7-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ཇ༽ 7-1-2 ༄༅། །རྗེ་བཙུན་འཕགས་མ་ཉེར་གཅིག་གི་སྒོ་ནས་བར་ ཆད་ལམ་སེལ་ཆོས་མཐུན་མྱུར་སྩོལ་ཞེས་ བྱ་བ་བཞུགས་སོ། ། ༀ་ཏཱ་རེ་ཡ་ན་མོ། ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀུན་ཁྱབ་པ། ། སྐྱེ་འགགས་གནས་གསུམ་བྲལ་བ་རྟག་ཅིང་བརྟན། ། བླ་མ་ཡི་དམ་སྐུ་བཞི་རབ་འབྱམས་ཤིང༌། ། ངོ་མཚར་དཔལ་ཡོན་དུ་མའི་རོལ་བ་འཛིན། ། རྣམ་སྤྲུལ་ལྷ་མོ་གདུལ་བྱའི་ཁམས་བཞིན་སྤྲོ། ། འཇིག་རྟེན་དབང་ཕྱུག་མཛེས་ཞལ་ལས་བསྐྲུན་པ། ། འཇིགས་ཀུན་ལེགས་སྐྱོབ་མྱུ༷ར་མ༷་དཔ༷འ་མོ༷་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། ཟླ་བ་འབུམ་ལྟར་དཀར་བའི་ཚངས་སྲས་མོ། ། ཀུན་མཁྱེན་ཟློས་གར་སྨྲ་དབང་སྐེད་མེད་མ། ། དབྱ༷ངས་ཅ༷ན་ངག་གི་དཔལ་སྟེར་ལྷ༷་མོ༷་ཡིས། ། 7-1-3 ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། རྨད་བྱུང་བསོད་ནམས་དབྱིག་གི་དཔལ་འབར་མ། ། གང་འཚམ་འདོད་པ་འཇོ་བའི་བྱུ་རུའི་མདོག ། རྗེ་བཙུན་བསོ༷ད་ན༷མས་དབང་ཕྱུག་སྟེ༷ར་མོ༷་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། འཆི་མེད་ཚེ་མཆོག་ཡེ་ཤེས་རྒྱ་མཚོའི་གཏེར། ། ཟླ་བ་ཆུ་ཤེལ་འབུམ་ལྟར་རབ་དཀར་མ། ། འཕགས་མ་གཙུ༷ག་ཏོ༷ར་རྣ༷མ་པར་རྒྱ༷ལ་མ༷་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། ཁམས་གསུམ་ཆེ་དགུའི་དབང་ཐང་མ་ལུས་པ། ། ཡིད་བཞིན་སྟེར་མཛད་དམར་གསལ་རཱ་གའི་མདངས། ། རི༷ག་བྱེ༷ད་དབ༷ང་མོ༷་ལྷག་པའི་ལྷ་མོ་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། ཕྲིན་ལས་དགེ་མཚན་འབུམ་གྱི་དཔལ་མངའ་བ། ། འོད་དམར་སྣང་བས་སྲིད་གསུམ་ཁྱབ་མཛད་མ། ། འཇི༷གས་བྱེ༷ད་ཁྲོ་༷མོ༷་བདུད་སྡེ་འཇོམས་མཛད་མས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། མཐུ་སྟོབས་ཐོགས་མེད་ཕྲིན་ལས་རླབས་ཆེན་མོ། ། མཁའ་གཡུའི་མདོག་འོད་ཕྱོགས་བརྒྱར་རབ་སྤྲོ་བ། ། གཞ༷ན་གྱིས་མི་ཐུ༷བ་དཔ༷འ་མོ༷་མཆོག་གིས་ཀྱང༌། ། 7-1-4 ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། མཛད་པ་རླབས་ཆེན་ཆད་མེད་སྐྱེ་དགུའི་མགོན། ། ལྗང་ནག་འོད་ཟེར་ཕུང་པོ་རབ་འབར་སྐུ། ། གཞ༷ན་ལ༷ས་ར༷བ་རྒྱ༷ལ་འཕགས་མ་ལྷ་མོ་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། བརྩེ་བ་ཆེན་པོའི་གཏེར་མངའ་དཔལ་ལྷ་མོ། ། འོད་གསལ་དབྱིངས་ལས་ལེགས་བཞེངས་ལྗང་གསལ་མདོག ། སེ༷ང་ལྡེ༷ང་ན༷གས་ཀྱི༷་སྒྲོ༷ལ་མ༷་རབ་མཆོག་མས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། རྣམ་པར་རྒྱལ་བའི་མཛད་ཆེན་མཁའ་མཐར་སྤྲོ། ། ཀུན་ད་དུང་ཟླའི་དཔལ་འོད་སྣང་བའི་སྐུ། ། འཇི༷ག་རྟེ༷ན་གསུ༷མ་རྒྱ༷ལ་ལྷ་མོ་མཆོག་གིས་ཀྱང༌། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། ཕན་བདེའི་དཔལ་ཁ་ཡོངས་སུ་འགྱེད་མཛད་མ། ། འཛམ་བུའི་ཆུ་གསེར་མདངས་འོད་ལྷམ་མེ་བ། ། ནོ༷ར་སྟེ༷ར་སྦྱིན་མཛད་འཕ༷གས་མ༷་སྒྲོ༷ལ་མ༷ས་ཀྱང༌། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། སྐྱེ་དགུའི་བདེ་སྐྱིད་མ་ལུས་ཆར་དུ་བསྙིལ། ། དམར་འོད་དྲི་མེད་འོད་བཟང་འབུམ་སྤྲོ་བ། ། བཀྲ་༷ ཤི༷ས་འགྲོ༷་དོ༷ན་རབ་མཛ༷ད་ཆེན་མོ༷ས་ཀྱང༌། ། 7-1-5 ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། མ་རུངས་ཉེར་འཚེའི་བདུད་སྡེ་ཀུན་བརླག་མ། ། མཐིང་ནག་འཇིགས་ཉམས་འབུམ་གྱིས་རབ་བརྗིད་མ། ། ཉོན་མོངས་དགྲ༷་དཔུ༷ང་འཇོ༷མས་མཛ༷ད་ལྷ་མོས་ཀྱང༌། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། བགེགས་རིགས་མ་ལུས་འཇོམས་པའི་སྟོབས་འབར་བ། ། མཐིང་ནག་འཇིགས་པའི་གཟི་བརྗིད་རབ་ལྡན་མ། ། ཁྲོ༷་གཉེ༷ར་ངོ༷མ་མཛ༷ད་རབ་ཁྲོའི་ཞལ་ལྡན་མས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། དྲི་བྲལ་ཆོས་དབྱིངས་འོད་གསལ་གནས་ལུགས་མདངས། ། དཀར་གསལ་ར༷བ་དྭངས་འོད་བཟང་མཁའ་མཐར་ཁྱབ། ། ཞི༷་ཞིང་ལེགས་པའི་ལྷ༷་མོ༷་མཆོག་གིས་ཀྱང༌། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། དྲི་མེད་བཻཌཱུར་གསར་བའི་དཔལ་འཛིན་མ། ། མཛེས་སྡུག་འོད་ཟེར་ཕྲེང་བའི་སྙིང་རྗེའི་ཀློང༌། ། འབ༷ར་འོ༷ད་ཕྲེ༷ང་མོ༷་འཕགས་མ་རབ་མཛེས་མས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། འཇིག་རྟེན་དྲེག་ལྡན་མ་ལུས་ཟིལ་གྱིས་གནོན། ། དམར་གསལ་འོད་བཟང་ཕྱོགས་བརྒྱར་འགྱེད་མཛད་མཆོག ། དཔ༷ག་མེ༷ད་སྟོབས་ཀྱིས་གནོ༷ན་མ༷་འཕགས་ལྷ་མོས། ། 7-1-6 ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། བརྟན་དང་གཡོ་བའི་དུག་རིགས་ཀུན་གཞིལ་མཛད། ། ལྗང་གསལ་གཡུ་ལྗོ ན་མདངས་འོད་འབྱིན་པའི་དཔལ། ། རྨ༷་བྱ༷་ཆེ༷ན་མོ༷་སྤྲུལ་པའི་ལྷ་མོས་ཀྱང༌། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། ཕ་རོལ་དགྲ་བོ་ཀུན་ནས་འཇོམས་ལ་དཔའ། ། དཀར་གསལ་འོད་ཟེར་ཕུང་པོ་མཛེས་སྡུག་འབར། ། མི༷་ཕ༷མ་རྒྱ༷ལ་མོ༷་རྗེ་བཙུན་འཕགས་མ་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། འགྲོ་ལ་འཚེ་བའི་རིམས་ཡམས་མཐའ་དག་གཞོམས། ། པདྨ་རཱ་གའི་མདངས་འོད་ཆེར་འཕྲོ་བ། ། རི༷་ཁྲོ༷ད་ལྷ༷་མོ༷་ལོ༷་མ༷་གྱོ༷ན་མ་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། ཇག་ཆོམ་རྐུན་པོ་འཇོམས་ལ་དཔའ་མོའི་གར། ། ཅི་འདོད་སྤྲུལ་བའི་འཕགས་མ་གསེར་གྱི་མདོག ། འོ༷ད་ཟེ༷ར་ཅ༷ན་མ༷་བཅོམ་ལྡན་འདས་མ་ཡིས། ། ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཚོགས། ། དཔའ་བོ་མཁའ་འགྲོ་ཆོས་སྲུང་མ་ལུས་བཅས། ། རྣམ་སྤྲུལ་དཔག་ཡས་མཛད་འཕྲིན་རླབས་ཆེན་གྱིས། ། 7-1-7 ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ། ། དེ་ལྟར་རྩེ་གཅིག་གུས་པས་རེ་སྨོན་འདི། ། མཆོག་གསུམ་བླ་མ་ཡི་དམ་བདེན་མཐུ་ཡིས། ། རེ་འབྲས་བསམ་དོན་ཆོས་བཞིན་འགྲུབ་པ་དང༌། ། ནམ་ཡང་གཡེལ་མེད་དུས་སུ་མྱུར་འགྲུབ་མཛོད། ། ཅེས་རྗེ་བཙུན་འཕགས་མ་ཉེར་གཅིག་གི་སྒོ་ནས་བར་ཆད་ལམ་སེལ་ཆོས་མཐུན་མྱུར་སྩོལ་ཞེས་བྱ་བ་འདི་ཡང་ལྷ་བཙན་ ཡས་ངག་དབང་རྡོ་རྗེ་བཟང་པོས་ཡང་ཡང་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་༡༩༩༩ལོའི་ཟླ་༡༢ཚེས་ ༢༣ལ་བྲིས་པ་འདིས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གསང་བའི་བར་ཆད་མཐའ་དག་ཞི་བའི་རྒྱུར་གྱུར་ ཅིགདགེ་ལེགས་འཕེལ། ༄༅། །བསྟོད་པ་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན། ལྷུན་གྲུབ་འོད་གསལ་ཆོས་སྐུ་དོན་དམ་དབྱིངས། ། སྐུ་བཞི་ཡེ་ཤེས་ལྔ་ཡི་རྣམ་ཀུན་བདག ། ཀུན་རྟོག་སྤྲོས་པ་གཤིས་ནས་དྭངས་པའི་གཞི། ། ཡེ་བཞུགས་བདེ༷་གཤེ༷གས་སྙི༷ང་པོ༷ར་ལན་བརྒྱར་འདུད། ། ཆོས་སྐུ་གཅིག་ལས་རྒྱལ་ཀུན་མཛད་བཟང་འཆར། ། རང་སྣང་ཞིང་དང་འོག་མིན་གནས་མཆོག་སོགས། ། རྣམ་བཀོད་འདྲ་མིན་འཛམ་གླིང་བྱེ་བ་རུ། ། ཤཱཀ༷་ཐུབ༷་བྱེ་བ་བྱོན་ལ་གུས་པས་འདུད། ། 7-1-8 འཆི་མེད་གདོང་བཞི་མིག་སྟོང་བདག་པོ་སོགས། ། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེ ག ། ཡེ་ཤེས་འོད་ཀྱིས་མ་རིག་མུན་སེལ་མགོན། ། སྐབས་གསུམ་གཙུག་ནོར་རྒྱ༷ལ་ཚ༷བ་བྱ༷མས་པ༷ར་འདུད། ། འཕགས་ཡུལ་ཆུ་གཏེར་གླིང་གཞན་སྣ་ཚོགས་སུ། ། གངྒཱའི་རྡུལ་ལྟར་འགྲོ་ཀུན་འདྲེན་བྱེད་མཆོག ། ཀླུ༷་སྒྲུབ༷་ཡ༷བ་སྲ༷ས་གཞན་སྟོང་རྒྱལ་བསྟན་བདག ། བསྟན་པའི་སྙིང་པོ་གསལ་བྱེད་ཁྱོད་མིན་སུ། ། རྒྱ་ཆེན་འཕགས་ཡུལ་ལྷ་ཡི་ལམ་བཟང་དུ། ། ཆོས་མཆོག་རི་དྭགས་སྣང་བའི་འོད་དཀར་ཅན། ། ངེས་དོན་ཀུནྡ་དགོད་པའི་གཉེན་གཅིག་པུ། ། རྒྱལ་ཚབ་གཉིས་པ་ཐོགས་མེད་དབྱིག་གཉེན་རྒྱལ། ། རྒྱལ་ཀུན་རྣམ་དཀར་མཛད་ཕྲིན་ཆར་གྱིས་སྐྱེ་འགྲོའི་སེམས་རྒྱུད་ཞིང་ས་གཤིན་པོ་ལྟ་ བུར་བྱས། །གདུལ་བྱ་སོ་སོའི་བློ་དང་འཚམ་པར་ཆོས་སྤྱོད་བཅུ་ཡི་ས་བོན་ཀུན་ཏུ་ཁྱབ་པར་ མཛད། །ཁྱད་པར་ཐེག་མཆོག་ངེས་དོན་དབུ་མའི་རང་ལུགས་གཞན་སྟོང་ལྟ་བ་ཡང་དག་ རྒྱུན་དུ་འཆད། །རྫོགས་ལྡན་དབུ་མའི་ཆོས་སྦྱིན་མཆོག་མཛད་གཞ༷ན་སྟོང༷་བརྒྱུད༷་པ༷འི་བླ༷་མ༷་ རྣམས་ལ་ཡང་ཡང་གུས། །བདེ་ཆེན་འདྲེན་མཛད་རྣམ་ཀུན་མཆོག་ལྡན་མར། །དགའ་བ་བཅུ་ དྲུག་ལྷུར་ལེན་ཕྱག་གཉིས་ཀྱིས། །ཞགས་པས་འཁྱུད་མཛད་བླ༷་མ༷་དུས༷་འཁོ༷ར་ལ། །གདོང་ བཞི་མིག་སྟོང་གཙུག་གི་ནོར་བུས་གཏུག །ཤམྦྷ་ལ་ཡི་ཞིང་མཆོག་སེང་གེའི་ཁྲིར། །གསང་ ཆེན་རྡོ་རྗེའི་རྣལ་འབྱོར་སྟོན་པའི་མགོན། །གདུལ་བྱ་སྨིན་གྲོལ་ལ་སྦྱོར་ཆོ༷ས་རྒྱ༷ལ་བདུན། 7-1-9 །རི༷གས་ལྡ༷ན་ཉེར་ལྔ་བཅས་ལ་སྙིང་ནས་འདུད། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་དང་ འགྲེལ། །རིགས་ལྡན་དངོས་ལས་གསན་ཏེ་འཕགས་ཡུལ་དུ། །སྐལ་ལྡན་དཔལ་དུ་འདྲེན་ མཛད་དུས༷་ཞ༷བས་པ༷། །མཁས༷་གྲུབ༷་བརྒྱུད༷་པར༷་བཅས་ལ་གུས་པས་བསྔགས། །ལྷག་ བསམ་ལུས་སྟོབས་རྣམ་པར་རྫོགས་ཤིང་སྙིང་སྟོབས་གོ་ཆ་ཉེར་བགོས་ཏེ། །མཁས་གྲུབ་ གདེངས་ཅན་བྱེ་བའི་བསྟི་གནས་འཕགས་ཡུལ་ཆོས་ཀྱི་རོལ་མཚོ་ལས། །གངས་ཅན་སྐད་ ཀྱི་གྲུ་གཟིངས་ལ་བརྟེན་གཙུག་ལག་ནོར་བུའི་མཛོད་དྲངས་ཏེ། །རྒྱལ་བསྟན་སྲོལ་འབྱེད་ལོ་ པཎ་རྣམས་ཀྱི་ཞབས་རྡུལ་ལྷ་དབང་གཙུག་གིས་གཏུག །ཀུན་གཟིགས་སྟོབས་བཅུ་མངའ་ བའི་གསུང་གི་ཟིལ། །ངེས་དོན་འཇིགས་མེད་གདོང་ལྔའི་ང་རོ་ཅན། །སེམས་དཔའ་ཆེན་ པོ་མཐོང༷་ན༷་དག༷འ་བ༷འི་ཕུལ། །རྒྱལ་བའི་སྲས་ཀྱི་ངང་ཚུལ་འཆང་འདི་རྨད། །ཐེག་མཆོག་ གསང་ཆེན་སྔགས་ཀྱི་ཞིང་གི་གཙོ། །པད༷་མ༷་དཀར༷་པོའི༷་སྒྱུ་མའི་རོལ་གར་གྱིས། །རིགས་ ཅན་གང་དག་གསང་སྔགས་གཞན་སྟོང་དུ། །འཇུག་མཛད་འགྱུར་མེད་འཁོར་ལོས་སྒྱུར་བར་ གུས། །དཔལ་གྱི་ལྷུན་པོར་ཡེ་ཤེས་མཆོག་བརྙེས་ཤིང༌། །རྒྱལ་བའི་དགོངས་བཅུད་ཟབ་ མོའི་གཏེར་གྱི་བདག །ཀླུ་སྒྲུབ་སྙིང་པོ་འཛམ་གླིང་བསྟན་པའི་རྒྱན། །མཁས་གྲུབ་ཡོངས་ ཀྱི་གཙུག་ན་མངོན་པར་མཛེས། །དྲི་འཛིན་དབང་པོའི་བཅུད་ལེན་སྤོས་ངད་ལྡན། །གང་ དེར་སེམས་དཔའ་མཆོག་གི་བརྟུལ་ཞུགས་འཆང༌། །ཆོ༷ས་བཟང་ཁྱད་འཕ༷གས་ཤེར་ཕྱིན་ དམ་པའི་མཛོད། །ཐེག་མཆོག་རིགས་ཅན་ཀུན་གྱི་རབ་དགའི་དཔལ། །བསིལ་ལྗོ ངས་ནོར་ འཛིན་གཞི་འདིའི་ཐ་གྲུ་ཀུན། །དམ་པའི་ཆོས་ཀྱིས་དབང་བསྒྱུར་ས་ཆེན་སྐྱོང༌། །ལྷ་ལྡན་ གནས་ནས་སྲོང༷་བཙན༷་མཛད་བཟང་གིས། །མ་ལུས་ས་འདི་རྫོགས་ལྡན་གསར་བ་བྱས། །རྔ་ཡབ་ཟངས་མདོག་དཔལ་གྱི་རི་དབང་དུ། །གསང་སྔགས་བརྟུལ་ཞུགས་མཆོག་གི་དགའ་ སྟོན་གྱིས། །ཟ་བྱེད་སྲིན་པོ་འདུལ་ཞིང་འགྲོ་ཁམས་སྐྱོང༌། །རིག་འཛིན་བླ་མའི་སྤྱི་རྗེ་པད་མ་ 7-1-10 འབྱུང༌། །འཕགས་པའི་ཡུལ་དང་གངས་ལྗོ ངས་ལྷ་ལམ་ཡངས་པར་མཁས་མང་གྲུབ་བརྙེས་ རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་འཁོར་ཡོངས་རྫོགས་ ཉ་རྒྱས་ཟླ་བཞིན་རབ་ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ཐུག་དབུ་མ་གཞན་སྟོང་ ཆེན་མོ་ཇི་བཞིན་འཆད་པའི་གསུང་རབ་ལེགས་བཤད་ག་བུར་གཏེར་མཛོད་ཀྱིས། །རྒྱལ་ བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་ཤེས་རབ་རྒྱལ་མཚན་རྒྱལ་བའི་ལུང་གིས་ ཡང་ཡང་བསྔགས། །རྣམ་ཀུན་མཁྱེན་པའི་ཤེས་རབ་ཟབ་མོའི་དོན། །བདེ་གཤེགས་སྙིང་ པོའི་རྒྱལ་མཚན་ལེགས་པར་འཛིན། །གངས་ལྗོ ངས་དཔལ་དུ་སྔོན་མེད་སྲོལ་བཟང་སྤེལ། །རྒྱལ་བ་གཉིས་པ་ཁྱོད་མིན་སུ་ཡི་བྱེད། །ལུང་རྟོགས་འབུམ་གྱི་རལ་བའི་ཅོད་པན་རྒྱས། །སུན་འབྱིན་རིགས་པའི་མཆེ་སྡེར་རྣོན་པོ་བསྒྲད། །ལེགས་བཤད་སྒྲ་ལྡན་འཁོར་དབུས་མི་ འཇིགས་བརྙེས། །རྒྱལ་བསྟན་གངས་རིར་འཛམ་གླིང་རྒྱན་དུ་བཞུགས། །ཞི་བསིལ་བདུད་ རྩི་མཆོག་བརྙེས་ཀྱང༌། །སྐྱེ་དགུའང་དེ་ལ་འདྲེན་པའིཕྱིར། །ངུར་སྨྲིག་གར་གྱིས་རྣམ་རོལ་ པ། །རྟོན༷་པ༷་བཞི༷་ལྡན༷་སྲིད་གསུམ་རྒྱལ། །རྒྱལ་བའི་དགོངས་བཅུད་མདོ་སྔགས་གཞན་སྟོང་ དུས་ཀྱི་དབང་གིས་ཟུམ་ན་ཡང༌། །རྣམ་འདྲེན་ཀུན་གྱི་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ངུར་སྨྲིག་ ཟློས་གར་འཛིན། །མདོ་སྔགས་ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་སླར་ཡང་གསལ་ བར་མཛད། །རྒྱལ་བ་ཀུན་དངོས་དོལ༷་པོ༷་པ༷་ཞེས་སྙན་གྲགས་ནོར་འཛིན་ཀུན་ཁྱབ་འདུད། །རྒྱལ་བ་རྣམས་དང་རྒྱ་བོད་མཁས་གྲུབ་ཀུན་གྱི་མདོ་སྔགས་བཀའ་བསྟན་ཡོངས་ལ་དབང་ བསྒྱུར་བདག་པོ་མཛད། །མཁས་གྲུབ་གཞུང་ལུགས་རབ་འབྱམས་སྨྲ་བ་རྣམས་ཀྱིས་ཕུགས་ འདི་ཁོང་གི་གཞུང་ལུགས་རྣམས་ལ་གཏུག །ཁྱད་པར་ངེས་དོན་ལྟ་བའི་བརྒྱུད་འཛིན་འཛམ་ གླིང་མཁས་པ་ཡོངས་ཀྱིས་བསྟོད་བསྔགས་བརྗོད་པའི་གནས་སུ་གྱུར། །ལྷ་མི་འགྲོ་བ་ཀུན་ གྱི་སྐྱབས་གཅིག་ཇོ་ནང་བསྟན་པའི་མངའ་བདག་ཏཱ་ར་ནཱ་ཐར་ལན་བརྒྱར་གུས། །གསང་ 7-1-11 སྔགས་རྒྱུད་སྡེབྱེ ་བའི་ཆུ་གཏེར་དཀྱིལ། །སྔོན་བསགས་རྡུལ་མང་བརྩེགས་པའི་ནོར་འཛིན་ དུ། །ཡོངས་ཁྱབ་དབང་ལུང་གདམས་ངག་པད་དཀར་བཞད། །རྐང་དྲུག་བདུད་རྩིའི་འཚོ་ འཛད་སྒྲོ༷ལ་མགོན༷་རྗེ། །རབ་འབྱམས་གཞུང་ལུགས་མཐའ་དག་ཐུགས་སུ་ཆུད། །འཆད་ རྩོད་རྩོམ་པས་རྒྱལ་བསྟན་རབ་གསལ་མཛད། །ཁྱད་པར་རང་ལུགས་གཞན་སྟོང་སླར་སྤེལ་ མཁན། །མཁན་ཆེན་བློ ༷་གྲོས༷་གྲ༷གས་པ༷ར་ལན་བརྒྱར་གུས། །མཐའ་བཞི་ལས་གྲོལ་དོན་ དམ་ཆོས་དབྱིངས་སུ། །མཉམ་བཞག་ཟབ་མོར་བདེན་པར་འཛིན་རྟོག་སོགས། །ཆོས་ཅན་ སྣང་བ་མ་ལུས་ཟད་པའི་ཕྱིར། །འཛིན་མེད་སྤྲོས་བྲལ་རྟོགས་པ་མ༷་ཏི༷་རྗེ། །ཀླུ་ཐོགས་ཡབ་ སྲས་ཡོངས་ཀྱི་དགོངས་དོན་ཡང༌། །ས་གསུམ་འགྲོ་བའི་མིག་འབྱེད་ཆོས་ཀྱི་རྗེ། །རྣམ་པར་ ཕྱེ་ལ་མཁས་པའི་ཟླ་བྲལ་བས། །རྗེ་བཙུན་མཁས་མཆོག་མཁྱེན་རབ་མ༷་ཏིར༷་གུས། །མདོ་ སྨད་ནོར་འཛིན་རབ་ཡངས་དཀྱིལ་འཁོར་དུ། །བསྟན་དང་འགྲོ་བའི་ཕན་བདེ་ལེགས་སྤེལ་ ཕྱིར། །སྡེབ་ལེགས་ཚིག་ཕྲེང་གཟི་འོད་རབ་གསལ་བའི། །བརྗེད་ངས་རྨོངས་པའི་མུན་པ་ སེལ་བྱེད་མཆོག །དམ་པའི་ལེགས་བཤད་རིན་ཆེན་རྒྱན་ཕྲེང་མཆོག །ཡིག་ཚོགས་ཟབ་དོན་ ལེགས་པར་བསྟར་བ་འདི། །སྐལ་ལྡན་ཡོངས་ལ་མགྲིན་པའི་རྒྱན་དུ་སྤེལ། །མི་ཟད་ཆོས་ སྦྱིན་ཆེན་པོའི་སྒོ་ཆེན་ཕྱེ། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །ཆིག་སྟོང་དགུ་ བརྒྱ་གོ་དགུའི་ཟླ་ཚེས་ལ། །རྗེ་བཙུན་བླ་མ་རྣམ་གསུམ་བཀའ་འབུམ་གཙོ། །སྦྱིན་པ་རྣམ་ བཞི་ཉལ་འགྲོའི་རྒྱུན་བཞིན་བསྟར། །ལྷག་བསམ་ཐུགས་བསྐྱེད་ཟླ་འོད་རབ་དཀར་བས། །ཆེ་ཕྲའི་འབྲེལ་བ་གང་ཡོད་འདས་ལྡན་དང༌། །ཕ་མའི་ཐོག་དྲངས་མཁའ་ཁྱབ་འགྲོ་ཀུན་གྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཕྱིར་བསྐྲུན། །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་འདུ་ བྱེད་བརྟན། །ཐོས་བསམ་སྒོམ་པའི་བྱ་བ་རྟག་འཕེལ་ངང༌། །འཆད་རྩོད་རྩོམ་པ་ཡར་ངོས་ ཟླ་ལྟར་འཕེལ། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཆར་ཆུ་དུས་ཚིགས་སྙོམ་ 7-1-12 ཞིང་ལོ་ཕྱུགས་འཕེལ། །མི་ཕྱུགས་ནད་རིགས་ཀུན་ཞི་ཚེ་རིང་དང༌། །དུས་འཁྲུགས་ཀུན་ཞི་ ཆབ་སྲིད་རྟག་ཏུ་བརྟན། །མདོར་ན་འདི་ཕྱི་ཀུན་བདེའི་ཆོས་སྤྱོད་ཤོག །འདིར་བསགས་ལས་ བྱུང་རྣམ་དཀར་ཉལ་འགྲོའི་རྒྱུན། །སྲས་བཅས་རྒྱལ་རྣམས་བསམ་མི་ཁྱབ་པ་ཡི། །རླབས་ ཆེན་སྨོན་པའི་ཆུ་ཀླུང་དང་འགྲོགས་ནས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་པར་ཤོག །ཇི་སྲིད་དེ་མ་ཐོབ་པའི་བར། །རྗེ་བཙུན་བླ་མ་རྣམ་གསུམ་གྱི། །གསུང་གི་མཚམས་ལས་མི་ འདའ་བར། །ཡང་དག་ལམ་རྣམས་བསྒྲུབ་པར་ཤོག །གདོད་ནས་སྤྲོས་བྲལ་དོན་དམ་ཆོས་ ཀྱི་དབྱིངས། །སྐུ་གསུམ་ཡེ་ཤེས་ཀུན་གྱི་རང་བཞིན་དུ། །བཞུགས་འདི་རྒྱལ་ཀུན་དགོངས་ པ་ལེགས་རྟོགས་པས། །ཟབ་མོའི་གནས་ལུགས་ཚུལ་བཞིན་རྟོགས་པར་ཤོག །ཐུབ་པས་ ལེགས་གསུང་བཀའ་འཁོར་རྣམ་པ་གསུམ། །དྲང་ངེས་ལྡེ མ་དགོངས་ཇི་བཞིན་ཡིན་མིན་ སོགས། །རྣམ་པར་འབྱེད་པའི་མཁྱེན་རབ་ཕུལ་བྱུང་དོན། །རྒྱལ་བའི་དགོངས་པ་མཐའ་དག་ རྟོགས་གྱུར་ཅིག །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་ ཁྱབ་པ་དང༌། །ཕྱོགས་རྣམས་ཀུན་ཏུ་ནམ་ཡང་མི་ནུབ་ཅིང༌། །དུས་རྣམས་ཀུན་ཏུ་འཕེལ་ཞིང་ དར་བར་ཤོག །མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། ། རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི། ། ལྟ་སྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་ནས། ། ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག ། སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང༌། ། དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱི། ། ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། ། འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག ། 7-1-13 ཅེས་དཔལ་རྒྱལ་བ་ཇོ་ནང་པའི་མདོ་སྔགས་ཀྱི་དབུ་མ་གཞན་སྟོང་གི་ལྟ་གྲུབ་འཛིན་པའི་སྐྱེས་ཆེན་དམ་པ་རིམ་བྱོན་རྣམས་ ཀྱི་བསྟོད་པ་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་འདི་གངས་ཅན་དགེ་བའི་ཟླ་བ་ཐེངས་གཉིས་པའི་སྐབས་སུ་ཏ་ཤུལ་རྒྱལ་མཆོག་ ལ་མཁོ་ཕྱིར་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་སྦྱར་བ་དགེ ༄༅། །ཞུ་འཕྲིན་དད་པའི་གདུང་དབྱངས། བསྐལ་ཆེན་གྲངས་མེད་ཚོགས་གཉིས་རབ་བསགས་པས། ། བདུད་སྡེའི་མཚོན་ཆ་མེ་ཏོག་ཆར་དུ་བབས། ། འཇིགས་རུང་འཁོར་བའི་དགྲ་ཆེན་སྐྱོབ་པའི་མགོན། ། མི་མཇེད་ཞིང་འདིའི་ཟས་གཙང་སྲས་ལ་གུས། ། རྒྱལ༷་བ༷་གཉིས་པ་ལྟ་བུའི་བསྟན་འགྲོའི་དོན། ། བསྟན༷་པའི་བ་དན་སྲིད་པ་གསུམ་དུ་ཕྱར། ། འཛིན༷་སྐྱོང་ལེགས་སྤེལ་འགྲོ་ཀུན་སྐྱོབ་པའི་མགོན། ། རྒྱ༷་མཚོ༷འི་རླབས་ལྟར་མཛད་འཕྲིན་འཛམ་གླིང་ཁྱབ། ། རབ་འབྱམས་ཤེས་བྱ་མ་ལུས་ཐུགས་སུ་ངེས། ། ངེས་གསང་རྒྱུད་སྡེའི་ཟབ་ཆོས་གསལ་བར་མཛད། ། མཛད་འཕྲིན་འོད་སྟོང་འཛམ་གླིང་རྫོགས་ལྡན་ཞིང༌། ། ཞིང་ཁམས་ལྟར་མཛད་འགྲོ་བའི་བླ་མར་གུས། ། མི་བཟོད་སྲིད་པའི་བཙོན་ཁང་ར་བ་རུ། ། ཉམ་ཐག་འགྲོ་མང་མགོན་མེད་གཏན་འཁྱམས་རྣམས། ། 7-1-14 ཐུགས་རྗེ་ལྕགས་ཀྱུས་བདེ་ཆེན་ཁང་བཟང་དུ། ། འདྲེན་མཛད་བཤེས་གཉེན་ཁྱེད་ལ་གསོལ་བ་འདེབས། ། དཔག་ཡས་འགྲོ་ལ་ཡང་དག་ལམ་སྟོན་མཛད། ། དཔག་མེད་ཡོན་ཏན་རྒྱ་མཚོའི་ལེགས་པར་བརྒྱན། ། དཔག་ཏུ་མེད་པའི་གསང་གསུམ་ཡོན་ཏན་མཛོད། ། དཔག་དཀའ་སྙན་པའི་ངག་ལས་དྲངས་ཏེ་བརྗོད། ། གང་སྐུ་ཞོ་འཐུང་དབང་པོའི་ཕུང་པོ་ནི། ། མཐུན་ངོར་དུས་ཀྱི་འཇིགས་པ་དང་བྲལ་ངང༌། ། ཞབས་བརྟན་གཉིས་འཐུང་ཁྲི་ལ་ལེགས་འཁོད་ནས། ། ཐེག་གསུམ་ཆོས་འཁོར་བསྐོར་རྣམས་རང་ཅག་སྤྲོ། ། སྐུ་ཚེ་རབ་བརྟན་ཚེ་དཔག་མེད་མགོན་དང༌། ། རྣམ་པར་རྒྱལ་མ་བདུད་བཞིའི་གཡུལ་ལས་རྒྱལ། ། སྒྲོལ་མ་དཀར་མོས་འཆི་བདག་བདུད་རྣམས་བཀྲལ། ། ཞབས་བརྟན་གདོང་ལྔའི་ཁྲི་ལ་རྟག་བཞུགས་སྨོན། ། ཞེས་འཕགས་མཆོག་སྤྱན་གཟིགས་མི་ཡི་གཟུགས་སུ་བྱོན་པ་རིན་པོ་ཆེ་ཁྱེད་མཁྱེན། མ་རིག་སྨག་ཆེན་གྱི་ཀློང་ན་འཁོར་བའི་འགྲོ་བ་འདི་དག་ལ་ཐུགས་རྗེས་གཟིགས་པ་མཁའ་ དབྱིངས་མཐོན་པོ་རུ་ཉི་ཟླ་གསལ་བ་བཞིན་སྐྱབས་མཆོག་འཛམ་གླིང་འདིར་བཞུགས་མོད་ ཀྱང་ལས་ཀྱི་སྨག་ཆེན་འདི་རྒྱ་མཚོའི་རླབས་ལྟར་རབ་ཏུ་མཆེད་པས་མཇལ་བའི་སྐལ་བ་མི་ འདུགལོག་པའི་བྱ་བ་ཚུར་མཐོང་འདོད་རྩེད་པ་མཆེད་པའི་གཡང་རྐྱེན་སྣ་ཚོགས་པའི་རིགས་ ཀྱིས་ཐུབ་བསྟན་དཀྲུགས་ནས་དྲི་མེད་རིགས་པའི་འོ་མཚོ་བསྙོགས་ཏེ། རྙེད་གྲགས་ཁེ་ 7-1-15 འདོད་སོགས་དུག་ལྔ་ཡི་མཚོ་ཆེན་རྡོལ་ནས་མི་དགེའི་གཟུགས་བརྙན་དུག་རླངས་ཀྱིས་འགྲོ་ མིག་བསླད་པས་ལོག་སྟོན་དབྱུག་བརྡ་ཡི་རྗེས་སུ་འབྲངས་ཏེ། སྤྲེལ་ཆུང་ཀླད་མེད་དག་གར་ ལ་རོལ་བ་ལྟར་ཀྱེ་ཧུད་གཏན་བདེ་ཡི་སྲོག་རྩ་བཅད་དེ་དགྲ་ཆེན་བཅོས་པ་ལ་ངོ་སོ་བྱེད་ནས་ ཕ་མ་བཟང་གྲོགས་གཅེས་ནོར་སོགས་དོར་ནས་དོན་མེད་འདི་ཕྱིའི་བདེ་སྐྱིད་བརླགས་པའི་ དར་ཆེན་འདི་ཕྱར་ཏེ། ཟིན་མེད་བྱ་བའི་ཉིན་མཚན་ཀུན་འདས་སོང༌། མདོར་ན་ལུས་སྟོབས་ རྒྱས་པའི་ཟས་གོས་འདི་ཉིན་སྐར་དང་འདྲ་བས་འདི་ཕྱིའི་སྐྱབས་བཅོལ་བསླབ་སྟོན་རྣམས་ རྣ་རྒྱབ་སེར་བུ་བཞིན་དུ་འདུག་པས་ཐོས་མེད་ཐོས་ཡོད་ཀྱི་སྐྱ་སེར་ཀུན་གྱིས་ཚུར་མཐོང་སྣང་ ཤེས་ཀུན་མཆོག་ཏུ་འཛིན་ནོ། །བླ་མ་མཁྱེན། བླ་མ་དཀོན་མཆོག་གསུམ་མཁྱེན། འཕགས་ མཆོག་མི་གཟུགས་སུ་བཞེངས་པ་ཁྱེད་མཁྱེན། ཉིད་ཀྱི་གཟུགས་སྐུ་མཛད་འཕྲིན་སོགས་ འགྱུར་མེད་རྡོ་རྗེ་ལྟ་བུ་བཞུགས་པའི་ཆེད་དུ་འཛམ་ཐང་དགོན་གྱི་བླ་སྤྲུལ་དང་གྲྭ་མང་ཡོངས་ ཀྱིས་བཀའ་ཆོས་དག་ཚར་གསུམ། གདུགས་རིང་འབུམ། དུས་འཁོར་ཆོ་ག་ཁྲི། ཚེ་ལྷ་རྣམ་ གསུམ་གྱི་སྐུ་འབུམ་རེ་རེ་སོགས་ཞབས་བརྟན་གྲངས་མེད་བསྒྲུབས་པའི་ལེགས་བྱས་རྣམ་ པར་དཀར་བའི་བསོད་ནམས་ཀྱིས། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། ། ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། ། དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཁྱེད། ། དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག ། 7-1-16 ༄༅། །༧ ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ སྙན་ཞུ་ཕུལ་བའི་ཡི་གེ། འགྲོ་ཀུན་གྱི་གཙུག་ནོར་དམ་པ་གཙང་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ ལ་དོན་ཚན་དགུའི་སྒོ་ནས་ཞུ་བ་འབུལ་གྱི་ལགས། དོན་ཚན་དང་པོ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་དགའ་སྤྲོ་ཆེ་བའི་དགེ་འདུན་པ་དང༌། མང་ཚོགས་ཀུན་ལ་ནི། གཙང་པཎ་ཆེན་རིན་པོ་ཆེའི་མཛད་འཕྲིན་ལ་བརྟེན་ནས་ང་ཚོའི་ མི་རིགས་ཡོངས་ལ་ཕན་བདེ་འབྱུང་བཞིན་པའི་ལམ་བཟང་འདི་ལ་དགའ་སྤྲོ་ཆེ་བ་སྨོས་མི་ དགོས་པ་ཀུན་གྱིས་ཤེས་གསལ་ལྟར་ལགས། དོན་ཚན་གཉིས་པ། གཙང་པཎ་ཆེན་གྱི་སྐུ་ཚེ་མཛད་འཕྲིན་རྒྱས་པའི་ཕྱིར་དང༌། རྒྱལ་ ཁམས་ཞི་བདེ་འོང་བའི་ཆེད་དུ་དམིགས་ནས་སྲུང་རིམ་བསྒྲུབས་པའི་རིམ་པ་ནི། འཛམ་ཐང་ དགོན་གྱི་ཟླ་བ་དང་པོའི་ནང་ནས་སེར་སྐྱ་སྟོང་ཕྲག་ཁ་ཤས་ཀྱིས་ཞག་སོ་ལྔའི་རིང་བསྙུང་ ཆེན་བཟུང་ནས་ཕྱག་མཆོད་བསྐོར་བ་འབུམ་ཐེར་དུ་མ། མ་ཎི་དུང་ཕྱུར། སྐྱབས་འགྲོ་དུང་ ཕྱུར། སྒྲོལ་མ་འབུམ་ཐེར་ཉེར་ལྔ། གསུར་བྱེ་བ་དུ་མ། ཆོ་ག་སྟོང་ཕྲག་དུ་མ་རྣམས་བསྒྲུབས། ཟླ་བ་གསུམ་པའི་ནང༌། དགེ་འདུན་པ་ཆིག་སྟོང་ལྔ་བརྒྱས་ཕུར་བའི་སྒྲུབ་ཆེན་ཞག་བཅུ། མགོན་བསྐང་དང་བཟློག་པ། འཁྲུགས་བསྐང་བཅས་ཁྲི་དུ་མ་ཞག་བདུན། གཟའི་གསོལ་ ཁའི་བསྐང་བ་བྱེ་བ་ཞག་གསུམ། ཟླ་བ་བཞི་པར། ཐིག་ཚོན་དང་བཅས་དུས་འཁོར་སྒྲུབ་ མཆོད་ཆེན་མོ་ཞག་བཅུ་བཞི། ཟླ་བ་དྲུག་པར། སླར་ཡང་ཐིག་ཚོན་དང་བཅས་དུས་འཁོར་ 7-1-17 སྒྲུབ་མཆོད་ཞག་བཅུ་བཞི། ཟླ་བ་བརྒྱད་པར། ཀུན་མཁྱེན་ཆེན་པོའི་སྒོ་ནས་ཚོགས་མཆོད་ བྱེ་བ་ཞག་བཅུ་གཅིགམགོན་བསྐང་དང་བཟློག་པ་འཁྲུགས་བསྐང་བཅས་ཞག་ལྔ། རཏྣའི་ སེང་གདོང་བསྙེན་བཟློག་བཅས་ཞག་གསུམ། ཟླ་བ་བཅུ་པར། ཀུན་མཁྱེན་ཆེན་པོའི་སྒོའི་ ཚོགས་མཆོད་དང་རྣམ་ཐར་ཞག་གསུམ། ཐིག་ཚོན་དང་བཅས་བདེ་མཆོག་ནག་པོའི་ཆོ་ག་ དང༌། དུས་འཁོར་སྡོམ་པ་ཆེན་པོ་ཐིག་ཚོན་དང་བཅས་ཞག་བཅུ་བཞི། ཟླ་བ་བཅུ་གཅིག་ པར། གདུགས་དཀར་ཚོགས་ཆེན་གྱི་སྐབས་གདུགས་རིང་ཁྲི་ཕྲག་ང་གཅིགམདོ་ཁྲི་དུ་མ། ཚེ་བསྙེན་དུང་ཕྱུར། སེང་གདོང་བསྙེན་པ་དུང་ཕྱུར། ཡིག་བརྒྱ་འབུམ་ཐེར་དུ་མ་ཞག་སོ་ལྔ། ཟླ་བ་བཅུ་གཉིས་པའི་དགུ་གཏོར་སྐབས། དྲུག་ཅུའི་གཏོར་སྒྲུབ། མགོན་པོ། ལྷ་བརྒྱད། བསྐང་མདོས། དམར་ཆེན། རྟ་མགྲིན་སྒྲུབ་ཆེན། ཕུར་བའི་སྒྲུབ་ཆེན། མགོན་པོ་བསང་རླུང་ རྟ། སེང་གདོང༌། གཟའི་གསོལ་ཁ་བསྐང་བ་དང་བཅས་ཞག་བརྒྱད། ཉིན་གསུམ་རིང་སྐྱ་ འཆམ། དམར་འཆམ། གདོང་བརྙན་སྣ་ཚོགས་པའི་ཟོར་འཆམ་རྣམས་ལོ་ལྟར་དུ་འཆགས་ མེད་འཚོགས་པ་དང༌། གཞན་ཡང་དུས་མེད་རྣམས་སུ་དུས་འཁོར་ཆོ་ག་ཁྲི་དུ་མ། གཏོ་སྒྲུབ་ དུ་མ། ཆོ་ག་སྣ་ཚོགས་ཁྲི་དུ་མ། གདུགས་རིང་ཁྲི་དུ་མ། བསྙེན་བཟླས་སྣ་ཚོགས་དུང་ཕྱུར་དུ་ མ། གླིང་བསྐོར་འབུམ་ཕྲག་དུ་མ། ཕྱག་བྱེ་བ་དུ་མ་རྣམས་རྒྱུན་ཆད་མེད་ལགས། དོན་ཚན་གསུམ་པ། འཛམ་ཐང་དགོན་དུ། བཤད་གྲྭ་བ་བརྒྱ། དུས་འཁོར་བསྐྱེད་རྫོགས་ ཉམས་ལེན་པ་ལྔ་བརྒྱ། རྒྱུད་སྡེ་སོ་སོའི་རྒྱུན་འཚོགས་པ་ལྔ་བཅུ་ཙམ་རྒྱུན་ལྡན་དུ་ཡོད། དོན་ཚན་བཞི་པ། སྤྱིར་རྒྱལ་བསྟན་འཛིན་པའི་དགེ་འདུན་པ་རྣམས་འདུལ་ཁྲིམས་རྣམ་ པར་དག་པའི་ཐབས་སུ་དག་ཐེར་དུས་རྒྱུན་ལྡན་དུ་དམ་འཛིན་བྱེད་རྒྱུ་དང༌། དགེ་འདུན་པ་ རྣམས་དགོན་ནང་དུ་རྒྱུན་སྡོད་བྱས་ཏེ་ཐོས་བསམ་སྒོམ་པའི་ཉམས་ལེན་ཟབ་ནན་དང༌། རྒྱུད་ སྡེ་སོ་སོའི་རྒྱུན་འཚོགས་པ་རྣམས་ལ་དངུལ་ཕོག་དང་སྡོད་ཁང༌། འདུ་ཁང་སོ་སོའི་ཆ་རྐྱེན། 7-1-18 རྟེན་གསུམ་བཞེངས་པའི་ཆ་རྐྱེན་རྣམས་རྒྱལ་ཡོངས་ཀྱི་སྤྱི་འབངས་ཆོས་ལུགས་ཆེ་ཆུང་གང་ ཡོད་རྣམས་ལ་མཐོང་ཆུང་མི་བྱེད་པར་གང་མཁོའི་ཆ་རྐྱེན་དུས་དུས་སུ་རོགས་སྐྱོར་བྱེད་པའི་ རེ་བ་དང༌། དོན་ཚན་ལྔ་པ། བོད་རིགས་ཡོངས་ནས་རང་རང་གི་ཡི་གེ་ལ་སློབ་སྦྱོང་བྱེད་པའི་རང་ དབང་ཡོད་པ་དང༌། འབྲོ ག་ཁུལ་རྣམས་རྩྭ་ས་ལ་འཐབ་རྩོད་ཆེ་བས་ལྷོ ད་ཡངས་མི་བྱེད་པར་ ཐག་གཅོད་མྱུར་ཞིབ་བྱེད་པ་དང༌། མི་བསད་པ་རྣམས་ལ་སྟོང་འཇལ་གྱི་སྒོ་ནས་ས་གནས་ རྣམས་བདེ་འཇགས་སུ་འགྲོ་ཐབས་བྱེད་པའི་རེ་བ། དོན་ཚན་དྲུག་པ། ཇོ་ནང་ཀུན་མཁྱེན་རིན་པོ་ཆེའི་ཡང་སྤྲུལ་གཉིས་པ་གཙང་པཎ་ཆེན་ ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་ལ་ནན་གྱིས་ཞུ་བ་ལགས། འཁོར་ལོ་ཐ་མའི་སྲོལ་འཛིན་རྒྱལ་ བ་ཇོ་ནང་པའི་མ་དགོན་ལྟ་བུ་ནི་ད་ སྐབས་དུས་དབང་གིས་ཤར་འཛམ་ཐང་དགོན་ཡིན་ཡང༌། རེ་དྲུག་ལོར་འཛམ་ཐང་ དགོན་ལ་གནོད་ཚབས་ཧ་ཅང་ཆེ་བའི་རྐྱེན་གྱིས་འགྲོ་དངུལ་གྱི་དཀའ་ངལ་ཤིན་ཏུ་ཆེ་བས་ རོགས་སྐྱོར་གྱི་རེ་བ་དང༌། འཛམ་ཐང་ཞིང༌། ཚོང་ཁང༌། དངུལ་ཁང༌། འབྲུ་མཛོད་ཁང༌། སྨན་ ཁང༌། ཟ་ཁང༌། སྐྱེད་ཚལ་ར་བ། ཆུ་ར། རིག་གནས་སྣ་ཚོགས་ཀྱི་སློབ་གྲྭ་དང༌། དགོན་གྲོང་ རྣམས་ལ་ཆུ་གློག་སོགས་འཛུགས་རྒྱུ །དོན་ཚན་བདུན་པ། འཛམ་ཐང་དགོན་གཞི་དཀར་པོ་ བསྒྱུར་ཞིང༌། གྲོང་བ་དག་གནས་སྤོར་བྱེད་རྒྱུ་དང༌། རྒྱལ་རྩེའི་མཆོད་རྟེན་ལྟ་བུའི་རྣམ་རྒྱལ་ མཆོད་རྟེན་ཞིག་ཤར་འཛམ་ཐང་དུ་བཞེངས་པ་དང༌། ཕུར་བའི་བསྙེན་སྒྲུབ་རྒྱུན་ལྡན་དུ་བྱེད་ པ་དང༌། ཕུར་བའི་དུང་འཁོར། དུས་འཁོར་སྒྲུབ་མཆོད་ཚད་ལྡན་དུ་མ་བསྒྲུབ་ན། བོད་ཡོངས་ ལ་ཕན་པ་ཆེ་བའི་རྒྱུ་མཚན་དང༌། ཁྱད་པར་བླ་སྤྲུལ་མི་ཆེན་ཀུན་ལ་ཟབ་གནད་ཆེ་ཞེས་སྔོན་ བྱོན་གྲུབ་དབང་དུ་མས་ཡང་ཡང་གསུངས་ཡོད་པས། མཆོད་རྟེན་བཞེངས་པའི་ཆ་རྐྱེན་ 7-1-19 སོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་ཞུ། དོན་ཚན་བརྒྱད་པ། འཛམ་ཐང་དགོན་ འདིརྒྱལ་ཁབ་ཀྱིས་སྲུང་སྐྱོབས་དང་རོགས་སྐྱོར་གནང་བའི་དགོན་ཆེན་གྱིགྲ ལ་དང༌། འཛམ་ ཐང་གི་ཆོས་ལུགས་མི་སྣ་ཁ་ཤས་རྒྱལ་ཁབ་ཀྱི་ཆོས་ལུགས་མི་སྣའི་ནང་དུ་གྲལ་ཞུགས་ཆོག་ པའི་རེ་འདུན་ཞུ། དོན་ཚན་དགུ་པ། ཇོ་ནང་ཀུན་མཁྱེན་ཆེན་པོའི་བཀའ་འབུམ། ཀུན་དགའ་ གྲོལ་མཆོག་གི་བཀའ་འབུམ། རྗེ་ཏཱ་ར་ནཱ་ཐའི་བཀའ་འབུམ། འཛམ་ཐང་པ་ཐུབ་བསྟན་དགེ་ ལེགས་རྒྱ་མཚོའི་བཀའ་འབུམ། འཛམ་ཐང་པ་འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་ རྒྱ་མཚོའི་བཀའ་འབུམ། འཛམ་ཐང་པ་ངག་དབང་ཚོགས་གཉིས་རྒྱ་མཚོའི་བཀའ་འབུམ། འཛམ་ཐང་པ་སྦྱངས་སྤྲུལ་ཀུན་དགའ་དཔལ་གྱི་བཀའ་འབུམ། ཤར་འཛམ་ཐང་པ་ངག་ དབང་བློ་གྲོས་གྲགས་པའི་བཀའ་འབུམ་རྣམས། རབ་ན་ཤིང་དཔར་དུ་འགོད་པ་དང༌། ཐ་ན་ དེ་རྣམས་པར་བསྐྲུན་བྱེད་པའི་རྒྱབ་སྐྱོར་དང་རོགས་རམ་བྱེད་པའི་རེ་བ་རྣམས་དགེ་འདུན་པ་ ཆིག་སྟོང་ལྔ་བརྒྱ་ལྷག་དང༌། མང་ཚོགས་ཁྲིཕྲ ག་དུ་མའི་སྐུ་ཚབ་བྱས་ཏེ་བླ་མ་ཡོན་ཏན་བཟང་ པོ་ནས་ཞུས་པ་ཡིན། (རྗེ་ཉིད་ཀྱིས་ཀུན་གཟིགས་པཎ་ཆེན་མཆོག་ལ་སྙན་ཞུ་ཕུལ་སྐབས་ཀྱི་བཤད་གཞིའི་ཡི་གེ་ལས་ འདེམས) ༄༅། །རྗེ་ཁལ་ཁ་དམ་པར་ཕུལ་བའི་ཞུ་འཕྲིན་ གསེར་གྱི་སྒྲོམ་བུ། ཀུན་རྟོག་ཆུ་འཛིན་རབ་དྭངས་རང་གཤིས་སྤྲོས་བྲལ་མི་རྟོག་ཡེ་ཤེས་འཁོར་འདས་ 7-1-20 ཡོངས་ཁྱབ་དབང་སྔོན་ལྟར། །རྟག་ཆད་མཐའ་བྲལ་དབུ་མ་ཆེན་མོའི་ལུགས་བཟང་རྟོག་ བྲལ་བློ་འདས་སྙིང་རྗེའི་ཆུ་འཛིན་རླབས་ཕྲེང་གཡོ། །སྐྱེ་འགག་མེད་པ་ཕྱོགས་ལྷུང་དང་ བྲལ་ཆ་མེད་ཀུན་ཁྱབ་ཐོགས་རེག་བྲལ་བའི་མཁའ་ལྟར་རབ་ཡངས་པ། །རྟག་བརྟན་ནང་ དབྱིངས་གཡོ་མེད་ལྷུན་གྲུབ་སྙིང་རྗེའི་མངའ་བདག་དང་པོའི་སངས་རྒྱས་དེ་ལ་ལན་བརྒྱར་ གུས། །བསྐལ་བཟང་རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་ཁྱད་འཕགས་ཨུཏྤལ་དཀར་པོས་ ནོར་འཛིན་འགེངས་བཞིན་འགྲོ་ལ་གཟིགས། །བསྐལ་ཆེན་གྲངས་མེད་རྣམས་སུ་ཚོགས་ གཉིས་ཁྱད་འཕགས་མཐར་ཕྱིན་མདོ་སྔགས་སྦྲང་རྩིའི་རྒྱུན་བཟང་འབད་མེད་ལུད། །དཔག་ ཡས་འགྲོ་བའི་སྙིམ་པར་བླུག་སྟེ་ཁྱད་འཕགས་སྨན་འདི་བཏུང་བས་ཉོན་མོངས་ནད་ཀུན་ དྲུང་ཕྱུང་བ། །བུ་རམ་ཤིང་པ་རྒྱལ་བ་ཀུན་ལས་ཁྱད་འཕགས་ལྷ་ཡི་ལྷའང་གུས་པས་མཚན་ བཟང་འཁོར་ལོར་འདུད། །གང་གི་དགོངས་ཟབ་ངེས་དོན་དབུ་མའི་ལུགས་བཟང་ཟླ་བྲལ་ གསལ་མཛད་རྒྱལ་ཚབ་བྱམས་པ་ཐོགས་མེད་ཞབས། །འཕགས་པ་ཀླུ་སྒྲུབ་ཨཱརྱ་དེ་ཝ་སློབ་ དཔོན་དབྱིག་གཉེན་ཙནྡྲ་གོ་མི་ལ་སོགས་རིམ་པར་བྱོན། །བླ་མེད་རྡོ་རྗེའི་སྔགས་རྒྱུད་གསལ་ མཛད་ཟླ་བཟང་འཇམ་དཔལ་གྲགས་པ་པད་དཀར་འཛིན་པ་ལ་སོགས་ཀྱིས། །སྔགས་ ཀྱི་ཞིང་མཆོག་ཤམྦྷ་ལ་རུ་བྱང་ཆུབ་སེམས་འགྲེལ་གྱིས་བཀྲལ་ལྷ་མིས་བཀུར་འོས་བྱ་བའི་ གནས། །འཕགས་པའི་ཡུལ་དང་གངས་ལྗོ ངས་ལྷ་ལམ་ཡངས་པར་མཁས་མང་གྲུབ་བརྙེས་ རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་འཁོར་ཡོངས་རྫོགས་ ཉ་རྒྱས་ཟླ་བཞིན་རབ་ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ཐུག་དབུ་མ་ཆེན་མོའི་ དགོངས་དོན་གདུལ་བྱའི་ཁམས་བཞིན་འཆད་པའི་གསུང་རབ་ལེགས་བཤད་འོད་དཀར་ གྱིས། །རྒྱལ་བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་ཤེས་རབ་རྒྱལ་མཚན་རྒྱལ་ བའི་ལུང་གིས་ཡང་ཡང་བསྔགས། །ཀུན་རྟོག་རྡུལ་གྱིས་མ་གོས་སྤྲོས་བྲལ་མི་རྟོག་ཡེ་ཤེས་ 7-1-21 འཁོར་འདས་ཡོངས་ཁྱབ་མཁའ་དབྱིངས་དཀྱིལ་འཁོར་དུ། །དགའ་བྱེད་ལྷ་བརྒྱའི་དབང་པོ་ གདོང་བཞི་མིག་སྟོང་དྲེགས་ཆེན་ཀུན་གྱིས་དར་ཐོད་བཀྲོལ་བས་ནོར་བུས་བཀུར། །འཇམ་ དབྱངས་གཞོན་ནུའི་མཁྱེན་བཟང་མཁའ་ཡིརྒྱལ་མཚན་ལྷབ་ལྷུབ་ཕྱོགས་བཅུར་གཡོ་ཞིང་ ངེས་དོན་ཁུར་གྱི་ལྕི ། །རབ་བརྟན་ནོར་འཛིན་ཡངས་པར་དམ་ཆོས་གྲུ་ཆར་ལུད་མཛད་ གཞན་སྟོང་སྲོལ་འཛིན་ཏཱ་ར་ནཱ་ཐར་གུས། །གང་གིས་ཐུགས་རྗེའི་མཛད་འཕྲིན་མཁའ་ དབྱིངས་དཀྱིལ་འཁོར་རབ་རྒྱས་དབུས། །འོད་སྟོང་བདག་པོས་ནོར་འཛིན་ཡངས་པར་ རྐང་འཐུང་མ་ལུས་བཞད། །གདུལ་བྱར་གང་གྱུར་གཞན་སྟོང་དབུ་མའི་སྦྲང་དཀར་རྣམས་ ཀྱིས་འཚོ། །གཞན་ཕན་སྙིང་རྗེའི་གཏེར་མཛོད་འགྲོ་ཀུན་འདྲེན་མཛད་ཁྱོད་ལ་གུས། །ངེས་ དོན་རྒྱལ་བསྟན་ཁུར་ཆེན་བཞེས་ཏེ་ལུང་རྟོགས་རྒྱ་མཚོའི་མཛོད། །ཚེ་དཔག་མེད་མགོན་ སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་དང༌། །རྣམ་པར་རྒྱལ་མ་ཚེ་ལྷ་རྣམ་གསུམ་ཐུགས་རྗེ་ འོད་དཀར་གྱིས། །བསྐལ་བརྒྱའི་བར་དུ་ཞབས་སེན་གདོང་ལྔའི་ཁྲི་ལ་ལེགས་འཁོད་སྨོན། །རབ་འབྱམས་དབང་ལུང་མན་ངག་ཐུགས་སུ་ངེས། །ངེས་དོན་རང་ལུགས་མ་ལུས་གསལ་ བར་མཛད། །མཛད་བཟང་གཞན་སྟོང་དབུ་མའི་སྲོལ་བརྒྱ་འགྱེད། །འགྱེད་མཁས་གང་ འདུལ་ཁམས་དབང་ཆོས་ལ་སྦྱར། །མི་བཟོད་སྲིད་པའི་མེ་ཡི་ར་བ་རུ། །ཉམ་ཐག་མགོན་ མེད་བདག་སོགས་གཏན་འཁྱམས་རྣམས། །ཐུགས་རྗེ་ལྕགས་ཀྱུས་ཐར་བའི་ཁང་བཟང་ལ། །འདྲེན་མཛད་དཔལ་ལྡན་བླ་མར་གུས་པས་འདུད། །རྗེ་ཏཱ་ར་ནཱ་ཐའི་ཡང་སྤྲུལ་སོག་ཁལ་ཁ་ རྗེ་བཙུན་དམ་པ་ཁྱེད་ཀྱི་མཛད་འཕྲིན་འོད་སྟོང་འཕྲོ་བའི་ཆ་ཤས་ལས་འཕགས་ཡུལ་གྱི་བྱེ་ བྲག་ཏུ་ཇོ་ནང་དགོན་གསར་འདེབས་བྱས་ཡོད་པ་ཐོས་པས་སྤྲོ་སེམས་ཤིན་ཏུ་འཕེལ། ད་ དུང་ཇོ་ནང་དགོན་དུ་བཤད་སྒྲུབ་ཟུང་འབྲེལ་གྱི་གཞི་འཛུགས་པར་བཀའ་དྲིན་ཆེ། ཁྱེད་གྲྭ་པ་ དེར་གཏོགས་རྣམས་ཀྱིས་ཞབས་འདེགས་ཞུ་བར་བྱེད་པ་བཀའ་དྲིན་ཆེ། 7-1-22 ༄༅། །འཕགས་མ་དབྱངས་ཅན་མའི་བསྟོད་པ་རྒྱུད་ མངས་དྲི་ཟའི་འགྱུར་ཁུག ལང་ཚོ་མིག་གི་དགའ་སྟོན་ལྷག་གེ་བ། ། རབ་དཀར་དུང་ལ་དམར་མདངས་འཕོས་པ་ཅན། ། ན་ཆུང་སྒེག་མོ་ཟླ་བའི་སྣང་འོད་འབར། ། མཛེས་སྡུག་ཉམས་ཀྱི་རོལ་བའི་ཚངས་སྲས་མ། ། ཆུ་སྐྱེས་ཟེའུ་འབྲུའི་རྩེ་ལ་ཉེར་བརྩེན་ཞིང༌། ། ག་བུར་གཏེར་ལ་ཙོག་པུས་དགྱེས་བཞུགས་པ། ། མུ་ཏིག་དྲ་བའི་འཕྱང་འཕྲུལ་རབ་གཡོ་བའི། ། ཀུན་མཁྱེན་སྐེད་མེད་ངག་གི་དབང་ཕྱུག་མ། ། འཕྲུལ་ལྡན་རྒྱུད་མངས་སྒྲ་ལས་ཉེར་འོང་ཞིང༌། ། སྙན་པའི་འགྱུར་ཁུག་སྟོང་གི་རང་མདངས་ལ། ། ལེགས་བཤད་རིག་གསང་ཟབ་གནད་ཀུན་ཚང་བ། ། ངོ་མཚར་འབར་བ་རྒྱ་མཚོ་མཐའ་བདག་མ། ། འོད་དཀར་འཁྱི ལ་བའི་སྦུབས་འགྱིང་སྒེག་པ་ངོམ། ། ཡ་མཚན་ལེགས་ཆ་ཀུན་འཛིན་ན་ཆུང་གཟུགས། ། 7-1-23 རྣམ་བྱང་ཆོས་སྐུ་རབ་རྒྱས་ཟག་བྲལ་བ། ། ཡེ་ཤེས་དྭངས་མའི་གཤིས་སུ་རབ་གསལ་བ། ། གང་ལ་རེ་བའི་སྒྲུབ་པོ་མ་ལུས་པ། ། གང་གིས་གཡེལ་བ་ནམ་ཡང་མེད་པ་སྟེ། ། གང་འདོད་དོན་འབྲེལ་མཐའ་དག་འབྱུང་བའི་གཉེན། ། གང་ཉིད་མཛད་འཕྲིན་གཞན་ལས་ཁྱད་འཕགས་མ། ། གུས་གདུང་ལྷོ ད་མེད་ངང་ནས་འཕགས་མ་ཡི། ། གསང་གསུམ་ཆེ་བའི་ཚུལ་ལ་ཉེར་དད་ན། ། སྨྲ་དབང་ངག་གི་སྒོ་མོ་རབ་བཀྲོ ལ་ཏེ། ། ཆོས་ཚུལ་གང་ལ་གཟུངས་སྤོབས་ཐོགས་མེད་ཤོག ། ཅེས་པ་འདི་ཡང་སྤྲུལ་ཐུབ་བསྟན་ཤེས་རབ་ལ་མཁོ་ཕྱིར་ངག་དབང་ཡོན་ཏན་བཟང་པོས་བྲི ས་པ་དགེའོ། ། ༄༅། །ཞལ་ཐང་བསྟོད་པ། སྲིད་གསུམ་འགྲོ་བའི་རྒུད་པ་སེལ་ཕྱིར་དང༌། །རང་རྒྱལ་མི་རིགས་ཆོས་སྲིད་དར་རྒྱས་ དང༌། །སྔོན་རབས་མི་བརྗེད་སྙན་གྲགས་འཛམ་གླིང་དུ། །གཞག་ཕྱིར་སྙིང་སྟོབས་གོ་ཆས་ འབད་པ་སྟེ། །ང་ཚོ་སྙིང་ནས་དགའ་ཞིང་གང་ནུས་ཀྱིས། །རམ་འདེགས་བྱེད་ངེས་མི་རིགས་ གྲོགས་པོ་རྣམས། །བྱ་བ་མཐའ་འཁྱོལ་ཡོང་བར་བདག་ཅག་གིས། །རེ་སྨོན་ཡིན་ནོ་བཀྲ་ ཤིས་དཔལ་འབར་ཤོག །ཀུན་འདུས་ཞལ་ཐང་ཆེན་མོ་གསར་བཞེངས་སྐབས་འཛམ་ཐང་དགོན་གྱི་མཁན་པོ་ཡོན་ཏན་ 7-1-24 བཟང་པོས་ཟླ་ཚེས་བཟང་པོར་ཕུལ། ༈ རྒྱལ་བསྟན་མདོ་སྔགས་སྲིད་འདིའི་རིན་ཆེན་གཅིག །དེ་དག་ལྗོངས་འདིར་ཕྱག་ རྫོགས་དབུ་མ་གསུམ། །རིས་མེད་གཟིགས་མོར་འབུལ་བའི་ཞལ་ཐང་བཀོད། །བསྟན་ འགྲོའི་དོན་ཆེན་འབྱུང་བའི་སྤྱི་ནོར་མཆོག །སྔོན་བསགས་བསོད་ནམས་ལས་བསྐྱེད་ཁོང་ རྣམས་ཀྱིས། །ཕལ་བའི་ཡིད་ལས་འདས་པའི་མཛད་ཆེན་གནང༌། །མཐོང་ཐོས་དྲན་པའི་སྐྱེ་ དགུ་མ་ལུས་པའི། །སྒྲིབ་སྦྱང་ཚོགས་ཆེན་བསག་པའི་རྒྱུར་གྱུར་ཅིག །འཛམ་ཐང་གཙང་པ་དགོན་གྱི་ མཁན་ངག་དབང་ཡོན་ཏན་བཟང་པོས་༡༩༩༨བོད་རབ་བྱུང་བཅུ་བདུན་པ་ས་ཕོ་སྟག་གི་ལོའི་ཟླ་༡ཚེས་༡ལའོ། ། ༄༅། །གུར་ཀུམ་ཆུན་པོའི་དུས་དེབ་ལ་བསྔགས་པའི་ཤིས་ཚིག གངས་ལྗོ ངས་ལུགས་གཉིས་པདྨའི་ཚལ་ཡངས་པོར། ། རྐང་དྲུག་གཞོན་ནུའི་དར་དིར་དབྱངས་སྙན་པོས། ། མཛའ་མཐུན་རིས་བྲལ་ཤེས་རིག་གུ༷ར་ཀུ༷མ་གྱི། ། མེ་ཏོག་བཟང་པོ་ཆུ༷ན་པོ༷ར་སྣང་བ་ལེགས། ། མཁན་མིང་པ་ངག་དབང་ཡོན་ཏན་བཟང་པོས་ཆུ་རྟ་ལོར་པེ་ཅིན་སྨན་ཁང་ནས་སྦྱར་ཏེ་ཕུལ། ༈ མཁའ་ཁྱབ་འགྲོ་ཀུན་རྒུད་པ་སེལ་བའི་ཕྱིར། །རྒྱལ་ཡོངས་མི་རིགས་བསོད་ནམས་ བསགས་པའི་ཕྱིར། །བསྟན་འཛིན་ཡོངས་རྒྱས་སྐུ་ཚེ་བརྟན་པའི་ཕྱིར། །ཁྱད་པར་ངེས་དོན་ དབུ་མ་ཡོངས་འཕེལ་ཕྱིར། །མཆོག་གསུམ་མཚོན་པའི་སྣང་བརྙན་གཟུགས་བཀོད་མཆོག །འདི་མཐོང་ཙམ་གྱིས་སྒྲིབ་གཉིས་དག་བྱེད་མཆོག །བདེ་ནས་བདེ་བར་འགྲོ་བའི་དམིགས་ རྐྱེན་མཆོག །སྐུ་སྐྱེའི་སེམས་དཔས་ཁྱབ་སྤེལ་མཛད་པ་མཆོག །རབ་བྱུང་བཅུ་བདུན་པའི་དཔའ་བོ་ 7-1-25 ལྕགས་འབྲུག་ལོ། ཕྱི་ལོ་༢༠༠༠ཟླ༩ཚེས༢༥ལ་བློ་བཟང་ཆོས་འཕེལ་བས། ༄༅། །ངེས་དོན་དགའ་ཚལ། མཁའ་དབྱིངས་ངེས་དོན་འོད་སྟོང་ཉིན་བྱེད་འབར། །འགྲོ་ཀུན་མ་རིག་མུན་སྟུག་རབ་ བསལ་ནས། །རྒྱ་མཚོའི་གོས་ཅན་རྣམས་སུ་དགའ་ཚལ་བཞད། །འགྲོ་མང་རེ་འདོད་མ་ལུས་ བསྐངས་གྱུར་ཅིག །ངེས་དོན་ལྷུན་པོའི་སྟེང་ན་ཆུ་འཛིན་འཁྲིགས། །བདུད་རྩིའི་ཆར་རྒྱུན་ གསེར་ལྡན་ཀླུང་དུ་ལུད། །རྐང་འཐུང་ཆུ་སྐྱེས་སྣ་ཚོགས་དགའ་ཚལ་བཞད། །འགྲོ་མང་རེ་ འདོད་མ་ལུས་ཡོངས་བསྐངས་ཤོག །ངེས་དོན་དགའ་ཚལ་གྱི་དུས་དེབ་ཐོག་མར་སྤེལ་བ་ལ་ངག་དབང་ཡོན་ཏན་ བཟང་པོ་ནས་སོ། ། ༈ སྟེང་འཐུང་སྨན་གྱི་དགའ་ཚལ་བཀྲ་བའི་དབུས། །རྐང་དྲུག་གཞོན་ཆུང་རིག་རྩལ་ དར་དིར་སྒྲོག །རྩི་བཅུད་སྨན་གྱིས་སྐྱེ་འགྲོའི་འཆི་བ་འཇོམས། །མཁའ་སྲུང་སྨན་ནུས་ཁྱད་ འཕགས་ཟླ་བྲལ་གྱིས། །འཛམ་ཐང་སྤྲུལ་མིང་བདག་ལ་ཚེ་སྲོག་སྟེར། །བཀའ་དྲིན་དགུ་ ཚིགས་ཀྱིས་ཀྱང་འཆིང་མི་ནུས། །ད་དུང་གཞན་ཕན་འདབ་བརྒྱ་རབ་བསྐྱོད་དེ། །འགྲོ་ཀུན་ འཆི་བའི་གནས་ལས་གྲོལ་བར་སྨོན། །ཁྲིན་ཏུའུ་མཁའ་དམག་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་བློ་བཟང་ཆོས་ འཕེལ་གྱིས་བྲི ས་ཏེ་ཕུལ། ༄༅། །ཚོགས་གླུ། ཨེ་མ་ག་ན་ཙཀྲ་ཨ་ལ་ལ་ཧོ། ཨ་ཧོ་དགའ་འོ་སྐྱིད་དོ་གསང་སྔགས་ཀྱི་གནས་མཆོག ། 7-1-26 འདིར་ཚོགས་རྣལ་འབྱོར་ཕོ་མོའི་རང་སྣང་གི་གཟིགས་མོར། ། སྤྲོས་བྲལ་སྟོང་ཉིད་ཆོས་སྐུ་ཀུན་ཁྱབ་ཀྱི་དབྱིངས་ནས། ། སྐུ་དང་ཞིང་ཁམས་རབ་འབྱམས་ཅིག་ཅར་དུ་ངོམ་བྱུང༌། ། ཡི་དམ་དཔལ་མཆོག་དུས་ཀྱི་འཁོར་ལོ་ཡི་{བདེ་མཆོག་འཁོར་ལོ་སྡོམ་པ}ལྷ་ཚོགས། ། ཐབས་ཤེས་བདེ་སྟོང་འགྱུར་མེད་དགའ་བདེ་ཡིས་མྱོས་ཏེ། ། སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡི་འདུ་ཚོགས། ། དམ་ཅན་ཆོས་སྐྱོང་པྲ་ཕབ་གཟིགས་སྣང་དུ་ཕེབས་བྱུང༌། ། གཟུང་འཛིན་ཀུན་བྲལ་ཡེ་བཞུགས་བདེ་གཤེགས་ཀྱི་སྙིང་པོ། ། རྟག་ཆད་མཐའ་བྲལ་དོན་དམ་ངེས་དོན་གྱི་ལྟ་བ། ། ཡེ་གཞི་སྔགས་ཀྱི་གཞན་སྟོང་དབུ་མ་ཡི་གསང་གནད། ། བླ་མ་དམ་པའི་མན་ངག་ཁོ་ན་ཡིས་རྟོགས་བྱུང༌། ། ཚུལ་འདི་ཀུན་མཁྱེན་དོལ་པོའི་རང་ལུགས་ཀྱི་མན་ངག ། ད་བར་མ་ཆད་བྱིན་རླབས་དོན་བརྒྱུད་ཀྱི་བཀའ་དྲིན། ། ཁམས་དབང་དང་མཐུན་བསམ་མེད་རྣལ་འབྱོར་གྱི་ཟབ་གསང༌། ། ཚེ་འདིར་སངས་རྒྱས་ཐོབ་པའི་ཁྱད་ཆོས་འདི་ཧོ། ། གཙང་རྨེའི་སྤྲོས་ཚོགས་ཡེ་དག་ཀུན་ཁྱབ་ཀྱི་དབྱིངས་སུ། ། རང་བྱུང་སྟོང་གཟུགས་རབ་འབྱམས་འབད་མེད་དུ་ངོམ་ཞིང༌། ། ཉམས་དང་རྟོགས་པ་འཕེལ་བའི་བསོད་ནམས་ཀྱི་བྱ་བ། ། ཨ་ཧོ་ག་ན་ཙཀྲའི་རྟེན་འབྲེལ་དེ་འགྲིགས་བྱུང༌། ། འདི་ཕྱིའི་ཕན་བདེ་རབ་སྟེར་ཟབ་མོ་ཡི་ཆོས་མཆོག ། 7-1-27 ཟླ་བྲལ་ཐེག་མཆོག་གཞན་སྟོང་དབུ་མ་ཡི་ལྟ་བ། ། རང་ཅག་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ། ། དངོས་གྲུབ་རྣམ་གཉིས་སྩོལ་བའི་འཛམ་གླིང་གི་ནོར་བུ། ། འདིར་བཞུགས་རྣལ་འབྱོར་ཕོ་མོའི་དགའ་ཆེན་གྱི་དུས་སྟོན། ། བྱིན་རླབས་བདུད་རྩིའི་གྲུ་ཆར་འབད་མེད་དུ་འཇོ་བས། ། ས་དང་ལམ་གྱི་མྱུ་གུ་ཕང་ཕུང་དུ་ལྡེ མ་ཞིང༌། ། སྐུ་བཞིའི་འབྲས་བུ་འགྲོ་ཀུན་འབད་མེད་ཀྱིས་འཚོ་མཛད། ། དགའ་ཆེན་བདེ་བས་རབ་མྱོས་རང་བྱུང་གི་རྡོར་གླུ། ། ཀུན་གྱི་རྣ་བར་འོང་བའི་རྒྱུད་མངས་ཀྱི་རོལ་མོ། ། ཨ་ཧོ་རྟོགས་པ་འཕེལ་བའི་ཆ་རྐྱེན་གྱི་དགའ་སྟོན། ། ཆོས་སྐུའི་རྒྱལ་ས་ནོན་པའི་རྟེན་འབྲེལ་དེ་འགྲིགས་སོ། ། ཞེས་དཔལ་དུས་ཀྱི་འཁོར་ལོའི་{འཁོར་ལོ་སྡོམ་པའི}སྒྲུབ་མཆོད་ཀྱི་སྐབས་སུ་མཁོ་བར་མཐོང་བས་ཤར་འཛམ་ཐང་ བསམ་འགྲུབ་ནོར་བུའི་གླིང་གི་ཉེ་འདབས་སུ་གནས་པ་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༄༅། །བླ་མ་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས་ནོར་བུ་ཀེ་ ཏ་ཀའི་ཕྲེང་བ་ཡིད་གཉིས་ཀྱི་རྙོག་མ་བསལ་ བྱེད་ཅེས་བྱ་བ་བཞུགས་སོ། ། དུས་གསུམ་སངས་རྒྱས་ཀུན་གྱི་ཆོས་སྐུ་གཅིག །འཁོར་འདས་གནས་ལུགས་དོན་ 7-1-28 ལ་བཟང་ངན་མེད། །བྱམས་དང་བརྩེ་བས་གཞན་ཕན་འབད་མེད་སྤྱོད། །རིན་ཆེན་རྣམ་ གསུམ་བླ་མར་གསོལ་བ་འདེབས། །གཞི་རྒྱུད་དང་པོའི་སངས་རྒྱས་རྟག་པའི་བདག །མི་ འགྱུར་བདེ་སྟོང་ཟུང་འཇུག་ལྷུན་གྱིས་གྲུབ། །གསང་གསུམ་རབ་འབྱམས་མཛད་པ་མཐའ་ ཡས་གཏེར། །བླ་མ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །བླ་མའི་ཆོས་སྐུས་སྤྲུལ་པའི་སྒྱུ་ འཕྲུལ་ལས། །ཐབས་ཤེས་ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །གསེར་མདོག་སྤྲིན་གྱི་མེ་ཏོག་འཁྱི ལ་ བ་བཞིན། །ཟུང་འཇུག་དུས་ཀྱི་འཁོར་ལོར་གསོལ་བ་འདེབས། །དཔལ་ལྡན་བླ་མས་གང་ ལ་གང་འདུལ་གྱིས། །གདུལ་བྱ་སོ་སོའི་ཁམས་དང་མོས་མཐུན་ལྟར། །གཟིངས་དང་ཟམ་ པ་སེམས་ཅན་སེམས་མེད་སོགས། །ཤཱཀྱ་སེང་གེར་སྤྲུལ་ལ་གསོལ་བ་འདེབས། །སངས་ རྒྱས་སེམས་དཔའ་སྣ་ཚོགས་སྣང་བའི་འཕྲུལ། །སྔགས་ཀྱི་ཞིང་གཙོ་མི་བདག་ཚུལ་དུ་བརྫུ། །རྫོགས་ལྡན་བསྟན་པའི་གདུགས་འདེགས་པདྨ་དཀར། །ཆོས་རྒྱལ་ཡབ་སྲས་སྤྲུལ་ལ་ གསོལ་བ་འདེབས། །སྟོན་པ་ཤཱཀྱ་སེང་གེས་རྫོགས་ལྡན་མདོ། །གང་གསུངས་ཐམས་ཅད་མི་ བརྗེད་གཟུངས་ཀྱིས་འཛིན། །གདུལ་ཞིང་རྣམས་ལ་ཆོས་སྦྱིན་འགྲོ་ཕན་སྟེར། །ལི་ཙཱ་མཐོང་ དགར་སྤྲུལ་ལ་གསོལ་བ་འདེབས། །བསིལ་ལྡན་ཁ་བའི་ལྗོ ངས་སུ་སླར་སྤྲུལ་བཀྱེ ། །ཆོས་ སྲིད་ཟུང་འབྲེལ་ཁྲིམས་བཟང་ས་གཞི་ལ། །བདེ་སྐྱིད་ཨུཏྤལ་དཀར་པོའི་ཕྲེང་བ་འཁྲིགས། །སྲོང་བཙན་སྒམ་པོ་ཁྱེད་ལ་གསོལ་བ་འདེབས། །རྒྱལ་བསྟན་སྔ་འགྱུར་གསང་ཆེན་བཀའ་ ཕྱོགས་ལས། །གསང་བ་མན་ངག་ཐེག་དགུའི་རྫོགས་པ་ཆེ། །ཨ་ཏི་ཡོ་གའི་རྒྱུད་བཞིན་བརྡ་ དོན་རྟོགས། །སྤ་མི་མི་ཕམ་སྤྲུལ་ལ་གསོལ་བ་འདེབས། །དུས་ངན་དམུ་རྒོད་སྐྱེ་བོ་འདུལ་ བའི་ཆེད། །པད་དཀར་འཛིན་པས་སེང་ཆེན་གླིང་རྗེར་སྤྲུལ། །དེ་དུས་སྤྱི་དཔོན་སྐུ་སྲས་ འཕྲུལ་སྟོབས་ལྡན། །སྣང་ཆུང་གཡུ་སྟག་སྤྲུལ་ལ་གསོལ་བ་འདེབས། །བླ་མས་གང་འདུལ་ མཛད་ཆེན་ལེགས་བསྐྱོད་དེ། །པདྨས་མ་འོངས་དོན་དུ་ཆོས་ནོར་སྦས། །དེ་རྣམས་འདོན་པའི་ 7-1-29 གཏེར་ཆེན་མང་བྱོན་ལས། །སྤྲུལ་བསྒྱུར་དུ་མར་མཛད་ལ་གསོལ་བ་འདེབས། །གང་འདུལ་ སྤྲུལ་གར་སྣ་ཚོགས་མཛད་གནང་བས། །ཁམས་འདིར་རྒྱལ་བསྟན་ལྗོན་བཟང་རྒྱས་སྤེལ་ ཆེད། །སློབ་ཚོགས་བསྡུས་ནས་ཆོས་ཀྱི་ཆར་ཆེན་ཕབ། །དབང་ཕྱུག་ལྷ་མོར་སྤྲུལ་ལ་གསོལ་ བ་འདེབས། །གདམས་ཟབ་བཀའ་གཏེར་ཆུ་ཀླུང་གཅིག་འདྲེས་རྒྱུན། །འདྲེན་མཛད་མང་ བྱོན་རྣམས་ལས་ཁྱད་འཕགས་པ། །ཀུན་མཁྱེན་ཀློང་ཆེན་རང་ལུགས་སླར་གསལ་མཁན། །འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །བླ་མས་མདོ་སྨད་གསེར་ལྡན་དཀྱིལ་ འཁོར་དུ། །བསྟན་འགྲོའི་ཁུར་འདེགས་གླང་པོའི་ཁྱུ་ཚོགས་ལས། །ཁྱད་འཕགས་ས་སྲུང་ལྟ་ བུའི་མཁའ་སྤྱོད་གླིང༌། །བསྟན་འགྲོའི་ཁུར་ཆེན་འཛིན་ལ་གསོལ་བ་འདེབས། །ཕྱག་ཆེན་ བསྟན་པའི་རྒྱ་མཚོ་འཁྱི ལ་བ་ལ། །སྐྱེས་ཆེན་ནོར་བུའི་ཚོགས་ཀྱིས་རབ་ཏུ་གཏམས། །བརྩེ་ ཆེན་རླབས་ཕྲེང་ཕྱོགས་བཅུར་ཆད་མེད་གཡོ། །བཀའ་བརྒྱུད་བསྟན་འཛིན་མཛད་ལ་གསོལ་ བ་འདེབས། །ས་སྐྱའི་ལུགས་བཟང་ལྷ་ལམ་ཡངས་པ་ལ། །བསྟན་འཛིན་ནམ་མཁའི་རྒྱལ་ མཚན་ཕྱོགས་བཅུར་འཁྲིགས། །དམ་ཆོས་བདུད་རྩི་ཆར་དུ་བསྙིལ་བར་བྱེད། །འགྲོ་རྒྱུད་ སྨན་ལྗོ ན་བསྐྱེད་ལ་གསོལ་བ་འདེབས། །དགེ་ལྡན་རྒྱལ་བསྟན་རི་རབ་ལྷུན་པོ་ལ། །བསྟན་ འཛིན་ཉི་ཟླས་འོད་སྟོང་ཕོག་པ་ལས། །རིགས་ཁམས་སད་པའི་ཙན་དན་ལྗོན་བཟང་རྒྱས། །རིས་མེད་འགྲོ་འདྲེན་སྤྲུལ་ལ་གསོལ་བ་འདེབས། །བླ་མས་སྤྲུལ་པས་ལུང་རིགས་སེང་གེའི་ སྒྲས། །ཕས་རྒོལ་འཇོམས་ནས་གཤེགས་སྙིང་དོན་བསྟན་པས། །ལྗོ ངས་འདིར་རྫོགས་ལྡན་ དར་ཆེན་གསར་དུ་བསྒྲེངས། །ཀུན་མཁྱེན་ཆེན་པོར་སྤྲུལ་ལ་གསོལ་བ་འདེབས། །མ་ལུས་ གདུལ་བྱའི་སྣང་ངོར་སྤྲུལ་པའི་སྐུ། །བྱས་པའི་རྒུད་པ་དང་བྲལ་ཐོས་བསམ་རྒྱས། །འཆད་ རྩོད་རྩོམ་པས་རྒྱལ་བསྟན་ཕྱོགས་བཅུར་སྤེལ། །ཀུན་དགའ་གྲོལ་མཆོག་རྗེ་ལ་གསོལ་ བ་འདེབས། །རྒྱལ་བསྟན་མདོ་རྒྱུད་རྒྱ་མཚོའི་བཅུད་བསྡུས་ནས། །དབང་ལུང་མན་ངག་ 7-1-30 མཛོད་ཀྱི་ཆོས་ཆར་ཕབ། །གངས་ཅན་འདིར་ནི་བརྒྱུད་ལྡན་ཁུངས་སུ་འཛིན། །ཏཱ་ར་ནཱ་ཐར་ སྤྲུལ་ལ་གསོལ་བ་འདེབས། །ཐོས་བསམ་བྱས་པས་ཕྱི་ནང་སྒྲོ་འདོགས་བཅད། །རྩེ་གཅིག་ བསྒོམས་པས་ལས་ཉོན་དྲི་མ་སྤངས། །བདེ་སྟོང་ཟབ་མོའི་ཟུང་འཇུག་གཤིས་ནས་མངོན། །རྣམ་སྣང་རྡོ་རྗེར་སྤྲུལ་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མས་ཅིག་ཅར་མཛད་གནང་ བ། །གཙང་ཆེན་སྒྲུབ་གནས་གསེར་གྱི་ཁྲི་རྐང་ལ། །སྒྲུབ་བརྒྱུད་བསྟན་པའི་གདུགས་ཆེན་ སྲིད་འདིར་བསྒྲེངས། །དཀོན་མཆོག་དར་རྒྱས་ཞབས་ལ་གསོལ་བ་འདེབས། །འདུལ་ ཁྲིམས་གཙང་མའི་གསེར་གྱི་ས་གཞི་ལ། །རྫོགས་ལྡན་དམ་པའི་ཆོས་ཆར་རབ་ཕབ་པས། །གྲྭ་བཙུན་གསར་བའི་ཨུཏྤལ་རབ་རྒྱས་བྱེད། །མཆོག་སྤྲུལ་ཀུན་དགའ་དཔལ་ལ་གསོལ་བ་ འདེབས། །སྔོན་རིགས་སད་པས་ལུང་རིགས་གཡུ་རལ་རྒྱས། །ཉམས་དང་རྟོགས་པའི་རྩལ་ ཆེན་ལུས་ལ་རྫོགས། །གདུལ་བྱ་གངས་ཆེན་རི་ལ་འགྱིང་བཞིན་བཞུགས། །བློ་གྲོས་གྲགས་ པའི་ཞབས་ལ་གསོལ་བ་འདེབས། །འཆད་པས་སྐལ་ལྡན་གདུལ་བྱའི་བློ་མུན་སེལ། །རྩོད་ པས་ལྟ་ངན་ཚོགས་རྣམས་དབང་དུ་བསྡུས། །རྩོམ་པས་ངེས་དོན་ལུགས་བཟང་གསལ་བྱེད་ པའི། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །གསོ་དཔྱད་མཁས་པས་ནད་ལ་ སྨན་སྦྱོར་བཞིན། །སེམས་ཅན་ཀུན་གྱི་ཁམས་དབང་མོས་པ་ལྟར། །ཟབ་ཆོས་སྟེར་ནས་ཉོན་ མོངས་ནད་སེལ་མཁན། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བསྟན་པའི་ ཁུར་ཆེན་བཞེས་ནས་གཞན་དོན་ལ། །སྤྱོད་པས་ལུས་སྲོག་དོར་བས་སྙིང་སྟོབས་འཁྲུངས། །ཁྱད་འཕགས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་བཞེས། །བློ་གྲོས་གྲགས་པའི་ཞབས་ལ་ གསོལ་བ་འདེབས། །ལྷག་པར་ཆགས་སྡང་རྨོངས་པས་རྒྱུད་བསྡམས་པས། །འབྲས་རྟགས་ ལུས་ངག་ཡིད་གསུམ་སྤྱོད་པ་རྩིང༌། །དེ་དག་ཐབས་མཁས་ལེགས་པས་ཆོས་དང་སྦྱར། །བློ་ གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དེ་མིན་ཅིག་ཅར་རིམ་པར་མཛད་གནང་ 7-1-31 བ། །ཉི་ཟླའི་འོད་དང་ནོར་བུར་ཆོས་མཚུངས་ལྟར། །སྐྱེ་རྒུའི་རེ་བ་ཀུན་སྐོང་མཚུངས་མེད་ རྗེ། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རབ་འབྱམས་སྤྲུལ་ པ་འཛད་མེད་པས། །ནམ་མཁའི་མཐའ་མཉམ་སེམས་ཅན་ཐམས་ཅད་ལ། །འབད་མེད་སྒོ་ ནས་འགྲོ་དོན་རྒྱུན་མི་ཆད། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ལྷ་དབང་ རྒྱལ་པོ་བཙུན་མོ་བློ ན་པོ་དང༌། །ཉི་མ་ཟླ་བ་ཆུ་དང་རི་ཐང་སོགས། །སྤྲུལ་ནས་སེམས་ཅན་ དབང་ཡིད་ཚིམ་པར་མཛད། །བློ་གྲོས་གྲགས་པའི་ཞབས་ལ་གསོལ་བ་འདེབས། །འཁོར་ འདས་སྲོག་གི་དྭངས་མ་བདེ་གཤེགས་སྙིང༌། །རྒྱལ་བ་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་གར། །དཔལ་ལྡན་བླ་མའི་ཚོགས་ཀྱི་རྣམ་པར་བཞེངས། །དེ་དག་དགོངས་པ་གཅིག་ལ་གུས་ཕྱག་ འཚལ། །བདག་པོས་མ་བཟུང་ལྷ་མིའི་དཔལ་འབྱོར་དང༌། །ཟག་མེད་བདེ་ཆེན་ཡེ་ཤེས་དམ་ པའི་བདག །རྣམ་ཀུན་མཆོག་ལྡན་འོད་གསལ་འདུས་མ་བྱས། །དམིགས་མེད་གུས་པ་ཆེན་ པོས་ལེགས་བཞེས་མཛོད། །བདག་སོགས་འཁོར་བར་བཅིངས་པའི་འགྲོ་ཀུན་གྱིས། །སྐུ་ གསུང་ཐུགས་ཀྱི་ཉམས་ཆགས་གང་བསགས་རྣམས། །དེ་དག་ལའང་སྙིང་ནས་འགྱོད་ཅིང་ སྡོམ། །དེང་ནས་བྱང་ཞིང་དག་པར་མཛད་དུ་གསོལ། །ཀུན་གྱིས་ལེགས་ཚོགས་མཛད་པ་ རྒྱ་ཆེན་གྱི། །རྣམ་དཀར་བསོད་ནམས་དཔག་ཡས་ཉེར་བསྐྲུན་དང༌། །ཟག་མེད་བདེ་ཆེན་ སྟོང་ཉིད་དོན་རྟོགས་ལ། །རབ་དྭངས་གུས་པས་རྗེས་སུ་ཡི་རང་ངོ༌། །རྟག་བརྟན་ཐེར་ཟུག་ མི་འགྱུར་བདེ་ཆེན་རྒྱས། །སྐུ་གསུམ་གཤིས་བཞུགས་ཡེ་ཤེས་རྒྱ་མཚོའི་ཀློང༌། །འཁོར་ལོ་ གསུམ་གྱི་དགོངས་དོན་དབུ་མ་ཆེ། །ངེས་པ་དོན་གྱི་ཆོས་འཁོར་བསྐོར་དུ་གསོལ། །ཆོས་སྐུའི་ དབྱིངས་ལས་བླ་མར་ལེགས་བཞེངས་པ། །གཟུགས་སྐུ་གང་འདུལ་མོས་ངོར་འཚམ་པའི་ འཕྲུལ། །འཇིགས་མེད་རྡོ་རྗེའི་ཁམས་སུ་རྟག་བརྟན་གནས། །ནམ་ཡང་མི་བསྡུ་འགྲོ་ངོར་ རྟག་བཞུགས་གསོལ། །གང་ཞིག་དཔལ་ལྡན་བླ་མ་འདི་དག་གི །མཚན་ནས་བརྗོད་ཅིང་ 7-1-32 གསོལ་བ་བཏབ་པའི་མཐུས། །ཅི་མཛད་ལེགས་མཐོང་མོས་གུས་དད་པ་ཐོབ། །མཐར་ཐུག་ དགོངས་ཡིད་གཅིག་ཏུ་འདྲེས་པར་སྨོན། །ཞེས་བླ་མ་རིན་པོ་ཆེའིསྐྱེ་ཕྲེང་གསོལ་འདེབས་ནོར་བུ་ཀེ་ཏ་ཀའི་ཕྲེང་ བ་ཡིད་གཉིས་ཀྱི་རྙོག་མ་བསལ་བྱེད་འདི་ཡང་སྔ་སོར་ཕུན་ཚོགས་རྡོ་རྗེ་དང་བཛྲ་ཟུང་ལ་འདི་ལྟ་བུ་མཁོ་བའི་ཁར་སླད་ནས་དད་ གསུམ་ལྡན་པ་བརྩོན་འགྲུས་རྒྱ་མཚོ་དང་བློ་གྲོས་འོད་ཟེར་ཟུང་གིས་ཆེད་གཉེར་གྱིས་བསྐུལ་མ་མ་བཟློག་པས་ཉེ་གནས་ཐ་མ་གུ་ ཎ་བྷ་དྲས་བྲི ས་པ་ལྟར་རྗེས་སོར་བརྩོན་འགྲུས་དཔལ་གྱིས་ཡི་གེར་བྲི ས་པའོ། ། ༄༅། །གསོལ་འདེབས་སྣ་ཚོགས་དང་སྨོན་ཚིག་གི་སྐོར། ༈ རྟོན་བཞི་ལྡན་པ་ཤེས་རབ་རྒྱལ་མཚན་དཔལ། །མདོ་སྔགས་བསྟན་པའི་མངའ་ བདག་སྒྲོལ་བའི་མགོན། །མདོ་སྨད་གཞན་སྟོང་གསལ་མཛད་བློ་གྲོས་གྲགས། །རྣམ་གསུམ་ ཞབས་རྡུལ་སྤྱི་བོའི་རྒྱན་དུ་བླངས། །ཞེས་པའང་མཆོག་སྤྲུལ་དམ་པ་འཇམ་དབྱངས་བློ་གྲོས་ཀྱིས་བསྐུལ་ངོར་ངག་ དབང་ཡོན་ཏན་བཟང་པོས་དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་སྦྱར་བ་དགེ ༈ བཀའ་འཁོར་གསུམ་དང་རྒྱུད་སྡེའི་དགོངས་དོན་རྟོགས། །མདོ་སྔགས་བྱེ་བའི་ཆུ་ གཏེར་ཧུབ་ཀྱིས་དྲངས། །གཞན་སྟོང་ལྟ་གྲུབ་འཛམ་གླིང་ཡོངས་ཁྱབ་མཛད། །དོལ་པོ་སྒྲོལ་ མགོན་མ་ཏི་རྣམ་གསུམ་རྒྱལ། །གུ་ཎས་སོ། ། ༈ རྒྱལ་ཀུན་འཕྲིན་ལས་འཕགས་མའི་རོལ་གར་རྗེ། །ཆོས་ཀུན་མཁྱེན་པའི་བློ་གྲོས་ ཀློང་ནས་བརྡོལ། །འགྲོ་ཀུན་བརྩེ་བས་རྗེས་བཟུང་སྲིད་འདིར་གྲགས། །སྡིག་ཀུན་ལས་སྒྲོལ་ ནུས་པ་རྒྱ་མཚོའི་མཛོད། །ཁྱེད་ལ་སྙིང་ནས་གུས་པས་གསོལ་འདེབས་ན། །བདག་གཞན་ 7-1-33 རྒྱུད་ལ་ལམ་གཙོ་རྣམ་གསུམ་དང༌། །རིམ་གཉིས་རྟོགས་པས་སྒྲིབ་གཉིས་རབ་སྤངས་ཏེ། །འགྲོ་བའི་དོན་མཆོག་འབད་མེད་སྤྱོད་བྱིན་རློབས། །ཞེས་པ་འདི་དགེ་མ་སངས་རྒྱས་མཚོ་མོས་རེ་འདོད་ སྐོང་ཕྱིར་གུ་ཎས་སྨྲས། ༈ དུས་དང་གནས་སྐབས་ཐམས་ཅད་དུ། །བླ་མའི་འཕྲིན་ལས་ཀུན་བསྒྲུབས་ནས། །ཐུགས་ཀྱི་དགོངས་དོན་གཏིང་དཔོག་སྟེ། །ཚེ་རབས་ཀུན་ཏུ་རྗེས་སུ་ཟུངས། །འདི་ཡང་གུ་ཎས་ གསོལ་བ་བཏབ་པའོ། ། ༈ སྔོན་ནས་སྤངས་རྟོགས་མཐར་ཕྱིན་ཀྱང༌། །ཁམས་དབང་མཐུན་པའི་བཤེས་གཉེན་ ཚུལ། །བཟུང་ནས་བསྟན་འགྲོར་ཕན་མཛད་མཐར། །གདུལ་བྱ་རྫོགས་ནས་ཞིང་གཞན་ བྱོན། །ཁྱེད་ལ་རེ་བའི་སློབ་འབངས་འགས། །ཉིད་གསུང་འབྲི ་ཀློག་དར་བསྒོམ་པར། །བྱས་ པས་མཐུ་བཟང་ལ་བརྟེན་ནས། །སྐྱེ་དང་ཚེ་རབས་འབྲལ་མེད་ཤོག །ཅེས་པ་འདི་ཡང་གུ་ཎས་སློབ་ འབངས་ཡོངས་ཀྱི་དོད་བྱས་ནས་གསོལ་བ་བཏབ་པའོ། ། ༈ སྔོན་དུས་མཁས་གྲུབ་མང་སྤྲུལ་སེམས་ཅན་འདྲེན། །ད་ལྟ་སྙིགས་མར་བསྟན་འགྲོར་ ཕན་མཛད་མཐར། །ཤམྦྷ་ལར་བྱོན་འགྲོ་ཕན་རླབས་ཆེ་གསུངས། །མཛད་མངའ་ཁྱེད་ལ་ སྙིང་ནས་གསོལ་བ་འདེབས། །སྐྱེ་ཞིང་སྐྱེ་བ༴ སོགས་ཀྱི་སྨོན་ལམ་བརྗོད། ཅེས་པ་ཡང་བླ་མ་རིན་པོ་ཆེ་འོད་ གསལ་མ་བུ་གཅིག་འདྲེས་སུ་བཞུགས་སྐབས་མདུན་དྲུང་དུ་གུ་ཎས་སྙིང་ནས་གསོལ་བ་བཏབ་པའོ། ། ༈ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །བརྒྱུད་པ་ཀུན་འདུས་བླ་མ་རིན་ པོ་ཆེ། །མཚན་ཙམ་བརྗོད་པས་ངན་འགྲོའི་སྡུག་བསྔལ་སེལ། །བློ་གྲོས་གྲགས་པ་ཉིད་ལ་ གསོལ་བ་འདེབས། །ཞེས་པ་འདི་ཡང་ངེས་དོན་ཆོས་སྣང་ལ་མཁོ་ནས་གུ་ཎས་བྲི ས། ༈ སྔོན་ནས་སྤངས་རྟོགས་མཐའ་དག་རབ་རྫོགས་ཀྱང༌། །གདུལ་བྱ་འདུལ་ཆེད་དེ་ ལུགས་སྤྲུལ་བསྒྱུར་མཛད། །བཤེས་གཉེན་ཚུལ་བསྟན་འགྲོ་བའི་དོན་རྣམས་མཛད། །བློ་ 7-1-34 གྲོས་གྲགས་པ་རྗེ་ལ་གསོལ་བ་འདེབས། །འདི་ཡང་བློ་གྲོས་ཚུལ་ཁྲིམས་ལ་མཁོ་ནས་གུ་ཎས་བྲི ས། ༈ རང་དོན་དམ་པ་ཆོས་སྐུ་མངོན་གྱུར་ནས། །གཞན་དོན་དམ་པ་གཟུགས་སྐུར་སླར་ ཡང་སྤྲུལ། །གདུལ་བྱ་འདུལ་ཆེད་བཤེས་གཉེན་ཚུལ་འཆང་བ། །བློ་གྲོས་གྲགས་པའི་ཞབས་ ལ་གསོལ་བ་འདེབས། །འདི་ནི་དོན་གྲུབ་ངོར་གུ་ཎས་བྲི ས། ༈ ཐུགས་རྗེའི་གཏེར་མཛོད་ངག་དབང་བློ་གྲོས་གྲགས། །ཁྱེད་ལ་སྙིང་ནས་གསོལ་ བ་བཏབ་པ་ཡིས། །བདག་སོགས་སྐྱེ་བའི་ཕྲེང་བ་རྣམས་སུ་ཡང༌། །བླ་མ་ཁྱེད་ཀྱིས་རྗེས་སུ་ འཛིན་པར་མཛོད། །འདི་ཡང་གུ་ཎའི་མིང་གིས་གསོལ་བ་བཏབ་པའོ། ། ༈ བདག་གིས་ཁྱོད་ཀྱི་ཤུལ་ནས་ཀྱང༌། །སྙིང་སྟོབས་བསྐྱེད་ནས་བསྟན་དོན་ལ། །ལུས་ ངག་ཡིད་ཀྱིས་གང་ནུས་པས། །ཞབས་འདེགས་ཞུ་བར་ཁས་བླང་ལགས། །འདི་གུ་ཎས་དམ་བྱས་ སོ། ། ༈ རང་གི་ཚེ་མཇུག་ཅི་ཡོད་རིང༌། །ཁྱེད་ཀྱི་ཤུལ་ནས་བསྟན་འགྲོ་ལ། །ཕན་ཁུལ་ཅི་འོང་ འབད་བྱས་ན། །བར་ཆད་མཐའ་དག་ཞི་བར་མཛོད། །ཅེས་པ་འདི་གུ་ཎས་བར་ཆད་སེལ་བར་གསོལ་བ་ བཏབ་པའོ། ། ༈ རྗེ་བཙུན་སྒྲོལ་མ་བླ་མ་དབྱེར་མེད་ལ། །སྙིང་ནས་རེ་བས་སྐྱེ་བ་རྗེས་མར་ཡང༌། །ཤམྦྷ་ལར་སྐྱེས་བླ་མའི་རྗེས་བཟུང་ནས། །གདམས་ནོད་ས་ལམ་མཐར་ཕྱིན་སངས་རྒྱས་ ཤོག །འདི་གུ་ཎས་སྨོན་ལམ་བཏབ་པའོ། ། ༈ དུས་ཀུན་རབ་འབྱམས་སྤྲུལ་པ་འཛད་མེད་པས། །ནམ་མཁའི་མཐའ་མཉམ་སེམས་ ཅན་ཐམས་ཅད་ལ། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་ཆེན་མངའ། །བློ་གྲོས་གྲགས་ པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་འདི་བླ་མ་རིན་པོ་ཆེའི་སློབ་བུ་བློ་བཟང་ཚུལ་ ཁྲིམས་ལ་མཁོ་ནས་གུ་ཎས་བྲི ས། 7-1-35 ༈ མཁས་གྲུབ་དབང་ཕྱུག་བདེ་ཆེན་ཡེ་ཤེས་མཛོད། །ཀུན་དགའ་ངག་དབང་རྣམས་ལ་ གསོལ་བ་འདེབས། །མཚམས་པ་སྨོན་ལམ་བཟང་པོ་འགྲོ་འདྲེན་དཔལ། །ཚོགས་གཉིས་རྒྱ་ མཚོ་ལུང་དང་རིགས་པའི་གཏེར། །བསྟན་པ་གསལ་བྱེད་དབང་ལུང་རྒྱ་མཚོའི་མཛོད། །རྡོ་ རྗེ་བཟང་པོ་རྣམས་ལ་གསོལ་བ་འདེབས། །དཀོན་མཆོག་དར་རྒྱས་འགྲོ་ཕན་མཛོད་འཆང་ བ། །བློ་གྲོས་གྲགས་པས་རྫོགས་ལྡན་རང་ལུགས་ཀྱི། །བསྟན་པ་རྒྱ་ཆེར་སྤེལ་ནས་འགྲོ་ཕན་ སྟེར། །རྩ་བའི་བླ་མ༴ སོགས་སུ་འགྲོ། སྦྱོར་དྲུག་བླ་བརྒྱུད་ཁ་བསྐང་འདི་གུ་ཎས་བྲི ས། ༈ ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐ་དང༌། །མ་ཏི་རྣམས་ཀྱི་གསུང་འབུམ་མདོ་སྔགས་ གཞུང༌། །བཀའ་བསྟན་ཤིང་སྤར་ལེགས་བསྐྲུན་མང་སྤེལ་མཛད། །འཛམ་གླིང་ཀུན་ཁྱབ་རྗེ་ ལ་གསོལ་བ་འདེབས། །གསོལ་འདེབས་དགོས་འདོད་ཀུན་འབྱུང་འདི་ཡང་སློབ་བུ་དམ་པ་བསྟན་འཛིན་རྡོ་རྗེ་དང་འོད་ ཟེར་ཟུང་གི་རེ་འདོད་ལྟར་ངག་དབང་ཡོན་ཏན་བཟང་པོས་རྒྱལ་ས་པེ་ཅིན་ནས་བྲི ས་པའོ། ། ༈ ཡེ་གཞི་ཆོས་དབྱིངས་སྐུ་གསུམ་ཡོངས་རྫོགས་ལས། །ཚེ་ལྷ་རྣམ་གསུམ་ཚེ་དབང་ རིག་འཛིན་ཚོགས། །དབྱེར་མེད་ཀུན་མཁྱེན་ཡབ་སྲས་རྗེ་བཙུན་གྱི། །སྐུ་ཚེ་བསྟན་འགྲོའི་ དོན་ཆེན་ཡོངས་རྒྱས་ཤོག །ཅེས་དཔལ་ལྡན་བླ་མ་དམ་པ་འབྲོག་དགེ་སྤྲུལ་སྐུ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་གྱིས་ ཞབས་བརྟན་གསོལ་འདེབས་འདི་ཡང་སློབ་བུ་དུ་མས་བསྐུལ་བ་ལ་བརྟེན་ནས་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་བྲིས་ ཏེ་གུས་པས་ཕུལ་བའོ། ། ༈ དོན་དམ་རང་བྱུང་ཡེ་ཤེས་བླ་མའི་ཐུགས། །དེ་དང་དབྱེར་མེད་རྡོ་རྗེ་རྣལ་འབྱོར་མ། །རང་སེམས་གཤིས་ཀྱི་གནས་ལུགས་གཅིག་ཏུ་བཞུགས། །གཡོ་རྟོག་ཀུན་བྲལ་དབྱིངས་ ནས་མངོན་གྱུར་ཅིག །ཀུན་རྫོབ་འཁྲུལ་སྣང་མཐའ་དག་སྟོང་པའི་དབྱིངས། །ཡེ་ཤེས་ཆོས་ སྐུ་འོད་གསལ་ཞིང་ཀུན་བདག །འཁོར་འདས་ཀུན་ཁྱབ་གནས་ལུགས་མཐར་ཐུག་པ། །ཇི་ བཞིན་འགྲོ་བ་ཀུན་ལ་མངོན་གྱུར་ཅིག །ཅེས་སྨོན་ལམ་ཚིག་རྐང་བརྒྱད་པ་འདི་དཔལ་ལྡན་བླ་མ་དམ་པ་ཐུགས་ 7-1-36 རྗེ་དཔལ་གྱི་དབང་ཕྱུག་གིས་བཀའ་བསྩལ་ཕེབས་པ་ལྟར་རྔ་ཡུལ་དུ་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༈ མདོ་ཁམས་གནས་སུ་ཐུག༷ས་རྗེ༷་སྤྱན་གྱིས་གཟིགས། །གདུལ་བྱ་ཡོངས་ལ་དབང་ ལུང་མན་ངག་གིས། །ངེས་དོན་དབུ་མའི་ཆོས་བཞིན་སྲོལ་འབྱེད་མཆོག །རྫོགས་ལྡན་ཆོས་ དཔལ༷་བདུད་རྩིའི་ཆར་རྒྱུན་ཕོབ། །བྱམས་དང་སྙིང་རྗེ་བྱང་སེམས་ཡང་དག་ལྟ། །གནས་ ལུགས་ཟབ་དོན་གཞན་སྟོང་དབུ་མའི་ལུགས། །མ་ནོར་ཇི་བཞིན་ལམ་བཟང་ཐུགས་སུ་ ཆུད། །རྒྱལ་བསྟན་ཁུར་ཆེན་བཞེས་ལ་གསོལ་བ་འདེབས། །བདག་སོགས་སྐྱེ་དང་ཚེ་རབས་ ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་ནས། །དབང་ལུང་མན་ངག་བདུད་ རྩིའི་ཆོས་ཆར་གྱིས། །རིམ་གཉིས་ལམ་གྱི་རྣལ་འབྱོར་མཐར་ཕྱིན་ཤོག །ཕྱི་ནང་གསང་བའི་ བར་ཆད་མཐའ་དག་བྲལ། །ཆོས་སྤྱོད་ཟབ་མོའི་མཐུན་རྐྱེན་ངང་གིས་འགྲིགས། །བཤེས་ གཉེན་དམ་པ་ཁྱོད་དང་འབྲལ་མེད་པར། །གཞན་སྟོང་དབུ་མའི་དགོངས་དོན་ལེགས་རྟོགས་ ཤོག །ཅེས་རྔ་ཡུལ་བསེ་དགོན་ངེས་དོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་ དཀའ་བ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་སྨོས་ན་ཀུན་དགའ་ཐུགས་རྗེ་དཔལ་བཟང་པོའི་གསོལ་འདེབས་བྱིན་རླབས་བདུད་ རྩིའི་ཆར་རྒྱུན་འདི་ཡང་གང་གི་སློབ་བུ་ཐ་ཤལ་བ་ངག་དབང་ཡོན་ཏན་བཟང་པོས་ཉིས་སྟོང་གཅིག་གི་ལོའི་ཟླ་བ་༥ཚེས་༧དང་ རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ལོའི་ཟླ་བ་གསུམ་པ་ནག་པ་ཟླ་བའི་ཡར་ཚེས་བཅུ་བཞི་མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར་ བའི་ཉིན་རྒྱལ་ས་པེ་ཅིན་ནས་བྲི ས་པ་དགེ་ལེགས་འཕེལ། ༈ སངས་རྒྱས་བསྟན་པ་ཡོངས་གཏད་འོད་སྲུང་ཆེ། །ཀུན་དགའ་བོ་དང་ཤ་ནའི་གོས་ ཅན་དང༌། །དྷི་ཏི་ཀ་དང་ཉེ་སྦས་ནག་པོ་པ། །ལེགས་མཐོང་རྣམས་ལ་གུས་པས་ཕྱག་འཚལ་ ལོ། །ཞེས་པ་འདི་ཡང་གུ་ཎ་བྷ་དྲས་བྲི ས་པའོ། ། ༈ ཆོས་དབྱིངས་རབ་འབྱམས་ཞིང་བཞུགས་བླ་མ་དང༌། །སྐུ་དང་ཞིང་ཁམས་ཡི་དམ་ རྒྱལ་སྲས་བཅས། །བདག་གིས་སྨོན་དོན་གེགས་མེད་འགྲུབ་པར་མཛོད། །བདག་དང་ཕ་ 7-1-37 མར་གཙོར་བྱས་མཁའ་ཁྱབ་ཀྱི། །འགྲོ་ཀུན་སྡུག་ལྟུང་མ་ལུས་སོ་སོར་བཤགས། །ཕྱོགས་ བཅུའི་རྒྱལ་སྲས་དགེ་ཚོགས་རྒྱ་མཚོ་དང༌། །བདག་གིས་བསགས་པའི་རྣམ་དཀར་གང་ མཆིས་རྣམས། །གཅིག་ཏུ་སྡོམ་པའི་ཐབས་མཆོག་ཟབ་མོ་ཡིས། །སྐྱེ་དང་སྐྱེ་བའི་ཕྲེང་བ་ རྣམས་སུ་ཡང༌། །དལ་རྟེན་ཡོན་ཏན་བདུན་ལྡན་ལ་བརྟེན་ནས། །ངེས་འབྱུང་བྱང་ཆུབ་སེམས་ དང་ཡང་དག་ལྟ། །ཐོས་བསམ་སྒོམ་པའི་ས་ལམ་མཐར་ཕྱིན་ཤོག །ཁྱད་པར་གསང་སྔགས་ ཐབས་ཟབ་ལ་བརྟེན་ནས། །བསྐྱེད་རྫོགས་རིམ་གཉིས་ཟབ་མོའི་ཉེར་ལེན་ལ། །བརྟེན་ནས་ མཐར་ཐུག་སྐུ་བཞི་མྱུར་མངོན་ནས། །གནས་ལུགས་གདོད་མའི་གཏན་སྲིད་ཟིན་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་ གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་འདི་ཀུན་ཀྱང༌། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །སྨོན་ ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོང་བར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའིབྱིན་ རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇིལྟར་བསྔོས་བཞིན་སྨོན་ ལམ་འགྲུབ་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ འཐོབ་ཤོག །ཅེས་པ་འདིའང་དད་ལྡན་ཚེ་རིང་རྡོ་རྗེས་བསྐུལ་ངོར་གུ་ཎ་བྷ་དྲས་སྨྲས་པའོ། ། ༈ དཔལ་མཆོག་དུས་ཀྱི་འཁོར་ལོར་དབྱེར་མ་མཆིས། །བཀའ་དྲིན་མཚུངས་མེད་ ཐུགས་རྗེའི་བྱིན་རླབས་གཏེར། །མཁས་གྲུབ་དཔལ་བཟང་འགྲོ་བའི་འདྲེན་པ་མཆོག 7-1-38 །བདག་སོགས་སྐྱེ་དང་ཚེ་རབས་འབྲལ་མེད་ཤོག །ཅེས་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་ བ་འདི་གྲྭ་བཙུན་སྨོན་རབ་ཀྱི་མོས་འདུན་ལྟར་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༈ བླ་མ་ཀུན་འདུས་དཔལ་ལྡན་བླ་མ་རྗེ། །མཆོག་གསུམ་ཀུན་འདུས་འདྲེན་མཆོག་རིན་ པོ་ཆེ། །མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་དངོས་གྲུབ་གཏེར། །མི་ཕྱེད་དད་བརྒྱས་སྙིང་ནས་ གསོལ་བ་འདེབས། །ཞེས་པ་འདི་ཡང་འོད་གསལ་བཟང་པོས་བསྐུལ་ངོར་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༈ གདོད་མ་ཆོས་སྐུ་མངོན་དུ་གྱུར་ཟིན་ཀྱང༌། །ཀུན་རྫོབ་གཞན་སྣང་འཕགས་མཆོག་གྲུ་ འཛིན་བདག །སྤྲུལ་པའི་སྐུ་མཆོག་བྱང་ཆུབ་རྒྱ་མཚོ་ཡི། །འདྲ་སྐུ་གྲངས་མང་འགྲོ་བའི་དོན་ དུ་བསྐྲུན། །ཞེས་པ་འདི་ཡང་ཡོན་ཏན་བཟང་པོས་བྲི ས་པའོ། ། ༈ སྨོན་གཉིས་རྨད་བྱུང་འཇོ་བའི་འབྱུང་གནས་ཆེ། །བླ་མ་དགྱེས་བྱེད་སྲིད་འདིའི་རིན་ ཆེན་གཅིག །མཆོད་པར་བསྟར་བས་བདག་སོགས་ཉམས་ཆག་དག །ཐུགས་ཀྱི་དགོངས་པ་ མཐའ་དག་རྟོགས་གྱུར་ཅིག །གུ་ཎས་སྨོན་ཚིག་ཏུ་བརྗོད། ༈ ཀུན་ཁྱབ་ཆོས་དབྱིངས་རྣམས་ཀུན་རབ་འབྱམས་ཞིང༌། །གདོད་མའི་མགོན་པོ་བདེ་ སྟོང་ཟུང་དུ་འཇུག །དོན་དམ་མཆོག་གསུམ་མ་ལུས་སྤྱི་དཔལ་གྱིས། །བསྐལ་བརྒྱའི་བར་ དུ་འགྲོ་ཕན་རྟག་འབར་ཤོག །མ་ལུས་འགྲོ་བའི་རེ་འདོད་ཀུན་བསྐང་སླད། །རྣམ་འཕྲུལ་ གས༷ལ་བའི་མཛད་བཀོད་དེ་ཉིད་ལྡ༷ན། །རབ་འབྱམས་རྒྱ༷་མཚོ༷འི་ཞིང་ཀུན་ཡོངས་ཁྱབ་པ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་སོགས་སྐྱེ་དང་སྐྱེ་བའི་ཕྲེང་བ་རུ། །འབྲལ་མེད་ཟབ་དོན་ནོད་པས་རྒྱུད་སྦྱངས་ཏེ། །རྒྱལ་བ་སྐུ་བཞིའི་རིན་ཆེན་གླིང་མཆོག་ཏུ། །འགྲོ་ཀུན་འདྲེན་པའི་དེད་དཔོན་མཆོག་གྱུར་ཅིག །ཅེས་ཞབས་བརྟན་གསོལ་འདེབས་བསམ་དོན་མྱུར་ འགྲུབ་འདི་ཡང་ཉིད་ཀྱི་དབོན་དམ་པ་ངག་དབང་རྡོར་འཛིན་གྱིས་རྒྱང་རིང་ནས་དངོས་རྫས་ཀྱི་སྐྱེས་དང་བཅས་འདིལྟར་བསྐུལ་ བའི་ངོར་འཛམ་ཐང་མཁན་ངག་དབང་ཡོན་ཏན་བཟང་པོས་བྲི ས་པ་དགེ 7-1-39 ༈ ཐོག་མཐའ་དབུས་བྲལ་ཆོས་དབྱིངས་ཡེ་ཤེས་གཤིས། །གདོད་ནས་དོན་དམ་དཀྱིལ་ འཁོར་རྒྱ་མཚོའི་བདག །སྐྱབས་མཆོག་རིན་ཆེན་རྣམ་གསུམ་དོན་དམ་དབྱིངས། །ཚེ་ལྷ་རྣམ་ གསུམ་ཚེ་ཡི་དབང་བྱེད་མཐུས། །ངེས་གསང་རྒྱལ་བསྟན་གདུལ་བྱའི་ཁམས་མཐུན་བཞིན། །ཟས་གོས་ཆོས་ཀྱི་བསྡུ་བཞིས་འགྲོ་མང་སྐྱོང༌། །དཔལ་ལྡན་བླ་མ་འགྲོ་བ་འདྲེན་པའི་མགོན། །བསྐལ་བརྒྱར་ཞབས་ཟུང་བརྟན་པར་རྟག་བཞུགས་གསོལ། །ཞེས་པའི་སྨོན་ཚིག་འདོད་དོན་མྱུར་ འགྲུབ་འདི་ཡང་གང་གིས་བཀའ་དྲིན་གྱིས་བསྐྱངས་པའི་སློབ་བུ་དམ་པ་བསྟན་འཛིན་འཕྲིན་ལས་ཀྱི་མོས་འདུན་བཞིན་ངག་ དབང་ཡོན་ཏན་བཟང་པོས་སྦྱར་བའོ། ། ༈ སེམས་ཀྱི་གནས་ལུགས་དོན་དམ་བླ་མའི་ཐུགས། །ཆོས་སྐུ་ཀུན་ཁྱབ་ཡོ༷ན་ཏ༷ན་རྒྱ་ མཚོའི་གཏེར། །འཁོར་འདས་གཤིས་བཞུགས་མཛད་བཟ༷ང་ཉེར་སྩོལ་མཁན། །དམིགས་ མེད་རང་གསལ་ངང་ནས་གསོལ་བ་འདེབས། །ཞེས་པ་འདི་ཡང་དཀོན་མཆོག་འཕྲིན་ལས་སོགས་ཀྱི་ངོར་བློ་ བཟང་ཆོས་འཕེལ་པས་སོ། ། ༈ རང་སེམས་གསལ་སྟོང་བརྗོད་བྲལ་བླ་མའི་ཐུགས། །རྒྱང་རིང་ཡུལ་ན་མི་བཞུགས་ རང་སེམས་འདི། །དྲན་དང་ཤེས་བཞིན་ཟུང་འབྲེལ་བརྩོན་པ་ཡིས། །བྱིང་རྒོད་ཕྲ་རགས་དང་ བྲལ་དམིགས་མེད་མཛོད། །ཅེས་གསོལ་འདེབས་བྱིན་རླབས་མྱུར་འཇུག་འདི་ཡང་དར་སྐུའི་བླ་མ་ཆོས་མཛོད་རྒྱ་མཚོ་ ལ་ངག་དབང་ཡོན་ཏན་བཟང་པོས་བྲི ས་པའོ། ། ༈ འཁོར་འདས་ཀུན་ཁྱབ་ཡེ་ཤེས་རྒྱ་མཚོའི་གཏེར། །སྐུ་དང་ཞིང་ཁམས་ཡོ༷ན་ཏ༷ན་ བརྗོད་བྲལ་བ། །དག་དང་མ་དག་སྣང་བ་བཟ༷ང་ངན་བྲལ། །དམིགས་མེད་རང་གསལ་ངང་ ནས་གསོལ་བ་འདེབས། །སློབ་བུ་དམ་པ་ངག་དབང་དགེ་འཕེལ་གྱི་རེ་འདོད་ལྟར་བློ་བཟང་ཆོས་འཕེལ་པས་བྲི ས་པ་ དགེ ༈ བླ་མ་མཆོག་གསུམ་དོན་དམ་རྣམ་ཀུན་བདག །ཡི་དམ་ཆོས་སྲུང་མཁའ་འགྲོ་བདེན་ 7-1-40 མཐུ་ཡིས། །བསམ་དོན་ཆོས་བཞིན་གེགས་མེད་ཡོངས་འགྲུབ་པར། །ངག་དབང་ཡོན་ཏན་ བཟང་པོ་ཞབས་བརྟན་གསོལ། །ཤུག་ནང་ས་དམར་བླ་མ་ངག་དབང་དཀོན་མཆོག་རབ་གསལ་གྱི་ཐུགས་མོས་ལྟར་ བློ་བཟང་ཆོས་འཕེལ་པས་སྨྲས་པ་དགེ ༈ གཞི་དབྱིངས་གནས་ལུགས་དོན་དམ་བླ་མའི་ཐུགས། །ཡི་དམ་རྒྱུད་སྡེ་རབ་འབྱམས་ སངས་རྒྱས་དང༌། །བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བཅས། །རང་སེམས་འདུ་ འབྲལ་མེད་པར་གསོལ་བ་འདེབས། །ཞེས་རང་ལུགས་ལ་དོན་དམ་བདེ་གཤེགས་སྙིང་པོ་འཁོར་འདས་ཀུན་ཁྱབ་ ཏུ་བཞུགས་པར་འདོད་པ་ལྟར་བླ་མའི་ཐུགས་དོན་དམ་ཡེ་ཤེས་ཆོས་སྐུ་དེ་ལུགས་སུ་བཞུགས་པ་དང༌། རང་སེམས་གསལ་བའི་ རང་མདངས་དང་དབྱེར་མེད་པར་བཞུགས་བཞིན་པའི་ངང་ནས་གསོལ་བ་འདེབས་པའོ། །སློབ་བུ་བློ་བསམ་སོགས་ཀྱི་མོས་ འདུན་ལྟར་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༈ དོན་དམ་ཆོས་སྐུ་རྟག་བརྟན་འགྱུར་མེད་དབྱིངས། །སྐྱབས་གནས་མ་ལུས་རྒྱ་མཚོའི་ མངའ་བདག་དཔལ། །དགོངས་ཡིད་མཉམ་བཞག་ངང་ནས་གུས་པས་བསྟེན། །བསམ་དོན་ གེགས་མེད་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པའི་བསམ་ལྷུན་བསྡུས་པ་འདི་ཡང་ཤེས་རབ་དཔལ་ལ་མཁོ་ཕྱིར་ ཤར་འཛམ་ཐང་པ་བློ་བཟང་ཆོས་འཕེལ་གྱིས་རྩི་ནང་བདེ་ཆེན་གླིང་དུ་བྲི ས་པའོ། ། ༈ ངེས་དོན་སྙིང་པོའི་རང་ལུགས་ཀུ༷ན་དག༷འི་བཅུད། །མི་འབྲལ་ཐུ༷གས་རྗེ༷འི་རྩལ་གྱིས་ ཉེར་འཆང་བའི། །སྤངས་རྟོགས་དཔ༷ལ་གྱི༷་དགེ་མཚན་ལེགས་སྤེལ་མཁན། །གཞན་སྟོང་ ལྟ་བའི་དབ༷ང་ཕྱུ༷ག་འགྲོ་འདྲེན་རྗེ། །ཡོངས་གྲུབ་བདེ་གཤེགས་སྙིང་པོ་འགྱུར་མེད་མཐུས། །སྙིང་པོའི་དོན་གྱི་རང་ལུགས་སྐྱོང་བཞིན་དུ། །ཡུན་རིང་འཚོ་གཞེས་རྟག་བརྟན་ཁམས་སུ་ ཡང༌། །ནམ་ཡང་འགྱུར་མེད་རྡོ་རྗེ་ལྟ་བུར་བཞུགས། །ཡི་དམ་རབ་འབྱམས་རྒྱམཚོ་ཐུག༷ས་ རྗེ༷འི་གཏེར། །སྐུ་དང་ཞིང་ཁམས་བཀོད་པའི་སྣང་བརྙན་དཔལ། །སྐུ་བཞི་རྡོ་རྗེ་བཞི་ཡི་ དབ༷ང་ཕྱུ༷ག་བདག །ནམ་ཡང་ནུབ་མེད་སྲིད་མཐར་བཞུགས་པར་སྨོན། །སྤྲོས་པ་ཀུན་བྲལ་ 7-1-41 ངོ་བོ་ཉིད་ཀྱི་སྐུ། །རང་བཞིན་འོད་གསལ་ཡེ་ཤེས་ཆོས་ཀྱི་སྐུ། །དོན་དམ་རང་སྣང་ལོངས་ སྤྱོད་རྫོགས་པའི་སྐུ། །ཅིག་ཅར་མཛད་བཟང་སྟོན་པ་སྤྲུལ་པའི་སྐུ། །སྐུ་བཞིའི་མཛད་འཕྲིན་ སྐལ་ལྡན་གཞན་སྣང་ངོར། །བདེ་སྐྱིད་ཆོས་སྲིད་དཔལ་འབྱོར་གོང་དུ་འཕེལ། །ཐུབ་བསྟན་ རྫོགས་ལྡན་གཞན་སྟོང་ལུང་རྟོགས་བསྟན། །དབྱར་གྱི་ཆུ་གཏེར་བཞིན་དུ་སྲིད་མཐར་ཁྱབ། །གྲངས་མེད་རྒྱལ་བ་བྱོན་ཀྱང་མ་ཐུལ་བའི། །མ་རུངས་འགྲོ་ལ་རྫོགས་ལྡན་ལམ་སྟོན་མཁན། །བཤེས་གཉེན་ཚུལ་བཟུང་སྐྱབས་མགོན་ཐུགས་རྗེས་གཏེར། །ཞབས་པད་གཉིས་འཐུང་ཁྲི་ ལ་རྟག་བཞུགས་མཛོད། །བླ་མ་ཡི་དམ་རྒྱུད་སྡེ་རབ་འབྱམས་དང༌། །མཆོག་གསུམ་མཁའ་ འགྲོ་བསྟན་སྲུང་རྒྱ་མཚོར་བཅས། །ཡེ་ནས་འཁོར་འདས་ཀུན་ཁྱབ་རྟག་བཞུགས་མཐུས། །ནམ་ཡང་འགྱུར་མེད་རྟག་བརྟན་ལྟར་བཞུགས་ཤོག །ཅེས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧ཀུན་དགའ་ ཐུགས་རྗེ་དཔལ་གྱི་དབང་ཕྱུག་གི་ཞབས་བརྟན་རྫོགས་ལྡན་འགྱུར་མེད་གནས་ལུགས་བདེ་ཆེན་རྟག་འཆར་འདི་གང་གི་སློབ་ བུ་དམ་པ་ཤེས་རབ་ཕུན་ཚོགས་རྒྱ་མཚོས་བསྐུལ་བ་ལྟར་གུ་ཎ་བྷ་དྲའམ་ཡོན་ཏན་བཟང་པོས་ཤར་འཛམ་ཐང་ཆོས་ཀྱི་ཕོ་བྲང་དུ་ སྦྱར་བའོ། ། ༈ བཤད་སྒྲུབ་རྒྱལ་བསྟན་ཐེ༷ག་མཆོ༷ག་ལ་བརྟེན་ནས། །ཐོས་བསམ་སྒོམ་གསུམ་ འཆད་རྩོད་རྩོམ་གསུམ་ཡང༌། །སྦས་པའི་ཚུལ་གྱིས་རྒྱལ་བསྟན་སྤེལ་བའི་མགོན། །དགེ་ བའི་བཤེས་གཉེན་མཆོག་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་དད་པའི་མྱུ་གུ་སྐྲུན་བྱེད་ཅེས་ བྱ་བ་འདི་ཡང་གྲྭ་བཙུན་བསམ་གཏན་རྒྱ་མཚོས་བསྐུལ་ངོར་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༈ ༀ་སྭ་སྟི། ཕུན་ཚོགས་ལེགས་བྱས་ཀུ༷ན་ལས་ཉེར་བསྐྲུན་པ། །རྨད་བྱུང་གཤེགས་ སྙིང་དག༷འ་སྟོན་ལེགས་སྩོལ་མཁན། །དོན་དམ་ཆོས་ཉིད་ཡོ༷ན་ཏ༷ན་རྒྱ་མཚོའི་གཏེར། །སྲིད་ གསུམ་དྭངས་མ་ལྷུ༷ན་གྲུ༷བ་རབ་འབྱམས་སྐུ། །གདོད་ནས་རྫོགས་པ་ཀུ༷ན་ཁྱབ་རྟག་བརྟན་ དབྱིངས། །གང་འདུལ་ཡིད་ལ་དག༷འ་སྟོན་དེ་ལུགས་འཆར། །རང་སེམས་བླ་མ་ཡོན་ཏན་ 7-1-42 མཐར་ཐུག་པ། །སྐུ་གསུམ་རང་བྱུང་ལྷུ༷ན་གྲུ༷བ་རང་རིག་དབྱིངས། །དེ་ལས་རྫོགས་ལྡན་ ཆོས་ཆར་འཇོ་བའི་དཔལ། །འཇིགས་མེད་གདོང་ལྔའི་ཁྲི་ལ་ཞབས་སེན་བཀོད། །ཚེ་ལྷ་ རྣམ་གསུམ་གཞི་འབྲས་དབྱེར་མེད་མཐུས། །འགྱུར་མེད་རྡོ་རྗེའི་སྐུ་རུ་རྟག་བཞུགས་གསོལ། །རང་སེམས་གསལ་བའི་གནས་ལུགས་རང་མདངས་ཉིད། །ཀུན་མཁྱེན་རྗེ་བཙུན་བླ་མ་ དབྱེར་མ་མཆིས། །དོན་དམ་ཆོས་དབྱིངས་བདེན་པའི་བྱིན་རླབས་ཀྱིས། །ཞབས་པད་རྡོ་ རྗེའི་ཁྲི་ལ་རྟག་བཞུགས་གསོལ། །དོན་དམ་ཆོས་ཉིད་ཡི་དམ་རབ་འབྱམས་བདག །སངས་ རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྐྱོང་སྤྱན་ལྡན་ཡེ་ཤེས་རྒྱ་མཚོའི་སྟོབས། །བསྐལ་བརྒྱར་ཞབས་པད་རྡོ་རྗེར་རྟག་བཞུགས་མཛོད། །ཕྱི་ནང་གསང་གསུམ་མཛད་པ་ རབ་འབྱམས་ཀྱིས། །ངེས་དོན་མདོ་སྔགས་གཞན་སྟོང་ཟབ་མོའི་དོན། །སྐལ་ལྡན་མགྲིན་ པའི་རྒྱན་དུ་སྩོལ་བའི་མགོན། །ཕྱི་ནང་གསང་གསུམ་བར་ཆད་ཀུན་བྲལ་མཛོད། །ཅེས་པའི་ ཞབས་བརྟན་གསོལ་སྨོན་ལྷག་བསམ་པདྨ་དཀར་པོའི་ཕྲེང་བ་འདི་ཡང་རྩི་ནང་གྲྭ་པ་བསོད་ནམས་གྲགས་པའི་མོས་འདུན་ བཞིན་ངག་དབང་ཡོན་ཏན་བཟང་པོས་ཕུལ་བའོ། ། ༈ གཞི་དབྱིངས་འོད་གསལ་ཆོས་སྐུ་ཀུན་ཁྱབ་དཔལ། །འགྲོ་ཀུན་རྒྱུད་ལ་རྟག་བརྟན་ གཤེགས་སྙིང་དུ། །ཡེ་བཞུགས་སླར་ཡང་གདུལ་བྱ་གཞན་སྣང་ངོར། །ངག་དབང་དཔལ་ ལྡན་གྲགས་པར་གསོལ་བ་འདེབས། །ཞེས་པ་འདི་སློབ་བུ་ཡོན་ཏན་རྒྱ་མཚོ་སོགས་ཀྱི་ངོར་བློ་བཟང་ཆོས་འཕེལ་ པས་བྲི ས་པའོ། ། ༈ ཡེ་བཞུགས་རང་བྱུང་རྡོ་རྗེ་འཆང་ཆེན་དང༌། །རྩ་བརྒྱུད་དཔལ་ལྡན་བླ་མ་ཐམས་ ཅད་ལ། །ཕྱི་ནང་གསང་བའི་དམ་རྫས་ཚོགས་མཆོད་འབུལ། །ཕྱི་ནང་གསང་བའི་བར་ཆད་ མཐའ་དག་སོལ། །འདི་ཡང་ཡོན་ཏན་རྒྱ་མཚོ་སོགས་ལ་མཁོ་ཕྱིར་ཡོན་མིང་པས་སོ། ། ༈ དྲན་ཤེས་བྱ་རས་བྱིང་རྒོད་ཕྲ་རགས་རྣམས། །ལེགས་བསལ་བརྩོན་པ་ལྷོ ད་མེད་ཆུ་ 7-1-43 རྒྱུན་བཞིན། །དེར་བརྟེན་ཀུན་རྫོབ་རྣམ་རྟོག་སྤྲོས་ཚོགས་དྭངས། །ཡེ་བཞུགས་གདོད་མའི་ མགོན་པོ་དུས་འཁོར་ལོ། །ལྷ་ཚོགས་རབ་འབྱམས་ཞིང་ཀུན་ཅིག་ཅར་བདག །ཇི་ལྟ་ཇི་སྙེད་ གཟིགས་པའི་སྤྱན་མངའ་བ། །གཞན་ངོར་ལས་སྣང་འདྲ་མིན་ཐ་དད་ཤར། །རང་སེམས་ གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཞེས་རང་སེམས་གནས་ལུགས་རྟོགས་པའི་ཐབས་མདོར་བསྡུས་ བྱིན་རླབས་སྒོ་འབྱེད་ཅེས་བྱ་བ་འདི་བསྟན་འགྲོའི་ཁུར་བཞེས་པ་སློབ་བུ་དམ་པ་ངག་དབང་བསྟན་གསལ་གྱི་ཐུགས་འདུན་ལྟར་ འཛམ་ཐང་གཙང་ཆེན་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོས་བྲི ས་པའོ། ། ༈ དང་པོའི་སངས་རྒྱས་རྡོར་འཆང་དུས་འཁོར་ཞབས། །ཆོས་རྒྱལ་སོ་ལྔ་ཤཱཀ་ཐུབ་ བྱམས་ཀླུ་དང༌། །ཐོགས་མེད་མཆེད་བཅས་ཨཱརྱ་དེ་བ་སོགས། །ཀུན་མཁྱེན་ཡབ་སྲས་རྗེ་ བཙུན་བརྒྱུད་རིམ་བཅས། །མ་ཏི་ཀིརྟི་རྩ་བའི་བླ་མ་རྣམས། །སེམས་ཀྱི་གནས་ལུགས་བརྒྱུད་ རིམ་བླ་མའི་ཐུགས། །རང་སེམས་གསལ་སྟོང་བརྗོད་བྲལ་ཆོས་ཀྱི་དབྱིངས། །དྲན་ཤེས་བྱ་ རས་དམིགས་མེད་རང་གསལ་མཛོད། །ཅེས་ཇོ་ནང་རང་ལུགས་གཉིས་མེད་དཔལ་མཆོག་དུས་ཀྱི་འཁོར་ལོའི་ བསྐྱེད་རྫོགས་ཀྱི་བརྒྱུད་རིམ་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་ཐུགས་དོན་དམ་ཡེ་ཤེས་ཆོས་ སྐུ་དང༌། རང་སེམས་ཀྱི་གནས་ལུགས་དང་ཡེ་ནས་དབྱེར་མེད་རོ་མཉམ་དུ་བཞུགས་པར་མངོན་པའི་ཐབས་སློབ་རྒྱུད་ལ་བྱིན་ རླབས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་ཇོ་ནང་བསྟན་པའི་ཁུར་བཞེས་མཛད་པ་ངག་དབང་བསྟན་གསལ་རྒྱ་མཚོས་ བསྐུལ་ངོར། འཛམ་ཐང་གཙང་ཆེན་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོས་སྤྱི་ལོ་༡༩༩༨རབ་བྱུང་བཅུ་བདུན་པ་ས་ སྟག་ལོའི་ཟླ་༡༠ཚེས་༡ལ་ཧྭ་ཨར་པེན་ནས་བྲི ས་པ་དགེ་ལེགས་འཕེལ། ༈ རང་བཞིན་འོད་གསལ་ཆོས་སྐུ་ཀུན་ཁྱབ་ལས། །མར་གད་འཁྲི་ཤིང་མདངས་ལྡན་ བཅོམ་ལྡན་འདས། །མྱུར་མཛད་ལྷ་མོའི་རོལ་གར་ལས་ཤར་བ། །ངག་དབང་རིག་འཛིན་རྡོ་ རྗེར་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་བསྡུས་པ་འདི་ཀུན་དགའ་ཕྲིན་ལས་ལྷུན་གྲུབ་ཀྱི་ངོར་བློ་བཟང་ པས་བྲི ས་པའོ། ། 7-1-44 ༈ ཐབས་མཁས་མཛད་བརྒྱའི་ཉིན་བྱེད་འོད་སྣང་གིས། །གང་འདུལ་པད་ཚལ་སྣ་ ཚོགས་རབ་རྒྱས་ཏེ། །བདེ་སྐྱིད་གེ་སར་དགེ་བཅུའི་བཅུད་རྒྱས་གཉེན། །རིན་ཆེན་དར་རྒྱས་ ཞབས་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་དད་གུས་གསོ་བྱེད་ཅེས་བྱ་བ་ཀུན་དགའ་ཕྲིན་ལས་ལ་ མཁོ་ཕྱིར་བློ་མིང་པས་བྲི ས་པའོ། ། ༈ འོད་དམར་སྣང་བས་ས་གསུམ་ཀུན་ཏུ་ཁྱབ། །དེ་ལས་ཆ་གཅིག་ཕྱོགས་འདིའི་སྣང་ ངོར་མངོན། །འགྲོ་མང་བདེ་ཆེན་ཞིང་དུ་རབ་འདྲེན་མཁན། །ངག་དབང་ཐུགས་རྗེ་དཔལ་ལ་ གུས་གསོལ་འདེབས། །འདི་ཡང་ཕྲིན་ལས་ཀྱིས་བསྐུལ་ངོར་བློ་བཟང་པས་བྲི