས་ཏེ་འདི་ནི་སྦྲུལ་གདུག་པ་དུག་མྱུར་དུ་ཁྱབ་པར་བྱེད་པ་དང་འདྲའོ། །ཞེས་ གསུངས་ནས་བྱོན། དེ་ན་རྩྭ་ཐུན་རྒན་པོ་ཞིག་གིས་ཐོས་ནས་སྦྲུལ་དེ་གར་ཡོད་བལྟ་དགོས་ བསམ་སྟེ་བལྟས་པ་ན་གསེར་བུམ་མཐོང༌། དགེ་སློང་རྣམས་ཀྱི་སྦྲུལ་གདུག་པ་ནི་མཛེས་པ་ འདི་འདྲའོ། །སྦྲུལ་འདི་ལྟ་བུས་ནི་ཟིན་ཡང་བླའོ་བསམ་ནས་གསེར་བུམ་ཁྱིམ་དུ་ཁྱེར་རོ། །རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་རྩར་བཅད་པ་ལ་ཁོས་གསང་སྟེ་མ་བཤད་པས་དེའུ་ བསད་པ་ཡིན་ནོ། །འདུལ་བ་ལས། བྱ་ཡིས་ཤ་ཡི་དུམ་བུ་ཁྱེར་བ་ན། །བྱ་གཞན་ཀུན་ཀྱང་ བསྐོར་ཞིང་འབྲང་པ་མཐོང༌། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་ གཅིག་པུར་སྤྱོད་པར་བྱ། །ཞེས་གསུངས་པ་ལྟར་བཙན་པོས་འཕྲོགདམའ་བས་རྐུ། གདོན་ བགེགས་བསེ་རག་ཡན་ཆད་ཀྱིས་བརླག་འགྲོ་བ་དང༌། ཡ་རབས་བསོག་པ་ཆོས། འབྲིང་གི་ བསོག་པ་ཟས་གོས། ཐ་མའི་བསོག་པ་གྱོད་དང་ཁ་མཆུའི་དོན་དུ་འཛད། ཚོམས་ལས་ཀྱང༌། བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པས། །ཕ་རོལ་ཚོལ་བར་མི་བྱེད་ཅིང༌། །བསམ་བརླག་འདོད་ ལ་སྲེད་པ་ཡིས། །བདག་དང་གཞན་ཡང་ཕུང་བར་བྱེད། །ཅེས་དང༌། འདི་ན་སྦྲུལ་ནག་སྐེད་ 8-1-142 ནས་བཟུང་བ་ལྟར། །ཆོས་མིན་སྤྱོད་པ་དེ་དག་བརླག་པར་འགྱུར། །ཞེས་སོ། ། ༣ ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ། དོན་ཚན་གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ནི། འདི་ལྟར་ཡ་ཀི་སྲིད་ པའི་རྩེ་མོ་མན་ཆད་ནས། མ་ཀི་དམྱལ་བ་རྡོ་རྗེ་གདན་ལ་ཐུག་པ་ཡན་ཆད་རང་རང་གི་བདེ་ བ་དང་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་མི་འདྲ་བར་སོ་སོར་མྱོང་བ་དེ་དག་ ཐམས་ཅད་ཀྱང༌། རང་རང་གི་སྔོན་བསགས་པའི་དགེ་སྡིག་གི་ལས་འབའ་ཞིག་ལས་བྱུང་བ་ ཡིན་ཏེ། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲ་བ་འདི་ཆེའོ། །ཞེས་དང༌། འཕགས་ པ་དཀོན་མཆོག་བརྩེགས་པ་ལས། དགེ་བ་དང་ནི་སྡིག་པའི་ཆོས། །མ་ཐོས་པས་ནི་ཤེས་མི་ འགྱུར། །ཐོས་ནས་ཆོས་རྣམས་རྣམ་པར་ཤེས། །ཐོས་པས་སྡིག་པ་བརྟེན་མི་བྱེད། །ཐོས་ནས་ སྡིག་པ་སྤང་བར་བྱེད། །ཐོས་ནས་མྱ་ངན་འདས་པ་ཐོབ། །ཐོས་ནས་ཤེས་རབ་འཕེལ་བར་ འགྱུར། །ཤེས་རབ་ཀྱིས་ནི་དོན་རྣམ་དཔྱོད། །དོན་ཐོབ་ནས་ནི་བདེ་བ་ཐོབ། །དེ་ཐོབ་ནས་ནི་ ཡིད་གཞུང་སྟེ། །ཚེ་འདི་ཉིད་ལ་མྱ་ངན་འདའ། །ཞེས་གསུངས་ཤིང༌། འཕགས་པ་རྒྱལ་བའི་ བློ་གྲོས་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་རྒྱལ་བའི་བློ་གྲོས་ལ་བཀའ་བསྩལ་པ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བསོད་ ནམས་འདོད་པས་དེ་བཞིན་གཤེགས་པ་མཆོད་པར་བྱའོ། །ཤེས་རབ་འདོད་པས་ཐོས་པ་ལ་ བརྩོན་པར་བྱའོ། །མཐོ་རིས་འདོད་པས་ཚུལ་ཁྲིམས་བསྲུང་བར་བྱའོ། །ལོངས་སྤྱོད་འདོད་ པས་གཏོང་བ་སྤེལ་བར་བྱའོ། །གཟུགས་བཟང་བར་འདོད་པས་བཟོད་པ་བསྒོམ་པར་བྱའོ། 8-1-143 །སྤོབས་པ་འདོད་པས་བླ་མ་ལ་གུས་པར་བྱའོ། །གཟུངས་འདོད་པས་མངོན་པའི་ང་རྒྱལ་མེད་ པར་བྱའོ། །ཡེ་ཤེས་འདོད་པས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གནས་པར་བྱའོ། །ཐར་བ་ འདོད་པས་སྡིག་པ་སྤང་བར་བྱའོ། །སེམས་ཅན་ཐམས་ཅད་བདེ་བར་བྱ་བར་འདོད་པས་བྱང་ ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སྐད་སྙན་པར་འདོད་པས་བདེན་པར་སྨྲ་བར་བྱའོ། །ཡོན་ ཏན་འདོད་པས་རབ་ཏུ་དབེན་པ་ལ་དགའ་བར་བྱའོ། །ཆོས་འདོད་པས་དགེ་བའི་བཤེས་ གཉེན་ལ་བསྟེན་པར་བྱའོ། །ཞི་གནས་འདོད་པས་འདུ་འཛི་མེད་པ་མང་དུ་བྱའོ། །ལྷག་མཐོང་ འདོད་པས་ཆོས་སྟོང་པར་སོ་སོར་བརྟག་པ་མང་དུ་བྱའོ། །ཚངས་པའི་འཇིག་རྟེན་འདོད་པས་ བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། །ལྷ་དང་མི་ཡི་ཕུན་ སུམ་ཚོགས་པ་འདོད་པས་དགེ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་སྟོང་པའི་ཆོས་ལ་མངོན་པར་དགའ་བར་བྱའོ། །ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་དཀོན་མཆོག་ལ་མཆོད་པར་བྱའོ། །ཞེས་དང༌། དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་ སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་འབྲས་བུ་བསླུ་མི་སྲིད། །ཅེས་དང༌། བཅོམ་ལྡན་ འདས་ཀྱིས། ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ། །ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་ བཟློག །ཅེས་དང༌། ཚོམས་ལས་ཀྱང༌། གང་ཞིག་བསོད་ནམས་དམན་པ་ནི། །གདུལ་དཀའ་ རྟག་ཏུ་ངན་འགྲོར་འགྲོ། །བྱེ་མ་ལས་ནི་མར་མེ་ལྟར། །དེ་ལ་བདེ་བ་ག་ལ་ཡོད། །ཅེས་དང༌། དེ་ཉིད་ལས། དགེ་སྡིག་འབྲས་བུ་ཉེར་འགྲོ་བའི། །ཇི་བཞིན་ལས་ཀྱི་རྗེས་སུ་འབྲང༌། །སྡིག་ པའི་ལས་ཀྱིས་དམྱལ་བ་དང༌། །བསོད་ནམས་བྱས་པ་བདེ་འགྲོ་སྟེ། །གཞན་དག་གིས་ནི་ ལམ་བསྒོམས་པས། །ཟག་མེད་མྱ་ངན་འདས་པར་འགྱུར། །ཞེས་སོགས་གསུངས་དོན་ཡང་ ཉམས་སུ་བླང་བར་བྱའོ། །རང་རེ་རྣམས་ནི་ཐོག་མ་མེད་པའི་དུས་ནས་འཁོར་བའི་གནས་ 8-1-144 རིས་འདིར་འཁྱམས་ཏེ་ལས་ངན་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་ཀྱང༌། ད་དུང་ཡང་ བསགས་ན་འཁོར་བའི་གནས་ལས་ཐར་བའི་དུས་ལྟ་ཅི། ངན་སོང་གི་གནས་ནས་ཀྱང་ཐར་ དཀའ་བས་དུས་དང་རྣམ་པ་ཐམས་ཅད་དུ་སྡིག་པའི་ལས་ཕྲ་རབ་ཙམ་ལ་ཡང་འཛེམ། དགེ་ བའི་ལས་ཆུང་ངུ་ནས་ཀྱང་ཅི་འགྲུབ་ཏུ་འབད་དགོས་ཏེ། དེ་ལྟར་མ་འབད་ན་སྡིག་པའི་ལས་ སྐད་ཅིག་མ་རེ་རེས་ཀྱང་བསྐལ་པ་མང་པོར་ངན་སོང་དུ་གནས་དགོས་པ་ཡོད་པས་སྡིག་པ་ ཆུང་ངུ་འདི་ཙམ་གྱིས་ཅི་ཐུབ་སྙམ་དུ་བརྙས་པར་མི་བྱ་སྟེ། ཡོན་ཏན་མཛོད་ལས་ཀྱང༌། ཇི་ ལྟར་ས་བོན་ཡུངས་འབྲུ་ཙམ་པའི་ཤིང༌། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་ཤིང་ཨ་ཤོ་ཏ་ཞེས་པ་དེའི་ས་བོན་ཡུངས་འབྲུ་ལས་ཆུང་བ་ཞིག་ལས་མེད་ཀྱང༌། ཤིང་ དེ་བསྐྱེད་པའི་ཚེ་ལོ་རེ་ལ་ཡལ་ག་དཔག་ཚད་རེ་ཙམ་དུ་འཕེལ་ཡང༌། དེས་ཀྱང་དགེ་སྡིག་ གི་འབྲས་བུ་འཕེལ་བའི་དཔེ་མི་ཕོད་པར་གསུངས་པ་ཡིན་ནོ། །སླར་ཡང་རྗེ་ཏཱ་ར་ནཱ་ཐས། ཟས་ནོར་ལོངས་སྤྱོད་འཛོམ་ཡང་ཤུལ་དུ་ལུས། །བསགས་པའི་ལས་ནི་ནམ་ཡང་འབོར་མི་ སྲིད། །ལང་ཚོ་ཕུན་སུམ་ཚོགས་པའང་རྒས་པས་འཇོམས། །དམ་པའི་ཆོས་ལ་ནམ་ཡང་རྒས་ པ་མེད། །འཇིག་རྟེན་བྱ་བ་བསྒྲུབ་ཀྱང་ཟིན་པ་དཀོན། །ཆོས་ལ་འབད་ན་ལས་སྟབས་མྱུར་ དུ་ཟིན། །འཁོར་བའི་བྱ་བ་ལེགས་པའང་ཐ་མར་བརླག །དམ་པའི་ཆོས་ཀྱི་འབྲས་བུ་ཉམས་ མིསྲིད། །ཅེས་གསུངས་པ་བཞིན་དུས་དང་རྣམ་པ་ཐམས་ཅད་དུ་རང་རྒྱུད་ལ་བརྟགས་ནས་ དགེ་སྡིག་ལ་སྤང་བླང་བྱས་ན་བློ་ལས་སུ་རུང་ནས་རྒྱུད་དགེ་བ་འབའ་ཞིག་ཏུ་འགྱུར་བ་ཡིན་ ཏེ། སྔོན་བྲམ་ཟེ་སྒྲ་མཁན་བྱ་བས་རྒྱུན་དུ་རང་གི་སེམས་ལ་བརྟགས་ནས་མི་དགེ་བའི་རྟོག་ པ་རེ་སྐྱེས་ཙ་ན་རྡེའུ་ནག་པོ་རེ་བཞགདགེ་བའི་རྟོག་པ་རེ་སྐྱེས་ཙ་ན་རྡེའུ་དཀར་པོ་རེ་བཞག་ པས་དང་པོ་ནག་པོ་རྐྱང་པ་བྱུང༌། གཉེན་པོ་བསྐྱེད་དེ་འབད་ནས་སྤང་བླང་བྱས་པས། བར་དུ་ 8-1-145 དཀར་ནག་ཕྱེད་མ་ཙམ་བྱུང༌། མཐར་དཀར་པོ་ཤ་སྟག་བྱུང་བ་ཡིན། དེ་ལྟར་དུས་དང་རྣམ་པ་ ཐམས་ཅད་དུ་དྲན་པ་དང༌། ཤེས་བཞིན་གྱིས་བཟུང་ནས་དགེ་བའི་གཉེན་པོ་བསྐྱེད་དེ། སྡིག་ པའི་ལས་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར་བྱ་དགོས། ཚེ་འདིར་སྡིག་པའི་ལས་བསགས་ པ་མེད་དུ་ཆུག་ཀྱང་འཁོར་བ་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཀྱི་མཐར་མི་ མངོན་ཞིང༌། དེ་ལྟ་བུའི་མྱོང་འགྱུར་གྱི་ལས་ཀྱང་བསམ་གྱིས་མི་ཁྱབ་པ་ཡོད། དེས་ན་ལས་རྒྱུ་ འབྲས་ཀྱི་གནད་འདི་དག་ལ་སྙིང་ཐག་པ་ནས་ཡིད་ཆེས་བསྐྱེད། དུས་དང་རྣམ་པ་ཐམས་ཅད་ དུ་དགེ་བ་ཕྲ་མོ་ཚུན་ཆད་དམ་པ་གསུམ་གྱིས་ཟིན་པའི་སྒོ་ནས་ཅི་ནུས་སུ་བསྒྲུབ། སྡིག་པའི་ ལས་ཕྲ་རབ་ཙམ་ཡང་སྲོག་ལ་བབ་ཀྱང་མི་བྱ་སྙམ་དུ་དམ་བཅའ་བླང༌། ནངས་པར་མལ་ནས་ ལྡང་བའི་ཚེ་ཡང་ཕྱུགས་ལུག་ལྷས་ནས་ལྡང་པ་ལྟར་ཧར་གྱིས་ལངས་ནས་མི་འགྲོ་བར། མལ་ ནང་དེར་བློ་ལྷོད་ཀྱིས་ཀློད་བློ་ཁ་ནང་དུ་ལོག་ནས་རང་གི་རྒྱུད་ལ་ལེགས་པར་བརྟགམདང་རྨི་ ལམ་དུ་སྡིག་པ་བྱུང་བ་ལ་ཡང་འགྱོད་པ་དང་བཤགས་པ་བྱ། དགེ་བ་བྱུང་ན་དགའ་བ་བསྒོམ་ ཞིང་སེམས་ཅན་གྱི་དོན་དུ་བསྔོ། དེ་རིང་གི་ཉི་མ་འདི་ལ་ངས་མཐའ་ཡས་པའི་སེམས་ཅན་ ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་དཀར་པོ་དགེ་བའི་ལས་ ཅི་ནུས་སུ་བསྒྲུབ། ནག་པོ་སྡིག་པའི་ལས་ཅི་ནུས་སུ་སྤང་བར་བྱའོ། །སྙམ་དུ་སེམས་བསྐྱེད། ནུབ་མོ་ཉལ་བའི་ཚེ་ཡང་དྲན་མེད་དུ་ལྷེབ་བེ་མི་ཉལ་བར་མལ་དུ་དལ་གྱིས་བསྡད་ནས་སྔར་ བཞིན་རྟོག་དཔྱོད་བཏང༌། ག་རེ་ངས་དེ་རིང་གི་ཉི་མ་དེ་ལ་སྙིང་པོ་ཅི་ལོན། ལས་དགེ་བ་ཅི་ལྟ་ བུ་ཞིག་འགྲུབ་སྙམ་དུ་བརྟགས་ཤིང༌། དགེ་བའི་ལས་འགྲུབ་པར་འདུག་ན་དགའ་བ་བསྒོམ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་བསྔོ་བ་བྱ། མི་དགེ་བའི་ ལས་བྱས་པར་འདུག་ན་ང་རེ་ངན། ངས་དེ་རིང་གི་ཉི་མ་དེ་ལ་རང་གིས་རང་བརླགས་འདུག་ སྙམ་དུ་འགྱོད་པ་བསྐྱེད། སྙིང་ཐག་པ་ནས་བཤགས་པ་དང་ཕྱིན་ཆད་དེ་ལྟར་མི་བྱེད་སྙམ་དུ་ 8-1-146 སྡོམ་སེམས་བླང༌། དུས་དང་རྣམ་པ་ཐམས་ཅད་དུ་དྲན་པ་ཤེས་བཞིན་དང་མ་བྲལ་བའི་སྒོ་ ནས་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལ་ཨ་འཐས་ཀྱི་བདེན་ཞེན་མི་བྱ་ཞིང༌། བདེན་ མེད་སྒྱུ་མའི་རྣམ་རོལ་དུ་བློ་སྦྱང༌། རྟག་པར་རང་གི་རྒྱུད་དགེ་བ་དང་དྲང་པོའི་ལམ་ལ་བཞག་ ནས་བློ་ལས་སུ་རུང་བར་བྱ་བ་ནི་འདི་ཡན་ཆད་ཀྱི་བློ་ལྡོག་བཞི་པོ་ཉམས་སུ་བླངས་པའི་དོན་ འབྲས་ཧྲིལ་གྱིས་དྲིལ་བ་ཡིན་པས། དེ་ལྟར་བྱས་ནས་དགེ་བ་གང་བྱས་ཤུགས་ཀྱིས་དམ་ པ་གསུམ་དང་འབྲེལ་ཞིང༌། ཇི་སྐད་དུ། དགེ་བ་ཅན་སྨན་གྱི་སྡོང་པོ་དང་འདྲ། གང་བསྟེན་ བསྟེན་པ་ཀུན་རྒྱལ་ནས་གདའ། གདུག་པ་ཅན་དུག་གི་སྡོང་པོ་དང་འདྲ། གང་བསྟེན་བསྟེན་ པ་ཀུན་བརླགས་ནས་གདའ། ཞེས་གསུངས་པ་ལྟར་རོ། །དེས་དགེ་སྡིག་སྤང་བླང་བྱེད་པ་ ལས་འབྲས་ཀྱི་ཁྲིད་ཚར་རོ། ། ༢༽ ཟབ་ལམ་སྔགས་ཀྱི་ཡན་ལག་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གཉིས། གཉིས་པ་ཟབ་ལམ་སྔགས་ཀྱི་ཡན་ལག་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། སྔགས་སྤྱི་ དང་ཐུན་མོང་གི་སྔོན་འགྲོ་དང༌། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཐུན་མོང་མ་ཡིན་པའི་སྔོན་ འགྲོ་དང་གཉིས་ལས། ༡* སྔགས་སྤྱི་དང་ཐུན་མོང་གི་སྔོན་འགྲོ་ལ་ལྔ། དང་པོ་ལ་ལྔ་སྟེ། ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བ། ཐེག་པ་ཆེན་པོ་བྱང་ཆུབ་ མཆོག་ཏུ་སེམས་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་འཇུག་པའི་ཐབས་ བླ་མའི་རྣལ་འབྱོར་དང་ལྔ་ལས། 8-1-147 1 ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བ་ལ་བཞི། དང་པོ། ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ལ། ཐར་པའི་ཕན་ཡོན་ དང༌། སྐྱབས་འགྲོའི་དབྱེ་བ། སྐྱབས་སུ་འགྲོ་ཚུལ། བསླབ་བྱ་དང་ཕན་ཡོན་བསྟན་པ་བཞི་ ལས། ༡ ཐར་བའི་ཕན་ཡོན། དང་པོ། ཐར་པའི་ཕན་ཡོན་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཐར་ ཏེ། ཉན་ཐོས་རང་རྒྱལ་རྫོགས་པའི་བྱང་ཆུབ་གསུམ་གང་གི་གོ་འཕང་ཐོབ་ཀྱང་ཐར་པ་ཡིན། དེ་ལ་ཡང་རྒྱུ་དང་། འབྲས་བུ་གཉིས་ལས། དང་པོ་རྒྱུ་ནི། བློ་ལྡོག་རྣམ་བཞིས་རྒྱུད་ལས་སུ་ རུང་བར་བྱས་ནས་ལམ་ཐམས་ཅད་ཀྱི་རྨང་རྡོ་སྐྱབས་སུ་འགྲོ་བ་ནས་བཟུང་སྟེ། ལམ་གྱི་ དངོས་གཞི་ཡོངས་སུ་རྫོགས་པ་ལ་ཐུག་གི་བར་དུ་རེ་རེ་ནས་རང་རང་གི་ཕན་ཡོན་བཤད་པ་ དང་འཆད་པར་འགྱུར་བ་ཡིན་པས་དེར་འདུ། གཉིས་པ་འབྲས་བུ་ནི། ཉན་ཐོས་རང་རྒྱལ་ རྫོགས་པའི་སངས་རྒྱས་གསུམ་གྱི་གོ་འཕང་གང་ཐོབ་ཀྱང༌། ཞི་བ་བསིལ་བ་འཁོར་བའི་སྡུག་ བསྔལ་གྱི་འཕྲང་ལས་ཐར་པ་ཅན་ཡིན་ནོ། ། ༢ སྐྱབས་འགྲོའི་དབྱེ་བ། གཉིས་པ་སྐྱབས་འགྲོའི་དབྱེ་བ་ལ། དང་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་ པའི་དད་པ་དང་གསུམ་ལས། དང་པོ་དང་བའི་དད་པ་ནི། རྒྱལ་བའི་སྐུ་གསུང་ཐུགས་རྟེན་ མང་པོ་ཡོད་པའི་གཙུག་ལག་ཁང་ལྟ་བུར་ཕྱིན་པའམ། བླ་མ་དགེ་བའི་བཤེས་གཉེན་སྐྱེས་ བུ་དམ་པ་རྣམས་བཞུགས་པའི་ཞལ་མཇལ་བའམ། དེ་དག་གི་ཡོན་ཏན་དང་རྣམ་ཐར་ཐོས་ པ་ལྟ་བུའི་རྐྱེན་གྱིས་འཕྲལ་ལ་ཐུགས་རྗེ་མ་ཆུང་སྙམ་དུ་མིག་ནས་མཆི་མ་འཁྲིགས་ལུས་ནས་ 8-1-148 བ་སྤུ་གཡོ་ཞིང་སེམས་དང་བ་འདྲེན་ནས་དད་པ་སྐྱེས་པ་དེ་ལ་དང་བའི་དད་པ་ཞེས་བྱའོ། །གཉིས་པ་འདོད་པའི་དད་པ་ནི། འཁོར་བ་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཐོས་ནས་ དེ་དང་བྲལ་འདོད་སྐྱེ་བ། མཐོ་རིས་དང་ཐར་པའི་བདེ་བ་ཐོས་ནས་དེ་ཐོབ་འདོད་སྐྱེ་བ། དགེ་ བའི་ཕན་ཡོན་ཐོས་ནས་དེ་བསྒྲུབ་པར་འདོད་པ། སྡིག་པའི་ཉེས་པ་མཐོང་ནས་དེ་སྤོང་འདོད་ སྐྱེབ་རྣམས་ཡིན་ནོ། ། གསུམ་པ་ཡིད་ཆེས་པའི་དད་པ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཡོན་ ཏན་དང་བྱིན་རླབས་ཐུན་མོང་མ་ཡིན་པར་ཤེས་ནས་སྙིང་ཐག་པ་ནས་ཡིད་ཆེས་ཏེ། དུས་ དང་གནས་སྐབས་ཐམས་ཅད་དུ་མི་བསླུ་བའི་སྐྱབས་དཀོན་མཆོག་རིན་པོ་ཆེ་ཡིན་པར་ཤེས་ ནས། སྐྱིད་རུང་སྡུག་རུང་ན་རུང་ཚ་རུང་ཤི་རུང་གསོན་རུང། ལས་ཅི་བྱུང་ཡང་སྐྱབས་བསླུ་བ་ མེད་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པ་མ་གཏོགས། བློ་གཏད་དང་རེ་ལྟོས་གཞན་ན་ མེད་པར་ཡིད་ཁྱེད་ཤེས་ཀྱི་དད་པ་དང་ལྡན་པ་ལ་ཡིད་ཆེས་པའི་དད་པ་ཞེས་བྱ་སྟེ། ཇི་སྐད་ དུ། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས་པ་བཞིན་དད་པ་ནི་ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་ས་བོན་ ལྟ་བུ་ཡིན་པས། དད་པ་མེད་ན་ས་བོན་མེས་ཚིག་པ་དང་འདྲ་སྟེ། མདོ་ལས། དད་པ་མེད་པའི་ མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་ བཞིན་ནོ། །ཞེས་གསུངས་ལྟར། དེས་ན་དཀོན་མཆོག་གསུམ་ལ་ཐུགས་རྗེ་དང་བྱིན་རླབས་ བསམ་གྱིས་མི་ཁྱབ་པ་ཡོད་ཀྱང༌། དེ་རང་རྒྱུད་ལ་འཇུག་པར་བྱེད་པ་ནི་དད་པ་དང་མོས་གུས་ ཁོ་ན་ལ་རག་ལས། རང་ལ་དད་པ་དང་མོས་གུས་རབ་ཅིག་ཡོད་ན། བྱིན་རླབས་རབ་ཅིག་ འཇུགདད་པ་དང་མོས་གུས་འབྲིང་ཞིག་ཡོད་ན། བྱིན་རླབས་འབྲིང་ཞིག་འཇུགདད་པ་ཐ་མ་ ཞིག་ལས་མེད་ན། བྱིན་རླབས་དང་ཐུགས་རྗེ་ཅུང་ཟད་ལས་མི་འཇུགདད་པ་རྩ་བ་ནས་མེད་ 8-1-149 ན། བྱིན་རླབས་དང་ཐུགས་རྗེ་གཏན་ནས་མི་འཇུག་པའོ། །དད་པ་མེད་ན་སངས་རྒྱས་དངོས་ དང་མཇལ་ཡང་ལེགས་སྐར་དང༌། ལྷས་བྱིན་ལྟ་བུ་ཡིན་ནོ། །སྙིང་ཐག་པ་ནས་དད་པ་དང་ མོས་གུས་ཡོད་ན་སངས་རྒྱས་ཀྱི་ཐུགས་རྗེ་ལ་ཉེ་རིང་མེད་དེ། རྒྱུད་བླ་མ་ལས། ཇིལྟར་བཻཌཱུར་ ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་དང༌། ཇི་ སྐད་དུ། གང་གིས་མོས་པས་ཡིད་བྱེད་པ། །དེ་ཡི་མདུན་དུ་ཐུབ་པ་བཞུགས། །དབང་བསྐུར་ བྱིན་གྱིས་རླབས་པར་འགྱུར། །ཞེས་དང༌། ཨུ་རྒྱན་ཆེན་པོས། དད་པ་ཅན་གྱི་གང་ཟག་ཕོ་ མོ་ལ། །པད་འབྱུང་གང་དུའང་མ་བཞུད་སྒོ་ཉལ་ཡོད། །ང་ཡི་ཚེ་ལ་འདས་གྲོང་ཡོད་མ་ཡིན། །དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །ཞེས་གསུངས། རང་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་ ཡོད་ན་སངས་རྒྱས་ཀྱི་ཐུགས་རྗེ་སུ་དང་སུ་ལ་ཡང་འཇུག་པ་ནི། རྒན་མོ་ཁྱི་སོས་སངས་རྒྱས་ པ་ཡིན་ཏེ། སྔོན་རྒན་མོ་མ་བུ་གཉིས་ཡོད་པས་བུ་ཡང་དང་ཡང་དུ་རྒྱ་གར་དུ་ཚོང་ལ་འགྲོ་ བའི་སྐབས་སུ་ཉིན་ཞིག་མ་རྒན་གྱིས་རྒྱ་གར་རྡོ་རྗེ་གདན་རྫོགས་པའི་སངས་རྒྱས་རྣམས་ བྱོན་པའི་ཡུལ་ཡིན་པས། ཁྱོད་ཀྱིས་ང་རང་ལ་ཕྱག་འཚལ་བའི་རྟེན་ཁྱད་པར་ཅན་ཞིག་ཁྱེར་ ཤོགལན་མང་པོར་སྨྲས་ཀྱང་བུས་བརྗེད་སོང༌། སྐོར་ཅིག་ཡང་ད་རེས་ང་ལ་རྟེན་མ་ལོན་ན་ ཁྱོད་ཀྱི་སྔོན་དུ་བདག་ལྕེབས་ནས་འཆིའོ་ཟེར་བ་ལ། བུ་རྒྱ་གར་ཕྱིན་ཚོང་བྱས་ནས་སླར་ལྡོག་ པའི་བར་དུ་བརྗེད། ཁྱིམ་དུ་སླེབ་སྐབས་མས་སྨྲས་པ་དྲན་ནས། ད་ཅི་བྱེད་རྟེན་མེད་པར་ཁྱིམ་ དུ་ཕྱིན་ན་མ་རྒན་ལྕེབས་ནས་འཆི་སྙམ་སྟེ། གཡས་གཡོན་དུ་བལྟས་པས་ཟུར་དེ་ན་ཁྱི་མགོ་ ཅིག་ཡོད་པར་འདུགདེའི་སོ་ཞིག་ཕྱུང་པ་དར་གྱིས་དྲིལ་ཏེ་ཁྱེར་འོངས་ནས་མ་ལ་བྱིན། འདི་ བཅོམ་ལྡན་འདས་ཀྱི་ཚེམས་མཆེ་བ་ཡིན་པས། ཁྱོད་ཀྱིས་གསོལ་བ་འདེབས་པའི་རྟེན་གྱིས་ ཤིག་བྱས་པས། མ་རྒན་གྱིས་ཁྱི་སོ་དེ་ལ་སངས་རྒྱས་ཀྱི་ཚེམས་དངོས་སུ་བཟུང་ནས་དད་པ་ 8-1-150 བསྐྱེད་དེ་དུས་རྒྱུན་དུ་ཕྱག་དང༌། མཆོད་པ་བྱས་པས་ཁྱི་སོ་ལས་རིང་བསྲེལ་མང་པོ་བབས། རྒན་མོ་འཆི་བའི་ཚེ་འཇའ་འོད་ཀྱི་གུར་ཕུབ་པ་སོགས་བྱུང་བ་ཡིན། དེར་ཁྱི་སོ་ལ་བྱིན་རླབས་ ཡོད་པ་མ་ཡིན་ཡང༌། རྒན་མོ་དད་པ་ཆེ་བའི་སྟོབས་ཀྱིས་སངས་རྒྱས་ཀྱི་ཚེམས་དངོས་ཡིན་ སྙམ་པས་སངས་རྒྱས་ཀྱི་བྱིན་རླབས་ཁྱི་སོ་ལ་ཞུགས་ཏེ་སངས་རྒྱས་ཀྱི་ཚེམས་དང་ཁྱད་མ་ བྱུང་བ་ཡིན་ནོ། །དེར་མ་ཟད་གནས་ལུགས་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་པ་ ཡང་དད་པ་ཁོ་ན་ལ་རག་ལས་ཏེ། མདོ་ལས་ཀྱང། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་ པར་བྱབ་ཁོ་ན་ཡིན་ནོ། །གསུངས། དད་པ་ཐུན་མོང་མ་ཡིན་པ་སྐྱེས་པའི་མཐུ་ལས་དཀོན་ མཆོག་གི་བྱིན་རླབས་རང་རྒྱུད་ལ་སྐྱེ་ཞིང་གནས་ལུགས་ཡང་དག་པའི་དོན་མཐོང་ཚེ། དད་ པ་དང༌། གནས་ལུགས་ཀྱི་རྟོགས་པ་གཉིས་གཅིག་གྲོགས་གཅིག་གིས་བྱེད། དད་པ་ལ་ཀུན་ སློང་གི་སྒོ་ནས་དབྱེ་ན་གསུམ་སྟེ། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ ནས་མཐོ་རིས་ཀྱི་བདེ་བ་ཙམ་དོན་དུ་གཉེར་བས་སྐྱབས་འགྲོ་ནི་སྐྱེས་བུ་ཆུང་ངུའི་སྐྱབས་ འགྲོ་ཞེས་བྱ། འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་ བཞིན་ཡིན། རང་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་ཞི་བ་མྱང་འདས་ ཀྱི་གོ་འཕང་ཙམ་དོན་དུ་གཉེར་ནས་སྐྱབས་སུ་འགྲོ་ན་སྐྱེས་བུ་འབྲིང་གི་སྐྱབས་འགྲོ་ཞེས་བྱ། མཐའ་མེད་པའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་གནས་པའི་སེམས་ཅན་འདི་དག་སྡུག་ བསྔལ་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་མནར་བར་མཐོང་ནས། དེ་ཐམས་ཅད་རྣམ་ མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་ དུ། སྐྱབས་སུ་འགྲོ་ན་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་ཞེས་བྱ། དེ་ལྟར་ཀུན་སློང་རྣམ་པ་གསུམ་ ལས་ད་རེས་ཀྱི་སྐབས་སུ། སྐྱེས་བུ་ཆེན་པོའི་བློ་དང་ལྡན་པས་སྐྱབས་འགྲོ་བྱ་དགོས་ཏེ། དབུ་ མ་རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། 8-1-151 །ཞེས་གསུངས་སོ། ། ༣ སྐྱབས་སུ་འགྲོ་ཚུལ། གསུམ་པ་སྐྱབས་སུ་འགྲོ་བའི་ཚུལ་ནི། ཐུན་མོང་ཐེག་པའི་ལུགས་ལ། སངས་རྒྱས་ལ་ སྟོན་པ་ཞུ། ཆོས་ལ་ཉམས་ལེན་ཞུ། དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཞུས་ཏེ་སྐྱབས་ སུ་འགྲོ་བ་དང༌། རྗེ་ཏཱ་ར་ནཱ་ཐས། ཡང་ན་སྐྱབས་སངས་རྒྱས་ལ་སྐྱབས་ཀྱང༌། སྐྱོབ་པ་ཆོས་ ཀྱིས་སྐྱོབ་བྱ་བ་ཡིན། སངས་རྒྱས་ཀྱིས་ཀྱང་མི་ཆུས་ཁྱེར་བ་སྐྲ་ནས་འཛིན་པ་ལྟར་སྐྱོབ་ཏུ་མི་ བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན། སངས་རྒྱས་ལ་དད་པ་ བསྒོམས་ཏེ། དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་བྱ། འཕགས་པའི་དགེ་ འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་ལད་མོ་བཟློས་ཏེ་ བྱེད་སྙམ་པ་རྒྱུན་དུ་བསྒོམ། ཞེས་གསུངས་པ་ལྟར་ཉམས་སུ་ལེན་པར་བྱའོ། །མཐར་ཐུག་ གནས་ལུགས་དོན་དམ་གྱི་སྐྱབས་འགྲོ་ནི། དོན་དམ་པའི་སངས་རྒྱས་ཞེས་བྱ་བ་ནི་གཞན་ སྣང་གི་ཀུན་རྫོབ་གཟུགས་སྐུ་མཐོང་བྱའི་ཡུལ་དུ་གྱུར་པ་དེ་མ་ཡིན་པར་འདིའོ་ཞེས་ཕྱོགས་ གཅིག་ཏུ་རིས་སུ་བཅད་དུ་མེད་པར་རང་བྱུང་གདོད་ནས་བཞུགས་པའི་རྟག་པ་ཀུན་ཁྱབ་ ནམ་མཁའ་ལྟ་བུའི་གཞི་དབྱིངས་དེ་ཉིད་ཡིན་པ་དང༌། དོན་དམ་པའི་ཆོས་ཞེས་བྱ་བའང་ཚིག་ གིས་བརྗོད་དེ་ཇི་བཞིན་མཉན་དུ་མེད་པར་གཤིས་ཀྱི་རང་བཞིན་དྭངས་པའི་འོད་གསལ་ དག་པའི་དབྱིངས་ཉིད་ལས་གཞན་དུ་མེད་པ་དང༌། དོན་དམ་པའི་དགེ་འདུན་ཞེས་བྱ་བའང་ དོན་དམ་པ་ན་འོད་གསལ་འདུས་མ་བྱས་པའི་གནས་ལུགས་བསལ་བཞག་མེད་པ་ཇི་བཞིན་ སོ་སོར་རང་གིས་རིག་པ་ཉིད་དེ་ཡིན་པས་འཕགས་ཚོགས་འདུས་པ་ལྟ་བུའི་བསྙེན་བཀུར་ བའི་ཡུལ་ཕྱོགས་ཚན་པ་ཞིག་ཏུ་སྒོས་སུ་མེད་པས་སྐྱབས་གསུམ་དོན་དམ་པ་གང་ཞིག་ཡིན་ 8-1-152 ན་གཞི་དབྱིངས་གནས་ལུགས་མཐར་ཐུག་པ་ཉིད་ལས་མི་འདའ་བ་ཡིན་ཏེ། ལྷག་བསམ་ བསྟན་པའི་ལེའུར། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་བསྟན་དུ་མེད་པ་སྟེ། དེ་ནི་མིག་ གིས་ལྟ་བར་མི་ནུས་སོ། །ཀུན་དགའ་བོ་ཆོས་ནི་བརྗོད་དུ་མེད་པ་སྟེ་དེ་ནི་རྣ་བས་མཉན་པར་ མི་ནུས་སོ། །ཀུན་དགའ་བོ་དགེ་འདུན་ནི་འདུས་མ་བྱས་པ་སྟེ། དེ་ནི་ལུས་དང་ངག་དང་ སེམས་ཀྱིས་བསྙེན་བཀུར་བྱ་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟ་བུའི་གཞི་ དབྱིངས་གཅིག་ཉིད་དོན་དམ་པའི་རྣམ་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་གནས་ ལུགས་དོན་གྱི་སངས་རྒྱས་དང༌། སོ་སོར་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཟབ་མོའི་ཡང་དག་ འགོག་པའི་ཆོས་དང༌། སྣང་སྟོང་དམ་པའི་རང་བཞིན་ཟུང་འཇུག་ཏུ་ཡོད་པ་ཇི་བཞིན་རིག་ པའི་དགེ་འདུན་དང་གསུམ་པོ་གཞི་དབྱིངས་གཅིག་གི་རང་བཞིན་དུ་ངེས་ཏེ། དེ་ཡང་ཐོག་ མར་ལས་དང་པོ་པ་རྣམས་ཀྱིས་གོང་མའི་མན་ངག་ལས་བྱུང་བ་ལྟར་དོན་དམ་པའི་སྐྱབས་ དངོས་བསྟེན་ཚུལ་ནི། ཇི་སྐད་དུ། ཇི་ལྟར་ཆུར་རྙོག་པ་ལས་དྭངས་པ་ན། །དྭངས་པ་དེ་ནི་དེ་ ལས་སྐྱེས་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ ཉིད། །ཅེས་དང། ས་ར་ཧ་ཆེན་པོས་ཀྱང༌། ཆུ་དང་མར་མེ་རང་གསལ་ཅིག་ཏུ་ཞོག །ཅེས་ གསུངས་པ་ལྟར་དཔེར་ན་ཆུ་རྙོག་མ་ཅན་དེ་གཡོ་བ་མེད་པར་བཞག་ན་རྙོག་མ་ཐམས་ཅད་ རང་དྭངས་སུ་འགྲོ་བས་དེ་དུས་སུ་ཆུ་ནང་ན་ཡོད་ཚད་གསལ་བར་མཐོང་བ་ལྟར་སེམས་རྣམ་ རྟོག་གི་སྤྲོས་པ་མཐའ་དག་སྤངས་ཏེ་གཡོ་མེད་དུ་བཞག་པས་འགྱུ་རྟོག་གི་ཤེས་པ་ཉག་ཉོག་ དྭངས་པ་ན་རིག་པའི་རང་གཟུགས་དེ་གསལ་བར་མཐོང་འོང་བའི་ཚེ་དོན་དམ་གནས་ ལུགས་མཆོག་གསུམ་གྱི་ངོ་བོ་རྩོལ་མེད་དུ་མཐོང་འོང་བ་སྟེ་འདི་སྐབས་སུ་ལས་དང་པོ་པ་ དག་གི་ཐོག་མར་གནས་འགྱུ་རིག་གསུམ་ངོས་ཟིན་ཅིང་བྱིང་རྒོད་ཕྲ་རགས་ཀྱི་སྐྱོན་སྤང་ བཞིན་དྲན་ཤེས་ཀྱི་བྱ་ར་དང་བཅས་ཏེ་སྒྲིམ་ལྷོད་རན་པའི་ངང་ནས་བདེ་གསལ་མི་རྟོག་པའི་ 8-1-153 ངང་རང་བབ་ཤུགས་འབྱུང་དུ་བསྐྱངས་ཏེ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ ཀྱི་གསལ་ཁ་དང་བཅས་ཏེ་གོམས་པའི་སྟོབས་ཀྱི་རེ་ཞིག་ན་གཞི་དབྱིངས་སྟོང་གསལ་བདེ་ བའི་རང་མདངས་འཛིན་ཞེན་གྱི་ཆ་ཕྲ་མོས་ཀྱང་མ་གོས་པར་རྩ་བྲལ་ལྷུན་གྲུབ་དོན་དམ་ མཆོག་གསུམ་གྱི་ངོ་བོའི་གཤིས་ཇི་བཞིན་ལྷག་པར་མངོན་པ་ནི་དོན་དམ་པའི་སྐྱབས་སུ་ འགྲོ་ཚུལ་མཚོན་ཙམ་མོ། །ད་ནི་ཐེག་པ་ཆེན་པོའི་སྐྱབས་འགྲོའི་ཚོགས་ཞིང་ནི། རང་ལུགས་ ཀྱི་དམ་པ་གོང་མ་རྣམས་ཀྱི་མན་ངག་ཏུ་ནི་ས་སྐྱ་བ་དང་དགའ་ལྡན་པའི་ཁྲིད་གཞུང་གསར་ རྙིང་དུ་མ་ལས་བཤད་པ་ལྟར་དག་པའི་ཞིང་ཁམས་ཀྱི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་ བཞི་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་འབྲས་ བུ་རབ་ཏུ་རྒྱས་པའི་རྩེ་མོར་སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་དུས་མེའི་གདན་ལ་ངོ་བོ་རང་གི་རྩ་ བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་གི་སྐུའི་རྣམ་པ་ཅན། དེའི་མཐར་སྐོར་དུ་ཡལ་ག་ རྣམས་ཀྱི་སྟེང་དུ་གདན་སོ་སོ་ལ་དམ་པ་དང་པོའི་སངས་རྒྱས། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་རིགས་ལྡན་སོ་ལྔ་ལ་སོགས་པའི་ཟབ་ལམ་བརྒྱུད་པའི་བླ་མ་ རྣམས་ཀྱིས་བསྐོར་ནས་བཞུགས་པ། བླ་མ་རྣམས་ཀྱི་ཅུང་འོག་གི་ཡལ་འདབ་རྣམས་སུ་རང་ རང་སོ་སོའི་གདན་ལ་མདུན་དུ་དཔལ་དུས་ཀྱི་འཁོར་ལོ། དེ་ནས་གཡས་བསྐོར་གྱིས་གསང་ བ་འདུས་པ། ཀྱེ་རྡོ་རྗེ། མ་ཧཱ་མ་ཡ། འཁོར་ལོ་བདེ་མཆོགརྡོ་རྗེ་འཇིགས་བྱེད་ལ་སོགས་པ་བླ་ མེད་ཀྱི་ལྷ་ཚོགས་ཐམས་ཅད་དང༌། དེ་དག་གི་ཅུང་འོག་གི་ཡལ་འདབ་རྣམས་ལ་ཀུན་རིག་ རྣམ་སྣང་ལ་སོགས་པ་རྣལ་འབྱོར་རྒྱུད་དང༌། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་པའི་ རྒྱུད་དང༌། ཚེ་དཔག་མེད་དང་མི་འཁྲུགས་པ་ལ་སོགས་བྱ་བའི་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་ བཞུགས་པ་སྟེ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། ཡི་དམ་རྣམས་ཀྱི་འོག་གི་ ཡལ་འདབ་རྣམས་ལ་མདུན་ངོས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་སོ་སོ་བ་རྣམས་ལ་དབུས་སུ་ 8-1-154 རང་ཅག་གི་སྟོན་པ་སངས་རྒྱས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། རྒྱབ་ཀྱི་ཡལ་འདབ་རྣམས་ཀྱི་སྟེང་དུ་པད་ཟླའི་གདན་ལ་ཡུམ་ཆེན་མོ། དེའི་རྒྱབ་ཏུ་སེང་ཁྲི་ པད་ཟླའི་གདན་ལ་རྟོགས་པའི་ཆོས་ཐམས་ཅད་གླེགས་བམ་པོ་ཏིའི་རྣམ་པ་མཐིང་གི་ཤོག་ གུ་ལ་གསེར་གྱིས་ཡི་གེ་བྲིས་པ། དར་སྣ་ལྔའི་གདོང་དར་རྣམས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ པ་དང༌། གཡས་ཕྱོགས་ཀྱི་ཡལ་འདབ་རྣམས་ལ་པད་ཟླའི་གདན་དུ་མ་ལ་བྱང་ཆུབ་སེམས་ དཔའ་འཇམ་དཔལ་སྤྱན་རས་གཟིགས་ཕྱག་ན་རྡོ་རྗེ་ལ་སོགས་པ་ཐེག་པ་ཆེན་པོའི་བྱང་ཆུབ་ སེམས་དཔའ་དཔག་ཏུ་མེད་པ་དང༌། གཡོན་གྱི་ཡལ་འདབ་རྣམས་ལ་རྩྭ་དང་འབོལ་ལ་ སོགས་པའི་གདན་རྣམས་ལ་རབ་འབྱོར་དང་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་དང་རང་རྒྱལ་ གྱི་དགེ་འདུན་དཔག་ཏུ་མེད་པ་དང༌། ཤིང་གི་རྩ་བར་ཅུང་མ་ཐུག་པའི་སྡོང་པོའི་ངོས་སུ་རྡོ་རྗེ་ ཤུགས་འཁོར་སྲུང་མ་དྲུག་ཅུ་དང་བཅས་པ། དཔག་བསམ་ཤིང་གི་རྩ་བར་དཔལ་ལྡན་གུར་ གྱི་མགོན་པོ། རྒྱལ་ཆེན་རྣམ་ཐོས་སྲས། དཔལ་ལྡན་གདོང་བཞི་པ་ལ་སོགས་པ་ཡེ་ཤེས་ཀྱི་ མཁའ་འགྲོ་ཆོས་སྐྱོང་སྲུང་མ། གཡས་སུ་དྲེགས་པ་ཕོ་རྒྱུད། གཡོན་དུ་དྲེགས་པ་མོ་རྒྱུད་དང་ བཅས་པ། ཆོས་བསྒྲུབ་པའི་བར་ཆད་སྲུང་བར་མཛད་པ་རྣམས་བཞུགས་པར་སྒོམ་པར་ བཤད་དོ། །དེ་ལྟར་སྐྱབས་ཡུལ་བསྐྱེད་ནས་སྐྱབས་སུ་འགྲོ་བ་དངོས་ནི། རང་ཉིད་གཞལ་ ཡས་ཁང་གི་ཤར་སྒོར་པད་ཟླའི་གདན་ལ་འཁོད་པའི་གཡས་སུ་ད་ལྟའི་ཕས་གཙོར་བྱས་ པའི་སེམས་ཅན་ཕོ་ཐམས་ཅད་དང༌། གཡོན་དུ་ད་ལྟའི་མས་གཙོར་བྱས་པའི་སེམས་ཅན་མོ་ ཐམས་ཅད་དང༌། མདུན་དུ་རང་གི་སྲུང་མ་གཞི་བདག་སོགས་དང༌། རྒྱབ་ཏུ་བདག་ལ་གནོད་ པའི་བགེགས་རིགས་རྣམས་ཀྱིས་གཙོར་བྱས་པའི་མཁའ་ཁྱབ་ཀྱི་སེམས་ཅན་གཅིག་ཀྱང་མ་ ལུས་པ་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་སྐྱབས་ཞུ་བ་ལ་འཁོད་པར་མོས་ ལ། འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་དང༌། དེས་མནར་བའི་སེམས་ཅན་རྣམས་སྡུག་ 8-1-155 བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེ་དང༌། དེ་ལས་སྐྱོབ་པའི་ནུས་པ་མདུན་དུ་བཞུགས་པའི་ དཀོན་མཆོག་རྣམས་ལ་ཡོད་པར་ཡིད་ཆེས་པའི་དད་པ་རྣམས་ཀྱི་ཤུགས་མ་ཉམས་པའི་སྒོ་ ནས། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་ དུ་བྱང་ཆུབ་སྙིང་པོ་སངས་རྒྱས་མ་ཐོབ་ཀྱི་བར་དུ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ཁྱེད་ རྣམས་ལ། སངས་རྒྱས་ཐོབ་བྱེད་ཀྱི་ལམ་ལ་གོང་ནས་གོང་དུ་འཁྲིད་ཅིང་འདྲེན་པ་མཛད་ པའི་སྒོ་ནས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་ཞུའོ་ཞེས་སམ་སྐྱབས་སུ་བསྟེན་ནོ། །བདག་ཅག་རྣམས་ལམ་ལ་གོང་ནས་གོང་དུ་འཁྲིད་པའི་སྒོ་ནས་འཇིགས་པ་ལས་བསྐྱབ་ པར་མཛད་དུ་གསོལ། ཡིདམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ། བདག་ཅག་གི་ རྒྱུད་ལ་ཉམས་དང་རྟོགས་པ་བསྐྱེད་པ་སོགས་རྒྱུད་བྱིན་གྱིས་བརླབས་པའི་སྒོ་ནས་སྲིད་ཞིའི་ འཇིགས་པ་ལས་བསྐྱབ་པར་མཛད་དུ་གསོལ། དེ་བཞིན་དུ་རྫོགས་པའི་སངས་རྒྱས་བཅོམ་ ལྡན་འདས་ཁྱེད་རྣམས་ལ། སྐྱབས་དངོས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པར་ མཛད་པའི་སྒོ་ནས་འཇིགས་པ་ལས་སྐྱོབ་པའི་སྐྱབས་ཞུ་བའམ་སྐྱབས་སུ་བརྟེན་ནོ། །བདག་ ཅག་རྣམས་ལམ་བསྟན་པའི་སྒོ་ནས་འཇིགས་པ་ལས་བསྐྱབ་པར་མཛད་དུ་གསོལ། དམ་ པའི་ཆོས་ཁྱེད་རྣམས་ལ་བདག་ཅག་གི་རྒྱུད་ལ་བསྐྱེད་ནས་འཇིགས་པ་ལས་སྐྱོབ་པའི་སྐྱབས་ དངོས་སུ་བརྟེན་པའི་སྒོ་ནས་འཇིགས་པ་ལས་སྐྱོབ་པའི་སྐྱབས་ཞུ་བ་ཡིན་ནོ། །བདག་ཅག་ གི་རྒྱུད་ལ་དངོས་སུ་སྐྱེ་བའི་སྒོ་ནས་འཇིགས་པ་ལས་བསྐྱབ་པར་མཛད་དུ་གསོལ། འཕགས་ པའི་དགེ་འདུན་ཁྱེད་རྣམས་ལ་བདག་གིས་ཐམས་ཅད་མཁྱེན་པའི་ལམ་ཇི་ལྟར་སྒྲུབ་ཚུལ་ ལྟོས་ཡུལ་གྱི་གྲོགས་སུ་བསྟེན་པའི་སྒོ་ནས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་ འཛིན་པ་ཡིན་ནོ། །བདག་ཅག་རྣམས་ལམ་སྒྲུབ་ཚུལ་ལྟོས་ཡུལ་གྱི་གྲོགས་མཛད་པའི་སྒོ་ ནས་འཇིགས་པ་ལས་སྐྱབས་པར་མཛད་དུ་གསོལ། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་ 8-1-156 སྤྱན་དང་ལྡན་པ་ཁྱེད་རྣམས་ལ། བདག་གིས་འཇིགས་པ་ལས་སྐྱོབ་པའི་སྐྱབས་ལམ་སྒྲུབ་ པའི་བར་ཆད་བསལ་བའི་སྒོ་ནས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་ཞུ་བ་ཡིན་ནོ། །བདག་ཅག་རྣམས་ལམ་སྒྲུབ་པའི་བར་ཆད་བསལ་བའི་སྒོ་ནས་སྲིད་ཞིའི་འཇིགས་པ་ལས་ སྐྱབས་པར་མཛད་དུ་གསོལ་སྙམ་དུ་སྙིང་ཐག་པ་ནས་བློ་ལིང་གིས་བཀལ་ཏེ་སྐྱབས་སུ་འགྲོ་ བར་བྱའོ། །སྔོན་འགྲོའི་སྐབས་སུ་ཕྱག་དང་སྐྱབས་འགྲོ་སྦྲགས་ནས་ཕྱག་འབུམ་ཕྲག་མ་སོང་ བར་སྐྱབས་འགྲོ་སྒོམ་པ་ཕྱག་ལེན་ཡིན་ལ། ཐུན་འཇོག་པ་ན་སྐྱབས་ཡུལ་རྣམས་ལ་མོས་ གུས་བསྐྱེད་དེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་གིས་སྒོ་གསུམ་ གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་བརྟེན་ནོ། །བདག་གིས་རྒྱུད་ལ་ཆགས་སོགས་ཉོན་ མོངས་པའི་བློ་མི་སྐྱེ་བ་དང༌། ཏིང་ངེ་འཛིན་ཁྱད་པར་ཅན་ལ་སོགས་པ་ཉམས་རྟོགས་ཀྱི་ཡོན་ ཏན་མཐའ་ཡས་པ་སྐྱེ་བར་བྱིན་གྱིས་རླབས་པར་མཛད་དུ་གསོལ། ཞེས་ལན་གསུམ་གསོལ་ བ་བཏབ། དམ་པ་གོང་མའི་མན་ངག་ལས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་དག་ ནས་སངས་རྒྱས་ཏེ་ཞིང་ཁམས་སོ་སོའི་གནས་སུ་སོང༌། ཡང་བླ་མ་རྡོ་རྗེ་འཆང་གི་སྐུ་ལས་ འོད་ཟེར་འཕྲོས། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་སྟེ། དགེ་ འདུན་རྣམས་ལ་ཐིམ། དགེ་འདུན་རྣམས་ཆོས་དང༌། ཆོས་ཡུམ་ཆེན་མོ་དང༌། དེ་སངས་རྒྱས་ རྣམས་དང༌། སངས་རྒྱས་རྣམས་ཡི་དམ་དང༌། ཡི་དམ་རྣམས་བརྒྱུད་པའི་བླ་མ་དང༌། བརྒྱུད་ པའི་བླ་མ་རྣམས་རྡོ་རྗེ་འཆང་ལ་ཐིམ། དེ་ནས་གཞལ་ཡས་ཁང་དཔག་བསམ་གྱི་སྡོང་པོ་དང་ བཅས་པ་ཡང་རྡོ་རྗེ་འཆང་ལ་ཐིམ། རྡོ་རྗེ་འཆང་སྐུ་ཚོན་གང་བར་གྱུར་ཏེ་རང་གི་ཚངས་བུག་ ནས་ཞུགས། སྙིང་འོད་ཀྱི་གུར་ཁང་དུ་གྱུར་པའི་ནང་དུ་བཞུགས་ཏེ་བདག་གི་རྒྱུད་བྱིན་གྱིས་ བརླབས་པར་མོས་པར་བཤད་དེ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་དང༌། དགེ་བ་ 8-1-157 འདི་ཡིས་མྱུར་དུ་ཞེས་སོགས་ཀྱིས་སྐྱབས་འགྲོའི་དགེ་བ་བསྔོ། དེ་ལྟར་སྤྱོད་ལམ་ཐམས་ཅད་ དུ་སྐྱབས་ཡུལ་ལྷ་ཚོགས་ཀྱི་གསལ་སྣང་དང་མ་བྲལ་བའི་ངང་ནས་དཀོན་མཆོག་རིན་པོ་ཆེ་ རྣམ་པ་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་བློ་སྙིང་བཀལ་ཏེ་སྐྱབས་འགྲོ་ཁོ་ན་ལ་བརྩོན་ པར་བྱའོ། །ཉལ་བའི་རྣལ་འབྱོར་ནི། ནུབ་ཐུན་གྱི་མཐར་སྐྱབས་ཡུལ་མ་བསྡུས་པའམ། བསྡུས་ཀྱང་གོང་ལྟར་གསལ་བཏབ་སྟེ་སྐྱབས་ཡུལ་རྣམས་ཀྱི་མདུན་གྱི་ས་གཞིར་པད་ཟླའི་ གདན་ལ་རང་ཉིད་ཉལ་བར་མོས་ཏེ་སྐྱབས་ཡུལ་རྣམས་ལ་མོས་གུས་དང་སྐྱབས་འགྲོ་སྒོམ་ བཞིན་གཉིད་འགྲོ་བར་བྱའོ། །བཟའ་བཏུང་བྱེད་ཚེ། ཕུད་དཀོན་མཆོག་ལ་མཆོད་ཅིག་སྙམ་ དུ་མོས་པ་བྱ། གོས་གསར་བ་གྱོན་རྒྱུ་ཡོད་ན། དཀོན་མཆོག་ལ་མཆོད་སྙམ་དུ་ནམ་མཁའ་ལ་ བཏེགས་ཙམ་བྱ། དེ་ནས་རང་ལ་གནང་བ་ཡིན་སྙམ་དུ་རང་གིས་བགོ། །ཕྱི་རོལ་ཡུལ་གྱི་རྣམ་ པ་ལ་ཡང་མེ་ཏོག་གི་སྐྱེད་མོས་ཚལ་དང༌། རྫིང་བུ་དང་ཆུ་ཀླུང་རྙོག་པ་མེད་པ། སྤང་ལྗོངས་ དང༌། ནགས་ཚལ་ཉམས་དགའ་བ། རི་ཐང་ཡིད་དུ་འོང་བ། རྟ་ནོར་ལུག་སོགས་ལོངས་སྤྱོད་ རྒྱ་ཆེན་པོ། སྦྲ་གུར་དང་ཁང་བཟང་ཕུན་སུམ་ཚོགས་པ། སྨན་རིགས་དང་ཤིང་ཏོག་ཟས་སྣ་ སྣ་ཚོགས་མཛེས་ཤིང་དྲི་རོ་ནུས་དང་ལྡན་པ། སྐྱེས་པ་དང་བུད་མེད་མཛེས་ཤིང་རྒྱན་གྱིས་ བརྒྱན་པ་ལ་སོགས་པ་མདོར་ན་ཡིད་འོང་གི་དངོས་པོ་ཇི་སྙེད་མཆིས་པ་ཐམས་ཅད་དཀོན་ མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ལ་མཆོད་སྙམ་དུ་མོས་པ་ཡང་ཡང་བྱ་བའོ། །མདོ་ལས། ད་ལྟ་ང་ལ་མཆོད་པ་དང༌། །མ་འོངས་སྐུ་གཟུགས་མཆོད་པ་གཉིས། །བསོད་ནམས་མཉམ་ ཞིང་རྣམ་སྨིན་མཉམ། །ཞེས་དང༌། རྒྱུད་ལས། སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི། །སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་ སངས་རྒྱས་ཡེ་ཤེས་རྫོགས། །ཞེས་དང༌། སྙིང་རྗེ་པདྨ་དཀར་པོ་ལས། སངས་རྒྱས་ལ་ དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ཙམ་ནམ་མཁའ་ལ་དོར་ན་དེའི་དགེ་བའི་རྩ་བ་ནི་ 8-1-158 ངས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཚད་ནི་བཟུང་བའམ་བསྟན་ པར་སླ་བ་མ་ཡིན་ནོ། །གསུངས། པད་དཀར་ལས། མེ་ཏོག་གཅིག་ཙམ་གྱིས་ཀྱང་མཆོད་པ་ དང༌། བདེར་གཤེགས་སྐུ་གཟུགས་རྩིག་ངོས་ལ་བྲིས་པ་ལ། ལུས་འཁྲུགས་བཞིན་དུ་སེམས་ ཀྱིས་ཕུལ་བྱས་ན། དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང༌། །ཞེས་སོགས་གསུངས་སོ། ། ༤ བསླབ་བྱ་དང་ཕན་ཡོན་བསྟན་པ། བཞི་པ་བསླབ་བྱ་དང་ཕན་ཡོན་བསྟན་པ་ལ། ༡༽ བསླབ་བྱ། དང་པོ། བསླབ་བྱ་ལ། སྤང་བྱ་གསུམ་དང༌། བསྒྲུབ་བྱ་གསུམ་དང༌། ཆ་མཐུན་གསུམ་ ཡོད་པ་ལས། དང་པོ་སྤང་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བར་ འཁོར་བའི་ལྷ་ལ་ཕྱག་མི་འཚལ་ཞེས་བྱ་སྟེ། ཕྱི་རོལ་མུ་སྟེགས་པའི་ལྷ་དབང་ཕྱུག་དང་ཁྱབ་ འཇུག་ལ་སོགས་རང་ཉིད་འཁོར་བའི་སྡུག་བསྔལ་ལས་མ་གྲོལ་བ་རྣམས་དང༌། གཞན་ ཡང་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་ལ་ཕྱི་མའི་ སྐྱབས་གནས་སུ་བཟུང་ནས་ཕྱག་དང་མཆོད་པ་ལ་སོགས་པ་མི་བྱ། ཆོས་ལ་སྐྱབས་སུ་སོང་ ནས་སེམས་ཅན་ལ་འཚེ་བ་སྤང་ཞེས་གསུངས་ཏེ། སེམས་ཅན་གཞན་ལ་གནོད་ཅིང་འཚེ་ བའི་བྱ་བ་རྨི་ལམ་ཙམ་དུ་ཡང་མི་བྱ་བར་འབད་པ་དྲག་པོས་ཅི་ནུས་སུ་བསྲུང༌། དགེ་འདུན་ ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་ཞེས་གསུངས་ཏེ། རྒྱལ་བའི་ བསྟན་པ་དང་སྟོན་པ་རྫོགས་པའི་སངས་རྒྱས་ལ་མི་དད་པའི་ཕྱི་རོལ་མུ་སྟེགས་པའི་རིགས་ དང་མཐུན་པར་མི་འགྲོགས། འོན་ཀྱང་མུ་སྟེགས་ཅན་དངོས་བོད་ན་མེད་ཀྱང༌། རང་གི་བླ་ མ་དང་ཆོས་ལ་གཤེ་ཞིང་སྨོད་པ་དང་གསང་སྔགས་ཟབ་མོའི་ཆོས་ལ་སྐུར་བ་འདེབས་པ་ 8-1-159 ལ་སོགས་མུ་སྟེགས་པ་དང་འདྲ་བ་གཞན་དང་མི་འགྲོགས། གཉིས་པ་བསྒྲུབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་སངས་རྒྱས་དཀོན་མཆོག་གི་སྐུའི་རྟེན་ཆག་དུམ་ཡན་ཆད་ གུས་པས་མཆོད། སྤྱི་བོས་བཏེག་གཙང་སར་བཞགསངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ ཤེས་བསྐྱེད་དེ། དད་པ་དག་སྣང་བྱ། ཆོས་ལ་སྐྱབས་སུ་སོང་ནས་གསུང་རབ་ཡི་གེའི་རི་མོ་སྣ་ གཅིག་ཡན་ཆད་ལ་གུས་པ་བསྐྱེད། སྤྱི་བོས་མཆོད་དེ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་ བཞག་སྟེ། འཇམ་དཔལ་རྩརྒྱུད་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་ དགེ་ལ་སྦྱོར་བའི་དོན་མཛད་དོ། །ཞེས་དང༌། སྙན་གྱི་གོང་རྒྱན་ལས། ང་ནི་སྙིགས་མའི་དུས་ ཀྱི་ཚེ། །བཟོ་དང་ཡི་གེའི་གཟུགས་སུ་འདུག །ང་ཡིན་སྙམ་དུ་དད་པར་བྱོས། །ཞེས་དང༌། ལྔ་ བརྒྱ་ཐ་མར་གྱུར་པར་ན། །ང་ཉིད་ཡི་གེའི་གཟུགས་སུ་སྣང༌། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་ང་ལ་གུས་པ་གྱིས། །ཞེས་སོགས་གསུངས་པའི་ཕྱིར། དགེ་འདུན་ལ་སྐྱབས་སུ་སོང་ ནས་དགེ་འདུན་དཀོན་མཆོག་གི་རྟེན་ལྷན་པ་དམར་སེར་ཡན་ཆད་དགེ་འདུན་དངོས་ཀྱི་འདུ་ ཤེས་བཞག་ནས་གུས་པས་མཆོད། སྤྱི་བོས་བཏེག་གཙང་སར་བཞག་དད་པ་དང་དག་སྣང་ བྱ། རྗེ་བཙུན་ཏཱ་ར་ནཱ་ཐས། མཆོག་གསུམ་གྱི་རྟེན་ལ་ཡང༌། དཀོན་མཆོག་དངོས་ཀྱི་འདུ་ ཤེས་བཞགམཆོད་པ་འབུལ། དགེ་སློང༌། དགེ་སློང་མ། དགེ་བསྙེན། དགེ་བསྙེན་མ་རྣམས་ ལ་གུས་པ་བསྐྱེད་པ། རྟེན་གསུམ་ས་རྗེན་དང༌། འགོམ་ཡུག་ཏུ་བཏང་བ། བཙོང་སྟེ་སྐུ་གླུད་ཟ་ བ། གཏའ་མར་འཇོག་པ། དགེ་འདུན་གྱི་ན་བཟའ། ཆོས་གོས་ཀྱི་ཚལ་བུ་འགོམ་པ་སོགས་ སྤང་བ་ལ་བརྩོན་པར་བྱེད་དགོས་གསུངས། བསྡུ་བ་ལས། སྐྱེས་བུ་དམ་པ་དང་འགྲོགས་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱ་བ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ སྟེ་དགེ་བའི་རྟེན་བཞི་དང༌། དབང་པོའི་སྒོ་བསྡོམ་པ་དང༌། སེམས་ཅན་ལ་སྙིང་བརྩེ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པ་དང༌། སྡོམ་པ་ཅི་ནུས་ལེན་པ་སྟེ་དགེ་བའི་དངོས་པོ་ 8-1-160 བརྒྱད་གསུངས་པ་ལ་བསླབ་པར་བྱའོ། །ཞེས་དང༌། མྱང་འདས་ཆེན་པོར། གང་ཞིག་སངས་ རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་ སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་ཚོལ་ན། །འཚེ་ཞིང་གནོད་པའི་སེམས་དང་ བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་དང༌། སྐྱབས་གསུམ་བདུན་ཅུ་པ་ལས། དགེ་བསྙེན་ཉིད་དུ་དམ་བཅས་ནས། །སྐྱབས་གསུམ་པོ་ རྣམས་བསྲུང་བར་བྱ། །མུ་སྟེགས་གཞན་ལ་གུས་པ་དང༌། །ཕྱག་དང་མཆོད་པ་རྣམས་མི་བྱ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། ། གསུམ་པ་ཆ་མཐུན་གསུམ་ནི། ད་ལྟར་རང་ལ་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་ བའི་བཤེས་གཉེན་ལ། སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཐ་ན་སྐུའི་ གྲིབ་མ་ཙམ་ལ་ཡང་མི་འགོམ་པར་ཞབས་ཏོག་དང་བསྙེན་བཀུར་ལ་འབད། བླ་མ་དམ་ པ་དེས་བཀའ་ཇི་ལྟར་བསྩལ་པའི་གསུང་རྣམས་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་ བཞག་ནས་ཅི་གསུངས་དང་དུ་བླང་ཞིང་གསུང་གི་ཟུར་ཙམ་ཡང་མི་བཅགབླ་མའི་འཁོར་དང་ སློབ་མ་རང་གི་གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་དགེ་འདུན་དཀོན་མཆོག་ དངོས་ཀྱི་འདུ་ཤེས་བཞག་སྟེ་ལུས་ངག་ཡིད་གསུམ་གུས་པས་བསྟེན་ཞིང་མི་མཉེས་པ་སྐད་ ཅིག་མ་ཙམ་ཡང་མི་བྱ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་འདིར་སྐྱབས་ཡུལ་གྱི་གཙོ་བོ་ བླ་མ་ཡིན་པས། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ། དཀོན་ མཆོག་ཀུན་འདུས་ཀྱི་ངོ་བོ་ཤེས་པར་བྱས་ནས། ཅི་མཛད་ལེགས་མཐོང་དང༌། བློ་གཏད་ ཁྱེད་ཤེས་ཀྱི་སྒོ་ནས་བསྟེན་ཞིང་རྟག་ཏུ་གསོལ་འདེབས་ལ་འབད། གལ་ཏེ་རང་གི་སྒོ་གསུམ་ གྱི་སྤྱོད་པས་ཐུགས་སུན་ཕྱུང་ན་སྐྱབས་ཡུལ་ཐམས་ཅད་སྤངས་པར་འགྲོ་བས་སྙིང་རུས་དང་ ཞེ་བཅད་དྲག་པོས་བླ་མ་མཉེས་པའི་ཐབས་ལ་དུས་དང་རྣམ་པ་ཐམས་ཅད་དུ་འབད་པར་ 8-1-161 བྱ། འཇིག་རྟེན་འདིའི་བདེ་བ་ཐམས་ཅད་དང༌། ཐ་ན་ཚ་དམྱལ་དུ་བསེར་བུའི་ངད་ཕྲ་མོ་ཙམ་ ལྡང་བ་ཚུན་ཆད་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཡིན་པར་གསུངས། དེ་བཞིན་ དུ་སེམས་ལ་དགེ་བའི་རྣམ་རྟོག་སྐད་ཅིག་མ་ཞིག་སྐྱེས་པ་ཡང་དཀོན་མཆོག་གི་བྱིན་རླབས་ བསམ་གྱིས་མི་ཁྱབ་པའི་མཐུ་ཁོ་ན་ཡིན། སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་དཀོན་མཆོག་ རྣམ་རོལ་དུ་ཤེས་པའི་དད་པ་དང་དག་སྣང་སྦྱང༌། ཡང་ན་ཐེག་པ་སྤྱིའི་སྐྱབས་འགྲོ། བླ་མ་ ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་ འདུན་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་བཞི་སྐོར་དུ་གྲགས་པ་འདི་དག་ལ་ཡི་དམ་ དུ་བྱ། གཞན་ཡང་སྐྱབས་སུ་འགྲོ་བའི་བསྔགས་པ་བརྗོད་ཅིང༌། སྐྱབས་འགྲོ་ལ་བཀོད་དེ་ རང་གཞན་ཐམས་ཅད་ཀྱི་འདི་ཕྱིའི་བློ་གཏད་དཀོན་མཆོག་གསུམ་ལ་བཅའ་ཞིང་སྐྱབས་ འགྲོར་འབད། ཀུན་མཁྱེན་ཏཱ་ར་ནཱ་ཐས། འོ་ན་གསུམ་གྱིས་ཆོག་པ་ལ་དྲུག་གིས་ཅི་བྱ་སྙམ་ ན། དགོངས་པ་ཁྱད་པར་ཅན་གཞན་ཡོད་དེ། དེ་ཇི་ལྟ་བུ་ཞེ་ན། གསང་སྔགས་འདིར་བླ་མ་ ལས་སོགས་ལོགས་སུ་དང༌། མཆོག་ཐུན་གྱི་དངོས་གྲུབ་ཞུ་ཡུལ་ཐུན་མོང་མ་ཡིན་པའི་ཡུལ་ ཉིད་ཡི་དམ་གྱི་ལྷ་ཚོགས་དང༌། བར་ཆད་སེལ་བ་དང༌། གནས་སྐབས་ཀྱི་འདོད་དོན་རྣམས་ འགྲུབ་པའི་འཕྲིན་ལས་བཅོལ་དགོས་པའི་ཡུལ་ཆོས་སྐྱོང་རྣམས་ཡིན་པས་གལ་ཆེ་ཚུལ་གྱི་ སྒོས་སུ་ནན་ཆགས་བྱེད་པས་སྐྱབས་སུ་འགྲོ་བ་ཡིན། ཞེས་གསུངས་སོ། །སྐྱབས་འགྲོའི་རྒྱུ་ ནི། མདོ་རྒྱལ་མཚན་དམ་པ་ལས། གང་ཚེ་གང་ཞིག་སངས་རྒྱས་དང༌། །ཆོས་དང་དགེ་འདུན་ ལ་སྐྱབས་སོང༌། །ཞེས་པ་ནས། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་ གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་གང་གི་ཚེ་སྲིད་པ་འཁོར་བའི་སྡུག་བསྔལ་དང༌། ཞི་ བ་མྱང་འདས་ཀྱི་སྡུག་བསྔལ་མཐའ་དག་ལ་འཇིགས་ཤིང་སྐྲག་པ་དང༌། དེ་ལས་སྐྱོབ་པའི་ ནུས་པ་དཀོན་མཆོག་ལ་ཡོད་པར་ཡིད་ཆེས་པའི་དད་པ་གཉིས་ཡིན་ནོ། ། 8-1-162 སྐྱབས་འགྲོའི་ངོ་བོ་ནི། སྲིད་པ་འཁོར་བའི་སྡུག་བསྔལ་དང༌། ཞི་བ་མྱང་འདས་ཀྱི་སྡུག་ བསྔལ་ལས་འཇིགས་ཤིང་སྐྲག་ནས་དེ་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ ཡིད་ཆེས་ནས་བློ་ལིང་གིས་བསྒྱུར་ཏེ་སྐྱབས་སུ་བརྟེན་པར་དམ་བཅའ་བའི་བློ་དེ། སྐྱབས་ འགྲོའི་ངོ་བོ་ཡིན་ཏེ། སྤྱོད་འཇུག་ལས། བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་ བཟང་ལ་བདག་ཉིད་འབུལ། །ཞེས་གསུངས་པའི་ཕྱིར། སྐྱབས་སུ་འགྲོ་བའི་དུས་ཡུན་ནི། ཐེག་དམན་དག་དེང་ནས་ཇི་སྲིད་འཚོའི་བར་དང༌། ཐེག་ཆེན་པ་དག་དེང་ནས་བྱང་ཆུབ་སྙིང་ པོ་མ་ཐོབ་ཀྱི་བར་དུ་ཞེ་དམ་བཅའ་བའོ། ། དཀོན་མཆོག་གི་སྒྲ་དོན་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་ དཀོན་མཆོག་ཉིད། །ཅེས་གསུངས་པ་ལྟར་རཏྣའི་སྒྲ་དཀོན་མཆོག་དང་རིན་པོ་ཆེ་གཉིས་ཀ་ ལ་འཇུག་པས་འདིར་ཡང་རྣམ་པ་དྲུག་གིས་མཆོག་གསུམ་རིན་པོ་ཆེ་དང་འདྲ་བར་བསྟན་ པ་སྟེ། འཇིག་རྟེན་ན་རིན་པོ་ཆེ་འབྱུང་བ་དཀོན་པ་ལྟར་དཀོན་མཆོག་གསུམ་ཡང་བསྐལ་པ་ མང་པོར་ཚོགས་གཉིས་རྒྱ་ཆེན་པོ་བསགས་པས་ཐོབ་དགོས་པ་ལས་འབྱུ༵ང་བ༵་ཡང་དཀོན་ པའི་ཕྱི༵ར་དང༌། རིན་པོ་ཆེ་ལ་མ་དག་པའི་དྲི་མ་མེད་པ་ལྟར་མཆོག་གསུམ་ལ་སྒྲིབ་གཉིས་ ཀྱི་དྲི༵་མ་མེ༵ད་པའི་ཕྱིར་དང༌། རིན་པོ་ཆེ་ལ་རྒུད་པ་སེལ་ཞིང་འབྱོར་བ་སྟེར་བའི་མཐུ་ཡོད་པ་ ལྟར་མཆོག་གསུམ་ལ་མངོན་པར་མཁྱེན་པ་ལ་སོགས་པའི་ཡོན་ཏན་བསམ་མི་ཁྱབ་པ་དང་ མཐུ༵་ལྡ༵ན་པའི་ཕྱིར་དང༌། རིན་པོ་ཆེ་འཇིག་རྟེན་གྱི་རྒྱན་དུ་གྱུར་པ་ལྟར་དཀོན་མཆོག་གསུམ་ ཡང་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུར་གྱུར་པས་འཇི༵ག་རྟེ༵ན་གྱི་རྒྱན་མཆོག་ཏུ་ གྱུར་པའི་ཕྱིར་དང༌། རིན་པོ་ཆེ་བཅོས་མ་ལས་མཆོག་ཏུ་གྱུར་པ་ལྟར་དཀོན་མཆོག་གསུམ་ ཡང་འཇིག་རྟེན་ལས་འདས་པས་ཆོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འགྱུ༵ར་བ༵་མེ༵ད་པའི་ 8-1-163 ཕྱིར་དང་རིན་པོ་ཆེར་བསྟོད་སྨད་ལ་སོགས་པས་འགྱུར་བ་མེད་པ་ལྟར་དཀོན་མཆོག་གསུམ་ ཡང་འདུས་མ་བྱས་པའི་རང་བཞིན་ཡིན་པས་དད་པ་མ་དད་པ་ལ་སོགས་པའི་རྐྱེན་གྱིས་ནམ་ ཡང་འགྱུར་བ་མེད་པའི་དཀོ༵ན་མཆོ༵ག་ཉིད་ཡིན་ཕྱིར་རིན་པོ་ཆེ་དང་འདྲ་བའི་དཀོན་མཆོག་ གསུམ་ཉིད་ཅེས་བརྗོད་པས་སོ། ། ༢༽ ཕན་ཡོན་བསྟན་པ། གཉིས་པ་ཕན་ཡོན་བསྟན་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི་ནི་ཆོས་ ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། གང་སྐྱབས་སུ་སོང་བ་ཙམ་གྱིས་ཐར་པའི་ས་བོན་ཐེབ་པ་ དང༌། མི་དགེ་བའི་ལས་རིང་དུ་བྱེད་པ་དང༌། དགེ་བ་གོང་དུ་འཕེལ་བ་དང༌། སྡོམ་པ་ཀུན་གྱི་ རྟེན་གཞིར་འགྱུར་བ་དང༌། གནས་སྐབས་སུ་ཡང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་སྲུང་ཞིང༌། སྨོན་པ་ཡིད་བཞིན་དུ་འགྲུབ་པ་དང༌། རྟག་ཏུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ ཞིང་ཚེ་རབས་དྲན་པ་དང༌། འདི་ཕྱིར་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་ པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་ཏེ། མདོ་སྡེ་རྒྱན་ལས། སྐྱབས་སུ་འགྲོ་བ་ འདིར་སོང་དོན་ཆེན་ཏེ། །དེས་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་ སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། ཅེས་དང༌། ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་ འགྲོ་སྟེ། །མི་ཡི་ལུས་ནི་སྤངས་ནས་ཀྱང༌། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་དང༌། བསྡུ་བ་ ལས་ཀྱང༌། སྲུང་བ་ཆེན་པོ་དང་ལྡན་པ་དང༌། ལོག་པར་མོས་པའི་སྒྲིབ་པ་ཐམས་ཅད་ཟད་པ་ ཐོབ་པ་དང༌། སྐྱེས་བུ་དམ་པའི་ནང་དུ་བགྲང་བ་དང༌། སྟོན་པ་དང་ཆོས་གྲོགས་དང་བསྟན་པ་ ལ་དད་པའི་ལྷ་རྣམས་ཀྱིས་ཡིད་དུ་འོང་བ་སྟེ་བཞི་དང༌། བསོད་ནམས་ཆེན་པོ་དང༌། དགའ་ 8-1-164 བ་ཆེན་པོ་དང༌། ཏིང་ངེ་འཛིན་དང༌། རྣམ་པར་དག་པ་བཞི་སྟེ་ཕན་ཡོན་བརྒྱད་གསུངས་པ་ དང༌། མཛོད་ལས། གཞན་ལ་བསྙེན་གནས་ཡོད་མེད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་བསྙེན་གནས་ཀྱི་སྡོམ་པ་ཙམ་ཡང་སྐྱབས་སུ་མ་སོང་བ་ལ་མི་སྐྱེ་བར་གསུངས་ཤིང༌། སྐྱབས་གསུམ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། དེ་ནི་སྡོམ་བརྒྱད་ རྩ་བ་ཡིན། ཞེས་སྐྱབས་འགྲོ་ནི་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པའི་རྩ་བ་ཡིན་པར་གསུངས་ སོ། །དེ་ལས་གཞན་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། གསང་སྔགས་རྡོ་རྗེ་ཐེག་ པའི་དབང་སྐུར་བ་སོགས་ཐམས་ཅད་ཀྱི་སྔོན་དུ་སྐྱབས་འགྲོ་མཚན་ཉིད་ཚང་བ་འགྲོ་དགོས་ པ་སོགས་ཆོས་སྤྱིའི་རྩ་བ་སྐྱབས་འགྲོ་ཡིན་པར་གསུངས་པ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་ གཞི་ཡིན་ནོ། །དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་དད་པས་སྐྱབས་སུ་འགྲོ་བ་ལྟ་ཅི་ ཐ་ན་སངས་རྒྱས་ཞེས་བྱ་བའི་སྒྲ་ཙམ་རྣ་བར་ཐོས་པ་དང༌། སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་ ལ་འབྲེལ་བ་ཅུང་ཟད་ཙམ་བྱས་པ་རྣམས་ཀྱི་རྒྱུད་ལ་ཐར་བའི་ས་བོན་ཐེབ་ནས་མཐར་མྱ་ངན་ ལས་འདས་པ་འཐོབ་པར་འགྱུར་ཏེ། སྔོན་ཕག་གཅིག་ཁྱིས་དེད་ནས་མཆོད་རྟེན་ཞིག་ཡོད་ པ་ལ་བསྐོར་བ་བྱས་པས་དེའི་རྒྱུད་ལ་ཐར་བའི་ས་བོན་ཐེབས་པར་འདུལ་བ་ལས་གསུངས་ པ་དང༌། གཞན་ཡང་སཱཙྪ་གཅིག་གིས་མི་གསུམ་སངས་རྒྱས་ཟེར་བ་ཡིན་ཏེ། སྔོན་ལམ་ཀ་ ཞིག་ན་སཱཙྪ་ཞིག་ཡོད་པ་མི་ཞིག་གིས་མཐོང་སྟེ། འདི་ལྟར་བཞག་ན་ཆར་བས་འཇིག་པས་ མི་འཇིག་པར་བྱའོ་སྙམ་ནས་དྲུང་དེ་ན་ལྷམ་ཁྲད་དོར་བ་ཞིག་ཡོད་པ་བཀབ་ནས་བཞགཡང་ མི་གཞན་ཞིག་གིས་ལྷམ་ཁྲད་བཀབ་པ་མི་ལེགས་སོ་སྙམ་ནས་དོར་བས། དེ་གཉིས་ཀས་ བསམ་པ་བཟང་པོའི་འབྲས་བུས་ཕྱི་མ་རྒྱལ་སྲིད་ཐོབ་པ་ཡིན་ཏེ། ཇི་སྐད་དུ། བསམ་པ་ བཟང་པོས་མཆིལ་ལྷམ་ཞིག །ཐུབ་པའི་དབུ་ལ་བཞག་པ་དང༌། །གཞན་གྱིས་དེ་ཉིད་བསལ་ བྱས་པ། །གཉིས་ཀ་རྒྱལ་སྲིད་ཐོབ་པར་གསུངས༌། །ཞེས་དང་པོ་སཱཙྪ་འདེབས་པ་པོ་དང༌། 8-1-165 ལྷམ་འགེབས་པ་པོ་དང༌། ཐ་མར་དེ་བསལ་བ་པོ་དང༌། གསུམ་ཀ་ཡང་སྲིད་ཐོབ་ཅིང་མཐར་ ཐུག་ཐར་པའི་ས་ཐོབ་སྟེ། རིམ་གྱིས་འཚང་རྒྱ་བའང་ཡིན་ནོ། །དེས་ན་སྙིང་ཐག་པ་ནས་ དཀོན་མཆོག་ལ་སྐྱབས་སུ་སོང་ན་ཚེ་འདིའི་གནོད་པ་སེལ་བ་ལ་དེ་ལས་ལྷག་པ་མེད་ཅིང༌། ཕྱི་མ་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་འཐོབ་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ སྟེ། དཀོན་མཆོག་རྗེས་སུ་དྲན་པའི་མདོ་ལས། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །དམ་ པའི་ཆོས་ཀྱང་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་བསམ་མི་ཁྱབ། །བསམ་མིཁྱབ་ལ་ དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང༌། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ ཁམས་ནི་ཀུན་བཀང་ཡང༌། །དེ་ནི་དེ་བས་ལྷག་པར་འགྱུར༌། །ཞེས་དང༌། ཕར་ཕྱིན་བསྡུས་ པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ ཆུང༌། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་དང༌། དཀོན་ བརྩེགས་ལས། མི་གང་གསུམ་ལ་སྐྱབས་འགྲོ་ན། །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང༌། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང༌། །ཆོས་དང་དགེ་འདུན་འཐོབ་པར་འགྱུར། །ཞེས་ དང༌། དད་པའི་སྟོབས་བསྐྱེད་པ་ལས། རྒྱལ་བ་ཡི་ནི་རྟེན་གསུམ་ལ། །དད་པས་ཐལ་མོ་སྦྱར་ ན་ཡང༌། །ངན་འགྲོ་ལོག་པར་མི་ལྷུང་ཞིང༌། །ལྷ་དང་མི་ཡི་དཔལ་ཐོབ་ནས། །རྫོགས་པའི་ སངས་རྒྱས་འཐོབ་པར་འགྱུར། །ཞེས་དང༌། མདོ་སྡེ་བསྐལ་པ་བཟང་པོ་ལས། ནམ་མཁའ་ དག་ནི་ཚད་དག་བཟུང་བ་དང༌། །རྒྱ་མཚོ་ཆེན་པོ་མཐར་གྱི་བགྲང་ནུས་ཀྱིས། །སངས་རྒྱས་ དག་ལ་དད་པའི་ཤེས་ཙམ་གྱི། །བསོད་ནམས་ཚད་བཟུང་བར་ནི་ནུས་པར་དཀའ། །ཇི་སྲིད་ མྱ་ངན་འདས་བདེ་མ་རེག་པར། །དེ་རྣམས་མི་ཁོམ་སྡུག་བསྔལ་མྱོང་མི་འགྱུར། །དེ་བས་ རྒྱལ་བ་བསོད་ནམས་ཞིང་ཐོབ་ནས། །བག་ཡོད་མིས་ནི་བཀུར་སྟིས་མཆོད་པར་གྱིས། །ཞེས་ 8-1-166 སོགས་དཀོན་མཆོག་རྟེན་ལ་སྲི་ཞུ་བགྱིས་པའི་ཕན་ཡོན་གྱི་ཁྱད་པར་དང༌། གཞན་ཡང༌། ཉི་ མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་ བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང༌། །དེས་ནི་ ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང༌། ཚོམས་ལས། ཟླ་བ་རེ་རེར་མཆོད་སྦྱིན་སྟོང༌། །ལོ་བརྒྱ་འབྱེད་པ་གང་ཡིན་དེས། །སངས་རྒྱས་དད་པའི་བསོད་ནམས་གང༌། །བཅུ་དྲུག་ ཆར་ནི་མི་ཕོད་དོ། །ཞེས་སོགས་གསུངས་པ་ལྟར་ཕན་ཡོན་ཚད་མེད་པ་དང་ལྡན་པས་ན་ཆོས་ ཐམས་ཅད་ཀྱི་རྟེན་གཞི་སྐྱབས་སུ་འགྲོ་བའི་གནས་འདི་ལ་ནན་ཏན་དུ་བྱ་དགོས་སོ། །དེས་ མཆོག་གསུམ་ལ་སྐྱབས་སུ་སོང་བའི་ཁྲིད་ཚར། 2 ཐེག་པ་ཆེན་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། གཉིས་པ་ཐེག་ཆེན་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ་འདིར་བཤེས་ གཉེན་ཤ་ར་པའི་སློབ་མ་དགེ་བཤེས་གཏུམ་སྟོན་པ་བློ་གྲོས་གྲགས་ནས་བརྒྱུད་པའི་མན་ ངག་ལ། རྒྱུ་འབྲས་རིམ་པ་ལྔར་མཛད་པ་འདི་ཁར་འདུག ཡང་བྱ་ཡུལ་བའི་སློབ་མ་གཙང་ བ་རིན་པོ་ཆེ་ནས་བརྒྱུད་པ་དགེ་བཤེས་མུས་སྨན་པས་བཀོད་པའི་ཐེག་པ་ཆེན་པོ་བློ་སྦྱོང་གི་ རིམ་པ་ཟེར་བའི་བསྟན་རིམ་གྱི་ཡི་གེ་ན། འདི་སྐད་ཅེས་སྣང་སྟེ་ཐུན་མོང་མ་ཡིན་པ་ཐེག་པ་ ཆེན་པོ། ཨ་ཏི་ཤའི་རྒྱུ་འབྲས་བདུན་ལ། བློ་སྣ་རིམ་གྱིས་སྦྱོང་དགོས་གསུངས། དེ་ཡང་རྒྱུ་ འབྲས་རྣམ་པ་བདུན་གྱིདབང་དུ་བྱས་ན། རྒྱུ་མེད་རྐྱེན་མེད་མ་ཡིན་ཏེ་རྒྱུ་བྱང་ཆུབ་ཀྱི་སེམས་ ལས་སྐྱེ། དེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལས་སྐྱེ། དེ་སྙིང་རྗེ་ཆེན་པོ་ལས་སྐྱེ། དེ་ བྱམས་པ་ཆེན་པོ་ལས་སྐྱེ། དེ་ཡིད་དུ་འོང་བ་ལས་སྐྱེ། དེབྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་ ལས་སྐྱེ། དེ་མའི་འདུ་ཤེས་བསྒོམ་པ་ལས་སྐྱེ་སྐད་པ། དེ་རྣམས་རྒྱུ་འབྲས་བདུན་ཡིན་བྱ་བ་ 8-1-167 ཡོད་པས། རྒྱུ་འབྲས་བདུན་གྱི་ཐ་སྙད་ཀྱང་ཕྱིས་ཀྱི་གསར་བྱུང་རང་མིན་པ་གོ་དགོས་སོ། །དེ་ ལ་རྒྱུ་འབྲས་ཀྱི་དོན་བསམ་པ་ལ། བྱམས་པ་སྒོམ་པ། སྙིང་རྗེ་སྒོམ་པ། བྱང་ཆུབ་ཀྱི་སེམས་ སྒོམ་པ་གསུམ་ལས། འདིའི་ཐོག་མར་བྱམས་པ་ནས་སྨོས་ཀྱང༌། འདིར་ཉམས་སུ་བླང་བྱ་དང་པོར་བཏང་ སྙོམས་ནས་བློ་མ་སྦྱང་ན། བྱམས་པ་དང་སྙིང་རྗེ་སོགས་ཕྱོགས་རིས་ཅན་དུ་ཤོར་ནས་རྣམ་ པར་དག་པ་ཞིག་མི་འོང་བས་བཏང་སྙོམས་ནས་བློ་སྦྱོང་བ་ཡིན། བཏང་སྙོམས་ཞེས་བྱ་བ་ ནི། དགྲ་ལ་ཞེ་སྡང་དང༌། གཉེན་ལ་དགའ་གདུང་རྣམས་བཏང་སྟེ། སེམས་ཅན་ཐམས་ཅད་ ལ་ཉེ་རིང་དང་ཆགས་སྡང་མེད་པར་བློ་སྙོམས་པ་ལ་བཏང་སྙོམས་ཞེས་བྱ། ད་ལྟ་བདག་ཅག་ རྣམས་ཕ་མ་དང་གཉེན་འདུན་སོགས་རང་ཕྱོགས་ལ་ཤིན་ཏུ་ཆགས། དགྲ་དང་དེའི་ཕྱོགས་ ལ་ཞེ་སྡང་མི་བཟད་པར་བྱེད་པ་འདི་ཡང་རང་གིས་མ་བརྟགས་པའི་སྐྱོན་ཡིན། ཚེ་རབས་སྔ་ མ་རྣམས་སུ་ད་ལྟའི་དགྲ་འདི་རྣམས་ཀྱིས་ཀྱང་རང་གི་གཉེན་བྱས་ནས་བརྩེ་བས་འགྲོགས། མཐུན་པས་བསྐྱངས། ཕན་བཏགས་པ་ཡང་བསམ་གྱིས་མིཁྱབ། ད་ལྟ་གཉེན་དང་ཕ་མ་ འདི་རྣམས་ཀྱང་ཚེ་རབས་སྔ་མ་ལ་རང་གི་དགྲར་གྱུར་ཏེ་གནོད་པ་བྱས་པ་ཡང་དུ་མ་ཡོད་ དེ། འཕགས་པ་ཀ་ཏྱཱ་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །ལས་ངན་དགྲ་བོ་པང་ན་བཟུང༌། །ཆུང་ མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟར་དེས་ན་ད་ ལྟ་ཕ་མ་དང་བུ་རྒྱུད་དུ་འབྲེལ། །བརྩེ་གདུང་བསམ་གྱིས་མི་ཁྱབ་པ་བྱེད། དེ་ལ་སྡུག་བསྔལ་ དང་མི་འདོད་པ་འབྱུང་ན་མྱ་ངན་བསམ་མི་ཁྱབ་པ་བྱས། ད་ལྟ་རང་གི་དགྲ་རུ་གྱུར་པ་འདི་ རྣམས་ཀྱང་ཚེ་རབས་སྔ་མ་རྣམས་སུ་ཕ་མ་མ་བྱས་པ་ནི་སུ་ཡང་མེད། རང་གིས་ཐབས་ཀྱིས་ དེའི་ཡིད་དང་མཐུན་པར་བྱས་ན། གཉེན་དུ་འགྱུར་བ་ལ་ཚེགས་མེད་དེ། ཇི་སྐད་དུ། ཉེ་རིང་ ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ 8-1-168 ཅིང་དོན་བསམ་པ་ཅི་ནུས་སུ་བྱའོ། །སློབ་དཔོན་ཀ་མ་ལ་ཤཱི་ལས། བྱམས་པའི་སྔོན་དུ། བཏང་སྙོམས་འགྲོ་དགོས་པ་གསུངས་པ་ལྟར། ཉིད་ཀྱིས་མཛད་པའི་སྒོམ་རིམ་དུའང་དེ་ལྟར་ མཛད་དོ། །དེ་ནས་དང་པོ་བྱམས་པ་སྒོམ་པ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ ཅད་ལ་བློས་རྗེས་དཔྱོད་ཞིག་བཏང་སྟེ། ཕྱོགས་བཅུ་གང་དུ་ཕྱིན་ཀྱང་ནམ་མཁའ་ལ་མཐའ་ མེད་པ་བཞིན་དུ་འཇིག་རྟེན་ཁམས་ལ་མཐའ་མེད། འཇིག་རྟེན་གྱི་ཁམས་ཐམས་ཅད་རིགས་ དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ། དེ་ཐམས་ཅད་ཀྱང་དྲིན་ཅན་གྱི་ཕ་མར་ མ་གྱུར་པ་གཅིག་ཀྱང་མེད་དེ། སློབ་སྤྲིངས་ལས། ས་ཕྱོགས་གང་དུ་གནས་མ་བྱས་པའི་ས་ ཕྱོགས་དེ་ཡོད་མིན། །སེམས་ཅན་གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་ཡོད་མིན། །ཞེས་ གསུངས་པ་ལྟར། འཁོར་བ་ལ་ཐོག་མ་མེད། བདག་གི་སྐྱེ་བ་ལ་ཐོག་མ་མེད། བདག་སྐྱེ་ཤིའི་ ཕྲེང་བ་བརྒྱུད་ནས་འོངས་པ་ཡིན་པས་ས་ཕྱོགས་འདིར་མ་སྐྱེས་པའི་གནས་དང༌། ལུས་འདི་ མ་བླངས་ཞེས་དང༌། སེམས་ཅན་འདིའི་ལྟོར་མ་ཉལ་ཞེས་པའི་སེམས་ཅན་གཅིག་ཀྱང་མེད་ པས་བདག་གི་ཕ་མ་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་དེ། ཀླུ་སྒྲུབ་ཀྱི་ཞལ་ནས། མ་ ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུས་བགྲངས་ཀྱང་ས་ཡིས་ཡོང་མི་ལང༌། །ཞེས་ གསུངས་པས། མ་ཡང་དང་ཡང་དུ་བྱས་ཤིང་ཕན་པ་རྒྱ་ཆེན་པོ་ཡང་དང་ཡང་དུ་བཏགས་ པའི་དྲིན་ཅན་མ་ཡིན་པས་དྲིན་ལ་ལན་འཇལ་དགོས་གསུངས། དེ་བཞིན་དུ་སེམས་ཅན་ གཅིག་གིས་མ་བྱས་པ་བཞིན་དུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ ཀྱིས་མ་བྱས་པ་ཡང་ལན་གཅིག་གཉིས་མ་ཡིན་ཏེ། མ་ཡང་དང་ཡང་དུ་བྱས། ཕན་རྒྱ་ཆེན་ པོ་ཡང་དང་ཡང་དུ་བཏགས་ཏེ། ཇི་སྐད་དུ། སེམས་ཅན་ཀུན་གྱིས་མ་བྱས་ཤིང༌། །མ་ཡི་ནུ་ ཞོ་འཐུང་པ་ཡང༌། །རྒྱ་མཚོ་ཆེན་པོ་ཆུ་ལ་ཡང༌། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །སེམས་ཅན་ ཀུན་གྱིས་ཕ་བྱས་ཤིང༌། །རྟདང་གླང་པོ་བྱིན་པ་ཡང༌། །ཚངས་པའི་འཇིག་རྟེན་ལས་ཀྱང་ 8-1-169 ཐལ། །ཞེས་གསུངས། དེ་བཞིན་དུ་མཁན་པོ། བླ་མ། ཕ་མ། ཕུ་ནུ། སྲིང་མོ། མཛའ་གྲོགས། དགྲ་བོ། དུད་འགྲོ། ཡི་དྭགས། དམྱལ་བ། ལྷ་མི་སོགས་ལས་ཀྱི་དབང་གིས་ཚེ་རབས་ཐོག་ མ་རྣམས་སུ་ཕ་མར་གྱུར། མདོར་ན་ནམ་མཁའི་མཐར་ཁྱབ་པའི་སེམས་ཅན་ཐམས་ཅད་ ཕ་མར་མ་གྱུར་པ་མེད་དེ། མདོ་ལས། ཡུན་རིང་པོ་འདས་པ་ནས་སེམས་ཅན་གང་ཁྱེད་ཀྱི་ ཕའམ། མའམ། ཕུ་ནུའམ། སྲིང་མོའམ༌། སློབ་དཔོན་ནམ། མཁན་པོའམ། བླ་མའམ། བླ་ མའི་གནས་ལྟ་བུར་མ་གྱུར་པ་ངས་མཐོང་བར་དཀའོ། །ཞེས་གསུངས་པ་ལྟར། བདག་གི་ མར་མ་གྱུར་པའི་སེམས་ཅན་དེ་ནི་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ ཀྱིས་ཀྱང་མ་མཐོང་བས་འགྲོ་ཀུན་བདག་གི་མར་གྱུར་པ་ཤ་སྟག་གོ་སྙམ་དུ་ངེས་ཤེས་ཡང་ ཡང་དྲང༌། ད་ལྟའི་རྩ་བའི་མ་ཚེ་འདིའི་ལུས་བསྐྱེད་པའི་མ་ལ་ཟེར། མ་འདི་བདག་ལ་དྲིན་ཆེ་ བར་འདུགདང་པོར་ཟླ་བ་དགུ་འམ་བཅུའི་བར་དུ་ཁོག་ཏུ་བཟུང༌། ཕན་པའི་ཟས་སྤྱོད་བརྟེན། གནོད་པའི་ཟས་རྣམས་སྤངས། ཕྱིར་བཙའ་བའི་དུས་སྲིད་པ་ལས་ཀྱི་རླུང་གིས་མགོ་མཇུག་ བསྒྱུར་ཏེ། བཙའ་སྒོར་དྲངས་པ་ན་གྱད་སྟོབས་པོ་ཆེ་ཞིག་གིས་རྐང་པ་ནས་བཟུང་སྟེ་རྩིག་ ངོར་བརྒྱབ་པ་ལྟ་བུའི་སྡུག་བསྔལ་ཡོད། རུས་པའི་འཁྲུལ་འཁོར་གྱི་བར་ནས་འབྱུང་བའི་ ཚེ། ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་ཡོད། བཙའ་སྒོ་དོག་པ་རྣམས་ བཙའ་མི་ནུས་པར་དེ་ཉིད་དུ་འཆི་བའམ། ཡང་ན་མ་བུ་གཉིས་ཀ་འཆི་བ་དང༌། མིན་ཀྱང་ ཤི་ལ་ཐུག་པའི་སྡུག་བསྔལ་མྱོང་སྟེ། ཨོ་རྒྱན་ཆེན་པོས། མ་བུ་གཉིས་ཀས་གཤིན་ཡུལ་གོམ་ ཕྱེད་བོར། །མ་ཡི་ཁ་རུས་མ་གཏོགས་རུས་ཚིགས་ཕྱེ། །ཞེས་པ་ལྟར་རོ། །བྱ་སྤྱོད་གང་ཡང་མི་ ཤེས་པའི་འབུ་སྲིན་ལྟ་བུ་འཇིགས་ལ་སྐྱུག་བྲོ་བ་དེ་མའི་བརྩེ་བས་སོར་བཅུའི་རྩེ་ལ་བླངས། ཤའི་དྲོད་ལ་བཅར། ནུ་ཞོ་བསྣུན། ཟས་ཁས་སྙོད། མི་གཙང་བ་ཐམས་ཅད་ལག་པས་ཕྱིས། བརྩེ་བའི་སེམས་ཀྱིས་འཚོས། བྱམས་པའི་མིག་གིས་བལྟས་ཏེ་བསྐྱངས། ངག་གི་སྒོ་ནས་ 8-1-170 སྙན་པོའི་ཚིག་གིས་བོས། བསྟོད་རྒྱུ་མེད་ཀྱང་བསྟོད་ར་གཏོང༌། ཡོན་ཏན་མེད་ཀྱང་ཡོན་ཏན་ བརྗོད། མེ་ཆུ་གཡང་གསུམ་ལས་བསྲུངས། ཚ་གྲང་གི་གནོད་པ་ལས་བསྐྱབས། བཀྲེས་སྐོམ་ འབྱུང་ཚེ་བཟའ་བཏུང་བྱིན། འཁྱག་པའི་དུས་སུ་གོས་སྐོན། བྲིད་ཐབས་སྣ་ཚོགས་ཀྱིས་ཀྱང་ དགའ་བར་བྱས། ཡིད་ཀྱིས་ཀྱང༌། སྐད་ཅིག་ཀྱང་འབྲལ་མི་ཕོད་པར་སྙིང་གི་དུམ་བུར་ལྟ་ བུར་གཅེས། བཟའ་ལུགས་མི་ཤེས་པ་སོགས་བྱ་བ་སྣ་ཚོགས་བསླབ། འགྲོ་སྡོད་དང་གཏམ་ སྨྲ་ལུགས། བྱ་བྱེད་ལུགས། དགྲ་འདུལ་ལུགས། གཉེན་སྐྱོང་ཚུལ་སོགས་བུ་ཁོ་ལ་ཕན་པའི་ ཆེད་དུ་སློབ། ཆེར་སྐྱེས་པ་ན་རང་གི་འབྱོར་བ་ཡོད་ཚད་བུ་ལ་བྱིན། སྟོང་གསུམ་གྱི་ནོར་དང་ གཡོག་གི་གང་བ་བྱིན་ཀྱང་ཆེས་སྙམ་པ་མེད། ངས་མ་འདི་དེ་ཙམ་དུ་བདག་ལ་ཕན་འདོགས་ པ་ཡིན། མས་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བར་བྱེད་དགོས་གསུངས་པ་ལྟར། བདག་ལ་ བྱམས་པ། དྲིན་ཆེ་བའང་མ་འདི་དུས་དང་གནས་སྐབས་ཐམས་ཅད་དུ་བདེ་ན་ཅི་མ་རུང་སྐྱིད་ ན་ཅི་མ་རུང༌། མ་འདི་སྔོན་ཤན་པ་སོགས་སུ་སྐྱེས་ནས་སྡིག་ཟས་ཀྱིས་གསོས་པའང་མཐའ་ མེད། བུ་བསྲུང་ཕྱིར་མ་རང་ཉིད་ཤི་བའི་གྲངས་ཀྱང་ས་ཆེན་པོའི་རྡུལ་ལས་མང༌། གོས་ བསྐོན་པ་དང་རྒྱན་བཏགས་པའང་སྤུངས་ན་རི་བོ་མཆོག་རབ་ལས་ཀྱང་དཔངས་མཐོ། ནུ་ ཞོ་འཐུང་བའང་རྒྱ་མཚོ་བཞི་ལས་མང༌། རང་ཤི་བ་ལ་གདུང་བའི་སེམས་ཀྱིས་ངུས་པའི་མཆི་ མ་བསགས་ན་ཆུ་ཀླུང་བྱེ་བ་ཕྲག་བརྒྱས་མི་སྒྲུན། བུའི་དོན་དུ་སྡིག་པ་ལ་མ་བལྟས། སྡུག་ བསྔལ་ལ་མ་འཛེམས། གཏམ་ངན་ལ་མ་བལྟས་པར་བུའི་དོན་ཁོ་ན་བསྒྲུབས་པ་ཡིན། འདི་ ཙམ་དུ་ཕན་འདོགས་པའང་སྙམ་པ་ལ་སོགས་པ་གོང་བཞིན་བསྒོམ། སློབ་སྤྲིངས་ལས། ཉེ་དུ་ འཁོར་བའི་རྒྱ་མཚོའི་ཁུངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་སྣང་བཞིན་དུ། །སྐྱེ་ ཤི་འཕོས་པས་ངོ་མ་ཤེས་པར་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་ མེད། །ཅེས་གསུངས་པ་ལྟར། སེམས་ཅན་མཐའ་དག་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་ཙམ་ 8-1-171 ལས་མས་བརྗོད་ཀྱིས་མི་ལང་པའི་དྲིན་ཆེན་པོ་བྱིན་པའི་མ་དེ་རྣམས་འཁོར་བ་སྡུག་བསྔལ་ གྱི་རྒྱ་མཚོར་ལྷུང་བ་ཤེས་བཞིན་དུ་ཡལ་བར་དོར་བ་དེ་ལས་ངན་པའི་ཁྲེལ་བོར་བ་མེད། དགེ་བཤེས་བྱ་ཡུལ་བ་དང་སྣར་ཐར་བའི་ལུགས་ཀྱིས། སེམས་ཅན་ཐམས་ཅད་ཀྱིས་ད་ལྟའི་ རྩ་བའི་མ་བཞིན་དུ་མར་གྱུར་པ་ནི་ཡུལ་ཕྱོགས་རེ་རེ་ནས་བསྣན་གྱིན་བསྒོམ་པའི་ལུགས་ ཡོད་དེ། ལས་དང་པོ་པས་བསྒོམ་ཚུལ་ལ། འདི་ཁོ་ན་གནད་དུ་ཆེ། རང་ཉིད་གང་དུ་གནས་ པའི་ཡུལ་ཕྱོགས་སུ་མིའི་འགྲོ་བ་དགྲ་གཉེན་བར་མ་གསུམ། དུད་འགྲོ་ས་འོག་ས་སྟེང་བར་ སྣང་ལ་སྤྱོད་པ་གསུམ། ཡི་དྭགས་འདྲེ་སྲིན་ཡང་མཆོག་དམན་བར་གསུམ་ཅི་ཙམ་ཡོད། དེ་ ཐམས་ཅད་སྐྱེ་བ་དཔག་ཏུ་མེད་པའི་ཕ་མ་དང༌། ཕན་བཏགས་ཚུལ་སོགས་གོང་བཞིན་སྦྱར། དེ་བཞིན་རྒྱལ་ཁམས་རྒྱ་ཇེ་ཆེར་བསྣན་ཏེ། བོད་ཡུལ་གྱི་དབང་དུ་བྱས་ན། བོད་རིལ་པོ་ཙམ་ གྱི་འགྲོ་བ་རིགས་གསུམ་ལ་བསྒོམ། བོད་ཀྱི་ཤར་ན་རྒྱ་ནག ལྷོ་ན་རྒྱ་གར། ནུབ་ན་ཁ་ཆེ། བྱང་ན་ཧོར་དང་སྟག་གཟིག་སྟེ། རྒྱལ་ཁམས་དེ་རྣམས་ལ་གནས་པའི་འགྲོ་བ་རིགས་གསུམ་ ལ་བསྒོམ། དེ་ནས་གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ས་སྟེང་ན་འགྲོ་བ་རིགས་གསུམ་དང༌། ས་ འོག་ན་ངན་སོང་གསུམ་གྱི་འགྲོ་བ་སྣ་ཚོགས་དང་བཅས་པ་ལ་ཡང་གོང་བཞིན་བསྒོམ། རི་ རབ་ཀྱི་བང་རིམ་བཞི་ལ་རྒྱལ་ཆེན་རིགས་བཞིའི་ལྷ་དང༌། རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷ་ རྣམས་དང༌། ཁོང་སེང་ཆུ་མཚམས་མན་ཆད་ན་ལྷ་མ་ཡིན་གྱི་གཙོ་བོ་རྣམས་གནས་པའི་གྲོང་ ཡོད། དེ་དག་ན་གནས་པ་ལ་སྔར་བཞིན་བསྒོམ། དེ་ནས་གསེར་གྱི་རི་བདུན་དང༌། ཕྱིའི་ ལྕགས་རི་ཁོར་ཡུག་ཚུན་ཆད་དང༌། ཆུ་མཚམས་ཡན་ཆད་ལྷ་དང་གནོད་སྦྱིན་དུད་འགྲོའི་འགྲོ་ བ་དང༌། རི་རབ་ཀྱི་ཁོར་ཡུག་ཏུ་རོལ་མཚོ་བདུན་དང༌། ཕྱིའི་རྒྱ་མཚོ་ལ་ཀླུ་དང་ལྷ་མ་ཡིན་དང་ དུད་འགྲོ་སྣ་ཚོགས་གོ་མཚམས་མེད་པ་ཙམ་དུ་གནས། དེ་ཐམས་ཅད་ལ་སྔར་བཞིན་བསྒོམ། དུད་འགྲོའི་ནང་ན་རྫུ་འཕྲུལ་ཅན་གསུམ་ཡོད་དེ། མཁའ་ལ་སྤྱོད་པའི་བྱ་ཁྱུང་། ས་སྟེང་ན་ 8-1-172 སྤྱོད་པའི་མི་འམ་ཅི། ས་འོག་གམ་ཆུ་ལ་སྤྱོད་པའི་ཀླུ། དེ་རྣམས་ལ་སྒོས་སུ་བསྒོམ། དེ་ཡན་ ཆད་ཀྱི་ས་འོག་དབང་ཆེན་གསེར་གྱི་ས་གཞི་ཡན་ཆད། ཐད་ཀར་ཕྱིའི་ལྕགས་རི་ཚུན་ཆོད། སྟེང་དུ་སུམ་ཅུ་རྩ་གསུམ་མན་ཆད་ལ་བསྒོམ་ཚར། དེའི་སྟེང་དུ་མཐའ་བྲལ་དང༌། དགའ་ལྡན་ དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་རྣམས་ལ་རིམ་བཞིན་བསྒོམ། དེ་ནས་ གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་མཉམ་པའི་ཚངས་རིས། ཚངས་པ་མདུན་ ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་གནས་གསུམ་བསྣན། གཟུགས་ཁམས་ཀྱི་ གནས་ཀུན་ན་ལྷ་གཟུགས་ཁམས་པ་ཁོ་ན་མ་གཏོགས་འགྲོ་བ་གཞན་ལྔ་པོ་གང་ཡང་མེད། གནས་སོ་སོར་རང་རང་གི་ལྷ་ཁོ་ན་གནས་པ་ཡིན། སྤྱིར་ན་ཚངས་པའི་འཇིག་རྟེན་མན་ཆད་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་གཅིག་ན་ གནས་པའི་འགྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་གོང་བཞིན་བསྒོམ། ད་ནི་དེ་ཀ་འདྲ་བ་འཕྲེད་ལ་སྟོང་ཕྲག་གཅིག་གཤིབས་པའི་མཐར་ལྕགས་རི་གཅིག་ གིས་བསྐོར་བ། སྟེང་ན་འོད་ཆུང༌། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་ གནས་གསུམ་ཡོད་པའི་ནང་ནས། འོད་གསལ་བའི་གནས་ཆེན་པོ་གཅིག་གིས་སྟེང་ནས་ ཁེབས་པ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཏེ། དེ་ན་གནས་པའི་རིགས་དྲུག་ལ་སྔར་ བཞིན་བསྒོམ། ད་དེ་འདྲ་བ་སྟོང་ཕྲག་གཅིག་ཐད་ཀར་བསྒྲིགས་པའི་མཐའ་བསྐོར་དུ། སླར་ ཡང་ཁོར་ཡུག་གཅིག་གིས་བསྐོར་ཏེ། སྟེང་དུ་དགེ་ཆུང༌། ཚད་མེད་དགེ། དགེ་རྒྱས་ཏེ་བསམ་ གཏན་གསུམ་པའི་གནས་གསུམ་ཡོད་ལ། དེ་ཀུན་གྱི་སྟེང་ན་དགེ་རྒྱས་ཀྱི་གནས་གཅིག་གིས་ ཁེབས་པ་ཡིན་ཏེ། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་གཅིག་གི་འགྲོ་བ་རིགས་ དྲུག་ལ་སྔར་བཞིན་བསྒོམ། ཡང་དེ་འདྲ་བ་ཐད་ཀར་སྟོང་ཕྲག་གཅིག་བསྒྲིགས་པའི་ཐ་མ། སླར་ཡང་ཁོར་ཡུག་ཆེན་པོ་གཅིག་གིས་བསྐོར། འཇིག་རྟེན་གྱི་ཁམས་རེ་རེ་ལ་འོག་གཞི་ 8-1-173 གསེར་གྱི་ས་གཞི་རེ་རེ་ཡོད། དེ་རེ་རེའི་འོག་ན་ཆུའི་དཀྱིལ་འཁོར་རེ་རེ་ཡོད། ཆུའི་དཀྱིལ་ འཁོར་བྱེ་བ་ཕྲག་བརྒྱ་རླུང་གི་དཀྱིལ་འཁོར་གཅིག་ལ་བརྟེན། འོག་ཏུ་ནི་རླུང་གི་དཀྱིལ་ འཁོར་ཡན་ཆད། སྟེང་དུ་ནི། སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་བསམ་གཏན་ བཞི་པའི་གནས་ཕལ་བ་གསུམ། དེ་བཞིན་དུ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་ མཐོང༌། འོག་མིན་པ་རྣམས་བསྣན། འོག་མིན་པའི་གནས་གཅིག་པོ་དེས་སྟོང་གསུམ་ཁེབས། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་ཟེར། གཟུགས་མེད་ཁམས་ ཀྱི་སེམས་ཅན་ཡང་དཔག་ཏུ་མེད་པ་ཞིག་ཡོད་པ་དེ་དག་ཀྱང་བསྣན་ཏེ་ཁམས་གསུམ་འགྲོ་ བ་རིགས་དྲུག་གི་སེམས་ཅན་རྣམས་ལ་གོང་བཞིན་བསྒོམ། དེ་ནས་སྟོང་གསུམ་འདིའི་ཤར་ ཕྱོགས་ནས་ཕར་སྟོང་གསུམ་གྲངས་མེད་གཞལ་དུ་མེད། དཔེར་ན་སྟོང་གསུམ་གཅིག་ཡུངས་ འབྲུས་བཀང་ནས། ཡུངས་འབྲུ་དེ་ལས་གཅིག་བླངས་ཏེ་ཤར་ཕྱོགས་ཀྱི་སྟོང་གསུམ་གཅིག་ ཏུ་བཞགདེ་བཞིན་དུ་སྟོང་གསུམ་རེ་རེ་ལ་ཡུངས་འབྲུ་རེ་རེ་བཞག་སྟེ། མཐར་ཡུངས་འབྲུ་ ཟད་འགྲོ། ཤར་ཕྱོགས་ཀྱི་སྟོང་གསུམ་ལ་ཟད་པ་མེད། ཡང་དེ་བཞིན་བྱས་ཀྱང་ཡུངས་འབྲུ་ ཟད་སྟོང་གསུམ་མི་ཟད། ཡང་བསྐྱར་ཏེ་བྱས་ཀྱང་དེ་དང་འདྲ། དེ་འདྲ་བ་བསྐལ་པ་མཐའ་ མེད་དུ་བྱས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཟད་པ་མེད། དེ་དག་ཐམས་ཅད་འགྲོ་བ་རིགས་ དྲུག་གིས་གང་བ་ཡིན། དེ་ཐམས་ཅད་ལ་མར་ཤེས་པ། དྲིན་དྲན་པ་ནས་བྱམས་པ་བསྒོམ་ པའི་བར་གོང་བཞིན། དེ་ལྟར་ཤར་ཕྱོགས་སུ་མ་ཟད། ཕྱོགས་བཅུ་རབ་འབྱམས་ཐམས་ཅད་ ཀྱང་དེ་དང་འདྲ་སྟེ། ཕྱོགས་བཅུའི་ནམ་མཁའ་ལ་མཐའ་མེད། ནམ་མཁའི་གར་ཁྱབ་སྣོད་ ཀྱི་འཇིག་རྟེན་གྱིས་ཁྱབ། དེ་དག་ལ་རིགས་དྲུག་གི་སེམས་ཅན་གྱིས་ཁྱབ། དེ་ཐམས་ཅད་ དྲིན་ཅན་གྱི་ཕ་མ་ཡིན། ཕ་མ་ལན་གྲངས་དཔག་ཏུ་མེད་པ་བྱས། དེའི་དུས་སུ་ཕན་སྣ་ཚོགས་ བཏགས། གནོད་པ་སྣ་ཚོགས་བསལ། མ་རྒན་འདི་རྣམས་བདེ་བར་གྱུར་ཅིགསྐྱིད་པར་གྱུར་ 8-1-174 ཅིགབདག་གིས་འདི་རྣམས་བདེ་སྐྱིད་བླ་ན་མེད་པ་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། མདོ་ ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་ དམ་དུ་བསྲུང་བ་ནི། །སྐྱེས་བུ་དེ་ནི་སྐད་ཅིག་ཙམ། །བྱམས་པ་སྤྱད་པས་དམ་པ་མཆོག །གང་ ཞིག་འཇིག་རྟེན་འདི་རུ་ནི། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ ངེས་དག །བྱམས་སེམས་ཡེ་ཤེས་འཕྲལ་དུ་འབྱང༌། །བྱང་ཆུབ་སེམས་དཔའ་འགའ་ཞིག་ གིས། །འཇིག་རྟེན་ངན་པར་སྐྱེས་ན་ཡང༌། །འཇིགས་དང་དོགས་པ་མ་སྐྱེད་ཅིག །ངན་སོང་ ལྟུང་བའི་སྡིག་ཡོད་ཀྱང༌། །མགོ་བོ་ན་བ་ཙམ་གྱིས་འབྱང༌། །ཞེས་དང༌། མདོ་ལས། སེམས་ ཅན་ཀུན་ལ་བྱིན་པ་བས། །སྙིང་བརྩེ་གཅིག་ནི་ཁྱད་པར་འཕགས། །ཞེས་དང༌། བཅོམ་ལྡན་ འདས་ཀྱིས། ཆོས་ལ་གོམས་པའི་སྐྱེ་བོ་བདེ། །ཞེས་དང༌། ཚོམས་ལས། ཟླ་བ་རེ་རེར་མཆོད་ སྦྱིན་སྟོང༌། །ལོ་བརྒྱར་བྱེད་པ་གང་ཡིན་དེས། །སེམས་ཅན་རྣམས་ལ་བྱམས་པ་ཡི། །བཅུ་ དྲུག་ཆར་ནི་མི་ཕོད་དོ། །ཞེས་དང༌། མདོ་སྡེ་རྒྱན་ལས། བརྩེ་དང་ལྡན་པའི་སྙིང་རྗེས་སྦྱིན་ པ་གང༌། །ལོངས་སྤྱོད་དང་ནི་དེ་ལས་བྱམས་པ་དང༌། །རྗེས་སུ་བཟུང་བས་བསྐྱེད་དང་དེ་ཡི་ མཐུས། །བྱས་པའི་བདེ་བ་རྟག་ཏུ་འཕེལ་བར་འགྱུར། །ཞེས་དང༌། ཇི་སྐད་དུ། སེམས་ཅན་ མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་སོ། །བསོད་ནམས་ གསོག་པའི་མཆོག་ཀྱང་བྱམས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། རྫིའུ་ཚོད་སུམ་ བརྒྱའི་ཁ་ཟས་ཀྱིས། །ཉིན་རེ་དུས་གསུམ་བྱིན་པ་བས། །བྱམས་པ་སྐད་ཅིག་ཐང་ཅིག་གིས། །བསོད་ནམས་ལ་ཡང་ཆར་མི་ཕོད། །ཅེས་དང༌། གཞན་ཡང༌། ལྷ་མི་དགའ་བར་གྱུར་པ་དང༌། །དེ་དག་ཀྱང་ནི་སྲུང་བ་དང༌། །དུག་དང་མཚོན་གྱིས་མི་གནོད་དང༌། །ཡིད་བདེ་བ་དང་བདེ་ མང་དང༌། །འབད་པ་མེད་པར་དོན་ཐོབ་དང༌། །རྣམ་པར་གྲོལ་བར་མ་གྱུར་ཀྱང༌། །ཚངས་ པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །བྱམས་སོགས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་དང༌། སྤྱོད་ 8-1-175 འཇུག་ལས། མིག་གིས་སེམས་ཅན་ལྟ་ན་ཡང༌། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །ཞེས་ དང༌། ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས། ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ། ཕ་མ་ རྒས་འཁོགས་སོགས་ལ་བྱམས་པར་བྱས་ན། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་དང་ འདྲ་བར་གསུངས། མདོ་ལས། བཅོམ་ལྡན་འདས་ཀྱིས་ཀྱང༌། ཡུམ་གྱི་དྲིན་ལན་བསབ་ཕྱིར་ སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཆོས་གསུངས། བུས་ཕྲག་པ་གཡས་གཡོན་གཉིས་ སུ་ཕ་མ་གཉིས་ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱིས་ཞབས་ཏོག་བསྒྲུབས་ཀྱང་ཕ་ མའི་དྲིན་ལན་མི་འཁོར་ཞིང་ཕ་མ་ཆོས་ལ་བཙུད་ན་དྲིན་ལན་འཁོར་བར་གསུངས་པ་སོགས་ ཀྱི་དོན་རྣམས་ཡང་ཡང་བསམ་པར་བྱའོ། །དེ་རྣམས་ལ་ནང་ཚན་དམིགས་སྐོར་རང་བློ་དང་ འཚམ་པར་བྱ། སྐབས་འདིར་འཇིག་རྟེན་གྱི་རྣམ་གཞག་ཤེས་ན་གནད་ཆེའོ། །དེས་བྱམས་ པའི་ཁྲིད་ཚར་བ་ལགས། གཉིས་པ་སྙིང་རྗེ་བསྒོམ་པ་ནི། མ་རྒན་སེམས་ཅན་འདི་རྣམས་བདེ་ཞིང་སྐྱིད་པར་འདོད་ ཀྱང་བདེ་བ་དང་བདེ་བའི་རྒྱུ་ལ་མི་གནས། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལ་གནས། སྡུག་བསྔལ་གཏན་ནས་མི་འདོད་ཀྱང་སྡུག་བསྔལ་ཁོ་ན་འབྱུང༌། དམྱལ་བ་ན་ཚ་གྲང༌། ཡི་ དྭགས་ན་བཀྲེས་སྐོམ། དུད་འགྲོ་ན་གཅིག་ལ་གཅིག་ཟ། མཐོ་རིས་ན་ཚེ་ཐུང་བ། ནད་མང་ བ། དབང་ཆུང་བ། བཀྲེན་ཅིང་ཕོངས་པ། ལས་ཀྱིས་ངལ་ཞིང་དུབ་པ། ཆད་པས་བཅད་པ་ སོགས་སྡུག་བསྔལ་དངོས་ལ་སྤྱོད། སྤྱིར་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་དཔག་ཏུ་མེད་ པ་ལ་སྤྱོད། སྒོས་སུ་འགའ་ཞིག་ད་ལྟ་སྡུག་བསྔལ་དྲག་པོ་མེད་ཀྱང་སྡིག་པའི་ལས་རྔམ་པོ་ཆེ་ བསགས་པས་དབུགས་ཆད་མ་ཐག་ཏུ་དམྱལ་བར་མྱུར་དུ་སྐྱེ་དགོས་པ་འདིརྣམས། ད་ལྟ་སྡུག་ བསྔལ་མྱོང་བ་རྣམས་ལས་ཀྱང་སྙིང་རྗེ་བར་འདུགམ་རྒན་སེམས་ཅན་འདི་རྣམས་སྣང་བ་རེ་ འཁྲུལ་ཨ་ཙ་མ་ཅི་རང་དྲག་སྙམ་དུ་བསམ། དཔེར་ན། རང་གི་རྩ་བའི་མ་དེ་མིག་ནི་ལོང༌། 8-1-176 རྐང་པ་ནི་ཆགལོང་ཁྲིད་ནི་མེད། འཁར་བ་ནི་བོར། གད་ཁ་ནས་མར་ལྷུང་ལ་ཁད་ཁད་དུ་ འདུག་ན། བདག་གིས་གཞན་གང་ལ་ཡང་མ་བལྟས་པར་ཧམ་རྒྱུགས་བྱས་ཏེ་འཛིན་དགོས་ པ་ལྟར། མ་རྒན་འགྲོ་བ་འདི་རྣམས་ཤེས་རབ་ཀྱི་མིག་ནི་ལོང༌། ཐབས་ཀྱི་རྐང་པ་ནི་ཆགདགེ་ བའི་བཤེས་གཉེན་ནམ་གྲོགས་བཟང་པོས་ལོང་ཁྲིད་བྱེད་པ་ནི་མེད། བསོད་ནམས་ཀྱི་འཁར་ བ་དང་ནི་བྲལ། ཡིད་ལ་དྲན་དུ་ཡང་མི་རུང་བའི་སྡིག་པ་ཐམས་ཅད་ནི་ལག་ལེན་དུ་ཡང་ཡང་ བཏབ། མཐོ་རིས་ཀྱི་ལམ་ནས་རྡོག་འཆོས་ཏེ། ངན་སོང་གསུམ་གྱི་གཡང་ལ་ལྷུང་ལ་ཁད་ པ་སྡུག་བསྔལ་གྱི་རྒྱུ་མི་བཟད་པ་ལ་གནས་པ་འདི་རྣམས་སྙིང་རེ་རྗེ། ད་ནི་འདི་རྣམས་ངས་ སྡུག་བསྔལ་ལས་དངོས་སུ་མ་བསྐྱབས་པའི་ཐབས་མེད། དེས་ན་ངན་སོང་གསུམ་ན་ནི་ཚོར་ བ་སྡུག་བསྔལ་དངོས་ལ་གཙོ་བོར་སྤྱོད། བདེ་འགྲོ་གསུམ་ན་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་ལ་ གཙོ་བོར་སྤྱོད། དེ་དག་གི་སྡུག་བསྔལ་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པ་ལྟར་དྲན་ པར་བྱ། སྡུག་བསྔལ་དེ་བདག་གི་ཐོག་ཏུ་བབ་ན་ཆ་ཤས་ཙམ་ཡང་མི་བཟོད། བདག་གིས་ མི་བཟོད་པ་ཞིག་མ་རྒན་འདི་རྣམས་ཀྱིས་ཀྱང་ག་ལ་བཟོད། དེ་འདྲ་བའི་སྡུག་བསྔལ་དངོས་ སུ་ཡང་མྱོང་ཞིང་སྡུག་བསྔལ་གྱི་རྒྱུ་ཟད་མི་ཤེས་པ་ལ་རིམ་གྱིས་རིམ་གྱིས་སྤྱད་པའི། སྡུག་ བསྔལ་ནས་སྡུག་བསྔལ་བརྒྱུད་མར་འབྱུང་བ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་སྡུག་བསྔལ་ ཐམས་ཅད་དང་བྲལ་བར་གྱུར་ཅིགསྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་ དང་བྲལ་བར་གྱུར་ཅིགམ་རྒན་འགྲོ་དྲུག་གི་སེམས་ཅན་འདི་རྣམས་སྡིག་པ་དང་སྡུག་བསྔལ་ ཐམས་ཅད་ལས་བདག་གིས་བསྐྱབ་པར་བྱ། སྡུག་བསྔལ་གྱི་གནས་འཁོར་བ་ལས་འདྲེན་ པར་བྱ་སྙམ་དུ་ཡང་ཡང་བསམ། སྔར་བྱམས་པའི་སྐབས་སུ་བཤད་པ་བཞིན་རིམ་གྱིས་རིམ་ གྱིས་ཐམས་ཅད་ལ་རྒྱ་བསྐྱེད་དེ་བསྒོམ་ན་ལེགས་པར་འོང་ངོ༌། །དེ་ནས་བྱམས་པ་རེ་ལ་སྙིང་ རྗེ་རེ་སྤེལ་མར་བསྒོམ། མདོ་ལས། གང་ལ་མགོ་མཆིས་པ་ལ་འཚོ་བ་མཆིས་སོ། །གང་ལ་ 8-1-177 སྙིང་རྗེ་མཆིས་པ་ལ་བྱང་ཆུབ་ཀྱི་སེམས་མཆིས་སོ། །གང་ལ་བྱང་ཆུབ་ཀྱི་སེམས་མཆིས་པ་ ལ་སངས་རྒྱས་མཆིས་སོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལས། སངས་རྒྱས་ཐོབ་པར་ འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། །ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་ གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་དང་རྒྱལ་སྲས་ཞི་བ་ལྷས། གང་ཞིག་ལུས་ ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་ལྟར། །དེ་བཞིན་སེམས་ ཅན་གནོད་པ་བྱས་ན་ཡང༌། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་གསུངས་ པ་ལྟར། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱལ་པོའི་སྐུའི་རིམ་གྲོར། བོན་པོ་ རྣམས་ཀྱིས་ཤ་མཆོད་དང་ཁྲག་མཆོད་བྱས་པའི་ཚེ། ཨོ་རྒྱན་སངས་རྒྱས་གཉིས་པ། པཎ་ ཆེན་བི་མ་མི་ཏྲ། མཁན་ཆེན་བྱང་ཆུབ་སེམས་དཔའ་ལ་སོགས་པཎ་གྲུབ་རྣམས་ཀྱིས་བོན་ པོའི་ཡས་ལ་གཟིགས་ནས་ཐུགས་ཤིན་ཏུ་མ་དགའ་སྟེ། བསྟན་པ་གཅིག་ལ་སྟོན་པ་གཉིས་ མི་འོང༌། །ཆོས་ལུགས་གཅིག་ལ་བྱེད་ལུགས་གཉིས་མི་འབྱུང༌། །ཆོས་ཀྱི་ཁྲིམས་དང་མི་ མཐུན་བོན་ལུགས་འདི། །སྡིག་པ་ཕལ་གྱི་ཐུན་མོང་མ་ཡིན་པས། །འདི་འདྲ་བྱེད་བཅུག་ངེད་ རྣམས་རང་ཡུལ་འགྲོ། །ཞེས་གསུངས་པ་དང༌། སྔོན་དགེ་བཤེས་སྟོན་པའི་དྲུང་དུ་སྐུ་མཆེད་ གསུམ་དང་ཁམས་ལུང་པའི་སློབ་མ་ཡིན་པའི་བཙུན་པ་ཞིག་མཇལ་དུ་བྱུང་བ་ལ། སྟོན་པས་ པོ་ཏོ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་གིས་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ ཆོས་གསུང་གིན་གདའ་ཞུས་པས། ངོ་མཚར་ཆེ། དེ་ཡང་གཅིག་ཡིན་གསུངས། དགེ་བཤེས་ ཕུ་ཆུང་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། རང་གཞན་གྱི་ཡོ་བྱད་མང་པོས་རྟེན་ གསུམ་འབའ་ཞིག་བཞེངས་ཤིང་གདའ་ཞུས་པས་སྔར་བཞིན་གསུངས། དགོན་པ་བ་ཁོང་ཅི་ མཛད་ཀྱིན་གསུངས་པས། ཁོང་སྒོམ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས། སྔར་བཞིན་ 8-1-178 གསུངས། ཁམས་ལུང་པ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་པ་གྲོགས་ཁ་རེ་རུ་ བཞུགས། དབུ་བཏུམས་ཏེ་བཤུམ་པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས། སྟོན་པས་དབུ་ ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་ཕྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་ གསུངས། ཁམས་པ་ལུང་པ་ཁོང་དབུ་བཏུམས་ནས་བཤུམ་པ་འབའ་ཞིག་མཛད་པའི་ཚེ། འཁོར་བ་ན་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ལ་དགོངས་ནས་སྙིང་རྗེ་ཁོ་ན་བསྒོམས་ ཏེ་བཤུམ་པ་ཡིན། དེ་བཞིན་དུ་བྱམས་པ་དང་སྙིང་རྗེ་གཉིས་པོ་འདི་གལ་ཆེ་བའི་རྒྱུ་མཚན་ མང་པོ་སྤྱན་སྔ་བས་གསུངས་པའི་ཚེ། གླང་ཐང་པས་ཕྱག་མཛད་དེ། བདག་དུས་འདི་ནས་ བཟུང་སྟེ་བྱམས་སྙིང་རྗེ་འབའ་ཞིག་བསྒོམ་པར་ཞུ་ཞུས་པས། དགེ་བཤེས་གཉེན་པས་དབུ་ ཞྭ་ཕུད། ཤིན་ཏུ་ཡང་ཆ་བཟང་ལེགས་ཞེས་ལན་གསུམ་གསུངས། དེས་ན་སྡིག་པ་སྦྱོང་བ་ལ་ ཡང་སྙིང་རྗེ་ལས་ལྷག་པའི་ཆོས་མེད་ཅིང༌། བྱང་ཆུབ་ཀྱི་སེམས་ཐུན་མོང་མ་ཡིན་པ་རྒྱུད་ལ་ སྐྱེ་བའི་རྒྱུ་མ་ནོར་བ་ཡིན་པས་ཐབས་དུ་མའི་སྒོ་ནས་སྙིང་རྗེ་འདི་བསྒོམ་པ་ལ་འབད་དགོས། དམིགས་ཚན་རང་བློ་དང་མཐུན་པར་བྱ། དེས་སྙིང་རྗེ་བསྒོམ་པའི་ཁྲིད་ཚར་བ་ལགས། ༣ བྱང་ཆུབ་ཀྱི་སེམས་སྒོམ་པ། གསུམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། བློ་སྟོབས་ཀྱི་ཁྱད་པར་གྱིས་དབྱེ་ན་གསུམ་ ཡོད་དེ། རྒྱལ་པོ་རྣམས་དང་པོ་རང་ཉིད་ཀྱིས་ཕ་རོལ་གྱི་སྡེ་ཐམས་ཅད་ཟིལ་གྱིས་མནན། རང་ཕྱོགས་ཀྱི་དཔུང་བསྟོད་དེ་སྔོན་ལ་རང་ཉིད་རྒྱལ་པོ་བྱས་ནས་དེ་རྗེས་སུ་སྡེ་མངའ་རིས་ སྐྱོང་བར་འདོད་པ་བཞིན་དུ། ཐོག་མར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱས་ 8-1-179 ནས། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་ རྒྱལ་པོ་ལྟ་བུའི་སེམས་བསྐྱེད། མཉན་པ་ཞེས་བྱ་བ་གྲུ་བ་རྣམས་ཀྱི་རང་དང་གྲུར་ཞུགས་ པའི་མི་ལ་སོགས་པ་ཐམས་ཅད་མཉམ་དུ་ཆུའི་ཕ་རོལ་དུ་འགྲོ་བར་འདོད་པ་ལྟར། རང་དང་ སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ ལྟ་བུའི་སེམས་བསྐྱེད། ཕྱུགས་རྫི་རྣམས་ཀྱིས་དང་པོར་ཕྱུགས་ལུག་རྣམས་རྩྭ་ཆུ་རྙེད་པ་དང༌། འཕར་སྤྱང་སོགས་ཀྱིས་གནོད་པ་མེད་པར་བྱས་ཏེ་སྔོན་དུ་དེད། རང་ཉིད་དེའི་ཕྱི་བཞིན་ འབྲངས་ཏེ་རྗེས་ནས་འོང་བ་དང་འདྲ་བར། སྔོན་ལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས་ཕྱི་ནས་རང་ཉིད་འཚང་རྒྱ་བར་འདོད་པ་ དང་གསུམ་ལས། དང་པོ་རྒྱལ་པོ་ལྟ་བུ་ནི་འདོད་ཆེན་པོའི་སེམས་བསྐྱེད་ཅེས་བྱ་སྟེ། བློ་སྟོབས་ཐ་མ་ཡིན། གཉིས་པ་མཉན་པ་ལྟ་བུ་ནི། ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱ་སྟེ། བློ་སྟོབས་འབྲིང་བོ་ ཡིན་ཞིང༌། དཔེར་ན་རྗེ་བཙུན་བྱམས་པ་ལྟ་བུའི་སེམས་བསྐྱེད་ཡིན་པར་གསུངས། རྫི་བོ་ལྟ་ བུ་ནི་དཔེ་མེད་པའི་སེམས་བསྐྱེད་ཅེས་བྱ་སྟེ། ཤིན་ཏུ་བློ་སྟོབས་ཆེན་པོ་དང་ལྡན་པ། དཔེར་ ན་རྗེ་བཙུན་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ལྟབུའི་སེམས་བསྐྱེད་ཡིན་པར་ གསུངས་པ་ཡིན། ས་མཚམས་ཀྱི་དབྱེ་ན། ཚོགས་ཀྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད། ས་དང་པོ་ ནས་བདུན་པའི་བར་ལ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པའི་ས་གསུམ་ན་རྣམ་ པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཞི་ ཡོད། སེམས་བསྐྱེད་རང་གི་ངོ་བོས་དབྱེ་ན་ཀུན་རྫོབ་སེམས་བསྐྱེད་དང༌། དོན་དམ་སེམས་ བསྐྱེད་གཉིས་ཡོད། ཀུན་རྫོབ་སེམས་བསྐྱེད་ལ་ཡང་ནང་གསེས་ཀྱི་དབྱེ་བ་གཉིས་ཏེ། སྨོན་ 8-1-180 པ་སེམས་བསྐྱེད་དང༌། འཇུག་པ་སེམས་བསྐྱེད་གཉིས། བྱམས་པའི་ཞལ་ནས། སེམས་ བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། སྤྱོད་ འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་ མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར། དང་ པོ་ངས་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བདག་ སངས་རྒྱས་ཀྱི་སར་འགྲོ་བར་འདོད་པ་ལྟ་བུ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སྦྱིན་ པ་གཏོང༌། ཚུལ་ཁྲིམས་བསྲུང༌། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ ལ་མཉམ་པར་འཇོགཤེས་རབ་ལ་བློ་སྦྱང་སྙམ་ནས་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དངོས་ སུ་སློབ་པ་ནི། འགྲོ་བ་དངོས་ལྟ་བུ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཡིན། དེ་ལྟ་བུའི་ སྨོན་འཇུག་གཉིས་ཀ་ཀུན་རྫོབ་སེམས་བསྐྱེད་ཡིན་ཞིང༌། ཚོགས་སྦྱོར་གྱི་ལམ་དུ་དེ་ལྟ་བུའི་ སེམས་བསྐྱེད་ལ་བརྟེན་ནས་ཡུན་རིང་པོར་བློ་སྦྱངས་པའི་མཐུ་ལས། མཐར་མཐོང་ལམ་དུ་ ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད། སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་སྟོང་ པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་དོན་དམ་པའི་སེམས་བསྐྱེད་ཡིན། དེ་ནས་དགའ་ བ་བསྒོམ་པ་ནི། གང་ལ་ཡང་རིགས་རུས་སྟོབས་འབྱོར་མངའ་ཐང་དང་ལྡན་པ་ལ་སོགས་ མཐོ་རིས་ཀྱི་ཡུལ་ན་བདེ་ཞིང་སྐྱིད་པ། ཚེ་རིང་བ། འཁོར་མང་བ། ལོངས་སྤྱོད་དང་ལྡན་པ་ ཞིག་དམིགས་ཡུལ་དུ་བསམ་ནས། དེ་ལ་འགྲན་སེམས་དང་ཕྲག་དོག་མེད་པར་ད་རུང་འདི་ བས་ཀྱང་མངོན་མཐོའི་དཔལ་གྱིས་འབྱོར་ཞིང༌། འཚེ་བ་མེད་པ། ཤེས་རབ་ཆེ་བ་ལ་སོགས་ ཕུན་སུམ་ཚོགས་པ་དུ་མས་འབྱོར་བར་ཤོག་ཅིག སེམས་ཅན་གཞན་རྣམས་ཀྱང་འདི་ལྟ་བུའི་ གོ་འཕང་ལ་གནས་ན་ང་རེ་དགའ་སྙམ་དུ་ཡང་དང་ཡང་དུ་བསྒོམ། དང་པོ་སྐྱེ་སླ་བ་རང་གི་ཉེ་ 8-1-181 བ་དང་མཛའ་བཤེས་སོགས་ལ་དམིགས་ནས་དགའ་བ་བསྒོམ། དེ་ནས་རང་ལ་གནོད་པའི་ དགྲ་དང༌། ཁྱད་པར་ཕྲག་དོག་གི་གནས་སུ་གྱུར་པ་ཐམས་ཅད་ལ་གོང་བཞིན་རིགས་རུས་ སྟོབས་འབྱོར་སོགས་སྦྱར་ནས་བསྒོམ། དེས་ན་ཕྲག་དོག་ཅན་གྱི་གང་ཟག་དེ་ལ་སངས་རྒྱས་ དངོས་སུ་བྱོན་ཀྱང་འདྲེན་མི་ནུས་ཏེ། གཞན་གྱི་ཡོན་ཏན་མི་མཐོང༌། ཡོན་ཏན་མ་མཐོང་ན་ དད་པ་མི་སྐྱེ། དད་པ་མ་སྐྱེས་ན་བྱིན་རླབས་མི་འཇུགདཔེར་ན་ལྷས་བྱིན་དང་ལེགས་སྐར་ ལྟ་བུ་ཡིན། བསམ་པ་ངན་ན་རྣམ་པ་དགེ་བ་ལྟར་སྣང་བ་རྣམས་ཀྱང་དོན་དུ་མི་དགེ་བར་ འགྱུར་བས། དུས་དང་རྣམ་པ་ཐམས་ཅད་དུ་བསམ་པ་བཟང་པོ་ལ་བསླབ་དགོས། ཇི་སྐད་ དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང༌། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས། བསམ་པ་བཟང་ན་ས་དང་ལམ་ཡང་ཅི་ལྟར་བཟང་ན། སྔོན་རྒན་མོ་མ་བུ་ གཉིས་ལག་སྦྲེལ་བྱས་ནས་ཆུ་ཆེན་པོ་ཞིག་ལ་འབོག་པས། མ་བུ་གཉིས་ཀ་ཆུས་ཁྱེར་སོང༌། མའི་བསམ་པ་ལ་བུ་མོ་འདི་ཆུས་མི་ཁྱེར་བ་ཞིག་བྱུང་ན་ང་རང་ཆུས་ཁྱེར་ཀྱང་ཁྱེར་སྙམ། བུ་ མོའི་བསམ་པ་ལ། ཨ་མ་ཆུས་མ་ཁྱེར་ན་ང་རང་ཆུས་ཁྱེར་ཀྱང་ཁྱེར་སྙམ། གཉིས་ཀས་གཅིག་ གིས་གཅིག་ལ་བསམ་པ་བཟང་པོ་བྱེད་བཞིན། ཆུ་ནང་དུ་ཤི་བས་གཉིས་ཀ་ཚངས་པའི་ འཇིག་རྟེན་དུ་སྐྱེས་པ་ཡིན། དེ་ནས་སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པ་ལ། བྱང་ཆུབ་སྨོན་པའི་བསླབ་བྱ་ལ། བདག་གཞན་མཉམ་པ་བརྗེ་བ། བདག་བས་གཞན་གཅེས་བསྒོམ་པ་གསུམ། འཇུག་པའི་ བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླང་བ་རྣམས་ལས། དང་པོ་བདག་གཞན་མཉམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། ཁམས་གསུམ་གྱི་ སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་པར་འདོད། སྡུག་བསྔལ་སྣ་གཅིག་ཀྱང་མི་ 8-1-182 འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་བསྒྲུབ་མི་ཤེས། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཁོ་ ན་ལ་བརྩོན་པས་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ཏེ། སྡུག་བསྔལ་འབའ་ཞིག་ གིས་གདུང་བའི་སེམས་ཅན་འདི་ཐམས་ཅད་ནི་ཐོག་མ་མེད་པའི་དུས་ནས་བདག་གི་ཕ་མ་ མ་བྱས་པ་ནི་གཅིག་ཀྱང་མེད། བདག་ད་རེས་མཚན་ལྡན་གྱི་བླ་མ་དམ་པས་རྗེས་སུ་བཟུང༌། དམ་པའི་ཆོས་ཀྱི་སྒོར་ཞུགས། ཁེ་ཉེན་གྱི་ཁྱད་པར་ཤེས་པས། རྨོངས་པའི་གཞན་དབང་དུ་ གྱུར་པའི་མ་རྒན་སེམས་ཅན་ཐམས་ཅད་བདག་བས་གཞན་གཅེས་ཀྱི་བསམ་པས་བརྩེ་བས་ བསྐྱང༌། ལོག་སྒྲུབ་དང་ཕྱོགས་རིས་སོགས་བཟོད་པར་བྱས་ཏེ། དགྲ་གཉེན་མཉམ་པ་ཉིད་ དུ་བསྒོམ་པར་བྱ་སྙམ་དུ་ཡང་ཡང་བསྒོམ། རང་ལ་སྡུག་བསྔལ་གྱིརྣམ་པ་ཕྲ་མོ་ཙམ་ཡང་སྤོང་ བ་ལ་བརྩོན་པ་ལྟར། གཞན་ལ་ཡང་སྡུག་བསྔལ་ཕྲ་མོ་ཚུན་ཆད་སྤོང་བ་ལ་བརྩོན། རང་ལ་ བདེ་སྐྱིད་དང་ལོངས་སྤྱོད་སོགས་ཡོད་ན་དགའ་བ་ལྟར། གཞན་ལ་བདེ་སྐྱིད་དང་ལོངས་སྤྱོད་ སོགས་ཡོད་པ་ལ་དགའ་བ་བསྒོམ། མདོར་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རང་ དང་ཁྱད་མེད་དུ་བལྟས་ནས། འཕྲལ་དང་ཡུན་གྱི་བདེབ་འབའ་ཞིག་སྒྲུབ་པའི་ཐབས་ཁོ་ན་ ལྷུར་ལེན་དགོས་པ་ཡིན། རྗེ་དམ་པ་སངས་རྒྱས་ལ། དྲུང་པ་གཟི་རྣ་ཅན་གྱིས་གདམས་ངག་ ཚིག་གཅིག་གིས་ཆོག་པ་ཞིག་ཞུས་པས། ཁྱེད་རང་ཅི་ལྟར་འདོད་པ་དེ་གཞན་རྣམས་ཀྱང་དེ་ ལྟར་འདོད་པ་ཡིན་པས་དེ་དང་སྦྱོར་ཅིག་གསུངས། དེས་ན་རང་གཅེས་པར་འཛིན་པ་དང༌། གཞན་ལ་སྡང་བར་འཛིན་པའི་ཆགས་སྡང་གི་བློ་ངན་རྩ་བ་དྲུངས་ནས་ཕྱུང་སྟེ་བདག་གཞན་ མཉམ་པ་ཉིད་དུ་བལྟ་བར་བྱའོ། །འདི་ལྟར་ཡང༌། རྗེ་ཏཱ་ར་ནཱ་ཐས། བདག་ཉིད་བདེ་ཞིང་སྐྱིད་ པ་ན། །མར་གྱུར་འགྲོ་བ་ཐམས་ཅད་ཀྱང༌། །སྐྱིད་པར་འདོད་པ་ཁོ་ན་ཡིན། །བདག་བདེ་ གཅིག་པུས་མི་ཕན་གྱི། །འདི་ཀུན་བདེ་བ་ཐོབ་ན་སྙམ། །ཡང་ཡང་ཡིད་ལ་བསམ་པར་ཞུ། །ཞེས་གསུངས་སོ། །གཉིས་པ་བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་ནི། བདག་གཞན་ 8-1-183 བརྗེ་བ་འདི་མེད་དུ་མི་རུང་བའི་ཆོས་མཐར་ཐུག་པ་ཡིན་པས། སྔོན་དགེ་བཤེས་འཆད་ཁ་བ་ དེ། གསར་རྙིང་གི་ཆོས་མང་པོ་མཁྱེན་པ་ལ། སྐབས་ཤིག་དགེ་བཤེས་ལྕགས་ཤིང་བའི་དབུ་ སྔས་ན། དཔེ་ཆུང་པོ་ཏི་བཞུགས་པ་དེའི་ཞལ་ཕྱེ་ནས་གཟིགས་པས། ཁེ་དང་རྒྱལ་ཁ་གཞན་ ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང༌། །ཟེར་བ་མཐོང་སྟེ། ཆོས་དེ་ངོ་མཚར་ཆེ་བར་ དགོངས་ནས་འདིའི་གདམས་ངག་དེ་སུ་ལ་ཡོད་དྲིས་པས། དགེ་བཤེས་གླང་ཐང་པ་ལ་ཡོད་ ཟེར། དེ་ཞུ་ཕྱིར་ལྷ་སར་བྱོན། སྐབས་ཤིག་གླང་ཐང་ནས་འོང་བའི་མཛེ་ཕོ་གཅིག་གིས་གླང་ ཐང་པ་གྲོང་ཟེར། གདན་ས་སུས་འཛིན་དྲིས་པས་ཞང་ཞུང་པ་དང༌། མདོ་སྡེ་པ་གཉིས་གདན་ ས་སུས་བྱེད་མི་འཆམས་པ་འདུག་ཟེར། ཁོས་གཉིས་ཀྱི་ཕམ་རྒྱལ་བརྩད་ནས་མ་འཆམས་ པ་མིན་དག་སྣང་སྦྱོང་རེས་ཡིན་ཀྱང་སྐྱོན་ཅན་དུ་གོ་ནས་དེ་གཉིས་ལ་ཆོས་དེ་མེད་པར་ འདུགགདམས་ངག་དེ་སུ་ལ་ཡོད་རྩད་བཅད་པས་ཐམས་ཅད་ཀྱིས་ཤ་ར་བ་ལ་ཡོད་ཟེར། དེར་བྱོན་ཤ་ར་བས། དགེ་འདུན་སྟོང་ཙམ་རེ་ལ་པོ་ཏི་མང་པོའི་གཞུང་བཤད་མཛད་འདུག་ པ་ལ། ཞག་འགའ་ཉན་ཡང་ཁོང་གི་འདོད་པའི་ཆོས་ཀྱི་ཚིག་ཟུར་ཙམ་ཡང་མ་བྱུང༌། འདི་ལ་ ཆོས་དེ་ཨེ་ཡོད་མི་ཤེས་ཆོས་དེ་ཡོད་ན་འདུགམེད་ན་འགྲོ་དགོངས་ཏེ། ཤ་ར་བ་མཆོད་རྟེན་ ལ་བསྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས་ན་བཟའ་བཏིང་སྟེ། འདི་ལ་ཅུང་ཞིག་བཞུགས། ཞུ་ བ་ཅིག་བདོག་ལགས་ཞུས་པས། ཇོ་བོ། གྲོས་ཐག་མ་ཆོད་པ། ངས་ནི་འདུན་མ་ཐམས་ཅད་ སྟན་ཐོག་གཅིག་ཏུ་བཅད་པ་ནི། ཁོ་བོས་མཐོང་བའི་ཆོས་ཞིག་ན། ཁེ་དང་རྒྱལ་ཁ་གཞན་ལ་ སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང༌། །བྱ་བ་གཅིག་གདའ། ཁོ་བོའི་བློ་ལ་འཕྲོད་བྱུང༌། ཆོས་དེ་ཟབ་མི་ཟབ་ཅི་ལྟར་ལགས་ཞུས་པས། ཇོ་བོ། དེ་ཁྱེད་ཀྱི་བློ་ལ་འཕྲོད་རུང་མི་འཕྲོད་ རུང༌། སངས་རྒྱ་བར་མི་འདོད་ན་མ་གཏོགས། འདོད་ན་ཆོས་དེ་མེད་ཐབས་མེད་པ་ཞིག་ཡིན་ གསུངས། གདམས་ངག་དེ་བླ་མ་ལ་ཡོད་དམ་ཞུས་པས། ཡོད། ངའི་ཉམས་ལེན་ཐམས་ཅད་ 8-1-184 ཀྱི་གཙོ་བོ་ཡིན་གསུངས། འོ་ན་དེ་གནང་བར་ཞུ་ཞུས་པས། ཁྱོད་ཡུན་རིང་སྡོད་ནུས་ན་སྟེར་ གསུངས། ལོ་དྲུག་ཏུ་གདམས་ངག་ཉམས་ཁྲིད་འདི་ཉིན་མཚན་ཁྱད་མེད་པར་བསྒོམ་པས་ བདག་གཅེས་འཛིན་གྱི་འཁྲི་བ་གཏན་ནས་མེད་པར་འབྱུང་བ་ཡིན། དེ་བདག་གཞན་བརྗེ་ བ་བྱང་ཆུབ་ཀྱི་སེམས་བསྒོམ་པ་འདི་ནི། ཚེ་འདིར་ཡང་ན་ཚ་དང་སྡུག་བསྔལ་ལ་སོགས་ཞི་ བ། ལྷ་འདྲེ་དང་གདོན་བགེགས་འདུལ་བ་ལ་སོགས་པ་ལ་ཡང་འདི་ལས་ལྷག་པའི་གདམས་ པ་མེད་པས། དུས་དང་རྣམ་པ་ཐམས་ཅད་དུ་བདག་གཅེས་འཛིན་གྱི་བློ་ངན་འདི་དུག་ལྟར་ སྤངས་ཏེ། བདག་གཞན་བརྗེ་བ་བྱང་ཆུབ་ཀྱི་སེམས་འདི་བསྒོམ་པ་ལ་འབད་པར་བྱའོ། ། ད་ནི་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསམ་པ་ལ་བསླབ་པ་ནི། མདོ་ལས། བྱང་ཆུབ་ཀྱི་ སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྐྱེད་པའི་ཕྱིར་ས་བོན་ལྟ་བུའོ། །ཞེས་དང༌། ཡང་ མདོ་ལས། འགྲོ་བ་རྣམས་ཀྱི་ཆོས་དཀར་པོ་འཕེལ་བའི་ཞིང་ས་ལྟ་བུའོ། །ཞེས་དང༌། གཏམ་ བྱར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ཞིག་སྒོམ་བྱེད་པས། །དེ་ཡི་བསོད་ ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་དང༌། དཔལ་བྱིན་གྱིས་ཞུས་པའི་ མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་ མཁའི་ཁམས་ནི་ཀུན་བཀང་ནས། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་དང༌། བློ་གྲོས་རྒྱ་ མཚོས་ཞུས་པའི་མདོ་ལས། ཕྱོགས་བཅུ་དག་ཏུ་རིན་ཆེན་ལེགས་སྤྲས་པ། །བྱེ་བ་མཐའ་ཡས་ འདྲེན་པ་རྣམས་ལ་ཕུལ། །བྱང་ཆུབ་སེམས་གཅིག་བསྐྱེད་པ་གང་ལགས་པ། །བསོད་ནམས་ སྔ་མས་འདི་ཡི་ཆར་མི་ཕོད། །ཅེས་དང༌། རྒྱུད་ལས། དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་བདག་གིས་སྤྱད། །ཅེས་ དང༌། སྤྱོད་འཇུག་ལས། གཞན་དག་དམན་པའི་ལས་བྱེད་ན། །བདག་ཉིད་ཀྱང་ནི་ཇི་ལྟར་ འདུག །ཅེས་དང༌། བ་ཚྭའི་ཆུ་ཀླུང་གི་མདོ་ལས། གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་ 8-1-185 པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང༌། །ཞེས་ གསུངས་པས། སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེས་ཕན་འདོགས་པར་ཞུགས་ན་ དཀོན་མཆོག་ཏུ་འགྱུར་བ་དང༌། ཡང་དེ་ཉིད་ལས། འཚེ་བའི་བདག་ཉིད་ཅན་དང་གཞན་ལ་ གནོད་པ་འབྱུང་བ་ཡི། །མཆོད་པ་ལེགས་པར་སྦྱར་བ་ཡིན་ཡང་མཆོད་པར་འགྱུར་བ་མིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ ཅན་གནོད་བྱེད་དེ་ནི་ང་ལ་ཇི་ལྟར་མོས། །ཞེས་གསུངས་པས་སེམས་ཅན་ལ་གནོད་པ་བྱས་ པའི་མཆོད་སྦྱིན་སོགས་ནི་རྒྱལ་བ་མཉེས་པའི་ཐབས་མ་ཡིན་པ་དང༌། བློ་གྲོས་རྒྱ་མཚོས་ ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང༌། །ཆོས་སྒྲུབ་པ་དང་ སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་ རྒྱལ་བས་མི་གསུངས་སོ། །ཞེས་དང༌། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གི་གང་གཱའི་ བྱེ་སྙེད་སངས་རྒྱས་ཤིང༌། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་ སེམས་ཀྱིས་རྒྱལ་ལ་ཕུལ་བ་དང༌། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་བསྒྲུབ་དེ་ལ། །ཆར་ ཡང་མི་ཕོད་གྲངས་སུའང་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་ དང༌། སྤྱོད་འཇུག་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་ གིས་ངེས་པར་སྲེག་པར་བྱེད། །ཅེས་དང༌། མདོ་ལས། ཡོན་ཏན་ཐམས་ཅད་འདུ་བའི་རྒྱ་མཚོ་ ཆེན་པོ་ལྟ་བུའོ། །བྱང་ཆུབ་སེམས་ཀྱི་ཡོན་ཏན་རྣམས་མདོར་བསྡུ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ལ་ཡོན་ཏན་ཇི་ཙམ་ཡོད་ན། དེ་ཙམ་བྱང་ཆུབ་ཀྱི་སེམས་ལའང་ཡོད་པ་ཡིན། སངས་རྒྱས་ལ་ཇི་ཙམ་རེ་བ་དེ་ཙམ་བྱང་ཆུབ་སེམས་འདི་ལ་རེ་བ་ཡིན། རྣམ་སྣང་མངོན་བྱང་ ལས། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་ 8-1-186 བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱི་མཐར་ཕྱིན་པར་བྱེད་པ་ཡིན་ནོ། །ཞེས་དང༌། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་སྨྲ་བས་བདེན་འདི་གསུངས། །སྦྲང་བུ་ཤ་ སྦྲང་བུང་བ་དང༌། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་ པ་ངོ་ཤེས་པས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་ དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། བདག་ཉིད་དང་ནི་འཇིག་རྟེན་འདིའི། །བླ་མེད་བྱང་ ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཞེས་ དང༌། སྤྱོད་འཇུག་ལས། འོན་ཏེ་རྐང་ལག་ལ་སོགས་པ། །བཏང་དགོས་བདག་ནི་འཇིགས་ཞེ་ ན། །ལྕི་དང་ཡང་བ་མ་དཔྱད་པར། །རྨོངས་པས་བདག་ནི་འཇིགས་པར་ཟད། །བསྐལ་པ་བྱེ་ བ་གྲངས་མེད་དུ། །ལན་གྲངས་དུ་མར་བཅད་པ་དང༌། །དབུག་དང་སྲེག་དང་གཤག་འགྱུར་ གྱི། །བྱང་ཆུབ་ཐོབ་པར་མི་འགྱུར་རོ། །ཞེས་དང༌། ཡང་དེ་ཉིད་ལས། ཚོད་མ་ལ་སོགས་སྦྱིན་ པ་ལའང༌། །འདྲེན་པས་ཐོག་མར་སྦྱོར་བར་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་ གྱིས་རང་གི་ཤ་ཡང་གཏོང༌། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་ན། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །སྡིག་པ་སྤང་ཕྱིར་སྡུག་བསྔལ་ མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །ཅེས་གསུངས་པ་ལྟར་རོ། །ཀུན་མཁྱེན་ཏཱ་ར་ནཱ་ ཐས། ཚད་མེད་བཞི་པོ་འདི་ནི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བའི་རྒྱུ་དང༌། སྐྱེས་པ་བརྟན་ པར་བྱེད་པ་དང༌། འཕེལ་བར་བྱེད་པའི་ཐབས་བླ་ན་མེད་པ་ཡིན་པས། གང་ཐེག་པ་ཆེན་པོ་ ལ་རྣལ་འབྱོར་དུ་བྱེད་པ་དེ་ཐམས་ཅད་ཚད་མེད་བཞིའི་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་ བྱའོ། །ཞེས་དང༌། རྗེ་སྒྲོལ་བའི་མགོན་པོས། ལྷན་ཐབས་འོད་བརྒྱ་འབར་བ་ལས། གང་ཟག་ 8-1-187 དེ་ཐེག་ཆེན་པར་འགྲོ་མི་འགྲོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་སྐྱེས་ལ་རགདགེ་བ་གང་ ཡང་རུང་བ་བྱས་པ་དེ་སངས་རྒྱས་སྒྲུབ་བྱེད་དུ་འགྲོ་མི་འགྲོ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ ཟིན་མ་ཟིན་ལ་རག་སྟེ། ཞེས་གསུངས་པའི་ཕྱིར། ཀུན་མཁྱེན་ཏཱ་ར་ནཱ་ཐས། ལྷན་ཐབས་འོད་ བརྒྱ་འབར་བ་ལས། མཆོད་འོས་བསླུ་བ་ནག་པོའི་ཆོས་ཀྱི་གཉེན་པོར་ཤེས་བཞིན་གྱི་རྫུན་མི་ སྨྲ་བ་དཀར་པོའི་ཆོས་དེ་ཟུང་གཅིགབྱང་ཆུབ་སེམས་དཔའ་ལ་མི་བསྔགས་པ་བརྗོད་པ་ནག་ པོའི་གཉེན་པོར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པ་བྱེད་པ་དཀར་པོའི་ཆོས་དེ་ ཟུང་གཉིས། གཞན་འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་ནག་ པོའི་ཆོས་ཀྱི་གཉེན་པོར་རང་གི་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་འབྲེལ་ཡོད་ཐམས་ཅད་ ཐེག་པ་གསུམ་གྱི་དགེ་བ་ལ་འགོད་པ་དཀར་པོའི་ཆོས་དེ་ཟུང་གསུམ། སེམས་ཅན་ཐམས་ ཅད་ལ་གཡོ་སྒྱུས་སྤྱོད་པ་ནག་པོའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་ པས་གནས་པ་དཀར་པོའི་ཆོས་དེ་ཟུང་བཞིའོ། །ཞེས་གསུངས་པ་ལྟར་རོ། །ཕན་ཡོན་ནི། སྤྱོད་འཇུག་ལེའུ་ཐོག་མ་སོགས་ལས་ཤེས་པར་བྱའོ། ། གཉིས་པ་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། སྦྱིན་པ། ཚུལ་ཁྲིམས། བཟོད་ པ། བརྩོན་འགྲུས། བསམ་གཏན་ཏེ། ཐབས་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ། ཤེས་ རབ་ཡེ་ཤེས་ཀྱི་ཚོགས་ཏེ་དྲུག་ཡིན། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་ འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་ལས། དང་པོ། ཟང་ཟིང་གི་སྦྱིན་པ་དེ་ལ། གཏོང་ བ་དང༌། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བ་དང་གསུམ་ལས། དང་པོ་གཏོང་བ་ནི། ཐ་ན་ཇ་ ཐེབ་དང༌། ནས་ཕོར་གང་ཡན་ཆད་རྒྱུ་རྫས་གཞན་ལ་སྦྱིན་པ་དེ་ཡིན། བསམ་པ་དག་ན་ཆེ་ ཆུང་མེད་དེ། ལྟུང་བཤགས་ལས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ 8-1-188 ཙམ་བསྩལ་བའི་དགེ་བའི་རྩ་བ། ཞེས་གསུངས་སོ། ། གཉིས་པ་གཏོང་བ་ཆེན་པོ་ནི། རྟ་དང་གླང་པོ་བུ་དང་བུ་མོ་ལ་སོགས་པ་རང་ལ་ལྷག་ པར་རྩིས་ཆེ་བ་དང༌། དཀོན་པའི་རིགས་གཞན་ལ་སྦྱིན་པ་དེ་ཡིན། གསུམ་པ་ཤིན་ཏུ་གཏོང་ བ་ནི། རང་གི་ལུས་དང་སྲོག་དང་ཡན་ལག་ལ་སོགས་པ་སྦྱིན་པ་གཏོང་བ་སྟེ། དཔེར་ན་རྒྱལ་ བུ་སྙིང་སྟོབས་ཆེན་པོས་སྟག་མོར་ལུས་སྦྱིན་དང༌། ཀླུ་སྒྲུབ་ཀྱིས། རྒྱལ་པོ་བདེ་སྤྱོད་ཀྱི་བུ་ལ་ དབུ་སྦྱིན་པ་ལྟ་བུའོ། ། གཉིས་པ་ཆོས་ཀྱི་སྦྱིན་པ་ནི། གཞན་ལ་དབང་བསྐུར། ཆོས་བཤད། ལུང་འབོགས་པ་ སོགས་གཞན་རྒྱུད་དགེ་བ་ལ་སྦྱོར་བའི་ཐབས་བྱེད་པ་དེ་ཡིན། གསུམ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི། སེམས་ཅན་སྐྱབས་མེད་པ་ལ་སྐྱབས། མགོན་མེད་པ་ལ་མགོན། དཔུང་གཉེན་མེད་པ་ལ་དཔུང་གཉེན་བྱེད་པ་ཐམས་ཅད་དང་ཁྱད་ སར་སེམས་ཅན་གྱི་སྲོག་བསྐྱབ་པ་ཕན་ཡོན་ཆེ་བར་གསུངས་པ་ལྟར་གསོད་པར་ཁྲིད་པའི་ གཡག་ལུག་བླུ་བ་དང༌། འཆི་བར་ཉེ་བའི་ཉ་དང་འབུ་སྲིན་སོགས་ཀྱི་སྐྱབས་བྱེད་པ་སོགས་ ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པ་ལྷུར་ལེན་པ་རྣམས་ཡིན་ནོ། ། གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་ བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལས། དང་པོ་ཉེས་ སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ལུས་ངག་ཡིད་ཀྱི་སྒོ་ནས་གཞན་དོན་དུ་མི་འགྱུར་བའི་མི་དགེ་ བ་བཅུ་པོ་ཐམས་ཅད་དུག་བཞིན་དུ་སྤོང་བ་དེ་ཡིན། གཉིས་པ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བའི་རྩ་བ་ཆ་ཕྲ་མོ་རེ་ཡན་ཆད་ དུས་དང་རྣམ་པ་ཐམས་ཅད་དུ་ཅི་འགྲུབ་གང་འགྲུབ་ཏུ་བྱེད་པ་དེ་ཡིན། ལར་འཇིག་རྟེན་པའི་ ཁ་སྐད་ལ་ཡང༌། དགེ་བ་ཁ་ཞོར་ལག་ཞོར། སྡིག་པ་འགྲོ་ཞོར་འདུག་ཞོར་ཟེར་བ་ལྟར་རང་ 8-1-189 གིས་དུས་དང་རྣམ་པ་ཐམས་ཅད་དུ་དྲན་ཤེས་དང་བག་ཡོད་ཀྱི་སྒོ་ནས་བརྟགས་ཏེ། སྤང་ བླང་གི་གནས་ལ་འབད་པ་གལ་ཆེ། སྔོན་ཕག་ཅིག་ཁྱིས་དེད་དེ་མཆོད་རྟེན་ལ་བསྐོར་བ་ དང༌། སྲིན་འབུ་བདུན་ཤིང་ལོའི་ངོར་འབྱར་བ་ཆུར་ལྷུང་པ་ཆུ་ཡི་འཁོར་ཕྱོགས་ཀྱིས་མཆོད་ རྟེན་ལ་བསྐོར་བ་བདུན་བྱས་པ་སོགས་ཀྱང་ཐར་པའི་རྒྱུར་གྱུར་པའི་ལོ་རྒྱུས་ལྟ་བུ་ཡིན་པས། དུས་རྣམ་ཀུན་ཏུ་སྡིག་པ་སྣ་རེ་ཡན་ཆད་སྤང༌། དགེ་བ་སྣ་རེ་ཡན་ཆད་ཅི་ཐུབ་གང་ཐུབ་བསྒྲུབ་ པ་ལ་འབད། དེ་དག་སེམས་ཅན་གྱི་དོན་དུ་བསྔོ་བའོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ ཚུལ་ཁྲིམས་ནི། རང་དོན་རྩ་བ་ནས་ཟད་པའི་དུས་སུ། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ ནས་སེམས་ཅན་གྱི་དོན་དངོས་སུ་བསྒྲུབ་པ་ལ་འབད་པ་དེ་ཡིན་ལ། ལས་དང་པོ་པའི་དུས་ སུ། དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་གང་ཉམས་སུ་ལེན་ཡང་དམ་པ་གསུམ་གྱིས་ཟིན་པའི་ སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དེ་ལ་འདུས་པ་ཡིན་ནོ། ། གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཆོས་གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་ པ། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་དང་ གསུམ་ལས། དང་པོ་གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ་ནི། གཞན་གྱིས་རང་ལ་དངོས་སུ་རྡུང་ རྡེག་དང་འཕྲོག་བཅོམ། ཚིག་ངན་སྨྲ་བ་སོགས་དང༌། ལྐོག་ནས་མི་སྙན་པར་བརྗོད་པ་སོགས་ ལ་ཁོང་ཁྲོ་མི་བྱ་བར་དེ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་དེ་དག་ལ་ཕན་འདོགས་པ་དེ་ ཡིན། སངས་རྒྱས་བྱང་སེམས། རང་གི་བླ་མ། དགེ་བའི་བཤེས་གཉེན། སྐུ་གསུང་ཐུགས་ རྟེན་སོགས་ཡུལ་གཉན་པོ་ལ་ཁོང་ཁྲོ་དང༌། ཞེ་སྡང༌། ཚིག་རྩུབ་སྨྲས་ན་བསྐལ་པ་སྟོང་གི་དགེ་ ཚོགས་གང་བསགས་ཐམས་ཅད་ཁོང་ཁྲོ་གཅིག་གིས་འཇོམས་པར་གསུངས་ཏེ། སྤྱོད་འཇུག་ ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་ 8-1-190 སྤྱད་གང་ཡིན་དེ་ཀུན་ཡང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས། དེ་ ཉིད་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་ཁོང་ཁྲོའི་ཉེས་ དམིགས་དྲན་ནས་དུས་དང་རྣམ་པ་ཐམས་ཅད་དུ་བཟོད་པ་བསྒོམ་པ་ལ་འབད་དགོས་ཏེ། རྒྱ་ གར་ཕ་དམ་པས། དགྲ་སྡང་ལས་ཀྱི་འཁྲུལ་སྣང་ཡིན་པ་ལ། །ཞེ་སྡང་གདུག་སེམས་སྐྱུར་ཅིག་ དིང་རུ་བ། །ཞེས་དང༌། ཇོ་བོ་རྗེའི་ཞལ་ནས་ཀྱང༌། གནོད་པ་བྱེད་པ་ལ་ཁོང་མ་ཁྲོ། །གནོད་ པ་བྱེད་པ་ལ་ཁོང་ཁྲོ་ན། །བཟོད་པ་ཅི་ཙམ་ན་བསྒོམ། །ཞེས་གསུངས། དེས་ན་རང་ལ་སྐྱོན་ བརྗོད་པ། གནོད་པ་བྱེད་པ། མ་ཉེས་ཁ་ཡོག་ལ་སོགས་པ་བྱེད་མི་དེ་ལ་ཁོང་ཁྲོ་དང༌། འཁོན་ འཛིན་སྤངས་པའི་དགེ་བས་སྡིག་སྒྲིབ་མང་དུ་འཛད་ཅིང༌། བཟོད་པ་ལ་བརྟེན་ནས་ཚོགས་ རླབས་པོ་ཆེ་རྫོགས་པ་ཡིན་པས་གནོད་པ་བྱེད་པ་ལ་རིན་པོ་ཆེའི་གཏེར་ལྟར་བལྟ་དགོས་ཏེ། ཇི་སྐད་དུ། དགེ་བའི་ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ ཆེན་གཏེར་དང་མཚུངས། །དེ་ཕྱིར་གང་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་བསྒོམ་པ་རྒྱལ་ སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། ཞེ་སྡང་སྐྱེ་ཡུལ་མེད་ན་ཁོང་ཁྲོ་བཟོད་པ་སུ་ལ་ བསྒོམ་ཟེར་བ་ལྟར་རོ། །ད་ལྟའི་དུས་སུ་བླ་མ་དང༌། དགེ་སློང་སྤྲུལ་སྐུ། དགེ་འདུན་པ་བཟང་ པོ་ཞིག་ཡིན་ཏེ། ཁོང་ཁྲོ་ཆེ་ཟེར། འཇིག་རྟེན་གྱི་ཁམས་ན་སྐྱོན་གཅིག་ལ་ཁོང་ཁྲོ་ལས་ཐུ་བ་ མེད་ན་ཁོང་ཁྲོ་ཆེ་བཞིན་དུ་བཟང་པོ་ཞིག་ཇི་ལྟར་ཡིན། རྒྱ་གར་ཕ་དམ་པས། འདོད་ཆགས་ ཀྱི་ལས་བརྒྱ་བས། ཞེ་སྡང་གི་ལས་སྐད་ཅིག་ཙམ་སྡིག་པ་ཆེ་བ་ཡིན་ཏེ་མ་གོ། ཞེས་གསུངས། སྤྱིར་ཆོས་རྒྱུད་ལ་སྐྱེས་པའི་གང་ཟག་དེ། ལུས་ངག་ཡིད་གསུམ་རས་བལ་རྡོག་པས་མནན་ པའམ། ཕྱེ་ཐུག་ལ་ཟོ་མར་བཏབ་པ་ལྟར་འཇམ་ལྷན་གྱི་སོང་བ་ཞིག་དགོས། དེལྟར་མ་ཡིན་ པར་དགེ་སྦྱོར་ཅུང་ཟད་རེ་འགྲུབ་པའམ། སྲུང་སྡོམ་སྣ་རེཙམ་དག་པ་ལ། ང་ནི་དེ་དང་དེ་ལྟ་ 8-1-191 བུ་ཡིན་ནོ་སྙམ་དུ་དུས་རྟག་ཏུ་ང་རྒྱལ་གྱིས་རྒྱུད་ཁེངས་ནས། གཞན་ཕ་རོལ་པོས་ཚིག་གཅིག་ གི་སྨྲ་ལུགས་ཀྱི་ཚིག་ཟུར་ཙམ་གྱིས་ང་ལའང་བརྙས་བྱས། ང་སྨད་དོ་ཟེར་ནས་རྒྱུད་རྩུབ་ཧྲིག་ གེ། །ཞལ་དམར་ནག་ཏུ་འགྱུར་བ་རྣམས་ཆོས་དང་རང་རྒྱུད་ཐ་དད་དུ་སོང་ནས་སེམས་ལ་ཅུང་ ཟད་ཀྱང་མ་ཕན་པའི་རྟགས་ཡིན། དགེ་བཤེས་སྤྱན་སྔ་བས། འོ་ཅག་ཐོས་བསམ་སྒོམ་གསུམ་ བྱས་ཀྱིན། ང་བདག་ཇེ་ཆེར་སོང་ནས་བཟོད་སྲན་ཤའུ་བས་ཆུང་བ། ཀོ་ལོང་གཙང་བཙན་ བས་དམ་པར་འདུག་པ་འདི་ཐོས་སྒོམ་ལོག་པར་སོང་བའི་རྟགས་ཡིན། ཞེས་གསུངས། དེས་ ན་དུས་དང་རྣམ་པ་ཐམས་ཅད་དུ་དམན་པའི་ས་བཟུང༌། ཧྲུལ་པོའི་གོས་གྱོན། བཟང་ངན་ འབྲིང་གསུམ་གང་དང་འཕྲད་སྐབས་བྱམས་སྙིང་རྗེ་བྱང་ཆུབ་སེམས་ལ་གཞི་བཅོལ་ཏེ། རང་ རྒྱུད་ཆོས་ཀྱིས་འདུལ་བ་ནི་ཉམས་ལེན་གྱི་གནད་མ་ནོར་བ་ཡིན་པས་སེམས་ལ་མི་ཕན་པའི་ ལྟ་བ་མཐོ་མཐོ་དང༌། བསྒོམ་པ་ཟབ་ཟབ་མོ་སྟོང་ལས་ཀྱང་དགའ་བ་ཡིན། གཉིས་པ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ནི། དམ་པའི་ཆོས་སྒྲུབ་པའི་ཆེད་ དུ་དཀའ་ཚེགས་ཚ་གྲང་བཀྲེས་སྐོམ་ཐམས་ཅད་ཁྱད་དུ་བསད་ནས་བསྒྲུབ་དགོས་ཏེ། སྔོན་ ཇོ་བོ་བཀའ་གདམས་པ་དག་གི་གཏད་ས་བཞི་ཞེས་བྱ་བ། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་ སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོགས་སྟོང་ལ་གཏད། ཅེས་གསུངས། རྗེ་ བཙུན་མི་ལ་རས་པ་ལྟ་བུས་ཀྱང༌། སྒྲུབ་པ་ཉམས་སུ་ལེན་པའི་དུས་ཁ་ཟས་མེད། རྒྱབ་གོས་ མེད་མཛད་ནས། ཟྭ་ཁོ་ན་གསོལ་ཏེ་སྒྲུབ་པ་མཛད་པས་ལུས་ཐམས་ཅད་ཀེང་རུས་ལྟར་སོང༌། ལུས་ལ་སྤུ་སྔོ་ཞོ་ལེ་བ་སྐྱེས། གཞན་དག་གིས་མཐོང་ཚེ་མི་ཡིན་ནམ། འདྲེ་ཡིན་ངོ་མི་ཤེས་ པར་མ་གྱུར་བར་དཀའ་སྤྱད་དང༌། སྙིང་རུས་མཛད་དེ་ཆོས་ཉམས་སུ་བླངས་པ་ཡིན། ཉིད་ཀྱི་ ཞལ་ནས། ང་ན་ན་དྲི་མི་མེད་པ་དང༌། །ཤི་ན་ངུ་མི་མེད་པ་དང༌། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །སྒོ་ན་མི་རྗེས་མེད་པ་དང༌། །ནང་ན་ཁྲག་རྗེས་མེད་ 8-1-192 པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །གར་སོང་དྲི་མི་ མེད་པ་དང༌། །འདིར་སོང་གཏད་སོ་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་ བསམ་པ་རྫོགས་པ་ཡིན། །རོ་རུལ་འབུ་ཡིས་ཟ་བ་དང༌། །རྩ་རུས་སྦྲང་བུས་འཇིབ་པ་རུ། །རི་ ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་གསུངས། དེས་ན་ འཇིག་རྟེན་ཚེ་འདིའི་ཞེན་པ་ཐམས་ཅད་རླུང་ལ་བསྐུར་ནས་དཀའ་ཚེགས་དང་ཚ་གྲང་བཀྲེས་ སྐོམ་ཐམས་ཅད་ཁྱད་དུ་བསད་དེ་ཆོས་སྒྲུབ་པ་ཞིག་ཅེས་ཀྱང་དགོས་པ་ཡིན་ནོ། ། གསུམ་པ་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ ལུགས་དང༌། ཁྱད་པར་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་གནས་ལུགས་ གདོད་ནས་རང་བྱུང་ལྷུན་གྲུབ་སྐུ་གསུམ་གྱི་བདག་ཉིད་གཉུག་མ་གནས་ལུགས་གཅིག་པུ་ ཉིད་སེམས་ཅན་ལ་ལྟོས་ནས་མི་གསལ་བའི་ཚུལ་དང༌། སངས་རྒྱས་ལ་ལྟོས་ནས་མངོན་གྱུར་ ཇི་བཞིན་པའི་ཤེས་བྱ་ཀུན་གྱི་གཤིས་ལུགས་མཐར་ཐུག་པའི་ཆོས་ཉིད་ཀྱི་ཚུལ་སྤྲོས་བྲལ་ དོན་དམ་རྣམ་པ་ཀུན་ལྡན་གྱི་དམ་པའི་རང་བཞིན་ཆོས་འདི་བདེ་གཤེགས་སྙིང་པོ་འཁོར་ འདས་ཀུན་ཁྱབ་དེ་ཉིད་གཞི་འཁོར་བའི་གནས་སྐབས་ཀྱི་སེམས་ཅན་རྣམས་ལ་གནས་ ལུགས་ཆོས་ཉིད་མཐོང་མི་ནུས་པར་དེའི་ཆོས་ཅན་སྣང་གྲགས་ཀྱི་བརྫུན་པ་བསླུ་བའི་ཆོས་ ཀྱི་འགྱུར་བག་སྣ་ཚོགས་པའི་གཞི་འཁོར་བའི་འཁྲུལ་སྣང་རང་རང་ལ་ཇི་ལྟར་སྣང་བ་དེ་ཀ་ ལས་འགའ་ཞིག་ལ་སྡུག་བསྔལ་བཟོད་པར་དཀའ་བ་དང༌། འགའ་ཞིག་ལ་བདེ་བ་ངོམས་ མི་ཤེས་སོགས་རྟག་རྟག་བརྟན་བརྟན་དུ་སྣང་བ་འདིརྫུན་པ་བསླུ་བའི་ཆོས་དོན་ལ་མེད་པ་ སོགས་ཐོས་པ་ན། དེ་དག་ལ་ལོག་ལྟ་མི་སྐྱེ་ཞིང་དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ ལོན་པའི་ཐབས་ལ་འབད་པར་བྱ། གནས་ལུགས་ཟབ་མོའི་ལྟ་བ་ལ་ལོག་ལྟ་སྐྱེས་ནས་སྐུར་ བ་བཏབ་ན་ཆོས་སྤོང་བའི་ལས་བསགས་པས་བསྐལ་པ་གྲངས་མེད་པའི་བར་དུ་དམྱལ་བའི་ 8-1-193 གཏིང་ནས་མི་ཐར་བའི་རྒྱུ་ཡིན། སྔོན་སངས་རྒྱས་བཞུགས་དུས་སུ་སྟོང་ཉིད་ཟབ་མོའི་དོན་ བསྟན་པ་ཐོས་པས། དགེ་སློང་མངོན་པའི་ང་རྒྱལ་ཅན་མང་པོའི་ཁ་ནས་ཁྲག་ཚ་བ་སྐྱུག་སྟེ་ཤི་ བ་དང༌། དམྱལ་བར་སྐྱེས་པ་ལ་སོགས་པའི་ལོ་རྒྱུས་ཡོད་པ་ལྟ་བུ་ཡིན་པས། ཟབ་མོའི་ཆོས་ དང༌། དེ་སྟོན་པའི་གང་ཟག་ལ་སྙིང་ཐག་པ་ནས་མོས་གུས་བྱ་ཞིང༌། ལོག་ལྟ་དེ་རང་ཉིད་བློ་ ཆུང་བའི་སྐྱོན་གྱིས་མོས་པར་མ་གྱུར་ཀྱང༌། སྐུར་པ་འདེབས་པ་སྤང་བར་བྱ་བ་ནི་ཅི་ནུས་སུ་ གལ་ཆེའོ། ། བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་ འགྲུས། ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་ལས། དང་པོ་གོ་ཆའི་བརྩོན་འགྲུས་ནི། སྔོན་གྱི་དམ་པ་གོང་མ་རྣམས་དང༌། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཕྱིར་དཀའ་བ་སྤྱད་པའི་ལོ་རྒྱུས་སོགས་ཅི་དང་ཅི་ ལྟ་བུ་མཛད་པ་དེ་ལྟར་རང་རེ་རྗེས་འཇུག་ཡིན་པས་དེ་ལས་ལྷག་པ་ཞིག་མ་འགྲུབ་ཐབས་ མེད་ཡིན་པས། ཁོང་རྣམས་པས་ཀྱང་དེ་ལྟ་བུའི་དཀའ་སྤྱད་དང་སྙིང་རུས་དགོས་ན། རང་ རེ་ལས་ངན་གྱི་ཁུར་གྱིས་ནོན། ཐོག་མ་མེད་པའི་དུས་ནས་ཆོས་ལ་སྦྱངས་འཕྲོ་མེད་པ་ཞིག་ གིས་དཀའ་སྤྱད་དང་སྙིང་རུས་ཅིའི་ཕྱིར་མི་དགོས། དེས་ན་ད་རེས་དལ་འབྱོར་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཐོབ། ཡང་དག་པའི་ཆོས་ཚུལ་བཞིན་ སྒྲུབ་པའི་སྐལ་བ་ཡོད་པའི་དུས་འདིར་དཀའ་བ་དང་དུ་བླངས། ལྕི་བ་རྒྱབ་ཏུ་ཁུར། ལུས་ སྲོག་འབེན་དུ་བཙུགས། ཤ་ཁྲག་གཟན་དུ་བོར་ཏེ། སྙིང་ཐག་པ་ནས་ཆོས་ཤིག་སྒྲུབ་པར་ དམ་བཅའ་ཡང་ཡང་བྱེད་པ་དེ་ཡིན། གཉིས་པ་སྦྱོར་བའི་བརྩོན་འགྲུས་ནི། ཆོས་ལ་བྱེད་ལོ་དང་སྒྲུབ་བློ་ཞིག་ཡོད་ཀྱང༌། སང་ བྱ་དང་གནང་བྱའི་ངང་དུ་མི་ཚེ་ཟད་འགྲོ། ཆོས་སྒྲུབ་འདོད་ཀྱི་ངང་ནས་མི་ཚེ་ཟད་པ་སྤངས་ 8-1-194 ནས་ཆོས་སྒྲུབ་པ་ཕྱི་བཤོལ་གྱི་ངང་དུ་སྐད་ཅིག་ཀྱང་མི་བཏང་བར། སྡར་མའི་པང་དུ་སྦྲུལ་ ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར། འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ ཅོག་གེར་བཞག་ནས་འཕྲལ་དུ་ཆོས་ལ་འབད་དགོས། དེལྟར་མ་བྱས་ན་འཇིག་རྟེན་གྱི་བྱ་ བ་ཐམས་ཅད་ཟིན་དུས་མེད་པ་གཅིག་རྗེས་གཅིག་གིས་ནོན་ནས་འོང་བ་ཆུའི་གཉེར་མ་ལྟ་ བུ་ཡིན་པས་ཆོས་སྒྲུབ་པའི་ལོངས་སྐབས་མི་འོང༌། རང་གིས་བློ་ཐག་ཆོད་ནས་འཇིག་རྟེན་ གྱིབྱ ་བ་ནམ་བསྐྱུར་ཐུབ་པ་ན་དེའི་དུས་སུ་ཆོས་ཀྱི་སྣེ་ཟིན་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། འཇིག་རྟེན་བྱ་བ་ཤི་ཤིར་ཟིན་དུས་མེད། །ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །ཞེས་ དང༌། བྱ་བྱེད་བྱིས་པའི་རྩེད་མོ་འདྲ། །བྱས་ན་མི་ཟིན་བཞག་ན་ཟིན། །ཞེས་གསུངས་པ་ལྟར་ དམ་པའི་ཆོས་སྒྲུབ་འདོད་ཀྱི་བློ་ཞིག་སྐྱེས་པའི་ཚེ། མི་རྟག་པས་བསྐུལ་མ་བཏབ་སྟེ། ལེ་ལོ་ དང་ཕྱི་བཤོལ་གྱི་དབང་དུ་སྐད་ཅིག་ཀྱང་མི་ལུས་པར་འཕྲལ་དང་འཕྲལ་དུ་ཆོས་ལ་འཇུག་ པ། དེ་སྦྱོར་བའི་བརྩོན་འགྲུས་ཡིན། གསུམ་པ་ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། རང་གི་མཚམས་དང་བསྙེན་སྒྲུབ། ཁ་འདོན། དགེ་སྦྱོར་ལ་སོགས་པ་ཅུང་ཟད་རེ་འགྲུབ་པའི་ཚེ། དེ་ཙམ་གྱིས་ཆོག་ཤེས་མི་བྱ་ བར་ཚེ་དང་སྒྲུབ་པ་སྙོམས་པའི་དམ་བཅའ་བླངས་ནས་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་ གོ་འཕང་མ་ཐོབ་བར་དུ་བརྩོན་པ་རྒྱུན་རིང་ལ་ཤུགས་དྲག་པ་ཆུ་བོའི་རྒྱུན་ལྟ་བུ་ཞིག་དགོས་ ཏེ། ཤེས་རབ་རབ་ཅིག་ཡོད་ཀྱང་བརྩོན་འགྲུས་ཐ་མ་ཞིག་ལས་མེད་ན་ཆོས་པ་ཐ་མ་ཞིག་ ལས་མི་འོང༌། ཤེས་རབ་ཐ་མ་ཞིག་ལས་མེད་ཀྱང་བརྩོན་འགྲུས་རབ་ཅིག་ཡོད་ན་ཆོས་པ་ ཡང་རབ་ཞིག་འོང་ངོ༌། །འཇིགས་མེད་གླིང་པས། འཆི་བ་ལ་ཅི་ཙམ་བཅར་བཞིན་དགེ་སྦྱོར་ ལ་སྙིང་རུས་ཆེར་འགྲོ་བ་འདི་ཆོས་པ་སད་ཀྱིས་མ་ཁྱེར་བའི་རྟགས་ཡིན། ཞེས་གསུངས། ད་ ལྟ་སྒོམ་ཆེན་དང་བླ་མ་བཟང་པོར་གྲགས་པ་དག་ལ། གཞན་དག་ན་རེ། ད་ཁྱེད་ཚོས་ཕྱག་ 8-1-195 དང་ཁ་ཏོན་ཚོགས་བསགས་སྒྲིབ་སྦྱོང་སོགས་དགོས་དོགས་མེད་ཟེར་ཞིང་ངོ་བསྟོད་བྱེད་ལ། རང་རང་ནས་ཀྱང་ང་དེ་དང་དེལྟ་བུ་ཡིན་པས་གང་ཡང་མི་དགོས་སྙམ་པ་འདུག་སྟེ། མཉམ་ མེད་དྭགས་པོའི་ཞལ་ནས། མི་དགོས་སྙམ་པ་འདུག་སྟེ་དེ་དགོས་བདོ་ཡིན་པའི་རྟགས་ཡིན་ གསུངས། རྒྱ་གར་ཇོ་བོ་དཱི་པཾ་ཀ་རས་ཀྱང་ཉིན་རེ་བཞིན་ཕྱག་ས་ཁ་ལེ་སཱཙྪ་འདེབས་པ་ལ་ བརྩོན། འཁོར་རྣམས་ཀྱིས་ཁྱེད་བླ་མ་ཆེན་པོ་ཞིག་རྒྱང་ལས་མཛད་པ་མིས་ཀྱང་འཕྱ་ཞིང༌། འོ་བརྒྱལ་བར་འདུག་པས་ངེད་རྣམས་ཀྱིས་བྱེད་པར་ཞུ་ཞུས་པས། ཅི་ཟེར་འོ་ན་ངའི་ཟན་ ཀྱང་ཁྱེད་རྣམས་ཀྱི་ཟའམ་གསུངས། དེས་ན་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་སྦྱང་ བྱ་ལས་དང་བག་ཆགས་ཡོད་ཅིང༌། ཐོབ་བྱ་གོང་མ་གོང་མའི་ཡོན་ཏན་ཡོད་པ་ཡིན་པས་དལ་ ཁོམ་དང་རེ་འགའི་ཆོས་སུ་མ་སོང་བར་སྙིང་ཐག་པ་ནས་ཆོག་ཤེས་མི་བྱེད་པར་འབད་དགོས་ པ་ཡིན། དུས་དང་གནས་སྐབས་ཐམས་ཅད་དུ། ལྟོ་ཚད་ལ་ཕབ། གཉིད་སྲང་ལ་གཅུར། རིག་ པ་གཞུར་ལ་དྲངས་ནས། ཐང་ལྷོད་མེད་པའི་བརྩོན་འགྲུས། གཞུ་བརྡུངས་པ་ལྟ་བུ་ཞིག་མེད་ ན། དལ་ཁོམ་རེ་འགའི་ཆོས་ཀྱིས་ནི་གར་ཡང་མི་ཕྱིན་ཏོ། །༼རྩོམ་འཕྲོ༽ 8-1-196 ༄༅། །སེམས་ཀྱི་གནས་ལུགས་གསལ་བྱེད་ རིན་པོ་ཆེའི་སྒྲོམ་བུ། ༄༅། །གཞི་འབྲས་དབྱེར་མེད་ཆོས་སྐུ་གཞི་ཡི་ཚུལ། །ལམ་གྱི་རྣལ་འབྱོར་བློ་ཚོད་རིམ་ པས་མངོན། །གདོད་མའི་གནས་ལུགས་སྒྲིབ་གཉིས་སྦུབས་ལས་གྲོལ། །འབྲས་ཐོབ་ཐ་ སྙད་ཙམ་ལས་ཆོས་དབྱིངས་གཅིག །རྒྱལ་དང་རྒྱལ་སྲས་བཞེད་དགོངས་ཇི་བཞིན་དུ། །ཇོ་ ནང་ཀུན་མཁྱེན་ངེས་དོན་རྒྱལ་བསྟན་བདག །རྟག་བརྟན་སྙིང་པོའི་རྒྱལ་མཚན་སྲིད་རྩེར་ བསྒྲེངས། །གླིང་བཞིའི་ཡུལ་གྲུར་སྔོན་མེད་སྲོལ་བཟང་འགྱེད། །གང་གི་ལུགས་བཟང་སླར་ ཡང་ལེགས་སྤེལ་མཁན། །མདོ་སྔགས་ཟབ་དགོངས་ངེས་དོན་མཐར་ཐུག་ཏུ། །དྲི་བྲལ་ལུང་ རིགས་ལམ་ནས་རྒྱས་མཛད་གཉེན། །ཟབ་གསང་མངའ་བདག་ཏཱ་ར་ནཱ་ཐར་འདུད། །ཡང་ དག་ལམ་དང་ལམ་མིན་ལེགས་འབྱེད་མཁན། །མདོ་སྔགས་ཟབ་དགོངས་ཡིད་ཆེས་འདྲེན་ བྱེད་ཕུལ། །བདག་བློའི་རྨོངས་མུན་སེལ་བའི་ཉི་གཞོན་མཆོག །བཤེས་གཉེན་བློ་གྲོས་ གྲགས་པའི་བཀའ་དྲིན་དྲན། །ཐུན་མོང་སྔོན་འགྲོ་ཉམས་སུ་ལེན་ཚུལ་དང༌། །ཐུན་མིན་ལྟ་བ་ ཉམས་སུ་ལེན་ཚུལ་གཉིས། །དམ་པའི་མན་ངག་ཇི་བཞིན་མ་ནོར་བར། །དང་པོའི་ལས་ཅན་ འགའ་ལ་ཕན་ཕྱིར་བཤད། ། དཔེ་གྲངས་རྒྱུ་གསུམ་ཚང་བའི་དལ་བརྒྱད་དང༌། །འབྱོར་བཅུ་ཚང་བའི་ལུས་རྟེན་ཤིན་ ཏུ་དཀོན། སྙིང་པོ་ལེན་ཐབས་དགེ་ཚོགས་མ་བསྒྲུབ་ན། །རང་ཉིད་བསླུ་བ་འཇིག་རྟེན་ཁམས་ 8-1-197 ན་མེད། །སྲིད་གསུམ་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །སྣོད་བཅུད་མི་རྟག་རྩྭ་རྩེའི་ཟིལ་བ་ འདྲ། །སྐྱིད་སྡུག་མི་རྟག་ཉི་མ་ཤར་ནུབ་འདྲ། །འཇིག་རྟེན་འདི་ན་རྟག་པ་གཅིག་ཀྱང་མེད། །ད་ནངས་གསོན་པར་ཡོད་པའི་ལུས་པོ་འདི། །དོ་དགོང་རོ་ཞེས་འབོད་པའི་ཚུལ་ལ་ལྟོས། །ནད་པ་སང་འཆི་ཟེར་དང་ནད་མེད་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །ལོ་ བརྒྱའི་མི་རྒན་ལོ་གཅིག་བྱིས་པ་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །དབུགས་འབྱིན་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལེགས་དེ་ནི་ངོ་ མཚར་ཆེ། །ཡུན་རིང་འགྲོགས་པའི་མི་རྣམས་སོ་སོར་འབྲལ། །སྡིག་པས་བསྒྲུབས་པའི་ནོར་ རྫས་ཤུལ་དུ་ལུས། །ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར། །འཇིག་རྟེན་སྣོད་བཅུད་ མི་རྟག་རང་མཚང་སྟོན། །རྒྱུ་ནོར་ལོངས་སྤྱོད་ཏིལ་ཙམ་ཁྱེར་དབང་མེད། །མཛའ་བཤེས་ ཁྱེའུ་གཅིག་ཙམ་ཁྲིད་དབང་མེད། །གཅེས་པར་བསྐྱངས་པའི་ལུས་འདི་ཤུལ་དུ་བསྐྱུར། །དགེ་ སྡིག་གང་བསགས་ཐམས་ཅད་རྗེས་སུ་འབྲང༌། །མི་དགེ་བཅུ་སྤྱོད་ངན་སོང་གསུམ་དུ་སྐྱེ། །དགེ་བཅུ་བསྒྲུབས་རྣམས་མངོན་མཐོའི་གནས་སུ་འགྲོ། །དགེ་སྡིག་འབྲས་བུ་བདེ་སྡུག་ཤིན་ ཏུ་འཕེལ། །དེ་ཕྱིར་དགེ་བསྒྲུབ་སྡིག་སྤོང་གནད་དུ་ཟུང༌། །འདོད་ལྔ་ཡུལ་གྱིས་དབང་ལྔ་བསླུ་ བར་བྱེད། །དེ་ལ་བརྟེན་ནས་ཆགས་སྡང་རབ་འཕེལ་བས། །སྡིག་པའི་བག་ཆགས་ཉིན་ མཚན་མེད་པར་བསགས། །འབྲས་བུ་འཁོར་བའི་སྡུག་བསྔལ་ཟད་པ་མེད། །ཕུད་འདི་བླ་མ་ དཀོན་མཆོག་གསུམ་ལ་མཆོད། །ལྷག་མར་རེ་བའི་འགྲོ་བ་ཡོངས་ལ་བསྔོ། །ཁྱད་པར་ཡི་ དྭགས་བཀྲེས་སྐོམ་ཀུན་ལ་སྦྱིན། །མཆོད་སྦྱིན་དགེ་བ་འགྲོ་བ་ཡོངས་ལ་བསྔོ། །ཁ་ལྕེས་ཟས་ སྐོམ་སྲེད་པའི་རོ་བརྒྱའི་རིགས། །སྣ་ཚོགས་སྤྱད་ཀྱང་ངོམས་པའི་དུས་མེད་པའི། །ལན་ཚྭའི་ ཆུ་བཞིན་སྲེད་པ་མེ་ལྟར་འབར། །འདོད་ཆུང་ཆོག་ཤེས་དག་ལ་བསྟེན་པར་མཛོད། །ཆགས་ སྡང་དབང་གིས་དགྲ་ལ་ཞེ་སྡང་བསྐྱེད། །དགྲ་བོ་ཇེ་ཆེར་འཕེལ་བའི་རྒྱུ་བསགས་པས། །རང་ 8-1-198 གཞན་ཕོངས་ལ་སྦྱོར་བའི་རྒྱུ་ཡིན་པས། །རང་སྲོག་གཅོད་པའི་ཆགས་སྡང་དགྲ་ཆེན་སྤོངས། །སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ནི། །འཇིགས་རུང་སྐྱེ་རྒ་ན་འཆིའི་དགྲ་ཆེན་གྱི། །འཁོར་བར་ཐར་ཕྱིར་ཞེན་ལོག་བསམ་པ་ཡིས། །ཉིན་མཚན་མེད་པར་རྣམ་དཀར་ལས་ལ་ འབད། །སྡིག་པ་ཤིན་ཏུ་ཆུང་ངུ་ཙམ་ལ་ཡང༌། །མི་གནོད་སྙམ་དུ་བརྙས་པར་མི་བྱ་སྟེ། །མེ་ སྟག་ཕྲ་མོ་ཙམ་ཞིག་གཅིག་གིས་ཀྱང༌། །རྩྭ་ཡི་ཕུང་པོ་རི་ཙམ་སྲེག་པར་བྱེད། །དགེ་བ་ཤིན་ཏུ་ ཆུང་ངུ་ཙམ་ལ་ཡང༌། །མི་ཕན་སྙམ་དུ་བརྙས་པར་མི་བྱ་སྟེ། །ཆུ་ཡི་ཐིགས་པ་རེ་རེ་བསགས་ པས་ཀྱང༌། །སྣོད་ཆེན་རྣམས་ནི་རིམ་གྱིས་གང་བར་འགྱུར། །བདག་ལ་དེ་ཙམ་གྱིས་ནི་ཅི་ གནོད་ཅེས། །སྡིག་པ་ཆུང་ངུ་ལ་ནི་བརྙས་མི་བྱ། །ཆུ་ཡི་ཐིགས་པ་རེ་རེ་བབས་པ་ཡིས། །ཆུ་ ཡིས་བུམ་པ་ཉིད་ཀྱང་གང་བར་འགྱུར། །སྡིག་པ་ཅུང་ཟད་ཅུང་ཟད་བསགས་པ་ཡིས། །བླུན་ པོ་རྣམས་ནི་སྡིག་པས་གང་བར་འགྱུར། །བདག་ལ་དགེ་བ་དེ་ཡིས་ཅི་ཕན་ཞེས། །བསོད་ ནམས་ཆུང་ངུ་ལ་ནི་བརྙས་མི་བྱ། །ཆུ་ཡི་ཐིགས་པ་རེ་རེ་བབས་པ་ཡི། །ཆུ་ཡིས་བུམ་པ་ཉིད་ ཀྱང་གང་བར་འགྱུར། །ཅུང་ཟད་ཅུང་ཟད་དགེ་བ་བསགས་པ་ཡིས། །མཁས་པ་བསོད་ནམས་ རབ་ཏུ་རྫོགས་པར་འགྱུར། །སྔོན་དང་ད་བར་སྡིག་སྒྲིབ་བག་ཆགས་རྣམས། །ས་ཆེན་རྡུལ་ ལྟར་ཀུན་གཞིའི་རྣམ་ཤེས་འཛིན། །དེས་བསྐྱེད་རྟོག་ཚོགས་ཉིན་མཚན་ཆད་མེད་འཕེལ། །དེ་ འབྲས་འཇིགས་རུང་འཁོར་བའི་དགྲ་ཆེན་ལས། །ཐར་འདོད་སེམས་ཀྱི་བླ་མ་དཀོན་མཆོག་ ལ། །དང་འདོད་ཡིད་ཆེས་དད་པ་རྣམ་གསུམ་ལས། །ཡིད་ཆེས་ཐེ་ཚོམ་བྲལ་བའི་དད་པ་ ཡིས། །ཕྱག་དང་སྐྱབས་འགྲོ་སྦྲེལ་ནས་འབུམ་ཕྲག་རེམ། །མཁའ་ཁྱབ་སེམས་ཅན་མ་ལུས་ ཕ་མར་གྱུར། །བདེ་བ་འདོད་ཀྱང་དགེ་བའི་ལས་མི་བསྒྲུབ། །སྡུག་བསྔལ་མི་འདོད་མི་དགེའི་ སྡིག་ལས་བསགས། །བསམ་སྤྱོད་འགལ་བའི་དོན་རྣམས་བདག་གིས་བསྒྲུབ། །དེ་ཕྱིར་ བདག་འཛིན་སྤངས་ནས་གཞན་ཕན་བསྒྲུབ། །བདག་འཛིན་རྩ་བ་རྣམ་པར་རྟོག་པ་ཡིན། །དེ་ 8-1-199 ཡི་གཉེན་པོ་སྤྲོས་བྲལ་ལྟ་བ་འདི། །རང་སེམས་གནས་ལུགས་གཞན་ཕན་སྙིང་རྗེའི་གཏེར། །ཞི་ལྷག་ཟུང་འབྲེལ་དྲན་ཤེས་བྱ་ར་ཡིས། །བྱིང་རྒོད་ཕྲ་རགས་རེ་དོགས་མ་ལུས་སྤོངས། །ཆུ་ རྙོག་རང་དྭངས་མར་མེ་རང་གསལ་ལྟར། །རང་སེམས་གནས་ལུགས་གསལ་སྟོང་བརྗོད་ བྲལ་བ། །མ་བཅོས་སོ་མ་རང་ཤར་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པའི་རང་བབས་ སྐྱོངས། །སྣང་བ་མ་འགགས་སྣ་ཚོགས་ཅི་ཤར་ཡང༌། །རང་རིག་གསལ་སྟོང་འདི་ལས་གཡོ་ བ་མེད། །ངེས་འབྱུང་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཕར་ཕྱིན་དྲུག་དང་ས་ལམ་ཆུ་ གཏེར་མཛོད། །སྤྲོས་བྲལ་ལྟ་བའི་ཡང་རྩེ་གཅིག་ཆོག་འདི། །བརྩོན་པ་ཆེན་པོས་ཉམས་ལེན་ ལྷུར་བཞེས་མཛོད། །ཨེ་མ་བདག་འཛིན་འགོང་པོ་འཇོམས་པའི་ཕྱིར། །གཉེན་པོ་བདག་ མེད་རྟོགས་པའི་ཤེས་རབ་ཡང༌། །དོན་དམ་སྐྱབས་གནས་དཀོན་མཆོག་རྣམ་གསུམ་འདི། །རང་སེམས་གནས་ལུགས་རྟོག་མེད་དབྱིངས་ནས་མངོན། །བདག་འཛིན་ལས་བསྐྱེད་སྡུག་ བསྔལ་མ་ལུས་འབྱུང༌། །གཞན་ཕན་སེམས་ཀྱིས་རྫོགས་སངས་རྒྱས་རྣམས་འཁྲུངས། །བདག་འཛིན་རྩ་བ་རྣམ་རྟོག་འཁྲུལ་བ་འདིའི། །གཉེན་པོ་སྤྲོས་བྲལ་མིརྟོག་བསྒོམ་པར་བྱ། །ཀ་ཡེ་ཀུན་རྫོབ་ཐམས་ཅད་རྟེན་འབྲེལ་ཡིན། །རྟེན་འབྲེལ་ལྟོས་པ་རང་ཚུགས་མེད་པ་ཡིན། །ཕར་འགྱུར་ཚུར་འགྱུར་རྫུན་སྣང་སྒྱུ་མ་ཡིན། །ཆུ་ནང་ཟླ་བའི་དཀྱིལ་འཁོར་ཤར་བ་ལྟར། །ལས་འབྲས་འདི་ནི་རྫུན་པ་སྣ་ཚོགས་བཀྲ། །བདེན་པར་འཛིན་པའི་བདེ་སྡུག་དུ་མ་འབྱུང༌། །མངོན་མཐོའི་ལྷ་མིའི་བདེ་སྡུག་སྣ་ཚོགས་སྣང༌། །ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་ མེད་མྱོང༌། །ལས་དང་རྒྱུ་འབྲས་ཡོངས་ལ་དཔྱད་པ་ན། །གཅིག་དང་དུ་མ་རང་བཞིན་མེད་ན་ ཡང༌། །སྣང་བ་ལྟ་བུའི་ཆོས་རྣམས་སྐྱེ་འཇིག་བྱེད། །ཡོད་ཡོད་འདྲ་བའི་བདེ་སྡུག་དུ་མ་འབྱུང༌། །སྣང་བ་ཙམ་དུ་བླང་དོར་བྱ་དགོས་ཏེ། །ཆུ་ཡི་ཐིགས་པས་བུམ་པ་འགེངས་པ་ན། །ཆུ་ཐིགས་ དང་པོས་བུམ་པ་མི་ཁེངས་ཤིང༌། །ཐ་མ་ལ་སོགས་རེ་རེས་མ་ཡིན་མོད། །རྟེན་འབྲེལ་ཚོགས་ 8-1-200 པས་བུམ་པ་གང་བ་ལྟར། །བདེ་སྡུག་འབྲས་བུ་གང་གིས་མྱོང་བ་ན། །རྒྱུ་ཡི་སྐད་ཅིག་དང་ པོས་མ་ཡིན་ཞིང༌། །རྟེན་འབྲེལ་ཚོགས་པས་བདེ་སྡུག་མྱོང་བར་འགྱུར། །དགེ་སྡིག་བསགས་ ཚུལ་འདྲ་མིན་དུ་མ་ཡིས། །གཟུང་འཛིན་འཁྲུལ་བའི་སྣང་བ་སྣ་ཚོགས་འདི། །ལས་སྣང་ དབང་གིས་རིགས་དྲུག་སྣང་བ་འཆར། །གཅིག་གི་གོ་ས་གཅིག་གིས་མི་འགོག་བཞིན། །སྣོད་ བཅུད་སྣ་ཚོགས་བདེ་སྡུག་འདྲ་མིན་ཤར། །རྫུན་པ་བདེན་པར་སྣང་བའི་ཆགས་སྡང་ བསགས། །བག་ཆགས་སྐྱོན་གྱིས་ཕར་འགྱུར་ཚུར་འགྱུར་བྱེད། །གཟུང་འཛིན་བག་ཆགས་ རྟེན་འབྲེལ་ཚོགས་སྣང་བས། །གོ་ས་གཅིག་ཏུ་རིགས་དྲུག་སེམས་ཅན་ཆགས། །མཐོང་སྣང་ འདྲ་མིན་ལས་སྣང་སྣ་ཚོགས་འཆར། །བག་ཆགས་རྐྱེན་གྱིས་གཟུང་འཛིན་འཁྲུལ་ལུགས་ ཙམ། །ལས་ཚུལ་འདྲ་མིན་དབང་གིས་བདེ་སྡུག་འབྱུང༌། །རྫུན་པ་བདེན་པར་སྣང་བའི་ལས་ དབང་གིས། །འགྲོ་ཀུན་ལའང་ཚོར་བ་བདེ་སྡུག་བསྐྱེད། །དོན་ལ་མེད་ཀྱང་ཡོད་པའི་རྫུན་ ལྤགས་མངོན། །ལས་སྣང་འཆར་ལུགས་སོ་སོ་སྣ་ཚོགས་འདི། །སྔོན་དུས་བག་ཆགས་བཟང་ ངན་བསགས་ཚུལ་ལས། །གཟུང་འཛིན་བག་ཆགས་རྟེན་འབྲེལ་འཚོགས་པས་མངོན། །སྣ་ ཚོགས་ལས་ཀྱིས་གཟུང་འཛིན་གཉིས་སུ་འཁྲུལ། །མཁྲིས་ནད་ཅན་ལ་དུང་དཀར་སེར་སྣང་ ལྟར། །འཇིག་རྟེན་སྣང་བ་སྣ་ཚོགས་རྟེན་འབྲེལ་ཡིན། །རྟེན་འབྲེལ་ཐམས་ཅད་ཕན་ཚུན་ ལྟོས་པར་གྲུབ། །ཕན་ཚུན་སྣ་ཚོགས་འགྱུར་བའི་ཤར་ཚུལ་ཙམ། །དོན་ལ་མེད་པ་མོ་གཤམ་ བུ་དང་འདྲ། །མགར་བའི་གྲི་ཡིས་རང་སྲོག་གཅོད་པ་ལྟར། །རང་གིས་དུག་གསུམ་རྟོག་ ཚོགས་མ་ལུས་བསགས། །དེ་འབྲས་རང་སྲོག་གཅོད་པའི་དམྱལ་བ་ཡི། །མཚོན་ཆས་བདག་ ལུས་ཚལ་བར་དུམ་བུར་གཏུབ། །སྐྱིད་འདོད་ཆེ་བའི་དེ་རྒྱུ་ཚོགས་མི་བསགས། །ཁ་གསག་ གཞོག་སློང་ཐོབ་འཇལ་རྙེད་འཚོལ་གྱིས། །བསྡུ་བསོག་རེམ་ལ་ཡོ་བྱད་སེར་སྣས་བཅིངས༌། །ཕུང་བྱེད་བདག་འཛིན་ད་ལྟ་ཉིད་དུ་བརླགས། །གང་ལྟར་བྱས་ཀྱང་བླ་མ་མ་མཉེས་ཚེ། །དམ་ 8-1-201 པའི་ཆོས་ཀྱིས་རང་རྒྱུད་མ་འདུལ་བས། །ཁ་དོན་མི་མཚུངས་ཆོས་ཀྱི་རྫུན་ལྤགས་གྱོན། །རང་ རྒྱུད་ཐུལ་བའི་ཡང་དག་ཆོས་རྣམས་སྒྲུབས། །ཉོན་མོངས་དུག་ལྔ་སྤྱོད་ལ་སྨད་མི་བྱེད། །ལེགས་པའི་བྱ་བ་བྱེད་ལ་སུན་འབྱིན་གཏོང༌། །ཆགས་སྡང་དངོས་སྤྱོད་བྱེད་ལ་ངོ་མི་ཚ། །ཆོས་སྤྱོད་ལས་ལ་བརྩོན་ན་ངོ་ཚ་བརྩི། །བཀའ་བློ་མི་བདེ་རྟག་ཏུ་འགྲོག་པར་དཀའ། །ཕོག་ ཐུག་ཆེ་བས་བདག་འཛིན་རྟག་ཏུ་དམ། །བྱས་ན་རུང་བ་གཅིག་ཀྱང་མི་བྱེད་པར། །ཆོས་མིན་ ལས་ཀྱི་བྱ་བ་སྣ་ཚོགས་བྱེད། །ཆགས་སྡང་མཆེད་པས་ང་ཁྱོད་ཁྱད་པར་ཆེ། །ཕྲག་དོག་མཆེད་ པས་གཞན་ལ་ཁྱད་གསོད་བྱེད། །དེ་དག་ཐམས་ཅད་བདག་འཛིན་དབང་གིས་བསྐྱེད། །གཉེན་པོ་བདག་མེད་རྟོགས་པའི་སྤྲོས་བྲལ་སྒོམས། །འདོད་ཆགས་ཞེ་སྡང་གཏི་མུག་ལས་ བསྐྱེད་པའི། །ནད་རིགས་བཞི་བརྒྱ་རྩ་བཞི་རྣམས་ལས་ནི། །ནད་གང་འབྱུང་བ་མཐའ་དག་ བསལ་བྱས་ཕྱིར། །སྨན་དང་རིམ་གྲོ་གང་དགོས་བདག་གིས་བསྒྲུབ། །སེམས་ཅན་ནད་པ་ རྣམ་པ་སྣ་ཚོགས་པ། །ནད་རྣམས་སོས་པར་འགྱུར་གྱི་བར་དུ་ནི། །བདག་ནི་སྨན་དང་སྨན་ པར་ཉིད་གྱུར་ནས། །དེ་ཡི་སྨན་དང་ནད་གཡོག་བྱེད་པར་ཤོག །ལུས་ལ་མི་བཟོད་ན་ཚ་ འབྱུང་བའི་ཚེ། །འགྲོ་བའི་ལུས་ལ་གནོད་པ་བྱས་པ་ཡིས། །ལས་ངན་བསགས་པ་རང་ལ་ འཁོར་བ་ཡིན། །ན་ཚ་སྡིག་སྒྲིབ་མ་ལུས་རང་ལ་ཐིམ། །འགྲོ་བ་ཀུན་ལ་དུག་ལྔའི་ནད་ཀྱིས་ གདུང༌། །ལས་དང་ཉོན་མོངས་དུག་ལྔའི་རྐྱལ་བ་འདི། །ད་ལྟ་ཉིད་དུ་ཐམས་ཅད་བདག་ལ་ ཐིམ། །ཁྱད་པར་བདག་འཛིན་འདི་ལ་སྤུང་དུ་གསོལ། །སྲོག་གཅོད་མ་བྱིན་ལེན་དང་མི་ ཚངས་སྤྱོད། །སེམས་ཅན་ཀུན་གྱི་ལུས་ཀྱི་ཉེས་པ་རྣམས། །བདག་ལ་སྨིན་ཅིང་དེ་དག་ལུས་ སྒྲིབ་བྱང༌། །བདག་གི་དགེ་ཚོགས་མ་ལུས་དེར་སྨིན་ཤོག །རྫུན་དང་ཕྲ་མ་ཚིག་རྩུབ་ངག་ འཁྱལ་རྣམས། །སེམས་ཅན་ཀུན་གྱི་ངག་གི་ཉེས་སྐྱོན་རྣམས། །བདག་ལ་སྨིན་ཅིང་དེ་ཀུན་ ངག་སྒྲིབ་དག །བདག་གི་དགེ་ཚོགས་མ་ལུས་དེར་སྨིན་ཤོག །བརྣབ་སེམས་གནོད་སེམས་ 8-1-202 ལོག་པར་ལྟ་བ་སྟེ། །སེམས་ཅན་ཀུན་གྱི་ཡིད་ཀྱི་སྡིག་སྒྲིབ་རྣམས། །བདག་ལ་སྨིན་ཅིང་དེ་ དག་ཡིད་སྒྲིབ་སྦྱང༌། །བདག་གི་དགེ་ཚོགས་མ་ལུས་དེར་སྨིན་ཤོག །ཕན་བདེ་མ་ལུས་འགྲོ་ བ་ཀུན་ལ་འབུལ། །ཕན་བདེའི་ཚོགས་ཀྱིས་ནམ་མཁའ་གང་བར་ཤོག །སྡུག་བསྔལ་མ་ལུས་ གཅེས་འཛིན་བདག་ལ་ཐིམ། །སྡུག་བསྔལ་རྣམས་ཀྱི་རྒྱ་མཚོ་སྐེམ་པར་ཤོག །ཁེ་དང་རྒྱལ་ཁ་ མ་ལུས་གཞན་ལ་བྱིན། །གྱོང་དང་འབུབ་ཁ་ཐམས་ཅད་རང་གིས་བླངས། །བདག་ལ་འགྲོ་ ཀུན་སྡིག་སྒྲིབ་རྣམ་སྨིན་ཅིང༌། །བདག་གི་བདེ་དགེ་མ་ལུས་དེར་སྨིན་ཤོག །ཇོ་ནང་བཀའ་ གདམས་ཉམས་ལེན་གཅིག་དྲིལ་ཡང༌། །གཏོང་ལེན་གཉིས་པོ་སྤེལ་མར་བྱེད་པ་འདི། །ཐེག་ ཆེན་བྱང་ཆུབ་སེམས་ཀྱི་སྲོག་ཤིང་ཡིན། །མན་ངག་ཟབ་མོ་གཅིག་དྲིལ་ལྷུར་བཞེས་མཛོད། །ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ནི། །ཤམྦྷ་ལ་རུ་བྱང་ཆུབ་མ་ཐོབ་པར། །འགྲོ་བ་ དྲུག་ཏུ་ལས་ཀྱིས་འཁྱམས་པའི་སྐབས། །ཕན་ཚུན་བྱམས་བརྩེས་ཕན་བདེ་རྟག་སྤྱོད་བྱེད། །རྙེད་བཀུར་དབང་གིས་ཕན་ཚུན་རྩོད་འགྱུར་ཞིང༌། །རྩུབ་མོའི་ཚིག་གིས་གཞན་སེམས་ འཁྲུག་འགྱུར་བའི། །རང་གི་དགེ་ཚོགས་མ་ལུས་འཇོམས་བྱེད་པའི། །ཞེ་སྡང་ཕྲག་དོག་ཚིག་ ངན་སྤོང་བར་བྱ། །རང་གི་ཞེ་སྡང་དགྲ་བོ་མ་བཏུལ་ན། །ཕ་རོལ་དགྲ་བོ་བཏུལ་བ་འཕེལ་ བའི་རྒྱུ། །རང་སེམས་དགྲ་བོའི་ཞེ་སྡང་གཅིག་བཅོམ་ན། །ཕྱི་རོལ་དགྲ་བོ་ཐམས་ཅད་ཆོམས་ དང་འདྲ། །མི་བཟད་ལས་ཀྱི་མཐུ་སྟོབས་ཆེན་པོ་ཡིས། །མི་ཁོམ་རིགས་དྲུག་གནས་སུ་སྐྱེ་ བའི་སྐབས། །ཉོན་མོངས་དུག་གསུམ་ནད་ཀྱིས་གདུང་བ་ལ། །དམ་ཆོས་ཟབ་མོའི་ཆོས་སྦྱིན་ སྤེལ་བར་བྱ། །བདག་གི་ལུས་ངག་ཡིད་གསུམ་སྒོ་ནས་ཀྱང༌། །འབུ་སྲིན་ཕྲ་མོ་ཙམ་ལ་གནོད་ པ་ཡང༌། །སྤུ་ཙམ་མེད་པར་ཕན་པ་འབའ་ཞིག་གི། །བྱ་བ་ཁོ་ན་བདག་གིས་བསྒྲུབ་པར་བྱ། །སེམས་ཅན་མི་བསྲུན་ནམ་མཁའ་བཞིན་དུ་ཁྱབ། །ཆོས་ཀྱི་ཕོངས་པར་འགྱུར་བའི་སེམས་ ཅན་རྣམས། །བླ་མ་དཀོན་མཆོག་གསུམ་དང་དུས་འཁོར་ལ། །མ་དད་སྔོན་གྱི་བསོད་ནམས་ 8-1-203 དམན་པ་ཡིས། །བདག་གིས་སྣ་ཚོགས་ཐབས་ཀུན་ལ་བརྟེན་ནས། །ལེགས་པར་ཁྲིད་དེ་བླ་ མ་དཀོན་མཆོག་དང༌། །ཁྱད་པར་དཔལ་ལྡན་དུས་ཀྱི་འཁོར་ལོ་ལ། །དད་པར་བྱས་ཏེ་ལམ་ ལ་འགོད་པར་བྱ། །བདག་ནི་མཐོང་དང་དྲི་དང་རླུང་ཕོག་པ། །བདག་མིང་ཐོས་དང་དྲན་དང་ དགའ་བ་དང༌། །བདག་ལ་བརྟེན་པའི་སེམས་ཅན་མ་ལུས་པ། །ཚེ་འདིར་འཁོར་བའི་སྡུག་ རྒྱུན་ཆད་པར་ཤོག །གང་དག་བདག་ལ་སྨོད་པར་བྱེད་པ་དང༌། །རྡེག་བཙོག་མི་སྙན་སྣ་ ཚོགས་བརྗོད་པ་དང༌། །ཕྲག་དོག་ངན་སེམས་གཤེ་བསྐུར་བྱེད་པ་རྣམས། །ཚེ་འདིར་སངས་ རྒྱས་ཐོབ་པའི་རྒྱུར་གྱུར་ཅིག །ལུས་ངག་ཡིད་གསུམ་བྱ་བ་གང་བརྩམས་པ། །གལ་ཏེ་གཞན་ ལ་ཕན་པར་འགྱུར་བ་ན། །རང་གི་དོན་ལ་ཅུང་ཟད་ལྟོས་མེད་པར། །ངན་སོང་གསུམ་གྱི་སྡུག་ བསྔལ་བཟོད་པར་བྱ། །རང་གི་ལུས་ངག་ཡིད་གསུམ་བྱ་བ་རྣམས། །དགེ་སྡིག་གང་བྱེད་རང་ གིས་མི་ཤེས་པས། །དེ་ཕྱིར་རྒྱུན་དུ་རང་གི་བྱ་བ་ལ། །བརྟགས་དཔྱད་བྱེད་པའི་དྲན་ཤེས་ རྒྱུན་བསྟེན་མཛོད། །ལུས་ངག་ཡིད་གསུམ་དགེ་སྡིག་གང་བསགས་རྣམས། །ཉི་མ་རེ་རེ་ བཞིན་དུ་རྩིས་བགྲང་བྱ། །དགེ་ལས་མང་ན་དགའ་སྤྲོས་སླར་བརྩོན་བྱ། །སྡིག་ལས་མང་ན་ འགྱོད་པས་ཕྱིན་ཆད་སྡོམ། །མི་དགེ་བཅུ་ཡི་ལས་རྣམས་བསག་མཁན་རྣམས། །ཚེ་རིང་ལོ་ བརྒྱ་དག་ཏུ་འཚོ་བ་ལས། །དགེ་བཅུ་སྒྲུབ་པའི་སྐྱེས་བུ་དམ་པ་རྣམས། །ཉི་མ་གཅིག་ལ་འཚོ་ བ་ངོ་མཚར་གནས། །ཆོས་མེད་སེམས་ཅན་སྡིག་ལས་སྤྱོད་པ་ཅན། །ཚེ་རིང་ནད་མེད་ལོ་བརྒྱ་ འཚོ་བ་ལས། །ཆོས་སྤྱོད་བཅུ་ལ་སྤྲོ་བའི་སྐྱེས་བུ་འདི། །ཉི་མ་གཅིག་ལ་འཚོ་བ་ལྷ་མིས་ བཀུར། །དལ་འབྱོར་དོན་མེད་སྡིག་ལས་སྤྱོད་པ་འདི། །ལོ་བརྒྱ་དག་ཏུ་བདེ་བའི་འཚོ་བ་ ལས། །དགེ་ཚོགས་མ་ལུས་སྒྲུབ་པའི་སྐྱེས་བུ་མཆོག །ཉི་མ་གཅིག་ལ་འཚོ་བ་ཕུན་སུམ་ ཚོགས། །རྡོར་སེམས་སྒོམ་པ་རྟེན་སྟོབས་བསྙེན་བཟླས་བྱ། །བདུད་རྩི་འབེབས་སོགས་ གཉེན་པོ་ཀུན་སྤྱོད་སྟོབས། །སུན་འབྱིན་སླར་ལྡོག་སྟོབས་བཞི་ཚང་བ་ཡིས། །སྡིག་སྒྲིབ་དག་ 8-1-204 པའི་རྟགས་ཐོན་བར་དུ་སྒོམས། །རི་རབ་གླིང་བཞི་གླིང་ཕྲན་རི་གླིང་མཚོ། །དྲུག་དྲུག་དབུས་ སུ་ལྷ་མིའི་དཔལ་འབྱོར་དང༌། །རྟགས་བརྒྱད་སྣ་བདུན་རྣམ་ལྔ་ཉི་ཟླའི་མཚོན། །དངོས་ འབྱོར་ཡིད་སྤྲུལ་མཎྜལ་གྲངས་མང་འབུལ། །མདོ་རྒྱུད་རྣམས་ལས་བླ་མ་བསྟེན་ཚུལ་ནི། །དབང་བསྐུར་བླ་མ་རང་གི་མིག་དང་འདྲ། །གདམས་ངག་སྟོན་པ་རང་གི་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་རང་གི་ལུས་དང་འདྲ། །བླ་མ་བསྟེན་པའི་དམ་ཚིག་མ་ཉམས་ན། །འདུལ་ བའི་ཁྲིམས་ནི་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་སོགས། །ཉམས་ ཀྱང་རྡོ་རྗེ་འཆང་གི་གོ་འཕང་འཐོབ། །རང་གི་ཡི་དམ་མཚན་དཔེ་ལྡན་པའི་ལྷ། །བསྐལ་པ་ སྟོང་ཕྲག་བར་དུ་བསྒོམས་པ་ལས། །དེ་ལས་བླ་མ་དྲན་པ་བསོད་ནམས་ཆེ། །རྫོགས་པའི་ རིམ་པ་བསྐལ་པར་བསྒོམས་པ་ལས། །བླ་མ་སེམས་ཀྱིས་དར་ཅིག་དྲན་པ་ཙམ། །འབུམ་ ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །བླ་མ་དུས་གསུམ་སངས་རྒྱས་ཀུན་འདུས་ལ། །ཡིད་ཁྱེད་ ཤེས་ཀྱི་དད་པས་འདུ་འབྲལ་མེད། །བླ་མ་སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ ཀུན་ཏུ་རྒྱལ་བས་བསྔགས་པར་བྱས། །མདོ་སོགས་ཀུན་ཏུ་དེ་དང་མཚུངས་པར་གསུངས། །རྒྱལ་བའི་ནན་ཏན་ཆེན་པོས་བསྟོད་ལ་འདུད། །སངས་རྒྱས་ཀུན་ལས་ཆེས་ལྷག་བླ་མ་ལ། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་རྗེས་ཡི་རང༌། །ཆོས་གསུང་མི་འདའ་བསྔོ་བ་དབང་ བཞི་བླང༌། །ལུས་ངག་ཡིད་ལ་བྱིན་རླབས་འཇུག་པར་བྱ། །དུས་འཁོར་དབང་ཞུ་དགེ་བསྙེན་ བསྒྲུབ་པ་ཡང༌། །མི་བསད་མ་བྱིན་ལེན་དང་ལོག་གཡེམ་དང༌། །མི་ཆོས་རྫུན་རྣམས་སྤོང་ པའི་སྲུང་སྡོམ་ལེན། །ཐུན་མིན་སྔོན་འགྲོ་ཉམས་སུ་ལེན་པ་ལ། །དུས་འཁོར་སྒྲུབ་ཐབས་ རྒྱས་འབྲིང་བསྡུས་གསུམ་ལས། །ད་ལྟ་ཏཱ་ར་ནཱ་ཐའི་རིན་འབྱུང་ལྟར། །དུས་འཁོར་ལྷན་སྐྱེས་ ཉམས་སུ་ལེན་པར་མཛོད། །དབེན་པ་གསུམ་མམ་ལྟོས་མེད་བཞི་ལ་བརྟེན། །རྣམ་སྣང་ཆོས་ བདུན་བྱས་ན་ལུས་དབེན་དང༌། །སྨྲ་བརྗོད་དབེན་དང་དུས་གསུམ་རྟོག་ཚོགས་དབེན། 8-1-205 །དབེན་གསུམ་སྒོམ་པ་ཞག་གྲངས་བརྒྱ་དང་བརྒྱད། །ཐུན་མིན་ལྟ་བ་ཉམས་སུ་ལེན་ཚུལ་ ཡང༌། །རྣམ་པར་རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །འཇིགས་རུང་དགྲ་ཆེན་འགྲོ་དྲུག་ སྡུག་བསྔལ་གྱུར། །རྣམ་པར་རྟོག་པ་ཀུན་ལས་རྣམ་གྲོལ་ན། །དྲི་མེད་ཆོས་དབྱིངས་ཞི་བའི་ གནས་སུ་འགྲོ། །རྟོག་པ་ཐམས་ཅད་སྡུག་བསྔལ་རྒྱུར་གྱུར་པ། །ཇི་སྲིད་རྟོག་ཚོགས་མ་སྤངས་ བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་ཐོབ་པ་མིན། །ཀུན་མཁྱེན་གོ་འཕང་ཐོབ་པར་མི་ བྱའོ། །ཀུན་མཁྱེན་གོ་འཕང་ཐོབ་པར་འདོད་པ་ཡིས། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་པར་འགྱུར་པའི་ཐབས། །དེ་ལ་རྟག་ཏུ་བརྩོན་པ་བསྐྱེད་པར་བྱ། །འཁྲུལ་ སྣང་ཀུན་གྱི་རྩ་བ་རྣམ་རྟོག་འདིས། །དཔེར་ན་གཉིད་ཀྱི་རྨི་ལམ་ཇི་བཞིན་པར། །རིགས་དྲུག་ སོ་སོའི་རྣམ་པ་གང་སྣང་འདི། །སྡུག་བསྔལ་གསུམ་གྱི་རྣམ་པ་མ་ལུས་ཤར། །དམྱལ་བ་ཡི་ དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་མིན་ལྷ་རྣམས་ཇི་ལྟར་སྣང་བ་འདི། །ལས་ཀྱིས་བསགས་ ཚུལ་དབང་གིས་ཤར་ལུགས་ཙམ། །དོན་ལ་མེད་པ་རི་བོང་རྭ་དང་མཚུངས། །སངས་རྒྱས་ ཆོས་སྐུ་འཁོར་འདས་ཀུན་ཁྱབ་པ། །སེམས་ཅན་ཐམས་ཅད་སངས་རྒྱས་སྙིང་པོ་ཅན། །རང་ སེམས་ཆོས་ཉིད་ཆོས་སྐུ་དེ་བཞིན་ཉིད། །བཟང་ངན་ཆེ་ཆུང་མཐོ་དམན་དབྱེ་བ་མེད། །སེམས་ ཅན་ཐམས་ཅད་སངས་རྒྱས་ཉིད་ཡིན་ན། །འོན་ཀྱང་གློ་བུར་དྲི་མས་རབ་བསྒྲིབས་ཤིང༌། །དྲི་ མ་དེ་ཉིད་བསལ་ན་སངས་རྒྱས་ཉིད། །སྔར་མེད་གསར་ཐོབ་སངས་རྒྱས་མི་སྲིད་མོད། །རང་ དང་རང་གི་རྣམ་པར་རྟོག་པ་ལ། །སངས་རྒྱས་མ་ཡིན་སེམས་ཅན་ཐམས་ཅད་ནི། །གཅིག་ ཀྱང་ཡོད་པ་འགའ་ཡང་མ་མཆིས་སོ། །རང་གི་སེམས་ནི་སངས་རྒྱས་ཡིན་པའི་ཚུལ། །མཁས་ པ་བསྟན་བཅོས་འཆད་པ་ཐམས་ཅད་ཀྱིས། །ལུས་ནང་སངས་རྒྱས་ཡོད་པ་མ་རྟོགས་སོ། །དེ་ ལྟར་རྟོགས་ནའང་གང་དུ་འགྲོ་བ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ད་ལྟའི་རང་ སེམས་གསལ་རིག་རང་མདངས་དབྱིངས། །དུས་གསུམ་རྟོག་ཚོགས་མཐའ་དག་རབ་དྭངས་ 8-1-206 ངང༌། །མ་བཅོས་སོ་མ་རང་ཤར་ལྷན་ནེར་བཞག །ལྷུན་གྲུབ་འབད་རྩོལ་མེད་པར་རང་བབ་ སྐྱོངས། །སྔར་སོང་འདས་པ་རྣམས་ཀྱི་རྗེས་མི་འབྲང༌། །མ་འོངས་འབྱུང་བ་རྣམས་ཀྱི་སྔོན་མི་ བསུ། །ད་ལྟའི་ཤེས་རིག་གསལ་བའི་ངོ་བོ་འདི། །མ་བཅོས་རང་བབས་ངང་ལ་རང་སོར་ཞོག །བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་ནི། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་ཡི། །བླ་མ་ དམ་པའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །གདོད་ནས་ དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཆོས་ཉིད་རང་གཟུགས་རྣམ་པ་ཐམས་ཅད་པ། །དྭངས་ཤིང་འོད་གསལ་ཅིག་ཅར་རྟོག་མེད་ འཆར༌། །སྔོན་མེད་དཔྱིད་འབྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་རེག་བྱར་མཐོང་ མེད་ས་ར་ཧ། །མིག་མི་འཛུམ་པར་བལྟ་དང་མི་བསམ་དང༌། །རླུང་འགོག་པ་ནི་བླ་མ་དམ་ པའི་གསུང། །གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས། །རྣམ་གཉིས་བློ་ནི་གང་ལ་ཡོད་ མིན་གྱི། །ཡིད་ལ་མི་བྱེད་མི་རྟོག་བློ་ཡོད་པ། །དེ་ནི་ཟུང་དུ་འཇུག་པ་ཞེས་བྱར་བཤད། །སེམས་ལ་འཛིན་གཏད་དམིགས་པ་མེད་པ་ཡིས། །གནས་པ་ནམ་མཁའི་རྣལ་འབྱོར་མཚན་ ཉིད་ཅན། དེ་དག་སྟོང་པ་ཉིད་དུ་སྒོམ་པ་ནི། ནམ་མཁའ་སྒོམ་པར་སྔོན་བྱོན་མཁས་རྣམས་ བཞེད། ཐམས་ཅད་སྟོང་པ་རྨད་དུ་བྱུང་བ་ཆེ། །དྭངས་ཤིང་གསལ་བའི་རང་མདངས་ཡེ་ཤེས་ ཆེ། །བླ་མ་དམ་པ་ཉིད་ཀྱི་བཀའ་དྲིན་གྱིས། །དེ་ནི་དེ་ནས་རང་ལ་གསལ་མཐོང་འགྱུར། །ཁམས་དྲུག་དག་པའི་ཁ་དོག་སྣ་ཚོགས་ཤར། །ཁྱད་པར་ས་ཁམས་རྟགས་སྣང་གཙོ་ཆེ་བ། །གང་ཤར་ཐམས་ཅད་རང་ངོ་ཟིན་ཙམ་དུ། །དྲན་ཤེས་བག་ཡོད་བརྩོན་པས་རྒྱུན་སྐྱོངས་ མཛོད། །རང་སེམས་རང་བཞིན་དོན་དམ་བླ་མའི་ཐུགས། །ཡི་དམ་རབ་འབྱམས་ཞིང་ཁམས་ ཡོངས་སུ་རྫོགས། །གདོད་ནས་གཞི་འབྲས་དབྱེར་མེད་ཚུལ་དུ་བཞུགས། །དེ་མངོན་ཐབས་ སུ་དམ་པའི་གདམས་ངག་གཤིས། །མ་བཅོས་གནས་ལུགས་རང་བབས་སྐྱོང་བའི་དུས། 8-1-207 །རྟོག་ཚོགས་བྱིང་རྒོད་ཕྲ་རགས་གང་འབྱུང་སྐབས། །དྲན་ཤེས་བྱ་རས་སྐྱོན་རྣམས་ཡང་ཡང་ བསལ། །དེ་ལྟར་འབད་ན་མ་རིག་རྟོག་ཚོགས་དྭངས། །འཇུར་བུར་བཅིངས་པའི་སེམས་ལ་ སྐྱོན་འབྱུང་སྐབས། །ལྷོད་པར་བྱས་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་སྐུད་པ་འཁེལ་བ་ཇི་ བཞིན་པར། །བསྒྲིམ་ལྷོད་ཟིན་པའི་ས་མཚམས་ལེགས་ངེས་མཛོད། །བཟང་ངན་རེ་དོགས་ འཛིན་གཏད་བཅོས་མ་སོགས། །བདག་འཛིན་ཆགས་སྡང་གཏི་མུག་རྟོག་ཚོགས་རྣམས། །སྤང་བླང་འདོར་ལེན་གང་ཡང་མི་དགོས་པར། །སྤྲོས་པ་མཐའ་དག་རང་སར་གྲོལ་བར་ མཛོད། །ཆུ་རྙོག་རང་དྭངས་མར་མེ་རང་གསལ་ལྟར། །རང་སེམས་རྟོག་ཚོགས་མཐའ་དག་ རང་དྭངས་ངང༌། །མ་བཅོས་སོ་མ་རང་སེམས་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པར་ རང་བབས་བཞག །བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། །བཏང་ན་དགེ་བའི་དམིགས་ རྣམ་ཀུན་ལ་འཇུག །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བ་ཡིས། །ཅི་དགར་བཀོལ་བའི་ ལས་ལ་དབང་ཐོབ་མཛོད། །དེ་ལྟར་ཉམས་ལེན་གདམས་ངག་གཅིག་ཆོག་འདི། །དུས་ གསུམ་རྒྱལ་དང་དེ་སྲས་གང་དག་དང༌། །རྩ་བརྒྱུད་བླ་མའི་མན་ངག་གཅིག་དྲིལ་འདི། །དམ་ པའི་དྲིན་ལས་ཉམས་ལེན་ལྷུར་བཞེས་མཛོད། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ ཀྱིས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །གསུང་རབ་ནམ་མཁའི་མཐའ་མཉམ་ དཔག་མེད་ལས། །ཡེ་ནས་བཞུགས་པའི་བདེ་གཤེགས་སྙིང་པོ་བསྟན། །རང་གིས་སྔོན་ བསགས་བསོད་ནམས་བསྒོ་སྐལ་དུ། །བླ་མའི་གདམས་ངག་མཆོག་ལ་ལེགས་བརྟེན་ནས། །དོན་དུ་སེམས་ཉིད་རྟོགས་ཕྱིར་ཁོ་ན་ལས། །གཞན་དུ་རྒྱལ་བས་གསུངས་པ་ཅི་ཡང་མེད། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་དང་ནི། །དོན་དམ་བྱང་ཆུབ་སེམས་གཉིས་བསྒོམས་པ་ ཡིས། །ཚོགས་གཉིས་བར་ཆད་མེད་པར་མཐར་ཕྱིན་ནས། །རང་གཞན་དོན་གཉིས་ཕུན་ སུམ་ཚོགས་པར་ཤོག །དུས་རྒྱུན་དྲན་དང་ཤེས་བཞིན་ལྡན་པ་ཡིས། །དཀར་ནག་རྒྱུ་འབྲས་ 8-1-208 བླང་དོར་སྣ་ཚོགས་ལ། །ཕྲ་ཞིབ་མིག་གི་རྡུལ་ལྟར་གཟབ་པར་བྱ། ཁྱད་པར་རང་སེམས་ གཙང་མ་རྒྱུན་བསྟེན་མཛོད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམ་ ཀུན་ཏུ་ཁྱབ་པ་དང༌། །ཕྱོགས་རྣམ་ཀུན་ཏུ་ནམ་ཡང་མི་ནུབ་ཅིང༌། །དུས་རྣམ་ཀུན་ཏུ་འཕེལ་ ཞིང་དར་བར་ཤོག །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་ རྗེ་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་ གསལ་བར་བྱེད་པར་ཤོག །སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང༌། །དོན་དམ་ རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱི། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །ཕྱི་དང་ནང་གི་ འཚེ་བ་ཡིས། །བར་དུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བསོད་ ནམས་བསགས་དགེས་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི། །ཆོས་མཐུན་ཁོ་ ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ འཐོབ་པར་ཤོག །རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་ བསྟན་དབུ་འཕང་མཐོ་བ་དང༌། །ཆབས་ཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང༌། །བསྟན་ འགྲོའི་སྲུང་རིམ་རླབས་ཆེན་སྤྱོད་གྱུར་ཅིག །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་ པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོག་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་ དང༌། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་དཔོན་སློབ་དར་ཞིང་མཐར་ རྒྱས་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །སྲིད་ཞིའི་དཔལ་འབྱོར་མ་ལུས་ འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་ 8-1-209 དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །རྡོ་རྗེ་ཐེག་པའི་ལམ་ བཟང་དར་བ་དང༌། །བར་ཆད་བགེགས་ཀྱི་མཚན་མ་ཀུན་ཞི་ནས། །མཆོག་དང་ཐུན་མོང་ དངོས་གྲུབ་ཀུན་སྩོལ་བའི། །འགྲོ་དོན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག ། སྨྲས་པ། ཆོས་དབྱིངས་རང་བཞིན་ཤེར་ཕྱིན་མོ། ། ཡེ་བཞུགས་ཡེ་ཤེས་རྣམ་ཀུན་བདག ། དྲི་བྲལ་མི་རྟོག་རྣལ་འབྱོར་མཆོག ། ཉམས་ལེན་བརྩོན་པས་ལྷུར་བཞེས་མཛོད། ། འདིར་བསགས་རྣམ་དཀར་ཆུ་ཤེལ་ལྟར། ། བསོད་ནམས་ཕུང་པོ་ཅི་མཆིས་པས། ། འགྲོ་ཀུན་ཀུ་མུད་ཁ་ཕྱེས་ཏེ། ། གཤེགས་སྙིང་རང་ཞལ་མྱུར་མངོན་གྱུར། ། ཞེས་དཔལ་རྒྱལ་བ་ཇོ་ནང་པའི་ལས་དང་པོ་པ་རྣམས་ལ་སྒྲིབ་སྦྱང་བསོད་ནམས་ བསགས་པའི་ཐབས་ལ་བརྟེན་ཏེ། སེམས་ཀྱི་གནས་ལུགས་གསལ་བྱེད་རིན་པོ་ཆེའི་སྒྲོམ་བུ་ ཞེས་བྱ་བ། འདི་ཡང་ཇོ་ནང་བསྟན་པའི་སྦྱིན་བདག་ཆེན་མོ་ཏ་ཅེ་ལ་མཁོ་ཕྱིར། འཛམ་ཐང་ གཙང་ཆེན་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོས་༡༩༩༨ ལོའི་ཟླ་བ་༩པའི་ཚེས་༡ལ་ བྲིས་པ་དགེ་ལེགས་འཕེལ།