5-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ཅ༽ 5-1-2 དཀར་ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ཕྲེང་ཞེས་བྱ་བ། .....༡ མཆོད་བརྗོད་དང་རྩོམ་པར་དམ་བཅའ། .......................༡ རྩ་བའི་ས་བཅད་དང་པོ། བསྟན་པ་སྤྱིའི་རྣམ་གཞག.................༦ ༡༽ སྟོན་པ་འཇིག་རྟེན་དུ་བྱོན་པའི་ཚུལ། .......................༧ ༡ སངས་རྒྱས་གང་དུ་བྱོན་པའི་ཞིང་ངོས་བཟུང་བ། .................༧ ༣ ཞིང་དེར་སངས་རྒྱས་བྱོན་པའི་ཚུལ། .......................༡༥ (༡) ཉན་ཐོས་སྡེ་པའི་ལུགས། ............................༡༦ (༢) ཐེག་ཆེན་གྱི་ལུགས། ..............................༢༡ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ། ...................༢༡ བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ། ..........༢༢ ༡ གང་བསག་བྱའི་ཚོགས་ངོས་བཟུང་བ། .....................༢༢ ༢ ཅི་ཙམ་བསགས་པའི་དུས། ............................༢༣ ༣ ཇི་ལྟར་བསགས་པའི་ཚུལ། ...........................༢༣ མཐར་མངོན་པར་རྫོགས་པར་སངས་རྒྱས་ཚུལ། ..................༢༦ 5-1-3 〖1〗 ལོངས་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ། ........༢༦ 〖2〗སྤྲུལ་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ། .........༢༨ ༢༽ དེས་གསུངས་པའི་བསྟན་པའི་རྣམ་གཞག་བཤད་པ། ............༤༨ བཀའི་རྣམ་གཞག..................................༤༨ 1དམ་པའི་ཆོས་ཀྱི་རྣམ་གཞག་སྤྱིར་བསྟན་པ། ..................༤༨ 2བཀའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ། .....................༥༡ ༡ མཚན་ཉིད། .....................................༥༡ ༢ སྒྲ་དོན། .......................................༥༡ ༣ དབྱེ་བ་ལ་ལྔ། ...................................༥༢ 5-1-4 1དུས་ཀྱི་སྒོ་ནས་དབྱེ་བ། ..............................༥༣ 2བརྗོད་བྱའི་སྒོ་ནས་དབྱེ་བ། ............................༦༨ 3རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ། ...........................༧༢ 4བདག་རྐྱེན་གྱི་སྒོ་ནས་དབྱེ་བ། ..........................༧༩ 5 གདུལ་བྱའི་སྒོ་ནས་དབྱེ་བ་ལ་གསུམ། ......................༨༠ ༡ ཇི་ལྟར་དབྱེ་བའི་གྲངས། .............................༨༡ ༢ གང་གིས་འབྱེད་པའི་རྒྱུ་མཚན། .........................༨༡ ༣ རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ། ..........༨༣ ཤམྦྷ་ལའི་ཡུལ་གྱི་གནས་ཚུལ་བཤད་པ། ......................༨༤ 5-1-5 དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་བཅོམ་ལྡན་འདས་དུས་ཀྱི་འཁོར་ ལོས་གསང་སྔགས་ཀྱི་རྒྱུད་སྡེ་གང་གསུངས་བཤད་པ། ..............༩༨ བསྟན་པ་རིན་པོ་ཆེ་དེ་ཉིད་ཆོས་རྒྱལ་དང་རིགས་ལྡན་རྣམས་ཀྱིས་རྒྱས་པར་མཛད་ ཚུལ་བཤད་པ། ...................................༡༠༤ རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་དུས་བཞིཕྱི་ མའི་བསྟན་པ་སྤེལ་ཚུལ་བཤད་པ། .......................༡༡༥ ཞིང་དེའི་ཡོན་ཏན་དྲན་པའི་ཕན་ཡོན་སོགས་ཀྱི་སྒོ་བཤད་པ། .........༡༣༡ .......................༡༤༠ ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསུང་རབ་ཀྱི་དཀར་ཆག..༡༤༥ ཇོ་ནང་བླ་མ་རྣམ་གསུམ་གྱི་གསུང་འབུམ་དང་ཡབ་སྲས་སོགས་ཀྱི་གསུང་ ཤིང་དཔར་གྱི་པར་བྱང་སྨོན་ཚིག་ཕྱོགས་བཏུས། .................༡༥༨ གང་ལའང་སྦྱར་ཆོག་པའི་སྤར་བྱང་སྨོན་ཚིག..................༢༤༧ ཇོ་ནང་ཞལ་འདོན་དཔེ་སྐྲུན་གསལ་བཤད། ...................༢༤༩ སྒྲིབ་གཉིས་དྲི་མ་འཁྲུད་པའི་བདུད་རྩིའི་འབྱུང་གནས་ཞེས་བྱ་བ། .......༢༥༠ 5-1-6 མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་དད་གསུམ་བསྐྱེད་པའི་ནོར་བུའི་རྒྱན་ ཕྲེང་ཞེས་བྱ་བ། ..................................༢༥༧ པར་བྱང་སྨོན་ཚིག.................................༣༠༩ བསྒྲིགས་རྗེས་ཀྱི་གཏམ། ..............................༣༡༠ 5-1-7 ༄༅། །ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་པར་དུ་སྒྲུབ་པའི་ཚུལ་ལས་ ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་དཀར་ ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ ཕྲེང་ཞེས་བྱ་བ་བཞུགས་སོ། ། མཆོད་བརྗོད་དང་རྩོམ་པར་དམ་བཅའ། ༄༅། །ༀ་སྭ་སྟི། གདོད་ནས་དྲི་བྲལ་དག་པའི་དབྱིངས་སུ་ཡོན་ཏན་ཀུན་རྫོགས་གཞི་ འབྲས་དབྱེར་མེད་གཞི་ཡི་དུས་ན་ཆོས་ཉིད་ཚུལ། །ལམ་གྱི་གནས་སྐབས་ཀུན་ཏུ་རྣལ་འབྱོར་ རང་གི་བློ་ཚོད་དང་མཐུན་གདོད་མའི་གནས་ལུགས་རིམ་པས་མངོན་གྱུར་ཅིང༌། །སྐུ་བཞི་ ཞིང་ཁམས་རྒྱ་མཚོའི་མངའ་བདག་མི་གནས་མྱང་འདས་ཆེན་པོ་སྒྲིབ་གཉིས་དྲི་མའི་སྦུབས་ ལས་ཡོངས་གྲོལ་བ། །གང་ལ་འབྲལ་ཐོབ་ཐ་སྙད་ཙམ་ལས་དོན་ལ་གཞི་འབྲས་དབྱེར་མེད་ ཡེ་ཤེས་ཆོས་དབྱིངས་གཅིག་ཏུ་ངེས་ལ་གུས། །གདོད་ནས་དྲི་བྲལ་ཡེ་ཤེས་ཆེན་པོའི་དབྱིངས་ སུ་ཡོན་ཏན་མ་ལུས་ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུ༷། །སྨྲ་བསམ་བརྗོད་བྱའི་ཡུལ་ལས་འདས་ པ་ཡེ་ཤེས་ཟེར་གྱིས་རྨོངས་མུན་སེལ་མཛད་ཅིག་ཅར་སྟོན་པའི་གསུ༷ང༌། །ཚོགས་གཉིས་ རྒྱ་མཚོའི་མངའ་ཐང་ཇི་བཞིན་མངོན་པས་སྒྲིབ་གཉིས་དཔུང་བཅོམ་མཁྱེན་བརྩེ་ཡོངས་སུ་ རྫོགས་པའི་ཐུ༷གས། །མདོ་སྔགས་བླ་མེད་ཆོས་ཀྱི་འཁོར་ལོས་སྲིད་གསུམ་དབང་བསྒྱུར་ 5-1-8 བུ་རམ་ཤིང་པས་འགྲོ་ཀུན་རྟག་སྐྱོངས་མཛོད། །འགྱུར་མེད་ཡེ་ཤེས་བདེ་བ་ཆེན་པོས་ནམ་ མཁའི་མཛེས་མ་དག་ལ་དགའ་བའི་འགྲོགས་པ་ལྷུར་ལེན་པ། །ཕྱི་ནང་དུས་བྲལ་དུས་གཞན་ དུས་མེད་རྣམ་ཀུན་མཆོག་ལྡན་ཆ་མེད་ཀུན་ཁྱབ་དུས་ཀྱི་གཟུགས་ལྡན་པ། །སྣ་ཚོགས་དགའ་ མའི་ཆུ་སྐྱེས་བདེ་བའི་རེག་པ་ལ་སྲེད་ཕྱག་གཉིས་ཞགས་པས་ཡུམ་ལ་འཁྱུད་པར་མཛད། །ཞབས་གཡོན་དཀར་པོ་བསྐུམ་ཞིང་དམར་པོ་བརྐྱངས་པས་དབང་ཕྱུག་འདོད་ལྷའི་སྙིང་གར་ གར་མཛད་ཁྱོད་ལ་འདུད། །ངེས་དོན་མདོ་ཡི་དགོངས་དོན་མཐར་ཐུག་རྫོགས་ལྡན་གཞན་ སྟོང་དབུ་མ་ཆེ། །དགའ་ལྡན་ལྷ་བརྒྱའི་གཙུག་རྒྱན་རྒྱལ་ཚབ་བྱམས་མགོན་ཞབས་དང་ ཐོགས་མེད་ཟུང༌། །ཀླུ་སྒྲུབ་ཨཱརྱ་དེ་ཝ་དབྱིག་གཉེན་ཙནྡྲ་གོ་མི་སོགས་ཀྱི་གཙོའི། །རྒྱལ་བའི་ དགོངས་བཅུད་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མར་བཀྲལ་རྣམས་གུས། །སྟོན་པས་བྱ་ རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་ སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །རྒྱུད་དོན་གསལ་མཛད་ཟླ་བ་བཟང་ པོའི་ཞབས། །རྒྱུད་འདི་སྡུད་མཛད་འཇམ་དཔལ་གྲགས་པ་རྗེ། །རྒྱས་འགྲེལ་མཛད་མཁན་ པདྨ་དཀར་པོའི་ཞབས། །རྣམ་གསུམ་ཞབས་པད་སྤྱི་བོའི་རྒྱན་དུ་བླངས། །ལྷག་བསམ་ལུས་ སྟོབས་ཡོངས་སུ་རྫོགས་ཤིང་སྙིང་སྟོབས་གོ་ཆ་ཉེར་བགོས་ཏེ། །མཁས་གྲུབ་གདེངས་ཅན་ བྱེ་བའི་བསྟི་གནས་འཕགས་ཡུལ་ཆོས་ཀྱི་རོལ་མཚོ་ནས། །གངས་ཅན་སྐད་ཀྱི་གྲུ་གཟིངས་ ལ་བརྟེན་གཙུག་ལག་ནོར་བུའི་མཛོད་དྲངས་ཏེ། །བསྟན་པའི་སྲོལ་འབྱེད་ལོ་པཎ་རྣམས་ཀྱི་ ཞབས་རྡུལ་སྤྱི་བོའི་རྒྱན་དུ་བླངས། །གྲུབ་ཆེན་དུས་ཞབས་ཆེ་ཆུང་ལ་སོགས་པ། །པཎ་ཆེན་ ཟླ་མགོན་འབྲོ་ལོ་ལྷ་རྗེ་སོགས། །དབང་ལུང་མན་ངག་གནང་མཛད་བརྒྱུད་པ་ལ། །མི་ཕྱེད་ དད་བརྒྱས་སྙིང་གི་དཀྱིལ་ནས་དྲན། །ཐུ༷བ་དབ༷ང་མཆོག་དང་གཉིས་མེད་ལི༷་ཙཱ༷་བི༷། །དེ་ སྤྲུལ་པད་དཀར་དེ་ཡང་ཀླུ༷་སྒྲུ༷བ་ཆེ༷། །ཆོ༷་འཕ༷གས་སླར་སྤྲུལ་སྲོ༷ང་བཙ༷ན་སྒ༷མ་པོའི་ཞབས། 5-1-9 །རྔ་ཡབ་པ༷ད་འབྱུ༷ང་སླར་བྱོན་དོ༷ལ་པོ༷རྗེ། །འཕགས་པའི་ཡུལ་དང་གངས་ལྗོངས་ལྷ་ལམ་ ཡངས་པར་མཁས་མང་གྲུབ་བརྙེས་རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། །རྣམ་དག་ལུང་རིགས་ བྱེ་བའི་དཀྱིལ་འཁོར་ཡོངས་རྫོགས་ཉ་རྒྱས་ཟླ་བཞིན་རབ་ཏུ་འཕགས་པའི་མདངས་བརྒྱ་ འཛིན། །མཐར་ཐུག་དབུ་མ་ཆེན་པོའི་དགོངས་དོན་ཇི་བཞིན་འཆད་པའི་གསུང་རབ་ལེགས་ བཤད་ག་བུར་གཏེར་མཛོད་ཀྱིས། །རྒྱལ་བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་ ཤེ༷ས་ར༷བ་རྒྱ༷ལ་མཚ༷ན་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། །རྒྱལ་ཀུན་རྣམ་དཀར་མཛད་ འཕྲིན་མཆོག་གིས་གདུལ་བྱའི་སེམས་རྒྱུད་ཞིང་ས་མ་ལུས་བསྐལ་པ་བཟང་པོའི་གཤིན་པོར་ ལེགས་པར་བྱས། །གདུལ་བྱ་སོ་སོའི་བློ་དང་མཐུན་པར་ཀུན་བཟང་སྤྱོད་པ་རྒྱ་མཚོའི་ས་བོན་ གདུལ་ཞང་མ་ལུས་ཀུན་ཏུ་ཁྱབ་པར་མཛད། །རྣམ་དག་ཐུགས་བསྐྱེད་འོད་སྟོང་བག་པོས་ཚ་ ཟེར་འབུམ་གྱིས་རྒྱལ་བསྟན་ལོ་འབྲས་སྨིན་བྱེད་མ་རིག་མུན་སལ་སྒྲོན་མེ་མཆོག །དབང་ ལུང་མན་ངག་ཆོས་ཀྱི་བདུད་རྩིས་བསྐལ་བང་ལོ་འབྲས་གཡུར་དུ་ཟ་ཞིང་སྐྱེ་འགྲོའི་མགོན་ གཅིག་ཡབ་སྲས་བཅས་ལ་འདུད། །སློབ་དཔོན་འབར་གཙོ་༡ནག་པོ་སྤྱོད་པ་ཆེ༢། །རཱ་ཏན་ བྷ་ལ་༣རོང་ཟོམ་ཆོས་བཟང་༤དང༌། །བྷ་རོམ་དར་མ་༥ཨ་ཝ་དྷཱུ་ཏི་དཔལ༦། །འབྲུག་སྒྲ་རྒྱལ་ མཚན་༧སངས་རྒྱས་རས་ཆེན་ཞབས༨། །སཾ་གྷ་བྷ་དྲ་༩འཇམ་དབྱངས་ཆོས་ཀྱི་རྗེ༡༠། །ཆོས་ ཀྱི་ཉིན་བྱེད་༡༡ཀུན་དགའ་གྲོལ་མཆོག་ཞབས༡༢། །དགའ་བྱེད་ས་སྐྱོང་༡༣ཀུན་དགའ་སྙིང་ པོ་རྗེ༡༤། །བསྟན་འགྲོའི་ཁུར་བཞེས་སྐྱེས་ཆེན་བཅུ་བཞིར་འདུད། །རྒྱལ་བ་གཉིས་པ་ཆེན་ པོའི་རང་ལུགས་སླར་ཡང་གསལ་བར་མཛད་པའི་ལེགས་བཤད་ག་བུར་གཏེར་མཛོད་ ཀྱིས། །འགྲོ་ཀུ༷ན་དག༷འ་བྱེད་བསྟན་པའི་སྙི༷ང་པོ༷འི་ཀུ་མུད་བཞད་པའི་གཉེན་གཅིག་སེམས་ དཔའ་མི་ཡི་གཟུགས་འཛིན་ཁྱོད། །ཀུན་རྟོག་རྡུལ་གྱིས་མ་གོས་སྤྲོས་བྲལ་མི་རྟོག་ཡེ་ཤེས་ འཁོར་འདས་ཡོངས་ཁྱབ་མཁའ་དབྱིངས་དཀྱིལ་འཁོར་ནས། །དགའ་ལྡན་ལྷ་བརྒྱའི་དབང་ 5-1-10 པོ་མིག་སྟོང་གདོང་བཞི་དྲེགས་ཆེན་ཀུན་གྱིས་དར་ཐོད་བཀྲོལ་ཏེ་ནོར་བུས་བཀུར། །རྒྱལ་ ཀུན་མཁྱེན་བརྩེའི་དྲི་མེད་ནོར་བུའི་ཅོད་པན་གང་གི་དབུ་ལ་བཞག །མཁས་གྲུབ་ཀུན་གྱི་ མགོ་བོར་ཞབས་ཀྱི་པདྨོའི་གེ་སར་གསལ་བར་བཀོད། །ལྷ་མི་ཀུ༷ན་དག༷འ་སྙི༷ང་པོ༷འི་བསྟན་ པ་ཟླ་བའི་མ་མ་ལྟ་བུའི་དབུས། །རྒྱལ་བསྟན་མདོ་སྔགས་ནོར་འཛིན་ཀུན་ཏུ་བཀའ་ཡིས་ དབང་བསྒྱུར་མཆོག་ལ་གུས། །རྒྱལ་བ་རྣམས་དང་རྒྱ་བོད་མཁས་གྲུབ་ཀུན་གྱི་མདོ་སྔགས་ བཀའ་བསྟན་ཡོངས་ལ་དབང་བསྒྱུར་བདག་པོ་མཛད། །མཁས་གྲུབ་གཞུང་ལུགས་རབ་ འབྱམས་སྨྲ་བ་རྣམས་ཀྱིས་ཕུགས་ནི་ཁོང་གི་གཞུང་ལུགས་རྣམས་ལ་གཏུག །ཁྱད་པར་ངེས་ དོན་ལྟ་བའི་བརྒྱུད་འཛིན་འཛམ་གླིང་མཁས་པ་ཡོངས་ཀྱིས་བསྟོད་བསྔགས་བརྗོད་པའི་ གནས་སུ་གྱུར། །ལྷ་མི་འགྲོ་བ་ཀུན་གྱི་སྐྱབས་གཅིག་ཇོ་ནང་ཏཱ་ར་ནཱ་ཐར་ལན་བརྒྱར་གུས་ པས་ཕྱག་གི་ཡུལ། །གསང་སྔགས་རྒྱུད་སྡེ་བྱེ་བའི་ཆུ་གཏེར་དཀྱིལ། །སྔོན་བསགས་རྡུལ་ མང་བརྩེགས་པའི་ནོར་འཛིན་དུ། །ཡོངས་ཁྱབ་དབང་ལུང་གདམས་ངག་པད་དཀར་བཞད། །རྐང་དྲུག་བདུད་རྩིའི་འཚོ་མཛད་སྒྲོ༷ལ་མགོ༷ན་རྗེ༷། །སྙིང་བརྩེའི་དབང་གིས་མདོ་སྔགས་ དམ་ཆོས་རིན་ཆེན་བང་མཛོད་ཁ་ཕྱེ་སྟེ། །ཟང་ཟིང་མེད་པར་རྣམ་དག་གསུང་གིས་མོས་པ་ཇི་ བཞིན་ཉེར་སྩོལ་བ། །སྐྱོ་ཞིང་དུབ་པའི་སྙོག་པ་དང་བྲལ་ཕྱིར་ཞིང་སྤྲོས་པས་རབ་དགྱེས་པ། །བདག་གི་བཤེས་གཉེན་བཅུ་ཕྲག་རྣམས་ཀྱི་ཞབས་ཟུང་སྙིང་དབུས་པདྨོར་བཞུགས། །རབ་ འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ངེ༷ས། །ངེ༷ས་དོན་སྙིང་པོའི་རང་ལུགས་སླར་གསལ་ མཛ༷ད། །མཛ༷ད་སྤྱོད་བཟང་པོའི་འཛམ་གླིང་རྫོགས་ལྡན་ཞི༷ང༌། །ཞི༷ང་ཁམས་ལྟར་མཛད་ བློ༷་གྲོ༷ས་གྲག༷ས་པ༷ར་གུས། །གང་འདུལ་འགྲོ་བའི་ཁམས་དབང་རྗེས་འགྲོའི་དཔལ། །ངོ་ མཚར་ལྷུན་གྲུབ་གསང་གསུམ་མཛད་པའི་འཕྲུལ། །མ་ལུས་ཞིང་དུ་རྟག་པར་ཡོངས་བཀྱེ་ བ། །རྗེ་བཙུན་དཔའ་མོ་གཙོ་འཁོར་རྒྱལ་གྱུར་ཅིག །མདོ་སྨད་ནོར་འཛིན་རབ་ཡངས་ཆོས་ 5-1-11 ལྡན་ཞིང༌། །བསྟན་དང་འགྲོ་བའི་ཕན་བདེ་ལེགས་སྤེལ་ཕྱིར། །སྡེབ་ལེགས་ཚིག་ཕྲེང་གཟི་ འོད་རབ་གསལ་བའི། །བརྗེད་ངེས་རྨོངས་པའི་མུན་པ་སེལ་བྱེད་མཆོག །ཏཱ་ར་ནཱ་ཐའི་གསུང་ འབུམ་དཀར་ཆག་ཀྱང༌། །ཚིག་ཕྲེང་དོན་ཟབ་རིན་ཆེན་རྒྱན་ཕྲེང་འདི། །སྐལ་ལྡན་མགྲིན་ པའི་རྒྱན་དུ་སྤེལ་བའི་ཕྱིར། །མི་ཟད་ཆོས་ཀྱི་སྦྱིན་པའི་སྒོ་ཆེན་ཕྱེ། །མཁའ་དབྱིངས་ཉིན་བྱེད་ འོད་སྟོང་བདག་པོས་སྣ་ཚོགས་གཟུགས་རྣམས་གསལ་བྱེད་ཅིང། །པད་དཀར་འདབ་སྟོང་ གེ་སར་དག་ལས་སྦྲང་རྩིའི་ཆང་གིས་བུང་བ་རྣམས། །རབ་ཏུ་མྱོས་པ་ཇི་བཞིན་ངེས་དོན་སྙིང་ པོའི་གཏམ་གྱི་སྦྱོར་བ་ཡིས། །བློ་གྲོས་ལྡན་རྣམས་བཞིན་གྱི་དཀྱིལ་འཁོར་དགྱེས་པའི་འཛུམ་ དཀར་གཡོ་བཞིན་གཟིགས། ། རྩ་བའི་ས་བཅད་དང་པོ། བསྟན་པ་སྤྱིའི་རྣམ་གཞག དེ་ལ་ཐོག་མར་སྔོན་དུ་འགྲོ་བ་བསྟན་པ་སྤྱིའི་རྣམ་གཞག སྐབས་སུ་བབ་པའི་དགོས་ དོན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། སྟོན་པ་འཇིག་རྟེན་དུ་བྱོན་པའི་ཚུལ། དེས་ གསུངས་པའི་བསྟན་པའི་རྣམ་གཞག བསྟན་པ་དེ་ཉིད་སྐྱེས་མཆོག་རྣམས་ཀྱིས་སྤེལ་བར་ མཛད་པའི་ཚུལ་ལོ། ། ༡༽ སྟོན་པ་འཇིག་རྟེན་དུ་བྱོན་པའི་ཚུལ་ལ་གཉིས། དང་པོ་ལ་གཉིས། སངས་རྒྱས་གང་དུ་བྱོན་པའི་ཞིང་ངོས་བཟུང་བ། ཞིང་དེར་སངས་ རྒྱས་བྱོན་པའི་ཚུལ་ལོ། ། ༡ སངས་རྒྱས་གང་དུ་བྱོན་པའི་ཞིང་ངོས་བཟུང་བ། དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་བསྐྱེད་དང༌། སྨོན་ལམ་ 5-1-12 མཐའ་ཡས་པ་དང༌། སེམས་ཅན་རྣམས་ལས་ཉོན་ལ་སྤྱོད་པའི་སྒོ་བསམ་གྱིས་མི་ཁྱབ་པའི་ དབང་གིས་འཇིག་རྟེན་གྱི་ཁམས་ཀྱང་མཐའ་ཡས་ཤིང་མུ་མེད་པ་སྟེ། མདོ་ལས། ནམ་མཁའི་ མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡས་དེ་ཙམ་མོ། །ཞེས་གསུངས་ པ་ལྟར་རོ། །དེ་ལྟར་དག་པ་དང་མ་དག་པའི་ཞིང་ཁམས་རྒྱ་མཚོའི་རྡུལ་ལྟར་བརྗོད་ཀྱིས་མི་ ལང་བ་ཉིད་ལས་བསྐལ་བཟང་གི་སངས་རྒྱས་རྣམས་བྱོན་པའི་ཞིང་ནི་མི་མཇེད་འཇིག་རྟེན་ གྱི་ཁམས་ཉིད་ཡིན་ནོ། །དེ་ཡང་འཇིག་རྟེན་གྱི་ཁམས་འགྲུབ་པའི་རྐྱེན་ནི། མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་མ་ ལུས་བརྟེན། །ཞེས་གསུངས་པ་ལྟར། ཐོག་མར་ནམ་མཁའ་སྟོང་པར་སེམས་ཅན་སྤྱི་མཐུན་ གྱི་ལས་ཀྱི་དབང་གིས་རླུང་དལ་བུས་ལང༌། དེ་རིམ་གྱིས་ཇེ་ཆེར་སོང་བ་ལས་ཚན་པོ་ཆེའི་རྡོ་ རྗེས་ཀྱང་གཞིག་པར་མི་ནུས་པའི་རླུང་གི་དཀྱིལ་འཁོར་ཤིན་ཏུ་སྲ་བ་འཐུག་རྔམས་ལ་དཔག་ ཚད་ས་ཡ་དྲུག་འབུམ། མཐའ་བསྐོར་ལ་གྲངས་མེད། དབྱིབས་ཟླུམ་པོ་ཞིག་ཆགས་སོ། །དེའི་སྟེང་དུ་ཡང་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་དབང་གིས་བར་སྣང་དུ་གསེར་གྱི་སྙིང་ པོ་ཅན་གྱི་སྤྲིན་འཁྲིགས་པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ལས་ཆུའི་དཀྱིལ་ འཁོར་འཐུག་རྔམས་ལ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་པ་ཞིག་ ཆགས་སོ། །དེ་ལས་ཀྱི་རླུང་གིས་བསྲུབས་པ་ལས་འོག་ཏུ་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ དབང་ཆེན་གསེར་གྱི་ས་གཞི་ཆགས་ཤིང་ཆུའི་དཀྱིལ་འཁོར་གྱི་འཐུག་རྔམས་ལ་དཔག་ཚད་ འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ། གཉིས་ཀའི་ཡང་ཁོར་ཡུག་ཏུ་འབུམ་ཕྲག་སོ་དྲུག་ཁྲི་ ཚོ་གཅིག་ཕྱེད་དང་བཞི་བརྒྱ་ཡོད་པ་ཡིན་ཏེ། མཛོད་ལས། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་ དང༌། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནས་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་ གསེར་དུ་འགྱུར། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་ 5-1-13 དང༌། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ན་འོ། །ཁོར་ཡུག་ཏུ་ནི་ སུམ་འགྱུར་རོ། །ཞེས་གསུངས་སོ། །ཡང་ལས་ཀྱི་དབང་གིས་བར་སྣང་དུ་ཁམས་སྣ་ཚོགས་ པའི་སྤྲིན་འཁྲིགས་པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པ་ལས་ཕྱིའི་རྒྱ་མཚོ་ཆེན་ པོ་ཆགས་སོ། །མཚོ་དེ་ལས་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་ཞིག་བྱུང་སྟེ། གནས་ གཙང་མའི་ལྷའི་བུ་རྣམས་ཀྱིས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ། ཨེ་མ་བསྐལ་ པ་བཟང་པོའོ་བསྒྲགས་པས་བསྐལ་པ་བཟང་པོ་ཞེས་གྲགས་སོ། །དེ་ནས་རྒྱ་མཚོ་ཆེན་པོ་དེ་ ཉིད་སྔར་ལྟར་ལས་ཀྱི་རླུང་གིས་བསྲུབས་པ་ལས་ཁམས་རབ་བསྡུས་པ་ལས་རི་རབ་དང༌། འབྲིང་བསྡུས་པ་ལས་གསེར་གྱི་རི་བདུན་དང༌། ཐ་མ་བསྡུས་པ་ལས་ཕྱིའི་ལྕགས་རི་དང༌། སྣ་ ཚོགས་པ་བསྡུས་པ་ལས་གླིང་བཞི་གླིང་ཕྲན་དང་བཅས་པ་ཆགས་སོ། །དེ་ལས་རི་རབ་ཀྱི་རྒྱུ་ ནི། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་གབྱང་གསེར་གྱི་རང་བཞིན་ལས་གྲུབ་པའོ། །ཚད་ ནི་རྒྱ་མཚོའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་སྟེང་དུའང་དཔག་ཚད་བརྒྱད་ཁྲི་འཕགས་ སོ། །ཆུ་མཚམས་མན་ཆད་ཀྱི་རི་རབ་ཀྱི་ཁོང་གསེང་རྣམས་སུ་ལྷ་མ་ཡིན་གྱི་ཚོགས་རྟེན་དང་ བརྟེན་པར་བཅས་པ་གནས་སོ། །ཆུ་མཚམས་ནས་གྱེན་དུ་གཞལ་བའི་བང་རིམ་དང་པོར་ ལག་ན་གཞོང་ཐོགས་པ་རྣམས་གནས་སོ། །བང་རིམ་གཉིས་པ་ལ་ལག་ན་ཕྲེང་ཐོགས་པ་ རྣམས་གནས་སོ། །བང་རིམ་གསུམ་པ་ལ་རྟག་མྱོས་ཀྱི་ལྷ་རྣམས་གནས་སོ། །བང་རིམ་བཞི་ པ་ལ་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་གནས་སོ། །རི་རབ་ཀྱི་སྟེང་གི་མཚམས་བཞི་ལ་གནོད་ སྦྱིན་གསང་བ་པ་རྣམས་གནས་སོ། །དེའི་དབུས་ན་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་ལྟ་ན་ སྡུག་ཅེས་བྱ་བ་གསེར་གྱི་རང་བཞིན་ལས་གྲུབ་པ་ཡོད་ཅིང༌། གྲོང་ཁྱེར་དེའི་དབུས་ན་ལྷའི་ དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་རྣམ་པར་རྒྱལ་བའི་ཁང་བཟང་ཞེས་བྱ་བ། རིན་པོ་ཆེ་སྣ་ཚོགས་ པའི་རང་བཞིན་ལས་གྲུབ་པ་ངོ་མཚར་བའི་བཀོད་པ་སྣ་ཚོགས་པས་མཛེས་པར་བྱས་པ་དག་ 5-1-14 ཡོད་དོ། །གནས་དེ་ལ་ཅིའི་ཕྱིར་སུམ་ཅུ་རྩ་གསུམ་ཞེས་བྱ་ཞེ་ན། ནོར་ལྷ་བརྒྱད་དང༌། དྲག་པོ་ བཅུ་གཅིག་དང༌། ཐ་སྐར་གྱི་བུ་གཉིས་དང༌། ཉི་མ་བཅུ་གཉིས་ཏེ་ཉེ་དབང་སུམ་ཅུ་རྩ་གསུམ་ དང༌། ལྷའི་དབང་པོ་དང་བཅས་ཡོད་པས་ན་དེ་སྐད་དུ་བརྗོད་པའི་ཕྱིར། གྲོང་ཁྱེར་དེའི་ཤར་ དུ་ཤིང་རྟ་སྣ་ཚོགས་པའི་ཚལ་དང༌། ལྷོ་ཕྱོགས་ན་རྩུབ་འགྱུར་གྱི་ཚལ་དང༌། ནུབ་ཕྱོགས་ན་ འདྲེས་པའི་ཚལ་དང༌། བྱང་ཕྱོགས་ན་དགའ་བའི་ཚལ་ཞེས་བྱ་བ་ཡོད་དོ། །ཚལ་དེ་དག་གི་ ཕྱི་རོལ་ན་ལྷ་རྣམས་རྩེ་བར་བྱེད་པའི་གནས་ཤིང་རྟ་ཅན་དང༌། རྩུབ་འགྱུར་ཅན་དང༌། འདྲེས་ པ་ཅན་དང༌། དགའ་བ་ཅན་ཞེས་བྱ་བ་བཞི་ཡོད་དོ། །བལྟ་ན་སྡུག་གི་བྱང་ཤར་མཚམས་སུ་ ཡོངས་འདུ་ས་བརྟོལ་ཞེས་བྱ་བ་འདོད་དགུ་ཐམས་ཅད་འབྱུང་བའི་དཔག་བསམ་གྱི་ཤིང་ དང༌། དེའི་འོག་ན་ཨ་མོ་ལི་ཀའི་རྡོ་ལེབ་ཞེས་བྱ་བ་དར་དཀར་པོའི་ལྭ་བ་ལྟ་བུ་ཡོད་དོ། །ལྷོ་ ནུབ་མཚམས་སུ་ལྷའི་མདུན་ས་ཆོས་བཟང་ཞེས་བྱ་བ་བཀོད་པ་ཕུན་སུམ་ཚོགས་ཤིང་ཡིད་ དུ་འོང་བ་ཡོད་དོ། །དེ་ལྟ་བུའི་སུམ་ཅུ་རྩ་གསུམ་གྱི་གནས་ལས་དཔག་ཚད་བརྒྱད་ཁྲི་འདས་ པའི་སྟེང་གི་ནམ་མཁར་རླུང་གི་དཀྱིལ་འཁོར་ལ་བརྟེན་པ་རིན་པོ་ཆེའི་གཞི་ལ་འཐབ་བྲལ་ གྱི་ལྷའི་གནས་ཡོད་དོ། །དེའི་སྟེང་ན་དཔག་ཚད་ཆིག་འབུམ་དྲུག་ཁྲི་འདས་པའི་ནམ་མཁར་ དགའ་ལྡན་གྱི་ལྷའི་གནས། དེ་ནས་དཔག་ཚད་སུམ་འབུམ་འདས་པའི་ནམ་མཁར་འཕྲུལ་ དགའི་གནས་དང༌། དེ་ནས་དཔག་ཚད་དྲུག་འབུམ་བཞི་ཁྲི་འདས་པའི་སྟེང་གི་ནམ་མཁར་ གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཡོད་དེ། དེ་དག་གི་གནས་ཀྱི་རྒྱ་ཁྱོན་ཡང་སྔ་མ་སྔ་ མ་ལས་ཕྱི་མ་ཕྱི་མ་ཉིས་འགྱུར་གྱིས་ཆེ་བར་རིགས་པར་བྱའོ། །དེ་མན་ཆད་ནི་འདོད་པའི་ ཁམས་སུ་གཏོགས་སོ། །དེའི་སྟེང་ན་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་ དང༌། བཞི་པ་རྣམས་མཆོད་རྟེན་ཁ་སྦུབས་པའི་བང་རིམ་གྱི་རྣམ་པ་བཞིན་འོག་མ་འོག་མ་ ལས་གོང་མ་གོང་མ་རྒྱ་ཇེ་ཆེར་སོང་བའི་ཚུལ་གྱིས་གནས་ཤིང༌། དང་པོ་གསུམ་ལ་གནས་ 5-1-15 གསུམ་གསུམ་དང༌། བཞི་པ་ལ་གནས་བརྒྱད་ཡོད་དེ། དེ་དག་ལ་གཟུགས་ཁམས་གནས་ རིགས་བཅུ་བདུན་ཞེས་བྱའོ། །གཟུགས་མེད་པའི་ཁམས་ནི། ལུས་ཅན་མ་ཡིན་ཕྱིར་གནས་ དང་ལུས་ཀྱི་ཚད་ནི་མེད་མོད་ཀྱི། འོན་ཀྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་རྣམ་པ་ བཞིར་འགྱུར་ཏེ། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་ དང༌། འདུ་ཤེས་མེད་དང༌། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །ལྷུན་པོའི་ཕྱི་རོལ་གྱི་ཁོར་ ཡུག་ཏུ་གསེར་གྱི་རི་བདུན་གྱིས་རིམ་པ་བདུན་དུ་བསྐོར་ཏེ་གནས་སོ། །དེ་ཡང་གསེར་གྱི་རི་ བདུན་ནི། གཉའ་ཤིང་འཛིན་དང༌། གཤོལ་མདའ་འཛིན་དང༌། སེང་ལྡེང་ཅན་དང༌། ལྟ་ན་ སྡུག་དང༌། རྟ་རྣ་དང༌། རྣམ་འདུད་དང༌། མུ་ཁྱུད་འཛིན་པའི་རི་རྣམས་སོ། །གཉའ་ཤིང་འཛིན་ གྱི་རིའི་ཕྱོགས་བཞི་ན་རྒྱལ་པོ་ཆེན་པོ་བཞི་རང་རང་གི་འཁོར་དང་བཅས་པ་སྣོད་བཅུད་ཀྱི་ འབྱོར་བ་ཕུན་སུམ་ཚོགས་པས་བརྒྱན་པའི་གནས་ཡོད་དོ། །རི་དེ་དག་གི་ཐད་ཀྱི་སྟེང་གི་ནམ་ མཁའ་ལ་འཕུལ་བྱེད་ཀྱི་རླུང་ལ་བརྟེན་པའི་ཉི་མ་དང༌། ཟླ་བ་དང༌། རྒྱུ་སྐར་གྱི་ཚོགས་རྣམས་ སོ། །གསེར་གྱི་རི་བོ་དེ་དག་གི་བར་ན་ཀླུའི་རྒྱལ་པོ་རྣམས་རྩེ་ཞིང་རོལ་བའི་གནས་རོལ་མཚོ་ བདུན་དུ་གྲགས་པ་ཡོད་དོ། །མུ་ཁྱུད་འཛིན་རིའི་ཕྱི་རོལ་ན་བ་ཚྭ་ཅན་གྱི་རྒྱ་མཚོ་ཆེན་པོ་ཡོད་ དོ། །དེའི་ཤར་ཕྱོགས་ན་ལུས་འཕགས་གླིང༌། ལྷོ་ཕྱོགས་སུ་འཛམ་བུའི་གླིང༌། ནུབ་ཕྱོགས་ སུ་བ་ལང་སྤྱོད། བྱང་ཕྱོགས་སུ་སྒྲ་མི་སྙན་ཏེ་གླིང་བཞི་གླིང་ཕྲན་བརྒྱད་དང་བཅས་པ་གནས་ སོ། །གླིང་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འཛམ་བུའི་གླིང་ཡིན་ཏེ་སངས་རྒྱས་ ཀྱིས་འཁོར་ལོ་བསྐོར་ཞིང་ལས་ཀྱི་ས་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འཛམ་བུའི་གླིང་ཞེས་ བྱ་ཞེ་ན། མཚོ་མ་དྲོས་པ་ན་འཛམ་བུའི་ཤིང་ཞེས་བྱ་བ་འབྲས་བུ་མངར་བོ་རྫ་མ་ཙམ་དང་ ལྡན་ཏེ་སྨིན་པ་ཆུའི་ནང་དུ་ལྷུང་བ་ལས་འཛམ་བུ་ཞེས་བྱ་བའི་སྒྲ་འབྱུང་བ་ཡོད་དེ། དེདཀར་ ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ཕྲེང༌། ཀླུའི་རྒྱལ་པོ་རྣམས་ཀྱིས་ཉར་སྤྲུལ་ 5-1-16 ནས་ཟ་བར་བྱེད་ལ། མ་ཟོས་པ་རྣམས་ནི་མ་དྲོས་པའི་ཆུ་དང་འཕྲད་པས་འཛམ་བུའི་ཆུ་བོའི་ གསེར་དུ་འགྱུར་བའི་ཕྱིར་དེ་སྐད་ཅེས་བརྗོད་དོ། །གཞན་ཡང་ཁྱད་པར་དུ་འཕགས་པའི་ ཆོས་དུ་མ་ཡོད་དེ། གླིང་འདིའི་ཤར་ཕྱོགས་ན་འཕགས་པ་འཇམ་དཔལ་བཞུགས་པའི་གནས་ རི་བོ་རྩེ་ལྔ་དང༌། ལྷོ་ཕྱོགས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་རི་བོ་གྲུ་འཛིན་དང༌། ནུབ་ཕྱོགས་ན་རིག་པ་འཛིན་པ་རྣམས་ཀྱི་ཞིང་ཨོ་ཊི་ཡ་ན་དང༌། བྱང་ཕྱོགས་སུ་རིགས་ལྡན་ རྣམས་ཀྱི་ཞིང་གྲོང་ཁྱེར་བྱེ་བ་དགུ་བཅུ་རྩ་དྲུག་གིས་བརྒྱན་པའི་ཤམྦྷ་ལ་ཞེས་བྱ་བ་ཡོད་ཅིང༌། གཞན་ཡང་ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད། ཡུལ་ཆེན་ པོ་བཅུ་དྲུགཡུལ་ཕྲན་སྟོང༌། མི་རིགས་མི་འདྲ་བ་སུམ་བརྒྱ་དང་དྲུག་ཅུ། སྐད་རིགས་མི་འདྲ་ བ་བདུན་བརྒྱ་དང་ཉི་ཤུ་ཡོད་པའི་ཕྱིར། གླིང་དེ་དག་གི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོའི་མཐའ་ སྐོར་དུ་ཁོར་ཡུག་གི་ལྕགས་རི་ནག་པོ་ཞེས་བྱ་བ་སྲ་ཞིང་འཐས་པའི་རང་བཞིན་ཅན་ཡོད་དོ། །དེ་ལྟར་གླིང་བཞི་དང༌། གླིང་ཕྲན་བརྒྱད། ཉི་ཟླ་དང༌། རི་རབ་དང༌། ཁོར་ཡུག་དང༌། འདོད་ ལྷ་དྲུག་དང༌། བསམ་གཏན་དང་པོ་མན་ཆད་ལ་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་ བྱའོ། །དེ་སྟོང་ལ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་ལྕགས་རི་ཆེན་པོ་གཅིག་ གིས་བསྐོར་རོ། །སྟོང་ཆུང་ངུའི་འཇིག་རྟེན་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ ཁམས་ཞེས་བྱ་སྟེ་དེ་ཡང་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་རོ། །དེ་སྟོང་ལ་སྟོང་གསུམ་གྱི་ སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་དེ་ཡང་ཁོར་ཡུག་ཏུ་ལྕགས་རི་ཆེན་པོ་གཅིག་ གིས་བསྐོར་རོ། །དེ་ལ་ནི་རི་རབ་གླིང་བཞི་གླིང་ཕྲན་རི་མཚོ་ཕྱིའི་ལྕགས་རི་ནག་པོ་དང་ བཅས་པ་བྱེ་བ་ཕྲག་བརྒྱ་ཡོད་དེ། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ ནི་འདོད་ལྷ་དང༌། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་ སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་ 5-1-17 མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་རོ། ། དེ་ལྟར་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་པའི་འཛམ་གླིང་བྱེ་ བ་ཕྲག་བརྒྱར་ཤཱཀྱ་ཐུབ་པ་བྱེ་བ་ཕྲག་བརྒྱས་མཛད་པ་བཅུ་གཉིས་ཀྱི་ཚུལ་བྱེ་བ་ཕྲག་བརྒྱ་ ཅིག་ཅར་དུ་སྟོན་པར་མཛད་དོ། །འདི་ཙམ་ཞིག་ཉན་ཐོས་སྡེ་གཉིས་ཀྱིས་ཀྱང་ཁས་ལེན་ནོ། །ཐེག་ཆེན་པ་ལྟར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་ནི་ རབ་འབྱམས་ཀྱི་མཚམས་སྦྱོར་བ་གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་རྒྱུད་ གཅིག་གོ། །དེ་བྱེ་བ་ཕྲག་བརྒྱ་ལ་ནི་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག་གོ། །དེ་བྱེ་བ་ཕྲག་ བརྒྱ་ལ་ནི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་བཀོད་པ་གཅིག་གོ། །འདི་ནི་བཅོམ་ལྡན་འདས་ རྣམ་པར་སྣང་མཛད་དེའི་རྣམ་པར་སྨིན་པའི་སངས་རྒྱས་ཀྱི་ཞིང་དུ་བཞེད་དོ། །འཇིག་རྟེན་ ཁམས་འདི་ལ་ཅིའི་ཕྱིར་མི་མཇེད་འཇིག་རྟེན་ཞེས་བྱ་ཞེ་ན། མི་མཇེད་ནི་བཟོད་པའི་མིང་ སྟེ། ཉོན་མོངས་པ་དུག་གསུམ་གྱིས་མི་འཕྲོག་ཅིང་བཟོད་པ་དེ་ལ་སེམས་སྲན་ཐུབ་པས་ན་ མི་མཇེད་ཅེས་བརྗོད་དེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་ འདི་ལ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང༌། ཞེ་ སྡང་ལ་མི་མཇེད་པ་དང༌། གཏི་མུག་ལ་མི་མཇེད་པ་དང། ཉོན་མོངས་པའི་འཆིང་བ་རྣམས་ ལ་མི་མཇེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱའོ། །འཇིག་རྟེན་གྱི་ ཁམས་མི་མཇེད་དེར་བསྐལ་པ་ཆེན་པོ་བཟང་པོ་ཞེས་བྱ་བ་འབྱུང་བར་འགྱུར་རོ། །དེ་ཅིའི་ ཕྱིར་བཟང་པོ་ཞེས་བྱ་ཞེ་ན། བསྐལ་པ་ཆེན་པོ་བཟང་པོ་དེ་ལ་སེམས་ཅན་འདོད་ཆགས་དང་ ཞེ་སྡང་དང་གཏི་མུག་ལ་སྤྱོད་པ་རྣམས་ཀྱི་ནང་དུ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོང་འབྱུང་བར་འགྱུར་བའི་ཕྱིར་ཏེ་ཞེས་གསུངས་པ་ལྟར་རོ། ། 5-1-18 ༣ ཞིང་དེར་སངས་རྒྱས་བྱོན་པའི་ཚུལ། གཉིས་པ་ཞིང་དེར་བདག་ཅག་གི་སྟོན་པ་བྱོན་པའི་ཚུལ་ལ་གཉིས། ཉན་ཐོས་སྡེ་པའི་ ལུགས་དང༌། ཐེག་ཆེན་གྱི་ལུགས་སོ། ། (༡) ཉན་ཐོས་སྡེ་པའི་ལུགས། དང་པོ་ལ་གསུམ་ལས། དང་པོ་སེམས་བསྐྱེད་ཚུལ་ནི། སྔོན་བྱུང་བ་འདས་པའི་དུས་སུ་ གྲོང་ཁྱེར་འོད་ལྡན་ཞེས་བྱ་བར་རྒྱལ་པོ་རབ་གསལ་ཞེས་པ་ཞིག་བྱུང་ངོ༌། །དེའི་འཁོར་དུ་ གླང་པོ་ཆེ་འདུལ་སྦྱོང་ཤེས་པ་ཞིག་ལ་གླང་པོ་ཆེ་ཞིག་འདུལ་སྦྱོང་བྱེད་དུ་བཅུག་པས། དེས་ གླང་པོ་ཆེའི་འདུལ་སྦྱོང་ལེགས་པར་བྱས་ཏེ། རྒྱལ་པོ་ལ་གསོལ་བ་དང༌། རྒྱལ་པོ་ན་རེ། ཁྲིད་ ཤོག་གསུངས་ནས་ཁྲིད་ཕྱིན་པ་དང༌། རྒྱལ་པོས་ཞོན་ཏེ་ཕྱིན་པས། གླང་པོ་ཆེ་བ་གླང་མོར་ འདོད་ཆགས་སྐྱེས་པའི་དྲི་ཚོར་ཏེ། གཅོང་རོང་དང་ནགས་ཚལ་ཐམས་ཅད་ལ་ཐོགས་པ་ མེད་པར་བརྒྱུགས་པས། རྒྱལ་པོ་སྐྲག་སྟེ་གླང་རྫི་ལ་ཅི་བྱ་དྲིས་པ་དང༌། གླང་རྫི་ན་རེ། ཤིང་ གི་ཡལ་ག་ལ་འཇུས་ཤིག་ཟེར་ནས་འཇུས་སོ། །དེ་ནས་ལྷུང་སྟེ་བརྒྱལ་བ་ལ། གླང་རྫིས་ བརྒྱལ་བ་སངས་བར་བྱས་པ་དང༌། རྒྱལ་པོ་ཁྲོས་ཏེ་གླང་པོ་ཆེ་མ་ཐུལ་བཞིན་དུ་ཐུལ་ཟེར་བ་ འདི་བཙོན་རར་ཆུགས་ཤིག་ཟེར་བ་དང༌། གླང་རྫིས་སྨྲས་པ། བདག་གིས་གླང་པོ་ཆེའི་ལུས་ ཐུལ་ཡང་སེམས་མ་ཐུལ་བ་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོ་ན་རེ། ཁྱོད་ལུས་ཐུལ་བའི་རྒྱུ་ མཚན་ཅི་ཡོད། དེས་སྨྲས་པ། ད་ཞག་བདུན་ནས་གླང་པོ་ཆེ་ལོག་ནས་འབྱུང། དེ་ནས་ཤེས་ པར་འགྱུར་རོ། །ཞེས་སྨྲས་ནས། ཞག་བདུན་ལོན་པ་ན་གླང་པོ་ཆེ་བྱུང་བ་ལ་ལྕགས་ཀྱི་ཐོ་ ལུམ་བསྲེགས་ཏེ་རབ་ཏུ་འབར་བ་མདུན་དུ་བཞག་ནས་གླང་རྫི་དེས་ཁ་ཁ་ཞེས་བརྗོད་པ་ དང༌། གླང་པོ་ཆེ་དེས་མི་བཟོད་བཞིན་དུ་ཟ་བར་རྩོམ་མོ། །དེ་རྒྱལ་པོ་ལ་བསྟན་ཏེ། བདག་ 5-1-19 གིས་འདིའི་ལུས་ནི་ཐུལ་གྱི་སེམས་ནི་མ་ལགས་སོ་ཞེས་སྔར་ཡང་མ་གསོལ་ཏམ། དེར་རྒྱལ་ པོས་སྨྲས་པ། སེམས་ཐུལ་བ་གང་ཡིན་པ་དེ་ཁྱོད་ཀྱིས་མཐོང་བ་དང་ཐོས་པ་དག་ཡོད་དམ། འདུལ་མཁན་གྱིས་སྨྲས་པ། ལྷ་ལུས་དང་སེམས་གཉིས་ཀ་ཐུལ་བ་ནི་སངས་རྒྱས་བཅོམ་ལྡན་ འདས་ལགས་སོ་ཞེས་བརྗོད་པས། སངས་རྒྱས་ཀྱི་མཚན་ཐོས་པའི་མོད་ལ་རྒྱལ་པོ་སངས་ རྒྱས་ལ་ཤིན་ཏུ་དད་པར་གྱུར་ནས་ཕོངས་པ་རྣམས་ལ་སྦྱིན་པ་རྒྱ་ཆེར་མཛད་དེ་སེམས་བསྐྱེད་ ཅིང་སྨོན་ལམ་བཏབ་པ། སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་ཏེ། །ཡོན་ཏན་རིགས་རུས་ མཉམ་པའི་སངས་རྒྱས་ཉིད་གྱུར་སྟེ། །ཚངས་པའི་བར་གྱི་ཉམ་ཐག་འཆིང་བ་རྣམས། །ཞི་བ་ རྒྱ་ཆེན་འཇིགས་མེད་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་དོ། །དེ་སྐད་ དུ་ཡང་དཔག་བསམ་འཁྲི་ཤིང་གི་ཡལ་འདབ་དང་པོ་ལས། དེ་ལྟར་སངས་རྒྱས་མཚན་ཐོས་ པས། །སྐྱེ་བ་སྔར་སྐྱེས་གོམས་པ་ལས། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །རྒྱལ་པོ་ ཡིས་ནི་སྨོན་ལམ་སྐྱེས། །འཁོར་བ་ཆུ་སྲིན་འབྱུང་གནས་སུ། །རྣམ་པར་བྱིང་བའི་འགྲོ་བ་འདི། །དགེ་བའི་ལམ་ནས་རྫོགས་པ་ཡི། །བྱང་ཆུབ་གྲོལ་བར་ཡང་དག་བསྒྲལ། །དེ་ནས་དེ་ལ་ ནམ་མཁའ་ལས། །གཙང་མ་རིས་ཀྱི་ལྷ་ཡིས་སྨྲས། །ཡང་དག་རྫོགས་པའི་བྱང་ཆུབ་ཏུ། །ས་ བདག་མངོན་པར་འཚང་རྒྱ་འགྱུར། །ཅེས་སོ། །གཉིས་པ་ཚོགས་བསགས་ཚུལ་ནི། སེམས་ བསྐྱེད་པ་དེ་ནས་བཟུང་སྟེ་སངས་རྒྱས་ཡུལ་འཁོར་སྐྱོང་གི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ ལ་བསྙེན་བཀུར་བས་གྲངས་མེད་དང་པོའི་ཚོགས་རྫོགས་པ་ཡིན་ཏེ། ལུང་ལས། སངས་ རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བར་དུ། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །དེ་ནས་སངས་རྒྱས་ལེགས་མཛད་ནས་ བཟུང་སྟེ་དབང་པོའི་རྒྱལ་མཚན་གྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་ བས་གྲངས་མེད་གཉིས་པའི་ཚོགས་རྫོགས་པར་བྱས་སོ། །ལུང་ལས། སངས་རྒྱས་ལེགས་ 5-1-20 མཛད་ནས་བཟུང་སྟེ། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །དེ་ནས་སངས་རྒྱས་མར་མེ་མཛད་ནས་ འོད་སྲུང་གི་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བས་གྲངས་མེད་གསུམ་ པའི་ཚོགས་རྫོགས་པར་བྱས་ཏེ། ལུང་ལས། སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་ འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་ དོ། །ཞེས་སོ། །མཛོད་ལས་ཀྱང༌། རིན་ཆེན་གཙུག་ཏོར་ཅན་ཡན་ཆད་ཀྱིས་གྲངས་མེད་དང་ པོ་དང༌། དེ་ནས་མར་མེ་མཛད་ཡན་ཆད་ཀྱིས་གཉིས་པ་དང༌། དེ་ནས་རྣམ་གཟིགས་ཡན་ ཆད་ཀྱིས་གསུམ་པ་རྫོགས་པར་བཤད་དེ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་ མེད་གསུམ་གྱི་ཐ་མར་བྱུང༌། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཞེས་དང༌། མཛོད་རང་འགྲེལ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་ཚེ་ནི་བསྐལ་པ་གྲངས་ མེད་པ་དང་པོ་རྫོགས་སོ། །བཅོམ་ལྡན་འདས་མར་མེ་མཛད་ཀྱི་ཚེ་ནི་གཉིས་པ་རྫོགས་སོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་ཚེ་ནི་གསུམ་པ་རྫོགས་སོ། །ཞེས་སོ། །དེ་ནས་ བསྐལ་པ་ཆེན་པོ་བརྒྱར་མཚན་བཟང་པོའི་རྒྱུ་སྒྲུབ་པར་བྱེད་དགོས་པས། བྲམ་ཟེ་ཁྱེའུ་གྱུར་ པ་ན་སངས་རྒྱས་སྐར་རྒྱལ་ལ་ཞག་བདུན་དུ་བསྐོར་བ་བྱས་ཏེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་ དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལའང་མེད། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་ རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་མེད་ལ་ ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་ པ་ཀུན་ཏུ་བསྐོར་ཀྱང་ག་ལ་ཡོད། །ཅེས་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པའི་བསོད་ ནམས་ཀྱིས་བསྐལ་པ་ཆེན་པོ་དགུའི་ཚོགས་འདུམ་སྟེ། དེ་ནས་བསྐལ་པ་ཆེན་པོ་དགུ་བཅུ་རྩ་ གཅིག་འདས་པ་ན་གྲོང་ཁྱེར་ཉེ་ལྡན་དུ་སངས་རྒྱས་འོད་སྲུང་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་བླ་ 5-1-21 མར་གྱུར་པ་ཡན་ཆད་ཀྱིས་མཚན་བཟང་གི་རྒྱུ་རྫོགས་ཏེ། དེ་སྒྲུབ་པའི་གནས་སྐབས་ལ་བྱང་ ཆུབ་སེམས་དཔའ་དངོས་གནས་ཞེས་ཟེར་རོ། །དེ་ནས་ཚེ་འཕོས་ནས་དགའ་ལྡན་གྱི་གནས་ སུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏོ། །གསུམ་པ་སངས་རྒྱས་པའི་ཚུལ་ནི། བྱང་ ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས་དགའ་ལྡན་དུ་རང་གི་གདུལ་བྱའི་དོན་རྫོགས་ པར་མཛད་དེ་འཛམ་བུའི་གླིང་དུ་གཤེགས་པར་དགོངས་ནས། གཟིགས་པ་ལྔ་ལ་གཟིགས་ ནས་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྐུ་བལྟམས་ཤིང་སྒྱུ་རྩལ་གྱི་ཡོན་ཏན་མ་ལུས་པ་མཐར་ ཕྱིན་ཏེ། ཤཱཀྱའི་བུ་མོ་ས་འཚོ་མ་སོགས་བཙུན་མོ་སྟོང་ཕྲག་དུ་མ་ཁབ་ཏུ་བཞེས་ནས་ཁྱིམ་དུ་ བཞུགས་པའི་ཚེ་གནས་གཙང་མའི་ལྷ་རྣམས་ཀྱིས་བསྐུལ་ནས་མཆོད་རྟེན་རྣམ་དག་གི་དྲུང་ དུ་རབ་ཏུ་བྱུང་བར་མཛད་དོ། །དེ་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་ པར་མཛད་དོ། །དེ་ནས་བསོད་སྙོམས་ཀྱིས་སྐུ་གསེར་གྱི་ཁ་དོག་ལྟར་གསལ་བར་བྱས་ནས་ མ་ག་དྷ་རྡོ་རྗེ་གདན་གྱི་ཤིང་དྲུང་དུ་གཤེགས་པར་མཛད་དོ། །དེ་ནས་སྲོད་ཀྱི་དུས་སུ་བདུད་ སྡིག་ཅན་གྱིས་ནག་ཕྱོགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ་མཚོན་ཆའི་ཆར་ཕབ་པ་རྣམས་ ཀྱང་བྱམས་པའི་ཏིང་ངེ་འཛིན་གྱི་མཐུས་མེ་ཏོག་གི་ཆར་བར་བྱིན་གྱིས་རླབས་ནས་བདུད་ཀྱི་ སྡེ་ཆེན་པོ་འདུལ་བར་མཛད་དོ། །དེ་ནས་ནམ་གྱི་གུང་ལ་བསམ་གཏན་བཞི་པའི་དངོས་གཞི་ ལ་བརྟེན་ནས་སྦྱོར་ལམ་ཡན་ཆད་རྒྱུད་ལ་བསྐྱེད་ནས་ཐོ་རེངས་སྐྱ་རེངས་འཆར་ཀའི་ཚེ་རྡོ་རྗེ་ ལྟ་བུའི་ཏིང་ངེ་འཛིན་གྱིས་དུག་གསུམ་ས་བོན་དང་བཅས་པ་དྲུངས་ནས་ཕྱུང་སྟེ་མངོན་པར་ རྫོགས་པར་སངས་རྒྱས་སོ། །དེ་ནས་ཀུན་ཤེས་ནས་ཀུན་ཏུ་རྒྱུ་རབ་བཟང་གི་བར་ལ་ཆོས་ཀྱི་ འཁོར་ལོ་བསྐོར་ཏེ། མཐར་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འདོད་དོ། །དེ་ལ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང༌། སྲོད་ལ་བདུད་བཏུལ་བའི་བར་ནི་སོ་ སྐྱེས་ཚོགས་ལམ་པ་མཚན་ཉིད་པར་འདོད་དོ། ། 5-1-22 (༢) ཐེག་ཆེན་གྱི་ལུགས། གཉིས་པ་ཐེག་ཆེན་གྱི་ལུགས་ལ་གསུམ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ། མཐར་མངོན་པར་རྫོགས་ པར་སངས་རྒྱས་ཚུལ་ལོ། ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ། དང་པོ་ནི། མདོ་སྡེ་པད་དཀར་ལས། སྟོན་པ་འདི་བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ་ དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་སྟེ་སེམས་ དང་པོ་བསྐྱེད་པར་བཤད་དོ། །དྲིན་ལན་བསབ་པ་ལྟར་ན། དམྱལ་བའི་ཤིང་རྟ་འདྲེན་པའི་ གྱད་དུ་གྱུར་པའི་ཚེ་གྲོགས་ལ་ཤིན་ཏུ་བརྩེ་བ་སྐྱེས་ཏེ། དེའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་ བསྐྱེད་པར་བཤད་དོ། །ཡང་ན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་དེ་བཞིན་གཤེགས་ པ་ཤཱཀྱ་ཐུབ་པ་ཆེན་པོ་ལ། ཁམ་པའི་བུམ་པ་གཅིག མགྲོན་བུ་ལྔ། མཆིལ་ལྷམ་ཟུང་ གཅིགགདུགས་གཅིག་རྣམས་ཕུལ་ཏེ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་ དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །དེ་བཞིན་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་དོ། ། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཚུལ། གཉིས་པ་ལ་གསུམ། གང་བསག་བྱའི་ཚོགས་ངོས་བཟུང་བ། ཇི་ཙམ་བསགས་པའི་ དུས། ཇི་ལྟར་བསགས་པའི་ཚུལ་ལོ། ། ༡ གང་བསག་བྱའི་ཚོགས་ངོས་བཟུང་བ། 5-1-23 དང་པོ་ནི། ཆོས་གཟུགས་ཀྱི་སྐུ་གཉིས་སྒྲུབ་པའི་ཐབས་སུ་གྱུར་པའི་དགེ་བ་ཐབས་དང༌། ཤེས་རབ་ཅི་རིགས་ཀྱིས་བསྡུས་པ་ནི། ཚོགས་ཀྱི་རང་བཞིན་ཡིན་ནོ། །དེ་ལ་དབྱེ་ན་བསོད་ ནམས་ཀྱི་ཚོགས་དང༌། ཡེ་ཤེས་ཀྱི་ཚོགས་གཉིས། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་ བསོད་ནམས་ཀྱི་ཚོགས་དང༌། བརྩོན་འགྲུས་ལ་གཉིས་ཀའི་ཆ་ཡོད་པ་དང༌། ཕྱི་མ་གཉིས་ ནི་ཡེ་ཤེས་ཀྱི་ཚོགས་སུ། དབུ་མ་འཇུག་པ་ལས་གསུངས་སོ། །གལ་ཏེ་ཡེ་ཤེས་ཀྱི་ཚོགས་སུ་ གྱུར་པའི་ཚུལ་ཁྲིམས་དང༌། བཟོད་པ་གཉིས་ཡོད་པས་མ་ངེས་སོ་ཞེ་ན། སྐྱོན་མེད་དེ། གཙོ་ ཆེ་ལ་དགོངས་པའོ། །འོ་ན་ཉན་རང་ལ་ཚོགས་གཉིས་མཚན་ཉིད་པ་ཡོད་དམ་ཞེ་ན། དེ་དག་ ལ་ཚོགས་བཏགས་པ་བ་ཡོད་ཀྱང་མཚན་ཉིད་པ་ནི་མེད་དེ། སྐུ་གཉིས་ཀྱི་ལག་རྗེས་འཇོག་ བྱེད་དུ་གྱུར་པའི་ཚོགས་མེད་པའི་ཕྱིར་རོ། ། ༢ ཅི་ཙམ་བསགས་པའི་དུས། གཉིས་པ་ནི། གསུང་རབ་ལས་མི་འདྲ་བ་མང་དུ་འབྱུང་ཡང་གྲངས་མེད་གསུམ་དུ་ གསུངས་པ་ངེས་པའི་དོན་དུ་གཟུང་ངོ༌། །གྲངས་མེད་ཀྱི་དོན་ཡང་བགྲང་དུ་མེད་པའི་གྲངས་ མེད་མ་ཡིན་གྱི་གྲངས་གནས་དྲུག་ཅུར་ཕྱིན་པའི་གྲངས་མེད་ཡིན་ཞེས་ཐུབ་པ་དགོངས་རྒྱན་ ལས་བཤད་དོ། །འོ་ན་གྲངས་མེད་ཀྱི་ཚོགས་ཀྱི་མགོ་གང་ནས་བརྩམས་པ་ཡིན་ཞེ་ན། ཐེག་ བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་སེམས་ བརྟན་པའི་ཁྱད་པར་དགོས་པར་གསུངས་པས། གསེར་ལྟ་བུའི་སེམས་བསྐྱེད་རང་རྒྱུད་ལ་ ནམ་སྐྱེས་པ་ནས་གྲངས་མེད་ཀྱི་མགོ་རྩོམ་པར་རིགས་པར་བྱ་བའོ། ། ༣ ཇི་ལྟར་བསགས་པའི་ཚུལ། 5-1-24 གསུམ་པ་ནི། སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་རྣམ་པར་རྒྱལ་བའི་རྒྱལ་ མཚན་དུ། རྒྱལ་པོ་ཚེ་རྣམ་པར་རྒྱལ་བའི་སྲས་གཞོན་ནུ་བརྩོན་འགྲུས་སྤྱོད་ཅེས་བྱ་བར་ གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ ཞིང་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ནས། བསྐལ་པ་གྲངས་མེད་གཅིག་ཏུ་ཚོགས་ བསགས་པས་ས་དང་པོ་ཐོབ་པར་གྱུར་ཏོ། །དེ་ནས་གྲོང་ཁྱེར་འཛམ་བུ་ཆུ་བོའི་གསེར་དུ། རྒྱལ་པོ་མཛེས་པར་སྣང་བའི་གནང་ཆེན་པ་ཚོང་དཔོན་ཤེས་རབ་བཟང་དུ་གྱུར་པའི་ཚེ། དེ་ བཞིན་གཤེགས་པ་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་རྗེས་ སུ་བསྟན་པ་མནོས་པ་ནས་བཟུང་སྟེ། གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་ ནོན་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཁྱེའུ་སྤྲིན་ཞེས་བྱ་བར་གྱུར་པས་བྲམ་ཟེ་རིན་པོ་ཆེ་ལ་རིག་ བྱེད་བསླབས་ནས་བསྙེན་བཀུར་བྱ་བའི་རྒྱུ་བཙལ་བའི་ཕྱིར། ཡུལ་དབུས་ཀྱི་གྲོང་ཁྱེར་དག་ ཏུ་ལྗོངས་རྒྱུར་སོང་སྟེ་མཐར་གྱིས་རྒྱལ་པོ་དགྲ་ཐུལ་གྱི་ཕོ་བྲང་པད་མ་ཅན་ཞེས་བྱ་བའི་ཚོང་ འདུས་ཀྱི་དབུས་སུ་ཕྱིན་ཏོ། །དེའི་ཚེ་བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་ པ་མར་མེ་མཛད་འཇིག་རྟེན་དུ་བྱོན་ནས་ནམ་མཁའ་ལ་ལྷའི་མེ་ཏོག་དང་རོལ་མོ་སིལ་སྙན་ གླུ་དབྱངས་དང་བཅས་ཏེ་བཞུགས་པ་མཐོང་ནས། ཁྱེད་ཅི་ཞིག་བྱེད་དྲིས་པས། ཁྱེད་ཀྱིས་ མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཞེས་ཟེར་རོ། །དེ་སྐྱི་བུང་བྱེད་ ཅིང་ཀྱེ་མ་སངས་རྒྱས་འབྱུང་བ་ནི་རྙེད་པར་དཀའ་བས། བདག་གིས་སློབ་དཔོན་གྱི་ཡོན་ ནི་ཕྱིས་བསབ་པར་བྱ་སྟེ། ཀཪྵ་པ་ཎ་ལྔ་བརྒྱ་པོ་འདིས་སངས་རྒྱས་ལ་མཆོད་པར་བྱའོ་སྙམ་ དུ་དགོངས་ནས་བྲམ་ཟེའི་བུ་མོ་བཟང་ལེན་ལྡན་ལ་རྔན་པར་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ ཏུ་ཁས་བླངས་ཤིང༌། ཨུཏྤལ་ལྔ་ཉོས་ནས་སངས་རྒྱས་ལ་གཏོར་ཏེ། ཀྲིཥྞ་ས་རའི་པགས་པ་ བཏིང་ནས། མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གི་ལྷག་པའི་བསམ་ 5-1-25 པ་ཐུགས་སུ་ཆུད་པར་མཛོད་ལ། རི་དྭགས་ཀྱི་པགས་པ་འདི་ལ་ཞབས་བཞག་པར་མཛོད་ ཅིག་ཅེས་པ་དང༌། དེར་བྱོན་པས་མཉེས་པར་བྱས་ཏེ་རལ་པ་གསེར་གྱི་མདོག་ཅན་སྟན་དུ་ བཏིང་ནས། མར་མེ་མཛད་ཀུན་ནས་སྤྱན་འདི་ལ་ཞབས་མི་འཇོག་གམ། ལུང་མི་སྟོན་ན་འདི་ ཉིད་དུ་ལུས་བསྐམ་པར་བྱའོ་ཞེས་པའི་ཡི་དམ་བརྟན་པོར་བཅས་པ་དང༌། སྟོན་པས་ཞབས་ བཞག་སྟེ། དགེ་སློང་དགཁྱེད་ཀྱིས་ཁྱེའུ་འདིའི་སྐྲ་ལ་རྡོག་པ་མ་འཇོག་ཅིག དེ་ཅིའི་ཕྱིར་ཞེ་ན། འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་གནས་ཡིན་ཏེ། མ་འོངས་པའི་དུས་སུ་ཤཱཀྱ་ ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དང༌། དགའ་ཆེས་ཏེ་ཤིང་ཏ་ལ་བདུན་སྲིད་ དུ་འཕགས་ནས་ཏིང་ངེ་འཛིན་བརྒྱ་སྟོང་ཡང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། ཇི་སྐད་ དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔས། །གཏོར་ཏེ་རལ་བ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་དང༌། ལུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང༌། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་ བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཅེས་སོ། །དེ་ནས་བཟུང་སྟེ་ གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བཅུ་རྫོགས་སོ། ། མཐར་མངོན་པར་རྫོགས་པར་སངས་རྒྱས་ཚུལ། གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ལ་གཉིས། ལོངས་སྐུར་མངོན་ པར་རྫོགས་པར་སངས་རྒྱས་པའི་ཚུལ་དང༌། སྤྲུལ་སྐུར་མངོན་པར་རྫོགས་པར་སངས་རྒྱས་ པའི་ཚུལ་ལོ། ། 〖1〗 ལོངས་སྐུར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ། དང་པོ་ལ། གསར་དུ་འཚང་རྒྱ་བའི་གནས་ནི་འོག་མིན་ཡིན་ཏེ། འཇུག་པ་ལས། གང་ 5-1-26 ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་བའི་ཕྱིར། །སྔོན་ཚེ་སྟོབས་བཅུ་ བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང༌། །འོག་མིན་དུ་ནི་གང་གི་དོན་དུ་འབད་ གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་ བརྙེས། །ཞེས་གསུངས་པའི་ཕྱིར། འོན་ཀྱང་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ ནང་ཚན་དུ་གྱུར་པའི་འོག་མིན་ནི་མ་ཡིན་ཏེ། དེ་འཁོར་བའི་གནས་མཚན་ཉིད་པ་ཡིན་པས་ ཐེག་དམན་འཕགས་པ་རྣམས་སྐྱེ་བ་ལེན་པར་བྱེད་པའི་ཕྱིར། དེས་ན་གནས་གཙང་གི་འོག་ མིན་གྱི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་འོག་མིན་སྟུག་པོ་བཀོད་པ་ཞེས་བྱ་བ་གཟུགས་ ཁམས་གནས་རིགས་བཅོ་བརྒྱད་པ་དེ་ཡིན་པའི་ཕྱིར། ལང་གཤེགས་ལས། འདོད་པ་ཁམས་ དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་ དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གསུངས་པའི་ཕྱིར། གནས་དེར་ཐོག་མར་ འཚང་རྒྱ་བའི་ཚུལ་ནི། གོང་དུ་བཤད་པ་ལྟར་ཚོགས་ལམ་ནས་བཟུང་སྟེ་ས་བཅུ་པའི་བར་ དུ་གྲངས་མེད་གསུམ་གྱི་ཚོགས་ལེགས་པར་རྫོགས་ཏེ། སྲིད་པ་ཐ་མ་བའི་ཚེ་འོག་མིན་སྟུག་ པོ་བཀོད་པར་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ ནས་ས་བཅུ་པ་རྫོགས་མཚམས་ཀྱི་ཡེ་ཤེས་དེ་ལ་རྒྱུན་མཐའི་ཡེ་ཤེས་ཞེས་ཀྱང་བྱ། རྡོརྗེ་ལྟ་ བུའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་སྟེ། དེ་རྒྱུད་ལ་སྐྱེས་པའི་སྐད་ཅིག་གཉིས་པ་ལ་ཆོས་ཀྱི་སྐུའི་ བདག་ཉིད་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་བརྙེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ སོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ནི་ངེས་པ་ལྔ་དང་ལྡན་ཏེ། གནས་ངེས་པ་འོག་མིན་ཁོ་ ནར་བཞུགས་པ། ཆོས་ངེས་པ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུང་བ། འཁོར་ངེས་པ་ བྱང་སེམས་འཕགས་པ་ཤ་སྟག་གིས་བསྐོར་བ། སྐུ་ངེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ པ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་ནོ། ། 5-1-27 〖2〗སྤྲུལ་སྐུབར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ། གཉིས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དེ་འོག་མིན་དུ་བཞུགས་ནས་མཆོག་གི་སྤྲུལ་ པའི་སྐུས་འདོད་པའི་ཁམས་སུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པར་མཛད་དེ། རྒྱུད་བླ་ མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་ རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་ པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་ སྟོན། །ཞེས་གསུངས་པ་ལྟར་རོ། །དེ་ཡང་མཛད་པ་བཅུ་གཉིས་ཀྱི་ཚུལ་ཇི་ལྟ་བུ་ཞེ་ན། དང་ པོ་དགའ་ལྡན་གནས་ནས་འཕོ་བ་མཛད་པ་ནི། འོ་སྐོལ་གྱི་སྟོན་པ་འདི་དགའ་ལྡན་དུ་ལྷའི་ བུ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ། སྐྱེ་བ་གཅིག་གི་ཐོགས་པའི་བྱང་ཆུབ་སེམས་ དཔའི་ཚུལ་བཟུང་ནས་དགའ་ལྡན་པ་རྣམས་ལ་ཡང་དག་པའི་ཆོས་སྟོན་པར་མཛད་དོ། །དེའི་ ཚེ་སྔོན་གྱི་སྨོན་ལམ་གྱི་མཐུ་དང༌། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་ལྷའི་རོལ་མོའི་ སྒྲ་ལས། བསོད་ནམས་རྒྱ་ཆེན་ཚོགས་མང་དྲན་རྟོགས་ཤིང༌། །བློ་གྲོས་མཐའ་ཡས་ཤེས་ རབ་འོད་མཛད་པ། །མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ། །མར་མེ་མཛད་ཀྱིས་ ལུང་བསྟན་དགོངས་པར་མཛོད། །ཅེས་བསྐུལ་བ་ལ་བརྟེན་ནས་གཟིགས་པ་རྣམ་པ་ལྔས་ གཟིགས་ནས་དགའ་ལྡན་ནས་འཕོ་བར་དགོངས་སོ། །གཟིགས་པ་ལྔ་ནི། ཡུལ་ལ་གཟིགས་ པ་འཛམ་བུའི་གླིང་གི་ཡུལ་དབུས་གྲོང་ཁྱེར་སེར་སྐྱ། རིགས་ལ་གཟིགས་པ་མང་པོས་བཀུར་ བའི་རྒྱལ་རིགས། རུས་ལ་གཟིགས་པ་ཤཱཀྱའི་གདུང་བརྒྱུད། ཡུམ་ལ་གཟིགས་པ་གཡོ་སྒྱུ་ མཐའ་དག་དང་བྲལ་བ་ཡུམ་སྒྱུ་མ་ལྷ་མཛེས། དུས་ལ་གཟིགས་པ་སྙིགས་མ་ལྔ་བདོ་བའི་ 5-1-28 