6-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ཆ༽ 6-1-2 དཀར་ཆག དཔལ་རྒྱལ་བ་ཇོ་ནང་པའི་བརྒྱུད་རིམ་དང་སྐུ་གསུང་ཐུགས་རྟེན་བཞེངས་པའི་ ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་རྩི་ཞེས་བྱ་བ། .................༡ <༡> དཔལ་རྒྱལ་བ་ཇོ་ནང་པ་དང་འབྲེལ་བའི་མདོ་སྔགས་ཀྱི་བརྒྱུད་རིམ། ........༢ <༢> སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་བཤད་པ། ..............༩༨ <༣> གནྡྷོ་ལའི་གཙུག་ལག་ཁང་བཞེངས་པའི་ཕན་ཡོན། ...............༡༤༧ རྗེ་བཙུན་སྒྲོལ་མའི་མོ་ཡིག་རྣོ་མཐོང་གཡུ་ཡི་མེ་ལོང་ཞེས་བྱ་བ། ........༡༧༢ གཉིས་པ་ཁ་སྐོང༌། .................................༢༠༢ རྗེ་བཙུན་སྒྲོལ་མའི་ཆོ་ག་གྲུབ་གཉིས་དཔལ་སྟེར་གྱི་ཐིག་ཚོན་དང་ རྩིག་ཐིག་པད་ཚལ་བཞད་བྱེད་ཅེས་བྱ་བ། ....................༢༠༥ དཔལ་དུས་ཀྱི་འཁོར་ལོའི་བརྟེན་པ་ལྷའི་བཀོད་པ་གསལ་བར་ བྱེད་པ་ནོར་བུའི་མེ་ལོང་ཞེས་བྱ་བ། ........................༢༡༩ དུས་ཀྱི་འཁོར་ལོའི་ཕྱག་མཚན་དཔེ་རིས། ....................༢༦༡ མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་བཞིན་བླ་མ་བསྟེན་ཚུལ་ཉུང་བསྡུས་ དད་པའི་པདྨོ་བཞད་པའི་འོད་སྣང་ཞེས་བྱ་བ། ..................༢༦༣ པར་བྱང་སྨོན་ཚིག.................................༣༡༧ བསྒྲིགས་རྗེས་ཀྱི་གཏམ། ..............................༣༡༨ 6-1-3 6-1-4 ༄༅། །དཔལ་རྒྱལ་བ་ཇོ་ནང་པའི་བརྒྱུད་རིམ་དང་སྐུ་ གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སྒྲིབ་ གཉིས་སྦྱང་བའི་བདུད་རྩི་ཞེས་བྱ་ བ་བཞུགས་སོ། ། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག ཆོས་དབྱིངས་མི་འགྱུར་གཟི་འབར་ཉིན་བྱེད་ འོད། །རྣམ་འཕྲུལ་སྣ་ཚོགས་སྲིད་མིན་སྲིད་པར་ངོམ། །སྐུ་བཞི་ཞིང་ཁམས་རབ་འབྱམས་རྒྱ་ མཚོའི་དཔལ། །དུས་ལས་ཡོལ་མིན་དང་པོའི་སངས་རྒྱས་རྒྱལ། །ཆོས་སྐུ་གཅིག་ལས་རྒྱལ་ ཀུན་མཛད་བཟང་འཆར། །རང་སྣང་ཞིང་དང་འོག་མིན་གནས་མཆོག་སོགས། །རྣམ་བཀོད་ འདྲ་མིན་འཛམ་གླིང་བྱེ་བར་ཡང༌། །ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱར་དུས་ཀུན་ངོམ། །རྒྱལ་སྲས་ གསང་བདག་བརྩེ་ཆེན་འཕགས་མཆོག་དང༌། །རྡོ་རྗེ་སྙིང་པོ་ལ་སོགས་སེམས་དཔའ་ཆེ། །མི་ ཕམ་ཀླུ་སྒྲུབ་ཐོགས་མེད་སྐུ་མཆེད་དང༌། །ཨཱརྱ་དེ་ཝ་ཙནྡྲ་གོ་མིར་འདུད། །རྒྱལ་ཚབ་སེམས་ དཔའ་མཆོག་གི་བཞེད་དགོངས་དགོངས་པ་ཇི་བཞིན་དུ། །ཀུན༵་ནས་མཁྱེན༵་པའི་ཤེ༵ས་ རབ༵་རྣམ་ངེས་ངེས་དོན་བསྟན་པའི་བདག །རྟག་བརྟན་སྙིང་པོའི་ལེགས་ལམ་རྒྱ༵ལ་མཚ༵ན་ མཚན་སྙན་རྒྱས་མཛད་རྗེ། །གངས་ལྗོངས་དཔ༵ལ་དུ་སྔོན་མེད་སྲོལ་བཟ༵ང་བཟང་པོ༵་སྤེལ་ བྱེད་མགོན། །གང་གི་ལུགས་བཟང་འཛིན་ལ་ཟླ་མེད་པ། །མདོ་སྔགས་ཟབ་དགོངས་ངེས་ 6-1-5 དོན་མཐར་ཐུག་ཏུ། །དྲི་བྲལ་ལུང་རིགས་ལམ་ནས་རྒྱས་མཛད་གཉེན། །ཟབ་གསང་མངའ་ བདག་ཏཱ་ར༵་ནཱ༵་ཐར༵་གུས། །རབ་འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ངེས། །ངེས་དོན་དབུ་ མ་གཞན་སྟོང་སླར་གསལ་མཛད། །མཛད་སྤྱོད་བཟང་པོས་འཛམ་གླིང་རྫོགས་ལྡན་ཞིང༌། །ཞིང་ཁམས་ལྟར་མཛད་བློ་གྲོས༵་གྲག༵ས་པར༵་འདུད། །མི་བཟོད་སྲིད་པའི་བཙོན་ཁང་ར་བ་ རུ། །ཉམ་ཐག་འགྲོ་མང་མགོན་མེད་གཏན་འཁྱམས་རྣམས། །ཐུགས་རྗེ་ལྕགས་ཀྱུས་འདྲེན་ བྱེད་བཀའ་འབུམ་གནང༌། །དར་ཁྱབ་ཕྱིར་དུ་མང་སྤེལ་ཕན་ཡོན་བསྒྲགས། ། སྐབས་འདིར་ཆུ་སྐྱེས་སྣ་ཚོགས་བཞད་པའི་ཕྲེང་བ་བསྒྲིགས་པ་ལྟ་བུའི་ཚིག་ཕྲེང་སྒྲ་ འཛིན་གྱི་དབང་པོ་འདྲེན་པའི་སྙན་ཚིག་གིས་མདུན་བསུས་ཏེ། དཔལ་རྒྱལ་བ་ཇོ་ནང་པའི་ བརྒྱུད་རིམ་དང་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་ རྩི་འཆད་པར་བྱེད་པ་ལ། དཔལ་རྒྱལ་བ་ཇོ་ནང་པའི་བརྒྱུད་རིམ་བཤད་པ་དང༌། སྐུ་གསུང་ ཐུགས་རྟེན་བཞེངས་པའི་ཕན་ཡོན་བཤད་པ་གཉིས་ལས། ༡ དཔལ་རྒྱལ་བ་ཇོ་ནང་པ་དང་འབྲེལ་བའི་མདོ་སྔགས་ཀྱི་བརྒྱུད་རིམ་བྱུང་ཚུལ། ལྷ་མི་འགྲོ་བ་མ་ལུས་པའི་སྟོན་པ་རྣམ་འདྲེན་བཞི་པ་ཆེན་པོས་སྔོན་བྱང་ཆུབ་མཆོག་ཏུ་ ཐུགས་བསྐྱེད་སྐབས་བསྐལ་བཟང་སྒྲོན་མེ་སྟོང་ལས་མེ་ཏོག་ཟླ་མདོག་དཀར་པོའི་ཆར་བབ་ པ་ལྟར་ཐུགས་བསྐྱེད་ཁྱད་པར་དུ་འཕགས་པ་གང་གིས་རིང་མོའི་དུས་ནས་འགྲོ་བ་མ་ལུས་ པ་སྡུག་བསྔལ་ལས་བསྒྲལ་བའི་ཁུར་ཆེན་པོ་ཉེ་བར་ལྷུར་བླངས་ཏེ། རླབས་པོ་ཆེའི་ཐུགས་ བསྐྱེད་རྒྱ་ཆེ་བའི་ཕུལ་བྱུང་ཡ་མཚན་པའི་དམ་བཅའ་ཀུན་ལེགས་པར་མཐར་ཕྱིན་ཏེ། བླ་ མེད་བྱང་ཆུབ་ཀྱི་གོ་འཕང་བདག་གིར་བཞེས་ནས། འོག་མིན་ངེས་པ་ལྔ་ལྡན་གྱི་ཞིང་གཙོ་ ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ་གྱི་བཀོད་པ་ཆེན་པོས་རབ་འབྱམས་འཇིག་རྟེན་གྱི་ཁམས་ 6-1-6 ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་ཅིག་ཅར་བའི་གང་འདུལ་གྱི་མཛད་པ་མཐའ་ཡས་པ་ལས་ མི་མཇེད་འཇིག་རྟེན་འདིར་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་རོལ་ཏེ། རྒྱ་གར་འཕགས་པའི་ ཡུལ་དུ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཟས་གཙང་གི་སྲས་སུ་འཁྲུངས་ཏེ། གདུལ་བྱ་ཐུན་མོང་ གི་ངོར་སྲིད་པ་ཐ་མ་བའི་བྱང་སེམས་ཚོགས་ལམ་ཆེན་པོ་པའི་ཚུལ་གྱིས་ཐོག་མར་རྒྱལ་སྲིད་ བསྐྱངས། དེ་ནས་རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་དེ། མཐར་སྲོད་ལ་བདུད་བཏུལ། གུང་ ལ་མཉམ་པར་བཞག་པས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་མཚན་མོ་གཅིག་གིས་ བགྲོད་ནས་ཐོ་རངས་རྒྱལ་རྔ་རྡུང་བའི་སྐབས་སུ་རང་སྟོབས་ཀྱིས་ཟད་མི་སྐྱེ་མཁྱེན་པའི་ཡེ་ ཤེས་མངོན་དུ་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དབང་བའི་ཚུལ་གྱིས། གདུལ་བྱ་ རིགས་ཅན་གསུམ་རིམ་གྱིས་བསྟན་པ་ལ་ཉེ་བར་གཞུག་པའི་ཆེད་དུ་བཀའ་འཁོར་ལོ་རིམ་ པ་གསུམ་ལེགས་པར་བསྐོར་བ་སྟེ། དེ་ལས་འཁོར་ལོ་ཐ་མའི་རྗེས་འབྲང་གི་ངེས་དོན་དབུ་ མ་ཆེན་མོ་གཞན་སྟོང་པའི་ཚུལ་བྱུང་བ་དཔལ་ལྡན་ནགས་སྨན་རྒྱལ་མོའི་སྒྲུབ་གནས་སུ་ཆོས་ སྡེ་བཏབ་པ་ལས་བྱུང་བའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་སྡེ་གང་དག་ལ། དཔལ་ལྡན་ ཇོ་ནང་པ་སྟེ་བོད་འདིར་ཕྱག་རྫོགས་དབུ་གསུམ་དུ་གྲགས་པ་ལས་དབུ་མ་ཉིད་དོ། །དབུ་མ་ པ་ལ་རང་སྟོང་དང་གཞན་སྟོང་གཉིས་སུ་ཡོད་པའི་ནང་གི་ཕྱི་མ་ཡིན་ནོ། ། དེ་ལྟ་བུའི་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་པའི་རང་ལུགས་འཛིན་ པ་དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས། འཕགས་ཡུལ་དུ་ཇི་ལྟར་དར་ཚུལ་དང༌། གངས་ ལྗོངས་སུ་ཇི་ལྟར་བྱུང་བའི་ཚུལ་བཤད་པ་གཉིས་ལས། དང་པོ་ལ། མདོ་ཕྱོགས་ནས་རིམ་ པར་བརྒྱུད་ཚུལ་དང༌། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་གཉིས་ལས། དང་པོ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དབང་ དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ཚུལ་ཡང༌། མདོ་ལང་ 6-1-7 ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་ བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་གསུངས་ པ་ལྟར། འཇིག་རྟེན་ན་སྨན་པ་མཁས་པས་ནད་པ་དག་གི་ཁམས་བརྟགས་ནས་རང་རང་ལ་ འཕྲོད་པའི་སྨན་སྟེར་བ་ལྟར་ཐམས་ཅད་མཁྱེན་པས་གདུལ་བྱ་ཐ་འབྲིང་རབ་ཀྱི་དབང་པོ་ དང་འཚམ་པར་སྣོད་བཅུད་སེམས་ཀྱི་དབང་གིས་བྱུང་ཚུལ་དེ་ལུགས་ཀྱི་རིམ་པ་ལྟར་བསྟན་ པས་གདུལ་བྱ་དེ་དག་རིམ་གྱིས་བསྟན་པ་ལ་འཛུད་པར་མཛད་དོ། །ཐེག་དམན་གྱི་ཆོས་བྱུང་ ཚུལ་དེ་དག་གི་ཚུལ་མདོ་ཙམ་བཤད་ན། སྤྱིར་སྟོན་པས་ཐེག་དམན་རིགས་ཅན་གྱི་གདུལ་བྱ་ དབང་པོ་ཐ་མ་རྣམས་དང༌། ཐེག་ཆེན་རིགས་ཅན་གྱི་གདུལ་བྱ་དབང་པོ་ཞན་པ་དང༌། འབྲིང་ དང༌། རབ་ཀྱི་རིམ་པ་རྣམས་ལ་ཁམས་དབང་བཞིན་སྣོད་བཅུད་གང་དག་ལས་ཉོན་གྱིས་ བསྐྱེད་པ་ཙམ་དང༌། སེམས་ཀྱི་བག་ཆགས་བརྟན་པོའི་དབང་གིས་བྱུང་བ་དང༌། ཆོས་ཀུན་ རྟེན་ཅིང་འབྲེལ་འབྱུང་མིང་རྐྱང་བཏགས་ཡོད་ཙམ་དང༌། ཁྱད་པར་ཀུན་རྫོབ་ཀྱི་ཆོས་ཁོ་ན་ བདེན་པར་མེད་པའི་ཚུལ་གྱིས་གསུངས་ཤིང༌། ཆོས་ཀུན་གྱི་གནས་ལུགས་ཡང་གདུལ་བྱ་ དེ་དག་གི་རིམ་པས་གང་ཟག་དང༌། ཆོས་གང་དག་རྟག་གཅིག་རང་དབང་བ་དང༌། རང་རྐྱ་ ཐུབ་པའི་རྫས་མེད་པ་དང༌། གཟུགས་སོགས་ཕྱི་དོན་དང༌། སྒྲ་རྟོག་གི་འཇུག་ཞེན་གྱི་གཞིར་ རང་མཚན་གྱིས་མ་གྲུབ་པ་དང༌། ཆོས་ཀུན་བདེན་པར་མེད་ཅིང་གནས་ལུགས་སྟོང་པ་ནམ་ མཁའ་ལྟ་བུ་དང༌། དོན་དམ་པའི་ཡོངས་གྲུབ་ཆོས་ཉིད་རྣམ་པ་ཐམས་ཅད་པ་ནམ་ཡང་འགྱུར་ བ་མེད་པའི་ཚུལ་གྱིས་ལེགས་པར་བསྟན་པས་གདུལ་བྱ་རང་རང་གི་བློ་ཚོད་ཀྱིས་ཇི་ལྟར་ ཁོང་དུ་ཆུད་ནུས་པ་དེ་ལྟར་བདེན་པ་གཉིས་ཀྱི་རྣམ་གཞག་བཀའ་འཁོར་ལོ་གསུམ་གྱིས་རིམ་ པར་གསུངས་པ་སྟེ། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་པ་བཞི་རྣམ་པར་ཕྱེ་ 6-1-8 བའི་ཆོས་ཀྱི་འཁོར་ལོ་སོ་ཐར་གྱི་མདོ། འདུལ་ལུང་སྡེ་བཞི། ལས་བརྒྱ་པ། རྟེན་འབྲེལ་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་སྡོམ་པ་ལྔ་བཅུ་ཙམ་གྱིས་ མཚོན་ཐེག་དམན་གྱི་སྡེ་སྣོད་དཔག་ཏུ་མེད་པའི་ཆོས་འཁོར་བསྐོར་བ་དེ་དག་ནི་བླ་ན་མཆིས་ པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་པར་དགོངས་ འགྲེལ་ལས་གསུངས་སོ། ། ཐེག་ཆེན་གྱི་ཆོས་བྱུང་ཚུལ། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་རྒྱ་གར་དུ་སྟོན་པས་ ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། ཐེག་ཆེན་གྱི་ཆོས་ རྒྱ་གར་འཕགས་པའི་ཡུལ་དུ་ཐོག་མ་བྱུང་ཚུལ། དང་པོ་རྒྱུ་ཕར་ཕྱིན་ཐེག་པ་བཀའ་བར་བ་ དང༌། ཐ་མ་གཉིས་སུ་གསུངས་པ་ཡང༌། ཡུལ་བྱ་རྒོད་ཕུང་རི་སོགས་སུ་གདུལ་བྱ་ཐེག་ཆེན་ དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་བཀའ་བར་བ་མཚན་ཉིད་མེད་པ་ གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ལོ། ཡུམ་རྒྱས་འབྲིང་བསྡུས་གསུམ་ སོགས་ཤེར་ཕྱིན་གྱི་མདོ་གྲངས་ བཅུ་བདུན་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཡས་པའི་ཆོས་འཁོར་བསྐོར་བ་དེ་ཡང་བླ་ན་ མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་པར་ དགོངས་འགྲེལ་ལས་གསུངས་སོ། །ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་དབང་པོ་རབ་ ཀྱི་མཐར་ཐུག་པ་ཐེག་ཆེན་རིགས་ཅན་རྒྱལ་སྲས་བྱམས་པ་དང་འཇམ་དབྱངས་ལྟ་བུ་དག་ གི་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ལེགས་པར་གསལ་བྱེད་ངེས་ དོན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ངེས་དོན་མདོ་མཆོག་དག་ནི་ ཤེར་ཕྱིན་ཉི་ཁྲི་ལྔ་སྟོང་པའི་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པ། མདོ་དགོངས་ 6-1-9 པ་ངེས་པར་འགྲེལ་པ། ལང་ཀར་གཤེགས་པའི་མདོ། རྒྱན་སྟུག་པོ་བཀོད་པ། མདོ་སྡེ་ཕལ་ བོ་ཆེ་རྣམས་སུ་ཐུན་མོང་དང་གོ་བསྟུན་ནས་བཤད། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། དཔལ་ཕྲེང་སེང་གེ་ང་རོས་ཞུས་པའི་མདོ་ལ་སོགས་པ་འཕགས་པ་དཀོན་མཆོག་བརྩེགས་ པའི་ནང་ཚན་འགའ་ཞིག་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང༌། འཕེལ་བ་དང་འགྲིབ་པ་ མེད་པར་བསྟན་པའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་དང༌། གསེར་འོད་ དམ་པའི་མདོ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། ཡོན་ཏན་དང་ཡེ་ཤེས་ བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ། སོར་མོའི་ཕྲེང་ལ་ཕན་པའི་མདོ་དང༌། འཕགས་ པ་སྤྲིན་ཆེན་པོའི་མདོ། འཕགས་པ་དཀོན་མཆོག་སྤྲིན། འཕགས་པ་རྔ་བོ་ཆེའི་ལེའུ་ཞེས་བྱ་ བའི་མདོ། མྱང་འདས་ཆེན་པོའི་མདོ། སྟོང་གསུམ་དར་ཡུག་གི་མདོ། རབ་ཏུ་ཞི་བ་རྣམ་ངེས་ ཀྱི་ཏིང་ངེ་འཛིན་གྱི་མདོ་ལ་སོགས་པ་རྣམ་གྲངས་ཉེར་གཅིག་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ ཀླས་པ་གསུངས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་གང་དེ། བླ་ན་མ་མཆིས་པ། སྐབས་མ་ མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་ རང་གི་དགོངས་པ་ལེགས་པར་འགྲེལ་ཚུལ་གྱིས་དཔལ་གྱི་མགུར་ནས་བཀའ་བསྩལ་པའོ། །དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། སེམས་ཙམ་ ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་རྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་ བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་ པ་ལྟར། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ ཙམ་དུ་ཤེས་ནས་ཕྱི་དོན་མེད་པར་གཏན་ལ་ཕབ། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་ གཏན་ལ་ཕབ་སྟེ། སེམས་ཙམ་གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་ 6-1-10 བདེན་ཞེན་བཟློག་ནས་དངོས་སྨྲས་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་ སྤྲོས་བྲལ་གྱི་རང་བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ ཐུག་དོན་དམ་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས། བདེན་ མེད་སྤྲོས་བྲལ་གྱི་ཆ་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ཁམས་ མཐར་ཐུག་གི་ཆོས་ཉིད་འོད་གསལ་དབྱིངས་ཡེ་ཟུང་འཇུག་ངེས་པ་དོན་གྱི་ཆོས་ཉིད་འོད་ གསལ་བདེ་གཤེགས་སྙིང་པོ་ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་པའི་ཆོས་ཀྱི་མཛོད་ཆེན་ པོ་འདི་ནམ་ཡང་མཐོང་ཚུལ་མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་དོན། རྒྱན་སྟུག་པོ་ བཀོད་པའི་མདོ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་བྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་ རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་ དུ་འགྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར། ཉི་ཟླའི་རིགས་ཀྱི་ནོར་བུ་ལ་ཉི་ཟླའི་ འོད་ཀྱིས་ཕོག་པས་རང་འོད་ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་བརྟེན་ནས་ རིགས་ཁམས་བདེ་གཤེགས་སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་ཟག་མེད་ཡེ་ཤེས་ཀྱི་ ཆོས་མཐའ་ཡས་པའི་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་རབ་འབྱམས་སྣང་བའི་ཆོས་ཀྱི་གཏེར་ མཛོད་ཆེན་པོ་མངོན་དུ་གྱུར་པའི་ཚུལ་འདི་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་ལེགས་པར་ གྲུབ་ཕྱིར་ངེས་དོན་དབུ་མ་ཆེན་པོའི་ཆོས་ཀྱི་ཁུངས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་འདི་གའོ། ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ་ནི། སྟོན་པའི་ཆོས་འཁོར་གསུམ་པོ་བསྐོར་རྗེས་སུ་ མི་རིང་བ་ན་ཐུན་མོང་ངོར་ཐེག་ཆེན་གྱི་སྡེ་སྣོད་རྣམས་ལྷ་ཀླུ་སོགས་ཀྱིས་རང་རང་གི་གནས་ སུ་སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་བཞུགས་ལ། ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་ 6-1-11 དགེ་སྦྱོང་གི་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་འཕགས་ཚོགས་ཀྱི་སྡེ་བསམ་མི་ཁྱབ་པ་ བྱུང་ཞིང༌། རྒྱལ་བ་མྱ་ངན་ལས་འདས་རྗེས་སུ་དགྲ་བཅོམ་འོད་སྲུང་ཆེན་པོས་ཐེག་དམན་གྱི་ བཀའ་བསྡུ་དང་པོ་མཛད་ནས་གཏད་རབས་གཉིས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་པ་ ནས་བཟུང་སྟེ་རིམ་བཞིན། གསུམ་པ་ཤ་ནའི་གོས་ཅན། བཞི་པ་ཉེ་སྦས། ལྔ་པ་དྷཱི་ཏི་ཀའདིའི་ དུས་སུ་ཡུལ་ཡངས་པ་ཅན་པའི་དགེ་སློང་དག་གིས་མི་རུང་བའི་གཞི་བཅུ་སྤྱོད་བཞིན་གཞི་དེ་ དག་སྟོན་པའི་བསྟན་པ་ཡིན་པར་བསྒྲགས་སྐབས་དགྲ་བཅོམ་གྲགས་པ་སོགས་དགྲ་བཅོམ་ པ་བདུན་བརྒྱས་དེ་སུན་ཕྱུང་སྟེ་བཀའ་བསྡུ་གཉིས་པ་མཛད། དེ་ནས་གཏད་རབས་དྲུག་པ་ ནག་པོ་པ། བདུན་པ་ལེགས་མཐོང་གཉིས་ཀྱིས་བསྟན་པ་རིམ་བཞིན་བསྐྱངས་རྗེས་རིང་ཞིག་ གི་སྐབས་སུ། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་དཔལ་གྱི་སྤྲུལ་པའི་ དགེ་སློང་གིས་ཐེག་པ་ཆེན་པོའི་ཆོས་བསྟན་གླེགས་བམ་ཞིག་ཀྱང་བཞག་གོ། །ཞེས་བྱུང་བ་ ནི་མདོ་ལུགས་པས་ཤེར་ཕྱིན་བརྒྱད་སྟོང་པ་དང༌། སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་འདུས་ པ་ཡིན་ཟེར་ཏེ། འདི་སྐབས་སྔར་སྟོན་པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་ གཞན་ན་བཞུགས་པ་ལས་ཅི་རིགས་མི་ཡུལ་དུ་སླར་ཡང་དར་བའི་ཐོག་མ་ཡིན་གསུངས། འདིའི་སྔ་ཕྱི་ཅི་རིགས་སུ་དགེ་སློང་ལྷ་ཆེན་པོ་དང༌། བཟང་པོ་གཉིས་རིམ་པར་བྱུང་སྟེ་ལོག་ པའི་གཞི་ལྔ་སོགས་བསྒྲགས་ནས་བསྟན་པ་ལ་རྩོད་གཞི་བཞགདེ་རྗེས་ཀླུ་དང༌། ཡིད་བརྟན་ གཉིས་ཀྱང་རིམ་བཞིན་བྱུང་ནས་ལོག་པའི་རྗེས་སུ་ཞུགས་ཤིང་བསྟན་པ་དཀྲུགས་ཏེ་རྩོད་པ་ བྱུང་ནས་རིམ་བཞིན་ཐེག་དམན་གྱི་སྡེ་བཞི་དང་བཅོ་བརྒྱད་དུ་སོ་སོར་གྱེས་ཤིང་འབྲས་བུ་ ཐོབ་པའང་ཤིན་ཏུ་ཉུང་བའི་སྐབས་སུ་དགྲ་བཅོམ་པ་དང༌། སྡེ་སྣོད་འཛིན་པའི་བཙུན་པ་དུ་ མས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ། ཉན་ཐོས་སྡེ་བཅོ་བརྒྱད་ཀྱི་ལུགས་བསྟན་ པ་རྣམ་དག་ཏུ་བསྒྲུབས་ཤིང༌། མདོ་དང་མངོན་པ་སྔར་ཡི་གེ་མ་འཁོད་པ་རྣམས་ཡི་གེར་ 6-1-12 བཀོད། འཁོད་པ་རྣམས་ལ་དག་ཐེར་བྱས་སོ། །འདིའི་གོང་ཞིག་ཏུ་ཁ་ཆེའི་གནས་བརྟན་ འཁོར་དགེ་སློང་ལྔ་སྟོང་དང་བཅས་བྱོན་པའང་མདོ་སྡེ་བའི་ཐོག་མའོ། ། ཐེག་དམན་བཀའ་བསྡུ་གསུམ་པའི་འོག་ཞིག་ཏུ་སླར་ཡང་ཐེག་ཆེན་གྱི་ཆོས་སྨྲ་བའི་ བཙུན་པ་ཨ་བི་ཏརྐ་སོགས་ལྔ་བརྒྱ་ཙམ་བྱོན་ཏེ། གནས་སོ་སོ་ནས་མདོ་སྡེ་མང་པོ་སྤྱན་ དྲངས་པའི་ཚུལ་གྱིས་སླར་ཡང་དར་བར་མཛད་ཅིང༌། ཐེག་ཆེན་སྡེ་བ་དངོས་སྨྲ་བའི་སེམས་ ཙམ་པའི་ལུགས་ཀྱང་འདི་ནས་བྱུང༌། དེ་རྗེས་དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་ གྲུབ་ཆེན་བརྒྱད་ཅུའི་སྤྱི་མེས། སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་ཞེས་བྱ་བ་ཡུལ་ ཨོ་ཊི་བི་ཤར་འཁྲུངས། རིགས་ནི་བྲམ་ཟེ། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་ པ་དང༌། རིག་པའི་གནས་བཅོ་བརྒྱད་བརྟག་པ་བརྒྱད་ལ་སོགས་པ་ཐམས་ཅད་ལ་མཁས་ པར་གྱུར། བྲམ་ཟེཁྱེའུ་ལྔ་བརྒྱ་ལ་གསང་ཚིག་ཀློག་པར་བྱེད་ཅིང་ཡོད་པའི་སྐབས་སུ། རྡོརྗེ་ རྣལ་འབྱོར་མ་ཆང་འཚོང་མའི་གཟུགས་ཀྱིས་འོངས་ནས་སློབ་དཔོན་ལ་དོན་དམ་ཡེ་ཤེས་ ཀྱི་བདུད་རྩི་རྣམ་པ་མྱོས་བྱེད་ཀྱི་གཟུགས་སུ་བརྫུས་ནས་ཡང་དང་ཡང་དུ་བསྩལ་བས། རྣམ་ པར་རྟོག་པ་མེད་པར་གསོལ་བ་ན། ནང་དུ་ཏིང་ངེ་འཛིན་མཆོག་བརྙེས་ཀྱང༌། བྲམ་ཟེའི་ རིགས་ཉམས་པར་བྱས་ཞེས་ཡུལ་སྡེའི་དམའ་དབབ་ནས་གྲགས་པ་ངན་པ་བྱུང༌། དེར་བྲམ་ ཟེ་རྣམས་ཀྱིས་དམའ་དབབ་པའམ་སྐྱོན་བརྗོད་པར་འདོད་པ་ལ། སློབ་དཔོན་ནི་ནང་གི་རྣལ་ འབྱོར་གྱི་མཐུས་ནུས་པ་རྙེད་པ་ཡིན་པས། བྲམ་ཟེརྣམས་ལ་ཆང་སྐྱུག་པའི་སྦྱོར་བ་མཛད། རྡོ་ ཆེན་པོ་མཚོའི་སྟེང་དུ་འཕངས་ཏེ། གལ་ཏེ་ངས་ཆང་འཐུང་ན་རྡོ་འདི་མཚོའི་ནང་དུ་བྱིང་བར་ གྱུར་ཅིག ཅི་སྟེ་ཁྱེད་རྣམས་ཀྱིས་འཐུང་ལ། ངས་མ་འཐུང་ན་རྡོ་འདི་མཚོའི་སྟེང་དུ་འཕྱོ་བར་ གྱུར་ཅིག ཅེས་གསུངས་པས། རྡོ་དེ་འཕངས་པས་ཆུའི་སྟེང་དུ་འཕྱོ་བར་གྱུར་ཏོ། །དེར་བྲམ་ཟེ་ རྣམས་ནུས་པས་ཚར་བཅད་ནས་ཡུལ་དབུས་སུ་སོང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་ 6-1-13 བྱུང༌། རིམ་གྱི་དགེསློང་སྡེ་སྣོད་གསུམ་འཛིན་པ་ཆེས་མཆོག་ཏུ་གྱུར་ཏོ། །སློབ་དཔོན་འདིའི་ མཁན་པོ་ནི། གནས་བརྟན་ནག་པོ་ཞེས་བྱ་བ་ཡིན། དེའི་མཁན་པོ་བཙུན་པ་རྟ་སྐད་ཅེས་བྱ། དེའི་ཡང་མཁན་པོ་ཉེར་སྦས་ཡིན་ཞེས་བླ་མས་གསུངས་ཀྱང་མཁན་བརྒྱུད་རྙིང་བ་འདི་དག་ བརྟགས་པར་དཀའ་འོ། །བོད་ཀྱི་སྡོམ་བརྒྱུད་ལ་ནི་སྲས་སྒྲ་གཅན་འཛིན་གྱི་དངོས་ཀྱི་སློབ་མ་ ཡིན་པར་གྲགས་ནའང༌། དཔྱད་པ་མེད་པར་བཞག་ན་ལེགས་སོ། ། དེ་ནས་རྒྱ་གར་ནཱ་ལེནྡྲའི་མཁན་པོར་གྱུར། བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཅིང་ཐེག་པ་ ཆེན་པོའི་མདོ་སྡེ་ཆེས་དར་རྒྱས་སུ་གྱུར་པ་ཡང༌། སློབ་དཔོན་འདིའི་དུས་ཡིན་པར་གྲགས། དེ་ནས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བར་དགོངས་ཏེ། ཐུགས་མཚན་མ་མེད་པའི་ཏིང་ ངེ་འཛིན་ལས་མ་གཡོས་བཞིན་དུ་ཡུལ་སྣ་ཚོགས་སུ་རྒྱུ་བ་ན་མཐར་གྱིས་ལྷོ་ཕྱོགས་མ་ར་ཧ་ ཊ་ཞེས་བྱ་བར་བདག་ཉིད་ཀྱི་རྒྱུད་གྲོལ་བར་བྱེད་པ་ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་ བུ་མོའི་ཚུལ་ཅན་ཞིག་གཟིགས་ཏེ། དེའི་མདའ་སྲོང་བ་ལ་སོགས་པས་ཀྱང༌། གནས་ལུགས་ ཀྱི་དོན་བརྡ་ཐབས་ཀྱིས་མཚོན། ངོ་སྤྲད་པ་བཞིན་དུ་གྱུར་ཏེ། ཆོས་ཉིད་མངོན་སུམ་དུ་གཟིགས་ཤིང་མདའ་མཁན་གྱི་བུ་ མོ་དེ་ཉིད་ཕྱག་རྒྱར་ཁྲིད་ནས། ཡུལ་སྣ་ཚོགས་སུ་རྒྱུ་ཞིང་མདའ་བཟོ་བའི་བྱ་བ་མཛད། ཡེ་ ཤེས་གོང་ནས་གོང་དུ་འཕེལ་བས་མཚན་ཡང་ས་ར་ཧ་སྟེ། མདའ་བསྣུན་ཞེས་གྲགས། སྔོན་ དགེ་འདུན་ཐམས་ཅད་ཀྱི་གནས་བརྟན་ཡིན་པས་ཡུན་རིང་པོའི་བར་མ་མཐོང་སྟེ། རྒྱལ་པོ་ ལ་སོགས་པ་སྐྱེ་བོ་མཐའ་ཡས་པ་ཞིག་གིས་བལྟ་བར་འོངས་ཤིང༌། འཕྱ་སྨོད་བྱེད་པས། སློབ་ དཔོན་མདའ་སྲོང་བཞིན་དུ། ཀྱཻ་ལགས་ང་ནི་བྲམ་ཟེ་སྟེ། །སྨིག་མཁན་མོ་དང་ལྷན་ཅིག་སྤྱོད། །རིགས་དང་རིགས་མིན་ངས་མ་མཐོང༌། །དགེ་སློང་མགོ་བྲེག་བརྟུལ་ཞུགས་འཛིན། །ཆུང་ མར་བཅས་ཏེ་ལྷན་ཅིག་ཏུ། །ཆགས་དང་ཆགས་བྲལ་དཔེར་ཡོད་མིན། །མི་གཙང་འདིར་ནི་ 6-1-14 རྣམ་རྟོག་སྟེ། །འདི་ལྟར་གཞན་གྱིས་མི་ཤེས་སོ། །སྦྲུལ་གདུག་ལྟ་བུའི་སྐྱེ་བོ་ནི། །ཞེས་སོགས་ དོ་ཧ་རྡོ་རྗེའི་གླུ་མང་དུ་བླངས་པས། དེལྟར་ཐོས་པ་ཙམ་གྱིས་རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ ལྔ་ནི་གནས་ལུགས་ཀྱི་དོན་མངོན་སུམ་དུ་མཐོང༌། ལུས་ཀྱང་རིག་པ་འཛིན་པར་གྱུར་ནས་ རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང༌། མཐར་གྱིས་མི་སྣང་བར་གྱུར་སྐད། གཞན་ཡང་ ཕྱག་རྒྱ་ཆེན་པོས་སེམས་རྣལ་དུ་མཚོན་པ་ནི་བརྒྱ་སྟོང་དུ་མ་ཞིག་བྱུང་བས་ཕྱོགས་ཐམས་ཅད་ དུ་སློབ་དཔོན་འདིའི་སྙན་གྲགས་ཀྱིས་ཁྱབ་པར་གྱུར། འགྲོ་བ་མང་པོའི་དོན་མཛད་ནས་སྐུ་ ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་གསུངས། འདི་ནི་བོད་རྣམས་ དང་མཐུན་པར་བྱས་པ་ཡིན། ཕྱིས་སངས་རྒྱས་ཐོད་པའི་ཟིན་བྲིས་རྒྱ་དཔེ་འཐོར་བུ་གཅིག་ ན། བར་དུ་རབ་ཏུ་བྱུང་བའི་སྐོར་དེ་མེད་ཅིང༌། བྲམ་ཟེ་སྒྲ་གཅན་འཛིན་དང༌། གནས་བརྟན་ སྒྲ་གཅན་འཛིན་གཉིས་ཐ་དད་པར་འདོད་པའང་སྣང༌། མི་ཉག་ལོ་ཙཱ་བའང་དེ་བཞིན་འདོད་ པར་མངོན་ཏེ་དེ་ངོས་མི་འཐད་རྒྱུའང་མེད་དོ། །དེའི་སློབ་མ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན། དེ་ ཡང་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ བྱོན་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ཀུན་དགའ་བོ་ལི་ཙ་བཱི་གཞོན་ནུ་སེམས་ཅན་ ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་རྒྱས་པར་རབ་ཏུ་ བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་ཡེ་ཤེས་ འབྱུང་གནས་འོད་ཅེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ལང་ཀར་ གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་ མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིགས་པ། །ང་ཡི་ཐེག་པ་འཇིག་རྟེན་ དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ 6-1-15 ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། དེ་བཞིན་དུ་རྔ་བོ་ཆེའི་མདོ་ ལས། ས་བརྒྱད་པ་ལ་གནས་པར་ལུང་བསྟན་པ་ཡང་གསུངས། གཞན་ཡང་འཇམ་དཔལ་ རྩ་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་ པ་འདི་ལ་ཕན་དགའ་བའི། །དགེ་སློང་ཀླུ་ཞེས་བྱ་བར་འབྱུང༌། །རབ་ཏུ་དགའ་བའི་ས་ཐོབ་ ནས། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །དེ་ནས་བདག་ཉིད་ཆེན་པོ་དེ། །རྨ་བྱ་ཞེས་བྱའི་ རིག་སྔགས་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ཉིད་ རིག །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་དེ་སྐྱེའོ། །དེ་ཡི་རྗེས་ཐོགས་ཉིད་དུ་ ནི། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །ཅེས་གསུངས། སྟོན་པ་མྱ་ངན་ལས་འདས་ནས་ ལོ་བཞི་བརྒྱ་ལོན་པ་ན། ལྷོ་ཕྱོགས་བེ་དརྦྷར་སྐུ་འཁྲུངས། རིགས་ནི་བྲམ་ཟེའོ། །བཙས་པ་ ན་ལྟས་མཁན་རྣམས་ཀྱིས་འདི་ལྟར་སྨྲས་པ། དགེ་སློང་བརྒྱ། བྲམ་ཟེརྒྱ། སྐྱེ་བོ་ཕལ་བ་བརྒྱ་ རྣམས་ལ་སྟོན་མོ་དྲངས་ན། རིམ་པས་ལོ་བདུན། ཟླ་བ་བདུན། ཞག་བདུན་འཚོ། དེ་ལས་ ལྷག་པའི་འཚོ་ཐབས་མེད་ཟེར་བ་ན། ཕ་མས་ཀྱང་དེ་བཞིན་བྱས། དུས་དེ་རྣམས་རྫོགས་སུ་ ཉེ་བ་ན། ཕ་མས་ཡོ་བྱད་གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང་བས། མཐར་ནཱ་ ལེནྡྲར་སླེབས། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་བཟླར་བཅུག་ པས། ལེགས་པར་འཚོ་ཐུབ། མཁན་པོ་སྒྲ་གཅན་འཛིན་གྱི་མདུན་ནས། རབ་ཏུ་བྱུང་ནས་ ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང༌། རིག་པའི་གནས་སུ་གྱུར་པ་གང་ཡང་མི་མཁྱེན་པ་ མེད་པར་བྱས་སོ། ། དེ་ནས་རྨ་བྱ་ཆེན་མོ་དང༌། ཀུ་རུ་ཀུལླེ་དང༌། གནོད་སྦྱིན་མོ་དགུ་དང༌། ནག་པོ་ཆེན་པོ་ རྣམས་བསྒྲུབས་པས་རིལ་བུ། མིག་སྨན། རལ་གྲི། རྐང་མགྱོགས། བཅུད་ལེན། གཏེར་ལ་ སོགས་པ་དངོས་གྲུབ་མང་པོ་དང༌། ཚར་གཅོད་པ་དང༌། སླར་གསོ་བ་ལ་སོགས་པའི་ནུས་པ་ 6-1-16 ཐམས་ཅད་གྲུབ་བོ། །གནོད་སྦྱིན་དང་ཀླུ་ལ་སོགས་པ་མི་མ་ཡིན་ཐམས་ཅད་མངག་གཞུག་ཏུ་ སོང༌། ཁྱད་པར་བཅུད་ལེན་གྲུབ་པས་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་ གྱུར་སྐད། ནག་པོ་ཆེན་པོའི་རིག་སྔགས་གྲུབ་ནས། དྷ་ནྱ་ཀ་ཊ་ཀའི་གླིང་ན། ནག་པོ་ཆེན་པོའི་ རྒྱུད་བཞུགས་པ་སྤྱན་འདྲེན་པར་དགོངས། གླིང་དེར་མི་གཡོ་བ་ལ་བརྟེན་ཏེ་སྒྱུ་མ་བསྒྲུབས། སྒྱུ་མའི་ནུས་པས་མཁའ་འགྲོ་མ་རྣམས་མགོ་འཁོར་བའི་བར་ལ་ལྷ་མོ་ནག་མོ་དང༌། ནག་པོ་ ཆེན་པོའི་རྒྱུད་བརྒྱད་དེ་ཕྱག་གཉིས་གཉིས་པ་ནས་ཕྱག་བཅོ་བརྒྱད་ཀྱི་བར་གྱི་རྒྱུད་དང༌། ཀུ་ རུ་ཀུལླེའི་རྟོག་པ་ལ་སོགས་པ་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཞལ་ནས་ གདམས་པ་མང་པོ་ཐོབ། སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས་ཟེར། རལ་གྲི་ དངུལ་ཆུ་སོགས་ཐུན་མོང་གི་དངོས་གྲུབ་བརྒྱད་ཆར་ལ་རིགས་མི་གཅིག་པ་མཐའ་ཡས་པ་ བསྒྲུབས་སོ། ། དགེ་འདུན་ལ་འཚོ་བ་སྦྱར་བའི་ལོ་རྒྱུས་ནི། མཁན་པོ་སྒྲ་གཅན་འཛིན་བཟང་པོས་རྗེ་ བཙུན་མ་འཕགས་མ་སྒྲོལ་མ་བསྒྲུབ་ཅིང་མཚམས་ལ་བཞུགས། ཀླུ་སྒྲུབ་ཡུལ་ནཱ་ལེནྡྲའི་ མཁན་པོར་བྱོན་ནས་དགེ་འདུན་ལྔ་བརྒྱ་ལ་ལུང་འབོགས་པའི་བྱ་བ་སོགས་མཛད་ཅིང་ ཡོད་པ་ན། མུ་གེ་ལོ་བཅུ་གཉིས་སུ་བྱུང་བས། མ་ག་དྷཱའི་ཡུལ་རྣམས་སྟོངས་པ་ཙམ་བྱུང་བ་ ན། སེམས་ཅན་གྱི་ལས་སུ་གཟིགས་ནས། སློབ་དཔོན་གྱིས་གསེར་འགྱུར་གྱིརྩི་མཛད་དེ། གསེར་རྣམས་ཡུལ་ཐག་རིང་པོ་མུ་གེ་མེད་པ་རྣམས་སུ་འབྲུ་རུ་བསྒྱུར་ནས། དཔལ་ནཱ་ལེནྡྲའི་ ཐེག་པ་ཆེན་པོའི་ཆོས་སྨྲ་བའི་དགེ་འདུན་ལྔ་བརྒྱ་ལ་ལོ་མང་པོར་འཚོ་བ་སྦྱར། སློབ་དཔོན་སྒྲ་ གཅན་འཛིན་སྒྲུབ་པ་ཐོན་པ་ན། ཡུལ་རྣམས་སྟོངས་པར་གཟིགས་ནས། རྒྱུ་མཚན་དྲིས་པས། སློབ་དཔོན་གྱི་སྒྲུབ་པའི་བར་ཆད་དུ་གྱུར་དོགས་པས་ཁྱེད་ལ་ཞུ་བར་མ་ནུས། མུ་གེ་བྱུང་ནས་ ལོ་བཅུ་གཉིས་ལོན་ཞུས་པས། སློབ་དཔོན་ན་རེ། མ་ལེགས་ཟས་ཀྱི་ཆར་འབེབས་པའི་ནུས་ 6-1-17 པའང་ང་ལ་ཡོད་པ་ལ། ཁྱོད་སེམས་ཅན་ལ་སྙིང་རྗེ་ཆུང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ འགལ། ད་ནི་དེའི་སྡིག་སྦྱོང་ལ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང༌། མཆོད་རྟེན་ཁྲི་ ཕྲག་བཞེངས་དགོས་གསུངས། དེ་དག་དགེ་སློང་གཅིག་ཁོ་ནས་འགྲུབ་དཀའ་བར་གཟིགས་ ནས། ཡོ་བྱད་གནོད་སྦྱིན་ཛམྦྷ་ལ་ལས་ནོར་བསླངས། ལས་གྲོགས་ཀླུ་རྣམས་ལ་འཚོལ་ དགོས་པས། རེསྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་ རྩི། ཞིག་ཀླུ་རྣམས་དད་པར་བྱེད་དགོས་དགོངས་ཏེ། ཀུ་རུ་ཀལླེའི་རིག་སྔགས་ཀྱིས་ཀླུའི་ རྒྱལ་པོ་འཇོག་པོའི་བུ་མོ་འཁོར་དང་བཅས་པ་བཀུག་པས་ཆོས་གསུང་བའི་ཚོགས་སུ་མིའི་བུ་ མོའི་རྣམ་པ་གཉིས། འཁོར་མང་པོ་དང་བཅས་བྱུང་བས། དཔག་ཚད་ཙམ་ཙནྡན་ས་མཆོག་ གི་དྲིས་ཁྱབ་བོ། །ཡང་དེ་རྣམས་སོང་བ་ན་དྲི་དེ་སངས་འགྲོ། དེ་འདྲ་ལན་མང་དུ་བྱུང༌། དྲི་ དེ་རྣམས་ཅི་ཡིན་ཞེས་དྲི་བ་ལྟར་མཛད་པས། ངེད་ཀླུ་འཇོག་པོའི་བུ་མོ་ཡིན། མིའི་དྲི་མ་སྲུང་ བ་ལ་ཙན་དན་ས་མཆོག་གིས་ལུས་ལ་བྱུགས་པ་ཡིན་ཟེར། འོ་ན་ཙན་དན་དེ་ལ་སྒྲོལ་མའི་ སྐུ་བཞེངས་པར་འདོད་པས་ཙན་དན་ཡང་སྦྱིན་དགོས། ཁོ་བོས་གཙུག་ལག་ཁང་བཞེངས་ པའི་ལས་གྲོགས་ཀྱང་བྱེད་དགོས་གསུངས་པས་ཕ་ལ་བཟླས་ནས་འོང་ཟེར་བ། དེའི་ནངས་ པར་དེ་གཉིས་ན་རེ། ཀླུའི་རྒྱལ་པོའི་མཆིད་ནས་སློབ་དཔོན་ཉིད་ཀླུ་ཡུལ་དུ་ཕེབས་ན་བཀའ་ བཞིན་བྱེད། གཞན་སྒྲུབ་མི་ནུས་ཟེར། དེ་ནས་ཤེར་ཕྱིན་འབུམ་པ་སྤྱན་འདྲེན་པ་སོགས་ཀླུ་ དང་མིའི་དོན་རྒྱ་ཆེན་པོ་གཟིགས་ནས། རེ་ཞིག་ཀླུའི་ཡུལ་དུ་བྱོན་ནོ། །བཅོམ་ལྡན་འདས་ ཤཱཀྱ་ཐུབ་པའི་བསྟན་པ་འདིའི་དགྲ་བཅོམ་པ་མང་པོ་ཀླུ་རྣམས་ཀྱི་མཆོད་གནས་སུ་འདུག་པ་ རྣམས་ན་རེ། ངེད་རྣམས་ནི་དགྲ་བཅོམ་པ་ཡིན་ལ། ཁྱོད་དུག་གསུམ་དང་བཅས་པའི་མི་ཞིག་ འདིར་འོང་བ་ལ་ཀླུའི་དུག་གིས་གནོད་པ་མི་འོང་བའི་རྒྱུ་ཅི་ཡིན་དྲིས་པ་ལ། ངས་ནི་རྨ་བྱ་ཆེན་ མོའི་རིག་སྔགས་གྲུབ་པ་ཡིན་གསུངས། ཉིད་ཀྱི་གསུང་ཆོས་བཀའ་དང་པོའི་གཙོར་བསྟན་ 6-1-18 ཐུན་མོང་བདེན་བཞིའི་དགོངས་པ་འཆད་བྱེད་གཏམ་ཚོགས་དང༌། བཀའ་བར་བའི་གཙོར་ བསྟན་དབུ་མ་རང་སྟོང་གི་དགོངས་པ་འཆད་བྱེད་རིགས་ཚོགས་དང༌། བཀའ་ཐ་མའི་གཙོར་ བསྟན་ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་བྱེད་བསྟོད་ཚོགས་དྲུག་ བརྩམས་པའི་སྒོ་ནས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་རྫོགས་ལྡན་གཞན་སྟོང་ དབུ་མ་ཆེན་པོའི་ཚུལ་གསལ་བར་མཛད་དོ། །རྒྱུད་ཀུན་ལས་བཏུས་པ་སོགས་སྟོབས་བཅུ་ མངའ་བའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན། ཁྱད་ པར་དུ་གསོ་བ་རིག་པའི་སྐོར་ལ། འཚོ་བའི་མདོ་ཚིགས་སུ་བཅད་པ། རྩ་ཨ་ཝའི་ཆོ་གསྨན་ རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ། ལྷོག་པ་སྤུན་བཞིའི་གཉན་བཅོས་ སོགས་བསྟན་བཅོས་ཤིན་ཏུ་མང༌། དེ་ནས་ཀླུ་རྣམས་ལ་ཆོས་གསུངས་ཤིང་ཡུན་རིང་པོར་ བཞུགས། ཤེར་ཕྱིན་རྒྱས་པ་དང༌། གཟུངས་དང་རྟོག་པའི་རིགས་དུ་མ་སྤྱན་དྲངས། འབུམ་ གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་བ་ཡིན་ཡང་ཟེར། དམ་པའི་ཆོས་ལ་དགྲ་ལན་གསུམ་ བྱུང་བའི་ཚེ་མ་ཚང་བ་ཡིན་ཡང་ཟེར་ཏེ་ཕྱི་མ་དག་གསུངས། འབུམ་རྒྱ་ནག་པའི་ཞབས་ཀྱི་ ལེའུ་གསུམ་ནི་ཉི་ཁྲི་ནས་དྲངས་པའོ། །དེ་ནས་ས་སྟེང་དུ་བྱོན། རིགས་ཚོགས་ལ་སོགས་པའི་ བསྟན་བཅོས་ཀྱང་མང་དུ་བརྩམས། དགེ་སློང་བདེསྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ ཡོན་སྒྲིབ་གཉིས་སྦྱང་བའི་བདུད་རྩི། བྱེད་ལ་སོགས་པ་ཐེག་པ་ཆེན་པོ་ལ་སྡང་བ་ཐམས་ཅད་ རྩོད་པས་སུན་བྱུང༌། ལར་ཉན་ཐོས་པེན་དྷ་པས་བརྩམས་པའི་རྟོག་གེའི་བསྟན་བཅོས་ཐེག་ ཆེན་ལ་རྩོད་པའི་གཞུང་མང་པོ་བྱུང་བ་དེ་དག་གི་དཔེ་ཐམས་ཅད་བསྡུས་ནས་ས་འོག་ཏུ་སྦས་ སོ། །ཡང་ཕྱི་ཞིག་ན་ལྷོ་ཕྱོགས་ཛ་ཊ་སཾ་གྷ་ར། རལ་བ་འཇོམས་པ་ཟེར་བའི་གནས་དེར། མུ་ སྟེགས་ཀྱི་རྒོལ་བ་འདུས་པ་ལྔ་བརྒྱ་ཙམ་དང་བརྩད་ནས་ཚར་བཅད་དེ་ཐམས་ཅད་རྒྱལ་བའི་ བསྟན་པ་ལ་བཅུག་གོ། ། 6-1-19 དེ་དག་གི་སྐབས་སུ་ལྷ་ཁང་དང་མཆོད་རྟེན་ཡང་གྲུབ། སློབ་དཔོན་འདིས་བཞེངས་པའི་ མཆོད་རྟེན་གྱི་ས་ཕྱོགས་ཐམས་ཅད་ཁྱབ་ཡོད་གསུངས། དེ་ལྟར་ཐེག་ཆེན་གྱི་བསྟན་པ་ཉིན་ མོ་ལྟར་མཛད། དྲིལ་བུ་བྲག་དང་བྱང་ཕྱོགས་དྷིང་ཀོ་ཊ་སོགས་རི་མང་པོ་གསེར་དུ་བསྒྱུར་ བར་བཞེད་པ་ལ། རྗེ་བཙུན་མ་སྒྲོལ་མས་མ་འོངས་པ་ན་དུས་ངན་གྱི་སེམས་ཅན་རྣམས་རྩོད་ པར་འགྱུར་གསུངས་པས་བཟློག འོན་ཀྱང་གསེར་གྱི་འབྱུང་ཁུངས་མང་པོ་བྱུང་། རྡོ་རྣམས་ གསེར་མདོག་ཏུ་གྱུར་པ་ཙམ་ད་ལྟ་མཐོང་རྒྱུ་ཡོད་གསུངས། དེ་ནས་ལམ་ཀ་ཞིག་ན་བྱིས་པ་ མང་པོ་རྩེ་བ་ལ། གཅིག་རྒྱལ་པོར་འགྱུར་བར་ལུང་བསྟན་ནས། བྱང་སྒྲ་མི་སྙན་དུ་བཞུད། དེ་ ནས་ཡང་གླིང་གཞན་དང་མི་མ་ཡིན་གྱི་གནས་སུ་ལོ་བཅུ་གཉིས་ཙམ་སོང༌། སླར་འཛམ་བུ་ གླིང་དུ་ཕེབས་ཙ་ན་སྔར་གྱི་བྱིས་པ་དེ། རྒྱལ་པོར་གྱུར་པ་བདེ་སྤྱོད་ཅེས་བྱ་བར་སོང༌། སློབ་ དཔོན་ལ་གུས་པས་མཆོད། རྒྱལ་པོའང་སློབ་དཔོན་གྱི་གདམས་པ་ལ་བརྟེན་ནས་བཅུད་ ལེན་དང་གནོད་སྦྱིན་རྣམས་མངག་གཞུག་ལ་གྲུབ། དགེ་འདུན་བཞུགས་པའི་གཙུག་ལག་ ཁང་ལྔ་བརྒྱ་བཞེངས་སོ། །ཕྱིས་དཔལ་གྱི་རིར་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་ འཁོར་དང་བཅས་ཏེ། སྔགས་ཀྱི་སྤྱོད་པ་མཛད་བཞིན་བཞུགས། མཚན་བཟང་པོ་སོ་གཉིས་ ཀྱང་སྐུ་ལ་འགྲུབ། ཕྱིས་དབུ་སྦྱིན་པར་བཏང་བའི་རྐྱེན་གྱིས་ལོ་ཕྱེད་ལོའི་ལོ་དྲུག་བརྒྱ་བདུན་ ཅུ་དོན་གཅིག་གི་མ་ཚང་སྐད་དེ། དེ་ཡང་རྒྱལ་པོ་བདེ་སྤྱོད་ཀྱི་བུ་ཆུང་ངུ་སཱུ་ཤཀྟི། རྒྱལ་བུ་རབ་ ནུས་སམ། རྒྱལ་བུ་ནུས་ལྡན་ཡང་ཟེར་ཏེ། དེ་རྒྱལ་སྲིད་ལ་དགའ་བའི་བུ་ལ་མ་ན་རེ། ཡབ་ སློབ་དཔོན་དང་སྐུ་ཚེ་མཉམ་པར་བྱིན་གྱིས་བརླབས་འདུགསློབ་དཔོན་རྡོ་རྗེའི་སྐུ་ཡིན་པས་ འགྲོང་བ་མེད། རྒྱལ་པོའི་སྲས་པོ་སྔ་མ་རྣམས་ཀྱང་རྒྱལ་སྲིད་མ་ཐོབ་པས་འདས་ཤིང༌། བུ་ དང་ཚ་བོའི་བར་དུ་མ་ཡང་འདས་ཟེར་བས། བུ་ཤིན་ཏུ་ཡིད་མི་དགའ་བ་ལ། མ་ན་རེ། འོ་ན་ ཐབས་ཡོད། སློབ་དཔོན་བྱང་ཆུབ་སེམས་དཔའ་ཡིན་པས་དབུ་བསླངས་ན་སྟེར་བས། སློབ་ 6-1-20 དཔོན་འདས་པའི་ཚེ་ཡབ་ཀྱང་འདའ་བས་ཁྱོད་ལ་རྒྱལ་སྲིད་འབྱུང་ཟེར། རྒྱལ་བུས་དཔལ་ གྱི་རིར་ཕྱིན་དབུ་བསླངས་པས། བདག་གི་དབུ་ཁྱོད་ཀྱིས་ཆོད་གསུངས། མཚོན་ཆས་མ་ ཆོད་པ་ན། སྔོན་ཁྱོད་སྲིན་བུར་གྱུར་པའི་སྐབས་སུ་བདག་དགེ་སློང་ཡིན་པས་ཁ་ཆབ་གྱི་ཆེད་ དུ་རྩྭ་ཀུ་ཤའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་རྩི། ངོས་ནས་ཆབ་ལེན་སྐབས་སྲིན་བུའི་སྐེ་བཅད་པའི་ལས་ཀྱི་ལྷག་མ་ཡོད་པས་རྩྭ་ཀུ་ཤས་ཆོད་ གསུངས་པ་ལྟར། ཀུ་ཤས་བཅད་ནས་གནང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། ང་ནི་འདི་ནས་བདེ་ བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་སྒྲ་བྱུང༌། དེར་ས་རྣམ་ པ་དྲུག་ཏུ་གཡོས། མེ་ཏོག་སྣ་ཚོགས་པའི་ཆར་བབས་ནམ་མཁའ་ནས་མ་མཁའ་འགྲོས་དར་ ལམ་བརྐྱངས་ནས་ལྷ་དང་ལྷ་མོས་མཆོད་རྫས་སྣ་ཚོགས་དཀྲོལ་བཞིན་བྱོན་ནོ། །མུ་གེ་ལོ་ བཅུ་གཉིས་ཀྱི་བར་དུ་བྱུང་སྐད། རྒྱལ་བུས་སློབ་དཔོན་བཅུད་ལེན་གྲུབ་པས། སླར་འགྲིག་ གི་དོགས་ནས་དབུ་དཔག་ཚད་མང་པོས་ཆོད་པའི་སར་ཁྱེར། དེར་གནོད་སྦྱིན་མོས་ཕྲོགས། དབུ་ཕ་བོང་གི་ཁར་བཞག་པས་ཕ་བོང་གས་པའི་ས་དེར་འཕགས་པ་སྤྱན་རས་གཟིགས་ལྷ་ ལྔའི་རྡོ་སྐུ་རང་བྱོན་དུ་བྱོན། དབུ་དང་སྐུ་ལུས་གཉིས་ལ་ཡོན་བདག་གནོད་སྦྱིན་མོས་སོ་སོར་ ལྷ་ཁང་བརྩིགས། དེ་གཉིས་ཀྱི་བར་དུ་སྔོན་དཔག་ཚད་བཞི་ཙམ་ཡོད་སྣང་བ། ད་ལྟར་རྒྱང་ གྲགས་གཅིག་ལས་མེད་པར་གསུངས༌། དེ་ནི་བདག་གི་བླ་མས་ཀྱང་མཇལ་ཏེ། རྡོའི་རྩིག་ པ་རྣམས་འབྲེལ་ཏེ་བྲག་ལྟ་བུར་སོང་བའི་ལྷ་ཁང་ཆོ་འཕྲུལ་དང་གཉན་ཆ་ཆེ་བ། སྒོ་ནི་མེད། དཀར་ཁུང་ནས་བལྟས་པ་ལ། གཉིས་ཀའང་ཁྲིའི་སྟེང་ན་རྡོ་སྐུའི་དུམ་བུ་འདྲ་བ་རེ་འདུག་ གསུངས༌། འདིའི་སློབ་མ་ཤ་བཱ་ཏི་པ། དེའི་སློབ་མ་ལཱུ་ཡི་པ། དེའི་སློབ་མ་མ་ཏིངྐ་པ། དེའི་ སློབ་མ་ཏིལླི་པ། དེའི་སློབ་མ་ཤ་རོ་པའོ། །དེ་རྣམས་གསང་སྔགས་སྒོམ་པའོ། ། མདོ་ཕྱོགས་གཙོ་ཆེ་བའི་སློབ་མ། སློབ་དཔོན་ཨཱརྱ་དེ་ཝ། དཔའ་བོ། ལེགས་ལྡན། 6-1-21 སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་ཟླ་བྲལ་གྱི་མཁས་པ་མང་དུ་བྱོན། ཞི་བ་འཚོས་ དབུ་མ་རྒྱན། ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ ཅིང༌། དེ་གསུམ་ལ་རང་རྒྱུད་ཤར་གསུམ་མཁན་པོར་གྲགས། སློབ་མ་ཉི་རྡུལ་གྱི་གྲངས་ལྟར་ བསྐྱངས། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་བཞེངས། སྤྱིའི་ལུགས་ལ་དགུང་ ལོ་དྲུག་བརྒྱ་དང༌། སྔ་འགྱུར་ལྟར་ན་དགུང་ལོ་ཆིག་སྟོང་བར་བཞུགས་ནས་འགྲོ་དོན་རྒྱ་ཆེན་ པོ་མཛད་པར་གསུངས་སོ། །ཀླུ་སྒྲུབ་སྙིང་པོ། འཕགས་པ་ཀླུ་སྒྲུབ་ཀྱི་མཚན་གཞན་ཞིག་གོ། ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ། དཔལ་མགོན་འཕགས་པ་ཀླུ་ སྒྲུབ་ཀྱི་སློབ་མ། དབུ་མའི་སློབ་དཔོན་ཨཱརྱ་དེ་ཝ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་ ལྔ་བརྒྱ་ཙམ་ན་སྐུ་འཁྲུངས། བོད་རྣམས་ལ་ཡོངས་གྲགས་ལྟར་ན། སིངྒ་ལའི་གླིང་གི་རྒྱལ་ པོའི་སྐྱེད་མོས་ཚལ་དུ་པདྨ་ལ་བརྫུས་ཏེ་སྐྱེས་ཤིང༌། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས། མཐར་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་གྱུར་ནས། སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དུས་ ན་མུ་སྟེགས་ཐུབ་དཀའ་ནག་པོ་བཏུལ་བར་འདོད་ལ། འགའ་ཞིག་ནི་དེར་མ་ཟད་གྲུབ་ཐོབ་ ཀརྞ་རི་པ་དང་གཅིག་པས་ཀླུ་སྒྲུབ་བཞུགས་པའི་དུས་ཉིད་དུ་འཇའ་ལུས་སུ་གཤེགས་སོ། །ཞེས་ཟེར། བོད་འདིར་ནི་དག་རུང་མི་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ ཀུན་ལ་ཡོངས་སུ་ཁྱབ་པ་ཅིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་ བར་མི་འོང་ཞིང༌། ཡིད་ལ་མི་བདེ་བ་ཞིག་སྣང་ན་ཡང་འདིར་དངོས་གནས་སུ་བརྗོད་ན། བཞི་ བརྒྱ་པའི་འགྲེལ་བར་སློབ་དཔོན་ཟླ་བ་གྲགས་པས་ཀྱང་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་སུ་ བཤད། འཕགས་ཡུལ་གྱི་གཏམ་ཁུངས་མ་ལ་ཡང་དེ་བཞིན་དུ་གྲགས་པས་དེ་ལྟར་བཤད་ ན་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲཱི་གཾ་ཞེས་བྱ་བ་ཞིག་ལ་སྲས་མཚན་དང་ལྡན་པ་ཅིག་བྱུང༌། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པར་གྱུར་ཏེ། 6-1-22 མཁན་པོ་ཧེ་མ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་ མཐའ་དག་ཐུགས་སུ་ཆུབ་པར་བྱས་པ་ན་ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་ བའི་ཕྱིར་འཛམ་བུའི་གླིང་དུ་བྱོན། སློབ་དཔོན་ཀླུ་སྒྲུབ་རྒྱལ་པོ་བདེ་བྱེད་ཀྱི་ས་ནས་དཔལ་ གྱི་རིར་གཤེགས་པ་དང་ཉེ་བའི་ཚེ་མཇལ་ཏེ་དཔལ་གྱི་རིར་སློབ་དཔོན་གྱི་ཞབས་པད་བསྟེན་ ཅིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པོའི་ དོན་གྱི་བསྟན་པ་ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་ཆེན་པོའི་མདོ་སྔགས་ཀྱི་དགོངས་ པའང་གཏད་དོ། །སློབ་དཔོན་ཀླུ་སྒྲུབ་སྐུ་འདས་པའི་འོག་རོལ་ཏུ་དེ་དང་ཉེ་བའི་ལྷོ་ཕྱོགས་ ཀྱི་རྒྱུད་རྣམས་སུ་སྒོམ་པ་དང་ཉན་བཤད་ལ་སོགས་པས་སེམས་ཅན་གྱི་དོན་མཛད་ཅིང༌། རིའི་ལྷ་དང་ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་ བཞེངས། གནོད་སྦྱིན་མོ་སྐལ་པ་བཟང་མོས་འཚོ་བ་སྦྱར་ཏེ་ཡུལ་དེ་ཐམས་ཅད་དུ་ཐེག་པ་ ཆེན་པོའི་ཆོས་གཞི་གཙུགས་སོ། ། དེའི་ཚེ་ཤར་ཕྱོགས་ན་ལི་ནཱིའི་གྲོང་ཁྱེར་ཁོར་ཏ་ཞེས་བྱ་བར་བྱུང་བ་བྲམ་ཟེ་ཐུབ་དཀའ་ ནག་པོའི་མིང་གི་རྣམ་གྲངས། དཔའ་བོ། རྟ་དབྱངས། མ་ཁོལ། ཕ་ཁོལ། ཆོས་ལྡན་རབ་ འབྱོར། མ་ཏི་ཙི་ཏྲས་ཡུལ་དང་ཡུལ་ཐམས་ཅད་དུ་ཕྱིན་ཏེ། སངས་རྒྱས་པའི་བསྟན་པ་འཛིན་ པ་རྣམས་དང་རྩོད་པས་ཕམ་པར་བྱས་ནས། དཔལ་ནཱ་ལེནྡྲར་འོང་པ་ན་སངས་རྒྱས་པ་རྣམས་ ཀྱིས་རྩོད་པར་མ་ནུས་ནས་སློབ་དཔོན་ཨཱརྱ་དེ་ཝ་སྤྱན་དྲངས་པའི་ཕྱིར་ཕྲིན་ཡིག་བྲིས་ཏེ་ནག་ པོ་ཆེན་པོ་ལ་གཏོར་མ་བྱས་པས་ན། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་ རོག་ཅིག་བྱུང་སྟེ། དེའི་མགུལ་བར་ཡི་གེ་བཏགས་པས་འཕུར་ཏེ་ལྷོ་ཕྱོགས་སུ་སོང་སྟེ། སློབ་ དཔོན་ལ་གཏད་པས། སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་སུ་མཁྱེན་ནས། རྐང་མགྱོགས་ ཀྱི་རྫས་ལ་བརྟེན་དེ་ཚུར་བྱོན། ལམ་དུ་མུ་སྟེགས་ཀྱི་རིགས་ཀྱི་བུད་མེད་ཅིག་ལ་དངོས་གྲུབ་ 6-1-23 ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་པར་བྱུང་ནས་སྤྱན་ཡ་གཅིག་སློང་བ་ལ་ དེ་བྱིན་ཏེ། ཐུན་ཚོད་གཅིག་གི་ཡུན་ཙམ་ལ་ནཱ་ལེནྡྲར་ཕེབས། དེར་མུ་སྟེགས་ཐུབ་དཀའ་ནག་ པོའི་དཔུང་གཉེན། སྲིང་མོ་པཎྜི་ཏ་དང༌། ནེ་ཙོ་དང༌། ཐོད་ལེ་ཀོར་རྣམས། དགེ་བསྙེན་སྤྱི་ བརྟོལ་ཅན་དང༌། བྱི་ལ་དང༌། མར་ནག་གི་བུམ་པ་རྣམས་ཀྱིས་བཏུལ། ཕྱོགས་ཐམས་ཅད་ རིག་སྔགས་ཀྱིས་བཅིངས་ཤིང་གོས་ཧྲུལ་ལ་སོགས་པས་བསྐོར་བས། ལྷ་དབང་ཕྱུག་ཆེན་པོ་ ཉིད་རྒྱུད་ལ་འཇུག་པར་ཡང་མ་ནུས། ཡུན་རིང་དུ་རྩོད་པ་བྱས་པས་ཀྱང་སློབ་དཔོན་གྱིས་དེ་ ལན་གསུམ་དུ་ཚར་བཅད་དེ། དེ་རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་ བརྩམས་པ་ལས་སློབ་དཔོན་གྱིས་དེའི་སྔགས་བཅིངས་ཏེ་བཟུང་ནས། གཙུག་ལག་ཁང་ཞིག་ ཏུ་བཙོན་དུ་བཅུག་པ་ན་བྲམ་ཟེ་ཐུབ་དཀའ་ནག་པོའི་རྒྱལ་བའི་བཀའི་གླེགས་བམ་བཀླགས་ པས་རང་ཉིད་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སྔར་བསྟན་པ་ ལ་བྱ་བ་མ་ཡིན་པ་བྱས་པ་ལ་ནི་འགྱོད། སངས་རྒྱས་ལ་དད་པ་ཆེས་ཆེར་འཕེལ་བར་གྱུར་ ནས། རབ་ཏུ་བྱུང་སྟེ་རིང་པོར་མི་ཐོགས་པར་སྡེ་སྣོད་གསུམ་འཛིན་པར་གྱུར་ཏོ། །དེ་ནས་ སློབ་དཔོན་ཨཱརྱ་དེ་ཝ་ནཱ་ལེནྡྲའི་མཁན་པོར་ཡང་ཡུན་རིང་དུ་བཞུགས་ཤིང༌། མཐར་ཡང་ ལྷོ་ཕྱོགས་ཀྱིརྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྩི་དང་ཉེ་ བའི་རཾ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་དོན་གྱི་བསྟན་པ་ངེས་དོན་ རྫོགས་ལྡན་དབུ་མ་ཁྱད་འཕགས་ཀྱི་དགོངས་དོན་རྣམས་གཏད་ནས་སྐུ་འདས་སོ། །དབུ་མ་ བཞི་བརྒྱ་པ་དང༌། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྤྱོད་བསྡུས་སྒྲོན་མེ་སོགས་མདོ་རྒྱུད་ ཀྱི་གཞུང་མང་དུ་བརྩམས་སོ། ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ། རྒྱལ་བའི་དགོངས་པ་མཐར་ ཐུག་གི་ངེས་གསང་རྙེད་ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་འབྱེད་པ་ལ་མཆོག་ཏུ་བསྔགས་ 6-1-24 པ་ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་ས་ གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་པ་ཡང་བྱོན་པ་སྟེ། འཇམ་དཔལ་རྩ་རྒྱུད་ ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་འཕགས་པ་ཐོགས་མེད་བྱོན་ནས་ལོ་ བརྒྱ་དང་ལྔ་བཅུར་བཞུགས་པར་གསུངས་པ་དང༌། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་ དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་ བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་གྱུར། །བསྟན་པ་ཡུན་རིང་གནས་བྱའི་ ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་གིས་བསྔགས་པ་ འཕགས་པ་ཐོགས་མེད་ནི། སྔོན་རྒྱལ་པོ་གཽ་ཊ་འཕེལ་བྱེད་ཀྱི་དུས་སུ་དགེ་སློང་སྡེ་སྣོད་ གསུམ་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་བྱེད་པ་ཞིག་ཡོད་པས་དུས་ལན་ ཅིག་དགེ་སློང་གཞན་ཞིག་དང་ཁས་ལེན་དང་སུན་བྱུང་བ་དང་གཞུང་གཟིགས་པ་དང༌། བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས་དེ་ལ་བུད་མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་ དོ། །དེའི་ཚེ་འཕགས་པ་སྤྱན་རས་དབང་ཕྱུག་གིས་ཁྱེད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་ མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་ གཉེན་ནི་ང་ཡིན་ནོ། །ཞེས་གསུངས་སོ། །དེ་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་ཙམ་ན་སྐྱེ་ བ་བླངས་པ་ནི། བྲམ་ཟེ་མོ་པྲ་ཀཱ་ས་ཤྲཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ ཡིན་ཏེ། དེ་སྐྱེ་བ་དྲན་ཅིང་ཆུང་ངུ་ནས་མདོ་སྡེ་དང༌། མངོན་པའི་གཞུང་ལུགས་དག་མཐོང་ 6-1-25 ཞིང་ཐོས་པ་ཙམ་གྱིས་རང་ཤེས་པ་འཕགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ། དགེ་བ་ བཅུའི་ལམ་ལ་ངང་གིས་གནས་པ། བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ། འདི་དགེ་ སློང་མར་འདོད་པ་འཁྲུལ་བ་ཡིན་ལ། ཆེར་སྐྱེས་པ་ན། དེ་རྒྱལ་རིགས་ཞིག་དང་འདུས་པ་ ལས་ཁྱེའུ་མཚན་དང་ལྡན་པ་བཙས་ཏེ་བློ་རྣོ་བའི་ཆོ་ག་བྱས། ཅུང་ཟད་ཆེར་སྐྱེས་པ་ན་ཡི་གེ་ དང༌། རྩིས་དང༌། བརྟག་པ་བརྒྱད་དང༌། བརྡ་སྤྲོད་པ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། བཟོའི་གནས་རྣམས་དང༌། རིག་པའི་གནས་བཅོ་བརྒྱད་ལ་སོགས་པ་མ་ཉིད་ཀྱི་མདུན་ནས་ ལེགས་པར་བསླབས་ཏེ་ཤིན་ཏུ་བྱང་ཞིང་གསལ་བར་གྱུར་ཏོ། །དེས་རང་གི་རིགས་ཀྱི་ཆོས་ འདྲི་བ་ན་བུ་ཁྱོད་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་པ་མ་ཡིན་ཏེ། དམ་པའི་ཆོས་དར་བར་ བྱ་བའི་ཕྱིར་བསྐྱེད་པ་ཡིན་ན། རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་ གྱིས་ཤིག ཅེས་གསུངས་པ་ལྟར། རབ་ཏུ་བྱུང་ནས་མཁན་པོ་དང་སློབ་དཔོན་དང་དགེ་འདུན་ གྱི་ཞབས་འབྲིང་གི་བྱ་བས་དུས་འདའ་བ་ལོ་གཅིག་ཏུ་མཛད་ནས། བསྙེན་པར་རྫོགས་ནས་ ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ། ལོ་རེ་རེར་ཚིགས་སུ་བཅད་པ་འབུམ་འབུམ་ གྱི་ཚིག་དོན་ཐམས་ཅད་ཐུགས་སུ་ཆུབ་པར་བྱས། དེ་ལྟར་ཐུན་མོང་གི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་ནི་རྟོགས་པར་སླ་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ མདོའི་བརྗོད་བྱ་མ་ཟློས་ཤིང་མ་འཛིངས་པ་ནི་རྟོགས་དཀའ་བར་དགོངས་ནས། དེའི་དོན་དུ་ ལྷག་པའི་ལྷ་ཞལ་མཐོང་བར་བྱའོ། །ཞེས་བསམ་པ་རྩེ་གཅིག་བྱས་ནས་གོང་དུ་བཤད་པའི་ སློབ་དཔོན་ཨརྡྷ་ཏ་དེ་ཉིད་ལས་དབང་བསྐུར་བ་མནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ ཕོག་གོ། དབང་བསྐུར་བའི་རྒྱུད་དང༌། དཀྱིལ་འཁོར་གང་ཡིན་མི་གསལ་ཡང་སྒྱུ་འཕྲུལ་དྲ་ བའི་དཀྱིལ་འཁོར་ཡིན་པར་མངོན་ཏེ། སློབ་དཔོན་འདིས་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་བརྟེན་ ནས་བྱམས་པའི་སྒྲུབ་ཐབས་མཛད་པའི་ཕྱིར་རོ། །ཞེས་བླ་མ་པཎྜི་ཏས་གསུང༌། དེ་ནས་གུར་ 6-1-26 པ་པར་པ་ཏ་སྟེ། གསུང་རབ་ལས་ཀུ་ཀ་ཀུ་ཊ་པཱ་ད་པར་པ་ཏ། རི་བོ་བྱ་རྐང་ཅན་དུ་གྲགས་པ་ དེའི་ཕུག་ཅིག་ཏུ་འཕགས་པ་བྱམས་པ་བསྒྲུབས་ཏེ་ལོ་གསུམ་དུ་ལྟས་ཅི་ཡང་མ་བྱུང་བས་ ཐུགས་མུག་ནས་ཕྱིར་ཐོན་པས། བྲག་གི་ངོས་ལ་བྱའི་ཚང་བཅས་ཡོད་པས་སྔ་དྲོ་ཟན་འཚོལ་ བ་ལ་འཕུར་བ་དང༌། དགོང་ག་ཚང་དུ་ལོག་ཡོང་པ་བྲག་གི་ངོས་ལ་གཤོག་པས་རེག་ཙམ་རེ་ བྱུང་བ་ལ། ཡུན་རིང་བས་བྲག་ཟད་པར་གཟིགས་ནས་ངའི་བརྩོན་འགྲུས་ཆུང་ངོ་སྙམ་ནས་ སླར་ལྡོག་སྟེ་ལོ་གསུམ་དུ་ཡང་སྒྲུབ་པ་མཛད། དེ་བཞིན་དུ་ཡང་ཐོན་པ་ན་ཆུ་ཐིགས་ཀྱིས་ བྲག་ཟད་པར་གཟིགས། ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་ན། མི་རྒན་པོ་ཞིག་རས་བལ་ འཇམ་པོས་ལྕགས་ཀྱི་སྡོང་པོ་ཕྱི་བར་བྱེད་ཅིང༌། འདི་ལས་ཕྲ་བའི་ཁབ་བྱེད་པ་ཡིན། སྔར་ ཡང་རས་བལ་གྱིས་ཕྱིས་ཏེ་ལྕགས་ཀྱི་སྡོང་པོ་ཟད་པ་ལས་ཁབ་འདི་ཙམ་བྱུང་ངོ༌། །ཞེས་སྣོད་ ཅིག་ཁབ་ཀྱིས་གང་བ་བསྟན་ཏོ། །ཡང་ལོ་གསུམ་བསྒྲུབས་ཏེ། དེལྟར་ལོ་བཅུ་གཉིས་སུ་ལྟས་ མ་བྱུང་བས་ཐུགས་སྐྱོ་སྟེ་ཐོན་ནས་ཕྱིར་ཕྱིན་པས། གྲོང་ཁྱེར་ཞིག་ན་ཁྱི་མོ་མི་ལ་ཟུག་ཅིང་ཟ་ བ། སྨད་འབུས་ཁྱེར་བ་ཞིག་གཟིགས་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་འདི་རྣམས་མ་ བསལ་ན་ཁྱི་འདི་འཆི་ལ། བསལ་ནས་བོར་ན་འབུ་རྣམས་འཆི་བས་རང་གི་ལུས་ཀྱི་ཤ་རྣམས་ བཅད་ནས་དེར་འབུ་རྣམས་གཞུག་པར་བྱའོ་སྙམ་སྟེ། ཨ་ཙིནྟ་ཞེས་བྱ་བའི་གྲོང་ཁྱེར་ནས་སྤུ་ གྲི་བླངས། ལྷུང་བཟེད་དང་འཁར་གསིལ་སར་བཞག སྤུ་གྲིས་སྐུའི་བརླ་ཤ་ནས་བཅད་དེ། སྤྱན་བཙུམས་ནས་འབུ་རྣམས་ལྕེས་བླང་པར་བརྩམས་པ་ན། ཞལ་ས་ལ་ཐུག་པས་ཅི་ཡང་མ་ རྙེད་པས་སྤྱན་ཕྱེ་བ་ན་ཁྱི་དང་འབུ་མེད་པར་རྗེ་བཙུན་བྱམས་པ་མཚན་དཔེ་འོད་དུ་འབར་བ་ གཟིགས་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་ མཆིས། །ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་དེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་དུ་བསྒྲུབས་ཀྱང་ཞལ་མི་སྟོན་པ་ཞེས་སྤྱན་ཆབ་ཕྱུང་བས་བྱམས་པའི་ 6-1-27 ཞལ་ནས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་ རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །རང་གི་ལས་ཀྱི་སྒྲིབ་པས་ བསྒྲིབས་ཏེ་མ་མཐོང་བ་ཡིན། ང་ནི་རྟག་ཏུ་ཁྱོད་ཀྱི་དྲུང་ན་གནས་སོ། །སྔར་རིག་སྔགས་ བཟླས་པའི་ནུས་པ་ཐམས་ཅད་ལས་ད་ལྟར་སྙིང་རྗེ་ཆེན་པོས་རང་གི་ལུས་ཀྱི་ཤ་བཅད་པའི་ དཀའ་བ་དེས་སྡིག་སྒྲིབ་དག་སྟེ། མཐོང་བ་ཡིན་གསུངས། ད་ལྟ་ཕྲག་པར་ཁུར་ལ་གྲོང་ཁྱེར་ གྱི་སྐྱེ་བོ་རྣམས་ལ་སྟོན་ཅིག་གསུངས། བསྟན་པས་གཞན་སུས་ཀྱང་ཅི་ཡང་མ་མཐོང༌། ཆང་ ཚོང་མ་ཞིག་གིས་ཁྱི་གུ་ཞིག་ཕྲག་ཏུ་ཁུར་བར་མཐོང་བ་ན་ཡང་ཕྱིས་སུ་རྒན་མོ་དེ་ལོངས་སྤྱོད་ ཟད་མི་ཤེས་པ་བྱུང༌། དབུལ་པོ་ཁུར་བསྐྱེད་པས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་མཐོང་ བས་ཀྱང་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་གི་དངོས་གྲུབ་ཐོབ་བོ། དུས་དེ་ཉིད་དུ་སློབ་ དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཁྱོད་ཅི་འདོད་གསུངས་པ་ལ། ཐེག་པ་ཆེན་པོ་ དར་བར་ཞུ་ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས༌། འཇུས་པས་དེ་མ་ ཐག་དགའ་ལྡན་དུ་སླེབ། དེ་ལ་ས་སྡེའི་གནའ་མཆན་ལས། དགའ་ལྡན་དུ་ཟླ་བ་དྲུག་ བཞུགས་ཟེར་བ་ཡོད་པར་གྲགས་པ་དང༌། འགའ་ཞིག་མི་ལོ་བཅོ་ལྔ་སོགས་བཞུགས་པར་ འདོད་པ་ཅི་རིགས་ཡོད་ཀྱང༌། རྒྱ་བོད་ཡོངས་ཁྱབ་ཏུ་གྲགས་པ་ལྟར་མི་ལོ་ལྔ་བཅུ་བཞུགས་ ཟེར་ཏེ། དེ་ཡང་ལོ་ཕྱེད་ལོར་བརྩིས་པ་ཡིན་པས་ལོ་ཉེར་ལྔའོ། །ཞེས་རྒྱ་གར་བ་རྣམས་ཀྱིས་ གསུངས། དེར་དགའ་ལྡན་དུ་རྒྱལ་ཚབ་བྱམས་པ་མགོན་པོ་ལས་ཐེག་པ་ཆེན་པོའི་ཆོས་མ་ ལུས་པ་མཐའ་དག་གསན་ཏེ། བཀའ་ཐ་མའི་དགོངས་དོན་ངེས་དོན་རྫོགས་ལྡན་དབུ་མ་ གཞན་སྟོང་གི་དོན་མཐའ་དག་ཐུགས་སུ་ཆུད། བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་ རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ། སླར་ཡང་མིའི་ཡུལ་དུ་བྱོན། ཐེག་པ་ཆེན་པོའི་ཆོས་དང་བྱམས་ཆོས་ལྔ། མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་འཛམ་ 6-1-28 བུའི་གླིང་པ་རྣམས་ལ་ཆོས་ཀྱི་སྦྱིན་པ་མཛད་དེ་འགྲོ་བའི་དོན་མཛད་པ་ན་གཞན་གྱི་སེམས་ ཤེས་པའི་མངོན་ཤེས་ཐོགས་པ་མེད་པ་དང༌། ཟླ་བ་ཕྱེད་དམ་ཟླ་བ་གཅིག་ལ་སོགས་པས་ བགྲོད་དགོས་པའི་ཐག་རིང་པོར་འཁོར་དང་བཅས་པས་གཤེགས་པ་ནའང་ཐུན་ཚོད་གཅིག་ གམ་ཉི་མ་གཅིག་གིས་བགྲོད་པ་དང༌། དང་པོར་བྱམས་པས་ཞལ་གཟིགས་པའི་དུས་དེ་ཙམ་ གྱི་ལང་ཚོ་ལ་གནས་ཏེ། དགུང་ལོ་དགུ་བཅུ་ལྷག་ཀྱང་སྔོན་གྱི་དེ་ཁོ་ན་བཞིན་དུ་གནས་པ་ དང༌། སྐུ་ལ་མཚན་བཟང་སུམ་ཅུ་རྩ་གཉིས་རྗེས་མཐུན་ཙམ་དུ་ཡོད་པ་ལ་སོགས་པ་སྤྱིར་ས་ ཐོབ་པའི་འཕགས་པའི་ཡོན་ཏན་མངོན་གྱུར་དུ་མངའ་བ་དང༌། ཁྱད་པར་མནལ་ལམ་ཡང་ རང་དོན་ཡིད་བྱེད་ཀྱི་བློ་མེད་ཅིང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་སྤྱོད་པ་དང༌། ཤིན་ ཏུ་འཇམ་ཤིང་དུལ་ལ་དེས་པ་ཡང་ཡིན་ལ། གྲུབ་མཐའ་ངན་པ་སུན་འབྱིན་ཞིང་སྤྱོད་པ་ངན་ པ་ཚར་གཅོད་པ་སོགས་ལ་ཐུགས་བློལྷག་པར་རྣོ་བ་དང༌། ཐོས་པས་མི་ངོམ་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །ཞེས་སོགས་ཀྱི་ལོངས་སྤྱོད་ལ་སྤྱོད་བཞིན་པ་སོགས་རྒྱུ་ མཚན་དུ་མས་ས་གསུམ་པ་བརྙེས་པར་བྱེད་དོ། །དེ་ཡང་སློབ་དཔོན་དེས་དང་པོར་མ་ག་དྷཱའི་ ཡུལ་གྱི་ཕྱོགས་ཅིག་བེ་ལུ་བ་ན་ཞེས་བྱ་བའི་ནགས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ ནས་སློབ་མ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་བརྒྱད་ལ་ཐེག་པ་ཆེན་པོའི་ཆོས་དབུ་ མ་གཞན་སྟོང་གི་དོན་ཟབ་མོ་དག་བཀྲོལ་ཞིང་བསྟན་པས། དེ་ཐམས་ཅད་ཀྱང་བཟོད་པ་ ཐོབ་ཅིང་སྐྱེ་བོ་དད་པའི་ཕྱིར་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མདོ་སྡེ་སྐུ་གསུང་ཐུགས་རྟེན་ བཞེངས་པའི་ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་རྩི། རྒྱ་མཚོའི་ཕ་རོལ་དུ་སོན་པ་ཤ་སྟག་ བྱུང་སྟེ། གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པར་གྲགས་སོ། །དེར་བྱམས་པའི་ཆོས་ལྔ་ཡང་ ཡི་གེར་བཀོད། མངོན་པ་ཀུན་ལས་བཏུས་པ་དང༌། ཐེག་པ་ཆེན་པོ་བསྡུས་པ་དང༌། ས་སྡེ་ལྔ་ དང༌། མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་བཤད་པ་ལ་སོགས་པའི་བསྟན་བཅོས་ཕལ་ 6-1-29 ཆེར་མཛད། དེ་ནས་ཡུལ་ནུབ་ཕྱོགས་དང་ཉེ་བ་གྲོང་ཁྱེར་ས་ག་རི་ཞེས་བྱ་བ་ཨུཥྨ་པུ་རི་ཞེས་ བྱ་བའི་གཙུག་ལག་ཁང་དུ། རྒྱལ་པོ་ཟབ་མོའི་ཕྱོགས་ཀྱིས་སྦྱིན་བདག་བྱས་ཏེ་ཕྱོགས་བཞིའི་ དགེ་སློང་ཐམས་ཅད་འདུས། དེར་འཕགས་པ་ཐོགས་མེད་ཀྱིས་སོ་སོའི་བློ་དང་འཚམ་པར་ ཆོས་མང་དུ་བསྟན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ ཙམ་བཤད་ཅིང༌། ཐམས་ཅད་ཀྱང་ཡང་དག་པའི་དོན་ལ་བཀོད་པས་ཐེག་པ་ཆེན་པོ་ལ་ རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་སྟེ། དེ་ཡང་ སྔོན་ཐེག་པ་ཆེན་པོ་ཤིན་ཏུ་དར་བ་ལས། ཕྱིས་དུས་ཀྱི་དབང་གིས་བློ་གྲོས་ཆུང་ངུར་གྱུར་པ་ དང༌། དགྲ་ལན་གསུམ་གྱིས་རིམ་པས་ཉམས་ཏེ། སློབ་དཔོན་འདི་བྱོན་པའི་དུས་ཀྱི་ཐོག་མ་ ན། ཐེག་པ་ཆེན་པོའི་ཕྱོགས་འཛིན་པའི་དགེ་སློང་མང་པོ་ཡོད་ནའང་ཐེག་པ་ཆེན་པོའི་མངོན་ པ་ཤེས་པ་ནི་ཡེ་མེད་ཅིང་མདོ་སྡེ་རེ་རེ་ནས་འདོན་པ་དར་བར་ཡོད་ཀྱང༌། མདོ་དོན་ཇི་བཞིན་ དུ་ཤེས་པ་མེད་པ་ལ་གནས་དེར་སློབ་མའི་མཆོག་བརྒྱད་དང་བཅས་པས་ངེས་དོན་རྫོགས་ ལྡན་དབུ་མ་གཞན་སྟོང་གི་ཟབ་ཆོས་བསྟན་པས། དེ་ལྟར་གྱུར་པའི་ཚེ་ཐེག་པ་ཆེན་པོའི་ བསྟན་པ་བར་སྐབས་སུ་ནུབ་པ་ལས་སླར་ཡང་དར་བར་གྱུར་ཏོ་ཞེས་ཕྱོགས་ཀུན་ཏུ་གྲགས་ སོ། །དེའི་ཚེ་རྒྱལ་པོ་ཟབ་མོའི་ཕྱོགས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཁ་ཏོན་དུ་བྱེད་ དོ། །དེས་བསམ་པ། སློབ་དཔོན་འདི་ནི་འཕགས་པ་ཡིན་ཞིང་གཞན་གྱི་སེམས་ཀྱང་ཤེས་ པར་གྲགས་ན། དེ་ཉིད་བདེན་ན་བདག་གིས་ཀྱང་འདིའི་ཡོན་ཏན་བསྔགས་པར་བྱ། གལ་ཏེ་ མི་བདེན་ན་སྐྱེ་བོ་རྣམས་བསླུ་བར་བྱེད་པ་ཡིན་པས་སྐྱེ་བོའི་དབུས་སུ་བརྒལ་ཏེ་དམའ་དབབ་ པར་བྱའོ། །ཞེས་བློན་པོ་རྣམས་དང༌། བྲམ་ཟེ་རྣམས་དང༌། ཡིད་བརྟན་པའི་སྐྱེ་བོ་ལྔ་བརྒྱ་ ཙམ་ལ་བགྲོས་ཏེ། ཕོ་བྲང་འཁོར་གྱི་ཁྱམས་སུ་སྐྱེ་བོ་མང་པོའི་དབུས་སུ། སློབ་དཔོན་འཁོར་བཅས་སྤྱན་དྲངས། བསོད་སྙོམས་དང༌། ན་བཟའ་ཕུན་ 6-1-30 སུམ་ཚོགས་པ་དག་ཕུལ་ཏེ། ཁྱིམ་གྱི་ནང་དུ་མ་ཧེ་ནག་པོ་ས་དཀར་གྱིབྱུགས་པ་སྦས། གསེར་གྱི་བུམ་པ་ཞིག་གི་ནང་དུ་མི་གཙང་བ་སྣ་ཚོགས་བླུགས། ཁ་སྦྲང་རྩིས་བཀང་སྟེ་རས་ ཀྱིས་གཡོགས་པ་ལག་ཏུ་ཐོགས་ནས། ཁྱིམ་འདི་ན་ཅི་ཡོད། ལག་ཏུ་ཐོགས་པ་འདི་ཅི་ཡིན་ དྲིས་པས། ཇི་བཞིན་དུ་གསུངས། འདི་ཙམ་ནི་ལྐོག་གྱུར་ཤེས་པ་ཆུང་ངུ་ལའང་འབྱུང་ན། སེམས་ཤེས་སམ་མི་ཤེས་སྙམ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ཚིག་ལ་དྲི་བ་ གསུམ། དོན་ལ་དྲི་བ་གསུམ་སྟེ་དྲུག་པོ་ཡིད་ཀྱིས་དྲིས་པས། ཇི་ལྟ་བ་བཞིན་ལན་གསུངས་ ནས། རང་བཞིན་གསུམ་བསྟན་པ་ལ་སོགས་པ་དེ་དང་མཐུན་པའི་བསྟན་བཅོས་ཆུང་ངུ་རེ་ ཡང་མཛད་དོ། །དེ་ལ་ཚིག་གི་དྲི་བ་གསུམ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་གི་ ཚིག་བླ་དྭགས་ཡིན་དྲིས་པས། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་ ལན་བཏབ་པ་འདི་ལུང་མ་བསྟན་པའི་ལྟ་བར་མི་འགྱུར་རམ། བྱ་ཤིན་ཏུ་ལུས་ཆེ་བ་དཔག་ ཚད་ལྔ་བརྒྱ་ཡོད་པ་ཞེས་དཔེར་བྱས་པའི་ལུས་ཆེ་བ་འདི་དོན་གང་དང་སྦྱོར། རི་དང་ནགས་ ཚལ་གྱི་མཚན་མ་མ་མཐོང་ན། རྒྱ་མཚོ་དང་ཐག་ཉེའོ་ཞེས་པ་ལ། མཚན་མ་མ་མཐོང་བའི་ས་ མཚམས་གང་ལ་བྱེད་ཅེས་པ་གསུམ་ཡིན་པ་ལས། དང་པོ་ནི་ནང་སྟོང་པ་ཉིད་ལ་དགོངས། གཉིས་པ་ནི་དགེ་བའི་ལས་སྟོབས་ཆེ་བ། གསུམ་ པ་ནི་ཆོས་མཆོག་ཆེན་པོའོ། །དོན་ལ་དྲི་བ་གསུམ་ནི། ཀུན་གཞི་རྣམ་པར་ཤེས་པ་རྫས་སུ་ ཡོད་དམ་མེད། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པས་གང་ངོ་བོ་ཉིད་མེད་པ་དེ་ ཡང་ངོ་བོ་ཉིད་མེད་དམ། སྟོང་པ་ཉིད་ཀྱི་ཆོས་སྟོང་པ་ཉིད་དུ་མི་བྱེད་པར་བཤད་པའི་མི་བྱེད་ མཁན་དང༌། མི་བྱེད་རྒྱུའི་སྟོང་ཉིད་གང་ཡིན་ཞེས་པ་ལ། དང་པོ་ལ། ཀུན་རྫོབ་ཏུ་རྫས་སུ་ ཡོད། དོན་དམ་པའི་རིགས་ཤེས་ཀྱི་དོན་མེད། གཉིས་པ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་པས། ངོ་བོ་ཉིད་མེད་པ་ཉིད་ལ་སླར་ཡང་ 6-1-31 ངོ་བོ་ཉིད་ཡོད་མེད་གཉིས་སུ་འབྱེད། གསུམ་པ་ལ་སྟོང་པ་ཉིད་དུ་བྱེད་མཁན་གྱི་སྟོང་ཉིད་ནི་ སྟོང་ཉིད་ཀྱི་རྣམ་པ་ཙམ་གྱི་བློ་དང༌། དེའི་བྱེད་ཚུལ་སྔར་ཡོད་ཕྱིས་མེད་པའི་ཚུལ་གཉིས་ཀར་འགོག་པ་ཡིན་ནོ། །ཞེས་པའི་ དོན་དུ་ལན་བཏབ་བོ། །དེར་རྒྱལ་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་རྨད་དུ་གྱུར་ པས། སློབ་དཔོན་གྱི་རྒྱལ་པོ་དེ་ཡང་དག་པར་བཏུལ་ནས་ཐེག་པ་ཆེན་པོའི་ཆོས་གཞི་ཉི་ཤུ་རྩ་ ལྔ་བྱེད་དུ་བཅུག་སྟེ། རེ་རེ་ལ་ཡང་དགེ་སློང་བརྒྱ་བརྒྱ་དགེ་བསྙེན་ལ་སོགས་པ་དཔག་ཏུ་མེད་ དོ། །གནས་འདི་ཉིད་དུ་བཞུགས་པའི་ཚེ། གཅུང་དབྱིག་གཉེན་ཡང་བཏུལ་བ་ཡིན་ནའང་ འོག་ཏུ་འཆད་དོ། །དེའི་ཚེ་ལྷོ་ཕྱོགས་ཡུལ་ཀྲྀཥྞ་རཱ་ཛར་བྲམ་ཟེ་བཱ་སུ་ནཱ་ཞེས་བྱ་བ་བྱུང་སྟེ། དེས་ འཕགས་པ་ཐོགས་མེད་ཅེས་བྱ་བ་རྒྱལ་བ་མ་ཕམ་པ་ལས་ལུང་བླངས་ཏེ། ཐེག་པ་ཆེན་པོ་ སླར་ཡང་དར་བར་བྱེད་དོ་ཞེས་ཐོས་ནས་བྲམ་ཟེ་རང་ཉིད་འཁོར་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ་ ཡུལ་དབུས་སུ་འོངས། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་རྣམས་མཆོད། ལྷོ་ཕྱོགས་ཀྱི་བྲམ་ ཟེ་དང༌། ཁྱིམ་བདག་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་སློབ་དཔོན་འབྱོན་པར་ཞུས་ པས། དེར་སློབ་དཔོན་དང་ལྷན་ཅིག་གནས་པ་ཉི་ཤུ་རྩ་ལྔ་དང༌། བྲམ་ཟེ་འཁོར་དང་བཅས་ པ་ལྷན་ཅིག་ཏུ་གཤེགས་པར་བརྩམས་པའི་ཚེ། བྲམ་ཟེ་དེའི་མ་ནད་ཀྱིས་བཏབ་བོ་ཞེས་ཕོ་ཉ་ བྱུང་ངོ༌། །དེར་བྲམ་ཟེ་མྱུར་དུ་སླེབ་པར་འདོད་པའི་སེམས་ཀྱིས་གདུངས་པ་ན། སློབ་དཔོན་ གྱིས་དེ་ལ་བྲམ་ཟེ་འདོད་ན་མྱུར་དུ་སླེབ་པར་བྱའོ། །དེས་ཀྱང་དེ་བཞིན་དུ་མཛོད་ཅིགདེ་ནས་ ལམ་དུ་ཞུགས་པས། ཉི་མ་དེ་ཉིད་ཀྱི་ཉི་མ་ཕྱི་ཕྱེད་ན་སློབ་དཔོན་དང༌། བྲམ་ཟེ་འཁོར་དང་ བཅས་པ་ཡུལ་ཀྲྀཥྞ་རཱ་ཛར་སླེབ། དེ་ཡང་ཀྲྀཥྞ་རཱ་ཛ་ནི་ཡུལ་ཏྲི་ལིངྒའི་ནང་ཚན་ཞིག་ཡིན་ལ་ ཟླ་བ་གསུམ་གྱི་ལམ་ཐུན་ཚོད་གཉིས་ནས་བགྲོད་པ་ཡིན་གསུངས། ནུབ་ཕྱོགས་ཨུ་རྒྱན་གྱི་ ཡུལ་ནས། ཚོང་དཔོན་དྷ་ན་རཀྵི་ཏ་ཞེས་བྱ་བས་སྤྱན་དྲངས་པའི་ཚེ་ན་ཡང༌། སློབ་དཔོན་དང་ 6-1-32 ཚོང་དཔོན་འཁོར་དང་བཅས་པ་མ་ག་དྷཱ་དང་ཨུ་རྒྱན་གྱི་ཡུལ་གྱི་ལམ་ཐམས་ཅད་ཞག་གཅིག་ ཉིད་ལ་བགྲོད། ཡུལ་ཀྲྀཥྞ་རཱ་ཛ་དང༌། ཨུ་རྒྱན་གཉིས་ཀ་རུ་ཡུན་རིང་བར་བཞུགས་ཤིང་ཆོས་ བསྟན་པས་སྐྱེ་བོ་ཐམས་ཅད་ལ་ཐེག་པ་ཆེན་པོའི་དབུ་མ་གཞན་སྟོང་དར་བར་མཛད་ཅིང༌། ཡུལ་དེ་གཉིས་ཀར་མཆོད་རྟེན་བརྒྱ་ཕྲག་རེ་བཞེངས། ལྷ་ཁང་ཉི་ཤུ་རྩ་ལྔ་རྩ་ལྔ་བཞེངས། དེ་ རྣམས་སུ་དབུ་མ་གཞན་སྟོང་གི་ཆོས་གཞི་རེ་རེ་ཡང་བཙུགས་སོ། །དེ་བཞིན་དུ་མ་ག་དྷཱར་ ཡང་མཆོད་རྟེན་བརྒྱ་དང་། ཆོས་གཞི་ཉེར་ལྔ་བཙུགས། ལན་ཅིག་རྒྱ་གར་མཐའ་འཁོབ་གྲོང་ ཁྱེར་ཨ་ཡོ་དྷྱ་དང་ཉེ་བར་རྒྱལ་ཕྲན་ཞིག་ལ་ཆོས་སྟོན་ཅིང་བཞུགས་པའི་ཚེ། དེ་དང་ཉེ་བ་ ན་གར་ལོག་གི་གྲོང་ཞིག་ཡོད་པས། སློབ་དཔོན་ཆོས་གསུང་བཞིན་པ་ལ་གར་ལོག་རྣམས་ ཀྱི་དམག་བྱུང་བས། ཆོས་ཉན་པ་རྣམས་ལ་བཟོད་པའི་ཁུར་བསྐྱེད་ཅིག་ཅེས་གདམས་ནས་ ཐམས་ཅད་མཉམ་པར་བཞག་པས་ཏིང་ངེ་འཛིན་ལ་གནས་པ་ལ། མདའ་འཕངས་པ་ཐམས་ ཅད་ཀྱང་རྡུལ་དུ་སོང༌། གར་ལོག་གི་གཙོ་བོས་སློབ་དཔོན་ལ་རལ་གྲི་བརྡེགས་པས་ཀྱང་ གནོད་པ་མེད་ཅིང་རལ་གྲི་ཉིད་དུམ་བུ་བརྒྱར་ཆག་གོ། །གཞན་ཡང་སྐུར་བ་གདབ་པ་སོགས་ ཇི་ཙམ་བྱས་ཀྱང་གཡོ་བ་མེད་པར་བཞུགས་པས། དེ་རྣམས་ཀྱང་ལྷག་པར་དད་དེ་ཕྱག་བྱས་ ནས་སོང་ངོ༌། །སློབ་དཔོན་འདིས་གཞན་གྱི་བསམ་པ་མཁྱེན་པའི་ཕྱིར་ཆོས་སྟོན་པ་ཐམས་ ཅད་སློབ་མས་གང་མི་ཤེས་པ་དང༌། ཐེ་ཚོམ་ཡོད་པ་དེ་ཉིད་གསལ་བར་བཀྲལ་ནས་སྟོན་ པའི་ཕྱིར། སློབ་དཔོན་འདི་ལས་ཆོས་ཉན་པ་ལ་མཁས་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་ དོ། །དེའི་ཚེ་ཐེག་པ་ཆེན་པོ་ཕལ་ཆེར་གྱིས་མདོ་སྡེ་སྣ་རེ་ཙམ་མ་ཞུས་པ་མེད་པ་ལྟ་བུ་ཡིན་ ཞིང༌། སློབ་དཔོན་ཉིད་ཀྱི་བདག་རྐྱེན་གྱིས་ཆོས་གཞི་བརྒྱ་ཐམ་པ་བཙུགས་པ་ལས། རེ་རེ་ ལ་ཡང་བློ་སྦྱོང་བ་ཉིས་བརྒྱ་རེ་ཉུང་མཐའ་རྣམས་ལའང་ཡོད་པས། སྤྱིར་ཆོས་ཉན་པའི་སློབ་ མའི་ཚོགས་དཔག་ཏུ་མེད་ཅིང༌། ཐམས་ཅད་ཀྱང་མཆོག་ཏུ་གུས་པས་དབུ་མ་གཞན་སྟོང་གི་ 6-1-33 གྲུབ་པའི་མཐའ་ཡང་དེ་ལྟར་འཛིན་ལ། ས་ཐོབ་པའི་ཡོན་ཏན་སྐྱེས་པ་དང༌། སྦྱོར་ལམ་གྱི་ ཡོན་ཏན་སྐྱེས་པ་སོགས་སྟོང་ཕྲག་མང་པོ་ཡང་བྱུང་ཞིང༌། མདོ་སྡེ་དང་གྲུབ་མཐའ་ཕྱོགས་ རེ་ཙམ་མ་ཡིན་པར་སྒོ་ཐམས་ཅད་ནས་གསུངས་ཤིང༌། ཉན་ཐོས་རྣམས་ཀྱང་དུས་དེ་ཉིད་ དུ་ལྷག་པར་གུས་པར་བྱེད་ཅིང༌། ཉན་ཐོས་རྣམས་ཀྱི་མངོན་པ་དང༌། མདོ་སྡེ་ཉན་པར་བྱེད་ པ་ཡང་མང་དུ་བྱུང་ངོ༌། གནྡྷ་རིའི་རིག་སྔགས་གྲུབ་པས་དགའ་ལྡན་གྱི་གནས་སུ་ཕྱིན་ཅིང༌། ཐག་རིང་པོ་རྣམས་ཡིད་ཀྱིས་བགྲོད་པར་བྱེད། རྟོག་བྱེད་ཀྱི་རིག་སྔགས་གྲུབ་པས་ཕ་རོལ་ གྱི་སེམས་ཤེས་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ། རིག་སྔགས་གྲུབ་པ་ འདི་ནི་ངོ་མཚར་ཆེ་སྟེ། གཞན་དུ་ན་ཐེག་པ་ཆེན་པོ་ལ་ཞུགས་པ་འདི་ཁོ་ན་སྐྱོན་ནོ་ཞེས་ཟེར་ བར་གྲགས་སོ། །དེ་ཡང་སྔོན་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་དར་བའི་ཚེ་ཡང་ཐེག་ཆེན་གྱི་ དགེ་སློང་ཁྲི་ཕྲག་ཏུ་ལོངས་པ་ནི་མེད། ཀླུ་སྒྲུབ་ཀྱི་ཚེ་ཡང་དགེ་འདུན་ཕལ་ཆེར་ཉན་ཐོས་ཡིན་ ནོ། །སློབ་དཔོན་འདིའི་དུས་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་མང་པོ་བྱུང་བ་སོགས་རྒྱུ་མཚན་ དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་བསྟན་པ་མཐའ་དག་དང༌། ཁྱད་པར་རྫོགས་ལྡན་ དབུ་མ་གཞན་སྟོང་གི་བདག་པོ་ཡིན་ནོ་ཞེས་གྲགས་སོ། །འོན་ཏེ་སློབ་དཔོན་ཉིད་དང་ལྷན་ ཅིག་གནས་པའི་སློབ་མ་ནི་དགེ་སློང་ཉི་ཤུ་རྩ་ལྔ་ཙམ་ལས་མེད་དེ། དེ་དག་ཐམས་ཅད་ཚུལ་ ཁྲིམས་དང་ལྡན་པ། སྡེ་སྣོད་འཛིན་པ། ལྷག་པའི་ལྷ་ལ་ཐེ་ཚོམ་གཅོད་ཅིང་བཟོད་པ་ཐོབ་པ་ ཤ་སྟག་གོ། །སྐུ་ཚེའི་སྨད་ཀྱི་དུས་ན་ནཱ་ལེནྡྲར་ལོ་བཅུ་གཉིས་བཞུགས། དགུན་གྱི་དུས་ཉིན་རེ་ བཞིན་མུ་སྟེགས་རྒོལ་བ་རེ་ཡོང་བ་ལ་གྲུབ་མཐའ་རྣམས་རིགས་པ་སྣ་ཚོགས་ཀྱིས་སུན་ཕྱུང་ སྟེ་ཆོས་བསྟན་པས་མུ་སྟེགས་སྟོང་དུ་ཉེ་བ་ཙམ་རབ་ཏུ་བྱུང༌། གཙུག་ལག་ཁང་གང་ན་དགེ་ སློང་ལྟ་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་པ་དང༌། ཆོ་ག་ཉམས་པ་ཐམས་ཅད་ཆོས་བཞིན་ ཚར་གཅོད་པར་མཛད་པས་དགེ་འདུན་ཤིན་ཏུ་དག་པར་མཛད་དོ། །མཐར་གྲོང་ཁྱེར་རྒྱལ་ 6-1-34 པོའི་ཁབ་ཏུ་སྐུ་འདས་ཏེ། དེའི་ཤུལ་དུ་སློབ་མ་རྣམས་ཀྱིས་མཆོད་རྟེན་བྱས་སོ། །འཕགས་པ་ ཐོགས་མེད་ཀྱི་སྐབས་ཀྱི་གཏམ་མདོ་ཙམ་མོ། །འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། འཕགས་པ་ཐོགས་མེད་ཀྱི་གཅུང་དབྱིག་གཉེན་ནི། དུས་རབས་ལྔ་པ་ཙམ་ན། བོད་པ་འགའ་ ཞིག་འཕགས་པ་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དུ་འདོད་པ་དང༌། འགའ་ཞིག་ཆོས་ཀྱི་སྐུ་ མཆེད་དུ་འདོད་པ་ཡོད་ནའང༌། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ། འདིའི་ཡབ་ ཏུ་གྱུར་པ་ནི། བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་ཅིག་ཡིན་ལ། སློབ་དཔོན་འཕགས་པ་ ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་ལོར་འཁྲུངས་ཏེ། སློབ་དཔོན་འདི་གཉིས་ཡུམ་གཅིག་པའི་སྐུ་ མཆེད་དོ། །བློ་རྣོ་བའི་ཆོ་ག་བྱས་པ་ནས། མང་དུ་ཐོས་པ་དང༌། ཏིང་ངེ་འཛིན་ཐོབ་པར་གྱིས་ ཤིག ཅེས་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་འདྲ། དེར་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་ ནས། ཉན་ཐོས་ཀྱི་སྡེ་སྣོད་གསུམ་མཐའ་དག་བྱང་བར་བསླབས། ད་དུང་ཆོས་མངོན་པའི་ མཐའ་རྟོགས་པའི་ཕྱིར་དང༌། སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ངེས་པའི་ཕྱིར་དང་། རིགས་ པའི་ལམ་མཐའ་དག་རྟོགས་པའི་ཕྱིར་དུ། ཁ་ཆེར་བྱོན་ནས་སློབ་དཔོན་སངྒྷ་བྷ་དྲ་གཙོ་བོར་ བསྟེན། བྱེ་བྲག་ཏུ་བཤད་པ་དང༌། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང༌། སྡེ་བ་སོ་སོའི་མདོ་སྡེ་དང་འདུལ་བ་མི་ འདྲ་བའི་ཁྱད་པར་རྣམས་དང༌། མུ་སྟེགས་ཅན་ལྟ་བ་དྲུག་པོརྣམས་ཀྱི་གཞུང་ལུགས་མཐའ་ དག་དང༌། རྟོག་གེའི་ཚུལ་མཐའ་དག་ལ་བྱང་ཞིང་མཁས་པར་བྱས་ནས། ཡུལ་དེ་ཉིད་དུ་ཡང་ ལོ་མང་པོར་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ཞིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་བཤད། སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་ཆོམ་རྐུན་དང༌། ལམ་གྱི་གནོད་སྦྱིན་ལ་སོགས་པས་ ལམ་དགག་མ་ནུས་པར་མ་ག་དྷཱར་བྱོན། དེར་ཡང་ལོ་འགའ་ཞིག་ཏུ་ཉན་ཐོས་ཀྱི་དགེ་འདུན་ མང་པོ་ལ་རབ་ཏུ་རིག་པ་དང་ལྡན་པའི་ཆོས་མང་པོ་སྟོན་ཅིང་བཞུགས། དེའི་ཚེ་འཕགས་པ་ 6-1-35 ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་གླེགས་བམ་གཟིགས་པས། ཐེག་ཆེན་ཐུགས་སུ་མ་ ཆུད་ཅིང༌། ལྷག་པའི་ལྷ་ལ་གསན་པ་ལ་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་ སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ ཁལ་ལོངས་པའི་གྲུབ་མཐའ་བརྩམས། །ཞེས་གསུངས་པར་གྲགས། གང་ལྟར་ཡང་ཅུང་ ཟད་སྟིང་ཚིག་གམ་རང་ཚིག་འཛིན་པར་མཛད་པས། དེ་གཅེན་པོ་འཕགས་པས་གསན་ཏེ། འདུལ་བའི་དུས་ཡིན་པར་དགོངས་ཏེ། དགེ་སློང་གཅིག་ལ་བློ་གྲོས་མི་ཟད་པ་བསྟན་པའི་ མདོ་འཛིན་དུ་བཅུག གཞན་ཞིག་ལ་ས་བཅུ་པའི་མདོ་འཛིན་དུ་བཅུགབྱང་བ་ན་ཐོག་མར་བློ་ གྲོས་མི་ཟད་པ་ཐོན། དེ་ནས་ས་བཅུ་པ་ཐོན་ཅིག་ཅེས་གསུངས་ནས། གཅུང་གི་དྲུང་དུ་མངག་ པས་དེ་གཉིས་ཀྱིས་ཀྱང་སྲོད་ལ་བློ་གྲོས་མི་ཟད་པ་བཏོན་པས། ཐེག་ཆེན་འདིརྒྱུ་ལ་བཟང་ སྟེ། འབྲས་བུ་ལ་གཡེལ་ལམ་དགོངས། ཐོ་རངས་ས་བཅུ་པ་བཏོན་པས། རྒྱུ་འབྲས་གཉིས་ ཀར་བཟང་བ་ལ་སྐུར་བ་བཏབ་པས་སྡིག་པ་ཆེན་པོ་བསགས། སྐུར་བ་བཏབ་པའི་ལྕེ་བཅད་ པར་བྱའོ་དགོངས་ཏེ། སྤུ་གྲི་བཙལ་བས། དགེ་སློང་དེ་གཉིས་ན་རེ། འདིའི་དོན་དུ་ལྗགས་ བཅད་པས་ག་ལ་འཚལ། སྡིག་པ་བཤགས་པའི་ཐབས་གཅེན་ལ་མངའ་བས་འཕགས་པའི་ དྲུང་དུ་གཤེགས་པར་ཞུ་བྱས་ནས། འཕགས་པ་ཐོགས་མེད་ཀྱི་དྲུང་དུ་བྱོན་ཏེ། སྡིག་པ་སྦྱོང་ བའི་ཐབས་ཞུས་པས་འཕགས་པས་རྒྱལ་བ་མི་ཕམ་པ་ལ་ཞུས་ནས། ཁྱོད་ཀྱིས་ཐེག་པ་ཆེན་ པོའི་ཆོས་རྒྱ་ཆེར་ཤོད། མདོ་སྡེ་མང་པོ་ལ་འགྲེལ་བ་གྱིས། གཙུག་ཏོར་རྣམ་པར་རྒྱལ་མའི་ རིག་སྔགས་འབུམ་དུ་ཟློས་ཤིག་ཅེས་གསུངས་པས། གཅེན་ལ་ཐེག་པ་ཆེན་པོའི་མདོ་སྡེ་ མཐའ་དག་ཚར་གཅིག་གསན་པ་ཙམ་གྱིས་ཐུགས་སུ་ཆུད། སློབ་དཔོན་སྔགས་མཁན་ཞིག་ ལས་སྔགས་ཀྱི་འཇུག་སྒོ་མནོས་ནས། གཟུངས་མདོ་ལྔ་བརྒྱ་བཀླགས། གསང་བའི་བདག་ པོའི་རིག་སྔགས་བཟླས་པས་གྲུབ། ཡང་དག་པའི་དོན་ཐུགས་སུ་ཆུད་ཅིང༌། ཏིང་ངེ་འཛིན་ 6-1-36 ཁྱད་པར་ཅན་མངའ་བར་གྱུར། དེའི་ཚེ་རྒྱལ་བའི་བཀའ་མི་ཡུལ་ན་བཞུགས་པ་མཐའ་དག་ ཐུགས་སུ་ཆུད་པས། སྟོན་པ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་སློབ་དཔོན་དབྱིག་གཉེན་ ལྟ་བུའི་མང་དུ་ཐོས་པ་ནི་འགའ་ཡང་མེད་དོ་ཞེས་གྲགས་སོ། ། དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ། ཤོ་ལོ་ཀ་འབུམ་ཕྲག་གསུམ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་གཅིག་ཏུ་བསྡོམས། ཕལ་བོ་ཆེ་དང༌། འདུས་པ་རིན་པོ་ཆེ་ཡང་རེ་རེར་བགྲངས། ལྷག་མ་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཐེག་པ་ ཆེན་པོའི་མདོ་སྡེ་ཆེ་ཆུང་ཀུན་བསྡོམས་པ་ལྔ་བརྒྱ་དང༌། གཟུངས་སྔགས་ལྔ་བརྒྱ་སྟེ། དེ་དག་ ཐམས་ཅད་ཚིག་དོན་མ་ལུས་པ་ཐུགས་ལ་བཞུགས་སོ། །ལོ་རེའི་ནང་དུ་ལན་རེ་ཞལ་འདོན་ དུ་མཛད་དེ། ཏིལ་མར་གྱི་རྫིང་བུའི་ནང་དུ་བཞུགས་ནས། ཉིན་མཚན་སྦྲེལ་མ་བཅོ་ལྔས་ དེ་རྣམས་ཚར་གཅིག་ཞལ་འདོན་དུ་མཛད་པའི་ཚེ་གདུང་གི་ཕྲག་ན་ཕུན་རོན་ཅང་ཤེས་པ་ གཅིག་གནས་པ་ཤིན་ཏུ་གུས་པས་ཉན། དེ་ཤི་ནས་ལྷོ་ཕྱོགས་དནྚ་ཀ་ར་ཎྱ་ཞེས་བྱ་བར་ཚོང་ དཔོན་གྱི་བུ་ཞིག་ཏུ་སྐྱེས། ལོ་བདུན་སྐབས་སློབ་དཔོན་དབྱིག་གཉེན་གྱི་སློབ་མར་གྱུར་པ་ནི་ སློབ་དཔོན་བློ་གྲོས་བརྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཉིན་རེ་ བཞིན་འདོན་པར་མཛད་པ་ཡང་ཆུ་ཚོད་གཅིག་གཉིས་ཙམ་རེ་ལ་གྲུབ་པར་མཛད་དོ། ། སློབ་དཔོན་ཐེག་པ་ཆེན་པོའི་དགོངས་དོན་མཐར་ཐུག་ངེས་དོན་རྫོགས་ལྡན་དབུ་མ་ ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཐེག་ཆེན་ ལ་ཞུགས་ཤིང༌། འཕགས་པ་ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་ མཛད་དེ། ཆོས་ཀྱི་རྣམ་གྲངས་དུ་མ་བཏོན་པར་མཛད་པ་ལས། ཉིན་རེ་བཞིན་མོས་པ་ཐ་ དད་པ་རྣམས་ཀྱི་ངོར་རབ་བྱུང་བསྙེན་རྫོགས་གཞན་ལ་གནང་བ་དང༌། བདག་ཉིད་ཆོས་སྤྱོད་ བཅུ་མ་ཆག་པར་མཛད་པ་དང༌། གཞན་སེམས་ཅན་སྟོང་ཕྲག་རེ་ཉིན་རེར་ཆོས་སྤྱོད་བཅུ་ལ་ 6-1-37 སྦྱོར་བ་དང༌། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་ གསུངས་པ་དང༌། སྲོད་ཀྱི་དུས་སུ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་ཏེ། ཁས་ལེན་དང་སུན་བྱུང་ བ་དང༌། གཞུང་གཟིགས་པར་མཛད་ཅིང༌། གུང་ཐུན་ལ་ཅུང་ཟད་ཙམ་མནལ་བའི་ངང་ལ་ ལྷག་པའི་ལྷ་ལས་ཆོས་གསན་པར་མཛད། ཐོ་རངས་ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་ པར་བཞགབར་བར་དུ་བསྟན་བཅོས་བརྩམས་པ་དང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པར་ མཛད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང༌། བློ་གྲོས་མི་ཟད་པ་བསྟན་པ་ དང༌། ས་བཅུ་པ་དང༌། དཀོན་མཆོག་རྗེས་དྲན་དང༌། ཕྱག་རྒྱ་ལྔའི་མདོ་དང༌། རྟེན་འབྲེལ་ གྱི་མདོ་དང༌། མདོ་རྒྱན་དང༌། འབྱེད་གཉིས་སོགས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཆེ་ཆུང་དང༌། དགོངས་འགྲེལ་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང༌། རང་རྐང་དུ་པྲ་ཀ་ར་ཎ་སྡེ་བརྒྱད་མཛད། གཙུག་ཏོར་རྣམ་རྒྱལ་འབུམ་བཟླས་པས་ཀྱང་དེའི་ རིག་སྔགས་གྲུབ། དེ་ནས་གསང་བའི་བདག་པོས་ཞལ་མངོན་སུམ་དུ་གཟིགས་ཤིང༌། ཏིང་ངེ་ འཛིན་དཔག་ཏུ་མེད་པ་བརྙེས་སོ། ། སློབ་དཔོན་འདི་མཐའ་འཁོབ་ཐག་རིང་པོ་རྣམས་སུ་མ་གཤེགས་ཕལ་ཆེར་མ་ག་དྷཱ་ཉིད་ དུ་བཞུགས། དེར་ཆོས་གཞི་རྙིང་བ་རྣམས་ཅུང་ཟད་ཞིག་པ་གསོ་བ་དང༌། ཐེག་པ་ཆེན་པོའི་ རྫོགས་ལྡན་དབུ་མ་ཆེན་པོའི་ཆོས་གཞི་གསར་བ་བརྒྱ་རྩ་བརྒྱད་བཙུགས་ཏེ། མ་ག་དྷཱའི་ས་ ཕྱོགས་ཐམས་ཅད་དུ་དབུ་མ་གཞན་སྟོང་གི་ཆོས་གཞིས་ཁྱབ་པར་མཛད། ཤར་ཕྱོགས་གོ་ རིའི་ཡུལ་དུ་ལན་གཅིག་བྱོན། དེར་གྲོང་ཁྱེར་གྱི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ། མདོ་ སྡེ་མང་པོ་གསུངས་པས་ལྷ་རྣམས་ཀྱིས་གསེར་གྱི་མེ་ཏོག་གི་ཆར་ཕབ། མུ་ཏོ་བ་རེ་རེས་ཀྱང་ གསེར་གྱི་མེ་ཏོག་བྲེ་བོ་ཆེ་རེ་རེ་ཙམ་རྙེད་པ་བྱུང༌། ཡུལ་དེར་ཡང་ངེས་དོན་གྱི་ཆོས་གཞི་བརྒྱ་ རྩ་བརྒྱད་བཙུགས་སོ། །ཨོ་ཊི་བི་ཤར་བྲམ་ཟེ་མ་ཀྵི་ཀ་ཞེས་བྱ་བས་སྤྱན་དྲངས་ཏེ། 6-1-38 དེར་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་ཐེག་པ་ཆེན་ པོའི་ཆོས་ཀྱི་དུས་སྟོན་བྱས་པས། བྲམ་ཟེའི་ཁྱིམ་དུ་རིན་པོ་ཆེའི་འབྱུང་ཁུངས་ལྔ་བརྡོལ། ཡུལ་དེར་ཡང་བྲམ་ཟེ་དང་ཁྱིམ་བདག་དང༌། རྒྱལ་པོ་རྣམས་ཐེག་ཆེན་ཆོས་ལ་དད་པར་བྱས་ ནས། དེར་ཡང་ཐེག་པ་ཆེན་པོའི་ངེས་དོན་དབུ་མ་གཞན་སྟོང་གི་ཆོས་གཞི་བརྒྱ་རྩ་བརྒྱད་ བཙུགས་སོ། ། གཞན་ཡང་ལྷོ་ཕྱོགས་ཀྱི་རྒྱུད་ལ་སོགས་པ་མང་པོར་ཡང་སློབ་དཔོན་ཉིད་ཀྱིས་བཀའ་ བསྒོས་ཏེ། ཐེག་པ་ཆེན་པོའི་ངེས་དོན་དབུ་མ་གཞན་སྟོང་གི་ཆོས་གཞི་བཙུགས་པ་ཐམས་ ཅད་བསྡོམས་ན་འཕགས་པ་ཐོགས་མེད་ཀྱི་ཆོས་གཞི་དང་མཉམ་པ་ཙམ་ཡོད་པས། ཆོས་ གཞི་དྲུག་བརྒྱ་དང་ལྔ་བཅུ་རྩ་བཞི་ཚུགས། ཞེས་གྲགས་སོ། །སློབ་དཔོན་འཕགས་པ་ཐོགས་ མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་དགེ་འདུན་འདིའི་སྐབས་མང་སྟེ། ཡུལ་ཐམས་ཅད་ ཀྱི་དགེ་འདུན་བསྡོམས་ན་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་ཙམ་ཡོད་སྐད། སློབ་ དཔོན་ཉིད་དང་ལྷན་ཅིག་ཏུ་རྒྱུ་ཞིང་གནས་པའི་དགེ་སློང་ཡང་སྟོང་ཙམ་སྟེ་དེ་ཐམས་ཅད་ ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་ཤ་སྟག་གོ། །སློབ་དཔོན་དེ་ཉིད་གང་དུ་བཞུགས་ པ་ཐམས་ཅད་དུ་མི་མ་ཡིན་གྱི་མཆོད་པའི་ཡོ་བྱད་འབྱུང་བ་དང༌། རིན་པོ་ཆེའི་འབྱུང་ཁུངས་ བརྡོལ་བ་སོགས་ཡ་མཚན་གྱི་མཛད་པ་རྒྱུན་མི་འཆད་པར་འབྱུང་ངོ༌། །གཞན་སེམས་ཤེས་ པའི་མངོན་ཤེས་ཀྱིས་དགེ་མི་དགེ། དྲིས་པ་ཐམས་ཅད་རང་རང་གི་བསམ་པ་བཞིན་བདེན་ པར་ལུང་བསྟན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ལ་མེ་ཤོར་བ་བདེན་སྟོབས་བརྗོད་པས་ཞི་བ་ དང༌། གྲོང་ཁྱེར་མཐར་སྐྱེས་བུ་རྣམས་ལ་ནད་རིམས་འབྱུང་པའང་བདེན་སྟོབས་བརྗོད་པས་ ཞི་བ་དང༌། རིགས་སྔགས་ཀྱི་མཐུས་སྐུ་ཚེ་ལ་དབང་ཐོབ་པ་སོགས་ངོ་མཚར་བའི་རྣམ་ཐར་ རྒྱུན་མི་འཆད་པ་ཞིག་འཆད་རྒྱུ་ཡོད་ཀྱང་མང་དོགས་སོ། །སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་ 6-1-39 བརྒྱ་ཙམ་སུན་ཕྱུང་ཞིང༌། སྤྱིར་བྲམ་ཟེ་དང་མུ་སྟེགས་ཅན་སྟོང་ཕྲག་ལྔ་ཙམ་སངས་རྒྱས་ཀྱི་ བསྟན་པ་ལ་བཙུད། མཐར་སློབ་མ་སྟོང་གིས་བསྐོར་ནས་བལ་ཡུལ་དུ་བྱོན་ཏེ། དེར་ཡང་ ཆོས་གཞི་བཙུགས་ཏེ་དགེ་འདུན་མང་པོ་ཐུག་མེད་དུ་འཕེལ་བར་མཛད། ཁྱིམ་བཙུན་ཆོས་ གོས་གྱོན་པས་ཞིང་རྨོད་པ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་ བཟློག་པ་ལན་གསུམ་ཟློས་པས། དེ་ཉིད་དུ་སྐུ་འདས་ཏེ་རེ་ཞིག་ཆོས་ཀྱི་ཉི་མ་ནུབ་པོ་ཞེས་ གྲགས་སོ། །དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བྱས་སོ། །སློབ་དཔོན་དབྱིག་གཉེན་ནི། དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས་ཤིང༌། འཕགས་པ་ཐོགས་མེད་བཞུགས་པའི་དུས་ཉིད་ དུའང་ལོ་མང་པོར་འགྲོ་དོན་ཆེར་མཛད། འཕགས་པའི་རྗེས་སུ་ལོ་ཉི་ཤུ་རྩ་ལྔ་ཙམ་འགྲོ་བའི་ དོན་མཛད་དོ། ། འཕགས་པ་མཆོག་གི་དྲུང་ནས་ཐེག་ཆེན་གྱི་ཆོས་ཚར་གཅིག་གསན་པ་ཙམ་གྱིས་ དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་དེ་ཐེག་ཆེན་སྤྱི་དང༌། ཁྱད་པར་ངེས་དོན་རྫོགས་ ལྡན་དབུ་མ་གཞན་སྟོང་གི་ཟབ་མོའི་གནད་གསང་ལེགས་པར་བཀྲལ་བྱེད་དུ། ཡུམ་གསུམ་ གནོད་འཇོམས་དང༌། བྱམས་པའི་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀཱ་ར་ཎ་སྡེ་བརྒྱད་ རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཞེས་གྲགས་པ་སོགས་བསྟན་བཅོས་དུ་མ་ མཛད། སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། ཕར་ཕྱིན་རང་ ལས་མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་ རྣམས་སོ། །སློབ་དཔོན་ཆེན་པོ་འདི་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དུས་མཉམ་ མོ་ཞེས་གྲགས་པ་ལྟར་ཡང་འཐད་དོ། །སློབ་དཔོན་ཆེན་པོ་དབྱིག་གི་དུས་སུ་བྱུང་བའི་གཏམ་ 6-1-40 མདོ་ཙམ་བརྗོད་ཟིན་ཏོ། ། དེ་ནས་རིམ་པར། ཕྲ་ཞིང་རྟོགས་དཀའ་བ་དྲང་སྲོང་ཆེན་པོའི་ལམ་བཟང་བདེ་གཤེགས་ སྙིང་པོའི་ལེགས་བཤད་སེང་གེའི་སྒྲ་ཆེན་རིང་ནས་ནུབ་པ་སླར་ཡང་གསལ་བར་མཛད་པ་ གངྒ་མཻ་ཏྲཱིའི་ཞབས། རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ཏེ། གཉིས་འཛིན་འཁྲུལ་བའི་དྲི་མ་ གཏན་ནས་སྤངས་ཤིང་བརྟུལ་ཞུགས་སྤྱོད་མཛད་ཨ་ཝ་དྷཱུ་ཏི་པ་ཆེན་པོ་དགའ་བ་གྲགས་པའི་ དཔལ། ཐེག་མཆོག་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་ཚངས་སྤྱོད་དཔལ་གྱིས་ བརྒྱན་པའི་དགེ་སློང་གནས་ལུགས་ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་གི་དགོངས་ དོན་ཇི་བཞིན་གཟིགས་པའི་ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས་དང༌། རྒྱ་གར་ཡུལ་དབུས་ ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་གདུང་རྒྱུད་དུ་འཁྲུངས་པ་ཡི་དམ་ལྷག་པའི་སྐུ་ གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་རྩི། ལྷའི་བྱིན་གྱིས་ བརླབས་ཤིང་གསུང་རབ་མཐའ་ཡས་པ་མཁྱེན་པའི་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་ སཛྫན་ཞེས་བྱ་བའི་བར་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་ངེས་དོན་འཁོར་ལོ་ཐ་མའི་དགོངས་ དོན་གྱི་དབུ་མ་གཞན་སྟོང་གི་ལུགས་སྲོལ་ལེགས་པར་བཟུང་ནས་རྒྱ་གར་འཕགས་པའི་ཡུལ་ དུ་སྤེལ་ཞིང་དར་ཁྱབ་མཛད་པའོ། ། དེ་ནས་བོད་གངས་རིའི་ལྗོངས་སུ་ཡང་དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས་ཤིང་ མཁས་དབང་དུ་མའི་གཙུག་གི་ནོར་བུ་གངས་ལྗོངས་འདིར་གཞན་སྟོང་དབུ་མའི་སྒྲ་ཆེན་ བསྒྲགས་ཤིང་དཔེ་མེད་གྲོང་དུ་རྡོ་རྗེའི་སྐུ་བརྙེས་པའི་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ་ནས་ བཟུང་རིམ་པར། མི་ཕམ་གཞུང་ལ་མཁས་ཤིང་ངེས་དོན་དབུ་མ་གཞན་སྟོང་གི་ལམ་བཟང་ ཐུགས་སུ་ཆུད་པའི་སྡོམ་བརྩོན་དམ་པ་བཙན་རིགས་ཁ་བོ་ཆེ་དྲི་མེད་ཤེས་རབ། ཟབ་མོའི་ གནས་དང་རྒྱུད་སྡེ་དུ་མ་མཁྱེན་པ་རྒྱལ་ཚབ་བྱམས་པས་རྗེས་སུ་བཟུང་བ་ལ་སྟོད་པ་དར་ 6-1-41 མ་བརྩོན་འགྲུས། ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་གི་བསྟན་པ་གསལ་བར་མཛད་ པ་དོལ་པ་གཉན་ཡེ་ཤེས་འབྱུང་གནས། ཀླུ་ཐོགས་གཉིས་ཀྱི་དགོངས་པ་གཅིག་གཟིགས་ འཇད་སྟོད་སྐུ་མཆེད་ཟུང་སྟེ་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། ཕྱག་རྡོར་ཞལ་ གཟིགས་ཆོས་སྐྱོང་བྲན་དུ་འཁོལ་བ་སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། མི་གཡོ་མགོན་པོས་ བྱིན་གྱིས་རླབས་ཤིང་བཀའ་དང་བསྟན་བཅོས་མ་ལུས་པའི་དགོངས་དོན་ཚུལ་བཞིན་དུ་ རྟོགས་པ་བཅོམ་ལྡན་རིག་པའི་རལ་གྲི། ངེས་དོན་སྙིང་པོ་ཉན་བཤད་ཀྱིས་སྒོ་ནས་དབུ་མ་ གཞན་སྟོང་གི་ལྟ་གྲུབ་སྤེལ་མཛད་སྐྱི་སྟོན་པ། ཀུན་མཁྱེན་ཇོ་ནང་པ་དོལ་པོ་ཤེས་རབ་རྒྱལ་ མཚན་གྱི་བར་དུ་བརྒྱུད་པ་བར་མ་ཆད་ཅིང་བརྒྱུད་ཚུལ་འདིར་གཅིག་ཏུ་མ་ཟད་གཞན་དུ་ མའི་སྒོ་ནས་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ངེས་དོན་དབུ་མ་གཞན་སྟོང་ཆེན་མོའི་ལུགས་ བཟང་རྒྱ་གར་འཕགས་པའི་ཡུལ་དང༌། བོད་གངས་ཅན་གྱི་ཡུལ་གྲུ་ཀུན་ཏུ་ཇི་ལྟར་བྱུང་བའི་ ཚུལ་མང་ངོ༌། ། སྨྲས་པ། བདེ་གཤེགས་སྙིང་པོའི་དགོངས་བཅུད་འདབ་སྟོང་ཚལ། །དུས་ཀྱི་དབང་གིས་ རེ་ཞིག་ཟུམ་མོད་ཀྱང༌། །མི་ཕམ་ལེགས་བཤད་རྟལྗ ང་ཚ་ཟེར་གྱིས། །སྐལ་བཟང་རྐང་དྲུག་ བསོད་ནམས་དཔལ་དུ་བཞད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇིལྟར་གསུངས་ཚུལ་ དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ་སྟོན་པས་ཇི་ལྟར་གསུངས་ཚུལ་ ནི། རྒྱུད་ལས། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཅེས་ གསུངས་པ་ལྟར་སྔར་སྟོན་པས་ཕར་ཕྱིན་ཐེག་པར་ངེས་དོན་ཆོས་ཉིད་བདེ་གཤེགས་སྙིང་ པོ་གནས་ལུགས་མཐར་ཐུག་ཏུ་བསྟན་པ་ཉིད་འདིར་གསང་ཆེན་བླ་མེད་ཐེག་པའི་སྐབས་སུ་ 6-1-42 ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་གདོད་མ་ནས་གྲོལ་བ་ཆེན་པོ་དེ་བཞིན་གཤེགས་པ་ཀུན་ ཏུ་བཟང་པོ་དོན་དམ་པའི་རྣམ་པ་ཀུན་གྱི་བདག་ཉིད་ཅན། ཞེས་པའི་མཚན་གྱིས་གཞིའི་ཆོས་ ཉིད་གཤེགས་སྙིང་དུ་ལེགས་པར་བསྟན་པའང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ཉིད་བདེ་སྟོང་ཟུང་འཇུག་གི་ངོ་བོར་མངོན་དུ་བྱེད་པའི་ཐབས་དྲུག་ལྡན་རྡོ་རྗེ་ལུས་ཀྱི་རླུང་ ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་གསང་ཆེན་བླ་མེད་ཀྱི་ཆོས་མཛོད་ཆེན་ པོ་སྟོན་པ་ཉིད་ཆོས་དབྱིངས་གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་གནས་འགྱུར་ཏེ་ ཐུན་མོང་མ་ཡིན་པའི་སྔགས་ཀྱི་གདུལ་བྱ་མཆོག་རྣམས་ལ་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་ འཁོར་ལོའི་གསང་སྔགས་ཀྱི་ཉེ་ལམ་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་འདིའི་ཚུལ་ ཡང༌། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། དང་པོ་སངས་རྒྱས་རྒྱུ་མེད་ པ། །ཡེ་ཤེས་སྐུ་སྟེ་རང་འབྱུང་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་ བདག་ཉིད་ཅན། །ཞེས་གསུངས་པའི་དགོངས་པ་དང་གཅིག་པར། དུས་འཁོར་རྩ་རྒྱུད་ལས་ ཀྱང༌། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་ གནས་ལུགས་བདེ་གཤེགས་སྙིང་པོ་གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་མཆོག་གི་དང་ པོའི་སངས་རྒྱས་འདུས་མ་བྱས་པར་རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ ཅན་ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ་བ་མཆོག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ཀྱི་སྐུ་དུས་ ཀྱི་འཁོར་ལོ་གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་འདི་ག་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་ མངོན་དུ་བྱ་བའི་ཚུལ་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་ རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་ སྔགས་ཚུལ་རབ་བསྟན། །ཞེས་གསུངས་པ་ལྟར་སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་ 6-1-43 ཕུང་རིར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་བ་སྔགས་ ཀྱི་ཆོས་ཐུན་མིན་ངོར་གསུངས་པ་ཡང༌། བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་ མཆོད་རྟེན་ཆེན་པོར་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡིརྒྱུད་རྣམས་མཐའ་དག་རབ་ཏུ་ བསྟན། །ཅེས་པ་ལྟར་རོ། ། དེ་ཡང་སྟོན་པ་ཤཱཀྱའི་རྒྱལ་པོས་སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོ་ནག་པ་ཟླ་བའི་ཉ་ ལ། འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའམ་ཕལ་སྐད་ལ་ཨསྟུ་ཀ་ ཡ་ཟེར་བའི་གླིང་ཕྲན་དུ་གྲོང་ཁྱེར་དཔལ་ཡོན་ཅན་ཞེས་ཤིན་ཏུ་རྒྱ་ཆེ་བའི་འགྲམ་ན་སྔོན་གྱི་ སངས་རྒྱས་གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ལྷ་ ཆེན་རྣམས་ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་ གཤེགས། དེ་ཚེ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དཔག་ ཏུ་མེད་པ་དང༌། ལྷ་ཆེན་བཅུ་གཉིས་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་གྲངས་ མེད་པ་འདུས། ཆུ་བོ་སཱི་ཏའི་བྱང་ཕྱོགས་ཀྱི་སྔགས་ཞིང་བྱང་ཤམྦྷ་ལའི་རྒྱལ་པོ་ཤཱཀྱའི་རིགས་ ཉི་མའི་འོད་ཀྱི་སྲས་རྒྱལ་སྲིད་བསྐྱངས་ནས་ལོ་གོ་དགུ་བཞེས་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ ཆོས་རྒྱལ་ཟླ་བ་བཟང་པོ་ལ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་ མེད་པས་བསྐོར་བ་དང་བཅས་ཏེ་རྫུ་འཕྲུལ་གྱིས་བྱོན་ཏེ། ཟླ་བ་བཟང་པོས་ཞུས་པའི་ངོར་ མཆོད་རྟེན་གྱི་བུམ་པའི་ནང་དུ་འོག་ཏུ་བསྡུས་རྒྱུད་ལས་བསྟན་པའི་དྲུག་བརྒྱ་སོ་དྲུག་གི་ལྷ་ ཚོགས་ཚང་བའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདི་ནི་ཆོས་དབྱིངས་གསུང་གི་དབང་ ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལྷ་བདུན་ བརྒྱ་ཉེར་གཉིས་ཀྱིརྣ མ་པ་མངོན་པར་སྤྲུལ་པ་དང༌། བར་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ དང༌། དེའི་སྟེང་དུ་སྟོན་པ་ཉིད་ཀྱིས་རྩ་རྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་ 6-1-44 འཁོར་ནི། སྲུང་འཁོར་གཅིག་གི་ནང་དུ་དབུས་སུ་གཞལ་ཡས་ཁང་གཅིག་ལ་གཙོ་བོ་དུས་ཀྱི་ འཁོར་ལོ་ཡབ་ཡུམ་འཁོར་དང་བཅས་པ་ལྷ་ཚོགས་སྟོང་དང་དྲུག་པ་ཅན། གཞལ་ཡས་ཁང་ དེའི་ཕྱོགས་མཚམས་སུ་སྡོམ་པ་ཆེན་པོ་དང༌། གསང་འདུས་རིག་དྲུག་གི་དཀྱིལ་འཁོར་དྲུག་ དང༌། སྒྱུ་འཕྲུལ་དྲ་བ་རིགས་གསུམ་གྱི་དཀྱིལ་འཁོར་གསུམ་དང་བཅུ་གཅིག་སྟེ་དེ་དག་གི་ལྷ་ ཚོགས་རྣམས་བསྡོམས་པས་དྲུག་བརྒྱ་བཅུ་གཉིས་ཏེ། སྔ་མ་དང་བསྡོམས་པས་སྟོང་དང་དྲུག་ བརྒྱ་བཅོ་བརྒྱད། དེ་དེའི་སྟེང་དུ་སྡོམ་ཆེན་གྱི་གཙོ་བོ་དང་ངོ་བོ་གཅིག་པའི་གསུང་དབང་གི་ གཙོ་བོ་ཡབ་ཡུམ་གཉིས་བསྣན་པས། དུས་མཉམ་དུ་བསྐྱེད་རྒྱུའི་དཀྱིལ་འཁོར་བཅུ་གཅིག་ གི་ལྷ་ཚོགས་སྟོང་དང་དྲུག་བརྒྱ་ཉི་ཤུ་ཐམ་པ་ཅན་གྱི་དཀྱིལ་འཁོར་འདི་ལ་རྒྱུ་སྐར་གྱི་ཆུ་ཚོད་ ཀྱི་གྲངས་དང་མཚུངས་པའི་ལྷ་ཚོགས་ཅན་གྱི་དཀྱིལ་འཁོར་མངོན་པར་སྤྲུལ་ཏེ། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ནས་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་ སྣོད་རུང་དུ་མཛད་དེ། རྗེས་སྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་དང་པོའི་སངས་རྒྱས་དཔལ་དུས་ ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་ མཐའ་དག་གསུངས། གཞན་ཡང་གསང་བ་འདུས་པའི་རྒྱུད་སྟོང་ཕྲག་ཉེར་ལྔ་པ་སྒྱུ་འཕྲུལ་ དྲ་བ་སྟོང་ཕྲག་བཅུ་དྲུག་པ། གདན་བཞིའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ། སངས་རྒྱས་ ཐོད་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ། མ་ཧཱ་མ་ཡའི་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ། རྣལ་ འབྱོར་རིག་པའི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ། བདེ་མཆོག་མངོན་བརྗོད་འབུམ་པ། ཀྱཻ་ རྡོར་འབུམ་ཕྲག་ལྔ་པ། རྡོ་རྗེ་བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། བླ་མེད་ཀྱི་རྒྱུད་ རྣམས་མདུན་ཞལ་ཐུགས་རྡོ་རྗེ་དང༌། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་རྣམས་དང་ རྒྱུད་མཐའ་དག་ཡང་བསྐྱར་དུ་གསུངས་ནས་ཟླ་བ་བཟང་པོ་ལ་གཏད། དེ་དུས་མི་དང་མི་མ་ ཡིན་གྲངས་ལས་འདས་པ་ལ་འདོད་པའི་དངོས་གྲུབ་ཐོབ། 6-1-45 གཉིས་པ་རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་ལ། ཤམྦྷ་ལར་བྱུང་ཚུལ། རྒྱ་གར་དུ་བྱུང་ ཚུལ། བོད་དུ་བྱུང་ཚུལ་དང་གསུམ་ལས། དང་པོ་ཤམྦྷ་ལར་བྱུང་ཚུལ་ནི། ཟླ་བ་བཟང་པོས་ རྒྱུད་མཐའ་དག་ཤམྦྷ་ལར་སྤྱན་དྲངས་ཏེ་ཡི་གེར་བྲིས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལ་ འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྩ་རྒྱུད་གསུངས་པའི་ལོ་གཉིས་པ་ལ་མ་ལ་ཡའི་ སྐྱེད་མོས་ཚལ་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ལས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས་ཏེ། ཁོང་གི་སྲས་སའི་སྙིང་པོའི་སྤྲུལ་ པ་ཆོས་རྒྱལ་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ བསྡུ་ཚུལ་བསྟན། ཆོས་རྒྱལ་ལྷ་དབང་གི་རྗེས་སུ་རིམ་བཞིན། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་ པ་ཆོས་རྒྱལ་གཟི་བརྗིད་ཅན། སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བའི་བྱིན། ཁྲོ་བོ་རྨུགས་བྱེད་ ཀྱི་སྤྲུལ་པ་ལྷའི་དབང་ཕྱུགཁེངས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། ནམ་མཁའི་སྙིང་པོའི་ སྤྲུལ་པ་ལྷའི་དབང་ལྡན། ཆོས་རྒྱལ་ལྷ་དབང་ནས་འདིའི་བར་གྱི་ཆོས་རྒྱལ་དྲུག་བྱོན་ཏེ། ལོ་ བརྒྱ་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན། དེའི་རྗེས་སུ་ལྷའི་དབང་ལྡན་ གྱི་སྲས་རིགས་ལྡན་དང་པོ་འཇམ་དཔལ་གྱི་རྣམ་འཕྲུལ་རྒྱལ་པོ་གྲགས་པས་ལོ་བརྒྱར་ཆོས་ བསྟན་པ་འདི་ཡང་རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་ བར་བྱུང༌། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་ རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་ རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་ སྦྱོར་བ་ལ་འབྱུང་འགྱུར། །ཞེས་ལུང་བསྟན་པ་བཞིན་རྒྱལ་པོ་གྲགས་པས་དགུང་ལོ་བརྒྱ་པའི་ དུས་སུ་ཤམྦྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ཀྱི་དྲང་སྲོང་བྱེ་བ་ 6-1-46 ཕྲག་ཕྱེད་དང་བཞི་རྣམས་སྔགས་ཀྱི་སྐལ་བ་དང་ལྡན་ཞིང་འདུལ་བའི་དུས་ལ་བབས་པར་ གཟིགས། དེ་རྣམས་མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་རྒྱུད་ལས་ཀླ་ཀློའི་ཆོས་འབྱུང་ བར་ཡང་མཁྱེན། དེ་རྣམས་གསང་བ་སྔགས་ཀྱི་ལམ་ལ་བཅུག་ན་ཡུལ་དགུ་བཅུ་རྩ་དྲུག་གི་ མི་རྣམས་སྔགས་ལམ་ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་བཏུལ་བ་ཡང་བརྡེགས་ ཤིང་བསྐྲད་ན་ཐུལ་བར་མཁྱེན་ཏེ། དབོའི་ཉ་ལ་མ་ལ་ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་ཁང་པ་ ཕྱི་མའི་ནང་དུ་ཉི་མའི་ཤིང་རྟ་ལ་སོགས་པ་ཡུལ་གོ་དྲུག་གི་དྲང་སྲོང་ཐམས་ཅད་བོས་ཏེ། ཟླ་ བ་ཕྱི་མ་ནག་པའི་ཉ་ལ་ཁྱེད་རྣམས་ལ་གྲགས་པ་བདག་གིས་རྡོ་རྗེ་ཐེག་པ་བསྟན་པ་ཡིན་པས་ ན། ཉི་མའི་ཤིང་རྟ་ལ་ཁྱེད་ཀྱིས་འགྲོ་བ་དེ་དག་གི་སྤྱོད་པ་ཐ་དད་པ་དག་སོ་སོར་བདག་ལ་ བསྟན་པར་གྱིས་ཞེས་དྲིས་པ་ན། དྲང་སྲོང་ཐམས་ཅད་ཀྱིས་གསུང་དེ་ཐོས་ནས་དེ་ལ་དཔྱད་ པ་ན་ཁ་ཅིག་གིས་ཐོད་པའི་ནང་དུ་ཟ་བ་དང༌། ཁ་ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་རང་ རང་གི་སྤྱོད་པ་སོགས་མི་འདྲ་བ་རྣམས་དོར་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ནས་སྤྱོད་པ་འདྲ་བ་ ཅིག་བྱེད་དགོས་པ་དེ་བློ་ལ་མ་འཐད་པས་དྲང་སྲོང་ཐམས་ཅད་ཀྱང་འགྱེལ་བར་གྱུར་ཏོ། །དེ་ ནས་རྒྱལ་པོ་གྲགས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པ་ལ་འཇུག་པ་མི་འཐད་པར་གཟིགས་ ནས་ཁྱེད་རྣམས་བདག་གིས་དཀྱིལ་འཁོར་འདིར་བཅུག་ནས་དུས་ཀྱི་འཁོར་ལོའི་དབང་སྦྱིན་ པར་བྱའོ། །གལ་ཏེ་བདག་གི་བཀའ་མི་བྱེད་ན་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་ གཞན་དུ་སོང་ཞིགདེ་ལྟར་མ་བྱས་ན་འདི་ནས་ལོ་བརྒྱད་བརྒྱ་འདས་པའི་ཚེ་ཁྱེད་ཅག་གི་བུ་ དང་ཚ་བོ་སོགས་ལས་ཀླ་ཀློའི་ཆོས་དར་བར་བྱེད་དོ་ཞེས་རྒྱལ་པོའི་བཀའ་བྱུང་བ་དེ་དྲང་སྲོང་ རྣམས་ཀྱི་མགོ་བོར་ཐོག་ལྷུང་པ་ལྟར་གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཁྱེད་ཀྱིས་མིའི་དབང་པོ་གྲགས་པ་ལ་བདག་ཅག་རྡོ་རྗེ་ཐེག་པ་ལ་ནི་མི་འཇུག་བདག་ཅག་ འཕགས་ཡུལ་དུ་འགྲོ་བས་ཆོག་ཅེས་ཞུས་ཤིག ཅེས་བསྐུལ་བ་ལྟར། ཉི་མའི་ཤིང་རྟས་རྒྱལ་ 6-1-47 པོ་ལ་དེ་ལྟར་ཞུས་པ་ན། རྒྱལ་པོས་ཁྱེད་རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་སོང་ཞིག ཁྱེད་ རྣམས་སོང་ཤུལ་དུ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མི་རྣམས་ལ་ཡང་དག་པའི་ལམ་འཐོབ་ པར་འགྱུར་རོ། །ཞེས་བཀའ་དྲག་པོས་བསྐྲད་དེ་དྲང་སྲོང་རྣམས་ཀ་ལཱ་པའི་གྲོང་ནས་ཕྱུང་ སྟེ། ལྷོ་ཕྱོགས་སུ་ཞག་བཅུའི་བར་དུ་སོང་སྟེ་ཞག་བཅུ་པའི་དུས་སུ་ནགས་ཆེན་པོར་ཕྱིན་ཚེ། ཐམས་ཅད་གཉིད་འཐུག་པོས་ནོན་པར་བྱིན་གྱིས་བརླབས་ནས། མི་མ་ཡིན་རྣམས་ལ་བཀའ་ བསྒོས་པའི་མི་མ་ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་མ་སད་པར་ཁྱེར་འོངས་ཏེ། མ་ལ་ ཡའི་སྐྱེད་མོས་ཚལ་གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་གཉིད་སད་ནས་རྒྱལ་པོ་གྲགས་པ་ དང༌། དཀྱིལ་འཁོར་དང་མ་ལ་ཡའི་སྐྱེད་ཚལ་རྣམས་མཐོང་བས་ངོ་མཚར་ཏེ། བདག་ཅག་ སུ་ཞིག་གིས་ཁྱེར་འོངས་ཞེས་སྨྲས། སྨྲས་པའི་ཚིག་དེ་རྒྱལ་པོའི་བློན་པོ་རྒྱ་མཚོའི་བློ་གྲོས་ ཀྱིས་ཐོས་ནས། དྲང་སྲོང་རྣམས་ལ་སྨྲས་པ་ཉི་མའི་ཤིང་རྟ་སོགས་དྲང་སྲོང་ཁྱེད་རྣམས་དེ་ལ་ ཡ་མཚན་པར་མ་བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་ཁྱེད་རྣམས་ རྗེས་སུ་བཟུང་བའི་དོན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཅིག་ཡིན་པས་ཁྱེད་རྣམས་ཀྱིས་རྒྱལ་པོ་ལ་ དུས་ཀྱི་འཁོར་ལོའི་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་སྨྲས་པས་དྲང་སྲོང་རྣམས་ རྡོ་རྗེ་ཐེག་པའི་ཆོས་ལ་མོས་པ་སད་དེ། ཚངས་པའི་དྲང་སྲོང་རྣམས་དང་བཅས་ཏེ་ཉི་མའི་ ཤིང་རྟས་རིན་པོ་ཆེའི་མཎྜལ་ཕུལ། གུས་པས་ཕྱག་འཚལ་ཏེ། མི་ཡི་དབང་པོ་གྲགས་པ་ལ་ མཚམས་མེད་པ་ལྔ་བྱེད་པའང་ཚེ་གཅིག་ནས་ཕྱག་རྒྱ་ཆེན་པོ་འཐོབ་པར་བྱེད་པ་པོ་དང་པོའི་ སངས་རྒྱས་དེ་བདག་ཅག་ལ་བསྟན་དུ་གསོལ། རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ ངུའི་ཚིག་གིས་བསྡུས་ནས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་ པས་མི་བདག་གྲགས་པས་ནག་པའི་ཉ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་ རྣམས་ལ་དང་པོའི་སངས་རྒྱས་ཀྱི་དབང་བསྐུར་ཏེ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་ 6-1-48 འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་ཤོ་ལོ་ཀ་སྟོང་དང་སུམ་ ཅུ་པ་གསུངས་ཏེ་བསྟན། ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་ཐམས་ཅད་ཀྱིས་གཉིས་སུ་མེད་ པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། ། དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷའི་དབང་ལྡན་གྱི་བར་གྱི་ཆོས་རྒྱལ་བདུན་དང༌། ཉི་མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་ནི་ཁོར་ཡུག་ཆེན་པོ་གོ་དྲུག་ཏུ་གནས་པའི་མི་ རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་འཛིན་པ་དང༌། ངེས་བརྗོད་ཆོས་སུ་འཛིན་པའི་རིགས་ ཅན་སོགས་ཕྱི་རོལ་བའི་གྲུབ་མཐའ་འཛིན་པ་རིགས་བཞི་དང༌། རྡོ་རྗེ་ཐེག་པའི་རིགས་ འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་དང་ལྡན་པ་ཡིན་པས་ཆོས་རྒྱལ་ཡིན་ཡང་རིགས་ ལྡན་གྱི་མིང་མ་ཐོགས། མི་བདག་གྲགས་པས་ཚངས་པའི་རིགས་བཞི་ཀ་བཅོམ་ནས་ཐམས་ ཅད་རྡོ་རྗེའི་ཐེག་པའི་རིགས་ཅན་གཅིག་ཏུ་མཛད་པས་ཐམས་ཅད་རིགས་གཅིག་པར་ལྡན་ པས་རིགས་ལྡན་དང་པོའི་མཚན་ཐོགས། འདི་ནས་བཟུང་སྟེ་དྲག་པོ་འཁོར་ལོ་ཅན་བར་ཉེར་ ལྔ་དང༌། དྲག་པོའི་སྲས་ཚངས་པ་དང༌། ལྷ་དབང་གཉིས། ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་ སོགས་པའི་ས་དུམ་བུར་སྐྱོང་བ་བརྒྱད་བྱོན་པ་ཐམས་ཅད་ཀྱང་རིགས་ལྡན་གྱི་རྒྱལ་པོ་ཡིན་ ནོ། །མི་བདག་གྲགས་པའི་རྗེས་སུ་དེའི་སྲས་རིགས་ལྡན་གཉིས་པ་སྤྱན་རས་གཟིགས་ཀྱི་ རྣམ་འཕྲུལ་པདྨ་དཀར་པོ་ཡང་རྩ་རྒྱུད་ལས། སེམས་ཅན་ཀུན་དོན་མཛད་པ་པོ་ཡི་མཆོག་གི་ ཐུགས་རྗེ་དག་གིས་རྒྱུད་ཀྱི་དོན་ནི་བསྟན་མཛད་ནས། །སྲས་པོ་པདྨ་དཀར་པོ་རབ་མཆོག་ ཡོན་ཏན་དག་གི་གཏེར་ལ་གནང་བ་བསྩལ་བ་ངེས་པར་ནི། །དང་པོར་ཁྱེད་ཀྱིས་རྒྱུད་ཀྱི་ རྒྱལ་པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་གནས་པ་དང༌། །དེ་ནས་རང་གི་ འདོད་པས་འགྲེལ་བཤད་བྱས་ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན། །ཞེས་ལུང་བསྟན་པ་ལྟར་བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མེད་འོད་ཅེས་བྱ་བ་སྟོང་ཕྲག་ 6-1-49 བཅུ་གཉིས་པ་མཛད། དེ་ནས་རིགས་ལྡན་གསུམ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རིགས་ ལྡན་བཟང་པོ་དང༌། རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང༌། རིགས་ལྡན་ལྔ་ པ་རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང༌། རིགས་ལྡན་དྲུག་པ་སྒྲིབ་སེལ་གྱི་ སྤྲུལ་པ་རིན་པོ་ཆེ་ཕྱག་དང༌། རིགས་ལྡན་བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་ པ་དང༌། བརྒྱད་པ་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང༌། དགུ་པ་བགེགས་དགྲའི་སྤྲུལ་པ་ ཤིན་ཏུ་བཟང་པོ་དང༌། བཅུ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་དང༌། བཅུ་གཅིག་པ་ གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང༌། བཅུ་གཉིས་པ་སའི་སྙིང་པོའི་སྤྲུལ་པ་ཉི་ མ་དང༌། བཅུ་གསུམ་པ་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང༌། བཅུ་བཞི་པ་སྒྲིབ་ སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང༌། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང༌། བཅུ་ དྲུག་པ་ནམ་སྙིང་སྤྲུལ་པ་ས་སྐྱོང་དང༌། བཅུ་བདུན་པ་བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་ དང༌། བཅོ་བརྒྱད་པ་ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང༌། བཅུ་དགུ་པ་གཤིན་རྗེ་མཐར་བྱེད་ ཀྱི་སྤྲུལ་པ་རྣམ་པར་གནོན་དང༌། ཉི་ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང༌། ཉེར་གཅིག་ པ་རྨུགས་བྱེད་ཀྱི་སྤྲུལ་པ་མ་འགག་པ་དང༌། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་ གེ་དང༌། ཉེར་གསུམ་པ་ནམ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང༌། ཉེར་བཞི་པ་ཕྱག་ན་ རྡོ་རྗེའི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང༌། རིགས་ལྡན་ཉེར་ལྔ་པ་འཇམ་དཔལ་གྱི་རྣམ་ འཕྲུལ་དྲག་པོ་འཁོར་ལོ་ཅན་རྣམས་རིམ་པ་བཞིན་སྔ་མ་སྔ་མའི་སྲས་སུ་བྱུང་སྟེ། ཆོས་རྒྱལ་ ལྷ་དབང་ནས་དྲག་པོའི་བར་གྱི་ཆོས་རྒྱལ་རིགས་ལྡན་སོ་གཅིག་ལས་རྒྱ་མཚོ་རྣམ་རྒྱལ་དང་ རྒྱལ་དཀའ་གཉིས་ལས་གཞན་ཉེར་དགུ་ནི་དུས་ཀྱིའཁོར་ལོའི་རྒྱུད་སྟོན་པ་ལ་རྒྱལ་སྲིད་དུ་ ལོ་བརྒྱ་ཕྲག་རེ་བཞུགས་པར་མཉམ་པ་ཡིན་ལ། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས་ རྒྱལ་དཀས་ལོ་གྲངས་ཉིས་བརྒྱ་དང་ཉེར་གཅིག་ལ་རྒྱལ་སྲིད་བསྐྱངས། དེ་ལས་རིགས་ལྡན་ 6-1-50 བདུན་པ་ཁྱབ་འཇུག་སྦས་པ་ནི་རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན། རྡོ་རིང་བཙུགས་ཟླ་ བ་གསུམ་དུ་གསང་སྔགས་ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་འོད་ འབྱིན་པ་སོགས་ཆོ་འཕྲུལ་མང་དུ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སོགས་མཛད་དེ་ནམ་ མཁའ་ནས་ཕྱིར་གཤེགས་སོ། ། རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་རང་ལོ་བརྒྱ་པའི་དུས་སུ་སྤྲུལ་པའི་ དམག་ཚོགས་ཀྱིས་ཀླ་ཀློའི་སྤྲུལ་པ་རྣམས་བསད་པའི་ཚུལ་བསྟན། རང་རྒྱུད་པ་རྣམས་ཀྱི་ དྲེགས་པ་ཞི་བར་བྱས་ཏེ་ཀླ་ཀློ་ཐམས་ཅད་བཅོམ་སྟེ། དུས་ཀྱི་འཁོར་ལོའི་ཐེག་པ་ལ་བཀོད་ ནས་མཐར་སྤྲུལ་པ་བསྡུ་བར་འགྱུར་རོ། །འཁོར་ལོ་ཅན་གྱི་སྲས་ཚངས་པ་དང་ལྷ་དབང་ གཉིས་ལས་ཚངས་པས་ལོ་སྟོང་དུ་ས་དུམ་བུ་བཅུ་གཉིས་པ་སྐྱོང་པའི་རིགས་ལྡན་བརྒྱད་ ཀྱིས་ཀྱང་ལོ་བརྒྱད་བརྒྱའི་བར་དུ་དུས་ཀྱི་འཁོར་ལོ་བསྟན་པར་མཛད་དོ། །དེ་ལས་རིགས་ ལྡན་བཅུ་གཅིག་པ་རྒྱལ་དཀའི་དུས་སུ། རྒྱ་གར་འཕགས་པའི་ཡུལ་དུ་དུས་ཀྱི་འཁོར་ལོ་དར་ བ་ཡིན་ཏེ། གཉིས་པ་རྒྱ་གར་དུ་བྱུང་ཚུལ་ནི། དེ་ཡང་པཎ་ཆེན་ཟླ་མགོན་ལུགས་ལྟར་འཕགས་ཡུལ་ དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་སྲས་དུས་ཞབས་པ་ཆེན་པོ་མཉྫུ་བཛྲ། རང་གི་ ཡི་དམ་གྱིས་ལུང་བསྟན་པ་བཞིན་བྱང་ཕྱོགས་སུ་གཤེགས་པའི་ལམ་དུ་རིགས་ལྡན་གྱི་སྤྲུལ་ པ་དང་མཇལ། སྤྲུལ་པ་དེས་དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་ཏུ་བསྒོམས་ པས་རྫུ་འཕྲུལ་ཐོབ་སྟེ་ཤམྦྷ་ལར་བྱོན། རིགས་ལྡན་རྒྱལ་དཀའ་དངོས་དང་མཇལ། རིགས་ ལྡན་དེ་ལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་པོ་དང༌། སེམས་འགྲེལ་སྐོར་གསུམ་སོགས་ ཞུས་ནས། འགའ་ཞིག་ཐུགས་ལ་བཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་སླར་ འཕགས་ཡུལ་དུ་བྱོན། དེས་དུས་ཞབས་ཆུང་བ་ཤྲཱི་བྷ་དྲ་ལ་གནང༌། དེ་ནས་རིམ་བཞིན་རང་ 6-1-51 གི་སྲས་ནཱ་ལེནྡྲ་པ་མཚན་དངོས་བོ་དྷི་བྷ་དྲ་སོགས་སོ། ། གསུམ་པ་བོད་དུ་བྱུང་ཚུལ་ལ། སྔོན་དུ་བྱུང་ཚུལ་དང༌། རྗེས་ནས་བྱུང་ཚུལ་གཉིས་ལས། དང་པོ་སྔོན་དུ་བྱུང་ཚུལ་ནི། ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་ནས་རིམ་པར་བླ་མ་ལྷ་རྗེ་སྒོམ་ པ་མཚན་དངོས་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་པ་མི་ བསྐྱོད་རྡོ་རྗེ། སྲས་མཆོག་དྷརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་ལྷ་རྗེ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་ སྐུ་འོད་ཟེར། རབ་བྱུང་བཞི་པའི་ནང་ཚན་མཛེས་བྱེད་ཅེས་པ་ཆུ་ཡོས་༡༢༤༣ལོར་ཞང་ཀུན་ སྤངས་ཐུགས་རྗེ་བརྩོན་འགྲུས་སམ་ཀུན་སྤངས་ཀུན་ཏུ་བཟང་པོ་འཁྲུངས། མདོ་སྔགས་ ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། དུས་འཁོར་རྭ་ལུགས་སྔར་ནས་མཁྱེན། ཀུན་མཁྱེན་ ཆོས་སྐུ་འོད་ཟེར་ལས་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང༌། སྦྱོར་དྲུག་ཉམས་ཁྲིད་གསན། ཉམས་རྟོགས་ཀློང་བརྡོལ། སྤྱིར་སྦྱོར་དྲུག་གི་གདམས་པ་འདྲ་མིན་བཅུ་བདུན་ཙམ་གསན། རྒྱུད་དེ་དག་ལས་བསྟན་པའི་རྟོགས་པ་འཁྲུངས། སྨྲས་པ། གསང་ཆེན་ཆོས་ཉིད་འོད་གསལ་ དྭངས་བའི་དབྱིངས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་རྩལ་རབ་རྫོགས། །རྣམ་ཀུན་སྤྲོས་བྲལ་སྣང་ བ་མཆོག་ལྡན་པ། །གང་འདི་སོ་སོ་རང་རིག་ཁོ་ནའི་ཡུལ། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་ བཅད་པའོ། ། གཉིས་པ་རྗེས་ནས་བྱུང་ཚུལ་ལ། སྟོད་དབུས་གཙང་དུ་བྱུང་ཚུལ། སྨད་མདོ་ཁམས་དུ་ བྱུང་ཚུལ་ལོ། །དང་པོ་ལ་དཔལ་ཇོ་ནང་པའི་སྒྲུབ་གནས་ཀྱི་ཆེ་བ་དང༌། དེར་རང་ལུགས་ འཛིན་པ་ཇི་ལྟར་བྱུང་ཚུལ་གཉིས་ལས། དང་པོ་ནི། གངས་ཅན་ལྗོངས་འདིའི་ལྟེ་བ་སའི་ ཐིག་ལེ། རི་བོ་སྟོང་ཕྲག་དུ་མའི་དབུས་ན་མངོན་པར་འཕགས་པ། ས་འཛིན་དབང་པོ་ནགས་ རྒྱལ་དཔལ་གྱི་རི། རུ་ལག་གཡས་རུའི་སོ་མཚམས་ཕྱི་ལྟར་གནས་མཆོག་བྱ་རྒོད་ཕུང་རི། 6-1-52 ནང་ལྟར་ཕོ་བྲང་རི་བོ་པོ་ཊ་ལ། གསང་བ་ལྟར་ན་བྱང་ཕྱོགས་ཤམྦྷ་ལ། དེ་ཁོ་ན་ཉིད་ལྟར་ན་ དཔལ་ལྡན་འབྲས་སྤུངས་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར། དོན་དམ་ཡེ་ ཤེས་སངས་རྒྱས་སེང་གེའི་ཁྲིར་བཞུགས་ཨེ་ཝཾ་ཟུང་འཇུག་གི་ངོ་བོ་སྒྲུབ་གནས་བྱེ་བ་ཕྲག་ བརྒྱའི་དབུས་ན་ལྷུན་པོ་ལྟར་མངོན་པར་མཐོ་ཞིང༌། གྲགས་པ་ཉི་ཟླ་ལྟར་གསལ་བ་རི་ཁྲོད་ ཆེན་པོ་ཇོ་ནང་ཞེས་ཡོངས་སུ་གྲགས་པ་འདིའི་གནས་ཀྱི་ཆེ་བ། ས་གཞི་ལ་རང་བཞིན་གྱིས་ གྲུབ་པའི་ཡོན་ཏན་ཡང་ལྷ་དང་དྲང་སྲོང་རིག་འཛིན་རྣམས་ཀྱིས་ཉེར་བསྟེན་རིའི་རྒྱལ་པོའི་ དཔལ་ཡོན་འདུས་པ། རྩ་བརྟན་དབྱིབས་ལེགས་སྨན་ལྗོངས་ནགས་ཚལ་གྱིས་བརྒྱན་པ། ཡིད་དུ་འོང་བའི་འབྲས་བུ་གཡུར་ཟ་བའི་ལྗོན་པ་དང༌། དྲི་ངད་ཀྱིས་ཕྱོགས་ཀུན་འགེངས་ ཤིང༌། ཆར་སྤྲིན་དང་འབབ་ཆུ་ཡིད་དུ་འོང་བ། རི་དྭགས་དང་འདབ་ཆགས་སྣ་ཚོགས་ཀྱིས་ མཛེས་པ་ཕྱོགས་མཚམས་ཁོར་ཡུག་ཀུན་ཏུ་སྒྲུབ་གནས་དང་ཆོས་གྲྭ་རྒྱས་པ་ཕྱི་རྡོ་རྗེ་རྩེ་ལྔའི་ དབྱིབས་ནང་འཁོར་བསྒྱུར་གདན་ལ་བཞུགས་འདྲ། ལོགས་རྣམས་ལ་རྒྱལ་སྲིད་སྣ་བདུན་ དང་བཀྲ་ཤིས་རྟགས་རྫས་ཀྱི་རྣམ་པ་གསལ་བ་སོགས་ངོ་མཚར་བའི་ཁྱད་པར་ཡོངས་སུ་ རྫོགས་པ། གནས་ཀྱི་སྐྱོང་མ་ཆེན་མོ་སྔོན་གྱི་དུས་ནས་རྒྱལ་བའི་ཞལ་མཐོང་གྲུབ་པའི་དམ་ ལ་གནས་ཤིང་འདྲེན་པའི་བསྟན་པ་གཅེས་པར་སྐྱོང་བའི་ལྷ་མོ་མཐུ་ལྡན་ནགས་སྨན་རྒྱལ་ མོ་ལྷ་སྨན་འབུམ་གྱི་ཚོགས་དང་ལྷན་ཅིག་ཏུ་དགའ་བས་རོལ་ཞིང༌། ལྷ་སྲིན་སྡེ་བརྒྱད་ལ་ དབང་བསྒྱུར་བཞིན་རྫུ་འཕྲུལ་ཆེན་པོས་སྒྲུབ་གནས་སྐྱོང་བ་ལ་ནམ་ཡང་གཡེལ་བ་མི་མངའ་ བས་གནས་མཆོག་དཔལ་གྱི་ཇོ་ནང་ཞེས་གྲགས་པ་དེར་སྔོན་སློབ་དཔོན་པདྨ་འབྱུང་གནས་ ཀྱི་ཞབས་ཀྱིས་བཅགས་ས། དེ་རྗེས་གནུབས་ཆེན་ནམ་མཁའི་སྙིང་པོ། ངམ་བྲེ་ཀླུའི་རྒྱལ་ མཚན། སྣ་ནམ་པ་ཚུལ་ཁྲིམས་འབྱུང་གནས་སོགས་ཀྱིས་སྒྲུབ་གནས་མཛད་ཅིང༌། དེ་ནས་ འབྲོག་མི་ལོ་ཙཱ་བའི་སློབ་མ་རྣལ་འབྱོར་ཆེན་མོ་དཀོན་མཆོག་ཞེས་བྱ་བ་གནས་འདིར་ཡུན་ 6-1-53 རིང་བཞུགས་ཤིང་མཐར་འཇའ་ལུས་གྲུབ། དེ་རྗེས་ལོ་བརྒྱད་ཅུ་སྐོར་ན། མ་ཅིག་སངས་ རྒྱས་རི་མ་གནས་འདིར་ཕེབས་ཏེ་ཡུན་རིང་བཞུགས་ནས་བཀའ་གདམས་དང་རྫོགས་ཆེན་ གྱི་སྒྲུབ་གྲྭ་བསྐྱངས། དེ་ནས་མི་རིང་བར་གྲུབ་ཐོབ་འདར་འཕྱར་རིན་ཆེན་བཟང་པོ་བྱོན་ ནས་ཐོག་མར་སྒྲུབ་པ་མཛད་སྐབས། ཕུག་ཆེན་འོག་མར་བདག་མེད་ལྷ་མོ་བཅོ་ལྔ་དང་བདེ་ མཆོག་སོགས་ཀྱི་ཞལ་གཟིགས། ཕུག་ཆེན་གོང་མར་པད་འབྱུང་གི་ཞལ་དངོས་སུ་མཇལ་ཏེ། པདྨ་དབང་གི་ཆོས་བདག་ཏུ་བསྐོས། ནུས་མཐུ་ཐོགས་མེད་མངའ་ཞིང་གསང་འདུས་རིམ་ ལྔ་གཙོར་གྱུར་གསར་རྙིང་གཉིས་འདུས་ཀྱི་སྒྲུབ་གྲྭ་མཛད། གྲུབ་ཐོབ་ཉིད་ཀྱིས་མིའི་བླ་མ་ གཞན་ལ་མ་གསན་ཡང༌། སེམས་འགྲེལ་སྐོར་གསུམ་གཟིགས་ཀྱིན་དོན་ཐུགས་ཉམས་སུ་ བཞེས་པས་སྦྱོར་བ་ཡན་ལག་དྲུག་པའི་ཉམས་རྟོགས་མཐར་ཕྱིན་པ་ཞིག་གོ། །དེ་ལྟ་བུའི་སྐྱེས་ ཆེན་དམ་པ་རྣམས་ཀྱི་བྱིན་གྱིས་རླབས་པའི་གནས་དེར་འདི་ཡན་ལ་རང་རེའི་ཆོས་བརྒྱུད་ འཛིན་པ་མ་བྱུང་ཡང་སྤྱིར་ནི་དབུས་གཙང་དུ་སྒྲུབ་གནས་དུ་མ་ཡོད་པ་ལས་འགྲན་ཟླ་དང་ བྲལ་བའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ནོ། །གཉིས་པ་དེར་རང་ལུགས་འཛིན་པ་ཇི་ ལྟར་བྱུང་ཚུལ་ནི། ཐོག་མར་རིགས་ལྡན་སྤྲུལ་པའི་སྐུ་མཁས་བཙུན་བཟང་བའི་མཐར་ཐུག་ རྟགས་མངོན་གྱུར་གྱི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སམ་གཞན་ ཀུན་སྤངས་ཆེན་པོ་ཀུན་ཏུ་བཟང་པོ་ལ། བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་ནགས་སྨན་རྒྱལ་ མོས་ཇོ་ནང་དུ་སྤྱན་འདྲེན་པའི་ཞུ་བ་ཡང་ཡང་ཕུལ། དེ་ལ་ད་ལྟ་དུས་ལ་ཅུང་ཟད་མ་བབ་ པས་ད་རེས་མི་འཚལ། ལོ་གསུམ་ནས་འོང་ཞེས་ཞལ་གྱིས་བཞེས། དེ་བར་དུ་ལྷ་ས་ཡེར་པ་ སོགས་དབུས་ཕྱོགས་སུ་འགྲོ་དོན་ཆེར་མཛད། སྔར་གྱི་ཕྱི་ནང་གི་རྟེན་འབྲེལ་འཛོམས་པ་ ལས་ལོ་གསུམ་གྱི་མཚམས་དེ་ནས་སྤྱི་བྲག་ནགས་གསུམ་གྱི་མཁན་སློབ་དགེ་འདུན་ཐམས་ ཅད་མགྲིན་གཅིག་པས་ནན་ཏན་དུ་གསོལ་བ་བཏབ་པ་ལ་བརྟེན་ནས་གནས་མཆོག་དམ་ 6-1-54 པ་འདིར་ཆགས་ཕབ། དེ་ཙ་ན་གནས་འདིའི་རྒྱུན་བཞུགས་སྒྲུབ་པ་པོ་སུམ་ཅུ་ཙམ་ཡོད་པར་ གྲགས། ཐོག་མ་ལ་ལོ་གཅིག་སེང་རྫོང་དུ་བཞུགས། དེ་ནས་འཁྱོག་པོའི་བཙན་གྱིས་གདན་ དྲངས། འཁྱོག་པོར་གཟིམ་ཁང་མཁའ་སྤྱོད་བདེ་ལྡན་དུ་ཐོག་མཐའ་བར་གསུམ་དུ་དགེ་ བའི་མཚན་མ་བརྙེས་ནས་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་ཚང་བར་མཛད། རྣལ་འབྱོར་ཡན་ལག་ དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་རྣམས་ཡི་གེར་འགོད་པར་མཛད་པ་ན་དུས་ཀྱི་ འཁོར་ལོ་ཉིད་ཞལ་གཟིགས་ལུང་བསྟན་ཐོབ། འདིར་སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་ དུ་བྱུང་བའི་སྔ་ཤོས་ཡིན། འདིས་ཁྲིད་ཡིག་ཕྱིས་འབྱུང་ཀུན་གྱི་གཞི་རྟེན་མཛད། བུ་སྟོན་ ལུགས་ཀྱི་སྦྱོར་དྲུག་འདི་ལས་བརྒྱུད་པ་དང༌། ཁྲིད་ཡིག་མཛད་པ་འདི་ལ་གཞི་བྱས། ཁོང་ ལོ་ཉེར་གཅིག་ཇོ་ནང་དུ་བཞུགས་པ་ནས་བཟུང་རང་རེའི་ཆོས་བརྒྱུད་ལ་དཔལ་རྒྱལ་བ་ཇོ་ ནང་པའི་མཚན་ཆགས། དོན་གཅིག་ལ་འདས། སྤྱི་ལོ་༡༢༤༣ རབ་བྱུང་༤པ་ཆུ་ཡོས་ལོར་ ཉིད་སྐུ་འཁྲུངས་ནས་ད་ལྟ་རབ་བྱུང་བཅུ་བདུན་པ་མྱོས་ལྡན་ས་མོ་ཡོས་༡༩༩༩ལོ་འདི་ཡན་ ལ་ལོ་བདུན་བརྒྱ་ང་དྲུག་སོང༌། ༡༢༥༧ལོར་བྱང་སེམས་རྒྱལ་བ་ཡེ་ཤེས་འཁྲུངས། ༦༤ལ་ འདས། ༡༢༦༠ ལོར་མཁས་བཙུན་ཡོན་ཏན་རྒྱ་མཚོ་འཁྲུངས་༦༨ལ་འདས། ཀུན་སྤངས་ཀུན་ ཏུ་བཟང་པོ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ་གསུམ་ལ་ཇོ་ནང་ ཐོག་མའི་བླ་མ་རྣམ་གསུམ་དུ་གྲགས། ཀུན་མཁྱེན་ཆེན་པོའི་རྣམ་ཐར་ནི། དེ་ལྟར་མདོ་སྔགས་ཟུང་འབྲེལ་གྱི་གནས་ལུགས་ མཐར་ཐུག་དབུ་མ་ཆེན་མོ་ཉག་གཅིག་གི་རང་བཞིན་ཕར་ཕྱིན་ཐེག་པའི་སྐབས་གཤེགས་ སྙིང་དང༌། གསང་སྔགས་ཐེག་པ་མཆོག་གི་དུས་སུ་དང་པོའི་སངས་རྒྱས་སོགས་ཀྱིས་བསྟན་ པའི་ངེས་དོན་ཟབ་མོའི་དགོངས་པ་དབྱིངས་གཅིག་པའི་ཡེ་ཤེས་དམ་པའི་བདག་ཉིད་ཇི་ བཞིན་མངོན་བྱེད་ཐབས། རྒྱུ་དང་འབྲས་བུའི་ཐེག་པ་སོ་སོའི་མཛོད་ཆེན་ཉེ་བར་བཟུང་སྟེ་ 6-1-55 གཞན་དྲིང་མི་འཇོག་པའི་ལུང་རིགས་དྲི་མ་མེད་པའི་ལམ་ནས་ངེས་དོན་ཕྱིར་མི་ལྡོག་པ་ འཁོར་ལོའི་གཏམ་བཟང་པོས་བོད་གངས་རིའི་ལྗོངས་འདིར་རྫོགས་ལྡན་ཆོས་ཀྱི་གནས་ ཚུལ་རྒྱ་ཆེར་སྤེལ་བས་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལ་གཉིས་པ་ལྟ་བུའི་སྔོན་མེད་ཀྱི་དགེ་ མཚན་གསར་བའི་དཔལ་ཡོན་ལེགས་སྦྱིན་གྱི་བྱེད་པོ་བུ་རམ་ཤིང་པ་གཉིས་པ་ལྟ་བུའི་ མཛད་པ་དང་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ངེས་དོན་དབུ་མའི་ ཤིང་རྟའི་སྲོལ་ཕྱེ་བ་རིགས་ལྡན་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་རྗེ་ཇོ་ནང་པ་དོན་གྱི་སླད་ དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ གང་དེ་ཉིད་རང་ཅག་གི་བསོད་ནམས་ཀྱིས་བླ་མའི་སྐལ་བར་ཐོབ་པ་འདི་ནི་ཤིན་ཏུ་དཀོན་པ་ ཨུ་དུམ་བཱ་རའི་མེ་ཏོག་ལྟར་ཡ་མཚན་པའི་གནས་ལགས་ཏེ། དེ་ཡང་རྔ་བོ་ཆེའི་མདོ་ལས། ལི་ ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་གསུངས་པ་དང༌། འཕགས་པ་རྔ་བོ་ཆེའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་ བཀའ་བསྩལ་ཏོ། །འོད་སྲུང་ཁྱོད་ནི། ཞིང་བསྲུང་བ་ལྟ་བུར་མི་ནུས་ཏེ། ཞིང་བསྲུང་བ་བཞིན་ དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་མཉན་ནས། ལུས་ལ་ཐོགས་ཏེ་འཇིག་རྟེན་དུ་ མངོན་སུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངའི་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ཞིག་ཏུ་ བྱིན་གྱི་བརླབས་པ། གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ། དེའི་ཚེ་ན་ ལྷོ་ཕྱོགས་སུ་ཡུལ་མུ་རྒྱུན་དུ་ཞེས་བྱ་བ་ནི། ཆུའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་ མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བ་ནི། ཀ་ཡོ་རི་ཞེས་བྱ་ བར། རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་གྱུར་ཏེ་སོགས་ནས་ ཆོས་ཀྱི་དུང་འབུད། ཆོས་ཀྱི་རྒྱལ་མཚན་འཛུགས། ཆོས་ཀྱི་རྔ་ཆེན་སྒྲོག་པར་འགྱུར་རོ། །ཐེག་ 6-1-56 པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །སེམས་ཅན་གྱི་ཁམས་རྟག་པའི་ ཁམས་དང༌། རྔ་བོ་ཆེན་པོ་མདོའི་གཏམ་སྨྲ་བར་འགྱུར་རོ། །ཞེས་སོགས་གསུངས་པ་དང༌། འཕགས་པ་མྱང་འདས་སིལ་བུའི་མདོ་ལས། རྒྱལ་བ་འདི་ནས་མྱ་ངན་འདས་འོག་ན། །མི་ལོ་ བདུན་བརྒྱ་ལོན་པའི་དུས་སུ་ཡང༌། །ཆུ་བོ་གཡས་སུ་འཁྱིལ་བའི་ལྷོ་ཕྱོགས་ན། །ང་ཡི་མིང་ ཅན་དགེ་སློང་དམ་པ་འབྱུང༌། །ལོ་བརྒྱར་ཆོས་ཀྱི་དུང་འབུད་དར་ཕྱར་ཅིང༌། །ཆོས་ཀྱི་མཆོད་ སྦྱིན་ང་དང་ང་འདྲ་འབྱུང༌། །ཞེས་གསུངས་པ་དང༌། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུགས། ཆོས་ཀྱི་དུང་ འབུད་དར་ཕྱར་འགྱུར། །ཞེས་སོགས་ཀྱིས་ལུང་མང་དུ་བསྟན། ཆོས་རྒྱལ་སྲོང་བཙན་སྒམ་ པོས་རང་བྱུང་ལྔ་ལྡན་གྱི་ཐུགས་ཀ་ནས་ཞལ་བསྟན་ནས་མགར་ལ་འདི་སྐད་དོ། །ང་ནི་ཀུན་ ནས་གཤེགས་པ་མ་ཡིན་ཏེ། །འཕགས་པའི་སྙིང་པོར་འདི་རུ་འདུག་ཡིན་པས། །མྱ་ངན་མ་ བྱེད་གསོལ་བ་དྲག་ཏུ་ཐོབ། །བདག་ཅག་མ་འོངས་པ་ན་ལྷན་ཅིག་ཏུ། །སྐྱེ་བོ་མཉམ་པོར་ གདུལ་བྱའི་དོན་བྱེད་ཅིང༌། །དང་པོར་པདྨའི་གླིང་དང་རྡོ་རྗེ་གདན། །ཟ་ཧོར་ཁ་ཆེ་རྔ་ཡབ་ གླིང་ལ་སོགས། །སྐྱེ་བོ་མང་པོས་འགྲོ་བ་འདྲེན་ནས་སུ། །བོད་ཁམས་རྩོད་དུས་སྲིད་པའི་ཐ་ མ་ལ། །མ་བང་རྒྱ་མཚོས་བསྐོར་བའི་མངའ་རིས་སུ། །ཏེ་ཙི་གངས་གར་དྲིལ་བུ་བཀོད་པ་ འདྲ། །རི་བོ་གནྚེ་སྤོས་གླང་འགྱིང་བ་བཞིན། །ཀོ་ཀང་གཡའ་མ་མེ་ཏོག་བཀྲམ་པ་འདྲ། །དབུས་སུ་པད་དཀར་རྒྱས་པའི་ལྟེ་བ་རུ། །དུང་དཀར་གཡས་སུ་འཁྱིལ་བའི་ཀ་ཡོ་རི། །ཤིང་ སྣ་རི་དྭགས་བྱ་ཚོགས་འདུ་བའི་གནས། །གྲོང་བཞིའི་དབུས་སུ་གྲོང་ཁྱེར་ངོ་མཚར་ཅན། 6-1-57 །པན་ཚང་གྲོང་ཁྱེར་དམག་གིས་མི་ཚུགས་པ། །མི་བདག་ཛྙཱ་ན་ཤྭ་རིའི་རྒྱལ་བུ་རུ། །ནོར་བུ་ སྙིང་པོ་ཆུ་ཕོ་འབྲུག་ལ་འབྱུང༌། །སྐྱེས་མཆོག་ཁྱད་འཕགས་ཁབ་ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་མཁྱེན་མཚན་དུ་གྲགས། །ད་ལྟའི་བཙུན་མོ་རྣམ་ལྔ་འདི་དག་ ཀྱང༌། །དེ་ཚེ་སྲིང་མོའི་ཚུལ་དུ་འཁྲུངས་པར་འགྱུར། །དེ་ཀུན་ཁྲིམས་ལྡན་དགེ་སློང་མ་ལ་ འགོད། །འཇིག་རྟེན་མགོན་པོ་བདག་གིས་དེ་ཡི་ཚེ། །སྐྱེ་དགུའི་བསོད་ནམས་རྒྱ་མཚོ་སྤེལ་ བའི་ཕྱིར། །ངོ་མཚར་ཁྱད་འཕགས་བཀྲ་ཤིས་སྒོ་མང་སོགས། །རྒྱལ་བའི་སྐུ་རྟེན་གསུང་རབ་ རྒྱ་མཚོ་རྣམས། །རྡོརྗེ་གྲགས་མོ་རྒྱལ་གྱི་གནས་སུ་བཞེངས། །ཐེག་མཆོག་ཆོས་ཀྱི་དུང་འབུད་ དར་ཆེན་ཕྱར། །འཆད་རྩོད་རྩོམ་པའི་རྔ་རྡུང་དཔལ་ལ་སྤྱོད། །མཐོང་ཐོས་དྲན་པའི་འགྲོ་བ་ དེ་དག་ཀྱང༌། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །དེ་ཚེ་ནང་བློན་ཆེན་པོ་བཅུ་གསུམ་ ཀྱང༌། །ཡོན་ཏན་ང་དང་མཉམ་པའི་སྐྱེས་བུ་འབྱུང༌། །བོད་ཁམས་མུན་སེལ་སྟོན་པའི་བྱ་བ་ བྱེད། །འདི་ལ་ཐེ་ཚོམ་མ་ཟ་དྲང་པོར་ལོངས། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ ཡང་ཡང་ལུང་གིས་བསྔགས་པའི་ཀུན་མཁྱེན་དོལ་པོ་པ་ཆེན་པོའི་ཐོག་བར་མཐའ་གསུམ་གྱི་ མཛད་པ་རྒྱ་མཚོ་ཆེན་པོ་ལས་རྩྭ་རྩེའི་ཟིལ་བ་ཙམ་ནི། ཐོག་མར་ཡུལ་མངའ་རིས་དོལ་པོ་ པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་ གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ནང་ཚན་དགའ་བ་ཞེས་པ་ཆུ་ཕོ་འབྲུག་༡༢༩༢ལོར་རྒྱལ་ བུ་དོན་གྲུབ་གཉིས་པ་ལྟ་བུའི་སྐུ་འཁྲུངས། བླ་མ་སྐྱི་སྟེངས་པ་སོགས་མང་རབ་བསྟེན། རིག་ གནས་ཐམས་ཅད་ཚེགས་མེད་དུ་མཁྱེན། བཅུ་གཅིག་པར་མཁན་ཚུལ་ཁྲིམས་སྙིང་པོ་སོགས་ ལས་དགེ་ཚུལ་ཞུས་ནས་མཚན་ཤེས་རབ་རྒྱལ་མཚན་གསོལ། ཉེར་གཅིག་དུས་བླ་མ་སྐྱི་སྟོན་ པའི་མདུན་ནས་ཕར་ཚད་མངོན་གསུམ་དང༌། སྤྱོད་འཇུག་སྔགས་ཆོས་འགའ་དང་བཅས་ལོ་ ཕྱེད་གཉིས་སུ་ཅིག་ཅར་བསླབས་པས་ཐུགས་སུ་ཆུད་ནས་བཤད་གསར་མཛད། མདོརྣམས་ 6-1-58 ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་རྣམས་སུ་གྲྭ་སྐོར་ལ་ཕེབས་ པས། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་མེད་མཁྱེན་པས་རྩོད་ཟླ་ཐམས་ཅད་ཟིལ་གྱིས་ མནན་ཏེ་ཀུན་མཁྱེན་གྱི་མཚན་ཐོགས། མཁན་བསོད་ནམས་གྲགས་པ་སོགས་ལ་བསྙེན་ རྫོགས་ཞུས། འདུལ་བ་མདོ་རྩ་འགྲེལ་གསན་ཅིང༌། སྐུ་བཙུན་པའི་མཐར་ཐུག་པར་བཞུགས། ཇོ་ནང༌། ལྷ་ས། མཚུར་ཕུ་སོགས་སུ་ཕེབས། རྗེ་ཀརྨ་རང་བྱུང་བ་དང་ལུང་རིགས་ཀྱིས་གསུང་ གླེང་མང་དུ་མཛད་ཀྱང་རྗེ་འདིའི་ཞལ་ཡ་རང་བྱུང་བས་མ་ཐེགས་ཀྱང་ལྟ་གྲུབ་འདི་ལས་ བཟང་པོ་འོང་བར་ལུང་བསྟན། སོ་གཅིག་པར་ཇོ་ནང་མཁས་བཙུན་ཆེན་པོའི་དྲུང་ནས་ དབང་དང་གདམས་པ་དུ་མ་གསན། དུས་འཁོར་སྦྱོར་དྲུག་ཉམས་ལེན་གྱི་མཐིལ་དུ་མཛད། སོར་བསམ་ཐུགས་ལ་སྐྱེས་ཟིན། ཡང་སྒོམ་པར་མཛད་པས་སྲོག་རྩོལ་མཐར་ཕྱིན། ལྷ་སར་ སྨོན་ལམ་དང་ཡེར་བར་ཐོག་གཅིག་བཞུགས། ཇོ་ནང་སྐྱིད་ཕུག་ཏུ་ཆོས་གྲགས་དཔལ་ལ་ འགྲེལ་ཆེན་གསང་ནས་གསུངས། མཁས་བཙུན་ཆེན་པོས་གསུངས་པའི་ངོར། དགེ་བཤེས་ ལྔ་བཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་པ་ཞིབ་ཏུ་གསུངས་སོ། །བར་དུ་བསྟན་འགྲོའི་དོན་བླ་ མའི་བཀའ་ནན་ཆེན་པོའི་གདན་སར་ཕེབས་དགོས་བྱུང༌། མཁས་བཙུན་ཆེན་པོ་དགྱེས་ནས་ ལོ་གཉིས་སུ་ཉིན་མཚན་མེད་པར་དབང་ལུང་ཁྲིད་བཤད་བླ་མ་ཉིད་ལ་མངའ་བའི་ཆོས་ ཐམས་ཅད་བསྩལ། བླ་མ་འདི་དང་སྐྱི་སྟོན་འཇམ་དབྱངས་སོགས་བཤེས་གཉེན་སུམ་ཅུ་ལྷག་ ལས་ཆོས་གསན་པ་ནི་གྲངས་བརྗོད་པ་ཡང་དཀའ་བ་ཙམ་ཐོབ། ཡང་བཀའ་དང་བསྟན་ བཅོས་འགྱུར་རོ་ཅོག་ནན་ཏན་བཅས་པས་ཚར་གཅིག་གཟིགས། དོན་ཐམས་ཅད་མ་འདྲེས་ པར་ཐུགས་སུ་ཆུད། ལོ་ཤས་ནས་སྐུ་འབུམ་ཆེན་མོའི་རྨང་འདིང་སྐབས། རྡོར་འཆང་དང༌། ཡི་དམ། མཁའ་འགྲོས་ལུང་བསྟན་དང༌། སྔོན་གྱི་སྨོན་ལམ་སྣ་ཚོགས་པས་མཐུ་བཙན་པ་ ལས། སྐུ་འབུམ་ཆེན་མོའི་ས་ཆོག་མཛད་ཚེ་ཁོང་ཉིད་དུས་འཁོར་དུ་གྱུར། འཇའ་གུར་དབུས་ 6-1-59 སུ་ཨོ་རྒྱན་པདྨ་ལ་གྲུབ་ཆེན་དུ་མས་བསྐོར་ཅིང༌། སངས་རྒྱས་སྲས་བཅས། དཔའ་བོ་མཁའ་ འགྲོས་མེ་ཏོག་གི་ཆར་ཕབ། ས་ལྷས་གསེར་བུམ་ཐོགས་བཞིན་ས་གཏེར་ཕུལ། ཀླུ་རྒྱལ་གྱིས་ མེ་ཏོག་གསེར་འཁོར་དང་བཅས་ཆུ་གཏེར་ཕུལ། ཀྵེ་ཊས་ལྷུང་བཟེད་བ་དན་ཐོགས་ཏེ་རྡོ་ གཏེར་ཕུལ། ལྷ་མོ་འོད་འཆང་མས་ཤིང་གཏེར་ཕུལ། ནགས་སྨན་མས་གསེར་དྲིལ་དུང་ དཀར་མཆོད་རྫས་ཕུལ། ལྷ་བྲན་མང་པོས་མེ་ཏོག་གི་ཆར་ཕབ། གླིང་མཚོར་གནས་པའི་ཀླུ་ རྒྱལ་ནོར་རྒྱས་ཀྱི་གསེར་ཕྱེ་ཕུལ། ཉིན་མོར་ལྷ་མི་དང༌། མཚན་མོར་ཀླུ་དང་གནོད་སྦྱིན་མི་ མིན་སོགས་ཀྱིས་བརྩིགས། ཁོང་ཉིད་ཀྱིས་མཛད་པ་ཅིག་ཅར་གནང་བ་ནི། བསམ་གཏན་ ཁང་བར་མཉམ་བཞག་མཛད་པ། འགའ་ཞིག་ལ་རྫོགས་ལྡན་གྱི་ཆོས་འཁོར་བསྐོར་བ། རྩིག་ མཁན། ཤིང་བཟོ། མགར་བ། བླུག་པ། ལྷ་བཟོ་སོགས་སྤྲུལ་པ་སྣ་ཚོགས་བསྟན། བཤེས་ གཉེན་དམ་པ་བཅུ་ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་ རྒྱས་པར་གསུངས། གཞན་སྟོང་སྟོན་པའི་དཔེ་རྣམས་ཕྱོགས་ཕྱོགས་སུ་ཁྱབ་པས་ཕལ་གྱི་ བློར་མ་ཤོང་བས་དངོས་སུ་འབེལ་གཏམ་དང་རྩོད་པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་འབབ་ པ་བཞིན་དུ་སོང་བས་གྲུབ་མཐའ་ལ་ངེས་ཤེས་དང༌། བླ་མ་ལ་དད་པ་ཐོབ། རིང་ནས་ངག་ ལན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས་ངེས་པ་རྙེད། ཕྱིའི་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས་ངེས་ དོན་རྒྱ་མཚོ་སོགས་གྲུབ་མཐའི་ཆོས་བཅུ་དྲུགདུས་འཁོར་ས་བཅད་སོགས་ཆ་ལག་བཅོ་ བརྒྱད། ཡུམ་གྱི་མཆན་བུ། གསོལ་འདེབས་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཉེར་ གསུམ། བསྟོད་སྐོར་བཅུ་བཞི། སྐུ་འབུམ་ཆེན་མོའི་ཆོས་སྐོར་ལྔ། རྡོ་རྗེ་ཕྲེང་བ། དབང་སྐོར་ གསུམ། སྤྲིངས་ཡིག་བརྒྱད། སྨོན་ལམ་གསུམ། བཀྲ་ཤིས་བཞི་སོགས་གསུང་རབ་ཀྱི་ཡིག་ ཆ་མཛད། མཆོད་རྟེན་བཞེངས་སར་སྲོག་ཆགས་མང་པོ་ལ་ལྗགས་སྔགས་མཛད། སེ་གོལ་ 6-1-60 གཏོགས་པས་ཐམས་ཅད་མེད་པར་སོང༌། ཆུ་མེད་པ་ལ་བཅའ་ལུང་གི་ཕུ་ཆུ་ནར་གྱིས་ཐོན། རྟེན་མཆོག་ལེགས་པར་གྲུབ་སྐབས། རབ་གནས་ཆོ་གའི་དུས་སུ་མཁའ་དབྱིངས་ཀུན་ཏུ་ འཇའ་འོད་སྣ་ཚོགས་ཀྱི་དབུས་སུ་སངས་རྒྱས་བྱང་སེམས་ཡི་དམ་རབ་འབྱམས་དང༌། དཔའ་ བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་སྡེ་དང༌། ཁྲོ་ཆེན་འབར་བའི་ཚོགས་ཀྱིས་བགེགས་རྣམས་ རྒྱང་དུ་བསྐྲད། མེ་ཏོག་གི་ཆར་དང་སྤོས་དྲིས་མཁའ་དབྱིངས་ཀུན་ཏུ་ཁྱབ། བཀྲ་ཤིས་རྟགས་ བརྒྱད་མཆོད་རྫས་དཔག་མེད་བྱོན་པ་ཀུན་རྟེན་མཆོག་ལ་ཐིམ། ལས་མི་ཕལ་བ་རྣམས་ལ་ སྒོམ་ཉམས་འཕེལ་བ་དང༌། འབྲེལ་བ་ཆེ་ཆུང་གང་བཞག་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་ མཚན་ལྟས་བྱུང༌། སྤྱན་རས་གཟིགས་དང་རྒྱུན་དུ་འབྲལ་བ་མེད། གུར་མགོན། རྣམ་སྲས་ བྲན་བཞིན་འཁོར། ཕྱག་མཆོད་ཐུགས་དམ་མཛད་རེས་སྐབས་རིགས་གསུམ་མགོན་པོ། སྒྲོལ་མ། སྨན་བླ། བྱམས་པ་སོགས་བྱོན། མཁའ་འགྲོ་རྒྱ་མཚོ། སྒྱུ་འཕྲུལ་དྲ་བ། སྡོམ་པ་ཆེ་ ཆུང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གཟིགས། བདེ་བ་ཅན། ཤམྦྷ། མངོན་དགའ། ཨོ་རྒྱན་ཡུལ། འོག་མིན། རིགས་ལྔའི་ཞིང་སོགས་སུ་ཡིད་ཀྱིས་ཕེབས། ཧོར་དང་རྒྱ་ནག་སོགས་ཀྱིས་གདན་འདྲེན་ཡང་ཡང་ཞུས་ཀྱང་ཆོས་བརྒྱད་ལ་ཞེན་པ་གཏིང་ ནས་ལོག་པས་ཞལ་གཟིགས་ཙམ་ལས་དངོས་སུ་མ་བྱོན། སྒྲུབ་པ་སྙིང་པོར་བྱེད་པའི་སློབ་མ་ ཉུང་དུས་སུ་སྟོང་ཙམ་ཡོད། རྒྱལ་གདོན་དམ་སྲིས་ཁ་ཟུག་པ་རྣམས་ལ་བཀའ་ཤོག་བསྐུར་བ་ ཙམ་གྱིས་གྲོལ། སྔར་ནས་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནས་དྲིན་ནོ། །ས་སྐྱར། ཀ་ཆེན་བཞི། རིགས་ ཚོགས་ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་གསུངས། གཙོ་བོར་ སྒྲུབ་པ་ཁོ་ན་མཛད། མཁས་པ་མང་པོ་ལ་བྱམས་ཆོས་ལྔ། དབུ་མ་བསྟོད་ཚོགས། འབུམ། སྙིང་པོའི་མདོ། སེམས་འགྲེལ་སྐོར་གསུམ། དབང་མདོར་བསྟན། ཀྱཻ་རྡོར་ནཱ་རོའི་འགྲེལ་ 6-1-61 ཆེན། དབུ་མ་རྩ་བ། སྤྱོད་འཇུགབསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་ རྗེ་ཕྲེང་བ། གསང་འདུས་སྒྲོན་གསལ། དམར་ནག་འཇིགས་གསུམ། ཤེར་མདོ་སོགས་བར་ སྐབས་བར་སྐབས་སུ་ལན་མང་གནང༌། རྒྱུད་སྡེའི་དབང་ཡང་སོ་སོའི་འདོད་པ་དང༌། མཐུན་ པར་ཡང་ཡང་གསུངས། ཡེ་ཤེས་པ་འབེབས་སྐབས་ལམ་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་པ་ ཕེབས་པའི་རྣམ་འགྱུར་མང་དུ་བྱུང༌། སྤྱིར་ཆོས་འདི་རྣམས་བསླབ་པ་ཁོ་ནས་མི་གོ། ཚོགས་སྒོ་དུ་མ་ནས་བསག་ཅིང་བསྒོམ་ན་ གོ་བ་ལགས། ད་ལྟ་སྙིང་པོ་བསྡུས་པའི་སྐབས་འདིར་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་གསུངས། སྐུ་ ཚེའི་སྨད་ལ། ནུབ་ཆོས་ལུང༌། འུ་ཡུག སྙེ་མོ། གནམ་སྟོད་ལུང་སོགས་བརྒྱུད་ནས་ལྷ་སར་ ཟླ་བ་བཅུ་གཅིག་བཞུགས་སྐབས་རྣམས་སུ། སྔོན་འགྲོའི་ཁྲིད་དང༌། དུས་འཁོར་དབང༌། སྦྱོར་དྲུག་གི་ཁྲིད་གནང་བས་བདེན་པ་གསུམ་མམ་དམ་པོ་འདེབས་པ་དང༌། སོར་བསམ། སྲོག་རྩོལ་བར་གྱི་ཉམས་རྟོགས་ཚད་དུ་ཕྱིན་པ་ཤིན་ཏུ་མང༌། སྐྱེ་བོ་ཕལ་བ་རྣམས་ལ་དལ་ འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་ འགྲོ། སེམས་བསྐྱེད། སྡིག་པ་སྦྱང་ཐབས། བསོད་ནམས་བསག་ཚུལ། བླ་མ་བསྟེན་ཚུལ་ སོགས་ཡང་ཡང་གསུངས། ཕྱིར་ཕེབས་ནས་རིམ་པར། ཀྱི་སྨད་ཡར་འབྲོགཉང་སྟོད་སོགས་ སུ་ཟབ་ལམ་གྱི་ཁྲིད་མང་དུ་གནང༌། སྤྱིར་གང་ཕེབས་ཐམས་ཅད་དུ། སྐྱབས་འགྲོ། སེམས་ བསྐྱེད། ཡིག་དྲུགདགེ་བསྙེན་ཕ་མ། རབ་བྱུང་བསྙེན་རྫོགས་ཞུ་བ་སོགས་རྒྱུན་མི་འཆད་པ་ བྱུང༌། ཤམ་པོ་རྩེ་ལྔ་ལ་གཤེགས་སྙིང་གི་དོན་རྟོགས་པ་མང་བར་ལུང་བསྟན། ཐ་མར་མཛད་ པ་རྫོགས་ཚུལ། ད་ཆེ་བགྲེས་རྣམས་བོས་གསང་གྲོས་ཤིག་བྱེད་གསུངས༌། ཞལ་ཏ་སྣ་ཚོགས་ གནང༌། དགུང་ལོ་བདུན་ཅུ་ལྕགས་མོ་གླང་གི་དུས་ཉིད་སྐུ་གཟི་བརྗིད་རབ་ཏུ་རྒྱས་བདག་བདེ་བ་ 6-1-62 ཅན་དུ་འགྲོ་གསུངས་ཚེ་ས་རྣམ་པ་དྲུག་ཏུ་གཡོས། འཇའ་འོད་སྣ་ཚོགས་འཁྲིགས། སངས་ རྒྱས། བྱང་སེམས། དཔའ་བོ། མཁའ་འགྲོའི་ཚོགས་རྣམས་བསུ་མར་བྱོན་ཚེ་ཐུགས་སློབ་ རེ་རེ་བཞིན་དུ་ལུང་བསྟན་སྣ་ཚོགས་གསུངས། ཞལ་ནས་འོད་འགྱེད་གཡོ་བ་མེད་པར་ཞིང་ གཞན་དུ་གཤེགས་ཚེ་ཡོལ་བས་བསྐོར་ཞིང་ཐུགས་འོད་གསལ་གྱི་ངང་དུ་བཞུགས་སྐབས་ ཕྱི་རྟགས་སུ་དྲི་ངད་སྣ་ཚོགས་ལྡང༌། ལྷ་དང་ལྷ་མོས་མཆོད་རྫས་མེ་ཏོག་འཐོར་ཞིང་རོལ་ཆ་ དཀྲོལ་ཏེ་བསྟོད་པ་སྣ་ཚོགས་མཛད། བྱང་སེམས་ཤངས་རྩེར་ལུད་སྐབས་ཡར་ཆབ་གཙང་ བོ་ཆད་ཅིང་མི་རྣམས་འགྲོ་འོང་བྱུང༌། དམར་ཆ་ནོར་བུར་བྱོན་ཚེ་ནུབ་རི་ལ་ཉེ་བའི་ཉི་མ་ཤར་ ཕྱོགས་སུ་བཟློགཚེས་བརྒྱད་ཉིན་སྐུ་གདུང་སྤྱན་དྲངས་ཚེ་དྲི་བཟང་འཐུལ་བཞིན་མཇལ་ཁ་ གནང་སྐབས་མཁའ་དབྱིངས་དྭངས་པའི་ངོར་འཇའ་ཚོན་སྣ་ལྔས་མཆོད་རྫས་སྣ་ཚོགས་ངོམ། གདུང་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ཁྱབ་པ་ལས་འོད་དཀར་ཤེལ་ཀ་བསྒྲིགས་ པའི་བར་བར་དུ་འོད་དམར་གྱི་སྐུད་པས་དྲིལ་ཕྲེང་བརྒྱུས་པ་ལྟ་བུ་བྱུང༌། ཡེ་ཤེས་རང་མེ་ འབར་སྒྲར། ཆོས་སྐུ་སྐྱེ་མེད་མི་རྟག་ཟློས་གར་མཚོན། འདིར་དགོངས་རྫོགས་ཀྱང་གཙང་ བདེ་རྟག་བདག་གི་རང་བཞིན་དམ་པའི་ཆོས་ཉིད་མངོན་ཚུལ་གསུངས། འཇའ་ཚོན་དྲ་བ་དྲ་ ཕྱེད་ཀྱི་བར་བར་མེ་ཏོག་སྣ་ཚོགས་ཀྱི་དབུས་སུ་ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་ དངོས་སུ་བྱོན། མེ་ཏོག་གི་ཆར་དང༌། གདུང་མེ་མཆེད་སྒྲས་ཆོས་སྒྲ་སྣ་ཚོགས་བསྟན། དུ་བ་ སྔོ་ལྗང་དར་ཡུག་བརྐྱངས་འདྲའི་རྩེ་མོར་འཇའ་གུར་ཀློང་དུ་ཆོས་རྗེ་དངོས་སུ་བཞུགས་པས་ སློབ་ཚོགས་རྣམས་ལ་རང་རང་དང་མཐུན་པའི་ཆོས་གསུངས་པ་དང༌། མཛད་པ་འདྲ་མིན་ བསྟན། ཨ་གར། ཙན་དན་ག་བུར་ལ་སོགས་པའི་དྲི་བཟང་ནམ་མཁར་ཁྱབ། འཁར་རྔ་ དང༌། གླིང་བུ། དུང་དཀར། ཟངས་དུང༌། རྔ་དྲིལ། རྫ་རྔ། ཌཱ་མ་རུ་ལ་སོགས་པའི་སྒྲ་སྙན་ གྲགས། གདུང་ཁང་སྒོ་འབྱེད་པའི་ཚེ་མཁའ་དབྱིངས་ལས་སྒྲ་ཆེན་བྱུང༌། གདུང་རུས་ཤེལ་ 6-1-63 དཀར་ལྟ་བུ་རྣམས་མཇལ་ཚེ་སྒལ་ཚིགས་དུས་འཁོར་ཡོངས་རྫོགས་ཀྱི་སྐུར་གྱུར། དཔྲལ་ བར་རྟ་མགྲིན་ཡང་གསང༌། དཔུང་པ་གཡས་སུ་མི་གཡོ་བ། ལྟག་པའི་ནང་ངོས་སུ་སངས་ རྒྱས་ཐོད་པ། ཚངས་བུག་ཏུ་ཤཱཀྱ་ཐུབ་པ། སོར་ཚིགས་ཁ་སར་པ་ཎི། རྣ་ལྟག་གཡས་སུ་སེང་ ལྡེང་ནགས་སྒྲོལ། གཡོན་དུ་འཇམ་དཔལ་དམར་པོ། སྙན་ཟུང་དང་མགྲིན་པའི་ཆའི་རུས་བུ་ ལ་དུང་དཀར་གཡས་འཁྱིལ། མཁྲིག་མ་གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་རེ་རེ། རྗེ་ངར་ཡིག་དྲུག་ རང་བྱོན་འགྲམ་རུས་སུ་སྟོང་ཆེན་ཡིག་ལྔ། རྩིབ་རུས་ལ་བཀྲ་ཤིས་རྟགས་བརྒྱད། རུས་པའི་ ཆ་ཤས་ལ་ཧ་ཀྵ་བརྩེགས་འབུར་སོགས་གསུང་རྟེན་སྣ་ཚོགས། ཕྱག་མཚན་ལ་སོགས་ཐུགས་ རྟེན། རིང་བསྲེལ་ལེགས་སྤུངས། གདུང་ཐལ་གང་འགོས་རྣམས་ལ་ཡི་གེ་ཨཱཿཧྲཱིཿ ཕྱག་མཚན་ སྣ་ཚོགས། དུང་དཀར། རྗེ་བཙུན་ལྷ་མོ། རྣམ་སྲས། གུར་མགོན། ཡ་མཚན་རང་བྱུང་དེ་དག་ ཀྱང་གླང་ཆེན་རུས་པ་ལ་མཁས་པའི་བཟོ་བོས་ལག་རྩལ་འགྲན་པ་ལྟར། འབུར་དུ་དོད་ཅིང་ ཤིན་ཏུ་གསལ་བ་རྣམས་གདུལ་བྱའི་དོན་དུ་བྱོན་པ་ལགས། ༡༣༠༦ མེ་ཕོ་རྟ་ཡི་ལོར། ཀུན་མཁྱེན་ཆེན་པོའི་དངོས་སློབ་ས་སྙིང་སྤྲུལ་པ་ཆོས་རྒྱལ་ ཕྱོགས་ལས་རྣམ་རྒྱལ་འཁྲུངས། ཇོ་ནང་པ་ཆེན་པོའི་གདན་ས་སྐྱོང་མཛད་མཁས་གྲུབ་ཀྱི་ སྐྱེས་བུ་ཚད་མར་གྱུར་པ་ཡིན་ཡང་རྣམ་ཐར་བརྗོད་པ་ཡང་ཡིག་ཚོགས་མང་བས་མ་སྤྲོས། འདིའི་དྲུང་ནས་རྗེ་བླ་མ་བློ་བཟང་གྲགས་པས་ཇོ་ནང་གི་ལུགས་ཀྱི་དུས་འཁོར་སྦྱོར་དྲུག་ སོགས་ཆོས་མང་གསན། ༨༡ ལ་འདས། ༡༣༤༥ ཤིང་མོ་བྱའི་ལོར་འཇམ་དཔལ་སྤྲུལ་པ་ ཉ་དབོན་ཀུན་དགའ་དཔལ་འཁྲུངས། ཁོང་ཕྱོགས་རྒྱལ་བའི་རྒྱལ་ཚབ་ཀུན་མཁྱེན་ཆེན་ པོའི་ཐུགས་སྲས་མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་ཆེན་དམ་པ་འདིའི་མདུན་ནས་རྗེ་བློ་བཟང་ གྲགས་པས་ཕར་ཕྱིན་སོགས་ཆོས་མང་གསན། ༩༥ལ་འདས། ཇོ་ནང་ཀུན་མཁྱེན་ཆེན་པོ་ལ་ སློབ་བུ་ནམ་མཁའི་སྐར་ཚོགས་ལྟར་ཡོད་ཀྱང་རང་འདྲའི་བུ་ཆེན་བཅུ་བཞིའི་རྣམ་པར་ཐར་ 6-1-64 བ་བརྗོད་འོས་དུས་སུ་བབ་ཀྱང་ཡིག་ཚོགས་མང་བས་འཇིགས་སོ། ། དེ་ནས་ཇོ་ནང་པའི་གདན་རབས་དང་བྱིན་རླབས་ཀྱི་བརྒྱུད་རིམ་ནི། ཉ་དབོན་པའི་ ཐུགས་སྲས་གྲུབ་ཆེན་ཀུན་དགའ་བློ་གྲོས། དེའི་སློབ་མ་འཇམ་དབྱངས་དཀོན་མཆོག་བཟང་ པོ། དེའི་སློབ་མ་ནམ་མཁའ་ཆོས་སྐྱོང༌། དེའི་སློབ་མ་པཎ་ཆེན་ནམ་མཁའ་དཔལ་བཟང༌། དེའི་སློབ་མ་ལོ་ཆེན་རཏྣ་བྷ་དྲ། དེའི་སློབ་མ་འཇམ་མགོན་གྲུབ་པའི་དཔའ་བོ། དེའི་སློབ་མ་ མཁན་ཆེན་ལུང་རིགས་རྒྱ་མཚོ། དེའི་སློབ་མ་རྗེ་བཙུན་ཏཱ་ར་ནཱ་ཐ་རྗེ་བཙུན་ཀུན་དགའ་སྙིང་ པོའམ་ཏཱ་ར་ནཱ་ཐའི་མཛད་ཚུལ་དངོས་ལ། ཐོག་བར་ཐ་གསུམ་གྱི་མཛད་པ་གསུམ་ལས། དང་པོ་ནི། ཡབ་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༥༧༥རབ་བྱུང་༡༠ ཤིང་མོ་ཕག་ལོ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་གྲོད་པུ་འཇའ་ཚོན་ ཁ་དོག་ལྔ་ལྡན་གྱི་ནང་དུ་འཁྲུངས། དེ་ཡང་ཁ་འབྱེད་མ་ཐག་ཁྱེའུ་སྐུ་ལ་ཤ་མཚན་ཁྲག་ཞག་གི་ཐིག་ལེ་ལི་ཁྲིའི་ཚངས་སྐུད་ ཀྱི་རྣམ་པ་ཅན། ཕྱག་ཞབས་ལ་འཁོར་ལོ་དང་སྐུ་ལ་གུར་ཀུམ་གྱི་དྲི་ངད་ལྡན་པ་སྤྱན་གྱིས་ ཕྱོགས་ཐམས་ཅད་ལ་གཟིགས་བཞིན་ཞལ་ནས་སུམྦྷ་ནིའི་སྔགས་ལན་གསུམ་བརྗོད་པ་ཞིག་ བལྟམས་སོ། །དེ་སྐབས་མེས་པོས་པདྨ་སྲི་གཅོད་རྡོ་རྗེ་ཞེས་པའི་མཚན་གསོལ། ངོ་མཚར་ བའི་ལྟས་ཀྱང་ཉེ་སྐོར་གྱི་ལྡུམ་ར་ན་མེ་ཏོག་མང་པོས་ཁ་འབུས། ནམ་མཁའ་ནས་མེ་ཏོག་གི་ ཆར་ཞག་བདུན་བབས། བྱ་བྱིའུ་རྣམས་ཀྱང་སྐད་སྙན་སྒྲོག་ཅིང༌། རི་དྭགས་རྣམས་རྩེ་དགའ་ བྱེད། མི་ནད་ཕྱུགས་ནད་ཆད་ཅིང་མི་རྒན་རྣམས་ཚེ་འཕེལ་ནས་གཞོན་ཤ་ཅན་དུ་གྱུར་པ་ སོགས་ཡ་མཚན་པ་ཆེས་མང་ངོ༌། །ཟླ་བ་བརྒྱད་ནས་ཐམས་ཅད་ལ་བྱོན་ཐུབ་ཅིང༌། དགུང་ ལོ་གཅིག་ལོན་ཙམ་ནས་སྨྲ་ཤེས་ཤིང༌། སྨྲ་ཤེས་ཙམ་ནས་ང་བླ་མ་ཀུན་དགའ་གྲོལ་མཆོག་ ཡིན་ཞེས་ཡང་ཡང་གསུངས། སྐུ་ཚེ་སྔོན་མའི་སྦྱིན་བདག་གྲྭ་རིགས་ལྷ་ཆ་རྟེན་གསུམ་ཉེ་ 6-1-65 གནས་དཔལ་འབྱོར་གྱིས་ཞབས་ཕྱི་བགྱིས་པ་སོགས་གསལ་བར་སྨྲས་པས་ཀུན་ངོ་མཚར་ སྐྱེས། ཀུན་གྱིས་གསང་ཐབས་སུ་བསྐྱེད་བསྲིངས། ནམ་ཞིག་ན་ཞལ་ངོ་འཁོར་བཅས་ནང་ དུ་གསོལ་བ་མཛད་སྐབས་གང་བྱུང་ཆ་མེད་པར་རྣལ་འབྱོར་བ་སྐུ་ཤ་སྔོ་སང་ངེ་བ་སྐུ་ལ་ རས་དང་སྟག་ལྤགས་ཀྱི་ན་བཟའ་གསོལ་བ་ལག་ན་མི་ཐོད་རློན་པ་ཐོགས་པ་རལ་བའི་ཐོད་ བཅིངས་ཅན་ཞིག་བྱོན་པས་གཞན་ཀུན་སྐྲག་ཀྱང་སྐུ་སྐྱེས་གཞོན་ནུ་དགྱེས་ཤིང་དེ་ལ་ཕྱག་ འཚལ་ཏེ་གསུང་གླེང་མང་དུ་མཛད། དེས་ཀྱང་རྣམ་འཇོམས་ཀྱི་ཁྲུས་དང༌། ལྕགས་ཕུར་ཞིག་ གནང༌། ཕུར་བུ་འདི་སྔོན་པད་འབྱུང་གིས་མཚོ་རྒྱལ་ལ་གནང༌། དེས་སྣ་ནམ་བདུད་འཇོམས་ ལ་གནང༌། དེས་བསམ་ཡས་སུ་གཏེར་དུ་སྦས་པ་ཕྱིས་བླ་མ་གཡུང་སྟོན་པས་བཏོན་པ་ཡིན་ ཚུལ་རྒྱས་པར་གསུངས། དེ་ནས་གསོལ་བཞེས་མཛད་དེ་ཐེགས་སོང༌། གཞན་ཡང་ན་ཆུང་ ངུ་ནས་དག་སྣང་མང་པོ་གཟིགས་པ་དང༌། གཞན་རྒན་གཞོན་བར་གསུམ་ལ་རང་རང་དང་ འཚམ་པར་ཆོས་གསུངས་ཤིང་རྟེན་གསུམ་མཐོང་ན་དད་པ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་ སེམས་སོགས་རང་ཤུགས་ཀྱིས་མངའ། ཡི་གེ་འབྲི་ཀློག་ཕལ་ཆེར་དང༌། ཁྱད་པར་ཡི་དམ་ ཆོས་སྐྱོང་གི་མངོན་རྟོགས་རྩ་སྔགས་གཏོར་ཆོག་རྣམས་སུས་ཀྱང་མ་བསླབ་པར་རང་ཤེས་སུ་ མཁྱེན་པ་ཡིན་ལ། དགུང་ལོ་གསུམ་དང་ཟླ་བ་ཕྱེད་དྲུག་ལོན་སྐབས་ཆོས་རྗེ་བསྟན་འཛིན་ པ་སྤྲུལ་སྐུ་ངོས་འཛིན་མཇལ་ཁ་ཞུ་ཆེད་ལ་བྱོན་ཀྱང་སྐུ་སྐྱེས་མཆོག་ནས་བྱང་སྟག་རྩེའི་ཌཱ་མ་ རུ་གསལ་བོར་ངོས་བཟུང་བ་ཙམ་མ་གཏོགས་བཀའ་ལུང་ཆེར་མ་གནང་བ་སོགས་ཀྱིས་རེ་ ཞིག་འགྱངས། དེ་ནས་མཁན་ཆེན་ལུང་རིགས་རྒྱ་མཚོ་ཕོ་བྲང་དཀར་པོ་ན་བཞུགས་སྐབས་ སྟག་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ནུབ་མཁའ་འགྲོས་ལུང་བསྟན་དང་རྗེས་ནས་སྡེ་ པ་སྣ་དཀར་རྩེ་བས་བསྐུལ་ཞིང་ལོ་རྒྱུས་རྣམས་དང་མཁན་རང་ལ་སྔར་རྗེ་གོང་མས་གནང་ བའི་ལུང་བསྟན་ཤོག་ཁྲ་སོགས་དང་ཆེས་མཐུན་པས་ཐུགས་ཡིད་ཆེས་ཏེ་རྟེན་འབྲེལ་ལེགས་ 6-1-66 པའི་འབྱོར་བ་དང་བསྟུན་ནས་འདི་སྐབས་དགུང་ལོ་བཞི་སྟེང་སྤྲུལ་སྐུ་སྤྱན་འདྲེན་བྱེད་མཁན་ ལུང་རིགས་རྒྱ་མཚོས་རྒྱལ་རྩེ་ནས་བྱང་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དབང་པོའི་བར་གྱི་ མི་སྣ་དྲག་བསྡུས་རྟ་པ་བརྒྱ་དང་དྲུག་ཅུ་རྩ་ལྔ་འཁོར་གཡོག་བཅས་མང་པོ་བསྡུས་ཏེ། མཁན་ རང་ཉིད་སྤྲུལ་པའི་སྐུ་བསླུ་ཞིང་མངའ་གསོལ་བའི་ཆེད་བྱོན་ཏེ་ཁོང་གཉིས་མཇལ་ཕྲད་ སྐབས་སྔོན་གྱི་འདུ་ཤེས་གསལ་བོས་ཕན་ཚུན་ཐུགས་དགྱེས་ཚོར་ཆེན་པོ་མཛད། མཁན་ རང་དང་སྡེ་པ་སྣ་དཀར་རྩེ་བའི་སྤྲུལ་སྐུ་དང་ཡབ་ཡུམ་བཅས་ལ་འབུལ་བ་ལེགས་པ་བགྱིས་ ཏེ་ཟླ་བ་བཅུ་པའི་ཚེས་བཞི་ལ་མཆོག་གི་སྤྲུལ་སྐུའི་ཆིབས་ཁ་བསྒྱུར། དེ་ནས་རིམ་གྱིས་གཙང་ཕྱོགས་སུ་བྱོན་ཏེ། སྡེ་བདག་ཞལ་ངོ་དགོན་པ་སོགས་རིམ་ བཞིན་ངོས་འཛིན་དང་ཞལ་འཕྲོས་གོང་མའི་དུས་ཇི་བཞིན་མཛད། ཆོས་ལུང་བྱང་རྩེར་ཁྲི་ སྟོན་མཛད་སྐབས་རྗེ་གོང་མའི་བུ་སློབ་རྡོ་རིང་ཀུན་དགའ་རྒྱལ་མཚན། ཐུགས་སྲས་ལྷ་དབང་ གྲགས་པ། མཁན་ཆེན་ལུང་རིགས་རྒྱ་མཚོ། མཁས་དབང་བྱམས་པ་ལྷུན་གྲུབ། རྗེ་དྲུང་ཀུན་ དགའ་དཔལ་བཟང་སོགས་བུ་སློབ་ཡོངས་རྫོགས་ཞལ་འཛོམས་ཤིང་དགའ་སྟོན་ཕུན་སུམ་ ཚོགས་པར་མཛད། དེ་ནས་དགུང་ལོ་བརྒྱད་པར་དཔོན་སློབ་རྣམས་ཀྱི་གྲོས་སྟེང་ནས་དཔལ་ སྟག་ལུང་པ་ཆེན་པོ་ཀུན་དགའ་རྒྱལ་མཚན་གདན་དྲངས་ནས་རབ་ཏུ་བྱུང་སྟེ། མཚན་ཀུན་ དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དུ་གསོལ་ཞིང༌། དག་སྣང་དུ་སྤྲུལ་པའི་བཤེས་གཉེན་ རྒྱ་གར་བ་ཛྭ་ལ་ནཱ་ཐས། ཏཱ་ར་ནཱ་ཐ་ཞེས་པའི་མིང་བསྩལ། མཁས་མཆོག་བྱམས་པ་ལྷུན་གྲུབ་ གནས་ཀྱི་བླ་མར་བསྟེན་ནས་མདོརྒྱུད་ལ་གསན་སྦྱང་མཛད་དེ་མཁས་པའི་གནས་ཐོབ། རྗེ་ རྡོ་རིང་བ་ལས་ལམ་འབྲས་གཙོ་བོར་གྱུར་པའི་དབང་གདམས་པ་བསམ་གྱིས་མི་ཁྱབ་པ་ གསན། རྗེ་བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པའི་དྲུང་ནས་ཆོས་དྲུག་ཕྱག་ཆེན་རྣམས་ཀྱི་ གཙོས་མན་ངག་མཐའ་ཡས་པ་ལེགས་པར་གསན་པས་ནང་ཟབ་ལམ་གྱི་མངོན་པར་རྟོགས་ 6-1-67 པའི་ཀློང་རྡོལ་ཏེ་རྡོ་རྗེའི་གནས་ས་བཅུ་གཉིས་ཀྱི་ཡེ་ཤེས་མཆོག་རིམ་གྱིས་བརྙེས་ཏེ་གྲུབ་ པའི་དབང་ཕྱུག་གི་གོ་འཕང་ཐོབ་བོ། །རྗེ་དྲུང་ཀུན་དགའ་དཔལ་བཟང་ནས་དུས་འཁོར་དང་ མགོན་བཀའ་རྣམས་གནང་ཞིང་ཇོ་ནང་གི་གདན་ས་གཏད། མཁན་ལུང་རིགས་རྒྱ་མཚོས་ དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་བཤད་མན་ངག་སྦྱོར་བ་ཡན་ལག་དྲུག་པའི་བྱིན་རླབས་ དོན་བརྒྱུད་བཅས་བསྩལ་ཅིང་ཉམས་སུ་བླངས་པས་ཉམས་རྟོགས་མཐར་ཕྱིན་ཇོ་ལུགས་ ཁྲིད་གྲོལ་ནས་བུ་ལུགས་ལ་མགྱོགས་ཁྲིད་དང༌། ཇོ་ཞལ་བླ་མ་དམ་པའི་ཡིག་ཆ་རྣམས་དང༌། རྒྱ་གཞུང་ཡིག་རྙིང་ཕལ་ཆེར། ཀུན་མཁྱེན་ཆེན་པོའི་གསུང་འབུམ། བཀའ་དང་བསྟན་བཅོས་ མང་པོའི་ལུང་གསན། མཁས་གྲུབ་སངས་རྒྱས་ཡེ་ཤེས། རྡོ་རྗེ་འཛིན་པ་ཡེ་ཤེས་དབང་པོ་ སོགས་ལས། ས་སྐྱ། ཇོ་ནང་ཤངས་པ་ཞ་ལུ་འབྲུག་པ་ཀཾ་ཚང༌། སྟག་ལུང་སོགས་ཀྱི་ཆོས་ སྐོར་མང་པོ་དང༌། རྒྱུད་སྡེ་བཞིའི་དབང་ཁྲིད་མན་ངག་མ་ལུས་པ་གསན། རྒྱ་གར་གྲུབ་ཆེན་ གུ་རུ་ལྷོ་ཕྱོགས་པ་སངས་རྒྱས་སྦས་པའི་མགོན་པོ་ལས་གསང་སྔགས་རྒྱུད་སྡེའི་དབང་བསྐྱེད་ རྫོགས་མཐའ་ཡས་པ་གསན་པ་སྟེ། བླ་མེད་སྔགས་ཀྱི་གཞུང་ལུགས་ལ་བོད་འདིར་སྔོན་མེད་ ཀྱི་བློ་བསྐྱེད་གྲངས་སུ་བཏབ་པའང་ལྔ་བརྒྱ་ཙམ་བྱུང་བར་ཉིད་ཀྱིས་གསུངས་པ་སོགས་ཀྱིས་ མཚོན་ཆེ་བའི་རྣམ་ཐར་མང་ལ། གཞན་ཡང་སྔ་ཕྱི་ཀུན་ཏུ་རྒྱ་གར་གྱི་རྣལ་འབྱོར་པ་འགའ་ལ་ ཟབ་ཆོས་དང་ཕྱི་ནང་རིག་གནས་སྒྲ་སོགས་ཞུས་པས་དགོངས་དོན་ཀུན་མངོན་པར་བྱང་ཆུབ་ པའོ། །དེ་ནས་སྔ་གོང་དགུང་ལོ་ཉི་ཤུ་ཉེ་བའི་སྐོར་ལ། འདུལ་འཛིན་ཀུན་དགའ་རྒྱལ་མཚན་ གྱིས་མཁན་པོ། བྱམས་པ་ལྷུན་གྲུབ་པས་སློབ་དཔོན། རྗེ་དྲུང་ཀུན་དགའ་སོགས་ལས་ཁ་ སྐོང་དང་བཅས་པ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཤིང་ཕྱི་ལྟར་ཉན་ ཐོས་ཀྱི་སྤྱོད་པ་ནང་ལྟར་རྒྱལ་སྲས་བྱང་སེམས་གསང་སྔགས་འཛིན་པ་ཆེན་པོར་གྱུར་ཏོ། །བླ་ མ་དེ་རྣམས་ལ་ཆོས་ཞུ་བའི་དུས་སྔ་ཕྱི་ཅི་རིགས་ཡོད། 6-1-68 གཉིས་པ་བར་གྱི་མཛད་ཚུལ་ནི། དེ་ནས་དགུང་ལོ་ཉེར་གཅིག་སྐབས་ཤིག་ནས་བླ་མ་ དམ་པ་ཀུན་དགའི་མཚན་ཅན་དང༌། སློབ་དཔོན་རིན་པོ་ཆེའི་བཀའ་བཀོད་ལ་གདན་ས་ འཛིན་པ་ཇོ་ནང་དུ་ཕེབས་དགོས་གསུངས་པ་ལྟར་རི་ཁྲོད་ཇོ་ནང་དུ་སྤྱི་ལོ་༡༥༩༥ རབ་བྱུང་ ༡༠ ཤིང་མོ་ལུག་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གཟའ་སྐར་བཟང་བ་ལ་གདན་སར་ འཁོད་ཅིང་བསྐོ་ཇ་སྒྲོགབྱང་ནས་རྩིས་སྤྲོད་གནང་བ་སོགས་མཐུན་རྐྱེན་ལེགས་པར་བྱུང༌། དེ་ ནས་སྐྱིད་ཕུག་ཏུ་མཚམས་ལ་བཞུགས། ལོ་དུས་ཆག་མེད་ཇོ་ནང་དུས་ཁྲིད་ཆེན་མོ་བཙུགས་ པས་ཁྲིད་མ་ཐེབས་པ་གཅིག་ཀྱང་མེད། ཧོར་ཟླ་དང་པོའི་ཚེས་དགུ་ལ་ཁྲིད་གཏོར་བྱས་ཐོག་ མར་དགེ་བའི་ཁྲིད་ངོ་སྤྲོད་བཅས་རྒྱས་པར་གནང༌། རྒྱ་གར་སློབ་དཔོན་སུ་ནིརྦཱ་ཎ་ཤྲཱི་དང་ པུརྞ་བཛྲ་སོགས་ལས་ཟབ་བཀའ་མང་པོའི་གདམས་པ་དེ་ནོད་དེ་ཐུགས་བཅུད་རྒྱས། གཙང་ སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཆོས་གཞི་དང་ལྷ་འབངས་སོགས་རྒྱ་ཆེར་ཕུལ་ཏེ་ངེས་དོན་ གྱི་ཆོས་གཞི་དགོན་གནས་འདེབས་པའི་མཐུན་རྐྱེན་སྒྲུབ་པར་ཞུས་པ་དང༌། ཕྱི་ནང་གི་ས་ དཔྱད་སོགས་དགེ་མཚན་དུ་མ་ཚང་བའི་རྫོང་མདུན་དུ་དཔལ་རྟག་བརྟན་དམ་ཆོས་གླིང་ངེས་ དོན་དགའ་བའི་ཚལ་གྱི་གནས་གཞི་གསར་བཞེངས་བྱེད་པར་རྟེན་འབྲེལ་ལེགས་ཚོགས་ དུ་མ་བྱུང་བ་ནས་དགུང་ལོ་ཞེ་གཅིགསྤྱི་ལོ་༡༦༡༥ རབ་བྱུང་༡༠ ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་ གཉིས་པའི་ཚེས་བཅུ་གཅིག་ལ་ས་སྦྱངས་བཟུང་རྒྱས་པར་བྱས། གསུམ་པའི་ཚེས་བརྒྱད་ལ་ ཐིག་འདེབས་ས་ཆོག་དངོས་གཞི་རྒྱས་པར་མཛད་སྐབས་དགེ་མཚན་དཔག་ཏུ་མེད་པ་བྱུང༌། དེ་ནས་ལས་གྲྭ་བཙུགས་ཏེ་གཙུག་ལག་ཁང་ཉི་ཤུ་རྩ་གྲངས་གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་ བཅས་པ། ནང་གིརྟེན་གསུམ་སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ ལས་གྲུབ་པ། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་ 6-1-69 གྲུབ་པའི་འཁོར་ལོ་སྡོམ་པའི་སྐུ་ཞལ་ཕྱག་ཡོངས་རྫོགས་སྐུ་ཚད་ཤིན་ཏུ་ཆེ་བ་དང༌། བདེ་ གཤེགས་མཆོད་རྟེན་བརྒྱད་དང༌། རེག་པ་མེད་པའམ་དུས་འཁོར་ནས་བཤད་པའི་མཆོད་ རྟེན་རྣམས་གསེར་ཟངས་ཕྲ་ཚོམ་བཟོ་བཀོད་ཁྱད་མཚར་ཅན་དང༌། འོད་དཔག་མེད་པའི་ གསེར་སྐུ་ཐོག་ཚད་ཕྱེད་གཉིས་ཅན་རྣམས་དང༌། ཇོ་ནང་དུ་ལྷ་ཁང་གསར་བཞེངས་གསུམ་ གྱི་ནང་རྟེན་བྱམས་ཆེན་ཐོག་ཚད་གཉིས་པའི་གཙོས་གསེར་ཟངས་ཀྱི་སྐུ་གཟུགས་དང༌། སྨན་འདམ་དང་སྤོས་སྐུ་མང་པོ་བཀའ་འབུམ་པོ་ཏི་བཞི་བཅུ་སོགས་སྤར་མང་པོ། བཀའ་ བསྟན་བཅོས་འགྱུར་རོ་ཅོག་ཡོངས་རྫོགས་ཚར་གྲངས་མང་པོ་དང༌། གོས་སྐུ་ལེགས་པ་བཅོ་ བརྒྱད་ཙམ་སོགས་ངོ་མཚར་བའི་རྟེན་གསུམ་རྣམས་ལ་ཟབ་ཆེན་གནམ་རྒྱན་དང་བུམ་གདན་ སོགས་ཆེས་བཟང་བའི་མཆོད་རྫས་རྣམས་ཀྱིས་དྲལ་ཕྱམས་སོགས་མི་མཐོང་ཞིང་མཆོད་ རྫས་དང་མཆོད་ཆ་བྱེ་བྲག་དཔག་མེད་གར་འཆམ་གྱི་ཆ་ལག་རྒྱན་གོས་དང༌། གཏོར་འཆམ་ གྱི་གདོང་བརྙན་སྣ་ཚོགས་རོལ་མོའི་ཚོགས་བརྒྱ་ཕྲག་མང་པོ་དང་བཅས་པ་ལོ་བཅུ་གསུམ་ གྱི་ཁོངས་སུ་སྔོན་ཀུན་མཁྱེན་ཆེན་པོས་སྐུ་འབུམ་བཞེངས་སྐབས་ལྟར་ངོ་མཚར་བའི་རྟགས་ ཀྱི་མཛད་པ་དང་བཅས་པའི་སྒོ་ནས་ལེགས་པར་གྲུབ་པས་སོ་སྐྱེས་སྤྱོད་ཡུལ་ལས་འདས་པ་ ཞིག་གོ། ། སྔར་རྟག་བརྟན་གཙུག་ལག་ཁང་དུ་སངས་རྒྱས་རབས་བདུན་གྱི་སྐུ་གཟུགས་ལེགས་ གྲུབ་རབ་གནས་ཐོག་མའི་དགའ་སྟོན་སྐབས་སྡེ་སྲིད་དབུས་ནས་བསམ་འགྲུབ་རྩེར་ཕེབས་ ཏེ་ཁོང་ལ་གཡང་ཊིའི་ཐམ་ཀ་དང༌། མཛོད་པ་ཀུན་དགའ་དཔལ་ལ་ཡང་ཙན་དན་དམར་པོའི་ རྒྱ་རྟགས་སོགས་གནང༌། སྤྱིར་རྗེ་བཙུན་རིན་པོ་ཆེས། སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་འབྱུང་སོགས་པཎ་ གྲུབ་མང་པོའི་རྣམ་ཐར་དང༌། ཤེར་སྙིང༌། བཟང་སྤྱོད་ཀྱི་འགྲེལ་པ་སོགས་མདོ་ཕྱོགས་སྤྱིའི་ 6-1-70 རྣམ་བཤད་དུ་མ་དང༌། ཁྱད་པར་ཐེག་མཆོག་རྒྱས་པའི་དབུ་མ་སོགས་གཞན་སྟོང་གི་ལྟ་ གྲུབ་སྐོར་དང༌། དུས་འཁོར་བདེ་གསང་འཇིགས་གསུམ་སོགས་གསང་སྔགས་རྒྱུད་སྡེའི་ཆོ་ ག་མང་པོ་དང༌། དུས་འཁོར་བདེ་གསང་གི་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་སྔགས་ཀྱི་ གཞུང་འགྲེལ་མང་པོ་དང༌། ཐ་ན་བསྟོད་ཚོགས་སྨོན་ལམ་སོགས་ཀྱིས་མཚོན་གྲངས་ཡོངས་ བསྡོམས་པོ་ཏི་བཅུ་ཕྲག་བཞི་ལྷག་གི་གསུང་རབ་མཛད་པའི་སྒོ་ནས་མདོ་སྔགས་སྤྱི་དང་ཁྱད་ པར་ངེས་དོན་དབུ་མ་ཆེན་མོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པའི་དགོངས་བཞེད་ལྟར་ལེགས་ པར་གསལ་བར་བྱས་ཏེ་དར་རྒྱས་སུ་མཛད། ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་ལ་འཕྲིན་ལས་ཀྱི་ མཛད་སྒོ་བྲན་ལྟར་བྱེད་པའི་ཆོས་སྐྱོང་དཔལ་མགོན་དྲཀྴད་དང༌། གནོད་སྦྱིན་ཀྵེ་དྲ་པ་ལ། བྲག་རམ་པ་བེག་ཙེ་ལྕམ་སྲིང༌། མ་ཅིག་ནགས་སྨན་རྒྱལ་མོ། ཆེ་བཙན་བྲག་རྗེ། མདངས་ དཀར་བྲག་བཙན། རྩེ་ཆེན་བཟང་ར་ལ་སོགས་པས་བཀའ་ཚུལ་བཞིན་བསྒྲུབས་ཤིང༌། དཔལ་འཁོར་ལོ་བདེ་ཆེན། རྩེ་ཆེན་ཤུག་ཁྲོད། འཇགབསམ་སྟེངས། ཐར་པ་གླིང༌། རྟག་ བརྟན་ཆོས་འཕེལ་སོགས་སྡེའི་ཞལ་བདག་དང༌། དབུས་གཙང་གི་གྲུབ་མཐའ་རིས་མེད་ ཀྱི་ཆོས་སྡེ་ཕལ་ཆེར་འཛིན་སྐྱོང་ལེགས་པར་མཛད། གཙང་སྡེ་སྲིད་ཀུན་དགའ་རབ་བརྟན་ དབང་གི་རྒྱལ་པོའི་བཀའ་བཀོད་གནང་བ་ཕྱག་མཛོད་ལ་ཁོང་གི་སྐུ་དབོན་རྭ་བ་ཀུན་དགའ་ བསྟན་པ་བསྐོ་བཞག་མཛད་དོ། ། གསུམ་པ་ཐ་མའི་མཛད་ཚུལ་ནི། རྗེ་བཙུན་རིན་པོ་ཆེ་གང་ཉིད་ཀྱིས་རྗེ་བཙུན་འཕྲིན་ ལས་དབང་མོ་དང་བུ་སློབ་རྣམས་ལ་མ་འོངས་ལུང་བསྟན་དང༌། བསྟན་པའི་འཕེལ་འགྲིབ་ རྒྱལ་ཁམས་འགྱུར་ལྡོག་སོགས་གསུངས་ཤིང་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་ བའི་ཚལ་གྱི་གདན་ས་འཇམ་དབྱངས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ལ་གཏད་ནས་ཆོས་ལུང་ རྩེའི་སྒྲུབ་སྡེར་བཀའ་ཆོས་དང་ཇོ་ནང་དུ་བཀའ་ཆོས་ད་རེས་མ་གཏོགས་མི་འཆད་གསུངས་ 6-1-71 པ་སོགས་ཇོ་ནང་དུས་ཁྲིད་ཕྱག་ལེན་ལྟར་གནང་སྟེ། ད་བློ་བདེ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ རིན་པོ་ཆེ་རྟག་བརྟན་གདན་ས་ལ་བཀོད་ཟིན་ཀྱང་རང་རེ་འདས་ནས་ཟར་ཟིར་ཞིག་ཡོང་ འདུགཐམས་ཅད་བློ་རྩེ་གཅིག་པས་གསོལ་བ་འདེབས་ནུས་ཤིང་རྟེན་འབྲེལ་བསྒྱུར་ཕྱོགས་ ཤེས་ན་ད་དུང་འདིའི་བསྟན་པ་ལ་ཕན་པའང་སྲིད་གསུངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ ཆེར་གྲུབ་ནས་དགུང་གྲངས་རེ་གཅིག་བཞེས་པ། སྤྱི་ལོ་༡༦༣༥རབ་བྱུང་༡༡ ཤིང་མོ་ཕག་ལོའི་ནག་པ་ཟླ་བའི་ཉེར་བརྒྱད་ལ་གཞན་དོན་ དུ་དགོངས་ནས་མཆོད་པ་དང་བསགས་སྦྱངས་ལ་དམིགས་པའི་ཚོགས་རྒྱ་ཆེན་པོ་བསགས། འཕྲིན་ལས་ཀྱི་རྒྱུན་སྐྱོང་བུ་སློབ་བསམ་མི་ཁྱབ་པ་ལས་རང་ལུགས་འཛིན་པ་སྤྲུལ་སྐུ་སངས་ རྒྱས་རྒྱ་མཚོ། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁན་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་ རྣམ་རྒྱལ་རྣམས་དང༌། གཞན་ཡང་སྒམ་པོ་སྤྲུལ་སྐུ། ཆོས་རྗེ་ངག་དབང་པ། བླ་མ་ཆུ་བོ་ཆུང་ བའི་སྐུ་སྐྱེས། རྗེ་ཉིད་ཀྱི་མཁན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ངག་གི་དབང་ པོ། ཏྲེ་བོ་སྤྲུལ་སྐུ། ཞབས་དྲུང་བླ་མའི་དྲུང༌། ཆོས་རྗེ་རིན་སྟེངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ། དགེ་སློང་སྙིང་པོ་མཐའ་ཡས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ ཀུན་དགའ་བསོད་ནམས། མི་ཕམ་དཀོན་མཆོག་ལེགས་པ། ཀུན་དགའ་འཕྲིན་ལས་དབང་ མོ། གཙང་གི་རྒྱལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་མཐའ་ཡས་པའི་ནང་གི་ འདིར་སྨོས་པ་ལས་གོང་འོག་རྣམས་རང་ལུགས་གཙོ་བོར་འཛིན་པའོ། །བསྟན་པའི་སྦྱིན་ བདག་ཡང་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ཡབ་སྲས། བྱང་བདག་བཀྲ་ཤིས་སྟོབས་ རྒྱལ། ཡར་འབྲོག་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་པོ་སོགས་མངའ་ཐང་ལས་ཤུགས་ བསམ་གྱིས་མི་ཁྱབ་པ་མང་པོས་གུས་འདུད་བྱེད་པའོ། །དེ་དག་གི་རྗེ་བཙུན་ཀུན་དགའ་སྙིང་ པོའམ་ཏཱ་ར་ནཱ་ཐའི་རྣམ་ཐར་མདོར་བསྡུས་བརྗོད་ཟིན་ཏོ། ། 6-1-72 དེའི་སློབ་མ་རྒྱལ་ཚབ་རིན་ཆེན་རྒྱ་མཚོ། དེའི་སློབ་མ་མཁས་གྲུབ་བློ་གྲོས་རྣམ་རྒྱལ། དེའི་སློབ་མ་གྲུབ་ཆེན་ངག་དབང་འཕྲིན་ལས། དེའི་སློབ་མ་ངག་དབང་བསྟན་འཛིན་རྣམ་ རྒྱལ་ནས་ངག་དབང་བློ་གྲོས་གྲགས་པའི་བར་བྱོན་པའོ། །དེ་ལས་སྔར་རིང་མོའི་དུས་ན་ཀུན་ མཁྱེན་ཆེན་པོས། སྐུ་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་ལུང་བསྟན་གསུངས་པ། ཆོས་ལུགས་ ཉམས་པར་བྱེད་པ་ངན་རིགས་ཅན། །སྣང་ཞིག་བོན་ནག་སྤྲེའུ་གཟུགས་ཞྭ་དཀར་ཅན། །ཟུང་ཆུའི་ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །ལྟ་ངན་མུན་པས་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་འབྱུང་བར་འགྱུར། །ཡང་དག་ལྟ་བའི་སེང་གེའི་སྒྲ་སྒྲོག་པས། །ལྟ་ ངན་རིགས་ཅན་མ་ལུས་ཚར་བཅད་ནས། །མདོ་ཁམས་གནས་སུ་ང་ཡི་བསྟན་པ་འབྱུང༌། དེ་ ཡི་སྲས་ལ་ཡོངས་འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ལུགས་ཡུན་རིང་གནས་པར་འགྱུར། ། ཞེས་ལུང་བསྟན་པའི་དྲུང་རཏྣ་ཤྲཱི་འཛམ་གླིང་སྟོང་ཁུན་རྒྱལ་པོའི་ཡུལ་མཐའ་ཤར་རྒྱལ་མོ་ ཚ་བ་རོང་དུ་འཁྲུངས། ཇོ་ནང་དཔལ་དུ་བྱོན་ནས་ཕྱོགས་རྒྱལ་བ་ཡབ་སྲས་ཀྱི་དྲུང་ནས་མདོ་ སྔགས་ཀྱི་ཟབ་ཆོས་གསན་ཏེ་རྫོགས་པར་ཐུགས་སུ་ཆུད་ནས་འཕྲིན་ལས་རྣམ་བཞི་ལ་མངའ་ བརྙེས་པ་ཞིག་གོ། ། ཡང་ཀུན་མཁྱེན་ཆེན་པོས་འདི་སྐད་གསུངས་པ་སྟེ། ང་ནི་འདི་ནས་འགྲོ་བའི་ཞག་ འགའ་ན། །འཕྲིན་ལས་རྣམ་བཞིའི་གློག་དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ ཧེ་རུ་ཀ། ལྟ་ངན་མུན་སེལ་མི་བཟད་དྲག་པོ་ཆེ། །དགེ་སློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་ སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ཁྲོད་ཆེན་པོ་འདི་ན་འོང་བར་འགྱུར། །བུ་ཁྱོད་ཀྱི་ནི་རྗེས་ སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ཆོས་བདུད་རྩིས་རྒྱུད་ཚིམ་ནས། །མ་ཀི་འཛི་ཀ་ཞེས་པའི་ ས་ཕྱོགས་སུ། །ཆུ་བོའི་འགྲམ་ལ་བརྟེན་པའི་ལུང་བ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ 6-1-73 ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །ཀུན་གྱིས་མཆོད་གནས་བཀུར་བསྟི་བྱ་བའི་གནས། །ཞེས་པའི་ལུང་བསྟན་པའི་དགོན་ གནས་འཚོལ་བཞིན་དྲུང་རཏྣ་ཤྲཱི་ཇོ་ནང་ནས་ཕྱིར་ཁམས་ཕྱོགས་སུ་ཕེབས་པའི་འཛི་ཆུ་རྒྱས་ ནས་རབ་མ་ཚུགས་པར་དེར་བཞུགས། ལུང་བསྟན་པའི་དགོན་གནས་འདི་ཡིན་ཡང་ད་ལན་ དགོན་པ་ཞིག་འདུག་པས་ཇི་ལྟར་བྱ་དགོངས་ནས་ཐོག་མར་ཐབས་ཀྱི་གནས་ཚང་གཡར་ དགོས་ཞེས་མཇལ་དར་བསྐུར་བས་བོན་པོའི་དགོན་པས་ཚུར་ལ་བཞུགས་གདན་ཕུལ་བས་ རྟེན་འབྲེལ་ལེགས་པར་འགྲིགས། དེ་ནས་ཕྱིས་སུ་དྲུང་རཏྣ་ཤྲཱིས་ཆོ་འཕྲུལ་གྱི་མཛད་པ་མང་ པོ་དག་བསྟན་པས་བོན་པོ་རྣམས་ཀྱིས་དགོན་གཞི་ཕུལ་ཏེ་ཁོ་རང་རྣམས་ཡུལ་བུད་ནས་སོང་ ཤུལ་གྱི་གནས་སུ་དྲུང་དཀའ་བཞི་རིན་ཆེན་དཔལ་ཉིད་ཀྱིས་ཤིང་མོ་སྦྲུལ་ལོ་ལ་དཔལ་གྱི་ འཛམ་ཐང་ཆོས་སྡེ་ཆེན་པོ་བཏབ་སྟེ་ངེས་དོན་གྱི་བསྟན་པའི་གཞི་བཙུགས་ཏེ་བཤད་སྒྲུབ་ཀྱི་ བསྟན་པ་ངེས་གསང་ཟབ་མོའི་ལུགས་བཟང་སྒྲུབ་བརྒྱུད་གཙོ་བོར་བྱས་ནས་དར་རྒྱས་སུ་ མཛད་པའི་དབུ་བརྙེས་པ་སྟེ། འདི་སྐབས་སུ་ཇོ་ནང་དུ་རྒྱལ་ཚབ་འཛིན་པ་འཇམ་དབྱངས་ དཀོན་མཆོག་བཟང་པོའི་དུས་ཙམ་ཡིན་པར་མངོན། དེ་ནས་མདོ་སྨད་འཛམ་ཐང་གི་ཆོས་ སྡེ་དེར་དྲུང་དཀའ་བཞི་པས་ཞི་རྒྱས་དབང་དྲག་གིས་གང་འདུལ་གྱི་མཛད་པ་མཐའ་ཡས་ པའི་སྒོ་ནས་མཐའ་འཁོབ་དམུ་རྒོད་ཀྱི་སེམས་ཅན་འདུལ་དཀའ་བ་རྣམས་བཏུལ་ཏེ་ངེས་ དོན་གསང་ཆེན་ཐེག་པའི་ཆོས་སྒོར་བཙུད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་བསྟན་པ་ རྒྱས་ཤིང་འགྲོ་བའི་བདེ་སྐྱིད་འཕེལ་བར་བྱས་ལ། དེ་ཉིད་ཀྱི་གདན་ས་འཛིན་པ་མཁན་ཆེན་ དཀོན་མཆོག་རྒྱལ་མཚན། ཚེས་བཅུ་རཏྣ་ཀིརྟི། ཨརྒེ་ཉི་མ་འོད་ཟེར། ཆོས་རྗེ་གཞོན་ནུ་རྒྱལ་ མཚན། རྒྱལ་བ་བཟང་རྣམས་ཀྱིས་གཙོས་འདུས་སྡེ་སྟོང་ཕྲག་ཙམ་འཚོགས་ཞེས་གྲགས་ 6-1-74 སྐད། དེ་ནས་འཛམ་ཐང་གི་དགོན་འདིར་སྐྱེས་ཆེན་དུ་མ་བྱོན་ནས་བཤད་སྒྲུབ་ཀྱི་སྒོ་ནས་ རྒྱལ་བསྟན་སྤེལ་ཚུལ་དང༌། སྐུ་གསུང་ཐུགས་རྟེན་བསམ་མི་ཁྱབ་པ་བཞེངས་པའི་ལོ་རྒྱུས་ བརྗོད་པ་སྐབས་སུ་བབ་ཀྱང་དུས་ཀྱི་དབང་གིས་ཁོམ་ལོང་མ་བྱུང་ལགས། ད་ལྟ་རབ་བྱུང་བཅུ་བདུན་པ་ས་ཡོས་བརྒྱད་པ་ཁྲུམས་སྟོད་ཟླ་བའི་ཚེས་གཅིག ཕྱི་ལོ་ ༡༩༩༩ ལོར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་འདིར་ཆེད་དུ་བརྗོད་པའི་སྙིང་པོ་འགྲོ་ ཀུན་གྱི་གཙུག་ནོར་དམ་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་དང༌། གངས་ཅན་གྱི་ མཁས་གྲུབ་བཅུ་ཕྲག་བདུན་ལྷག་གིས་ཇོ་ནང་བླ་མ་རྣམ་གསུམ་གྱི་བཀའ་འབུམ་ཤིང་སྤར་དུ་ བསྐྲུན་ནས་ཁྱབ་སྤེལ་བྱས་ན་ཇོ་ནང་པའི་བསྟན་པ་དར་བའི་ཞལ་གསུང་བདུད་རྩིའི་དགའ་ སྟོན་སྙིང་གི་བུམ་པར་བླུགས་ནས་དཔལ་རྒྱལ་བ་ཇོ་ནང་པའི་ཟབ་ཆོས་དབང་ལུང་མན་ངག་ རྣམས་ཀྱི་ཆོས་མཛོད་དང༌། ཁྱད་པར་མདོ་སྔགས་ཀྱི་ལྟ་བ་མཐར་ཐུག་དབུ་མ་གཞན་སྟོང་ དང༌། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཟུང་འབྲེལ་གྱི་ཉམས་ལེན་སྲིད་མཐའི་བར་ དུ་ཁྱབ་ཕྱིར་དང༌། དེ་མིན་མཁས་གྲུབ་དུ་མའི་གསུང་དང༌། རྒྱལ་བའི་བཀའ་གསུང་འགའ་ ཞིག་སོགས་སྤྱི་བསྡོམས་ཤིང་སྤར་པོད་བཅུ་ཕྲག་བདུན་ལྷག་འཛམ་ཐང་མཁན་ངག་དབང་ ཡོན་ཏན་བཟང་པོས། ཕྱི་ལོ་༡༩༩༩ལོར་གསར་བསྐྲུན་བྱས་པའི་དགེ་བས་རྒྱལ་བསྟན་དར་ བ་དང༌། སྐྱེ་དགུ་མ་ལུས་པས་བདེ་གཤེགས་སྙིང་པོ་མངོན་པའི་རྒྱུར་གྱུར་ཅིག ། ༢ སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་བཤད་པ། དེ་ལྟ་བུའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་བཀའ་མདོ་རྒྱུད་དང་བསྟན་ བཅོས་རྣམས་ལས་གསུངས་པ་ནི། མཆོད་སྡོང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་འདི་ དག་བཞེངས་པ་དང༌། ཕྱག་མཆོད་བསྐོར་བ་ཐ་ན་ཡིད་ལ་དང་བ་སྐྱེས་པ་ཙམ་གྱིས་ཀྱང་ 6-1-75 གནས་སྐབས་དང༌། མཐར་ཐུག་གི་འབྲས་བུ་བདེ་བླག་ཏུ་འབྱུང་བའི་ཕན་ཡོན་གྱིས་ཁྱད་པར་འཕགས་པ་ ནི། སྐབས་གསུམ་པ་དང་བཅས་པའི་འཇིག་རྟེན་གྱི་ཁམས་འདིར་གང་བསྟི་སྟང་དང༌། བླ་ མར་བྱེད་པ་དང༌། རི་མོར་བྱེད་པ་དང༌། བཞེངས་པ་དང༌། ཁ་འདོན་དང༌། ཕྱག་འཚལ་བ་ དང༌། མཆོད་པ་འབུལ་བ་དང༌། བསྔགས་པ་བརྗོད་པ་དང༌། གསོལ་བ་འདེབས་པ་དང༌། སྐོར་བ་བྱེད་པ་ལ་སོགས་པའི་རྟེན་གང་ཡིན་ན། ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལས། ལྷ་དང་ བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་འགའ་ ཡོད་མ་ཡིན། །ཞེས་དང༌། སངས་རྒྱས་ཕལ་པོ་ཆེ་ལས། རིགས་པར་བརྩོན་པ་དཀོན་མཆོག་ གསུམ་རྣམས་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ན། །དེ་དག་བདུད་བཞིའི་ལམ་ལས་ རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །ཞེས་དང༌། སོར་མོ་ཕྲེང་བ་ ལ་ཕན་པའི་མདོའི་བམ་པོ་བཞི་པ་ལས། ཆོས་དང་སངས་རྒྱས་དོན་གཅིག་སྟེ། །དེ་བཞིན་ གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་དེ་བཞིན་གཤེགས་ཀྱི་མིང༌། །དགེ་འདུན་གཉིས་ནི་དེ་ བཞིན་གཤེགས། །ཆོས་དང་དགེ་འདུན་གཉིས་ནི་ཐབས་ཀྱི་སྐྱབས་ལགས་ཏེ། །དེ་བཞིན་ གཤེགས་ནི་ཐབས་མེད་སྐྱབས་དང་དོན་དམ་སྐྱབས། །དེ་བཞིན་གཤེགས་པ་སྐྱབས་མེད་ རྣམས་ཀྱི་སྐྱབས་ལགས་ཏེ། །དེ་ཡི་སླད་དུ་དེ་བཞིན་གཤེགས་ལ་སྐྱབས་སུ་མཆི། །ཞེས་ སངས་རྒྱས་དང་ཆོས་དང༌། དགེ་འདུན་ཏེ་དམ་པ་དེ་གསུམ་མ་གཏོགས་པ་གང་དུའང་བཙལ་ བས་དམིགས་སུ་མེད་པ་དང༌། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། དེ་ཅིའི་ཕྱིར་ཞེ་ ན། ཉན་ཐོས་རིན་པོ་ཆེ་དང༌། རང་སངས་རྒྱས་རིན་པོ་ཆེ་ལས་སངས་རྒྱས་དཀོན་ཅོག་མི་ འབྱུང་གི། སངས་རྒྱས་དཀོན་ཅོག་ལས་ཉན་ཐོས་དང་རང་སངས་རྒྱས་རིན་པོ་ཆེ་འབྱུང་ངོ༌། །ཞེས་ཆོས་དང་དགེ་འདུན་འབྱུང་བའི་གནས་གཅིག་པུ་ནི་བསོད་ནམས་བརྒྱ་པའི་མཚན་ 6-1-76 གྱིས་ལེགས་པར་སྤྲས་པ་རྫོགས་པའི་སངས་རྒྱས་ཉིད་ཡིན་པའི་ཕྱིར། གང་གི་ཐུགས་གསུང་ སྐུའི་བཀོད་པའི་ཚུལ་བསྐྲུན་པ་སོགས་བྱ་བ་རླབས་པོ་ཆེ་བགྱིས་པ་ལྟ་ཅི། དགེ་བའི་རྩ་བ་ ཅུང་ཟད་ཙམ་བསྐྱེད་པའི་ཕན་ཡོན་ཀྱང༌། རྡོ་འཕངས་པའི་མདོ་ལས། གནས་འཇོག་གི་ རྒྱུད་དག་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱང་ཞོག རིའི་རྒྱལ་པོ་ཁོར་ཡུག་དང༌། ཁོར་ ཡུག་ཆེན་པོ་དག་ཀྱང་ཞོག རྒྱ་མཚོ་ཆེན་པོ་ཡང་ཞོག་གི། གནས་འཇོག་གི་རྒྱུད་དགརིའི་རྒྱལ་ པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ཆུ་ལས་གྱེན་དུ་མངོན་པར་འཕགས་སོ། །དེ་ལ་ཡང་སྲང་ འདི་སྙེད་ཅིག་ཡོད་དོ་ཞེའམ། སྲང་བརྒྱའམ། སྲང་སྟོང་ངམ། སྲང་བརྒྱ་སྟོང་ཞིག་ཡོད་དོ། །ཞེས་བགྲང་བ་དང༌། ཚད་བཟུང་བར་ནུས་ཀྱི་གནས་འཇོག་གི་རྒྱུད་དགསངས་རྒྱས་དགེ་ བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་ཚད་བཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་ འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང༌། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་ པར་བྱེད་དོ། །ཞེས་པ་ལྟར་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་ཅིང༌། དེ་ལ་ ཡང་སྒྲུབ་པའི་བཀུར་སྟི་དང༌། ཟང་ཟིང་གི་བཀུར་སྟི་གཉིས་སུ་ཡོད་པ། བུ་མོ་ཟླ་མཆོག་ལུང་ བསྟན་པའི་མདོར། དེ་ནས་བདག་གི་སྒྲ་ཐོས་སངས་རྒྱས་ནི། །འགྲོ་བ་སྒྲོལ་ཕྱིར་ཟང་ཟིང་ མེད་སྤྱོད་ཅིང༌། །འཇིག་རྟེན་བརྩེ་ཕྱིར་ཐུགས་རྗེ་བསྐྱེད་ནས་ནི། །སངས་རྒྱས་བསོད་སྙོམས་ སླད་དུ་འཇིག་རྟེན་བརྒྱན། །གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ ཁྱོད་ཀྱིས་སྨོན་ལམ་ཐོབ། །བྱང་ཆུབ་སེམས་བསྐྱེད་བརྟན་གྱུར་གང་ཡིན་པ། །དེ་ལས་ལྷག་ མཆོད་སྲིད་པ་གསུམ་ན་མེད། །ཅེས་སངས་རྒྱས་རྣམས་ནི་འགྲོ་བ་སྒྲོལ་བའི་ཕྱིར་ཟང་ཟིང་ མེད་པའི་སྒྲུབ་པ་ཁོ་ན་ལྷུར་བཞེས་མོད། འོན་ཀྱང་འཇིག་རྟེན་ལ་ཐུགས་བརྩེ་བས་དེ་དག་ བསོད་ནམས་གསོག་པའི་སླད་དུ་བསོད་སྙོམས་བཞེས་པ་ལ་སོགས་པའི་ཚུལ་བསྟན་ཙམ་ ལས་ངེས་པ་ཁོ་ནར་རྒྱལ་བ་དེརྣམས་མཉེས་པའི་མཆོད་པ་འབུལ་འདོད་ན། བདག་ཉིད་ཡོན་ 6-1-77 ཏན་ཐམས་ཅད་རྫོགས་པའི་སངས་རྒྱས་སུ་གྱུར་ཏེ་ནམ་མཁའི་མཐས་གཏུགས་པའི་ལུས་ ཅན་སྒྲོལ་བའི་ཕྱིར་སྨོན་ལམ་ནན་ཏན་དུ་བྱས་ཏེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ན། དེ་ ལས་ལྷག་པའི་མཆོད་པའམ་སངས་རྒྱས་ལ་བཀུར་སྟི་གྱུར་པ་ནི་སྲིད་པ་གསུམ་ན་མེད་པ་ དང༌། བྱམས་པ་འཇུག་པའི་མདོ་ལས། མི་གང་མཁས་ཤིང་མཛངས་པའི་རང་བཞིན་ཅན། །བདེ་བར་གཤེགས་པའི་བསྟན་ལ་ཡིད་ཆེས་ཤིང༌། །བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད་ ནས་ཀྱང༌། །བདེ་གཤེགས་མཆོད་རྟེན་ལ་ནི་མེ་ཏོག་འབུལ། །འདི་ནི་དེ་བས་བསོད་ནམས་ ཁྱད་པར་བརྗོད། །བྱང་ཆུབ་སེམས་ཀྱི་མེ་ཏོག་འབུལ་བྱེད་པ། །བསོད་ནམས་སྔ་མ་དེ་ནི་ དཔེར་མི་རུང༌། །རྒྱ་མཚོ་དང་ནི་ཆུ་ཡི་ཐིགས་པ་བཞིན། །སངས་རྒྱས་ཞིང་འདིར་སེམས་ཅན་ ཇི་སྙེད་པ། །བསྐལ་པ་རེ་རེ་ལ་ནི་སངས་རྒྱས་གྱུར། །བསྐལ་པ་མང་པོར་ལས་གཞན་མི་བྱེད་ པར། །བསོད་ནམས་བཤད་ཀྱང་མཐའ་ནི་ཐུག་པ་མེད། །དེ་དག་བྱང་ཆུབ་སེམས་ཀྱི་རྣམ་ སྨིན་བསྟན། །བསྐལ་པ་མཐའ་ཡས་བར་དུ་བཤད་ན་ཡང༌། །ཅུང་ཟད་ཙམ་ཡང་ཡོངས་སུ་ བརྗོད་མི་འགྱུར། །ས་གཞི་དག་ལ་རྡུལ་ནི་བླངས་པ་བཞིན། །བྱང་ཆུབ་སེམས་ཀྱི་རྣམ་སྨིན་ བསྟན་པ་ཡི། །བསོད་ནམས་དེ་ལ་གལ་ཏེ་གཟུགས་ཡོད་ན། །ཞིང་རྣམས་གང་གཱའི་ཇི་སྙེད་ བཀང་བྱས་ཀྱང༌། །དེ་དག་བཀང་བས་ཆ་ཙམ་ཟད་པ་མེད། །ཅེས་རང་ཉིད་གཅིག་པོའི་འདི་ སྣང་ཁེ་གྲགས་ཀྱི་བསམ་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཕུལ་བ་བས། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ ནས་མེ་ཏོག་གཅིག་ཕུལ་བ་བསོད་ནམས་ལྷག་པར་ཆེ་བ་གསུངས་པ་ལྟར། མཆོད་སྡོང་ཆེན་ པོ་འདི་དག་ཀྱང་ངོས་ཅག་ཞི་བདེར་གཞོལ་བ་ཉན་རང་གི་བློས་མ་བསླད་པར། གཙོ་བོར་ འཕགས་པ་ཕྱག་ན་པདྨོ་ངུར་སྨྲིག་གི་རྣམ་རོལ་རྗེ་ཇོ་ནང་པ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་ དཔལ་བཟང་པོ་སྲིད་ཞིའི་གཙུག་རྒྱན་མཆོག་གིས་དྲང་དོན་དུ་བསགས་པའི་སྐུའི་སྒྲིབ་ལྟུང་ 6-1-78 མ་ལུས་པ་བྱང་ཞིང༌། ཐུགས་བསྐྱེད་སྨོན་ལམ་གྱི་བྱེ་བྲག་ཅི་དང་ཅི་མཛད་པ་མཐའ་དག་ལྷུན་ གྱིས་གྲུབ་སྟེ། ལྷ་དང་བཅས་པའི་འགྲོ་བ་རྣམས་ལ་ཆོས་འཁོར་གསུམ་གྱི་དགོངས་པ་མཐར་ ཐུག་པ་རྒྱུད་སྡེ་བཞི་ཡི་དོན་མདོ་སྔགས་ཀྱི་ཟབ་གནད་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་ མ་ཆེན་མོའི་ཆོས་ཀྱི་འཁོར་ལོ་ཉི་ཟླས་མུན་པ་སེལ་ནུས་པའི་བར་དེ་སྲིད་དུ་རྒྱུན་ཆད་མེད་ པར་ཁོར་ཡུག་ཏུ་བསྐོར་བ་དང༌། དེའི་མཐུས་སེམས་ཅན་སྤྱི་དང་ཁྱད་པར་རྒྱ་ཧོར་བོད་སོག་ གི་སྐྱེ་དགུ་མ་ལུས་པ་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང༌། གནས་ སྐབས་སུ་ནད་མཚོན་མུ་གེ་ས་ཆུ་མེ་རླུང་དུས་འཁྲུག་འཐབ་རྩོད་ལ་སོགས་པ་མདོར་ན་དུས་ ངན་སྙིགས་མའི་རང་མདངས་རྣམས་ཞི་ནས་ལོ་ཕྱུགས་རྟག་ཏུ་ལེགས་པ་དང༌། ཆར་ཆུ་དུས་ ཚིགས་སྙོམས་པ་དགེ་བཅུ་ངང་གིས་གནས་པ་སོགས་རྫོགས་ལྡན་གྱི་དཔལ་འབྱོར་ལ་ལོངས་ སྤྱོད་པའི་རྣམ་དག་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ་བཞེངས་པ་ཡིན་པས་ངེས་ པར་ཕན་ཡོན་གཞན་ལས་ཁྱད་པར་དུ་འཕགས་པ་དང༌། སྤྱིར་བཏང་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་མདོ་རྒྱུད་བསྟན་བཅོས་རྣམས་ ལས་མཐའ་ཡས་པ་ཞིག་གསུངས་ཤིང༌། དེ་ལས་མཆོད་རྟེན་ཞེས་པ་སྐབས་ལ་ལར་སྐུ་ གསུང་ཐུགས་རྟེན་དུ་མ་ཟད་དགེ་འདུན་སོགས་ལའང་ངོས་འཛིན་དགོས་པ་སོ་སོའི་སྐབས་ ཐོབ་ཚིག་འགྲོས་ཀྱིས་ཤེས་པ་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཤཱཀ་ཐུབ་ མཆོད་རྟེན་བརྒྱད་པོ་དང༌། །ཕྱོགས་བཅུར་གཞན་དང་གཞན་རྣམས་ན། །བཞུགས་པའི་ཆོས་ སྐུ་ཀུན་ལ་འདུད། །ཅེས་ཆོས་སྐུའམ་ཐུགས་རྟེན་ད་ལྟ་ཡོངས་གྲགས་མཆོད་རྟེན་དུ་འབོད་པ་ བཞེངས་པའི་ཕན་ཡོན་ནི། །དམ་པའི་ཆོས་པདྨ་དཀར་པོའི་ཐབས་མཁས་པའི་ལེའུ་གཉིས་ པ་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི། །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ ཅིང༌། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དང༌། །གསེར་དང་དངུལ་དང་འོན་ཏེ་ཤེལ་ 6-1-79 གྱིའམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻཌཱུརྱ་མཆོག་དེ་བཞིན་ཨན་ད་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །གང་ གིས་མཆོད་རྟེན་རྡོ་ལས་བྱས་པ་དང༌། གང་གིས་ཨ་ཀ་རུ་དང་ཙན་དན་ནམ། །གང་གིས་ ཐང་ཤིང་མཆོད་རྟེན་བྱས་པ་དང༌། ལ་ལས་ཤིང་མང་གཞན་ལས་བྱས་པ་དང༌། ས་དང་སོ་ ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང༌། །དེ་ཕྱིར་ས་ རྡུལ་ཕུང་པོ་དག་ལས་ཀྱང༌། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང༌། །བྱིས་པས་རྩེད་མོར་དེ་ དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང༌། མྱང་འདས་བམ་པོ་ཞེ་གཉིས་ པ་ལས། ལྷ་དང་མི་དང་འཁོར་རྣམ་པ་བཞིས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་རིང་ བསྲེལ་ལ་མཆོད་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་སེམས་ཅན་དག་སྲིད་པ་གསུམ་ གྱི་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདས་པའི་བདེ་བ་འཐོབ་པར་འགྱུར་རོ། །ཞེས་ དང༌། སྒྲ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཁྱོད་གང་ ཞིག་གིས་ཁང་བ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་ རིང་བསྲེལ་ཡུང་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་ གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན་དེ་གཉིས་ལས་གང་བསོད་ནམས་ཆེས་ མང་དུ་འཕེལ་ཞེས་པ་ནི། ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་དཔྱོད་པ་དགེའོ། ། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། 6-1-80 །ཀུན་དགའ་བོ་གང་ཞིག་གིས་ཁང་པ་བརྩེགས་པ་དེལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་ སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་ དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གིལོ་མ་ཙམ་འདེགས་པར་ བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་ བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་ དང༌། འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ནི་དཔག་ཏུ་མེད་པའི་ཆོས་འདིལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་ དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་ བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་ པའི་ཕྱིར་རོ། །ཀུན་དགའ་བོ་འཛམ་བུ་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བདུན་སྟོང་ཡོད་ པ་འདིར་རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་ རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་ཀྱིསའདི་ལྟ་སྟེ། འབྲས་སཱ་ ལའི་ཞིང་ངམ། ཏིལ་གྱི་ཞིང་ངམ། སྨྱུག་མའི་ཚལ་ལམ། འདམ་བུའི་ཚལ་ལམ། བུ་རམ་ཤིང་ གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ་མི་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་ གོས་དང༌། བསོད་སྙོམས་དང༌། མལ་སྟན་དང༌། ནད་ཀྱི་གསོས་སྨན་དང༌། ཡོ་བྱད་རྣམས་ ཅི་འདོད་པ་བསྟབས་ཏེ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་ རྟེན་བྱས་ཏེ་གདུགས་དང༌། སིལ་སྙན་དང༌། བ་དན་དང༌། དྲི་དང༌། བདུག་པ་དང༌། ཕྲེང་བ་ དང༌། ཕྱེ་མ་དང༌། བྱུག་པ་དག་གིས་མཆོད་པར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་ 6-1-81 པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་ རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་མཚོན་གང་ཙམ་ཞིག་ བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེའི་བརྒྱའི་ཆར་ཡང་ཉེ་ བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། དཔེ་དང༌། རྒྱུར་ ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདིལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་ མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་ པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་འཛམ་བུའི་གླིང་ཆུ་ཞེང་དང་རྒྱར་ དཔག་ཚད་བདུན་སྟོང་ཡོད་པ་འདི་རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་ རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་ ཀྱིས་འདི་ལྟ་སྟེ། འབྲས་སཱ་ལའི་ཞིང་ངམ། ཏིལ་གྱི་ཞིང་ངམ། སྨྱུག་མའི་ཚལ་ལམ། འདམ་ བུའི་ཚལ་ལམ། བུ་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ་མི་ལ་ལ་ཞིག་གིས་ ཇི་སྲིད་འཚོའི་བར་དུ་ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་དང༌། ནད་ཀྱི་གསོས་ སྨན་དང༌། ཡོ་བྱད་རྣམས་ཅི་འདོད་པ་བསྟབས་ཏེ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་ འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས་དང༌། སིལ་སྙན་དང༌། བ་དན་དང༌། དྲི་དང༌། བདུག་པ་དང༌། ཕྲེང་བ་དང༌། ཕྱེ་མ་དང༌། བྱུག་པ་དག་གིས་མཆོད་པར་བྱེད་ལ། གང་ཞིག་ གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་ རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་གཙུགས་ནས་གདུགས་ 6-1-82 རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་ གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེའི་བརྒྱའི་ ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་དང༌། ཆ་དང༌། དཔེ་ དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདིལྟ་བུ་དག་དང་ ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་ དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་ གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་ཤར་གྱི་ལུས་འཕགས་ གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་ བར་གྱུར་ཅིང་ཞེས་བྱ་བ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ་ ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཀུན་དགའ་བོ་ནུབ་ཀྱི་བ་གླང་སྤྱོད་ཀྱི་གླིང་དུ་ཆུ་ཞེང་ དང་དཔག་ཚད་དགུ་སྟོང་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཅེས་བྱ་ བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞེང་ དུ་དཔག་ཚད་ཁྲི་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཅེས་བྱ་བ་ནས་སྔ་ མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟང་རྣམ་ པར་རྒྱལ་བ་ཞེས་བྱ་བ་ཀ་བ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་བརྟན་པ་དག་ཡོད་དེ། ཀ་བ་དེ་དག་ ཐམས་ཅད་ཀྱང་ལྷའི་བཻཌཱུརྱ་སྔོན་པོ་ཡིན་ནོ། །ཀུན་དགའ་བོ་ཁང་བཟང་རྣམ་པར་རྒྱལ་བ་ གསེར་གྱི་བྱེ་མ་བརྡལ་བ་ལ་ཙན་དན་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲ་བས་གཡོགས་ ཤིང་གསེར་གྱི་དྲིལ་བུ་གཡེར་ཁས་བསྐོར་བ་སྟེ། ཀུན་དགའ་བོ་གང་ཞིག་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁང་བཟང་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་ 6-1-83 སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་ མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ཞེས་བྱ་བ་ནས་རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་ རོ། །ཞེས་དང༌། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོའི་བམ་པོ་བཅོ་ལྔ་པ་ལས། ཤཱ་ར་ དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་མཐོང་ ནས་བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང༌། ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཡང་རྩིག་པར་ བྱེད་པ་ཡིན། ཤཱ་ར་དྭ་ཏིའི་བུ་གཞན་ཡང་མ་བརྩིགས་པའི་ས་ཕྱོགས་ལམ་པོ་ཆེའི་བཞི་མདོ་ སྐྱེ་བོ་མང་པོ་འདུ་བའི་སར་མཆོད་རྟེན་དང༌། ཁང་བ་བརྩེགས་པའམ། རྡོ་བའི་ཀ་བའམ། དེ་བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ ཡང་རུང་བར་བྱེད་དེ། འདི་ལྟ་སྟེ་དཔེར་ན། ཆོས་ཀྱི་འཁོར་ལོ་བསྐོར་བའམ། མངོན་པར་ འབྱུང་བའམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འཇོམས་པའམ། དེ་བཞིན་གཤེགས་པའི་ཆོ་ འཕྲུལ་ཆེན་པོའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་ པར་བསྟན་པའམ། ལྷ་ལས་བབས་པའམ། ལྷ་ཡུལ་དུ་མངོན་པར་འཛེག་པར་བྱེད་པའི་དེ་ བཞིན་གཤེགས་པའི་མཆོད་རྟེན་རྩིག་པར་བྱེད་པ་ཡིན། ཞེས་དང༌། ཡང་དེ་ཉིད་ལས། སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་ བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང༌། །ལུས་ཆེ་བ་དང་མི་འཇིགས་འགྱུར། །གང་དུ་དད་པ་སྐྱེ་ བར་འགྱུར། །ལམ་ཆེན་བཞི་མདོའི་ཕྱོགས་སུ་ནི། །རིང་བསྲེལ་གྱི་ནི་སྐུ་བྱེད་ཅིང༌། །སངས་ རྒྱས་ཡོན་ཏན་རྣམས་སྟོན་པ། །བསོད་ནམས་མང་པོ་སྐྱེད་པར་བྱེད། །གང་ཞིག་ལམ་གྱི་བཞི་ མདོར་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་རྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་གཅིག་ནི་བཟོད་ གསོལ་ཏེ། །དེ་དག་རྣམས་ནི་མཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡིས་སུ། །མི་འཇིགས་ 6-1-84 དཔའ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་འཁྲེགས་པ་ཡི། །ལུས་ནི་མངོན་པར་གྲུབ་པ་ ཡིན། །བསྟན་པ་རབ་ཏུ་རྣམ་འཇིག་པའི། །ཆོས་ལ་མི་བདེ་ཉེར་གནས་ཚེ། །གུས་པར་བྱས་ ཏེ་ཆོས་སྲུང་ཞིང༌། །ལུས་དང་སྲོག་དག་བོར་གྱུར་པ། །དེ་བཞིན་ཆོས་ནི་འཛིན་བྱེད་པ། །དེ་ དག་སྲུང་བར་བྱེད་པ་དག །ལྷ་རྣམས་ཀྱིས་ནི་བསྲུང་བར་འགྱུར། །སངས་རྒྱས་རྣམས་ཀྱིས་ བྱིན་གྱིས་བརླབ། །ཆོས་ནི་ཀུན་ཏུ་བསྲུངས་བྱས་པས། །དེ་དག་འཁོར་ལོས་སྒྱུར་བར་འགྱུར། །ཞེས་དང༌། དེ་ཉིད་ལས། བརྟན་པའི་བློ་གྲོས་མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ ཕྱིར་དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང༌། ཕྱིར་བཅོས་པ་དང༌། བྱི་དོར་བྱ་བ་ ལྷུར་བླང་བར་བྱ་སྟེ། བརྟན་པའི་བློ་གྲོས་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་ དེ་བཞིན་གཤེགས་པའི་མཆོད་རྟེན་བྱི་དོར་བྱེད་པ་དེ་ནི་སྨོན་ལམ་གྱི་མཆོག་རྣམ་པར་དག་ པ་བཞི་རྗེས་སུ་ཐོབ་པོ། །བཞི་གང་ཞེ་ན། གཟུགས་ཀྱི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་ དང༌། དལ་བ་ཕུན་སུམ་ཚོགས་པའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང༌། །ཡང་དག་ པར་བླང་བ་བརྟན་པའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང༌། དེ་བཞིན་གཤེགས་པ་ལྟ་ བུའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པའོ། །ཞེས་དང༌། ཟ་མ་ཏོག་བཀོད་པ་ལས། གང་ གཙུག་ལག་ཁང་གས་པ་དང༌། །གོག་པ་རྣམས་སླར་འཆོས་པ་དེ་དག་སྐྱེས་བུ་དམ་པའོ། །གང་མཆོད་རྟེན་གྱི་གཟུགས་གས་པ་དང༌། །གོག་པ་སླར་འཆོས་པ་དེ་དག་སྐྱེས་བུ་དམ་པའོ། །ཞེས་དང༌། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ བསྟན་པ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེ་ འམ། བྱིས་པའི་ཀྱལ་ཀའམ། རྩེད་མོར་ཡང་བྱེད་པའམ། འཇིམ་པ་ལས་མཆོད་རྟེན་བྱེད་ན། དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ན། གང་གིས་རིང་བསྲེལ་གྱི་མཆོད་རྟེན་ 6-1-85 ནམ། རིང་བསྲེལ་གྱི་སྐུ་གཟུགས་བྱས་ཏེ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་གཙོ་བོར་ཤེས་ ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཡོངས་སུ་སྒྲོལ་ལོ་སྙམ་དུ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལྷའི་མེ་ཏོག་དང༌། ལྷའི་སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། སིལ་སྙན་དང༌། གདུགས་དང༌། རྒྱལ་མཚན་རྣམས་ ཀྱིས་མཆོད་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ མཆོད་པ་བྱས་པར་འགྱུར་རོ། །དེ་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། འཆི་བ་དང༌། མྱ་ངན་ དང༌། སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་ ལས་ཡོངས་སུ་ཐར་བར་འགྱུར་ཏེ། ཇི་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བདེ་འགྲོར་འགྲོ་ བར་འགྱུར་རོ། །ལྷའི་བུ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་སྔོན་གྱི་སྨོན་ལམ་ལ་མཁས་ ཤིང་མཐུན་པ་ཡོངས་སུ་དག་པ་ཡིན་ནོ། །ཞེས་དང༌། རི་མོ་མཆོད་རྟེན་རྣམ་པ་སྣ་ཚོགས་ བྱོས། །གསེར་དང་དངུལ་དང་དེལྟར་བླུགས་རྣམས་དང༌། །འཇིམ་པའི་སྐུ་གཟུགས་དག་ནི་ བྱེད་བཅུག་ནས། །མཆོད་པ་སྣ་ཚོགས་ཀྱིས་ནི་མཆོད་པར་བགྱིས། །མེ་ཏོག་དང་ནིཕྲེང་བ་ བྱུག་པ་དང༌། །མར་མེ་སིལ་སྙན་དྲི་དང་སྤོས་ཀྱིས་མཆོད། །ཤེས་རབ་ཆེ་བའི་བསྔོ་བ་དག་ ཀྱང་བགྱིས། །ཞེས་དང༌། དེ་ཉིད་ལས། མཆོད་རྟེན་དང་ནི་རི་མོ་དང༌། །སྐུ་གཟུགས་བྱེད་དུ་ གཞུག་པ་དང༌། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་མ་འདྲ་བྱེད་པ། །བྱང་ ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་བ་ཐོབ་པར་འགྱུར། །ཞེས་དང༌། ཡང་དེ་ཉིད་ ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་བཟུང་བ་དང༌། །རིང་བསྲེལ་གྱི་མཆོད་ རྟེན་བྱེད་དུ་གཞུག་པ་དང༌། རི་མོ་དང་སྐུ་གཟུགས་བྱེད་དུ་འཇུག་པ་དང༌། མར་མེ་དང༌། སྤོས་ དང༌། མེ་ཏོག་དང༌། དྲི་དང༌། བྱུག་པ་རྣམས་ཀྱིསམཆོད་ཅིང་བཀུར་སྟི་བྱས་པ་དང༌། བསླབ་ 6-1-86 པ་འཛིན་པ་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང༌། སྡོམ་པ་དང༌། ཉེར་གནས་པ་རྣམས་ ཀྱིས་སེམས་ཅན་ཐམས་ཅད་ངན་སོང་དང༌། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་ འགྱུར་རོ། །བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་མཚམས་མེད་པ་ལྔ་ལ་སོགས་པའང་ ཡོངས་སུ་དག་པར་འགྱུར་ཏེ་བདེ་འགྲོར་འགྲོ་བར་འགྱུར་ཞིང༌། ངན་འགྲོར་འགྲོ་བར་མི་ འགྱུར་བས་ན་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་མངོན་པར་ རྫོགས་པར་འཚང་རྒྱའོ། །སོགས་དང༌། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་ པ་ལས། སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་མཆོད་པར་རྩོམ་པའི་དབང་དང༌། དེ་ བཞིན་གཤེགས་པའི་མཆོད་རྟེན་གྱི་རྒྱན་སྣ་ཚོགས་ཡུལ་དང༌། ལྗོངས་སྣ་ཚོགས་ཀྱི་སེམས་ ཅན་རྣམས་དགེ་བའི་རྩ་བ་འཕེལ་བའི་དབང་དང༌། སངས་རྒྱས་ཀྱི་སྐུ་གདུང་བགོས་ཤིང་ འཇིག་རྟེན་ཐམས་ཅད་ཀྱི་མཆོད་རྟེན་བྱས་ཤིང་ཡུལ་དང་ཕྱོགས་དེར་ལྷའི་གནས་སམ་ཀླུའི་ གནས་སམ་གནོད་སྦྱིན་དང་དྲི་ཟ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་ དང༌། ལྟོ་འཕྱེ་ཆེན་པོའི་གནས་དང༌། མིའི་གནས་དང༌། འབར་བའི་གནས་སུ་སྐུ་གདུང་དང༌། རིང་བསྲེལ་མཆོད་པར་འགྱུར། སྐུ་གདུང་དང༌། རིང་བསྲེལ་དང༌། དབུ་སྐྲ་དང༌། སེན་མོའི་ མཆོད་རྟེན་དང༌། སངས་རྒྱས་བཞུགས་པར་མཆོད་རྟེན་བརྩིག་པ། འགྲོ་བ་ཐམས་ཅད་ངེས་ པར་སངས་རྒྱས་རྗེས་སུ་དྲན་པར་འགྱུར། ཆོས་ཀྱི་ཕྱིར་འབྲང་བར་འགྱུར། དགེ་འདུན་ལ་ དད་པ་སོ་སོར་རྙེད་པར་འགྱུར། ཡུལ་དང་ཕྱོགས་དེར་གནས་ཤིང་རྒྱུན་མི་ཆད་པར་མཆོད་ པར་བསམ་པས་གནས་ནས་སྦྱིན་པ་བྱིན་ཅིང་ཡོངས་སུ་བསོད་ནམས་བྱེད་པར་འགྱུར་ཏེ། དེ་ དང་དེ་དག་མཐོ་རིས་ཀྱི་ཡོངས་སུ་དག་པ་སོ་སོར་རྙེད་པར་འགྱུར། རིགས་ཆེན་པོ་སོ་སོར་ རྙེད་པར་འགྱུར། །ལོངས་སྤྱོད་ཆེན་པོ་དང༌། གཡོག་འཁོར་རྣམ་པར་དག་པ་སོ་སོར་རྙེད་པར་ འགྱུར། ལྷ་དང་མིའི་ཕུན་སུམ་ཚོགས་པ་སོ་སོར་མྱོང་བར་འགྱུར། ངན་པར་མི་ལྷུང་བའི་ནན་ 6-1-87 ཏན་ཡོངས་སུ་རྫོགས་པར་འགྱུར། དེ་དག་སངས་རྒྱས་བྱུང་བ་ན་གཏི་མུག་མེད་པས་སྒྲུབ་ པར་འགྱུར། དཀར་པོའི་ཆོས་ལ་གནས་པས་སོ་སོར་ཡོངས་སུ་རྫོགས་པར་འགྱུར། ཁམས་ གསུམ་ནས་འབྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར། ཇི་ལྟར་ཐེག་པ་དང་ས་དང་ སྨོན་ལམ་གྱིས་འབྱུང་བར་འགྱུར། དེ་དང་དེ་དག་དེ་བཞིན་གཤེགས་པ་ལ་ཤེད་བྱས་པ་གཟོ་ བ་སོ་སོར་རྙེད་པར་འགྱུར་ཏེ་ཕྱི་འབྲང་བ་གནས་དང༌། མགོན་དང༌། སྐྱབས་དང༌། དཔུང་ གཉེན། སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་ཏེ། སངས་རྒྱས་བཅོམ་ ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པས་ཀྱང་བསམ་གྱིས་མི་ཁྱབ་པའི་སྦྱིན་གནས་སྦྱོང་ སྟེ་བསོད་ནམས་ཡོངས་སུ་མི་གནས་པའི་སྦྱིན་གནས་སངས་རྒྱས་བཅོམ་ལྡན་འདས་འཇིག་ རྟེན་དུ་སྐྱེ་བ་འདི་ལྟ་བུའི་རྣམ་པ་མང་པོར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་འཕེལ་ཞིང༌། བསོད་ནམས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་ཏེ། འདི་ནི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་མཛད་པ་བཅུ་པའོ། །ཞེས་དང༌། དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་ སྨིན་པ་བསྟན་པའི་མདོ་ལས། གང་ལ་ལ་ཞིག་བདག་ཉིད་ཀྱིས་སེམས་ཅན་གྱི་དོན་ཆེན་པོ་ བྱེད་པ། གཙོ་བོར་བྱས་ལ་མཆོད་རྟེན་དང༌། གཙུག་ལག་ཁང་བརྩིགས་ན་མ་འོངས་པའི་ དུས་ན་གདོན་མི་ཟ་བར་རྒྱལ་པོར་འགྱུར་ཏེ། འགྲོ་བ་མང་པོའི་དོན་བྱེད་ཅིང་འགྲོའོ་ཅོག་གི་ ཀུན་ལ་མི་མཐུན་པ་མེད་དོ། །ཚེ་འདི་ལ་ཆོས་ཀྱི་འགྲོ་བ་དང་ཆོས་ལ་དད་པ་ནི་མིའི་མཆོག་ ཏུ་འགྱུར་རོ། །མ་འོངས་པའི་དུས་ན་གདོན་མི་ཟ་བར་བློན་ཆེན་ནམ། ཁམས་ཀྱི་དབང་བློན་ དུ་འགྱུར་རོ། །གོས་དང་རྟ་དང་ལྡན་ཞིང་དགོས་སོ་ཅོག་འཚོགས་པར་འགྱུར་རོ། །ཞེས་དང༌། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་ཁྱོད་ཀྱིས་འཛམ་བུའི་གླིང་མཐོང་ངམ། །ཀྱེ་ བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་འཛམ་བུའི་གླིང་ཞེང་དུ་ནི་དཔག་ཚད་བདུན་ སྟོང༌། ཆུར་དཔང་དཔག་ཚད་བདུན་སྟོང་སྟེ། བྱང་གི་ཞེང་ནི་ཆེ། ལྷོའི་ནི་ཤིང་རྟའི་དབྱིབས་ 6-1-88 སོ། །དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་བཀང་ སྟེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་ དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཞིའི་དགེ་འདུན་ལ་ འབུལ་བར་བྱེད་པ་དང༌། གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ ར་ཙམ་བྱེད་དུ་འཇུག་སྲོག་ཤིང་ནི་ཁབ་ཙམ་འཛུགས་སུ་འཇུག གདུགས་ནི་རྒྱ་ཤུག་གི་ལོ་མ་ ཙམ་འགེབས་སུ་འཇུག་ཅིང༌། སྐུ་གཟུགས་ནས་འབྲུ་ཙམ་བྱེད་དུ་འཇུག སྐུ་གདུང་ཡུངས་ཀར་ གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ཤིན་ཏུ་མང་ བར་ང་སྨྲའོ། ། དེ་བཞིན་དུ་ཤར་གྱི་ལུས་འཕགས་དང༌། ནུབ་ཀྱི་བ་གླང་སྤྱོད་དང༌། བྱང་གི་སྒྲ་མི་སྙན་ རྣམས་ལའང་སྦྱར་ཏེ། ཀུན་དགའ་བོ་འཛམ་བུ་གླིང་གི་གླིང་ཡང་ལྟ་ཞོག ནུབ་ཀྱི་བ་གླང་ སྤྱོད་ཀྱི་གླིང་ཡང་ལྟ་ཞོག བྱང་གི་སྒྲ་མི་སྙན་གྱི་གླིང་ཡང་ལྟ་ཞོག ལྷ་རྣམས་ཀྱི་དབང་པོ་བརྒྱ་ བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བ་ལྟ་ཡང་ཞོག་གི། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་ལ་ལས་རིན་པོ་ཆེ་ སྣ་བདུན་གྱིས་བཀང་སྟེ། རྒྱུན་དུ་ཞུགས་པ་དང༌། ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་ རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་བཞིའི་དགེ་ སློང་གི་དགེ་འདུན་རྣམས་ལ་འབུལ་བར་བྱེད་པ་དང༌། གང་ཞིག་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་ རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག་པ། སྐུ་གཟུགས་ནས་འབྲུ་ཙམ་ལས་སྐུ་གདུང་ ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། ཀུན་དགའ་བོ་འདི་ཉིད་དེ་བས་བསོད་ནམས་ 6-1-89 ཤིན་ཏུ་མང་བར་སྨྲའོ། ། དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ། ཞེས་པ་ནས། ཤེས་རབ་ དཔག་ཏུ་མེད་པ། བྱམས་པ་ནས་བཏང་སྙོམས་ཀྱི་བར་དཔག་ཏུ་མེད་པའོ། །ཀུན་དགའ་ བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་ དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་ པའི་མདོ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མིརྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་ བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ ཀྱང་ནིཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་ མཐུན་ཆོས་ལ་སྒྲུབ་པ་དང༌། ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་ རྟེན་དག་ན་དོན་ཀུན་འགྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང༌། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་ སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་ མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང༌། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྦ་བའི་གླེགས་བམ་གཡོགས་པ་ཡི། །ཐུབ་པའི་དབང་བོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་དང༌། ལས་དང་ཕན་ ཡོན་བསྟན་པའི་ཆོས་ཀྱི་རྣམ་གྲངས་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ ཡོན་བཅོ་བརྒྱད་ཡོད་དེ། བཅོ་བརྒྱད་གང་ཞེ་ན། རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་ བ་དང༌། གཟུགས་བཟང་བར་འགྱུར་བ་དང༌། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང༌། 6-1-90 དབང་ཆེ་བར་གྲགས་པར་འགྱུར་བ་དང༌། གཡོག་འཁོར་རྒྱ་ཆེན་པོར་འགྱུར་བ་དང༌། གཡོག་ འཁོར་མི་བྱེད་པར་འགྱུར་བ་དང༌། ལོངས་སྤྱོད་ཆེ་བར་འགྱུར་བ་དང༌། འཇིག་རྟེན་པ་རྣམས་ འཁོར་ཞིང་འདུ་བར་འགྱུར་བ་དང༌། ཀུན་གྱི་རྟེན་དུ་འགྱུར་བ་དང༌། ཕྱོགས་བཅུར་བརྗོད་པ་ དང་སྒྲ་དང་ཚིགས་སུ་བཅད་པ་རྒྱ་ཆེན་པོ་མངོན་དུ་འབྱུང་བར་འགྱུར་བ་དང༌། ལྷ་དང་མིས་ མཆོད་པར་འགྱུར་བ་དང༌། ཕྱུག་ཅིང་ནོར་མང་པོ་དང་ལྡན་པར་འགྱུར་བ་དང༌། འཁོར་ལོས་ སྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་བ་དང༌། ཚེ་རིང་བར་འགྱུར་བ་དང༌། ལུས་རྡོ་རྗེ་ལྟར་ འཁྲེགས་པར་འགྱུར་བ་དང༌། ལུས་མཚན་དང་དཔེ་བྱད་དང་ལྡན་པར་འགྱུར་བ་དང༌། མཐོ་ རིས་སུ་སྐྱེ་བར་འགྱུར་བ་དང༌། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅོ་བརྒྱད་པོ་དེ་ དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་བྱས་པའི་ཕན་ཡོན་ནོ། །ཞེས་དང༌། རྨད་དུ་བྱུང་ བའི་ཆོས་ཀྱི་རྣམ་གྲངས་ལས། ཀུན་དགའ་བོ་ཛམྦུའི་གླིང་གི་ནི་ཆུར་དཔག་ཚད་བདུན་སྟོང༌། རྒྱར་དཔག་ཚད་བདུན་སྟོང་བྱང་དུ་ནི་ཁ་ཚོན་ཆེ་བ་ལྷོར་ནི་སོག་ཁར་འདུག་པ་དེ་རིགས་ཀྱི་ བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་ བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་ རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཞིའི་དགེ་ སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་ རུ་རའི་འབྲུ་ཙམ་བྱ་ལ་ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་ གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་ བཅུག་ནས་དེ་ནི་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲའོ། ། དེ་བཞིན་དུ་ཤར་གྱི་ལུས་འཕགས། ནུབ་ཀྱི་བ་གླང་སྤྱོད། བྱང་གི་སྒྲ་མི་སྙན། བརྒྱ་བྱིན་ 6-1-91 གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་བར་སྦྱར་ཏེ། དེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ཞིག་གིས་རིན་ པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་དུ་ཞུགས་པ་རྣམས་དང༌། ལན་ཅིག་ཕྱིར་འོང་ བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་ རྣམས་དང༌། ཕྱོགས་བཞིའི་དགེ་སློང་དང་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་ པ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་ འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱས་ལ་ཁབ་ཙམ་གྱི་སྲོག་ཤིང་ བཙུགས་ཏེ་རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས། ནས་ཀྱི་འབྲུ་ཙམ་ཀྱི་སྐུ་གཟུགས་ བྱས་ལ་ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་ཆེས་བསོད་ནམས་ཆེའོ་ཞེས་ ང་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱིས་དཔག་ ཏུ་མེད་པ། ཚུལ་ཁྲིམས་ཀྱིས་དཔག་ཏུ་མེད་པ་དང༌། བཟོད་པས་དཔག་ཏུ་མེད་པ། བརྩོན་ འགྲུས་ཀྱིས་དཔག་ཏུ་མེད་པ། བསམ་གཏན་གྱིས་དཔག་ཏུ་མེད་པ། ཤེས་རབ་ཀྱིས་དཔག་ ཏུ་མེད་པ། བྱམས་པས་དཔག་ཏུ་མེད་པ། སྙིང་རྗེས་དཔག་ཏུ་མེད་པ། དགའ་བས་དཔག་ ཏུ་མེད་པ། བཏང་སྙོམས་ཀྱིས་དཔག་ཏུ་མེད་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སངས་རྒྱས་ཀྱི་ཆོས་དྲན་པ་ཉེ་བར་བཞག་ པ་མ་འདྲེས་པ་གསུམ་དང༌། སྙིང་རྗེ་ཆེན་པོས་དཔག་ཏུ་མེད་པ་སྟེ། ཀུན་དགའ་བོ་དེ་བཞིན་ བཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་ པ་དང་ལྡན་པའི་ཕྱིར་རོ། །ཞེས་དང༌། བྱང་སའི་འགྲེལ་བ་སློབ་དཔོན་རྒྱ་མཚོའི་སྤྲིན་གྱིས་ མཛད་པའི་ལེའུ་བཅུ་དྲུག་པ་ལས། མཆོད་རྟེན་གཅིག་རབ་ཏུ་བཞེངས་པའི་བསོད་ནམས་ ཡོངས་སུ་བཟུང་བ་ཡང་ཚངས་པའི་བསོད་ནམས་བཟུང་བར་འགྱུར་ན། དུ་མ་ཉིད་བཞེངས་ 6-1-92 པས་ནི་ཚངས་པ་དུ་མ་ཉིད་ཀྱི་བསོད་ནམས་ཡོངས་སུ་བཟུང་བར་འགྱུར་རོ། ། ཇི་སྐད་དུ་མདོ་གཞན་ལས། ས་ཕྱོགས་གང་དག་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ མི་བཞུགས་པ་དེ་དག་ཏུ་བཞེངས་པར་བྱེད་ན། ཚངས་པའི་བསོད་ནམས་དང་མཉམ་པ་ཐོབ་ པར་འགྱུར་རོ། །ཞེས་བྱ་བ་བསྟན་པ་ཡིན་ནོ། །ཚངས་པའི་བསོད་ནམས་ཀྱི་ཚད་ནི། བསོད་ ནམས་གང་གིས་བསྐལ་པ་གཅིག་ཏུ་མཐོ་རིས་སུ་འགྲོ་བར་འགྱུར་བ་སྟེ། ཡང་དང་ཡང་རྒྱུན་ མི་འཆད་པར་རྣམ་པར་སྨིན་པ་འཇུག་པར་འགྱུར་བའི་བསོད་ནམས་ལ་ཚངས་པའི་བསོད་ ནམས་ཞེས་བརྗོད་དེ་བསམ་གཏན་དང་པོའི་སེམས་ཅན་གྱི་བསོད་ནམས་དང་མཚུངས་པ་ ལ་བྱའོ། །ཞེས་དང༌། འཕགས་པ་བརྒྱད་སྟོང་པ་ཡོངས་གཏད་ཀྱི་ལེའུ། དེའི་བསོད་ནམས་ རྣམ་གྲངས་ཀྱི་ལེའུ་ལས། ཀཽ་ཤི་ཀ་དེ་བས་ན་དེ་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཡོངས་སུ་མྱ་ངན་ལས་འདས་པ་མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་ རྟེན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་བྱེ་བ་དུ་མ་བྱེད་དུ་བཅུག་སྟེ་བྱས་ ནས་ཀྱང་དེས་དེ་ལ་ནམ་འཚོའི་བར་དུ་ལྷའི་མེ་ཏོག་དང་ལྷའི་བདུག་པ་དང༌། ལྷའི་དྲི་དང༌། ལྷའི་ཕྲེང་བ་དང༌། ལྷའི་བྱུག་པ་དང༌། ལྷའི་ཕྱེ་མ་དང༌། ལྷའི་ན་བཟའ་དང༌། ལྷའི་གདུགས་ དང༌། ལྷའི་རྒྱལ་མཚན་དང༌། ལྷའི་དྲིལ་བུ་དང༌། ལྷའི་བ་དན་དག་དང་ཁོར་ཡུག་ཏུ་མར་མེའི་ ཕྲེང་བ་དག་དང༌། ལྷའི་མཆོད་པ་རྣམ་པ་མང་པོ་དག་གིས་མཆོད་པར་བྱེད་དེ་བཀུར་སྟིར་ བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད། རི་མོར་བྱེད། བསྙེན་བཀུར་བྱེད་ན་ ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་ཅི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ། དེའི་གཞི་ལས་བསོད་ ནམས་མང་དུ་བསྐྱེད་དམ། བརྒྱ་བྱིན་གྱིས་གསོལ་བ་བཅོམ་ལྡན་འདས་མང་ངོ༌། །བདེ་བར་ གཤེགས་པ་མང་ངོ༌། །ཞེས་དང༌། བྱ་བའི་རྒྱུད་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ 6-1-93 ཏོར་དྲི་མ་མེད་པར་སྣང་བ་ལས། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་ རིང་པོར་སྦྱོར་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མཐོང་ བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང༌། དུད་འགྲོ་དང༌། གཤིན་རྗེའི་འཇིག་ རྟེན་དང༌། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་ལ་དམྱལ་བའི་ སྒྲ་རྣ་ལམ་དུ་ཡང་གྲགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ ཏེ་དེ་ནི་གནས་མེད་དོ། །ཞེས་དང༌། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་ རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་ མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ས་ཆེན་ པོ་ལྟ་བུར་སྐྱེས་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་རོ། །རིག་པ་ཆེན་པོ་འདིས་བྱིན་ གྱིས་བརླབས་ཏེ། རྡོ་དང་ཤིང་ལེབ་ལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་ བར་བྲམ་ཟེའི་རིགས་ཤིང་སཱ་ལ་ས་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ་བཅུ་ གཅིག་ཀུན་ཏུ་འོད་ཀྱི་ས་འཐོབ་པར་འགྱུར་རོ། །གསེར་དང་དངུལ་དང་བཻཌཱུརྱ་ལ་སོགས་ པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་རྒྱལ་རིགས་ཤིང་སཱ་ལ་ས་ཆེན་པོ་ལྟ་བུར་ སྐྱེས་ནས་རྡོ་རྗེ་འཛིན་པའི་ས་འཐོབ་པར་འགྱུར་རོ། །ཞེས་དང༌། མཆོད་རྟེན་ཆོ་ག་དམ་པ་ འདི། །བསོད་ནམས་བགྱིས་པའི་ཁྱད་པར་ནི། །གཟུངས་འདི་བཟླས་པའི་མཆོད་རྟེན་གྱིས། །གཅིག་བཏབ་བྱེ་བ་བཏབ་དང་འདྲ། །ཡུན་རིང་དུས་ནས་འཁོར་བ་ཡིས། །མཚམས་མེད་ལྔ་ དང་སྡིག་དཔུང་རྣམས། །ཇི་སྙེད་ཡོད་པ་མ་ལུས་བྱང༌། །ཚེ་རིང་ཕུན་སུམ་ཚོགས་པར་འགྱུར། །ཚེ་རབས་གཞན་དུ་སྐྱེས་ནས་ཀྱང༌། །རིགས་མཆོག་དམ་པར་སྐྱེས་པ་ན། །ལོངས་སྤྱོད་ 6-1-94 མཆོག་དང་རབ་ལྡན་ཞིང༌། །འཁོར་ལོ་བསྒྱུར་བའི་རྒྱལ་པོར་སྐྱེ། །ཚེ་རབས་སྔ་ཕྱི་དྲན་པར་ འགྱུར། །དུས་གསུམ་འཇིག་རྟེན་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་མི་འབྲལ་ཞིང༌། །བགེགས་དང་གནོད་པས་དེ་མི་བསྐྱེད། །བསམ་པ་ཡོངས་སུ་འགྲུབ་པར་འགྱུར། །མཐར་ནི་ མངོན་པར་འཚང་རྒྱའོ། །ཞེས་དང༌། འོད་ཟེར་དྲི་མེད་ལས། བྲམ་ཟེ་ཆེན་པོ་ཁྱོད་སོང་ལ་སེར་སྐྱའི་ལམ་གྱི་སུམ་མདོ་ན་ མཆོད་རྟེན་རིང་བསྲེལ་ཅན་རྙིང་པ་རལ་པ་ཞིག་ཡོད་པ་དེ་སླར་བརྩིགས་ཏེ། མཆོད་རྟེན་གྱི་ རྩེ་མོར་སྲོག་ཤིང་བཙུགས་ལ་གསང་སྔགས་ཡི་གེར་བྲིས་པ་དེའི་ནང་དུ་བཅུག་སྟེ་མཆོད་པ་ བྱས་ནས་གསང་སྔགས་ལན་བདུན་བཏོན་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་ཏེ་འཕེལ་བར་འགྱུར་ལ། འཆི་བའི་དུས་བྱས་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་གནས་ལོངས་སྤྱོད་ཆེ་བ་རྣམས་སུ་སྐྱེ་ སྟེ། བསྐལ་པ་སྟོང་ཕྲག་བརྒྱའི་བར་དུ་བདེ་བའི་ལོངས་སྤྱོད་ཀྱང་ཕྱིར་འཕེལ་ཞིང་རྒྱས་པར་ འགྱུར། དེ་ནས་ཀྱང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་སྐྱེ་བར་འགྱུར་རོ། །ཞེས་དང༌། བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ལེའུ་ཉེར་དྲུག་པ་ལས། བདེ་གཤེགས་སྐུ་ གསུང་ཐུགས་ཀྱི་རྟེན། །ཡོངས་སུ་རྫོགས་པ་བཞེངས་གྱུར་ན། །སངས་རྒྱས་བསྟན་པ་ཡུན་དུ་ གནས། །ཇི་སྲིད་འགྲོ་འདུལ་ཐབས་ཆེན་བཤད། །ཅེས་དང༌། རྟེན་གསུམ་ཡོངས་རྫོགས་ངོ་ མཚར་ཆེ། །ཇིསྲིད་རྟེན་འདི་གནས་ཀྱི་བར། །དེ་སྲིད་སངས་རྒྱས་བསྟན་པ་རྒྱས། །འགྲོ་བ་ ཀུན་འདུལ་ལས་སྒྲིབ་སྦྱོང༌། །བསོད་ནམས་ཕུན་སུམ་ཡོངས་རྫོགས་ཤིང༌། །རྒྱུ་སྦྱོར་བཞེངས་ མཁན་མ་ལུས་ཀུན། །ཚེ་འདིར་བཀྲ་ཤིས་ཚེ་རིང་འཕེལ། །ཐ་མ་ཞིང་ཁམས་རྣམ་དག་ཐོབ། །ཡུལ་ཕྱོགས་གླིང་ཁམས་བཀྲ་ཤིས་འགྱུར། །ཐབས་མཆོག་ཡོན་ཏན་རྨད་དུ་བྱུང༌། །བསྟན་ པའི་རིམ་གྲོ་དེ་ཁོ་ན། །དང་དུ་ལོངས་ཤིག་བསམ་པ་འགྲུབ། །ཅེས་དང༌། སློབ་དཔོན་དཔའ་ 6-1-95 བོས། བདེ་བར་གཤེགས་པའི་མཆོད་རྟེན་ལ། དགའ་བས་སྲོག་ཤིང་འཛུགས་བྱེད་ཅིང༌། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་ རྒྱ་ཆེ་ཞིང༌། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །མིར་འགྱུར་པ་ནི་མ་ལུས་པའི། །བདག་ པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་རྒྱན་ལྡན་པ། །ས་རྣམས་སྦྱིན་པར་བཏང་བ་ ལས། །ཡིན་པ་རུ་ནི་མཁས་པས་འཆད། །མཆོད་རྟེན་དང་ནི་རྒྱལ་བ་ཡི། །སྐུ་མཆོག་རྣམས་ནི་ བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཇུག་བྱེད་པ། །མཐོ་རིགས་ཡང་དག་འདིར་ཐོབ་ ནས། མི་རྣམས་ཀྱིས་ནི་བསྟོད་པར་འགྱུར། །ཞེས་དང༌། བདེ་བར་གཤེགས་པའི་འཁྲུངས་ གནས་དང༌། །དེའི་ཡུད་ཙམ་བཞུགས་པའི་གནས། །རབ་ཏུ་གསལ་བར་གྲགས་གྱུར་པ། །ནུས་པ་ཀུན་གྱི་གདུང་སྣོད་སྐུ། །ཤིན་ཏུ་ཁྱད་འཕགས་གཙུག་ཏོར་མཐོ། །སྐུ་གཟུགས་ བཞེངས་ནས་ལེགས་སྦྱངས་མ། །སྐྱེ་བོ་གང་གིས་སྐུ་བཞེངས་པའི། །ནང་དུ་རིང་བསྲེལ་ བཅུག་བྱས་ན། །ཀུན་ནས་བརྒྱ་བྱིན་ལས་འཕགས་པའི། །མི་དབང་གླིང་བཞི་རྣམས་སུ་ནི། །དཔལ་དང་ལྡན་པའི་ལོངས་སྤྱད་ནས། །མཐའ་རུ་རྣམ་དག་གོ་འཕང་འཐོབ། །རྒྱལ་བའི་སྐུ་ གདུང་བཅུག་ལས་ཡིན། །ཟླ་བ་དང་འདྲ་བལྟ་ན་སྡུག །སྨིན་མ་ལེགས་ཤིང་མིག་དཀྱུས་རིང༌། །མིག་སྐྱེས་གསེར་དང་ནོར་བུར་ལྡན། །བཟོད་ཅིང་དེས་པ་དང་ལྡན་པ། །རྒྱ་མཚོས་གཏུགས་ པའི་ས་རྣམས་ནི། །སྐྱོང་བྱེད་འཁོར་ལོས་སྒྱུར་རྒྱལ་ཡང༌། །དེ་དག་སངས་རྒྱས་སྐུ་གཟུགས་ ནི། །རིང་བསྲེལ་དང་བཅས་གུས་པས་འཐོབ། །ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་ པའི་མདོ་ལས། སེམས་ཅན་གང་ལ་ལ་ཞིག་ཚེ་འདི་ལ་ཡོངས་སུ་བསྐུལ་པའི་བདག་པོ་ཆེན་ པོ་བྱས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་དང༌། དྲི་གཙང་ཁང་དང༌། གཙུག་ལག་ཁང་ བརྩིག་ན་མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་སྐྱེ་བོ་མང་པོ་ལ་དབང་བྱེད་པར་ འགྱུར་བས་གང་ཡང་ངག་མི་ཉན་པར་མེད་པར་འགྱུར་རོ། །ཚེ་འདི་ལ་མདོ་སྡེ་བྲིས་ཏེ་གཞན་ 6-1-96 དག་ལ་བྱིན་ནས་ཀློག་ཏུ་བཅུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བོ་ཐམས་ ཅད་དུ་བདག་གི་སྤོབས་པ་མང་པོ་དང་ལྡན་པ་དང༌། ཆོས་བསླབ་པ་ལ་ལན་ཅིག་ཐོས་པ་ཙམ་ གྱིས་གོ་བར་འགྱུར་བ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་ བརླབ་ཅིང་ཡོངས་སུ་བསྲུང་བ་དང༌། རྟག་པར་མིའི་ནང་ན་མཆོག་དམ་པ་གཙོ་བོར་བྱེད་པར་ འགྱུར་རོ། །ཞེས་སོགས་རྟེན་གསུམ་གྱི་ནང་ནས་མཆོད་རྟེན་ཉིད་ཕན་ཡོན་ཆེ་བར་གསུངས་ པ་བཞིན་མཆོད་སྡོང་ཆེན་པོ་འདི་ཉིད་ཀྱི་རྟེན་གཙོ་ཡང་ཆོས་སྐུའི་རྟེན་དུ་བྱེད་པའི་རྒྱུ་མཚན་ དེའོ། ། སྐུ་གཟུགས་བཞེངས་པའི་ཕན་ཡོན་ནི། ཏིང་འཛིན་རྒྱལ་པོའི་མདོ་ལེའུ་སུམ་ཅུ་རྩ་གཅིག་ པ་ལས། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག །རིན་ཆེན་བྱི་དོར་ལེགས་པར་བྱས་ པ་ཡང༌། །བལྟ་ན་སྡུག་ཅིང་ཤིན་ཏུ་མཛེས་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ འདི་འཐོབ། །དེ་བཞིན་གསེར་དག་དང་ནི་དངུལ་དག་དང༌། །ཙནྡན་གྱི་ནི་སྐུ་གཟུགས་བཟང་ པོ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ འདི་འཐོབ། །འཇིམ་པ་དང་ནི་དེ་བཞིན་རྡོ་བ་དང༌། །ཤིང་དང་རི་མོར་བྲིས་པའི་སྐུ་གཟུགས་ དང༌། །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ འཐོབ། །ཅེས་དང༌། དཀོན་ཅོག་ཏ་ལ་ལས། གཟུགས་རྣམས་སྦྱོང་བའི་འོད་ཟེར་རབ་གཏོང་ ཞིང༌། །མི་དབང་རྣམས་ཀྱི་བསམ་ཡས་སྐུ་མཐོང་སྟེ། །སྐུ་གཟུགས་རི་མོ་སྣ་ཚོགས་མང་པོ་ དང༌། །མཆོད་རྟེན་བྱས་པས་གཟུགས་སྦྱོང་འོད་འགྲུབ་བོ། །ཞེས་དང༌། ཀླུའི་རྒྱལ་པོ་རྒྱ་ མཚོས་ཞུས་པའི་མདོ་ལས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་ རྟག་ཏུ་རྒྱུན་མི་ཆད་པར་སངས་རྒྱས་དང་འཕྲད་པ་ཐོབ་བོ། །བརྒྱད་གང་ཞེ་ན། སེམས་ཅན་ སངས་རྒྱས་ཀྱི་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། དེ་བཞིན་གཤེགས་ 6-1-97 པ་ལ་རིམ་གྲོ་བྱེད་པ་དང༌། རྒྱུན་མི་ཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་ དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང༌། སེམས་ཅན་ཐམས་ཅད་དེ་བཞིན་ གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་གང་ན་དེ་ བཞིན་གཤེགས་པའི་སྒྲ་གྲགས་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང༌། རྒྱུན་ཞུམ་པ་མེད་པ་དང༌། རྒྱུན་རྒྱ་ཆེན་པོར་འགྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་ཚོལ་བའོ། །ཞེས་དང༌། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་ དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང༌། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་ བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་སངས་རྒྱས་ཀྱི་ སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་དེ་བས་བསོད་ནམས་གྲངས་མེད་པར་བསྐྱེད་དོ། །ཞེས་དང༌། འཕགས་པ་དཀོན་ཅོག་སྤྲིན་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་མངལ་གྱི་ དྲི་མས་མི་གོས་པར་སྐྱེའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ བྱེད་པ་དང༌། མཆོད་རྟེན་ཞིག་པ་འཆོས་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ ལ་སྤོས་ཀྱི་བྱུག་པ་འབུལ་བ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ ཆུ་འབུལ་བ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་དང་སྐྱང་ནུལ་བྱ་བ་ འབུལ་བ་དང༌། ཕ་མ་ལ་ལུས་ཀྱིས་རིམ་གྲོ་བྱེད་པ་དང༌། མཁན་པོ་དང་སློབ་དཔོན་དག་ལ་ ལུས་ཀྱིས་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་ བྱེད་པ་དང༌། དེ་ཡང་ཟང་ཟིང་མེད་པའི་སེམས་ཀྱིས་དེ་ཟང་ཟིང་དང་བཅས་པས་མ་ཡིན་པ་ དང༌། དགེ་བའི་རྩ་བ་དེ་ཡང་དེ་ལྟར་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་ 6-1-98 དྲིས་མ་གོས་པར་སྐྱེ་བར་གྱུར་ཅིག་ཅེས་བསྔོ་བའོ། །ཞེས་དང༌། སྤྱན་རས་གཟིགས་ཀྱི་མདོ་ ལས། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འབྲི་རྩིག་ངོས་འབྲི་འམ་གསེར་ ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་བལྟ་མིན་ལོང་བར་ཞར་མི་འགྱུར། །སྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར། །ལུས་ ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ། །སྤོབས་པ་ཐོབ་ཅིང་སྒྲ་སྙན་ཡིད་དུ་འོང༌། །ཤེས་ བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་མེད་མི་རྐུརྒྱལ་པོ་འཁྲུག་མི་བྱེད། །མཐུ་ དང་ལྡན་ཞིང་དབང་ཆེར་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་ དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་འགྱུར་སྐྱེ་བོ་མང་ མཆོད་འོས། །བློལྡན་ཕྱུག་ཅིང་ཚེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་ པོར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །ལྷ་ཡི་དབང་པོ་དབང་ཕྱུག་ དབང་ཐོབ་པ། །ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར། །བདག་པོ་ལྷུན་པོའི་ཟོམ་ན་ རྒྱལ་སྲིད་སྟོན། །དེ་ནི་དྲན་དང་བློ་གྲོས་མི་ལྡན་མིན། །དེ་ནི་རྟོགས་མོས་ཤེས་རབ་ཚང་བར་ འགྱུར། །འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐབས་གྱུར་ཏེ། །འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་ བ་སྤངས། །སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན། །དུད་འགྲོའི་སྐྱེ་གནས་གཤིན་ རྗེའི་ཡུལ་མི་འགྲོ། །ངན་འགྲོ་གསུམ་པོ་དེས་ནི་རྣམ་སྤངས་ཏེ། །བདག་དེར་ཕྱིར་མི་སྐྱེ་བར་ ཤེས་པར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ ཉིད་ཀྱིལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་ མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་འགྱུར། 6-1-99 །ཡིད་འོང་ཤིན་ཏུ་མཛེས་པའི་སྤོས་ངད་ཅན། །འཛམ་བུ་ཀླུང་གསེར་འོད་བྱེད་དགའ་འགྱུར་ བའི། །གཞལ་མེད་ཁང་མཆོག་ལྟ་སྡུག་འཐོབ་པར་འགྱུར། །དེ་ནི་དེད་དཔོན་སྟོབས་བཅུ་ ལྡན་པ་པོ། །སེམས་ཅན་སྙིང་པོ་མཚུངས་འདྲ་མེད་པ་ཐོབ། །ཁ་དོག་མཐའ་ཡས་འཇིག་རྟེན་ ཀུན་ན་གནས། །གསེར་སྟོང་རིན་ཆེན་བཻཌཱུརྱ་དང་ཚུངས། །ཞེས་དང༌། དམ་ཆོས་པད་དཀར་ལས། ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱས་པ། །སུམ་ཅུ་རྩ་ གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང༌། །དེ་དག་ ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང༌། །ལ་ལས་ དེ་བཞིན་ཟངས་དང་འཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །དེ་ དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞ་ཉེ་དང་ནི་ལྕགས་སམ་ལའང་རུང༌། །བདེ་ བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་ཅིང་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་ དག །བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འབྲི་རུ་ བཅུག་པའི་རུང༌། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །སྐྱེས་བུ་དག་གམ་འོན་ ཏེ་གཞོན་ནུའང་རུང༌། །གང་དག་ལ་ལ་དེ་ན་སློབ་པའི་ཚེ། །རྩེད་མོ་དགའ་དང་གསང་བ་བྱེད་ པ་ན། །རྩིག་ངོས་སེན་མོ་ཤིང་བུས་གཟུགས་བྲིས་པ། །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་ འགྱུར་ཏེ། །དེ་དག་ཐམས་ཅད་སྙིང་རྗེ་ཅན་དུ་འགྱུར། །ཐམས་ཅད་ཀྱང་ནི་སྲོགས་ཆགས་ བྱེ་བ་སྒྲོལ། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །ཅེས་དང༌། སངས་རྒྱས་ཀྱི་ སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས། གལ་ཏེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དང་བྱང་ཆུབ་ཀྱི་སེམས་དྲན་པ་ཉམས་པ་ཞིག་ གིས་སྡིག་པ་བྱེད་པ་དང༌། དམ་པའི་ཆོས་སྤོང་བ་དང༌། འཕགས་པ་ལ་སྐུར་བ་འདེབས་པ་ 6-1-100 དང༌། མཚམས་མེད་པ་ལྔ་བྱེད་པ་དང༌། སྲོག་གཅོད་པ་དང༌། དཀོན་མཆོག་གསུམ་གྱི་ནོར་ རྐུ་བ་དང༌། སེམས་ཅན་དམྱལ་བ་མནར་མེད་པར་འགྲོ་བ་དང༌། ངན་སོང་གསུམ་དུ་སྐྱེ་བའི་ སེམས་ཅན་རྣམས་ཀྱི་དོན་དང༌། གྲོགས་པོ་དང་གཉེན་རྣམས་ཡོངས་སུ་ཐར་བར་བྱ་བའི་ ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་རི་མོའི་སྐུ་གཟུགས་དང༌། འཇིམ་པའི་སྐུ་གཟུགས་བྱེད་ དུ་འཇུག་ཅིང༌། བྱེད་དུ་བཅུག་ནས་ཀྱང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་ གཙོ་བོར་བྱས་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པར་གྱུར་ན་ཟླ་བ་ཡར་ གྱི་ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔའི་བར་དེ་བཞིན་གཤེགས་པ་དེ་དག་ལ་མེ་ཏོག་ དང༌། སྤོས་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། མར་མེ་དང༌། སིལ་སྙན་དང༌། རྒྱལ་ མཚན་དང༌། བ་དན་རྣམས་ཀྱིས་མཚན་ལན་གསུམ་ཉིན་ལན་གསུམ་དུ་མཆོད་དེ། སེམས་ ཅན་དེ་དག་ཐར་པའི་ཕྱིར་རོ། །ཞེས་དང༌། གསལ་རྒྱལ་གྱིས་ཞུས་པའི་ཚིགས་སུ་བཅད་པ་ ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་ སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་ འཕང་འཐོབ། །སུ་དག་འདི་ན་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་ འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་ མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་ དྲི་མ་མེད་པ་དང༌། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡང༌། །ནད་དང་མྱ་ངན་སྡུག་བསྔལ་ འཇིགས་ལས་ཐར། །སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་ གཞུག་སྐྱེ་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་སྐྱེ་ཞིང༌། །དབང་པོ་རྣམས་ཀྱང་ 6-1-101 ཉམས་པར་ཡོངས་མི་འགྱུར། །ཞེས་དང༌། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་ པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དཔལ་བརྩེགས་ཀྱི་ འགྱུར་ལས། དགེསློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ བསྟན་པར་བྱའོ། །དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་ སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། །ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་ དང་པོར་དེད་དཔོན་བཟང་པོར་གྲགས་པ་དང་སྤྲོ་བ་མང་བ་དང་ཚེ་རིང་བ་དང་གྲགས་པ་དང་ ལྡན་པ་དང་བདེ་བ་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་ བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་ཕྱུག་པ་དང་ནོར་མང་ བ་དང་ལོངས་སྤྱོད་ཆེ་བ་དང་ནོར་རྫས་དང་ཡོ་བྱད་མང་བ་དང་བདག་དབང་བ་བདག་གིར་ བྱ་བ་མང་བ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་དང་མཛོད་དང་བང་བའི་ཚོགས་མང་ བ་དང་རྟ་དང་གླང་པོ་ཆེ་དང་བ་ལང་དང་ལུག་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ ཤས་འཚོ་བ་མང་བ་དང་བློན་པོ་དང་མཛའ་བཤེས་དང་གཉེན་དང་སྣག་གི་གཉེན་ཚན་མང་ པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་གཟུགས་བཟང་བ་ དང༌། ལྟ་ན་སྡུག་པ་དང༌། མཛེས་པ་དང༌། མདོག་གསེར་ལྟར་བཟང་བ་དང༌། མགོ་གདུགས་ ལྟར་ཟླུམ་པ་དང༌། ལག་པ་རིང་བ་དང༌། དཔྲལ་བ་དབྱེས་ཆེ་བ་དང༌། སྨིན་མཚམས་བར་མ་ ཆད་པ་དང༌། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང༌། རྒྱན་ཐམས་ཅད་ཀྱིས་ བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་ པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་འཁོར་ ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་དང༌། བུ་སྟོང་གིས་ 6-1-102 བསྐོར་བར་འགྱུར་ཏེ་དེའི་བུའམ། ཆུང་མའམ། བྲན་ནམ། ཉེ་བར་འཚོ་བ་གང་ཡིན་པ་དེ་ དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང༌། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་བཞི་ པ་ཡིན་ནོ། །དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་ རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་ དང་ལྷའི་བུ་དང་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་ལྷའི་ཚེ་དང༌། ལྷའི་མདོག་ དང༌། ལྷའི་སྟོབས་དང༌། ལྷའི་བདེ་བ་དང༌། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང༌། ལྷའི་ གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་ སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ ཕན་ཡོན་ལྔ་པ་ཡིན་ནོ། །ཞེས་འབྱུང་ངོ༌། །མཆོད་རྟེན་གྱི་ཕན་ཡོན་བསྟན་པའི་ཆོས་ཀྱི་རྣམ་ གྲངས་ལས། གང་ཞིག་སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འབྲི་རྩིག་ངོས་འབྲི་འམ་ གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ ཉོན། །དེ་ནི་བལྟ་མིན་ལོང་བར་ཞར་མི་འགྱུར། །སྒུར་པོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ། །སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང༌། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་ འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་སེམས་ལྡན། །གཡོ་མེད་མི་བརྐུ་རྒྱལ་པོ་འཁྲུག་མི་ བྱེད། །མཐུ་དང་ལྡན་ཞིང་དབང་ཆེན་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་ སེམས་དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་འགྱུར་སྐྱེ་བོ་ མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་ཚེ་ཉིད་རྒྱ་ཆེར་ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་ 6-1-103 རྒྱལ་པོར་འགྱུར། །ཞེས་དང༌། བདེ་མཆོག་སྡོམ་འབྱུང་ལས། སྔགས་པ་ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབ་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ འཐོབ་པར་འགྱུར། །ཞེས་དང༌། རྒྱུད་སྡེ་དང་པོ་འཇམ་དཔལ་རྩ་བའི་རྒྱུད་ལས། རྐང་གཉིས་ དམ་པ་སྟོན་པ་ཡི། །སྐུ་གཟུགས་མཆོད་རྟེན་དག་ཀྱང་བྱ། །དེ་བཞིན་གཤེགས་པའི་གཟུངས་ ཀྱི་ལེའུ་ལས། དེ་བཞིན་གཤེགས་པ་ལ་དད་པ་རྙེད་ནས་དེའི་སྐུ་གཟུགས་བྱེད་ན་དེའི་སྡིག་པ་ ཡང་མི་མངོན་པར་འགྱུར་རོ། །ཞེས་དང༌། མཁས་མཆོག་དཔའ་བོས་སྐུ་གཟུགས་ཀྱི་གཏམ་ ལས། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར་བརྒྱ་ངན་སེལ་བར་བྱེད། །རྩོད་པ་ཀུན་སྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་ཚོགས་དཔལ་དང་ལྡན། །ལུས་ སྟོབས་ལྡན་ཞིང་སྙན་པ་དང༌། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ ཀུན་ལ་མཁས་གྱུར་ཅིང༌། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་པར་ འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་རབ་རྡུལ་ནི་ཇི་སྙེད་སོང༌། །དེ་སྙེད་ ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོར་ངེས་པར་འགྱུར། །གཟུགས་དང་གཟུགས་མེད་ ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བར་མ་ལུས་སྤྱོད། །ཐ་མར་སྐྱེ་རྒུའི་རྒུད་སྤངས་ནས། །དེ་དག་བྱང་ཆུབ་གོ་འཕང་ཐོབ། །བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་ བཟང་གིས་མཚན་འཁོར་ལོས་བསྒྱུར། །སུམ་ཅུ་རྩ་གཉིས་ལུས་མཛེས་ཐོབ། །ཉེས་པའི་དགྲ་ འཇོམས་རྒྱལ་བར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོརྣ མས་ ལས་རིགས། །མི་ཡི་རིགས་སུ་སྐྱེས་འགྱུར་ཞིང༌། །ངག་ནི་བཙུན་པ་ཉིད་དུ་འགྱུར། །སྐྱེ་བར་ ཐོས་དང་དྲན་ལྡན་བརྟན། །མངོན་པར་འདོད་པར་འབྱུང་འགྱུར་ཞིང༌། །གནས་ལ་མངོན་ པར་དད་པ་དང༌། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ ཆུབ་ཀྱི། །ཁྱད་ལེགས་པ་ཡི་གཞུང་ལ་བརྟེན། །གང་འདི་རྒྱལ་བའི་སྐུ་གཟུགས་བཞེངས། 6-1-104 །སངས་རྒྱས་སྐུའམ་མཆོད་རྟེན་ནམ། །བཞེངས་བྱེད་སྲོག་དང་ལྡན་པ་དེ། །བྲན་དང་དབུལ་ པོར་མི་སྐྱེ་ཞིང༌། །མངག་གཞུག་པར་མིན་རིགས་དམན་མིན། །ཞེས་སོགས་མཐའ་ཡས་པར་ གསུངས་པ་མ་ལུས་པ་ནི་འདིར་བརྗོད་ཀྱིས་མི་ལང་ངོ༌། ། གསུང་རྟེན་བཞེངས་པའི་ཕན་ཡོན་ནི། དབུས་མཐའ་རྣམ་འབྱེད་ཚིག་ལེའུར་བྱས་པ་ ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ ནམས་ཕུང་པོ་གཞལ་དུ་མེད། །ཅེས་གསུངས་པ་ལྟར་ཆོས་སྤྱོད་བཅུའི་འབྲི་ཀློག་འཆད་ཉན་ ཁ་ཏོན་མཆོད་པ་བསམ་སྒོམ་ཐམས་ཅད་གླེགས་བམ་དུ་ཡི་གེ་མ་འདྲེས་པར་དག་པ་ཡིད་འོང་ གཟུགས་མཛེས་སུ་བྲིས་པར་བརྟེན་འབྱུང་བའི་ཕྱིར་ཀུན་གྱི་རྩ་བ་ལྟ་བུ་ཡིན་པ། འཕགས་པ་ སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་ དགྲ་བཅོམ་གྱིས་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་ཡིག་འདི་བྲིས་ཏེ། །སེམས་ ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་དང༌། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་གླེགས་ བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ། མེ་ཏོག་དང༌། བདུག་ པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་དང༌། རོལ་མོ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། དྲིལ་བུ་དང༌། བ་དན་དང༌། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་ དང༌། མཆོད་པ་རྣམ་པ་མང་པོ་དག་གིས་བཀུར་སྟིར་བྱ། བླ་མར་བྱ། བརྗེད་པར་བྱ། མཆོད་ པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ། ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་ སུ་རྫོགས་པར་འགྱུར་རོ། །ཞེས་དང༌། དམ་ཆོས་པདྨ་དཀར་པོའི་མདོ་ལས། སྨན་གྱི་རྒྱལ་པོ་ 6-1-105 རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དེ་བཞིན་གཤེགས་པར་རིག་པར་བྱ་བའི་ཕྱིར་ཏེ། གང་ གིས་ཆོས་ཀྱི་རྣམ་གྲངས་འདི་ལས། ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་བཟུང་ན་ཡང་ལྷ་ དང་བཅས་པའི་འཇིག་རྟེན་གྱིས་དེ་བཞིན་གཤེགས་པ་ལ་བཀུར་སྟི་བྱ་བ་བཞིན་དུ་བྱ་ན། གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཆུབ་པར་འཛིན་པའམ། འཆང་བའམ། ཀུན་ ཆུབ་པར་བྱེད་པའམ། རབ་ཏུ་སྟོན་པའམ། ཡི་གེར་འབྲི་བའམ། བྲིས་ནས་རྗེས་སུ་དྲན་པར་ བྱེད་པའམ། གླེགས་བམ་དེ་ལ། མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་ པ་དང༌། ཕྱེ་མ་དང༌། གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། ལྷའི་བ་དན་དང༌། རོལ་ མོའི་སྒྲ་དང༌། ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་རབ་ཏུ་འདུད་པ་དག་གིས་རི་མོར་བྱེད་པ་ལྟ་ཅི་ སྨོས། སྨན་གྱི་རྒྱལ་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ཡོངས་སུ་གྲུབ་པར་རིག་པར་བྱའོ། །ཞེས་དང༌། རིགས་ཀྱི་བུ་གང་ལ་ལ་ ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀློག་པའམ། སྟོན་པའམ། ཡི་གེར་འབྲི་ཡང་རུང་སྟེ། རིགས་ཀྱི་བུ་དེ་མིག་གི་ཡོན་ཏན་བརྒྱད་བརྒྱ་འཐོབ་པར་འགྱུར་རོ། །རྣ་བའི་ཡོན་ཏན་སྟོང་ ཉིས་བརྒྱ་ཐོབ་པར་འགྱུར་རོ། །སྣའི་ཡོན་ཏན་བརྒྱད་བརྒྱ་འཐོབ་པར་འགྱུར་རོ། །ལྕེའི་ཡོན་ ཏན་སྟོང་ཉིས་བརྒྱ་འཐོབ་པར་འགྱུར་རོ། །ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་འཐོབ་པར་འགྱུར་ རོ། །ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་འཐོབ་པར་འགྱུར་རོ། །དེ་ཡོན་ཏན་བརྒྱ་ཕྲག་མང་པོས་ དབང་པོ་དྲུག་གི་གྲོང་ཡོངས་སུ་དག་ཅིང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །ཞེས་དང༌། རིགས་ཀྱི་བུ་དག་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ཀློག་གམ། སྟོན་དམ། རབ་ཏུ་ འཆད་དམ། ཡི་གེར་འབྲིའམ། སེམས་སམ། འདོན་ནམ། ཁ་ཏོན་བྱེད་དམ། གླེགས་བམ་བྱས་ པ་ཀུན་དགའི་ར་བའམ། གཙུག་ལག་ཁང་ངམ། ཁྱིམ་མམ། གནས་སམ། ཤིང་དྲུང་ངམ། ཁང་ བའམ། གནས་ཁང་ངམ། ཕུག་ན་འདུག་ཀྱང་རུང་སྟེ། ས་ཕྱོགས་དེ་དེ་བཞིན་གཤེགས་པའི་ 6-1-106 མཆོད་རྟེན་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་ པོར་རིག་པར་བྱ་བ་དང༌། ས་ཕྱོགས་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་འཚང་རྒྱ་བར་རིག་པར་བྱ་བ་དང༌། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་ སུ་མྱ་ངན་ལས་འདས་པར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་དང༌། སྙིང་རྗེ་པད་དཀར་ གྱི་བམ་པོ་བཅོ་ལྔ་པ་ལས། གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང༌། འཛིན་ པ་དང༌། འཆང་བ་དང༌། ཀློག་པ་དང༌། གཞན་དག་ལ་ཡང་ཐ་ན་ཚིགས་སུ་བཅད་པ་གཅིག་ ཙམ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དང༌། གང་ཡང་མ་འོངས་པའི་དུས་ལྔ་བརྒྱ་པ་ན། ཐ་ན་བྲིས་ཏེ་འཆང་བར་བྱེད་ན། དེ་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་གྱི། བྱང་ ཆུབ་སེམས་དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང༌། བྲམ་ཟེའི་སྐྱེ་དགུ་ དང་བཅས་པ་དང༌། གནོད་སྦྱིན་དང༌། ཀླུ་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། མིའམ་ཅི་དང༌། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་སྡང་བའི་སེམས་རབ་ ཏུ་དང་བར་བྱ་བ་དང༌། ནད་དང་འཐབ་མོ་དང༌། རྩོད་པ་འགྱེད་པ་ཐམས་ཅད་ཉེ་བར་ཞི་བར་ བྱ་བ་དང༌། དུས་མ་ཡིན་པའི་རླུང་དང༌། ཆར་བ་དང༌། འཆི་བ་དང༌། ནད་ཐམས་ཅད་རབ་ཏུ་ ཞི་བར་བྱ་བ་དང༌། མུ་གེ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང༌། བདེ་བ་དང་ལོ་ལེགས་པར་ བྱ་བ་དང༌། དགེ་བའི་རྩ་བ་རྣམ་པར་འཕེལ་བར་བྱ་བ་དང༌། ངན་སོང་གསུམ་གྱི་སྡུག་བསྔལ་ ལས་ཐར་བར་བྱ་བ་དང༌། ཐེག་པ་གསུམ་པོ་དག་གི་ལམ་ཡང་དག་པར་བསྟན་པར་བྱ་བ་ 6-1-107 དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། བཟོད་པ་ཐོབ་པར་བྱ་བ་དང༌། སེམས་ཅན་ཐམས་ ཅད་ཉེ་བར་འཚོ་བར་བྱ་བ་དང༌། རྡོ་རྗེའི་གདན་ལ་འདུག་པར་བྱ་བ་དང༌། བདུད་བཞི་གཞོམ་ པར་བྱ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང༌། ཆོས་ ཀྱི་འཁོར་ལོ་བསྐོར་བར་བྱ་བ་དང༌། འཕགས་པའི་ནོར་བདུན་དང་བྲལ་བའི་སེམས་ཅན་ རྣམས་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པར་བྱ་བ་དང༌། འཁོར་མང་པོར་བྱ་བ་དང༌། མི་འཇིགས་ པའི་གྲོང་ཁྱེར་གྱི་གནས་སུ་འཇུག་པར་བྱ་བའི་ཕྱིར་ངས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ ཕྱིར་རོ། །ཞེས་དང༌། རྡོ་རྗེ་སྙིང་པོའི་གཟུངས་ཀྱི་མདོ་ལས། བཅོམ་ལྡན་འདས་རིགས་ཀྱི་ བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་ དང༌། ཀུན་ཆུབ་པར་བགྱིད་པ་དང༌། ཡི་གེར་འབྲི་བ་དང༌། གཞན་དག་ལ་ཡང་རྒྱ་ཆེར་སྟོན་ པ་དེ་ལ་ཚེ་འདི་ལ་ཡོན་ཏན་ཇི་སྙེད་ཅིག་མཆིས་པར་འཚལ་པར་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ་དང༌། དེ་ལ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་རྣམས་བསྲུང་བར་ ཤེས་པར་བྱའོ། །དེ་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །དེ་ཆོས་རབ་ཏུ་དབྱེ་ བའི་ཤེས་པ་དང་ལྡན་པར་ཤེས་པར་བྱའོ། །ཞེས་དང༌། དཀོན་ཅོག་ཏ་ལ་ལས། ཀུན་དགའ་ བོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དེ་ནི། མིག་ན་བར་མི་འགྱུར། ལྕེ་ ན་བར་མི་འགྱུར། སྣ་ན་བར་མི་འགྱུར། སོ་ན་བར་མི་འགྱུར། ལག་པ་དང་རྐང་པ་ན་བར་མི་ འགྱུར། ཀླད་པ་ན་བར་མི་འགྱུར། རྣ་བ་ན་བར་མི་འགྱུར། ལུས་དམན་པར་མི་འགྱུར། ལུས་ དྲི་མི་ཞིམ་པར་མི་འགྱུར། ཕ་རོལ་གྱི་གནོད་པས་འཚེ་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ལ་ མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བསྲུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་དེ་ སྤྲོས་པ་ཐམས་ཅད་ཡོངས་སུ་སྤངས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ ནང་དུ་སྐྱེ་བར་འགྱུར་རོ། །ཞེས་དང༌། ཡང་དག་པར་སྤྱོད་པའི་ནམ་མཁའི་མདོག་གིས་འདུལ་ 6-1-108 བའི་བཟོད་པའི་སྟོབས་བསྐྱེད་པ་ལས། སེམས་ཅན་རྣམས་ལ་བསྟོད་ཅིང་ཚིག་ཏུ་འདོན་པ་ དང༌། གླེགས་བམ་ལ་འབྲིར་འཇུག་པ་ནི་བསོད་ནམས་རབ་ཏུ་མང་དུ་འཕེལ་ལོ། །གང་ཉོན་ མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་ གི་འདུལ་པའི་བཟོད་པའི་སྟོབས་བསྐྱེད་པ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ ནས། གླེགས་བམ་ལ་འབྲིར་འཇུག་པའི་བར་དུ། སྦྱོར་ཞིང་དམ་པའི་ཆོས་འཛིན་པ་ན། དེའི་ ཚེ་བྱང་བ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་དང༌། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་ པའི་རྒྱལ་པོ་ལས། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོག་པ་ གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། གང་དག་ཆོས་ ཀྱི་རྣམ་གྲངས་འདི་ལ་དད་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཡི་གེར་འབྲི་བ་དང༌། ཡི་ གེར་འབྲིར་སྩོལ་བ་དང༌། གོས་དང༌། རྒྱན་གྱི་མཆོད་པ་ཆེན་པོ་དག་གིས་མཆོད་པ་བགྱིད་ པ་དང༌། རྒྱན་གྱིས་བརྒྱན་ནས་ཡི་གེར་འབྲི་བ་དང༌། ཡི་གེར་འབྲིར་སྩལ་བ་ལྟ་སྨོས་ཀྱང་ཅི་ འཚལ་ལགས། ཞེས་དང༌། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། མདོ་སྡེ་ཐོས་ནས་རྗེས་ སུ་ཡི་རང་དང༌། །ཡི་གེར་བྲིས་དང་བཟུང་དང་བཀླགས་པ་ཡིས། །བསོད་ནམས་ཕུང་པོ་ཇི་ ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོངས་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་ རྒྱལ་བ་མཐོང༌། །དེ་དག་ལ་ཡང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་ པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །བླ་མེད་བྱང་ཆུབ་མ་རེག་བར་དུ་ཡང༌། །དེ་ནི་ཏིང་ངེ་འཛིན་དང་མངོན་ཤེས་དང༌། །གཟུངས་རྣམས་དང་ནི་གཟུགས་དང་ལོངས་སྤྱོད་ དང༌། །སངས་རྒྱས་མཐོང་ལས་ཉམས་པར་ཡོངས་མི་འགྱུར། །ཞེས་དང༌། ཧེ་རུ་ཀའི་ངེས་པ་ བརྗོད་པ་རྣལ་འབྱོར་ཆེན་མོའི་རྒྱུད་ལས། དཔེར་ན་མར་གྱིས་གང་བའི་སྣོད། །མེ་ཡི་དབུས་ 6-1-109 སུ་བཞག་ན་ནི། །མར་སར་སྟེང་དུ་ཞུ་འགྱུར་ཞིང༌། །སྣོད་ཀྱི་དྲི་མ་འཇིག་པར་འགྱུར། །དེ་ བཞིན་ཤྲཱི་ཧེ་རུ་ཀའི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་སེམས་པ་ཙམ་ གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་ཐོབ་འགྱུར་ལ། །ཡང་ན་ འཁོར་ལོས་བསྒྱུར་བ་ཐོབ། །ཅེས་དང༌། མཁས་མཆོག་དཔའ་བོས། གང་གིས་ཆོས་ཀྱི་སྦྱིན་ བྱིན་ཞིང༌། །བྲིས་པ་དང་ནི་ཉན་པ་དང༌། །རྟག་ཏུ་དེ་དག་སེམས་ཉིད་དང༌། །གལ་ཏེ་ཡང་ དག་སྒོམ་བྱེད་ན། །སྐྱེ་བ་དྲན་པ་རབ་ཏུ་ཐོབ། །ཅེས་དང༌། ཀུན་མཁྱེན་ཆེན་པོས། ཐུབ་གསུང་ འབྲི་དང་ཉན་བཀླག་ཀུན་ཆུབ་པ། །སྲི་ཞུ་རི་མོར་བྱས་པའི་གྲངས་ཀྱི་ཚད། །ཞིང་ཁམས་རྒྱ་ མཚོའི་ལྕགས་རྡུལ་གྱིས་གྲངས་ཀྱང༌། །མ་ལྡང་ངལ་བས་ཚངས་པ་གཉིད་ལ་ཡུར། །དམྱལ་ སོགས་ངན་དུ་འགྲོ་བའི་གཡང་སའི་ཁུར། །ཅིག་ཅར་འགེགས་པའི་སྒོ་ཆེན་ཉེར་བཀང་ནས། །མཐོ་རིས་སྐས་ལ་ཁྲིད་དེ་ཐར་པ་ཡི། །ཁང་པར་འཇུག་པའི་དགེ་ཚོགས་ཀུན་གྱི་རྩེ། །ཞེས་ སོགས་མཐའ་ཡས་པ་གསུངས་སོ། །དེ་ལྟ་བུའི་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཕན་ཡོན་ ཉུང་ཤས་བཤད་ཟིན་ཏོ། ། ༣ གནྡྷོ་ལའི་གཙུག་ལག་ཁང་བཞེངས་པའི་ཕན་ཡོན། ད་ནི་དེ་དག་བཞུགས་པའི་གནྡྷོ་ལའི་གཙུག་ལག་ཁང་བཞེངས་པའི་ཕན་ཡོན་ནི། མདོ་ དྲན་པ་ཉེར་བཞག་ལས། རྟེན་དང་བརྟེན་པར་ལེགས་བསྐྲུན་དང༌། དགེ་འདུན་གནས་མལ་ བཅའ་བ་སོགས། །དགེ་ནས་དགེ་བར་རྟག་ཏུ་འགྱུར། །བསྐལ་པ་བྱེ་བ་སྟོང་དུ་ཡང༌། །དགེ་ བ་ཡོངས་སུ་ཆུད་མི་ཟ། །ཞེས་དང༌། རྒྱལ་པོ་གསལ་རྒྱལ་ལ། ཚིགས་སུ་བཅད་པའི་མདོ་ ལས། མི་རྣམས་གང་དག་རྒྱལ་བའི་གཙང་ཁང་བྱེད། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །ལྷ་དབང་གནས་འདྲའི་ཁང་ཁྱིམ་འོད་འབར་བ། །དུས་ཚིགས་ཀུན་ཏུ་བདེ་ལྡན་འཐོབ་པར་ 6-1-110 འགྱུར། །མཐོ་རིས་ལས་བཟང་འབྲས་བུ་གནས་རྣམས་སུ། །བསྐལ་པ་དགའ་བྱེད་རྟག་ཏུ་ དགའ་བཞིན་དུ། །རྩེན་པར་བྱེད་ཅིང་མྱ་ངན་མེད་པ་དང༌། །ཐ་མར་ཞི་བའི་གོ་འཕང་ཐོབ་ པར་འགྱུར། །གང་དག་འཇའ་ཁུག་འདྲ་བའི་རྟ་བབས་མཛེས། །ཐུབ་པའི་ཆབ་སྒོར་སྦྲེང་བྱེད་ དེ་དག་ནི། །སྲིད་པ་གཞན་དུ་ཁང་ཁྱིམ་སྒོ་དང་བཅས། །རྣམ་པར་རྒྱན་པ་རྣམས་ནི་འཐོབ་ པར་འགྱུར། །ཞེས་དང༌། སུ་ཞིག་སངས་རྒྱས་མཆོད་རྟེན་སྐུ་གཟུགས་ཁང༌། །ཚོན་རྩི་སྣ་ ཚོགས་རྣམས་ཀྱིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །ཞེས་དང༌། སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །ཕྲེང་བའི་ཁང་པ་བྱས་ན་ནི། །དེ་ནི་གཡོག་འཁོར་མི་ཕྱེད་ ཅིང༌། །རྒྱལ་པོ་འབྱོར་བ་ཆེན་པོར་འགྱུར། །འཕགས་པ་རྣམས་ཀྱིས་གང་སྤངས་པ། །སྡིག་ པའི་ལས་ཀྱིས་སྤོང་བར་བྱེད། །རྫོགས་སངས་རྒྱས་ཀྱིས་བཤད་པ་ཡི། །དགེ་བའི་ལས་ལ་ རྟེན་པར་བྱེད། །ལྷ་འམ་འོན་ཏེ་ཀླུ་རྣམས་སམ། །འཇིག་རྟེན་དག་ན་གང་མཁས་པ། །དེ་དག་ དགའ་ཞིང་མགུ་བ་དང༌། །བསྟི་སྟང་བྱས་ཤིང་བསྔགས་པར་འགྱུར། །བརྟན་པ་དེ་ནི་གར་ སྐྱེས་པ། །བསོད་ནམས་གཟི་བརྗིད་རབ་ཏུ་བརྗིད། །ཡུལ་འཁོར་དག་དང་གྲོང་ཁྱེར་དང༌། །རིགས་དེར་བསྟི་སྟང་བྱེད་པར་འགྱུར། །སངས་རྒྱས་གཞན་གྱིས་མི་ཐུབ་པ། །རྐང་གཉིས་ མཆོག་ལ་སུས་མཆོད་པ། །དེ་དག་མཐུ་སྟོབས་ཆེ་བ་དང༌། །གཡོག་འཁོར་ཆེན་པོ་མཛེས་ པར་འགྱུར། །བྱང་ཆུབ་ཏུ་ནི་ཡོངས་བསྔོས་ཏེ། །ཕྲེང་བའི་གཙུག་ལག་ཁང་བྱས་ན། །སངས་ རྒྱས་རྣམས་ཀྱིས་གང་བསྔགས་པའི། །འབྱོར་བ་དག་ནི་དེས་ཐོབ་བོ། །དེ་ནི་འཐེང་དང་ཞར་ བ་དང༌། །དམན་དང་མ་རུངས་མི་འགྱུར་གནས། །གང་དང་གང་དུ་སྐྱེ་བར་ཡང༌། །མཚན་ རྣམས་ཀྱིས་ནི་བརྒྱན་པར་འགྱུར། །སེམས་ཅན་དབུལ་པོ་མ་མཐོང་ན། །དེ་ནི་ནོར་གྱིས་སྡུད་ པར་བྱེད། །དེ་ནི་ནོར་དང་ལྡན་འགྱུར་ཞིང༌། །དེ་ནི་བྱང་ཆུབ་སྤྱད་པ་སྤྱོད། །བློ་གྲོས་ཆེན་པོས་ 6-1-111 ས་འདི་ཀུན། །ཡོངས་སུ་བཏུང་བར་བྱས་ནས་ཀྱང༌། །དམན་པའི་སེམས་སུ་མི་འགྱུར་ཞིང༌། །དེ་ནི་ནམ་ཡང་ཁེང་མི་འགྱུར། །གང་དག་བྱང་ཆུབ་མངོན་བཞུགས་པ། །དེ་དག་བུ་དང་བུ་མོ་ དང༌། །ཆུང་མ་དགེ་ཞིང་བཟང་མོ་དག །དེང་ནས་མྱ་ངན་བྱེད་མི་འགྱུར། །དེ་ནི་མངོན་དུ་འགྲོ་ འགྱུར་ཞིང༌། །དྲི་བ་མེད་ལ་མཐོང་ན་དགའ། །ཕྲག་དོག་དང་ནི་ང་རྒྱལ་གྱིས། །ནམ་ཡང་དེ་ ལ་གནོད་མི་འགྱུར། །གང་དག་བྱང་ཆུབ་རབ་ཞུགས་པ། །དེ་དག་ཕྲག་དོག་མེད་ཅིང་དེ། །བཟོད་པའི་ཕ་རོལ་ཕྱིན་པར་འགྱུར། །ཕན་པ་འདོད་ཀྱང་ཡོན་ཏན་ལྡན། །གང་དག་བྱང་ ཆུབ་མངོན་བཞུགས་པ། །འཇིག་རྟེན་ཀུན་ན་དེ་རིན་ཆེན། །དེ་དག་འབྱུང་བ་ཤིན་ཏུ་དཀོན། །སྨད་པ་མེད་པའི་རྒྱུད་ནས་འགྱུར། །ས་འདི་དག་ནི་རིམ་གྱིས་སུ། །བགྲང་བར་བྱ་ཞིང་ དཔག་པར་ནུས། །དེ་དག་རྣམས་ནི་ཡོན་ཏན་མཐའ། །ཚིག་གིས་བསྟན་པར་མི་ནུས་སོ། །སེམས་ཅན་དག་ནི་ཐམས་ཅད་ཀྱིས། །དུས་གསུམ་སེམས་ནི་ཤེས་པར་ནུས། །དེ་དག་ རྣམས་ཀྱི་ཡོན་ཏན་མཐའ། །ཚིག་གིས་བསྟན་པར་མི་ནུས་སོ། །རྒྱ་མཚོ་ཆེན་པོ་བཞི་པོ་དག །སྐྲ་ནིབྱེ་བ་སྟོང་གཤགས་པའི། །སྐྲ་ཡིས་ཟད་པར་བྱ་བར་ནུས། །དེ་དག་ཡོན་ཏན་ཟད་མི་ ནུས། །ས་རྣམས་ཐམས་ཅད་ཕྱེད་ལྷག་པ། །རབ་ཏུ་ཕྲ་རྡུལ་བྱེད་པར་ནུས། །སངས་རྒྱས་སྲས་ པོ་དེ་དག་གི། །ཡོན་ཏན་མཐའ་ནི་བརྗོད་མི་ནུས། །ཆུ་ཀླུང་ཐམས་ཅད་རབ་འབབ་པ། །རྒྱུན་ ལས་ལྡོག་ཏེ་འགྲོ་ཡང་སྲིད། །སངས་རྒྱས་སྲས་པོ་དེ་དག་གིས། །ཡོན་ཏན་མཐའ་བརྗོད་ དེལྟར་མིན། །སེམས་ཅན་དག་ནི་ཐམས་ཅད་ནི། །སྔོན་གྱི་ལས་རྣམས་ཇི་སྙེད་པ། །བགྲང་ བར་བྱ་ཞིང་དཔག་པར་ནུས། །དེ་དག་ཡོན་ཏན་ཟད་མི་འགྱུར། །སྔོན་གྱི་ལས་རྣམས་ཐམས་ ཅད་ལ། །སྤུ་ཕྲེང་ཇི་སྙེད་ཡོད་པ་རྣམས། །བགྲང་བར་བྱ་ཞིང་དཔག་པར་ནུས། །དེ་དག་ཡོན་ ཏན་ཟད་མི་འགྱུར། །འགྲོ་བ་ལྔ་པོ་འཁོར་བ་ཡི། །སེམས་ཅན་ཀུན་གྱི་སྤུ་རྣམས་ནི། །བགྲང་ བར་བྱ་ཞིང་དཔག་པར་ནུས། །དེ་དག་ཡོན་ཏན་ཟད་མི་འགྱུར། །ས་འདི་ཇི་སྙེད་ཐམས་ཅད་ 6-1-112 པ། །ཆུ་ཡི་ཕུང་པོ་གནས་གྱུར་ཅིང༌། །དེ་ནིབགྲང་ཞིང་དཔག་པར་ནུས། །དེ་དག་ཡོན་ཏན་ བརྗོད་མི་ནུས། །མར་མེ་མཛད་ནས་བཟུང་ནས་ནི། །མ་འོངས་བསྐལ་པ་ཇི་སྙེད་པ། །དེ་ཡི་ བར་དུ་ཤིང་བརྗོད་རྣམས། །ཇི་སྙེད་མ་འོངས་འབྱུང་འགྱུར་པ། །དེ་དག་འབྲས་བུ་མེ་ཏོག་ རྣམས། །དེ་དག་ཟད་པར་བྱས་པར་ནུས། །བསྐལ་པ་བྱེ་བ་སྟོང་རྣམས་དང༌། །ཁྲག་ཁྲིག་དག་ ནི་བརྒྱ་བགྲང་བར། །བརྩོན་པ་ཞིག་གིས་དེ་དག་གི། སྔགས་ཕྲེང་ཡིད་དུ་འོང་བརྗོད་ཅིང༌། །སངས་རྒྱས་སྲས་པོ་དེ་དག་གིས། །ཡོན་ཏན་མཐའ་ནི་བརྗོད་མི་ནུས། །ཞེས་དང༌། མཁས་ མཆོག་དཔའ་བོས་གཙུག་ལག་ཁང་བཞེངས་པའི་གཏམ་ལས། མི་དབང་དེས་ནི་ཐམས་ཅད་ དུ། །ཉམས་དགའ་བ་ཡི་ཁང་བཟང་མཆོག །རོལ་མོའི་གནས་ཀྱི་ཉམས་དགའ་བར། །འཚོ་ ཞིང་རྒྱལ་བའི་སྒྲ་སྒྲོག་པ། །བཙུན་མོའི་འཁོར་དང་རོལ་བྱེད་པ། །གྲང་བ་སེལ་བའི་ཁང་པ་ ནི། །ཕྱོགས་བཞི་ནས་ནི་བྱོན་པ་ཡི། །དགེ་འདུན་བཞུགས་གནས་ཕུལ་བ་ཡིན། །ཐུབ་པ་ འཕགས་པའི་དགེ་འདུན་གྱི། །གཙུག་ལག་ཁང་གི་དོན་དུ་ནི། །ཚིག་གིས་རབ་ཏུ་བསྐུལ་བ་ དང༌། །ཚོགས་པ་ཡིས་ནི་གྲོགས་བྱས་ཀྱང༌། །ངེས་པར་དུས་སུ་འགྲོ་བྱེད་པ། །གཉིད་ལོག་ པའམ་ལང་པ་ན། །བསོད་ནམས་རྒྱུན་ནི་ཚད་མེད་འཕེལ། །ཤེས་རབ་རྡོ་རྗེ་མཚོན་ཆ་ཡིས། །ཕྱིན་ཅི་ལོག་གི་རི་བཅོམ་ནས། །ས་དང་བཅས་པའི་ཁང་བཟང་འགྱུར། །དགེ་འདུན་ལ་ནི་ ཡོ་བྱད་དང༌། །ལོངས་སྤྱོད་བཟང་པོ་དང་བཅས་པ། །གཙུག་ལག་ཁང་ནི་གང་ཞིག་བྱེད། །རྣམ་པར་རྒྱལ་བའི་ཁང་བཟང་ནི། །རིན་ཆེན་མཆོག་གི་རང་བཞིན་གྱིས། །རྩིག་པའི་ཀ་བ་ གདུང་ལྡན་པའི། །མཛེས་གདུང་ལྷན་ཅིག་དུས་ཀུན་ཏུ། །དེ་ནི་ལྷ་ཡི་འཇིག་རྟེན་འདིར། །ཡུན་རིང་དུ་ནི་མངོན་པར་དགའ། །དཔལ་དང་ལྡན་པའི་བླ་བྲེ་དང༌། །སྣ་ཚོགས་ཀྱིས་ནི་ གོས་ཀྱི་སྒྲས། །ཁང་བཟང་མཆོག་ནི་འོད་འཕྲོ་བ། །ཡང་དག་གནས་པར་གྱུར་པ་ནི། །ཡོན་ ཏན་ཚོགས་ལྡན་ཕུལ་བ་ཡིས། །བརྒྱ་བྱིན་གྱིས་ནི་ཁང་བཟང་མཆོད། །རྣམ་པར་རྒྱལ་བྱེད་ 6-1-113 ཐོབ་པ་ཡིན། །ཞེས་གསུངས་ཤིང་སྐུ་གསུང་ཐུགས་རྟེན་འདི་དག་ལ་ཟང་ཟིང་གི་མཆོད་པ་ དང༌། བཀུར་སྟིའི་མཆོད་པ་སོགས་གང་བྱས་ཀྱང་རྫོགས་པའི་སངས་རྒྱས་དངོས་འཇིག་རྟེན་ ན་བཞུགས་སྐབས་མཆོད་པ་བྱས་པ་དང་བསོད་ནམས་ཁྱད་མེད་པ་ནི། མདོ་སྡེ་མྱང་འདས་ སམ་ཞེ་གཉིས་བསྟན་པ་གཞག་པའི་ལེའུ་ལས། དགའ་བོས་ཡང་གསོལ་བ། བཅོམ་ལྡན་ འདས་སངས་རྒྱས་བཞུགས་པ་ན། གལ་ཏེ་སྐྱེས་བུ་ཞིག་གིས་གསེར་དང་དངུལ་དང་རིན་པོ་ ཆེ་སྣ་བདུན་དང་གཞལ་མེད་ཁང་དང་བུ་དང་ཆུང་མ་དང་བྲན་འཁོར་དང་གོས་དང་ཟས་དང་ བསྡུ་བའི་ཡོ་བྱད་ཐམས་ཅད་ཕུལ་ནས་བསྟི་བསྟང་དང་བཅས་པས་ཕྱག་བྱས་ཏེ་མཆོད་པ་ བྱས་པ་དང༌། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་གལ་ཏེ་སྐྱེས་བུ་ཞིག་གིས་གསེར་ དང་དངུལ་དང་རིན་པོ་ཆེ་སྣ་བདུན་དང་གཞལ་མེད་ཁང་དང་བུ་དང་ཆུང་མ་དང་བྲན་འཁོར་ དང་གོས་དང་ཟས་དང་བསྡུ་བའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སྐུ་ གཟུགས་ལ་ཕུལ་ཏེ་དད་པའི་སེམས་ཀྱིས་བསྟི་བསྟང་དང་བཅས་པས་ཕྱག་འཚལ་ཏེ་མཆོད་ པ་བྱས་ན། བཅོམ་ལྡན་འདས་དེལྟར་སྐྱེས་བུ་དེ་གཉིས་ཀྱི་དད་པའི་སེམས་ཀྱིས་མཆོད་པ་ བྱས་ན་བསོད་ནམས་གང་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་ སྩལ་པ། སྐྱེས་བུ་དེ་གཉིས་ཀྱིས་དེ་ལྟར་དད་པའི་སེམས་ཀྱིས་མཆོད་ན། བསོད་ནམས་ཐོབ་ པ་ནི་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ཀྱང༌། ཆོས་ཀྱི་སྐུ་ ནི་རྟག་པ་ཡིན་པས་དད་པའི་སེམས་ཀྱིས་མཆོད་པས་བསོད་ནམས་འདྲ་སྟེ་ཁྱད་པར་མེད་དོ། །ཀུན་དགའ་བོས་ཡང་གསོལ་བ། བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་ལ་གལ་ཏེ་ སྐྱེས་བུ་ཞིག་དད་པའི་སེམས་ཀྱིས་གོང་དུ་སྨྲས་པ་དང་འདྲ་བར་བསྟི་བསྟང་དང་བཅས་པས་ མཆོད་པ་བགྱིས་པ་དང༌། སངས་རྒྱས་མྱ་ངན་ལས་འདས་ནས་གལ་ཏེ་སྐྱེས་བུ་ཞིག་དད་པའི་ སེམས་ཀྱིས་གོང་དུ་སྨྲས་པ་དང་འདྲ་བར་བསྟི་བསྟང་དང་བཅས་པས་སངས་རྒྱས་ཀྱི་སྐུ་ 6-1-114 གདུང་རིལ་བོ་ལ་མཆོད་པར་བགྱིས་ན། བཅོམ་ལྡན་འདས་སྐྱེས་བུ་དེ་གཉིས་གང་གིས་ བསོད་ནམས་མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། སྐྱེས་ བུ་དེ་གཉིས་ཀྱི་བསོད་ནམས་འདི་མཉམ་པའི་ཁྱད་མེད་དེ་བསོད་ནམས་ཚད་མེད་དཔག་ཏུ་ མེད་པ་རྒྱ་ཆེ་བའི་སྡུག་བསྔལ་གྱི་མཐར་ཕྱིན་པའི་བར་དུ་བསོད་ནམས་མི་ཟད་དོ། །ཀུན་ དགའ་བོས་ཡང་གསོལ་བ། བཅོམ་ལྡན་འདས་མངོན་དུ་བཞུགས་པ་ལ་གལ་ཏེ་སྐྱེས་བུ་ཞིག་ དད་པའི་སེམས་ཀྱིས་གོང་དུ་སྨྲས་པའི་མཆོད་པའི་ཡོ་བྱད་ཐམས་ཅད་ཀྱིས་དེ་བཞིན་ གཤེགས་པ་ལ་མཆོད་པ་དང༌། སངས་རྒྱས་མྱ་ངན་ལས་འདས་ནས་གལ་ཏེ་སྐྱེས་བུ་ཞིག་དད་ པའི་སེམས་ཀྱིས་བསྟི་བསྟང་དང་བཅས་པས་དེ་བཞིན་གཤེགས་པའི་སྐུ་གདུང་བྱེད་པ་ སོགས་ལ་མཆོད་པར་བགྱིས་ན། བཅོམ་ལྡན་འདས་སྐྱེས་བུ་དེ་གཉིས་གང་གི་བསོད་ནམས་ མང་དུ་ཐོབ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྐྱེས་བུ་དེ་གཉིས་དད་པའི་སེམས་ ཀྱིས་མཆོད་ན། བསོད་ནམས་ཁྱད་པར་མེད་དེ། བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་ མེད་དོ། །ཀུན་དགའ་བོ། གལ་ཏེ་སྐྱེས་བུ་ཞིག་གིས་དད་པའི་སེམས་ཀྱིས་དེ་བཞིན་གཤེགས་ པའི་སྐུ་གདུང་ཕྱེད་དམ་བཞི་ཆ་གཅིག་གམ་བརྒྱད་ཆ་གཅིག་གམ་བཅུ་དྲུག་གི་ཆའམ་བརྒྱའི་ ཆའམ་སྟོང་གི་ཆའམ་ཁྲིའི་ཆའམ་གངྒཱའི་ཀླུང་གི་བྱེ་མའི་ཆ་གཅིག་ཙམ་ཆུང་ངུ་ན་ཡུངས་འབྲུ་ ཙམ་ཞིག་ལ་དད་པའི་སེམས་ཀྱིས་བསྟི་བསྟང་དང་བཅས་རིམ་གྲོ་དང་བཅས་མཆོད་པའི་ བསྟོད་པ་དང་བཅས་པ་སངས་རྒྱས་མངོན་དུ་བཞུགས་པ་ལ་བསྟི་བསྟང་བྱས་པའི་མཆོད་པ་ བྱས་ན། སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ནི། ཐམས་ཅད་ཁྱད་པར་མེད་པ་མཉམ་ཏེ་ཚད་ མེད་དཔག་ཏུ་མེད་པའོ། །ཡང་ཀུན་དགའ་བོས་སངས་རྒྱས་མངོན་དུ་བཞུགས་པའམ་མྱ་ངན་ ལས་འདས་ཀྱང་རུང་གང་ཞིག་དད་པའི་སེམས་ཀྱིས་བསྟི་བསྟང་བྱས་པའི་ཕྱག་འཚལ་ཏེ་བླ་ མར་བྱས་བཀུར་བསྟི་བྱས་བསྟོད་པ་བྱས་ན་སྐྱེས་བུ་དེ་གཉིས་ཀྱི་བསོད་ནམས་ཐོབ་པ་ནི་ 6-1-115 གཉིས་སུ་དབྱེར་མེད་པར་རིགས་པར་བྱའོ། །ཞེས་དང༌། མེ་ཏོག་བརྩེགས་པའི་གཟུངས་ ལས། སེང་གེ་རྣམ་པར་བརྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ་ལོ་བརྒྱའམ་ལོ་སྟོང་ཡང་རུང་སྟེ་བསྡུ་བའི་ཡོ་བྱད་ ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང༌། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་ནས་མཆོད་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་བས་ཆུ་སྙིམ་པ་གང་ཙམ་འཐོར་རམ་ ཤུག་པས་ཐིག་ལེ་འབྲི་བའམ་མེ་ཏོག་གིས་ཉན་ཡུལ་བྱུག་གམ་ཤུག་པ་འབུལ་ལམ་སྤོས་ འབུལ་ལམ་བདུག་སྤོས་འབུལ་ལམ་མར་མེ་ཕུལ་ཏེ་ཐད་ནས་དགའ་བའི་སེམས་ཀྱིས་གོམ་ པའི་གར་སྟབས་འགའ་བོར་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་ དེ་དག་ནི། སེང་གེ་རྣམ་པར་བརྩེ་བ་བསྐལ་པའམ་བསྐལ་པ་བརྒྱའམ་བསྐལ་པ་སྟོང་དུའམ་ བསྐལ་པ་བརྒྱ་ཕྲག་སྟོང་དུའང་ངན་འགྲོར་ལོག་པར་ལྷུང་བའི་གནས་སུ་འགྲོ་བར་མི་འགྱུར་ བས། དེ་ནི་གནས་མེད་དོ་ཞེས་གསུངས་པ་ལྟར་དང༌། བྱེ་བྲག་ཏུ་ལྷ་ཡི་མེ་ཏོག་མནྡ་ར་བ་ ནས། མཐའ་ན་ནས་འབྲུ་ཙམ་ལ་དམིགས་ནས་ཕུལ་ཀྱང་ཕན་ཡོན་མཐའ་ཡས་པ་ནི། རྗེ་བླ་ མ་ཀུན་མཁྱེན་ཆེན་པོས། ལྷ་མིའི་རིན་ཆེན་རྡུལ་བརྩེགས་ཕུང་པོ་ལ། །མཚན་དཔེའི་མཛེས་ སྡུག་ལས་ཕྲ་རབ་འཁྱུད་ན། །རྒྱལ་དབང་སྐུ་ཡི་སྣང་བརྙན་འགྲན་ཟླ་ཞེས། །འཆི་མེད་དབང་ པོའི་ཚོགས་ཀྱང་གཏམ་དུ་གླེང༌། །མཐོང་ན་མི་མཐུན་མེད་པའི་རྣམ་འགྱུར་གྱིས། །ཀུན་གྱི་ མིག་ལ་བདུད་རྩིའི་དཔལ་སྟེར་ན། །རྒྱལ་རྣམས་མངོན་སུམ་མཇལ་བའི་སྐལ་བས་ཀྱང༌། །གཟུགས་སྐུ་འདི་མཐོང་དག་ལས་ཅི་ཞིག་ལྷག །ཅེས་གསུངས་པ་དང༌། ས་འཛིན་བུ་མོའི་ མངལ་འཁུར་ལྟོ་བ་ན། །མངོན་པར་འཕགས་པ་གྲུ་འཛིན་གཉིས་པའི་རི། །རྩོད་པའི་དུས་ཀྱི་ འཁོར་ལོས་སྒྱུར་རྒྱལ་གྱི། །ཕོ་བྲང་དམར་པོའི་རི་ཞེས་ཕྱོགས་ཀུན་གྲགས། །ཡེ་ཤེས་རྡུལ་ མང་བརྩེགས་པའི་ཕུང་པོ་ལ། །ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་དྲ་བའི་གར། །གྲངས་མེད་སྐྱེ་དགུའི་ 6-1-116 ཉེར་འཚོ་ཡིན་ནོ་ཞེས། །འཆི་མེད་བུ་མོའི་རྒྱུད་མངས་སྒྲ་ལས་ཐོས། །ཞེས་གསུངས་པ་ལྟར། སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་དང་བཅས་པ་བླ་ན་མེད་པ་བཞེངས་ཤིང༌། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་དངོས་འབྱོར་དུ་བགྱིས་པའི་བསོད་ ནམས་ཀྱི་ཚད་ནི་གཞལ་དུ་མེད་དེ། རྗེ་བླ་མ་ཀུན་མཁྱེན་ཆེན་པོས། ཨེ་མ་མཆོད་སྦྱིན་བརྒྱ་ ཡི་བསོད་ནམས་ཀྱིས། །འཆི་མེད་དབང་པོའི་གོ་འཕང་ཉེར་ཐོབ་ན། །འཛམ་གླིང་འགྲན་ ཟླ་བྲལ་བའི་ཞིང་མཆོག་ལ། །མཆོད་པའི་བསོད་ནམས་ཕ་མཐའ་སུས་གཞལ་ནུས། །ཞེས་ སོགས་བཀའ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་རྒྱ་ཆེར་གསུངས་པ་མཐའ་དག་བརྗོད་ པའི་ཡུལ་ལས་རིང་དུ་འདས་ཤིང༌། སྐབས་དོན་ཨོ་རྒྱན་གླིང་པའི་ཤེལ་བྲག་ནས་གདན་ དྲངས་པའི་བློན་པོའི་བཀའ་ཐང་ལས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས༔ གླེང་ གཞི་ཁྱད་པར་གདན་དུ་བསམ༔ མཆོད་ཚོགས་ཕྲེང་བ་བརྩེགས་པའི་ཚུལ༔ ཨུཏྤལ་ལ་ སོགས་མེ་ཏོག་དང་༔ ཨ་ག་རུ་སོགས་བདུག་སྤོས་དང་༔ རིན་ཆེན་ལ་སོགས་གནང་པ་དང་ ༔ ག་བུར་ལ་སོགས་དྲི་བཟང་དང་༔ ལྷ་བཤོས་ལ་སོགས་ན་བཟའ་དང་༔ གདུགས་དང་རྒྱལ་ མཚན་ན་བཟའ་དང་༔ བ་དན་པི་ཝང་རྫ་རྔ་སོགས༔ རོལ་མོ་སྣ་ཚོགས་རྣམ་པ་ཉིད༔ ཅེས་ དང༌། ཆུད་མ་སོན་པའི་མཆོད་ལ་བརྩོན༔ རྒྱལ་སྲིད་ཆོས་དང་མཐུན་པར་ཡིན༔ གསོན་པོ་ ཚེ་རིང་ལོངས་སྤྱོད་ཆ༔ གཤིན་པོ་རྣམས་ཀྱི་སྒྲིབ་པ་དག༔ ལྷ་དང་མི་ཡི་སྐྱེ་གནས་ལེན༔ དག་ པར་བྱེད་པ་ཆོ་གའི་མཆོག༔ བདག་གཞན་བག་ཆགས་དག་པར་འགྱུར༔ ཞེས་བསྔགས་པ་ དེ་དག་ཀྱང་རང་དོན་ཡིད་བྱེད་དུ་མ་སོང་བར་ཁ་བ་རི་བའི་བསྟན་འགྲོའི་བདེ་སྐྱིད་ཀྱི་ཆེད་ དུ་སྨོན་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱིར་ན། ལམ་སྒྲོན་ལས། རྫོགས་ སངས་བྲིས་སྐུ་ལ་སོགས་པ། །མཆོད་རྟེན་དལ་གྱིས་མངོན་ཕྱོགས་ནས། །མེ་ཏོག་བདུག་ སྤོས་དངོས་པོ་དག །ཅི་འབྱོར་བ་ཡིས་མཆོད་པར་བྱ། །ཀུན་བཟང་སྤྱོད་ལས་གསུངས་པ་ 6-1-117 བཞིན། །མཆོད་པ་རྣམ་པ་བདུན་དག་ཀྱང༌། །བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །མི་ལྡོག་ པ་ཡིས་སེམས་དག་གིས། །དཀོན་མཆོག་གསུམ་ལ་རབ་བཏུད་ཀྱང༌། །པུས་མོའི་ལྷ་ང་སར་ བཙུགས་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །ཞེས་དང༌། ཡབ་རྗེ་ཀུན་མཁྱེན་རྒྱལ་བའི་ དབང་པོ་ཉིད་ཚངས་པ་ལྷ་ཡི་མེ་ཏོག་ཏུ་གྱུར་ནས་ཟན་ཡང་མི་འགྱུར་ལྷུན་གྲུབ་ཀྱི་གཙུག་ ལག་ཁང་བཞེངས་པའི་ཕན་ཡོན་ཀྱང་པདྨ་བཀའ་ཡི་ཐང་ཡིག་ལས། ཁྲི་གདུགས་འོག་ན་ འགྲན་ཟླ་མ་མཆིས་པའི་༔ རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདི༔ མིག་གིས་མཐོང་ ཚད་ངན་སོང་སྐྱེ་སྒོ་གཅོད༔གང་དག་འདི་ལ་བསྐོར་བ་སུས་བསྐོར་བ༔ བཤན་པ་ཡིན་ཀྱང་ མཐོ་རིས་གནས་སུ་སྐྱེ༔ གང་དག་བསམ་ཡས་འདི་ལ་ཕྱག་འཚལ་བ༔ ཐུན་མོང་ཁྱད་པར་ ཆེས་ཆེར་རྒྱལ་པོར་འགྱུར༔ གང་ཞིག་བསམ་ཡས་རྣམ་ཐར་གཞན་བརྗོད་པ༔ གང་གིས་ ཐོས་པའི་ལས་རྣམས་ཀུན་ལས་གྲོལ༔ གང་ཞིག་བསམ་ཡས་དད་པས་པུས་འཛུགས་པ༔ ཆོ་ རིགས་བཙུན་པ་རྒྱལ་རིགས་འཁོར་ལོས་བསྒྱུར༔ གང་ཞིག་བསམ་ཡས་འདི་ལ་ཐལ་སྦྱོར་ བ༔མི་དེ་ཡང་དག་ལམ་ལ་གནས་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་མཎྜལ་འབུལ༔ གནས་སྐབས་མཐར་ཐུག་འབྲས་བུ་མཆོག་ཀུན་ཐོབ༔གང་ཞིག་བསམ་ཡས་འདི་ལ་མེ་ཏོག་ འབུལ༔ མི་རྣམས་དགའ་ཞིང་རབ་ཏུ་སྐྱིད་པར་འགྱུར༔ བསམ་ཡས་མེ་ཏོག་ཉལ་ཉིལ་སུས་ འཆག་པ༔ སྦྱིན་གནས་མཚུངས་མེད་སངས་རྒྱས་འཐོབ་པར་འགྱུར༔ གང་ཞིག་བསམ་ཡས་ འདི་ལ་སྤོས་འབུལ་བ༔ བལྟ་བར་འོས་ཤིང་ནོར་ཆེན་ལྡན་པར་འགྱུར༔གང་ཞིག་བསམ་ཡས་ འདི་ལ་མར་མེ་འབུལ༔ བྱེ་བ་ཁྲག་ཁྲིག་ལྷ་ཞལ་ངོས་མཐོང་འགྱུར༔ གང་ཞིག་བསམ་ཡས་ མར་མེའི་རྒྱུན་འཛུགས་པ༔ ཆོས་ཀྱི་འོད་ཟེར་བདག་ཉིད་གསལ་བར་འགྱུར༔ གང་ཞིག་ བསམ་ཡས་འདི་ལ་དྲི་ཆབ་འབུལ༔ ཡི་དྭགས་མི་སྐྱེ་ལོངས་སྤྱོད་ཆེ་བར་འགྱུར༔ གང་ཞིག་ བསམ་ཡས་འདི་ལ་ཞལ་ཟས་འབུལ༔ ནད་མུག་མེད་ཅིང་ཚེ་རིང་ལོངས་སྤྱོད་འཕེལ༔ གང་ 6-1-118 ཞིག་བསམ་ཡས་འདི་ལ་སིལ་སྙན་འབུལ༔ ཟབ་ཅིང་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་གདུགས་འབུལ་བ༔ ཀུན་མཆོད་བཀུར་སྟི་བྱ་བའི་འོས་སུ་ འགྱུར༔ གང་ཞིག་བསམ་ཡས་འདི་ལ་ན་བཟའ་འབུལ༔ མྱུར་དུ་བླ་མེད་བྱང་ཆུབ་འཐོབ་པར་ འགྱུར༔ ཕྲེང་བ་བ་དན་ཁྲི་སྟན་འབུལ་བྱེད་པ༔ བདེ་བའི་ཡོ་བྱད་ཐམས་ཅད་དེ་ལས་འབྱུང་ ༔ གང་ཞིག་བསམ་ཡས་ཡི་དམ་ལྷར་བསྒོམ་པ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ས་ལ་འགྲོ༔ བསམ་ཡས་སེར་ཀ་ཙམ་ཞིག་སུས་བསུབས་པ༔ མཚུངས་པར་བྱང་ཆུབ་མངོན་འཚང་རྒྱ་བར་ འགྱུར༔ བསམ་ཡས་འདི་ལ་ཅོད་པན་སུས་འདོགས་པ༔ མི་དེ་ལྷ་མིའི་གོ་འཕང་འཐོབ་པར་ འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཞིག་གསོས་བྱེད༔ མྱ་ངན་མེད་པའི་བླ་མེད་བྱང་ཆུབ་ འཐོབ༔ གང་ཞིག་བསམ་ཡས་རྗེས་སུ་ཡི་རང་བའི་༔ དགེ་དེས་སྡིག་བྱང་འབྲས་བུ་བླ་མེད་ འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཉན་བཤད་བྱེད༔ སངས་རྒྱས་འཕྲིན་ལས་ཐམས་ ཅད་རྒྱས་པ་ཡིན༔གང་ཞིག་བསམ་ཡས་འདི་ལ་བཞུགས་སུ་གསོལ༔ ཟད་མི་ཤེས་པའི་དགེ་ བ་འཐོབ་པར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་མཆོད་བྱེད་པ༔ མི་ནོར་ཟས་གསུམ་ གང་བསམ་འབྱུང་བར་འགྱུར༔ གང་ཞིག་བསམ་ཡས་འདི་ལ་ཐིགས་ཚགས་བྱེད༔ མི་དེ་ དུས་མིན་འཇིགས་པ་བརྒྱད་དང་བྲལ༔གང་ཞིག་བསམ་ཡས་མེ་ཡི་འཇིགས་པ་བསྲུང་༔ འདི་ དག་ཐམས་ཅད་མྱུར་དུ་སངས་རྒྱས་འགྲུབ༔ གང་ཞིག་བསམ་ཡས་འདི་ལ་གནོད་བྱེད་བསྲུང་ ༔ ཁ་ལག་སྤྱོད་གསུམ་སུན་འབྱིན་སུས་སྤོབས་པ༔ ཕྱིར་མི་ལྡོག་ཅིང་བྱང་ཆུབ་སེམས་དཔར་ འགྱུར༔ གང་ཞིག་བསམ་ཡས་འདི་ལ་རབ་གནས་སྐྱོར༔ དུག་གསུམ་ནད་ཞི་རྒྱལ་ཁམས་ བདེ་བར་འགྱུར༔ ཞེས་གསུངས་པ་མཆོད་སྡོང་ཆེན་པོ་འདི་དག་ཟན་ཡང་མི་འགྱུར་ལྷུན་གྲུབ་ གཙུག་ལག་ཁང་ཀྱང་བཞེངས་བ་པོ་དང་ས་འདུལ་རབ་གནས་མཛད་པ་སློབ་དཔོན་གྱི་སྒོ་ ནས་ལྷག་པ་མ་དགོས་ཀྱང༌། དུས་དེར་ཐོག་མ་ཉིན་མོ་མི་ཡིས་བརྩིག་པ་མཚན་མོ་ལྷ་འདྲེས་ 6-1-119 བཤིག་པ་ལས་སུ་བྱ་བའི་སྒང་ལ་རྒྱལ་པོའི་ནོར་དང་ཤིང་ཟད་པ་བདུད་བློན་མ་རུངས་པ་ རྣམས་ཀྱིས་མཛད་དཀུར་གཏད་པ་སོགས་གངས་ཅན་སྤྱི་ཡི་གཏམ་དཔེ་ལ་ཡང་བསམ་ཡས་ བཞེངས་པ་ལྟ་བུའི་ཞེས་དཀའ་བའི་ཚད་འཇོག་པ་སོགས་རྣམ་དཀར་ལ་བར་དུ་གཅོད་པ་དུ་ མ་བྱུང་བ་གྲགས་ཀྱང༌། ད་ལམ་རྒྱུད་ངེས་ཀྱི་ཁྱད་པར་ནམ་མཁའ་མཛོད་ལ་ལོངས་སྤྱོད་ཅིང་ མི་མཐུན་ཕྱོགས་སུ་གྱུར་པའང་ལེའུ་བརྒྱད་པར་ཟ་བའི་ཕྲན་བུ་ཙམ་ལས་མ་བྱུང༌། བཀོད་ པའི་ཁྱད་པར་བ་ལ་སོགས་པ་བྱ་བ་ཆེ་ཕྲ་མཐའ་དག་རང་ཉིད་ཀྱིས་གང་བགྱིས་པ་ལས་ གཞན་གྱིས་ངོས་བཟུང་མ་དགོས་པ། དམིགས་ཡུལ་ཆོས་རྒྱལ་ཉིད་དངོས་བྱོན་ཡབ་རྗེ་བླ་ མའི་ཆེད་དང་བཞེངས་པ་པོ་ཡང་གང་གི་རྗེས་སུ་བཟུང་བར་ངོས་འཛིན་མཛད་པ་དང་རབ་ ཏུ་གནས་པའོ། །བཻ་རོ་དང་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་སོགས་པ་སློབ་དཔོན་ཉིད་དང་ཐ་ མི་དད་པ་ལས་སྐབས་དེ་ལས་ད་ལམ་དུས་ཀྱི་དཔྱད་པའི་མཚོན་ཞིབ་ཆ་ཆེ་བ་དང༌། མཐའ་ བཞིའི་དཔལ་འབྱོར་མ་ལུས་པའི་འགྲོ་གཏོང་སོགས་སྒོ་དུ་མ་ནས་ལྷག་པའི་ཕན་ཡོན་ཀྱང་དེ་ བཞིན་དུ་འབྱུང་བ་དང༌། གང་གི་ཕན་ཡོན་རྒྱ་ཆེར་བསྟན་པ་དེ་དག་ཀྱང་རྨོངས་པའི་བློ་འདྲི་ རྫུན་གཏམ་ལྟ་བུ་ནི་ནམ་ཡང་མ་ཡིན་པ། ལུང་ཕྲན་ཚེགས་ལས། ཟླ་བ་སྐར་མའི་ཚོགས་ཀྱང་ ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་ པོའི་ཆུ་འདི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོས་རྫུན་གསུང་འགྱུར་བ་སྲིད་པ་མིན། །ཞེས་གསུངས་པ་དང༌། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་པོར། དམ་པ་ རྣམས་ནི་ཁས་འཆེ་མི་བྱེད་ལ། ། གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །འཆི་ཡང་ གཞན་དུ་འདའ་བར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཟླ་བ་སྒྲོན་མེའི་མདོ་ལས། ཟླ་བ་ སྐར་མར་བཅས་པ་གནས་ལྷུང་ཞིང༌། །རི་དང་གྲོང་དུ་གྱེས་པའི་ས་ཞིག་ལ། །ནམ་མཁའི་ 6-1-120 ཁམས་ནི་རྣམ་པར་བཞད་བྱེད་ཅིང༌། །ཁྱེད་ནི་མི་བདེན་པ་ཡི་ཚིག་མི་གསུང། །ཞེས་དང༌། དམ་ཆོས་པདྨ་དཀར་པོ་ལས། ཤཱ་རིའི་བུ། ང་ལ་དད་པར་གྱིས་ཤིག ཡིད་ཆེས་པར་གྱིས་ ཤིག རྟོགས་པར་གྱིས་ཤིག ཤཱ་རིའི་བུ། དེ་བཞིན་གཤེགས་པ་རྣམས་ལ་རྫུན་དུ་སྨྲ་བ་མེད་དོ། །ཞེས་པ་དང༌། སྨན་གྱི་མདོ་ལས། བཅོམ་ལྡན་འདས་གདུགས་དང་དགོངས་བརྡ་འདི་ལྟར་རྫུ་འཕྲུལ་ཆེ་ བ་འདི་གཉིས་ནི་ཏོག་ལ་ལྷུང་ཡང་འདའ། རིའི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་འདའ་ འོ། །སངས་རྒྱས་ཐམས་ཅད་ཀྱི་བཀའ་ནི་གཞན་དུ་མི་འགྱུར་བ་ལགས་སོ། །ཞེས་ཡང་དག་ པར་རྫོགས་པའི་སངས་རྒྱས་དང༌། དུས་གསུམ་མཁྱེན་པ་པདྨ་ཀ་ར་ལ་སོགས་པས་མི་བདེན་པའི་ཚིག་གསུང་མི་སྲིད་ཅིང་ གང་གསུངས་དེ་དག་ཐམས་ཅད་རྡོ་ལ་རི་མོ་བྲིས་པ་ལྟར་མི་འགྱུར་བ་ཡིན་པས་གོང་དུ་ བརྗོད་པའི་ཕན་ཡོན་ཇི་སྙེད་བཤད་པ་རྣམས་དམིགས་ཏེ་ལུས་ཀྱིས་ངལ་བ་ཕྲ་མོ་དང༌། ངག་ གི་སྒོ་ནས་དབྱངས་སྙན་པ་ཙམ་གྱིས་མཆོད་བསྟོད་ལ་སྨོན་པ། ཡིད་ཀྱི་སྒོ་ནས་དང་བ་ཙམ་ དང༌། བསྟོད་པ་ཕྲན་བུ་ཙམ་གྱིས་ཡང་གནས་སྐབས་མཐར་ཐུག་གི་བདེ་བ་སྦྱོར་བ་ལ་སོགས་ པ་རྒྱུ་མཚན་འདི་དག་གིས་ཡིད་དྲང་སྟེ་དད་པ་མ་སྐྱེས་པ་རྣམས་བསྐྱེད་ཅིང་སྐྱེད་པ་རྣམས་ གོང་ནས་གོང་དུ་འཕེལ་བ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་བདེ་བླག་ཏུ་བསགས་པ་ནི། ཤིན་ཏུ་རྒྱས་པའི་སྡེ་སྣོད་དཀོན་ཅོག་ཏ་ལ་ལའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ ལ་དད་གྱུར་ཅིང༌། སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ། །བྱང་ཆུབ་བླ་ན་མེད་པ་དད་ གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །དད་པའི་སྟོབས་ཀྱིས་མི་བདག་གྱུར་པ་ རྣམས། །བསམ་ཡས་རྒྱ་ཆེན་མཆོད་པས་མཆོད་བྱེད་ཅིང༌། །ཆོས་དང་དེ་བཞིན་མི་ཕྱེད་དགེ་ འདུན་ལ། །བསམ་ཡས་མཆོད་པས་མཆོད་ནས་སེམས་སྐྱེའོ། །དད་པ་སྔོན་འགྲོ་མ་ལྟར་ 6-1-121 སྐྱེད་པ་དེ།། ཡོན་ཏན་ཐམས་ཅད་གསུངས་ཤིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་ བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་ སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་ པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་ བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང༌། །ཉོན་མོངས་རྣམ་པར་བརྩེ་བའི་ཞུ་རྟེན་ཡིན། །དད་པ་རང་འབྱུང་ཡོན་ཏན་རྣམས་ཀྱང་འཚོལ། །དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད། །མི་དད་སྤོང་ཞིང་དལ་བའི་མཆོག་གཅིག་ཡིན། །དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང༌། །ཐར་བའི་ལམ་མཆོག་སྟོན་པར་བྱེད་པ་ཡིན། །ཡོན་ཏན་ཞིང་གི་ས་བོན་མ་རུལ་བ། །དད་པ་ བྱང་ཆུབ་ཤིང་གི་རྣམ་པར་བསྐྱེད། །ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད། །དད་པ་ རྒྱལ་བ་ཐམས་ཅད་སྟོན་པ་ཡིན། །དད་པའི་མི་ཡི་ཁྱད་པར་དགའ་རྣམས་ཀྱིས། །དེ་ལ་སྤྱོད་ པ་རིམ་གྱིས་བརྗོད་པར་བྱ། །འདི་འདྲའི་ཆོས་ནི་འཇིག་རྟེན་རབ་དཀོན་ཏེ། །རྒྱ་མཚོའི་ནང་ ན་རིན་ཆེན་རྒྱལ་པོ་བཞིན། །གང་དག་རྟག་ཏུ་སངས་རྒྱས་དད་གུས་པ། །དེ་དག་ཚུལ་ཁྲིམས་ བསླབ་པ་ཡོངས་མི་འདོར། །གང་དག་ཚུལ་ཁྲིམས་བསླབ་པ་མི་འདོར་བ། །ཡོན་ཏན་ལྡན་ཏེ་ ཡོན་ཏན་ལྡན་པས་བསྟོད། །ཅེས་དང༌། གང་དག་ཐེག་པ་ཆེན་པོ་འདིར་ཞུགས་པ། །དེ་དག་ སངས་རྒྱས་རྣམས་ལ་སྒྲུབ་པས་མཆོད། །གང་དག་སྒྲུབ་པས་སངས་རྒྱས་མཆོད་བྱེད་པ། །དེ་ དག་སངས་རྒྱས་རྗེས་སུ་དྲན་མི་བྱེད། །གང་དག་སངས་རྒྱས་རྗེས་དྲན་མི་བྱེད་པ། །དེ་དག་ རྟག་ཏུ་སངས་རྒྱས་བསམ་ཡས་མཐོང༌། །གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་ན། །དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དད་ 6-1-122 པ་མེད་པའི་སྐྱེས་བུ་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚ་སྒོ་བཏང་བ་ལ། །མྱུ་ གུ་སྐྱེ་བ་མེད་པ་བཞིན། །དད་པའི་རྩ་བ་རྟག་ཏུ་ཆེ། །ཆེད་དོན་ཟུག་པའི་གསུང་བ་དེ། །ཆེད་ དོན་སྤྱོད་པ་དེ་དག་ལ། །སྔགས་རྣམས་རྟག་ཏུ་འགྲུབ་པར་འགྱུར། །ཞེས་གསུངས་པ་དང༌། མཁས་མཆོག་དཔའ་བོའི་ཟ་མ་ཏོག་ལྟ་བུའི་གཏམ་ལས། ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པའི་དད་པ་ནི། །རྟག་ཏུ་དེ་ཡིས་བསྟེན་པར་བྱ། །དད་པ་ཡི་ནི་མ་བཞིན་དུ། །དགེ་བ་རྣམས་ནི་བསྐྱེད་པར་བྱ། །དེ་བས་ཐོག་མར་སྐྱེས་བུ་ཡིས། །ཡིད་ཀྱིས་ལེགས་པར་ བསྟེན་པར་བྱ། །འབྱུང་གནས་དད་པ་ཡངས་པ་ཡིས། །དམ་ཆོས་རིན་ཆེན་བྱང་ཆུབ་ཤོག །དངོས་པོར་བཟུང་བར་ནུས་མ་ཡིན། །རྒྱལ་པོ་ལས་ནི་ཉམས་པ་ཡིས། །ལོངས་སྤྱོད་འབྲས་ ལས་ཉམས་པ་ལྟར། །དད་པའི་དབང་པོ་ལུས་ཉམས་ན། །དེ་བཞིན་འབྲས་ནས་མ་ཐོབ་པས། །དེའི་ཕྱིར་སྐྱེས་བུ་མཁས་པ་ཡིས། །འཇིག་རྟེན་བདེར་གཤེགས་བྱེད་འདོད་པས། །ཡིད་ནི་ རབ་ཏུ་དང་པ་ཡིས། །རྟག་ཏུ་ཕམ་པ་ཉིད་དུ་གྱིས། །ཞེས་གསུངས་པ་ལྟར་དང༌། ཆོས་བཅུ་ པའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ནི་འདྲེན་རྣམས་ངེས་པར་འབྱུང༌། །དེས་ ཕྱིར་བློ་གྲོས་ལྡན་པའི་མིས། །དད་པའི་རྗེས་འབྲང་ཉིད་ལ་བསྟེན། །འཇིག་རྟེན་དག་ན་དད་ པ་མཆོག །དད་ལྡན་རྣམ་པར་ཉམས་པ་མེད། །དེ་ལྟ་བུས་ན་མཁས་པའི་མི། །དད་པའི་རྗེས་ སུ་འབྲང་བར་བསྟན། །དད་པ་མེད་པའི་མི་ལ་ནི། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །མེ་ ཡིས་ས་བོན་ཚིག་རྣམས་ལ། །མྱུ་གུ་སྔོན་མོ་ཇི་བཞིན་ནོ། །ཞེས་གསུངས་པ་དང༌། ཕལ་པོ་ ཆེ་ཀུན་བཟང་སྒྲོན་མེ་ལས། ལན་གཅིག་ཙམ་ཡང་དད་པ་བསྐྱེད་པ་ནི། །བསོད་ནམས་དམ་ པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་དངོས་ཀྱིས་ཕྱག་མཆོད་སྨོན་ལམ་བསྐོར་བ་སོགས་སུ་ མ་ཟད། བྱ་བའི་རྒྱུད་གཙུག་ཏོར་དྲི་མེད་ཀྱི་གཟུངས་ལས། ཐ་ན་དུད་འགྲོའི་སྐྱེས་ནས་སུ་ གཏོགས་པ་རྣམས་དང༌། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་གང་དག་མཆོད་རྟེན་ 6-1-123 གྱི་གམ་དུ་བརྡུང་བ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་ན་ཡང་ ཡོངས་སུ་གྲོལ་བར་འགྱུར་ན། བྱ་བ་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིའི་ཡོན་ ཏན་དང་ཕན་ཡོན་ནི་བརྗོད་པར་མི་ནུས་སོ། །ཞེས་དང༌། ཡང་འོད་ཟེར་དྲི་མེད་ལས། ཐ་ན་ བྱ་དང་རི་དྭགས་ལ་སོགས་ཏེ། གང་དག་ལ་མཆོད་རྟེན་དེའི་གྲིབ་མ་ཕོག་པ་དེ་དག་ཀྱང་ནམ་ ཡང་དུད་འགྲོ་ལ་སོགས་པ་ངན་སོང་གི་གནས་སུ་སྐྱེ་བར་མི་འགྱུར་རོ། །གང་ལ་ལ་མཚམས་ མེད་པ་ལྔ་ཡི་སྡིག་པ་ཆེན་པོ་དང་ལྡན་པ་ཡང་མཆོད་རྟེན་དེ་ལ་རེག་གམ་དེའི་གྲིབ་མ་ཕོག་ ཀྱང་རུང་སྟེ། དེའི་སྡིག་པ་ཐམས་ཅད་བྱང་ཞིང་ཟད་པར་འགྱུར་རོ། །མཆོད་རྟེན་དེའི་གནས་ ན། འབྱུང་པོ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་ལ་སོགས་པ་ལུས་ ལ་འཇུག་ཅིང་གནོད་པ་དང༌། གཅན་གཟན་ཁྲོ་བོ་དང༌། ཐོག་འབབ་པ་དང༌། སྡིག་སྒྲིབ་ཁ་ གདུག་པ་དང༌། རྒྱལ་དུག་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་མི་ཚུགས་ཤིང་མེད་པར་འགྱུར་ རོ། །ཞེས་གསུངས་པ་དང༌། ཐ་ན་བྱ་དང་སྦྲང་མ་ལ་སོགས་པ་མཆོད་རྟེན་དེའི་གྲིབ་མ་ཕོག་ན་ ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་དགོངས་པར་མཛད་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་རོ། །ཡང་གང་ལ་ལ་ཞིག་ གིས་མཆོད་རྟེན་འདི་ལྟ་བུ་རྨི་ལམ་དུ་རྨིས་སམ་རྒྱང་ནས་མཐོང་ངམ་དྲིལ་བུའི་སྒྲ་ཐོས་པས་ མཆོད་རྟེན་བཞེངས་པར་རྣ་བར་ཐོས་པ་དེ་དག་ཀྱང༌། མཚམས་མེད་པ་ལྔ་ལ་སོགས་དེ་སྡིག་ པ་དང༌། སྒྲིབ་པ་ཐམས་ཅད་བྱང་སྟེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ དང༌། རྗེས་སུ་འདྲེན་པར་མཛད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་དཔལ་རྒྱལ་བ་ཇོ་ནང་པའི་བརྒྱུད་རིམ་དང་སྐུ་གསུང་ ཐུགས་རྟེན་བཞེངས་པའི་ཕན་ཡོན་སྒྲིབ་གཉིས་སྦྱང་བའི་བདུད་རྩི་ཞེས་བྱ་བ་རྗེ་བཙུན་བླ་མ་ རྣམ་གསུམ་གྱི་བཀའ་འབུམ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་ལོའི་ཤིང་པར་གྲུབ་ 6-1-124 པའི་རབ་གནས་དང་དགའ་སྟོན་ཟུང་འབྲེལ་གངས་ཅན་དགེ་བའི་ཟླ་བ་ཐེངས་གཉིས་པའི་ སྐབས་སུ་སྤྲུལ་པའི་སྐུ་འཇམ་དབྱངས་བློ་གྲོས་དང་རྒྱལ་མཆོག་ཟུང་གིས་བསྐུལ་བའི་ངོར་ མཁན་ངག་དབང་ཡོན་ཏན་བཟང་པོས་བྲིས་པ་ལགས་སོ། ། སྲས་བཅས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལྷ་ཀླུ་མིའི་རིན་ཆེན་འབའ་ཞིག་ལས་གྲུབ་ པ་མཐོང་ན་མི་མཐུན་པ་མེད་ཅིང་རྒྱལ་བ་དངོས་དང་དབྱེར་མ་མཆིས་པ་དེ་ཡང༌། རྗེ་ཇོ་ནང་ པ་ཀུན་མཁྱེན་དོལ་པོ་པས། ལྷ་མིའི་རིན་ཆེན་རྡུལ་བརྩེགས་ལྷུན་པོ་ལ། །མཚན་དཔེའི་ མཛེས་སྡུག་རི་མོ་རྣམས་ཀྱིས་འཁྱུད། །སྐུ་འབུམ་མཐོང་གྲོལ་རང་བྱོན་ཟླ་བྲལ་ཞེས། །འཆི་ མེད་དབང་པོའི་ཚོགས་ཀྱང་གཏམ་དུ་གླེང༌། །མཐོང་ན་མི་མཛེས་མེད་པའི་རྣམ་འགྱུར་གྱིས། །ཀུན་གྱི་མིག་ལ་བདུད་རྩིའི་དཔལ་སྟེར་ན། །རྒྱལ་ཀུན་མངོན་སུམ་མཇལ་བའི་སྐལ་བས་ ཀྱང༌། །གཟུགས་སྐུ་འདི་མཐོང་དག་ལས་ཅི་ཞིག་ལྷག །ཅེས་དང༌། ས་འཛིན་བུ་མོས་མངལ་ འཁུར་ལྟོ་བ་ན། །མངོན་པར་འཕགས་པ་གྲུ་འཛིན་གཉིས་པའི་རི། །དཔལ་ལྡན་དུས་ཀྱི་ འཁོར་ལོའི་རྒྱུད་རྒྱལ་གྱི། །རིན་ཆེན་བློས་བསླང་ལས་གྲུབ་ཕྱོགས་ཀུན་གྲགས། །ཡེ་ཤེས་ རྡུལ་མང་བརྩེགས་པའི་ཕུང་པོ་ལ། །ཞི་ཁྲོའི་སྒྱུ་འཕྲུལ་སྣ་ཚོགས་དྲ་བས་གར། །གྲངས་མེད་ སྐྱེ་དགུའི་ཉེར་འཚོ་ཡིན་ནོ་ཞེས། །འཆི་མེད་བུ་མོའི་རྒྱུད་མངས་སྒྲ་ལས་ཐོས། །ཞེས་གསུངས་ པ་ལྟར། སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་བཅས་བླ་ན་མེད་པ་བཞེངས་ཤིང༌། འཕགས་ པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་དངོས་འབྱོར་དུ་བགྱིས་པའི་བསོད་ནམས་ཀྱི་ཚད་ ནི་གཞལ་དུ་མེད་དེ། རྗེ་ཇོ་ནང་པ་ཀུན་མཁྱེན་ཆེན་པོས། ཨེ་མ་མཆོད་སྦྱིན་བརྒྱ་ཡི་བསོད་ ནམས་ཀྱིས། །འཆི་མེད་དབང་པོའི་གོ་འཕང་ཉེར་ཐོབ་ན། །འཛམ་གླིང་འགྲན་ཟླ་བྲལ་བའི་ ཞིང་མཆོག་ལ། །མཆོད་པའི་བསོད་ནམས་ཕ་མཐའ་སུས་གཞལ་ནུས། །ཞེས་སོགས་བཀའ་ མདོ་རྒྱུད་བསྟན་བཅོས་རྣམས་ནས་རྒྱ་ཆེར་གསུངས་པ་མཐའ་དག་བརྗོད་པའི་ཡུལ་ལས་ 6-1-125 རིང་དུ་འདས་ཤིང༌། དཔལ་འཁོར་ལོ་སྡོམ་པ་ངུར་སྨྲིག་ན་བཟའི་རྒྱལ་མཚན་འཛིན་པའི་རྣམ་ པར་རོལ་པ་རྗེ་བཙུན་ཏཱ་ར་ནཱ་ཐའམ་ཁྱབ་བདག་སྒྲོལ་བའི་མགོན་པོས། ཕྱི་ནང་གི་ས་དཔྱད་ སོགས་དགེ་མཚན་དུ་མ་ཚང་བའི་རྫོང་མདུན་དུ། དཔལ་རྟག་བརྟན་དམ་ཆོས་གླིང་ངེས་ དོན་དགའ་བའི་ཚལ་གྱི་གནས་གཞི་གསར་བཞེངས་བྱེད་པར་རྟེན་འབྲེལ་ལེགས་ཚོགས་ དུ་མ་བྱུང་བ་ནས་དགུང་ལོ་ཞེ་གཅིག་སྤྱི་ལོ་༡༦༡༥རབ་བྱུང་༡༠པ་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་ གཉིས་པའི་ཚེས་བཅུ་གཅིག་ལ་ས་སྦྱངས་བཟུང་རྒྱས་པར་བྱས། གསུམ་པའི་ཚེས་བརྒྱད་ལ་ ཐིག་འདེབས་ས་ཆོག་དངོས་གཞིརྒྱས་པར་དགེ་མཚན་དཔག་ཏུ་མེད་པ་བྱུང༌། དེ་ནས་ལས་ གྲྭ་བཙུགས་ཏེ། གཙུག་ལག་ཁང་ཉི་ཤུ་རྩ་གྲངས་གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ། ནང་གི་རྟེན་གསུམ་སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་གྲུབ་པ་ཆེ་ཚད་ ཕྲ་རྒྱན་སྣ་ཚོགས་ཅན་དང༌། གསེར་ཟངས་ལས་གྲུབ་པའི་དཔལ་འཁོར་ལོ་སྡོམ་པའི་སྐུ་ཞལ་ ཕྱག་ཡོངས་རྫོགས་ཚད་ཤིན་ཏུ་ཆེ་བ་དང༌། བདེ་གཤེགས་མཆོད་རྟེན་བརྒྱད་དང༌། རེག་པ་ མེད་པའམ་དུས་འཁོར་ནས་བཤད་པའི་མཆོད་རྟེན་རྣམས་གསེར་ཟངས་ཕྲ་ཚོམ་བཟོ་བཀོད་ ཁྱད་མཚར་ཅན་དང༌། འོད་དཔག་མེད་པའི་གསེར་སྐུ་ཐོག་ཚད་ཕྱེད་གཉིས་ཅན་རྣམས་ དང༌། ཇོ་ནང་དུ་ལྷ་ཁང་གསར་བཞེངས་གསུམ་གྱི་ནང་རྟེན་བྱམས་ཆེན་ཐོག་ཚད་གཉིས་པའི་ གཙོས་གསེར་ཟངས་ཀྱི་གཟུགས་སྐུ་དང༌། སྨན་འདམ་དང་སྤོས་སྐུ་མང་པོ། བཀའ་འབུམ་ པོ་ཏི་བཞི་བཅུ་སོགས་ཤིང་སྤར་མང་པོ་གསར་བསྐྲུན་མཛད། བཀའ་བསྟན་བཅོས་འགྱུར་ རོ་ཅོག་ཡོངས་རྫོགས་ཚར་གྲངས་མང་པོ་དང༌། གོས་སྐུ་ལེགས་པ་བཅོ་བརྒྱད་ཙམ་སོགས་ ངོ་མཚར་བའི་རྟེན་གསུམ་རྣམས་ལ་ཟབ་ཆེན་གནམ་རྒྱན་དང༌། བུམ་གདན་སོགས་ཆེས་ བཟང་བའི་མཆོད་རྫས་རྣམས་ཀྱི་དྲལ་ཕྱམས་སོགས་མི་མཐོང་ཞིང་མཆོད་རྫས་དང༌། མཆོད་ 6-1-126 ཆའི་བྱེ་བྲག་དཔག་མེད་གར་འཆམ་གྱི་ཆ་ལག་རྒྱན་གོས་དང་གཏོར་འཆམ་གྱི་གདོང་བརྙན་ སྣ་ཚོགས་དང༌། རོལ་མོའི་ཚོགས་བརྒྱ་ཕྲག་མང་པོ་དང༌། འདུ་ཁང་ཆེན་མོའི་སྒོ་ཁྱུད་སྟེང་ སེང་ཐོད་ནང་རྟེན་གཙོ་བོ་གསེར་ནག་ལས་བསྐྲུན་པའི་གྲུབ་ཆེན་ནག་པོ་སྤྱོད་པའི་སྐུ་བརྙན་ གྲུ་གང་བ། དེ་མིན་གསེར་སྐུ་རྒྱ་གར་ཤར་ལི་མའི་བཀང་ནས་ལྷ་ཁང་ལ་རྒྱ་གར་གླིང་ཞེས་ མཚན་གསོལ་བ་དང༌། སྔོན་ནས་ཀུན་མཁྱེན་ཆེན་པོས་ལུང་བསྟན་པ་རྗེས་སུ་ང་ཡི་སྤྲུལ་པས་ སྐུ་འབུམ་མཐོང་གྲོལ་ཆེན་མོའི་ཆོས་འཁོར་ལ་ཟངས་གསེར་གྱིས་གཡོགས་པ་དང༌། ཅོད་ པན་གསོལ་བར་མཛད། སྔར་རྟག་བརྟན་གཙུག་ལག་ཁང་དུ་སངས་རྒྱས་རབས་བདུན་གྱི་ གཟུགས་སྐུ་ལེགས་གྲུབ་རབ་གནས་ཐོག་མའི་དགའ་སྟོན་སྐབས་གཙང་སྡེ་སྲིད་ཕུན་ཚོགས་ རྣམ་རྒྱལ་དབུས་ནས་བསམ་འགྲུབ་རྩེར་ཕེབས་ཏེ་ཁོང་ལ་གཡང་ཊིའི་ཐམ་ག་དང༌། མཛོད་ པ་ཀུན་དགའ་དཔལ་བཟང་ལ་ཡང་ཙན་དན་དམར་པོའི་རྒྱ་རྟགས་སོགས་གནང༌། བོད་ཁྲི་ སྐོར་བཅུ་གསུམ་གྱི་མངའ་བདག་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་བསྟན་པའི་སྦྱིན་ བདག་མཛད། མཛོད་པ་ཀུན་དགའ་དཔལ་བཟང་གིས་བློ་བཀོད་གང་ལེགས་དང༌། ཁོང་ གིས་དབང་ཐང་སོགས་རྟེན་འབྲེལ་ལེགས་པའི་མཛད་སྒོའི་འོག་སྔ་རྗེའི་རྣམས་སུ་དབུས་ གཙང་ཀུན་ཏུ་རྟག་བརྟན་སྤྲུལ་སྐུ་ཀུན་དགའ་སྙིང་པོ་ལྟ་བུའི་སྐུ་ཚེ་གཅིག་གི་སྟེང་མཛད་ འཕྲིན་ཆེ་བ་མཛད་པ་འདི་ལྟ་བུ་བྱོན་མ་མྱོང་གསུངས། སྐུ་གསུང་ཐུགས་རྟེན་བཞེངས་པ་དེ་ དག་ཐམས་ཅད་ལོ་བཅུ་གསུམ་གྱི་ཁོངས་སུ་སྔོན་ཀུན་མཁྱེན་ཆེན་པོས་སྐུ་འབུམ་མཐོང་གྲོལ་ བཞེངས་སྐབས་ལྟར་ངོ་མཚར་བའི་རྟགས་ཀྱི་མཛད་པ་དང་བཅས་པའི་སྒོ་ནས་ལེགས་པར་ གྲུབ་པས་སོ་སྐྱེས་སྤྱོད་ཡུལ་ལས་འདས་པ་ཞིག་གོ། ། 6-1-127 ༄༅། །རྗེ་བཙུན་སྒྲོལ་མའི་མོ་ཡིག་རྣོ་མཐོང་གཡུ་ཡི་མེ་ལོང་ གཡའ་བྲལ་དང་རྒྱ་མཚོའི་ནང་གི་ཆུ་ཐིགས་ ཉག་ཙམ་མཐོང་བའི་གདོན་རྫས་ ངོས་འཛིན་ཟུང་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ འདིར་འཕགས་མ་སྒྲོལ་མའི་སྒོ་ནས་རྣོ་མཐོང་གསལ་བའི་ཐབས་ལ་འདི་ལྟར། ཐོག་མར་མོ་ ཕྲེང་དང་ཤྭ་གང་རུང་ལག་གཉིས་ཐལ་མོའི་བར་བཟུང་ནས། མོ་བརྡར་བྱ་བ་ནི། མདུན་མཁར་བླ་མ་འཕགས་མར་ གསལ། །གུས་ཕྱག་འཚལ་ཞིང་ཐུགས་རྗེས་གཟིགས། །གང་གི་བྱིན་རླབས་བདེན་སྟོབས་ ཀྱིས། །ཡིན་ལུགས་རྟེན་འབྲེལ་གསལ་བོར་སྟོན། །ༀ་ཏཱ་རེ་ཏཱཾཿསྭཱ་ཧཱ། ཞེས་པ་ལན་བརྒྱ་རྩ་བརྒྱད་ མཐར་རྟེན་སྙིང་ཤམ་བུར་བཏགས་པ་ཉེར་གཅིག་བཟླས་མཐར། ན་མོ། བླ་མ་མཆོག་གསུམ་ཡི་དམ་ཚོགས། །མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་རིགས། །མ་ལུས་སྐྱབས་གནས་ཡོངས་ཀྱི་བདག །རྗེ་བཙུན་ འཕགས་མ་ཐུགས་རྗེའི་གཏེར། །སྙིང་ནས་འབོད་དོ་མཁྱེན་སྤྱན་གྱིས། །རླབས་ཆེན་མཐུ་ ནུས་ཆེར་བསྐྱེད་ལ། །ལེགས་ཉེས་བར་མ་གང་བྱུང་གི། །རྟེན་འབྲེལ་གསལ་བོ་དུས་འདིར་ ཕོབས། །ལན་གསུམ་བརྗོད་དེ། ཕྲེང་བའམ་ཤྭ་ལ་ཕུ་བཏབ་སྟེ། ལག་གཡས་གཡོན་གཉིས་ཀྱིས་ཕྲེང་བ་ཅི་རིགས་འཛིན་ པའི་ལག་གཡས་གཡོན་གྱིས་ཕྲེང་རྡོག་གསུམ་གསུམ་རེ་མཉམ་དུ་བགྲང་བའི་སྒོ་ནས་ཕྱི་མ་ཕྲེང་རྡོག་གཅིག་བབ་པའམ་ཤྭ་མིག་ གཅིག་བབ་ༀ་དང༌། གཉིས་བབ་ཏཱ། གསུམ་བབ་རེ། བཞི་བབ་ཏཱཾཿ ལྔ་བབ་སྭཱ། དྲུག་བབ་ཧཱ་རྣམས་ལས་ལེགས་ཉེས་བར་མ་ 6-1-128 སོགས་བརྟག་དགོས་ཏེ། ༈ ༀ་བབ་གཡུ་ཡི་རི་བོ་ལ། །གཡོ་འགུལ་མེད་ཅིང་ཤིན་ཏུ་བཟང༌། །ལྷ་ངོ་དགུང་བས་ མཐོ་བ་ཡིན། །ལྷ་ལུས་དུང་ལས་དཀར་བ་ཡིན། །ལྷ་ཆེན་ཚངས་པའི་མོ་ལྷ་ཡིན། །༼༡༽ བསྟན་དགོན་སྤྱི་ཡི་མོ་ལ་ཡང༌། །དུས་འཁོར་ཆོ་ག་སྟོང་དང་ཁྲི། །བཀླག་ཆོག་དང་བཅས་ གདུགས་རིང་མདོ། །ཁྲི་ཕྲག་དུ་མར་འབད་པས་འདོན། །རྟ་སྒྲུབ་འཕང་མནན་སྲེག་གསུམ་ དང༌། །དེ་བཞིན་ཕུར་སྒྲུབ་དྲུག་ཅུ་དང༌། །ཀུན་མཁྱེན་ཁྲི་མཆོད་བཀླག་ཆོག་སྟེང༌། །རྣམ་ ཐར་བཀླག་འདོན་གྲངས་མང་བྱ། །ཀུན་མཁྱེན་ཚོགས་འབུམ་སྒྲོལ་ཚོགས་འབུམ། །པད་ འབྱུང་རྣམ་ཐར་བཀའ་གཏེར་དང༌། །བཀླག་ཆོག་དང་བཅས་ཡིག་བརྒྱ་གཟབ། །རྟེན་སྙིང་ བཀླག་ཆོག་བཅས་ལ་འབད། །སྒྲོལ་མའི་གཡང་སྒྲུབ་ཀ་འཛུགས་ཟབ། །ཆོས་སྤྱོད་བཅུ་ དང་འདུལ་ཁྲིམས་བསླབ། །འཁོར་ལོ་གསུམ་ལ་རྟག་ཏུ་བརྩོན། །བཤད་སྒྲུབ་ཟུང་འབྲེལ་ བཅས་ལ་འབད། །ཁྱད་པར་རྟེན་གསུམ་བཞེངས་ལ་བརྩོན། །ལས་འབྲས་སྤང་བླང་ལ་ཞིབ་ ན། ཌ྄། འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད། །སྙན་གྲགས་ཕྱོགས་བཅུར་ཁྱབ་པ་དང༌། །ཆོས་སྲིད་ མཐའ་མེད་འཕེལ་བར་ངེས། །༼༢༽བླ་སྤྲུལ་དགེ་འདུན་མོ་ལ་ནི། །དམ་པ་གོང་མའི་རྣམ་ ཐར་བཀླག །གསོལ་འདེབས་བར་ཆད་ལམ་སེལ་འབུམ། །དུས་རྒྱུན་ཡི་དམ་བསྐྱེད་བཟླས་ གཟབ། །སྔོན་འགྲོ་བླ་མཆོད་གཏོར་ཆོག་ཟབ། །འདུལ་ཁྲིམས་བསྲུང་སྡོམ་སོགས་ལ་བསླབ། །མཁན་པོར་བཀུར་སྟི་རིམ་གྲོ་བྱ། །འཁོར་ལོ་གསུམ་ལ་རྟག་ཏུ་འབད། །ལས་འབྲས་སྤང་ བླང་གཟབ་པར་བྱ། །བླ་མའི་མཛད་ཕྲིན་བསྐྱང་བ་དང༌། །གོང་མའི་རྣམ་ཐར་ཇི་བཞིན་ བྱ། །འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད། །བསམ་དོན་ཐམས་ཅད་ཆོས་བཞིན་འགྲུབ། །བསོད་ ནམས་ཞིང་མཆོག་བླ་མེད་ཐོབ། །ལས་འབྲས་སྤང་བླང་མ་བྱས་པར། །དུག་གསུམ་དབང་ གིས་འདོད་ལོག་ལ། །ཉིན་མཚན་ཀུན་ཏུ་སྤྱོད་གྱུར་ན། །འདི་ཕྱི་སྡུག་བསྔལ་རྒྱུན་མི་ཆད། 6-1-129 །ཕྱི་མ་ངན་སོང་མཐའ་མེད་འགྲོ། །སྡུག་བསྔལ་འཁོར་བའི་རྒྱ་མཚོར་བཅིང༌། །༼༣༽ ཚོ་སྡེ་ སྤྱི་ཡི་མོ་ལ་ཡང༌། །སྡེ་དཔོན་དང་བཅས་ཕན་ཚུན་བྱམས། །ནང་འཁོན་གཡུལ་འཁྲུག་མི་བྱ་ བར། །མཛའ་བརྩེ་བྱམས་པས་སྐྱོང་བཞིན་གནས། །འཁོན་བསྡུམ་བདེ་འཇགས་གནས་ལ་ བཀོད། །དེ་དང་འགལ་བར་གྱུར་ན་ཡང༌། །བཀླག་ཆོག་དང་བཅས་གདུགས་རིང་ཁྲི། །སྒྲོལ་ མ་འབུམ་དང་དེའི་ཁྲི་མཆོད། །གཡང་སྒྲུབ་ཀ་འཛུགས་བསང་གསོལ་བྱ། །གོང་མའི་གདན་ སའི་ལྷ་སྲུང་རྣམས། །བར་སྐབས་དུས་སུ་མཆོད་གསོལ་བྱ། །ཁྱད་པར་བསྐང་ཁྲི་བཟློག་ཁྲི་ གཟབ། །སེང་གདོང་བཟློག་སྟོང་མདོ་ཁྲི་འདོན། །གསུར་འབུམ་བསྙུང་གནས་མ་ཎི་གཟབ། །ཚེ་བླུ་སྲོག་བཅད་སྤང་བར་བྱ། །དགེ་འདུན་ཡོན་འབུལ་གསོལ་བ་དྲངས། །རྟེན་གསུམ་ བཞེངས་ལ་རྒྱུ་ཚེགས་འབྲེལ། །མི་ཕྱུགས་ལོ་ཏོག་འཕེལ་བ་དང༌། །དུས་བཞི་སྙོམས་ཞིང་ ནད་རིམས་ཞི། །འདི་ཕྱིར་རེ་ཞིག་བདེ་བར་འོང༌། །༼༤༽ ཁྱད་པར་གཞི་ཕྱྭའི་མོ་ལ་ནི། །རེ་ ཞིག་བདེ་ཞིང་རྟག་པར་དཀའ། །ཁྱིམ་ས་མོ་ས་ནོར་ས་ལ། །ར་བ་ནོར་གྱིས་གང་བ་ཡིན། །བུ་ རྟ་སྐྱེས་པའི་ས་ལ་བཟང༌། །ར་ལུག་ཆུང་གསུམ་ཤི་དོགས་ཡོད། །སྒྲོལ་མའི་གཡང་སྒྲུབ་སྒྲོལ་ རྒྱུད་འདོན། །ཡང་ན་སྒྲོལ་སྔགས་རྡེའུ་འབུམ་དང༌། །བཀླག་ཆོག་དང་བཅས་གདུགས་དཀར་ ལེགས། །བཏབ་པའི་ལོ་ཏོག་བཟང་བ་ཡིན། །དོན་ས་དོན་ཆེན་མྱུར་དུ་འགྲུབ། །དོན་ཆུང་ ཅུང་ཟད་འགྱང་ཡང་འགྲུབ། །༼༥༽བུ་རྒྱུད་མོ་ལ་འདི་ལྟར་ཏེ། །བྱིས་པའི་རྒྱུན་ནི་མི་ཆད་པར། །ཀླུ་དབང་རྒྱལ་པོའི་སྐུ་འབུམ་དང༌། །ཚ་འབུམ་ཡིག་བརྒྱ་ལམ་འཕྲང་བསལ། །མང་བྱས་ ཤིན་ཏུ་ལེགས་པ་ཡིན། །རྒྱུད་མེད་བུ་རྒྱུད་འབྱུང་དགོས་ན། །ལག་ལེན་ཅན་གྱི་སྲུང་འཁོར་ བཙལ། །འདུ་ཁང་མཆོད་རྟེན་འཁོར་ཁང་རྣམས། །སྤང་ཚགས་ས་བླུགས་ཞལ་བ་བྱ། །ས་ རྩི་སྔོ་སེར་དཀར་དམར་བཀྱེ། །སྤོས་དང་ཕྱག་མཆོད་མར་མེ་སོགས། །གྲངས་མང་བྱས་པའི་ བསོད་ནམས་ཀྱིས། །བུ་རྒྱུད་རིགས་བཟང་ཕ་མར་བྱམས། །ཆོས་སྤྱོད་བཅུ་ལ་སྤྲོ་བ་འབྱུང༌། 6-1-130 །༼༦༽ ནད་པའི་མོ་ལ་སྲོག་སྐྱོན་མེད། །སྟག་ཡོས་གཉིས་ཀྱི་ས་ལ་བཟང༌། །བྱི་ཕག་གཉིས་ ལ་ཅུང་ཟད་རྩུབ། །མགོ་དང་རོ་སྟོད་ན་བ་འབྱུང༌། །སྨན་ལྷའི་ཆོ་ག་གྲངས་མང་འདོན། །ཡོན་ ཆབ་སྤོས་ཕུལ་མར་མེ་སོགས། །མང་བྱས་སྨན་པ་དག་ལ་བསྟན། །༼༧༽ དགྲ་སའི་མོ་ལ་ འདི་ལྟར་ཏེ། །དགྲ་རྐུན་མེད་ཅིང་བདེ་བ་ཡིན། །དམག་ཇག་ར་མདའི་མོ་ལ་བཟང༌། །བཤད་ ཤེར་བྱས་ན་རང་ཡང་རྒྱལ། །རྐུན་མ་ཤར་དང་ཤར་ལྷོའི་མཚམས། །རྩད་གཅོད་བྱས་པའི་མོ་ ལ་བཟང༌། །ཞུ་བ་ལ་ནི་གནང་ངོ་ཡིན། །མདུན་གྲོས་བྱེད་ན་འགྲིག་པ་ཡིན། །༼༨༽ ཁྱད་པར་ མགྲོན་པོའི་མོ་ལ་ནི། །མགྲོན་པོ་ཕར་འགྲོ་མྱུར་དུ་འགྲོ། །ནམ་ལངས་དུས་སུ་བཀྱགས་ན་ བཟང༌། །བསང་དང་རླུང་རྟ་མགོན་བསྐང་ཁྲི། །ཚོང་ལ་ཁེ་སྤོགས་བཟང་བར་འོང༌། །མགྲོན་ པོ་ཚུར་འོང་མྱུར་དུ་སླེབ། །ཡང་ན་སྐད་ཆ་གསལ་བོར་ཐོས། །དེ་མིན་གཞི་ནས་མ་བཀྱགས་ ངོ༌། །བླ་སྤྲུལ་དཔོན་བློན་ཐམས་ཅད་ཀྱང༌། །ཁྲི་སྟེང་ནས་ནི་མ་བཞེངས་ངོ༌། །སྐྱེས་བུ་ལམ་དུ་ ཞུགས་པ་ཡིན། །ཐག་རིང་མགྲོན་པོ་དལ་གྱིས་སླེབ། །ཐག་ཉེ་ཡིན་ན་མྱུར་སླེབ་ངོ༌། །༼༩༽ བོར་སྟོར་བྱུང་བའི་མོ་ལ་ནི། །གང་བོར་མྱུར་དུ་རྙེད་པ་སྟེ། །ཤར་ཕྱོགས་རི་བོའི་རྩེ་མོ་དང༌། །ལུང་ཆེན་ཕུག་དང་བྲག་དཀར་རྩར། །ས་རྟགས་དཀར་པོ་ཡོད་ས་དེར། །མྱུར་དུ་བཙལ་ན་ རྙེད་པ་ཡིན། །ཕྲན་ཚེགས་བོར་བར་བརྟགས་པ་ནི། །ཁྱིམ་དང་ས་ཡི་མཐོ་ས་དང༌། །བཙན་ ས་དཀར་པོ་རྟགས་ཅན་རྩར། །ཡོད་དེ་མྱུར་དུ་རྙེད་པ་ཡིན། །༼༡༠༽ གདོན་རྫས་ཡོད་མེད་ མོ་ལ་ནི། །རྒྱལ་པོ་གནས་པའི་ས་ཆ་ནས། །ཤིང་ལྕགས་ཀོ་བ་ར་ཤུན་སོགས། །ནམ་ལངས་ ཡོས་ཀྱི་དུས་ཚོད་ལ། །ཤར་ཕྱོགས་ས་ནས་འོང་བ་ཡི། །སྐྱ་སེར་ཁ་ངོ་རྟགས་ཅན་ནམ། །མགོ་ ལ་རྟགས་ཅན་ལག་ནས་བླངས། །ཁྱིམ་གྱི་མཐོ་ས་ཞིག་ལ་བཞག །ཡང་ན་དཀར་པོའི་རིགས་ ཅན་སོགས། །ནད་པ་རང་གི་རྐེ་ལ་བཏགས། །དེ་ལ་རྒྱལ་པོས་གནོད་པར་འདུག །ནམ་ སྟོད་ཁྱི་ཡི་དུས་སུ་ཡང༌། །རྨི་ལམ་རྟགས་ཅན་རྨིས་པ་འབྱུང༌། །རྟ་མགྲིན་བསྙེན་བཅས་རྒྱལ་ 6-1-131 གསོལ་འདོན། །དུས་འཁོར་ཧ་ཀྵ་སྲུང་སྔགས་དང༌། །པད་འབྱུང་རྣམ་ཐར་བཀའ་གཏེར་ བཀླག །སྨན་ལྷ་སྟོང་འདོན་བྱས་ན་བཟང༌། །སྨན་དང་རིམ་གྲོ་མྱུར་བྱས་ན། །སྲོག་ཕྱཱ་ལ་ནི་ སྐྱོན་མི་འབྱུང༌། །༼༡༡༽ སྐྱེ་སྲིད་གང་བྱུང་མོ་ལ་ནི། །སེར་མོས་བསྐྱེད་རིམ་བསྒྲུབ་པའམ། །ཁྱད་པར་སོ་ཐར་སོགས་ལ་བསླབ། །བཤད་སྒྲུབ་གཉིས་ལ་བརྩོན་བྱས་ན། །ཤམྦྷ་ལ་ཡི་ཞིང་ དུ་འགྲོ། །མི་སྐྱ་བྱིས་པ་བུད་མེད་ཀྱིས། །ལྷག་བསམ་དག་པའི་སྐྱབས་འགྲོ་དང༌། །སྒྲོལ་མའི་ རྒྱུད་དང་ཧ་ཀྵ་དང༌། །ཡིག་བརྒྱ་སཏྭཱ་གང་རུང་རྣམས། །རྒྱུན་དུ་ཁ་ཏོན་གྲངས་ལྡན་འབད། །མངོན་མཐོའི་རྟེན་བཟང་ཐོབ་པར་ངེས། །༼༡༢༽རེ་ཆགས་ཡོད་མེད་མོ་ལ་ཡང༌། །ༀ་བབ་ དཀར་པོའི་རིགས་ལ་ཆགས། །དངུལ་དང་རྟ་ལུག་ཡིན་པ་འདྲ། །ལྷ་དགུ་མི་འཁྲུགས་དབང་ གསུར་འབད། །མཆོད་ཡོན་སྤོས་དང་མར་མེ་འབུལ། །གསུར་རྒན་ལྷན་ཐབས་དང་བཅས་ སྒོའི། །འབུམ་ཕྲག་དུ་མ་འགྲོ་བར་བྱ། །ཉ་གྲོག་དབུལ་ཕོངས་སྦྱིན་གཏོང་གཟབ། །སྲོག་བླུ་ སྲོག་སྐྱབས་སོགས་ལ་འབད། །ཡིག་དྲུག་ཡིག་བརྒྱའི་རྡོ་བརྐོ་དང༌། །གསུང་འབུམ་སྣ་ཚོགས་ བླུ་བཞེངས་བྱ། །དེ་བྱས་བདེ་བའི་གནས་སུ་འགྲོ། ། ༈ ཏཱ་བབ་ཉི་མའི་དཀྱིལ་འཁོར་ཡིན། །འོད་ཀྱིས་གླིང་བཞིའི་མུན་པ་སེལ། །ལྷ་ངོ་ཅུང་ ཟད་དམའ་བ་ཡིན། །བསང་གསོལ་ལྷ་སྲུང་བསྟོད་ན་ལེགས། །གནམ་བསྐོས་རྒྱལ་པོའི་མོ་ ལྷ་ཡིན། །༼༡༽ བསྟན་དགོན་སྤྱི་ཡི་མོ་ལ་ཡང༌། །དམ་པའི་ཆོས་ཀྱི་བྱ་བ་ལ། །བཤད་པའི་ ཆོས་ལ་བརྩོན་ན་བཟང༌། །སྒྲུབ་པའི་ཆོས་ལ་བར་ཆད་མང༌། །བར་ཆད་ལམ་སེལ་གྲངས་ མང་འདོན། །དགེ་སྒྲུབ་སྡིག་སྤང་གཟབ་པར་མཛོད། །སྲུང་སྡོམ་བསླབ་ཁྲིམས་སྲོག་ལྟར་ སྲུངས། །འཁོར་ལོ་གསུམ་ལ་རྟག་པར་སྤྱོད། །བཀླག་ཆོག་དང་བཅས་གདུགས་རིང་ཁྲི། །དུས་འཁོར་ཆོ་ག་ཁྲི་སྟོང་འདོན། །བཀླག་ཆོག་དང་བཅས་རྟེན་སྙིང་འབུམ། །བཀླག་ཆོག་ སྟེང་ནས་ཡིག་བརྒྱ་འབུམ། །ཀུན་མཁྱེན་ཚོགས་དང་སྒྲོལ་མའི་ཚོགས། །བྱེ་བ་བྱེ་བའི་གྲངས་ 6-1-132 ལྡན་བསྒྲུབ། །རྟ་སྒྲུབ་ཕུར་བའི་སྒྲུབ་ཆེན་ཟབ། །བཀའ་བསྟན་བླུ་བཞེངས་སོགས་ལ་འབད། །བར་ཆད་མཐའ་དག་སེལ་བར་ངེས། །ཆོས་སྲིད་ཡར་ངོའི་ཟླ་ལྟར་འཕེལ། །ཡུལ་ཁམས་ བདེ་སྐྱིད་རྟག་པར་འཕེལ། །༼༢༽ བླ་སྤྲུལ་དགེ་འདུན་མོ་ལ་ནི། །ལྷ་ངོ་དམའ་ཞིང་བར་ཆད་ ཆེ། །བསྐང་ཁྲི་བཟློག་ཁྲི་འཁྲུགས་བསྐང་ཁྲི། །བར་ཆད་ལམ་སེལ་གྲངས་མང་དང༌། །ལྷ་ ཆབ་མནོལ་བསང་གཟབ་པར་བྱ། །བཀླག་ཆོག་དང་བཅས་རྟེན་སྙིང་འབུམ། །ཕུར་བའི་ དབང་ཞུ་ཕུར་སྒྲུབ་འདོན། །དམ་པ་གོང་མའི་རྣམ་ཐར་དང༌། །ཀུན་མཁྱེན་པད་འབྱུང་བཀའ་ གཏེར་བཅས། །རྣམ་ཐར་བཀླག་འདོན་སོགས་ལ་འབད། །བཀླག་ཆོག་དང་བཅས་ཡིག་ བརྒྱ་འབུམ། །གསུང་འབུམ་སྣ་ཚོགས་བླུ་བཞེངས་བྱ། །དེ་དག་བསྒྲུབ་ན་ཚེ་རིང་དང༌། །ནད་ མེད་ཆོས་སྤྱོད་འཕེལ་བར་ངེས། །༼༣༽ ཚོ་སྡེ་སྤྱི་ཡི་མོ་ལ་ནི། །གཡུལ་འཁྲུག་ནང་འཁོན་ བསྡུམ་པ་དང༌། །ཕན་ཚུན་བྱམས་བརྩེས་བསྐྱང་བར་བྱ། །དེ་མིན་བསམ་ངན་འཁྲུག་རྩོད་ ཀྱི། །རྒྱུན་བསྐྱང་ཡུལ་ཁམས་དཀྲུག་ན་ནི། །ལྷ་འཁྲུགས་མ་མོ་འཁྲུགས་པར་འགྱུར། །ཡུལ་ ཁམས་འཁྲུག་རྩོད་རྒྱུན་མི་ཆད། །ནད་སྣ་སྣ་ཚོགས་དུ་མ་འབྱུང༌། །སྔར་མེད་ནད་རིགས་སྣ་ ཚོགས་མང༌། །ནོར་ཕྱུགས་གོད་ཁ་དུ་མ་སྡང༌། །གངས་དང་སད་སེར་ཐན་པ་མང༌། །སྲོག་ ཆགས་སྔར་མེད་སྣ་ཚོགས་མང༌། །ཡུལ་ཁམས་སྤྱི་ཡི་སྲུང་རིམ་དུ། །གདུགས་རིང་ཁྲི་འབུམ་ ཡང་ཡང་འབད། །དུས་འཁོར་ཆོ་ག་ཁྲི་སྟོང་གཟབ། །གསུར་འབུམ་དུ་མ་དུས་འཁོར་དབང༌། །ཁྲི་འབུམ་རྣམ་རྒྱལ་ཁྲི་མཆོད་དང༌། །སྒྲོལ་མའི་ཁྲི་མཆོད་སྒྲོལ་དབང་ཁྲི། །སྒྲོལ་མའི་གཡང་ སྒྲུབ་ཀ་འཛུགས་འདོན། །ཉ་གྲོག་དབུལ་ཕོངས་སྦྱིན་གཏོང་གཟབ། །སྡིག་བཅད་དགེ་སྒྲུབ་ བསྙུང་གནས་འབད། །སྐྱབས་འགྲོ་སྒྲོལ་མ་མ་ཎིརྣམས། །མང་འཚོགས་སྐབས་སྐབས་འདུས་ ནས་འདོན། །འཁྲུག་རྩོད་ནད་སྣ་ཀུན་ཞི་ནས། །བདེ་སྐྱིད་ལྡན་ཞིང་ཆོས་སྤྱོད་འཕེལ། །༼༤༽ ཁྱད་པར་གཞི་ཕྱྭའི་མོ་ལ་ནི། །རྒན་པ་རྣམས་ལ་ཤིན་ཏུ་བཟང༌། །ཁྱིམ་ས་མོ་ས་གཉིས་ལ་ 6-1-133 བཟང༌། །རྟ་ནོར་ལུག་ལ་དམར་ངོ་ཆེ། །རྐུན་མ་སྤྱང་ཀི་གང་རུང་སྡང༌། །དགྲ་མནན་ཇག་ འཆིང་བྱས་ན་ལེགས། །ཀུན་མཁྱེན་རྣམ་ཐར་གྲངས་མང་བཀླག །ཆོས་འབྱུང་བཀླག་འདོན་ སོགས་ལ་འབད། །སྐྱེས་པ་དར་མའི་ས་ལ་བཟང༌། །ལོ་ཏོག་རྣམས་ལ་སད་སེར་མེད། །དོན་ ས་ཆེ་ཆུང་གང་ཡིན་རུང༌། །འབད་པར་བྱས་ན་འགྲུབ་པ་ཡིན། །༼༥༽ བུ་རྒྱུད་མོ་ལ་འདི་ལྟ་ སྟེ། །བུ་རྒྱུད་མེད་ན་བུ་མོ་འབྱུང༌། །ཕུར་བསྙེན་འབུམ་བཅས་སྲི་མནན་བྱ། །འདུ་ཁང་མཆོད་ རྟེན་འཁོར་ཁང་རྣམས། །སྤང་ཚགས་ས་བླུགས་ཞལ་བ་བྱ། །ས་རྩི་སྔོ་སེར་དཀར་དམར་ བྱུགས། །བུ་རྒྱུད་རིགས་བཟང་སྐྱེ་བར་ངེས། །ཚེ་རིང་ནད་མེད་མི་ཕྱུགས་འཕེལ། ། ༼༦༽ ནད་པའི་མོ་ལ་ཁྱད་པར་ཡོད། །ནད་པ་ལ་ནི་ནད་གཞི་ལྕི། །རྟ་སྦྲུལ་ལོ་ལ་བཟང་ བ་ཡིན། །བྱ་སྤྲེལ་གཉིས་ལ་འགྱོད་ངོ་ཡིན། །མཁལ་རྐེད་རྐང་ལག་ན་བ་འབྱུང༌། །ས་བདག་ ཀླུ་ཡིས་གནོད་པ་ཡིན། །ས་གཉན་གནས་སུ་གཉིད་ངོ་ཤར། །དེར་གནས་གཉན་ལ་ཕོག་ དུག་སོང༌། །འཁྲུགས་བཅོས་གདོན་གྲོལ་ཆུ་གཏོར་གཟབ། །རྒྱུད་སྡེའི་བསྒྲུབ་པའི་རྡུལ་ཚོན་ གཏོར། །དེ་ལས་ལྷག་པའི་བྱ་ཐབས་མེད། །༼༧༽ དགྲ་སའི་མོ་ལ་འདི་ལྟ་སྟེ། །དགྲ་ས་ ལ་ནི་བཟང་བ་ཡིན། །དགྲ་མགོ་རེ་བས་བཏུམ་པ་ཡིན། །རྐུན་དོགས་ཅུང་ཟད་ཡོད་པ་ལ། །བསང་གསོལ་རླུང་རྟ་དགྲ་མནན་གཟབ། །དམག་ཇག་གཉིས་ཀྱི་མོ་ལ་བཟང༌། །ར་མདའི་ མོ་ལ་མི་སླེབ་ངོ༌། །གང་ཁྱེར་རྩད་ནི་ཕྱོགས་སུ་ཆོད། །བཤད་ཤེར་བྱས་པའི་མོ་ལ་ནི། །མདོ་ ཁྲི་གདུགས་དཀར་ཁྲི་འདོན་གཟབ། །རྐུན་མ་ལྷོ་དང་ལྷོ་ནུབ་མཚམས། །རྩད་གཅོད་དྲག་པོ་ བྱས་ན་ནི། །མི་ཡིས་རིག་ཟེར་བཤད་ནས་འོང༌། །ཞུ་གནང་མོ་ལ་བཟང་ངོ་ཡིན། །མདུན་ གྲོས་བྱས་པའི་མོ་ལ་ནི། །མང་པོར་བཤད་མཐར་འགྲིག་པ་ཡིན། །༼༨༽ ཁྱད་པར་མགྲོན་ པོའི་མོ་ལ་ནི། །མགྲོན་པོར་ཕར་འགྲོ་རེ་ཞིག་འགྱང༌། །ཉི་ཤར་དུས་སུ་བཀྱགས་ན་བཟང༌། །བོར་སྟོར་ཕྲན་ཚེགས་ཡོད་པའི་ངོ༌། །ཚོང་ཕྱྭ་བཟང་དང་ཁེ་སྤོགས་ཡོད། །ཚུར་འོང་མྱུར་བར་ 6-1-134 མ་སླེབ་ན། །སྐད་ཆ་མྱུར་དུ་ཐོས་པ་འདྲ། །༼༩༽ བོར་སྟོར་བྱུང་བའི་མོ་ལ་ནི། །ལྷོ་ཕྱོགས་རི་ ལུང་སྐེད་པའམ། །ཤིང་དང་གད་པ་ཡོད་ས་ནས། །རྩད་གཅོད་བྱས་ན་རྙེད་པ་ཡིན། །ཡང་ ན་གཞན་གྱིས་རིག་ཟེར་སྐད། །ཕྲན་ཚེགས་བོར་བའི་མོ་ལ་ནི། །ཐག་ཉེ་སྒོ་དམ་ཕྱི་ནང་ མཚམས། །ལབ་ལོབ་གསེབ་དང་འགྲོ་ཕྱོགས་ཀྱི། །ས་དེར་ཡོད་པའི་རྙེད་པ་ཡིན། །༼༡༠༽ གདོན་རྫས་ཡོད་མེད་མོ་ལ་ནི། །རྒྱལ་གདོན་ཆེ་བ་ཅན་གྱི་རྫས། །ཉི་ཤར་འབྲུག་གི་དུས་སུ་ ནི། །དམར་སེར་གྲུ་བཞི་མཚོན་ཆ་དང༌། །རས་ཕྲུག་ཐེར་གོས་གང་ཡང་རུང༌། །ཡང་ན་སྣོད་ དང་ཟས་དམར་སོགས། །ལྷོ་ཕྱོགས་ས་ནས་འོང་བ་ཡིན། །བན་བོན་གང་ཡང་རུང་བ་ཡི། །ལག་པ་གཡས་ཕྱོགས་རྟགས་ཅན་དང༌། །རྟ་དམར་ཅན་གྱི་ལག་ནས་བླངས། །ཁྱིམ་གྱི་བར་ རྐེད་མཚམས་སུ་བཞག །ཡང་ན་དམར་པོ་སེར་པོ་སོགས། །ནད་པ་རང་གི་ལུས་ལ་ཡོད། །དེ་ ལ་རྒྱལ་གདོན་འཁྲི་བ་ཡིན། །སྲོད་ཐུན་གཉིས་པ་ཕག་གི་དུས། །ནད་ཀྱི་གཞི་ནི་འབྱུང་བ་ ཡིན། །རྟ་བསྙེན་ཕུར་བསྙེན་རྟ་མགྲིན་དང༌། །གདོན་གྲོལ་འཁྲུགས་བཅོས་སིདྡྷི་དང༌། །པད་ འབྱུང་ཀུན་མཁྱེན་རྣམ་ཐར་བཀླག །སྲོག་ཕྱྭ་ལ་ནི་སྲོག་སྐྱོན་མེད། །༼༡༡༽ སྐྱེ་བ་གང་བླང་ མོ་ལ་ནི། །མི་སྐྱ་བྱིས་པ་བུད་མེད་ཀྱི། །ཁྱིམ་ལ་ཨ་མཆོད་བཞག་ནས་ནི། །དམ་པ་གོང་མའི་ རྣམ་ཐར་བཀླག །ཡོན་འབུལ་བསྔོ་བ་གཟབ་ལྡན་བྱ། །དབང་གསུར་དུང་ཡོན་སྣ་ཚོགས་ བཅོལ། །དེ་མིན་རང་གིས་སྒྲིབ་སྦྱང་འབད། །ལྷ་མིན་སྲིན་པོའི་ལྷ་རུ་སྐྱེ། །དེ་དག་བྱས་པའི་ ཆོས་ཀྱིས་ནི། །རྒྱ་གར་ཡུལ་གྱི་མི་ལུས་དང༌། །བཙུན་མར་སྐྱེས་དང་མཐོ་རིས་ཀྱི། །གོ་འཕང་ ཙམ་ཞིག་འཐོབ་པར་འགྱུར། །ཡང་ན་དགེ་སློང་ཚུལ་ལྡན་དང༌། །དགེ་ཚུལ་གང་རུང་ཞིག་ ཏུ་སྐྱེ། །ཡང་ན་བཤད་སྒྲུབ་ཟུང་འབྲེལ་ངང༌། །དུས་རྒྱུན་ཆོས་སྤྱོད་བཅུ་པོ་སྤྱོད། །བླ་མཆོད་ གཏོར་བསྔོ་སྔོན་འགྲོ་སོགས། །འབད་ན་ཤམྦྷ་ལ་རུ་འགྲོ། ༼༡༢༽ རེ་ཆགས་ཡོད་མེད་མོ་ལ་ ཡང༌། །ཏཱ་བབ་ལྗང་གུའི་རིགས་ལ་ཆགས། །གོས་དར་རས་ཕྲུག་ཡིན་ན་ཐང༌། །དགེ་འདུན་ 6-1-135 རྣམས་ལ་གུང་ཚིགས་དང༌། །རྟེན་གསུམ་ཞིག་རལ་སླར་གསོ་དང༌། །ཞལ་བ་སྤང་ཚགས་ས་ བླུགས་དང༌། །དཀར་བཀྱེ་མར་མེ་ཡོན་ཆབ་དང༌། །སྤོས་ཕྱག་ལ་སོགས་ཚོགས་བསགས་བྱ། །འདི་ཕྱི་གཉིས་སུ་བདེ་ངོ་ཤར། ། ༈ རེ་བབ་གཡུ་ཡི་ལྗོན་ཤིང་ཡིན། །དྲི་བཟང་འབྲས་བུའི་ནམ་མཁའ་ཁྱབ། །འཁོར་ལོས་ བསྒྱུར་རྒྱལ་མོ་ལྷ་ཡིན། །༼༡༽ བསྟན་དགོན་སྤྱི་ཡི་མོ་ལ་ཡང༌། །ལྷ་སྲུང་མཆོད་གསོལ་ཆག་ པའི་ངོ༌། །སྲུང་མ་མཆོད་དང་བསང་གསོལ་གཟབ། །སྒྲོལ་མའི་ཀ་འཛུགས་རླུང་རྟ་བཙུགས། །དམ་པའི་ཆོས་ཀྱི་བྱ་བ་ལ། །མདོ་གདུགས་སྒྲོལ་གསུམ་བཀླག་ཆོག་བཅས། །ཀུན་མཁྱེན་ སྒྲོལ་མའི་ཁྲི་མཆོད་ཟབ། །ཀུན་མཁྱེན་ཚོགས་འབུམ་བྱེ་བ་དང༌། །རྣམ་ཐར་གྲངས་མང་ འདོན་པར་བྱ། །པད་འབྱུང་རྣམ་ཐར་བཀའ་གཏེར་དང༌། །དུས་འཁོར་ཆོ་ག་སྟོང་བསྒྲུབ་ན། །ཆོས་སྲིད་གཉིས་ཀའི་བྱ་བ་ལ། །ལེགས་པར་མི་འགྲུབ་གང་ཡང་མེད། །༼༢༽ བླ་སྤྲུལ་སེར་ མོའི་མོ་ལ་ཡང༌། །རིག་གནས་བཅུ་ཕྲག་གནད་དུ་བསླབ། །ཁྱད་པར་མདོ་སྔགས་སོགས་ ལ་འབད། །དེ་འབྲས་གཞན་ཕན་ཆེ་བ་འབྱུང༌། །བསྟན་འགྲོའི་དོན་ཆེན་ངང་གིས་འགྲུབ། །རིམ་གྲོར་བར་ཆད་ལམ་སེལ་དང༌། །སྔོན་འགྲོ་བླ་མཆོད་གཏོར་ཆོག་རྒྱུན། །ཁྱད་པར་ཡི་ དམ་བསྐྱེད་བཟླས་གནད། །བཀླག་ཆོག་དང་བཅས་ཡིག་བརྒྱ་དང༌། །རྟེན་སྙིང་བཀླག་ཆོག་ སོགས་ལ་འབད། །ལས་འབྲས་སྤང་བླང་གནད་དུ་ཆེ། །བཀའ་བསྟན་བླུ་བཞེངས་སོགས་ ལ་འབད། །༼༣༽ ཚོ་སྡེ་སྤྱི་ཡི་མོ་ལ་ནི། །ཕན་ཚུན་འཐབ་ཅིང་རྩོད་གཞི་བསླང༌། །ཇག་རྐུན་ རི་དྭགས་བཤོར་ལ་འབད། །སྲོག་གཅོད་མི་དགེ་སྤྱོད་གྱུར་ན། །ད་ལྟ་ཉིད་ནས་མངོན་སུམ་ དུ། །སྡུག་བསྔལ་བཟོད་མི་ཐུབ་པ་འབྱུང༌། །ཚེ་ཐུང་ནོར་ཕྱུགས་གོད་ཁ་སྡང༌། །དབུལ་ཞིང་ མི་འདོད་སྣ་ཚོགས་འབྱུང༌། །ཉེས་ཚོགས་མ་ལུས་འབད་ནས་སྤངས། །ལུས་ངག་ཡིད་གསུམ་ དགེ་བར་བསྐུལ། །སྒྲིབ་སྦྱང་ཚོགས་བསགས་གནད་དུ་དབབ། །དེ་ལྟར་འབད་ན་བདེ་ཞིང་ 6-1-136 སྐྱིད། །དེ་མིན་འདིཕྱི་གཉིས་ལ་སྡུག །ཕྱི་མར་སྡུག་བསྔལ་མཐའ་མེད་འབྱུང༌། །ཐེ་ཚོམ་མེད་ པར་རྒྱལ་བའི་གསུང༌། །༼༤༽ ཁྱད་པར་གཞི་ཕྱྭའི་མོ་ལ་ནི། །གཞིཕྱྭ་ལ་ནི་བདེ་བའི་ངོ༌། །སྒྲོལ་ མའི་གཡང་སྒྲུབ་ཀ་འཛུགས་འདོན། །ཀུན་མཁྱེན་ཚོགས་འབུམ་རྣམ་ཐར་བཀླག །ཕོ་ས་ཁྱིམ་ ས་མོ་ཡི་ས། །རྟ་ནོར་ལུག་གསུམ་ས་ལ་ཡང༌། །སྒྲོལ་མའི་གཡང་སྒྲུབ་སྒྲོལ་རྒྱུད་འདོན། །ཇོ་ ཕུར་སྲི་མནན་རྫ་འཛབ་དང༌། །ཚེ་སྒྲུབ་འཆི་བླུ་ཚེ་དབང་ཞུ། །གསུར་འབུམ་མ་ཎི་གྲངས་མང་ འདོན། །དེ་ལས་བཟང་བ་གཞན་མི་དགོས། །ལོ་ཏོག་མོ་ལ་བཟང་ཡིན་ཀྱང༌། །བསང་གསུར་ མ་ཎི་གྲངས་མང་དགོས། །ཚེགས་ངོ་ཅུང་ཟད་བབ་པའི་མོ། །བསྙུང་གནས་ཕྱག་སྐོར་ཚོགས་ བསགས་བྱ། །དོན་ཆེན་གཞན་དང་བསྡོང་ན་ནི། །རེ་ཞིག་འགོར་ནས་འགྲུབ་པ་ཡིན། །དོན་ ཆུང་ཡིན་ན་འགྲུབ་པར་དཀའ། །༼༥༽ བུ་རྒྱུད་མོ་ལ་འདི་ལྟ་སྟེ། །བྱིས་པ་ཡོད་ན་ན་ངོ་ཡོད། །ཡང་ན་ཆུང་རིགས་ཀུན་ལ་ཡང༌། །ཅུང་ཟད་རྩུབ་ཅིང་མནོལ་བསང་བྱ། །རྣམ་འཇོམས་སྟོང་ ཁྲུས་བྱས་ན་ལེགས། །ཚེ་སྒྲུབ་འཆི་བླུ་ཚེ་དབང་ཞུ། །ཚེ་བླུ་གྲངས་མང་གནད་དུ་ཆེ། །བྱིས་པ་ ཡོད་མེད་བརྟགས་པ་ནི། །ས་དང་ཆུ་ཡི་སྤར་ཁ་ལ། ཚ་འབུམ་ཕུར་བའི་རྡོ་འབུམ་དང༌། །མ་ ཎི་ཇོ་དར་ལུས་ཚད་བཙུག །ཚེ་ཐར་སྲོག་བླུ་ཉ་གྲོག་སྦྱིན། །ལམ་འཕྲང་བསལ་དང་ཟམ་པ་ གསོ། །དེ་མིན་རྟེན་ལ་ཞིག་གསོ་དང༌། །སྤང་ཚགས་ཞལ་བ་དཀར་ཆབ་གསོལ། །སྤོས་དང་ མར་མེ་ཆུ་མཆོད་རྣམས། །གྲངས་མང་བྱས་ན་ལེགས་པའི་རྟགས། །བྱིས་པ་རིགས་བཟང་སྐྱེ་ བར་ངེས། །༼༦༽ ནད་པའི་མོ་ཡི་ཁྱད་པར་ནི། །ནད་ལ་གེགས་རྩུབ་ཆེ་བ་ཡིན། །བྱ་སྤྲེལ་ལོ་ བ་ཡིན་ན་བཟང༌། །རྟ་སྦྲུལ་ལོ་བ་ཞག་གསུམ་གེགས། །ལྕི་ཞིང་ཚད་པའི་ནད་རྣམས་འབྱུང༌། །གྲིབ་དང་སྟེང་གདོན་གནོད་པ་ཡིན། །ཡང་ན་གོས་གྲིབ་ཡིན་ན་ཐང༌། །རང་གི་གཉེན་དང་ ཉེ་རིང་ཕྱོགས། །ཚེ་འདས་རེ་ཆགས་ཡོད་པའི་ངོ༌། །དབང་གསུར་མ་ཎི་སཏྭཱ་འདོན། །དམ་ པའི་རྣམ་ཐར་གྲངས་མང་བཀླག །གསུང་འབུམ་སྣ་ཚོགས་བཞེངས་བླུ་དང༌། །རབ་ན་བཀའ་ 6-1-137 བསྟན་བཞེངས་བླུ་བྱ། །༼༧༽ དགྲ་སའི་མོ་ལ་འདི་ལྟ་སྟེ། །དགྲ་རྐུན་མེད་ཅིང་བདེ་བར་ གནས། །བོར་སྟོར་ཡོད་པས་གཟབ་པར་མཛོད། །ད་ལྟའི་སྐབས་སུ་འུར་ངོ་བབ། །སྐྱོན་ནི་ཅི་ ཡང་མེད་ངེས་ཡིན། །དམག་ཇག་མོ་ལ་ཁྲག་ངོ་བབ། །ར་མདའི་མོ་ལ་མི་སླེབ་ངོ༌། །བཤད་ ཤེར་བྱས་ན་འདྲ་བ་ཡིན། །རྐུན་མ་ནུབ་དང་ནུབ་བྱང་མཚམས། །མྱུར་དུ་རྩད་ནི་མི་ཆོད་ངོ༌། །བསྐང་གསོལ་བསྐང་ཁྲི་བཟློག་ཁྲི་གཟབ། །ཐ་མ་ཁ་དགའ་བཟང་བར་ངེས། །ཞུ་གནང་ མོ་ལ་བཤད་གཏམ་ངོ༌། །ཇག་པར་སོང་ན་ལོན་པ་ཡིན། །མདུན་གྲོས་མོ་ལ་འགྲིག་ངོ་བབ། །༼༨༽ ཁྱད་པར་མགྲོན་པོའི་མོ་ལ་ནི། །མགྲོན་པོ་ཕར་འགྲོ་བཤོལ་ངོ་བབ། །ཉི་དྲོས་དུས་ སུ་བཀྱག་ན་བཟང༌། །ཚོང་ཕྱྭ་ལ་ནི་བཟང་བ་ཡིན། །མགྲོན་པོ་ཚུར་འོང་གཞི་ནས་བཀྱགས། །ལམ་དུ་ཅུང་ཟད་ཞུགས་ངོ་ཡིན། །ཡང་ན་བོར་སྟོར་བྱུང་ན་ཐང༌། །བཤད་གཏམ་དམར་ངོ་ བབ་པའི་ངོ༌། །དོན་ཤོར་མེད་དེ་འགོར་བའི་ངོ༌། །ཐག་ཉེའི་མགྲོན་པོ་གཞི་མ་བཀྱག །མདོ་ དང་གདུགས་བཟློག་སེང་བཟློག་དང༌། །བསང་དང་གསོལ་མཆོད་གཟབ་པར་བྱ། །༼༩༽ བོར་སྟོར་བྱུང་བའི་མོ་ལ་ནི། །ནུབ་ཕྱོགས་ཆུ་དང་ལུང་བའི་རྒྱུད། །བཙལ་ན་རང་གིས་མི་རིག་ སར། །གཞན་གྱི་ཡུལ་ནས་ལོན་ན་ཐང༌། །ཡོད་ཀྱང་ཚེགས་ངོ་མང་པོ་འདུག །གཞན་ལ་དྲིས་ ནས་རྩད་བཅད་ན། །ཡུན་རིང་དལ་གྱིས་རྙེད་ན་ཐང༌། །དོན་ཆུང་བོར་བའི་དོན་ལ་ནི། །ཐག་ ཉེའི་ཕྱོགས་དང་རང་གི་ཟུར། །ཡོད་དེ་གཞན་གྱིས་རྙེད་པའི་ངོ༌། །རང་གི་མི་རྙེད་བབ་པའི་ མོ། །༼༡༠༽ གདོན་རྫས་ཡོད་མེད་མོ་ལ་ནི། །ཉི་དྲོས་སྦྲུལ་གྱི་དུས་སུ་ཡང༌། །ནུབ་ཀྱི་ཕྱོགས་ ནས་འོང་བ་ཡིན། །གཉེན་དང་ཉེ་བ་མཛའ་བཤེས་སོགས། །ལག་པ་གཡོན་པར་རྟགས་ཅན་ གྱི། །ལག་ནས་བླང་པའི་གོན་པ་དང༌། །མིན་ན་སྔོན་པོ་ནག་པོའི་རིགས། །ཡང་ན་ཐབ་ཀའི་ ཕྱོགས་སུ་ཁྱེར། །རྫས་ནག་ཐབ་ཆའི་རིགས་རྣམས་ལ། །དེ་ལ་གྲིབ་དང་སྟེང་གདོན་འདུག །སྲོད་ཐུན་གསུམ་པ་བྱི་བའི་དུས། །ལུས་ལ་ཟུག་མི་བདེ་བ་འབྱུང༌། །གདུགས་དཀར་རྣམ་ 6-1-138 འཇོམས་ཁྲི་འདོན་དང༌། །མ་ཎི་ཡིག་བརྒྱ་གསུར་བསྔོ་བྱ། །སྒྲོལ་མ་ཁྲི་མཆོད་དབང་ཆོག་ རེམ། །སྨན་ལྷའི་ཆོ་ག་མཆོད་བཅས་གཟབ། །སྨན་དང་རིམ་གྲོ་གཟབ་ལྡན་བྱ། །ཞག་གསུམ་ འཕྲོ་ནས་ཁ་དགའ་ཡོད། །སྲོག་ཕྱཱ་ལ་ནི་མི་སྐྱོན་ངོ༌། །༼༡༡༽ སྐྱེ་སྲིད་གང་བྱུང་མོ་ལ་ནི། །མི་ སྐྱ་བྱིས་པ་བུད་མེད་ནི། །ཁ་ཏོན་ཕྱག་སྐོར་ལ་སོགས་འབད། །སེམས་ཅན་མང་པོའི་སྲོག་བླུ་ བྱ། །བུད་མེད་ཡིན་ན་ཕ་མ་ལ། །བརྩེ་ཞིང་བཀུར་བ་ཚད་མེད་བྱ། །མ་ཎི་དུང་ཕྱུར་ཕྱག་སྐོར་ ཁྲི། །ཡང་ན་གསུང་འབུམ་གསུང་རབ་བཞེངས། །མཆོད་ཆུ་མར་མེ་གྲངས་མང་བྱ། །དགེ་བ་ བྱས་པས་མི་ཡུལ་དུ། །བཙུན་ཆུང་ཚུལ་ཁྲིམས་ལྡན་པ་ཐོབ། །ཡང་ན་ལོངས་སྤྱོད་ཆེ་སར་སྐྱེ། །ཆོས་ལ་དགའ་བའི་མི་རུ་སྐྱེ། །ལུས་རྟེན་བདུན་ལྡན་ཚང་བ་ཐོབ། །༼༡༢༽རེ་ཆགས་ཡོད་ མེད་མོ་ལ་ཡང༌། །རེ་བབ་སྔོན་པོའི་རིགས་ལ་ཆགས། །ལྕགས་ཆ་གོ་མཚོན་ཡིན་ན་ཐང༌། །དེ་ མིན་ཉེ་བ་མཛའ་བཤེས་སོགས། །གང་ཡིན་པ་ལ་ཆགས་ངོ་བབ། །དབང་སྟོང་གསུར་འབུམ་ མ་ཎི་འདོན། ། ༈ ཏཱྃཿབབ་རྒྱ་མཚོ་ཆེན་པོ་ཡི། །རྦ་རླབས་ཀུན་ནས་གཡོ་བ་ཡིན། །སྲིན་པོ་རྒྱལ་པོའི་མོ་ ལྷ་མཛད། །༼༡༽ བསྟན་དགོན་སྤྱི་ཡི་མོ་ལ་ཡང༌། །ལྷ་ངོ་ཤིན་ཏུ་དམའ་བར་འདུག །ལྷ་སྲུང་ བརྩོག་མནོལ་ཤོར་བའི་མོ། །ལྷ་དང་སྲུང་མ་འཁྲུགས་ངོ་བབ། །ལྷ་སྲུང་འཁྲུགས་པའི་གཡང་ ལྷ་ཉམས། །གཡང་སྒྲུབ་རི་ཁྲུས་གསོལ་མཆོད་གཟབ། །བུམ་གཏེར་རི་ཁྲུས་ལྷ་ཆབ་བྱ། །དགྲ་ མནན་ཇག་འཆིང་འཁོན་པ་བསྡུམ། སེང་གདོང་བཟློག་སྟོང་མདོ་གདུགས་འབད། །ཁྱད་ པར་ཆོས་ཀྱི་བྱ་བ་ལ། །གང་མང་བསྒྲུབ་ན་བདུད་ཀྱིས་འཚེ། །མདོ་དང་སྒྲོལ་མ་མང་དུ་རེམ། །བར་ཆད་ལམ་སེལ་ཚོགས་འབུམ་འདོན། །རྟ་སྒྲུབ་འཕང་མནན་སྲེག་གསུམ་བྱ། །དེ་བཞིན་ ཕུར་བའི་སྒྲུབ་ཆེན་གནད། །དྲུག་ཅུ་ལྷ་བརྒྱད་རིགས་བརྒྱ་བསྔོ། །ཡོན་ཆབ་མེ་ཏོག་བདུག་ སྤོས་དང༌། །མར་མེ་ཞལ་ཟས་གྲངས་ལྡན་གྱི། །ཀུན་མཁྱེན་ཁྲི་མཆོད་ཚོགས་འབུམ་དང༌། 6-1-139 །སྒྲོལ་མ་ཁྲི་མཆོད་རྣམ་རྒྱལ་ཁྲི། །བཀླག་ཆོག་དང་བཅས་ཡིག་བརྒྱ་དང༌། །རྟེན་སྙིང་བྱེ་བ་རེ་ རེ་སྒྲུབས། །མཆོད་བསགས་གྲངས་མང་དག་ལ་འབད། །༼༢༽ བླ་སྤྲུལ་སེར་མོའི་མོ་ལ་ནི། །ལྷ་ངོ་དམའ་ཞིང་ལྷ་སྲུང་འཁྲུགས། །ཉམས་ཆག་ཆེ་བས་བརྩོག་མནོལ་ཤོར། །བཀླག་ཆོག་ དང་བཅས་ཡིག་བརྒྱ་ཡང༌། །བྱེ་བ་དུ་མར་འབད་པར་སྒྲུབས། །གཡང་ལྷ་ཉམས་ཤིང་གཡང་ སྒྲུབ་འདོན། །རི་ཁྲུས་གསོལ་མཆོད་ལྷ་ཆབ་གྲངས། །མང་པོར་བུམ་གཏེར་དགྲ་མནན་དང༌། །ཇག་འཆིང་འཁོན་བསྡུམ་འབད་པར་བྱ། །སེང་གདོང་བཟློག་སྟོང་མདོ་གདུགས་འབད། །ཁྱད་པར་ཆོས་ཀྱི་བྱ་བ་ལ། །བར་ཆད་ལམ་སེལ་ཚོགས་འབུམ་འདོན། །བསྐྱེད་རིམ་གང་ མང་དག་ལ་འབད། །ཡོན་ཆབ་མེ་ཏོག་བདུག་སྤོས་དང༌། །མར་མེ་ཞལ་ཟས་ཁྲི་ཕྲག་འབུལ། །སྒྲིབ་སྦྱང་ཚོགས་བསགས་རྒྱ་ཆེར་བྱ། །༼༣༽ ཚོ་སྡེ་སྤྱི་ཡི་མོ་ལ་ནི། །ལྷ་ངོ་དམའ་ཞིང་ལྷ་སྲུང་ འཁྲུགས། །བསྐང་གསོལ་བསྐང་ཁྲི་བཟློག་ཁྲི་འདོན། །འཁྲུགས་བསྐང་ཁྲི་དང་གཟའ་བསྐང་ ཁྲི། །ལྷ་ཆབ་གྲངས་མང་རི་ཁྲུས་བྱ། །བུམ་གཏེར་གཡང་སྒྲུབ་གདོན་གྲོལ་དང༌། །འཁྲུགས་ བཅོས་ཆུ་གཏོར་གྲངས་མང་བསྒྲུབ། །གསུར་འབུམ་ཉ་གྲོག་སྦྱིན་གཏོང་བྱ། །མ་ཎི་བསྙུང་ གནས་སོགས་ལ་འབད། །ཕྱག་སྐོར་རྟེན་བཞེངས་དུད་ཆང་བཅད། །དེ་ལྟར་བྱས་པས་རེ་ ཞིག་བདེ། །༼༤༽ གཞི་ཕྱྭ་ལ་ནི་འབྲིང་ཙམ་བབ། །མོ་གཞོན་དར་མའི་ས་ལ་འབྲིང༌། །བྱིས་ པ་ཡོད་ན་བཟང་བ་ཡིན། །ཕོ་ས་བཤད་ཁ་སྡང་ངོ་ཡོད། །སེང་གདོང་བཟློག་སྟོང་སེང་བསྙེན་ དུང༌། །མདོ་གདུགས་སྲུང་སྔགས་ཁྲི་རེ་རེ། །དུས་འཁོར་ཆོ་ག་སྟོང་ཕྲག་འདོན། །རྟ་ནོར་ལུག་ ལ་འབྲིང་ཙམ་ཡིན། །གོད་ཁ་ཆེ་བས་གཡང་སྒྲུབ་བྱ། །སྒྲོལ་རྒྱུད་ཁ་འདོན་སོགས་ལ་འབད། །བརྒྱད་སྟོང་གཟུངས་འདུས་གྲྭ་ལྔ་བཟང༌། །ཞིང་ལ་ས་བོན་བཏབ་ན་ཡང༌། །སད་དང་སེར་ བ་ཚིག་ངོ་ཡོད། །ཆར་སློང་སོགས་ལ་འབད་པ་སྟེ། །བསང་གསོལ་ཆུ་གཏོར་ཀླུ་གཏོར་བྱ། །བསྙུང་གནས་གསུར་དང་མ་ཎི་གཟབ། །ཀུན་མཁྱེན་ཁྲི་མཆོད་ཚོགས་འབུམ་དང༌། །ཡང་ 6-1-140 ན་སྒྲོལ་མཆོད་ཁྲི་དང་ཚོགས། །འབུམ་ཕྲག་སྒྲོལ་དབང་དུས་འཁོར་གྱི། །ལྷ་དགུ་དབང་སྟོང་ སོགས་ལ་འབད། །ཡུལ་ཁམས་ཀུན་གྱིས་སྒྲིབ་སྦྱང་གཟབ། །དོན་ཆེན་ཕུགས་སུ་འགྲུབ་ངོ་ ཤར། །དོན་ཆུང་ཡིན་ན་མི་འགྲུབ་ངོ༌། །༼༥༽ བུ་རྒྱུད་མོ་ལ་འདི་ལྟ་སྟེ། །བྱིས་པར་གདོན་ གྱིས་འཚེ་བ་ཡོད། །གདོན་གྲོལ་འདོན་དང་ཆུང་སྲི་བཀར། །ཇོ་ཕུར་སྲི་མནན་བསྙེན་འབུམ་ བཅས། །ཕུར་བསྙེན་ཚེ་བསྙེན་དུང་རེ་རེ། །རྣམ་རྒྱལ་ཁྲི་མཆོད་སྒྲོལ་དབང་སྟོང༌། །སྒྲོལ་རྒྱུད་ འབུམ་ཐེར་ཨ་མཆོད་དང༌། །ཡང་ན་རང་གི་ཁ་འདོན་བྱ། །དེ་ལྟར་བསྒྲུབ་ན་རེ་ཞིག་བདེ། །༼༦༽ ནད་པའི་མོ་ལ་ཁྱད་པར་ཡོད། །ནད་ཕྱྭ་ལ་ནི་འཁྲུགས་པའི་ངོ༌། །བྱི་ཕག་ལོ་བ་ཡོད་ན་ བཟང༌། །སྟག་ཡོས་ལོ་བ་ཡོད་ན་རྩུབ། །བད་ཀན་གྲང་བའི་ནད་ཀྱིས་བཟུང༌། །དུས་འཁོར་ ལྷ་དགུ་དབང་སྟོང་དང༌། །མི་འཁྲུགས་དབང་དང་སྒྲོལ་མའི་དབང༌། །སྟོང་ཕྲག་རེ་རེ་འབད་ ནས་བསྒྲུབ། །ཡང་ན་མ་ཎི་སཏྭཱ་དུང༌། །རེ་རེ་གསུར་འབུམ་སྒྲིབ་སྦྱང་འབད། །ཚེ་བླུ་སོགས་ ལ་འབད་པར་བྱ། །བཟློག་མེད་མིན་པ་ཙམ་ཞིག་དང༌། །རྟེན་འབྲེལ་ལེགས་ན་བདེ་བར་ གནས། །༼༧༽ དགྲ་སའི་མོ་ལ་འདི་ལྟ་སྟེ། །དགྲ་ཕྱྭ་ལ་ནི་དགྲ་ཆེན་མེད། །ཕྱི་ནང་གཉིས་ནས་ རྐུན་ངོ་བབ། །རང་ཡུལ་སྲུང་མ་སྡེ་བརྒྱད་མཆོད། །རི་བསང་རླུང་རྟ་དགྲ་མནན་བྱ། །དམག་ ཇག་མོ་ལ་སྟོང་ལོག་དང༌། །རྟ་ཤི་སྒ་ཆག་བྱེད་པ་ཡིན། །ར་མདའི་མོ་ལ་མི་སླེབ་ངོ༌། །བཤད་ ཤེར་བྱས་ན་ཕོ་སྟོང་བབ། །རྐུན་མ་བྱང་དང་བྱང་ཤར་མཚམས། །ས་བཙན་སྡེ་བཙན་ཡུལ་ ན་ཡོད། །རྩད་གཅོད་བྱས་རུང་མི་ཆོད་ངོ༌། །ཞུ་གནང་མོ་ལ་མི་རྙེད་ངོ༌། །ངན་ཤགས་འཐབ་ མོ་བྱེད་ངོ་ཡིན། །མདུན་གྲོས་བྱེད་པའི་བྱ་བ་ལ། །དང་པོ་འགྲིགས་ཤིང་ཐ་མ་འཐོར། །སྙིང་ འཁྱགས་ཁ་རྩོད་བྱ་ངོ་ཡིན། །༼༨༽ ཁྱད་པར་མགྲོན་པོའི་མོ་ལ་ནི། །མགྲོན་པོ་ཕར་འགྲོ་ སླེབ་ངོ་ཡིན། །དགྲ་རྐུན་ཡོད་པས་དགྲ་ཆོས་བྱ། །རྟ་ས་ཟོག་ས་ཀུན་ལ་ངན། །དཔུང་རྒྱན་ རྟ་གཟུངས་སོགས་ལ་འབད། །ཚོང་པའི་མོ་ལ་ཚོང་མི་འོང༌། །འགྱོད་ངོ་ཆེ་བ་འབྱུང་བའི་ངོ༌། 6-1-141 །ཚུར་འོང་ཡིན་ན་གཞི་མ་བཀྱག །ཕྱི་དལ་ཆེ་ཞིང་འགོར་བ་ཡིན། །ཁ་ཤགས་བཤད་གཏམ་ ཆེ་ངོ་བབ། །ཐག་ཉེ་མགྲོན་པོ་ད་ལྟ་སླེབ། །ཁ་དགའ་ངོ་འཛུམ་བྱས་ནས་འོང༌། །༼༩༽ བོར་ སྟོར་བྱུང་བའི་མོ་ལ་ནི། །བྱང་ཕྱོགས་ཆུ་འགྲམ་ཁོག་ཆེན་གཞུང༌། །རང་གི་ཉེ་བའམ་གཞན་གྱི་ མིའི། །དྲུང་ན་ཡོད་དེ་རྙེད་ངོ་བབ། །དོན་ཆུང་བོར་བ་བརྟགས་པ་ལ། །རང་ཉིད་འགྲོ་བའི་ས་ ཕྱོགས་སུ། །མཉམ་པར་མི་བཞག་ས་ཞིག་ནས། །ལེབ་ལེབ་ནག་པོ་རྟགས་ཅན་རྩར། །ཡོད་ དེ་གཞན་གྱིས་རྙེད་ངོ་ཤར། །རྩད་ཆོད་བྱས་ན་རྙེད་པ་ཡིན། །ཡང་ན་གཏན་ནས་མ་བོར་ངོ༌། །༼༡༠༽ གདོན་རྗས་ཡོད་མེད་མོ་ལ་ནི། །ཉིན་ཕྱེད་རྟ་ཡི་དུས་སུ་ཡང༌། །བྱང་གི་ཕྱོགས་ནས་ འོང་བ་ཡི། །བུད་མེད་རབས་ཆད་རྟགས་ཅན་འོང༌། །ཡང་ན་ཤི་གཤེད་གནས་ལག་ནས། །རྫས་ནག་ཐབ་ཆའི་རིགས་ཅན་དང༌། །སེར་བོ་འོད་ཅན་ལ་སོགས་གདོན། །དེ་ལ་མོ་སྲིས་ གནོད་པར་འདུག །སྲོད་ཐུན་བཞི་པ་གླང་གི་དུས། །རྨི་ལམ་ངན་པ་རྟགས་ཅན་རྨིས། །མོ་སྲི་ བཀར་དང་ཚེ་སྒྲུབ་དང༌། །འཆི་བླུ་ཚེ་བླུ་གྲངས་མང་དང༌། །ཉ་གྲོག་སྦྱིན་དང་གསུར་འབུམ་ བྱ། །ཡིག་བརྒྱ་བཀླག་ཆོག་དང་བཅས་འབད། །ཚེ་བསྙེན་དུང་ཕྱུར་བྱས་ན་ལེགས། །སྨན་ བླ་སྟོང་འདོན་སྨན་གཟུངས་བྱ། །སྨན་རྣམས་བསྟེན་ན་འཕྲོད་ངོ་བབ། །སྲོག་ཕྱྭ་ལ་ནི་མི་སྐྱོན་ ངོ༌། །ནད་ཕྱྭ་ཕུགས་སུ་ལྕི་ངོ་བབ། །༼༡༡༽སྐྱེ་སྲིད་གང་བྱུང་མོ་ལ་ནི། །དུད་འགྲོའི་གནས་སུ་ ལྷུང་བའི་ངོ༌། །བླུན་རྨོངས་སྡུག་བསྔལ་མྱོང་བ་ཡིན། །དགེ་བ་གྲངས་མང་འབད་དགོས་ཏེ། །བཀླག་ཆོག་དང་བཅས་ཡིག་བརྒྱ་འབུམ། །ཧ་ཀྵ་དུང་ཕྱུར་ཁ་ཤས་དང༌། །སེར་མོས་ཡི་དམ་ བསྙེན་པའི་གྲངས། །དུང་ཕྱུར་ཁ་ཤས་གནད་ལ་ཕབ། །ཚོགས་བསགས་སྒྲིབ་སྦྱང་སོགས་ལ་ འབད། །ཚེ་ཐར་སྲོག་བླུ་གྲངས་མང་བྱ། །དེ་བསྒྲུབ་འཛམ་གླིང་ཡུལ་དབུས་སུ། །མི་ལུས་ཆོས་ དང་ལྡན་པ་ཐོབ། །ཡང་ན་སྤྲང་བོ་ཆོས་པ་ཡོད། །ཕྱག་དང་གནས་སྐོར་བྱེད་མཁན་ཞིག །དེ་ ཡི་ལུས་རྟེན་བོར་ནས་ནི། །དེ་ནས་ཚེ་འཕོས་དཔལ་གྱི་ཞིང༌། །མཁའ་འགྲོ་རྒྱ་མཚོའི་གྲལ་དུ་ 6-1-142 ཚུད། །༼༡༢༽ རེ་ཆགས་ཡོད་མེད་མོ་ལ་ཡང༌། །ཏཱཾཿབབ་སེར་པོའི་རིགས་ལ་ཆགས། །མར་ ཆུར་ཟས་རིགས་སོགས་ལ་ཆགས། །གསུར་དང་བསྙུང་གནས་བསྔོ་སྨོན་འབད། ། ༈ སྭཱ་བབ་མེ་རི་འཁྲུགས་པ་འདྲ། །ཆེར་འབར་ཐམས་ཅད་བསྲེག་པར་བྱེད། །ཀླུ་བཙན་ རྒྱལ་པོའི་མོ་ལྷ་ཡིན། །༼༡༽ བསྟན་དགོན་སྤྱི་ཡི་མོ་ལ་ཡང༌། །ལྷ་ངོ་ཞན་ཅིང་གཡུལ་ལས་ ཕམ། །ཁ་ལས་རླུང་རྟ་ཉམས་པའི་ངོ༌། །ལྷ་སྲུང་བཙན་པོ་སྔོན་མཆོད་ན། །དེང་སང་མཆོད་ ཤུལ་ཆག་ངོ་བབ། །ཕྲག་དོག་ཆེ་བས་མི་བདེ་འོང༌། །དེ་ལ་གསོལ་མཆོད་མང་དུ་བྱ། །བསྐང་ ཁྲི་འཁྲུགས་བསྐང་དག་ལ་འབད། །རླུང་རྟ་ཀ་འཛུགས་སོགས་ལ་རེམ། །ཡང་ན་རྒྱལ་བསེན་ གནས་པ་ཅན། །འོངས་བས་ཁྱེད་ཀྱི་ཕུགས་ལྷ་ཕུད། །རྒྱལ་པོ་བཀར་དང་ཡང་ན་མཆོད། །མོ་ སྲི་བཀར་དང་རྫ་མདོས་བྱ། །ཆོས་སྤྱོད་བཅུ་ཡི་བྱ་བ་ནི། །འགྲུབ་པ་ཤིན་ཏུ་དཀའ་བའི་ངོ༌། །གདུགས་རིང་ཁྲི་འབུམ་བཀླག་ཆོག་བཅས། །དུས་འཁོར་ཆོ་ག་ཁྲི་འདོན་དང༌། །པད་འབྱུང་ རྣམ་ཐར་བཀླག་འདོན་གྲངས། །མང་འདོན་ཀུན་མཁྱེན་རྣམ་ཐར་གཟབ། །དེ་ལ་འབད་ན་ ཅུང་ཟད་ལེགས། །༼༢༽ བླ་སྤྲུལ་སེར་མོའི་མོ་ལ་ནི། །ལྷ་ངོ་ཞན་ཅིང་རླུང་རྟ་ཉམས། །ལྷ་ སྲུང་མཆོད་དང་ཀ་འཛུགས་ཟབ། །བསྐང་ཁྲི་བཟློག་ཁྲི་འཁྲུགས་བསྐང་དང༌། །བསང་དང་ རླུང་རྟ་གྲངས་མང་འབད། །དམ་པའི་ཆོས་ཀྱི་མོ་ལ་ནི། །འགྲུབ་པ་ཤིན་ཏུ་དཀའ་བའི་ངོ༌། །ཞི་དྲག་བསྐྱེད་རིམ་སོགས་ལ་འབད། །ཡིག་བརྒྱ་བསྙུང་གནས་མ་ཎི་དང༌། །གསུར་འབུམ་ གྲངས་མང་སྒྲིབ་སྦྱང་འབད། །དེ་ལྟར་བྱས་ན་རེ་ཞིག་བདེ། །༼༣༽ ཚོ་སྡེ་སྤྱི་ཡི་མོ་ལ་ནི། །ལྷ་ ངོ་ཞན་ཅིང་གཡུལ་ལས་ཕམ། །ཁ་ལས་རླུང་རྟ་ཉམས་པའི་ངོ༌། །ལྷ་སྲུང་མཆོད་དང་དཔུང་ རྒྱན་ཁྲི། །བསྐང་ཁྲི་བཟློག་ཁྲི་འཁྲུགས་བསྐང་དང༌། །ས་གནས་སོ་སོའི་ས་མིག་ཏུ། །རླུང་ རྟ་ཀ་འཛུགས་འཁྲུགས་བཅོས་འདོན། །རི་ཁྲུས་ས་བདག་སྙིང་གཏེར་དང༌། །བུམ་གཏེར་ ས་བཅོས་སྣ་ཚོགས་བྱ། །ཆུ་གཏོར་ཀླུ་གཏོར་གྲངས་མང་གཟབ། །གདུགས་རིང་ཁྲི་འབུམ་ 6-1-143 བཀླག་ཆོག་བཅས། །དུས་འཁོར་ཆོ་ག་ཁྲི་འདོན་དང༌། །པད་འབྱུང་རྣམ་ཐར་བཀླག་འདོན་ གྲངས། །མང་འདོན་ཀུན་མཁྱེན་རྣམ་ཐར་གཟབ། །དེ་ལ་འབད་ན་ཅུང་ཟད་བཟང༌། །༼༤༽ ཁྱད་པར་གཞི་ཕྱྭའི་མོ་ལ་ནི། །འདི་ཡི་མོ་ནི་འཁྲུགས་པ་ཡིན། །བུད་མེད་རྒན་རབས་དག་ལ་ རྩུབ། །སྐྱེས་བུ་དར་མ་བཤད་ཁ་སྡང༌། །ཡང་ན་མཚོན་གྱི་གྲི་ངོ་བབ། །སེང་གདོང་བཟློག་ སྟོང་མདོ་གདུགས་གཟབ། །དགྲ་ཆོས་དགྲ་བཟློག་བྱས་ན་ལེགས། །རྟ་ནོར་ལུག་ལ་གོད་ ཁ་སྡང༌། །ཆུང་གསུམ་ས་ལ་དམར་ངོ་བབ། །རྟ་གཟུངས་ནོར་གཟུངས་ལུག་གཟུངས་དང༌། །བསྐལ་བཟང་འཕགས་པ་གཡང་སྒྲུབ་བྱ། །ཁྱད་པར་སྒྲིབ་སྦྱང་རིགས་ལ་འབད། །ལོ་ཏོག་ མོ་ལ་སད་སེར་ངོ༌། །དུས་མཆོད་སྲུང་རིམ་སྔ་ན་བཟང༌། །དོན་ཆེན་དོན་ཆུང་གང་ཡང་རུང༌། །མི་འགྲུབ་ཐག་ཆོད་ཟེར་ངོ་བབ། །སྙིང་སྟོང་ཆེ་ཞིང་འགྱོད་ངོ་འབྱུང༌། །བཀྲ་ཤིས་བརྩེགས་ དང་མདོ་གདུགས་དང༌། །སྣང་བརྒྱད་བར་ཆད་ལམ་སེལ་གཟབ། །རིམ་གྲོ་དེ་ལྟར་བྱས་པ་ ཡིས། །ཅུང་ཟད་འགྱང་ཡང་རིམ་པར་འགྲུབ། །༼༥༽ བུ་རྒྱུད་མོ་ལ་འདི་ལྟ་སྟེ། །བྱིས་པ་ལ་ ནི་ངན་པ་བབ། །སྒྲོལ་མ་འབུམ་དང་གཡང་སྒྲུབ་དང༌། །རྣམ་རྒྱལ་ཁྲི་མཆོད་སྒྲོལ་རྒྱུད་ཁྲི། །ཙཀྲ་བཅུ་གསུམ་ཀེག་བཟློག་འདོན། །ཁྱད་པར་བྱིས་པ་ཡོད་མེད་ལ། །ལག་ལེན་ཐེབ་པའི་ སྲུང་འཁོར་བླུ། །ཕ་མ་སྔོན་བསགས་མ་ཚང་བས། །ཀླུ་ལ་བུམ་གཏེར་བཞག་པ་དང༌། །ཆུ་ གཏོར་གྲངས་མང་བྱས་པ་དང༌། །ས་བཅུ་བརྒྱ་འདོན་ཙམ་བྱས་ན། །ཀླུ་ཡི་དངོས་གྲུབ་འབྱུང་ བ་ཡིན། །བུ་མོ་རེ་ཙམ་ཡོད་ན་ཐང༌། །ཇོ་ཕུར་བསྙེན་འབུམ་སྲི་མནན་དང༌། །སྒྲོལ་མ་འབུམ་ དང་གཡང་སྒྲུབ་འདོན། །རྣམ་རྒྱལ་ཁྲི་མཆོད་སྒྲོལ་ཁྲི་མཆོད། །རྟེན་མཆོག་ཞིག་གསོ་རྟེན་ གསུམ་ཁང༌། །སྤང་ཚགས་ཞལ་བ་དཀར་ཆབ་གསོལ། །བུ་མོ་བུ་རུ་འགྱུར་ནས་སྐྱེ། །༼༦༽ ནད་པའི་མོ་ལ་ཁྱད་པར་ཡོད། །ནད་ཕྱྭ་ལ་ནི་ཤིན་ཏུ་རྩུབ། །ཁྱི་འབྲུག་ལོ་ལ་བཟང་བ་ཡིན། །གླང་ལུག་ལོ་བ་ཡིན་ན་འཁྲུགས། །མཁྲིས་པའི་ནད་ཚབས་ཆེན་པོས་བཅིངས། །ཐབ་གཞོབ་ 6-1-144 བཙོག་མནོལ་བྱས་པ་ཡིས། །བཙན་ལ་ཕོག་དུག་སོང་བ་འདྲ། །མདོ་གདུགས་སྒྲོལ་གསུམ་ གྲངས་མང་འདོན། །པདྨའི་རྣམ་ཐར་བཀའ་གཏེར་ཟབ། །བཙན་མཆོད་བཙན་མདོས་བྱས་ ན་བཟང༌། །༼༧༽ དགྲ་སའི་མོ་ལ་འདི་ལྟ་སྟེ། །དགྲ་ཕྱྭ་ལ་ནི་དགྲ་ངོ་བབ། །སྒོ་ཕྱི་མཚམས་ ནས་དགྲ་རྐུན་སྡང༌། །བསྐང་གསོལ་འཁྲུགས་བསྐང་བྱས་ན་བཟང༌། །གཅན་གཟན་འབྱུང་ བཞིའི་དགྲ་ངོ་བབ། །དམག་ཇག་ཕར་འགྲོ་མོ་ལ་བཟང༌། །དགྲ་ཡི་རྒྱུ་ནོར་རང་གིས་ལོན། །དགྲ་ངོབབ་པའི་བསང་མཆོད་བྱ། །ར་མདའི་མོ་ལ་སྟོང་ལོག་འདུག །ཞེ་འགྱོད་ཁ་འཁྱགས་ བཤད་ངོ་ཡོད། །བཤད་ཤེར་བྱས་ན་རང་ཡང་ཕམ། །མི་ཁ་འཕྱ་བཞད་བྱེད་ངོ་བབ། །རྐུན་མ་ རང་གི་རྩ་ན་ཡོད། །རྩད་ཆོད་བྱས་རུང་མི་ཆོད་ངོ༌། །ཞུ་གནང་ཞུ་ས་མི་རྙེད་ངོ༌། །མདུན་གྲོས་ བྱེད་ན་མི་འགྲིག་ངོ༌། །༼༨༽ ཁྱད་པར་མགྲོན་པོའི་མོ་ལ་ནི། །མགྲོན་པོ་ཕར་འགྲོ་མྱུར་དུ་ སླེབ། །དམར་ངོ་ཆེ་ཞིང་འུར་ཟིང་ཆེ། །དོན་ཤོར་ཅུང་ཟད་འབྱུང་ན་ཐང༌། །བསང་གསོལ་མདོ་ གདུགས་སྒྲོལ་གསུམ་འབད། །ཕྱེད་ཡོལ་དུས་སུ་སོང་ན་བཟང༌། །ཚོང་ཕྱྭ་ལ་ནི་ཕམ་པའི་ངོ༌། །མགྲོན་པོ་ཚུར་འོང་བརྟགས་པ་ལ། །ད་རུང་མི་འོང་ཐག་ཆོད་ཡིན། །ཐག་ཉེ་ཡིན་ན་གཞི་ མ་བཀྱག །༼༩༽ བོར་སྟོར་བྱུང་བའི་མོ་ལ་ནི། །ཐག་ཉེ་ཉི་མ་ནུབ་ཀྱི་ཕྱོགས། །གད་པའམ་ ས་མདོག་དམར་པོའི་སར། །མྱུར་དུ་བཙལ་བར་མ་བྱས་ན། །ཅུང་ཟད་འགོར་ན་མི་རྙེད་ངོ༌། །དོན་ཆུང་བོར་བར་བརྟགས་པར་བྱ། །རྒྱུ་འགྲུལ་མང་པོའི་རྩ་རུ་ན། །ཡོད་ཀྱང་ཐེབས་རེ་མི་ རྙེད་ངོ༌། །མིན་ན་གཞན་གྱིས་འཁྱེར་ངོ་བབ། །༼༡༠༽ གདོན་རྫས་ཡོད་མེད་མོ་ལ་ནི། །ཕྱེད་ ཡོལ་ལུག་གི་དུས་སུ་ཡང༌། །སྲིན་པོ་ཐེའུ་རང་གནས་པ་ཡི། །སྐྱེ་བོ་བན་བོན་གང་ཡང་རུང༌། །ཐག་ཉེའི་ཕྱོགས་སུ་ཡོད་པ་ཡི། །རྐང་ཐང་གོས་ནག་ཅན་གྱི་རིགས། །ལག་ནས་བླངས་པའི་ ཆག་གས་ཅན། །ཡང་ན་རི་མོ་ཅན་ཞིག་དང༌། །ཤ་དམར་ལྤགས་དམར་ཡིན་ན་ཐང༌། །མིན་ ན་དམར་པོ་འོད་ཅན་ཞིག །ནད་པ་རང་གིས་རིག་ངོ་བབ། །དེ་ལ་གྲི་གཤེད་འཁོར་བ་ཡིན། 6-1-145 །སྲོད་ཐུན་ལྔ་པ་སྟག་གི་དུས། །ནད་པའི་བླ་ནི་འཁྱམས་ངོ་བབ། །རྟ་མགྲིན་ཕུར་བསྙེན་ཚེ་ བསྙེན་དང༌། །སེང་བསྙེན་ཧ་ཀྵ་དུང་རེ་རེ། །མདོ་གདུགས་གང་རུང་ཁྲི་རེ་རེ། །ཚེ་སྒྲུབ་སྟོང་ ཆོག་འཆི་བླུ་དང༌། །བཀའ་ཆོས་འདོན་དང་ཤི་སྐད་སྒྲོགས། །རྟ་ཕྱག་ཁྱུང་གསུམ་རྗེས་གནང་ དང༌། །ཟམ་པ་གསོ་དང་ལམ་འཕྲང་བསལ། །སྨན་བླ་འབུམ་མཆོད་མཆོད་གྲངས་འབུམ། །སྨན་དང་རིམ་གྲོས་བཟློག་ཡང་སྲིད། །ཡང་ན་ཕ་ཡུལ་སྤང་ནས་ནི། །ཕྱག་དང་བསྐོར་བ་ དག་ལ་འབད། །སྨན་ནི་འཐུང་ཀྱང་མི་འཕྲོད་ངོ༌། །སྲོག་ཕྱྭ་ལ་ནི་འཆི་ངོ་བབ། །༼༡༡༽ སྐྱེ་ བ་གང་བླང་མོ་ལ་ནི། །སྲོག་ཆགས་བསད་པའི་མོ་ཞིག་བབ། །ཡི་དྭགས་གནས་སུ་སྐྱེ་བ་ཡི། །བཀྲེས་སྐོམ་སྡུག་བསྔལ་མྱོང་ངོ་བབ། །ཚེ་ཐར་སྲོག་བླུ་གྲངས་མང་དང༌། །ཡོན་ཆབ་མར་ མེ་སཱཙྪ་དང༌། །སྤྲང་སྦྱིན་གྲོག་སྦྱིན་ཉ་སྦྱིན་བྱ། །ངན་སོང་སྦྱོང་བའི་ཆོ་ག་ཡང༌། །སྟོང་ཁྲི་མང་ པོ་འབད་པར་བསྒྲུབ། །བསྙེན་གནས་གྲངས་མང་ཡོན་སྦྱར་བྱ། །དགེ་བ་སྟོབས་ཆེན་བྱས་ན་ ནི། །འཇིག་རྟེན་མི་ཡི་ལུས་རྟེན་འཐོབ། །བསོད་ནམས་ཆེ་ཞིང་དམ་ཆོས་འགྲུབ། །དེ་ནས་ཚེ་ འཕོས་པོ་ཊ་ལར། །སྤྱན་རས་གཟིགས་ཀྱི་ཞིང་ཁམས་སྐྱེ། །བྱང་ཆུབ་སེམས་དཔའི་གོ་འཕང་ འཐོབ། །ཚེ་འཕོས་དག་པའི་ཞིང་དུ་སྐྱེ། །༼༡༢༽རེ་ཆགས་ཡོད་མེད་མོ་ལ་ནི། །སྭཱ་བབ་ དམར་པོའི་རིགས་ལ་ཆགས། །ཁོ་རང་ཆས་གོས་ཡིན་ན་ཐང༌། །མ་ཎི་གྲངས་མང་གསུར་ འབུམ་བསྔོ། །བསྙུང་གནས་སྒྲིབ་སྦྱང་གནད་དུ་ཆེ། ། ༈ ཧཱ་བབ་སྲོག་རྟེན་རྡོ་རྗེ་ཡིན། །རྡོ་རྗེའི་བྲག་ལ་འཕོ་འགྱུར་མེད། ཁྲི་སྲོང་ལྡེའུ་བཙན་མོ་ ལྷ་ཡིན། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། །དམ་པའི་ཆོས་ཀྱི་དབུ་འཛུགས་དུས། །མོ་ལྷ་ འདི་ཉིད་བབ་པ་ཡིན། །༼༡༽བསྟན་དགོན་སྤྱི་ཡི་མོ་ལ་ནི། །ལྷ་ངོ་ཤིན་ཏུ་མཐོ་བ་ཡིན། །དར་ མར་དགྲ་བླ་བཅུ་གསུམ་གྱིས། །ཁ་འཛིན་སྡོང་གྲོགས་བྱེད་པའི་ངོ༌། །དམ་པའི་ཆོས་ཀྱི་བྱ་ བ་ལ། །ལེགས་པར་མི་འགྲུབ་གང་ཡང་མེད། །ཁྱད་པར་བསྐྱེད་རྫོགས་མོ་ལ་ནི། །རྟོགས་ 6-1-146 པའི་ཉི་མ་ཤར་ངོ་བབ། །༼༢༽ བླ་སྤྲུལ་དགེ་འདུན་མོ་ལ་ནི། །བཤད་སྒྲུབ་ཟུང་འབྲེལ་ཤིན་ ཏུ་འཕེལ། །ཁྱད་པར་རིག་པའི་གནས་བཅུ་རྒྱས། །ལས་འབྲས་སྤང་བླང་སོགས་ལ་ཞིབ། །འདུལ་ཁྲིམས་ལའང་ཤིན་ཏུ་ཟབ། །བྱང་སེམས་གསང་སྔགས་ལེགས་པར་འཕེལ། །བསྟན་ དང་འགྲོ་དོན་རྒྱ་ཆེར་འབྱུང༌། །༼༣༽ ཚོ་སྡེ་སྤྱི་ཡི་མོ་ལ་ནི། །སྡེ་དཔོན་ཕན་ཚུན་མཐུན་པར་ འགྲོགས། །རྣམ་དཀར་བྱ་བའི་ལས་ལ་འབད། །གནག་ཕྱུགས་མཐའ་མེད་འཕེལ་བར་རྒྱས། །ས་ཞིང་ལོ་འབྲས་ལེགས་པར་འཕེལ། །ཆོས་སྤྱོད་བཅུ་ལ་རྟག་པར་འབད། །དམའ་ལ་བརྩེ་ ཞིང་བྱམས་སྐྱོང་བྱེད། །ནད་མུག་འཁྲུག་རྩོད་ངང་གིས་ཞི། །ཀུན་གྱིས་བདེ་སྐྱིད་མཉམ་དུ་ སྤྱོད། །འདི་ཕྱི་བདེ་ཞིང་སྐྱིད་པར་ངེས། །༼༤༽གཞི་ཕྱྭ་ལ་ནི་བདེ་བའི་ངོ༌། །ཕོ་ས་རྟ་ས་རྣམས་ ལ་བཟང༌། །ཁྱིམ་ས་གཞི་ནི་བདེ་བ་ཡིན། །བུད་མེད་ས་ལ་ན་ངོ་ཡོད། །ནོར་ས་ལུག་ས་གཉིས་ ལ་ནི། །ཆུང་གསུམ་ས་ལ་དམར་ངོ་བབ། ཡང་ན་སྤྱང་ཀི་རྒྱུག་ན་ཐང༌། །འོད་ཟེར་ཅན་མའི་ བསྙེན་པ་དང༌། །ཕུར་བསྙེན་རྡེའུ་འབུམ་ནོར་ལྷས་དབུས། །བཞག་ན་བཟང་ཞིང་དེ་ལུགས་ བྱ། །ས་ཞིང་ལོ་ཏོག་མོ་ལ་ནི། །འབྲས་བུ་ཇེ་ཆེར་འཕེལ་བའི་ངོ༌། །དོན་ཕྱྭ་ཆེ་ཆུང་གཉིས་ལ་ ཡང༌། །རེ་ཞིག་འགོར་ན་འགྲུབ་པའི་ངོ༌། །༼༥༽ བུ་རྒྱུད་མོ་ལ་འདི་ལྟ་སྟེ། །འདི་ཡི་མོ་ལ་རྩེ་ མོར་བབ། །བྱིས་པ་ཡོད་མེད་ས་ལ་ནི། །མྱོང་བ་ཡོད་པའི་ལག་ནས་ཡང༌། །སྲུང་འཁོར་བླུས་ ནས་མོ་ལ་བཏགས། །འདུ་ཁང་མཆོད་རྟེན་འཁོར་ཁང་སོགས། །སྤང་ཚགས་ཞལ་དང་དཀར་ ཆབ་གསོལ། །ཡོན་ཆབ་སྤོས་དང་མར་མེ་འབུལ། །ཁྱད་པར་ཕྱག་དང་ཡོན་ཆབ་ཁྲི། །དེ་ ལྟར་བྱས་ན་རིགས་བཟང་སྐྱེ། །༼༦༽ ནད་པའི་མོ་ཡི་ཁྱད་པར་ནི། །ནད་ཕྱྭ་ལ་ནི་ནད་ཡུན་ རིང༌། །གླང་ལུག་ལོ་ལ་བཟང་བའི་མོ། །ཁྱི་འབྲུག་ཡིན་ན་ཅུང་ཟད་རྩུབ། །ཚེ་རབས་སྔོན་ གྱི་བསགས་པ་ཡིན། །སྒྲིབ་སྦྱང་ཐབས་ལ་འབད་པར་བྱ། །༼༧༽ དགྲ་སའི་མོ་ལ་འདི་ལྟ་སྟེ། །དགྲ་ལ་དགྲ་མགོ་ཐོག་བབ་ངོ༌། །རྐུན་པོ་ཡོད་ཀྱང་དོན་ཤོར་མེད། །༼༨༽ ཁྱད་པར་མགྲོན་ 6-1-147 པོའི་མོ་ལ་ནི། །ཅུང་ཟད་འགོར་ཡང་སྐྱོན་མི་འབྱུང༌། །དགུང་མོའི་དུས་སུ་བཀྱག་ན་བཟང༌། །ཚོང་ཕྱྭ་ལ་ནི་རང་ཉིད་རྒྱལ། །ཁེ་སྤོགས་ཤིན་ཏུ་མཐོ་བ་ཡིན། །མགྲོན་པོ་ཚུར་འོང་མྱུར་དུ་ སླེབ། །རང་གི་སྒོ་རུ་མ་ཐོན་ན། །ད་དུང་ཕྱི་དལ་ཆེ་བ་ཡིན། །གང་ལེགས་གྲོགས་དང་བཅས་ ནས་འོང༌། །ཐག་ཉེ་ཡིན་ན་ད་ལྟ་སླེབ། །༼༩༽ བོར་སྟོར་བྱུང་བའི་མོ་ལ་ནི། །ཐག་རིང་ས་ཡི་ དམའ་ཤོད་ན། །ཤིང་དང་ས་མདོག་ནག་པོ་ལ། །རང་ལ་ཚེགས་ངོ་ཅུང་ཟད་འདུག །དོན་ཆུང་ ཡིན་ན་རང་གི་ཟུར། །ཁ་ལག་བར་ནས་རྙེད་ངོ་ཡིན། །གཞན་གྱི་ཁ་ནས་སྐད་གསལ་ཐོས། །༼༡༠༽ གདོན་རྫས་ཡོད་མེད་མོ་ལ་ནི། །ཉི་ནུབ་སྤྲེལ་གྱི་དུས་སུ་ཡང༌། །འདྲེ་ཅན་གནས་ པའི་མགྲོན་པོ་འོང༌། །ལག་ནས་གོ་མཚོན་བླངས་པ་འདྲ། །ནོམ་པ་རྒྱུ་རྩ་ཅན་ཞིག་བླངས། །ནད་པ་རང་གི་ཐོག་ཏུ་ཁྱེར། །དེ་ལ་ཡུལ་འདྲེ་འཁྱམས་པོ་འདུག །ཐོ་རངས་སྲོད་ཐུན་ཡོས་ཀྱི་ དུས། །ནད་ཀྱི་གཞི་ནི་འབྱུང་བ་ཡིན། །ཡང་ན་མུན་རུབ་བྱ་ཡི་དུས། །བུད་མེད་འུར་ཟིང་འདྲེ་ ངན་ཅན། །ལག་ནས་ནག་པོ་སྔོན་པོའི་རིགས། །ཆུ་རླུང་མི་ཚོགས་པ་ཞིག་བླངས། །ཚེ་དབང་ ཚེ་སྒྲུབ་ཚེ་བསྙེན་དུང༌། །ཁྲུས་དང་མནོལ་བསང་བྱས་ན་ལེགས། །སྨན་བཅོས་བྱས་ན་བཟང་ ངོ་ཤར། །ནད་ཡུན་རིང་ཞིང་སྐྱོན་མི་འབྱུང༌། །སྲོག་ཕྱྭ་མི་འཆི་ངེས་པ་ཡིན། །༼༡༡༽ སྐྱེ་བ་ གང་བླང་མོ་ལ་ནི། །གཞན་གྱི་རྒྱུ་ནོར་ལེན་པ་དང༌། །བསམ་ངན་རང་རྒྱུད་མེ་ལ་བསྲེག །ངན་ ཤགས་འཐབ་མོ་བྱས་པ་འདྲ། །དེ་ལ་བསྙུང་གནས་མང་པོ་དང༌། །བཟང་སྡུད་འཇམ་གསུམ་ ཅི་མང་དང༌། །དབང་ཆོག་མ་ཎི་མ་བྱས་ན། །དམྱལ་བའི་གནས་སུ་སྐྱེ་ངོ་བབ། །དེ་བཞིན་ དགེ་བ་བྱེད་ན་ནི། །དམ་ཆོས་དར་བའི་ཡུལ་དབུས་སྐྱེ། །བླ་སེར་སྐྱེ་སྲིད་གང་བླང་བརྟགས། །ངེས་འབྱུང་བྱང་སེམས་སྲས་ཟིན་ཏེ། །མི་དགེ་བཅུ་སྤང་དགེ་བཅུ་བསྒྲུབ། །འོག་མིན་སྟུག་ པོ་བཀོད་དུ་སྐྱེ། །༼༡༢༽རེ་ཆགས་ཡོད་མེད་མོ་ལ་ནི། །ཧཱ་བབ་ནག་པོའི་རིགས་ལ་ཆགས། །ནོར་དང་སྣོད་སྒྲོ་ལ་སོགས་ཡིན། །མ་ཎི་ཡིག་བརྒྱ་སཏྭཱ་དང༌། །གསུར་དང་ལན་ཆགས་བསྔོ་ 6-1-148 སྨོན་བྱ། ། ༈ ༀ་བབ་དཀར་པོའི་རྟགས་ཅན་ནམ། །དཀར་པོ་ལེབ་ལེབ་ཞབས་སུ་ཡོད། །ཡང་ ན་ཤིང་རྡོའི་ཟུར་ན་ཡོད། །ཏཱ་བབ་ལྗང་གུ་རྟགས་ཅན་ནམ། །ཁྲ་ཁྲ་ཟླ་གམ་ཞབས་སུ་ཡོད། །གཞན་ཡང་སྣོད་ཀྱི་ནང་དུ་བཅུག །རྟེན་གསུམ་ཡོད་པའི་ཞབས་སུ་ཡོད། །རེ་བབ་སྔོན་པོ་ རྟགས་ཅན་ནམ། །གྲུ་བཞིའམ་སྐྱ་སྐྱའི་ཞབས་སུ་ཡོད། །ཡང་ན་སྟེང་དུ་མིག་མང་རིས། །ཉག་ མ་མང་པོའི་ཞབས་སུ་ཡོད། །ཏཱཾཿབབ་སེར་པོ་རྟགས་ཅན་ནམ། །ཟུར་ཅན་གྲུ་གསུམ་ཞབས་ སུ་ཡོད། །གཞན་ཡང་ཕྱར་ཕྱིང་ཡུག་ཅན་ཞབས། །མིན་ན་སྣོད་ཁ་སྦུབས་པའི་ཞབས། །སྭཱ་ བབ་དམར་པོ་རྟགས་ཅན་ནམ། །གྱ་གྱུ་བཙུག་པའི་ཞབས་སུ་ཡོད། །གཞན་ཡང་སྒྱེ་སྒྱེའི་རི་མོ་ ཅན་དུ་ཡོད། །ཡང་ན་སྔོན་པོའི་ཞབས་སུ་ཡོད། །ཧཱ་བབ་ནག་པོའི་རྟགས་ཅན་ནམ། །འཁྱ་ འཁྱུག་ག་གུག་ཐེའུ་འདྲའི་ཞབས། །གཞན་ཡང་ཆབ་ཆོབ་ལབ་ལོབ་ཞབས། །གོས་སྟན་ འཐུག་པོའི་ཞབས་སུ་ཡོད། །དེ་ལྟར་ཡོད་ཅེས་མོ་བབ་བོ། ། 6-1-149 ༄༅། །གཉིས་པ་ཁ་སྐོང༌། གདོན་རྫས་ངོས་འཛིན་ཚུལ་མདོར་བསྡུས་གཞན་ཡང་འདི་ལྟ་སྟེ། ཐོག་མར་གདོན་རྫས་ ཡོད་མེད་བརྟག་པ་ལ་རྗེ་བཙུན་སྒྲོལ་མ་མདུན་མཁར་བཞུགས་པར་མོས་ནས། འདི་སྐད། ༀ་ཏཱ་རེ་མྱུར་མའི་གསང་གསུམ་སྟོབས་ཀྱིས་འདིར་གདོན་དང་འབྲེལ་བའི་རྫས་ཇི་ལྟར་ ཡོད་མེད་ཤན་འབྱེད་མཛོད་ཅིག་སྭཱ་ཧྭཱ། ལན་བདུན་བརྗོད་མཐར་ལག་ཏུ་ཕྲེང་ཚན་བཅད་ པ་ལ་ཕུ་འདེབས་བཞིན་ཏཱ་རེའི་ཡིག་འབྲུ་གཉིས་ཀྱིས་ཕྲེང་རྡོག་བགྲངས་པས་མཐའ་མ་ཏཱ་ ཡིག་ཐོབ་ན་གདོན་རྫས་མེད་ངོ་དང༌། རེ་ཡིག་ཐོབ་ན་ཡོད་པའི་ངོར་དཔྱད་པ་བྱས་ནས་དེ་ ལུགས་ཀྱིས་ཤན་ཕྱེ། ཡོད་པ་འདྲ་ན་གང་ཡིན་ངོ་མ་ཟིན་སྐབས། རྗེ་བཙུན་སྒྲོལ་མ་ཡིད་ལ་ དྲན་བཞིན་སྙིང་པོ་ཡི་གེ་བཅུ་པ་བཅུ་གསུམ་བཟླས་མཐར། རྗེ་བཙུན་འཕགས་མ་སྒྲོལ་མ་ ཁྱེད་ཉིད་མཁྱེན། །རྣོ་མཐོང་དུས་སུ་ལེགས་གསལ་བྱིན་གྱིས་རློབས། །ལན་གསུམ་བརྗོད་ ནས་ལག་གཉིས་ཀྱིས་ཕྲེང་ཚན་གཅིག་བཅད་ལ་ཕུས་བཏབ་སྟེ་ཡི་གེ་བཅུ་པའི་གྲངས་བཞིན་ རིམ་པར་ཕྲེང་རྡོག་བཅད་ནས་མ་མཐའ་ཡི་གེ་གང་བབ་ལ་བརྟག་དཔྱད་བྱ་བ་སྟེ། དེ་ཡང་ༀ་ ཡིག་བབ་ན་གདོན་རྫས་དེ་ཤར་ཕྱོགས་ཀྱི་སྟེང་འོག་བར་གསུམ་གཡས་གཡོན་གང་རུང་ན་ ཡོད། དེ་བཞིན་ཏཱ་ཡིག་ལྷོ་དང༌། རེ་ཡིག་ནུབ་དང༌། ཏུཏ་ཡིག་བྱང་དུ་སྦྱར། ཡང་ཏཱ་ཡིག་ཤར་ ལྷོ། རེ་ཡིག་ལྷོ་ནུབ། ཏུ་ཡིག་ནུབ་བྱང༌། རེ་ཡིག་བྱང་ཤར། སྭཱ་ཡིག་སྟེང་ཕྱོགས། ཧཱ་ཡིག་འོག་ ཕྱོགས་རྣམས་ལ་དེ་ལུགས་སྦྱར་ནས་ཕྱོགས་གང་ན་ཡོད་ངོ་བཟུང་སྟེ་དེ་ཕྱོགས་གདོན་རྫས་ གང་ཡིན་ཨེ་གོ་བལྟ། གསུམ་པ་མཚན་མ་བརྟག་ཐབས་ནི། གདོན་རྫས་ཕྱོགས་གང་ཡོད་ ཙམ་ངོས་ཟིན་ཀྱང་ཁ་དོག་གི་མཚན་མ་ཇི་ལྟར་ཡིན་མི་གསལ་ན། སྒྲོལ་མ་ཡིད་ལ་མ་བརྗེད་ 6-1-150 པར་སྙིང་པོ་ཡི་གེ་དྲུག་པ་བཅུ་གསུམ་བཟླས་མཐར། འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱིས། །གདོན་རྫས་མཚན་མ་གསལ་བར་སྟོན། །ལན་ གསུམ་བརྗོད་ལག་པས་ཕྲེང་ཚན་གཅིག་བཅད་ལ་ཕུ་འདེབས་ཡི་གེ་དྲུག་པའི་གྲངས་རིམ་ བཞིན་ཕྲེང་རྡོག་བགྲངས་པས་མཐར་ཡི་གེ་གང་བབས་ལ་དཔྱད་པ་བྱ། དེ་ཡང་ༀ་ཡིག་བབ་ ན་གདོན་རྫས་ཁ་དོག་སྔོ་ལམ་པའི་རྣམ་པར་ཡོད། ཏཱ་ཡིག་བབ་ན་དེ་ལྗང་གུའི་མདོག་ཏུ་ཡོད། རེ་ཡིག་བབ་ན་དེ་ནག་པོའི་མདོག་ཏུ་ཡོད། ཏཱཾཿ་ཡིག་བབ་ན་དམར་པོའི་མདོག་ཏུ་ཡོད། སྭཱ་ ཡིག་བབ་ན་དཀར་པོའི་མདོག་ཏུ་ཡོད། ཧཱ་ཡིག་བབ་ན་སེར་པོའི་མདོག་ཅན་དུ་ཡོད་པས་དེ་ ལྟར་ཕྱོགས་དང་ཁ་དོག་གིས་ངོས་འཛིན་སྐབས་ཕྱོགས་མདོག་གཉིས་ཐོ་མ་ཐུག་པར་དོགས་ གནས་གདོན་རྫས་རང་ཡིན་སྙམ་པ་གང་ཡོད་ལ་མོ་སྨོད་དགོས་ཤིང་ཕྱོགས་མདོག་མཚུངས་ ཙམ་གྱི་སྟེང་ནས་རེ་ཞིག་རྣམ་རྟོག་བསལ་བར་བྱའོ། ། གོང་སྨོས་ཡི་གེ་བཅུ་པའི་བརྟག་ཐབས་ཀྱིས་ཕྱོགས་ཀྱི་གདོན་གང་དང་ཡི་གེ་དྲུག་པའི་ བརྟག་ཐབས་ཀྱིས་ཁམས་དྲུག་གི་རང་བཞིན་གང་ལས་ཤར་བའི་གནོད་བྱེད་འཚེ་བའི་ རིགས་ཇི་བཞིན་གོ་ནུས་ལ། ཞེས་པ་འདི་རྗེ་བཙུན་སྒྲོལ་མ་དང་རྣམ་དབྱེར་མ་མཆིས་པ་བླ་མ་དམ་པ་ངག་དབང་བློ་ གྲོས་གྲགས་པའི་རྣོ་མཐོང་གཡུ་ཡི་མེ་ལོང་གཡའ་བྲལ་འདི་རྗེ་བཙུན་མས་སེམས་ཅན་འཐིབ་ཅིང་རྨོངས་པའི་དབང་དུ་སོང་བ་ རྣམས་ལ་ལྐོག་གྱུར་མངོན་དུ་གསལ་བྱེད་དང་རྒྱ་མཚོའི་ནང་གི་ཆུ་ཐིགས་ཉག་ཙམ་མཐོང་བ་ཞེས་པའི་གདོན་རྫས་ངོས་འཛིན་ གཉིས་ཐུགས་དགོངས་རྗེ་བཙུན་མའི་དགོངས་པ་ཆོས་སྐུའི་ངང་ནས་རང་ཤར་དུ་བྲིས་ཡོད་པ་འདི་སླར་ཡང་གསལ་བར་བྱེད་པ་ པོ་ནི་སློབ་འབང་ཐ་ཤལ་བ་གུ་ཎ་བྷ་དྲས་རྡོ་རྗེ་ཐར་སོགས་ལ་གསལ་བར་བྱས་པའོ། །ཡི་གེ་པ་ནི་ངག་དབང་ཀུན་དགའ་གྲགས་ པ་འོད་ཟེར་གྱིས་བགྱིས་པ་དགེ་ལེགས་འཕེལ། 6-1-151 ༄༅། །རྗེ་བཙུན་སྒྲོལ་མའི་ཆོ་ག་གྲུབ་གཉིས་དཔལ་ སྟེར་གྱི་ཐིག་ཚོན་དང་རྩིག་ཐིག་པད་ ཚལ་བཞད་བྱེད་ཅེས་བྱ་ བ་བཞུགས། ༄༅། །ཨཱརྱ་ཏཱ་རེའི་རྣམ་པར་འཕྲུལ། །མ་ཏི་ཀིརྟི་འགྲོ་བའི་མགོན། །ཐུགས་རྗེ་མཛད་ འཕྲིན་འོད་སྟོང་བདག །གང་འདུལ་པད་ཚལ་བཞད་ལ་གུས། །དགེ་ལེགས་བསོད་ནམས་བྱེ་ བའི་འཕྲུལ། །རྣམ་ཀུན་གཟུགས་ཀྱིས་འགྲོ་ཀུན་འདུལ། །འཕྲིན་ལས་རབ་མྱུར་དཔའ་མོ་རྗེ། །རྣམ་འཕྲུལ་ལྷ་མོ་འཁོར་ཚོགས་རྒྱལ། །ཐུགས་རྗེའི་གཏེར་གང་ལ་བརྟེན་པའི། །སྒྲོལ་ཆོག་ གྲུབ་གཉིས་དཔལ་སྟེར་གྱི། །སྒྲུབ་མཆོད་མདུན་བསྐྱེད་སྒོམ་ཐབས་ཀྱི། །དཀྱིལ་འཁོར་ཐིག་ ཚོན་རིམ་པར་འཆད། ། ས་སྟེགས་ལ་སོགས་ཁོད་སྙོམས་གཞིར། །དེ་མཐུན་ཤར་ནུབ་ཕྱོགས་བཙལ་ནས། །ཚངས་ཐིག་དང་པོ་གདབ་པར་བྱ། །དེ་ཡི་དབུས་བཙལ་མཚན་མ་བཞག །མཚན་མའི་སྟེང་ ནས་ཟླུམ་པོར་བསྐོར། །ཟླུམ་པོའི་ཐིག་གི་རྒྱ་ཚད་ཀྱིས། །ཤར་ནུབ་ཚངས་ཐིག་ཟླུམ་ཐིག་ དང༌། །འཕྲད་པའི་མཚམས་ནས་མེ་ལོང་གཉིས། །བསྐོར་བའི་མེ་ལོང་ཉ་ལྟོའི་མཚམས། །ལྷོ་བྱང་ཚངས་ཐིག་གཉིས་པ་གདབ། །ཚངས་ཐིག་གཉིས་པ་ཟླུམ་ཐིག་དང༌། །འཕྲད་པའི་ མཚམས་གཉིས་སྔ་མ་ཡི། །ཚད་དེས་མེ་ལོང་གཉིས་བསྐོར་བའི། །ཉ་ལྟོ་འཕྲད་མཚམས་ 6-1-152 ཟུར་གྱི་ཐིག །གཉིས་གདབ་དེ་ནི་ཐིག་ཆེན་ཏེ། །ཚངས་ཟུར་ཐིག་རྣམས་ལེགས་པར་བཏབ། །ཚངས་པའི་ཐིག་གི་ངོས་སྟེང་ནས། །མཐའ་ནས་དཀྱིལ་བར་ཉེར་གཅིག་བགོ། །བཅུ་བདུན་ མཚམས་ནས་ཟླུམ་སྐོར་བྱ། །དེ་དང་ཟུར་ཐིག་འཕྲད་མཚམས་ནས། །མདའ་ཐིག་གྲུ་བཞིར་ གདབ་པར་བྱ། །ཟུར་ནས་དཀྱིལ་བར་གསུམ་དུ་བགོ། །ཕྱི་མ་བཏབ་པས་རྩ་ཐིག་འབྱུང༌། །རྩ་ ཐིག་མདའ་ཐིག་བར་གྱི་ས། །གཉིས་དབྱེ་རེ་རེའང་སྒོ་ཚད་རེ། །ཕྱི་མ་ཕྱེད་གདབ་དེའི་ཕྱི་ ཕྱེད། །ནང་མ་དབུས་དོར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་དང༌། །དྲ་ཕྱེད་ ཤར་བུ་མདའ་ཡབ་ཡིན། །ཚངས་པའི་ཐིག་གི་གཡས་གཡོན་དུ། །སྒོ་ཚད་གཉིས་གཉིས་ གྱེན་ཐིག་གདབ། །ནང་མ་ཕྱེད་གདབ་ཕྱི་ཕྱེད་གདབ། །ཕྱི་མ་བཞིར་གཏུབ་ཐིག་སྣེ་རྣམས། །རྟ་བབས་རྩེ་མོའི་བར་དུ་དྲངས། །རྟ་བབས་ཡན་ལ་ནང་མ་ཡང༌། །ཆ་ཆུང་གཉིས་སུ་དབྱེ་ བར་བྱ། །གྱེན་ཐིག་དང་པོ་ཕྱི་ངོས་སུ། །རྩ་བའི་ཐིག་ནས་བཞི་པར་རེག །དེ་ནས་ལོགས་ སུ་གསུམ་པའི་བར། །སྟེང་དུ་གཅིག་སོང་གཡས་གཡོན་སྦྲེལ། །བཞི་པ་སྟེགས་བུའི་ཕྱི་ ཐིག་ནས། །སྟེང་དུ་བཞིར་སོང་གཡས་གཡོན་སྦྲེལ། །ལྔ་དྲུག་བདུན་རྣམས་འདོད་སྣམ་གྱི། །མཐའ་ནས་མདའ་ཐིག་བར་དུ་དྲངས། །སྒོ་རྩིག་མུན་པ་ཀ་ཀ་རྒྱན། །འཕྲེད་ཐིག་དང་པོ་རྩ་ ཐིག་ནི། །གྱེན་ཐིག་དང་པོར་རེག་པར་བྱེད། །གཉིས་གསུམ་གཉིས་རེག་བར་མཚམས་སྦྲེལ། །བཞི་ལྔ་དྲུག་རྣམས་བདུན་པར་རེག །མདའ་ཐིག་ཟུར་ནས་ཟུར་དུ་དྲངས། །རྟ་བབས་མདའ་ ཕྱིར་སྒོ་གཉིས་གདབ། །དང་པོ་བཞིར་དབྱེ་གཉིས་པ་ནི། །དབུས་དོར་མཐའ་གཉིས་བཞི་ཆ་ གདབ། །གླང་རྒྱབ་གླང་སྒུར་བསྐོར་ཚུལ་ནི། །མདའ་ཕྱིར་གཉིས་དང་ཚངས་འཕྲད་ནས། །ཆ་ ཆུང་གཉིས་ཀྱིས་སྟེང་དུ་བསྐོར། །ཚངས་ལས་གཉིས་པ་མདའ་ཐིག་དང༌། །འཕྲད་པ་ནས་ བཟུང་ཆ་གཉིས་བསྐོར། །སླར་ཡང་ནང་དུ་ཆ་ཕྱེད་བསྐོར། །སྣམ་བུ་དང་པོ་ཆ་ཆུང་བརྒྱད། །དེ་ནས་རེ་རེས་ཐུང་བར་བྱེད། །པདྨ་དེ་ལས་གཉིས་ཀྱིས་ཐུང༌། །གསེར་དང་ཤར་བུ་རིན་ 6-1-153 ཆེན་དང༌། །མདའ་ཡབ་པདྨ་ཆོས་འཁོར་གདུགས། །འཁོར་ལོ་ཆ་གཉིས་གདུགས་ཆ་གཅིག །ཆོས་འཁོར་གདན་དུ་པད་ཟླ་གཉིས། །འབྲི་ན་པདྨའི་གནས་དེ་ཉིད། །གཉིས་དབྱེ་འོག་པད་ སྟེང་ཟླ་བ། །གདུགས་ཀྱི་ཕྱི་ཐིག་དབུས་རྭའི་རྩེ། །ཁ་ད་ཆད་དུ་མཉམ་པ་ལ། །གཡས་གཡོན་ རྭ་ཡི་བསྐོར་ཚུལ་ནི། །མདའ་ཐིག་ཚངས་ལས་གཉིས་འཕྲད་ནས། །ཀ་རྒྱན་རྩེར་སྐོར་ནང་རྭ་ དང༌། །ངོས་སུ་གཉིས་ཕྱིན་ཚད་སྔ་མས། །བསྐོར་བ་རྡོ་རྭའི་ཕྱི་ཐིག་གོ། །དབུས་རྭ་དཀྱུས་སུ་ ཆ་ཆེན་གཅིག །རྩ་བར་ཚངས་ལས་གཡས་གཡོན་དུ། །ཆ་ཆུང་ཕྱེད་དང་གཅིག་རེ་སྟེ། །ཡང་ ན་རྩ་བ་ཆ་ཆུང་གཉིས། །རྩེ་མོ་རྣོ་བའི་ཚུལ་དུ་བཅད། །ཡང་ན་ཆ་ཆུང་གཅིག་ཏུ་བྱེད། །ཟུར་ ཐིག་རྩེ་ནས་སྒོ་ཕྱེད་དང༌། །སྒོ་ཕྱེད་སྒོ་གཅིག་རྣམས་བསྐོར་བ། །པད་རྭ་རྡོ་རྭ་འོད་ཕྲེང་ངོ༌། །དེ་ནས་ནང་གི་ཐིག་གདབ་ཚུལ། །རྩ་ཐིག་ལ་རེག་ཟླུམ་སྐོར་བྱ། །དེ་ནས་ཆ་ཆུང་གཅིག་ ཀྱང་བསྐོར། །དེ་ནང་རྡོ་རྗེ་ཕྲེང་བའོ། །དེ་ནས་ཆ་ཆུང་གཅིག་མཚམས་ནས། །ལྟེ་བའི་བར་ དུ་ཆ་གསུམ་བགོ། །སུམ་ཆ་ནང་མ་ཆ་བཞིར་བགོ། །ཕྱི་ཡི་ཆ་གཅིག་ཟེའུ་འབྲུ་དང༌། །ནང་གི་ ཆ་གསུམ་ཟླ་བའི་གདན། །ཟླ་སྟེང་པདྨ་ཏཱྃཿགིས་མཚན། །ཆ་གསུམ་བར་མའི་སྟེང་ནས་ཡང༌། །ཟུར་ནས་ཟུར་བར་བཅུ་རུ་བགོ། །ཕྱོགས་བཞིར་འདབ་མ་ལྔ་ལྔའི་གྲངས། །ཆ་ཆུང་གཅིག་ གིས་འདབ་རྣམས་བསྐོར། །འདབ་རྣམས་འཕྲད་མཚམས་ཟེའུ་འབྲུའི་བར། །པད་འདབ་ ཐབས་ཅད་འབྲེལ་བར་བྱ། །པདྨ་དང་མཉམ་པད་འཚབ་བསྐོར། །འདབ་མ་རྣམས་ཀྱི་རྩེ་ སྟེང་བར། །སྐམ་ཐིག་རེ་རེ་གདབ་པར་བྱ། །བར་ཆའི་སྟེང་ནས་ནང་དུ་ཡང༌། །ཆ་ཕྱེད་སྐམ་ ཐིག་ཟླུམ་པོར་བསྐོར། །སྐམ་ཐིག་ཟླུམ་ཐིག་འཕྲད་མཚམས་ནས། །འདབ་མ་ཆ་ཆུང་བཞི་ ཆར་བགོས། །དེ་ཡི་སུམ་ཆའི་ཚད་ཀྱི་ནི། །ཟླ་གདན་ཉི་ཤུ་ལེགས་པར་བསྐོར། །ཟླ་སྟེང་པདྨ་ ཏཱྃཿགིས་མཚན། །རྡོར་ཕྲེང་པད་འདབ་བར་གྱི་སར། །གཡུ་ཞིང་བཀོད་ལྟར་རི་ཐང་དང༌། །ཆུ་ མཚོ་ལྗོན་ཤིང་ལོ་འབྲས་ལྡན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་ཀྱིས། །རྫོགས་ལྡན་ཆོས་ཀྱི་སྒྲ་ 6-1-154 དབྱངས་སྒྲོགས། །རིན་ཆེན་མཆོད་རྫས་སྣ་ཚོགས་དང༌། །རི་དྭགས་སྣ་ཚོགས་རིན་ཆེན་ལས། །གྲུབ་པའི་ཁང་ཕྲན་དུ་མའི་ནང༌། །འཆད་ཉན་བསྒོམ་སྒྲུབ་བྱེད་པ་སོགས། །གདུལ་བྱའི་ཡིད་ ཀྱི་རྗེས་འགྲོ་ལྟར། །བཀོད་བཟང་སྣང་བརྙན་སྣ་ཚོགས་ངོམ། །དེ་ནས་ཚོན་གྱིས་རིམ་པ་ནི། །ཟླ་གདན་དཀར་ལ་པདྨ་ནི། །མཛེས་ཚོན་ཏཱྃཿལྗང་འཇའ་ཡིས་མཛེས། །ཟེའུ་འབྲུ་དམར་སེར་ འཁྱུག་འགྲོས་བཅད། །རྩེ་མོར་དམར་པོའི་ཟླུམ་པོར་བཀོད། །ཕྱོགས་བཞིར་པདྨ་བཅུ་གཉིས་ པོ། །དམར་པོའི་ཚོན་གྱིས་མཛེས་པར་བྱ། །མེ་རླུང་པད་བཞི་སེར་པོའོ། །དབང་གཉིས་ ལྗང་ལ་བདེན་གཉིས་སྔོ། །པད་འཚབ་རྣམས་ཀྱང་མཛེས་ཚོན་བྱ། །ཟླ་གདན་རྣམས་དཀར་ པད་མ་རྣམས། །ཅི་མཛེས་ཏཱྃཿཡིག་ཁ་དོག་རྣམས། །བྱང་ཤར་ནས་བརྩམས་གཡས་བསྐོར་ གྱིས། །དཀར་དམར་ཟླ་བ་བྱུ་རུ་དང༌། །རཱ་ག་ལྗང་སྔོན་ལྗང་ནག་མདོག །གཡུ་ཟླ་གསེར་ དམར་མཐིང་ནག་དང༌། །མཐིང་དཀར་བཻཌཱུར་དམར་ལྗང་དཀར། །དམར་སེར་ཚོན་མདོག་ རིམ་པར་བཀོད། །ཏཱྃཿརྣམས་འཇའ་ཚོན་སྣ་ལྔས་བརྒྱན། །རྡོར་ཕྲེང་པད་བར་རི་མོ་རྣམས། །གཞི་ནག་ཅི་མཛེས་ཚོན་རྣམས་བཀོད། ཕྱི་ཡི་མུ་ཁྱུད་ལྗང་གུ་ལ། །རྡོ་རྗེ་སེར་པོའི་ཕྲེང་བས་ མཛེས། །ཕྱོགས་མདོག་ཤར་དཀར་ལྷོ་སེར་པོ། །ནུབ་དམར་བྱང་ལྗང་རྩིག་རིམ་གསུམ། །ཕྱི་ ནས་བརྩམས་ཏེ་རིམ་པ་བཞིན། །བཻཌཱུར་གསེར་བཟང་བྱུ་རུའི་མདོག །སྒོ་བཞིའི་གཡས་ གཡོན་རིན་ཆེན་ལས། །གྲུབ་པའི་འདོད་སྣམ་དམར་པོའི་སྟེང༌། །ལྷ་མོ་བཞི་བཞིས་མཆོད་ པའི་རིགས། །སྣ་ཚོགས་ཕུལ་བའི་རྣམ་འགྱུར་ངོམ། །ཕ་གུ་སེར་པོས་ལེགས་པར་མཛེས། །སྒོ་ཁྱུད་མཚམས་དང་ལྟེ་བའི་གྲྭར། །ཆ་ཆུང་གཅིག་པའི་ཟླ་ཚེས་ལ། །གནས་པའི་རིན་ཆེན་ དམར་པོའི་སྟེང༌། །རྡོ་རྗེ་ཕྱེད་པས་མཚན་པས་སྤྲས། །ཕ་གུར་རིན་ཆེན་གྲུ་བཞི་དང༌། །ཟུར་ གསུམ་ཟླུམ་པོ་སོགས་ཀྱིས་མཚན། །དྲ་ཕྱེད་གཞི་སྔོདྲ་ཕྱེད་དཀར། །ཤར་བུ་གཞི་སྔོ་ཤར་བུ་ དཀར། །མདའ་ཡབ་གཞི་དཀར་ཚོན་ནག་པོ། །པདྨ་ཕྱེད་པའི་དབྱིབས་སུ་བཅད། །ཡང་ན་ 6-1-155 མཆོད་རྟེན་རིས་སུ་བྱེད། །མདའ་ཡབ་གསེང་མའི་རི་མོ་བྱེད། །མདའ་ཡབ་ཕྱོགས་བཞིར་ གསེར་བུམ་ལས། །ཐོན་པའི་རྒྱལ་མཚན་གཉིས་རེ་དང༌། །བ་དན་གཉིས་རེ་བརྒྱད་བརྒྱད་ འབྲི། །ཟུར་བཞི་གདུགས་བཞི་དང་བཅས་སོ། །ཀ་རྒྱན་མཛེས་ཚོན་མུན་པ་ནག །གྲྭ་བཞི་ ནང་འཁྱམས་ལྷ་རྣམས་དང༌། །གླང་རྒྱབ་དང་ནི་ཀ་བ་དང༌། །རྡོ་རྗེའི་རྭ་རྣམས་ཕྱོགས་མདོག་ ལ། །གླང་རྒྱབ་ནང་ཡང་ཕྱོགས་མདོག་གམ། །ནག་པོའི་བླ་བྲེ་དར་དཔྱངས་འབྲི། །ཕྱི་ཡི་ཁོར་ ཡུག་པདྨ་ཡི། །གེ་སར་དམར་སེར་འདབ་མ་ནི། །སྣ་ཚོགས་མདོག་གོ་རྟ་བབས་རྩེའི། །པདྨ་ དམར་པོའམ་སྣ་ཚོགས་མདོག །ཆོས་འཁོར་རི་དྭགས་རྣམས་སེར་པོ། །གཡས་སུ་རི་དྭགས་ ཕོ་རྭ་ཅན། །གཡོན་གྱི་མོ་ནི་རྭ་དང་བྲལ། །གདུགས་ནི་དཀར་རམ་སྣ་ཚོགས་སོ། །སྣམ་བུ་ བཞི་པ་སྔར་བཞིན་ནམ། །འོག་ནས་རིམ་པས་དམར་པོ་དང༌། །སྔོ་ལྗང་སེར་པོར་བཟུང་བར་ བྱ། །ཕྱི་འཁྱམས་ལྗང་གུ་ཁོར་ཡུག་གི། །པདྨ་སྣ་ཚོགས་རྡོ་རྭ་ནི། །གཞི་སྔོར་རྡོ་རྗེ་སེར་པོའི་ འཕྲེང༌། །འོད་ཕྲེང་སྣ་ཚོགས་ཅི་མཛེས་བྱ། ། ༈ འགྲོ་ཀུན་འདྲེན་མཛད་སྒྲོལ་མ་དང༌། །དབྱེར་མེད་བློ་གྲོས་གྲགས་པ་ཡིས། །མཛད་ པའི་གསུང་འབུམ་འོད་སྟོང་བདག །གདུལ་བྱའི་པད་ཚལ་བཞད་བྱེད་མཆོག །དེ་ལས་ངེས་ དོན་དག་སྣང་ལྟར། །རྗེ་བཙུན་སྒྲོལ་མའི་ཆོས་སྐོར་ལས། །ཆོག་བསྒྲིགས་གྲུབ་གཉིས་དཔལ་ སྟེར་བཞིན། །དཀྱིལ་འཁོར་ཐིག་ཚོན་ངེས་བྱས་ཏེ། །དེ་ཡི་རྩིག་ཐིག་རིམ་པར་འཆད། །ཇོ་ ནང་ཀུན་མཁྱེན་སྒྲོལ་མགོན་དང༌། །གསར་རྙིང་མཁས་པ་སྤྱི་ལུགས་དང༌། །ཁྱད་པར་ཕྱོགས་ རྒྱལ་མཁས་གྲུབ་རྗེ། །འདུལ་འཛིན་པཎ་གྲུབ་དུ་མ་ཡི། །དགོངས་བཞེད་གསེར་དངུལ་ ཟངས་ཤིང་སོགས། །བློས་བསླངས་བཞེང་ལ་ཅི་མཛེས་སུ། །མཐོ་དམན་ཕྲི་བསྣན་གང་བདེ་ བྱ། །བྱེད་ཀྱང་འགལ་བ་མེད་པ་དང༌། །གཞལ་ཡས་ཁང་གི་ཐོག་དཔངས་ལ། །མཐའ་གཅིག་ ངེས་པ་མེད་པར་ཡང༌། །རྒྱལ་ཀུན་མཛད་པ་རྣམ་ཀུན་བདག །གདུལ་བྱའི་ཡིད་ཀྱི་རྗེས་འགྲོ་ 6-1-156 བཞིན། །གང་བྱས་འགལ་མེད་གསུངས་པ་ལྟར། །མཛད་ཕྲིན་བློས་བསླངས་བཞེང་བའི་ ཚུལ། །མཁས་དབང་ཚོགས་གཉིས་རྒྱ་མཚོ་ཡིས། །བློས་བསླངས་བཞེང་ཚུལ་གསལ་བཤད་ པ། །གསེར་གྱི་ལྗོན་ཤིང་ཞེས་བྱ་ལས། །ཁོར་ཡུག་རྣམས་ནི་ཆོས་འབྱུང་མཚོན། །སྒོམ་དོན་ ལ་ནི་སྟེང་འོག་ཀུན། །ཁེབ་པར་ཡོད་ཀྱང་བཞེང་སྐབས་སུ། །ཕྱི་ནས་བློས་བསླངས་མཐོང་ བའི་ཕྱིར། །ཁོར་ཡུག་ཙམ་གྱིས་ཆོག་པར་བྱས། །མཁའ་མཉམ་མཛད་ཕྲིན་ཆ་མེད་བདག །ཚད་བཟུང་བྱེད་པ་སུ་ཡིས་སྤོབས། །གདུལ་བྱའི་ཡིད་ཀྱི་སྣང་ངོ་ལ། །ཅི་མཛེས་གྱིས་ གསུངས་དགོངས་པ་ལྟར། །ཁོར་ཡུག་འགའ་ཞིག་ལེབ་ཆགས་དང༌། །འགའ་ཞིག་བརྩེག་ མའི་ཚུལ་དུ་བཞེང༌། །ཕྱི་ཚེ་ཡོད་མེད་ཅི་རིགས་གསུངས། །འདིར་ནི་ཕྱི་ཚེ་ཡོད་པར་བྱ། །ཕྱི་ ཚེ་ཐམས་ཅད་ཆ་ཆུང་གཅིག །རིམ་གསུམ་གཉིས་སོགས་ཅི་མཛེས་བྱ། །ད་ནི་རྩིག་ཐིག་ བཤད་པར་བྱ། །ས་སྟེགས་ལ་སོགས་ཞེས་པ་ནས། །མདའ་ཐིག་གྲུ་བཞིར་གདབ་པར་བྱ། །བཅོ་བརྒྱད་བཅུ་དགུ་ཉེར་གཅིག་རྣམས། །བསྐོར་བས་པད་རྡོར་འོད་ཕྲེང་ངོ་། །དེ་རྣམས་ རྩེག་མར་བཀོད་པ་ཡང༌། །དཔངས་དང་ཞེང་རྣམས་འདྲ་མཉམ་བྱ། །བཅུ་བདུན་པད་སྟེང་ དཔངས་ཆ་གཅིག །དེ་སྟེང་མདའ་ཐིག་དང་མཉམ་པར། །རྡོ་རྗེའི་ལྟེ་བ་གྲུ་བཞི་པ། །སྒོ་ཚད་ བཞི་ཡི་དཔངས་ལྡན་རྩིག །དེ་སྟེང་ཐིག་ཆེན་བརྒྱད་བཏབ་སྟེ། །རྡོ་རྗེ་ལྟེ་བའི་ཕྱི་མཐའ་དང༌། །མདའ་ཐིག་གཉིས་ཀ་མཉམ་པ་ཡིན། །མདའ་ཐིག་ཟུར་ཐིག་འཕྲད་མཚམས་ནས། །ལྟེ་བའི་ བར་ནི་གསུམ་དུ་དབྱེ། །ཕྱི་མ་བཏབ་པ་རྩ་བའི་ཐིག །རྩ་ཐིག་མདའ་ཐིག་བར་ཕྱེད་བགོ། །རེ་ རེའང་སྒོ་ཚད་རེ་ཡིན་པས། །ཕྱི་མ་ཕྱེད་གདབ་དེའི་ཕྱི་ཕྱེད། །ནང་མ་དབུས་དོར་མཐའ་ སོགས་ནས། །ཕྱི་མ་ཆ་བཞིར་བགོ་བར་བྱ། །གྱེན་ཐིག་དང་པོའི་ཕྱི་སོགས་ནས། །མདའ་ ཐིག་ཟུར་ནས་ཟུར་དུ་དྲངས། །དེ་ནས་ནང་ཐིག་འདེབས་པ་ནི། །རྩ་ཐིག་ལ་རེག་ཟླུམ་པོར་ བསྐོར། །དེ་ནང་ཆ་ཆུང་གཅིག་བསྐོར་བ། །དེ་ཡི་དཔངས་ལ་ཆ་ཆུང་གཅིག །དེ་ནས་ཆ་ཆུང་ 6-1-157 གཅིག་མཚམས་ནས། །ཟངས་ཤིང་ལོགས་ལ་སྔར་ཐིག་གདབ། །སྡོང་བུ་པད་དཔངས་སྒོ་ ཚད་གཅིག །འདབ་མའི་དཔངས་ལ་ཆ་ཆུང་གཅིག །ཟེའུ་འབྲུ་ཆ་ཆུང་གཅིག་ཙམ་འཕགས། །རྡོར་ཕྲེང་པད་འདབ་བར་སོགས་ནས། །བཀོད་བཟང་སྣང་བརྙན་སྣ་ཚོགས་ངོམ། །རྩིག་ དཔངས་ཆ་ཆུང་བཅུ་གསུམ་དང༌། །དེ་སྟེང་ཕ་གུའི་དཔངས་ཆ་གཅིག །ཞེང་ལ་ཆ་ཆུང་གཅིག་ དང་ཕྱེད། །ཆ་ཕྱེད་ཕྱི་རུ་འཕགས་པར་བྱ། །དེ་སྟེང་ཀ་ཐུང་ཆ་ཆུང་གཉིས། །ཟུར་ནས་ཟུར་ བར་ཀ་ཐུང་དྲུག །དེ་སྟེང་གསེར་གདུང་དཔངས་ཆ་གཅིག །ཞེང་ལ་ཆ་ཆུང་གཅིག་དང་ཕྱེད། །ཆ་ཕྱེད་ཕྱིར་འཕགས་དེའི་སྟེང་དུ། །ཕྱི་ཚེའི་དཔངས་དང་སྟེང་གདུང་ལེབ། །གཉིས་ཀྱི་ དཔངས་ལ་ཆ་ཆུང་གཅིག །བར་རྣམས་ཆ་ཆུང་གཉིས་སོགས་དང། །དེ་མིན་ལག་ལེན་གང་ བདེ་བྱ། །ཕྱི་ཚེ་རིམ་གསུམ་ལེགས་པར་རྩེག །ཕྱི་ཚེ་ཞེས་པ་གདུང་ཕྲན་རྣམས། །མཉམ་བྱས་ བར་བར་ཤིང་ལེབ་ཀྱིས། །བཅད་སྟེང་གདུང་ལེབ་ཆུང་བ་བཏིང༌། །ཕྱི་ཚེ་འོག་མ་འོག་མ་ ལས། །སྟེང་མ་སྟེང་མའི་རིམ་པར་རིང༌། །རིམ་གསུམ་བར་སྟེང་གདུང་ལེབ་ཆུང༌། །བ་ཡིས་ ལེགས་པར་བཀབ་པར་བྱ། །རྡོར་ཕྲེང་མུ་ཁྱུད་ནས་ཆ་གསུམ། །མཚམས་ནས་ཕྱོགས་རེར་ཀ་ ཟླུམ་གཉིས། །རིམ་པས་ཀ་བརྒྱད་དཔངས་ཆ་ནི། །བཅུ་བདུན་དེ་སྟེང་གདུང་ཆ་གཅིག །དེ་ སྟེང་ཕྱི་ཚེ་ཆ་གཅིག་བསྒྲིག །བར་གཅོད་སྟེང་འགེབ་སྔར་ལྟར་བྱ། །དེ་སྟེང་གདུང་ཕྲན་ཆ་ གཅིག་བཀྲམ། །དེ་རྣམས་ཕྱི་ནང་མཉམ་པར་བཀོད། །འགེབས་དཔངས་ཆ་ཕྱེད་ལེབ་ཆགས་ བཀྲམ། །འགེབས་སྟེང་མཐའ་མཉམ་མདའ་ཡབ་ནི། །པདྨའི་དབྱིབས་ཅན་དཔངས་ཆ་ གཅིག །རིམ་པ་བཞིན་དུ་ལེགས་པར་བསྒྲིག །དེ་སྟེང་གསེར་གྱི་རྒྱ་ཕིབས་དཔངས། །ཆ་ གཉིས་ཕྱེད་དང་ཕྱིར་ཆ་ཕྱེད། །འཕགས་པ་ཟུར་བཞིར་ཆུ་སྲིན་མགོ། །ཕྱོགས་བཞི་ཟུར་བཞི་ འདྲ་མཉམ་བཀོད། །ནང་གི་མཐོངས་ཟླུམ་ཀ་བརྒྱད་སྟེང༌། །ཀ་ཐུང་སྒོ་ཚད་གཅིག་དཔངས་ ཅན། །བརྒྱད་སྟེང་གསེར་གདུང་དཔངས་ཆ་གཅིག །གྲུ་བཞི་བརྒྱད་ཀྱི་སྣེ་མོ་རྣམས། །བསྲེག་ 6-1-158 བཅད་བཅུ་དྲུག་ཀ་སྟེང་དུ། །བསྣོལ་མར་སྤྲད་པས་ཟུར་བརྒྱད་འབྱུང༌། །ནང་དུ་དེ་མཉམ་ གདུང་བཞི་ཡང༌། །དཔངས་ཞེང་ཆ་གཅིག་ཅན་བཞི་པོར། །མཐའ་ནས་མཐའ་བར་མཉམ་ གསུམ་བགོ། །གདུང་བཞི་བསྣོལ་མར་ལེགས་པར་སྤྲད། །བློས་བསླངས་བཞེངས་ཚུལ་ལྗོན་ ཤིང་ལས། །གདུང་བཞི་མིག་མང་རིས་སུ་བསྣོལ། །གསུངས་ལྟར་བར་སྟོང་དགུ་པོ་ལ། །མིག་མང་རིས་སུ་བརྗོད་པར་བྱ། །དེ་སྟེང་ཕྱི་ཚེ་གདུང་ལེབ་དཔངས། །འོག་གི་ཕྱི་ཚེ་དཔངས་ གཅིག་གི། །སྔར་ལྟར་ཕྱི་ཚེ་རིམ་གསུམ་རྩེག །གསུམ་པ་དང་མཉམ་དྲལ་ཕྱམ་བཏིང༌། །དེ་ སྟེང་འགེབས་ནི་ལེབ་ཆགས་བཀྲམ། །འགེབས་དཔངས་ཆ་ཆུང་སུམ་ཆ་གཅིག །འགེབས་ སྟེང་མཐའ་དང་ཁད་མཉམ་ནས། །མདའ་ཡབ་དཔངས་ནི་ཆ་ཕྱེད་ཅན། །རིམ་བཞིན་ལེགས་ བསྒྲིག་མཐོང་ཟླུམ་ཟུར། །བརྒྱད་བཅས་གཡུ་ལྗང་རྒྱ་ཕིབས་དཔངས། །ཆ་གཉིས་ཟུར་བརྒྱན་ མཐའ་མཛེས་བྱ། །འགེབས་སྟེང་འོག་གི་གདོང་མ་བཞིའི། །བསྣོལ་མཚམས་བཞིའི་སྟེང་ཀ་ ཐུང་དཔངས། །ཆ་བཞི་ཞེང་ལ་ཆ་ཆུང་གི། །སུམ་ཆ་དེའི་སྟེང་གསེར་གདུང་ནི། །གྲུ་བཞི་ དཔངས་ནི་ཀ་དང་འདྲ། །སྟེང་དུ་ཕྱི་ཚེ་ཉིས་རིམ་དང༌། །དེ་སྟེང་རྒྱ་ཕིབས་དཔངས་ཆ་ཆུང༌། །གསུམ་དང་དེ་སྟེང་ཏོག་གདན་དཔངས། །ཆ་གཉིས་མས་པད་དབྱིབས་ཅི་མཛེས། །ཏོག་ དཔངས་ཆ་དྲུག་ནོར་བུའི་དབྱིབས། །མིག་གཅིག་མིག་གསུམ་མིག་དགུ་སོགས། །ཅི་མཛེས་ འོད་ཟེར་དང་ལྡན་བྱ། །རྒྱ་ཕིབས་སྟེང་མའི་འོག་ཏུ་ནི། །རིགས་བདག་འོད་དཔག་མེད་པ་ བཞུགས། །རྨ་བྱའི་ཁྲི་དང་རྒྱན་ལ་སོགས། །རྒྱས་པར་བྱས་ཀྱང་ཆོག་པའོ། །ཟུར་བརྒྱད་ འགེབས་ནི་གཙོ་མོ་དང༌། །འོག་མ་འཁོར་གྱི་འགེབས་སུ་ཤེས། །རྩིག་ཟུར་སྣ་ཚོགས་རྡོ་རྗེས་ བརྒྱན། །རྩིག་པའི་ཕྱི་རུ་འདོད་སྣམ་ཞེང༌། །ཆ་གཉིས་དཔངས་སུའང་ཆ་ཆུང་གཉིས། །ཁྱུད་ འགྲམ་ལོགས་གསུམ་རྩིག་པའི་དཔངས། །ཆ་ཕྲན་བཅུ་པ་སྒོ་ཁང་ནི། །ཐིག་གི་འགྲོས་ལྟར་ ལེགས་པར་རྩིག །སྒོ་ལོགས་རྩིག་གདོང་གཡས་གཡོན་ལ། །འོག་ནས་ཆ་ཆུང་བདུན་སོང་ 6-1-159 ནས། །བརྒྱད་པའི་ས་ལ་གདུང་ཁུང་དྲུས། །ཆ་ཆུང་བཞི་ཆའི་གསེར་གདུང་བཀལ། །དེ་སྟེང་ རྩིག་པ་རིམ་གསུམ་འགྲོ། །གསེར་གདུང་རྩིག་པ་དང་བཅས་པའི། །དཔངས་ལ་ཆ་ཆུང་ གཅིག་ཡིན་ཞིང༌། །གདུང་དང་རྩིག་པ་འདེགས་བྱེད་ལ། །སྒོ་ལོགས་གཡས་གཡོན་བར་གྱི་ ཆ། །གསུམ་དུ་ཕྱེ་བའི་བར་མཚམས་སུ། །མཛེས་བྱེད་ཀ་བ་གཉིས་རེ་བསླངས། །གདུང་དང་ རྩིག་པའི་སྟེང་དུ་ཡང༌། །འོག་གི་མཛེས་བྱེད་ཀ་བ་དེ། །ནོན་པར་བྱས་ཏེ་ཀ་ཐུང་གཉིས། །བསླངས་ཏེ་དེ་གཉིས་ཀྱི་སྟེང་དང༌། །སྒོ་ལོགས་རྩིག་གདོང་སྟེང་དུ་ནི། །ཆ་ཆུང་ལྔ་ཆའི་ གདུང་འཕྲེད་འགེལ། །གཞལ་ཡས་ཁང་གི་སྒོ་དངོས་ནི། །སྒོ་ཁྱུད་རྣམས་ཀྱི་རྩིག་པ་དང༌། །ཕྱི་རུ་འོང་པའི་དཀྱིལ་ཙམ་དུ། །སྒོ་ཡི་རུ་བཞི་འཛུགས་པར་བྱ། །གཡས་གཡོན་སྟེང་འོག་ སྒོའི་རུ་བཞིའི། །ཞེང་ལ་ཆ་ཆུང་རེ་རེ་སྟེ། །ཡ་རུ་སྒོ་ཁྱུད་རྩིག་པ་མཉམ། །རུ་བཞི་དག་ལ་རིམ་ པ་གསུམ། །ཕྱི་མ་ཕྱི་མ་ཕྱི་རུ་འབུར། །བར་དུ་སྒོ་དངོས་ཆ་ཆུང་ནི། །གཉིས་ཀྱི་ས་ལ་སྒོ་གླེགས་ འཛུགས། །དེ་ཡང་མེ་ལོང་ཉིས་རལ་བྱའོ། །རྟ་བབས་སྒོ་དང་འབྲེལ་བ་འདིར། །ཀ་རྒྱན་ཕྱི་ མཐའི་རྒྱ་ཚད་ཀྱི། །ཆ་ཆུང་གཉིས་ཀྱི་འཐུག་རྔམ་གྱི། །གློ་འབུར་རྡོ་རྗེའི་ལྟེ་བའི་དཔངས། །དང་མཉམ་ངོས་སུ་ལྷན་པར་བྱ། །དེ་སྟེང་རྟ་བབས་རྣམ་བཞི་ནི། །ནང་ངོས་སྒོ་འགྲམ་གཡས་ གཡོན་གྱི། །རྩིག་རྒྱུད་ཐད་དུ་སྒོ་འགྲམ་ལས། །ཆ་ཆུང་གཅིག་བཀྱེད་པའི་མཚམས་དང༌། །ནང་ངོས་དེ་ཡི་དྲང་ཐད་དུ། །ཕྱི་ངོས་སྒོ་ལོགས་རྩིག་སྣ་ལས། །ཆ་ཆུང་གཅིག་གི་ཕྱི་རོལ་གྱི། །གློ་འབུར་སྟེང་དུ་རྟ་བབས་ཀྱི། །ཀ་བ་ཆ་ཆུང་བདུན་པ་བཞི། །འཛུགས་ཏེ་ཀ་བ་བཞིའི་སྟེང་ དུ། །སྣམ་བུ་བཞི་པོ་སྒོ་ལོགས་ལ། །མདུན་ནས་འཁོར་བའི་ཚུལ་དུ་བཀལ། །མདུན་ངོར་ བཞི་ཀ་དཔངས་ཞེང་གཉིས། །ཆ་ཆུང་རེར་མཉམ་གཡས་གཡོན་ནི། །སྣམ་བུ་འགོ་མ་ཞེང་ཆ་ གཉིས། །ནང་མཐའ་ཀ་བ་དང་མཉམ་ཞིང༌། །ཕྱི་མཐའ་ཀ་ལས་ཆ་གཅིག་རིང༌། །སྟེང་མ་ གསུམ་ནི་གཡས་གཡོན་ཀྱང༌། །ཞེང་དུ་ཆ་ཆུང་གཅིག་རེ་སྟེ། །ཆ་ཆུང་རེ་རེས་རིམ་གྱིས་ཐུང༌། 6-1-160 །སྣམ་བུ་བཞི་པས་སྒོ་ཁང་ཐོག །རིམ་གྱིས་བཀབ་པའི་གཡས་གཡོན་མདུན། །གསུམ་གྱི་ མཐའ་རུ་མདའ་ཡབ་ཀྱི། །རི་མོ་འབུར་དུ་བཏོད་བྱས་ཏེ། །གླང་རྒྱབ་ཐད་དུ་སྣམ་བུ་རྣམས། །ཆད་པར་གླང་རྒྱབ་འཁྱུད་མོ་ཕྱིར། །འབུར་བའི་རྣམ་པ་ཉིད་བྱའོ། །ཆོས་འཁོར་གདན་གྱི་ པདྨ་ཡང༌། །སྣམ་བུ་བཞི་པའི་མདུན་ངོའི་སྟེང༌། །དཔངས་སུ་ཆ་གཅིག་ཞེང་ལ་དྲུག །པད་ སྟེང་ཆོས་འཁོར་རི་དྭགས་དང༌། །གདུགས་སོགས་གསེར་གྱི་ལྗོན་ཤིང་ལྟར། །ལྷ་དང་རྒྱན་ ཚོན་རིམ་པ་ནི། །ཟླ་གདན་དཀར་སོགས་བྱུ་རུའི་མདོག །ཕྱི་ཚེའི་ཕྱམ་སྣེ་ཐམས་ཅད་ལ། །ཏཱྃཿཡིག་རྣམ་པ་འབུར་དུ་བཏོད། །བར་གྱི་སྒྲོམ་རྣམས་དངོས་སུ་ཡང༌། །ཅི་མཛེས་པ་ཊ་སྣ་ ཚོགས་བསྐོ། །ཕྱི་ཚེ་སྟེང་མའི་འགེབས་འོག་ངོའི། །སྤྱི་བླུག་ཐུར་བསྟན་ལྟ་བུ་ཡིས། །རྣམ་པ་ བར་བར་ཐུར་དུ་དཔྱང༌། །ཤར་བུའི་དཔངས་ལ་ཆ་ཆུང་གཅིག །དྲ་ཕྱེད་ཁ་ཐུང་སྟེང་འོག་ཏུ། །གསེར་གྱི་སྐ་རགས་བཞིས་སྤྲས་པའི། །ཕྱི་ངོས་ཆུ་སྲིན་མ་ཀ་རའི། །ཁ་ནས་སྐུད་དམར་ལ་ བརྒྱུས་པའི། །དོ་ཤལ་དབུས་དང་ཕྱེད་པའི་མཐར། །ནོར་བུས་མཚན་པའི་དྲ་བའོ། །ཡང་ན་ དྲིལ་བུ་ཟླ་ཕྱེད་དང༌། །རྔ་ཡབ་ནོར་བུས་མཚན་པ་ཡིས། །དྲ་བ་དྲ་ཕྱེད་མཛེས་པར་འཕྱངས། །རིན་ཆེན་འདོད་སྣམ་དམར་པོ་སྟེང༌། །ཕྱོགས་རེར་ལྷ་མོ་བཞི་རེ་སྟེ། །ཤར་གཡས་ན་བཟའ་ ལྗང་ན་བཟའ། །ཆོས་དབྱིངས་མ་དཀར་ཆོས་འབྱུང་འཛིན། །ལྷོ་གཡོན་གཟུང་མ་དཀར་མེ་ ལོང༌། །ཞལ་ཟས་མ་དམར་ཟས་མཆོག་སྣོད། །ལྷོ་གཡས་མར་མེ་དམར་མར་མེ། །དྲི་ཆབ་མ་ ལྗང་དྲི་ཆབ་འཛིན། །ནུབ་གཡོན་མེ་ཏོག་སེར་མེ་ཏོག །བདུག་སྤོས་མ་ནག་བདུག་སྤོས་དང༌། །ནུབ་གཡས་གླུ་མ་སེར་ཏིང་ཤག །གར་མ་ལྗང་གུ་པད་སྐོར་བྱེད། །བྱང་གཡོན་བཞད་དམར་ མེ་ཏོག་ཕྲེང༌། །སྒེག་མོ་སྔོན་མོ་རྡོར་དྲིལ་འཛིན། །བྱང་གཡས་རྔ་མ་དམར་རྔ་ཟླུམ། །རྫ་རྔ་མ་ ལྗང་རྫ་རྔ་འཛིན། །ཤར་གཡོན་རྒྱུད་མངས་སྔོ་པི་ཝང༌། །གླིང་བུ་མ་སེར་གླིང་བུ་འཛིན། །ཞལ་ གཅིག་ཕྱག་གཉིས་དར་དང་ནི། །རིན་ཆེན་བརྒྱན་པ་བཅུ་དྲུག་པའོ། །རྒྱན་དང་མཆོད་རྫས་ 6-1-161 ལ་སོགས་པ། །འདི་ལས་རྒྱས་པ་བྱེད་འདོད་ན། །གསེར་གྱི་ལྗོན་ཤིང་ལས་གསུངས་པའི། །སྣམ་བུ་བཞི་མའི་ལུགས་ལས་ཤེས། །ཞེས་རྗེ་བཙུན་སྒྲོལ་མའི་ཆོ་ག་གྲུབ་གཉིས་དཔལ་ སྟེར་གྱི་ཐིག་ཚོན་དང་རྩིག་ཐིག་པད་ཚལ་བཞད་བྱེད་ཅེས་བྱ་བ་འདི་སློབ་བུ་གསུང་དབྱངས་ ཀྱི་ངོར་རྒྱལ་ས་པེ་ཅིན་དུ་ཉིས་སྟོང་གཅིག་ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་ངག་དབང་ ཡོན་ཏན་བཟང་པོས་བྲིས་པའོ།། །། 6-1-162 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བརྟེན་པ་ལྷའི་བཀོད་ པ་གསལ་བར་བྱེད་པ་ནོར་བུའི་མེ་ལོང་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་དབྱེར་མེད་པ་དཔལ་དུས་ཀྱི་འཁོར་ལོ་ལ་སྒོ་གསུམ་གུས་པས་ཕྱག་ འཚལ་ལོ། ༼༡༽ །དབུས་ཀྱི་གཙོ་བོ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གདན་པདྨ་ལྗང་ གུ་སྡོང་བུ་རིང་པོ་ལོ་འདབ་ལྡན་པའི་པད་འདབ་བརྒྱད་དུ་ནུས་མ་བརྒྱད། ཟེ་འབྲུ་དང་མཉམ་ ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་མགོ་གཡས་སུ་བསྟན་པའི་འདོད་ལྷ་དམར་པོ་གདོང་གཅིག་པ། ལག་པ་བཞིའི་གཡས་དང་པོས་མེ་ཏོག་གི་མདའ་ལྔ། གཉིས་པས་(ཏཱ་ར་ནཱ་ཐ་ལྕགས་ཀྱུ) གཞུ། གཡོན་དང་པོས་(ཏཱ་ར་ནཱ་ཐ་གཞུ) ཞགས་པ། གཉིས་པས་( ཏཱ་ར་ནཱ་ཐ་ཞགས་པ) ལྕགས་ཀྱུ་འཛིན་ པའི་སྙིང་གར་ཞབས་གཡས་དམར་པོ་བརྐྱངས་པས་མནན་པ། བདུད་དགའ་མས་དམན་ པའི་གདོང་གིས་བཅོམ་ལྡན་འདས་ཀྱི་ཞབས་མཐིལ་འདེགས་པ། མགོ་གཡོན་དུ་བསྟན་པའི་ དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ། ལག་པ་བཞིའི་གཡས་དང་པོས་རྩེ་གསུམ། གཉིས་པས་ཌཱ་མ་རུ། གཡོན་དང་པོས(ཏཱ་ར་ནཱ་ཐ་ཁ་ཊྭཱཾ་ག་)ཐོད་པ། གཉིས་པས་(ཏཱ་ར་ནཱ་ཐ་ཐོད་པ) ཁ་ཊྭཱཾ་ག་འཛིན་པའི་སྙིང་གར་ཞབས་གཡོན་དཀར་པོ་བསྐུམས་པས་མནན་པ། དྲག་པོའི་ མས་དམན་པའི་གདོང་གིས་བཅོམ་ལྡན་འདས་ཀྱི་ཞབས་མཐིལ་འདེགས་པ། སྐུ་མདོག་སྔོན་ པོ། མདུན་ཞལ་ནག་པོ་ཁྲོ་ཆགས་འདྲེས་པའི་ཉམས་དང་ལྡན་པ་མཆེ་བ་ཕྱེད་གཙིགས་པ། 6-1-163 ཞལ་གཡས་དམར་པོ་ཆགས་ཉམས་ལྡན་པ། ཞལ་གཡོན་དཀར་པོ་ཞི་ཉམས་ཅན། རྒྱབ་ ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་པའི་ཉམས། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ པ། རལ་བའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་རལ་བའི་གཡོན་ངོས་སུ་ཟླ་ཕྱེད་ཀྱིས་བརྒྱན་ པ། རལ་བའི་ཅོད་པན་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་སྔོན་པོ་རྒྱན་སྤངས་པ། ཞབས་གཉིས་ སྐྱིལ་ཀྲུང༌། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་བཞག་པས་དབུ་བརྒྱན་པ། སྤྱི་བོར་རམ་ དབུ་སྐྲ་རལ་བའི་ཐོར་ཚུགས་བཅིངས་པའི་རྩར་རྡོ་རྗེའི་ནོར་བུས་དབུ་བརྒྱན། རྡོ་རྗེའི་རྣ་རྒྱན། རྡོ་རྗེའི་མགུལ་རྒྱན། ཕྱག་གི་སོར་ཚིགས་རྣམས་ལ་རྡོ་རྗེའི་གདུ་བུ། རྡོརྗེའི་སྐ་རགས། ཞབས་ གཡས་གཡོན་ལ་རྡོ་རྗེའི་རྐང་གདུབ། རྡོ་རྗེའི་དར་དཔྱངས། རྡོ་རྗེའི་ཕྲེང་བ་སྟེ་ཕྱག་རྒྱ་ དྲུགཡུམ་ལ་རྡོ་རྗེའི་དར་དཔྱངས་དོར་བའི་ཕྱག་རྒྱ་ལྔས་བརྒྱན་པའོ། །སྟག་ཤམ། ཕྱག་ གཡས་གཡོན་གྱི་ཕྲག་པ་རྣམས་ལས་ཕྲག་པ་དང་པོ་གཡས་གཡོན་གཉིས་ནག་པོ། ཕྲག་པ་ གཉིས་པ་གཡས་གཡོན་གཉིས་དམར་པོ། ཕྲག་པ་གསུམ་པ་གཡས་གཡོན་གཉིས་དཀར་པོ་ སྟེ་ཕྲག་པ་དྲུགདེ་ལས་གྱེས་པའི་དཔུང་བ་དང་པོ་གཡས་གཉིས་གཡོན་གཉིས་ནག་པོ་སྟེ་ བཞི། དེ་ནས་གཡས་གཉིས་གཡོན་གཉིས་དམར་པོ་སྟེ་བརྒྱད། དེ་ནས་གཡས་གཉིས་གཡོན་ གཉིས་དཀར་པོ་སྟེ་དཔུང་བ་བཅུ་གཉིས། དེ་ལས་གྱེས་པའི་ཕྱག་ངར་ཉེར་བཞི་ལ་སོར་ གདུབ་རྣམས་ཀྱིས་སྤྲས་པའི་སོར་མོ་ལྔ་ལྔ་སྟེ། མཐེ་བོང༌། མཛུབ་མོ། གུང་མོ། སྲིན་ ལགམཐེའུ་ཆུང་རྣམས་རིམ་པར་སེར་དཀར་དམར་ནག་ལྗང་གུའོ། །སོར་ཚིགས་རྣམས་ཕྱག་ མཐིལ་ནས་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོའོ། །ཕྱག་གཡས་ནག་ པོ་བཞིས་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག གཡོན་ནག་པོ་བཞིས་རྡོ་རྗེ་དྲིལ་བུ། ཕུབ། ཁ་ ཊྭཱཾ་ག་ཁ་ཕྱེ་བ། ཁྲག་གིས་གང་བའི་ཐོད་པ་སྟེ་ཕྱག་ངར་བརྒྱད། དེ་ནས་རིམ་པར་གཡས་ དམར་པོ་བཞིས་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་ལྡན་ཌཱ་མ་རུ། ཐོ་བ། གཡོན་དམར་པོ་བཞིས་ 6-1-164 གཞུ། ཞགས་པ། རིན་པོ་ཆེ། པད་དཀར་ཏེ་བཅུ་དྲུགདེ་ནས་གཡས་དཀར་པོ་བཞིས། འཁོར་ ལོ། མདུང༌། དབྱུག་པ། དགྲ་སྟ། གཡོན་དཀར་པོ་བཞིས་དུང༌། མེ་ལོང༌། རྡོ་རྗེའི་ལྕགས་ སྒྲོགཚངས་པ་གདོང་བཞིའི་མགོ་བོ་རྣམས་འཛིན་པ་སྟེ་ཕྱག་ངར་ཉེར་བཞིའོ། ༼༢༽ །དེ་ལ་ འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ཞལ་བཞི། ཕྱག་བརྒྱད། སྤྱན་བཅུ་གཉིས་མ། མདུན་ཞལ་ དང་སྐུ་མདོག་སེར་མོ། གཡས་དཀར་པོ། རྒྱབ་ནག་པོ། གཡོན་དམར་པོའོ། །ཕྱག་གཡས་ དང་པོས་གྲི་གུག གཉིས་པས་ལྕགས་ཀྱུ། གསུམ་པས་སྒྲ་དང་བཅས་པའི་ཌཱ་མ་རུ། བཞི་པས་ བགྲང་ཕྲེང༌། གཡོན་དང་པོས་ཐོད་པ། གཉིས་པས་ཞགས་པ། གསུམ་པས་འདབ་བརྒྱད་ པད་དཀར། བཞི་པས་རིན་པོ་ཆེ། གོང་ལྟར་གྱི་རྡོ་རྗེ་སེམས་དཔའི་ཅོད་པན། རུས་པའི་ཕྱག་ རྒྱ་ལྔས་བརྒྱན་མ། ཞབས་གཡས་བསྐུམས་ཏེ་ཡབ་ཀྱི་ཞབས་གཡོན་བསྐུམས་པ་དང་སྦྱར། གཡོན་བརྐྱངས་ཏེ་ཡབ་ཀྱི་ཞབས་གཡས་བརྐྱངས་པ་དང་སྦྱར་བའོ། །གཙོ་བོའི་པད་འདབ་ བརྒྱད་དུ། ༼༣༽ཤར་དུ་ནག་མོ་འབར་མ། མདུན་ཞལ་ནས་གཡས་བསྐོར་གྱི་ནགདམར། སེར། དཀར་རོ། །ཕྱག་བརྒྱད་ལས་གཡས་དང་པོས་བདུག་སྤོས། དེ་ནས་རིམ་པར་ཙན་དན། གུར་ཀུམ། གླ་རྩི་དང་བཅས་ག་བུར་རྣམས་ཀྱི་སྣོད་འཛིན་པ། གཡོན་དང་པོ་ནས་རིམ་པར། དྲིལ་བུ། པདྨ། ལྷའི་ཤིང་གི་(ཏཱ་ར་ནཱ་ཐ་ཡོངས་འདུའི་)མེ་ཏོགམེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཛིན་ པའོ། །༼༤༽ ལྷོར་དམར་མོ་འབར་མ། མདུན་ཞལ་ནས་གཡས་བསྐོར་གྱི་དམར། སེར། དཀར། ནག་པོའོ། །ཕྱག་བརྒྱད་ལས་གཡས་དང་པོས་མར་མེ། དོ་ཤལ། ཅོད་པན། གདུ་བུ། གཡོན་དང་པོས་གོས། སྐ་རགས། རིན་པོ་ཆེའི་རྣ་རྒྱན། རྐང་གདུབ་རྣམས་འཛིན་པའོ། །༼༥༽ བྱང་དུ་དཀར་མོ་འབར་མ། མདུན་ཞལ་ནས་གཡས་བསྐོར་གྱི་དཀར། ནགདམར། སེར་རོ། །ཕྱག་བརྒྱད་ལས་གཡས་དང་པོས་འོ་མ། ཆུ། སྨན་བཟང་པོ། ཆང་རྣམས་ཀྱི་སྣོད། གཡོན་ དང་པོས་བདུད་རྩིའི་སྣོད། གྲུབ་པའི་བཅུད་ཀྱི་སྣོད། བདུད་རྩིའི་འབྲས་བུ། ཟས( ཏཱ་ར་ནཱ་ཐ་ 6-1-165 འབྲས་ཆན) ཀྱི་སྣོད་རྣམས་འཛིན་པའོ། །༼༦༽ ནུབ་ཏུ་སེར་མོ་འབར་མ། མདུན་ཞལ་ནས་ གཡས་བསྐོར་གྱི། སེར། དཀར། ནགདམར་རོ། །ཕྱག་བརྒྱད་ལས་གཡས་དང་པོས་དུང༌། གླིང་བུ། ནོར་བུ། ཌཱ་མ་རུ། གཡོན་དང་པོས་པི་ཝཾ། རྔ། འཁར་རྔ། ཟངས་དུང་རྣམས་འཛིན་ པའོ། ༼༧༽ །ཤར་ལྷོར་རམ་མེར། དུ་བ་མ་ཞལ་རྣམས་ནག་མོ་འབར་མ་དང་འདྲ། ཕྱག་ བརྒྱད་ན་རྔ་ཡབ་ནག་པོ་བརྒྱད་བསྣམས་པ། ༼༨༽ ལྷོ་ནུབ་བམ་བདེན་བྲལ་དུ། སྨིག་རྒྱུ་མ་ ཞལ་རྣམས་དམར་མོ་འབར་མ་དང་འདྲ། ཕྱག་བརྒྱད་ན་རྔ་ཡབ་དམར་པོ་བརྒྱད་བསྣམས་པ། ༼༩༽ བྱང་ཤར་རམ་དབང་ལྡན་དུ་མེ་ཁྱེར་མ་ཞལ་རྣམས་དཀར་མོ་འབར་མ་དང་འདྲ། ཕྱག་ བརྒྱད་ན་རྔ་ཡབ་དཀར་པོ་བརྒྱད་བསྣམས་པ། ༼༡༠༽ ནུབ་བྱང་ངམ་རླུང་དུ། མར་མེ་མ་ཞལ་ རྣམས་སེར་མོ་འབར་མ་དང་འདྲ། ཕྱག་བརྒྱད་ན་རྔ་ཡབ་སེར་པོ་བརྒྱད་བསྣམས་པ། དེ་ ཐམས་ཅད་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རྩ་ཞལ་དང་སྐུ་མདོག་མཚུངས་པ་ སྟེ། རྐང་མགོ་མདུན་དུ་བསྟན་ནས་བཞེངས་ཏེ་མཉམ་པའི་སྟབས་ཀྱིས་བཞེངས་པ། རུས་ པའི་ཕྱག་རྒྱལྔ་དང་རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན་ནོ། །ནུས་མ་བརྒྱད་ཀྱི་རྒྱབ་གཙོ་གནས་ གྲུ་བཞི་པའི་གྲྭའམ་ཟུར་བཞི་ལ་པདྨ་དཀར་པོ་འདབ་བརྒྱད་རེ་རེའི་སྟེང་དུ། བྱང་ཤར་རམ་ དབང་ལྡན་དུ་ཆོས་དུང་དཀར་པོ། ལྷོ་ནུབ་བམ་བདེན་བྲལ་དུ་ཆོས་ཀྱི་གཎྜི་དམར་པོ། ཤར་ ལྷོར་རམ་མེར་(ཏཱ་ར་ནཱ་ཐ་ཡིད་བཞིན་གྱི)ནོར་བུ་ནག་པོ། ནུབ་བྱང་ངམ་རླུང་དུ་དཔག་བསམ་གྱི་ ཤིང་སེར་པོའོ། ༼༡༡༽ །རིགས་བདག་མི་བསྐྱོད་པ་ཞལ་གསུམ་ལས་མདུན་ཞལ་དང་སྐུ་ མདོག་ལྗང་གུ། གཡས་དམར། གཡོན་དཀར། ཕྱག་དྲུག་གི་གཡས་གསུམ་དང་པོས་རྡོ་རྗེ། གཉིས་པས་གྲི་གུག གསུམ་པས་དགྲ་སྟ། གཡོན་གསུམ་དང་པོས་རྡོ་རྗེ་དྲིལ་བུ། གཉིས་པས་ ཐོད་པ། གསུམ་པས་ཚངས་མགོ་འཛིན་པས་ཡུམ་ལ་འཁྱུད་པ། ༼༡༢༽ ཡུམ་རྡོ་རྗེའི་དབྱིངས་ ཀྱི་དབང་ཕྱུག་མ་ཞལ་གསུམ་ལས་མདུན་ཞལ་དང་སྐུ་མདོག་ལྗང་གུ། གཡས་དམར། གཡོན་ 6-1-166 དཀར། ཕྱག་དྲུག་གི་གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་གསུམ། རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་ཡབ་ལ་འཁྱུད་པའོ། ༼༡༣༽ །བདེ་ཆེན་འཁོར་ལོའི་ གཤེགས་པ་བཞི། ཤར་དུ་དོན་ཡོད་གྲུབ་པ་ཞལ་གསུམ་ལས་མདུན་ཞལ་དང་སྐུ་མདོག་ནག་ པོ། གཡས་དམར། གཡོན་དཀར། ཕྱག་དྲུག་གི་གཡས་གསུམ། རལ་གྲི། གྲི་གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་པ། ༼༡༤༽ ཡུམ་ སངས་རྒྱས་སྤྱན་མ་ཞལ་གསུམ་ལས་མདུན་ཞལ་དང་སྐུ་མདོག་སེར་མོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་ རྗེའི་ལྕགས་སྒྲོགསྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ་( ཏཱ་ར་ནཱ་ཐ་སྒྲ་དང་བཅས་པའི་དྲིལ་བུ) འཛིན་པས་ཡབ་ལ་འཁྱུད་པ། ༼༡༥༽ ལྷོར་རིན་ཆེན་འབྱུང་ལྡན་དམར་པོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོ་རྗེ་ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འཛིན་པས་ཡུམ་ལ་འཁྱུད་པ། ༼༡༦༽ ཡུམ་མཱ་མ་ཀཱི་དཀར་ མོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། འདབ་བརྒྱད་པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པས་ཡབ་ལ་འཁྱུད་པ། ༼༡༧༽ བྱང་ དུ་སྣང་བ་མཐའ་ཡས་དཀར་པོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། འདབ་བརྒྱད་པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པས་ཡུམ་ ལ་འཁྱུད་པ། ༼༡༨༽ ཡུམ་གོས་དཀར་མོ་དམར་མོ། གཡས་དཀར། གཡོན་ནག གཡས་ གསུམ། མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འཛིན་པས་ཡབ་ལ་འཁྱུད་པ། ༼༡༩༽ནུབ་ཏུ་རྣམ་པར་ སྣང་མཛད་སེར་པོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་ བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོརྗེ་ལྕགས་སྒྲོགསྒྲ་དང་བཅས་པའི་དྲིལ་བུ་འཛིན་པས་ 6-1-167 ཡུམ་ལ་འཁྱུད་པ། ༼༢༠༽ ཡུམ་སྒྲོལ་མ་ནག་མོ། གཡས་དམར། གཡོན་དཀར། གཡས་ གསུམ། རལ་གྲི། གྲི་གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་ པས་ཡབ་ལ་འཁྱུད་པ། དེ་ཐམས་ཅད་ཀྱི་མདུན་ཞལ་དང་སྐུ་མདོག་མཚུངས་པ་ཞལ་རེ་རེ་ལ་ སྤྱན་གསུམ་གསུམ། ཐམས་ཅད་ལ་སྡོང་བུ་རིང་པོ་ལོ་འདབ་དང་བཅས་པ་རེ་རེའི་རྩེར་པད་ དཀར་ཟེ་འབྲུར་ཉི་གདན་ལ་ཡབ་རྡོ་རྗེའི་གདན་ནམ་རྡོ་རྗེ་སྐྱིལ་ཀྲུང་གིས་ཡུམ་ལ་འཁྱུད་པ་ ཡུམ་རྣམས་རྡོ་རྗེའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། ཡབ་རྣམས་རལ་བའི་ཐོར་ཚུགས་དང༌། ཡུམ་རྣམས་རིན་པོ་ཆེའི་ཐོར་ཚུགས་ཐམས་ཅད་ལ་དར་སྲབ་མོའི་ན་བཟའ་རིན་པོ་ཆེའི་རྒྱན་ དྲུག་གིས་བརྒྱན་པ་ཐབས་གཙོ་བོར་གྱུར་པའོ། །༼༢༡༽ བདེ་ཆེན་འཁོར་ལོའི་གཤེགས་མ་ བཞི་ཤར་ལྷོར་རམ་མེར་སྒྲོལ་མ་ནག་མོ། གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པས་ ཡབ་ལ་འཁྱུད་པ། ༼༢༢༽ ཡབ་རྣམ་པར་སྣང་མཛད་སེར་པོ། གཡས་དཀར། གཡོན་ ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་རྗེའི་ ལྕགས་སྒྲོགསྒྲ་དང་བཅས་པའི་རྡོ་རྗེའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ༼༢༣༽ ལྷོ་ནུབ་ བམ་བདེན་བྲལ་དུ་གོས་དཀར་མོ་དམར་མོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོ་རྗེ་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པས་ཡབ་ལ་འཁྱུད་པ། ༼༢༤༽ ཡབ་སྣང་བ་ མཐའ་ཡས་དཀར་པོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། འདབ་བརྒྱད་པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པས་ཡུམ་ལ་འཁྱུད་ པ། ༼༢༥༽ བྱང་ཤར་རམ་དབང་ལྡན་དུ་མཱ་མ་ཀཱི་དཀར་མོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། འདབ་བརྒྱད་པད་དཀར། མེ་ 6-1-168 ལོང༌། བགྲང་ཕྲེང་འཛིན་པས་ཡབ་ལ་འཁྱུད་པ། ༼༢༦༽ ཡབ་རིན་ཆེན་འབྱུང་ལྡན་དམར་ པོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་དང་ བཅས་པའི་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་ འཛིན་པས་ཡུམ་ལ་འཁྱུད་པ། ༼༢༧༽ ནུབ་བྱང་ངམ་རླུང་དུ་སྤྱན་མ་སེར་མོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་ རྗེའི་ལྕགས་སྒྲོགསྒྲ་དང་བཅས་པའི་རྡོ་རྗེའི་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། ༼༢༨༽ ཡབ་དོན་ཡོད་གྲུབ་པ་ནག་པོ། གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་ གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་ པའོ། །དེ་ཐམས་ཅད་ཀྱི་མདུན་ཞལ་དང་སྐུ་མདོག་མཚུངས་པ་ཞལ་རེ་རེ་ལ་སྤྱན་གསུམ་ གསུམ། ཐམས་ཅད་སྡོང་བུ་ལོ་འདབ་ལྡན་པ་རིང་པོ་རེ་རེའི་རྩེར་པདྨ་དམར་པོ་དང་ཟླ་བའི་ གདན་ལ་པདྨའི་སྐྱིལ་ཀྲུང་ངམ་པདྨའི་གདན་གྱིས་གནས་ཤིང་ཤེས་རབ་གཙོ་མོར་གྱུར་པ་ གཤེགས་མ་བཞི་རིན་པོ་ཆེའི་ཐོར་ཚུགས་དང་གཤེགས་པ་བཞི་རལ་བའི་ཐོར་ཚུགས་དང་ ཡབ་ཡུམ་རྣམས་ལ་དར་སྲབ་མོའི་ན་བཟའ། རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་པའོ། །བདེ་ ཆེན་འཁོར་ལོའི་གཤེགས་པ་བཞིའི་གཡས་གཡོན་གྱི་ཀ་བའི་བར་བརྒྱད་ཀྱི་ཤར་དུ་རྐང་ འགག་པའི་བུམ་པ་གཉིས། ལྷོར་ཁྲག་འགག་པའི་བུམ་པ་གཉིས། བྱང་དུ་གཅི་བ་འགག་ པའི་བུམ་པ་གཉིས། ནུབ་ཏུ་བཤང་བ་འགག་པའི་བུམ་པ་གཉིས། གཙོ་བོའི་སྟེང་གི་ནམ་ མཁར་ཁུ་བ་འགག་པའི་བུམ་པ་གཅིགབདེ་ཆེན་འཁོར་ལོའི་གར་བུའི་ནང་སྟོད་ཕྱོགས་སུ་ རྡུལ་འགག་པའི་བུམ་པ་གཅིགདེ་ཐམས་ཅད་བདུད་རྩིའི་བུམ་པ་དཀར་པོ་རྣམས་སྡོང་བུ་རིང་ པོ་ལོ་འདབ་ལྡན་པའི་པདྨ་དཀར་པོའི་གདན་དང་དེ་རེ་རེ་ལའང་པདྨ་དཀར་པོས་ཁ་བརྒྱན་ པ་དེ་ནི་སྒོམ་རིམ་ཡིན། བློས་བསླངས་དཀྱིལ་འཁོར་སྐབས་སུ་སྟེང་གི་བུམ་པ་ཐུགས་དཀྱིལ་ 6-1-169 ཤར་སྒོའི་ཁྲོ་བོའི་རྒྱབ་དང༌། འོག་གི་བུམ་པ་དེའི་ནུབ་ཀྱིཁྲོ་བོའི་རྒྱབ་ཏུ་བཀོད། རྡུལ་ཚོན་ དང་དཀྱིལ་ཐང་སོགས་ལ་ཐུགས་ཀྱི་ཤར་ནུབ་ཁྲོ་བོའི་སྟེང་དུ་སྟེང་འོག་གི་བུམ་པ་གཉིས་ འགོད་པའོ། །༼༢༩༽ ཁྲོ་བོ་བཞི་ནི་ཐུགས་ཀྱི་ཤར་སྒོར་བགེགས་མཐར་བྱེད་ནག་པོ། གཡས་ དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པ་ལ། ༼༣༠༽ ཡུམ་རེངས་བྱེད་མ་སེར་མོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་ རྗེའི་ལྕགས་སྒྲོགརྡོ་རྗེ་དྲིལ་བུ་སྒྲ་ལྡན་འཛིན་པས་ཡབ་ལ་འཁྱུད་པ། ༼༣༡༽ ལྷོ་སྒོར་ཤེས་ རབ་མཐར་བྱེད་དམར་པོ། གཡས་དཀར། གཡོན་ནག གཡས་གསུམ་མེའི་མདའ། རྡོ་རྗེའི་ ལྕགས་ཀྱུ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་ དགུ་པ་འཛིན་པ་ལ། ༼༣༢༽ ཡུམ་ཁེངས་བྱེད་མ་དཀར་མོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། པད་དཀར། མེ་ལོང༌། བགྲང་ ཕྲེང་འཛིན་པས་ཡབ་ལ་འཁྱུད་པ། ༼༣༣༽བྱང་སྒོར་པདྨ་མཐར་བྱེད་དཀར་པོ། གཡས་ ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། འདབ་བརྒྱད་ པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པ་ལ། ༼༣༤༽ ཡུམ་རྨུགས་བྱེད་མ་དམར་མོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་ལྡན་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འཛིན་པས་ཡབ་ལ་འཁྱུད་པ། ༼༣༥༽ ནུབ་སྒོར་གཤིན་རྗེ་མཐར་བྱེད་སེར་པོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་རྗེ་ལྕགས་སྒྲོགདྲིལ་བུ་སྒྲ་ལྡན་ འཛིན་པ་ལ། ༼༣༦༽ ཡུམ་ཤིན་ཏུ་བརྩོན་འགྲུས་མ་ནག་མོ། གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་ 6-1-170 པོ་འཛིན་པས་ཡབ་ལ་འཁྱུད་པ། །ཁྲོ་བོ་རྣམས་གཡས་བརྐྱངས་གཡོན་བསྐུམས། །ཁྲོ་བོའི་ ལྷ་མོ་རྣམས་གཡོན་བརྐྱང་གཡས་བསྐུམས་པའི་ཐབས་གཙོ་བོར་གྱུར་པའོ། །ཤར་དང་བྱང་ གི་སྒོར་པད་དཀར་ཉི་གདན། ལྷོ་དང་ནུབ་ཀྱི་སྒོར་པད་དམར་ཟླ་གདན་དང༌། ཁྲོ་བོ་ཁྲོ་མོ་ བརྒྱད་པོ་རྣམས་རྩ་ཞལ་དང་སྐུ་མདོག་མཚུངས་པ་ཞལ་རེ་རེ་ལ་སྤྱན་དམར་པོ་གསུམ་ གསུམ། ཁྲོ་བོ་རྣམས་སྦྲུལ་རྒྱན་སྟག་ལྤགས་སོགས་ན་བཟའི་ཁྱད་པར་དང༌། སྐྲ་དམར་སེར་ གྱེན་བརྫིས་སོགས་ཁྲོ་བོ་སྤྱིའི་ལུགས་ཡིན། ཡབ་རྣམས་ཕྱག་རྒྱ་དྲུགཡུམ་རྣམས་ཕྱག་རྒྱ་ལྔ། ཐོད་སྐམ་གྱི་དབུ་རྒྱན། མགོ་རློན་གྱི་དོ་ཤལ་ལྔ་བཅུ་ཙམ་བྱེད་པ་འཐད་པར་གསུངས་སོ། ༼༣༧༽ །སེམས་དཔའ་དྲུག་ཡུམ་དང་བཅས་པ་དགཐུགས་ཀྱི་ལྷ་སྣམ་ལ་ལྷོའི་གཡོན་དུ་ཕྱག་ རྡོར་ལྗང་གུ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་ གསུམ། རྡོར་དྲིལ། ཐོད་པ། ཚངས་མགོ་འཛིན་པ་ལ། ༼༣༨༽ ཡུམ་སྒྲ་རྡོ་རྗེ་མ་སྔོན་མོ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་གསུམ། རྡོར་ དྲིལ། ཐོད་པ། ཚངས་མགོ་འཛིན་པས་ཡབ་ལ་འཁྱུད་པ། ༼༣༩༽ ཤར་གཡས་ནམ་མཁའི་ སྙིང་པོ་ནག་པོ། གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་འཛིན་པ་ལ། ༼༤༠༽ ཡུམ་དྲི་རྡོ་རྗེ་མ་སེར་མོ། གཡས་ དཀར། གཡོན་ནག གཡས་གསུམ་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་རྗེ་ལྕགས་སྒྲོགརྡོ་རྗེ་དྲིལ་བུ་སྒྲ་ལྡན་(ཏཱ་ར་ནཱ་ཐ་སྒྲ་དང་བཅས་པའི་དྲིལ་བུ)འཛིན་པས་ཡབ་ལ་འཁྱུད་ པ། ༼༤༡༽ ལྷོ་གཡས་སའི་སྙིང་པོ་དམར་པོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོརྗེའི་ལྕགས་ཀྱུ། སྒྲ་ལྡན་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་ རྩེ་མོ་དགུ་པ་འཛིན་པ་ལ། ༼༤༢༽ ཡུམ་གཟུགས་རྡོ་རྗེ་མ་དཀར་མོ། གཡས་ནག གཡོན་ དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། འདབ་བརྒྱད་པད་དཀར། 6-1-171 མེ་ལོང༌། བགྲང་ཕྲེང་འཛིན་པས་ཡབ་ལ་འཁྱུད་པ། ༼༤༣༽ བྱང་གཡས་འཇིག་རྟེན་དབང་ ཕྱུག་དཀར་པོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་ གསུམ་འདབ་བརྒྱད་པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པ་ལ། ༼༤༤༽ ཡུམ་རོ་རྡོ་རྗེ་ མ་དམར་མོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་ ལྡན་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་ པས་ཡབ་ལ་འཁྱུད་པ། ༼༤༥༽ ནུབ་གཡས་སྒྲིབ་པ་རྣམ་པར་སེལ་བ་སེར་པོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་ རྗེའི་ལྕགས་སྒྲོགསྒྲ་ལྡན་རྡོར་དྲིལ་(ཏཱ་ར་ནཱ་ཐ་སྒྲ་དང་བཅས་པའི་དྲིལ་བུ) འཛིན་པ་ལ། ༼༤༦༽ ཡུམ་ རེག་བྱ་རྡོ་རྗེ་མ་ནག་མོ། གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུགརྩེ་ གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པས་ཡབ་ལ་འཁྱུད་པ། ༼༤༧༽ཤར་གཡོན་ཀུན་ཏུ་བཟང་པོ་སྔོན་པོ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་གསུམ། རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་པའི་མགོ་བོ་འཛིན་པ་ ལ། ༼༤༨༽ ཡུམ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལྗང་གུ། གཡས་དམར། གཡོན་དཀར། གཡས་ གསུམ། རྡོརྗེ། གྲི་གུགདགྲ་སྟ། གཡོན་གསུམ། རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་ པས་ཡབ་ལ་འཁྱུད་པ་སྟེ། ཐམས་ཅད་རྩ་ཞལ་དང་སྐུ་མདོག་མཚུངས་པ་སྡོང་བུ་རིང་པོའི་ པདྨ་དཀར་པོ་དང་ཉི་གདན་ལ་ཡབ་ཡུམ་ཐམས་ཅད་རྡོ་རྗེའི་སྐྱིལ་ཀྲུང་ངམ་རྡོ་རྗེའི་གདན་གྱི་ གནས་ཤིང་ཡབ་ཡུམ་རྣམས་རིན་པོ་ཆེའི་ཐོར་ཚུགས་ཅན། དར་སྲབ་མོའི་ན་བཟའ་ཅུང་ཟད་ དང༌། རིན་པོ་ཆེའི་རྒྱན་དྲུག་གིས་བརྒྱན་པ་ཐབས་གཙོ་བོར་གྱུར་པའོ། །༼༤༩༽ སེམས་མ་ དྲུག་ཡབ་དང་བཅས་པ་དག་ཐུགས་ཀྱི་ལྷ་སྣམ་ལ་ནུབ་ཀྱི་གཡོན་དུ་ཆོས་དབྱིངས་རྡོ་རྗེ་མ་ ལྗང་གུ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་ 6-1-172 གསུམ། རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ་༼༥༠༽ཡབ་ཀུན་ཏུ་བཟང་པོ་སྔོན་པོ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་གསུམ། རྡོ་རྗེ་ དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་ཡུམ་ལ་འཁྱུད་པ། ༼༥༡༽ ཤར་ལྷོར་རམ་མེར་རེག་ བྱ་རྡོ་རྗེ་མ་ནག་མོ། གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུགརྩེ་ གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པ་ལ། ༼༥༢༽ ཡབ་སྒྲིབ་པ་ རྣམ་པར་སེལ་བ་སེར་པོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་རྗེའི་ལྕགས་སྒྲོགརྡོ་རྗེ་དྲིལ་བུ་སྒྲ་ལྡན་འཛིན་པས་ ཡུམ་ལ་འཁྱུད་པ། ༼༥༣༽ ལྷོ་ནུབ་བམ་བདེན་བྲལ་དུ་རོ་རྡོ་རྗེ་མ་དམར་མོ། གཡས་དཀར། གཡོན་ནག གཡས་གསུམ། མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་ལྡན་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འཛིན་པ་ལ། ༼༥༤༽ ཡབ་འཇིག་རྟེན་དབང་ཕྱུག་ དཀར་པོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་ གསུམ། འདབ་བརྒྱད་པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པས་ཡུམ་ལ་འཁྱུད་པ། ༼༥༥༽ བྱང་ཤར་རམ་དབང་ལྡན་དུ་གཟུགས་རྡོ་རྗེ་མ་དཀར་མོ། གཡས་ནག གཡོན་དམར། གཡས་གསུམ། ཐོ་བ། མདུང༌། རྩེགསུམ། གཡོན་གསུམ། འདབ་བརྒྱད་པད་དཀར། མེ་ ལོང༌། བགྲང་ཕྲེང་འཛིན་པ་ལ། ༼༥༦༽ ཡབ་སའི་སྙིང་པོ་དམར་པོ། གཡས་དཀར། གཡོན་ ནག གཡས་གསུམ། མེའི་མདའ། རྡོ་རྗེའི་ལྕགས་ཀྱུ། སྒྲ་ལྡན་ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་པས་ཡུམ་ལ་འཁྱུད་པ། ༼༥༧༽ ནུབ་ བྱང་ངམ་རླུང་དུ་དྲིརྡོ་རྗེ་མ་སེར་མོ། གཡས་དཀར། གཡོན་ནག གཡས་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། རྡོ་རྗེའི་ལྕགས་སྒྲོགསྒྲ་དང་བཅས་པའི་རྡོ་རྗེ་ དྲིལ་བུ་(ཏཱ་ར་ནཱ་ཐ་སྒྲ་དང་བཅས་པའི་དྲིལ་བུ) འཛིན་པ་ལ། ༼༥༨༽ ཡབ་ནམ་མཁའི་སྙིང་པོ་ནག་པོ། 6-1-173 གཡས་དམར། གཡོན་དཀར། གཡས་གསུམ། རལ་གྲི། གྲི་གུགརྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊྭཱཾ་ག་དཀར་པོ་འཛིན་པས་ཡུམ་ལ་འཁྱུད་པ། ༼༥༩༽བྱང་གི་གཡོན་དུ་སྒྲ་ རྡོ་རྗེ་མ་སྔོན་མོ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་གསུམ། རྡོ་རྗེའི་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ། ༼༦༠༽ ཡབ་ཕྱག་ན་རྡོ་རྗེ་ ལྗང་གུ། གཡས་དམར། གཡོན་དཀར། གཡས་གསུམ། རྡོ་རྗེ། གྲི་གུགདགྲ་སྟ། གཡོན་ གསུམ། རྡོ་རྗེའི་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་ཡུམ་ལ་འཁྱུད་པ་སྟེ། ཐམས་ཅད་ རྩ་ཞལ་དང་སྐུ་མདོག་མཚུངས་པ་སྡོང་བུ་རིང་པོ་ལོ་འདབ་ལྡན་པའི་པདྨ་དམར་པོ་དང་ཟླ་ གདན་ལ་པདྨའི་སྐྱིལ་ཀྲུང་ངམ་པདྨའི་གདན་གྱིས་བཞུགས་ཤིང་ཤེས་རབ་གཙོ་མོར་གྱུར་པ་ དང་རིན་པོ་ཆེའི་ཐོར་ཚུགས་ཅན། དར་སྲབ་མོའི་ན་བཟའ་དང་རིན་པོ་ཆེའི་རྒྱན་དྲུག་གིས་ བརྒྱན་པའོ། །གཟུངས་ཀྱི་ལྷ་མོ་བཅུ་གཉིས་ཐུགས་ཀྱི་སྒོ་བཞིའི་གཡོན་དང་གཡས་ཀྱི་སྟེགས་ བུའམ་འདོད་སྣམ་ལ་ཤར་གཡོན་དྲི་ཆབ་མ་ནག་མོ། ཤར་གཡས་ཕྲེང་བ་མ་ནག་མོ། དེ་ལྟར་ ལྷོར་བདུག་སྤོས་མ་དང་སྣང་གསལ་མ་གཉིས་དམར་མོ། བྱང་དུ་བདུད་རྩི་མ་དང་འབྲས་བུ་ མ་དཀར་མོ། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ། སྟེང་གི་གཟུངས་མ་ལྗང་གུ་གཉིས་དང་ འོག་གི་གཟུངས་མ་སྔོན་མོ་གཉིས་ཐུགས་ཀྱི་རྟ་བབས་བརྩེགས་མ་འོག་མའི་རེའུ་མིག་ དབུས་མར་བྱང་དུ་སྒྲ་མ། ཤར་དུ་གར་མ། ལྷོར་གླུ་མ། ནུབ་ཏུ་འདོད་མ་རྣམས་རིམ་པར་ བཀོད། བསྒོམ་ཐབས་ལ། སྟེང་གི་སྒྲ་མ་དང་གར་མ་ལྗང་གུ་བདེ་ཆེན་འཁོར་ལོའི་གར་བུའི་ ནང་བུམ་པའི་འོག་ཕྱོགས་སུ་འགོད། འོག་གི་གླུ་མ་དང་འདོད་མ་སྔོན་མོ་གཉིས་ཐུགས་ཀྱི་ གར་བུའི་ནང་དུ་བཞུགས། དེ་རྣམས་ཞལ་གཅིག་ཕྱག་གཉིས་རང་རང་གི་མིང་དང་རྗེས་སུ་ མཐུན་པའི་མཆོད་རྫས་དུ་མ་ཐོགས་ཤིང༌། རྐང་མགོ་གཉིས་མདུན་དུ་བརྐྱངས་ཏེ་བཞེངས་ པས་ས་གའི་སྟབས་ཀྱིས་བཞུགས་པ་ཞི་ཞིང་སྒེག་ཉམས་ལྡན་པ་དར་དང་རིན་པོ་ཆེས་བརྒྱན་ 6-1-174 པ་གར་གྱི་རྣམ་འགྱུར་སྣ་ཚོགས་པས་ཟུར་གྱིས་བཏེགས་པའི་སྒེག་འཆོས་ཅན་ཏེ། ལྷ་རྣམས་ མཉེས་བྱེད་ཁོ་ནའོ། །ཐིག་ཚོན་སོགས་ལྟར་ན་ཐུགས་ཀྱི་རྟ་བབས་བརྩེགས་མ་སྟེང་མའི་ དབུས་མ་རྣམས་ལས་ཤར་དུ་གར་མ། ནུབ་ཏུ་སྒྲ་མ། བྱང་དུ་གླུ་མ། ལྷོར་འདོད་མའོ། །བློས་ བསླངས་དཀྱིལ་འཁོར་བཞེངས་ཚེ། སྟེང་འོག་གི་གཟུངས་མ་རྣམས། ཐུགས་དཀྱིལ་རྟ་ བབས་བརྩེགས་མ་འོག་མའི་རེའུ་མིག་དབུས་མ་ལ་འགོད་པ་ཡིན་ཏེ། སྟེང་གི་སྒྲ་མ་བྱང་ དང༌། གར་མ་ཤར། འོག་གི་གླུ་མ་ལྷོ་དང༌། འདོད་མ་ནུབ་ཏུ་འགོད། དུས་འཁོར་རྩིག་ཐིག་ དང་ཐིག་ཡིག་གཉིས་རྟ་བབས་རེའུ་མིག་སྟེང་འོག་དང་སྟེང་འོག་གི་གཟུངས་མ་རྣམས་ བཀོད་ལུགས་མི་འདྲ་བར་དཔྱད་པར་མཛོད། གསུང་གི་ལྷ་སྣམ་གྱི་ཕྱོགས་བཞིར་འདབ་མ་བརྒྱད་པའི་པདྨ་དམར་པོ་བཞི། མཚམས་ བཞིར་པདྨ་འདབ་བརྒྱད་དཀར་པོ་བཞི་སྟེ་ཤར་གྱི་སྡོང་བུ་དང་ལོ་མ་ཅུང་ཟད་ཡོད་པའི་ འདབ་བརྒྱད་པདྨ་དམར་པོའི་ལྟེ་བར་ཡི་དྭགས་དམར་པོ་ཞེས་པ་མི་དམར་པོ་ཁ་སྦུབ་མགོ་ བོ་མདུན་དུ་བསྟན་པའི་གདན་སྟེང་དུ་ཙར་ཙི་ཀཱ་སྐུ་མདོག་ནག་མོ་ཞལ་གཅིག ཕྱག་བཞིའི་ གཡས་གཉིས། གྲི་གུགརྩེ་གསུམ། གཡོན་གཉིས། ཐོད་པ། ཁ་ཊྭཱཾ་ག་འཛིན་པས་ཡབ་ལ་ འཁྱུད་པ། ཡབ་དབང་པོ་སེར་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས། རྡོ་རྗེ། མེའི་མདའ། གཡོན་གཉིས། རྡོ་རྗེ་དྲིལ་བུ། གཞུ་འཛིན་པས་ཡུམ་ལ་འཁྱུད་པ། ཙར་ཙི་ཀའི་མདུན་གྱི་ འདབ་མར་འཇིགས་མ། རྒྱབ་ཀྱི་འདབ་མར་རླུང་ཤུགས་མ། གཡས་ཀྱི་འདབ་མ་གསུམ་གར་ མདུན་ངོས་ནས་གཡས་བསྐོར་གྱིས་རིམ་པ་བཞིན་དུ། དྲག་མོ། དུས་ཀྱི་མཆེ་བ་མ། མེ་འབར་ གདོང་མ་གསུམ། གཡོན་གྱི་འདབ་མ་གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས་རིམ་པ་ བཞིན་དུ། རབ་གཏུམ་མ། དྲག་མིག་མ། སྣ་ཆེན་མ་སྟེ། ཐམས་ཅད་སྐུ་མདོག་ནག་མོ་ཞལ་ གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུགརྩེ་གསུམ། གཡོན་གཉིས་ཀྱིས་ཐོད་པ། ཁ་ཊྭཱཾ་ 6-1-175 ག་འཛིན་པའོ། །ཤར་ལྷོར་རམ་མེར་སྡོང་བུ་ཅུང་ཟད་ཡོད་པའི་པདྨ་འདབ་བརྒྱད་དཀར་པོའི་ ལྟེ་བར་ནམ་མཁའ་ལྡིང་ཁ་དོག་སྣ་ལྔ་ནི། ཁྲོ་བ་དང་བཅས་པའི་ཉམས་ཅན་ཏེ། རྐང་པ་ནས་ དཔྱིའི་བར་སེར་པོ། དེ་ནས་ལྟེ་བའི་བར་དཀར་པོ། མགྲིན་པའི་བར་དམར་པོ། སྨིན་མའི་ བར་ནག་པོ། སྤྱི་བོའི་བར་ལྗང་གུ། ལུས་ཤིན་ཏུ་རྒྱས་པ་མིག་གསུམ་དང་ལྡན་པའི་སྟེང་ཁྱབ་ འཇུག་མ་ནག་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ། དབྱུག་པ(ཏཱ་ར་ནཱ་ཐ་བེ་ ཅོན)། གཡོན་གཉིས་ཀྱིས་པདྨ། དུང་འཛིན་པས་ཡབ་ལ་འཁྱུད་པ། ཡབ་ཚངས་པ་གདོང་བཞི་ སྐུ་མདོག་སེར་པོ། ཕྱག་བཞིའི་གཡས་གཉིས་ཀྱིས་ཁབ། བགྲང་ཕྲེང༌། གཡོན་གཉིས་ཀྱིས་ པདྨ། སྤྱི་བླུགས་འཛིན་པས་ཡུམ་ལ་འཁྱུད་པ། ཁྱབ་འཇུག་མའི་མདུན་གྱི་འདབ་མར། དཔལ་ (ཏཱ་ར་ནཱ་ཐ་གཡུང)མོ། རྒྱབ་ཀྱི་འདབ་མར། རྣམ་པར་རྒྱལ་མ། གཡས་ཀྱི་འདབ་མར་གསུམ་གར་ མདུན་ངོས་ནས་གཡས་བསྐོར་གྱིས། རྒྱུ་མ། གྲགས་མ། བཀྲ་ཤིས་མ། གཡོན་གྱི་འདབ་མ་ གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས། དཔལ་(ཏཱ་ར་ནཱ་ཐ་ལྡན) རྒྱལ་མ། དཔལ་ལྡན་ རྒྱལ་བྱེད་མ། འཁོར་ལོ་མ་སྟེ་ཐམས་ཅད་སྐུ་མདོག་ནག་མོ་ཞལ་གཅིག ཕྱག་བཞིའི་གཡས་ གཉིས་ཀྱིས་འཁོར་ལོ། དབྱུག་པ(ཏཱ་ར་ནཱ་ཐ་བེ་ཅོན)། གཡོན་གཉིས་ཀྱིས་པདྨ། དུང་འཛིན་པའོ། །ལྷོར་སྡོང་བུ་ཅུང་ཟད་ཡོད་པའི་པདྨ་འདབ་བརྒྱད་དམར་པོའི་ལྟེ་བར་མ་ཧེའི་སྟེང་དུ་ཕག་མོ་ སྐུ་མདོག་དམར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ། རལ་གྲི། གཡོན་ གཉིས་ཀྱིས་ལྕགས་སྒྲོགཕུབ་འཛིན་པས་ཡབ་ལ་འཁྱུད་པ། ཡབ་དྲག་པོ་དཀར་པོ་ཞལ་ གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ། མདའ། གཡོན་གཉིས་ཀྱིས་སྦྲུལ་ཞགས་ དང་བཅས་པའི་ཁ་ཊྭཱཾ་ག གཞུ་འཛིན་པས་ཡུམ་ལ་འཁྱུད་པ། ཕག་མོའི་མདུན་གྱི་འདབ་མར། ཀེང་རུས་མ། རྒྱབ་ཀྱི་འདབ་མར། གཙིགས་མ། གཡས་ཀྱི་འདབ་མ་གསུམ་གར་མདུན་ངོས་ ནས་གཡས་བསྐོར་གྱིས། དུས་མཚན་མ། ཁྲོས་གདོང་མ། དུས་ལྕེ་མ། གཡོན་གྱི་འདབ་མ་ 6-1-176 གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས། ནག་མོ། དྲག་མོ། གཟུགས་ངན་མ་སྟེ་ཐམས་ ཅད་སྐུ་མདོག་དམར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ། རལ་གྲི། གཡོན་གཉིས་ཀྱིས་ལྕགས་སྒྲོགཕུབ་འཛིན་པའོ། །ལྷོ་ནུབ་བམ་བདེན་བྲལ་དུ་སྡོང་བུ་ཅུང་ ཟད་ཡོད་པའི་པདྨ་འདབ་བརྒྱད་དཀར་པོའི་ལྟེ་བར་རྨ་བྱ་ལ་གཞོན་ནུ་མ་སྐུ་མདོག་དམར་མོ་ ཞལ་དྲུག ཕྱག་བཞིའི་གཡས་གཉིས་ཀྱིས་ཤཀྟི། ལྕགས་ཀྱུ། གཡོན་གཉིས་ཀྱིས་རིན་པོ་ཆེ། ཞགས་པ་འཛིན་པས་ཡབ་ལ་འཁྱུད་པ། ཡབ་ཚོགས་བདག་སྐུ་མདོག་དཀར་པོ་ཞལ་དྲུག་ ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟ། རྡོ་རྗེ། གཡོན་གཉིས་ཀྱིས་ཞགས་པ། ནོར་བུ་འཛིན་ པས་ཡུམ་ལ་འཁྱུད་པ། གཞོན་ནུའི་མདུན་གྱི་འདབ་མར་པདྨ་མ། རྒྱབ་ཀྱི་འདབ་མར། རིན་ ཆེན་ཕྲེང་བ་མ། གཡས་ཀྱི་འདབ་མ་གསུམ་གར་མདུན་ངོས་ནས་གཡས་བསྐོར་གྱིས། ཡན་ ལག་(ཏཱ་ར་ནཱ་ཐ་ལུས) མེད་མ། གཞོན་ནུ་མ། རི་དྭགས་བདག་པོའི་འགྲོས་མ། གཡོན་གྱི་ འདབ་མ་གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས། མིག་མཛེས་མ། རུལ་མ། བཟང་ མོ་སྟེ། གཙོ་འཁོར་ཡབ་དང་བཅས་པ་གདོང་དྲུག་སྟེ་གདོང་དྲུག་ནི་ཕྱོགས་བཞི་དང་སྟེང་དུ་ ཞལ་གཉིས་བརྩེགས་ཏེ་སྐུ་མདོག་དམར་མོ་ཕྱག་བཞིའི་གཡས་གཉིས་ཀྱིས་ཤཀྟི། ལྕགས་ ཀྱུ། གཡོན་གཉིས་ཀྱིས་རིན་པོ་ཆེ། ཞགས་པ་འཛིན་པའོ། །བྱང་དུ་སྡོང་བུ་ཅུང་ཟད་ཡོད་ པའི་པདྨ་འདབ་བརྒྱད་དམར་པོའི་ལྟེ་བར་ཁྱུ་མཆོག་ཅེས་པ་བ་ལང་གི་ནང་ན་མངོན་ཤེས་ ལྡན་པ་ཁྱུ་རྣམས་ཀྱི་སྣ་འདྲེན་ཅིང་གནོད་པ་མེད་སར་འགྲོ་ཤེས་པ་བཞོན་པའམ་གནས་པའི་ སྟེང་དུ་དྲག་མོ་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ། སྒྲ་ལྡན་ཌཱ་ མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག ལྟོ་འགྲོ་འཛིན་པས་ཡབ་ལ་འཁྱུད་པ། ཡབ་གཤིན་རྗེ་ དམར་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ། རལ་གྲི།གཡོན་གཉིས་ ཀྱིས་ལྕགས་སྒྲོགས། ཞགས་པ་འཛིན་པས་ཡུམ་ལ་འཁྱུད་པ། དྲག་མོའི་མདུན་གྱི་འདབ་མར་ 6-1-177 གཽ་རི་མ། རྒྱབ་ཀྱི་འདབ་མར་འདེགས་མ། གཡས་ཀྱི་འདབ་མ་གསུམ་གར་མདུན་ངོས་ནས་ གཡས་བསྐོར་གྱིས། གཾ་གཱ་མ། རྟག་མ། མྱུར་མ། གཡོན་གྱི་འདབ་མ་གསུམ་གར་རྒྱབ་ངོས་ ནས་གཡས་བསྐོར་གྱིས། མཚོན་བྱེད་མ། དམར་སེར་མ། ནག་མོ་སྟེ། ཐམས་ཅད་སྐུ་མདོག་ དཀར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་གལྟོ་འགྲོ་འཛིན་པའོ། ། བྱང་ཤར་རམ་དབང་ལྡན་དུ་སྡོང་བུ་ཅུང་ཟད་ཡོད་པའི་པདྨ་འདབ་བརྒྱད་དཀར་པོའི་ལྟེ་ བར་སེང་གེ་ལ་དཔལ་མོ་དཀར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་པདྨ། བགྲང་ ཕྲེང༌། གཡོན་གཉིས་ཀྱིས་ཆུ་སྐྱེས། རིན་པོ་ཆེའི་འཛིན་པས་ཡབ་ལ་འཁྱུད་པ། ཡབ་གདོང་ དྲུག་སྐུ་མདོག་དམར་པོ། ཕྱག་བཞིའི་གཡས་གཉིས་ཀྱིས་ཤཀྟི། མདུང༌། གཡོན་གཉིས་ཀྱིས་ ནོར་བུ། མེ་ལོང་འཛིན་པས་ཡུམ་ལ་འཁྱུད་པ། དཔལ་མོའི་མདུན་གྱི་འདབ་མར། དཔལ་ ལྡན་དཀར་མོ། རྒྱབ་ཀྱི་འདབ་མར། འཛིན་མ། གཡས་ཀྱི་འདབ་མ་གསུམ་གར། མདུན་ངོས་ ནས་གཡས་བསྐོར་གྱིས། ཟླ་བའི་རི་མོ་ཅན་མ། རི་བོང་འཛིན་ཞལ་མ། ངང་བའི་མདོག་ཅན་ མ། གཡོན་གྱི་འདབ་མ་གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས། པདྨའི་དབང་མོ། སྐར་མིག་མ། དྲི་མེད་རི་བོང་འཛིན་མ་སྟེ། ཐམས་ཅད་སྐུ་མདོག་དཀར་མོ་ཞལ་གཅིག ཕྱག་ བཞིའི་གཡས་གཉིས་ཀྱིས་པདྨ། བགྲང་ཕྲེང༌། གཡོན་གཉིས་ཀྱིས་ཆུ་སྐྱེས། རིན་པོ་ཆེ་འཛིན་ པའོ། །ནུབ་ཏུ་སྡོང་བུ་ཅུང་ཟད་ཡོད་པའི་པདྨ་འདབ་བརྒྱད་དམར་པོའི་ལྟེ་བར་གླང་ཆེན་ལ་ དབང་མོ་སེར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི། གྲི་གུག གཡོན་གཉིས་ ཀྱིས་ཕུབ། ཐོབ་པ། འཛིན་པས་ཡབ་ལ་འཁྱུད་པ། ཡབ་བདེན་བྲལ་ལམ་སྲིན་པོ་ནག་པོ་ ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི། །གྲི་གུག གཡོན་གཉིས་ཀྱིས་ཕུབ་ཐོད་ པ་འཛིན་པས་ཡུམ་ལ་འཁྱུད་པ། དབང་མོའི་མདུན་གྱི་འདབ་མར། རྡོ་རྗེའི་འོད་མ། རྒྱབ་ཀྱི་ 6-1-178 འདབ་མར། བཀྲ་བའི་རི་མོ། གཡས་ཀྱི་འདབ་མ་གསུམ་གར་མདུན་ངོས་ནས་གཡས་བསྐོར་ གྱིས། རྡོ་རྗེའི་ལུས་མ། གསེར་ལྡན་མ(ཏཱ་ར་ནཱ་ཐ་ཨུརྦ་སཱི)། རིག་འཛིན་མ། གཡོན་གྱི་འདབ་མ་ གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས། ཆུ་ཤིང་མ(ཏཱ་ར་ནཱ་ཐ་རམ་བྷ)། ཟུག་རྔུ་སེལ་ མ། ཤིན་ཏུ་སྒྲོལ་མ་སྟེ། ཐམས་ཅད་སྐུ་མདོག་སེར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ ཀྱིས་རྡོ་རྗེ། མདའ། གཡོན་གཉིས་ཀྱིས་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ། གཞུ་འཛིན་པའོ། །ནུབ་བྱང་ངམ་རླུང་དུ་སྡོང་བུ་ཅུང་ཟད་ཡོད་པའི་པདྨ་འདབ་བརྒྱད་དཀར་པོའི་ལྟེ་བར་ངང་ པ་ལ་ཚངས་མ་སེར་མོ་ཞལ་བཞི་སྤྱན་གསུམ་གསུམ། ཕྱག་བཞིའི་གཡས་གཉིས་ཀྱིས་པདྨ། ཚངས་པའི་དབྱུག་པ། གཡོན་གཉིས་ཀྱིས་སྤྱི་བླུགས། བར་བུ་འཛིན་པས་ཡབ་ལ་འཁྱུད་ པ། ཡབ་ཁྱབ་འཇུག་ནག་པོ་ཞལ་བཞི་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ། དབྱུག་ཐོ། གཡོན་གཉིས་ཀྱིས་པདྨ། སྐྱེ་བ་ལྔ་པའི་དུང་འཛིན་པས་ཡུམ་ལ་འཁྱུད་པ། ཚངས་མའི་མདུན་ གྱི་འདབ་མར། མཆོད་སྦྱིན་འདོད་མ། རྒྱབ་ཀྱི་འདབ་མར། ངག་གི་དབང་ཕྱུག་མ། གཡས་ ཀྱི་འདབ་མ་གསུམ་གར་མདུན་ངོས་ནས་གཡས་བསྐོར་གྱིས། པདྨའི་སྤྱན་མ། ཆུ་སྐྱེས་ལྡན་ མ། བློ་མ། གཡོན་གྱི་འདབ་མ་གསུམ་གར་རྒྱབ་ངོས་ནས་གཡས་བསྐོར་གྱིས། གླུ་ལེན་མ། གློག་མ། དྲན་མ་སྟེ། ཐམས་ཅད་སྐུ་མདོག་སེར་མོ་ཞལ་བཞི། ཕྱག་བཞིའི་གཡས་གཉིས་ ཀྱིས་པདྨ། ཚངས་པའི་དབྱུག་པ། གཡོན་གཉིས་ཀྱིས་སྤྱི་བླུགས། བར་བུ་འཛིན་པའོ། །གཙོ་ མོ་བརྒྱད་ཡབ་ལྷ་ཆེན་བརྒྱད་དང་བཅས་ས་གའི་སྟབས་ཀྱི་གནས་ཤིང་བཅོམ་ལྡན་འདས་ལ་ མངོན་དུ་ཕྱོགས་པ་སྟེ། ས་གའི་སྟབས་ཀྱི་གནས་ཞེས་པ་རྐང་མགོ་གཉིས་གཡས་གཡོན་དུ་ ཕྱིར་བསྟན་ནས་རྐང་པ་གཉིས་ཀྱི་བར་ཐག་གྲུ་གང་ཙམ་ཁྱད་པར་བྱས་ནས་རྐང་པ་གཉིས་ ཤད་ཀྱིས་བརྐྱངས་ཏེ་བཞེངས་པ་ས་གའི་སྟབས་ཡིན་ནོ། །པད་འདབ་ལ་གནས་པའི་གསུང་ གི་རྣལ་འབྱོར་མ་རེ་བཞི་རང་རང་གི་གཙོ་མོ་ལ་མངོན་པར་ཕྱོགས་ནས་རོལ་པའི་སྟབས་ 6-1-179 ཀྱིས་བཞུགས་པ་སྟེ། རོལ་སྟབས་ནི། ལངས་ཏེ་ཞབས་གཡོན་པ་དྲང་པོར་ས་ལ་བཙུག་པའི་ བོལ་གོང་ལ་ཞབས་གཡས་པའི་རྐང་མགོ་ཕྱིར་བསྟན་ཏེ་རྟིང་པ་གཏད་པ་ཡིན་ལ། ཡང་ན་དེ་ ལས་གོ་བཟློག་ནས་ཞབས་གཡས་ས་ལ་བཙུག་པའི་བོལ་གོང་ལ་ཞབས་གཡོན་པའི་རྟིང་པ་ གཏད་པ་སྔར་བཞིན་དང༌། གཞན་ཡང་རོལ་སྟབས་ལ་རྐང་པ་གཉིས་ཀྱི་བར་ཐག་སོར་བཞི་ ཁྱད་པར་བྱས་ནའང་ཆོག་གོ། །དེ་ལྟར་གཡས་རོལ་དང་གཡོན་རོལ་གང་བྱས་ཀྱང་རུང་བར་ རྗེ་བཙུན་ཏཱ་ར་ནཱ་ཐའི་དངོས་གྲུབ་ཉེར་འཚོར་གསུངས་པའི་ཕྱིར་རོ། །བཞུགས་རོལ་ཕལ་ ཆེར་སེམས་དཔའི་སྐྱིལ་ཀྲུང་དང་འདྲ་བར་གསུངས་སོ། །རྣལ་འབྱོར་མ་གཙོ་འཁོར་ཐམས་ ཅད་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པའོ། །འདི་རྣམས་ལ་ཉི་ཟླའི་གདན་མེད་དོ། །གདན་གྱི་སྲོག་ཆགས་རྣམས་ཞོན་པའི་ཚུལ་དུ་གནས་པ་ཡིན་གྱི་མནན་པའི་ཚུལ་དུ་བསྒྱེལ་ བ་ནི་མ་ཡིན་ནོ། །སྐུའི་ལྷ་སྣམ་ལ་ཤར་གྱི་གཡས་སུ་སྡོང་བུ་ཅུང་ཟད་ཡོད་པའི་པདྨ་དམར་ པོ་འདབ་མ་ཉེར་བརྒྱད་པའི་ལྟེ་བར་ཡི་དྭགས་སམ་མི་དམར་པོའི་རྒྱབ་གཞུང་དུ་བཅོམ་ལྡན་ འདས་ལ་མངོན་དུ་ཕྱོགས་པ་སྲིན་པོ་ནག་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རལ་ གྲི། གྲི་གུག གཡོན་གཉིས་ཀྱིས་ཕུབ། ཐོད་པ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་་རྡོ་རྗེ་མ་ སྲིན་མོ་སེར་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི། གྲི་གུག གཡོན་གཉིས་ ཀྱིས་ཕུབ། ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། སྲིན་པོའི་མདུན་ནས་ནང་བསྐོར་གྱི་འདབ་ མ་བཞི་ལ་གཡས་བསྐོར་གྱིས། ཉ་རྡོ་རྗེ་མ། ཉི་རྡོ་རྗེ་མ། ཉྼྀ་རྡོ་རྗེ་མ། ཉུ་རྡོ་རྗེ་མ། བར་གྱི་འདབ་མ་བརྒྱད་ལ་མདུན་ནས་ བརྩམས་ཏེ་གཡས་བསྐོར་གྱིས། ཉླྀ་རྡོ་རྗེ་མ། ཉཾ་རྡོ་རྗེ་མ། ཛྷ་རྡོ་རྗེ་མ། ཛྷི་རྡོ་རྗེ་མ། ཛྷྼ་རྡོ་རྗེ་མ། ཛྷུ་རྡོ་རྗེ་མ། ཛྷླྀ་རྡོ་རྗེ་མ། ཛྷཾ་རྡོ་རྗེ་མ། ཕྱི་བསྐོར་གྱི་འདབ་མ་བཅུ་དྲུག་ལ་མདུན་ནས་བརྩམས་ ཏེ་གཡས་བསྐོར་གྱི་རིམ་པས། ཛ་རྡོ་རྗེ་མ། ཛི་རྡོ་རྗེ་མ། ཛུ་རྡོ་རྗེ་མ། ཛླྀ་རྡོ་རྗེ་མ། ཛཾ་རྡོ་རྗེ་མ། 6-1-180 ཚ་རྡོ་རྗེ་མ། ཚི་རྡོ་རྗེ་མ། ཚྼྀ་རྡོ་རྗེ་མ། ཚུ་རྡོརྗེ་མ། ཚླྀ་རྡོ་རྗེ་མ། ཚཾ་རྡོ་རྗེ་མ། ཙ་རྡོ་རྗེ། ཙི་རྡོ་ རྗེ་མ། ཙྼྀ་རྡོ་རྗེ་མ། ཙུ་རྡོ་རྗེ་མ། ཙླྀ་རྡོ་རྗེ་མ། དེ་ལྟར་ལྷ་མོ་ཉེར་བརྒྱད་པོ་སྐུ་མདོག་ནག་མོ་ ཐམས་ཅད་ཞལ་རེ་རེ་ལ་སྤྱན་གསུམ་གསུམ། ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི། གྲི་ གུག གཡོན་གཉིས་ཀྱིས་ཕུབ། ཐོད་པ་འཛིན་པ། གསུམ་པ་ནག་པ་ཟླ་བའི་ཚེས་སུམ་ཅུ་རྣམ་ པར་དག་པའོ། །འོག་མ་རྣམས་ལ་དེའི་རིགས་འགྲེས་ཏེ། ཤར་ལྷོར་རམ་མེ་མཚམས་ཀྱི་པདྨ་ དཀར་པོའི་ལྟེ་བར་རི་དྭགས་ཁྲི་སྙན་རང་མདོག་ལ་གནས་པའི་རླུང་ལྷ་ནག་པོ་ལ་ཛྼཱྀ་རྡོ་རྗེ་མ་ རབ་གཏུམ་མ་སེར་མོས་འཁྱུད་པ། ནང་བསྐོར་གྱི་པད་འདབ་བཞི་ལ། ཙཱ་རྡོ་རྗེ་མ་ཙཱི་ཙྼཱྀ་ཙཱུ། བར་གྱི་འདབ་མ་བརྒྱད་ལ། ཙླཱྀ་ཙཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿ ཕྱིའི་འདབ་མ་བཅུ་དྲུག་ལ། ཛཱ་ཛཱི་ཛཱུ་ ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྲཱྀ་ཛྷཱུ་ཛྷླཱྀ་ ཛྷཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་ནག་པོ་གཙོ་འཁོར་ཐམས་ ཅད་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་དཔག་བསམ་གྱི་ཤིང༌། ཡོངས་འདུས་མེ་ ཏོག གཡོན་གཉིས་ཀྱིས་ནོར་བུ་ཨིནྡྲ་ནཱི་ལ། ཨུཏྤལ་སྔོན་པོ་འཛིན་པ། བཞི་པ་ས་ག་ཟླ་བའི་ ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ཀྱང་དཔྱིད་ཀྱི་དུས་སོ། །ལྷོའི་གཡས་ སུ་པདྨ་དམར་པོའི་ལྟེ་བར་ལུག་དཀར་པོ་ལ་གནས་པའི་མེ་ལྷ་དམར་པོ་ལ་ཌྼྀ་རྡོ་རྗེ་མ་ཆུ་ལྷ་ མོ་དཀར་མོས་འཁྱུད་པ། ནང་བསྐོར་གྱི་པད་འདབ་བཞི་ལ། ཎ་རྡོ་རྗེ་མ། ཎི་ཎྼྀ་ཎུ། བར་གྱི་ འདབ་མ་བརྒྱད་ལ་ཎླྀ་ཎཾ། ཌྷ་ཌྷི་ཌྷྲྀ་ཌྷུ་ཌྷླྀ་ཌྷཾ། ཕྱིའི་འདབ་མ་བཅུ་དྲུག་ལ། ཌ་ཌི་ཌུ་ཌླྀ་ཌཾ། ཋ་ཋི་ ཋྼྀ་ཋུ་ཋླྀ་ཋཾ། ཊ་ཊི་ཊྼྀ་ཊུ་ཊླྀ་རྡོརྗེ་མ་རྣམས་ཀྱང་སྐུ་མདོག་དམར་མོ་གཙོ་འཁོར་ཐམས་ཅད་ཀྱང་ ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་མདུང༌། དབྱུག་པ། གཡོན་གཉིས་ཀྱིས་ཆུ་སྐྱེས། སྤྱི་བླུགས་འཛིན་པ། ལྔ་པ་སྣྲོན་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ལྷོ་ནུབ་བམ་བདེན་ བྲལ་དུ་པདྨ་དཀར་པོའི་ལྟེ་བར་རྨ་བྱ་རང་མདོག་གི་གདན་གྱི་སྟེང་དུ་གཞོན་ནུ་གདོང་དྲུག་ དམར་པོ་ལ་ཌྼཱྀ་རྡོ་རྗེ་མ་དཔལ་མོ་དཀར་མོས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། ཊཱ་ 6-1-181 རྡོ་རྗེ་མ། ཊཱི་ཊྼཱྀ་ཊཱུ། བར་གྱི་འདབ་མ་བརྒྱད་ལ། ཊླཱྀ་ ཊཿ ཋཱ་ཋཱི་ཋྼཱྀ་ཋཱུ་ཋླཱྀ་ཋཿ ཕྱིའི་འདབ་མ་བཅུ་ དྲུག་ལ། ཌཱ་ཌཱི་ཌཱུ་ཌླཱྀ་ ཌཿ ཌྷཱ་ཌྷཱི་ཌྷྲཱྀ་ཌྷཱུ་ཌྷླཱྀ་ ཌྷཿ ཎཱ་ཎཱི་ཎྼཱྀ་ཎཱུ་ཎླཱྀ་ རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་དམར་ མོ་གཙོ་འཁོར་ཐམས་ཅད་གདོང་དྲུག ཕྱག་བཞིའི་གཡས་གཉིས་ཀྱིས་ཤཀྟི། མདུང༌། གཡོན་ གཉིས་ཀྱིས་ནོར་བུ། མེ་ལོང་འཛིན་པ། དྲུག་པ་ཆུ་སྟོད་ཀྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་ པའོ། །དེ་ལྟར་ཟླ་བ་གཉིས་ནི་སོས་ཀའི་དུས་སོ། ། བྱང་གི་གཡས་སུ་པདྨ་དམར་པོའི་ལྟེ་བར་ཆུ་སྲིན་དམར་པོའི་སྟེང་དུ་རྒྱ་མཚོ་དཀར་པོ་ལ་ བྼྀ་རྡོ་རྗེ་མ་ཕག་མོ་དམར་མོས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། མ་རྡོ་རྗེ་མ། མི་མྼྀ་ མུ། བར་གྱི་འདབ་མ་བརྒྱད་ལ། མླྀ་མཾ། བྷ་བྷི་བྷྲྀ་བྷུ་བྷླྀ་བྷཾ། ཕྱིའི་འདབ་མ་བཅུ་དྲུག་ལ། བ་ བི་བུ་བླྀ་བཾ། ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། པ་པི་པྼྀ་པུ་པླྀ་རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་དཀར་མོ། གཙོ་ འཁོར་ཐམས་ཅད་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་ཞགས་པ། རིན་པོ་ཆེ། གཡོན་ གཉིས་ཀྱིས་སྦྲུལ་ཞགས། ཟླ་བ་ཆུ་ཤེལ་གྱི་ནོར་བུ་འཛིན་པ། བདུན་པ་གྲོ་བཞིན་གྱི་ཟླ་བའི་ ཚེས་སུམ་ཅུ་རྣམ་པར་དག་པའོ། །བྱང་ཤར་རམ་དབང་ལྡན་གྱི་པདྨ་དཀར་པོའི་ལྟེ་བར་བྱི་ བ་སྔོན་པོའི་སྟེང་དུ་ཚོགས་བདག་དཀར་པོ་ལ་བྼཱྀ་རྡོ་རྗེ་མ་གཞོན་ནུ་མ་དམར་མོས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། པཱ་རྡོ་རྗེ་མ། པཱི་པྼཱྀ་པཱུ། བར་གྱི་འདབ་མ་བརྒྱད་ལ། པླཱྀ་ པཿ ཕཱ་ཕཱི་ཕྼཱྀ་ཕཱུ་ཕླཱྀ་ཕཿ ཕྱིའི་འདབ་མ་བཅུ་དྲུག་ལ། བཱ་བཱི་བཱུ་བླཱྀ་བཿ བྷཱ་བྷཱི་བྷྲཱྀ་བྷཱུ་བྷླཱྀ་བྷཿ མཱ་མཱི་མྼཱྀ་མཱུ་ མླཱྀ་རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་དཀར་མོ། གཙོ་འཁོར་ཐམས་ཅད་ཞལ་གཅིག ཕྱག་བཞིའི་ གཡས་གཉིས་ཀྱིས་དགྲ་སྟྭ། རྡོ་རྗེ། གཡོན་གཉིས་ཀྱིས་ཞགས་པ། ནོར་བུ་འཛིན་པ། བརྒྱད་ པ་ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དབྱར་ གྱི་དུས་སོ། །ནུབ་ཀྱི་གཡས་སུ་པདྨ་དམར་པོའི་ལྟེ་བར་གླང་པོ་ཆེའི་གདན་གྱི་སྟེང་དུ་དབང་ པོ་སེར་པོ་ལ་ངྼྀ་རྡོ་རྗེ་མ་རླུང་ལྷ་མོ་ནག་མོས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། ན་ 6-1-182 རྡོ་རྗེ་མ། ནི་ནྼྀ་ནུ། བར་གྱི་འདབ་མ་བརྒྱད་ལ། ནླྀ་ནཾ། དྷ་དྷི་དྷྲྀ་དྷུ་དྷླྀ་དྷཾ། ཕྱིའི་འདབ་མ་བཅུ་ དྲུག་ལ། ད་དི་དུ་དླྀ་དཾ། ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། ཏ་ཏི་ཏྼྀ་ཏུ་ཏླྀ་རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་སེར་མོ། གཙོ་འཁོར་ཐམས་ཅད་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རྡོ་རྗེ། མདའ། གཡོན་ གཉིས་ཀྱིས་དྲིལ་བུ། གཞུ་འཛིན་པ། དགུ་པ་ཐ་སྐར་གྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་ པའོ། །ནུབ་བྱང་ངམ་རླུང་མཚམས་སུ་པདྨ་དཀར་པོའི་ལྟེ་བར་ངང་པ་དཀར་པོའི་གདན་གྱི་ སྟེང་དུ་མེས་པོ་སེར་པོ་གདོང་བཞི་ལ་ངྼཱྀ་རྡོ་རྗེ་མ་གློག་མ་ནག་མོས་འཁྱུད་པ། ནང་བསྐོར་གྱི་ འདབ་མ་བཞི་ལ། ཏཱ་རྡོ་རྗེ་མ། ཏཱི་ཏྼཱྀ་ཏཱུ། བར་གྱི་འདབ་མ་བརྒྱད་ལ། ཏླཱྀ་ཏཾཿ ཐཱ་ཐཱི་ཐྼཱྀ་ཐཱུ་ཐླཱྀ་ཐཿ ཕྱིའི་འདབ་མ་བཅུ་དྲུག་ལ། དཱ་དཱི་དཱུ་དླཱྀ་དཿ དྷཱ་དྷཱི་དྷྲཱྀ་དྷཱུ་དྷླཱྀ་དྷཿ ནཱ་ནཱི་ནྼཱྀ་ནཱུ་ནླཱྀ་རྡོ་རྗེ་མ་རྣམས་ཀྱང་ སྐུ་མདོག་སེར་མོ་གཙོ་འཁོར་ཐམས་ཅད་ཀྱང་གདོང་བཞི། ཕྱག་བཞིའི་གཡས་གཉིས་ཀྱིས་ ཁབ། བགྲང་ཕྲེང༌། གཡོན་གཉིས་ཀྱིས་པདྨ། སྤྱི་བླུགས་འཛིན་པ། བཅུ་པ་སྨིན་དྲུག་གི་ཟླ་བའི་ ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་སྟོན་གྱི་དུས་སོ། །བྱང་གི་གཡོན་དུ་ པདྨ་དམར་པོའི་ལྟེ་བར་ཁྱུ་མཆོག་གི་གདན་གྱི་སྟེང་དུ་དྲག་པོ་སྔོན་པོ་ལ་ཥྼྀ་རྡོ་རྗེ་མ་རི་སྲས་ མ་ལྗང་གུས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། ྈྐ་རྡོ་རྗེ་མ། ྈྐི་ྈྐྼྀ་ྈྐུ། བར་གྱི་འདབ་ མ་བརྒྱད་ལ། ྈྐླྀ་ྈྐཾ། ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ ཕྱིའི་འདབ་མ་བཅུ་དྲུག་ལ། ཥ་ཥི་ཥུ་ཥླྀ་ཥཾ། ྉྤ་ྉྤི་ྉྤྼྀ་ ྉྤུ་ྉྤླྀ་ྉྤཾ། ས་སི་སྼྀ་སུ་སླྀ་རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་སྔོན་མོ། གཙོ་འཁོར་ཐམས་ཅད་ ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ། མདའ། གཡོན་གཉིས་ཀྱིས་སྦྲུལ་དང་ བཅས་པའི་ཁ་ཊྭཱཾ་ག གཞུ་འཛིན་པ། བཅུ་གཅིག་པ་མགོའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་ པའོ། །ནུབ་ཀྱི་གཡོན་དུ་པདྨ་དམར་པོའི་ལྟེ་བར་གླང་པོ་ཆེའི་གདན་གྱི་སྟེང་དུ་ནོར་བདག་ སྔོན་པོ་ལ་ཥྼཱྀ་རྡོ་རྗེ་མ་ནོར་གྱི་དབང་མོ་ལྗང་གུས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། སཱ་རྡོ་རྗེ་མ། སཱི་སྼཱྀ་སཱུ། བར་གྱི་འདབ་མ་བརྒྱད་ལ། སླཱྀ་སཿ ྉྤཱ་ྉྤཱི་ྉྤྼཱྀ་ྉྤཱུ་ྉྤླཱྀ་ྉྤཿ ཕྱིའི་འདབ་ 6-1-183 མ་བཅུ་དྲུག་ལ། ཥཱ་ཥཱི་ཥྼཱྀ་ཥཱུ་ཥླཱྀ་ཥཿ ཤཱ་ཤཱི་ཤྼཱྀ་ཤཱུ་ཤླཱྀ་ཤཿ ྈྐཱ་ྈྐཱི་ྈྐྼཱྀ་ྈྐཱུ་ྈྐླཱྀ་ རྡོ་རྗེ་མ་རྣམས་ཀྱང་སྐུ་ མདོག་སྔོན་མོ་གཙོ་འཁོར་ཐམས་ཅད་ཀྱང་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་ནོར་ བུ། བེ་ཅོན། གཡོན་གཉིས་ཀྱིས་ནེའུ་ལེ། པདྨ་འཛིན་པ། བཅུ་གཉིས་པ་རྒྱལ་གྱི་ཟླ་བའི་ཚེས་ སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དགུན་སྟོད་ཀྱི་དུས་སོ། །ཤར་གྱི་གཡོན་ དུ་པདྨ་དམར་པོའི་ལྟེ་བར་མཁའ་ལྡིང་གི་གདན་གྱི་སྟེང་དུ་ཁྱབ་འཇུག་ལྗང་གུ་ལ་གྼྀ་རྡོ་རྗེ་མ་ དཔལ་མོ་སྔོན་མོས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། ང་རྡོ་རྗེ་མ། ངི་ངྼྀ་ངུ༌། བར་གྱི་ འདབ་མ་བརྒྱད་ལ། ངླྀ་ངཾ༌། གྷ་གྷི་གྷྲྀ་གྷུ་གྷླི་གྷཾ། ཕྱིའི་འདབ་མ་བཅུ་དྲུག་ལ། ག་གི་གུ་གླྀ་གཾ། ཁ་ ཁི་ཁྼྀ་ཁུ་ཁླྀ་ཁཾ། ཀ་ཀི་ཀྼྀ་ཀུ་ཀླྀ་རྡོ་རྗེ་མ་རྣམས་ཀྱང་ལྗང་གུ་གཙོ་འཁོར་ཐམས་ཅད་ཀྱང་ཞལ་ གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ། དབྱུག་ཐོ། གཡོན་གཉིས་ཀྱིས་པདྨ། སྐྱེ་བ་ ལྔ་པའི་དུང་འཛིན་པ། སྐྱེ་བ་ལྔ་པའི་དུང་ཞེས་པ་ནི། ལྷ་མིན་སྐྱེ་བ་ལྔ་པའི་རུས་པ་ལས་བྱུང་ བའི་དུང་སྟེ། དེ་ནི་རྒྱ་མཚོར་ཏི་མིའི་གཟུགས་འཛིན་པའི་ལྷ་མིན་པཉྩ་ན་ཞེས་བྱ་བའི་རུས་པ་ ལས་བྱུང་བས་སོ། །ཏི་མི་ནི། ཆུ་སྲིན་གྱི་བྱེ་བྲག་དཔག་ཚད་བརྒྱ་ཡོད་པ་ཞིག་ཨ་མ་ར་ཀོ་ཥ་ རྩ་འགྲེལ་དུ་བཤད་དོ། །དང་པོ་མཆུའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ལྷོའི་གཡོན་ དུ་པདྨ་དམར་པོའི་ལྟེ་བར་མ་ཧེ་སྔོ་སྐྱའི་གདན་སྟེང་དུ་གཤིན་རྗེ་ལྗང་གུ་ལ་གྼཱྀ་རྡོ་རྗེ་མ་གཤིན་ རྗེ་མོ་སྔོན་མོས་འཁྱུད་པ། ནང་བསྐོར་གྱི་འདབ་མ་བཞི་ལ། ཀཱ་རྡོ་རྗེ་མ། ཀཱི་ཀྼཱྀ་ཀཱུ། བར་གྱི་ འདབ་མ་བརྒྱད་ལ། ཀླཱྀ་ཀཿ ཁཱ་ཁཱི་ཁྼཱྀ་ཁཱུ་ཁླཱྀ་ཁཿ ཕྱིའི་འདབ་མ་བཅུ་དྲུག་ལ། གཱ་གཱི་གཱུ་གླཱྀ་གཿ གྷཱ་གྷཱི་གྷྲཱྀ་གྷཱུ་གྷླཱྀ་གྷཿ ངཱ་ངཱི་ངྼཱྀ་ངཱུ་ངླཱྀ་ རྡོ་རྗེ་མ་རྣམས་ཀྱང་སྐུ་མདོག་ལྗང་གུ་གཙོ་འཁོར་ཐམས་ཅད་ ཀྱང་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ། རལ་གྲི། གཡོན་གཉིས་ཀྱིས་ ལྕགས་སྒྲོགཞགས་པ་འཛིན་པ། གཉིས་པ་དབོའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་དགུན་སྨད་ཀྱི་དུས་སོ། །གཙོ་བོ་རྣམས་ནི་རྡོ་རྗེའི་གདན་ནམ་རྡོ་ 6-1-184 རྗེའི་སྐྱིལ་ཀྲུང་གིས་གནས་ཤིང་བཅོམ་ལྡན་འདས་ལ་ཞལ་ཕྱོགས་པ་དང༌། འཁོར་རྣམས་ནི་ རང་རང་གི་གཙོ་བོ་ལ་ཞལ་ཕྱོགས་པ་སྟེ། ཐམས་ཅད་ཀྱང་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་ དང་ལྡན་པའོ། །འཁོར་རྣམས་ཀྱིས་རོལ་སྟབས་ནི་གོང་གསུང་དཀྱིལ་གྱི་རྣལ་འབྱོར་མའི་ བཞུགས་སྟངས་ལྟར་རོ། །སྐུའི་ཁྲོ་བོ་རྣམས་ནི། ཤར་སྒོར་ཕག་བདུན་གྱིས་དྲངས་པའི་ཤིང་ རྟ་ནག་པོའི་སྟེང་དུ་ཁྲོ་བོ་དབྱུག་སྔོན་ཅན་ནག་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་ རལ་གྲི། རྡོ་རྗེ། གཡོན་གཉིས་ཀྱིས་ཕུབ། ལྟོ་འགྲོ་འཛིན་པ་ལ། ཡུམ་འོད་ཟེར་ཅན་མ་སེར་ མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ། དབྱུག་པ། གཡོན་གཉིས་ཀྱིས་ དུང༌། རིན་པོ་ཆེ་འཛིན་པས་ཡབ་ལ་འཁྱུད་པ། ལྷོ་སྒོར་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ དམར་པོའི་སྟེང་དུ་ཁྲོ་བོ་འདོད་པའི་རྒྱལ་པོ་དམར་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ ཀྱིས་མདའ། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ། ཞགས་པ་འཛིན་པ་ལ། ཡུམ་སྐུལ་བྱེད་ མ་དཀར་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་ཐོ་བ། མདུང༌། གཡོན་གཉིས་ཀྱིས་ པདྨ། མེ་ལོང་འཛིན་པས་ཡབ་ལ་འཁྱུད་པ། བྱང་སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་ དཀར་པོའི་སྟེང་དུ་ཁྲོ་བོ་མི་གཡོ་བ་དཀར་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་ཐོ་ བ། མདུང༌། གཡོན་གཉིས་ཀྱིས་པདྨ། མེ་ལོང་འཛིན་པ་ལ། ཡུམ་ཁྲོ་གཉེར་ཅན་མ་དམར་ མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་མདའ། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ། ཞགས་པ་འཛིན་པས་ཡབ་ལ་འཁྱུད་པ། ནུབ་སྒོར་གླང་པོ་ཆེ་བདུན་གྱིས་དྲངས་པའི་ཤིང་རྟ་ སེར་པོའི་སྟེང་དུ་སྟོབས་པོ་ཆེ་སེར་པོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ། དབྱུག་པ། གཡོན་གཉིས་ཀྱིས་དུང༌། རིན་པོ་ཆེ་འཛིན་པ་ལ། ཡུམ་རྡོ་རྗེ་ལྕགས་སྒྲོག་མ་ནག་ མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི། རྡོ་རྗེ། གཡོན་གཉིས་ཀྱིས་ཕུབ། ལྟོ་ འགྲོ་འཛིན་པས་ཡབ་ལ་འཁྱུད་པ་སྟེ། སྒོ་སྐྱོང་གི་ཁྲོ་བོ་ཡབ་ཡུམ་གྱི་གདན་ཤིང་རྟ་རྣམས་ཁྲོ་ 6-1-185 མོརྣམས་ལ་དབང་བས་ཁྲོ་མོའི་ཞལ་ཕྱིར་ལ་ཕྱོགས་ཏེ། ཤིང་རྟ་རྣམས་ཀྱི་གདོང་ཕྱི་རུ་བསྟན་ ཏེ་འདྲེན་པ་ཡིན། སྟེང་གི་སྒོ་སྐྱོང་གི་ཁྲོ་བོ་ནི། གསུང་གི་གར་བུའི་སྟོད་ཀྱི་ནང་ཁོང་སྟོང་པའི་ ནང་དུ་བཞུགས་ཤིང༌། ནམ་མཁའ་ལྡིང་བདུན་གྱིས་ཤིང་རྟ་ལྗང་གུ་གྱེན་དུ་འདྲེན་ཚུལ་བྱེད་ པའི་སྟེང་དུ་ཁྲོ་བོ་གཙུག་ཏོར་འཁོར་ལོས་བསྒྱུར་བ་ལྗང་གུ་ཞལ་གཅིག ཕྱག་བཞིའི་གཡས་ གཉིས་ཀྱིས་དགྲ་སྟ། རྩེ་གསུམ། གཡོན་གཉིས་ཀྱིས་སྦྲུལ་ཞགས། ཁ་ཊྭཱཾ་ག་འཛིན་པ་ལ། ཡུམ་ཤིན་ཏུ་སྔོན་མོ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུགརྡོ་རྗེ། གཡོན་གཉིས་ ཀྱིས་ཐོད་པ། དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པ། འོག་གི་སྒོ་སྐྱོང་གི་ཁྲོ་བོ་ནི། སྐུའི་ས་འོག་ ནང་ཁོང་སྟོང་པ་ལ་སེང་གེ་རྐང་པ་བརྒྱད་པ་བདུན་གྱིས་ཤིང་རྟ་སྔོན་པོ་གདོང་ནུབ་ཏུ་ཕྱོགས་ ཏེ་འོག་ཏུ་འདྲེན་ཚུལ་བྱེད་པའི་སྟེང་དུ་ཁྲོ་བོ་གནོད་མཛེས་སྔོན་པོ་ཞལ་གཅིག ཕྱག་བཞིའི་ གཡས་གཉིས་ཀྱིས་གྲི་གུགརྡོ་རྗེ། གཡོན་གཉིས་ཀྱིས་ཐོད་པ། དྲིལ་བུ་འཛིན་པ་ལ། ཡུམ་ དྲག་སྤྱན་མ་ལྗང་གུ་ཞལ་གཅིག ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟ། རྩེ་གསུམ། གཡོན་ གཉིས་ཀྱིས་སྦྲུལ་ཞགས། ཁ་ཊྭཱཾ་ག་འཛིན་པས་ཡབ་ལ་འཁྱུད་པ་འོ། །ཁྲོ་བོ་ཁྲོ་མོའི་རྒྱན་དང་ བཞུགས་སྟངས་སོགས་གོང་ཐུགས་དཀྱིལ་གྱི་ཁྲོ་བོ་ལྟར་རོ། །བློས་བསླངས་བཞེངས་སྐབས་ སུ། སྟེང་གི་ཁྲོ་བོ་ཤར་སྒོའི་ཁྲོ་བོའི་རྒྱབ་ཏུ་བཀོད། འོག་གི་ཁྲོ་བོ་ནུབ་སྒོའི་ཁྲོ་བོའི་རྒྱབ་ཏུ་ བཀོད་པའོ། །ཐིག་ཚོན་ལྟར་ན། སྟེང་གི་ཁྲོ་བོ་ཤར་ཕྱོགས་སྐུའི་རྟ་བབས་བུམ་ཏོག་སྤངས་ ནས་ཆུ་ཡི་ཁོར་ཡུག་ཕྱེད་ཕྱི་མར་བཀོད། འོག་གི་ཁྲོ་བོ་ནུབ་ཀྱི་རྟ་བབས་བུམ་ཏོག་ཐད་ནས་ ཆུ་ཡི་ཁོར་ཡུག་ཕྱེད་ཕྱི་མར་བཀོད། ནམ་མཁའ་ལྡིང་ངམ་ཁྱུང་ཁྲ་ཁ་དོག་ལྔ་ལྡན་ནི་གོང་ གསུང་དཀྱིལ་གྱི་སྐབས་ལྟར་རོ། །སེང་གེ་རྐང་བརྒྱད་ནི། ཁ་དོག་སྔོན་པོའམ་ནག་པོ་ལ་ དཔུང་པ་གཉིས་དང་དཔྱི་མགོ་གཉིས་བྱ་གཤོག་ལྟར་སེར་པོའམ་ཁྲ་བོ་ཆུང་ངུ་ཡོད་པའོ། ། སྐུའི་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བ་རྒྱབ་མའི་ཟུར་དུ་སྐུའི་ 6-1-186 འདོད་སྣམ་གྱི་ནང་རོལ་ཏུ་ཤར་དུ་རླུང་གི་དཀྱིལ་འཁོར་ནག་པོ་ཟླུམ་པོ་གཉིས་ལ་ཐིག་ལེ་ ནག་པོ་གཉིས་ཀྱིས་མཚན་པའི་གདན་དུ། སྟོབས་ཀྱི་རྒྱུ་དང༌། པདྨ་ནག་པོ་གཉིས་ལ་མཁའ་ ལྡིང་གདོང་མ་དང༌། ལྕེ་སྤྱང་གདོང་མ་སེར་མོས་འཁྱུད་པ། ལྷོར་མེའི་དཀྱིལ་འཁོར་གྲུ་ གསུམ་གཉིས་ལ་གཡུང་དྲུང་དམར་པོ་གཉིས་ཀྱིས་མཚན་པའི་གདན་དུ། ནོར་རྒྱས་དང༌། དུང་སྐྱོང་དམར་པོ་གཉིས་ལ། འུག་གདོང་མ་དང༌། སྟག་གདོང་མ་དཀར་མོས་འཁྱུད་པ། བྱང་དུ་ཆུའི་དཀྱིལ་འཁོར་དཀར་པོ་ཟླ་གམ་གཉིས་ལ་པདྨ་དཀར་པོ་གཉིས་ཀྱིས་མཚན་པའི་ གདན་དུ། མཐའ་ཡས་དང་རིགས་ལྡན་དཀར་པོ་གཉིས་ལ། བྱ་རྒོད་གདོང་མ་དང༌། ཕག་ གདོང་མ་དམར་མོས་འཁྱུད་པ། ནུབ་ཏུ་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་གཉིས་ལ་རྡོ་རྗེ་ སེར་པོ་གཉིས་ཀྱིས་མཚན་པའི་གདན་དུ། འཇོག་པོ་དང་པདྨ་ཆེན་པོ་སེར་པོ་གཉིས་ལ། ཁྭ་ གདོང་མ་དང༌། ཁྱི་གདོང་མ་ནག་མོས་འཁྱུད་པ། སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལྗང་གུ་ ཟླུམ་པོ་ལ་རྒྱལ་བ་ལྗང་གུ་ལ། རྡོ་རྗེ་མིག་མ་སྔོན་མོས་འཁྱུད་པ། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་ འཁོར་སྔོན་པོ་ཟླུམ་པོ་ལ་རྣམ་པར་རྒྱལ་བ་སྔོན་པོ་ལ། ཤིན་ཏུ་སྔོན་མོ་ལྗང་གུས་འཁྱུད་ པའོ། །ཡབ་ཡུམ་ཐམས་ཅད་རྡོ་རྗེ་གདན་ནམ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས། རིན་པོ་ཆེས་ བརྒྱན་པ། ཞལ་གཅིག་པ། སྤྱན་གསུམ། ཕྱག་བཞིའི་གཡས་གཉིས་ཀྱིས་བདུད་རྩིའི་བུམ་ པ་དང་རྡོརྗེ། གཡོན་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འཛིན་པ། རྒྱལ་བ་རྣམ་རྒྱལ་གཉིས་ལ་ གདེངས་ཀ་བདུན་རེ་དང༌། གཞན་རྣམས་ལ་གདེངས་ཀ་ལྔ་རེ་ཡོད་པའོ། །སྒོམ་ཐབས་སུ་ སྟེང་གི་ཀླུ་གསུང་གི་གར་བུའི་ནང་དང་འོག་གི་ཀླུ་སྐུའི་ས་གཞིའི་ཁོང་དུ་བསམ། བྲི་ཐིག་དང་ བློས་བསླངས་དཀྱིལ་འཁོར་སྐབས་སུ་སྟེང་གི་ཁྲོ་བོའི་རྒྱབ་ཏུ་སྟེང་གི་ཀླུ་དང༌། འོག་གི་ཁྲོ་ བོའི་རྒྱབ་ཏུ་འོག་གི་ཀླུ་རྣམས་བཀོད། མེ་རླུང་གི་དབུས་སུ་ཤར་གྱི་དུར་ཁྲོད་རྩེ་མོས་འབིགས་ པ་ལ་རི་དྭགས་བསེའི་སྟེང་དུ་མཚོན་ཆའི་འཁོར་ལོ་དམར་པོ་རྩིབས་བརྒྱད་ཀྱི་གདན་ལ། ཁྱི་ 6-1-187 གདོང་མ་ནག་མོ་ལ་ཀླུ་པདྨ་ཆེན་པོ་སེར་པོས་འཁྱུད་པ། ཤར་ལྷོའི་དུར་ཁྲོད་ལྷག་མ་ཅན་ཏུ་ བྷེ་རུཎྜའི་སྟེང་དུ་འཁོར་ལོ་དཀར་པོའི་གདན་ལ། ཁྭ་གདོང་མ་ནག་མོ་ལ་འཇོག་པོ་སེར་པོས་ འཁྱུད་པ། ལྷོའི་དུར་ཁྲོད་རོ་བསྲེགས་པར་དོམ་གྱི་སྟེང་དུ་འཁོར་ལོ་དམར་པོའི་གདན་ལ། ཕག་གདོང་མ་དམར་མོ་ལ། ཀླུ་རིགས་ལྡན་གྱིས་འཁྱུད་པ། བདེན་བྲལ་གྱི་དུར་ཁྲོད་དྲག་ པོའི་གཡུལ་དུ་ཁྲུང་ཁྲུང་གི་སྟེང་དུ་འཁོར་ལོ་དཀར་པོའི་གདན་ལ། བྱ་རྒོད་གདོང་མ་དམར་ མོ་ལ། ཀླུ་མཐའ་ཡས་ཀྱིས་འཁྱུད་པ། བྱང་གི་དུར་ཁྲོད་རུལ་བར་འབྲིའི་སྟེང་དུ་འཁོར་ལོ་ དམར་པོའི་གདན་ལ་སྟག་གདོང་མ་དཀར་མོ་ལ། ཀླུ་དུང་སྐྱོང་གིས་འཁྱུད་པ། དབང་ལྡན་ གྱི་དུར་ཁྲོད་བྱིས་པ་ཤི་བར་བྱ་མ་བྱིའི་སྟེང་དུ་འཁོར་ལོ་དཀར་པོའི་གདན་ལ། འུག་གདོང་ མ་དཀར་མོ་ལ། ཀླུ་ནོར་རྒྱས་ཀྱིས་འཁྱུད་པ། ནུབ་ཀྱི་དུར་ཁྲོད་རྣག་གི་དྲིར་སེང་གེའི་སྟེང་ དུ་འཁོར་ལོ་དམར་པོའི་གདན་ལ་ལྕེ་སྤྱང་གདོང་མ་སེར་མོ་ལ། ཀླུ་པདྨས་འཁྱུད་པ། རླུང་གི་ དུར་ཁྲོད་བཟུང་བར་མིག་སྔོན་གྱི་སྟེང་དུ་འཁོར་ལོ་དཀར་པོའི་གདན་ལ་མཁའ་ལྡིང་གདོང་ མ་སེར་མོ་ལ། ཀླུ་སྟོབས་ཀྱི་རྒྱུས་འཁྱུད་པ། སྟེང་དང་འོག་གི་ཤིང་རྟ་ལྗང་གུ་དང་སྔོན་པོའི་ གདན་ལ་རྡོ་རྗེ་མིག་མ་སྔོན་མོ་ལ་རྒྱལ་བ་ལྗང་གུས་འཁྱུད་པ། ཤིན་ཏུ་སྔོན་མོ་ལྗང་གུ་ལ་རྣམ་ པར་རྒྱལ་བ་སྔོན་མོས་འཁྱུད་པ་སྟེ།རབ་གཏུམ་མ་ཡབ་ཡུམ་ཐམས་ཅད་ཞལ་གཅིག་ཕྱག་ གཉིས་གཡས་གྲི་གུག གཡོན་ཐོད་པ་འཛིན་པའོ། །སྒོམ་ཐབས་ལ་སྟེང་མ་ནི་སྟེང་གི་ཁྲོ་བོའི་ འོག་གམ་སྟེང་གི་ཀླུའི་འོག་ཏུ་བསམ། འོག་མ་ནི་འོག་གི་ཁྲོ་བོའམ་ཀླུའི་འོག་ཏུ་བསྒོམ། རྩིག་ ཐབས་དང་ཐིག་ཚོན་སྐབས་སུ་ཤར་གྱི་རབ་གཏུམ་མའི་རྒྱབ་ཏུ་སྟེང་གི་རབ་གཏུམ་མ། ནུབ་ ཀྱི་རབ་གཏུམ་མའི་རྒྱབ་ཏུ་འོག་ཏུ་རབ་གཏུམ་མ་བཀོད། གོང་དུ་བཤད་པའི་སྲོག་ཆགས་བྷེ་ རུཎྜ་ནི་བྱ་སེར་པོ་བྲུན་ལ་དྲི་ཞིམ་ཡོད་པའོ། །བྱ་མ་བྱེའུ་ནི་ཕ་ཝཾ་ངོ༌། །མིག་སྔོན་ཞེས་པ་བྱ་ གཡུ་མདོག་ཤིན་ཏུ་ལེགས་པ་མཇུག་སྒྲོ་རིང་བ་ཕུག་རོན་ཆེ་ཤོས་ཙམ་ཡོད་གསུངས། 6-1-188 གསུང་དང་སྐུ་ཡི་སྟེགས་བུ་ལ་གནས་པའི་འདོད་མ་དང་ཕྱིར་འདོད་མ་རྣམས་ཀྱི་ཞལ་ ཕྱག་བསྡུས་པའི་ཚུལ་ནི། གསུང་གི་སྟེགས་བུ་ལ་ཤར་སྒོའི་གཡས་ཕྱོགས་སུ་རིམ་པའི་འཁོད་ པ་ལ། དབྱེ་བར་འདོད་མ་དང་གོས་འདོད་མ་གཉིས་ནི་སྐུ་མདོག་ནག་མོ་ཞལ་གཅིག ཕྱག་ གཉིས་གཡས་རལ་གྲི། གཡོན་ཕུབ་འཛིན་པ། མཆིལ་མ་འདོར་བར་འདོད་མ་སྐུ་མདོག་ ནག་མོ་གཡས་འཁོར་ལོ། གཡོན་དུང་འཛིན་པ། རེག་བྱ་འདོད་མ་གཉིས་ཡང་སྐུ་མདོག་ནག་ མོ། གཡས་རལ་གྲི། གཡོན་ཕུབ་འཛིན་པ། སྟེགས་བུ་ཟུར་དུ་ལྷག་མ་ཟ་བར་འདོད་མ། སྐུ་ མདོག་ནག་མོ་ཞལ་གཅིག ཕྱག་གཉིས། གཡས་གྲི་གུག གཡོན་ཐོད་པ། ལྷོ་སྒོའི་གཡས་ཀྱི་ སྟེགས་བུ་ལ། བསྐྱོད་པར་འདོད་མ་དང་ཟས་འདོད་མ་གཉིས། སྐུ་མདོག་དམར་མོ། གཡས་ པས་མེའི་མདའ། གཡོན་གཞུ་འཛིན་པ། གར་འདོད་མ་སྐུ་མདོག་དམར་མོ། གཡས་ཤཱཀྟི། གཡོན་རིན་པོ་ཆེ་འཛིན་པ། འགུགས་པར་འདོད་མ་སྐུ་མདོག་དམར་མོ། གཡས་མདའ། གཡོན་གཞུ་འཛིན་པ། སྟེགས་བུའི་ཟུར་དུ། གཡུལ་འདོད་མ་སྐུ་མདོག་དམར་མོ། གཡས་ གྲི་གུག གཡོན་ཐོད་པ་འཛིན་པ། བྱང་སྒོའི་གཡས་ཀྱི་སྟེགས་བུ་ལ། རྒྱས་པར་འདོད་མ་དང༌། རྒྱན་འདོད་མ་གཉིས་དཀར་མོ། གཡས་ཐོ་བ། གཡོན་འདབ་མ་བརྒྱད་པའི་པདྨ་དཀར་པོ་ འཛིན་པ། རྒྱལ་སྲིད་འདོད་མ་ཡང་སྐུ་མདོག་དཀར་མོ། གཡས་པདྨ། གཡོན་ཆུ་སྐྱེས། འཆིང་ བར་འདོད་མ་སྐུ་མདོག་དཀར་མོ། གཡས་ཐོ་བ། གཡོན་པདྨ། སྟེགས་བུའི་ཟུར་དུ། བྱིས་པ་ བསྡིགས་པར་འདོད་མ་སྐུ་མདོག་དཀར་མོ། གཡས་གྲི་གུག གཡོན་ཐོད་པ་འཛིན་པ། ནུབ་ སྒོའི་གཡས་ཀྱི་སྟེགས་བུ་ལ། རེངས་པར་འདོད་མ་དང༌། དྲི་འདོད་མ་གཉིས་སེར་མོ། གཡས་ འཁོར་ལོ། གཡོན་དུང༌། ཆུ་ལ་རྐྱལ་བར་འདོད་མ་སྐུ་མདོག་སེར་མོ། གཡས་པདྨ། གཡོན་སྤྱི་ བླུགས། ཕུར་བུས་འདེབས་པར་འདོད་མ་སྐུ་མདོག་སེར་མོ། གཡས་འཁོར་ལོ། གཡོན་དུང༌། སྟེགས་བུའི་ཟུར་དུ། སྦྲུལ་འཆིང་བར་འདོད་མ་སྐུ་མདོག་སེར་མོ། གཡས་གྲི་གུག གཡོན་ 6-1-189 ཐོད་པ་འཛིན་པ། ཤར་སྒོའི་གཡོན་གྱི་སྟེགས་བུ་ལ། ཀུན་ཏུ་གདུང་བར་འདོད་མ་སྐུ་མདོག་ སྔོན་མོ། གཡས་གྲི་གུག གཡོན་ཐོད་པ། བསྐྲོད་པར་འདོད་མ་སྐུ་མདོག་ནག་མོ། གཡས་ རལ་གྲི། གཡོན་ཕུབ། ལུས་འཁྲུག་པར་འདོད་མ་སྐུ་མདོག་ནག་པོ། གཡས་གྲི་གུག གཡོན་ ཐོད་པ། ཡན་ལག་བསྐྱོད་པར་འདོད་མ་སྐུ་མདོག་ནག་མོ། གཡས་གྲི་གུག གཡོན་ཐོད་པ་ འཛིན་པ། ལྷོ་སྒོའི་གཡོན་གྱི་སྟེགས་བུ་ལ། བརྒྱུག་པར་འདོད་མ་སྐུ་མདོག་ལྗང་གུ། གཡས་ དགྲ་སྟ། གཡོན་སྦྲུལ་ཞགས། སྐེམ་པར་འདོད་མ་སྐུ་མདོག་དམར་མོ། གཡས་མེའི་མདའ། གཡོན་གཞུ་འཛིན་པ། ལུས་ཀྱི་དྲི་མ་འདོད་མ་སྐུ་མདོག་དམར་མོ། གཡས་དབྱུག་པ། གཡོན་ ལྕགས་སྒྲོགབཤང་གཅི་ཟག་པར་འདོད་མ་སྐུ་མདོག་དམར་མོ། གཡས་གྲི་གུག གཡོན་ཐོད་ པ་འཛིན་པ། བྱང་སྒོའི་གཡོན་གྱི་སྟེགས་བུ་ལ། རོལ་མོ་འདོད་མ་སྐུ་མདོག་སྔོན་མོ། གཡས་ རྡོ་རྗེ་གཡོན་དྲིལ་བུ། འཇམ་པར་སྨྲ་བར་འདོད་མ་སྐུ་མདོག་དཀར་མོ། གཡས་ཐོ་བ། གཡོན་ འདབ་མ་བརྒྱད་པའི་པདྨ་དཀར་པོ། མལ་སྟན་འདོད་མ་སྐུ་མདོག་དཀར་མོ། གཡས་རྩེ་ གསུམ། གཡོན་ཁ་ཊྭཱཾ་གརྩོད་པ་མང་པོ་འདོད་མ་སྐུ་མདོག་དཀར་མོ། གཡས་གྲི་གུག གཡོན་ ཐོད་པ་འཛིན་པ། ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ། འཁྲིག་པར་འདོད་མ་སྐུ་མདོག་ལྗང་གུ། གཡས་རྡོ་རྗེ། གཡོན་རྡོ་རྗེ་དྲིལ་བུ། གཉེན་འདུན་འདོད་མ་སྐུ་མདོག་སེར་མོ། གཡས་འཁོར་ ལོ། གཡོན་དུང༌། མལ་སྟན་བསྙེས་བར་འདོད་མ་སྐུ་མདོག་སེར་མོ། གཡས་རྡོ་རྗེ། གཡོན་ རྡོ་རྗེ་དྲིལ་བུ། སེམས་ཅན་བསླུ་བར་འདོད་མ་སྐུ་མདོག་སེར་མོ། གཡས་གྲི་གུག གཡོན་ཐོད་ པ་འཛིན་པ་རྣམས་འཁོད་པའོ། །དེ་བཞིན་དུ་སྐུའི་སྟེགས་བུ་ལ་ཕྱིར་འདོད་མ་རྣམས་གསུང་ གི་སྟེགས་བུ་ལ་ཇི་ལྟར་འཁོད་པ་བཞིན་དུ་བཀོད་པ་སྟེ། དེ་ལྟར་འདོད་མ་དང་ཕྱིར་འདོད་མ་ རྣམས་ནི་མཆོད་པའི་ལྷ་མོ་ཞི་ཞིང་སྒེག་པ་དར་གྱི་སྟོད་གཡོག་དང་ཤམ་ཐབས་ཅན། རིན་པོ་ ཆེའི་རྒྱན་དང་གར་གྱི་རྣམ་འགྱུར་མཐའ་ཡས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ 6-1-190 མཆོད་པས་མཉེས་པར་བྱེད་པ་ཡིན་ནོ། །རླུང་གི་དཀྱིལ་འཁོར་ལ་ས་བོན་དང་མཚན་མ་སྣ་ ཚོགས་པ་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང༌། གཟའ་བཅུ་དང༌། ཌྷ་ྲུཝ་ དང༌། ཨ་ག་སྟྱ་ལ་སོགས་པའི་དྲང་སྲོང་རྣམས་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ སྐར་མ་ཐམས་ཅད་དང༌། ཁྱིམ་བཅུ་གཉིས་དང༌། ཆ་བཅུ་དྲུག་དང༌། ཕྱོགས་བཅུ་སྐྱོང་བ་དང༌། དགའ་བྱེད་དབང་ཕྱུག་དང༌། ནག་པོ་ཆེན་པོ་དང༌། དྲིལ་བུའི་རྣ་བ་ཅན་དང༌། བྷྲིང་གི་ནི་ དང༌། ཞིང་སྐྱོང་དང༌། ཕོ་ཉ་ཐམས་ཅད་དང༌། འཕྲོག་མ་བུ་དང་བཅས་པ་དང༌། སྐྲའི་གྲངས་ ཀྱི་གྲུབ་པ་རྣམས། དབྱིབས་དང༌། ཁ་དོག་དང༌། མཚན་མ་སྣ་ཚོགས་པ་འཛིན་པ་རྣམས་ཀྱང་ འཁོད་པར་གྱུར། དྲུག་བརྒྱ་སོདྲུག་གི་ལྷའི་མིང་གི་རྣམ་གྲངས་ཡང༌། དུས་ཀྱི་འཁོར་ལོ་ཡབ་ ཡུམ་གཉིས། །ནུས་མ་བརྒྱད་དེ་གཙོ་གནས་བཅུ། །བདེར་གཤེགས་འཕར་མའི་མི་བསྐྱོད་ པ། །ཡབ་ཡུམ་གཙོ་བོ་ཡབ་ཡུམ་ལ། །བདག་པོའི་ཚུལ་དུ་བཞུགས་པ་གཉིས། །གཤེགས་པ་ ཡབ་བཞི་ཡུམ་བཞི་བརྒྱད། །དེ་བཞིན་གཤེགས་མ་ཡབ་ཡུམ་ནི། །བརྒྱད་དང་ལྷ་ཚོགས་བཅོ་ བརྒྱད་དང༌། །ཐུགས་དཀྱིལ་ལྷ་སྣམ་ལ་བཞུགས་པའི། །སེམས་དཔའ་ཡབ་ཡུམ་བཅུ་གཉིས་ དང༌། །སེམས་མ་ཡབ་ཡུམ་བཅུ་གཉིས་དང༌། །ཐུགས་སྒོའི་ཁྲོ་བོ་ཡབ་ཡུམ་བརྒྱད། །སྟེགས་ བུའི་གཟུངས་མ་བཅུ་གཉིས་ཏེ། །ཐུགས་དཀྱིལ་ལྷ་ཚོགས་ཞེ་བཞི་དང༌། །གསུང་གི་ལྷ་སྣམ་ སྟེང་བཞུགས་པའི། །རྣལ་འབྱོར་མ་ནི་དོན་གཉིས་དང༌། །གཙོ་མོ་བརྒྱད་ཀྱི་ཡབ་བརྒྱད་ དང༌། །སྟེགས་བུའི་འདོད་མ་སོ་དྲུག་སྟེ། །གསུང་གི་ལྷ་ཚོགས་བརྒྱ་བཅུ་དྲུག །སྐུ་ཡི་ལྷ་སྣམ་ ལ་བཞུགས་པའི། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ་དང༌། །སྐུ་ཡི་སྒོ་བཞིའི་སྟེང་འོག་གི། །ཁྲོ་བོ་ཡབ་ ཡུམ་བཅུ་གཉིས་དང༌། །སྐུ་ཡི་རྟ་བབས་གཡས་གཡོན་དང༌། །སྟེང་དང་འོག་གི་ཀླུ་ཡབ་ཡུམ། །ཉི་ཤུ་དང་ནི་སྐུའི་སྟེགས་བུའི། །ཕྱིར་འདོད་མ་ནི་སོ་དྲུག་སྟེ། །སྐུ་ཡི་དཀྱིལ་འཁོར་ལྷ་ཚོགས་ ནི། །བཞི་བརྒྱ་དང་ནི་ཉི་ཤུ་བརྒྱད། །མེ་རླུང་མཚམས་དང་སྟེང་འོག་གི། །རབ་གཏུམ་ཡབ་ 6-1-191 ཡུམ་ཉི་ཤུ་དང༌། །དྲུག་བརྒྱ་དང་ནི་སོ་དྲུག་གོ། །འདིར་ནི་དཀྱིལ་འཁོར་ལ་བཀོད་པའི། །ལྷ་ ཚོགས་ཐམས་ཅད་བགྲངས་པ་མིན། །དཀྱིལ་འཁོར་སྤྲོ་བ་པོ་དང་ནི། །མངལ་ནས་སྤྲོས་པ་ བགྲངས་པ་དང༌། །ནུས་མ་བརྒྱད་ནི་སྣ་ཚོགས་ཡུམ། །རང་གི་ངོ་བོ་ཡིན་པའི་ཕྱིར། །སྤྲོས་ བྱེད་ཡིན་ཕྱིར་སོ་སོར་བགྲངས། །མི་བསྐྱོད་པ་ནི་ཡབ་ཡུམ་གཉིས། །གདན་ལ་བཀོད་པའི་ ལྷ་མིན་ཀྱང༌། །མངལ་ནས་སྤྲོས་ཕྱིར་གྲངས་སུ་བགྲངས། །འབྱུང་པོ་བྱེ་བ་ཕྲག་ཕྱེད་སོགས། །དཀྱིལ་འཁོར་བཀོད་པའི་ལྷ་ཡིན་ཀྱང༌། །མངལ་ནས་སྤྲོས་པ་མིན་པའི་ཕྱིར། །དེ་ཡིས་ གྲངས་སུ་མ་བགྲང་ངོ༌། །ཞེས་དཔལ་དུས་ཀྱི་འཁོར་ལོའི་བརྟེན་པ་ལྷའི་བཀོད་པ་གསལ་ བར་བྱེད་པ་ནོར་བུའི་མེ་ལོང་ཞེས་བྱ་བ་འདི་ཉིད་འཛམ་ཐང་གཟིམ་ཁང་ཕོ་བྲང་དུ་དཔལ་ དུས་ཀྱི་འཁོར་ལོའི་བློས་བསླངས་བཞེངས་སྐྲུན་སྐབས་སུ་གོང་མའི་གསུང་ལས་ངག་དབང་ ཡོན་ཏན་བཟང་པོས་བཏུས། 6-1-192 ༄༅། །མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་བཞིན་བླ་ མ་བསྟེན་ཚུལ་ཉུང་བསྡུས་དད་པའི་པདྨོ་ བཞད་པའི་འོད་སྣང་ཞེས་བྱ་ བ་བཞུགས་སོ། ། ༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་དབྱེར་མེད་ལ་ཕྱག་འཚལ་ལོ། ། གང་མཚན་ཟླ་འོད་དཀར་པོའི་ཟེགས་མའི་ཆ། ། རྣ་བར་ལྷུང་བས་ངན་འགྲོའི་སྡུག་བསྔལ་སེལ། ། ཚུལ་བཞིན་བསྟེན་ན་གནས་སྐབས་མཐར་ཐུག་གི། ། འདོད་དོན་མྱུར་སྩོལ་དཔལ་ལྡན་བླ་མར་འདུད། ། དང་པོ་བླ་མ་མཆོག་བསྟེན་བཀའ་བཞིན་སྒྲུབ། ། བར་དུ་དཀའ་བ་སྤྱད་དེ་ཉམས་སུ་ལེན། ། ཐ་མར་དགོངས་པ་དབྱེར་མེད་བརྒྱུད་སྲོལ་འཛིན། ། མཚུངས་མེད་དཔལ་ལྡན་བླ་མར་གུས་པས་འདུད། ། དམ་པར་མཇལ་ཡང་དམན་པའི་སྤྱོད་པས་བསླུས། ། ལམ་མཆོག་བསྟན་ཀྱང་ལམ་མིན་གཡང་དུ་འཁྱམས། ། བདག་དང་བདག་འདྲའི་གཤིས་ངན་སེམས་ཅན་རྣམས། ། 6-1-193 རང་རྒྱུད་ཆོས་ཀྱིས་ཐུལ་བར་བྱིན་གྱིས་རློབས། ། དེ་ལ་འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་འབྱུང་ བའི་གཞི་དཔལ་ལྡན་བླ་མ་ཇི་བཞིན་བསྟེན་དགོས་པ་དང༌། ཅི་གསུངས་ཀྱི་བཀའ་ཐམས་ ཅད་སྒྲུབ་དགོས་པ་དང༌། ཚུལ་བཞིན་མ་བསྟེན་པས་ཉེས་པ་འབྱུང་ཚུལ་དང་གསུམ་ལས། དང་པོ་བླ་མ་ཇི་བཞིན་བསྟེན་དགོས་པ་ནི། དེ་ཡང་འདིར་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ ནི་བདག་གི་དཔལ་ལྡན་བླ་མ་དམ་པ་ཡིན་ཏེ། བླ་མ་དམ་པ་ཞིག་མ་བསྟེན་པར་སངས་རྒྱས་ འགྲུབ་པའི་ལོ་རྒྱུས་མདོ་རྒྱུད་བསྟན་བཅོས་རྣམས་སུ་མ་གསུངས། རང་བཟོ་དང་ཕོ་ཚོད་ ཀྱིས་ས་ལམ་གྱི་ཉམས་རྟོགས་དང་ཡོན་ཏན་སྐྱེས་པ་གཅིག་ཀྱང་མེད། རང་དང་བཅས་པའི་ སེམས་ཅན་ཐམས་ཅད་ལོག་པའི་ལས་ལ་རྣམ་རིག་བཟང་ཡང༌། ཐར་པ་དང་ཐམས་ཅད་ མཁྱེན་པའི་ལམ་བསྒོམ་པའི་སྐབས་སུ་བླ་མ་མ་བསྟེན་པར་ལོང་བ་བཤེས་མེད་ཐང་སྟོང་ དུ་མགོ་འཁོར་བ་དང་མཚུངས། དེས་ན་དེད་དཔོན་ལ་མ་བརྟེན་པར་རིན་པོ་ཆེའི་གླིང་ནས་ ནོར་བུ་བླངས་པའི་དཔེ་མེད། དེས་ན་དགེ་བའི་བཤེས་གཉེན་དང༌། དགེ་བའི་གྲོགས་པོ་ནི་ ཐར་པ་དང་ཐམས་ཅད་མཁྱེན་པའི་ས་མཁན་མངོན་སུམ་ཡིན་པའི་ཕྱིར། སྤྱིར་སོ་སོའི་སྐྱེ་བོ་ ནི་གྲོགས་ལ་སོགས་པ་འཕྲལ་རྐྱེན་གྱིས་བསྒྱུར་སླ་བས་དུས་དང་རྣམ་པ་ཐམས་ཅད་དུ་དགེ་ བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ལ་བརྟེན་དགོས་ཏེ། དཔེར་ན་མ་ལ་ཡའི་ཙནྡན་ གྱི་ནགས་ཁྲོད་དུ་སྡོང་དུམ་ཕལ་བ་ཞིག་ལྷུང་ནས་ལོ་མང་སོང་ན་ཙནྡན་གྱི་དྲི་བཟང་པོ་དེ་ལ་ འགོས་ནས་ཤིང་ཕལ་བ་དེ་ལ་ཡང་དྲི་ཞིམ་འབྱུང་བ་དང་འདྲ་བར་སྐྱེས་བུ་དམ་པ་ཡོན་ཏན་ དང་ལྡན་པ་ལ་བརྟེན་ནས་འགྲོགས་ན་དེའི་ཡོན་ཏན་གྱི་དྲི་བཟང་པོ་འགོས་ནས་སྤྱོད་ལམ་ ཐམས་ཅད་དེ་དང་འདྲ་བར་འགྱུར་ཏེ། ཇི་སྐད་དུ། ཇི་ལྟར་མ་ལ་ཡ་ཡི་ནགས་ཀླུང་དུ། །རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པ་ 6-1-194 ཡང༌། །ཡལ་འདབ་བརླན་པས་ཙནྡན་དྲི་བསུང་ལྟར། །གང་ལ་བརྟེན་པ་དེ་ཡི་རྗེས་སུ་འགྲོ། །ཞེས་གསུངས་པ་ལྟར་གསང་སྔགས་སྟོན་པའི་རྡོ་རྗེ་སློབ་དཔོན་ལ་མཚན་ཉིད་འདི་ལྟར་ཚང་ དགོས་ཏེ། དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་ དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་ མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་ སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་པོ་དུལ། །ཞེས་གསུངས་པ་ དང༌། གཞན་ཡང་སྨིན་བྱེད་དབང་གི་ཆུ་རྒྱུན་མ་ཆད་པའི་དབང་རྒྱུན་མང་ཞིང་ཁུངས་དང་ ལྡན་པ། རང་རྒྱུད་སྨིན་པ། ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་གནས་ལ་འགལ་བ་ མེད་པ། ཉོན་མོངས་དང༌། རྣམ་རྟོག་ཆུང་བས་རྒྱུད་སྨིན་ཞིང་དུལ་བ། གཞི་ལམ་འབྲས་བུའི་ རྒྱུད་དོན་ཐམས་ཅད་ཁོང་དུ་ཆུད་པ། བསྙེན་སྒྲུབ་ཀྱི་རྟགས་དང་ལྡན་པ་གནས་ལུགས་ཀྱི་ དོན་མངོན་དུ་གྱུར་ནས་རྟོགས་པས་བདག་རྒྱུད་གྲོལ་བ། གཞན་དོན་འབའ་ཞིག་གཉེར་བ། ཚེ་འདི་ལས་ཕྱི་མ་དོན་དུ་གཉེར་བས་ནན་ཏན་ཆོས་ལ་བྱེད་པ། འཁོར་བར་སྐྱོ་བས་གཞན་ ཡང་དེ་ལ་བསྐུལ་བ། གང་ལ་གང་འདུལ་གྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཐབས་ལ་ མཁས་པ། བླ་མའི་བཀའ་ཚུལ་བཞིན་བསྒྲུབས་པས་བརྒྱུད་པ་ལ་དམ་ཚིག་ཉེས་ལྟུང་གི་ སེལ་མེད་པས་བྱིན་རླབས་དང་ལྡན་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བླ་མ་དམ་པ་བསྟེན་ ན་དངོས་གྲུབ་མྱུར་ཏེ། ཇི་སྐད་དུ། ཁྱད་པར་མན་ངག་སྟོན་པའི་བླ་མ་ནི། །དབང་ཐོབ་དམ་ ཚིག་ལ་གནས་ཤིན་ཏུ་ཞི། །གཞི་ལམ་འབྲས་བུའི་རྒྱུད་དོན་ཁོང་དུ་ཆུད། །བསྙེན་སྒྲུབ་རྟགས་ རྫོགས་རྟོགས་པས་རང་རྒྱུད་གྲོལ། །སྙིང་རྗེ་ཚད་མེད་གཞན་དོན་འབའ་ཞིག་གཉེར། །བྱ་ བ་ཉུང་ཞིང་ནན་ཏན་ཆོས་ལ་སེམས། །སྐྱོ་ཤས་ཆེར་ལྡན་གཞན་ཡང་དེ་ལ་བསྐུལ། །ཐབས་ ལ་མཁས་ཤིང་བརྒྱུད་པའི་བྱིན་རླབས་ལྡན། །དེ་ལྟ་བུ་ལ་བརྟེན་ན་དངོས་གྲུབ་མྱུར། །ཞེས་ 6-1-195 གསུངས་པ་ལྟར་ཡོན་ཏན་ཚད་མེད་པ་ཐམས་ཅད་དང་ལྡན་ཞིང་སྐྱོན་ཐམས་ཅད་དང་བྲལ་ ཏེ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། དམ་ཆོས་ཐམས་ཅད་ཀྱི་འབྱུང་གནས། འཕགས་པའི་ དགེ་འདུན་རྒྱ་མཚོའི་གཙུག་གི་རྒྱན་ནི་བླ་མ་དམ་པ་ཡིན། ད་ལྟ་སྙིགས་དུས་འདིར་རྒྱུད་སྡེ་ རིན་པོ་ཆེ་ལས་བཤད་པའི་བླ་མ་མཚན་ཉིད་ཐམས་ཅད་ཚང་བ་རྙེད་པར་དཀའ་ནའང༌། བླ་ མ་ལ་ཡོན་ཏན་འདི་ཙམ་ཚང་དགོས་ཏེ། ཕྱི་སོ་ཐར། ནང་བྱང་སེམས། གསང་བ་སྔགས་སྡོམ་ གསུམ་གྱི་གནང་བཀག་གི་གནས་ཤེས་ནས་རྒྱུད་གཙང་བ། མདོ་རྒྱུད་བསྟན་བཅོས་ཀྱི་དོན་ ལ་ཐོས་པ་ཆེ་བ། སེམས་ཅན་ལ་སྙིང་རྗེ་དང་ལྡན་པ། རྒྱུད་སྡེའི་ཆོ་ག་ལ་མཁས་པ། དེའི་དོན་ ཉམས་སུ་ལེན་པ། བསྡུ་བའི་དངོས་པོ་བཞིས་སྐལ་བཟང་གི་སློབ་མ་སྡུད་དགོས་ཏེ། ཇི་སྐད་དུ། དམ་པའི་ཆོས་ཚུལ་མཐའ་དག་རྫོགས་པ་ནི། །སྙིགས་མའི་མཐུས་བྱས་རྙེད་ པར་དཀའ་ན་ཡང༌། །སྡོམ་གསུམ་གནང་བཀག་གཙང་མའི་ས་གཞི་ལ། །ཐོས་དང་སྙིང་རྗེ་ ཆེན་པོས་ཐུགས་རྒྱུད་བརླན། །སྡེ་སྣོད་སྔགས་རྒྱུད་རྒྱ་མཚོའི་ཆོ་ག་མཁས། །སྤངས་རྟོགས་ ཡེ་ཤེས་དྲི་མེད་འབྲས་བུས་ཕྱུག །བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་བཀྲ་བས། །སྐལ་བཟང་ སློབ་མའི་བུང་བ་སྡུད་ལ་བརྟེན། །ཞེས་གསུངས་པ་དང༌། ཁྱད་པར་བྱང་ཆུབ་ཀྱི་སེམས་དང་ ལྡན་པ་ཞིག་ནི་ངེས་པར་དགོས་པ་ཡིན་པས། མདོར་བསྡུས་ན་བརྟགས་པ་གཅིག་པོ་བྱང་ ཆུབ་ཀྱི་སེམས་དང་ལྡན་མི་ལྡན་བརྟག་པ་འདི་ལ་འདུས་པ་ཡིན་ནོ། །སློབ་མའི་མཚན་ཉིད་ ཀྱང༌། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་ བཤད། །ཅེས་གསུངས་པ་ལྟར་རང་ཕྱོགས་ལ་འོས་མེད་ཀྱིས་བཀུར་བ་དང༌། གཞན་རྣམས་ སྡང་ཕྱོགས་སུ་བཅད་པ་ནི་གཟུ་བོར་མི་གནས་པས་དེ་འདྲའི་ཕྱོགས་ལྷུང་གི་བློ་མེད་པར་རྒྱུད་ དྲང་བ། ལེགས་བཤད་དང་ཉེས་བཤད་ཀྱི་ཆ་སོ་སོར་འབྱེད་ནུས་པའི་བློ་མཐུ་དང་ལྡན་པ། ཆོས་ཕྱིར་དཀའ་སྤྱད་དང་སྙིང་རུས་ཆེ་བའི་སྒོ་ནས་དོན་གཉེར་ཆེན་པོ་དང་ལྡན་དགོས་པའོ། 6-1-196 །གཞན་ཡང་སློབ་མ་ལ་མེད་མི་རུང་བ་ནི་དམ་ཚིག་ཇི་བཞིན་བསྲུང་ནུས་པ་དང༌། སྡིག་པའི་ གྲོགས་པོ་ངེས་པར་སྤོང་བ་ལ་ཐབས་སྣ་ཚོགས་ཀྱིས་འབད་དགོས་པའོ། །དེ་དག་གིས་སློབ་ དཔོན་དང་སློབ་མ་སྤྱིའི་མཚན་ཉིད་མཚོན་ཙམ་ཞིག་སོང་ནས། དཔལ་ལྡན་བླ་མ་དམ་པ་ནི། རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་བསྟན་པ་འདི་ལྟ་སྟེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། སློབ་དཔོན་དེ་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་གཞིའི་སྟེང་ན་ཆོས་ནི་དེ་ཡིས་སྟོན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་ བརྩེ་བ་སྟེ། །ཞེས་གསུངས་སོ། །ཡེ་ཤེས་གྲུབ་པའི་རྒྱུད་ལས། བླ་མ་སངས་རྒྱས་ཆོས་འགྱུར་ ཞིང༌། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་འདྲ་ཉིད་ཀྱི་ཤེས་གྱུར་པས། །དེ་བས་དཀོན་མཆོག་ གསུམ་ཡིན་ནོ། །ཞེས་དང༌། སྡོམ་པ་འབྱུང་བའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་ མ་དེ་བཞིན་དགེ་འདུན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲ་བ་ སྡོམ། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་ འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་དང༌། མཁའ་འགྲོ་ཀུན་སྤྱོད་ ཀྱི་རྒྱུད་ལས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་ རིན་ཆེན་ལྟ་བུའི་སྐུ། །ཞེས་དང༌། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་དང༌། དུས་འཁོར་ བསྡུས་པའི་རྒྱུད་ལས། མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམ་བྲལ་བླ་མ་གང་དག་རྡོ་ རྗེ་འཛིན་བདག་ཉིད། །སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུ་ཐར་པ་སྟེར་བས་ ཕྱག་བྱ་མཆོད་བྱ་སྲས་རྣམས་ཀྱིས། །ཞེས་དང༌། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། བླ་མ་དང་ནི་ རྡོ་རྗེ་འཆང༌། །ཐ་དད་པར་ནི་མི་བརྟག་གོ། །ཞེས་གསུངས་པ་དང༌། རྡོ་རྗེ་གུར་ལས། ཇི་ལྟར་ ནམ་མཁའ་མཛོད་ཆེན་དུ། །ཐུབ་པ་རྡོ་རྗེ་ཆོས་འཛིན་བཞིན། །མགོན་པོ་རྟ་བདུན་རྒྱལ་པོ་ 6-1-197 ལྟར། །དེ་བཞིན་སློབ་དཔོན་རབ་ཏུ་གྲགས། །ཞེས་དང༌། བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་མིག་དང་འདྲ། །མན་ངག་ སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལས་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་ འཛིན་པ་འཐོབ། །ཅེས་དང༌། ཡེ་ཤེས་ཐིག་ལེའི་རྒྱུད་དུ། བླ་མ་མཐོ་རིས་ཐར་པའི་བླ། །བླ་ མ་ཡེ་ཤེས་བླ་ན་མེད། །བླ་མ་ཡོན་ཏན་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །ཅེས་དང༌། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ ཡང་མེད། །འདས་དང་མ་བྱོན་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང༌། །ཞེས་ དང༌། རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་ བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་ མ་ནི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བའི་བདག་ཉིད་ཡིན་པ་རྒྱུད་སྡེ་དུ་མར་འབྱུང་ངོ༌། །སྐུ་ ཡི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་ཡང་གསུངས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་ བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་པོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་ཡིན། །ཚོར་ བ་རྡོ་རྗེ་ཉི་མ་སྟེ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་རྒྱལ་པོ་སྟེ། །རྣམ་པར་ ཤེས་པ་མི་བསྐྱོད་པ། །ས་ནི་སྤྱན་ཞེས་བྱ་བ་སྟེ། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་སྒྲོལ་ མ་ཞེས་བྱ་སྟེ། །མེ་དང་རླུང་དུ་རབ་ཏུ་གྲགས། །ནམ་མཁའ་རྡོ་རྗེ་དབང་ཕྱུག་མ། །རྡོ་རྗེའི་སྐྱེ་ མཆེད་འདི་དག་ཀྱང༌། །བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་མཆོག །ཡན་ལག་ཁྲོ་བོ་རྒྱལ་ པོ་རྣམས། །ཞེས་དང༌། བླ་མ་ལྔ་བཅུ་པར། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་ 6-1-198 དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་ཉིད་ཡིན་ལ། བླ་མ་ལ་ ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་ཐམས་ཅད་འདུས་ཏེ། ཉིན་ལན་གསུམ་ མཚན་ལན་གསུམ་དུ་གསོལ་བ་འདེབས་པ་དང་ཕྱག་འཚལ་བར་གསུངས་སོ། །བདེ་མཆོག་ རིམ་ལྔ་ལས། རང་སེམས་སྟོན་པའི་བླ་མ་ནི། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་ བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ནི། །གང་ཟག་དེ་ཡིས་འཛིན་ པར་འགྱུར། །ཞེས་གསུངས་པ་དང༌། གསང་བ་འདུས་པའི་རྒྱུད་ལས། མཚན་ཉིད་ལྡན་ པའི་སློབ་དཔོན་ལ། །མོས་གུས་ལྡན་པའི་སློབ་མ་ཡིས། །སྐད་སྙན་མཐོན་པོས་གསོལ་བ་ བཏབ། །དེ་ལ་ང་ཡིས་དངོས་གྲུབ་སྟེར། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ ལས་བླ་མ་ལ་དད་པ་ཆེན་པོ་བསྐྱེད་པ་དང༌། མ་གུས་པ་རིང་དུ་སྤངས་པའི་ཐབས་སྣ་ཚོགས་ གསུངས་སོ། །འཕགས་པའི་དགེ་འདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ པས་ཆོས་ཐམས་ཅད་ཀྱི་སྔོན་དུ་དད་པ་བྱ་དགོས་པ་སྟེ། ཏ་ལ་ལའི་མདོར། དད་པ་སྔོན་འགྲོ་ མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །མི་དགེ་སེལ་ཞིང་ ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པས་རྟོག་པ་སེལ་ ཞིང་སེམས་དད་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་ རྐང་པའི་མཆོག །ལག་པ་བཞིན་དུ་དགེ་བའི་སྡུད་རྩ་ཡིན། །དད་པས་ཡོངས་སུ་གཏོང་ལ་ དགའ་བར་བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པས་ཡོན་ཏན་ཡེ་ ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་འཕང་འཐོབ་ཅིང་ཐོབ་པར་བྱེད། །ཅེས་གསུངས་ པ་དང༌། ཆོས་བཅུ་པའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེས་ནི་འདྲེན་པ་ངེས་ པར་འབྱུང༌། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་རྗེས་སུ་འབྲང་ལ་བརྟེན། །དད་པ་མེད་ པའི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་ 6-1-199 པོ་ཇི་བཞིན་ནོ། །ཞེས་དང༌། མདོ་རྒྱ་ཆེར་རོལ་བ་ལས། ཀུན་དགའ་བོ་དད་པ་ལ་བརྩོན་པར་ གྱིས་ཤིག །ཅེས་དང༌། སེང་གེས་ཞུས་པའི་མདོར། དད་པས་མི་ཁོམ་སྤང་བར་གྱུར། །ཞེས་ དང༌། འོད་དཔག་མེད་ཞིང་གི་བཀོད་པའི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་ དང་སློབ་དཔོན་དང༌། མཁན་པོ་དང༌། དགེ་བའི་བཤེས་གཉེན་ལ་གུས་པ་དང་བཅས་པ་ནི་ སྔོན་དུ་འགྲོའོ། །ཞེས་དང༌། འཕག་པ་སྡོང་པོ་བཀོད་པའི་མདོར། དད་པ་ཡིད་བཞིན་ནོར་བུ་ བུམ་པ་བཟང༌། །འདོད་དགུ་འཇོ་བའི་བཞོན་མཚུངས་པ། །བླ་མ་དང་ནི་སངས་རྒྱས་ལ། །དེ་ ལྟར་བྱས་ནས་མགུ་བར་བྱ། །སངས་རྒྱས་དད་པའི་བསོད་ནམས་གང༌། །སངས་རྒྱས་ཞིང་དུ་ སྐྱེབར་འགྱུར། །ཞེས་གསུངས། འཕགས་པ་ཡན་ལག་མེ་ཏོག་མཆོག་གི་མདོ་ལས། སངས་ རྒྱས་ཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། །གུས་པས་ནན་ཏན་བྱེད་པས་ ན། །མྱུར་དུ་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང༌། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་ པའི་མདོ་ལས། ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལ་ཉན་ནམ། ལུང་ནོད་དམ་བླངས་པའི་ སློབ་དཔོན་དེ་ལ་ཆོས་ཀྱིས་གུས་པར་བྱའོ། །ཞེས་དང་བླ་མའི་ཡོན་ཏན་བརྗོད་པའི་ཕན་ཡོན་ ནི། དྲི་མེད་གྲགས་པས་ཞུས་པའི་མདོ་ལས། རབ་འབྱོར་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ ཏེ་སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་ འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་པའི་ཕྱེད་ ཙམ་སྟོན་ན། དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང༌། གཞོན་ནུ་ལུང་ བསྟན་པའི་མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། ། མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཅིག ཅེས་དང༌། འཕགས་པ་གཎྜི་རྒྱས་པའི་ 6-1-200 མདོ་ལས། སློབ་དཔོན་མཚན་ཉིད་སུས་བཤད་པ། །བསོད་ནམས་མཐའ་ཡས་དཔག་མེད་ འཐོབ། །ལྷ་ཡིས་བསྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་སོགས་བླ་ མའི་རྣམ་ཐར་བཤད་པ་ལ་ཕན་ཡོན་ཆེ་བར་མདོ་སྡེ་དུ་མར་གསུངས་སོ། །རྒྱུད་ལས་བཤད་ པ་ནི་མང་དུ་ཡོད་དེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། རེ་ཤིག་དང་པོར་དངོས་གྲུབ་ནི། །སློབ་ དཔོན་རྗེས་སུ་འབྲང་ཡིན་པས། །སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་ མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང༌། ཡེ་ཤེས་གསལ་བའི་ རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་ལས། །བླ་མ་དྲན་ པ་བསོད་ནམས་མཆོག །ཅེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་ བསྐལ་པའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམས་པ་ལས། །བླ་མ་སེམས་ཀྱི་ དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུས་ཆར་ཡང་མི་ཕོད་དོ། །ཞེས་དང༌། བླ་ མ་ལན་རེ་ཙམ་དྲན་པའི་ཕན་ཡོན་ཡེ་ཤེས་གསལ་བའི་སྒྲོན་མའི་རྒྱུད་ལས། གང་གིས་བསྐལ་ པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང༌། ཚུལ་ཁྲིམས་བསྲུང༌། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞགཤེས་རབ་བསྐྱེད་པ་ལས། ལྷའི་ སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐད་ཅིག་དྲན་པ་བསོད་ནམས་ཆེ། དེ་བསྐལ་པ་བརྒྱད་ ཁྲི་བཞི་སྟོང་གི་བར་དུ་བསྒོམས་པ་བས་བླ་མ་སྐད་ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ ཕྱིར་ཞེ་ན། ཚེའདི་ཉིད་ལ་སངས་རྒྱས་པའི་ཕྱིར་རོ། །ཞེས་དང༌། ཀུན་འདུས་ལས། གང་གིས་ བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་གསུངས། ཀྲི་ཡ་དཔུང་བཟང་གི་རྒྱུད་ ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་ཀུན་གྱི་མཆོག་ ཏུ་གྱུར། །སྐྱེས་བུ་དེ་ནི་མངོན་སངས་རྒྱས། །ཞེས་གསུངས་པ་ལྟར་དང༌། གསང་འདུས་རིམ་ 6-1-201 ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འདོད་ཀྱང་ནི་ལྷུང་བར་ འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ནས། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་ འགྱུར། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་དུ། སློབ་དཔོན་བླ་མ་མཚན་ཉིད་ལྡན། །སློབ་མས་ སློབ་དཔོན་མཐོང་བར་སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ཉིད། །ཅེས་དང༌། བླ་མ་ལྔ་བཅུ་པ་ལས། རང་གིས་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་ མ་དང༌། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བའི་སྨོས་ཅི་དགོས། །ཞེས་ གསུངས་པ་ལྟར་དང༌། དེ་ལྟར་བྱས་པའི་ཕན་ཡོན་ཡང༌། བླ་མ་ལྔ་བཅུ་ལས། དེབྱིན་སངས་ རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་སོགས་གསུངས་པའི་ཕན་ཡོན་དཔག་ཏུ་ མེད་པ་མདོ་རྒྱུད་ཀུན་ལས་གསུངས་པས་སེམས་སྤྲོ་བའི་སྒོ་ནས་ཡང་ཡང་ནན་ཏན་བྱའོ། ། དེ་ཡང་འདིར་སངས་རྒྱས་ཉིད་རྩོད་དུས་སུ་ཕལ་བའི་འགྲོ་བ་འདུལ་བའི་ཕྱིར། སློབ་ དཔོན་གཟུགས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ། ཆུ་ཀླུང་བ་ཚྭ་ཅན་གྱི་ མདོར། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་སུ་གནས། །ང་ཡིན་སྙམ་དུ་ ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང༌། གུར་ལས། ང་ཉིད་རྡོ་རྗེ་སེམས་དཔའ་ ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་གནས། །ཞེས་དང༌། དེས་ཀྱང་མི་ཚད་སངས་རྒྱས་ཀྱི་རྣམ་སྤྲུལ་ དུ་མས་དུད་འགྲོའི་གཟུགས་ཀྱིས་འགྲོ་བ་སེམས་ཅན་གྱི་དོན་མཛད་པར་གསུངས་ཏེ། རྡོ་རྗེ་ གུར་དུ། སངས་རྒྱས་སེམས་ཅན་སྐྱབས་དགོངས་ནས། །སངས་རྒྱས་གར་མཁན་གར་མཛད་ དེ། །རི་བོ་གངས་དང་སེང་གེ་དང༌། །གླང་པོ་རི་དྭགས་ཅན་རྣམས་ཡང༌། །སྙིང་རྗེའི་ཐུགས་ ཀྱིས་སྟོན་པར་མཛད། །ཅེས་དང༌། མདོ་ལས། རྒྱལ་པོ་འདུལ་བ་ལ་རྒྱལ་པོ། །དགེ་སྦྱོང་ 6-1-202 འདུལ་བ་ལ་དགེ་སྦྱོང༌། །བྲམ་ཟེ་འདུལ་བ་ལ་བྲམ་ཟེ། །དྲི་ཟ་འདུལ་བ་ལ་དྲི་ཟའི་གཟུགས་ སུ་སྤྲུལ་ལོ། །ཞེས་དང༌། མི་གཡོ་བ་གཏུམ་པོའི་རྒྱུད་ལས། གང་དང་གང་གི་གཟུགས་ཀྱིས་ ནི། །སེམས་ཅན་གདུལ་བར་དེ་ཉིད་འཇུག །དེང་སང་དེ་ཉིད་ཚུལ་གྱིས་ནི། །འཇིག་རྟེན་དོན་ མཛད་ང་གནས་སོ། །འགའ་ཞིག་སངས་རྒྱས་གྲུབ་ཐོབ་སྤྲུལ། །ལ་ལར་ཆོས་དང་དགེ་འདུན་ ཏེ། །ལ་ལར་ཡི་དྭགས་ལ་ལར་ཕྱུགས། །ལ་ལར་དམྱལ་བའི་གཟུགས་ཅན་ནོ། །ལ་ལར་ལྷ་ དང་ལྷ་མ་ཡིན། །ལ་ལར་མི་ཡི་གཟུགས་ཅན་ནོ། །ལ་ལར་བརྟན་པའི་གཟུགས་ཅན་ནོ། །སྣ་ ཚོགས་གཟུགས་ཅན་ཐེ་ཚོམ་མེད། །ང་ནི་སྐྱེས་པ་བུད་མེད་དང༌། །མ་ནིང་གཟུགས་སུ་ལ་ ལར་རོ། །ལ་ལར་ཆགས་ཅན་ལ་ལར་སྡང༌། །ལ་ལར་རྨོངས་ཤིང་ལ་ལར་གཙང༌། །ལ་ལར་ མི་གཙང་གཟུགས་སུ་དང༌། །སེམས་ཅན་གཟུགས་ཀྱིས་བདག་གནས་སོ། །ཞེས་སོགས་ སངས་རྒྱས་ཀྱིས་གདུལ་བྱའི་དོན་དུ་སྤྲུལ་པ་མཐའ་ཡས་པ་སྟོན་པར་མཛད་དོ། ། བླ་མའི་སྐུ་འདྲ་བཞེངས་པ་དང་མཆོད་བསྟོད་ཀྱི་ཕན་ཡོན། ཨ་ཏི་བཀོད་པའི་རྒྱུད་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་ དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་བས། །བླ་མའི་སྐུ་འབག་སུས་བྲིས་ པ། །འདི་ནི་བསོད་ནམས་ཁྱད་པར་འཕགས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །གང་གིས་ བླ་མའི་སྐུ་འབག་ལ། །མཆོད་ཅིང་བསྟོད་པ་སུས་བྱས་པ། །རྡོརྗེ་འཆང་ལ་བསྐལ་པ་བརྒྱར། །མཆོད་ཅིང་བསྟོད་པའི་བསོད་ནམས་ཆེ། །འབུམ་ཕྲག་སུམ་ཅུ་རྩ་ལྔ་ཡང༌། །ཕོད་ཅིང་མཉམ་ པ་མ་ཡིན་ནོ། །གསུངས་པ་དང༌། འདས་མཆོད་བྱས་པའི་ཕན་ཡོན་ནི། བླ་མའི་ཡོན་ཏན་ ཡོངས་སུ་བཟུང་བའི་རྒྱུད་ལས། བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །དགེ་བའི་ རྣམ་སྨིན་བླ་མའི་རྗེས་འབྲང་སྟེ། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང༌། །སློབ་ མས་བླ་མའི་རྣམ་ཐར་བསྙེག་པར་འགྱུར། །ཞེས་དང༌། ཨ་ཏི་བཀོད་པའི་རྒྱུད་ལས། འདས་ 6-1-203 པའི་ལོ་ཟླ་ཚེས་གྲངས་ལ། །མ་ནོར་བ་ནི་བརྩིས་བྱས་ནས། །མཆོད་པའི་རྣམ་པ་སུས་བྱས་ པ། །ཚོགས་གཉིས་རབ་ཏུ་རྫོགས་པ་དང༌། །ཚེ་འདིར་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་ སོགས་གསུངས་སོ། ། གཉིས་པ་ཅི་གསུང་གི་བཀའ་ཐམས་ཅད་བསྒྲུབ་དགོས་པ་ནི། དུས་དང་གནས་སྐབས་ ཐམས་ཅད་དུ་བླ་མའི་ཐུགས་དང་མཐུན་པར་སྒྲུབ་ཅིང༌། ཐུགས་དང་འགལ་བའི་བྱ་བ་མི་ བྱེད་པར་སྲུང་བ་ལ་མཁས་པ་དང༌། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་འཁོན་མེད་ པ་རྟ་མཆོག་ལྟ་བུ། མངག་གཞུགས་སོགས་ཀྱིས་སྐྱོ་བ་མེད་པ་གྲུ་ལྟ་བུ། བཟང་ངན་ཅི་ལྟ་ བུ་དགོས་ཀྱང་མི་ཐེག་པ་མེད་པ་ཟམ་པ་ལྟ་བུ། དཀའ་ཚེགས་ཚ་གྲང་ཐམས་ཅད་བཟོད་པ་ མགར་བའི་བཟོ་སྟེགས་ལྟ་བུ། ཅི་གསུང་བསྒྲུབ་པ་བྲན་ཁོལ་ལྟ་བུ། ང་རྒྱལ་སྤངས་ནས་ དམན་ས་འཛིན་པ་ཕྱག་དར་ལྟ་བུ། དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟ་བུས་བླ་མ་བསྟེན་ དགོས་པར་མདོ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་ལས། བླ་མ་ཤིན་ཏུ་སྲུང་བས་མཛངས་ པ་དང༌། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་ སྤངས། །ཟམ་པ་ལྟ་བུ་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་ བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང༌། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང༌། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟས། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །ཞེས་དང༌། སྲོག་ལ་བབས་ཀྱང་བླ་མ་དགེ་བའི་བཤེས་གཉེན་འདིའི་ཐུགས་དང་འགལ་བར་ མི་བྱ་བསམ་པའི་སྙིང་སྟོབས་ཀྱི་གོ་ཆ་ཆེ་བ། འཕྲལ་རྐྱེན་གྱིས་མི་འགྱུར་བར་བློ་བརྟན་པ། ལུས་སྲོག་ལ་མི་འཛེམས་པར་བླ་མའི་ཞབས་ཏོག་སྒྲུབ་པ། ཅི་གསུང་གི་བཀའ་ཉན་ནས་རང་ ཉིད་མི་བསྲུང་བའི་སྐྱེས་བུ་ནི་མོས་གུས་ཁོ་ནས་གྲོལ་ཏེ། ཇི་སྐད་དུ། གོ་ཆ་ཆེ་ལ་བློ་གྲོས་ཤིན་ ཏུ་བརྟན། །ལུས་དང་སྲོག་ལ་མི་ལྟ་རིམ་གྲོ་བགྱིད། །ཅི་གསུང་བཀར་དཀྲི་བདག་ཉིད་མི་ 6-1-204 བསྲུང་བའི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །ཞེས་དང༌། བླ་མ་ལ་སངས་རྒྱས་དངོས་ མཐོང་གི་དད་པ་ཆེ་བ། ཐབས་མཁས་པའི་མཛད་སྤྱོད་ཀྱི་དགོངས་གཞི་ཤེས་ཤིང༌། ཆོས་ གང་གསུངས་འཛིན་ནུས་པའི་ཤེས་རབ་དང་ཐོས་རྒྱ་ཆེ་བ། སྡུག་བསྔལ་ཅན་དང་མགོན་མེད་ ལ་སྙིང་རྗེ་ཆེ་བ། བླ་མས་བཀའ་སྩལ་པའི་སྡོམ་པ་དང་དམ་ཚིག་གི་གནས་ལ་གུས་པ། ལུས་ ངག་ཡིད་གསུམ་ཞི་ཞིང་དུལ་བ། བླ་མ་དང་མཆེད་གྲོགས་ཀྱི་མཛད་སྤྱོད་གང་བྱས་ཀྱང་བློར་ ཤོང་བས་ཁོང་ཡངས་པ། ཅི་ཡོད་བླ་མའི་ཕྱོགས་སུ་གཏོང་བས་གཏོང་ཕོད་ཆེ་བ། མ་དག་ པའི་སྐྱོན་རྟོག་མི་མང་བས་དག་སྣང་དང་ལྡན་པ། མི་དགེ་བའི་ལས་བྱས་ན་དམ་པའི་ཐུགས་ ཀྱིས་ཁྲེལ་ཡོང་སྙམ་དུ་ཁྲེལ་ཡོད་དང་ལྡན་པས་བླ་མ་བསྟེན་དགོས་ཏེ། ཇི་སྐད་དུ། དད་དང་ ཤེས་རབ་ཐོས་དང་སྙིང་རྗེ་ཆེ། །སྡོམ་དང་དམ་ཚིག་ལ་གུས་སྒོ་གསུམ་དུལ། །ཁོང་ཡངས་ གཏོང་ཕོད་དག་སྣང་ཁྲེལ་ཡོད་ལྡན། །ཞེས་དང༌། ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་ མཉེས་པར་བྱ་བ་ཡང༌། རབ་སྒྲུབ་པའི་མཆོད་པ་ཞེས་བྱ་བ་སྟེ། བླ་མས་ཇི་ལྟར་བསྟན་པའི་ ཆོས་ཐམས་ཅད་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ཡིན། འབྲིང་ལུས་ ངག་གི་ཞབས་ཏོག་ཡིན་ཏེ། རང་གི་ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་བཀོལ་ནས་ཞབས་ ཕྱི་བྱེད་པ་ཡིན། ཐ་མ་ཟང་ཟིང་གི་འབུལ་བ་རྒྱུ་རྫས་ལོངས་སྤྱོད་ལ་སོགས་པའི་གཏོང་ཕོད་ ཀྱི་སྒོ་ནས་བླ་མ་མཉེས་པར་བྱེད་པ་སྟེ། ཇི་སྐད་དུ། འབྱོར་པ་ཡོད་ན་དཀོན་མཆོག་བཞི་པ་མཆོད། །ཞབས་ཏོག་སྲི་ཞུ་ལུས་ངག་ བཀོལ་བའི་ལས། །མཐའ་དག་ནམ་ཡང་ཆུད་ཟོས་འགྱུར་བ་མེད། །མཉེས་པ་གསུམ་གྱི་ནང་ ནས་སྒྲུབ་པ་མཆོག །ཅེས་སོ། །དེ་བཞིན་དུ་གལ་ཏེ་བླ་མ་དམ་པ་དེས་བདག་ལ་ལྷག་པར་ ཐུགས་ཀྱིསསྡང་བ་ལྟར་སྣང་ན་ཡང༌། ཁྲོ་བར་མི་བྱ་བར་བདག་གི་སྐྱོན་འགའ་ཞིག་གཟིགས་ ནས་སྤྱོ་བ་སྟེ་བཀའ་བཀྱོན་གྱི་སྒོ་ནས་འདུལ་བའི་དུས་ལ་བབ་པར་གཟིགས་ནས་འདུལ་ 6-1-205 བ་ཡིན་སྙམ་དུ་བསམ་ཞིང༌། ཐུགས་ཞི་བའི་དུས་དྲུང་དུ་ཕྱིན་ནས་བཤགས་སྡོམ་སོགས་བྱ་ དགོས་པར། ཇི་སྐད་དུ། གལ་ཏེ་བླ་མས་སྡང་བར་མངོན་གྱུར་ན། །བདག་སྐྱོན་གཟིགས་ནས་སྤྱོ་བས་འདུལ་བ་ ཡི། །དུས་ལ་བབ་པར་རིགས་ནས་བཤགས་སྡོམ་བྱ། །ཅང་ཤེས་སྐྱེས་བུ་བདུད་ཀྱི་དབང་མི་ འགྲོ། །ཞེས་གསུངས། རྒྱུན་དུ་རང་ཉིད་བླ་མའི་སྐུ་དྲུང་ན་གནས་པའི་ཚེ་ཡང༌། བླ་མ་གདན་ ལས་བཞེངས་པའི་ཚེ་རང་ཉིད་ཀྱང་སྟན་ལ་མི་འདུག་པར་འཕྲལ་དུ་ལྡང་བ་དང༌། བཞུགས་ པའི་དུས་སུ་སྙུན་སོགས་དྲི་བ་དང༌། ཉེར་སྤྱད་སོགས་འདི་དགོས་པར་འདུག་སྙམ་པ་སྐབས་ བརྟགས་ནས་ཐུགས་ལ་འཐད་པ་འབུལ། གཤེགས་པའི་ཚེ་ཞབས་འབྲང་དུ་འགྲོ་བ་ན་ ཡང༌། སྔོན་དུ་སོང་ན་བླ་མ་ལ་རྒྱབ་སྟོན་པ་ཡིན་པས་མི་འགྲོ། རྗེས་ནས་སོང་ན་ཞབས་རྗེས་ གནོན་པས་མི་འགྲོ། གཡས་ནས་སོང་ན་གྲལ་མགོ་གནོན་པས་མི་འགྲོ། དེས་ན་བླ་མའི་ གཡོན་ཕྱོགས་ནས་ཅུང་ཟད་རྗེས་སུ་འབྲང་བ་ལྟ་བུའི་གུས་པ་དང་བཅས་པས་འགྲོ། གལ་ཏེ་ འཇིགས་པ་དང་བཅས་པའི་ལམ་ལྟ་བུ་ཡིན་ན་གནང་བ་ཞུས་ཏེ་སྔོན་དུ་ཕྱིན་ཡང་འགལ་བ་ མེད། བླ་མའི་སྟན་དང་བཞོན་པ་སོགས་དང༌། བཞུགས་གདན་བརྗེ་བ་དང༌། ཆིབས་པ་ལ་ ཞོན་ནས་འགྲོ་བ་སོགས་མི་བྱ། ཁང་བའི་སྒོ་ཡང་དྲག་ཏུ་ཕྱེ་བ་དང༌། ཤུགས་ཀྱིས་བརྡེག་པ་ སོགས་མི་བྱ་བར་དལ་བུས་འབྱེད་གཅོད་བྱ། བླ་མའི་དྲུང་དུ་ལུས་སྒེག་ཆོས་ཀྱི་རྣམ་པ་དང༌། ངོ་འཛུམ་གནག་སྟེ་འདུག་པ་སོགས་སྤང༌། རྫུན་དང་མ་བརྟགས་པའི་བབ་ཅོལ་ཀུ་རེ་དང༌། རྩེད་མོ་སོགས་བཞད་གད་དོན་མེད་པའི་ངག་འཁྱལ་འབྲེལ་མེད་དུ་སྨྲ་བ་སོགས་སྤང༌། ཡིད་ ཀྱིས་མ་གུས་པ་དང་འཇིགས་པ་དང་བཅས་པས་ཅི་མི་སྙམ་པའི་བློ་སྤང་བར་བྱ་བ་སོགས་ཞི་ བའི་སྤྱོད་ལམ་ལ་བསླབ་དགོས་པ་ཡང༌། ཇི་སྐད་དུ། བླ་མ་བཞེངས་ཚེ་སྟན་ལ་འདུག་པ་མིན། །བཞུགས་པའི་དུས་ན་སྙུན་འདྲི་ 6-1-206 ཉེར་སྤྱད་དབུལ། །གཤེགས་ན་ཞབས་འབྲང་སྔོན་རྗེས་གཡས་ནས་མིན། །སྟན་དང་ཞོན་པ་ སྨད་སོགས་བསོད་ནམས་ཉམས། །སྒོ་འཕར་བརྡེག་དང་སྒེག་ཆོས་ངོ་འཛུམ་གནག །རྫུན་ དང་བབ་ཅོལ་བཞད་གད་འབྲེལ་མེད་གཏམ། །སྤངས་ལ་སྒོ་གསུམ་ཉེ་བར་ཞི་བས་བསྟེན། །ཞེས་གསུངས། གལ་ཏེ་བླ་མར་དམོད་པ་དང་སྡང་བར་བྱེད་པའི་གང་ཟག་གཞན་ཡོད་ན་དེ་ དང་རང་ཉིད་བཤེས་པར་མི་བྱ་ཞིང༌། གལ་ཏེ་རང་གི་ནུས་པས་མ་དད་པ་དང་སྨོད་པ་སོགས་ བཟློག་ནུས་ན་དེ་ལྟར་བྱ། མི་ནུས་ན་དེ་དང་བག་ཕེབས་པར་བྱས་ནས་གཏམ་སྨྲ་བར་མི་བྱ་ སྟེ། ཇི་སྐད་དུ། བླ་མ་དམོད་ཅིང་སྡང་བའི་གང་ཟག་དང༌། །བཤེས་པར་མི་བྱ་ནུས་པས་དེ་ བཟློག་ཅིང༌། །བག་ཕེབས་སྨྲ་ན་སྡིག་པའི་གཞན་དབང་ནི། །ལྷག་པར་མཐུ་ཆེ་དམ་ཚིག་སྐྱོན་ ཅན་བྱེད། །ཅེས་གསུངས། དེ་བཞིན་དུ་བླ་མའི་འཁོར་རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང༌། ཡུན་ རིང་པོ་ཅི་ཙམ་དུ་འགྲོགས་ཀྱང་སྐྱོ་བ་དང་སུན་པ་མེད་པར་འགྲོགས་པར་བདེ་བ་སྐ་རགས་ ལྟ་བུ། འཕྲལ་གྱི་བྱ་བ་གང་ལ་ཡང་ཆེ་ཚུགས་བསྐྱུང་སྟེ་འཇུག་པར་བདེ་བ་ལན་ཚྭ་ལྟ་བུ། ཕ་ རོལ་གྱི་ངན་སྨྲས་དང་འཐབ་མོ་སོགས་བྱུང་བའམ། མི་ཐེག་པའི་ཁུར་བཀལ་ཀྱང་བཟོད་ བསྲན་ཆེ་བ་ཀ་བ་ལྟ་བུས་འགྲོགས་ཤིང་བསྟེན་དགོས་ཏེ། ཇི་སྐད་དུ། འགྲོགས་པར་བདེ་བ་ སྐ་རགས་ལྟ་བུ་དང༌། །འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང༌། །བཟོད་བསྲན་ཆེ་བ་ཀ་བ་ལྟ་ བུ་ཡིས། །བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། །ཞེས་སོ། །དཔེར་ན་རྫིང་བུ་མཆོག་ལ་ བརྟེན་པའི་ངང་པ་རྣམས་ཀྱིས་རྫིང་བུའི་ཆུ་མིརྙོག་པར་དལ་གྱིས་རྩེ་ཞིང་ལོངས་སྤྱོད་པ་དང༌། །བུང་བ་མེ་ཏོག་གི་ཚལ་དུ་རྒྱུ་བའི་ཚེ། མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་པར་མེ་ཏོག་གི་ བཅུད་མྱང་ནས་འགྲོ་བ་དང་འདྲ་བར། སྐྱོ་བ་དང་ངལ་བ་མེད་པར་ཅི་གསུང་བཀའ་བཞིན་ བསྒྲུབས་པས་བླ་མའི་ཐུགས་བཟུང་སྟེ། དད་པ་དང་སྙིང་རུས་ཀྱི་ཉེར་ལེན་ལ་བརྟེན་ནས། བླ་ མ་དམ་པའི་ཐུགས་རྒྱུད་ན་བཞུགས་པའི་ཐོས་བསམ་སྒོམ་པའི་ཡོན་ཏན་ཐམས་ཅད་བུམ་པ་ 6-1-207 ཚད་ལྡན་ནས་ཚད་ལྡན་དུ་བྱོ་བ་བཞིན་དུ་རང་རྒྱུད་ལ་འདྲོང་ཤེས་པར་བྱ་དགོས་ཏེ། ཇི་སྐད་ དུ། རྫིང་བུ་མཆོག་ལ་བརྟེན་པའི་ངང་པ་དང༌། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པར་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པས་ཉེར་བར་ལེན་པས་ཡོན་ཏན་མྱོང༌། །ཞེས་གསུངས། གཞན་གྱི་དགེ་བ་གང་བྱེད་ ལ་རང་གིས་ཟང་ཟིང་ངམ་ལུས་ངག་གི་སྒོ་ནས་ཅུང་ཟད་ཙམ་འབྲེལ་ཡང་དེའི་དགེ་བ་མཉམ་ དུ་འཐོབ་ཅིང༌། ཁྱད་པར་བླ་མ་དགེ་བའི་བཤེས་གཉེན་དེའི་ནི་འཕྲལ་གྱི་མངག་གཞུག་དང་ བང་ཕྱིན་ཐ་ན་བཞུགས་ཁང་ལ་ཕྱག་དར་བྱས་པ་ཚུན་ཆད་ཀྱང་ཚོགས་ཀྱི་ལམ་མཆོག་མ་ནོར་ བ་ཡིན་པས་ཅི་ནུས་སུ་འབད་དགོས་ཏེ། ཇི་སྐད་དུ། འཇུག་པའི་སྤྱོད་ལ་ངེས་པར་ཞུགས་པ་ ཡིན། །དམ་པ་མཆོག་གི་བསོད་ནམས་ཡེ་ཤེས་ཚོགས། །གང་གི་ཁྲོད་དུ་དོན་མཐུན་སྤྱོད་པ་ དང༌། །མངག་གཞུག་བང་ཕྱིན་ཕྱག་དར་ཚུན་ཆོད་ཀྱང༌། །ངལ་བ་འབྲས་བཅས་ཚོགས་ཀྱི་ ལམ་མཆོག་ཡིན། །ཞེས་གསུངས། སྐྱབས་སུ་འགྲོ་བ་དང་ཚོགས་བསགས་པ་ཐམས་ཅད་ ཀྱི་ཞིང་བླ་ན་མེད་པ་ཡང་བླ་མ་ལས་ལྷག་པ་མེད་ཅིང༌། ཁྱད་པར་བླ་མ་དེས་དབང་བསྐུར་བ་ དང་ཆོས་འཆད་པ་སོགས་ཀྱི་དུས་སུ་ནི། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་ པ་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་དམ་པ་དེ་ལ་ཞུགས་ནས་སངས་རྒྱས་ཀུན་དང་ དབྱེར་མེད་དུ་བཞུགས་པ་ཡིན་པས་དུས་གཞན་དུ་བརྒྱ་འབུལ་སྟོང་འབུལ་མང་པོ་བྱེད་པ་ ལས་ཀྱང་དེ་དུས་ཟས་ཁམ་གཅིག་ཙམ་དྲོངས་པའི་བསོད་ནམས་ཆེ་བ་ཡིན། བསྐྱེད་རིམ་གྱི་ ལྷ་སྒོམ་པ་ཐམས་ཅད་ཀྱང་རྣམ་པ་ལྷ་དེ་དང་དེར་སྣང་བ་ལས་ངོ་བོ་རང་གི་རྩ་བའི་བླ་མ་ལས་ གཞན་དུ་མེད་པར་ཤེས་ན་བྱིན་རླབས་འཇུག་པ་མྱུར་ཞིང༌། རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་ སྐྱེས་པ་ཐམས་ཅད་ཀྱང་བླ་མར་མོས་གུས་དང་བྱིན་རླབས་ཁོ་ནས་མཐུ་ལས། ཐུགས་རྒྱུད་ རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེས་པ་ཡིན་པས་ན་ལམ་བསྐྱེད་རྫོགས་རིམ་པ་གཉིས་ལ་ 6-1-208 སོགས་པ་ཉམས་ལེན་ཐམས་ཅད་ཀྱི་བསྒྲུབ་བྱའི་ངོ་བོ་བླ་མ་ཉིད་དུ་འདུས་པས་ན། མདོ་རྒྱུད་ ཐམས་ཅད་ནས་བླ་མ་སངས་རྒྱས་དངོས་སུ་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཅི་ཕྱིར་སྐྱབས་སུ་འགྲོ་དང་ཚོགས་ཀྱི་ཞིང༌། །བླ་མ་བསྒྲུབ་པའི་རྣལ་འབྱོར་ ཕྱི་ནང་གཉིས། །བསྐྱེད་རྫོགས་བསྒྲུབ་བྱའི་ངོ་བོ་འདིར་འདུས་པས། །མདོ་རྒྱུད་ཀུན་ལས་ སངས་རྒྱས་ཉིད་དུ་བསྟན། །ཞེས་སོགས་གསུངས་སོ། །བླ་མ་བསྟེན་པའི་དུས་སུའང་ཚ་གྲང་ བཀྲེས་སྐོམ་སོགས་དཀའ་བ་ཐམས་ཅད་ཁྱད་དུ་བསད་དེ་བླ་མས་ཅི་གསུང་གི་བཀའ་བཞིན་ བསྒྲུབ། དད་གུས་ཀྱིས་གསོལ་བ་གདབ། འཕྲལ་དུ་རང་གི་བྱ་སྤྱོད་ཐམས་ཅད་ཀྱང་བླ་མ་ ལ་ཞུས་ཏེ། དམ་པ་དེས་བཀའ་ཇི་ལྟར་བསྩལ་པ་ལྟར་ཉམས་སུ་བླང༌། ཡིད་ཁྱེད་ཤེས་ཀྱི་ དད་པའི་སྒོ་ནས་བསྟེན་དགོས་པ་སྟེ། ལུས་དང་སྲོག་ལ་མི་བལྟ་བར་བྱང་ཆུབ་སེམས་དཔའ་ རྟག་ཏུ་ངུས། བྱང་ཆུབ་སེམས་དཔའ་ཆོས་འཕགས་བསྟེན་པ་དང༌། པཎ་ཆེན་ནཱ་རོ་པས་སྐྱེས་ མཆོག་ཏེ་ལོ་པ་བསྟེན་པ་དང༌། རྗེ་བཙུན་མི་ལས་ལྷོ་བྲག་མར་བ་བསྟེན་པ་ལྟར་དགོས་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཇི་ལྟར་བསྟེན་ན། སྔོན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་ཞིང་འབྲོག་ དགོན་པ་ཞིག་ཏུ་ཕྱིན་པ་ན། རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཞིག་དང་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་འཐོབ་པར་འགྱུར་གྱི་ཁྱོད་ཀྱི་ལུས་ངལ་བ་དང༌། གཉིད་རྨུགས་དང༌། ཚ་གྲང་དང༌། ཉིན་མཚན་སོགས་ཡིད་ལ་མི་བྱེད་ཅིང་གཡས་དང་གཡོན་དུ་མ་བལྟ་བར་སོང་ཞིག་ཁྱོད་ཀྱིས་ རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླེགས་བམ་དུ་ཆུད་པའམ། དགེ་སློང་ ཆོས་སྨྲ་བའི་ལུས་ལ་ཡོད་པ་ཐོས་པར་འགྱུར་ཏེ། དེའི་ཚེ་རིགས་ཀྱི་བུ་ཁྱོད་ཀྱིས་གང་ལས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པ་དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཆོས་ལ་གུས་པར་ བྱས་པས་ཕྱི་བཞིན་འབྲང་བར་བྱའོ། །དེ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་བརྟེན་པ་མཐོང་ 6-1-209 ན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པ་ཤེས་པས་མ་དད་པར་མི་བྱའོ། །ཞེས་པ་ལ་སོགས་པ་ཐོས་ནས་ཤར་ཕྱོགས་སུ་སོང་བ་དང༌། རིང་པོར་མ་ཕྱིན་པར་དེས་ བདག་གིས་སྒྲ་དེ་ལ་ཅི་ཙམ་འགྲོ་དགོས་མ་དྲིས་པས་བདག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོན་པ་དེར་འགྲོ་མི་ཤེས་སོ་སྙམ་ནས་དེ་ཉིད་དུ་ངུ་ཞིང་ཆོ་ངེ་འདེབས་ཏེ་བདག་ཇི་སྲིད་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཐོབ་ཀྱི་བར་དུ་ངལ་དུབ་དང་བཀྲེས་སྐོམ་དང་གཉིད་རྨུགས་དང་ ཉིན་མཚན་ལ་སོགས་པ་ཡིད་ལ་མི་བྱེད་པར་གནས་པར་བྱའོ། །སྙམ་ནས་དེ་བུ་གཅིག་པུ་ཤི་ བའི་མ་བཞིན་དུ་ཡིད་ལ་བྱེད་པ་གཞན་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་ཐོས་ སྙམ་དུ་གདུང་ཞིང་འདུག་པ་ན། དེ་བཞིན་གཤེགས་པའི་གཟུགས་ཤིག་མདུན་དུ་བཞུགས་ ནས་ཆོས་ཚོལ་བའི་བསྔགས་པ་བརྗོད་ཅིང༌། འདི་ནས་དཔག་ཚད་ལྔ་བརྒྱ་ན་སྤོས་ངད་ལྡན་ པ་ཞེས་བྱ་བའི་གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་སྐྱེད་མོའི་ཚལ་ལྔ་བརྒྱས་བསྐོར་ བ་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ། དེའི་དབུས་ཀྱི་བཞི་མདོ་ན་བྱང་ཆུབ་སེམས་ དཔའ་ཆོས་འཕགས་ཀྱི་ཁང་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཁོར་ཡུག་དཔག་ཚད་ཀྱི་ ཚད་ཙམ་པ། སྐྱེད་ཚལ་ལ་སོགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འཁོར་བཅས་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་དབང་དུ་གྱུར་ཏེ་རྩེ་དགའ་ཞིང་དགའ་མགུར་ སྤྱོད་དེ། དེ་ན་གནས་པའི་སྐྱེ་བོའི་ཚོགས་ལ་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོན་པ་ཡོད་ཀྱི། དེའི་དྲུང་དུ་སོང་ཞིག་དང་དེ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་ འགྱུར་རོ། །ཞེས་གསུངས་པ་ཐོས་ནས་དེ་ཡིད་ལ་བྱེད་པ་གཞན་མེད་པར་གནས་པ་ན་ཕྱོགས་ དེ་ཉིད་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ ཡང་ཐོས། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཡང་མངོན་དུ་གྱུར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ 6-1-210 ནས་སངས་རྒྱས་གྲངས་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡང་མཐོང༌། དེ་དག་ གིས་ཆོས་བསྟན་ནས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་བསྔགས་པ་བརྗོད་དེ་མི་སྣང་ བར་སོང་ངོ༌། ། དེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་ དགའ་བ་དང་དད་པ་དང་གུས་པ་སྐྱེས་ཏེ་བདག་ཇི་ལྟ་བུའི་ཚུལ་གྱི་བྱང་ཆུབ་སེམས་དཔའ་ ཆོས་འཕགས་ཀྱི་དྲུང་དུ་འགྲོ་བར་བྱ། བདག་ནི་དབུལ་ཏེ་བྱང་ཆུབ་སེམས་དཔའ་ཆོས་ འཕགས་ལ་བཀུར་སྟི་བྱ་བའི་གོས་སམ་རིན་པོ་ཆེའམ། དྲི་དང་ཕྲེང་བ་ལ་སོགས་པ་དགེ་བའི་ བཤེས་གཉེན་ལ་བསྙེན་བཀུར་བྱ་བའི་ཡོ་བྱད་ཅི་ཡང་མེད་ཀྱིས། བདག་གིས་ལུས་བཙོང་ བ་དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་བཀུར་སྟི་བྱའོ། །འཁོར་བ་ཐོག་ མ་མེད་པ་ནས་བདག་གི་ལུས་དཔག་ཏུ་མེད་པ་བཙོངས་ཤིང་འདོད་པའི་རྒྱུས་དམྱལ་བའི་ གནས་སུ་ལུས་གྲངས་མེད་པ་གཤགས་ཤིང་བཏུབས་ཏེ་ཆུད་ཟོས་ཀྱང་འདི་ལྟ་བུའི་ཆོས་ཀྱི་ ཆེད་ཀྱང་མ་ཡིན་ལ། འདི་ལྟ་བུའི་སྐྱེས་བུ་དམ་པ་ལ་བཀུར་སྟི་བྱ་བའི་ཆེད་ཀྱང་མ་ཡིན་ནོ་ སྙམ་ནས། ཚོང་འདུས་ཀྱི་དབུས་སུ་སོང་སྟེ་མི་སུ་འདོད། མི་ཉོ་བར་འདོད་པ་སུ་ཡོད་ཅེས་སྒྲ་ བསྒྲགས་ཤིང་བོས་ཀྱང་བདུད་སྡིག་ཅན་གྱིས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཆོས་ཕྱིར་ དཀའ་བ་སྤྱོད་པ་ལ་ཕྲག་དོག་གིས་སུས་ཀྱང་མི་ཐོས་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་ དཔའ་རྟག་ཏུ་ངུས་བདག་ཉིད་ཉོ་བ་མ་རྙེད་ནས་ཕྱོགས་གཅིག་ཏུ་སོང་ནས་ངུ་ཞིང་མཆི་མ་ ཕྱུང་སྟེ་འདུག་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྟག་ཏུ་ངུས་བསམ་པ་བརྟག་པར་འདོད་ ནས། བྲམ་ཟེའི་ཁྱེའུའི་གཟུགས་སུ་སྤྲུལ་ཏེ་འོང་ནས་ང་ལ་མི་ནི་མི་དགོས་མོད་ཀྱང་མཆོད་ སྦྱིན་ཞིག་བྱེད་པ་ལ། མི་ཤ་དང༌། མི་ཚིལ་དང༌། མིའི་རྐང་རྣམས་དགོས་པས་ཁྱོད་ཀྱིས་བཙོང་ ན་རིན་སྦྱིན་ནོ། །སྨྲས་པས། རྟག་ཏུ་ངུ་དགའ་སྟེ་མཚོན་རྣོན་པོ་ཐོགས་ནས་ལག་པ་གཡས་པ་ 6-1-211 ཕུག་སྟེ་ཁྲག་གཟར། བརླ་གཡས་པ་ཤ་མེད་པར་བཏོགས་ནས་རུས་པ་གཅོག་ཏུ་རྩིག་པའི་ དྲུང་དུ་སོང་བ་ན། ཚོང་དཔོན་གྱི་བུ་མོ་ཞིག་ཁང་པའི་ཡང་ཐོག་ན་འདུག་པ་དེས་མཐོང་ནས་ དྲུང་དུ་འོངས་ཏེ། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་འདི་ལྟ་བུའི་ན་ཚ་ཅིའི་ཕྱིར་གཏོང་བ་ ཡིན་ཟེར། དེར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་པའི་ཕྱིར་ལུས་བཙོངས་པའི་ ལོ་རྒྱུས་སྨྲས་པས། དེ་ལ་དེ་ཙམ་དུ་བཀུར་སྟི་བྱས་པས་ཡོན་ཏན་ཅི་ཞིག་འཐོབ་པ་ཡིན་ཟེར། དེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྟོན་པར་འགྱུར་ཞིང༌། དེ་ལ་བསླབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་ནས་སངས་རྒྱས་ ཀྱི་ཡོན་ཏན་མང་པོ་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་ཆོས་རིན་པོ་ཆེའི་བགོ་བཤའ་ བྱེད་པ་ཡིན་ནོ་བྱས་པས། ཡོན་ཏན་དེ་ལྟ་བུ་དག་ལས་ཡོན་ཏན་སྣ་རེ་རེའི་ཆེད་དུ་གངྒཱའི་བྱེ་ སྙེད་ཀྱི་ལུས་བཏང་ཡང་ཆོག་པར་འདུགའོན་ཀྱང་ཁྱོད་ཀྱིས་བདག་ཉིད་ལ་འདི་ལྟབུའི་ན་ ཚ་མ་བྱེད་ཅིག་དང༌། ཁྱེད་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་པ་འབུལ་ བའི་ཡོ་བྱད་གང་དགོས་པ་ཁོ་མོས་ཁྱོད་ལ་སྦྱིན་ཞིང༌། བདག་ཀྱང་ཁྱོད་དང་འགྲོགས་ནས་ བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་འགྲོ་ཞིང༌། ཡོན་ཏན་དེ་དག་འཐོབ་པར་བྱ་ བའི་ཕྱིར་དགེ་བའི་རྩ་བ་བསྐྱེད་པར་བྱའོ། །ཞེས་ཟེར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ གྱིས་རང་གི་གཟུགས་བསྟན་ནས་རྟག་ཏུ་ངུ་ལ་ང་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ཏེ། ཁྱོད་ ཀྱི་བསམ་པ་བརྟག་པའི་ཆེད་དུ་འོང་བ་ཡིན་པས། ཁྱོད་ཅི་འདོད་པ་སྦྱིན་གྱིས་སློང་ཟེར་བ་ ལ། བདག་ལ་སངས་རྒྱས་ཀྱི་ཡོན་ཏན་བླ་ན་མེད་པ་དག་སྩོལ་ཅིག་བྱས་པས། དེ་བདག་གིས་ ཡུལ་མ་ཡིན་པས་སྦྱིན་མི་ནུས་ཟེར། འོ་ན་བདག་གི་ལུས་ཡོངས་སུ་རྫོགས་པར་བྱེད་པ་ལ་ནི་ ཁྱོད་ཀྱིས་བརྩོན་མི་དགོས་ཏེ། བདག་གིས་བདེན་པའི་བྱིན་རླབས་བྱའོ་ཟེར་ནས་བདེན་པ་ གང་གིས་བདག་སངས་རྒྱས་རྣམས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་ཅིང་བདག་གི་ལྷག་ 6-1-212 པའི་བསམ་པ་གཡོ་བ་མེད་པའི་བདེན་པ་དང་བདེན་པའི་ཚིག་དེས་བདག་གི་ལུས་སྔོན་ཇི་ ལྟ་བུར་གྱུར་ཅིག ཅེས་བྱས་པ་དང་ལུས་སྔ་མ་ཁོ་ན་ལྟར་གྱུར། བརྒྱ་བྱིན་ཀྱང་མི་སྣང་བར་དེ་ ནས་རྟག་ཏུ་ངུ་ཚོང་དཔོན་གྱི་བུ་མོ་དང་ཁོལ་མོ་ལྔ་བརྒྱ་དང་བཅས་པ་ཤིང་རྟ་ལ་ཞོན། བུ་མོ་ ཕ་མ་ལ་སོགས་འཁོར་དུ་མ་དང་བཅས་ཏེ་ཤར་ཕྱོགས་སུ་སོང་ནས་གྲོང་ཁྱེར་སྤོས་ངད་ལྡན་ ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་འཁོར་བརྒྱ་སྟོང་དུ་མ་ལ་ཆོས་སྟོན་པ་མཐོང་ངོ༌། །དེ་ མཐོང་བས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་དགེ་སློང་བསམ་གཏན་ལ་གནས་པའི་བདེ་ བ་ལྟ་བུ་ཐོབ་ཅིང༌། འཁོར་བུ་མོ་ལྔ་བརྒྱ་དང་བཅས་ཏེ་ཤིང་རྟ་ལས་བབས་ནས་བྱང་ཆུབ་ སེམས་དཔའ་ཆོས་འཕགས་ཀྱི་དྲུང་དུ་སོང་ངོ༌། །དེའི་ཚེ་གནས་དེ་ན་བྱང་ཆུབ་སེམས་དཔའ་ ཆོས་འཕགས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁང་པ་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་ ཤིང་ཙནྡན་དམར་པོས་བརྒྱན་པ། མུ་ཏིག་གི་དྲ་བས་གཡོགས་པ་ཕྱོགས་བཞིར་ཡིད་བཞིན་ གྱི་ནོར་བུ་རིན་པོ་ཆེ་བཞི་བཞག་པའི་སྒྲོན་མེ་དང་དངུལ་གྱི་པོག་ཕོར་བཞི་ནས་ཨ་རུ་ནག་ པོའི་བདུག་པ་འབའ་ཞིག་འབུལ་བ་དེའི་དབུས་སུ་རིན་པོ་ཆེའི་སྒྲོམ་བཞིའི་ནང་ན་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་པ་ལ་ལྷ་དང་མི་ཐམས་ ཅད་ཀྱིས་མཆོད་པ་འབུལ་ཞིང་འདུག་པ་ལ་རྒྱུ་མཚན་དྲིས་ནས། རྟག་ཏུ་ངུ་དང་བུ་མོ་དཔོན་ གཡོག་ལྔ་བརྒྱས་ལེགས་པར་མཆོད་དེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་འཁོར་ རྣམས་ལ་ཆོས་སྟོན་པའི་དྲུང་དུ་སོང་ངོ༌། །དེར་སོང་ནས་རྟག་ཏུ་ངུ་བུ་མོ་ལྔ་བརྒྱ་དང་བཅས་ པས་མཆོད་པའི་ཡོ་བྱད་དེ་དག་གིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་ནས་ ཚོང་དཔོན་གྱི་བུ་མོ་འཁོར་དང་བཅས་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྟག་ཏུ་ངུས་ སྔར་མཇལ་བའི་སངས་རྒྱས་རྣམས་གང་ནས་བྱོན་པ་དང་གང་དུ་བཞུད་པ་དྲིས་པས། བྱང་ ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་སངས་རྒྱས་རྣམས་བྱོན་པ་དང་བཞུད་པ་མེད་པའི་ 6-1-213 ལེའུ་གསུངས་ནས་གདན་ལས་བཞེངས་ཏེ་ཁྱིམ་དུ་བྱོན། ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་ གཅིག་ལ་སྙོམས་པར་ཞུགས་ནས་བཞུགས་པ་ལ། དེའི་བར་དུ་བྱང་ཆུབ་སེམས་དཔའ་རྟག་ ཏུ་ངུ་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པ་ཉལ་བ་དང་འདུག་པའི་སྤྱོད་ལམ་སྤངས་ནས་འགྲེང་ བ་དང་འཆག་པའི་སྤྱོད་ལམ་གཉིས་ཀྱི་དུས་འདའ་ཞིང༌། ནམ་བྱང་ཆུབ་སེམས་དཔའ་ཆོས་ འཕགས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཆོས་སྟོན་པར་འགྱུར་སྙམ་དུ་དེ་ཁོ་ན་ལ་སེམས་ ཤིང་འཁོད་དོ། །དེ་ལྟར་ལོ་བདུན་པོ་དེ་ཟད་དུ་ཉེ་བ་ན་ད་ལྟའི་ཞག་བདུན་ན་བྱང་ཆུབ་སེམས་ དཔའ་ཆོས་འཕགས་ཏིང་ངེ་འཛིན་ལས་བཞེངས་ནས་ཆོས་སྟོན་པར་འགྱུར་རོ། །ཞེས་པ་རྟག་ ཏུ་ངུས་ལྷརྣམས་ལས་ཐོས་པས་འཁོར་བུ་མོ་ལྔ་བརྒྱ་དང་བཅས་པས་གང་དུ་བྱང་ཆུབ་སེམས་ དཔའ་ཆོས་འཕགས་ཆོས་སྟོན་པར་འགྱུར་བའི་ས་ཕྱོགས་དེ་དཔག་ཚད་གཅིག་ཚུན་ཆད་ཕྱག་ དར་བྱས་ནས་རྡུལ་མི་ལྡང་བའི་ཆེད་དུ་ཆག་ཆག་གདབ་པར་བརྩོན་པ་ན་བདུད་སྡིག་ཅན་ གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་པས་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་རང་གི་ ལུས་ཀྱི་རྩ་ཐམས་ཅད་ཕུག་ནས་ཁྲག་གིས་ཆག་ཆག་བཏབ་པས་ཚོང་དཔོན་གྱི་བུ་མོ་འཁོར་ ལྔ་བརྒྱ་དང་བཅས་པས་ཀྱང་རང་གི་ལུས་ཀྱི་རྩ་ཐམས་ཅད་ཕུག་སྟེ་ཁྲག་གིས་ཆག་ཆག་ བཏབ་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲག་དེ་ཐམས་ཅད་ལྷ་ཡུལ་གྱི་ཙནྡན་དམར་པོར་ བྱིན་གྱིས་བརླབས། རྟག་ཏུ་ངུ་འཁོར་དང་བཅས་པས་དེར་སེང་གེའི་ཁྲི་བཀོད་པ་ཕུན་སུམ་ ཚོགས་པ་བཤམས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བྱོན་ནས་བཞུགས་ཏེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱི་སྒོ་ བརྒྱ་སྟོང་ཕྲག་དྲུག་ཅུ་ཐོབ། སངས་རྒྱས་གྲངས་མེད་པའི་ཞལ་མཐོང༌། དེ་ནས་བཟུང་སྟེ་རྨི་ ལམ་ན་ཡང་སངས་རྒྱས་མཐོང་བ་དང་མི་འབྲལ་ཞིང༌། ད་ལྟ་ཡང་རྫོགས་པའི་སངས་རྒྱས་ སྒྲ་དབྱངས་མི་ཟད་པ་སྒྲོགས་པའི་དྲུང་ན་བཞུགས་པར་གསུངས་པའོ། །པཎ་ཆེན་ནཱ་རོ་པས་ 6-1-214 སྐྱེས་མཆོག་ཏེ་ལོ་པ་བསྟེན་ཚུལ་ནི། པཎ་ཆེན་ནཱ་རོ་པ་དེ་མཁས་གྲུབ་ཆེན་པོར་གྱུར་ནས་ བཞུགས་སྐབས་ཡི་དམ་གྱི་ལྷས་ཁྱོད་ཀྱི་ཚེ་རབས་ཀྱི་བླ་མ་སྐྱེས་མཆོག་ཏེ་ལོ་པ་ཡིན་པས་རྒྱ་ གར་ཤར་ཕྱོགས་སུ་སོང་ཞིག་གསུངས། ཁོང་དེ་མ་ཐག་ཏུ་ཆས་ཏེ་ཤར་ཕྱོགས་སུ་ཕྱིན་ཀྱང༌། ཏེ་ལོ་པ་གར་བཞུགས་རྩར་མ་ཆོད། ཡུལ་དེའི་མི་རྣམས་ལ་དྲིས་པས་རྒྱུས་མེད་ཟེར། ཡུལ་ འདི་ན་ཏེ་ལོ་པ་བྱ་བ་སུ་ཡང་ཡོད་དམ་བྱས་པས། མུ་ཏོ་ཏེ་ལོའམ་སྤྲང་པོ་ཏེ་ལོ་པ་བྱ་བ་ཡོད་ ཟེར། གྲུབ་པའི་མཛད་སྤྱོད་ལ་ངེས་པ་མེད་པས་དེ་ཡིན་པ་ཡང་སྲིད་དགོངས་ནས། སྤྲང་པོ་ཏེ་ ལོ་པ་དེ་གང་ན་ཡོད་དྲིས་པས། ཕ་ཀི་གྱང་རལ་ཤིག་ན་དུ་བ་འོང་བ་འདི་ཡིན་ཟེར། དེར་ཕྱིན་པས་ཏེ་ལོ་པས་ཉ་ཤི་གསོན་འདྲེས་པ་གཞོང་པ་གང་མདུན་དུ་བཞག་ཉ་ རེ་བླངས་ནས་མེ་ལ་བསྲེགས་ཏེ་ཞལ་དུ་གསོལ་བ་དང་སྦྲགས་ཏེ་སེ་གོལ་གཏོགས་ནས་ བཞུགས་འདུག ཕྱག་འཚལ་ནས་རྗེས་སུ་འཛིན་པར་ཞུས་པས་ཅི་ཟེར་ང་སྤྲང་པོ་ཡིན་པ་ལ་ གསུངས། ནན་གྱིས་ཞུས་པས་འོང་གསུངས་ནས། ཁོང་རང་གར་འབྱོན་པའི་ཕྱི་བཞིན་དུ་ཁྲིད། ཆོས་ནི་མ་གསུངས། ཉིན་གཅིག་མཁར་ཐོག་བརྩེགས་དགུ་ཡོད་པ་ཞིག་གི་རྩེ་མོར་ཁྲིད་ནས་ བླ་མའི་བཀའ་བསྒྲུབ་ཕྱིར་མཁར་འདིའི་རྩེ་ནས་མཆོངས་ནུས་པ་ཡོད་དམ་གསུངས་པས། འདི་ན་མི་གཞན་ནི་སུ་མི་འདུགང་རང་ལ་གསུངས་པ་ཡིན་སྙམ། མཁར་གྱི་རྩེ་ནས་མཆོང་ པས་ལུས་ཐམས་ཅད་བརྡབས་ཏེ་ན་ཚ་དང་སྡུག་བསྔལ་དཔག་ཏུ་མེད་པ་བྱུང༌། བླ་མ་བྱོན་ ནས་ནའམ་གསུངས་པ་ལ། ན་བས་མ་ཚད་རོ་བཞིན་ཐལ་ཞུས་པས། བྱིན་རླབས་མཛད་ནས་ ལུས་སྔར་བཞིན་སོས་ཏེ་ཡང་ཁྲིད་ནས་སོང༌། ནཱ་རོ་པ་མེ་ཐོང་ཞིག་གསུངས། མེ་བུས་ཙ་ན་ ཁོང་གི་སྨྱུག་གཤགས་རིང་པོ་མང་པོ་ལ་སྣུམ་གྱིས་བྱུག་མེ་ལ་བསྲོས་ནས་ངར་བཏབ་སྟེ། བླ་ མའི་བཀའ་བསྒྲུབ་ཕྱིར་འདི་ལྟ་བུའི་དཀའ་བ་ཡང་སྤྱད་དགོས་པ་ཡིན་གསུངས་ནས། སྨྱུག་ མ་གཤགས་པ་རྣམས་རྐང་ལག་གི་སེན་བར་ནས་དྲངས་པས་ལུས་ལྷུ་ཚིགས་ཐམས་ཅད་ 6-1-215 བརྒྱང༌། ན་ཚ་དང་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་བྱས་པས་བླ་མ་ག་ཤེད་བྱོན་སོང༌། ཞག་ཤས་སོང་འཕྲལ་བླ་མ་བྱོན་ནས་སྨྱུག་མ་རྣམས་བླངས་པའི་ཤུལ་ནས་ཁྲག་དང་ཆུ་སེར་ ལ་སོགས་པ་མང་པོ་བྱུང༌། ཡང་བྱིན་རླབས་མཛད་པས་ཁྲིད་དེ་བྱོན། ཉིན་གཅིག་ནཱ་རོ་པ་ང་ ལྟོགས་ཀྱིན་འདུགཟ་མ་ཞིག་སློང་ལ་ཤོག་གསུངས་ཞིང་ལས་བྱེད་པའི་མི་མང་པོས་ཟ་མ་ཟ་ སར་ཕྱིན་ནས་བསླངས་པས་ཐུག་པ་བསྐོལ་བ་ཐོད་ཕོར་གང་བྱིན། ཕྱིར་འོངས་ནས་བླ་མ་ ལ་དྲངས་པས་ཞིམ་ཞིམ་ལྟར་གསོལ། ཤིན་ཏུ་ཐུགས་དགྱེས་པའི་ཚུལ་སྟོན་པས། ནཱ་རོ་པའི་ ཐུགས་དགོངས་ལ་ངས་སྔར་བླ་མའི་ཞབས་ཕྱི་དེ་ཙམ་བསྒྲུབས་ཀྱང་ད་རེས་འདྲ་བའི་ཐུགས་ མཉེས་པོ་མ་བྱུང༌། ད་དུང་སློང་དུ་ཕྱིན་ན་ཅུང་ཟད་རྙེད་དམ་སྙམ་ནས་ཡང་ཐོད་ཕོར་ཁྱེར་ཏེ་ ཕྱིན་པས། ཁོང་རྣམས་ལས་བྱེད་པ་ལ་སོང༌། སྔར་གྱི་འཐུང་ལྷག་དེ་གར་བཞག་འདུག་པ་ ལ། ད་འདི་གར་བརྐུས་པ་དྲག་སྙམ་ནས་ཁྱེར་ཏེ་བྲོས་པས་ཁོང་རྣམས་ཀྱིས་མཐོང་པས་རྗེས་ དེད་ནས་བཟུང་སྟེ་འཆི་ལ་ཐུག་པར་བརྡུངས། ན་ཚ་དཔག་ཏུ་མེད་པ་བྱུང་སྟེ། དེ་ནས་ལྡང་མ་ ནུས་པར་ཞག་མང་པོར་ལུས། ཡང་བླ་མ་བྱོན་ནས་བྱིན་རླབས་མཛད་དེ་ཁྲིད་ནས་སོང༌། ཉིན་ གཅིག་ནཱ་རོ་པ་ནོར་རྫས་མང་པོ་དགོས་པ་ཡོད་པས་རྐུས་ལ་ཤོག་གསུངས། ཕྱུག་པོ་ཞིག་ལ་ རྐུར་ཕྱིན་པས་ཚོར་ནས་བཟུང་སྟེ་ཡང་ཤི་ལ་ཐུག་པར་བརྡུངས། ཞག་ཤས་ནས་བླ་མ་བྱོན་ ཏེ་ནའམ་གསུངས་པ་ལ་སྔར་ལྟར་ཞུས། བྱིན་རླབས་མཛད་ནས་ཡང་ཁྲིད་དེ་བྱོན་པ་སོགས་ དེ་ལྟ་བུའི་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བཅུ་གཉིས་དང་དཀའ་བ་མི་འདྲ་བ་ཉི་ཤུ་རྩ་ བཞི་སྐུ་ལུས་གཅིག་གི་སྟེང་དུ་སྤྱད་པ་ཡིན། དེ་ལྟར་དཀའ་སྤྱད་ཐམས་ཅད་རྫོགས་ནས་ཉིན་ གཅིག་ལ་ནཱ་རོ་པ་ཁྱོད་སོང་ལ་ཆུ་ལོངས་ཤིག་དང་ངས་མེ་བཏང་ནས་འདུག་གིས་གསུངས། ནཱ་རོ་པས་ཆུ་བླངས་ནས་བྱོན་ཚེ་ཁོང་གིས་མེ་བུས་ནས་འདུག་པ་བཞེངས་ནས་བྱོན་ཏེ་ཕྱག་ གཡོན་པས་ནཱ་རོའི་ཐོང་རྩ་ནས་བཟུང་ནཱ་རོ་པ་ཐོད་པ་སྟོན་གསུངས་ཏེ། ཕྱག་གཡས་པས་ 6-1-216 མཆིལ་ལྷམ་ཕུད་པ་བླངས་ནས་དཔྲལ་བར་བརྒྱབ་པས་ནཱ་རོ་པ་ནག་ཐུམ་གྱིས་བརྒྱལ་སོང༌། བརྒྱལ་སངས་པ་དང་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ནཱ་རོ་པའི་རྒྱུད་ལ་སྐྱེས་ ནས་དཔོན་སློབ་གཉིས་དགོངས་པ་དབྱེར་མེད་དུ་གྱུར་ནས་འདུགདེལྟར་པཎ་ཆེན་ནཱ་རོ་པས་ དཀའ་བ་ཉི་ཤུ་རྩ་བཞི་སྤྱད་པ་དེ་དག་ཀྱང་དོན་དུ་བླ་མའི་བཀའ་ལུང་ཡིན་པས་སྒྲིབ་པ་སྦྱོང་ བའི་ཐབས་སུ་གྱུར་པ་ལས་རྣམ་པ་རང་བཞིན་དོན་མེད་པའི་ངལ་བ་ཁོ་ན་ལས་འདི་ཆོས་ སུ་འདུག་སྙམ་པ་གཅིག་ཀྱང་མི་འདུག་ཅིང་བླ་མས་ཀྱང་ཆོས་ཚིག་གཅིག་ཀྱང་མ་གསུངས། སློབ་མས་ཀྱང་ཕྱག་རྡོག་གཅིག་འཚལ་བ་ལྟ་བུའི་ཆོས་ལ་ཉམས་ལེན་མ་བྱས་ཀྱང་གྲུབ་ཐོབ་ ཀྱི་བླ་མ་དང་མཇལ་ནས། དཀའ་བ་ཁྱད་དུ་བསད་དེ་ཅི་གསུང་གི་བཀའ་བཞིན་བསྒྲུབས་ པས་སྒྲིབ་པ་དག་སྟོབས་ཀྱིས་རྟོགས་པ་རྒྱུད་ལ་སྐྱེས་པ་ཡིན། དེས་ན་བླ་མའི་བཀའ་བཞིན་ སྒྲུབ་པ་ལས་ལྷག་པའི་ཆོས་ཀྱི་ཉམས་ལེན་བྱ་བ་ལོགས་ན་ཅི་ཡང་མེད་པར་བླ་མའི་བཀའ་ སྒྲུབ་དེ་ཙམ་དུ་ཕན་ཡོན་ཆེ་ཞིང༌། དེ་བཞིན་དུ་བླ་མའི་བཀའ་ཟུར་ཙམ་བཅག་ཀྱང་ཉེས་པ་ ལྷག་པར་ལྕི་བ་ཡིན་ཏེ། ཡང་སྐབས་ཤིག་ཏེ་ལོ་པས་ནཱ་རོ་པ་ལ་ཁྱོད་ཀྱིས་བི་ཀྲ་མ་ཤཱི་ལའི་སྒོ་ སྲུང་གི་པཎྜི་ཏའི་ཁུར་དེ་མ་ལེན་ཅིག་གསུངས། ཕྱིས་སུ་ཁོང་ཡུལ་དབུས་སུ་བྱོན་སྐབས་བི་ ཀྲ་མ་ཤཱི་ལའི་སྒོ་སྲུང་གི་པཎྜི་ཏ་འདས་པ་དང་ཐུགཐམས་ཅད་ཀྱིས་མུ་སྟེགས་པ་དང་རྩོད་ནུས་ པ་གཞན་མི་འདུག་པས། བྱང་སྒོ་སྲུང་བའི་པཎྜི་ཏ་མཛད་དགོས་ཟེར་ནས་ནན་གྱིས་ཞུས་ ཏེ་བྱང་སྒོ་སྲུང་བ་མཛད་པས་མུ་སྟེགས་པ་ཞིག་རྩོད་དུ་བྱུང་བ་ལ་ཞག་མང་པོར་བརྩད་ཀྱང་ མུ་སྟེགས་པ་མ་ཐུབ། བླ་མ་ལ་གསོལ་བ་བཏབ་པས་ཉིན་གཅིག་ཏེ་ལོ་པ་སྤྱན་ཧྲིག་གེདྲུང་ དུ་བྱོན་བྱུང༌། ཐུགས་རྗེ་རེ་ཆུང་དེ་བས་སྔ་བར་མི་བྱོན་པ་ཞུས་པས། ངས་ཁྱོད་ལ་སྒོ་སྲུང་གི་ པཎྜི་ཏ་མ་བྱེད་མ་སྨྲས་སམ། ད་ཁྱོད་ཀྱིས་ང་རང་སྤྱི་བོར་བསྒོམས་ལ་སྡིགས་འཛུབ་མུ་སྟེགས་ པ་ལ་སྟོན་ལ་རྩོད་ཅིག་གསུངས། དེ་བཞིན་བྱས་པས་ནཱ་རོ་པ་རྒྱལ་ཏེ་མུ་སྟེགས་ཀྱི་རྩོད་པ་ 6-1-217 ཐམས་ཅད་ཚར་བཅད་པ་ཡིན་ནོ། ། རྗེ་བཙུན་མི་ལས་ལྷོ་བྲག་མར་པ་བསྟེན་པའི་ཚུལ་ནི། དེ་ཡང་ཡུལ་མངའ་རིས་གུང་ཐང་ དུ་མི་ལ་ཤེས་རབ་རྒྱལ་མཚན་ཞེས་བྱ་བའི་ཕྱུག་པོ་ཞིག་ལ་སྲས་ལྕམ་སྲིང་གཉིས་ཡོད་པའི་ མིང་པོ་དེ་མི་ལ་ཐོས་པ་དགའ་ཁོང་ལྕམ་སྲིང་གཉིས་ཆུང་ངུའི་དུས་ཡབ་འདས་པས། ནོར་ རྫས་སོགས་གང་ཡོད་ཐམས་ཅད་ཁུ་བོ་གཡུང་དྲུང་རྒྱལ་མཚན་གྱིས་ཕྲོགས། ཁོང་ཡུམ་སྲས་ གསུམ་ཟས་ནོར་ཅི་ཡང་མེད་པས་འོ་བརྒྱལ་མང་པོ་མྱོང་ནས་གཙང་གི་གཡུང་སྟོན་ཁྲོ་རྒྱལ་ དང༌། ལྷ་རྗེ་གནུབས་ཆུང་ལས་མཐུ་དང་སེར་བ་བསླབས་ཏེ། ཁུ་བོའི་བུ་དང་མནའ་མ་ལ་ སོགས་མི་མགོ་སུམ་ཅུ་སོ་ལྔ་ཐིབ་འོག་ཏུ་བསད། ཡུལ་མི་སྤྱིས་སྡང་པོ་བྱས་པས་སེར་བ་ གྱང་རིམ་གསུམ་ཡོད་པ་ཞིག་ཕབ། དེ་དག་གི་སྡིག་པ་ལ་འགྱོད་ནས་ཆོས་སྒྲུབ་པའི་ཐུགས་ བློ་སྐྱེས་ཏེ་བླ་མ་གཡུང་སྟོན་གྱི་བཀའ་བཞིན་རོང་སྟོན་ལྷ་དགའ་ཞེས་བྱ་བ་རྫོགས་ཆེན་པ་ ཞིག་བཞུགས་པའི་དྲུང་དུ་ཕྱིན་ནས་ཆོས་ཞུས་པས། ངའི་དམ་ཆོས་རྫོགས་པ་ཆེན་པོ་འདི་རྩ་ བ་བྱུང་རྒྱལ། རྩེ་མོ་ཐོབ་རྒྱལ། འབྲས་བུ་ཡོག་རྒྱལ། ཉིན་བསྒོམ་ན་ཉིན་སངས་རྒྱས། ནུབ་ བསྒོམ་ན་ནུབ་འཚང་རྒྱ། སྐལ་ལྡན་ལས་འཕྲོ་ཅན་གྱིས་བསྒོམ་མི་དགོས་པར་ཐོས་པས་གྲོལ་ བ་དབང་པོ་ཡང་རབ་ཀྱི་ཆོས་སྐལ་ཡིན་པས་སྟེར་གསུངས་དབང་དང་གདམས་ངག་གནང་ བས། ཁོང་གི་ཐུགས་དགོངས་ལ། ངས་དང་པོ་མཐུ་བྱས་པས་ཞག་བཅུ་བཞི་ནས་རྟགས་ཆེན་ པོ་ཐོན། སེར་བ་ལ་ཞག་བདུན་གྱིས་གྱང་རིམ་གསུམ་ཕབ། ད་མཐུ་དང་སེར་བ་ལས་ཀྱང་སླ་ བའི་ཆོས་ཉིན་བསྒོམ་ན་ཉིན་འཚང་རྒྱ། ནུབ་བསྒོམ་ན་ནུབ་འཚང་རྒྱ། སྐལ་ལྡན་ལས་འཕྲོ་ ཅན་ལ་བསྒོམ་མི་དགོས་པ་འདི་དང་འཕྲད་ལུགས་ཀྱིས་ང་ཡང་ལས་འཕྲོ་ཅན་ཅིག་ཡིན་པར་ འདུག་སྙམ་མ་བསྒོམ་པར་ཉལ་བསྡད་པས་ཆོས་དང་གང་ཟག་ཐ་དད་དུ་སོང་ནས། ཞག་ འགའ་སོང་བའི་ཚེ་བླ་མའི་ཞལ་ནས། ཁྱོད་སྡིག་པོ་ཆེ་ཡིན་ཟེར་བ་བདེན་པར་འདུགངའི་ 6-1-218 ཆོས་ཀྱི་ཁ་ཕོ་དེ་ཡང་ཅུང་ཟད་ཆེ་བས་ད་ངས་ཁྱོད་ལ་ཕན་མི་ཐོག་པས། ད་ཁྱོད་རང་ལྷོ་བྲག་ གྲོ་བོ་ལུང་ཞེས་བྱ་བའི་དགོན་པ་ན་རྒྱ་གར་གྱི་གྲུབ་ཐོབ་ནཱ་རོ་པའི་དངོས་སློབ་སྐྱེས་མཆོག་སྒྲ་ སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་བྱ་བ་སྔགས་གསར་མའི་གྲུབ་ཐོབ། ས་གསུམ་ན་འགྲན་ ཟླ་དང་བྲལ་བ་ཞིག་བཞུགས། དེ་དང་ཁྱོད་རང་ཚེ་རབས་སྔ་མ་ནས་ལས་འབྲེལ་འདུག་ པས་དེར་སོང་ཞིག་གསུངས། དེར་སྒྲ་བསྒྱུར་མར་པའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་ སྨྲ་མི་ཤེས་པའི་དགའ་བ་དང༌། ལུས་ལ་བ་སྤུ་ཀུན་གཡོ་བའི་བདེ་བ་དང༌། མཆི་མ་འཁྲིགས་ པའི་མོས་གུས་ཚད་མེད་པ་ཞིག་འཁྲུངས་ཏེ། བླ་མ་དང་མཇལ་ཏེ་ཞལ་མཐོང་བ་ཞིག་ནམ་ འོང་བསམ་ཞིང་ཕྱིན་པས། བླ་མ་ཡབ་ཡུམ་ལ་གཟིམ་ལམ་ཁྱད་པར་ཅན་མང་པོ་བྱུང་ནས་ རྗེ་བཙུན་འབྱོན་པར་དགོངས་ནས་མར་པ་ཡང་ཕྲུ་སློག་པའི་ཟོལ་གྱིས་ལུང་མདའི་ལམ་ཀ་ ཞིག་ཏུ་བསུ་བ་ལ་ཕེབས་ནས་བཞུགས། དེར་ཁོང་དང་པོསྲས་དར་མ་མདོ་སྡེ་ཕྱུགས་འཚོ་བ་ དང་མཇལ་ནས་བྱོན་པས། ལམ་ཁར་བླ་མ་མར་པ་ཕྲུ་སློག་པ་དང་མཇལ། ཞལ་མཐོང་མ་ ཐག་སྨྲར་མེད་པའི་དགའ་བདེ་བསམ་གྱིས་མི་ཁྱབ་པའི་ངང་ལ། ཚེ་འདིའི་སྣང་བ་འགགས་ ནས་དར་ཅིག་ལུས། དེར་བླ་མ་ཡིན་པ་ནི་མ་ཤེས། མར་པའི་དྲུང་དེར་མཇལ་འོང་བའི་རྒྱུ་ མཚན་རྣམས་ཞུས་པས། ངས་ཁྱོད་རང་མར་པ་དང་སྤྲད་ཀྱིས། ཁྱོད་རང་ངའི་ཕྲུ་འདི་སློགས་ གསུངས། ཆང་བུམ་པ་གང་གནང་ནས་བྱོན་སོང༌། དེར་ཆང་ལྷག་མ་མ་ལུས་པར་གསོལ། ཕྲུ་ རྫོགས་པར་སློག་པའི་ཚེ་བླ་མའི་དྲུང་ནས་སྲས་འབོད་དུ་བྱུང་བ་དང་འགྲོགས་ནས་ཕྱིན་བླ་ མ་དང་མཇལ་ཞབས་སྤྱི་བོར་བླངས་ཏེ་བླ་མ་ལགས། བདག་ཉི་མ་ལ་སྟོད་ཀྱི་མི་སྡིག་པོ་ཆེ་ གཅིག་ལགས་པས། ལུས་ངག་ཡིད་གསུམ་ཀྱང་འབུལ། ལྟོ་གོས་ཆོས་གསུམ་ཀྱང་བླ་མ་ལ་ ཞུ། ཚེ་འདིར་འཚང་རྒྱ་བ་ཞིག་ཞུ་ཞུས་པས། སྡིག་པོ་ཆེ་ཡིན་པའི་ཡུས་ང་ལ་མི་འགྲོ། ངའི་ཆེད་ དུ་སྡིག་གསོག་ཏུ་བཏང་བ་ནི་མིན། ཁྱོད་ཀྱིས་སྡིག་པ་ཅི་བྱས་གསུངས། རྒྱུ་མཚན་རྒྱས་པར་ 6-1-219 ཞུས་པས། གང་ལྟར་ཡང་ལུས་ངག་ཡིད་གསུམ་འབུལ་བ་དེ་བཟང༌། ལྟོ་གོས་ཆོས་གསུམ་ ཀུན་མི་འོང༌། ཡང་ན་ལྟོ་གོས་སྟེར། ཆོས་གཞན་ནས་འཚོལ། ཡང་ན་ཆོས་སྟེར་ལྟོ་གོས་ གཞན་ནས་འཚོལ། དེ་གཉིས་འདོམས། ངས་ཆོས་སྟེར་བ་འདམ་ན་ཚེ་གཅིག་ལ་འཚང་རྒྱ་ མི་རྒྱ་ཁྱོད་རང་གི་སྙིང་རུས་ལ་རགས་ལས་གསུངས། འོ་ན་བླ་མའི་དྲུང་དུ་ཆོས་ལ་གཏད་ནས་ འོངས་པ་ལགས་པས་ལྟོ་གོས་གཞན་པས་འཚོལ་བར་ཞུས། ཞག་ཤས་དེར་བསྡད། ལྷོ་བྲག་ ཕུ་མདའ་ཀུན་ལ་བསོད་སྙོམས་བྱས་པས་ནས་ཁལ་ཉེར་གཅིག་རྙེད་པས་བཅུ་བཞི་ལ་ཟངས་ རུ་བཞི་མ་གཅིག་ཉོས། བདུན་སྒྱེ་ནང་དུ་བླུགས་ནས་ཟངས་བཅས་བླ་མའི་དྲུང་དུ་འབུལ་དུ་ ཕྱིན་ནས་ནས་དོ་སར་བཞག་པས་གཟིམ་ཁང་མེར་བ་ཞིག་བྱུང་བས། བླ་མ་བཞེངས་ཏེ། བན་ ཆུང་ཤེད་པོ་ཆེ་ཞིག་འདུག་སྟེ། ཁྱོད་ཀྱིས་ངེད་རྣམས་ཐིབ་འོག་ཏུ་ལག་མཐུས་གསོད་སྙམ་ པ་ཡིན་ནམ། ནས་དོ་ཕྱིར་ཐོན་གསུངས། ཞབས་ཐོས་ཕུལ་བས་ནས་དོ་ཕྱིར་འདོན་དགོས་ བྱུང༌། ཕྱིས་ཟངས་དེ་སྟོང་པར་ཕུལ། སྐབས་ཤིག་བླ་མའི་ཞལ་ནས། ང་ལ་དབུས་གཙང་ ནས་སློབ་མ་དད་ཅན་མང་པོ་འོང་བ་ཡོད་པ་ཡར་འབྲོག་སྟག་ལུང་པ་དང༌། གླིང་པའི་མིས་ བརྡུངས་ནས་རྒྱགས་ཆུ་དང་འབུལ་བ་མགོ་ཐོན་དུ་མ་བཅུག་པས་དེ་གཉིས་སུ་སེར་བ་རེ་ཕོབ་ ཤོག་དང་དེ་ཡང་ཆོས་ཡིན་ཞིང༌། གདམས་ངག་ཀྱང་སྟེར་གསུངས། དེ་གཉིས་སེར་བ་ཆེན་ པོ་ཕབ་གདམས་ངག་ཞུས་པས། ཁྱོད་ཀྱིས་སེར་བ་རྡོག་པོ་གསུམ་ཕབ་པ་ལ་ངས་རྒྱ་གར་ ནས་དཀའ་བ་སྤྱད་པའི་ཆོས་ཨེ་ཡོང་ངམ། ཅིས་ཀྱང་ཆོས་དགོས་ན་ལྷོ་བྲག་ལ་ཁ་བ་འདིས་ ངའི་གཉལ་ལོ་རོ་ནས་འོང་བའི་བུ་སློབ་རྣམས་བརྡུངས། ང་ལའང་བརྙས་པ་ཆེན་པོ་རང་བྱས་ པས་དེར་མཐུ་ཐོང༌། མཐུའི་རྟགས་ཐོན་པ་བྱུང་ན་པཎ་ཆེན་ནཱ་རོའི་ཚེ་གཅིག་ལུས་གཅིག་ལ་ འཚང་རྒྱ་བའི་གདམས་ངག་སྟེར་གསུངས། དེར་ཡང་མཐུའི་རྟགས་ཐོན་པར་བྱས་ཏེ། ཆོས་ ཞུས་པས། ཧེ་ཧེ་ཁྱོད་ཀྱིས་སྡིག་བསགས་པའི་བརྔན་པར་ངས་ལུས་སྲོག་ལ་མ་བལྟས་པར་ 6-1-220 ཞུས་པའི་གདམས་ངག་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་རྣམས་དགོས་ཟེར་བ་ཀུ་རེ་ཡིན་རུང་ ཅུང་དྲགས་པས་དགོད་བྲོ། ང་མིན་གཞན་ཞིག་ཡིན་ན་གསོད་དུའང་འོང༌། ད་ཁྱོད་རང་གིས་ ཡར་འབྲོག་པ་རྣམས་ཀྱི་ལོ་སྐྱིན་ཆུག་ལ་ཁ་བ་རྣམས་ཀྱི་མི་ཀུན་གསོས་ཤོག་ཅིགདེ་བྱུང་ན་ གདམས་ངག་སྟེར། དེ་མིན་ངའི་ཕྱོགས་ལ་མ་འཁོར་གསུངས། བཀའ་བཀྱོན་མཛད། དེར་ ཡི་ཆད་དྲགས་པས་མང་པོ་ངུས། ནངས་པར་བླ་མ་རང་ཕེབས་ནས་མདངས་ངས་ཁྱོད་ལ་ མང་པོ་རང་འཐབ་འདུགམི་དགའ་བ་མ་བྱེད་ག་ལེ་བྱས་གདམས་ངག་སྟེར་བས་ངང་མ་ཐུང༌། ཁྱོད་ལས་རེམ་པོ་རང་ཞིག་འདུག་པས་ང་དར་མ་མདོ་སྡེ་འཕོག་པའི་མཁར་ཅིག་རྩིག་རོགས་ གྱིས། དེ་ཚར་ནས་གདམས་ངག་ཀྱང་སྟེར་ལ་ལྟོ་གོས་ཀྱང་ང་རང་གིས་སྦྱོར་གསུངས། དེ་ བར་བདག་ཆོས་མེད་དུ་ཤི་ན་ཅི་ལྟར་བྱེད་ལགས་ཞུས་པས། དེ་བར་མི་འཆི་བའི་ཁག་ཀྱང་ང་ རང་གིས་ཐེག་ཅིང་ཁ་ཕོ་ཆེ་བའི་ཆོས་མེད་དེ། ཁྱོད་རང་སྙིང་རུས་ཆེ་བ་ཞིག་འདུག་པས་ངའི་ གདམས་ངག་བསྒོམ་ནུས་ན་ཚེ་འདིར་འཚང་ཨེ་རྒྱ་ཡང་བལྟ་བ་ཡིན་སོགས་ཞལ་ཏ་བཟང་ པོ་གནང་ནས། རིམ་བཞིན་ཤར་གྱི་རི་སྣ་ཞིག་ཏུ། མཁར་ཟླུམ་པོ། ནུབ་ཏུ་ཟླ་གམ། བྱང་ དུ་གྲུ་གསུམ་སྟེ་མཁར་གསུམ་བརྩིགས་སུ་བཅུག་ནས་ཐམས་ཅད་ཕྱེད་ཙམ་རེ་ཡོད་སྐབས་ བཀའ་བཀྱོན་དང་བཅས་བཤིག་ནས་ས་ས་མལ་དང༌། རྡོ་རྡོ་མལ་དུ་བསྐྱལ་བཅུག་པས་རྒྱབ་ ཆད་ནས་རྒལ་པ་ཞིག་བྱུང༌། དེར་བླ་མ་ལ་གཟིགས་ཕུལ་རུང་བཀའ་བཀྱོན་པ་ལས་མི་ཡོང༌། ཡུམ་ལ་གཟིགས་ཕུལ་རུང་ལས་ཡས་སུ་འགྲོ་བར་འདུག་སྙམ་ནས་གཟིགས་མ་ཕུལ་བར་ ངུས་ནས་ཆོས་ཞུ་གྲོགས་སུ་སྦྲན་ནས། ཡུམ་གྱིས་ཀྱང་ཆོས་གནང་བར་ཞུས་པས་ཟ་མ་བཟང་ པོ་ཞིག་གྱིས་ལ་ངའི་རྩར་ཁྲིད་ཤོག་གསུངས། སྐྱབས་འགྲོའི་ལུང་སྡོམ་པ་གནང་ནས། དེ་ ཀུན་ཐུན་མོང་གི་ཆོས་བྱ་བ་ཡིན། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་གདམས་ངག་དགོས་ ན་འདི་འདྲ་བྱེད་དགོས་གསུངས། ནཱ་རོའི་རྣམ་ཐར་དཀའ་བ་སྤྱད་ཚུལ་རྣམས་མདོར་བསྡུས་ 6-1-221 ཞིག་ནས། ཁྱོད་ཀྱིས་འོང་པ་དཀའ་མོ་ཡིན་གསུངས་པས། མཆི་མ་འཆོར་བའི་དད་པ་དྲག་པོ་ སྐྱེས། བླ་མས་ཅི་གསུང་སྒྲུབ་པའི་ཡི་དམ་དྲག་པོ་བཅས། དེ་ནས་ཞག་འགའ་སོང་ཚེ་ཞབས་ འཆག་པའི་ཕྱག་ཕྱིར་ཁྲིད་ནས། ཤར་ལྷོར་ཕྱིན་ནས་ས་འགགས་ཤིག་ཏུ་ཁྱོད་ཀྱིས་མཁར་ གྲུ་བཞི་སྐྱ་བོ་དགུ་ཐོག་གཉྫིར་དང་བཅུ་ཐོག་ཡོད་པ་ཞིག་རྩིགས། དེ་བཤིག་ཀྱང་མི་བཤིག་ གྲུབ་པ་དང་གདམས་ངག་སྦྱིན་བསྒྲུབ་པ་ལ་ཞུགས་ནས་སྒྲུབ་རྒྱགས་སྦྱོར་གྱིས་གསུངས། དེ་ བཞིན་དུ་མཁར་གྱི་རྨང་བཏིང་ནས་རྩིག་སྐབས་བླ་མའི་ཐུགས་སྲས་བུ་ཆེན་གསུམ་གྱིས་སྐུ་ རྩེད་ལ་རྡོ་ཆེན་པོ་ཞིག་བསྒྲིལ་བྱུང་བ་ཡང་རྨང་དུ་བཅུག་ནས་ཐོག་སོ་གཉིས་ཙམ་འབྱོངས་ ནས་བླ་མ་བྱོན་ཏེ་གཟིགས་ནས་སྔར་གྱི་རྡོ་དེ་ལ་འདི་གང་ནས་བྱུང་གསུངས། རྒྱུ་མཚན་ཞུས་ པས། ངའི་བུ་སློབ་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་རྣམས་ཀྱིས་ཁྱོད་ཀྱི་གཡོག་མི་འོང༌། རྡོ་འདི་ཐོན་ལ་རང་གནས་སུ་སྐྱོལ་གསུངས། ཡང་མཁར་རྩེ་ནས་བཤིག་སྟེ་རྡོ་བླངས་ནས་ རང་གནས་སུ་བསྐྱལ། ཡང་ཁྱོད་རང་གིས་ལོངས་ལ་ཞོག་གསུངས། བླངས་ནས་སྔར་ལྟར་ བཞག་སྟེ་བརྩིགས་པས་མཁར་བདུན་ཐོག་ལོངས་པའི་ཚེ་རྐེད་པ་ལ་རྒལ་བ་ཞིག་བྱུང༌། ད་ ཁྱོད་ཀྱིས་མཁར་གྱི་བརྩིགས་འཕྲོ་ཞོག་ལ་ཁྱམས་ཀྱི་སྣམ་པའི་ཞོལ་ཀ་བ་བཅུ་གཉིས་གཙང་ ཁང་དང་བཅས་པ་ཞིག་རྩིགས་གསུངས། བརྩིགས་པས་ཁྱམས་ཡོངས་པའི་ཚེ་ཡང་ཚང་ར་ ལ་རྒལ་བ་ཞིག་བྱུང༌། དེ་དག་གི་སྐབས་སུ་གཙང་རོང་གི་མེས་སྟོན་ཆེན་པོས་བདེ་མཆོག་ གི་དབང་ཞུ་བ་དང༌། དོལ་གྱི་མཚུར་སྟོན་དབང་ངེས་གསང་འདུས་ཀྱི་དབང་ཞུ་བ་གཉིས་ཀྱི་ སྐབས་སུ་མཁར་ལས་ཀྱི་ཞབས་ཕྱི་བསྒྲུབས་པས་དབང་ཐོབ་ཏུ་རེ་ནས་དབང་གྲལ་དུ་བསྡད་ པར་བཀའ་བཀྱོན་དང་ཕྱག་འབེབས་ཁོ་ན་མཛད་དེ་དབང་གྲལ་ནས་ཕུད། དེར་རྒྱབ་ཐམས་ ཅད་རྨར་སོང་ནས་རྒལ་མིག་གསུམ་ཀ་ནས་རྣག་ཁྲག་ཟག་པ་དང་ན་ཚ་སོགས་བྱུང་ཡང་ས་ སྣོད་མདུན་དུ་ཁྱེར་ནས་མཁར་ལས་བྱས། གཞུང་གི་རྔོག་སྟོན་ཆོས་རྡོར་ཀྱེ་རྡོར་གྱི་དབང་ 6-1-222 ཞུར་བྱུང་བས། ཡུམ་ལ་ཕག་ནོར་གྱི་གཡུ་ཆེན་པོ་ཞིག་ཡོད་པ་གནང་ནས་དེས་དབང་ཡོན་ བྱས་དབང་གྲལ་དུ་བསྡད་པས་སྔར་ལྟར་ཕྱག་འབེབས་དང་བཀའ་བཀྱོན་གནང་ནས་དབང་ མ་ཐོབ། ད་ནི་ངེས་པར་ཆོས་མི་ཐོབ་པར་འདུག་སྙམ་འཁྱམས་ཏེ་བྱོན་པས་ལྷོ་བྲག་ཁོག་པའི་ དུད་ཚང་ཞིག་གིས་བརྒྱད་སྟོང་པ་ཀློག་ཏུ་བཅུགདེ་ནས་རྟག་ཏུ་ངུའི་རྣམ་ཐར་མཐོང་བས་རྐྱེན་ བྱས་ཆོས་ཕྱིར་དཀའ་བ་སྤྱད་ཕ་བླ་མས་ཅི་གསུངས་བསྒྲུབས་ནས་ཐུགས་ཟིན་པ་ཞིག་བྱེད་ དགོས་སྙམ་སྟེ་ཕྱིར་ལོགདེར་ཡང་བླ་མས་བཀའ་བཀྱོན་དང་ཕྱག་འབེབས་ཁོ་ན་གནང་བས་ ཡི་ཆད་དེ་ཡོད་སྐབས། ཡུམ་གྱིས་བླ་མ་རྔོག་པའི་དྲུང་དུ་བརྫངས། གདམས་ངག་གནང་ནས་ བསྒོམས་ཀྱང་བླ་མའི་བཀའ་མ་ཁྲོལ་བས་ཡོན་ཏན་ཅུང་ཟད་སྐྱེར་མ་འདོད། དེར་བླ་མའི་ བཀའ་བཞིན་ཡང་རྔོག་གི་ཞབས་ཕྱི་བྱས་ཏེ་མར་པའི་དྲུང་དུ་ཕྱིན་པས་ཉིན་གཅིག་ཚོགས་ མཆོད་ཞིག་གི་གྲལ་དུ་བླ་མ་རྔོག་པ་དང་བཅས་པ་ལ་བཀའ་བཀྱོན་རྒྱ་ཆེར་གནང་ནས་ཕྱག་ འབེབས་ཆེ་བ་བྱུང་བས་ཁོང་གི་ཐུགས་དགོངས་ལ། ང་ལས་ངན་པོའི་སྡིག་སྒྲིབ་ཆེ་བས་རང་ སྡུག་པས་མ་ཚད་བླ་མ་རྔོག་པ་དང༌། ཡུམ་ལ་ཡང་འདི་ཙམ་གྱི་འོ་བརྒྱལ་བྱུང༌། ད་ནི་ཆོས་ མི་ཐོབ་པར་སྡིག་གསོག་པ་ཁོ་ནར་འདུག་པས་ལྕེབས་ནས་ཤི་བ་དགའ་སྙམ། ལྕེབ་གྲབ་ བྱས་པས་བླ་མ་རྔོག་གིས་བཤོལ་འདེབས་པའི་སྐབས་སུ་བླ་མ་མར་པ་ཡང་ཐུགས་རྒྱལ་ཞི་ ཞིང་ཁོང་དཔོན་གཡོག་རྣམ་པ་མདུན་དུ་བོས་ཏེ། དེ་ནས་རྗེས་སུ་བཟུང་སྟེ་ཞལ་ཏ་བཟང་པོ་ མང་པོ་གནང་ནས། མཚན་མི་ལ་རྡོ་རྗེ་རྒྱལ་མཚན་དུ་གསོལ། བདེ་མཆོག་གི་དབང་བསྐུར་ བའི་ཚེ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་བསྟན་ནས། གསང་མཚན་བཞད་ པ་རྡོ་རྗེ་ཞེས་བསྩལ། དབང་དང་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གནང༌། དཀའ་སྤྱད་དྲག་པོས་ཉམས་སུ་བླངས་ནས་བསྒྲུབས་པས་མཆོག་དང་ཐུན་མོང་གི་དངོས་ 6-1-223 གྲུབ་ཐོབ་པ་ཡིན། དེས་ན་སྔོན་བྱོན་པའི་རྒྱ་བོད་ཀྱི་པཎ་གྲུབ་རིག་འཛིན་ཇི་སྙེད་ཅིག་ཡོད་ པ་དེ་དག་ཐམས་ཅད་ཀྱང་ཡང་དག་པའི་བླ་མ་དགེ་བའི་བཤེས་གཉེན་བསྟེན་ཏེ་ཅི་གསུང་གི་ བཀའ་བཞིན་དུ་བསྒྲུབས་ནས་དགོངས་པ་དབྱེར་མེད་དུ་གྱུར་པ་ཡིན་པས་མཛད་སྤྱོད་ཐམས་ ཅད་ལ་ལོག་པར་མི་བལྟ་ཞིང་གཡོ་སྒྱུ་དང་ཟོལ་མེད་པར་རྒྱུད་དྲང་པོའི་སྒོ་ནས་མ་བསྟེན་ ན། རྫུན་ཞུས་ཕྲ་མོ་ཙམ་བྱས་ཀྱང་ཉེས་པ་ཤིན་ཏུ་ལྕི་སྟེ། སྔོན་གྲུབ་ཐོབ་ཆེན་པོ་ཞིག་གི་སློབ་ མས་འཁོར་མང་པོ་བསྡུས་ཏེ་ཆོས་འཆད་པའི་སྐབས། བླ་མ་སྤྲང་པོའི་ཚུལ་གྱིས་ཕེབས་བྱུང་ བས་ཁྲོམ་གྱི་དབུས་སུ་ཕྱག་འཚལ་བ་ལ་ངོ་ཚ་ནས་མ་མཐོང་བ་ལྟར་མཛད། ཕྱི་དྲོ་ཚོགས་པ་ གྲོལ་འཕྲལ་མཇལ་ནས་ཕྱག་ཕུལ་བས། ད་ཅི་ཕྱག་མི་འཚལ་བ་ཅི་ཡིན་གསུངས། མ་མཐོང་ ལགས་ཞུས་པས་དེ་མ་ཐག་ཏུ་སྤྱན་གཉིས་ས་ལ་བྲུལ། སླར་བཟོད་པར་གསོལ་ནས་དྲང་པོར་ ཞུས་པས་བླ་མས་བྱིན་རླབས་མཛད་དེ་སྤྱན་སོར་ཆུད་པ་ཡིན། དེ་བཞིན་དུ་རྒྱ་གར་གྱི་གྲུབ་ ཆེན་ནག་པོ་སྤྱོད་པ་ཡང་འཁོར་མང་པོ་དང་བཅས་ཏེ་རྒྱ་མཚོར་གྲུར་ཞུགས་ནས་འབྱོན་པའི་ སྐབས་ཤིག་ངའི་བླ་མ་གྲུབ་ཐོབ་དངོས་ཡིན་ཀྱང་འཇིག་རྟེན་ཕྱོགས་ནས་འཁོར་ལོངས་སྤྱོད་ ལ་སོགས་ང་རང་ལྷག་པར་འདུག་སྙམ་པ་སེམས་ལ་ཤར་བས་འཕྲལ་དུ་རྒྱ་མཚོར་གྲུབྱིང་སྟེ་ ཆུ་ནང་དུ་འོ་བརྒྱལ་མཐོང༌། བླ་མ་ལ་གསོལ་བ་བཏབ་པས་དངོས་སུ་བྱོན་ཏེ། ཆུའི་འཇིགས་ པ་ལས་བསྐྱབས་ཤིང་ཁྱོད་ང་རྒྱལ་ཆེན་པོ་སྐྱེས་པས་ལན་པ་ཡིན། ངས་ཀྱང་འཁོར་ལོངས་ སྤྱོད་མ་བསྒྲུབ་པ་ཡིན་མ་གཏོགས་དེ་དག་གི་རྩོལ་སྒྲུབ་བྱས་ན་ཁྱོད་འདྲ་བ་ཞིག་འོང་བར་ ཡོད་པ་ཡིན་གསུངས། བྱ་ཡུལ་བས་སྤྱན་སྔ་བ་ཚུལ་བཞིན་དུ་བསྟེན་པས། ནུབ་མ་གཅིག་ལ་ སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞིའི་ཚིག་དོན་མ་ལུས་པ་ཐུགས་ལ་འཁྲུངས་པ་དང༌། དབུས་ ཀྱི་ཆོས་སྡེ་འབྲས་སྤུངས་སུ་བླ་མ་དམ་པའི་བཀའ་བཞིན་སྒྲུབ་པའི་ཉེ་གནས་ཤིག་བླ་མ་ལས་ ལོ་བཅུ་གཉིས་ཀྱི་སྔོན་དུ་མཆོག་གི་དངོས་གྲུབ་ཐོབ་པའི་ལོ་རྒྱུས་དང༌། དེ་དང་འདྲ་བར་བལ་ 6-1-224 པོའི་བླ་མ་གྲུབ་ཐོབ་ཅིག་གི་སློབ་མ་ཉེ་གནས་བཀའ་ལེགས་སྒྲུབ་མཁན་ཞིག་ཀྱང་བླ་མ་གྲུབ་ པ་ཐོབ་པ་ལས་སྔོན་ལོ་བཅུ་གཅིག་ཙམ་ནས་གྲུབ་པ་ཐོབ་སོང་བ་དང༌། ཇོ་བོ་རྗེ་བོད་དུ་བཞུགས་སྐབས་ཁོང་གི་ཐུགས་སློབ་རྣམས་ལས་ཉེ་གནས་འགའ་ཞིག་ གིས་དགོན་པར་མཚམས་སྒྲུབ་མཛད་པ་བས་འགའ་ཞིག་གིས་ཇོ་བོ་ཉིད་ལ་ཞབས་ཏོག་ཕུལ་ བས་ཉམས་རྟོགས་བཟང་རབ་བྱུང་བའི་ལོ་རྒྱུས་ཡོད་པ་དང༌། བླ་མ་ས་སྐྱ་བའི་དངོས་སློབ་ བཀའ་བཞིན་སྒྲུབ་པ་འགའ་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་དང༌། འགའ་ ཞིག་ལ་རྫུ་འཕྲུལ་དང་མངོན་ཤེས་སོགས་ཁྱད་འཕགས་ཀྱི་ཡོན་ཏན་བྱུང་བའི་ལོ་རྒྱུས་ མང༌། རང་རེའི་བླ་མ་རྗེ་ཀུན་དགའ་སྙིང་པོའི་ཕྱག་མཛོད་ཀུན་དགའ་དཔལ་བཟང་གིས་ ཀྱང་བླ་མའི་ཞབས་ཏོག་ཁོ་ན་ཚེ་གང་བོར་བསྒྲུབས་པས་ཕྱག་མཛོད་ཉིད་དུས་ཀྱི་ཆོས་དང་ ལྡན་སྐབས་འཕྲལ་དུ་གནས་ལུགས་ཀྱི་རང་ངོ་ཟིན་ནས་རྟོགས་པ་མངོན་དུ་གྱུར་པ་སོགས་ བླ་མའི་བཀའ་བཞིན་སྒྲུབ་པའི་ཐུགས་སློབ་རྣམས་ལས་གྲུབ་འབྲས་དངོས་བྱུང་གི་ལོ་རྒྱུས་ རྫུན་མེད་མང་པོ་བཤད་དུ་ཡོད་པ་སྟེ། ཚུལ་དེ་ལུགས་ལ་དགོངས་ནས་སྔོན་བྱོན་རྗེ་བཙུན་མི་ ལས། བླ་མ་མཚན་ལྡན་ཞིག་ལ་སློབ་མ་གུས་ལྡན་ཞིག་གིས་གསོལ་བ་བཏབ་ན་སྒོམ་ཞོར་ ལ་འོང༌། ཇོ་བོ་ཆེན་པོས་ཀྱང༌། ལུས་ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་ གྱི་དམིགས་པ་གཞན་ནས་བཙལ་མི་དགོས། ཞེས་གསུངས་པ་སོགས་དོན་ལ་དེ་ལྟར་གནས་ པ་ལགས། བླ་མས་ཅི་གསུངས་སྒྲུབ་པ་དང་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་སྙིང་ཐག་པ་ ནས་གསོལ་བ་འདེབས་པ་ནི་གལ་ཆེ་སྟེ། མདོ་ལས་ཀྱང༌། དོན་དམ་པ་ནི་དད་པས་རྟོགས་ པར་བྱ་བ་ཡིན་ནོ། །ཞེས་གསུངས། དེ་བཞིན་དུ་ཇོ་བོ་རྗེ་ལྷ་ཅིག་གི་ཞལ་ནས་ཀྱང༌། གྲོགས་ དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་སྟེན། །གནས་ལུགས་ མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། །བདེ་བ་ཐམས་ཅད་བླ་མའི་ 6-1-225 བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད། །ཅེས་དང༌། དགེ་བཤེས་ཁ་རག་སྒོམ་ཆུང་ གི་ཞལ་ནས། བླ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་ བྱེད་པ་པོ་ངོ་ཤེས་དགོས། ཞེས་དང༌། སྡེ་སྣོད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ ཕན་མེད། ཅེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ནི། བླ་མ་ ཁོ་ན་གལ་ཆེ་བ་ཡིན་པས། བླ་མའི་རྣལ་འབྱོར་སྒོམ་པ་ཡང་རྒྱུད་སྡེ་ཐམས་ཅད་ནས་གསུངས་ ཤིང༌། དེ་ཉིད་བསྐྱེད་རྫོགས་སྒོམ་པ་ཐམས་ཅད་ལས་ཀྱང་ལྷག་པར་གསུངས་ཏེ། རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། བླ་མ་ སྐད་ཅིག་དྲན་པ་མཆོག །ཅེས་གསུངས། དམ་ཚིག་བཀོད་པའི་རྒྱུད་ལས་ཀྱང༌། མཚན་དང་ དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང༌། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང༌། །གང་ཟག་དེ་ ཡིས་འཛིན་པར་འགྱུར། །ཞེས་དང༌། རྗེརྒོད་ཚང་བའི་ཞལ་ནས། བླ་མའི་རྣལ་འབྱོར་སྒོམ་ པ་ན། །སྐྱོན་ཟད་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང༌། འབྲི་གུང་སྐྱོབ་པ་རིན་པོ་ཆེས་ ཀྱང༌། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་ མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །རྗེ་བཙུན་རང་རིག་རས་པས། རྗེ་ལ་གསོལ་བ་མི་འདེབས་པས། །མི་རྟོག་ཡེ་ཤེས་འདོད་པ་དེ། །བྱང་བསྟན་ཕུག་པར་ཉི་ སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ལ་མེད། །ཅེས་དང༌། རྗེ་ཏཱ་ར་ནཱ་ཐས་གནས་ལུགས་བླ་ མའི་རྣལ་འབྱོར་སྒོམ་ཐབས་སུ། ཆོས་རྣམས་ཐམས་ཅད་རང་གི་སེམས་སྣང་ཙམ། །རང་གི་ སེམས་ཀྱང་གསལ་སྟོང་བརྗོད་དུ་མེད། །སྣང་བ་མ་འགགས་སྣ་ཚོགས་ཅི་ཤར་ཡང༌། །རང་ 6-1-226 རིག་སྐད་ཅིག་འདི་ལ་གཡོ་བ་མེད། །ཅེས་དང༌། རང་སེམས་དག་པའི་སྣང་བ་འོག་མིན་ཞིང༌། །ཞིང་འདིའི་དབུས་སུ་གཞལ་མེད་ཁང་པས་མཛེས། །དེ་དབུས་སེང་ཁྲི་པདྨ་ཉི་ཟླའི་སྟེང༌། །དྲིན་ཅན་རྩ་བའི་བླ་མ་དམ་པ་བཞུགས། །ཞེས་སོགས་གསུངས་པ་ལྟར་ཀུན་རྫོབ་གཟུང་ འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་སེམས་འཁྲུལ་བའི་སྣང་ཆ་ཙམ་མ་གཏོགས་ དོན་ཡུལ་སྟེང་ན་བདེན་པར་གྲུབ་པ་མེད། འཁྲུལ་སྣང་ཟད་པའི་དབྱིངས་རང་སེམས་གསལ་ སྟོང་ཟུང་འཇུག་གི་རང་བཞིན་སྒྲ་རྟོག་གིས་བརྗོད་བྱའི་ཡུལ་ལས་འདས་པའི་སྣང་བ་མ་ འགགས་པ་སྣ་ཚོགས་ཅི་ཤར་བ་ཐམས་ཅད་རང་རིག་ཡེ་ཤེས་ཁོ་ནས་སྤྱོད་ཡུལ་ནམ་ཡང་ གཡོ་བ་མེད་པ་ནི་དོན་དམ་བླ་མའི་ཐུགས་འཁོར་འདས་ཀུན་ཁྱབ་ཀྱི་རང་བཞིན་གནས་ ལུགས་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཡིན། དེས་ན་གནས་ལུགས་མ་བཅོས་པའི་ རྟོགས་པ་རྒྱུད་ལ་སྐྱེ་བ་ནི། མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་རྒྱུད་ལ་སྐྱེ་བ་མ་ གཏོགས་ཐབས་གཞན་གང་གིས་ཀྱང་རྟོགས་མི་ནུས། ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་ དུ་སྤྱུགས་པའི་ཚེ་སྤྲང་རྒན་མི་ཕམ་མགོན་པོ་ཞེས་བྱ་བ་རྒད་པོ་ལོ་བརྒྱད་ཅུ་འགྲོ་བ་ཤིན་ཏུ་ རྒས་ཤིང་འཁོགས་པ་ཞིག་ལ་སྒོམ་ཐག་ལུས་ལ་བཅིངས། སྒོམ་རྟེན་རྐེད་ལ་བཙུགས་ཏེ་བྱིན་ རླབས་བླ་མའི་ལམ་ཁྱེར་འདི་བསྟན་པས། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་མ་ནོར་བ་རྒྱུད་ ལ་སྐྱེས་ཏེ་ལུས་རྡུལ་ཕྲན་དུ་དེངས་ནས་སངས་རྒྱས་པ་སོགས་ཡིན་པས། འདི་ལས་ལྷག་པའི་ ཟབ་ལམ་ནི། ཐེག་པ་རིམ་པ་དགུའམ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཞལ་བསྡུར་ཀྱང་ མི་རྙེད་དེ། མིང་དུ་སྔོན་འགྲོ་བཏགས་ཀྱང༌། དོན་དུ་དངོས་གཞིའི་ལམ་ཐམས་ཅད་ཀྱི་གནད་ འགགས་མཐར་ཐུག་པ་དེ་ཡིན་པས། དུས་དང་རྣམ་པ་ཐམས་ཅད་དུ་འདི་ཁོ་ན་ལ་ཉམས་ ལེན་གྱི་མཐིལ་བཅོལ་ན། ཉམས་ལེན་གཞན་ཅི་ཡང་མེད་ཀྱང་རུང་བ་ཡིན་པས་སྙིང་ཐག་པ་ ནས་འབད་པ་ཅི་ནུས་ཀྱང་གལ་ཆེའོ། །དེ་ལྟར་ན་སྔར་འདས་པའི་སངས་རྒྱས་གྲངས་མེད་ 6-1-227 བརྗོད་ཀྱིས་མི་ལངས་པ་ཞིག་བྱོན་པ་དེ་དག་གི་ཐུགས་རྗེས་ཀྱང་བསྐྱབ་པར་མ་ནུས་པར་ རང་རེ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ད་ལྟའི་བར་དུ་ལུས། སྔོན་བྱོན་པའི་ གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་དག་གིས་ཀྱང་ཐུགས་རྗེའི་གཟིགས་ ཡུལ་དུ་མ་གྱུར་ཏེ། ཞལ་ཙམ་མཇལ་བའི་སྐལ་བ་ཡང་མ་བྱུང༌། ད་ལྟ་སངས་རྒྱས་ཀྱི་བསྟན་ པའི་མཐར་ཐུག་སྙིགས་མ་ལྔ་བདོ་བའི་སྐབས་འདིར་མིའི་ལུས་རྟེན་ཙམ་ཐོབ་ཀྱང་མི་དགེ་ བའི་གཞན་དབང་འབའ་ཞིག་ཏུ་གྱུར། བླང་དོར་གྱི་གནས་ལ་རྨོངས། ལོང་བ་བཤེས་མེད་ ཐང་སྟོང་དུ་འཁྱམས་པ་ལྟ་བུའི་སྐབས་འདིར། བླ་མ་དགེ་བའི་བཤེས་གཉེན་དམ་པ་རྣམས་ ནི་ཚད་མེད་པའི་ཐུགས་རྗེས་ཉེ་བར་དགོངས་ཏེ་རང་རང་གི་སྐལ་བ་དང་འཚམ་པའི་གང་ ཟག་མིའི་གཟུགས་སུ་བྱོན་ནས། དགོངས་པ་སངས་རྒྱས་སུ་བཞུགས་ཀྱང་མཛད་སྤྱོད་རང་ རྒྱུད་པ་དང་བསྟུན་ཏེ། ཐབས་མཁས་པའི་སྒོ་ནས་རྗེས་སུ་བཟུང༌། ཡང་དག་པའི་དམ་པའི་ ཆོས་ཀྱི་སྒོར་བཅུགབླང་དོར་གྱི་མིག་ཕྱེ། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་མཆོག་ ནོར་བ་དང་འཁྲུལ་པ་མེད་པར་སྟོན་པས་ན། དོན་དུ་སངས་རྒྱས་དངོས་དང་ཁྱད་པར་མེད་ ཅིང་རང་ལ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་གྱིས་བསྐྱངས་པ་ཡིན་པས། དུས་དང་རྣམ་ པ་ཐམས་ཅད་དུ་དད་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་པ་ལ་འབད་དགོས་པ་ཡིན་ནོ། ། གསུམ་པ་ཚུལ་བཞིན་མ་བསྟེན་པས་ཉེས་པ་འབྱུང་ཚུལ་ནི། ཁྱད་པར་བླ་མ་བཤེས་གཉེན་ དུ་བྱས་ནས་བཀའ་མ་སྒྲུབ་ན་སློབ་མ་གང་དག་ལ་ཚེ་འདིར་ནད་དང་གདོན་དུ་མས་གཙེས་ པ་དང༌། ཕྱི་མར་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པ་དུས་དཔག་ཏུ་མེད་པར་མྱོང་བར་ འགྱུར་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་སློབ་དཔོན་ལ་ བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཅི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་བསྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱི་དེ་སྐད་ 6-1-228 མ་སྨྲ་ཞིག གསང་བའི་བདག་པོ། འོན་ཀྱང་ཅུང་ཞིག་བརྗོད་པར་བྱ་ཡི། །དབང་པོ་བསྒྲིམས་ ཏེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་ རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བུས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང༌། བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་སྟེ། །ཡམས་དང་མཛེ་དང་ནད་རྣམས་དང༌། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་རྐུན་པོ་ དང༌། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་ གྱུར་ན། །དམྱལ་བར་ངེས་པར་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་ བས། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨད་པ་རྣམས། །དེར་ནི་གནས་ པར་ཡང་དག་བཤད། །ཅེས་གསུངས་པ་ལྟར་དང༌། བླ་མ་ལ་ཆོས་ཉན་ཀྱང་མ་དད་པས་རྡོ་ རྗེ་སློབ་དཔོན་དུ་མི་འཛིན་ན་སྐྱེ་བ་བརྒྱར་ཁྱིའི་ལུས་བླངས་པ་ལ་སོགས་པ་ཉེས་དམིགས་ དཔག་ཏུ་མེད་པར་གསུངས་ཏེ། དགྲ་ནག་གི་རྒྱུད་ལས། ཀ་ཁ་གཅིག་ཙམ་སྟོན་པ་ཡིས། །སློབ་དཔོན་ཞེས་སུ་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ཏེ། །དེ་ནས་སྨེ་ཤ་ཅན་དུ་འགྱུར། །ཞེས་དང༌། རྒྱུད་སྒྱུ་འཕྲུལ་དྲ་བ་ལས་ཀྱང༌། ཡོན་ཏན་བཟུང་བས་དངོས་གྲུབ་ཅིང༌། །སྐྱོན་ རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡིགྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་ འདྲ་བར་གསུངས། །ཞེས་གསུངས་པ་ལྟར་རང་གི་རྩ་བའི་བླ་མའི་སྐྱོན་བརྗོད་པས་དངོས་ གྲུབ་ཐོབ་ཟིན་པའང་ཉམས་པར་བྱེད་པ་དང༌། སྐུའི་གྲིབ་མ་འགོམ་ཡུག་ཏུ་བཏང་བས་ཀྱང་ མཆོད་རྟེན་བཤིག་པའི་ཉེས་སྒྲིབ་དང་ཁྱད་པར་མེད་པ་ཡིན་ཞིང༌། གཞན་ཡང་བླ་མ་བསྟེན་ ཚུལ་ལོགས་པས་ཡོན་ཏན་མ་སྐྱེས་པ་རྣམས་མི་སྐྱེ་ཞིང་སྐྱེས་པ་རྣམས་ཀྱང་ཉམས་ནས་འགྲོ་ 6-1-229 སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་བསྟན་པའི་སྡེ་སྣོད་ལས། གལ་ཏེ་ དེས་དེ་ལ་མནར་སེམས་སམ། ཐ་བའམ། སྡང་བའི་སེམས་ཀྱིས་གནས་ན་ཡོན་ཏན་ཐོབ་པ་ ནི་གནས་མེད་དོ། །སྟོན་པའི་འདུ་ཤེས་མི་སྐྱེ་ནའང་དེ་བཞིན་ནོ། །འདི་ལྟར་ཐེག་པ་གསུམ་ པོའི་གང་ཟག་དང་ཆོས་སྟོན་པའི་དགེ་སློང་ལ་གུས་པ་དང༌། བླ་མའམ། སྟོན་པའི་འདུ་ཤེས་ མི་བསྐྱེད་ན་དེ་དག་མཐོང་ཆོས་ཐོབ་པའམ། ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད། དེ་མ་གུས་ པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། །ཚུལ་བཞིན་མ་བསྟེན་པའི་ཉེས་པ་འབྱུང་ཚུལ་ རྣམས་ཞིབ་ཏུ་ཤེས་པའི་སྒོ་ནས་དབྱེ་བསལ་དང་སྤང་བླང་ཞིབ་མོར་བྱེད་པ་གལ་ཤིན་ཏུ་ཆེ་ བ་ལགས། སྨྲས་པ། དེ་ལྟར་དབང་ལུང་མན་ངག་བདུད་རྩིའི་རྒྱུན། ། བརྒྱུད་ལྡན་བླ་མའི་ཞལ་གྱི་བུམ་བཟང་ལས། ། དྲི་མ་འཁྲུད་པའི་གཙང་ཆབ་ལེགས་འཐོར་བས། ། ཉམས་ལེན་སྙིང་པོའི་ཟབ་གནད་མྱང་བར་བྱ། ། ཁྱད་པར་མཚུངས་མེད་བླ་མ་སངས་རྒྱས་དངོས། ། དེ་ཡི་ཞལ་རྒྱུན་བདུད་རྩིས་ལེགས་བསྐྱངས་ཀུན། ། ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ནས། ། འགྲོ་ཀུན་འདྲེན་པའི་དེད་དཔོན་མཆོག་ཐོབ་ཤོག ། སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། ། མཚན་ལྡན་བླ་མས་རྗེས་སུ་འཛིན་པ་དང༌། ། དབང་ལུང་གདམས་ངག་ཉན་བསམ་སྒོམ་པ་ཡིས། ། གདམས་དོན་ཇི་བཞིན་རྒྱུད་ལ་སྐྱེ་བར་ཤོག ། 6-1-230 དམ་པའི་ལེགས་བཤད་བདུད་རྩིའི་བཅུད་གསོལ་ནས། ། གདམས་པའི་བཅུད་ཀྱིས་སྐལ་བཟང་ཡིད་འགུགས་པས། ། དྲིན་ཅན་བླ་མའི་རྒྱལ་ཚབ་མཆོག་རྣམས་ཀྱང༌། ། ཞབས་པད་རྡོ་རྗེའི་ཁྲིར་བཞུགས་བརྟན་གྱུར་ཅིག ། བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། ། བླ་མ་མཆོག་དང་དེ་ཡི་རྗེས་འཇུག་གི། ། བྲན་དུ་གྱུར་ནས་ཅི་གསུང་ལེགས་བསྒྲུབས་པས། ། མྱུར་དུ་ཐུགས་ཡིད་དབྱེར་མེད་འདྲེས་བྱིན་རློབས། ། དེ་སྐད་རྣམ་དཀར་བསགས་སྒོའི་ཐུགས་སྨོན་ཀུན། ། དོན་དམ་གནས་ལུགས་དང་པོའི་སངས་རྒྱས་ཉིད། ། རྟག་བརྟན་ཐེར་ཟུག་གཤིས་སུ་བདེན་གང་གིས། ། ཇི་བཞིན་འགྲུབ་པའི་དགའ་སྟོན་སྤྱོད་གྱུར་ཅིག ། ཅེས་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་བཞིན་བླ་མ་བསྟེན་ཚུལ་ཉུང་བསྡུས་དད་ པའི་པདྨོ་བཞད་པའི་འོད་སྣང་ཞེས་བྱ་བ་འདི་ངག་དབང་ཡོན་ཏན་བཟང་པོས་བྲིས་པ་སྟེ། ཡི་གེ་པ་ནི་ཀ་ཐོག་བྱམས་པས་བགྱིས་པ་དང༌། མཐུན་རྐྱེན་གང་དགོས་རྣམས་དགེ་མ་ཚུལ་ ཁྲིམས་ལྷ་མོས་བསྒྲུབས་པས་དགེ་ལེགས་འཕེལ། སརྦ་མངྒ་ལཾ།