ས་པའོ། ། ༈ རང་སེམས་གསལ་སྟོང་བརྗོད་བྲལ་བ། །རྒྱང་རིང་ཡུལ་ན་མི་བཞུགས་པའི། །བརྩོན་ པ་ཆེན་པོ་ཤུགས་བསྐྱེད་དེ། །དྲན་དང་ཤེས་བཞིན་རྒྱུན་བསྟེན་མཛོད། །འདི་ཡང་སྦྱིན་པ་དཔལ་ལ་བློ་ བཟང་ཆོས་འཕེལ་པས་བྲི ས། ༈ མདོ་སྨད་ཁམས་ནས་འཛམ་གླིང་ཀུན་ཁྱབ་པའི། །ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐ་ དང༌། །སྐྱབས་མགོན་མ་ཏི་རྣམ་གསུམ་གསུང་འབུམ་དང༌། །མདོ་སྔགས་གཞུང་ལུགས་ འགའ་དང་དེ་མིན་ཡང༌། །ཇོ་ནང་བརྒྱུད་རིམ་སྐྱེས་ཆེན་དུ་མ་ཡིས། །གསུང་ལས་གང་རྙེད་ ཤིང་སྤར་ལེགས་བསྐྲུན་བྱས། །སླར་ཡང་མང་སྤེལ་དུ་མ་ཡང་ཡང་མཛད། །རྒྱལ་བསྟན་ཁུར་ ཆེན་བཞེས་ལ་གསོལ་བ་འདེབས། །ཞེས་གསོལ་འདེབས་ཆོས་སྤྱོད་ལ་བསྐུལ་བྱེད་ཐར་ལམ་འདྲེན་པའི་ལྕགས་ཀྱུ་ འདི་ཡང་རྡོའི་དར་སྐུའི་བསྟན་པའི་ཁུར་ཆེན་བཞེས་པ་སྤྲུལ་ཆོས་མཛོད་ཀྱིས་བསྐུལ་བ་ལྟར་རྒྱལ་ས་པེ་ཅིན་ནས་ངག་དབང་ཡོན་ ཏན་བཟང་པོས་བྲི ས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། ༈ འོད་གསལ་གདོད་ནས་ལྷུན་གྲུབ་རང་བཞིན་ལས། །སྤྲུལ་སྐུའི་ལེགས་ཉེས་ཅིག་ཅར་ རྣམ་ཀུ༷ན་མཁྱེན། །ཁྱད་པར་གཞན་སྟོང་ལུགས་བཟ༷ང་སླར་སྤེལ་མཛད། །རྣམ་དཀར་རྒྱ་ མཚོའི་ལས་ལ་གཞ༷ན་རྣམ་བཀོད། །འགྲོ་ཀུན་ཕ༷ན་བདེའི་གནས་ལ་ལེགས་བཞག་མཁན། 7-1-45 །དོན་དམ་ཚེ་ལྷ་རྣམ་གསུམ་འགྱུར་མེད་མཐུས། །ཞབས་སེན་སེང་གེའི་ཁྲི་ལ་རྟག་བཞུགས་ ནས། །འགྲོ་མང་ནད་སེལ་སྨན་མཆོག་ཉིད་དུ་སྨོན། །ཞེས་ཞབས་བརྟན་སྨོན་ཚིག་བསམ་དོན་མྱུར་འགྲུབ་ འདི་ཡང་ཀུན་དགའ་དཔལ་གྱི་ངོར་རྔ་སྟོད་རྩི་ནང་བདེ་ཆེན་གླིང་དུ་༡༩༩༤ཤིང་ཕོ་ཁྱིའི་ལོའི་ཟླ་༡ཚེས་༢ལ་ངག་དབང་ཡོན་ཏན་ བཟང་པོས་སྨྲས་པའོ། ། ༈ གཟུང་འཛིན་འཁྲུལ་བའི་སྣང་ཆ་རབ་དྭངས་དབྱིངས། །ཡེ་བཞུགས་བདེ་གཤེགས་ སྙིང་པོ་རང་གཟུགས་མཆོག །མི་རྟོག་འོད་གསལ་རང་སྣང་རྩོལ་མེད་ངང༌། །སྟོང་གཟུགས་ རབ་འབྱམས་ཇི་བཞིན་མཐོང་བར་ཤོག །ཟླ་ཉིའི་རྒྱུ་བ་སྒྲ་གཅན་མཁའ་དབྱིངས་འགེངས། །ལྷན་སྐྱེས་བདེ་བའི་ཡེ་ཤེས་རྣམ་ཀུན་བདག །མཁའ་སྤྱོད་དབང་མོ་མི་འགྱུར་བདེ་ཆེན་ གཟུགས། །སྐུ་ཞིང་རབ་འབྱམས་མ་ལུས་འཆར་བར་ཤོག །སྒྲིབ་གཉིས་རླན་དང་གདོད་མ་ ཉིད་ནས་བྲལ། །ལྷན་སྐྱེས་ཡེ་ཤེས་བདེ་ཆེན་རྟག་འཆར་གནས། །མཁའ་སྤྱོད་དབང་མོའི་ མཁྱེན་གཟིགས་ཇི་བཞིན་ལྟར། །མཁའ་མཉམ་འགྲོ་ལ་དེ་ལུགས་མྱུར་མངོན་ཤོག །སྲིད་ པའི་སྡུག་བསྔལ་རྒྱུ་བཅས་རབ་སྤངས་ཀྱང༌། །སྲིད་པའི་རྣམ་འཕྲུལ་སྣ་ཚོགས་འགྲོ་ངོར་ སྤྲུལ། །བརྟན་གཡོའི་གཟུགས་ཀྱིས་འགྲོ་བ་སྣ་ཚོགས་འདུལ། །འབད་མེད་ལྷུན་གྲུབ་ཆེན་ པོར་རོ་གཅིག་གྱུར། །ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྨོན་ལམ་བདེ་ཆེན་ཡེ་ཤེས་རྟག་འཆར་འདི་ཡང་སྐྱེས་མཆོག་ དམ་པ་བླ་མ་ཐུགས་རྗེ་དཔལ་གྱི་དགོངས་བཞེད་ལྟར་རྔ་ཡུལ་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་བྲི ས། ༈ འཁོར་འདས་ཀུན་ཁྱབ་བདེ་གཤེགས་སྙིང་པོའི་དབྱིངས། །རྣམ་འཕྲུལ་དུ་མ་འཆར་ བའི་ཞིང་གི་མགོན། །བརྒྱུད་གསུམ་བླ་མ་ཡི་དམ་མཆོག་གསུམ་དང༌། །མཁའ་འགྲོ་ཆོས་སྐྱོང་ རབ་འབྱམས་རྟག་འཆར་བ། །གང་འདུལ་མཛད་བཟང་འབད་མེད་མངོན་འདིར་དགོངས། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །མཚན་འཛིན་དང་བྲལ་མཆོད་སྤྲིན་རྒྱ་ ཆེར་འབུལ། །ཐོག་མེད་བསགས་སྡིག་མཐའ་དག་སྙིང་ནས་བཤགས། །དགེ་ཚོགས་ཀུན་ལ་ 7-1-46 དགའ་བས་ཡི་རང་ངོ༌། །རྫོགས་ལྡན་བསྟན་པའི་ཆོས་འཁོར་རྒྱ་ཆེན་བསྐོར། །རེས་འཇོག་ མེད་པར་འགྲོ་ངོར་རྟག་བཞུགས་གསོལ། །དོན་གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་མངོན་ ཤོག །ཅེས་ཡན་ལག་བདུན་པ་བསྡུས་ཙམ་འདི་རྣམ་དཀར་དགེ་ལ་སྤྲོ་བ་ཅན་རང་གྲོལ་ལ་འདི་ལྟ་བུར་མཁོ་ནས་གུ་ཎ་བྷ་དྲས་ སྒྲུབ་པའི་གནས་མཆོག་ཆེན་པོ་འཛམ་ཐང་དུ་བྲི ས་པའོ། ། ༈ མདོ་སྨད་ཁམས་ནས་འཛམ་གླིང་ཀུན་ཁྱབ་པའི། །ཇོ་ནང་ཀུན་མཁྱེན་ཏཱ་ར་ནཱ་ཐ་ དང༌། །སྐྱབས་མགོན་མ་ཏི་རྣམས་གསུམ་གསུང་འབུམ་དང༌། །མདོ་སྔགས་གཞུང་ལུགས་ འགའ་དང་དེ་མིན་ཡང༌། །ཇོ་ནང་བརྒྱུད་རིམ་སྐྱེས་ཆེན་དུ་མ་ཡིས། །གསུང་ལས་གང་རྙེད་ ཤིང་སྤར་ལེགས་བསྐྲུན་བྱས། །སླར་ཡང་མང་སྤེལ་དུ་མ་ཡང་ཡང་མཛད། །རྒྱལ་བསྟན་ཁུར་ ཆེན་བཞེས་ལ་གསོལ་བ་འདེབས། །ཞེས་གསོལ་འདེབས་ཆོས་སྤྱོད་ལ་བསྐུལ་བྱེད་ཐར་ལམ་འདྲེན་པའི་ལྕགས་ཀྱུ་ འདི་ཡང་རྡོའི་དར་སྐུའི་བསྟན་པའི་ཁུར་ཆེན་བཞེས་པ་སྤྲུལ་ཆོས་མཛོད་ཀྱིས་བསྐུལ་བ་ལྟར་རྒྱལ་ས་པེ་ཅིན་ནས་ངག་དབང་ཡོན་ ཏན་བཟང་པོས་བྲི ས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། ༈ པྲ་ཕབ་བརྒྱད་ལྡན་ནམ་མཁའི་གཟུགས་སྣང་བཞིན། །དོན་དམ་སྲིད་པ་ཀུན་གྱི་ གཟུགས་སྣ་ཚོགས། །སྤྲོས་ཀུན་བྲལ་བའི་སྣང་བ་ཀུན་ཁྱབ་དབྱིངས། །རང་རིག་ཡེ་ཤེས་ ཉིད་ལས་གཞན་གྱི་མིན། །རང་བཞིན་མི་འགྱུར་གློ་བུར་ཀུན་རྫོབ་རྣམས། །གཟུང་འཛིན་ འཁྲུལ་སྣང་རིས་སུ་འཆར་བ་ཡང༌། །གཞི་དབྱིངས་མ་ཡིན་ས་བོན་འཕྲུལ་ལས་ཤར། །དེ་ ནིརྣམ་ཤེས་འཛིན་པའི་སྤྱོད་ཡུལ་ཙམ། །ཡེ་བཞུགས་རང་བཞིན་བདེ་ཆེན་སྐུ་གསུམ་བདག །རྒྱུ་འབྲས་ཐེག་པའི་ལམ་བཟང་སོ་སོ་ལས། །བྱ་བ་དཀའ་སླའི་ཐབས་ཚུལ་མི་འདྲ་བས། །གནས་ལུགས་མངོན་ལ་བུལ་མྱུར་ཆོས་ཀྱི་ཚུལ། །མ་ལུས་རིགས་ཀྱི་བདག་པོའི་སྤྱི་དཔལ་ ཆེ། །གདོད་མ་དང་པོའི་སངས་རྒྱས་ཟུང་འཇུག་སྐུ། །དོན་དམ་གཟུགས་མེད་གཟུགས་བཟང་ སྣང་བའི་གར། །ཀུན་རྫོབ་འགལ་འདུའི་གྲངས་སུ་རྟོགས་པ་མིན། །ཞེས་གཞི་ལམ་འབྲས་བུའི་རྣམ་ 7-1-47 གཞག་ཉུང་བསྡུས་རྫོགས་ལྡན་ཆོས་མཆོག་ལ་བག་ཆགས་འཇོག་ཕྱིར་གཞོན་རྒྱམ་ལ་མཁོ་ཕྱིར་ངག་དབང་ཡོན་ཏན་བཟང་པོས་ བྲི ས་པའོ། ། ༈ མི་འགྱུར་བདེ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ། །གསུང་གདངས་མ་འགགས་ལྡན་པའི་དཔལ་ ཤར་ཞིང༌། །ཐབས་མཁས་ཐུགས་རྗེ་ཆེན་པོའི་མཐའ་ཁྱབ་པ། །མཚུངས་བྲལ་སྤྲུལ་བའི་སྐུ་ ལ་གསོལ་བ་འདེབས། །གདོད་ནས་བདེ་བ་ཆེན་པོར་བྱང་ཆུབ་ཀྱང༌། །སླར་ཡང་ཉམ་ཐག་ འགྲོ་ཀུན་རྗེས་འཛིན་ཕྱིར། །ཡེ་ཤེས་གཟུགས་སྐུར་སྨིན་པ་སྙིང་རྗེའི་བདག །བསྐལ་པ་རྒྱ་ མཚོའི་བར་དུ་ཞབས་བརྟན་གསོལ། །ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་མཁན་མིང་པ་ངག་དབང་ ཡོན་ཏན་བཟང་པོས་བོད་རབ་བྱུང་བཅུ་བདུན་པའི་དུས་ཚེས་དགེ་བར་རྒྱལ་ས་པེ་ཅིན་ནས་བྲི ས། ༄༅། །གསུང་ཐོར་བུའི་སྐོར། ༈ གཞི་འབྲས་དབྱེར་མེད་ཆོས་སྐུ་དོན་དམ་ཉིད། །ལམ་གྱི་གནས་སྐབས་རྣལ་འབྱོར་ རིམ་པས་མངོན། །གདོད་མའི་གནས་ལུགས་དྲི་མའི་སྦུབས་ལས་གྲོལ། །འབྲས་ཐོབ་ཐ་ སྙད་ཙམ་ལས་ཆོས་སྐུ་གཅིག །ཆོས་ཀྱི་སྐུ་ལས་མཛད་པ་རབ་འབྱམས་འཆར། །གང་ལ་གང་ འདུལ་རྣམ་འཕྲུལ་འཆར་བའི་དཔལ། །རང་སྣང་གཞན་སྣང་རྣམ་བཀོད་མཐའ་ཡས་ལས། །བདག་ཅག་འགྲོ་བའི་མགོན་གཅིག་ཐུབ་དབང་གཙོ། །གཞན་ཡང་གསང་ཆེན་རྒྱ་མཚོའི་སྒྱུ་ འཕྲུལ་གར། །གང་གི་ཞབས་སེན་ལྷ་མིའི་གཙུག་གིས་བསྟེན། །སྲིད་ཞིའི་ཉེས་ཀུན་མ་ལུས་ དྲུང་ནས་འབྱིན། །བདེ་སྟོང་ཟུང་འཇུག་དུས་ཀྱི་འཁོར་ལོར་གུས། །རྒྱལ་སྲས་གསང་བདག་ 7-1-48 འཕགས་མཆོག་འཇམ་དཔལ་དབྱངས། །རྡོར་སྙིང་བྱམས་མགོན་ཐོགས་མེད་མཆེད་དང་ བཅས། །ཀླུ་སྒྲུབ་ཨཱརྱ་དེ་བ་ལ་སོགས་པས། །མདོ་རྒྱུད་དགོངས་དོན་ཇི་བཞིན་བཀྲལ་ལ་ འདུད། །ཆོས་ཀུ༷ན་མཁྱེ༷ན་པའི་ཤེ༷ས་ར༷བ་རྣམ་ངེས་བདག །རྒྱལ་དང་སེམས་དཔའི་བཞེད་ དགོངས་ཤན་སྦྱར་ནས། །གཞན་སྟོང་དབུ་མའི་རྒྱ༷ལ་མཚ༷ན་ལེགས་སྒྲེང་རྗེ། །གངས་ལྗོ ངས་ དཔ༷ལ་དུ་སྔོན་མེད་སྲོལ་བཟ༷ང་སྤེལ། །དེ་ཡི་ལུགས་བཟང་འཛིན་ཅིང་སྔགས་བརྒྱུད་ཀྱི། །དབང་ལུང་མན་ངག་གདམས་པའི་བཅུད་ཀུན་འཛིན། །མདོ་སྔགས་དགོངས་པ་འགྲེལ་ མཛད་སྒྲོལ་མགོན་རྗེ། །བརྒྱུད་པར་བཅས་ལ་གུས་པས་ཕྱག་འཚལ་ལོ། །གདོད་ནས་ལྷུན་ གྲུབ་ཆོས་སྐུ་གཤེགས་སྙིང་འགྲོ་ཀུན་རྒྱུད་དུ་རྟག་བཞུགས་རྣམས། །རྨད་བྱུང་ངག་གི་དབང་ པོས་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་ཇོ་ནང་པའི། །རང་ལུགས་འཁྲུལ་བྲལ་གྲུབ་མཐའ་རྒྱ་ མཚོའི་གོས་ཅན་རྣམས་སུ་རབ་ཏུ་སྤེལ། །འགྲོ་ཀུན་སྲིད་ཞིའི་སྦུབས་ལས་གྲོལ་ཕྱིར་མཛད་པ་ བཟང་པོས་བསྐྱངས་ལ་གུས། །དཀར་ནག་ལས་འབྲས་ཕྲ་ཞིབ་དབྱེ་བསལ་མཛད། །དབང་ ལུང་གདམས་ངག་བདུད་རྩིའི་རྒྱུན་བཟང་སྤེལ། །གནས་ལུགས་ཟབ་དོན་ལུང་རིགས་སྒོ་ བརྒྱས་དབྱེ། །གསུམ་ལྡན་བླ་མའི་བཀའ་དྲིན་སྙིང་ནས་དྲན། །བརྗོད་བྱའི་གནས་ཚུལ་དམ་ པའིརྣམ་ཐར་འདི། །རྨོངས་མུན་སེལ་བའི་ནམ་མཁའི་ནོར་བུ་བཞིན། །བྱིས་བློ་དམན་པའི་ ཁབ་མིག་ཤར་བ་ཙམ། །རྫོགས་ལྡན་རྒྱལ་བསྟན་དར་བའི་རྐྱེན་དུ་སྤེལ། ། ༈ བློ་ལྡོ ག་བཞི་ལས་རང་རྒྱུད་དག་སེལ་བྱས། །དུག་གསུམ་རྩ་བ་རྣམ་རྟོག་ཡིན་པར་ ངེས། །དེ་ཡི་གཉེན་པོ་སྤྲོས་བྲལ་མི་རྟོག་སྒོམ། །དྲན་དང་ཤེས་བཞིན་ལྡན་པའི་བྱ་ར་མཛོད། ། ༈ ཡོངས་ཀྱི་སྤྱི་ནོར་རིན་ཆེན་རྣམ་གསུམ་ལ། །དང་འདོད་ཡིད་ཆེས་ཁ་ཙམ་མ་ཡིན་ པར། །ཐེ་ཚོམ་མེད་པར་ཡིད་ཆེས་བརྟན་པོ་ཡིས། །གཡེལ་བ་མེད་པར་སེམས་ཀྱི་མཐིལ་དུ་ 7-1-49 ཆོངས། ། ༈ བསོད་ནམས་བརྒྱ་ཕྲག་ལས་བསྐྲུན་མདོ་སྨད་དུ། །ནོར་འཛིན་རབ་རྒྱས་གནས་ མཆོག་དམ་པ་འདི། །འཛམ་གླིང་བྱེ་བྲག་ཞིང་མཆོག་འཛམ་ཐང་ཞེས། །སྔོན་བྱོན་སྐྱེས་ ཆེན་དུ་མའི་ལུང་གིས་བསྔགས། །གོང་མའི་མཛད་འཕྲིན་མདོ་སྔགས་འོ་མཚོ་འཁྱི ལ། །ཆུ་ སྐྱེས་རྐང་འཐུང་དགའ་ཚལ་རབ་བཀྲ་ཞིང༌། །རྐང་དྲུག་གཞོན་ནུས་མདོ་སྔགས་དར་དིར་ སྒྲོག །ཁྲིམས་ལྡན་ངང་བའི་ཁྱུ་ཚོགས་དམར་སེར་རྒྱས། །དབང་ལུང་མན་ངག་བདུད་རྩི་འོ་ མའི་གསོ། །བཅུ་ཕྲག་རིག་པའི་གཏེར་མཛོད་ངང་གིས་བརྡོལ། །མདོ་སྔགས་གཞན་སྟོང་ གླིང་བཞིའི་མུན་སེལ་མཆོག །བཤད་དང་སྒྲུབ་པའི་རྒྱལ་བསྟན་པད་དཀར་བཞད། །བྱང་ ཕྱོགས་ཤམྦྷ་ལ་དང་འགྲན་པར་འོས། །ཤེས་རྒྱུད་མཛེས་པའི་ཕྱི་ནང་མཐུན་རྐྱེན་འཛོམས། །ཕྱི་ནང་གསང་བའི་བར་ཆད་ཀུན་དང་བྲལ། །ཡ་མཚན་ས་ཡི་མཚན་ཉིད་ཀུན་ལྡན་ཞིང༌། །བྱིན་རླབས་སྤྲིན་དཔུང་ན་བུན་འཐུལ་བའི་གནས། །སྔོན་བསགས་བསོད་ནམས་ལས་ཀྱིས་ འཕངས་པ་ཡིས། །དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་ཐོབ། །འགའ་ཞིག་སྐྱེས་ཆེན་ མཚན་གྱི་བ་དན་འཛིན། །འགའ་ཞིག་སྐྱེས་ཐོབ་ཡོན་ཏན་ཀུན་དང་ལྡན། །འགའ་ཞིག་མཐོ་ རིས་ཡོན་ཏན་བདུན་གྱིས་མཛེས། །འགའ་ཞིག་སྐྱེས་མ་ཐག་ཏུ་ཆོས་དང་འཕྲད། །འགའ་ ཞིག་འཕྲལ་རྐྱེན་དབང་གིས་བསྟན་དང་མཇལ། འགའ་ཞིག་ཕྱི་ནང་ཡུལ་རྐྱེན་དབང་གིས་ འཕྲད། །མདོར་ན་འདི་ཕྱིར་སྐྱིད་པའི་སྐལ་བ་འགྲིགས། །རང་གཞན་དོན་གཉིས་འགྲུབ་པའི་ རྐྱེན་ཀུན་འཛོམས། །ཡིད་བཞིན་ནོར་བུ་ལས་ལྷག་རང་རང་ལ། །ཐོབ་སྐལ་ལོངས་སྤྱོད་མི་ སྤྱོད་རང་ལ་ཐུག ། ༈ རབ་ཏུ་ཕྲ་ཞིབ་ནམ་མཁའི་གཟུགས་བཟང་ལྟར། །བཅུ་ཕྲག་རིག་པའི་ཤེས་བྱ་རྒྱ་ མཚོ་ཡིས། །ཤེས་རྒྱུད་མཛེས་པའི་འཛམ་གླིང་རྒྱན་དུ་གྱུར། །འགྲོ་མང་ཞི་བདེའི་དཔལ་ལ་ 7-1-50 རྟག་སྤྱོད་སྨོན། ། ༈ ཀུ༷ན་མཁྱེ༷ན་ངེས་དོན་གཞན་སྟོང་གངས་རིར་འགྱིང༌། །ཤེ༷ས་ར༷བ་ལུང་རིགས་བྱེ་ བའི་གཡུ་རལ་རྒྱས། །རྒྱ༷ལ་མཚ༷ན་སྲིད་རྩེར་བསྒྲེངས་པའི་སེང་གེའི་སྒྲ། །དཔ༷ལ་བཟ༷ང་ མཛད་པའི་སྲིད་པ་གསུམ་པོ༷ར་ཁྱབ། ། ༈ བསིལ་ལྗོ ངས་ལྷ་ཡི་ལམ་བཟང་རབ་ཡངས་པར། །རྫོགས་ལྡན་རི་དྭགས་སྣང་བའི་ ཟློས་གར་ལས། །ངེས་གསང་ཀུན་ད་བཞད་པའི་གཉེན་དུ་འཆར། །འོད་དཀར་ཐིགས་པས་ རྨོངས་མུན་ཆབས་ཅིག་བསལ། །རབ་ཡངས་ནོར་འཛིན་རྫོགས་ལྡན་ཆོས་མཆོག་གིས། །བསྟན་འགྲོའི་བདེ་སྐྱིད་སྣང་བའི་དཔལ་སྦྱིན་པ། །གང་འདི་སྔ་ན་མེད་པའི་ཡ་མཚན་གནས། །སྐལ་བཟང་སྐྱེ་འགྲོའི་སྙིང་ནོར་དམ་པ་མཆོག །ཆེས་རྨོངས་ལྔ་བདོའི་སྨག་རུམ་སྟུག་པོའི་ ཁྲོད། །ཆོས་རྗེ་ཟླ་བ་ཐུགས་སྲས་རྒྱུ་སྐར་ཚོགས། །ངེས་དོན་ཟབ་མོའི་ག་བུར་ཟིལ་བ་ཡིས། །སྙིང་པོའི་ཀུན་ད་དགོད་པའི་གཉེན་དུ་འཆར། །གཞན་སྟོང་ལྟ་བ་གངས་རིའི་རྩེ་མོ་ནས། །ལུང་རིགས་དྲི་མེད་གཡུ་རལ་ངོམ་བཞིན་པར། །ངེས་དོན་འཇིགས་མེད་སེང་གེའི་སྒྲ་ཆེན་ སྒྲོག །དགག་སྒྲུབ་སྦར་ཕྲེང་གཡོ་བའི་གདོང་ལྔ་པ། །གངས་ལྗོངས་མཁས་དབང་བྱེ་བའི་ གཙུག་ནོར་མཆོག །གྲུ་འཛིན་བདག་པོའི་སྤྲུལ་པའི་རོལ་གར་གྱིས། །རྒྱལ་བ་གཉིས་པ་ཆེན་ མོའི་མཚན་འཆང་བ། །ཀུན་གཟིགས་ཆོས་ཀྱི་ཉི་མ་ཁྱོད་མིན་སུ། །ཞེས་པ་བར་སྐབས་ཀྱི་ ཚིགས་སུ་བཅད་པའོ། ། ༈ ཆོས་སྐུ་དོན་དམ་འཁོར་འདས་དྭངས་མའི་བཅུད། །སྐུ་གསུམ་དབྱེར་མེད་འོད་ གསལ་མཁའ་མཐར་ཁྱབ། །ཡི་དམ་རབ་འབྱམས་རྒྱ་མཚོའི་སྣང་བརྙན་དཔལ། །ཡེ་གཞི་ བདེ་གཤེགས་སྙིང་པོ་རྒྱལ་གྱུར་ཅིག །ཀུན་རྟོག་སྤྲོས་པའི་རྡུལ་ཚོགས་དྭངས་ཤིང་འོད་ གསལ་སྤྲོས་བྲལ་མཁའ་ལྟར་ཁྱབ། །མཐའ་བྲལ་དབུ་མའི་རང་ལུགས་ཐུགས་རྗེ་ཀུན་ལ་ 7-1-51 སྙོམས་པའི་འོད་དཀར་གྱིས། །རབ་ཡངས་འཛིན་མའི་གཞི་ལས་རིགས་ཁམས་གཤེགས་ སྙིང་པད་དཀར་ཕྲེང་བ་འཁྲིགས། །བརྩེ་ཆེན་སྦྲང་རྩིའི་གཏེར་བརྡོལ་སྐྱེ་འགྲོའི་ཉོན་མོངས་ འཇོམས་མཛད་ཀུན་མཁྱེན་རྗེ། །གསང་སྔགས་རྒྱུད་སྡེ་བྱེ་བའི་ཆུ་གཏེར་དབུས། །སྔོན་ བསགས་རྡུལ་མང་བརྩེགས་པའི་འཛིན་མའི་གཞིར། །ཡོངས་ཁྱབ་དབང་ལུང་མན་ངག་པད་ དཀར་བཞད། །རྐང་དྲུག་སྦྲང་རྩིས་འཚོ་མཛད་སྒྲོལ་མགོན་རྗེ། །རྒྱལ་བ་ཀུན་ལས་ལྷག་པའི་ ཐུགས་རྗེའི་གཏེར། །རྫོགས་ལྡན་མདོ་སྔགས་གནས་ལུགས་དབུ་མའི་ལམ། །ཁམས་དབང་ དང་འཚམས་རབ་གཏེར་རྨོངས་མུན་བསལ། །སྐྱེདང་སྐྱེ་བའི་ཕྲེང་བར་རྗེས་སུ་ཟུངས། །ཀུན་ གསལ་མཁྱེན་བརྩེའི་རྟ་བདུན་དཀྱིལ་འཁོར་ལས། །ཚད་མེད་ཐུགས་རྗེའི་འོད་ཟེར་རབ་ འཕྲོས་ནས། །འགྲོ་ཀུན་སྒྲིབ་གཉིས་མུན་སྟུག་མ་ལུས་ཀུན། །ཅིག་ཅར་སེལ་མཛད་མ་ཏི་ ཀིརྟིར་གུས། ། ༈ ཁོང་ནས་ཁྲོ་བ་མ་ལུས་སྤངས་ཀྱང་ལོག་པར་ལྟ་བ་མཐའ་དག་གཞོམ། །ཆོས་བརྒྱད་ འདོར་ལེན་རིང་དུ་བྲལ་ཡང་བྱ་སྤྱོད་འགྲོ་བ་ཀུན་དང་མཐུན། །སྲིད་ཞིའི་བདེ་ལ་ཆགས་པས་ དབེན་ཀྱང་འགྲོ་ལ་ཆགས་པས་ཟབ་ཆོས་སྟོན། །སྨྲ་བརྗོད་ངག་གི་ཡུལ་ལས་འདས་ཀྱང་ ཆོས་ཀུན་སྤེལ་མཛད་མཁས་ཀུན་རྒྱལ། །ཆོས་ཀུ༷ན་མཁྱེ༷ན་པའི་གངས་རི་ལས་འོངས་པའི། །གདམས་པའི་ཆུ་ཀླུང་ཤེ༷ས་ར༷བ་རིན་ཆེན་གཏེར། །རླབས་ཕྲེང་ཆུ་འཛིན་རྒྱ༷ལ་མཚ༷ན་ཕྱོགས་ ཀྱི་དཔ༷ལ། །བཟ༷ང་པོ༷འི་བཤེས་གཉེན་འགྲོ་འདྲེན་ཕྱག་གི་ཡུལ། ། ༈ རིན་ཆེན་གསེར་ཞུན་འབར་བའི་ལྷུན་པོར་ཐུན་མཚམས་གཞོན་ནུས་དཀྲི ས་པ་ལྟར། །མཛེས་སྡུག་ལྟ་བས་མི་ངོམས་མཐོང་བ་ཙམ་གྱིས་སྲིད་ཞིའི་གདུང་བ་འཕྲོག །དྲན་པས་ ཀྱང་ནི་འགྲོ་འདི་ཀུན་མཁྱེན་ནོར་བུའི་གླིང་མཆོག་ཁྲིད་པར་མཛད། །མཉམ་མེད་བུ་རམ་ ཤིང་པས་བདག་ཅག་དུས་ཀུན་ཤིས་པས་བསྐྱང་དུ་གསོལ། །རྟག་ཆད་མཐའ་བྲལ་ལྷ་ལམ་ 7-1-52 རབ་ཡངས་པར། །སྒྲོ་སྐུར་ཀུན་སྤངས་རྟ་བདུན་དབང་པོ་འཆར། །སྲིད་ཞིའི་མཐའ་སྤངས་ འོད་བཟང་ཕྱོགས་བཅུར་ཁྱབ། །གཞན་སྟོང་སྲོལ་འབྱེད་ཀུན་མཁྱེན་དོལ་པོ་རྒྱལ། །གྲངས་ མེད་གསུམ་དུ་ཚོགས་གཉིས་རླུང་གིས་རྡུལ་མང་བརྩེགས་པའི་རིན་ཆེན་ལྷུན་པོ་ལྟ་བུའི་སྐུ། །མཐའ་ཡས་འགྲོ་ཀུན་རེ་འདོད་སྐོང་ཕྱིར་ཆུ་འཛིན་ཀློང་ནས་སྒྲ་བརྒྱ་ལྡིར་བ་ལྟ་བུའི་གསུང༌། །ཉེ་རིང་མི་མངའ་འཁོར་བའི་ཚ་གདུང་སེལ་བའི་བདུད་རྩིའི་ཟིལ་ཆར་འཛག་པ་ལྟ་བུའི་ ཐུགས། །འགྲོ་ཀུན་སྒྲིབ་གཉིས་གཅོད་ཕྱིར་ཆོས་འཁོར་རིམ་གསུམ་བསྐོར་བའི་ཤཱཀྱ་སེང་ གེར་ལན་བརྒྱར་འདུད། །ཟླ་མེད་སྟོབས་བཅུ་མངའ་བའི་གསུང་རབ་དགོངས་འགྲེལ་མཐའ་ དག་གངས་ལྗོ ངས་བསྒྱུར་མཛད་ལོ་པཎ་དང༌། །དེ་དོན་ཇི་བཞིན་འཆད་ཉན་བྱས་ཏེ་བརྩོན་ པ་ཆེན་པོས་ཉམས་སུ་བླངས་པས་འབྲས་བུ་ཐོབ། །སློབ་བུ་རྣམས་ལ་མ་ལུས་གདམས་ངག་ གནང་བས་རིམ་བཞིན་རང་རང་ཐར་བའི་ལམ་དུ་བཀོད། །བརྒྱུད་ལྡན་བླ་མའི་ཚོགས་ལ་སྐྱེ་ དང་སྐྱེ་བའི་ཕྲེང་བ་རྣམས་སུ་ཡང་ཡང་ལན་བརྒྱར་གུས། ། ༈ དོལ་པོའི་གཞན་སྟོང་སེང་གེའི་སྒྲས། །ཝ་སྐྱེས་ཚོགས་ཀུན་གཞོམ་སོང་ངོ༌། །ངེས་དོན་ སྒྲ་ཆེན་བསྒྲག །དྲང་དོན་གཞོམ་སོང་ངོ༌། །མི་རྟོག་སྒོམ་པས། །རྣམ་རྟོག་ཟད་སོང༌། །མི་དགེ་ བཅུ་རྣམས་སྤང་བར་བྱ། །དགེ་བ་བཅུ་རྣམས་བསྒྲུབ་པར་མཛོད། །ཆོས་སྤྱོད་བཅུ་པོ་རྣམས། །གནད་དུ་བཟུང་ནས་བསྒྲུབ། །སྡིག་པ་མ་བྱ། །དམྱལ་བར་སྐྱེ་འོ། །བསོད་ནམས་སྟོབས་ཆེན་ བསགས་པ་ན། །འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད་དོ། །སྐུ་གསུང་ཐུགས་རྟེན་བཞེངས། །རྣམ་ དཀར་དགེ་ལས་བྱ། །སྡིག་པ་སྤངས་ན། །བདེ་སྐྱིད་འབྱུང་ངོ༌། །སྒྲ་སྙན་བླངས་ནས་དཀོན་ མཆོག་མཆོད། །ངག་གི་སྒྲིབ་པ་དག་སོང་ངོ༌། །སྙན་ཚིག་གླུ་དབྱངས་འདི། །མཆོག་གསུམ་ མཆོད་པའི་རྫས། །སྙན་པའི་གླུ་དབྱངས། །འགྲོ་ལ་སྒྲོགས་མཛོད། ། ༈ རྟོན་པ་བཞི་ལྡན་ཆོས་རྗེ་ཡབ་སྲས་དང༌། །མདོ་སྔགས་བསྟན་པའི་རྒྱན་གཅིག་སྒྲོལ་ 7-1-53 བའི་མགོན། །ངེས་དོན་མདོ་སྔགས་སླར་སྤེལ་བློ གྲོས་གྲགས། །གང་དག་ཞབས་རྡུལ་སྤྱི་བོའི་ རྒྱན་དུ་བླངས། ། ༈ གཞན་སྟོང་དབུ་མའི་སྲོལ་འབྱེད་དོ༷ལ་པོ༷་རྗེ༷། །མདོ་སྔགས་རྒྱ་མཚོའི་མངའ་བདག་ སྒྲོ༷ལ་བ༷འི་མགོ༷ན། །མདོ་སྨད་རྫོགས་ལྡན་གསལ་མཛད་བློ༷་གྲོ༷ས་གྲ༷གས། །རྗེ་བཙུན་རྣམ་ གསུམ་སྲིད་འདིར་རྒྱལ་གྱུར་ཅིག ། ༈ ཡི་དམ་རབ་འབྱམས་རྒྱལ་ཀུན་ཡོངས་སྤྲོའི་གནས། །ཆོས་སྐུ་ཀུན་ཁྱབ་རྟག་བརྟན་ འགྱུར་མེད་བདག །བླ་མའི་ཐུགས་ཀྱི་རང་བཞིན་གཤེགས་སྙིང་དབྱིངས། །རང་སེམས་ དབྱེར་མེད་དེ་ཉིད་རྟོགས་པར་མཛོད། །འཛད་མེད་འདོད་འཇོ་ཞལ་གྱི་བུམ་བཟང་ལས། །དབང་ལུང་མན་ངག་བདུད་རྩིའི་རྒྱུན་བཟང་ལུད། །འདི་ཕྱིའི་ཕན་བདེ་མ་ལུས་ཀུན་འབྱུང་ གཞི། །རང་ལ་གནང་བའི་དལ་རྟེན་དོན་ལྡན་བྱས། །(ཐོབ་ཡིག་མཆོད་བརྗོད) ༄༅། །དཔལ་ལྡན་བླ་མ་ངག་དབང་རིན་ཆེན་དཔལ་བཟང་ པོའི་བླ་མའི་རྣལ་འབྱོར་བྱ་ཐབས་གསང་ཆེན་ཉམས་ མྱོང་སྐྲུན་བྱེད་བདུད་རྩིའི་གྲུ་ཆར་ཞེས་ བྱ་བ་བཞུགས་སོ། ། ༄༅། །ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་པའི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་དེ་ལ་གུས་པས་ཕྱག་འཚལ་ ཞིང་འདིར་གང་གི་བླ་མའི་རྣལ་འབྱོར་བྱ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྐྱབས་འགྲོ་དང༌། སེམས་བསྐྱེད་ གཉིས་ལས། དང་པོ་སྐྱབས་འགྲོ་ནི། གདོད་ནས་རང་བྱུང་ལྷུན་གྲུབ་ལྷན་ཅིག་སྐྱེས། །མི་འགྱུར་བདེ་ ཆེན་སྐུ་གསུམ་ཡོངས་སུ་རྫོགས། །དོན་དམ་ཆོས་ཉིད་སྐྱབས་གསུམ་བླ་མའི་ཐུགས། །ངེས་ 7-1-54 དོན་རང་གསལ་འཛིན་མེད་ངང་དུ་བལྟ། །ལན་གསུམ། གཉིས་པ་སེམས་བསྐྱེད་ནི། རང་བཞིན་གནས་ ལུགས་དེ་བཞིན་ཉིད་ཀྱི་དབྱིངས། །ཡེ་ཤེས་ཆོས་སྐུའི་རང་རྩལ་རབ་འབྱམས་ཞིང༌། །ངོ་མ་ ཤེས་པའི་འགྲོ་ཀུན་རྨོངས་སྦུབས་ལས། །གྲོལ་ནས་རང་ཞལ་མངོན་པར་སེམས་བསྐྱེད་དོ། །ལན་གསུམ། གཉིས་པ་དངོས་གཞི་བླ་མའི་རྣལ་འབྱོར་ནི། ཆོས་རྣམས་མ་ལུས་རང་སེམས་སྣང་བ་ཙམ། །རང་སེམས་གསལ་སྟོང་བརྗོད་མེད་རྣམ་ཀུན་བདག །རང་རིག་རང་གསལ་འཁོར་འདས་ ཀུན་ཁྱབ་དབྱིངས། །སྐུ་དང་ཞིང་ཁམས་ཅིག་ཅར་འཆར་བའི་གཞི། །རྣམ་བཀོད་བསམ་མི་ ཁྱབ་པའི་རོལ་གར་ལས། །བདེ་ཆེན་རབ་འབར་རང་གཟུགས་འཆར་ནུབ་བྲལ། །བསམ་ མེད་མ་བཅོས་སོ་མ་རང་ཤར་ངོར། །སྣ་ཚོགས་བསམ་པའི་བྱེ་བྲག་དེ་དེ་བཞིན། །གཟུགས་ སྣང་རབ་འབྱམས་རྣམ་པ་སྣ་ཚོགས་འཆར། །འཇའ་ཟེར་འོད་ཕྲེང་འཁྲིགས་ཀློང་འཁྱི ལ་བའི་ དབུས། །སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་དང༌། །དུས་མེའི་གདན་སྟེང་བླ་མའི་རྣམ་རོལ་ཉིད། །རྡོརྗེ་འཆང་ཆེན་སྐུ་མདོག་སྔོ་གསལ་འབར། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་ བསྣོ ལ། །ཞབས་ཟུང་རྡོ་རྗེ་དཀྱིལ་མོ་ཀྲུང་དུ་བཞུགས། །སྣ་ཚོགས་དར་གྱི་ན་བཟའ་ལྷབ་ ལྷུབ་གཡོ། །རིན་ཆེན་རྒྱན་ལྡན་མཚན་དཔེའི་གཟི་འོད་འཕྲོ། །སྐུ་ཡི་གནས་བཞིར་ཡི་གེ་རྣམ་ བཞིའི་མཚན། །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སེམས་ཅན་ལ་ཕོག་ སྒྲུབ་པ་མ་ལུས་དག །གསང་གསུམ་མཆོད་སྤྲིན་ཞིང་བཞུགས་ཚོགས་ལ་མཆོད། །རབ་ དགྱེས་ངང་ནས་སླར་ཡང་སྐུའི་བཀོད་པ། །ཡི་གེའི་ཚོགས་དང་ཕྱག་མཚན་སྣ་ཚོགས་སོགས། །རབ་ཏུ་བཀུག་སྟེ་སྤྱི་བོར་གང་བྱོན་ཀུན། །ཛཿཧཱུཾ་བཾ་ཧོཿས་དམ་ཡེ་དབྱེར་མེད་གྱུར། །ཐུགས་ ཀར་པད་ཟླའི་གདན་ལ་ཡེ་ཤེས་སེམས། །རྡོ་རྗེ་སེམས་དཔའ་དུང་འོད་འཕྲོ་བའི་སྐུ། །མ་ ལུས་དཀྱིལ་འཁོར་རབ་འབྱམས་སྤྲོ་བའི་མགོན། །རྣམ་འཕྲུལ་མཛད་སྒོ་བསམ་མི་ཁྱབ་པ་ ལས། །འོད་ཟེར་མཁའ་དབྱིངས་ཀུན་ཏུ་ཁྱབ་པའིརྩེར། །རྩ་རྒྱུད་དཔལ་ལྡན་བླ་མ་ཡི་དམ་ 7-1-55 དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་སྡེ། །མཁའ་འགྲོ་ཆོས་སྐྱོང་དམ་ ཅན་སྡེ་འཁོར་བཅས། །གང་ལ་གང་འདུལ་མཛད་པ་རབ་འབྱམས་སོགས། །ངོ་མཚར་སྒྱུ་ མས་རོལ་གར་ཅིར་ཡང་འགྱེད། །དེ་ཀུན་བླ་མ་མཆོག་གི་རྣམ་རོལ་དང༌། །སྐྱབས་གནས་ ཀུན་འདུས་སྤྱི་དཔལ་རིགས་ཀྱི་བདག །ཆོས་སྐུ་གདོད་མའི་གཤིས་ལས་མཛད་བཀོད་ཆེ། །རླབས་ཆེན་མཛད་པའི་ཆེ་བ་དང་བཅས་སོགས། །མ་བཅོས་བསམ་མེད་ངང་དུ་ཇི་བཞིན་ གསལ། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་འདི། །རང་རིག་རང་གསལ་སྤྲོས་བྲལ་ ཆོས་སྐུའི་དབྱིངས། །ཇི་བཞིན་རང་བབ་སྐྱོང་བའི་ཟབ་གསང་ངོར། །རྣམ་པར་རྟོག་མེད་རང་ བྱུང་ལྷུན་གྲུབ་སྩོལ། །དེ་ནས་ཡན་ལག་བདུན་པ་ནི། བརྟན་གཡོས་དཔལ་གྱུར་རང་བཞིན་ཆོས་སྐུའི་ གཤིས། །དཀྱིལ་འཁོར་རྒྱ་མཚོའི་བཀོད་བཟང་ལོངས་སྤྱོད་རྫོགས། །སྤྲུལ་པ་བཀོད་མཛོད་ ངང་ནས་བླ་མར་བཞེངས། །རིགས་ཀྱི་བདག་པོ་མཆོད་ལ་གུས་ཕྱག་འཚལ། །རབ་འབྱམས་ མཁའ་དབྱིངས་ཀུན་ཏུ་ཡོངས་ཁྱབ་པའི། །དག་དང་མ་དག་ཞིང་གི་ལེགས་འབྱོར་ཚོགས། །དམིགས་མེད་གུས་པ་ཆེན་པོས་ལེགས་འབུལ་ན། །དགྱེས་བཞེས་བདག་སོགས་ཚོགས་ གཉིས་རྫོགས་པར་མཛོད། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་འགལ་དང༌། །ཐོག་མེད་ནས་ བསགས་སྡིག་ལྟུང་གང་མཆིས་གསོལ། །སྙིང་ནས་འགྱོད་ཅིང་ཕྱིན་ཆད་ལེགས་སྡོམ་བགྱིད། །མ་ལུས་བྱང་ཞིང་དག་པར་མཛད་དུ་གསོལ། །ཆོས་སྐུའི་རྣམ་འཕྲུལ་རབ་འབྱམས་བཀོད་ ཆེན་གྱི། །རྣམ་མང་ཞིང་དུ་སྤྲུལ་བཀོད་བླ་མར་བཞེངས། །གང་འདུལ་འཕྲིན་ལས་སྐལ་བར་ ཡོངས་ཤར་དུས། །རྣམ་མང་ཚོགས་ཆེན་བསགས་ལ་རྗེས་ཡི་རང༌། །མཁའ་ཁྱབ་འགྲོ་བའི་ གདུལ་བྱར་གང་གྱུར་ལ། །རང་རང་དང་འཚམ་མཛད་བཟང་ལེགས་འཆར་ཞིང༌། །ཞི་བསིལ་ ཆོས་ཀྱི་དགའ་སྟོན་སྟེར་བའི་མགོན། །ཆོས་སྣང་ཆད་མེད་སྟོན་པར་མཛད་དུ་གསོལ། །དམ་ ཆོས་ཆོས་སྐུ་རྟག་བརྟན་ཐེར་ཟུག་བདག །ནམ་ཡང་འཕོ་བྲལ་རང་བྱུང་ལྷུན་གྱིས་གྲུབ། །རེས་ 7-1-56 འཇོག་བྲལ་ཀྱང་གདུལ་བྱ་གཞན་སྣང་ངོར། །ཀུན་རྫོབ་གཟུགས་སྐུའི་བཀོད་བཟང་རྟག་ པར་ཤོག །གཉིས་སྣང་འཁྲུལ་བའི་དྲི་མ་དང་བཅས་པའི། །ཡེ་བཞུགས་ཆོས་སྐུའི་རང་ མདངས་རིམ་མངོན་པའི། །གནས་ལུགས་དགོངས་ཆེན་བདེ་སྟོང་རབ་རྒྱས་ཀློང༌། །ཡེ་ཤེས་ ཆོས་དབྱིངས་ངང་དུ་རོ་གཅིག་འདྲེས། །དེ་ནས་གསོལ་བ་འདེབས་པ་ནི། གདམས་ང༷ག་དབ༷ང་ལུང་ རི༷ན་ཆེ༷ན་སྒྲོམ་བུའི་གཏེར། །རིས་མེད་གདུལ་བྱའི་དཔ༷ལ་དུ་ཉེར་སྩོལ་བའི། །འགྲོ་མང་ལམ་ བཟ༷ང་ལ་བཀོད་མགོན་པོ་ཁྱོད། །བཀའ་དྲིན་ཟླ་བྲལ་མཆོག་ལ་གསོལ་བ་འདེབས། །ཞེས་ སོགས་ཅི་ནུས་བཟླས་མཐར། གདོད་ནས་འཁོར་འདས་རྟག་ཁྱབ་ཆོས་སྐུ་ཆེ། །ཟག་བྲལ་ཞི་བསིལ་ དོན་དམ་ཆོས་ཉིད་དབྱིངས། །སྩོལ་མེད་རང་བབས་ཤུགས་འབྱུང་རིག་གདངས་མངོན། །མ་ བཅོས་བསམ་མེད་ངང་ནས་མཚན་སྔགས་བཟླ། །ༀ་ཨཿགུ་རུ་ཝཀྐིནྡྲ་རཏྣ་ཤྲཱི་བྷ་དྲ་ཧཱུཾ། ཅི་ འགྲུབ་མཐར། ཐུགས་ཀར་ཟླ་སྟེང་ཡེ་ཤེས་སེམས་དཔའི་ཚུལ། །རྡོ་རྗེ་སེམས་དཔའ་དུང་འོད་ འབར་བའི་སྐུ། །ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཐུགས་ཀར་བསྣོ ལ། །ཞབས་ཟུང་དཀྱིལ་ ཀྲུང་དང་བཅས་དེའི་པང་ན། །རང་འདྲའི་ཡུམ་མཆོག་བསྙེམ་མ་དཀར་མོ་ཡིས། །ཕྱག་གཉིས་ གྲི་ཐོད་འཛིན་བཞིན་ཡབ་ལ་འཁྱུད། །ཞབས་གཉིས་པད་དཀྱིལ་ཡབ་ཀྱི་སྐུ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀ་རིན་ཆེན་རུས་པས་བརྒྱན། །བདེ་སྟོང་ཟུང་འཇུག་ཧེ་རུ་ཀ་དཔལ་མགོན། །སྐུ་ཡི་གནས་བཞིར་ཡི་གེ་རྣམ་བཞིས་མཚན། །ཐུགས་ཀའི་ཧཱུཾ་ལས་འོད་དཀར་རབ་སྤྲོས་ཏེ། །རབ་འབྱམས་ཞིང་གི་སངས་རྒྱས་འཁོར་བཅས་མཆོད། །དགྱེས་བཞེས་སྐུ་གསུང་ཐུགས་ཀྱི་ རྣམ་པར་བྱོན། །དམ་ཡེ་དབྱེར་མེད་སེམས་དཔའི་ཐུགས་ཀ་རུ། །རྡོ་རྗེ་རྩེ་ལྔའི་ལྟེ ་བར་ཟླ་ སྟེང་ཧཱུཾ། །དཀར་གསལ་གྱི་མཐར་ཡིག་བརྒྱའི་སྔགས་ཀྱིས་བསྐོར། །སྙམ་པའི་སྒོ་ནས་ཧེ་རུ་ཀའི་ཡིག་ བརྒྱ་ཅི་འགྲུབ་བཟླ། ཐུགས་སྲོག་ལས་སྤྲོས་འོད་ཀྱིས་སྐྱབས་ཀུན་གྱི། །བྱིན་རླབས་བདུད་རྩིའི་ རྣམ་པར་སྤྱི་བོར་ཐིམ། །འོ་མའི་རྒྱུན་ལྟར་ཡབ་ཡུམ་སྦྱོར་མཚམས་ནས། །རང་གི་ཚངས་བུག་ 7-1-57 ཞུགས་ནས་ལུས་གང་སྟེ། །ཐོག་མེད་བསགས་པའི་སྒྲིབ་པ་མ་ལུས་བཀྲུས། །སྔར་བཅས་ སྡིག་ལ་འགྱོད་སེམས་དྲག་ཏུ་བསྐྱེད། །ཕྱིན་ཆད་སྡོམ་སེམས་བརྟན་པོས་ལེགས་བསྡོམ་ བགྱིད། །དད་པ་བརྟན་པོས་ཡིད་ཆེས་གཉིས་མེད་ངང༌། །ཡིག་བརྒྱ་ཅི་ནུས་བཟླས། རང་སེམས་ གཉུག་མ་རྩ་བྲལ་ལྷུན་གྲུབ་ངང༌། །རང་གསལ་དྭངས་མའི་ཆོས་སྐུ་ཉག་གཅིག་འདི། །བླ་ མའི་ཐུགས་སུ་ངེས་ཤེས་གནས་ལུགས་བསྐྱངས། །མ་གཡེངས་བསམ་མེད་ངང་ནས་ཡིག་ བརྒྱ་བཟླ། །ཡིག་བརྒྱ་བཟླས་མཐར། དབང་བཞི་བླང་བ་ནི། དཔལ་ལྡན་བླ་མ་རྡོ་རྗེ་རྣམ་བཞིའི་བདག །གང་གི་གནས་གཞིར་ཡིག་འབྲུ་སྣ་ཚོགས་མདོག །དཀར་དམར་མཐིང་སེར་རང་མདོག་འོད་ ཕྲེང་འབར། །བདག་ལ་བྱིན་རླབས་འབེབས་པའི་རྣམ་པར་གྱུར། །སྐུ་ཡི་རྡོ་རྗེ་ངོ་བོ་ༀ་ཡིག་ ལས། །ཟླ་འོད་ལྟ་བུའི་འོད་དཀར་རབ་འཕྲོས་པ། །རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་ དག །བུམ་དབང་ཐོབ་ཅིང་སྐུ་རྡོར་མངོན་དུ་གྱུར། །གསུང་གི་རྡོ་རྗེ་ངོ་བོ་ཨཱཿཡིག་ལས། །པདྨ་ རཱ་གའི་མདོག་ལྟར་རབ་འཕྲོས་པ། །རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་སྦྱངས། །གསུང་ དབང་ཐོབ་ཅིང་གསུང་རྡོར་མངོན་དུ་གྱུར། །ཐུགས་ཀྱི་རྡོ་རྗེ་རང་བཞིན་ཧཱུཾ་ཡིག་ལས། །བཻཌཱུར་ མདོག་ལྟར་འོད་ཟེར་འཕྲོས་པ་ཡིས། །རང་གི་སྙིང་གར་ཐིམ་པའི་ཡིད་སྒྲིབ་བྱང༌། །ཤེར་ དབང་ཐོབ་ཅིང་ཐུགས་རྡོར་མངོན་རུང་གྱུར། །ཡེ་ཤེས་རྡོ་རྗེའི་རང་བཞིན་ཧོཿཡིག་ལས། །གསེར་གྱི་མདོག་ལྟར་འོད་ཟེར་ཡོངས་འཕྲོས་པ། །རང་གི་ལྟེ ་བར་ཐིམ་པས་ཆགས་རྟོག་ སྦྱངས། །བཞི་དབང་ཐོབ་ཅིང་ཡེརྡོར་མངོན་རུང་གྱུར། །བླ་མའི་དབང་བཞིའི་བྱིན་རླབས་ ཕབ་པ་ཡིས། །སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་པར། །ཐུགས་ཡིད་རོ་མཉམ་རང་ གསལ་འཛིན་མེད་ངང༌། །མ་བཅོས་སོ་མ་རང་ཤར་ལྷན་ནེར་བཞག །ཅེས་པའི་ངང་ནས་ཐུགས་ཡིད་ དབྱེར་མེད་དུ་སེམས་བཟོ་བཅོས་མེད་པར་རང་བབས་ལྷག་པར་བསྐྱངས་ཏེ་རང་ཉིད་དང་བསྟུན་ཏེ་དངོས་གཞིའི་ཚུལ་དུ་ཡུན་ཅི་ གནས་སུ་འདུག་པར་བྱ། དེ་ནས་བསྡུ་རིམ་ནི། བླ་མའི་རྣམ་འཕྲུལ་ཐམས་ཅད་ཁོང་ལ་བསྡུ། །དེ་གཉིས་ 7-1-58 གཟུགས་སྐུ་ཚོན་གང་ལྟ་བུར་གྱུར། །རང་གི་སྤྱི་བོར་ཞུགས་ཏེ་ལུས་ནང་བརྒྱུད། །སྙིང་གའི་ པདྨོའི་ཟེའུ་འབྲུ་རྟག་བཞུགས་མཛོད། །གསུམ་པ་རྗེས་བསྔོ་བ་བཀྲ་ཤིས་བཅས་ནི། རབ་དཀར་བསོད་ ནམས་ཕུང་པོ་ཇི་མཆིས་དེས། །ཚེ་རབས་ཀུན་ཏུ་བླ་མས་རྗེས་བཟུང་ནས། །སྐྱེས་ཐོབ་ཡོན་ ཏན་ལྡན་ཞིང་ཆོས་སྒོར་ཞུགས། །བསླབ་གསུམ་ཐོས་བསམ་བསྒོམ་ལ་དབང་འབྱོར་ཤོག །དེ་ནས་རིམ་པར་ངེས་འབྱུང་བྱང་ཆུབ་སེམས། །ཡང་དག་ལྟ་བའི་ལམ་མཆོག་རྣམ་གསུམ་ དང༌། །ཕར་ཕྱིན་དྲུག་དང་བསྡུ་བཞི་ལ་སོགས་པའི། །རྒྱལ་སྲས་སྤྱོད་པའི་ས་ལམ་རིམ་ བགྲོད་ཤོག །གསང་ཆེན་ཐེག་པའི་སྨིན་བྱེད་དབང་ལུང་རིགས། །མཐའ་དག་མནོས་ནས་རྩ་ རླུང་ཐིག་ལེའི་གནད། །ཐབས་མཁས་སྦྱངས་པས་སྟོང་ཉིད་མངོན་སུམ་རྟོགས། །སོར་བསམ་ སྐུ་ཡི་རྣལ་འབྱོར་མཐར་ཕྱིན་ཤོག །དབུས་ཀྱི་ཁང་བུར་མཐའ་ཡས་དམག་དཔུང་ཚོགས། །ཨ་ཧཾ་གྱིས་བཀུག་དུས་མིན་འཆི་ལས་རྒྱལ། །རླུང་དང་ཐིག་ལེ་དབྱེར་མེད་བདེ་ཆེན་རྒྱས། །སྲོག་འཛིན་གསུང་གི་རྣལ་འབྱོར་མཐར་ཕྱིན་ཤོག །གཏུམ་མོ་འབར་བས་ཐབས་ཤེས་ལྷ་ ཀུན་མངོན། །རྗེས་ཆགས་བདེ་བའི་འོད་ཀྱིས་ཞིང་ཀུན་ཁྱབ། །ཤེས་དང་ཤེས་བྱ་དབྱེར་མེད་ རྣམ་ཀུན་གཟུགས། །དྲན་ཏིང་ཐུགས་ཀྱི་རྣལ་འབྱོར་མཐར་ཕྱིན་ཤོག །གཞི་དབྱིངས་དོན་ དམ་སྐུ་གསུམ་ལྷུན་གྲུབ་མཆོག །གདོད་ནས་ཡེ་བཞུགས་བླ་མའི་ཆོས་སྐུ་ཉིད། །རྟག་པར་ འཁོར་འདས་གཤིས་སུ་བདེན་སྟོབས་ཀྱིས། །བཀྲ་ཤིས་དགེ་མཚན་རིང་དུ་འབར་གྱུར་ཅིག །བདེ་སྟོང་ཟུང་འཇུག་གཤེགས་སྙིང་ཡེ་ཤེས་མཆོག །ཇི་བཞིན་མངོན་པས་གཞན་ངོར་ལྷུན་ གྲུབ་ཀྱི། །འགྲོ་ཕན་རླབས་ཆེན་ནམ་མཁའི་མཐར་ཁྱབ་སྟེ། །བཀྲ་ཤིས་དགེ་ལེགས་སེམས་ ཅན་དོན་བྱེད་ཤོག །རྣམ་འཕྲུལ་སྣ་ཚོགས་རབ་འབྱམས་ཞིང་དུ་བསྟན། །གསང་ཆེན་ཐབས་ མཁས་ལམ་བཟང་སོགས་ལ་བརྟེན། །འཁོར་བ་སྲིད་དུ་སེམས་ཅན་དོན་ཀུན་མཛད། །བཀྲ་ ཤིས་དཔལ་གྱིས་ཞིང་ཀུན་ཁྱབ་པར་ཤོག །ཇི་སྲིད་དེ་མ་ཐོབ་པའི་གནས་སྐབས་སུ། །རྩ་ 7-1-59 རྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །བདག་སོགས་གཡེལ་བ་མེད་པར་རྗེས་བཟུང་ནས། །བྱིན་རླབས་རིམ་འཇུག་ཆོས་ལ་གེགས་མེད་ཤོག །ཅེས་དཔལ་ལྡན་བླ་མ་དམ་པ་ངག་དབང་རིན་ཆེན་ དཔལ་བཟང་པོའི་བླ་མའི་རྣལ་འབྱོར་བྱ་ཐབས་གསང་ཆེན་ཉམས་མྱོང་སྐྲུན་བྱེད་བདུད་རྩིའི་གྲུ་ཆར་ཞེས་བྱ་བ་འདི་ཡང་གང་གི་ སློབ་བུ་དམ་པ་ཀུན་ལྷུན་སོགས་ཀྱིས་ཡང་ཡང་བསྐུལ་བའི་མོས་འདུན་བཞིན་ཤར་འཛམ་ཐང་གི་ཉེ་འདབས་སུ་གནས་པ་བློ་ བཟང་ཆོས་འཕེལ་པས་བྲི ས་པའོ། ། ༄༅། །བླ་མའི་རྣལ་འབྱོར་གསང་ཆེན་ཉམས་རྟོགས་མྱུར་ སྐྲུན་བྱིན་རླབས་བདུད་རྩིའི་རྒྱུན་བཟང་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ། བླ་མ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བླ་མའིརྣལ་འབྱོར་གསང་ཆེན་ ཉམས་རྟོགས་མྱུར་སྐྲུན་བྱིན་རླབས་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་འདི་འཆད་པ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་ སྦྱོར་བ་ལ། བླ་མའི་རྣལ་འབྱོར་བསྒོམ་པའི་དགོས་པ། སྐྱབས་འགྲོ་སེམས་བསྐྱེད་གསུམ་ལས། དང་པོ་བླ་མའི་རྣལ་འབྱོར་བསྒོམ་ པའི་དགོས་པ་ནི། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་པ་བས། །བླ་མ་ དྲན་པ་བསོད་ནམས་མཆོག །ཅེས་དང༌། དམ་ཚིག་བཀོད་པའིརྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། །འདུ་འཛི་ གཡེང་པ་སྤངས་ནས་བསྒོམས་པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུས་ཆར་ཡང་མི་ཕོད་ དོ། །ཞེས་དང༌། བླ་མ་ལན་རེ་ཙམ་དྲན་པའི་ཕན་ཡོན་ཡེ་ཤེས་གསལ་བའི་སྒྲོན་མེའི་རྒྱུད་ལས། གང་གི་བསྐལ་པ་བརྒྱད་ཁྲི་བཞི་ སྟོང་གི་བར་དུ་སྦྱིན་པ་བཏང༌། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་ 7-1-60 བཞགཤེས་རབ་བསྐྱེད་པ་ལས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པ་སྐད་ཅིག་དྲན་པ་བསོད་ནམས་ཆེ། དེ་བསྐལ་པ་བརྒྱད་ ཁྲི་བཞི་སྟོང་གི་བར་དུ་བསྒོམས་པ་བས་བླ་མ་སྐད་ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་འདི་ཉིད་ལ་སངས་ རྒྱས་པའི་ཕྱིར་རོ། །ཞེས་སོགས་གསུངས་སོ། ། གཉིས་པ་སྐྱབས་འགྲོ་ནི། ཡེ་གཞི་གདོད་མ་ཆོས་སྐུ་ཀུན་ཁྱབ་བདག །སྐུ་གསུམ་རབ་འབྱམས་ དཀྱིལ་འཁོར་ཡོངས་སུ་རྫོགས། །དོན་དམ་གནས་ལུགས་སྐྱབས་གསུམ་བླ་མའི་ཐུགས། །རང་སེམས་དབྱེར་མེད་ངང་ནས་སྐྱབས་སུ་མཆི། །གསུམ་པ་སེམས་བསྐྱེད་ནི། གཞི་འབྲས་དབྱེར་ མེད་བདེ་གཤེགས་སྙིང་པོའི་བདག །འཁོར་འདས་ཀུན་ཁྱབ་ནང་དབྱིངས་ཆོས་ཀྱི་སྐུ། །ཡེ་ ནས་འགྲོགས་ཀྱང་ཇི་བཞིན་ངོ་མ་ཤེས། །རང་གསལ་གཤིས་ལུགས་བལྟ་བས་འགྲོ་ཁམས་ སྒྲོལ། །གཉིས་པ་དངོས་གཞི་ནི། རང་བྱུང་གདོད་མ་ཆོས་སྐུའི་འཕྲུལ་ཆེན་གར། །དག་མཉམ་ཡེ་ ཤེས་ཆེན་པོའི་རྣམ་རོལ་ལས། །དུས་ཀྱི་འཁོར་ལོ་རིགས་བརྒྱའི་ཁྱབ་བདག་གཙོ། །རྣམ་ བཀོད་བསམ་མི་ཁྱབ་པའི་འཕྲུལ་ཆེན་གར། །རང་སེམས་གནས་ལུགས་བལྟ་བའི་རང་ གསལ་ངང༌། །ཡེ་བཞུགས་དོན་དམ་བླ་མའི་གཟུགས་སྐུའི་འཕྲུལ། །འཇའ་ཟེར་འོད་ཕུང་སྣ་ ཚོགས་འཁྲིགས་པའི་སྦུབས། །སྣ་ཚོགས་ཆུ་སྐྱེས་ཟེའུ་འབྲུར་ཟླ་གདན་སྟེང༌། །དུས་གསུམ་ སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་ལ་སྟོན་པ་ལས་ལྷག་བཀའ་དྲིན་ཅན། །གསུམ་ལྡན་ རྡོ་རྗེ་འཛིན་པ་ཐུགས་རྗེའི་གཏེར། །རྩ་བའི་བླ་མ་འགྲོ་འདྲེན་དམ་པའི་ཕུལ། །ངག་དབང་ བློ་གྲོས་དཔལ་བཟང་མཚན་འཆང་བ། །གང་སྐུ་དཀར་ལ་དམར་བའི་མདངས་འབར་ཞིང༌། །སྣང་བྱེད་འོད་ཟེར་སྟོང་གི་གཟི་བརྗིད་འབར། །ཞལ་བཟང་ཟླ་བའི་དཔལ་ལས་འཕོས་པའི་ མདངས། །དཀྱུས་རིང་ཨུཏྤལ་འདྲེན་བྱེད་ཟུང་གིས་མཛེས། །ཞི་བའི་ཉམས་ལྡན་བརྩེ་ཆེན་ འཛུམ་བཞད་མངའ། །ཕྱག་གཉིས་ས་གནོན་ཕྱག་རྒྱའི་མཐེབ་མཛུབ་ཀྱིས། །འདབ་ལྡན་ཆུ་ སྐྱེས་ཡུ་བ་ནས་འཛིན་ཅིང༌། །གཡས་གཡོན་པདྨོའི་གེ་སར་བཞད་པའི་རྩེར། །ཐབས་ཤེས་ 7-1-61 རྟགས་མཆོག་ཟུང་གིས་རྣམ་པར་མཛེས། །ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དབུ་ལ་མཁན་ཞྭ་ཆོས་གོས་རྣམ་གསུམ་སོགས། །ངུར་སྨྲིག་ན་བཟའི་རྒྱན་གྱིས་ལེགས་པར་ མཛེས། །ངོ་མཚར་ཏིང་འཛིན་འབུམ་གྱི་ཉམས་ལྡན་ཞིང༌། །རང་ལ་བརྩེ་བའི་ཞལ་རས་ དགྱེས་བཞིན་ངོམ། །གང་གི་གསང་གསུམ་མཛད་པ་རབ་འབྱམས་ཡང༌། །སྟོང་གཟུགས་སྒྱུ་ མའི་འཕྲུལ་བཞིན་འཆར་འདི་ཡང༌། །གཞི་དབྱིངས་རང་སྣང་འཛད་མེད་རྣམ་རོལ་དུ། །རྩ་ རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་བཅས། །ཚད་གཟུང་མེད་པར་སྒྱུ་མའི་ཆོ་འཕྲུལ་འགྱེད། །དེ་ཀུན་དོན་དམ་བླ་མའི་རྣམ་རོལ་ཉིད། །གཉུག་མ་ཆོས་སྐུའི་རང་བཞིན་འབད་མེད་འཆར། །གནས་ལུགས་བླ་མའི་རང་ཞལ་བལྟ་ བར་མཛོད། །དེ་ནས་ཡན་ལག་བདུན་པ་ནི། ཀུན་ཁྱབ་བརྟན་གཡོ་རང་མདངས་ཆོས་སྐུའི་དབྱིངས། །གཤིས་ལུགས་དོན་དམ་བླ་མའི་ངོ་བོར་སྣང༌། །དཀྱིལ་འཁོར་རྒྱ་མཚོའི་རོལ་གར་འཛད་ མེད་ཀློང༌། །ཁྱབ་བདག་གཤེགས་སྙིང་མཆོག་ལ་གུས་ཕྱག་འཚལ། །རང་སྣང་རབ་འབྱམས་ ཀུན་ཏུ་ཡོངས་ཁྱབ་པ། །དག་སྣང་སྒྱུ་མའི་འཕྲུལ་བཞིན་མཛེས་གཟུགས་འཆར། །མ་ལུས་ སྟོང་གཟུགས་འབད་མེད་འཆར་འདི་ཡང༌། །རང་རིག་རང་གསལ་ངང་ནས་དམིགས་མེད་ འབུལ། །གནས་ལུགས་ལྟ་བ་མཆོག་གི་ཉམས་ལེན་དང༌། །འགལ་བའི་ཉམས་ཆག་རང་གིས་ ཐོག་མེད་ནས། །གང་བསགས་ཀུན་ལ་ད་སྐབས་གནོང་ཞིང་འགྱོད། །ཕྱིན་ཆད་སྡོམ་པར་ བགྱིད་དོ་དག་མཛད་གསོལ། །ཆོས་སྐུའི་བླ་མའི་རྣམ་འཕྲུལ་བཀོད་ཆེན་གྱིས། །རྣམ་མང་ ཞིང་དུ་འགྲོ་འདྲེན་དམ་པའི་ཕུལ། །གང་འདུལ་འཕྲིན་ལས་སྐལ་པ་ཤར་བའི་དུས། །གདུལ་ བྱས་ཚོགས་ཆེན་བསགས་ལ་རྗེས་ཡི་རང༌། །མཁའ་མཉམ་གདུལ་བྱ་གང་ཡོད་དེ་ཀུན་ལ། །རང་འཚམ་གང་འདུལ་མཛད་སྒོ་མི་དམན་པར། །ཞི་བསིལ་དགའ་སྟོན་དུས་སུ་ལེགས་སྟེར་ བའི། །འགྲོ་ཕན་ཆོས་སྣང་སྤྲོ་ལ་ཆད་མེད་མཛོད། །དོན་དམ་ཆོས་སྐུ་རྟག་བརྟན་ཐེར་ཟུག་ཏུ། 7-1-62 །ནམ་ཡང་རེས་བྲལ་གདོད་ནས་ལྷུན་གྲུབ་ལ། །ཀུན་ནས་སྐྱེ་འགག་བྲལ་ཡང་གཞན་སྣང་ ངོར། །ཀུན་རྫོབ་གཟུགས་སྐུ་མི་བསྡུ་རྟག་པར་སྟོན། །བསགས་སྒོ་གང་དེས་ཆོས་སྐུའི་རང་ ཞལ་ཉིད། །ཡེ་བཞུགས་གཤིས་ཀྱི་ཚུལ་ལ་མི་རྨོངས་པར། །གློ་བུར་བཅོས་མའི་འདུ་རྟོག་ རིམ་བསལ་ཏེ། །གནས་ལུགས་དགོངས་ཆེན་དོན་ལ་མྱུར་རེག་ཤོག །དེ་ནས། གདམས་ང༷ག་ རྒྱ་མཚོའི་དབ༷ང་ཕྱུག་སྨྲ་བའི་མགོན། །ངེས་དོན་བློ ༷་གསལ་རྒྱལ་བསྟན་གྲོ༷ས་འདེབས་མཁན། །གདུལ་བྱའི་དཔ༷ལ་མགོན་གཉེན་བཟ༷ང་དགེ་བའི་གཤེས། །དཔལ་ལྡན་བླ་མ་རྗེ་ལ་གསོལ་ བ་འདེབས། །སྐྱེ་ཀུན་དལ་འབྱོར་རྟེན་དང་མི་འབྲལ་ཞིང༌། །བཤེས་གཉེན་ཁྱེད་ཀྱིས་བཟུང་ ཞིང་བསླབ་གསུམ་ལྡན། །རིམ་གཉིས་ལམ་གྱི་མངོན་རྟོགས་མཐར་ཕྱིན་ཏེ། །རིང་མིན་ཟུང་ འཇུག་སྐུ་མཆོག་འཐོབ་པར་ཤོག །ཅེས་ལན་མང་དུ་གསོལ་བ་བཏབ། དེ་ནས། དེང་ནས་བཟུང་སྟེ་ཚེ་ རབས་ཐམས་ཅད་དུ། །ལས་ཀྱི་དབང་གིས་འཁོར་བའི་གནས་སྐབས་སུ། །སྐྱིད་སྡུག་ཇི་ལྟར་ གྱུར་ཀྱང་བདག་ལ་ནི། །ཁྱོད་ལས་གཞན་པའི་རེ་ས་མ་མཆིས་པས། །འབྲལ་མེད་བཤེས་ གཉེན་མཛད་ནས་ཐུགས་རྗེས་ཟུངས། །མགོན་ལ་གུས་བསྟེན་འཁོར་བར་ཞེན་པ་ལོག །དམ་པའི་ཆོས་ལ་རྟག་པར་བརྩོན་བྱས་ཏེ། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །འདོད་ཅིང་ཆགས་པས་འཁོར་བའི་གཏིང་དུ་འཕེན། །ཞེ་སྡང་འབར་བའི་རྣམ་དཀར་དགེ་ རྩ་འཇོམས། །གཏི་མུག་རྨོངས་པས་ཉེས་པའི་གཞི་ཀུན་བསྐྱེད། །དུག་གསུམ་རྟོག་པ་ཞི་བར་ བྱིན་གྱིས་རློབས། །ལས་ངན་བདག་གིས་གང་བཅས་མི་དགེའི་རྒྱུ། །རྣམ་དཀར་ཆོས་ཀྱི་བློ་ ནི་ཤིན་ཏུ་དཀོན། །དེ་ཕྱིར་གང་གི་ཐུགས་རྗེ་སྤྲིན་དཔུང་གིས། །བདག་རྒྱུད་འདུལ་བར་བྱིན་ གྱིས་བརླབ་ཏུ་གསོལ། །སྙམ་དུ་གསོལ་བ་བཏབ་སྟེ་ཐུགས་ཡིད་དབྱེར་མེད་དུ་བསྲེ ་བའི་ངང་ནས། ༀ་ཨཱཿགུ་རུ་ ཝཀྐིནྡྲ་མ་ཏི་ཤྲཱི་བྷ་དྲ་སརྦ་སིངྷི་ྔཕ་ལ་ཧཱུཾ། ཞེས་པའི་མཚན་སྔགས་ཅི་ནུས་བཟླས་མཐར། ཡང་ན། རང་སེམས་ གསལ་སྟོང་ཟུང་འཇུག་བླ་མ་འཆར། །དེ་ཡང་གཟུགས་སྣང་ཅིག་ཅར་རྣམ་བཀོད་བདག 7-1-63 །སྐད་ཅིག་ཉིད་ལ་བདེ་སྟོང་ཟུང་འཇུག་སྐུ། །ཧེ་རུ་ཀ་དཔལ་དཔའ་བོ་རྡོ་རྗེ་སེམས། །རབ་ དཀར་སྟོན་ཟླ་འབུམ་གྱི་འོད་འབར་བ། །དྲི་མེད་ཡེ་ཤེས་སྐུ་བཟང་ལྷམ་མེ་བ། །བསྙེན་མ་ དཀར་མོ་ཤེས་རབ་མ་དང་བཅས། །པད་ཟླ་རྡོར་སྐྱིལ་པདྨའི་སྐྱིལ་ཀྲུང་བཅས། །ཡབ་ཡུམ་ ཞལ་སྦྱོར་བདེ་སྟོང་གར་གྱིས་རོལ། །རང་རིག་ཕྱག་མཚན་དང་བཅས་སྙོམས་པར་ཞུགས། །རིན་ཆེན་རུས་པའི་རྒྱན་བཟང་དྲ་བ་ཅན། །སྟོང་གཟུགས་འོད་དཀར་ལྡི ང་ཁང་དབུས་ན་ བཞུགས། །གནས་བཞིར་རྡོ་རྗེ་རྣམ་བཞིའི་ས་བོན་བཅས། །དམ་ཡེ་དབྱེར་མེད་གདོད་མ་ མཆོག་གི་དབྱིངས། །བླ་མ་རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །རྨོངས་པའི་དབང་གྱུར་ བདག་གིས་ཐོག་མེད་ནས། །སྐུ་གསུང་ཐུགས་ཀྱི་ཉམས་ཆག་གང་བསགས་དང༌། །སོ་བྱང་ སྔགས་ཀྱི་དམ་ཚིག་ཉམས་པ་སོགས། །དེ་དག་བླ་མ་མགོན་པོའི་དྲུང་དུ་བཤགས། །བྱང་ ཞིང་དག་ནས་ཚངས་པའི་དངོས་གྲུབ་སྩོལ། །ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླས། བདག་གིས་ཐོག་ མ་མེད་ནས་ད་ལྟའི་བར། །ཉོན་མོངས་དབང་གིས་བཟོད་དཀའ་སྡིག་པའི་ལས། །མི་དགེ་ བཅུ་དང་མཚམས་མེད་ཉེ་བ་ལྔ། །སོ་བྱང་སྔགས་ཀྱི་བཅས་མཚམས་དང་འགལ་བའི། །ཉེས་ ལྟུང་དྲི་མའི་ཚོགས་རྣམས་གང་མཆིས་པ། །སྙིང་ནས་ཆེས་ཆེར་འགྱོད་པ་དྲག་པོའི་སྒོས། །སྦ་ གསང་མེད་པར་མཐོལ་ཞིང་བཤགས་བགྱིད་དོ། །སླན་ཆད་མི་བགྱིད་བྱང་ཞིང་དག་མཛད་ གསོལ། །ཡང་ཧེ་རུ་ཀའི་ཡིག་བརྒྱ་བཟླ། ཁྱབ་བདག་བླ་མ་ངག་དབང་བློ་གྲོས་དཔལ་བཟང་པོ་གང་ དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ཆེན་པོའི་སྐུའི་དཔྲལ་བ་ནས་ཡི་གེ་བརྒྱ་པའི་སྔགས་ ཕྲེང་ཁ་དོག་དཀར་པོ་འོད་ཟེར་གྱི་ཚོགས་དང་བཅས་པ་སྐད་ཅིག་གིས་ཆད་དེ་རང་གི་དཔྲལ་ བར་ཐིམ་པས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་དཔལ་ལྡན་བླ་མའི་སྐུའི་དམ་ ཚིག་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་གྱུར། པར་བསམ་བཞིན་ཡིག་བརྒྱ་བཟླ། ཡང་དཔལ་ ལྡན་བླ་མ་གང་དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ཆེན་པོའི་སྐུའི་མགྲིན་པ་ནས་ཡི་གེ་ 7-1-64 བརྒྱ་པའི་སྔགས་ཕྲེང་ཁ་དོག་དམར་པོ་འོད་ཟེར༴ སོགས་ནས། མགྲིན་པ་དང་གསུང་ལ་འདོན་པ་སྤོ་བཞིན་ ཡིག་བརྒྱ་བཟླ། ཡང་དཔལ་ལྡན་བླ་མ་གང་དང་དབྱེར་མ་མཆིས་པའི་དཔལ་ཧེ་རུ་ཀ་ཆེན་པོའི་ སྐུའི་ཐུགས་ཀ་ནས་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་སྔོན་པོ་འོད་ཟེར༴ སོགས་ནས། སྙིང་ག་ དང་ཐུགས་ལ་འདོན་པ་སྤོ་བཞིན་ཡིག་བརྒྱ་བཟླའོ། །དེ་ནས་དབང་བཞི་བླང་བ་ནི། གདོད་མ་མཆོག་གི་རང་བཞིན་ ཆོས་ཀྱི་སྐུ། །ཁ་སྦྱོར་བདུན་ལྡན་ལོངས་སྐུ་རྡོ་རྗེ་སེམས། །མཁྱེན་བརྩེའི་རྗེས་ཆགས་འབད་ མེད་ངང་ནས་འཆར། །བླ་མེད་དབང་བཞིའི་བྱིན་རླབས་རབ་གཡོ་བས། །འགྱུར་མེད་བདེ་ ཆེན་རིག་མའི་གཟུགས་སྣང་འཆར། །འོ་འཛིན་རེག་པས་ཉམས་སྣང་བདེ་སྟོང་རྒྱས། །དགའ་ བ་དང་པོའི་ཡེ་ཤེས་ལེགས་འཕོས་ཏེ། །བུམ་དབང་ལ་བརྟེན་སད་སྒྲིབ་ལེགས་སྦྱང་མཛོད། །གཟུགས་སྣང་ལེགས་འཆར་བླ་མ་ཡབ་ཡུམ་ཡང༌། །སྙོམས་པ་ཞུགས་པས་ཀུན་ད་མིང་མེད་ ཀྱིས། །བླངས་པས་ལྕེ ར་བཞག་མཆོག་དགའི་ཉམས་བཟང་འཕེལ། །གསང་དབང་ལ་བརྟེན་ རྨི་ལམ་སྒྲིབ་པ་སྦྱོངས། །བླ་མས་རང་ལ་གཏད་པའི་རིག་མ་དང༌། །མཉམ་སྦྱོར་འཛག་མེད་ བདེ་བའི་དགའ་སྟོན་ལས། །ཤེས་རབ་ཡེ་ཤེས་ཞུ་བདེ་རབ་རྒྱས་ཤིང༌། །ཤེར་དབང་ཟབ་ མོས་གཉིད་འཐུག་སྒྲིབ་པ་སོལ། །འཁོར་ལོའི་དབང་ཕྱུག་རྗེ་ཡི་ཞལ་བཟང་ལས། །སྤྲོས་ མེད་དོན་དམ་བརྡ་དབང་ལེགས་བསྐུར་བས། །ཟུང་འཇུག་ལྷན་སྐྱེས་ཡེ་ཤེས་ངོ་སྤྲོད་ནས། །བཞི་པའི་དབང་གིས་གནས་ལུགས་རིམ་མངོན་ཤོག །དེ་ནས་བསྡུ་རིམ་ནི། རང་སེམས་གནས་ ལུགས་བླ་མ་རྡོ་རྗེ་སེམས། །སྟོང་གཟུགས་སྒྱུ་མའི་རྣམ་རོལ་ཀུན་བསྡུས་ནས། །རང་སེམས་ གཤིས་བཞུགས་དོན་དམ་གནས་ལུགས་བསྐྱང༌། །ནང་རིག་བླ་མའི་རང་ཞལ་མངོན་གྱུར་ ཅིག །གསུམ་པ་རྗེས་བསྔོ་བ་ནི། རབ་དཀར་དགེ་བའི་ཕུང་པོ་འདིས་མཚོན་པའི། །རང་གཞན་དུས་ གསུམ་བསགས་དགེ་ཇི་སྙེད་དེས། །ནམ་ཞིག་དོན་དམ་རང་སེམས་བླ་མའི་ཐུགས། །དབྱེར་ མེད་རོ་གཅིག་བལྟ་བ་མཐར་ཐུག་པ། །ངེས་དོན་ཟབ་མོའི་ལྟ་བ་དང་འཕྲད་དེ། །ཟབ་གསང་ 7-1-65 རིམ་གཉིས་གདམས་པའི་བཅུད་མྱངས་ཤིང༌། །ཚེ་དེར་གསང་ཆེན་ལམ་བཟང་མཐར་ཕྱིན་ ནས། །ཟུང་འཇུག་གདོད་མ་ཆོས་སྐུར་གྲོལ་གྱུར་ཅིག །དེ་ནས་གསང་གསུམ་ཡོན་ཏན་ལྷུན་ གྲུབ་ཀྱིས། །འབད་མེད་འགྲོ་དོན་གཞན་ངོར་མཛད་བཟང་ཆེ། །འཁོར་བ་ཇི་སྲིད་རྟག་པར་ ཁྱབ་བརྡལ་བས། །འགྲོ་ཀུན་རྨོངས་སངས་གཤེགས་སྙིང་དོན་རྟོགས་ཤོག །ཅེས་སོགས་ཀྱི་དགེ་བ་ བསྔོ་བར་བྱའོ། །ཞེས་བླ་མའི་རྣལ་འབྱོར་གསང་ཆེན་ཉམས་རྟོགས་མྱུར་སྐྲུན་བྱིན་རླབས་བདུད་རྩིའི་རྒྱུན་བཟང་ཞེས་བྱ་བ་འདི་ ཡང༌། གྲྭ་བཙུན་སྨོན་རབ་སོགས་ཀྱིས་བསྐུལ་བ་ལྟར་བློ་བཟང་ཆོས་འཕེལ་པས་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་ བྲང་དུ་སྦྱར་བའོ། །བཀྲ་ཤིས། སརྦ་མངྒ་ལཾ། ༄༅། །རྡོ་རྗེ་འཆང་ཀུན་དགའ་འཇིགས་མེད་རྒྱ་མཚོའི་བླ་མའིརྣལ་ འབྱོར་བྱིན་རླབས་འགུགས་པའི་ལྕགས་ཀྱུ་ ཞེས་བྱ་བ་བཞུགས་སོ། ། ༄༅། །རིགས་ཀུན་འདུས་པའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་པ་རྩ་བའི་བླ་མ་ལ་གསོལ་བ་འདེབས་ སོ་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྒྲིབ་གཉིས་ནད་བརྒྱ་འཇོམས་པའི་བདུད་རྩིའི་གཏེར། །རྣམ་པ་ཐམས་ཅད་མཁྱེན་ པ་སྒྲུབ་པའི་སྲོག །མཐར་ཐུག་སྐུ་བཞིའི་པད་དཀར་བཞད་པའི་གཉེན། །བཤེས་གཉེན་བསྟེན་པ་མ་གཏོགས་གཞན་མ་མཆིས། །དེ་ཕྱིར་དངོས་གྲུབ་ཀུན་འབྱུང་བླ་མ་ཉིད། །དཀོན་མཆོག་ཀུན་འདུས་ངོ་བོར་མཐོང་བ་དང༌། །མོས་གུས་དག་སྣང་སྒོ་ནས་སྒྲུབ་ པའི་ཐབས། །སྐལ་བཟང་གདུལ་བྱའི་དཔལ་དུ་དེང་འདིར་སྒྲོགས། །དེ་ལ་འདིར་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ 7-1-66 ནི། སྡུག་བསྔལ་རྒྱ་མཚོར་བྱིངས་པའི་བདག་སོགས་འགྲོ། །མི་བཟོད་སྡུག་བསྔལ་འཇིག་ལས་ སྐྱོབ་པའི་མགོན། །མཆོག་གསུམ་འདུས་པའི་བདག་ཉིད་བླ་མ་ལ། །དེང་ནས་བྱང་ཆུབ་བར་ དུ་སྐྱབས་སུ་བསྟེན། །སྐྱབས་འགྲོ་ལན་གསུམ། སྤྲོས་བྲལ་གནས་ལུགས་ཆོས་དབྱིངས་མ་རྟོགས་ པར། །ཀུན་རྫོབ་གློ་བུར་དྲི་མའི་སྦུབས་ཚུད་པའི། །འགྲོ་ཀུན་བསྒྲལ་ཕྱིར་ཐོག་མར་སངས་ རྒྱས་ཀྱི། །གནས་ལུགས་མངོན་ཕྱིར་བླ་མའི་རྣལ་འབྱོར་བསྒོམ། །ཞེས་སེམས་བསྐྱེད་ལན་གསུམ་བྱ། གཉིས་པ་དངོས་གཞི་ནི། འགག་མེད་འོད་གསལ་རང་སེམས་གསལ་དྭངས་གཤིས། །འཁོར་འདས་ ཀུན་ཁྱབ་ཆོས་ཀུན་སྲོག་གི་བདག །ཡེ་ཤེས་ལྔ་ཡི་འོད་ཟེར་འཁྲིགས་པའི་དབུས། །སེང་ཁྲི་ པད་ཟླ་ཉི་མ་སྒྲ་གཅན་སྟེང༌། །རིགས་ཀུན་འདུས་པ་རྡོ་རྗེ་འཆང་ཆེན་སྐུ། །ཡེ་བཞུགས་སྒྱུ་ འཕྲུལ་དྲ་བའི་རོལ་གར་ལས། །དཀྱིལ་འཁོར་རིགས་ཀུན་ཁྱབ་བདག་གཏན་གྱི་སྐྱབས། །འཇིགས་མེད་རྒྱ་མཚོ་སྙིགས་དུས་འགྲོ་བའི་མགོན། །འཁོར་བའི་སྐྱོན་སྤངས་སྐུ་མདོག་ དཀར་ཞིང་གསལ། །ཐུགས་རྗེ་འགྲོ་ལ་ཆགས་པའི་དམར་མདངས་རྒྱས། །ཆོས་ཀུན་དེ་ བཞིན་ཉིད་དུ་གཅིག་པུའི་བརྡར། །ཞལ་གཅིག་ཐབས་ཤེས་རྟགས་མཆོག་ཕྱག་གཉིས་ཀྱིས། །ཆོས་འཆད་ཕྱག་རྒྱས་ཐུགས་ཀར་ཨུཏྤ་ལའི། །ཡུ་བ་ནས་བཟུང་སྙན་ཐད་ཁ་ཕྱེའི་སྟེང༌། །བདེ་སྟོང་ཟུང་འཇུག་མཚོན་པའི་རྡོར་དྲིལ་བསྣམས། །རྟག་ཆད་མཐའ་སྤངས་ཞབས་གཉིས་ སྐྱིལ་ཀྲུང་བཞུགས། །ལེགས་ཚོགས་བྱེ་བས་སྒྲིབ་གཉིས་བྲལ་བའི་སྐུ། །བལྟ་བས་མི་ངོམས་ མཚན་དཔེའི་གཟི་འོད་འབར། །ངུར་སྨྲིག་ཆོས་གོས་རྣམ་གསུམ་པཎ་ཞྭ་གསོལ། །བསླབ་ གསུམ་གསེར་གྱི་འོད་སྟོང་དྲ་བས་མཛེས། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་རྡོ་རྗེའི་སྐུ། །རྫོགས་ལྡན་གཞན་སྟོང་ལྟ་བའི་གཞོམ་མེད་གསུང༌། །སྤྲོས་བྲལ་ཆོས་ཀྱི་དབྱིངས་དང་དབྱེར་ མེད་ཐུགས། །བརྟན་གཡོ་ཀུན་ཁྱབ་མགོན་ཁྱོད་ཟླ་བྲལ་གྱི། །ཐུགས་ཀར་ཐུགས་ཀྱི་རྡོ་རྗེ་ ཡབ་ཡུམ་ལ། །སྙིང་གའི་རྩ་འདབས་བརྒྱད་དག་ཡེ་ཤེས་ཀྱི། །ངོ་བོར་ཤར་བའི་བུམ་པ་ 7-1-67 བརྒྱད་དང་ནི། །དུ་བ་ལ་སོགས་ནུས་མ་བརྒྱད་ཀྱིས་བསྐོར། །གཙུག་ཏོར་གཙོ་བོ་དུས་འཁོར་ ཡབ་ཡུམ་ལ། །རྩ་འདབས་བཞི་དག་རྡོ་རྗེ་བཞི་ཡིས་བསྐོར། །དཔྲལ་བར་སྐུ་ཡི་རྡོ་རྗེ་ཡབ་ ཡུམ་ལ། །དཔྲལ་བའི་རྩ་འདབས་བཅུ་དྲུག་དག་པའི་སྐུ། །ལུས་བསམ་གྱིས་ཕྱེ་ཕུང་ཁམས་ ལྷ་ཡིས་བསྐོར། །མགྲིན་པར་གསུང་གི་རྡོ་རྗེ་ཡབ་ཡུམ་ལ། །མགྲིན་པའི་རྩ་འདབས་སོ་ གཉིས་དག་པའི་སྐུ། །དབང་ཡུལ་རྣམ་དག་སེམས་དཔའ་སེམས་མ་དང༌། །ཐུགས་སྒོའི་ཁྲོ་བོ་ བཞི་སོགས་ལུས་བསམ་གྱིས། །ཕྱེ་བའི་བཅུ་དྲུག་ཉིས་འགྱུར་སོ་གཉིས་བསྐོར། །ལྟེ་བར་ཡེ་ ཤེས་རྡོ་རྗེ་ཡབ་ཡུམ་ལ། །ལྟེ ་རྩ་དྲུག་ཅུ་རྩ་བཞི་དག་པའི་སྐུ། །གསུང་གི་ལྷ་མོ་དྲུག་ཅུ་རྩ་ བཞིས་བསྐོར། །ཚིགས་ཆེན་བཅུ་གཉིས་རྩ་འདབས་སུམ་བརྒྱ་དང༌། །དྲུག་ཅུ་རྣམ་དག་ ལྷཆེན་བཅུ་གཉིས་སོགས། །ཚེས་ཀྱི་ལྷ་མོ་སུམ་བརྒྱ་དྲུག་ཅུ་དང༌། །གསང་བའི་རྩ་འཁོར་སོ་ གཉིས་རྣམ་དག་པ། །གསུང་གི་ལྷ་མོ་བརྒྱད་དང་གཟུངས་མ་བརྒྱད། །དེ་རྣམས་ཐབས་ བཅས་སུམ་ཅུ་སོ་གཉིས་བཞུགས། །མཐིལ་བཞི་གསང་གཙུག་ཁྲོ་རྒྱལ་ཡབ་ཡུམ་དང༌། །རྐང་ སོར་བྱ་བའི་འཁོར་ལོརྣམ་དག་པ། །ཀླུ་དང་ཕྱག་སོར་རྣམ་དག་རབ་གཏུམ་མ། །སྐྲ་སྤུ་རྣམ་ དག་གྲུབ་པ་འབྱུང་པོ་སྟེ། །རྟེན་དང་བརྟེན་པར་བཅས་པའི་ལྷ་ཚོགས་རྣམས། །རྣམ་ཀུན་ མཆོག་ལྡན་ཆོས་སྐུའི་བདག་ཉིད་དུ། །རྣམ་པ་མ་འགགས་ཆུ་ཟླ་ལྟ་བུར་ཤར། །དབང་ལུང་ མན་ངག་བརྒྱུད་པའི་བླ་མ་དང༌། །ཡི་དམ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཚོགས། །ཤཱཀ་ ཐུབ་ལ་སོགས་སངས་རྒྱས་བྱང་སེམས་དང༌། །མཁའ་འགྲོ་བསྟན་སྲུང་རྒྱ་མཚོའི་ཚོགས་ ཐམས་ཅད། །འཁོར་འདས་ཀུན་ཁྱབ་འགྲོ་ཀུན་སྲོག་ཆེན་དུ། །ཡེ་བཞུགས་བདག་གཞན་ སེམས་ཅན་ཐམས་ཅད་ལ། །བརྩེ་བའི་བྱིན་རླབས་རང་རྒྱུད་སྨིན་པའི་ཐབས། །དཔྲལ་ མགྲིན་སྙིང་ལྟེ ་ཟླ་ཉི་སྒྲ་གཅན་དང༌། །དུས་མེའི་གདན་ལ་རྡོ་རྗེ་རྣམ་བཞི་ཡི། །ས་བོན་རྣམ་ བཞིའི་ཡི་གེ་ལས་སྤྲོས་པས། །འོད་ཀྱི་རང་བཞིན་ཡེ་བཞུགས་ཡེ་ཤེས་པ། །རྡོ་རྗེ་བཞི་ཡི་རྣམ་ 7-1-68 པར་སྤྱན་དྲངས་ནས། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། །ཡན་ལག་བདུན་པས་ཚོགས་བསགས་པ་ ནི། ཀུན་རྫོབ་གཟུང་འཛིན་ཀུན་བྲལ་མཚན་དཔེའི་སྐུ། །མདོ་སྔགས་གཞན་སྟོང་འགག་མེད་ རང་སྒྲའི་གསུང༌། །ཟབ་གསལ་བདེསྟོང་གཉིས་མེད་ཡེ་ཤེས་ཐུགས། །གསང་གསུམ་རྒྱན་གྱི་ འཁོར་ལོར་རྟག་ཏུ་འདུད། །དཔལ་མཆོག་ཧྱ་གྲ ་ཝས་རྗེས་བཟུང་ནས། །མདོ་སྔགས་རྒྱུད་སྡེ་ རྒྱ་མཚོའི་དགོངས་དོན་རྟོགས། །དབང་ལུང་གདམས་པས་ཐུབ་བསྟན་གསལ་བར་མཛད། །འཇིགས་མེད་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །རང་སྣང་ཕུལ་བྱུང་མཆོད་པའི་སྤྲིན་ཆེན་ ཚོགས། །ཕྱི་ནང་གསང་བའི་མཆོད་ཚོགས་འདོད་དགུའི་གཏེར། །ཡེ་བཞུགས་གདོད་མའི་ མགོན་པོརྟག་འཆར་བ། །ཐུགས་རྗེས་གཏེར་ཆེན་སྐྱབས་མགོན་ཁྱེད་ལ་འབུལ། །ཐོག་མེད་ དུས་ནས་རྟོག་ཚོགས་འཁྲུལ་བ་ཡི། །དབང་གིས་སྤྱི་དང་བྱེ་བྲག་སྡིག་པའི་ཚོགས། །འཇིགས་ སྐྲག་འགྱོད་པ་ཆེན་པོས་བཤགས་ཤིང་སྡོམས། །སྟོབས་བཞི་ཚང་བའི་སྒོ་ནས་ཡང་ཡང་ བཤགས། །འཁྲུལ་སྣང་ཀུན་བྲལ་དོན་དམ་ཆོས་ཀྱི་སྐུ། །གནས་ལུགས་ཟག་མེད་དགེ་ཚོགས་ རྒྱ་མཚོའི་དཔལ། །སྲིད་ཞིའི་བདེ་དགའ་ཅིར་ཡང་འཆར་བའི་ཕྱིར། །བདག་ཅག་བསམ་པ་ ཐག་པས་ཡི་རང་ངོ༌། །རིགས་ཅན་གསུམ་གྱི་བློ་གྲོས་ཀུན་དའི་ཚལ། །བསྐྱེད་དང་ཡུན་དུ་ གནས་དང་སྤེལ་བའི་ཕྱིར། །མཁྱེན་བརྩེརྒྱ་མཚོས་ཆུ་འཛིན་འབུམ་དཀྲི གས་ཏེ། །ཞི་བསིལ་ ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །རྡོ་རྗེའི་སྐུ་ལ་སྐྱེ་འཆི་མི་མངའ་ཡང༌། །མཐའ་ཡས་འགྲོ་ བའི་མོས་ངོར་སྒྱུ་མའི་སྐུ། །མི་ནུབ་བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མྱ་ངན་མི་འདའ་བཞུགས་ པར་གསོལ་བ་འདེབས། །འདིས་མཚོན་དགེབས་བླ་མས་རྗེས་བཟུང་ནས། །བསྐྱེད་རིམ་ རྣལ་འབྱོར་ཕྲ་རགས་བརྟན་པ་དང༌། །རྫོགས་རིམ་ཡན་ལག་དྲུག་པོ་མཐར་ཕྱིན་ཏེ། །རྡོ་རྗེ་ འཆང་ཆེན་མྱུར་དུ་འཐོབ་ཕྱིར་བསྔོ། །རྩེ་གཅིག་ཏུ་གསོལ་བ་གདབ་པ་ནི། གྲངས་མེད་རྒྱལ་བ་བྱོན་ ཀྱང་མ་ཐུལ་བའི། །མ་རུངས་སྙིགས་དུས་འགྲོ་ལ་ལམ་སྟོན་པའི། །བཤེས་གཉེན་ཚུལ་བཟུང་ 7-1-69 སྐྱབས་མགོན་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཁྱེད་ཀྱི་ ཕུང་ཁམས་སྐྱེ་མཆེད་ཡན་ལག་རྣམས། །གཤེགས་པ་ཡབ་ཡུབ་སེམས་དཔའ་སེམས་མ་ དང༌། །ཁྲོ་བོའི་དབང་པོ་ལ་སོགས་དཀྱིལ་འཁོར་གྱི། །བདག་ཉིད་བླ་མ་མཆོག་ལ་གསོལ་བ་ འདེབས། །དལ་འབྱོར་རྙེད་དཀའ་འཇིག་པའི་ཚུལ་རྟོགས་ནས། །དོན་ལྡན་སྙིང་པོ་ལེན་དང་ སྡུག་བསྔལ་ལས། །སྐྱོབ་ཕྱིར་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། །སྡིག་སྤོང་དགེ་བསྒྲུབ་ བརྩོན་པར་བྱིན་གྱིས་རློབས། །བཟོད་དཀའ་མཐའ་མེད་འཇིགས་རུང་འཁོར་བ་ལས། །ཐར་ འདོད་ངེས་འབྱུང་བསམ་པས་གཞི་བཟུང་སྟེ། །མ་རྣམས་དོན་དུ་སངས་རྒྱས་འཐོབ་འདོད་ཀྱི། །བྱང་ཆུབ་སེམས་མཆོག་སྐྱེ་བར་བྱིན་གྱིས་རློབས། །ཀུན་རྫོབ་གློ་བུར་དྲི་མ་བྲལ་བའི་ དབྱིངས། །གཞི་འབྲས་དབྱེར་མེད་འདུས་མ་བྱས་པའི་སྐུ། །ཡེ་བཞུགས་སྐུ་གསུམ་ཡོངས་ རྫོགས་འཁོར་འདས་སྲོག །བདེ་གཤེགས་སྙིང་པོ་མངོན་དུ་འགྱུར་བྱིན་རློབས། །དེ་ནས་རྡོ་རྗེ་ འཛིན་པའི་རྗེས་བཟུང་སྟེ། །རྒྱུད་སྡེའི་སྙིང་པོའི་སྨིན་བྱེད་དབང་ཐོབ་ནས། །ནུས་པ་བརྟན་ བྱེད་དམ་ཚིག་སྡོམ་པ་རྣམས། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །འཁོར་ བའི་སྐྱེ་ཤི་བར་དོ་སྐུ་གསུམ་དུ། །བསྒྱུར་བའི་རྒྱལ་མཆོག་བཞི་ཡི་བསྐྱེད་རིམ་གྱིས། །ཐ་མལ་ སྣང་ཞེན་དྲི་མ་ཀུན་སྦྱངས་ཏེ། །སྣོ ད་བཅུད་ལྷ་སྐུར་འཆར་བར་བྱིན་གྱིས་རློབས། །དེ་ནས་ སྦྱོར་བ་ཡན་ལག་དྲུག་བསྒོམ་ཏེ། །ཆོས་དབྱིངས་མཁའ་ལ་ཉི་ཟླའི་རྒྱུ་བ་དག །སྒྲ་གཅན་ ཁམས་ཞུགས་རྟགས་བཅུའི་སྟོང་པའི་གཟུགས། །པྲ་ཕབ་བརྒྱད་འདྲར་གྱུར་པ་རང་སེམས་ དང༌། །རོ་གཅིག་འདྲེས་པས་སྲིད་མེད་སྲིད་དུ་ཤར། །དེ་ཚེ་སྣང་བར་སྟོང་པའི་གཟུགས་ འདྲེས་པས། །ལས་སྣང་པྲ་ཕབ་ལྟར་འཆར་བདག་སྣང་འགག །སྟོང་གཟུགས་ཉི་ཟླ་མུན་ཅན་ ལ་འབབ་པའི། །ཡེ་ཤེས་རླུང་གི་ཆ་ཤས་དང་འདྲེས་པས། །འཕོ་རྟོག་ལས་རྒྱལ་འཕོ་མེད་ སྲོག་གཟུགས་ཀྱི། །རྡོ་རྗེ་ལྷ་ཡི་འཁོར་ལོར་སད་པར་གྱུར། །སྟོང་གཟུགས་ལྷ་དེ་འཁོར་དྲུག་ 7-1-70 དཀར་དམར་གྱི། །ཐིག་ལེར་ཐིམ་པས་བདེ་བའི་ཆུས་བརླན་པས། །འབར་སྣང་རང་བཞིན་ ཕྱག་ཆེན་འདོད་ལྷར་སྨིན། །དེ་ཉིད་དཀར་དམར་རླུང་གི་ཆ་ཉི་ཁྲི། །ཆིག་སྟོང་དྲུག་བརྒྱའི་ དཀྱིལ་འཁོར་དང་རོ་གཅིག །སྟོང་གཟུགས་འོད་ཀྱི་དཀྱིལ་འཁོར་རྣམས་སུ་གྲུབ། །རབ་ འབྱམས་རྟགས་བཅུའི་ལྷ་མོ་དང་རྗེས་ཆགས། །དགའ་བའི་ཁམས་རྣམས་དྭངས་བྱེད་དྭངས་ མའི་ཁམས། །ཐམས་ཅད་འགྱུར་མེད་བདེ་སྟོང་མཁར་དག་ནས། །བདེན་དོན་བཅུ་གཉིས་ཉི་ མ་གནམ་སྟོང་དང༌། །དེ་ཉིད་བཅུ་དྲུག་ཟླ་བ་ཉ་གང་བ། །དུས་གཅིག་བྱུང་བ་བདེ་སྟོང་དུས་ འཁོར་ལོ། །རིང་པོར་མི་ཐོགས་མངོན་དུ་འགྱུར་བྱིན་རློབས། །གསོལ་འདེབས་བསྡུས་པ་ནི། རྣམ་ ཀུན་མཆོག་ལྡན་འོད་གསལ་འདུས་མ་བྱས། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོས་མངའ་བདག་ རྗེ། །རྣམ་མང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག །འཇིགས་མེད་རྒྱ་མཚོ་རྗེ་ལ་གསོལ་བ་ འདེབས། །ཅི་ནུས་བཟླས་མཐར། དེ་ནས་བྱིན་རླབས་དབང་བཞི་བླང་བ་ནི། མཆོག་གསུམ་ངོ་བོ་བླ་མ་ཁྱེད་ ཉིད་ཀྱིས། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་དང༌། །སྨིན་བྱེད་དབང་བཞི་ད་ལྟར་ བསྐུར་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བླ་མས་གཏད་པའི་རིག་ མའི་འོ་འཛིན་ལ། །རེག་པས་སྤྱི་བོའི་ཐིག་ལེ་བུམ་དབང་སོགས། །རྩར་འབབ་བདེ་བས་ ཆོས་ཀུན་སྟོང་ཉིད་དང༌། །སྦྱོར་བས་བུམ་དབང་ཐོབ་པའི་དབང་དོན་གྱི། །ཡེ་ཤེས་དགའ་ བའི་དགའ་བ་བཞིའི་བདེ་བ། །ཆོས་ཀྱི་དབྱིངས་སུ་ཞུགས་པ་སྒོམ་སྟོབས་ཀྱིས། །དཔྲལ་བར་ སྐུ་ཡི་རྡོ་རྗེ་སྒྲིབ་བྱེད་པའི། །ལུས་དང་སད་པའི་སྒྲིབ་དག་སྤྲུལ་སྐུ་ཐོབ། །དུས་ཀྱི་འཁོར་ལོའི་ ངོ་བོ་བླ་མ་ནི། །རིག་མ་སྣ་ཚོགས་ཡུམ་དང་མཉམ་སྦྱོར་བའི། །བྱང་སེམས་ལྕེ ར་བཞག་ཆུ་ སྐྱེས་མཐོང་བ་ཡི། །སྤྱི་བོའི་ཐིག་ལེ་མགྲིན་པའི་ཐིག་ལེ་དང༌། །འདྲེས་པ་མགྲིན་པ་ཡན་ཆད་ རྩར་འབབ་པའི། །མཆོག་དགའ་སྟོང་ཉིད་སྦྱོར་བས་གསང་དབང་ཐོབ། །དབང་དོན་ཡེ་ཤེས་ མཆོག་དགའ་བཞི་བསྒོམས་པས། །མགྲིན་པར་གསུང་གི་རྡོ་རྗེ་སྒྲིབ་བྱེད་པའི། །ངག་རྨིའི་ 7-1-71 སྒྲིབ་དག་གསུང་གི་རྡོ་རྗེ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་བག་ཆགས་བཞག །རིག་མ་ མཚན་ལྡན་གཏད་ལ་གསུམ་བཅས་སུ། །རོལ་པས་དཔྲལ་མགྲིན་ཐིག་ལེ་སྙིང་ཐིག་དང༌། །འདྲེས་པ་རྡོ་རྗེ་ནོར་བུའི་བར་འབབ་པའི། །ལྷན་སྐྱེས་དགའ་བ་ཆོས་ཉིད་ལ་ཞུགས་པས། །ཤེར་དབང་ཐོབ་ཅིང་ཡེ་ཤེས་སྐད་ཅིག་མའི། །ཁྱད་པར་དགའ་བཞི་གོམས་པས་ཐུགས་རྡོ་ རྗེ། །སྒྲིབ་བྱེད་ཡིད་དང་གཉིད་འཐུག་སྒྲིབ་དག་ནས། །ཡེ་ཤེས་ཐུགས་དང་ཆོས་སྐུའི་ས་བོན་ ཐེབ། །བཞི་པའི་དོན་སྟོན་བརྡ་ཡི་རྐྱེན་ཉིད་ཀྱིས། །ལྷན་སྐྱེས་ཡེ་ཤེས་སྐད་ཅིག་མ་དང་ནི། །ལྷན་སྐྱེས་པ་ཡི་དགའ་བཞི་མཆོག་མི་འགྱུར། །བདེ་བ་རྣམ་ཀུན་མཆོག་ལྡན་སྟོང་གཟུགས་ དང༌། །མཉམ་པར་སྦྱོར་བའི་ཡེ་ཤེས་སྒོམ་སྟོབས་ཀྱིས། །ལྟེ་བར་ཡེ་ཤེས་རྡོ་རྗེ་སྒྲིབ་བྱེད་པའི། །ཆགས་པའི་བག་ཆགས་ཕྲ་མོའི་དྲི་མ་དག །མ་དག་སྣང་འགོག་ཡེ་ཤེས་རྡོ་རྗེ་དང༌། །ངོ་བོ་ ཉིད་སྐུ་ཐོབ་པའི་ས་བོན་ཐེབ། །སླར་ཡང་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི། །རང་བཞིན་ལས་ གྲུབ་འོད་ཟེར་དཔག་ཡས་འཕྲོས། །བདག་སོགས་འགྲོ་རྣམས་ལ་ཕོག་སྒོ་གསུམ་གྱི། །བསགས་པའི་བག་ཆགས་སྒྲིབ་ཀུན་དག་བྱིན་རློབས། །ཞེས་དང༌། གཞན་ཡང༌། སྐད་ཅིག་ཉིད་དུ་ ཆོ་འཕྲུལ་ཀུན་བསྡུས་ནས། །རང་གི་སྤྱི་བོར་པདྨ་ཟླ་གདན་སྟེང༌། །བླ་མ་རྡོ་རྗེ་སེམས་དཔའི་ སྐུར་བཞེངས་ཏེ། །དུང་མདོག་འོད་དཀར་འབར་བའི་ཕུང་པོ་ཅན། །ཧེ་རུ་ཀ་དཔལ་ཡབ་ཡུམ་ ཟུང་འཇུག་སྐུ། །རུས་པའི་རྒྱན་དང་རང་རིགས་ཕྱག་མཚན་བསྣམས། །གནས་བཞིར་རྡོ་རྗེ་ བཞི་ཡི་ས་བོན་བཅས། །དམ་ཡེ་གཉིས་མེད་ཚུལ་གྱིས་བཞུགས་པར་གྱུར། །གང་གི་ཐུགས་ ཀར་ཉ་རྒྱས་ཟླ་བའི་དབུས། །རྡོ་རྗེའི་ལྟེ ་བར་ཧཱུཾ་མཐར་ཡིག་བརྒྱས་བསྐོར། །དཀར་གསལ་ འོད་ཟེར་བཅས་ལ་རང་སེམས་བཟུང༌། །སླར་ཡང་སྔར་བྱས་སྡིག་ཀུན་ཞེ་གནོང་དང༌། །ཕྱིན་ ཆད་སྡོམ་སེམས་བརྟན་པོས་ཐག་བཅད་ནས། །སྦྱོར་མཚམས་བདུད་རྩི་ལུད་པས་ལུས་ཀུན་ བཀྲུས། །དྭངས་གསལ་ཡིད་ཀྱི་མོས་འདུན་ལྷག་གེས་ངང༌། །མ་ཡེངས་དྲན་པས་ཡི་གེ་བརྒྱ་ 7-1-72 པ་བཟླ། །འདིར་ཧེ་རུ་ཀའི་ཡིག་བརྒྱ་ཅི་ནུས་བཟླ། སྤྱི་བཤགས་དང༌། རྩ་ལྟུང་བཤགས་པ་སོགས་ཀྱིས་བར་བར་ཡི་གེ་བརྒྱ་ པ་དང༌། མཚན་སྔགས། ༀ་ཨཱཿཨཱ་ནནྡ་ཨ་བྷ་ཡ་སཱ་ག་ར་ཧཱུཾ། (ཀུན་དགའ་འཇིགས་མེད་རྒྱ་མཚོའི་སྐུ་གསུང་ཐུགས་ ཀྱི་བྱིན་གྱིས་རློབས)ཞེས་སྟོབས་བཞི་ཚང་བའི་སྒོ་ནས་ཅི་ནུས་བཟླས་མཐར། གསུམ་པ་རྗེས་ནི། རྡོ་རྗེ་སེམས་དཔའ་ དགོངས་སུ་གསོལ། །འགྲོ་ཀུན་ཉེས་ལྟུང་ལེགས་སྦྱོངས་མཛོད། །ཡབ་ཡུམ་འོད་ཞུ་རང་ལ་ ཐིམ། །ཐུགས་ཡིད་དབྱེར་མེད་ངང་ལ་བཞག །དགེ་བ་འདི་ཡིས་བདག་སོགས་ཀྱིས། །འཁོར་ ཚེ་ཐོག་མེད་ནས་བསགས་པའི། །སྡིག་སྒྲིབ་ཉམས་ཆག་ཀུན་བྱང་སྟེ། །རྡོར་སེམས་གོ་འཕང་ མྱུར་འཐོབ་ཤོག །རྡོ་རྗེ་སེམས་དཔའ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་ བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་ རླབས་ཆེན་ཕན་ཐོགས་ཤོག །ཅེས་རྡོ་རྗེ་འཆང་ཀུན་དགའ་འཇིགས་མེད་རྒྱ་མཚོའི་བླ་མའི་རྣལ་འབྱོར་བྱིན་རླབས་ འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང༌། རྗེ་གང་གི་སློབ་བུ་དམ་པ་འགའ་ཞིག་གིས་དངོས་རྫས་དང་བཅས་བསྐུལ་བའི་ ངོར། འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་གཙང་ཆེན་དགོན་གྱི་མཁན་པོའི་མིང་ཙམ་འཛིན་པ་ངག་དབང་ཡོ༷ན་ཏན༷་བཟ༷ང་ པོས་སྦྱར་བ་དགེ་ལེགས་འཕེལ། ༄༅། །བླ་མ་རྒྱང་འབོད་བྱིན་རླབས་གསང་སྔགས་ཟབ་ མོའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ། འཕོ་མེད་གཞོམ་བྲལ་རྡོ་རྗེ་འཆང་ཆེན། །འོད་གསལ་ལྷུན་གྲུབ་སྐུ་གསུམ་ བདག་ཉིད། །ནང་རིག་འགྱུར་མེད་དོན་གྱི་བླ་མ། །དོན་དམ་ཆོས་སྐུའི་དབྱིངས་ནས་ 7-1-73 གཟིགས་ཤིག །རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ མངའ་བདག །བསྟན་སྲུང་ཆོས་སྐྱོང་ཡོངས་ཀྱི་ངོ་བོ། །རྡོ་རྗེ་འཆང་དངོས་སྐྱབས་མཆོག་བླ་ མ། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་ལ། །རླབས་ཆེན་བྱིན་འོད་སྣང་བའི་ཡེ་ ཤེས། །སྐལ་བཟང་ཡིད་ཀྱི་གསོས་སུ་ཕབ་སྟེ། །མ་དག་སྣང་ཤེས་མཐའ་དག་ཆོམས་མཛོད། །བེམ་ཆོས་དབྱིངས་ནས་དྭངས་བའི་ལུས་བཟང༌། །སྐུ་ཐུགས་དབྱེར་མེད་ཟུང་འཇུག་ཆེན་པོ། །འཇའ་ལུས་འཕོ་འགྱུར་བྲལ་བའི་མངའ་བདག །རྗེ་བཙུན་བླ་མ་འཇིགས་མེད་རྒྱ་མཚོ། །སྐྱེ་ དང་ཚེ་རབས་ཀུན་ཏུ་མཁྱེན་ནོ། །བདག་ཅག་འཁོར་བའི་སྦུབས་རྒྱ་དྲལ་ནས། །བགྲེས་རྒུད་ སྤངས་པའི་ལུས་མཆོག་དམ་པ། །སྡུག་བདེན་བྲལ་བའི་གོ་འཕང་ཐོབ་མཛོད། །ཆོས་ཉིད་ བདེ་གཤེགས་སྙིང་པོའི་རང་གཟུགས། །སྒྲིབ་བྱེད་བྲལ་བའི་ཡེ་ཤེས་མཆོག་མངའ། །ཉེས་ ཀུན་ཟད་པའི་སྐྱབས་གནས་མཐར་ཐུག །རྗེ་བཙུན་བླ་མ་འཇིགས་མེད་རྒྱ་མཚོ། །འདི་དང་ ཕྱི་མ་རྣམས་སུ་མཁྱེན་ནོ། །བདག་རྨོངས་འཆིང་བ་དམ་པོ་བཀྲོ ལ་ནས། །ཀུན་ཉོན་ཞི་བ་ ཆེན་པོའི་གོ་འཕང༌། །རིང་མིན་མྱུར་ནས་ཐོབ་པར་མཛོད་ཅིག །སྐུ་གསུང་ཐུགས་དང་ཡེ་ ཤེས་རྡོ་རྗེ། །གདོད་མའི་ཆོས་སྐུའི་ཆ་ཤས་རྫོགས་པ། །ཡོན་ཏན་ཕྲིན་ལས་གཏེར་གྱི་མངའ་ བདག །རྗེ་བཙུན་བླ་མ་འཇིགས་མེད་རྒྱ་མཚོ། །དེང་ནས་བྱང་ཆུབ་བར་དུ་མཁྱེན་ནོ། །བདག་ དང་སྐད་ཅིག་འབྲལ་བ་མེད་པར། །ཁྱེད་ཐུགས་རང་སེམས་རོ་གཅིག་དབྱེར་མེད། །བླ་མའི་ ཐུགས་སུ་བདག་ཡིད་ཐིམ་མཛོད། །གསང་གསུམ་ཡོན་ཏན་བྱེ་བའི་མཛོད་འཛིན། །ཕྲིན་ ལས་འཇིགས་བརྒྱད་སྐྱོབས་པའི་མཐུ་ཅན། །ཟླ་བྲལ་སྐྱབས་ཀུན་འདུས་པའི་གཙོ་ཆེན། །རྗེ་ བཙུན་བླ་མ་འཇིགས་མེད་རྒྱ་མཚོ། །བདག་སོགས་འགྲོ་བ་ཡོངས་ཀྱི་མགོན་གཅིག །ཐུགས་ རྗེའི་བརྩེ་བས་ནམ་ཡང་མ་ལྷོ ད། །འདི་ཕྱི་ཀུན་ཏུ་རྟག་པར་གཟིགས་ལ། །འབྲལ་མེད་ རིགས་ཀྱི་བདག་པོར་བཞུགས་ཤིག །སྟོང་གཟུགས་རྡོ་རྗེ་སྐུ་མཆོག་མངའ་བ། །གཞོམ་མེད་ 7-1-74 དྲུག་ཅུའི་གསུང་གི་དབང་ཕྱུག །དྲི་བྲལ་ཀུན་མཁྱེན་ཐུགས་བཟང་འཛིན་པའི། །རྗེ་བཙུན་ བླ་མ་འཇིགས་མེད་རྒྱ་མཚོ། །སྙིང་ནས་གུས་འདུན་ཟབ་མོའི་འབོད་ན། །བྱིན་རླབས་འཇའ་ ཟེར་སྣང་བའི་དབུས་ནས། །ཁྱེད་ཞལ་དགྱེས་པའི་འཛུམ་དཀར་བསྟན་ཏེ། །གསུང་མཆོག་ ཟབ་མོའི་གླུ་དབྱངས་སྒྲོགས་མཛོད། །གསང་སྔགས་ཟབ་ཆོས་འབུམ་གྱི་མངའ་བདག །རང་ ལ་སངས་རྒྱས་དངོས་ལས་ལྷག་པའི། །བླ་ན་མེད་པའི་བཀའ་དྲིན་ཅན་ཁྱོད། །དག་པའི་ ཞིང་མཆོག་གང་ན་བཞུགས་ཀྱང༌། །བདག་ལ་ཁྱེད་ལས་རེ་ས་གཞན་མེད། །ཐུགས་རྗེས་ གཟིགས་ཤིགས་འཇིགས་མེད་རྒྱ་མཚོ། །བྱིན་གྱིས་རློབས་ཤིག་རྩ་བའི་བླ་མ། །སྙིང་ནས་ རེ་འོ་རེ་འབྲས་སྩོལ་ཅིག །ཁྱེད་ཀྱི་སྤྲུལ་པ་རབ་འབྱམས་འཛད་མེད། །དག་དང་མ་དག་ཞིང་ ཀུན་ཁྱབ་ནས། །གདུལ་བྱ་འདུལ་བའི་མཛད་པ་རྒྱ་ཆེན། །ནམ་ཡང་རེས་འཇོག་བྲལ་བ་ ལགས་ན། །བདག་ཅག་བསོད་ནམས་བསྐལ་པའི་ཞིང་མཆོག །གཟུགས་སྐུ་སྒྱུ་མའི་གར་ གྱི་རྣམ་རོལ། །མཛད་བཟང་འགྲོ་ཁམས་འདུལ་བའི་སྐུ་སྐྱེས། །མྱུར་ནས་བསྟན་འགྲོའི་དོན་ དུ་བྱོན་ཅིག །སྐྱབས་མཆོག་བླ་མ་རྒྱང་ནས་འབོད་པའི། །གུས་འདུན་རེ་ལྟོས་ཟབ་མོ་ཕུལ་ ན། །ཁྱོད་ཀྱི་གཟིགས་པ་འདུ་འགོག་མེད་པར། །ཀུན་མཁྱེན་དགོངས་མཚོར་ལེགས་བཞེས་ མཛོད་ཅིག །ཅེས་བླ་མ་རྒྱང་འབོད་བྱིན་རླབས་གསང་སྔགས་ཟབ་མོའི་སྒོ་འབྱེད་ཅེས་བྱ་བ་འདི་ཡང་གང་གི་སློབ་བུ་དམ་པ་ འགས་བསྐུལ་བ་ལྟར། ངག་དབང་ཡོན་ཏན་བཟང་པོས་བྲི ས་པའོ། ། ཀྱེ ་ཧོ་མཚུངས་མེད་བླ་མ་དྲིན་ཅན། །ད་སྐབས་ཁྱོད་འདྲའི་བསྟན་རྩ་ཆེ་བ། །གདུལ་བྱ་ རྫོགས་ནས་ཞིང་གཞན་ཕེབས་སྐབས། །བསོད་ནམས་ཟད་པའི་བདག་སོགས་ཤུལ་ལྷག །ཞིང་གཞན་གློ་བུར་བྱོན་པས་སྐལ་ཟད། །ནོར་བུ་འདམ་དུ་ཤོར་བའི་དུས་བྱུང༌། །སེམས་ ཤེས་རྣམས་ཀྱི་གློ་སྙིང་འདར་ནས། །མིག་མཐར་མཆི་མ་ནར་མར་རྒྱུན་བྱུང༌། །ད་ལྟ་སྙིགས་ མ་ལྔ་བདོའི་སྐབས་ན། །སྙིང་སྟོབས་གཞན་ལྷག་བསྟན་པའི་འབྱུང་གནས། །ཟབ་ཆོས་མང་ 7-1-75 པོའི་མཛོད་སྒོ་ཕྱེས་ཀྱང༌། །རྩར་གནས་སེམས་ཅན་ལུང་ཙམ་ཐོས་པ། །དཀོན་ན་རྒྱུད་ལ་ འབྱོར་བ་སུ་ཡིན། །སྟོན་པ་སངས་རྒྱས་ལྟ་བུ་ལ་ཡང༌། །འགྲན་རྒོལ་བྱེད་པ་མང་དུ་བྱུང་བ། །ལོག་ལྟ་ཆགས་སྡང་དར་ལ་བདོ་སྐབས། །དེ་འདྲ་མང་བ་སེམས་ཅན་ངང་ཚུལ། །ད་སྐབས་ བསྟན་པའི་ཉི་མ་ནུབ་པས། །བདག་སོགས་མུན་པའི་ཁྲོད་ན་ལྷག་སོང༌། །ད་སྐབས་ཐར་ ལམ་བགྲོད་པའི་རྐང་པ། །ཆག་ནས་བདག་སོགས་ཞ་བོར་གྱུར་འདུག །ད་སྐབས་ཐར་བའི་ ཀ་ཆེན་འགྱེལ་ནས། །བདག་སོགས་ས་རྡུལ་ཁྲོད་དུ་འཐུབ་འདུག །ད་སྐབས་མིག་གི་འབྲས་ གཉིས་བྲལ་བས། །བདག་སོགས་ལོང་བ་ཐང་སྟོང་ལྷག་སོང༌། །ད་སྐབས་བསྟན་པའི་མཛོད་ ཆེན་སྟོང་ནས། །བདག་སོགས་ཆོས་དབུལ་སེལ་བྱེད་སུ་ཡིན། །ད་སྐབས་ཐར་བའི་སྒྲོན་ མེ་མནལ་བས། །བདག་སོགས་མུན་པའི་ཁང་བུར་ཆུད་འདུག །ད་སྐབས་བདུད་རྩིའི་བུམ་ བཟང་ཆགས་པས། །བདག་སོགས་དམ་ཆོས་སྐོམ་གྱིས་གདུང་བས། །ད་སྐབས་ཆོས་མཛོད་ བཤེས་གཉེན་དང་བྲལ། །བདག་སོགས་གྲོགས་མེད་གཅིག་པུར་ལྷག་འདུག །ད་སྐབས་ ཆོས་སྒྲ་སྒྲོག་པའི་རྒྱུན་ཆད། །བདག་སོགས་ཆོས་ཉན་སྐལ་པ་ཟད་འདུག །ད་སྐབས་བརྩེ་ སེམས་བྱེད་མཁན་མེད་ན། །བདག་སོགས་སེམས་ཀྱི་གཏད་སོ་སུ་ཡིན། །ད་སྐབས་རང་གི་ རེ་ཆེན་བྱས་ན། །མྱུར་དུ་རྗེས་བཟུང་འཛིན་པར་མཛོད་ཅིག །བདག་སོགས་ཚེ་རབས་ཕྲེང་བ་ རྣམས་སུ། །བླ་མ་བསྟན་པའི་མདོ་རྒྱུད་ལུང་མང༌། །དང་མཐུན་ཅུང་ཟད་འདའ་བར་མ་གྱུར། །དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས་ཤིག །ད་ནི་སྐྱེ་བའི་ཕྲེང་བ་རྣམས་སུ། །དཔལ་ ལྡན་བླ་མ་གང་བཞུགས་དྲུང་དུ། །བདག་སོགས་སྐྱེ་བའི་རེ་སྨོན་བྱས་ན། །དེ་ལྟར་འགྲུབ་པར་ བྱིན་གྱིས་རློབས་ཤིག །ཅེས་པའི་གདུང་དབྱངས་ཀྱིས་བླ་མ་རྒྱང་འབོད་ཚིག་ཟློས་པའི་སྐྱོན་ སོགས་དང་བཅས་པའི་སྒོ་ནས་རེ་འབོད་ཞུ་མཁན་ནི་གུ་ཎའི་མིང་ཅན་ནོ། ། 7-1-76 ༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ ཅེས་བྱ་བ་བཞུགས་སོ། ། ད་སྐབས་སུ་རང་གི་རྩ་བའི་བླ་མ་ལ་དད་པ་སྙིང་ནས་བྱ་དགོས་ཚུལ་ཡང༌། ཡེ་ཤེས་གྲུབ་པའི་རྒྱུད་ལས། བླ་མ་སངས་རྒྱས་ ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་འདྲ་ཉིད་ཀྱི་ཤེས་གྱུར་པས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་ དང༌། སྡོམ་པ་འབྱུང་བའིརྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་དེ། །སངས་རྒྱས་ཀུན་དང་མཉམ་ སྦྱོར་པའི། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་ འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་དང༌། བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་ མིག་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལས་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་འཐོབ། །ཅེས་གསུངས་པ་དང༌། ཡོན་ཏན་ ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བ་མིང་ཡང་མེད། །འདས་དང་མ་འོངས་སངས་རྒྱས་ རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང༌། །ཞེས་དང༌། རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་མ་ཐོབ་ པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མ་དམ་པ་ལ་མ་བརྟེན་ པར་སློབ་བུ་རང་རང་གི་རྒྱུད་ལ་ཡོན་ཏན་ཏིལ་འབྲུ་ཙམ་མི་སྐྱེ་བར་མདོ་དང་རྒྱུད་སྡེ་དུ་མར་ཡང་ཡང་གསུངས། བླ་མ་ཉིད་ཕྱོགས་ བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཡིན་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་ དང་མཆོད་པ་སྙིང་ནས་གསོལ་བ་འདེབས་པར་བྱ། འཕགས་པའི་དགེ་འདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ ལ་ཐམས་ཅད་ཀྱིས་སྔོན་དུ་དད་པ་བྱ་དགོས་པ་སྟེ། ཏ་ལ་ལའི་མདོར། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ ཅད་བསྲུང་ཞིང་འཕེལ་བར་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་པའི་མཆོག །ལག་པ་ བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། 7-1-77 །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་འཐོབ་པར་བྱེད། །ཅེས་གསུངས་པ་དང༌། ཆོས་ བཅུ་པའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེས་ནི་འདྲེན་པ་ངེས་པར་འབྱུང༌། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་ རྗེས་སུ་འབྲང་ལ་བརྟེན། །དད་པ་མེད་པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་ སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམས་ པ་བས། །བླ་མ་དྲན་པའི་བསོད་ནམས་ཆེ། །ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམ་པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ ཡང་མི་ཕོད་དོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། སློབ་དཔོན་བླ་མ་མཚན་ཉིད་ལྡན། །སློབ་མའི་སློབ་དཔོན་མཐོང་བར་ སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ཉིད། །ཅེས་སོགས་ཕན་ཡོན་དཔག་ཏུ་མེད་པ་མདོ་རྒྱུད་ཀུན་ལས་ གསུངས་པས་དོན་འདི་ལ་ནན་ཏན་བྱའོ། །དེ་ཡང་སངས་རྒྱས་ཉིད་རྩོད་དུས་སུ་ཕལ་བའི་གཟུགས་ཀྱིས་འགྲོ་བ་འདུལ་བའི་ཕྱིར། སློབ་དཔོན་གྱི་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ཆུ་ཀླུང་བ་ཚྭ་ཅན་གྱི་མདོར། ལྔ་བརྒྱའི་ཐ་མར་གྱུར་པ་ ན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང༌། གུར་ལས། ང་ ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་ པ་ཡི་གཟུགས་སུ་གནས། །ཞེས་གསུངས་པ་ལྟར་བླ་མ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན། བླ་མའི་ཡོན་ཏན་བརྗོད་པའི་ཕན་ཡོན་ ཡང་མདོ་རྒྱུད་དུ་མར་གསུངས་ཏེ། དྲི་མེད་གྲགས་པས་ཞུས་མདོར། རབ་འབྱོར་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་ དམ། རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ཙམ་སྟོན་ན། དེ་བས་བསོད་ ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང༌། གཞན་ཡང་ཇི་སྐད་དུ། བདག་ནི་སྐྱབས་གནས་གཞན་ཀུན་བས། །བ་སྤུའི་ ཁུང་བུ་གཅིག་ལ་ཡང༌། །ལྷག་པར་ཡང་ནི་དད་ལགས་པ། །རྨོངས་པས་མ་ཡིན་རྒྱུ་དང་བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་ པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་བས་ནན་ཏན་བསྟོད་ལ་འདུད། 7-1-78 །སླར་ཡང་གྲངས་མེད་བསྐལ་པར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་བས། །ཁྱོད་ཀྱི་སྐུ་ལ་ཏིལ་མར་གྱི། །ཐིགས་ པས་མཆོད་ནའང་བསོད་ནམས་མཆོག །ཅིའི་ཕྱིར་ཞེ་ན་སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱོད་ལས་བྱུང༌། །མཆོད་པ་ཐམས་ ཅད་སྤངས་ནས་ནི། །རྗེ་བཙུན་ཁྱོད་ལ་མཆོད་ཅིང་འདུད། །ཅེས་གསུངས་པའི་དགོས་དོན་ཁྱད་པར་དུ་འཕགས་ཕྱིར་བླ་མའི་ རྣལ་འབྱོར་ཉམས་སུ་བླང་བར་བྱ་དགོས་ཏེ། སྐྱབས་སེམས་ནི། གཞི་དབྱིངས་འོད་གསལ་འཁོར་འདས་ཀུན་ ཁྱབ་བདག །གནས་ལུགས་དོན་དམ་མཆོག་གསུམ་སྐྱབས་སུ་བསྟེན། །ཆོས་དབྱིངས་དོན་ ལ་རྨོངས་པའི་འགྲོ་ཀུན་ཆེད། །གཤེགས་སྙིང་སྤྲོས་བྲལ་རང་མདངས་བལྟ་བགྱིད་དོ། །ལན་ གསུམ། རང་སེམས་དག་པའི་གནས་ལུགས་ཀུན་ཁྱབ་ཀློང༌། །རྩ་བའི་བླ་མའི་ཆོས་སྐུའི་འཕྲུལ་ ཆེན་གར། །རྡོ་རྗེ་འཆང་གི་ངོ་བོར་ཡོངས་བཞེངས་པ། །པད་ཟླ་ཉི་མ་སྒྲ་གཅན་དུས་མེའི་ སྟེང༌། །སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་བཞིན། །ཞལ་འཛུམ་སྤྱན་ཟུང་གཡོ་བཞིན་དགྱེས་པའི་ ཚུལ། །སྣ་ཚོགས་དར་དང་རིན་ཆེན་རུས་བརྒྱན་མནབས། །ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་ གིས་བཞུགས། །ཕྱག་ཟུང་རྡོར་དྲིལ་བསྣམས་ཏེ་ཐུགས་ཀར་བསྣོ ལ། །སྐུ་ཡི་གནས་བཞིར་ ཡི་གེ་རྣམ་བཞིས་མཚན། །ཐུགས་ཀའི་ཧཱུཾ་ལས་འོད་བཟང་སྣ་ཚོགས་སྤྲོས། །རྩ་རྒྱུད་སྐྱབས་ ཀུན་ཐམས་ཅད་དབྱེར་མེད་མངོན། །བླ་མ་རྒྱལ་ཀུན་ཤེར་ཕྱིན་མངའ་བདག་ལ། །ཐུགས་ ཡིད་དབྱེར་མེད་ངང་ནས་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དགེ་ཚོགས་མཐའ་དག་ འབུལ། །ཐོག་མེད་བསགས་པའི་ཉེས་ལྟུང་མ་ལུས་བཤགས། །སྤྲོས་བྲལ་མི་རྟོགས་དབྱིངས་ ལ་ཡི་རང་ངོ༌། །རླབས་ཆེན་རྫོགས་ལྡན་ཆོས་འཁོར་འགྲོ་ལ་སྐོར། །གདུལ་བྱའི་མོས་ངོར་ ཡུན་རིང་མི་འདའ་བཞུགས། །དགེ་འདིས་རྡོར་འཆང་གོ་འཕང་མྱུར་མངོན་ཤོག །དེ་ནས་གདུང་ ཤུགས་ཀྱིས་གསོལ་བ་འདེབས་པ་ནི། རྒྱལ་ཀུན་འཕྲིན་ལས་ལས་ཤར་སྐྱབས་གནས་མཆོག །རྩ་བའི་ བླ་མ་འཇིགས་ཀུན་སེལ་བའི་མགོན། །འགྲོ་ཀུན་བུ་བཞིན་བྱམས་བརྩེས་སྐྱོང་བའི་གཉེན། །བླ་མ་རྡོ་རྗེ་འཆང་གིས་ཡུད་ཙམ་དགོངས། །འོག་མིན་སྟུག་པོ་བཀོད་པའི་དག་ཞིང་སོགས། 7-1-79 །ཞིང་མཆོག་མཐའ་ཡས་ཀུན་ཏུ་འགྲོ་འདྲེན་གཙོ། །གང་ལ་གང་འདུལ་དུས་ལས་ཡོལ་བ་ མེད། །ཁྱེད་ལ་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །སྲིད་གསུམ་འཁྱམས་པའི་ལས་ ཉོན་དབང་བཙན་པས། །ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་མནར་བས། །བཟོད་དཀའི་ སྡུག་བསྔལ་དག་ལས་དབུགས་དབྱུང་བའི། །རང་རང་འཚམ་པའི་དགའ་སྟོན་མྱུར་དུ་ཕོབ། །ཡང་སྒོས་འཇིག་རྟེན་གང་དུ་རྒྱུ་བའི་འགྲོ། །སྔོན་བསགས་ལས་མཐུ་བཙན་པོའི་དབང་ཤེད་ ཀྱིས། །ཚེ་འདིར་འབྲས་བུ་སྨིན་ལ་ཉེ་བ་ན། །ཐུགས་རྗེ་སྟོབས་ཀྱིས་གནོད་ཤུགས་ཞི་བར་ མཛོད། །ཡངས་པའི་རྒྱལ་ཁམས་གནས་པའི་སྐྱེ་རྒུ་ཀུན། །བློ་སྣ་ཆོས་ལ་ཕྱོགས་པའི་བརྟུལ་ ཞུགས་འཛིན། །རིན་ཆེན་གསུམ་གྱི་སྐྱབས་ཀྱི་མངའ་འོག་ཏུ། །ཡིད་ཆེས་གུས་པ་ནམ་ཡང་ ལྷོ ད་པ་མེད། །གཞི་དབྱིངས་ཆོས་སྐུ་ཀུན་ཁྱབ་འདུས་མ་བྱས། །འཁོར་འདས་སྲོག་གི་དྭངས་ བཅུད་རྟག་བཞུགས་པ། །སྐྱེ་འགག་དང་བྲལ་ཡེ་ཤེས་ཆེན་པོའི་འོད། །སྒྲུབ་པོ་དག་ལ་མྱུར་དུ་ མངོན་པར་ཤོག །དེ་ནས་གསོལ་འདེབས་བསྡུས་པ་ནི། ཆོས་སྐུ་ཀུན་ཁྱབ་མཛད་པ་རབ་འབྱམས་ལས། །ཀུན་རྫོབ་བླ་མའི་ངོ་བོར་ཡོངས་བཞེངས་པ། །རྩ་བའི་བླ་མ་ཡོན་ཏན་རིན་ཆེན་ལ། །གསོལ་ བ་འདེབས་སོ་སྒོ་གསུམ་བྱིན་གྱིས་རློབས། །ཞེས་ཅི་འགྲུབ་བཟླ། དེ་ནས་བྱིན་འབེབས་ཤིང་མཇུག་བསྡུ་བ་ ནི། བླ་མ་རྡོར་འཆང་གནས་བཞིའི་ཡིག་འབྲུ་ལས། །དཀར་དམར་མཐིང་སེར་འོད་ཀྱི་ཚོགས་ སྤྲོས་ཏེ། །བདག་གི་གནས་བཞིར་ཐིམ་པས་སྒྲིབ་བཞི་དག །བླ་མེད་དབང་བཞི་ཡོངས་ རྫོགས་དངོས་གྲུབ་ཐོབ། །བླ་མ་རྡོར་འཆང་ངོ་བོར་བདུད་རྩིར་ཞུ། །སྤྱི་གཙུག་ནས་ཞུགས་ ལུས་སེམས་དབྱེར་མེད་གྱུར། །དགེ་འདིས་བདག་སོགས་རིང་པོར་མི་ཐོགས་པར། །དོན་ དམ་གནས་ལུགས་རང་ཞལ་མངོན་པར་ཤོག །དཔལ་ལྡན་བླ་མ་གསུམ་ལྡན་རྡོ་རྗེ་འཛིན། །ཡེ་ནས་མི་ཤིག་ཆོས་སྐུ་རོ་གཅིག་ངང༌། །ནམ་ཡང་འཕོ་བྲལ་སྐྱེ་མེད་གཤིས་ལུགས་བརྟན། །འབྲལ་མེད་བདེན་མཐུས་དགེ་མཚན་རྟག་འབར་ཤོག །ཅེས་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ 7-1-80 ཅེས་བྱ་བ་འདི་ཡང་གྲྭ་བཙུན་ཐུབ་དབང་དང༌། སྦྱིན་པ་དཔལ་ཟུང་གིས་བསྐུལ་ངོར་མི་ལྡོ ག་ཙམ་དུ་དཔལ་འཛམ་ཐང་དུ་ཡོན་མིང་ པས་བྲི ས་པའོ། ། བླ་མ་རྒྱང་འབོད་བྱེད་པར་སྤྲོ་ན། རང་སྣང་སེམས་ཀྱི་གནས་ལུགས་ཀུན་ཁྱབ། །སྟོན་འཁོར་ཕུན་ ཚོགས་མཛད་པ་རབ་འབྱམས། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་སྤྲུལ་བཀོད། །དག་ཆེན་གསང་ གསུམ་སྤྱི་གཟུགས་ཆོས་རྗེ། །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་ནས། །གཟུང་འཛིན་ ཀུན་བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་བཀོད་མཛད་པ་རབ་འབྱམས། །དགོངས་ ཆེན་ཀློང་ནས་བརྩེ་གཟིགས་མཛོད་ཅིག །དག་དང་མ་དག་ཞིང་ཁམས་ཀུན་ཏུ། །སྣ་ཚོགས་ སྤྲུལ་བཀོད་མཐའ་ལས་འདས་པ། །གདུལ་བྱའི་ཁམས་དབང་བཞིན་འཆར་འབད་མེད། །སངས་རྒྱས་ཀུན་འདུས་ཕ་མཆོག་ཆོས་རྗེ། །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་ནས། །གཟུང་འཛིན་ཀུན་བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་བཀོད་མཛད་པ་རབ་འབྱམས། །དགོངས་ཆེན་ཀློང་ནས་བརྩེ་གཟིགས་མཛོད་ཅིག །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ བདག་ཉིད། །བདེ་ཆེན་ཡེ་ཤེས་རོལ་གར་གཟུགས་མཆོག །རྡོ་རྗེ་སེམས་དཔའ་རིགས་འདུས་ ངོ་བོ། །རྣམ་པར་རོལ་པ་ཕ་མཆོག་ཆོས་རྗེ། །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་ ནས། །གཟུང་འཛིན་ཀུན་བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་བཀོད་མཛད་པ་རབ་ འབྱམས། །དགོངས་ཆེན་ཀློང་ནས་བརྩེ་གཟིགས་མཛོད་ཅིག །ནང་དབྱིངས་དོན་དམ་ཆོས་ སྐུའི་རང་མདངས། །རབ་འབྱམས་ལྷ་ཚོགས་སྤྲོ་བའི་རིགས་བདག །དོན་དམ་རྣམ་གསུམ་ སྐྱབས་ཀྱི་བདག་ཉིད། །མཛད་འཕྲིན་ཡོངས་རྫོགས་ཕ་མཆོག་ཆོས་རྗེ། །རྣམ་ཀུན་མཆོག་ ལྡན་འོད་གསལ་དབྱིངས་ནས། །གཟུང་འཛིན་ཀུན་བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་ བཀོད་མཛད་པ་རབ་འབྱམས། །དགོངས་ཆེན་ཀློང་ནས་བརྩེ་གཟིགས་མཛོད་ཅིག །འཁོར་ འདས་དྭངས་བཅུད་ཆོས་སྐུའི་བདག་ཉིད། །གནས་ལུགས་གཤེགས་སྙིང་དང་པོའི་སངས་ 7-1-81 རྒྱས། །ཀུན་གཟིགས་ཡེ་ཤེས་རྣམ་སྤྲུལ་མཛད་མེད། །ངེས་དོན་ཆོས་མཆོག་ཡོངས་ཀྱི་མངའ་ བདག །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་ནས། །གཟུང་འཛིན་ཀུན་བྲལ་སྒྱུ་འཕྲུལ་ དྲ་བ། །གང་འདུལ་སྤྲུལ་བཀོད་མཛད་པ་རབ་འབྱམས། །དགོངས་ཆེན་ཀློང་ནས་བརྩེ་ གཟིགས་མཛོད་ཅིག །རབ་འབྱམས་སྤྲུལ་བསྒྱུར་འབད་མེད་ངང་ནས། །མཁའ་མཉམ་ཞིང་ དུ་བདེ་དགའ་རབ་གཏེར། །དུས་རྣམ་ཀུན་ཏུ་ནམ་ཡང་ཆད་མེད། །གངས་ལྗོངས་ཡུལ་འདིར་ བླ་མར་བཞེངས་པ། །རྣམ་ཀུན་མཆོག་ལྡན་འོད་གསལ་དབྱིངས་ནས། །གཟུང་འཛིན་ཀུན་ བྲལ་སྒྱུ་འཕྲུལ་དྲ་བ། །གང་འདུལ་སྤྲུལ་བཀོད་མཛད་པ་རབ་འབྱམས། །དགོངས་ཆེན་ཀློང་ ནས་བརྩེ་གཟིགས་མཛོད་ཅིག །ཀྱེ ་ཧོ་གཟུགས་སྐུ་དབྱིངས་སུ་བསྡུས་ཏེ། །ངེད་ཅག་སློབ་ བུ་མགོན་མེད་གྱུར་ཏེ། །མྱ་ངན་ཁང་བུར་ཚུད་པའི་བདག་སོགས། །སླར་ཡང་དག་སྣང་བྱིན་ འོད་ཕོབ་ཤོག །ཅེས་པའི་བླ་མ་རྒྱང་འབོད་བྱིན་རླབས་ཆར་འབེབས་ཞེས་བྱ་བ་འདི་ཡང་ཐུབ་དབང་གི་མོས་འདུན་བཞིན་ འཛམ་ཐང་དུ་ཡོན་མིང་པས་བྲི ས་པ་དགེ ༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འབེབས། ༄༅། །ན་མོ་གུ་རུ་བྷྱཿ རྩ་བའི་བླ་མ་དམ་པ་ཀུན་དགའ་དེ་ཉིད་དཔལ་བཟང་པོ་གང་གི་བླ་མའི་རྣལ་འབྱོར་བྱིན་རླབས་ མྱུར་འབེབས་ཞེས་བྱ་བ་ཉམས་སུ་ལེན་ཚུལ་ལ་ཐོག་མར་སྐྱབས་སེམས་ནི། སྐྱབས་གནས་ཀུན་འདུས་པའི་བླ་མ་ མཆོག་ལ་དེང་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་ བརླབ་ཏུ་གསོལ། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་འཐོབ་པར་བྱའོ། 7-1-82 །ལན་གསུམ། རང་གི་སྤྱི་གཙུག་ཏུ་འཇའ་ཚོན་སྣ་ལྔ་འཁྲིགས་པའི་འོད་ཀློང་ན་གདན་པད་ ཟླའི་སྟེང་དུ་རང་གི་དཔལ་ལྡན་རྩ་བའི་བླ་མ་ཀུན་དགའ་དེ་ཉིད་དཔལ་བཟང་པོའི་ངོ་བོ་ཡིན་ པ་ལ་རྣམ་པ་ཁྱབ་བདག་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་གི་རི་བོ་ལ་ཉི་འོད་འབུམ་གྱིས་ འཁྱུད་པ་ལྟ་བུའི་དཀར་གསལ་འོད་བཟང་འབར་བའི་ཞལ་གཅིག་ཕྱག་གཉིས་ཀྱིས་ཐུགས་ ཀར་རྡོར་དྲིལ་བསྣོ ལ་ནས་འཛིན་པ། ཞབས་གཉིས་སྐྱིལ་ཀྲུང་གིས་བཞུགས་པའི་པང་ན་རང་ འདྲའི་ཡུམ་ལྷ་མོ་བསྙེམ་མ་དཀར་མོ་ཕྱག་གཉིས་ཀྱིས་གྲི་ཐོད་འཛིན་པས་ཡབ་ལ་འཁྱུད་པ་ ཡབ་ཡུམ་གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་རྣམ་པར་བརྒྱན་ཅིང༌། ཧེ་རུ་ཀའི་ རྣམ་པ་ཅན་བདེ་ཆེན་ཡེ་ཤེས་དང་བརྩེ་བ་ཆེན་པོའི་མཁྱེན་པ་ཟུང་དུ་འཇུག་ཅིང་རབ་དཀར་ འོད་ཟེར་གྱི་ཚོགས་མུ་མཐའ་མེད་པ་ཕྱོགས་ཀུན་ཏུ་འབར་ཞིང་ཐུགས་དགྱེས་པའི་ཞལ་ རས་འཛུམ་བག་རྒྱས་པའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ ཧཱུཾ་སྔོན་པོ། ལྟེ ་བར་ཧོཿསེར་པོས་མཚན་པ་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་གྱི་ཚོགས་ཕྱོགས་ བཅུར་འཕྲོས་པས་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྐུའི་ བྱིན་རླབས་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུའི་རྣམ་པ་མཐའ་ཡས་པ་དང༌། གསུང་གི་བྱིན་ རླབས་གང་དག་ཡི་གེ་བརྒྱ་པའི་སྔགས་ཕྲེང་གྲངས་མེད་པ་དང༌། ཐུགས་ཀྱི་བྱིན་རླབས་མ་ ལུས་པ་རྡོར་དྲིལ་སོགས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ཏེ་བླ་མ་རྡོར་སེམས་ཡབ་ཡུམ་ ལ་ཐིམ་པས་དམ་ཡེ་དབྱེར་མེད་ཀྱི་ངོ་བོ་སྐྱབས་ཀུན་འདུས་པའི་བདག་ཉིད་དུ་གྱུར་པར་ བསམ། བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀར་རྡོ་རྗེ་རྩེལྔ་པའི་ལྟེ་བར་ཟླ་གདན་ལ་ཐུགས་ སྲོག་ཧཱུཾ་ཡིག་དཀར་གསལ་གྱི་མཐར་ནང་དུ་བླ་མའི་མཚན་སྔགས་ཀྱི་ཕྲེང་བ་དང༌། ཕྱི་རུ་ཡི་ གེ་བརྒྱ་པའི་སྔགས་ཕྲེང་བཀོད་པ་ལ་དམིགས་ཏེ། མཚན་སྔགས་བཟླ་བ་ནི། ༀ་ཨཱཿཨཱ་ནནྟ་ཏ་ཏཾ་ཤྲཱི་ བྷ་དྲ་ཧཱུཾ། ཅི་ནུས་བཟླ། སླར་ཡང་ཡི་གེ་བརྒྱ་པ་ཅི་འགྲུབ་བཟླ། བླ་མ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་བས་ 7-1-83 ཐུགས་སྲོག་ལས་འོད་ཟེར་སྣ་ཚོགས་འཕྲོས་པས་འོད་ཟེར་ཀྱི་རྩེར་ཕྱི་མཆོད་མེ་ཏོག་བདུག་ སྤོས་སོགས་དང༌། ནང་མཆོད་ཤ་ལྔ་བདུད་རྩི་ལྔ་དང༌། གསང་མཆོད་རིག་མ་དཀར་སེར་ དམར་ལྗང་སོགས་ཕྱི་ནང་གསང་བའི་མཆོད་པ་གྲངས་མེད་པས་དབྱིངས་དག་པ་ན་བཞུགས་ པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད། དེ་ཐམས་ཅད་ཀྱི་ཐུགས་དགྱེས་ བཞིན་བརྩེ་བའི་སྒོ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བདུད་རྩིའི་རྣམ་པར་སྤྲོས་ཏེ་བླ་མ་ ཡབ་ཡུམ་གྱི་སྤྱི་བོར་ཐིམ་པས་སྐུ་ལུས་དཀར་ལྟེམ་གྱིས་གང་བས་བླ་མ་ཡབ་ཡུམ་གྱི་སྦྱོར་ མཚམས་ནས་བདུད་རྩི་དཀར་པོ་འོ་མའི་རྒྱུན་ལྟར་ལུད་པས་རང་གི་ཚངས་བུག་ཏུ་ཞུགས་ ནས་ལུས་གང་སྟེ་ཐོག་མེད་ནས་བསགས་པའི་དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ ཚིག་ཉམས་ཆག་མ་ལུས་པ་ལེགས་པར་བཀྲུས་ཏེ། ཤེལ་གྱི་གོང་བུ་ཆུས་བཀྲུས་པ་ལྟར་རང་ ལུས་དག་གསལ་དུ་གྱུར་པར་བསམ་བཞིན། ཡིག་བརྒྱ་བཟླ། ཡང་ཐུགས་སྲོག་ས་བོན་ལས་ འོད་ཟེར་གྱི་རྩེར་རྡོ་རྗེ་སེམས་དཔའི་སྐུ་གྲངས་མེད་པ་སྤྲོས་ནས་མཁའ་ཁྱབ་ཀྱི་སེམས་ཅན་ ཐམས་ཅད་ཀྱི་སྤྱི་བོར་བྱོན་ནས་ཐུགས་སྲོག་ཧཱུཾ་ཡིག་ལས་བདུད་རྩི་དཀར་པོ་རླན་དྲོད་ཀྱི་རང་ བཞིན་བྱུང་བས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྐུ་གང་སྦྱོར་མཚམས་ནས་བདུད་རྩི་འོ་ མའི་རྒྱུན་ལྟར་བབས་པས་སེམས་ཅན་ཐམས་ཅད་ཀྱི་ཐོག་མེད་ནས་བསགས་པའི་ལུས་ངག་ ཡིད་གསུམ་གྱི་སྡིག་སྒྲིབ་གང་གཱའི་རྡུལ་ལྟར་རིམ་པར་ཆགས་པ་ཐམས་ཅད་བཀྲུས་ཏེ་སྒྲིབ་ གཉིས་དག་ནས་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུར་གྱུར་ནས་གཟུགས་གང་ སྣང་རྡོར་སེམས་ཀྱི་སྐུ་དང་ཞིང་ཁམས། སྒྲ་སྐད་ཐམས་ཅད་ཡི་གེ་བརྒྱ་པའི་སྒྲ། དྲན་རྟོག་ ཐམས་ཅད་རྡོ་རྗེ་སེམས་དཔའི་ཐུགས་སྤྲོས་བྲལ་འོད་གསལ་ཡེ་ཤེས་ཆེན་པོ་འཁོར་འདས་ ཀུན་ཁྱབ་དང༌། རང་སེམས་སྤྲོས་པ་ཀུན་བྲལ་དང་གདོད་ནས་དབྱེར་མེད་རོ་མཉམ་གྱི་རང་ ངོ་བསྐྱང་བཞིན། ཡིག་བརྒྱ་ཅི་ནུས་བཟླ། དཔལ་ལྡན་བླ་མ་ཡབ་ཡུམ་གྱི་ཐུགས་བརྩེ་བ་ཆེན་པོས་ 7-1-84 ལེགས་པར་དགོངས་ཤིགབདག་གིས་འཁོར་བ་ཐོག་མ་མེད་ནས་ད་ལྟ་ལ་ཐུག་གི་བར་མི་ དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་དང༌། མདོར་ན་སོ་བྱང་སྔགས་གསུམ་ གྱི་སྡོམ་པའི་མི་མཐུན་ཕྱོགས་གང་བྱུང་ཚད་ཐམས་ཅད་ལ་ཡིད་གཏིང་ནས་རབ་ཏུ་འགྱོད་དེ་ བཤགས་པ་ཡང་ཡང་བྱེད་བཞིན། ཡིག་བརྒྱ་བཟླ། དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔས་ཐུགས་ བརྩེ་བའི་སྒོ་ནས་ལེགས་པར་དགོངས་ལ། བདག་གིས་དུས་དེ་རིང་ཕན་ཆད་ནས་སྲོག་ལ་ བབས་ཀྱང་སྡིག་ལས་ཉེས་ལྟུང་གི་སྒོ་དེ་འདྲ་མི་བྱ་བར་སྡོམ་སེམས་བརྟན་པོ་སྙིང་ཁོང་རུས་ པའི་གཏིང་ནས་ཡང་ཡང་བསམ་བཞིན། ཡིག་བརྒྱ་བཟླ། དཔལ་ལྡན་འཁོར་ལོའི་དབང་ཕྱུག་ ཧེ་རུ་ཀ་ཡབ་ཡུམ་གྱི་ཐུགས་ཆོས་སྐུ་འཁོར་འདས་ཀུན་ཁྱབ་ཀྱི་དབྱིངས་ནི་རྩ་བའི་བླ་མའི་ ཐུགས་དོན་དམ་ཆོས་སྐུ་དང་གཅིག་ཡིན་ཞིང༌། དེ་ཉིད་རང་སེམས་གསལ་སྟོང་འདིའི་རང་ གཤིས་སུ་ངོ་ཤེས་པར་བྱས་ནས་རང་གསལ་དེའི་ངང་མ་བཅོས་སོ་མ་རང་བབ་ཏུ་བསྐྱང་ བ་འདི་ལ་བྱིང་རྒོད་ཀྱི་སྐྱོན་སོགས་དྲན་བཞིན་གྱིས་བྱ་ར་དང་བཅས་ཏེ་རང་གསལ་འཛིན་ མེད་ཀྱི་ངང་བསྐྱང་བཞིན། ཡིག་བརྒྱ་བཟླ། བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་བརྟན་ པོ་དང་མ་བྲལ་བར་ཡིད་རྩེ་གཅིག་པས་ཐུགས་ཡིད་དབྱེར་མེད་དུ་བསྲེ ས་ཏེ། རང་སེམས་ གསལ་བའི་རང་མདངས་འདི་ཡེ་གདོད་མ་ནས་བླ་མའི་ཐུགས་དོན་དམ་ཡེ་ཤེས་ཆོས་སྐུ་ དང༌། དབྱེར་མེད་ཡིན་པ་ལ་མཉམ་པར་བཞག་བཞིན་གསོལ་བ་འདེབས་པ་ནི། དོན་དམ་ གནས་ལུགས་རྒྱལ་ཀུན་ཡེ་ཤེས་གཏེར། །བདེ་སྟོང་ཟུང་འཇུག་ཧེ་རུ་ཀ་དཔལ་དངོས། །ཀུན་ དགའ་དེ་ཉིད་དཔལ་བཟང་ལ་གསོལ་འདེབས། །སྒོ་གསུམ་ཉམས་ཆག་མ་ལུས་སྦྱང་དུ་ གསོལ། ཞེས་སོགས་གསོལ་འདེབས་གང་མོས་འདོན་མཐར། བླ་མ་རྡོ་རྗེ་སེམས་དཔའི་དཔྲལ་བའི་ༀ་ ཡིག་ལས་འོད་ཟེར་དཀར་པོའི་ཚོགས་སྤྲོས་རང་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག་སྐུ་རྡོ་རྗེ་མངོན་དུ་འགྱུར་རུང་གི་བག་ཆགས་ཁྱད་པར་ཅན་བཞགབླ་ 7-1-85 མ་རྡོརྗེ་སེམས་དཔའི་མགྲིན་པའི་ཨཱཿཡིག་ལས་འོད་ཟེར་དམར་པོའི་ཚོགས་སྤྲོས་རང་གི་ མགྲིན་པར་ཐིམ་པས་གསང་དབང་ཐོབ། ངག་གི་དྲི་མ་དག་གསུང་རྡོ་རྗེ་མངོན་དུ་འགྱུར་རུང་ གི་བག་ཆགས་ཁྱད་པར་ཅན་བཞགབླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ ཟེར་སྔོན་པོའི་ཚོགས་སྤྲོས་རང་གི་སྙིང་གར་ཐིམ་པས་ཤེར་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག་ ཐུགས་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་པར་ཅན་བཞག བླ་མ་རྡོ་རྗེ་སེམས་དཔའི་ ལྟེ་བའི་ཧོཿཡིག་ལས་འོད་ཟེར་སེར་པོའི་ཚོགས་སྤྲོས་རང་གི་ལྟེ་བར་ཐིམ་པས་བཞི་དབང་ཡེ་ ཤེས་གཅེར་མཐོང་གི་བརྡ་དོན་གྱི་དབང་ཐོབ། ཆགས་རྟོག་གི་དྲི་མ་དག་ཡེ་ཤེས་རྡོ་རྗེ་མངོན་ དུ་འགྱུར་རུང་གི་བག་ཆགས་ཁྱད་པར་དུ་འཕགས་པ་བཞག་པར་མོས་ཏེ། སེམས་གཉུག་མ་ལ་ བལྟ་ཤེས་ཙམ་བྱས་ཏེ་ཅི་ནུས་སུ་མཉམ་པར་བཞག་མཐར། བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་ཕུང་གི་ རྣམ་པར་ཞུ་སྟེ་རང་གི་སྤྱི་བོར་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངོ་བོར་དབྱེར་མེད་དུ་ འདྲེས་པར་བསམ། དེལྟར་བསོད་ནམས་བསགས་པའི་ལེགས་བྱས་འདི་ལ་བརྟེན་ནས་ལུས་ འདི་བོར་མ་ཐག་ནས་དཔལ་ལྡན་བླ་མ་གང་བཞུགས་ཀྱི་ཞིང་དུ་སྐྱེས་ཏེ་སླར་ཡང་གདམས་ དོན་ཇི་བཞིན་རྒྱུད་ལ་འབྱོར་ནས་དོན་གཉིས་ཡོངས་རྫོགས་ཀྱིས་གཞན་ཕན་འབད་མེད་ ལྷུན་གྲུབ་ཏུ་འབྱུང་བར་ཤོག །ཅེས་རྩ་བའི་བླ་མ་དམ་པ་ཀུན་དགའ་དེ་ཉིད་དཔལ་བཟང་པོ་གང་གི་བླ་མའི་རྣལ་ འབྱོར་བྱིན་རླབས་མྱུར་འབེབས་ཞེས་བྱ་བ་འདི་གང་གི་སློབ་བུ་བསམ་གཏན། ཤེས་རབ་རྡོ་རྗེ། ཐུབ་བསྟན། ངག་དབང་ཡེ་ཤེས་ སོགས་ཀྱི་མོས་འདུན་ལྟར། ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་བསྒྲིགས་ལྟར་བརྩོན་འགྲུས་ཀྱིས་ཡི་གེར་ཕབ་པའོ། ། ༈ འོད་གསལ་ལྷུན་གྲུབ་སྐུ་བཞིའི་བདག་ཉིད། །གནས་ལུགས་འགྱུར་མེད་དོན་གྱི་བླ་ མ། །འཁོར་འདས་ཀུན་ཁྱབ་དབྱིངས་ནས་གཟིགས་ཤིག །གཞི་དབྱིངས་འོད་གསལ་བདེ་ གཤེགས་སྙིང་པོ། །སྐྱེ་འགག་སྒྲིབ་གཉིས་བྲལ་བའི་རང་བཞིན། །རབ་འབྱམས་རྒྱལ་ཀུན་ འདུས་པའི་བདག་ཉིད། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་ཤིག །རང་སྣང་འོག་ 7-1-86 མིན་རབ་འབྱམས་ཞིང་དུ། །རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ། །ཡི་དམ་རྒྱལ་ཀུན་བསྟན་ སྲུང་མངའ་བདག །སྤྲོས་བྲལ་འོད་གསལ་ངང་ནས་གཟིགས་ཤིག །རང་སེམས་གནས་ ལུགས་དོན་གྱི་བླ་མ། །རླབས་ཆེན་བྱིན་འོད་སྣང་བའི་ཡེ་ཤེས། །སྐལ་བཟང་ཡིད་ཀྱི་གསོས་ སུ་ཤར་ཏེ། །རྟོགས་ཚོགས་འཁྲུལ་སྣང་མཐའ་དག་ཆོམ་མཛོད། །བེམ་ཆོས་དབྱིངས་སུ་ དྭངས་པའི་སྐུ་བཟང༌། །སྐུ་ཐུགས་དབྱེར་མེད་ཟུང་འཇུག་ཆེན་པོ། །རྗེ་བཙུན་བླ་མ་དེ་ཉིད་ དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །གནས་ཆེན་གོང་མའི་སྒྲུབ་གནས་ འདི་རུ། །རྒྱལ་ཀུན་སྤྱི་གཟུགས་དོན་གྱི་བླ་མ། །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་ དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །སློབ་བུའི་འཁོར་གྱིས་བསྐོར་བའི་དབུས་ན། །མཐོང་ ན་མི་མཐུན་མེད་པའི་སྐུ་མཆོག །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ ཀུན་ཏུ་གཟིགས་ཤིག །ཕ་ཅིག་བླ་མའི་མཛེས་པའི་སྐུ་བཟང༌། །ངུར་སྨྲིག་ན་བཟའི་རྒྱན་གོས་ བཀླུབས་པའི། །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་གཟིགས་ ཤིག །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་ཚེ། །དབང་མེད་མིག་ལ་མཆི་མས་གང་བཞིན། །མི་ མངོན་ཆོས་དབྱིངས་དྭངས་པའི་དཀྱིལ་ནས། །ཕ་ཡི་གཞོམ་མེད་གསུང་མཆོག་སྟོན་མཛོད། །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །བླ་མེད་ གསང་སྔགས་ལམ་གྱི་ཉིང་ཁུ། །མ་བཅོས་སེམས་ཀྱི་བཅོས་ཐབས་སྟོན་མཁན། །རྗེ་བཙུན་ བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །སློབ་རྒྱུད་བཅོས་པའི་ སྐལ་བཟང་དམ་པ། །ད་སྐབས་ཡིད་ཡུལ་ཙམ་དུ་མ་འདུག །རྗེ་བཙུན་བླ་མ་དེ་ཉིད་དཔལ་ བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །ཕ་ཅིག་ཡིད་བཞིན་ནོར་བུ་ཁྱེད་ཀྱིས། །ངེད་ཚོའི་གནས་ཚུལ་འདི་ལ་དགོངས་མཛོད། །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་ དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །སྐལ་ཆད་ཆོས་དང་བྲལ་བ་ངེད་ཅག །ཁྱོད་ཀྱི་ཐུགས་ 7-1-87 རྗེས་བཏང་བ་མིན་ནམ། །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་ གཟིགས་ཤིག །གང་གི་བཀའ་འབངས་བདག་སོགས་ཡོངས་ལ། །ཁྱེད་ལས་གཞན་པའི་ སྐྱབས་གནས་མ་མཆིས། །རྗེ་བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་ གཟིགས་ཤིག །ངེད་ཅག་ཉིན་དང་མཚན་མོ་ཀུན་ཏུ། །ཕ་ཅིག་བླ་མ་དྲན་པས་མི་འབོར། །རྗེ་ བཙུན་བླ་མ་དེ་ཉིད་དཔལ་བཟང༌། །སྐྱེ་དང་ཚེ་རབས་ཀུན་ཏུ་གཟིགས་ཤིག །འོན་ཀྱང་སྐལ་ བ་དམན་པ་ངེད་ཅག །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་ཚེ། །མགོན་ཁྱོད་བཞུགས་པའི་ཆོས་ ཀྱི་ཡུལ་ལྗོ ངས། །གནས་མཆོག་ཤམ་བྷ་ལ་ཡི་ཞིང་དུ། །གསང་ཆེན་བསྟན་པ་དར་བའིགནས་ སུ། །མཚུངས་མེད་བཀའ་དྲིན་གསུམ་ལྡན་ཁྱོད་ཀྱིས། །ཟབ་ཆོས་ནོར་བུའི་མཛོད་སྒོ་ཕྱེས་ཏེ། །རིམ་གཉིས་ལམ་བཟང་རྒྱུད་ལ་སྐྱེས་ནས། །སྐུ་བཞིའི་དབང་ཕྱུག་ཆེན་པོའི་གོ་འཕང༌། །མྱུར་ དུ་སྩོལ་བའི་བཀའ་དྲིན་འཁོར་མེད། །རང་གཞན་དོན་གཉིས་འབད་མེད་སྒོ་ནས། །འགྲོ་དོན་ རྟག་འཆར་འོང་བར་ཤོག་ཅིག །ཅེས་བླ་མ་རྒྱང་འབོད་སློབ་རྒྱུད་འདུལ་བའི་ལྕགས་ཀྱུ་ཞེས་བྱ་བ་སློབ་བུ་རྣམས་ཀྱིས་ བསྐུལ་བ་ལ་བརྟེན། ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་རྒྱ་མཚོས་བསྒྲིགས་པ་ལྟར་བརྩོན་འགྲུས་ཀྱིས་ཡི་གེར་ཕབ་པའོ། ། ༄༅། །སྐྱབས་འགྲོའི་སྡོམ་ལུང༌། སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། ། དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། ། ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། ། ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། ། 7-1-88 དེ་ལ་འདིར་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་ རྒྱལ་པོ་ཤཱཀྱ་སེང་གེ་གང་ཉིད་ཀྱིས་གདུལ་བྱ་སོ་སོའི་ཁམས་དབང་མོས་པ་དང་མཐུན་ པའི་སྒོ་ནས་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་བརྟེན་ནས་བཀའ་འཁོར་ལོ་རིམ་པ་གསུམ་ ལེགས་པར་བསྐོར་བ་ནི། ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བཀའ་ དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡུལ་བྱ་རྒོད་ཕུང་རི་སོགས་སུ་ བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡུལ་ཡངས་པ་ཅན་ སོགས་སུ་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ བ་ལ་བརྟེན་ནས་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྐབས་སུ། སེམས་ཅན་རང་རང་སོ་སོའི་ཁམས་དབང་མོས་པ་དང་མཐུན་པའི་སྒོ་ནས་ཐོག་མར་དཀོན་ མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེགས་པར་སྦྱིན་པ་འདི་ནི། ཇི་སྐད་དུ། གང་ ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་ དང༌། གཞན་ཡང༌། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་དུས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱང༌། །གདུལ་བར་བྱ་བའི་སེམས་ཅན་ལ། །ཐུབ་པ་དུས་ལས་ཡོལ་མི་སྲིད། །ཅེས་གསུངས་པ་ ལྟར་རང་ཅག་རྣམས་ཀྱི་མདུན་གྱི་ནམ་མཁར་དད་པ་དག་སྣང་དང་བསོད་ནམས་བསགས་ པའི་ཡུལ་དུ་འཇའ་སྤྲིན་སྣ་ཚོགས་འཁྲིགས་པའི་དབུས་སུ་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་ པ་རྣམས་དང་ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཚོགས་དང་བཅས་པ་དང༌། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མའི་ཚོགས་དང་བཅས་པ་དེ་དག་ཐམས་ ཅད་མདུན་འདིར་མངོན་སུམ་ལྟ་བུར་བཞུགས་ཐག་བཅད་པའི་དྲུང་དུ། འོ་ནམ་མཁའ་དང་ མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ ཆེད་དུ་ཆོས་ཀུན་གྱི་རྩ་བ་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ 7-1-89 ལེགས་པར་བླང་བར་བྱ་སྙམ་པའི་བསམ་པས་ཀུན་སློང་སྐྱེད་བཞིན་པའི་སྒོ་ནས་གསན་པར་ ཞུ། གང་གསན་པར་བྱ་བའི་ཆོས་ནི་འདས་མ་འོངས་ད་ལྟ་དུས་གསུམ་དུ་བྱོན་པའི་སྤངས་ རྟོགས་མཐར་ཕྱིན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། དེ་དག་གི་ཐུགས་རྒྱུད་ན་ བཞུགས་པའི་སྤངས་པ་དང་རྟོགས་པའི་ཡོན་ཏན་དམ་པའི་ཆོས་ཟབ་མོ་རྣམས་དང༌། རིག་ གྲོལ་གཉིས་ལྡན་གྱི་ཡོན་ཏན་དང་ལྡན་པའི་འཕགས་པའི་དགེ་འདུན་དང༌། དེ་དག་གི་མདུན་ དྲུང་དུ་དཀོན་མཆོག་གསུམ་ལ་དུས་དེ་རིང་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་དཀོན་ མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པའི་ཀུན་སློང་བསྐྱེད་པའི་སྒོ་ནས་གསོལ་བ་འདེབས་ པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བླ་མ་རིན་པོ་ཆེ་རྣམས་བདག་ལ་དགོངས་ སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་ སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་རྫོགས་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་ པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པའི་དགེ་འདུན་ རྣམས་ལ་སྐྱབས་སུ་མཆིའོ། །བདག་སྐྱབས་སུ་འགྲོ་བའི་སྡོམ་ལྡན་དུ་ལེགས་པར་བཟུང་དུ་ གསོལ། ཞེས་རྗེས་ཟློས་ལན་གསུམ་བྱ་བའི་ལན་ཐ་མའི་དུས་སུ་རང་ཅག་རྣམས་ཀྱི་རྒྱུད་ལ་ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། ཇི་སྐད་ དུ། ཕྱི་བ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་གསུངས་པ་ལྟར་ཕྱི་རོལ་མུ་སྟེགས་པ་ནི་དཀོན་ མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་རྣམས་ཡིན། ནང་པ་སངས་རྒྱས་པ་ནི་དཀོན་མཆོག་ གསུམ་ལ་སྐྱབས་སུ་འགྲོ་བ་རྣམས་ཡིན་པས་ད་ནི་སངས་རྒྱས་ལ་སྐྱབས་སུ་སོང་ཕན་ཆད་ ནས་ནི་འཇིག་རྟེན་པའི་ལྷ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་མི་རུང་བ་དང༌། སངས་རྒྱས་ 7-1-90 ཀྱི་སྐུ་གཟུགས་བཅོམ་ཞིག་ཏུ་མི་བཏང་བ་མ་ཟད་ཐ་ན་གཟུགས་སྐུའི་ཆག་དུམ་ཡན་ཆད་ འགོམ་ཡུག་ཏུ་མི་བཏང་བར་འདི་ཕྱི་གཏན་གྱི་སྐྱབས་གནས་ཡང་དག་ཏུ་འཛིན་དགོས་པ་ འདི་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའི་སྡོམ་པའི་བསླབ་བྱ་ཡིན། དམ་པའི་ཆོས་ལ་སྐྱབས་ སུ་སོང་ཕན་ཆད་ནས་ནི་སེམས་ཅན་ལ་གནོད་འཚེའི་བསམ་པ་སྤྱི་དང་སྦྱོར་བ་དང་བཅས་པ་ ལེགས་པར་སྤང་དགོས་པར་མ་ཟད། ཡི་གེ་གསུང་རབ་འབྲི ་བཞེངས་སོགས་ལ་ལེགས་པར་ རེམ་དགོས་པ་དང༌། ཡི་གེ་གསུང་རབ་སོགས་བཅོམ་ཞིག་ཏུ་མི་བཏང་བ་མ་ཟད། ཐ་ན་ཀ་ འབྲུགཅིག་ཡན་ཆད་འགོམ་ཡུག་ཏུ་མི་བཏང་བར་འདི་ཕྱི་གཏན་གྱི་སྐྱབས་གནས་ཡང་དག་ ཏུ་འཛིན་དགོས་པ་འདི་ནི་དམ་པའི་ཆོས་ལ་སྐྱབས་སུ་སོང་བའི་སྡོམ་པ་ཡིན། འཕགས་པའི་ དགེ་འདུན་ལ་སྐྱབས་སུ་སོང་ཕན་ཆད་ནས་ནི། ཇི་སྐད་དུ། སྡིག་གྲོགས་ཞེས་བྱ་རྭ་ཅན་མི་ འབྱུང་སྟེ། །རྩེད་རྒོད་གཡེང་བའི་གྲོགས་དེ་སྡིག་གྲོགས་ཡིན། །ཞེས་གསུངས་པ་ལྟར་དང༌། གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང༌། །ཐོས་བསམ་སྒོམ་པའིབྱ་བ་ཉམས་ འགྱུར་ཞིང༌། །བྱམས་དང་སྙིང་རྗེ་མེད་པར་བསྒྱུར་བྱེད་པའི། །གྲོགས་ངན་སྤང་བ་རྒྱལ་སྲས་ ལག་ལེན་ཡིན། །ཞེས་གསུངས་པ་ལྟར་སྡིག་པའི་གྲོགས་པོ་དང་གཏན་ནས་འགྲོགས་མི་རུང་ བ་ནི་འཕགས་པའི་དགེ་འདུན་ལ་སྐྱབས་སུ་སོང་བའི་སྡོམ་པ་ཡིན། ད་ནི། གང་ཞིག་བསྟེན་ ན་ཉེས་པ་ཟད་འགྱུར་ཞིང༌། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་ དམ་པ་རང་གི་ལུས་བས་ཀྱང༌། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་ གསུངས་པ་ལྟར་རང་རྒྱུད་ལ་ཡོན་ཏན་བསྐྱེད་པ་དང་དགེ་སྡིག་གི་བླང་དོར་བཤད་པ་ལ་ སོགས་པའི་དགེ་བའི་གྲོགས་པོ་རྣམས་དང་རྒྱུན་དུ་འགྲོགས་དགོས་པ་དང༌། འཕགས་པའི་ དགེ་འདུན་ལ་སྐྱོན་བརྗོད་པ། དམའ་འབེབས་པ་མ་ཟད་ཐ་ན་ངུར་སྨྲིག་གི་ལྷན་པ་ཙམ་ཡང་ འགོམ་ཡུག་ཏུ་མི་བཏང་བ་དང༌། འཕགས་པའི་དགེ་འདུན་ལ་སྐྱབས་སུ་སོང་ཕན་ཆད་ནས་ 7-1-91 ནི་དགེ་འདུན་ལྕུག་སེར་ཅན་ཡན་ཆད་ལ་འདི་ཕྱི་གཏན་གྱི་སྐྱབས་གནས་ཡང་དག་ཏུ་འཛིན་ པའི་སྒོ་ནས་ད་ནི་ཤི་ན་གསོན་ན་ལེགས་ན་ཉེས་ན་སྐྱིད་སྡུག་ལེགས་ཉེས་གང་བྱུང་ན། སྤྱིར་ བླ་མ་དཀོན་མཆོག་གསུམ་འདི་ཕྱི་གཏན་གྱི་སྐྱབས་གནས་ཡང་དག་ཏུ་འཛིན་དགོས་པ་ཡིན་ པས་ཉིན་རེ་བཞིན་སྐྱབས་འགྲོ་དྲུག་སྐོར་རམ་སྐྱབས་འགྲོ་བཞི་སྐོར་གང་རུང་བརྒྱ་ཕྲག་རེ་མི་ ཆད་པར་འདོན་པའི་སྒོ་ནས་སྙིང་ཁོང་རུས་པའི་གཏིང་ནས་དད་པ་ཡང་དག་བྱེད་པའི་སྒོ་ནས་ སྐྱབས་འགྲོའི་རྒྱུ་ནི་ངན་སོང་ལ་འཇིགས་སྐྲག་གི་བློ་བསྐྱེད་པ་དང༌། དེ་ལས་སྐྱོབས་པའི་ནུས་ པ་བླ་མ་དཀོན་མཆོག་མ་གཏོགས་གཞན་གང་ལ་མེད་པར་ཡིད་ཁྱེད་ཤེས་ཀྱི་དད་པ་དང༌། ཐེག་ཆེན་གྱི་སྐྱབས་འགྲོ་འདི་ནི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྲིད་པ་འཁོར་བ་ དང༌། ཞི་བ་མྱང་འདས་ཀྱི་འཇིགས་པ་ལས་སྐྱོབ་པའི་སྐྱབས་སུ་བསྟེན་དགོས་པའི་བསམ་པ་ རྒྱ་ཆེན་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་འདི་ནི། ཐེག་ཆེན་གྱི་སྐྱབས་འགྲོ་ཡིན་པས་དེ་ལྟ་བུའི་སྒོ་ ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པའི་བསླབ་བྱ་རྣམས་རྒྱུད་ལ་ལེགས་ པར་བཟུང་བ་འདི་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་པས་དེ་ལྟ་བུའི་ཚུལ་ཁྲིམས་འདི་རྣམ་པར་ དག་ཅིང་གོང་ནས་གོང་དུ་འཕེལ་བྱེད་ཀྱིརྒྱུ་ནི། ཚུལ་ཁྲིམས་ཀྱི་ངོ་བོ་འདི་ནི་བསྲུང་སེམས་ ས་བོན་དང་བཅས་པ་ཡིན་པས། དེ་དག་བསྲུང་དགོས་པ་ཡིན་པས་དེའི་ངོ་བོ་གོང་འཕེལ་དུ་ འགྲོ་བའི་ཆེད་དུ་བཅོམ་ལྡན་འདས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་གང་ཉིད་ཀྱིས་འཕགས་ པ་དོན་ཞགས་ཀྱི་རྒྱུད་ལས་ཚུལ་ཁྲིམས་ཀྱི་གཟུངས་མདོ་གསུངས་པ་འདི་ཡང་རྗེས་ཟློས་དང་ བཅས་པའི་སྒོ་ནས་ལན་འགའ་འདོན་པར་གྱིས་ཤིག །ༀ་ཨ་མོ་གྷ་ཤི་ལའི༴ གཟུངས་སྔགས་ ལན་གསུམ། དེ་ནས་ཚུལ་ཁྲིམས་ཀྱི་སྨོན་ལམ་འདི་ཡང་རྗེས་ཟློས་གྱིས་ཤིགཁྲིམས་ཀྱི་ཚུལ་ ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམས་སེམས་མེད་པའི་ཚུལ་ ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ད་ནི་དམ་པ་གོང་མ་རྣམས་ཀྱི་ཕྱག་ 7-1-92 བཞེས་ལྟར་མཐོང་སྡོམ་དང་ཐབས་ལེགས་ལེགས་པར་སྦྱིན་པའི་སྒོ་ནས་ཁྱེད་རང་རྣམས་ ད་སྔ་ཡན་ཆད་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་འཁྱམས་པར་བྱེད་པའི་རྒྱུ་ནི་སྤྱིར་མི་ དགེ་བ་བཅུ་དང༌། སྒོས་བདག་གཅེས་འཛིན་འདི་ལ་བརྟེན་པའི་སྒོ་ནས་ཉོན་མོངས་པ་དུག་ གསུམ་གྱིས་བསྐྱེད་པའི་སྒོ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བའི་ཉེས་པ་དེ་ དག་ལ་ཉེས་པ་དེ་དག་ཏུ་མཐོང་ལགས་སམ། མཐོང་ལགས། ད་ཉེས་པ་དེ་དག་ལས་སླར་ ཡང་ལུས་ངག་ཡིད་གསུམ་སྡོམ་པར་བྱེད་དམ། བྱེད་ལགས། ད་ནི་དེ་ལྟ་བུའི་དཀོན་མཆོག་ གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་འདི་ནི་སྤྱིར་ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ སྐྱོབ་པའི་བསམ་པས་ཀུན་སློང་བསྐྱེད་པ་དང༌། གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་རྩིས་ ཟིན་པའི་སྒོ་ནས་དགེ་ཚོགས་གང་དང་གང་བསྒྲུབ་པར་བྱས་ན་ནི་མཐར་ཐུག་རྫོགས་པའི་ སངས་རྒྱས། སྐྱབས་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་གསུམ་གྱི་གོ་འཕང་ཐོབ་ པའི་ཐབས་ཁྱད་པར་བ་ཡིན་ནོ། །ལེགས་སོ། ། ད་ནི་དེ་ལྟ་བུའི་དེ་རིང་གི་དགེ་ཚོགས་འདིས་མཚོན་བྱེད་བྱས་ནས་རང་གཞན་གྱི་དགེ་ ཚོགས་གང་དང་གང་བསགས་པ་དེ་དག་ཐམས་ཅད། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ ལམ་ལས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་ བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་ བསྔོ། །ཞེས་གསུངས་པ་ལྟར་དང༌། ཇི་སྐད་དུ། རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་བ་བཞིན། །རྒྱ་ མཚོ་མ་ཟད་བར་དུ་དེ་མི་འཛད། །བྱང་ཆུབ་སེམས་དཔས་ཡོངས་བསྔོས་དགེ་བ་དག །བྱང་ ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་གསུངས་པ་ལྟར་དང༌། ལྟུང་བ་བཤགས་པའི་མདོ་ལས། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོས་པ་དང༌། ཇི་ ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་བསྔོ་བར་མཛད་པ་ 7-1-93 དང༌། ཇི་ལྟར་ད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡོངས་སུ་ བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱི། ཞེས་གསུངས་ པ་ལྟར་དང༌། ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་སློབ་མར་ བཅས་པ་དེ་དག་ཐམས་ཅད་ཀྱི་དགེ་ཚོགས་ཐམས་ཅད་དང༌། དེ་མ་ཟད་ཐ་ན་སོ་སྐྱེས་རང་ག་ བ་རྣམས་ཀྱིས་དགེ་ཚོགས་གང་དང་གང་བསྒྲུབས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་མཐུ་ ལ་བརྟེན་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་འཐོབ་ པའི་རྒྱུར་བསྔོ་བའིརྒྱས་གདབ་པར་གྱུར་ཅིག བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ ཕམ་བྱེད་ཅིང༌། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲིགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་ བར་ཤོག །ཚུལ་ཁྲིམས་བསླབ་པ་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །ངེས་འབྱུང་བསམ་པ་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་ བར་ཤོག །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །སྟོང་ཉིད་ལྟ་བ་རིན་པོ་ཆེ། །མ་ སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ ཤོག །རྒྱལ་སྲས་སྤྱོད་པ་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་ པ་ཡང༌། །གོང་ནས་གོང་དུ་འཕེལ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་ མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་ རྗེའཆང་གི་གོ་འཕང་མྱུར་འཐོབ་ཤོག །ཅེས་སྐྱབས་འགྲོའི་སྡོམ་ལུང་འདི་ཉིད་ནི་༡༩༩༦ལོརྒྱ་ནག་སྤོས་ལྡན་གྲོང་ ཁྱེར་དུ་རྒྱ་བོད་ཀྱི་དད་ལྡན་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་བཀའ་ཡོངས་རྫོགས་བསྐུར་སྐབས་སུ་ཉིད་ཀྱི་ཐུགས་ཐོག་ 7-1-94 ནས་གསུངས་པ་ཇི་བཞིན་ཕྱིས་སུ་བརྙན་འཁོར་ལས་བཤུས། ༄༅། །སྟོན་པའི་རྗེས་འཇུག་རྣམས་ལ་གདམས་པ། ལས་དང་པོ་བ་རྣམས་ཀྱིས་རང་རྒྱུད་བརྟགས་པ་འདི་གལ་ཆེ། རང་གི་བདག་འཛིན་ཇེ་ ཆུང་དང༌། འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཉོན་མོངས་ཇེ་ཆུང་ལ་སོང་བ་ཆོས་ཡིན། དེ་ མ་ཡིན་ན་ཆོས་མིན། མདོར་ན་དགེ་སྦྱོར་ཐམས་ཅད་རང་རྒྱུད་ཀྱི་ཉོན་མོངས་པ་ཞི་ཐབས་སུ་ སོང་ན་ཆོས་ཡིན། དེ་མ་སོང་ན་ཆོས་ཡང་དག་མ་ཡིན་ཀྱང་མངོན་མཐོའི་རྒྱུ་ཙམ་ནི་ལོས་ཡིན་ ལགས། བླ་མ་བཟང་པོར་བརྩི་བ་དང་སེར་མོ་བཟང་པོར་བརྩི་བ་ཐམས་ཅད་ཀྱི་རང་རྒྱུད་ ཉོན་མོངས་པས་སྦོས་ནས་ང་རྒྱལ་ཕྲག་དོག་ཇེ་རྒྱས་སུ་སོང་ན་དམ་པ་གོང་མའི་གསུངས་ ལས། བཟོད་སྲན་ཤའུ་ལས་ཆུང་བ། ཀོ་ལོང་གཙང་བཙན་ལས་ཆེ་བ་སོགས་བྱུང་ན་ཆོས་ མ་འགྲུབ་པར་བདུད་འགྲུབ་ཚར་བ་ཡིན། དེང་སང་རྒྱལ་ཁམས་ཟོག་པོས་གང་བའི་དུས་ ཡིན་པས་ཆོས་ཟབ་མོ་མི་བྲི ན་ཟང་ཟིང་བྲི ན། ཆོས་པ་ཞེས་བྱ་བ་ནི་ཕྱི་ནས་བལྟས་ན་མངོན་ ཚན་ཆུང་བ་ནང་ཡོན་ཏན་གྱི་ཆོད་ཆེ་བ་ཞིག་དགོས། བློལྡོ ག་རྣམ་བཞི་ལ་བརྟེན་ནས་འཁོར་ བ་ལ་ཞེན་པ་ལྡོག་པའི་ངེས་འབྱུང་གི་བསམ་པས་ཟིན་པའི་སྒོ་ནས་དགེ་བ་གང་སྒྲུབ་ཐམས་ ཅད་ཐར་བའི་རྒྱུར་འགྱུར་གྱི་དེས་མ་ཟིན་པའི་དགེ་བ་གང་བྱས་རྣམས་འཁོར་བའི་རྒྱུ་ཁོ་ན་ ཡིན། གཞན་ཕན་བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་སྦྱོར་གང་བསགས་རྣམས་རྫོགས་ པའི་སངས་རྒྱས་ཀྱི་རྒྱུར་འགྱུར་གྱི་དེས་མ་ཟིན་པའི་ཆོས་སྒྲུབ་ལོ་གང་བྱས་ཐམས་ཅད་སངས་ རྒྱས་པའི་རྒྱུར་མི་འགྲོ་ལགས། སྡུག་བསྔལ་མ་ལུས་པ་འབྱུང་བའི་གཞི་ནི་བདག་གཅེས་ འཛིན་དང་བདག་བདེ་འདོད་གཉིས་ཡིན། རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ནི་བདག་བས་ 7-1-95 གཞན་གཅེས་ཀྱི་བསམ་པ་འདི་ཡིན། བློ་སྦྱོང་ལྟར། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་ དང་བུབ་ཁ་རང་གིས་བླངས། །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་ སྨིན་ཤོག །ཅེས་པ་ལྟར་རྒྱུད་ལ་སྦྱར་བར་བྱའོ། ། སྤྱིར་གཅོད་ཅེས་པའང་རང་རྒྱུད་ཀྱི་བདག་འཛིན་ཟད་པས་ན་གཅོད་པ་ཡིན། དུག་ གསུམ་གྱི་རྒྱུད་ལས་ཕྱིའི་ཡུལ་དུ་འདྲེ་གདོན་སྣ་ཚོགས་ཤར་བ་ཡིན་ཀྱང༌། རང་རྒྱུད་ཀྱི་ཉོན་ མོངས་པ་ཟད་ན་སྟོང་གསུམ་འདྲེ་གདོན་གྱིས་ཁྱབ་ཀྱང་བ་སྤུའི་རྩེ་ཙམ་ཡང་གཡོ་མི་ནུས་པ་ ཡིན། དེ་མ་ཡིན་པར་འདྲེ་གདོན་ཐམས་ཅད་ནི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་རྗེས་སུ་ བཟུང་བས་དེ་དག་བདེ་བ་ལ་འགོད་དགོས་པ་ཡིན། སྔོན་བསགས་ངན་པའི་འདྲེ་གདོན་མ་ ཟད་སེམས་ཅན་ཐམས་ཅད་ལ་ཕན་པ་རླབས་ཆེན་སྒྲུབ་པ་ནི་སངས་རྒྱས་པའི་ཆོས་ལུགས་ ཡིན་ནོ། །ཞེས་ནོར་འཕེལ་གྱིས་བསྐུལ་ཏེ་ཡོན་མིང་པས་སྟོན་པའི་རྗེས་འཇུག་རྣམས་ལའོ། ། ༄༅། །སློབ་བུ་རྣམས་ལ་ཞལ་གདམས། དུས་གསུམ་སངས་རྒྱས་མི་ཡི་གཟུགས་སྟོན་པ། ། རྒྱལ་བ་གཉིས་པ་ཇོ་ནང་ཡབ་སྲས་དང༌། ། དབང་ལུང་མན་ངག་བརྒྱུད་པའི་བླ་མ་ལ། ། 7-1-96 སྙིང་ནས་གུས་པས་གསོལ་བ་འདེབས་པ་ལགས། ། གང་གིས་ཆོས་བརྒྱད་འདོར་ལེན་རབ་སྤངས་ནས། ། བསྟན་འགྲོའི་དོན་ཆེན་རྩེ་གཅིག་བརྩོན་མཛད་པའི། ། འཇམ་དབྱངས་གཞོན་ནུ་མ་ཏི་ཀིརྟི་རྗེ། ། བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། ཕན་བདེ་མ་ལུས་འབྱུང་བའི་གཞི་གཅིག་པུ། ། དམ་པའི་ཆོས་རྣམས་བསྒྲུབ་ལ་རག་ལས་པས། ། ཐོག་མར་བཤེས་གཉེན་དམ་པ་ལེགས་པར་བསྟེན། ། འདུལ་ཁྲིམས་གཙང་མའི་ནོར་འཛིན་ཡངས་པ་རུ། ། དད་དང་ངེས་འབྱུང་གཞན་ཕན་བྱང་ཆུབ་སེམས། ། ལྟ་བ་ཡང་དག་སྒོམ་པའི་ས་བོན་འདེབས། ། དྲན་ཤེས་བྱ་རས་བྱིང་རྒོད་ཕྲ་རགས་རྣམས། ། ལེགས་པར་བསལ་ལ་བརྩོན་པ་ལྷོ ད་མེད་ཀྱིས། ། རྟོག་ཚོགས་མ་ལུས་རབ་ཏུ་བཅད་པར་མཛོད། ། དེ་ཡང་རང་སེམས་གསལ་སྟོང་བརྗོད་བྲལ་བ། ། རྒྱང་རིང་ཡུལ་ན་མི་བཞུགས་སེམས་ཀྱི་གཤིས། ། བརྩོན་པ་བསྐྱེད་དེ་ཆུ་བོའི་རྒྱུན་བཞིན་སྐྱོངས། ། ཀུན་རྫོབ་འཁྲུལ་སྣང་མཐའ་དག་སྟོང་པའི་དབྱིངས། ། ཡེ་བཞུགས་གདོད་མའི་མགོན་པོ་ཀུན་ཁྱབ་པ། ། རང་སེམས་གནས་ལུགས་ཆོས་སྐུ་གཉིས་འཛིན་བྲལ། ། 7-1-97 བླ་མའི་ཐུགས་དང་ཡི་དམ་རྒྱ་མཚོའི་བདག ། འཁོར་འདས་གཤིས་བཞུགས་མཛད་བཟང་ཉེར་སྩོལ་མཁན། ། མངོན་མཐོའི་སྣོ ད་བཅུད་ཀུན་རྫོབ་སྣང་ཆའི་རིགས། ། འགྲོ་ལ་བདེ་བར་སྣང་བའི་ཆ་ཇི་སྙེད། ། གཞི་དབྱིངས་ཆོས་སྐུའི་མཛད་ཕྲིན་ཁོ་ནར་ངེས། ། དང་པོའི་ལུས་ཅན་ཐོས་བསམ་བྱེད་པའི་སྐབས། ། རིགས་གཞུང་ལ་བརྟེན་ཐལ་རྟགས་ཤིན་ཏུ་འཕེལ། ། རང་ཕྱོགས་རྒྱལ་དང་གཞན་ཕྱོགས་ཕམ་པའི་ཐབས། ། དེར་བརྩོན་ཁོ་ན་རྒྱལ་བའི་བསྟན་དང་འགལ། ། རྫོགས་པའི་སངས་རྒྱས་གཞན་ཕན་ཁོ་ནས་འཁྲུངས། ། བདག་འཛིན་ང་རྒྱལ་ཕྲག་དོག་འཁོན་འཛིན་སོགས། ། རང་ལ་ཡོད་མེད་དུས་རྒྱུན་བརྟགས་དཔྱད་མཛོད། ། ཆོས་གཟུགས་འཛིན་ཀྱང་ཆོས་མིན་བྱེད་པར་སྲིད། ། ལོངས་སྤྱོད་སྙན་གྲགས་གོ་ས་མཐོ་བའི་ཐབས། ། དོན་དུ་གཉེར་ན་ཆོས་བརྒྱད་དབང་དུ་འགྲོ། ། འཇིག་རྟེན་དོན་གཉེར་མ་ལུས་རླུང་ལ་བསྐུར། ། འཆི་ཆོས་གཤའ་མ་སོགས་ལ་འབད་པར་མཛོད། ། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་འདི། ། དཔེ་གྲངས་རྒྱུ་གསུམ་སྒོ་ནས་རྙེད་པར་དཀའ། ། དེ་དོན་མེད་དུ་མ་བཏང་ཆོས་ལ་འབོད། ། 7-1-98 ཆོས་བྱ་འདོད་ཀྱང་ལེ་ལོས་དབང་དུ་ཤོར། ། དགྲ་འཆི་བདག་འདི་ནམ་འོང་ཆ་མ་མཆིས། ། དུས་ད་ལྟ་ཉིད་ཆོས་ལ་འབད་པར་མཛོད། ། ལས་རྒྱུ་འབྲས་རྣམས་མིག་གི་འབྲས་ལྟར་སྲུངས། ། དཀར་ནག་བསག་སྤངས་ཚུལ་ལ་མྱུར་རེམ་མཛོད། ། སྐྱེ་རྒ་ན་འཆིའི་ཁུར་གྱིས་ནོན་པའི་སྐབས། ། བཟོད་དཀའི་སྡུག་བསྔལ་མྱོང་ལ་ཉེ་བའི་ཚེ། ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ངང༌། ། སྤྲོས་བྲལ་གནས་ལུགས་ངང་ནས་འཕོ་བའི་ཐབས། ། སྡུག་བསྔལ་འཁོར་བའི་གཏིང་མཐའ་རིང་མོ་ལས། ། ཐར་འདོད་ཤུགས་དྲག་བསྐྱེད་དེ་འཕོ་བའི་ཐབས། ། བླ་མ་སྐུ་བཞིའི་ཐུགས་དང་རང་སེམས་གཉིས། ། གཅིག་ཏུ་བསྲེ ས་པའི་ཐབས་མཆོག་གོམས་པར་མཛོད། ། སློབ་བུ་རྣམས་ལ་དགེ་རྒན་ཡོན་མིང་པས་སོ། ། ༄༅། །དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས་ ཀྱི་ལམ་ཉམས་ལེན་བྱ་ཚུལ་ མདོར་བསྡུས། 7-1-99 ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ་ཆེན་པོའི་ཞལ་སྔ་ནས། མཉམ་བཞག་ཟབ་མོ་ ལ་ལ་བཟླ་བའི་ཚེ། བྱ་རྒོད་ཀྱིས་གནམ་འཕང་བཅད་པ་བཞིན་ཉམས་ལེན་བྱ་དགོས་པར་ གསུངས་པ་སྟེ། བྱ་རྒོད་གཤོག་རྩལ་རྒྱས་པ་ནམ་མཁར་བགྲོད་པ་ན་ཐོགས་ས། རེག་ས། བརྟེན་ས། གནས་ས་གང་ཡང་མེད་པ་བཞིན་དུ་རང་སེམས་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ ལྟ་བུ་དེའི་ངོར་གཏད་ས། འཛིན་ས། སྒོམ་རྒྱུ། བསམ་རྒྱུ་གང་ཡང་མེད་པའི་མ་བཅོས་བསམ་ མེད་ཀྱི་རྣལ་འབྱོར་ཟབ་མོ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ནོ། །དེའི་དགོངས་དོན་རྗེ་ བཙུན་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བ་ལས་ལེགས་པར་བཀྲལ་བ་ཡང༌། བོད་ ཉིད་ལ་གྲགས་པའི་ཕྱག་ཆེན། ཞི་བྱེད། རྫོགས་ཆེན། སེམས་སྡེ། གཅོད་ཡུལ། བསམ་མི་ ཁྱབ། འཁོར་འདས་དབྱེར་མེད། ཀ་དགཁྲེགས་ཆོད་ལ་སོགས་པར་གྲགས་པའི་མན་ངག་གི་ གནད་མ་ལུས་པ་འདི་མ་བཅོས་བསམ་མེད་ཀྱིརྣལ་འབྱོར་ཟབ་མོ་ཁོ་ན་ལ་འདུས། རྫོགས་ རིམ་སྦྱོར་བ་ཡན་ལག་དྲུག་གི་སོར་སྡུད་ཡན་ཆད་ལ་གདམས་ངག་དེ་དག་གིས་སྙེག་པར་མི་ སྤོབས་པའི་མངོན་པར་འཕགས་པའི་ཁྱད་ཆོས་དུ་མ་དང་ལྡན་པ་ཡིན་ནོ། །ཞེས་གསུངས་ པ་ཡིན་ཏེ། ཕྱག་རྫོགས་ལ་སོགས་པ་དེ་དག་གི་གནད་ཐར་ཐུག་པ་ནི། གཏད་ཞེན་དང་མྱོང་ རྒྱུ་དང་འཛིན་རྒྱུ་སོགས་གང་ཡང་མེད་པའི་བློས་བྱས་ཀྱི་ཆ་ཐམས་ཅད་དང་བྲལ་བའི་མ་ བཅོས་པའི་རིག་པ་ཉིད་ཡིན་གྱི་དེ་ལས་གཞན་གང་ཡང་མེད་པར་འདོད་ལ། དེ་འདྲ་ནི་རང་ ལུགས་ལ་དབེན་གསུམ་གྱི་མན་ངག་གི་སྐབས་མི་རྟོག་པ་མཚན་ཉིད་ཚང་བ་དེ་ལ་ཡོད་པ་ གང་ཞིགསོར་སྡུད་ཡན་ཆད་དུ་ནི་མཚན་མེད་ཀྱི་སྟོང་ཉིད་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ ཤེས་མངོན་སུམ་དུ་རྟོགས་པ་དེའི་སྟེང་དུ་མཚན་བཅས་ཀྱི་སྟོང་ཉིད་རྣམ་པ་ཀུན་ལྡན་གྱི་སྟོང་ གཟུགས་མངོན་སུམ་དུ་རྟོགས་པ་ཡོད་པས་དེ་གཉིས་ཀ་ཅིག་ཅར་དུ་མངོན་སུམ་དུ་རྟོགས་ 7-1-100 པའིཕྱིར་རོ། །དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པའི་ཡེ་གཞི་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ ཤེས་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་སྟོབས་བཅུ་མངའ་བའི་སངས་རྒྱས་དེ་ཉིད་མངོན་ དུ་འགྱུར་བའི་ཐབས་དམ་པ་ནི་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གནད་དམ་པ་ལགས། ཞེས་ཉམས་ལེན་བྱ་ལུགས་མདོར་བསྡུས་འདི་ཡང་བླ་མ་ཀུན་རྟོགས་ལ་མཁོ་ཕྱིར་འཛམ་ཐང་ པ་བློ་བཟང་ཆོས་འཕེལ་གྱིས་དཔལ་མི་འགྱུར་བདེ་ཆེན་གླིང་དུ་སྦྱར་བ་དགེ ༄༅། །ཡིད་ཆེས་གསུམ་ལྡན། འུ་ཅག་ཆོས་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱིས་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ ཉམས་སུ་ལེན་པ་ལ་ཡིད་ཆེས་རྣམ་པ་གསུམ་དང་ལྡན་དགོས་ནི་རེད། ཡིད་ཆེས་གསུམ་ནི། ཆོས་ལ་ཡིད་ཆེས་པ། བརྒྱུད་པའི་བླ་མ་ལ་ཡིད་ཆེས་པ། རང་ལ་ཡིད་ཆེས་པ་གསུམ་པོ་དེ་ རེད། དང་པོ་ཆོས་ལ་ཡིད་ཆེས་པ་ནི། རྒྱུད་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་གཉིས་མེད་དུས་ཀྱི་ འཁོར་ལོའི་རྩ་རྒྱུད་དང་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་རྣམས་རེད། གཉིས་པ་བརྒྱུད་པའི་བླ་མ་ལ་ཡིད་ཆེས་པ་ནི། ཆོས་རྒྱལ་ཟླ་བཟང་ནས་ཆོས་རྒྱལ་ཆེན་ པོ་བདུན་དང༌། གྲུབ་ཆེན་དུས་ཞབས་ནས་པཎ་ཆེན་ཟླ་མགོན་སོགས་སྦྱོར་དྲུག་བརྒྱུད་པའི་ བླ་མ་རྣམས་ཀྱི་གསང་སྔགས་ཟབ་ཆོས་ཀྱི་ལམ་ཉམས་ལེན་འདི་བུམ་པ་ཚད་ལྡན་ནས་བུམ་ པ་ཚད་ལྡན་དུ་བརྒྱུད་པ་ལྟར་དམ་ཚིག་གསེར་གྱི་ཉག་ཐག་ལ་ཉེས་ལྟུང་གི་གཡའ་ཡིས་མ་ གོས་པ་རྩ་བའི་བླ་མའི་བར་དུ་བཞུགས་པ་འདི་བརྒྱུད་པའི་བླ་མ་རྣམས་ལ་ཡིད་ཆེས་པ་རེད། 7-1-101 གསུམ་པ། རང་ལ་ཡིད་ཆེས་པ་ནི། རང་གི་ལུས་རྟེན་འདི་ཁམས་དྲུག་ལྡན་རྡོ་རྗེའི་ལུས་རྟེན་ རྩ་རླུང་ཐིག་ལེ་གསུམ་པོ་བྱེད་བཅིང་གི་གནད་ལ་བརྟེན་ནས་ལུས་ངག་ཡིད་གསུམ་དབེན་པ་ གསུམ་དང་ལྟོས་མེད་བཞིའི་གནད་ལ་བརྟེན་ནས་ནང་ཡང་དག་པའི་ཏིང་ངེ་འཛིན་གཡོ་ཐོབ་ གོམས་བརྟན་མཐར་ཕྱིན་པའི་ལམ་ཉམས་ལེན་ལ་འབད་ཐུབ་ན། རབ་ཚེ་གཅིག་ལ་སངས་ རྒྱས། འབྲི ང་བར་དོར་གྲོལ། ཐ་མ་སྐྱེ་བ་བདུན་ལས་མི་འགྱང་བ་རྡོ་རྗེ་འཆང་གི་བཀའ་ཡིན་ ནི་རེད། ཅེས་པ་འདི་ཡང་གཟིམ་ཁང་བདེལྡན་ཕོ་བྲང་དུ་དགེ་འདུན་སུམ་བརྒྱ་ལྷག་ཙམ་ གྱིས་གདུགས་རིང་བྱེ་བ་གསུངས་པའི་སྐབས་སུ་ཛ་འགོ་བསྟན་འཛིན་རྒྱ་མཚོ་ལ་མཁོ་ནས་ ངག་དབང་ཡོན་ཏན་བཟང་པོས་བྲི ས་པ་དགེ ཤུ་བྷཾ། ༄༅། །སྔགས་སྡོམ་ནི། རང་ལ་དབང་ལུང་མན་ངག་གནང་བའི་དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་དང༌། ༡ དེ་ལྟ་བུའི་དཔལ་ལྡན་བླ་མས་ཅི་གསུང་གི་བཀའ་ལ་མི་ཉན་པ་དང༌། ༢ ཆོས་གྲོགས་རྡོ་རྗེའི་ སྤུན་ལ་འཁོན་སེམས་བྱེད་པ་དང༌། ༣ འགྲོ་ཀུན་ལ་བྱམས་པའི་སེམས་དང༌། ༤ ཁམས་ཀུན་ ད་བྱང་ཆུབ་ཀྱི་སེམས་ཉམས་པ་དང༌། ༥ ང་རྒྱལ་གྱི་དབང་གིས་རང་གཞན་གྱིགྲུབ་མཐའ་ སྨད་པ་དང༌། ༦ གསང་སྔགས་ཟབ་མོས་རྒྱུད་མ་སྨིན་པའི་མི་ལ་གསང་བསྒྲག་བྱས་པ་དང༌། ༧ ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལ་བརྙས་སྨོད་བྱས་པ་དང༌། ༨ གསང་སྔགས་ཟབ་མོའི་ ཆོས་ལ་སོམ་ཉི་ཟ་བ་དང༌། ༩ བྱམས་སེམས་མེད་པའི་གཡོ་སྒྱུའི་དབང་གི་བྱམས་སེམས་ བཟུང་བ་དང༌། ༡༠ ཟབ་མོའི་ཆོས་ལ་རང་བཟོས་ཀྱི་སྒོ་ནས་རྟོགས་གཅོད་བྱ་བ་དང༌། ༡༡ དག་པའི་གང་ཟག་ལ་སྐྱོན་བརྗོད་པ་དང༌། ༡༢ གསང་སྔགས་ཟབ་མོའི་དམ་རྫས་སྤངས་པ་ དང༌། ༡༣ རྡོ་རྗེ་མཁའ་འགྲོའི་རིགས་ཀྱི་བུད་མེད་ལ་སྨོད་པའོ། །༡༤ དེ་དག་ནི་རྩ་ལྟུང་བཅུ་ 7-1-102 བཞིའི་བརྗེད་ཐོ་མདོ་ཙམ་མོ། །ཅེས་པ་འདི་ཡང་བློ་གྲོས་ཚུལ་ཁྲིམས་ལ་མཁོ་ནས་གུ་ཎས་ བྲི ས། ༄༅། །ཞལ་རྒྱུན་ལས། ལུང་གསུང་མཁན་གྱི་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས་སྐུ་མདོག་གསེར་བཙོ་མའི་ མདངས་འོད་འབར་བ་གཡས་ཤེས་རབ་ཀྱི་རལ་གྲི་ནམ་མཁར་ཕྱར་བ། གཡོན་ཨུཏྤལའི་ སྡོང་བུར་ཆོས་ཕུང་བརྒྱད་ཁྲིའི་གཏེར་མཛོད་གླེགས་བམ་གྱིས་མཚན་པ་འཛིན་པ། ཞབས་ གཉིས་རྡོ་རྗེའི་དཀྱིལ་ཀྲུང་དུ་བཞུགས་པ། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་ སུ་དྷཱི་ཡིག་གིས་མཚན་པ་ལས་གང་དང་གང་གསུང་བའི་སྐབས་ཀྱི་ཡིག་འབྲུ་རྣམས་ཞལ་ ནས་བྱུང༌། བདག་ལྷ་མོ་སྒྲོལ་མར་གསལ་བའི་སྙན་གཡས་སུ་ཞུགས་ཏེ་ལུས་ནང་བརྒྱུད་ ནས་རང་སེམས་ཏཱྃཿ ཡིག་ལྗང་གསལ་དུ་གནས་པ་ལ་སིབ་སིབ་ཐིམ་པས་ཤིན་ཏུ་བརྟན་པར་ བཞུགས་པར་བསམ་ཞིང༌། ལུང་གང་གསུང་ཐམས་ཅད་ཀྱི་ས་བོན་ནམ་བག་ཆགས་དེས་ མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་ཀྱི་རྒྱུར་འགྱུར་བ་ནི་གདོན་མི་ཟ་ བ་ཡིན་ནོ། །དེ་ལུགས་སེམས་ལ་བཞག་སྟེ་ལུང་ཉན་པ་ལ་སྤྲོ་བ་བསྐྱེད་པ་གལ་ངེས་པར་ཆེ་ བ་ལགས། དམ་པ་གོང་མའི་ཞལ་རྒྱུན་ལྟར་ཡོན་མིང་པས་བྲི ས། ༄༅། །དུས་ཀྱི་འཁོར་ལོའི་ཕན་ཡོན། འོ་ད་འུ་ཅག་ཚོའི་ཡི་དམ་ལྷག་པའི་ལྷ་འདི་དུས་ཀྱི་འཁོར་ལོ་རེད། དམ་པ་གོང་མ་ 7-1-103 ཐམས་ཅད་ཀྱིས་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ལམ་འདི་ལ་བརྟེན་ནས་དཔེར་ན་ཤར་ འཛམ་ཐང་འདི་ནས་ཡིན་ན། བྱང་ཤམྦྷ་ལ་ཕ་ཁྱི མ་བུ་འགྲོ་བྱེད་པའི་སྐྱེས་བུ་དམ་པ་བསམ་ གྱིས་མི་ཁྱབ་པ་ཞིག་ལམ་ཉམས་ལེན་བྱས་ནས་བྱོན་ཡོད་རྒྱུ་རེད། དེ་རྣམས་ཀྱི་བཀའ་དྲིན་ ལ་བརྟེན་ནས་འུ་ཅག་ཚོ་ཡིན་ན་དུས་འཁོར་སྒྲུབ་བརྒྱུད་ཀྱི་བསྟན་པ་བསྐྱེད་རྫོགས་ཀྱི་ལམ་ ཉམས་ལེན། དེ་མ་ཡིན་དུས་འཁོར་སྒྲུབ་མཆོད་ཆེན་མོའི་ཐིག་རྡུལ་ཚོན་དང་བཅས་པ། བླ་ མེད་ཀྱི་རྒྱུད་སྡེ། བདེ་མཆོག་སྒྲུབ་མཆོད་ཆེན་མོའི་ཐིག་རྡུལ་ཚོན་དང་བཅས་པ་བཞག་ཡོད་ རྒྱུ་འདི། དམ་པ་གོང་མའི་བཀའ་དྲིན་ལ་བརྟེན་ནས་འུ་ཅག་ཚོ་ཡིན་ན་བག་ཆགས་འཇོག་ བྱེད་དང་སྨོན་ལམ་འདེབས་ཡུལ་དུ་བཞག་ཡོད་ནི་རེད། དེ་འུ་ཅག་གིས་ཅངས་འཇུས་བྱས་ ཏེ་དུས་འཁོར་གྱི་ལམ་བསྐྱེད་རྫོགས་གཉིས་ཡིན་ན་ཆོག་གི དེ་མིན་དཔེར་ན་ས་ཟླའི་སྒྲུབ་ མཆོད་ཆེན་མོ། ནག་ཟླའི་སྒྲུབ་མཆོད་ཆེན་མོ། བདེ་མཆོག་སྒྲུབ་མཆོད་ཆེན་མོ། བླ་མེད་ ཀྱི་རྒྱུད་སྡེ། ཕུར་བའི་སྒྲུབ་ཆེན། རྟ་མགྲིན་སྒྲུབ་ཆེན། དེ་དག་ཐམས་ཅད་འདི་སྔགས་བླ་ མེད་ཀྱི་རྒྱུད་སྡེ་ཆེན་པོ་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་ པའི་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གང་གི་ཡིན་ནའང༌། འདི་ལྟ་བུའི་གསང་སྔགས་ རྒྱུད་སྡེ་རྒྱ་མཚོའི་མཛོད་སྒོ་འདི་བདག་ཅག་གི་སྟོན་པ་མ་གཏོགས་པའི་གཞན་གང་གི་ཡང་ གསུངས་ཡོད་པ་མ་རེད། དེ་ཡིན་ན་འུ་ཅག་ཚོས་དལ་འབྱོར་ལ་སྙིང་པོ་ལེན་དགོས་པ་འདྲ། དུས་བཞིཕྱི་མའི་རྫོགས་ལྡན་ཤར་བ་ལ། ད་ལོ་ཉིས་བརྒྱ་སུམ་བརྒྱ་ཙམ་ལས་མེད་པས་དེའི་ གདུལ་ཞིང་དུ་གྱུར་ན། ས་ཆེན་དུམ་བུ་བཅུ་གཉིས་འཛམ་གླིང་གླིང་བཞི་གླིང་ཕྲན་བརྒྱད་དུ། དུས་བཞི་ཕྱི་མའི་རྫོགས་ལྡན་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་དང་ དུས་འཁོར་གྱི་རྒྱུད་སྡེརྒྱ་མཚོའི་བསྐྱེད་རྫོགས། བླ་མེད་རྒྱུད་སྡེ་རྒྱ་མཚོའི་ལམ་ཉམས་ལེན་དེ་ དག་ཐམས་ཅད་འདིར་དར་བ་ལ་མང་པོ་ཡོད་རྒྱུ་མ་རེད། དེ་དུས་གདུལ་ཞིང་དུ་སྐྱེ་བར་སྨོན་ 7-1-104 ལམ་དང་བག་ཆགས་བཞག་སྟེ། རབ་ན་ཚེ་ལུས་འདིའི་སྟེང་ཟུང་འཇུག་གི་སྐུ་འགྲུབ། འབྲི ང་ ན་བར་དོ་ལས་གྲོལ། ཐ་ན་སྐྱེ་བ་བདུན་ལས་མི་འགྱང་བའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན་ ཞིག་ཡིན་པ་འདི་ཚང་མ་བཤད་མི་དགོས་པ་ལྟར་རེད། དེ་ཡིན་ན་འུ་ཅག་གིས་ཅངས་འཇུས་ བྱས་ནས་བླ་མེད་ཀྱི་རྒྱུད་སྡེ་གསང་སྔགས་ཟབ་མོའི་ཆོས་འདི་དག་ཐམས་ཅད་དལ་འབྱོར་ལ་ སྙིང་པོ་ལེན་བྱེད་རེད། འདི་ནི་འཛམ་གླིང་དུ་རྟ་རྨིག་གོར་མོ་ལྕགས་ཀྱིས་ཤན་ནས་བཙལ་དུ་ སོང་རུང་འདིའི་ཡན་གྱི་ཆོས་ཟབ་ཁྱད་ཅན་ནི་ཆུད་རྒྱུ་མ་རེད། དམ་པ་གོང་མའི་བཀའ་དྲིན་ ལ་བརྟེན་ནས་འུ་ཅག་ལ་ཉམས་ལེན་བྱེད་རྒྱུའི་དབང་ལུང་མན་ངག་དང་བཅས་པའི་རྒྱུན་མ་ ཆད་པ་འདི་ཡོད་ནི་རེད། དུས་འཁོར་དབང་ཆེན་བསྐུར་སྐབས་ཀྱི་མགོར་གསུངས་ཡོད་པའི་ཞལ་གསུང་འདི་སྒྲ་ཕབ་ ལས་བཤུས། ༈ འཁྲུལ་སྣང་ཐམས་ཅད་དང་བྲལ་བའི་རིག་པ་ས་ལེ་ཧྲིག་གེ་བ་འདི་དོན་དམ་པའི་ དཀོན་མཆོག་དང༌། དོན་དམ་པའི་སྐུ་བཞི་དང༌། དོན་དམ་པའི་ཡི་དམ་རྒྱུད་སྡེ་རབ་འབྱམས་ དང༌། དོན་དམ་པའི་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་ནི་རང་སེམས་གསལ་བའི་རང་མདངས་ འདི་ལས་ལོག་ན་ཡོད་པ་མ་ཡིན་པ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུན་མོང་མ་ ཡིན་པའོ། །སོག་པོ་ས་བདག་མགོན་ལ་གུ་ཎས་གདམས་པའོ། ། ༄༅། །ཉམས་ལེན་བྱ་ཚུལ་མདོར་བསྡུས། རྣམ་རྟོག་ཐམས་ཅད་ཀྱི་གཉེན་པོ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་ཚོགས་ 7-1-105 ཐམས་ཅད་རང་དེངས་སུ་སོང་བའི་རང་སེམས་གསལ་སྟོང་གི་ངོ་བོ་ལ་མཉམ་པར་བཞག་ པའི་སྐབས་སུ། བྱིང་བ་ཕྲ་རགས་ལས་རྨུགས་པ་གཉིད་འདྲེན་པ་དང༌། རྒོད་པ་ཕྲ་རགས་ ལས་འོག་འགྱུ་རྒྱ་འབྱམས་འདྲེན་པ་རྣམས་དྲན་ཤེས་བཞིན་གྱིས་བྱ་ར་བྱས་ཏེ། སྐྱོན་ཐམས་ ཅད་ལེགས་བསལ་གྱི་སྒོ་ནས་དུས་རྒྱུན་དུ་དྲན་ཤེས་ཀྱི་བྱ་ར་ཡང་ཡང་བྱེད་པའི་སྒོ་ནས། སྤྲོས་པ་ཐམས་ཅད་དང་བྲལ་བའི་རྣམ་པར་མི་རྟོག་པའི་རང་སེམས་ཀྱི་གནས་ལུགས་ལ་ མཉམ་པར་བཞག་ནས་བསྒོམ་པར་བྱེད་པ་རྗེ་ཏཱ་ར་ནཱ་ཐའི་དཔའ་བོ་སྟོང་ཐུབ་གནམ་ལྕགས་ ཀྱི་རྒྱལ་པོ་ཐོགསེང་གེ་རལ་བ་ཅན་ལྟ་བུའི་རྒྱལ་པོ་མཆོག་ཏུ་བསྔགས་པར་བརྗོད་པའོ། །གྲུབ་ཆེན་ས་ར་ཧས། འཇུར་བུར་བཅིང་བའི་སེམས་ཉིད་ནི། །གློད་ན་གྲོལ་བ་ཐེ་ཚོམ་མེད། །བྲམ་ཟེ་རྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་གློད་ན་བདེ། །ཞེས་གསུངས་པ་ལྟར་ རང་སེམས་བསྒྲིམ་ལྷོད་རན་པའི་མཚམས་ཟིན་པའི་སྒོ་ནས་གནས་ལུགས་ལ་མཉམ་པར་ འཇོག་དགོས་པ་འདི་བླ་མ་དམ་པ་རྣམས་ཀྱི་མན་ངག་ཟབ་ཁྱད་ཅན་ཡིན། རང་སེམས་ཀྱི་ ཆོས་ཉིད་འདི་ནི་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་རང་མདངས་དང༌། སྐུ་བཞི་དང་ཡི་དམ་ རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་དང༌། དོན་དམ་པའི་དཀོན་མཆོག་གསུམ་དང༌། ཞིང་ཁམས་ རབ་འབྱམས་ཀྱི་བཀོད་པར་འཁོར་འདས་ཀུན་གྱི་སྤྲུལ་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོ་ ཟེར་བ་དེ་ཡིན་ནོ། །ཞེས་ཉམས་ལེན་བྱ་ཚུལ་མདོར་བསྡུས་པ་འདི་སློབ་བུ་བསྟན་གསལ་ལ་མཁོ་ནས་རྒྱལ་ས་པེ་ཅིན་ གླིང་དུ་གུ་ཎས་བྲི ས་པའོ། ། 7-1-106 ༄༅། །སྐྱེས་བུ་རབ་འབྲི ང་ཐ་གསུམ་ལ་གདམས་པའི་ བཀའ་སློབ་བདུད་རྩིའི་གྲུ་ཆར་ཞེས་བྱ་ བ་བཞུགས་སོ། ། སྤྱིར་འཇིག་རྟེན་ན་སྐྱེས་ཕོ་རབ་མི་བཟང་པོ་སྔོན་བསགས་ལྡན་པ་ཞིག་ཡིན་ན། མཐོ་ རིས་ཀྱི་ཡོན་ཏན་བདུན་དང་ལྡན་པ། ལས་འབྲས་ལ་ཞིབ་ཅིང་སྡིག་ལས་ལ་འཛེམ་པ། ལུས་ རྩལ་ཆེ་ཞིང་གཡོ་སྒྱུ་ཆུང་བ། ངང་ཚུལ་བརྟན་ཅིང་ཕྱི་ཐག་རིང་བ། གྲོགས་དང་མཐུན་ཞིང་ མནའ་ལ་བརྩི་བ། སྙིང་སྟོབས་ཆེ་ཞིང་གཞན་ཕན་ཆེ་བ། རང་ལ་བརྟེན་པ་རྣམས་ལ་ཤ་ཚ་ཆེ་ ཞིང་བསྟན་འགྲོའི་དོན་འབའ་ཞིག་སེམས་པ། རྗེ་ལ་གུས་པ་ཆེ་ཞིང་འཁོར་ཁམས་ཀྱི་འཁོན་ པ་ཆེ་ཆུང་གང་ཡོད་ཐམས་ཅད་བསྡུམས་ནས་ཕན་ཚུན་འཁྲུག་རྩོད་མེད་པར་བྱས་ནས་ཞི་ བདེ་འབའ་ཞིག་ལ་གནས་པའི་ངང་མང་ཚོགས་ལ་ཟས་གོས་སོགས་འཚོ་བའི་ཡོ་བྱད་ཐམས་ ཅད་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལ་འབད་པར་བྱས་ཏེ། རང་གཞན་ཐམས་ཅད་འདིཕྱི་ ཀུན་ཏུ་གཏན་བདེ་འབྱུང་བའི་རྒྱུ་དད་པ་རྣམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཞབས་འདེགས་ཞུས་ཏེ། སྐུ་གསུང་ཐུགས་རྟེན་བཞེངས་ པ་དང༌། ཡར་དཀོན་མཆོག་དང༌། དགེ་འདུན་ལ་མཆོད་པ་དང༌། མར་དབུལ་ཕོངས་ལ་ སྦྱིན་གཏོང་སོགས་བྱ་བ་རླབས་ཆེན་གྱི་སྒོ་ནས་བསྟན་འགྲོའི་དོན་བསྒྲུབ་པའི་མི་འདི་ནི་ཆོས་ གྲོགས་དམ་པ་ཡིན་ཏེ། མདོ་ལས། མ་དང་ཕ་ཡིས་མ་བྱས་ཤིང༌། །ཉེ་དུ་གཞན་གྱིས་མ་བྱས་ པ། །དེ་ལས་ཆེས་ཆེར་ལེགས་པ་འདི། །ཡང་དག་དྲངས་པའི་སེམས་ཀྱིས་བྱེད། །ཅེས་དང༌། 7-1-107 ཇི་སྐད་དུ། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་གདུང་དུམ་ཕལ་བ་ ཡང༌། །ཡལ་འདབ་བརླན་ནས་ཙནྡན་དྲི་བསུང་ལྟར། །གང་ལ་བརྟེན་ན་དེ་ཡི་རྗེས་སུ་འགྲོ། །ཞེས་དང༌། གཞན་ཡང༌། ཇི་སྐད་དུ། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང༌། །ཡོན་ ཏན་ཡར་ངོས་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང༌། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། ཆོས་ཀྱི་མཐུན་རྐྱེན་ བསྒྲུབ་པའི་སྐྱེས་བུ་དམ་པ་འདི་སྔོན་བསགས་བསོད་ནམས་ལས་བྱུང་བ་ཡིན་ཏེ། མི་འདི་ལ་ བརྟེན་པའི་སྐྱེས་བུ་ཐམས་ཅད་དམ་པའི་ཆོས་ལ་སྦྱོར་བའི་དགེ་བའི་བཤེས་གཉེན་ལྟ་བུ་འདི་ དང་སྐྱེ་བ་ནས་སྐྱེ་བའི་བར་མི་འབྲལ་བར་བསྟན་འགྲོའི་དོན་རླབས་ཆེན་འབའ་ཞིག་ལ་སྤྱོད་ པའི་སྨོན་འདུན་དང༌། མི་འདིས་བྱས་རྗེས་རླབས་ཆེན་སྣ་ཚོགས་བཞག་པའི་སྒོ་ནས་འཇིག་ རྟེན་འདིར་སྙན་གྲགས་ཆེན་པོ་བཞག་ནས་བུ་ཕྲུག་ཕྱི་རབས་རྣམས་ཀྱི་རིང་དུ་རྗེས་འཇུག་ཡ་ རབས་རྣམས་ཀྱིས་གཏམ་དཔེ་དང་བྱ་སྤྱོད་དེ་ལྟ་བུ་ལྡན་པའི་མི་སྟེ་མིག་ལྟོས་བྱེད་འོས་པའི་ བྱ་བ་དེ་དག་གིས་ང་ཚོར་སེམས་འགུལ་ཐེབ་ནས་སློབ་སྦྱོང་བྱེད་པའི་ཡུལ་ཡིན། སྐྱེས་ཕོ་འབྲི ང་ཞིག་ཡིན་ན། ཕ་མ་དང་རྒན་རིམ་ལ་བྱམས་སེམས་དང་རྩི་བཀུར། བཟའ་ཚང་ཆུང་མ། བུ་ཕྲུགཉེ་ མཛའ་ཀུན་ལ་ཤ་ཚ། ཁ་བདེན་པས་ཟས་ཟ། ལུས་བདེན་པས་གོས་གྱོན། སེམས་གཟུ་བོར་ གནས་པའི་སྒོ་ནས་གྲོགས་ཀུན་དང་མཐུན་པ། ལུས་ངག་ཡིད་གསུམ་རྣམ་དཀར་བསོད་ ནམས་ཀྱི་བྱ་བ་ལ་འབད་ནས་ལས་འབྲས་བླང་དོར་ལ་ཡིད་ཆེས་པས་མི་ལུས་དོན་ལྡན་དུ་ བྱས་ཏེ་ཚེ་འདི་མཐར་འཁྱོལ་བའོ། ། སྐྱེས་ཕོ་ངན་མི་ཐ་མ་ཞིག་ཡིན་ན། ཡུལ་ཁམས་ཐམས་ཅད་ཕུང་དཀྲུག་བྱས་ཏེ། ཡུལ་ཁམས་ནས་ཡུལ་ཁམས་བར་འཁྲུག་ 7-1-108 རྩོད་བྱེད་པ་དང༌། དགོན་པ་དང་དགོན་པའི་བར་འཁྲུག་ལོང་སློང་བ་དང༌། དེ་དག་ལ་འཁོན་ སེམས་རྒྱུན་ཆད་མེད་པར་བྱེད་པའི་ངན་སྐུལ་བྱེད་པ། དགེ་འདུན་ནང་མཐུན་ལ་གཡེན་བྱེད་ པ། ཆོས་སྤྱོད་ཀྱི་བྱ་བའི་མཐུན་འབྲེལ་ལ་དཀྲུགས་ཤིང་བྱེད་པ། བསྟན་པའི་སྒྲིག་ཁྲིམས་ མི་ཁུར་བ། བསྟན་པ་དང་དགེ་འདུན་ལ་རྩི་བཀུར་མེད་པ། ལས་འབྲས་དང་རང་ཡུལ་གྱི་ བླ་སྤྲུལ་དགེ་འདུན་སོགས་ལ་ལོག་ལྟ་རྒྱུན་མི་ཆད་པར་བྱེད་པ། མདོ་ལས། གང་ཞིག་སྲོག་ གཅོད་བྱེད་པ་དང༌། །རྫུན་གྱི་ཚིག་ནི་སྨྲ་བ་དང༌། །འཇིག་རྟེན་ན་ནི་མ་བྱིན་ལེན། །གཞན་ གྱི་ཆུང་མ་དག་ལ་བསྒྲོད། །ཅེས་གསུངས་པ་ལྟར། ཉོན་མོངས་པ་དུག་གསུམ་གྱི་དབང་གིས་ ལུས་ངག་ཡིད་གསུམ་མི་དགེ་བཅུ་ལ་ཉིན་མཚན་མེད་པར་སྤྱོད་པ། དུད་ཆང་ལ་རྒྱུན་སྤྱོད་ བྱེད་པ། འདོད་ལོག་སྤྱོད་པ་དང༌། སྲོག་བཅད་པ་ལ་འཛེམ་བག་མེད་པར། རྫུན། ཕྲ་མ། ཚིག་ རྩུབ། ཁོང་ཁྲོ། གནོད་སེམས། ཕྲག་དོག་སོགས་ཉོན་མོངས་པ་ཐམས་ཅད་ལ་ཉིན་མཚན་ ཁོར་མོ་རྣམས་སུ་སྤྱོད་པ། ཕ་མ། རྒན་རིམ། ཁྱི མ་ཐབ་བུ་ཕྲུགཉེ་མཛའ་ཀུན་ལ་ཤ་ཚ་དང་ བརྩེ་སེམས་མེད་པ། རང་གཞན་ཐམས་ཅད་ཚེ་འདི་ཕྱི་ཀུན་ཏུ་སྡུག་དང་སྡིག་ལ་སྦྱོར་བར་ བྱེད་པའི་མི་འདི་ནི། མདོ་ལས། སྡིག་པའི་གྲོགས་པོ་བསྟེན་མི་བྱ། །མ་རབས་སྐྱེས་བུ་བསྟེན་ མི་བྱ། །ཞེས་དང༌། མདོ་ལས། ཚེ་འདིར་མྱ་ངན་ཕྱི་མ་མྱ་ངན་འགྱུར། །སྡིག་པ་བྱེད་པ་གཉིས་ ཀར་མྱ་ངན་འགྱུར། །རང་ཉིད་ཉོན་མོངས་གྱུར་པའི་ལས་མཐོང་ནས། །དེ་ནི་མྱ་ངན་དེ་ནི་ གདུང་བར་འགྱུར། །ཞེས་དང༌། མདོ་ལས། ཚེ་འདིར་གདུང་ཞིང་ཕྱི་མར་གདུང་བར་འགྱུར། །སྡིག་པ་བྱེད་པ་གཉིས་ཀར་གདུང་བར་འགྱུར། །བདག་གིས་སྡིག་པ་བྱས་ཞེས་གདུང་བར་ འགྱུར། །ངན་འགྲོར་སོང་ནས་ལྷག་པར་གདུང་བར་འགྱུར། །ཞེས་དང༌། མདོ་ལས། ཀྱེ ་ མ་རིང་པོ་མི་ཐོགས་པར། །ལུས་འདི་རྣམ་ཤེས་བྲལ་གྱུར་ཏེ། །ཡན་ལག་ཕྱེས་ནས་བོང་བ་ བཞིན། །ས་ཡི་སྟེང་དུ་འཇོག་པར་འགྱུར། །ཞེས་དང༌། མདོ་ལས། ཇིསྲིད་སྡིག་པ་སྨིན་གྱི་ 7-1-109 བར། །བྱིས་པས་སྦྲང་རྩི་བཞིན་དུ་སེམས། །གང་ཚེ་སྡིག་པ་སྨིན་གྱུར་པ། །དེ་དུས་ངེས་པར་ སྡུག་བསྔལ་འགྱུར། །ཞེས་དང༌། མདོ་ལས། གང་ཞིག་བྱས་ན་འགྱོད་འགྱུར་པའི། །ལས་ དེ་བྱས་པ་ལེགས་པ་མིན། །མཆི་མའི་གདོང་གིས་ངུ་བཞིན་དུ། །དེ་ཡི་རྣམ་སྨིན་སླར་བསྟེན་ འགྱུར། །ཞེས་དང༌། ཇི་སྐད་དུ། སྡིག་གྲོགས་ཞེས་བྱའི་རྭ་ཅན་མི་འབྱུང་སྟེ། །རྩེ་རྒོད་གཡེང་ བའི་གྲོགས་ཏེ་སྡིག་གྲོགས་ཡིན། །ཞེས་དང༌། གཞན་ཡང༌། ཇི་སྐད་དུ། གང་དང་འགྲོགས་ ན་དུག་གསུམ་འཕེལ་འགྱུར་ཞིང༌། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ལ། །བྱམས་ དང་སྙིང་རྗེ་མེད་པར་བསྒྱུར་བྱེད་པའི། །གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་ གསུངས་པ་ལྟར། དེ་ལྟ་བུའི་སྡིག་པའི་གྲོགས་པོ་དང་གཏན་ནས་འགྲོགས་མི་རུང་བ་དུག་ ལྟར་དུ་སྤངས་དགོས། ཤེས་དཔྱོད་ལྡན་པ་ཁོ་བོ་ལས་མེད་པར་རློམ་པའི་རང་ཡུལ་ན་མི་ བཟང་པོར་བརྩི་བ་གཅིག་ཀྱང་མེད་པར་ང་རྒྱལ་དང་ཁེངས་སེམས་ཀྱི་སྒོ་ནས་མི་དགེ་བའི་ ལས་འབའ་ཞིག་བསགས་པས་རང་གཞན་ཕུང་ལ་སྦྱོར་བས་རང་རྒྱུད་ལ་རྣམ་དཀར་གྱི་ བསོད་ནམས་ཤར་ལ་ཉེ་བ་ན་ལས་ངན་ཚབས་ཆེན་བསགས་པས་མར་མེ་བསད་པ་ལྟར་ ནག་ཐིབ་ཀྱིས་བཅོམ་སྟེ། དཀར་པོའི་མཐའ་ཤར་དབང་མེད་པར་བྱས་པའི་མི་འདི་ནམ་ཞིག་ དབུགས་ཆད་མ་ཐག་བར་དོ་གྲུབ་ལོང་མེད་པར་རྡོ་འཕངས་པ་ལྟར་དམྱལ་བར་འགྲོ་དགོས་ པ་འདི་རྒྱུ་འབྲས་མི་བསླུ་བ་ཡིན། མི་འདིའི་ལག་གི་ཟས་དང་ཁ་རླངས་ལ་འཛེམ་དགོས་སོ། །སྤྱིར་བླ་སྤྲུལ་སེར་མོ་སྔོན་བསགས་བསོད་ནམས་ལྡན་པ་ཞིག་ཡིན་ན། ༡ བསྡུས་ན། འདི་འོག་ ཏུ། མདོ་ལས། བག་ཡོད་བདུད་རྩིའི་གོ་འཕང་སོགས་འགྲོ །བྱིས་པ་ཆུང་ངུ་ནས་ཡ་རབས་ཀྱི་ བྱ་བ་སོགས་ལ་དགའ་བ། དགེ་རྒན་བཟང་པོ་རིག་གནས་ཅན་ཞིག་བསྟེན་ནས་ཡིག་རིགས་ དང་སྐད་རིགས་སྣ་ཚོགས་ལ་བྱང་ཆུབ་པར་བྱས་ཏེ། དེ་ནས་དཔལ་དུས་ཀྱི་འཁོར་ལོའི་ བསྐྱེད་རྫོགས་ཉམས་ལེན་བྱ་བའི་སྔོན་དུ་སྔོན་འགྲོ་འབུམ་ལྔ་ཉམས་སུ་ལེན་པ་ལ་འཁོར་ 7-1-110 བ་སྡུག་བསྔལ་གྱི་རྒྱ་མཚོ་ལ་ཞེན་ལོག་སྐྱེ་བའི་ཐབས་བློ་ལྡོག་རྣམ་པ་བཞི་བསྟེན་དགོས་པ་ སྟེ། ཇི་སྐད་དུ། འདི་འདྲའི་དལ་བ་རྙེད་ནས་ནི། །བདག་གིས་དགེ་གོམས་མ་བྱས་ན། །འདི་ ལས་བསླུ་བ་ཡང་གཞན་ན་མེད། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་ ལྟར་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་རྟེན་འདི་དཔེ་གྲངས་རྒྱུ་གསུམ་སོགས་ཀྱིས་དལ་ འབྱོར་རྙེད་དཀའ་བསྒོམ། མགོན་པོ་ཀླུ་སྒྲུབ་ཀྱིས། ཚེ་འདིར་གནོད་མང་རླུང་གིས་བཏབ་པ་ ཡི། །ཆུ་ཡི་ཆུ་སྦུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ ལས། །སད་ཁོམ་གང་ལེགས་དེ་ནི་ངོ་མཚར་ཆེ། །ཇི་སྐད་དུ། ད་ནངས་གསོན་པོའི་ལུས་པོ་ ལ། །དོ་དགོང་རོ་ཞེས་འབོད་ལ་ལྟོ ས། །ཞེས་དང༌། ཇི་སྐད་དུ། ནད་པ་སང་འཆི་ཟེར་དང་ ནད་མེད་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །ཞེས་དང༌། ཇི་སྐད་དུ། ལོ་ བརྒྱའི་མི་རྒན་ལོ་གཅིག་བྱིས་པ་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །ཞེས་ སོགས་གསུངས་པ་ལྟར་འཆི་བ་མི་རྟག་པ་སེམས་སྐྱོ་ལྷང་ལྷང་དུ་བསྒོམ། མདོ་ལས། ལས་ ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་དཀར་ནག་བླང་དོར་སོགས་ ལ་འབད་པར་བྱ། མདོ་ལས། མི་གཙང་ཁང་བར་དྲི་ཞིམ་མེད། །འཁོར་བ་དག་ན་བདེ་བ་ མེད། །ཅེས་གསུངས་པ་ལྟར་སྲིད་རྩེ་ནས་མནར་མེད་པར་རིགས་དྲུག་གི་སེམས་ཅན་ཐམས་ ཅད་སྡུག་བསྔལ་གསུམ་གྱིས་མནར་བ་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་བླུན་རྨོངས་ཀྱི་སྡུག་བསྔལ། ལྷ་མིན་འཐབ་རྩོད་ཀྱི་ སྡུག་བསྔལ། ལྷ་འཕོ་ལྟུང་གི་སྡུག་བསྔལ། མི་སྐྱེ་རྒ་ན་འཆིའི་ཁུར་ཆེན་གྱིས་ནོན་པའི་སྡུག་ བསྔལ་རྣམས་སྔོན་ཉོན་མོངས་པས་བཞག་པའི་བག་ཆགས་སོགས་ཀྱིས་བསྐྱེད་པས་རང་ དབང་སྤུ་ཙམ་ཡང་མེད་པར་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་དང༌། ད་དུང་ཡང་དེ་ལས་ 7-1-111 ལྷག་པའི་སྡུག་བསྔལ་མྱོང་དགོས་པ་ཡང་ཉིན་མཚན་མེད་པར་དུག་གསུམ་གྱི་དབང་གིས་མི་ དགེ་བཅུ་ལ་སྤྱོད་པ་དང༌། དེས་བསགས་པའི་བག་ཆགས་དང་བཅས་པ་ལ་འཁོར་བ་སྡུག་ བསྔལ་གྱི་རྒྱ་མཚོ་ཟེར་བ་དེ་ཡིན། འཁོར་བ་དེ་ལ་ཞེན་པ་ལོག་པའི་ཐབས་སྣ་ཚོགས་པའི་སྒོ་ ནས་ངེས་འབྱུང་གི་བསམ་པ་བསྐྱེད་དེ། སྡུག་བསྔལ་དེ་ལས་སྐྱོབས་པའི་ནུས་པ་བླ་མ་དཀོན་ མཆོག་ལ་ཡོད་པར་ཡིད་ཆེས་པའི་དད་པ་དང་ལྡན་པས་ཕྱག་དང་སྐྱབས་འགྲོ་སྦྲེལ་མ་འབུམ་ ཕྲག་འགྲོ་ངེས་བྱ། ཇི་སྐད་དུ། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང༌། །རྫོགས་ པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །ཞེས་གསུངས་པ་ལྟར་རྒྱུ་འབྲས་མན་ ངག་བདུན་གྱི་སྒོ་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །སྡིག་སྒྲིབ་དག་པའི་ རྟགས་མ་ཐོན་བར་གཉེན་པོ་སྟོབས་བཞི་ལ་བསྟེན་ནས་རྡོར་སེམས་སྒོམ་བཟླས་ཀྱི་སྒོ་ནས་ ཧེ་རུ་ཀའི་ཡི་གེ་བརྒྱ་པ་བཟླ་བར་བྱའོ། །ཚོགས་བསགས་ཐབས་མཎྜལ་གྲངས་མང་འབུལ། བྱིན་རླབས་འཇུག་པའི་ཐབས་བླ་མའི་རྣལ་འབྱོར་བསྒོམ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ རྫོགས་རིམ་གྱི་རྟེན་བསྐྱེད་རིམ་བསྡུས་པ་དུས་འཁོར་ལྷན་སྐྱེས་ཙམ་ཉམས་ལེན་བྱེད་བཞིན་ ཧ་ཀྵ་བྱེ་བ་ཙམ་བཟླ། ༢ མདོ་ལས། བག་ཡོད་བདུད་རྩིའི་གོ་འཕང་སྟེ། །བག་མེད་པ་ནི་འཆི་ བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་འཆི་དང་འདྲ། །ཞེས་དང༌། མདོ་ལས། བྱིས་པ་བློ་ངན་སྐྱེ་བོ་རྣམས། །བག་མེད་པ་ལ་རྗེས་སུ་སྦྱོར། །མཁས་པ་རྣམས་ ཀྱིས་བག་ཡོད་ནི། །ནོར་གྱི་མཆོག་བཞིན་སྲུང་བར་བྱེད། །ཅེས་དང༌། མདོ་ལས། བག་ མེད་པ་ལ་སྦྱོར་མི་བྱ། །འདོད་པའི་དགའ་བ་བསྟེན་མི་བྱ། །བག་ཡོད་བསྒོམས་པར་བྱས་པ་ ཡིས། །རྒྱ་ཆེན་བདེ་བ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་འདོད་ཡོན་ལ་ལུས་ངག་ ཡིད་གསུམ་གྱི་སྒོ་ནས་དུག་གསུམ་གྱི་རྟོག་ཚོགས་མ་ལུས་པ་འབྱུང་བའི་སྒོ་བསྡམ་སྟེ། བག་ ཡོད་ལ་གནས་པར་བྱའོ། །མདོ་ལས། ཙན་དན་དང་ནི་རྒྱ་སྤོས་སམ། །ཨུཏྤལ་དབྱར་གྱི་མེ་ 7-1-112 ཏོག་སྟེ། །དྲི་ཞིམ་འབྱུང་བ་དེརྣམས་ལས། །ཚུལ་ཁྲིམས་དྲི་ནི་བླ་ན་མེད། །ཅེས་དང༌། མདོ་ ལས། རྒྱ་སྤོས་དང་ནི་ཙན་དན་གྱི། །དྲི་ཞིམ་གང་ཡིན་ཅུང་ཟད་ཙམ། །ཚུལ་ཁྲིམས་ལྡན་པའི་ དྲི་མཆོག་གང༌། །མཐོ་རིས་རྣམས་སུ་ལྡང་བར་བྱེད། །ཅེས་དང༌། མདོ་ལས། ཚུལ་ཁྲིམས་ ཕུན་སུམ་ཚོགས་པ་དང༌། །བག་ཡོད་ལ་གནས་ཡང་དག་ཤེས། །རྣམ་པར་གྲོལ་བ་དེ་རྣམས་ ཀྱི། །མཐོ་རིས་རྣམས་སུ་ལྡང་བར་བྱེད། །ཅེས་གསུངས་པ་ལྟར་ངེས་འབྱུང་གི་བསམ་པའི་ སྒོ་ནས་སོ་ཐར་རིགས་བརྒྱད་ཀྱི་སྡོམ་པ་ལེན་པའི་ཐོག་མར་དཀོན་མཆོག་གསུམ་ལ་སྐྱབས་ སུ་འགྲོ་བའི་སྡོམ་པ་ལེན་པ་དང༌། དེ་ནས་རབ་བྱུང་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་བསྲུང་ བྱ་རྩ་བ་བཞི་དང༌། མྱོས་བྱེད་ཀྱི་ཆང་དང་ལྔ་ཚུལ་བཞིན་དུ་ཇི་སྲིད་འཚོའི་བར་སྲུང་དགོས་ པ་སྟེ། ཇི་སྐད་དུ། རྩ་བཞི་དང་ཆང་ལྔ་ཙམ་རེ་ནི། །ཁ་མིན་པར་སྙིང་ནས་མ་བསྲུངས་ན། །སེར་གཟུགས་ཙམ་འཛིན་པ་དོན་གོ་ཆུང༌། །ཞེས་གསུངས་པ་ལྟར་བསྲུང་བྱའི་སྡོམ་པ་ལ་ མིག་འབྲས་བཞིན་དུ་སྡོམ་པའི་མི་མཐུན་ཕྱོགས་རྣམས་ལ་འཛེམ་པར་བྱ་བ་ནི་གལ་ཤིན་ཏུ་ ཆེ་བའོ། །མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པ་བྱ། །རང་གི་ སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བཟོད་པ་དཀའ་ཐུབ་དམ་ པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །རབ་ཏུ་བྱུང་བ་གཞན་ ལ་གནོད་པ་དང༌། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་དང༌། མདོ་ལས། རྒྱན་གྱིས་ བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལྡན་ཚངས་པར་སྤྱོད། །འབྱུང་ པོ་ཀུན་ལ་ཆད་པ་སྤངས་པ་དེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །ཞེས་གསུངས་ པ་ལྟར་ཁྱིམ་པའི་རྟགས་སྤངས་ནས་རབ་བྱུང་གི་རྟགས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་རྣམ་ གསུམ་རྒྱུན་འཆང་བྱ་དགོས་པ་སྟེ། ཇི་སྐད་དུ། སྲིད་གསུམ་བདག་པོ་སྔར་ཡང་ལན་བརྒྱར་ ཐོབ། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །ཞེས་དང༌། གཞན་ཡང་ཇི་སྐད་དུ། ངུར་ 7-1-113 སྨྲིག་ན་བཟས་ཉིན་གཅིག་སྒྲིབ་པ་སྦྱང༌། །ཞེས་གསུངས་པ་ལྟར་རབ་བྱུང་གི་རྟགས་མི་ཉམས་ པའིཕྱིར་གོས་རྣམ་གསུམ་རྒྱུན་ལྡན་དུ་མནབ་པ་དང༌། སྐྲ་སོར་གང་ལས་མི་རིང་བར་འབྲེག་ པར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་འདུལ་ཁྲིམས་ཡིན། འདུལ་ཁྲིམས་ནི་བསླབ་པ་གསུམ་གྱི་ ནང་གི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན། ༡ བསྡུ་ན་འདི་ནས། འོག་གི་རབ་བྱུང་དགེ་ བསྙེན༴སོགས་ལ་འཇུགདེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དབེན་པ་གསུམ་དམ་པ་གོང་ མ་རྣམས་ཀྱིས་ཕྱག་བཞེས་ལྟར་ཞག་བརྒྱ་དང་བརྒྱད་ཙམ་དུ་གནད་ཁེལ་བ་བྱས་ནས་ཉམས་ ལེན་བྱའོ། ། དེ་ནས་དངོས་གཞི་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཁྲིད་ ཡིག་ནང་ལྟར་གནད་དུ་སྨིན་པར་བྱས་ཏེ་ལམ་ཉམས་ལེན་རྣམས་ལ་འབད་པར་བྱའོ། །༢ རབ་བྱུང་དགེ་བསྙེན་དང༌། དགེ་ཚུལ། དགེ་སློང་རྣམས་ཀྱི་བསྲུང་བྱ་རང་རང་གི་འདུལ་ ཁྲིམས་ནང་ལྟར་དང༌། རྒྱུན་སྤྱོད་ཀྱི་བྱ་བ་འཁོར་ལོ་གསུམ་ལས་བྱ་བ་ལས་ཀྱི་འཁོར་ལོ་ནི། ཉིན་ཞག་གཅིག་ལས་ཉིན་གྱི་སྔ་དྲོའི་ཆ་ལ་ལས་གཙོ་ཆེ་བའི་བསོད་ནམས་བསོག་ཐབས་ལ་ འབད། ཕྱི་དྲོ་ལ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་འབད། མཚན་མོ་ཆ་གསུམ་དུ་བགོས་ ནས་ཆ་དང་པོ་དང་ཆ་རྗེས་མ་གཉིས་ལ་སྤོངས་པ་བསམ་གཏན་གྱི་འཁོར་ལོ་དང༌། ཆ་བར་ བ་ལ་གཉིད་ལོག་པར་བྱའོ། །རབ་ན་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་ལྷུར་བླང་བའི་སྒོ་ ནས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བསྟན་གསལ་བར་བྱས་ཏེ་དར་རྒྱས་སུ་བྱེད་པ་ དང༌། འབྲི ང་ན་སྐུ་གསུང་ཐུགས་རྟེན་བཞེངས་ནས་བསྟན་འགྲོའི་དོན་གཟུགས་བརྙན་ཙམ་ ལ་འབད་པ་དང༌། ཐ་ནའང་རང་ལུས་ཀྱི་སྲུང་སྡོམ་ལ་གཅེས་སྤྲས་ཀྱི་སྒོ་ནས་ཟག་བཅས་ཀྱི་ དགེ་སྦྱོར་ལ་འབད་ནས་ངན་སོང་དུ་མི་འགྲོ་བའི་ཐབས་ལ་བརྩོན་པ་གལ་ཆེ་བའོ། །མདོར་ ན་དམ་པའི་ཆོས་དག་མ་ཞིག་བསམ་ན། རང་རྒྱུད་དུ་དད་པ་རྣམ་གསུམ་གང་རུང་སྐྱེ་བའི་སྒོ་ 7-1-114 ནས་བླ་མ་དང་མཆོག་གསུམ་ལ་ཡིད་འགྱུར་གྱི་དད་པ་ཐེ་ཚོམ་མེད་པ་སྐྱེས་བུ་ཆུང་ངུའི་ལམ་ ཙམ་དང༌། བློ་ལྡོ ག་རྣམ་བཞི་ཡིད་འགྱུར་ཐོན་པ་ཞིག་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་ གྱི་རྒྱ་མཚོ་ལ་ཞེན་པ་ཡིད་འགྱུར་བ་གཏིང་ནས་ཐོན་པའི་ངེས་འབྱུང་གི་བསམ་པ་ཡིད་འགྱུར། རྩོལ་བཅས། བཅོས་མིན་ལ་བརྟེན་སྐྱེས་བུ་འབྲི ང་གི་ལམ་སྣེ ་ཟིན་ཐབས་ལ་འབད། རྒྱུ་ འབྲས་མན་ངག་བདུན་ལ་བརྟེན་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་བདག་བས་ གཞན་གཅེས་ཀྱི་བསམ་པ་ཐེག་ཆེན་བྱང་ཆུབ་ཀྱི་སེམས་ལ་བློ་ཡིད་འགྱུར། རྩོལ་བཅས་ བཅོས་མིན་ལ་བརྟེན་ནས་ཐེག་པ་ཆེན་པོའི་ལམ་སྣེ ་ཟིན་ཐབས་ལ་འབད་པར་བྱའོ། །སྤྱིར་ སྤང་བྱ་སྒྲིབ་གཉིས་ཀྱི་རྩ་བའི་གཞིར་གྱུར་པ་ནི་བློས་བྱས་ཀྱི་རྣམ་པར་རྟོག་པ་རྣམས་ཡིན། དེའི་གཉེན་པོ་སྤྲོས་བྲལ་རྣམ་པར་མི་རྟོག་པ་བསྒོམ་པ་ཡང༌། བླ་མ་དམ་པའི་མན་ངག་ཟབ་ མོ་ལ་བརྟེན་པ་ནི་འདི་ལྟར། རང་སེམས་གསལ་བའི་རང་ངོ་སྐྱོང་བའི་དུས་སུ་སྔར་སོང་གི་ རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་གསལ་སྟོང་བསམ་མེད་ཀྱི་ རྣལ་འབྱོར་སྣང་བ་མ་འགགས་པ་སྣ་ཚོགས་ཅི་ཤར་བ་འདི་ལ་ཡང་རྟོག་ཚོགས་ཐམས་ཅད་ རྩ་བ་ནས་བྲལ་ཏེ་རང་བྱུང་ལྷུན་གྲུབ་ཆེན་པོའི་ངང་སྐྱོང་བའི་སྒོ་ནས་མཉམ་པར་བཞག་ནས་ རང་རང་གི་ཁམས་ཀྱི་ཁ་དོག་གང་ཤར་གྱི་རང་ངོ་ཟིན་པའི་ངང་སྐྱོང་བ་འདི་གལ་ཆེ། དེ་ ནས་སྐབས་རེ་ཞིག་གི་དུས་སུ་རིག་པ་གསལ་སངས་ངེའི་གསལ་ཆ་ཞན་པ་ནི་བྱིང་བ་ཕྲ་མོ་ དང༌། རིག་པའི་གསལ་ཆ་དེ་ལས་ཉམས་པར་བྱིང་བ་རགས་པ་དང༌། དེའི་རྨུགས་པ་གཉིད་ འདྲེན། ཡང་ན་གསལ་ཆ་ཞན་ནས་འགྱུ་རྟོག་འབྱུང་ལ་ཉེ་བ་རྒོད་པ་ཕྲ་བ་དང༌། འགྱུ་རྟོག་ འབྱུང་བ་རྒོད་པ་རགས་པ་དང༌། དེ་རྗེས་རྟོག་ཚོགས་རྒྱུན་མི་ཆད་པར་འབྱུང་བ་འོག་འགྱུ་རྒྱ་ འབྱམས་དང༌། བཟང་ལ་རེ་བ་དང་རྩིས་འཛིན། ངན་ལ་དོགས་པ་དང་སྡང་སེམས་བདག་ འཛིན། ཆགས་སྡང༌། གཏི་མུགའཛིན་གཏད་སོགས་བློ ས་བྱས་གང་བྱུང་ཐམས་ཅད་དྲན་ཤེས་ 7-1-115 ཀྱིས་ངོས་ཟིན་པར་བྱས་ཏེ། འཛིན་མེད་རང་སར་གྲོལ་ནས་བསྒྲིམས་ལྷོ ད་ཀྱི་མཚམས་ཟིན་ པར་བྱས་ནས་ཆུ་རྙོག་རང་དྭངས་དང་མར་མེ་རང་གསལ་གྱི་དཔེ་ལྟར་རང་སེམས་གསལ་བ་ འདིའི་རང་མདངས་ལ་རྟོག་ཚོགས་ཕྲ་རགས་མཐའ་དག་རང་དྭངས་སུ་བྱས་ཏེ། རིམ་གྱིས་ ལམ་བདེན་མཐར་ཐུག་གི་སྐབས་སུ་གནས་ལུགས་སྤྲོས་བྲལ་མི་རྟོག་སོ་སོར་རང་རིག་ཡེ་ ཤེས་ཆེན་པོས་ཉེས་པ་ཀུན་གྱི་རྩ་བ་ཀུན་རྟོག་ཐམས་ཅད་འཇོམས་བྱེད་ཀྱི་གཉེན་པོ་སྟོབས་ ལྡན་འདི་ལ་རྗེ་ཏཱ་ར་ནཱ་ཐས་དཔའ་བོ་སྟོང་ཐུབ། གནམ་ལྕགས་ངར་མའི་ཐོགགཅན་གཟན་ ཐམས་ཅད་ཀྱི་རྒྱལ་པོ་སེང་གེ་རལ་བ་ཅན་ཞེས་པའི་མཚན་སྣ་ཚོགས་བརྗོད་དེ་ལྟ་བ་མཆོག་ ཏུ་ངོས་འཛིན་མཛད་པའོ། །ལམ་གྱི་གནས་ལུགས་དེ་འདྲའི་སྤྲོས་བྲལ་མིརྟོག་ཡེ་ཤེས་ གོམས་པ་རབ་ཀྱི་མཐར་ཕྱིན་པ་ན། ཡེ་ནས་བཞུགས་པའི་གཞི་དབྱིངས་གནས་ལུགས་ཆོས་ ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དང་དབྱེར་མེད་རོ་མཉམ་དུ་གྱུར་ཏེ། གཞིའི་གནས་ ལུགས་དོན་དམ་ལ་བརྟེན་ནས་ལམ་སྒོམ་པའི་སྐབས་སུ་རྟོག་པ་མཐོ་དམན་གྱི་མི་གསལ་བ་ དང་གསལ་བའི་ཁྱད་ཙམ་ལས། དོན་ལ་མི་རྟོག་ཡེ་ཤེས་ཀྱི་ཆ་ལ་ཁྱད་པར་མེད་པའི་ཕྱིར། དེས་ན་ཡང་དག་པའི་ལྟ་བ་ལ་ཡང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་ མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་ བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་མི་རྟོག་ཡེ་ཤེས་ཆེན་པོ་འདི་ནི་སེམས་ཅན་དང་སངས་ རྒྱས་ཐམས་ཅད་ཀྱི་སྤྱི་ནོར་ཆེན་པོ་གཅིག་ཏུ་ཡེ་གདོད་མ་ནས་བཞུགས་སོ། །ལམ་གྱི་གཙོ་ བོ་དེ་དག་ཉམས་སུ་ལེན་པའི་སྐྱེས་བུ་ནི། མདོ་ལས། བརྩོན་འགྲུས་དམན་ཅིང་ལེ་ལོ་ཅན། །ལོ་བརྒྱ་དག་ཏུ་འཚོ་བ་ལས། །བརྩོན་འགྲུས་རྩོམ་པའི་བརྟུན་པ་ཅན། །ཉི་མ་གཅིག་ལ་འཚོ་ བ་མཆོག །ཤེས་འཆལ་མཉམ་པར་མི་འཇོག་པ། །ལོ་བརྒྱ་དག་ཏུ་འཚོ་བ་ལས། །ཤེས་རབ་ ཅན་གྱི་བསམ་གཏན་པ། །ཉི་མ་གཅིག་ལ་འཚོ་བ་མཆོག །ཚུལ་འཆལ་མཉམ་པར་མི་འཇོག་ 7-1-116 པ། །ལོ་བརྒྱ་དག་ཏུ་འཚོ་བ་ལས། །ཚུལ་ཁྲིམས་ལྡན་པའི་བསམ་གཏན་པ། །ཉི་མ་གཅིག་ལ་ འཚོ་བ་མཆོག །ཅེས་གསུངས་སོ། །མདོ་ལས། བདག་ལ་དེ་ཡིས་ཅི་གནོད་ཅེས། །སྡིག་པ་ལ་ ནི་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བབས་པ་ཡིས། །ཆུ་བུམ་ཉིད་ཀྱང་གང་བར་འགྱུར། །ཅུང་ ཟད་ཅུང་ཟད་བསགས་པ་ཡིས། །བླུན་པོ་སྡིག་པས་གང་བར་འགྱུར། །ཞེས་དང༌། མདོ་ལས། བདག་ལ་དེ་ཡིས་ཅི་ཕན་ཞེས། །བསོད་ནམས་ལ་ནི་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བབས་པ་ ཡིས། །ཆུ་བུམ་ཉིད་ཀྱང་གང་བར་འགྱུར། །ཅུང་ཟད་ཅུང་ཟད་བསགས་པ་ཡིས། །མཁས་པ་ བསོད་ནམས་རྫོགས་པར་འགྱུར། །ཞེས་གསུངས་པའི་དོན་རྣམས་རང་རྒྱུད་དུ་སྦྱར་བར་བྱའོ། །ཞེས་སྐྱེས་བུ་རབ་ འབྲི ང་ཐ་གསུམ་ལ་གོ་བདེ་བའི་ཞལ་གདམས་འདི་ཉིད་༡༩༩༧ ལོར་མགོ་ལོག་ཕྱོགས་ཀྱི་དད་ལྡན་རྣམས་ལ་ངག་དབང་ཡོན་ ཏན་བཟང་པོ་ནས་བྲི ས། ༄༅། །ཕ་ཡུལ་གྱི་མང་ཚོགས་ལ་བསྐུར་ བའི་འཕྲིན་ཐུང༌། རང་ལ་དྲིན་གྱིས་བསྐྱངས་པའི་དད་ལྡན་སེར་སྐྱ་མང་ཚོགས་ཀུན་ལ་སྙན་ཞུ་མདོར་ བསྡུས་ཙམ་གྱི་འཕྲིན་ཅུང་ཙམ་བརྗོད་པ་ནི། རང་ཅག་རྣམས་སྔོན་བསགས་བསོད་ནམས་ ལ་བརྟེན་ནས། ལྷོ་རྒྱལ་འཛམ་བུའི་གླིང་དུ་ཐོབ་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ ཆེ་ཐོབ། མཇལ་དཀའ་བའི་མཚན་ལྡན་བླ་མ་མཇལ། ཐོབ་དཀའ་བའི་དམ་པའི་ཆོས་ཉོན་ 7-1-117 མོངས་པའི་སྨན་མཆོག་བདུད་རྩི་ལྟ་བུ་ཐོབ། ཁྱད་པར་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ འདི་གངས་རིའི་དབུས་སུ་ལྷུན་པོ་ལྟར་འཕགས་པ་འཛམ་བུའི་ཆུ་གསེར་ལྟར་རིན་ཐང་ཆེ་ བའི་ཟབ་ཆོས་འདི་དང་ད་སྐབས་སྔོན་བསགས་བསོད་ནམས་ལ་བརྟེན་ནས་འཕྲད་པའི་དུས་ འདིར། དལ་འབྱོར་ལ་སྙིང་པོ་ལེན་ཐབས་སུ་རྒྱུ་བསོད་ནམས་བསགས་པའི་ཐབས་ལུས་ ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་བཤགས་པ་དང༌། བསོད་ནམས་བསག་ཐབས་སོགས་ ལ་འབད་པ་མ་འཆུགས་རེམ་རེམ། དེ་མ་ཡིན་པའིརྒྱུ་བསོད་ནམས་ཀྱི་འབྱོར་བ་ལ་བརྟེན་ ནས་སྐུ་གསུང་ཐུགས་རྟེན་བཞེངས་པ་རྣམས་ལ་འབྲེལ་བཞག་ཅི་ཐེབ་མ་འཆུགས་རེམ་རེམ། རང་ཅག་ཤི་བའི་སྐབས་རྟ་བརྒྱ། གླང་སྟོང་ལས་ད་སྐབས་སྒོར་གཅིགནས་རྒྱ་མ་གང་སོགས་ དཀར་འབྲེལ་བཞག་ན་དེའི་བརྒྱ་འགྱུར། སྟོང་འགྱུར་བཟང་བར་གསུངས། སྐུ་གསུང་ཐུགས་ རྟེན་གསུམ་ལས་གསུང་རྟེན་ནི་བསྟན་པའི་རྐང་འཛིན་བྱེད་དང༌། ཕྱོགས་ཐམས་ཅད་དུ་འགྲོ་ བའི་དོན་དུ་བྱོན་པ་དང༌། དོན་གཉེར་ལྡན་པ་རྣམས་ལ་བླ་མ་དགེ་བའི་བཤེས་གཉེན་གྱི་དོན་ བྱེད་པ་དང༌། མཆོད་པའི་ཡུལ་སོགས་སྐུ་ཐུགས་ལས་ཁྱད་པར་འཕགས་པའོ། ། སྐུ་གསུང་ཐུགས་གསུམ་ཁྱད་འཕགས་བསོད་ནམས་ཀྱི་ཞིང་དམ་པ་ཡིན་ཀྱང་རང་གིས་ གཏད་སོ་སྤར་ཤིང་ཡིན་པས་པོད་བརྒྱ་ཕྲག་ཙམ་བཞེངས་ཟིན་པ་དང༌། ད་དུང་སྤར་འབྲི ་ བརྐོ་དུ་མ་དགོས་པས་སྤར་རྐོ ས་རྣམས་ལ་ཟ་མའི་རིགས། མར། ནས། ཆུར་བ་སོགས་རྒྱུ་ བསོད་ནམས་ཀྱི་འབྲེལ་བ་སེར་སྣ་མེད་པ་རེས་འབྲེལ་བཞག་མ་འཆུགས་རེམ་རེམ། ནམ་ གཞུག་རང་ཅག་ཤི་བའི་སྐབས་སུ་རྒྱུ་རྫས་ལོངས་སྤྱོད་རིའི་རྒྱལ་པོ་རི་རབ་ཙམ་ཡོད་ཀྱང་ ཏིལ་འབྲུ་ཙམ་ཁྱེར་དབང་མེད། འཁོར་དང་བཟའ་མི་ཡུལ་ཁམས་གང་བྱེད་ཡོད་རུང་བྲན་ གྱི་ཐ་མ་ཁྱེའུ་གཅིག་ཙམ་ཡང་ཁྲིད་དབང་མེད། གང་རྗེས་སུ་འབྲང་ན་ལས་དཀར་ནག་དགེ་ སྡིག་གཉིས་རྗེས་སུ་འབྲང་ནས་རྣམ་དཀར་དགེ་བ་བསགས་ཡོད་ན་བདེ་སྐྱིད་བླ་ན་མེད་པ་ 7-1-118 འབྱུང༌། སྡིག་པ་མི་དགེ་བ་བསགས་ན་སྡུག་བསྔལ་བཟོད་གླགས་མེད་པ་འབྱུང༌། ད་སྐབས་ ཡར་འགྲོ་མར་འགྲོའི་ས་མཚམས་ཡིན། རང་ལ་ཤ་ཚ་མི་ཚ་རང་ལ་རག་ལས་ང་རང་གི་སྙིང་ གྲོགས་རྣམས་ལ་ཤ་ཚ་བའི་གཏམ་ཡིན། དཀར་ནག་གི་ལས་ལ་སྤང་བླང་ཟབ་མོ་བྱེད་པ་མ་ འཆུགས་རེམ་རེམ། (སྒྲ་ཕབས་ལས་བཤུས) ༄༅། །ལུགས་གཉིས་ཀྱི་བསླབ་བྱའི་ཞལ་གདམས། ཨེ། ངས་ཕྲིན་ཞིག་གི་ཚབ་ཏུ་ཁྱེད་རྣམས་ལ་ཁ་སྐད་ཅིག་སྐུར། ད་ཅི་བཤད་ཟེར་ན་ཚང་ མས་ཕྱིར་འདང་ཞིག་རྒྱོབས། འུ་ཚོ་སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ཅན་རེད། ཚང་མར་མི་ ལུས་ཐོབ། རྟ་ཟོག་སེམས་ཅན་གྱི་ལུས་མ་བླངས། མི་ལུས་ནང་གི་བླ་སེར་གྱི་ལུས་བླངས་ཏེ་ དལ་འབྱོར་བཅོ་བརྒྱད་ཅན་ཡིན་ཟེར་དགོས་རྒྱུ་རེད། དལ་འབྱོར་བཅོ་བརྒྱད་ཅན་ཡིན་ན་ དལ་འབྱོར་ལ་སྙིང་པོ་ལེན་དགོས་ནི་རེད། སྙིང་པོ་ཅི་ཞིག་གིས་ལེན་ན་དམ་པའི་ཆོས་ཞིག་ གིས་ལེན་དགོས་ནི་རེད། འཇིག་རྟེན་གྱི་ཁམས་འདི་ཆགས་ལུགས་དེར་འདང་ཞིག་རྒྱོབས་ དང༌། འཇིག་རྟེན་གྱི་ཁམས་འདི་སའི་རྡུལ་སྙེད་ཀྱི་གྲངས་ཀ་ལས་ཚད་རྒྱུ་མ་རེད། ཡིན་ན་ ཡང་འུ་ཚོས་ངོས་བཟུང་ཞིག་བྱེད་ན་སའི་རྡུལ་སྙེད་ཀྱི་གྲངས་ཙམ་ཡོད་འདང་བྱས། ད་དེའི་ ནང་ནས་རྡུལ་གཅིག་གི་ཆ་རྡུལ་ཕྲ་རབ། རྡུལ་ཕྲ་རབ་ཅིག་གི་ཆ་དེསྒྲོན་མེའི་བསྐལ་པ་གཅིག་ རེད། དེང་སྐབས་ང་ཚོ་སྒྲོན་བསྐལ་འདིར་སྐྱེས་ཡོད་ནི་རེད། དེ་མ་ཡིན་པའི་འཇིག་རྟེན་གྱི་ ཁམས་ཡོད་ཚད་པོ་མུན་བསྐལ་ཤ་སྟག་ཡིན་རྒྱུ་རེད། མུན་བསྐལ་གྱི་ནང་སྐྱེས་ཚད་ཀྱིས་ཆོས་ སྒྲ་ཙམ་ཐོས་ཡོད་རྒྱུ་མ་རེད། དགེ་སྡིག་གི་བླང་དོར་སོགས་ཆོས་ཀྱི་ལམ་སྟོན་བྱེད་མཁན་ 7-1-119 གཅིག་ཀྱང་ཡོད་ནི་མ་རེད། དེ་ལ་མུན་པའི་བསྐལ་པ་ཟེར་རྒྱུ་རེད། སྒྲོན་མེའི་བསྐལ་པ་འདི་ ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་བྱོན་རྒྱུ་རེད། དེང་སྐབས་རྣམ་འདྲེན་བཞི་པ་མཉམ་མེད་བུ་རམ་ཤིང་པ་བྱོན་ནས་འུ་ཅག་དེའི་བསྟན་ པའི་ལྷག་ཞབས་སུ་སྐྱེས་ཡོད་ནི་རེད། མཉམ་མེད་བུ་རམ་ཤིང་པའི་བསྟན་པ་འདི་ལ་བསྐལ་ བཟང་གི་སངས་རྒྱས་སྟོང་རྩ་ལས་ཁྱད་ཆོས་ཞིག་ཡོད་ནི་རེད། དེ་ཅི་རེད་ཟེར་ན། གསང་ སྔགས་རྡོ་རྗེ་ཐེག་པའི་ཟབ་ཆོས་འདི་ཚེ་ལུས་འདིའི་སྟེང་ཟུང་འཇུག་གི་སྐུ་འགྲུབ་བྱེད་ཀྱི་ཉེ་ ལམ་མྱུར་ལམ་ཁྱད་པར་ཅན་འདི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་བསྐལ་བཟང་གཞན་ ལས་འདི་ལྟ་བུའི་ཟབ་ཆོས་སྔགས་ལམ་འདི་བསྟན་ཡོད་པ་རེད། ལམ་ཁྱད་པར་ཅན་གྱི་ཟབ་ ཆོས་དེ་ཡིན་ན་རང་གི་རྒྱུད་དུ་ཉམས་སུ་ལེན་དགོས་ནི་རེད། རྒྱ་གར་འཕགས་པའི་ཡུལ་ན་ གྲུབ་ཆེན་ཐམས་ཅད་ཀྱི་ཡི་དམ་ལྷག་པའི་ལྷ་སྒྲུབ་སྐབས་སྔགས་རེ་ཙམ་ལས་ཆོ་ག་དགོས་ནི་ མ་རེད། འུ་ཚོ་མར་མར་གྱི་དུས་སྙིགས་སོང་བས་ཡི་དམ་ལྷག་པའི་ལྷ་སྒྲུབ་བྱེད་ཀྱི་ཆོ་ག་དང་ གཞུང་བཤད་དབང་ལུང་ཁྲིད་མན་ངག་དང་བཅས་པ་དགོས་ནི་རེད་མ་གཏོགས། དེ་དག་ མེད་ན་སོ་སོའི་རྒྱུད་དུ་སྐྱེསྲིད་ནི་མ་རེད། བོད་གངས་རིའི་ལྗོ ངས་ན་ཕྱག་རྫོགས་དབུ་གསུམ་ ཡོད་པ་རེད། ཕྱག་ཆེན་དང༌། རྫོགས་ཆེན། དབུ་མ་པ་ལ་དབུ་མ་རང་སྟོང་དང༌། གཞན་སྟོང་ གཉིས་ཡོད་ནི་རེད། ད་འུ་ཅག་ཚོ་གཞན་སྟོང་པའི་རྗེས་འཇུག་ཡིན་དགོས་ནི་རེད། གཞན་ སྟོང་འདི་རྒྱ་གར་ནས་དར་ཡོང་ནི་རེད། བོད་གངས་རིའི་ལྗོ ངས་སུ་དར་བ་ཙམ་མ་རེད། རྒྱ་ གར་འཕགས་པའི་ཡུལ་དུ་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་དུས་ མདོ་ཕྱོགས་ཀྱི་གཞན་སྟོང་འདི་གསུངས་ནི་རེད། དེའི་དགོངས་འགྲེལ་མཛད་པ་པོ་འདི་རྒྱལ་ ཚབ་བྱམས་པ་མགོན་པོ་དང༌། འཕགས་པ་ཐོགས་མེད་སྐུ་མཆེད་ཡབ་སྲས། སློབ་དཔོན་ཀླུ་ སྒྲུབ་ཡབ་སྲས་འཛམ་གླིང་མཛེས་པར་བྱེད་པའིརྒྱན་དྲུག་ཐམས་ཅད་ཀྱིས་རྒྱ་གར་འཕགས་ 7-1-120 པའི་ཡུལ་དུ་མདོ་ཕྱོགས་ཀྱི་དབུ་མ་གཞན་སྟོང་འདི་དར་བར་བྱས་ནི་རེད། སྔགས་ཕྱོགས་ཀྱི་ དབུ་མ་གཞན་སྟོང་འདི་ནི་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པ་ལྟར་དུ་དགོངས་འགྲེལ་ ལྟ་བུ་བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི་ནང་དུ་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་མོ་བསྟན། དེའི་ དགོངས་འགྲེལ་འདི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་སེམས་འགྲེལ་སྐོར་གསུམ་ གྱི་སྒོ་ནས་བྱང་ཤམྦྷ་ལ་ནས་དར་བར་བྱས། དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་དར། དེ་ནས་བོད་གངས་ཅན་གྱི་ལྗོ ངས་སུ་དར་ཡོང་བ་རེད། བོད་གངས་ཅན་ལྗོ ངས་འདིར་ཇོ་ ནང་ཀུན་མཁྱེན་ཆེན་པོའི་སྐུ་རིང་ལ་མདོ་སྔགས་ཟུང་འབྲེལ་གྱི་ངེས་དོན་རྫོགས་ལྡན་གཞན་ སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་འདི་ཁོང་གིས་ཐུགས་ཉམས་སུ་བཞེས། དེའི་སྒོ་ནས་འུ་ཅག་ལ་ འགྲོ་ཕན་མཛད་ནི་རེད། དུས་གསུམ་སངས་རྒྱས་ཐམས་ཅད་མི་ཡི་གཟུགས་སུ་བྱོན་པ་རྗེ་ཇོ་ ནང་པ་ཆེན་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས། བདག་ཅག་གི་སྟོན་པ་ ཤཱཀྱ་ཐུབ་པས་གསུངས་པའི་དུས་འཁོར་རྫོགས་ལྡན་གྱི་བསྟན་པ་དང་ངེས་དོན་གྱི་སྣོད་ལྡན་ སྐྱེ་འགྲོ་ཡོངས་ཀྱི་དོན་དུ་བསིལ་ལྡན་གངས་རིའི་ལྗོངས་སུ་ངེས་དོན་རྫོགས་ལྡན་གཞན་སྟོང་ དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ཆེན་པོ་ཕྱེས། རྒྱུད་སྡེ་རྒྱ་མཚོའི་ཡང་རྩེ་དཔལ་དུས་ཀྱི་འཁོར་ ལོའི་ཡི་དམ་གྱི་སྒྲུབ་ཐབས་མཛད་ཡོད་པ་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་གི་སྒོ་ནས་ ལམ་ཉམས་ལེན་བྱ་དགོས་ནི་རེད། དེ་མིན་ངེས་དོན་བསྟན་པའི་ཆོས་མཆོག་གི་རིགས་རྒྱ་ ཆེན་པོའི་ལྟ་བ་དང་གྲུབ་མཐའ་ཆོ་ག་སྣ་ཚོགས་འདི་གདུལ་བྱ་ཐམས་ཅད་ཀྱི་དོན་དུ་མཛད་ནི་ རེད། དེའི་སྲས་བུ་ཆེན་ཐམས་ཅད་ཀྱིས་ཀྱང་རྫོགས་ལྡན་གྱི་ཆོས་སྣ་ཚོགས་དང་སྒྲུབ་ཐབས་ ཀྱི་ཆོ་ག་སོགས་གདུལ་བྱའི་ཆེད་དུ་མཛད། དེའི་རྗེས་ཇོ་ནང་ཀུན་མཁྱེན་ཆེན་པོའི་རྣམ་སྤྲུལ་རྗེ་ཏཱ་ར་ནཱ་ཐས་མདོ་སྔགས་གཉིས་ཀྱི་ ཕྱོགས་ནས་གཞན་སྟོང་དབུ་མའི་གཞུང་ལུགས་དུ་མ་མཛད། གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་ 7-1-121 ཆོས་ཀྱི་མཛོད་ཆེན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ད་སྐབས་སུ་སྔགས་གསར་རྒྱུད་ ཐམས་ཅད་ཀྱིས་དབང་ལུང་མན་ངག་ཀུན་གྱི་ཁུངས་དང་ཕུགས་འདི་རྗེ་ཏཱ་ར་ནཱ་ཐ་འདི་ཉིད་ ལ་ཐུག་ཡོད་ནི་རེད། རྗེ་ཏཱ་ར་ནཱ་ཐ་ཁོང་གིས་ཇོ་ནང་རྟག་བརྟན་དགོན་པ་བཏབ་ནས་རྒྱུད་སྡེ་ སྣ་ཚོགས་ཀྱི་ཆོ་ག་མཛད། རྒྱུད་སྡེ་ཐམས་ཅད་དང་དུས་མཆོད་ཐིག་རྡུལ་ཚོན་ས་ཆོག་སྟ་གོན་ དང་བཅས་པ། ལོ་ལྟར་ཆད་མེད་རྒྱུན་ཚོགས་ཀྱི་རིགས་ཇོ་ནང་རྟག་བརྟན་དགོན་དུ་བཙུགས་ ནས་གདུལ་བྱ་ཐམས་ཅད་དེ་ལྟ་བུའི་ལམ་ཉམས་ལེན་དུ་བཅུགཇོ་ནང་ཀུན་མཁྱེན་ཆེན་པོ་ ཡབ་སྲས་དང་རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་རིགས་ལྡན་དྲག་ པོའི་སྤྲུལ་པ་དྲུང་དཀའ་བཞི་པ་ཆེན་པོ་རིན་ཆེན་དཔལ་དེ་ཉིད་ཇོ་ནང་ཡབ་སྲས་ཀྱི་མདུན་དུ་ བྱོན་ཏེ། དབང་ལུང་མན་ངག་ཐམས་ཅད་ཞུས་ནས་ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་བསྟན་ པའི་གནས། ཤར་འཛམ་ཐང་འདིར་བྱོན་ནས་དེ་ལྟ་བུའི་ཇོ་ནང་གི་ཕྱག་བཞེས་ཆོ་ག་རྒྱུད་སྡེ་ ཐམས་ཅད་དང་དབང་ལུང་མན་ངག་གི་རྒྱུན་འདི་ཁོང་ཉིད་ཀྱིས་ཉམས་ལེན་བྱས་ནས་སློབ་ འབངས་ཐམས་ཅད་ལ་ཉམས་ལེན་བྱེད་པའི་ཆེད་དུ་ཚོགས་དུས་མཆོད་ཐམས་ཅད་བཙུགས་ ནི་རེད། འུ་ཅག་འདིར་ཆོས་རྗེ་རེད། གཙང་པ་རེད། ཚེས་བཅུ་རེད། མདོར་ན་འཛམ་ཐང་ དགོན་འདིའི་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱིས་ཀྱང༌། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། ཁྱད་པར་དུ་དཔལ་རྒྱལ་བ་ ཇོ་ནང་པའི་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་སྲིད་ མཐའི་བར་ཁྱབ་པའི་ཕྱིར་དང༌། མཁའ་ཁྱབ་ཀྱི་སེམས་ཅན་མ་ལུས་པ་འཇིགས་རུང་འཁོར་ བའི་དགྲ་ཆེན་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཆེད་དང༌། དགེ་འདུན་པ་རྣམས་ཀྱི་གསང་སྔགས་ རྒྱུད་སྡེ་ཟབ་མོའི་ཚོགས་ལ་བག་ཆགས་གཞག་པའི་ཆེད་དང༌། འབྲེལ་བ་ཐོགས་པའི་ཚེ་ འདས་ཕོ་མོ་རྣམས་ཀྱི་སྒྲིབ་པ་སྦྱངས་ནས་མངོན་མཐོ་ལྷ་མིའི་ལུས་རྟེན་ཐོབ་པ་ལ་བརྟེན་བདེ་ 7-1-122 ནས་བདེ་བར་འགྲོ་བའི་ཕྱིར་དང༌། བསྟན་པའི་སྦྱིན་བདག་ཕོ་མོ་གང་ཡོད་དང༌། ཁྱད་པར་ ཆོས་སྤྱོད་ཀྱི་བྱ་བ་རླབས་ཆེན་འདི་ལ་རྒྱུ་ཚེགས་སོགས་ཀྱིས་འབྲེལ་བ་དང༌། ཚོགས་དུས་ མཆོད་སོགས་ལ་མཐུན་རྐྱེན་སྦྱར་མི་དང༌། རྗེས་སུ་ཡི་རང་བྱེད་མི་རྣམས་ལ་དམིགས། རྒྱལ་ བའི་བསྟན་པ་དེང་སང་འགྲོ་བའི་ཁམས་དབང་དང་མཐུན་པར་བརྗོད་བྱེད་ལུང་གི་བསྟན་པ་ གཙོ་ཆེ་བའི་སྒོ་ནས་ལུང་རྟོགས་ཀྱི་འགྲོ་བའི་བགོ་སྐལ་དུ་ཐིག་རྡུལ་ཚོན་ཆེན་པོ་ས་ལྷ་སྟ་གོན་ དང་བཅས་དངོས་གཞིའི་སྒྲུབ་མཆོད་སྣ་ཚོགས་དང༌། དེ་མིན་གསུང་སྒྲོག་བྱ་བའི་རིགས་ཀྱི་ དུས་ཚོགས་ཐམས་ཅད་བཙུགས་པ། དེ་ལྟ་བུའི་དམ་པ་གོང་མའི་རྒྱུན་སྲོལ་དེ། ཕྱི་ལོ་༡༩༨༡ རབ་བྱུང་བཅུ་དྲུག་པ་སྤོར་ཐང་གི་ལུགས་ལ་ལྕགས་མོ་བྱ་སྟེ། སྟོད་འགྲེལ་གྱི་ལུགས་ལ་བློ་ ངན་ཞེས་པའི་ལོར་དམ་པ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། དམ་པ་དག་གི་ མཛད་ཕྲིན་བསྐྱང་བའི་ཆེད་དུ་སླར་གསོས་བྱས། རྒྱལ་བའི་བསྟན་པ་དང་ཡང་དགོས་རྒྱལ་བ་ ཇོ་ནང་པའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ། དབང་ལུང་མན་ངག་བྱིན་རླབས་སྔོན་དུ་འགྲོ་ དགོས་ཏེ། དེ་ལ་དབང་ཡིན་ན། དུས་འཁོར་དབང་མོ་ཆེ། རྡོ་རྗེ་ཕྲེང་བའི་དབང༌། བདེ་མཆོག་ རབ་འབྱམས་ཀྱི་དབང༌། ལུ་དྲིལ་ནག་གསུམ་གྱི་དབང༌། ནི་གུ་ཆོས་དྲུག་གི་དབང༌། གཤིན་ རྗེ་རབ་འབྱམས་ཀྱི་དབང༌། སྦྱོང་རྒྱུད་བཅུ་གཉིས་ཀྱི་དབང༌། རྒྱུད་སྡེ་འཐོར་བུ་པའི་དབང༌། གྲོལ་མཆོག་ཁྲིད་བརྒྱའི་དབང་ཁྲིད་ལུང་སུམ་བསྒྲག་མ་དང༌། འཇིགས་བྱེད་རོ་ལངས་བརྒྱད་ སྐོར་གྱི་དབང༌། སྒྲུབ་ཐབས་རིན་ཆེན་འབྱུང་གནས། རྗེས་གནང་སུམ་བརྒྱ་གཅིགརྒྱ་གར་ གྲུབ་ཆེན་བརྒྱད་ཅུའི་རྗེས་གནང༌། སླར་ཡང་རྗེས་གནང་བརྒྱ་རྩ་སོགས་ཀྱིས་མཚོན། བོད་གངས་ཅན་གྱི་ཁྲོད་ན་འགྲན་པའི་ཟླ་དང་བྲལ་བའི་བྱིན་རླབས་དོན་བརྒྱུད་ཀྱི་རྩ་ བརྒྱུད་བླ་མ་གསེར་རིའི་ཕྲེང་ལྟར་བྱོན་པའི་དབང་ལུང་མན་ངག་རྒྱ་མཚོའི་སྒོ་ཕྱེས་ཏེ་ངེས་ དོན་སྒྲུབ་བརྒྱུད་ཀྱི་ལམ་ཉམས་ལེན་གཙོ་བོ་བྱས་ཏེ། རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་ 7-1-123 མོའི་བཤད་སྒྲུབ་ཀྱིས་རྒྱལ་བསྟན་མཛེས་པར་བྱེད་པའི་བླ་སྤྲུལ་དགེ་འདུན་པ་རྣམས་ཀྱི་ སྐུ་ཚེ་བརྟན་ཅིང་མཛད་ཕྲིན་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་པ་དང༌། ཐུན་མོང་སྔོན་འགྲོ་ ལྔ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྫོགས་ རིམ་སྦྱོར་བ་ཡན་ལག་དྲུག་ཉམས་སུ་ལེན་པའི་མཚམས་གྲྭ་པ་དང༌། ལམ་བསྐྱེད་རྫོགས་ཀྱི་ རིགས་ཉམས་སུ་ལེན་པའི་སྒྲུབ་གྲྭ་པ་དང༌། བཤད་གྲྭ་འཛིན་པའི་དགེ་འདུན་གྱི་སྡེ་ཐུན་མོང་ དང༌། ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་གནས་ལ་སྦྱང་བརྩོན་བྱེད་པ་རྣམས་དང༌། མདོར་ ན་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་ པའི་དགེ་འདུན་གྱི་སྡེ་རབ་ཏུ་རྒྱས་པ་ལ་ཕྱི་ནང་གསང་བ་གསུམ་གྱི་བར་ཆད་མཐའ་དག་ དབྱིངས་སུ་ཞི་ནས་ལེགས་ཚོགས་མ་ལུས་པ་ཟླ་བ་ཡར་ངོས་ལྟར་གོང་ནས་གོང་དུ་འཕེལ་བ་ དང༌། དགེ་འདུན་གྱི་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་དར་ཞིང་རྒྱས་པ་དང༌། བསྟན་པའི་སྦྱིན་བདག་རྣམས་ཀྱི་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པ་དང༌། དུས་ཀྱི་ འཁྲུག་པ་དང༌། མཚོན་གྱི་བསྐལ་པ་ངན་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཆར་ཆུ་རྣམས་ དུས་སུ་འབབ་པ་དང༌། ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། སེམས་ཅན་སྤྱི་མཐུན་གྱིས་ལས་ ངན་བསགས་པའི་བདག་འབྲས་འབུ་སྲིན་བབས་པ་དང་བཅས་པའི་ལས་སྒྲིབ་དག་པ་དང༌། འབྱུང་བཞིའི་འཇིགས་པ་མ་ལུས་པ་དབྱིངས་སུ་ཞི་བ་དང༌། མདོར་ན་མི་འདོད་པའི་ཉེ་བར་ འཚེ་བ་མཐའ་དག་ཞི་ནས། ཆོས་སྤྱོད་ཀྱི་བྱ་བ་རྟག་པར་འཕེལ་ཏེ་འདི་ཕྱི་ཀུན་ཏུ་བདེ་སྐྱིད་ཀྱི་ དཔལ་ལ་རྟག་ཏུ་རོལ་པ་དང༌། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་བཟོད་དཀའ་འཇིགས་རུང་ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བ་དང༌། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ དམ་པ་གོང་མ་རྣམས་ཀྱི་མཛད་པ་དང་འཕྲིན་ལས་བསྐྱང་བའི་ཕྱིར་དང༌། ཁོང་རྣམས་ཀྱིས་ ཐུགས་བསྐྱེད་རྒྱ་ཆེ་བས་ཆོས་སྤྱོད་ཀྱི་བྱ་བ་ཆུ་གཏེར་ལྟ་བུའི་ནང་དུ་རང་ཅག་གི་དུས་མཆོད་ 7-1-124 རྣམས་དང་སྤྱི་སྲུང་སོགས་ཟག་བཅས་ཀྱི་དགེ་བ་རྩྭ་རྩེའི་ཟིལ་བ་ཙམ་བརྩེ་བའི་ཕྱིར་དུ་ ཞབས་འདེགས་ཞུས་པ་ལ་དོན་འདི་ལྟར་ཡོད་དེ། ཇི་སྐད་དུ། རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་ བ་བཞིན། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །གཞན་ཡང་ཇི་སྐད་དུ། གཞན་གྱིས་དགེ་བ་ བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགའི་སེམས་སྤངས་ནས། །སྙིང་ནས་དགའ་བས་ རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་གསུངས་པ་ བཞིན། དུས་མཆོད་ཚོགས་དང་དམ་པ་གོང་མའི་མཛད་ཕྲིན་དེ་དག་ལ་དགའ་སྤྲོ་དང་རྗེས་སུ་ ཡི་རང་གི་སྒོ་ནས་འཇུག་སྟེ་སྒྲིབ་སྦྱང་དང༌། བསོད་ནམས་བསགས་པའི་ཐབས་ལ་འབད་མི་ འབད་རང་ལ་རག་ལས་ཡོད་ནི་རེད། ད་གོང་དུ་བཤད་པ་ལྟ་བུའི་དེང་སྐབས་སུ་ཡང་དམ་པ་གོང་མའི་བཀའ་དྲིན་ལ་ཚོགས་ དུས་མཆོད་སྤྱི་སྲུང་སོགས་འཚོགས་ཀྱིན་ཡོད་ནི་རེད། དུས་མཆོད་དང་སྤྱི་སྲུང་ཆེན་པོ་རྣམས་ ལ་འདི་ཕྱིའི་སྐྱབས་གནས་ཡང་དག་ཏུ་མི་འཛིན་པར་མཐོང་ཆུང་དུ་བལྟ་བ་དང༌། གྲལ་ ཞུགས་ཙམ་མ་མྱོང་བའི་བླ་སེར་འགའ་དང་མི་འགའ་ཞིག་ཡོད་ནི་རེད། ཁྱོད་ཚོས་ཁ་ཕྱིར་ འདང་ཞིག་རྒྱོབས་དང༌། སྔོན་ལས་བཟང་པོ་ཞིག་རེད་དམ་སྔོན་ལས་ངན་པ་ཞིག་རེད། དཔེར་ན་དམ་པ་གོང་མས་དུས་མཆོད་བསྐྱང་བའི་བླ་ཚབ་བཞག་ན་ཡང༌། དེ་དག་ཐམས་ ཅད་འགྲོ་རྒྱུའི་སྤྲོས་པ་མེད་དེ་སྤྱི་བཅད་ན། དེས་བསོད་ནམས་བསགས་བཞིན་ཡོད་ནི་རེད་ དམ་ལས་ངན་བསགས་ནི་རེད། རང་རང་གིས་འདང་ཞིག་རྒྱོབས་དང༌། དམ་པ་གོང་མའི་ མཛད་ཕྲིན་གྱི་རྒྱུན་བཅད་ཀྱིན་ཡོད་ནི་རེད་དམ་མ་རེད། ངས་འདང་བརྒྱབ་ན་སྔོན་ལས་ངན་ པའི་དབང་གིས་བསམ་པ་གོ་ལོག་ཏུ་སོང་བས་དམ་པ་གོང་མའི་མཛད་ཕྲིན་གྱི་རྒྱུན་བཅད། ཡི་དམ་ལྷག་པའི་ལྷ་སྒྲུབ་པའི་ཐབས་ཆོ་ག་ཉམས་སུ་ལེན་པ་དེ་དག་ཐམས་ཅད་སྤངས་ནས་ ཡི་དམ་གྱི་ལྷ་རྣམས་དང་འགལ་བ། བསྟན་པ་དཀྲུགས་ཤིང་བསྟན་པའི་སྒྲིགས་ཁྲིམས་ 7-1-125 བཤིག་པ། དགེ་འདུན་ཆོས་སྤྱོད་ལ་དགའ་བ་རྣམས་ཀྱི་ཐུགས་དཀྲུགས་ཤིང་བཀའ་བཅག་ ནས་ཆོས་སྤྱོད་ཀྱི་ལས་ཆོས་སྤོང་གི་ལས་བསགས་པ་འདི་རྣམས་ཀྱི་འབྲས་བུ་འདིས། ཚེ་ཕྱི་ མར་བསྟན་པ་མི་གནས་སའི་སྐུ་གསུང་ཐུགས་རྟེན་མེད་ས་དང་དགེ་འདུན་སེར་སྡེ་རྣམས་ མིག་གིས་མི་མཐོང་ས། མཆོད་རྫས་སྣ་ཚོགས་ཀྱི་སྒྲ་དང་ཆོས་སྒྲ་རྣ་བའི་མི་ཐོས་སའི་གནས་ སུ་སྐྱེ་བ་འདི། འཛམ་གླིང་ལས་ཀྱི་ས་པ། ལས་ད་ལྟ་བྱས་ན་ད་ལྟ་སྨིན་ཟེར་ནི་རེད། ད་ལྟའི་ སྟེང་དུ་མ་སྨིན་ཡང་དེའི་འབྲས་བུ་འདི་ཚེ་ཕྱི་མར་སྨིན་པ་ནི་འུ་ཅག་ཚོ་བྱེད་པ་རྒྱུ་མཐུན་གྱི་ འབྲས་བུ་རེད། ད་སྐབས་ཀྱི་ལས་བསགས་ཚུལ་འདིར་བལྟས་ན་ཕྱི་མ་དེ་ལྟར་ཡོང་རྒྱུ་རེད། བྱེད་པ་རྒྱུ་མཐུན་གྱི་བདག་འབྲས་རེད། དེང་སྐབས་དུས་དང་བསྐལ་པ་ལྡན་དུས་འདིར། དུས་མཆོད་དང་སྤྱི་སྲུང་རྣམས་ལ་གྲལ་ ཞུགས་མི་འདོད་པ་རྣམས་ལ་འདང་རེ་རྒྱག་ཆེད་དུ་ངས་བཤད་ཀྱིན་ཡོད་ནི་ཡིན། བཤད་ གཞི་གཉིས་པ་ཞིག་ལ་འདང་བརྒྱབ་ན། འུ་ཅག་ཚོ་དམ་པ་གོང་མའི་བཀའ་དྲིན་ལ་དེང་སང་ བོད་གངས་རིའི་ཁྲོད་འདིར་འཛམ་ཐང་དགོན་གྱི་སེར་སྡེ་ལྟ་བུའི་འགྲིག་འདོན་ལེགས་པོ་ བྱེད་མཁན་འདི། ཐག་རིང་ས་མཐའ་རྣ་དང༌། མགོ་ཞྭ་དཀར་གྲིབ་མ་མཐའ་ཟེར་ནི་རེད། རྣ་ བས་ཉོན། མིག་གིས་ལྟོ ས་དང་མཐོང་ཐོས་སུ་གྱུར་པའི་ཡུལ་དུ་ཤིན་ཏུ་དཀོན་འདུགདམ་པ་ གོང་མའི་བཀའ་དྲིན་རེད། ལོ་རེ་བཞིན་གདུགས་རིང་འབུམ་ཐེར། དུས་འཁོར་ཁྲི་མཆོད། ས་ཆོག་ཐིག་རྡུལ་ཚོན་དང་བཅས་པའི་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད། རྒྱུད་སྡེ་དེ་ཉིད་ལྔ་ པའི་སྒྲུབ་མཆོད། བདེ་མཆོག་ནག་པོ་པའི་ཐིག་རྡུལ་ཚོན་དང་བཅས་པའི་སྒྲུབ་མཆོད། ཇོ་ ནང་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ཀློག་འདོན། ཀུན་མཁྱེན་རིན་པོ་ཆེའི་མཆོད་པ་ཁྲི་མཆོད་ ཚོགས་དང་བཅས་པ་ལོ་ལྟར་དུ་ཡོད་ནི་རེད། དེ་ལ་སེམས་ལྷག་བསམ་གྱི་སྒོ་ནས་གྲལ་ ཞུགས་བྱེད་ན། དེ་དག་ནི་སྒྲུབ་སྦྱང་བྱེད་ཐབས་དང་བསོད་ནམས་བསགས་པའི་བྱ་བ་ལ། 7-1-126 དཔེར་ན་ཐང་མར་བརྡལ་ནི་འདྲ་འདྲ་ཡིན་འདུག་ཡོད་ནི་རེད། རང་གིས་རྒྱུ་ཕུད་མི་དགོས་ ཀིདཀའ་ངལ་ཆེན་པོ་མི་དགོས་ཀི རང་ཉིད་དེའི་གྲལ་དུ་སོང་སྟེ་སྨོན་ལམ་ལེགས་པོ་ཞིག་ བཏབ། དགའ་བས་རྗེས་སུ་ཡི་རང་ཞིག་བྱེད་ནས་དགེ་འདུན་པའི་གྲལ་དུ་སྨོན་ལམ་ཞིགཨེ་ འདེབས་བསམས་ན། མི་འགའ་ཞིག་ལ་ནི་སྨོན་ལམ་སྒྲིབ་སྦྱོང་དང་བསོད་ནམས་བསགས་ མི་འདོད་དེགྲལ་ཞུགས་མི་བྱེད་པའི་མི། ས་ཆ་འཛི་སྐ་འདི་ནས་བླ་སེར་གྱི་མིང་བཟུང་རུང་ ཡོད་ནི་རེད། ད་དེ་ཚོས་དལ་འབྱོར་ལ་སྙིང་པོ་ལེན་བྱེད་ཀྱི་བྱ་བ་ཅིབྱེད་ཀི་ཡོད་ཟེར་ན། ངས་ འདང་བརྒྱབ་ན་དེས་བྱ་བ་ཆེན་པོ་ཞིག་འགྲུབ་ཡོད་མི་བསམ་གི ཚོར་ནི་རིག་ནི་ཞིག་བཤད་ ན། ལ་ལས་ཚོགས་དུས་མཆོད་ལ་འགྲོ་ཚོད་མེད་ཀི ནང་སྔ་དགོས་ཀིནུབ་ཕྱི་དགོས་ཀི དེ་ ལས་གྲོང་ཆོག་ཏུ་འགྲོ་ན་ཁྱི མ་ཕུག་ཏུ་རྩྭ་བཏིང༌། འོ་ཇ་དང་ཞོ་འཐུང་ན་སྐྱིད་པོ་རེད། ནངས་ སྔ་ནུབ་ཕྱི་མི་དགོས་ཀི དེ་ལྟར་བཤད་ན་ཁོ་ཚོའི་བསམ་པ་དེ་ཆོས་རེད་དམ་ཆོས་མིན་རེད། མ་རྩ་གཞི་ནས་དེས་བསམ་པ་ནི་ཟ་འདོད་རྙེད་འཚོལ་ཞིག་ལས། ཁྱད་ཆོས་གཞན་ཞིག་ བཤད་ལུགས་ལ་བལྟས་ན་ཡང་ཡོད་ནི་མི་གོ་གི དེ་ལྟ་བུ་ཞིག་གིས་ཚེ་གང་བོར་ཆུང་རྩམ་ ཁུག་ཁྱག་པ་ནས་ཆེ་མགོ་སེ་ཡོར་རེ། ཁ་ནག་སྒམ་མེ་སོང་ནས་ད་བར་ཁ་ཚེ་གཅིག་ལ་གྲོང་ ཆོག་ཏག་ཏག་གིས་ཟ་འདོད་རྙེད་འཚོལ་ཁོ་ན་ཞིག་གིས་ཚེ་བོ་ཟད་བཅུག་ན། དལ་འབྱོར་ ལ་སྙིང་པོ་ལེན་གི་ཡོད་ནི་ཨེ་རེད། འདང་དཔེ་མེད་ཅིག་རྒྱོབས། རང་གི་འཁྲུལ་བ་རང་གིས་ མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་ འཁྲུལ་བ་ལ། །བརྟགས་ནས་སྤང་པ་རྒྱལ་སྲས་ལག་ལེན་ཡིན། །གསུངས་ནི་རེད། རང་གི་ བྱ་སྤྱོད་ལ་རང་གི་བརྟག་དཔྱད་མ་བྱས་ན། ཨེ། འུ་ཅག་ལ་གཞན་སྐྱོན་ལྟ་བའི་མིག་རྒོད་ཡོད་ཀྱང༌། རང་སྐྱོན་སེལ་བའི་ཐུར་མ་ 7-1-127 ཡོད་རྒྱུ་མ་རེད། ཞིབ་འདང་ཞིག་རྒྱོབས། ད་ཕྱིན་ཆད་དུས་མཆོད་རྣམས་ལོ་བརྒྱའི་ཟ་མ་ལན་ གཅིག་འུ་ཅག་ལ་ཡིན་རྒྱུ་རེད། ལོ་གཅིག་གི་ནང་ཐེངས་གསུམ་བཞི་ཙམ་ཡོད་ནི་རེད། དེ་ དག་ལ་མགོ་ནས་སྔ་མའི་བར་དུ་དགའ་བས་རྗེས་སུ་ཡི་རང་བྱས་ནས་རང་ཉིད་ཀྱིས་བསྔོ་བ་ དང་སྨོན་ལམ་གྱིས་རྒྱས་བཏབ་ན། སྒྲིབ་སྦྱོང་ཡོང་གི ཚོགས་བསགས་ཡོང་གི སྨོན་ལམ་ཡོང་ གི སྐྱེ་བ་རྗེས་མ་ཡང་ལུས་རྟེན་ཁྱད་པར་ཅན་ལོན་ནས་རབ་ན། བསྟན་པ་གསལ་བར་བྱེད་ གྱུར་ཅིག །བསྟན་པ་གསལ་བར་མ་ནུས་ན། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ ཁུར་བར་མ་ནུས་ན། །བསྟན་པར་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་ པ་ཡིས། །བྱ་ར་ཙམ་ཡང་བྱེད་པར་ཤོག །གསུངས་པ་ལྟར་ཡོང་གི་ནི། ལོ་རེ་བཞིན་ཆད་ མེད་དུ་གཅིག་བྱོན། སྒྲིགས་ལམ་དང་གོས་རྣམ་གསུམ་ཡག་པོ་ཞིག་གྱོན་ན། སྲིད་གསུམ་ བདག་པོ་སྔར་ཡང་ལན་བརྒྱར་ཐོབ། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །ངུར་ སྨྲིག་ན་བཟས་ཉིན་གཅིག་སྒྲིབ་པ་སྦྱངས། །རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་ནི་རེད། སྒྲིགས་ ཁྲིམས་དང་ལྡན། ལམ་བསླབ་པ་གསུམ་གྱི་ནང་ནས། བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་ རེད། དེ་ཡིན་ན་སྐྲ་སོར་གང་ལས་རིང་མི་བཅུགགོས་ངུར་སྨྲིག་ན་བཟའ་རྒྱུན་འཆང་བྱེད་ རྒྱུ་འདི་རབ་བྱུང་ངུར་སྨྲིག་གི་སྡེ་ཟེར་ས་རེད། བདག་ཅག་གི་སྟོན་པའི་སྒྲིགས་ཁྲིམས་རེད། སྒྲིགས་ཁྲིམས་ལ་གནས་པའི་སྒོ་ནས་དེང་སྐབས་ཡིན་ན་བག་ཆགས་ཞིག་དང་བསོད་ནམས་ བསགས་པའི་ཐབས་ལ་འབད་རྒྱུ་འདི་གལ་ཆེན་པོ་རེད། དེ་མིན་ཁ་ཏི་ཅ་ཏིའི་ངང་མི་ཚེ་ཟད། དགོས་སུ་དུས་མཆོད་སྤྱི་སྲུང་རྣམས་རན་འོང་དུས་འགྲོ་ས་ཞིག་འཚོལ། དེ་ནི་ལོ་རེ་བཞིན་ རང་དོན་ཤོར་ནི་རེད། དེ་མིན་རང་རང་སོ་སོས་འདང་བརྒྱབ་ན་དེའི་ཡན་གྱི་ཕམ་ཁ་ཆེ་བ་ ཞིག་དང༌། དེའི་ཡན་གྱི་གྱོང་ཁ་ཆེན་པོ་ཞིག་མེད་ཀི་བསམ་གི དུས་མཆོད་སྤྱི་སྲུངུ་རྣམས་ལ་ ཁྲེལ་བཙོང་ནས་མ་ཞུགས་ན། དེ་བུ་རབ་མ་རེད། དམ་པ་གོང་མའི་མཛད་ཕྲིན་ལ་གཏོར་ 7-1-128 བརླགཡི་དམ་ལྷག་པའི་ལྷར་ངོ་རྒོལ། དཔལ་ལྡན་བླ་མ་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ ཀྱི་བཀའ་བཅག་ཐུགས་དཀྲུག་ན་ཆོས་སྤོང་གི་ལས་བསགས། ལས་ངན་དེའི་ཡན་མེད་ནི་ ཞིག་བསགས་ནི་རེད་བསམ་རྒྱུ་ལས། ལས་ཅན་རེད་མི་བསམ་གི བྱང་ཆུབ་ཀྱི་སེམས་བློ་ ལྡོ ག་རྣམ་བཞི་ལ་བརྟེན་ནས་ངེས་འབྱུང་གི་བསམ་པ་བཅོས་མིན། དད་པ་རྣམ་པ་གསུམ་ལ་ བརྟེན་ནས། དང་འདོད་ཡིད་ཆེས། དད་པ་བཅོས་མིན་བློལྡོ ག་རྣམ་བཞི་ལ་བརྟེན་ནས་ངེས་ འབྱུང་གི་བསམ་པ་བཅོས་མིན། མར་ཤེས་དྲིན་དྲན། ཡིད་འོང་གི་བྱམས་པ། བརྩེ་བའི་སྙིང་ རྗེ་གཞན་ཕན་བྱང་ཆུབ་ཀྱི་སེམས་བཅོས་མིན། སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས། ལམ་རྒྱུད་ལ་ ལྡན། རྟོགས་པ་ཁྱད་པར་ཅན་འཁྲུངས་ཡོད་ན་ཟེར་ནི་མིན། དེ་ལྟ་བུ་ཡིན་ཡང་གྲལ་ཞུགས་ བྱེད། བསྔོ་བ་སྨོན་ལམ་བྱེད་ན་ཐུགས་བསྐྱེད་རྒྱ་མཚོ་ལྟ་བུ་རེད། སྨོན་ལམ་ས་གཞི་ལྟ་བུ་ཡོང་ གི་རེད་མ་གཏོགས། ཉེས་སྒོ་ཞིག་འཕེལ་ནི་མ་རེད། ད་དེ་ལྟ་བུ་ཡིན་ན་མི་དགོས་ནི་བྱེད། དེའི་མ་འཕྲོ་ཐམས་ཅད་ལ་ནི་གོ་ལོག་ཡོང་གི་ཡོད་ནི་རེད། འདང་རྒྱོབས་འདང་རྒྱོབས། རང་ ཉིད་ལ་དེའི་ཡན་གྱི་ཕམ་ཁ་དང་གྱོད་གུད་ཅིག་ཡོད་ནི་གཏན་ནས་མ་རེད་བསམ་གི ཁྱེད་ རྣམ་པ་ཐམས་ཅད་ལ་ངས་འདང་བརྒྱབ་ནས་གློ་ཉལ་ཁ་བརྡ། འདང་ཞིག་བརྒྱབ་བྱེད་ཀྱི་ འཆར་གཞི་ཡིན། དེ་རྣམས་ཐམས་ཅད་ཐུགས་ལ་ནན་མོ་ཞིག་འཛིན་རྒྱུ་བཀའ་དྲིན་ཆེ། ཨེ། ད་དུང་བླ་སེར་ལ་ལས་གྲལ་ནས་ཁོ་ནད་པ་ཡིན་ཟེར་ནས་གཡོ་སྒྱུ་བྱས་ཏེ་དུས་ མཆོད་དང་སྤྱི་སྲུང་དམ་པ་གོང་མའི་མཛད་ཕྲིན་ལ་ངོ་རྒོལ་དང་འགལ་བ་བྱེད། ལ་ལ་སྔོན་ ལས་ངན་པས་ནད་པ་ཡང་ཡོད་ནི་རེད། དེ་ཡིན་ན་ལས་ངན་པ་ཞིག་གིས་ན་ནི་རེད། ཅི་འདྲ་རེད་ཟེར་ན། བསད་བསད་པ་ཚེ་ ཐུང་བ། བརྡུང་བརྡུང་བ་ནད་མང་བ། ཕྲོགས་ཕྲོགས་པ་དབུལ་ཕོངས་པའི་ལན་ཆགས་ཟེར་ ནི་རེད། དེ་ཡིན་ན་སྒྲིབ་པ་སྦྱངས་བསོད་ནམས་བསགས་ན་དེའི་ནད་དྲག་ན་དྲག་རྒྱུ་རེད། 7-1-129 རབ་ན་རྒྱུའི་སྒོ་ནས་བསོད་ནམས་བསགས། དེ་མིན་རང་ཉིད་ཚོགས་གྲལ་དུ་ཡོང་ནས་དུས་ འཁོར་ཚར་རེ་དང་གདུགས་དཀར་ཚར་རེ་ཙམ་ལས་འདོན་མ་ཐུབ་ཀྱང༌། ལྷག་བསམ་རྣམ་ དག་གིས་གྲལ་ཞུགས་རེ་བྱེད་ན་སྔོན་ལས་ངན་པ་དང་བསགས་འབྲས་ངན་པས་ནད་དྲག་ བྱེད་དང་སྒྲིབ་པ་སྦྱོང་བྱེད་དུ་འགྲོ་རྒྱུ་རེད། ནད་པ་ཐམས་ཅད་ཀྱིས་ཡིན་ན་འདང་རེ་བརྒྱབ་ ནས་ཐུབ་ཚོད་ཀྱིས་ཚོགས་གྲལ་དུ་འོང་ན་བསམ་གི རང་གི་ནད་དེ་ལ་རྒྱབ་སྐྱོར་ལྟ་བུའི་ངན་ ཐོག་རྩོག་བཞག་གིས་གཡོ་སྒྱུ་བྱེད་ན་དགའ་རྒྱུ་མ་རེད། འདང་དཔེ་མེད་ཅིག་རྒྱོབས། དེའི་འཕྲོ་བསྟན་པའི་སྦྱིན་བདག་ཐམས་ཅད་ཡིན་ན་ལ་ལས་དགའ་ཞིང་སྤྲོ་བས་རྒྱུ་ ཚེགས་ཀྱིས་བསོད་ནམས་ཀྱི་ཡུལ་དུ་ཇི་ལྟར་སོང་རུང་ཟེར་ནས། རྗེས་སུ་ཡི་རང་དང་བཅས་ སྒྲུབ་བཞིན་ཡོད་ནི་རེད། བསོད་ནམས་བསགས་བཞིན་ཡོད་ནི་རེད། ལ་ལ་རྒྱུ་དང་ཆ་རྐྱེན་ ཡོད་རུང་བསྟན་པ་དང་དགེ་འདུན་ཚོར་འགྲན་ཡ་བཟུང༌། ལྷས་བཞོས་ན་ཙུ་རུ་རུ། འདྲེས་ བཞོས་ན་ཤ་ར་ར། ཟེར་བ་ལྟ་བུའི་མི་འགའ་ལ་གོ་ལོག་ཤར་ཡོད་ནི་རེད། དེ་ཐམས་ཅད་ སྔོན་ལས་ངན་པའི་དབང་སོང་ན་གོ་བརྡ་སྤྲད་ན་འཕྲོད་ནི་མ་རེད་ཀྱང༌། རང་གིས་འདང་ རྒྱོབས་དང༌། གནའ་གཅིག་གིས་ཟེར་ཟེར་ལྟར། ཕོ་ཁོག་རེ་ལ་བསམ་ཁོག་རེ་ཟེར་བཞིན། རང་ཆས་ལ་རང་མ་མཁས་ན་རྒོད་རྒོད་ཚོ་སུས་ཀྱང་བྱེད་ནི་མ་རེད། དེ་ཐམས་ཅད་ཀྱི་ནང་ན་ ཁྱེད་རྣམས་ཀྱི་ཐུགས་ལ་མི་འབབ་རྒྱུ་དང་གནོད་རྐྱེན་ཡོད་ན་རང་གིས་མ་ཤེས་ནི་ཡིན། ཁ་ཏ་ ཞིག་གི་ཚུལ་ཡིན། འདིའི་ནང་ན་ར་རི་མེད། ཕྲག་དོག་མེད། ཧ་མ་གོ་ན། ཕོ་ངན་པས་བཤད་ ན་ཁྲོས་ནི་འདྲ་འདྲ། རྟ་ངན་པ་རྒྱུག་ན་སྒུག་ནི་འདྲ་འདྲ་ཞིག་ལས་ཡོང་ནི་མ་རེད། དེ་དག་ ཐམས་ཅད་ཐུགས་ལ་གནད་དུ་བཟུང་རྒྱུ་འདི་བཀའ་དྲིན་ཆེ། འོ་ད་མང་ཚོགས་དང་ནང་སྒོས་སུ་རྒན་རྒོན་རྣམས་ལ་གོ་བརྡ་སྤྲད་རྒྱུ་ལ་སྐད་བསྐུར་ནི་ ཡིན། ད་སྐབས་ང་ཡར་ལ་འོང་རྒྱུ་མི་ལྡན་གི གཅིག་ན་ཁོམ་མི་ཁོམ་ཡོད་ཀི གཉིས་ན་ད་ 7-1-130 རུང་ནད་ལ་ཡང་སྨན་འཐུང་དགོས་པས་ལོ་སར་ཚེ་མི་ཐོན་གི དེ་ཡིན་ན། ལོ་སར་སྐབས་ཀྱི་ འུ་ཅག་རྒན་རྒོན་ཐ་མལ་བ་རྣམས་ཀྱི་བྱ་བ་འདི་ཅི་རེད་ཟེར་ན། ད་སྔ་ཡན་ལ་འུ་ཅག་གིས་ བསྙུང་ཆེན་འཚོགས་ནས་ལོ་བཅུ་གསུམ་བཅུ་བཞི་ཙམ་ཁོམ་འདུགབསྙུང་ཆེན་བཙུགས་ སྐབས་སུ་རང་གིས་ཡིན་ན། ཚེགས་དཀའ་ངལ་བྱས་ཡོད། དགུན་ལྟོགས་འཁྱག་རིག་ཡོད། དེ་ཅི་ཡིན་ཟེར་ན། འུ་ཅག་མི་བདག་ཀུན་གྱིས་འཁོར་ཚེ་ཐོག་མེད་ནས་བསགས་པའི་སྡིག་ ལྟུང་ཆེ་རྒྱུ་རེད། ཉེས་པ་ལྕི ་རྒྱུ་རེད། འུ་ཅག་གིས་འདང་ཞིག་རྒྱོབས་དང༌། ལོ་རེ་རེ་བཞིན་ དབྱར་ངོའི་གཅིག་གི་ཞིང་ལས་ཞོར་ལས་དང༌། རོང་འབྲོ ག་ཀུན་ཏུ་སེམས་ཅན་གྲངས་མེད་ ཀྱི་སྲོག་བཅད་ཡོད་རྒྱུ་རེད། གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བའི་སྒོ་ནས་སྲོག་བཅད་ ཡོད་རྒྱུ་རེད། དེ་མིན་ཁ་ཞོར་ལག་ཞོར་དང་སེམས་ཅན་འཚོ་སྐྱོང་བྱས་སྐབས་ཀྱི་དབྱར་ཐོག་ གཅིག་ལ་སྲོག་བཅད་ཟེར་བ་གྲངས་མེད་ཅིག་བྱས་ཡོད་རྒྱུ་རེད། ད་དེ་དག་ལ་སྲོག་ལན་ལྔ་ བརྒྱལྔ་བརྒྱ་འཇལ་དགོས་པ་ནི་ལས་རྒྱུ་འབྲས་ལྡོ ག་ཏུ་མེད་པ་ཡིན་རྒྱུ་རེད། དེ་ཡིན་ན་ལོ་རེ་ རེའི་ཉེས་སྒྲིབ་རེ་དམའ་ཐབས། དགུན་ཁ་ཚོ་ཕྱག་སྐོར་དང་བསྙུང་གནས། ཡུལ་ཕྱོགས་སོ་ སོ་ནས་བླ་མ་སྐྱེས་བུ་དམ་པ་རེ་ཆོས་དང་མ་ཎི་གསུང་ནི་ཆུད་ན། འུ་ཅག་ཅན་པོ་བླུན་པོ་དད་ པ་ཅན་གྱི་འཇུག་སྒོ་ཡིན་རྒྱུ་རེད། རང་ཉིད་མ་ཞན་ན་ཚོགས་བསགས་སྒྲིབ་སྦྱོང་གི་ཆ་རྐྱེན་ འདི་ཐང་མར་བརྡལ་བ་ལྟ་བུ་ཡོད་ནི་རེད། རང་རང་གི་རང་སྐལ་ཆད་བཅུག་ན་རང་ཉིད་ལ་ གནམ་རྡིབ་ནི་རེད། འུ་ཅག་ཚེ་ཕྱི་མར་འགྲོ་རྒྱུ་ལ་ཐག་རིང་ཞིག་ཡོད་རྒྱུ་མ་རེད། ཐག་ཉེ་ཞིག་ ཡིན་རྒྱུ་རེད། ལོ་ཅི་འདྲ་ཡོད་ན། ད་འདིའི་གྲལ་གྱི་མང་ཚོགས་རྒས་པོ་ལོ་མཐོ་ཤོས་སྐོར་ ནི། ད་ལོ་བཞི་ལྔ་ནས་ཚེ་ཕྱི་མའི་ལམ་ཆེན་བླངས་ནས་འགྲོ་རན་ནི་རེད། དཔེར་ན་ལྷ་ས་ལ་ འགྲོ་རྒྱུ་ཡིན་ན། ལྷ་ས་འགྲོ་བྱེད་ཀྱི་ཆ་རྐྱེན་སྒོར་མོ་སོགས་གྲ་འགྲིག་རན་ནས་ཚུལ་འདྲ་འདྲ་ རེད། འུ་ཅག་གིས་ཚེ་ཕྱི་མའི་ལམ་ཆེན་བླང་བའི་ཆ་རྐྱེན་དང་གྲོ་ཆས་བྱེད་རན་པའི་དུས་རེད། 7-1-131 ཁྱེད་ཅག་གིས་ཡིན་ན་དགེ་སྒྲིབ་སྡིག་སྤང་རེ་དང་བསྙུང་གནས་ཕྱག་སྐོར་རེད། ད་ལོ་འདི་ ནས་ངས་ཀྱང་སྐད་སྐུར་ཡོད། ཨེ་བསྙུང་གནས་འཛུགས་པའི་ཆ་རྐྱེན་སྒྲིག་ཡོད། དེ་ཡིན་ན་ ཁྱེད་ཅག་གིས་ལོ་རེ་བས་ལོ་རེ། ཇེ་ངན་ཇེ་ངན་ལ་འགྲོ་ཀ་མ་འཇུགརང་དོན་ཤོར་ནས་འགྲོ་ གི་ཡོད་ནི་རེད། འདི་ངོགས་དར་ཅིག་རེད། ལྡུམ་བུ་དབྱར་གཅིག་རེད། ཉི་མ་ཁ་ཤས་ཀྱི་མི་ རེད། དེང་སྐབས་ཡིན་ན་རང་ལུས་རང་ལ་དབང་གི དཔེར་ན་བུ་རྒྱུད་ཡ་རབས་ཞིག་ཡོད་ན། ཕ་མ་ཐམས་ཅད་ལ་ཟས་གོས་འཚོ་བ་ཡག་པོ་ཞིག་བྱེད། ད་ཁྱེད་ཚོས་ཆོས་བྱ་རན་ཚད་རེད། ཚེ་གཅིག་ཏུ་ང་ཚོ་གསོ་སྐྱོང་གི་ཆེད་དུ་ཁྱེད་ཚོས་ཚེ་ཕྱི་མའི་འགྲོ་ལམ་མེད་རྒྱུ་ཙམ་འབད་ཡོད་ རྒྱུ་རེད། ད་ཁྱོད་ཀྱིས་རང་དོན་ཞིག་སྒྲུབ་ཟེར་ནས་བུ་རྒྱུད་བཟང་པོ་ཡ་རབས་རེ་ཡོད་ན་འུ་ ཅག་ལ་བསྐུལ་མ་བྱེད་རན་ནི་རེད། བུ་རྒྱུད་མ་རབས་ཞིག་ཡིན་ན་དེ་ལྟའི་དགེ་བསྐུལ་ཞིག་ ཕར་རིའི་ལ་ཞོགཟ་གྱོན་འཚོ་བ་ཡག་པོ་ཞིག་ཀྱང་བྱེད་དབང་མེད། ཁ་གྲག་དབང་མེད། ཁ་ སོད་ཚིག་སོད་དང་དབང་ཆ་སྤུ་ཙམ་མི་སྦྱིན་པའི་བུ་རྒྱུད་མ་རབས་ཚོས་ཕ་མ་ལ་དེ་འདྲ་བྱེད་ ནི་ཡང་ཡོད་ནི་རེད། དེ་ཡིན་ན་འུ་ཅག་ཚོ་འཇིག་རྟེན་འདིར་སྐྱེས་ཡོད་ནི་རེད། དགུན་ཁའི་ ཕྱག་སྐོར་དང་བསྙུང་གནས་འདུག་པའི་ཆ་རྐྱེན་སྤྲང་དགོས་ཀྱང་འོང་དགོས་ནི་རེད། རང་ དོན་རེད། དེ་མ་ཡིན་པའི་འུ་ཅག་ལ་ཐོན་ཡོང་རྒྱུའི་བསྐལ་བ་ཆེན་པོ་ཞིག་ཡོད་རྒྱུ་མ་རེད། ད་ཁྱེད་ཅག་རྒན་རྒོན་རེད་མང་ཚོགས་ཐམས་ཅད་ཀྱི་སེམས་ལ་དཔེ་མེད་ཅིག་ཟུངས། ལོ་རེའི་བསྙུང་གནས་དང་དགུན་སྐབས་སུ་ཕྱག་སྐོར་དང་སྒྲོལ་མ་རེ་འདོན་ན། འུ་ཅག་གིས་གཅིག་ན་ཚེ་འདི་ངོགས་ཀྱི་ལོ་རྒྱུས་བཤད་ན་མི་ལ་ན་ཚ་མེད་བྱེད། ཞིང་གི་ ས་བཙའ་སད་སེར་གསུམ་མེད་བྱེད་རེད། ཚེ་ཕྱི་མའི་འགྲོ་ལུགས་བཤད་ན། འཁོར་ཚེ་ཐོག་ མེད་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་སྦྱངས། བསོད་ནམས་རྒྱ་ཆེན་པོ་བསགས་ནས་ ཤི་མ་ཐག་ཏུ་བདེ་ནས་བདེ་བར་འགྲོ་བྱེད་ཀྱི་རྒྱུ་རེད། ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས་ 7-1-132 ཟེར་ནི་རེད། མ་སྔ་རེད། མ་འཕྱི་རེད། དེང་སྐབས་སུ་རང་དོན་ཞིག་མ་བསྒྲུབ་ན། ཉི་མ་ཁ་ ཤས་ནས་རང་སྐྱིད་བཅུག་བསམ་ན། སྡུག་བཅུག་བསམ་ན་དེང་སྐབས་རང་ལག་རེད། ད་སྔ་ ཡན་ལ་རང་གི་ཁྱི མ་བཟའ་ཚང་གི་གྲལ་ནས་ཤི་སོང་ནི། རི་སྡེ་བའི་ནང་ནས་ཤི་སོང་ནི། དེ་ དག་ལ་འདང་རྒྱོབས་དང༌། ཁོ་བུ་བཟང་རྟ་མགྱོགས་བསམ་ནས་བུ། འཛི་སྐ་ལ་ལྟོ ས་ན། བུ་ བཟང་པོ་གྲགས་འདུག་པ་ཐམས་ཅད་ཤི་ན་རང་དོན་བསྒྲུབས་ནས་ཤི་སོང་ཡོད་དམ། རང་གི་ ཉྭ་ཡུའི་ནང་དུ་ས་བླུགས་ནས་དེང་སྐབས་དམྱལ་བ་རྡོ་རྗེ་གདན་དུ་སྐྱེ་ཡོད་པའི་རྒྱུ་བསྒྲུབས་ ནས་ཤི་ཡོད། རྒན་རྒོན་རང་ག་བ་ཡིན་ན་རང་དོན་འགྲུབ་ནས་ཕྱི་མ་སྐྲག་མི་དགོས་ནི་བྱེད་ དེ་ཤི་སོང་ཡོད་དམ། ཕྱི་མར་ངན་སོང་དུ་འགྲོ་རྐྱེན་ལ་ཁོས་རང་སྐལ་ཞིག་བྱས་ནས་ཤི་སོང་ ཡོད། ཨེ་སྐལ་ཆད་རྣམས། སྐལ་ཆད་རྣམས། འུ་ཅག་ཚོའི་རང་དོན་ལ་འདང་ཞིག་རྒྱོབས། ད་སྔ་ཡན་ཆོད་དུ་རང་གིས་ཡིན་ན་ཁ་གང་དབུགས་ཀྱི་འདང་ཚོད། ལུས་གང་ལག་པས་ཟིན་ ཚོད་དེས། འུ་ཅག་མི་བདག་ཀུན་གྱིས་ཚོགས་གསག་སྒྲིབ་སྦྱང་ཞིག་ཨེ་ཡོང་བསམ་ནས་ཁོམ་ ལོང་དར་ཅིག་ཙམ་ཡོད་དུས་སོས་ཁ་ཡིན་ན་རྩྭ་རའི་ནང་ནས་སྒྲོལ་མ་དང་མ་ཎི་སྐྱབས་འགྲོ་ རྣམས། འབྱུང་བཞིའི་གནོད་པ་དང་ཐན་པ་ཐམས་ཅད་མེད་ཕྱིར། ཚེ་ཕྱི་མ་ཡང་སྒྲིབ་སྦྱོང་ཅུང་ ཙམ་རེ་ཨེ་ཡོང་བསམ་ནས་འདོན་ཡོད། བཤད་མི་དགོས་ཚང་མའི་སེམས་ལ་ཡོད་པ་བཞིན་ རེད། དགུན་ཁ་ཡིན་ན་ཐུབ་ཚོད་དུ་ཅི་འདྲ་འདྲའི་བསྙུང་གནས་ལ་བསྡད་ཡོད། ད་ཁྱེད་ཅག་ གིས་གློ་མེད་མ་བྱེད། རང་དོན་འདི་གོ་ནི་གྱིས། བསྙུང་གནས་ལ་ཡག་པོ་ཞིག་འདུག་ནས། སྔོན་ཆད་བཞིན་མར་ཉུང་ཉུང་རེ་ཡོང་ནས། མཆོད་མེ་རེ་བཅའ། རང་བདག་བསྙུང་གནས་ རེ་འདུགདེ་འདྲ་བྱེད་ན། རང་ཉིད་ཚེ་ཕྱི་མ་འགྲོ་བའི་གྲོ་ཁ་སྒྲིག་གི་ཡོད་ནི་རེད། འུ་ཅག་གིས་ འཇིག་རྟེན་འདིར་འདང་བརྒྱབ་ན། སྡིག་ཝཱ། འུ་ཅག་ཚང་མ་འདི་ཉེ་རིང་ཆགས་སྡང་ཟེར་རྒྱུ་ བོ་འདི། དཔེར་ན་ཝ་ལམ་ཆུ་ལམ་ཞིག་ཡིན་རུང་རྩོད། ཁྱི མ་མཚེའི་རི་སྐོར་དང་མནའ་ལྐུག་ 7-1-133 བྱེད། ཚོ་བ་དང་ཚོ་བའི་བར་ལ་འཐབ་རྩོད་བྱེད། དགོན་པ་དང་དགོན་པའི་བར་ལ་གྲལ་རིམ་ བྱེད། ད་དེ་ཡིན་ན་ཅི་ཞིག་དོན་ཡོད་རྒྱུ་རེད། དོན་མེད་གི རང་གི་བསོད་ནམས་ཟད་བྱེད། རང་རྒྱུད་ཀྱི་དགེ་རྩ་སྲེ ག་བྱེད་རེད། དོན་དག་ཡོད་ནི་མ་རེད། འུ་ཅག་གི་ཡུལ་ཁམས་དང་ས་ ཆ་འདི་བདེ་འཇགས་ལ་སོང༌། ཚོ་བ་དང་ཚོ་བའི་བར་གྱི་འཛིང་འཁོན་མེད། ཁྱི མ་མཚེའི་དང་ ཁྱི མ་མཚེའི་བར་གྱི་མནའ་ལྐུག་མེད། དགོན་པ་དང་དགོན་པའི་བར་ལ་གྲལ་རིམ་འཐབ་ རྩོད་མེད། གཅིག་གིས་གཅིག་ལ་མཐུན་སྒྲིལ་བྱེད། བསྟན་པ་ཅི་དར། དགེ་འདུན་གྱི་སྡེ་ཅི་ རྒྱས་བྱེད། དཔེར་བཞག་ན་རྒྱལ་བ་ཇོ་ནང་པ་ཟེར་རྒྱུའི་མ་དགོན་ལྟ་བུ་བོ་འཛམ་ཐང་འདི་ རེད། འཛམ་ཐང་ལ་ཡང་འཁྱོར་བ་ལྟ་བུ་ལས་ཡོད་ནི་མ་རེད། གཅིག་གིས་གཅིག་ལ་ཕུ་ནུ་ལྟ་ བུའི་རྒྱབ་སྐྱོར་རོགས་རམ་བྱས་ན་ཐུགས་མཐུན་ཟེར་རྒྱུ་བོ་དེ་རེད། ཁྲིམས་གཙང་ཟེར་རྒྱུ་བོ་ དེ་རེད། དེ་མིན་མནའ་ལྐུག་གིས་འཐབ་རྩོད་བྱེད་ནས་མགོ་སྐེ་མན་ཆོད་ཁྲག་གི་ནང་དུ་ནུབ་ རྒྱུ་ཞིག་བྱེད་ན། རང་ཉིད་དམྱལ་བ་རྡོ་རྗེ་གདན་དུ་འགྲོ་བྱེད་མ་གཏོགས་འུ་ཅག་གི་བསྟན་པ་ རྒྱས་བྱེད་མི་འགྲོ་གི འགྲོ་བ་བདེ་བྱེད་མི་འགྲོ་གི ཡུལ་ཁམས་སྐྱིད་བྱེད་མི་འགྲོ་གི དཔེར་ ན་འུ་ཅག་ལ་སྔོན་ཆད་ཡིན་ན། འཛམ་གླིང་ལས་ཀྱི་ས་བ། ལས་ད་ལྟ་བྱས་ན་ད་ལྟ་སྨིན་ཟེར་ ནི་རེད། དབྱར་སྐབས་སུ་སེམས་ཅན་གྱི་སྲོག་བཅད་བཅད་ནས་གྲུབ་འབྲས་ལ། སྔར་ཕ་ཁུ་ མྱིགསུམ་གྱི་རིང་ཚོར་མ་མྱོང་བའི་ཐན་པ་ས་ཐོག་ཏུ་འབུ་ཅི་འདྲ་བབས། འུ་ཅག་གི་མིག་གིས་ རིག་ས་ལ། ཤ་ལན་རྩོད་ཡོང་ནི་འདྲ་བོ་རེད། ད་རེས་ཡིན་ན་ཡང་དེ་ལྟ་བུའི་འབུ་དེ་ཞིང་ནང་ དུ་བབས། གཞན་མགོ་ལོག་ས་ཆ་ལ་རྩྭ་འབུ་ཐུས་གོ་བབས་ནས་རི་མགོས་རྩྭ་ས་ཕལ་ཆེར་ ཟོས་ཚར་འདུག་ཟེར་གི ལྷས་ཐོག་རྣམས་སུ་ཨ་བྲ་བབས་ནས་ས་ནག་པོ་བསྒྱུར་ནས་རྟ་ཟོག་ སེམས་ཅན་ལ་ཟ་རྒྱུ་མེད་པ་ཙམ་རེད་ཟེར། འབྲོ ག་པས་སེམས་ཅན་ལ་བརྟེན་ནས་ཁ་གསོ་ གི་རོང་བས་ས་ཞིང་ལ་བརྟེན་ནས་ཁ་གསོ་གི་ཡོད་ནི་རེད། 7-1-134 ད་འུ་ཅག་ལ་འདི་ལྟ་བུའི་མཐོང་ཆོས་མྱོང་འགྱུར་དུ་སྡིག་པ་མི་དགེ་བ་བྱས་ན་ཚེ་ལུས་ འདིའི་སྟེང་ནས་སྨིན་ཡོང་ན་ཚེ་ཕྱི་མ་ནི་དེ་ལས་ཚབས་ཆེ་བ་བརྒྱ་འགྱུར་སྟོང་འགྱུར་ཁྲི་འགྱུར་ གྱི་ལས་ངན་སྨིན་པ་བཤད་དགོས་ནི་མ་རེད། དེང་སྐབས་ཡིན་ན་སྔ་ལྟས་ལྟ་བུ་འདི་ཤར་གི་ ཡོད་ནི་རེད། ཨེ། ཆེ་ནས་ཆུང་གི་བར་གྱི་སྐྱེ་ཕོ་མོ་རྣམས། ཁོ་ལོ་ཉུང་ཞིག་ཡིན་བསམ་ནས་སྣང་བ་མ་ མཐོ། སུ་ཡིན་ཀྱང་ཤི་ས་ལས་འགྲོ་ས་མེད། བར་དོ་ལས་འཁྱམས་ས་ཡོད་རྒྱུ་མ་རེད། གསར་ བུ་གསར་མོ་སྣང་བརྒྱག་ཚོ་སྐྱེ་རྒ་ན་འཆིའི་ཁུར་ཆེན་གྱིས་ནོན་མེད་ནི་ཞིག་ཡོད་རྒྱུ་མ་རེད། ཞག་མ་ཁ་ཤས་རེད། འདི་ངོགས་དར་ཅིག་རེད། རྒན་རྒོན་རྣམས་ཅི་བཤད་གྱིས། ཁྱི མ་ ཚང་མ་རབས་ཤིག་ཡིན་ན་ཁྱེད་ཅག་ཤི་རྒྱུ་ལ་སྔ་འཕྱི་ལངས་ནས། ཨ་ཤི་མེད་མ་ཟེར་ཚད་ ལ་ཐུག་འདུག་ཡོད་ནི་རེད། འུ་ཅག་གིས་མདོ་རྩ་དེར། ཚེ་འདི་ངོགས་ནས་དགེ་སྦྱོར་བྱེད་ ན། རྣམ་དཀར་དགེ་བ་སྒྲུབ་བྱེད་ཀྱི་ཆ་རྐྱེན་ནི་ཐང་མར་བརྡལ་བ་ལྟ་བུ་ཡོད་ནི་རེད། རང་ བདག་ངན་མ་བཅུག་ན་དེའི་གྲལ་ནས་རང་སྐལ་ཅི་ལོན་ཞིགདེང་སྐབས་ཡིན་ན་ལོ་བརྒྱའི་ ཟ་མ་ལན་གཅིག་རེད། ལོང་བས་གླང་རྔ་དེ་ཟིན་བྱེད་ནས་དགེ་སྦྱོར་ཞིག་ལ་གཅིག་རེམ་རྒྱུ་ མ་འཆུགཚང་མས་གཅིག་གིས་གཅིག་ལ་འཁོན་འཛིང་དང༌། ར་རི་ཕྲག་དོག་གྲལ་རིམ་ལྟ་བུ་ དེ་བྱེད་གི་མ་འདུགདེ་ཅི་རེད་ཟེར་ན། རང་གཞན་ཕོངས་ལ་སྦྱོར་བའི་རྒྱུ་ཡིན་ནི་རེད། རང་ གཞན་གཉིས་ཀྱི་རྒྱུད་ཀྱི་དགེ་རྩ་ཚང་མ་སྲེག་བྱེད་དང་དམྱལ་བ་རྡོ་རྗེ་གདན་དུ་འགྲོ་བྱེད་དེ་ ཡུལ་ཁམས་དཀྲུགས་ནས་ངན་ཞིག་ཡོད་རྒྱུ་མ་རེད། དོན་དག་མེད་གི འུ་ཅག་ལ་ཅི་དགོས་ ཟེར་ན། ཡུལ་ཁམས་བདེ། རྒྱལ་བའི་བསྟན་པ་རྒྱས། སེམས་ཅན་ལ་བདེ་སྐྱིད་ཅིག་བྱུང༌། ནད་མ་ཡོང༌། མུ་གེ་མ་ཡོང༌། དུས་ཀྱི་འཁྲུག་པ་མ་ཡོད། མཚོན་གྱི་བསྐལ་པ་མ་ཡོད། ས་ཆུ་ མེ་རླུང་གི་འཇིགས་པ་མེད་ན། འུ་ཅག་གི་བདེ་སྐྱིད་ཟེར་ས་དེ་རེད། དཔེར་ན་རྒྱ་ནག་གི་ས་ཆ་ 7-1-135 ཞིག་ལ་མཚོན་ན། ད་ལོ་མི་ཁྲི་ཕྲག་མང་པོ་ཆུའི་འཇིགས་པས་གནོད་རྐྱེན་ཐེབས་ནས་ཤི དེ་ ལྟ་བུའི་ད་དུང་འཇིགས་རྐྱེན་མང་གི འུ་ཅག་གིས་ཡིན་ན། ཆུ་མ་འོངས་གོང་གི་ཆུ་ར་རྒྱང་ནས་ བྱེད། རྐྱེན་མ་འོང་གོང་གི་རིམ་གྲོ་ཟེར་བ་ལྟར་རེད་ནི། ཨེ། ཚང་མས་གཅིག་རེམ། གོ་ན་ཁ་ཏའི་ཚུལ་གྱི་སྐད་སྐུར་ནི་ཡིན། སྤྱིར་འཛི་གཞུང་ན་བླ་ སྤྲུལ་གསེར་ནག་གི་རི་འདྲ་འདྲ་ཡོད་ནི་རེད་ཀྱང༌། ཁྱེད་རྣམས་ལ་དེ་ལྟ་བུའི་སྐུལ་སློང་དང༌། ངས་བཤད་བཤད་ལྟར་བྱེད་ནི། དཀོན་སེ་དཀོན་སེ་ཡིན་བསམ་གི ཁྱེད་ཅག་གིས་སེམས་ ལ་ནན་འཛིན་ཞིག་བྱས་ཏེ། ད་ལོའི་བསྙུང་གནས་དང༌། དགུན་ཁའི་སྒྲོལ་མ་འདོན་སྐབས་ མཆོད་ཆུ་དང་མཆོད་མེ་བཤམས་ནས་ཚང་མའི་ཡག་པོ་ཞིག་ཡོང་རྒྱུ་རང་གི་རེ་བ་ཡིན། ཁྱེད་ རྣམས་ལ་ཁ་ཕྲིན་ཞིག་གི་ཚུལ་ཡིན། ཆེ་ནས་ཆུང་ངུའི་བར་ཐམས་ཅད་ཀྱིས། ངས་བཤད་ནི་ ལ་ཡག་པོ་ཞིག་ཉོན། སེམས་ལ་ཟུངས། ཅི་འདྲ་ཟེར་གི་གང་འདྲ་ཟེར་གི གཅིག་གིས་གཅིག་ ལ་དྲིས་ནས་སེམས་ལ་ནན་མོ་ཞིག་ཟུངས༌། དགེ་སྦྱོར་ཞིག་ལ་རེམ་ནས་ཕྱི་མ་སྐྲག་མི་དགོས་ པ་ཞིག་མ་འོང་ཀྱང༌། ངན་སོང་གསུམ་དུ་སྐྱེ་མི་དགོས་པའི་ཐབས་ལ་རེམ་རེམ། དེ་ལྟར་གང་ བཤད་ཐམས་ཅད་སེམས་ལ་ནན་མོ་ཞིག་འཛིན་རྒྱུ་འདི་བཀའ་དྲིན་ཆེ། (སྒྲ་ཕབ་ལས་བཤུས། ) ༄༅། །ཐུགས་རྗེ་ཆེན་པོའི་བདག་བསྐྱེད་ དམིགས་རིམ་ཉུང་བསྡུས། འོ་དེ་ལྟ་བུའི་སྒོ་ནས་ད་ནི་ཁྱེད་རྣམས་ཡི་དམ་ཐུགས་རྗེ་ཆེན་པོར་གསལ་དགོས་པས། 7-1-136 དེ་ཡང་འདི་ལྟར་ཡིན་ཏེ། ཁྱོད་རང་རྣམས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦུག་པོར་སྦྱར་བ། གཡས་ འོག་མས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་འདྲེན་པ། གཡོན་འོག་མས་པདྨ་དཀར་པོ་འདབ་མ་ བརྒྱད་པའི་ཡུ་བ་ནས་འཛིན་པ་སྙན་གྱི་ཐད་དུ་ཁ་ཕྱེ་བ། ཞབས་གཉིས་རྡོ་རྗེ་སྐྱིལ་དྲུང་གིས་ པད་ཟླའི་གདན་ལ་བཞུགས་པ། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ། དར་དཀར་ པོའི་སྟོད་གཡོགས་དམར་པོའི་སྨད་གཡོགས་གསོལ་བ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་ སོགས། སྐུའི་ཁ་དོག་བརྗིད་ལེགས་དང་ལྡན་པ་ཞིག་ལེགས་པར་གསལ་ཐོབ་ལ། དེ་ལྟ་བུའི་ འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཀར་ཡང་པད་ཟླའི་གདན་གྱི་སྟེང་དུ་ཧྲཱིཿཡིག་གི་མཐར་ གསུང་མཆོག་རྒྱལ་པོ་ཡི་གེ་དྲུག་མས་གཡས་སུ་བསྐོར་བ་ལ་དམིགས་ཏེ། དེའི་ཐུགས་ཀའི་ ཧྲཱིཿཡིག་དང་ཡི་གེ་དྲུག་མ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་ པའི་རྒྱལ་བ་སྲས་དང་བཅས་པ་དེ་དག་ཐམས་ཅད་ལ་ཕྱི་མཆོད་མེ་ཏོག་བདུག་སྤོས་སོགས་ དང༌། ནང་མཆོད་ཤ་ལྔ་བདུད་རྩི་ལྔ་དང་གསང་བའི་རིག་མ་དཀར་སྔོ་སེར་དམར་ལྗང་གི་ མཆོད་པ་རྒྱ་ཆེན་པོ་ཕུལ་ནས། སངས་རྒྱས་དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ རྣམས་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་སྐུ་ ལ་ཐིམ་པས། རང་གི་ལུས་ངག་ཡིད་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སུ་ བྱིན་གྱིས་བརླབ་པར་མོས་པ་གྱིས། ཡང་རང་གི་ཐུགས་ཀའི་ཧྲཱིཿཡིག་དང་ཡི་གེ་དྲུག་མ་ལས་ འོད་ཟེར་འཕྲོས། རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོགསེམས་ཅན་ཐམས་ཅད་ ཀྱི་འཁོར་ཚེ་ཐོག་མ་མེད་པ་ནས་བསགས་པས་སྡིག་པ་མི་དགེ་བ་གངས་ཀྱི་རིམ་པ་ཆགས་ པ་དེ་དག་ཐམས་ཅད་དགཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་དག་སྟེ་ 7-1-137 མཐར་ཐུག་སྤངས་རྟོགས་ཡོངས་སུ་རྫོགས་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་ བཀོད། དེ་དག་ཐམས་ཅད་ཀྱི་ཞལ་ནས་གསུང་མཆོག་རྒྱལ་པོ་ཡི་གེ་དྲུག་མའི་སྒྲ་དབྱངས་ སྒྲོག་བཞིན་པའི་ངང་ནས། གཟུགས་གང་སྣང་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ སྐུ་ཤ་སྟག་དང༌། སྒྲ་གང་གྲགས་སྒྲ་ཆུ་སྒྲ་མེ་སྒྲ་རླུང་སྒྲ་འབྱུང་བ་བཞིའི་སྒྲ་གྲག་པ་དེ་དག་ ཐམས་ཅད་གསུང་མཆོག་རྒྱལ་པོ་ཡི་གེ་དྲུག་མའི་སྒྲ་དབྱངས་དང༌། ཐུགས་ཀྱིས་དྲན་རྟོགས་ གང་འགྱུ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་ཤེས་བྱ་མཐའ་དག་ལ་གཟིགས་ པས་ཡེ་ཤེས་ཆེན་པོ་གཅིག་ཏུ་གྱུར་པ་འདི་ནི། ཡེ་གདོད་མ་ནས་བཞུགས་པའི་རང་རང་སོ་ སོའི་རྒྱུད་ལ་ཡོད་པའི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་འཕགས་པ་ཐུགས་རྗེ་ཆེན་ པོ་སངས་རྒྱས་སྣང་བ་མཐའ་ཡས་འཁོར་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད། ཡེ་ནས་བཞུགས་པ་ཡིན་པ་ལ་གློ་བུར་བའི་སྒྲིབ་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་ སོགས་པས་དེ་དག་ཇི་བཞིན་ངོས་མ་ཟིན་པ་རྣམས་ནི། ད་སྐབས་ཐབས་དང་རྐྱེན་སྣ་ཚོགས་ ལ་བརྟེན་ཏེ་རང་རང་སོ་སོ་ལ་ཡེ་ནས་བཞུགས་པའི་ཆོས་ཉིད་ཀྱི་རྣམ་པའི་ཚུལ་དུ་བཞུགས་ པས། བདེ་བར་གཤེགས་པ་དེ་ཅི་ལྟ་བ་བཞིན་མངོན་དུ་གྱུར་པ་ཡིན་པ། དེའི་སྒོ་ནས་འབད་ མེད་ལྷུན་གྲུབ་ཀྱིས་འགྲོ་དོན་རྒྱ་ཆེན་པོ་མཛད་བཞིན་བསམ་པའི་དམིགས་འདུན་དང་བཅས་ ཏེ། ཐར་བའི་འདྲ་འབག་ལམ་དུ་བྱེད་པའི་སྒོ་ནས་དེ་ལྟ་བུའི་བག་ཆགས་འཇོག་པ་འདི་ནི། རང་ལུགས་ཀྱི་ངེས་དོན་ཟབ་མོའི་ཆོས་ལ་བག་ཆགས་འཇོག་པའི་ཆེད་དུ་དེ་ལུགས་ལྟར་ དམིགས་དགོས་པ་ཡིན་ཏེ། ཇི་སྐད་དུ། སྟོང་པ་ཉིད་ལ་བློ་ཁ་ཕྱོགས་པས་ཀྱང༌། །སྲིད་པ་ཧྲིལ་པོར་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར་དང༌། ཡང་དག་ལས་ལ་ཡང་དག་ལྟ། །དེ་ནི་འགྱོད་ཚངས་མཆོག་ ཡིན་ནོ། །ཞེས་གསུངས་པ་ལྟར་དོན་དམ་སྟོང་པ་ཉིད་ཡེ་ནས་བཞུགས་པའི་ཆོས་ཉིད་བདེ་ 7-1-138 གཤེགས་སྙིང་པོ་ལ་བློ་ཁ་ཕྱོགས་པས་ཀྱང་སྲིད་པ་ཧྲིལ་པོར་བྱེད་པར་འགྱུར་གསུངས་པ་ ཡིན་པས། དེ་ལུགས་ལྟར་བསམ་པའི་དམིགས་འདུན་དང་བཅས་ཏེ་ངེས་དོན་འཁོར་ལོ་ཐ་ མའི་ཟབ་དོན་ལ་བག་ཆགས་འཇོག་པའི་ཕྱིར་དུ། ཁྱེད་རང་རྣམས་ཀྱིས་དམིགས་འདུན་དེ་ ལྟར་བཞག་པའི་ངང་ནས་བདག་བསྐྱེད་ལ་བརྟེན་པ་དང་གསུང་སྙན་པོ་དང་བཅས་མ་ཎིའི་ པད་དབྱངས་བྱེད་བཞིན་པའི་སྒོ་ནས་ཁྱེད་རྣམས་འབྱོན་པར་ཞུ། ཞེས་འཕགས་པ་ཐུགས་རྗེ་ཆེན་པོའི་ བདག་བསྐྱེད་དམིགས་རིམ་ཉུང་བསྡུས་འདི། རྗེ་ཡོན་ཏན་བཟང་པོས་སྔོན་ཆད་སེར་སྐྱ་མང་ཚོགས་ལ་བསྙུང་ཆེན་བསྩལ་སྐབས་ ཐུགས་ཐོག་ནས་གསུངས་པ་བཞིན་ཕྱིས་སློབ་བུ་གྲགས་པ་རྒྱ་མཚོས་ཡི་གེར་ཕབ་པའོ། ། ༈ རང་རང་རྣམས་ཡི་དམ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྐུར་གསལ་བའི་ ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སྣོད་བཅུད་ལ་ཕོག་པས་སྣོད་ ཐམས་ཅད་རི་བོ་པོ་ཊ་ལའི་ཞིང་ཁམས་དང་བཅུད་ཀྱི་སེམས་ཅན་ཐམས་ཅད་འཕགས་ མཆོག་བརྩེ་བའི་གཏེར་ཆེན་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ་དྲན་རྟོགས་གང་འགྱུ་ཐམས་ཅད་ འཕགས་པའི་ཐུགས་ཡེ་ཤེས་ཆོས་སྐུའི་རང་མདངས་ལས་ནམ་ཡང་འདུ་འབྲལ་མེད་པ་དང༌། སྒྲ་གང་གྲགས་ཐམས་ཅད་གསུང་མཆོག་རྒྱལ་པོ་ཡི་གེ་དྲུག་མའི་སྒྲ་དབྱངས་དང༌། གཟུགས་ གང་སྣང་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་ཤ་སྟག་དང༌། སྣོ ད་ཐམས་ཅད་རི་ བོ་པོ་ཊ་ལའི་ཞིང་ཁམས་སུ་གྱུར་པར་དམིགས་པས། ཁྱེད་རང་རྣམས་མ་ཎིའི་པད་དབྱངས་ བཅས་པའི་ངང་ནས་བྱོན་པར་ཞུ། ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ རང་ཡི་དམ་འཕགས་མཆོག་གྲུ་ འཛིན་བདག་པོར་གསལ་བས་འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་རི་ བོ་པོ་ཊ་ལར་འདྲེན་པའི་དེད་དཔོན་ཆེན་པོར་གྱུར་ནས་འཕགས་མཆོག་སྤྱན་རས་གཟིགས་ ཀྱི་ཞིང་ཁམས་སུ་འགྲོ་བའིདམིགས་འདུན་བཞག་པའི་སྒོ་ནས་སྐད་གསང་མཐོན་པོའི་ངང་ ནས་མ་ཎིའི་པད་དབྱངས་དང་བཅས་པའི་སྒོ་ནས་བྱོན་པར་ཞུ། ཞེས་པ་འདི་ཡང་མདོརྒྱུད་ 7-1-139 ཀྱི་ངོར་ཡོན་ཏན་བཟང་པོས་སྦྱར་བའོ། རང་མདུན་མཁའ་ལ་བླ་མ་སྤྱན་རས་གཟིགས། །སྐུ་ མདོག་དཀར་པོ་ཞལ་ཕྱག་ཡོངས་སུ་རྫོགས། །མ་ཡེངས་དྲན་པས་འདི་ཕྱི་འབྲལ་མེད་པར། །སྐྱབས་སུ་བརྟེན་བཞིན་སྙིང་པོ་ཡིག་དྲུག་བཟླ། །འདི་བསམ་སྐྱིད་ལ་མ་ཎི་འདོན་པའི་ཆ་ རྐྱེན་དུ་གུ་ཎས་བྲི ས། རང་ཉིད་སྐད་ཅིག་སྤྱན་རས་གཟིགས་དབང་གསལ། །ཐུགས་ཀར་ཟླ་ སྟེང་ཧྲཱིཿཡིག་གསལ་བའི་མཐར། །ཡི་གེ་དྲུག་མའི་གཡས་བསྐོར་སྔགས་ཕྲེང་ལས། །འོད་ འཕྲོས་སངས་རྒྱས་བྱང་སེམས་སྤྱན་དྲངས་ཐིམ། །ཡིག་དྲུག་བཟླ། ཐུགས་ཀའི་སྔགས་ལས་ འོད་ཟེར་ཕྱོགས་བཅུར་འཕྲོས། །རིགས་དྲུག་སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱང་། །འཕགས་ པའི་སྐུར་གྱུར་གཟུངས་སྔགས་བཟླ་བར་དམིགས། །དེ་ལས་མ་ཡེངས་ཡིག་དྲུག་བཟླ་བར་ བསམ། །ཡང་བཟླ། དགེ་འདིའི་ནམ་ཞིག་འཕགས་ཞིང་པོ་ཊ་ལར། །སྐྱེས་ནས་གདམས་ཐོབ་ ས་ལམ་མཐར་ཕྱིན་ཏེ། །མཐར་ཐུག་སྤྱན་གཟིགས་གོ་འཕང་མྱུར་ཐོབ་ནས། །འགྲོ་ཀུན་ཞིང་ དེར་འདྲེན་པའི་དེད་དཔོན་གྱུར། །འདི་ཡང་ཚེ་བརྟན་ལ་མ་ཎི་དུང་ཕྱུར་འདོན་པའི་མཐུན་ རྐྱེན་དུ་རེ་བའི་སྒོ་ནས་བློ་བཟང་པས་བྲི ས་པའོ། །རང་ཉིད་སྐད་ཅིག་དྲན་རྫོགས་སུ། །རྒྱལ་ ཀུན་སྐུ་གསུང་ཐུགས་རྡོ་རྗེ། །བདག་ཉིད་རྡོ་རྗེ་སེམས་དཔའ་གསལ། །གནས་གསུམ་ཡི་གེ་ འབྲུ་གསུམ་མཚན། །ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་ བྱང་སེམས་དང༌། །ཡི་དམ་ནོར་ལྷ་ཆོས་སྲུང་གི །བྱིན་རླབས་འོད་ཀྱི་རྣམ་པར་བསྡུས། །རང་ ལ་ཐིམ་པས་སྡིག་སྒྲིབ་དག །སྣང་བ་ལྷ་དང་སྒྲ་གྲགས་གསུང༌། །དྲན་རྟོག་ཆོས་སྐུའི་རང་ཞལ་ ལྟ། །འགག་མེད་རང་ཤར་སྔགས་འདི་བཟླ། །ༀ་ཨཱཿཧཱུཾ། ཞེས་ཅི་ནུས་བཟླ། དམིགས་བསམ་བརྗོད་བྲལ་ངང་ ལ་བཞགཅེས་པའང་གུ་ཎའི་མིང་གིས་སོ། ། 7-1-140 ༄༅། །ཆུ་མིག་བརྒྱ་རྩ་སོགས་ལ་འགྲོ་སྐབས་སུ་མཁོ་བྱ་ དམིགས་གནད་བདག་འཛིན་གཅོད་ པའི་རལ་གྲི་ཞེས་བྱ་བ་ བཞུགས་སོ། ། སྤྱིར་ངན་སོང་གསུམ་དུ་སྐྱེ་བའི་རྩ་བ་དང༌། གཅོད་པས་འདུལ་རྒྱུའིལྷ་འདྲེ་ནི། ཕྱི་ཡུལ་ ན་ཡོད་པ་མ་ཡིན་པར་ནང་སེམས་ལས་འབྱུང་བ་ཡིན། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་ སུ་སྣང་བ་ཐམས་ཅད་ཀྱང་ནང་རྣམ་རྟོག་དང་ང་བདག་ཏུ་འཛིན་པའི་སྙེམས་བྱེད་ཀྱི་རྩ་བ་མ་ ཆོད་པ་ལས་བྱུང་བ་ཡིན་ཏེ། མ་ཅིག་གི་ཞལ་ནས་ཀྱང༌། ཐོགས་བཅས་བདུད་དང་ཐོགས་ མེད་བདུད། །དགའ་བྲོ ད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་ཐུག །ཅེས་གསུངས་པ་ལྟར་འདྲེ་ཞེས་བྱ་བ་དེ་བདག་འཛིན་སྙེམས་བྱེད་འདི་ལ་འདུས་པ་ཡིན། གཞན་ཡང༌། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་ རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ཟེར། །ཞེས་གསུངས་པ་ལྟར་ མ་རིག་པ་དང་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ལས་བྱུང་བ་ཡིན་པས་བདག་ གཅེས་འཛིན་རྩ་བ་ནས་གཅོད་པ་ལ། ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད་ཅེས་ གསུངས་པ་ལྟར་བདག་གཅེས་འཛིན་གྱི་རྩ་བ་མ་ཆོད་པར་ཕྱི་འཁྲུལ་སྣང་ལས་ཤར་བའི་ འདྲེ་བསད་པས་མི་སོད། བརྡུང་པས་མི་ཐུབ། མནན་པས་མི་ནོན། བསྐྲད་པས་མི་འགྲོ་སྟེ། 7-1-141 དཔེར་མེ་མ་སྤངས་པར་དུ་བ་སྤང་མི་ནུས་པ་ལྟར་ནང་སྙེམས་བྱེད་ཀྱི་རྩ་བ་མ་ཆོད་པར་དེའི་ རྩལ་ལས་ཤར་བའི་ཕྱི་འཁྲུལ་སྣང་གི་ལྷ་འདྲེ་མེད་པར་མི་འགྱུར་ཏེ། བྲག་སྲིན་མོས་ཀྱང་རྗེ་ བཙུན་ལ། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །ཁྱོད་ སོང་ཞིག་བྱས་པས་ང་མི་འགྲོ། །ཞེས་དང་འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་ སུ་ཤེས་ན་གྲོལ་བ་ཡིན། །ཞེས་སོགས་གསུངས་པ་ལྟར་ནང་འདྲེར་འཛིན་གྱི་རྣམ་རྟོག་འདི་ རྩ་བ་ནས་གཅོད་པ་གལ་ཆེ་བ་མ་གཏོགས། འདྲེ་གསོད་པ་མིན། འདྲེ་བརྡུང་པ་མིན། འདྲེ་ བསྐྲད་པ་མིན། འདྲེ་མནན་པ་མིན། འདྲེ་བརླག་པ་མིན། དེས་ན་གཅད་བྱ་ཕྱི་ན་མེད་པར་ ནང་ན་ཡོད་པར་ཤེས་པ་འདི་གནད་དམ་པ་ཡིན། གཞན་ཡང་འཕྲིན་ལས་ཀྱི་རྣོ་སོ། དྲག་ ཤུལ་གྱི་ནུས་མཐུ། གཏོར་ཟོར། རྡོ་ཟོར། རྭ་ཟོར། མདའ་ཟོར་སོགས་ཀྱི་རྩེ་ཐམས་ཅད་ཕྱིར་ ལ་མི་བསྐོར་བར་ནང་ཉོན་མོངས་པའི་དམག་དཔུང་སྟེང་དུ་བསྐོར་ནས་ལས་ཉོན་འདི་བཅོམ་ པའི་ཐབས་ཁོ་ནར་འབད་པ་ནི་རང་རེའི་ཆོས་ལུགས་ཡིན་ཏེ། མི་ལའི་ཞལ་ནས། ངའི་ཆོས་ ལུགས་འདི་བདག་འཛིན་རྩད་ནས་བཅད་དེ་ཆོས་བརྒྱད་རླུང་ལ་བསྐུར་ནས་བདུད་བཞི་ཁ་ སྐྱེངས་སུ་འཇུག་པའི་ཆོས་ལུགས་འདི་ང་ཡི་ཆོས་ལུགས་ཡིན་གསུངས་པ་ལྟར། ཆོས་ཉམས་ སུ་བླངས་ཚད་ཀྱི་བློ་ཁ་ནང་ལ་བསྐོར་ནས་ནང་ངར་འཛིན་དང་ཉོན་མོངས་པ་དུག་གསུམ་གྱི་ རྟོག་ཚོགས་ཐམས་ཅད་བཅོམ་པའི་ཐབས་མཐུ་རྩལ་ནུས་པ་ཡོད་དགུ་རྩལ་སྤྲུགས་སུ་བྱེད་ པ་ནི་གལ་གནད་ཆེ་བ་ཡིན་ཏེ། སྲུངས་ཤིག་སྐྱོབས་ཤིག་བརྒྱ་ཟེར་བ་ལས་ཀྱང༌། ཟོ་ཞིག་ ཁྱེར་ཅིག་གཅིག་གིས་དགའ་བ་ཡིན། ལྷ་སྲུང་བརྒྱ་ར་མདར་སྦྲན་པ་ལས་ཀྱང་ལྷ་འདྲེ་བརྒྱ་ ལ་ཤ་ཁྲག་གིས་སྦྱིན་པ་བྱས་པས་དགའ་བ་ཡིན། ཇི་སྐད་དུ། ནད་པ་འདྲེ་ལ་གཏད་པ་ཡིན། །སྐྱེལ་མ་དགྲ་ལ་བཅོལ་བ་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་ལས་ཀྱང༌། །ཟོ་ཞིག་ཁྱེར་ ཅིག་གཅིག་གིས་དགའ། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །ཞེས་གསུངས་པ་ལྟར་ནང་རྣམ་ 7-1-142 རྟོག་གི་རྩ་བ་གཅོད་ཕྱིར་བྱིང་རྒོད་སྐྱོན་གྱིས་ནམ་ཡང་མ་གོས་པར་རང་བབ་བསམ་མེད་ཀྱི་ རྣལ་འབྱོར་འདི་འཛིན་གཏད་ཀྱི་སྒྲོག་གིས་མ་བཅིངས་པར་རྒྱ་ཡན་གྱི་རིགས་པ་རང་བབས་ སུ་མ་བཅོས་ལྷུག་གེར་གནས་པ་ན་ཕྱི་ཡུལ་ལ་ཆེད་དུ་མི་གཏད། ནང་དུ་སེམས་པ་དང་ཡང་ བྲལ་བ་སོགས་མདོར་ན་བློས་བྱས་ཀྱི་ཆ་ཐམས་ཅད་དང་བྲལ་བའི་གསལ་སྟོང་ནམ་མཁའ་ ལྟ་བུའི་རྣལ་འབྱོར་འདི་ཡང་ཀུན་གཞིའི་གཉུག་མའི་ཡེ་ཤེས་སམ་ཆོས་ཉིད་བདེ་གཤེགས་ སྙིང་པོ་བདེ་སྟོང་ཟུང་འཇུག་ཕྱོགས་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་འཁོར་རྩ་བདག་གཅེས་ འཛིན་བློས་བྱས་ཀྱི་རྣམ་རྟོག་འདི་གཞོམ་པས་ཐབས་མཆོག་ཁྱད་པར་དུ་འཕགས་པ་ཡིན་ པར་གསུངས་པ་སོགས་བླ་མའི་མན་ངག་ལ་བརྟེན་ནས་ནང་རྡོ་རྗེ་ལུས་ལ་གནད་དུ་བསྣུན་ ཏེ། ལམ་ཉམས་ལེན་ལ་འབད་ནུས་ན་ཉི་ཟླའི་རྒྱུ་བ་རང་འགགས་སུ་འགྲོ་བ་དང་རླུང་སེམས་ སོགས་དབུ་མར་འཇུག་པས་འཕྲལ་དུ་བདེ་གསལ་མི་རྟོགས་པའི་ཉམས་མྱོང་རྒྱུན་ཆད་མེད་ པར་འོང་བ་ཡིན། དེས་ན་ཕྱི་འཁྲུལ་སྣང་ལྷ་འདྲེ་བགེགས་ཀྱི་རྣམ་པ་ལྟར་སྣང་བ་ལ་བདེན་ བདེན་དང་ཡིན་ཡིན་གྱིས་རྒྱབ་སྐྱོར་མི་བྱ་བར་ཐམས་ཅད་ཀྱང་རྨི་ལམ་དང་སྒྱུ་མ་ལྟ་བུའི་རྣམ་ རོལ་དུ་རྩལ་སྦྱང༌། གནས་སྐབས་སུ་གནོད་བྱ་དང་གནོད་བྱེད་ལྟར་སྣང་བའི་ནད་པ་དང་ ལྷ་འདྲེ་གཉིས་ཀ་ཡང་སྔོན་ལས་ངན་པ་དང་འཁྲུལ་སྣང་གི་རྒྱུ་ལས་བྱུང་ཞིང་གནོད་བྱ་དང་ གནོད་བྱེད་དུ་འབྲེལ་བ་ཡིན་པས་ན་ཉེ་རིང་ཆགས་སྡང་མིབྱ་བར་བྱམས་པ་དང་སྙིང་རྗེ་བྱང་ ཆུབ་ཀྱི་སེམས་བསྐྱེད་པའི་སྒོ་ནས་ཁོ་རང་གི་རྒྱུད་ཀྱི་ཞེ་སྡང་དང་གདུག་རྩུབ་ཞི་སྟེ་ཤེས་རྒྱུད་ དམ་པའི་ཆོས་ལ་བཀོལ་བའི་ཐབས་ཆོས་བཤད་དང་སྨོན་ལམ་རྣམ་དག་གི་དགེ་རྩ་སྦྱིན་པར་ བྱ་སྟེ། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་གིས་བླང༌། །བདག་ལ་དེ་དག་ སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །བྱ་བ་གང་བྱས་ཐམས་ཅད་གཞན་དོན་ ཁོ་ན་མ་གཏོགས་རང་དོན་གྱི་བསླད་མ་ཞུགས་པ་ནི་གནད་འགག་ཆེ་བ་གཅིག་ཡིན། ཇི་སྐད་ 7-1-143 དུ། ལྷ་མེད་འདྲེ་མེད་ལྟ་བའི་གདེང༌། །ཡེངས་མེད་འཛིན་མེད་བསྒོམ་པའི་གནད། །བླང་མེད་ དོར་མེད་སྤྱོད་པའི་གནད། །རེ་མེད་དོགས་མེད་འབྲས་བུའི་གནད། །ཟེར་བ་ལྟར་གཅད་བྱ་ གཅོད་བྱེད་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་གྱུར་ན་ནང་སྙེམས་བྱེད་གདོན་གྱི་ རྩ་བ་ཆོད་དེ་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་འགྱུར་བ་ཡིན་ནོ། །ཞེས་དམིགས་གནད་བདག་ འཛིན་གཅོད་པའི་རལ་གྲི་འདི་ཡང་ཁང་རྒན་ངང་བ་ཆོས་རྡོར་ལ་མཁོ་ཕྱིར་བློ་བཟང་ཆོས་འཕེལ་པས་བྲི ས་པའོ། ། ༄༅། །འཆི་ཁའི་གདམས་པ། འདིར་འཆི་ཁ་དང་འཆི་བ་དངོས་ལ་མཁོ་བའི་གདམས་པ་གཉིས་ལས། དང་པོ་འཆི་ ཁའི་གདམས་པ་ལ་སྦྱང་བ་ནི། ད་སྐབས་བདག་ཅག་རྣམས་སྤྱིར་ན་སྐྱེས་པའི་ཐ་མ་འཆི་བ་ དང་འདུས་པའི་ཐ་མ་བྲལ་བ་སོགས་འདུས་བྱས་ཡིན། ཚེ་ལ་རྟག་ཐུབ་པའི་ཆོས་གཅིག་ཀྱང་ མེད། སྒོས་སུ་འཛམ་བུའི་གླིང་པའི་ཚེ་མི་རྟག་ཡང་སྒོས་སྙིགས་དུས་སུ་བྱུང་བའི་བདག་གི་ཚེ་ ལ་ནི་འཚོ་རྐྱེན་ཉུང་ཞིང་འཆི་རྐྱེན་མང་བའི་དབང་གིས་ནམ་འཆི་ཆ་མེད་པས། ད་སྐབས་མྱུར་ བར་མྱུར་བར་འཆི་ངེས་ཀྱི་སེམས་ཐག་ཡང་ཡང་བཅད། འཆི་བའི་དུས་སྐབས་སུ་ནི། འཇིག་ རྟེན་འདི་ངོགས་ཀྱི་དགའ་ཡུལ་གཉེན་ཉེ་མཛའ་ལོངས་སྤྱོད་གང་ཡོད་མཐའ་དག་དང་སྡང་ ཡུལ་གནོད་བྱེད་ཀྱི་དགྲ་སོགས་དང་བར་མ་རང་ག་བའི་ཡུལ་སྡེ་དག་དེ་ཐམས་ཅད་བོར་བ་ མ་ཟད། ཐ་ན་རང་གི་སྒྱུ་ལུས་འདི་ལ་ད་སྐབས་སུ་ཟས་གང་བཟང་བཟང་གི་ཕུད་སྦྱིན། གོས་ གང་དྲོ་དྲོ་དང་གང་མཛེས་མཛེས་གྱོན། དེ་མ་ཟད་ཉེར་ཕུང་འདི་ལ་མཁོའམ་སྙམ་ནས་རྒྱུ་ རྫས་གསོག་པ་དང་རྟ་ནོར་ལུག་གསུམ་གསོ་སྐྱོང་བྱེད་པ་དང་མཁར་ལས་དང་ཞིང་ལས་ལ་ 7-1-144 རེམ་པ་དང༌། བུད་མེད་ལ་ཆགས་པ་དང་བུ་དང་བུ་མོ་རྣམས་གསོ་སྐྱོང་བྱེད་པ། དེ་དག་གི་ དོན་དུ་དགྲ་ལ་འཐབ། འཁྱགས་ལྟོ གས་སྐོམ་གསུམ་ངལ་ཞིང་ཐང་ཆད་པའི་ལས་སོགས་ལ་ ད་ལོ་སང་ལོ་རྗེས་མར་ལྷག་པ་སོགས་ལོ་ནས་ལོའི་བར་ཇི་ལྟར་འབད་འབད་ཀྱང་འཇིག་ རྟེན་འདིའི་བྱ་བ་ལ་ནི་ཡང་ཟད་པ་མེད་པ་མ་ཟད་མཐར་ལུས་ངན་ལེན་བྱེད་ཀྱི་ཁུར་ཆེན་པོ་ འགྲུབ་ཡོད་པ་མ་གཏོགས་ཟས་གང་ཡང་མེད་པ་མ་ཟད་མཐར་བདག་གི་ཕུང་པོ་འདི་དང་ རྣམ་ཤེས་སོ་སོར་ཕྱེས་ཏེ་གཅེས་པར་བསྐྱངས་པའི་ལུས་འདི་རོ་ཞེས་བྱ་བའི་གནས་ཡིད་མི་ འོང་བ་དང་སྐྱུག་ལོག་གེ་བའི་གནས་དང་འཇིགས་སྐྲག་སྐྱེ་བའི་གནས་སུ་འགྱུར་ཏེ། ད་ནི་ འཇིག་རྟེན་འདིའི་བྱ་བྱེད་དང་ཚེ་འདི་བློས་བཏང་ནས་འཁོར་བ་ལ་ཞེན་ཆགས་རྦད་ཀྱིས་ བཅད་དགོས་པ་ནི་གདམས་པ་དང་པོ་ཡིན། གཉིས་པ་ནི་འཆི་བ་དངོས་ལ་ཐུག་སྐབས་ཀྱི་ གདམས་པ་ནི། ད་བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི་བདག་ ཉིད་ནི་རང་གི་རྩ་བའི་བླ་མ་རྗེ་གཅིག་ཆོག་རྒྱལ་པོ་གང་གི་ཐུགས་དང་རང་སེམས་དབྱེར་ མེད་དུ་མཉམ་པར་བཞག་པ་འདི་གནད་དམ་པ་ཡིན། འདི་ཡང་དབོན་སངས་རྒྱམ་ལ་མཁོ་ནས་གུ་ཎས་བྲི ས་ པའོ། ། ༄༅། །གནས་ལུགས་དོན་དམ་ཆེན་པོའི་ འཕོ་བའི་རྩ་བསྐྱེད། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་ཡི་གེ་དབྱངས་གསལ་གྱི་ཚོགས་ 7-1-145 འབར་ཕྲེང་འཁྲིགས་པ་བཞིན་འཕྲོས་པས་ཁྱོད་རང་གི་སྣ་བུག་ནས་ཞུགས། ལུས་ལ་སྦྱར་ སྙིང་གར་རིག་པ་དྲན་མེད་དུ་བརྒྱལ་བ་ལ་ཐིམ་པས་ངེད་ཀྱིས་གོ་བརྡ་གང་སྤྲད་པ་དེ་དག་ ཐམས་ཅད་འཛིན་ནུས་ཤིང་ཤེས་རིག་ལས་སུ་རུང་བ་ཅི་དགར་བཀོལ་དུ་བཏུབ་པའི་རྣམ་པ་ ཅན་དུ་གྱུར་བར་བསམ། ཡང་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་ཧཱུཾ་ཡིག་ སྔོན་པོ་དགུ་ལམ་གྱིས་བྱུང༌། ཁྱོད་རང་གི་སྣ་བུག་ནས་ཞུགས་ལུས་ལ་བརྒྱུད་དེ་ཁྱོད་རང་གི་ གནས་ངན་ལེན་གྱི་བུག་སྒོ་དགུ་པོ་ཧཱུཾ་ཡིག་རེ་རེས་ཐེམ་གྱིས་བཀག་པར་བསམ། ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ། ཇི་སྐད་དུ། མགོན་པོ་ཀླུ་སྒྲུབ་ཀྱིས། ཚེ་འདིར་གནོད་མང་རླུང་གིས་བཏབ་པ་ ཡིས། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་ པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར་དང༌། ད་ནང་ གསོན་པོའི་ལུས་པོ་ལ། །དོ་དགུང་རོ་ཞེས་འབོད་ལ་ལྟོ ས། །ནད་པ་སང་འཆི་ཟེར་དང་ནད་ མེད་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །ལོ་བརྒྱའི་མི་རྒན་ལོ་གཅིག་བྱིས་ པ་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །ཞེས་གསུངས་པ་ལྟར་ཕྱི་ནང་སྣོ ད་ བཅུད་འདི་དག་ཐམས་ཅད་ནི་མི་རྟག་པའི་རང་བཞིན་ཅན་ཡིན་པས་རྟག་ཐུབ་པའི་ཆོས་ གཅིག་ཀྱང་མེད་པ་ཡིན་པས། ད་སྐབས་ཁྱོད་ལ་མི་རྟག་པའི་རང་མཚང་བསྟན་ནས་འཆི་བ་ ཟེར་བ་དེ་གློ་བུར་དུ་སླེབས་ནས་འདུག་པ་ཡིན། དེའི་དུས་སུ་ནི། ཇི་སྐད་དུ། ཡུན་ རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ། །འབད་པའི་བསྒྲུབས་པའི་ནོར་རྫས་ ཤུལ་དུ་ལུས། །ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར། ཞེས་གསུངས་པ་ལྟར། ཁྱོད་རང་གི་ཤུལ་ན་ཡོད་པའི་ནོར་རྫས་ཅ་ལག་ཁང་ཁྱིམ་སོགས་གང་ལ་ཡང་ཆགས་ ཞེན་མ་བྱེད། ཆགས་ཀྱང་ཁྱོད་ལ་རྒྱུ་རྫས་ལོངས་སྤྱོད་རིའི་རྒྱལ་པོ་རི་རབ་ཙམ་ཡོད་ཀྱང༌། ཏིལ་གྱི་འབྲུ་མ་ཙམ་ཁྱེར་དབང་མེད། ཁྱོད་ཀྱི་ཤུལ་དུ་ཡོད་པའི་ཁྱི མ་བཟའ་ཚང་ཕུ་ནུ་ཉེ་ 7-1-146 མཛའ་ལ་སོགས་པ་གང་ལ་ཡང་མ་ཆགས། ཆགས་ཀྱང་ཁོ་བོ་རྣམས་ཁྱོད་ཀྱི་རྗེས་སུ་འབྲང་ དབང་མེད། ཁྱོད་ལ་ཡང་ཁྱེའུ་གཅིག་ཙམ་ཡང་འཁྲིད་དབང་མེད་པ་ཡིན། དེ་མ་ཟད་ཁྱོད་ ཀྱིས་གཅེས་པར་སྐྱོང་བའི་ལུས་འདི་རྣམ་ཤེས་དང་སོ་སོར་བྲལ་བས་ཞག་འགའ་ཞིག་ནས་ རི་ལ་ཁྱེར་ན་བྱ་ཁྱི འི་ཟས་དང༌། ཆུ་རུ་བསྐྱལ་ན་ཉ་སྲམ་གྱི་ཟས་དང༌། མེ་ལ་བསྲེ ག་ན་རུས་ པ་སྤར་གང་དུ་འགྱུར་བ་ཡིན་པས། ཁྱོད་ཀྱི་ལུས་ཀྱི་གནས་ཚུལ་འདི་དེ་ལྟར་ཡིན། ཁྱོད་ཀྱིས་ ལུས་ངག་ཡིད་གསུམ་ལ་བརྟེན་པའི་སྒོ་ནས་འཁོར་ཚེ་ཐོག་མ་མེད་པ་ནས། ལུས་ཀྱི་སྒོ་ནས་ སྲོག་བཅད། མ་བྱིན་པ་བླངས། མི་ཚངས་པ་སྤྱོད། ངག་གི་སྒོ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་ འཁྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི་སྡིག་པ་མི་དགེ་ བ་གངས་ཀྱི་རིམ་པ་ཆགས་པ་ལྟ་བུ་འདི། སྐྱེ་བ་ད་རེས་ཀྱི་ལུས་འདི་མ་ཟད་འཁོར་ཚེ་ཐོག་མ་ མེད་པ་ནས་སྡིག་པ་མི་དགེ་བའི་བག་ཆགས་ད་ལྟར་ཁྱོད་ཀྱི་སེམས་ཀུན་གཞིའི་རྣམ་ཤེས་ཀྱི་ སྟེང་དུ་བཞག་ཡོད་པ་ཡིན་པས། ད་ནི་ཁྱོད་ཀྱིས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དང༌། ཕྱིན་ཆད་མི་བྱ་བའི་སྡོམ་ སེམས་བརྟན་པོ་དང་བཅས་པའི་སྒོ་ནས་བཤགས་སྡོམ་ཡང་ཡང་བྱེད་དགོས་པའི་དུས་ལ་ བབ་པ་ཡིན། མ་བཤགས་མ་འཐོལ་ན་ནི་ཁྱོད་མི་དགེ་བཅུའི་བག་ཆགས་དེ་དག་ཐམས་ཅད་ ལ་བརྟེན་ནས་སྤྱིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འཆིང་བྱེད་དང༌། སྒོས་ངན་སོང་ གསུམ་དུ་སྐྱེ་བྱེད་ཡིན་པས་དེ་དག་ལ་གནོང་འགྱོད་དྲག་པོའི་སྒོ་ནས་བཤགས་སྡོམ་ཡང་ ཡང་བྱེད་པ་འདི་གལ་ཤིན་ཏུ་ཆེ་བ་ཡིན། ད་ནི་ཁྱོད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྣམ་ དཀར་གྱི་དགེ་ཚོགས་གང་དང་གང་ཡོད་པ་དེ་དག་ནི་ཁྱོད་ལ་མངོན་མཐོ་ལྷ་མི་ནས་བཟུང་ སྟེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་སྐྱབས་གནས་ཡང་དག་ཡིན་པས་དེ་དག་ ལ་ཁྱོད་ཀྱི་སྙིང་ཁོང་རུས་པའི་གཏིང་ནས་དད་པ་རྩེ་གཅིག་ཏུ་བྱ་དགོས་པ་ཡིན། སྒོས་ཁྱད་ 7-1-147 པར་ཅན་ཁྱོད་ཀྱི་རྩ་བའི་བླ་མ་འདི་ནི་རྡོ་རྗེ་འཆང་དང་དབྱེར་མེད་པ་ཡིན། དེ་ལ་ཡང་སྐྱབས་ གནས་ཡང་དག་སངས་རྒྱས་ཀུན་འདུས་སུ་འཛིན་པའི་སྒོ་ནས་སྙིང་ཁོང་རུས་པའི་གཏིང་ ནས་དད་པ་རྩེ་གཅིག་ཏུ་བྱ་དགོས་པ་ཡིན། ད་ནི་ཁྱོད་ཀྱི་ལུས་རྟེན་འདི་ཁམས་དྲུག་ལྡན་རྡོ་རྗེའི་ལུས་རྟེན་ཡིན་པས་དེ་ལ་ཁྱོད་འཆི་ བའི་སྐབས་སུ་ཐིམ་རིམ་འདི་ལྟར་འབྱུང་བ་ཡིན། ཁྱོད་ཀྱི་ལུས་ཀྱི་ས་རླུང་ཐིམ་པའི་རྟགས་ སུ་ས་སྒྲ་འཇིགས་སུ་རུང་བ་དང༌། ཆུ་རླུང་ཐིམ་པའི་རྟགས་སུ་ཆུ་སྒྲ་འཇིགས་སུ་རུང་བ་དང༌། མེ་རླུང་ཐིམ་པའིརྟགས་སུ་མེ་སྒྲ་འཇིགས་སུ་རུང་བ་དང༌། རླུང་གི་རླུང་ཐིམ་པའི་སྐབས་སུ་ རླུང་གི་སྒྲ་འཇིགས་སུ་རུང་བ་རྣམས་འབྱུང་བ་འདི་ནི་ཁྱོད་ཀྱི་ལུས་ཀྱི་འབྱུང་བཞི་ཐིམ་པའི་ རྟགས་ཡིན་པས་དེ་དག་ཐམས་ཅད་སེམས་འཁྲུལ་བའི་སྣང་བ་ཙམ་མ་གཏོགས་དོན་ཡུལ་ སྟེང་དུ་བདེན་པར་གྲུབ་པ་སྤུ་ཙམ་མེད་པ་ཡིན། ད་ནི་ཁྱོད་ལ་སྔོན་གྱི་ལས་ཀྱི་དགེ་སྡིག་གི་ བྱེད་པ་ལ་བརྟེན་ནས་འཁྲུལ་སྣང་སྣ་ཚོགས་དང་གཤིན་རྗེའི་སྐྱེས་བུས་རི་རབ་འདེད་པ་ དང༌། སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་སྒྲོག་པ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྡིག་པ་མི་དགེ་ བའི་ལས་བསགས་པའི་འཁྲུལ་སྣང་ལས་ཤར་བ་ཡིན། ལྷ་བདུད་དཀར་ནག་གི་རྡེའུ་དཀར་ ནག་བགྲང་བ་ལ་སོགས་པ་ནི་ལས་རྒྱུ་འབྲས་མཚོན་བྱེད་ཀྱི་འཁྲུལ་བའི་སྣང་བ་ཤར་བ་ཡིན་ པས་ལས་རྒྱུ་འབྲས་ལ་ཡིད་ཆེས་པ། ད་ནི་ཁྱོད་ཀྱི་སྤྱི་བོར་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ པོ་ཐུར་དུ་བབས་པའི་སྐབས་སུ་སྣང་བ་དཀར་ལམ་པ་ཤར། དེའི་རྗེས་སུ་འདོད་ཆགས་ལས་ གྱུར་པའི་རྟོག་ཚོགས་རགས་པ་རྣམས་རེ་ཞིག་འགགས། ལྟེ ་བར་མ་ལས་ཐོབ་པའི་ཐིག་ལེ་ དམར་པོ་གྱེན་དུ་མཆེད་པའི་སྐབས་སུ་སྣང་བ་དམར་ལམ་པ་ཤར། ཞེ་སྡང་གི་བྱེད་ལས་སུ་ གྱུར་པའི་རྟོག་ཚོགས་རགས་པ་རྣམས་རེ་ཞིག་འགགས། ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་ གྱི་བར་དུ་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིམ་པའི་སྐབས་སུ་ཐོབ་པ་ནག་ལམ་པའི་ 7-1-148 སྣང་བ་ཤར། དེའི་དུས་སུ་ནི་ཁྱོད་ལ་གཏི་མུག་ལས་གྱུར་པའི་རྟོག་ཚོགས་རགས་པ་རྣམས་ རེ་ཞིག་འགགས། དེ་ལྟ་བུ་ནི་ཐོབ་པའི་སྟོད་ཆ་ཡིན། ཐོབ་པའི་སྨད་ཆའི་སྐབས་སུ་བརྒྱལ་བ་ ལྟ་བུའི་སྣང་བ་གཅིག་འབྱུང་བ་ནི་ཐོབ་པའི་སྨད་ཆ་ཡིན། དེའི་རེ་ཞིག་གི་སྐབས་སུ་བརྒྱལ་བ་ དེ་སངས་ནས་ནམ་མཁའ་ལྷད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་སྟོན་ནམ་གཡའ་དག་པའི་ སྣང་བ་འཆར་བ་འདི་ནི་འཆི་སེམས་འོད་གསལ་གཉུག་མའི་གཉུག་སེམས་ཀྱི་ངོ་བོ་ཡིན་པས་ ཁྱོད་ཀྱི་སྔོན་གྱི་དུས་སུ་ཕ་ཅིག་རྩ་བའི་བླ་མ་བཀའ་དྲིན་གསུམ་དང་ལྡན་པའི་གདམས་ངག་ ལ་བརྟེན་ནས་གསང་སྔགས་རྡོ་རྗེའི་ཐེག་པའི་ལམ་ཉམས་ལེན་བཤད་པའི་སྐབས་སུ་རབ་ ན་ཚེ་ལུས་འདིའི་སྟེང་ནས་གྲོལ་བར་གདམས། འབྲི ང་ན་བར་དོ། ཐ་ན་སྐྱེ་བ་བདུན་ལས་མི་ འགྱང་བའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན་གྱི་གདམས་ངག་ཡིན། དེ་ལ་ཁྱོད་ཀྱི་བག་ཆགས་ ཅི་རིགས་རེ་བཞག་ཡོད་པས་ད་ནི་ཁྱོད་ཀྱི་འཆི་སེམས་འོད་གསལ་གྱི་སྐབས་སུ། སྔོན་གྱི་ གོམས་པ་དེ་ཡིས་སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་དག་ལ་ཀུན་ཏུ་འཛིན་པ་དང༌། །ཞེས་གསུངས་པ་ལྟར། ཁྱོད་རང་ལ་ངེད་ཅག་རྣམས་ཀྱིས་ཟབ་ལམ་འཕོ་བའི་གདམས་པ་ སྦྱིན་པས་ཁྱོད་ཀྱིས་དམིགས་འདུན་འདི་ལྟར་གྱིས་ཤིགད་ནི་ཁྱོད་ཀྱི་སེམས་འཁྲུལ་བའི་སྣང་ བ་དེ་དག་ཐམས་ཅད་ནི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་བག་ཆགས་སྣ་ཚོགས་བཞག་ཡོད་ པས་འཁྲུལ་བའི་སྣང་བ་ཙམ་མ་གཏོགས། དོན་ཡུལ་སྟེང་དུ་མེད་པ་ཡིན་པས་ད་ནི་ཁྱོད་ཀྱིས་ སྔར་སོང་གི་རྗེས་མི་འབྲང༌། བཞུགས་ཡོང་གི་མདུན་མི་བསུ། ད་ལྟའི་རིགས་པ་གསལ་སང་ ངེ་དེའི་ངོ་བོ་དེ་ལ་བྱིང་རྒོད་ཕྲ་རགས་ཐམས་ཅད་ཀྱིས་སྐྱོན་ལེགས་པར་བསལ་བའི་སྒོ་ནས་ སྤྲོས་བྲལ་གནས་ལུགས་དེའི་ངོ་བོ་ལ་མཉམ་པར་བཞག་པས་འཆི་སེམས་འོད་གསལ་ཀྱི་ སྐབས་སུ་ནི། གཞིའི་འོད་གསལ་མ་ལྟ་བུ་དང༌། ལམ་གྱི་འོད་གསལ་བུ་ལྟ་བུ་གཉིས་མ་བུ་ གཅིག་འདྲེས་སུ་བྱེད་པའི་གདམས་ངག་སྦྱིན་པ་ཡིན་པས་དེ་ལ་ཁྱོད་ཀྱིས་དམིགས་འདུན་ 7-1-149 དེ་ལུགས་ལྟར་མཛོད་ཅིག ད་ནི་ཁྱོད་ཀྱིས་རྟོག་ཚོགས་འཁྲུལ་སྣང་འདི་དག་ཐམས་ཅད་ནི་ རྣམ་ཤེས་འཁྲུལ་བའི་རྒྱལ་ཁབ་ཡིན་པས་རྣམ་ཤེས་འཁྲུལ་བའི་རྒྱལ་ཁབ་ལས་བརྒལ་ནས་ གནས་ལུགས་དོན་དམ་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་འཁོར་འདས་ཀུན་ཁྱབ་ བརྟན་གཡོ་ཀུན་ཁྱབ་ཀྱི་བདག་ཉིད་ཡེ་གདོད་མ་ནས་རང་རྒྱུད་ན་བཞུགས་པ་ཡིན་པས་ད་ ཙམ་འཆི་བ་འོད་གསལ་ཀྱི་སྐབས་སུ་གདམ་ངག་དེའི་ངོ་བོ་ཟིན་པར་བྱེད་པའི་སྒོ་ནས་འོད་ གསལ་མ་བུ་གཅིག་འདྲེས་སུ་བྱེད་པའི་གནས་ལུགས་དོན་དམ་སྤྲོས་བྲལ་གྱི་ངོ་བོ་ལ་མཉམ་ པར་འཇོག་ནུས་ན་ནི་གནས་ལུགས་དེའི་རང་མདངས་འདི་ནི་སྐུ་དང་ཞིང་ཁམས་ཀྱི་བཀོད་ པ་དང་ཡི་དམ་རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་དང་ཕ་ཅིག་རྩ་བའི་བླ་མའི་ཐུགས་དོན་དམ་ཡེ་ ཤེས་ཆོས་སྐུ་ཆེན་པོ་ཡིན་པས་གནས་ལུགས་དེས་བཙན་ས་ཟིན་པའི་ཆེད་དུ་ཟབ་ལམ་འཕོ་ བ་འདི་ལྟར་འདེབས་པར་མཛོད་ཅིགཅེས་གསོལ་བ་བཏབ་པ་ལ་བརྟེན་ནས་གནས་ལུགས་ སྤྲོས་བྲལ་གྱི་ངོ་བོ་ལ་མཉམ་པར་འཇོག་པ་འདི་ནི་ལམ་གྱི་འོད་གསལ་ཡིན། དེའི་རང་ མདངས་ལ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་ པོ་དང༌། ལམ་གྱི་འོད་གསལ་གཉིས་མ་བུ་གཅིག་འདྲེས་སུ་གྱུར་པ་འདི་ནི་གནས་ལུགས་དོན་ དམ་ཆེན་པོའི་འཕོ་བ་ཡིན་པས་གནས་ལུགས་དེས་བཙན་ས་ཟིན་པར་མོས་ཤིག །(ཀ་ཐོག་ཐུབ་ ཆོས་ཀྱིས་སྒྲ་ཕབ་ལས་བཤུས། འདི་ལྟ་བུའི་རྩ་སྐྱེད་ཐུགས་ཐོག་ནས་གསུངས་པ་མང་པོ་ཡོད་ཀྱང་འདི་ལས་ཡི་གེར་འགོད་ཐུབ་ མེད་པ་ཐུགས་ལ་འཇགས་འཚལ། ) 7-1-150 ༄༅། །སྔོན་འགྲོའི་རིམ་པ་ཐར་བའི་ལམ་སྟོན་ ཞེས་བྱ་བ་བཞུགས། འོ་ད་ཡིན་ན། རང་རེས་ནམ་ཡིན་ན་ཆོས་རེ་བཤད་སྐབས་དེར། སྐྱོན་གསུམ་འདི་སྤང་ དགོས་ནི་རེད། སྐྱོན་གསུམ་དེ་ནི། རྣ་བས་མི་ཉན་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །གསུངས་ནི་རེད། ཆོས་བཤད་པའི་སྒྲ་དེ་ལ་རྣ་བའི་ཤེས་པ་གཞན་དུ་མ་ཡེངས་བའི་སྒོ་ནས་མ་ཉན་ན། རྣ་བའི་ ཤེས་པ་དེ་དང་མཉམ་པའི་ཡིད་ཤེས་དེས་ཆོས་ཀྱི་ཚིག་དོན་འདི་མ་ཟིན་ན། སྣོ ད་ཁ་སྦུབས་ པའི་ནང་དུ་བཅུད་ཅི་ཙམ་བླུགས་རུང་ནང་ལ་ཆགས་རྒྱུ་མེད་པ་ལྟ་བུ་རེད། ཆོས་དེའི་དོན་གྱི་ ཚིག་འདི་ཡིད་ལ་མ་བཟུང་ན། སྣོ ད་རྐུབ་མེད་པའི་ནང་ལ་ཟས་ཟ་མ་བཅུད་ཅན་ཅི་བླུགས་ ན་ནང་ལ་ཆགས་རྒྱུ་མེད་པ་ལྟར། ཆོས་ཚིག་སེམས་ལ་མ་བཟུང་ན་དགེ་སྡིག་གི་བླང་དོར་ གཏན་ནས་ཤེས་ཁ་ཉན་རྒྱུ་མ་རེད། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །གསུངས་ ནི་རེད། ཆོས་ཉན་ཞོར་ལ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ཉོན་ མོངས་པ་དུག་གསུམ་སྐྱེ་བཞིན་དུ་ཆོས་ཉན་ནས་འདུག་ན། དཔེར་ན་ཟས་ཟ་མ་བཅུད་ཅན་ གྱི་ནང་ལ་དུག་བླུགས་ན་ངོས་ཐད་ནས་བརྒྱག་ནའང་ཕུགས་སུ་ནད་སྐྱེད་ཡོང་ནི་རེད། དེ་ ལྟར་དུ་ཆོས་ཉན་རྒྱུ་དེ་ངོས་ཐད་ནས་ཟས་ཟ་མ་བཅུད་ཅན་ལྟ་བུའི་ཆོས་ཚིག་འདི་བཟང་པོ་ ཞིག་ཡིན་ནའང་། ཉོན་མོངས་པ་དུག་གསུམ་སྐྱེད་བཞིན་དུ་ཉན་འདུག་ན། འོ། ནམ་ཕུགས་ སུ་ནད་བསྐྱེད་ནི་ལྟར་མངོན་མཐོ་བདེ་འགྲོ་ལྷ་མིའི་གོ་འཕང་རེ་ཐོབ་རུང་ཕུགས་སུ་ན་རྒ་འཆི་ བ་ལ་སོགས་པའི་སྡུག་བསྔལ་ལས་བྲལ་ནི་མ་རེད། འོ། དེ་ཡིན་དུས་ཆོས་གང་དང་གང་རེ་ ཉན་པའི་སྐབས་སུ་ཡིན་ནའང་སྐྱོན་གསུམ་དང་བྲལ་བའི་སྒོ་ནས་ཡག་པ་རེ་ཉན་དགོས་ནི་ 7-1-151 རེད། ད་འཇིག་རྟེན་ན་མི་སྐྱ་ཐ་མལ་བ་ཞིག་ཡོད་ནི་རེད། འོ། དེ་དག་ལ་སངས་རྒྱས་གྱི་བསྟན་ པར་འཇུག་ཚུལ་ཞིག་ཡོད་ནི་རེད། བླུན་པོ་དད་པ་ཅན་གྱི་འཇུག་སྒོ་དང་མཁས་པ་ཤེས་རབ་ ཅན་གྱི་འཇུག་སྒོ་གཉིས་ཡོད་ན། བླུན་པོ་ཐམས་ཅད་ཡིན་ན་དད་པ་ཅན་ཡིན་ནི་མ་རེད་ཀྱང་ ། སྐྱེས་པ་ཕོ་མོ་དད་པ་ཅན་འགའ་རེས་ནི་ཕྱག་དང་སྐོར་བ་ལ་སོགས་པའི་དགེ་སྒྲུབ་སྡིག་ སྤོང་བསྙུང་གནས་མ་ཎི་ལ་སོགས་པ་ལ་ཡིད་ཆེས་པའི་དད་པ་དང་ཡིད་ཁྱེད་ཤེས་ཀྱི་བསམ་ པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཚུལ་ཞིག་ཡོད་ནི་རེད། འོ། མཁས་པ་ཤེས་ རབ་ཅན་རེ་ཡིན་ན་ཆོས་ཀྱི་ལམ་སྣེ་རེ་ཟིན་པའི་སྒོ་ནས་ཆོས་མ་བྱས་ན་ཆོས་ཡང་དག་ཅིག་ འགྲུབ་སྲིད་ནི་མ་རེད། དེ་ཡིན་དུས་ངེས་འབྱུང་གི་བསམ་པས་རྩིས་ཟིན་པའི་སྒོ་ནས་ཆོས་བྱ་ ལུགས་ཡིན་ན་ཐེག་པ་དམན་པའི་ལམ་ནས་ཉན་རང་གི་ལམ་རང་དོན་ཡིད་ལ་བྱེད་པའི་སྒོ་ ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བའི་ཐབས་ལ་བསྟེན་ནས། ཆོས་ཉམས་སུ་ ལེན་ཚུལ་ཡོད་ནི་རེད། དེ་ཅི་འདྲ་རེད་ཟེར་ན། བློ་ལྡོ ག་རྣམ་པ་བཞི་ལ་བརྟེན་དགོས་ནི་རེད། བློ་ལྡོག་རྣམ་པ་བཞི་འདི་གང་རེད་ཅེ་ན་འཁོར་བ་ལས་བློ་ལྡོག་བྱེད་ཀྱི་ཆོས་རྣམ་པ་བཞི་ཡིན་ པས་བློ་ལྡོ ག་རྣམ་པ་བཞི་ཟེར་ནི་རེད། བློ་ལྡོ ག་རྣམ་པ་བཞི་དེ་ཇི་ལྟར་ཡིན་བསམ་ན། དལ་ འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་དེ་བཞི་ འདི་འཁོར་བ་ལས་བློ་ལྡོ ག་བྱེད་ཀྱི་ཆོས་རྣམ་པ་བཞི་ཡིན་ནི་རེད། དེའི་ནང་གི་དལ་འབྱོར་ རྙེད་དཀའ་འདི་ཅི་འདྲ་རེད་ཅེ་ན། འུ་ཅག་གི་ལུས་རྟེན་འདི་ལ་དལ་འབྱོར་བཅོ་བརྒྱད་ཚང་ ཟེར་ནི་རེད། དལ་བ་བརྒྱད་འདི་ཅི་འདྲ་ཡིན་ན། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་ལྟུང་བ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་ཡོད་ནི་རེད། དམྱལ་བར་སྐྱེས་ན་ཚ་དམྱལ་གྲང་དམྱལ་ལ་སོགས་པའི་ཚ་ 7-1-152 གྲང་གི་སྡུག་བསྔལ་ལ་སོགས་པ་བཟོད་གླགས་མེད་པ་ཉིན་མཚན་མེད་པར་དེ་མྱོང་ནས་ དེའི་སྡུག་བསྔལ་གྱི་ཚོར་བ་སྡུག་བསྔལ་རྒྱུན་མི་ཆད་མྱོང་བ་དེ་ལས་དལ་བ་ཞིག་དང་ཆོས་ལ་ བློ་ཁ་ཕྱོགས་པ་ཙམ་ཁོམ་ནི་མ་རེད། དེ་འདྲ་ཡིན་དུས་ད་སྐབས་དམྱལ་བ་ལ་མ་སྐྱེས། སོས་ དལ་མོ་ཡོང་བ་དེ་དལ་བ་དང་། ཡི་དྭགས་འདི་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་ནས་ཉིན་ མཚན་མེད་པར་ལོ་དང་ཟླ་བའི་བར་དུ་ཟས་ཁམ་གཅིག་ཙམ་དང་། སྐོམ་ཆུ་ཐིགས་ཙམ་ཞིག་ མ་ཚད་ཟས་ཟ་མའི་མིང་ཙམ་མི་ཤེས་པར་ཉིན་མཚན་མེད་པར་ལྟོགས་སྐོམ་རྒྱུན་མི་ཆད་པར་ མྱོང་སྟེ། དེའི་སྡུག་བསྔལ་གྱིས་མནར་ནས་ཆོས་ཕྱོགས་ཤིག་ལ་བློ་ཁ་ཙམ་ཕྱོགས་ཁ་ཉན་ནི་ མ་རེད། ཡི་དྭགས་ལ་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་སྣ་ཚོགས་ཡོད་ན་ཡི་དྭགས་ ཕྱིའི་སྒྲིབ་པ་ཅན་ནི་ཁ་ཁབ་མིག་ལྟ་བུ། མགྲིན་པ་རྟ་རྔ་ཙམ་ཞིག རྐང་ལག་འཇག་མདའ་ ཙམ་ཞིག ལྟོ་བ་རི་རབ་ཙམ་དེ་འདྲ་ལ་སོགས་པའི་སྡུག་བསྔལ་ཅན་ཡིན་ནི་རེད། ཟས་ཟ་ མ་རྙེད་ནི་མ་རེད། རྙེད་ཀྱང་ཁ་ནི་ཁབ་མིག་ཙམ་ལས་ཡོད་ནི་མ་རེད། ཟས་ཟ་མ་དང་སྐོམ་ ཆུ་དེ་དག་ཐམས་ཅད་ཁ་ཁབ་མིག་ཙམ་གྱི་ནང་དུ་མི་ཤོང་ནི་རེད། ཤོང་ཡང་ཁའི་ནང་ཡངས་ པོ་དང་ཁའི་དུག་ཆེན་པོ་དེས་ཁ་ནང་ནས་སྐམ་འགྲོ་རྒྱུ་ལས་ཁོག་པའི་ནང་དུ་འགྲོ་རྒྱུ་ཡོད་ ནི་མ་རེད། མགྲིན་པ་རྟ་རྔ་ཙམ་ཞིག་ལས་ཡོད་ནི་མ་རེད། གལ་སྲིད་ཟ་མ་ཐིགས་ཙམ་ཁོག་ པའི་ནང་དུ་སོང་རུང་ལྟོ་བ་ཡུལ་ལྗོ ངས་ཙམ་ཞིག་ཡོད་ནི་རེད། དེ་ཡིན་ན་ཟས་ཀྱི་རེག་བྱ་མྱོང་ བས་ཚོར་བ་བདེ་བ་ཞིག་སྐྱེ་རྒྱུ་གཏན་ནས་སྲིད་ནི་མ་རེད། དེ་ལྟ་བུའི་ཡི་དྭགས་ཕྱིའི་སྒྲིབ་པ་ ཅན་ལ་སྐྱེས་ན་སྡུག་བསྔལ་ལས་ཆོས་བྱ་བའི་ཁོམ་ལོང་མེད་པར་མ་ཟད། ཡི་དྭགས་ནང་གི་ སྒྲིབ་པ་ཅན་ནི་ཟས་ཟ་མ་རེ་ཁོག་ལ་སོང་དུས་མེ་འབར་བ་དང་། སྣག་ཁྲག་ལ་སོགས་པའི་ རྣམ་པར་ལོག་པ་ལས་ཡང་ཟས་ཟ་མའི་རེག་བྱ་མྱོང་བ་ལ་སོགས་པ་གཏན་ནས་ཡོད་ནི་མ་ རེད། དེ་ལྟ་བུའི་ཡི་དྭགས་སུ་སྐྱེས་པ་ཡིན་ན་ཆོས་ཀྱི་མིང་ཙམ་དང་ཆོས་ལ་བློ་ཁ་ཞིག་ཕྱོགས་ 7-1-153 པ་ཙམ་ཡང་རྣམ་སྨིན་གྱི་སྒྲིབ་པ་ཡོད་པས་ཆོས་ལ་སེམས་འགུལ་ཞིག་གཏན་ནས་ཐེབས་ཁ་ ཉན་རྒྱུ་མ་རེད། དུད་འགྲོ་ནི་བླུན་ཞིང་རྨོངས་པས་སྡུག་བསྔལ་བཟོད་དཀའ་བ་མཐོང་ཆོས་ ལྟར་རེད། དེ་དམྱལ་བ་ཡི་དྭགས་དུད་འགྲོ་རེད། ཀླ་ཀློ་ཟེར་རྒྱུ་འདི་ནི། འོ། ཀློ་ཁ་ཁྲ་ཅན་ཟེར་ རྒྱུ་དེ་སྲོག་བཅད་སོགས་འཚེ་བ་ཆོས་སུ་སྨྲ་བ་ཞིག་ཡིན་ནི་རེད། ལས་རྒྱུ་འབྲས་ཁས་མི་ལེན་ ནི་ཞིག་རེད། དེ་ལ་ནང་པའི་ཆོས་ཤིག་གིས་གོ་བརྡ་འཕྲོད་རྒྱུ་མ་རེད། ཚེ་རིང་ལྷ་ཟེར་བ་དེ་ ནི། ལྷ་ཡུལ་འདི་རྣམ་གཡེང་དང་གྲོགས་ཐམས་ཅད་ཀྱི་རྐྱེན་གྱིས་འདོད་ཡོན་ལ་ཉིན་མཚན་ མེད་པར་གཡེང་ནས་འདུག་སྟེ། དེའི་འདོད་ཡོན་གྱི་གཡེང་བ་ལ་ལོངས་སྤྱོད་པ་ལས་ཆོས་ ཕྱོགས་ཤིག་ལ་སེམས་འདི་འཁོར་ཁ་ཉན་ནི་མ་རེད། ལོག་ལྟ་ཅན་ནི་ལས་རྒྱུ་འབྲས། ཚེ་སྔ་ ཕྱི་མེད་ཟེར་ནི་དག་རེད། དེ་ནང་པའི་རྒྱུ་འབྲས་དང་ཆོས་ཀྱི་ལག་ལེན་བཤད་ནས་གོ་བརྡ་ འཕྲོད་ནི་མ་རེད། སངས་རྒྱས་མ་བྱོན་པའི་ཡུལ་ལ་ནི་ཆོས་ཤིག་གཏན་ནས་དར་ནི་མ་རེད། དེ་ལྐུག་པ་ཡིན་ན་ནི་ཆོས་ཉན་པའི་སྒྲ་ཡང་ཐོས་ནི་མ་རེད། ཆོས་སྨྲ་བའི་ངག་ཀྱང་ཡོད་ནི་མ་ རེད། ད་དེ་ལྟ་བུའི་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པར་སོས་དལ་མོ་འོང་འདུག་ཡོད་ པ་དེ་འུ་ཅག་ཡིན་ན་དལ་བ་བརྒྱད་ཟེར་ནི་རེད། འབྱོར་བ་བཅུ་ནི་རང་འབྱོར་ལྔ་དང་གཞན་ འབྱོར་ལྔ་ཟེར་ནི་རེད། རང་འབྱོར་ནི་མིའི་སྐྱེ་བ་བླངས་ཡོད་ནི་རེད། ས་ཚིགས་ཀྱི་རྒྱ་གར་ ཡུལ་དབུས་ཡིན་ཡང་ཆོས་ཚིགས་ཀྱི་ཡུལ་དབུས་ད་ལྟ་བོད་གངས་ལྗོངས་འདི་ཡིན་ནི་རེད། ཆོས་དར་བའི་ཡུལ་དབུས་ལ་སྐྱེས་ཡོད་ནི་རེད། ད་དབང་པོ་སྒོ་ལྔ་ལ་སོགས་པ་ཆོས་ཉན་པ་ དང་ཆོས་བརྗོད་པ་ལ་སོགས་པའི་ཆ་རྐྱེན་དབང་པོ་སྒོ་ལྔ་ཚང་ནི་རེད། ད་ལས་མཐའ་མ་ལོག་ པ་ནི་མཚམས་མེད་པ་ལྔའི་ལས་བྱས་པ། ལས་རྒྱུ་འབྲས་མེད་པར་སྨྲ་བ་ལ་སོགས་པའི་ལས་ བྱས་ན་ལས་སྒྲིབ་ཀྱིས་ཆོས་རྒྱུད་ལ་སྐྱེ་བ་ད་རེས་ལ་སྐྱེ་ཁ་ཉན་ནི་མ་རེད། གནས་རྒྱལ་བའི་ བསྟན་པ་ལ་དད་དགོས་ནི་རེད། དེ་དག་རང་གི་ངོས་ནས་སྣ་ཁ་ལྔ་འདི་ཚང་དགོས་ནི་རེད། 7-1-154 གཞན་ཡུལ་རྐྱེན་གྱི་སྟེང་ནས་སངས་རྒྱས་བྱོན་དང་དེས་ཆོས་གསུངས། བསྟན་པ་གནས་དང་ དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །གསུངས་ནི་རེད། སངས་རྒྱས་ཡང་བྱོན་ དགོས་ནི་རེད། རང་སྐྱེས་པའི་ཡུལ་དུ། སངས་རྒྱས་བྱོན་ཀྱང་ཆོས་མི་གསུངས་པའི་དུས་ཡོད་ ནི་རེད། བདག་ཅག་གི་སྟོན་པ་ལྟ་བུས་ཆོས་གསུངས་ཡོད་ནི་རེད། དེའི་བསྟན་པ་ཡང་གནས་ དགོས་ནི་རེད། མ་གནས་ན་ཕན་ཐོགས་ཡོད་ནི་མ་རེད། ད་རྒྱལ་བའི་བསྟན་པ་གནས་ཡོད་ ནི་རེད། རང་ཡང་དེའི་རྗེས་སུ་འཇུག་དགོས་ནི་རེད། རང་ཡང་བསྟན་པའི་རྗེས་སུ་འཇུག་ན་ ཡང་ཕྱིའི་ཕ་མ་དང་ཟས་གོས་འཚོ་བ་སོགས་ཀྱིས་མཐུན་རྐྱེན་སྦྱར་གྱིན་ཡོད་ནི་རེད། དེ་ལྟའི་ དགེ་སྡིག་བླང་དོར་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་ན་དེའི་གསུང་ལ་ཉན་ ཅིང་། དེའི་མཐུན་རྐྱེན་ཡིན་ན་ཚང་དགོས་ནི་རེད། དེ་མ་ཚང་ན་གཞན་འབྱོར་ལྔ་མ་ཚང་བ་ རེད། ད་དེ་ལྟ་བུའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ལུས་རྟེན་འདི་ལ་དལ་འབྱོར་ བཅོ་བརྒྱད་ཚང་བའི་ལུས་རྟེན་ཟེར་ནི་རེད། དེ་ལྟར་ཡིན་ན་དལ་འབྱོར་བཅོ་བརྒྱད་ཚང་བའི་ ལུས་རྟེན་འདི་དཔེའི་སྒོ་ནས་རྙེད་པར་དཀའ་རྒྱུ་རེད། གྲངས་ཀྱི་སྒོ་ནས་རྙེེད་པར་དཀའ་ རྒྱུ་རེད། རྒྱུའི་སྒོ་ནས་རྙེད་པར་དཀའ་རྒྱུ་རེད། དཔེའི་སྒོ་ནས་ཇི་ལྟར་རྙེད་པར་དཀའ་ཟེར་ ན། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་ སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །དེ་ལྟར་མདོ་ལས་བསྟན་པའི་ དགོངས་པ་དེ་རྒྱལ་སྲས་ཞི་བ་ལྷས་འགྲེལ་ཡོད་ནི་རེད། དཔེར་བཞག་ན་སྟོང་གསུམ་འདི་ རྒྱ་མཚོ་ཆེན་པོ་གཅིག་ཏུ་སོང་བར་ཆ་བཞག་ན་རྒྱ་མཚོ་དེའི་ནང་དུ་རུས་སྦལ་ལོང་བ་ལོ་བརྒྱ་ ཕྲག་རེའི་ནང་དུ་མཚོ་ཁར་མགོ་ལན་རེ་ལས་མི་བཏོན་པར་གནས་པ་དང་། དེའི་ཁར་གསེར་ གྱི་གཉའ་ཤིང་བུ་ག་གཅིག་པ་ཅན་ཞིག་ཕྱོགས་སུ་རླབས་ཀྱིས་དབང་མེད་དུ་བསྐྱོད་པ་ན། རུས་སྦལ་ལ་གཉའ་ཤིང་གི་བུ་ག་འཚོལ་བའི་མིག་ནི་མེད། གཉའ་ཤིང་ལ་རུས་སྦལ་འཚོལ་ 7-1-155 བའི་བསམ་པ་ནི་མེད། དེ་ཡིན་དུས་ལོ་བརྒྱ་ཕྲག་རེའི་མཚམས་ལས་ནི། རུས་སྦལ་ནི་མཚོ་ ཁར་ལན་རེ་ལས་མི་འོང་། རྒྱ་མཚོའི་རླབས་ཀྱིས་གཉའ་ཤིང་ནི་ཕྱོགས་གར་སྐྱོད་པའི་ངེས་པ་ མེད། དེ་ལྟར་ཡིན་དུས་གཉའ་ཤིང་གི་བུ་ག་དང་རུས་སྦལ་གྱི་མགྲིན་པ་གཉིས་འཕྲད་པ་སྲིད་ མཐའ་ཙམ་ཡིན་ནི་རེད། དེ་ལྟར་དུ་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་འདི་དཔེའི་ སྟེང་ནས་རྙེད་པར་དཀའ་ནི་རེད། དེ་མ་ཡིན་པར་མདོ་ལས་བསྟན་ཚུལ་མི་འདྲ་བ་ཁབ་རྩེ་ གྱེན་དུ་ཕྱོགས་པའི་རྩེར་སྲན་མའི་རིལ་བུ་བླུགས་ན་ཁབ་རྩེར་མི་ཆགས་པའི་དཔེ་དང་། གྱང་ ལོགས་འཇམ་པོ་ལ་སྲན་མའི་རིལ་བུ་བྲབ་ན་དེར་འབྲུ་མི་ཆགས་པའི་དཔེ་ལྟར་དལ་འབྱོར་ བཅོ་བརྒྱད་ཚང་བའི་ལུས་རྟེན་དཔེའི་སྒོ་ནས་རྙེད་པར་དཀའ་ནི་རེད། གཉིས་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། དམྱལ་བ་ནི་ས་ཆེན་པོའི་རྡུལ་སྙེད་ཀྱི་ གྲངས་ལྟར་ཡོད་ནི་རེད། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ལྟ་བུ་ཡོད་ནི་རེད། དུད་འགྲོ་ནི་ རྒྱ་མཚོའི་ནང་ན་ཆང་འགག་གི་སྦང་མ་ལྟ་བུ་ཡོད་ནི་རེད། དཔེར་ན་ལྷ་མི་གཉིས་ནི་སེན་མོའི་ སྟེང་གི་རྡུལ་ཙམ་ལས་ཡོད་ནི་མ་རེད། ལྷ་མི་གཉིས་ཀྱི་ནང་གི་མིའི་ལུས་རྟེན་འདི་ནི་ཤིན་ཏུ་ དཀོན་པའི་སྲིད་མཐའ་ཙམ་ཞིག་ལས་ཡོད་ནི་མ་རེད། མིའི་ལུས་རྟེན་འདིའི་ནང་ན་མི་ལུས་ ཙམ་པོ་བ་ནི་གྲངས་ཀྱིས་མི་ཆོད་པ་ཡོད་ན་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་འདི་ནི་ སྲིད་མཐའ་ཙམ་ལས་ཡོད་ནི་མ་རེད། དེ་ལྟར་ཡིན་དུས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་ནི་ རེད། རྒྱུའི་སྒོ་ནས་ཡིན་ན། ཇི་སྐད་དུ། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པ་ལྟར་མངོན་མཐོ་ལྷ་མིའི་གོ་འཕང་ཞིག་འཐོབ་དགོས་ན་ཚུལ་ཁྲིམས་རེ་མ་ བསྲུངས་པར་དགེ་བ་གཞན་གང་གིས་ཡིན་ནའང་དལ་འབྱོར་གྱི་ལུས་རྟེན་དེ་འཐོབ་ཁ་ཉན་ རྒྱུ་མ་རེད། དེ་ནས་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་གྱི་རྒྱུ་དེ་ལ་དགོས་སུ་ཚུལ་ ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་དགེ་བ་དུ་མས་གྲོགས་བྱ། སྨོན་ལམ་དྲི་ 7-1-156 མ་མེད་པས་མཚམས་སྦྱར་དེའི་བག་ཆགས་དེ་ལ་བརྟེན་པའི་སྒོ་ནས་དལ་འབྱོར་བཅོ་བརྒྱད་ ཚང་བའི་ལུས་རྟེན་འདི་ཐོབ་དགོས་པ་ལས་རང་དགར་ཐོབ་ཁ་ཉན་ནི་མ་རེད། དེ་ལྟ་བུའི་ དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་འདི་དཔེ་གྲངས་རྒྱུ་གསུམ་གྱི་སྒོ་ནས་རྙེད་པར་ དཀའ་ན། ད་སྐབས་དལ་འབྱོར་ལ་སྙིང་པོ་ལེན་དགོས་ནི་རེད། དལ་འབྱོར་ལ་སྙིང་པོ་ཇི་ ལྟར་ལེན་ན། འཇིག་རྟེན་ན་སྐད་གྲགས་ཆེ་བའི་མི་དབང་། རྒྱུ་རྫས་ནོམ་པ་ལྡན་པའི་དཔལ་ འབྱོར་གྱི་བདག་པོ་དེ་ལྟ་བུས་དལ་འབྱོར་ལ་སྙིང་པོ་གཏན་ནས་ལོན་རྒྱུ་མ་རེད། དེས་ན་དལ་ འབྱོར་ལ་སྙིང་པོ་ཅི་ལྟར་ལེན་ཟེར་ན། དམ་པའི་ཆོས་ཀྱི་སྒོ་ནས་དལ་འབྱོར་ལ་སྙིང་པོ་ལེན་ དགོས་ནི་རེད། དམ་པའི་ཆོས་སྒྲུབ་ཚུལ་དེ་ལ་དེང་སང་གི་དུས་སུ། སྤྱིར་ན་མདོ་ཕྱོགས་ནས་ དམ་པའི་ཆོས་སྒྲུབ་ཚུལ། ཉན་རང་གི་ལམ་ལ་བརྟེན་ནས་རང་དོན་ཡིད་ལ་བྱེད་པའི་སྒོ་ནས་ དམ་པའི་ཆོས་སྒྲུབ་ཚུལ། གསང་སྔགས་ཟབ་མོ་ལ་འཇུག་པའི་སྒོ་ནས་དམ་པའི་ཆོས་སྒྲུབ་ ཚུལ་སྣ་ཚོགས་ཡོད་ན། ད་སྐབས་ཐུན་མོང་གི་སྐྱེས་བུ་ཆུང་ངུའི་ལམ་གྱི་དབང་དུ་བྱས་པའི་སྒོ་ ནས་འཁོར་བ་ལ་བློ་ལྡོ ག་བྱེད་རྣམ་པ་བཞི་བཤད་ནི་རེད། དེ་ཡིན་དུས་རང་དོན་ཡིད་ལ་བྱེད་ པའི་སྒོ་ནས་དལ་འབྱོར་ལ་སྙིང་པོ་ལེན་དགོས་ནི་རེད། དལ་འབྱོར་ལ་སྙིང་པོ་ཇི་ལྟར་ལེན་ དགོས་ན་དམ་པའི་ཆོས་མ་གཏོགས་དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་ཡོད་ནི་མ་རེད། ཆོས་འདི་ནི་ཐུང་དང་མྱུར་ནས་སྒེག་མོའི་མགོ་ལ་མེ་ཤོར་བ་དང་། སྡར་མའི་པང་ལ་སྦྲུལ་ལྷུང་ བ་ལྟར་དེ་རིང་སང་ཉིན་གཉིས་ནང་ལ་དེ་རིང་ཆོས་ཤིག་ཨེ་འགྲུབ་བལྟ་དགོས་ནི་རེད། ཟླ་བ་ སྔ་གཞུག་གཉིས་ནང་ལ་ཟླ་བ་སྔ་མའི་ནང་ལ་ཆོས་ཤིག་ཨེ་འགྲུབ་བལྟ། ལོ་སྔ་གཞུག་གཉིས་ ནང་ལ་ལོ་སྔ་མའི་ནང་ལ་ཆོས་ཤིག་ཨེ་འགྲུབ་བལྟ་དགོས་ནི་རེད། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་ མ་རིགས་ཚོགས་ལས། ཚེ་འདིར་གནོད་མང་རླུང་གིས་བཏབ་པ་ཡིས། །ཆུ་ཡི་ཆུ་བུར་བས་ ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ 7-1-157 ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ལྟར། དཔེར་ན་རླུང་ནང་དུ་མར་མེ་བཞག་ན་ དེའི་མར་ཁུ་མ་ཟད་བར་དུ་མར་མེ་དེའི་རྒྱུན་མི་ཟད་པ་ཡིན་ཡང་། རླུང་གི་རྐྱེན་ལ་བརྟེན་ནས་ མར་མེའི་མར་ཁུ་ཟད་པ་ལས་སྔོན་ནས་མར་མེ་འདི་རླུང་གིས་བསད་འཇོག་ནི་རེད། ཡང་ཆུ་ ཡི་ཆུ་བུར་ཞིག་འཕྱུར་ན་མྱུར་དུ་མེད་འགྲོ་བ་ལྟར་ད་རུང་དེ་ལས་རང་གི་ཚེ་སྲོག་འདིའི་མི་ རྟག་པར་རྡུགས་ནི་རེད། ཁ་ནང་གི་དབུགས་ཤིག་རྒྱུ་འགྲུལ་ཕར་འགྲོ་ཚུར་འགྲོའི་རྒྱུ་བ་ཆད་ ཚེ་འཆི་བ་ཟེར་བ་གློ་བུར་དུ་ཐོན་ཡོང་ནི་རེད། དེ་ཡིན་དུས་ཐུང་དང་མྱུར་ནས་དལ་འབྱོར་ལ་ སྙིང་པོ་རེ་མ་ལོན་ན་ཡུན་རིང་ལ་འགོར་ཁོམ་དང་ཡུན་རིང་འགོར་ལོང་ཡོད་ནི་མ་རེད། ཆེད་ དུ་བརྗོད་པའི་ཚོམས་ལས། སང་ཙམ་འཆི་ཡང་སུས་ཤེས་ཀྱི། །དེ་རང་ཉིད་དུ་བསྟུན་དེ་བྱ། །འཆི་བདག་གཤིན་རྗེ་གཤེད་ཆེན་དང་། །ཁྱེད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་གསུངས་ནི་ རེད། དེ་ལས་སང་ཉིན་འཆི་ཡང་སུས་ཤེས། དེ་རིང་འཆི་ཡང་སུས་ཤེས། ཁྱོད་མི་འཆི་བའི་ གདེང་ནི་མེད། མི་འཆི་བའི་གྲོགས་ནི་མེད། མི་འཆི་བའི་གནས་ནི་མེད། དེ་རིང་ཡིན་ན་ཅི་ ཁོམ་གང་ཁོམ་གྱི་ལྷ་ཆོས་ཤིག་མ་བསྒྲུབས་ན། སང་ཉིན་ཁོམ་ལོང་ཨེ་ཡོད་ཤེས་རྒྱུ་མ་རེད། དེ་མིན་ན་བདག་གཤིན་རྗེ་གཤེད་ཆེན་དེ་དང་གྲོགས་པོ་ཡིན་པས་ཁྱོད་མི་འཆི་བའི་གནང་བ་ འདྲ་སྦྱིན་ཡོད་ན་ཁྱོད་ལ་དེ་ཡོད་ནི་རེད་མ་གཏོགས་དབང་ཡོད་ནི་མ་རེད། རྒྱལ་སྲས་ཞི་བ་ ལྷའི་སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་སྡོད་པ་རིགས་མ་ཡིན། །བདག་ ནི་མེད་པར་གྱུར་པའི་དུས། །དེ་ནི་གདོན་མི་ཟ་བར་འབྱུང་། །གསུངས་ཡོད་ནི་རེད། དེ་རིང་ གཅིག་པུ་ཡིན་ན་ཡང་ཁྱོད་མི་འཆི་བའི་གདེང་ཞིག་གཏན་ནས་ཡོད་ནི་མ་རེད། ད་བདེ་བར་ འདུག་རྒྱུ་དེ་གཏན་ནས་རིགས་པ་ཞིག་ཡིན་ནི་མ་རེད། བདག་ནི་མེད་པར་འགྱུར་བའི་དུས་ དེ་ནི་ཉི་མ་ཆ་ཤས་ཤིག་ལས་ཡུན་རིང་པོ་འགོར་ནི་མ་རེད། ཡང་ཇི་སྐད་དུ། ད་ནངས་གསོན་ པོའི་ལུས་པོ་ལ། །དོ་དགོང་རོ་ཞེས་འབོད་ལ་ལྟོ ས། །གསུངས་ནི་རེད། ད་ནངས་ནི་གསོན་པོ་ 7-1-158 ཡིན་པས་ཅི་ཡང་བྱུང་མ་ཡོད་ཀྱང་ད་ཙམ་ནི་ཤི་སོང་ཚར་ནི་རེད་ཟེར་གྱི་དེ་འུ་ཅག་གི་མིག་ གིས་རིག་ས་ན་གང་མང་མང་རེད། རྣ་བས་ཐོས་ས་ན་གང་མང་མང་རེད། ཡང་། ནད་པ་སང་ འཆི་ཟེར་དང་ནད་མེད་གཉིས། །འདི་གཉིས་སྔོན་ལ་གང་འཆི་ཆ་མེད་ཡིན། །གསུངས་ནི་ རེད། ནད་པ་སང་ཉིན་གནང་ཉིན་ནས་འཆི་རྒྱུ་ཟེར་བ་དང་། ནད་མེད་གཉིས་ཀ་ཡིན་ནའང་། འོ། ནད་མེད་པོ་ད་ལྟ་ཤི་འགྲོ་བ་དེ་འུ་ཅག་གི་མིག་གིས་རིག་ས་རེད། རྣ་བས་ཚོར་ས་རེད། དེ་ ཡིན་དུས་རང་ཅག་གི་ཡུལ་དང་ཡུལ་ཁམས་ལ་འདང་ཞིག་རྒྱོབས་དང་། ཚེ་མཐར་ཕྱིན་ནས་ ཤི་བ་ཅི་འདྲ་རེད། སྐྱེས་མ་ཐག་ནས་ཤི་བ་ཅི་འདྲ་རེད། ཚེ་དཀྱིལ་ནས་ཤི་བ་ཅི་འདྲ་རེད། ད་ རང་བདག་ལ་མི་འཆི་བའི་གདེང་མི་འདུག མི་འཆི་བའི་གྲོགས་ནི་མེད། ད་དེ་ཡིན་དུས་ཐུང་ དང་མྱུར་ནས་གློ་བུར་དུ་ཐོག་ལྷུང་ལྷུང་བྱས་ནས་འཆི་བ་དེ་གློ་བུར་དུ་སྟེང་ལ་ཐོན་རྒྱུ་ཞིག་ རེད། ཁྱོད་མཐོན་པོ་གནམ་ལྟ་བུ་དང་། ཕྱུག་པོ་ཀླུ་ལྟ་བུ། བཙན་པོ་ཐོག་ལྟ་བུ། མཛེས་པ་ འཇའ་ཚོན་ལྟ་བུ་ཞིག་ཡིན་ནའང་འཆི་བདག་གི་གཤིན་རྗེ་འདི་རྒྱུ་རྫས་འབྱོར་བ་གཟུགས་ལ་ སོགས་པ་གང་གིས་ཀྱང་བླུ་ཐུབ་ནི་མ་རེད། ཁྱོད་མི་འཆི་བའི་གནས་འགྲོ་ས་ཆུད་ནི་མ་རེད། ཁྱོད་ལྕགས་ཀྱི་སྒམ་ཆུང་སྲུབ་མེད་ཅིག་གི་ནང་དུ་བཞག་སྟེ་ཕྱི་ནས་དཔའ་བོ་གོ་མཚོན་ ཐོགས་པ་སྟོང་ཕྲག་གིས་མདའ་རྩེ་མདུང་རྩེ་ཐམས་ཅད་ཕྱི་ལ་བསྟན་ནས་ཁྱོད་བསྲུངས་ཀྱང་ ཁྱོད་མི་འཆི་བའི་གནས་ཤིག་ལ་འགྲོ་ས་གཏན་ནས་ཆུད་ནི་མ་རེད། མི་འཆི་བའི་གནས་དང་ ། མི་འཆི་བའི་གྲོགས། མི་འཆི་བའི་གདེང་སོགས་མི་འདུག འཆི་བ་ཟེར་རྒྱུ་བོ་གློ་བུར་དུ་སུ་ དང་སུའི་སྟེང་ལ་ཐོན་རྒྱུ་ཞིག་རེད། འུ་ཅག་གི་སྐྱེ་རྒ་ན་འཆི་ལ་སོགས་པ་སྤང་ནི་མེད། དེ་ཡིན་ དུས་འཆི་བ་ཟེར་རྒྱུ་བོ་རང་སྟེང་ལ་ཐོན་རྒྱུ་ཞིག་རེད། གཞན་སྟེང་ལ་ཐོན་རྒྱུ་ཞིག་རེད། སུའི་ སྟེང་ལ་ཡིན་ན་ཐོན་རྒྱུ་ཞིག་རེད། འཇིག་རྟེན་སྣོ ད་བཅུད་ཐམས་ཅད་འདི་མི་རྟག་པའི་རང་ བཞིན་ཅན་ཡིན་ནི་རེད། རྟག་ཐུབ་པའི་ཆོས་གཅིག་ཀྱང་ཡོད་ནི་མ་རེད། དེ་ཡིན་དུས་དེ་འུ་ 7-1-159 ཅག་གི་ཡིན་ན་ད་ནི་སྐྱེ་རྒ་ན་འཆི་འདི་སྤངས་བའི་ཐབས་དེ་དམ་པའི་ཆོས་མ་གཏོགས་པའི་ འཇིག་རྟེན་གྱི་བྱ་བ་གཞན་ཞིག་བསྒྲུབ་རྒྱུ་གཏན་ནས་ཡོད་ནི་མ་རེད། དེ་ཡིན་དུས་དེ་ཐུང་ དང་མྱུར་ནས་དམ་པའི་ཆོས་ཟབ་མོ་ཨེ་འགྲུབ་བལྟ་དགོས་ནི་རེད། འོ། ཡུན་རིང་འགྲོགས་ པའི་མཛའ་བཤེས་སོ་སོར་འབྲལ། །འབད་པའི་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས། །ལུས་ ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར། །ཚེ་འདི་བློ ས་བཏང་རྒྱལ་སྲས་ལག་ལེན་ཡིན། ། གསུངས་ནི་རེད། འཆི་བའི་ནངས་མོ་ནི་རང་གི་ཁྱི མ་བཟའ་ཚང་། ཕུ་ནུ་ཉེ་རིང་། ཡུལ་སྡེ། འཇིག་རྟེན་གྱི་ཁམས་འདི་གང་བ་ཞིག་ཡོད་ན་ཡང་ཁྱེའུ་གཅིག་རང་གིས་འཁྲིད་དབང་མེད་ གི །ཁོ་བོ་ཐམས་ཅད་ཡིན་ན་རྗེས་སུ་འབྲང་དབང་མེད་གི ད་འུ་ཅག་གི་འཇིག་རྟེན་ན་དགའ་ ས་བོ་དེ་འདོད་ཡོན་རེད། འདོད་ཡོན་གྱི་ནང་གི་རྒྱུ་རྫས་རེད། རྒྱུ་རྫས་གསོག་སྐྲུན་ལ་རིའི་ རྒྱལ་པོ་རི་རབ་ཙམ་ཡོད་ཀྱང་། ཁྱོད་ཀྱི་སྟེང་ལ་འཆི་བདག་ཐོན་པའི་ཉི་མ་དེར། ཏིལ་གྱི་འབྲུ་ མ་ཙམ་ཞིག་ཁྱོད་ལ་ཁྱེར་དབང་ཡོད་རྒྱུ་མ་རེད། རྒྱུ་རྫས་ལོངས་སྤྱོད་ཕུ་ནུ་ཉེ་རིང་། ཁྱི མ་ བཟའ་ཚང་ཞིག་ཁྱེར་དབང་ཡོད་རྒྱུ་མ་ཚད། རང་གི་གཅེས་པར་བསྐྱང་བའི་ལུས་འདི་ཉིད་ ཀྱང་། ཟས་ཟ་མས་ལྟོ གས་ཁ་བཅུག་མ་བྲ། གོས་གོན་པས་འཁྱག་ཁ་བཅུག་མ་བྲ་བར་ལུས་ རྟེན་འདིར་བརྟེན་ནས་འདོད་ཆགས་ཞེ་སྡང་། གཏི་མུག་ལ་སོགས་པའི་ལས་དུ་མ་ཞིག་ལུས་ འདིའི་ཁ་འཛིན་གྱི་ཆེད་དུ་བསགས་བསགས་ནའང་། མཐའ་མར་འཆི་བ་ཟེར་རྒྱུ་བོ་སྟེང་ལ་ ཐོན་བཞག་དུས། ཁང་བའི་ནང་གི་ཁང་འདུག་བུད་བུད། མར་གྱི་དཀྱིལ་ནས་སྤུ་བཏོན་ བཏོན་བྱས་ནས། རྣམ་པར་ཤེས་པ་འདི་ལུས་ཕུང་དང་བྲལ་ནས། འོ། འགྲོ་རྒྱུ་མ་གཏོགས་ ཕུང་པོ་འདི་ཡིན་ན་འཁྱེར་དབང་ཡོད་རྒྱུ་མ་རེད། ཕུང་པོ་ཤུལ་དུ་བསྐྱུར་ནས་ཞག་འགའ་ ཤས་ནས་ས་ཆའི་ཡུལ་སྲོལ་ལྟར་ལ་ལས་རི་མགོར་ཁྱེར་ནས་བྱ་དང་ཁྱི ་ལ་སྦྱིན་རྒྱུ་རེད། ལ་ ལས་ཆུ་ལ་བསྐུར་ནས་ཉ་སྲམ་གྱི་ཟས་སུ་བྱེད་གི་ཡོད་ནི་རེད། ལ་ལས་ས་ཞབས་སུ་བཅུག་ 7-1-160 ནས་སྲིན་འབུའི་ཕུང་པོ་གཅིག་ཏུ་གྱུར་པ་རེད། ལ་ལས་མེར་བསྲེ ག་ནས་རུས་པ་སྤར་གང་ ངམ་རུས་པ་ཁུག་མ་གང་ལ་འགྱུར་བ་ལས་ཕུང་པོ་འདི་གསོ་སྐྲུན་དང་འདིའི་ཁ་འཛིན་ཅི་འདྲ་ འདྲ་ཞིག་བྱས་ན་ཡང་མཐར་དེ་འདྲ་ཞིག་ཡིན་ནི་རེད། དེ་འདྲ་ཞིག་ཡིན་ན། དགེ་སྡིག་གི་རྒྱུ་ འབྲས་བླང་དོར་ཟེར་རྒྱུ་དེ་ཅི་འདྲ་རེད་ཟེར་རྒྱུ་ཞིག་ཡིན་ན། འོ། དགེ་སྡིག་གཉིས་ཀ་འདི་ ལུས་ངག་གཉིས་ཀྱི་སྟེང་ནས་བསགས་ཀྱང་གཙོ་བོ་སེམས་ཡིན་རྒྱུ་རེད། ད་རྣམ་དཀར་དགེ་ བ་ཅུང་ཟད་བསགས་ཐུབ་ཡོད་ན་ནི་བདེ་ནས་བདེ་བར་འགྲོ་བའི་སྣེ ་བཟུང་ནི་རེད། སྡིག་པ་ མི་དགེ་བ་ལུས་ངག་ཡིད་གསུམ་གྱི་སྟེང་ནས་བསགས་པའི་མི་དགེ་བཅུ་ནི། ལུས་ཀྱི་སྒོ་ནས་ སྲོག་བཅད་པ། མ་བྱིན་པ་ལེན་པ། མི་ཚངས་པ་སྤྱོད་པ་གསུམ་འདི་ལུས་ཀྱི་མི་དགེ་བ་གསུམ་ རེད། ངག་གི་མི་དགེ་བ་བཞི་ནི་རྫུན་རེད། ཕྲ་མ་ནི་གཅིག་གིས་གཅིག་ལ་མཁའ་རྫུན་བྱས་ནི་ དེ་རེད། མི་མཐུན་པོ་གཉིས་ལ་དབྱེན་བྱས་ནས་འགལ་བ་གཏོང་བ་དེ་རེད། ཚིག་རྩུབ་ནི། ཚིག་ལ་མདའ་མཚོན་མེད་ཀྱང་། མི་སེམས་ཚལ་བར་གཏོང་ཟེར་བ་རེད། གཞན་གྱི་བློ་ཡུལ་ དུ་མི་འབབ་པའི་ཚིག་རྩུབ་མོ་བཤད་ནི་དེ་ཚིག་རྩུབ་རེད། ངག་འཁྱལ་ནི་འུ་ཅག་ཚོས། དོན་ མེད་པའི་ལ་རུ་ལོང་གཏམ་གྱི་སྐད་ཆ། ཡུལ་ཁམས་ཀྱི་འགྲོ་ལུགས། ཡུལ་ཁམས་ཀྱི་བྱེད་ སྲོལ་གྱི་སྐད་ཆ་བཤད་ནི་དེ་ངག་འཁྱལ་རེད། དེ་འདྲའི་སྣ་ཁ་བཞི་དེ་ངག་གི་མི་དགེ་བ་རེད། ཡིད་ཀྱི་མི་དགེ་བ་གསུམ་ནི། བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་པོ་རེད། བརྣབ་ སེམས་ནི་རྒྱུ་རྫས་ལོངས་སྤྱོད་ཐོབ་མངའ་ཐང་སྙན་གྲགས་ལ་སོགས་པ་ཐོབ་རློམ་སྐྱེས་པ་དེ་ རེད། གནོད་སེམས་ནི་རང་ལས་གཞན་ལ་ལུས་ངག་ཡིད་གསུམ་གྱི་སྟེང་ནས་བསམ་པའི་ ཀུན་སློང་དེ་ལ་བརྟེན་ནས་བྱ་བ་ངན་པ་གང་བྱས་ན་དེ་དག་ཐམས་ཅད་དེ་རེད། ལོག་ལྟ་ནི་ ལས་རྒྱུ་འབྲས་མི་བདེན། ཚེ་སྔ་ཕྱི་མི་བདེན། ཚེ་འདི་ནས་ཕྱི་མར་འགྲོ་བའི་གང་ཟག་དང་། ཚེ་ཕྱི་མ་ནས་འདིར་འོང་བའི་གང་ཟག་ཅིག་མེད་ཟེར་ནས་དཀོན་མཆོག་གསུམ་ཟེར་བ་དེ་མི་ 7-1-161 བདེན་ཟེར་བ་དེ་ལོག་ལྟ་ངན་པ་བོ་རེད། དེ་འདྲ་མ་ཡིན་ནའང་ཆོས་དང་གང་ཟག་གི་འགྲོ་ ལུགས་བཤད་ན་དེ་ལ་ཡིད་མི་ཆེས་པ་དེ་དག་ཐམས་ཅད་འདི་ལོག་ལྟ་རེད། དེ་ལྟ་བུའི་མི་ དགེ་བ་བཅུ་འདི་ཞེ་སྡང་ཤས་ཆེ་བའི་སྒོ་ནས་སྤྱད་ན་དམྱལ་བར་འགྲོ་བའི་རྒྱུ་རེད། འདོད་ ཆགས་ཤས་ཆེ་བའི་སྒོ་ནས་སྤྱད་ན་ཡི་དྭགས་སུ་སྐྱེ་བའི་རྒྱུ་རེད། གཏི་མུག་ཤས་ཆེ་བའི་སྒོ་ ནས་སྤྱད་ན་དུད་འགྲོ་སྐྱེ་བའི་རྒྱུ་ཡིན་ནི་རེད། དེ་ཡིན་དུས་དེ་དང་དེ་ལྟ་བུའི་མི་དགེ་བ་འདི་ ངན་སོང་གསུམ་ལ་སྐྱེ་བྱེད་ཉོན་མོངས་པ་དུག་གསུམ་གྱིས་ཀུན་ནས་བསླངས་པས་གང་དང་ གང་ཞིག་སྤྱད་ན་དེ་དག་ཐམས་ཅད་ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་རེད། ཡང་བཅོམ་ལྡན་ འདས་ཀྱི་མདོ་ལས་གདུལ་བྱའི་ཁམས་དབང་དང་མཐུན་པའི་སྒོ་ནས། མི་དགེ་བཅུ་མང་དུ་ སྤྱད་ན་དམྱལ་བར་སྐྱེ་བ། འབྲི ང་དུ་སྤྱད་ན་ཡི་དྭགས་སུ་སྐྱེ་བ། ཉུང་ངུར་སྤྱད་ན་དུད་འགྲོར་ སྐྱེ་བའི་རྒྱུ་ཡིན་གསུངས་ནི་རེད། ད་མདོར་བསྡུ་ན་མི་དགེ་བ་བཅུ་འདི་སུ་དང་སུས་སྤྱད་ན་ ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་ཡིན་པས་ད་ལྟ་ལས་རྒྱུ་འབྲས་ཟེར་རྒྱུ་ཕྱི་རོལ་ཞིག་ནས་སྤངས་ བླང་བྱེད་རྒྱུ་ཡོད་ནི་མ་རེད། ད་ལྟ་ལས་རྒྱུ་འབྲས་ཟེར་རྒྱུ་དེ་རང་གི་ལུས་ངག་ཡིད་གསུམ་གྱི་ སྟེང་ནས་སྤང་བླང་བྱ་དགོས་ནི་རེད། ལུས་ཀྱི་མི་དགེ་བ་གསུམ། ངག་གི་མི་དགེ་བ་བཞི། ཡིད་ཀྱི་མི་དགེ་བ་གསུམ། དེ་དག་ཐམས་ཅད་འདི་རང་གི་ལུས་ངག་ཡིད་གསུམ་འདི་བློ་ཁ་ ནང་ལ་ཕྱོགས་པ་ཡིན་ན། རང་གི་ལུས་ངག་ཡིད་གསུམ་གྱི་སྟེང་ནས་རང་གིས་སྤྱད་པ་དེ་ལ་ གོ་ནི་རེད། དེ་ཅང་མི་ཤེས་ས་ཞིག་དང་མི་གོ་ས་ཞིག་ཡོད་ནི་མ་རེད། དེ་ཡིན་དུས། མི་དགེ་བ་ བཅུ་ལས། ལུས་ཀྱི་མི་དགེ་བ་གསུམ་སྤངས་ནི་དེ་ལུས་ཀྱི་དགེ་བ་གསུམ་ལ་གྱུར་ནི་རེད། སྲོག་མ་བཅད་ནི། མ་བྱིན་པ་མ་བླངས་ནི། མི་ཚངས་པ་མ་སྤྱོད་ནི་གསུམ་པོ་དེ་ལུས་ཀྱི་དགེ་ བ་གསུམ་རེད། རྫུན་ཕྲ་མ། ཚིག་རྩུབ། ངག་འཁྱལ་བཞི་དེ་ངག་གི་སྒོ་ནས་མ་སྨྲས་ན། དེ་ ངག་གི་དགེ་བ་བཞི་ཡིན་ནི་རེད། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་ 7-1-162 གསུམ་འདི་སྤངས་ནི་དེ་ཡིད་ཀྱི་དགེ་བ་གསུམ་ཡིན་ནི་རེད། མི་དགེ་བ་བཅུ་འདི་སྤངས་ནི་དེ་ དགེ་བ་བཅུ་ཡིན་ནི་རེད། དེ་ལྟ་བུའི་ལས་རྒྱུ་འབྲས་ཟེར་རྒྱུ་དེ་ནི་ངེས་པ་ཅན་ཡིན་ན། འོ། རྣམ་རྟོག་གཅིག་འགྱུ་ཆགས་གྱིས། དཔེར་ན། བསྒྲོད་བྱའི་གཟུགས་ལ་ལན་གཅིག་ཆགས་ པས་ཀྱང་། །ཕྱེ་ལེབ་ཅན་གྱི་སྐྱེ་བ་ལྔ་བརྒྱ་ལེན། །གསུངས་ནི་རེད། དཔེར་ན་བུད་མེད་ཀྱི་ གཟུགས་ལ་ལན་གཅིག་འདོད་ཆགས་སྐྱེས་ན་དེའི་འདོད་ཆགས་དེས་བཞག་པའི་བག་ ཆགས་འདི་སེམས་སྟེང་ལ་ཡོད་ན། འོ། ཕྱེ་ལེབ་ཅན་གྱི་སྐྱེ་བ་ལྔ་བརྒྱ་བླང་བའི་ལུས་བསགས་ ནི་རེད། ཕོ་མོའི་སྐྱེ་གནས་རེག་བྱར་ལན་གཅིག་ཆགས་པས་ཀྱང་། །འདམ་ཟོས་ཅན་གྱི་སྐྱེ་ བ་ལྔ་བརྒྱ་ལེན། །གསུངས་ནི་རེད། སྐྱེ་གནས་ཀྱི་རེག་བྱ་དེ་ལ་ལན་གཅིག་ འདོད་ཆགས་སྐྱེས་ན། འོ། སྤྱོད་ཁང་ནང་ལ་ཡོད་པའི་གཅིན་སྐྱག་ནང་གི་འབུའི་སྐྱེ་བ་ ལྔ་བརྒྱ་བླངས་ཞེས་གསུངས་ནི་རེད། ལས་འབྲས་ཀྱི་གནས་ཚུལ་དེ། མདོ་ལས་གསུངས་ ཡོད་ནི་རེད། དེ་འདོད་ཆགས་ལ་སྣ་ཚོགས་ཡོད་ནི་རེད། ཕྱིའི་གཟུགས་སྒྲ་ལ་ཆགས་པའི་ འདོད་ཆགས། ནང་རང་གི་ཟས་གོས་ལ་ཆགས་པའི་འདོད་ཆགས་ཡོད་ནའང་། ཕྱིའི་འདོད་ ཡོན་ལ་ཆགས་པའི་འདོད་ཆགས་འདི་ནི་འུ་ཚོའི་ལུས་སེམས་ལ་སྡུག་མེད། འཛོམ་འཛོམ་ ཡོང་དུས་དེའི་སྐབས་ལ་འདོད་ཡོན་ཡུལ་ལ་ཆགས་དུས་དེ་རེད། དེ་མ་ཡིན་པའི་རང་ལ་ནད་ ཚབས་པོ་ཆེས་བཏབ་ན་འདྲ། སྡུག་ངན་པས་མནར་ན་འདྲ། དེའི་དུས་སྐབས་ལ་གོས་ལ་ ཆགས་པའི་འདོད་ཆགས་འདི་ཉུང་ངུ་ཡིན་རྒྱུ་རེད། ཟས་ལ་ཆགས་པའི་འདོད་ཆགས་དེ་ཡིན་ ན་ཉིན་ཞག་འགའ་ལ་ཟ་མ་མ་ཟ། ཆུ་ཐིགས་གཅིག་མ་འཐུང་ན་མི་བཟོད་པའི་འདོད་ཆགས་ སྐྱེ་རྒྱུ་རེད། གཙོ་བོ་ངོ་མ་ཟས་གོས་ལ་ཆགས་པའི་འདོད་ཆགས་རེད། དེའི་རྩ་བ་དངོས་དེ་ བདག་ལ་ཆགས་པའི་འདོད་ཆགས་རེད། འོ། དེ་ཡིན་དུས། འདོད་ཆགས་ཀྱི་ངོ་བོ་དེ་སྤངས་ དགོས་ནི་རེད། ཞེ་སྡང་འདི་ནི་ཅི་འདྲ་རེད་ཟེར་ན། རང་གི་ཁོང་འཁྲུགས་ནས་འོངས་ཏེ། རང་ 7-1-163 ལས་དམན་པ་ཞིག་དང་། རང་གི་ཐད་ག་ཞིག་གི་སྟེང་ལ་རང་གིས་ཁོང་ཁྲོ་འདི་སྐྱེ་ནི་རེད། ཆེན་པོའི་ཀླད་མཐོན་པོ་ཞིག་གི་སྟེང་ལ་རང་གི་ཁོང་ཁྲོ་སྐྱེ་ཐུབ་ནི་མ་རེད། ད་རང་བདག་དང་ འདྲ་མཉམ། རང་བདག་ལས་དམན་པ་ཞིག་གི་སྟེང་ལ་ཁོང་ཁྲོ་སྐྱེས་ནའང་། ཞེ་སྡང་སྐད་ ཅིག་གཅིག་གིས་ཀྱ ང་། །བསྐལ་པར་བསགས་པའི་དགེ་རྩ་འཇོམས། །གསུངས་ནི་རེད། ཞེ་ སྡང་སྐད་ཅིག་གམ་གཅིག་སྐྱེས་ནའང་བསྐལ་པར་བསགས་པའི་དགེ་རྩའི་བག་ཆགས་འདི་ ཞེ་སྡང་དེའི་བྱེད་ལས་དེས་བཅོམ་བཞག་རྒྱུ་རེད། དེ་ཡིན་དུས་དེ་གཙོ་བོ་ངོ་མ་ཁོང་ཁྲོ་དེའི་ འབྲས་བུ་ལ་བརྟེན་ནས་ཚིག་རྩུབ། དེ་དག་ཐམས་ཅད་ཡིན་ན་དཔེ་མེད་ཅིག་སྤང་དགོས་ ནི་རེད། ཁོང་ཁྲོ་འདི་ནི་བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཀྱི་རྩ་བ་དངོས་དེ་ཡིན་རྒྱུ་རེད། ཁོང་ཁྲོ་འདི་སྤང་དགོས་ནི་རེད། ལས་རྒྱུ་འབྲས་ཟེར་རྒྱུ་ལས་གཏི་མུག་ཞེས་པ་དེ་ནི། ཆོས་ ཀྱི་གནས་ཚུལ་ལ་སོགས་པ་གང་ཡང་མི་ཤེས་པའི་ནག་ཐིམ་མེ་འདུག་ནི་དེ་གཏི་མུག་གི་ངོ་བོ་ ཟེར་ནི་རེད། དེ་ཡིན་དུས། དེ་ལྟ་བུའི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དེ་ནི། ཇི་སྐད་ དུ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །གསུངས་ ནི་རེད། འཇིག་རྟེན་ན་དེ་ལས་ཡན་གྱི་དུག་ངན་པ་ཞིག་དང་། དེ་ལས་ཡན་གྱི་སྤང་དགོས་རྒྱུ་ ཞིག་ཡོད་ནི་མ་རེད། འུ་ཅག་གི་བླ་མ་སེར་མོ་ཁོང་རྣམ་པ་ཆོས་ཀྱི་གནས་ཚུལ་ཤེས་ནི་ཞིག་ཡིན་ན། ལུས་ ངག་ཡིད་གསུམ་གྱི་སྟེང་ནས་མི་དགེ་བ་འདི་སྤངས་ནས་རྣམ་དཀར་གྱི་དགེ་ཚོགས་བཅུ་འདི་ བསྒྲུབ་དགོས་ནི་རེད། ནང་དགོས་པ་ཅན་གྱི་འུ་ཅག་གི་རྣམ་དཀར་གྱི་དགེ་ཚོགས་ངག་ནས་ གཟུངས་སྔགས་ཟབ་མོ་ཕན་ཡོན་ཅན། མ་ཎི། ཡིག་བརྒྱ། ཀཾ་ཀ་ནི་དེ་འདྲ་སོགས་གཟུངས་ སྔགས་ཕན་ཡོན་ཅན་གང་དང་གང་ཞིག་བགྲང་རྒྱུ་ཡིན་ན་དེའི་སྐབས་ལ། བར་མཚམས་ བཅད་པའི་སྒོ་ནས་ངག་འཁྱལ་སྨྲ་རྒྱུ་ཞིག་ཡིན་ན། ངག་འཁྱལ་འདི་མི་དགེ་བ་ཡིན་པའི་ངོས་ 7-1-164 དེ་ཟིན་དགོས་ནི་རེད། གཟུངས་སྔགས་ཕན་ཡོན་ཅན་ངག་ནས་བཟླ་ནི་དེ་དགེ་བ་ཡིན་པར་ ངོས་ཟིན་དགོས་ནི་རེད། དེ་གཉིས་བསྲེ ས་ན་རྣམ་དཀར་གྱི་དགེ་ཚོགས་དང་སྡིག་པ་མི་དགེ་ བ་གཉིས་བསྲེ ས་མ་ཡིན་ནི་རེད། འཇིག་རྟེན་ན་དཔེར་བཞག་ན་རྩམ་པ་འདི་འཚོ་བའི་ཟ་མ་ ཞིག་ཡིན་ནི་རེད། དེ་གཙང་མ་བྱས་ནས་བཞག་ན་ཡག་པ་ཞིག་ཡིན་ནི་རེད་དེ ། འོ་དེ་ངག་ འཁྱལ་དང་བསྲེ ས་ན་རྩམ་པ་དང་ཐལ་བ་བསྲེ ས་པ་ལྟ་བུ་ཞིག་ཡིན་ནི་རེད། དེ་ཡིན་ན་སྒོས་ ཁྱད་པར་ཅན་གྱིས་བླ་སེར་ཐམས་ཅད་ཀྱིས་ངག་འཁྱལ་དང་གཅིག་མི་བསྲེ ། ངག་འདོན་ དག་མོ་ཞིག་གི་སྒོ་ནས། ངག་བཅད་ནས་འདོན་རྒྱུ་དེ་ལྷག་པར་ནན་ཏན་ཞིག་དགོས་ནི་རེད། དེང་སང་གི་དུས་སྐབས་ལ་ངག་འཁྱལ་འདི་ཡོན་ཏན་ལ་བརྩིས་ནས་སྐྱོན་ལ་མི་བལྟ་ བའི་སྒོ་ནས་གྲོང་ཆོག་པ་ཡིན་ནའང་། དཔེར་ན་ཆོ་ག་དེ་མི་ཞིག་ཡིན་ན་ཁོག་པའི་ནང་གི་སྙིང་ ལྟ་བུ་དེ་གཟུངས་སྔགས་ཡིན་ནི་རེད་དེ། ཆོ་གའི་བསྙེན་པའི་ནང་ལ་བབ་དུས། དཔལ་སྤྲུལ་ རིན་པོ་ཆེས་གསུངས་པ་བཞིན། ཕུ་མདའ་ལ་ཤོད་ཀྱི་སྐད་ཆ་འདི་བཤད་ནས་ཕྲེང་ནག་རྒྱུ་མ་ བདའ་བདའ་བྱས་ནས་འདོན་དེ་ཉི་མའི་དུས་ཚོད་ལ་སླེབ་དུས། དེ་ནམ་མཁའ་ལ་བལྟའམ་ ཆུ་ཚོད་ལ་གཅིག་བལྟས་ནས། འོ། ཆུ་ཚོད་ཐོན་ཞེས། ཨརྒྷཾ། པ་ཏྱཾ། པུཥྤེ། དྷུ་པེ། ཟེར་བ་དེས་ ནི་ཕན་ཐོགས་ཡོད་རྒྱུ་མ་རེད། དེ་འདྲ་ལ་སྟབས་གཟབ་དགོས་ནི་རེད། དེ་རྗེས་ཇ་བར་ལ་ ཐོན་དུས། དཔེར་ན། ཁྱི མ་ཚང་དེའི་བླ་སེར་ལ་གསོལ་བ། སེམས་ཅན་ལུག་ཡིན་ན་ཚོན་པོ། ཟོག་ཡིན་ན་ཚོན་པོ་འདྲ་བཤས་ནས། ཤ་ཚོན་པོ་ཚིལ་ལས་མེད་པ། རྒྱུ་མ་དང་གཡོས་དེ་དག་ རླངས་པ་ཐུལ་ལེར་མདུན་ལ་བཞག་དུས། དབུའི་གཟན་དེ་ཅུང་འཐེན་ཞིག་བྱས་ནས། ཕྱག་ ཤན་གྱེན་ལ་ཕུད་དེ་ཁ་ཞིག་བླངས་ནས་གཡོས་རྒྱུ་མ་ཐམས་ཅད་བྱིས་པའི་ནུ་མ་ནུ་ནུ་བྱས་ དེ། དེ་ལ་སྙིང་རྗེ་སྤུ་ཙམ་མེད་པར་གསོལ། བཞེས་པ་བཞེས་ཚར་ནས་དབུ་གྱེན་ལ་བཏེག་ པ་ན། སྔར་གྱི་མི་དེ་མ་རེད་བསམ་བྱེད་ཅིག་བྱས་ནས་རྒྱ་དམར་ཙིག་གེ་ཞིག་བྱས། འོ་དེ་ 7-1-165 འདྲ་བྱས་ནས་གཏོ་ནག་ཆོས་བ་བདའ་བདའ་བྱས་ནས། སྐུ་ཚེ་གང་བོ་དེ་འདྲ་ཞིག་གིས་ཟད་ བཅུག་པ་ནི་གཙང་བླ་རྟ་ནག་ཅན་ལྟ་བུའི་སྐྱེ་བ་བླང་དགོས་རྒྱུ་དེ་འུ་ཅག་གི་ལས་རྒྱུ་འབྲས་ ནང་ལ་གསུངས་ཡོད་པ་ལྟར་རེད། དེ་ལྟར་གྱི་ལས་རྒྱུ་འབྲས་ལ་འདང་བརྒྱབ་སྟེ། དགེ་སྡིག་ གི་བླང་དོར་ལ་འདང་རྒྱག་དགོས་ནི་རེད། ཇི་སྐད་དུ། ལས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་ པར་འགྱུར། །གསུངས་ནི་རེད། རྣམ་དཀར་དགེ་བའི་ལས་བསགས་ན་དེ་སྡིག་པ་མི་དགེ་ བས་བཅོམ་ན་མ་གཏོགས། དེ་བསྐལ་པ་བརྒྱ་སྟོང་གི་བར་དུ་བཞག་ན་ཡང་དེའི་འབྲས་བུ་ སྨིན་མ་བཞག་པར་ཐབས་ཡོད་ནི་མ་རེད། མི་དགེ་བའི་ལས་བསགས་ཡོད་ན་དེ་བསྐལ་པ་ བརྒྱ་སྟོང་གི་བར་དུ་བཞག་ན་ཡང་དེ་དགེ་བའི་བསོད་ནམས་ལ་བརྟེན་ནས་དེའི་ལས་དེ་ཟད་ པར་བྱས་ན་མ་གཏོགས། བསྐལ་པ་བརྒྱའི་བར་དུ་ཡིན་ནའང་། ས་བོན་དེ་ལ་རྐྱེན་གཞན་ ཞིག་འཕྲད་ཚེ། སྨིན་མ་བཞག་པར་དེར་ཐབས་ཡོད་རྒྱུ་མ་རེད། ལས་རྒྱུ་འབྲས་ཟེར་རྒྱུ་དེ་ ཡིན་ན། བསླུ་རྒྱུ་ཞིག་དང་ནམ་ཡང་འགྱུར་རྒྱུ་ཞིག་གཏན་ནས་ཡོད་ནི་མ་རེད། དེ་ཡིན་ན་ད་ སྐབས་ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོ ས། གསུངས་ནི་རེད། ཕྱི་མ་མངོན་མཐོ་ལྷ་མིའི་གོ་ འཕང་ཞིག་ཐོབ་པར་བྱེད་བསམ་ན། ད་ལྟའི་ལུས་ངག་ཡིད་གསུམ་གྱིས་དགེ་ཚོགས་འབད་ ཚུལ་གྱིས་ཤེས་རྒྱུ་རེད། ངན་སོང་གསུམ་ལ་འགྲོ་རྒྱུ་ཡིན་ནའང་ད་ལྟའི་ལུས་ངག་ཡིད་གསུམ་ གྱི་བསགས་པ་ལ་བརྟེན་ནས་ངན་སོང་གསུམ་ལ་འགྲོ་རྒྱུ་རེད། མདོ་ཚུར་ལ་བསྡུས་ན་རང་ གིས་ཡིན་ན་སྡིག་པ་མི་དགེ་བའི་ལས་གང་དང་གང་བསགས་ཡོད་ན་དེའི་བག་ཆགས་ཀྱི་ས་ བོན་འདི་སེམས་ཀྱི་སྟེང་དུ་བཞག་ཡོད་ནི་རེད། རྣམ་དཀར་དགེ་ཚོགས་ཀྱི་རིགས་གང་དང་ གང་ཞིག་བསགས་ན་བག་ཆགས་དེ་སེམས་སྟེང་ལ་བཞག་ཡོད་ནི་རེད། དེའི་བག་ཆགས་ཀྱི་ བགོ་གཞི་འདི་གྲུབ་མཐའ་རང་རང་སོ་སོ་ལ་འདྲ་མི་འདྲ་ཡོད་ནའང་དེ་ཞོག འུ་ཅག་ལ་ལས་ 7-1-166 རྒྱུ་འབྲས་ལ་དེ་ཙམ་ལས་མཁོ་ཆུང་བས་རེ་ཞིག་འཇོག མདོ་རྩ་རང་ཅག་གི་རྒྱུད་ན་ཐར་བའི་ བག་ཆགས་ཟེར་བའམ། རྣམ་དཀར་དགེ་བའི་ས་བོན་དང་བག་ཆགས་གང་ཞིག་བཞག་ཡོད་ ན་དེ་ནི་སྨིན་མ་བཞག་བར་ཐབས་ཡོད་རྒྱུ་མ་རེད། སྡིག་པ་མི་དགེ་བའི་ས་བོན་འདི་སེམས་ སྟེང་ལ་བཞག་ཡོད་ན་དེ་འབྲས་བུ་ནག་པོ་ཞིག་སང་གནང་བསྐྱེད་མི་འོངས་བའི་ཐབས་ཡོད་ ནི་མ་རེད། དེ་ཡིན་ན་ད་ཙམ་རང་གིས་རང་ལ་ཤ་ཚ། རང་གིས་རང་ལ་འདང་བརྒྱབ་ཤེས་ན་ ནི་ལས་རྒྱུ་འབྲས་ཟེར་རྒྱུ་དེ་ནམ་ཡང་བསླུ་བ་ཡོད་རྒྱུ་མ་རེད། ལས་ནི་གཙོ་བོ་རང་གི་སེམས་ རེད། ལུས་ངག་གཉིས་ཀ་དེའི་ཞོར་འབྱུང་གི་གཡོག་པོ་ལྟ་བུ་རེད ། བག་ཆགས་བཞག་པའི་ སྐབས་སུ་ནི་ལུས་ངག་ཡིད་གསུམ་གྱིས་བསགས་པ་རེད། ས་བོན་བག་ཆགས་འདི་སེམས་ སྟེང་ལ་བཞག་གི་ཡོད་ནི་རེད། ད་དེ་འདྲ་ཡིན་དུས། འུ་ཅག་གིས་ཡིན་ན་ལས་རྒྱུ་འབྲས་ལ་ བླང་དོར་གཟབ་ལྡན་བྱ་དགོས་ནི་རེད། དེ་འུ་ཅག་གི་ཡུལ་ཁམས་ན་ཚོགས་བསགས་ཟེར་རྒྱུ་ ཞིག་ཡོད་ནི་རེད། སྒྲིབ་སྦྱོང་ཟེར་རྒྱུ་ཞིག་ཡོད་ནི་རེད། སྒྲིབ་སྦྱོང་དེ་ཅི་ཞིག་རེད་ཟེར་ན། ཐོག་ མེད་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་སྐྱེ་བ་ད་ལྟའི་ལུས་ངག་ཡིད་གསུམ་གྱི་སྟེང་ནས་ བསགས་པའི་སྡིག་པ་དང་སྒྲིབ་པ་གང་དང་གང་ཞིག་ཡོད་ན་དེའི་བག་ཆགས་སེམས་སྟེང་ལ་ བཞག་ཡོད་པ་དེ་སྦྱོང་བའི་ཐབས་ལ་བརྩོན་དགོས་ནི་རེད། དེའི་མིང་ལ་སྒྲིབ་སྦྱོང་ཟེར་ནི་ རེད། ཚོགས་བསགས་ཟེར་རྒྱུ་རེད། རྣམ་དཀར་གྱི་དགེ་ཚོགས་དེ་ཡང་ལུས་ངག་ཡིད་གསུམ་ གྱི་སྟེང་ནས་བསགས་དགོས་ནི་རེད། ད་ལུས་ངག་ཡིད་གསུམ་ལ་བརྟེན་པའི་སྒོ་ནས་རྣམ་ དཀར་གྱི་དགེ་ཚོགས་འདི་དཀའ་བ་དང་དུ་བླང་། ངལ་བ་ཁྱད་དུ་བསད། ལུས་སྲོག་འབེན་ དུ་བཞག་པའི་སྒོ་ནས་རྣམ་དཀར་གྱི་དགེ་ཚོགས་འདི་བསགས་ན། དེའི་བག་ཆགས་སེམས་ སྟེང་ལ་བཞག་པ་དེ་ཚོགས་བསགས་ཟེར་ནི་རེད། ད་ཚོགས་བསགས་དགོས། སྒྲིབ་པ་སྦྱོང་ དགོས། ཚོགས་བསགས་སྒྲིབ་སྦྱོང་ཞིག་ཨེ་འོང་བལྟ་དགོས་ཟེར་རྒྱུ་དེ་རེད། དེ་ལས་ལོག་ 7-1-167 ལོག་ག་ཤེད་ན་ཚོགས་བསགས་སྒྲིབ་སྦྱོང་ཟེར་རྒྱུ་ཡོད་ནི་མ་རེད། ད་དེ་འདྲ་ཞིག་མ་འོངས་ ན། འུ་ཅག་གི་ཡུལ་སྲོལ་ལ་སྨོན་ལམ་ཞིག བག་ཆགས་ཞིག་ཟེར་ནི་རེད། བག་ཆགས་དེ་ ནི་རྣམ་དཀར་གྱི་དགེ་བའི་བག་ཆགས་དེ་དེའི་ཚོགས་བསགས་དང་འདྲ་བ་རེད། སྨོན་ལམ་ ཟེར་རྒྱུ་དེ། སྐྱེ་བ་ད་ལྟའི་ལུས་འདིའི་སྟེང་ལ་ངས་མ་ཐུབ་ན་སྐྱེ་བ་རྗེས་མ་ལ་དེ་ལྟ་བུ་ཞིག་འོང་ བའི་སྨོན་ལམ་ནི། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་པར་ཤོག །བསྟན་པ་གསལ་བར་མ་ནུས་ན། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ཁུར་བར་ མ་ནུས་ན། །བསྟན་པ་སེམས་ཁྲལ་བྱེད་པ་དང་། །བསྟན་པ་ཉམས་ཀྱི་དོགས་པ་ཡིས། །བྱ་ར་ ཙམ་ཡང་བྱེད་པར་ཤོག །ཅེས་གསུངས་པ་ལྟར་སྨོན་ལམ་ནི་སྐྱེ་བ་འདི་ལ་མ་ཐུབ་ནའང་སྐྱེ་བ་ རྗེས་མ་ལ་བཏབ། ཚེ་སྟོད་ལ་སྨོན་ལམ་བཏབ་ན་ཚེ་སྨད་ལ་ཡིན་ན་སྨིན་རྒྱུ་རེད། འཛམ་གླིང་ ལས་ཀྱི་ས་པ། ལས་ད་ལྟ་བྱས་ན་ད་ལྟ་སྨིན་པའི་ས་ཆ། འུ་ཅག་ཡིན་ན་ལས་མཐུ་ཤུགས་ཆེ་ སའི་ས་ཆ་ཡིན་ནི་རེད། ཁ་ཚེ་སྟོད་སྡིག་པ་མི་དགེ་བ་བྱས་ན་ཚེ་སྨད་སྨིན་རྒྱུ་རེད། ཁ་ཚེ་སྟོད་ རྣམ་དཀར་དགེ་བ་བྱས་ན། ཁ་ཚེ་སྨད་སྨིན་རྒྱུ་རེད། སྐྱེ་བ་འགྱང་མི་ཁོམ་པར་ལུས་འདིའི་ སྟེང་ནས་སྨིན་རྒྱུ་རེད། དེ་མ་ཚད་འུ་ཅག་གིས་སྲུང་བ་རིམ་གྲོ་སོགས་ལ་འབད་ན། ད་ལྟ་ནད་པ་དྲག་པའི་ཐབས་ དགོས་ན་འདྲ། བདེ་བ་དང་སྐྱིད་པའི་ཐབས་ལ་འུ་ཅག་གིས་དེ་རིང་རིམ་གྲོ་བྱས་ན་སང་ཉིན་ གནང་ཉིན་ནས་སྨིན་རྒྱུ་དེ་འུ་ཅག་གིས་འདང་བརྒྱབས་ནས་རིམ་གྲོ་དང་རྣམ་དཀར་གྱི་དགེ་ ཚོགས་བསྒྲུབ་པ་རེད། ད་བསྒྲུབ་ན་དགོས་སུ་འུ་ཅག་བླ་སེར་ཐམས་ཅད་ཀྱིས་འདང་བརྒྱབ་ དགོས་ནི་རེད། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་གསུངས་ནི་རེད། འབྱོར་བ་ དང་ལྡན་པ་རྣམས་ཀྱིས་ཚེ་འདས་ཞིག་ཡིན་ན་ཚེ་ཕྱི་མ་ངན་སོང་ལས་སྐྱོབ་པའི་སྐྱབས་ཤིག་ དང་། ཚེ་འདི་ངོགས་ལ་རྐྱེན་ཞིག་སེལ་བའི་ཐབས་སུ་འུ་ཅག་རྣམས་འབྱོར་ལྡན་རྣམས་ཀྱིས་ 7-1-168 ཡ་ལོགས་སུ་སྤྱན་དྲངས་པའི་སྒོ་ནས་ཡོན་བདག་གི་བསོད་ནམས་བསགས་པའི་ཞིང་ས་ འཇོག་ཡོང་ན་དེ་ལྟར་དུ་འདུག་ཤེས་དགོས་ནི་རེད། འུ་ཅག་གིས་ཆོ་ག་ཞིག་འདོན་ན་སྦྱོར་ དངོས་རྗེས་གསུམ་ཚང་བའི་སྒོ་ནས་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་ དམ་པ། རྗེས་བསྔོ་བ་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་ཆོ་ག་འདི་དེ་ལྟར་གསུངས་ ན། མིའི་སྟན་ཐོག་ནས་རང་གིས་སྒྲིབ་པ་སྦྱངས་ཟེར་བའི་ལོ་རྒྱུས་ཡོད་པ་རེད། དེ་ལྟ་བུ་མ་ ཐུབ་པར་ཡོན་བདག་གི་འབྱོར་བ་ལ་བལྟས་ཏེ་ཇ་ཐུག་དང་རྒྱུ་རྫས་འབུལ་བ་ལ་སོགས་པའི་ སྟེང་ལ་འདོད་ཆགས། དོན་མེད་ཀྱི་བྱ་བ་ལ་ཞེ་སྡང་སོགས་སྐྱེ་ཞོར་དུ་འབྱོར་ལྡན་གྱི་བསོད་ ནམས་བསགས་པའི་ཞིང་ལ་ལེགས་པར་མ་འདུག་ན། འུ་ཅག་གིས་སྤྱང་ཀིས་ལུག་ལྤགས་ གོན་པ་ལྟ་བུ་ཡིན་ནི་རེད། སྤྱང་ཀིས་ཡིན་ན་ལུག་ལྤགས་གོན་ནས་ལུག་ཡིན་ཁུལ་བྱས་ཏེ་ ལུག་གྲལ་དུ་སྡོད་འདུག་ན་མདོ་རྩ་ལུག་ཐམས་ཅད་ཟ་བསམ་ནི་རེད། ད་འུ་ཅག་གིས་བཅོམ་ ལྡན་འདས་ཀྱི་ན་བཟའ་གནང་བའི་སྒོ་ནས་ཡོན་བདག་གི་ཁེ་ཆུང་རྒྱུ་རྫས་འབྱོར་བ་ཡོད་ཚད་ ཀྱི་གང་དམར་གང་གཅེས་དེ་དག་བཟའ་བསམ་པའི་ཀུན་སློང་དེ་ལས་མེད་ན་ནི། རང་ལ་ ཡིན་ན་དཀོར་གྱི་ཉེས་པ་ཟེར་རྒྱུ་དེ་ཐོན་རྒྱུ་རེད། དཀོར་ལ་ཡིན་ན་ཁ་གསག གཞོགས་སློང་ ། ཐོབ་འཇལ། རྙེད་འཚོལ་ལ་སོགས་པའི་སྒོ་ནས་ཡིན་ན་འབགས་ཚུལ་མང་པོ་ཞིག་ཡོད་རྒྱུ་ རེད། ད་དེ་འདྲ་ཡིན་ན། རང་གིས་ཀུན་སློང་ཡང་དག་པ་ཞིག་འོང་ན་མིའི་སྟན་ཐོག་ནས་རང་ གི་སྒྲིབ་པ་སྦྱོང་ལུགས་ཞིག་ཀྱང་ཡོད་ནི་རེད། དེ་རང་ལ་ཐུག་རྒྱུ་རེད། དེ་ལྟ་བུའི་སྒོ་ནས་ལས་ རྒྱུ་འབྲས་ཀྱི་གནས་ཚུལ་ལ་དོགས་ཟོན་དཔེ་མེད་མ་བྱས་ན་ཕྱི་མ་ནི། རང་སྟེང་མ་གཏོགས་ ལས་རྒྱུ་འབྲས་ཟེར་རྒྱུ་དེ་གཞན་ལ་སྨིན་ཐབས་ཞིག་གཏན་ནས་ཡོད་སྲིད་ནི་མ་རེད། སྤོར་ རྒྱུ་ཞིག་གཏན་ནས་ཡོད་ནི་མ་རེད། ཚེ་འདི་ངོགས་ཀྱི་སྟེང་ནས་ཚོགས་བསག་སྒྲིབ་སྦྱོང་ཐུབ་ ན་མ་གཏོགས་ཚེ་ཕྱི་མ་ནི་ནམ་ཡང་འགྱུར་རྒྱུ་དང་ནམ་ཡང་འཆུགས་རྒྱུ་ཞིག་ཡོད་ནི་མ་རེད། 7-1-169 དེ་ལྟ་བུའི་ལས་རྒྱུ་འབྲས་ཀྱི་གནས་ཚུལ་ལ་ཞིབ་གཟིགས་དཔེ་མེད་བྱས་ཏེ་འདང་ཞིབ་ཅིང་ ཞིབ་པར་བཏང་དགོས་རྒྱུ་རེད། འཁོར་བའི་ཉེས་དམིགས་དེ་ཅི་རེད་ཟེར་ན། འཁོར་བ་ཟེར་ རྒྱུ་དེ། ལས་དབང་གིས་རིགས་དྲུག་གི་གནས་ལ་དབང་མེད་དུ་ཤ་མེད་སྤུ་མེད་རླུང་གིས་སྐྱོད་ པ་ལྟར་བྱས་ནས་རང་ལ་རང་དབང་སྤུ་ཙམ་མེད་པར་བྱས་ཏེ། ལས་དབང་གིས་རིགས་དྲུག་ གི་གནས་སུ་དབང་མེད་དུ་འཁོར་བར་འགྲོ་བ་དེ་ལ་འཁོར་བ་ཟེར་ན་ཆོག་རྒྱུ་རེད། ཇོ་ནང་ཀུན་མཁྱེན་ཆེན་པོའི་ཞལ་ནས། བུམ་པའི་ནང་དུ་བུང་བ་ཚུད་པ་བཞིན། །གསུངས་ནི་རེད། དེ་འདྲ་ཡིན་དུས། བུམ་པའི་ནང་དུ་བུང་བ་བཙུད་དེ་ཁ་བཅད་བཞག་ན་ བུམ་པའི་སྟོད་སྨད་ཅིག་ལ་འཁོར་རྒྱུ་མ་གཏོགས་པའི་ཕྱི་ལ་འགྲོ་རྒྱུ་ཐུབ་ནི་མ་རེད། དེ་ལྟར་ འུ་ཅག་ཡིན་ན་འཁོར་བ་ལ་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པའི་རྩིས་མ་ཟིན་བར་དུ་ རྣམ་དཀར་གྱི་དགེ་བ་གང་དང་གང་ཞིག་བྱས་རུང་མངོན་མཐོ་ལྷ་མིར་སྐྱེ་བའི་རྒྱུ་ཙམ་ཡིན་ ནི་རེད་མ་གཏོགས། ངེས་འབྱུང་གི་བསམ་པའི་རྩིས་མ་ཟིན་ན་ནི་རྣམ་དཀར་གྱི་དགེ་ཚོགས་ གང་ཞིག་བསྒྲུབ་རྒྱུ་ཡིན་ནའང་། ཐར་བའི་རྒྱུར་འགྱུར་ནི་མ་རེད། དེ་འདྲ་ཞིག་མ་ཡིན་ན། འཁོར་བ་ལ་ཞེན་པ་ལོག་པའི་བསམ་པ་ཞིག་ཡོད་དགོས་ནི་རེད། འཁོར་བ་ཟེར་རྒྱུ་དེ་རང་ གི་སེམས་ཀྱི་སྟེང་ལ་ཉོན་མོངས་པ་དུག་གསུམ། བདག་གཅེས་འཛིན་གྱི་བསམ་པ། རྣམ་ རྟོག་འཁྲུལ་བ་དེ་དག་ཐམས་ཅད་ཀྱི་བག་ཆགས་ས་བོན་དང་བཅས་པ་འདི་འཁོར་བའི་རྒྱུའི་ ངོ་བོ་དེ་ཡིན་ནི་རེད། ད་སེམས་སྟེང་གི་སྡིག་པ་མི་དགེ་བ་དེ་དང་། དེས་བསྐྱེད་པའི་འདོད་ ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་དེ་དག་ཐམས་ཅད་ནི་སྤངས་དགོས་ཀྱི་དངོས་དང་། བྲལ་དགོས་ཀྱི་ངོ་མ་དེ་ཡིན་ནི་རེད། དེ་འདྲ་ཡིན་དུས། རང་གི་ལུས་ཀྱི་སྟེང་ནས་སྡིག་པ་མི་ དགེ་བ་གངས་ཀྱི་རིམ་པ་ཆགས་པ་ལྟ་བུ་སེམས་ཀྱི་སྟེང་དུ་བག་ཆགས་བཞག་ཡོད་པ་དང་ ། ལུས་ངག་ཡིད་གསུམ་གྱིས་དེའི་བག་ཆགས་བཞག་པའི་བྱ་བ་དེ་ཐམས་ཅད་འདི་ཞིབ་ཆ་ 7-1-170 བྱས་ཏེ་གཙང་དག་ཅིག་མ་སྤངས་ན། ལས་རྒྱུ་འབྲས་ཟེར་རྒྱུ་དེ་ནམ་ཡང་བསླུ་བ་ཡོད་རྒྱུ་མ་ རེད། ད་དེ་ཡིན་ན་ད་ཙམ་སེམས་ཀྱི་སྟེང་གི་ཉོན་མོངས་པ་མི་དགེ་བའི་བག་ཆགས་ཐམས་ ཅད་དེ་དང་བྲལ་ཐབས་རེ་དང་དེ་སྦྱངས་པའི་ཐབས་ལ་འབད་དགོས་ནི་རེད། དེ་དག་མ་ སྦྱངས་ན་ནི་མདོ་རྩ་དགེ་རྩ་གང་དང་གང་རེ་བསགས་ཀྱང་ཕན་ཐོགས་མེད་དོ་བསམ་ནས་ དེའི་བག་ཆགས་ངན་པ་དེ་དག་ཐམས་ཅད་ལ་བློའི་ཡིད་མི་འོང་གི་ཞེན་པ་ལོག་པའི་བློ་འདི་ ཡིད་འགྱུར་རེ། རྩོལ་བཅས་རེ། བཅོས་མིན་རེ་ཐོབ་དགོས་ནི་རེད། རང་དགར་གཅིག་ བསམ་ནས་ནི་འོང་ནི་མ་རེད། ཡིད་འགྱུར་ཟེར་རྒྱུ་དེ་ཅི་འདྲ་ཡིན་བསམ་ན། ཡིད་གཏིང་ནས་ འགྱུར་ཏེ་མིག་ནས་མཆི་མ་འཁྲུག ལུས་ཀྱི་བ་སྤུ་གཡོ་ཟེར་བ་ལྟ་བུའི་དད་པ་ཡིན་ན་དེ་འདྲ་ ཞིག་རེད། མི་དགེ་བ་ཡིན་ན་ཕྱིའི་ལུས་ངག་གི་རྣམ་འགྱུར་ཐོན་པ་ཞིག་བྱུང་ན་དེ་ཡིད་འགྱུར་ ཟེར་ནི་རེད། དེ་འདྲ་དེ་ནམ་དང་ནམ་དུ་བསམས་ན་སེམས་དེ་འདྲ་ལ་འགྱུར་འགྲོ་བ་དེ་རྩོལ་ བཅས་རེད། དེ་ལྟ་བུའི་འཁོར་བ་ལ་ཞེན་ལོག་གི་བློ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེ་འོང་ དུས། ཐེག་དམན་ཉན་རང་གི་ལམ་ལ་གཟོད་ཞུགས་ནི་རེད། དེ་ལྟ་བུ་དེ་ལ་ངེས་འབྱུང་གི་ བསམ་པ་ཟེར་ནི་རེད། འཁོར་བ་ལ་ཞེན་པ་ལོག་པའི་བློ་རེད། དེ་དེ་ལྟ་བུའི་སྒོ་ནས་རང་དོན་བསྒྲུབ་དགོས་ནི་རེད། དེ་ལྟ་བུའི་རང་དོན་བསྒྲུབ་ན་དེའི་ མཐུན་རྐྱེན་ནི། ཇི་སྐད་དུ། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །གཉེན་གྱི་ཕྱོགས་ལ་ འདོད་ཆགས་ཆུ་ལྟར་གཡོ། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་ རྒྱལ་སྲས་ལག་ལེན་ཡིན། །གསུངས་ནི་རེད། རང་གི་གཉེན་ཕྱོགས་ལ་འདོད་ཆགས་ཆུ་ལྟར་ གཡོ་བ་དང་། དགྲ་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར་བ། དགེ་སྡིག་གི་བླང་དོར་བརྗེད་པའི་ གཏི་མུག་མུན་ནག་ཅན་གྱི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་འདི་སྤངས་དགོས་ན། དེའི་ མཐུན་རྐྱེན་ལ་ཕ་ཡུལ་འདི་སྤངས་པ་འདི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལག་ 7-1-171 ལེན་ལ་བཏབ་རྒྱུ་དེ་ཕ་ཡུལ་སྤང་རྒྱུ་དེ་ཡིན། ཕ་ཡུལ་སྤངས་ན་ནི། ཡུལ་ངན་སྤངས་པས་ཉོན་ མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་ པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །གསུངས་ནི་རེད། ད་ཡུལ་ངན་པ་དེ་གང་རེད་ཟེར་ན། ཉོན་མོངས་པ་དུག་གསུམ་འཕེལ་བའི་ཕ་ཡུལ་འདི་ཡུལ་ ངན་པ་དེ་རེད། ཡུལ་ངན་པ་དེ་སྤངས་ནས་དབེན་པའི་གནས་སུ་ཐོན་དུས་དེ། ཉོན་མོངས་ པ་རྣམས་རང་བཞིན་ཤུགས་ཀྱིས་འགག་འགྲོ་ནི་རེད། རྣམ་གཡེང་མེད་སོང་ན་དགེ་སྦྱོར་ངང་ གིས་འཕེལ་འོང་བ་རེད། རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ་གསུངས་ནི་རེད། རྗེ་མི་ལ་རས་པས། མི་མེད་ལུང་པའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །རྗེ་བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །གསུངས་ནི་རེད། དེ་ཁོང་རྗེ་མི་ལ་རས་པས་མི་མེད་ལུང་པའི་བྲག་ཕུག་ལ་སྒོམ་འདུག་དུས་སེམས་དེ་སྐྱོ་ཆད་དེ་ བ་དེ་ལ་ནམ་ཡང་སངས་རྒྱུ་མེད་གི བླ་མ་དུས་གསུམ་སངས་རྒྱས་དེ་ལ་ཡིད་དུང་ངེ་བའི་ངང་ ནས་འབྲལ་བ་མེད་པར་རྒྱུན་དུ་དྲན་པའི་སྒོ་ནས་བླ་མ་དང་བདག་འབྲལ་རྒྱུ་མེད་གསུངས་ པ་ལྟར་འདུག་དགོས་ནི་རེད། དེ་ལྟ་བུའི་དབེན་པ་ཞིག་རྒྱུན་ལྡན་བསྟེན་དགོས་ནི་རེད། གྲོགས་ངན་པ་དག་སྤང་དགོས་ནི་རེད། གྲོགས་ངན་པ་ཅི་འདྲ་སྤང་དགོས་ཟེར་ན། གང་དང་ འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང་། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་གྱུར་ཞིང་ ། །བྱམས་དང་སྙིང་རྗེ་མེད་པར་བསྒྱུར་བ་ཡི། །གྲོགས་ངན་སྤང་རྒྱུ་འདི་རྒྱལ་སྲས་བྱང་ཆུབ་ དཔའ་རྣམས་ཀྱིས་ལག་ལེན་ལ་བཏབ་རྒྱུ་དེ་ཡིན། གྲོགས་ངན་པ་འདི་གང་རེད་ཟེར་ན། ཉོན་ མོངས་པ་འདོད་ཆགས་འཕེལ་བའི་གྲོགས། ཞེ་སྡང་འཕེལ་བའི་གྲོགས། གཏི་མུག་འཕེལ་ བའི་གྲོགས་སུ་དང་སུ་ཡིན་ན་དེ་གྲོགས་ངན་པ་ཡིན། དེ་སྤང་དགོས་རྒྱུ་རེད། ཐོས་པ་དང་། བསམ་པ་དང་། སྒོམ་པ་དང་། བྱམས་པ་དང་སྙིང་རྗེ་མེད་པར་བསྒྱུར་བར་བྱེད་པའི་གྲོགས་ 7-1-172 ངན་པ་འདི་སྤང་དགོས་གསུངས་ནི་རེད། སྡིག་གྲོགས་ཞེས་པའི་རྭ་ཅན་མི་འབྱུང་སྟེ། །རྩེ་ རྒོད་གཡེང་བའི་གྲོགས་དེ་སྡིག་གྲོགས་ཡིན། །གསུངས་ནི་རེད། སྡིག་གྲོགས་ཟེར་རྒྱུ་དེ་རྭ་ ཅན་ཞིག་གཏན་ནས་ཡོད་ནི་མ་རེད། རང་འདོད་ཡོན་ལ་བསླུ་བྲི ད་བྱེད་ནས་འགྲོ་བ། ཁ་མི་ དགེ་བའི་ཕྱོགས་ལ་བསྐོར་འགྲོ་ནི་དེ་སྡིག་གྲོགས་ཟེར་ནི་རེད། དེ་ལས་སྡིག་གྲོགས་ཟེར་ ནས་མགོ་ལ་རྭ་སྐྱེས་ཡོད་ནི་ཞིག་གཏན་ནས་ཡོད་ནི་མ་རེད། རང་གི་ལུས་ངག་ཡིད་གསུམ་ མི་དགེ་བའི་ལམ་ལ་སྦྱོར་བཞག་ནི་དེ་སྡིག་གྲོགས་རེད། གྲོགས་ངན་པ་དེ་སྤངས་དགོས་ནི་ རེད། ད་གྲོགས་བཟང་པོ་འདི་བརྟེན་དགོས་ནི་རེད། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ ཞིང་། །ཡོན་ཏན་ཡར་ངོས་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་རང་གི་ལུས་ བས་ཀྱང་། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །གསུངས་ནི་རེད། ད་གྲོགས་ སུ་དང་སུ་ཞིག་བསྟེན་རྒྱུ་ཡིན་ན་རང་བདག་གི་རྒྱུད་ཀྱི་ཉོན་མོངས་པ་ཟད་པའི་རྐྱེན་ལ་འགྲོ། རང་གི་རྒྱུད་ལ་ཡོན་ཏན་ཡར་ངོས་ཟླ་བ་ལྟར་འཕེལ་བའི་རྐྱེན་ལ་འགྲོ་བའི་གྲོགས་དེ་ཡིན་ན་ གྲོགས་བཟང་པོ་ངོ་མ་དེ་རེད། དེ་རང་གི་བླ་མ་དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ན་འདྲ། མ་ ཡིན་ན་རང་གི་དགེ་རྒན་ལྟ་བུ་ཡིན་ན་འདྲ། དེ་ལྟ་བུའི་གྲོགས་བཟང་པོ་ཞིག་བསྟེན་རྒྱུ་ཆུད་ དུས། དེ་ལྟ་བུའི་གྲོགས་བཟང་པོ་དེ་རང་གི་ལུས་ལྟ་བུར་གཅེས་བཀུར་བྱེད་རྒྱུ་དེ་རྒྱལ་སྲས་ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལག་ལེན་ལ་བཏབ་རྒྱུ་དེ་ཡིན་ནི་རེད། འུ་ཅག་གི་ཡུལ་ སྲོལ་ལ་ཡིན་ན་དེང་སང་འཇིག་རྟེན་པའི་ལྷ་སྡེ་བརྒྱད་མི་མ་ཡིན་རྣམས་སྐྱབས་གནས་ཡང་ དག་ཏུ་འཛིན་ནས། ཕལ་ཆེར་ཕྱག་འཚལ་ནས་ཚེ་འདི་ཕྱི་གཉིས་ཀའི་སྐྱབས་བཅོལ་ས་འདྲ་ ཞིག་བྱེད་ཡོང་གི དེ་འདྲ་དག་ནི་སྐྱབས་འགྲོའི་བསླབ་བྱ་དང་འགལ་རྒྱུ་རེད། སྡེ་བརྒྱད་མི་ མ་ཡིན་དེ་དག་ནི་ད་དུང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བཅིངས་ཡོད་ནི་རེད། དེ་འདྲ་ ཡིན་དུས། འཇིག་རྟེན་པའི་ལྷ་རྣམས་ཀྱིས་རང་ཅག་སྐྱོབ་རྒྱུ་མ་ཚད་ཁོང་ཅག་ཀྱང་སྐྱོབ་ཐུབ་ 7-1-173 ནི་མ་རེད། དེ་ལས་ནི་སྐྱབས་ཡང་དག་དེ་ནི། སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ་ རེད། དེ་ལ་སྐྱབས་ཡང་དག་ཏུ་འགྲོ་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་མི་འཚོལ་རྒྱུ་དེ་གལ་ ཆེན་ནང་གི་དོན་ཆེན་ཡིན་རྒྱུ་རེད། ད་ཤིན་ཏུ་བཟོད་པར་དཀའ་བའི་ངན་སོང་གསུམ་གྱི་སྡུག་ བསྔལ་འདི་ཅི་ཞིག་གི་འོང་བ་རེད་ཟེར་ན། རང་གི་ལུས་ངག་ཡིད་གསུམ་གྱིས་བསགས་པའི་ བག་ཆགས་ངན་པ་དེ་དག་གི་འབྲས་བུ་འདི་སྨིན་ནས་ཕྱི་མ་ངན་སོང་གསུམ་ལ་རང་དབང་ མེད་པར་ཤ་མེད་སྤུ་མེད་རླུང་གིས་འཁྱེར་བ་ལྟར། འགྲོ་གི་ཡོད་ནི་རེད། ད་དེ་འདྲ་ཡིན་ དུས། ཕྱི་མ་ངན་སོང་ལ་འགྲོ་མ་ཉན་དུས་དེ། ད་སྐབས་ཡིན་ན་སྲོག་ལ་བབས་ཀྱང་མི་དགེ་ བའི་ལས་དག་སྤངས་ནས། དེའི་སྡིག་པ་མི་དགེ་བ་ད་སྔ་བསགས་ཚད་ལ་འགྱོད་སེམས་ཀྱི་ སྒོ་ནས་བཤགས་བསྡོམ་བྱ། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་ཡང་དག་ཅིག་བསྐྱེད་པའི་སྒོ་ ནས་བཤགས་སྡོམ་ཡང་དག་རེ་མ་ནུས་ན། འོ། གནའ་གཅིག་གིས་ཟེར་བ་ལྟར། བླ་མ་ལ་ ཁྱོས་ཤེས། སངས་རྒྱས་ལ་ཁྱེད་མཁྱེན་ཟེར་ནས་ནི། འུར་རྡོའི་ནང་ལ་རྡོ་བཞག་པ་ལྟར་བདེ་ བ་ཅན་ལ་འཕེན་འཇོག་རྒྱུ་དེ་ནི། ཁ་ཉན་རྒྱུ་གཏན་ནས་མ་རེད། བླ་མ་ནི་སྐྱབས་སྟོན་པ་པོ་ རེད། སྐྱབས་དངོས་ནི་དམ་པའི་ཆོས་རེད། སྐྱབས་སྒྲུབ་པའི་གྲོགས་ནི་དགེ་འདུན་ཡིན་རྒྱུ་ རེད། ད་དེ་འདྲ་ཡིན་དུས། བདག་ཅག་གི་སྟོན་པས་འདི་འདྲ་གསུངས་ཡོད། ངས་ནི་ཁྱོད་ལ་ ཐར་བའི་ལམ་བསྟན་གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །གསུངས་པ་ལྟར། ཁོང་ གིས་ཁྱོད་ལ་ཐར་བ་ཐོབ་པའི་ཐབས་དགེ་བ་སྒྲུབ་ཚུལ། སྡིག་པ་སྤང་ཚུལ། དེ་དག་ནི་ཁོང་ གིས་མ་སྦས་ཤིང་མ་གབ་པའི་སྒོ་ནས་ཁྱོད་ལ་བསྟན་ཡོད། ཁྱོད་ཀྱིས་ཁོང་གིས་ཟེར་བ་ལྟར་ བསྒྲུབས་ནས་ཐར་བ་ཐོབ་པར་བྱེད་ན་མི་བྱེད་ན་ཁྱོད་རང་ལ་རག་ལས། དགེ་སྡིག་བླང་དོར་ དེ་དག་ཐམས་ཅད་ཀྱི་ནང་ནས་སྡིག་པ་མི་དགེ་བ་དེ་དག་ཐམས་ཅད་སྤངས་བར་མ་བྱས་ན་ ནི་མ་བསམ་བཞིན་དུ་ངན་སོང་གསུམ་དུ་འགྲོ་རྒྱུ་རེད། ཁྱོད་ཀྱིས་དགེ་སྡིག་སྤངས་བླང་ཡང་ 7-1-174 དག་ཅིག་བྱེད་ན་ནི་བསམ་བཞིན་དུ་ཁྱོད་ཐར་བའི་གནས་སུ་འགྲོ་རྒྱུ་རེད་དོ། །ཞེས་རྗེ་བཙུན་ ཡོན་ཏན་བཟང་པོས་གསུང་གི་སྔོན་འགྲོའི་ཟིན་བྲིས་འདི་ནི་ཇོ་ནང་བླ་མ་རྣམ་གསུམ་གྱི་བཀའ་འབུམ་ལེགས་འགྲུབ་དགའ་སྟོན་ ༡༩༩༩ལོར་གངས་ཅན་དགེ་ཟླ་གཉིས་པའི་དུས་དྲན་དུ་གུས་ཕྲན་མུན་སེལ་གྱིས་བྲི ས་པའོ། ། མཆན། བླ་མ་རིན་པོ་ཆེས་མང་ཚོགས་ལ་ཆོས་བསྩལ་སྐབས་སུ་བླངས་པའི་སྒྲ་ཐག་ནང་གསུངས་པ་ཇི་བཞིན་༢༠༡༡ལོར་ མཁན་མུན་སེལ་ལགས་ཀྱིས་ཡིག་ཐོག་ཏུ་ཕབ་པ་ཡིན། འོན་ཀྱང་ཁོང་གིས་གསུངས་པ་ཇི་བཞིན་ཡུལ་སྐད་ལྟར་མ་བཅོས་སོར་ བཞག་བྱས་ཡོད་པས་བརྡ་སྤྲོད་ཀྱི་གཞུང་དང་ཅུང་མི་མཐུན་ས་ཡོད་འདུག་ནའང་རྒྱ་ཆེའི་ཀློག་པ་པོས་ཐུགས་ལ་འཇགས་འཚལ། ༄༅། །སྒྲ་ཕབ་འཕྲུལ་ནང་གསུང་སྒྲོག་ བྱེད་པའི་ཕན་ཡོན། སྒྲ་པར་འཁོར་ལོའི་ནང་གི་གསུང་སྒྲ་བླངས་ཡོད་པ་ལ། ལ་ལས་ཕན་ཡོན་ཡོད་ཟེར། ལ་ལས་མེད་ཟེར་གི ད་རྣམ་པ་སྣ་ཚོགས་བཤད་ནི་ཡོད་ནི་རེད་དེ། གང་ལྟར་ཡང་སྤྱིར་རྒྱལ་ བའི་བསྟན་པའི་འགྲོ་ལུགས་ལ་འདང་བརྒྱབ་ན། རྗོད་བྱེད་ལུང་གི་བསྟན་པ་དང༌། བརྗོད་བྱ་ རྟོགས་པའི་བསྟན་པ་གཉིས་སུ་གྲངས་ངེས་ནི་རེད། དེ་ཇི་ལྟར་ཡིན་ཟེར་ན། ཇི་སྐད་དུ། ཐུབ་ པའི་བསྟན་པ་རྣམ་གཉིས་པོ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་ བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ནའོ། ། གསུངས་ནི་རེད། ཐུབ་པ་བཅོམ་ལྡན་འདས་ཀྱི་བསྟན་པ་དེ་རྗོད་བྱེད་ལུང་གི་བསྟན་པ་ དང༌། བརྗོད་བྱ་རྟོགས་པའི་བསྟན་པ་གཉིས་ཡོད་ན། རྗོད་བྱེད་ལུང་གི་བསྟན་པ་དེ་གང་རེད་ 7-1-175 ཟེར་ན། བླ་མའི་ཞལ་ནས་གསུངས་པའི་ཆོས་ཚིག་གི་སྒྲ་ཏིང་ཏིང་ཏིང་གྲག་འདུག་པ་འདི། རྗོད་བྱེད་ལུང་གི་བསྟན་པ་རེད། དེ་བརྟེན་པས་དེའི་དོན་རྣམས་ཉན་པོ་ཐམས་ཅད་ཀྱི་སེམས་ ལ། འདི་རེད་འདི་རེད་བསམ་འདུག་པའི་དབྱེ་རིམ། དགེ་སྡིག་གི་བླང་དོར། ངན་སོང་གི་སྡུག་ བསྔལ། ཐར་པའི་ཕན་ཡོན། དེའི་དབྱེ་བ་གོ་འདུག་པའི་རྣམ་རྟོག་འགྱུ་འདུག་པ་དེ་བརྗོད་བྱ་ རྟོགས་པའི་བསྟན་པ་ཟེར་ནས་བཤད་ནི་རེད། ལུང་དང་རྟོགས་པའི་བདག་ཉིད་ཅན་ཟེར་བ་ ལྟར་གྱི་ལུང་རྟོགས་གཉིས་ཀྱི་ཐད་ནས་བཤད་ན་དེ་ལྟར་རེད། ཐོས་བསམ་སྒོམ་གསུམ་གྱི་ ཆ་ནས་བཤད་ན། བླ་མའི་ཞལ་ལས་གསུངས་པའི་ཆོས་ཚིག་གི་སྒྲ་ལྷང་ལྷང་ལྷང་གྲག་པ་དེ་ ཆོས་ཉན་པོ་ཐམས་ཅད་ཀྱི་རྣ་བའི་ནང་ལ་ཐོས་ནི་དེ་ལ། ཐོས་པ་ཟེར་ནི་རེད། ཉན་ནི་ཐམས་ ཅད་ཀྱི་སེམས་ལ་འདི་རེད་འདི་རེད་བསམ་པའི་ངོ་བོ་གོ་འདུག་པ་དེ་ལ། བསམ་པ་ཟེར་ནི་ རེད། དེ་ལ་སེམས་སྟེང་ནས་ཨ་གོམས་ཡང་གོམས་བྱས་འདུག་པའི་གོམས་འདྲིས་གཏོང་བ་ དེ་ལ། སྒོམ་པ་ཟེར་ནི་རེད། ཐོས་བསམ་སྒོམ་གསུམ་གྱི་ཆ་ནས་བཤད་ན་ཡང་དེ་ལྟར་རེད། དཔེར་ན་སྒྲ་པར་འདིའི་ནང་ནས་ཆོས་ཚིག་གི་དོན་དང་ལུང་གི་གོ་དོན་རྣམས་བླ་མས་ཇི་ལྟར་ གསུངས་པ་བཞིན་འདིའི་ནང་ནས་གྲག་འདུག་ན། དེ་ནི་རྗོད་བྱེད་ལུང་གི་བསྟན་པ་དངོས་ གནས་དེ་ཡིན་འདུག་ཡོད་ནི་རེད། དེ་ནམ་ཡང་འགྱུར་གྱི་ཡོད་ནི་མ་རེད། དེ་ལྟ་བུ་དེ་རྗོད་ བྱེད་ལུང་གི་བསྟན་པ་ཟེར་ས་རེད། ལ་ལས་བཤད་ན། ཇོ་དར། རྡོ་བརྐོ ས། འཁོར་ལོ་ཐམས་ ཅད་དང་འདྲ་གི་ཟེར་ནི་ཡོད་ནི་རེད་དེ །སྒོ་དར་དང་རྡོ་བརྐོ ས་འཁོར་ལོ་ཐམས་ཅད་དེ་ཅི་འདྲ་ རེད་ཟེར་ན། རྗོད་བྱེད་ལུང་གི་བསྟན་པ་དེ་ཡི་གེའི་གཟུགས་སུ་ཕབ་ཡོད་པ་ཙམ་རེད། དེུ་ ནི་རྗོད་བྱེད་ལུང་གི་བསྟན་པའི་གཟུགས་ཙམ་ལས་ཡོད་ནི་མ་རེད། རྗོད་བྱེད་ལུང་གི་བསྟན་ པ་དངོས་གནས་བོ་ནི། སྒྲ་པར་འདིའི་ནང་གི་སྒྲ་ལྷང་ལྷང་ལྷང་གྲག་པ་འདི་ཡིན་འདུག་ཡོད་ ནི་རེད། དེ་ནམ་ཡང་འདང་བརྒྱབ་གཞན་པ་ཞིག་དགོས་ནི་མ་རེད། དེར་བརྟེན་པའི་ཉན་པོ་ 7-1-176 ཐམས་ཅད་ཀྱིས་ཉན་པའི་ཆ་ནས་ནི་བརྗོད་བྱ་རྟོགས་པའི་བསྟན་པ་ཡང་ཚང་འདུག་སྙམ། ཐོས་བསམ་སྒོམ་གསུམ་ཡང་ཚང་ཟེར་ན་ཆོག་གི དེ་ལྟར་ཉན་པའི་ཆ་ནས་ནི་བླ་མ་ཞིག་གིས་ ཆོས་གསུངས་ནིལྟ་བུའི་ཕན་ཡོན། འབྲས་བུ། གོ་དོན་ཐམས་ཅད་ཇི་བཞིན་ཡོད་པ་ནི་ཚད་ མས་གྲུབ་པ་ཡིན་འདུག་ཡོད་ནི་རེད། གསུངས་པའི་ཆ་ནས་བཤད་ན། རྗོད་བྱེད་ལུང་གི་ བསྟན་པ་དེ་བླ་མས་གསུངས་པ་ལྟ་བུ་ཡིན་ཀྱང༌། གཞན་བླ་མའི་ཐུགས་ཀྱི་བྱང་ཆུབ་སེམས་ ཀྱི་ཀུན་སློང༌། ངེས་འབྱུང་གི་བསམ་པའི་རྩིས་ཀྱིས་ཟིན་མ་ཟིན་གྱི་སྟེང་ནས་བཤད་ན། སྔོན་ ཐོག་མར་སྒྲ་པར་ནང་ལ་སྒྲ་པར་སྐབས་སུ་བླ་མའི་ཐུགས་ཀྱིས་ཟིན་ཡོད་པ་དེ། ད་སྐབས་ ཀྱང་ཡོད་ནི་བྱས་ན་གཞིར་གཞག་གྱིས་དང་མི་ཆོག་པ་མེད་གི་དེ་ལྟ་བུ་རེད། ད་དེ་ལྟར་ཡིན་ ན་སྒྲ་པར་འདི་ལ་བརྟེན་ནས་གསུང་འདོན་པ་བསྒྲག་ན་འདྲ། ཆོས་བཤད་བྱེད་ན་འདྲ། ལུང་ འདོན་ན་འདྲ། དབང་གསུང་ན་འདྲ། ཐམས་ཅད་པོ་དེ་རང་ཉིད་ཀྱིས་དག་སྣང་གི་ངང་ནས་ ཉན་རྒྱུ་ཡིན་ན་ཕན་ཐོགས་རྒྱ་ཆེན་པོ་ཡོད་གི དེ་རིང་སང་གི་དུས་སྐབས་ལ་འཛམ་གླིང་ཡར་ རྒྱས་ཀྱི་དབང་གིས་མཐུན་རྐྱེན་འདི་འཛོམས་ནི་རེད། འབྱོར་བ་ལྡན་ནི་རེད་ཡིན་ན། འདི་ ལྟ་བུ་རེ་བླངས་ནས་རང་ཉིད་ཀྱིས་ཆོས་བཤད་ཐམས་ཅད་ལ་ཉན་ན། དགེ་སྡིག་གི་བླང་ དོར། སྤང་བླང་གི་དབྱེ་བ་ཐམས་ཅད་ལ་ཕན་ཐོགས་ཡོད་གི དེ་མིན་གསུང་འདོན་པ་ཐམས་ ཅད་ཀྱང་ཟློས་སྐྱོན་དང་བྲལ་བའི་སྒྲ་ཡང་དག་ཅིག་བླངས་ན། ཨ་མཆོད་ཅིག་བཞག་པའི་གོ་ ཆོད་སེམས་ཐག་རེད། དེ་ལུགས་ལྟར་གྱི་དགའ་སྤྲོ་དང་རྗེས་སུ་ཡི་རང་གི་སྒོ་ནས་ཉན་བསྒྲག་ བྱེད། འབྱོར་བ་དང་ལྡན་ནི་ཚོས་རེ་ཉོ་ནས། དེ་ལྟར་བྱེད་ཐུབ་ན་རང་གཞན་ཀུན་ལ་ཕན་ ཐོགས་མཐུན་རྐྱེན་འདི་ལྟ་བུ་འདི། སྲིད་ཇུས་ལྷོ ད་ཡངས་དང་འཇིག་རྟེན་ཡར་རྒྱས་ཀྱི་དབང་ གིས་འགྲིག་ནི་རེད་མ་གཏོགས། གནའ་ལུགས་ལྟ་བུ་ཞིག་ཡིན་ན་ང་ཚོའི་ཡུལ་ལ་མཚོན་ན། དཔོན་ཆེན་པོ་ཨ་སྐྱོང་ལྟ་བུ་དང༌། ཡར་དབུས་གཙང་གི་ས་ཆའི་ཆོས་སྡེ་ཆེ་ས་རྣམས་སུ་བླ་ 7-1-177 མ་ཐམས་ཅད་ཀྱི་དབང་གསུངས་ནས་སྒྲ་དེ་ལྟ་བུ་རེ་གྲག་རྒྱུ་དང༌། མཆོད་ཆ་དཀྲོ ལ་ནི་དང་ ཚོགས་འཚོགས་སྐབས་དེ་ལྟ་བུའི་སྒྲ་དེ་གྲག་རྒྱུ་ཡོད་ནི་རེད་ཟེར་རྒྱུའི་གོ་ཐོས་ཙམ་ཡོད་ནི་ རེད་མ་གཏོགས། འདི་ལྟར་ང་ཚོས་ལོངས་སྤྱོད་མྱོང་ནི་མ་རེད། ད་སྔོན་གྱིས་སྨོན་ལམ་དང་ རྒྱུ་རྐྱེན་ཁྱད་པར་ཅན་ཞིག་འཚོགས་པའི་དབང་གིས། འདི་ལྟར་(སྒྲ་ཕབ་འཕྲུལ) ལ་བརྟེན་ ནས་ཆོས་ཞུ་བ་དང༌། རྒྱལ་རབས་གཏམ་རྒྱུད་ལ་ཉན་པ། ཆོས་སྒྲུབ་པའི་མཐུན་རྐྱེན་ཁྱད་ པར་ཅན་ཞིག་འཛོམས་རྒྱུ་འདི། སྙིགས་མ་ལྔ་བདོ་བའི་སྐབས་འདིར། ང་ཚོ་ལས་ངན་ནང་ གི་ལས་ཅན། ཆུ་ཁྱེར་ནང་གི་སྐམ་པོ་རེད་ཟེར་ན་ཆོག་འདུགའདི་ལྟར་ཆོས་སྒྲུབ་པའི་མཐུན་ རྐྱེན་ཡུལ་རྐྱེན་འཛོམས་འོངས་པ་འདི་སྔོན་ལས་བཟང་པོའི་བདག་འབྲས་རེད། རྒྱལ་ཁབ་ ཕྱི་ནང་གི་འགྲོ་ལུགས་དང་ཕར་ཚུར་འགྲོ་འོང་ཡོད་པས་འདི་ལྟར་ལོངས་སྤྱོད་རྒྱུ་ལྡན་ནི་རེད། ཚང་མས་དེ་ལུགས་ལྟར་གྱིས་ཐུགས་ལ་ཟུངས། ཞེས་སྒྲ་ཕབ་འཕྲུལ་ནང་གསུང་སྒྲོག་བྱེད་པའི་ཕན་ཡོན་ཉུང་ བསྡུས་འདི་ཉིད། ཕྱི་ལོ་༡༩༨༢ལོར་དོན་གཉེར་ཅན་རི་འཕུང་ནོར་མོས་རེ་བསྐུལ་ལྟར་རྗེ་ཡོན་ཏན་བཟང་པོས་གསུངས་ཡོད་པ་ ཇི་བཞིན་ཕྱིས་སྒྲ་ཕབ་འཕྲུལ་ལས་བཤུས། ༄༅། །བཅའ་ཁྲིམས་ཉུང་བསྡུས། འོ་དེ་ཡང༌། བསླབ་གསུམ་ནོར་བུའི་བང་མཛོད། ལུང་རྟོགས་བསྟན་པའི་གཏེར་ཆེན། འཕགས་ཚོགས་འདུས་སྡེ་རྒྱ་མཚོ། ངུར་སྨྲིག་བསྟན་པའི་རྒྱན་གཅིགའོ་དེ་ཡང༌། རིགས་དང་ དཀྱིལ་འཁོར་ཀུན་གྱི་ཁྱབ་བདགལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདགགསང་ཆེན་ རྒྱུད་སྡེ་བྱེ་བའི་བཀའ་བབ། རྣམ་འདྲེན་སྙིང་པོ་རིན་པོ་ཆེའི་དབུར་བྱས། མཁས་མང་འདུས་ 7-1-178 སྡེ་རྒྱ་མཚོའི་སྙན་དབང་གསེར་གྱི་པདྨོའི་གེ་སར་རྣམ་པར་བཞད་པ་མཆོག་གི་དྲུང་དུ་ཞུ་བྱ། འོ་དེ་ཡང༌། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཞལ་ནས། ཡ་རབས་འཚོགས་པའི་གྲལ་ གཞུང་དུ། །ཆོས་ལྡན་གཏམ་གྱིས་མགུ་བར་བྱ། །ཞེས་དང༌། ཇི་སྐད་དུ། དད་ལྡན་དང་བ་ འདྲེན་པའི་དམིགས་རྐྱེན། །འབྱོར་ལྡན་བསོད་ནམས་བསག་པའི་ཞིང་ས། །ཞེས་གསུངས་ པ་ལྟར་སྔོན་བྱོན་དམ་པ་གོང་མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་འདིར་འཚོགས་དགེ་འདུན་པ་ ཐམས་ཅད་ཀྱིས་ཡ་རབས་བསོད་ནམས་བསགས་པའི་གྲལ་གཞུང་དུ། རྣམ་དཀར་ཆོས་ ལྡན་གྱི་གཏམ་དང་བྱ་བ་ཐམས་ཅད་དད་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དང༌། འབྱོར་ ལྡན་རྣམས་ཀྱིས་བསོད་ནམས་བསགས་པའི་ཞིང་ས། ཁྱད་པར་ཅན་དུ་འགྲོ་ངེས་པ་ཞིག་བྱ་ དགོས་པ་ལགས། འོ་དེ་ཡང༌། ཕུན་སུམ་ཚོགས་པའི་ཡོན་ཏན་གསུམ་དང་ལྡན་པའི་གནས་འདི་ཉིད་ན་ཟབ་ ཆོས་མ་ལུས་པ་སྟོན་པའི་དགེ་བའི་བཤེས་གཉེན་རྡོ་རྗེ་འཆང་ཆེན་པོ་རྣམས། བདག་ཅག་གི་ སྟོན་པ་ཕུན་སུམ་ཚོགས་པ་གདུལ་བྱ་རིགས་ཅན་གསུམ་པོ་རྣམས་ཀྱིས་ཚོགས་གཉིས་རླབས་ པོ་ཆེ་ཉེ་བར་བསག་པའི་དོན་དུ། བརྩོན་པ་ལྷུར་ལེན་མཛད་པ་རྣམས་ནི་འཁོར་ཕུན་སུམ་ ཚོགས་པ། སྔོན་བྱོན་གྲུབ་དབང་དུ་མའི་ལུང་གིས་ཡང་ཡང་བསྔགས་པའི། ཤར་འཛམ་ཐང་ བསམ་འགྲུབ་ནོར་བུའི་གླིང་འདི་ཡང་གནས་ཕུན་སུམ་ཚོགས་པ་ལགས། དེ་ལྟ་བུའི་ཁྱད་ པར་གསུམ་དང་ལྡན་པའི་སྒྲུབ་པའི་གནས་མཆོག་འདི་ཉིད་ན་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་སྤྲུལ་པ་དཔག་ཏུ་མེད་པ་བྱོན་ཏེ། ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་ གསུམ། དབང་ལུང་མན་ངག་གི་རིམ་པ་གདུལ་བྱ་སོ་སོའི་ཁམས་དབང་བཞིན་ཟབ་ཆོས་མ་ ལུས་པ་གསལ་བར་བསྟན་ཏེ། བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་དར་རྒྱས་སུ་མཛད་པ་དང༌། ཁྱད་པར་རང་ལུགས་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་མཐར་ཐུག་ 7-1-179 པ་འདི་གྲུབ་མཐའ་ཐམས་ཅད་ཀྱི་ཡང་རྩེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་ཐུགས་བཅུད། གྲུབ་ཐོབ་བརྒྱུད་པའི་ཟམ་པ་མ་ཆད། ཉམས་མྱོང་བྱིན་རླབས་ཀྱི་རླན་ དྲོད་མ་ཡལ། ཚེ་གཅིག་ལུས་གཅིག་ནས་སངས་རྒྱ་བའི་གདམས་པ་ཟབ་ཁྱད་ཅན་འདི་ཡང་ མཁས་དབང་བྱེ་བའི་གཙུག་ནོར་ཀུན་མཁྱེན་ཇོ་ནང་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་ པོ་དང༌། དེའི་སྲོལ་འཛིན་རྨད་དུ་བྱུང་བ་རྗེ་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོ་ཟུང་གི་ ངེས་དོན་སྒྲུབ་རྒྱུད་ཀྱི་རྒྱལ་བསྟན། སྟོད་རྒྱ་གར་ནས་སྨད་རྒྱ་ནག་གི་ཆུ་མཐའི་བར་དུ་ཁྱབ་ པར་མཛད་པ་ལགས། དགོས་པ་སྐབས་དོན་གྱི་དབང་དུ་བྱས་ན། མཁའ་ལ་རིག་འཛིན་ བརྒྱུད་པའི་གྲལ་མ་ཞིགབར་དུ་དམ་རྫས་བདུད་རྩིའི་མཚོ་མ་བསྐམས། བྱིན་རླབས་ཉམས་ མྱོང་གི་ཆུ་རྒྱུན་མ་ཆད། དམ་ཉམས་འདྲེས་ཁྱེར་གྱི་བསླད་པ་མ་ཞུགས། མཁས་དབང་བྱེ་བའི་ ཐུགས་བཅུད། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་མཛད་པའི། (དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ མཆོད)དཔལ་འཁོར་ལོ་སྡོམ་པ་ཆེན་པོའི་སྒྲུབ་མཆོད་ཟབ་མོའི་བཅའ་ཁྲིམས། འོ་དེ་ཡང༌། ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོས་ཀྱང་དཀྱིལ་འཁོར་སོ་སོའི་གར་འཆམ། ཐིག་ ཚོན་དང་རྩིག་ཐབས་སྣ་ཚོགས༌། སྟ་གོན་དང་དངོས་གཞིའི་རིམ་པ། བདག་མདུན་བུམ་པ་ བསྒྲུབ་ཅིང་མཆོད་བསྙེན་བྱ་བ། བསྙེན་ཚད་དང་སྦྱིན་སྲེ ག་སོགས་ཡི་དམ་ལྷའི་བྱིན་རླབས་ དང་དངོས་གྲུབ་ཀྱི་མཚན་མ་མངོན་པ་ཞིག་དགོས། དབུ་ཆེན་གྱིས་ཀྱང་དབྱངས་འདོན་རྟ། སྒྲ་འཐེན་གཅོད། རྡུང་ཕྱག་ལེན། ཕྱག་རྒྱ་དང་དྲིལ་བསིལ་སོགས་ཀྱིས་ཁོག་བཟུང་སྟེ། གྲལ་ གཞུང་ཐམས་ཅད་ཀྱིས་རྒྱབ་གོས་འགྲིགགསུང་འདོན་འགྲིགལག་རྡུང་འགྲིག་སོགས་མདུན་ ནས་བལྟས་ན་ས་ཁམ་རལ་གྲིས་བཅད་པ་ལྟ་བུ་དང༌། རྒྱབ་ནས་བལྟས་ན་མུ་ཏིག་བསྟར་ལ་ བརྒྱུས་པ་ལྟ་བུ། མར་ལ་བྱོན་སྐབས་དམར་སེར་ལི་ཁྲིའི་མཚོ་ཆེན་ཀློང་ནས་བརྡོལ་བ་ལྟ་བུ། ཡར་ལ་བྱོན་སྐབས་རལ་གྲི་སྔོན་མོ་ཤུབས་སུ་བཅུག་པ་ལྟ་བུ་ཞིག་དགོས། མཆོད་གཡོག་ 7-1-180 པས་ཀྱང་མཆོད་ཕྱག་བསྟབ་གསུམ་སོགས་གཙང་ཞིང་ཡིད་དུ་འོང་བའི་སྒོ་ནས། དཀྱིལ་ འཁོར་གྱི་ལྷ་མཉེས་ཤིང་བསོད་ནམས་བསག་པའི་ཐབས་ཁྱད་པར་ཅན་དུ་འགྲོ་ངེས་པ་ཞིག་ དགོས། འབུད་པ་བ་རྣམས་ཀྱིས་ཀྱང་ལྷ་སྤྱན་འདྲེན་པ་དང༌། ཐུགས་མཉེས་པའི་ཐབས་ ལ་སྙན་ཞིང་ཡིད་དུ་འོང་བ་རྣ་བའི་དབང་པོའི་བཅུད་ལེན་དུ་འགྲོ་ངེས་པ་ཞིག་དགོས། ཇ་ འདྲེན་པ་རྣམས་ཀྱིས་ཀྱང༌། གཙང་ཞིང་དག་པའི་སྒོ་ནས་གུས་འདུད་དང་བཅས་ཏེ་འབུལ་ བ་སོགས་གོང་དུ་བཤད་པ་ཐམས་ཅད་སྔོན་བྱོན་གོང་མ་སྤྱི་དང༌། (ཁྱད་པར་རྒྱལ་བའི་རྣམ་འཕྲུལ་ ངག་དབང་ཆོས་ཀྱི་འཕགས་པའི་མཛད་སྲོལ) ཁྱད་པར་འཇམ་དབྱངས་སྤྲུལ་པའི་རྣམ་རོལ་ཐུབ་བསྟན་ དགེ་ལེགས་རྒྱ་མཚོའི་མཛད་སྲོལ་རྨད་དུ་བྱུང་བ་ལྷ་དང་བླ་མའི་ཐུགས་མཉེས་ཤིང་དད་ལྡན་ དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྲོ་ངེས་རེ་བྱེད་དགོས་པ་ལགས། དགོས་པ་སྐབས་དོན་ གྱི་ལོ་རྒྱུས་མདོ་ཙམ་ཞུ་ན། དམིགས་བསལ་གྱི་དགོས་པ་བརྗོད་མཐར། དེ་ལྟར་གང་བཤད་ ཐམས་ཅད་ཐུགས་ལ་ལེགས་པར་བཟུང་ནས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་ རྒྱས་པ་དང༌། ཡང་སྒོས་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོ་དར་ཞིང་རྒྱས་པ་ དང༌། བསྟན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་འཕྲིན་ཐམས་ཅད་འཇིགས་ མེད་རྡོ་རྗེ་ལྟ་བུར་བརྟན་པ་དང༌། བསྟན་པའི་སྦྱིན་བདག་རྣམས་དང་ཡངས་པའི་རྒྱལ་ཁམས་ ན་གནས་པའི་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པའི་སྒོ་ནས་རིམ་པར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐུགས་འདུན་ཟབ་མོ་གནང་བར་ མཁྱེན་མཁྱེན་ཞུ་ལགས། ཞེས་པའི་བཅའ་ཁྲིམས་ཉུང་བསྡུས་འདི་ཉིད་ངག་དབང་ཡོན་ཏན་བཟང་པོས་གོང་མའི་ གསུང་ལས་བཏུས་ཏེ་བྲི ས། 7-1-181 ༄༅། །ཤར་འཛམ་ཐང་དགོན་གྱི་བཅའ་ཁྲིམས་ཆེན་མོ། འོ་དེ་ཡང་། འདི་ལྟར་དངོས་གྲུབ་འབྱུང་གནས་རྩ་བརྒྱུད་ཀྱི་བླ་མ། དོན་གཉིས་མཐར་ ཕྱིན་སྟོན་པ་སངས་རྒྱས། སྒྲིབ་གཉིས་མུན་སེལ་སྐྱོབ་པ་དམ་ཆོས། རིག་གྲོལ་གཉིས་ལྡན་ འཕགས་པའི་དགེ་འདུན་ཏེ། སྐྱབས་བསླུ་བ་མེད་པའི་དཀོན་མཆོག་གསུམ། སྤྱིར་སངས་ རྒྱས་ཀྱི་ཞིང་རབ་འབྱམས་ན་བཞུགས་པ་བསམ་གྱིས་མི་ཁྱབ། དགོས་གཙང་ཆེན་གོང་མའི་ ཕོ་བྲང་བྱ་ཁྱུང་དམར་པོ་མཁའ་ལ་ལྡིང་འདྲའི་བཀྲ་ཤིས་ཀྱི་གཙུག་ལགས་ཁང་འདི་ཉིད་ན་ འདུལ་ཁྲིམས་གཙང་མའི་འཛིན་མར་དྲི་ངད་ཕྱོགས་བཅུར་ཁྱབ་པའི་ཀུར་གུམ་གསར་བའི་མེ་ ཏོག་འདབ་བརྒྱ་མངོན་པར་བཞད་པ་ལྟ་བུའི་འཕགས་ཚོགས་འདུས་སྡེ་རྒྱ་མཚོ་མངོན་སུམ་ དུ་བཞུགས་པ་དང་། མི་མངོན་དབྱིངས་ན་བཞུགས་པའི་སྐྱབས་གནས་བསླུ་བ་མེད་པ་རྣམས་ ཀྱིས་ཐུགས་བརྩེ་བའི་ཡེ་ཤེས་སྤྱན་གྱིས་གཟིགས་བཞིན། སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ དམ་པར་བཞུགས་པ་ཡང་བསམ་གྱིས་མི་ཁྱབ་སྟེ། འོ་དེ་ཡང་། ངོ་མཚར་གཟི་འོད་འཕྲོ་བའི་ནོར་བུ། བྱིན་རླབས་ན་བུན་འཐུལ་བའི་ལྷུན་ པོ། ཉོན་མོངས་དྲི་མ་འཁྲུད་པའི་ཆུ་རྒྱུན། མཆོག་གསུམ་གྱི་རྟེན་རྨད་དུ་བྱུང་བ་རྣམས། བདུད་ དཔུང་ཉོན་མོངས་འཇོམ་པའི་གནམ་ལྕགས། རྒྱལ་བསྟན་ཕྱོགས་བཅུར་བསྐྱོད་པའི་ཆུ་ འཛིན། སྙན་གྲགས་མཁའ་དབྱིངས་ལྡི ར་བའི་གཡུ་འབྲུག བསྟན་འཛིན་བུ་བཞིན་སྐྱོང་བའི་ སྲུང་མ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་ཞབས་འབྲང་དང་བཅས་ཏེ། འདིར་འཕགས་ཚོགས་རྒྱ་མཚོ་ལྟ་བུར་བཞུགས་པར་གྱུར་པ་ལགས། ལུང་དང་རྟོགས་པའི་ བསྟན་པའི་ཁུར་ཆེན་བཞེས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ཀྱིས་གྲྭལ་ གྱིས་གོང་མནན། ཆོ་གའི་ལས་ལ་མཁས་ཤིང་སྦྱོར་དངོས་རྗེས་གསུམ་གྱི་དམིགས་གནད་ 7-1-182 དང་ལྡན་ཞིང་རང་བཞིན་གྱི་རྣམ་དཀར་བསོད་ནམས་བསག་པའི་བྱ་བ་ལ་སྤྲོ་བ་ཁྱད་པར་ ཅན་དང་ལྡན་པ་རྣམས་ཀྱིས་གྲྭལ་གྱི་གཞུང་བསྲང་། ཕྱག་རྒྱ་ཕྱག་ལེན་དབྱངས་ས་བཅད་ སོགས་ཚོགས་ཀྱི་འགྲིག་ཁྲིམས་ལ་མཁས་པར་གྱུར་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱིས་ གྲྭལ་གྱི་ཟུར་བརྒྱན། བསོད་ནམས་དཔལ་གྱིས་མངོན་པར་མཐོ་བའི་བསྟན་པའི་སྦྱིན་བདག་ རྣམས་དང་། རྣམ་དཀར་དགེ་ཚོགས་ལ་སྤྲོ་བའི་དད་ལྡན་མང་ཚོགས་དང་བཅས་པའི་གྲྭལ་ གྱི་མཐའ་ནས་བརྒྱན་ཏེ། སྔོན་བསགས་རྟེན་འབྱུང་ཟབ་མོའི་དབང་གིས་ཐམས་ཅད་གདན་ འཛོམས་པར་བཞུགས་པ་ལགས། དེ་ལྟར་འདིར་འཚོགས་ཐམས་ཅད་ཀྱིས་རྣམ་དཀར་བསོད་ནམས་ཀྱིས་གཞི་བཟུང་། དག་པ་སྨོན་ལམ་གྱིས་མཚམས་སྦྱར། ཆོས་དམ་ཚིག་གི་སྒོ་ནས་འབྲེལ་བ་ཟབ། རྣམ་གྲོལ་ ཐར་བའི་གླིང་དུ་བསྒྲོད་པའི་བྱ་བ་ཁྱད་པར་ཅན་དུ་འཚོགས་པས་ཚོགས་པ་ཡང་བཟང་སྟེ། སྐབས་འདིར་སྔོན་གྱི་ལོ་རྒྱུས་ལ། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་ རྒྱུས། བྱས་ཤེས་བཀའ་དྲིན་ཆེ་བའི་ལོ་རྒྱུས་མང་པོ་ཡོད་ཀྱང་དེའི་ནང་ནས་རྒྱན་དམ་པ་ལྷ་ ཆོས་ཀྱི་ལོ་རྒྱུས་ལ། སྟོན་པ་སངས་རྒྱས་བྱོན་ཚུལ། བསྟན་པ་དམ་ཆོས་དར་ཚུལ། བསྟན་ འཛིན་དགེ་འདུན་གྱི་སྡེ་བྱོན་ཚུལ་གསུམ་དུ་ཡོད་པ་ལས། ཁྱད་པར་དཔལ་རྒྱལ་བ་གཉིས་པ་ ཇོ་ནང་བ་ཆེན་པོའི་ཆོས་བརྒྱུད་འདི་ལ། མདོ་སྔགས་བཤད་སྒྲུབ་སྡེ་སྣོ ད་གསུམ་དང་རྒྱུད་སྡེ་ བཞིའི་ཚིག་དོན་ལག་ལེན་བྱིན་རླབས་ཀྱི་བཀའ་ཐམས་ཅད་ཚང་བར་བཞུགས་པ་ཡིན་ལ། དེ་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་ཐུགས་བཅུད། གྲུབ་ཐོབ་ཐམས་ཅད་ཀྱི་ཉམས་སུ་མྱོང་བྱ། མཁས་པ་ཐམས་ཅད་ཀྱི་ལེགས་པར་བཤད་པའི་སྙིང་པོ། གཞན་སྟོང་དབུ་མ་ཆེན་པོའི་ལྟ་ སྒོམ་དང་། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གྱི་ལམ་ཟུང་དུ་འབྲེལ་བ་རྒྱལ་ཚབ་ 7-1-183 བྱམས་པ། འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་ཐོགས་མེད་ལ་སོགས་པའི་གཞུང་དང་མན་ངག་ རྣམས། བོད་ཀྱི་ལོ་ཙཱ་བ་རྔོག་བཙན་གཟི་གསུམ་ལས་བརྒྱུད་པའི་བཤད་སྒྲུབ་ཉམས་མྱོང་ བྱིན་རླབས་ལག་ལེན་རྣམས་ཀྱིས་བཀའ་རྒྱ་མ་ཆད་པ་དང་། ཆོས་མདོ་སྔགས་ཐམས་ཅད་ ཀྱི་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་འདི་འགྱུར་བྱེད་མཁན་པོ་བཅུ་དྲུག་ཙམ་ གྱིས་བསྒྱུར་བ་ལས། གྱི་ཇོ་རྭ་འབྲོ་ཙ་མི་སོགས་བྱིན་རླབས་ཀྱི་བཀའ་མ་ཆད་པ་ཐམས་ཅད་ དང་། ཁྱད་པར་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོའི་སྲོལ་ལ། གྲུབ་ཐོབ་ཀྱི་བརྒྱུད་པའི་ཟམ་ པ་མ་ཆད་པའི་ཞལ་གྱི་རིམ་པ་རྣམས་རིག་ལྡན་སྤྲུལ་པའི་སྐུ་ཀུན་མཁྱེན་དུས་གསུམ་སངས་ རྒྱས་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཆོས་ཐམས་ཅད་ཀྱི་བདག་པོའི་ཚུལ་ གྱིས། ངེས་དོན་བཤད་སྒྲུབ་ཀྱི་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་བས་བྱང་ཕྱོགས་ ཁ་བ་ཅན་གྱི་ལྗོ ངས་འདིར་ངེས་དོན་རྫོགས་ལྡན་གྱི་སྐལ་བ་བཟང་པོར་མཛད་པ་ལགས། དེ་རྗེའི་རིག་ལྡན་གྱི་སྤྲུལ་པ་དྲུང་དཀའ་བཞི་པ་ཆེན་པོ་རིན་ཆེན་དཔལ་གྱིས་སྔོན་ཀུན་ མཁྱེན་ཆེན་པོས་ལུང་བསྟན་པ་ལྟར། ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཤིང་ མོ་སྦྲུལ་གྱི་ལོར་ཆགས་འདེབས་མཛད་པ་ནས་ད་བར་དུ་ཆོས་གསེར་ནག་གི་ཟམ་པ་མ་ཆད། དབང་ལུང་མན་ངག་གི་བྱིན་རླབས་མ་ཉམས། གྲུབ་དབང་རིག་འཛིན་གྱི་གདུང་བརྒྱུད་མ་ ཆད། གངས་ལྗོ ངས་དང་མདོ་ཁམས་སྟོད་སྨད་བར་གསུམ་དུ་རྒྱུ་སྐར་ཚོགས་ཀྱི་དབུས་ན་ཉི་ ཟླ་ལྟར་ཁྱད་པར་དུ་འཕགས་པ་པད་མོའི་ཚལ་ལ་སྦྲང་མ་འཁོར་བ་བཞིན་དང་མཚན་སྙན་གྱི་ གྲགས་པ་དབྱར་གྱི་རྔ་གསང་ལྡིར་བ་ལྟ་བུ་འདི་དམ་པ་གོང་མས་ཕྱག་སྲོལ་ཇི་ལྟ་བ་བཞིན་ བཞུགས་པ་དང་། ཁྱད་པར་བསྟན་སྲུང་རྒྱ་མཚོའི་མཐུ་དང་ནུས་པ་ལས་བླ་གྲྭ་ཐམས་ཅད་ དར་ཞིང་རྒྱས་པར་བཞུགས་བཞིན་པ་ལགས། ད་སྐབས་སུ་ཁྱེད་འཕགས་ཚོགས་འདུས་ པ་རྒྱ་མཚོའི་སྙན་དབང་གསེར་གྱི་པདྨོ་འདབ་བརྒྱ་མངོན་པར་བཞད་པའི་དྲུང་དུ་ཞུ་བ་མདོ་ 7-1-184 ཙམ་ཕུལ་ན། ཞུ་བྱ་ཞུས་མཐར། ད་སྐབས་སུ་བབས་པ་གསུམ་པ་བྱས་ཤེས་བཀའ་དྲིན་ཆེ་ བའི་དབང་དུ་བྱས་ན། སྤྱིར་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དུག་གསུམ་གྱི་ནད་ ཀྱིས་གཟིར་བ་རྣམས་ལ། དུས་གསུམ་སངས་རྒྱས་སྲས་དང་བཅས་པ་རྣམས་བཀའ་དྲིན་ ཆེ། དགོས་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མུན་པའི་ཁྲོད་དུ་བསྟན་པའི་ཉི་མ་ཤར་ བར་མཛད་པ་ལྟ་བུ་འདི། མཉམ་མེད་བུ་རམ་ཤིང་བ་སྲས་སློབ་མར་བཅས་པ་རྣམས་བཀའ་ དྲིན་ཆེ། ཡང་དགོས་འཛམ་བུའི་གླིང་པ་རྣམས་ལ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ དྲུག་དང་གྲུབ་པའི་དབང་ཕྱུག་རྣམས་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ ཆོས་རྒྱལ་རིག་ལྡན་རིམ་པར་བྱོན་པ་རྣམས་བཀའ་དྲིན་ཆེ། ཉིང་དགོས་བོད་ཟལ་མོ་སྒང་ གི་ར་བ་འདིར། དང་པོར་བྱོན་པའི་ཆོས་རྒྱལ་མེས་དབོན་རྣམ་གསུམ། བར་དུ་བྱོན་པའི་བླ་ ཆེན་དགོངས་པ་རབ་གསལ་མཁན་བརྒྱུད་དང་བཅས་པ། ཐ་མར་བྱོན་པའི་ཇོ་བོ་རྗེ་མར་མེ་ མཛད་དཔལ་དང་། པཎ་ཆེན་ཤཱཀྱ་ཤྲི་ལ་སོགས་པ། བསྟན་པ་འཛིན་པའི་པཎ་གྲུབ་རྣམས་ བཀའ་དྲིན་ཆེ། ཁྱད་པར་ངེས་དོན་གཞན་སྟོང་དབུ་མ་ཆེན་པོའི་ཤིང་ལྟའི་སྲོལ་ཆེན་ཕྱེ་བར་ མཛད་པ། རྒྱལ་བ་ཇོ་ནང་པ་ཡབ་སྲས་བརྒྱུད་པར་བཅས་པ་རྣམས་བཀའ་དྲིན་ཆེ། སླར་ཡང་ ཇོ་ནང་ཀུན་མཁྱེན་ཆེན་པོའི་རང་ལུགས་གསལ་བར་མཛད་པ་དང་། གསང་སྔགས་རྒྱུད་སྡེ་ རྒྱ་མཚོའི་དཀྱིལ་ཆོག་ཐང་མར་བརྡལ་བ་འདི། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ཡབ་སྲས་ བརྒྱུད་པར་བཅས་པ་བཀའ་དྲིན་ཆེ། ལྷག་པར་སྟོད་དབུས་གཙང་དང་སྨད་མདོ་ཁམས་སྟོད་ སྨད་བར་གསུམ་དུ་དཔལ་རྒྱལ་བ་གཉིས་པ་ཇོ་ནང་བ་ཆེན་པོའི་དབང་ལུང་ཁྲིད་གསུམ་གྱི་ ཆོས་ཆར་ཕབ་པའི་བརྒྱུད་ལྡན་བླ་མ་དམ་པ་རྣམས་རང་ཅག་སློབ་བུ་རྣམས་ལ་བཀའ་དྲིན་ ཤིན་ཏུ་ནས་ཀྱང་ཆེ། དཔལ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བ་ཡབ་སྲས་བརྒྱུད་རིམ་ དང་བཅས་པ་ལ་བསོད་ནམས་བསག་པའི་མཆོད་ཆོག་ལེགས་པར་བཀྲལ་བ་འདི་སྐྱབས་ 7-1-185 མགོན་མ་ཏི་རིན་པོ་ཆེ་ངག་དབང་བློ་གྲོས་གྲགས་པ་ཁོང་ཉིད་རང་ཅག་ལ་བཀའ་དྲིན་ཆེ། དགོས་རང་རང་སོ་སོ་ལ་ལུས་བསྐྱེད་ཅིང་འཇིག་རྟེན་སྟོན་པར་བྱེད་པའི་ཕ་མ་རྣམས་བཀའ་ དྲིན་ཆེ། འདི་ལྟར་འཕགས་ཚོགས་འདུས་པ་རྒྱ་མཚོ་ལ་བསྙེན་བཀུར་བྱེད་པ་བསྟན་པའི་སྦྱིན་ བདག་རྣམས་ཀྱིས་འབུལ་བ་ཞབས་ཏོག་སོགས་རྫོགས་ལྡན་གྱིས་དཔལ་འབྱོར་ལ་འགྲན་ བཟོད་པའི་བསྟན་པའི་སྦྱིན་བདག་རྣམས་བཀའ་དྲིན་ཆེ། དེ་ལྟར་མཆོད་སྒྲུབ་རྒྱ་ཆེན་པོ་ ལེགས་པར་བགྱིས་པའི་རྣམ་དཀར་འདི་དང་། མི་མངོན་ཆོས་ཀྱི་དབྱིངས་ན་བཞུགས་པའི་ རྒྱལ་སྲས་སློབ་མར་བཞུགས་པ་གང་དག་གི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་དང་ནུས་པ་ ལ་བསྟེན་ནས་ཕན་བདེ་ཀུན་གྱི་འབྱུང་གཞི་རྒྱལ་བའི་བསྟན་པ་རིན་པོ་ཆེ་རིང་ཞིང་རྒྱས་པ་ དང་། འཇིག་རྟེན་གསུམ་གྱི་འགྲོ་བ་མ་ལུས་པ་བདེ་སྐྱིད་ཀྱི་དཔལ་ཡོན་ལ་ཇི་འདོད་སྤྱོད་པའི་ སྐལ་བ་དང་ལྡན་པ་དང་། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་ཀྱིས་བཞེད་དོན་ཐམས་ ཅད་ཅི་བཞིན་འགྲུབ་པ་དང་། སྐུ་ཚེ་དང་མཛད་པ་འཕྲིན་ལས་ཀྱི་བར་དུ་གཅོད་པ་ཐམས་ ཅད་ཉེ་བར་ཞི་བ་དང་། འཕགས་པའི་དགེ་འདུན་པ་ཐམས་ཅད་ཐུགས་མཐུན་ཞིང་འདུལ་ ཁྲིམས་གཙང་མས་ཉེ་བར་བརྒྱན་ཏེ། ཐོས་བསམ་གྱི་འཁོར་ལོས་བསྟན་པའི་སྒྲོན་མེ་ཡུན་ རིང་དུ་གནས་པ་དང་། མཁའ་ཁྱབ་ཀྱི་འགྲོ་བ་མ་ལུས་པ་གང་དག་གི་སྒྲིབ་གཉིས་ཀྱི་ཕུང་པོ་ དབྱིངས་སུ་ཟད་དེ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ གོ་འཕང་མྱུར་དུ་ཐོབ་པའི་ཐུགས་འདུན་ཟབ་མོ་གནང་བར་མཁྱེན་མཁྱེན་ཞུ་ཞུ་ལགས། ཞེས་ པ་འདི་སློབ་བུ་དངོས་གྲུབ་དཔལ་སོགས་ལ་མཁོ་ཕྱིར་བློ་བཟང་ཆོས་འཕེལ་གྱིས་བྲི ས། ༄༅། །དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ 7-1-186 གནས་བཤད་མདོར་བསྡུས། ༀ་བདེ་ལེགས་སུ་གྱུར་ཅིག འོ་དེ་རིང་བཀྲ་ཤིས་པའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་ དུས་འདིར་ངས་རྟེན་འབྲེལ་ལེགས་པའི་གཏམ་འགའ་ཞིག་བརྗོད་པར་བྱ་བ་སྟེ། ང་རྒྱ་ནག་ གི་ཆོས་ལུགས་དང་འཇིག་རྟེན་གྱི་ལུགས་གཉིས་ལ་ཤེས་དཔྱོད་ལྡན་པའི་མི་ཞིག་ཡིན། ངས་ རྒྱལ་བའི་བསྟན་པ་རིན་པོ་ཆེ་གཙུག་གི་བརྒྱན་དུ་བཀུར་ཏེ་འཕགས་པའི་གནས་བརྟན་བཅུ་ དྲུག་རྒྱ་ནག་ཏུ་གདན་དྲངས་ནས་ཞབས་ཏོག་རྒྱ་ཆེར་བསྒྲུབས། གདམས་ངག་མ་ལུས་པ་ ཞུས་ཤིང༌། གདམས་དོན་ཐམས་ཅད་ཉམས་སུ་བླངས་ནས་རང་རྒྱུད་ལ་སྦྱར་བས་ཉམས་ རྟོགས་ཁྱད་པར་ཅན་དང་ལྡན། འཇིག་རྟེན་གྱི་ལེགས་ཉེས་ཐམས་ཅད་ལ་ཐོགས་པ་མེད་ པས་ཁྱེད་འདིར་འཛོམས་པའི་བླ་སྤྲུལ་རྣམས་དང༌། དགེ་འདུན་པ་རྣམས་དང༌། དད་ལྡན་གྱི་ སྐྱེ་བོ་ཕོ་མོ་རྣམས་ལ་རྟེན་འབྲེལ་ལེགས་པའི་སྒོ་ནས་བཀྲ་ཤིས་པའི་ས་དཔྱད་མདོར་བསྡུས་ ཞུ་བ་ལགས། གངས་ཅན་ལྗོ ངས། འདིའི་ལྟེ ་བ་སའི་ཐིག་ལེ། རི་བོ་སྟོང་ཕྲག་དུ་མའི་དབུས་ ན་གནས་པ། ས་པདྨ་འདབ་བརྒྱད་གདན་ལྟར་དུ་འཛོམས་པ། གནམ་འཁོར་ལོ་རྩིབས་ བརྒྱད་གདུགས་ལྟར་དུ་ཕུབ་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་ལུང་བསྟན་པ་སྟེ། ཇི་སྐད་ དུ། རྒྱལ་བའི་བློ་གྲོས་ལྷག་བསམ་སྟོབས་དང་ལྡན། ཐོག་མཐའ་བར་དུ་བསྟན་པའི་གཉེར་ ཁ་བ། །ལན་གཅིག་བསྐལ་པ་དུས་ཀྱི་ཐ་མར་ཡང༌། །མདོ་ཁམས་ཚ་བའི་དཔུང་ཞེས་བྱ་བ་ན། །རྣལ་འབྱོར་དབང་ཕྱུག་རཏྣའི་མཚན་ཅན་ཞིག །གསང་སྔགས་བསྟན་འཛིན་འགྲོ་བ་དཔག་ མེད་འདྲེན། །དགྱེས་པའི་མདངས་ལྡན་དཔའ་བོའི་གཟུགས་སྟོབས་ཅན། །ཡིག་བདུན་ བསྟན་པས་འགྲོ་བ་སྐྱོང་བྱེད་ཅིང༌། །ཀུན་ཀྱང་གསང་སྔགས་མཆོག་ལ་འགོད་བྱེད་འབྱུང༌། །ཞེས་གསུངས་པ་དང༌། གཞན་ཡང༌། ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་བསྟན་གསུངས་ 7-1-187 པ། ཆོས་ལུགས་ཉམས་པར་བྱེད་པ་ངན་རིགས་ཅན། །སྣང་ཞིག་བོན་ནག་སྤྲེའུ་གཟུགས་ཞྭ་ དཀར་ཅན། །ཟུང་ཆུའི་ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །ལྟ་ངན་མུན་པས་གུར་ཆེན་ བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་ མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་འབྱུང་བར་འགྱུར། །ཡང་དག་ལྟ་བའི་སེང་གེའི་ སྒྲ་བསྒྲོགས་པས། །ལྟ་ངན་རིགས་ཅན་མ་ལུས་ཚར་བཅད་ནས། །མདོ་ཁམས་གནས་སུ་ང་ ཡི་བསྟན་པ་འབྱུང༌། །དེ་ཡི་སྲས་ལ་ཡོངས་འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ལུགས་ ཡུན་རིང་གནས་པར་འགྱུར། །ཞེས་གསུངས་པ་དང༌། གཞན་ཡང་ཀུན་མཁྱེན་ཆེན་པོས་འདི་ སྐད་གསུངས་པ་སྟེ། ང་ནི་འདི་ནས་འགྲོ་བའི་ཞག་འགའ་ན། །འཕྲིན་ལས་རྣམ་བཞིའི་གློག་ དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ། ལྟ་ངན་མུན་སེལ་མི་བཟད་དྲག་པོ་ ཆེ། །དགེ་སློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ཁྲོད་ཆེན་ པོ་འདི་ན་འོང་བར་འགྱུར། །བུ་ཁྱོད་ཀྱི་ནི་རྗེས་སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ཆོས་བདུད་ རྩིས་རྒྱུད་ཚིམས་ནས། །མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ལ་བརྟེན་པའི་ ལུང་པ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཙོ་བོར་ སྟོན། །ཟབ་ལམ་རྡོརྗེའི་ཐེག་པའི་དགེ་ལེགས་རྒྱས། །ཀུན་གྱིས་མཆོད་གནས་བཀུར་སྟི་བྱ་ བའི་གནས། །ཞེས་པས་ལུང་བསྟན་པ་ལྟར། སྔོན་བསགས་བསོད་ནམས་བརྒྱ་ཕྲག་དུ་མས་ བསྐྲུན་པའི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་འདི་ཕྱི་ལྟར་ན་གནས་མཆོག་བྱ་ རྒོད་ཕུང་རི། ནང་ལྟར་ན་བྱང་ཕྱོགས་ཤམྦྷ་ལ། གསང་བ་ལྟར་ན་དཔལ་ལྡན་འབྲས་སྤུངས་ མཆོད་རྟེན་ཆེན་མོ། དེ་ཁོ་ན་ཉིད་ལྟར་ན་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་དོན་དམ་ཡེ་ཤེས་ཀྱི་ 7-1-188 སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་འདྲ། ཨེ་ཝཾ་ཟུང་འཇུག་གི་ངོ་བོར་གྲུབ་པའི་གནས་ བྱེ་བ་ཕྲག་བརྒྱའི་དབུས་ན་རི་རྒྱལ་ལྷུན་པོ་ལྟར་མངོན་པར་འཕགས་པ། སྙན་གྲགས་ཉི་ ཟླ་ལྟར་གསལ་བ་ཤར་འཛམ་ཐང་ཞེས་ཡོངས་སུ་གྲགས་པ་ཆེ་བའི་གནས་སུ་ཐོས་བསམ་ སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་མཁས་གྲུབ་གཉིས་ལྡན་གྱི་ སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ས། དད་ལྡན་གྱི་སྐྱེ་བོ་ཕོ་མོས་བསོད་ནམས་རྒྱ་ཆེན་ བསགས་ཕྱིར་ལྷོ་སྤྲིན་ཕྱུག་མོ་ལྟར་འབྱོར་བ་གྱ་ནོམ་པ་དུ་མ་ངང་གིས་འདུ་བ། རྩ་བརྟན་ དབྱིབས་ལེགས་གནོད་སྦྱིན་གཏེར་མཛོད་ཛམ་ལྷ་བཞུགས་པའི་རྒྱབ་རི་འདི་ཆོས་རྒྱལ་ཆེན་ པོ་གདན་ལ་བཞུགས་པ་དང་འདྲ་བ། མདུན་རི་གླང་ཆེན་ཉལ་འདྲ་ལ་ནགས་ཚལ་སྨན་ལྗོངས་ སྣ་ཚོགས་ཀྱིས་བརྒྱན་པ་ལ་ཡིད་དུ་འོང་བའི་འབྲས་བུ་དང་མེ་ཏོག་དུ་མ་བསེར་བུས་བསྐྱོད་ སྐབས་དྲི་ངད་ཀྱིས་ས་ཕྱོགས་ཀུན་ཏུ་ཁྱབ་པ། ཆར་སྤྲིན་ཕྱོགས་ཕྱོགས་ནས་ཁྱབ་པ་ལས་ བདུད་རྩི་ཟིལ་མའི་དགའ་སྟོན་ངོམ་བཞིན་ཆར་ཆུའི་དུས་སྙོམས་པ། རི་དྭགས་དང་འདབ་ ཆགས་སྣ་ཚོགས་ཀྱིས་ཕྱོགས་ཀུན་མཛེས་པར་བྱེད་པ། དགོན་འདིར་ངུར་སྨྲིག་ན་བཟས་ བརྒྱན་པའི་དགེ་འདུན་གྱི་སྡེ་རྒྱུན་ལྡན་དུ་བཞུགས་ཏེ། ཐོས་བསམ་སྒོམ་གསུམ་དང༌། འཆད་ རྩོད་རྩོམ་གསུམ་ལ་དུས་རྟག་ཏུ་བརྩོན་པ་ལྷུར་བླང་བ་ལ་འབད་པར་བྱ་བ་དང༌། དབང་ལུང་ མན་ངག་ཐམས་ཅད་སྔོན་བྱོན་དམ་པ་གོང་མའི་ཕྱག་སྲོལ་ལྟར་གྱི་རྒྱུན་བསྐྱང་བའི་སྒོ་ནས་ དཔལ་ལྡན་བླ་མ་དམ་པའི་མཛད་འཕྲིན་བསྐྱང་བ་ལ་ལྷག་པར་བརྩོན་པ། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ཆོས་སྤྱོད་བཅུའི་བྱ་བ་ཁྱད་པར་ཅན་ལ་རྟག་ པར་རེམ་ཞིང་ཚོགས་བསགས་སྒྲིབ་སྦྱང་གི་ཐབས་གནད་ཐོན་མཛད་པ། དེང་དུས་ལ་ལྟོས་ ན་གསུང་བསྒྲགས་ཟབ་མོ་གནད་དུ་འབྱོར་བ་ལ་བསམ་ན་སྐྱེ་འགྲོའི་ཡིད་དབང་འགུགས་ པའི་དད་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་གྱུར་པའི་སྒོ་ནས་མང་ཚོགས་ཀྱི་སེམས་ 7-1-189 དབང་མེད་དུ་འགུགས་པར་བྱེད་པ། སྒྲུབ་གནས་འདིའི་ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་ རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། མཆོད་པའི་ལྷ་མོ་བཅུ་དྲུག་གི་སའི་དབྱིབས་དང་ལྡན་པ། ཕྱོགས་བཞིའི་དུར་ཁྲོད་ཆེན་པོ་བཞི་ལ་གནས་པའི་གིང་ཆེན་བརྒྱད་དང་བཅུ་དྲུག་རང་འགྲུབ་ ཀྱིས་གཤིན་པོའི་བླ་བདེ་བ་དང་གསོན་པོ་རྣམས་ལ་བཀྲ་ཤིས་པའི་དགེ་མཚན་དང་ལྡན་པ་ འདི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ལུང་གིས་བསྔགས་པ། ཕྱོགས་བཞིར་སའི་སྲུང་བཞི་ཚང་ བ། སྐྱེ་འགྲོ་ཐམས་ཅད་ལ་བསོད་ནམས་བསགས་པའི་བཀྲ་ཤིས་པའི་མཐུན་རྐྱེན་དང་ལྡན་ པ། བསོད་ནམས་དང་ལྡན་པའི་མིའི་དགེ་ལས་གང་དང་གང་ལ་འབད་པར་འདོད་ན་མི་ ལྡན་པ་མེད་པར་མཐུན་རྐྱེན་ངང་གིས་འཛོམས་ས། གཡས་ཕྱོགས་སུ་དར་དཀར་བརྐྱངས་ འདྲའི་འབབ་ཆུ་སྒྲ་ལྡན་གྱི་རྒྱུན་ཆད་པ་མེད་པ་ལས་ཆོས་སྒྲ་སྣ་ཚོགས་སྟོན་ས། བྱ་རིགས་སྣ་ ཚོགས་ཀྱིས་ལེགས་སྦྱར་སཾསྐྲ ་ཏའི་སྐད་ཀྱིས་སྔགས་སྒྲ་རང་ཤུགས་སུ་འདོན་ས། ལྷོ་ཆུ་ལ་ ཆུ་ཕྲན་དུ་མ་འདུས་ནས་ལྷོ་ཕྱོགས་ནས་འབབ་པ་འདི་དཔལ་འབྱོར་འབད་མེད་དུ་འདུ་བའི་ རྟགས་སུ་འདུག་ས། ཤར་གྱི་ལམ་ཆེན་ལ་ལམ་ཕྲན་དུ་མ་འདུས་ནས་ལམ་སྣེ་མདུན་ཕྱོགས་ སུ་ཟུག་པ་འདི་མི་ཕྱུགས་ཐམས་ཅད་ཀྱི་ཚེ་སྲོག་བརྟན་པ་དང་དབང་ཐང་ཆེ་བ་དང་སྙན་ གྲགས་རྒྱས་པའི་རྟགས་ཡིན། ནུབ་རི་གཉིས་བསྣོ ལ་མར་ཡོད་པ་འདིས་བདུད་དང་གདོན་ བགེགས་སོགས་ཀྱི་གླགས་མི་རྙེད་པ་དང༌། འདུལ་ཁྲིམས་ཐམས་ཅད་བརྟན་པའི་རྟགས་ དང་ལྡན་པའི་ས། བྱང་རི་དར་དཀར་པོའི་ཡོལ་བ་བྱས་འདྲ་འདིས་དགྲ་བསམ་ངན་ཅན་ རྣམས་ཀྱི་དགྲ་དཔུང་བཅག་པ་དང་དགྲ་བོའི་གཡུལ་ལས་རྒྱལ་བའི་ས། ཤར་ལྷོ འི་རི་རིན་ ཆེན་སྤུངས་འདྲ་འདིས་ཟས་ནོར་འབྱོར་བ་ཐམས་ཅད་ཚུར་ལ་སྙོགས་པའི་ས། ཤར་བྲག་ལ་ སྟག་གཟུགས་རི་མོ་བཀྲ་བ་འདིས་བུ་དཔའ་བོས་ཁྲབ་དཀར་གྱོན་པར་ཤོགལམ་མང་པོ་དར་ སྐུད་བརྐྱངས་འདྲ་འདིས་དགྲ་ངོ་གྲགས་ཕྱིར་ལ་བཟློག་པར་ཤོགཆུ་མང་པོ་དར་ལྕེ་ཕྱར་འདྲ་ 7-1-190 འདིས་བུ་ཚ་བོའི་ཡང་ཚ་དར་བར་ཤོགསྒྱུ་ལུས་ལ་ན་ཚ་མེད་པའི་ས་ཚེ་སྲོག་ལ་བར་ཆད་མེད་ པར་ཤོགནོར་ཕྱུགས་ལ་གོད་ཁ་མེད་པའི་ས་བསམ་དོན་ཐམས་ཅད་ཆོས་བཞིན་མྱུར་འགྲུབ་ ཤོགསྔོན་བསོད་ནམས་བསགས་པ་ལས་གྲུབ་ས་དལ་འབྱོར་ལ་སྙིང་པོ་ལོན་པར་ཤོགས་ ཡག་པའི་ལེགས་ཚོགས་བརྗོད་པ་འདིས་དོན་ཡོད་པའི་རྒྱལ་བསྟན་དར་བར་ཤོགཕན་བདེ་ ཀུན་འབྱུང་བའི་གནས་ཀྱི་ས་བསྟན་འཛིན་གྱི་སྐུ་ཚེ་བརྟན་པར་ཤོགལུས་མཛེས་པའི་རྒྱན་ གོས་གྱོན་པ་འདིས་ལྷ་བླ་མ་དཀོན་མཆོག་མཆོད་པར་ཤོགངག་སྙན་མོས་ཁ་གཡང་བརྗོད་པ་ འདིས་གསུང་ཚངས་པའི་དབྱངས་དང་ལྡན་པར་ཤོགཡིད་དང་བས་མཆོག་གསུམ་རྒྱུན་དྲན་ འདིས་སྐུ་བཞི་ཡི་གོ་འཕང་ཐོབ་པར་ཤོགབཀྲ་ཤིས་པའི་རྟེན་འབྲེལ་ས་བཤད་འདིས་བསྟན་ འགྲོ་ལ་ཕན་པ་འབྱུང་བར་ཤོགབཀྲ་ཤིས་པའི་བདེ་སྐྱིད་ལྡན་པར་ཤོགརྒྱལ་ལོ་སྐྱིད་དོ་ལྷ་ རྒྱལ་ལོ། །ཞེས་དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་དགོན་པའི་ཕྱི་ནང་གི་གནས་བཤད་མདོར་བསྡུས་ཐོས་ ན་ཐར་བའི་ས་བོན་ཐེབ་པའི་གཏམ་བདུད་རྩིའི་སྙིང་ཁུ་ཞེས་བྱ་བ་འདི་གྲྭ་བཙུན་ཀུན་དགའ་གྲགས་པའི་མོས་འདུན་བཞིན་ངག་ དབང་ཡོན་ཏན་བཟང་པོས་༡༩༩༧ བོད་ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན་ཕུར་བའི་སྒྲུབ་ཆེན་སྐབས་སུ་བྲི ས་པའོ། །ཡི་གེ་པ་ནི་ ངག་དབང་བརྩོན་འགྲུས་སོ། ། 7-1-191 ༄༅། །རྟེན་འབྲེལ་ལེགས་པའི་སྒོ་ནས་སྔོན་བྱུང་དང་ས་ དཔྱད་བྱེད་པའི་གླུ་དབྱངས་རྣ་བའི་དཔལ་ བསྐྱེད་ཅེས་བྱ་བ་བཞུགས་སོ། ། ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཡིན་པས་ད་རྟེན་ འབྲེལ་གྱི་ལེགས་ཚོགས་བརྗོད་པ་སྐབས་སུ་བབ་ཡོད་པས་བཀྲ་ཤིས་པའི་གཏམ་སྙན་སྐྱེ་ འགྲོ་ཐམས་ཅད་ལ་བརྗོད་པ་ནི། འདིར་བཞུགས་པའི་དགེ་འདུན་པ་རྣམས་དང༌། རྒྱུ་ཚོགས་ སྦྱོར་བར་བྱེད་པའི་ཡོན་བདག་ཕོ་མོ་དང༌། རང་གཟུགས་མི་སྣང་བའི་ལྷ་དང་ཀླུ། གནོད་སྦྱིན། དྲི་ཟ། འབྱུང་པོ། གདོན་བགེགས། ཁྱེད་རྣམས་ཀྱིས་སེམས་དྭངས་པའི་སྒོ་ནས་ལྷར་བཅས་ འགྲོ་བ་ཡོངས་ཀྱི་འདི་ཕྱི་གཏན་གྱི་སྐྱབས་གནས་གཅིག་པུར་གྱུར་པ་ནི་སྐྱབས་བསླུ་བ་མེད་ པའི་དཀོན་མཆོག་གསུམ་ཡིན་པས་ཉིན་མཚན་དུས་དྲུག་ཏུ་གསོལ་བ་རྟག་པར་ཐོབས། ལས་རྒྱུ་འབྲས་ལ་བླང་དོར་མིག་གི་འབྲས་བུ་བཞིན་དུ་སྤང་བླང་ཡང་ཡང་མཛོད། རྒྱལ་བའི་ བསྟན་པ་རིན་པོ་ཆེ་ལ་བག་ཆགས་ཡང་ཡང་བཞག་ཏེ་དལ་འབྱོར་གྱི་ལུས་རྟེན་འདི་ལ་སྙིང་ པོ་ལེན་པའི་བྱ་བ་ལ་ཐབས་སྣ་ཚོགས་ཀྱི་སྒོ་ནས་རེམ་པ་གལ་ཆེ། སྤྱིར་ལོ་རྒྱུས་ལ། གཞི་སྐྱེ་ བོ་མི་ཆོས་ཀྱི་ལོ་རྒྱུས་དང༌། རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་དང༌། རྟེན་འབྲེལ་ལེགས་པའི་སྒོ་ནས་བཀྲ་ཤིས་པའི་ས་ དཔྱད་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། གཞི་སྐྱེ་བོ་མི་ཆོས་ཀྱི་ལོ་རྒྱུས་ལ། སྟེང་དུ་རྗེའི་ གདུང་རབས། འོག་ཏུ་འབངས་ཀྱི་མི་རབས། སྟོང་སྡེ་བའི་ཆགས་ཚུལ། འཇིག་རྟེན་ལུགས་ 7-1-192 ཀྱི་རྣམ་གཞག་སྟེ་བཞི་ཡོད་པ་ལས། དང་པོ་ནི། བསྐལ་པ་འདི་ལ་རྒྱལ་པོ་ལ་སྔ་བ་མང་པོས་བཀུར་བའི་རྒྱལ་པོ་ནས་བཟུང་ ཤཱཀྱའི་རྒྱལ་པོ་དོན་ཐམས་ཅད་འགྲུབ་པ་ཡན་ཆད་དུ། རྒྱལ་བརྒྱུད་ས་ཡ། ཆིག་འབུམ། ཉི་ ཁྲི། ཆིག་སྟོང་ལྔ་བརྒྱ་དང༌། བཅུ་བཞིབྱུང་བ་ལགས། གཞན་ཡང་ཡུལ་མ་ག་དྷའི་རྒྱལ་པོ་ གཟུགས་ཅན་སྙིང་པོ། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ། ཡུལ་འབངས་སའི་རྒྱལ་པོ་ འཆར་བྱེད། ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་ལ་སོགས་པ་དང༌། སྤྲུལ་པའི་ ཆོས་རྒྱལ་མྱ་ངན་མེད་ལ་སོགས་པའི་འཇིག་རྟེན་བདེ་བར་སྐྱོང་བའི་རྒྱལ་པོ་མཐའ་ཡས་པ་ བྱོན། བོད་ཟལ་མོ་གངས་ཀྱི་ར་བ་འདིར། མི་རྗེ་ལྷས་མཛད་པ་རྗེ་གཉའ་ཁྲི་བཙན་པོ་ནས་ གཟུང་སྟེ། གནམ་གྱི་ཁྲི་བདུན། སའི་ལེགས་དྲུག་ལ་སོགས་པ་དང༌། འཇམ་དཔལ་རྩ་རྒྱུད་ ནས་ལུང་བསྟན་པ་ལྟར་སྤྲུལ་པའི་རྒྱལ་པོ་དུ་མ་བྱོན་པ་ལས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་ དུས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོའི་དུས་སུ་དམ་པའི་ཆོས་ཀྱི་སྲོལ་ བཏོད། ཁྲི་སྲོང་ལྡེ འུ་བཙན་གྱི་དུས་སུ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། ཆོས་རྒྱལ་ ཁྲི་རལ་པ་ཅན་གྱི་བླ་སྒོ་དང་པོ་དགེ་འདུན་ལ་འབུལ་བ་སོགས་ཆབ་སྲིད་དམ་པའི་ཆོས་སུ་ བསྒྱུར། ཕྱིས་དེ་དག་གི་བརྒྱུད་ལས་བྱུང་བའི་ལྷ་བླ་མ་ཁུ་དབོན་ལ་སོགས་པས་ཀྱང༌། འཁོར་ འབངས་བདེ་བར་བསྐྱངས་ཤིང༌། དཀོན་མཆོག་གསུམ་ལ་རྒྱ་ཆེར་མཆོད་པ་བྱས། གཞན་ ཡང་རྒྱ་ནག་དང་རྒྱ་ནག་ཆེན་པོ་ལ་སོགས་པར་སྤྲུལ་པའི་ཆོས་ཀྱི་རྒྱལ་པོ་དཔག་ཏུ་མེད་པ་ བྱོན་པ་ཡིན། གཉིས་པ་རྒྱན་དམ་པ་ལྷ་ཆོས་ཀྱི་ལོ་རྒྱུས་ལ། སྟོན་པ་སངས་རྒྱས་བྱོན་ཚུལ། བསྟན་པ་ དམ་ཆོས་དར་ཚུལ། བསྟན་འཛིན་དགེ་འདུན་གྱི་སྡེབྱོ ན་ཚུལ་གསུམ་ལས། སྟོན་པ་སངས་ རྒྱས་བྱོན་ཚུལ་ལ། སྤྱིར་དུས་གསུམ་གྱི་སངས་རྒྱས་མཁའ་མཉམ་དུ་བཞུགས་པ་ལས། འོ་ 7-1-193 སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བུ་རམ་ཤིང་པ་འདི་ཉིད། དང་པོར་ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ། གདུལ་བྱ་སོ་སོའི་ཁམས་དབང་དང་མཐུན་ པར་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བ་སྟེ་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ ནགས་སུ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། ཡུལ་བྱ་རྒོད་ཕུང་རི་སོགས་སུ་ བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ། ཡུལ་ཡངས་པ་ཅན་སོགས་སུ་བཀའ་ ཐ་མ་དོན་དམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སྟེ། འཁོར་ལོ་རིམ་པ་གསུམ་ དང༌། མཐར་ཐུག་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་སྟེ་རིམ་པ་བཞི་གསུངས། བསྟན་པ་དམ་ ཆོས་དར་ཚུལ་དང༌། བསྟན་འཛིན་དགེ་འདུན་བྱོན་ཚུལ་སོགས། དགྲ་བཅོམ་འོད་སྲུང་ཆེན་ པོ་དང༌། འཕགས་པ་ཀུན་དགའ་བོ་ལ་སོགས་པ་སྟོན་པའི་གཏད་རབས་བདུན་དང༌། གཞན་ ཡང་དགྲ་བཅོམ་པ་ཆེན་པོ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ཤིང༌། དེ་རྗེས་འཛམ་ གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལ་སོགས་པ་རྒྱལ་བའི་གསུང་རབ་ཀྱི་དོན་ལ་རང་དབང་ ཐོབ་པའི་སློབ་དཔོན་མཐའ་ཡས་པ་རྣམས་ཀྱིས་གཙོ་ཆེར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་ བར་མཛད། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་གཙོ་བོར་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྒོ་ ནས་སྐལ་ལྡན་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ བྱང་ཤམྦྷ་ལའི་ཆོས་ཀྱི་ཕོ་བྲང་ནས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། སེམས་འགྲེལ་ སྐོར་གསུམ་ལ་སོགས་པ། ཆོས་ཟབ་ཅིང་རྒྱ་ཆེ་བའི་གསང་སྔགས་ཀྱི་ཆོས་དཔག་ཏུ་མེད་པ་ གྲུབ་ཆེན་དུས་ཞབས་པ་སོགས་ཀྱིས་སྤྱན་དྲངས། སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ མཆོག་གི་ལམ་ལ་བཀོད། བོད་ཡུལ་འཇིག་རྟེན་མགོན་པོའི་ཞིང་ཁམས་འདིར། དང་པོར་ ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་རྐྱེན་མཛད་པ་ལ་བརྟེན། སློབ་དཔོན་ 7-1-194 པདྨ་འབྱུང་གནས་དང༌། མཁན་ཆེན་ཞི་བ་འཚོ་དང༌། འདུལ་འཛིན་ཛི་ན་མི་ཏྲ་ལ་སོགས་པ། རྒྱ་ གར་གྱི་པཎ་གྲུབ་ཆེས་མཆོག་ཏུ་གྱུར་པ་རྣམས་དང༌། ཀ་ཅོག་ཞང་གསུམ་ལས་ལོ་ཙཱ་བ་ཆེན་ པོ་རྣམས་ཀྱིས་ཆོས་བསྒྱུར་བཤད་ལག་ལེན་གྱི་སྒོ་ནས་གཏན་ལ་ཕབ། བསྟན་པ་ཕྱི་དར་གྱི་ དུས་འདིར་དམར་གཡོ་གཙང་གསུམ་ལས་བླ་ཆེན་དགེ་བ་རབ་གསལ་གྱིས་སྡོམ་པ་བླངས་ ཤིང༌། འདུལ་མངོན་གྱི་བཤད་པ་དང་ལག་ལེན་མ་ཆད་པར་མཛད། དེ་ལས་བརྒྱུད་ནས་བོད་ ཡུལ་ཐམས་ཅད་དུ་དགེ་འདུན་གྱི་སྡེ་དཔག་ཏུ་མེད་པ་དར། ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང༌། འབྲོ ག་མགོས་མར་གསུམ་ལ་སོགས་པ་ལོ་པཎ་སྤྲུལ་ པའི་སྐྱེས་མཆོག་རྣམས་དང༌། དེ་དག་གི་རྗེས་སུ་འབྲང་བའི་མཁས་བཙུན་བཟང་གསུམ་ གྱི་སྐྱེས་བུ་དམ་པ་དཔག་ཏུ་མེད་པ་རྣམས་ཀྱིས་བསྟན་པ་རིན་པོ་ཆེ་སྒོ་མཐའ་དག་ནས་ནམ་ ལངས་པ་དང༌། ཉི་མ་ཤར་བ་ལྟར་མཛད། ཁྱད་པར་རང་རེའི་ངེས་དོན་ཟབ་མོའི་ཆོས་བརྒྱུད་ འདི་ལ། མདོ་སྔགས་བཤད་སྒྲུབ་ཀྱི་སྡེ་སྣོ ད་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་བཅུད། གྲུབ་ཐོབ་ཐམས་ཅད་ཀྱི་ཉམས་སུ་ མྱོང་བྱ། མཁས་པ་ཐམས་ཅད་ཀྱི་ལེགས་པར་བཤད་པའི་སྙིང་པོ། གཞན་སྟོང་དབུ་མ་ཆེན་ པོའི་ལྟ་སྒོམ་དང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་སྨིན་གྲོལ་གྱི་ལམ་ཟུང་འབྲེལ་དུ་བྱུང་བ་ འདི་རྒྱལ་ཚབ་བྱམས་པ། འཕགས་པ་ཀླུ་སྒྲུབ། རྒྱལ་སྲས་འཕགས་པ་ཐོགས་མེད་ལ་སོགས་ པའི་གཞུང་དང་མན་ངག་རྣམས་བོད་ཀྱི་ལོ་ཙཱ་བ་རྔོག་བཙན་གཟི་གསུམ་ལས་བརྒྱུད་པའི་ བཤད་སྒྲུབ་ཉམས་མྱོང་བྱིན་རླབས་ལག་ལེན་རྣམས་རྒྱུན་མ་ཆད་པ་དང༌། ཆོས་ཐམས་ཅད་ ཀྱི་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོ་འདི་འགྱུར་བྱེད་མཁན་པོ་བཅུ་དྲུག་ཙམ་གྱིས་བསྒྱུར་ བ་ལས། གྱི་ཇོ་རཱ་འབྲོ་ཙཱ་མི་སོགས་བྱིན་རླབས་ཀྱི་བཀའ་མ་ཆད་པ་ཐམས་ཅད་དང༌། ཁྱད་ པར་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོའི་བཀའ་སྲོལ་ལས། གྲུབ་ཐོབ་ཀྱི་བརྒྱུད་པའི་ཟམ་པ་ 7-1-195 མ་ཆད་པའི་རིམ་པ་རྣམས་བརྒྱུད་པ་ལས། རིགས་ལྡན་སྤྲུལ་པའི་སྐུ་ཀུན་མཁྱེན་དུས་གསུམ་ སངས་རྒྱས་དོལ་པོ་པ་ཤེས་རབ་རྒྱལ་རྒྱལ་མཚན་དཔལ་བཟང་པོ་འདི་ནི་ཤིན་ཏུ་ཡ་མཚན་ པའི་གནས་ཡིན་ཏེ། རྔ་བོ་ཆེའི་མདོ་སྡེ་ལས་ལུང་བསྟན་པ་ནི། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་ མིང་འཆང་བའི་དགེ་སློང་དུ་གྱུར་ཏེ་ཞེས་སོགས་གསལ་བར་གསུངས་པ་དང༌། གཙུག་ཏོར་ རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདའ་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་ རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོ ན་ ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་ མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ཡང་ ཡང་ལུང་བསྟན་པའི་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཀྱིས་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ ཆེར་སྤེལ་བར་མཛད་པས་བྱང་ཕྱོགས་ཁ་བའི་ཡུལ་ལྗོངས་འདི་བསྐལ་པ་བཟང་པོར་མཛད་ པ་ཡིན། མདོ་སྔགས་ཀྱི་ཟབ་ཆོས་ངེས་དོན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཀྱིས་ས་སྟེང་ ཐམས་ཅད་དུ་ཁྱབ་པར་མཛད། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་སློབ་བུ་ཆོས་རྒྱལ་ཕྱོགས་ལས་ རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ་སོགས་ཀྱི་དངོས་སློབ་དྲུང་རཏྣ་ཤྲཱི་ཡང་ཀུན་མཁྱེན་ ཆེན་པོས་སྐུ་འདའ་ཁར་ཞལ་ཆེམས་ལུང་བསྟན་གསུངས་པ། ཆོས་ལུགས་ཉམས་པར་བྱེད་ པ་ངན་རིགས་ཅན། །སྣང་ཞིག་བོན་ནག་སྤྲེའུ་གཟུགས་ཞྭ་དཀར་ཅན། །ཟུང་ཆུའི་ཁམས་སུ་ འབྱུང་ནས་བོན་རྒྱུད་སྤེལ། །ལྟ་ངན་མུན་པས་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་ དུ་འབྱུང་བར་འགྱུར། །ཡང་དག་ལྟ་བའི་སེང་གེའི་སྒྲ་བསྒྲོགས་པས། །ལྟ་ངན་རིགས་ཅན་མ་ 7-1-196 ལུས་ཚར་བཅད་ནས། །མདོ་ཁམས་གནས་སུ་ང་ཡི་བསྟན་པ་འབྱུང༌། །དེ་ཡི་སྲས་ལ་ཡོངས་ འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ལུགས་ཡུན་རིང་གནས་པར་འགྱུར། །ཞེས་པའི་ལུང་ གིས་བསྔགས་པའི་དྲུང་རཏྣ་ཤྲཱི་འཛམ་གླིང་སྟོང་ཁུན་རྒྱལ་པོའི་ཡུལ་མཐའ་རྒྱལ་མོ་ཚ་བ་རོང་ དུ་འཁྲུངས། ཇོ་ནང་དཔལ་དུ་བྱོན་ནས་ཀུན་མཁྱེན་ཕྱོགས་རྒྱལ་བ་ཡབ་སྲས་ཀྱི་དྲུང་ནས་ མདོ་སྔགས་ཀྱི་ཟབ་ཆོས་གསན་ཏེ། རྫོགས་པར་ཐུགས་སུ་བཞེས་ནས་འཕྲིན་ལས་རྣམ་བཞི་ ལ་མངའ་བརྙེས་པ་ཞིག་བྱུང༌། ཡང་ཀུན་མཁྱེན་ཆེན་པོས་འདི་སྐད་གསུངས་པ་སྟེ། ང་ནི་ འདི་ནས་འགྲོ་བའི་ཞག་འགའ་ན། །འཕྲིན་ལས་རྣམ་བཞིའི་གློག་དཀར་དྲ་བ་ཅན། །འཇམ་ དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ། ལྟ་ངན་མུན་སེལ་མི་བཟད་དྲག་པོ་ཆེ། །དགེ་སློང་དཔའ་ བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ཁྲོད་ཆེན་པོ་འདི་ན་འོང་བར་ འགྱུར། །བུ་ཁྱོད་ཀྱི་ནི་རྗེས་སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ཆོས་བདུད་རྩིས་རྒྱུད་ཚིམས་ ནས། །མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ལ་བརྟེན་པའི་ལུང་པ་རུ། །སྐྱེ་བོ་ དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་ བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་ རྗེའི་ཐེག་པའི་དགེ་ལེགས་རྒྱས། །ཀུན་གྱིས་མཆོད་གནས་བཀུར་སྟི་བྱ་བའི་གནས། །ཞེས་ པའི་ལུང་གིས་ཟིན་པའི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་འདི་ཉིད་ཡིན་ནོ། ། ད་ནི་གསུམ་པ་རྟེན་འབྲེལ་ལེགས་པའི་སྒོ་ནས་བཀྲ་ཤིས་པའི་ས་དཔྱད་བྱེ་བྲག་ཏུ་ བཤད་པ་ནི། གངས་ཅན་ལྗོ ངས་འདིའི་ལྟེ ་བ་སའི་ཐིག་ལེ། རི་བོ་སྟོང་ཕྲག་དུ་མའི་དབུས་ན་ གནས་པ། ས་པདྨ་འདབ་བརྒྱད་གདན་ལྟར་དུ་འཛོམས་པ། གནམ་འཁོར་ལོ་རྩིབས་བརྒྱད་ གདུགས་ལྟར་དུ་ཕུབ་པ། ཨུ་རྒྱན་པདྨ་འབྱུང་གནས་དང༌། ཇོ་ནང་ཀུན་མཁྱེན་ཆེན་པོའི་ ལུང་གིས་བསྔགས་པའི་མེ་ཏོག་འཐོར་ས། སྔོན་བསགས་བསོད་ནམས་བརྒྱ་ཕྲག་དུ་མས་ 7-1-197 བསྐྲུན་པའི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་འདི་ཕྱི་ལྟར་ན་གནས་མཆོག་བྱ་ རྒོད་ཕུང་རི། ནང་ལྟར་ན་བྱང་ཕྱོགས་ཤམྦྷ་ལ། གསང་བ་ལྟར་ན་དཔལ་ལྡན་འབྲས་སྤུངས་ མཆོད་རྟེན་ཆེན་མོ། དེ་ཁོ་ན་ཉིད་ལྟར་ན་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། དོན་ དམ་ཡེ་ཤེས་ཀྱི་སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་འདྲ། ཨེ་ཝཾ་ཟུང་འཇུག་གི་ངོ་བོར་གྲུབ་ པའི་གནས་བྱེ་བ་ཕྲག་བརྒྱའི་དབུས་ན་རི་རྒྱལ་ལྷུན་པོ་ལྟར་མངོན་པར་འཕགས་པ། སྙན་ གྲགས་ཉི་ཟླ་ལྟར་གསལ་བ་ཤར་འཛམ་ཐང་ཞེས་ཡོངས་སུ་གྲགས་པ་ཆེ་བའི་གནས་སུ་ ཐོས་བསམ་སྒོམ་གསུམ་དང༌། འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་བའི་མཁས་གྲུབ་ གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ས། དད་ལྡན་གྱི་སྐྱེ་བོ་ཕོ་མོས་བསོད་ ནམས་རྒྱ་ཆེན་བསགས་ཕྱིར་ལྷོ་སྤྲིན་ཕྱུག་མོ་ལྟར་འབྱོར་བ་གྱ་ནོམ་པ་དུ་མ་ངང་གིས་འདུ་ བ། རྩ་བརྟན་དབྱིབས་ལེགས་གནོད་སྦྱིན་གཏེར་མཛོད་ཛམ་ལྷ་བཞུགས་པའི་རྒྱབ་རི་འདི་ ཆོས་རྒྱལ་ཆེན་པོ་གདན་ལ་བཞུགས་པ་དང་འདྲ་བ། མདུན་རི་གླང་ཆེན་ཉལ་འདྲ་ལ་ནགས་ ཚལ་སྨན་ལྗོངས་སྣ་ཚོགས་ཀྱིས་བརྒྱན་པ་ལ་ཡིད་དུ་འོང་བའི་འབྲས་བུ་དང་མེ་ཏོག་དུ་མ་ བསེར་བུས་བསྐྱོད་སྐབས་དྲི་ངད་ཀྱིས་ས་ཕྱོགས་ཀུན་ཏུ་ཁྱབ་པ། ཆར་སྤྲིན་ཕྱོགས་ཕྱོགས་ ནས་ཁྱབ་པ་ལས་བདུད་རྩི་ཟིལ་མའི་དགའ་སྟོན་ངོམ་བཞིན་ཆར་ཆུའི་དུས་སྙོམས་ས། རི་ དྭགས་དང་འདབ་ཆགས་སྣ་ཚོགས་ཀྱིས་ཕྱོགས་ཀུན་མཛེས་པར་བྱེད་ས། དགོན་འདིར་ ངུར་སྨྲིག་ན་བཟས་བརྒྱན་པའི་དགེ་འདུན་གྱི་སྡེ་རྒྱུན་ལྡན་དུ་བཞུགས་ཏེ། ཐོས་བསམ་སྒོམ་ གསུམ་དང༌། འཆད་རྩོད་རྩོམ་གསུམ་ལ་དུས་རྟག་ཏུ་བརྩོན་པ་ལྷུར་བླང་བ་ལ་འབད་པར་བྱ་ བ་དང༌། དབང་ལུང་མན་ངག་ཐམས་ཅད་སྔོན་བྱོན་དམ་པ་གོང་མའི་ཕྱག་སྲོལ་ལྟར་གྱི་རྒྱུན་ བསྐྱངས་པའི་སྒོ་ནས་དཔལ་ལྡན་བླ་མ་དམ་པའི་མཛད་ཕྲིན་བསྐྱང་བ་ལ་ལྷག་པར་བརྩོན་ ས། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་ཆོས་སྤྱོད་བཅུའི་བྱ་བ་ཁྱད་པར་ཅན་ལ་རྟག་པར་ 7-1-198 རེམ་ཞིང་ཚོགས་བསགས་སྒྲིབ་སྦྱང་གི་ཐབས་གནད་ཐོན་མཛད་ས། དེང་དུས་ལ་ལྟོས་ན་ གསུང་བསྒྲགས་ཟབ་མོ་གནད་དུ་འབྱོར་བ་ལ་བསམ་ན་སྐྱེ་འགྲོའི་ཡིད་དབང་འགུགས་པའི་ དད་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་གྱུར་པའི་སྒོ་ནས་མང་ཚོགས་ཀྱི་སེམས་དབང་ མེད་དུ་འགུགས་པར་བྱེད་ས། སྒྲུབ་གནས་འདིའི་ཕྱོགས་མཚམས་རྣམས་སུ་བཀྲ་ཤིས་ རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། མཆོད་པའི་ལྷ་མོ་བཅུ་དྲུག་གི་སའི་དབྱིབས་དང་ལྡན་ས། ཕྱོགས་བཞིའི་དུར་ཁྲོད་ཆེན་པོ་བཞི་ལ་གནས་པའི་གིང་ཆེན་བརྒྱད་དང་བཅུ་དྲུག་རང་འགྲུབ་ ཀྱིས་གཤིན་པོའི་བླ་བདེ་བ་དང་གསོན་པོ་རྣམས་ལ་བཀྲ་ཤིས་པའི་དགེ་མཚན་དང་ལྡན་པ་ འདི་སྐྱེས་ཆེན་དམ་པ་རྣམས་ཀྱིས་ལུང་གིས་བསྔགས་ས། ཕྱོགས་བཞིར་སའི་སྲུང་བཞི་ཚང་ ས། སྐྱེ་འགྲོ་ཐམས་ཅད་ལ་བསོད་ནམས་བསགས་པའི་བཀྲ་ཤིས་པའི་མཐུན་རྐྱེན་དང་ལྡན་ ས། བསོད་ནམས་དང་ལྡན་པའི་མིའི་དགེ་ལས་གང་དང་གང་ལ་འབད་པར་འདོད་ན་མི་ལྡན་ པ་མེད་པར་མཐུན་རྐྱེན་ངང་གིས་འཛོམས་ས། གཡས་ཕྱོགས་སུ་དར་དཀར་བརྐྱངས་འདྲའི་ འབབ་ཆུ་སྒྲ་ལྡན་གྱི་རྒྱུན་ཆད་པ་མེད་པ་ལས་ཆོས་སྒྲ་སྣ་ཚོགས་སྟོན་ས། བྱ་རིགས་སྣ་ཚོགས་ ཀྱིས་ལེགས་སྦྱར་སཾསྐྲ ་ཏའི་སྐད་ཀྱིས་སྔགས་སྒྲ་རང་ཤུགས་སུ་འདོན་ས། ལྷོ་ཆུ་ལ་ཆུ་ཕྲན་དུ་ མ་འདུས་ནས་ལྷོཕྱོགས་ནས་འབབ་པ་འདི་དཔལ་འབྱོར་འབད་མེད་དུ་འདུ་བའི་རྟགས་སུ་ འདུག་ས། ཤར་གྱི་ལམ་ཆེན་ལ་ལམ་ཕྲན་དུ་མ་འདུས་ནས་ལམ་སྣེ ་མདུན་ཕྱོགས་སུ་ཟུག་ པ་འདི་མི་ཕྱུགས་ཐམས་ཅད་ཀྱི་ཚེ་སྲོག་བརྟན་པ་དང་དབང་ཐང་ཆེ་བ་དང་སྙན་གྲགས་རྒྱས་ པའི་རྟགས་ཡིན། ནུབ་རི་གཉིས་བསྣོ ལ་མར་ཡོད་པ་འདིས་བདུད་དང་གདོན་བགེགས་ སོགས་ཀྱི་གླགས་མི་རྙེད་པ་དང༌། འདུལ་ཁྲིམས་ཐམས་ཅད་བརྟན་པའི་རྟགས་དང་ལྡན་ པའི་ས། བྱང་རི་དར་དཀར་པོའི་ཡོལ་བ་བྱས་འདྲ་འདིས་དགྲ་བསམ་ངན་ཅན་རྣམས་ཀྱི་དགྲ་ དཔུང་བཅག་པ་དང་དགྲ་བོའི་གཡུལ་ལས་རྒྱལ་བའི་ས། ཤར་ལྷོ འི་རི་རིན་ཆེན་སྤུངས་འདྲ་ 7-1-199 འདིས་ཟས་ནོར་འབྱོར་བ་ཐམས་ཅད་ཚུར་ལ་སྙོགས་པའི་ས། ཤར་བྲག་ལ་སྟག་གཟུགས་རི་ མོ་བཀྲ་བ་འདིས་བུ་དཔའ་བོས་ཁྲབ་དཀར་གྱོན་པར་ཤོག ལམ་མང་པོ་དར་སྐུད་བརྐྱངས་ འདྲ་འདིས་དགྲ་ངོ་གྲགས་ཕྱིར་ལ་བཟློག་པར་ཤོག ཆུ་མང་པོ་དར་ལྕེ ་ཕྱར་འདྲ་འདིས་བུ་ཚ་ བོའི་ཡང་ཚ་དར་བར་ཤོག སྒྱུ་ལུས་ལ་ན་ཚ་མེད་པའི་ས་ཚེ་སྲོག་ལ་བར་ཆད་མེད་པར་ཤོག ནོར་ཕྱུགས་ལ་གོད་ཁ་མེད་པའི་ས་བསམ་དོན་ཐམས་ཅད་ཆོས་བཞིན་མྱུར་འགྲུབ་ཤོག སྔོན་བསོད་ནམས་བསགས་པ་ལས་གྲུབ་ས་དལ་འབྱོར་ལ་སྙིང་པོ་ལོན་པར་ཤོག ས་ཡག་ པའི་ལེགས་ཚོགས་བརྗོད་པ་འདིས་དོན་ཡོད་པའི་རྒྱལ་བསྟན་དར་བར་ཤོག ཕན་བདེ་ ཀུན་འབྱུང་བའི་གནས་ཀྱི་ས་བསྟན་འཛིན་གྱི་སྐུ་ཚེ་བརྟན་པར་ཤོག ལུས་མཛེས་པས་རྒྱན་ གོས་གྱོན་པ་འདིས་ལྷ་བླ་མ་དཀོན་མཆོག་མཆོད་པར་ཤོག ངག་སྙན་མོས་ཁ་གཡང་བརྗོད་ པ་འདིས་གསུང་ཚངས་པའི་དབྱངས་དང་ལྡན་པར་ཤོག ཡིད་དང་བས་མཆོག་གསུམ་རྒྱུན་ དྲན་འདིས་སྐུ་བཞི་ཡི་གོ་འཕང་ཐོབ་པར་ཤོག བཀྲ་ཤིས་པའི་རྟེན་འབྲེལ་ས་བཤད་འདིས་ བསྟན་འགྲོ་ལ་ཕན་པ་འབྱུང་བར་ཤོག བཀྲ་ཤིས་པའི་བདེ་སྐྱིད་ལྡན་པར་ཤོག རྒྱལ་ལོ་ སྐྱིད་དོ་ལྷ་རྒྱལ་ལོ། །ཞེས་དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་དགོན་པའི་ཕྱི་ནང་གི་གནས་བཤད་མདོར་ བསྡུས་ཐོས་ན་ཐར་བའི་ས་བོན་ཐེབ་པའི་གཏམ་བདུད་རྩིའི་སྙིང་ཁུ་ཞེས་བྱ་བ་འདི་གྲྭ་བཙུན་ཀུན་དགའ་གྲགས་པའི་མོས་འདུན་ བཞིན་ངག་དབང་ཡོན་ཏན་བཟང་པོས་༡༩༩༤བོད་ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན་ཕུར་བའི་སྒྲུབ་ཆེན་སྐབས་སུ་བྲིས་པའོ། །ཡི་གེ་པ་ནི་ངག་དབང་བརྩོན་འགྲུས་སོ། ། ༄༅། །སེར་སྐྱ་མང་ཚོགས་ཀྱི་ཡིད་ལ་འཛིན་བདེ་ཆོས་ཀྱི་དྲི་ བ་དྲིས་ལན་བདེ་ཆེན་བགྲོད་པའི་ཐེམ་སྐས་ 7-1-200 ཞེས་བྱ་བ་བཞུགས་སོ། ། འཛམ་ཐང་གི་གྲྭ་བ་མདོ་སྔགས་བསྟན་འཛིན་ཟེར་བ་ཞིག་རྒྱ་གར་དང༌། རྒྱ་ནག་གི་ཡུལ་ དང༌། བོད་ལྗོངས་སོགས་ཡུལ་གྲུ་དུ་མ་རྣམས་སུ་རྒྱུ་འགྲུལ་བྱས་བྱས་ནས་ཉིན་ཞིག དགེ་ སློང་བསྟན་འཛིན་རྣམ་རྒྱལ་ཟེར་བ་དང་འཕྲད། བསྟན་འཛིན་རྣམ་རྒྱལ་གྱིས། ཨ་ལགས་ ཚང་ཁྱོད་གང་ནས་ཡིན། ཟེར་བའི་ལན་དུ། མདོ་སྔགས་བསྟན་འཛིན་གྱིས། ང་ནི་འཛམ་ཐང་ ནས་ཡིན། སྨྲས་པ་ལ། ཁོ་བས། འཛམ་ཐང་ཟེར་རྒྱུ་བོ་གང་ན་ཡོད་ནི་རེད། ཟེར་བའི་ལན་ དུ། ངས། འཛམ་ཐང་ཟེར་རྒྱུ་བོ་མདོ་ཁམས་སྨད་ན་ཡོད་ནི་རེད། སྨྲས་པའི་ལན་དུ། ཁོ་བས། མདོ་ཁམས་སྨད་ཟེར་བའི་ས་ཆ་གང་ཡིན་ངས་ཧ་མི་གོ་གི་མདོ་ཁམས་སྒང་དྲུག་གི་ནང་ནས་ གང་ཡིན། ཟེར་བ་ལ། ངས། མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྡོརོལ་གྱི་ཆར་གཏོགས་འཛམ་ ཐང་དགོན་ཟེར་བ་དེ་ནས་ཡིན། སྨྲས་པ་ལ། ཁོ་བས། འོ་ཡ་ཡ། དེང་སང་རྡོའི་རྒྱུད་ན་འཛམ་ ཐང་རྫོང་ཟེར་རྒྱུ་ཡོད་པ་དེའི་ལ་ཕར་རྒྱབ་ན་སྨར་མ་ལག་དྲུག་གི་ཡ་གྱལ་འཛི་ཀའི་ལྷ་མོ་དར་ ཐང་དང་ཉེ་བའི་སྟོད་ཕྱོགས་ན་ཡོད་པའི་དུད་ཚང་དང་མི་སྐྱ་ཕོ་མོས་གང་ཡོད་པའི་གསེབ་ཏུ་ འདུ་ཁང་འགའ་རེ་དང་མཆོད་རྟེན་ཐར་ཐོར་རེ་ཡོད་པ་དེ་འཛམ་ཐང་ཟེར་རྒྱུ་བོ་དེ་ཨེ་རེད། ཟེར་བའི་ལན་དུ། ངས། འོ་ཁྱེད་ཀྱི་དེ་ལྟར་མ་ཟེར། འཛམ་ཐང་དགོན་འདི་ནི་ལོ་རྒྱུས་རིང་བ་ སྐད་གྲགས་ཆེ་བ་ཞིག་རེད། སྨྲས་པའི་ལན་དུ། ཁོ་བས། འོ་ཡ་ཡ། ངོ་མཚར་ཆེ། ང་སྣང་བ་ མ་དག་པའི་དབང་གིས་ངས་མིག་ལམ་དུ་ནི་འཛམ་ཐང་དགོན་འདི་ལ་ཅང་བལྟ་ལོམ་མེད་པ་ ཞིག་ལས་མི་མཐོང་གི་ཡ་ཨ་ཧ་ཧ། ཨོ་ཡ་ད། སྔོན་གྱི་ལོ་རྒྱུས་ཞིག་ཤོད་དང༌། ཟེར་བའི་ལན་ དུ། ངས། སྔོན་གྱི་ལོ་རྒྱུས་ཞིག་བཤད་ན། འཛམ་ཐང་དགོན་འདི་བཏབ་ནས་ལོ་བརྒྱད་བརྒྱ་ དང་ང་གཅིག་ཙམ་སོང༌། བླ་སྤྲུལ་སྐྱེས་ཆེན་དུ་མ་དང༌། དགེ་འདུན་པ་ཁྲི་ཕྲག་དུ་མས་བཤད་ 7-1-201 སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་རྒྱལ་བསྟན་ཡུན་རིང་དུ་གནས་པ་ཞིག་རེད། སྨྲས་པའི་ལན་དུ། ཁོ་བས། འོ་ཡ་ངོ་མཚར་ཆེ་ལགས། ཁྱོད་ཀྱི་ཆོས་ལུགས་གང་ཡིན་ཟེར་བའི་ལན་དུ། ངས། ཇོ་ནང་ཡིན། སྨྲས་པའི་ལན་དུ། ཁོ་བས། གྲུབ་མཐའ་གང་ཡིན། ཟེར་བའི་ལན་དུ། ངས། གཞན་སྟོང་པ་ཡིན། སྨྲས་པའི་ལན་དུ། ཁོ་བས། སྤྱིར་དབུ་མ་ལ་རང་སྟོང་དང་གཞན་སྟོང་ གཉིས་ཡོད་པའི་དོན་ཅི་ཡིན། ཟེར་བའི་ལན་དུ། ངས། ཀུན་རྫོབ་དང་དོན་དམ་གྱིས་བསྡུས་ པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པའི་སྟོང་པས་ན་རང་སྟོང་དང༌། དོན་དམ་པའི་ཆོས་ ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ནི་ནམ་ཡང་རང་ངོས་ནས་མི་སྟོང་བར་གནས་ལུགས་ མཐར་ཐུག་ཏུ་ཡེ་ནས་འགྱུར་བ་མེད་པའི་རང་མདངས་ལ་གཞན་ཀུན་རྫོབ་གཟུང་འཛིན་གྱི་ སྤྲོས་པས་སྟོང་བས་ན་གཞན་སྟོང་ཞེས་ཟེར་རོ། །སྨྲས་པའི་ལན་དུ། ཁོ་བས། འོ་ན། དོན་དམ་ པའི་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དེ་གང་ཡིན། ཟེར་བའི་ལན་དུ། ངས། དོན་ དམ་པའི་ཡེ་ཤེས་སྐུ་གསུམ་གྱི་རང་བཞིན་འཁོར་འདས་ཀུན་ལ་ཆོས་ཅན་ལ་ཆོས་ཉིད་ཀྱི་ ཚུལ་དུ་ཁྱབ་ཡོད་པ་དེ་བདེ་གཤེགས་སྙིང་པོ་རེད། སྨྲས་པའི་ལན་དུ། ཁོ་བས། འོ་ན་སེམས་ ཅན་ཐམས་ཅད་ལ་ཡེ་ཤེས་ཀྱིས་ཁྱབ་ཡོད་པ་དེ། བདེ་གཤེགས་སྙིང་པོ་ཨེ་རེད། ཟེར་བའི་ ལན་དུ། ངས། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་གཤིས་སུ། སྒྲིབ་གཉིས་ཀྱི་དྲི་མ་མ་ ཞུགས་པའི་ཆ་དེ་རེད། སྨྲས་པ་ལ། ཁོ་བས། དྲི་མ་མཐའ་དག་སྤངས་པའི་ཤེས་པ་དེ་སངས་ རྒྱས་ཨེ་རེད། ཟེར་བའི་ལན་དུ། ངས། འོ་གོང་དུ་བཤད་པ་ལྟར་གྱི་ཤེས་པ་དེ་སངས་རྒྱས་ རེད། སྨྲས་པ་ལ། ཁོ་བས། འོ་ཡ་ད་བདེ་གཤེགས་སྙིང་པོའི་མཚན་ཉིད་ཅིག་ཞོག་དང༌། ཟེར་ བའི་ལན་དུ། ངས། ཨོ་ཡ་ཡ། གདོད་ནས་ལྷུན་གྲུབ་རང་བྱུང་སྐུ་གསུམ་གྱི་བདག་ཉིད་གང་ ཞིགགཉུག་མ་གནས་ལུགས་གཅིག་པུ་ཉིད་སེམས་ཅན་ལ་ལྟོས་ནས་མི་གསལ་བའི་ཚུལ་དང་ སངས་རྒྱས་ལ་ལྟོས་ནས་མངོན་གྱུར་ཇི་བཞིན་པའི་ཤེས་བྱ་ཀུན་གྱི་གཤིས་ལུགས་མཐར་ 7-1-202 ཐུག་པའི་ཆོས་ཉིད་ཀྱི་ཚུལ་སྤྲོས་བྲལ་དོན་དམ་རྣམ་པ་ཀུན་ལྡན་གྱི་དམ་པའི་རང་བཞིན་ དེ། གཞི་དབྱིངས་ཆོས་སྐུ་དེ་བཞིན་ཉིད་བདེ་གཤེགས་སྙིང་པོའི་མཚན་ཉིད་རེད། ཅེས་སྨྲས་ པ་ལ། བསྟན་འཛིན་རྣམ་རྒྱལ་གྱིས། སེམས་ཅན་ཆོས་ཅན། འབད་མེད་དུ་གྲོལ་བར་ཐལ། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་བཞུགས་པའི་ཕྱིར། ༡ དེ་འདོད་ན། ཚོགས་མ་བསགས་ པའི་སངས་རྒྱས་སྲིད་པར་ཐལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་བཞུགས་པའི་ སངས་རྒྱས་ཡོད་པའི་ཕྱིར། ༢ དེ་ཡང་འདོད་ན། མུན་པ་མི་སེལ་བའི་སྒྲོན་མེ་དང་ཉི་མའི་འོད་ སྲིད་པར་ཐལ། སེམས་ཅན་གྱི་རྒྱུད་ལ་མ་རིག་པའི་རྨོངས་པ་མི་སེལ་བའི་ཡེ་ཤེས་ཀྱིས་ཁྱབ་ པའི་ཕྱིར། ༣དེ་ཡང་འདོད་ན། སྟོབས་བཅུ་ཆོས་ཅན། ཁྱོད་མ་རིག་པའི་སྒྲིབ་པ་འཇོམས་པའི་ རྡོ་རྗེ་དང་འདྲ་བའི་གཉེན་པོ་མ་ཡིན་པར་ཐལ། ཁྱོད་མ་རིག་པས་བསྡམ་འདུག་པའི་ཕྱིར། ༤ གཞན་ཡང་སེམས་ཅན་གྱི་རྒྱུད་ཀྱི་ཆོས་ཉིད་ཆོས་ཅན། སངས་རྒྱས་མ་ཡིན་པར་ཐལ། དྲི་ བཅས་ཡིན་པའི་ཕྱིར། དེ་དག་ལ་འཛམ་ཐང་པ་མདོ་སྔགས་བསྟན་འཛིན་གྱིས། ལོང་བ་ཆོས་ ཅན། ཁྱོད་ཀྱིས་གཟུགས་འབད་མེད་དུ་མཐོང་བར་ཐལ། གཟུགས་མཐོང་བའི་རྐྱེན་ཉི་མའི་ འོད་ཀྱིས་ཁྱོད་རང་ལ་ཁྱབ་པའི་ཕྱིར། ཁྱབ་པ་དེ་ཁྱོད་ཀྱིས་ཁས་བླངས་སོ། །བསྟན་རྣམ་ན་ རེ། ཁྱབ་པ་མི་མཚུངས་སྟེ། ལོང་བ་ལ་གཟུགས་མཐོང་བྱེད་ཀྱི་མིག་མེད་པའི་ཕྱིར་ཟེར་བ་ལ། མདོ་སྔགས་བསྟན་འཛིན་ན་རེ། འོ་ན་སེམས་ཅན་ལ་སངས་རྒྱས་ཡོད་ཀྱང་མ་རིག་པས་སྒྲིབ་ ནས་སངས་རྒྱས་མི་མཐོང་བའི་ཕྱིར་ཏེ། རྒྱུ་མཚན་དེས་ན་ཆོས་སྐུ་མཐོང་བའི་ཐབས་ལ་ལམ་ བསྒོམ་པ་ལ་འབད་དགོས་སོ་ཟེར་ན། བསྟན་རྣམ་ན་རེ། འོ་ན་སེམས་ཅན་གྱི་རྒྱུད་ཀྱི་སངས་ རྒྱས་ཐབས་རྡུགས་པར་ཐལ། སེམས་རྒྱུད་དུ་སངས་རྒྱས་ཡོད་ཀྱང་སེམས་ཅན་འཁོར་བར་ འཁྱམས་པའི་ཕྱིར། དེ་ལ་མདོ་སྔགས་བསྟན་འཛིན་ན་རེ། ལོང་བའི་མདུན་རྒྱབ་ཐམས་ཅད་ ལ་ཁྱབ་པའི་ཉི་མ་ཆོས་ཅན། ཉི་མའི་འོད་ཐབས་རྡུགས་པར་ཐལ། ལོང་བ་ལ་ཉི་མའི་འོད་ 7-1-203 ཀྱིས་ཁྱབ་ཀྱང་ལོང་བས་གཟུགས་མི་མཐོང་བའི་ཕྱིར། སླར་ཡང་སངས་རྒྱས་འཇིག་རྟེན་དུ་ བྱོན་ཀྱང་སྐལ་བ་མེད་པས་མི་མཐོང་བ་འདི་སངས་རྒྱས་ཐབས་རྡུགས་པར་ཐལ། ཡེ་ཤེས་ ཆོས་སྐུས་ཁྱབ་ཀྱང་ཡེ་ཤེས་ཆོས་སྐུ་མི་མཐོང་བའི་ཕྱིར། བསྟན་རྣམ་ན་རེ། ཆོས་སྐུ་ནི་སེམས་ ཅན་གྱི་རྒྱུད་ལ་ཡོད་པ། དེ་ལྟར་འཐད་ལ། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཡོད་པའི་ངེས་ པ་མེད་པའི་ཕྱིར། དེ་ལ་མདོ་སྔགས་བསྟན་འཛིན་ན་རེ། ཆོས་སྐུ་སེམས་ཅན་གྱི་རྒྱུད་ལ་ཡོད་ པ་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། དེ་ཡང་སེམས་ཅན་གྱི་རྒྱུད་ཀྱི་ཆོས་སྐུ་ཆོས་ཅན། སངས་ རྒྱས་ཡིན་པར་ཐལ། སེམས་ཀྱི་རང་གཤིས་ལ་དྲི་མ་གང་ཡང་མ་ཞུགས་པའི་ཕྱིར། དེར་ཐལ། དཔེར་ན་སེམས་ཀྱི་དྲི་མ་དེ་མེ་དང་ཚ་བ་ལྟར་མ་ཡིན་པར། ཆུ་དང་སྙོག་ལྟར་དྲི་མ་སེམས་ཀྱི་ གཤིས་སུ་མ་ཞུགས་པའི་ཕྱིར། དེར་ཐལ། དྲི་མ་མེད་པའི་སེམས་དེ་སངས་རྒྱས་ཡིན་པའི་ ཕྱིར། དེར་ཐལ། དབུལ་པོའི་ཁྱི མ་འོག་ན། མི་ཟད་པའི་གཏེར་ཡོད་ཀྱང་དབུལ་པོ་ལོངས་ སྤྱོད་ཀྱིས་ཕོངས་པ་བཞིན་སེམས་ཅན་གྱི་རྒྱུད་ན་སངས་རྒྱས་ཡོད་ཀྱང་སྒྲིབ་གཉིས་མ་སྤང་ན་ འཁོར་བའི་སྡུག་བསྔལ་ལས་མི་གྲོལ་བའི་ཕྱིར། དེར་ཐལ། སེམས་ཅན་གྱི་རྒྱུད་ལ་སངས་ རྒྱས་བཞུགས་ཀྱང་དེ་བསྒྲིབ་པའི་དྲི་མ་བསལ་དགོས་པའི་ཕྱིར། དཔེར་ན་ཉི་མ་སྤྲིན་གྱིས་ སྒྲིབ་པ་བཞིན་ནོ། །དགེ་སློང་བསྟན་འཛིན་རྣམ་རྒྱལ་གྱིས་འོ་ལགས་སོ་ངོ་མཚར་ཆེ་ཟེར་ནས་ བྱོན་སོང༌། ཞེས་སེར་སྐྱ་མང་ཚོགས་ཀྱི་ཡིད་ལ་འཛིན་བདེ་ཆོས་ཀྱི་དྲི་བ་དྲི་ལན་བདེ་ཆེན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་ འདི་ཡང་སློབ་བུ་རྒྱལ་མཆོག་ལ་མཁོ་ཕྱིར། ༡༩༩༧ བོད་རབ་བྱུང་བཅུ་བདུན་པའི་མེ་མོ་གླང་གི་ལོའི་ཟླ་༡ཚེས་༢༤ལ་ཕུར་བའི་ སྒྲུབ་ཆེན་སྐབས་སུ་ངག་དབང་ཡོན་ཏན་བཟང་པོས་བྲི ས་པའོ། །ཡི་གེ་པ་ངག་དབང་བརྩོན་འགྲུས་སོ། ། 7-1-204 ༄༅། །རྗེ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་ ལེའུ་འགའ་དང་རྣམ་ཐར་ཟློས་གར་གྱི་སྒྱུ་རྩལ་ཡིད་ཆེས་གསུམ་ ལྡན་ཀུན་ཉོན་ཚ་གདུང་འཕྲོག་པའི་ཆོས་སྣང་འོད་དཀར་ ཟླ་བའི་བསིལ་ཟེར་ཞེས་བྱ་བ་ བཞུགས་སོ། ། མཛའ་ཞིང་བརྩེ་བའི་དད་འདུན་གྱི་མོས་གུས་ལྡན་པའི་སྒོ་ནས་དམ་པ་གོང་མའི་རྣམ་ ཐར་དགའ་སྟོན་གྱི་འཁྲབ་སྟོན་དང༌། གླུ་གར་སོགས་ལ་གཟིགས་ཞིབ་དང་ཉན་མཁན་ འདིར་བཞུགས་རྣམ་པ་ལགས། སྤྱིར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དང་ཁྱད་པར་ རིགས་དྲུག་གི་སེམས་ཅན་ཡོད་དོ་ཅོག་དང༌། ཡང་སྒོས་གངས་ལྗོ ངས་ཀྱི་སྐྱེ་འགྲོ་རྣམ་པ་ ལགས། འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེའི་ཆུ་འཛིན་གྱི་གྲིབ་བསིལ་ལ་བརྟེན་པའི་ གངས་ཅན་སཱ་ལའི་རྐང་འཐུང་དང་སྟེང་འཐུང་གི་སྨན་ལྗོངས་རབ་ཏུ་རྒྱས་པའི་གནས་ན་བརྩེ་ དུང་གི་ཕྱག་ཟུང་མཉམ་དུ་འབྲེལ་བའི་རང་རེའི་སྤུན་ཟླ་རྣམ་པ་ལགས། རང་ཅག་གི་ཡང་ དག་པའི་མདུན་ལམ་ནི། མཉམ་མེད་བུ་རམ་ཤིང་པའི་མདོ་སྔགས་ཀྱི་བསྟན་པ་འཛིན་སྐྱོང་ སྤེལ་གསུམ་བྱེད་པ་ནི། རྒྱལ་ཚབ་བྱམས་པ་དང་འཛམ་གླིང་རྒྱན་དྲུག་རྣམས་ཀྱི་མདོ་སྔགས་ ཟུང་འབྲེལ་གྱི་དབུ་མ་གཞན་སྟོང་གི་སྲོལ་འབྱེད་རྒྱལ་བ་གཉིས་པ་ཀུན་མཁྱེན་ཤེས་རབ་ རྒྱལ་མཚན་དཔལ་བཟང་པོའི་སྐྱེས་རབས་དང༌། རྣམ་ཐར་གྱི་ཟློས་གར་འཁྲབ་སྟོན་རྣམས་ ཉིད་ཀྱི་སློབ་བུ་དམ་པ་ཀུན་སྤངས་ཆོས་གྲགས་དཔལ་གྱིས་གསུངས་པའི་སྐྱེས་རབས་ཁྱད་ 7-1-205 འཕགས་དང༌། མདོ་སྨད་གསེར་ལྡན་གྱི་དཀྱིལ་འཁོར་འདིར་སྔོན་བྱོན་རིག་འཛིན་དུ་མའི་ ལུང་གིས་ཡང་ཡང་བསྔགས་པ། ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ངེས་དོན་ རྫོགས་ལྡན་དབུ་མ་གཞན་སྟོང་གི་ལྟ་གྲུབ་སླར་ཡང་སྤེལ་བའིཕྱིར་བསམ་བཞིན་དུ་བྱོན་པ་ ངག་དབང་བློ་གྲོས་གྲགས་པའམ་མ་ཏི་ཀིརྟི་ཞེས་མཚན་སྙན་གྱི་གྲགས་པ་སྲིད་འདིར་ཁྱབ་ པ་ནི་སྨོས་མ་དགོས་པ་ལགས། ཉིད་ཀྱིས་མཛད་པའི་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་ རབས་རྣམ་ཐར་ཚིགས་བཅད་མ་ཀུན་ཉོན་ཚ་གདུང་འཕྲོག་པའི་ཆོས་སྣང་འོད་དཀར་ཟླ་བའི་ བསིལ་ཟེར་ཟུང་ལྟར་འཁྲབ་པ་དང༌། སྔོན་བྱོན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ དག་གིས་ཤུལ་བཞག་གི་རིག་གཞུང་རྗེ་བླ་མ་རྣམ་གསུམ་གྱི་བཀའ་འབུམ་རྣམ་གསུམ་ལས་ གསུངས་པའི་རིག་གནས་ཆེ་བ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་དང༌། ནང་དོན། རིག་གནས་ཆུང་བ། སྙན་ངགམངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས། རིག་གནས་ཆུང་བ་ལྔའི་རྣམ་གཞག་ལས་ཟློས་གར་རིག་པའི་རྣམ་གཞག་འགའ་ཞིག་བཏོན་ པའི་དྲིས་ལན། ཟློས་གར་རིག་པའི་གཞུང་གི་བརྗོད་བྱ་དང༌། དེའི་དར་ཚུལ་མདོར་བསྡུས་ ཤིག་གང་འདྲ་ཡིན་ནམ་ཞེ་ན། ཟློས་གར་ཞེས་པ་ནི་ལུས་ཀྱི་རྣམ་འགྱུར་དང༌། རྐང་ལག་གི་ སྟངས་སྟབས་དང༌། ངག་གི་སྨྲ་བརྗོད་དུ་མ་ཡང་ཡང་ཟློས་ཤིང་ལུས་ཀྱིས་གར་བྱེད་པས་ན་དེ་ ལྟར་བརྗོད་ཅིང༌། འདིའི་ནང་སྔོན་བྱུང་གི་ལོ་རྒྱུས་དང༌། སྒྲུང༌། གཏམ་རྒྱུད་སོགས་ཅི་རིགས་ བརྗོད་བྱར་བྱས་པ་ཟློས་གར་གྱི་གཞུང་དུ་བསྒྲིགས་ཏེ་འཁྲབ་སྟོན་གྱིས་མི་རྣམས་བློ་འགུལ་ ཐེབས་པར་བྱེད་པ་ཞིག་ཡིན་ཞིང༌། དེ་ལ་སྤྱིར་བཤད་ན་མདོ་འཛིན་པ་དང༌། རོལ་མོ་བ་ དང༌། ཆས་སུ་ཞུགས་པ་དང༌། བཞད་གད་མཁན་དང༌། ཟློས་གར་བ་བཅས་ཀྱི་ཡན་ལག་ལྔ་ ཚང་དགོས་ལ། སྔོན་ཆད་རྒྱ་གར་ཕྱོགས་སུ་ཚངས་པ་དང༌། བརྒྱ་བྱིན་ལ་སོགས་པ་ལྷའི་ཆས་ སུ་ཞུགས་པ་རྣམས་ཀྱིས་ལེགས་སྦྱར་གྱི་སྐད་དུ་གཏམ་སྨྲ་ཞིང་གླུ་ལེན་པ་དང༌། མ་ག་དྷ་ལ་ 7-1-206 སོགས་པའིགྲོང་ཁྱེར་གྱི་མི་དང་བུད་མེད་ཀྱི་ཆ་ལུགས་སུ་ཞུགས་པ་རྣམས་ཀྱིས་ཡུལ་མི་རང་ བཞིན་གྱི་སྐད་དང༌། བྲན་ཕོ་དང་བྲན་མོའི་ཆས་སུ་ཞུགས་པ་དང༌། ཅོ་འདྲི་གླེང་བ་ཕལ་ཆེ་ བ་ཟུར་ཆག་གི་སྐད་དང༌། འབྱུང་པོ་རོ་ལང་མི་མིན་སོགས་ཀྱི་ཆས་སུ་ཞུགས་པ་རྣམས་ཀྱིས་ པི་ཤ་ཙི་ཤ་ཟའི་སྐད་བཅས་ཀྱིས་གཏམ་སྨྲ་བ་གླུ་ལེན་པ་སོགས་བྱེད་པར་གསུངས་པས་སྐད་ རིགས་བཞིག་ཤེས་དགོས་པར་བརྟེན་ཡོངས་གྲགས་ཟློས་གར་ཤེས་ན་སྐད་རིགས་ལ་མི་ རྨོངས་ཞེས་བཤད་པ་ཡིན་ནོ། ། བོད་ཀྱི་ཡུལ་འདིར་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་འཇིག་རྟེན་ཀུན་ཏུ་དགའ་བའི་ ཟློས་གར་དང༌། དཔལ་དགའ་བའི་ལྷས་མཛད་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་སོགས་ སྔོན་ནས་བོད་སྐད་དུ་བསྒྱུར་ཡོད་ལ། བོད་རང་གི་མཁས་པ་དག་གིས་འདུལ་བ་ལུང་ན་ མཆིས་པའི་ནོར་བཟང་གི་སྐྱེས་རབས་ལ་གཞི་བྱས་ནས་ཆོས་རྒྱལ་ནོར་བཟང་གི་ཟློས་གར་ དང༌། མ་ཎི་བཀའ་འབུམ་གྱི་སྤྱན་རས་གཟིགས་ཀྱི་སྐྱེས་རབས་ཞིག་ལ་གཞི་བྱས་ནས་དྲི་ མེད་ཀུན་ལྡན་གྱི་ཟློས་གར་བཟོས་པ་དང༌། དེ་བཞིན་དུ་པཎ་ཆེན་བློ་བཟང་ཡེ་ཤེས་སྐུ་ན་ གཞོན་པའི་དུས་སུ་སྐྱེས་རབས་དྲན་ཚུལ་གསུངས་པ་ལ་གཞི་མཛད་དེ་སྲས་དོན་ཡོད་དང་ དོན་གྲུབ་ཀྱི་ཟློས་གར་དང༌། སྟག་ཕུ་གར་གྱི་དབང་ཕྱུག་གིས་སྐུ་གཞོན་ནུའི་དུས་སུ་སྐྱེས་ རབས་དྲན་ཚུལ་གསུངས་པར་བརྟེན་ནས་བྱ་མགྲིན་སྔོན་ཟླ་བའི་ཟློས་གར་བཟོས་པ་དང༌། བཀའ་ཆེམས་ཀ་ཁོལ་མ་དང༌། མ་ཎི་བཀའ་འབུམ་ལ་བརྟེན་ནས་རྒྱལ་པོ་སྲོང་བཙན་སྒམ་ པོའི་ཟློས་གར་བཟོས་པ་དང༌། གཞན་ཁྲིསྲོང་ལྡེ ་བཙན། སེང་ཆེན་ནོར་བུ་དགྲ་འདུལ་སོགས་ ཀྱི་ཟློས་གར་ཡང་ཁྱབ་ཆེ་ལ། ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་ དཔལ་བཟང་པོའི་རྣམ་ཐར་སྐྱེས་རབས་ཁྱད་འཕགས་སློབ་བུ་དམ་པ་བཙུན་པ་ཀུན་སྤངས་ ཆོས་གྲགས་དཔལ་གྱིས་གསུངས་དང༌། ཀུན་མཁྱེན་རྟོན་པ་བཞི་ལྡན་ཤེས་རབ་རྒྱལ་མཚན་ 7-1-207 དཔལ་བཟང་པོའི་སྐྱེས་རབས་རྣམ་ཐར་ཚིགས་བཅད་མ་ཀུན་ཉོན་ཚ་གདུང་འཕྲོག་པའི་ཆོས་ སྣང་འོད་དཀར་ཟླ་བའི་བསིལ་ཟེར་ཞེས་བྱ་བ་མདོ་སྨད་འཛམ་ཐང་དགོན་ཆེན་གྱི་མཁན་ ངག་དབང་བློ་གྲོས་གྲགས་པའམ་མ་ཏི་ཀིརྟིས་གསུངས་པ་ལྟར་འདིར་ཟློས་གར་འཁྲབ་སྟོན་ དང༌། ཁྱད་པར་དུ་ད་ལྟའི་དཔྱོད་ལྡན་མི་ཉུང་བ་ཞིག་གིས་སྔར་ཡོད་ཀྱི་སྟེང་རྒྱ་ནག་དང༌། ཕྱི་ གླིང་བའི་ཟློས་གར་གྱི་སྒྱུ་རྩལ་ལེགས་ཆ་ཚུར་བསྡུས་ནས་བོད་རང་ལ་ཁྱད་ཆོས་ལྡན་པའི་ ཟློས་གར་གྱི་བསྟན་བཅོས་ཀྱང་མང་པོ་ཞིག་མཛད་པ་དང་མཛད་མུས་སུ་འདུག་གོ ། དེ་ལས་རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་རྟོན་པ་ བཞི་ལྡན་གྱི་སྐྱེས་རབས་ལེའུ་འགའི་ཟློས་གར་དང༌། རྣམ་ཐར་ཆེན་མོའི་ཟློས་གར་སྒྱུ་རྩལ་ འཁྲབ་པའི་ཐོག་མར་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བར་བྱེད་པའི་གསོལ་ འདེབས་བརྗོད་པར་བྱ་བ་སྟེ། ཆོས་སྐུ་དོན་དམ་དབྱིངས་ཡེ་ཟུང་འཇུག་བདག །གཟུང་འཛིན་ ཀུན་བྲལ་བདེ་ཆེན་བྱང་ཆུབ་གླིང༌། །སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་མགོན། །འབད་མེད་ངང་ལས་གྲོལ་རྒྱུད་རྟག་འཆར་བ། །གདུལ་བྱ་རབ་འབྲི ང་ཐ་མར་གང་གྱུར་ཚད། །ངོ་མཚར་སྒྱུ་མའི་བཀོད་བཟང་འཛད་མེད་པ། །དུས་ལས་ཡོལ་མིན་ཐུགས་རྗེ་ཅི་འོས་འཇུག །དེང་སྐབས་དེ་ལུགས་དང་མཐུན་མཛད་བཟང་སྩོལ། །དམ་པ་དང་པོའི་སངས་རྒྱས་རིགས་ ཀུན་བདག །རྒྱལ་ཀུན་སྤྲུལ་གཞི་ཁྱབ་བདག་རྡོ་རྗེ་འཆང༌། །གང་རྣམ་གཉིས་ལ་གུས་པས་ སྐྱབས་གསོལ་ན། །བར་ཆད་ཀུན་སོལ་ཆོས་མཐུན་འགྲུབ་བྱིན་རློབས། །དང་པོའི་སངས་ རྒྱས་དཔལ་མཆོག་དུས་འཁོར་ལོ། །བསྟན་པའི་བདག་པོ་ཤཱཀྱ་ཐུབ་དབང་ཞབས། །གང་རྣམ་ གཉིས་ལ༴ བདེ་ཆེན་ཞིང་གཙོ་འོད་དཔག་མེད་མགོན་དང༌། །རྒྱལ་ཀུན་བརྩེ་གཟིགས་བཅུ་ གཅིག་ཞལ་བཟང་ལྡན། །གང་རྣམ་གཉིས་ལ༴ བརྩེ་ཆེན་སྤྱན་རས་གཟིགས་དབང་ཕྱག་བཞི་ པ། །ཁ་སར་པ་ཎི་སྙིང་རྗེའི་གཏེར་གྱི་བདག །གང་རྣམ་གཉིས་ལ༴ དྲང་སྲོང་ཆེན་པོ་པདྨའི་ 7-1-208 ཕྲེང་བ་དང༌། །བདེ་གཤེགས་སངས་རྒྱས་ཆོས་ཀྱི་སྣང་བའི་མཚན། །གང་རྣམ་གཉིས༴ རྒྱལ་ བུ་རིན་ཆེན་འབྱུང་གནས་མཛད་རབ་ཆེ། །བདེ་བར་གཤེགས་པ་རྣམ་འདྲེན་མངོན་འཕགས་ རྒྱལ། །གང་རྣམ་གཉིས༴ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་རྗེ། །ཆོས་ཀྱི་རྒྱལ་ པོ་བརྩོན་འགྲུས་ཆེན་པོའི་ཀླུ །། གང་རྣམ་གཉིས༴ གླིང་བཞི་ལ་དབང་འཁོར་ལོས་བསྒྱུར་ རྒྱལ་མཆོག །ལི་ཙ་གཞོན་ནུ་ཀུན་གྱི་མཐོང་ན་དགའ། །གང་རྣམ་གཉིས༴ ཉན་ཐོས་ཚུལ་ འཛིན་བྱང་སེམས་བློ་འཆང་མཚན། །སྤྲུལ་པའི་ཅང་ཤེས་རྟ་རྒྱལ་བྷ་ལ་ཧ། །གང་རྣམ་གཉིས་ ལ༴ འཕགས་རིགས་རི་དྭགས་རུ་རུ་ཞེས་པའི་གཟུགས། །དགྲ་བཅོམ་འཕགས་པ་རྒྱལ་བུ་ པར་ཙི་ཀ །གང་རྣམ་གཉིས༴ རྒྱལ་སྲས་འཇིག་རྟེན་དབང་ཕྱུག་མཚན་མཆོག་ལྡན། །བསོད་ ནམས་རབ་ལྡན་མི་རྗེ་དབང་ཕྱུག་ཚུལ། །གང་རྣམ་གཉིས༴ འོད་ཟེར་བཟང་པོ་ཆོས་རྒྱལ་རྗེ་ དབང་མཆོག །རྨ་བྱ་མཛེས་ལྡན་རོལ་བའི་གར་བསྒྱུར་བ། །གང་རྣམ་གཉིས་ལ༴འཕགས་པ་ མཛེས་པའི་བློ་གྲོས་སྲུང་སྡོམ་ཆེ། །རྒྱལ་སྲས་སེམས་དཔའ་མཛེས་པའི་གཟུགས་རབ་ལྡན། །གང་རྣམ་གཉིས་ལ༴ གླང་ཆེན་ཕྲུ་གུ་སྟོབས་རྒྱན་ཆོས་སྨྲ་མཁན། །ཆོས་སྟོན་བྱ་མཆོག་ངང་ བའི་གཟུགས་ལྡན་པ། །གང་རྣམ་གཉིས༴ རྒྱལ་བུ་ཆེན་པོ་སྤོས་ཀྱི་གླང་པོའི་མཚན། །ཉན་ ཐོས་ཚུལ་འཆང་མཛེས་པའི་གཟུགས་བཟང་བ། །གང་རྣམ་གཉིས༴ དགེསློང་ཟླ་བའི་བློ་གྲོས་ བསླབ་གསུམ་མཆོག །རྒྱལ་སྲས་སེམས་དཔའ་ཆེན་པོ་མྱ་ངན་མེད། །གང་རྣམ་གཉིས༴ ཟླ་ བའི་རྒྱལ་མཚན་དེ་བཞིན་གཤེགས་སངས་རྒྱས། །འཁོར་ལོས་བསྒྱུར་རྒྱལ་ནོར་བུའི་ཕྲེང་བ་ བསྣམས། །གང་རྣམ་གཉིས༴ འཛམ་གླིང་མཛེས་རྒྱན་འཕགས་པ་ཀླུ་སྒྲུབ་ཞབས། །རིགས་ ལྡན་པད་དཀར་འཛིན་པ་ཆོས་ཀྱི་རྒྱལ། །གང་རྣམ་གཉིས༴ བྱང་ཆུབ་སེམས་དཔའ་ཆེན་པོ་ ཆོས་ཀྱི་འཕགས། །གངས་ལྗོ ངས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞབས། །གང་རྣམ་གཉིས༴ གསང་སྔགས་སློབ་དཔོན་པདྨ་འབྱུང་གནས་རྗེ། །འབྲི ་གུང་སྐྱོབས་པ་འཇིག་རྟེན་གསུམ་ 7-1-209 གྱི་མགོན། །གང་རྣམ་གཉིས༴ བྱང་སེམས་ཡོན་ཏན་མཐའ་ཡས་ཀླུ་རྒྱལ་རྗེ། །འཛམ་གླིང་ འཁོར་ལོས་བསྒྱུར་རྒྱལ་ས་ཐུལ་རྗེ། །གང་རྣམ་གཉིས་ལ༴ འཁོར་ལོས་སྒྱུར་བ་དྷརྨ་ཨ་ཤྭ་ཀ །རྒྱལ་བུ་མུ་ཏིག་གི་ནི་སྙིང་པོའི་མཚན། །གང་རྣམ་གཉིས༴ འཛམ་གླིང་འཁོར་ལོས་སྒྱུར་རྒྱལ་ སྙིང་རྗེའི་སྤྲིན། །བསིལ་ལྗོ ངས་ཀུན་མཁྱེན་རྟོན་པ་བཞི་ལྡན་ཆེ། །གང་རྣམ་གཉིས༴ སངས་ རྒྱས་ཡེ་ཤེས་འབྱུང་གནས་འོད་ཟེར་དཔལ། །དགའ་ལྡན་བཞུགས་པ་ལྷ་བརྒྱའི་གཙུག་གིས་ མཆོད། །གང་རྣམ་གཉིས༴ ལྷག་པའི་ལྷ་མཆོག་ཟུར་ཕུད་ལྔ་པའི་སྐུ། །གངས་ཅན་ལྷར་གྱུར་ གྲུ་འཛིན་རི་ལ་དགྱེས། །གང་རྣམ་གཉིས་ལ༴ སངས་རྒྱས་ཀུན་དངོས་ཀུན་མཁྱེན་ཆོས་ཀྱི་རྗེ། །ཐུགས་སྲས་ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ། །གང་རྣམ་གཉིས༴ ཇོ་ནང་ལོ་ཙཱ་ཆེན་པོ་ བློ་གྲོས་དཔལ། །ཀུན་མཁྱེན་གཉིས་པ་ཕྱོགས་ལས་རྣམ་རྒྱལ་བ། །གང་རྣམ་གཉིས་ལ༴ ས་ བཟང་མ་ཏི་པཎ་ཆེན་དཔལ་བཟང་མཚན། །འབྲི ་གུང་གནས་བཞུགས་ལོ་ཙཱ་མ་ཎི་ཀ །གང་ རྣམ་གཉིས༴ ཞང་སྟོན་རྒྱ་བོ་བསོད་ནམས་གྲགས་པའི་མགོན། །སྨན་ཆུ་ཁ་བ་བློ་གྲོས་རྒྱལ་ མཚན་མཆོག །གང་རྣམ་གཉིས་ལ༴ རྒྱལ་བའི་སྲས་པོ་རིན་ཚུལ་ཟླ་བྲལ་བ། །ཀུན་མཁྱེན་ གསུམ་པ་ཉ་དབོན་དཔལ་བཟང་རྗེ། །གང་རྣམ་གཉིས༴ གྷ་རུང་ལྷ་ཡི་རྒྱལ་མཚན་མཁས་ པའི་དཔལ། །འགྲོ་འདྲེན་ཕུན་ཚོགས་དཔལ་བཟང་ཐུགས་ཀྱི་སྲས། །གང་རྣམ་གཉིས་ལ༴ ཐང་བོ་ཆེ་བ་ཀུན་དགའ་འབུམ་ཞེས་གྲགས། །ཐང་ཆུང་བློ་གྲོས་དཔལ་གྱི་མཚན་སྙན་རྒྱས། །གང་རྣམ་གཉིས་ལ༴ མཚན་མིན་བསོད་ནམས་བཟང་པོ་ཞེས་བྱར་གྲགས། །ཀུན་མཁྱེན་ སླར་བྱོན་རྗེ་བཙུན་སྒྲོལ་བའི་མགོན། །གང་རྣམ་གཉིས་ལ༴གཞན་ཡང་བརྒྱུད་འཛིན་དཔལ་ ལྡན་བླ་མའི་ཚོགས། །ཡི་དམ་རབ་འབྱམས་སྐྱབས་མཆོག་རིན་ཆེན་གསུམ། །དེ་རྣམས་ ལའང་གུས་པས་སྐྱབས་གསོལ་ན། །བར་ཆད་ཀུན་སེལ་ཆོས་མཐུན་འགྲུབ་བྱིན་རློབས། །མཁའ་འགྲོ་ཆོས་སྐྱོང་བསྟན་སྲུང་རྒྱ་མཚོ་རྣམས། །དེ་དག་གནས་ལུགས་གཤིས་སུ་གདོད་ 7-1-210 ནས་བཞུགས། །དེ་རྣམས་ལའང༴ སྤྲོས་བྲལ་མི་རྟོག་བསམ་མེད་རང་གསལ་གྱིས། །མན་ ངག་ཟབ་མོས་རང་སེམས་གནད་དུ་འབྱོར། །མཐའ་བྲལ་དབུ་མ་ཆེན་པོའི་རང་ལུགས་འདི། །ཇི་བཞིན་དགོངས་ཆུབ་ངེས་གསང་རྗེན་ཆར་ཤོག །དེ་བར་གནས་སྐབས་ཀུན་ཏུ་མཐུན་པའི་ རྐྱེན། །འབད་མེད་ངང་འགྲིག་ཕྱི་ནང་གསང་བ་ཡི། །བར་ཆད་མཐའ་དག་སྐུ་གསུམ་ལྷུན་ གྲུབ་ཀྱིས། །གང་ལ་གེགས་བྲལ་ཕ་མཐར་ཕྱིན་གྱུར་ཅིག །ཅེས་པའི་བར་བྱ། ཀུན་མཁྱེན་ རིན་པོ་ཆེའི་གསོལ་འདེབས། ཆོས་འཁོར་གསུམ་གྱི་དགོངས་པ་ཇི་བཞིན་མཁྱེན། །རྒྱུད་སྡེ་ བཞི་ཡི་དེ་ཉིད་ཐུགས་སུ་ཆུད། །འགྲོ་བ་ཀུན་ལ་མ་ནོར་ལམ་སྟོན་པའི། །ཀུན་མཁྱེན་ཆོས་ཀྱི་ རྗེ་ལ་གསོལ་བ་འདེབས། །ལན་གསུམ། དངོས་གྲུབ་འབྱུང་གནས་ཀུན་མཁྱེན་ཆོས་ཀྱི་རྗེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་ དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ལན་གསུམ་བརྗོད་མཐར། འཁྲབ་ཚན་དང་པོ། ད་ལྟ་ང་ཚོའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་ལྡན་སྤྲུལ་པའི་སྐུ་ཆེན་ པོ་རྗེ་ཇོ་ནང་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ནི། བདག་ཅག་གི་སྟོན་ པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་རྣམས་ལ་ལུང་བསྟན་པ་དང༌། ཡུམ་སྐྱིད་སྟེང་ རྒྱལ་པོའི་སྲས་མོ་ཚུལ་ཁྲིམས་རྒྱན་གྱི་ལྷུམས་སུ་ཞུགས་པ་དང༌། དེ་ཡང་རྨི་ལམ་གྱི་རྟགས་ མཚན་མཛད་ཚུལ་དང༌། ཡབ་ཡེ་ཤེས་དབང་ཕྱུག་གི་ཐུགས་ཤིན་ཏུ་དགྱེས་ནས་བསྟོད་སྨོན་ དང༌། ཁོང་སྐུ་བལྟམས་ནས་ཆོས་འཆད་པ་སོགས་ཀྱིས་མཛད་སྒོའི་འཁྲབ་སྟོན་ལ་གཟིགས་ པར་ཞུ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། བཅོམ་ལྡན་འདས་ལྷོ ཕྱོགས་འདབ་བཟང་ ཟིལ་གྱི་རིར་བྱོན་སྐབས་སུ། ལྷའི་བུ་རྣམས་ཀྱིས་མེ་ཏོག་སིལ་མ་གཏོར་ནས། ཚིག་འདི་སྐད་ དུ། ཀྱེ ་མ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། འཕགས་པ་དཀོན་མཆོག་ 7-1-211 སྤྲིན་གྱི་མདོ་འདི་ལྟ་བུ་འཆང་བའི་དགེ་སློང་ཅི་འདྲ་བ་ཞིག་འབྱུང་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་བསྩལ་པ། ང་ནི་མྱ་ངན་འདས་ནས་རིང་ཞིག་མཐར། །ཆོས་ལ་ཡིད་མི་ཆེས་པ་མང་འབྱུང་སྐབས། །ང་ཡི་གཞོན་ནུ་ལི་ཙ་བཱི་འདི་ཉིད། །འོད་སྲུང་ཆེན་པོ་དང་འདྲའི་དགེ་སློང་ཞིག །དེ་བཞིན་ གཤེགས་དང་མིང་མཐུན་ལེགས་འབྱུང་སྟེ། །དེ་ཡང་ལྷོ་ཕྱོགས་རྒྱུད་དུ་དོལ་པོ་ཞེས། །བྱ་བའི་ ཡུལ་འཁོར་དེ་ན་ཀ་ཡོ་རི། །བསོད་ནམས་ལྡན་པའི་གྲོང་ཁྱེར་བྱེ་ཆེན་པོ། །འབབ་ཆུ་མཛེས་ སྦྱོར་བྱང་གི་ཕྱོགས་གནས་པར། །དེ་བཞིན་གཤེགས་རིགས་སྐྱེས་བུ་གང་འཁྲུངས་དེས། །དམ་པའི་ཆོས་ཕྱིར་རང་སྲོག་གཏོང་ཐུབ་ཅིང༌། །བྱ་དཀའི་གནས་ལ་འཇུག་པ་མི་ལྷོ ད་པར། །རྒྱ་ཆེན་ཡོན་ཏན་མཆོག་གི་དཔལ་འགྱུར་རོ། །ཞེས་གསུངས་སོ། །ལགས་སོ། ། དེ་ནས་སྐུ་འཁྲུངས་ཡུལ་ནི་མངའ་རིས་ཀྱི་ས་ཆ་དོལ་པོའི་གླིང་སྟེང་ཀ་ཡོ་རི་ཞེས་ཀེ་ལ་ ཤ་ལྟར་དཀར་ལ་མཐོ་བའི་སྟེང་ན་ཁང་བཟང་རྣམ་དཀར་རོལ་བ་ཞེས་བྱ་བ། དེ་ཡང་མཐའ་ བསྐོར་དུ་ཆུ་དང་ལྗོ ན་ཤིང༌། དུ་མས་བསྐོར་བ་མཛེས་པའི་བྱ་སྣ་ཚོགས་ཀྱིས་སྐད་སྒྲ་སྒྲོགས་ པ། བདེ་བ་ལོ་ལེགས་པ་འབྱོར་བ་རྒྱས་པ། ཡུམ་གྱི་ཉམས་མྱོང་དུ་མ་དང་སེམས་ཅན་གྱི་དོན་ དུ་བྱང་ཆུབ་སེམས་དཔའ་མངལ་སྐྱེས་མཛོད། ཡུལ་གྱི་རྨི་ལམ་གྱིས་སྐབས་སུ་ལྷ་མོ་རྣམས་ ཀྱིས་བསྟོད་པ། ཀུན་མཁྱེན་ཆོས་དབྱིངས་དག་པའི་ནམ་མཁའ་ལ། །གཟུགས་སྐུ་རྟ་བདུན་ རྒྱལ་པོ་ཉི་མ་ཤར། །གླིང་བཞིར་ཆོས་ཀྱི་འོད་ཟེར་ཁྱབ་མཛད་པ། །བསྟན་པའི་སྒྲོན་མའི་ ཞབས་ལ་ཕྱག་འཚལ་ལོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །ཡུམ་གྱི་རྨི་ལམ་བཟང་ སྟེ་ཡབ་ཡེ་ཤེས་དབང་ཕྱུག་གི་དྲུང་དུ་ཕྱིན་ནས་ཞུས་པ། ལྷུམས་སུ་ཞུགས་སྐབས་ཆོས་ཀྱི་སྒྲ་ བྱུང་ཞིང༌། །ཡི་གེ་དྲུག་མའི་འོད་འཆར་ཡུམ་རང་གི །རྨི་ལམ་གསལ་བར་རང་ལུས་གཞལ་ ཡས་ཁང༌། །དེ་ལ་སྤྱན་རས་གཟིགས་དབང་བཞུགས་པ་དང༌། །རུམ་དུ་མར་མེ་ཆེས་འོད་ 7-1-212 གསལ་བ་ལས། །འོད་ཟེར་སྣ་ཚོགས་ཕྱོགས་ཀུན་ལེགས་འཕྲོ་བ། །ལྷ་མོ་ཉིད་ལ་ལྷ་མང་ སྐོར་བྱེད་རྨིས། །ཞེས་གསུངས། ཡབ་ཀྱི་ཞལ་ནས། ཆོས་ཀྱི་སྒྲ་འབྱུང་ཡི་གེ་དྲུག་མའི་འོད། །ལྟ་བ་མ་ནོར་ཐེག་པའི་མཆོག་འཛིན་རྟགས། །རང་ལུས་སྤྱན་རས་གཟིགས་དབང་བཞུགས་ པ་འདི། །པདྨ་དཀར་པོའི་ལོ་འབྲས་སྨིན་པའི་རྟགས། །རུམ་གྱི་འོད་གསལ་འོད་ཟེར་ཕྱོགས་ ཀུན་འཕྲོ། །བསྟན་པ་ཡུན་རིང་མཐའ་རུ་རྒྱས་པའི་རྟགས། །ལྷ་མང་སྐོར་བྱེད་ལུས་ལ་བདེ་ ཉམས་ལྡན། །བརྒྱུད་འཛིན་བཟང་དང་ལྟ་བ་ཀློང་རྡོལ་རྟགས། །ཞེས་གསུངས་སོ། །སྲིང་མོ་ དང་གཅུང་པོ་རྣམས་ཀྱིས་རྨི་ལམ་བཟང་པོ་རྨིས་པ་འདི་ལྟར་ཞུས་པ། ང་ཡིས་རྨི་ལམ་མར་མེ་ གཅིག་བལྟམས་ནས། །བོད་ཁམས་ཐམས་ཅད་གསལ་བར་བྱེད་པ་རྨིས། །ཞེས་དང༌། ང་ ཡིས་རྨི་ལམ་ཉི་མ་གཅིག་ཤར་བ། །འཛམ་གླིང་ཀུན་ལ་འོད་གསལ་ཁེབ་པ་རྨིས། །ཞེས་དང༌། ང་ཡིས་རྨི་ལམ་བསྟན་པའི་བ་དན་ཕྱར། །སངས་རྒྱས་བྱང་སེམས་དེ་ལ་དགྱེས་པ་རྨིས། །ཞེས་ དང༌། གཅུང་པོས། ངེད་ཀྱིས་རྨི་ལམ་དུང་དཀར་གཅིག་འབུད་སྒྲས། །སུམ་ལྡན་མར་བཅད་ ཆོས་ལ་འགོད་པ་རྨིས། །ཞེས་གསུངས་སོ། །ཡབ་ཀྱི་ཞལ་ནས་བསྟོད་སྨོན་བྱ། རྨི་ལྟས་སྣ་ ཚོགས་རྟེན་འབྲེལ་ལེགས་པ་འདི། །སངས་རྒྱས་སྤྲུལ་པའི་སྲས་གཅིག་ཡིན་པར་ངེས། །འགྲོ་ བའི་མུན་སེལ་ནམ་མཁའི་ནོར་བུ་ཞིག །རང་ཅག་རྣམས་ལ་བསོད་ནམས་སྐལ་བར་ལྡན། །ཕན་བདེ་འབྱུང་གཞི་རྒྱལ་བསྟན་སྤྱི་བོས་བཀུར། །འབྱོར་བ་གང་ཡོད་བསྟན་པའི་ཞབས་ ཏོག་འབུལ། །ལུས་ངག་ཡིད་གསུམ་ཆོས་ཀྱི་བྲན་དུ་བཀོལ། །ཚེ་རབས་ཀུན་ཏུ་དེ་ལྟར་སྤྱོད་ པར་ཤོག །ཅེས་གསུངས་སོ། །དེ་ནས་ཁྱེའུ་དཀར་ལ་དྭངས་པ་ཤིན་ཏུ་མཛེས་པ་གཅིག་སྐུ་ བལྟམས་སོ། །སྐུ་བལྟམས་མ་ཐག་ཏུ་ཚིག་འདི་སྐད་གསུངས། མདོ་དོན་མཐར་ཐུག་གཞན་ སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོརྗེ་རྣལ་འབྱོར་གྱིས། །ལྟ་སྒོམ་འབྲེལ་བའི་ལམ་ གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །ཅེས་གསུངས་སོ། 7-1-213 །ལགས་སོ། ། ༈ འཁྲབ་ཚན་གཉིས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་ལྡན་སྤྲུལ་པའི་སྐུ་ཆེན་ པོ་རྗེ་ཇོ་ནང་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ནི། མཁས་བཙུན་ཡོན་ ཏན་རྒྱ་མཚོའི་རྒྱལ་ཚབ་ཏུ་ཆོས་རྗེ་བཞུགས་དགོས་པའི་ཞུ་བ་དང༌། ཁོང་གི་ཐུགས་ཀྱི་བཞེས་ ནས་རྗེས་སུ་ཡི་རང་སྟེ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་ལྷ་རྟེན་མཆོད་ཆ་སོགས་ཕུལ་བས་ ཐམས་ཅད་དགའ་སྤྲོའི་ངང་བྲོ་གར་གྱི་འཁྲབ་སྟོན་ལ་གཟིགས་པར་ཞུ། དེ་ལ་ཐོག་མར་ མཁས་བཙུན་ཡོན་ཏན་རྒྱ་མཚོའི་སྨྲས་པ། ཆོས་སྐུ་དོན་དམ་སངས་རྒྱས་དགོངས་ཆེན་དང༌། །རང་སྣང་ཡེ་ཤེས་རོལ་བ་ཟད་མེད་དཔལ། །རབ་དཀར་ཆེས་མཆོག་དགེ་བ་དྲི་བྲལ་ཚོགས། །མཁས་བཙུན་ཡོན་ཏན་རྒྱ་མཚོ་ང་ཡིན་ནོ། །ཞེས་གསུངས་སོ། །བཞུགས་གདན་ཞུ། སྤོས་ འབུལ་བྱ་སྟེ། སྔགས་སྤེལ་མཆོད་སྤྲིན་རྒྱ་མཚོ། །ཟག་མེད་དགྱེས་བསྐྱེད་ཕུན་ཚོགས། །ཀུན་ མཁྱེན་ཡབ་སྲས་བཅས་ལ། །དྭངས་པས་མཆོད་པ་འབུལ་ལོ། །ཡིད་སྤྲུལ་མཆོད་པའི་ལྷ་མོ། །མཆོད་ཡོན་ཞབས་བསིལ་མེ་ཏོག །ཀུན་མཁྱེན༴ དྭངས་པས༴ སོགས་འགྲེས། བདུག་སྤོས་ སྣང་གསལ་དྲི་ཆབ། །ཞལ་ཟས་རོལ་མོ་དང་བཅས། །ཀུན་མཁྱེན༴ དྭངས་པས༴ གཞན་ཡང་ རྒྱལ་སྲིད་སྣ་བདུན། །བཀྲ་ཤིས་རྫས་རྟགས་བརྒྱད་པོ། །ཀུན་མཁྱེན༴ དྭངས་པས༴ རང་སྣང་ གཞན་སྣང་ཉག་གཅིག །སྲས་བཅས་མཁའ་དབྱིངས་ཁྱབ་པའི། །ཏིང་འཛིན་བདུད་རྩིའི་ རྒྱ་མཚོ། །དྭངས་བས་མཆོད་པ་འབུལ་ལོ། །རྒྱུ་སྐར་ཟླ་རྒྱས་བཞིན་དུ། །ཀུན་མཁྱེན་ཡབ་ སྲས་དང་བཅས། །ལྟ་བའི་ང་རོ་བསྒྲགས་པས། །ཕས་རྒོལ་འཇོམས་ལ་གུས་བསྟོད། །ཅེས་ དང༌། གསོལ་ཇ་བཞེས། ཇ་མཆོད་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། །མཁའ་ འགྲོ་ཆོས་སྐྱོང་དམ་ཅན་ནོར་ལྷ་སོགས། །ཀུན་འདུས་ཀུན་མཁྱེན་ཡབ་སྲས་བརྒྱུད་འཛིན་ལ། །བདུད་རྩི་ཇ་ཡི་མཆོད་པ་དགྱེས་པར་རོལ། །ཞེས་དང༌། རྗེ་ཡོན་ཏན་རྒྱ་མཚོའི་ཆོས་རྗེ་ལ་ 7-1-214 ཆོས་འཁོར་བསྐོར་བསྐུལ་ནི། སྟོན་འཁོར་གཉིས་མེད་ཡང་དག་ཆོས་ཟབ་རྒྱུན། །ཀུན་ནས་ ཆད་མེད་འཁོར་བ་ཇི་སྲིད་དུ། །བསམ་མི་ཁྱབ་པའི་དགེ་མཚན་རྟག་འབར་བ། །ནམ་ཡང་ རིས་སུ་བྲལ་བར་གཤིས་ལུགས་སྐྱོངས། །ཞེས་གསུངས་སོ། །ཐུགས་ཀྱིས་བཞེས་ནས་ཆོས་ རྗེའི་ཞལ་ནས། ལོངས་སྤྱོད་རྫོགས་སྐུའི་བཀོད་ཆེན་ངོ་མཚར་བ། །ས་བཅུའི་སེམས་དཔའི་ འཁོར་ལ་ཟབ་གསང་འགྱེད། །རྟག་པར་བསོད་ནམས་བསག་སྒོ་མཆོག་གི་ཕུལ། །ཁྱད་པར་ འཕགས་པའི་མཛད་ཆེན་ཡི་རང་ངོ༌། །ཞེས་གསུངས་སོ། །དགའ་སྤྲོ་ཕུལ། མཁས་བཙུན་ ཡོན་ཏན་རྒྱ་མཚོའི་ཆོས་རྗེ་ལ། ད་ནི་ཆོས་རྗེ་ཀུན་སྤངས་ནས་བླ་རབས་གསུམ་ཡན་གྱི་ལྷ་ རྟེན་མཆོད་ཆ་ཕྱག་དཔེ་རྡོར་དྲིལ་རུས་རྒྱན་ཀ་པཱ་ལ་དར་གདུགས་སོགས་ལེགས་པར་ཕུལ་ ལོ། །བསྟོད་པ་ནི། ཡོན་ཏན་རྒྱ་མཚོས། དཔལ་ལྡན་ཡེ་ཤེས་འཁོར་ལོ་མི་ཟད་གཏེར། །རང་བྱུང་གདོད་ནས་དང་པོའི་སངས་ རྒྱས་ཉིད། །རྟག་བརྟན་ཐེར་ཟུག་ཀུན་ཁྱབ་རྣམ་ཀུན་བདག །ཡེ་བཞུགས་ཐོག་མའི་མགོན་ ལ་གུས་པས་བསྟོད། །ཅེས་གསུངས་སོ། །ལགས་སོ། །ཡར་བཞེངས་ཤིག ༈ འཁྲབ་ཚན་གསུམ་པ། ཇོ་ནང་པ་ཆེན་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་ བཟང་པོ་དང༌། བུ་ཆེན་རྣམས་ཀྱི་ངོ་སྤྲོད། དེ་ཡང་ཁོང་གི་ཆོས་འཆད་པའི་ཀུན་མཁྱེན་ཕྱོགས་ ལས་རྣམ་རྒྱལ་དང་ཉ་དབོན་པ་རྣམ་གཉིས་ཀྱིས་ཐུགས་ཤིན་ཏུ་དགྱེས་ནས་བསྟོད་པ་རེ་དང༌། ཐམས་ཅད་དགའ་སྤྲོའི་ངང་བྲོ་འཁྲབ་པ་དང༌། ཐུགས་རྟེན་བཞེངས་དགོས་པའི་མཛད་ཚུལ། དེ་ཡང་ཐུགས་རྟེན་གྱི་གཟུངས་གཞུག་དྲིལ་པའི་དུས་སུ་ནམ་མཁའ་ནས་སྒྲ་གྲགས་པ་རྣམས་ ཀྱི་འཁྲབ་སྟོན་ལ་གཟིགས་པར་ཞུ། ཆོས་རྗེའི་ཞལ་ནས། ཡང་དག་ཆོས་ཉིད་ཀུན་ནས་ མཁྱེན་པའི་སྤྱན། །ཤེས་རབ་ཟབ་མོས་རྒྱལ་དགོངས་མཐར་ཐུག་གཟིགས། །བཀའ་བསྡུ་ བཞི་པའི་རྒྱལ་མཚན་ལེགས་བསྒྲེངས་མཁན། །རྫོགས་ལྡན་ཆོས་དཔལ་བཟང་པོ་ང་ཡིན་ 7-1-215 ནོ། །ཞེས་གསུངས་སོ། བུ་ཆེན་བཅུ་བཞི་ངོ་སྤྲོད་བྱ་སྟེ། འཇིག་རྟེན་མིག་གཅིག་མཁྱེན་རྩལ་ རྫོགས། །ཆོས་གྲགས་དཔལ་བཟང་ང་ཡིན་ནོ། །ཞེས་དང༌། ཇོ་ནང་ལོ་ཙཱ་བསྟན་པའི་བདག །བློ་གྲོས་དཔལ་བཟང་ང་ཡིན་ནོ། །ཞེས་དང༌། མདོ་སྔགས་རྒྱ་མཚོ་མཁྱེན་པའིརྗེ། །ཕྱོགས་ ལས་རྣམས་རྒྱལ་ང་ཡིན་ནོ། །ཞེས་དང༌། གངས་ཅན་བསྟན་པའི་སྲོག་ཤིང་རྗེ། །ས་བཟང་ པཎ་ཆེན་ང་ཡིན་ནོ། །ཞེས་དང༌། ལུང་རྟོགས་མཁྱེན་པའི་སྐྱབས་མགོན་རྗེ། །མ་ཎི་ཀ་ཤྲཱི་ང་ ཡིན་ནོ། །ཞེས་དང༌། བསོད་ནམས་དཔལ་གྱི་རྒྱལ་པོ་རྗེ། །ཞང་སྟོན་རྒྱ་བོ་ང་ཡིན་ནོ། །ཞེས་ དང༌། ངེས་དོན་བསྟན་པའི་མཛེས་རྒྱན་རྗེ། །སྨན་ཆུ་ཁ་བ་ང་ཡིན་ནོ། །ཞེས་དང༌། རྒྱལ་བའི་ སྲས་པོ་ཟླ་བྲལ་རྗེ། །རིན་ཆེན་ཚུལ་ཁྲིམས་ང་ཡིན་ནོ། །ཞེས་དང༌། ཤེས་རབ་རིག་པའི་རལ་ གྲི་རྗེ། །ཉ་དབོན་དཔལ་བཟང་ང་ཡིན་ནོ། །ཞེས་དང༌། སྦྱར་ངག་གནམ་ལྕགས་ཐོག་གི་ཟླ། །གྷ་རུང་རྒྱལ་མཚན་ང་ཡིན་ནོ། །ཞེས་དང༌། རྟོགས་དཀའི་མདུད་བརྒྱ་བཀྲོ ལ་མཁས་པ། །ཕུན་ཚོགས་དཔལ་བཟང་ང་ཡིན་ནོ། །ཞེས་དང༌། མཁས་མང་རལ་བའི་ཅོད་པན་རྗེ། །ཐང་ བོ་ཆེ་བ་ང་ཡིན་ནོ། །ཞེས་དང༌། དམ་ཆོས་སྲོག་བཞིན་བསྟེན་པའི་རྗེ། །ཐང་ཆུང་བློ་གྲོས་ང་ ཡིན་ནོ། །ཞེས་དང༌། ཆོས་ཉིད་གདོད་མའི་ཞལ་མཇལ་བ། མཚལ་མིན་བསོད་ནམས་ང་ཡིན་ ནོ། །ཞེས་དང༌། ཆོས་རྗེས་ཆོས་འཆད་པ་ནི། རྒྱལ་སྲས་ལག་ལེན་བཞུགས་སོ། །བླ་མ་དང་ དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །རྒྱལ་བའི་སྲས་ཀྱི་ལག་ལེན་འགའ་ཞིག་ནི༴ སོགས། འདིར་བརྗོད། ལག་ལེན་ཡིན། ཞེས་སྟོན་པ་བཞི་ལྡན་གྱིས་སྦྱར་བའོ། །ལགས་སོ། །ཕྱོགས་རྒྱལ་བས་སྨྲས་པ། བསྟོད་པ་ནི། གསང་གསུམ་ཡེ་ཤེས་རོལ་བ་འཛད་མེད་གཏེར། །གང་ལས་དུས་མཐར་ཐུབ་དབང་དགོངས་བཅུད་ཕུལ། །ངེས་དོན་ཆོས་མཆོག་སེང་གེའི་ སྒྲ་ཆེན་གྱིས། །སྐལ་བཟང་རིགས་ཁམས་སད་མཛད་ཆོས་རྗེ་རྒྱལ། །ཞེས་གསུངས་སོ། །ཉ་ དབོན་པས་སྨྲས་པ། གང་གིས་རྨད་བྱུང་འཁོར་ལོ་ཐ་མའི་དོན། །ཇི་བཞིན་གངས་རིའི་ལྗོངས་ 7-1-216 འདིར་ལེགས་ཕྱེ་བས། །གདུལ་བྱ་མཆོག་ལ་རྣམ་གྲོལ་སྦྱིན་མཛད་གཉེན། །ཀུན་མཁྱེན་ཇོ་ ནང་པ་ལ་གུས་པས་བསྟོད། །ཅེས་གསུངས་སོ། །དགའ་སྤྲོ་ཕུལ། ཆོས་རྗེའི་ཞལ་ནས། སྔོན་ བྱུང་རབ་མང་སྨོན་ལམ་སྟོབས་བཙན་པས། །བདེ་གཤེགས་ཐུགས་རྟེན་ངོ་མཚར་དཔལ་ འབར་བ། །བཀྲ་ཤིས་ལེགས་དགེ་བསོད་ནམས་འབྱུང་གནས་ཞིང༌། །གང་དེ་ཉེར་བསྐྲུན་ ཐབས་ཀྱི་ཆས་བསྒྲིགས་སོ། །ཞེས་གསུངས་སོ། །ལགས་སོ། །དེའི་དུས་སུ་ཐུགས་རྟེན་གྱི་ གཟུངས་གཞུག་དྲིལ་པའི་སྐབས་སུ་ནམ་མཁའ་ནས་སྒྲ་འདི་ལྟར་གྲག་གོ ། སྔོན་གྱི་འཕེན་པས་ཚོགས་གཉིས་རྒྱ་མཚོ་འཁྱི ལ། །བཟང་ལྡན་འོག་མའི་ས་གཞི་པདྨ་ རྒྱས། །ཕྱི་རབས་ལྷ་མིའི་ཚོགས་ཆེན་རྫོགས་པར་འགྱུར། །རྟེན་མཆོག་ཡིད་བཞིན་ནོར་བུ་ ལེགས་པར་འགྲུབ། །ཅེས་གསུངས་ནས་ཆོས་རྗེས་བྱིན་རླབས་མཛད། ལགས་སོ། ། ༈ འཁྲབ་ཚན་བཞི་པ། རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་ བཟང་པོས་བཟང་ལྡན་འོག་མའི་བྱེ་ཐང་དུ་རྒྱལ་ཆེན་སྡེ་བཞིས་སྲོག་ཤིང་བཙུགས་པ་དང༌། ཁོང་རྣམ་པ་བཞིས་བསྟོད་པ་བྱས་ནས་ངོ་མཚར་གྱི་རྟགས་དུ་མ་དང༌། ས་ཆོག་མཛད་པ་ རྣམས་ཀྱིས་འཁྲབ་སྟོན་ལ་གཟིགས་པར་ཞུ། བཟང་ལྡན་འོག་མའི་བྱེ་ཐང་དུ་རྒྱལ་ཆེན་སྡེ་ བཞིས་བསྟོད་པ་བྱས། བདག་ཅག་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས་ རྣམས་ཡིན། །དཔལ་ཡོན་མཆོད་རྟེན་སྲོག་ཤིང་བཙུགས་པ་ཡིས། །ངེས་དོན་བསྟན་པའི་ སྲོག་ཤིང་བཙུགས་པ་ཡིན། །མི་འགྱུར་ཁ་ལོ་ཡུལ་འཁོར་བདག་གིས་སྲུང། མི་རྒུད་ཁ་ལོ་ འཕགས་སྐྱེས་བདག་གིས་སྲུང། །མི་ནུབ་ཁ་ལོ་སྤྱན་མི་བདག་གིས་སྲུང༌། །ས་སྟེང་ཁྱབ་ མཛད་རྣམ་ཐོས་བདག་གིས་སྒྲུབ། །ཞེས་གསུངས་སོ། །ས་ཆོག་ནི། ཀུན་བཟོད་ནོར་གྱི་ འཛིན་མར་དབང་བྱེད་པའི། །ས་ཡི་ལྷ་མོ་འཁོར་བཅས་བདག་ལ་དགོངས། །དགྱེས་བསྐྱེད་ 7-1-217 པདྨའི་གདན་ལ་བཞུགས་ནས་ཀྱང༌། །མཆོད་ཡོན་སྤོས་དང་མར་མེ་ཞལ་ཟས་གསོལ། །བདག་གིས་རྟེན་མཆོག་མཐོང་ཚད་གྲོལ་བ་ཞིག །ས་འདིར་བཞེངས་ན་ས་ཡི་གནང་བ་སྩོལ། །ཁྱད་པར་མཐུན་རྐྱེན་སྒྲུབ་ལ་བར་ཆད་སོལ། །སླར་ཡང་རྒྱལ་ཁམས་ཆར་ཆུ་སྙོམས་པ་དང༌། །ལོ་ཕྱུགས་ལེགས་ལ་ནད་ཡམས་མུ་གེའི་དབེན། །བཀྲ་ཤིས་དགེ་མཚན་ཟླ་བ་དཀར་པོའི་ཆ། །གངས་ལྗོ ངས་ཡོངས་ལ་འཆར་བའི་དགེ་མཚན་དང༌། །རྒྱལ་བསྟན་སྲིད་མཐར་དར་བའི་ འཕྲིན་ལས་མཛོད། ། ༈ འཁྲབ་ཚན་ལྔ་པ། རྗེ་ཇོ་ནང་པ་ཀུན་མཁྱེན་ཤེས་རབ་རྒྱལ་ མཚན་དཔལ་བཟང་་་་་(རྩོམ་འཕྲོ) ༄༅། །ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་རྣམ་ཐར་ བསྟོད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་ བཞུགས་སོ། ། དམ་པ་དང་པོའི་སངས་རྒྱས་གཤེགས་སྙིང་དབྱིངས། ། གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀུན་ཁྱབ་པ། ། རིས་སུ་ཆད་མིན་བདེ་ཆེན་རྡོ་རྗེའི་ཁམས། ། བརྟན་དང་གཡོ་བའི་མགོན་ལ་གུས་པས་བསྟོད། ། 7-1-218 ཆོས་ཀྱི་དབྱིངས་ལ་ཐོག་མར་སྐྱེ་བ་མེད། །ནམ་ཡང་ཐ་མར་འགག་པར་འགྱུར་བ་མེད། །དུས་རྣམ་ཀུན་ཏུ་ཉོན་མོངས་མཐའ་དག་བྲལ། །ཐོག་མ་བར་མཐའ་བྲལ་ལ་གུས་པས་ བསྟོད། །གང་གི་མཛད་ཆེན་མཁའ་མཉམ་རྟག་འཆར་བ། །གང་ལ་གང་འདུལ་དེ་ལ་དེ་ལྟར་ དུ། །ངོ་མཚར་སྒྱུ་མའི་འཕྲུལ་བཞིན་ཡ་མཚན་ཆ། །ཅི་དགར་འབད་མེད་འཆར་ལ་གུས་པས་ བསྟོད། །ཐབས་མཁས་རོལ་བའི་སྣ་ཚོགས་མཛད་པ་ཡང༌། །རྒྱལ་དང་དེ་སྲས་སློབ་མ་ཉན་ ཐོས་ཚོགས། །འཁོར་བསྒྱུར་རི་དྭགས་བྱ་དང་ཅང་ཤེས་སོགས། །ཕུན་ཚོགས་འབྱུང་གནས་ དབྱིངས་ལ་གུས་པས་བསྟོད། །གྲུ་འཛིན་བདག་པོའི་མཛད་ཕྲིན་ཡོངས་ངོམས་པ། །བསིལ་ ལྗོ ངས་ཁྲོད་འདིར་སྙིགས་དུས་འགྲོ་འདྲེན་ཕུལ། །རྒྱལ་བ་གཉིས་པའི་མཛད་པ་ལེགས་ འཆང་རྗེ། །ངེས་དོན་བསྟན་པའི་མངའ་བདག་གང་དེ་རྒྱལ། །རྨད་བྱུང་ལུང་རིགས་འབུམ་གྱི་ གཡུ་རལ་རྫོགས། །དགག་སྒྲུབ་སྦར་ཕྲེང་གཡོ་བའི་གདོང་ལྔ་པ། །ལྟ་ངན་ཝ་སྐྱེས་ཚོགས་ ཀུན་ཟིལ་གནོན་བཞིན། །ངེས་དོན་གངས་རི་སྐྱོང་འདི་བཀའ་དྲིན་གནས། །ཡང་དག་ངེས་ དོན་ཀུན་ནས་མཁྱེན་པའི་སྤྱན། །ཤེས་རབ་ཟབ་མོས་རྒྱལ་དགོངས་མཐར་ཐུག་གཟིགས། །བཀའ་བསྡུ་བཞི་པའི་རྒྱལ་མཚན་ལེགས་བསྒྲེངས་མཁན། །རྫོགས་ལྡན་ཆོས་དཔལ་བཟང་ པོ་དེང་འདིར་སྩོལ། །གང་གི་སྐྱེས་རབས་དང་འབྲེལ་རྣམ་པར་ཐར། །ཆ་ཙམ་སྐལ་བཟང་ དད་པའི་གསོས་ཉིད་དུ། །ལེགས་པར་སྤེལ་ལ་དོན་དམ་སྐྱབས་གསུམ་གྱིས། །མཛད་འཕྲིན་ ལེགས་འབྱུང་གཡེལ་མེད་མཆོག་སྩོལ་ཅིག །དེ་ཡང་མཛད་ཚུལ་ངོ་མཚར་རྨད་བྱུང་བ། །བྲམ་ ཟེ་པད་ཕྲེང་སངས་རྒྱས་ཆོས་ཀྱི་སྣང༌། །རྒྱལ་བུ་རིན་འབྱུང་བདེ་གཤེགས་མངོན་འཕགས་ རྒྱལ། །སྤྱན་གཟིགས་བརྩོན་ཀླུ་འཁོར་བསྒྱུར་ལི་ཙ་བཱི། །བློ་འཆང་རྟ་རྒྱལ་རུ་རུ་པར་ཙི་ཀ། འཇིག་དབང་བསོད་ལྡན་འོད་བཟང་རྨ་བྱ་ཆེ། །མཛེས་བློ་མཛེས་ལྡན་གླང་ཆེན་ངང་བ་དང༌། །སྤོས་གླང་མཛེས་བཟང་བློ་གྲོས་མྱ་ངན་མེད། །སངས་རྒྱས་ཟླ་རྒྱལ་ནོར་ཕྲེང་ཀླུ་སྒྲུབ་ཆེ། 7-1-219 །པད་དཀར་སྲོང་བཙན་འབྲི ་གུང་ལ་སོགས་པ། །རྟོན་བཞི་ལྡན་པའི་སྔོན་བྱོན་སྐྱེས་རབས་ མཚན། །ཆ་ཙམ་བརྗོད་ཅིང་རྒྱས་པར་གཞན་ལས་རྟོགས། །ཁོང་ཉིད་སྤྱན་རས་གཟིགས་དང་ མི་གཉིས་པའི། །ཀུན་མཁྱེན་བླ་མ་ཆོས་རྗེ་གང་ཉིད་ཀྱང༌། །དོན་ལ་སྔོན་ནས་མངོན་པར་ སངས་རྒྱས་ཀྱང༌། །ཐུགས་རྗེའི་དབང་གིས་ས་བཅུའི་སེམས་དཔའི་ཚུལ། །ཐབས་ཚུལ་ དཔག་མེད་མཛད་པར་ལུང་གིས་བསྔགས། །དེ་ཡང་ཕྱག་སྤྱན་སྟོང་གི་མདོ་ལས་ནི། །དྲང་ སྲོང་པད་ཕྲེང་སྐྱེ་བར་བཞེས་ཚུལ་བསྟན། །སླར་ཡང་སྤྱན་སྟོང་མདོ་ལས་འདི་ལྟར་ཡང༌། །བདེ་གཤེགས་ཆོས་སྣང་དུ་སྐྱེ་རིམ་པར་བརྗོད། །དེ་ནས་ཆོས་དོན་རྣམ་པར་འབྱེད་པའི་ མདོར། །རྒྱལ་བུ་རིན་འབྱུང་སྤྱན་གཟིགས་སེང་རོལ་མདོར། །བདེ་གཤེགས་མངོན་འཕགས་ པུནྚ་རི་ཀའི་མདོར། །སྤྱན་རས་གཟིགས་དབང་སྤྲིན་ཆེན་མདོ་ལས་ནི། །རྒྱལ་པོ་བརྩོན་ འགྲུས་རྔ་བོ་ཆེ་ཡི་མདོར། །གླིང་བཞིའི་འཁོར་བསྒྱུར་བདག་ཅག་སྟོན་པའི་མདུན། །ལི་ཙ་བཱི་ དང་བདེ་སྟོང་རོལ་བའི་མདོར། །སེམས་དཔའ་བློ་འཆང་དབང་ཕྱུག་ཞུས་མདོ་ལས། །རྟ་ རྒྱལ་ཅང་ཤེས་ཡོངས་གྲུབ་གསལ་བའི་མདོར། །རི་དྭགས་རུ་རུ་ཆོ་འཕྲུལ་བསྟན་པའི་མདོར། །པར་ཙི་ཀ་དང་ཚུལ་ཁྲིམས་དག་པའི་མདོར། །རྒྱལ་བུ་འཇིག་དབང་ས་ལུ་རོལ་བའི་མདོར། །རྒྱལ་སྲས་བསོད་ལྡན་ཨུཏྤལ་བཀོད་མདོ་ལས། །རྒྱལ་པོ་འོད་བཟང་པདྨ་སྤུངས་པའི་མདོར། །རྨ་བྱ་མཛེས་ལྡན་ཚུལ་ཁྲིམས་དྲི་མེད་མདོར། །དགེ་སློང་མཛེས་བློ་དོན་ཡོད་སྤུངས་པའི་ མདོར། །རྒྱལ་བུ་མཛེས་ལྡན་འཁོར་ལོ་རོལ་པའི་མདོར། །གླང་ཆེན་སྟོབས་རྒྱན་ཟླ་འོད་ཀྱིས་ ཞུས་མདོར། །བྱ་མཆོག་ངང་མཛེས་འཇམ་དཔལ་རོལ་མདོ་ལས། །འཕགས་པ་སྤོས་གླང་ ཀུན་ཏུ་རྒྱས་པའི་མདོར། །ཉན་ཐོས་མཛེས་བཟང་ཡོན་ཏན་བཀོད་མདོ་ལས། །ཟླ་བའི་བློ་ གྲོས་མེ་ཏོག་རྒྱས་པའི་མདོར། །མྱ་ངན་མེད་དང་གསེར་ཕྱེ་བརྡལ་བའི་མདོར། །སངས་རྒྱས་ ཟླ་རྒྱལ་ལྷ་མོ་དྲི་མེད་མདོར། །རྒྱལ་པོ་ནོར་ཕྲེང་སྤྲིན་ཆེན་མདོ་དང་ནི། །འཇམ་དཔལ་རྩ་རྒྱུད་ 7-1-220 མདོ་རྒྱུད་དུ་མ་ལས། །ཐུབ་པ་མྱ་ངན་འདས་ནས་ལོ་བཞི་བརྒྱར། །དགེ་སློང་ཀླུའི་མིང་རྡོར་ སྙིང་སྔགས་རྒྱུད་དང༌། །རྩ་རྒྱུད་ལྟར་གསུངས་ལོ་ནས་དྲུག་བརྒྱའི་ལོར། །མི་བདག་གྲགས་ པ་མདོ་སྡེ་མཛངས་བླུན་ལས། །སྔོན་ཆད་སྟོན་པ་བསོད་སྙོམས་ལ་གཤེགས་སྐབས། །ཁྱེའུ་ ཆུང་ཅིག་གིས་ས་སྙིམ་གང་ཕུལ་བའི། །དགེ་རྩས་གླེང་གཞི་ལ་བརྟེན་མ་འོངས་པར། །བརྒྱ་ ལམ་ཞིག་ན་མཐའ་འཁོབ་རྒྱལ་པོར་འགྱུར། །བུ་མོ་དྲི་མེད་བྱིན་ལུང་བསྟན་པའི་མདོར། །གངས་ལྗོ ངས་མངའ་བདག་སྲོང་བཙན་སྒམ་པོར་བྱོན། །དེ་ནས་སྟོན་པའི་བསྟན་པ་འདི་ ཉིད་ལ། །ཨོ་རྒྱན་ཡུལ་དུ་སློབ་དཔོན་པད་འབྱུང་བྱོན། །འཕགས་པ་གཞོན་ནུ་ལུང་བསྟན་ མདོ་ལས་ཀྱང༌། །ལི་ཙ་བཱི་ནི་སྔོན་བྱུང་རྫོགས་སངས་རྒྱས། །མང་པོས་བྱང་ཆུབ་མཆོག་ཏུ་ ལུང་བསྟན་ཅིང༌། །ད་ལྟ་བདག་ཅག་སྟོན་པའི་བཀའ་ལུང་ལས། །ནམ་ཞིག་དུས་སུ་མཐའ་ འཁོབ་གླིང་ཡུལ་དུ། །ང་ཡི་བསྟན་པའི་ཁུར་ཁྱེར་འཇིག་རྟེན་མགོན། །ལ་སོགས་སྐྱེས་རབས་ མིང་ཙམ་བརྗོད་ཟིན་པས། །ཁ་བ་ཅན་འདིར་ངེས་དོན་ཆོས་མཆོག་གིས། །ལྟ་ངན་རྨོངས་ མུན་སེལ་མཛད་ཀུན་མཁྱེན་རྗེ། །གང་ཉིད་སྔོན་ཆད་ཀུན་གཟིགས་ཐུབ་དབང་གིས། །འཕགས་པ་དཀོན་མཆོག་སྤྲིན་མདོར་བཀའ་བསྩལ་པ། །ང་ནི་མྱ་ངན་འདས་ནས་རིང་ཞིག་ མཐར། །ཆོས་ལ་ཡིད་མི་ཆེས་པ་མང་འབྱུང་སྐབས། །ང་ཡི་གཞོན་ནུ་ལི་ཙ་བཱི་འདི་ཉིད། །འོད་ སྲུང་ཆེན་པོ་དང་འདྲའི་དགེ་སློང་ཞིག །དེ་བཞིན་གཤེགས་དང་མིང་མཐུན་ལེགས་འབྱུང་སྟེ། །དེ་ཡང་ལྷོ་ཕྱོགས་རྒྱུད་དུ་དོལ་པོ་ཞེས། །བྱ་བའི་ཡུལ་འཁོར་དེ་ན་ཀ་ཡོ་རི། །བསོད་ནམས་ ལྡན་པའི་གྲོང་ཁྱེར་བྱ་ཆེན་པོ། །འབབ་ཆུ་མཛེས་སྦྱོར་བྱང་གི་ཕྱོགས་གནས་པར། །དེ་བཞིན་ གཤེགས་རིགས་སྐྱེས་བུ་གང་འཁྲུངས་དེས། །དམ་པའི་ཆོས་ཕྱིར་རང་སྲོག་གཏོང་ཐུབ་ཅིང༌། །བྱ་དཀའི་གནས་ལ་འཇུག་པ་མི་ལྷོ ད་པར། །རྒྱ་ཆེན་ཡོན་ཏན་མཆོག་གི་དཔལ་གྱུར་ཏེ། །བདུད་ཀྱི་སྟོབས་འཇོམས་དམ་ཆོས་མཐུ་བསྐྱེད་བྱེད། །འདི་ལ་མོས་རྣམས་ལེགས་དགེ་ 7-1-221 འབྱུང་བ་དང༌། །དད་གུས་མི་བྱེད་པ་ཀུན་གནས་ངན་དུ། །ལྷུང་ཚུལ་ཞིབ་རྒྱས་དང་བཅས་ ལུང་གིས་བསྔགས། །དེ་བཞིན་རྔ་བོ་ཆེ་མདོར་གང་གི་ཚེ། །བརྒྱད་ཅུའི་ལོ་ལ་རྒྱལ་བསྟན་ ཉམས་པའི་དུས། །ལྷོ་ཕྱོགས་མུ་རྒྱུན་ཆུ་འགྲམ་ལ་བརྟེན་པའི། །གྲོང་ཁྱེར་དམག་གིས་མི་ ཚུགས་ཞེས་བྱ་བར། །ཀ་ཡོ་རི་ལ་ངའི་མིང་ཉེར་འཆང་བའི། །དགེ་སློང་ཞིག་འབྱུང་ཐབས་ མཁས་རབ་ཏུ་བྱུང༌། །བསྡུ་བའི་དངོས་པོས་བསྡུས་ཏེ་གཞན་དག་ལ། །ཡང་དག་ཆོས་སྟོན་ སྟོང་ཉིད་གཏམ་སྨྲ་ཞིང༌། །སེམས་ཅན་རིགས་ཁམས་གཤེགས་སྙིང་རྟག་པའི་གཏམ། །རྒྱ་ ཆེར་སྨྲ་བའི་ཆོས་རྔ་ཆེ་བརྡུངས་ནས། །ཆོས་དུང་འབུད་ཅིང་ངེས་དོན་རྒྱལ་མཚན་འཛུགས། །མངོན་སུམ་གོ་གྱོན་ལ་སོགས་རྒྱ་ཆེར་གསུངས། །མྱང་འདས་སིལ་བུར་རྒྱལ་བ་འདས་འོག་ ནས། །བདུན་བརྒྱའི་ལོ་མཚམས་ཆུ་བོ་གཡས་འཁྱི ལ་གྱི། །ལྷོ་ཕྱོགས་ངའི་མིང་ཅན་གྱི་དགེ་ སློང་འབྱུང༌། །ལོ་བརྒྱར་ཆོས་སྦྱིན་མཛད་ཚུལ་གསུངས་པ་དང༌། །གསང་བ་ལུང་བསྟན་ལས་ ཀྱང་རྒྱུ་ཡི་ཆོས། །བྱུང་རྗེས་རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །སྟོན་མཛད་མ་འོངས་སྐྱེས་ཆེན་ འབྱུང་ཞེས་དང༌། །གཙུག་ཏོར་རྣམ་པར་རྒྱལ་བའི་རྒྱུད་སྡེ་ལས། །བདེ་གཤེགས་མྱ་ངན་ འདས་འོག་ལོ་སྟོང་ཕྲག །ཕྱེད་དང་གཉིས་སོང་གདོང་དམར་ཡུལ་དུ་ནི། །ང་འདྲའི་བསྟན་ འཛིན་དགེ་སློང་ཞིག་འབྱུང་བ། །ཆུ་བོ་ལྗོ ན་ཤིང་ཕྲེང་མཛེས་ཀ་ཡོ་རིའི། །གྲོང་དུ་ཡབ་ནི་ཡེ་ ཤེས་དབང་ཕྱུག་དང༌། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས་པའི་སྲས། །སངས་རྒྱས་མིང་ ཅན་ངའི་བསྟན་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་བྱེད་པ་སོགས། །མདོ་ རྒྱུད་མང་པོའི་བཀའ་ལུང་ཆེས་མང་མོད། །གཞན་ཡང་སྲོང་བཙན་སྒམ་པོའི་བཀའ་ལུང་ ལས། །མ་འོངས་བོད་ཁམས་རྩོད་དུས་ཐ་མ་ལ། །མ་ཕམ་མཚོས་བསྐོར་མངའ་རིས་གངས་ དཀར་རྩར། །རི་བོས་བསྐོར་དབུས་ཤིང་བྱ་རི་དྭགས་གནས། །ཀ་ཡོ་རི་ཞེས་གྲོང་བཞིའི་ དབུས་གནས་པའི། །པན་ཚང་དམག་གིས་མི་ཚུགས་གྲོང་ཁྱེར་དུ། །ཛྙཱ་ན་ཤྭ་རའིསྲས་འགྱུར་ 7-1-222 ནོར་བུ་སྙིང༌། །ཆུ་ཕོ་འབྲུག་ལ་འཁྲུངས་ཤིང་ཀུན་མཁྱེན་མཚན། །ཁྱད་འཕགས་བསྟན་འཛིན་ མཆོག་ཏུ་ཁོ་བོ་འོང༌། །དེ་ཚེ་བཙུན་མོ་རྣམས་ཀྱང་སྲིང་མོར་འགྱུར། །ཁྲིམས་ལྡན་དགེ་སློང་ མར་བཀོད་དེ་སྐབས་སུ། །ང་ཡི་བཀྲ་ཤིས་སྒོ་མང་ལ་སོགས་པའི། །རྒྱལ་བའི་ཐུགས་རྟེན་སྐུ་ གསུང་རྟེན་མང་པོ། །རྡོ་རྗེ་གྲགས་མོ་རྒྱལ་གྱི་གནས་སུ་བཞེངས། །ངེས་དོན་དར་ཆེན་ཕྱར་ལ་ ཆོས་དུང་འབུད། །འཆད་རྩོད་རྩོམ་པའི་རྔ་བརྡུང་མཐོང་ཐོས་ཀྱིས། །འགྲོ་བ་དེ་དག་བྱང་ཆུབ་ ལ་མྱུར་རེག །དེ་ཚེ་བློ ན་རྣམས་ཡོན་ཏན་ང་མཉམ་འབྱུང༌། །བོད་མུན་སེལ་ཞིང་ཕལ་རྣམས་ དེར་སྐྱེས་སྨོན། །ནམ་འཆི་ཆ་མེད་ཆོས་བརྩོན་མི་དགེ་སྤོང༌། །ཞེས་སོགས་དེ་ཙམ་དུ་བཞག་ དེ་དག་ཀྱང༌། །ལུང་བསྟན་ངེས་དང་མ་ངེས་ཅི་རིགས་ཡོད། །དེ་འདྲའི་ཚད་མའི་སྐྱེས་ཆེན་ཟླ་ བྲལ་བ། །རྒྱལ་བ་གཉིས་པ་ཆེན་པོའི་མཛད་བཟང་ཡང༌། །གངས་ལྗོ ངས་འཛིན་མར་ཀ་ཡོ་ རིའི་གྲོང་དབུས། །ཆུ་ཕོ་འབྲུག་ལ་བལྟམས་པ་ནས་བཟུང་སྟེ། །ལྕགས་མོ་གླང་ལ་ཞི་བར་ གཤེགས་ཀྱི་བར། །ངོ་མཚར་རྟོགས་བརྗོད་མདོར་བསྡུས་འཆད་བཞིན་བསྟོད། །འོད་གསལ་ ཆོས་སྐུའི་ངང་ལས་མ་གཡོས་བཞིན། །བདེ་མཆོག་སྤྲུལ་པ་ཡེ་ཤེས་དབང་ཕྱུག་ཡབ། །ཕག་ མོའི་རྣམ་འཕྲུལ་ཚུལ་ཁྲིམས་རྒྱན་ཞེས་ཡུམ། །དེ་གཉིས་སྲས་སུ་སྐྱེ་བ་བཞེས་ཚུལ་བསྟོད། །ཡུམ་ཉིད་དགུན་ཟླ་འབྲི ང་པོའི་བཅོ་ལྔའི་དུས། །རྒྱལ་ཕུར་འཛོམས་ཉིན་གསོ་སྦྱོང་བྱ་བའི་ ཆེད། །ཁང་བཟང་ཡང་ཐོག་སྤོས་ཆུས་ཁྲུས་བྱས་ཚེ། །མཁའ་དབྱིངས་འཇའ་གུར་འཁྱི ལ་ནང་ པད་དཀར་དབུས། །ཧྲཱིཿཡིག་དཀར་གསལ་བྱོན་ཅིང་སྤྱི་བོར་ཐིམ། །དེ་མཚུངས་འཇའ་འོད་ འཁྲིགས་ཤིང་མེ་ཏོག་ཆར། །འབབ་བཞིན་རོལ་མོ་སྣ་ཚོགས་ཆོས་ཉིད་སྒྲ། །ཨེ་ཝཾ་ཐིག་དྲུག་ ཨ་ཧཾ་ཚོགས་ལ་བསྟོད། །ལྷུམས་བཞུགས་ཤེལ་ཁང་མར་མེ་བཅུག་པ་ལྟར། །ཕྱི་ནས་མཐོང་ ཞིང་རང་ལུས་གཞལ་ཡས་ཁང༌། །སྤྱན་གཟིགས་མར་མེ་ཆེས་འོད་གསལ་བ་ལས། །འོད་ ཟེར་ཕྱོགས་ཀུན་འཕྲོ་བཞིན་བཞུགས་ལ་བསྟོད། །ཡུམ་གྱི་རྨི་ལམ་བྱང་ཆུབ་མཆོད་རྟེན་ 7-1-223 བཞེངས། །འོད་ཀྱིས་འཛམ་གླིང་ཁྱབ་ཅིང་དྲིལ་ཕྲེང་ལས། །ཆོས་སྒྲས་འགྲོ་མང་ཐར་པའི་ ལམ་དུ་བཀོད། །ཁྱི མ་ནས་གཏེར་རྡོལ་འགྲོ་ཀུན་ཚིམས་ལ་བསྟོད། །བལྟམས་སྐབས་ཡིག་ དྲུག་དབྱངས་ཀྱིས་སྲིད་གསུམ་གང༌། །ཀླུ་རྒྱལ་མི་མགོན་བདུད་རྩིས་སྐུ་ཁྲུས་གསོལ། །མཁའ་ འགྲོས་གླུ་ལེན་དཔའ་བོས་བསྐོར་བཞིན་མཆོད། །ལྷ་ཡིས་ན་བཟའ་ཕུལ་ལ་གུས་པས་ བསྟོད། །ས་ཆེན་དྲུག་གཡོས་མེ་ཏོག་ཆར་བ་འབེབས། །འཇའ་འོད་རོལ་ཆས་སྒྲ་ཡང་རྒྱུན་མ་ ཆད། །ནོར་བུ་སྙིང་པོ་ཞེས་པའི་མཚན་སྒྲ་བྱུང༌། །གཞོན་ནུའི་སྐུ་ལས་དྲི་ངད་ལྡང་ལ་བསྟོད། །ན་ཚོད་ལེགས་རྫོགས་དགུང་གྲངས་གསུམ་པའི་སྟེང༌། །སྐྱིད་སྟེང་བླ་མ་ཆེན་པོས་མཚན་ གསོལ་བ། །ཤེས་རབ་མགོན་པོ་ཞེས་པའི་གཞོན་ནུ་ཡང༌། །རྒྱལ་སྲས་སེམས་དཔའི་མཚན་ རྟགས་ལྡན་ལ་བསྟོད། །དེ་ནས་ཡིག་རིགས་ཀློག་བྲི ས་ལྷ་རིས་དང༌། །གོ་ལའི་འཁོར་ཚུལ་ས་ དཀྱིལ་རི་གླིང་ཚད། །རྩིས་བཟོ་གསོ་རིག་སྙན་ངག་སྡེབ་སྦྱོར་དང༌། །སྒྱུ་རྩལ་ཆེས་མང་ བསླབ་ལ་གུས་པས་བསྟོད། །དགུང་ལོ་བཅུ་གཅིག་སོན་སྐབས་དགེ་འདུན་གྲངས། །ལེགས་ ཚང་མདུན་ནས་རབ་བྱུང་གཙུག་ཕུད་བྲེག །དབུ་སྐྲ་གཏོར་ཕྱོགས་འཇའ་འོད་དྲ་བས་ཁྱབ། །དགེ་བསྙེན་སྡོམ་མིང་ཤེས་རབ་འབུམ་ལ་བསྟོད། །དེ་ནས་དགེ་ཚུལ་སྡོམ་པ་ལེགས་ཐོབ་ སྐབས། །ཤེས་རབ་རྒྱལ་མཚན་དཔལ་བཟང་ཞེས་མཚན་གསོལ། །འདུལ་གཞུང་སྣ་ཚོགས་ ཁྲིད་ལུང་རྒྱས་པར་གསན། །དོན་ཀུན་ཐུགས་སུ་ཆུད་པ་ཉིད་ལ་བསྟོད། །སྐྱི་སྟོན་འཇམ་པའི་ དབྱངས་ཀྱི་མདུན་དྲུང་ནས། །མདོ་ཕྱོགས་ཕར་ཚད་མངོན་པ་གསུམ་གྱི་སྟེང༌། །ཀུན་བཏུས་ བསྣན་ཏེ་གཞུང་བཞི་སློབ་གཉེར་མཛད། །དུས་གཅིག་ཁོང་དུ་ཆུད་ལ་གུས་པས་བསྟོད། །སྤྱོད་འཇུག་སྔགས་ཕྱོགས་སངས་རྒྱས་ཐོད་པ་དང༌། །རྡོར་ཕྲེང་རྒྱུད་སྡེ་སྤྱི་ཡི་རྣམ་གཞག་ སོགས། །བརྟག་གཉིས་རྒྱུད་འགྲེལ་ཚད་མ་རིག་གཏེར་སོགས། །གསན་བཞིན་དོན་ཀུན་ ཐུགས་སུ་ཆུད་ལ་བསྟོད། །དུང་དཀར་འཁར་རྔ་ཆོས་གོས་རྨ་བྱའི་གདུགས། །མཎྜལ་ཕུལ་ཏེ་ 7-1-224 ཕར་ཚད་མངོན་འདུལ་རྣམས། །ས་སྐྱའི་ཆོས་ཁྲིའི་སྟེང་དུ་ལེགས་བཞུགས་ཏེ། །དུས་གཅིག་ བརྗོད་བྱེད་དུ་མས་གསུངས་ལ་བསྟོད། །དེ་ཚེ་མཁའ་ལ་སྒྲ་འོད་མེ་ཏོག་ཆར། །དྲི་ངད་ལྡང་ ཞིང་ལེགས་མཚན་ཅིར་ཡང་ངོམས། །དེར་གནས་ཐམས་ཅད་ཆོས་དང་བླ་མ་ལ། །མི་ཕྱེད་ དད་པ་བརྟན་པོས་བསྟེན་ལ་བསྟོད། །དགུང་གྲངས་ཉེར་གཉིས་ཞ་ལུར་ལེགས་བྱོན་ནས། །མཁན་ཆེན་བསོད་ནམས་གྲགས་པས་དབུ་མཛད་ཅིང༌། །ཇོ་གདན་འཚོགས་པའི་དྲུང་དུ་ བསྙེན་རྫོགས་མཛད། །འདུལ་བ་མདོ་རྩ་འགྲེལ་གཞུང་གསན་ལ་བསྟོད། །གྲྭ་སྐོར་བྱོན་ཏེ་ གླིང་སྟོན་ཤཱཀྱ་དང༌། །གུང་ཐང་དོན་གྲུབ་རྒྱ་སྟོན་བསོད་རིན་དང༌། །གནས་སྙིང་དཀའ་བཞི་ ཞ་ལུ་བྱང་སྟོན་སོགས། །མཁས་པ་དུ་མ་ཟིལ་གྱིས་མནན་ལ་བསྟོད། །རྒྱ་མ་འཕན་ཡུལ་ བསམ་ཡས་གསང་ཕུ་དང༌། །འབྲི ་གུང་དགའ་ལྡན་ཆོས་ལུང་བདེ་ཅན་སོགས། །དབུས་ གཙང་དགོན་སྡེར་གྲྭ་སྐོར་ལེགས་མཛད་པས། །ཟླ་བྲལ་ཀུན་མཁྱེན་མཚན་སྙན་ལྡི ར་ལ་ བསྟོད། །དེ་སྐོར་ཁོང་གིས་བཀའ་དང་བསྟན་བཅོས་རིགས། །གངས་རིའི་ལྗོངས་སུ་འགྱུར་ རོ་ཅོག་ཀུན་ཀྱང༌། །རྫོགས་པར་ནན་ཏན་བཅས་ཀྱིས་ཚར་གཅིག་གཟིགས། །དེ་གའི་དོན་ ཀུན་ཐུགས་སུ་ཆུད་ལ་བསྟོད། །རྒྱ་ཆེན་ཤེས་བྱའི་གནས་རྣམས་མ་ལུས་པ། །གཞོན་ནུའི་དུས་ ནས་འབད་མེད་ཐུགས་ཆུད་ནས། །འཆད་རྩོད་རྩོམ་པས་རྫོགས་ལྡན་རྒྱལ་བསྟན་སྤེལ། །འཛམ་གླིང་མཁས་པར་གྲགས་ལ་གུས་པས་བསྟོད། །ཇོ་ནང་བྱོན་ཏེ་ཡོན་ཏན་རྒྱ་མཚོའི་ དྲུང༌། །དུང་དཀར་བེར་གཉིས་ཆོས་གོས་གསེར་སྐུ་དང༌། །གསེར་སོགས་ཕུལ་བས་དུས་ འཁོར་དབང་བསྐུར་ཞུས། །འཇའ་འོད་མེ་ཏོག་ཆར་བ་འབེབས་ལ་བསྟོད། །རྡོ་རྗེའི་རྣལ་ འབྱོར་སོར་བསམ་སྲོག་འཛིན་སོགས། །པཎ་ཆེན་ཨ་བྷ་ཡ་དང་ཤ་བཱ་རི། །རྒ་ལོ་བསོད་ སྙོམས་ལུགས་མང་སྦྱོར་དྲུག་སོགས། །རྒྱ་གཞུང་སྦྱོར་དྲུག་ཉམས་རྟོགས་རྫོགས་ལ་བསྟོད། །དཀྱིལ་འཁོར་ཞལ་ཕྱེས་སྒྲུབ་ཅིང་མཆོད་པའི་ཚེ། །དགྱེས་རྡོར་དུས་འཁོར་བདེ་མཆོག་ 7-1-225 གསང་འདུས་སོགས། །ཁྱད་པར་རྟ་སྐད་གསུམ་གྱིས་ཁམས་གསུམ་མནན། །མཁའ་ཁྱབ་ཡི་ དམ་གཟིགས་ལ་གུས་པས་བསྟོད། །དགུང་ལོ་སོ་གསུམ་མེ་སྟག་ལོ་དེ་ལ། །ཇོ་ནང་བླ་བྲང་ གདན་དྲངས་ཀུན་སྤངས་ནས། །བླ་རབས་གསུམ་གྱི་ལྷ་རྟེན་མཆོད་ཆ་དང༌། །ཕྱག་དཔེ་རྡོར་ དྲིལ་རུས་རྒྱན་ཀ་པཱ་ལ། །དར་གདུགས་ཆོས་གཞིའི་ཆས་ཀུན་ལེགས་ཕུལ་ནས། །རྒྱལ་ཚབ་ དམ་པར་མངའ་གསོལ་སྐལ་ལྡན་རྣམས། །སྨིན་གྲོལ་ཟབ་མོའི་ལམ་ལ་ལེགས་འགོད་ བཞིན། །ངེས་དོན་རྒྱལ་བསྟན་སྐྱོང་ལ་གུས་པས་བསྟོད། །འདུས་པ་མང་ལ་ངེས་དོན་མདོ་ བཅུ་དང༌། །བྱམས་ཆོས་ཀླུ་སྒྲུབ་གཏམ་རིགས་བསྟོད་ཚོགས་སོགས། །རྩ་རྒྱུད་འགྲེལ་བཅས་ སེམས་འགྲེལ་དགོངས་དོན་ཀུན། །གཞི་འབྲས་དབྱེར་མེད་ཉག་གཅིག་གསུངས་ལ་བསྟོད། །ཉིན་མོར་སྤྱན་རས་གཟིགས་སྤྲུལ་འདོད་ལྷ་དང༌། །མི་མཆོག་འགའ་ལ་ངེས་དོན་ཟབ་ཆོས་ འཆད། །སྐྱེ་བོ་ཕལ་ལ་རང་འཚམ་དམ་ཆོས་སྟོན། །མཚན་མོར་ཀླུ་སྒྲུབ་སྤྲུལ་ཏེ་ཀླུ་རྣམས་ དང༌། །ནམ་གུང་ཕྱག་སྤྱན་སྟོང་གིས་མི་མ་ཡིན། །ཐོ་རངས་ཤཱཀྱ་ཐུབ་པས་བར་དོ་བར། །ཁམས་དབང་དང་མཐུན་ཟབ་ཆོས་ཆད་མེད་འཆད། །གང་འདུལ་ཆོ་འཕྲུལ་འགྱེད་ལ་གུས་ པས་བསྟོད། །རྡོར་འཆང་དཔའ་བོ་མཁའ་འགྲོས་ལུང་བསྟན་དང༌། །སྔོན་དུས་སྨོན་ལམ་སྣ་ ཚོགས་མཐུ་བཙན་པས། །མཐོང་གྲོལ་འཛམ་གླིང་རྒྱན་གཅིག་བཞེངས་བཞེད་སྐབས། །འགྲུབ་ཚུལ་ཚིགས་བཅད་རང་སྒྲ་གྲགས་ལ་བསྟོད། །ས་ཆོག་མཛད་ཚེ་ཁོང་ཉིད་དུས་འཁོར་ གྱུར། །འཇའ་གུར་དབུས་སུ་ཨོ་རྒྱན་པདྨ་ལ། །གྲུབ་ཆེན་དུ་མས་བསྐོར་ཞིང་སངས་རྒྱས་ སྲས། །དཔའ་བོ་མཁའ་འགྲོས་མེ་ཏོག་འབེབས་ལ་བསྟོད། །ས་ལྷས་གསེར་བུམ་ཐོགས་ བཞིན་ས་གཏེར་དང༌། །ཀླུ་རྒྱལ་མེ་ཏོག་གསེར་འཁོར་དང་བཅས་ཆུ། །ཀྵེ ་ཊས་ལྷུང་བཟེད་བ་ དན་ཐོགས་ཏེ་རྡོ། །ལྷ་མོ་འོད་འཆང་ཤིང་གཏེར་སོགས་ཕུལ་བསྟོད། །ནགས་སྨན་གསེར་ དྲིལ་དུང་དཀར་མཆོད་རྫས་འབུལ། །ལྷ་བྲན་མང་པོས་མེ་ཏོག་ཆར་ཆེན་ཕབ། །གླིང་མཚོར་ 7-1-226 གནས་པའི་ཀླུ་རྒྱལ་ནོར་རྒྱས་ཀྱིས། །གསེར་ཕྱེ་ཕུལ་ལ་ལྷ་མིའི་བླ་མར་བསྟོད། །མཆོད་རྟེན་ བཞེངས་སྐབས་ཉིན་མོར་ལྷ་མི་དང༌། །མཚན་དུ་ཀླུ་དང་གནོད་སྦྱིན་མི་མིན་སོགས། །ལེགས་ བརྩིག་ལས་མི་ཕལ་ལ་སྒོམ་ཉམས་འཕེལ། །གང་འབྲེལ་བདེ་བ་ཅན་དུ་སྐྱེ་བར་བསྟོད། །དགེ་བ་བསྟན་པ་ཆོས་དང་ཐར་བ་ཡི། །རྒྱལ་ཆེན་གྱིས་ཕུལ་སྲོག་ཤིང་བཙུགས་སོ་ཞེས། །ཨཱ་ལའི་སྒྲ་བཞི་མཁའ་དབྱིངས་ཁྱབ་པར་ལྡི ར། །ལྷ་མང་རབ་དགས་སྒྲ་དབྱངས་བསྒྲགས་ ལ་བསྟོད། །ལ་ལའི་སྣང་ངོར་བརྗོད་བྲལ་མཉམ་བཞག་མཛད། །འགའ་ཞིག་གནས་སུ་ རྫོགས་ལྡན་ཆོས་འཁོར་བསྐོར། །རྩིག་ཤིང་ལྕགས་ཟངས་བླུག་པ་ལྷ་བཟོར་སྤྲུལ། །རྫུ་ འཕྲུལ་ཅིག་ཅར་བསྟན་ལ་གུས་པས་བསྟོད། །ཉིད་སྐུ་སྟོང་གཟུགས་སྒྱུ་མའི་རྣམ་པར་ བཞེངས། །བ་སྤུའི་རྩེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་ཀུན་ལ་ཕོག་སླར་བསྡུས་ རྗེས་དྲན་རྟགས། །རྒྱུད་ལས་བསྟན་པ་ཇི་བཞིན་མངོན་ལ་བསྟོད། །ཤེས་བྱའི་ཆོས་ཀུན་ བདེན་པ་གཉིས་སུ་འདུ། །དེ་གཉིས་ལྟ་ཚུལ་མ་ནོར་བ་ཞིག་དགོས། །ཀུན་རྫོབ་མེད་ལ་ཡོད་ པར་འཛིན་པ་དང༌། །དོན་དམ་ཡོད་ལ་མེད་པར་འཛིན་པ་གཉིས། །རྟག་ཆད་མཐའ་ཡིན་ དོན་གྱི་གཤིས་ལུགས་ལ། །ཀུན་རྫོབ་ཅང་མེད་དོན་དམ་བདེན་ངེས་སུ། །རྟོགས་པ་མཐའ་ བྲལ་དབུ་མའི་ལྟ་བ་ཡང༌། །སྐལ་ལྡན་དོན་དུ་སྟོན་ལ་གུས་པས་བསྟོད། །དེ་ཡང་གཞི་ཡི་ གཤེགས་སྙིང་བཞུགས་པའི་ཚུལ། །གཞི་འབྲས་དབྱེར་མེད་རྣམ་པ་ཐམས་ཅད་པ། །འགྲོ་ ཀུན་ལ་ཡོད་རྣམ་ཤེས་ཡུལ་ལས་འདས། །རྫོགས་པའི་སངས་རྒྱས་དངོས་བཞུགས་བསྒྲུབས་ ལ་བསྟོད། །ཕལ་ཆེར་གཤེགས་སྙིང་རྔ་བོ་ཆེ་ཡི་མདོ། །སོར་ཕྲེང་ངེས་དོན་མདོ་བཅུ་དགོངས་ འགྲེལ་བཅས། །སྔགས་རྒྱུད་སེམས་འགྲེལ་ལ་སོགས་རྒྱ་གཞུང་རྣམས། །ལུང་ཁུངས་ལ་ བརྟེན་རིགས་པས་བསྒྲུབས་ལ་བསྟོད། །མདོ་བརྒྱུད་བསྟན་བཅོས་མན་ངག་དུ་མ་ལས། །རྒྱལ་དང་དེ་སྲས་རྣམས་ཀྱི་དགོངས་པ་བཞིན། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་ཡངས་པ། 7-1-227 །ཐམས་ཅད་མཁྱེན་པ་ཉིད་ལ་གུས་པས་བསྟོད། །རྩོད་དུས་མ་རུངས་སེམས་ཅན་དོན་ཕྱིར་ དུ། །གངས་ཅན་ཁྲོད་འདིར་བསམ་བཞིན་སྐྱེ་བ་བཞེས། །གསུམ་ལྡན་མར་བཅད་ལྟ་ངན་ གཡུལ་ལས་རྒྱལ། །རྫོགས་ལྡན་རྒྱལ་བསྟན་དར་ཆེན་བསྒྲེངས་ལ་བསྟོད། །རྟེན་མཆོག་ ལེགས་གྲུབ་རབ་གནས་ཆོ་གའི་དུས། །ཉི་ཤར་མཁའ་དབྱིངས་འཇའ་འོད་སྣ་ཚོགས་དབུས། །སངས་རྒྱས་བྱང་སེམས་ཡི་དམ་རབ་འབྱམས་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་ མཚོའི་སྡེ། །ཁྲོ་ཆེན་འབར་བས་བགེགས་རྣམས་མཐར་སྤྲད་དེ། །མེ་ཏོག་ཆར་འབེབས་སྤོས་ དྲིས་མཁའ་དབྱིངས་ཁྱབ། །བཀྲ་ཤིས་རྟགས་བརྒྱད་མཆོད་རྫས་དཔག་མེད་བྱོན། །དེ་ཀུན་ རྟེན་མཆོག་ལ་ཐིམ་གུས་པས་བསྟོད། །གཞན་ཡང་རྒྱལ་འགོང་དམ་སྲིས་ཁ་ཟུག་སྐབས། །བཀའ་ཤོག་བསྐུར་བ་ཙམ་གྱིས་བར་ཆད་ཞི། །དབང་བསྐུར་དུས་སུ་དཀྱིལ་འཁོར་གཙོ་བོར་ བཞེངས། །སྐུ་གསུང་ཐུགས་ཀྱིས་བྱིན་རླབས་འབེབས་ལ་བསྟོད། །འབད་མེད་ངང་ནས་ཅིག་ ཅར་སྤྲུལ་གར་འགྱེད། །འགྲོ་ཀུན་བསོད་ནམས་དཔལ་དུ་ཤར་ན་ཡང༌། །སྐལ་མེད་གླིང་ འཁྱམས་རྣམས་ལ་འཕྲིན་ལས་དབེན། །བསྟན་འགྲོའི་མགོན་གཅིག་ཁྱེད་ལ་གུས་པས་ བསྟོད། །རྒྱ་དང་ཧོར་སོག་རྒྱལ་ཁབ་མང་པོས་ཀྱང༌། །གདན་འདྲེན་ཡང་ཡང་ཞུས་ཀྱང་སྐུ་ དངོས་སུ། །མ་བྱོན་ན་ཡང་སྤྲུལ་པ་སྣ་ཚོགས་ཀྱིས། །ཐབས་མཁས་རོལ་བས་མཛད་བཟང་ བསྟན་ལ་བསྟོད། །དགུང་ལོ་བདུན་ཅུ་ལྕགས་མོ་གླང་གི་དུས། །ཉིད་སྐུ་སྔར་བས་གཟི་ མདངས་རབ་རྒྱས་ཏེ། །ད་ལོ་བདག་ནི་བདེ་ཆེན་ཞིང་དུ་འགྲོ། །གསུང་ཚེ་ས་གཡོས་འཇའ་ འོད་འཁྲིགས་ལ་བསྟོད། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །བསུ་ བའི་ཚུལ་བྱོན་ཐུགས་སློབ་རྣམས་ལ་ཡང༌། །ལུང་བསྟན་རེ་རེ་གནང་ཞིང་སྤྱན་ཟུང་གིས། །ལྟ་ སྟངས་མཉམ་བཞག་བདེ་ཆེན་བཞུགས་ལ་བསྟོད། །ཞལ་ནས་འོད་འགྱེད་གཡོ་མེད་ཞིང་ གཞན་གཤེགས། །ཡོལ་བས་བསྐོར་ཞིང་དྲི་ངད་སྣ་ཚོགས་ལྡང༌། །ལྷ་དང་ལྷ་མོས་མཆོད་ 7-1-228 རྫས་མེ་ཏོག་འཐོར། །རོལ་ཆ་དཀྲོ ལ་ཞིང་མཆོད་བསྟོད་ངོམ་ལ་བསྟོད། །ས་ཆེན་རབ་གཡོ་ བྱང་སེམས་ཤངས་རྩེར་ལུད། །ཡར་ཆབ་གཙང་པོ་ཆད་ཅིང་འགྲོ་འོང་བྲལ། །དམར་ཆ་ནོར་ བུར་བྱོན་ཚེ་ནུབ་རི་ལ། །ཉེ་བའི་ཉི་མ་ཤར་ཕྱོགས་བཟློག་ལ་བསྟོད། །ཚེས་བརྒྱད་ཉིན་པར་ སྐུ་གདུང་སྤྱན་དྲངས་ཚེ། །དྲི་བཟང་སྣ་ཚོགས་རབ་འཐུལ་མི་མང་ལ། །མཇལ་ཁ་གནང་ཞིང་ མཁའ་དབྱིངས་རབ་དྭངས་ངོར། །འཇའ་ཚོན་སྣ་ལྔར་མཆོད་རྫས་མངོན་ལ་བསྟོད། །གདུང་ ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ཁྱབ། །འོད་དཀར་ཤེལ་ཀ་བསྒྲིག་ལྟར་བར་བར་དུ། །དམར་འོད་སྐུད་པར་དྲིལ་ཕྲེང་བགྱིས་པ་ལྟར། །ཡེ་ཤེས་མེ་འོད་རང་འབར་མཛད་ལ་བསྟོད། །ཆོས་སྐུ་སྐྱེ་མེད་མི་རྟག་ཟློས་གར་མཚོན། །འདིར་དགོངས་རྫོགས་ཀྱང་གཙང་བདེ་རྟག་ བདག་གི །རང་བཞིན་དམ་པའི་ཆོས་ཉིད་མངོན་ཚུལ་གྱི། །ཤོ་ལོ་ཀ་གསུམ་རང་སྒྲ་གྲགས་ལ་ བསྟོད། །མཁའ་ལ་འཇའ་ཚོན་དྲ་བ་དྲ་ཕྱེད་དོད། །བར་བར་མེ་ཏོག་སྣ་ཚོགས་རི་མོའི་དབུས། །ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་བྱོན། །སྣ་ཚོགས་མེ་ཏོག་ཆར་བ་འབེབས་ལ་ བསྟོད། །གདུང་མེ་མཆེད་སྒྲས་ཆོས་སྒྲ་སྣ་ཚོགས་དང༌། །དུ་བ་སྔོ་ལྗང་དར་ཡུག་བརྐྱངས་ འདྲའི་རྩེར། །འཇའ་གུར་ཀློང་དུ་ཆོས་རྗེ་དངོས་བཞུགས་པས། །སློབ་ཚོགས་རང་སྣང་དང་ མཐུན་སྤྲུལ་ལ་བསྟོད། །ཨ་གར་ཙན་དན་ག་བུར་ལ་སོགས་དྲི། །སྣ་ཚོགས་མཁར་ཁྱབ་ འཁར་རྔ་གླིང་བུ་དང༌། །དུང་དཀར་ཟངས་དུང་རྔ་དྲིལ་རྫ་རྔ་དང༌། །ཌཱ་རུ་ལ་སོགས་སྒྲ་སྙན་ གྲགས་ལ་བསྟོད། །གདུང་ཁང་སྒོ་འབྱེད་ལ་ཆས་མཁའ་དབྱིངས་ལས། །སྒྲ་བོ་ཆེ་བྱུང་གདུང་ རུས་ཤེལ་དཀར་གཟུགས། །ལེགས་མཇལ་ཚེ་ན་སྒལ་ཚིགས་ཡོངས་རྫོགས་སྐུ། །དཔྲལ་ བར་རྟ་མགྲིན་ཡང་གསང་བྱོན་ལ་བསྟོད། །དཔུང་གཡས་མི་གཡོ་ལྟག་པའི་ནང་ངོས་སུ། །སངས་རྒྱས་ཐོད་པ་ཚངས་བུག་ཤཱཀ་ཐུབ་སྐུ། །སོར་ཚིགས་ཁ་སརྤ་ཎི་རྣ་ལྟག་གཡས། །སེང་ ལྡེ ང་ནགས་སྒྲོལ་ལྷ་མོར་གྲུབ་ལ་བསྟོད། །གཡོན་དུ་འཇམ་དམར་སྙན་ཟུང་མགྲིན་པའི་ཆར། 7-1-229 །དུང་དཀར་གཡས་འཁྱི ལ་མཁྲིག་མ་གཡས་གཡོན་དུ། །སྔོ་གསལ་རྡོ་རྗེ་རྩེ་ལྔ་རེ་རེ་བྱོན། །རྗེ་ངར་ཡིག་དྲུག་རང་བྱོན་ཚོགས་ལ་བསྟོད། །འགྲམ་རུས་སྟོང་ཆེན་ཡིག་ལྔ་རྩིབ་རུས་ལ། །བཀྲ་ཤིས་རྟགས་བརྒྱད་རུས་པའི་ཆ་ཤས་ལ། །ཧ་ཀྵ་བརྩེགས་འབུར་གསུང་རྟེན་སྣ་ཚོགས་ དང༌། །ཕྱག་མཚན་ལ་སོགས་ཐུགས་རྟེན་བྱོན་ལ་བསྟོད། །རིང་བསྲེ ལ་ལེགས་སྤུངས་གདུང་ ཐལ་གང་འགོས་སུ། །ཡི་གེ་ཨཱཿཧྲཱིཿཕྱག་མཚན་དུང་དཀར་དང༌། །རྗེ་བཙུན་ལྷ་མོ་རྣམ་སྲས་ གུར་མགོན་སྐུ། །ཡ་མཚན་རང་བྱུང་མཐའ་མེད་བྱུང་ལ་བསྟོད། །དེ་དག་རྣམས་ཀྱང་གླང་ཆེན་ རུས་པ་ལ། །མཁས་པའི་བཟོ་བོས་ལག་རྩལ་འགྲན་པ་ལྟར། །འབུར་དུ་དོད་ཅིང་ཤིན་ཏུ་ གསལ་བ་ནི། །གདུལ་བྱའི་དོན་དུ་སྟོན་ལ་གུས་པས་བསྟོད། །གདོད་ནས་སྤངས་རྟོགས་ མཐར་ཕྱིན་ཡེ་ཤེས་དབྱིངས། །སྐུ་དང་ཞིང་ཁམས་ཡི་དམ་མཆོག་གསུམ་བདག །འགྲོ་ཁམས་ མ་ལུས་འདྲེན་པའི་དེད་དཔོན་མཆོག །སླར་ཡང་ཐུགས་རྗེས་གཟིགས་ལ་གུས་པས་བསྟོད། །ཆོས་ཀུན་སྲོག་གི་དྭངས་མ་སྙིང་པོའི་མགོན། །རྒྱལ་ཀུན་ཆོས་སྐུ་ཉག་གཅིག་སྒྱུ་འཕྲུལ་གར། །ཆོས་རྗེ་བླ་མའི་ཚོགས་ཀྱི་རྣམ་པར་འཕོས། །གཞི་དབྱིངས་དགོངས་པ་གཅིག་ལ་མགོས་ ཕྱག་འཚལ། །བདག་པོས་མ་བཟུང་ལྷ་མིའི་དཔལ་འབྱོར་དང༌། །རྣལ་འབྱོར་སྔགས་དང་ ཏིང་འཛིན་གྱིས་སྤེལ་བའི། །ཕྱི་མཆོད་མེ་ཏོག་ལ་སོགས་ཉེར་སྤྱོད་དང༌། །བཀྲ་ཤིས་རྫས་ རྟགས་བརྒྱད་དང་རིན་ཆེན་བདུན། །ཉེར་མཁོའི་རིགས་ཀྱི་མཆོད་པ་དཔག་མེད་དང༌། །བླ་ མེད་གསང་བའི་དམ་རྫས་རྒྱ་ཆེན་པོ། །སྦྱང་སྤེལ་སྦར་བའི་བཅུད་བཟང་ཁྱད་པར་ཅན། །ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང༌། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་དམིགས་བྲལ་བ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །རྒྱ་ཆེན་མཆོད་སྤྲིན་འཁོར་གསུམ་དམིགས་མེད་ངང༌། །གུས་པས་འབུལ་ལོ་བརྩེ་བས་ལེགས་བཞེས་མཛོད། །བདག་སོགས་འཁོར་བར་བཅིངས་ པའི་འགྲོ་ཀུན་གྱིས། །ཐོག་མེད་དུས་ནས་བསགས་སྡིག་ཉེས་ལྟུང་ཚོགས། །དེ་དག་ཀུན་ 7-1-230 ལའང་འགྱོད་ཅིང་ཕྱིན་ཆད་སྡོམ། །དེང་ནས་མ་ལུས་བྱང་ཞིང་དག་མཛད་གསོལ། །ཆོས་ སྐུའི་དབྱིངས་ལས་བླ་མར་ལེགས་བཞེངས་པ། །ཀུན་གྱིས་ལེགས་ཚོགས་མཛད་པ་རྒྱ་ཆེན་ གྱིས། །རྣམ་དཀར་བསོད་ནམས་དཔག་ཡས་ཉེར་བསྐྲུན་ལ། །ཡིད་རབ་དྭངས་པས་རྗེས་སུ་ ཡི་རང་ངོ༌། །རྟག་བརྟན་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཁམས། །ཐེར་ཟུག་འགྱུར་མེད་དོན་ དམ་གཟུགས་སྐུའི་གཤིས། །ནམ་ཡང་འཕོ་འགྱུར་མེད་པའི་དབུ་མ་ཆེ། །ངེས་པ་དོན་གྱི་ཆོས་ འཁོར་བསྐོར་དུ་གསོལ། །གཞོམ་བྲལ་ཆོས་སྐུ་འོད་གསལ་འདུས་མ་བྱས། །འཇིག་མེད་རྡོ་ རྗེའི་ཁམས་སུ་རྟག་བརྟན་ཀྱང༌། །གཟུགས་སྐུ་གང་འདུལ་མོས་ངོར་འཚམ་པའི་འཕྲུལ། །ཀུན་རྫོབ་ཡིད་དགའ་སྣང་བས་འགྲོ་ཀུན་སྐྱོངས། །རབ་དཀར་དགེ་བ་དྲི་མེད་ཤེལ་ལྟར་ དཀར། །ཆོས་རྗེ་དག་གི་བྱིན་རླབས་ཚོན་གྱིས་བསྒྱུར། །རང་གདངས་དྲི་བྲལ་ནང་རིག་ འགྱུར་མེད་དབྱིངས། །རང་གསལ་གདོད་མའི་བཙན་ས་ཟིན་གྱུར་ཅིག །བདག་དང་བདག་ ལ་ལྟོ ས་པའི་འགྲོ་བ་ཀུན། །ཆོས་སྲིད་མཐོ་བའི་ཁང་བཟང་ཀ་ལཱ་པར། །ཀུན་མཁྱེན་བླ་མས་ དབང་ལུང་མན་ངག་གི །ཟབ་ ཆོས་མ་ལུས་ཇི་བཞིན་གནང་གྱུར་ཅིག ། རྒྱུ་འབྲས་ཚོགས་གཉིས་རིན་ཆེན་ཤིང་རྟ་ཡིས། ། རྣམ་མང་འགྲོ་ཀུན་འཁོར་བའི་མཚོ་ཆེན་ལས། ། རྣམ་གྲོལ་ཐར་པའི་ལམ་བཟང་ལ་བཀོད་དེ། ། དོན་གཉིས་རྒྱ་མཚོའི་ཕ་རོལ་ཕྱིན་གྱུར་ཅིག ། ཡེ་གཞི་ཆོས་དབྱིངས་ཀུན་ཁྱབ་ཕོ་བྲང་ནས། ། སྐུ་གསུང་ཐུགས་ཀྱི་མཛད་པ་ཅིག་ཅར་དང༌། ། ཐབས་མཁས་སྨོན་ལམ་རབ་འབྱམས་སྣ་ཚོགས་ཀྱིས། ། 7-1-231 གདུལ་བྱའི་དོན་དུ་གང་སྨོན་མྱུར་འགྲུབ་ཤོག ། ཅེས་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་རྣམ་ཐར་བསྟོད་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཡང་ངག་དབང་ཡོན་ཏན་བཟང་ པོས་རང་གི་དད་པའི་གསོས་ཉིད་དུ་བསྡེབས་པའོ། ། ༄༅། །སྐྱབས་མགོན་བློ་གྲོས་གྲགས་པའི་རྣམ་ ཐར་ས་བོན། ༄༅། །རྗེ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་བླ་མ་དམ་པ་ངག་དབང་བློ་གྲོས་གྲགས་ པའི་ལོ་རྒྱུས་ས་བོན་དད་པའི་སྒོ་ཙམ་བརྗོད་པ་ལ། སྔོན་སྟོན་པའི་དྲུང་དུ་འཇིག་རྟེན་ཐམས་ ཅད་ཀྱིས་མཐོང་ན་དགའ་བའི་ལི་ཙ་བཱི་སོགས་དང་རྒྱ་གར་དུ་གྲུབ་ཆེན་འགའ་རེ་དང༌། བོད་ དུ་ཡང་སྤང་མི་མི་ཕམ་དང༌། སྣང་ཆུང༌། མཁའ་འགྲོ་མ་དབང་ཕྱུག་ལྷ་མོ་སོགས་བསྟན་ འགྲོའི་དོན་མཛད། ཁྱད་པར་རྒྱལ་བས་ལུང་གིས་ཡང་ཡང་བསྔགས་པ་ཀུན་མཁྱེན་རྟོན་པ་ བཞི་ལྡན་དང་དེའི་སྐྱེ་ཕྲེང་འགའ་རེ་དང༌། གྲོལ་མཆོག་དང་སྒྲོལ་བའི་མགོན་པོ་སོགས་རང་ རེའི་ཆོས་བརྒྱུད་དུ་བཞུགས་པའི་བསྟན་བདག་དང༌། མདོ་ཁམས་སུ་འཇམ་དབྱངས་མཁྱེན་ བརྩེ་དབང་པོ་དང༌། ཀོང་སྤྲུལ་རིན་པོ་ཆེ་དང༌། མི་ཕམ་ཕྱོགས་ལས་རྣམ་རྒྱལ། གྲོང་མང་རྣམ་ སྣང་རྡོ་རྗེ། གཏེར་ཆེན་མཁའ་སྤྱོད་གླིང་པ་སོགས་དུས་གཅིག་ལ་སྤྲུལ་པ་ཐ་དད་ཚུལ་གྱིས་ བསྟན་འགྲོའི་དོན་རླབས་ཆེན་མཛད་པ་དང༌། མཁས་གྲུབ་གཉིས་ལྡན་དེ་རྣམས་ཀྱིས་ཞལ་ གྱི་ལུང་བཟང་འགྱུར་མེད་རྡོ་རྗེའི་ཚིག་གིས་ངེས་དོན་བསྟན་པའི་རྒྱན་གཅིག་ཏུ་ཁོང་རྣམས་ 7-1-232 བྱོན་པའིརྒྱུ་མཚན་གསུང་ལྟར་ནི། རྗེ་བླ་མ་དམ་པ་འདི་ཉིད་དོ། ། དེ་ཡང་སྐྱེས་ཆེན་དེ་རྣམས་ཀྱི་གསང་གསུམ་གྱི་མཐུ་ནུས་གཅིག་བསྡུས། སྙིགས་དུས་ འགྲོ་བའི་མགོན་གཅིགསངས་རྒྱས་བསྟན་པའི་བཅུད་འཛིན། གསང་སྔགས་རྟོགས་པའི་ དབང་ཕྱུགངེས་དོན་བསྟན་པའི་བདག་པོ། མཚན་བརྗོད་པར་དཀའ་བ་བླ་མ་དམ་པ་ངག་ དབང་བློགྲོས་གྲགས་པ་གང་ཉིད་ནི་གོང་སྨོས་ཀྱི་སྐྱེས་ཆེན་རྣམས་ཀྱི་ཐུགས་རྗེའི་གར་གྱི་ རྣམ་རོལ་དང༌། ཁྱད་པར་སྤྲུལ་གཞི་དངོས་ཤམྦྷ་ལར་བཞུགས། དེ་ལས་སྤྲུལ་པའི་བར་དོའི་འགྲོ་བའི་ཚུལ་ལ་མཁའ་འགྲོ་མ་དཀར་སྔོན་གཉིས་ཀྱིས་ སྐྱེལ་མའི་ཚུལ་མཛད་པས་བུམ་ཆུ་རེ་གནང་བཞིན་ལྗོངས་འདིར་ཆོས་ལྡན་ཕ་མའི་མངལ་དུ་ ཞུགས། དེ་ནས་ཟླ་བ་དགུ་ཞག་བཅུ་ཙམ་ནས་འཛམ་ཐང་གསང་སྔགས་ཞིང་དུ་སྐུ་འཁྲུངས་ དུས་གྲོད་པུ་ལྟ་བུའི་ནང་དུ་ལྟེ་བ་གཟན་གྱི་ཚུལ་མཛད་སྐུ་མགོ་མཇུག་མ་ལོག་པར་འཁྲུངས། དེ་དུས་སུ་ལྷ་ཀླུ་མི་གསུམ་སོགས་ཀྱི་དགའ་བའི་རྣམ་རོལ་གྱིས་སྐུ་མངལ་དུ་ཡོད་དུས་མ་ལ་ འཇའ་གུར་ཡང་ཡང་འཁྱི ལ་པ་དང་ཀླུ་ཡིས་དད་པས་ནོར་བུ་འབུལ་བ་དང༌། ཀུན་མཁྱེན་ ཆེན་པོ་དང་དེའི་སྐུ་ཕྲེང་དུ་སོན་པའི་མེ་ཏོག་མུ་ཏིག་ལྟ་བུའི་ཡིག་དྲུག་སོགས་བྱུང་བ་དང་ ཆོས་མཚུངས་པའི་སྔར་མེད་ཀྱི་མེ་ཏོག་སྣ་ཚོགས་མདོག་མང་པོ་རི་དང་གནས་ཁང་དུ་གསར་ དུ་འཁྲུངས་པ་ཡང་མང༌། སྐུ་བྱིས་པའི་དུས་སུ་ཁོང་གི་སྣང་བ་ལ་མ་འོངས་མཐོང་འགྱུར་གྱི་ མངོན་ཤེས་ཀྱིས་འཛམ་ཐང་དུ་ཡུན་རིང་བཞུགས་པ་དང་འཁོར་མང་ལ་ཆོས་གསུང་བའི་ སློབ་དཔོན་མཛད་པ་སོགས་དང་མཐོང་སྣང་འདྲ་མིན་མང་པོ་ཡོད་པ་དང༌། ཀློག་སློབ་དུས་ དཀའ་ཚེགས་མེད་པར་ཤེས་སླ་བ་དང་བློ་གསལ་བས་རིག་གནས་འགའ་རེ་མ་སློབ་བཞིན་ དུ་ཤེས་པ་སོགས་དང༌། ཁྱད་པར་དུས་འཁོར་ལྷ་དགུའི་མཚམས་སྦྱར་གྲོང་ཆོག་དུས་གློ་ བུར་དུ་བློ་ལ་གསུངས་ནས་ཀུན་ཧ་ལས་པ་དང༌། དམ་པ་འདི་སྦྱོར་དྲུག་ཏུ་བཞུགས་པའི་ 7-1-233 ནུབ་འཛམ་ངོས་རྡོ་རྗེ་འཆང་གི་གཟིམས་མལ་དུ་མཆོད་རྟེན་དཀར་པོ་དྲི་མ་མེད་པའི་ཕྱོགས་ བཞི་ནས་དར་ཆེན་བསྒྲེངས་པའི་ལེགས་ལྟས་ངོ་མཚར་བ་མི་ཕམ་པ་ཡིན་ངེས་འཁྲུལ་མེད་ གསུངས་པ་སོགས་དང༌། སྐྱབས་འགྲོ་ནས་བཟུང་སྦྱོར་དྲུག་སྐབས་སྡིག་སྒྲིབ་སྦྱང་བ་དང་ ཚོགས་བསགས་བྱིན་རླབས་འཇུག་པའི་ཉམས་བཟང་པོ་ཡོད་པ་དང་བར་སྲིད་ཀྱང་འདི་དུས་ ནས་གཟིགས་རྗེས་ཁྲིད་ཀྱི་བར་ལ་ལྷུར་བླང་བའི་སྒོ་ནས་བརྩོན་ཚེ་ཐུན་མོང་སྔོན་འགྲོའི་ཁྲིད་ རྣམས་ཞིབ་ཆ་གཏིང་ཟབ་ཤེས་པའི་སྟོད་སྨད་ཀྱི་མཁས་པ་རྣམས་ཀྱིས་གཞོན་ནུ་འདི་བསྟན་ འཛིན་གྱི་སྐྱེས་ཆེན་ཡིན་ངེས་ཀྱི་བསྟོད་བསྔགས་ཡང་ཡང་བརྗོད། ཁྱད་པར་འཛམ་ངོས་རྡོ་ རྗེ་འཆང་དཔོན་སློབ་མདུན་དུ་སྔོན་འགྲོའི་ཁྲིད་བློ་རྒྱུགས་ཕུལ་ཚེ་དཔྱིད་ཉི་ཞིག་གི་རིང་ལ་རྗེ་ འདིས་སྤྱན་གཉིས་བཙུམས་ནས་ཁྲིད་ཡིག་ཏུ་གསལ་མི་གསལ་བླ་མས་ཁྲིད་མ་ཁྲིད་རྣམས་ གསུང་ཚེ་འཛམ་ངོས་ཀྱིས་ངས་ཀྱང་ཡིད་ཚིམས་དོན་འབྲས་ཆེ་སོགས་ཐུགས་དགྱེས་པའི་ བསྟོད་བསྔགས་ཀྱི་མེ་ཏོག་དུས་སུ་འཐོར་བ་དང༌། དེ་སྐོར་ན་ཡོད་པའི་མཁས་པ་རྣམས་ཀྱིས་ ངོ་མཚར་ཆེ་བས་ཧ་ལས་པའི་སྣང་བ་བྱུང༌། ཐུན་མིན་སྔོན་འགྲོའི་དབེན་གསུམ་སྐབས་ཞག་ བདུན་ནས་རྟགས་བཅུའི་ངོ་ལེགས་པར་འཕྲོད་པ་དང༌། སོར་སྡུད་བསམ་གཏན་སོགས་སྦྱོར་ དྲུག་གི་ལམ་གྱི་རྟགས་རྗེས་མཐུན་དང་དངོས་གནས་མཚན་ཉིད་ཡོད་པས་འཛམ་ངོས་ཀྱིས་ བསྟོད་བསྔགས་མཛད། ཁྱད་པར་དེ་དག་གི་སྐབས་སུ་རྨི་ལམ་སྤྲུལ་བསྒྱུར་དང་གསལ་སྣང་ གིས་ཡུལ་རྣམས་མཐོང་བས། སྤྱི་གཙུག་བུག་པ་དང་སྟོང་གཟུགས་ཀྱི་སྣང་བ་བསམ་གྱིས་མི་ ཁྱབ་པ་དང༌། ཀུན་མཁྱེན་ཆེན་པོ་སོགས་དང་ལྷ་སྐུ་མང་པོ་དང་ཞིང་ཁམས་དུ་མ་མཐོང་བ་ནི་ རྒྱུན་དུ་ཡོད། ཁྱད་པར་སེམས་ཀྱི་ཆོས་ཉིད་བརྗོད་བྲལ་སྟོང་གསལ་འཛིན་མེད་གཟུང་འཛིན་ དང་བྲལ་བའི་དབྱིངས་དེ་ཀའི་ངོར་སྤྲུལ་སྐུ་ཐུབ་པ་མཆོག་གི་བཀོད་པ་ནམ་མཁའི་མཐའ་ དབུས་དང་བྲལ་བའི་སྐུའི་བཀོད་པ་དང༌། རེ་ཞིག་སྤྲུལ་སྐུའི་བཀོད་པ་བསྡུས་ནས་ལོངས་ 7-1-234 སྤྱོད་རྫོགས་སྐུ་དུས་ཀྱི་འཁོར་ལོ་སྔར་ལས་དྭངས་པའི་ཕྱོགས་མཐའ་དང་བྲལ་བའི་དབྱིངས་ དེ་ཀར་ཁྱབ་པ་དང༌། རེ་ཞིག་དེའི་བཀོད་པ་བསྡུ་ཚུལ་གྱི་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་ བའི་དེ་བཞིན་ཉིད་ཆོས་སྐུ་འཁོར་འདས་ཀུན་ཁྱབ་ཀྱི་དབྱིངས་འཕོ་འགྱུར་དང་བྲལ་བའི་ ངང་དུ་རེ་ཞིག་གནས་འདི་ནས་གཞན་སྟོང་ལ་ཡིད་ཆེས་གཏིང་ནས་འཁྲུངས། འབྱུང་འདུལ་ བསྙེན་མཚམས་སྐབས་འཛམ་ངོས་ཀྱིས་ཐུགས་ཁྲོས་ཚུལ་གྱིས་བཀའ་བཀྱོན་དྲག་པོ་མཛད། ཐུགས་ཁྲོ་བ་ཞི་ཚེ་ཁྱོད་ལ་ཕྱིན་ཆད་ཚེ་ཆོས་ལ་བར་ཆད་གང་ཡང་མེད་གདོན་གྱིས་འཚེ་བ་ བྲལ་བ་ཡིན་གསུངས་འགྲུབ་རྟགས་ཀྱང་བཟང་བར་བྱུང༌། རྗེས་ནས་འཛམ་ངོས་མགོ་ལོག་ ཕྱོགས་སུ་ཕེབས་ཚེ་འཛི་ཆུའི་དཀྱིལ་ནས་ཞལ་ཚུར་ཕྱོགས་ནས་ཨ་བློ་གྲགས་ལན་གསུམ་ གསུངས་པས་བདེ་མོ་གྱིས་གསུངས་པས་དེ་ཚུན་ཆད་བར་ཆད་གང་ཡང་མེད་པར་སོང༌། དེ་ མཚམས་ཞིག་ནས་མཁས་དབང་ཚོགས་གཉིས་རྒྱ་མཚོའི་མདུན་ནས་བསྡུས་གྲྭ་ལན་གཉིས་ ཞུ་སྐབས་བླ་མས་གསུང་ཁྲིད་ཐམས་ཅད་ཀྱི་གོ་བ་གནད་མ་འཆུགས་པ་དང་ཟིན་བྲིས་ཀྱང་ མང་པོ་ཡོད། ལན་གཅིག་གཉིས་ནས་བློ་ལ་ལེགས་པར་ལོན་པའི་ཆོས་སྒོ་རྒྱ་མཚོ་བྱེ་བའི་ བློ་གྲོས་ཀྱི་སྣང་བ་མཁའ་ལྟར་ཡངས་པ་བྱུང་བས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་ མས་མཁས་པའི་གྲགས་པ་ཕྱོགས་ཕྱོགས་སུ་སྒྲོག་ཆོས་གཞན་མང་པོ་ཐོབ། ཁྱད་པར་རྗེ་བླ་ མ་དམ་པ་ཚོགས་གཉིས་རྒྱ་མཚོས་རྗེས་ནས་བློས་གྲགས་འདི་ཚོ་ས་གྲགས་གནམ་གྲགས་རེ་ ལོས་འོང་མི་ཕམ་གྱི་སྤྲུལ་པ་ཡིན་རྒྱུ་རེད་གསུངས་པས་བསྟོད་བསྔགས་ཀྱི་མེ་ཏོག་དུས་སུ་ གནང༌། བླ་མ་བློ་ཚུལ་མདུན་ནས་ཕར་ཕྱིན་སོགས་བསླབས་མཁས་པའི་ཡང་རབ་ཏུ་གྱུར། མདོ་ལམ་གྱི་ས་ལམ་གནད་འགགས་གྲུབ་མཐའ་སོ་སོ་དང་ཆོས་ལུགས་སོ་སོར་རྒྱུད་སྡེ་སོ་ སོའི་གནས་ཚུལ་ཞིབ་ཏུ་གཏོགས། བླ་མ་བསྟན་པ་གསལ་བྱེད། སྨོན་ལམ་བཟང་པོ། རྡོ་རྗེ་ བཟང་པོ། བསྟན་པ་རབ་རྒྱས། རིན་ཆེན་བཟང་པོ། དཀོན་མཆོག་དར་རྒྱས་སོགས་ལས་ 7-1-235 རྒྱུད་སྡེ་སོ་སོའི་དབང་དང་བསྐྱེད་རྫོགས་མང་པོ་ཞུས་ནས་ཉམས་ལེན་ཀྱང་མཛད་པས་ཡོན་ ཏན་དབྱར་མཚོ་ལྟར་ཆེས་ཆེར་རྒྱས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མཆོག་ཏུ་གྱུར་ པ་འགྲན་གྱི་ཟླ་དང་བྲལ་བའི་ཡོན་ཏན་གྱི་གཏེར་དུ་གྱུར་ཏོ། ། རྗེ་བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོ་འདིས་བསྟན་འགྲོའི་དོན་རླབས་ཆེན་མཛད་པ་ལ་ འཛམ་ཐང་ཆོས་ཀྱི་སྔགས་ཞིང་བདེ་ལྡན་གཟིམ་ཁང་བཀྲ་ཤིས་འཁྱིལ་དུ་གཙང་པའི་དཀོར་ བདག་མི་ལུས་ཚུལ་དང༌། ལས་དང་སྐལ་བ་ལྡན་པའི་གདུལ་བྱ་སོ་སོ་ལ། བསྡུས་གྲྭ་སྤྱི་ ཟུར། ཕུང་ལྔ། ཕར་ཕྱིན། སྤྱོད་འཇུགམངོན་པ། ལམ་རིམ། སྔགས་རིམ། དབུ་མ། བློ་སྦྱོང༌། སྦྱོར་དྲུག་སྤྱི་དོན། གཞན་སྟོང༌། དཀྱིལ་འཁོར་རྒྱ་མཚོའི་རྩིག་ཐབས་དང་ལེབ་ཐིགབདེན་ གཉིས་རྣམ་བཞག་སོགས་གཞུང་སོ་སོ་ཞུ་བ་ཅི་ཡོད་རྣམས་ལ་ཤེས་རབ་ཀྱི་དབང་པོ་རང་ འཚམ་དང་ལྡན་པར་མཛད། སྦྱོར་དྲུག་པ་ཆོས་ཚན་སོ་སོ་ལ་བསྐྱེད་རྫོགས་ཁྲིད་དང་གེགས་ སེལ་བོག་འདོན་གནས་ལུགས་ངོ་སྤྲོད་སོགས་དབང་པོ་དང་འཚམ་པར་མཛད། གཞན་སྟོད་ སྨད་ཀུན་གྱི་སྐྱེས་ཆེན་རྣམས་ལ་བསྐྱེད་རྫོགས་མང་པོ་དང༌། རྒྱུད་སྡེ་སོ་སོའི་ཁྱད་པར་དང༌། ལས་སྣ་ཚོགས་པའི་སྦྱིན་སྲེ ག་ཁྲིད་དང༌། ཀ་ཐོག་བླ་མ། རབ་འོབས་བླ་མ། གྲུབ་བརྙེས་ཀྱི་ སྐྱེས་ཆེན་དག་ལ་སྲོག་གེགས་བསལ་བ་སོགས་ཀུན་གྱི་གཙུག་གི་ནོར་བུ་གྱུར་ཏོ། །གཙང་ པའི་སྐུ་རིམ་དང་ནག་པ་ཟླ་བ་གྲྭ་ཚང་ཡོངས་ཀྱི་ཚོགས་བདེ་མཆོག་ནག་པོ་པ་དང༌། དུས་ འཁོར་ཚོགས་ཆེན་སོགས་ཁྲི་བཞུགས་ཀྱང་ཡང་ཡང་མཛད་དགེ་མཚན་ཀྱང་མང་ངོ༌། །ཆོས་ ཀྱི་བྱ་བ་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་དབང་བསྐུར་རྒྱུད་བཤད་བསྐྱེད་ རྫོགས་སྣ་ཚོགས་ཀྱིས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་བཞིན་དུ་གནས། དེ་མཚམས་ རེ་ཞིག་དུས་ཀྱི་འཕོ་འགྱུར་ཆེ་སྟབས་ཀྱིས་སྤྱི་བདེ་ཁང་དུ་བར་སྐབས་རེར་བཞུགས་དགོས་ སྐབས། མཚམས་ཞིག་ནས་ཞལ་ཟས་ཀྱི་བྱ་བ་མ་མཛད། ཐུགས་མི་རྟོགས་ཏིང་འཛིན་ངང་ 7-1-236 དུ་བཞུགས་ནས་གསུང་མཛད་སོགས་ལུས་ངག་གི་བྱ་བ་གང་ཡང་མི་མཛད་པའི་ངང་ཡུན་ རིང་གནས་སྐབས་དྲི་ཆེན་དྲི་ཆུ་འགགས། དྲི་ཆེན་ཅུང་ཙམ་ཐོན་དུས་དྲི་བཟང་འཐུལ་བ་དང༌། སྲུང་མདུད་ཙམ་གྱིས་མཚོན་དང་ཁབ་ཀྱིས་མི་ཆོད་པ་བྱུང༌། སྡེ་དགེ་མཁན་པོ་པདྨ་དང་ཨབ་ རྐོང་མཁན་པོ་སོགས་སྐྱེས་ཆེན་དུ་མས་རྗེ་འདི་ཉིད་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ བརྗོད་པས་ཐལ་མོ་སྦྱར་བཞིན་འདི་འདྲའི་སྐྱེས་ཆེན་དེང་སང་ཤིན་ཏུ་དཀོན་ཅི་འདྲའི་ངོ་ མཚར་ཆེ་ཞེས་བསྟོད་བསྔགས་ཡང་ཡང་མཛད། ཕྱོགས་ཀྱི་མཁས་ཆེན་མང་པོ་དང་ཆོས་ཀྱི་ བགྲོ་གླེང་སྐབས་འཕགས་བོད་ཀྱི་ཡིག་ཆའི་དགོངས་པ་གྲུབ་མཐའི་འདོད་ལུང་རྒྱུད་སྡེ་ཁྱད་ ཐང་སོགས་ཀྱི་མཁས་ཆེན་ཐམས་ཅད་ལས་ཕྱོགས་ལས་རྒྱལ་བས། དེ་ནས་འཛམ་ཐང་དུ་བྱོན་ནས་ལོ་མང་པོར་སྔོན་གྱི་སྨོན་ལམ་མཐུས་བདེ་སྐབས་དང་ ལྡན་བཞིན་ཆོས་ཀྱི་སྣང་བས་དུས་འདའ་བཞིན་དེ་སྐབས་ཡང་འཛི་ཡུལ་ཆོས་གྲྭ་སོ་སོར་ དང་རྡོ་སྟོད་སྨད་མགོ་ལོག་ཁག་གསུམ། རྔ་ཡུལ་ཚུན། ཚ་ཁོ་ཡན་གྱི་གདུལ་བྱ་སྐལ་ལྡན་ དད་བརྩོན་ཅན་རྣམས་ལ་ཟབ་ཆོས་མང་པོ་དང་དགེ་ཚུལ་སློང༌། བསྐྱེད་རྫོགས་སྣ་ཚོགས། དབང་ལུང་ཁྲིད་སོགས་ཀྱིས་ཚིམས་པར་བྱས། རང་ཅག་ལ་མཚན་བརྗོད་ཁྲིད་ནུབ་རྨི་ལམ་ འོད་གསལ་ལ་མདོ་རྒྱུད་དགོངས་པ་གཅིག་དྲིལ་ཚུལ་དུ་རྟོགས་པ་རེ་སྣང་གསུངས། དུས་ དང་འཚམ་པའི་སྦྱོར་དྲུག་ཉམས་ལེན་བྱེད་པ་མང་ཙམ་བྱུང༌། དུས་འཁོར་ཡོངས་རྫོགས་དང་ འབྲུ་ནོན་སོགས་བསྐྱེད་རིམ་པ་འགའ་རེ་ནི་གུ་ཉམས་ལེན་བྱེད་པ་སོགས་སློབ་མ་རྣམས་ཀྱི་ ཁམས་དང་བསྟུན་ནས་ཆོས་སྒོ་རྒྱ་མཚོས་སྨིན་གྲོལ་ལམ་ལ་བཀོད་པ་དང་གནས་ལུགས་ངོ་ འཕྲོད་པ་མང་པོ་བྱུང༌། མདོར་ན་མཆོག་དམན་ཡོངས་ཀྱི་གཙུག་ནོར་དུ་གྱུར་ཏོ། ། རྗེ་འདི་ཉིད་ཀྱི་གསུང་ཆོས་ཡང༌། དབུ་མ་གཞན་སྟོང་གཞུང་ཆེན་དང་སྔགས་ལུགས་ གཞན་སྟོང༌། ཇོ་ནང་ཆོས་འབྱུང་དེའི་ལྷན་ཐབས། སྒྲོལ་མའི་ཆོས་སྐོར། ཀུན་མཁྱེན་རྣམ་ 7-1-237 ཐར། པད་འབྱུང་རྣམ་ཐར་སོགས་དཀར་ཆག་ཏུ་གསལ་བ་ལྟར་གླེགས་བམ་བཅུ་ཕྲག་ཡན་ ཆད་བྱུང་བས་རྒྱལ་བསྟན་སྤྱི་དང་ཁྱད་པར་ངེས་དོན་བསྟན་པ་དབུ་འཕང་མཐོ་བར་གྱུར་ ཏོ། །དེ་ཡང་གསུང་རྩོམ་སོ་སོར་མཛད་སྐབས་ཉམས་དང་རྨི་ལམ་འོད་གསལ་དངོས་རྣམས་ ལ་ཡི་དམ་ལྷག་པའི་ལྷས་རྗེས་སུ་བཟུང་བ་མ་མཁའ་འགྲོའི་གནང་བ་ཐོབ་པ་སྒོམ་བྱུང་གི་ རིག་པ་རྡོལ་བ་སོགས་གཞན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། ཁྱད་པར་སྔར་གཟིམ་ ཁང་དུ་བཞུགས་དུས་གཞན་སྟོང་སོགས་ཀྱི་སྔ་ལྟས་ཁོང་གི་སེམས་ཉིད་ཆོས་ཀྱི་ཀློང་གཟུང་ འཛིན་སྤྲོས་པ་ཀུན་བྲལ་ཡེ་ཤེས་དབྱིངས་ནས་བུད་མེད་མཛེས་མ་རིན་ཆེན་རྒྱན་ཆས་ཅན་ གྱིས་སྐད་སྙན་པའི་གདངས་ཀྱིས། རྟོན་པ་བཞི་ལྡན་གང་དེའི་བསྟན་པ་སོགས་ཚིགས་རྐང་ གཅིག་ཡོ་ག་རྩ་གདངས་ཀྱི་འདོན་རྟ་དང་བཅས་གཙང་བའི་དཀོར་བདག་ཡང་ཡང་འོངས་ པ་དང་མཁའ་ལ་འཇའ་སྤྲིན་འཁྲིགས་པ་སོགས་ངོ་མཚར་བའི་རྟགས་མང་པོ་བྱུང༌། གཞུང་ རྩོམ་པ་ལ་དཀའ་ཚེགས་ཀྱང་མེད། ཆོས་འབྱུང་དབུ་ལ་བཟུང་དུས་ངོ་མཚར་བའི་འཇའ་ སྤྲིན་དང་མེ་ཏོག་གི་ཆར། རྡོར་དྲིལ་བཟང་པོ་འབུལ་བ་སོགས་དང༌། ལྷ་བཟོ་བླ་མའི་རྣམ་ ཐར་གསུངས་པའི་ཉམས་ཁྱད་པར་ཞག་མང་པོར་གནས་པ་བྱུང༌། སྒྲོལ་མའི་ཆོས་སྐོར་དབུ་ ལ་བཟུང་དུས་སྒྲོལ་མའི་ཐང་སྐུ་འབུལ་བ་སོགས་དང༌། ཞལ་གཟིགས་ཀྱི་སྣང་བ་ཡང་ཡང་ བྱུང་བ་སོགས་དང༌། ཀུན་མཁྱེན་རྣམ་ཐར་དབུ་ལ་བཟུང་དུས་ཀུན་མཁྱེན་ཐང་སྐུ་འབུལ་བ་ སོགས་དང་ཆོས་རྒྱལ་རིགས་ལྡན་གྱི་ཞལ་གཟིགས་དང་མ་ལ་ཡའི་ཙནྡན་གྱི་དྲི་བཟང་ཀྱང་ བྱུང༌། ལྷག་ལྷ་སྒྲོལ་མ། རྣམ་རྒྱལ་མ། ཀུན་མཁྱེན། རྗེ་བཙུན་སོགས་དངོས་རྨིས་སོགས་ ཞལ་གཟིགས་ཀྱི་སྣང་བ་ཡང་ཡང་བྱུང༌། རྣམ་རྒྱལ་ཆོ་ག་སོགས་ལ་བརྟེན་ནས་དུས་ཀྱི་ གཟེང་ལོག་མ་བྱུང་བའི་ལུང་བསྟན་ཀྱང་མཛད་གསུངས། ལྷ་གང་ཡིན་ཀྱི་ཆོ་ག་དང་ཆ་ལག་ གསུངས་སྐབས་དངོས་དང་ཉམས་རྨི་སོགས་མེད་པ་གཅིག་ཀྱང་མེད། ཐ་ནའང་འཇིག་རྟེན་ 7-1-238 ཚུལ་འཛིན་ཡན་ཆད་ཀྱང་རང་གཟུགས་དང་གནས་ཚུལ་རྣམས་རྗེ་འདི་ཉིད་ཀྱིས་མཉམ་པར་ བཞག་ཚེ་ལེགས་པར་གཟིགས་པ་ནི་ཀུན་གྱིས་ཤེས་པ་ལྟར་ལགས། མདོར་ན་རྗེས་ཐམས་ ཅད་དུ་ཁོང་ཉིད་ཀྱིས་བསྟན་འགྲོའི་དོན་མཛད་པའི་སྔོན་གྱི་སྐྱེ་ཕྲེང་འགའ་རེ་གོང་དུ་སྨོས་ པ་སོགས་སྔོན་གནས་གསལ་བར་བྱེད་པའི་ཚུལ་ནི་འཁོར་དང་རིགས་དང་དུས་དང་གནས་ དང་སྐུ་ཚེ་སོགས་ཐམས་ཅད་གསལ་བོར་མཉམ་བཞག་ཏུ་མཁྱེན། སྐབས་འགའ་རེ་སྤྱན་ གཉིས་གཡོ་བ་མེད་པར་ལྟ་སྟངས་མཛད་སྐུ་ཡིས་བསྒུལ་བསྐྱོད་དང་གསུང་གི་སྨྲ་སྒོ་ཐམས་ ཅད་སྤངས་ནས་ཐུགས་བདེ་སྟོང་མི་རྟོགས་ཏིང་འཛིན་ངང་དུ་སྐབས་འགར་སྐབས་འགར་ བཞུགས། དེ་དུས་ཉེ་འཁོར་དུ་ཡོད་པ་ཐམས་ཅད་ཀྱིས་ཞུ་བ་གང་ཡང་བྱ་མི་ཕོད་པའི་ཡུལ་ དུ་གྱུར། མཚམས་ཞིག་ནས་དུས་དབང་གིས་འཛམ་ཐང་སྔགས་ཞིང་ནས་གནས་གཞན་ཨ་ མགོན་དུ་བྱོན་དགོས་པས་དེར་ཡང་སྔར་ལྟར་བསྟན་འགྲོའི་དོན་མཛད་བཞིན་བཞུགས། ད་ནི་ཁོང་གི་འདིར་སྣང་གི་སྣང་བ་ཐམས་ཅད་ནུབ་བླ་མ་དང་ཡི་དམ་ལྷག་པའི་ལྷ་དང་མ་ མཁའ་འགྲོའི་སྣང་བ་དང་འབྲལ་མེད་དུ་རེད། ཁྱད་པར་མཁའ་འགྲོ་གླུ་མོ་དབྱངས་དང་ བསྟན་མ་བཅུ་གཉིས་ཇོ་ནང་ནགས་སྨན་མ་སོགས་ཐམས་ཅད་འདིར་ཡང་ཡང་དུ་འོང་ལུང་ བསྟན་ཀྱང་མཛད་གསུངས། སྣང་བ་ཐམས་ཅད་ལྗང་ལྡེ མ་སྟོང་གཟུགས་དང་ལྷ་སྐུའི་སྣང་བ་ ཁོ་ན་ལས་མེད། འཛམ་ཐང་དུ་འདུག་རྒྱུ་འོང་ན་སྔར་གྱི་སྨོན་ལམ་མཐུས་ད་དུང་ལོ་འགའ་ རེ་འདུག་རྒྱུ་ཡོད་ཆོགརེ་ཞིག་སྐྱེ་ལུས་འདིའི་གདུལ་བྱ་རྫོགས་པ་ཡིན། བྱང་ཤམྦྷ་ལའི་ཞིང་ དུ་འགྲོ་ན་བསྟན་འགྲོའི་དོན་རླབས་ཆེན་མཛད་རྒྱུ་འོང་གསུངས། ཁོང་གིས་བསམ་རྒྱུ་འཛམ་ གླིང་ཡོངས་རྫོགས་ལ་ཕན་རེ་ཨེ་ཐོགས་སྙམ་ནི་ཡིན། འདིར་འདུག་པ་ལ་ད་ནི་དོན་འབྲས་ ཆེར་མེད་པ་འདྲ་གསུངས། རང་ལོ་ང་དྲུག་ཡོས་ལོར་ནག་ཟླའི་ནང་ནས་སྐུ་ལ་ན་ཚ་ཟུག་ གཟེར་མེད་ཀྱང་བསྙུང་ཚུལ་ཙམ་བསྟན། ནག་ཟླའི་ཉ་དང་ས་ག་ཟླ་བའི་ཉ་ལ་ཐུགས་བདེ་ 7-1-239 སྟོང་ཡེ་ཤེས་ཀྱི་སྣང་བ་སྔར་བས་ཆེས་ཆེར་རྒྱས། ཐབས་ཚུལ་འོང་ན་ཅུང་ཙམ་བདེ་སྐབས་ ཡོད་ཀྱང་ད་རེབ་མི་བཞུགས་པའི་ཞལ་གསུང་མང་དུ་གནང༌། ས་ག་ཟླ་བའི་ཉེར་ལྔའི་ལུག་ གི་དུས་ཙམ་ན་ཆོས་གྲོགས་ཡོན་ཏན་བཟང་སོགས་མདུན་དུ་ཡོད་པ་ལ། ཁྱེད་རྣམས་ཐུགས་ མ་འཚུབ་ཐུགས་དང་མོ་གྱིས། ཁོང་གི་ཞེ་བདེ་ཡིན། ཚེ་འདིའི་བྱ་བ་ལ་འགྱོད་པའི་གནས་ ནི་སྤུ་ཙམ་མེད། བསྟན་འགྲོའི་དོན་ཅི་འགྲུབ་རེ་བྱས་ཡོད་གསུངས། ད་ནི་ཁོང་གི་རྩ་བའི་བླ་ མ་ལ་གསོལ་བ་སྙིང་ནས་བཏབ་གསུངས་ནས། ཁོང་གི་ཞལ་ནས་རྩ་བའི་བླ་མ་ཀུན་དགའ་ སོགས་གསར་དུ་གསུང་རྩོམ་མཛད་ནས་སྐུ་སེང་གེ་ཉལ་སྟབས་སུ་བཞུགས་ཧིག་སྒྲ་དང་ བཅས་ཐུགས་འོད་གསལ་ཆོས་ཀྱི་དབྱིངས་སུ་གཟིམས་སོང༌། དེ་ཞག་བདུན་ཕྲག་གཅིག་ རང་ལ་ཐུགས་དམ་དུ་བཞུགས་ནས་སྐུ་ལ་གཟི་བརྗིད་དང་དྲི་བཟང་འཐུལ། ཧོར་ཟླ་ལྔ་པའི་ ཚེས་གཅིག་ཉིན་དཀར་ཆ་སྟེང་དང་དམར་ཆ་འོག་ཏུ་བྱུང་ནས་ཐུགས་གྲོལ་བའི་རྟགས་བྱུང༌། བྱ་བཏང་བླ་མ་གྲགས་པ་སོགས་ཀྱིས་ཐུགས་དམ་བཀྲོ ལ་ཚུལ་མཛད། དེ་ནས་སྐུ་ལ་ལོངས་ སྤྱོད་ཆས་གསོལ་ནས་སྟོད་སྨད་ཀྱི་སློབ་མ་རྣམས་ཀྱིས་ཆོ་ག་འགའ་རེའི་སྒོ་ནས་གདུང་མཆོད་ ཀྱང་མཛད། གོང་ཉེར་ལྔའི་དགོང་མོ་ནས་འདི་བར་དུ་མཁའ་ལ་འཇའ་སྣ་ལྔའི་ཁ་དོག་དང་ ལྡན་པའི་འཇའ་ཟླུམ་པོ་དང་ཤར་མ་མང་པོ་ཡོད་པ་དང་དཀར་པོ་སོགས་འདྲ་མིན་མང་པོ་ ཤར། ཚེས་གསུམ་ནས་སྒྲོལ་མའི་བསྲེ གས་བླུག་སོགས་ཆོ་ག་བཞི་ལྔའི༴ (རྩོམ་འཕྲོ ) ༄༅། །མཆོད་པའི་ཉེར་མཁོ། 7-1-240 མ་ལུས་འདོད་དགུ་འཇོ་བའི་སྣོ ད་མཆོག་གསེར་གྱི་བུམ་བཟང་ལས། ། དམ་ཆོས་བདུད་རྩི་བྱུར་བུར་ལུད་པའི་འཛད་མེད་གཏེར་ཆེན་རྡོལ། ། མཐའ་ཡས་སྐྱེ་དགུའི་དབུལ་བ་དྲུང་འབྱིན་སྐལ་བཟང་བསོད་ནམས་ཞིང༌། ། རྫོགས་ལྡན་དམ་པའི་ཆོས་མཆོག་སྐྱབས་མགོན་མ་ཏི་ཀིརྟིའི་གསུང༌། ། རྨད་བྱུང་ཐོས་དང་བསམ་པའི་ནོར་གྱིས་དབུལ། ། ཉམས་ལེན་སྟོན་པའི་བཤེས་གཉེན་མཆོག་དང་བྲལ། ། བཀྲེས་པ་ཐ་ཆད་བདག་འདྲ་ཡོད་སྲིད་ན། ། བསོད་ནམས་བསགས་པའི་ཐབས་མཆོག་འདི་ལ་འབོད། །སྐབས་འདིར་མཁོ་བ་ སྐྱབས་མགོན་མ་ཏིའི་གསུང་རབ་རྣམས་ལས་རང་གཞན་ལ་རྒྱུན་དུ་བསོད་ནམས་བསགས་ པའི་ཐབས་མཆོག་ཏུ་གནང་བའི་ཚུལ་ལ། དཀར་ཆག་དང༌། སྦྱོར་དངོས་རྗེས་གསུམ་གཉིས་ ལས། དང་པོ་དཀར་ཆག་ནི། དཀོན་མཆོག་སྤྱི་མཆོད་ལྡེབ། ༥ མདོ་སྔགས་མཆོད་པ་ལྡེ བ། ༡༢ ཕུང་པོ་གསུམ་པའི་མདོ་ལྡེ བ། ༥ སྤྱོད་འཇུག་བསྔོ་ལེའུ་ལྡེ བ། ༧བཟང་སྤྱོད་ལྡེ བ། ༨ མཆོད་པའི་སྤྲིན་གཟུངས་དང་རོལ་མོ་བྱིན་འབེབས་ཀྱི་སྔགས་ལྡེ བ། ༡ བླ་མ་རྡོ་རྗེ་འཛིན་ པ། སངས་རྒྱས་བྱང་སེམས། ཁྱབ་བདག་རྡོ་རྗེ་སེམས་དཔའ། ཀུན་གཟིགས་མཁྱེན་མངའ། སངས་རྒྱས་བྱང་སེམས་འཕགས་ཚོགས། ཧེ་རུ་ཀའི་ཡི་གེ་བརྒྱ་པ་རྣམས་ལྡེ བ། ༣སྨོན་ལམ་ རྒྱལ་བ་རྒྱ་མཚོ་དང་སྨོན་ལམ་གལ་བོ་ཆེ་གཉིས་ལྡེ བ། ༧ འདིར་འབད་དགེ་བ་སོགས་ལྡེ བ། ༡ དུས་འཁོར་མཆོད་པ་ལྡེ བ། ༡༠ རིམ་གཉིས་སྨོན་ལམ་ལྡེ བ། ༥ མདོ་སྔགས་སྨོན་ལམ་ ལྡེ བ། ༨ སྐྱབས་གནས་ཀུན་འདུས་བླ་མ་དཀོན་མཆོག་གསུམ་སོགས་ལྡེ བ། ༡ གཉིས་པ་སྦྱོར་དངོས་རྗེས་གསུམ་ལ། སྦྱོར་བ། དངོས། རྗེས་གསུམ་ལས། དང་པོ་སྦྱོར་ 7-1-241 བ་ལ། མཆོད་པའི་རྒྱུ་སྦྱོར་བ། བཅའ་བཤམ་གྱི་ལག་ལེན། དེའི་དགོས་དོན་བཤད་པ་དང་ གསུམ་ལས། དང་པོ་མཆོད་པའི་རྒྱུ་སྦྱོར་བ་ལ། སྣོ ད་དང༌། རྫས་གཉིས་ལས། དང་པོ་མཆོད་ པའི་སྣོ ད་ནི། རང་རང་གི་འབྱོར་བ་དང་བསྟུན་ནས་རབ་ན། གསེར། དངུལ། ཟངས། བྱུ་རུ། ཨིནྡྲ་ནཱི་ལ། བཻཌཱུརྱ། མརྒད། ཡིད་བཞིན་ནོར་བུ། མེ་ཤེལ། ཆུ་ཤེལ། ཆུ་ཡི་ནོར་བུ། ཉ་ཕྱིས། སྦྲུལ་གྱི་ནོར་བུ། ཆུ་ཡི་སྙིང་པོ། རྡོའི་སྙིང་པོ། ཁྱུང་སྐྱུགས། དུང་སོགས་ཡིན། འབྱོར་འབྲི ང་ གིས། ལྕགས། གནམ་ལྕགས། ཐོག་ལྕགས། ལི། འཁར་བ། ར་གན། གཤའ་དཀར། ཞ་ ཉེ། ཁྲོ་ནག་སོགས་ཡིན། འབྱོར་བ་ཐ་མས། ས། རྡོ། ཤིང་གསུམ་ལས། དང་པོ་ནི། གསེར་ གྱི་བྱེ་མ། སིནྡྷུ་ར། ལི་ཁྲི། རམས། ས་དཀར་པོ། དམར་པོ། སེར་པོ། སྔོན་པོ། ནག་པོ། སོ་ ཕག་སོགས་ཡིན། གཉིས་པ་རྡོ་ནི། ཁབ་ལེན། གསེར་རྡོ། དངུལ་རྡོ། ལྕགས་རྡོ། ཟངས་རྡོ། རག་རྡོ་སོགས་ཡིན། གསུམ་པ་ཤིང་ནི། ཙནྡན་དཀར་པོ། ཙནྡན་དམར་པོ། ཨ་ག་རུ། མཛོ་མོ་ ཤིང༌། སེང་ལྡེ ང༌། སྒྲོན་ཤིང་སོགས་ཡིན། རྒྱུ་དེ་དག་གིས་གཟུགས་སྣ་ཚོགས་པའི་དབྱིབས་ ལེགས་པ་ལྟ་ན་སྡུག་པ་མཆོད་པའི་རྫས་སུ་འགྲོ་ངེས་པ་བཟོ་བསྐྲུན་ལེགས་པོ་བྱས་ཏེ་ཡང་ དགོས་བྱི་དོར་གྱིས་གཟུགས་བརྙན་གསལ་བར་ཤར་བ་ལྟར་བྱའོ། །ཡང་ཐ་རྣམས་ཀྱིས་རྡོ་ ལེབ་ཤིང་ལེབ་ལ་སོགས་པའི་སྟེགས་འཇམ་པོས་ཀྱང་རུང་བར་གསུངས་སོ། ། གཉིས་པ་མཆོད་པའི་རྫས་ནི། རབ་ན། བྱུ་རུ། གཡུ། མུ་ཏིགམུ་མེན། ཡིད་བཞིན་ནོར་ བུ། གཟི་རྙིང༌། མཆོང༌། སྦུར་ལེན། ཆུ་ཡི་ནོར་བུ། སྦྲུལ་གྱི་ནོར་བུ། ཁྲ་མེན། པདྨ་རཱ་གགསེར་ གྱི་བྱེ་མ་སོགས་དང༌། འབྲི ང་ན། ཨ་རུ་ར། བ་རུ་ར། སྐྱུ་རུ་ར། པི་པི་ལིང༌། སེ་འབྲུ། རྒུན་ འབྲུམ། ཙནྡན་དཀར་པོ། ཙནྡན་དམར་པོ། ག་བུར། ཛ་ཏི། ལི་ཤི། སུག་སྨེལ། ཀ་ཀོ་ལ། གུར་ ཀུམ། བྲག་ཞུན་སོགས་སྨན་རིགས་དང༌། ཐ་མ། ནས། འབྲས། གྲོ། སྲན་དཀར། ཏིལ། སོ་ བ། ཡུངས་ཀར་སོགས་འབྲུ་རིགས་དང༌། ཡང་ཐ། རྡོ། གསེག་མ། བྱེ་མ་སོགས་ཀྱི་དམིགས་ 7-1-242 རྟེན་བྱས་ཀྱང་རུང་བར་གསུངས་སོ། །དེ་མིན་མཆོད་ཡོན། ཞབས་བསིལ། མེ་ཏོག་དཀར་པོ། དམར་པོ། སེར་པོ། སྔོན་པོ་སོགས་རིགས་མང་པོ་དང༌། བདུག་སྤོས་རིགས་སྣ་ཚོགས། སྣང་ གསལ་གྲངས་མང༌། དྲི་ཆབ། ཞལ་ཟས་གྲངས་མང༌། རོལ་མོ། རྫས་བརྒྱད། རྟགས་བརྒྱད། སྣ་བདུན། ཉེ་བའི་རིན་ཆེན་བདུན། འདོད་ཡོན་ལྔ། རིག་མ་བཅུ་དྲུགཁང་བཟང༌། གདན། ན་ བཟའི་རིགས་དཀར་སེར་དམར་ནག་ལྗང་ཁུ། བ་དན། འཕན། གནམ་རྒྱན། ཁྲི། རྒྱན། ལྗོན་ ཤིང༌། སྤང་ལྗོ ངས། རི། ཐང༌། མཚོ། རྫིང་བུ། ཆུ་ཀླུང༌། ཆུ་ཕྲན་སོགས་མདོར་ན་ལྷ་དང་མིའི་ ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་དོ། ། དུས་འཁོར་དགོས་མཆོད་ལ་དེ་ལས་ལྷག་པའི་མཆོད་པ་བཅུ་གཉིས་སོགས་སོ། །གོང་ ལྟར་མ་འབྱོར་ན། མཆོད་པའི་རྫས་ལ། སྨན་ཕྱེ་རྒྱས་པའི་སྡེབ་སྦྱོར་སྨན་སྣ་བརྒྱ་དང་ཉེར་ལྔ་ སྦྱར་བའམ། དེ་ཚུར་བསྡུས་ན། རིན་པོ་ཆེ་ལྔ། སྨན་ལྔ། དྲི་ལྔ། འབྲུ་ལྔ། སྙིང་པོ་ལྔ་ལས། དང་པོ་རིན་པོ་ཆེ་ལྔ་ནི། གསེར། དངུལ། མུ་ཏིགབྱུ་རུ། མུ་མེན། གཉིས་པ་སྨན་ལྔ་ནི། བྱ་ཀྲི ་ ཞེས་པ་སྟག་ཚེར་རམ་ཀནྜ་ཀ་རི། སང་ཀྲི ་སེང་ཚེར་རམ་སླེཏྲི ས། ཨ་པ་ར་གཞན་གྱིས་མི་ཐུབ་ པ་ཙི་ཏའམ་ཤུ་དག་དཀར་པོ། ཧ་ས་དེ་བའམ་ཆུ་སྲིན་སྡེར་མོ། ལནྡྲ་ཧ་རིའམ་དབང་པོ་ལག་ པ། གསུམ་པ་དྲི་ལྔ་ནི། ག་པུར། ཙནྡན། གུར་ཀུམ། ཨ་ག་རུ། ཛཱ་ཏི། བཞི་པ་འབྲུ་ལྔ་ནི། ནས་དཀར། འབྲས། གྲོ། སྲན་དཀར། ཏིལ་དཀར། ལྔ་པ་སྙིང་པོ་ལྔ་ནི། སའི་སྙིང་པོ་གསེར། ཆུའི་སྙིང་པོ་ལན་ཚྭ། རྩི་ཏོག་གི་སྙིང་པོ་མར། ཤིང་ཏོག་གི་སྙིང་པོ་བུ་རམ། མེ་ཏོག་གི་སྙིང་པོ་ སྦྲང་རྩི་རྣམས་སྦྱར་བའིསྨན་ཕྱེ་བྱས་ཏེ་མཆོད་རྫས་དང་བུམ་རྫས་སོགས་བྱའོ། ། གཉིས་པ་བཅའ་བཤམ་གྱི་ལག་ལེན་ནི། ནས། གྲོ། འབྲས། གྲོ་མ། ཏིལ། སོ་བ་སོགས་ ས་རྡོ་སོགས་ལེགས་པར་བསལ་ཏེ་ཞིབ་པར་བཏགས་པས་མཆོད་རྫས་དང་སྦྱར་བས་རང་ རང་གི་ཆོ་ག་ལྟར་གཏོར་མ་ལེགས་པར་བཅའ་བའོ། །འདུ་ཁང་ནང་རྒྱན་གྱིས་ལེགས་པར་ 7-1-243 བརྒྱན་ཏེ་དཀྱིལ་འཁོར་སྟེགས་བུ་ཇི་ལྟར་འོས་པའི་སྟེང་སྐུ་གསུང་ཐུགས་རྟེན་བཀྲམ་པའི་ མདུན་དུ་རིན་ཆེན་སྣ་ཚོགས་པའི་སྣོད་རྣམས་སུ་མཆོད་པའི་དངོས་པོ་གྱ་ནོམ་པ་དང་ཉེར་ སྤྱོད་ཕྲེང་བསྒྲིགས་སྤྱི་ལྟར་དང་གཏོར་མ་རྣམས་གྲལ་བསྒྲིགས་ལེགས་པ་བྱས་ཏེ་གཞན་ཡང་ མཆོད་རྫས་སྣ་ཚོགས་བཤམ་བཀོད་ལེགས་པར་བྱ་བའོ། ། གསུམ་པ་དེའི་དགོས་དོན་བཤད་པ་ནི། དེ་ལ་སྔོན་སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་ པའི་ཚེ་ཁྱིམ་བདག་བཟང་སྐྱོང་གིས་སྤོས་ཆུ་སྨན་དང་མེ་ཏོག་སྣ་ཚོགས་བཏབ་པ་ཞིག་ཁྱེར་ ནས་བཅོམ་ལྡན་འདས་ལ་སངས་རྒྱས་བྱང་སེམས་དང་རིགས་དྲུག་ལ་ཕུལ་བས་ཕན་ཡོན་ ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཞུས་པས། བདུད་རྩི་འབྱུང་བའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྔགས་དྲུག་གི་ཏིང་ངེ་འཛིན་གསུངས་ཏེ་བྱིན་གྱིས་ བརླབས་པ་དང༌། ཡང་བཅོམ་ལྡན་འདས་སེར་སྐྱར་བཞུགས་པའི་ཚེ། ཀུན་དགའ་བོས་ མཐའ་ལ་བརྟེན་པ་ཡི་དྭགས་ཁར་མེ་འབར་བ་ཞིག་གིས་ཞག་བདུན་ནས་ཁྱོད་འཆི་བར་ འགྱུར་རོ། །ཤི་ནས་ཡི་དྭགས་སུ་སྐྱེའོ་ཟེར་རོ། །དེ་ལ་ཅི་ཕན་དྲིས་པས་སང་ཉིན་ཡི་དྭགས་ ལ་གཏོར་མ་དང་བྲམ་ཟེའི་གྲོང་བརྒྱ་སྟོང་ལ་ཞལ་ཟས་བྱིན་ཅིང་དཀོན་མཆོག་ལ་མཆོད་པས་ ཕན་ཟེར་བས། ཀུན་དགའ་བོ་སྐྲག་ནས་སྟོན་པ་ལ་ཞུས་པས་དཀོན་མཆོག་མཆོད་པའི་ཆོ་ག་ དང་གཟུངས་སྔགས་དང་རིགས་དྲུག་གི་སེམས་ཅན་ལ་གཏོར་མ་སྦྱིན་པའི་གཟུངས་སྔགས་ དང་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པ་སོགས་དེ་འདྲའི་བསོད་ནམས་བསགས་ པའི་སྒོ་མཐའ་ཡས་པ་གསུངས་སོ། །དེ་དག་གིས་ཡིད་ཆེས་ཀྱི་ཁུངས་བྱས་ཏེ་རང་གཞན་ རྣམས་ལ་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འགྲུབ་པའི་ཐབས་སུ་བླ་མ་ཡི་དམ་སངས་རྒྱས་བྱང་ སེམས་མཁའ་འགྲོ་ཆོས་སྐྱོང་སོགས་ལ་རིན་པོ་ཆེ་ལྔའམ་རིན་པོ་ཆེ་སྣ་ཚོགས་ཕུལ་བས་ཆོས་ དང་འཇིག་རྟེན་གྱི་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་འབྱུང་ཞིང་འཐབ་པ་དང་འཁྲོ་བ་ 7-1-244 དང་མཚོན་འཁྲུགས་དང་སྡུག་བསྔལ་མ་ལུས་པ་ཞི་བར་བྱེད། སྨན་ལྔའམ་སྨན་སྣ་ཚོགས་ ཕུལ་བས་རྣམ་དཀར་གྱི་དགེ་ཚོགས་གོང་ནས་གོང་དུ་འཕེལ་བར་བྱེད་པ་དང་ནད་ཐམས་ ཅད་གསོ་བ་དང་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་སྐྱེད་པར་བྱེད། དྲི་ ལྔའམ་དྲི་བཟང་སྣ་ཚོགས་ཕུལ་བས་ཉམས་ཆག་དང་ཚུལ་ཁྲིམས་འཆལ་བ་དག་ཅིང་ངན་ འགྲོར་མི་ལྷུང་བར་བྱེད། འབྲུ་ལྔའམ་འབྲུ་རིགས་ཕུལ་བས་ཡུལ་ཁམས་རྣམས་སུ་ལོ་ལེགས་ པ་དང་ལོངས་སྤྱོད་མཐའ་དག་འཕེལ་ཞིང་མུ་གེ་ཞི་བར་བྱེད། སྙིང་པོ་ལྔའམ་སྙིང་པོ་རྣམས་ ཕུལ་བས་དམ་པའི་ཆོས་དང་སྨན་སོགས་ཀྱི་ནུས་སྟོབས་འཕེལ་ཞིང་རེ་བ་ཐམས་ཅད་འགྲུབ་ པར་བྱེད། གཞན་ཡང་མཆོད་པའི་སྣོ ད་དང་མཆོད་རྫས་དཀར་པོའི་རིགས་ཐམས་ཅད་རང་ གཞན་གྱི་ཉོན་མོངས་པ་དང་ནད་དང་སྡུག་བསྔལ་ཐམས་ཅད་ཞི་བའི་ཆེད་དང་ཞི་བའི་ལས་ འགྲུབ་པའི་རྫས་སུ་གཙོ་བོར་དམིགས་ཏེ་ཕུལ་བས་ཞི་བའི་ལས་དང༌། མཆོད་པའི་དངོས་ པོ་སེར་པོའི་རིགས་ཐམས་ཅད་རང་གཞན་གྱི་ཚེ་དང་བསོད་ནམས་ཉམས་རྟོགས་སོགས་ རྒྱས་པའི་ཆེད་དང་རྒྱས་པའི་ལས་འགྲུབ་པའི་རྫས་སུ་གཙོ་བོར་དམིགས་ཏེ་ཕུལ་བས་རྒྱས་ པའི་ལས་དང༌། མཆོད་པའི་དངོས་པོ་དམར་པོའི་རིགས་ཐམས་ཅད་རང་གཞན་གྱི་ཡིད་དུ་ འོང་བའི་འདོད་ཡོན་དང་ས་ལམ་གྱི་རྟོགས་པ་དང་ལྷ་མི་སོགས་དབང་དུ་འདུ་བའི་ཆེད་དང་ དབང་གི་ལས་འགྲུབ་པའི་རྫས་སུ་གཙོ་བོར་དམིགས་ཏེ་ཕུལ་བས་དབང་གིས་ལས་དང༌། མཆོད་པའི་དངོས་པོ་ནག་པོའི་རིགས་ཐམས་ཅད་རང་གཞན་གྱི་བགེགས་དང་དགྲ་སོགས་ ཚར་གཅོད་པའི་ཆེད་དང་དྲག་པོའི་ལས་འགྲུབ་པའི་རྫས་སུ་གཙོ་བོར་དམིགས་ཏེ་ཕུལ་བས་ དྲག་པོའི་ལས་འགྲུབ་པའོ། །གཞན་ཡང་མཆོད་པའི་རྣམ་འཕྲུལ་དུ་ཤར་བའི་ལེགས་ཚོགས་ མ་ལུས་པ་སེམས་ཅན་རེ་རེ་ནས་ནམ་ཡང་མི་ཟད་པའི་གཏེར་ཆེན་དུ་ཕུལ་བར་བསམ་པ་ནི་ མཆོད་པའི་སྦྱིན་པ་དང་སྦྱིན་པའི་ཕར་ཕྱིན་གྱི་ཚོགས་དང༌། གོང་ལྟར་མཆོད་པ་ཕུལ་བའི་ 7-1-245 སྐབས་སུ་རང་དོན་ཡིད་བྱེད་དང་སེར་སྣ་དང་མགྲོན་ལ་བརྙས་སེམས་ཀྱིས་གཙང་སྦྲ་མི་བྱེད་ པའི་སྐྱོན་སོགས་སྤོང་སེམས་ནི་མཆོད་པའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་ ཚོགས་དང༌། མཆོད་པ་ཕུལ་བའི་སྐབས་སུ་ལུས་ངག་གི་དཀའ་སྤྱད་དང༌། ཕུལ་བའི་བྱེད་ པ་ལ་བརྟེན་ནས་འགྲོརྣམས་ཕན་བདེ་བླ་ན་མེད་པ་ལ་འགོད་པའི་གཞན་དོན་བྱ་དཀའ་བ་ ཐམས་ཅད་དང༌། ཕྱི་ནང་གསང་གསུམ་གྱི་མཆོད་པས་བསྡུས་པའི་ཐེག་ཆེན་གྱི་ལམ་ཐམས་ ཅད་ཉམས་སུ་ལེན་པའི་དཀའ་སྤྱད་བཟོད་སེམས་ནི་མཆོད་པའི་བཟོད་པ་དང་བཟོད་པའི་ ཕར་ཕྱིན་གྱི་ཚོགས་དང༌། མཆོད་པའི་རྣལ་འབྱོར་ལ་དུས་རྒྱུན་དུ་བརྩོན་པ་དང༌། སེམས་ཅན་ གང་དག་མཆོད་པའི་ལས་ལ་བསྐུལ་བར་སྤྲོ་བ་དང༌། འདིས་མཚོན་ཏེ་གཞན་དོན་དུ་ཐེག་ ཆེན་གྱི་སྤྱོད་པ་མ་ལུས་པར་སྤྱོད་པ་ལ་སྤྲོ་བ་ནི་མཆོད་པའི་བརྩོན་འགྲུས་དང་བརྩོན་འགྲུས་ ཀྱི་ཕར་ཕྱིན་གྱི་ཚོགས་དང༌། མཆོད་པའི་དམིགས་རིམ་ལས་བློ་གཞན་དུ་མི་གཡེང་བ་དང༌། མཆོད་པའི་བསོད་ནམས་བསགས་པ་འདི་མཐར་ཐུག་གཞན་དོན་འབད་མེད་མཛད་པའི་ རྫོགས་པའི་སངས་རྒྱས་ཀྱིརྒྱུར་བསྔོ་བ་ལ་བློ་རྩེ་གཅིག་ཏུ་གནས་པ་ནི་མཆོད་པའི་བསམ་ གཏན་དང་བསམ་གཏན་གྱི་ཕར་ཕྱིན་གྱི་ཚོགས་དང༌། མཆོད་པ་ཕུལ་བའི་ཡུལ་དང༌། མཆོད་ པ་ཕུལ་བར་བསམ་པའི་བློ་དང༌། མཆོད་པའི་དངོས་པོ་རྣམས་འཁོར་གསུམ་དམིགས་མེད་ སྟོང་ཉིད་དུ་རྟོག་པའི་ཤེས་རབ་ནི་མཆོད་པའི་ཤེས་རབ་དང་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཚོགས་ རིམ་པར་རྫོགས་པའོ། །སེར་སྣའི་གཉེན་པོ་སྦྱིན་པ། ཁྲིམས་འཆལ་གྱི་གཉེན་པོ་ཚུལ་ཁྲིམས། ཁོང་ཁྲོའི་གཉེན་པོ་བཟོད་པ། ལེ་ལོའི་གཉེན་པོ་བརྩོན་འགྲུས། རྣམ་གཡེང་གི་གཉེན་པོ་ བསམ་གཏན། ཤེས་འཆལ་གྱི་གཉེན་པོ་ཤེས་རབ། སྤྱིར་དགེ་སྦྱོར་དང་བྱེ་བྲག་མཆོད་པ་ སོགས་ཀྱི་སྐབས་སུ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་ དགོས་ཏེ། བདག་གིས་ད་རེས་དམ་པའི་ཆོས་ཉམས་སུ་བླངས་ཏེ་སེམས་ཅན་འདི་རྣམས་ཀྱི་ 7-1-246 དོན་སྒྲུབ་ཏུ་ཡོད་པས་མར་གྱུར་པའི་སེམས་ཅན་རིགས་དྲུག་གི་སྡུག་བསྔལ་གྱིས་གདུང་བ་ འདི་རྣམས་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་ རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ་སྙམ་པ་འདི་ཡིན། དངོས་གཞི་དམིགས་ མེད་དམ་པ་ནི། དགེ་བ་དེ་རྐྱེན་གྱིས་མི་བཤིག་པར་བྱེད་དགོས་ཏེ། མདོ་སྔགས་རང་རང་གི་ གཞུང་བཞིན་དངོས་གཞིའི་སྐབས་དད་པ་དང་ངེས་འབྱུང་སོགས་དང་ལྷ་སྒོམ་པ་སྔགས་བཟླ་ བ་ཟབ་མོ་སྟོང་ཉིད་ལ་མཉམ་པར་བཞག་པ་སོགས་དང༌། དགེ་རྩ་བསགས་པ་འདིས་མཚོན་ བྱེད་བྱས་ཏེ་ཟག་བཅས་ཟག་མེད་ཀྱི་དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་ཏེ་གཞན་ དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ་བ་ནི། མཇུག་བསྔོ་བ་དམ་ པ་སྟེ་དམ་པ་གསུམ་གྱིས་ཟིན་པ་འདི་གལ་གནད་ཆེ་བ་ཡིན་ནོ། །ཇི་སྐད་དུ། བསམ་པ་དགེ་ དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་སོགས་ གསུངས་སོ། ། གཉིས་པ་དངོས་གཞིའི་སྐབས་ནངས་སྔ་མོ་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བར་བྱས་ ནས་ངག་འདོན་གྱི་རིམ་པ་ལ། དཀོན་མཆོག་སྤྱི་མཆོད། མདོ་མཆོད། སྔགས་མཆོད། དུས་ འཁོར་མཆོད་པ་དང་བཞི་ལས། དང་པོ་དཀོན་མཆོག་སྤྱི་མཆོད་ནི། མ་དག་འདི་སྣང་སྟོང་ པའི་དབྱིངས་སུ༴སོགས་ནས། འདྲེན་པ་ཉིད་གྱུར་ཅིག གི་བར་རང་གཞུང་ལྟར་བྱ། གཉིས་པ་མདོ་མཆོད་ ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་༴ སོགས། ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག འདིར་ མཆོད་པའི་སྤྲིན་གཟུངས་ལན་གསུམ་མམ་བདུན་སོགས་བྱ། དེ་ནས། རྒྱལ་བ་སྲས་བཅས་ཐམས་ཅད་ལ༴ སོགས། བཤགས་པར་བགྱི། འདིར་ཕུང་པོ་གསུམ་པའི་མདོ་ལས། སྡིག་པ་བཤགས་པའི་ཕུང་པོ་དང༌། བསྔོ་བའི་སྐབས་བསྔོ་ བའི་ཕུང་པོ་ལྟར་བྱ་བ་དང༌། བསྔོ་ལེའུ་དང་བཟང་སྤྱོད་ཀྱི་བསྔོ་བས་རྒྱས་བཏབ་བོ། །གསུམ་པ་སྔགས་མཆོད་ནི། སྐད་ཅིག་ གི་རང་ཡི་དམ་དུ༴ སོགས། པྲ་ཏཱིཙྪ་སྭཱ་ཧཱའི་བར་རང་གཞུང་ལྟར་དང༌། འདིར་རོལ་མོ་བྱིན་འབེབས་ཀྱི་སྔགས་ལན་ 7-1-247 གསུམ་མམ་བདུན་སོགས་བརྗོད། དེ་ནས། དྲི་མེད་ཆོས་ཀུན་གསལ་བའི་མེ་ལོང་དང་༴ སོགས། སྡིག་སྒྲིབ་ མ་ལུས་པ་བྱང་ཞིང་དག་པར་མཛད་དུ་གསོལ། བའི་བར་རང་གཞུང་ལྟར་བྱ། བླ་མ་རྡོ་རྗེ་འཛིན་པ་ ཆེན་པོ༴ སོགས་ལན་གསུམ། སངས་རྒྱས་བྱང་སེམས༴ སོགས། ཁྱབ་བདག་རྡོ་རྗེ་སེམས་དཔའ༴ སོགས་དང༌། ཀུན་གཟིགས་མཁྱེན་མངའ༴ སོགས་ལན་གསུམ། དེ་རེ་རེའི་མཚམས་རྣམས་སུ་ཧེ་རུ་ཀའི་ཡི་གེ་བརྒྱ་ པ་ལན་གསུམ་མམ་བདུན་ནམ་ཉེར་གཅིག་སོགས་ཅི་རིགས་པ་བཟླ་བ་ལ་ནན་ཏན་བྱའོ། །དེ་ནས། མགོན་པོ་བདག་ནི༴ སོགས་སུ་འགྲོ། ཡང་དག་ལམ་མཐར་ཕྱིན་གྱུར་ཅིག སངས་རྒྱས་བྱང་སེམས་འཕགས་ཚོགས༴ སོགས་ཀྱི་སྨོན་ལམ་བྱ་བ་དང༌། སྨོན་ལམ་རྒྱལ་བ་རྒྱ་མཚོ་དང་སྔགས་ཀྱི་སྨོན་ལམ་གལ་བོ་ཆེ་དང༌། འདིར་འབད་དགེ་ བ༴ སོགས་དང༌། དགེ་བ་འདི་ཡིས་གློ་བུར་དྲི་མའི༴ སོགས་དང༌། དུས་ཀྱི་འཁོར་ལོ་བླ་མ་དབྱེར་ མེད༴ སོགས་དང༌། བསོད་ནམས་བསགས་དགེའི༴ སོགས་དང༌། རབ་དཀར་འདིས་མཚོན༴ སོགས་ ཀྱི་བསྔོ་བས་རྒྱས་བཏབ་པའོ། །བཞི་པ་དུས་འཁོར་མཆོད་པ་ནི། བདག་ཉིད་སྐད་ཅིག་གི་དུས་ཀྱི་འཁོར་ལོ་སྐུ་ མདོག་སྔོན་པོ༴ སོགས། མཐུ་ལས་རབ་ཏུ་ཉམས་གྱུར་ཅིག རང་གཞུང་ལྟར་དང༌། དེ་ནས་རིམ་གཉིས་སྨོན་ ལམ་དང༌། དེ་མིན་མདོ་སྔགས་སྨོན་ལམ་དང༌། སྐྱབས་གནས་ཀུན་དངོས༴ སོགས་དང༌། ༀ་ཏཱ་རེ་འཕྲིན་ལས་ རབ་མྱུར༴ སོགས་ཀྱི་སྨོན་ལམ་འདི་གསུམ་ཡང་མཆོད་པ་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་ནས་འདོན་ན་ལེགས་པར་འགྱུར་རོ། །དེ་དག་ནི་དུས་རྒྱུན་དུ་ཉིན་རེ་རེ་ལ་མཆོད་པ་རེ་རེ་བྱ་བའི་ཚུལ་ཡིན། ཐམས་ཅད་ཉིན་གཅིག་ལ་ལན་གྲངས་མང་པོའི་སྒོ་ནས་ བསོད་ནམས་བསགས་ཐབས་ལ་འབད་ན་ཆེས་མཆོག་ཏུ་གྱུར་པའོ། ། གསུམ་པ་རྗེས་བསོད་ནམས་བསགས་ཚུལ་བཤད་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་བསོད་ནམས་བསགས་ཚུལ་ནི། གཞན་ཕྱིར་སངས་རྒྱས་འཐོབ་པའི་རྒྱུ་བསོད་ ནམས་བསགས་ཐབས་ལ་འཇུག་དགོས་ཏེ། སྤྱིར་ཚོགས་བསགས་ལ་ཀུན་རྫོབ་དང་དོན་ དམ་ཡེ་ཤེས་ཀྱི་ཚོགས་གཉིས་ཡོད་པའི་དང་པོ་ཀུན་རྫོབ་ལ་ལུས་ངག་ཡིད་གསུམ་གྱི་ཚོགས་ བསགས་ཚུལ་སོགས་སྒོ་མཐའ་ཡས་པ་ཡོད་པའི་སྐབས་འདིར་ཕྱག་འཚལ་བ་བསྐོར་བ་བྱེད་ 7-1-248 པ་འཁོར་ལོ་བསྐོར་བ། སྐུ་གསུང་ཐུགས་རྟེན་བཞེངས་པ། བླ་མ་དང་སངས་རྒྱས་བྱང་སེམས་ ཆོས་སྐྱོང་སོགས་ལ་མཆོད་གཏོར་ཕུལ་བ། རིགས་དྲུག་གི་འགྲོ་བ་ལ་སྦྱིན་གཏོང་དང༌། དགེ་ འདུན་པ་རྣམས་ལ་བསོད་ནམས་བསགས་པའི་ཕྱིར་བཟའ་བཏུང་དང་ན་བཟའ་སོགས་ཕུལ་ བ། དགེ་འདུན་འདུ་ཁང་དང་གཙུག་ལག་ཁང་བཞེངས་པ། དེ་དག་ཕྱག་བདར་དང་ཞིག་གསོ་ བྱ་བ་དང༌། སྲོག་གཅོད་པ། མ་བྱིན་པ་ལེན་པ། འདོད་པས་ལོག་པར་གཡེམ་པ་སྤངས་པ་ སོགས་ལུས་ཀྱིས་ཚོགས་བསགས་པ་དང༌། ཁ་འདོན་བཟླས་བརྗོད་དང་གཞན་དག་ལ་ཆོས་ དོན་སྟོན་པ་དང༌། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་སོགས་སྤངས་པ་ངག་གིས་ཚོགས་ བསགས་དང༌། ལམ་ཐམས་ཅད་ཀྱི་རྨང་རྡོ་དད་པ་ལ། དགེ་འདུན་གྱི་འདུ་ཚོགས་སམ། རྒྱལ་ བའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པའི་གཙུག་ལག་ཁང་ལྟ་བུར་ཕྱིན་པའམ། བླ་མ་དགེ་ བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་བཞུགས་པའི་ཞལ་མཇལ་བའམ་དེ་དག་གི་ཡོན་ ཏན་དང་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་འཕྲལ་ལ་ཐུགས་རྗེ་མ་ཆུང་སྙམ་དུ་སེམས་དང་བ་ འདྲེན་ནས་དད་པ་སྐྱེས་པ་དེ་ལ་དང་བའི་དད་པ་ཞེས་བྱ། འཁོར་བ་ངན་སོང་གི་སྡུག་བསྔལ་ལ་སོགས་པ་ཐོས་ནས་དེ་དང་བྲལ་འདོད་སྐྱེ་བ། མཐོ་ རིས་དང་ཐར་བའི་བདེ་བ་ཐོབ་ནས་དེ་ལ་ཐོབ་འདོད་སྐྱེ་བ། དགེ་བའི་ཕན་ཡོན་ཐོས་ནས་དེ་ ལ་བསྒྲུབ་འདོད། སྡིག་པའི་ཉེས་པ་མཐོང་ནས་དེ་ལ་སྤོང་འདོད་སྐྱེ་བ་རྣམས་འདོད་པའི་དད་ པ་ཡིན། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཡོན་ཏན་དང་བྱིན་རླབས་ཐུན་ མོང་མ་ཡིན་པ་ཤེས་ནས། སྙིང་ཐག་པ་ནས་ཡིད་ཆེས་ཏེ། དུས་དང་གནས་སྐབས་ཐམས་ཅད་ དུ་མི་བསླུ་བའི་སྐྱབས་བླ་མ་དང་དཀོན་མཆོག་རིན་པོ་ཆེ་ཡིན་པར་ཤེས་ནས། སྐྱིད་རུང་སྡུག་ རུང་ན་རུང་ཚ་རུང་ཤི་རུང་གསོན་རུང་ལས་ཅི་བྱུང་ཡང་སྐྱབས་བསླུ་བ་མེད་པ་བླ་མ་དཀོན་ མཆོག་གསུམ་པོ་མཁྱེན་སྙམ་པ་མ་གཏོགས། བློ་གཏད་དང་རེ་ལྟོས་གཞན་གང་ཡང་མེད་ 7-1-249 པར་ཡིད་ཁྱེད་ཤེས་ཀྱི་དད་པ་དང་ལྡན་པ་ལ་ཡིད་ཆེས་པའི་དད་པ་ཞེས་བྱའོ། ། ད་སྐབས་དམ་པའི་ཆོས་བསྒྲུབ་པའི་ལུས་རྟེན་ཁྱད་པར་བ་དལ་བརྒྱད་འབྱོར་བཅུ་ཚང་ བ་འདི་རང་ལ་ཐོབ་ཡོད་པའི་དུས་འདིར་ལུས་ངག་ཡིད་གསུམ་དགེ་བའི་ལམ་དུ་བསྒྱུར་ཏེ་ དལ་འབྱོར་ལ་སྙིང་པོ་ངེས་པར་དུ་ལེན་དགོས་མ་གཏོགས་ལུས་རྟེན་འདི་འདྲ་དཔེ་གྲངས་ རྒྱུ་གསུམ་གྱི་སྒོ་ནས་རྙེད་དཀའ་བར་བསམ་པ་ནི་དལ་འབྱོར་རྙེད་པར་དཀའ་བའི་བསམ་པ་ དང༌། དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་ལ་དམ་པའི་ཆོས་མ་གཏོགས་པར་གཞན་གང་ ཡང་མེད་པས་ཆོས་བསྒྲུབ་པ་འདི་ལ་ཐུང་མྱུར་ནས་མ་འབད་ན་འཆི་བདག་འདི་ནམ་ཐོན་མི་ ཤེས་པས་མྱུར་བར་མྱུར་བར་འབད་དགོས་པའི་བསམ་པ་རང་རྒྱུད་ལ་བསྐྱེད་པ་ནི་ཚེ་མི་རྟག་ པའི་བསམ་པ་དང༌། རྒྱུ་མི་དགེ་བ་རྣམས་ལས་འབྲས་བུ་སྡུག་བསྔལ་སྣ་ཚོགས་འབྱུང་བ་དང་ དགེ་བ་རྣམས་ལས་འབྲས་བུ་བདེ་བ་སྣ་ཚོགས་འབྱུང་བ་ནི་རྒྱུ་འབྲས་ཀྱི་གནས་ཚུལ་ནམ་ ཡང་བསླུ་བ་མེད་པ་ལ་ཡང་ཡང་བསམ་སྟེ། དེལྟ་བུའི་སྤང་བླང་ལ་ཕྲ་ཞིང་ཕྲ་བ་ནས་འབད་པ་ དོན་གཉེར་དུ་མའི་སྒོ་ནས་རེམ་པར་བསམ་པ་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་བསམ་པ་ དང༌། སྤྱིར་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་འདི་རྙེད་ཀྱང་ལུས་འདི་ ད་སྐབས་དུག་གསུམ་གྱི་ཁོལ་བོ་བྱས་ནའང་ནམ་ཞིག་ཡུན་རིང་པོར་སྡོད་ལོང་མེད་ པར་མི་རྟག་འཆི་བའི་དབང་དུ་འགྲོ་དགོས། ཤི་ནས་ཀྱང་མེ་ཤི་བའམ་ཆུ་སྐམ་པ་ལྟ་བུ་མ་ ཡིན་པར་སྔོན་ལས་ངན་བསགས་པའི་རྒྱུ་ལས་རིགས་དྲུག་གི་གནས་རྣམས་སུ་ལས་རླུང་གི་ རྟ་ལ་བསྐྱོན་ཏེ་དབང་མེད་དུ་སྐྱེ་བ་བླངས་དགོས་པ་འདི་སྡུགསྐྱེ་བ་བླངས་ཕྱིན་ཆད་འཁོར་ བའི་གནས་ལས་མ་འདས་ཏེ། དཔེར་ན་བུམ་ནང་དུ་བུང་བ་བཅུག་ནས་ཁ་བཅད་པ་ན་བུང་ བ་དེ་གང་དུ་འཕུར་ཡང་བུམ་ནང་ལས་གཞན་དུ་འགྲོ་མི་ནུས་པ་བཞིན་འཁོར་བའི་གནས་ མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱིས་མནར་བ་ཁོ་ན་ཡིན་ཏེ། འཁོར་བར་གནས་ 7-1-250 པའི་སེམས་ཅན་ཐམས་ཅད་ཕན་ཚུན་ཕ་མ་དགྲ་གཉེན་དང་བཏང་སྙོམས་གསུམ་དུ་མ་གྱུར་ པ་གཅིག་ཀྱང་མེད། དེའི་ནང་ནས་མ་གཅིག་པོ་ལ་མཚོན་ནས་བཤད་ནའང༌། འདིའི་མ་ནི་ འདིའོ། །དེའི་མ་ནི་འདིའོ། །ཞེས་སེམས་ཅན་གཅིག་གི་མ་བརྒྱུད་པའི་གྲངས་ས་ཆེན་པོ་འདི་ རིལ་བུ་རྒྱ་ཤུག་གི་ཚི་གུ་ཙམ་དུ་དྲིལ་ཏེ་བགྲངས་ཀྱང་ས་ཆེན་པོ་འདི་ཐམས་ཅད་ཟད་པར་ འགྱུར་གྱི། སེམས་ཅན་རེ་རེས་མ་བྱས་ཤིང་བརྒྱུད་པའི་གྲངས་མི་ཟད་པ་མདོ་ལས་གསུངས་ པའི་དོན། འཕགས་པ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་དྲིལ་ ཀྱང་ས་ཡིས་ལོངས་མི་འགྱུར། །ཞེས་གསུངས། དེ་བཞིན་དུ་འཁོར་བ་ཐོག་མ་མེད་པ་ནས། ད་ལྟའི་བར་དུ་སྐྱེ་བ་འདི་མ་བླངས་བྱ་བ་མེད་པས་འདོད་པའི་ཕྱིར་མགོ་དང་ཡན་ལག་བཅད་ པའང་གྲངས་ཀྱིས་མི་ཆོད། གྲོག་སྦུར་ལ་སོགས་པ་སྲོག་ཆགས་ཕྲ་མོར་སྐྱེས་པའི་ཡན་ལག་ རྣམས་ད་ལྟ་གཅིག་ཏུ་བསྡམ་རྒྱུ་ཡོད་ན་རིའི་རྒྱལ་པོ་རི་རབ་ལས་ཀྱང་མཐོ། ཁ་ལ་ཟས་མེད། རྒྱབ་ལ་གོས་མེད། འཁྱག་ལྟོ གས་སྐོམ་གསུམ་ལ་སོགས་པའི་སྡུག་བསྔལ་མྱོང་ནས་ངུས་པའི་ མཆི་མ་ཐམས་ཅད་མ་སྐམ་པར་བསགས་ན་མཐའི་རྒྱ་མཚོ་ཆེན་པོ་ལས་ཀྱང་མང༌། དམྱལ་ བའི་གནས་སུ་སྐྱེས་ཏེ་ཟངས་ཞུན་ཁོལ་མ་ཁོ་ནའང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞི་ལས་མང་ བ་ཞིག་བཏུང་བ་ཡིན་ཡང་ད་དུང་འཁོར་བའི་གནས་རིས་འདི་ལ་སྐྱོབའི་བློ་སྐད་ཅིག་མ་ཙམ་ ཡང་མི་སྐྱེ་བར་འདོད་ཡོན་ལ་ཞེན་ཅིང་ཆགས་པས་ལས་ངན་མཐའ་མེད་པ་བསགས་ཏེ། འཁོར་བ་མཐའ་མེད་དུ་སྔར་གྱི་སྡུག་བསྔལ་དེ་ལས་ཀྱང་མང་བ་མྱོང་དགོས་པ་ཡིན། གལ་ སྲིད་བསོད་ནམས་ཆ་མཐུན་གྱི་དགེ་འབྲས་ཕྲན་བུ་རེས་ཚངས་པ་དང༌། ལྷའི་དབང་པོ་བརྒྱ་ བྱིན་དང༌། དེ་མིན་ད་ལྟ་མི་ཡུལ་འདིར་བཙན་པོ་ཐོག་ལྟ་བུ། མཐོན་པོ་གནམ་ལྟ་བུ། ཕྱུག་པོ་ ཀླུ་ལྟ་བུ། མཛེས་པོ་ལྷ་ལྟ་བུ། འཕྱོར་བོ་འཇའ་ཚོན་ལྟ་བུ་སོགས་གང་དང་གང་ལའང་ལོ་ཤས་ དང་ཟླ་བ་འགའ་ཞག་ཤས་ཙམ་ནས་འཕེན་བྱེད་ཀྱི་ལས་ཟད་ནས་སྐད་ཅིག་མ་གཅིག་ཀྱང་ 7-1-251 སྡོད་དབང་མེད་པར་འཆི་བ་གློ་བུར་དུ་སླེབ་ཙ་ན་རང་དབང་སྐད་ཅིག་ཀྱང་མེད་པར་གཅེར་ བུ་ལག་སྟོང་མཆན་དུ་བཅུག་ནས་རྒྱུ་ནོར་རྫས་གཉེན་ཉེ་འབྲེལ་འཁོར་སློབ་མ་སྡེ་མངའ་ རིས་བཟའ་བཏུང་ལོངས་སྤྱོད་ཐམས་ཅད་འབྲལ་མི་ཕོད་བཞིན་དུ་ཤུལ་དུ་བསྐྱུར་ཏེ་མར་གྱི་ དཀྱིལ་ནས་སྤུ་བཏོན་པ་བཞིན་དུ་འགྲོ་དགོས་པ་འདི་ལ་ཡང་ཡང་བསམ་པ་ནི་འཁོར་བའི་ ཉེས་དམིགས་བསམ་པ་དང༌། གོང་དུ་བཤད་པ་ལྟར་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་ རྒྱ་མཚོ་འདི་མེ་འབར་བའི་སྦུབས་དང་མི་གཙང་བའི་འདམ་ལྟར་ལས་བདེ་བའི་གནས་སྤུའི་ རྩེ་མོ་ཙམ་ཡང་མེད་པས་དེ་ལས་ཐར་བར་འདོད་པའི་བསམ་པ་ཡང་ཡང་བསྐྱེད་པ་འདི་ནི་ ངེས་འབྱུང་གི་བསམ་པ་དང༌། འཁོར་བར་གནས་པའི་སེམས་ཅན་འདི་དག་ཀྱང་རང་ལ་བདེ་ སྐྱིད་ཁོ་ན་དོན་དུ་གཉེར་བ་ལས་སྡུག་བསྔལ་འདོད་པ་ནི་སུ་ཡང་མེད། འོན་ཀྱང་བདེ་བའི་རྒྱུ་ དགེ་བ་བཅུ་སྒྲུབ་མི་ཤེས་པར་མི་དགེ་བ་བཅུ་ལ་དུས་རྒྱུན་དུ་ལོངས་སྤྱོད་པས་ཞེ་འདོད་དང་ ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་ནས་འདོད་པ་ལྟར་བདེ་བ་མི་འོང་བས་སྡུག་བསྔལ་འབའ་ ཞིག་ལ་སྤྱོད་དགོས་པ་དེ་དག་ལ་རང་རང་སོ་སོའི་འདོད་པ་ལྟར་བདེ་སྐྱིད་ཁོ་ན་འབྱུང་ན་ཅི་ མ་རུང་སྙམ་དུ་ཡང་ཡང་བསྒོམ་པ་འདི་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་དང༌། སེམས་ ཅན་ཉམ་ཐག་འདི་རྣམས་སྡུག་བསྔལ་འབའ་ཞིག་གིས་མནར་བ་ལ་རང་གི་བུ་མེ་དོང་དུ་ལྷུང་ བའི་འདུ་ཤེས་བཞག་སྟེ་སྡུག་བསྔལ་དེ་དག་ལས་བསྒྲལ་བར་འདོད་པའི་བསམ་པ་ནི་སྡུག་ བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་ལ་དབྱེ་ན་གསུམ་ཡོད་ དེ། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ནི། རྒྱལ་པོ་རྣམས་དང་པོ་རང་ཉིད་ཀྱིས་ཕ་རོལ་གྱི་སྡེ་ ཐམས་ཅད་ཟིལ་གྱིས་མནན། རང་ཕྱོགས་ཀྱི་དཔུང་བསྟོད་དེ་སྔོན་ལ་རང་ཉིད་རྒྱལ་པོ་བྱས་ ནས། དེ་རྗེས་སུ་སྡེ་མངའ་རིས་སྐྱོང་བར་འདོད་པ་བཞིན་དུ། ཐོག་མར་རང་ཉིད་སངས་རྒྱས་ ཀྱི་གོ་འཕང་ཐོབ་པར་བྱས་ནས། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ 7-1-252 ས་ལ་འགོད་པར་འདོད་པ་འདི་འདོད་ཆེན་པོའི་སེམས་བསྐྱེད་ཅེས་བྱ་སྟེ། བློ་སྟོབས་ཐ་མའི་ བསྐྱེད་བྱ་ཡིན། མཉན་པ་ལྟ་བུའི་སེམས་བསྐྱེད་ནི། མཉན་པ་ཞེས་བྱ་བ་གྲུ་བ་རྣམས་ཀྱིས་ རང་དང་གྲུར་ཞུགས་པའི་མི་ལ་སོགས་པ་ཐམས་ཅད་མཉམ་དུ་ཆུའི་ཕ་རོལ་ཏུ་འགྲོ་བར་ འདོད་པ་ལྟར། རང་དང་སེམས་ཅན་ཐམས་ཅད་ལྷན་ཅིག་ཏུ་རྫོགས་པའི་སངས་རྒྱས་ཀྱི་གོ་ འཕང་ཐོབ་པར་འདོད་པ་དེ། ཡེ་ཤེས་དམ་པའི་སེམས་བསྐྱེད་དེ་བློ་སྟོབས་འབྲི ང་པོའི་བསྐྱེད་ བྱ་ཡིན་ཞིང་དཔེར་རྗེ་བཙུན་བྱམས་པ་ལྟ་བུའི་སེམས་བསྐྱེད་ཡིན་པར་གསུངས། རྫི་བོ་ལྟ་ བུའི་སེམས་བསྐྱེད་ནི། ཕྱུགས་རྫི་རྣམས་ཀྱི་དང་པོར་ཕྱུགས་ལུག་རྣམས་རྩྭ་ཆུ་རྙེད་པ་དང༌། འཕར་སྤྱང་སོགས་ཀྱིས་གནོད་པ་མེད་པར་བྱས་ཏེ་སྔོན་དུ་དེད། རང་ཉིད་དེའི་ཕྱི་བཞིན་ འབྲངས་ཏེ་རྗེས་སུ་འོང་བ་དང་འདྲ་བར། སྔོན་ལ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས་ཕྱི་ནས་རང་ཉིད་འཚང་རྒྱ་བར་འདོད་པ་ ནི་དཔེ་མེད་པའི་སེམས་བསྐྱེད་ཞེས་བྱ་སྟེ། བློ་སྟོབས་ཆེན་པོ་དང་ལྡན་པ་དཔེར་ན་རྗེ་བཙུན་ འཇམ་དཔལ་དབྱངས་ལྟ་བུའི་སེམས་བསྐྱེད་དེ་ཡིན་པར་གསུངས་པ་ཡིན། མདོར་ན་རང་ལ་ གཅེས་པར་འཛིན་པ་དང༌། གཞན་ལ་སྡང་བ་འཛིན་པའི་ཆགས་སྡང་གི་བློ་ངན་རྩ་བ་དྲུངས་ ནས་ཕྱུང་སྟེ་བདག་གཞན་མཉམ་པ་ཉིད་དུ་བསྒོམ་པ་དང༌། བདག་གི་བདེ་བ་དང་ལེགས་ པ་ལུས་དང་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་གོས་ཕུད་དེ་གཡོགས་པ་ལྟར་ཁོང་ ལ་སྦྱིན། ཁོང་གི་སྡུག་བསྔལ་ཅི་ཡོད་པ་དེ་དག་ཐམས་ཅད་རང་ཉིད་ལ་སྨིན་ནས་ཁོང་ཉིད་ བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བར་བསམ་པའི་གཏོང་ལེན་སེམས་ཅན་གཅིག་ནས་ ཐམས་ཅད་ཀྱི་བར་ལ་རིམ་པར་བསྒོམ་པ་ནི་བདག་གཞན་བརྗེ་བའི་བསམ་པ་དང༌། བདག་ འཁོར་བར་གནས་རུང༌། དམྱལ་བར་སྐྱེས་རུང༌། ན་རུང༌། ཚ་རུང༌། ཉམས་ཉེས་ཅི་བྱུང་ཡང་ བཟོད་པར་བྱ་ཡི། གཞན་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་འབྱུང་ན་དེ་ལུགས་ལྟར་ 7-1-253 རེམ་པར་བསམ་པ་ནི་བདག་བས་གཞན་གཅེས་བསྒོམ་པའི་སེམས་བསྐྱེད་སོགས་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་ བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་ རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་རིན་ པོ་ཆེ་རང་རྒྱུད་ལ་བསྐྱེད་པ་འདི་ནི། རྒྱལ་བས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ ཐམས་ཅད་ཀྱི་སྙིང་པོདྲིལ་དྲིལ་མ། ཡོད་ན་དེས་ཆོགམེད་ན་ཐབས་ཆགས་ཀྱི་གདམས་པ། ནད་བརྒྱ་སྨན་གཅིགསྨན་དཀར་པོ་ཆིག་ཐུབ་ལྟ་བུ་ཡིན། གཞན་ཚོགས་བསགས་པ། སྒྲིབ་པ་ སྦྱོང་བ། ལྷ་བསྒོམ་པ། སྔགས་བཟླ་བ་ལ་སོགས་ཆོས་ཉམས་སུ་ལེན་པ་ཐམས་ཅད་ཀྱང་བྱང་ ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་འདི་རྒྱུད་ལ་སྐྱེ་བའི་ཐབས་ཙམ་དུ་ཉམས་སུ་ལེན་པ་ ཡིན་གྱི། བྱང་ཆུབ་ཀྱི་སེམས་ལ་མ་བརྟེན་པར་རང་རང་སོ་སོའི་ལམ་གྱིས་རྫོགས་པའི་སངས་ རྒྱས་ཀྱི་གོ་འཕང་ཐོབ་པར་མི་ནུས། བྱང་ཆུབ་ཀྱི་སེམས་འདི་རྒྱུད་ལ་སྐྱེས་ན་ཆོས་གང་བསྒྲུབ་ ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྲོ་བ་ཡིན་པས། དུས་དང་ རྣམ་པ་ཐམས་ཅད་དུ་རང་རྒྱུད་ལ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཉག་མ་རེ་སྐྱེ་བའི་ཐབས་ ལ་སྒོ་དུ་མ་ནས་བསླབ་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཏོང་བ་ནི། ཐ་ན་ཇ་ཐེབ་ དང༌། ནས་ཕོར་གང་ཡན་ཆད་རྒྱུ་རྫས་གཞན་ལ་སྦྱིན་པ་དེ་ཡིན། ཆུ་གཏོར་དང་གསུར་བསྔོ་ སོགས་ཐབས་སླ་བའི་སྦྱིན་གཏོང་གི་རིགས་ལ་འབད་པར་བྱའོ། །གཏོང་བ་ཆེན་པོ་ནི། རྟ་དང་ གླང་པོ་བུ་དང་བུ་མོ་ལ་སོགས་རང་ལ་ལྷག་པར་རྩིས་ཆེ་བ་དང༌། དཀོན་པའི་རིགས་གཞན་ ལ་སྦྱིན་པ་དེ་ཡིན། ཤིན་ཏུ་གཏོང་བ་ནི། རང་གི་ལུས་དང་སྲོག་དང་ཡན་ལག་ལ་སོགས་པ་ སྦྱིན་པར་གཏོང་བ་དེ་ཡིན། ཆོས་ཀྱི་སྦྱིན་པ་ནི། གཞན་ལ་དབང་བསྐུར། ཆོས་བཤད། ལུང་ འབོགས་པ་དང༌། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་དུད་འགྲོའི་རིགས་ལ་གཟུངས་ 7-1-254 སྔགས་བྱིན་རྟེན་སོགས་ཀྱི་རླུང་དང་རྡུལ་ཕོག་པ་སོགས་གཞན་རྒྱུད་དགེ་བ་ལ་སྦྱོར་བའི་ ཐབས་སྣ་ཚོགས་བྱེད་པ་དེ་ཡིན། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི། སེམས་ཅན་སྐྱབས་ མེད་པ་ལ་སྐྱབས། མགོན་མེད་པ་ལ་མགོན། དཔུང་གཉེན་མེད་པ་ལ་དཔུང་གཉེན་བྱེད་པ་ ཐམས་ཅད་དང༌། ཁྱད་པར་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལས། སེམས་ཅན་གྱི་སྲོག་སྐྱབས་པ་ཕན་ཡོན་ཆེ་བར་གསུངས་པས། དབང་ཡོད་རྣམས་ཀྱིས་རི་རྒྱ་ དང༌། ཀླུང་རྒྱ་སྡོམ་པ་དང༌། གཞན་དག་གིས་ཀྱང༌། གསོད་པར་ཁྲིད་པའི་བཤས་ལུག་བླུ་བ་ དང༌། འཆི་བར་ཉེ་བའི་ཉ་དང་འབུ་སྦྲང་སོགས་ཀྱི་སྐྱབས་བྱེད་པ་སོགས་དངོས་སུ་ཐབས་སྣ་ ཚོགས་པའི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པ་ལྷུར་ལེན་པ་ཡིན་ནོ། ། དེ་ལྟར་སྦྱིན་པ་རྣམ་པ་འདི་དག་ནི། གསང་སྔགས་ཀྱི་དམ་ཚིག་གི་གཙོ་ཆེ་ཤོས་ཡིན་ ཏེ། རིགས་ལྔའི་སྡོམ་བཟུང་ལས། རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ ཏུ་སྦྱིན། །ཞེས་གསུངས་པ་ལྟར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཉེས་སྤྱོད་སྡོམ་ པའི་ཚུལ་ཁྲིམས་ནི། ལུས་ངག་ཡིད་ཀྱི་སྒོ་ནས་གཞན་དོན་དུ་མི་འགྱུར་བའི་མི་དགེ་བ་བཅུ་ པོ་ཐམས་ཅད་དུག་བཞིན་དུ་སྤོང་བ་དེ་ཡིན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་བའི་ རྩ་བ་ཆ་ཕྲ་མོ་རེ་ཡན་ཆད་དུས་དང་རྣམ་པ་ཐམས་ཅད་དུ་ཅི་འགྲུབ་གང་འགྲུབ་ཏུ་བྱེད་པ་ དེ་ཡིན། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བསྡུ་བའི་དངོས་པོ་བཞི་ལ་བརྟེན་ནས་ སེམས་ཅན་ཐམས་ཅད་ཐབས་སྣ་ཚོགས་པའི་སྒོ་ནས་ཆོས་དང་སྦྱར་བ་མ་ཟད་ཐ་ན་ཚིག་ བཟང་སྨྲ་བ་ཡན་ཆད་ལ་འབད་པའི་སྒོ་ནས་བསྒྲུབ་པ་དེ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ལའང༌། གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ་ནི། གཞན་གྱིས་རང་ལ་དངོས་སུ་རྡུང་རྡེག་ དང། འཕྲོག་བཅོམ་ཚིག་ན་སྨྲ་བ་སོགས་དང༌། ལྐོག་ནས་མི་སྙན་པར་བརྗོད་པ་སོགས་ལ་ཞེ་ སྡང་དང་ཁོང་ཁྲོ་མི་བྱ་བར་སླར་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་དེ་དག་ལ་ཕན་འདོགས་ 7-1-255 པ་དེ་ཡིན། དེ་ལྟར་མ་བྱས་པར་ཁོང་ཁྲོའི་དབང་དུ་བཏང་ན། སྤྱོད་འཇུག་ལས། བསྐལ་པ་ སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱོད་གང་ཡིན་ དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར། །ཞེས་གསུངས་སོ། །ཆོས་ཕྱིར་ དཀའ་སྤྱད་བཟོད་པའི་བཟོད་པ་ནི། དམ་པའི་ཆོས་སྒྲུབ་པའི་ཆེད་དུ་དཀའ་ཚེགས་ཚ་གྲང་ ཐམས་ཅད་ཁྱད་དུ་བསད་ནས་བསྒྲུབ་དགོས་ཏེ། རྒྱུད་ལས། མེ་ཚོགས་སྤུ་གྲིའི་མཚོ་ཡང་ བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་གསུངས་པ་ལྟར་རོ། །ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ནི། ཡེ་ནས་རང་བྱུང་ལྷུན་གྲུབ་འོད་གསལ་འདུས་ མ་བྱས་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཞིང་ཁམས་ཀྱི་བདག་ཉིད་དང་ཡི་ དམ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་སེམས་ཅན་སངས་རྒྱས་ཀུན་གྱི་སྤྱི་ནོར་ཡེ་ཤེས་ཆེན་ པོ་འཁོར་འདས་ཀུན་ཁྱབ་ཏུ་བཞུགས་ཡོད་པའི་གནས་ལུགས་ཟབ་མོའི་དོན་བློ་ལ་མི་ཤོང་ བ་མེད་པར་བཟོད་པ་དེ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང༌། གོ་ཆའི་བརྩོན་ འགྲུས་ནི། སྔོན་གྱི་དམ་པ་གོང་མ་རྣམས་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་རྣམ་ཐར་དང་མཛད་སྤྱོད། ཆོས་ཕྱིར་དཀའ་བ་སྤྱོད་པའི་ལོ་རྒྱུས་སོགས་ལ་བསམ་ན་ཁོང་ རྣམ་པས་ཀྱང་དེ་ལྟ་བུའི་དཀའ་སྤྱད་དང་སྙིང་རུས་དགོས་ན། རང་རེ་ལས་ངན་གྱི་ཁུར་གྱིས་ ནོན། ཐོག་མ་མེད་པའི་དུས་ནས་ཆོས་ལ་སྦྱངས་འཕྲོ་མེད་པ་ཞིག་གིས་དེ་ལས་ལྷག་པ་ཞིག་ མ་ཐོན་ཐབས་མེད་པས་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་མོའི་གདམས་ངག་ཐོབ། ཡང་དག་པའི་ཆོས་ཚུལ་བཞིན་སྒྲུབ་པའི་སྐལ་བ་ཡོད་པའི་ དུས་འདིར་དཀའ་བ་དང་དུ་བླངས། ལྕི ་བ་རྒྱབ་ཏུ་ཁུར། ལུས་སྲོག་འབེན་དུ་བཙུགས། ཤ་ ཁྲག་གཟན་དུ་བོར་ཏེ། སྙིང་ཐག་པ་ནས་ཆོས་ཤིག་མི་སྒྲུབ་རེ་སྙམ་དུ་དམ་བཅའ་བ་དེ་ཡིན། སྦྱོར་བའི་བརྩོན་འགྲུས་ནི། ཆོས་ལ་བྱེད་ལོ་དང་སྒྲུབ་བློ་ཞིག་ཡོད་ཀྱང༌། སང་བྱ་དང་གནང་ 7-1-256 བྱའི་དབང་དུ་སོང་བ་དང༌། ཆོས་སྒྲུབ་འདོད་ཀྱི་ངང་ནས་མི་ཚེ་འདི་ཟད་འགྲོ་བས་ད་ནི་ཉི་ མ་དེ་རིང་ནས་ཕྱི་བཤོལ་གྱི་ངང་དུ་སྐད་ཅིག་ཀྱང་མི་བཞག་པར། དཔེར་ན་སྡར་མའི་པང་ དུ་སྦྲུལ་ཞུགས་པའམ། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར། འཇིག་རྟེན་འདིའིབྱ་བ་ཐམས་ ཅད་བཞག་ནས་ཕྲལ་དང་འཕྲལ་དུ་ཆོས་ལ་འབད་དགོས། དེ་ལྟར་མ་བྱས་ན་འཇིག་རྟེན་གྱི་ བྱ་བ་ཟིན་དུས་མེད་པ་གཅིག་རྗེས་གཅིག་ནོན་དུ་འོང་བ་ཆུའི་གཉེར་མ་ལྟ་བུ་ཡིན་པས་ཆོས་ སྒྲུབ་པའི་ལོངས་སྐབས་མི་འོང༌། རང་གི་བློ་ཐག་རྦད་ཀྱིས་བཅད་ནས་འཇིག་རྟེན་གྱི་བྱ་བ་ ནམ་བསྐྱུར་ཐུབ་པ་ན་དེ་དུས་སུ་ཟིན་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། བྱབྱེད་བྱིས་པའི་ རྩེད་མོ་འདྲ། །བྱས་ན་མི་ཟིན་བཞག་ན་ཟིན། །ཞེས་གསུངས་པ་ལྟར་ཚེ་མི་རྟག་པས་སྐུལ་ མ་བཏབ་སྟེ། ཆོས་ལ་འཕྲལ་དུ་འཇུག་པ་དེ་ཡིན། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ ནི། རང་གི་མཚམས་དང་བསྙེན་སྒྲུབ་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་ཁ་ཏོན་དང་དགེ་ སྦྱོར་ལ་སོགས་པ་ཅུང་ཟད་རེ་འགྲུབ་པའི་ཚེ། དེ་ཙམ་གྱིས་ཆོག་ཤེས་མི་བྱ་བར་ཚེ་དང་སྒྲུབ་ པ་སྙོམས་པའི་དམ་བཅའ་བླངས་ནས་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ བར་དུ་བརྩོན་པ་རྒྱུན་རིང་ལ་ཤུགས་དྲག་པ་ཆུ་བོའི་རྒྱུན་ལྟ་བུ་དང༌། སྒོ་གསུམ་སོས་དལ་དང་ ཆོས་མེད་དུ་སྐད་ཅིག་ཀྱང་མ་ལུས་པར་ཆོས་ལ་བརྩོན་པ་ཇེ་ཆེར་འགྲོ་དགོས་པ་དང༌། འཆི་ བ་ལ་ཇེ་ཉེར་འགྲོ་བ་བཞིན་དགེ་སྦྱོར་ལ་སྙིང་རུས་ཇེ་ཆེར་འགྲོ་བ་འདི་ཆོས་པ་སད་ཀྱིས་མ་ ཁྱེར་བའི་རྟགས་དང༌། དེས་ན་རྫོགས་པའི་སངས་རྒྱས་མ་ཐོབ་བར་དུ་སྦྱང་བྱ་ལས་དང་བག་ ཆགས་ཡོད་ཅིང༌། ཐོབ་བྱ་གོང་མ་གོང་མའི་ཡོན་ཏན་ཡོད་པ་ཡིན་པས་སྙིང་ཐག་པ་ནས་ཆོས་ ལ་ཆོག་ཤེས་མི་བྱེད་པར་འབད་དགོས་པ་ཡིན། ལར་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་འཐོབ་ བརྩོན་འགྲུས་འདི་ཁོ་ན་ལ་རགས་ལས་པ་ཡིན་པས་བརྩོན་འགྲུས་རྣམ་པ་གསུམ་པོ་འདི་ལ་ འབད་དགོས་པ་ཡིན་ཏེ། ཤེས་རབ་རབ་ཅིག་ཡོད་ཀྱང་བརྩོན་འགྲུས་ཐ་མ་ཞིག་ལས་མེད་ན་ 7-1-257 ཆོས་པ་ཐ་མ་ལས་མི་འོང༌། ཤེས་རབ་ཐ་མ་ཞིག་ལས་མེད་ཀྱང་བརྩོན་འགྲུས་རབ་ཅིག་ཡོད་ ན་ཆོས་པ་ཡང་རབ་ཞིག་འོང༌། བརྩོན་འགྲུས་མེད་ན་ཡོན་ཏན་གཞན་ཡོད་ཀྱང་མི་ཕན་པས་ ཐང་ལྷོད་སྤུ་ཙམ་མེད་པར་དགེ་སྦྱོར་སྣ་ཚོགས་ལ་འབད་པ་དོན་གཉེར་དུ་མའི་སྒོ་ནས་རེམ་ དགོས་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ། དང་པོ་རྣམ་གཡེང་སྤངས་པ་གལ་ཆེ། ཟས་ནོར་དང་ལོངས་སྤྱོད་སོགས་འདོད་ཡོན་སྣ་ཚོགས་ལ་ཆགས་པ་ལྷུར་ལེན་པ་ནི་ཉེས་པ་ ཐམས་ཅད་ཀྱི་འབྱུང་ཁུངས་ཡིན། ཡོད་ཀྱང་ཆོག་མི་ཤེས། ལོངས་སྤྱོད་དང་འབྱོར་བ་ཇི་ཙམ་ ཡོད་བཞིན་སེར་སྣ་འཕེལ་བའི་རྒྱུ་བྱེད་པ་ཡིན་ཏེ། ཇི་སྐད་དུ། གང་ལ་ནོར་ཡོད་དེ་ལ་སེར་ སྣ་ཡོད། །ཅེས་གསུངས་པ་ལྟར་རྟག་པ་མེད་པའི་ནོར་རྫས་ལ་བརྟེན་ནས་འདོད་ཆགས་ཀྱིས་ ལས་སྣ་ཚོགས་བསགས་པས་མཐར་ཡི་དྭགས་དང་ངན་སོང་རྣམས་སུ་སྐྱེ་བ་མ་གཏོགས་ ཕན་པའི་དུས་མེད་པ་ཡིན་པས་ད་ནི་ལས་ངན་བསགས་པའི་རྒྱུ་ནོར་རྫས་སོགས་ལ་ཆགས་ པས་ཅི་བྱེད་སྙམ་དུ་ཡང་ཡང་བསམ། དེ་མ་ཟད་ཟས་ནོར་ཕྲ་མོ་རེའི་ཆེད་དུ་འཁྱག་ལྟོགས་ སྐོམ་གསུམ་དང་གཏམ་ངན་ཐམས་ཅད་ཁྱད་དུ་བསད། ཚེ་འདི་སྲོག་དང་བསྡོས། ཁྲེལ་དང་ ངོ་ཚ་བོར། ཆོས་དང་དམ་ཚིག་ཐམས་ཅད་ཁྱད་དུ་གསོད། ཟ་རློམ། རྙེད་རློམ། ཐོབ་རློམ་ ཁོ་ནས་དུས་འདའ་བ་དཔེར་འབྱུང་པོས་གཏོར་མ་འཚོལ་བ་ལྟ་བུའི་ངང་དུ་ཉིན་གཅིག་དལ་ ཁོམ་དང་སྐྱིད་ཁོམ་མེད་པར་མི་ཚེ་མ་ཟད་བར་དུ་གཏུགས་པ་འདི་དོན་ཆུང་ལ་ངལ་བ་ཆེ་ བས་ལས་ངན་བསགས་པའི་རྒྱུར་འགྲོ་བ་མ་གཏོགས་ཕན་པ་མེད་པ་ཡིན། གལ་སྲིད་སྔོན་ གྱི་བསོད་ནམས་བསགས་པའི་བྱེད་པ་ལ་བརྟེན་ན་ད་སྐབས་སུ་ལྷོ་འཛམ་བུའི་གླིང་རྒྱུ་རྫས་ དང་ལོངས་སྤྱོད་ཐམས་ཅད་མི་གཅིག་ལ་ཡོད་ཀྱང༌། ལག་ལེན་དུ་གདབ་རྒྱུ་ལ་ནི་བདག་གི་ ལྟོ་གོས་གཉིས་ལས་བྱེད་རྒྱུ་གཞན་མེད། འོན་ཀྱང་ཅི་ཙམ་འབྱོར་བཞིན་རང་གཅིག་པུའི་ ཁ་ལ་ཟ་མི་བྲ། རྒྱབ་ལ་གྱོན་མི་བྲ་བར་མཐར་རང་གི་སྲོག་ལ་བབས་ནས་གྲི་ཁ་དང་མཚོན་ 7-1-258 ཁར་འཆི། རང་ལ་ཟས་ནོར་ལོངས་སྤྱོད་ལ་སོགས་པ་ཇི་ཙམ་འབྱོར་བ་དེ་ཙམ་དུ་གསོག་པ་ དང༌། བསྲུང་བ་དང༌། སྤེལ་བ་གསུམ་གྱི་ཆེད་དུ། མཚན་སྐར་མའི་ཞྭགྱོན། ཉིན་བ་མོའི་ལྷམ་ གྱོན། སྐ་རགས་ཀྱིས་ལྕགས། བྱིན་པས་རྟ། རྐང་ཁྲག་རྡོ་ལ་ཟད། ལག་ཁྲག་ཤིང་ལ་ཟད། ཤ་ཁྲག་ལྦུ་བར་འགྱུར་བའི་བར་དུ་འབད་འབད་ཀྱང་མཐར་རང་ཕུང་བྱེད་པའི་རྒྱུ་སྡིག་པ་མི་ དགེ་བ་དམྱལ་བའི་གཏིང་རིང་དུ་འཕེན་བྱེད་ཁོ་ན་མ་གཏོགས་ཕན་པ་སྤུ་ཙམ་ཡང་མེད་པ་ སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། གསོག་དང་བསྲུང་དང་སྤེལ་བས་ཉམ་ཐག་པས། །ནོར་ ནི་ཕུང་ཀྲོ ལ་མཐའ་ཡས་ཤེས་པར་བྱ། །ཞེས་དང༌། ཇི་སྐད་དུ། ནོར་མེད་ཙ་ན་དགྲ་དང་བྲལ། །ཞེས་གསུངས་པའི་ཕྱིར། གང་ལྟར་ཀྱང་མཐར་རང་གི་འཕེན་བྱེད་ཀྱི་ལས་ཟད་པ་ན་ལྷན་ ཅིག་སྐྱེས་པའི་ལུས་ཀྱི་ཤ་རུས་ཀྱང་སོ་སོར་འབྲལ་དགོས་པའི་ཆོས་ཅན་ཡིན་ན། ཚེ་གཅིག་ཏུ་ བསགས་པའི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་ནི། དགྲ་ལ་སོགས་པ་གཞན་གྱིས་ལོངས་སྤྱོད་ དེ་ཆུད་ཟོས་ཁོ་ནར་གྱུར། དེའི་ཆེད་དུ་བསགས་པའི་སྡིག་པའི་ཕུང་པོ་རི་རབ་ཙམ་རང་ཉིད་ ཁོ་ནའི་སྐལ་བར་ཐོབ་སྟེ་ངན་སོང་བཟོད་དཀའ་བའི་གཏིང་རིང་ལས་ཐར་པའི་དུས་མེད་པ་ ཡིན། ད་ལྟ་རང་དབང་ཡོད་ཚེ་ཡར་དཀོན་མཆོག་གི་ཞིང་ས་དང་མར་ངན་སློང་ལ་མཆོད་སྦྱིན་ དགོས་པ་འདི་སེམས་ལ་ཡོད་པ་མ་ཟད་ལག་ལེན་དུ་བཏབ་ནས་ཕྱི་མའི་རྒྱགས་ཕྱེ་བཟང་ པོ་རེ་ཚགས་སུ་ཚུད་པར་བྱ། རྗེ་མི་ལས། ལྟོ་ཁ་ནས་ཕྲིས་ལ་སྦྱིན་པ་ཐོང༌། །ཞེས་གསུངས་ སོ། །ལྟོ་གྱི་ན་དང་གོས་ལྷག་སྐྱོབ་ཙམ་གྱིས་ཆོག་ཤེས་པར་བྱའོ། །དེ་བཞིན་དུ་ཚེ་འདི་དོན་དུ་ གཉེར་བའི་བྱིས་པའི་གྲོགས་པོ་ཕ་མ་དང༌། སྤུན་ཟླ། བཟའ་མི། བུ་དང་བུ་མོ། གཉེན་གྲོགས་ རྣམས་ནི་ཕར་ལ་ཕན་པར་བྱས་ཀྱང་ཚུར་ལ་གནོད་པ་བྱེད་པ་ཤ་སྟག་དང༌། ཕན་ཇི་ལྟར་བྱས་ ཀྱང་འཐད་པའི་དུས་མེད་པས་མགུ་དཀའ་བ་ཤ་སྟག་དང༌། ཁོ་བས་རང་ལྷག་ན་ནི་ཕྲག་དོག་ བྱེད། །རང་བས་ཁོ་ལྷག་ན་ནི་ཁྱད་དུ་གསོད། །ཇི་ཙམ་འགྲོགས་བཞིན་ཇེ་ངན་དང་ཇེ་ངན་ 7-1-259 དུ་འགྲོ་བ་དང་མི་དགེ་བ་འཕེལ་ཞིང་དགེ་བ་ཟད་པར་བྱེད་པས་སྡིག་པའི་གྲོགས་པོ་དེ་དག་ རིང་དུ་སྤང་དགོས་པ་སྟེ། ཇི་སྐད་དུ། གང་དང་འཕྲད་ན་གཏན་གྱི་བདེ་འཕྲོག་པའི། །བཤེས་ གཉེན་ངན་དང་ལོག་པའི་ཆོས་ལུགས་དང༌། །བདུད་ཀྱིས་ཕོ་ཉ་སྡིག་པའིགྲོགས་རྣམས་དང༌། །སྐད་ཅིག་ཙམ་ཡང་འཕྲད་པར་མ་གྱུར་ཅིག །ཅེས་གསུངས། རྒྱལ་སྲས་ལག་ལེན་དུ། གང་ དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང༌། །ཐོས་བསམ་སྒོམ་པའི་བྱ་བ་ཉམས་འགྱུར་ བའི། །བྱམས་དང་སྙིང་རྗེ་མེད་པར་བསྒྱུར་བྱེད་པའི། །གྲོགས་ངན་སྤངས་པ་རྒྱལ་སྲས་ལག་ ལེན་ཡིན། །ཞེས་དང༌། ཇི་སྐད་དུ། སྡིག་གྲོགས་ཅེས་བྱརྭ་ཅན་མི་འབྱུང་སྟེ། །རྩེ་རྒོད་གཡེང་ བའི་གྲོགས་ཏེ་སྡིག་གྲོགས་ཡིན། །ཞེས་སོགས་གསུངས་པའོ། ། ༄༅། །དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྟེན་ དང་བརྟེན་པར་བཅས་པའི་སྨོན་ཚིག་འཁོར་འདས་ ཅིག་ཅར་གསལ་བའི་བདེ་ཆེན་ཡེ་ཤེས་སྐྲུན་ བྱེད་ཤེལ་གྱི་མེ་ལོང་ཞེས་བྱ་བ་ བཞུགས་སོ། ། 7-1-260 ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཀུན་གཞིའི་རྣམ་ཤེས་ཆུ་འཛིན་དྭངས་པའི་གཞིར། །ཀུན་གཞིའི་ ཡེ་ཤེས་མཁའ་དབྱིངས་དཀྱིལ་འཁོར་ལ། །དྲུག་བརྒྱ་སོ་དྲུག་རྒྱུ་སྐར་གསལ་བར་སྣང༌། །མཐའ་བྲལ་གཞི་དབྱིངས་ཆེན་པོ་དགོངས་ཤིག་ཀྱེ ། །སྐལ་བཟང་སངས་རྒྱས་དུ་མ་བྱོན་པའི་ གླིང༌། །རབ་ཡངས་གསེར་ལྡན་རྡུལ་བརྩེགས་རྐང་འཐུང་རྒྱས། །སྔོ་གསལ་མཚོ་རྫིང་རྨ་བྱ་ ངང་ངུར་འཚོགས། །ཆུ་སྐྱེས་ཚོགས་ལ་རྐང་དྲུག་རོལ་ཞིང་རྩེ། །སྐལ་བཟང་དུས་བདེའི་དཔྱིད་ ཀྱི་དཔལ་ལ་འགྲན། །འབྲས་དཀར་སྤུངས་འདྲའི་མཆོད་རྟེན་དགུང་སྔོན་ཟུག །བུམ་ཐད་ཉི་ ཟླ་ཟུང་ཡང་གཡས་སྐོར་འགྲོ། །གཡའ་དག་མཁའ་ཡིས་དོན་དམ་གཉུག་མར་བསྐུལ། །ནམ་ མཁའི་ནོར་བུས་འོད་བཟང་ཕྱོགས་བཅུར་བཀྱེ ། །མཚོ་སྐྱེས་འོད་དཀར་རྒྱ་མཚོའི་གཏིང་ནས་ ཤར། །ལྷ་གཞོན་ཕོ་མོས་ཉིན་བཞིན་བུམ་ཁྲུས་གསོལ། །ཕྱོགས་ནས་ནམ་མཁའི་རྒྱལ་མཚན་ ལྷབ་ལྷུབ་གཡོ། །འཆི་མེད་རྔ་གསང་ཕྱོགས་ཀུན་ལྷང་ལྷང་སྒྲོག །གསེར་འོད་ཞགས་པས་ སྐད་ཅིག་ལམ་ལམ་གསལ། །ཆུ་འཛིན་ཀླུང་ནས་སྦྲང་ཆར་ཟིལ་ཟིལ་འབབ། །རྩྭ་ཐང་གཡུ་ བཞིན་སྔོལྗང་ལམ་ལམ་རྒྱས། །བསིལ་བྱེད་བཞིན་བསྒྱུར་འཇའ་ཚོན་དྲ་བས་བསྐོར། །སུམ་ རྩེན་ཚོགས་ཀྱིས་བསྟོད་དབྱངས་མཆོད་རྫས་འབུལ། །ཡུལ་གྲུ་ཐམས་ཅད་དཀར་གསལ་ འོད་ཀྱིས་ཁྱབ། །སྔོ་ལྗང་ཤུག་པའི་ནགས་ཚལ་སྟུག་ཁྲོད་ནས། །བྱ་ཚོགས་རི་དྭགས་ཉིན་ བཞིན་མེ་ཏོག་འབུལ། །ཤ་བ་དཀར་པོའི་ཁ་ཡིས་རྩྭ་མཆོག་འབུལ། །ལྗོན་ཤིང་རྩེ་ནས་སྤྲེལ་ གྱིས་ཤིང་ཏོག་འབུལ། །གླ་བ་ནག་པོས་ལྟེ ་བའི་དྲི་ཞིམ་འབུལ། །རྫ་ཆུ་བསིལ་མོས་ཆོས་སྒྲ་ ལྷང་ལྷང་སྒྲོག །མེ་ཏོག་རླུང་གིས་གཡོས་ཏེ་གར་བསྒྱུར་བཞིན། །སྨན་འབྲུ་རྒྱས་པའི་དྲི་ངད་ རླུང་གིས་བསྐྱོད། །ལྷུན་པོར་བསྙེགས་པའི་མཆོད་རྟེན་བུམ་པའི་དབུས། །ཨེ་ཡིག་བཻཌཱུར་ ཞུན་མའི་ལྷུན་པོ་ལ། །ཝཾ་ཡིག་ཐུན་མཚམས་གཞོན་ནུས་དཀྲི ས་པ་ལྟར། །མཐོང་བ་ཙམ་ གྱིས་སྲིད་ཞིའི་གདུང་བ་འཕྲོག །དྲན་ཙམ་གྱིས་ཀྱང་བདེ་ཆེན་གླིང་དུ་འདྲེན། །གདོང་བཞི་ 7-1-261 མིག་སྟོང་ལ་སོགས་དྲེགས་ལྡན་གྱི། །གཙུག་གི་ནོར་བུས་ཞབས་སེན་བཀོད་པའི་རྡུལ། །གུས་པས་མཆོད་ཀྱང་དམན་པ་རྣམས་ལ་བརྩེ། །དུས་ཀྱི་འཁོར་ལོས་བདག་ཅག་སྐྱོངས་ བར་ཤོག །རབ་སྙན་དྲུག་ཅུའི་དབྱངས་ལྡན་ཆ་ཤས་ཀྱིས། །སྲིད་གསུམ་སྐྱེ་དགུའི་མུན་སྟུག་ ཀུན་བཤིགས་ནས། །ཕན་བདེའི་འོད་སྣང་ཞགས་པས་འགྲོ་རྒྱུད་འཆིང༌། །དུས་ཀྱི་འཁོར་ ལོས་བདག་ཅག་སྐྱོངས་བར་ཤོག །འཇིག་རྟེན་ལེགས་ཚོགས་མཐའ་དག་གཟུགས་ཤར་ ལྟར། །བཻཌཱུར་ཁུ་བ་བྱུགས་འདྲའི་མཐིང་སྔོན་སྐུ། །རྒྱན་གོས་བཀླུབས་པའི་ཆོས་རྒྱལ་དུ་མས་ བསྐོར། །གུས་ལྡན་ཕོ་མོ་གཡས་གཡོན་གྲལ་དུ་བསྟར། །ཟབ་ཆེན་མཆོད་རྫས་རླུང་གིས་ ལྷབ་ལྷུབ་གཡོ། །དངུལ་གྱི་སྤོས་ཕོར་ནང་ནས་དྲི་ཞིམ་འབུལ། །གསེར་བུམ་ནང་ནས་མེ་ཏོག་ སྣ་ཚོགས་བཀྲ། །རིན་ཆེན་མཆོད་རྫས་དུ་མ་ཚར་དུ་དངར། །རོལ་མོ་མཁས་པས་རོལ་ཆ་ དཀྲོ ལ་དང་བསྟུན། །གར་མ་ཚོ་ཡིས་གར་གྱི་སྒྱུ་རྩལ་བསྟན། །གཞས་མ་ཚོ་ཡིས་གླུ་གཞས་སྣ་ ཚོགས་གཏོང༌། །བསོད་ནམས་བརྒྱ་ཕྲག་ལས་བསྐྲུན་སྐལ་བཟང་འདུས། །དྲུག་ཅུའི་དབྱངས་ ཀྱིས་ཁམས་མཐུན་ཆོས་སྒྲ་སྒྲོག །རྒྱུད་སྡེ་རྒྱ་མཚོའི་བདུད་རྩིའི་ཆུ་ཀླུང་བརྡོལ། །ཡིད་དབང་ འཕྲོག་པའི་སིམ་པ་རབ་སྟེར་ནས། །ངེས་འབྱུང་བསམ་པས་རྒྱུད་བསྐུལ་བ་སྤུ་གཡོ། །མིག་ ནས་མཆི་མ་མུ་ཏིག་འདྲིལ་བཞིན་ལྷུང། །གཞན་ཕན་བསིལ་ཟེར་འོད་དཀར་འབུམ་འཁྲིགས་ ཏེ། །རིགས་ཁམས་གཤེགས་སྙིང་ཀུ་མུད་རབ་ཏུ་བཞད། །སྐལ་བཟང་ཕོ་མོའི་ཚེ་འདིའི་རེ་ འདོད་འགྲུབ། །སྤྲོས་བྲལ་དབྱིངས་ལས་བཞེངས་པ་མི་མངའ་ཡང༌། །འགྲོ་ཀུན་སྲིད་ཞིའི་ འཇིགས་ལས་ལེགས་སྐྱོབ་ཆེད། །མ་འདྲིས་མཛའ་བཤེས་རྣམ་འཕྲུལ་རབ་ཏུ་སྟོན། །བླ་མ་ དུས་ཀྱི་འཁོར་ལོས་བདག་ཅག་སྐྱོངས། །བརྒྱ་བྱིན་གཙུག་རྒྱན་ཡིད་བཞིན་ནོར་བུ་ཡིས། །འཇིག་རྟེན་ལེགས་ཚོགས་ཆར་དུ་བསྙིལ་བ་བཞིན། །འབད་མེད་ལྷུན་གྲུབ་ཅིག་འཆར་ཟླ་ འོད་ཀྱིས། །དད་བརྒྱའི་བདག་རྒྱུད་ཆུ་སྐྱེས་བཞད་པར་ཤོག །བྱམས་སེམས་གཞུང་དྲང་གུས་ 7-1-262 ལུགས་ཤེས་རབ་བྲལ། །ཡིད་རྟོན་སྤྱོད་བཟང་བློ་དཀར་ཡོན་ཏན་སྤངས། །ཤེས་རློམས་ ཁེངས་ལྡན་གཤིས་སྤྱོད་རྩུབ་ཅིང་གྱོང༌། །གྲོགས་ངན་དེ་འདྲ་གཏན་དུ་སྤང་བར་ཤོག །འགྲོགས་བདེ་རྒྱུན་རིང་གཞུང་དྲང་ཤེས་དཔྱོད་ལྡན། །བྱམས་དང་གུས་ལྡན་གཡོ་བྲལ་བློ་ དཀར་དང༌། །ཁོག་ཆེན་དོན་ལྡན་སྤྱོད་བཟང་ཆོས་ལ་དགའ། །གྲོགས་བཟང་དམ་པ་རྒྱུན་དུ་ བསྟེན་པར་ཤོག །གྲོགས་ངན་དང་འགྲོགས་སྤྱོད་ངན་ཤུགས་ལ་འགོ །གྲོགས་བཟང་བསྟེན་ ནས་ཡོན་ཏན་ངང་གིསའཕེལ། །དེ་ཕྱིར་ཆོས་གྲོགས་དམ་པ་དང་མཇལ་སྐབས། །གདམས་ དོན་མ་ལུས་རྒྱུད་ལ་སྐྱེ་བར་ཤོག །གང་གི་དྲིན་གྱིས་གདོད་མའི་བདེ་ཆེན་ཉིད། །སྐལ་ལྡན་ རྣམས་ལ་སྐད་ཅིག་གཅིག་གིས་ཀྱང༌། །འཆར་བར་བྱེད་པ་རིན་ཆེན་ལྟ་བུའི་སྐུ། །ཚེ་རབས་ ཀུན་ཏུ་སྤྱི་བོའི་རྒྱན་དུ་ཤོག །ཀུན་བཏགས་གཞན་དབང་བསིལ་བྱེད་དྭངས་པའི་གཞིར། །འགྱུར་མེད་ཡོངས་གྲུབ་འཆི་མེད་ལམ་བཟང་ལ། །དོན་དམ་བླ་མའི་སྣང་བྱེད་དཀྱིལ་འཁོར་ རྒྱས། །སྒྲིབ་གཉིས་སྤྲིན་བྲལ་འོད་བཟང་འཆར་བར་ཤོག །དཔེར་ན་ས་རླངས་ཆུ་འཛིན་ མཁའ་དབྱིངས་དེངས། །གར་སོང་མེད་ཅིང་གང་དུའང་གནས་པ་མེད། །དེ་བཞིན་སེམས་ཀྱི་ རྟོག་ཚོགས་ཐམས་ཅད་ཀྱང༌། །སེམས་ཉིད་མཐོང་བས་རྟོག་ཚོགས་དྭངས་པར་ཤོག །མཁའ་ དབྱིངས་སྟོང་པར་ཐ་སྙད་རབ་བཏགས་ཀྱང༌། །ནམ་མཁའ་ལ་ནི་འདི་འདྲར་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང༌། །བརྗོད་འདས་མི་རྟོག་ཡེ་ཤེས་མཐོང་ བར་ཤོག །དཔེར་ན་ནམ་མཁའ་གང་གིས་གང་ལ་བརྟེན། །དེ་བཞིན་རང་སེམས་འདི་ལ་ རྟེན་ཡུལ་མེད། །མ་བཅོས་གཉུག་མའི་ངང་དུ་ཀློད་ལ་ཞོག །བཅིངས་པ་ཀློད་ན་གྲོལ་བར་ཐེ་ ཚོམ་མེད། །རང་བཞིན་དྭངས་གསལ་ཉིན་མོའི་ནོར་བུ་ལ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་ མི་ནུས། །དེ་བཞིན་སེམས་ཉིད་བདེ་གཤེགས་སྙིང་པོ་འདི། །གློ་བུར་ཉོན་མོངས་འཁོར་བས་ སྒྲིབ་མི་ནུས། །སངས་རྒྱས་གོ་འཕང་ངན་སོང་སྡུག་བསྔལ་ལ། །རེ་དོགས་བྱས་ན་རང་ཉིད་ 7-1-263 འཆིང་བའི་རྒྱུ། །གང་བྱུང་ཐམས་ཅད་བླ་མའི་ཐུགས་རྗེ་ལས། །བློ་གཏད་གཞན་མེད་ཡིད་ ཆེས་ལྡན་པར་ཤོག །རང་སེམས་སྣང་བར་ཇི་ལྟར་ཤར་ཡང་རུང༌། །ཤར་མཁན་ངོ་བོ་དེ་ག་ བླ་མའི་ཐུགས། །ཡེ་ཤེས་ཆོས་སྐུ་དེ་ཉིད་གདོད་མ་ནས། །ལྷུན་གྱིས་གྲུབ་པའི་སྟོང་ཉིད་ རྟོགས་པར་ཤོག །སེམས་ཉིད་སྤྲིན་བྲལ་མཁའ་དབྱིངས་དཀྱིལ་འཁོར་ལྟར། །བསམ་པའི་ ཡུལ་ལས་འདས་ཀྱང་དེ་ཉིད་དང༌། །འཛིན་གཏད་མེད་པར་མ་བཅོས་ཀློད་ལ་བཞག །གོམས་ ཤིང་གོམས་པས་གནས་ལུགས་མཐོང་བར་ཤོག །གཟུང་འཛིན་ཀུན་བྲལ་བདེ་ཆེན་བྱང་ཆུབ་ གླིང༌། །སྐུ་དང་ཞིང་ཁམས་རབ་འབྱམས་འཆར་གནས་ལས། །དུས་ཀྱི་འཁོར་ལོའི་ཡེ་ཤེས་ ཡོན་ཏན་སོགས། །མཆོག་གསུམ་སྐུ་གསུམ་དཀྱིལ་འཁོར་ཆེན་པོར་ཤར། །དབུས་སུ་པདྨ་ཟླ་ ཉི་སྒྲ་གཅན་སྟེང༌། །རོ་རྐྱང་རྣམ་དག་ཞབས་གཉིས་བརྐྱང་བསྐུམ་གྱིས། །བདུད་བཞི་ཉོན་ སྒྲིབ་ཕྲ་རགས་སྤངས་པའི་བརྡར། །འདོད་ལྷ་དྲག་པོའི་གདན་རོལ་ཕུང་ཁམས་སོགས། །སོ་ དྲུག་རྣམ་དག་མངོན་བྱང་ལྔ་བཞེངས་སྐུ། །ཡེ་ཤེས་ལྔ་ཡི་རང་འོད་ཕྱོགས་བཅུར་འཕྲོ། །སྒྲ་ གཅན་རྣམ་དག་ཆོས་སྐུ་ཉག་གཅིག་འབར། །སྐུ་བཞིའི་ཞལ་ལྡན་ཆགས་ཐོགས་མེད་ གཟིགས་ཕྱིར། །སྤྱན་གསུམ་དང་ལྡན་རྡུལ་མུན་སྙིང་སྟོབས་དག །མགྲིན་པ་གསུམ་དང་ཕྱི་ ནང་དུས་དྲུག་དག །ཕྲག་པ་དྲུག་དང་དུས་སྦྱོར་བཅུ་གཉིས་དག །དཔུང་པ་བཅུ་གཉིས་ཟླ་ ཕྱེད་ཉེར་བཞི་དག །ཕྱག་ངར་ཉེར་བཞི་མདུན་ངོས་ཕྱག་བརྒྱད་ཀྱང༌། །མུན་པ་རྣམ་དག་ ཐུགས་ཀྱི་རྡོ་རྗེ་ཡང༌། །ནག་པོར་གྲུབ་དང་བར་གྱི་ཕྱག་བརྒྱད་ཀྱང༌། །རྡུལ་དག་གསུང་གི་རྡོ་ རྗེའི་རང་བཞིན་དམར། །རྒྱབ་ཕྱག་བརྒྱད་ཀྱང་སྙིང་སྟོབས་རྣམ་པར་དག །སྐུ་ཡིརྡོ་རྗེའི་ངོ་བོ་ དཀར་པོར་གྲུབ། །མཐེའུ་བོང་རྣམས་ཀྱང་ས་ཁམས་རྣམ་པར་དག །མེ་ལོང་ཡེ་ཤེས་སྣང་ མཛད་རང་བཞིན་སེར། །མཛུབ་མོ་རྣམས་ཀྱང་ཆུ་ཁམས་རྣམ་པར་དག །སོར་རྟོག་ཡེ་ཤེས་ སྣང་མཐའི་ངོ་བོ་དཀར། །གུང་མོ་རྣམས་ཀྱང་མེ་ཁམས་རྣམ་པར་དག །མཉམ་ཉིད་ཡེ་ཤེས་ 7-1-264 རིན་འབྱུང་རང་བཞིན་དམར། །སྲིན་ལག་རྣམས་ཀྱང་རླུང་ཁམས་རྣམ་པར་དག །བྱ་གྲུབ་ཡེ་ ཤེས་དོན་གྲུབ་ངོ་བོ་ནག །མཐེ་ཆུང་རྣམས་ཀྱང་མཁའ་ཁམས་རྣམ་པར་དག །ཆོས་དབྱིངས་ ཡེ་ཤེས་མི་བསྐྱོད་རང་བཞིན་ལྗང༌། །ཉི་མའི་ཡོན་ཏན་གསུམ་སྤངས་སོར་ཚིགས་རྣམས། །མཆོག་གསུམ་ངོ་བོ་ཁ་དོག་རྣམ་གསུམ་གྲུབ། །ཕྱག་གཡས་ནག་པོ་བཞི་ཡིས་མཚོན་ཆ་ ཡང༌། །མི་འགྱུར་བདེ་ཆེན་རང་བཞིན་རྡོ་རྗེ་འཛིན། །རྣམ་ཤེས་མ་རིག་གཅོད་པའི་རལ་གྲི་ དང༌། །སྒོ་གསུམ་མི་དགེ་འབིགས་པའི་རྩེ་གསུམ་གཡས། །ཟག་བཅས་འགྱུར་བདེ་གཅོད་ པའི་གྲི་གུག་བསྣམ། །དམར་བཞིས་དུག་ལྔ་འཇོམས་པའི་མེ་མདའ་འཛིན། །རླུང་སེམས་ དབུ་མར་འགུགས་པའི་ལྕགས་ཀྱུ་དང༌། །བདེ་སྟོང་ཟབ་མོའི་སྒྲ་སྒྲོག་ཌཱ་རུ་གཡས། །གློ་བུར་ བུམ་པ་བརྡུང་བའི་ཐོ་བ་བསྣམ། །དཀར་བཞིས་རྒྱལ་ཀུན་རྣམ་འཕྲུལ་འཁོར་ལོ་འཛིན། །གཟུང་འཛིན་གཉིས་སྣང་འབིགས་པའི་མདུང་ཐུང་དང༌། །བདུད་བཞི་མ་ལུས་འཇོམས་བྱེད་ དབྱུག་པ་གཡས། །བདག་འཛིན་མ་རིག་གཅོད་པའི་དགྲ་སྟ་བསྣམས། །ཕྱག་གཡོན་ནག་པོ་ བཞི་ཡིས་མཚོན་ཆ་ཡང༌། །སྟོང་ཉིད་སྙིང་རྗེའི་ངོ་བོ་དྲིལ་བུ་འཛིན། །ཡེ་ཤེས་རྡོ་རྗེའི་གོ་ཆ་ ཕུབ་དཀར་དང༌། །སྐུ་གསུམ་ཡོན་ཏན་རྫོགས་པའི་ཁ་ཊྭཱཾ་གཡོན། །ཟག་མེད་བདེ་ཆེན་སྐྱོང་ བའི་ཐོད་ཁྲག་བསྣམ། །དམར་བཞིས་ཡེ་ཤེས་ལྔ་ལྡན་གཞུ་རིང་འཛིན། །ག་ལེ་རྩ་རླུང་འཆིང་ བའི་ཞགས་པ་དང༌། །ཐེག་གསུམ་གནས་ལུགས་འབྱུང་བའི་རིན་ཆེན་གཡོན། །ཉོན་མོངས་ སྐྱོན་གྱིས་མ་གོས་པད་དཀར་བསྣམས། །དཀར་བཞིས་ཆོས་སྒྲ་སྒྲོགས་པའི་དུང་དཀར་ འཛིན། །ཆོས་ཉིད་རང་གཟུགས་འཆར་བའི་མེ་ལོང་དང༌། །ལས་ཉོན་མ་ལུས་འཆིང་བའི་ ལྕགས་སྒྲོག་གཡོན། །རིག་བྱེད་རྣམ་བཞི་བཅོམ་པའི་ཚངས་མགོ་བསྣམས། །ཡེ་ཤེས་ཁམས་ དང་ཁམས་དྲུག་དག་པའི་བརྡར། །མཐིང་སྔོན་རྒྱན་སྤངས་ཞབས་གཉིས་སྐྱིལ་ཀྲུང་དང༌། །ཕྱག་ཟུང་ཁུ་ཚུར་བརླ་གཉིས་སྟེང་དུ་བཞག །རྡོ་རྗེ་སེམས་དཔའ་རིགས་ཀྱི་བདག་པོར་ 7-1-265 མཛད། །འཕྲིན་ལས་རྣམ་བཞིས་འགྲོ་དོན་བྱེད་པའི་བརྡར། །སྣ་ཚོགས་རྡོ་རྗེས་དབུ་ཡི་ མདུན་ཕྱོགས་བརྒྱན། །དགའ་བ་བཅུ་དྲུག་ཆ་ཀུན་རྫོགས་པའི་བརྡར། །ཟླ་བ་ཕྱེད་པས་ གཡོན་གྱི་དབུ་ལ་བརྒྱན། །ཕར་ཕྱིན་དྲུག་རྫོགས་རྒྱན་དྲུག་སྐུ་ལ་མངའ། །ང་རྒྱལ་རྣམ་སྤངས་ སྟག་ཤམ་སྨད་དཀྲི ས་བྱས། །དྲུག་བརྒྱ་སོ་དྲུག་བདག་ཉིད་བདེ་ཆེན་སྐུ། །སྟོང་ཆེན་སྣ་ཚོགས་ ཡུམ་དང་གཉིས་མེད་རོལ། །རང་བྱུང་དོན་དམ་བདེ་སྟོང་དབྱེར་མེད་ཀྱང༌། །ཐབས་མཁས་ མཛད་པས་ཡི་དམ་སྐུར་བཞེངས་པ། །གློ་བུར་གཟུང་འཛིན་འཁྲུལ་སྣང་ཀུན་ཟད་དེ། །གདོད་ མའི་ཟུང་འཇུག་ཆེན་པོ་མྱུར་མངོན་ཤོག །ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་སོགས། །རྣམ་ དག་གཞི་འབྲས་གདོད་མའི་བདེ་ཆེན་དང༌། །རིགས་ལྔའི་ལྷ་ཚོགས་རབ་འབྱམས་རྣམ་ཀུན་ བདག །སྣ་ཚོགས་ཡུམ་ཆེན་མྱུར་དུ་མངོན་གྱུར་ཅིག །ཡེ་ཤེས་རྡོ་རྗེ་མཚོན་ཕྱིར་གསེར་ཞུན་ མདོག །ཐུགས་རྗེའི་གཟིགས་པ་མཚོན་ཕྱིར་ཞལ་བཞི་ལྡན། །ཡོན་ཏན་བརྒྱད་དག་མཚོན་ ཕྱིར་ཕྱག་བརྒྱད་མངའ། །ཕྱག་རྒྱ་ལྔ་ལྡན་ཡུམ་མཆོག་མྱུར་མངོན་ཤོག །དུང་ཅན་རྩ་དག་ གཡས་བསྐུམ་གཡོན་བརྐྱངས་པས། །ཡབ་དང་སྙོམས་པར་སྦྱོར་བས་བདེ་ཆེན་སྦར། །ཤེས་ རབ་གཙོར་གྱུར་བདེ་བསྐྱེད་རིགས་ཀྱི་གཙོ། །སྟོང་ཆེན་ཤེར་ཕྱིན་ཡེ་བཞུགས་མྱུར་མངོན་ ཤོག །ཕྱོགས་མཚམས་འདབ་བརྒྱད་ལ་གནས་རླུང་བཅུ་དག །ཕར་ཕྱིན་བཅུ་ཡི་ངོ་བོ་རྗེས་ འབྲང་ལྷ། །ནུས་མ་བཅུ་ཡང་སྟོང་ཆེན་ཤེར་ཕྱིན་བདག །ཐབས་མཁས་ཟབ་མོས་མྱུར་དུ་ མངོན་གྱུར་ཅིག །ལུས་ངག་ཡིད་ཆགས་དག་པའི་སྐུ་གསུང་ཐུགས། །ཡེ་ཤེས་རྡོ་རྗེ་ལས་ཤར་ དུང་གཎྜི། །ནོར་བུ་ཤིང་རྣམས་དབང་ལྡན་བདེན་བྲལ་མེར། །རླུང་དུ་གནས་པ་མྱུར་དུ་མངོན་ གྱུར་ཅིག །ཆགས་ཅན་རྗེས་འཛིན་གདུལ་བྱར་ཉེར་གཟིགས་ཏེ། །ཡབ་ཡུམ་སྐུར་བཞེངས་ རྗེས་ཆགས་རབ་སྤྱོད་པས། །ལྷ་ཚོགས་བྱང་སེམས་རྣམ་ཞུ་སྤྲོ་བསྡུ་བྱ། །སྤྲོས་པའི་བཀོད་ བཟང་མྱུར་དུ་མངོན་པར་ཤོག །རྣམ་ཤེས་དག་པ་མི་བསྐྱོད་མཁའ་ཁམས་དག །རྡོར་དབྱིངས་ 7-1-266 འདུ་བྱེད་རྣམ་དག་དོན་ཡོད་གྲུབ། །ས་དག་སྤྱན་མ་ཚོར་དག་རིན་ཆེན་འབྱུང༌། །ཆུ་དག་མཱ་མ་ ཀཱི ་དང་འདུ་ཤེས་དག །སྣང་མཐའ་མེ་དག་གོས་དཀར་གཟུགས་ཕུང་དག །སྣང་མཛད་རླུང་ དག་སྒྲོལ་མ་ཐབས་གཙོར་ལྷ། །གཤེགས་པ་བདེ་ཆེན་འཁོར་ལོའི་ཕྱོགས་བཞིར་བཞུགས། །གདོད་མའི་ཟུང་འཇུག་ཡེ་ཤེས་མངོན་གྱུར་ཅིག །རླུང་མེ་ཆུ་ས་གཟུགས་འདུ་ཚོར་འདུ་བྱེད། །རྣམ་དག་སྒྲོལ་མ་སྣང་མཛད་གོས་དཀར་མོ། །སྣང་མཐའ་མཱ་མ་རིན་འབྱུང་སྤྱན་དོན་གྲུབ། །གཤེགས་མ་མཚམས་བཞིའི་ཤེར་གཙོར་མྱུར་མངོན་ཤོག །རྐང་ཁྲག་གཅི་བཤང་ཁུ་རྡུལ་ རབ་ཏུ་འགགས། །ཤར་ལྷོ་བྱང་ནུབ་གཤེགས་བཞིའི་གཡས་གཡོན་དུ། །བུམ་བརྒྱད་སྟེང་ འོག་བུམ་གཉིས་བདུད་རྩི་ཡིས། །འཆི་མེད་རབ་སྟེར་ཚེ་མཆོག་ལྡན་པར་ཤོག །ངག་ལག་ རྐང་བཤང་སྨྲ་ལེན་འགྲོ་འདོར་དག །བགེགས་རེངས་ཤེར་ཁེངས་པད་རྨུགས་གཤིན་བརྩོན་ འགྲུས། །ཐུགས་ཀྱི་སྒོ་བཞིར་ཁྲོ་རྒྱལ་ཡབ་ཡུམ་བརྒྱད། །གློ་བུར་དྲི་བྲལ་མྱུར་དུ་མངོན་གྱུར་ ཅིག །རྣ་དབང་སྣ་མིག་ལྕེ ་ལུས་ཡིད་དབང་དྲུག །སྒྲ་དྲི་གཟུགས་རོ་རེག་ཆོས་དབང་ཡུལ་དག །ཕྱག་རྡོར་ནམ་སྙིང་ས་སྙིང་འཇིག་རྟེན་དབང༌། །སྒྲིབ་སེལ་ཀུན་བཟང་སྒྲ་དྲི་གཟུགས་རོ་རེག །ཆོས་ཁམས་རྡོ་རྗེ་མ་རྣམས་ཡབ་ཡུམ་ལྷ། །ཐུགས་དཀྱིལ་ལྷ་སྣམ་ལྷོ་གཡོན་ཤར་གཡས་ དང༌། །ལྷོ་བྱང་ནུབ་གཡས་ཤར་གཡོན་རིམ་བཞུགས་ལྷ། །སེམས་དཔའ་དྲུག་ཀྱང་མྱུར་དུ་ མངོན་གྱུར་ཅིག །དབང་ཡུལ་དྲུག་དག་ཆོས་ཁམས་རེག་རོ་གཟུགས། །དྲི་སྒྲ་རྡོ་རྗེ་མ་དང་ དབང་དྲུག་དག །ཀུན་བཟང་སྒྲིབ་སེལ་འཇིག་དབང་ས་སྙིང་དང༌། །ནམ་སྙིང་ཕྱག་རྡོར་ཡབ་ ཡུམ་ཐུགས་དཀྱིལ་གྱི། །ལྷ་སྣམ་ནུབ་གཡོན་མེ་མཚམས་བདེན་བྲལ་དང༌། །དབང་ལྡན་རླུང་ མཚམས་བྱང་གཡོན་རིམ་པར་བཞུགས། །སེམས་མ་དྲུག་ཀྱང་ཤེས་རབ་གཙོར་གྱུར་ལྷ། །གདོད་མའི་ཐབས་ཤེས་མྱུར་དུ་མངོན་གྱུར་ཅིག །ཐུགས་དཀྱིལ་སྒོ་གཡོན་གཡས་དང་ཤར་ ལྷོ་བྱང༌། །ནུབ་དང་སྟེང་འོག་རྣམས་བཞུགས་ལྟེ ་བའི་རྩ། །བཅུ་གཉིས་རྣམ་དག་གཟུངས་མ་ 7-1-267 བཅུ་གཉིས་ཤར། །གྲངས་མེད་འཁོར་བཅས་མྱུར་དུ་མངོན་གྱུར་ཅིག །གསུང་དཀྱིལ་ལྷ་སྣམ་ ཤར་མེར་ལྷོ་བདེན་བྲལ། །བྱང་དང་དབང་ལྡན་ནུབ་དང་རླུང་རྣམས་སུ། །ལྟེ ་བའི་ནང་སྐོར་ རྩ་འདབ་བརྒྱད་དག་པ། །གཙོ་མོ་བརྒྱད་དང་ཕྱི་སྐོར་རེ་བཞི་དག །འདབ་བརྒྱད་ལ་གནས་ རྣལ་འབྱོར་མ་རེ་གྲུབ། །མགྲིན་རྩ་བར་བསྐོར་བརྒྱད་དག་ཡབ་བརྒྱད་ཤར། །བདུན་ཅུ་རྩ་ གཉིས་རྣལ་འབྱོར་མ་རྣམས་དང༌། །ཡབ་བརྒྱད་བཞུགས་པ་མྱུར་དུ་མངོན་གྱུར་ཅིག །སྐུ་ དཀྱིལ་ལྷ་སྣམ་ཤར་གཡས་མེར་ལྷོ་གཡས། །བདེན་བྲལ་བྱང་གཡས་དབང་ལྡན་ནུབ་གཡས་ དང༌། །རླུང་དང་བྱང་གཡོན་ནུབ་གཡོན་ཤར་གཡོན་དང༌། །ལྷོ་གཡོན་གནས་སུ་ཚིགས་ཆེན་ བཅུ་གཉིས་ཀྱི། །དབུས་རྩ་གཉིས་དང་ཟླ་བ་བཅུ་གཉིས་ཉ། །སྟོང་དང་ལྷ་ཆེན་ཡབ་ཡུམ་བཅུ་ གཉིས་ཤར། །རྩ་ཕྲན་ཚེས་ཞག་སུམ་བརྒྱ་སོ་དྲུག་དག །ཚེས་ལ་དབང་བྱེད་སུམ་བརྒྱ་སོ་དྲུག་ ལྷ། །རིགས་ཀུན་བདག་པོ་དུས་ཀྱི་འཁོར་ལོ་ཡིས། །གསང་སྔགས་སྣོ ད་གཟིགས་རྣམ་འཕྲུལ་ དུ་མ་བསྟན། །ཐ་དད་དང་བྲལ་ཚེས་ལྷ་སུམ་བརྒྱ་དང༌། །དྲུག་ཅུའི་ཚོགས་ཀུན་མྱུར་དུ་མངོན་ གྱུར་ཅིག །ཤར་ལྷོ་བྱང་ནུབ་སྟེང་འོག་ལ་གནས་པ། །ལག་མཐིལ་རྐང་མཐིལ་གཉིས་གཉིས་ བཤང་ལམ་དང༌། །བཤང་རྩ་ཚངས་བུག་རྩ་གཉིས་རྣམ་དག་པ། །དབྱུག་སྔོན་འོད་ཟེར་ འདོད་རྒྱལ་བསྐུལ་བྱེད་མ། །མི་གཡོ་ཁྲོ་གཉེར་སྟོབས་ཆེན་ལྕགས་སྒྲོག་མ། །འཁོར་བསྒྱུར་ ཤིན་སྔོན་གནོད་མཛེས་དྲག་སྤྱན་མ། །སྐུ་དཀྱིལ་སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་དྲུག །མན་ངག་ ཟབ་མོས་མྱུར་དུ་མངོན་གྱུར་ཅིག །སྐུ་དཀྱིལ་རྟ་བབས་ཀ་བའི་ནང་རོལ་དུ། །ཤར་ལྷོ བྱང་ ནུབ་སྒོ་ཡི་གཡས་གཡོན་དང༌། །སྟེང་འོག་རིམ་བཞིན་སྟོབས་རྒྱུ་མཁའ་ལྡི ང་གདོང༌། །པདྨ་ ནག་པོ་ལྕེ ་སྤྱང་གདོང་མ་གཉིས། །རྐང་སྲིན་གཡོན་དང་གཡས་གཉིས་དག་པའི་གྲུབ། །ནོར་ རྒྱས་འུག་གདོང་དུང་སྐྱོང་སྟག་གདོང་གཉིས། །གུང་མོ་གཡོན་དང་གཡས་གཉིས་དག་པའི་ གྲུབ། །མཐའ་ཡས་བྱ་རྒོད་རིགས་ལྡན་ཕག་གདོང་གཉིས། །མཛུབ་མོ་གཡོན་དང་གཡས་ 7-1-268 གཉིས་དག་པའི་གྲུབ། །འཇོག་པོ་ཁྭ་གདོང་པད་ཆེན་ཁྱུ་གདོང་གཉིས། །མཐེ་བོང་གཡོན་ དང་གཡས་གཉིས་དག་པའི་གྲུབ། །རྒྱལ་བ་མིག་མ་རྣམ་རྒྱལ་སྔོན་མོ་གཉིས། །མཐེའུ་ཆུང་ གཡོན་དང་གཡས་གཉིས་དག་པའིགྲུབ། །ཀླུ་རྒྱལ་ཡབ་ཡུམ་བཅུ་རྣམས་རྗེས་འབྲང་ལྷ། །དག་རྫོགས་སྨིན་གསུམ་ཚང་བའི་མན་ངག་གིས། །གདོད་མའི་ལྷ་ཚོགས་མྱུར་དུ་མངོན་གྱུར་ ཅིག །ཤར་དང་ཤར་ལྷོ་ལྷོ་དང་བདེན་བྲལ་དང༌། །བྱང་དང་དབང་ལྡན་ནུབ་དང་རླུང་སྟེང་ འོག །ཁྱུ་གདོང་པད་ཆེན་ཁྭ་གདོང་འཇོག་པོ་གཉིས། །ལག་སྲིན་སོར་མོ་གཡོན་གཡས་དག་ པའི་གྲུབ༌། །ཕག་གདོང་རིགས་ལྡན་བྱ་རྒོད་མཐའ་ཡས་གཉིས། །གུང་མོ་གཡོན་དང་གཡས་ གཉིས་དག་པའིགྲུབ། །སྟག་གདོང་དུང་སྐྱོང་འུག་གདོང་ནོར་རྒྱས་གཉིས། །མཛུབ་མོ་གཡོན་ དང་གཡས་གཉིས་དག་པའི་གྲུབ། །ལྕེ ་སྤྱང་པད་ནག་མཁའ་ལྡི ང་སྟོབས་རྒྱུ་གཉིས། །མཐེ་ བོང་གཡོན་དང་གཡས་གཉིས་དག་པའི་གྲུབ། །སྔོན་མོ་རྣམ་རྒྱལ་མིག་མ་རྒྱལ་བ་གཉིས། །མཐེའུ་ཆུང་གཡོན་དང་གཡས་གཉིས་དག་པའི་གྲུབ། །མེ་རླུང་དབུས་སུ་དུར་ཁྲོད་བརྒྱད་དུ་ ཡང༌། །རབ་གཏུམ་མ་བཅུ་ཡབ་བཅས་རིམ་པར་གནས། །ཕྱི་ནང་དག་པར་གཞན་མཆོག་ གཤེགས་སྙིང་འདི། །ཇི་བཞིན་མ་ལུས་མྱུར་དུ་མངོན་གྱུར་ཅིག །འབྱུང་པོ་བྱེ་བ་ཕྲག་ཕྱེད་བ་ སྤུ་དག །གཟའ་བཅུ་དྷྲུ་བ་ལ་སོགས་འཕྲོག་མ་བུ། །ནང་གི་རྩ་དང་ཕྱི་ཡི་རྒྱུ་སྐར་དག །མཁའ་ སྤྱོད་ས་སྤྱོད་ས་འོག་རིག་འཛིན་རྣམས། །མགོ་མཆན་གསང་བའི་བ་སྤུ་དག་པའི་གྲུབ། །རིལ་ བུ་མིག་སྨན་གཏེར་བུམ་ལ་སོགས་པ། །གྲུབ་པ་ཉི་ཁྲི་ཆིག་སྟོང་མེ་རླུང་གི །མཚམས་སུ་ འཁོད་པ་མ་ལུས་མྱུར་མངོན་ཤོག །སྐུ་གསུང་ཐུགས་དང་བདེ་ཆེན་དཀྱིལ་འཁོར་ལྷ། །འགའ་ ཞིག་ལས་སྤྲུལ་གསུང་གི་སྒོ་བཞིའི་གཡས། །སྟེགས་བུ་རྣམས་སུ་ལྔ་ལྔ་སྒོ་གཡོན་སྟེགས། །བཞི་བཞི་འདོད་མ་རྣམས་ཀྱང་ཞལ་ཕྱག་སོགས། །སྐུ་མདོག་སྤྲུལ་གཞི་ཉིད་དང་མཚུངས་ པར་གསུངས། །བསྡུ་ན་ཞལ་གཅིག་ཕྱག་གཉིས་གཞི་ཉིད་དང༌། །སྐུ་མདོག་དང་པོའི་ཕྱག་ 7-1-269 མཚན་འདྲ་བར་བསྟན། །ཕྱིར་འདོད་མ་རྣམས་སྐུ་ཡི་སྒོ་གཡས་གཡོན། །སྟེགས་བུ་རྣམས་སུ་ ལྔ་དང་བཞི་ཡི་གྲངས། །འདོད་པ་གོ་བཟློག་ཙམ་ལས་སྤྲུལ་གཞི་གཅིག །འདོད་དང་ཕྱིར་ འདོད་ཞི་ཞིང་སྒེག་ཉམས་འབར། །དར་གོས་རིན་ཆེན་རྒྱན་བཀླུབས་བཞེངས་སྟབས་དང༌། །གར་སྒེག་སྣ་ཚོགས་མཛད་བཞིན་གསུང་སྐུའི་སྟེགས། །སོ་དྲུག་ཟུང་བཞུགས་ལུས་ཀྱི་རྩ་ དང་རླུང༌། །མ་ངེས་རྩ་རླུང་རྣམ་པར་དག་པས་གྲུབ། །གདོད་མའི་ལྷ་ཚོགས་མྱུར་དུ་མངོན་ གྱུར་ཅིག །དུས་འཁོར་ཐུགས་ལས་འོད་ཟེར་ཕྱོགས་ཀུན་སྤྲོས། །འགྲོ་ཀུན་བཀུག་སྟེ་དཀྱིལ་ འཁོར་ནང་དུ་བཅུག །སླར་སྤྲོས་འོད་ཀྱིས་རབ་འབྱམས་ཞིང་ཁམས་ནས། །དེ་བཞིན་ གཤེགས་པ་ཡབ་ཡུམ་ཐམས་ཅད་བཀུག །སྙིང་གར་ཞུགས་ཏེ་བྱང་ཆུབ་སེམས་སུ་ཞུ། །རྡོ་རྗེ་ ལས་སྤྲོས་འགྲོ་ལ་དབང་བསྐུར་བས། །བདུད་རྩི་སྤྱི་བོར་ཞུགས་པས་སྒྲིབ་པ་སྦྱང༌། །དགའ་ བ་བཅུ་དྲུག་ཡེ་ཤེས་རབ་ཐོབ་སྟེ། །དོན་དམ་ཟུང་འཇུག་ངོ་བོ་མྱུར་འཕོས་ནས། །ཕུང་ཁམས་ སོ་དྲུག་དག་པའི་རིགས་ཀུན་འདུས། །བདག་ཉིད་སོ་གཉིས་ལྷ་ཚོགས་སྐུ་ལ་ཤར། །གདོད་ མའི་གནས་ལུགས་ཇི་བཞིན་མྱུར་མངོན་ཤོག །དྲུག་བརྒྱ་སོ་དྲུག་ལྷ་ཚོགས་ཐམས་ཅད་ཀྱང༌། །དུས་འཁོར་ཐུགས་ཀྱི་རྡོ་རྗེའི་ངོ་བོའི་གྲུབ། །ལྷ་ཚོགས་སྐྱེས་པའི་ས་བོན་ཡི་གེ་རྣམས། །དུས་ འཁོར་གསུང་གི་རྡོ་རྗེའི་ངོ་བོས་གྲུབ། །མཆོག་གསུམ་དཀྱིལ་འཁོར་རྟེན་གྱི་གཞལ་ཡས་ ཁང༌། །དུས་འཁོར་སྐུ་ཡི་རྡོ་རྗེའི་ངོ་བོས་གྲུབ། །དོན་དམ་རྡོ་རྗེ་རྣམ་གསུམ་བདག་ཉིད་ཀྱི། །གདོད་མའི་ཞིང་གི་བཀོད་བཟང་མྱུར་མངོན་ཤོག །བཅུ་དྲུག་ཆ་ལ་དབྱངས་ཡིག་སོ་གཉིས་ སྒོམ། །མེ་ལོང་ཡེ་ཤེས་བཅུ་གཉིས་བདག་པོ་རུ། །གསལ་བྱེད་བརྒྱད་ཅུས་མཉམ་ཉིད་ཡེ་ ཤེས་མཚོན། །ཟླ་སྟེང་ཧཱུཾ་གསལ་སོར་རྟོག་ཡེ་ཤེས་དང༌། །སྣ་ཚོགས་འོད་འདྲེས་བྱ་གྲུབ་ཡེ་ ཤེས་ཤར། །ཧཾ་ལས་གཙོ་བསྐྱེད་ཆོས་དབྱིངས་ཡེ་ཤེས་ཏེ། །མངོན་བྱང་ལྔ་བསྐྱེད་འཁོར་སྤྲོ་ ལུས་རྩ་དག །དཀྱིལ་འཁོར་རྒྱལ་མཆོག་སྐུ་རྡོར་མྱུར་མངོན་ཤོག །འོད་ཞུ་གླུས་བསྐུལ་སྐུར་ 7-1-270 བཞེངས་ལྷ་སྤྲོ་ཞིང༌། །ཡེ་ཤེས་དགུག་བཅུག་རིགས་དྲུག་གནས་བྱིན་བརླབས། །དབང་ བསྐུར་རྒྱས་གདབ་རླུང་དག་ལས་རྒྱལ་མཆོག །གསུང་གི་རྡོ་རྗེ་མྱུར་དུ་མངོན་གྱུར་ཅིག །ལྟེ ་ བའི་ཧོཿཡིག་གློག་ལྟར་མེ་འབར་བས། །གཤེགས་ལྔ་ཡུམ་ལྔའི་གཡོན་གཡས་རླུང་རྣམས་ བསྲེ གས། །སྤྱི་བོའི་ཧཾ་ཡིག་ཐིག་ལེ་ཞུ་བ་རྣམས། །མགྲིན་པར་སླེབ་པས་དགའ་བའི་ཡེ་ཤེས་ དང༌། །སྙིང་གར་མཆོག་དགའ་ལྟེ ་བར་ཁྱད་དགའ་དང༌། །གསང་བར་སླེབ་པས་ལྷན་སྐྱེས་ཡེ་ ཤེས་ཉིད། །རེ་རེ་ལ་ཡང་དགའ་ཆུང་བཞི་བཞི་དབྱེ། །དགའ་བ་བཅུ་དྲུག་རིམ་པས་མར་ འབབ་པས། །ཞུ་བདེའི་སྟོབས་ཀྱིས་ལྷ་ཚོགས་བདེ་བར་འཆར། །བདེ་བའི་རང་བཞིན་སྤྲོ་ བསྡུ་སྒྲུབ་པ་ཡི། །ཡན་ལག་ཐིག་ལེའི་རྣལ་འབྱོར་མཐར་ཕྱིན་ཏེ། །ཐུགས་ཀྱི་རྡོ་རྗེ་མྱུར་དུ་ མངོན་གྱུར་ཅིག །བྱང་སེམས་གྱེན་དུ་ལྡོ ག་པས་གསང་བར་སླེབ། །རྟེན་དང་བརྟེན་པའི་ལྷ་ ཚོགས་རབ་འབྱམས་མངོན། །ཡེ་ཤེས་རྡོ་རྗེའི་ལྷ་ཚོགས་སྤྲོ་བསྡུ་ཡིས། །གསང་གནས་མན་ ཆད་མི་འགྱུར་བདེ་བས་ཁྱབ། །ལྷ་ཚོགས་ཐམས་ཅད་བདེ་བའི་རང་བཞིན་འཆར། །དང་པོ་ གཉིས་པའི་ས་ཡང་བགྲོད་པར་མོས། །ཕྲ་མོའི་ལྷ་ཚོགས་རབ་འབྱམས་སྒྲུབ་ཆེན་གྱི། །ཡེ་ ཤེས་རྡོ་རྗེ་མྱུར་དུ་མངོན་གྱུར་ཅིག །ཐིག་ལེ་ཡར་འོང་ལྟེ ་བར་སླེབ་པ་ན། །རྟེན་དང་བརྟེན་ པའི་ལྷ་ཚོགས་རབ་འབྱམས་ཤར། །དེ་ལས་ས་ཁམས་ལྷ་ཚོགས་སྤྲོ་བསྡུ་ཡིས། །ལྟེ་བ་མན་ ཆད་བདེ་ཆེན་ཡེ་ཤེས་རྒྱས། །ལྷ་ཚོགས་ཐམས་ཅད་བདེ་སྟོང་ཟུང་དུ་འཇུག །གསུམ་པ་བཞི་ བའི་ས་ཡང་བགྲོད་པར་མོས། །སྒྲུབ་པ་ཆེན་པོའི་ཡན་ལག་མཐར་ཕྱིན་པས། །རྒྱུ་མཐུན་ འབྲས་བུ་ལྷན་སྐྱེས་སྐུ་འཐོབ་ཤོག །ཐིག་ལེ་ཡར་འོང་སྙིང་གར་སླེབ་པ་ན། །རྟེན་དང་བརྟེན་ པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་ཆུ་ཁམས་ལྷ་ཚོགས་སྤྲོ་བསྡུ་ཡིས། །སྙིང་ག་ མན་ཆད་མི་འགྱུར་བདེ་བས་གང༌། །ལྷ་ཚོགས་ཡབ་ཡུམ་བདེ་སྟོང་སྐུར་བཞེངས་ཏེ། །ལྔ་པ་ དྲུག་པའི་ས་ལམ་བགྲོད་པར་མོས། །སྒྲུབ་པ་ཆེན་པོའི་བསྐྱེད་རིམ་མཐར་ཕྱིན་པས། །རྣམ་ 7-1-271 སྨིན་འབྲས་བུ་ཆོས་ཀྱི་སྐུ་འཐོབ་ཤོག །ཐིག་ལེ་ཡར་འོང་མགྲིན་པར་སླེབ་པ་ན། །རྟེན་དང་ བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་མེ་ཁམས་ལྷ་ཚོགས་སྤྲོ་བསྡུ་བྱ། །མགྲིན་ པ་མན་ཆད་བདེ་ཆེན་ཡེ་ཤེས་རྒྱས། །ལྷ་ཚོགས་ཐམས་ཅད་ཐབས་ཤེས་རང་བཞིན་གྲུབ། །བདུན་པ་བརྒྱད་པའི་ས་ཡང་ཐོབ་པར་མོས། །ཕྲ་མོའི་ལྷ་ཚོགས་རབ་འབྱམས་སྒྲུབ་ཆེན་གྱི། །སྐྱེས་བུའི་འབྲས་བུ་ལོངས་སྐུ་འཐོབ་པར་ཤོག །ཐིག་ལེ་ཡར་འོང་དཔྲལ་བར་སླེབ་པ་ན། །རྟེན་དང་བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་རླུང་ཁམས་ལྷ་ཚོགས་སྤྲོ་བསྡུ་ ཡིས། །དཔྲལ་བ་མན་ཆད་མི་འགྱུར་བདེ་བས་ཁྱབ། །ལྷ་ཚོགས་ཐམས་ཅད་བདེ་སྟོང་ཟུང་དུ་ འཇུག །དགུ་པ་བཅུ་པའི་ས་ཡང་བགྲོད་པར་མོས། །ཕྲ་ཐིག་ལྷ་ཚོགས་སྒྲུབ་པ་ཆེན་པོ་ཡི། །དྲི་བྲལ་འབྲས་བུ་སྤྲུལ་པའི་སྐུ་འཐོབ་ཤོག །ཐིག་ལེ་ཡར་འོང་གཙུག་ཏོར་སླེབ་པ་ན། །རྟེན་ དང་བརྟེན་པའི་ལྷ་ཚོགས་རབ་འབྱམས་མངོན། །དེ་ལས་མཁའ་ཁམས་ལྷ་ཚོགས་སྤྲོ་བསྡུ་ ཡིས། །གཙུག་ཏོར་མན་ཆད་འགྱུར་མེད་བདེ་བས་ཁྱབ། །བཅུ་གཅིག་བཅུ་གཉིས་ས་ལམ་ བགྲོད་པ་ཡིས། །དོན་དམ་བདེ་གཤེགས་སྙིང་པོ་རྟག་བརྟན་བདག །སྐྱེ་དགུའི་བདག་པོ་སྐུ་ བཞིའི་གོ་འཕང་ཉིད། །འགྲོ་བ་ཀུན་ལ་མྱུར་དུ་འཐོབ་པར་ཤོག །དྲུག་བརྒྱ་སོདྲུག་གྲངས་ ལྡན་དཀྱིལ་འཁོར་བསྟན། །ཆོས་དབྱིངས་གསུང་གི་དབང་ཕྱུག་ཅེས་གྲགས་པར། །དུས་ འཁོར་ཡབ་ཡུམ་འཁོར་ཚོགས་སྟོང་དང་དྲུག །གཞན་ཡང་ཕྱོགས་མཚམས་སྡོམ་པ་ཆེན་པོ་ དང༌། །གསང་འདུས་རིགས་དྲུག་སྒྱུ་འཕྲུལ་རིགས་གསུམ་སྟེ། །ལྷ་ཚོགས་ཡོངས་སྡོམ་སྟོང་ དང་དྲུག་བརྒྱ་དང༌། །ཉི་ཤུ་ལ་ཡང་དཔལ་ལྡན་རྒྱུ་སྐར་གྱི། །དཀྱིལ་འཁོར་ཞེས་སོགས་དོན་ དམ་གཤེགས་སྙིང་དུ། །ཀུན་རྫོབ་སྲིད་གསུམ་ཆོས་རྣམས་ལས་འདས་ཀྱང༌། །དོན་དམ་སྲིད་ པ་གསུམ་གྱི་རྣམ་པར་གནས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་རབ་འབྱམས་ཞིང༌། །ཅིག་ ཅར་མ་ལུས་མྱུར་དུ་མངོན་གྱུར་ཅིག །ཆོས་རྣམས་ཐམས་ཅད་རང་གི་སེམས་ཡིན་ཏེ། །སེམས་ 7-1-272 ལས་མ་གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ ཡིས། །དུས་གསུམ་རྒྱལ་བའི་དགོངས་པའང་དེ་རྙེད་ཤོག །མ་བཅོས་གཉུག་མའི་སེམས་ཉིད་ ཆོས་སྐུ་སྟེ། །བཅོས་མའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་གདོད་མའི་བདེ་ ཆེན་ཡེ་ཤེས་ཀྱི། །མཐའ་བྲལ་གཤེགས་སྙིང་ཆེན་པོའི་དོན་རྟོགས་ཤོག །སེམས་ཀྱི་འཁྲུལ་ བ་ལྦུ་བ་བརྡོལ་པ་བཞིན། །རྣམ་འཕྲུལ་འགྲོ་དྲུག་ཆུ་ཡི་གཉེར་མ་བཞིན། །སྡུག་བསྔལ་ གསུམ་པོ་རྦ་ཀློང་འཁྲིགས་པ་བཞིན། །མདོར་ན་སེམས་ཀྱི་འཁྲུལ་སྣང་དྭངས་པར་ཤོག །རྣམ་རྟོག་བྲལ་བ་ཆུ་གཏེར་ཀུན་ཁྱབ་བཞིན། །དུག་གསུམ་རྡུལ་བྲལ་ཤེལ་གྱི་མེ་ལོང་བཞིན། །དྲུག་བརྒྱ་སོ་དྲུག་རྒྱུ་སྐར་སྣང་བརྙན་བཞིན། །སྐུ་དང་ཞིང་ཁམས་རབ་འབྱམས་འཆར་བར་ ཤོག །ཀུན་རྫོབ་མི་རེ་གདེང་ཆེན་ལྡན་གྱུར་ཀྱང༌། །བསོད་ནམས་ཚོགས་ཆེན་ཅི་ནུས་འབད་ པར་བྱ། །འཁོར་བ་དག་ལ་དོགས་པའི་འཇིགས་བྲལ་ཡང༌། །སྡིག་པ་ཕྲ་མོ་དག་ལའང་ འཛེམ་པར་ཤོག །ཆོས་རྣམས་སྟོང་པ་མཐའ་བྲལ་རྟོགས་གྱུར་ཀྱང༌། །ཆགས་སྡང་མཐའ་དག་ རྩད་ནས་སྤང་བར་བྱ། །ཆོས་ཉིད་གཤེགས་སྙིང་ཆེན་པོའི་དོན་རྟོགས་ཀྱང༌། །བརྟན་པ་མ་ ཐོབ་གཞན་ལ་གསང་བར་ཤོག །དོན་དམ་བདག་གཞན་གཉིས་མེད་རྟོགས་གྱུར་ཀྱང༌། །ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་སྤྱོད། །འདྲེན་གཞན་མི་ལྟོས་གདེང་ཆེན་ལྡན་གྱུར་ ཀྱང༌། །དྲིན་ཅན་བླ་མ་སྤྱི་བོས་བཀུར་བར་ཤོག །ལྟ་བ་ཇི་ལྟར་མཐོ་བཞིན་རྒྱུ་འབྲས་ཞིབ། །ཉམས་རྟོགས་གོང་དུ་འཕེལ་བཞིན་ཐོ་ཅོ་ཆུང༌། །རང་རྒྱུད་ཇི་ལྟར་དུལ་བཞིན་དག་སྣང་ རྒྱས། །ཡོན་ཏན་སྐྱེས་བཞིན་དམན་ས་ཟིན་པར་ཤོག །བླ་མ་ཡུན་རིང་བསྟེན་བཞིན་མོས་ གུས་འཕེལ། །ཐོས་བསམ་རྒྱ་ཆེར་བཞིན་དུ་ཁེངས་སེམས་མེད། །རྙེད་བཀུར་གྲགས་འདོད་ ཆུང་བཞིན་ཡོན་ཏན་རྒྱས། །རང་རྒྱུད་བཅོས་པའི་ཐབས་གང་ལྡན་པར་ཤོག །འགྲོ་དོན་ཟེར་ ཡང་སྙན་གྲགས་གང་སྒྲུབ་ཀུན། །བདུད་ཀྱི་ལས་ཀྱིས་ཆོས་པ་བསླུས་པ་མང༌། །ཟག་བཅས་ 7-1-273 ཡོན་ཏན་གང་ལ་སྐྱེས་གྱུར་ཀྱང༌། །ངར་འཛིན་ཁེངས་སེམས་རང་མཐོང་ཆེར་རྒྱས་ཏེ། །གེགས་ལ་གེགས་སུ་མ་ཤེས་འཁྲུལ་རྗེས་འབྲང༌། །ཆོས་ཀྱིས་ཕུང་བ་ཐམས་ཅད་འདི་ལ་ ཚང། །ཕྱི་ནང་གསང་བའི་བར་ཆད་འདི་ལས་མེད། །གེགས་དང་གོལ་སའི་བར་ཆད་ཞི་བར་ ཤོག །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱིས། །ཤེས་བྱས་ཕྱུག་པའི་བསྟན་ འཛིན་སྐྱེས་ཆེན་ཚོགས། །རིམ་པར་བྱོན་གང་དེ་རྗེས་འཛིན་སྐྱོང་མཁན། །བསྐལ་བརྒྱའི་བར་ དུ་ཞབས་པད་བརྟན་གྱུར་ཅིག །འདིབྱས་ལས་བྱུང་རྣམ་དཀར་ཉལ་འགྲོའི་རྒྱུན། །སྲས་ བཅས་རྒྱལ་རྣམས་བསམ་མི་ཁྱབ་པ་ཡི། །རླབས་ཆེན་སྨོན་པའི་ཆུ་ཀླུང་དང་འདྲེས་ནས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པའི་བར་དག་ཏུ། །རྩ་ རྒྱུད་དགོངས་འགྲེལ་རྗེས་འབྲང་གཞུང་ལུགས་ལས། །ནམ་ཡང་མི་འདའ་ཐོས་བསམ་སྒོམ་ པ་དང༌། །འཆད་ཉན་དབང་ལུང་སྒྲུབ་བརྒྱུད་རིམ་སྤེལ་ཤོག ། དེ་ལྟར་རྣམ་དཀར་ཡོན་ཏན་ཕུང་པོ་ཡི། ། དམ་པའི་བཀའ་དྲིན་ཅུང་ཟད་དྲན་པའི་མོད། ། བབ་ཅོལ་ཚིག་གི་ཕྲེང་བ་བསྟར་འདི་ཡང༌། ། རྗེས་འཇུག་ཐ་ཤལ་སློབ་བུ་དེ་ཡིས་ཕུལ། ། དགེ་བས་མགོན་དེས་དཀའ་བ་དཔག་མེད་ཀྱིས། ། བསྒྲུབ་པའི་ལུང་རྟོགས་རིན་ཆེན་བསྟན་པ་འདི། ། ལུས་དང་སྲོག་ལ་ཐུག་པར་གྱུར་ན་ཡང༌། ། མི་གཏོང་སྙིང་སྟོབས་ཆེན་པོས་འཛིན་གྱུར་ཅིག ། ཅེས་དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པར་བཅས་པ་དོན་དམ་སྲིད་པ་གསུམ་གྱི་རྣམ་ པར་གདོད་མ་ནས་བཞུགས་པ་ཇི་བཞིན་འགྲོ་ཀུན་ལ་མངོན་པའི་སྨོན་ཚིག་འཁོར་འདས་ཅིག་ཅར་གསལ་བའི་བདེ་ཆེན་ཡེ་ཤེས་ 7-1-274 སྐྲུན་བྱེད་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདི་ཡང་རང་གིས་དུས་འཁོར་སྒྲུབ་མཆོད་སྟོང་གྲངས་ཀྱི་ངག་འདོན་སྐབས་མཁོ་བར་སྣང་ བའི་ཁར་སྐྱབས་མགོན་མ་ཏིའི་ཉེ་གནས་བརྩོན་འགྲུས་དཔལ་གྱིས་ཟབ་ཆོས་འདིའི་ཆེ་བ་དང་སྨོན་ལམ་བཟང་པོས་མཚམས་ སྦྱོར་གྱི་རྟེན་འབྲེལ་ལེགས་མཚོན་དུ་སེང་གེའི་གཟུགས་མཛེས་པ་ཟུང་གི་ཞུ་རྟེན་བྱས། ཡིག་བཟོ་མཁས་པའི་དཔལ་གྱུར་ཀུན་ དགའ་མཆོག་གྲུབ་དང་དགེ་མ་ཚུལ་ཁྲིམས་ལྷ་མོ་སོགས་ཀྱིས་བསྐུལ་མ་བྱས་པ་ལ་བརྟེན་ཏེ། དཔལ་འཛམ་ཐང་བསམ་འགྲུབ་ ནོར་བུའི་གླིང་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་སྨྲས་པ་འདི་ས་རྟ་ལོའི་བཅུ་གཉིས་པ་རྒྱལ་ཟླའི་ཡར་ཚེས་བཅུ་ གསུམ་པའི་སྔ་དྲོའི་ཆ་ལ་མཇུག་གྲུབ་པར་བྱས་པ་སྟེ། དཔལ་མཆོག་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་དུས་ ཐམས་ཅད་དུ་དར་བའི་རྒྱུར་གྱུར་ཅིགསརྦ་མངྒ་ལཾ། ༄༅། །མདོ་སྔགས་སྨོན་ལམ་གསེར་གྱི་ཕྲེང་བ་བླ་མ་ དགྱེས་པའི་མཆོད་པའི་སྤྲིན་ཆེན་ཞེས་བྱ་ བ་བཞུགས་སོ། ། བླ་མ་རྒྱལ་བ་སྲས་དང་བཅས་པ་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ཞིང་ སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་བརླབས་ཏེ་སྨོན་དོན་གེགས་མེད་འགྲུབ་པར་ མཛད་དུ་གསོལ། ། འོད་གསལ་གདོད་ནས་ལྷུན་གྲུབ་ནང་རིག་དབྱིངས། ། རང་བྱུང་ཡེ་ཤེས་དོན་དམ་རྣམ་ཀུན་གཟིགས། ། ཀུན་རྫོབ་སྤྲོས་པ་གཤིས་ནས་དྭངས་པའི་སྐུ། ། 7-1-275 སྐྱབས་གསུམ་དམ་པ་དང་པོས་དགེ་མཚན་ཕོབ། །དོན་དམ་འགྱུར་མེད་དགའ་བཞིའི་ དཔང་བོ་མཆོག །སྤྲོས་བྲལ་གདོད་མའི་ཤེས་རབ་མས་འཁྱུད་པ། །དཔལ་ཆེན་ཧེ་རུ་ཀ་ དཔལ་ཡབ་ཡུམ་གྱིས། །སྨོན་དོན་གེགས་མེད་འགྲུབ་པའི་དཔང་པོར་མཛོད། །བདེ་གཤེགས་ སྙིང་པོ་ཆོས་སྐུ་ཉིན་བྱེད་དབང༌། །གློ་བུར་དྲི་མས་ཆུ་འཛིན་ཟོལ་གྱིས་བསྒྲིབས། །བསལ་ བྱེད་ཐབས་མཆོག་ལམ་གྱི་གནས་ལུགས་ཆེ། །དྲི་བཞོན་དལ་བའིརྒྱུན་བཟང་སྐྲུན་ཅིག་ཀྱེ ། །གཉུག་ཁམས་ནང་དབྱིངས་ལྷན་སྐྱེས་བདེ་ཆེན་ཉིད། །རྒྱུ་འབྲས་ཐེག་པའི་ལམ་བཟང་སོ་སོ་ ལས། །བྱ་བ་དཀའ་སླའི་ཐབས་ཚུལ་མི་འདྲ་བས། །གནས་ལུགས་མངོན་ལ་བུལ་མྱུར་ཆོས་ ཀྱི་ཚུལ། །དྲི་མ་བསལ་བྱེད་མདོ་སྔགས་ལམ་རིམ་ལ། །སྨོན་དོན་ཇི་བཞིན་འགྲུབ་པའི་དཔང་ པོ་རུ། །གཞི་དབྱིངས་གདོད་མའི་ཁམས་སུ་རྟག་བཞུགས་པའི། །བླ་མ་ལྷར་བཅས་བརྩེ་བས་ ལེགས་གཟིགས་མཛོད། །དལ་འབྱོར་བཅོ་བརྒྱད་ཚང་པའི་རྟེན་ཐོབ་སྟེ། །ཕྱི་ནང་གསང་བའི་ བར་ཆད་ཀུན་བྲལ་ནས། །དམ་པར་བསྟེན་ཏེ་ཉིན་མཚན་ཉན་བསྒོམ་འབད། །མདོ་སྔགས་ རྒྱ་མཚོའི་དོན་ཀུན་རྟོགས་གྱུར་ཅིག །དམ་པར་མཇལ་ཡང་དམན་པའི་སྤྱོད་པས་བསླུས། །ལམ་མཆོག་བསྟན་ཀྱང་ལམ་མིན་གཡང་ལ་འཕྱན། །བདག་འདྲའི་གཤིས་ངན་སེམས་ཅན་ ཐམས་ཅད་ལ། །རྩ་བ་མེད་པའི་དད་པ་སྐྱེ་བར་ཤོག །མདོ་སྔགས་ལམ་གྱི་རྩ་བ་བླ་མ་སྟེ། །འདི་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །མི་ཕྱེད་དད་བརྒྱས་སྤྱི་བོའི་རྒྱན་བྱས་ཏེ། །གསུང་ གི་བདུད་རྩི་རྟག་ཏུ་འཐུང་བར་ཤོག །ཕན་པའི་གདམས་ངག་རྒྱུན་དུ་ཉན་པ་དང༌། །ཅུང་ཟད་ གཡེང་མེད་རྒྱུན་དུ་སྒོམ་པ་དང༌། །ལམ་གྱི་གནད་རྣམས་རྒྱུན་དུ་འདྲི་བའི་ཡུལ། །བླ་མ་མཆོག་ དང་རྒྱུན་དུ་འབྲལ་མེད་ཤོག །རྨོངས་པའི་འགྲོ་ལ་ཐུགས་རྗེ་ལྷག་པར་འཇུག །སྡིག་པོ་ཆེ་ལ་ བརྩེ་བ་མི་ལྷོ ད་པའི། །རིན་ཆེན་རྣམ་གསུམ་དང་འདོད་ཡིད་ཆེས་ཀྱི། །བཅོས་མ་སྤངས་པའི་ དད་པ་སྐྱེ་བར་ཤོག །འཁོར་བ་སྡུག་བསྔལ་མཐོང་བཞིན་ཞེན་ཅིང་ཆགས། །ངན་འགྲོའི་ 7-1-276 གཡང་ལ་འཇིགས་ཀྱང་མི་དགེ་སྤྱོད། །བདག་གཞན་ལམ་གོལ་འཁྱམས་པའི་སེམས་ཅན་ རྣམས། །ངེས་འབྱུང་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །འགའ་ཞིག་བདག་ལ་གནོད་པར་བྱེད་པ་ དང༌། །སྟོང་གསུམ་ཁྱབ་པར་མི་སྙན་བརྗོད་ན་ཡང༌། །ཕ་མས་བུ་ལ་ལྷག་པར་བརྩེ་བ་བཞིན། །ཡིད་དུ་འོང་བའི་བྱམས་སེམས་སྐྱེ་བར་ཤོག །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གཞན་དག་སྡང་སེམས་མེ་ལྟར་རབ་འབར་བས། །དེ་འདྲའི་ཉོན་མོངས་དབང་གྱུར་འཁོར་ བར་འཁྱམས། །དེ་ལ་བརྩེ་བའི་སྙིང་རྗེ་སྐྱེ་བར་ཤོག །འཁོར་བ་ཐོག་མ་མེད་པའི་དུས་སྐབས་ ནས། །ཕ་མར་བྱས་པའི་སེམས་ཅན་ཐམས་ཅད་དེ། །འགྲོ་བ་དོན་མཆོག་གཅིག་ཏུ་བརྩོན་ མཛད་པའི། །གོ་འཕང་ཐོབ་སེམས་རྒྱུད་ལ་སྐྱེ་བར་ཤོག །ཟབ་ཞི་སྤྲོས་བྲལ་འོད་གསལ་ འདུས་མ་བྱས། །ཀུན་ཁྱབ་ཡེ་བཞུགས་རྣམ་པ་ཐམས་ཅད་པ། །སྒྲིབ་བྱེད་གཟུང་འཛིན་ ལྕགས་སྒྲོག་ལས་གྲོལ་ཏེ། །མཐའ་བྲལ་གཤེགས་སྙིང་རང་ཞལ་མཇལ་བར་ཤོག །རྫོགས་ བྱང་འདོད་པའི་ལུས་ཀྱང་གཏོང་དགོས་ན། །ཟང་ཟིང་དངོས་པོ་རྣམས་ལ་སྨོས་ཅི་དགོས། །ལན་དང་རྣམ་སྨིན་རེ་བ་མེད་པ་ཡི། །གཏོང་སེམས་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །ཉེས་ སྤྱོད་སྡོམ་པའི་ཚུལ་ཁྲིམས་མེད་ན་ཡང༌། །རང་དོན་མི་འགྲུབ་གཞན་དོན་ག་ལ་འགྲུབ། །དེ་ ཕྱིར་མངོན་མཐོའི་རྒྱུ་ཙམ་མ་ཡིན་པའི། །ཚུལ་ཁྲིམས་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །ཕན་པ་ འབའ་ཞིག་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས། །དེ་ཕྱིར་ཀུན་ལ་ཞེ་འགྲས་མེད་པ་ཡི། །བཟོད་པ་རྣམ་དག་རྒྱུད་ལ་སྐྱེ་བར་ཤོག །རང་དོན་ འབའ་ཞིག་སྒྲུབ་པའི་གང་ཟག་གིས། །ཟས་ནོར་དོན་དུ་ཉིན་མཚན་བརྩོན་མཐོང་ན། །མཐའ་ ཡས་འགྲོ་ལ་གཏན་བདེ་སྦྱིན་པའི་སླད། །བརྩོན་འགྲུས་བཅོས་མིན་རྒྱུད་ལ་སྐྱེ་བར་ཤོག །ཞི་ གནས་རབ་ཏུ་བརྟན་པའི་ལྷག་མཐོང་གིས། །ཡང་དག་ལམ་གྱི་གཞི་རྟེན་བྱ་དགོས་ན། །གཟུགས་མེད་བཞི་ལས་རྣམ་པར་འདས་པ་ཡི། །བསམ་གཏན་རྣམ་དག་རྒྱུད་ལ་སྐྱེ་བར་ 7-1-277 ཤོག །ཤེས་རབ་མེད་ན་ཕ་རོལ་ཕྱིན་གཞན་གྱིས། །ས་ལམ་ཡང་དག་རྒྱུད་ལ་མི་སྐྱེ་བས། །ཐབས་མཁས་དང་ལྡན་འཁོར་གསུམ་མི་རྟོག་པའི། །ཤེས་རབ་རྣམ་དག་རྒྱུད་ལ་སྐྱེ་བར་ ཤོག །དེ་མིན་རབ་དཀར་ཆུ་འཛིན་ཕུང་པོ་ལས། །སྨོན་ལམ་བདུད་རྩིའི་ཆར་ཆེན་རབ་ འབེབས་ནས། །ས་འདིར་བསྟན་པའི་པད་ཚལ་རབ་རྒྱས་ཏེ། །འགྲོ་ཀུན་རྫོགས་ལྡན་སྦྲང་ དཀར་ལ་སྤྱོད་ཤོག །གང་སྐུ་སྒོམ་དང་རིག་སྔགས་བཟླས་བརྗོད་དང༌། །མཆོད་བསྟོད་གཏོར་ མ་ཕུལ་དང་མཚན་ཙམ་ཡང༌། །གཞན་ལ་སྒྲོགས་པའི་རྣམ་དཀར་གྱིས་མཚོན་པའི། །དུས་ གསུམ་དགེ་ཚོགས་ཕུལ་བྱུང་ལ་བརྟེན་ནས། །སྐྱེ་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཁམས་ དྲུག་ལྡན་པའི་རྡོརྗེའི་ལུས་ཐོབ་ཅིང༌། །བཤེས་གཉེན་དམ་པས་རྗེས་སུ་འཛིན་པ་ཡི། །དབང་ ལུང་མན་ངག་བདུད་རྩིའི་རྒྱུད་ཚིམས་ནས། །རྣམ་དག་དབང་བཞིས་སྐུ་བཞིའི་ས་བོན་བཞག །དམ་ཚིག་སྡོམ་པ་མིག་འབྲས་ལྟ་བུར་སྲུང༌། །བསྐྱེད་རིམ་ཐུན་བཞིའི་རྣལ་འབྱོར་ལ་གོམས་ པས། །རྣལ་འབྱོར་བཞི་ཡིརྫོགས་རིམ་སྨིན་པར་ཤོག །གཟུང་འཛིན་སྤྲོས་བྲལ་སྟོང་ཉིད་བདེ་ ཆེན་ཟུང༌། །མཉམ་པར་སྦྱོར་བས་ཐ་མལ་འཆི་བ་སྦྱངས། །རྒྱུ་ཡི་རྡོ་རྗེ་འཛིན་པ་ལྷག་པའི་ ལྷར། །ཡིད་ལ་བྱེད་པས་བར་སྲིད་སྦྱང་བར་ཤོག །མངོན་བྱང་ལྔ་ལས་གོང་བསྐྱེད་ལྷུན་པོ་ ལྟར། །རྔམ་བརྗིད་ཉམས་བརྒྱ་འབར་བའི་གར་དགུ་ལྡན། །འབྲས་བུ་རྡོ་རྗེ་འཛིན་པའི་སྐུར་ བཞེངས་པ། །སྐྱེ་བའི་སྲིད་པའི་ས་བོན་རབ་དག་ཤོག །སེམས་དཔའ་གསུམ་བསྐྱེད་བདག་ ཉིད་ཧེ་རུ་ཀ །ཡེ་ཤེས་སྒྱུ་མའི་ལྷ་ཡི་རྣལ་འབྱོར་ལ། །བརྟེན་ནས་སྣོ ད་བཅུད་དག་པར་སྦྱངས་ པ་སོགས། །དཀྱིལ་འཁོར་རྒྱལ་མཆོག་རིམ་པ་མཐར་ཕྱིན་ཤོག །སྔགས་བཟླས་བསམ་ གཏན་རྟེན་འབྲེལ་འཁྲུལ་འཁོར་ལ། །འབད་པས་གཞན་ཕན་ཁོ་ནའི་བསམ་པ་ཡི། །ཞི་རྒྱས་ ལ་སོགས་རབ་འབྱམས་ལས་རྣམས་ཀྱིས། །མིག་འཕྲུལ་བཞིན་སྤྱོད་རྒྱལ་མཆོག་རབ་སྐྱེ་ ཤོག །གཡས་གཡོན་ཉི་ཟླའི་རྒྱུ་བ་སྒྲ་གཅན་ཁར། །ཆུད་པས་ཡས་བབས་མས་བརྟན་ལྷན་ 7-1-278 ཅིག་སྐྱེས། །དགའ་བཞིའི་སྲོག་རྩོལ་སྟོབས་ཀྱིས་སྙིང་གའི་རྩ། །མདུད་གནད་བཀྲོ ལ་བའི་ རྣལ་འབྱོར་མཐར་ཕྱིན་ཤོག །ཕྱི་ནང་ཐབས་མཁས་སྦྱོར་བ་བརྒྱ་ཕྲག་ལ། །བརྟེན་ནས་རླུང་ ལྔའི་ཆ་ཤས་ཕྲ་མོར་བཅས། །མི་ཤིགས་དྭངས་མའི་ངོ་བོར་ཡོངས་བསྡོམས་པའི། །བྱིན་གྱིས་ བརླབས་པའི་རྣལ་འབྱོར་འབྱུང་བར་ཤོག །འཆི་བ་དངོས་དང་ཤེད་མཚུངས་སྡུད་རིམ་གྱིས། །རླུང་སེམས་སྙིང་གར་ཐིམ་པའི་འོད་གསལ་ལས། །ཡི་དམ་གང་ལ་གསལ་སྣང་སྒྱུ་མའི་སྐུ། །དབྱིབས་ཀྱི་རྣལ་འབྱོར་མྱུར་བར་རབ་རྫོགས་ཤོག །ནམ་མཁའི་དབྱིངས་སུ་ཆུ་འཛིན་ཞུ་བ་ བཞིན། །སྒྱུ་མའི་སྐུ་དེ་གདོད་མའི་དབྱིངས་སུ་ཞུགས། །དེ་ལས་སླར་ཡང་ཟུང་འཇུག་སྐུར་ ལྡང་བའི། །རྣམ་དག་ཡེ་ཤེས་རྣལ་འབྱོར་མཐར་ཕྱིན་ཤོག །དེ་ལྟར་རྣལ་འབྱོར་བཞི་ཡི་སྤྱོད་ པ་དང༌། །བཅས་པའི་གནད་ཀྱིས་མི་སློབ་ཟུང་འཇུག་མཆོག །ཀུན་ཁྱབ་གདོད་མའི་ཆོས་སྐུ་ ཞི་དབྱིངས་དང༌། །རོ་གཅིག་ཏུ་གྱུར་གོ་འཕང་ཐོབ་གྱུར་ཅིག །རྩོལ་རྟོག་དབྱིངས་སུ་ཞི་ཡང་ གཞན་དོན་ལ། །གཅིག་ཏུ་གོམས་པས་ནམ་མཁའ་ཇི་སྲིད་དུ། །རྒྱལ་མཆོག་གཉིས་ཀྱི་སྤྲུལ་ པའི་སྤྲིན་སྤྲོས་པས། །མཐའ་ཡས་འགྲོ་བའི་རེ་འདོད་ཀུན་སྐོང་ཤོག །གང་ནི་འགྲོ་ལ་ཉེ་རིང་ མེད་ན་ཡང༌། །རང་རང་བློ་གྲོས་མཐུ་ཡིས་ཉེ་རིང་བྱུང༌། །དེ་མཐུན་མདོ་ཕྱོགས་ལམ་རིམ་ མང་ན་ཡང༌། །མཐར་ཐུག་དགོངས་དོན་གཅིག་ཏུ་རྟོགས་གྱུར་ཅིག །སྣ་ཚོགས་བསམ་པ་དང་ མཚུངས་ཆོ་ག་མང༌། །རྒྱུད་རྒྱལ་རྣམ་བསྟན་དེ་ཀུན་དོན་མེད་མིན། །བྱེ་བའི་ཆུ་ཀླུང་ལམ་ རྣམས་ཐ་དད་པ། །རྒྱ་མཚོར་རོ་གཅིག་གཞོལ་བཞིན་རྟོགས་གྱུར་ཅིག །རབ་འབྱམས་དཀྱིལ་ འཁོར་མ་ལུས་སྤྲོབའི་གཞི། །འཕགས་མ་མཆོག་དང་གདོད་ནས་དབྱེར་མེད་ཀྱང༌། །གདུལ་ བྱའི་སྣང་ངོར་དགེ་སློང་རྡོ་རྗེ་འཛིན། །ཁྱོད་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་གྱུར་ཅིག །ཉེས་པའི་ དྲི་མས་རབ་དབེན་ཚངས་སྤྱོད་ལྡན། །བྱམས་དང་སྙིང་རྗེས་གཞན་དོན་ཁོ་ན་སྤྱོད། །མི་ འགྱུར་བདེ་ཆེན་གྲུབ་པ་སྡོམ་པའི་བདག །སྐྱེ་དང་ཚེ་རབས་རྒྱུན་དུ་འབྲལ་མེད་ཤོག །ཕ་ 7-1-279 རོལ་ཕྱིན་པའི་མདོ་དང་དགོངས་འགྲེལ་བཅས། །ཀུན་ཀྱང་དྲང་ངེས་ཇི་བཞིན་འབྱེད་མཁས་ པ། །ཚིག་ཏུ་མ་ཟད་རྒྱུད་ལ་སྦྱོར་བའི་ཐབས། །སྨྲ་བའི་དབང་ཕྱུག་ཁྱོད་དྲུང་སྐྱེ་བར་ཤོག །གང་ན་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་ལ། །ཇི་བཞིན་མཁྱེན་པའི་མིང་དང་གྲངས་ཙམ་གྱིས། །མཁས་པ་ཕལ་གྱིས་སྤོབས་པ་འཇིལ་ནུས་པའི། །བསྟན་འཛིན་ཁྱོད་ནི་རིགས་ཀྱི་བདག་ པོར་ཤོག །ཁྱད་པར་དང་པོའི་སངས་རྒྱས་དུས་འཁོར་ལོའི། །དབང་བསྐུར་རྒྱུད་འཆད་མན་ ངག་རབ་སྦྱིན་པས། །སྙིགས་དུས་འདིར་ཡང་རྫོགས་ལྡན་གསར་བར་བྱས། །ཁྱོད་ཞལ་ དཀྱིལ་འཁོར་མྱུར་དུ་མཇལ་གྱུར་ཅིག །བྱེ་བྲག་རྒྱལ་བའི་འཁོར་ལོ་ཐ་མའི་དོན། །ཆོས་ཉིད་ རྟག་ཅིང་ལྷུན་གྲུབ་འདུས་མ་བྱས། །གསལ་བར་སྟོན་པས་ལྟ་ངན་རབ་བཏུལ་བའི། །སྨྲ་སེང་ ཁྱོད་གསུང་རྒྱུན་དུ་ཉན་གྱུར་ཅིག །འདི་ན་འགའ་ཞིག་རྟོག་གེའི་ཚིག་ལ་སྲེ ད། །འགའ་ཞིག་ དོན་ལ་རྨོངས་པའི་སྒྲོ་སྐུར་འདེབས། །ཐམས་ཅད་མཁྱེན་ཁྱོད་གདུལ་བྱའི་དཔལ་དུ་ཤར། །ཟབ་རྒྱས་གདམས་པ་རྟག་ཏུ་འཐུང་བར་ཤོག །དུས་དང་གནས་སྐབས་དག་ནི་ཐམས་ཅད་ དུ། །དཔལ་ལྡན་བླ་མའི་འཕྲིན་ལས་བསྒྲུབ་པ་དང༌། །ཁྱོད་ཉིད་གང་ལ་མཉེས་པ་དེ་བསྒྲུབ་ ནས། །མི་མཉེས་བྱེད་པ་ཐམས་ཅད་སྤངས་པར་ཤོག །ཁྱོད་ཉིད་དགྱེས་པར་གྱུར་ན་བདག་ ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱོད་མི་མཉེས་ན་ཚེ་ འདི་ལ། །བྱང་ཆུབ་ཐོབ་ཀྱང་དོན་མཆོག་འགའ་མ་མཆིས། །བདག་གཞན་དུས་གསུམ་དགེ་ བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་དམ་པ་ མངོན་གྱུར་ཞིང༌། །རྟག་ཏུ་བླ་མ་མཉེས་ཤིང་མཆོད་བྱེད་ཤོག །རིགས་ཀུན་ཁྱབ་བདག་རྡོ་རྗེ་ སློབ་དཔོན་ལ། །རྩེ་གཅིག་དད་པའི་ཡིད་ཀྱིས་སྨོན་པ་ནས། །མཆོག་དང་ཐུན་མོང་དངོས་ གྲུབ་མ་ལུས་ཀུན། །ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །མདོ་སྔགས་བསོད་ནམས་ བསགས་ཐབས་རྒྱ་མཚོ་འདིར། །འབད་རྩོལ་གྲུ་ཆེན་ཞུགས་པ་དེ་ལས་ཀྱང༌། །སྐལ་བཟང་ 7-1-280 དེ་མཐུན་སྐྱེ་བོ་བགྲང་ཡས་རྣམས། །ཟུང་འཇུག་ནོར་བུའི་གླིང་དུ་ཕྱིན་པར་ཤོག །དུས་གསུམ་ རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །མདོ་རྒྱུད་རྒྱ་མཚོའི་ཚོགས་གཉིས་གཏེར་མཛོད་ལ། །གུས་པས་ཅུང་ཟད་བརྩོན་པའི་དགེ་བ་ལས། །བདག་ཀྱང་ཆོས་མཛོད་གཏེར་ཆེན་ཐོབ་པར་ ཤོག །མདོ་སྔགས་མཆོད་ཆོག་ཟབ་ཡངས་པད་ཚལ་འདིར། །རྣལ་འབྱོར་དབང་ཕྱུག་བུང་ བའི་རྒྱལ་པོ་ནི། །བྱེ་བ་ཕྲག་བརྒྱར་ལྷན་ཅིག་ཟབ་དོན་གྱིས། །སྦྲང་རྩིའི་དགའ་སྟོན་སྤྱོད་པ་ ཉིད་དུ་གྱུར། །དཔལ་ལྡན་བླ་མ་བློ་གྲོས་གཏེར་མཛོད་ཀྱིས། །ཐོས་བསམ་སྒོམ་གསུམ་འཆད་ རྩོད་རྩོམ་གསུམ་འདི། །རྒྱུ་སྐར་དབུས་ན་ཉ་རྒྱས་ཟླ་བཞིན་འཕགས། །འོད་སྟོང་གཟི་བརྒྱ་ ཡུན་རིང་འབར་གྱུར་ཅིག །འཛམ་གླིང་ས་འཛིན་དབང་པོ་རབ་བརྟན་ཁམས། །རྟ་ལྗང་ བསིལ་ཟེར་ཟུང་གིས་ཇི་སྲིད་དུ། །གཡོ་བྱེད་འཕྲུལ་འདེགས་ཟེར་གྱིས་སྐྱོང་གི་བར། །རྫོགས་ ལྡན་བསྟན་པ་རིང་དུ་གནས་གྱུར་ཅིག །སྨོན་དོན་ཇི་བཞིན་བརྗོད་པའི་ཚིག་འདི་ཡང༌། །དུས་ གསུམ་རྒྱལ་བའི་སྤྱོད་པ་རྒྱ་ཆེན་དང༌། །དེ་སྲས་སྐྱེ་འཕགས་རབ་དཀར་དགེ་ཚོགས་རྣམས། །གཅིག་ཏུ་བསྡོམས་པས་མཐུ་བཟང་ལ་བརྟེན་ནས། །རྒྱལ་བའི་བསྟན་དང་བསྟན་འཛིན་ དམ་པའི་སྡེ། །ཕྱོགས་དུས་ཀུན་ཏུ་རྒྱས་ཤིང་སྐྱེ་དགུ་ཀུན། །ཕན་བདེ་འབྱུང་གཞི་རྫོགས་ལྡན་ ཆོས་སྤྱོད་དེ། །མཐར་ཐུག་གཤེགས་སྙིང་དགོངས་དོན་རྟོགས་གྱུར་ཅིག །རྣམ་པར་དག་པ་ཟླ་ ཤེལ་ཀུན་ད་ལྟར། །རབ་ཏུ་དཀར་བའི་ཕུང་པོ་ཇི་མཆིས་དེས། །སྐྱེ་དགུས་རྫོགས་ལྡན་ཆོས་ ལ་སྤྱོད་གྱུར་ཏེ། །བདེ་གཤེགས་སྙིང་པོའི་རང་ཞལ་མངོན་གྱུར་ཅིག །བླ་མེད་བླ་མ་རྣམས་ ཀྱིས་ཐུགས་རྗེ་དང༌། ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་ འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག ། ཅེས་མདོ་སྔགས་སྨོན་ལམ་གསེར་གྱི་ཕྲེང་བ་བླ་མ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ཡང་མདོ་སྔགས་རྒྱ་མཚོའི་མངའ་ བདག་དཔལ་ལྡན་བླ་མ་གང་གིས་མཆོད་ཆོག་ཉེར་སྒྲིག་ཉུང་བསྡུས་སུ་ལེགས་པར་བཀོད་པ་ཚོགས་གཉིས་ལེགས་སྐྲུན་ཞེས་བྱ་ 7-1-281 བའི་ཞབས་ཏོག་ཏུ་དམིགས་ཁུལ་བགྱིས་པ་དང༌། མདོ་སྔགས་ལ་སྐལ་ཆད་བདག་གིས་བག་ཆགས་ཀྱི་ཆེད་དང༌། གཞན་ཡང་ དད་ལྡན་ཚེ་རིང་རྡོ་རྗེ་དང༌། དགེ་མ་སངས་རྒྱས་མཚོ་ཟུང་གིས་བསྐུལ་བ་ལ་བརྟེན་རྨོངས་བན་ཐ་ཤལ་བ་གུ་ཎ་བྷ་དྲས་བྲི ས་པས་ འགྲོ་ཀུན་མདོ་སྔགས་ཀྱི་བསྟན་པ་ལ་བག་ཆགས་འཇོག་པའི་རྒྱུར་གྱུར་ཅིགསརྦ་མངྒ་ལཾ། ༄༅། །རྗེ་རྒྱལ་བ་ཇོ་ནང་པའི་སེམས་གནས་ལུགས་ཀྱི་ལམ་ ཉམས་སུ་ལེན་ཚུལ་ཡེ་ནས་བཞུགས་པའི་བདེ་ གཤེགས་སྙིང་པོ་གསལ་བྱེད་ཅེས་བྱ་ བ་བཞུགས་སོ། ། གཞི་འབྲས་དབྱེར་མེད་ཆོས་སྐུ་གཞི་ཡི་ཚུལ། །ལམ་གྱི་རྣལ་འབྱོར་བློ་ཚོད་རིམ་པས་ མངོན། །གདོད་མའི་གནས་ལུགས་དྲི་མའི་སྦུབས་ལས་གྲོལ། །འབྲས་ཐོབ་ཐ་སྙད་ཙམ་ལས་ ཆོས་དབྱིངས་གཅིག །རྒྱལ་དང་རྒྱལ་སྲས་བཞེད་དགོངས་ཇི་བཞིན་དུ། །ཀུ༷ན་མཁྱེ༷ན་ཤེ༷ས་ ར༷བ་ངེས་དོན་བསྟན་པའི་བདག །རྟག་བརྟན་སྙིང་པོའི་རྒྱ༷ལ་མཚ༷ན་ལེགས་པར་བསྒྲེངས། །གངས་ལྗོ ངས་དཔ༷ལ་དུ་སྔོན་མེད་སྲོལ་བཟ༷ང་སྤེལ། །གང་གི་ལུགས་བཟང་སླར་ཡང་ ལེགས་སྤེལ་མཁན། །མདོ་སྔགས་ཟབ་དགོངས་ངེས་དོན་མཐར་ཐུག་ཏུ། །དྲི་བྲལ་ལུང་ རིགས་ལམ་ནས་རྒྱས་མཛད་གཉེན། །ཟབ་གསང་མངའ་བདག་ཏཱ་ར་ནཱ་ཐར་འདུད། །ཡང་ 7-1-282 དག་ལམ་དང་ལམ་མིན་ལེགས་འབྱེད་མཁན། །ཟབ་མོའི་དོན་ལ་ཡིད་ཆེས་འདྲེན་བྱེད་ མཆོག །བདག་བློ འི་རྨོངས་མུན་སེལ་བའི་ཉི་གཞོན་ཆེ། །བཤེས་གཉེན་མཆོག་གི་བཀའ་དྲིན་ ཡང་ཡང་དྲན། །གནས་ལུགས་ཟབ་གསང་ཉམས་སུ་ལེན་པའི་ཚུལ། །མདོ་རྒྱུད་བསྟན་ བཅོས་རྣམས་ལས་གང་གསུངས་ཚུལ། །དམ་པའི་མན་ངག་ཇི་བཞིན་མ་ནོར་བར། །དང་ པོའི་ལུས་ཅན་འགའ་ལ་ཕན་པར་བཤད། །རྣམ་པར་རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །འགྲོ་དྲུག་སྡུག་བསྔལ་རྒྱ་མཚོར་འཁོར་བར་འགྱུར། །རྣམ་པར་རྟོག་པ་ཀུན་ལས་རྣམ་གྲོལ་ ན། །དྲི་མེད་ཆོས་དབྱིངས་ཞི་བའི་གནས་སུ་འགྲོ། །རྟོག་པ་ཐམས་ཅད་སྡུག་བསྔལ་རྒྱུར་གྱུར་ པ། །ཇི་སྲིད་རྟོག་ཚོགས་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་ཐོབ་པ་མིན། །ཀུན་མཁྱེན་གོ་འཕང་འཐོབ་པར་མི་བྱའོ། །ཀུན་མཁྱེན་གོ་འཕང་འཐོབ་པར་འདོད་པ་ཡིས། །རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་པར་འགྱུར་པའི་ཐབས། །དེ་ལ་ རྟག་ཏུ་བརྩོན་པ་བསྐྱེད་པར་བྱ། །སེམས་ཅན་ཐམས་ཅད་འཁྲུལ་བའི་རང་བཞིན་ཅན། །གཞི་ དབྱིངས་ཉིད་ལ་ཐག་ཁྲ་སྦྲུལ་སྣང་ལྟར། །འཁྲུལ་བའི་རྒྱུ་ཡང་མ་རིག་ཆེན་པོ་ཡིན། །དཔེར་ན་ རྨི་ལམ་ཡུལ་སྣང་བཞིན་དུ་འཁྲུལ། །འཁྲུལ་སྣང་ཀུན་གྱི་རྩ་བ་རྣམ་རྟོག་འདིས། །དཔེར་ན་ གཉིད་དང་རྨི་ལམ་ཇི་བཞིན་པར། །རིགས་དྲུག་སོ་སོའི་སྣང་བ་གང་ཤར་འདི། །སྡུག་བསྔལ་ གསུམ་གྱི་རྣམ་པ་མ་ལུས་ཤར། །དམྱལ་བ་ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་མིན་ ལྷརྣམས་ཇི་ལྟར་སྣང་བ་འདི། །ལས་ཀྱིས་བསགས་ཚུལ་དབང་གིས་ཤར་ལུགས་ཙམ། །དོན་ ལ་མེད་པ་རི་བོང་རྭ་དང་མཚུངས། །སངས་རྒྱས་ཆོས་སྐུ་འཁོར་འདས་ཀུན་ཁྱབ་པ། །སེམས་ ཅན་ཐམས་ཅད་སངས་རྒྱས་སྙིང་པོ་ཅན། །རང་སེམས་ཆོས་ཉིད་ཆོས་སྐུ་དེ་བཞིན་ཉིད། །བཟང་ངན་ཆེ་ཆུང་མཐོ་དམན་དབྱེ་བ་མེད། །ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེ་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་ 7-1-283 རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །སེམས་ཅན་ཐམས་ཅད་ སངས་རྒྱས་ཉིད་ཡིན་ན། །འོན་ཀྱང་གློ་བུར་དྲི་མའི་རབ་བསྒྲིབས་ཤིང༌། །དྲི་མ་དེ་ཉིད་བསལ་ ན་སངས་རྒྱས་ཉིད། །སྔར་མེད་གསར་ཐོབ་སངས་རྒྱས་མི་སྲིད་མོད། །སེམས་ཀྱི་རང་བཞིན་ འོད་གསལ་དྭངས་པ་སྟེ། །དེ་བཞིན་གཤེགས་པའི་སྙིང་པོར་བརྗོད་པའོ། །སེམས་ཅན་ རྣམས་ནི་རྫོགས་པའི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་སྒྲིབ་གཉིས་དྲི་མས་བསྒྲིབས། །དེ་ ཉིད་བསལ་ན་རང་སེམས་སངས་རྒྱས་ཡིན། །སངས་རྒྱས་མ་ཡིན་སེམས་ཅན་གཅིག་ཀྱང་ མེད། །རང་སེམས་འདི་ནི་རྫོགས་པའི་སངས་རྒྱས་ཡིན། །དེ་ལས་སངས་རྒྱས་གཞན་དུ་ བསྟན་དུ་མེད། །རང་སེམས་ཆོས་དབྱིངས་གནས་ལུགས་བརྗོད་བྲལ་འདི། །བླ་མའི་ཐུགས་ དང་དང་པོའི་སངས་རྒྱས་ཡིན། །རྡོར་འཆང་དུས་འཁོར་དགྱེས་པ་རྡོ་རྗེ་དང༌། །འཁོར་ལོ་ སྡོམ་པ་གསང་བ་འདུས་པ་དང༌། །དགྲ་ནག་གདོང་དྲུག་གཤིན་རྗེའི་གཤེད་ལ་སོགས། །རྡོར་ སེམས་རྣམ་སྣང་རིན་འབྱུང་སྣང་མཐའ་དང༌། །དོན་ཡོད་གྲུབ་པ་རྒྱལ་བ་ཡབ་ལྔ་སྟེ། །གཤེགས་མ་སྣ་ཚོགས་ཡུམ་དང་སྤྱན་མ་དང༌། །མཱ་མ་ཀཱི ་དང་གོས་དཀར་སྒྲོལ་མ་སྟེ། །རིགས་ ཀྱི་ཡུམ་ལྔའི་ངོ་བོར་རྟག་བརྟན་བཞུགས། །སྐུ་དང་ཞིང་ཁམས་རབ་འབྱམས་ཅིག་ཅར་ གནས། །ཡེ་ནས་འཁོར་འདས་ཀུན་ཁྱབ་རྟག་བརྟན་དུ། །གདོད་མ་ཆོས་ཉིད་གཤེགས་སྙིང་ ཚུལ་དུ་བཞུགས། །དེ་མངོན་བྱེད་ཐབས་གོང་མའི་ཕྱག་བཞེས་ལྟར། །ཇོ་ལུགས་ཁྱད་ཆོས་ དབང་ལུང་གདམས་ངག་ཟབ། །དེ་ལ་ཞུགས་ནས་དུས་འཁོར་དབང་མོ་ཆེ། །རྡོ་རྗེ་ཕྲེང་བ་ བདེ་མཆོག་རབ་འབྱམས་དབང༌། །ལུ་དྲིལ་ནག་གསུམ་ནི་གུ་ཆོས་དྲུག་དབང༌། །གཤིན་རྗེའི་ རབ་འབྱམས་སྦྱོང་རྒྱུད་བཅུ་གཉིས་དང༌། །རྒྱུད་སྡེ་འཐོར་བུའི་དབང་བསྐོར་དུ་མ་དང༌། །གྲོལ་མཆོག་ཁྲིད་བརྒྱའི་དབང་ཁྲིད་ལུང་གསུམ་བསྒྲགས། །ཕུར་བའི་སྟོད་ལས་སྨད་ལས་ སྦྲགས་མའི་དབང༌། །འཇིགས་བྱེད་རོ་ལང་བརྒྱད་བསྐོར་དབང་ལ་སོགས། །སྒྲུབ་ཐབས་ 7-1-284 རིན་ཆེན་འབྱུང་གནས་སུམ་བརྒྱ་གཅིག །རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་དང༌། །སླར་ཡང་རྗེས་གནང་བརྒྱ་རྩ་སོགས་ཀྱིས་མཚོན། །གངས་ལྗོངས་དཔལ་དུ་ཟླ་བྲལ་ཐབས་ ཀྱི་མཆོག །དབང་ལུང་གདམས་ངག་དུག་གསུམ་ཀུན་འཇོམས་སྨན། །ཤེས་རྒྱུད་དྲི་མ་འཁྲུད་ པའི་དག་བྱེད་མཆོག །གསེར་རིའི་ཕྲེང་བསྟར་རྩ་བརྒྱུད་བླ་མ་ཡིས། །སྐལ་ལྡན་སློབ་བུའི་ གཤེགས་སྙིང་རྟོགས་ཐབས་གནང༌། །རང་དང་རང་གི་རྣམ་པར་རྟོག་པ་ལ། །སངས་རྒྱས་མ་ ཡིན་སེམས་ཅན་ཐམས་ཅད་ནི། །གཅིག་ཀྱང་ཡོད་པ་འགའ་ཡང་མ་མཆིས་སོ། །རང་གི་ སེམས་ནི་སངས་རྒྱས་ཡིན་པའི་ཚུལ། །མཁས་པ་བསྟན་བཅོས་འཆད་པ་ཐམས་ཅད་ཀྱིས། །ལུས་ནང་སངས་རྒྱས་ཡོད་པ་མ་རྟོགས་སོ། །དེ་ལྟར་རྟོགས་ནའང་གང་དུ་འགྲོ་བ་མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །གདམས་ངག་སྐྱེ་བའི་རྒྱུ་ཡང་གཤེགས་སྙིང་མཆོག །རྟེན་ནི་དལ་འབྱོར་མི་ལུས་རིན་ཆེན་མཆོག །རྐྱེན་ནི་རང་གི་དགེ་བའི་བཤེས་གཉེན་མཆོག །ཐབས་ནི་བླ་མས་གནང་བའི་གདམས་ངག་མཆོག །འདོད་པ་ཐམས་ཅད་རབ་ཏུ་སྤངས་བྱས་ ཏེ། །མཁས་པ་རྣམས་ཀྱིས་རང་རིག་ཙམ་གྱིས་ནི། །སྦྱོར་བའི་མཐར་ཐུག་བསམ་གཏན་ལ་ གནས་ནས། །ཉིན་དང་མཚན་དུ་བརྩོན་པས་གོམས་པར་མཛོད། །ད་ལྟའི་རང་སེམས་གསལ་ རིག་རང་མདངས་དབྱིངས། །དུས་གསུམ་རྟོགས་ཚོགས་མཐའ་དག་རབ་དྭངས་ངང༌། །མ་ བཅོས་སོ་མ་རང་ཤར་ལྷན་ནེར་བཞག །ལྷུན་གྲུབ་འབད་རྩོལ་མེད་པར་རང་བབ་སྐྱོང༌། །བསམ་དང་བསམ་བྱ་ཡོངས་སུ་སྤངས་ནས་ནི། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་ཡི། །བླ་མ་ དམ་པའི་ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །གདོད་ནས་ དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་བལྟས་ཤིང་མཐོང་བ་འགག་པར་འགྱུར། །ཆོས་ཉིད་རང་གཟུགས་རྣམ་པ་ཐམས་ཅད་པ། །དྭངས་ཤིང་འོད་གསལ་ཅིག་ཅར་རྟོག་མེད་ འཆར། །སྔོན་མེད་དཔྱིད་འབྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པས་རེག་བྱར་མཐོང་མེད་ 7-1-285 ས་ར་ཧ། །མིག་མི་འཛུམ་པར་ལྟ་དང་མི་བསམ་དང༌། །རླུང་འགོག་པ་ནི་བླ་མ་དམ་པའི་ གསུངས། །གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གཉིས། །རྣམ་གཉིས་བློ་ནི་གང་ལ་ཡོད་ མིན་གྱི། །ཡིད་ལ་མི་བྱེད་མི་རྟོག་བློ་ཡོད་པ། །དེ་ནི་ཟུང་དུ་འཇུག་པ་ཞེས་བྱར་བཤད། །སེམས་ལ་འཛིན་གཏད་དམིགས་པ་མེད་པ་ཡི། །གནས་པ་ནམ་མཁའི་རྣལ་འབྱོར་མཚན་ ཉིད་ཅན། །དེ་དག་སྟོང་པ་ཉིད་དུ་བསྒོམས་པ་ནི། །ནམ་མཁའ་སྒོམ་པར་སྔོན་བྱོན་མཁས་ རྣམས་བཞེད། །ཐམས་ཅད་སྟོང་པ་རྨད་དུ་བྱུང་བ་ཆེ། །དྭངས་ཤིང་གསལ་བའི་རང་མདངས་ ཡེ་ཤེས་ཆེ། །བླ་མ་དམ་པ་ཉིད་ཀྱི་བཀའ་དྲིན་གྱིས། །དེ་ནི་དེ་ནས་རང་ལ་གསལ་མཐོང་ འགྱུར། །ཟབ་གསང་རྣལ་འབྱོར་ཉམས་སུ་ལེན་པའི་སྐབས། །ཁམས་དྲུག་ལྡན་པའི་རྡོ་རྗེའི་ ལུས་རྟེན་མཆོག །དབེན་པ་གསུམ་གྱི་ཐབས་ཟབ་ལ་བརྟེན་ནས། །བཀའ་དྲིན་གསུམ་ལྡན་ བླ་མ་དམ་པའི་ཐུགས། །རང་སེམས་གཤིས་སུ་གདོད་ནས་དབྱེར་མེད་བཞུགས། །ཡི་དམ་ རྒྱུད་སྡེ་རབ་འབྱམས་ལྷ་ཚོགས་དང༌། །དབྱེ་བ་མེད་པ་རང་སེམས་དྲི་བྲལ་ལ། །བསམ་མེད་ ངང་དུ་ཅུང་ཟད་ལྷོ ད་ལ་ཞོག །སྔར་སོང་འདས་པ་རྣམས་ཀྱིས་རྗེས་མི་འབྲང༌། །མ་འོངས་ འབྱུང་བ་མེད་པའི་སྔོན་མི་བསུ། །ད་ལྟའི་ཤེས་རིག་གསལ་བའི་ངོ་བོ་འདི། །མ་བཅོས་རང་ བབ་ངང་ལ་རང་སོར་ཞོག །ཁམས་དྲུག་དག་པའི་ཁ་དོག་སྣ་ཚོགས་ཤར། །ཁྱད་པར་ས་ ཁམས་རྟགས་སྣང་གཙོ་ཆེ་བ། །གང་ཤར་ཐམས་ཅད་རང་ངོ་ཟིན་ཙམ་དུ། །དྲན་ཤེས་བག་ ཡོད་བརྩོན་པས་རྒྱུན་སྐྱོངས་མཛོད། །ཆོས་ཀྱི་དབྱིངས་ལ་ཐོག་མར་སྐྱེ་བ་མེད། །ནམ་ཡང་ཐ་ མར་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མཐའ་དག་བྲལ། །ཐོག་མ་ བར་དང་ཐ་མའི་དྲི་མ་བྲལ། །རང་སེམས་རང་བཞིན་དོན་དམ་བླ་མའི་ཐུགས། །ཡི་དམ་རབ་ འབྱམས་ཞིང་ཁམས་ཡོངས་སུ་རྫོགས། །གདོད་ནས་གཞི་འབྲས་དབྱེར་མེད་ཚུལ་དུ་ བཞུགས། །དེ་མངོན་ཐབས་སུ་དམ་པའི་གདམས་ངག་གཤིས། །མ་བཅོས་གནས་ལུགས་ 7-1-286 རང་བབ་སྐྱོང་བའི་དུས། །རྟོག་ཚོགས་བྱིང་རྒོད་ཕྲ་རགས་གང་འབྱུང་སྐབས། །དྲན་ཤེས་བྱ་ རས་སྐྱོན་རྣམས་ཡང་ཡང་བསལ། །དེ་ལྟར་འབད་ན་མ་རིག་རྟོག་ཚོགས་དྭངས། །འཇུར་ བུར་བཅིངས་པའི་སེམས་ལ་སྐྱོན་འབྱུང་སྐབས། །ལྷོ ད་པར་བྱས་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་སྐུད་པ་འཁེལ་བ་ཇིབཞིན་པར། །བསྒྲིམ་ལྷོ ད་ཟིན་པའི་ས་མཚམས་ལེགས་ངེས་ མཛོད། །བཟང་ངན་རེ་དོགས་འཛིན་གཏད་བཅོས་མ་སོགས། །བདག་འཛིན་ཆགས་སྡང་ གཏི་མུག་རྟོག་ཚོགས་རྣམས། །སྤང་བླང་འདོར་ལེན་གང་ཡང་མི་དགོས་པར། །སྤྲོས་པ་ མཐའ་དག་རང་སར་གྲོལ་བར་མཛོད། །ཆུ་རྙོག་རང་དྭངས་མར་མེ་རང་གསལ་ལྟར། །རང་ སེམས་རྟོག་ཚོགས་མཐའ་དག་རང་དྭངས་ངང༌། །མ་བཅོས་སོ་མ་རང་སེམས་ལྷན་ནེ་བ། །ལྷུན་གྲུབ་འབད་རྩོལ་མེད་པར་རང་བབ་བཞག །དེ་ལྟར་ཉམས་ལེན་གདམས་ངག་གཅིག་ ཆོག་འདི། །དུས་གསུམ་རྒྱལ་དང་དེ་སྲས་གང་དག་དང༌། །རྩ་བརྒྱུད་བླ་མའི་མན་ངག་གཅིག་ དྲིལ་འདི། །དམ་པའི་དྲིན་ལས་ཉམས་ལེན་ལྷུར་བཞེས་མཛོད། །དུས་གསུམ་རྒྱལ་བ་མ་ལུས་ ཐམས་ཅད་ཀྱིས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །གསུང་རབ་ནམ་མཁའི་ མཐའ་མཉམ་དཔག་མེད་ཀྱང༌། །ཡེ་ནས་བཞུགས་པའི་བདེ་གཤེགས་སྙིང་པོ་མཆོག །རང་ གིས་སྔོན་བསགས་བསོད་ནམས་བསྒོ་སྐལ་དུ། །བླ་མའི་གདམས་ངག་མཆོག་ལ་ལེགས་ བརྟེན་ནས། །དོན་དུ་སེམས་ཉིད་རྟོགས་ཕྱིར་ཁོ་ན་ལས། །གཞན་དུ་རྒྱལ་བས་གསུངས་པ་ཅི་ ཡང་མེད། །ཅེས་པ་འདི་ཡང་མདོ་སྔགས་གཉིས་ཀྱི་ལམ་བསྒོམ་པའི་སྐབས་སུ་གང་བབ་པའི་ དུས་སུ་སྤྱིར་སྒྲིབ་གཉིས་ཀྱི་རྩ་བའི་གཞིར་གྱུར་པ་ནི་བློས་བྱས་ཀྱི་རྣམ་པར་རྟོག་པ་རྣམས་ ཡིན། དེའི་གཉེན་པོ་སྤྲོས་བྲལ་མི་རྟོག་པ་ནི་གཞི་དབྱིངས་མཐར་ཐུག་པ་བླ་མའི་ཐུགས་དོན་ དམ་ཡེ་ཤེས་དང༌། ཡི་དམ་རྒྱུད་སྡེ་རྒྱ་མཚོའི་བདག་ཉིད་སྤྲོས་བྲལ་མི་རྟོག་རང་བྱུང་ཡེ་ཤེས་ བདེ་སྟོང་ཟུང་འཇུག་ཆོས་ཉིད་བདེ་གཤེགས་སྙིང་པོ་ཡེ་ནས་བཞུགས་པ་འདི་རང་ལ་མངོན་ 7-1-287 པའི་ཐབས་བླ་མ་དམ་པའི་མན་ངག་ཟབ་མོ་ལ་བརྟེན་པ་ནི་འདི་ལྟར་ཁྱད་པར་གསང་སྔགས་ ཟབ་མོའི་ཉེ་ལམ་བླ་མེད་རྒྱུད་རྒྱལ་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ ཡན་ལག་དྲུག་ཉམས་སུ་ལེན་པ་ཡང་དྲུག་ལྡན་རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་ལ་གནད་དུ་ བསྣུན་པའི་ཐབས་སུ་ལུས་རྣམ་སྣང་ཆོས་བདུན་ལ་བརྟེན་པ་ནི་ལུས་དབེན་པ་ལྷ་ཁང་ནང་གི་ ལྡེ ར་བཟོ་ལྟ་བུ། ངག་དབེན་པ་པི་ཝང་གི་རྒྱུན་ཐག་བཅད་པ་ལྟ་བུ། ཡིད་དབེན་པ་ཆུ་ཡི་རྒྱུན་ བཅད་པ་ལྟ་བུའི་བྱེད་བཅིང་གི་གནད་ལ་བརྟེན་ནས་རྩ་རོ་རྐྱང་ནང་གི་རླུང་དང་ཐིག་ལེ་ འབབ་པའི་རྒྱུ་བ་བཅད་ནས། རྩ་དབུ་མ་ཡེ་ཤེས་ཀྱི་ནང་དུ་རླུང་ཐིག་བཅིང་བའི་གནད་ལ་ བརྟེན་ཏེ། རང་སེམས་གསལ་བའི་རང་ངོ་སྐྱོང་བའི་དུས་སུ་སྔར་སོང་གི་རྗེས་མི་གཅོད། མ་ འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་གསལ་སྟོང་བསམ་མེད་ཀྱིརྣལ་འབྱོར་སྣང་བ་མ་ འགགས་པ་སྣ་ཚོགས་ཅི་ཤར་བ་འདི་ལ་ཡང་རྟོག་ཚོགས་ཐམས་ཅད་རྩ་བ་ནས་བྲལ་ཏེ་རང་ བྱུང་ལྷུན་གྲུབ་ཆེན་པོའི་ངང་བསྐྱང་བའི་སྒོ་ནས་མཉམ་པར་བཞག་ནས་རང་རང་གི་ཁམས་ ཀྱི་ཁ་དོག་གང་ཤར་གྱི་ངོ་ཟིན་པའི་ངང་བསྐྱང་བ་འདི་གལ་ཆེ། དེ་ནས་སྐབས་རེ་ཞིག་གི་ དུས་སུ་རིག་པ་གསལ་སེང་ངེའི་གསལ་ཆ་ཞན་པ་ནི་བྱིང་བ་ཕྲ་མོ་དང༌། རིག་པའི་གསལ་ཆ་ སྔར་ལས་ཉམས་པ་བྱིང་བ་རགས་པ་དང༌། དེས་རྨུགས་པ་གཉིད་འདྲེན། ཡང་ན་གསལ་ཆའི་ ངང་འགྱུ་རྟོག་བྱུང་བ་རྒོད་པ་ཕྲ་བ། འགྱུ་རྟོག་འགའ་བྱུང་བ་རྒོད་པ་རགས་པ། རྟོག་ཚོགས་ རྒྱུན་མི་ཆད་པར་བྱུང་བ་འོག་འགྱུ་རྒྱ་འབྱམས་དང༌། བཟང་ལ་རེ་བ། ངན་ལ་དོགས་པ། བདག་འཛིན། ཆགས་སྡང༌། གཏི་མུགའཛིན་གཏད་སོགས་བློ ས་བྱས་གང་བྱུང་ཐམས་ཅད་ དྲན་ཤེས་ཀྱིས་ངོ་ཟིན་པར་བྱས་ཏེ། འཛིན་མེད་རང་སར་གྲོལ་ནས་བསྒྲིམས་ལྷོ ད་ཀྱི་ མཚམས་ཟིན་པར་བྱས་ནས་ཆུ་སྙོགས་རང་དྭངས་དང་མར་མེ་རང་གསལ་གྱི་དཔེ་ལྟར་རང་ སེམས་གསལ་བ་འདིའི་རང་མདངས་ལ་རྟོགས་ཚོགས་ཕྲ་རགས་མཐའ་དག་རང་དྭངས་སུ་ 7-1-288 བྱས་ཏེ། རིམ་གྱིས་ལམ་བདེན་མཐར་ཐུག་གི་སྐབས་སུ་གནས་ལུགས་སྤྲོས་བྲལ་མི་རྟོག་སོ་ སོར་རང་རིག་ཡེ་ཤེས་ཆེན་པོ་ཉེས་པ་ཀུན་གྱི་རྩ་བ་ཀུན་རྟོག་ཐམས་ཅད་འཇོམས་བྱེད་ཀྱི་ གཉེན་པོ་སྟོབས་ལྡན་བླ་མེད་དུ་ལུང་དང་རིགས་པ་ཡང་དག་གིས་གྲུབ་པ་ཉིད་ཀྱི་ཕྱིར། དཔེར་ན་མུན་པའི་ཁྲོད་དུ་ཉིན་བྱེད་ཀྱི་འོད་མདངས་ཆེས་ཟིལ་བཟོད་དཀའ་བ་འཕྲོས་བཞིན་ ནོ། །ལམ་གྱི་གནས་ལུགས་དེ་འདྲའི་སྤྲོས་བྲལ་མི་རྟོགས་ཡེ་ཤེས་གོམས་པ་རབ་ཀྱི་མཐར་ ཕྱིན་པ་ན། ཡེ་ནས་བཞུགས་པའི་གཞི་དབྱིངས་གནས་ལུགས་ཉིད་དང་དབྱེར་མེད་རོ་མཉམ་ དུ་གྱུར་ཏེ། གཞིའི་གནས་ལུགས་དོན་དམ་ཡེ་ཤེས་རང་བྱུང་གཅིག་པུ་ལ་བརྟེན་ནས་ལམ་ སྒོམ་པའི་སྐབས་སུ་རྟོག་པ་མཐོ་དམན་གྱི་མི་གསལ་བ་དང་གསལ་བའིཁྱད་ཙམ་ལས་དོན་ ལ་མི་རྟོག་ཡེ་ཤེས་ཀྱི་ཆ་ལ་ཁྱད་པར་མེད་པའི་ཕྱིར་མི་རྟོག་ཡེ་ཤེས་ཆེན་པོ་འདི་ནི་སེམས་ ཅན་ནས་སངས་རྒྱས་བར་གྱི་སྤྱི་ནོར་ཆེན་པོ་གཅིག་ཏུ་ཡེ་གདོད་མ་ནས་བཞུགས་པའོ། །གོང་ བཤད་ལྟར་དབང་ལུང་གདམས་ངག་ཆུ་གཏེར་ལྟ་བུ་གནང་བའི་རྩ་བའི་བླ་མ་འདི་སློབ་བུ་ དག་གིས་ཚུལ་བཞིན་དུ་བསྟེན་དགོས་པ་ནི། བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། །དབང་ བསྐུར་བླ་མ་མིག་དང་འདྲ། །གདམས་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་ འདྲ། །དེ་ལས་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་ སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་འཐོབ། །ཅེས་དང༌། ཡེ་ཤེས་གསལ་བའི་ རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་ལས། །བླ་མ་དྲན་ པ་བསོད་ནམས་ཆེ། །ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་ བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམ་པ་ལས། །བླ་མ་སེམས་ཀྱི་ དཀྱིལ་དུ་དར་ཅིག་དྲན་པ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང༌། དུས་ འཁོར་རྩ་རྒྱུད་ལས། དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། 7-1-289 །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱེད་སྤངས་ནས། །བླ་མ་གཞན་ དག་རྨི་ལམ་དུའང༌། །སྲོག་དོར་ནས་ནི་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་གསུམ་དུ། །གཡོ་སྒྱུ་མེད་པར་ནུས་ཚད་ཀྱིས། །ལུས་ངག་སེམས་དང་གསུམ་པོ་འདི། །གཙོ་བོའི་སྤྱན་ སྔར་དབུལ་བར་བགྱི། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱི། །ཞེས་དང༌། ཇི་སྐད་དུ། སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་ བས་བསྔགས། །མདོ་སོགས་ཀུན་ཏུ་མཚུངས་པར་གསུངས། །རྒྱལ་བའི་ནན་ཏན་བསྟོད་ལ་ འདུད། །ཅེས་གསུངས་པ་ལྟར་མདོ་སྔགས་ཀྱི་ལམ་རྒྱུད་ལ་སྐྱེ་བ་ནི་བླ་མ་ཚུལ་བཞིན་དུ་ བསྟེན་ཚུལ་ལ་རག་ལས་སོ། །ཁྱད་པར་སྔགས་ལམ་རང་རྒྱུད་ལ་སྐྱེ་བའི་རྒྱུ་ཁམས་ཀུན་ད་ བྱང་ཆུབ་ཀྱི་སེམས་འདི་སྔགས་ལམ་བདེ་སྟོང་གི་ཡེ་ཤེས་སྐྱེ་བའི་རྒྱུ་ཡི་གཙོ་བོ་ཡིན་པས་ ཆགས་སྤྱོད་དང་ཆགས་པའི་བསམ་པ་སོགས་ཀྱིས་མི་ཉམས་པར་སྲུང་དགོས་ཏེ། རྒྱུད་ལས། སྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་ དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཞེས་གསུངས་པ་ལྟར་རྩ་རླུང་ཐིག་ལེ་ གསུམ་ལ་ལམ་འདི་བསྟེན་དགོས་པའོ། ། སྨྲས་པ། ཆོས་དབྱིངས་རང་བཞིན་ཤེར་ཕྱིན་མོ། ། དག་པའི་ཡེ་ཤེས་རྣམ་ཀུན་བདག ། དྲི་བྲལ་མི་རྟོག་རྣལ་འབྱོར་མཆོག ། ཉམས་ལེན་བརྩོན་པས་ལྷུར་བཞེས་མཛོད། ། འདིར་བསགས་རྣམ་དཀར་ཟླ་ཤེལ་ལྟར། ། བསོད་ནམས་ཕུང་པོ་ཇི་མཆིས་པས། ། 7-1-290 འགྲོ་ཀུན་སྨན་མཆོག་བདུད་རྩིར་གྱུར། ། གཤེགས་སྙིང་རང་ཞལ་མངོན་གྱུར་ཅིག ། རྗེ་རྒྱལ་བ་ཇོ་ནང་པའི་སེམས་གནས་ལུགས་ཀྱི་ལམ་ཉམས་སུ་ལེན་ཚུལ་ཡེ་ནས་ བཞུགས་པའི་བདེ་གཤེགས་སྙིང་པོ་གསལ་བྱེད་འདི་ངག་དབང་ཆོས་དཔལ་བཟང་པོ་དང༌། ལམ་ཉམས་ལེན་སྐབས་ཉམས་མྱོང་ལྡན་པ་སྟོང་ཆེན། དགེ་འཕེལ། ཆོས་དོན། བློ་ཚུལ་ རྣམས་ཀྱིས་སྔར་ནས་ཡང་ཡང་བསྐུལ་བ་དང༌། སླར་ཡང་ཤེས་རབ་རྒྱ་མཚོ་སོགས་ཀྱི་རེ་ འདོད་ལྟར་བློ་བཟང་ཆོས་འཕེལ་པས་མདོ་རྒྱུད་ཀྱི་དགོངས་པ་གཞིར་བྱས་ཏེ་བྲི ས་པའོ།། །། 7-1-291 ༄༅། །མན་ངག་བདུད་རྩིའི་སྙིང་པོ་སྐྱེ་དགུ་གསོ་བྱེད་ ཅེས་བྱ་བ་བཞུགས་སོ། ། གཞི་རྒྱུད་དང་པོའི་སངས་རྒྱས་རྟག་པའི་བདག །མི་འགྱུར་བདེ་སྟོང་ཟུང་འཇུག་ལྷུན་ གྱིས་གྲུབ། །གསང་གསུམ་རབ་འབྱམས་མཛད་པ་མཐའ་ཡས་གཏེར། །བླ་མ་རྡོ་རྗེ་འཆང་ལ་ གསོལ་བ་འདེབས། །རྟོན་བཞི་ལྡན་པ་ཤེས་རབ་རྒྱལ་མཚན་དཔལ། །མདོ་སྔགས་བསྟན་ པའི་མངའ་བདག་སྒྲོལ་བའི་མགོན། །མདོ་སྨད་གཞན་སྟོང་གསལ་མཛད་བློ་གྲོས་གྲགས། །རྣམ་གསུམ་ཞབས་རྡུལ་སྤྱི་བོའི་རྒྱན་དུ་བླང། །དལ་འབྱོར་མི་ལུས་རིན་ཆེན་རྙེད་པར་དཀའ། །དེ་ཡང་དཔེ་གྲངས་རྒྱུ་གསུམ་སྒོ་ནས་ནི། །ཐོབ་པར་དཀའ་བ་མདོ་རྒྱུད་གཞུང་མང་ལས། །གསུངས་པའི་དོན་ལ་ངེས་ཤེས་བསྐྱེད་པར་འཚལ། །དལ་བརྒྱད་འབྱོར་བཅུ་ཚངས་བའི་ ལུས་རྟེན་ཞིག །ལེགས་པར་རྙེད་ལ་རྒྱུ་ཚོགས་དུ་མ་དགོས། །རྒྱུ་མ་ཚང་ལ་འབྲས་བུ་མི་འབྱུང་ བ། །དཔེར་ན་དཔྱིད་དུས་འབྱུང་བའི་མྱུ་གུ་བཞིན། །རྙེད་དཀའི་ལུས་རྟེན་བཟང་པོ་ཐོབ་ན་ ཡང་། །འཆི་བདག་དགྲ་ཆེན་འདི་ལ་ངེས་མེད་དེ། །བྱིས་པ་ལོ་གཅིག་རྒན་པོ་ལོ་བརྒྱ་གཉིས། །འཆི་བའི་གོ་རིམ་ནམ་ཡང་ཆ་མ་མཆིས། །མི་ཚེ་ལེ་ལོའི་ངང་ལ་མ་བཏང་བར། །དམ་ཆོས་ རྣལ་མ་སྒྲུབ་ལ་བརྩོན་པར་རིགས། །ཆོས་འདི་སྒྲུབ་འདོད་ཙམ་ཞིག་ཡོད་ན་ཡང་། །ཕྱི་ བཤོལ་ངང་དུ་མི་ཚེ་ཟད་འདིས་བསླུ། །མཚན་ཉིད་ཚང་བའི་བཤེས་གཉེན་དམ་པ་བཙལ། །སྒོ་གསུམ་ཟོལ་མེད་གུས་པས་རབ་བསྟེན་ཏེ། །མདོ་སྔགས་ཟབ་རྒྱས་ཆོས་ཚུལ་མ་ལུས་པ། 7-1-292 །སྐྱེས་ཆེན་གོང་མའི་བརྒྱུད་པ་སེལ་མེད་ཞུས། །དེ་ཡང་ཐོས་པ་ཙམ་དུ་མ་སོང་བར། །དད་ དང་དམ་ཚིག་གཙང་མས་རྒྱུད་གཏམས་ཤིང་། །རྩ་ཐིག་རླུང་རྣམས་གནད་དུ་འབྱོར་བ་ཡི། །གདམས་ངག་ཟབ་མོ་རྒྱུད་ལ་ཁེལ་བར་བྱ། །མན་ངག་རིན་ཆེན་འཇིག་རྟེན་འདིར་དཀོན་པ། །ཟླ་བྲལ་འདི་འདྲ་འཕྲད་པའི་དུས་སྐབས་དེར། །ལོ་བརྒྱའི་ཟ་མ་ལན་གཅིག་དཔེ་ལྟར་དུ། །ལོང་བའི་གླང་མཇུག་གྱིས་ཤིག་རིགས་ཀྱི་བུ། །ཀུན་མཁྱེན་བླ་མ་ཇོ་ནང་ཆོས་རྗེ་ཡིས། །ཚོགས་ཀྱི་སྒོ་ནི་ཐབས་གྲངས་མང་པོས་བསགས། །སྙིང་པོ་བསྡུ་བའི་སྐབས་ཡིན་རྩེ་གཅིག་ ཏུ། །ཟབ་མོའི་དོན་ལ་རེམས་གསུངས་དེ་ལྟར་བརྩོན། །མདོ་སྔགས་ཆོས་ཚུལ་མན་ངག་ཟབ་ མོའི་གཏེར། །འདི་ཉིད་འཛིན་སྐྱོང་སྤེལ་ལ་སྒོ་གསུམ་གྱི། །སྐྱེས་རྩལ་ཅི་ཡོད་འབད་པ་ལྷུར་ ལེན་དང་། །ཕ་རྗེས་བུ་ཡིས་ཟིན་པའི་ཉམས་ལེན་འཚལ། །རྒྱལ་བའི་བསྟན་ལ་མཇལ་བའི་ སྙིང་པོ་ཡང་། །ཁེ་གྲགས་སྙན་པའི་ཕན་པར་མི་འགྱུར་ལ། །གཞན་ཕན་སེམས་མཆོག་བཟང་ པོས་སྣ་དྲངས་ནས། །རང་རྒྱུད་ཆོས་ཀྱི་འདུལ་བ་ཁོ་ནར་ངེས། །སྡིག་ཅན་དག་ནི་ཆོས་ཀྱི་ འདུལ་ན་ཡང་། །ཆོས་དྲེད་ཆོས་ཀྱི་འདུལ་དཀའ་རྒྱལ་བས་གསུངས། །དཔེར་ན་ཀོ་གྱོོང་མར་ གྱིས་ལེགས་པར་ཐུལ། །མར་ལྐོག་གྱོང་བོ་སྣུམ་གྱིས་ཐུལ་མི་སྲིད། །གཞོན་པར་རློམ་པས་ ཁེངས་སེམས་ཆེ་ན་ཡང་། །རྒན་ལ་བརྩི་བཀུར་བྱིས་དམན་བྱམས་བརྩེས་སྐྱོངས། །བླ་མ་ མཆོག་གསུམ་ཕ་མ་ཆོས་གྲོགས་སོགས། །ཡིད་ཆེས་དད་པས་ཅི་གསུང་སྙིང་དུ་ཆོངས། །རང་ གི་འཁྲུལ་སྣང་རང་གིས་མ་བརྟགས་ན། །ཆོས་གཟུགས་འཛིན་ཀྱང་ཆོས་མིན་བྱེད་པ་མང་། །དེ་ཕྱིར་རྟག་ཏུ་རང་གི་འཁྲུལ་སྣང་ལ། །བརྟགས་དཔྱད་བྱེད་པ་དམ་པའི་ཕྱག་སྲོལ་ཡིན། །ཁ་བཤད་མ་ཡིན་ཆོས་ཤིག་བྱེད་འདོད་ན། །ཉིན་མཚན་མེད་པར་བླ་མ་མཆོག་གསུམ་ལ། །དད་པ་རྣམ་གསུམ་སྙིང་གི་དཀྱིལ་དུ་སྒོམས། །ཡིད་འགྱུར་རྩོལ་བྱས་བཅོས་མིན་རྒྱུད་ལ་ བསྐྱེད། །གང་ཞིག་སངས་རྒྱས་ཡིད་ལ་བྱེད་པ་ཀུན། །དེ་ཡི་མདུན་ན་བཅོམ་ལྡན་ཐུབ་དབང་ 7-1-293 བཞུགས། །ཡིད་ཁྱེད་ཤེས་ཀྱིས་བྱིན་རླབས་རྒྱུད་ལ་འཇུག །ཐེ་ཚོམ་བྲལ་ན་ཅི་བསམ་ངང་ གིས་འགྲུབ། །བླ་མ་མཆོག་གསུམ་སྐྱབས་སུ་མི་འཛིན་ན། །དམ་ཆོས་ཀུན་གྱི་རྩ་བ་སྔོན་འགྲོ་ དང་། །ཕྱི་པ་ནང་པའི་ཁྱད་པར་གང་གིས་འབྱེད། །ས་ལམ་ཀུན་གྱི་སྣེ་ཁྲིད་མཆོག་གྱུར་ ལགས། །དད་པ་མེད་པའི་གང་ཟག་ཕོ་མོ་ལ། །རྣམ་དཀར་དགེ་བའི་ཆོས་ཤིག་སྐྱེ་མི་སྲིད། །དཔེར་ན་ས་བོན་མེ་ཡིས་ཚིག་པ་ལས། །མྱུ་གུ་སྣ་ཚོགས་སྐྱེ་བ་ག་ལ་སྲིད། །དཔེ་གྲངས་རྒྱུ་ གསུམ་རྙེད་དཀའི་དལ་རྟེན་འདི། །དོན་མེད་མ་བྱེད་ཆོས་ཀྱི་སྙིང་ནོར་ལོངས། །མངོན་མཐོའི་ རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །དེ་ཕྱིར་ཁྲིམས་སྲུང་མཆོད་སྦྱིན་སོགས་ལ་འབད། །ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་དམྱལ་བའི་གཏིང་རྡོ་ལུས་འདི་ ཡིན། །དགེ་སྡིག་ཀུན་གྱི་ཁོལ་བོ་ལུས་འདི་ཡིན། །དེ་ཕྱིར་ལུས་ངག་ཡིད་གསུམ་དགེ་བར་ བཀོལ། །འཇིག་རྟེན་ནོར་སྲིད་གང་འབད་ཐམས་ཅད་ནི། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་ ཡིན་གཟབ། །དམ་ཆོས་སྒྲུབ་པའི་སྙིང་པོ་མ་ལོན་ན། །དེ་ལས་རྨོངས་དང་བསླུས་པ་གཞན་ མེད་དོ། །ཚེ་ལ་ངེས་པ་མེད་ཅིང་འཆི་རྐྱེན་མང་། །དེ་རིང་ཙམ་ཡང་མི་འཆིའི་གདེང་ཡང་མེད། །ད་ལྟ་ཉིད་ནས་འཆི་བ་ཐོག་བབས་འབྱུང་། །ཚེ་མཐར་ཕྱིན་པའི་འགྲོ་བ་ཉིན་སྐར་ཙམ། །མཐོང་ཐོས་གྱུར་པའི་འགྲོ་བ་ཡོད་དོ་ཅོག །ལོ་བརྒྱར་ཐུབ་པའི་སེམས་ཅན་སྲིད་ཙམ་མོ། །ཕལ་ཆེར་ཉིན་ཚེ་ཉིན་འཁོར་ཞག་འགའ་ཙམ། །འཆི་མི་དགོས་པའི་འགྲོ་བ་གཅིག་ཀྱང་ མེད། །འགའ་ཞིག་ད་ནི་དམ་ཆོས་བྱེད་སྙམ་ཡང་། །ཚེ་ཕྱེད་ཟད་ཅིང་ཚེ་ཕྱེད་ལྷག་ཡོད་ན། ། དེའི་ཕྱེད་གཉིད་ཀྱིས་ནོན་ཅིང་དེའི་ཕྱེད་ཡང་། །མང་ཕྱོགས་ཟས་གོས་རྩོལ་སྒྲུབ་དོན་དུ་གྲོན། །དེ་ལྷག་གང་ཡོད་ཆོས་ལ་འབད་སྙམ་ཡང་། །ལེ་ལོའི་ཕྱི་བཤོལ་བདུད་ཀྱི་དབང་དུ་འགྲོ། །གལ་སྲིད་བརྩོན་པ་དྲག་པོའི་གོ་བགོས་ཏེ། །སྒེག་མོའི་མགོ་ལ་མེ་ཤོར་བཟློག་འདྲ་དང་། །སྡར་མའི་པང་དུ་སྦྲུལ་ལྷུང་བསལ་བ་ལྟར། །མྱུར་བར་མྱུར་བར་དམ་པའི་ཆོས་ལ་དྲིལ། 7-1-294 །སྐད་ཅིག་དལ་བར་སྡོད་པ་གནས་མ་ཡིན། །རྒྱལ་བའི་མཚན་ཙམ་ཐོས་པ་བརྒྱ་ལམ་ནའོ། །ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་ བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་ འབྱུང་། །སྔོན་བསགས་བསོད་ནམས་དཔུང་ཚོགས་མང་འཇོམས་པས། །རྒྱལ་བསྟན་རིན་ ཆེན་མཇལ་བ་ད་རེས་ཙམ། །དམ་ཆོས་མི་བྱེད་འདོད་ཕྱོགས་གང་འཁྱམས་རྣམས། །ནོར་ ཕྱུགས་དུད་འགྲོ་ལས་ཀྱང་ཐ་ཆད་དོ། །སྐྱེས་ནས་དུག་གསུམ་དབང་སོང་ད་ཡན་ཟད། ། འདོད་ལྔ་ཡུལ་གྱིས་དབང་པོ་ལྔ་ཡང་བསླུས། །སྡུག་བསྔལ་འཁོར་བའི་གཞི་མ་ངང་གིས་ འགྲུབ། །ད་ལྟ་ཚེ་ལོ་དྲུག་ཅུར་འཕང་སྲིད་ཀྱང་། །ཉིན་རེར་སོང་བས་འཆི་ལ་ཉེ་བ་དང་། །ཟླ་ རེར་སོང་བཞིན་དེ་ལས་འཆི་བར་ཉེ། །ལོ་རེར་སོང་བས་དེ་ལས་ལྷག་པར་ཉེ། །ཚེ་ལ་ཟད་པ་ སྐད་ཅིག་རྒྱུན་ཆད་མེད། །བསྣོ ན་པ་སྤུ་ཙམ་མེད་པ་མཐོང་བཞིན་དུ། །ད་དུང་རྟག་འཛིན་བྱེད་ པ་ཀྱེ ་མ་ཧུད། །འཆི་བདག་གྲིབ་སོ་བཞིན་དུ་ཚུར་ཚུར་འོང་། །ཚེ་ནི་ཉི་མ་བཞིན་དུ་ཕར་ཕར་ འགྲོ། །འཆི་བདག་གཤིན་རྗེའི་སྒོ་དྲུང་སླེབས་པ་ན། །འཇིག་རྟེན་ནོར་རྫས་བསགས་པ་ ཐམས་ཅད་བསྐྱུར། །བུ་དང་བུ་མོ་ཚ་བོ་གྲོགས་སོགས་བོར། །ཕྱི་སྣོ ད་བདག་འབྲས་ཞིང་ཁང་ མ་ལུས་ལྷག །གཅེས་པར་བསྐྱངས་བའི་ལུས་འདི་བསྐྱུར་ནས་འགྲོ། །དགེ་སྡིག་གང་ བསགས་སྡུག་བསྔལ་བཟོད་མེད་འབྱུང་། །རང་གིས་རང་ལ་ཤ་ཚ་བྱེད་ཤེས་ན། །སྡིག་པ་ སྤངས་ཤིང་དགེ་སྒྲུབ་བྱེད་པ་གལ། །བདག་འཛིན་འགོང་འདྲེའི་གཞི་རྩ་བྱེད་བཞིན་པར། །ཞེ་སྡང་གཙོ་ཆེས་མི་དགེ་བཅུ་སྤྱད་པས། །ཚ་གྲང་ཉེ་འཁོར་དམྱལ་བར་ཡང་ཡང་སྐྱེ། །འདོད་ ཆགས་གཙོ་ཆེས་མི་དགེ་བཅུ་སྤྱད་པས། །ཡི་དྭགས་རིགས་གསུམ་ཡུལ་དུ་སྐྱེ་བའི་རྒྱུ། །གཏི་ མུག་ཤུགས་ཆེས་མི་དགེ་བཅུ་སྤྱད་པས། །དུད་འགྲོའི་རིགས་སུ་སྐྱེ་བའི་རྒྱུ་ཡིན་ནོ། །མི་དགེ་ བཅུ་པོ་སྤངས་པའི་དགེ་བཅུ་བསྒྲུབ། །དེ་འབྲས་མངོན་མཐོ་ལྷ་མིའི་ཡུལ་དུ་སྐྱེ། །དེ་ཕྱིར་དགེ་ 7-1-295 སྒྲུབ་སྡིག་སྤོངས་སོགས་ལ་འབོད། །རྩ་བ་བཞི་དང་ཆང་ལྔ་ཙམ་རེ་ནི། །ཁ་བཤད་མ་ཡིན་ སྙིང་ནས་མ་བསྲུངས་ན། །སེར་མོའི་གཟུགས་ཙམ་འཛིན་པ་དོན་རེ་ཆུང་། །ཉིན་རེ་བཞིན་དུ་ དམ་སྡོམ་དག་ཐེར་མཛོད། །སོ་ཐར་སྡོམ་པའི་དཔག་བསམ་སྡོང་པོ་ལས། །བྱང་སེམས་སྡོམ་ པའི་ཡལ་འདབ་ཕྱོགས་བཅུར་རྒྱས། །གསང་སྔགས་སྡོམ་པའི་འབྲས་བཟང་ཉེ་བར་སྨིན། །སྡོམ་གསུམ་བདུད་རྩིའི་རོ་བཅུད་མྱང་བར་མཛོད། །ཚུལ་ཁྲིམས་རྣམ་པར་དག་པའི་གཞི་ བཟུང་སྟེ། །རྩེ་གཅིག་ཏིང་འཛིན་བརྟན་པོས་དམིགས་རྣམས་སྐྱོངས། །བླང་དོར་འབྱེད་པའི་ ཟབ་རྣོའི་ཤེས་རབ་མཆོག །བསླབ་གསུམ་རྣམ་དག་འཕགས་པའི་ནོར་མཆོག་བསྟེན། །མི་ གཙང་ཁང་བར་དྲི་ཞིམ་འབྱུང་བ་མེད། །འཁོར་བའི་གནས་ནས་བདེ་བ་སྐད་ཅིག་མེད། །ཉོན་ མོངས་དང་འགྲོགས་བདེ་བ་སྐད་ཅིག་མེད། །སྡུག་བསྔལ་ཆད་མེད་ཆུ་བོ་བཞིན་དུ་འབབ། །ཚ་དམྱལ་གྲང་དམྱལ་ཉི་ཚེ་ཉེ་འཁོར་སྡུག །ཡི་དྭགས་དུད་འགྲོ་མི་དང་ལྷ་ལྷ་མིན། །སྐྱེ་རྒ་ན་ འཆི་བསད་གཏུབ་ངལ་དུབ་སོགས། །བསྐལ་པ་གྲངས་མེད་མང་པོར་མྱོང་བ་འདི། །ཉོན་ མོངས་བདག་འཛིན་དགྲ་བོ་འདི་ཡིས་བྱས། །ད་དུང་དེ་ལས་མང་བ་རྗེས་སུ་བྱེད། །ངོ་ཚ་ཚོད་ འཛིན་མེད་པ་སྲིན་རྒྱལ་པོ། །ཁྲི་འབུམ་གྲངས་མེད་ལས་ཀྱང་ཐུ་བ་ཡིན། །མཁའ་ཁྱབ་འགྲོ་ བ་ཡོངས་ཀྱི་དགྲ་ཆེན་འདིས། །དུག་གསུམ་དམག་དཔོན་ཡང་ཡང་ནན་བསྐུལ་བྱེད། །ཉོན་ མོངས་དམག་ཚོགས་ཐམས་ཅད་རབ་ཏུ་དཀྲུགས། །འགྲོ་བདེ་མ་ལུས་གཞི་རྩ་གཏིང་ནས་ བརླག །གཅེས་འཛིན་དགྲ་བོ་མྱུར་བར་མ་བཅོམ་ན། །གཏན་གྱི་བདེ་བ་གང་ལྟར་འགྲུབ་ ལུགས་མེད། །ཁོ་བོའི་དཔུང་ཚོགས་ང་ཡིས་གཞོམ་ཐུབ་ན། །དེ་ལས་ལྷག་པའི་རྒྱལ་ཁ་སྲིད་ འདིར་དཀོན། །ཕ་མར་གྱུར་པའི་འགྲོ་ཀུན་ཡོད་དོ་ཅོག །འདོད་པ་བདེ་སྐྱིད་ཁོ་ན་ལས་ གཞན་མེད། །བདེ་སྐྱིད་འབྱུང་བའི་རྒྱུ་ཚོགས་བསགས་པ་དཀོན། །སྡུག་བསྔལ་ཅུང་ཟད་ཙམ་ ཡང་མི་འདོད་ཅིང་། །སྡུག་བསྔལ་འབྱུང་བའི་རྒྱུ་ལ་རྒྱུན་དུ་སྤྱོད། །བསམ་པ་ལག་ལེན་འགལ་ 7-1-296 བའི་ཟོག་པོ་རྣམས། །བདག་གིས་ཕན་སེམས་བྱམས་བརྩེའི་སྐྱོང་དགོས་པས། །མཁའ་ཁྱབ་ འགྲོ་ལ་ཕན་པའི་གཞི་རྩ་ཡང་། །མདོ་རྒྱུད་བསྟན་བཅོས་གང་གསུང་ཐམས་ཅད་ཀྱང་། །གདུལ་བྱ་སྣ་ཚོགས་བཞིན་དུ་དེ་ལུགས་བསྟན། །གདམས་ངག་ལག་ལེན་དམ་པ་གོང་མ་ཡི། །ཚིག་ཉུང་དོན་བསྡུས་ཡང་ཟབ་གཅིག་ཆོག་འདི། །ཁེ་དང་རྒྱལ་ཁ་ཐམས་ཅད་གཞན་ལ་བྱིན། །གྱོང་དང་བུབ་ཁ་མ་ལུས་རང་གིས་བླང་། །བདག་ལ་དེ་དག་སྡུག་བསྔལ་མ་ལུས་སྨིན། །བདག་དགེ་མ་ལུས་འགྲོ་ལ་སྨིན་པར་ཤོག །བདག་བདེ་གཞན་གྱི་སྡུག་བསྔལ་མ་ལུས་པ། །ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ཉིད་ཡལ་བར་འདོར་པའི་བསམ་པ་ བསྟེན། །གཞན་རྣམས་བདག་བཞིན་སྲུང་བར་བྱ་དགོས་སོ། །གཞན་ཕན་སྲུང་བའི་མཁར་ སྒོ་གཡས་གཡོན་ནས། །དྲན་ཤེས་མདུང་རིང་སྣོ ན་པོ་ཐོགས་ཏེ་སྒུག །ཁོ་བོ་སྒྲིམ་ཚེ་ང་ཡང་ ལྷག་པར་སྒྲིམ། །ནམ་འབྱུང་ཚེ་ན་དྲན་ཤེས་མདུང་རིང་བསྣུན། །བདག་འཛིན་རྨས་པས་ཁོ་ བོའི་དྲེགས་པ་གཞོམ། །གཞན་ཕན་དཔུང་ཚོགས་སྟོབས་བསྐྱེད་དྲེགས་པ་རྒྱས། །ད་ནི་ལྷག་ པར་ཤེས་རབ་ངེས་རྒྱལ་བྱ། །ལྟ་བ་ཇི་ལྟར་མཐོ་བཞིན་རྒྱུ་འབྲས་ཞིབ། །ཉམས་རྟོགས་གོང་ དུ་འཕེལ་བཞིན་ཐོ་ཅོ་ཆུང་། །རང་རྒྱུད་ཇི་ལྟར་དུལ་བཞིན་དག་སྣང་རྒྱས། །ཡོན་ཏན་སྐྱེས་ བཞིན་དམན་ས་ཟིན་པར་ཤོག །ཀུན་རྫོབ་མི་རེ་གདེང་ཆེན་ལྡན་གྱུར་ཀྱང་། །བསོད་ནམས་ ཚོགས་ཆེན་ཅི་ནུས་འབད་པར་བྱ། །འཁོར་བ་དག་ལ་དོགས་པའི་འཇིགས་བྲལ་ཡང་། །སྡིག་ པ་ཕྲ་མོ་དག་ལའང་འཛེམ་པར་ཤོག །བདག་དང་བདག་ལ་ལྟོ ས་པའི་འགྲོ་བ་ཀུན། །ཆོས་ སྲིད་མཐོ་བའི་ཁང་བཟང་ཀ་ལཱ་པར། །ཀུན་མཁྱེན་བླ་མས་དབང་ལུང་མན་ངག་གི །ཟབ་ ཆོས་མ་ལུས་ཇི་བཞིན་གནང་གྱུར་ཅིག །བདེ་སྟོང་ཟུང་འཇུག་གཤེགས་སྙིང་ཡེ་ཤེས་མཆོག །ཇི་བཞིན་མངོན་པས་གཞན་ངོར་ལྷུན་གྲུབ་ཀྱི། །འགྲོ་ཕན་རླབས་ཆེན་ནམ་མཁའི་མཐར་ ཁྱབ་སྟེ། །བཀྲ་ཤིས་དགེ་ལེགས་སེམས་ཅན་དོན་བྱེད་ཤོག །ཅེས་མན་ངག་བདུད་རྩིའི་སྙིང་པོ་སྐྱེ་དགུ་ 7-1-297 གསོ་བྱེད་ཅེས་པ་འདི་ཡང་སྐལ་ལྡན་ལུས་ཅན་རྣམས་ལ་ངག་དབང་ཡོན་ཏན་བཟང་པོས་ཤར་འཛམ་ཐང་བསམ་འགྲུབ་ནོར་ བུའི་གླིང་དུ་སྦྱར་བ་དགེ། སརྦ་མངྒལཾ། 7-1-298