དུས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ལྷའི་བུ་རྣམས་ལ་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་ བསྟན་ནས། རིན་པོ་ཆེའི་ཅོད་པན་མ་ཕམ་པའི་དབུ་ལ་བཅིངས་ནས། གྲོགས་པོ་དག །ཁོ་བོ་ ནི་འཛམ་བུའི་གླིང་དུ་འཚང་རྒྱ་བར་འགྲོ་སྟེ། ཁྱེད་རྣམས་ལ་མ་ཕམ་པས་ཆོས་སྟོན་ནོ། །ཞེས་ གསུངས་པས། ལྷ་རྣམས་ཀྱིས་སྐྱེས་བུ་དམ་པ་ཁྱེད་མི་བཞུགས་ན་དགའ་ལྡན་གྱི་གནས་འདི་ མཛེས་པར་མི་འགྱུར་རོ། །འཛམ་བུའི་གླིང་ནི་དེང་སང་མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་ བརྒྱད་ཀྱིས་མ་རུངས་པར་བགྱིས་པས། གཤེགས་པའི་སྐབས་མ་ལགས་སོ་ཞེས་གསོལ་ བས། བཀའ་བསྩལ་པ། དུང་གི་སྒྲས་རོལ་མོའི་སྒྲ་གཞན་ཟིལ་གྱིས་གནོན་པ་དང༌། ཉི་མའི་ འོད་ཀྱིས་འོད་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། ངས་ཀྱང་དེ་དག་ཟིལ་གྱིས་ མནན་ཏེ་ཆོས་ཀྱི་བདུད་རྩིས་འགྲོ་བ་རྣམས་ཚིམ་པར་བྱའོ། །སེང་གེ་གཅིག་གིས་གཅན་ གཟན་ཚོགས་ནི་དུ་མ་འཇོམས། །རྡོ་རྗེ་གཅིག་གིས་བྲག་རྩེ་དུ་མ་རྣམ་པར་འཇིག །བརྒྱ་བྱིན་ གཅིག་གིས་ལྷ་མིན་དབང་པོ་དུ་མ་འཇོམས། །ཉི་མ་གཅིག་གིས་མུན་པ་དུ་མ་རྣམ་པར་སེལ། །ཁྱེད་ཅག་ལས་བདུད་རྩི་དོན་དུ་གཉེར་བ་རྣམས་གྲོང་ཁྱེར་དྲུག་ཏུ་ཉིང་མཚམས་སྦྱོར་བ་ ལོངས་ཤིགཅེས་སོ། །དེ་དག་གི་ཚེ་བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱིས་ད་སྟེ་ལོ་བཅུ་གཉིས་ ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་ བསྒྲགས་པས། དེའི་ཚེ་འཛམ་བུའི་གླིང་ན་རང་སངས་རྒྱས་ལྔ་བརྒྱ་ཙམ་བཞུགས་པ། དེ་དག་ ཕན་ཚུན་གཅིག་ནས་གཅིག་ཏུ་འདུས་ནས་ཝཱ་རཱ་ཎ་སཱིར་བྱོན། ད་ནི་སངས་རྒྱས་མྱུར་དུ་འབྱུང་ བས་བདག་ཅག་གིས་འགྲོ་བའི་དོན་བྱ་མི་དགོས་སོ་སྙམ་དུ་དགོངས་ནས། ཕུང་པོ་ལྷག་ མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །སྐུ་གདུང་ལ་རང་བྱུང་གི་མེ་སྦར་ཏེ། ནམ་ མཁའ་ལ་སོང་བ་ལས་རིང་བསྲེལ་རྣམས་སའི་སྟེང་དུ་ལྷུང་བར་གྱུར་ཏོ། ། གཉིས་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི། ཧོར་ཟླ་བཞི་པ་ས་ག་ཟླ་བའི་དཀར་ 5-1-29 ཕྱོགས་ཀྱི་ཚེས་བཅོ་ལྔ་ལ་ཡུམ་གསོ་སྦྱོང་ལ་གནས་པའི་དུས་སུ་བྱང་ཆུབ་སེམས་དཔའ་གླང་ པོ་ཆེ་ཐལ་དཀར་མཆེ་བ་དྲུག་པའི་གཟུགས་སུ་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས་པར་ མཛད་དོ། །དེའི་ཚེས་ཆེན་པོ་གཡོས་ཤིང་འཇིག་རྟེན་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་པ་ སོགས་ངོ་མཚར་བའི་ལྟས་མཐའ་ཡས་པ་བྱུང་ངོ༌། ། གསུམ་པ་སྐུ་བལྟམས་པའི་མཛད་པ་ནི། ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པར་ བཞུགས་ནས་ཧོར་ཟླ་དང་པོའམ་མཆུའི་ཟླ་བའི་ཡར་ངོའི་ཚེས་བཅོ་ལྔ་ལ་མེ་ཏོག་ཁ་འབུས་ ཤིང་རྒྱས་པར་གྱུར་པ་ལ་སོགས་པ་ལྟས་སུམ་ཅུ་རྩ་གཉིས་བྱུང་བ་དང༌། ལུམ་བི་ནིའི་ཚལ་དུ་ ཡུམ་གྱིས་ཕྱག་ཤིང་བླཀྵ་ལ་འཇུས་ཏེ། ཡུམ་གྱི་གློ་གཡས་པ་ནས་ཡུམ་ལ་གནོད་པ་མེད་པར་ ན་བཟའ་དང་བཅས་ནས་བལྟམས་པ་ན། ལྷས་མེ་ཏོག་གཏོར། ཚངས་པ་དང༌། བརྒྱ་བྱིན་ གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། དགའ་བོ། ཉེ་དགའ་གཉིས་ཀྱིས་སྐུ་ཁྲུས་གསོལ་བ་དང༌། ཀཽ་ཤི་ཀ་ང་ཐོངས་གསུངས་ཏེ། ཤར་དུ་དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ། །ལྷོར་མི་རྣམས་ཀྱི་སྦྱིན་གནས་སུ་འགྱུར་བར་བྱའོ། །ནུབ་ཏུ་ང་ནི་འཇིག་རྟེན་འདི་ན་ཕུལ་དུ་ ཕྱིན་པའོ། །འདི་ནི་ངའི་སྐྱེ་བའི་ཐ་མ་སྟེ། སྐྱེ་བ་དང༌། རྒ་བ་དང༌། འཆི་བ་དག་མཐར་དབྱུང་ ངོ༌། །བྱང་དུ་སེམས་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པར་བྱའོ། །འོག་ཏུ་བདུད་དང་ བདུད་ཀྱི་སྡེ་གཞོམ་པར་བྱའོ། །སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་དམྱལ་བའི་མེ་བསད་ པས་ཆོས་ཀྱི་ཆར་སྤྲིན་ཆེན་པོའི་ཆར་ཕབ་སྟེ་དེ་དག་བདེ་བས་ཚིམ་པར་བྱའོ། །སྟེང་དུ་སེམས་ ཅན་ཐམས་ཅད་ཀྱིས་གྱེན་དུ་བལྟ་བར་འགྱུར་བར་བྱའོ། །ཞེས་གསུངས་ཏེ་གོམ་པ་བདུན་ བདུན་བོར་བ་ལྟར་པདྨ་རེ་རེ་བྱུང་ངོ༌། །དེའི་ཚེ་བཀྲ་ཤིས་པའི་ལྟས་ཕྱོགས་ཐམས་ཅད་སྣང་ བས་གང་བ་དང༌། ཡུལ་ཆེན་པོ་བཞིར་རྒྱལ་སྲས་བཞི་བཙས། ཡ་རབས་ཀྱི་རིགས་ལྔ་བརྒྱ། གྲགས་ལྡན་མ་ལ་སོགས་པ་བརྒྱད་བརྒྱ། འདུན་པ་ལ་སོགས་པ་བྲན་ལྔ་བརྒྱ། སྔགས་ལྡན་ 5-1-30 ལ་སོགས་པ་རྟེའུ་ཁྲི། རྟེའུ་མོ་ཁྲི། བ་ལང་ཁྲི་ཡང་བཙས། གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་ སྐྱེས། སྐྱེད་ཚལ་ལྔ་བརྒྱ་དང༌། གཏེར་ཁ་ལྔ་བརྒྱ་ཡང་བྱུང་སྟེ་རྒྱལ་བུ་དོན་ཐམས་ཅད་གྲུབ་ པར་བཏགས་སོ། །དེ་ནས་རིགས་ཀྱི་ལྷ་མཆོད་པའི་སར་ཕྱིན་ཏེ། ཤཱཀྱ་མུ་ཅོར་སྨྲ་བ་རྣམས་ ཐུབ་པ་བཞིན་འདུག་པས། ཤཱཀྱ་ཐུབ་པར་བཏགས། ཤཱཀྱ་འཕེལ་གྱིས་ཕྱག་འཚལ་བའམ། ལྷ་རྣམས་ཀྱིས་ཕྱག་བཙལ་བས་ལྷའི་ལྷར་བཏགས་སོ། །ཞག་བདུན་ནས་ཡུམ་ཚེ་དུས་བྱས་ ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །བཞི་པ་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་ནི། ཡི་གེའི་སློབ་ དཔོན་ཀུན་གྱི་བཤེས་གཉེན་གྱི་དྲུང་དུ་བྱོན་ཏེ། ཡི་གེ་སློབ་པའི་ཚུལ་བསྟན་པས་ཡི་གེ་ལ་ མཁས་པ་སུས་ཀྱང་འགྲན་པར་མ་བཟོད། དེ་ནས་མདའ་འཕེན་པ། ཆུ་ལ་རྐྱལ་བ། གླང་པོ་ ཆེ་འདུལ་བ་ལ་སོགས་པའི་སྒྱུ་རྩལ་གྱི་སྒོ་ནས་སྟོབས་དང་རིགས་ཀྱིས་དྲེགས་པ་རྣམས་ཚར་ བཅད་ནས་འགྲན་ཟླ་མེད་པར་གྱུར་ཏོ། ། ལྔ་པ་བཙུན་མོའི་འཁོར་གྱིས་རོལ་པའི་མཛད་པ་ནི། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་ པར་བྱ་བའི་ཕྱིར། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་དང༌། རི་དྭགས་སྐྱེས་མ་ལ་སོགས་ པ་བཙུན་མོ་དྲུག་ཁྲི་དང་བཅས་དགུང་ལོ་ཉི་ཤུ་དགུའི་བར་དུ་ཁབ་ཏུ་བཞེས་ནས་རྩེ་དགས་ རོལ་པར་མཛད་དོ། ། དྲུག་པ་རབ་ཏུ་བྱུང་བའི་མཛད་པ་ནི། བྱང་ཆུབ་སེམས་དཔའ་ཁྱིམ་ནས་ཁྱིམ་མེད་པར་ རབ་ཏུ་འབྱུང་བའི་ཕྱིར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐུལ་བ་ཆོས་ཉིད་ཡིན་པས་ རོལ་མོའི་སྐད་ལས། བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་རྟག་སྟོན་ ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེསྲོག་ནམ་ མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །འཆི་མེད་མྱ་ངན་ མེད་པར་སངས་རྒྱས་ནས། །སྐོམ་པས་རབ་གདུངས་བདུད་རྩིས་ཚིམ་བྱ་ཞེས། །སྔོན་གྱི་སྨོན་ 5-1-31 ལམ་ཚིག་མཆོག་དྲན་གྱིས་ལ། །གྲོང་ཁྱེར་འདི་ནས་མྱུར་དུ་མངོན་པར་བྱུང༌། །ཞེས་སོགས་ བསྐུལ་བ་གསན་ཅིང༌། དེ་ནས་གྲོང་ཁྱེར་སེར་སྐྱའི་ཤར་སྒོར་རྒ་བ་དང༌། ལྷོ་སྒོར་ན་བ་དང༌། ནུབ་སྒོར་འཆི་བ་དང༌། བྱང་སྒོར་དགེ་སློང་ངུར་སྨྲིག་འཛིན་པ་གཟིགས་ནས་ཁྱིམ་ལ་སྐྱོ་བར་ བསྟན། ཡབ་ལ་རབ་ཏུ་འབྱུང་བར་ཞུས་པས། མ་གནང་བར་གྲོང་ཁྱེར་སེར་སྐྱའི་མཐའ་ ཀུན་ཏུ་དམག་གིས་བསྐོར་ནས་བསྲུང་བའི་ཚེ། ལྷ་རྣམས་ཀྱིས་དེ་དག་གཉིད་ལོག་པར་བྱས་ ཏེ། རྔོག་ལྡན་ལ་ཆིབས་ཏེ་སེར་སྐྱའི་ཡུལ་ནས་ཤར་ཕྱོགས་དཔག་ཚད་བཅུ་གཉིས་འདས་ པ། སྤོང་བྱེད་ཀྱི་ཡུལ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་སླེབས། རྟ་དང་ན་བཟའ་འདུན་པ་ ལ་བྱིན་ཏེ་སླར་ལོག་ཏུ་བཅུགརྒ་ཤི་མེད་པའི་གནས་མཆོག་འཆི་མེད་པ། །འཆི་མེད་བྱང་ཆུབ་ དམ་པ་མ་ཐོབ་པར། །ང་ནི་སེར་སྐྱའི་གྲོང་ཁྱེར་མངོན་ཕྱོགས་ཏེ། །འགྲེང་འདུག་ཉལ་དང་ འཆག་པར་མི་བྱའོ། །ཞེས་གསུངས། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ངུར་སྨྲིག་བཞེས་ཏེ་ རང་བྱུང་གིས་བསྙེན་པར་རྫོགས་སོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། ཆུ་བོ་ནཻ་ རཉྫ་ནའི་འགྲམ་དུ་ཟས་དང་སྐོམ་བཅད། མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ ཏེ་ལོ་དྲུག་ཏུ་དཀའ་བ་སྤྱད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་རིད་ཅིང་མདངས་ནག་ པོར་གྱུར་པས་དགེ་སྦྱོང་ནག་པོ་ཞེས་གྲགས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་སེ་ གོལ་གྱི་སྒྲས་མི་གཡོ་བའི་ཏིང་ངེ་འཛིན་ལས་བསླངས་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མས་ འོ་ཐུག་སྦྲང་རྩིའི་སྙིང་པོ་ཅན་ཕུལ་བ་གསོལ་བས། སྐུ་གསེར་གྱི་མདོག་ཅན་འོད་ཟེར་འཕྲོ་ བའི་རང་བཞིན་ཅན་དུ་གྱུར་ཏོ། ། བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། ས་གའི་ཉ་ལ་བྱང་ཆུབ་སེམས་ དཔའ་རྡོ་རྗེའི་གདན་དུ་གཤེགས་པའི་ཚེ། ལམ་དུ་རྩྭ་འཚོང་ཁྱེའུ་བཀྲ་ཤིས་ལ། བཀྲ་ཤིས་ ང་ལ་རྩྭ་ཞིག་མྱུར་དུ་སྦྱིན། །དེ་རིང་ང་ལ་རྩྭ་ཡིས་དོན་ཆེན་འགྱུར། །དཔུང་དང་བཅས་པའི་ 5-1-32 བདུད་ནི་བཅོམ་ནས་སུ། །བྱང་ཆུབ་ཞི་བ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་དང༌། དེས་ཀྱང་རྩྭ་སྔོ་འཇམ་ཡིད་དུ་འོང་བ་ཕུལ་ཏེ། ཁྱེར་ནས་བྱང་ཆུབ་ཤིང་ལ་ལན་གསུམ་བསྐོར་ ཏེ། རྩྭའི་རྩེ་མོ་ནང་བསྟན་ནས་རྩྭའི་རྩ་བ་ཕྱིར་བསྟན་པ་ལ། ཤར་ཕྱོགས་སུ་བལྟས་ཏེ་འདུག་ ནས་ལུས་དྲང་པོར་བསྲངས། དྲན་པ་མངོན་དུ་བཞག་ནས། སྟན་འདིར་འདུག་གི་ལུས་ནི་ བསྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའི་ བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་མཛད་དོ། ། དགུ་པ་བདུད་བཏུལ་བའི་མཛད་པ་ནི། བདུད་ལ་མ་སྦྲན་པར་འཚང་རྒྱ་བར་མི་རིགས་ སོ་སྙམ་སྟེ་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་འཇོམས་པའི་འོད་བཀྱེ་བས་བདུད་ཀྱི་ གནས་ཐམས་ཅད་ཁྱབ་པར་མཛད་པ་ལས། སེམས་ཅན་དག་པ་བསྐལ་མང་སྤྱད་སྤྱོད་པ། །ཟས་གཙང་སྲས་པོས་རྒྱལ་སྲིད་རབ་སྤངས་ཏེ། །ཕན་བྱེད་བདུད་རྩི་མངོན་པར་འདོད་པས་ བྱུང༌། །ཤིང་དྲུང་འོངས་ཀྱི་དེ་རིང་སྒྲིམ་པར་གྱིས། །ཞེས་བྱ་བའི་སྒྲ་བྱུང་ཞིང༌། བདུད་སྡིག་ ཅན་ལའང་རྨི་ལམ་ངན་པ་སུམ་ཅུ་རྩ་གཉིས་བྱུང་བས་རང་གི་འཁོར་བདུད་དམག་གྲངས་ མེད་པ་བསྡུས་ཏེ། གནོད་སྦྱིན་གྲུལ་བུམ་དང་ནི་ལྟོ་འཕྱེའི་གཟུགས། །སྲིན་པོའི་གཟུགས་ དང་ཤ་ཟ་ཡིདྭགས་གཟུགས། །འཇིག་རྟེན་མི་སྡུག་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་རྒྱུ་ ཡི་དེ་ནི་སྤྲུལ་པ་བྱས། །ཞེས་པ་ལ་སོགས་པ་འཇིགས་པའི་ཆ་ལུགས་དང་བཅས་ཏེ་བྱང་ཆུབ་ སེམས་དཔའི་དྲུང་དུ་ལྷགས་ཏེ། ཁ་ཅིག་གིས་ནི་རི་བོ་ཆེ་ཆུང་སྣ་ཚོགས་འཕེན། ཁ་ཅིག་གིས་ ནི་སྒྱོགས་དང་འཁྲུལ་འཁོར་སྣ་ཚོགས། ཁ་ཅིག་གིས་མདའ་དང་མདུང་ལ་སོགས་པ་མཚོན་ ཆ་སྣ་ཚོགས་འཕངས་པས་ཐམས་ཅད་ཀྱང་མེ་ཏོག་གི་ཆར་དུ་གྱུར་ཏོ། །དེ་ནས་བདུད་ན་རེ། ཁྱོད་ཀྱིས་བསོད་ནམས་དེ་ཙམ་གྱིས་ཐར་བ་ག་ལ་ཐོབ་ཅེས་སྨྲས་པ་དང༌། བྱང་ཆུབ་སེམས་ དཔས། ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་བྱས་པས། འདོད་ཁམས་ཀྱི་དབང་ 5-1-33 ཕྱུག་ཏུ་གྱུར་པ་ཡིན། ངས་གཏན་པ་མེད་པའི་མཆོད་སྦྱིན་དུ་མ་བྱས་སོ། །ཞེས་བརྗོད་པ་དང༌། བདུད་ཀྱིས། སྔོན་ཆད་ཁོ་བོའི་མཆོད་སྦྱིན་ཁ་ན་མ་ཐོ་མེད། །གཏན་པ་མེད་པ་བྱས་པ་ཁྱོད་ འདིར་དཔང་དུ་ཡོད། །ཁྱོད་ལ་འདིར་ནི་དཔང་པོ་གང་ཡང་ཡོད་མིན་པས། །སྨྲས་ཀྱང་ཕན་ པ་ཅི་ཡོད་ཁྱོད་ནི་ཕམ་པར་གྱུར། །བྱང་ཆུབ་སེམས་དཔས་སྨྲས་པ། ས་འདི་ང་ཡི་དཔང་ཡིན་ ནོ་གསུངས་ཏེ། ཕྱག་གཡས་པ་ས་ལ་བརྡབས་ཏེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་ དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ ལ་ཁྱོད་ནི་བདག་གིས་དཔང་བྱོས་ཤིག །ཅེས་གསུངས་པས། ས་རྣམ་པ་དྲུག་ཏུ་གཡོས་པའི་ གསེབ་ནས། སའི་ལྷ་མོ་བརྟན་མ་ལུས་ཕྱེད་ཕྱུང་ནས་ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་དེ་དེ་ བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །འོན་ ཀྱང་བཅོམ་ལྡན་འདས་ཉིད་ལྷ་དང་བཅས་པའི་འཇིག་རྟེན་གྱི་དཔང་དུ་གྱུར་བ་ལགས་སོ། །ཞེས་སྨྲས་ཏེ་མི་སྣང་བར་གྱུར་ཏོ། །གཡོ་ཅན་དཔུང་བཅས་ས་སྒྲ་དེ་ཐོས་ནས། །ནགས་སུ་ སེང་གེས་སྒྲ་བསྒྲགས་ཝས་ཐོས་དང༌། །བྱ་རོག་རྡོ་འཕངས་མོད་ལ་བྱེར་བ་བཞིན། །དངངས་ སྐྲག་སྙིང་གས་ཐམས་ཅད་རབ་ཏུ་བྱེར། །དེ་ནས་སྡིག་ཅན་ཡིད་མ་བདེ་ནས། རང་གི་བུ་མོ་ རྣམས་ཉམས་སད་དུ་བཏང་སྟེ། དེ་དག་གིས་ཀྱང་བཞིན་ཕྱེད་འགེབས་པ་ལ་སོགས་པ་གཡོ་ སྒྱུ་སོ་གཉིས་བསྟན་ཀྱང་བསླུར་མ་བཏུབ་པས་འདོད་ཁམས་དབང་ཕྱུག་འཁོར་དང་བཅས་པ་ མྱ་ངན་གྱི་ཁང་བུར་ཞུགས་སོ། ། བཅུ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་ནི། བྱང་ཆུབ་སེམས་དཔའ་ དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་མོའི་ཐུན་ཐ་ མའི་དུས་སུ་བླ་ན་མེད་པའི་བྱང་ཆུབ་བརྙེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་ བསྟན་ཏོ། ། 5-1-34 བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། དེ་ལྟར་སངས་རྒྱས་ནས་ ཞག་བདུན་ཕྲག་བདུན་གྱི་བར་དུ་འཇིག་རྟེན་གྱི་སྣང་ངོར་ཆོས་མི་གསུང་བར་བཏང་སྙོམས་ སུ་བཞུགས། དེ་ཡང་བདུན་ཕྲག་དང་པོ་ལ་བྱང་ཆུབ་ཀྱི་ཤིང་ལ་གཟིགས་སོ། །གཉིས་པ་ ལ་སྟོང་གསུམ་རྒྱང་རིང་དུ་འཆག་གོ། །གསུམ་པ་ལ་ངས་འདིར་སྡུག་བསྔལ་མཐར་ཕྱུང་སྟེ་ བྱང་ཆུབ་ཀྱི་སྙིང་པོ་ལ་སྤྱན་མི་འཛུམ་པར་གཟིགས་སོ། །བཞི་པ་ལ་ཤར་ནུབ་ཀྱིརྒྱ་མཚོའི་ འགྲམ་དུ་འཆག་གོ། །ལྔ་པ་ལ་ཀླུ་བཏང་བཟུང་གི་གནས་སུ་བཞུགས་སོ། །དྲུག་པ་ལ་ཤིང་ ནྱ་གྲོ་ཏའི་དྲུང་དུ་བཞུགས་སོ། །བདུན་པ་ལ་ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ་ཚོང་པ་ ག་གོན་དང༌། བཟང་པོ་སྤུན་གྱིས་སྦྲང་རྩི་དང༌། བུ་རམ་ཕུལ་བ་རྒྱལ་ཆེན་བཞིས་རྡོའི་ལྷུང་ བཟེད་ཕུལ་བའི་ནང་དུ་བཞེས་ནས། ལྷ་ཡི་བཀྲ་ཤིས་དོན་གྲུབ་ཅིང༌། །ཕྱོགས་རྣམས་བཀྲ་ ཤིས་བྱེད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་པ་ལ་སོགས་པའི་ཤིས་པ་ བརྗོད་པ་གསུངས་ཏེ་དེ་གཉིས་སྦྲང་རྩི་ཕུལ་བས་སངས་རྒྱས་སུ་ལུང་བསྟན་ཏོ། །དེ་ནས་སྟོན་ པ་ཐུགས་ལས་ཆུང་ངུར་བཞུགས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་ རྩིལྟ་བུའི་ཆོས་གཅིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ ཀྱི་འདབས་སུ་གནས་པར་བྱ། །སྙམ་དུ་དགོངས་ཤིང༌། འཇིག་རྟེན་ཀུན་ལ་སྙིང་རྗེ་མཐའ་ ཡས་པ། །གཞན་གྱིས་གསོལ་བ་བཏབ་ལ་ང་མི་སྡོད། །སྐྱེ་བོ་འདི་ཀུན་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །སྙམ་སྟེ་འོད་བཀྱེ་བས་སྟོང་གསུམ་གྱི་བདག་ པོ་ཚངས་པ་གཙུག་ཕུད་ཅན་གྱི་ཤེས་ནས་གྲོགས་སྦྲན་ཏེ། ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་ བརྒྱད་དང་བཅས་པས་ཐལ་མོ་སྦྱར་ཏེ། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་ པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅིའི་སླད་བཏང་སྙོམས་བཞུགས། །ཞེས་པ་ལ་སོགས་ 5-1-35 པས་བསྐུལ་བས། ཅང་མི་གསུང་བར་གནང་སྟེ་སོང་ངོ༌། །སྟོན་པ་ཡང་ཐུགས་ལས་ཆུང་བ་ལ་ གཞོལ་བ་ན། དེས་བརྒྱ་བྱིན་སྦྲན་ཏེ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱི་ཐུགས་ ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་ རྟེན་མུན་པར་ཤེས་རབ་འོད་འབྱུང་གསོལ། །ཞེས་གསོལ་བས་ཅང་མི་གསུང་བ་དང༌། ཚངས་ པས། ཀུན་ཏུ་འཚལ་བར་འགྱུར་བར་མཆིས་ལགས་ཀྱི། །ཐུབ་པ་ཁྱོད་ཀྱིས་ཆོས་ནི་བསྟན་དུ་ གསོལ། །ཞེས་དང༌། སྟོན་པས། སྐྱེ་དགུ་འདོད་པ་རྣམས་ལ་བཅིངས། །རྒྱུན་གྱིས་རབ་ཏུ་ བརྟས་པ་ཡིན། །ངས་ནི་ཚེགས་ནི་ཆེན་པོས་རྟོགས། །དེ་ལྟ་བས་ན་བསྟན་མི་ཕན། །ཞེས་ གསུངས་སོ། །ཡང་སྟོན་པའི་ཐུགས་ལས་ཆུང་བ་ལ་ཐུགས་བཏུད་པ་དང༌། མི་དགེ་བའི་ལྟས་ མེ་མི་འབར་བ་ལ་སོགས་པ་བྱུང་བ། གཙུག་ཕུད་ཅན་གྱིས། མ་ག་དྷ་འདིར་སྔོན་ཆོས་མ་དག་ པ། །དྲི་མ་བཅས་པར་སེམས་པའི་སྨྲ་བ་འབྱུང༌། །དེ་སླད་ཐུབ་པ་བདུད་རྩིའི་སྒོ་དབྱེ་གསོལ། །དྲི་མེད་སངས་རྒྱས་ཆོས་ནི་ཉན་ཅིང་མཆིས། །ཞེས་ནན་ཏན་དུ་གསོལ་བས། བཅོམ་ལྡན་ འདས་ཀྱིས་མ་ངེས་པའི་སེམས་ཅན་ལ་གཟིགས་ནས། ཚངས་པ་མ་ག་དྷ་ཡི་སེམས་ཅན་ གང༌། །རྣ་བ་ལྡན་ཞིང་དད་དང་ལྡན་གྱུར་པས། །མི་ཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་ དག་ལ་ནི་བདུད་རྩིའི་སྒོ་དབྱེ་འོ། །ཞེས་ཞལ་གྱིས་བཞེས་སོ། །ཐོག་མར་འདུལ་སླ་བ་སུ་ལ་ ཆོས་བསྟན་སྙམ་པ་དང༌། ལྷག་སྤྱོད་ལ་སྟོན་པར་དགོངས་པས་དེ་འདས་ཏེ་ཞག་བདུན་ལོན་ པར་གཟིགས་སོ། །དེ་བཞིན་དུ་རིང་འཕུར་ལ་སྟེ་དེ་ཡང་འདས་ནས་ཞག་གསུམ་ལོན་པར་ རིག་ནས་ད་ནི་ལྔ་སྡེ་ལ་བསྟན་པར་བྱའོ་ཞེས་དགོངས་ཏེ། ང་ནི་ཝཱ་རཱ་ཎ་སཱིར་འགྲོ། །གྲོང་ ཁྱེར་གསལ་ལྡན་སོང་ནས་ནི། །ལོང་བ་ལྟ་བུའི་འཇིག་རྟེན་ལ། །མཚུངས་པ་མེད་པའི་འོད་ བྱའོ། །ཞེས་གསུངས་ཏེ། རི་ཡ་ག་དང༌། ལྟེང་རྒྱས་དང༌། ཙན་དན་ལར་དང༌། གྲོང་ཁྱེར་ཁ་ ལོ་བསྒྱུར་ནས་གངྒཱའི་འགྲམ་དུ་གཤེགས་ཏེ་མཉན་པས་གྲུ་བཙས་བསླང་བས་ང་ལ་གྲུ་བཙས་ 5-1-36 མེད་ཅེས་ནམ་མཁའ་ལ་གཤེགས་ནས་ཝཱ་རཱ་ཎ་སཱིར་བསོད་སྙོམས་བཞེས་ཏེ་དྲང་སྲོང་ལྷུང་བ་ རི་དྭགས་ཀྱི་ནགས་སུ་གཤེགས་སོ། །དེའི་ཚེ་ལྔ་སྡེས་སྟོན་པ་རྒྱང་རིང་པོ་ནས་བྱོན་པ་མཐོང་ སྟེ། ཚེ་དང་ལྡན་པ་གོའུ་ཏ་མ་བསམ་གཏན་ལས་ཉམས་པ། ལྷོད་པ། མང་དུ་ཟ་བ་དེ་འདིར་ འོང་གི། དེ་ལ་སྨྲ་བར་མི་བྱ། བཤེས་པར་མི་བྱ། བསུ་བར་ཡང་མི་བྱའོ། །སྟན་ལྷག་པོ་འདི་ལ་ འདུག་ན་འདུག་ཏུ་ཆུགས་ཤིགཅེས་འོག་ཁྲིམས་བཅས་ཏེ་སྟན་ལྷག་པོ་གཅིག་བཏིང་ངོ༌། །དེ་ ནས་བཅོམ་ལྡན་འདས་ཕེབས་པ་ན། དེ་དག་གིས་གཟི་བརྗིད་མ་བཟོད་ནས། ཐམས་ཅད་ ཀྱིས་ཕྱག་འཚལ་ཏེ། ལ་ལས་ཞབས་བཀྲུས། ལ་ལས་སྟན་བཏིང་སྟེ་ཚེ་དང་ལྡན་པ་གོའུ་ཏ་མ་ ལེགས་པར་བྱོན་ཏམ། བྱོན་པ་ལེགས་སོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ སྟན་བཏིང་བ་དེ་ལ་བཞུགས་སོ། །ལྔ་སྡེས། བཅོམ་ལྡན་འདས་སྔོན་ལས་མདངས་གསལ་ བར་མཐོང་ནས། ཚེ་དང་ལྡན་པ་གོའུ་ཏ་མ། ཁྱོད་ཉིད་དབང་པོ་རྣམས་ནི་ཤིན་ཏུ་གསལ། པགས་པའི་མདོག་ནི་ཡོངས་སུ་དག་ན། ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ། ཞེས་གསོལ་བས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། རིགས་ཀྱི་བུ་དག་དེ་བཞིན་ གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་ཟེར་ཞིགཁྱོད་ཡུན་རིང་པོར་སྡུག་བསྔལ་བར་འགྱུར་ཏ་ རེ། ང་ནི་དེ་བཞིན་གཤེགས་པ་སྟེ། །མངོན་པར་རྫོགས་པར་སངས་རྒྱས་སོ། །རང་བྱུང་གི་ ཡེ་ཤེས་ཁོང་དུ་ཆུད་དོ། ང་ནི་ཐམས་ཅད་མཁྱེན་པ་སྟེ། སློབ་དཔོན་གཞན་ལ་རག་མ་ལུས་ སོ། །ཞེས་གསུངས་པའི་མོད་ལ། ལྔ་སྡེ་རྣམས་ཀྱི་སྐྲ་དང་ཁ་སྤུ་རང་བྱི་སྟེ་ལུས་ཆོས་གོས་ངུར་ སྨྲིག་གསུམ་གྱིས་གཡོགས་ཤིང་ལག་ན་བྱ་མ་བུམ་ཐོགས་པ། བསྙེན་པར་རྫོགས་ནས་ལོ་ བརྒྱ་ལོན་པ་ལྟ་བུ། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ལྟ་བུར་གྱུར་རོ། །དེ་ནས་ ཚངས་པས་ལྷའི་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ རྣམ་པ་ཐམས་ཅད་ཀྱིས་བརྒྱན་པ། ཉིན་མོར་བྱེད་པ་འདི་ཡང་ཟིལ་གྱིས་གནོན་པ་སྔོན་གྱི་ 5-1-37 རྒྱལ་བ་གསུམ་གྱིས་བཞེས་པ་ཕུལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བར་བཏབ། དེའི་ཚེ་རི་དྭགས་རུ་རུ་གསེར་གྱི་ཁ་དོག་ཅན་ཟུང་ནགས་ནས་ཐོན་ཏེ་འཁོར་ལོའི་རྩེ་མོ་ལ་ མིག་རྩེ་གཅིག་ཏུ་བལྟ་ཞིང་འཁོད་དོ། །དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་དགོངས་ནས་ ས་ཕྱོགས་གང་དུ་བསྐོར་སྙམ་པ་དང༌། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སྔོན་གྱི་སངས་ རྒྱས་གསུམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཁྱེན་ཏེ། སྐད་ཅིག་དེ་ཉིད་ལ་ཕྱོགས་དེར་རིན་ པོ་ཆེའི་ཁྲི་སྟོང་བྱུང་བས། ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་ བཅས་ཏེ་བཞུགས་ནས་ལྔ་སྡེ་བཟང་པོ་དང༌། ལྷའི་འཁོར་དཔག་ཏུ་མེད་པ་ལ་བཀའ་དང་པོ་ བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བས་ཀཽཎྜཱི་ནྱས་དགྲ་བཅོམ་སྟེ་དཀོན་མཆོག་གསུམ་ གྲུབ་བོ། །དེལྟར་རྣམ་པ་བཅུ་གཉིས་ཀྱི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །ཀཽཎྜཱིནྱས་ ཀུན་ཤེས་ཏེ། །དཀོན་མཆོག་གསུམ་ནི་མངོན་པར་གྲུབ། །ཅེས་སོ། །དེ་ནས་གནས་མཆོག་ བྱ་རྒོད་ཕུང་པོའི་རིར་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་འཁོར་གྲངས་མེད་པ་ལ་ བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེ་ནས་གནས་རི་བོ་མ་ལ་ ཡ་དང༌། ཡངས་པ་ཅན་ལ་སོགས་པར་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་ ཆུབ་སེམས་དཔའི་འཁོར་ལ་བཀའ་ཐ་མ་ལེགས་ཕྱེའི་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེ་ལྟར་ སྟོན་པས། སེམས་ཅན་མ་རིག་པའི་ལིང་ཏོག་གིས་ནི་གཡོགས། བདག་ལྟའི་མདུད་པས་ནི་ བཅིངས། ང་རྒྱལ་གྱི་རི་བོས་ནི་ནོན། འདོད་ཆགས་ཀྱི་མེས་ནི་གདུངས། ཞེ་སྡང་གི་མཚོན་ གྱིས་ནི་རྨས། འཁོར་བའི་དགོན་པར་ནི་ཞུགས། སྐྱེ་རྒ་ན་འཆིའི་ཆུ་བོ་ལས་མ་བརྒལ་ཏེ། སྡུག་བསྔལ་བར་གཟིགས་ནས། དེ་ལས་ཐར་བར་བྱ་བའི་ཕྱིར། དཔལ་གྱི་མགུར་དུང་གི་ ཚེམས་བར་ནས་འཕྲུལ་གྱི་ལྗགས་བརྐྱངས་ཏེ། ཚངས་པའི་གསུང་ཕྱུང་སྟེ། ཆོས་ཀྱི་འཁོར་ལོ་ མ་ལུས་པ་བསྐོར་ཏོ། །འཁོར་ལོ་གསུམ་གྱི་རྣམ་པར་གཞག་པ་ནི། འདིར་མཛད་པའི་གྲངས་ 5-1-38 སུ་མདོར་བསྡུས་པ་ཙམ་ཞིག་བརྗོད་པ་ཡིན་ལ་རྒྱས་པར་འོག་ཏུ་བསྟན་པར་བྱའོ། ། བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། དགུང་ལོ་བརྒྱད་ཅུ་པ་ལ། བདུད་ སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པས་ཟླ་བ་གསུམ་ནས་འདའ་བར་ ཞལ་གྱིས་བཞེས་སོ། །དེ་ནས་སྐུ་དངོས་ཀྱི་གདུལ་བྱའི་ཐ་མ་ཀུན་ཏུ་རྒྱུ་རབ་བཟང་ལ་ཆོས་ བསྟན་ཏེ་བདེན་པ་མཐོང༌། ཚུར་ཤོག་གིས་བསྙེན་པར་རྫོགས་པས་དགྲ་བཅོམ་ཐོབ་སྟེ་མྱ་ ངན་ལས་འདས་སོ། །དེ་ནས་བཀའ་བསྩལ་བ། དགེ་སློང་དག དཀོན་མཆོག་གསུམ་དང་ བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག དེ་ནས་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་ དག དེ་བཞིན་གཤེགས་པ་བལྟ་བ་ནི་རྙེད་པར་དཀའ་ཡི། དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ ཤིག དགེ་སློང་དགརེ་ཞིག་ཅང་མ་སྨྲ་ཞིག་དང༌། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་ པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ་ཞེས་ གསུངས་ནས། བསམ་གཏན་བཞི། གཟུགས་མེད་བཞི། འགོག་སྙོམས་ལ་ལུགས་འབྱུང་ ལུགས་ལྡོག་ལ་སྙོམས་པར་ཞུགས་ནས། སླར་བསམ་གཏན་བཞི་ལ་ཞུགས་ཏེ། རབ་མཐའ་ ལས་མྱ་ངན་ལས་འདས་སོ། །དེ་ཡང་སྐལ་མེད་ཀྱི་གདུལ་བྱ་འགའ་ཞིག་གི་སྣང་ངོར་སྤྲུལ་ པའི་བཀོད་པ་བསྡུས་པ་ལ་མྱ་ངན་ལས་འདས་པའི་ཐ་སྙད་བཏགས་པ་ཙམ་ཡིན་གྱི་དོན་ དངོས་གནས་ལ་མྱ་ངན་ལས་འདས་པ་མེད་དེ། གསེར་འོད་ལས། སངས་རྒྱས་མྱ་ངན་ཡོངས་ མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་རོ། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །མྱ་ ངན་འདའ་བ་སྟོན་པར་མཛད། །ཅེས་གསུངས་པའི་ཕྱིར། མཛད་པ་བཅུ་གཉིས་པོ་དེ་དག་ ཀྱང༌། བྱང་ཆུབ་སེམས་དཔའི་ཚུལ་མཛད་པ་དང༌། སངས་རྒྱས་ཀྱི་ཚུལ་མཛད་པ་གཉིས་སུ་ འདུས་ཏེ། མཛད་པ་དང་པོ་དགུ་བྱང་སེམས་ཀྱི་མཛད་པ་དང༌། ཕྱི་མ་གསུམ་སངས་རྒྱས་ ཀྱི་མཛད་པ་ཡིན་པའི་ཕྱིར། མངོན་པ་ཀུན་བཏུས་ལས། བསམ་གྱིས་མི་ཁྱབ་པའི་དེ་བཞིན་ 5-1-39 གཤེགས་པ་གང་ཞེ་ན། གང་དགའ་ལྡན་གྱི་གནས་ན་གནས་པ་ནས་བཟུང་སྟེ་ཡོངས་སུ་མྱ་ ངན་ལས་འདའ་བའི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང༌། སངས་རྒྱས་ཀྱི་ སྤྱོད་པ་ཡང་འདོད་པའི་ཁམས་སུ་སྟོན་པའི་གང་ཟག་གོ། །ཞེས་དང༌། དེའི་འགྲེལ་བར། བྱང་ ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཅེས་བྱ་བ་ནི། དགའ་ལྡན་གྱི་གནས་ན་གནས་པ་ནས་ བཟུང་སྟེ་བདུད་ལས་རྒྱལ་བའི་བར་དུའོ། །སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བ་ནི། མངོན་པར་ རྫོགས་པར་བྱང་ཆུབ་པ་ནས་བཟུང་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུའོ། །ཞེས་གསུངས་པའི་ཕྱིར། སྨྲས་པ། གཞན་ཕན་ཕྱིན་དྲུག་སྒོམ་པས་སྤང་བླང་ལེགས་བྱས་གྲུ་གཟིངས་ལ་བརྟེན་ནས། ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བཅས་སྲིད་ཞིའི་རྒྱ་མཚོ་ཆེན་པོ་ལས། ། སྲེད་མེད་བུས་ཀྱང་བརྒལ་བར་མི་ནུས་སྲིད་པའི་ཆུ་གཏེར་ལས་བརྒལ་ཏེ། ། ཟག་མེད་ཆོས་མཆོག་བརྙེས་ཀྱང་མ་དག་ཞིང་དུ་བཅུ་གཉིས་མཛད་འདི་རྨད། ། གང་འདུལ་ཁམས་དབང་རྗེའི་འགྲོའི་དཔལ། ། ལྷུན་གྲུབ་གསང་གསུམ་མཛད་པའི་འཕྲུལ། ། མ་ལུས་ཞིང་དུ་རྟག་བཀྱེ་བ། ། ཐུབ་དབང་སྲས་བཅས་རྒྱལ་གྱུར་ཅིག ། གང་གི་དགོངས་ཟབ་ངེས་དོན་མཆོག ། གསལ་མཛད་རྒྱལ་ཚབ་མི་ཕམ་མགོན། ། ངེས་དོན་མངའ་བདག་ཀུན་མཁྱེན་རྗེ། ། གངས་ལྗོངས་སླར་གསལ་སྒྲོལ་བའི་མགོན། ། 5-1-40 རིམ་བྱོན་བྱིན་རླབས་གསང་སྔགས་མཛོད། ། བུམ་པར་གང་བྱོས་འཕོས་པ་ཡི། ། གདམས་ཟབ་ཐུགས་ཀྱི་བཅུད་དུ་བསྐྱིལ། ། ཀུན་གྱི་ཞབས་པད་གཙུག་གིས་བསྟེན། ། ཞེས་བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་ཇོ་ནང་ཏཱ་ར་ནཱ་ཐའི་ གསུང་འབུམ་པར་དུ་སྒྲུབ་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་ པ་དཀར་ཆག་ཚིག་ཕྲེང་དོན་ཟབ་ཡིད་བཞིན་ནོར་བུའི་རྒྱན་ཕྲེང་ལས་སྟོན་པ་འཇིག་རྟེན་དུ་ བྱོན་པའི་ལེའུ་སྟེ་དང་པོའོ།། །། གང་ཞིག་གསུང་རབ་ཆུ་གཏེར་ལས་འཁྲུངས་རྒྱལ་ཀུན་རིན་ཆེན་ལྷུན་པོ་བཞིན། ། རྒྱལ་སྲས་སེམས་དཔའ་གསེར་རིའི་ཕྲེང་ལྟར་ཉན་ཐོས་རི་ཕྲན་ཚོགས་རྣམས་དང༌། ། གསུང་རབ་བསྔགས་པར་འོས་འདི་འགྲོ་ཀུན་དབུལ་སེལ་འདོད་འཇོའི་ནོར་བུ་ལྟར། ། ཉོན་མོངས་དུག་ནད་ཀུན་སེལ་དམ་ཆོས་སྨན་གྱི་སྦྱོར་བས་གདམས་ངག་མཆོག ། སྲིད་པའི་འཇིགས་འཕྲོག་མ་ལུས་བདེ་གཏེར་སྐྱེ་བོ་ཀུན་གྱིས་བཤེས་གཉེན་ལྟར། ། འདི་ལ་བསྟེན་རྣམས་འདི་ཕྱི་ཀུན་ཏུ་ཕན་སྤེལ་སྡུག་བསྔལ་སེལ་བྱེད་མཆོག ། མཛད་འཕྲིན་ལས་གྲུབ་དགེ་ལེགས་དཔལ་སྦྱིན་གསེར་ལྡན་དཀྱིལ་འཁོར་ཡོངས་རྒྱས་ ལས། ། འཇམ་མཉེན་ལྗང་གསལ་རྩྭ་ལྗོན་ཆུ་སྐྱེས་བསིལ་དྭངས་གདུངས་སེལ་ཕན་སྤེལ་ལོ། ། མི་བཟད་སྲིད་པའི་འབྲོག་དགོན་ཉམ་ང་བར། ། སྡུག་བསྔལ་ཁུར་གྱིས་དུབ་པའི་འགྲོ་རྣམས་ལ། ། ཕན་བདེ་ལེགས་སྤེལ་གསུང་རབ་གླེགས་བམ་མཆོག ། 5-1-41 རབ་ཏུ་སྤེལ་བས་སྲིད་མཐར་ཁྱབ་པར་སྨོན། ། འདི་སྤེལ་གཟུ་བོར་གང་ན་གནས་པ་དག ། ངོ་མཚར་ལེགས་བཤད་འདི་ལ་གང་བསྟེན་རྣམས། ། ཡིད་ཆེས་དག་སྣང་ཕྱོགས་མེད་རབ་ཏུ་འཕེལ། ། བསྟན་པ་ཐམས་ཅད་འགལ་བ་མེད་པར་རྟོགས། ། ༢༽ དེས་གསུངས་པའི་བསྟན་པའི་རྣམ་གཞག་བཤད་པ། གཉིས་པ་དེས་གསུངས་པའི་ བསྟན་པའི་རྣམ་གཞག་བཤད་པ་ལ། འདིར་བསྟན་པ་ནི་དམ་པའི་ཆོས་ཡིན་པས་དེ་བཤད་ པ་ལ་གཉིས། བཀའི་རྣམ་གཞག བསྟན་བཅོས་ཀྱི་རྣམ་གཞག་བཤད་པའོ། ། བཀའི་རྣམ་གཞག དང་པོ་བཀའི་རྣམ་གཞག་ལ་གཉིས། དམ་པའི་ཆོས་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང༌། བཀའི་རྣམ་གཞག་བྱེ་བྲག་ཏུ་བཤད་པའོ། ། 1 དམ་པའི་ཆོས་ཀྱི་རྣམ་གཞག་སྤྱིར་བསྟན་པ་དང༌། དང་པོ་དམ་པའི་ཆོས་ཀྱི་རྣམ་གཞག་སྤྱིར་བསྟན་པ་ལ་གསུམ། མཚན་ཉིད། སྒྲ་བཤད། དབྱེ་བའོ། ། དང་པོ་མཚན་ཉིད་ནི། གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་ སུ་གྱུར་པ་སྟེ། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང༌། །སྒྲིབ་ཀུན་སེལ་བྱེད་དམ་ པའི་ཆོས། །ཞེས་གསུངས་སོ། ། གཉིས་པ་སྒྲ་བཤད་ནི། སྤྱིར་ཆོས་ཞེས་བྱ་བའི་སྒྲ་ནི་དོན་བཅུ་ལ་འཇུག་སྟེ། རྣམ་བཤད་ རིག་པར། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ 5-1-42 ཚེ་དང་གསུང་རབ་དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་འབྱུང་བ་ལྟར། མདོལས། ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས་ཞེས་པ་ཤེས་བྱ་དང། ཡང་དག་ པའི་ལྟ་བ་ནི་ཆོས་ཡིན་ནོ་ཞེས་པ་ལམ་དང༌། ཆོས་ལ་སྐྱབས་སུ་སོང་བ་ཞེས་པ་མྱང་འདས་ དང༌། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ཡིད་ཡུལ་དང༌། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་ དང་ལྷན་ཅིག་ཆོས་སྤྱོད་ཅེས་པ་བསོད་ནམས་དང༌། བྱིས་པ་ནི་མཐོང་བའི་ཆོས་གཅེས་པར་ འཛིན་ཞེས་པ་ཚེ་དང༌། ཆོས་ཞེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་ སྡེ་དང་ཞེས་པ་གསུང་རབ་དང༌། ལུས་འདི་རྒས་པའི་ཆོས་ཡིན་ནོ་ཞེས་པ་འབྱུང་འགྱུར་དང༌། དགེ་སློང་གི་ཆོས་བཞི་ཞེས་པ་ངེས་པ་དང༌། ཡུལ་ཆོས་དང་རིགས་ཆོས་ཞེས་པ་ཆོས་ལུགས་ ཏེ་བཅུ་ལ་འཇུག་པའོ། །དེ་དག་ལ་ཅིའི་ཕྱིར་ཆོས་ཞེས་བྱ་ཞེ་ན། དྷརྨ་ཞེས་པ་ཆོས་ཡིན་ལ། དེའི་ཁམས་ནི་དྷྲི་དྷ་ར་ཎ་ཞེས་པ་འཛིན་པས་ན་ཆོས་ཞེས་བྱ་ལ། དེས་ན་ཤེས་བྱ་ལ། ཆོས་ ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་གི་མཚན་ཉིད་འཛིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ཆོས་ཞེས་བྱ་སྟེ། རང་གི་མཚན་ཉིད་ དང་སྤྱིའི་མཚན་ཉིད་གཉིས་གཉིས་འཛིན་པའི་ཕྱིར། སྤྱིའི་མཚན་ཉིད་ཡོད་དེ། འདུས་བྱས་ ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་ པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་དང་བཞི་པོ་དེ་ཡིན་པའི་ཕྱིར། ལམ་དང་མྱང་ འདས་གཉིས་ལ་ཆོས་ཞེས་བྱ་སྟེ། འཁོར་བར་ལྷུང་བ་ལས་འཛིན་པའི་ཕྱིར། ཡིད་ཀྱི་ཡུལ་ལ་ ཆོས་ཞེས་བྱ་སྟེ། རང་གི་མཚན་ཉིད་འཛིན་པའམ་ཡིད་འཛིན་པས་ན་དེ་སྐད་བརྗོད་པའི་ཕྱིར། བསོད་ནམས་ལ་ཆོས་ཞེས་བྱ་སྟེ། ངན་འགྲོར་ལྟུང་བ་ལས་འཛིན་པའི་ཕྱིར། ཚེ་ལ་ཆོས་ཞེས་ བྱ་སྟེ། ལུས་འཛིན་པའམ་རིགས་མཐུན་འཛིན་པའི་ཕྱིར། གསུང་རབ་ལ་ཆོས་ཞེས་བྱ་སྟེ། དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་ཕྱིར། འབྱུང་འགྱུར་ལ་ཆོས་ཞེས་བྱ་སྟེ། འབྱུང་རྒྱུའི་ཆོས་ 5-1-43 དེ་འཛིན་པའི་ཕྱིར། ངེས་པ་ལ་ཆོས་ཞེས་བྱ་སྟེ། ངེས་པར་བྱ་བའི་གཞི་འཛིན་པའི་ཕྱིར། ཡུལ་ ལུགས་ལ་ཆོས་ཞེས་བྱ་སྟེ། རང་དང་མཚུངས་པའི་སྦྱོར་བ་འཛིན་པའི་ཕྱིར་རོ། །དེ་དག་ལས་ མཆོག་ཏུ་གྱུར་བ་ནི། ལམ་དང་མྱང་འདས་དང་གསུང་རབ་རྣམས་ཡིན་ནོ། །དེ་དག་ལ་དམ་ པའི་ཆོས་ཞེས་བྱ་སྟེ། དམ་པ་རྫོགས་པའི་སངས་རྒྱས་ཡིན་ལ། དེས་བསྟན་པའི་ཆོས་ཡིན་ པས་དམ་པའི་ཆོས་སམ། ཡང་ན་དམ་པ་ནི་མཆོག་ཏུ་གྱུར་པ་ཡིན་ལ་ཆོས་ཀྱང་ཡིན་པས་དམ་ པའི་ཆོས་ཞེས་སམ། ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་ དེ་སྐད་ཅེས་བྱའོ། ། གསུམ་པ་དབྱེ་བ་ནི། དེ་ལ་དབྱེ་ན། ལུང་གི་ཆོས་དང༌། རྟོགས་པའི་ཆོས་གཉིས་སོ། །མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་ སོ། །ཡང་ན་འབྲས་བུའི་ཆོས། སྒྲུབ་པའི་ཆོས། བཤད་པའི་ཆོས་གསུམ་དུ་དབྱེའོ། ། 2བཀའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ། གཉིས་པ་བཀའི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ་བཞི། མཚན་ཉིད། སྒྲ་དོན། དབྱེ་བ། དེ་ཉིད་ཇི་ལྟར་བསྡུས་པའི་ཚུལ་ལོ། ། ༡ མཚན་ཉིད། དང་པོ་མཚན་ཉིད་ནི། བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང༌། བྱེད་ལས་ཁམས་ གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ། རང་གི་ བདག་རྐྱེན་སངས་རྒྱས་ལ་བརྟེན་ནས་བྱུང་བའི་གསུང་རབ་དེ། བཀའི་འཇོག་བྱེད་ཡིན་ཏེ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་ 5-1-44 གསུང་ཡིན་བཟློག་པ་གཞན། །ཞེས་སོ། ། ༢ སྒྲ་དོན། གཉིས་པ་སྒྲ་དོན་ནི། སཾསྐྲ ་ཏའི་སྐད་ལ། སུ་བྷཱ་ཥི་ཏ་ཞེས་པའི་སུ་ཞེས་དོན་ལྔ་ལ་འཇུག་ ཀྱང་ལེགས་པ། བྷཱ་ཥི་ཏ་ཞེས་པ་གསུངས་པ་སྟེ། ལེགས་པར་གསུངས་པས་ན་བཀའོ། །ཇི་ ལྟར་ལེགས་པར་གསུངས་སྙམ་ན། རྣམ་པ་བཅུ་ལེགས་པར་གསུངས་ཏེ། རྣམ་བཤད་རིགས་ པར། ཇི་ལྟར་ན་ལེགས་པར་གསུངས་པ་ཡིན་ཞེ་ན། རྣམ་པ་བཅུ་དག་གིས་ཏེ། ཡང་དག་པར་ བླང་བ་ཉིད་ཀྱིས་དང༌། དབང་དུ་མཛད་པ་ཉིད་ཀྱིས་དང༌། འཇུག་པ་ཉིད་ཀྱིས་དང༌། རབ་ཏུ་ ལྡན་པ་ཉིད་ཀྱིས་དང༌། རབ་ཏུ་དབྱེ་བ་ཉིད་ཀྱིས་དང༌། རྟེན་ཉིད་ཀྱིས་དང༌། གོ་བར་མཛད་པ་ ཉིད་ཀྱིས་དང༌། གདགས་པ་ཉིད་ཀྱིས་དང༌། དུས་ཉིད་ཀྱིས་དང༌། ཡོན་ཏན་ཡོངས་སུ་འཛིན་ པ་ཉིད་ཀྱིས་སོ། །ཞེས་སོ། །དེའི་དོན་རིམ་པ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ ནས་གསུངས་པའི་ཕྱིར་དང༌། སེམས་ཅན་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པའི་ ཕྱིར་དང༌། རེས་འགའ་བ་མ་ཡིན་པར་རྒྱུན་དུ་གསུངས་པའི་ཕྱིར་དང༌། སློབ་དཔོན་གྱི་དཔེ་ མཁྱུད་ཀྱིས་འགའ་ལ་ཡང་བར་ཆད་མ་བྱས་པར་གསུངས་པའི་ཕྱིར་དང༌། སེམས་ཅན་གྱི་ བསམ་པ་ཇི་ལྟ་བ་བཞིན་དུ་གསུངས་པའི་ཕྱིར་དང༌། དབྱངས་ཀྱི་ཡན་ལག་ལྔ་དང་ལྡན་པར་ གསུངས་པའི་ཕྱིར་དང༌། དབྱངས་གཅིག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་གོ་བར་ མཛད་པར་གསུངས་པའི་ཕྱིར་རམ། འཁོར་གྱི་དཀྱིལ་འཁོར་ཇི་སྙེད་པས་གོ་བར་མཛད་པར་ གསུངས་པའི་ཕྱིར་དང༌། མཐའ་གཉིས་སྤངས་པའི་ལམ་གསུངས་པའི་ཕྱིར་དང་། གདུལ་བྱ་ ཡོངས་སུ་སྨིན་པ་རྣམས་ལ་གསུངས་པའི་ཕྱིར་དང༌། གསུངས་དབྱངས་ཡན་ལག་དྲུག་ཅུ་དང་ ལྡན་པར་གསུངས་པའི་ཕྱིར་རོ། ། 5-1-45 ༣ དབྱེ་བ་ལ་ལྔ། གསུམ་པ་དབྱེ་བ་ནི། དེ་ལ་དབྱེ་ན། དུས་ཀྱི་སྒོ་ནས་དབྱེ་བ་དང༌། བརྗོད་བྱའི་སྒོ་ནས་ དབྱེ་བ། རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ། བདག་རྐྱེན་གྱི་སྒོ་ནས་དབྱེ་བ། གདུལ་བྱའི་སྒོ་ནས་ དབྱེ་བའོ། ། 1དུས་ཀྱི་སྒོ་ནས་དབྱེ་བ། དང་པོ་དུས་ཀྱི་སྒོ་ནས་དབྱེ་བ་ནི། འཁོར་ལོ་གསུམ་སྟེ། འདི་ལ་གཉིས། ཆོས་འཁོར་གྱི་ མཐའ་དཔྱད་པ་དང༌། འཁོར་ལོ་གསུམ་སོ་སོར་བཤད་པའོ། །དང་པོ་ཆོས་འཁོར་གྱི་མཐའ་ དཔྱད་པ་ལ། ཆོས་འཁོར་གྱི་ངོ་བོ། སྒྲ་བཤད། དབྱེ་བ། འདོད་ཚུལ། ཆོས་ཕུང་གི་ཚད་དང་ ལྔའོ། །དང་པོ་ཆོས་འཁོར་གྱི་ངོ་བོ་ནི། གདུལ་བྱའི་རྒྱུད་ཀྱི་མི་མཐུན་ཕྱོགས་གཅོད་པའི་ཆེད་ དུ་གསུངས་པ་གང་ཞིགལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་དེ། ཆོས་ འཁོར་གྱི་འཇོག་བྱེད་དུ་ཁས་བླང་བར་བྱའོ། །གཉིས་པ་སྒྲ་བཤད་ནི། ལུང་རྟོགས་ཀྱི་དམ་ པའི་ཆོས་དེ་ལ་ཅིའི་ཕྱིར་ཆོས་ཀྱི་འཁོར་ལོ་ཞེས་བྱ་ཞེ་ན། དེ་གདུལ་བྱའི་རྒྱུད་ལ་རིམ་གྱིས་ འཕོ་བ་དང༌། འདོད་ཆགས་སོགས་མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱེད་པས་ན་འཁོར་ ལོ་དང་ཆོས་མཚུངས་པའི་ཕྱིར། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་ པོ་ཆེ་དེ་ཡུལ་གཞན་དང་གཞན་དུ་རིམ་གྱིས་འཕོ་བ་དང༌། དེའི་དབང་གིས་མི་མཐུན་པའི་ ཕྱོགས་ལས་རྒྱལ་བར་བྱེད་པ་བཞིན་ནོ། ། གསུམ་པ་དབྱེ་བ་ནི། དེ་ལ་དབྱེ་ན། ལུང་གི་ཆོས་འཁོར་དང༌། རྟོགས་པའི་ཆོས་འཁོར་ གཉིས་སོ། ། བཞི་པ་འདོད་ཚུལ་ལ། ཉན་ཐོས་སྡེ་པའི་ལུགས་དང༌། ཐེག་ཆེན་པའི་ལུགས་གཉིས་ 5-1-46 སོ། །དང་པོ་ཉན་ཐོས་སྡེ་པའི་ལུགས་ནི། བྱེ་བྲག་སྨྲ་བ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་ དུ་འདོད་དེ། ལྔ་སྡེ་ལ་ཝཱ་རཱ་ཎ་སཱིར་ཆོས་བསྟན་པས་ཀུན་ཤེས་ཀཽནྜཱི་ནྱ་ལ་མཐོང་ལམ་སྐྱེས་ པས་ན་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བསྒྲགས་པ་དང༌། འཁོར་ ལོ་རིན་པོ་ཆེ་དང་ཆོས་མཐུན་པ་མཐོང་ལམ་ལ་ཡོད་པའི་ཕྱིར་སྙམ་དུ་བསམ་མོ། །ཇི་ལྟར་ ཆོས་མཐུན་ནི། མཐོང་ལམ་གྱིས་བདེན་པ་མྱུར་དུ་རྟོགས་པར་བྱེད་པས་མྱུར་དུ་འགྲོ་བ་དང༌། བདེན་པ་སྔ་མའི་དམིགས་རྣམས་འདོར་བ་དང༌། ཕྱི་མ་ལ་འཇུག་པ་དང༌། བར་ཆད་མེད་ ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང༌། རྣམ་གྲོལ་ ལམ་གྱིས་སྤང་བྱ་དང་བྲལ་བའི་བྲལ་ཐོབ་འདྲེན་པས་རྒྱལ་བ་རྣལ་དུ་འགོད་པ་དང༌། ཁམས་ གོང་གི་བདེན་པ་ལ་དམིགས་པས་འཕར་བ་དང༌། འོག་མའི་བདེན་པ་ལ་དམིགས་པས་ འབབ་པའི་ཆོས་མཐུན་ཏེ། མཛོད་ལས། ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་ སོགས་ཞེས་སོ། །བཙུན་པ་དབྱངས་སྒྲོག་ནི། འཕགས་ལམ་བརྒྱད་ཉིད་ཆོས་འཁོར་ཡིན་ ཏེ། འཁོར་ལོ་ལ་ཡོད་པའི་རྟེན་པའི་ལྟེ་བ་དང༌། གཅོད་པའི་རྩིབས་དང༌། སྡུད་པའི་མུ་ཁྱུད་ དང་ཆོས་མཐུན་ཡོད་པའི་ཕྱིར་རོ། །ཇི་ལྟར་ན། །ངག་ལས་མཐའ། འཚོ་བ་གསུམ་ལྟེ་བ་དང་ མཐུན་ཏེ། དེ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་ བྱེད་པའི་ཕྱིར། ལྟ་བ། རྟོག་པ། རྩོལ་བ་རྣམས་རྩིབས་དང་མཐུན་ཏེ། ཤེས་རབ་ཀྱི་བསླབ་པ་ ཡིན་པས་མི་མཐུན་ཕྱོགས་གཅོད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་མུ་ཁྱུད་དང་མཐུན་ཏེ། ལྟ་བ་ སོགས་རྩེ་གཅིག་པའི་ཚུལ་གྱིས་དམིགས་པ་ལ་འཛིན་པའི་ཕྱིར་རོ་སྙམ་དུ་བསམ་ཏེ། མཛོད་ ལས། རྩིབས་སོགས་ཕྱིར་ཞེས་སོ། །དེ་ལ་བརྟེན་ནས་ལུང་གི་ཆོས་འཁོར་ལ་བདེན་བཞིའི་ ཆོས་འཁོར་གྱིས་ཁྱབ་པར་འདོད་དོ། ། གཉིས་པ་ཐེག་ཆེན་པའི་ལུགས་ནི། ཐེག་ཆེན་པ་ལྟར་ན་ཚོགས་ལམ་ནས་མི་སློབ་ལམ་ 5-1-47 གྱི་བར་ལྔ་པོ་ཐམས་ཅད་ཆོས་ཀྱི་འཁོར་ལོ་ཡིན་ཏེ། ཚིག་གསལ་ལས། ཆོས་ཀྱི་འཁོར་ལོ་ ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ ལམ་གྱི་བར་རོ། །ཞེས་སོ། །འདིར་མི་སློབ་ལམ་ཆོས་འཁོར་དུ་མ་བསྡུས་ཀྱང་འདོད་མི་ དགོས་ཏེ། མཛོད་འགྲེལ་ལས། ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་གདུལ་བྱའི་རྒྱུད་ ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཞེས་སོ། །ལམ་དེ་དག་བརྗོད་བྱར་སྟོན་པའི་ གསུང་རབ་རྣམས་ཀྱང་ཆོས་ཀྱི་འཁོར་ལོ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། ཀུན་རྫོབ་ ཀྱི་ཆོས་ཀྱི་ངོ་བོ་བསྟན་པའི་རང་བཞིན་གྱི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཞེས་དང༌། ཆོས་ཀྱི་བཤེས་གཉེན་གྱིས་ཀྱང༌། ཐུབ་པ་ཆེན་པོས་ཆོས་ཀྱི་འཁོར་ལོ་མ་ལུས་པ་སྟེ་ཆོས་ནི་ བསྟན་པའི་ཆོས་གཙོ་བོར་བྱས་པའོ། །ཞེས་སོ། ། ལྔ་པ་ཆོས་ཕུང་གི་ཚད་ནི། ཁ་ཅིག་ཤཱ་རིའི་བུས་བྱས་པའི་ཆོས་ཀྱི་ཕུང་པོ་ཞེས་པའི་ བསྟན་བཅོས་ཀྱི་ཚད་ཙམ་སྟེ། དེ་ལ་ཡང་ཤོ་ལོ་ཀ་དྲུག་སྟོང་ཡོད་དེ། མཛོད་ལས། ཁ་ཅིག་ བསྟན་བཅོས་ཚད་ཅེས་ཟེར། །ཞེས་སོ། །ཡང་ལ་ལ་ཕུང་ཁམས་སྐྱེ་མཆེད་བདེན་བཞི། རྟེན་ འབྲེལ་སོགས་ལས་བརྩམས་པའི་གཏམ་རྒྱུད་རེ་རེ་ནི་ཆོས་ཀྱི་ཕུང་པོའི་ཚད་ཡིན་ཏེ། དེ་ཉིད་ ལས། ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་སོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་ན་རེ། ཐེག་པ་ཐུན་མོང་བའི་དབང་དུ་བྱས་པ་དང། ཐེག་པ་ཆེན་པོའི་དབང་དུ་བྱས་པ་གཉིས། དང་ པོ་ནི་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་གཅིག་དེ་སྟོང་དུ་ལོངས་པ་ན་ཆོས་ཕུང་གི་ཚད་ དུ་འཇོག་གོ། ། གཉིས་པའི་དབང་དུ་བྱས་ན། གླང་པོ་ཆེ་རབ་བརྟན་གྱིས་བཀུར་བར་འོས་པའི་སྣག་ ཚས་ནི་ཆོས་ཕུང་གཅིག་འབྲི་བར་ནུས་ཏེ། དྲིན་ལན་བསབ་པའི་མདོ་ལས། འཕགས་པ་ལྷས་ བྱིན་གྱིས་གླང་པོ་ཆེ་ལྔ་སྟོང་གིས་བཀུར་བར་བྱ་བའི་གླེགས་བམ་རྣམས་ཁ་ཏོན་དུ་བརྗོད་ 5-1-48 པར་བྱེད་དོ། །ཞེས་གསུངས་སོ། །རང་ལུགས་ནི། ཆགས་སོགས་ཉོན་མོངས་པ་བརྒྱད་ཁྲི་ བཞི་སྟོང་ལ་སྤྱོད་པ་རེ་རེའི་གཉེན་པོ་རྫོགས་པར་སྟོན་པའི་གཞུང་གི་ཚོགས་ལ་ཆོས་ཀྱི་ ཕུང་པོ་ཞེས་བྱ་སྟེ། མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་ པར་གསུངས། །ཞེས་དང༌། བརྒྱད་སྟོང་འགྲེལ་ཆེན་ལས། མདོར་བསྡུ་ན། འདོད་ཆགས་ ལ་སོགས་པའི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ལ་སྤྱོད་པ་རེ་རེའི་གཉེན་པོ་གཞུང་ཇི་ཙམ་གྱིས་ ཡོངས་སུ་རྫོགས་པར་གྱུར་པ་དེ་ཙམ་གྱི་གཞུང་གི་ཚོགས་ལ་ཆོས་ཀྱི་ཕུང་པོ་ཞེས་བྱ། ཞེས་ གསུངས་སོ། །འོ་ན་ཆོས་ཀྱི་ཕུང་པོ་དེ་སྙེད་ཡོད་ན་དེང་སང་འཛམ་བུའི་གླིང་ན་དེ་ཙམ་མི་སྣང་ བ་ཅི་ཡིན་ཞེ་ན། འཇིག་རྟེན་གྱི་ཁམས་གཞན་དང་ཀླུ་རྣམས་ཀྱི་གནས་ན་ཕལ་ཆེར་ཡོད་དེ། སློབ་སྤྲིངས་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ ཚུལ་གང་ཡིན་ཀླུ་མགོའི་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱི་གཙུག་གི་རྒྱན་དུ་གུས་མནོས་ ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་སོ། ། གཉིས་པ་འཁོར་ལོ་གསུམ་སོ་སོར་བཤད་པ་ལ། ལུང་འགོད་པ་དང༌། ལུང་གི་དོན་སོ་ སོར་བཤད་པའོ། །དང་པོ་ལུང་འགོད་པ་ནི། མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་ འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་ པས། ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་ པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་ མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང། གཟོད་ 5-1-49 མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་ མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་ གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་ མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་ མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་ པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ འཁོར་ལོ་བསྐོར་བ་འདི་ནི། བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ ཏེརྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་སོ། ། གཉིས་པ་ལུང་གི་དོན་སོ་སོར་བཤད་པ་ལ་གསུམ་ལས། དང་པོ་བདེན་བཞིའི་ཆོས་ འཁོར་གྱི་དོན་བཤད་པ་ལ། གནས་ཀྱི་ཁྱད་པར། དུས་ཀྱི་ཁྱད་པར། འཁོར་གྱི་ཁྱད་པར། ཆོས་ཀྱི་ཁྱད་པར། དགོས་པའི་ཁྱད་པར་དང་ལྔ། དང་པོ་གནས་ཀྱི་ཁྱད་པར་ནི། ཡུལ་ཝཱ་རཱ་ ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་གནས་སོ། ། གཉིས་པ་དུས་ཀྱི་ཁྱད་པར་ནི། དུས་དང་པོར་རོ། །ཁ་ཅིག་གི་ལོདྲུག་ཟླ་བ་དྲུག་གོ་ཟེར། མཆིམས་ན་རེ། ལོ་བདུན་ཟེར་རོ། །ཆག་ན་རེ། ལོ་བདུན་དུ་ཟླ་བ་གཉིས་ཀྱིས་མ་ཚང་བའོ་ ཞེས་ཟེར་རོ། ། གསུམ་པ་འཁོར་གྱི་ཁྱད་པར་ནི། ཀཽནྜཱིནྱ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཏེ་ ལྔ་དང༌། ལྷའི་འཁོར་མང་པོའོ། ། 5-1-50 བཞི་པ་ཆོས་ཀྱི་ཁྱད་པར་ནི། སྟོན་པས་དུས་དང་པོར་གསུངས་པ་གང་ཞིག་ཆེད་དུ་བྱ་ བའི་གདུལ་བྱ་ཐེག་དམན་རིགས་ཅན་ལ་གཙོ་བོར་དགོངས་ནས་གཟུགས་ནས་བྱང་ཕྱོགས་ ཀྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྟོན་པའི་མདོ་དངོས་སམ། དེའི་ སྡེར་གཏོགས་པ་གང་རུང་ཡིན་པ་དེ་འཁོར་ལོ་དང་པོའི་མཚན་ཉིད། དེ་ཡང་བདེན་བཞི་ལ་ ལན་གསུམ་རྣམ་པ་བཅུ་གཉིས་སུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལན་གསུམ་དུ་ བཟླས་པའི་ཚུལ་ལ། བྱེ་བྲག་སྨྲ་བ་ན་རེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ སྡུག་བསྔལ་གྱི་ངོ་བོ་ལ་བཟླས་པ་གཅིག་དང༌། སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ་ཞེས་ བྱ་བ་ལ་བཟླས་པ་གཅིག་དང༌། སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་འབྲས་བུ་ལ་བཟླས་པ་ གཅིག་དང་གསུམ་མོ། །རྣམ་པ་བཅུ་གཉིས་ནི། བཟླས་པ་དེ་དག་རེ་རེ་ལའང་སྡུག་བསྔལ་ གྱི་ངོ་བོ་མངོན་གསུམ་དུ་གྱུར་པའི་མིག་དང༌། ཐེ་ཚོམ་མེད་པའི་ཤེས་པ་དང། ཡང་དག་པའི་ དོན་ཤེས་པའི་རིག་པ་དང༌། རྣམ་པར་དག་པའི་ཕྱིར་བློ་ཞེས་པ་བཞི་རེ་སྐྱེས་པའི་ཕྱིར་བཅུ་ གཉིས་སོ། །དེ་བཞིན་དུ་བདེན་པ་གཞན་གསུམ་ལ་སྦྱར་ཏེ་བཟླས་པས་བཅུ་གཉིས་པ་ཚན་ པ་གསུམ་མོ། །འོ་ན་ནི་བདེན་པ་བཞི་པོ་རེ་རེའང་བཟླས་པ་གསུམ་གསུམ་བཅུ་གཉིས་དང༌། བཟླས་པ་རེ་རེ་ལའང་རྣམ་པ་བཞི་བཞི་དང་ལྡན་པས་རྣམ་པ་བཞི་བཅུ་རྩ་བརྒྱད་ཡོད་པའི་ ཕྱིར། བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་སུ་ཇི་ལྟར་འགྱུར་ཞེ་ན་བདེན་མོད་ཀྱི། བདེན་ པ་རེ་རེ་ལའང་བཟླས་པ་གསུམ་དང་རྣམ་པ་བཅུ་གཉིས་པར་འདྲ་བའི་ཕྱིར། ལན་གསུམ་དུ་ བཟླས་ཏེ་རྣམ་པ་བཅུ་གཉིས་ཞེས་བརྗོད་དེ། དཔེར་ན་གཉིས་བསྟན་པ་དང་གནས་བདུན་ ལ་མཁས་པ་བསྟན་པ་བཞིན་ནོ། །དེ་ལ་གཉིས་བསྟན་པ་ནི་མདོ་ལས། དགེ་སློང་དགཁྱེད་ ལ་གཉིས་བསྟན་པར་བྱའི། དེ་ལེགས་པར་རབ་ཏུ་སྟོན་པ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ ངས་བཤད་དོ། །གཉིས་གང་ཞེ་ན། མིག་དང་གཟུགས་རྣམས་ཞེས་བྱ་བ་ནས། ཡིད་དང་ཆོས་ 5-1-51 རྣམས་སོ་ཞེས་བྱ་བའི་བར་དུ་སྦྱར་ཏེ་གཉིས་ཚན་དྲུག་ཡོད་ཀྱང་གཉིས་གཉིས་སུ་ཆོས་མཐུན་ པའི་ཕྱིར་གཉིས་སུ་གསུངས་པ་དང༌། གནས་བདུན་ནི་མདོ་ལས། དགེ་སློང་གནས་བདུན་ལ་ མཁས་པ་ནི་ཆོས་འདུལ་བ་འདི་ལ་མྱུར་དུ་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །བདུན་གང་ཞེ་ ན། གཟུགས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང༌། གཟུགས་གཟུགས་འགོག་པ་དང༌། གཟུགས་འགོག་པར་འགྱུར་བའི་ལམ་དང༌། གཟུགས་ ཀྱི་རོ་མྱང་བ་དང༌། ཉེས་དམིགས་དང༌། ངེས་པར་འབྱུང་བའང་ཡང་དག་པ་ཇི་ལྟ་བ་བཞིན་ རབ་ཏུ་ཤེས་སོ། །ཞེས་པ་དང༌། དེ་བཞིན་དུ་ཚོར་བ་ལ་སོགས་པའི་ཕུང་པོ་ལའང་སྦྱར་ནས་ བདུན་ལྔ་སུམ་ཅུ་རྩ་ལྔ་ཡོད་ཀྱང་བདུན་ཚན་དུ་འདྲ་བས་བདུན་དུ་གསུངས་པ་བཞིན་ནོ། །དེ་ ལ་བདེན་པ་བཞི་ཆར་གྱི་བཟླས་པ་གསུམ་གྱིས་རིམ་པ་ལྟར་མཐོང་སྒོམ་མི་སློབ་པའི་ལམ་ གསུམ་བསྟན་ཏོ། །ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། དེ་ལྟར་ན་ཆོས་ཀྱི་འཁོར་ལོ་ལན་གསུམ་ བཟླས་པ་དང་རྣམ་པ་བཅུ་གཉིས་མ་ཡིན་པར་འགྱུར་ཏེ། མཐོང་ལམ་ཁོ་ན་ལན་གསུམ་ བཟླས་པ་དང་རྣམ་པ་བཅུ་གཉིས་མ་ཡིན་པའི་ཕྱིར་རོ། །ཞེས་བྱེ་སྨྲའི་འདོད་པ་སུན་ཕྱུང་ནས་ རང་གི་ལུགས་འཇོག་པའི་ཚེ། ལན་གསུམ་དུ་བཟླས་པ་ནི། ངོ་བོ་ལ་བཟླས་པ་དང༌། བྱེད་ པ་ལ་བཟླས་པ་དང༌། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་དང་གསུམ་མོ། །དང་པོ་ནི། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་ པའོ། ། གཉིས་པ་ནི། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་པའོ། །གསུམ་པ་ནི། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། 5-1-52 ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་ཅེས་པའོ། །རྣམ་པ་བཅུ་གཉིས་ནི། ངོ་བོ་ལ་ བཟླས་པའི་ཚེ། རིག་པ་སྐྱེས། མིག་སྐྱེས། བློ་སྐྱེས། ཤེས་པ་སྐྱེས་སོ། །བཞི་པོ་དེ་ཡང་རིམ་པ་ བཞིན་དུ་ཐེག་དམན་གྱི་སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་དང་སྦྱོར་རོ། །བྱེད་ པ་ལ་བཟླས་པ་དང༌། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པའི་ཚེ་ཡང་རིག་པ་ལ་སོགས་ པ་བཞི་བཞི་སྐྱེ་བར་འདོད་དོ། །དེ་ལྟ་བས་ན་མདོ་སྡེ་པའི་འདོད་པ་འདི་ཉིད་སློབ་དཔོན་ཆེན་ པོ་དབྱིག་གཉེན་གྱིས་ཀྱང་བཞེད་པས་འཐད་པའི་ཕྱོགས་སུ་བཟུང་བར་བྱའོ། །མདོ་འདིའི་ གོང་ན་ངེས་དོན་གྱིས་བསྟན་པ་གཞན་ཡོད་པས་བླ་ན་མཆིས་པ་དང༌། རྒོལ་བ་གཞན་གྱིས་ ཀླན་ཀ་འཇུག་པས་སྐབས་མཆིས་པ་དང༌། དངོས་བསྟན་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་ བས་དྲང་དོན་དང༌། མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་མ་ཕྱེ་བས་རྩོད་པའི་ གཞིའི་གནས་སུ་གྱུར་པ་ཞེས་བྱ་སྟེ། འོག་མ་གཉིས་ལ་ཡང་སྦྱོར་ཚུལ་ཤེས་པར་བྱའོ། ། ལྔ་པ་དགོས་པའི་ཁྱད་པར་ནི། ལྔ་སྡེས་དགྲ་བཅོམ་པ་ཐོབ་པ་ནི་དངོས་ཀྱི་དགོས་པའོ། །གདུལ་བྱ་གང་ཟག་ཏུ་འཛིན་པ་ལས་ལྡོག་ནས་འབྲས་བུ་བཞི་ལ་འགོད་པ་ནི་བརྒྱུད་པའི་ དགོས་པའོ། ། གཉིས་པ་འཁོར་ལོ་བར་བའི་དོན་ལ། གནས་ཀྱི་ཁྱད་པར། དུས་ཀྱི་ཁྱད་པར། འཁོར་གྱི་ ཁྱད་པར། ཆོས་ཀྱི་ཁྱད་པར། དགོས་པའི་ཁྱད་པར་ལྔ། དང་པོ་གནས་ཀྱི་ཁྱད་པར་ནི། རྒྱལ་ པོའི་ཁབ་བྱ་རྒོད་ཕུང་པོའི་རིའོ། ། གཉིས་པ་དུས་ཀྱི་ཁྱད་པར་ནི། བདེན་བཞིའི་ཆོས་འཁོར་བསྐོར་བ་དེའི་འོག་ཏུའོ། །ཁྲོ་ ལོ་ན་རེ། ལོ་སུམ་ཅུ་ཟེར་རོ། །མཆིམས་ན་རེ། ལོ་ཉི་ཤུ་རྩ་བདུན་ཟེར་རོ། །ཆག་ན་རེ། སོ་ གཅིག་ཟེར་རོ། །ཁ་ཅིག་ལོ་བཅུ་གཉིས་ཞེས་ཟེར་རོ། །གསུམ་པ་འཁོར་གྱི་ཁྱད་པར་ནི། སྟོང་ ཉིས་བརྒྱ་ལྔ་བཅུའམ་ལྔ་སྟོང་གི་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ཕ་མ་དང༌། 5-1-53 བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ངོ༌། །བཞི་པ་ཆོས་ཀྱི་ཁྱད་པར་ནི། སྟོན་པས་དུས་བར་བར་གསུངས་པ་གང་ཞིགཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ ཅན་འཁོར་ལོ་བར་བའི་མདོའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་མི་དགོས་ པའི་རིགས་ཅན་ལ་གཙོ་བོར་དགོངས་ནས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་ པར་སྒྲས་ཟིན་ལ་སྟོན་པའི་མདོ་དངོས་སམ། དེའི་སྡེར་གཏོགས་པ་གང་རུང་འཁོར་ལོ་བར་ བའི་མཚན་ཉིད་དུ་འཇོགམཚན་གཞི་ནི་ཤེར་ཕྱིན་སྐོར་དགུ་སྟེ། རྒྱས་པའི་རྒྱས་པ་ཤེར་ཕྱིན་ བམ་པོ་ལྔ་བརྒྱ་པ། རྒྱས་པའི་འབྲིང་ཤེར་ཕྱིན་བམ་པོ་བཞི་བརྒྱ་པ། རྒྱས་པའི་བསྡུས་པ་ ཤེར་ཕྱིན་འབུམ་པ། འབྲིང་གི་རྒྱས་པ་སྟོང་ཕྲག་ཉི་ཤུ་ལྔ་པ། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་ པ། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་པ། བསྡུས་པའི་རྒྱས་པ་ཤེར་ཕྱིན་བམ་པོ་བཅོ་བརྒྱད་པ། བསྡུས་པའི་འབྲིང་བརྒྱད་སྟོང་པ། བསྡུས་པའི་བསྡུས་པ་མདོ་སྡུད་པ་རྣམས་སོ། །འཁོར་ལོ་ འདི་ནི་རྣམ་རིག་པ་རྣམས་དྲང་དོན་དང༌། དབུ་མ་པ་ངེས་དོན་དུ་བཞེད་དོ། ། ལྔ་པ་དགོས་པའི་ཁྱད་པར་ནི། དངོས་ཀྱི་དགོས་པ་གདུལ་བྱ་སྨིན་གྲོལ་ལ་བཀོད་པ་ དང༌། བརྒྱུད་པའི་དགོས་པ་སེམས་ཅན་ཐམས་ཅད་ཀྱིས་ལྟ་བ་ངན་པ་བསལ་ནས་མཐའ་ གཉིས་སུ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའོ། ། གསུམ་པ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་ལ། གནས་ཀྱི་ཁྱད་པར་ དང༌། འཁོར་གྱི་ཁྱད་པར། དུས་ཀྱི་ཁྱད་པར། ཆོས་ཀྱི་ཁྱད་པར། དགོས་པའི་ཁྱད་པར་ལྔ། དང་པོ་གནས་ཀྱི་ཁྱད་པར་ནི། རི་མཱ་ལ་ཡ་དང༌། ཡུལ་ཡངས་པ་ཅན་ལ་སོགས་པའོ། །གཉིས་ པ་འཁོར་གྱི་ཁྱད་པར་ནི། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་ དཔའ་གྲངས་མེད་པའོ། ། གསུམ་པ་དུས་ཀྱི་ཁྱད་པར་ནི། འཁོར་ལོ་བར་བ་བསྐོར་བ་དེའི་འོག་ཏུའོ། །མཆིམས་ན་ 5-1-54 རེ། ལོ་བཅུ་ཟེར་རོ། །ཁྲོ་ལོ་ན་རེ། ལོ་བཅུ་གཉིས་ཟེར་རོ། །ཆག་ན་རེ། ལོ་བདུན་ནམ་དགུ་ ཟེར་རོ། །ཁ་ཅིག་ལོ་ཉི་ཤུ་རྩ་དྲུག་གམ་རྩ་བརྒྱད་ཟེར་རོ། །འདི་ལ་བཅོམ་ལྡན་རལ་གྲིའི་ བསྟན་པ་རྒྱན་གྱི་མེ་ཏོག་ལས། འདི་ལ་ཡང་ཁ་ཅིག་ན་རེ། བཀའ་དང་པོ་ལ་སོ་བདུན་དང༌། བཀའ་གཉིས་པ་ལ་སོ་གསུམ་དང༌། བཀའ་གསུམ་པ་ལ་ལོ་བརྒྱད་གསུངས་སོ་ཞེས་ཟེར་ ཏེ་འདི་དག་ནི་རྗོད་པར་བྱེད་པའི་ལུང་མ་མཐོང་ངོ༌། །ཞེས་དང༌། མཁས་པ་ཆེན་པོ་བུ་སྟོན་ གྱིས། དུས་ཀྱི་ངེས་པ་འདི་རྣམས་ཀྱི་ཁུངས་གསལ་བ་ཁོ་བོས་མ་མཐོང་ངོ༌། །ཞེས་གསུངས་ ཏེ་ཐུགས་མད་པར་སྣང་ངོ༌། །བཞི་པ་ཆོས་ཀྱི་ཁྱད་པར་ནི། སྟོན་པས་དུས་ཐ་མར་གསུངས་ པ་གང་ཞིག ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་བའི་དགོངས་ པ་འཁོར་ལོ་ཐ་མ་བཀྲལ་བ་ལ་ལྟོས་དགོས་པ་རྣམས་ལ་གཙོ་བོར་དགོངས་ནས་མཚན་ ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་སྟོན་པའི་མདོ་དངོས་སམ། དེའི་སྡེར་ གཏོགས་པ་གང་རུང་འཁོར་ལོ་ཐ་མའི་མཚན་ཉིད་དུ་འཇོགམཚན་གཞི་ནི་མདོ་སྡེ་དགོངས་ པ་ངེས་འགྲེལ། གཤེགས་སྙིང་གི་མདོ། དཔལ་ཕྲེང་གིས་ཞུས་མདོ། སོར་ཕྲེང་ལ་ཕན་པའི་ མདོ་སོགས་ཐུན་མོང་མ་ཡིན་པའི་མདོ་སྡེ་མང་པོ་དང༌། དགོངས་འགྲེལ། ལང་གཤེགས་ སོགས་ཐུན་མོང་གི་མདོ་སྡེ་གྲངས་ཉི་ཤུ་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཀླས་པའོ། །དེ་འདྲའི་ ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་ སུ། །ཕྱི་རོལ་དོན་དུ་མི་རྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་ བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་ འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར་ཐེག་པ་ ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་ཆོས་ཀུན་སེམས་ཀྱི་སྣང་ཆ་ཙམ་དུ་ཤེས་ནས་ ཕྱི་དོན་མེད་པར་གཏན་ལ་ཕབ། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་སྟེ། 5-1-55 སེམས་ཙམ་གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་བདེན་ཞེན་བཟློག་ ནས་དངོས་སྨྲའི་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་སྤྲོས་བྲལ་རང་ བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་དོན་དམ་རྣམ་ པ་ཐམས་ཅད་པ་ཡང་དག་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས་ བདེན་མེད་སྤྲོས་བྲལ་གྱི་ཆ་འབའ་ཞིག་པའི་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་ བྱས་ན་རིགས་ཁམས་མཐར་ཐུག་གི་ངེས་པ་དོན་གྱི་ཐེག་པ་ཆེན་པོ་ཡོན་ཏན་མཐའ་ཡས་པའི་ ཀློང་དུ་གྱུར་པའི་གཞི་གཅིག་པུ་ཉིད་ནམ་ཡང་མཐོང་ཚུལ་མེད་པ་དེ་བས་ན། འཁོར་ལོ་ཐ་ མའི་དགོངས་དོན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་ དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཟག་མེད་ལེགས་ དང་ལྡན་གྱུར་ཏེ། །གཞན་དུ་གྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར་ཉི་ཟླའི་རིགས་ ཀྱི་ནོར་བུ་ལ་ཉི་ཟླའི་འོད་ཀྱིས་ཕོག་པས་རང་འོད་ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་ བྱེད་པ་ལ་བརྟེན་ནས་རིགས་ཁམས་བདེ་གཤེགས་སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་ པ་གང་ལས་ཟག་མེད་ཡེ་ཤེས་ཀྱི་ཆོས་མཐའ་དག་འབྱུང་སྟེ་མངོན་དུ་གྱུར་པའི་ཚུལ་འདི་ རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་ལེགས་པར་གྲུབ་ཕྱིར་ངེས་དོན་དབུ་མ་ཆེན་པོའི་ཆོས་ཀྱི་ ཁུངས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་འདི་གའོ། ། ཆོས་རྗེ་བུ་སྟོན་པས་མདོ་བཅུ་པོ་དེ་བཀའ་ཐ་མར་བཞེད་ཀྱང་དྲང་དོན་དུ་འགྲེལ་བར་ མཛད་དོ། །དེ་དག་ལ་ཅིའི་ཕྱིར་དོན་དམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་ ཞེས་བྱ་ཞེ་ན། སྤྱིར་ནི་བཀའ་བར་དུ་གཙོ་བོར་རང་སྟོང་བསྟན་ཞིང་བཀའ་ཐ་མར་ངེས་དོན་ གཞན་སྟོང་གཙོ་བོར་བསྟན་པས་དེ་གཉིས་ཀྱི་ཁྱད་པར་ཀུན་རྫོབ་དོན་དམ་གྱིས་བསྡུས་པའི་ 5-1-56 ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པས་རང་སྟོང་དང༌། ཀུན་རྫོབ་རྣམས་རང་ ངོས་ནས་གྲུབ་པས་སྟོང་ཡང་དོན་དམ་པའི་ཆོས་ཉིད་ནི་ནམ་ཡང་རང་ངོས་ནས་མི་སྟོང་བར་ གནས་ལུགས་མཐར་ཐུག་ཏུ་ཡེ་ནས་འགྱུར་བ་མེད་པའི་རང་མདངས་ལ་གཞན་ཀུན་རྫོབ་ གཟུང་འཛིན་གྱི་སྤྲོས་པས་སྟོང་པས་ན་གཞན་སྟོང་ཞེས་བརྗོད་ཅིང༌། ཀུན་རྫོབ་བདེན་པར་ མེད་ཀྱང་དོན་དམ་གནས་ལུགས་མཐར་ཐུག་ཏུ་བདེན་པས་མཐའ་གཉིས་སྤངས་པའི་ངེས་ དོན་དབུ་མའི་ལམ་བཟང་ཆེན་མོ་དེ་ཡང་གཙོ་བོར་འཁོར་ལོ་ཐ་མའི་སྡེ་སྣོད་དུ་བསྟན་ཀྱང་ སྤྱིར་ནི་འཁོར་ལོ་དང་པོ་དང་བར་བ་གཉིས་ཀྱིའང་དགོངས་པ་མཐར་ཐུག་ཏུ་ངེས་ཤིང་དེ་ ལུགས་ཀྱི་ཚུལ་དུ་བསྟན་པར་གསུངས། འདི་དག་གི་སྐོར་ལ་བཤད་བྱ་མང་ཡང་རེ་ཞིག་དེ་ ཙམ་མོ། །ལྔ་པ་དགོས་པ་ནི་གོ་སླའོ། ། 2བརྗོད་བྱའི་སྒོ་ནས་དབྱེ་བ། གཉིས་པ་བརྗོད་བྱའི་སྒོ་ནས་དབྱེ་བ་ལ། བདེན་པ་གཉིས་ཀྱི་སྒོ་ནས་དྲང་ངེས་གཉིས་སུ་ དབྱེ་བ། བསླབ་པ་གསུམ་གྱི་སྒོ་ནས་སྡེ་སྣོད་གསུམ་དུ་དབྱེ་བའོ། །དང་པོ་བདེན་པ་གཉིས་ ཀྱི་སྒོ་ནས་དྲང་ངེས་གཉིས་སུ་དབྱེ་བ་ནི། ཀུན་རྫོབ་པའི་བདེན་པ་གཙོ་བོར་སྟོན་པ་ནི་དྲང་ དོན་གྱི་མདོ་དང༌། དོན་དམ་པའི་བདེན་པ་གཙོ་བོར་སྟོན་པ་ནི་ངེས་དོན་གྱི་མདོ་གཉིས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་ དང༌། མདོ་ཏིང་འཛིན་རྒྱལ་པོ་ལས་ཀྱང༌། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། 5-1-57 །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་སོ། །གཉིས་པ་བསླབ་པ་གསུམ་གྱི་སྒོ་ ནས་སྡེ་སྣོད་གསུམ་དུ་དབྱེ་བ་ནི། སྡེ་སྣོད་གསུམ་སྟེ། འདི་ལ་སྡེ་སྣོད་སོ་སོའི་མཚན་ཉིད། སྒྲ་ བཤད། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་དང་གསུམ། དང་པོ་འདི་ལ་སྡེ་སྣོད་སོ་སོའི་ མཚན་ཉིད་ནི། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་ དེ། མདོ་སྡེའི་སྡེ་སྣོད་ཀྱི་མཚན་ཉིད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་ སྟོན་པའི་གསུང་རབ་དེ། འདུལ་བའི་སྡེ་སྣོད་ཀྱི་མཚན་ཉིད། ལྷག་པ་ཤེས་རབ་ཀྱི་བསླབ་པ་ བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་དེ། མངོན་པའི་སྡེ་སྣོད་ཀྱི་མཚན་ཉིད། མཚན་ གཞི་ནི། རིམ་པ་བཞིན་དུ་ཤེར་ཕྱིན་འབུམ་པ་དང༌། འདུལ་བ་ལུང་དང༌། མངོན་པ་སྡེ་བདུན་ ལྟ་བུའོ། ། གཉིས་པ་སྒྲ་བཤད་ནི། ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། ལེགས་སྦྱར་གྱི་སྐད་ལ་པི་ཊ་ཀ་ ཞེས་འབྱུང་ཞིང༌། དེ་གང་བུ་དང་བྲེ་བོ་ཆེ་ལ་འཇུག་པའི་ཕྱིར། བྲེ་བོ་ཆེའི་ནང་དུ་བྲེའུ་ཆུང་མང་ པོ་འདུས་པ་བཞིན་དུ། འདི་དག་ནང་དུ་བརྗོད་བྱ་བསླབ་པ་མང་པོ་འདུས་པས་ན་དེ་སྐད་ཅེས་ བརྗོད་དོ། །བྱེ་བྲག་སྡེ་སྣོད་སོ་སོའི་སྒྲ་བཤད་ནི། མདོ་སྡེའི་སྐད་དོད་ལ། སུ་ཏྲ་ཞེས་པའི་ངེས་ ཚིག་ནི་བཞི་སྟེ། གནས་སྨོས་པ་ནི། ཡུལ་དང་གང་ཟག་ལ་སོགས་པ་ཆོས་འབྱུང་བའི་རྒྱུ་གླེང་ གཞིའོ། །མཚན་ཉིད་སྨོས་པ་ནི། གཞན་དབང་ཡོངས་གྲུབ་ཀུན་བཏགས་པའི་མཚན་ཉིད་ དེ། ངོ་བོ་ཉིད་མེད་པ་གསུམ་སྟོན་པའོ། །ཆོས་སྨོས་པ་ནི། ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ སྟོན་པའོ། །དོན་སྨོས་པ་ནི། དགོངས་པའི་དོན་ཟབ་མོ་སྟོན་པའོ། ། དེ་འདྲའི་ཚོགས་སུ་གྱུར་པས་ན་སྡེ་སྣོད་ཞེས་བྱའོ། །མདོ་སྡེ་རྒྱན་ལས། གནས་རྣམས་ དང་ནི་མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་སོ། མངོན་པའི་སྐད་དོད་ ལ། ཨ་བྷི་ཞེས་པའི་ངེས་ཚིག་ནི་བཞི་སྟེ། མངོན་དུ་གྱུར་པ་ནི། མྱ་ངན་ལས་འདས་པའི་ལམ་ 5-1-58 ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །ཡང་དང་ཡང་དུ་སྟོན་པ་ནི། ཕུང་ཁམས་སྐྱེ་མཆེད་རྫས་ ཡོད་བཏགས་ཡོད་ལ་སོགས་པ་སྒོ་དུ་མ་ནས་ཡང་ཡང་སྟོན་པའོ། །ཟིལ་གྱིས་གནོན་པ་ནི། འབེལ་བའི་གཏམ་གྱིས་སྨྲ་བ་ངན་པ་རྣམས་ཚར་གཅོད་པའོ། །རྟོགས་པ་ནི། ཤེས་བྱ་ཇི་སྙེད་ པ་རྫས་བཏགས་སོགས་ཀྱི་ཁྱད་པར་རྟོགས་པའོ། །མདོ་སྡེ་རྒྱན་ལས། མངོན་དུའི་ཕྱིར་དང་ ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འདུལ་བའི་སྐད་དོད་ ལ། བི་ན་ཡ་ཞེས་པའི་ངེས་ཚིག་ནི་བཞི་སྟེ། ལྟུང་བ་ནི། ལྟུང་བའི་ངོ་བོ་སྟོན་པའོ། །འབྱུང་བ་ ནི། ལྟུང་བའི་རྒྱུ་སྟོན་པའོ། །ལྡང་བ་ནི། ལྟུང་བའི་གཉེན་པོ་སྟོན་པའོ། །ངེས་པར་འབྱུང་བ་ནི། ལྟུང་བ་མེད་པ་སྟོན་པའི་ཕྱིར་འདུལ་བ་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། ལྟུང་དང་འབྱུང་དང་ ལྡང་བ་དང༌། །ངེས་པར་འབྱུང་དང་གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་ པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་སོ། །གསུམ་པ་སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་ ནི། རྒྱུ་མཚན་དགུས་སྡེ་སྣོད་གསུམ་དུ་བཞག་སྟེ། སྤང་བྱ་ལ་ལྟོས་ནས་གསུམ་དང༌། བསླབ་ བྱ་ལ་ལྟོས་ནས་གསུམ་དང༌། ཤེས་བྱ་ལ་ལྟོས་ནས་གསུམ་མོ། །དང་པོ་སྤང་བྱ་ལ་ལྟོས་ནས་ གསུམ་ནི། ཐར་བ་ཐོབ་པའི་གེགས་ཀྱི་གཙོ་བོ་བདེན་པ་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་དང༌། སྤྱོད་པ་ཕྱིན་ཅི་ལོག་མཐའ་གཉིས་ལ་སྦྱོར་བ་དང༌། ལྟ་བ་ཕྱིན་ཅི་ལོག་ལྟ་བ་ངན་པ་ལ་ཞེན་ པ་གསུམ་གྱི། དང་པོའི་གཉེན་པོར་མདོ་སྡེའི་སྡེ་སྣོད་བཞག་སྟེ། དེ་ཡང་དངོས་པོ་གཏན་ལ་ འབེབས་པའི་བདེན་པ་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་སེལ་བའི་ཕྱིར་རོ། །གཉིས་པའི་གཉེན་ པོར་འདུལ་བའི་སྡེ་སྣོད་བཞག་སྟེ། དེ་ལ་བརྟེན་ནས་བཀག་པའི་བསླབ་པ་ཉམས་སུ་བླངས་ པས། འདོད་པ་བསོད་སྙོམས་ཀྱི་མཐའ་སེལ་ལ། གནང་བའི་བསླབ་པ་ཉམས་སུ་བླངས་ པས་ངལ་ཞིང་དུབ་པའི་མཐའ་སེལ་བའི་ཕྱིར་རོ། །གསུམ་པའི་གཉེན་པོར་མངོན་པའི་སྡེ་ སྣོད་བཞག་སྟེ། དེར་བདག་ཏུ་ལྟ་བ་གཉིས་པོ་སྤོང་བའི་ཐབས་རྒྱ་ཆེར་སྟོན་པའི་ཕྱིར་རོ། ། 5-1-59 གཉིས་པ་བསླབ་བྱ་ལ་ལྟོས་ནས་གསུམ་ནི། བསླབ་བྱ་ལ་ལྟོས་ནས་ཀྱང་སྡེ་སྣོད་གསུམ་ དུ་བཞག་སྟེ། མདོ་སྡེས་བསླབ་པ་གསུམ་གྱི་རང་བཞིན་གཏན་ལ་འབེབས་སོ། །འདུལ་ བས་ནི། བསླབ་པ་གཉིས་སྒྲུབ་སྟེ། དངོས་སུ་ན་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། བརྒྱུད་ནས་ ཏིང་ངེ་འཛིན་གྱི་བསླབ་པ་སྒྲུབ་པའི་ཕྱིར་རོ། །མངོན་པས་ནི་ཤེས་རབ་ཀྱི་བསླབ་པ་སྒྲུབ་ སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་སྟོབས་རྒྱ་ཆེར་སྟོན་པའི་ཕྱིར་རོ། །གསུམ་པ་ཤེས་བྱ་ ལ་ལྟོས་ནས་གསུམ་ནི། ཤེས་བྱ་ལ་ལྟོས་ནས་ཀྱང་སྡེ་སྣོད་གསུམ་དུ་བཞག་སྟེ། མདོ་སྡེ་ཆོས་ དང་དོན་བཤད་པ་དང༌། འདུལ་བས་ཆོས་དང་དོན་སྒྲུབ་པ་དང༌། མངོན་པའི་ཆོས་དང་དོན་ འགྲེལ་བའི་གཏམ་གཏན་ལ་འབེབས་པའི་ཕྱིར་རོ། །འདི་དག་ཀྱང་མདོ་སྡེ་རྒྱན་འགྲེལ་བ་ དང་བཅས་པ་ལས་གསུངས་པའི་ཚུལ་ཇི་ལྟ་བ་བཞིན་དུ་བཀོད་པ་ཡིན་ནོ། ། 3རྗོད་བྱེད་ཀྱི་སྒོ་ནས་དབྱེ་བ། གསུམ་པ་རྗོད་བྱེད་ཀྱི་སྒོ་ནས་དབྱེ་ན། གསུང་རབ་ཡན་ལག་བཅུ་གཉིས་ཏེ། བརྒྱད་སྟོང་ འགྲེལ་བ་སྙིང་པོ་མཆོག་ལས། མདོ་སྡེ་༡དབྱངས་བསྙད་༢ལུང་དུ་བསྟན༣། །ཚིགས་བཅད་ ༤ཆེད་བརྗོད་༥གླེང་གཞི་དང་༦། །རྟོགས་བརྗོད་༧དེ་ལྟ་བུ་བྱུང་དང་༨། །སྐྱེ་རབས་༩ཤིན་ཏུ་ རྒྱས་པ་དང་༡༠། །རྨད་བྱུང་༡༡གཏན་ལ་ཕབ་པ་དག༡༢། གསུང་རབ་ཡན་ལག་བཅུ་གཉིས་ ཡིན། །ཞེས་སོ། །དེ་ལ་མདོའི་སྡེ་ནི། ཕན་ཡོན་བཅུ་གཟིགས་ནས། མདོར་བསྡུས་པའམ་ གསལ་བར་བྱེད་པའི་ཚུལ་གྱིས་རྐྱང་བ་ལྷུག་པར་གསུངས་པ་སྟེ། མངོན་པ་ཀུན་བཏུས་ལས། ཕན་ཡོན་བཅུ་གཟིགས་ནས་དེ་བཞིན་གཤེགས་པ་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ་རྣམ་པར་ བཞག་སླ་བ་དང༌། བཤད་སླ་བ་དང༌། གཟུང་སླ་བ་དང༌། ཆོས་ལ་གུས་པས་མྱུར་དུ་ཚོགས་ རྫོགས་པར་བྱེད་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། སངས་རྒྱས་ལ་ཤེས་ 5-1-60 ནས་དད་པ་ཐོབ་པ་དང༌། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་ བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང༌། འབེལ་བའི་གཏམ་གྱིས་གཏན་ ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་ བའི་གྲངས་སུ་འགྲོའོ། །ཞེས་དང༌། ཉན་ས་ལས། བཅོམ་ལྡན་འདས་ཀྱིས་དེ་དང་དེ་དག་ཏུ་ འདུལ་བ་དེ་དང་དེ་དག་དང༌། འདུལ་བའི་སྤྱོད་པ་རྣམས་ལས་བརྩམས་ཏེ་ཕུང་པོ་དང་ལྡན་ པའི་གཏམ་དང༌། སྐྱེ་མཆེད་དང་ལྡན་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་ དང༌། ཟས་དང༌། བདེན་པ་དང༌། ཁམས་དང་ལྡན་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་ དང༌། དེ་བཞིན་གཤེགས་པ་དང་ལྡན་པ་དང༌། དྲན་པ་ཉེ་བར་བཞག་པ་དང༌། ཡང་དག་པའི་ སྤོང་བ་དང༌། རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་དང༌། བྱང་ཆུབ་ཀྱི་ཡན་ལག་ དང༌། ལམ་གྱི་ཡན་ལག་དང་ལྡན་པ་མི་སྡུག་པ་དང༌། དབུགས་རྔུབ་པ་དང༌། དབུགས་འབྱུང་ བ་དང༌། བསླབ་པ་དང༌། ཤེས་ནས་དད་པ་དང་ལྡན་པའི་གཏམ་གསུངས་པ་གང་ཡིན་པ་ དག་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་ཡོངས་སུ་བཟུང་ནས་བསྟན་པ་ཡུན་རིང་དུ་ གནས་པར་བྱ་བའི་དོན་དུ་འདིལྟ་སྟེ། དོན་དགེ་བ། དོན་དང་ལྡན་པ། ཚངས་པར་སྤྱོད་པ་དང་ ལྡན་པ་དེ་དང་དེ་དག་བསྟན་པར་བྱ་བའི་ཕྱིར། མིང་གི་ཚོགས་དང༌། ཚིག་གི་ཚོགས། ཡི་གེའི་ ཚོགས་མཐུན་པ་དག་གིས་ཅི་རིགས་པར་རིམ་གྱིས་བཀོད་ཅིང༌། རིམ་གྱིས་སྦྱར་བ་གང་ཡིན་ པ་དེ་ནི་མདོའི་སྡེ་ཞེས་བྱའོ། །ཞེས་སོ། །དབྱངས་ཀྱི་བསྙད་པའི་སྡེ་ནི། མདོ་སྡེ་དེ་ཉིད་དུ། དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའམ། དྲང་བའི་དོན་གྱི་མདོ་སྡེ་ རྟོགས་པར་བྱེད་པས་དབྱངས་ཀྱིས་བསྙད་པ་སྟེ། ཉན་ཐོས་ཀྱི་ས་ལས། དབྱངས་ཀྱིས་བསྙད་ པའི་སྡེ་གང་ཞེ་ན། གང་གི་ཐ་མའི་མཇུག་ཏུ་ཚིགས་སུ་བཅད་པ་མངོན་པར་བརྗོད་པ་དང༌། བཀྲི་བའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཞེས་བྱའོ། །ཞེས་ 5-1-61 སོ། །ལུང་དུ་བསྟན་པའི་སྡེ་ནི། ཉན་ཐོས་དང༌། དགེ་བསྙེན་ཕོ་མོ་དང་མུ་སྟེགས་པའི་ཀུན་ ཏུ་རྒྱུ་དང༌། དགེ་སློང་སོགས་འདས་པ་དང༌། གང་དུ་སྐྱེ་བ་ལུང་སྟོན་པ་དང༌། དྲང་བའི་དོན་ མ་ཡིན་པར་རྣམ་པར་བུ་ནོར་ཅན་ལ་བསྟེན་ནས་མ་བྱིན་ལེན་གྱི་བཅས་པ་མཛད་པ་ལྟ་བུ་ སྟེ། གང་ཟག་འགའ་ཞིག་གི་ཆེད་དུ་གསུངས་པ་དང༌། བྱུང་བ་བཅས་པའི་བསླབ་པ་འཆའ་ བའི་དབང་དུ་བྱས་ནས་གསུངས་པ་སྟེ། ཉན་ས་ལས། གང་ཟག་གི་མིང་དང་རིགས་ཡོངས་ སུ་བརྗོད་ཅིང་བསྟན་ཏེ་བཤད་པ་དང༌། ཅུང་ཟད་འདུལ་བ་དང་ལྡན་པའི་བྱུང་བ་དང་བཅས། གླེང་གཞི་དང་བཅས་པ་སོ་སོར་ཐར་བའི་མདོ་སྡེ་གང་ཡིན་པ་དེ་ནི་གླེང་གཞིའི་སྡེ་ཞེས་བྱའོ། །ཞེས་སོ། །རྟོགས་པ་བརྗོད་པའི་སྡེ་ནི། རྒྱལ་པོ་ཚངས་བྱིན་གྱིས་སྔོན་གྱི་བྱུང་བ་སྟོན་པ་ལྟ་བུ་ མ་རྟོགས་པའི་དོན་དཔེ་དང་བཅས་གསལ་བར་སྟོན་པ་སྟེ། ཉན་ས་ལས། དཔེ་དང་བཅས་ པར་བསྟན་པ་སྟེ། དཔེ་དེས་དོན་གྱི་རང་བཞིན་དེ་རྣམ་པར་གསལ་བར་འགྱུར་བ་གང་ཡིན་ པ་དེ་ནི་རྟོགས་པ་བརྗོད་པའི་སྡེ་ཞེས་བྱའོ། །ཞེས་སོ། །དེ་ལྟ་བུ་བྱུང་བའི་སྡེ་ནི། མདོ་སྡེ་ལས་ བརྒྱ་པ་ལྟ་བུ་འདས་པའི་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མ་འོངས་པའི་ལས་རྒྱུ་བ་ ལུང་སྟོན་པ་སྟེ། ཉན་ས་ལས། ཅུང་ཟད་སྔོན་གྱི་སྦྱོར་བ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་ལྟ་བུ་ བྱུང་བའི་སྡེ་ཞེས་བྱའོ། །ཞེས་སོ། །སྐྱེས་པའི་རབས་ཀྱི་སྡེ་ནི། བྱང་ཆུབ་སེམས་དཔའ་རྣམས་ ཀྱིས་སེམས་ཅན་གྱི་དོན་དུ་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྤྱོད་པ་ངོ་མཚར་བ་དུ་མ་ མཛད་པའི་ཚུལ་སྟོན་པ་སྟེ། ཉན་ས་ལས། འདས་པའི་དུས་ལ་བརྟེན་ཏེ། བཅོམ་ལྡན་འདས་ ཀྱིས་འཆི་འཕོ་དང༌། སྐྱེ་བ་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དང༌། དཀའ་བ་ སྤྱད་པ་བསྟན་པ་གང་ཡིན་པ་དེ་ནི་སྐྱེས་པའི་རབས་ཀྱི་སྡེ་ཞེས་བྱའོ། །ཞེས་སོ། །ཤིན་ཏུ་རྒྱས་ པའི་སྡེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་རྒྱས་འབྲིང་བསྡུས་གསུམ་ཡིན་ཏེ། སེམས་ ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང༌། ཕ་རོལ་ཏུ་ཕྱིན་པ་རྒྱས་པ་སྟོན་ 5-1-62 པས་རྒྱས་པ་དང༌། མཐུ་རྒྱ་ཆེན་པོ་སྟོན་པས་རྒྱ་ཆེ་བ་དང༌། ཆོས་ཀྱི་བདག་མེད་པ་སྟོན་པས་ ཟབ་པའི་རྣམ་པར་ཆོས་སྟོན་པའི་སྡེ་སྣོད་ཡིན་པའི་ཕྱིར། དེ་ཉིད་ལ་རྣམ་པར་འཐག་པ་ཞེས་ བྱ་སྟེ། སྒྲིབ་པ་མཐའ་དག་འཇོམས་པའི་ཐབས་རྒྱས་པར་སྟོན་པའི་ཕྱིར། མཚུངས་བྲལ་ཞེས་ བྱ་སྟེ། བརྗོད་བྱའི་ངོས་ནས་ཁྱོད་དང་མཚུངས་ཤིང༌། ཁྱོད་ལས་ལྷག་པ་གཞན་མེད་པའི་ཕྱིར། ཉན་ས་ལས། གང་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང༌། སྟོབས་བཅུ་ དང༌། སྒྲིབ་པ་མེད་པའི་ཡེ་ཤེས་ཡང་དག་པར་སྒྲིབ་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ ཕྱེ་ནས་དགོངས་པ་ལུང་སྟོན་པའི་ཕྱིར་ལུང་དུ་བསྟན་པའི་སྡེ་ཞེས་བྱ་སྟེ། ཉན་ས་ལས། ལུང་ དུ་བསྟན་པའི་སྡེ་གང་ཞེ་ན། གང་ལས་ཉན་ཐོས་ཤི་འཕོས་པ་དང༌། དུས་བྱས་པ་དང༌། སྐྱེ་བ་ ལུང་སྟོན་པ་དང༌། ངེས་པའི་དོན་གྱི་མདོ་སྡེ་གང་ཡིན་པ་དེ་ནི་ལུང་བསྟན་པའི་སྡེ་ཞེས་བྱའོ། །ཞེས་སོ། །ཚིགས་སུ་བཅད་པའི་སྡེ་ནི། ཚིག་རྐང་པ་གཉིས་ཀྱིས་སྐབས་དོན་རྫོགས་པར་ སྟོན་པ་ནས། ཚིག་རྐང་པ་དྲུག་གིས་སྐབས་དོན་རྫོགས་པར་སྟོན་པའི་བར་གྱིས་ཚིགས་སུ་ བཅད་ནས་གསུངས་པ་ལ་བྱ་སྟེ། ཉན་ས་ལས། རྐྱང་བས་བཤད་པ་མ་ཡིན་པ་སྟེ། འདི་ལྟར་ རྩ་བ་གཉིས་པའམ། རྩ་བ་གསུམ་པའམ། རྩ་བ་བཞི་པའམ། རྩ་བ་ལྔ་པའམ། རྩ་བ་དྲུག་ པར་རྩ་བ་སྡེབས་ཏེ་བཤད་པ་གང་ཡིན་པ་དེ་ནི་ཚིགས་སུ་བཅད་པའི་སྡེ་ཞེས་བྱའོ། །ཞེས་སོ། །རྐང་པ་གཉིས་པ་ནི། དགེ་སློང་འདི་ནི་སྟོན་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་པ་ལྟ་ བུའོ། །རྐང་པ་གསུམ་པ་ནི། འདི་ན་བདག་གམ་སེམས་ཅན་མེད། །སྲོག་ཀྱང་ཡོད་པ་མ་ཡིན་ ཏེ། །ཆོས་འདི་རྒྱུ་དང་བཅས་ལས་བྱུང༌། །ཞེས་པ་ལྟ་བུའོ། །རྐང་པ་བཞི་པ་ནི་ཤིན་ཏུ་མང་ ངོ༌། །ལྔ་པ་ནི། མདོ་སྡེ་རྒྱན་དུ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བའི་ཕ་རོལ་ ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་པ་ལྟ་བུའོ། །རྐང་པ་དྲུག་པ་ནི། དེ་ཉིད་ལས། ཆོས་ 5-1-63 སྦྱིན་ཚུལ་ཁྲིམས་དག་པ་དང༌། །མི་སྐྱེའི་བཟོད་པ་ཐོབ་ཉིད་དང༌། །ཐེག་ཆེན་བརྩོན་འགྲུས་ རྩོམ་པ་དང༌། །མཐའ་ལ་སྙིང་རྗེ་ལྡན་གནས་དང༌། །ཤེས་རབ་བློ་དང་ལྡན་རྣམས་ཀྱིས། །ཕ་ རོལ་ཕྱིན་པའི་གཙོ་བོར་འདོད། །ཅེས་པ་ལྟ་བུའོ། །ཆེད་དུ་བརྗོད་པའི་སྡེ་ནི། གང་ཟག་གི་ མིང་དང་རིགས་དངོས་སུ་མ་བརྗོད་པར་ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་ཆེད་དུ་དམ་པའི་ ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གང་ཟག་ཁ་ཅིག་གིས་ཆོས་འདི་ལྟ་བུ་སྟོན་པར་ འགྱུར་རོ་ཞེས་ཆོས་དེ་ལ་ལྷག་པར་བསྔགས་པར་མཛད་པ་སྟེ། ཉན་ས་ལས། གང་ཟག་གི་ མིང་དང་རིགས་ཡོངས་སུ་མ་བརྗོད་མ་བསྟན་པར་ཕྱིས་དམ་པའི་ཆོས་ཡུན་རིང་དུ་གནས་ པར་བྱ་བ་དང༌། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གང་བཤད་པ་དེ་ནི་ཆེད་དུ་ བརྗོད་པའི་སྡེ་ཞེས་བྱའོ། །ཞེས་སོ། །གླེང་གཞིའི་སྡེ་ནི། རྫ་མཁན་གྱིས་ལམ་བསྟན་པ་གང་ ཡིན་པ་དེ་ནི་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱའོ། །ཞེས་སོ། །རྨད་དུ་བྱུང་བའི་སྡེ་ནི། ཉན་ཐོས་ དང༌། བྱང་སེམས་དང༌། སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་སྟེ། ཉན་ས་ལས། གང་ལས་སངས་རྒྱས་རྣམས་དང༌། སངས་རྒྱས་ཀྱི་ཉན་ཐོས་དགེ་སློང་རྣམས་ དང༌། དགེ་སློང་མ་རྣམས་དང༌། དགེ་སློབ་མ་རྣམས་དང༌། དགེ་ཚུལ་རྣམས་དང༌། དགེ་ཚུལ་ མ་རྣམས་དང༌། དགེ་བསྙེན་རྣམས་དང༌། དགེ་བསྙེན་མ་རྣམས་ཀྱི་ཐུན་མོང་མ་ཡིན་པ་དང༌། དེ་ལས་གཞན་པ་ཁྱད་པར་དུ་འཕགས་པའི་ཡོན་ཏན་ཁྱད་པར་ཅན་ངོ་མཚར་རྨད་དུ་བྱུང་བར་ གྲགས་པ་དག་བསྟན་པ་གང་ཡིན་པ་དེ་ནི་རྨད་དུ་བྱུང་བའི་ཆོས་ཀྱི་སྡེརྣམས་ཞེས་བྱའོ། །ཞེས་ སོ། །གཏན་ལ་ཕབ་པར་བསྟན་པའི་སྡེ་ནི། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་རྒྱས་པར་ སྟོན་པ་སྟེ། ཉན་ས་ལས། མདོ་སྡེ་འདྲེན་པར་བྱེད་ཅིང༌། མདོ་སྡེ་རྣམ་པར་འཆད་པར་བྱེད་པ། མ་ལྟ་བུའི་ཆོས་མངོན་པ་ཐམས་ཅད་ནི་གཏན་ལ་ཕབ་པར་བསྟན་པའི་སྡེ་ཞེས་བྱའོ། །ཞེས་ སོ། །གསུང་རབ་ཡན་ལག་བཅུ་གཉིས་པོ་སྡེ་སྣོད་གསུམ་གྱི་ནང་དུ་འདུས་ཏེ། དང་པོ་ལྔ་ 5-1-64 ནི། ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་གླེང་གཞིའི་སྡེ་ལ་སོགས་པ་བཞི་ནི་འདུལ་ བའི་སྡེ་སྣོད་དེ། དེ་ལ་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཡོད་དོ། །ཤིན་ཏུ་རྒྱས་ པ་རྨད་དུ་བྱུང་བའི་སྡེ་གཉིས་ནི་ཐེག་ཆེན་གྱི་མདོ་སྡེའི་སྡེ་སྣོད་དོ། །སླར་ཡང་གཏན་ལ་ཕབ་ པར་བསྟན་པའི་སྡེ་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་དོ། །བསྡུ་ཚུལ་འདི་ནི་ ཀུན་ལས་བཏུས་ཀྱི་ལུགས་བཞིན་བརྗོད་པ་ཡིན་ལ། ཉན་ས་ལྟར་ན། མདོའི་སྡེ་ནས་ཆེད་ དུ་བརྗོད་པའི་བར་ལྔ་དང༌། རྟོགས་པ་བརྗོད་པ་ནས་རྨད་དུ་བྱུང་བའི་བར་ལྔ་སྟེ་བཅུ་ནི་མདོ་ སྡེའི་སྡེ་སྣོད་དང༌། གླེང་གཞི་ནི་འདུལ་བའི་སྡེ་སྣོད་དང༌། གཏན་ལ་དབབ་པར་བསྟན་པ་ནི་ མངོན་པའི་སྡེ་སྣོད་དུ་བཤད་དོ། ། 4བདག་རྐྱེན་གྱི་སྒོ་ནས་དབྱེ་བ། བཞི་པ་བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། ཞལ་ནས་གསུངས་པ། བྱིན་གྱིས་ བརླབས་པ། རྗེས་སུ་གནང་བའི་བཀའོ། །དང་པོ་ཞལ་ནས་གསུངས་པ་ནི། མདོ་སྡུད་པ་ ལྟ་བུའོ། །གཉིས་པ་བྱིན་གྱིས་བརླབས་པ་ལ་གསུམ། སྐུས་བྱིན་གྱིས་བརླབས་པ། གསུང་ གིས་བྱིན་གྱིས་བརླབས་པ། ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའོ། །དང་པོ་སྐུས་བྱིན་ གྱིས་བརླབས་པ་ནི། ས་བཅུ་པའི་མདོ་ལྟ་བུའོ། །གཉིས་པ་གསུང་གིས་བྱིན་གྱིས་བརླབས་ པ་ནི། མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལྟ་བུའོ། །གསུམ་པ་ཐུགས་ཀྱིས་བྱིན་གྱིས་ བརླབས་པའི་བཀའ་ལ་གསུམ། ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ། ཐུགས་ཏིང་ངེ་ འཛིན་གྱིས་བྱིན་གྱིས་བརླབས་པ། ཐུགས་བདེན་པས་བྱིན་གྱིས་བརླབས་པའི་བཀའོ། །དང་ པོ་ཐུགས་ཐུགས་རྗེས་བྱིན་གྱིས་བརླབས་པ་ནི། ཤེས་རབ་སྙིང་པོ་ལྟ་བུའོ། །གཉིས་པ་ཐུགས་ ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་ནི། ལྷ་ཀླུ་དང༌། གནོད་སྦྱིན་སོགས་ཀྱིས་རང་རང་ 5-1-65 གི་སྔགས་སྨྲས་པ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལྟ་བུའོ། །གསུམ་པ་ཐུགས་བདེན་ པས་བྱིན་གྱིས་བརླབས་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཀྱི་མཐུས་རི་དང༌། ཤིང་ དང༌། ནམ་མཁའ་དང༌། འོད་ཟེར་དང༌། རོལ་མོ་ལས་ཆོས་ཀྱི་སྒྲ་འབྱུང་བ་ལྟ་བུའོ། །གསུམ་ པ་རྗེས་སུ་གནང་བའི་བཀའ་ནི། གླེང་གཞི་དང༌། མཚམས་སྦྱོར་དང༌། མཐུན་འགྱུར་ཡི་རང་ རྣམས་ཏེ། ཆོས་ཡང་དག་པར་སྡུད་པ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་པ་ཞེས་ གྱིས་ལ་ཆོས་བསྡུ་བར་བྱའོ། །ཞེས་དང༌། འབྲེལ་དང་གོ་རིམ་ཀྱང་བསྟན་པར་བྱའོ། །ཞེས་ རྗེས་སུ་གནང་བའི་ཕྱིར་རོ། ། 5 གདུལ་བྱའི་སྒོ་ནས་དབྱེ་བ་ལ་གསུམ། ལྔ་པ་གདུལ་བྱའི་སྒོ་ནས་དབྱེ་བ་ལ། ཇི་ལྟར་དབྱེ་བའི་གྲངས། གང་གིས་འབྱེད་པའི་རྒྱུ་ མཚན། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པའོ། ། ༡ ཇི་ལྟར་དབྱེ་བའི་གྲངས། དང་པོ་ཇི་ལྟར་དབྱེ་བའི་གྲངས་ནི། དམན་པ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་སྟོན་ པ་ཉན་ཐོས་ཀྱི་སྡེ་སྣོད་དང༌། རྒྱ་ཆེན་པོ་ལ་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་དེ་གཉིས་སོ། །མདོ་སྡེ་རྒྱན་ལས། གཉིས་ཀྱང་རུང་ཞེས་དང༌། དེའི་འགྲེལ་བ་ལས། གསུམ་པོ་དེ་ཉིད་ཐེག་ པ་དམན་པ་དང༌། ཐེག་པ་མཆོག་གི་བྱེ་བྲག་གིས་གཉིས་སུ་འགྱུར་ཏེ། ཉན་ཐོས་ཀྱི་སྡེ་སྣོད་ དང༌། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །ཞེས་སོ། ། ༢ གང་གིས་འབྱེད་པའི་རྒྱུ་མཚན། གཉིས་པ་གང་གིས་འབྱེད་པའི་རྒྱུ་མཚན་ནི། ཆེད་དུ་བྱ་བ་བདག་གཅིག་པུའི་ཕྱིར་དུ་ 5-1-66 ཐོབ་བྱ་དམན་པ་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བའི་གང་ཟག་ གིས། ཐར་པ་ཐོབ་པའི་ཕྱིར་དུ་ཉམས་སུ་ལེན་པའི་ཐོབ་བྱ་དེར་འགྲོ་བའི་ལམ་ལ་ཐེག་པ་ དམན་པ་ཞེས་བྱ་ལ། དེ་བརྗོད་བྱར་སྟོན་པའི་རྗོད་བྱེད་ཀྱི་ཚོགས་ལ་ཐེག་དམན་གྱི་སྡེ་སྣོད་ ཅེས་བྱ་ཞིང༌། ཆེད་དུ་བྱ་བ་ཁྱད་པར་དུ་འཕགས་པ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་ཐོབ་ བྱ་མཆོག་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་གང་ཟག་གིས། ཐོབ་བྱ་བླ་ན་མེད་པའི་ བྱང་ཆུབ་ཐོབ་པའི་ཕྱིར་དུ་ལམ་ཉམས་སུ་ལེན་པའི་ཐོབ་བྱ་དེར་འགྲོ་བའི་ལམ་ལ་ཐེག་པ་ ཆེན་པོ་ཞེས་བྱ་ལ། དེ་བརྗོད་བྱར་སྟོན་པའི་རྗོད་བྱེད་ཀྱི་ཚོགས་ལ་ཐེག་པ་ཆེན་པོའི་སྡེ་སྣོད་ ཅེས་བྱའོ། །དེ་འདྲའི་ཐེག་པ་ཆེ་ཆུང་གཉིས་ལ་མཆོག་དམན་གྱི་ཁྱད་པར་ཡང་ཡོད་དོ། །ཐེག་ པ་ཆེན་པོ་ནི། ཆེན་པོ་བདུན་དང་ལྡན་པས་ཁྱད་པར་དུ་འཕགས་སོ། །ཆེན་པོ་བདུན་ནི། མདོ་ སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི༡། །དེ་བཞིན་སྒྲུབ་པ་༢གཉིས་དག་དང༌། །ཡེ་ ཤེས་༣བརྩོན་འགྲུས་རྩོམ་པ་༤དང༌། །ཐབས་ལ་མཁས་པར་འགྱུར་བ་༥དང༌། །ཡང་དག་ གྲུབ་པ་ཆེན་པོ་༦དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་ཉིད་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་དང༌། དེའི་འགྲེལ་བ་དབྱིག་གཉེན་གྱིས་མཛད་པ་ ལས། ཆེན་པོ་ཉིད་རྣམ་པ་བདུན་དང་ལྡན་པའི་ཕྱིར་ཐེག་པ་ཆེན་པོ་ཞེས་ངེས་པར་བརྗོད་དེ། དམིགས་པ་ཆེན་པོ་ཉིད་ནི་མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་དཔག་ཏུ་མེད་པ་དང་ལྡན་ པའི་ཕྱིར། སྒྲུབ་པ་ཆེན་པོ་ཉིད་ནི་རང་གི་དོན་དང་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་རོ། །ཡེ་ཤེས་ཆེན་པོ་ཉིད་ནི། རྟོགས་པའི་དུས་ན་གང་ཟག་ལ་བདག་མེད་པ་དང༌། ཆོས་ལ་བདག་ མེད་པ་གཉིས་ཤེས་པའི་ཕྱིར། བརྩོན་འགྲུས་རྩོམ་པ་ཆེན་པོ་ཉིད་ནི་བསྐལ་པ་གྲངས་མེད་ པ་གསུམ་དུ་རྟག་ཏུ་གུས་པར་བྱས་ཏེ་སྦྱོར་བའི་ཕྱིར་རོ། །ཐབས་ལ་མཁས་པ་ཆེན་པོ་ཉིད་ནི་ འཁོར་བ་ཡོངས་སུ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཡང་དག་པར་ 5-1-67 འགྲུབ་པ་ཆེན་པོ་ཉིད་ནི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ ཡང་དག་པར་འགྲུབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་འཕྲིན་ལས་ཆེན་པོ་ཉིད་ནི་ཡང་དང་ཡང་ དུ་མངོན་པར་རྫོགས་པར་བྱང་ཆུབ་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པའི་ ཕྱིར་རོ། །ཞེས་སོ། །ཐེག་པ་ཆུང་ངུ་ནི། དེ་ལས་དམན་ཏེ་ཆེན་པོ་བདུན་དང་ཡང་མི་ལྡན་པའི་ ཕྱིར་དང༌། སྲིད་པ་དང་ཞི་བར་ལྟུང་བའི་ཕྱིར་དང༌། རྟོགས་པ་དམན་པ་ཉིད་དང༌། ཕྱི་ནང་གི་ ཡོངས་སུ་འཛིན་པ་མེད་པ་དང༌། ཤེས་སྒྲུབ་ཀྱི་གཉེན་པོ་མ་ཚང་བ་དང༌། གདམས་ངག་གི་ རྐྱེན་གྱིས་བྱང་ཆུབ་ཏུ་འགྲོ་བ་དང༌། ཆེད་དུ་བྱ་བ་ཆེན་པོ་གསུམ་ལས་ལོག་པ་དང༌། སྤངས་ པ་ཉི་ཚེ་བ་དང༌། རྒྱུན་ཞུགས་སོགས་རྟོགས་པ་ཐ་དད་པ་སྣ་ཚོགས་པ་ཉིད་དང༌། རང་དོན་ལ་ གནས་པ་དང༌། གཞན་དོན་ལ་འཇུག་པ་རྨོངས་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། སྲིད་ དང་ཞི་བར་ལྟུང་བའི་ཕྱིར། །རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་ དང༌། །ལམ་གྱི་རྣམ་པ་མ་ཚང་དང༌། །གཞན་གྱི་རྐྱེན་གྱིས་འགྲོ་བ་དང༌། །ཆེད་དུ་བྱ་བ་ལོག་ པ་དང༌། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང༌། །ཞེས་སོ། ། ༣ རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ། གསུམ་པ་རྡོ་རྗེའི་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ་ལ། མདོ་རྒྱུད་ གཉིས་སུ་དབྱེ་བའི་རྒྱུ་མཚན་སྣ་ཚོགས་ཡོད་ཀྱང་འདིར་བཅོམ་ལྡན་འདས་མཉམ་མེད་ཐུབ་ པའི་དབང་པོ་རང་ཉིད་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ནས་གསལ་བར་གསུངས་པའི་ གྲུབ་པའི་གནས་ཆེན་པོ་དཔལ་ལྡན་ཤམྦྷ་ལའི་ཞིང་གི་བཀོད་པ་འཕྲོས་དོན་དང་བཅས་པ་ ཅུང་ཟད་བཤད་པ་ལ་ལྔ། ཤམྦྷ་ལའི་ཡུལ་གྱི་གནས་ཚུལ་བཤད་པ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་ 5-1-68 མོར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་གསང་སྔགས་ཀྱི་རྒྱུད་སྡེ་གང་གསུངས་བཤད་ པ། བསྟན་པ་རིན་པོ་ཆེ་དེ་ཉིད་ཆོས་རྒྱལ་དང་རིགས་ལྡན་རྣམས་ཀྱིས་རྒྱས་པར་མཛད་ཚུལ་ བཤད་པ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་དུས་བཞི་ཕྱི་མའི་བསྟན་ པ་སྤེལ་ཚུལ་བཤད་པ། ཞིང་དེའི་ཡོན་ཏན་དྲན་པའི་ཕན་ཡོན་སོགས་ཀྱི་སྒོ་བཤད་པ་ལས། ཤམྦྷ་ལའི་ཡུལ་གྱི་གནས་ཚུལ་བཤད་པ། དང་པོ་ནི། སྤྱིར་གླིང་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་འདིའི་ལྟེ་བར་ རྒྱ་གར་རྡོ་རྗེ་གདན་ཞེས་མཉམ་མེད་ཤཱཀྱའི་རྒྱལ་པོས་གཙོར་མཛད། བསྐལ་བཟང་གི་འདྲེན་ པ་ཐམས་ཅད་འཚང་རྒྱ་བའི་ཚུལ་སྟོན་པའི་གནས་འོག་མིན་སྟུག་པོ་བཀོད་པ་དང་ཆོས་ མཚུངས་པ་དེ་ཡོད་ལ། ཤར་ཕྱོགས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཞུགས་གནས་རི་ བོ་དྭངས་བསིལ་ལམ་རི་བོ་རྩེ་ལྔ། ལྷོ་ཕྱོགས་སུ་འཕགས་མཆོག་ཕྱག་ན་པདྨོའི་བཞུགས་ གནས་རི་བོ་གྲུ་འཛིན་ནམ་པོ་ཏ་ལ། ནུབ་ཕྱོགས་སུ་གསང་ཆེན་སྔགས་ཀྱི་འབྱུང་ཁུངས་ དཔལ་ཨོ་ཊི་ཡ་ནའམ་ཨོ་རྒྱན་མཁའ་འགྲོའི་གནས། བྱང་ཕྱོགས་སུ་བྱང་སེམས་ཉེ་བའི་སྲས་ བརྒྱད་དང་ཁྲོ་བོ་བཅུ་སོགས་རྒྱལ་པོའི་ཚུལ་གྱི་རྣམ་པར་རོལ་པ་དཔལ་ལྡན་ཤམྦྷ་ལའམ་ཀ་ ལཱ་པའི་གྲོང་ཁྱེར་ཆེན་པོ་རྣམས་ཡོད་ལ། རྒྱ་གར་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་དཔལ་གྱི་ རི་དང་ཉེ་བར་དྷ་ན་ཤྲིའི་གླིང་དུ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོ། གཞན་ ཡང་གནས་ཆེན་ཉི་ཤུ་རྩ་བཞི་དང༌། ཁྱད་པར་རྒྱལ་བ་རང་ཉིད་ཀྱིས་མཛད་པ་ཆེན་པོ་བཅུ་ གཉིས་སོགས་མཛད་པའི་གནས་ཁྱད་པར་ཅན་བྱིན་རླབས་ཀྱི་གཟི་འོད་འབར་བ་བསམ་ གྱིས་མི་ཁྱབ་པ་དང༌། གཞན་ཡང་རྒྱ་བོད་ཀྱི་མཁས་གྲུབ་དཔག་ཏུ་མེད་པས་གྲུབ་པ་བརྙེས་ པའི་གནས་སོགས་བརྗོད་ཀྱིས་མི་ལང་བས་བར་མཚམས་མེད་པར་གཏམས་ནས་བཞུགས་ 5-1-69 པ་ཡིན་ལ། དེ་རྣམས་ཀྱི་ནང་ནས་འདིར་སྐབས་སུ་བབས་པ་དཔལ་ལྡན་ཤམྦྷ་ལ་ནི་དཔལ་རྡོ་ རྗེ་གདན་ནས་བྱང་ཕྱོགས་ཀྱི་ཆར་ཡོད་ལ། ས་བཅུའི་དབང་ཕྱུག་ཆོས་རྒྱལ་རིགས་ལྡན་ རྣམས་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་ལས་སེམས་རྣམ་པར་དག་པའི་སྐལ་བ་དང་ལྡན་པའི་ གདུལ་བྱ་དཔག་ཏུ་མེད་པ་ལ་རྡོ་རྗེ་ཐེག་པའི་བསྟན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཚུལ་ རབ་ཏུ་གསལ་བར་སྟོན་པའི་གནས་ཡོངས་སུ་དག་པའི་ཞིང་ཤམྦྷ་ལའི་བཀོད་པ་ལ། བླ་མ་ རྣམས་ཀྱིས་བཞེད་ཚུལ་མི་འདྲ་བ་ཅི་རིགས་ཡོད་ཀྱང༌། བདག་གི་དཔལ་ལྡན་བླ་མ་དམ་པ་ ཆོས་ཀྱི་རྗེ་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་བཞེད་ལུགས་འདི་ཉིད་ཁྱད་པར་འཕགས་པར་ སྣང༌། འདི་ཉིད་གཞིར་བཞག་པའི་སྟེང་དུ་རྒྱ་ཚད་ལ་སོགས་པ་མི་འདྲ་བ་ཅུང་ཟད་ཙམ་ བདག་གིས་རྒྱུད་འགྲེལ་ཆེན་མོའི་སྟེང་ནས་གོ་བའི་ཚུལ་བརྗོད་པར་བྱ་སྟེ། དེ་ལ་ཆོས་ཀྱི་རྗེ་ བོས་བཞེད་པ་ནི། འཇིག་རྟེན་ཁམས་ལེའུ་ཚིགས་བཅད་བརྒྱ་ལྔ་བཅུ་པ་དང༌། བརྒྱ་ལྔ་བཅུ་ རྩ་གཅིག་པར་འགྱུར་གསར་ལྟར་ན། ཆང་དང་ལན་ཚྭའི་ཆུ་གཏེར་དབུས་སུ་ཐུབ་པ་ས་ཡི་ དཀྱིལ་འཁོར་ལ་ནི་ལས་པ་ཡང་དག་གནས། །དཔག་ཚད་འབུམ་ཕྲག་གསུམ་ལ་ཉི་མའི་ དུམ་བུ་རྣམས་སུ་མིའི་བདག་པོ་རིམ་པས་འཁོར་བར་འགྱུར། །དུམ་བུ་གཅིག་པ་དཔག་ཚད་ སྟོང་ཕྲག་ཉི་ཤུ་ལྔ་སྟེ་གཡས་ཀྱི་ཕྱེད་ལ་ཤམྦྷ་ལར་གྲགས་པ། །ཐུབ་པ་མཆོག་གི་གནས་གྲོང་ བྱེ་བ་ལྷག་པར་གནས་དེ་ནོར་གྱི་འདབ་མ་རྣམས་དང་བཅས་པ་ཡི། །ཕྱོགས་རྣམས་ཀུན་ཏུ་ མཆོག་གི་གངས་རི་ཡིས་ནི་རྣམ་པར་བསྐོར་ཏེ་དེ་ཡི་དབུས་ན་ཀཻ་ལ་ཤ། ས་ལ་ཀཻ་ཤའི་དུམ་བུ་ གངས་ཀྱི་རི་དང་བཅས་པས་ཀུན་ནས་སུམ་ཆ་སྟེ། །ཕྱི་རོལ་དུ་ནི་འདབ་མ་རེ་རེ་དག་ཀྱང་ ཉིན་བྱེད་ཡུལ་དང་གླིང་གི་ཡུལ་རྣམས་དག་གིས་བརྒྱན། །བྱེ་བའི་གྲོང་གིས་ངེས་པར་ བཅིངས་པ་ཡུལ་དུ་འགྱུར་ཏེ་འབུམ་ཕྲག་གྲོང་རྣམས་ཀྱི་ནི་ཡུལ་འཁོར་རོ། །ཞེས་པ་དང༌། ཚིགས་བཅད་བརྒྱ་ལྔ་བཅུ་རྩ་བདུན་པར། དཔག་ཚད་བརྒྱ་ལ་མདས་བསྒྱུར་བ་ཡི་ཚད་དང་ 5-1-70 ལྡན་པའི་རི་ཡིས་ཕྱོགས་བཞི་རྣམས་ནི་བསྐོར་བའམ། །ཤམྦྷ་ལ་ཞེས་རབ་ཏུ་གྲགས་པའི་ཀ་ ལཱ་པར་ནི་དཔལ་ལྡན་རྒྱལ་པོ་ཉི་མ་འགའ་ཞིག་གིས། །ལྷ་ཡི་དབང་པོ་རབ་མཆོག་མི་ཡི་ དབང་པོར་བཞག་ནས་ཁྱོད་ནི་རང་རང་གནས་སུ་འགྲོ་བར་གྱིས། །ཞེས་བྱུང་བའི་ཚིགས་ བཅད་དང་པོ་གཉིས་ཀྱིས་ཤམྦྷ་ལའི་ཆགས་ཚུལ་དང༌། ཕྱི་མའི་རྐང་པ་གསུམ་པོས་ཤམྦྷ་ལའི་ ཡུལ་སྤྱིའི་མཐའ་བསྐོར་གྱི་གངས་རིའི་སྦོམས་ཀྱི་ཚད་བསྟན་པར་བཞེད་དོ། །རྗེ་ཇོ་ནང་པ་ ཆེན་པོས་ཞིང་མཆོག་ཤམྦྷ་ལའི་བསྟོད་པ་ལས། ལས་ཀྱིས་ས་འདིར་འཛམ་གླིང་ཆུང་ངུའི། །བྱང་གི་ཆ་ལ་ལྷ་ཡིས་ལེགས་བཀོད། །རབ་གསལ་གངས་རིའི་ཕྲེང་བས་ཡོངས་བསྐོར། །ཕྱེད་བཅས་དཔག་ཚད་བྱེ་བ་བཅུ་གཉིས། །དེ་ནང་ཆུ་སྐྱེས་འདབ་བརྒྱད་མཛེས་པའི། །དབུས་ཀྱི་སུམ་ཆ་གེ་སར་སྡོང་བུ། །ཀཻ་ལ་ཤ་ཡི་རི་བོ་རབ་གྲགས། །དྲི་ཞིམ་མེ་ཏོག་འབྲས་བུ་ མང་ལྡན། །རྣམ་མང་ལྗོན་པའི་དྲ་བས་ལེགས་བརྒྱན། །རིན་ཆེན་སྨན་མཆོག་གྲུབ་པའི་རོལ་ གར། །ཡན་ལག་བརྒྱད་པའི་འབབ་ཆུ་མང་ལྡན། །རྨད་བྱུང་རྣམ་པའི་མཆོག་ཀུན་ཡོངས་ རྫོགས། །རབ་མཛེས་ཟླུམ་ཞིང་མཐོ་བའི་སྟེང་ན། །ཤམྦྷ་ལར་གྲགས་ཐུབ་མཆོག་གི་གནས། །གྲོང་ནི་བྱེ་བ་ལྷག་པར་གནས་པའི། །གཙོ་བོ་དཔལ་ལྡན་ཀ་ལཱ་པ་སྟེ། །ཆུ་ཞེང་ཐ་གྲུ་དཔག་ ཚད་བཅུ་གཉིས། །གསེར་དང་རིན་ཆེན་སྣ་ཚོགས་ཀྱིས་སྤྲས། །ཐེག་མཆོག་ཆོས་ཀྱི་དགའ་ བདེ་དང་ལྡན། །འཕགས་པའི་ཕོ་བྲང་མཆོག་དེར་ཕྱག་འཚལ། །ཞེས་གསུངས་པ་ལྟར། དེ་ ཡང་རྒྱབ་རིའི་རྒྱལ་པོ་རི་རབ་ལ་བསྟན་ཞིང་མདུན་ཆུ་བོ་ཆེན་པོ་སཱི་ཏ་ལ་བསྟན་ནས་ཡོད་དོ། །དེ་ཡང་ཙནྡན་གྱི་ནགས་ཚལ་ཆེན་པོས་བར་མཚམས་མེད་པར་དཀྲིགས་པའི་དབུས་སུ་གྲུབ་ པའི་གནས་ཆེན་པོ་འདི་ཉིད་དབྱིབས་ཤིན་ཏུ་ཟླུམ་པོ་མཐའ་གང་རིའི་ཕྲེང་བས་བསྐོར་ནས་ ཡོད་ལ། རྗེ་ཇོ་ནང་པ་ཆེན་པོ་ནས། བྱང་གི་ཆ་ལ་ལྷ་ཡིས་བཀོད་པའི་ཞིང༌། །རབ་མཆོག་ གངས་རིས་ཀུན་ནས་བསྐོར་བའི་དབུས། །ཆུ་སྐྱེས་འདབ་བརྒྱད་ལྟེ་བར་ཀཻ་ལ་ཤ། །ཟླུམ་ཞིང་ 5-1-71 མཐོ་བའི་སྟེང་ན་ཀ་ལཱ་པར། །ཙན་དན་ཚལ་དབུས་རྒྱལ་བའི་གཞལ་མེད་ཁང༌། །ཞེས་ གསུངས་པ་ལྟར། དེ་ཡང་པད་མ་འདབ་བརྒྱད་ལྟེ་བ་དང་བཅས་པའི་དབྱིབས་སུ་ཡོད་པའི་ འདབ་མ་རྣམས་ཀྱི་མཚམས་ཆུ་དང་གངས་ཀྱིས་ཕྱེ་བ་པདྨའི་ནང་ཤུན་གྱི་ཚུལ་དུ་སཱ་ལའི་ ནགས་འཐུག་པོས་བསྐོར་ནས་ཡོད་དོ། །ལྟེ་བའི་མཐའ་བསྐོར་དུ་ཡང་གངས་དང་ནགས་ཀྱི་ ཕྲེང་བས་བསྐོར་བའི་ལྟེ་བའི་རྒྱ་ཁྱོན་དཔག་ཚད་སྟོང་དང་ཕྱོགས་ཀྱི་པད་འདབ་རེ་རེའི་སྲིད་ ལ་དཔག་ཚད་ལྔ་བརྒྱ་རེ་སྟེ་ཁྱོན་གངས་ཀྱི་ཕྱི་མཐའ་ནས་ཕྱི་མཐའི་བར་དཔག་ཚད་ཉིས་སྟོང་ ཡོད་དོ། །དེ་ཡང་ཕྱི་གངས་རིའི་ལྷོ་ནུབ་དང་ཤར་ཕྱོགས་ནས་འགྲོ་བའི་ལམ་ཡོད་པའི། ཕྱིའི་ ཙན་དན་གྱི་ནགས་ཚལ་ནས་གྱེན་དུ་གངས་ཀྱི་ལམ་ནས་ཉིན་ཞག་མང་པོའི་བར་དུ་འགྲོ་བའི་ རྩེ་མོར་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་པའི་ལྷ་མོ་འོད་ཟེར་ཅན་མའི་སྐུ་རང་བྱོན་ཞལ་གསུམ་ ཕྱག་དྲུག་པ་དཔག་ཚད་ཙམ་གྱི་བར་དུ་འོད་ཀྱིས་ཁྱབ་པས་ཉིན་མཚན་གོ་མི་ཕྱེད་པ་ལྟ་བུ་ བཞུགས་ལ། གཞན་ཡང་གངས་རིའི་རྩེ་རྣམས་སུ་རིན་པོ་ཆེ་མན་ཤེལ་དང་ཟླ་ཤེལ་སོགས་ ལས་རང་བྱུང་དུ་གྲུབ་པའི་ལྷ་མོ་རལ་གཅིག་མ་དང༌། བཅོམ་ལྡན་འདས་མ་ཡིད་བཞིན་ འཁོར་ལོ་སོགས་དཔག་ཏུ་མེད་པ་བཞུགས་ཡོད་པར་གསུངས་སོ། །པད་འདབ་ཀྱི་རྩེ་ནས་ ནང་དུ་ནགས་ཚལ་དང་གྲོང་ཁྱེར་ཆེན་པོ་རྣམས་རིམ་གྱིས་བརྒྱུད་དེ་ཕྱིན་པ་ན་པད་འདབ་ཀྱི་ ནང་མཐའི་ནགས་ཚལ་གྱི་མཐའ་ནས་ལྟེ་བར་གངས་རིའི་རྩེར་ཉིན་ཞག་མང་པོར་འཛེགས་ ཏེ་ཕྱིན་པ་ན་རྩེ་མོའི་ངོ་བོ་གངས་རི་ཡིན་པ་ལ། ལོ་མང་པོར་མ་ཞུ་བས་ཆུ་ཤེལ་གྱི་རང་བཞིན་ དུ་གྱུར་པ་འོད་ཤིན་ཏུ་འབར་བའི་སྟེང་མཐིལ་ཤིན་ཏུ་ཡངས་པའི་སྟེང་དུ་ཕོ་བྲང་ཆེན་པོ་ཀ་ལཱ་ པ་ཡོད་ལ། དེ་ཡང་གྲུ་བཞི་པ་ངོས་རེ་རེ་ལ་དཔག་ཚད་བཅུ་གཉིས་རེ་ཡོད་པ་རིན་པོ་ཆེ་སྣ་ ཚོགས་ཀྱི་རང་བཞིན་ལས་གྲུབ་པའི་འོད་ཀྱིས་དཔག་ཚད་ཙམ་གྱི་ཁྱོན་ལ་ཁྱབ་པ་འོད་དེ་དང་ མཐའི་གངས་རིའི་རྩེ་མོའི་འོད་འདྲེས་པས་མཚན་མོ་ཡང་ཉིན་མོ་ལྟ་བུའི་འོད་འཕྲོ་ཞིང་ཡི་གེ་ 5-1-72 ཕྲ་མོ་ཚུན་ཆད་ཀྱང་ཀློག་ཏུ་རུང་བ། འོད་དེའི་ཁྲོད་ནས་ཟླ་བའི་འོད་ཟེར་ལ་བལྟས་པའི་ཚེ་སྐྱ་ ཕྱི་ལེ་བ་ཞིག་ལས་གཟི་བྱིན་འབྱིན་མི་ནུས་པར་གསུངས་སོ། །ཕོ་བྲང་དེར་རིགས་ལྡན་གྱི་ རྒྱལ་པོ་བཞུགས་པའི་ཁང་པ་རྣམས་ནི། ཙནྡན་ས་མཆོག་དང༌། པདྨ་རཱ་ག་དང༌། མརྒད་དང༌། བཻཌཱུརྱ་སོགས་ལས་གྲུབ་པ་ལ་ཟླ་བ་ཆུ་ཤེལ་དང་རྡོ་རྗེ་ཕ་ལམ་ལས་བྱས་པའི་ཤེལ་སྒོ་སྤྲད་ པའི་འོད་ཀྱིས་ཉིན་མཚན་མི་ཕྱེད་པ་སྐར་ཁུང་གི་ངོས་དག་ལ་གསེར་གྱི་པ་ཏྲས་བསྡམས་པའི་ མན་ཤེལ་གྱི་འཁོར་ལོ་ཡོད་པ་ལ་བལྟས་པའི་ཚེ་ཉི་ཟླ་སྐར་གསུམ་གྱི་ཁང་བཟང་དང་སྐྱེད་ མོས་ཚལ་དང༌། རྒྱུ་བའི་ལམ་གྱི་གོ་ལ་དང༌། ཁྱིམ་བཅུ་གཉིས་སོགས་དང༌། ལྷའི་བུ་དང་བུ་མོ་ སོགས་མདུན་ན་ཡོད་པ་བཞིན་དུ་མཐོང་ནུས་པ་ཡོད་ལ། རིགས་ལྡན་རྒྱལ་པོའི་བཞུགས་ཁྲི་ རྣམས་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་ལ་ལྷ་དང་མིའི་ནོར་བུ་རིན་ཐང་བྲལ་བས་ཕྲ་ བཏབ་པ། བཞུགས་ཁྲིའི་མཐར་ཙན་དན་ས་མཆོག་གི་ཕྲ་སྐྱོར་དྲི་བསུང་དཔག་མེད་དུ་འཕྲོ་ བ་ལ་དྭངས་ཤེལ་གྱི་མཆོག་མེ་ལོང་ལྟ་བུར་ཡོད་པའི་གཞིར་ཐག་རིང་བ་དཔག་ཚད་ལྔ་བཅུ་ ཙམ་གྱི་སའི་ཁྱོན་གྱི་ཆུ་ནང་གི་སྲོག་ཆགས་ཕྲ་མོ་ཚུན་ཆད་ཀྱི་གཟུགས་བརྙན་འཆར་བའི་ལྟད་ མོ་ཆེ་བ་སོགས་ནི་བརྗོད་ཀྱིས་མི་ལང་ངོ༌། །དེའི་སྟེང་དུ་ཁྲི་ཆེན་པོ་ལ་འོས་པའི་རས་དང༌། གསེར་སྲང་བྱེ་བ་སྟོང་ཕྲག་མང་པོ་རི་བའི་གོས་སྣ་ཚོགས་ཀྱི་སྟན་སྔས་འབོལ་སོགས་མཚོན་ པ་ཙམ་སྨོས་པ་སྟེ། མདོར་ན་བཞུགས་ཁྲིའི་གནས་རེ་རེའི་རིན་ཐང་ཡང་གྲོང་ཁྱེར་ཆེན་པོ་ གསེར་གྱིས་བྱུར་བུར་གང་བ་དག་རི་བར་འགྱུར་ན་གཞན་དག་དཔག་པར་ག་ལ་ནུས། ཀུན་ མཁྱེན་ཆེན་པོས། ཁྱད་པར་དཔལ་ལྡན་ཀ་ལཱ་པར་འཁྲུངས། །འཁོར་ལོས་བསྒྱུར་བ་ཆེན་ པོའི་གཟུགས་ཀྱིས། །ས་ལ་དུས་ཀྱི་འཁོར་ལོ་གསལ་མཛད། །ཆོས་ལྡན་རིགས་ལྡན་རྣམས་ ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར། རིགས་ལྡན་གྱི་རྒྱལ་པོའི་སྐུའི་ཆ་བྱད་ནི། སེང་གེའི་ སྐྲ་ཚོམས་མ་ལས་གྲུབ་པའི་གཙུག་ཏོག་དང༌། འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་པྲོག་ 5-1-73 ཞུ། ཕྱག་ཞབས་ཀྱི་གདུ་བུ་རིན་པོ་ཆེ་རེ་རེའི་རིན་དུ་གསེར་སྲང་བྱེ་བ་རེ་རི་བས་ཕྲས་བཏབ་ པའི་འོད་དང༌། རིགས་ལྡན་གྱི་འོད་འདྲེས་པ་ཁོར་ཡུག་ཏུ་ཁྱབ་པས་ལྷ་དབང་གིས་ཀྱང་གཟི་ བྱིན་བཟོད་པར་དཀའ་བ་ཡིན་ནོ། །སྤྱིར་རིགས་ལྡན་གྱི་རྒྱལ་པོ་ལ་སྲས་དང་བཙུན་མོ་མང་དུ་ ཡོད་ཀྱང་རིགས་ལྡན་ཉིད་ལྷུམས་སུ་ཞུགས་པའི་སྐབས་སུ་ཨུཏྤལ་སྔོན་པོའི་ཆར་བབ་པ་ དང༌། བལྟམས་པའི་སྐབས་སུ་ཡང་སྐུ་གཟུགས་དངོས་མི་སྣང་ཞིང་ནོར་བུ་བསམ་འཕེལ་ དབང་རྒྱལ་གྱི་གཟུགས་སུ་ཉིན་ཞག་མང་པོའི་བར་དུ་བཞུགས་པ་དང༌། སྐུའི་འོད་ཟེར་གྱིས་ ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ལ་ཁྱབ་པ་སོགས་ཁྱད་ཆོས་དཔག་མེད་དང་ལྡན་པ། ཀུན་ མཁྱེན་ཆེན་པོས། ཕུན་ཚོགས་མང་ལྡན་ཤམྦྷ་ལར་ཕྱག་འཚལ། །ཞེས་གསུངས་པ་ལྟར། འཁོར་གྱི་བློན་པོ་དང༌། དམག་དཔོན་དང༌། བཙུན་མོའི་འཁོར་རྒྱ་ཆེན་པོ་དང༌། ཤ་ར་ཎ་དང༌། གླང་པོ་དང༌། གླང་པོ་གཤོག་པ་ཅན་དང༌། རྟ་མཆོག་དེ་ལྟ་བུ་དང༌། ཤིང་རྟ་དང༌། ཁྱོགས་ལ་ སོགས་པ་བཞོན་པའི་བཀོད་པ་མཐའ་ཡས་པ་དང༌། རང་བཞིན་གྱི་འབྱོར་བ་དང༌། རིགས་ སྔགས་ཀྱི་མཐུས་གྲུབ་པ་དང༌། ཆབ་འབངས་སུ་གྱུར་པའི་ཀླུ་དང༌། ལྷ་མིན་དང༌། སྲིན་པོ་ དང༌། མིའམ་ཅི་དག་གིས་ཕུལ་བའི་ལོངས་སྤྱོད་དང་ཁ་ཟས་ཀྱི་ཁྱད་པར་དག་ལ་ནི་ལྷའི་ དབང་པོས་ཀྱང་འགྲན་ནུས་པ་མ་ཡིན་ནོ། །ཀུན་མཁྱེན་ཇོ་ནང་པ་ཆེན་པོས། དེ་ཡི་ལྷོར་ཡང་ དེ་དང་མཉམ་པའི། །མ་ལཱ་ཡ་ཡི་ཚལ་གྱི་དབུས་ན། །རྒྱལ་བ་བསྐྱེད་མཛད་དུས་ཀྱི་འཁོར་ལོ། །དཀྱིལ་འཁོར་རིན་ཆེན་ལྔ་ལས་ཡོངས་རྫོགས། །ཀུན་ནས་ཁྲུ་ནི་བརྒྱ་ཕྲག་བཞི་པ། །ཕྱི་རིམ་ རྡོ་རྗེ་ཕྲེང་བའི་རྒྱར་ཡང༌། །ཁྲུ་མཆོག་བརྒྱ་ཕྲག་བཅུ་གཉིས་དང་ལྡན། །དྲི་མེད་འོད་འཕྲོ་དེ་ལ་ ཕྱག་འཚལ། །ཞེས་གསུངས་པ་ལྟར། ཕོ་བྲང་དེའི་ལྷོ་ཕྱོགས་ན་མ་ལཱ་ཡའི་སྐྱེད་མོས་ཚལ་ཆེན་ པོ་ལྗོན་ཤིང་སྣ་ཚོགས་ཀྱིས་གཏམས་པའི་དབུས་སུ་ཆོས་ཀྱི་རྒྱལ་པོ་ཟླ་བ་བཟང་པོས་ བཞེངས་པའི་དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་ཀྱི་དཀྱིལ་འཁོར་རིན་པོ་ཆེ་སྣ་བདུན་ 5-1-74 ལས་གྲུབ་པ་ངོས་རེ་རེ་ལ་ཁྲུ་བཞི་བརྒྱ་དང་བཅུ་གཉིས་རེ་ཡོད་པའི་སྟེང་དུ་འཛམ་བུ་ཆུ་བོའི་ གསེར་ལས་གྲུབ་པའི་རྒྱ་ཕིབས་རྩེ་མོར་ནོར་བུ་བསམ་འཕེལ་དབང་རྒྱལ་གྱི་ཏོག་གིས་ མཛེས་པའི་འོད་ཀྱིས་ཉི་མའི་དཀྱིལ་འཁོར་ཡང་ཟིལ་གྱིས་གནོན་པ་ཡོད་ལ། གཞན་ཡང་ རིགས་ལྡན་འཇམ་དཔལ་གྲགས་པས་བཞེངས་པའི་དེ་ལས་ཅུང་ཟད་ཆུང་བའི་བློས་བསླངས་ ཤིག་གི་གཙོས་རིགས་ལྡན་རྒྱལ་པོ་གཞན་རྣམས་ཀྱིས་བཞེངས་པའི་བློས་བསླངས་ཀྱང་མང་ དུ་ཡོད་པར་རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་རིན་པོ་ཆེས་གསུངས་སོ། །རྗེ་ཇོ་ནང་པ་ཆེན་ པོས། དེ་ཡི་ཤར་ན་ཉེ་བའི་ཡིད་དང༌། །ནུབ་ན་པདྨ་དཀར་པོའི་མཚོ་ཡོད། །དེ་ཙམ་དྲི་ཞིམ་ བསིལ་བའི་ཆུས་གང༌། །དྲི་ཞིམ་མེ་ཏོག་རྣམ་མང་གིས་དཀྲིས། །མཛེས་པའི་བྱ་ཚོགས་སྐད་ སྙན་སྒྲོག་ལྡན། །སྤོས་དང་མེ་ཏོག་འབྲས་བུ་ཤིང་སོགས། །ལྷ་བས་ལྷག་པའི་འབྱོར་བ་མང་ ལྡན། །ཀཻ་ལ་ཤ་ཡི་རི་བོར་ཕྱག་འཚལ། །ཞེས་གསུངས་པ་ལྟར། ཚལ་དེའི་ཤར་ན་ཉེ་བའི་ ཡིད་ཀྱི་མཚོ་དང་ནུབ་ན་པདྨ་དཀར་པོའི་མཚོ་སྟེ། ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུ་རེ་རེ་ཡོད་པའི་ སྐྱེད་མོས་ཚལ་མཚོ་དང་བཅས་པ་ལ་དཔག་ཚད་བཅུ་གཉིས་བཅུ་གཉིས་རེ་ཡོད་ལ། ཕོབྲང་ གི་བྱང་ཕྱོགས་སུ་གྲོང་ཁྱེར་བྱེ་བ་ཕྲག་གཅིག་ཡང་བྲན་གྱི་ཚུལ་དུ་ཡོད་ཅིང༌། དེའི་རྒྱབ་ན་ བྱམས་པ་དང་འཇམ་དབྱངས་ལ་སོགས་པའི་མཚན་ཅན་དང་སྐུའི་རྣམ་པ་ཅན་གྱི་རི་བོ་བཅུ་ ལ་བྱང་སེམས་རྣམས་དངོས་སུ་བཞུགས་པ་དང༌། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ནི་ རྒྱལ་པོའི་རྣམ་པར་རྒྱུན་དུ་བཞུགས་པས་ན། རྗེ་ཇོ་ནང་པ་ཆེན་པོས། ཕྱི་རོལ་པད་འདབ་སོ་ སོར་གྲོང་ན། །བྱེ་བ་བཅུ་གཉིས་མཉམ་པར་ལེགས་བཀོད། །དེ་ལྟར་བྱེ་བ་བཅུ་དྲུག་གི་ནི། །མི་བདག་རིན་ཆེན་ཅོད་པན་བཅིངས་པ། །དགུ་བཅུ་དྲུག་གི་གཙུག་གི་ནོར་བུའི། །འོད་ཟེར་ ཚོགས་ཀྱིས་ཞབས་ལ་གཏུགས་གང༌། །ཞེས་གསུངས་པ་ལྟར། ཕྱི་པདྨ་འདབ་བརྒྱད་ཀྱི་ དབྱིབས་སུ་ཡོད་པའི་འདབ་མ་རེ་རེའི་སྟེང་དུ། གྲོང་ཁྱེར་བྱེ་བ་བཅུ་གཉིས་རེ་ཡོད་པའི་བྱེ་བ་ 5-1-75 རེ་རེ་ལ་རྒྱལ་པོ་རེ་རེ་ཡོད་པ་ཐམས་ཅད་ཀྱི་དུས་ཀྱི་འཁོར་ལོ་ལ་སོགས་པའི་གསང་ཆེན་གྱི་ ཆོས་རྒྱུན་མི་འཆད་དུ་སྟོན་པར་མཛད་དེ། ཀུན་བསྡོམས་པས་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་ རྩ་དྲུག་ཡོད་དོ། །དེ་རྣམས་སཾ སྐྲ ་ཏའི་སྐད་དུ་སྨྲ་བ་དང༌། ལུས་ཀྱི་ཆ་བྱད་ཐམས་ཅད་རས་ དཀར་པོ་གྱོན་པས་རྒྱ་གར་ཡུལ་དབུས་སར་གཏོགས་པ། མདོར་ན་ལོངས་སྤྱོད་ཆུང་ངུ་དག་ ལ་ཡང་གསེར་བང་བ་བརྒྱར་ཉེ་བ་ཡོད་ཅིང༌། ཕལ་ཆེར་གྲུབ་པ་བརྒྱད་དུ་གཏོགས་པའི་རིག་ སྔགས་གྲུབ་པ་དང༌། ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་ཏིང་ངེ་འཛིན་ལ་སོགས་པ་ཐོབ་པ་ མང་ལ། འཇམ་པོའི་ཁྲིམས་ཀྱིས་འཚོ་བ་ལས་བཅིང་བ་དང་བརྡེག་པ་སོགས་དང་ནད་མུག་ སོགས་ཀྱང་གཏན་མེད་ལ་གྲོང་ཁྱེར་གྱི་སྲང་བར་རྣམས་ལ་ཚོང་འདུས་ཀྱི་བཀོད་པའི་ཁྱད་ པར་ཡ་མཚན་ཅན་མཐའ་ཡས་པ་ན་བཻཌཱུརྱ་དང༌། ཀེ་ཀེ་རུ་དང༌། རས་ཀྱི་མཆོག་ཀརྴ་པ་ཎ་ འབུམ་རེ་དང༌། གོས་དར་བཟང་པོ་མང་པོ་དང༌། རྒྱན་གྱི་རྣམ་པ་མཐའ་ཡས་པ་སོགས་སུམ་ རྩེན་གྱི་གནས་ལ་ཅོ་འདྲི་བ་དང༌། རྒྱལ་པོའི་ཕོ་བྲང་ལ་སོགས་པའི་ཁང་བཟང་མཆོག་རྣམས་ ལ་སྟེང་ཁང་དང་བར་ཁང་དང་འོག་ཁང་གི་བཀོད་པ་ངོ་མཚར་ཅན་མཐའ་ཡས་པ་སྟེ་གསེར་ དངུལ་གྱི་ཁང་བཟང་གཞི་ཤེལ་ཁ་དོག་སྣ་ཚོགས་ལས་གྲུབ་པ་ལ་བ་སོའི་འཕྲུལ་མིག་དུ་རིན་ པོ་ཆེའི་ཕྲ་བཏབ་པ་སོགས་འཕྲུལ་གྱི་ཁྱད་པར་མང་པོ་ལ་གཟུགས་བརྙན་སྣ་ཚོགས་འཆར་ བའི་ཡ་མཚན་གྱི་བཀོད་པ་མང་པོ་དང༌། ཁ་ཟས་ཀྱི་བྱེ་བྲག་ཀྱང་སྦྱོར་བའི་མཆོག་སྟེང་དུ་ཉེ་ བ་དང༌། རྩེད་མོའི་རིགས་ཁྲི་ཕྲག་ཏུ་ལོངས་པ་དག་ཡོད་ལ། རྒྱལ་བློན་དམག་དཔོན་མདུན་ ན་འདོན་གྱི་བྲམ་ཟེ་དང༌། གཞན་ཡང་ཁྱིམ་བདག་དང༌། བྲམ་ཟེ་དང༌། བློན་པོ་ཤིང་སཱ་ལ་ ཆེན་པོ་ལྟ་བུ་དག་དང༌། དམག་མི་དང་དེའི་ནང་གི་དཔའ་བོ་དང༌། དཔའ་བོའི་མཆོག་ཐམས་ ཅད་ཀྱང་སྒྱུ་རྩལ་ཉི་ཤུ་རྩ་བཞི་ལ་མཆོག་ཏུ་བྱང་བ། གླང་པོ་ཆེ་དང༌། རྟ་དང་མ་ཧེ་དང༌། བསེ་ དང་བ་ལང་གི་རིགས་མང་པོས་ཁྱབ་ཅིང༌། གྲོང་ཁྱེར་གྱི་སྲང་བར་རྣམས་སུ་རྡོ་གཅལ་དུ་ 5-1-76 བཀྲམ་པ་ལ་མཆོད་རྫས་ཀྱི་གཟུགས་བསྐོས་ནས་བྲིས་པ་དག་གི་མཛེས་པ་ལ་ཉིན་རེ་བཞིན་ དུ་ལན་གསུམ་གསུམ་དུ་ཕྱག་བརྡར་དང་ཆག་ཆག་འདེབས་པར་བྱེད་ཅིང་སྲང་དང་ལམ་གྱི་ བཞི་མདོའི་བར་བར་དུ་རྡོའི་ཁང་པ་དང་བྲེ་ལ་སོགས་པའི་དབྱིབས་ཅན་དག་གི་ནང་ན་ཆུ་ བསིལ་བ་དེར་རྒྱུ་བའི་མི་རྣམས་ཀྱིས་བཏུང་བའི་ཆེད་དུ་བཞག་ཅིང༌། ཀུན་མཁྱེན་ཆེན་པོས། དེ་ལ་དྲི་ཞིམ་བསིལ་བའི་ཆུས་གང༌། །དྲི་ཞིམ་མེ་ཏོག་རྣམ་མང་གིས་དཀྲིས། །མཛེས་པའི་བྱ་ ཚོགས་སྐད་སྙན་སྒྲོགས་ལྡན། །སྤོས་དང་མེ་ཏོག་འབྲས་བུ་ཤིང་སོགས། །ལྷ་བས་ལྷག་པའི་ འབྱོར་བ་མང་ལྡན། །ཞེས་གསུངས་པ་ལྟར། དེའི་འགྲམ་དུ་ཁྲུས་བྱེད་པའི་རྫིང་བུ་བསིལ་བ་ དང་ངལ་གསོ་བའི་གནས་བསིལ་བའི་བདུག་སྤོས་དང་བཅས་པ་ཡུལ་གྱི་མཐའ་ཐམས་ཅད་ ནེའུ་གསིང་དང་ཞིང་གི་ཁྱད་པར་མང་པོས་མཛེས་ཤིང༌། ཕོ་བྲང་གི་འདབས་ཆགས་སྐྱེད་མོས་ ཚལ་འབྲས་བུ་ཅན་དང༌། ཙན་དན་དང་ཨ་ག་རུ་ལ་སོགས་པའི་ནགས་ཚལ་ལ་ཁུ་བྱུག་དང༌། ཀ་ལ་པིང་ཀ་དང༌། ནེ་ཙོ་དང༌། ཤང་ཤང་ཏེའུ་དང༌། ཀ་ལན་ཏ་ཀ་དང༌། བྱ་བྱིའུ་སྣ་ཚོགས་ པས་ཁྱབ་ཅིང་སྒྲ་སྙན་པར་སྒྲོགས་ཤིང༌། ནེའུ་གསིང་མེ་ཏོག་སྣ་ཚོགས་ཀྱིས་བཀྲ་བ། བཅོས་ མའི་མཚོ་དང༌། རང་བཞིན་གྱིས་གྲུབ་པའི་མཚོ་དང༌། རྫིང་བུ་ལྟེང་ཀ་དག་ལ་ངང་བ་དང༌། ངུར་བ་དང༌། མཐིང་རིལ་དང༌། བཞད་ལ་སོགས་པས་སྒྲ་སྙན་སྣ་ཚོགས་པར་སྒྲོགས་ཤིང༌། པདྨ་དང་ཨུཏྤལ་དང༌། ཀུ་མུ་ད་ལ་སོགས་པའི་དྲི་བསུང་འཕྲོ་བ་སོགས་མདོར་ན་སུམ་རྩེན་གྱི་ གནས་ལ་ཅོ་འདྲི་བ་ལྟ་བུའི་ལོངས་སྤྱོད་ཀྱི་ཚོགས་དག་ཡོད་པ་ནི་ཟོལ་བསྟོད་དང་བརྫུན་ ཚིག་གིས་བསླད་པ་གཏན་མ་ཡིན་པར་རྒྱུད་ཀྱི་རྒྱལ་པོ་འགྲེལ་བ་འགྲེལ་བཤད་དང་བཅས་ པའི་དོན་བསྡུས་ཏེ་ཇི་སྐད་དུ་ཡང༌། ཀུན་མཁྱེན་ཆེན་པོས། གཞན་ཡང་དེང་ནས་སྐྱེ་བ་ཀུན་ ཏུ། །དད་བརྩོན་ཤེས་རབ་སྙིང་རྗེ་ཆེ་ལྡན། །ལྷག་བསམ་རྣམ་དག་ཤིན་ཏུ་ཡིད་གཞུངས། །སྙིང་སྟོབས་མཆོག་ལྡན་འཚོ་བ་ཡོངས་དག །འཕགས་པ་དགྱེས་པའི་ཚུལ་ཁྲིམས་ལ་གནས། 5-1-77 །བཤེས་གཉེན་དམ་པ་རྣམས་ཀྱིས་རྗེས་བཟུང༌། །མང་དུ་ཐོས་པ་དྲི་མེད་ངད་ལྡན། །ཏིང་ འཛིན་མཆོག་ཐོབ་སེམས་ལ་དབང་བསྒྱུར། །གཟུངས་དང་སྤོབས་པ་མངོན་ཤེས་ལྔ་སོགས། །ཡོན་ཏན་ཀུན་ལྡན་བསླབ་གསུམ་དག་པས། །ཟག་མེད་རང་བྱུང་ཐམས་ཅད་མཁྱེན་པའི། །ཆོས་ཀུན་ཡོངས་སུ་རྫོགས་པར་བགྱི་སླད། །ཕ་རོལ་ཕྱིན་བཅུ་རྡོརྗེའི་རྣལ་འབྱོར། །ཀུན་ ནས་རྟག་ཏུ་སྤྱོད་པར་གྱུར་ཅིག །ཅེས་གསུངས་པ་ལྟར། །གཞན་ཡང་དགེ་སློང་དང་དགེ་སློང་ མ་ལ་སོགས་འཁོར་རྣམ་པ་བཞི་བྱེ་བ་ཕྲག་མང་པོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ འཆད་ཉན་ལ་བརྩོན་བཞིན་དུ་བཞུགས་པའི་གནས་གཞི་དང་གཙུག་ལག་ཁང་ལ་སོགས་པ་ དཔག་ཏུ་མེད་པ་ཡོད་ལ། ལྷ་འབངས་ཀྱི་མཆོད་གཞི་དང༌། རིགས་སྔགས་ཀྱི་མཐུས་ལྷ་དང་ ཀླུ་དང་ལྷ་མིན་ལ་སོགས་པའི་མངག་གཞུག་ཀྱང་ཡོད་ལ། བསོད་སྙོམས་དང་འཚོ་བའི་ཡོ་ བྱད་བཅུ་གསུམ་དང་རིགས་སྔགས་སྒྲུབ་པའི་ཡོ་བྱད་རྣམས་ཀྱང་ལྷ་འབངས་དེ་ཉིད་ནས་ འབུལ་བ་ཡིན་ནོ། ། ཀུན་མཁྱེན་ཤམ་བསྟོད་ལས། དེ་ལྟར་དུས་ཀྱི་འཁོར་ལོས་དྲིན་ལས། །འགྱུར་མེད་ ཕྱག་རྒྱ་ཆེན་པོ་གྲུབ་ནས། །ཕྱོགས་བཅུར་ཅིག་ཅར་རྣམ་འཕྲུལ་དུ་མས། །རང་དང་གཞན་གྱི་ དོན་ལ་བརྩོན་འགྱུར། །ཞེས་གསུངས་པ་ལྟར། གཞན་ཡང་རླུང་སེམས་ལ་དབང་ཐོབ་པའི་ རྣལ་འབྱོར་པའི་ཚོགས་ཀྱིས་དག་དང་མ་དག་པའི་ཞིང༌། ཀུན་ཏུ་འགྲོ་བའི་དོན་མཛད་པ་སྣ་ ཚོགས་པ་མང་པོ་ཡོད་ལ། རྟེན་ཁྱད་པར་ཅན་བཞུགས་པའི་གཙུག་ལག་ཁང་རྣམས་ལ་སྲི་ཞུ་ དང་བཀུར་སྟི་སོགས་ཚད་མེད་པ་ནི་བརྗོད་ཀྱིས་མི་ལང་ངོ༌། །ཡུལ་དེར་མདོ་རྒྱུད་དགོངས་ འགྲེལ་དང་བཅས་པའི་བསྟན་བཅོས་རྣམས་དང་རིག་པའི་བསྟན་བཅོས་བཅོ་བརྒྱད་ལ་ཤིན་ ཏུ་མཁས་པར་ཡོད་ལ། ཁྱད་པར་རྗེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ལེགས་ བཤད་རིན་པོ་ཆེ་རྣམས་ཀྱི་འཆད་ཉན་སོགས་ནི་ཆེས་ཆེར་རྒྱས་པར་རྗེ་ཏཱ་ར་ནཱ་ཐ་དང༌། 5-1-78 རིགས་ལྡན་སྟོབས་པོ་ཆེའི་སྤྲུལ་པ་ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་སྐྱེས་བུ་དམ་པ་མང་པོས་ མཐུན་པར་གསུངས་སོ། །ཡུལ་དེའི་མི་རྣམས་ནི་ཚན་པོ་ཆེའི་སྟོབས་དང་ལྡན་པས་ཉིན་རེར་ དཔག་ཚད་བཅུར་དལ་བུས་ཕྱིན་པ་དང༌། རིག་པ་དང་འཕྲུལ་འཁོར་གྱི་ཁྱད་པར་དག་ལ་ སྲིན་པོ་ལང་ཀ་མགྲིན་བཅུ་སོགས་ཀྱིས་ཀྱང་འགྲན་པར་ནུས་པ་མ་ཡིན་ནོ། ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་ གསང་སྔགས་ཀྱི་རྒྱུད་སྡེ་གང་གསུངས་བཤད་པ། གཉིས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་བཅོམ་ལྡན་འདས་དུས་ ཀྱི་འཁོར་ལོས་གསང་སྔགས་ཀྱི་རྒྱུད་སྡེ་གང་གསུང་བཤད་པ་ནི། རྒྱུད་ལས། ཤིན་ཏུ་རྣམ་ དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཅེས་གསུངས་པ་ལྟར་སྔར་སྟོན་པས་ ཕར་ཕྱིན་ཐེག་པར་ངེས་དོན་ཆོས་ཉིད་བདེ་གཤེགས་སྙིང་པོ་གནས་ལུགས་མཐར་ཐུག་ཏུ་ བསྟན་པ་ཉིད་འདིར་གསང་ཆེན་བླ་མེད་ཐེག་པའི་སྐབས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ ཉིད་གདོད་མ་ནས་གྲོལ་བ་ཆེན་པོ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དོན་དམ་པའི་རྣམ་ པ་ཀུན་གྱི་བདག་ཉིད་ཅན། ཞེས་པའི་མཚན་གྱིས་གཞིའི་ཆོས་ཉིད་གཤེགས་སྙིང་དུ་ལེགས་ པར་བསྟན་པའང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ཉིད་བདེ་སྟོང་ཟུང་ འཇུག་གི་ངོ་བོར་མངོན་དུ་བྱེད་པའི་ཐབས་དྲུག་ལྡན་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་ དུ་བསྣུན་པའི་ཐབས་ཁྱད་པར་ཅན་གསང་ཆེན་བླ་མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོ་སྟོན་པ་ཉིད་ ཆོས་དབྱིངས་གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་གནས་འགྱུར་ཏེ་ཐུན་མོང་མ་ ཡིན་པའི་སྔགས་ཀྱི་གདུལ་བྱ་མཆོག་རྣམས་ལ་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་ 5-1-79 གསང་སྔགས་ཀྱི་ཉེ་ལམ་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་འདིའི་ཚུལ་ཡང༌། འཇམ་ དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་སྐུ་ སྟེ་རང་འབྱུང་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པའི་དགོངས་པ་དང་གཅིག་པར། དུས་འཁོར་རྩ་རྒྱུད་ལས་ཀྱང༌། ཕྱག་རྒྱ་ཆེན་ པོ་མི་འགྱུར་བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་གནས་ལུགས་ བདེ་གཤེགས་སྙིང་པོ་གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་མཆོག་གི་དང་པོའི་སངས་རྒྱས་ འདུས་མ་བྱས་པ་རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོ་མི་ འགྱུར་བདེ་བ་མཆོག་གི་རང་བཞིན་ཀུན་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོ་གཞི་འབྲས་དབྱེར་ མེད་ཀྱི་ངོ་བོ་འདི་ག་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་མངོན་དུ་བྱ་བའི་ཚུལ་ནི། དུས་ འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཅེས་ གསུངས་པ་ལྟར་སྟོན་པའི་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་ཕུང་རིར་ཤེར་ཕྱིན་གསུངས་པ་ དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་བ་སྔགས་ཀྱི་ཆོས་ཐུན་མིན་ངོར་གསུངས་ པ་ཡང༌། བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་སྟོབས་བཅུ་ པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། །ཅེས་པ་ལྟར་རོ། །དེ་ཡང་ སྟོན་པ་ཤཱཀྱའི་རྒྱལ་པོས་འཚང་རྒྱས་ཚུལ་བསྟན་པའི་ཕྱི་ལོ་ནག་པ་ཟླ་བའི་ཉ་ལ། འཕགས་ ཡུལ་གྱི་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱི་འམ་ཕལ་སྐད་ལ་ཨསྟུ་ཀ་ཡ་ཟེར་བའི་ གླིང་ཕྲན་དུ་གྲོང་ཁྱེར་དཔལ་ཡོན་ཅན་ཞེས་ཤིན་ཏུ་རྒྱ་ཆེ་བའི་འགྲམ་ན་སྔོན་གྱི་སངས་རྒྱས་ གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ལྷ་ཆེན་རྣམས་ 5-1-80 ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་གཤེགས། དེ་ཚེ་འཁོར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་ པ་དང༌། ལྷ་ཆེན་བཅུ་གཉིས་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་གྲངས་མེད་ པ་འདུས། ཆུ་བོ་སཱི་ཏའི་བྱང་ཕྱོགས་ཀྱི་སྔགས་ཞིང་བྱང་ཤམྦྷ་ལའི་རྒྱལ་པོ་ཤཱཀྱའི་རིགས་སུ་ འཁྲུངས་པ་ཆོས་རྒྱལ་ཉི་མའི་འོད་ཀྱི་སྲས་རྒྱལ་སྲིད་བསྐྱངས་ནས་ལོ་གོ་དགུ་བཞེས་པ་ཕྱག་ ན་རྡོ་རྗེའི་རྣམ་སྤྲུལ་ཆོས་རྒྱལ་ཟླ་བ་བཟང་པོ་ལ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་ སྐལ་ལྡན་དཔག་ཏུ་མེད་པས་བསྐོར་བ་དང་བཅས་ཏེ་རྫུ་འཕྲུལ་གྱིས་དྷ་ན་ཤྲཱིའི་གླིང་དུ་འོངས་ ཏེ། ཟླ་བ་བཟང་པོས་ཞུས་པའི་ངོར་མཆོད་རྟེན་གྱི་བུམ་པའི་ནང་དུ་འོག་ཏུ་བསྡུས་རྒྱུད་ལས་ བསྟན་པའི་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་ཚང་བའི་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་འདི་ནི་ ཆོས་དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་ པའི་དཀྱིལ་འཁོར་ལྷ་བདུན་བརྒྱ་ཉེར་གཉིས་ཀྱི་རྣམ་པར་མངོན་པར་སྤྲུལ་པ་དང༌། བར་དུ་ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༌། དེའི་སྟེང་དུ་སྟོན་པ་ཉིད་ཀྱིས་རྩ་རྒྱུད་ནས་བསྟན་པའི་ དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ནི། སྲུང་འཁོར་གཅིག་གི་ནང་དུ་དབུས་སུ་གཞལ་ཡས་ ཁང་གཅིག་ལ་གཙོ་བོ་དུས་ཀྱི་འཁོར་ལོ་ཡབ་ཡུབ་འཁོར་དང་བཅས་པ་ལྷ་ཚོགས་སྟོང་དང་ དྲུག་པ་ཅན། གཞལ་ཡས་ཁང་དེའི་ཕྱོགས་མཚམས་སུ་སྡོམ་པ་ཆེན་པོ་དང༌། གསང་འདུས་ རིགས་དྲུག་གི་དཀྱིལ་འཁོར་དྲུག་དང༌། སྒྱུ་འཕྲུལ་དྲ་བ་རིགས་གསུམ་གྱི་དཀྱིལ་འཁོར་ གསུམ་དང་བཅུ་གཅིག་སྟེ་དེ་དག་གི་ལྷ་ཚོགས་རྣམས་བསྡོམས་པས་དྲུག་བརྒྱ་བཅུ་གཉིས་ ཏེ། སྔ་མ་དང་བསྡོམས་པས་སྟོང་དང་དྲུག་བརྒྱ་བཅོ་བརྒྱད། དེའི་སྟེང་དུ་སྡོམ་ཆེན་གྱི་གཙོ་ བོ་དང་ངོ་བོ་གཅིག་པའི་གསུང་དབང་གི་གཙོ་བོ་ཡབ་ཡུམ་གཉིས་བསྣན་པས། དུས་མཉམ་ དུ་བསྐྱེད་རྒྱུའི་དཀྱིལ་འཁོར་བཅུ་གཅིག་གི་ལྷ་ཚོགས་སྟོང་དང་དྲུག་བརྒྱ་ཉི་ཤུ་ཐམ་པ་ཅན་གྱི་ 5-1-81 དཀྱིལ་འཁོར་འདི་ལ་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་གྲངས་དང་མཚུངས་པའི་ལྷ་ཚོགས་ཅན་གྱི་དཀྱིལ་ འཁོར་མངོན་པར་སྤྲུལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ནས་ དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་སྣོད་རུང་དུ་མཛད་དེ། རྗེས་བསྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ ནས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་མཐའ་དག་གསུངས། གཞན་ཡང་གསང་བ་འདུས་པའི་ རྒྱུད་སྟོང་ཕྲག་ཉེར་ལྔ་པ། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ། གདན་བཞིའི་རྩ་རྒྱུད་སྟོང་ ཕྲག་བཅུ་གཉིས་པ། སངས་རྒྱས་ཐོད་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ། མ་ཧཱ་མ་ཡའི་རྩ་རྒྱུད་ སྟོང་ཕྲག་བཅུ་དྲུག་པ། རྣལ་འབྱོར་རིག་པའི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ། བདེ་མཆོག་ མངོན་བརྗོད་འབུམ་པ། ཀྱཻ་རྡོར་འབུམ་ཕྲག་ལྔ་པ། རྡོ་རྗེ་བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་ གཉིས་པ་དང༌། བླ་མེད་ལ། ཕ་རྒྱུད་མ་རྒྱུད་གཉིས། ཕ་རྒྱུད་ལ། གསང་འདུས། གཤིན་རྗེ་ གཤེད་དམར་ནགརྣམ་སྣང༌། སྒྱུ་དྲྭ་སོགས་ཆགས་ཅན་རྗེས་འཛིན་གྱི་རྒྱུད་དང༌། འཇིགས་ བྱེད་རྟོག་བདུན་སོགས་ཞེ་སྡང་ཅན་ཚར་གཅོད་ཀྱི་རྒྱུད་དང༌། འཇམ་དཔལ་སྒྱུ་དྲྭ་སོགས་གཏི་ མུག་ཅན་རྗེས་འཛིན་གྱི་རྒྱུད་དང་གསུམ་མོ། །མ་རྒྱུད་ལ། བདེ་མཆོགདགྱེས་རྡོར། མ་ཧཱ་མ་ ཡ། སངས་རྒྱས་ཐོད་པ་སོགས་ཧེ་རུ་ཀའི་རིགས། གདན་བཞི་རྣམ་སྣང་གི་རིགས། རིགས་ ཀྱི་འཇིག་རྟེན་མགོན་པོ་པདྨའི་རིགས། རྡོ་རྗེ་བདུད་རྩི་རིན་འབྱུང་གི་རིགས། སྒྲོལ་མ་བླ་ མེད་སོགས་རྟའི་རྒྱལ་པོའི་རིགས། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ་རྡོར་སེམས་ ཀྱི་རིགས་དང་དྲུག་ཡོད་ལ། དུས་འཁོར་ཡང་ཧེ་རུ་ཀ་དང་རྡོར་སེམས་གཉིས་ཀའི་རིགས་ལ་ བརྟེན་པ་ལྟར་ཡོད་ཀྱང་འདིར་རྡོར་སེམས་ཀྱི་རིགས་སུ་འཇོགབླ་མེད་ལ་གསུམ་དུ་འབྱེད་ ན་གཉིས་མེད་ཀྱི་རྒྱུད་བཞག་ཀྱང་ཆོགབླ་མེད་ཀྱི་རྒྱུད་རྣམས་མདུན་ཞལ་ཐུགས་རྡོ་རྗེ་དང༌། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་གསུམ་གསུངས་པ་སྟེ། བྱ་རྒྱུད་ལ། དམ་ཚིག་ 5-1-82 གསུམ་བཀོད། འཇམ་དཔལ་རྩ་རྒྱུད་སོགས་དེ་བཞིན་གཤེགས་པའི་རིགས། དོན་ཞགས་ཆོ་ ག་ཞིབ་མོ། ཞལ་བཅུ་གཅིག་པའི་གཟུངས་སོགས་པདྨའི་རིགས། ཕྱག་རྡོར་རིག་པ་མཆོག་ གི་རྒྱུད་སོགས་རྡོ་རྗེའི་རིགས། ནོར་རྒྱུན་མ། ཛམ་བྷ་ལའི་གཟུངས་སོགས་ནོར་བུའི་རིགས། མེ་ཁ་ལེའི་གཟུངས་སོགས་ལྔ་རྩེན་གྱི་རིགས། ལྷ་ཀླུ་འབྱུང་པོ་ཕལ་བས་ཕུལ་བའི་གཟུངས་ རྣམས་འཇིག་རྟེན་ཕལ་བའི་རིགས་དང་དྲུག་ཡོད། སྤྱོད་རྒྱུད་ལ་རྣམ་སྣང་མངོན་བྱང༌། མི་ གཡོ་བརྟུལ་ཕོད་སོགས་སྐུའི་རིགས། གསུང་གི་རིགས་བོད་དུ་མ་འགྱུར། ཕྱག་རྡོར་དབང་ བསྐུར་རྒྱུད་སོགས་ཐུགས་ཀྱི་རིགས་དང་གསུམ་མོ། །རྣལ་འབྱོར་རྒྱུད་ལ། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ་སོགས་ཕ་རྒྱུད། དཔལ་མཆོག་དང་པོ། རྡོ་རྗེ་སྙིང་རྒྱན་སོགས་མ་རྒྱུད་དང་གཉིས་ སོ། །དེ་ལྟར་རྒྱུད་མཐའ་དག་ཡང་བསྐྱར་དུ་གསུངས་ནས་ཟླ་བ་བཟང་པོ་ལ་གཏད། དེ་དུས་ མི་དང་མི་མ་ཡིན་གྲངས་ལས་འདས་པ་ལ་འདོད་པའི་དངོས་གྲུབ་ཐོབ། བསྟན་པ་རིན་པོ་ཆེ་དེ་ཉིད་ཆོས་རྒྱལ་དང་རིགས་ལྡན་རྣམས་ཀྱིས་རྒྱས་པར་མཛད་ཚུལ་བཤད་པ། གསུམ་པ་བསྟན་པ་དེ་ཉིད་ཆོས་རྒྱལ་དང་རིགས་ལྡན་རྣམས་ཀྱིས་རྒྱས་པར་མཛད་ཚུལ་ བཤད་པ་ནི། རྩ་རྒྱུད་ལས། འདས་པའི་རྒྱལ་པོ་ཉི་མའི་འོད། །དེ་ནི་བགེགས་དགྲའི་སྤྲུལ་པ་ སྟེ། །ཕྱག་ན་རྡོ་རྗེ་ཟླ་བཟང་ཁྱོད། །ཅེས་དང༌། བདག་གི་ཤཱཀྱའི་རིགས་བརྒྱུད་ལས། །བྱུང་བ་ ཟླ་བཟང་ཁྱོད་རང་ལའོ། །ཞེས་གསུངས་པ་ལྟར་དང༌། ཇོ་ནང་ཀུན་མཁྱེན་ཆེན་པོས། འདས་ པའི་ཆོས་རྒྱལ་དུ་མའི་འོད་ཟེར། །བགེགས་ཀུན་མཐར་བྱེད་ཞབས་ལ་ཕྱག་འཚལ། །དེ་ སྲས་དཔལ་ལྡན་ཟླ་བ་བཟང་པོ། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན། །རྩ་བའི་རྒྱུད་ ཆེན་གསོལ་བ་འདེབས་མཛད། །ཕྱག་ན་རྡོ་རྗེ་ཞབས་ལ་ཕྱག་འཚལ། །ཞེས་གསུངས་པ་ ལྟར། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོ་བཀའ་དྲིན་ཅན་དེ་དང་གདུང་རུས་ 5-1-83 གཅིག་པ་ཤམྦྷ་ལའི་ཡུལ་གྱི་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་པོ་ཉི་མའི་འོད་ ཅེས་བྱ་བའི་སྲས་གསང་བདག་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱལ་པོ་ཟླ་བ་བཟང་པོས་སྔར་བཤད་ པ་བཞིན་རྒྱུད་གསུངས་པར་གསོལ་བ་བཏབ་སྟེ། རྒྱུད་ཀྱི་གསུངས་རྣམས་བསྡུས་ཏེ་དཔལ་ ལྡན་ཤམྦྷ་ལར་རྒྱས་པར་མཛད་པ་ཡིན་ཏེ། རྩ་རྒྱུད་ལས། ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་ དང༌། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་སྟོན་པས་རྩ་རྒྱུད་ གསུངས་པའི་ཕྱི་ལོར་ཆོས་རྒྱལ་ཟླ་བ་བཟང་པོས་རྩ་རྒྱུད་ཀྱི་རྒྱས་འགྲེལ་ཤོ་ལོ་ཀ་སྟོང་ཕྲག་ དྲུག་ཅུ་པ་མཛད་ཅིང༌། རྩ་རྒྱུད་གསུངས་ནས་ལོ་རྗེས་མ་གཉིས་པ་ལ་ཀ་ལཱ་པའི་ཕོ་བྲང་གི་ ལྷོ་ཕྱོགས་མ་ལ་ཡའི་སྐྱེད་མོས་ཚལ་དུ་དུས་འཁོར་གྱི་ཕོབྲང་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་ བཞེངས་ཏེ་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་བྱས་ནས་ཁོང་གི་སྲས་སའི་སྙིང་པོའི་སྤྲུལ་ པ་ཆོས་རྒྱལ་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་དང་པོ་གང་ནས་བྱོན་པའི་ཞིང་ལོངས་ སྤྱོད་རྫོགས་པའི་གནས་སུ་གཤེགས་སོ། །དེ་ཡང་རྩ་རྒྱུད་ལས། ཟླ་བ་ལྷ་དབང་གཟི་བརྗིད་ ཅན། །ཟླ་བའི་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །ཞེས་ གསུངས་པ་ལྟར་དང༌། ཀུན་མཁྱེན་ཆེན་པོས། དེ་ཡི་རིགས་ལ་སྤྲུལ་སྐུའི་ཕྲེང་བ། །ས་ཡི་སྙིང་ པོས་ས་འཛིན་ལྷ་དབང༌། །གཤིན་རྗེ་མཐར་བྱེད་གཟི་བརྗིད་ཅན་དང༌། །སྒྲིབ་ཀུན་རྣམ་སེལ་ མི་དབང་ཟླའི་བྱིན། །ཤེས་རབ་མཐར་བྱེད་ལྷ་ཡི་དབང་ཕྱུག །པདྨ་མཐར་བྱེད་སྣ་ཚོགས་ གཟུགས་དང། །ནམ་མཁའི་སྙིང་པོ་ལྷ་ཡི་དབང་ལྡན། །ཐམས་ཅད་མཚུངས་པར་ལོ་བརྒྱ་ དག་ཏུ། །ནོར་བུ་ཆེན་པོ་སེང་གེའི་ཁྲི་ལ། །དཔལ་ལྡན་རྩ་བའི་རྒྱུད་ཆེན་སྟོན་མཛད། །རབ་ མཆོག་ཡོན་ཏན་མཐའ་ཡས་གཏེར་མངའ། །ས་བཅུའི་དབང་ཕྱུག་རྣམས་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར། ཆོས་རྒྱལ་ལྷ་དབང་གི་རྗེས་སུ་རིམ་བཞིན། གཤིན་རྗེ་མཐར་བྱེད་ ཀྱི་སྤྲུལ་པ་ཆོས་རྒྱལ་གཟི་བརྗིད་ཅན། སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བའི་བྱིན། ཤེས་རབ་ 5-1-84 མཐར་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུགཔདྨ་མཐར་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། ནམ་ མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན། ཆོས་རྒྱལ་ལྷ་དབང་ནས་འདིའི་བར་གྱི་ཆོས་རྒྱལ་ དྲུག་བྱོན་ཏེ། ལོ་བརྒྱ་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན། དེའི་རྗེས་སུ་ རྒྱལ་པོ་ལྷའི་དབང་ལྡན་དང༌། ཡུམ་བཙུན་མོ་སྣ་ཚོགས་གཉིས་ཀྱི་སྲས་སུ་ཆོས་རྒྱལ་འཇམ་ དཔལ་གྲགས་པ་འཁྲུངས་ནས་ལོ་བརྒྱར་ཁྲི་ལ་ཞབས་སེན་བཀོད་དེ་ཆོས་བསྟན་ནས་དགུང་ ལོ་བརྒྱ་པའི་དབོ་ཟླ་བའི་ཉ་ལ་ཉི་མའི་ཤིང་རྟ་ལ་སོགས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་ བཞི་རྣམས་སྔགས་ཀྱི་སྐལ་བ་དང་ལྡན་པར་མཁྱེན་ནས་ཆོས་བསྟན་པ་འདི་ཡང་རྩ་རྒྱུད་ ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་ བར་བྱུང༌། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མིརྣམས་དག་གིས་རིག་ པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་ བ་ལ་འབྱུང་འགྱུར། །ཞེས་ལུང་བསྟན་པ་བཞིན་དང༌། སླར་ཡང་རྩ་རྒྱུད་ལས། ལོ་འདི་ནས་ ནི་དྲུག་བརྒྱའི་ལོར། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དཔལ་གྲགས་པ་ ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་དང༌། ཀུན་མཁྱེན་ཆེན་པོས། དེ་དག་རིགས་ལས་ འཇམ་པའི་རྡོ་རྗེ། །རྡོ་རྗེ་རིགས་ཀྱིས་རིགས་ཀུན་གཅིག་མཛད། །དེ་ཕྱིར་དཔལ་ལྡན་གྲགས་ པ་རིགས་ལྡན། །རྒྱུད་རྒྱལ་སྡུད་པར་མཛད་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར། རྒྱལ་ པོ་གྲགས་པས་དགུང་ལོ་བརྒྱ་པའི་དུས་སུ་ཤམྦྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་ན་གནས་པའི་ ཚངས་པའི་རིགས་ཀྱི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་སྔགས་ཀྱི་སྐལ་བ་དང་ལྡན་ ཞིང་འདུལ་བའི་དུས་ལ་བབ་པར་གཟིགས། དེརྣམས་མ་བཏུལ་ན་མ་འོངས་པ་ན་དེ་དག་ གི་བུ་རྒྱུད་ལས་ཀླ་ཀློའི་ཆོས་འབྱུང་བར་ཡང་མཁྱེན། དེ་རྣམས་གསང་བ་སྔགས་ཀྱི་ལམ་ལ་ 5-1-85 བཅུག་ན་ཡུལ་དགུ་བཅུ་རྩ་དྲུག་གི་མི་རྣམས་སྔགས་ལམ་ལ་འཇུག་པར་ཡང་མཁྱེན། དྲང་ སྲོང་རྣམས་བཏུལ་བ་ཡང་བརྡེགས་ཤིང་བསྐྲད་ན་ཐུལ་བར་མཁྱེན་ཏེ། དབོའི་ཉ་ལ་མ་ལ་ ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་ཁང་པ་ཕྱི་མའི་ནང་དུ་ཉི་མའི་ཤིང་རྟ་ལ་སོགས་པ་ཡུལ་གོ་ དྲུག་གི་དྲང་སྲོང་ཐམས་ཅད་བོས་ཏེ། ཟླ་བ་ཕྱི་མ་ནག་པའི་ཉ་ལ་ཁྱེད་རྣམས་ལ་གྲགས་པ་ བདག་གིས་རྡོ་རྗེ་ཐེག་པ་བསྟན་པ་ཡིན་པས་ན། ཉི་མའི་ཤིང་རྟ་ལ་ཁྱེད་ཀྱིས་འགྲོ་བ་དེ་དག་ གི་སྤྱོད་པ་ཐ་དད་པ་དག་སོ་སོར་བདག་ལ་བསྟན་པར་གྱིས་ཞེས་དྲིས་པ་ན། དྲང་སྲོང་ཐམས་ ཅད་ཀྱིས་གསུང་དེ་ཐོས་ནས་དེ་ལ་དཔྱད་པ་ན་ཁ་ཅིག་གིས་ཐོད་པའི་ནང་དུ་ཟ་བ་དང༌། ཁ་ ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་རང་རང་གི་སྤྱོད་པ་སོགས་མི་འདྲ་བ་རྣམས་དོར་ནས་རྡོ་ རྗེ་ཐེག་པ་ལ་ཞུགས་ནས་སྤྱོད་པ་འདྲ་བ་ཅིག་བྱེད་དགོས་པ་དེ་བློ་ལ་མ་འཐད་པས་དྲང་སྲོང་ ཐམས་ཅད་ཀྱང་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གྲགས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་ པ་ལ་འཇུག་པ་མི་འཐད་པར་གཟིགས་ནས་ཁྱེད་རྣམས་བདག་གིས་དཀྱིལ་འཁོར་འདིར་ བཅུག་ནས་དུས་ཀྱི་འཁོར་ལོའི་དབང་སྦྱིན་པར་བྱའོ། །གལ་ཏེ་བདག་གི་བཀའ་མི་བྱེད་ན་ གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་གཞན་དུ་སོང་ཞིག །དེ་ལྟར་མ་བྱས་ན་འདི་ནས་ ལོ་བརྒྱད་བརྒྱ་འདས་པའི་ཚེ་ཁྱེད་ཅག་གི་བུ་དང་ཚ་བོ་སོགས་ལས་ཀླ་ཀློའི་ཆོས་དར་བར་ བྱེད་དོ། །ཞེས་རྒྱལ་པོས་བཀའ་བྱུང་བ་དེ་དྲང་སྲོང་རྣམས་ཀྱི་མགོ་བོར་ཐོག་ལྷུང་བར་ལྟ་བུར་ གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཁྱེད་ཀྱིས་མིའི་དབང་པོ་གྲགས་པ་ ལ་བདག་ཅག་རྡོ་རྗེ་ཐེག་པ་ལ་ནི་མི་འཇུག་བདག་ཅག་འཕགས་ཡུལ་དུ་འགྲོ་བས་ཆོག་ཅེས་ ཞུས་ཤིག་ཅེས་སྐུལ་བ་ལྟར། ཉི་མའི་ཤིང་རྟས། རྒྱལ་པོ་ལ་དེ་ལྟར་ཞུས་པ་ན། རྒྱལ་པོས་ཁྱེད་ རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་སོང་ཞིགཁྱེད་རྣམས་སོང་ཤུལ་དུ་གྲོང་བྱེ་བ་དགུ་བཅུ་རྩ་ དྲུག་གི་མི་རྣམས་ལ་ཡང་དག་པའི་ལམ་འཐོབ་པར་འགྱུར་རོ། །ཞེས་བཀའ་དྲག་པོས་བསྐྲད་ 5-1-86 དེ་དྲང་སྲོང་རྣམས་ཀ་ལཱ་པའི་གྲོང་ནས་ཕྱུང་སྟེ། ལྷོ་ཕྱོགས་སུ་ཞག་བཅུའི་བར་དུ་སོང་སྟེ་ཞག་ བཅུ་པའི་དུས་སུ་ནགས་ཚལ་ཆེན་པོར་ཕྱིན་ཚེ། ཐམས་ཅད་གཉིད་འཐུག་པོས་ནོན་པར་ བྱིན་གྱིས་བརླབས་ནས། རྒྱལ་པོ་གྲགས་པས་མི་མ་ཡིན་རྣམས་ལ་བཀའ་བསྒོས་པས་མི་མ་ ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་མ་སད་པར་ཁྱེར་འོངས་ཏེ། མ་ལ་ཡའི་སྐྱེད་མོས་ ཚལ་གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་གཉིད་སད་ནས་རྒྱལ་པོ་གྲགས་པ་དང༌། དཀྱིལ་ འཁོར་དང༌། མ་ལ་ཡའི་སྐྱེད་ཚལ་རྣམས་མཐོང་བས་ངོ་མཚར་ཏེ། བདག་ཅག་སུ་ཞིག་གིས་ ཁྱེར་འོང༌། ཞེས་སྨྲས། སྨྲས་པའི་ཚིག་དེ་རྒྱལ་པོའི་བློན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས། དྲང་སྲོང་རྣམས་ལ་སྨྲས་པ་ཉི་མའི་ཤིང་རྟ་སོགས་དྲང་སྲོང་ཁྱེད་རྣམས་དེ་ལ་ཡ་མཚན་པར་མ་ བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་ཁྱེད་རྣམས་རྗེས་སུ་བཟུང་བའི་ དོན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་པས་ཁྱེད་རྣམས་ཀྱིས་རྒྱལ་པོ་ལ་དུས་ཀྱི་འཁོར་ལོའི་ དབང་བསྐུར་པར་གསོལ་བ་ཐོབ་ཅིག་ཅེས་སྨྲས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པའི་ཆོས་ ལ་མོས་པ་སད་དེ། ཚངས་པའི་དྲང་སྲོང་རྣམས་དང་བཅས་ཏེ་ཉི་མའི་ཤིང་རྟས་རིན་པོ་ཆེའི་ མནྜལ་ཕུལ། གུས་པས་ཕྱག་འཚལ་ཏེ། མི་ཡི་དབང་པོ་གྲགས་པ་ལ་མཚམས་མེད་པ་ལྔ་བྱེད་ པའང་ཚེ་གཅིག་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་པ་དང་པོའི་སངས་རྒྱས་དེ་བདག་ཅག་ ལ་བསྟན་ཏུ་གསོལ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ངུའི་ཚིག་གིས་བསྡུས་ནས་ བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས་མི་བདག་གྲགས་པས་ ནག་པའི་ཉ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཚངས་པའི་དྲང་སྲོང་རྣམས་ལ་དང་པོའི་སངས་རྒྱས་ ཀྱི་དབང་བསྐུར་ཏེ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ ཀྱི་རྒྱལ་པོ་མེ་ཏོག་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་བཅིངས་ཤིང་ཚིགས་བཅད་སྟོང་དང་སུམ་ཅུ་ དང་ལྡན་པ་ལེའུ་ལྔའི་བདག་ཉིད་ཅན་གྱི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་བསྡུས་པ་ཡིན་ 5-1-87 ཏེ། རྩ་རྒྱུད་ལས། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ཡི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔའི། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་འགྱུར་ཏེ། །སྡུད་པར་བྱེད་པ་ པོ་ཡང་འདི། །ཞེས་གསུངས་པས། ཤོ་ལོ་ཀ་སྟོང་དང་སུམ་ཅུ་པ་གསུངས་ཏེ་བསྟན། ཟླ་བ་ཕྱི་ མ་ས་གའི་ཉ་ལ་དྲང་སྲོང་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། ། དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷའི་དབང་ལྡན་གྱི་བར་གྱི་ཆོས་རྒྱལ་བདུན་དང༌། ཉི་མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་ནི་ཁོར་ཡུག་ཆེན་པོ་གོ་དྲུག་ཏུ་གནས་པའི་མི་ རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་འཛིན་པ་དང༌། ངེས་བརྗོད་ཆོས་སུ་འཛིན་པའི་རིགས་ ཅན་སོགས་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་རིགས་བཞི་དང༌། རྡོ་རྗེ་ཐེག་པའི་རིགས་ འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་དང་ལྡན་པ་ཡིན་པས་ཆོས་རྒྱལ་ཡིན་ཀྱང་རིགས་ ལྡན་གྱི་མིང་མ་ཐོགས། མི་བདག་གྲགས་པས་ཚངས་པའི་རིགས་བཞི་ཀ་བཅོམ་ནས་ཐམས་ ཅད་རྡོ་རྗེ་ཐེག་པའི་རིགས་ཅན་གཅིག་ཏུ་མཛད་པས་ཐམས་ཅད་རིགས་གཅིག་པར་ལྡན་ པས་རིགས་ལྡན་དང་པོའི་མཚན་ཐོགས། འདི་ནས་བཟུང་སྟེ་དྲག་པོ་འཁོར་ལོ་ཅན་བར་ཉེར་ ལྔ་དང༌། དྲག་པོའི་སྲས་ཚངས་པ་དང༌། ལྷ་དབང་གཉིས་ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་ སོགས་པའི་ས་དུམ་བུར་སྐྱོང་བ་བརྒྱད་བྱོན་པ་ཐམས་ཅད་ཀྱང་རིགས་ལྡན་གྱི་རྒྱལ་པོ་ཡིན་ ནོ། །མི་བདག་གྲགས་པའི་རྗེས་སུ་དེའི་སྲས་རིགས་ལྡན་གཉིས་པ་སྤྱན་རས་གཟིགས་ཀྱི་ རྣམ་འཕྲུལ་པདྨ་དཀར་པོ་ཡང་རྩ་རྒྱུད་ལས། སེམས་ཅན་ཀུན་དོན་མཛད་པ་པོ་ཡི་མཆོག་གི་ཐུགས་རྗེ་དག་གིས་རྒྱུད་ཀྱིས་དོན་ནི་ བསྟན་མཛད་ནས། །སྲས་པོ་པདྨ་དཀར་པོ་རབ་མཆོག་ཡོན་ཏན་དག་གི་གཏེར་ལ་གནང་ བ་ངེས་པར་ནི། །དང་པོར་ཁྱེད་ཀྱིས་རྒྱུད་ཀྱི་རྒྱལ་པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་ དག་ལ་གནས་པ་དང༌། །དེ་ནས་རང་གི་འདོད་པས་འགྲེལ་བཤད་བྱས་ནས་གཞན་གྱི་གནས་ 5-1-88 སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན། །ཞེས་དང༌། རྩ་རྒྱུད་ལས། འགྲེལ་བཤད་བྱེད་པ་པད་ དཀར་འཛིན། །ཞེས་དང༌། རྗེ་ཇོ་ནང་པ་ཆེན་པོས། དེ་སྲས་རྒྱལ་བ་ཀུན་གྱི་ཐུགས་རྗེ། །འཇིག་ རྟེན་དབང་ཕྱུག་པདྨ་དཀར་འཛིན། །རྒྱ་ཆེན་འགྲེལ་མཛད་སྐྱོབ་པ་མཆོག་དེའི། །ཞབས་པད་ དྲི་མ་མེད་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར་བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མེད་ འོད་ཅེས་བྱ་བ་སྟོང་ཕྲག་བཅུ་གཉིས་པ་མཛད། རྩ་རྒྱུད་ལས། གྲགས་པ་རིགས་ལྡན་རིགས་ ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་ བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་ཕྱག་དམར་དང༌། བདུན་པ་ཁྱབ་འཇུག་སྦས་ པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང༌། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང༌། །རིགས་ལྡན་ ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་ དང༌། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་ དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང༌། །ཞེས་གསུངས་པའི་ཕྱིར་དང༌། ཀུན་ མཁྱེན་ཆེན་པོས། རིགས་ལྡན་རིགས་ལ་རྒྱུད་རྒྱལ་སྟོན་མཛད། །གཤིན་རྗེ་གཤེད་སོགས་ ཁྲོ་རྒྱལ་རྣམ་བཅུ། །དེ་བར་དག་ཏུ་ཞི་བའི་རྒྱལ་སྲས། །ས་ཡི་སྙིང་པོ་ལ་སོགས་བཅུ་གསུམ། །བཟང་པོ་རྣམ་རྒྱལ་གཤེས་གཉེན་བཟང་པོ། །མི་དབང་ཕྱག་དམར་ཁྱབ་འཇུག་སྦས་ པ། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོ། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ། །སྣ་ཚོགས་ གཟུགས་དང་ཟླ་འོད་མཐའ་ཡས། །ས་སྐྱོང་དཔལ་སྐྱོང་སེང་གེའི་རྣམ་གནོན། །སྟོབས་ཆེན་ མ་འགགས་མི་ཡི་སེང་གེ། །དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ། །ཞེས་གསུངས་པ་ལྟར། དེ་ནས་རིགས་ལྡན་གསུམ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རིགས་ལྡན་བཟང་པོ་དང༌། རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང༌། རིགས་ལྡན་ལྔ་པ་རྨུགས་བྱེད་ཀྱི་སྤྲུལ་ པ་བཤེས་གཉེན་བཟང་པོ་དང༌། རིགས་ལྡན་དྲུག་པ་སྒྲིབ་སེལ་གྱི་སྤྲུལ་པ་རིན་པོ་ཆེ་ཕྱག་ 5-1-89 དང༌། རིགས་ལྡན་བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ་དང༌། བརྒྱད་པ་ནམ་ སྙིང་གི་སྤྲུལ་པ་ཉི་མ་གྲགས་དང༌། དགུ་པ་བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་པོ་དང༌། བཅུ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་དང༌། བཅུ་གཅིག་པ་གཤིན་རྗེ་མཐར་བྱེད་ཀྱི་ སྤྲུལ་པ་རྒྱལ་དཀའ། བཅུ་གཉིས་པ་སའི་སྙིང་པོའི་སྤྲུལ་པ་ཉི་མ་དང༌། བཅུ་གསུམ་པ་རྨུགས་ བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང༌། བཅུ་བཞི་པ་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང༌། བཅུ་དྲུག་པ་ནམ་སྙིང་གི་སྤྲུལ་པ་ས་སྐྱོང་ དང༌། བཅུ་བདུན་པ་བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་དང༌། བཅོ་བརྒྱད་པ་ཕྱག་རྡོར་གྱི་ སྤྲུལ་པ་སེང་གེ་དང༌། བཅུ་དགུ་པ་གཤིན་རྗེ་མཐར་བྱེད་གྱི་སྤྲུལ་པ་རྣམ་པར་གནོན་དང༌། ཉི་ ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང༌། ཉེར་གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་ པ་དང༌། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང༌། ཉེར་གསུམ་པ་ནམ་སྙིང་གི་ སྤྲུལ་པ་དབང་ཕྱུག་ཆེན་པོ་དང༌། ཉེར་བཞི་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་ དང༌། རིགས་ལྡན་ཉེར་ལྔ་པ་འཇམ་དཔལ་གྱི་རྣམ་འཕྲུལ་དྲག་པོ་འཁོར་ལོ་ཅན་རྣམས་རིམ་ པ་བཞིན་སྔ་མ་སྔ་མའི་སྲས་སུ་བྱུང་སྟེ། ཆོས་རྒྱལ་ལྷ་དབང་ནས་དྲག་པོའི་བར་གྱི་ཆོས་རྒྱལ་ རིགས་ལྡན་སོ་གཅིག་ལས་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ལས་གཞན་ཉེར་དགུ་ ནི་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་ལ་རྒྱལ་སྲིད་དུ་ལོ་བརྒྱ་ཕྲག་རེ་བཞུགས་པར་མཉམ་པ་ ཡིན་ལ། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས། རྒྱལ་དཀས་ལོ་གྲངས་ཉིས་བརྒྱ་དང་ཉེར་ གཅིག་ལ་རྒྱལ་སྲིད་བསྐྱངས། དེ་ལས་རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་པ་ནི་རྫུ་འཕྲུལ་ གྱིས་ཁ་ཆེའི་ཡུལ་དུ་བྱོན། རྡོ་རིང་བཙུགས། ཟླ་བ་གསུམ་དུ་གསང་སྔགས་ཀྱི་ཐེག་པ་མང་དུ་ གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་འོད་འབྱིན་པ་སོགས་ཆོ་འཕྲུལ་མང་དུ་བསྟན། རྡོ་ རྗེ་ཕག་མོའི་སྒྲུབ་ཐབས་སོགས་མཛད་དེ། ནམ་མཁའ་ནས་ཕྱིར་གཤེགས་སོ། །རིགས་ལྡན་ 5-1-90 ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་རང་གི་ལོ་བརྒྱ་པའི་དུས་སུ་སྤྲུལ་པའི་དམག་ཚོགས་ ཀྱིས་ཀླ་ཀློའི་སྤྲུལ་པ་རྣམས་བསད་པའི་ཚུལ་བསྟན། རང་རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་ བྱས་ཏེ། ཀླ་ཀློ་ཐམས་ཅད་བཅོམ་སྟེ། དུས་ཀྱི་འཁོར་ལོའི་ཐེག་པ་ལ་བཀོད་ནས་མཐར་སྤྲུལ་ པ་བསྡུས་པར་གྱུར་ཏོ། ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་དུས་བཞི་ཕྱི་མའི་བསྟན་པ་སྤེལ་ཚུལ་བཤད་པ། བཞི་པ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་བཅོམ་ནས་དུས་བཞི་ཕྱི་མའི་ བསྟན་པ་སྤེལ་ཚུལ་བཤད་པ་ནི། དེ་ཡང་རྒྱལ་བ་གཞན་ལས་སྙིང་སྟོབས་ཆེས་ཆེར་ལྷག་པ་ མཉམ་མེད་བུ་རམ་ཤིང་པ་འདིའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པའི་ནང་ནས་རགས་རྩིས་ བྱས་ན་ལོ་སུམ་སྟོང་ཉིས་བརྒྱ་ལྔ་བཅུ་ནི་དུས་བཞི་སྔ་མའི་བསྟན་པའི་གནས་ཚད་ཡིན་ལ། དེའི་ལྷག་མ། ཆིག་སྟོང་བདུན་བརྒྱ་ལྔ་བཅུ་དུས་བཞི་ཕྱི་མའི་བསྟན་པའི་གནས་ཚད་ཡིན་ནོ། །དེ་ཡང་སྟོན་པ་མྱ་ངན་ལས་འདས་ནས་ད་ལྟ་རབ་བྱུང་བཅུ་བདུན་པ་ས་མོ་ཡོས་ཀྱི་ལོར༌། ཕྱི་ ལོ་༡༩༩༩བར་དུས་བཞི་སྔ་མའི་སྟེང་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་བཅུ་གསུམ་འདས་ཤིང༌། འདི་ནས་ལོ་བཞི་བརྒྱ་ཉེར་བདུན་གྱི་དུས་སུ་རིགས་ལྡན་དྲག་པོ་འཁོར་ལོ་ཅན་སོགས་ཀྱིས་ ཀླ་ཀློའི་དཔོན་བློན་དུ་སྤྲུལ་པ་རྣམས་དཔོན་བློན་རང་རང་གིས་བསད་པའི་ཚུལ་བསྟན། རང་ རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་བྱས་ཏེ། ཀླ་ཀློ་ཐམས་ཅད་བཅོམ་པ་ཡིན་ལ། དེ་ཡང་ གདུལ་བྱའི་སེམས་ཅན་སྣ་ཚོགས་པའི་དབང་གིས་སྔ་སྣུར་ཕྱིར་འགྱང་ཡོད་པ་རྗེ་ཏཱ་ར་ནཱ་ཐ་ དང༌། བདག་གི་དཔལ་ལྡན་བླ་མ་དམ་པ་ངག་དབང་བློ་གྲོས་གྲགས་པས་གསུངས་པ་ཡང་ ལེགས་པར་སེམས། རྩ་རྒྱུད་ལས། དྲག་པོའི་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། 5-1-91 །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་དང༌། ཀུན་མཁྱེན་ཆེན་པོས། དྲག་པོའི་སྲས་ནི་ ཚངས་པ་ལྷ་དབང༌། །རྒྱབ་དང་མདུན་གྱི་དུམ་བུར་ཆོས་སྟོན། །དཔལ་ལྡན་འཇམ་དབྱངས་ འཇིག་རྟེན་མགོན་པོ། །རྣམ་འཕྲུལ་བསམ་མི་ཁྱབ་ལ་ཕྱག་འཚལ། །དེ་ནས་འོད་སྲུང་ལ་ སོགས་བརྒྱད་དེ། །མི་བདག་འཕགས་པ་ཐུན་མོང་པ་རྣམས། །འགྲོ་ལ་ལྷག་པར་ཆོས་ལམ་ སྟོན་མཛད། །དེ་དག་ཀུན་ལ་ཕྱག་འཚལ་སྐྱབས་འཆི། །དེ་ལྟར་མི་བདག་འཁོར་ལོ་ཅན་ དང༌། །འཁོར་ལོ་ཕྱེད་ཅན་དུམ་བུ་ཅན་གྱིས། །བདག་ཅག་མི་ཤེས་མུན་པར་ཞུགས་རྣམས། །འཇིགས་རུང་འཁོར་བ་འདི་ལས་སྐྱོབས་ཤིག །ཅེས་གསུངས་པ་དང༌། གཞན་ཡང་རྗེ་ཇོ་ནང་ པ་ཆེན་པོས། དྲག་པོའི་རིགས་ལྡན་དག་སྟེ། །ལྷ་མིན་ཀླ་ཀློའི་རིགས་ལ་འཇིགས་སྟེར། །དམ་ པ་རྣམས་ལ་ཞི་བའི་རང་བཞིན། །མཚན་དང་དཔེ་བྱད་བཟང་པོས་ལེགས་བརྒྱན། །སྤྱན་དང་ མངོན་པར་ཤེས་པ་ལྔ་སོགས། །དབང་ཕྱུག་དམ་པའི་ཡོན་ཏན་ཀུན་རྫོགས། །ཆོས་ཀྱི་འོད་ རྒྱས་འཇིག་རྟེན་སྣང་མཛད། །སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ། །ཞེས་གསུངས་ པ་ལྟར། རིགས་ལྡན་མཐའ་ཡས་རྣམ་རྒྱལ་གྱི་སྲས་རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ ཅན་གྱི་སྐུ་ཡི་སྐྱེ་བ་བཞེས་ནས་ཆོས་ཀྱི་ཁྲིར་བཞུགས་ནས་དགུང་ལོ་ལྔ་བཅུའམ་བརྒྱ་གང་ རུང་གི་དུས་སུ་ཆོས་བསྟན་ནས་ཀླ་ཀློའི་དཔུང་ཚོགས་འཇོམས་པ་ཡིན་ལ། དེའི་ཚུལ་ཡང་རྒྱ་ གར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་ག་བྷི་ལ་དང༌། བྷ་ལ་ག་ཞེས་པ་ནས་ནུབ་བྱང་གི་ངོས་ ལ་ཅུང་ཟད་ཉེ་བ་ན་རུམ་ཤམ་གྱི་ཡུལ་གྲུ་ཆེན་པོ་ཡོད་ལ་དེར་ཀླ་ཀློའི་སྟོན་པ་མ་སི་ཏ་རྣམས་ ཀྱི་གནས་གཞི་མ་ཁ་ཞེས་བྱ་བ་ཡོད་པས། བསྡུས་རྒྱུད་ལས། མ་ཁའི་ཡུལ་ནས་ཀླ་ཀློ་འབྱུང་བར་གསུངས་པ་འདི་ཉིད་ཡིན་ནོ། །སྤྱིར་ཀླ་ཀློ་དང༌། མུ་སྟེགས་པ་གཅིག་པར་འདོད་པ་ཡོད་ཀྱང༌། དེ་ནི་གཏན་མ་ཡིན་ཏེ། མུ་ སྟེགས་པ་ནི་རང་གིས་ཐར་པ་ཁས་ལེན་ཞིང་བསམ་གཟུགས་བརྒྱད་དང༌། མངོན་ཤེས་ལྔ་ 5-1-92 དང༌། རྫུ་འཕྲུལ་མཚན་ཉིད་པ་ཐོབ་པ་དང༌། བདེ་འགྲོ་ཐོབ་པའི་ནུས་པ་ཁྱད་པར་ཅན་མང་ དུ་ཡོད་ལ། ཀླ་ཀློ་དག་ལ་ནི། ས་ཥ་ཎ། སི་གམོ་གོལ། ས་ཧཱི་ཞེས་པའི་སྡེ་ཚན་ཆེན་པོ་བཞི་ ཡོད་པ་ཐམས་ཅད་ལྷ་མ་ཡིན་གྱི་གདོན་ཆེན་པོ་མི་ལ་བྷི་ཝི་ལི་ཞེས་པ་སྐྱབས་གནས་མཐར་ ཐུག་ཏུ་འདོད་ཅིང་བདག་ཅག་གི་སྟོན་པ་ལ་ཤེལ་བསྟན་ཞེས་པའི་མཚན་གསོལ་ནས་མི་ མཐུན་ཕྱོགས་ཐམས་ཅད་ཀྱི་རྩ་བར་ཁས་ལེན་ནོ། །ཁོ་ཚོས་བརྟུལ་ཞུགས་ཀྱི་བྱ་བ་དབང་ པོའི་པགས་པ་བྲེག་པ་དང༌། མ་ལ་ལོག་པར་གཡེམ་པ་སོགས་བརྟུལ་ཞུགས་ལོག་པ་ཁས་ ལེན་ཞིང་ནང་པ་སངས་རྒྱས་པ་དང༌། ཕྱི་རོལ་མུ་སྟེགས་པ་གཉིས་ཀ་ལ་ཆེས་ཆེར་སྡང་ཞིང་ ལྟ་ངན་མི་དགེ་བ་བཅུ་ལག་ལེན་གྱི་མཐིལ་དུ་བྱེད་པ། འཚེ་བ་ཆོས་སུ་སྨྲ་བ། སྲོག་གཅོད་པ་ ནི་བྱ་བ་ཐམས་ཅད་ཀྱི་ཡང་རྩེར་འཛིན་པ་ཤིན་ཏུ་མི་བསྲུན་པ་དམྱལ་བ་ཆེན་པོར་འགྲོ་ངེས་ པའི་བསྒྲལ་བའི་ཞིང་བཅུ་ཚང་བ་ཤ་སྟག་ཡིན་ནོ། །རྒྱ་གར་དུ་ནང་པ་སངས་རྒྱས་པ་རྣམས་ ལྟ་ཞོགཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་ཀྱང་དེ་དག་གི་ལག་ནས་འོང་པའི་ཁ་ཟས་ཚུན་ཆད་ ལ་ཡང་ཤིན་ཏུ་འཛེམ་པ་ཡིན་ནོ། །ཀླ་ཀློའི་གནས་ཚད་ནི་དུས་འཁོར་གྱི་རྒྱུད་ཕྱི་མ་ལས། དེ་ ཡི་བཅོ་བརྒྱད་ལོ་ཡི་བརྒྱ་ཕྲག་བསྒྱུར་ཏེ་བརྒྱའི་དུས་འཕགས་པའི་ཡུལ་གྱི་མ་ཁ་ལ་སོགས་ པར། །ཀླ་ཀློ་རྣམས་ཀྱི་དྲེགས་པ་གང་དང་གང་ཞིག་ཡུལ་ཅན་གྱུར་པ་དེརྣམས་བདག་གིས་ གྲོང་དབྱུང་སྟེ། །ཞེས་བསྒྱུར་གཞི་བརྒྱ་ལ་བཅོ་བརྒྱད་ཀྱིས་བསྒྱུར་ཏེ་དོན་ལ་སྟོང་དང་བརྒྱད་ བརྒྱ་ཡིན་ནོ། །རགས་རྩིས་བྱས་ན་རྒྱ་མཚོ་རྣམ་རྒྱལ་ནས་དྲག་པོའི་འཁོར་ལོ་ཅན་གྱིས་ཀླ་ ཀློ་བཅོམ་པའི་བར་གྱི་གནས་ཚད་ལོ་སྟོང་དང་བརྒྱད་བརྒྱ་རྫོགས་ལ། ཞིབ་ཏུ་བརྩིས་ན་ དྲག་པོའི་འཁོར་ལོ་ཅན་གྱིས་དགུང་ལོ་ལྔ་བཅུའི་དུས་སུ་ཀླ་ཀློ་བཅོམ་པ་ཡིན་ཏེ། བསྡུས་ རྒྱུད་ལས། ཀླ་ཀློའི་ཚོགས་ནི་འཁོར་གྱི་སྐྱེ་བོ་དང་བཅས་རབ་ཏུ་བཅད་ནས་མི་ཡི་ལོ་ནི་བརྒྱ་ ཕྱེད་ན། རིགས་ལྡན་འགྲུབ་པར་འགྱུར་ཏེ། ཞེས་སོགས་གསུངས་པའི་ཕྱིར། དེས་ན་རིགས་ 5-1-93 ལྡན་དྲག་པོ་འཁོར་ལོ་ཅན་གྱི་སྐུ་ཚེ་སྨད་ཀྱི་ལོ་ལྔ་བཅུས་དམན་པ་སྟེ། མདོར་ན་ཀླ་ཀློའི་ གནས་ཚད་ཞིབ་བརྩིས་བྱས་ན་ལོ་སྟོང་དང་བདུན་བརྒྱ་ལྔ་བཅུ་འདས་པའི་དུས་སུ་ས་ཆེན་ དུམ་བུ་བཅུ་གཉིས་ལ་ཀླ་ཀློའི་རྒྱུན་ལྷག་མེད་དུ་ཆད་པ་ཡིན་ནོ། །ཕེ་རིང་དང༌། ཨུ་རུ་སུའམ་ རྒྱ་སེར་དུ་གྲགས་པ་རྣམས་ཀྱང་འདིའི་ཆར་གཏོགས་པ་ཡིན་ནོ། །དེ་ལྟར་ཡུལ་གྲུ་ཆེན་པོ་ རྣམས་སུ་ཀླ་ཀློ་ཆེས་ཆེར་དར་ཞིང་ནང་པའི་གཙུག་ལག་ཁང་དང༌། དགེ་འདུན་གྱི་སྡེ་མང་པོ་ འཇིག་པར་བྱེད་ཅིང༌། འཛམ་བུ་གླིང་པའི་མི་སྐལ་བ་དམན་པ་ཕལ་ཆེར་དེའི་རྗེས་སུ་འཇུག་ སྟེ། དམ་པའི་ཆོས་ཆེས་ཆེར་ཉམས་པར་བྱེད་པ་ཡིན་ཏེ། རིགས་ལྡན་མཆོད་པའི་སྤྲིན་ཕུང་ ལས། དེ་དུས་མ་ཁར་ཀླ་ཀློ་ཡི། །སྟོན་པ་སྦྲང་རྩིས་བློ་གྲོས་འབྱུང༌། །དེ་ཡི་ཆོས་ཀྱིས་ས་ཀུན་ ཁྱབ། །སྐལ་དམན་ཕལ་ཆེར་དེ་རྗེས་འབྲང༌། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་ངོ་མཚར་ རྨད་དུ་བྱུང་བའི་གཏམ་འདི་བསྙད་པར་བྱ་སྟེ། དེ་ལྟར་ཡུལ་གྲུ་ཆེན་པོ་རྣམས་སུ་ཀླ་ཀློས་ ཁྱབ་ནས་བསྟན་པ་རིན་པོ་ཆེ་ཆེས་ཆེར་ཉམས་པར་བྱེད་པ་ཡིན་ཡང་བོད་དང་བོད་ཆེན་པོའི་ ལྗོངས་འདི་ལ་ནི་སྔོན་ཨོ་ཊི་ཡ་ནའི་རིག་འཛིན་ཆེན་པོ་པདྨའི་མཚན་ཅན་གྱིས་ཁོང་ཉིད་ལྷོ་ ནུབ་རྔ་ཡབ་གླིང་དུ་གཤེགས་ཁར་བོད་འབངས་རྣམས་ལ་ཞལ་ཆེམས་གནང་སྟེ། བོད་ཡུལ་ གྱི་བསྟན་པའི་མཇུག་མ་བསྡུས་ཀྱི་བར་དུ་བོད་ཡུལ་དུ་ནད་ཡམས་དང༌། འཐབ་རྩོད་འཁྲུག་ ལོང་སོགས་བྱུང་རེས་བཞིན་རྗེ་འབངས་ཉེར་ལྔའི་སྤྲུལ་པ་རེ་རེ་ཆེད་དུ་བྱོན་པས་འཕྲལ་དང་ འཕྲལ་དུ་ཞི་བར་མཛད་དེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་གསུངས་པ་དང༌། ཁྱད་པར་ ཚེས་བཅུ་དང༌། ནངས་ནུབ་ཀྱི་དུས་དང༌། ཉི་ཟེར་དང་ཆར་སྤྲིན་མདངས་ལ་ཆིབས་ནས་བྱོན་ པ་དང༌། ཁྱད་པར་བསྟན་འགྲོའི་དོན་དུ་ཡང་དུས་སྐད་ཅིག་ལ་མི་གཡེལ་བར་དུས་དུས་སུ་ བྱོན་པ་ཡིན་ཏེ། ཉིད་ཀྱི་ཞལ་ནས། དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ། །ནངས་རེ་ དགོངས་རེ་བོད་ཀྱི་དོན་ལ་འབྱོན། །ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན། །ཡར་ 5-1-94 ངོ་ཚེས་བཅུའི་དུས་སུ་དངོས་སུ་འབྱོན། །འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དད་པ་ཅན་གྱི་གང་ཟག་ཕོ་མོ་ལ། །པད་འབྱུང་གང་ དུ་མ་བཞུད་སྒོ་ཉལ་ཡོད། །དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །ཞེས་དང༌། གུ་རུའི་ ཞལ་ནས། དང་པོ་ལོ་རྒྱུས་བརྗོད་པས་དང་བ་འདྲེན༔ ཡོན་ཏན་མཐོང་བས་དད་པ་རབ་ཏུ་ སྐྱེ༔ ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག༔སེམས་ཐེ་ཚོམ་དང་བྲལ་བས་བསམ་པ་ འགྲུབ༔ ཅེས་གསུངས་པའི་ཕྱིར། ཁྱད་པར་ཇོ་ནང་ཀུན་མཁྱེན་ཆེན་པོ་ཤེས་རབ་རྒྱལ་མཚན་ དཔལ་བཟང་པོ་འདི་མདོ་དང་རྒྱུད་དང་བསྟན་བཅོས་ལས་ལུང་བསྟན་པ་ནི། རྔ་བོ་ཆེའི་མདོ་ ལས། ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་ པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་དང༌། ཨ་དྲ་ཤི་ལ་བཀོད་པའི་མདོ་ལས། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་ དུས་ཀྱི་ཐ་མ་ལ། །སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། །མ་ཧཱ་སུ་རའི་བྱང་ཕྱོགས་སུ། །ཁ་ བ་ཅན་གྱི་ཡུལ་དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང༌། །དེ་ལ་གང་འབྲེལ་ སེམས་ཅན་ཀྱང༌། །འཕགས་པའི་གང་ཟག་ཤ་སྟག་གོ། །ཞེས་སོགས་གསུངས། ཡང་འཕགས་ པ་དཀོན་མཆོག་སྤྲིན་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་པསྩལ་པ། དྲི་ཟའི་རྒྱལ་ པོ་ང་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ཡུལ་འཁོར་ཀ་ཡོ་ རི་བསོད་ནམས་ལྡན་པའི་གྲོང་ཁྱེར་བྱེ་མ་ཆེན་པོ་ཞེས་བྱ་བ་འབྱུང་སྟེ། གྲོང་དེ་ལ་འབབ་ཆུ་ མཛེས་སྦྱོར་ཞེས་བྱ་སྟེ། དེའི་བྱང་ཕྱོགས་ཀྱི་འགྲམ་དུ་འབྱུང་བར་འགྱུར་རོ། །ཞེས་པ་ནས། ཤཱཀྱའི་རིགས་ཆེན་པོ་གཞོན་ནུ་ལི་ཙཱ་བི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ ངའི་མིང་དུ་འདོད་པར་འགྱུར་རོ། །ཞེས་སོགས་ནས། དེའི་ཚེ་དྲང་སྲོང་དོལ་པོ་ཞེས་བྱ་བའི་ 5-1-95 ཡུལ་འཁོར་ཡང་འབྱོར་ཞིང་རྒྱས་ལ་སྐྱེ་བོ་མང་པོས་ཡོངས་སུ་གང་བ་འགྱུར་རོ། །དེ་བཞིན་ གཤེགས་པ་དང་མིང་མཐུན་པའི་དགེ་སློང་གི་གྲོང་ཁྱེར་དེ་ཡང་སྐྱེ་བོ་ཐམས་ཅད་ཀྱི་སྙིང་ དུ་སྡུག་པར་འགྱུར་ཞིང༌། སྐྱེ་བོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་རོ། །ཞེས་གསུངས་པ་ དང༌། གསེར་འོད་དམ་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་ གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་ སྟོན། །ཅེས་གསུངས་པ་དང༌། འཕགས་པ་ལག་ན་མེ་ཏོག་གི་མདོ་ལས། ལ་ལ་དེ་བཞིན་ གཤེགས་པའི་གཟུགས་ཀྱིས་འདུལ་ལོ། །སེམས་ཅན་ལ་ལ་ལྷའི་ལུས་སུ་མཐོང་བས་འདུལ་ ལོ། །ལ་ལ་སྐྱེས་པའི་ལུས་དང་བུད་མེད་ཀྱི་གཟུགས་སུ་འདུལ་ལོ། །ལ་ལ་ཆེན་པོ་དང་ཆུང་ ངུའི་ཚུལ་གྱིས་འདུལ་ལོ། །ཞེས་མང་དུ་གསུངས་པའོ། ། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ ཞིག །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་ བསྟན་པའི་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་རྒྱུད་ སྡེ་དུ་མ་ནས་ལུང་བསྟན་པ་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོས་རང་བྱུང་ལྔ་ལྡན་གྱི་ཐུགས་ ཀ་ནས་ཞལ་བསྟན་ནས་མགར་ལ་འདི་སྐད་དོ། །ང་ནི་ཀུན་ནས་གཤེགས་པ་མ་ཡིན་ཏེ། །འཕགས་པའི་སྙིང་པོར་འདི་རུ་འདུག་ཡིན་པས། །མྱ་ངན་མ་བྱེད་གསོལ་བ་དྲག་པོ་ཐོབས། །བདག་ཅག་མ་འོངས་པ་ན་ལྷན་ཅིག་ཏུ། །སྐྱེ་བ་མཉམ་པོར་གདུལ་བྱའི་དོན་བྱེད་ཅིང༌། །དང་པོར་པདྨའི་གླིང་དང་རྡོརྗེ་གདན། །ཟ་ཧོར་ཁ་ཆེ་རྔ་ཡབ་གླིང་ལ་སོགས། །སྐྱེ་བོ་མང་ པོས་འགྲོ་བ་འདྲེན་ནས་སུ། །བོད་ཁམས་རྩོད་དུས་སྲིད་པའི་ཐ་མ་ལ། །མ་བང་རྒྱ་མཚོས་ 5-1-96 བསྐོར་བའི་མངའ་རིས་སུ། །ཏེ་ཙི་གངས་གར་དྲིལ་བུ་བཀོད་པ་འདྲ། །རི་བོ་གནྚེ་སྤོས་གླང་ འགྱིང་བ་བཞིན། །ཀོ་ཀང་གཡའ་མ་མེ་ཏོག་བཀྲམ་པ་འདྲ། །དབུས་སུ་པད་དཀར་རྒྱས་པའི་ ལྟེ་བ་རུ། །དུང་དཀར་གཡས་སུ་འཁྱིལ་བའི་ཀ་ཡོ་རི། །ཤིང་སྣ་རི་དྭགས་བྱ་ཚོགས་འདུ་བའི་ གནས། །གྲོང་བཞིའི་དབུས་སུ་གྲོང་ཁྱེར་ངོ་མཚར་ཅན། །པན་ཚང་གྲོང་ཁྱེར་དམག་གིས་མི་ ཚུགས་པ། །མི་བདག་ཛྙཱ་ན་ཤྭ་རིའི་རྒྱལ་བུ་རུ། །ནོར་བུ་སྙིང་པོ་ཆུ་ཕོ་འབྲུག་ལ་འབྱུང༌། །སྐྱེས་ མཆོག་ཁྱད་འཕགས་ཁབ་ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་མཁྱེན་མཚན་ དུ་གྲགས། །ད་ལྟའི་བཙུན་མོ་རྣམ་ལྔ་འདི་དག་ཀྱང༌། །དེ་ཚེ་སྲིང་མོའི་ཚུལ་དུ་འཁྲུངས་པར་ འགྱུར། །དེ་ཀུན་ཁྲིམས་ལྡན་དགེ་སློང་མ་ལ་འགོད། །འཇིག་རྟེན་མགོན་པོ་བདག་གིས་དེ་ཡི་ ཚེ། །སྐྱེ་དགུའི་བསོད་ནམས་རྒྱ་མཚོ་སྤེལ་བའི་ཕྱིར། །ངོ་མཚར་ཁྱད་འཕགས་བཀྲ་ཤིས་སྒོ་ མང་སོགས། །རྒྱལ་བའི་སྐུ་རྟེན་གསུང་རབ་རྒྱ་མཚོ་རྣམས། །རྡོ་རྗེ་གྲགས་མོ་རྒྱལ་གྱི་གནས་ སུ་བཞེངས། །ཐེག་མཆོག་ཆོས་ཀྱི་དུང་འབུད་དར་ཆེན་ཕྱར། །འཆད་རྩོད་རྩོམ་པའི་རྔ་བརྡུང་ དཔལ་ལ་སྤྱོད། །མཐོང་ཐོས་དྲན་པའི་འགྲོ་བ་དེ་དག་ཀྱང༌། །བྱང་ཆུབ་ལ་ནི་མྱུར་དུ་རེག་ པར་འགྱུར། །དེ་ཚེ་ནང་བློན་ཆེན་པོ་བཅུ་གསུམ་ཡང༌། །ཡོན་ཏན་ང་དང་མཉམ་པའི་སྐྱེས་བུ་ འབྱུང༌། །བོད་ཁམས་མུན་སེལ་སྟོན་པའི་བྱ་བ་བྱེད། །འདི་ལ་ཐེ་ཚོམ་མ་ཟ་དྲང་པོར་ལོངས། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་མང་དུ་ལུང་བསྟན་པ་མཆིས་ན་ཡང་ཡི་གེར་ འཇིགས་སོ། །རྗེ་ཇོ་ནང་པ་ཁོང་ཉིད་སྔོན་འཕགས་མཆོག་གྲུ་འཛིན་བདག་པོ། མཉམ་མེད་ བུ་རམ་ཤིང་པ་དང་ཐུགས་རྒྱུད་གཅིག་པ་ལི་ཙཱ་བི་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་ བ་དང༌། སྤྱན་གཟིགས་རྣམ་འཕྲུལ་རིགས་ལྡན་པདྨ་དཀར་པོ། དཔལ་མགོན་འཕགས་པ་ཀླུ་ སྒྲུབ། བྱང་ཆུབ་སེམས་དཔའ་འཕགས་པ་ཆོས་འཕགས། ཆོས་རྒྱལ་སྲོང་བཙན་སྒམ་པོ། ཨུ་ རྒྱན་གུ་རུ་པདྨ་འབྱུང་གནས། ལོ་ཆེན་བེ་རོ་ཙཱ་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ 5-1-97 ཀྱི་རྣམ་འཕྲུལ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་མཛད་འཕྲིན་སྤེལ་བ་ ལ་བརྩོན་པ་དང༌། གསུང་ཆོས་རྣམས་དང༌། ཇོ་ནང་པའི་ཐུགས་སྲས་རྣམས་ཀྱི་གསུང་ཆོས། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་ཆོས། སྐྱབས་མགོན་མ་ཏི་རིན་པོ་ཆེའི་གསུང་ཆོས། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་གསུང་ཆོས། ངག་དབང་ཚོགས་གཉིས་རྒྱ་མཚོའི་གསུང་ ཆོས་སོགས་མདོར་ན་དཔལ་རྒྱལ་བ་ཇོ་ནང་པའི་སྒྲུབ་རྒྱུད་འཛིན་པའི་མཁས་གྲུབ་གཉིས་ ལྡན་རྣམས་ཀྱི་གསུང་འབུམ་ལས་བྱུང་བའི་དབང་ལུང་མན་ངག་ལ་བསྟེན་ནས་སྒྲུབ་རྒྱུད་ ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ནི་རང་རེས་མེ་ཏོག་ལྷ་བབས་ཀྱི་ཆོས་ སྐལ་སྔོན་བསགས་བསོད་ནམས་ཀྱི་སྟོབས་ལས་ཐོབ་པ་ཡིན་ན་རང་རང་གི་ལུས་ངག་ཡིད་ གསུམ་གྱི་སྒོ་ནས་སྐྱེས་རྩལ་ཅི་ཡོད་ཀྱིས་འབད་དགོས་པ་ནི་སྨོས་མ་དགོས་པ་ལགས། དུས་ བཞི་ཕྱི་མའི་རྫོགས་ལྡན་གྱི་རྒྱལ་བསྟན་དར་བའི་སྐབས་སུ་གོང་སྨོས་ཀྱི་སྐྱེས་ཆེན་དམ་པ་ རྣམས་དང༌། དེ་མིན་གཏད་རབས་བདུན། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། འཕགས་པའི་གནས་བརྟན་བཅུ་དྲུགཔདྨ་འབྱུང་གནས། རྗེ་འབངས་ ཉེར་ལྔ། ས་སྐྱ། བཀའ་བརྒྱུད། བཀའ་གདམས་བརྒྱུད་པའི་བླ་མ། བཀའ་གཏེར་བརྒྱུད་པའི་ བླ་མ། རྗེ་བླ་མ་ཡབ་སྲས་སོགས་རང་སྟོང་བརྒྱུད་པའི་བླ་མ། རྒྱལ་ཚབ་བྱམས་པ་འཕགས་ པ་ཐོགས་མེད་སོགས་གཞན་སྟོང་བརྒྱུད་པའི་བླ་མ། གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་ རྣམས་དང༌། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་གཙོས་སྔགས་བླ་མེད་ ཀྱི་བསྐྱེད་རྫོགས་མཐའ་ཡས་པ་དང༌། བྱ་སྤྱོད་རྣལ་འབྱོར་རྒྱུད་དང༌། སྔགས་ཀྱི་གཞན་སྟོང་ དབུ་མའི་ལྟ་བ་ཟབ་ཁྱད་ཅན་སོགས་རྒྱ་བོད་ཀྱི་མཁས་གྲུབ་སའི་རྡུལ་ལྟར་བྱོན་ནས་བསྟན་ འགྲོའི་དོན་རྒྱ་ཆེན་མཛད་པ་ཡང་མཁས་གྲུབ་དུ་མས་གསུངས་པ་ནི་དཔྱད་གསུམ་དག་པའི་ ལུང་ཡང་དག་གོ། ། 5-1-98 དེ་ལྟར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་རྣམས་ཐུགས་རྒྱུད་གཅིག་པའི་ཚུལ་ལ་ ངེས་པ་དྲངས་པར་བྱས་ནས་རྒྱུན་དུ་གསོལ་འདེབས་འདོན་པ་ལ་འབད་པར་བྱའོ། །གཞན་ དུ་ན་བཀའ་གདམས་གོང་མས་གསུངས་ལས། ཆོས་ཁ་ཟིན་གྱིས་ཕུང༌། ར་མ་ཚིལ་གྱིས་ཕུང༌། ཞེས་གསུངས་པ་ལྟར་རང་རྒྱུད་ལ་དུས་རྒྱུན་དུ་བརྟག་པ་གལ་གནད་ཆེ་བའོ། །ཡུལ་གྲུ་ཐམས་ ཅད་དུ་ཀླ་ཀློ་ཆེས་དར་བ་ན་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱིས་གཟིགས་ཏེ། སྨྲ་མཁས་ རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་པ་ལྟར་རྟ་ མཆོག་དུ་མ་སྤྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞུགས་ནས་ཀླ་ཀློ་འདུལ་བའི་ཆེད་དུ་དཔུང་ ཆེན་པོ་ཁ་དོག་སྣ་ཚོགས་པ་བྱེ་བ་ཕྲག་དགུ་དང༌། གླང་ཆེན་ཆང་གིས་མྱོས་པ་གཡུལ་དུ་དཔའ་ བ་འབུམ་ཕྲག་བཞི་དང༌། གཞན་ཡང་གླང་ཆེན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བདུན་ཅུ་ལ་ཚོ་རེ་ རེ་བྱས་པའི་ཚོ་དྲུགགསེར་གྱི་ཤིང་རྟ་དང་ལྡན་པའི་དམག་མི་བྱེ་བ་ཕྲག་གྲངས་མེད་པ་དང༌། རྡོའི་རྟ་རླུང་གི་ཤུགས་ཅན་ཞེས་བྱ་བ་ད་ལྟ་འཕགས་ཡུལ་པ་རྣམས་ཀྱིས་རྡོ་ཡལ་གྷོ་ར་ཟེར་བ་ རྒྱ་མཚོ་ལས་བྱུང་བའི་རྟ་མཆོག་ཅང་ཤེས་གློག་ལྟར་མྱུར་བ་ཞོན་པའི་དམག་མི་མཐའ་ཡས་ པ་དང༌། རྐང་དམག་བརྗོད་ལས་འདས་པ་དང་བཅས་པའི་དཔུང་ཆེན་པོ་བསྡུས་ནས་ཆུ་བོ་ ཆེན་པོ་སཱི་ཏའི་ལྷོ་ཕྱོགས་སུ་བསྐྱོད་པ་ནས་རུ་ཤམ་གྱི་ཡུལ་དུ་ཀླ་ཀློ་དང་གཡུལ་ཆེན་པོ་བཀྱེ་ སྟེ། ཀླ་ཀློའི་སྟོན་པ་བྱིས་པའི་བློ་གྲོས་རིགས་ལྡན་རང་ཉིད་ཀྱིས་སྤྲུལ་པ་བསྡུ་བའམ་བསད་ པའི་ཚུལ་བསྟན། དམག་དཔོན་ཆེན་པོ་ཧ་ནུས་བློན་པོ་ཆེན་པོ་ཟླ་བའི་བུས་བཏུལ། སྤྲུལ་ པའི་ས་སྐྱོང་རྣམས་ཀྱིས་ཀླ་ཀློའི་རྒྱལ་པོ་རྣམས་དང༌། སྒྱུ་རྩལ་ལ་མཆོག་ཏུ་སྦྱང་བའི་དཔའ་ བོ་རྣམས་ཀྱིས་ཀླ་ཀློའི་དཔུང་སྤྱི་དང༌། གླང་པོ་མཆོག་རྣམས་ཀྱིས་ཀླ་ཀློའི་གླང་ཆེན་རྣམས་ དང༌། རྡོའི་རྟ་རྣམས་ཀྱིས་ཀླ་ཀློའི་རྟ་དང༌། གསེར་གྱི་ཤིང་རྟའི་ཚོགས་ཀྱིས་ཀླ་ཀློའི་ཤིང་རྟ་ རྣམས་དང་། ལྷ་ཆེན་བཅུ་གཉིས་སོགས་དཀར་ཕྱོགས་པའི་ལྷ་རྣམས་དང༌། ཆོས་སྐྱོང་ཆེན་ 5-1-99 པོ་རྣམས་ཀྱིས་ཀླ་ཀློའི་མགོན་སྐྱབས་བྱེད་པའི་ལྷ་མིན་གྱི་གདོན་ཆེན་པོ་རྣམས་བཏུལ་ནས་ ས་ཆེན་དུམ་བུ་བཅུ་གཉིས་སུ་ཀླ་ཀློའི་རྒྱུན་ལྷག་མེད་དུ་བཅད་ནས་སངས་རྒྱས་ཀྱི་བསྟན་ པ་རྫོགས་ལྡན་དུ་དར་བའོ། །བསྟན་པ་དེ་ལ་དུས་བཞི་ཕྱི་མའི་བསྟན་པ་ཞེས་ཟེར་ལ། དེའི་ གནས་ཚད་ནི་གོང་དུ་བཤད་པ་བཞིན་ལོ་སྟོང་དང་བརྒྱད་བརྒྱ་ཡིན་པར་དུས་ཀྱི་འཁོར་ལོའི་ རྒྱུད་ཕྱི་མ་ལས་གསུངས་སོ། །གཡུལ་ཆེན་པོ་འགྱེད་པའི་སྐབས་དེ་དག་ཏུ་ཀླ་ཀློའི་ནང་དུ་ སྐྱེས་པའམ་ཕན་ཚུན་གྱི་དཔུང་ཆེན་པོའི་རྐང་འོག་ཏུ་ཤི་བའི་འབུ་སྲིན་སོགས་སུ་སྐྱེས་པའམ། རིགས་ལྡན་གྱིས་ཀླ་ཀློ་བཅོམ་པའི་གཏམ་ཐོས་པ་ཚུན་ཆད་ཀྱང་དངོས་གྲུབ་རྒྱ་ཆེན་པོ་འཐོབ་ པར་གསུངས་སོ། །ས་ཆེན་པོ་དུམ་བུ་བཅུ་གཉིས་སུ་དུས་བཞིཕྱི་མའི་བསྟན་པ་སྤེལ་བའི་ གྲོགས་སུ་གྲུབ་པའི་སྐྱེས་བུ་ས་ཆེན་པོ་རྡུལ་ལ་ཅོ་འདྲི་བ་འབྱུང་ཞིང༌། དེའི་ཚེ་དཔལ་རི་ན་ མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ལུས་ས་རྡོའི་རྣམ་པར་ཡོད་པ་དེ་ལ་སྔོན་བཞིན་དུ་གསོན་པོའི་ཚུལ་ བསྟན་ནས་རྒྱལ་བསྟན་གསལ་བར་མཛད་པ་དང༌། ཨུ་རྒྱན་ཆེན་པོ་རྔ་ཡབ་གླིང་ནས་བྱོན་ པར་ཡང་གསུངས་སོ། །རྗེ་བླ་མ་བློ་བཟང་གྲགས་པ་ཡང་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་ལ་ གྲུབ་ཆེན་རཏྣ་དྷརྨ་ར་ཛས་རྗེ་བླ་མ་དགའ་ལྡན་ཡིད་དགའ་ཆོས་འཛིན་ནས་སྤྱན་དྲངས་ཏེ། སྐུ་གདུང་ནང་དུ་ཞུགས་ནས་སྔོན་བཞིན་མཛད་པ་སྤེལ་གསུངས་པ་དང༌། གོང་སྨོས་ཀྱི་སྐྱེས་ ཆེན་དམ་པ་རྣམས་སླར་ཡང་སྤྲུལ་པ་སྣ་ཚོགས་ཀྱི་སྒོ་ནས་བྱོན་པ་སོགས་ངོམཚར་རྨད་དུ་བྱུང་ བའི་གཏམ་མཐའ་ལས་འདས་པ་ཡོད་ཀྱང་དེ་ཙམ་ལས་མ་སྤྲོས་སོ། །དེ་དག་གི་དུས་སུ་མི་ རྣམས་ཚེ་ལོ་བརྒྱ་ཕྲག་སོགས་ངེས་པར་ཐུབ་ཅིང༌། འབྲས་ས་ལུ་སོགས་འབྲུ་རིགས་རྣམས་ མ་རྨོས་མ་བཏབ་པར་འབྲོག་དགོན་པ་སོགས་སུ་རང་བྱུང་དུ་སྐྱེས་ཏེ། འགྲོ་ཀུན་རྫོགས་ལྡན་ གསར་བའི་དཔལ་ཡོན་ལ་ལོངས་སྤྱོད་པ་སོགས་ངོ་མཚར་བའི་ཁྱད་ཆོས་མཐའ་ཡས་པ་ཕྱི་ ནང་ཀུན་ནས་འཛོམ་མོ། །དེ་ལྟར་དྲག་པོ་འཁོར་ལོ་ཅན་གྱིས་བསྟན་པའི་བྱ་བ་རྒྱ་ཆེན་པོ་ 5-1-100 མཛད་དེ། ཆུ་བོ་ཆེན་པོ་སཱི་ཏའི་ལྷོ་བྱང་དུ་རིགས་ལྡན་དྲག་པོའི་སྲས་ཚངས་པ་འཕགས་ཡུལ་ གྱི་རྒྱལ་པོར་བཞགལྷ་དབང་ཤམྦྷ་ལའི་རྒྱལ་པོར་བཞག་སྟེ། གཞན་ཡང་སྔོན་བྱོན་མཁས་ གྲུབ་སྐྱེས་ཆེན་དམ་པ་རྣམས་ཀྱིས་གླིང་བཞི་དང་གླིང་ཕྲན་བརྒྱད་རྣམས་སུ་བྱོན་ནས་མཉམ་ མེད་ཟས་གཙང་སྲས་ཀྱི་མདོ་སྔགས་ཀྱི་བསྟན་པ་མུན་པའི་གླིང་དུ་ཉི་མ་ཤར་བ་ལྟར་མཛད་ དེ། སྐྱེ་དགུ་མ་ལུས་པའི་སྡུག་བསྔལ་དྲུངས་ནས་བྱུང་སྟེ་རྫོགས་ལྡན་གསར་བའི་དཔལ་ལ་ ལོངས་སྤྱོད་ནས་རབ་རྣམས་ཚེ་དེར་གྲོལ། འབྲིང་རྣམས་བར་དོར་གྲོལ། ཐ་མ་རྣམས་སྐྱེ་བ་ བདུན་ལས་མི་འགྱང་བར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་ནས་ཟུང་འཇུག་རྡོ་རྗེ་ འཆང་གི་གོ་འཕང་ཐོབ་པ་ཤ་སྟག་གོ། །འཁོར་ལོ་ཅན་རང་ཉིད་ཀྱིས་དཔུང་གི་ཚོགས་ཆེན་པོ་ དང༌། སྐལ་ལྡན་གྱི་སྐྱེ་བོ་ཉི་ཟེར་གྱི་རྡུལ་ལ་ཅོ་འདྲི་བ་དང་ལྷན་ཅིག་ཏུ་མཆོག་ཏུ་མི་འགྱུར་ བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པ་ལ་ཉེ་བའི་དུས་སུ་རྟ་ལོའི་ཧོར་ཟླ་ གཉིས་པའི་ཉི་ཤུ་གཉིས་ཀྱི་ཉིན་ལྷའི་བུ་དང་བུ་མོའི་ཚོགས་ཀྱིས་མདུན་བསུས་ཏེ་མེ་ཏོག་ མནྡ་ར་བའི་ཆར་ཆེན་པོ་པུས་མོ་ནུབ་པ་ཙམ་དུ་ཕབ་སྟེ། ལྷའི་རོལ་མོའི་སྒྲ་ནམ་མཁའ་གང་ བ་བཅས་ལྷ་ཡི་ལམ་ནས་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་གཤེགས་པར་གྱུར་པ་ཡིན་ ཏེ། ཇི་སྐད་དུ། སྨོན་ལམ་བཀའ་མ་ལས། རྟ་ཡི་ལོ་ཡི་ཧོར་ཟླ་གཉིས་པ་ཡི། །ཉི་ཤུ་གཉིས་ ཉིན་དཔའ་བོ་དཔའ་མོ་ཡིས། །རོལ་མོའི་སྒྲ་བཅས་འཁོར་ནི་འབུམ་ཕྲག་བཅས། །བདེ་དུས་ ལམ་ལས་འོག་མིན་གནས་སུ་ནི། །ལོངས་སྤྱོད་རྫོགས་སྐུ་མངོན་དུ་མཛད། །ཅེས་གསུངས་ པའི་ཕྱིར། ཀུན་མཁྱེན་ཇོ་ནང་རྟོན་པ་བཞི་ལྡན་ཡབ་སྲས་དང༌། །ཀུན་མཁྱེན་ཆེན་པོའི་སྤྲུལ་ པ་ཏཱ་ར་ནཱ་ཐ་དང༌། རྗེ་ཏཱ་ར་ནཱ་ཐའི་ཡང་སྤྲུལ་མདོ་སྨད་བསྟན་པའི་ཉི་མ་འཇམ་པའི་དབྱངས་ དང་དབྱེར་མེད་པ་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་ མའི་བསྟན་པ་སླར་སྤེལ་གྱི་ཕྱིར་དུ་བསམ་བཞིན་དུ་བྱོན་པ་ཤར་འཛམ་ཐང་པ་མཚན་བརྗོད་ 5-1-101 པར་དཀའ་བ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་སྨོས་པ་ངག་དབང་བློ་གྲོས་གྲགས་པའམ་ ཝཀྐིནྡྲ་མ་ཏི་ཀཱིརྟི་ཞེས་བྱ་མདོ་སྨད་གཞན་སྟོང་བསྟན་པའི་མངའ་བདག་མ་འོངས་དུས་བཞི་ ཕྱི་མའི་སྐབས་སུ་རིགས་ལྡན་དྲག་པོའི་སྲས་ལྷ་དབང་དུ་འགྱུར་བར་ལུང་དུ་བསྟན་པ་སོགས་ རྨད་དུ་བྱུང་བའི་རྣམ་པར་ཐར་བ་འཆད་རྒྱུ་ཡོད་ཀྱང་མ་སྤྲོས་སོ། ། ཞིང་དེའི་ཡོན་ཏན་དྲན་པའི་ཕན་ཡོན་སོགས་ཀྱི་སྒོ་བཤད་པ། ལྔ་པ་ཞིང་དེའི་ཡོན་ཏན་དྲན་པའི་ཕན་ཡོན་སོགས་བཤད་པ་ནི། སྤྱིར་དག་ཞིང་རྣམས་ སུ་སྐྱེ་བའི་རྒྱུའི་གཙོ་བོ་ནི། འོད་དཔག་མེད་ཀྱི་ཞིང་གི་བཀོད་པ་བསྟན་པའི་མདོ་ལས། ཀུན་ དགའ་བོ་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པ་དེའི་རྣམ་པ་ཡང་དང་ཡང་དུ་ ཡིད་ལ་བྱེད་པ་དང༌། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་དང༌། བྱང་ཆུབ་ཏུ་ སེམས་བསྐྱེད་པ་ཡོངས་སུ་བསྔོས་ཏེ་འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་ པ་ཞེས་སོགས་གསུངས་པ་ལྟར། ཞིང་དེའི་ཡོན་ཏན་དྲན་པ་དང༌། ཚོགས་གཉིས་རྒྱ་ཆེན་པོ་ བསགས་པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ཞིང་དེར་སྐྱེ་བར་སྨོན་ལམ་འདེབས་པ་ རྣམས་ནི་དག་ཞིང་དུ་སྐྱེ་བའི་རྒྱུའི་གཙོ་བོ་རྣམ་པ་བཞི་ཡིན་ལ་དེ་ལས་ཀྱང་ཞིང་དེའི་ཡོན་ཏན་ དྲན་པ་དང༌། ཞིང་དེར་སྐྱེ་བར་སྨོན་ལམ་འདེབས་པ་གཉིས་ནི་ཉེར་ལེན་གྱི་རྒྱུ་དང་འབྲས་ བུའི་ཚུལ་དུ་གནས་ཤིང་དག་ཞིང་དུ་སྐྱེ་བའི་རྒྱུའི་གཙོ་བོ་གཉིས་ཡིན་ནོ། །ཚོགས་གཉིས་ བསགས་པ་ནི་དེ་འགྲུབ་བྱེད་ཀྱི་ལྷན་ཅིག་བྱེད་རྐྱེན་དང༌། སེམས་བསྐྱེད་པ་ནི་ཞིང་དེར་ཐེག་ པ་ཆེན་པོའི་རིགས་ཅན་དུ་སྐྱེ་བའི་རྒྱུ་ཐུན་མོང་མ་ཡིན་པའོ། །དེས་ན་དེ་བཞི་ཚང་བར་བྱེད་ ཚུལ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ལ་དགེ་བའི་རྩ་བ་སྒོ་དུ་མ་ནས་བསགས་ ཤིང་ཞིང་དེའི་ཡོན་ཏན་དྲན་བཞིན་དུ་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བའི་ནང་དུ་ 5-1-102 འདུ་བ་ཡིན་པས་ཚུལ་དེ་ལ་འབད་པར་བྱའོ། །ཁྱད་པར་ཞིང་འདིའི་ཡོན་ཏན་ཡང་དང་ཡང་དུ་ དྲན་པའི་སྒོ་ནས་སྨོན་ལམ་ངེས་པར་འདེབས་པ་ནི་གལ་ཆེ་བ་ཡིན་ཏེ། དཔེར་ན་ཡུལ་གཞན་ དུ་ཚོང་དུ་འགྲོ་བ་ལ་ཡུལ་དེར་ཚོང་ཆེན་པོ་ཡོད་ཚུལ་ལེགས་པར་གོ་ན་དེར་འགྲོ་འདོད་སྐྱེ་ལ། དེ་ནས་འགྲོ་བའི་བྱ་བ་བྱེད་ཅིང༌། དེ་ནས་དངོས་སུ་འགྲོ་བ་རྣམས་རྟེན་དང་བརྟེན་པའི་ཚུལ་ འབྱུང་བ་ལྟར། ཞིང་དེའི་ཡོན་ཏན་ལ་ཡིད་དང་བའི་དད་པ་སྐྱེ། དད་པས་དེར་སྐྱེ་འདོད་ཀྱི་ འདུན་པའམ་དོན་གཉེར་སྐྱེ། དོན་གཉེར་གྱིས་བརྩོན་འགྲུས་དྲངས་ཤིང་བརྩོན་འགྲུས་ཀྱིས་ ཞིང་དེར་སྨོན་པའི་སྨོན་ལམ་དྲངས་པ་རྣམས་ཀྱང་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་འབྱུང་ བ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་ པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམ་པས་སོ། །ཞེས་དང༌། མདོ་ ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་ སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་སྨིན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །རྒྱུ་ མཚན་དེས་ན་སྔར་བཤད་པ་བཞིན་དུ་ཤམྦྷ་ལའི་གནས་ཀྱི་བཀོད་པ་དང༌། དེར་ཆོས་སྲིད་ ཀྱི་འབྱོར་བ་རབ་ཏུ་རྒྱས་ཚུལ། ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་ པོ་ཆེ་སྤེལ་ཚུལ་སོགས་ཡང་དང་ཡང་དུ་དྲན་པར་བྱས་ནས་དེར་སྐྱེ་འདོད་ཀྱི་འདུན་པ་ཤུགས་ དྲག་པོས་སྨོན་ལམ་འདེབས་པ་ནི་གལ་ཤིན་ཏུ་ཆེ་བ་ཡིན་ནོ། །ཁྱད་པར་དཔལ་ལྡན་ཤམྦྷ་ ལར་རང་ཅག་རྣམས་སྐྱེ་སླ་བ་ཡང་ཡིན་ཏེ། གྲུབ་པའི་གནས་ཆེན་པོ་འདི་ཉིད་རང་རེ་རྣམས་ སྐྱེ་བའི་འཛམ་བུ་གླིང་འདི་དག་དང་གླིང་གཅིག་ཡིན་པས་སྔོན་ལས་དགེ་བའི་ལས་ཀྱི་འབྲེལ་ བ་དང༌། དེར་བཞུགས་པའི་བསྟན་པ་ཡང་རང་རེའི་སྟོན་པ་བཀའ་དྲིན་ཅན་འདིའི་བསྟན་པ་ ཡིན་པས་བསྟན་པ་རིན་པོ་ཆེའི་འབྲེལ་བ་དང༌། རང་རེའི་བླ་མ་གོང་མ་རྣམས། ཆོས་རྒྱལ་ རིགས་ལྡན་རྣམས་ཀྱི་སྐུ་ཡི་སྐྱེ་བ་བཞེས་པའི་དབང་ལུང་མན་ངག་སོགས་བྱིན་རླབས་ཀྱི་སྒོ་ 5-1-103 ནས་བརྒྱུད་པའི་བླ་མ་རྣམས་དང་འབྲེལ་བས་ཁྱད་ཆོས་གསུམ་གྱི་སྒོ་ནས་ཞིང་དེར་སྐྱེ་སླ་བ་ ཡིན་ནོ། ། ཁྱད་པར་ད་སྐབས་སུ་རང་ཅག་རྣམས་ཀྱིས་འབད་པ་ལྷུར་ལེན་དགོས་པ་ནི་རང་ཅག་གི་ སྟོན་པའི་གནང་བའི་ཟབ་གསང་སྔགས་ཀྱི་ཟབ་ཆོས་རྣམས་དང༌། སྔོན་བྱོན་དམ་པ་གོང་མའི་ གསུངས་པའི་རྒྱུད་སྡེ་ཟབ་མོའི་དབང་ལུང་མན་ངག་ཟབ་མོ་དོན་གཉེར་རྒྱ་ཆེ་བ་དགའ་སྤྲོ་ དང་ལྡན་པས་དང་འདོད་ཡིད་ཆེས་ཀྱི་དད་པ་དང༌། བརྡ་དོན་རྟགས་གསུམ་ཚང་བའི་སྒོ་ནས་ བརྩོན་པ་ལྷུར་བླངས་བའི་ངང་ནས་རྒྱུད་སྡེ་ཟབ་མོའི་དབང་བསྐུར་རྫོགས་པར་ཐོབ་དགོས་ པ་ནི་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་དུ་ཐོབ་ཡོད་པ་འདི་མཐོང་ཆུང་དུ་མི་བྱ་བར་ ལོ་བརྒྱའི་ཟ་མ་ལན་གཅིག་དང༌། ལོང་བས་གླང་རྔ་དེ་ཟིན་ལྟ་བུའི་སྒོ་ནས་རང་རང་གི་དལ་ འབྱོར་ལ་སྙིང་པོ་ལེན་ཐབས་དང༌། གསང་སྔགས་ཟབ་མོའི་ཆོ་ག་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་ བརྟེན་ནས་ལམ་བསྐྱེད་རྫོགས་ལ་བག་ཆགས་ཟབ་མོ་བཞག་ནས་རབ་ན་ཞིང་མཆོག་ཤམྦྷ་ ལར་སྐྱེ་བ་དང༌། དེ་མིན་དུས་བཞི་ཕྱི་མའི་གདུལ་ཞིང་དུ་སྐྱེ་བ་ལ། འབད་པ་ལྷུར་ལེན་བྱེད་ པ་འདི་གནད་དམ་པ་ཡིན་ནོ། །ཡང་སྒོས་དམ་པ་གོང་མའི་བཀའ་དྲིན་ལས་དཔལ་དུས་ཀྱི་ འཁོར་ལོའི་སྟ་གོན་ཐིག་ཚོན་དངོས་གཞིའི་དུས་ཚོགས་བཙུགས་པ་དང༌། དེ་མིན་རྒྱུད་སྡེ་སྣ་ ཚོགས་ཀྱི་ཆོ་ག་དུ་མ་གསུངས་ནས་འདས་ལྡན་སོགས་ཀྱིས་སྒྲིབ་པ་སྦྱང་ཐབས་དང་བསོད་ ནམས་བསགས་ཐབས་སུ་རྒྱུན་ཚོགས་དང་དུས་ཚོགས་བཙུགས་པར་མཛད་པ་ནི་གདུལ་ བྱ་རྣམས་བྱང་ཤམྦྷ་ལར་སྐྱེ་བའི་ཉེར་རྒྱུ་དང༌། དུས་བཞི་ཕྱི་མའི་གདུལ་ཞིང་དུ་སྐྱེ་བའི་རྒྱུ་རུ་ དམིགས་ནས་མཛད་འཕྲིན་གནང་བ་ནི་བཀའ་དྲིན་བརྗོད་ལས་འདས་པ་དང༌། དུས་འཁོར་ རྫོགས་རིམ་གྱི་ལམ་ཉམས་ལེན་མ་ཆད་པ་ནི་བླ་མ་དམ་པ་བཀའ་དྲིན་གསུམ་ལྡན་རྣམས་ཀྱི་ མཛད་འཕྲིན་ཟླ་དང་བྲལ་བ་ལ་ལོངས་སྤྱོད་མི་སྤྱོད་རང་རང་ལ་རག་ལས་པའོ། ། 5-1-104 གསང་སྔགས་ཀྱི་ཟབ་ཆོས་ཐང་མར་བརྡལ་བ་ལྟ་བུ་ཡོད་ཀྱང་རང་རང་གིས་ལོངས་མ་ སྤྱད་ན་ཕན་པ་མེད་པ་ནི། དཔེར་ན་ཟས་སྣ་འདྲ་མིན་སྣ་ཚོགས་ཀྱི་བཤམས་བཀོད་ཕུན་སུམ་ ཚོགས་པ་ཡོད་ཀྱང་རང་གིས་མ་ཟོས་ན་མཐར་མུ་གེས་འཆི་བ་དང་འདྲ་བའོ། །ཕྱི་འདང་ཡོད་ པ་རྣམས་འཆི་ཁར་འགྱོད་ཀྱང་ཚར་སོང༌། ཕྱི་འདང་མེད་པ་རྣམས་ཁྱི་ཤི་བ་ལྟ་བུའོ། །ཁྱད་ པར་མེ་འབར་བ་ལ་བུད་ཤིང་བསྣན་གྱིན་བསྣན་གྱིན་མེའི་ནུས་པ་ཇེ་ཆེར་འགྲོ་བ་ལྟར་ཤམྦྷ་ ལའི་གདུལ་བྱའི་གཙོ་བོ་ཀླ་ཀློ་རྣམས་མཐུ་སྟོབས་འབྱོར་བ་ཇི་ལྟར་རྒྱས་པ་བཞིན་དུ་ཞིང་ དེའི་ཡོན་ཏན་དང་བྱིན་རླབས་ཀྱང་དེ་ལྟ་དེ་ལྟར་དུ་རྒྱས་ཤིང་དཔེ་དེ་བཞིན་དུ་ཞིང་དེར་སྐྱེ་ བར་སྨོན་པས་སྨོན་ལམ་གྱི་ནུས་པ་ཡང་དག་ཞིང་དེའི་ཡོན་ཏན་དང་ཕན་ཚུན་འགྲན་པ་ བཞིན་དུ་མཐའ་མེད་པར་འཕེལ་བ་ཡིན་ཏེ། བཟང་པོ་སྤྱོད་པའི་མདོ་ལས། ཅི་ཙམ་ལས་དང་ ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་བཀའ་བསྩལ་ པ་བཞིན་ནོ། །རང་རེའི་བླ་མ་དམ་པ་གོང་མ་རྣམས་དང་ཆོས་རྒྱལ་རིགས་ལྡན་རྣམས་ཐུགས་ རྒྱུད་གཅིག་ཚུལ་ཟུར་ཙམ་སྨོས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་ཡུམ། ཨུ་རྒྱན་སངས་ རྒྱས་གཉིས་པ་རྗེ་འབངས་ཉེར་ལྔ། ས་སྐྱ་གོང་མ་རྣམ་ལྔ། མ་ཅིག་ལབ་ཀྱི་སྒྲོལ་མ་སོགས་ གཅོད་ཡུལ་བརྒྱུད་པའི་བླ་མ། བཀའ་གདམས་བརྒྱུད་པའི་བླ་མ། སྒྲ་བསྒྱུར་མར་བ་ལོ་ཙཱ། རྗེ་མི་ལ་རས་པ། དྭགས་པོ་ཟླ་འོད་གཞོན་ནུ། བཀའ་གཏེར་བརྒྱུད་པའི་བླ་མ། ཇོ་ནང་ཀུན་ མཁྱེན་ཡབ་སྲས་བཅོ་ལྔ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས། རིག་འཛིན་འཇིགས་མེད་ གླིང་པ། རྗེ་བློ་བཟང་གྲགས་པ་ཡབ་སྲས། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་སྦྱོར་དྲུག་བརྒྱུད་པའི་ བླ་མ། རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན། མདོར་ན་རྒྱ་བོད་ཀྱི་མཁས་གྲུབ་ས་ཆེན་པོའི་རྡུལ་ གྲངས་ལས་འདས་པ་ཤམྦྷ་ལར་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་སོགས་ཀྱི་ལོ་ རྒྱུས་བསམ་མི་ཁྱབ་པ་བཞུགས་ཀྱང་བརྗོད་པའི་རྔོ་ག་ལ་ཐོགས། རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ 5-1-105 ཐས་རྨི་ལམ་འོད་གསལ་བཟུང་ནས་ཤམྦྷ་ལར་བྱོན་ནས་རིགས་ལྡན་དཔལ་སྐྱོང་ལས་ཟབ་ ཆོས་དུ་མ་གསན་པར་གསུངས་པ་དང༌། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཤམྦྷ་ལར་ ཡང་ཡང་བྱོན་པའི་ལོརྒྱུས་ཡོད་ཀྱང་མ་སྤྲོས་ལགས། རྗེ་ཏཱ་ར་ནཱ་ཐའི་བླ་མ་གྲུབ་ཆེན་ཞི་བ་ སྦས་པ་དང༌། བུད་དྷ་གུབྟ་ན་ཐཱ་དང༌། པཎྜི་པུརྞ་བཛྲ་སོགས་ཀྱིས་ཀྱང་རྒྱལ་བ་གཉིས་པ་ཀུན་ མཁྱེན་ཆེན་པོ་བརྟུལ་ཞུགས་ཀྱིས་སྤྱོད་པ་མཛད་པའི་སྐུ་ཡི་རྣམ་པར་རོལ་པ་ལྟར་དེ་ཉིད་ཀྱི་ སློབ་མ་རྣམས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་ཚུལ་སོགས་ལ་ངེས་པ་དྲངས་པར་བྱའོ། །ཏིང་ངེ་འཛིན་དང་གསང་སྔགས་ཀྱི་ནུས་པ་དང་ལྡན་པ་རྣམས་ནི་ཚེ་འདི་ཉིད་ལ་ཞིང་ཁམས་ སུ་བགྲོད་ཚུལ་སོགས་སློབ་དཔོན་དོན་ཡོད་ལྕགས་ཀྱུས་མཛད་པའི་ཤམྦྷ་ལའི་ལམ་ཡིག་ཏཱ་ ར་ནཱ་ཐས་བལ་བོའི་དཔེ་ལས་བསྒྱུར་བ་དང༌། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ མཛད་པའི་ཤམྦྷ་ལའི་ལམ་ཡིག་ངོ་མཚར་བྱེ་བའི་འབྱུང་གནས་སོགས་ལས་རྒྱས་པ་ཤེས་ པར་བྱའོ། ། རང་ཅག་ལྟ་བུའི་བློ་དམན་རྣམས་ནི་འདིར་དངོས་སུ་བགྲོད་པར་མ་ནུས་ནའང་བླ་མེད་ ཀྱི་རྒྱུད་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་ནུས་ན་རབ་དང༌། དེ་ཙམ་མ་ནུས་ནའང་ བསྐྱེད་རྫོགས་རྣམས་ལ་མོས་པ་ཡིད་བྱེད་ཚུན་ཆད་ཀྱི་བསམ་པའི་སྒོ་ནས་མངོན་རྟོགས་ འདོན་པ་དང་སྔགས་བཟླ་བ་སོགས་ཀྱི་སྒོ་ནས་སྨོན་ལམ་བཏབ་ནའང་ཞིང་དེར་ངེས་པར་སྐྱེ་ ནུས་པ་ཡིན་ཏེ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། དེ་བཞིན་ནོར་བུའི་ཁྲི་ལ་ས་ བཅུ་པ། །མི་དབང་གཟུགས་ཀྱི་རོལ་པའི་ཞབས་བརྟེན་ཅིང༌། །ཕུན་ཚོགས་གསུང་གི་བདུད་ རྩི་འཐུང་འདོད་ན། །ལེགས་བཤད་རྒྱ་མཚོ་ཚེ་འདིར་འཇུག་པར་རིགས། །ཞེས་གསུངས་ པའི་ཕྱིར་རོ། །དེ་མིན་སྐྱེ་བ་རྗེས་མ་རིགས་ལྡན་དྲག་པོའི་གདུལ་ཞིང་དུ་སྐྱེ་བར་འདོད་ན། ཇི་ སྐད་དུ། ཁྱད་པར་དཔལ་ལྡན་དྲག་པོ་འཁོར་ལོ་ཅན། །ནག་ཕྱོགས་འཇོམས་ཤིང་ཐུབ་བསྟན་ 5-1-106 རྫོགས་ལྡན་དུ། འཇོག་གོ་ངོ་མཚར་དགའ་སྟོན་མྱོང་འདོད་ན། །ལེགས་བཤད་རྒྱ་མཚོ་ཚེ་ འདིར་འཇུག་པར་རིགས། །ཞེས་གསུངས་པ་དང༌། ཇོ་ནང་ཀུན་མཁྱེན་གྱིས་གསུངས་པའི་ ཤམྦྷ་ལའི་བསྟོད་སྨོན་ཆེ་ཆུང་དང༌། སྐྱབས་མགོན་མ་ཏིས་གསུངས་པའི་ཤམྦྷ་ལའི་སྨོན་ལམ་ ཆེ་ཆུང་སྣ་ཚོགས་ཡོད་པ་ལས་གང་སྤྲོ་དང༌། ཤམྦྷ་ལའི་སྨོན་ལམ་ཤེལ་དཀར་མེ་ལོང་ལས། ཁྱད་པར་རིགས་ལྡན་དྲག་པོ་འཁོར་ལོ་ཡིས། །སྡེ་བཞིའི་ལོངས་སྤྱོད་རྫོགས་ལྡན་ལྟར་མཛད་ ཚེ། །མཆོག་ཐུན་དངོས་གྲུབ་སྐལ་བ་ལེན་འདོད་ན། །ད་ལྟ་སྨོན་པའི་གནས་འདིར་འབད་ པར་འཚལ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་བཤད་པ་དག་ནི་རང་བཟོས་དྲི་མས་ཅུང་ ཟད་ཀྱང་མ་བསླད་པར་རྒྱུད་ཀྱི་རྒྱལ་པོ་འགྲེལ་བ་དང་བཅས་པའི་དོན་ཕྱིན་ཅི་མ་ལོག་པ་ དང༌། ཇོ་ནང་ཀུན་མཁྱེན་ཆེན་པོའི་ཤམྦྷ་ལའི་བསྟོད་པ་རྣམས་དང༌། ཤམྦྷ་ལའི་ལམ་ཡིག་ངོ་ མཚར་བྱེ་བའི་འབྱུང་གནས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་རྣམས་དང༌། དམ་པ་གོང་མ་ འགའ་ཞིག་གི་རྣམ་ཐར་གྱིས་ཟུར་ལེགས་པར་བརྒྱན་ཏེ་བྲིས་པའོ། ། འདིར་སྨྲས་པ། རིན་ཆེན་ཟླ་ཤེལ་འདབ་སྟོང་བཞད་པའི་རྩེར། ། སྐབས་གསུམ་ནོར་བུའི་གཞལ་མེད་ཕོ་བྲང་དབུས། ། དང་པོའི་སངས་རྒྱས་མི་རྗེའི་ཚུལ་བཟུང་བའི། ། གནས་འདིར་དཔལ་ལྡན་ཀ་ལཱ་པ་ཞེས་གྲགས། ། དེར་ནི་ཆོས་སྲིད་དཔལ་གྱི་ཆུ་གཏེར་རྒྱས། ། རིག་འཛིན་འཁོར་ལོའི་དབང་ཕྱུག་ལག་ལྡན་འབུམ། ། གསང་ཆེན་མགྲིན་པའི་རྫ་རྔ་འཁྲོལ་བཞིན་དུ། ། ལུང་རྟོགས་རྩེད་འཇོའི་ཟློས་གར་བསྒྱུར་བས་བྲེལ། ། 5-1-107 རིགས་ལྡན་ཞབས་སྟེགས་པད་མོའི་གེ་སར་ལ། ། ཉེར་བརྟེན་སྐལ་ལྡན་མཆོག་གྱུར་གདུལ་བྱའི་ཚོགས། ། རིམ་གཉིས་ནོར་བུའི་ཐེམ་སྐས་ལ་འཛེགས་ནས། ། སྐུ་གསུམ་གཞལ་མེད་ཁང་དུ་བགྲོད་འདི་རྨད། ། བདག་སོགས་འགྲོ་ཀུན་ཚེ་འདི་འཕོས་མ་ཐག། ། རིགས་ལྡན་ཞབས་སེན་རིན་ཆེན་ནོར་བུའི་འོད། ། སྤྱི་གཙུག་རྒྱན་བཀོད་དབང་ལུང་གདམས་ངག་ནོད། ། བསྐྱེད་རྫོགས་མཆོག་གིས་བདག་རྒྱུད་སྨིན་པར་ཤོག ། ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །། 5-1-108 ༄༅། །ཀུན་མཁྱེན་གསུང་འབུམ་དཀར་ཆག དོན་དམ་ཆོས་སྐུ་འཁོར་འདས་ཀུན་ཁྱབ་དབྱིངས། ། ཡི་དམ་རྒྱུད་སྡེ་རབ་འབྱམས་ཞིང་ཁམས་བདག ། ཡེ་བཞུགས་བདེ་གཤེགས་སྙིང་པོ་སྐུ་བཞིའི་མགོན། ། སྤྲོས་བྲལ་ལྷུན་གྲུབ་རྟག་བརྟན་གཡུང་དྲུང་རྒྱལ། ། གདུལ་བྱ་རབ་འབྲིང་ཐ་མ་གང་དག་ལ། ། ངོ་མཚར་སྒྱུ་འཕྲུལ་བཀོད་བཟང་འཆར་ནུབ་བྲལ། ། དུས་ལས་མི་ཡོལ་ཐུགས་རྗེ་ཅི་འོས་འཇུག ། ཀུན་རྫོབ་གཞན་སྣང་མཆོག་སྤྲུལ་ཐུ༷བ་དབ༷ང་གུས། ། གང་དང་གཉིས་མེད་གཞོ༷ན་ནུ༷་ལི༷་ཙ༷་བཱི༷། ། རི༷གས་ལྡ༷ན་པ༷ད་དཀ༷ར་དེ་ཡང་ཀླུ༷་སྒྲུ༷བ་ཞབས། ། སླར་ཡང་ཆོ༷ས་འཕ༷གས་རྣམ་སྤྲུལ་སྲོ༷ང་བཙ༷ན་རྗེ། ། རྔ་ཡབ་པ༷ད་འབྱུ༷ང་རྣམ་འཕྲུལ་ཀུ༷ན་མཁྱེ༷ན་རྒྱལ། ། གློ་བུར་དྲི་མ་གདོད་ནས་བྲལ་ཡང་བདེན་གཉིས་ཆོས་ཚུལ་རྣམ་ཀུ༷ན་མཁྱེ༷ན་པའི་ནོར་ བུའི་མེ་ལོང་ངོར། ། མདོ་སྔགས་རྒྱ་མཚོའི་བཅུད་བསྡུས་སྔར་མེད་རྫོགས་ལྡན་གཞུང་ལུགས་རབ་འབྱམས་ གསེར་ཞུན་ཤེ༷ས་ར༷བ་པིར་གྱིས་བྲིས། ། ཟླ་བྲལ་ངེས་དོན་རྒྱ་མཚོའི་ཟབ་ཆོས་འཇའ་ཚོན་གྱིས་མཛེས་ནམ་མཁའི་རྒྱ༷ལ་མཚ༷ན་ 5-1-109 ལྷབ་ལྷུབ་ཕྱོགས་བཅུར་གཡོ། ། ངེས་དོན་ཟབ་ཆོས་ཆར་རྒྱུན་འབེབས་བཞིན་ཐར་པའི་དཔ༷ལ་ཡོན་བཟ༷ང་པོ༷ས་འགྲོ་ ཀུན་རེ་འདོད་སྐོང་ལ་འདུད། ། མདོ་རྒྱུད་རྒྱ་མཚོའི་དྭངས་བཅུད་མ་ལུས་ཐུགས་ཀྱི་བུམ་པར་གཏམས། ། མན་ངག་འདོད་དགུའི་བདུད་རྩི་འགྲོ་བ་ཀུན་ལ་ཉེར་སྩོལ་མཁན། ། དབང་ལུང་མན་ངག་སློབ་ཚོགས་ཡོངས་ལ་བརྩེ་བའི་སྒོ་ནས་གནང༌། ། སྐྱེ་དང་སྐྱེ་བའི་ཕྲེང་བ་རྣམས་སུ་ཡང་ཡང་ལན་བརྒྱར་འདུད། ། རབ་འབྱམས་དབང་ལུང་མན་ངག་ཐུགས་སུ་ངེ༷ས། ། ངེ༷ས་དོན་རང་ལུགས་མ་ལུས་གསལ་བར་མཛ༷ད། ། མཛ༷ད་བཟང་འདུལ་ཁྲིམས་གཙང་མའི་སྲོལ་བརྒྱ་འགྱེ༷ད། ། འགྱེ༷ད་མཁས་གང་འདུལ་ཁམས་དབང་ཆོས་ལ་སྦྱར། ། མི་བཟོད་སྲིད་པའི་མེ་ཡི་ར་བ་རུ། ། ཉམ་ཐག་མགོན་མེད་བདག་སོགས་གཏན་འཁྱམས་རྣམས། ། ཐུགས་རྗེ་ལྕགས་ཀྱུས་ཐར་པའི་ཁང་བཟང་ལ། ། འདྲེན་མཛད་དཔལ་ལྡན་བླ་མར་གུས་པས་འདུད། ། ལུང་རིགས་གཏེར་མཛོད་ཞལ་གྱི་བུམ་བཟང་ལས། ། གསུང་རབ་བདུད་རྩིའི་རྒྱུན་བཟང་འཛད་མེད་འཇོ། ། སྐལ་ལྡན་སྙིམ་པར་ཐོན་པའི་ཉོན་མོངས་ནད། ། སེལ་ཕྱིར་བཏུང་བས་རེ་ཞིག་ངལ་གསོ་བྱས། ། སྐྱེས་ཐོབ་མཐོ་རིས་ཡོན་ཏན་བདུན་གྱིས་རྣམ་པར་བརྒྱན་པའི་སངས་རྒྱས་མི་ཡི་རྣམ་ 5-1-110 རོལ་ཏུ་བྱོན་པ་མཚན་ནས་སྨོས་ན་རྗེ་ཇོ་ནང་པ་ཆེན་པོ་ཀུ༷ན་མཁྱེ༷ན་ཤེ༷ས་ར༷བ་རྒྱ༷ལ་མཚ༷ན་ དཔ༷ལ་བཟ༷ང་པོའི་གསུང་རབ་ཀྱི་དཀར་ཆག་ནི། སློབ་བུ་ཡོངས་ལ་རྒྱལ་བའི་བཀའ་ལས་ལྷག །མན་ངག་ཟབ་རྣོའི་གསུང་རབ་ནོར་ བུའི་རིགས། །ངེས་དོན་སྲད་བུར་བསྟར་བའི་རྒྱན་ཕྲེང་གིས། །སྐལ་ལྡན་སློབ་བུའི་མགྲིན་ པར་མཛེས་གྱུར་ཅིག །ཆོས་ཀུན་ཀུན་གཞིའི་འཁྲུལ་སྣང་ཙམ་ལས་ཤར། །འཁྲུལ་སྣང་མ་ གཏོགས་ཆོས་གཞན་རྡུལ་ཙམ་མེད། །གང་གིས་གདོད་ནས་སེམས་མེད་རྟོགས་པ་ཡིས། །དུས་གསུམ་རྒྱལ་བའི་དགོངས་པའང་དེ་རྙེད་ཤོག །མ་བཅོས་གཉུག་མའི་ཡེ་ཤེས་ཆོས་སྐུ་ དེ། །བཅོས་མའི་སེམས་ཀྱིས་རྣལ་འབྱོར་ཐོབ་མི་འགྱུར། །དེ་ཕྱིར་གནས་ལུགས་འོད་གསལ་ སྒོམ་པ་ཡིས། །མཐའ་བྲལ་གཤེགས་སྙིང་ཆེན་པོའི་དོན་རྟོགས་ཤོག །ལྟ་བ་ཇི་ལྟར་མཐོ་ བཞིན་རྒྱུ་འབྲས་ཞིབ། །ཉམས་རྟོགས་གོང་དུ་འཕེལ་བཞིན་ཐོ་ཅོ་ཆུང༌། །རང་རྒྱུད་ཇི་ལྟར་ དུལ་བཞིན་དག་སྣང་རྒྱས། །ཡོན་ཏན་སྐྱེས་བཞིན་དམན་ས་ཟིན་པར་ཤོག །དོན་དམ་བདག་ གཞན་གཉིས་མེད་རྟོགས་གྱུར་ཀྱང༌། །ཀུན་རྫོབ་འགྲོ་ལ་ཕན་པའི་དོན་ཆེན་སྤྱོད། །འདྲེན་ གཞན་མི་ལྟོས་གདེང་ཆེན་ལྡན་གྱུར་ཀྱང༌། །དྲིན་ཅན་བླ་མ་རྟག་ཏུ་བཀུར་བར་ཤོག །ཐོས་ བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་གྱིས། །ཤེས་བྱའི་ཕྱུག་པའི་བསྟན་འཛིན་སྐྱེས་ ཆེན་ཚོགས། །རིམ་པར་བྱོན་གང་རྗེས་འཇུག་འཛིན་སྐྱོང་མཁན། །བསྐལ་བརྒྱའི་བར་དུ་ ཞབས་པད་རྟག་བརྟན་ཤོག །འདི་བྱས་ལས་བྱུང་རབ་དཀར་ཉལ་འགྲོའི་རྒྱུན། །སྲས་བཅས་ རྒྱལ་རྣམས་བསམ་མི་ཁྱབ་པ་ཡི། །རླབས་ཆེན་སྨོན་པའི་ཆུ་ཀླུང་དང་འདྲེས་ནས། །མཐར་ ཐུག་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །དེ་ལྟར་རྣམ་དཀར་ཡོན་ཏན་ཕུལ་བྱུང་འདི། །དམ་ པའི་བཀའ་དྲིན་ཅུང་ཟད་དྲན་པའི་མོད། །བབ་ཅོལ་ཚིག་གིཕྲེང་བ་བསྟར་འདི་ཡང༌། །རྗེས་ འཇུག་ཐ་ཤལ་སློབ་བུ་ང་ཡིས་ཕུལ། །རྒྱལ་བསྟན་སྦྲུལ་སྙིང་ལྗོན་བཟང་ཡལ་འདབ་རྒྱས། ། 5-1-111 ཀུན་མཁྱེན་གསུང་འབུམ་རབ་སྤེལ་འཕྲུལ་གྱི་གཞི། །སྤར་སྐྲུན་དྲི་ངད་ཡིག་ཚོགས་འཛད་ མེད་འཇོ། །བསྟན་འགྲོའི་དོན་དུ་ཡོ༷ན་ཏ༷ན་བཟ༷ང་པོ༷ས་བཀོད། །སྤར་འདི་གང་ན་བཞུགས་ པའི་ས་ཕྱོགས་སུ། །ཆབ་སྲིད་བརྟན་ཞིང་དུས་འཁྲུགས་ཞི་བ་དང༌། །ཆར་ཆུ་སྙོམས་ཤིང་ ལོ་ཕྱུགས་རྟག་ཏུ་འཕེལ། །མི་ཕྱུགས་ནད་རིགས་ཀུན་ཞི་ཚེ་རིང་སྨོན། །དགེ་ཚོགས་འདིས་ མཚོན་དུས་གསུམ་སོ་འཕགས་ཀྱི། །བསོད་ནམས་གཅིག་བསྡུས་བདག་གཞན་སེམས་ཅན་ ཀུན། །བར་ཆད་ཞི་ཞིང་མཐུན་རྐྱེན་ཀུན་འགྲིག་སྟེ། །ཚོགས་གཉིས་མཐར་ཕྱིན་ཐམས་ཅད་ གཟིགས་འཐོབ་ཤོག །དགེ་བས་མགོན་དེས་དཀའ་བ་དཔག་མེད་ཀྱིས། །བསྒྲུབས་པའི་ ལུང་རྟོགས་རིན་ཆེན་བསྟན་པ་འདི། །ལུས་དང་སྲོག་ལ་ཐུག་པར་གྱུར་ན་ཡང༌། །མི་གཏོང་ སྙིང་སྟོབས་ཆེན་པོས་འཛིན་གྱུར་ཅིག །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། །མཁའ་ འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡིས། །ཕྱི་ནང་གསང་བའི་བར་ཆད་ཀུན་བྲལ་ཏེ། །རྣམ་ཀུན་ མཁྱེན་པའི་ཡེ་ཤེས་མྱུར་འཐོབ་ཤོག །ཅེས་སྔོན་བསགས་བསོད་ནམས་རྒྱ་ཆེ་བའི་ཚོགས་ གཉིས་ཡོངས་སུ་རྫོགས་ཤིང་སྒྲིབ་གཉིས་མ་ལུས་པ་དྲུང་ནས་སྤངས་ཏེ་སྔོན་ནས་སངས་རྒྱས་ ཟིན་ཀྱང་སྙིགས་དུས་སུ་བསྟན་འགྲོའི་དོན་དུ་སླར་དགེ་བའི་བཤེས་གཉེན་མི་གཟུགས་སུ་ བྱོན་པ་གང་གིས་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་དང༌། དབང་ལུང་མན་ངག་རྒྱ་ཆེར་ གནང་བ་དང༌། མདོ་སྔགས་གཞུང་ལུགས་རབ་འབྱམས་ལྗགས་རྩོམ་མཛད་པ་ལས། མདོ་ སྨད་ཚ་རོང་དུ་རྗེ་ཏཱ་ར་ནཱ་ཐའི་ཡང་སྤྲུལ་ཚ་ཁོ་རྒྱལ་པོ་ང་ཤུ་ཙ་ཚེ་དབང་དྲག་རྒྱལ་ཞེས་པས་ འཆི་འཕོ་ནོར་བུ་གླིང་གི་དགོན་པ་བཏབ་ཏེ་ཇོ་ནང་རྟག་བརྟན་ལྟ་བུའི་སྐུ་གསུང་ཐུགས་རྟེན་ བསམ་གྱིས་མི་ཁྱབ་པ་བཞེངས་པའི་གྲལ་དུ་ཀུན་མཁྱེན་རིན་པོ་ཆེའི་གསུང་གང་རྙེད་ཕྱོགས་ བསྡུས་སུ་བྱས་པ་ཀུན་མཁྱེན་གསུང་འབུམ་དུ་གྲགས་པའི་ཤིང་སྤར་བཞེངས་པ་འདི་ཆིག་ སྟོང་དགུ་བརྒྱ་རེ་དྲུག་ལོར་དུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བའི་སྐབས་མེར་བསྲེགས། སླར་ 5-1-112 ཡང་དེའི་སྤར་མའི་ཡི་གེའི་མ་ཕྱི་བྱས་ཏེ། འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་གཙང་ པ་དགོན་ཆེན་གྱི་མཁན་ཤཱཀྱའི་དགེ་སློང་བློ༷་བཟ༷ང་ཆོ༷ས་འཕེ༷ལ་ལམ་ང༷ག་དབ༷ང་ཡོ༷ན་ཏ༷ན་ བཟ༷ང་པོ༷ས་ཀུན་མཁྱེན་གསུང་འབུམ། ཆིག་སྟོང་དགུ་བརྒྱ་གོ་བརྒྱད་རབ་བྱུང་བཅུ་བདུན་པ་ མཆུ་ཟླ་དང་པོའི་ཚེས་བརྒྱད་གཟའ་ཕུར་བུ་སྐར་མ་སྨིན་དྲུག་སྟོབས་ལྡན་སྦྱོར་བའི་བཀྲ་ཤིས་ ཀྱི་ཉི་མ་ལ་ཤིང་སྤར་དུ་བཞེངས་སྐབས་འདིའི་དཀར་ཆག་ལོགས་སུ་བསྒྲིགས་པར་མཛད་པ་ པོ་ནི་ང༷ག་དབ༷ང་ཡོ༷ན་ཏན༷ ་བཟང་པོའོ། །པར་འདི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་ དུ་བཞུགས། ཐམས་ཅད་བཀྲ་ཤིས། དགེ་ལེགས་འཕེལ། 5-1-113 ༄༅། །རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ གསུང་རབ་ཀྱི་དཀར་ཆག་ནོར་བུའི་རྒྱན་ཕྲེང་ ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭ་སྟི་སིདྡྷི། གངས་རིའི་ལྗོངས་དང་མདོ་སྨད་ལྷ་ལམ་ཡངས་པར་མཁས་མང་ རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས་སུ་ཡང༌། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་འཁོར་ཡོངས་ སུ་རྫོགས་པར་འོད་དཀར་རི་བོང་ཅན་དེ་རབ་འཕགས་ཤིང༌། །རྒྱལ་བ་གཉིས་པ་ཆེན་པོའི་ རང་ལུགས་སླར་ཡང་གསལ་བར་མཛད་པའི་ལེགས་བཤད་ག་བུར་གཏེར་མཛོད་ཀྱིས། །བསྟན་པའི་ཡང་སྙིང་ཀུ་མུད་ཚལ་ཡངས་རབ་ཏུ་བཞད་པའི་གཉེན་དུ་སེམས་དཔའ་མི་ཡི་ གཟུགས་འཛིན་ཁྱོད། །ཀུན་རྟོག་རྡུལ་གྱིས་མ་གོས་སྤྲོས་བྲལ་མི་རྟོག་ཡེ་ཤེས་འཁོར་འདས་ ཡོངས་ཁྱབ་མཁའ་དབྱིངས་དཀྱིལ་འཁོར་དུ། །དགའ་བྱེད་ལྷ་བརྒྱའི་དབང་པོ་གདོང་བཞི་ མིག་སྟོང་དྲེགས་ཆེན་ཀུན་གྱིས་དར་ཐོད་བཀྲོལ་བའི་ནོར་བུས་བཀུར། །འཇམ་དབྱངས་ གཞོན་ནུའི་མཁྱེན་བཟང་མཁའ་ཡི་རྒྱལ་མཚན་ལྷབ་ལྷུབ་ཕྱོགས་བཅུར་གཡོ་ཞིང་ངེས་དོན་ ཁུར་གྱི་ལྕི། །རབ་བརྟན་ནོར་འཛིན་ཀུན་ཏུ་དམ་ཆོས་གྲུ་ཆར་ལུད་པས་ངེས་དོན་རྒྱ་མཚོས་ འགྲོ་ཀུན་འཚོ་བྱེད་གྱུར། །རབ་འབྱམས་དབང་ལུང་མན་ངག་ཐུགས་སུ་ངེས། །ངེས་དོན་རང་ ལུགས་མ་ལུས་གསལ་བར་མཛད། །མཛད་བཟང་འདུལ་ཁྲིམས་གཙང་མའི་སྲོལ་བརྒྱ་ འགྱེད། །འགྱེད་མཁས་གང་འདུལ་ཁམས་བཞིན་ཆོས་ལ་སྦྱར། །མི་བཟོད་སྲིད་པའི་མེ་ཡི་ར་ 5-1-114 བ་རུ། །ཉམ་ཐག་མགོན་མེད་བདག་སོགས་གཏན་འཁྱམས་རྣམས། །ཐུགས་རྗེ་ལྕགས་ཀྱུས་ ཐར་པའི་ཁང་བཟང་ལ། །འདྲེན་མཛད་དཔལ་ལྡན་བླ་མར་གུས་པས་འདུད། །ལུང་རིགས་ གཏེར་མཛོད་ཞལ་གྱི་བུམ་བཟང་ལས། །གསུང་རབ་བདུད་རྩིའི་ཆུ་རྒྱུན་འཛད་མེད་འཇོ། །སྐལ་ལྡན་སྙིམ་པར་ཐོན་པས་ཉོན་མོངས་ནད། །སེལ་ཕྱིར་བཏུང་བས་རེ་ཞིག་ངལ་གསོ་ བྱས། །སྐྱེས་ཐོབ་མཐོ་རིས་ཡོན་ཏན་བདུན་གྱིས་རྣམ་པར་བརྒྱན་པའི་འཇམ་དབྱངས་གཞོན་ ནུ་ཟུར་ཕུད་ལྔ་པ་མི་ཡི་རྣམ་རོལ་དུ་བྱོན་པ་མཚན་བརྗོད་པར་དཀའ་བ་དོན་རྒྱ་ཆེན་པོའི་སླད་ དུ་མཚན་ནས་སྨོས་ན་རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསུང་རབ་ཀྱི་ དཀར་ཆག་ནོར་བུའི་རྒྱན་ཕྲེང་ཞེས་བྱ་བ། བདེ་སྟོང་གཉིས་སུ་མེད་པའི་མདོ་སྔགས་ཟུང་ འབྲེལ་གྱི་ལམ་ལས་ཉེ་བར་དྲངས་ཏེ་ཆོས་ཚན་པོ་ཏི་གཉིས་བཞུགས་པའི་ཐོག་མར། ཨེ་ ཡིག་གི་ནང་ཚན་ལ། ཐོག་མར། རྗེ་བཙུན་བླ་མ་དམ་པ་ཀུན་དགའ་འཇམ་དབྱངས་མཁྱེན་ རབ་རྒྱ་མཚོའི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ཞེས་བྱ་བ་ལ། ༡༤༥ རྗེ་བཙུན་བླ་མ་ཐམས་ ཅད་མཁྱེན་གཟིགས་བློ་བཟང་ཕྱོགས་གླང་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་ངོ་ མཚར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་ལ། ༥༠ དབང་གི་སྐོར་ལ། དཔལ་དུས་ཀྱི་ འཁོར་ལོའི་དབང་གི་སྔོན་འགྲོའི་ཆོས་གཏམ་གཞན་གསོས་དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་ ཞེས་བྱ་བ་ལ། ༡༡༥ དཔལ་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་གསལ་བྱེད་བདེ་བ་ཆེན་ པོའི་ཆར་ཡངས་ཞེས་བྱ་བའི་དབང་ཆོག་ནོར་བུ་ཀེ་ཏ་ཀ་ཡི་ཕྲེང་བ་བློ་གསལ་མགུལ་རྒྱན་ ཞེས་བྱ་བ་ལ། ༡༣༥ དྲིལ་བུ་ལུས་དཀྱིལ་གྱི་དབང་ཆོག་བདེ་བ་ཆེན་པོའི་ཆར་འབེབས་ཞེས་ བྱ་བ་ལ། ༦༤ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་དབང་གི་ཟུར་གསལ་ཀུན་ ཕན་རྟ་ལྗང་དབང་པོ་ཞེས་བྱ་བ་ལ། ༡༧དཔལ་རྡོ་རྗེ་ནག་པོ་ཆེན་པོའི་དབང་བསྐུར་སོགས་ ཀྱི་སྔོན་དུ་འགྲོ་བའི་ལོརྒྱུས་ཨུ་དུམ་ཝ་རའི་ཆུན་པོ་བློ་གསལ་སྒེག་མོའི་མགུལ་རྒྱན་ཞེས་བྱ་ 5-1-115 བ་ལ། ༡༨ དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་གཏོར་མའི་སྒྲུབ་པ་ཆེན་པོའི་ལག་ ལེན་ལས་བཞི་མྱུར་འགྲུབ་ཅེས་བྱ་བ་ལ། ༢༨ གཉིས་པ་ཝཾ་ཡིག་གི་ནང་ཚན་ལ། སྐུ་སྐྱེས་ཉི་ ཤུ་པའི་གསོལ་འདེབས་དོན་དམ་རྡོརྗེའི་ཐོ་བ་ཞེས་བྱ་བ་ལ། ༤ བླ་སྒྲུབ་བྱིན་རླབས་མངོན་དུ་ སྩོལ་བའི་བུམ་བཟང་ཞེས་བྱ་བ་ལ། ༣ བླ་མ་རྒྱང་འབོད་ཐུགས་རྗེས་མྱུར་འཛིན་ཞེས་བྱ་བ་ ལ། ༡ གྲུབ་དབང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསོལ་འདེབས་སྐལ་ ལྡན་སྨིན་གྲོལ་ཞེས་བྱ་བ་ལ། ༤ དཔལ་ལྡན་བླ་མའི་ཞབས་བརྟན་གསོལ་འདེབས་མི་ ཤིགས་དཔྱིད་ཀྱི་ཐིག་ལེ་ཞེས་བྱ་བ་ལ། ༡ བླ་མ་རྡོ་རྗེ་འཆང་གི་ཞབས་བརྟན་གསོལ་འདེབས་ དད་བརྒྱའི་མྱུ་གུ་ཞེས་བྱ་བ་ལ། ༡ ངག་དབང་དཔལ་བཟང་པོས་གསུངས། དཔལ་ལྡན་བླ་ མའི་ཞབས་བརྟན་གསོལ་འདེབས་གཞོམ་མེད་ན་དཱའི་རང་གདངས་ཞེས་བྱ་བ་ལ། ༡ ཞབས་ བརྟན་གསོལ་འདེབས་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལ། ༡ ཞབས་བརྟན་ གསོལ་འདེབས་རབ་འབྱམས་རྒྱལ་ཀུན་དགའ་བཞི་ཞེས་བྱ་བ་ལ། ༡ ཡང་ཞབས་བརྟན་ གསོལ་འདེབས་མཚན་ཉིད་ཚང་བ་ཞེས་བྱ་བ་ལ། ༡ རྩ་བའི་བླ་མའི་གསོལ་འདེབས་དངོས་ གྲུབ་འབྱུང་གནས་ཞེས་བྱ་བ་ལ། ༡ གསོལ་འདེབས་གྲུབ་གཉིས་ཤིང་རྟ་ཞེས་བྱ་བ་ལ། ༡ ཡང་གསོལ་འདེབས་འགྲོ་ཀུན་དགའ་བའི་ངེས་གསང་ཞེས་བྱ་བ་ལ། ༡ ཡང་གསོལ་ འདེབས་རྨད་བྱུང་སྔོན་གྱི་ཐུགས་བསྐྱེད་ཅེས་བྱ་བ་ལ། ༡ གསོལ་འདེབས་བྱིན་རླབས་མྱུར་ སྩོལ་ཞེས་བྱ་བ་ལ། ༡ གསོལ་འདེབས་བར་ཆད་ཀུན་སེལ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་ ལ། ༢ གྲུབ་པའི་དབང་ཕྱུག་འཇིགས་མེད་སྟོབས་ལྡན་རྡོ་རྗེ་ལ་གསོལ་བ་འདེབས་པ་མི་ ཤིགས་ན་དཱའི་རོལ་མོ་ཞེས་བྱ་བ་ལ། ༣ ཡང་སྟོབས་ལྡན་རྡོ་རྗེའི་གསོལ་འདེབས་ལ། ༡ ཡང་སྤྲུལ་མྱུར་འབྱོན་ཉིན་བྱེད་སྣང་བའི་དཀྱིལ་འཁོར་ཞེས་བྱ་བ་ལ། ༡ དཔལ་ལྡན་བླ་མའི་ གསོལ་འདེབས་བྱིན་རླབས་འབྱུང་གནས་ཞེས་བྱ་བ་ལ། ༡ གསོལ་འདེབས་རྨད་བྱུང་ཚུལ་ 5-1-116 གནས་ཞེས་བྱ་བ་ལ། ༡ ཕྱོགས་ཀྱི་གླང་པོས་གསུངས་པ། བླ་མ་བརྒྱུད་པའི་གསོལ་འདེབས་ ཁ་བསྐང་གི་སྐོར་ལ། ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་བླ་མ་བརྒྱུད་པའི་ཁ་བསྐང༌། དཔལ་དུས་ ཀྱི་འཁོར་ལོའི་ཆོ་གའི་བླ་བརྒྱུད་ཁ་བསྐང༌། གཙོ་འདུས་བརྒྱུད་པའི་ཁ་བསྐང༌། ཡི་དམ་རྡོ་རྗེ་ འཇིགས་བྱེད་ཀྱི་བརྒྱུད་པའི་ཁ་བསྐང༌། ནི་གུའི་བླ་བརྒྱུད་ཁ་བསྐང༌། ༣ཡང་བརྒྱུད་འདེབས་ ཉུང་བསྡུས་བདེ་ཆེན་འབེབས་པ་ཞེས་བྱ་བའི་ཁ་བསྐང༌། གྲོལ་མཆོག་ཁྲིད་བརྒྱ་ཐུན་མོང་མ་ ཡིན་པའི་རྟོགས་པ་དོན་གྱི་འཁྲིད་ཚུལ་གྱི་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་བསྐང༌། སྐུ་སྐྱེས་ བཅུ་བཞིའི་ཇ་མཆོད་ཁ་བསྐང༌། ཡང་སྔོན་འགྲོའི་བླ་མའི་རྣལ་འབྱོར་གྱི་ཁ་བསྐང༌། བླ་མ་ མཆོད་པ་བདེ་ལེགས་རབ་རྒྱས་ཀྱི་བཀྲ་ཤིས་ཁ་བསྐང༌། ཁྲིད་བརྒྱའི་བཀྲ་ཤིས་སྨོན་ལམ་ཁ་ བསྐང་དང་བཅས་པ་ལ༢ ཉང་ལུགས་རྟ་མགྲིན་ལྕགས་རལ་གྱི་བརྒྱུད་པའི་གསོལ་འདེབས་ ལ། ༡ ཚེ་སྒྲུབ་གསང་བ་འདུས་པའི་བརྒྱུད་པའི་གསོལ་འདེབས་ཁ་བསྐང་ལ། ༢ ཚེ་སྒྲུབ་ གསང་བ་འདུས་པའི་བླ་མ་བརྒྱུད་པའི་བྱིན་འབེབས་ཁ་བསྐང་ལ། ༢ བླ་མ་མཆོད་པའི་ཆོ་ག་ བྱིན་རླབས་རྒྱ་མཚོ་ཞེས་བྱ་བ་ལ། ༣༩ ཀུན་མཁྱེན་ཡབ་སྲས་གཡང་འབོད་ཉུང་བསྡུས། དཀྱིལ་འཁོར་སྤྱི་ལ་སྦྱར་རུང་བའི་མཆོད་ཕྲེང་མཚོ་བྱུང་དགྱེས་གླུ་ཞེས་བྱ་བ་ལ། ༣ མཆོད་པ་ སྣ་ཚོགས་འབུལ་བའི་ཚིགས་བཅད་དགེ་ལེགས་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་ལ། ༣ མཎྜལ་མཆོད་པའི་ཚིགས་བཅད་རབ་འབྱམས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་ ལ། ༧ དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་མཆོག་ཁྲུས་བྱ་ཚུལ་ཡེ་ཤེས་འོད་འཕྲོ་ཞེས་བྱ་ བ་ལ། ༤ དཔལ་དུས་ཀྱི་འཁོར་ལོའི་ཚོགས་མཆོད་ཀྱི་གླུ་དབྱངས་མི་ཤིགས་ན་དཱའི་རོལ་མོ་ ཞེས་བྱ་བ་ལ། ༡དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་སྨོན་ལམ་རྣམ་མཁྱེན་བགྲོད་པའི་ ཤིང་རྟ་ཞེས་བྱ་བ་ལ། ༢ ཤམྦྷ་ལའི་ཞིང་དུ་བགྲོད་པའི་སྨོན་ལམ་སྨོན་འདོད་ཡིད་བཞིན་ འགྲུབ་པའི་ཤིང་རྟ་ཞེས་བྱ་བ་ལ། ༡ ཡང་ཤམྦྷ་ལའི་སྨོན་ལམ་ཤོ་ལོ་ཀ་གཅིགརྒྱུན་ཁྱེར་ཉུང་ 5-1-117 ངུར་བསྡུས་པའི་སྐོར་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན་ལས། གུ་རུ་པདྨ་འབྱུང་གནས་ཀྱི་སྒོམ་ བཟླས། ༡ཡི་དམ་གུ་རུ་དྲག་པོའི་སྒོམ་བཟླས། ༡ རྡོ་རྗེ་ཕུར་བའི་སྒོམ་བཟླས། ༡ཕྱག་ན་རྡོ་ རྗེའི་སྒོམ་བཟླས། ༡ ཡེ་ཤེས་བྱ་ཁྱུང་དམར་པོའི་སྒོམ་བཟླས། ༡ལྷ་མོ་འོད་ཟེར་ཅན་མའི་ སྒོམ་བཟླས། ༡ རི་ཁྲོད་ལོ་གྱོན་མའི་སྒོམ་བཟླས། ༡ཚེ་དཔག་མེད་ཀྱི་སྒོམ་བཟླས། ༡ རྗེ་ བཙུན་རྡོ་རྗེ་རྣལ་འབྱོར་མའི་མངོན་རྟོགས་བསྡུས་པ་མི་ཤིགས་ན་དཱའི་རོལ་མོ་ཞེས་བྱ་བ་ལ། ༣ རྡོ་རྗེ་ཕག་མོའི་རྒྱུན་ཁྱེར་བསྡུས་པ་ལ། ༡ བདུད་གཅོད་དོན་གྱི་ཉིང་ཁུ་ཞེས་བྱ་བ་ལ། ༦ ལུས་སྦྱིན་འཁྲུལ་འཁོར་བཤིག་པའི་ཐོ་བ་ལ། ༣ ཡང་ལུས་སྦྱིན་ཉུང་བསྡུས་ལ། ༡ མ་ཅིག་ ལབ་སྒྲོན་གྱི་གསོལ་འདེབས་བྱིན་རླབས་ཆར་འབེབས་མ། ཟབ་མོ་གཅོད་ཀྱི་བཀའ་སྲུང་ ཟངས་རི་བཙན་རྒོད་ཀྱི་ཇ་མཆོད་བྱིན་རླབས་ཆེན་མོ་ཆར་འབེབས་ལ། ༡ འཇམ་དཔལ་སྨྲ་ སེང་གི་རྒྱུན་ཁྱེར་ཉུང་བསྡུས་ལ། ༢ རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་དང་གསོལ་ བ་འདེབས་པ་རེ་སྨོན་མྱུར་དུ་འགྲུབ་པའི་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་ལ། ༦ སྒྲ་ དབྱངས་ལྷ་མོའི་བསྟོད་པ་ངོ་མཚར་སྙན་པའི་གླུ་དབྱངས་ཞེས་བྱ་བ་ལ། ༢ ཡང་སྒྲ་དབྱངས་ ལྷ་མོའི་བསྟོད་པ་དང༌། མི་བརྗེད་གཟུངས་སྤོབས་སྩོལ་བའི་གསོལ་འདེབས་གཉིས། གཙུག་ ཏོར་རྣམ་རྒྱལ་ལྷ་དགུའི་བླ་མ་བརྒྱུད་པའི་གསོལ་འདེབས་ལ། ༡ གཙུག་ཏོར་རྣམ་པར་རྒྱལ་ མའི་སྒོ་ནས་ལྷོ་སྒོའི་ཆོ་ག་ལ། ༢ བཅོམ་ལྡན་རྣམ་རྒྱལ་ལྷ་དགུའི་སྨོན་ལམ་དང་ཤིས་བརྗོད་ ཀུན་འགྲུབ་ཀུན་ཏུ་བཟང་པོའི་དགའ་སྟོན་ཞེས་བྱ་བ་ལ། ༤ རྗེ་བཙུན་མ་འཕགས་མ་སྒྲོལ་མ་ ལ་བརྟེན་ནས་མཎྜལ་བཞི་པའི་ཆོ་ག་བྱེད་ཚུལ་འདོད་དགུའི་བང་མཛོད་ཅེས་བྱ་བ་ལ། ༨མཎྜལ་བཞི་པའི་ཆོ་ག་ཉེར་བསྡུས་འདོད་དོན་ཡིད་བཞིན་འགྲུབ་པའི་ནོར་བུ་ཞེས་བྱ་བ་ལ། ༥ རྒྱལ་ཡུམ་སྒྲོལ་མའི་སྒོ་ནས་གཡང་འགུགས་བྱ་ཚུལ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཤིང་ རྟ་ཞེས་བྱ་བ་ལ། ༥ གཡང་འགུགས་ཕུན་ཚོགས་དགེ་ལེགས་དཔལ་གྱིས་འབྲས་སྟེར་ཞེས་བྱ་ 5-1-118 བ་ལ། ༣ སྒྲོལ་མའི་རླུང་རྟ་ལེགས་ཚོགས་ཡར་རྒྱས་ཞེས་བྱ་བ་ལ། ༡ དཔལ་ལྡན་གུར་གྱི་ མགོན་པོ་ལ་འདོད་དོན་གསོལ་བ་ཡིད་ཀྱི་ཤིང་རྟ་འགེངས་པའི་ནོར་བུ་ཞེས་བྱ་བ་ལ། ༤ དཔལ་ལྡན་གུར་གྱི་མགོན་པོའི་ཇ་མཆོད་བསྡུས་པ། མྱུར་མཛད་ཡེ་ཤེས་མགོན་པོ་ལ་འདོད་ དོན་གསོལ་བ་རྫོགས་ལྡན་སྤྲིན་གྱི་རོལ་མོ་ཞེས་བྱ་བ་ལ། ༣ བཀའ་སྲུང་རྣམས་ལ་མཆོད་ གསོལ་མདོར་བསྡུས་བྱ་ཚུལ་ལ། ༢ དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བརྟེན་ནས་གཏེར་ བུམ་གྱི་སྒོ་ནས་ཕྱྭ་གཡང་འགུགས་པའི་ཆོ་ག་འཁོར་འདས་དབང་སྡུད་ཅེས་བྱ་བ་ལ། ༧ དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་བརྟེན་ནས་གཏེར་བུམ་གྱི་ཆོ་ག་འཁོར་འདས་དབང་སྡུད་ ཀྱི་ཟུར་རྒྱན་ཨིནྡྲ་ནཱི་ལའི་དོ་ཤལ་ཞེས་བྱ་བ་ལ། ༡༡ རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་བསྐང་ བསྡུས་ལ། ༡ རྣམ་སྲས་དཀར་པོ་ཚེ་འཛིན་གྱི་བརྒྱུད་པའི་གསོལ་འདེབས་འཆི་མེད་ཚེ་ཡི་ དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལ། ༡ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དཀར་ པོ་ཚེ་འཛིན་སྒྲུབ་ཐབས་རིན་འབྱུང་དོན་གསལ་ལས་ཁོལ་དུ་ཕྱུང་བ་ལ། ༢ རྒྱལ་པོ་ཆེན་པོ་ རྣམ་ཐོས་སྲས་དཀར་པོ་ཚེ་འཛིན་ཆོ་གའི་ལྷན་ཐབས་འཆི་མེད་དཔལ་སྩོལ་ཞེས་བྱ་བ་ལ། ༡༥ རྣམ་སྲས་དཀར་པོ་ཚེ་འཛིན་གྱི་བསྟོད་པ་ཚེ་དཔལ་བསོད་ནམས་འཕེལ་བའི་རོལ་མོ་ཞེས་བྱ་ བ་ལ། ༢ བློ་གསལ་བསྟན་སྐྱོང་གི་གསུང༌། རྒྱལ་ཆེན་རྣམ་སྲས་དཀར་པོ་ཚེ་འཛིན་གྱི་བླ་མ་ བརྒྱུད་པའི་བྱིན་འབེབས་འཆི་མེད་ཆར་འབེབས་ཞེས་བྱ་བ། ༢ བློ་གསལ་རི་ཁྲོད་པའི་ གསུང། ཞིང་སྐྱོང་དུར་ཁྲོད་ལྷ་མོ་ལ་འདོད་དོན་གསོལ་བ་གདབ་པ་དགེ་ལེགས་ཡོན་ཏན་ འཕེལ་བའི་ཆུ་གཏེར་ཞེས་བྱ་བ་ལ། ༤ རྡོ་རྗེ་ཤུགས་ཀྱི་བསང་མཆོད་ཉུང་ངུ་རྣམ་གསལ་ལ། ༡ ཁྲོ་རྒྱལ་རྟ་མཆོག་རོལ་བའི་བསང་མཆོད་འགལ་རྐྱེན་ཀུན་སེལ་ལ། ༡དཔལ་ཕྱག་ན་རྡོ་ རྗེའི་བསང་མཆོད། བསྟན་སྲུང་ཆེན་པོ་བེག་ཙེའི་བསང་མཆོད་མདོར་བསྡུས། ༡ ལྷ་རི་བཀྲ་ ཤིས་དཔལ་འབར་གྱི་བསང་མཆོད་རབ་དཀར་ཤེལ་ཕྲེང༌། ཚེ་རིང་མཆེད་ལྔའི་བསང་མཆོད་ 5-1-119 དམ་ཇ་མཆོད་བསྡུས་པ་ལ། ༡ སྤྱི་བསང་རྐྱེན་ངན་སེལ་ཞིང་འདོད་དོན་འགྲུབ་པའི་དགའ་ སྟོན། སྤྱི་བསང་རེ་འདོད་འགྲུབ་པའི་དགའ་སྟོན་དབང་གིལྕགས་ཀྱུ་ལ། ༢ ཀླུ་བསང་མདོར་ བསྡུས་བདུད་རྩིའི་ཆུ་རྒྱུན་ལ། ༡ ཕྱུགས་ལྷ་གསེས་མཁར་གྱི་བསང་མཆོད་ལ། ༡ སྟག་ལུང་ གི་ཀླུ་བསང་མདོར་བསྡུས་ལ། ༡ ཟོ་དོར་མཁར་དཀར་ཀྱི་བསང་མཆོད་ལ། ༡ གཞི་བདག་ མཁར་དཀར་གྱི་བསང་མཆོད་འདོད་དགུ་མྱུར་འགྲུབ་ལ། ༡ ཡུལ་ལྷ་རི་དབང་གི་བསང་ མཆོད་ལ། ༡ གཉན་ཆེན་རྡོ་རྗེ་བདུད་འཇོམས་ཀྱི་བསང་མཆོད་ལ། ༡ རི་བཙན་ལྷ་མོའི་ མཆོད་འབུལ་ལ། ཡུལ་སྐྱོང་ལེགས་འགྲོའི་བསང་མཆོད་འདོད་དོན་ལྷུན་གྲུབ་ལ། ཡུལ་སྐྱོང་ ཆེན་པོ་བྲག་ལྷ་མགོན་པོའི་བསང་མཆོད་འདོད་དགུའི་དཔལ་སྟེར་ལ། ཐུབ་བསྟན་དར་རྒྱས་ གླིང་གི་མཐའ་རྟེན་རྩེ་འཛིན་གཉིས་ཀྱི་བསང་མཆོད་འདོད་པ་འཇོ་བའི་བུམ་བཟང་ལ། ༡ ལྷ་མཆོག་དགྲ་ལྷའི་རྒྱལ་པོ་མཆེད་གསུམ་གྱི་བསང་མཆོད་བཀྲ་ཤིས་དགེ་ལེགས་དུས་སྟོན་ འདྲེན་པའི་ཕོ་ཉ་ལ། ༡ བསང་མཆོད་དབང་སྡུད་འོད་ཀྱི་ལྕགས་ཀྱུ། མྱག་གི་བསང་མཆོད་ བདུད་རྩིའི་ཐིགས་པ། ཀླུ་རྒྱལ་ཟླ་མཚོ་ཕྱུག་མོའི་བསང་མཆོད་འདོད་དགུ་འབྱུང་བའི་ནོར་བུ། ཟོ་དོར་ཤོམ་ཀེ་ཀོས་ཀྱི་བསང་མཆོད་འདོད་དགུ་ལྷུན་གྲུབ། ཟོ་དོར་ཤ་རིའི་རིམ་ཏོའི་བསང་ མཆོད་དགེ་ལེགས་འབྲས་སྟེར་ལ། བསང་ཡིག་ཉི་ཟླའི་འོད་འབར། ཡུལ་ལྷ་སམྦྷོ་ལའི་ བསང་མཆོད། བསང་མཆོད་འདོད་དགུ་འགྲུབ་པའི་དགའ་སྟོན། བསང་ཡིག་དགའ་སྟོན་ སྙིང་པོ། ཟོ་དོར་ཏཱ་མཇལ་གོའི་བསང་མཆོད། ཡུལ་འདིའི་གཞི་བདག་རྔམ་ཡའི་བསང་ མཆོད་འདོད་དགུའི་ གཏེར་མཛོད་ལ། ༢ཡུལ་བདག་ཀུར་ཟུ་གོས་ཀྱི་བསང་མཆོད་འདོད་ དགུའི་དཔལ་སྩོལ་ལ། ༣ཕུན་ཚོགས་རྫོང་ལ་ཐན་པ་ཆེན་པོ་བྱུང་སྐབས་ཀྱི་བསང་མཆོད་ལ། ༡ ཡུལ་བསང་མདོར་བསྡུས་ལ། ༡ གནས་བསང་འདོད་དགུ་ལྷུན་གྲུབ་ལ། ༡ ལྷ་གཉན་ཆེན་ པོ་རྫ་ཀུའི་བསང་མཆོད་ཕན་བདེའི་དགའ་སྟོན་ལ། ༡ རྒྱབ་རི་བཀྲ་ཤིས་ལྷ་རྩེའི་བསང་ 5-1-120 མཆོད་དགོས་འདོད་ཀུན་འབྱུང་ལ། ༡ ལྷ་གཉན་ཆེན་པོ་དྲེགས་ལྡན་ཏཱ་ངར་གྱི་བསང་མཆོད་ ཅི་བསམ་འགྲུབ་པའི་ནོར་བུ་ལ། ༣ ལྷ་གཉན་ཆེན་པོ་ཏཱ་ངར་གྱི་གསོལ་མཆོད་འདོད་དགུའི་ དཔལ་སྩོལ། ཡུལ་ལྷ་དགུ་མཆོག་རྡོ་རྗེ་དྲག་རྩལ་གྱི་བསང་མཆོད་ལ། ༡ འཁྲུགས་བཅོས་ལྟ་ བུའི་ཁ་བསྐང༌། ས་བཅོས་ལྟ་བུའི་ཁ་བསྐང་ལ། ༡ཁང་གསར་ལས་སྐབས་ལྟ་བུར་ཆ་གསུམ་ གྱི་ཁ་བསྐང་ལ། ༡ དུས་ཆེན་རྣམས་སུ་བསྙུང་གནས་བསྲུང་བའི་ཕན་ཡོན་དང་དམ་པ་ གསུམ་གྱི་རྣམ་གཞག་ཐར་ལམ་སྣང་བྱེད་ལ། ༣ དགེ་སྦྱོར་གང་བྱས་ཀྱི་མཇུག་བསྔོ་བའི་རྣམ་ གཞག་ཐར་པའི་གྲུ་གཟིངས་ལ། ༣ ཁྲི་ཆེན་དགའ་སྟོན་གྱི་མཎྜལ་བཤད་པ་ལ། ༢ རྣམ་རྒྱལ་ ལྷ་དགུའི་སྒྲུབ་མཆོད་ཀྱི་བསྔོ་ཡིག་ལ། ༢ རིཁྲོད་བསམ་གཏན་གླིང་གི་སྒྲོལ་མའི་ལྷ་ཁང་ གཡུ་ལོ་བཀོད་བཞེངས་སྐབས་ལེགས་སྨོན་འགྲུབ་པའི་བདེན་ཚིག་ལ། ༡ བུམ་པའི་རྒྱུ་ ཚོགས་ཀྱི་བཤད་པ། ༡ ཚོགས་གཏམ་དང་ཀུན་མཁྱེན་རིན་པོ་ཆེའི་འདས་མཆོད་ཀྱི་སྐབས་ ལ་ཚོགས་གཏམ་དང༌། སྐྱབས་འཇུག་ཞུ་བྱེད་ཀྱི་རིམ་པ་སོགས། ༥ མཆོག་རྩེ་རྒྱལ་པོ་ཕོ་བྲང་ ལ་བསྟོད་བསྔགས་བརྗོད་པ། ༡ མཆོད་ཀ་དོན་གཉིས་འགྲུབ་བྱེད་ལ། ༣ མཆོད་ཀ་བསམ་ དོན་འགྲུབ་པའི་ནོར་བུ་ལ། ༢ སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་རྣམ་གཞག་མདོར་བསྡུས་ གསལ་བྱེད་སྣང་བའི་མུ་ཁྱུད་ཅེས་བྱ་བ་ལ། ༡༧ གཏོར་མ་བརྒྱ་རྩའི་ལག་ལེན་དང་དམིགས་ རིམ་གསལ་བྱེད་སྣང་བའི་གཏེར་མཛོད་ཅེས་བྱ་བ་ལ། ༣༡ རབ་གནས་ཀྱི་བཤད་པ་དགེ་ ལེགས་བྱེ་བའི་གཟི་འོད་འབར་ཞེས་བྱ་བ་ལ། ༩ ཞལ་གདམས་མགུར་འབུམ་གྱི་སྐོར་ཡིད་ བཞིན་ནོར་བུའི་དོ་ཤལ་དོན་གཉིས་ལྷུན་གྲུབ་ཅེས་བྱ་བ་ལ། ༢༩ ཞལ་གདམས་མན་ངག་ དྲུག་ལ། ༢ འབྱུང་འདུལ་གྱི་ཁྲིད་བསྡུས་ལ། ༡ གཏུམ་པོ་ཁྲ་ཐོག་གི་བསྙེན་པའི་དམིགས་ རིམ་བློ་དམན་ཉེར་མཁོ་ལ། ༤ ཆབ་ཤོག་གི་སྐོར་པུནྚ་རི་ཀའི་ཕྲེང་མཛེས་བློ་གསལ་མགུལ་ རྒྱན་ཞེས་བྱ་བ་ལ། ༢༥ མཐུན་པ་རྣམ་བཞིའི་བཤད་པ་དང་ཚེ་རིང་རྣམ་དྲུག་གི་བཤད་པ་ལ་ 5-1-121 ༣བཅས་བཞུགས་སོ། ། སྨྲས་པ། སློབ་བུ་ཡོངས་ལ་རྒྱལ་བའི་བཀའ་ལས་ལྷག ། མན་ངག་ཟབ་རྣོའི་གསུང་རབ་ནོར་བུའི་རིགས། ། ངེས་དོན་སྲད་བུར་བསྟར་བའི་རྒྱན་ཕྲེང་གིས། ། སྐལ་ལྡན་སློབ་བུའི་མགྲིན་པ་མཛེས་གྱུར་ཅིག ། འདི་བྱས་རྣམ་དཀར་ཉལ་འགྲོའི་ཆུ་རྒྱུན་རྣམས། ། སྲས་བཅས་རྒྱལ་བའི་ཆུ་ཀླུང་དང་འགྲོགས་ནས། ། དགེ་བཅུའི་ལྦུ་ཕྲེང་ཆོས་ཀྱི་སྒྲ་དབྱངས་བཅས། ། མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་པར་ཤོག ། སྨོན་ལམ་མཁའ་ཡི་གླང་པོ་ཕྱོགས་བཅུར་ཉུལ། ། བརྩེ་ཆེན་འོད་དམར་ཞགས་པས་འཁྱུག་ཙམ་བྱེད། ། ངེས་དོན་སྒྲ་བརྒྱ་དགོད་པས་ལྟ་ངན་འདུལ། ། ཕན་བདེའི་ཆར་རྒྱུན་འཛད་མེད་འཇོ་བར་ཤོག ། དམ་པའི་ཆོས་རྣམས་རིན་ཐང་ཚད་ལས་འདས། ། དེ་ལས་བཀའ་དྲིན་གསུམ་ལྡན་བླ་མ་ཡིས། ། རྫོགས་ལྡན་གསུང་རབ་གང་གནང་ཁྱད་འཕགས་འདི། ། འགྲོ་ཀུན་བསོད་ནམས་ཞིང་དུ་རྒྱས་གྱུར་ཅིག ། བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་དང༌། ། ཆོས་སྐྱོང་དམ་ཅན་བསྟན་སྲུང་རྒྱ་མཚོའི་ཚོགས། ། 5-1-122 འདིར་བསགས་རྣམ་པར་དཀར་བའི་མཐུ་སྟོབས་ཀྱིས། ། ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག ། ཅེས་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་ སྨོས་ན་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་གསུང་རབ་ཀྱི་དཀར་ཆག་ནོར་བུའི་ རྒྱན་ཕྲེང་ཞེས་བྱ་བ་འདི་ཡང་གང་གི་སློབ་བུ་དམ་པ་ཀུན་དགའ་ཆོས་འབྱོར་རྒྱ་མཚོས་བསྐུལ་ བའི་ངོར། ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་རྔ་སྟོད་རྩི་ནང་དཔལ་མི་འགྱུར་ངེས་ དོན་བདེ་ཆེན་གླིང་དུ་སྦྱར་བའོ། །འདིས་ཀྱང་དཔལ་ལྡན་བླ་མའི་མཛད་འཕྲིན་ཕྱོགས་དུས་ ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་བཞུགས་པའི་རྒྱུར་གྱུར་ཅིག 5-1-123 ༄༅། །ཇོ་ནང་བླ་མ་རྣམ་གསུམ་གྱི་གསུང་འབུམ་དང་ཡབ་ སྲས་སོགས་ཀྱི་གསུང་ཤིང་དཔར་གྱི་པར་ བྱང་སྨོན་ཚིག་ཕྱོགས་བཏུས། ༄༅། །ༀ་སྭ་སྟི། ཀུན་གཞིའི་རྣམ་ཤེས་འཁྲུལ་སྣང་དྭངས་པའི་དབྱིངས། །ཀུན་གཞིའི་ ཡེ་ཤེས་ཆོས་སྐུ་འོད་གསལ་བ། །སྐུ་བཞི་ཞིང་ཁམས་ཡི་དམ་རྒྱུད་སྡེའི་མཛོད། །ཡོན་ཏན་ རབ་འབྱམས་རྒྱ་མཚོའི་སྣང་བརྙན་དཔལ། །གང་གིས་བསོད་ནམས་ཡེ་ཤེས་ཚོགས་གཉིས་ བསྐལ་ཆེན་གྲངས་མེད་གསུམ་དུ་རབ་རྫོགས་ཤིང༌། །བདུད་ཀྱི་སྡེ་ཆེན་རབ་བཅོམ་མཆོད་ འོས་མཚུངས་མེད་འཇིག་རྟེན་གསུམ་ན་སྙན་པར་གྲགས། །བུ་རམ་ཤིང་པའི་རིགས་འཁྲུངས་ ཐུབ་དབང་མཆོག་གིས་བཀའ་འཁོར་གསུམ་གྱི་ཆོས་དུང་འབུད། །འགྲོ་བའི་སྐྱབས་གནས་ མཆོག་གསུམ་འདུས་པའི་བདག་ཉིད་ཤཱཀྱ་སེང་གེར་ལན་བརྒྱར་འདུད། །མདོ་རྒྱུད་རྒྱ་མཚོའི་ དགོངས་དོན་མཐར་ཐུག་ངེས་དོན་རྫོགས་ལྡན་མདོ་སྔགས་གཞན་སྟོང་དབུ་མ་ཆེ། །རྒྱལ་ ཚབ་བྱམས་པ་འཕགས་པ་ཐོགས་མེད་མཆེད་བཅས་སློབ་དཔོན་ཀླུ་སྒྲུབ་ཨཱརྱ་དེ་ཝ་སོགས། །རྒྱུད་སྡེའི་དགོངས་དོན་ལེགས་བཀྲལ་ཟླ་བཟང་འཇམ་དཔལ་གྲགས་པ་པད་དཀར་འཛིན་ སོགས་སེམས་དཔའ་ཆེ། །མདོ་སྔགས་རྒྱ་མཚོའི་དགོངས་དོན་བསྟན་བཅོས་ཀུན་གྱིས་ འགལ་མེད་ཚུལ་བཞིན་འཆད་ལ་ལེགས་པར་གུས། །འཕགས་པའི་ཡུལ་དང་གངས་ལྗོངས་ ལྷ་ལམ་ཡངས་པར་མཁས་མང་གྲུབ་བརྙེས་རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། །རྣམ་དག་ལུང་ 5-1-124 རིགས་བྱེ་བའི་དཀྱིལ་འཁོར་ཡོངས་རྫོགས་ཉ་རྒྱས་ཟླ་བཞིན་རབ་ཏུ་འཕགས་པའི་མདངས་ བརྒྱ་འཛིན། །མཐར་ཐུག་དབུ་མ་ཆེན་པོའི་དགོངས་དོན་གདུལ་བྱའི་ཁམས་བཞིན་འཆད་ པའི་གསུང་རབ་ལེགས་བཤད་འོད་དཀར་གྱིས། །རྒྱལ་བསྟན་སྙིང་པོའི་ཀུ་མུད་བཞད་པའི་ གཉེན་གཅིག་ཤེ༷ས་ར༷བ་རྒྱ༷ལ་མཚ༷ན་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། །ཐུབ་བསྟན་ རྒྱ་མཚོའི་དྭངས་བཅུད་མ་ལུས་པ། །རི༷་ཆོ༷ས་ངེ༷ས་དོ༷ན་རྒྱ༷་མཚོ་ལེགས་པར་བསྡུས། །ལུང་ རིགས་རྣམ་དག་ལེགས་བཤད་འོད་དཀར་གཞུང༌། །བསིལ་ལྗོངས་ཁྲོད་འདིར་ཤིང་རྟའི་ སྲོལ་ཆེན་འབྱེད། །གུ༷ས་གུ༷ས་དད་པའི་སེམས་ཀྱིས་ཟ༷བ་ཟ༷བ་ངེས་དོན་རྒྱ་མཚོའི་གཞུང༌། །མཛེ༷ས་མཛེ༷ས་ཡི་གེའི་གཟུགས་སུ་ཡ༷ང་ཡ༷ང་སྤེལ་བའི་སླད་དུ་བསྐྲུན། །འགྲི༷གས་འགྲི༷གས་ ཡོན་མཆོད་ཀུན་གྱིས་མ༷ང་མ༷ང་བསྟན་འགྲོའི་དོན་དུ་སྤེལ། །བརྩེ༷་བརྩེ༷་སྙིང་རྗེའི་སེམས་ ཀྱིས་སྙ༷ན་སྙ༷ན་གཏམ་གྱིས་ཀུན་ལ་སྦྱིན། །ཡིག་བཟོ་ལ་མཁ༷ས་བསོད་ནམས་དཔ༷ལ་ལས་ འཁྲུངས། །རི༷ག་གནས་ལ་བརྟེན་ཡིག་ཚོགས་དབུལ་ལས་གྲོ༷ལ། །བསྟན་བཅོས་ཁྱད་ འཕགས་འཛམ་གླིང་སྤྱི་ནོར་ཆེ། །གཅིག་ལས་དུ་མ་འབྱུང་བའི་སྤར་འཕྲུལ་གཞི། །ཆོས་སྦྱིན་ འཛད་མེད་ཉལ་འགྲོའི་རྒྱུན་ལ་འགྲན། །ཆིག་སྟོང་དགུ་བརྒྱ་གོ་བདུན་ཟླ་ཚེས་ལ། །སྔོན་ བསགས་ལས་སྐྱེས་ཀུ༷ན་དག༷འ་བརྩོ༷ན་འགྲུས་ཀྱིས། །ལྷག་བསམ་དག་པའི་ཐུགས་བསྐྱེད་ ཟླ་བྲལ་མཐུས། །བསྟན་འགྲོའི་དོན་དུ་དམིགས་ནས་ཡོན་སྦྱར་བས། །ཡིག་ཚོགས་ཟད་ མེད་སྤར་གྱི་ཕྱི་མོ་བསྐྲུན། །ས༷ངས་རྒྱ༷ས་འོ༷ད་ཟེར་གྱིས་མཚོན་དངོས་རྫས་རིགས། །ཆེ་ཕྲའི་ འབྲེལ་བ་གང་བཞག་འདས་ལྡན་དང༌། །མ་གྱུར་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་སྦྱངས་ཚོགས་ཆེན་རབ་ཏུ་རྫོགས་གྱུར་ཅིག །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་འདུ་བྱེད་ བརྟན། །ཐོས་བསམ་སྒོམ་པའི་བྱ་བ་རྟག་འཕེལ་ངང༌། །འཆད་རྩོད་རྩོམ་པ་ཡར་ངོའི་ཟླ་ལྟར་ འཕེལ། །ཆོས་སྤྱོད་བཅུ་ཡི་བྱ་བ་རྟག་འཛིན་ཤོག །ཆབས་ཅིག་རྒྱལ་བསྟན་རྫོགས་ལྡན་དར་ 5-1-125 ཞིང་རྒྱས། །རྟེན་འདི་གང་ན་བཞུགས་པའི་ས་ཕྱོགས་སུ། །དུས་འཁྲུགས་ཀུན་ཞི་ཆབ་སྲིད་ བརྟན་པ་དང༌། །ཆར་ཆུ་དུས་ཚིགས་སྙོམས་ཤིང་ལོ་ཕྱུགས་འཕེལ། །ནད་རིམས་ཞི་ཞིང་ཚེ་ རིང་བདེ་ཞིང་སྐྱིད། །དཔལ་དང་གྲོགས་བཟང་སྐལ་བ་ལྡན་པར་ཤོག །འདི་བྱས་རབ་དཀར་ ཉལ་འགྲོའི་རྒྱུན་བཟང་ཡང༌། །སྲས་བཅས་རྒྱལ་བའི་ཆུ་ཀླུང་དང་འགྲོགས་ནས། །དགེ་ བཅུའི་ལྦུ་ཕྲེང་ཆོས་ཀྱི་སྒྲ་དབྱངས་བཅས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་པར་ཤོག །སྨོན་ལམ་མཁའ་ཡི་གླང་པོས་ཕྱོགས་བཅུ་ཉུལ། །བརྩེ་ཆེན་འོད་དམར་ཞགས་པས་འཁྱུགས་ ཙམ་བྱེད། །ངེས་དོན་སྒྲ་བརྒྱ་དགོད་པས་ལྟ་ངན་བཏུལ། །ཕན་བདེའི་དྲི་ཆར་འཛད་མེད་འཇོ་ བར་ཤོག །དམ་པའི་ཆོས་རྣམས་རིན་ཐང་ཚད་ལས་འདས། །དེལྷག་བཀའ་དྲིན་ཟླ་བྲལ་བླ་ མ་ཡིས། །རྫོགས་ལྡན་གསུང་རབ་གང་གནང་ཁྱད་འཕགས་འདི། །འགྲོ་ཀུན་བསོད་ནམས་ བསགས་པའི་རྒྱུར་གྱུར་ཅིག །བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ ཅན་བསྟན་སྲུང་རྒྱ་མཚོའི་ཚོགས། །འདིར་བསགས་རྣམ་པར་དཀར་བའི་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །ཅེས་སྔོན་བསགས་བསོད་ནམས་རྒྱ་ཆེ་བའི་ཚོགས་གཉིས་ཡོངས་སུ་ རྫོགས་ཤིང་སྒྲིབ་གཉིས་མ་ལུས་པ་དྲུངས་ནས་སྤངས་ཏེ་སྔོན་ནས་སངས་རྒྱས་ཟིན་ཀྱང་སྙིགས་དུས་འགྲོ་བའི་མགོན་དུ་སླར་ཡང་ དགེ་བའི་བཤེས་གཉེན་མི་ཡི་ཤ་ཚུགས་སུ་བྱོན་པ་གང་གིས་གཞན་དོན་དུའང་འཆད་རྩོད་རྩོམ་གསུམ་དང་དབང་ལུང་མན་ངག་ ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་དང༌། ཁྱད་པར་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ ཤིང་རྟའི་སྲོལ་འབྱེད་རྒྱལ་བ་གཉིས་པ་ལྟ་བུའི་ཆོས་འཆད་པ་ལ་མགྲིན་པ་གཟེངས་སུ་མཐོ་བ་མཚན་བརྗོད་པར་དཀའ་བ་དོན་རྒྱ་ ཆེན་པོའི་སླད་དུ་མཚན་ནས་སྨོས་ན་རྗེ་ཇོ་ནང་པ་ཀུན་མཁྱེན་ཤེ༷ས་ར༷བ་རྒྱ༷ལ་མཚ༷ན་དཔ༷ལ་བཟ༷ང་པོ༷འི་མཚན་སྙན་སྲིད་འདིར་ ལྷའི་རྔ་བོ་ཆེ་ལྟར་གྲགས་ཤིང་ཟེག་མའི་ཆ་ཤས་ཙམ་འགྲོ་བའི་རྣ་བར་ལྷུང་བས་ཀྱང་ངན་འགྲོའི་ལས་ཀྱི་དཔུང་བསྙིལ་ཞིང༌། བདེ་འགྲོའི་གནས་མ་ལུས་པ་སྟེར་བ་ཉིད་ཀྱིས་མཛད་པའི་གསུང་འབུམ་ལས་རི་ཆོས་ངེས་དོན་རྒྱ་མཚོ་སྤར་དུ་བསྐྲུན་སྐབས་སྤར་ བྱང་སྨོན་ཚིག་གས༷ང་ཆེ༷ན་གན༷ས་ལུ༷གས་རྟོ༷གས་པ༷འི་སྒོ༷་འབྱེ༷ད་ཅེས་བྱ་བ་འདི་ཡང་ཆིག་སྟོང་དགུ་བརྒྱ་གོ་བདུན་ལོའི་རབ་བྱུང་ 5-1-126 བཅུ་བདུན་པ་སྤོར་ཐང་གི་ལུགས་ལ་མེ་མོ་གླང་དང༌། སྟོད་འགྲེལ་གྱི་ལུགས་ལ་དབང་ཕྱུག་ཅེས་པའི་བརྒྱད་པ་ཁྲུམས་སྟོད་ཟླ་ བའི་ཚེས་བཅུ་གཟའ་སྤེན་པ་སྐར་མ་ཆུ་སྨད་དངོས་གྲུབ་སྦྱོར་བའི་ཉིན་རྣམ་དཀར་གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ ཆེན་ལ་ང༷ག་དབ༷ང་ཡོ༷ན་ཏ༷ན་བཟ༷ང་པོས་བྲིས་པའོ། །འདིས་ཀྱང་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་ དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག རྣ༷མ་པ་ཀུན་ཏུ་འགྲོ་ཀུན་སྲིད་ཞིའི་འཇིགས་ལས་ལེགས་པར་སྐྱོབ་པའི་ཐུགས་རྗེའི་ ཞགས་པས་དམ་དུ་བཅིང༌། །རྣ༷མ་མང་མདོ་སྔགས་གཞུང་ལུགས་རབ་འབྱམས་རྫོགས་ལྡན་ ལམ་དུ་ལེགས་དྲངས་ཤིང་རྟ་ཆེན་པོའི་སྲོལ་འབྱེད་མཁན། །རྣ༷མ་དག་ཡེ་ཤེས་བདེ་སྟོང་ ཟུང་འཇུག་ཡེ་གཞི་བདེ་བར་གཤེགས་པའི་སྙིང་པོའི་གཞི་དབྱིངས་དོན་དམ་ལས། །རྣ༷མ་ འདྲེན་གཉིས་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་ས་གསུམ་འགྲོ་བའི་མགོན་དུ་བོས་པ་ ལྟ་བུའི་སྐུ། །ར༷ང་ལུགས་རྣམ་དག་སླར་ཡང་གསལ་ཕྱིར་རྒྱལ་ཀུན་མཁྱེན་བརྩེ་གཅིག་ཏུ་ བསྡུས་པ་ནམ་མཁའི་འོད་སྟོང་བཞིན། །ར༷ང་བཞེད་ངེས་དོན་ལྟ་གྲུབ་འདི་ལ་སྒྲོ་བསྐུར་ཀུན་ བྲལ་དཔྱད་གསུམ་དག་པའི་ལུང་གིས་རྣམ་པར་བརྒྱན། །ར༷ང་རྒྱུད་རྨད་བྱུང་ཚོགས་གཉིས་ བྱེ་བའི་ཡོན་ཏན་རྒྱ་མཚོའི་སྤངས་རྟོགས་ཡིད་བཞིན་ནོར་བུའི་བྱུར་བུར་གཏམས། །ར༷ང་ འདྲའི་ཀུན་མཁྱེན་ཇོ་ནང་གཉིས་པ་འཇམ་མགོན་བླ་མ་ཏཱ་ར་ནཱ་ཐ་ལྷར་བཅས་འགྲོ་བའི་ སྐྱབས། །བསྟ༷ན་འཛིན་སྐྱེས་ཆེན་གང་བྱོན་རྒྱལ་སྲས་ཚོགས་ཀྱིས་དགེ་བའི་བཤེས་གཉེན་ མི་ཡི་ཟོལ་དུ་བསྒྱུར་བར་ངེས། །བསྟ༷ན་བཅོས་རྣམ་དག་ཨུཏྤལ་དཀར་པོའི་ཕྲེང་བསྟར་ཚར་ དུ་དངར་འདི་སྐྱེས་ཆེན་དམ་པའི་བྱ་བར་ངེས། །བསྟ༷ན་པ་ཉམས་སུ་བླང་ཕྱིར་བླ་མའི་མན་ ངག་བཞིན་བཀོད་གདུལ་བྱ་ཀུན་གྱི་རྒྱུད་ལ་འབྱོར་བར་ངེས། །བསྟ༷ན་པ་རྒྱས་ཕྱིར་སྔོན་མེད་ པར་བསྐྲུན་གསར་པའི་མཆོད་སྡོང་རྒྱལ་སྲས་དགྱེས་པ་བསྐྱེད་པའི་གནས་སུ་ངེས། །འགྲོ༷་ ཀུན་འཁོར་བའི་གནས་ལས་ཐུགས་རྗེའི་ལྕགས་ཀྱུས་དྲང་མཛད་སེམས་དཔའ་དམ་པའི་རྣམ་ 5-1-127 འཕྲུལ་གོར་མ་ཆག །འགྲོ༷་དྲུག་འཁོར་བའི་དྲུངས་ནས་དབྱུང་ཕྱིར་ཟབ་དོན་ཁྲིད་གཞུང་མང་ སྤེལ་ཡི་གེའི་དགའ་སྟོན་ཚོགས་ལ་སྤྱོད། །འགྲོ༷་མང་ཟབ་ཆོས་འདི་ལ་བརྟེན་ཏེ་སྒྲིབ་གཉིས་ དྲི་མ་རབ་སྦྱངས་ཡང་དག་གནས་ལ་སྦྱོར་བའི་ཐབས། །འགྲོ༷་ལ་བྱམས་བརྩེའི་གཞན་ཕན་ མཐུ་ལྡན་སྔོན་བསགས་བསོད་ནམས་དཔལ་གྱི་དབང་ཕྱུག་ལས་བྱུང་མངོན་གསལ་ལྟར། །སྲིད་པ་གསུམ་དུ་གནས་པའི་སྐྱེ་དགུ་ཀུན་གྱི་ཕན་བདེའི་འབྱུང་གཞི་རྒྱལ་བསྟན་རབ་ཏུ་ དར་བར་བྱས། །ཀུན་མཁྱེན་ལུགས་བཟང་རབ་ཏུ་རྒྱས་ཕྱིར་འཛིན་མའི་གཞི་རུ་དབུ་མ་ངེས་ དོན་རྒྱ་མཚོས་ཡོངས་བཀང་བས། །བར་ཆད་བགེགས་ཚོགས་མ་ལུས་ཀུན་ཞི་སྐུ་ཚེ་ཞབས་ པད་བརྟན་བཞིན་སླར་ཡང་ལྷག་བསམ་སྟོབས་བསྐྱེད་དེ། །ད་དུང་གཞན་ཕན་དཔྱིད་ཀྱི་ དཔལ་ཡོན་བཞིན་དུ་ནམ་ཡང་ནུབ་མེད་སྲིད་མཐར་རྟག་པར་རྒྱས་གྱུར་ཅིག །འདིར་འབད་ བསགས་དགེ་དལ་འགྲོའི་རྒྱུན་བཟང་དགེ་ཚོགས་འབབ་ལྡན་འབུམ་ཕྲག་དང་འགྲོགས་ འཛད་མེད་འཕེལ་བཞིན་འགྲོ༷། །སྦྱིན་བདག་འཇིགས་འོད་འདས་པ་དབང་ཕྱུག་གིས་མཚོན་ དངོས་རྫས་ཆེ་ཕྲའི་འབྲེལ་བ་གང་ཡོད་མ་ལུས་འགྲོ༷། །འབྲེལ་ཚད་དུ་མས་མཚོན་ཏེ་མ་ལུས་ སྐྱེ་དགུའི་གློ་བུར་དྲི་མའི་སྦུབས་རྒྱ་བཀྲུ་བཞིན་འགྲོ༷། །མཐར་ཐུག་རྟག་བརྟན་གཡུང་དྲུང་ ཐེར་ཟུག་བདེ་བར་གཤེགས་པ་སྐུ་བཞི་ཡེ་ཤེས་ཆེན་པོའི་རྒྱ་མཚོར་འགྲོ༷། །འགྲོ་ཀུན་འདི་ དང་ཚེ་རབས་ཕྲེང་བ་རྣམས་སུ་དལ་འབྱོར་རྟེན་བཟང་ནད་མེད་ཚེ་རིང་དབང་ཕྱུག་དང༌། །དཔལ་དང་ཆོས་གྲོགས་སྐལ་བཟང་ལོངས་སྤྱོད་ལྡན་ཞིང་དགེ་བའི་མགོན་གྱིས་རྗེས་བཟུང་ ངེས་དོན་ཐེག་མཆོག་དང༌། །ནམ་ཡང་འབྲལ་མེད་གཤེགས་སྙིང་དགོངས་དོན་རྟག་བརྟན་ ཐེར་ཟུག་གཡུང་དྲུང་འགྱུར་མེད་བདེ་སྟོང་ཟུང་འཇུག་དབྱིངས། །མི་རྟོག་ཆོས་སྐུ་སྤྲོས་པ་ཀུན་ བྲལ་གདོད་མའི་ནང་དབྱིངས་སྐུ་ཞིང་འབྱམས་ཀླས་ངོ་བོར་རོ་མཉམ་གྱུར། །ཞེས་རང་རེའི་ངེས་ དོན་བསྟན་པའི་རྩ་ལག་ཆེ་བ་བླ་མ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་གིས་ཟབ་ལམ་ནི་གུ་ཆོས་དྲུག་གི་ཁྲིད་ཡིག་ཟབ་དོན་ཐང་ 5-1-128 མར་བརྡལ་བ་འདི་འདས་པ་རྒྱ་དབང་ཕྱུག་གི་དགེ་བ་ལ་ཐུགས་བསྐྱེད་པ་དང༌། བསྟན་འགྲོའི་སྤྱི་ལ་དགོངས་ནས་པར་དུ་བསྐྲུན་ སྐབས་སྨོན་ཚིག་གི་བཀའ་ཕྲིན་རྒྱང་རིང་ནས་ཕེབས་པ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་ཉིད་ཀྱི་ཞབས་ཏོག་ཏུ་ དམིགས་ནས་རྗེས་སུ་ཡི་རང་དང་བཅས་ཏེ་ཕུལ་བའོ། །པར་འདི་ངེས་དོན་དགའ་ཚལ་གླིང་དུ་བཞུགས། རྒྱལ་ཀུན་མཁྱེན་བརྩེའི་དྲི་མེད་ནོར་བུའི་ཅོད་པན་གང་གི་དབུ་ལ་བཞག །མཁས་པ་ ཀུན་གྱི་མགོ་བོར་ཞབས་ཀྱི་པདྨོའི་གེ་སར་གསལ་བར་བཀོད། །ལྷ་མི་ཀུན་དགའ་ངེས་དོན་ སྙིང་པོའི་བསྟན་པ་ཟླ་བའི་མ་མ་ལྟར། །རྒྱལ་བསྟན་མདོ་སྔགས་ནོར་འཛིན་ཀུན་ཏུ་བཀའ་ ཡིས་དབང་བསྒྱུར་མཆོག་ལ་འདུད། ༡ །མི་འགྱུར་བདེ་ཆེན་ཡེ་ཤེས་འོད་ཟེར་སྣང་བས་ སྟོང་ཉིད་ནམ་མཁའི་མཛེས་མ་དག་ལ་རབ་ཏུ་འགྲོགས་པ་ལྷུར་ལེན་པ། །ཕྱི་ཡི་དུས་བྲལ་ ནང་གི་དུས་བཅོམ་དུས་གཞན་དུས་མེད་དུས་ཀྱི་གཟུང་ལྡན་མཁའ་ལ་དབང་གཞུའི་རི་མོ་ བཞིན། །རྣམ་པ་ཀུན་ལྡན་སྣ་ཚོགས་ཡུམ་གྱི་རྣམ་རྒྱས་པདྨའི་རེག་པ་ལ་སྲེད་ཕྱག་གཉིས་ ཞགས་པས་དགའ་མའི་མགྲིན་པར་འཁྱུད། །རབ་དམར་གཡས་དང་གཡོན་མིན་དཀར་པོའི་ ཞབས་གཉིས་རོལ་བས་བདུད་དང་འབྱུང་པོའི་མགོན་པོ་དག་གི་མགོ་བོར་གར་མཛད་གུས། ༢ །རྣམ་དག་ཆོས་དབྱིངས་མཁའ་ལ་བསམ་གཏན་བདེ་བས་གཟིམས་ཀྱང་མཁའ་མཉམ་ འགྲོ་ལ་རིང་ནས་བརྩེ་བར་གཟིགས། །རྣམ་པར་རྟོག་པའི་བརྗོད་པ་དང་བྲལ་ཁྱོད་གསུང་ གཅིག་གིས་སྐད་རིགས་མ་ལུས་ཅིག་ཅར་སྟོན་པར་མཛད། །ཚོགས་གཉིས་ལས་བསྐྲུན་ མཚན་དཔེའི་སྐུ་ཡིས་བྱེ་བ་ཕྲག་བརྒྱའི་ཞིང་རྣམས་ཀུན་ཏུ་གཟུགས་སྐུ་ཅིག་ཅར་སྟོན། །མ་ ལུས་རྒྱལ་བའི་མཛད་པས་རྣམ་རོལ་ཤཱཀྱ་སེང་གེའི་ཞབས་རྡུལ་ལྷ་དབང་གཙུག་གི་ནོར་བུས་ གཏུག༣ །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་མོ་རུ། །སྟོབས་བཅུ་པ་ཡིས་སྔགས་རྒྱུད་ མ་ལུས་བསྟན། །ལྷ་ཀླུ་མི་དང་མི་མིན་མ་ལུས་པས། །བདུད་རྩིའི་བཅུད་དུ་མྱང་བས་ཉམས་ སུ་བླངས། ༤ །ཁྱད་པར་རྒྱུད་དོན་གསལ་མཛད་ཟླ་བཟང་ཞབས། །རྒྱུད་འདི་བསྡུ་མཛད་ 5-1-129 འཇམ་དཔལ་གྲགས་པ་རྗེ། །རྒྱས་འགྲེལ་བྱེད་པོ་རིགས་ལྡན་པད་དཀར་འཛིན། །རྣམ་ གསུམ་ཞབས་རྡུལ་ལྷ་མིས་སྤྱི་བོར་བླངས། ༥ །དུས་ཀྱི་རིམ་པའི་འཕགས་ཡུལ་གངས་ལྗོངས་ ཀྱི། །མཁས་རྨོངས་དུ་མའི་མིག་གི་བཅུད་དུ་ལེན། །ཁྱད་འཕགས་ཇོ་ནང་ཆེན་པོའི་གསུང་ རྒྱུན་འདིའི། །དགོངས་དོན་ལེགས་བཀྲལ་ཏཱ་ར་ནཱ་ཐར་གུས། ༦ །དུས་ཀྱི་འཁོར་ལོའི་དཀྱིལ་ ཆོག་ཆོ་ག་འདིའི། །རྣམ་བཤད་བདུད་རྩིའི་རྒྱ་མཚོའི་གཞུང་འདི་ཡང༌། །སྤྱི་ལོ་ཆིག་སྟོང་དགུ་ བརྒྱ་གོ་བརྒྱད་ལོར། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། ༧ །རྒྱལ་བསྟན་ལ་ གུས་གྱང་ནག་ངག་བཟང་གིས། །ཕ་མའི་ཐོག་དྲངས་ཡེ་ཤེས་བཟང་པོས་མཚོན། །མཁའ་ ཁྱབ་འགྲོ་ཀུན་དོན་དུ་སྤར་བསྐྲུན་མཛད། །སྦྱིན་བདག་ཕྱི་ནང་གསང་བའི་བར་ཆད་བྲལ། ༨ །བསྟན་འཛིན་ཡོངས་རྒྱས་སྐུ་ཚེ་འདུ་བྱེད་བརྟན། །ཆོས་སྤྱོད་བཅུ་ཡི་བྱ་བ་རྟག་འཕེལ་ངང༌། །ཆབ་སྲིད་བརྟན་ཞིང་དུས་འཁྲུགས་ཞི་བ་དང༌། །བསམ་དོན་མ་ལུས་ཆོས་བཞིན་འགྲུབ་པར་ ཤོག ༩ །དུས་བཞི་སྙོམས་ཤིང་ཆར་ཆུ་དུས་སུ་འབབ། །ལོ་ཕྱུགས་ལེགས་ཤིང་ནད་རིགས་ མ་ལུས་ཞི། །ཚེ་རིང་ནད་མེད་ལོངས་སྤྱོད་གྲོགས་བཟང་ལྡན། །མི་དགེ་བཅུ་པོ་མ་ལུས་སྤོང་ བར་ཤོག ༡༠ །བདག་གིས་དུས་གསུམ་བསགས་པའི་དགེ་བ་དང༌། །ཕྱོགས་བཅུའི་རྒྱལ་ བ་སྲས་བཅས་དགེ་ཚོགས་རྣམས། །གཅིག་ཏུ་བསྡོམས་པའི་ཀུན་བཟང་མཛད་སྤྱོད་ལྟར། །རྣམ་ཀུན་གཟིགས་པའི་ཡེ་ཤེས་མཆོག་ཐོབ་ཤོག༡༡ །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་དུ། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང༌། །སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ཤིང༌། །དཔལ་ ལྡན་བླ་མའི་དམ་ཚིག་ལ་གནས་ཤོག༡༢ །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་ མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག༡༣ །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་ མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་ 5-1-130 འཆང་གི་གོ་འཕང་མྱུར་ཐོབ་ཤོག༡༤ །ཅེས་རྣམ་བཤད་བདུད་རྩིའི་རྒྱ་མཚོའི་སྤར་བྱང་བདེ་ཆེན་མྱུར་སྩོལ་ཞེས་ བྱ་བ་འདི་འཛམ་ཐང་གཙང་ཆེན་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོའམ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་ སྦྱར་བའོ། ། གཟུང་འཛིན་ཀུན་བྲལ་བདེ་ཆེན་བྱང་ཆུབ་གླིང༌། །ཡེ་ཤེས་ཆོས་སྐུ་འཁོར་འདས་ཀུན་ ཁྱབ་བདག །ཡི་དམ་རྒྱུད་སྡེ་རབ་འབྱམས་སྤྲོ་ཞིང་བསྡུ། །དོན་དམ་གནས་ལུགས་བདེ་ གཤེགས་སྙིང་པོ་རྒྱལ། ༡ །འགྱུར་མེད་ཡེ་ཤེས་བདེ་བ་ཆེན་པོས་སྟོང་ཉིད་སྣང་བའི་ནམ་ མཁའི་མཛེས་མ་དག་ལ་དགའ་བའི་འགྲོགས་པ་ལྷུར་ལེན་པ། །ཕྱི་ནང་དུས་བྲལ་དུས་གཞན་ དུས་མེད་རྣམ་ཀུན་དུས་ཀྱི་གཟུགས་ལྡན་ལྷ་ལམ་ཡངས་པར་བརྒྱ་བྱིན་དབང་གཞུའི་རི་མོ་ བཞིན། །རྣམ་ཀུན་ལྡན་པ་སྣ་ཚོགས་དགའ་མའི་ཆུ་སྐྱེས་བདེ་བའི་རེག་པ་ལ་སྲེད་ཕྱག་གཉིས་ ཞགས་པས་ཡུམ་ལ་འཁྱུད་པར་མཛད། །ཞབས་གཡོན་དཀར་པོ་བསྐུམ་ཞིང་གཡས་དམར་ བརྐྱང་བས་དབང་ཕྱུག་འདོད་ལྷའི་མགོན་པོ་དག་གི་སྙིང་གར་གར་མཛད་ཁྱོད་ལ་འདུད། ༢ །སྒྲིབ་བྲལ་ཆོས་སྐུའི་དབྱིངས་སུ་བསམ་གཏན་བདེ་བས་དབེན་ཀྱང་སྙིང་རྗེ་ཆེན་པོས་རབ་ཏུ་ བསྐྱོད་དེ་འགྲོ་ལ་བརྩེ་བར་གཟིགས། །སྤྲོས་པའི་ཚིག་གིས་བརྗོད་པ་སྤངས་ཀྱང་ཁྱོད་གསུང་ གཅིག་གིས་སྒྲ་སྐད་སྣ་ཚོགས་མ་ལུས་ཅིག་ཅར་གསལ་བར་སྟོན་པར་མཛད། །བསོད་ནམས་ འབུམ་ཕྲག་དུ་མས་བསྐྲུན་པའི་མཚན་དཔེས་བརྒྱན་པའི་སྐུ་ཡིས་ཞིང་ཁམས་རབ་འབྱམས་ རྣམས་སུ་གཟུགས་སྐུ་ཅིག་ཅར་སྟོན། །དྲི་མེད་ཤཱཀྱའི་རྒྱལ་རྒྱུད་ལས་འཁྲུངས་ལྕགས་ཕོ་སྤྲེལ་ གྱི་ས་ཟླའི་བདུན་པར་ལུམྦིའི་ཚལ་བལྟམས་ཟས་གཙང་སྲས་ལ་འདུད། ༣ །རྒྱལ་བ་རྣམས་ དང་རྒྱ་བོད་མཁས་གྲུབ་ཀུན་གྱི་མདོ་སྔགས་བསྟན་བཅོས་ཡོངས་ལ་དབང་བསྒྱུར་བདག་པོ་ འདི། །ད་སྐབས་རྒྱ་བོད་མཁས་མང་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ཕུགས་ནི་ཁོང་ལ་གཏུག་ པར་མཛད་པ་ཡིན། །ཁྱད་པར་ངེས་དོན་ལྟ་བའི་བརྒྱུད་འཛིན་འདི་ཡང་འཛམ་གླིང་མཁས་ 5-1-131 པ་ཡོངས་ཀྱིས་བསྟོད་བསྔགས་བརྗོད་བཞིན་འདུག །ལྷ་མི་འགྲོ་བ་ཀུན་གྱི་སྐྱབས་གཅིག་ ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐར་གུས་པའི་ཕྱག་གི་ཡུལ། ༤ །སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་ གསང་སྔགས་ཚུལ་རབ་བསྟན། ༥ །རྒྱུད་དོན་གསལ་མཛད་ཟླ་བ་བཟང་པོའི་ཞབས། །རྒྱུད་ འདི་སྡུད་མཛད་འཇམ་དཔལ་གྲགས་པ་རྗེ། །རྒྱས་འགྲེལ་མཛད་མཁན་པདྨ་དཀར་པོ་ཡིན། །རྣམ་གསུམ་ཞབས་པད་སྤྱི་བོའི་རྒྱན་དུ་བླངས། ༦ །རྒྱུད་རྣམས་མ་ལུས་འཕགས་ཡུལ་བོད་ ལྗོངས་སུ། །སྤྱན་དྲངས་གྲུབ་དབང་དུ་མས་ཉམས་བཞེས་མཛད། །ཇོ་ནང་ཆེན་པོས་དཔག་ བསམ་ལྗོན་ཤིང་གསུངས། །དེའི་དོན་ཇི་བཞིན་དངོས་གྲུབ་ཉེར་འཚོས་བཀྲལ། ༧ །རྒྱལ་ བསྟན་ལ་གུས་གྱང་ནག་ངག་བཟང་གིས། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར། །ཕ་མས་ཐོག་དྲངས་ཡེ་ཤེས་བཟང་གིས་གཙོས། ༨ །མཁའ་ཁྱབ་འགྲོ་མང་དོན་དུ་སྤར་བསྐྲུན་བྱས། །བསྟན་འཛིན་སྡེ་རྒྱས་སྐུ་ཚེ་འདུ་བྱེད་བརྟན། །ཐོས་བསམ་སྒོམ་པའི་བྱ་བ་རྟག་ཏུ་འཕེལ། །འཆད་རྩོད་རྩོམ་གསུམ་ཆོས་སྤྱོད་འཕེལ་བར་ ཤོག༩ །དུས་བཞི་སྙོམས་ཤིང་ཆར་ཆུ་དུས་སུ་འབབ། །ལོ་ཕྱུགས་འཕེལ་ཞིང་ནད་རིགས་མ་ ལུས་ཞི། །ལོ་བརྒྱ་འཚོ་ཞིང་ལོངས་སྤྱོད་སྐལ་བ་བཟང༌། །དགེ་བ་བཅུ་པོ་རྟག་ཏུ་འཕེལ་བར་ ཤོག༡༠ །བདག་གིས་དུས་གསུམ་བསགས་པའི་དགེ་བ་དང༌། །ཕྱོགས་བཅུའི་རྒྱལ་བ་སྲས་ བཅས་དགེ་ཚོགས་རྣམས། །གཅིག་ཏུ་བསྡོམས་པའི་མཐུ་སྟོབས་མ་ལུས་པ། །འཇམ་དཔལ་ ཀུན་བཟང་སྨོན་ལམ་ལྟ་བུར་ཤོག༡༡ །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང༌། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་ སོང་གནས་རྣམས་མ་ལུས་སྟོང་བར་ཤོག༡༢ །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་ པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང༌། །སྐྱེ་རྒ་ན་འཆིའི་རྦ་ཀླུང་འཁྲིགས་ 5-1-132 པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག ༡༣ །ཅེས་ཏཱ་ར་ནཱ་ཐའི་དུས་འཁོར་བསྐྱེད་རིམ་གྱི་ ཁྲིད་ཡིག་དངོས་གྲུབ་ཉེར་འཚོའི་སྤར་བྱང་དངོས་གྲུབ་མྱུར་སྩོལ་ཞེས་བྱ་བ་འདི་འཛམ་ཐང་གཙང་ ཆེན་དགོན་གྱི་མཁན་གུ་ཎ་བྷ་དྲའམ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་སྦྱར་བའོ། ། གཟུང་འཛིན་སྒྲིབ་གཉིས་དྲི་མ་ཀུན་བྲལ་བ། །ཆོས་དབྱིངས་ཡེ་ཤེས་འཁོར་འདས་ ཀུན་ཁྱབ་བདག །རྟག་བརྟན་ཐེར་ཟུག་ཞི་བ་གཡུང་དྲུང་ཉིད། །སྐུ་བཞི་ཡེ་ཤེས་རྒྱ་མཚོའི་ བདག་ཉིད་དཔལ། །དུས་ཀྱི་འཁོར་ལོསྲིད་གསུམ་རྣམ་ཀུན་བདག །བདེ་ཆེན་དགའ་མའི་ མགྲིན་པར་རབ་འཁྱུད་པ། །མི་འགྱུར་བདེ་ཆེན་ཐིག་ལེ་འོད་ཟེར་འབུམ། །ཧེ་རུ་ཀ་དཔལ་ དཔའ་བོ་ཁྱོད་ལ་འདུད། །ལུང་རིགས་དྲི་མེད་ཟླ་བྲལ་རྣམ་ཀུན་མཁྱེན། །ཤེ༷ས་ར༷བ་རྩལ་ གྱིས་ངེས་དོན་རྒྱ༷ལ་མཚ༷ན་བསྒྲེངས། །རྫོགས་ལྡན་རང་ལུགས་དཔ༷ལ་བཟང༷་ལེགས་འབྱེད་ མཁན། །རྟོན་བཞི་ལྡན་པ་དོལ་པོ་པ་ལ་གུས། །གསང་སྔགས་རྒྱ་མཚོའི་མཛོད་འཛིན་སྒྲོལ་ བའི་མགོན། །མདོ་སྔགས་དགོངས་དོན་མ་ལུས་ལེགས་པར་བཀྲལ། །དབང་ལུང་གདམས་ ངག་བདུད་རྩིའི་བཅུད་ཀྱིས་བསྐྱངས། །གངས་ལྗོངས་ཁྲོད་འདིར་སྔགས་ཞིང་ལྟ་བུར་བྱས། །དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་གྱི། །ཡིག་རིས་འཛད་མེད་ཉལ་འགྲོའི་རྒྱུན་ལ་ འགྲན། །སྔ་ན་མེད་པའི་ལེགས་བྱས་སྒྱུ་མའི་འཕྲུལ། །དུས་བཞིའི་རྫོགས་ལྡན་འཆར་བའི་ དཔལ་ཡོན་རྒྱུ། །རབ་འབྱམས་ཞིང་བཞུགས་སངས་རྒྱས་བྱང་སེམས་ཚོགས། །དགྱེས་བསྐྱེད་ ཀུན་བཟང་མཆོད་སྤྲིན་ལེགས་པར་བསྟར། །ཆབས་ཅིག་སྐྱེ་དགུ་ཡོངས་ལ་ཕན་བདེ་རྒྱས། །བསྟན་འགྲོའི་དོན་མཆོག་རབ་རྒྱས་དགེ་ལེགས་འཕེལ། །ལེགས་བཤད་ཡིད་བཞིན་དབང་ གི་རྒྱལ་པོ་ལྟར། །གདུལ་བྱར་གང་གྱུར་ལེགས་ཚོགས་ཀུན་འབྱུང་གཞི། །གཅིག་ལས་དུ་མ་ ཡོངས་འཕྲུལ་མི་ཟད་གཏེར། །ཡིག་རིས་མཛོད་ཀྱིས་མཁའ་མཐར་ཁྱབ་པར་གྱུར། །དུས་ མཐར་དམ་པའི་ངང་ཚུལ་ཟླ་བྲལ་བ། །རླབས་ཆེན་ཡོན་ཏན་བསྟན་འགྲོར་ལེགས་སྤེལ་སླད། 5-1-133 །མཛད་པ་བཟང་པོས་རྒྱལ་བསྟན་རབ་དར་མཁན། །ཚེ་རབས་ཀུན་ཏུ་འགྲོ་ཕན་སྤྱོད་པར་ ཤོག །ཡང་དགོས་ལེགས་བྱས་འདི་ལ་སྒོ་ཀུན་ནས། །འབྲེལ་བ་ཕྲ་རགས་གང་བྱས་ཐམས་ ཅད་དང༌། །ཕ་མས་ཐོག་དྲངས་མཁའ་མཉམ་འགྲོ་བ་ཀུན། །རིང་མིན་དུས་བཞིའི་དཔལ་ ཡོན་སྤྱོད་པར་ཤོག །ཅེས་སྤྱི་ལོ་༡༩༩༥བོད་རབ་བྱུང་བཅུ་བདུན་པའི་ཉག་མ་དགུ་པ་ཤིང་མོ་ཕག་ན་ཚོད་ལྡན་གྱི་ཟླ་ ༣ཚེས་༢༥ལ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་རྒྱ་མཚོའི་དགོངས་དོན་ཞེས་བྱ་བ་ཆོས་རྗེ་ཀུན་མཁྱེན་ ཆེན་པོའི་བཞེད་པ་ཇི་ལྟ་བ་བཞིན་དུ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྦྱར་བ་འདིའི་སྤར་གཞིའི་སྦྱིན་བདག་དགེ་སྐོར་ཚེ་རིང་སྟོབས། སྙི་བཟའ་ནོར་མོ། འདས་མ་ཀླུ་མོ། གཡང་ཐོ་དང་འབྲེལ་ཐོགས་རྣམས་ཀྱི་སྒྲིབ་སྦྱང་ཕྱིར་དུ་དམིགས་ནས་སྤར་བསྐྲུན་སྐབས་བློ་ བཟང་ཆོས་འཕེལ་པས་སྨོན་ཚིག་ཏུ་སྦྱར་བ་ལྟར་ངག་དབང་མཁས་གྲུབ་དཔལ་བཟང་པས་སྤར་གཞིའི་ཡིག་རིས་བྲིས་པ་འདིའི་ དགེ་ཚོགས་ལ་བརྟེན་ནས་ཕ་མས་གཙོས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔལ་མཆོག་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་ པའི་རྒྱུར་གྱུར་ཅིག སྤར་འདི་འཛམ་བུའི་གླིང་གི་བྱེ་བྲག་ཤམྦྷ་ལ་གཉིས་པ་ལྟ་བུའི་གནས་མཆོག་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ བརྒྱུད་ཀྱི་བསྟན་པ་དར་བའི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས། ༀ་སྭ་སྟི། ཀུན་རྫོབ་གཟུང་འཛིན་རྣམ་པར་རྟོག་པའི་སྤྲོས་པ་གདོད་ནས་བྲལ་བའི་སྒྲིབ་ གཉིས་དྲི་མའི་སྦུབས་ལས་གྲོལ། །ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀུན་ཁྱབ་དོན་དམ་ སྤྲོས་བྲལ་རྟག་བརྟན་ཞི་བ་གཡུང་དྲུང་རང་བྱུང་ཉིད། །སྐུ་དང་ཡེ་ཤེས་ཞིང་ཁམས་རྒྱ་མཚོའི་ བདག་ཉིད་ལྷ་སྔགས་དཀྱིལ་འཁོར་རབ་འབྱམས་སྤྲོ་བའི་གཞི་གཅིག་པུ། །ཕྱོགས་ལྷུང་ཆ་ ཀུན་ལེགས་བྲལ་རྒྱལ་ཀུན་བྱམས་བརྩེའི་ཐུགས་རྗེ་གདུལ་བྱའི་ཡིད་ལ་མཛའ་བཞིན་འབད་ མེད་འཆར། །འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཡེ་ནས་ གཟུང་འཛིན་སྤྲོས་མཐའ་བྲལ་བའི་དབྱིངས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཅན། །འཁོར་འདས་ཀུན་གྱི་དྭངས་མའི་སྲོག་ཆེན་པོ། །བདེ་གཤེགས་སྙིང་པོསྲིད་འདིར་རྒྱལ་གྱུར་ 5-1-134 ཅིག །མི་འགྱུར་བདེ་ཆེན་ཡེ་ཤེས་མཆོག་གི་རང་གཟུགས་སྣ་ཚོགས་འཇའ་ཚོན་ཐིག་ལེ་འོད་ ཟེར་འབུམ་གྱི་རོལ་བས་སྟོང་ཉིད་ནམ་མཁའ་ལ་ཡང་རབ་ཏུ་འགྲོགས་པ་ལྷུར་ལེན་པ། །ཕྱི་ ཡི་དུས་བྲལ་ནང་གི་དུས་བཅོམ་དུས་གཞན་དུས་མིན་དོན་དམ་དུས་ཀྱི་འཁོར་ལོ་སྲིད་པ་ གསུམ་ལས་རྣམ་པར་འདས་པའི་སྔོ་བསང་མ་རུ་སྣ་ཚོགས་སྣང་བརྙན་གསལ། །རྣམ་ཀུན་ གཟུགས་ལྡན་སྣ་ཚོགས་ཡུམ་གྱི་རྣམ་རྒྱས་པདྨོའི་རེག་པ་ལ་སྲེད་ཕྱག་གཉིས་ཞགས་པས་ བདེ་ཆེན་དགའ་མའི་མགྲིན་པར་འཁྱུད་པའི་རྩེ་དགས་ཉི་ཟླའི་རྒྱུ་བ་འགགས། །རབ་དམར་ གཡས་དང་གཡས་མིན་དཀར་པོའི་ཞབས་གཉིས་རོལ་བས་བདུད་དང་འབྱུང་པོའི་མགོན་ པོ་དག་གི་མགོ་བོར་གར་མཛད་ཧེ་རུ་ཀ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །འཕགས་ པའི་ཡུལ་དང་གངས་ལྗོངས་ལྷ་ལམ་ཡངས་པར་མཁས་ཤིང་གྲུབ་བརྙེས་རྒྱུ་སྐར་རབ་ཏུ་བཀྲ་ བའི་དབུས། །རྣམ་དག་ལུང་རིགས་བྱེ་བས་དཀྱིལ་འཁོར་ཡོངས་རྫོགས་ཉ་རྒྱས་ཟླ་བཞིན་ རབ་ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ཐུག་དབུ་མ་ཆེན་མོའི་དགོངས་དོན་ གསུང་རབ་ལེགས་བཤད་འོད་དཀར་གདུལ་བྱའི་ཁམས་བཞིན་བཤད་པའི་གཞུང༌། །རྒྱལ་ བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་ཤེས་རབ་རྒྱལ་མཚན་རྒྱལ་བའི་ལུང་གིས་ ཡང་ཡང་བསྔགས། །ཁྱབ་བདག་འདོད་པ་ཀུན་གྱི་དབང་ཕྱུག་འཁོར་ལོ་སྡོམ་པ་བརྟུལ་ ཞུགས་ཉམས་བརྒྱས་སྒེག་པའི་ཧེ་རུ་ཀ། ཤེས་བྱ་ཐམས་ཅད་གཟིགས་པའི་རྣམ་དཔྱོད་ངོ་ མཚར་རབ་རྒྱས་གངས་ཅན་མཁས་གྲུབ་ཡོངས་ཀྱི་དབུས་ན་འགྱིང། །བྱམས་ཀླུ་ཐོགས་མེད་ མཆེད་བཅས་དགོངས་པ་སྐོང་ཕྱིར་ལུང་རིགས་ཐལ་ཕྲེང་སྤྲོས་པས་ལྟ་ངན་མ་ལུས་བརླགས། །རང་ལུགས་དབུ་མའི་སྲོལ་རྒྱུན་སྐྱོང་བཞིན་གཞན་སྲོལ་སྤེལ་བའི་རིས་མེད་བསྟན་འཛིན་ ཏཱ་ར་ནཱ་ཐར་འདུད། །བརྩེ་ཆེན་རླུང་གིས་རབ་བསྐྱོད་པའི། །མཛད་ཕྲིན་ཆུ་འཛིན་ལང་ལོང་ འཁྲིགས། །དབང་ལུང་མན་ངག་ཆར་རྒྱུན་ཕབ། །དགེ་བའི་ལོ་འབྲས་བསྐྲུན་རྣམས་འདུད། 5-1-135 །བློ་གྲོས་རབ་ཡངས་ཕྱོགས་ཀྱི་འཁོར་ལོའི་ལྟོར། །སྲིད་འདིར་གྲགས་པ་བཤད་སྒྲུབ་ཉི་ ཟླའི་རྒྱན། །གདུལ་བྱ་རྒྱ་མཚོའི་རྨོངས་མུན་ལེགས་བསལ་མཁན། །དད་པའི་སྙིང་གི་པདྨོ་ ཁོང་ནས་འཛུམ། །འཕགས་མཆོག་སྤྱན་རས་གཟིགས་དང་དབྱེར་མ་མཆིས། །ཇོ་ནང་ཀུན་ མཁྱེན་ཆེན་པོའི་ལེགས་བཤད་གཞུང༌། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ། །དེ་ ལ་འཇུག་པ་ཏཱ་ར་ནཱ་ཐས་མཛད། །ལེགས་བཤད་འདོད་འཇོ་ཡིད་བཞིན་དབང་རྒྱལ་ལྟར། །གཅིག་ལས་དུ་མ་འབྱུང་བའི་མི་ཟད་གཏེར། །སྔ་ན་མེད་པའི་ལེགས་བཤད་སྒྱུ་འཕྲུལ་གཞི། །ཡིག་གཟུགས་འཛད་མེད་ཉལ་འགྲོའི་རྒྱུན་ལ་འགྲན། །ཚུལ་འདིར་འབད་དང་མཐུན་པའི་ རྐྱེན་སྒྲུབ་པའི། །ཕྲ་རགས་འབྲེལ་ཐོགས་སྐྱེ་བོ་གང་དག་གི། །ཉེ་འབྲེལ་འདས་གསོན་ཇི་སྙེད་ མཆིས་པ་ཀུན། །གཏན་བདེ་བྱང་ཆུབ་མྱུར་དུ་མངོན་པར་ཤོག །བརྩེ་ཆེན་ཟླ་འོད་འཕོས་པའི་ ཆུ་ཤེལ་ལས། །སྤྲོས་པའི་འཕྲིན་ལས་ག་བུར་ཞུན་མའི་ཆར། །འདོད་པ་འཇོ་བས་ཐུབ་བསྟན་ ཀུ་མུད་ཚལ། །དུས་མཐའི་སྐྱེ་དགུའི་གཉེན་དུ་ཅི་ཡང་བཞད། །ལེགས་བྱས་ལ་བརྟེན་བསྟན་ དང་བསྟན་འཛིན་སྡེའི། །ཞབས་པད་བརྟན་ཅིང་སྐྱེ་དགུ་བདེ་བས་འཚོ། །མི་མཐུན་རྒུད་ཅིང་ ལེགས་ཚོགས་ཡར་རྒྱས་ཤིང༌། །བཀྲ་ཤིས་ལེགས་ཚོགས་སྲིད་མཐར་འབར་གྱུར་ཅིག །ཅེས་ ཕྱི་ལོ་༡༩༩༥བོད་རབ་བྱུང་བཅུ་བདུན་པའི་ཉག་མ་དགུ་པ་ཤིང་མོ་ཕག་ན་ཚོད་ལྡན་གྱི་ཟླ་༣ཚེས་༢༥ལ་དཔལ་དུས་ཀྱི་འཁོར་ལོའི་ སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་ཞེས་བྱ་བ་འདི་ཡང༌། དོན་གཉེར་ཅན་དུ་མས་བསྐུལ་པའི་ངོར། རྒྱལ་ཁམས་པ་ ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་རྩ་བདུན་ལ་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བ་འདིའི་སྤར་བརྐོ་བའི་སྦྱིན་བདག་རྣམས་དང༌། ཚེ་ འདས་ཐོགས་མེད། འཆི་མེད་རྡོ་རྗེ་སོགས་འབྲེལ་ཐོགས་རྣམས་ཀྱི་སྡིག་སྒྲིབ་སྦྱང་ཕྱིར་དུ་དམིགས་ནས་སྤར་བསྐྲུན་སྐབས་ངག་ དབང་ཡོན་ཏན་བཟང་པོས་སྨོན་ཚིག་ཏུ་སྦྱར་བ་ལྟར་མཁས་དཔལ་གྱིས་ཡིག་རིས་བྲིས་པ་འདིས་ཕ་མ་སེམས་ཅན་ཐམས་ཅད་ དཔལ་མཆོག་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག སྐུ་ཡི་གཟི་མདངས་རིན་ཆེན་གསེར་ཞུན་འབར་བའི་ལྷུན་པོར་ཐུན་མཚམས་གཞོན་ 5-1-136 ནུས་དཀྲིས་པ་ལྟ་བུའི་སྐུ། །གསུང་གིས་ངེས་དོན་ཆོས་སྦྱིན་རབ་ལུད་སྐྱེ་རྒུའི་མ་རིག་མུན་ པའི་ཚང་ཚིང་སྟུག་པོ་ཀུན་བཤིག་གསུང༌། །ཐུ༷གས་དབྱིངས་མཐའ་བྲལ་དབུ་མ་བདེ་སྟོང་ ཟུང་འཇུག་མཁའ་ཁྱབ་སྤྲོས་བྲལ་འོད་གསལ་ཡེ་ཤེས་དབྱེར་མེད་ཐུ༷གས། །ཀུ༷ན་གཟིགས་ རྗེ་བཙུན་ཏཱ་ར་ནཱ་ཐ་སྦྲང་རྩིའི་རྒྱལ་མཚན་དགེ་འདུན་ཀུན་བསྐྱེད་རྒྱ་མཚོའི་སྐ་རགས་ཀུ༷ན། །གསང་ཆེན་ཆོས་ཀྱི་རྒྱུན་བཟང་ཀླུང་ཕྲན་འབྱམས་ཀླས་འགྲོ་ཁམས་ཉེས་བརྒྱའི་དྲི། །དྲུངས་ ནས་འཁྲུད་བྱེད་དལ་འགྲོའི་ཚོགས་འདི་གང་ཐུགས་ཟླ་བའི་མ་མ་ལས། །ནམ་ཡང་འཛད་ པ་ཡོངས་བྲལ་རྫོགས་ལྡན་ཆུ་སྐྱེས་འདབ་སྟོང་རྣམ་པར་བཞད། །སྔགས་རིག་འཛིན་པའི་ར་ ཡིག་གཉིས་པའི་ཁྱུ་ཚོགས་རབ་དགའི་ས་ལ་རྩེན། །རྨད་བྱུང་གཞུང་ལུགས་བྱེ་བའི་ཆུ་གཏེར་ ལས། །ངོ་སྤྲོད་ནང་མ་བདུད་རྩིའི་ཟེགས་མའི་ཆ། །པར་དུ་བསྐྲུན་པས་མདོ་ཁམས་མུན་གླིང་ འདིར། །རང་ལུགས་རྒྱས་མཛད་སེམས་དཔའ་ཐུ༷གས་རྗེ༷འི་གཏེར། །འགྲོ་རྨོངས་བདག་ སོགས་སྦྱང་བའི་མཐུ་ཆུང་ཡང༌། །ཚད་ལྡན་མཁས་པའི་ལེགས་བཤད་དཔ༷ལ་གྱི་གནས། །མཐོང་བ་ཙམ་གྱིས་འཁྲུལ་བ་དྲུངས་འབྱིན་ཕྱིར། །འཛིན་མའི་གཞི་རུ་ལེགས་བཤད་འདབ་ བརྒྱས་ཁྱབ། །རབ་དཀར་དགེ་བའི་སྟོབས་ཀྱིས་བར་ཆད་མཐའ་དག་ཞི་ཞིང་མཐུན་རྐྱེན་ མ་ལུས་འབད་མེད་ངང་གིས་འཕེལ། །རྫོགས་ལྡན་དབུ་མ་ཆེན་པོའི་ཆོས་ཀྱི་རྒྱལ་མཚན་ སྲིད་འདིར་བསྒྲེངས་ཏེ་འགྲོ་ཀུན་ཉོན་མོངས་ཚ་གདུང་སེལ། །དང་པོའི་རྒྱུད་དང་རྩ་རྒྱུད་ལ་ སོགས་ཡིད་བཞིན་ནོར་བུའི་ཏོག་གིས་བརྒྱན་ཏེ་ཕྱོགས་བཅུར་འོད་བཟང་སྦར། །ཞབས་ བརྟན་འཇིགས་མེད་གདོང་ལྔའི་ཁྲི་ལ་འཁོད་བཞིན་སྲིད་པ་ཇི་སྲིད་བར་དུ་འགྲོ་དོན་རྟག་ སྐྱོང་མཛོད། །དགེ༷་བ་འཛད་མེད་ཐུགས་རྗེའི་རྒྱ་མཚོའི་དཔལ་ལ་དབང་འབྱོར་རྒྱལ་སྲས་ ཚོགས་བཅས་ཐུགས་ཀྱི་བུམ་པར་གཏམས། །དགེ༷་ཚོགས་འདི་དང་གཅིག་ཏུ་བསྡོམས་ཏེ་ འདས་མ་པད་མཚོའི་གཙོར་གྱུར་མཁའ་མཉམ་འགྲོ་བ་མ་ལུས་པ། །དགེ༷་བའི་མགོན་གྱིས་ 5-1-137 རྗེས་སུ་བཟུང་ནས་རྫོགས་ལྡན་བདུད་རྩིའི་ཆར་གྱིས་ཚིམས་ཏེ་ས་ལམ་རིམ་པར་བགྲོད། །དགེ༷་ཚོགས་མཐའ་མེད་འཕེལ་ཏེ་མཐར་ཐུག་སྐུ་བཞིའི་ནོར་བུའི་གླིང་དུ་འགྲོ་ཀུན་འདྲེན་ པའི་དེད་དཔོན་ཤོག །སྦྱང་གཞི་འོད་གསལ་ཆོས་ཉིད་བདེ་གཤེགས་སྙིང་པོ་ནམ་ཡང་འཕོ་ འགྱུར་བྲལ་བ་འཁོར་འདས་ཀུན་ལ་ཁྱབ། །སྦྱང་བྱ་གློ་བུར་དྲི་མའི་ཚོགས་ཀུན་དུག་གསུམ་ གྱིས་མཚོན་ཉོན་མོངས་མ་རིག་མུན་ནག་ཚང་ཚིང་འཁྲིགས། །སྦྱོང་བྱེད་རྣམ་རྟོག་རྙོག་དང་ མ་འདྲེས་མི་རྟོག་སྤྲོས་བྲལ་ཀུན་གཞིའི་ཡེ་ཤེས་རྟོག་གེའི་ཡིད་ལས་འདས། །སྦྱངས་འབྲས་ ཀུན་གཟིགས་བདེ་བར་གཤེགས་པ་རྒྱལ་ཀུན་གཞི་དབྱིངས་ཡེ་ཤེས་དགོངས་ཀློང་གཅིག་ཏུ་ གཞོལ་གྱུར་ཅིག །ཅེས་པའི་སྨོན་ཚིག་འདི་བླ་མ་ཐུགས་རྗེ་དཔལ་གྱིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ངོ་སྤྲོད་ནང་མ་ འདས་མ་པད་མཚོའི་དོན་དུ་པར་བསྐྲུན་སྐབས་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བྲིས་པ་སྟེ་རྒྱལ་བསྟན་ཕྱོགས་བཅུར་ རྒྱས་པར་གྱུར་ཅིག །པར་འདི་ངེས་དོན་དགའ་ཚལ་གླིང་དུ་བཞུགས། བདེན་གཉིས་མཁྱེན་པས་ལྟ་ངན་མ་ལུས་བསལ། །དོན་གཉིས་ལྷུན་གྲུབ་རྫོགས་ལྡན་ རྒྱལ་སར་འཁོད། །དོན་དམ་རྡོ་རྗེ་ཚེ་དཔག་མེད་མགོན་དང༌། །དབྱེར་མེད་ཏཱ་ར་ནཱ་ཐའི་ ཞབས་པད་འདུད། །རྒྱུད་སྡེ་ཕྱེ་བའི་དགོངས་དོན་མ་དྲོས་མཚོ། །མཁྱེན་བཟང་ཐུགས་ཀྱི་ ཡོལ་གོར་ལེགས་འཁྱིལ་ལས། །འགྲོ་ཕན་སྤེལ་ཕྱིར་ཟེགས་མའི་ཆ་ཤས་ཙམ། །སྤྲོས་པའི་ ཚེ་ཆོག་བདུད་རྩིའི་ཆུ་གཏེར་ཞེས། །སྔོན་བསགས་ཚོགས་གཉིས་ལས་བསྐྲུན་གང་སྐུ་ཡང༌། །མཐུན་ངོར་ཉེར་འཚེའི་འཇིགས་པ་ཀུན་བྲལ་ཞིང༌། །ཞབས་ཟུང་གདོང་ལྔའི་ཁྲི་ལ་འཁོད་ བཞིན་དུ། །རྫོགས་ལྡན་ཆོས་འཁོར་བསྐོར་ཕྱིར་པར་བསྐྲུན་བགྱིས། །འདི་བྱས་ལས་བྱུང་ རབ་དཀར་ཉལ་འགྲོའི་རྒྱུན། །རྒྱལ་སྲས་དགེ་ཚོགས་ཆུ་ཀླུང་དང་འདྲེས་ཏེ། །ཚེ་མཐའ་ཡས་ པའི་སྐུ་བཞིའི་རྒྱ་མཚོ་ཆེར། །ཡོངས་འབབ་ངོ་བོར་རོ་གཅིག་ཉིད་གྱུར་ཅིག །ཅེས་པའང་བླ་མ་ ཐུགས་རྗེ་དཔལ་གྱིས་པར་དུ་བསྐྲུན་སྐབས་སྨོན་ཚིག་འདི་བློ་བཟང་ཆོས་འཕེལ་པས་ཤར་འཛམ་ཐང་དུ་བྲིས་པའོ། ། 5-1-138 ཁྱབ་བདག་རེ་འདོད་ཀུན་གྱི་དབང་ཕྱུག་གཙོ། །འཁོར་ལོ་སྡོམ་པ་རྡོ་རྗེ་སློབ་དཔོན་ཚུལ། །བརྟུལ་ཞུགས་ཉམས་བརྒྱས་སྒེག་པའི་ཧེ་རུ་ཀ །ཏཱ་ར་ནཱ་ཐའི་ཞབས་རྡུལ་གཙུག་ཏུ་བྱུག །ཤེས་བྱ་ཐམས་ཅད་གཟིགས་པའི་རྣམ་དཔྱོད་ཀྱིས། མདོ་སྔགས་རྒྱ་མཚོའི་དྭངས་བཅུད་ཧུབ་ ཀྱིས་དྲངས། །ཚུལ་གཉིས་རྣམ་འབྱེད་ཞལ་ཆབ་ལེགས་འཇོ་བས། །ལྗོངས་འདིའི་མཐའ་ དབུས་རྫོགས་ལྡན་རྫིང་བུས་ཁྱབ། །ཚད་ལྡན་མཁས་པའི་ལེགས་བཤད་འདི། །འཛད་མེད་ ཆོས་སྦྱིན་འབྱུང་བ་དང༌། །འགྲོ་མང་ཡོངས་ལ་ཕན་སླད་དུ། །པར་བསྐྲུན་ཐུགས་རྗེ་དཔལ་ གྱིས་མཛད། །འདིར་འབད་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། །དུས་གསུམ་དགེ་ཚོགས་ ཇི་སྙེད་ཡོད་དོ་ཅོག །གཅིག་བསྡུས་མཁའ་ཁྱབ་འགྲོ་ཚོགས་མ་ལུས་ཀུན། །རིང་མིན་བདེ་ གཤེགས་སྙིང་པོ་མྱུར་མངོན་ཤོག །ཅེས་ལམ་བསླབ་པ་གསུམ་དང་དབང་ལུང་ཁྲིད་གསུམ་གྱི་ཡོན་ཏན་རྒྱ་ཆེ་བའི་ ཐུགས་རྒྱུད་ལེགས་པར་བརྒྱན་པའི་བཤེས་གཉེན་ཆེན་པོ་བླ་མ་ཐུགས་རྗེ་དཔལ་གྱིས་པར་བསྐྲུན་སྐབས་སྤར་བྱང་སྨོན་ཚིག་འདི་ ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་སྦྱར་བའོ། ། དོན་དམ་ཆོས་སྐུའི་དབྱིངས་དང་འདྲེས་པའི་ཐུགས་ལ་བཞེངས་པ་མི་མངའ་ཡང༌། །འགྲོ་ཀུན་སྲིད་ཞིའི་འཇིགས་ལས་སྐྱོབ་པའི་ཐུགས་རྗེ་ཞགས་པས་དམ་དུ་འཆིང༌། །འབད་ མེད་འདོད་དགུའི་དངོས་གྲུབ་གཏེར་མཛད་ཡིད་བཞིན་དབང་གི་རྒྱལ་པོ་ལྟར། །མཉམ་མེད་ བུ་རམ་ཤིང་པས་བདག་ཅག་དུས་ཀུན་ཤིས་པས་བསྐྱང་དུ་གསོལ། །འདོད་པའི་འཆིང་བ་ ཀུན་ལས་གྲོལ་ཡ༷ང་རྟག་ཏུ་འདོད་ཆགས་ཆེན་པོས་གདུང༌། །དངོས་དང་དངོས་མེད་རྣམ་པར་ བྲལ་ཡ༷ང་རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཚིག་གི་བརྗོད་པ་ཀུན་ལས་གྲོལ་ཡ༷ང་སྣ་ཚོགས་ སྐད་ཀྱིས་ཅིག་ཅར་སྟོན། །གཅིག་དང་དུ་མ་རྣམ་པར་བྲལ་ཡ༷ང་ཐབས་ཤེས་ཟུང་འཇུག་ སྟོན་ལ་འདུད། །རྒྱལ་བསྟན་དྭངས་བཅུད་རིན་ཆེན་ནོར་བུའི་ཚོགས། །དབང་ལུང་མན་ངག་ གསེར་སྐུད་ལེགས་པར་བསྟར། །སྐལ་ལྡན་མ་ལུས་མགྲིན་པའི་རྒྱན་དུ་སྤྲས། །བརྒྱུད་རིམ་ 5-1-139 བླ་མ་རྣམས་ཀྱི་བཀའ་དྲིན་དྲན། །འཇམ་དབྱངས་ངུར་སྨྲིག་གར་གྱི་རྣམ་པར་རོལ། །གཞན་ སྟོང་དབུ་མའི་རང་ལུགས་སླར་གསལ་མཛད། །མདོ་སྔགས་བྱེ་བའི་མངའ་བདག་སྒྲོལ་ མགོན་རྗེས། །དུས་འཁོར་རྫོགས་རིམ་མཐོང་བ་དོན་ལྡན་མཛད། །སྔ་ན་མེད་པའི་གསུང་ རབ་དམ་པ་འདི། །རྒྱལ་སྲས་དགྱེས་བསྐྱེད་ཀུན་བཟང་མཆོད་སྤྲིན་བསྟར། །འཛད་མེད་ཉལ་ འགྲོའི་རྒྱུན་ལ་འགྲན་པའི་ཐབས། །གཅིག་ལས་དུ་མ་ཡོངས་འཕྲུལ་ཆོས་སྦྱིན་མཆོག །ཆིག་ སྟོང་དགུ་བརྒྱ་གོ་དྲུག་ཟླ་ཚེས་ལ། །སྔོན་བསགས་ལས་སྐྱེས་ཀུ༷ན་དགའ་ཆོས་འཕེ༷ལ་གྱིས། །ཅོས་མོའི་ཐོག་དྲངས་འགྲོ་དྲུག་ཕ་མ་རྣམས། །སྲིད་ཞིའི་རྒྱ་མཚོའི་གཡང་ལ་ལྷུང་བ་དག །ཞི་ བསིལ་ཐར་པའི་གནས་སུ་དྲངས་པའི་ཐབས། །ལྷག་བསམ་དག་པའི་སྙིང་སྟོབས་ཟླ་བྲལ་ གྱིས། །བསྟན་འགྲོ་ཡོངས་ལ་དམིགས་ནས་ཡོན་སྦྱར་བས། །ཡིག་ཚོགས་འཛད་མེད་སྤར་གྱི་ ཕྱི་མོ་བསྐྲུན། །ལེགས་བྱས་འདི་དང་རྒྱལ་ཀུན་རབ་དཀར་མཛོད། །གཅིག་ཏུ་བསྡོམས་པའི་ རྣམ་དཀར་བསོད་ནམས་ཀྱིས། །བསྟན་འཛིན་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས། །ཆབས་ ཅིག་མདོ་སྔགས་རྫོགས་ལྡན་དབུ་མ་དར། །སྐྱེ་འགྲོའི་བདེ་སྐྱིད་འབད་མེད་ངང་གིས་འཕེལ། །སྦྱིན་བདག་ཕྱི་ནང་གསང་བའི་བར་ཆད་བྲལ། །བསྟན་འཛིན་སྡེ་རྒྱས་འདུལ་ཁྲིམས་གཙང་ མས་མཛེས། །ཐོས་བསམ་སྒོམ་གསུམ་བརྩོན་པ་ལྷོད་མེད་པར། །བྱིང་རྒོད་ཕྲ་རགས་ཀུན་ བྲལ་དྲན་ཤེས་ཀྱི། །བྱ་ར་ལྷོད་མེད་བག་ཡོད་ཞི་དུལ་དང༌། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་ བརྟན་པོ་ཡིས། །བདེ་གཤེགས་སྙིང་པོམྱུར་དུ་མངོན་པར་ཤོག །སྦྱིན་བདག་ཕ་རྒན་ཚེ་ལྡན་ ཕུར་བ་མགོན། །ཚེ་འདས་བསམ་གཏན་གཞན་ཡང་ཚེ་རིང་འབུམ། །བསམ་འཕེལ་ལ་ སོགས་བསྔོ་དགོས་གང་ཡོད་རྣམས། །འདི་ཕྱིར་བདེ་བའི་མཐར་ཐུག་གཏན་བདེ་ཐོབ། །རྟེན་ འདི་གང་ན་གནས་པའི་ས་ཕྱོགས་དེར། །ནད་མུག་དུས་འཁྲུགས་རབ་ཞི་ཆབ་སྲིད་བརྟན། །དུས་བཞི་སྙོམས་ཤིང་ལོ་ཕྱུགས་རྟག་ཏུ་འཕེལ། །ཚེ་རིང་སྐལ་བཟང་བདེ་སྐྱིད་ལྡན་པར་ཤོག 5-1-140 །འདིར་འབྲེལ་གྱིས་མཚོན་མཁའ་ཁྱབ་འགྲོ་བ་རྣམས། །སྐྱེ་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་ དུ། །ཟབ་ཆོས་བདུད་རྩི་འཐུང་བའི་སྐལ་བཟང་ལྡན། །སྒྲིབ་གཉིས་སྤངས་ཤིང་འགྲོ་བའི་ དེད་དཔོན་གྱུར། །དཔལ་ལྡན་བླ་མའི་མཛད་འཕྲིན་ཟླ་བྲལ་ལྟར། །བདག་སོགས་མཛད་པ་ ཆེན་པོའི་གནས་ཐོབ་ནས། །སྲིད་ཞི་དང་བྲལ་འདོད་དགུར་བསྒྱུར་བའི་ཐབས། །འགྲོ་ཀུན་ རེ་འདོད་འབད་མེད་སྐོང་བར་ཤོག །ཅེས་སྐྱེས་ཐོབ་ཡོན་ཏན་གྱི་ཆེ་བ་ཡོངས་སུ་རྫོགས་ཤིང་ལམ་བསླབ་པ་གསུམ་ དང༌། ཐོས་བསམ་སྒོམ་གསུམ་གྱི་སྤངས་རྟོགས་མཐར་ཕྱིན་པས་རང་དོན་ཚོགས་གཉིས་ཡོངས་སུ་རྫོགས་ཤིང༌། གཞན་དོན་དུ་ འཆད་རྩོད་རྩོམ་གསུམ་དང༌། དབང་ལུང་གདམས་ངག་མ་ལུས་པ་ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་ མགྲིན་པ་གཟེངས་སུ་མཐོ་བ་དང༌། ཁྱད་པར་མདོ་སྔགས་ཀྱི་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བའི་རྐང་བྱས་ཏེ། སྔགས་གསར་རྒྱུད་ཀྱི་གསང་སྔགས་བསྟན་པའི་མངའ་བདག་ཆེན་པོར་བཞུགས་ཤིང༌། མཚན་བརྗོད་པར་དཀའ་བ་དོན་རྒྱ་ཆེན་ པོའི་སླད་དུ་མཚན་ནས་སྨོས་ན་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོའམ། རྗེ་ཏཱ་ར་ནཱ་ཐ་ཞེས་མཚན་གྱི་སྙན་པ་སྲིད་འདིར་ནམ་ མཁའི་རྔ་གསང་ལྟར་གྲགས་ཤིང༌། ཟེགས་མའི་ཆ་ཤས་ཙམ་འགྲོ་ཀུན་གྱི་རྣ་བར་ལྷུང་བས་ཀྱང་ངན་འགྲོའི་ལུས་ཀྱི་དཔུང་བསྙིལ་ ཞིང་བདེ་སྐྱིད་མ་ལུས་པ་སྟེར་བས་སྙིགས་དུས་སུ་ངེས་གསང་གི་རྒྱལ་བསྟན་སླར་ཡང་སྐྱོང་བར་དགོངས་ཏེ། བསམ་བཞིན་དུ་ སྐུ་སྐྱེས་གཞོན་ནུའི་ཚུལ་དུ་བྱོན་པ་གང་གིས་མཛད་པའི་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་ཞེས་བྱ་བའི་ ཤིང་སྤར་ཀུ༷ན་དགའ་ཆོས་འཕེ༷ལ་གྱིས་བཞེངས་སྐབས་སུ་སྤར་བྱང་སྨོན་ཚིག་ཟབ་མོའི་གནས་ལུགས་རྟོགས་པའི་ཉམས་མྱོང་ ལེགས་བསྐྲུན་ཞེས་བྱ་བ་འདི་ཡང་འཛིན་བྱེད་དམ་མེ་ཕོ་བྱི་བའི་ཧོར་ཟླ་བདུན་པ་གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔ་གཟའ་ལྷག་པ་ སྐར་མ་བྱི་བཞིན་ས་ཆུ་འཕྲད་པ་ལང་ཚོ་སྦྱོར་བ་རྣམ་དཀར་གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ཉིན་མཐའ་ལེགས་ གྲུབ་སྐབས་དབྱར་གྱི་དུས་སུ་དྲོ་གྲང་སྙོམས་ཤིང་རྩི་བཅུད་སྣ་ཚོགས་ཀྱི་དྲི་བསུང་རྣམས་བསེར་བུ་དལ་གྱིས་ལྡང་བས་ཕྱོགས་ ཀུན་ཁྱབ་པར་མཛད་པ། ནམ་མཁའི་ཆུ་འཛིན་སྟུག་པོ་ཕྱོགས་བཅུར་བསྐྱོད་པའི་དབུས་ནས་ནམ་མཁའི་རྔ་གསང་ལྷང་ལྷང་སྒྲོག་ བཞིན་འོད་དམར་ཞགས་པའི་རྩེད་འཇོ་དང་འགྲོགས་ཏེ། བདུད་རྩིའི་ཟིལ་ཆར་ཕྱོགས་བཅུར་འཐོར་ནས་གསེར་ལྡན་ཡངས་པའི་ དཀྱིལ་འཁོར་རབ་ཏུ་རྒྱས་པ་ལས་འགྲོ་ཀུན་འཚོ་བར་བྱེད་པས་སྐྱེ་ལྡན་སྣ་ཚོགས་ཀྱི་འབྲས་བུ་རྒྱས་པ། མེ་ཏོགའཁྲི་ཤིང༌། རྐང་ 5-1-141 འཐུང༌། ལྗོན་པ་སྣ་ཚོགས་པའི་ལོ་འབྲས་ཕུན་སུམ་ཚོགས་པ་ཕྱོགས་བཅུར་གཡོ་བའི་རྩེ་མོར་བྱ་ཁུ་བྱུག་དང༌། འཇོལ་མོ་མཐིང་ རིལ་སོགས་ཀྱིས་ཕན་ཚུན་འགྲན་བཞིན་སྙན་པའི་སྒྲ་སྐད་རྣ་བའི་བཅུད་དུ་འཁྱིལ་བ། རི་ཐང་ཐམས་ཅད་ཀྱིས་རིན་པོ་ཆེ་གཡུ་ ལྗང་གི་གོས་གྱོན་པ་ལྟར་ལྗང་གསལ་གཡུ་ཡི་ཁ་དོག་ཏུ་བསྒྱུར་བ། ཆར་སྤྲིན་སྟུག་པོའི་ཁུར་གྱིལྕི་བའི་རླབས་ཕྲེང་ཆུ་འཛིན་སྔོ་ བསངས་གོས་ཅན་ས་ལ་ལྷུང་འདྲའི་འཛད་མེད་ཆུ་མཛོད་ཀློང་ནས་བརྡོལ་བ་འདི་ནུབ་ཞི་བདེ་རྒྱ་མཚོ་ལ་འགྲན་པ་ལྟ་བུའི་ཆུ་བོའི་ གཞུང་རབ་ཏུ་རྒྱས་པ། ཁ་དོག་སྣ་ཚོགས་པའི་འཇའ་ཚོན་གྱི་རི་མོ་མཁའ་ལ་འཁྱོག་པོར་བྲིས་པས་མཆོག་གསུམ་ལ་མཆོད་པའི་ རྣམ་འགྱུར་ངོམ་པ་སོགས་ཕྱི་ནང་གི་མཐུན་རྐྱེན་ལེགས་ཚོགས་མ་ལུས་པ་འབྱུང་བའི་སྐབས་སུ་ཉིད་ཀྱིས་བསྐུལ་བ་ལྟར་ཤཱཀྱའི་ དགེ་སློང་བློ་བཟང་ཆོས་འཕེལ་རྒྱ་མཚོས་འཛམ་ཐང་གཙང་ཆེན་འདུ་ཁང་ཕོ་བྲང་དམར་ལྡིང་མའི་ནང་དུ་དགེ་འདུན་པ་བརྒྱ་ཕྲག་ གཅིག་དང་ལྔ་བཅུ་ལྷག་ཙམ་གྱིས་ཇོ་ནང་ཕུར་བའི་སྒྲུབ་ཆེན་འདོན་ཞོར་དུ་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། དོན་དམ་ཆོས་སྐུ་འཁོར་འདས་ཀུན་ཁྱབ་དབྱིངས། །སྐུ་བཞི་ཡེ་ཤེས་ལྔ་དང་རྒྱལ་ཀུན་ ཐུགས། །རྒྱུད་སྡེ་རྒྱ་མཚོའི་སྐུ་དང་ཞིང་གི་མགོན། །དེ་ལས་ཁྱད་པར་གསང་བ་འདུས་པར་ གུས། །གསང་འདུས་རྒྱུད་དོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་གདམས་ངག་ཉམས་ལེན་ མཛད་པ་བཞིན། །འགོས་ལོ་རྔོག་པ་ཡབ་སྲས་མར་པ་སོགས་ཀྱིས་དེ་ལྟར་ལེགས་པར་ བཀྲལ་བ་རྣམས། །རྗེས་སུ་ཕན་ཚུན་འདྲེས་པ་གཟུ་ལུམ་འགའ་ཡིས་གླེགས་བམ་གསར་ བཞག་དག །དགག་སྒྲུབ་དབྱེ་བསལ་བྱས་ཏེ་ཁྱད་འཕགས་སྒྲུབ་ཐབས་ཏཱ་ར་ནཱ་ཐས་མཛད། །ཉམས་སུ་ལེན་ཚུལ་བསྟན་བཅོས་ཁྱད་འཕགས་གངས་ལྗོངས་སྤྱི་ནོར་མཆོག །ནམ་ཡང་ འཛད་མེད་ཆུ་བོའི་རྒྱུན་ལ་འགྲན་པའི་ཐབས་མཆོག་འདི། །གཅིག་ལས་དུ་མ་འཕེལ་བའི་ འཕྲུལ་འདེགས་ལེགས་པའི་གཞི་ཉིད་དུ། །ཆོས་སྦྱིན་འཛད་མེད་སྤར་གཞིའི་ཕྱི་མོ་གསར་བ་ ལེགས་པར་བསྐྲུན། །འདི་བྱས་ལས་བྱུང་རྣམ་དཀར་བསོད་ནམས་འདི། །སྲས་བཅས་རྒྱལ་ བའི་ཐུགས་སྨོན་ཆུ་ཀླུང་དང༌། །གཅིག་ཏུ་འདྲེས་ནས་སྐུ་བཞིའི་རྒྱ་མཚོ་ཆེར། །ཡོངས་བབས་ ངོ་བོ་རོ་གཅིག་འདྲེས་གྱུར་ཅིག །གུ་ཎ་བྷ་དྲས་ཆིག་སྟོང་དགུ་བརྒྱ་གོ་བརྒྱད་ཟླ་༡ ཚེས་༡ལ། 5-1-142 །གསང་འདུས་སྒྲུབ་ཐབས་འབར་བའི་འོད་གསལ་སྤར་གཞི་ལེགས་བསྐྲུན་འདིས། །བསྟན་ འཛིན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ཕྱོགས་བཅུར་ཁྱབ། །དགེ་འདུན་སྡེ་རྒྱས་འདུལ་ ཁྲིམས་གཙང་མའི་གཞི་བཟུང་བྱང་སེམས་དང༌། །གསང་སྔགས་རྒྱལ་བསྟན་ནམ་ཡང་འཆར་ ནུབ་བྲལ་ཞིང་སྲ་བརྟན་གནས། །སྐལ་ལྡན་སྐྱེ་འགྲོ་ཡོངས་ཀྱི་བགོ་སྐལ་འབད་མེད་ལྷུན་ གྱིས་གྲུབ། །དེར་བརྟེན་རྫོགས་ལྡན་གསར་བའི་ཉམས་རྟོགས་དགའ་སྟོན་ལ་བརྟེན་ནས། །ཡེ་བཞུགས་གསང་འདུས་སྒྲིབ་གཉིས་ལས་གྲོལ་ཇི་བཞིན་མངོན་གྱུར་ཤོག །སྦྱིན་བདག་ འབྲེལ་བ་ཆེ་ཆུང་གང་ཡོད་དང༌། །ཕ་མའི་ཐོག་དྲངས་མཁའ་ཁྱབ་སེམས་ཅན་ཀུན། །ཟབ་ ཆོས་འདི་དང་འབྲེལ་རྣམས་གསང་གསུམ་བྲལ། །འདི་ཕྱིར་བདེ་ཞིང་སྐུ་བཞི་ལེགས་འཐོབ་ ཤོག །རྟེན་འདི་གང་ན་བཞུགས་པའི་ཡུལ་ཁམས་སུ། །དུས་བཞི་སྙོམས་ཤིང་ལོ་ཕྱུག་རྟག་ ཏུ་འཕེལ། །ནད་མུག་འཐབ་རྩོད་བྲལ་ཞིང་ཕན་ཚུན་བྱམས། །འགྲོ་ཀུན་རྟག་ཏུ་ཆོས་ལ་སྤྱོད་ པར་ཤོག །ཅེས་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་གསང་འདུས་སྒྲུབ་ཐབས་འབར་བའི་འོད་གསལ་སྤར་དུ་བསྐྲུན་སྐབས་ སྤར་བྱང་སྨོན་ཚིག་དོ༷ན་ད༷མ་ཆོ༷ས་སྐུ༷་ཡེ༷་ཤེ༷ས་འོ༷ད་གས༷ལ་ཞེས་བྱ་བ་འདི་འཛམ་ཐང་གཙང་པ་དགོན་གྱི་མཁན་ངག་དབང་ ཡོ༷ན་ཏ༷ན་བཟ༷ང་པོས་བྲིས་པ་སྟེ། འདིའི་སྤར་གཞིའི་མ་ཕྱི་ང༷ག་དབ༷ང་དཀོ༷ན་མཆོ༷ག་གིས་བྲིས་པས་ཕ་འབུ༷མ་ཆུ༷ང་དང་མ་སྐ༷་ སྐྱི༷ད་གཉིས་ཀྱི་གཙོར་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔལ་གསང་བ་འདུས་པའི་ཞབས་དྲུང་དུ་སྐྱེ་བའི་རྒྱུར་གྱུར་ ཅིགསྨོན་ཚིག་འདི་ཡང་༡༩༩༨བོད་རབ་བྱུང་བཅུ་བདུན་པ་ས་སྟག་ཟླ་༡ཚེས་༡༥ཆོ་འཕྲུལ་ཆེན་མོའི་དུས་ཆེན་སྐབས་ཞིང་ཆེན་ བཅུ་དང་ཕན་ཚུན་འབྲེལ་བ་བྱས་ནས་སེམས་ཅན་དུང་ཕྱུར་དུ་མ་ཚེ་གེགས་ལས་བསྐྱབས་པའི་དགེ་བ་དང༌། སྤར་བསྐྲུན་བྱས་ པའི་དགེ་བ་དང༌། སོ་འཕགས་ཀྱི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡོམས་པའི་ནུས་མཐུས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་ ཀྱི་སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་མྱུར་དུ་རྫོགས་པའི་སྨོན་འདུན་བླ་མ་དང་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བདེན་པའི་ སྟོབས་ཀྱིས་འགྲུབ་པར་གྱུར་ཅིག །འདི་དང་དུས་གསུམ་འབྲེལ་བ་ཡི། །དགེ་རྩ་ཇི་སྙེད་བསགས་པ་ཀུན། །མ་གྱུར་སེམས་ཅན་ ཐམས་ཅད་ལ། །སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྒྱས་པའི་རྒྱུར་གྱུར་ཅིག དགེའོ། ། 5-1-143 རྒྱལ་ཀུན་མཁྱེན་བརྩེའི་མཛད་འཕྲིན་ནོར་བུའི་ཅོད་པན་གང་གི་དབུ་ལ་བཞག །མཁས་ གྲུབ་བྱེ་བའི་མགོ་བོར་ཞབས་ཟུང་པདྨོའི་གེ་སར་གསལ་བར་བཀོད། །ངེས་དོན་སྙིང་པོའི་ གཏམ་གྱིས་སྲིད་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་མཛད། །མདོ་སྔགས་བསྟན་པ་ཡོངས་ཀྱི་ མངའ་བདག་ཏཱ་ར་ནཱ་ཐར་ལན་བརྒྱར་གུས། ༡ །དྲི་མེད་རབ་གསལ་ཨིནྡྲ་ནཱི་ལའི་ལྷུན་པོ་ ལྟར་འཕགས་མཚན་དཔེས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ། །སྙན་འཇེབས་ཡིད་འོང་ དགའ་བྱེད་རབ་གསལ་མི་མཐུན་མེད་པའི་ཚངས་པའི་དབྱངས་ནི་རབ་ཏུ་སྙན་པའི་གསུང༌། །བདེ་ཆེན་ཡེ་ཤེས་ཉམས་བརྒྱའི་རོལ་བས་དཔག་ཡས་ལྷ་ཚོགས་རབ་འབྱམས་སྤྲོ་ཞིང་རྣམ་ ཀུན་མཁྱེན་པའི་ཐུགས། །བླ་མ་ཧེ་རུ་ཀ་དཔལ་དཔའ་བོའི་ཞབས་རྡུལ་ལྷ་མིའི་དབང་པོས་ སྤྱི་བོར་བླངས་ཏེ་གུས་པས་འདུད། ༢ །འཆི་མེད་ན་ཆུང་བཅུ་དྲུག་ལང་ཚོའི་དཔལ་འཛིན་ རིན་ཆེན་རུས་པས་རབ་བརྒྱན་མཉེན་ལྕུག་ལྡན་པའི་སྐུ། །བསྐལ་པའི་མེ་ལྟར་རབ་དམར་ འོད་ཀྱི་དྲ་བས་མཛེས་ཤིང་མཁའ་འགྲོ་དུ་མ་སྤྲོ་ཞིང་བསྡུ་བའི་གཞི། །འདོད་ཆགས་ཆེན་པོའི་ རྣམ་པར་རོལ་མཁས་རྒྱལ་བ་ཀུན་ལ་བདེ་ཆེན་ཡེ་ཤེས་སྦྱིན་མཛད་གསང་བའི་ཡུམ། །དངོས་ པོ་ཀུན་གྱིས་རབ་ཏུ་བཏུད་ན་བདག་དང་འགྲོ་ཀུན་བདེ་ཆེན་ཡེ་ཤེས་བདག་པོའི་སར་འགོད་ མཛོད། ༣ །བདེ་མཆོག་བསྟོད་ཆེན་འགྲེལ་བཤད་ཕན་བདེའི་རྒྱ་མཚོ་འདི། །མཐའ་ཡས་ རྒྱུད་སྡེའི་གསང་མཛོད་བླ་མའི་བྱིན་རླབས་དང༌། །རྡོ་རྗེའི་མཁའ་འགྲོས་གྲོགས་བྱས་ཟབ་ མོའི་དོན་རྣམས་ནི། །ཀུ༷ན་དག༷འ་སྙི༷ང་པོས་རྒྱ་ཆེར་གསལ་བར་བྱས་པ་འདི། །གཅིག་ལས་ དུ་མར་འཕེལ་བའི་འཕྲུལ་གྱི་ཆོས་གཞི་ཡངས། །ཆོས་སྦྱིན་ཟད་མེད་ཉལ་འགྲོའི་རྒྱུན་ལ་ འགྲན་པ་འདི། །སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བརྒྱད་ཟླ་༣ཚེས་༢༨ལ། །སྔོན་བསགས་ལྡན་ པའི་མཁྱེ༷ན་ལོ༷ས་བསྟན་གཞིའི་སྦྱིན་བདག་མཛད། ༥ །ཕ་མའི་ཐོག་དྲངས་མཁའ་ཁྱབ་འགྲོ་ 5-1-144 ཀུན་དོན་དུ་བསྐྲུན། །ཕྱི་ནང་གསང་བའི་བར་ཆད་བྲལ་ཞིང་སྒྲིབ་གཉིས་སྦྱངས། །བསྟན་ འཛིན་ཡོངས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས། །ཆོས་སྤྱོད་བཅུ་ཡི་བྱ་བ་མ་ལུས་རྟག་ཏུ་ འཕེལ། ༦ །དུས་བཞི་སྙོམས་ཤིང་ཆར་ཆུ་དུས་འབབ་ལོ་ཕྱུགས་ལེགས། །ནད་རིགས་ཀུན་ ཞི་ཚེ་རིང་ཕན་ཚུན་བྱམས་ཞིང་བརྩེ། །མི་དགེ་བཅུ་སྤངས་དགེ་བཅུ་མ་ལུས་རྟག་པར་སྤྱོད། །ཆབ་སྲིད་བརྟན་ཞིང་དུས་འཁྲུགས་མ་ལུས་རབ་ཞི་མཛོད། ༧ །རྟེན་འདི་གང་ན་བཞུགས་ པའི་ཡུལ་ཁམས་སུ། །ལྷ་ཀླུ་མི་དང་མི་མིན་འབྱུང་པོ་དང༌། །འདྲེ་སྲིན་རྒྱལ་གདོན་དམ་སྲི་ཤ་ ཟའི་རིགས། །ཐམས་ཅད་ཕན་སེམས་ལྡན་ཞིང་ཆོས་སྤྱོད་ཤོག༨ །དགེ་ཚོགས་འདིའི་མཚོན་ དུས་གསུམ་བསགས་དགེ་རྣམས། །ཕྱོགས་བཅུའི་རྒྱལ་སྲས་ཡོངས་ཀྱིས་བསགས་དགེ་ཀུན། །གཅིག་ཏུ་བསྡོམས་པའི་ཀུན་བཟང་འཇམ་དཔལ་གྱིས། །སྨོན་པ་ཇི་ལྟ་བ་བཞིན་འགྲུབ་གྱུར་ ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་ འཁོར་ལོ་སྡོམ་པའི་བསྟོད་ཆེན་དངོས་གྲུབ་འབྱུང་གནས་ཀྱི་རྒྱ་ཆེར་བཤད་པ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ དགོངས་པ། རིག་སྔགས་འཆང་མཐའ་དག་གི་ངེས་པའི་ཚིགསྦས་པའི་དོན་མ་ལུས་པ་གསལ་བར་བྱེད་པ་ཕན་བདེའི་རྒྱ་མཚོ་ ཞེས་བྱ་བ་འདི་ནི། རྗེ་བཙུན་བླ་མ་དམ་པ་རྣམས་ཀྱིས་ཐུགས་རྗེས་ཉེ་བར་བཟུང་བས་འཕགས་པའི་ཡུལ་དང༌། གངས་རིའི་ཁྲོད་ འདིའི་སྐྱེས་བུ་དམ་པ་རིག་སྔགས་འཆང་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་རྫོགས་པར་འཛིན་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་ བྱ་བས་བློ་གྲོས་དང་ལྡན་པའི་སློབ་མ་རྣམས་ཀྱིས་ཉེ་བར་བསྐུལ་བ་དང༌། ཕྱོགས་འཛིན་སྤངས་པའི་བློ་ཅན་རྡོ་རྗེ་ཐེག་པའི་ངེས་ པའི་དོན་ལེགས་པར་ཤེས་པར་འདོད་པ་རྣམས་ལ་མཆོག་ཏུ་ཕན་པར་མཐོང་ནས། རང་ལོ་ཉེར་དྲུག་ཏུ་ཉེ་བར་ཀུན་ལྡན་གྱི་ལོར་ མཆུ་སྟོད་ཟླ་བའི་ཡར་ཚེས་བཅུ་པ་ལ་དཔལ་རྟག་ལུང་ཐང་དང་ཉེ་བའི་དབེན་གནས་རྣམ་རྒྱལ་རབ་བརྟན་དུ་ལེགས་པར་སྦྱར་ བའི་ཡི་གེ་པ་ནི་ཀུན་དགའ་རྣམ་རྒྱལ་ལོ། །ཞེས་པའི་གཞུང་བསྟོད་ཆེན་ལ་ལྡེབ་ཉེར་བརྒྱད་དང༌། འགྲེལ་བཤད་ལ་ལྡེབ་བཞི་ བརྒྱ་དང་ང་དྲུག་མ་ཕྱི་ལ་ཡོད་པ་འདི་ཤིང་སྤར་དུ་བསྐྲུན་སྐབས། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་བརྒྱད། རབ་བྱུང་བཅུ་བདུན་པ། 5-1-145 ས་ཕོ་སྟག་གི་ལོའི་དཔྱིད་ཐ་ཆུང་ནག་པ་ཟླ་བའི་ཚེས་བརྒྱད་ཉིན་རྣམ་དཀར་གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ གྱི་དུས་སུ་རི་ཐང་ལྗོན་ཤིང་ཐམས་ཅད་གྱི་མདོག་ལྗང་གསལ་དུ་གྱུར། མེ་ཏོག་རྣམས་དཀར་སེར་སྔོ་དམར་སྣ་ཚོགས་སོགས་ཀྱི་ མདངས་རྒྱས་ཏེ། འདབ་ཆགས་དང༌། བུང་བ་སོགས་ཀྱིས་འཕུར་ལྡིང་དང༌། བསེར་བུས་བསྐྱོད་པས་དྲི་ངད་སྣ་ཚོགས་ཕྱོགས་ བཅུར་ཁྱབ་པ། མདོར་ན་འགྲོ་ཀུན་གྱི་ཡིད་ལ་དགའ་བ་སྟེར་བ་སོགས་མཆོག་གསུམ་གྱི་མཛད་འཕྲིན་དང་དབང་ཐང་གི་བསོད་ ནམས་ལ་ཡིད་ཆེས་འཕེལ་བ་སོགས་ཀྱི་དུས་སུ་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་གྱི་ཡ་གྱལ་བདེ་མཆོག་བསྟོད་ཆེན་དང་ འགྲེལ་བཤད་ཀྱི་སྤར་བྱང་སྨོན་ཚིག་གསང་སྔགས་རྒྱ་མཚོའི་འཇུག་སྒོ་ཞེས་བྱ་བ་འདི་འཛམ་ཐང་མཁ༷ན་ང༷ག་དབ༷ང་ཡོ༷ན་ཏ༷ན་ བཟ༷ང་པོ༷ས་བྲིས་པ་དགེ། ༀ་སྭ་སྟི། ཆོས་སྐུ་ཀུན་ཁྱབ་བདེ་སྟོང་ཟུང་འཇུག་དབྱིངས། །བརྟན་གཡོ་ཀུན་གྱི་སྲོག་ཏུ་ རྟག་བཞུགས་ཀྱང༌། །མ་རྟོག་འགྲོ་ཀུན་སྒྲིབ་གཉིས་ལེགས་བསལ་ཕྱིར། །ཏཱ་ར་ནཱ་ཐས་ཟབ་ ཆོས་ཐང་མར་བརྡལ། །རྒྱུད་རྒྱལ་ཆུ་གཏེར་དངོས་གྲུབ་རླབས་ཕྲེང་འཁྲིགས། །ཟབ་དོན་ནོར་ བུའི་ཕུང་པོ་འབུམ་བརྡལ་ལས། །རྨད་བྱུང་ཆོ་གའི་སྦྱོར་བ་འདིར་འོངས་པ། །དུས་གསུམ་ སངས་རྒྱས་སྲས་བཅས་བསྐྱེད་པའི་ཡུམ། །སྒྲུབ་ཐབས་མཆོད་ཆོག་རྣམ་པར་དག་པ་འདི། །སྐལ་ལྡན་འགྲོ་ལ་དར་ཞིང་རྒྱས་པའི་ཕྱིར། །གྲངས་མེད་གླེགས་བམ་སྣང་བརྙན་འབད་མེད་ དུ། །སྤེལ་ཕྱིར་སྤར་འཕྲུལ་གསར་བསྐྲུན་མཛད་པ་འདི། །ངག་དབང་འཇིགས་མེད་ཕྱོགས་ ལས་རྣམ་རྒྱལ་གྱིས། །མཐུན་རྐྱེན་ཡོན་སྦྱར་ལྷག་བསམ་རྣམ་དག་གིས། །བསྟན་དང་འགྲོ་ ལ་ཕན་ཕྱིར་འབད་པས་བསྒྲུབས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཞི། །འདི་ལས་ རྒྱ་ཆེར་བསོད་ནམས་གང་འགྲུབ་པ། །སྲིད་ཞིའི་ལེགས་བྱས་ཀུན་དང་ལྷན་ཅིག་ཏུ། །ཡོངས་ སུ་ཞུགས་པས་མཐའ་ཡས་འགྲོ་བ་ཀུན། །བླ་མེད་རྒྱལ་བའི་ས་ལ་འཁོད་པར་ཤོག །ལས་ འདིར་འབད་རྩོལ་འབྲེལ་བ་གང་ཡོད་དང༌། །ཕ་མའི་གཙོར་གྱུར་འབྲེལ་ཐོགས་འདས་ལྡན་ དང༌། །སྐྱེ་བོ་སྲིད་པའི་ལམ་ལ་གནས་པ་ཀུན། །སྐུ་བཞི་མཆོག་གི་རྒྱལ་སར་བགྲོད་པར་ཤོག 5-1-146 །ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཡང༌། །ཚེ་རིང་ནད་མེད་ལོངས་སྤྱོད་རྒྱས་པ་དང༌། །བདུད་ ཀྱི་ལས་དང་མི་མཐུན་ཕྱོགས་ཀུན་ཞི། །བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་ཤོག །སྤར་འདི་བཞུགས་པའི་ཡུལ་ཕྱོགས་ཐམས་ཅད་དུ། །དུས་བཞི་སྙོམས་ཤིང་ལོ་ཕྱུགས་རྟག་ ཏུ་ལེགས། །འཐབ་རྩོད་འཁྲུག་པའི་མིང་ཙམ་མེད་པ་དང༌། །བཀྲ་ཤིས་དཔལ་འབར་འཛམ་ གླིང་རྒྱན་དུ་ཤོག །ཅེས་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ཤིང་སྤར་བཞེངས་པའི་གྲལ་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ སྒྲུབ་ཅིང་མཆོད་པའི་ཆོ་ག་ངག་འདོན་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པ་ལྟར་སྤར་དུ་བསྐྲུན་པ་དགེ། སྤར་བྱང་སྨོན་ཚིག་ འདི་གུ་ཎ་བྷ་དྲས་བྲིས་པའོ། །སརྦ་མངྒ་ལཾ། སྤར་འདི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས། བསོད་ནམས་དགེ་ལེགས་ཆུ་གཏེར་ཡོངས་ཁྱབ་པ། །ཀུན་ཁྱབ་འཁོར་འདས་དྭངས་ བཅུད་སྲོག་ཆེན་དུ། །ཡེ་བཞུགས་རྒྱལ་ཀུན་བསྐྱེད་པའི་ཡུམ་ཆེན་མོ། །རང་བྱུང་ལྷུན་གྲུབ་ འཕགས་མ་ལྷ་མོར་གུས། །ཞེས་པ་འདི་ཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་ འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་བསྡུས་དོན་ཏེ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ངེས་པར་སྦྱར་བ་འདི་རྗེ་བཙུན་གསུང་འབུམ་སྤར་བསྐྲུན་ མཛད་འདིའི་ཡོན་སྦྱར་མཛད་པོ་གཙང་སྐུ་ངག་གོ། ། གསང་སྔགས་རྒྱུད་སྡེ་བྱེ་བའི་ཆུ་གཏེར་དཀྱིལ། །སྔོན་བསགས་རྡུལ་མང་བརྩེགས་ པའི་ནོར་འཛིན་དུ། །ཡོངས་ཁྱབ་དབང་ལུང་མན་ངག་པད་དཀར་བཞད། །རྐང་དྲུག་བདུད་ རྩིས་འཚོ་མཛད་སྒྲོལ་མགོན་རྗེ། །དྲི་མེད་འོད་དམར་ལུས་ཅན་དྲ་བས་མཛེས། །མཉེན་ལྕུག་ འཁྲིལ་ལྡེམ་བདེ་ཆེན་རབ་སྟེར་མ། །བདེ་སྟོང་ཡེ་ཤེས་སྟོང་གཟུགས་སྣ་ཚོགས་སྟེར། །སྒྱུ་ འཕྲུལ་བདག་མོ་འཕགས་མ་ལྷ་མོར་གུས། །ཞེས་རྗེ་ཏཱ་ར་ནཱ་ཐའི་གསུང་འབུམ་ཤིང་སྤར་དུ་བཞེངས་སྐབས་ སྒྲོལ་མ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཡེ་ཤེས་འབར་བ་ཞེས་བྱ་བ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་མཛད་པ་གཙང་པ་ འགབ་མའི་སྐུ་ཕྲེང་ལྔ་པ་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས་ཡོན་སྦྱར་མཛད་པ་འདིས་བསྟན་འགྲོ་ལ་ཕན་པ་ རླབས་ཆེན་འབྱུང་བར་གྱུར་ཅིག 5-1-147 གང་འདུལ་འགྲོ་བའི་ཁམས་དབང་རྗེས་འགྲོའི་དཔལ། །ངོ་མཚར་ལྷུན་གྲུབ་གསང་ གསུམ་མཛད་པའི་འཕྲུལ། །མ་ལུས་ཞིང་དུ་རྟག་པར་ཡོངས་བཀྱེ་བ། །རྗེ་བཙུན་ལྷ་མོ་གཙོ་ འཁོར་རྒྱལ་གྱུར་ཅིག །ཀུན་གསལ་མཁྱེན་བརྩེའི་རྟ་བདུན་དཀྱིལ་འཁོར་ནས། །ཚད་མེད་ ཐུགས་རྗེའི་འོད་ཟེར་རབ་འཕྲོས་པས། །འགྲོ་ཀུན་སྒྲིབ་གཉིས་མུན་སྟུག་མ་ལུས་པ། །ཅིག་ ཅར་སེལ་མཛད་ཏཱ་ར་ནཱ་ཐར་གུས། །ཞེས་རྗེ་ཏཱ་ར་ནཱ་ཐའི་གསུང་འབུམ་བཞེངས་སྐབས་སུ་སྒྲོལ་མའི་དཀྱིལ་འཁོར་ གྱི་ཆོ་ག་གཞན་ལ་ཕན་པ་ཞེས་བྱ་བ་འདི་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འདི་ཉིད་ཀྱི་རྒྱུད་ཀྱི་འགྲེལ་བ་ཇོ་བོ་རྗེས་མཛད་པ་དེ་ ཉིད་གཞིར་བཞག་ཅིང༌། ཕྱག་ལེན་གྱིས་ཁ་སྐོང་ཇི་ལྟར་མཛད་པ་ལྟར་མ་འཁྲུལ་བར་བཀོད་པ་སྟེ། གྲུབ་ཆེན་ཞི་བ་སྦས་པའི་མན་ ངག་བླ་མ་རྣམ་གསུམ་གྱི་ཞལ་ལུང་སྟེ་རང་ལོ་ཉེར་བདུན་པ་ལ་བཀོད་པའོ། །སྒྲོལ་མའི་དཀྱིལ་ཆོག་འདིའི་སྦྱིན་བདག་གཙང་པ་ འགབ་མའི་སྐུ་ཕྲེང་ལྔ་པ་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས་བགྱིས་པས་བསྟན་འགྲོ་ལ་ཕན་པར་ཤོག་ཅིག རྨད་བྱུང་དགེ་ལེགས་རྒྱ་མཚོའི་དཔལ་གྱུར་པ། །འཁོར་འདས་བརྟན་གཡོའི་དྭངས་ བཅུད་སྲོག་ཆེན་པོ། །དང་པོའི་སངས་རྒྱས་རྒྱལ་ཀུན་བསྐྱེད་པའི་ཡུམ། །རང་བྱུང་ཡེ་ཤེས་ འཕགས་མ་རྒྱལ་གྱུར་ཅིག །རབ་དཀར་ཀེ་ལ་ཤ་ཡིས་ལེགས་བསྐོར་བ། །མ་སྨད་ནོར་འཛིན་ ལྗོངས་འདིར་བསོད་ནམས་ཞིང༌། །ཕུལ་བྱུང་མདོ་སྔགས་ཡོངས་ཀྱི་མངའ་བདག་མཆོག །ཇོ་ ནང་ཏཱ་ར་ནཱ་ཐར་ལན་བརྒྱར་གུས། །རྗེ་ཏཱ་ར་ནཱ་ཐའི་གསུང་འབུམ་ཤིང་སྤར་དུ་བཞེངས་སྐབས་སྒྲོལ་མའི་རྒྱུད་ཀྱི་ འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བའི་སྤར་གཞིའི་ཡོན་བདག་གཙང་བ་འགབ་མའི་ཡང་སྤྲུལ་ འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱིས་སྦྱར་བ་དགེ། སརྦ་མངྒ་ལཾ། ༀ་སྭ་སྟི། དོན་དམ་འོད་གསལ་ཆོས་དབྱིངས་ཡེ་ཤེས་འཁོར་འདས་ཀུན་ཁྱབ་ལས། །འཇམ་དབྱངས་གཞོན་ནུ་ཟུར་ཕུད་ལྔ་པ་བླ་མའི་ཚུལ་འཆང་བ། །ཀུན་མཁྱེན་ཏཱ་ར་ནཱ་ཐ་ རྒྱལ་བསྟན་མདོ་སྔགས་ཡོངས་ཀྱི་བདག །ལྷ་དང་བཅས་པའི་འགྲོ་བའི་གཙུག་གིས་རྒྱན་ དུ་བཀུར། །ཉིད་ཀྱི་མདོ་འགྲེལ་སྔོན་མེད་ལེགས་བཤད་ཀྱིས། །མཐའ་བྲལ་བྱམས་ཀླུའི་ 5-1-148 དགོངས་དོན་འགལ་མེད་དུ། །གཞན་དྲིང་མི་འཇོག་ལུང་རིགས་ཡང་དག་གིས། །མདོ་དོན་ མཐར་ཐུག་གཞན་སྟོང་དབུ་མར་བསྒྲུབས། །བསྟན་བཅོས་ཁྱད་འཕགས་འཛམ་གླིང་སྤྱི་ནོར་ འདི། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །ཆོས་སྦྱིན་འཛད་མེད་ཆུ་བོའི་རྒྱུན་ལ་ འགྲན། །ཆིག་སྟོང་དགུ་བརྒྱ་གོ་དྲུག་ཟླ་ཚེས་ལ། །སྔོན་བསགས་ལྡན་པའི་ངག་དབང་ཚུལ་ ལྡན་གྱིས། །ལྷག་བསམ་དག་པའི་ཐུགས་བསྐྱེད་ཟླ་བྲལ་མཐུས། །བསྟན་འགྲོའི་དོན་དུ་ དམིགས་ནས་ཡོན་སྦྱར་བས། །ཡིག་ཚོགས་ཟད་མེད་སྤར་གྱི་ཕྱི་མོ་བསྐྲུན། །ལེགས་བྱས་ འདིས་མཚོན་རྒྱལ་སྲས་རབ་དཀར་མཛོད། །གཅིག་ཏུ་བསྡོམས་པའི་རྣམ་དཀར་བསོད་ ནམས་ཀྱིས། །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་འདུ་བྱེད་བརྟན། །ཆབས་ཅིག་རྒྱལ་བསྟན་ རྫོགས་ལྡན་དར་ཞིང་རྒྱས། །འགྲོ་མང་བདེ་སྐྱིད་དབྱར་གྱི་ཆུ་གཏེར་བཞིན། །སྦྱིན་བདག་ཕྱི་ ནང་གསང་བའི་བར་ཆད་བྲལ། །བསྟན་འཛིན་སྡེ་རྒྱས་ཐུགས་མཐུན་འདུལ་ཁྲིམས་གཙང༌། །ཐོས་བསམ་སྒོམ་པའི་བརྩོན་པ་ལྷོད་མེད་ཤོག །ད་ལྟའི་ལུས་བསྐྱེད་མ་རྒན་ཀ་མའི་གཙོས། །མཁའ་ཁྱབ་མར་གྱུར་སེམས་ཅན་ཐམས་ཅད་དང༌། །འཛོམས་པ་བདེ་འཛོམས་འཇིགས་ ལོ་སྤུ་ལོ་དང༌། །བཀྲ་ཤིས་ཕུན་ཚོགས་དང་ནི་ནོར་བུ་དཔལ། །དགྲ་བླ་བྱིས་པ་ཚེ་འདས་ཚེ་ ལྡན་སོགས། །རབ་དཀར་འདིས་མཚོན་སྐྱེ་འཕགས་བསོད་ནམས་ཀྱིས། །འཁོར་བའི་སྡིག་ རྒྱུན་ཀུན་ཆད་མངོན་མཐོའི་རྟེན། །ཐོབ་ནས་མདོ་སྔགས་ཉམས་རྟོགས་སྐྱེ་བར་ཤོག །རྟེན་ འདི་གང་ན་བཞུགས་པའི་ས་ཕྱོགས་སུ། །དུས་འཁྲུགས་ཀུན་ཞི་ཆབ་སྲིད་བརྟན་པ་དང༌། །ལོ་ ཕྱུགས་ཀུན་ལེགས་ཚེ་རིང་ནད་མེད་ཀྱི། །བསྐལ་པ་བཟང་པོ་ནམ་ཡང་ཉམས་མེད་ཤོག །དེ་ ལྟར་སྨོན་དོན་ཇི་བཞིན་འགྲུབ་པའི་གཉེན། །དོན་དམ་མཆོག་གསུམ་གནས་ལུགས་ཆོས་ཀྱི་ དབྱིངས། །གདོད་ནས་བཞུགས་པ་དུས་གསུམ་རྒྱལ་ཀུན་གཤིས། །ནམ་ཡང་རེས་འཇོག་ མེད་པར་མྱུར་མངོན་ཤོག །ཅེས་སྐྱེས་ཐོབ་ཡོན་ཏན་གྱི་ཆེ་བ་ཡོངས་སུ་རྫོགས་ཤིང་ལམ་བསླབ་པ་གསུམ་དང་ཐོས་ 5-1-149 བསམ་སྒོམ་གསུམ་གྱིས་སྤངས་རྟོགས་མཐར་ཕྱིན་པས་རང་དོན་ཚོགས་གཉིས་ཡོངས་སུ་རྫོགས་ཤིང༌། གཞན་དོན་དུ་འཆད་རྩོད་ རྩོམ་གསུམ་དང་དབང་ལུང་གདམས་ངག་མ་ལུས་པ་ལ་བརྟེན་ནས་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མགྲིན་པ་ གཟེངས་སུ་མཐོ་བ་དང༌། ཁྱད་པར་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བའི་རྐང་བྱས་ཏེ། སྔགས་གསར་རྒྱུད་ ཀྱི་གསང་སྔགས་བསྟན་པའི་མངའ་བདག་ཆེན་པོར་བཞུགས་ཤིང༌། མཚན་བརྗོད་པར་དཀའ་བ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ ནས་སྨོས་ན་རྗེ་ཏཱ་ར་ནཱ་ཐའམ། ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོ་ཞེས་མཚན་གྱི་སྙན་པ་སྲིད་འདིར་ལྷའི་རྔ་བོ་ཆེ་ལྟར་གྲགས་ ཤིང༌། མཚན་གྱི་ཟེགས་མའི་ཆ་ཤས་ཙམ་འགྲོ་ཀུན་གྱི་རྣ་བར་ལྷུང་བས་ཀྱང༌། ངན་འགྲོའི་ལས་ཀྱི་དཔུང་བསྙིལ་ཞིང་བདེ་སྐྱིད་ མ་ལུས་པ་སྟེར་བས། སྙིགས་དུས་སུ་ངེས་གསང་གི་རྒྱལ་བསྟན་སླར་ཡང་སྐྱོང་བར་དགོངས་ཏེ། བསམ་བཞིན་དུ་སྐུ་སྐྱེས་གཞོན་ ནུའི་ཚུལ་དུ་བྱོན་པ་གང་གིས་མཛད་པའི་ཤེས་རབ་སྙིང་པོའི་འགྲེལ་བ་སྔོན་མེད་ལེགས་བཤད་ཅེས་བྱ་བའི་ཤིང་པར་ཨར་ཡས་ ཚུལ་ལྡན་གྱིས་བཞེངས་སྐབས་སུ་སྤར་བྱང་སྨོན་ཚིག་གནས་ལུགས་རྟོགས་པའི་ཉམས་མྱོང་བསྐྲུན་བྱེད་འདི་རབ་བྱུང་བཅུ་བདུན་ པའི་མེ་བྱིའི་ལོའམ་འཛིན་བྱེད་ཅེས་བྱ་བའི་ཧོར་ཟླ་དྲུག་པ་ཆུ་སྟོད་ཚེས་དགུ་གཟའ་ལྷག་པ་སྐར་མ་ས་གའི་སྐབས་རྣམ་དཀར་ གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ཉིན་མཐའ་ལེགས་པར་གྲུབ་སྐབས་ཆུ་སྐྱེས་སྣ་ཚོགས་བཞད་པ་ཆུ་མཚོརྐང་ འཐུང་རབ་ཏུ་རྒྱས་ཤིང་སྨན་སྣའི་མྱུ་གུའི་དྲི་ངད་སྣ་ཚོགས་ལྡང་བ་དང༌། བྱ་ཚོགས་མཛེས་པའི་སྐད་སྙན་སྣ་ཚོགས་པས་མཆོག་ གསུམ་ལ་མཆོད་པའི་རྣམ་འགྱུར་ངོམ་པ་དང༌། ཕྱི་ནང་གི་མཐུན་རྐྱེན་ལེགས་ཚོགས་མ་ལུས་པ་འབྱུང་བའི་སྐབས་སུ་ཁོང་གི་དུད་ ཚང་གི་བཅའ་ལག་ཡུལ་སྲོལ་ལྟར་རྣམ་དཀར་དུ་གཙང་དག་བྱས་རྗེས་སུ་རྒྱུ་རྫས་ཕྲན་ཚེགས་ཙམ་ལྷག་ཡོད་པས་དེ་ལུགས་ལྟར་ ཡོན་སྦྱར་བྱས་ཏེ། ཉིད་ཀྱིས་བསྐུལ་བ་ལྟར་བློ་བཟང་ཆོས་འཕེལ་པས་གཙང་ཆེན་འདུ་ཁང་ཕོ་བྲང་དམར་ལྡིང་མའི་ནང་དུ་དགེ་ འདུན་པ་བརྒྱ་ཕྲག་གཅིག་དང་ལྔ་བཅུ་ཙམ་གྱིས་ཕུར་བའི་སྒྲུབ་ཆེན་འདོན་ཞོར་དུ་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། ཀུན་རྟོག་རྡུལ་མང་རབ་དྭངས་རང་གཤིས་སྤྲོས་བྲལ་མི་རྟོག་ཡེ་ཤེས་འཁོར་འདས་ ཡོངས་ཁྱབ་ཆུ་གཏེར་མཚུངས། །རྟག་ཆད་སྤངས་པའི་མཐའ་བྲལ་དབུ་མ་ཆེན་མོའི་ལུགས་ བཟང་ཀུན་རྟོག་ཡུལ་འདས་བརྩེ་ཆེན་རླབས་ཕྲེང་གཡོ། །ཕྱོགས་ལྷུང་དང་བྲལ་ཆ་མེད་ཀུན་ ཁྱབ་སྐུ་ཞིང་ཅིག་ཅར་རབ་སྟོན་འཁོར་འདས་སྣང་བརྙན་འབད་མེད་ངོམས། །ཡེ་བཞུགས་ 5-1-150 ད༷མ་པ༷ད༷ང་པོ༷འི་ས༷ངས་རྒྱ༷ས་རྟག་བརྟན་ནང་དབྱིངས་གཡོ་མེད་ལྷུན་གྲུབ་དེ་ལ་གུས་པས་ འདུད། །ག༷ང་སྐུ་ཞིང་ཁམས་ཀུན་ལའང་དུས་གསུམ་ཀུན་ཏུ་སྐུ་གསུམ་མཛད་བཟང་དཔག་ ཡས་འགྲོ་ལ་ཅིག་ཅར་སྟོ༷ན། །ག༷ང་གསུང་འགྲོ་བ་ཀུན་ལ༷འང་སྒྲ་སྐད་སྣ་ཚོགས་ཡིད་ཀྱི་རྗེས་ འགྲོ་ཇི་བཞིན་དམ་ཆོས་ཅིག་ཅར་སྟོ༷ན། །ག༷ང་ཐུགས་ཤེས་བྱའི་གནས་ལ༷འང་མ་འདྲེས་སོ་ སོར་གསལ་བར་མཁྱེན་པས་དེ་ལུགས་ཐབས་མཁས་ཅིག་ཅར་སྟོ༷ན། །ག༷ང་དེ་རྡོ༷་རྗེ༷་འཆ༷ང་ ལའ༷ང་སྙན་ཚིག་བསྟོད་བསྔགས་ཨུཏྤལ་ཕྲེང་བསྟར་དད་བཅས་རྣམ་འགྱུར་དུ་མ་སྟོ༷ན། །འདོད་ཆགས་རྙོག་མའི་སྒྲིབ་གཉིས་ལས་གྲོལ་རྟག་ཏུ་འདོད་ཆགས་ཆེན་པོའི་རྦ་རླབས་གཡོ་ ཞིང་བརྩེ་ཆེན་རླན། །དངོས་དང་དངོས་མེད་རྣམ་པ་དང་བྲལ་དྲུག་བརྒྱ་སོ་དྲུག་རྟེན་དང་ བརྟེན་པའི་རྒྱུ་སྐར་སྣང་བརྙན་གསལ། །གཅིག་དང་དུ་མའི་གཟུགས་ཀུན་སྤངས་པའི་རྒྱུད་ སྡེ་བྱེ་བའི་པད་དཀར་དབུས་སུ་སྐལ་བཟང་གསེར་ལྡན་མར། །གདམས་ངག་ནོར་བུའི་འཁྲི་ ཤིང་རྒྱས་པ་ཨེ༷་ཝ༷ཾ་ཟུ༷ང་འཇུ༷ག་ལྷ་དབང་ཐོར་ཅོག་བཀྲོལ་བའི་བཀུར་འོས་གནས། །བསྐལ་ བཟང་རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་ཁྱ༷ད་འཕ༷གས་ཨུཏྤལ་དཀར་པོས་ནོར་འཛིན་ འགེངས་བཞིན་འགྲོ་བའི་དོན། །གཟིགས་པས་བསྐལ་ཆེན་རྣམས་སུ་ཚོགས་གཉིས་ཁྱ༷ད་ འཕ༷གས་མཐར་ཕྱིན་མདོ་སྔགས་སྦྲང་རྩིའི་རྒྱུན་བཟང་འབད་མེད་ལུད། །དཔག་ཡས་འགྲོ་ བའི་སྙིམ་པར་བླུགས་སྟེ་ཁྱད་འཕགས་སྨན་འདི་འཐུང་བས་ཉོན་མོངས་ནད་ཀུན་དྲུངས་ཕྱུང་ བ། །བུ༷་ར༷མ་ཤི༷ང་པ༷་སངས་རྒྱས་ཀུན་ལས་ཁྱ༷ད་འཕ༷གས་ལྷ་ཡི་ལྷ་ལའང་གུས་པས་མཚན་ བཟང་འཁོར་ལོར་འདུད། །ཧེ་མ་བཱ་དཱའི་བྱང་ཕྱོགས་བསིལ་རིའི་དབུས། །རྫོགས་ལྡན་ཆོས་ གཏེར་གངས་ཀྱི་རྒྱལ་པོ་འགྱིང༌། །ལྟ་ངན་ལོག་སྨྲ་ཝ་སྐྱེས་དཔུང་ཚོགས་བསྙིལ། །ཟླ༷་བཟ༷ང་ ལ་སོགས་ཆོ༷ས་རྒྱ༷ལ་ཡོངས་ལ་གུས། །འཛམ་གླིང་ལྷོར་གནས་བསགས་སྟོབས་མཐུ་སྨིན་ གཟིགས། །ཀ་ལཱ་པ་རུ་རྫུ་འཕྲུལ་སྟོབས་ཀྱིས་ཕེབས། །དང་པོའི་རྒྱུད་དང་རྩ་རྒྱུད་སོགས་ 5-1-151 གདན་དྲངས། །དུ༷ས་ཞ༷བས་ཆེ༷་སོགས་རྒྱུན་འཛིན་ཕྱག་གི་ཡུལ། །མདོ་སྔགས་རྒྱལ་བསྟན་ རིན་ཆེན་སྣ་ཚོགས་འདི། །དབང་ལུང་མན་ངག་གསེར་གྱི་སྲད་བུར་བསྟར། །སྐལ་ལྡན་ མགྲིན་པའི་རྒྱན་དུ་སྤྲས་པ་འདི། །ལོ༷་པ༷ཎ་རིམ་བྱོན་བཀའ་དྲིན་ཡིན་ཡང་དྲན། །རྟག་ཆད་ ལྟ་བར་མུན་སྟུག་རྒོལ་ངན་ཀུན། །རྟེན་འབྱུང་རིགས་པའི་བཅུ་གཉིས་བདག་པོས་བསལ། །རྫོགས་ལྡན་ལམ་མཆོག་ལུགས་སྲོལ་གསར་བཏོད་མཁན། །མཁས་མཆོག་དོ༷ལ་པོ༷་ས༷ངས་ རྒྱ༷ས་དགེ་ལེགས་སྩོལ། །རབ་འབྱམས་ཤེས་བྱ་མཐའ་དག་ཐུགས་སུ་ངེས། །ངེས་དོན་སྙིང་ པོའི་ལུགས་བཟང་སླར་གསལ་མཛ༷ད། །མཛ༷ད་སྤྱོད་བཟང་པོས་གངས་ལྗོངས་རྫོགས་ལྡན་ ཞི༷ང༌། །ཞི༷ང་ཁམས་ལྟར་མཛད་ཏཱ༷་ར༷་ནཱ༷་ཐ༷ར་གུས། །མི་བཟོད་སྲིད་པའི་བཙོན་ཁང་ར་བ་རུ། །ཉམ་ཐག་འགྲོ་བ་མགོན་མེད་གཏན་འཁྱམས་རྣམས། །ཐུགས་རྗེ་ཤུགས་ཀྱིས་བདེ་ཆེན་ཁང་ བཟང་ལ། །འདྲེན་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །གསང་གསུམ་ཡོན་ཏན་ ག་བུར་གཏེར་མཛོད་ཀྱིས། །སྐལ་ལྡན་ཀུ་མུད་ཚལ་ཡང་རབ་ཏུ་བཞད། །མ་དད་ཐེ་ཚོམ་སེལ་ བྱེད་བདུད་རྩི་འཛག །ཐར་འདོད་དོན་གཉེར་ལྡན་རྣམས་འདི་མྱང་རིགས། །སྔོན་མེད་ལེགས་ བཤད་ན་ཆུང་འགྲམ་ཆང་གིས། །སྐལ་ལྡན་བ་ཀུ་ལ་ཡི་ཚལ་འབྱེད་དེ། །དད་གསུམ་མངར་ ལྡན་སྙིང་པོའི་རོ་མཆོག་གིས། །རྒྱལ་བསྟན་ར་ཡིག་གཉིས་པ་རིང་སྐྱོང་མཛད། །དཔ༷ག་ཡས་ འགྲོ་ལ་ཡང་དག་ལམ་སྟོན་ཞིང༌། །དཔ༷ག་མེད་ཡོན་ཏན་རྣམས་ཀྱིས་ལེགས་པར་བརྒྱན། །དཔ༷ག་ཏུ་མེད་པའི་གསང་གསུམ་ཡོན་ཏན་ཚོགས། །དཔ༷ག་དཀའ་སྙན་པའི་ངག་ལས་ དྲངས་ཏེ་བརྗོད། །གང་སྐུ་ཞོ་འཐུང་དབང་པོའི་ཕུང་པོ་ནི། མཐུན་ངོར་དུས་ཀྱི་འཇིག་པ་དང་ བྲལ་ངང༌། །ཞབས་བརྟན་གཉིས་འཐུང་ཁྲི་ལ་ལེགས་འཁོད་ནས། །ཐེག་གསུམ་ཆོས་འཁོར་ བསྐོར་རྣམས་རང་ཅག་སྤྲོ། །གང་དག་འཇམ་དཔལ་དབྱངས་དང་ཐ་དད་བྲལ། །ལྟ་ངན་བག་ ཆགས་དང་བཅས་གཏན་ནས་སྤ༷ངས། །སྤ༷ངས་བླང་གནས་ལ་རྒྱལ་བ་རྣམས་དང་མཉམ། 5-1-152 །རབ་འབྱམས་གནས་རྣམས་ལ་མཁས་བླ༷་མ༷ར་དད། །ང༷ག་གི་དབ༷ང་ཕྱུག་ཡི་དམ་ལྷ་རུ་ངེ༷ས། །ངེ༷ས་དོན་བློ༷་གྲོ༷ས་རྩལ་གྱིས་ཆོས་དུང་སྒྲ༷། །སྒྲ༷་འཛིན་ལམ་དུ་གྲ༷གས་པ༷འི་རྒྱུད་བརླན་ཞི༷ང༌། །ཞི༷ང་འདིར་རྫོགས་ལྡན་སླར་ཡང་གསལ་བར་བྱས། །དོན་དང་མ་འབྲེལ་བརྗོད་བྱ་སྤངས་ པའི་ང༷ག །ང༷ག་གི་འདབ་མ་རྒྱས་པས་ཡོངས་སྨྲ་དབ༷ང༌། །དབ༷ང་རྟུལ་གཟུང་འཛིན་ལས་ གྲོལ་མི་རྟོག་བློ༷། །བློ༷་དམན་ཡོངས་ལ་སྐྱེ་བའི་གཏམ་གླེང་གྲོ༷ས། །གྲོ༷ས་འདེབས་ཡང་ཡང་ བརྩེ་གཟིགས་མཚན་སྙན་གྲ༷གས། །གྲ༷གས་སྙན་མི་སྒྲུབ་ཟབ་མོའི་དོན་སྤྱོད་པ༷། །པ༷་ཊུ་བ་ ཡིས་སྔོན་རབས་ཆོས་འབྱུང་བརྩམས། །གཏེར་གྱི་བདག་པོའི་རྡུལ་བརྩེགས་འདབ་བརྒྱད་ རི་བོའི་རྣ་བར་རྟོན་བཞི་ལྡན་པའི་ལུང་གིས་རབ་བསྔགས་གནས། །ཚོགས་གཉིས་ཉིན་བྱེད་ རབ་ཏུ་སྣང་བའི་རྩེ་དགའ་དང་འདྲེས་དབང་སྔོན་མཁའ་ཕྱོགས་འདབ་སྟོང་དུ་མ་ཡིས། །ཟླ་ བའི་འཕེལ་མཐར་བསྐོར་བའི་དྲི་བཟང་ངད་འཐུལ་མཁས་མང་དར་དིར་སྒྲོག་པ་ལུང་རིགས་ འདབ་གཤོག་ལྡན། །གྲུབ་པའི་རྒྱུན་འཛིན་དཔལ་སྟུག་ལྡན་པའི་སྔོན་མེད་སྤར་གྱི་ལེགས་ བྱས་ཉེས་འཇོམས་སྨན་རྩི་འཛད་མེད་ལུད། །འབད་མེད་དབང་དུ་འདུས་པའི་དངོས་རྫས་ མཐའ་དག་འཇིག་རྟེན་བྱེད་པོ་དང་མཚུངས་མཁའ་ཡི་རྒྱལ་མཚན་འཁྱིལ། །གཡོ་བྱེད་འཕྲུལ་ གྱིས་ཕྱོགས་བཅུར་བསྐྱོད་བཞིན་གསེར་འོད་ཞགས་པའི་རྩེ་དགའ་དང་འགྲོགས་ནམ་མཁའི་ རྔ་གསང་ལྡིར། །བསགས་སྟོབས་ལས་བྱུང་འདས་ལྡན་དུ་མས་རྣམ་མང་དངོས་རྫས་སྤྲིན་ གྱི་མེ་ཏོག་སྨན་ལྗོངས་གནས་སུ་འཐོར། །སྟོང་གསུམ་རིན་གྱིས་གཞལ་མེད་ཕན་བདེའི་ འབྱུང་གཞི་པར་བསྐྲུན་རྐང་འཐུང་དབང་པོ་དྲི་ངད་ལྡན་པས་ཁྱབ། །སྐུ་བརྙན་ལྦུ་ཕྲེང་འཛུམ་ དཀར་སྟོང་ལྡན་གཡོ་ལྡེམ་འཇམ་མཉེན་ལྗང་གསལ་པདྨོས་ཁེབས་པའི་ཆུ་གཏེར་བཞིན། །གསང་གསུམ་སྣང་བརྙན་ཤར་བའི་བསིལ་དྭངས་དབུལ་སེལ་ཡིག་ཚོགས་རིན་ཆེན་བརྒྱས་ གཏམས་བྱིན་རླབས་ན་བུན་འཐུལ། །རྟེན་གསུམ་གསར་བའི་ཆར་གྱི་ཁུར་ལྕི་མགྱོགས་འགྲོ་ 5-1-153 ལ་བརྟེན་ནམ་མཁའི་གླང་པོ་མཁའ་ལམ་རྣམས་སུ་ཉུལ། །འགྲོ་དྲུག་འཛིན་མར་ཟབ་རྒྱས་ ཆར་གྱི་འདུ་བྱེད་དང་མཐུན་ཕན་བདེའི་པདྨ་དཀར་པོས་སྲིད་འདིར་ཁྱབ། །འདིར་བསགས་ ཨུཏྤལ་དཀར་པོའི་ལྷུན་པོར་དུས་གསུམ་དགེ་ཚོགས་ཟླ་ཟེར་སྟོང་གི་མདངས་ཀྱིས་གོས་ལྟར་ དཀར། །བསོད་ནམས་བསྐྱེད་པས་སྐྱེ་དགུ་ཀུན་ཀྱང་ཀེ་ལ་ཤ་ཡི་ས་འཛིན་འབུམ་ཕྲག་དུ་ མའི་བསྐོར་བའི་དབུས། །ཆུ་སྐྱེས་འདབ་བརྒྱད་གསང་སྔགས་གེ་སར་འཛུམ་བག་རབ་སྟོན་ ཨེ་ཝཾ་རྩི་བཅུད་ཁྱད་འཕགས་འཛད་མེད་འཇོ། །སྐལ་བཟང་སྦྲང་རྩི་སྐྱོང་བའི་ཁྱུ་ཚོགས་གྲལ་ ཕེབས་སྐྱེས་ཐོབ་གཤོག་ཟུང་རླུང་གིས་བར་སྣང་ལམ་དུ་འཕྱོ། །བར་ཆད་སྤྲིན་གྱི་མེ་ཚོགས་ ཞི་ཞིང་མཐུན་རྐྱེན་ཆུ་འཛིན་རབ་འཐུལ་རིགས་ལྡན་བླ་མའི་སྒྲ་བརྒྱ་ལྡིར། །ཚུལ་ཁྲིམས་ནོར་ འཛིན་གདམས་པའི་ཆར་གྱིས་བརླན་ཞིང་དད་པའི་མྱུ་གུའི་ཚལ་དུ་ངེས་འབྱུང་པདྨོ་འཁྲུངས། །བྱང་ཆུབ་སེམས་ཀྱི་གེ་སར་དགོད་ཅིང་མཐའ་བྲལ་ལྟ་བའི་ཟིལ་མངར་རབ་རྒྱས་ཕྱིན་དྲུག་ ཡལ་འདབ་གཡོ། །རྨད་བྱུང་བྱེ་བའི་གསེར་ལྡན་དང་འགྲོགས་ཤེས་དང་ཤེས་བྱའི་བདག་ པོའི་ཆུ་སྲིན་གྲོང་ཁྱེར་འཇུག་གྱུར་ཅིག །སྦྱང་གཞི་ཆོས་ཉིད་འགྲོ་ཀུན་འཛིན་མར་སྦྱོང་བྱེད་ ཟབ་ལམ་སྤྲིན་དཀར་དཀྲུག་པས་ཕུན་ཚོགས་སྦྲང་ཆར་འབེབས། །སྦྱང་བྱ་གློ་བུར་རྡུལ་ ཚོགས་འདུས་པ་རབ་ཏུ་བཀྲུས་ཏེ་སྦྱངས་འབྲས་ཆོས་སྐུ་ལྷ་ཡི་ལྗོན་བཟང་རྒྱས། །རྟག་ཆད་ མཐའ་བྲལ་ལྷ་ལམ་ཡངས་པར་བདེན་གཉིས་མཁྱེན་པའི་རླུང་གིས་སྒྲོ་སྐུར་སྨུག་ཆེན་རབ་ གཏོར་ཏེ། །ཚོགས་གཉིས་ལམ་བཟང་བརྙེས་པའི་སྔོ་བསངས་མ་རུ་སྲིད་ཞིའི་མཐའ་བྲལ་ དོན་གཉིས་ཉི་ཟླ་རྟག་འཆར་ཤོག །འདིར་ཕྱོགས་ནོར་འཛིན་དཔལ་མོའི་ལྟོ་བར་ལུགས་ གཉིས་རྣམ་སད་བདུད་རྩིའི་རོལ་མོ་བརྒྱ་ཕྲག་དུ་མ་འཁྲོལ། །རྒྱལ་བསྟན་ཉལ་འགྲོའི་ཕུང་ པོ་ཕྱོགས་བཅུར་རྒྱས་ཏེ་བློ་གསལ་གསེར་གོས་ཅན་རྣམས་ཁྱབ་པའི་རྒྱུ་རུ་སྨོན། །བླ་མ་རྒྱལ་ སྲས་གངས་རིའི་ཕྲེང་བསྟར་དུས་གསུམ་དགེ་ཚོགས་རྟ་ལྗང་འོད་ཀྱིས་བྱིན་རླབས་ཆུ་ཀླུང་ 5-1-154 དང༌། །དེ་ལྟར་བདག་གཞན་བསགས་པའི་རྣམ་དཀར་འབབ་ལྡན་དང་འགྲོགས་མཐར་ཐུག་ སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་སྐྱེས་ཐོབ་ཡོན་ཏན་གྱི་སྒང་ངེས་པར་མཐོ་ཞིང་བསླབ་པ་གསུམ་དང་ ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་སྤངས་རྟོགས་དང་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་རྒྱ་ཆེ་ བས་བརྒྱན་པའི་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་དཀའི་གནས་སུ་བཞུགས་པ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་ སྨོས་ན་ང༷ག་དབ༷ང་བློ༷་གྲོ༷ས་གྲགས་པ་ཞེས་མཚན་གྱི་སྙན་པ་སྲིད་འདིར་ལྷའི་རྔ་བོ་ཆེ་ལྟར་གྲགས་ཤིང༌། ཟེགས་མའི་ཆ་ཙམ་རྣ་ བར་ལྷུང་བས་ཀྱང་ངན་འགྲོའི་ལས་ཀྱི་དཔུང་བསྙིལ་ཞིང་བདེ་འགྲོའི་གནས་སྟེར་བ་སྙིགས་དུས་སུ་ངེས་གསང་གི་བསྟན་པ་སླར་ ཡང་སྐྱོང་བར་དགོངས་ཏེ་བསམ་བཞིན་བྱོན་པ་གང་གིས་མཛད་པའི་དཔལ་ལྡན་ཇོ་ནང་པའི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་ གསལ་བྱེད་ཟླ་བའི་སྒྲོན་མེ་ཞེས་བྱ་བའི་སྤར་གང་གི་སློབ་བུ་ཤཱཀྱའི་དགེ་སློང་ཚོགས་གཉིས་དཔལ་དང་རབ་དགའ་ཟླ་བཟང་ མཁས་དཔལ་སོགས་ཀྱིས་བསྐྲུན་སྐབས་དབོན་དམ་པ་ཀུན་དགའ་བརྩོན་འགྲུས་དང་རང་ཅག་ཟུང་གིས་ཡང་ཞབས་འདེགས་ གང་དགོས་ཞུས། གཞན་ཡང་གཏོང་ཕོད་ཆེ་བ་སློབ་བུ་དབང་འདུས་དང་འཇིགས་དགས་མཚོན་ཏེ་འདས་ལྡན་དུ་མའི་དངོས་ རྫས་རྣམས་བསོད་ནམས་རྒྱ་ཆེ་བའི་ཚོགས་སུ་བཏབ་པ་དང༌། སྤར་རྐོ་མཁན་རྣམས་དང་གཞན་ཡང་ལས་ལ་བརྩོན་པ་སོགས་ འབྲེལ་གང་བཞག་ཐམས་ཅད་བསོད་ནམས་བསགས་པའི་སྙིང་སྟོབས་བསྐྱེད་དེ། བསྟན་འགྲོའི་ཁུར་བཞེས་པ་དག་གིས་གཞན་ ཕན་བྱང་ཆུབ་སེམས་ཀྱི་རྒྱུར་དམིགས་ཏེ་རྟེན་འདི་བསྐལ་པ་དུས་ཀྱི་ཕོ་ཉའི་མེ་ཏོག་སྣ་ཚོགས་བཞད་པ་དང་ཆུ་མཚོ་ལྗོན་ཤིང་ སྨན་གྱི་མྱུ་གུ་རྒྱས་པ་དྲི་བཟང་པོ་སྣ་ཚོགས་ཀྱི་ངད་ལྡང་བས་མཆོག་གསུམ་ལ་མཆོད་པའི་རྣམ་འགྱུར་ངོམ་པའི་སྦྲང་ལྡན་ཟླ་བའི་ ཚེས་བཅོ་ལྔའི་རྣམ་དཀར་གང་བསགས་མཐའ་དག་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ཉིན་མཐའ་དག་ལེགས་པར་གྲུབ་སྐབས་ སྤར་བྱང་སྨོན་ཚིག་ཏུ་གང་གི་ཉེ་གནས་ཐ་མ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བྲིས་པ་སྟེ། འདིས་ཀྱང་འདི་དག་གི་ཕ་ མའི་གཙོར་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་རྗེས་སུ་འཛིན་ པ་དང༌། རྒྱལ་བསྟན་སྤྱི་དང་དཔལ་རྒྱལ་བ་ཇོ་ནང་པའི་ལུགས་བཟང་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག པར་འདི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ལུང་གིས་བསྔགས་པའི་གནས་མཆོག་ཆེན་པོ་རྨུགས་འཛིན་དབང་པོའི་རི་ ཡི་ཉེ་འདབས་ཐང་ཆེན་ཆོས་ལྡན་གནས་སུ་བཞུགས། 5-1-155 རང་བཞིན་དག་ཆེན་དུང་འོད་འཕྲོ་བའི་མགོན། །ཐབས་ཤེས་དབྱེར་མེད་བདེ་ཆེན་རྟག་ འབར་བ། །ལས་སྒྲིབ་ཀུན་འཇོམས་བདུད་རྩིའི་མཛོད་ཀུན་འཛིན། །རིགས་བརྒྱའི་ཁྱབ་ བདག་ཧེ་རུ་ཀ་དཔལ་འདུད། །ཐབས་མཁས་མཛད་པའི་གཡོ་བྱེད་འཕྲུལ་འདེགས་ཀྱིས། །དཔག་ཡས་འགྲོ་བའི་རྨོངས་མུན་སེལ་བའི་ཕྱིར། །རྡོར་སེམས་ཆོག་སྒྲིག་ཉིན་མོའི་ནོར་བུ་ འདྲེན། །མཁས་མཆོག་མ༷་ཏི༷་ཀི༷རྟི༷ས་དགེ་ལེགས་སྩོལ། །མཁའ་མཉམ་འགྲོ་རྣམས་བསོད་ ནམས་བསགས་ཕྱིར་དང༌། །བདེ་མཆོག་གནས་བཟང་ས་ལ་ལེགས་འཁོད་ཆེད། །འཛད་ མེད་འདོད་པ་འཇོ་བའི་པར་བསྐྲུན་མཛད། །འདི་ལ་གང་འབྲེལ་སྒྲིབ་ཀུན་བྱང་བར་ཤོག །འདིར་འབད་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། །དུས་གསུམ་དགེ་ཚོགས་ཇི་སྙེད་མཆིས་ པ་རྣམས། །གཅིག་ཏུ་སྡོམ་པས་བདག་གཞན་འགྲོ་ཀུན་ཚོགས། །རྡོ་རྗེ་སེམས་དཔའི་གོ་ འཕང་མྱུར་ཐོབ་ཤོག །རྟག་ཆད་མཐའ་བྲལ་ལྷ་ལམ་རབ་ཡངས་པར། །སྒྲོ་སྐུར་སྤངས་པའི་ རྟ་བདུན་དབང་པོ་འཆར། །སྲིད་ཞིའི་མཐའ་སྤངས་འོད་བཟང་ཕྱོགས་བཅུར་འབར། །མཐའ་ བྲལ་དབུ་མ་མཁའ་མཐར་རྒྱས་གྱུར་ཅིག །ཅེས་བསླབ་པ་གསུམ་དང་ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱ་ཆེ་བས་ བརྒྱན་པའི་བཤེས་གཉེན་ཆེན་པོ་མ་ཏི་ཀིརྟིས་མཛད་པའི་རྡོར་སེམས་ཆོག་སྒྲིག་རྣམས་གང་གི་སློབ་བུ་དམ་པ་བསོད་ནམས་ བཟང་གིས་པར་བསྐྲུན་སྐབས་སྤར་བྱང་སྨོན་ཚིག་ཏུ་ཉེ་གནས་ཐ་ཤལ་བ་བློ་བཟང་ཆོས་འཕེལ་པས་བྲིས་པ་སྟེ། འདིས་ཀྱང་སྐྱེ་ དགུའི་སྒྲིབ་སྦྱང་མཆོག་གིས་ཆ་རྐྱེན་དུ་གྱུར་ཅིག། །། པར་འདི་ནོར་བདག་ཐང་དུ་བཞུགས། བདེ་སྟོང་ཟུང་འཇུག་ཧེ་རུ་ཀ་དཔལ་ལ། །ག་ན་ཙཀྲའི་དགའ་ཆེན་སྟོན་མོ་ཞེས། །མཁས་ མཆོག་མ༷་ཏི༷་ཀི༷རྟི༷ས་མཛད་པ་འདི། །སློབ་བུ་དམ་པ་བསོ༷ད་ན༷མས་ལྡན་པ་ཡིས། །འཛད་ མེད་གཏེར་མཛོད་སྤར་བཟ༷ང་གསར་བསྒྲུབས་བྱས། །དངོས་རྫས་ཆེ་ཕྲ་ལས་ལ་གང་འབྲེལ་ སོགས། །སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་མཐར་ཕྱིན་ཏེ། །གཞི་དབྱིངས་རྡོར་སེམས་ གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་མཁས་མཆོག་མ་ཏིས་མཛད་པའི་རྡོ་རྗེ་སེམས་དཔའ་ལ་ཚོགས་མཆོད་འབུལ་ཐབས་ 5-1-156 དགའ་ཆེན་སྟོན་མོ་ཞེས་བྱ་བའི་པར་སློབ་བུ་བསོད་ནམས་བཟང་གིས་བསྐྲུན་སྐབས་སྨོན་ཚིག་འདི་བློ་བཟང་ཆོས་འཕེལ་པས་ བྲིས་པའོ། ། གདོད་ནས་ལྷུན་གྲུབ་ལྷ་ལམ་ཡངས་པར་དྲུག་བརྒྱ་སོ་དྲུག་རྒྱུ་སྐར་དབུས་སུ་བདེ་སྟོང་ གཟུགས་མཚོན་བྱེད། །བསིལ་སྦྱིན་བདག་པོ་ག་བུར་འཛིན་གྱིས་རྟེན་དང་བརྟེན་པའི་བཅུ་ གཉིས་ཁྱིམ་སྤྱོད་སྲིད་ཞིའི་ལེགས་ཚོགས་བདག །བརྩེ་ཆེན་འོད་སྣང་རབ་འབར་མ་ལུས་ རྒུད་པ་སེལ་བའི་གུར་ཀུམ་རི་ངོགས་ཨུཏྤལ་རབ་རྒྱས་གཉེན། །རྒྱུད་སྡེ་བྱེ་བའི་འབྱུང་གནས་ འཁོར་འདས་ཤེ༷ས་བྱ༷འི་བད༷ག་པོ༷ར་མིག་སྟོང་ལྡན་པའི་གཙུག་གི་ནོར་བུས་བཀུར། །ཀ་ལཱ་ པ་རུ་ཆོས་སྲིད་རབ་རྒྱས་འོག་མིན་གཉིས་པར་ཟླ༷་བཟ༷ང་རྒྱུད་ཀྱི་གསོལ་འདེབས་པ། །དྲུག་ བརྒྱའི་ལོར་ཡང་དྲང་སྲོང་སྨིན་དོན་གྲ༷གས་པ༷་ཉིད་དང་འགྲེལ་བཤད་བྱེད་པོ་པད་དཀར་ འཛིན། །མི༷་བད༷ག་རིམ་བྱོན་དག་གིས་གསང་ཆེན་མགྲིན་པའི་རྫ་རྔ་འཁྲོལ་བཞིན་ལུང་ རྟོགས་ཟློས་གར་བསྒྱུར། །རྟ་མཆོག་སྤྲོ་བའི་ཏིང་འཛིན་ལ་བརྟེན་བཅུ་གཉིས་རྣམས་སུ་ཀླ་ ཀློའི་རྒྱུན་བཅད་དྲ༷ག་པོ༷ར་འདུད། །འཕགས་ཡུལ་སྔགས་རྒྱུད་འདྲེན་མཛད་དུ༷ས་ཞ༷བས་ ཆེ༷། །བསིལ་ལྗོངས་འཛིན་མར་རབ་སྤེལ་ལོ་པཎ་དྲིན། །དབང་ལུང་བརྒྱུད་འཛིན་གསེར་ རིའི་ཕྲེང་བསྟར་ལ། །བདག་སོགས་སྒོ་གསུམ་གུས་པས་སྐྱབས་སུ་བསྟེན། །ཆུ་ཤེལ་འདབ་ བརྒྱད་བཞད་པའི་ས་འཛིན་རྩེར། །སྐབས་གསུམ་ནོར་བུའི་གཞལ་མེད་ཁང་ཆེན་དུ། །ས་ བཅུའི་དབང་ཕྱུག་མི་བདག་ཚུལ་དུ་བརྫུ། །ཉེར་བརྟེན་སྐལ་བ་མཆོག་གི་ལས་ཅན་ཚོགས། །ཟླ་ཤེལ་ཞུན་མའི་ཐེམ་སྐས་ལ་འཛེགས་ནས། །སྐུ་གསུམ་རིན་ཆེན་གླིང་དེར་བགྲོད་པའི་ ཐབས། །མཁས་གྲུབ་ལྡན་པ་ཀིརྟི་བྷ་དྲ་ཡིས། །མཛད་པའི་རྣམ་དག་ས་མཁན་བསྟན་བཅོས་ འདི། །ང༷ག་གི༷་དབ༷ང་ཕྱུ༷ག་འགྲོ༷་ཕ༷ན་རྒྱ༷་མཚོ༷་ཡིས། །གཅིག་ལས་དུ་མ་ཡོངས་འཕྲུལ་པར་ དུ་བསྒྲུབས། །ཞབས་འདེགས་གང་དགོས་བདག་ཅག་གིས་ཞུས་ཏེ། །འཛིན་མའི་སྟེང་ཀུན་ 5-1-157 ཡིག་གཟུགས་ཁྱབ་པར་སྨོན། །སྦྱང་གཞི་ཆོས་ཉིད་བདེ་གཤེགས་སྙིང་པོ་ལ། །སྦྱོང་བྱེད་ ཟབ་ལམ་སྦྱོར་བ་ཡན་ལག་དྲུག །སྦྱང་བྱ་གློ་བུར་འཁྲུལ་བའི་དྲི་མ་རྣམས། །སྦྱངས་འབྲས་ དྲི་བྲལ་ཆོས་སྐུ་མངོན་གྱུར་ཅིག །རྟག་ཆད་མཐའ་བྲལ་བདེན་གཉིས་གཞི་ཡི་དོན། །སྒྲོ་སྐུར་ མཐའ་བྲལ་ཚོགས་གཉིས་ལམ་བཟང་བརྙེས། །སྲིད་ཞི་མཐའ་བྲལ་དོན་གཉིས་འབྲས་ཐོབ་ པའི། །རྒྱལ་བ་སྐུ་བཞིའི་རྒྱ་མཚོར་འཇུག་གྱུར་ཅིག །འདིར་ཕྱོགས་ནོར་འཛིན་དཔལ་མོའི་ལྟོ་ བ་རུ། །ལུགས་གཉིས་རྣམ་སད་བདུད་རྩིའི་རོལ་མོ་འཁྲོལ། །རྒྱལ་བསྟན་ཉལ་འགྲོའི་ཕུང་པོ་ ཕྱོགས་བཅུར་རྒྱས། །བློ་གསལ་གསེར་གོས་ཅན་རྣམས་ཁྱབ་གྱུར་ཅིག །བླ་མ་རྒྱལ་བ་སྲས་ བཅས་ཐུགས་རྗེ་དང༌། །རྣམ་དཀར་དགེ་ཚོགས་ཇི་སྙེད་ཡོད་པའི་མཐུས། །དེ་ལྟར་བདག་ དང་སེམས་ཅན་ཐམས་ཅད་ཀྱིས། །སྨོན་ལམ་རྣམ་དག་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་མཁས་ གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་ཀིརྟིབྷ་དྲས་མཛད་པའི་གྲུབ་པའི་གནས་མཆོག་ཤམྦྷ་ལའི་ གནས་བཤད་དཔལ་ཀ་ལཱ་པའི་ཞིང་དུ་བགྲོད་པའི་ཟླ་ཤེལ་ཞུན་མའི་ཐེམ་སྐས་ཞེས་བྱ་བའི་པར་བསྟན་འགྲོའི་དོན་དུ་བྱོན་པ་ སྐུ་སྐྱེས་འགྲོ་ཕན་རྒྱ་མཚོས་བསྐྲུན་སྐབས་རང་ཅག་གིས་ཞབས་འདེགས་ཞུས་ཏེ། རྟེན་འདི་བསྐལ་པ་དུས་ཀྱི་ཕོ་ཉའི་མེ་ཏོག་སྣ་ ཚོགས་བཞད་པས་མཆོག་གསུམ་ལ་མཆོད་པའི་རྣམ་འགྱུར་ངོམ་པའི་དཔྱིད་ཐ་མའི་ཚེས་བཅོ་ལྔའི་ཉིན་རྣམ་དཀར་གང་བསགས་ མཐའ་དག་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་དུ་མཐའ་ལེགས་པར་གྲུབ་སྐབས་པར་བྱང་སྨོན་ཚིག་ཏུ་རྨོངས་བན་སྙོམ་ལས་ པ་བློ་བཟང་ཆོས་འཕེལ་པས་བྲིས་པ་སྟེ། འདི་ལ་རྒྱུ་རྫས་ཀྱི་འབྲེལ་བ་དང་ལས་ལ་གང་བརྩོན་སོགས་ཀྱིས་མཚོན་མཁའ་ཁྱབ་ ཀྱི་སེམས་ཅན་ཐམས་ཅད་ཀ་ལཱ་པ་རུ་བགྲོད་པའི་ཆ་རྐྱེན་མཆོག་ཏུ་འགྲོབ་དང༌། རྒྱལ་བསྟན་སྤྱི་དང་དཔལ་དུས་ཀྱི་འཁོར་ལོའི་ སྔགས་རྒྱུད་རྣམས་ཕྱོགས་དུས་ཐམས་ཅད་དུ་རྒྱས་པའི་རྒྱུར་གྱུར་ཅིག པར་འདི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ ལུང་དུ་བསྟན་པའི་གནས་མཆོག་གཏེར་གྱི་བདག་པོའི་རི་ཡི་ཉེ་འདབས་ཆོས་ལྡན་གནས་སུ་བཞུགས། རྒྱལ་ཀུན་ཆོས་སྐུ་ཉག་གཅིག་བླ་མའི་ཐུགས། །གཞི་འབྲས་དབྱེར་མེད་རྒྱལ་ཡུམ་ འཕགས་མ་དང༌། །རབ་འབྱམས་རྒྱུད་སྡེའི་ལྷ་ཚོགས་སྤྲོ་བསྡུ་ཅན། །གནས་ལུགས་གདོད་ 5-1-158 མ་ཉག་གཅིག་ཁོ་ནར་ངེས། །ཚོགས་གཉིས་གསེར་གྱི་འཛིན་མ་ལས་འཁྲུངས་ཤིང༌། །ཟབ་ ཡངས་མཁྱེན་བརྩེའི་ལྷ་མོ་འབུམ་ཕྲག་འཁྲིགས། །ཆོས་བཅུད་ཉེར་སྩོལ་འབྲས་བུའི་ཁུར་ གྱིས་བརྗིད། །དཔག་བསམ་ལྗོན་བཟང་མ་ཏི་ཀིརྟི་རྒྱལ། །ཉིད་ཀྱིས་ཡི་དམ་སྒྲོལ་མ་ལ་ བརྟེན་ནས། །བཀླག་ཆོག་མདོར་བསྡུས་འགྲོ་མང་དོན་དུ་བཀོད། །རྣམ་མང་སྤེལ་ཕྱིར་འོད་ ལྷུན་འཕྲིན་ལས་ཀྱིས། །པར་བསྐྲུན་དགེ་ཚོགས་འགྲོ་ཀུན་དོན་དུ་བསྔོ། །པར་སྨོན་འདི་བློ་བཟང་ ཆོས་འཕེལ་པས་སྨྲས་པ་དགེ། ། བློ་གྲོས་ནོར་བུའི་བང་མཛོད་ལས་བྱུང་བས། །ལུང་རྟོགས་རྒྱལ་མཚན་ཀེ་ཏ་ཀ་ཡིས་ བརྒྱན། །རྣམ་མང་ཁྲོད་དུ་དབྱར་རྔ་ལྟ་བུར་གྲགས། །རེ་སྐོང་དབང་རྒྱལ་བསོད་ནམས་ཞིང་ སྨིན་པས། །ཡི་དམ་ལྷ་མོའི་སྒོ་ནས་སྒྲིབ་སྦྱང་ཐབས། །ཉེས་སེལ་ལེགས་འབྱོར་འདི་སྨྲས་ མང་སྤེལ་སླད། །འོད་ལྷུན་འཕྲིན་ལས་ཟུང་གིས་པར་དུ་བསྐྲུན། །དགེ་འདིས་བདག་གཞན་ བྱང་ཆུབ་ཐོབ་ཕྱིར་སྨོན། །པར་སྨོན་ཉེར་བསྡུས་འདི་བློ་བཟང་ཆོས་འཕེལ་པས་ལྷག་བསམ་སྨོན་ཚིག་ཏུ་སྦྱར་བས་དགེ་ ལེགས་འཕེལ། ། རང་བཞིན་འོད་གསལ་སེམས་ཀྱི་གཤིས་ལུགས་སུ། །རྡོ་རྗེ་འཆང་དང་རྩ་བརྒྱུད་བླ་མ་ རྣམས། །ཡི་དམ་རྒྱུད་སྡེ་མཆོག་གསུམ་མཁའ་འགྲོ་བཅས། །ཆོས་སྐྱོང་སྲུང་ཚོགས་གདོད་ ནས་བཞུགས་པ་ཉིད། །གློ་བུར་སྒྲིབ་གཉིས་བསིལ་བྱེད་རབ་གཏོར་ཏེ། །ཀུན་མཁྱེན་འོད་ སྟོང་ཇི་བཞིན་མངོན་ཕྱིར་དུ། །ག་གཱ་ཤྲིས་རྒྱུད་སྡེའི་བསྐང་བསྡུས་འདི། །འོད་ལྷུན་འཕྲིན་ ལས་ཟུང་གིས་པར་དུ་བསྐྲུན། །སྒྲུབ་པོའི་བར་ཆད་མཐའ་དག་སེལ་བ་དང༌། །གནས་སྐབས་ ཀུན་ཏུ་མཐུན་རྐྱེན་ཀུན་འགྲིགས་ཤིང༌། །སྒྲིབ་སྦྱངས་ཉམས་ཆགས་མ་ལུས་ཡོངས་དག་ཅིང༌། །ཚོགས་གཉིས་རྒྱ་མཚོའི་དཔལ་ཡོན་རྒྱས་གྱུར་ཅིག །པར་སྨོན་འདི་བློ་བཟང་ཆོས་འཕེལ་པས་བྲིས་པ་དགེ། ། སྒྲིབ་གཉིས་བསིལ་བྱེད་དང་བྲ༷ལ་ཡེ་གཞི་གདོད་མའི་མགོན་པོ་བརྟན་གཡོ་ཀུན་ཁྱབ་ 5-1-159 མཁའ་ལྟར་ཟབ་ཡངས་ཐེར་ཟུག་རྟག་པའི་བད༷ག །ཡོད་མེད་རྟག་ཆད་མཐའ་བྲ༷ལ་ངེས་དོན་ དབུ་མ་ཆེན་མོའི་ལུགས་བཟང་བདེན་གཉིས་རྒྱུ་སྐར་ཡོངས་བཀྲའི་སྣང་བརྙན་འཆར་བའི་ བད༷ག །ཕྱོགས་ལྷུང་ཆ་ཀུན་ལེགས་བྲ༷ལ་རྒྱལ་ཀུན་འཕྲིན་ལས་ཉི་ཟླ་ཟུང་གིས་མ་ལུས་ གདུལ་བྱའི་ཐེ་ཚོམ་ཀུན་གཅོད་སྐུ་བཞིའི་བད༷ག །ཐུགས་རྗེ་ཉེ་རིང་དང་བྲ༷ལ་བྱམས་བརྩེའི་ འོད་དཀར་འབུམ་གྱི་མངའ་བདག་དམ་པ་དང་པོའི་སངས་རྒྱས་རྟག་བརྟན་ལྷུན་གྲུབ་བད༷ག །གདོད་ནས་རྒྱལ་ཀུན་ཆོས་སྐུ་གཅིག་གྱུར་འཛིན་མའི་ལྟོ་བར་བཻཌཱུར་ལྷུན་པོས་འཇའ་ཚོན་ གྱོན་ལྟར་སྣ་ཚོགས་དར་གྱིས་མཛེས། །རབ་དཀར་ཆུ་འཛིན་ལ་ཐོད་ཀློང་ནས་དྲུག་ཅུའི་ དབྱངས་སྙན་ནམ་མཁའི་རྔ་ཆེན་ལྷང་ལྷང་སྒྲོག་ལྟར་འགྲོ་ལ་ཟབ་ཆོས་སྟོན། །མཁྱེན་བརྩེའི་ སྤྲིན་གྱི་མེ་ཏོག་འཐོར་བས་གསེར་ལྡན་གནས་ཀུན་ཨུཏྤལ་དཀར་པོའི་ཕྲེང་བ་བཞད་ལྟར་ བསྟན་འཛིན་སྡེ་ཚོགས་སྤེལ། །གདོང་བཞི་མིག་སྟོང་ལྷ་མི་ཡོངས་ཀྱིས་དྲེགས་པ་བཏང་ནས་ རྡོ༷ར་འཆ༷ང་ཞབས་རྡུལ་སྤྱི་བོས་ལེན་ལྟར་བདག་གིའང་གུས་འདུད་འབུལ། །མི་འགྱུར་བདེ་ ཆེན་ཡེ་ཤེས་མཆོག་གི་རང་གཟུགས་སྣ་ཚོགས་འཇའ་ཚོན་ཐིག་ལེ་འོད་ཟེར་འབུམ་གྱི་རོལ་ པས་སྟོང་ཉིད་ནམ་མཁའ་ལ་ཡང་རབ་ཏུ་འགྲོགས་པ་ལྷུར་ལེན་པ། །ཕྱི་ཡི་དུས་བྲལ་ནང་གི་ དུས་བཅོམ་དུས་གཞན་དུས་མེད་དོན་དམ་དུས་ཀྱི་འཁོར་ལོ་སྲིད་པ་གསུམ་ལས་རྣམ་པར་ འདས་པའི་སྔོ་བསངས་མ་རུ་སྣ་ཚོགས་སྣང་བརྙན་གསལ། །རྣམ་ཀུན་གཟུགས་ལྡན་སྣ་ ཚོགས་ཡུམ་གྱི་རྣམ་རྒྱས་པདྨོའི་རེག་པ་ལ་སྲེད་ཕྱག་གཉིས་ཞགས་པས་བདེ་ཆེན་དགའ་མའི་ མགྲིན་པར་འཁྱུད་པའི་རྩེ་དགས་ཉི་ཟླའི་རྒྱུ་བ་འགགས། །རབ་དམར་གཡས་དང་གཡོན་ མིན་དཀར་པོའི་ཞབས་གཉིས་རོལ་བས་བདུད་དང་འབྱུང་པོའི་མགོན་པོ་དག་གི་མགོ་བོར་ གར་མཛད་ཧེ་རུ་ཀ་དཔལ་དུ༷ས་ཀྱི༷་འཁོ༷ར་ལོ༷་ལ་ཕྱག་འཚལ། །གང་ཐུགས་རྣམ་དག་ཆོས་ དབྱིངས་མཁའ་ལ་བསམ་གཏན་བདེ་བའི་རྟག་པར་དབེན་ཀྱང་བརྩེ་ཆེན་གོམ་པའི་རོལ་ 5-1-160 རྩེད་སྲིད་གསུམ་གནས་སུ་རྟག་པར་ཆད་མེད་ཐུགས་རྗེས་ཉེར་གཟིགས་པ། །རྣམ་པར་རྟོག་ པའི་བརྗོད་པ་དང་བྲལ་ཁྱོད་གསུང་ཚངས་པའི་དབྱངས་ཀྱིས་མ་ལུས་གདུལ་བྱའི་ཀུན་རྟོག་ དྲ་བ་ཅིག་ཅར་གཅོད་མཛད་འདི་ནི་མཚོན་བྱེད་དཔེ་ཡིས་རབ་ཏུ་དབུལ། །རབ་དཀར་ཚོགས་ གཉིས་ཚོན་གྱིས་ལེགས་བསྐྲུན་མཚན་དཔེའི་དཔལ་འབར་ཡེ་ཤེས་སྐུ་མཆོག་གཅིག་གིས་བྱེ་ བ་ཕྲག་བརྒྱའི་ཞིང་རྣམས་ཀུན་ཏུ་མཛད་པ་རབ་འབྱམས་ཅིག་ཅར་གསལ་བར་བསྟན། །མ་ ལུས་རྒྱལ་བའི་ཆོས་སྐུའི་རྣམ་རོལ་མཉམ་མེད་བུ༷་ར༷མ་ཤི༷ང་པ༷འི་ཞབས་སེན་འགོད་པའི་ རྡུལ་ཚོགས་མི་མཇེད་བདག་པོ་བརྒྱ་བྱིན་རྣམས་ཀྱིས་དར་ཐོད་བཀྲོལ་བས་ལེགས་པར་ བཀུར། །རྒྱལ་ཀུན་ཆོས་དབྱིངས་ཀུན་གསལ་ལྟོ་བར་སྙིང་རྗེའི་ཆུ་འཛིན་ལྡིང་ཁང་ལེགས་ ཕུབ་རབ་དཀར་མདངས་བརྒྱ་འཛིན། །ཀུན་རྟོག་རྙོག་མའི་དྲི་མ་བྲལ་ཞིང་བྱམས་བརྩེའི་ཆར་ གྱིས་གང་འདུལ་ཤེས་རྒྱུད་འཛིན་མར་རབ་བརླན་ཏེ། །རྣམ་དཀར་ལོ་འབྲས་གཡུ་མདངས་ འབུམ་ལྡན་སྣ་ཚོགས་མེ་ཏོག་སེར་བུས་བསྐྱོད་ཅིང་རྫོགས་ལྡན་བྲོ་གར་འཁྲབ། །རབ་བྱུང་ རྐང་དྲུག་གཞོན་ནུའི་ཚོགས་ཀྱིས་ངེས་དོན་གླུ་དབྱངས་དར་དིར་སྒྲོག་འདི་ཕྱ༷ག་ན༷་པ༷ད་མོ༷འི་ དྲིན། །དེ་ཉིད་རིགས་ལ་གང་གསུང་བདུད་རྩི་ཡིས། །རྒྱུད་དོན་ཀུ་མུད་བཞད་པའི་དཔལ་ འབྱིན་མཁན། །རྒྱས་འགྲེལ་ཨུ་དུམ་ཝཱ་ར་ལེགས་འགྱེད་པའི། །པད་དཀར་འཛིན་པས་འགྲོ་ ཀུན་རྟག་སྐྱོངས་ཤིག །འཕགས་པའི་ཡུལ་དང་གངས་ལྗོངས་ལྷ་ལམ་རབ་ཡངས་མཁས་ ཤིང་གྲུབ་བརྙེས་རྒྱུ་སྐར་རབ་ཏུ་བཀྲ་བའི་དབུས། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་ འཁོར་ཡོངས་རྫོགས་ཉ་རྒྱས་ཟླ་བཞིན་རབ་ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ ཐུག་དབུ་མ་ཆེན་མོའི་དགོངས་དོན་གདུལ་བྱའི་ཁམས་བཞིན་བཤད་པའི་གསུང་རབ་ ལེགས་བཤད་འོད་དཀར་གྱིས། །རྒྱལ་བསྟན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་ ཤེས་རབ་རྒྱལ་མཚན་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། །ཁྱབ་བདག་འདོད་པ་ཀུན་གྱི་ 5-1-161 དབང་ཕྱུག་འཁོར་ལོ་སྡོམ་པ་པརྟུལ་ཞུགས་ཉམས་བརྒྱས་སྒེག་པའི་ཧེ་རུ་ཀ །ཤེས་བྱ་ཐམས་ ཅད་གཟིགས་པའི་རྣམ་དཔྱོད་ངོ་མཚར་འབྱམས་ཀླས་གངས་ཅན་མཁས་གྲུབ་ཡོངས་ཀྱི་ དབུས་ན་འགྱིང༌། །བྱམས་ཀླུ་ཐོགས་མེད་མཆེད་ཀྱི་དགོངས་པ་བསྐངས་ཤིང་ལུང་རིགས་ ཐལ་ཕྲེང་སྤྲོས་པས་ལྟ་ངན་མ་ལུས་བརླགས། །རང་ལུགས་དབུ་མའི་སྲོལ་རྒྱུན་སྐྱོང་བཞིན་ གཞན་སྲོལ་སྤེལ་བའི་རིས་མེད་བསྟན་འཛིན་ཏཱ་ར་ནཱ་ཐར་འདུད། །བརྩེ་ཆེན་རླུང་གིས་རབ་ བསྐྱོད་པའི། །མཛད་འཕྲིན་ཆུ་འཛིན་ལང་ལོང་འཁྲིགས། །དབང་ལུང་མན་ངག་ཆར་རྒྱུན་ ཕབ། །དགེ་བའི་ལོ་འབྲས་བསྐྲུན་རྣམས་གུས། །ཁྱོད་ཞལ་ལྷ་ལམ་ཡངས་པའི་དབྱིངས་སུ་ ཚེམས་དཀར་ཆུ་འཛིན་ལང་ལོང་གཡོ་ཞིང་རབ་དཀར་དྲེགས་པའི་མཛེས་སྡུག་ངོམ། །ལྗགས་ ཀྱི་དབང་པོ་རབ་ཏུ་གཡོ་བའི་འོད་དམར་ཞགས་པའི་རྩེད་འཇོ་དང་འགྲོགས་མ་རིག་མུན་ སྟུག་བསལ། །གསུང་སྙན་དབྱར་གྱི་རྔ་གསང་ཕྱོགས་ཀུན་ལྷང་ལྷང་རྒོད་པས་རྒོལ་ངན་ཀུན་ གྱིས་གླད་འགེམས་རོལ་མོར་གྱུར། །ཆབས་ཅིག་ཟབ་རྒྱས་ལེགས་བཤད་སྤྲིན་གྱི་མེ་ཏོག་ འཐོར་ཞིང་ནོར་འཛིན་ཡངས་པར་དོན་གཉིས་ལོ་འབྲས་བཞད། །བློ༷་གྲོ༷ས་རབ་ཡངས་ ཕྱོགས་ཀྱི་འཁོར་ལོའི་ལྟོར། །སྲིད་གསུམ་གྲ༷གས་པ༷་བཤད་སྒྲུབ་ཉི་ཟླའི་རྒྱན། །གདུལ་བྱ་རྒྱ་ མཚོའི་རྨོངས་མུན་ལེགས་བསལ་མཁན། །དད་པའི་སྙིང་གི་པདྨོ་ཁོང་ནས་འཛུམ། །ཚེ་འདིར་ བླ་ན་མེད་པའི་ལམ་མཆོག་རྒྱ་ཆེར་སྟེར་པའི་སྔོན་མེད་ལེགས་བཤད་རིན་ཆེན་སྣ་ཚོགས་ ཡང༌། །ཟབ་རྒྱས་མན་ངག་གསེར་གྱི་སྲད་བུར་བསྟར་ཏེ་མ་ལི་ཀ་ཡི་ཕྲེང་བ་སྐལ་ལྡན་མགྲིན་ པའི་རྒྱན། །གཞན་སྟོང་དབུ་མ་ཆེན་མོའི་རང་ལུགས་སྣ་ཚོགས་ཚོན་མདངས་ངོམ་ཀྱང་ལྟ་ བྱེད་བློ་གྲོས་མིག་ལོང་ཞིང༌། །ཀྱེ་མ་བདག་སོགས་སྐལ་དམན་རྣམས་ནི་ཐུགས་རྗེ་ལྕགས་ ཀྱུས་སླར་ཡང་དྲངས་ཏེ་ལེགས་བཤད་དགའ་སྟོན་སྩོལ། །གུ༷ས་གུ༷ས་དད་པའི་སེམས་ཀྱིས་ ཟ༷བ་ཟ༷བ་བླ་མའི་ཡོན་ཏན་རིན་ཆེན་ཕྲེང༌། །འགྲི༷གས་འགྲི༷གས་མགྲིན་པའི་ལམ་ནས་སྙ༷ན་ 5-1-162 སྙ༷ན་ཚིག་གིས་སྲད་བུར་ལེགས་བསྟར་ཏེ། །མ༷ང་མ༷ང་གསང་གསུམ་མཛད་བཟང་ཡ༷ང་ཡ༷ང་ བརྗོད་ནས་དད་པའི་རྒྱན་དུ་འབུལ། །མཛེ༷ས་མཛེ༷ས་ཚིག་སྦྱོར་མེད་ཀྱང་དུ༷ང་དུ༷ང་བློ་ཡིས་ བསྟོད་སྔགས་ལྷུག་པར་བརྗོད། །རབ་འབྱམས་ཞིང་དུ་འཛད་མེད་སྒྱུ་མའི་འཕྲུལ་ལྟར་ཡོངས་ སུ་ཁྱབ། །འབྱོར་དབུལ་རིས་བྲལ་ལེགས་བཤད་དགའ་སྟོན་འགྱེད་འདི་ངོ་མཚར་གནས། །ལྷ་མི་འགྲོ་བ་ཡོངས་ཀྱིས་ཕན་དང་བདེ་བའི་འབྱུང་སྒོའི་གཞི། །གུས་པས་དང་བླང་བྱས་ཏེ་ འདི་ཕྱིའི་བདེ་སྐྱིད་འཚོལ་བར་རིགས། །ཨུ་རྒྱན་པདྨའི་ལུང་གིས་བསྔགས་པའི་ཛམ་ལྷའི་ ཐང་དུ་མཁ༷ས་བྱའི་དཔ༷ལ་ལ་བརྩོ༷ན་འགྲུ༷ས་རབ་རྒྱས་དཔ༷ལ། །ཤེས་བྱར་བློ༷་གྲོ༷ས་རྒྱས་ཤིང་ སོ་ཐར་ཚུ༷ལ་ཁྲི༷མས་དག་ཕྱིར་ཤེ༷ས་ར༷བ་གས༷ལ་བྱེ༷ད་ཕུ༷ན་ཚོ༷གས་འབྱུ༷ང་གན༷ས་ལ། །བློ༷་ གྲོ༷ས་འཕེ༷ལ་བའི་རྐྱེན་དང་འགྲོ་བ་ཀུ༷ན་ལའང་ལེགས་ཚོགས་འཕེ༷ལ་ཞིང་སྨྲ་མཁས་ང༷ག་ལ་ དབ༷ང་བ་དང༌། །འབད་མེད་ལྷུ༷ན་གྱིས་གྲུ༷བ་པའི་དཔལ་ལ་སྤྱོད་ཕྱིར་པར་བསྐྲུན་བགྱིས་འདི་ ལྷ༷་དབ༷ང་རྣམས་ཀྱིས་མཆོད་པའི་ཞིང༌། །རབ་དཀར་ཞིང་མཆོག་འདི་ལ་དངོས་རྫས་གང་ མཁོ་ཀུ༷ན་གྱིས་མ་བསྐུལ་དང་བླངས་བྱས་ཏེ་འབད་མེད་ལྷུ༷ན་གྱིས་གྲུབ། །སྔོན་བསགས་ ལྡན་པའི་འདས་ལྡན་ཕོ་མོ་དག་གིས་རྒྱུ་ཚེགས་འབྲེལ་བ་གང་ཡོད་ཀྱིས་མཚོན་མཁའ་ཁྱབ་ འགྲོ་བ་ཀུན། །དྲུག་ལྡན་རྡོ་རྗེའི་རྟེན་བཟང་མཆོག་ལ་བརྒྱུད་དེ་རྣམ་དག་དོན་དམ་སྤྲོས་བྲལ་ དབྱིངས་ཀྱི་སྐུ་བཞིའི་ཡེ་ཤེས་ལེགས་མངོན་ཏེ། །རྣམ་མང་འགྲོ་བ་འདྲེན་པའི་དབང་པོ་ལྷ་ དང་མི་ཡི་མཆོད་གནས་མཆོག་ཏུ་མིག་འཕྲུལ་ཇི་བཞིན་མྱུར་འགྲུབ་ཤོག །དམ་པའི་གསུང་ རབ་འོད་དཀར་བདུད་རྩིའཛག་པའི་བསིལ་རྒྱུན་འདི། །ཚིམས་པར་འཐུངས་པས་བསྐྲུན་ བྱེད་ལྟོ་བར་གཡུ་མདངས་རབ་ཏུ་འབར། །བདག་བློ་ཀུ་མུད་ལེགས་པར་བཞད་པས་བཤད་ སྒྲུབ་ཡལ་འདབ་གཡོ། །ངེས་དོན་དབུ་མའི་གེ་སར་འཛུམ་དཀར་འཇོ་སྒེག་ཅི་ཡང་འགྱེད། །སྔོན་བསགས་མཐུ་ལྡན་ཡང་དག་རྣམ་དཔྱོད་ཀྱིས། །དཔལ་འབྱོར་མི་ཟད་གཏེར་ལ་དབང་ 5-1-163 བསྒྱུར་བའི། །གཞུང་ལུགས་རིག་པའི་ནོར་བུ་སྦྱིན་པ་ལ། །མཆོད་ཡུལ་མཆོག་གྱུར་གཉིས་པ་ ཡོད་མ་ཡིན། །གཏིང་ཟབ་ཁྲོན་པའི་ཆུ་ལ་ཉི་མའི་མདངས། །རླུང་གི་ཟས་ཅན་ཁ་ལ་བདུད་ རྩིའི་རོ། །སྐལ་ངན་རྣ་བའི་བུ་གར་ལེགས་བཤད་གཏམ། །འབད་པ་བརྒྱས་ཀྱང་འཇུག་པར་ ག་ལ་ནུས། །མཁས་པའི་ལེགས་བཤད་འོད་སྟོང་བདག་པོ་ལ། །ཁྲོ་ལྡན་ཕྲག་དོག་མེ་ཡིས་ རབ་བསྐྱོད་པའི། །དགག་སྒྲུབ་ཚིག་གི་དུད་སྤྲིན་ཆེར་སྤྲོ་བ། །བཤེས་གཉེན་གཟུགས་ཀྱི་ འཆོས་པས་ཕྱོགས་ཀུན་ཁྱབ། །རྒོལ་ངན་ཀུན་གྱི་སྙིང་ནི་འདར་བྱེད་ལེགས་པར་བཤད་པའི་ གཡུ་རལ་གཟེངས། །རྒྱ་ཆེན་གཏམ་གྱི་མཆེ་བ་རབ་རྣོན་ངེས་དོན་སྒྲ་སྐད་སྣ་ཚོགས་འདོན། །ཁེངས་ལྡན་མཁས་པའི་དེད་དཔོན་གངས་ཀྱི་རི་ལ་ལེགས་པར་འགྱིང། །ལྟ་ངན་མ་ལུས་ གཡུལ་ལས་རྒྱལ་ཞིང་གཞན་སྟོང་དབུ་མའི་ལུས་རྩལ་རྫོགས། །དེ་དག་སྐྱེ་དང་སྐྱེ་བའི་ཕྲེང་ བ་རུ། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལེགས་ནོད་པས། །ཉོན་མོངས་དྲ་བ་མ་ལུས་རབ་བཅད་ ཅིང༌། །སྤངས་དང་རྟོགས་པའི་ཡོན་ཏན་རྫོགས་གྱུར་ཅིག །འདི་བྱས་ལས་བྱུང་རབ་དཀར་ ཉལ་འགྲོའི་རྒྱུན། །སྲས་བཅས་རྒྱལ་བའི་མཛད་པ་རླབས་ཆེན་གྱིས། །ལེགས་པར་སྨོན་པའི་ ཆུ་ཀླུང་དང་འགྲོགས་ཏེ། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་རོ་གཅིག་གྱུར། །སྦྱང་གཞི་འོད་ གསལ་འཁོར་འདས་ཀུན་ཁྱབ་སྤྲོས་བྲལ་རྣམ་པར་མི་རྟོག་ཡེ་ཤེས་རྒྱ་མཚོའི་ཀློང་ཆེན་ དབྱིངས། །སྦྱོང་བྱེད་གསང་སྔགས་ཉེ་ལམ་ཟབ་མོ་འཕོ་བའི་མན་ངག་སྤྱི་བོར་བདེ་བའི་སྒོ་ ཆེན་ལམ་བཟང་ནས། །སྦྱང་བྱ་འཁོར་བར་སྐྱེ་བའི་གནས་སྒོ་དགུ་པོ་བཀག་བྱེད་ཡི་དམ་ ཐུགས་སྲོག་ཧཱུཾ་ཡིག་རེ་རེས་འདན། །སྦྱངས་འབྲས་སྒྲིབ་གཉིས་བྲལ་བའི་རྒྱལ་ཀུན་ཆོས་སྐུ་ གཅིག་གྱུར་ཡེ་གཞིའི་རྡོར་འཆང་རང་མདངས་མྱུར་མངོན་ཤོག །རྟག་ཆད་མཐ༷འ་བྲ༷ལ་ བདེན་གཉིས་གནས་ལ་སྤང་བླང་ཞིབ་ཅིང་ཟབ། །སྒྲོ་སྐུར་མཐ༷འ་བྲ༷ལ་ཚོགས་གཉིས་ལམ་ བཟང་ཡང་དང་ཡང་དུ་བསག །སྲིད་ཞི་མཐ༷འ་བྲ༷ལ་དོན་གཉིས་ཅིག་ཅར་སྐུར་བཞེངས་ 5-1-164 འབད་མེད་དབྱིངས། །སྒྲིབ་གཉིས་མཐ༷འ་བྲ༷ལ་སྐུ་བཞིའི་རྒྱ་མཚོར་ལེགས་པར་འཇུག་གྱུར་ ཅིག །ནོར་འཛིན་དཔལ་མོའི་ལྟོ་བ་རུ། །ལུགས་གཉིས་ཨུཏྤལ་ཕྲེང་བ་བཞད། །བསྟན་འཛིན་ རྐང་དྲུག་འདབ་ཟུང་བསྐྱོད། །ངེས་དོན་གླུ་དབྱངས་རྟག་སྒྲོག་ཤོག །འདིར་འབད་བླ་མར་ མཆོད་སྤྲིན་དང༌། །དགེ་ཚོགས་ཇི་སྙེད་མཆིས་པ་རྣམས། །གཅིག་བསྡོམས་བདག་གཞན་ འགྲོ་ཀུན་ཚོགས། །རྡོར་འཆང་གོ་འཕང་མངོན་གྱུར་ཅིག །ཅེས་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ དང་ཁྱད་པར་ངེས་དོན་གཞན་སྟོང་དབུ་མ་ཆེན་མོའི་དགོངས་དོན་མཐའ་དག་གཞན་དྲིང་དུ་མི་འཇོག་པར་ལུང་དང་རིགས་པའི་ ལམ་ནས་ཇི་བཞིན་སྨྲ་བ་ལ་འགྲན་པའི་ཟླ་དང་བྲལ་བའི་མགྲིན་པ་གཟེངས་སུ་མཐོ་བ་ཤར་འཛམ་ཐང་པ་ངག་དབང་བློ་གྲོས་ གྲགས་པ་ཞེས་མཚན་སྙན་གྱི་གྲགས་པ་མདོ་སྨད་གསེར་ལྡན་གྱི་གནས་ཀུན་ཏུ་ཁྱབ་པ་གང་གིས་མཛད་པའི་ཟབ་ལམ་འཕོ་བའི་ མན་ངག་ཉམས་སུ་ལེན་ཚུལ་ཕྱོགས་བསྡུས་སུ་ཉེ་བར་བཀོད་པ་ཐར་པའི་སྒོ་འབྱེད་དང༌། དེའི་ལྷན་ཐབས་ངེས་དོན་ཁྱད་ འཕགས་ཀྱི་ལག་ལེན་འགྲོ་ཕན་ལེགས་སྤེལ་ཞེས་བྱ་བ་ཟུང་དང་དེའི་ཆ་ལག་གང་ཡོད་རྣམས་གང་གིས་སློབ་བུ་དམ་པ་ཤཱཀྱའི་ དགེ་སློང་བརྩོན་འགྲུས་དཔལ། མཁས་དཔལ། བློ་གྲོས་ཚུལ་ཁྲིམས། ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས། བློ་གྲོས་ འཕེལ། ཀུན་འཕེལ། ངག་དབང་ལྷུན་གྲུབ། ལྷ་དབང༌། གྲགས་པ་རྒྱ་མཚོ། རང་དང་བཅས་པས་སྤར་དུ་བསྐྲུན་སྐབས་བསྟན་ པའི་སྦྱིན་བདག་གང་ཉིད་ཀྱི་སློབ་བུ་དམ་པ་ཀུན་དགའ་ལྷུན་གྲུབ་སོགས་རྣམ་དཀར་བསོད་ནམས་ཀྱི་ལེགས་ཚོགས་འདི་ལ་རེམ་ པ་ལྷུར་ལེན་གྱི་བརྩོན་པ་དྲག་པོའི་སྒོ་ནས་སྒྲིབ་སྦྱངས་དང་བསོད་ནམས་བསག་པའི་ཐབས་ལ་སྙིང་སྟོབས་བསྐྱེད་དེ་བསྟན་ འགྲོའི་ཁུར་ཉེ་བར་ལེན་བཞིན་གཞན་ཕན་གྱི་བསམ་པ་དང་བཅས་ཏེ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་བྱའི་ལོ་དང༌། སྤྱི་ལོ་ཆིག་ སྟོང་དགུ་བརྒྱ་གྱ་གཅིག་ལོའི་བདུན་པ་གྲོ་བཞིན་ཟླ་བའི་ཡར་ངོའི་ཚེས་བཅུ་གཅིག་པ་སྟོན་འབྲས་ལྡན་གྱི་དུས་སུ་མཐའ་ལེགས་ པར་གྲུབ་སྐབས་སྤར་བྱང་སྨོན་ཚིག་འདི་གང་གི་ཉེ་གནས་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་ཤར་འཛམ་ཐང་དུ་བྲིས་པ་ སྟེ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱིརྒྱ་མཚོ་ལས་བསྒྲལ་བ་དང༌། རྒྱལ་བསྟན་སྤྱི་དང་ཁྱད་པར་ རྒྱལ་བ་ཇོ་ནང་པའི་རང་ལུགས་ཕྱོགས་དུས་ཐམས་ཅད་དུ་དར་བའི་རྒྱུར་གྱུར་ཅིག སྤར་འདི་ཤར་འཛམ་ཐང་བསམ་འགྲུབ་ནོར་ བུའི་གླིང་དུ་བཞུགས། 5-1-165 བཻཌཱུར་ལྷུན་པོར་མཚམས་སྤྲིན་དམར་སེར་དྲ་བས་འཁྱུད་ལྟར་རང་བཞིན་དག་ཆེན་ མཚན་དཔེ་གསལ་བའི་སྐུ། །རབ་དཀར་ཆུ་འཛིན་དར་ཐོད་ཀློང་ནས་སྒྲ་བརྒྱ་དགོད་བཞིན་ དྲུག་ཅུའི་དབྱངས་ཀྱིས་ཟབ་ཆོས་སྟོན་པའི་གསུང༌། །བརྩེ་ཆེན་སྤྲིན་གྱི་མྱུ་གུ་གསེར་ལྡན་ ཞིང་ཀུན་འཐོར་བས་རྣམ་དཀར་ལོ་འབྲས་བཞད་བྱེད་མཁྱེན་གཟིགས་ཐུགས། །སྙན་ཚིག་ བསྟོད་བསྔགས་པུནྚ་རི་ཀའི་ཕྲེང་བ་བསྟར་འདི་རྡོ་རྗེ་འཆང་ལའང་གུས་པས་ལན་བརྒྱར་ འབུལ། །རྒྱལ་བསྟན་མདོ་སྔགས་ནོར་བུའི་རིགས་སྣ་ཚོགས། །དབང་ལུང་མན་ངག་གསེར་ སྐུད་ལེགས་བསྟར་འདི། །སྐལ་ལྡན་མ་ལུས་མགྲིན་པའི་རྒྱན་དུ་སྤྲས། །བརྒྱུད་རིམ་དཔལ་ ལྡན་བླ་མའི་བཀའ་དྲིན་ལགས། །ང༷ག་གིས་འགྲོ་ལ་ཡང་དག་ཟབ་ཆོས་འཆད། །སྤང་རྟོགས་ ཡོན་ཏན་དཔ༷ལ་གྱིས་ཐུགས་རྒྱུད་གཏམས། །དཔག་མེད་གསང་གསུམ་མཛད་པས་འགྲོ་ ཁམས་སྐྱོང༌། །དད་པའི་པདྨོ་བཞད་བཞིན་གུས་འདུད་འབུལ། །བློ༷་གྲོ༷ས་རབ་ཡངས་ཀུན་ གསལ་འཁོར་ལོའི་ལྟོར། །བཤད་སྒྲུབ་གྲ༷གས་སྙན་ནམ་མཁའི་རྔ་གསང་ལྡིར། །གཙུག་ཕུད་ ཅན་ཀུན་ལུང་རྟོགས་མངལ་དང་ལྡན། །དད་པ༷་གསུམ་གྱི་སྙིང་གི་པདྨོ་འཛུམ། །བརྩེ་ཆེན་དྲི་ བཞོན་གྱིས་བསྐྱོད་པའི། །མཛད་འཕྲིན་ནམ་མཁའི་རྒྱལ་མཚན་གཡོ། །འཆད་རྩོད་རྩོམ་པའི་ ཆར་རྒྱུན་ཕབ། །ལེགས་བཤད་ལོ་འབྲས་བསྐྲུན་ལ་འདུད། །སྔགས་རི༷གས་འཛིན་པའི་ཞིང་ མཆོག་ཉམས་དག༷འ་བར། །རྒྱལ་བསྟན་བཤད་སྒྲུབ་ཆོ༷ས་ཀྱི་མཛོ༷ད་འཛིན་མཁན། །འདུས་ སྡེ་སྤྱི་དང་བསྟན་པའི་སྦྱིན་བདག་གཙོས། །འབད་སྟོབས་བརྩོན་པ་ཆེན་པོས་སྤར་དུ་བསྐྲུན། །རྒྱ་མཚོའི་གོས་ཅན་གནས་སུ་ལེགས་བཤད་རྐང་འཐུང་གཡུ་མདངས་ལམ་ལམ་གཡོ་བཞིན་ དྲ་བའི་ཕྲེང་བསྟར་བསྒྲིགས། །སྐྱེ་འགྲོའི་ཚ་གདུང་སེལ་བའི་བསིལ་གྲིབ་དང་བཅས་དྲི་ ངད་ཤིང་རྟས་ཕྱོགས་བཅུར་བསྐྱོད་ཅིང་ངལ་གསོ་སྦྱིན། །དམ་པ་རྣམས་ཀྱི་གསང་གསུམ་ སྣང་བརྙན་ཤར་བའི་རྫིང་བུ་འབུམ་ཕྲག་དུ་མ་ལེགས་པར་འཁྱིལ་བ་ལས། །ཟླ་བའི་གྲངས་ 5-1-166 འདི་མ་ལུས་འགྲོ་ལ་ཕན་བདེ་སྤེལ་ཕྱིར་གཅིག་ལས་དུ་མ་འཆར་བའི་སྤར་བསྐྲུན་བགྱིས། །འདིར་འབྲེལ་གྱིས་མཚོན་མཁའ་ཁྱབ་སེམས་ཅན་ཀུན། །སྐྱེ་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་ དུ། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་འཐུང་བ་ཡིས། །སྒྲིབ་གཉིས་མ་ལུས་སྤངས་ཤིང་འགྲོ་འདྲེན་ གྱུར། །དཔལ་ལྡན་བླ་མའི་མཛད་འཕྲིན་དཔག་ཡས་ལྟར། །བདག་སོགས་མཛད་པ་ཆེན་ པོའི་གནས་ཐོབ་སྟེ། །སྲིད་ཞིར་མི་གནས་འདོད་དགུར་བསྒྱུར་བའི་སྐུས། །མཁའ་ཁྱབ་འགྲོ་ བ་མཐའ་དག་སྒྲོལ་བར་ཤོག །ཅེས་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་མགྲིན་པ་གཟེངས་སུ་མཐོ་ བ་ཤར་འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པ་ཞེས་འཆི་མེད་རྔ་གསང་ལྟ་བུའི་མཚན་སྙན་གྱི་གྲགས་པ་རབ་ཏུ་རྒྱས་པ་གང་ གིས་མཛད་པའི་དཔལ་ལྡན་བླ་མ་ངག་དབང་དཔལ་བཟང་པོའི་རྣམ་པར་ཐར་པ་རྡོ་རྗེའི་སློབ་མའི་དག་སྣང་སྦྱོང་བྱེད་ཅེས་བྱ་བ་ འདི་ཡང་དམ་པ་དེ་གཉིས་ཀྱི་སློབ་བུ་བླ་མ་རིགས་དགའ་དང་ཆོས་མཛོད་སོགས་བླ་གྲྭ་ཡོངས་རྫོགས་ཀྱིས་སྤར་དུ་བསྐྲུན་སྐབས་ སྨོན་ཚིག་ཉུང་བསྡུས་འདི་ཡང་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་བྲིས་པ་ སྟེ། འདིས་ཀྱང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པ་དང༌། དཔལ་ལྡན་རྒྱལ་བ་ གཉིས་པ་ཀུན་མཁྱེན་ཇོ་ནང་པའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིགཔར་འདི་ཤར་འཛམ་ཐང་གི་ ཉེ་འདབས་ས་དམར་དཔལ་རྩེའི་དགོན་དུ་བཞུགས། ༀ་སྭ་སྟི། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཐོག་མ་བར་ཐ་དྲི་མ་ཀུན་བྲལ་ དབྱིངས། །སྐུ་ཞིང་རབ་འབྱམས་རྒྱ་མཚོའི་མངའ་བདག་དཔལ། །དང་པོའི་སངས་རྒྱས་སྲིད་ པ་ཀུན་ལས་རྒྱལ། །གྲངས་མེད་ཚོགས་གཉིས་བསགས་པའི་མངའ་ཐང་གིས། །སྒྲིབ་གཉིས་ དཔུང་ཚོགས་ཀུན་བཅོམ་ཁམས་གསུམ་དུ། །རྒྱུད་ཚོད་དང་མཐུན་ཆོས་འཁོར་རིམ་གསུམ་ གསུངས། །བུ་རམ་ཤིང་པས་བདག་ཅག་རྟག་སྐྱོངས་ཤིག །ལྷ་བརྒྱའི་གཙུག་རྒྱན་བྱམས་ མགོན་ཐོགས་མེད་དང༌། །ཀླུ་སྒྲུབ་ཨཱརྱ་དེ་ཝ་དབྱིག་གཉེན་ཞབས། །ཕྱོགས་གླང་ཆོས་གྲགས་ ཙནྡྲ་གོ་མི་སོགས། །ངེས་དོན་མདོ་མཆོག་གཞན་སྟོང་བཀྲལ་རྣམས་གུས། །བདེ་ཆེན་འདྲེན་ 5-1-167 མཛད་རྣམ་ཀུན་མཆོག་ལྡན་མར། །དགའ་བ་བཅུ་དྲུག་ལྷུར་ལེན་ཕྱག་གཉིས་ཀྱིས། །ཞགས་ པས་འཁྱུད་མཛད་དུས་ཀྱི་འཁོར་ལོ་ཡིས། །དབང་ཕྱུག་འདོད་ལྷའི་སྙིང་གར་བརྫི་བར་གུས། །རྩ་རྒྱུད་འགྲེལ་མཛད་ཟླ་བཟང་ནས་བཟུང་སྟེ། །སྡུད་བྱེད་འཇམ་དཔལ་གྲགས་དང་རྒྱས་ འགྲེལ་ཡང༌། །པད་དཀར་དགྱེས་རྡོར་རྒྱུད་འགྲེལ་རྡོར་སྙིང་ཞབས། །དེ་རྣམས་ལ་ཡང་གུས་ འདུད་ལན་བརྒྱར་བྱ། །དུས་ཞབས་ཆེན་པོ་ཡི་དམ་ལུང་གིས་བསྔགས། །ཤམྦྷ་ལ་ནས་རྒྱུད་ རྣམས་གདན་དྲངས་ནས། །དུས་ཞབས་ཆུང་སོགས་ཟླ་མགོན་འབྲོ་ལོ་ཙཱ། །དབང་ལུང་མན་ ངག་སྒྲུབ་པའི་བཀའ་བབས་སོགས། །མི་ཕྱེད་དད་བརྒྱའི་སྙིང་དབུས་དཀྱིལ་ནས་དྲན། །ལྷག་བསམ་ལུས་སྟོབས་རྣམ་པར་རྫོགས་ཤིང་སྙིང་སྟོབས་གོ་ཆ་ཉེར་བགོས་ཏེ། །མཁས་ གྲུབ་གདེངས་ཅན་བྱེ་བའི་བསྟི་གནས་འཕགས་ཡུལ་ཆོས་ཀྱི་རོལ་མཚོ་ནས། །གངས་ཅན་ སྐད་ཀྱི་གྲུ་གཟིངས་ལ་བརྟེན་གཙུག་ལག་ནོར་བུའི་མཛོད་དྲངས་ཏེ། །བསྟན་པའི་སྲོལ་ འབྱེད་ལོ་པཎ་རྣམས་ཀྱི་ཞབས་རྡུལ་ལྷ་དབང་གཙུག་གིས་གཏུག །རྒྱལ་བའི་དགོངས་བཅུད་ མདོ་སྔགས་གཞན་སྟོང་དུས་ཀྱི་དབང་གིས་ཟུམ་པ་ན། །རྣམ་འདྲེན་ཀུན་གྱི་ཡེ་ཤེས་ཉི་མའི་ དཀྱིལ་འཁོར་ངུར་སྨྲིག་ཟློས་གར་འཛིན། །གཞན་སྟོང་ལྟ་དང་གསང་ཆེན་ཐེག་པ་རྫོགས་ ལྡན་ཆུ་འཛིན་རྒྱས་མཛད་པ། །རྒྱལ་བ་ཀུན་དངོས་དོལ་པོ་པ་ཞེས་སྙན་གྲགས་ནོར་འཛིན་ ཁྱབ་ལ་འདུད། །ལུང་རྟོགས་འབུམ་གྱི་རལ་བའི་ཅོད་པཎ་རྒྱས། །སུན་འབྱིན་རིགས་པའི་ མཆེསྡེར་རྣོན་པོ་བསྒྲད། །ལེགས་བཤད་སྒྲ་ལྡན་འཁོར་དབུས་མི་འཇིགས་བརྙེས། །རྒྱལ་ བསྟན་གངས་རི་འཛམ་གླིང་རྒྱན་དུ་བཞུགས། །ཞི་བསིལ་བདུད་རྩི་མཆོག་བརྙེས་ཀྱང༌། །སྐྱེ་ རྒུའང་དེ་ལ་འདྲེན་པའི་ཕྱིར། །ངུར་སྨྲིག་གར་གྱི་རྣམ་རོལ་པ། །རྟོན་པ་བཞི་ལྡན་སྲིད་གསུམ་ རྒྱལ། །རྣམ་པར་དཔྱོད་པའི་ཉི་ཟླ་ཟུང་ཡང་ཐུབ་བསྟན་རིན་ཆེན་ལྷུན་པོའི་མགུལ་ནས་ གཡས་སུ་འཁོར། །ལུང་རིགས་འོད་དཀར་ཕྲེང་བ་རྒྱ་ཆེན་གསལ་བས་གྲུབ་མཐའ་ངན་པའི་ 5-1-168 མི་ཤེས་རྨོངས་མུན་གསལ། །སྨྲ་བའི་ཁྱུ་མཆོག་མཁས་གྲུབ་གཉིས་ལྡན་བསྟན་དང་འགྲོ་བའི་ དོན་ཆེན་མཛད། །ཕྱོགས་རྒྱལ་ཉ་དབོན་ལ་སོགས་བདུན་ཕྲག་ཟུང་ཡང་སྲིད་འདིར་རྒྱལ་ གྱུར་ཅིག །རྒྱལ་སྲས་དང་བཅས་རྒྱ་བོད་བསྟན་འཛིན་རྣམས་ཀྱི་མདོ་སྔགས་ཡོངས་ལ་དབང་ བསྒྱུར་བདག་པོ་མཛད། །མཁས་གྲུབ་གཞུང་ལུགས་རབ་འབྱམས་སྨྲ་བ་ཀུན་གྱིས་ཆོས་ ཕུགས་ཆུ་མགོ་གངས་ལ་ཐུག་པ་བཞིན། །ངེས་དོན་ལྟ་བའི་བརྒྱུད་འཛིན་ཁྱད་འཕགས་ འཛམ་གླིང་མཁས་གྲུབ་སྨྲ་བ་ཡོངས་ཀྱིས་བསྟོད་བསྔགས་བརྗོད། །ཇོ་ནང་ཀུ༷ན་དག༷འ་སྙི༷ང་ པོ༷འི་ཞབས་སེན་ཟུང་ལ་གདོང་བཞི་མིག་སྟོང་སོགས་ཀྱིས་གཙུག་གིས་བཀུར། །ལྷག་བསམ་ དག་པས་དབང་ལུང་མན་ངག་ནོར་བུའི་སྒྲོམ་བུའི་ཁ་ཕྱེས་ཏེ། །ཆོས་བརྒྱད་འདོར་ལེན་དང་ བྲལ་རྣམ་དག་གསུང་གིས་མོས་པ་ཇི་བཞིན་གནང༌། །ངལ་ཞིང་དུབ་པའི་སྙོག་པ་དང་བྲལ་ ཆོས་ལ་སྤྲོ་བ་རབ་ཏུ་འཕེལ། །གཞན་སྟོང་བརྒྱུད་པའི་བླ་མ་རྣམས་ཀྱི་ཞབས་རྡུལ་སྤྱི་བོའི་ རྒྱན་དུ་བཀུར། །འདུལ་ཁྲིམས་གཙང་མའི་ཐུགས་རྒྱུད་ས་གཞི་རུ། །མཛད་སྤྱོད་བཟང་པོའི་ ཆུ་སྐྱེས་སྣ་ཚོགས་བཞད། །གདུལ་བྱའི་ཁྱུ་ཚོགས་རྐང་དྲུག་དར་དིར་གཡོ། །གཞན་སྟོང་སྦྲང་ དཀར་སྦྱིན་མཛད་མ༷་ཏི༷་རྗེ༷། །མཐའ་བཞི་ལས་གྲོལ་དོན་དམ་ཆོས་དབྱིངས་སུ། །མཉམ་ བཞག་ཟབ་མོར་བདེན་པར་འཛིན་རྟོགས་སོགས། །ཆོས་ཅན་སྣང་བ་མ་ལུས་ཟད་པའི་ཕྱིར། །འཛིན་མེད་སྤྲོས་བྲལ་རྟོགས་པའི་མ་ཏི་རྗེ། །ཀླུ་ཐོགས་ཡབ་སྲས་ཡོངས་ཀྱི་དགོངས་དོན་ ཡང༌། །ས་གསུམ་འགྲོ་བའི་མིག་འབྱེད་ཆོས་ཀྱི་རྗེ། །ཆོས་རྣམས་དབྱེ་ལ་འགྲན་པའི་ཟླ་བྲལ་ བའི། །རྗེ་བཙུན་མཁས་མཆོག་མཁྱེན་རབ་མ་ཏིར་གུས། །རབ་འབྱམས་གཞུང་ལུགས་ མཐའ་དག་ཐུགས་སུ་ཆུད། །འཆད་རྩོད་རྩོམ་པས་རྒྱལ་བསྟན་རབ་གསལ་མཛད། །ཁྱད་ པར་རང་ལུགས་གཞན་སྟོང་སླར་སྤེལ་མཁན། །མཁན་ཆེན་བློ༷་གྲོ༷ས་གྲ༷གས་པར་ལན་བརྒྱར་ གུས། །མདོ་སྨད་གསེར་ལྡན་དཀྱིལ་འཁོར་རབ་ཡངས་སུ། །བསྟན་དང་འགྲོ་བའི་ཕན་བདེ་ 5-1-169 ལེགས་སྤེལ་ཕྱིར། །སྡེབ་ལེགས་ཚིག་ཕྲེང་ཟབ་དོན་རབ་གསལ་བའི། །བརྗེད་ངས་རྨོངས་ པའི་མུན་ནག་སེལ་བྱེད་མཆོག །དམ་པའི་ལེགས་བཤད་རིན་ཆེན་རྒྱན་ཕྲེང་མཆོག །ཡིག་ ཚོགས་དོན་ཟབ་རབ་ཏུ་བསྟར་བ་འདི། །སྐལ་ལྡན་མགྲིན་པ་བརྒྱན་པའི་ཆེད་དུ་སྤེལ། །མི་ ཟད་ཆོས་སྦྱིན་ཆེན་པོའི་སྒོ་ཆེན་ཕྱེ། །སྔོན་བསགས་བསོད་ནམས་སྟོབས་ལས་བྱུང་བ་ཡི། །རྣམ་དཀར་བྱ་བ་རླབས་ཆེན་མི་དམན་ཞིང༌། །སོར་འཕྲུལ་ལྡན་པའི་པར་བསྐྲུན་ཟླ་བྲལ་ འདི། །སྐྱེས་བུ་དམ་པ་ད༷ར་རྒྱ༷ས་ཀྱིས་འདི་མཛད། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་ གཞི། །སྦྱིན་པ་རྣམ་བཞི་ཉལ་འགྲོའི་རྒྱུན་བཞིན་བསྟར། །ཆིག་སྟོང་དགུ་བརྒྱ་གོ་དགུའི་ཟླ་ ཚེས་ལ། །སློབ་བུ་དམ་པ་ང༷ག་དབ༷ང་ཀུ༷ན་དཔ༷ལ་གྱིས། །ལྷག་བསམ་ཐུགས་བསྐྱེད་ཟླ་འོད་ དཀར་པོ་ཡིས། །ཆེཕྲའི་འབྲེལ་བ་གང་ཡོད་འདས་ལྡན་སོགས། །ལྷ་ལོ་བོ་མོ་དང་བཅས་ ཁྱིམ་སྒོས་ནས། །བསྔོ་དགོས་གང་ཡོད་ཀྱིས་མཚོན་མ་གྱུར་འགྲོའི། །སྒྲིབ་གཉིས་སྦྱངས་ཤིང་ ཚོགས་གཉིས་རྫོགས་ཕྱིར་དང༌། །ཐོས་བསམ་སྒོམ་པས་དལ་འབྱོར་དོན་དང་ལྡན། །འཆད་ རྩོད་རྩོམ་པས་རྒྱལ་བསྟན་རྒྱས་པའི་ཕྱིར། །བསྟན་འཛིན་དགེ་འདུན་ཀུན་གྱི་བར་ཆད་བྲལ། །རྟེན་འདི་གང་ན་བཞུགས་པའི་ས་ཕྱོགས་སུ། །ཆོས་སྤྱོད་བཅུ་ཡི་བྱ་བ་རྟག་འཕེལ་དང༌། །ཆར་ཆུ་དུས་ཚིགས་སྙོམས་ཤིང་ལོ་ཕྱུགས་ལེགས། །ནད་རིམས་ཀུན་ཞི་ཚེ་རིང་འབྱོར་བ་ རྒྱས། །དུས་འཁྲུགས་ཀུན་ཞི་ཆབ་སྲིད་རྟག་ཏུ་བརྟན། །དཔལ་དང་གྲོགས་བཟང་སྐལ་བ་ བཟང་པོ་དང༌། །ལོངས་སྤྱོད་རྒྱ་ཆེན་ཞི་རྒྱས་དབང་དྲག་སོགས། །དུས་མིན་འཆི་དང་ནད་ རྣམས་གདོན་བགེགས་ཞི། །མདོར་ན་ཆོས་སྲིད་ཟུང་འབྲེལ་རྟག་འཕེལ་ཤོག །འདིར་ བསགས་ལས་བྱུང་རྣམ་དཀར་ཉལ་འགྲོའི་རྒྱུན། །སྲས་བཅས་རྒྱལ་རྣམས་བསམ་མི་ཁྱབ་པ་ ཡི། །རླབས་ཆེན་སྨོན་པའི་ཆུ་ཀླུང་དང་འགྲོགས་ནས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་ འབབ་གྱུར་ཅིག །ཇི་སྲིད་དེ་མ་ཐོབ་པའི་བར། །ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི། །གསུང་ 5-1-170 གི་མཚམས་ལ་མི་འདའ་བར། །ཡང་དག་ལམ་རྣམས་བསྒྲུབ་པར་ཤོག །གདོད་ནས་སྤྲོས་ བྲལ་དོན་དམ་ཆོས་ཀྱི་དབྱིངས། །སྐུ་གསུམ་ཡེ་ཤེས་ཀུན་གྱི་རང་བཞིན་དུ། །བཞུགས་འདི་ རྒྱལ་ཀུན་དགོངས་པར་ལེགས་རྟོགས་པས། །ཟབ་མོའི་གནས་ལུགས་ཚུལ་བཞིན་རྟོགས་ པར་ཤོག །ཐུབ་པས་ལེགས་གསུང་བཀའ་འཁོར་རྣམ་པ་གསུམ། །དྲང་ངེས་ལྡེམ་དགོངས་ཇི་ བཞིན་ཡིན་མིན་སོགས། །རྣམ་པར་འབྱེད་པའི་མཁྱེན་རབ་ཕུལ་བྱུང་དོན། །རྒྱལ་བའི་ དགོངས་པ་མཐའ་དག་རྟོགས་གྱུར་ཅིག །ཚུལ་བཞིན་ཡང་དག་རིགས་པའི་གནམ་ལྕགས་ མདས། །ཚུལ་མིན་རིག་པས་ལོག་བརྟགས་གྲུབ་པའི་མཐའི། །རི་ཚོགས་མིང་གི་ལྷག་མར་ མཛད་པས་ན། །སྨྲ་ངན་ལོག་རྟོག་དྲི་མ་སེལ་གྱུར་ཅིག །སྙོམས་འཇུག་རྣམས་དང་གཟུངས་ དང་སྤྱན་ལྔ་དང༌། །མངོན་ཤེས་དྲུག་སོགས་ཏིང་ངེ་འཛིན་གྱི་སྒོ། །གྲངས་ལས་འདས་པར་ འཇུག་ལྡང་བྱང་ཆུབ་པས། །ཟབ་རྒྱས་ཏིང་འཛིན་སྒོ་བརྒྱ་འབྱེད་མཁས་ཤོག །ཀུན་མཁྱེན་ ཆོས་ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་ཁྱབ་པ་དང༌། །ཕྱོགས་རྣམས་ ཀུན་ཏུ་ནམ་ཡང་མི་ནུབ་ཅིང༌། །དུས་རྣམས་ཀུན་ཏུ་འཕེལ་ཞིང་དར་བར་ཤོག །མདོ་དོན་ མཐར་ཐུག་གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་འབྱོར་གྱི། །ལྟ་སྒོམ་ འབྲེལ་བའི་ལམ་གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །སྐྱབས་གསུམ་འགྱུར་བ་མེད་པའི་དགེ་ལེགས་དང༌། །དོན་དམ་རྟག་བརྟན་བདེན་པའི་ཕུན་ ཚོགས་ཀྱི། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་ བཀྲ་ཤིས་ཤོག །ཅེས་རྒྱལ་བ་སྲས་དང་བཅས་པའི་མཛད་འཕྲིན་འོད་དཀར་གྱི་བྱེད་ལས་སུ་གཟུགས་སྐུ་ཨུཏྤལ་དཀར་པོ་ མདོ་སྨད་ནོར་འཛིན་གྱི་ཐིག་ལེ་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཡབ་བཟི་ར་ཚེ་རིང་དཔལ་ལྡན་དང༌། ཡུམ་རྒྱ་ བཟའ་གུར་ལོ་གཉིས་ཀྱི་སྲས་སུ་རིན་པོ་ཆེ་སྒྲོམ་བུའི་དབུས་ནས་མཚན་དཔེའི་མེ་ཏོག་བཞད་པ་ལྟ་བུར་བལྟམས་ཏེ། མདོ་སྨད་ ངེས་དོན་བསྟན་པའི་ཉི་མ་གཅིག་གྱུར་མཚན་བརྗོད་པར་དཀའ་བ་དོན་རྒྱ་ཆེན་པོའི་སླད་དུ་མཚན་ནས་སྨོས་ན་ངག་དབང་བློ་ 5-1-171 གྲོས་གྲགས་པའམ་ཝཱཀྐིནྡྲ་མ་ཏི་ཀིརྟི་ཞེས་བྱ་བས་མཛད་པའི་རྒྱུ་འབྲས་གནས་ལུགས་ཟབ་དོན་རྣམ་ངེས་ཀྱི་ཉེར་མཁོ་ས་བཅད་ མཚན་མཚོན་གཞི་གསུམ་ཟུར་གསལ་དང༌། རྒྱུ་དང་འབྲས་བུའི་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་རྣམ་པར་ངེས་པ་ རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ཞེས་བྱ་བ་སློབ་བུ་དམ་པ་ངག་དབང་ཀུན་དཔལ་གྱིས་སྤྱི་ལོ་ ཆིག་སྟོང་དགུ་བརྒྱ་གོ་དགུ་བོད་རབ་བྱུང་བཅུ་བདུན་པའི་མེ་ཡོས་ཀྱི་ལོའི་བགྲང་བྱ་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་དྲུག་པ་ གཟའ་མིག་དམར་སྐར་མ་ནག་པ་མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར་བའི་སྐབས་བཀྲ་ཤིས་པའི་ཉི་མ་ལ་ལྷ་གསོལ་ཆོས་སྤྱོད་ཀྱི་ བྱ་བ་ལ་མཆོག་ཏུ་བསྔགས་པའི་དུས་སུ་སྨོ༷ན་ཚི༷ག་གས༷ལ་བྱེ༷ད་ཟླ༷་བ༷འི་མེ༷་ལོ༷ང་ཞེས་བྱ་བ་རྣམ་དཀར་གང་བྱས་འབུམ་འགྱུར་དུ་ འགྲོ་བའི་དུས་རྐང་འཐུང༌། ཆུ་སྐྱེས་སྣ་ཚོགས་རབ་ཏུ་རྒྱས་ཤིང༌། འབྲུ་རིགས་དང་སྨན་སྣའི་ཚོགས་ཀྱི་དྲི་ངད་བསེར་བུས་ཕྱོགས་ ཀུན་ཏུ་བསྐྱོད་པ་དང༌། བྱ་ཚོགས་མཛེས་པའི་སྐད་སྙན་སྣ་ཚོགས་སྒྲོག་པ། རི་དྭགས་སྣ་ཚོགས་དང༌། གཡུང་དྭགས་དུ་མ་དང༌། གཅན་གཟན་གྱི་རིགས་སོགས་མདོར་ན་སྐྱེ་འགྲོ་ཕལ་ཆེ་བའི་སྔོན་བསགས་བསོད་ནམས་ཀྱིས་སྟོབས་ལས་བདེ་སྐྱིད་ཀྱི་འཚོ་བ་ ལ་རོལ་ནས་ལུས་སེམས་ཀྱི་སྟོབས་རྒྱས་ཏེ་བཀྲག་མདངས་དང་གཟི་བརྗིད་རབ་ཏུ་རྒྱས་པ། ཆུ་འཛིན་འཁྲིགས་པའི་ཀློང་ནས་ དབྱར་གྱི་རྔ་གསང་ལྷང་ལྷང་ཕྱོགས་བཅུར་སྒྲོག་བཞིན་འོད་དམར་ཞགས་པའི་རྩེད་འཇོ་ངོམ་བཞིན་བདུད་རྩིའི་ཟིལ་ཆར་འཐོར་ བ་ལས་ཆུ་ཕྲན་ཆུ་ཀླུང་ཐམས་ཅད་རབ་ཏུ་རྒྱས་པ། མཚོ་དང་མཚེའུ་རྣམས་ཤིན་ཏུ་རྒྱས་ཏེ། མདོར་ན་ཕྱི་ནང་སྣོད་བཅུད་མ་ལུས་པ་ དབྱར་ཟླའི་དཔལ་ལ་བརྟེན་ནས་སྐྱེ་འགྲོ་ཕལ་ཆེར་བདེ་བས་ཚིམས་ཤིང་སྔོན་བསགས་བསོད་ནམས་ཀྱི་མཛད་འཕྲིན་ངོམ་པའི་ ཡིད་བསྐུལ་ཏེ། བླ་མ་དང་མཆོག་གསུམ་ལ་མཆོད་པ་དང༌། མཛད་པ་དང་འཕྲིན་ལས་ལ་དད་པ་དབང་མེད་དུ་སྐྱེ་བ་སོགས་ དཀར་ནག་གི་རྒྱུ་འབྲས་ཀྱིས་ཡིད་བསྐུལ་བས་རྒྱུ་འབྲས་ལ་ཡིད་ཆེས་པའི་མཐུན་རྐྱེན་ཕྱི་ནང་སྣ་ཚོགས་པའི་སྒོ་ནས་རང་ཤུགས་ ཀྱི་འགྲིགས་པའི་སྐབས་སུ་སྨོན་ཚིག་འདི་འཛམ་ཐང་གཙང་ཆེན་དགོན་གྱི་མཁན་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་པས་ སྦྱར་བ་དགེ། སློབ་བུ་དམ་པ་ངག་དབང་བསྟན་འཛིན་རྡོ་རྗེས་མཐུན་རྐྱེན་གང་དགོས་ཐམས་ཅད་བསྒྲུབས་པའོ། །འདིས་ཀྱང་ དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག རྒྱལ་བསྟན་ཉི་མ་འབུམ་ཕྲག་གསར་བའི་འོད་སྣང་རབ་བཀྱེ་བས། །ལྟ་ངན་ལོག་སྤྱོད་ སྨག་རུམ་མཐའ་དག་ལྷག་མེད་བཅོམ་དང་ལྷན། །ངེས་དོན་རྫོགས་ལྡན་གཞན་སྟོང་ཆུ་སྐྱེས་ 5-1-172 འབུམ་ཕྲག་ཅིག་ཅར་བཞད། །ཀུན་མཁྱེན་ཐུགས་མཆོག་མཁའ་དབྱིངས་རབ་རྒྱས་ཏཱ་ར་ ནཱ་ཐར་འདུད། །སྒྲིབ་གཉིས་སྨུག་སྤྲིན་དབྱིངས་སུ་དག་པའི་མཁྱེན་རབ་མཁའ་དབྱིངས་ སུ། །ལུང་རིགས་འོད་བརྒྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་འོད་སྟོང་འཆར། །འཆད་ རྩོད་རྩོམ་གྱིས་ཚ་ཟེར་སྤྲོས་པས་འཇིག་རྟེན་རབ་སྐྱོང་མཁན། །སྐྱབས་མཆོག་མ་ཏི་རྗེ་ལ་བློ་ ལྡན་སུ་ཞིག་གུས་མི་བྱ། །ལེགས་བཤད་གཞུང་ལུགས་རབ་འབྱམས་སྤྲོས་པ་ལ། །འཇུག་ན་ ཤེས་རབ་སྣང་བ་མཆོག་སྟེར་ཞིང༌། །གཟུར་གནས་མཁས་པ་མགུ་བའི་ལེགས་བཤད་མཆོག །གཅིག་ལས་དུ་མ་སྤྲོ་བའི་པར་བཞེངས་མཁན། །སྙིང་སྟོབས་ཆུ་ཤེལ་དཀྱིལ་འཁོར་རབ་ཏུ་ མཛེས། །འོད་དཀར་བདུད་རྩིའི་ཟེར་བརྒྱ་སྤྲོ་བ་དེས། །སྐྱེ་རྒུའི་ཚ་བའི་གདུང་བ་ལྷག་མེད་ འཇོམས། །ཐུགས་བསྐྱེད་ཟླ་བྲལ་ཧོར་བླ་བརྩོན་འགྲུས་དཔལ། །འདི་ལ་བརྟེན་ནས་རྣམ་ དཀར་གང་བྱུང་རྣམས། །ཕྱོགས་བཅུའི་དགེ་མཚན་མཁའ་ཁྱབ་དང་འགྲོགས་ནས། །རྣམ་ པར་དཀར་བའི་དགེ་མཚན་མཆོག་གི་སར། །རྣམ་མང་འགྲོ་བ་སྐྱོང་བའི་དེད་དཔོན་གྱུར། །པར་བྱང་སྨོན་ཚིག་ཉུང་བསྡུས་འདི་ཧོར་བ་བླ་མ་བརྩོན་འགྲུས་དཔལ་གྱིས་པར་བཞེངས་སྐབས་ཤཱཀྱའི་དགེ་སློང་བློ་བཟང་ཆོས་ འཕེལ་པས་གཙང་ཆེན་ཕོ་བྲང་དམར་ལྡིང་མའི་ནང་དུ་བྲིས་པ་དགེ། ཀ་དག་ལྷུན་གྲུབ་ཟླ་བའི་མ་མ་ལས་བྱུང་རིན་ཆེན་འདབ་སྟོང་བཅུ་གཉིས་བདག་པོས་ བཞད་པའི་རྩེར། །ཚོགས་གཉིས་རྡུལ་མང་རབ་བརྩེགས་མཁའ་ཡི་རྒྱལ་མཚན་བདེ་ཆེན་ འོད་དམར་ཞགས་པས་འཁྱུད་བཞིན་རྩེ་དགའ་ངོམ། །དུག་གསུམ་ལས་བསྐྱེད་འདྲེ་སྲིན་ མཐའ་དག་ནམ་མཁའི་རྔ་ཆེན་ལྡིར་བཞིན་གནམ་ལྕགས་འབར་བས་རྨང་མེད་བྱས། །བརྩེ་ བའི་སྦྲང་ཆར་ལས་བྱུང་ཐུབ་བསྟན་སྟེང་འཐུང་རྒྱས་པས་སྐྱེ་རྒུའི་དབུལ་ཚོགས་དྲུངས་ཕྱུང་ མཚོ་སྐྱེས་རྗེ། །མུན་སེལ་འོད་ཀྱིས་རྒྱ་མཚོའི་གོས་ཅན་དང་བཅས་ཁ་བ་ཅན་འདིར་ལྷག་ པར་བྱམས་བརྩེའི་དྲོད་ཀྱིས་བསྐྱངས། །སྔོན་བསགས་བསོད་ནམས་ལས་བསྐྲུན་སྐྱེ་བོའི་ 5-1-173 ཚོགས་ལའང་འདི་ཕྱིའི་ལེགས་ཚོགས་ཀུན་གྱི་འབྱུང་སྒོའི་གཞི་གཅིག་པུ། །ཐུབ་བསྟན་ འཛིན་མའི་དུམ་བུ་རྣམས་སུ་འདུལ་ཁྲིམས་ལྗོན་བཟང་གསར་བའི་དྲི་ངད་ཕྱོགས་བཅུར་རབ་ ཏུ་ཁྱབ། །གསང་སྔགས་འབྲས་བུའི་ཁུར་འཛིན་སླར་ཡང་ལུང་རྟོགས་ལྡན་པའི་ལི་ཁྲིའི་ཀླུང་ ཆེན་བསྐྱེད་བྱེད་ཞི་བ་འཚོ། །ལུགས་གཉིས་ཁྲིམས་བསྒྲགས་གསེར་གྱི་གཉའ་ཤིང་འཛིན་ བཞིན་མཁན་སློབ་ཉི་ཟླ་ཟུང་ཡང་བཅུ་གཉིས་བསེར་བུས་དྲངས། །བསིལ་ལྡན་གནས་སུ་ འདུལ་འཛིན་ཆུ་སྐྱེས་དཀར་པོར་ལྷག་བསམ་གེ་སར་དགོད་ཅིང་གསང་སྔགས་བདུད་རྩི་ ལུད། །སྦྲང་སྐྱེས་གཞོན་ནུའི་ཁྱུ་ཚོགས་ལུང་རིགས་འདབ་གཤོག་ཟུང་གིས་དག་ཞིང་མཁའ་ ལམ་ཀུན་ཏུ་ཉུལ་བར་བྱེད། །འབྱོར་ལྡན་སྐྱེ་བོའི་ཚོགས་ཀྱིས་བསོད་ནམས་ཞིང་མཆོག་འདི་ རྣམས་འཇམ་དབྱངས་མི་བརྫུ་ས་དབང་ཁོ་ནའི་དྲིན། །ངེས་དོན་ལུགས་བཟང་ཡིད་བཞིན་ དབང་རྒྱལ་སླར་ཡང་བྱི་དོར་བྱས། །ལུང་རིགས་རྒྱལ་མཚན་རྩེར་བཀོད་རྫོགས་ལྡན་གསར་ བའི་ཆོས་ཆར་ཕབ། །ཁུངས་ལྡན་རྟོགས་བརྗོད་བཀའ་མ་འདི་ཡང་གཟུར་གནས་མཁས་མང་ གི། །སྒྲ་འཛིན་རྒྱན་དུ་གྱུར་པའི་དེད་དཔོན་ཏཱ་ར་ནཱ་ཐར་འདུད། །བྱམས་བརྩེའི་མཛད་བཟང་ ཁམས་འདིར་བསྐྱོད་དེ་བཤེས་གཉེན་ཟོལ་བསྒྱུར་བས། །དཔག་ཡས་འགྲོ་འདིའི་བགོ་སྐལ་ ཐོབ་ཆེད་མཁྱེན་རབ་གཏེར་རྡོལ་ཏེ། །ཚིགས་སུ་བཅད་པ་རྡོརྗེའི་མེ་ལོང་བྱིན་རླབས་དྲི་ བསུང་འཐུལ། །སྐལ་བཟང་དད་པའི་གསོས་སུ་གྱུར་འདི་སྐྱབས་མགོན་མ་ཏིའི་དྲིན། །གང་ གི་སློབ་བུ་རིག་གནས་ལ་མཁ༷ས་སོར་འཕྲུལ་ལྡ༷ན་པ་ཡིས། །དམ་པའི་བཀའ་དྲིན་གསོ་ཕྱིར་ པར་བསྐྲུན་གསར་བའི་མ་གཞི་མཛད། །མཐུན་རྐྱེན་ཡིག་གཟུགས་མཁ༷ས་པའི་སྔོན་རིགས་ བཟང་པོའི་ཤེས་དཔྱོད་ལྡན། །ད་དུང་དཔྱིད་ཀྱི་དཔ༷ལ་ཡོན་བཞིན་དུ་ཚོགས་གཉིས་ཕྱུར་ བུར་གཏམས། །འདིར་བསགས་རྣམ་དཀར་ན་བུན་ཕྱུར་ཏེ་མཆོག་གསུམ་མཁའ་དབྱིངས་ཆུ་ འཛིན་དང་འགྲོགས་འགྲོ་མང་ཉོན་མོངས་ཚ་གདུང་སྐྱོབ་བཞིན་སླར། །བྱམས་བརྩེའི་སྤྲིན་ 5-1-174 གྱི་མེ་ཏོག་འཐོར་ཏེ་ཚུལ་ཁྲིམས་གསེར་གྱི་སྙིང་པོར་ཤེས་རབ་གསུམ་གྱི་ཨིནྡྲ་ནི་ལའི་ལྷུན་ པོ་ལ། །གསང་སྔགས་པད་དཀར་རྒྱས་ཏེ་བཀའ་གཏེར་གཉིས་འཛིན་རྐང་དྲུག་ཟིལ་མངར་ གྱིས་མྱོས་གྲུབ་བརྙེས་འདབ་གཤོག་རླུང་གིས་དཔལ་རིར་བྱོན། །སྐུ་བཞིའི་ཡེ་ཤེས་ཉིན་བྱེད་ འོད་ཀྱིས་འགྲོ་རྨོངས་མཐའ་དག་བསལ་ཏེ་དང་པོའི་སྐུ་གསུམ་རབ་འབྱམས་ཅིག་ཅར་འཆར་ བར་ཤོག །པར་བྱང་སྨོན་ཚིག་དད་གསུམ་རྣམ་དག་གི་སྒོ་ནས་རྟེན་བཞེངས་འདི་ལ་ཞབས་འདེགས་ཞུ་མཁན་དང་གང་ འབྲེལ་གྱིས་མཚོན་འགྲོ་ཀུན་ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བའི་ཆེད་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་ལྷག་ བསམ་གྱིས་བྲིས་པའོ། ། འདུལ་ཁྲིམས་གཙང་མའི་ནོར་འཛིན་རབ་ཡངས་འདིར། །རབ་བྱུང་འདུས་སྡེའི་ཆུ་སྐྱེས་ འཛུམ་ཞལ་ངོམ། །གཞན་ཕན་གེ་སར་དྲི་ངད་ཕྱོགས་བཅུར་ཁྱབ། །གསང་སྔགས་བདུད་ རྩིའི་བཅུད་བཟང་འཛད་མེད་འཇོ། །སྤར་འདི་ཧོར་བ་བླ་མ་བརྩོན་འགྲུས་དཔལ་གྱིས་རབ་བྱུང་བཅུ་དྲུག་པའི་ཤིང་ མོ་གླང་གི་ལོའི་ཟླ་བ་བདུན་པའི་ཚེས་བཅོ་ལྔའི་ཉིན་མཇུག་རྫོགས་སྐབས་པར་བྱང་སྨོན་ཚིག་འདི་ཤཱཀྱའི་དགེ་སློང་བློ་བཟང་ཆོས་ འཕེལ་པས་བྲིས་པ་དགེ། འདིས་ཀྱང་སྐྱེ་རྒུ་མ་ལུས་པ་འདུལ་ཁྲིམས་གཙང་མའི་སེམས་རྒྱུད་རབ་ཏུ་མཛེས་པའི་རྒྱུར་གྱུར་ཅིག ཁྱད་འཕགས་ཐུགས་བསྐྱེད་དུང་ཟླ་འབུམ་ལྟར་གསལ་བའི་རིན་ཆེན་རྡུལ་བརྩེགས་ ལྷུན་པོ་མཐོ་ཞིང་བརྗིད་པའི་སྐུ། །མཐའ་ཡས་གདུལ་བྱའི་ཁམས་བཞིན་ཟབ་མོའི་ཆོས་ཀྱི་ འོད་སྣང་དཀར་པོ་ལམ་ལམ་ཅིག་ཅར་འཆད་པའི་གསུང༌། །མཁྱེན་དང་བརྩེ་བའི་ཐུགས་ རྗེའི་འོད་ཟེར་འབུམ་གྱིས་འགྲོ་ཀུན་རྨོངས་མུན་མ་ལུས་རིང་དུ་བསལ་བའི་ཐུགས། །མཛད་ འཕྲིན་རྒྱན་གྱི་འཁོར་ལོའི་ཕ་མཐར་བརྒལ་བའི་གྲུ་འཛིན་བདག་པོར་སྐྱེ་དང་སྐྱེ་བའི་ཕྲེང་ བར་གུས། །མདོ་རྒྱུད་ཆུ་ཀླུང་ལྷུན་པོའི་མགུལ་ནས་འོངས། །ཟབ་དོན་མན་ངག་ཚིག་འབྲུ་ གཙང་མའི་ཆབ། །ཐོས་བསམ་སྒོམ་པའི་བརྩོན་པ་ཆེན་པོས་འཐུང༌། །སྲིད་པའི་སྐོམ་སེལ་ ཏཱ་ར་ནཱ་ཐར་འདུད། །བཅུ་ཕྲག་རིག་པའི་ནོར་འཛིན་རབ་ཡངས་པར། །བརྗོད་དོན་ཆུ་སྐྱེས་ 5-1-175 སྣ་ཚོགས་དགའ་ཚལ་བཀྲ། །སྒྲ་དོན་དར་དིར་སྒྲོག་པའི་སྦྲང་སྐྱེས་ཚོགས། །ཟབ་ཆོས་བདུད་ རྩི་སྨན་གྱིས་འཚོ་མཛད་མགོན། །བཅུ་ཕྲག་རིག་པའི་གནས་ཀྱིས་ཐུགས་རྒྱུད་ཕྱུག །འཆད་ རྩོད་རྩོམ་པའི་དཔལ་གྱིས་ལུས་སྟོབས་རྒྱས། །གཞན་ཕན་འོད་ཟེར་སྟོང་གིས་ས་གཞི་ཁྱབ། །འགྲན་བྲལ་སྐྱབས་མགོན་མ་ཏི་ཀིརྟི་རྗེ། །ཤེས་རྒྱུད་ལྷག་བསམ་ཡངས་པའི་གསེར་ལྡན་ སྟེང༌། རྒྱལ་བསྟན་སྟེང་འཐུང་ལྗོན་བཟང་རབ་རྒྱས་རྩེར། །ཟབ་དོན་སྙེ་མ་སྣ་ཚོགས་གཡུར་དུ་ ཟ། །སྐྱེ་དགུ་འཚོ་བའི་གཞི་གཅིག་མཆོག་གྱུར་ལགས། །རྣམ་དཔྱོད་རབ་ཡངས་རྒྱལ་བསྟན་ འཕེལ་བའི་ཕྱིར། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །གསར་བསྐྲུན་མཛད་པའི་ དངོས་རྫས་ཡོན་སྦྱར་མཁན། །སྙིང་སྟོབས་འགྲན་བྲལ་ཧོར་བླ་བརྩོན་འགྲུས་དཔལ། །རིག་ གནས་རིན་ཆེན་གསེར་གྱི་ལྡེ་མིག་གིས། །བློ་ཡི་སྒོ་མོ་འབུམ་ཕྲག་ཡོངས་ཕྱེས་ཏེ། །ཐབས་ ཚུལ་གསང་སྔགས་ནོར་བུའི་སྒྲོམ་བུར་བརྟེན། །འཇིག་རྟེན་ཐམས་ཅད་མཁྱེན་པ་མཆོག་གྱུར་ ཅིག །ཤེས་རབ་ཉི་མ་གསལ་བའི་འོད་སྣང་གིས། །ལྟ་ངན་སྨག་རུམ་ལྷག་མེད་བཅོམ་དང་ ལྷན། །བློ་གྲོས་རིག་གནས་ཆུ་སྐྱེས་འབུམ་ཕྲག་གི། །འཛུམ་ཞལ་ཆོས་ཀུན་མཁྱེན་པའི་དགའ་ སྟོན་ཤར། །པར་བྱང་སྨོན་ཚིག་འདི་ཧོར་བ་བླ་མ་བརྩོན་འགྲུས་དཔལ་ལ་མཁོ་ཕྱིར་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་ པས་བྲིས་པའོ། ། བཀའ་འཁོར་གསུམ་གྱི་དགོངས་དོན་ཇི་བཞིན་ལྟར། །བཀྲལ་མཛད་མི་ཕམ་ཀླུ་ཐོགས་ རྗེས་འབྲང་དང༌། །རྒྱུད་སྡེ་དང་མཐུན་སེམས་དཔའ་རྣམ་གསུམ་སོགས། །དགོངས་པ་གཅིག་ པར་འཆད་མཛད་ཀུན་མཁྱེན་རྗེ། །གང་གིས་བླ་མེད་དུས་འཁོར་བསྐྱེད་རྫོགས་ལ། །སྨོན་ ལམ་ཁྱད་འཕགས་མཛད་པ་རྒྱས་སྤེལ་སླད། །ཡོན་སྦྱར་བློ༷་བཟ༷ང་གིས་སྒྲུབ་པར་བཟོ་ མཁན། །དགེ༷་ལེ༷གས་སོར་འཕྲུལ་ལ་བརྟེན་འདི་བསྐྲུན་པའི། །དགེ་བས་འགྲོ་རྣམས་བླ་མ་ དུས་འཁོར་ལ། །ལུས་ངག་བྲན་དང་ཅི་མཛད་དད་པ་ཐོབ། །བྱིན་རླབས་དང་བཅས་དབང་ 5-1-176 ལུང་མན་ངག་ནོད། །རིམ་པར་བསྐྱེད་རྫོགས་མཐར་ཕྱིན་སངས་རྒྱས་ཤོག །པར་སྨོན་གུ་ཎས་སོ། ། ༈ གྲངས་མེད་ཚོགས་གཉིས་གསེར་གྱི་རྡུལ་བརྩེགས་རིན་ཆེན་ལྷུན་པོའི་སྐུ། །འགྲོ་ཀུན་ སྐད་ཀྱི་རྗེས་འགྲོ་རྣམ་པ་ཐམས་ཅད་ཅིག་ཅར་གསུང༌། །ཤེས་བྱའི་གནས་རྣམས་ཇི་བཞིན་ མཁྱེན་པའི་བརྩེ་ཆེན་ཡེ་ཤེས་ཐུགས། །ལྷ་དང་མི་ཡི་བླ་མ་མཉམ་མེད་བུ་རམ་ཤིང་པར་གུས། །བྱམས་བརྩེའི་འོད་ཀྱིས་ཞེ་སྡང་མུན་པ་བཅོམ། །སྙིང་རྗེའི་ལྕགས་ཀྱུས་གང་འདུལ་ཐར་ པར་དྲངས། །བྱང་ཆུབ་ལམ་ལ་འགྲོ་མང་འགོད་མཛད་པ། །དགའ་ལྡན་བཞུགས་པ་དེ་ལ་ གུས་ཕྱག་འཚལ། །གཞན་ཕན་ཐུགས་བསྐྱེད་དགའ་ལྡན་བདག་པོ་ལ། །ངེས་དོན་མདོ་སྡེའི་ དགོངས་འགྲེལ་བྱམས་ཆོས་ཞུས། །གང་གསུངས་ཐམས་ཅད་མི་བརྗེད་གཟུངས་ཀྱིས་འཛིན། །འཛམ་གླིང་མཛེས་བྱེད་ཐོགས་མེད་ཞབས་ལ་འདུད། །སྔོན་བསགས་སྟོབས་ལྡན་ལྷ་མི་ མཐའ་དག་དང༌། །ཁྱད་པར་འཛམ་གླིང་ཡོངས་ཀྱིས་བགོ་སྐལ་གྱུར། །ཐོས་བསམ་སྒོམ་དང་ འབྲི་བཞེངས་མཆོད་ཕྱག་སོགས། །མི་ལུས་དོན་ལྡན་བསམ་ན་འདིར་བརྩོན་རིགས། །མི་ བཟོད་སྡུག་བསྔལ་བཙོན་ཁང་ར་བ་རུ། །ཉམ་ཐག་མགོན་མེད་གཏན་འཁྱམས་སེམས་ཅན་ ཀུན། །ཐུགས་རྗེས་ལྕགས་ཀྱུས་ཞིང་མཆོག་ཤམྦྷ་ལར། །འདྲེན་མཛད་བླ་མ་དམ་པ་རིན་ དཔལ་དང༌། །དེ་ཡི་ཐུགས་སྲས་ཀུན་དགའ་ལྷུན་གྲུབ་དང༌། །ཚུལ་དབང་ལྷ་སྐྱིད་སོགས་ཀྱིས་ སྤར་བསྐྲུན་མཛད། །འདི་ལ་དངོས་རྫས་ཚེགས་སོགས་འབྲེལ་གང་ཡོད། །རྒྱལ་ཚབ་བྱམས་ མགོན་གོ་འཕང་མྱུར་ཐོབ་ཤོག །འདིར་འབད་བླ་མ་དགྱེས་པའི་མཆོད་སྤྲིན་དང༌། །དུས་ གསུམ་དགེ་ཚོགས་ཇི་སྙེད་མཆིས་པ་རྣམས། །གཅིག་ཏུ་སྡོམ་པས་བདག་གཞན་འགྲོ་ཀུན་ རྣམས། །དགའ་ལྡན་གཙོ་བོའི་ཞབས་དྲུང་སྐྱེ་བར་ཤོག །སྦྱང་གཞི་འོད་གསལ་ཆོས་ཉིད་བདེ་ གཤེགས་སྙིང་པོ་ནམ་ཡང་འཕོ་འགྱུར་བྲལ་བ་འཁོར་འདས་ཀུན་ལ་ཁྱབ། །སྦྱང་བྱ་གློ་བུར་ དྲི་མའི་ཚོགས་ཀུན་དུག་གསུམ་གྱིས་མཚོན་ཉོན་མོངས་མ་རིག་མུན་ནག་ཚང་ཚིང་འཁྲིགས། 5-1-177 །སྦྱོང་བྱེད་རྣམ་རྟོག་རྙོག་དང་མ་འདྲེས་མི་རྟོག་སྤྲོས་བྲལ་ཀུན་གཞིའི་ཡེ་ཤེས་རྟོག་གེའི་ཡིད་ ལས་འདས། །སྦྱང་འབྲས་ཀུན་གཟིགས་བདེ་བར་གཤེགས་པ་རྒྱལ་ཀུན་གཞི་དབྱིངས་ཡེ་ ཤེས་དགོངས་ཀློང་གཅིག་ཏུ་གཞོལ་གྱུར་ཅིག །ཕྱོགས་འདིར་ནོར་འཛིན་དཔལ་མོའི་ལྟོ་ བ་རུ། །ལུགས་གཉིས་རྣམ་སད་བདུད་རྩིའི་རོལ་མོ་འཁྲོལ། །རྒྱལ་བསྟན་ཉལ་འགྲོའི་ཕུང་ པོ་ཕྱོགས་བཅུར་རྒྱས། །བློ་གསལ་གསེར་གོས་ཅན་རྣམས་ཁྱབ་གྱུར་ཅིག །ཅེས་རང་ཅག་གི་འདྲེན་ པ་གཅིག་གྱུར་དཔལ་ལྡན་རྩ་བའི་བླ་མ་མཚན་བརྗོད་པར་དཀའ་བ་ངག་དབང་རིན་ཆེན་དཔལ་བཟང་པོ་དང༌། རང་གྲོགས་དམ་ པ་ཀུན་ལྷུན་ཟུང་གིས་བྱམས་ཆོས་སྡེ་ལྔ་སྤར་དུ་བསྐྲུན་སྐབས་སྨོན་ཚིག་འདི་བློ་བཟང་ཆོས་འཕེལ་པས་ཤར་འཛམ་ཐང་དུ་བྲིས་ཏེ་ སྤེལ་བའོ། །། །སརྦ་མངྒ་ལཾ། ༈ ལེགས་བྱས་བསོད་ནམས་དཔལ་གྱི་མཐུ་ལ་བརྟེན། །ཀུན་གཟིགས་བུ་རམ་ཤིང་ པའི་ལུང་རྟོགས་བསྟན། །ལྷར་བཅས་འགྲོ་བ་ཡོངས་ཀྱི་སྐྱབས་གྱུར་པ། །ཡུན་རིང་སྲིད་ མཐར་དར་བའི་མཐུན་རྐྱེན་མཆོག །རབ་དཀར་ལེགས་བྱས་ཟླ་བའི་འོད་དཀར་གྱིས། །འགྲོ་ ཀུན་འཁོར་སྡུག་ཚ་གདུང་བསིལ་བ་དང༌། །ནོར་འཛིན་ཉེར་གནས་སྐྱེ་དགུ་རྫོགས་ལྡན་ དཔལ། །རྨད་བྱུང་དང་པོའི་སངས་རྒྱས་མྱུར་མངོན་གྱུར། །ཅེས་འབྲེལ་ཐོགས་དང་ཕ་མའི་གཙོས་མཁའ་ ཁྱབ་ཀྱི་སེམས་ཅན་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས་ཐར་པ་དང༌། རྒྱལ་བསྟན་སྲིད་མཐར་དར་བའི་རྐྱེན་དུ་དམིགས་ནས་ངག་ དབང་ཡོན་ཏན་བཟང་པོས་སྤར་བསྐྲུན་སྐབས་རང་ཉིད་ཀྱིས་སྨོན་ཚིག་ཏུ་བྲིས་པའོ། ། ༈ གཟུང་འཛིན་ཀུན་བྲལ་བདེ་ཆེན་བྱང་ཆུབ་གླིང༌། །རང་སེམས་གསལ་སྟོང་གནས་ ལུགས་བརྗོད་བྲལ་བ། །དོན་དམ་བླ་མའི་ཐུགས་དང་དབྱེར་མེད་བཞུགས། །དང་པོའི་ སངས་རྒྱས་སྲིད་འདིར་རྒྱལ་གྱུར་ཅིག །གདོད་ནས་དྲི་བྲལ་ཡེ་ཤེས་ཆེན་པོའི་སྐུ། །སྨྲ་བསམ་ བརྗོད་བྲལ་ཅིག་ཅར་སྟོན་པའི་གསུང༌། །ཚོགས་གཉིས་རྒྱ་མཚོའི་མངའ་ཐང་རྫོགས་པའི་ ཐུགས། །སྲིད་གསུམ་དབང་བསྒྱུར་བུ་རམ་ཤིང་པར་གུས། །ལྷ་བརྒྱའི་གཙུག་རྒྱན་རྒྱལ་ཚབ་ 5-1-178 ཐོགས་མེད་ཟུང༌། །ཀླུ་སྒྲུབ་ཨཱརྱ་དེ་ཝ་དབྱིག་གཉེན་དང༌། །ཕྱོགས་གླང་ཆོས་གྲགས་སོགས་ ཀྱིས་ངེས་དོན་མདོ། །གཞན་སྟོང་དབུ་མར་བཀྲལ་ལ་གུས་པས་འདུད། །འགྱུར་མེད་བདེ་ ཆེན་ནམ་མཁའི་མཛེས་མ་ལ། །དགའ་བདེའི་འགྲོགས་པ་ལྷུར་ལེན་ཕྱག་གཉིས་ཀྱི། །ཞགས་ པས་འཁྱུད་མཛད་དཔལ་ལྡན་དུས་འཁོར་ལོ། །དབང་འདོད་སྙིང་གར་བརྫི་བར་མཛད་ལ་ གུས། །རྒྱུད་དོན་གསལ་མཛད་ཟླ་བ་བཟང་པོའི་ཞབས། །རྒྱུད་འདི་སྡུད་མཛད་འཇམ་དཔལ་ གྲགས་པ་རྗེ། །རྒྱས་འགྲེལ་མཛད་མཁན་པདྨ་དཀར་པོའི་ཞབས། །རྣམ་གསུམ་ཞབས་པད་ སྤྱི་བོའི་རྒྱན་དུ་ལེན། །ལྷག་བསམ་ལུས་སྟོབས་ཡོངས་སུ་རྫོགས་ཤིང་སྙིང་སྟོབས་གོ་ཆ་ཉེར་ བགོས་ཏེ། །མཁས་གྲུབ་གདེངས་ཅན་བྱེ་བའི་བསྟི་གནས་འཕགས་ཡུལ་ཆོས་ཀྱི་རོལ་མཚོ་ ལས། །གངས་ཅན་སྐད་ཀྱི་གྲུ་གཟིངས་ལ་བརྟེན་གཙུག་ལག་ནོར་བུའི་མཛོད་དྲངས་ཏེ། །བསྟན་པའི་སྲོལ་འབྱེད་ལོ་པཎ་རྣམས་ཀྱི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་ལེན། །གྲུབ་ཆེན་དུས་ ཞབས་ཆེ་ཆུང་ལ་སོགས་པ། །པཎ་ཆེན་ཟླ་མགོན་འབྲོ་ལོ་ལྷ་རྗེ་སོགས། །དབང་ལུང་མན་ངག་ སྒྲུབ་པའི་བཀའ་བབས་ལ། །མི་ཕྱེད་དད་བརྒྱའི་སྙིང་གི་དཀྱིལ་ནས་དྲན། །འཕགས་པའི་ ཡུལ་དང་གངས་ལྗོངས་ལྷ་ལམ་ཡངས་པར་མཁས་མང་གྲུབ་བརྙེས་རྒྱུ་སྐར་རབ་ཏུ་བཀྲ་བའི་ དབུས། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་འཁོར་ཡོངས་རྫོགས་ཉ་རྒྱས་ཟླ་བཞིན་རབ་ ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ཐུག་དབུ་མ་ཆེན་མོའི་དགོངས་དོན་ཇི་བཞིན་ འཆད་པའི་གསུང་རབ་ལེགས་བཤད་ག་བུར་གཏེར་མཛོད་ཀྱིས། །རྒྱལ་བསྟན་སྙིང་པོའི་ཀུ་ མུད་བཞད་པའི་གཉེན་གཅིག་ཤེས་རབ་རྒྱལ་མཚན་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། །རྒྱལ་ཀུན་རྣམ་དཀར་མཛད་འཕྲིན་མཆོག་གིས་གདུལ་བྱའི་སེམས་རྒྱུད་ཞིང་ས་མ་ལུས་ བསྐལ་པ་བཟང་པོའི་གཤིན་པོར་ལེགས་པར་བྱས། །གདུལ་བྱ་སོ་སོའི་བློ་དང་མཐུན་པར་ ཀུན་བཟང་སྤྱོད་པ་རྒྱ་མཚོའི་ས་བོན་གདུལ་ཞིང་མ་ལུས་ཀུན་ཏུ་ཁྱབ་པར་མཛད། །རྣམ་དག་ 5-1-179 ཐུགས་བསྐྱེད་འོད་སྟོང་བདག་པོའི་ཚ་ཟེར་འབུམ་གྱིས་རྒྱལ་བསྟན་ལོ་འབྲས་སྨིན་བྱེད་མ་ རིག་མུན་སེལ་སྒྲོན་མེ་མཆོག །དབང་ལུང་མན་ངག་ཆོས་ཀྱི་བདུད་རྩིས་སྐལ་བཟང་འབྲས་ མང་གཡུར་དུ་ཟ་ཞིང་སྐྱེ་འགྲོའི་མགོན་གཅིག་ཡབ་སྲས་བཅས་ལ་འདུད། །རྒྱལ་བ་རྣམས་ དང་རྒྱ་བོད་མཁས་གྲུབ་ཀུན་གྱི་མདོ་སྔགས་བཀའ་བསྟན་ཡོངས་ལ་དབང་བསྒྱུར་བདག་ པོ་མཛད། །མཁས་གྲུབ་གཞུང་ལུགས་རབ་འབྱམས་སྨྲ་བ་རྣམས་ཀྱིས་ཕུགས་འདི་ཁོང་གི་ གཞུང་ལུགས་རྣམས་ལ་ཡང་ཡང་གཏུག །ཁྱད་པར་ངེས་དོན་ལྟ་བའི་བརྒྱུད་འཛིན་འཛམ་ གླིང་མཁས་པ་ཡོངས་ཀྱིས་བསྟོད་བསྔགས་བརྗོད་པའི་གནས་སུ་གྱུར། །ལྷ་མི་འགྲོ་བ་ཀུན་ གྱི་སྐྱབས་གཅིག་ཇོ་ནང་བསྟན་པའི་མངའ་བདག་ཏཱ་ར་ནཱ་ཐར་ལན་བརྒྱར་གུས། །གསང་ སྔགས་རྒྱུད་སྡེ་བྱེ་བའི་ཆུ་གཏེར་དཀྱིལ། །སྔོན་བསགས་རྡུལ་མང་བརྩེགས་པའི་ནོར་འཛིན་ དུ། །ཡོངས་ཁྱབ་དབང་ལུང་གདམས་ངག་པད་དཀར་བཞད། །རྐང་དྲུག་བདུད་རྩིའི་འཚོ་ མཛད་སྒྲོལ་མགོན་རྗེ། །སྙིང་བརྩེའི་དབང་གིས་མདོ་སྔགས་དམ་ཆོས་རིན་ཆེན་བང་མཛོད་ ཁ་ཕྱེ་སྟེ། །ཟང་ཟིང་མེད་པར་རྣམ་དག་གསུང་གིས་མོས་པ་ཇི་བཞིན་ཉེར་སྩོལ་བ། །སྐྱོ་ཞིང་ དུབ་པའི་སྙོག་པ་དང་བྲལ་ཕྱིར་ཞིང་སྤྲོ་བ་རབ་དགྱེས་འཕེལ། །དགེ་བའི་བཤེས་གཉེན་གང་ བྱོན་རྣམས་ཀྱི་ཞབས་ཟུང་སྙིང་དབུས་པདྨོར་བཞུགས། །འདུལ་ཁྲིམས་གཙང་མའི་ཐུགས་ རྒྱུད་ས་གཞི་རུ། །མཛད་སྤྱོད་བཟང་པོའི་ཆུ་སྐྱེས་སྣ་ཚོགས་བཞད། །གདུལ་བྱའི་ཁྱུ་ཚོགས་ རྐང་དྲུག་དར་དིར་གཡོ། །དམ་ཆོས་སྦྲང་རྩིའི་འཚོ་མཛད་ཡོན་རིན་རྗེ། །རབ་འབྱམས་ཤེས་ བྱ་མཐའ་དག་ཐུགས་སུ་ཆུད། །འཆད་རྩོད་རྩོམ་པས་རྒྱལ་བསྟན་གསལ་བར་མཛད། །ངེས་ དོན་སྙིང་པོའི་རང་ལུགས་སླར་སྤེལ་མཁན། །ངག་དབང་ཡོན་ཏན་རིན་ཆེན་དཔལ་བཟང་ འདུད། །མདོ་སྨད་ནོར་འཛིན་རབ་ཡངས་དཀྱིལ་འཁོར་དུ། །བསྟན་དང་འགྲོ་བའི་ཕན་ བདེ་ལེགས་སྤེལ་ཕྱིར། །སྡེབ་ལེགས་ཚིག་ཕྲེང་གཟི་འོད་རབ་གསལ་བའི། །བརྗེད་ངས་ 5-1-180 རྨོངས་པའི་མུན་པ་སེལ་བྱེད་མཆོག །དམ་པའི་གསུང་རབ་སྤེལ་བའི་སྨོན་ཚིག་ཡང༌། །ཡིག་ ཚོགས་དོན་ཟབ་རིན་ཆེན་རྒྱན་ཕྲེང་འདི། །སྐལ་ལྡན་མགྲིན་པའི་རྒྱན་དུ་སྤེལ་བའི་ཕྱིར། །མི་ཟད་ཆོས་ཀྱི་སྦྱིན་པའི་སྒོ་ཆེན་ཕྱེ། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །ཆོས་ སྦྱིན་འཛད་མེད་ཉལ་འགྲོའི་རྒྱུན་ལ་འགྲན། །ཆིག་སྟོང་དགུ་བརྒྱ་གོ་དགུའི་ཟླ་༤ཚེས་༡༥ལ། །སློབ་བུ་དམ་པ་ངག་དབང་ཐུབ་དབང་གིས། །ལྷག་བསམ་དག་པའི་ཐུགས་བསྐྱེད་ཟླ་བྲལ་ མཐུས། །ཆེཕྲའི་འབྲེལ་བ་གང་ཡོད་འདས་ལྡན་སོགས། །ཡོན་ཏན་གཡུང་རས་ཕ་མར་གྱིས་ མཚོན་པའི། །མ་གྱུར་འགྲོ་བའི་སྒྲིབ་སྦྱངས་ཚོགས་ཆེན་རྫོགས། །བསྟན་འཛིན་ཡོངས་ཀྱི་སྐུ་ ཚེ་འདུ་བྱེད་བརྟན། །ཐོས་བསམ་སྒོམ་པའི་བྱ་བ་རྟག་འཕེལ་ངང༌། །འཆད་རྩོད་རྩོམ་པ་ཡར་ ངོའི་ཟླ་བཞིན་འཕེལ། །ཆོས་སྤྱོད་བཅུ་ཡི་བྱ་བ་རྟག་འཕེལ་ཤོག །རྟེན་འདི་གང་ན་བཞུགས་ པའི་ས་ཕྱོགས་སུ། །ཆབས་ཅིག་རྒྱལ་བསྟན་རྫོགས་ལྡན་དར་བ་དང༌། །དུས་འཁྲུགས་ཀུན་ ཞི་ཆབ་སྲིད་བརྟན་པ་དང༌། །ཆར་ཆུ་དུས་ཚིགས་སྙོམས་ཤིང་ལོ་ཕྱུགས་འཕེལ། །ནད་རིམས་ ཀུན་ཞི་ཚེ་རིང་དབང་ཕྱུག་ལྡན། །དཔལ་ཡོན་གྲོགས་བཟང་སྐལ་བ་བཟང་པོ་དང༌། །ལོངས་ སྤྱོད་རྒྱ་ཆེན་ཞི་རྒྱས་དབང་དྲག་སོགས། །མདོར་ན་ཆོས་སྲིད་ཟུང་འབྲེལ་རྟག་འཕེལ་ཤོག །འདི་བྱས་རབ་དཀར་ཉལ་འགྲོའི་རྒྱུན་བཟང་ཡང༌། །སྲས་བཅས་རྒྱལ་བའི་ཆུ་ཀླུང་དང་ འགྲོགས་ནས། །དགེ་བཅུའི་ལྦུ་ཕྲེང་ཆོས་ཀྱི་སྒྲ་དབྱངས་བཅས། །མཐར་ཐུག་སྐུ་བཞིའི་རྒྱ་ མཚོར་འབབ་པར་ཤོག །སྨོན་ལམ་མཁའ་ཡི་གླང་པོ་ཕྱོགས་བཅུར་ཉུལ། །བརྩེ་ཆེན་འོད་ དམར་ཞགས་པས་འཁྱུག་འཁྱུག་བྱེད། །ངེས་དོན་སྒྲ་བརྒྱ་དགོད་པས་ལྟ་ངན་བཏུལ། །ཕན་ བདེའི་དྲི་ཆར་འཛད་མེད་འཇོ་བར་ཤོག །དམ་པའི་ཆོས་རྣམས་རིན་ཐང་ཚད་ལས་འདས། །དེ་ལྷག་བཀའ་དྲིན་ཟླ་བྲལ་བླ་མ་ཡི། །གསུང་རབ་ལེགས་བཤད་གང་གནང་ཁྱད་འཕགས་ འདི། །འགྲོ་ཀུན་རྒྱལ་བསྟན་མཇལ་བའི་རྒྱུར་གྱུར་ཅིག །བླ་མ་ཡི་དམ་མཆོག་གསུམ་མཁའ་ 5-1-181 འགྲོ་དང༌། །ཆོས་སྐྱོང་དམ་ཅན་བསྟན་སྲུང་རྒྱ་མཚོའི་ཚོགས། །འདིར་བསགས་རྣམ་པར་ དཀར་བའི་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་པ་ཇི་བཞིན་འགྲུབ་གྱུར་ཅིག །ཀུན་མཁྱེན་ཆོས་ ཀྱི་རྒྱལ་པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་ཁྱབ་པ་དང༌། །ཕྱོགས་རྣམས་ཀུན་ཏུ་ ནམ་ཡང་མི་ནུབ་ཅིང༌། །དུས་རྣམས་ཀུན་ཏུ་འཕེལ་ཞིང་དར་བར་ཤོག །མདོ་དོན་མཐར་ཐུག་ གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ ལམ་གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །སྐྱབས་གསུམ་ འགྱུར་བ་མེད་པའི་དགེ་ལེགས་དང༌། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱིས། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སྔོན་བསགས་བསོད་ནམས་རྒྱ་ཆེ་བའི་སྟོབས་དང་སྨོན་ལམ་ལས་འཁྲུངས་པ་སྙིགས་དུས་སུ་འགྲོ་བའི་མགོན་དུ་དགེ་བའི་ བཤེས་གཉེན་མི་ཡི་ཤ་ཚུགས་སུ་བྱོན་པ་ངག་དབང་ཡོན་ཏན་རིན་ཆེན་དཔལ་བཟང་པོ་གང་གིས་སྨར་ཁོག་གླིང་འབུད་དགོན་ མདོ་སྔགས་བཤད་སྒྲུབ་གླིང་གི་རྡོ་རྗེ་སློབ་དཔོན་མཛད་ནས་སྒྲུབ་གྲྭ་དང༌། བཤད་གྲྭ་ཟུང་འབྲེལ་གྱི་སྒོ་ནས་བསྟན་འགྲོའི་དོན་ རྒྱ་ཆེར་མཛད་པ་མ་ཟད། བརྩམས་ཆོས་ཡང་གནང་བའི་ནང་ནས་སྡོམ་གསུམ་ཆུ་སྐྱེས་དགའ་ཚལ་ཞེས་བྱ་བ་སློབ་བུ་དམ་པ་ཐུབ་ དབང་གིས་ཤིང་སྤར་དུ་བསྐྲུན་སྐབས་སྤར་བྱང་སྨོན་ཚིག་སྡོམ་གསུམ་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ཆིག་སྟོང་དགུ་བརྒྱ་གོ་ དགུ་ལོའི་བོད་རབ་བྱུང་བཅུ་བདུན་པ་ས་མོ་ཡོས་ཀྱི་ལོའི་ས་ག་ཟླ་བའི་དུས་ཆེན་ཉིན་རྣམ་དཀར་གང་བསགས་འབུམ་འགྱུར་དུ་ འགྲོ་བའི་དུས་སུ་རྐང་འཐུང་དང་ཆུ་སྐྱེས་སྣ་ཚོགས་རབ་ཏུ་རྒྱས་ཤིང༌། སྨན་སྣའི་མྱུ་གུའི་དྲི་ངད་བསེར་བུས་ཕྱོགས་བཅུར་བསྐྱོད་ པ། བྱ་ཚོགས་མཛེས་པས་སྐད་སྙན་སྣ་ཚོགས་སྒྲོག་པས་མཆོག་གསུམ་ལ་མཆོད་པའི་རྣམ་འགྱུར་ངོམ་པ། ཆུ་འཛིན་འཁྲིགས་པའི་ ཀློང་ནས་དབྱར་གྱི་རྔ་གསང་ལྷང་ལྷང་ཕྱོགས་བཅུར་སྒྲོག་བཞིན་འོད་དམར་ཞགས་པའི་རྩེད་འཇོ་ངོམ་བཞིན་བདུད་རྩིའི་ཟིལ་ ཆར་འཐོར་བས་ཆུ་བོའི་གཞུང་རབ་ཏུ་རྒྱས་པ། མཚོ་མཚེའུ་ཤིན་ཏུ་རྒྱས་ཏེ། འགྲོ་བ་ཐམས་ཅད་ཀྱི་ལུས་སེམས་བདེ་བས་ཚིམས་ ཞིང་སྔོན་བསགས་བསོད་ནམས་ཀྱི་མཛད་འཕྲིན་ངོམ་པས་ཡིད་བསྐུལ་ཏེ། མཆོག་གསུམ་གྱི་མཛད་འཕྲིན་ལ་དད་པ་དབང་མེད་ དུ་འདྲེན་པ་སོགས་ཡིད་ཆོས་ལ་བསྐུལ་བའི་མཐུན་རྐྱེན་ཕྱི་ནང་སྣ་ཚོགས་པའི་སྒོ་ནས་རང་ཤུགས་ཀྱིས་འགྲིགས་པའི་དུས་སུ་ 5-1-182 སྨོན་ཚིག་འདི་འཛམ་ཐང་གཙང་ཆེན་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོས་སྦྱར་བ་དགེ། འདིས་ཀྱང་དཔལ་རྒྱལ་བ་ཇོ་ ནང་པའི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །། སྤར་འདི་འཛམ་ཐང་ བསམ་འགྲུབ་ནོར་བུའི་གླིང་དུ་བཞུགས། སརྦ་མངྒ་ལཾ། ༈ གྲངས་མེད་གསུམ་དུ་ཚོགས་གཉིས་གསེར་རྡུལ་བསགས། །གང་སྐུ་རིན་ཆེན་དང་ པོས་ལས་བསྐྲུན་ལྷུན། །འཁོར་ལོ་གསུམ་གྱི་པད་ཚལ་རྒྱས་བྱེད་མགོན། །མཉམ་མེད་ཟས་ གཙང་སྲས་ལ་གུས་པས་འདུད། །གང་གིས་འགྲོ་མང་ཁམས་མཐུན་ཟབ་ཆོས་སྒོ། །བརྒྱད་ ཁྲི་བཞི་སྟོང་ལ་སོགས་བཀའ་བསྩལ་ལས། །ངེས་དོན་སྡེ་སྣོད་ཐར་བ་ཆེན་པོའི་མདོ། །སྣང༷་ གས༷ལ་ཟླ་༷ གྲག༷ས་ཟུང་གིས་པར་དུ་བསྐྲུན། །འདི་དང་གང་འབྲེལ་སེམས་ཅན་མ་ལུས་ བཅས། །སྔོན་བསགས་ལག་རྩལ་དང་ལྡན་ཆོ༷ས་ལོ༷་དང༌། །ཚེ་འདས་བསམ་ངག་གཙོར་ གྱུར་མཁའ་ཁྱབ་འགྲོས། །གཞི་རྒྱུད་གཤེགས་སྙིང་ཆེན་པོའི་དོན་རྟོགས་ཤོག །ངེས་དོན་མདོ་ བཅུའི་དགོངས་དོན་མཐར་ཐུག་མཆོག །རྒྱལ་བ་གཉིས་པས་གངས་ལྗོངས་གནས་སུ་འཆད། །དེ་ཡི་རང་ལུགས་འཛིན་སྐྱོང་སྤེལ་བྱེད་ཚོགས། །རྒྱ་མཚོའི་གོས་ཅན་ཐམས་ཅད་ཁྱབ་པར་ ཤོག །ཁྱད་པར་ངེས་དོན་བདེ་ཆེན་གླིང་ཉིད་དུ། །བཤད་སྒྲུབ་རྒྱལ་བསྟན་ལེགས་འཛིན་དགེ་ འདུན་སྡེ། །ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་དང༌། །ཐུགས་མཐུན་ཁྲིམས་ གཙང་ཆོས་སྤྱོད་མཐའ་མེད་གྱུར། །བསོད་ནམས་ལེགས་བསགས་འདིའི་མཐུས་མ་གྱུར་ འགྲོ། །ངེས་དོན་རྫོགས་ལྡན་མཆོག་ལ་རྟག་སྤྱོད་དེ། །རྟག་བརྟན་ཆོས་དབྱིངས་ཡེ་ཤེས་རིམ་ པས་མངོན། །རྣམ་ཀུན་མཁྱེན་པའི་གཞི་དབྱིངས་རྗེན་འཆར་ཤོག །ཅེས་པའི་པར་བྱང་སྨོན་ཚིག་ ངེས་དོན་མཐར་ཐུག་དང་འབྲེལ་བ་འདི་ཡང་བསྟན་རྩ་དམ་པ་ཀུན་དགའ་བདེ་ལེགས་རབ་རྒྱས་ཀྱིས་བསྐུལ་ངོར་བློ་བཟང་ཆོས་ འཕེལ་གྱིས་དཔལ་མི་འགྱུར་བདེ་ཆེན་གླིང་དུ་སྦྱར་བའོ། ། ༈ རྒྱ་གར་མཁས་མང་བྱེ་བའི་གཙུག་ནོར་མཆོག །ཞི་བ་ལྷ་ཞེས་གྲགས་པའི་རྔ་བོ་ཆེས། 5-1-183 །སྤྱོད་འཇུག་སྒྲ་སྙན་ལྡིར་བས་ས་འདིར་ཁྱབ། །འཛམ་གླིང་འགྲོ་མང་རྣ་བའི་རྒྱན་དུ་གྱུར། །དེ་ ཡི་ནང་ཚན་བསྔོ་བའི་པར་བསྐྲུན་འདི། །བློ་བཟང་ཆོས་འཕེལ་ཐུགས་བསྐྱེད་ལ་བརྟེན་ནས། །གཅིག་ལས་དུ་མ་འབྱུང་བའི་འདོད་འཇོའི་གཏེར། །སེམས་ཅན་ཡོངས་ལ་བསོད་ནམས་ བསགས་སླད་བཞེངས། །འདི་དང་དུས་གསུམ་བསགས་པའི་རབ་དཀར་ཚོགས། །ཕྱོགས་ བཅུའི་རྒྱལ་བ་ཡོངས་ཀྱི་ཐུགས་རྗེ་ཡིས། །རྩ་བའི་བླ་མ་དགྱེས་བྱེད་མཆོད་སྤྲིན་དང༌། །འགྲོ་ རྣམས་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་པའི་པར་བྱང་སྨོན་ཚིག་འདི་གུ་ཎ་བྷ་དྲས་རྩོམ་པ་ལ་བག་ ཆགས་འཇོག་ཆེད་དུ་བྲིས་པ་དགེ། སརྦ་མངྒ་ལཾ། ༈ རང་བྱུང་གདོད་མའི་ཆོས་སྐུ་རྣམ་ཀུན་པ། །འཁོར་འདས་སྲོག་གི་དྭངས་མར་རྟག་ བཞུགས་མགོན། །སྤྲུལ་པའི་རྣམ་རོལ་ཤཱཀྱའི་སྲས་མཆོག་གིས། །རྩོལ་མེད་ངང་ལས་མདོ་ འདི་རབ་གསུངས་པས། །གདུལ་བྱ་ལྷ་མི་སོགས་ཀྱི་བགོ་སྐལ་ཐོབ། །འདི་ལ་བརྩོན་རྣམས་ ཐར་པ་མཆོག་ཐོབ་སྟེ། །སྐྱེ་དགུ་ཡོངས་ལ་སླར་ཡང་རྒྱས་སྤེལ་ཆེད། །བློ་བཟང་ཆོས་འཕེལ་ ཐུགས་བསྐྱེད་ལ་བརྟེན་ནས། །ཕུང་པོ་གསུམ་པའི་མདོ་འདི་པར་དུ་བཞེངས། །དགེ་འདིས་ དཔལ་ལྡན་བླ་མ་དགྱེས་བསྐྱེད་དང༌། །སྤངས་དང་རྟོགས་པའི་དགའ་སྟོན་རབ་རྫོགས་ཏེ། །མཐའ་མེད་འགྲོ་བའི་རེ་སྐོང་མཆོག་ཐོབ་ཤོག །འདི་ཡང་གུ་ཎས་སྨྲས། ༈ འདི་བསྐྲུན་རབ་དཀར་དུས་གསུམ་བསགས་དགེ་རྣམས། །གཅིག་ཏུ་བསྡོམས་པའི་ ཐབས་མཁས་རྟེན་འབྲེལ་གྱིས། །ཤེས་རྒྱུད་འཛིན་མར་ལུང་རྟོགས་པད་དཀར་བཞད། །རྐང་ དྲུག་འགྲོ་ཀུན་སྦྲང་རྩིའི་ཟས་ལ་རོལ། །ཚོགས་གཉིས་གཤོག་ཟུང་རླུང་གིས་ཞིང་ཀུན་བགྲོད། །མཁྱེན་རྩེའི་ཆུ་ཤེལ་དབང་པོས་འོད་བཀྱེ་བས། །འགྲོ་རྒྱུད་རྒྱ་མཚོའི་གོས་ཅན་ཐམས་ཅད་ དུ། །རྒྱལ་བསྟན་པུནྚ་རི་ཀའི་འཛུམ་བག་སྟོན། །བློ་བཟང་བས་བྲིས། ༈ འདིར་སྨྲས་པ། ཁྱད་འཕགས་ཐུགས་བསྐྱེད་རབ་བརྟན་གསེར་ལྡན་དཀྱིལ་འཁོར་ 5-1-184 རྒྱས་པའི་དབུས། །བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པའི་ཆུ་གཏེར་ འཁྱིལ། །སྐུ་བཞིའི་ན་བུན་ཕྱུར་ཏེ་མཁའ་དབྱིངས་ཀུན་ཏུ་ཆུ་འཛིན་འཁྲིགས། །མཛད་ཕྲིན་ ཆར་གྱིས་སྐྱེ་འགྲོའི་དབུལ་སེལ་བུ༷་ར༷མ་ཤི༷ང་པར་འདུད། །རྒྱལ་ཀུན་མཁྱེན་རབ་གཅིག་ བསྡུས་ཡི་དམ་ལྷས། །ཕྲིན་ལས་དམར་སེར་འོད་ཀྱིས་འཇིག་རྟེན་ཁྱབ། །སེམས་ཅན་རྨོངས་ མུན་རྒུད་པ་མ་ལུས་བསལ། །ལེགས་བཤད་སྣང་བའི་དགའ་སྟོན་སྩོལ་བར་མཛོད། །རྒྱུ་ སྐར་དབུས་སུ་ག་བུར་དབང་པོ་འཆར། །འགྲོ་ཀུན་སྒྲིབ་གཉིས་རྨོངས་མུན་འོད་ཀྱིས་བསལ། །གདུལ་བྱའི་ཁམས་མཐུན་དབང་ལུང་མན་ངག་གི། །ཆོས་ཀྱི་བསིལ་སྦྱིན་གནང་མཛད་བླ༷་ མ༷ར་གུས། །བརྒྱུད་ལྡན་གངས་རིའི་དབང་པོའི་མགུལ་ནས་འོངས། །མདོ་རྒྱུད་མན་ངག་ཚིག་ འབྲུ་གཙང་མའི་ཆབ། །ཐོས་བསམ་སྒོམ་པའི་བརྩོན་པ་ཆེན་པོས་འཐུང༌། །སྲིད་པའི་སྐོམ་ སེལ་མཆོག་ལ་སུ་མི་གུས། །དབང་ཁྲིད་ལུང་དང་མན་ངག་བླ་མ་ལ། །ལྟོས་ཤིང་རང་བཟོས་ གཟུ་ལུམ་སྤྱོད་མི་རིགས། །ལག་ལེན་ཇི་བཞིན་ཉམས་སུ་ལེན་པའི་ཚུལ། །བརྒྱུད་ལྡན་བླ་ མ་རྣམས་ཀྱི་བཀའ་དྲིན་ལགས། །ཉིན་བྱེད་འོད་ཀྱིས་འཇིག་རྟེན་ཀུ༷ན་སེལ་བཞིན། །འཆད་ རྩོད་རྩོམ་པས་རྒྱལ་བསྟན་དག༷འ་ཚལ་བཞད། །འགྲོ་ཀུན་རྐང་དྲུག་གདུང་བ་སྦྲང་རྩིས་གྲོ༷ལ། །ཐམས་ཅད་མཁྱེན་མཆོ༷ག་ལམ་བཀོད་རྗེ་ལ་གུས། །མཐའ་ཡས་གདུལ་བྱའི་ཁམས་དབང་ ཇི་བཞིན་དུ། །ཆོས་ཀྱི་སྒོ་མང་དེ་དེ་བཞིན་གསུངས་ལྟར། །རྨད་བྱུང་གདམས་པ་མ་ལུས་ཀུན་ འདུས་པའི། །ཟབ་ཁྲིད་བརྒྱ་དང་བརྒྱད་ཀྱི་ཉམས་ལེན་ཚུལ། །མདོ་རྒྱུད་ཕྱག་རྫོགས་དབུ་ མ་སོགས་ཀྱི་གནད། །ཕྱོགས་བསྡུས་བྱས་པའི་ཟབ་ཁྲིད་གཅིག་ལའང༌། །ཚེ་འདིར་སངས་ རྒྱས་ཐོབ་པའི་ཁྱད་ཆོས་ལྡན། །སྐལ་ལྡན་ཉམས་ལེན་ཟབ་གནད་ཡང་ཟབ་འདི། །ཇོ་ནང་ ཀུ༷ན་དག༷འ་གྲོ༷ལ་མཆོ༷ག་ཁོ་ནའི་དྲིན། །ཡང་ཟབ་འདི་ལ་མི་འབད་རྒྱབ་ཕྱོགས་གང༌། །མི་ཚེ་ དོན་མེད་ཟད་ཅིང་ཕྱུགས་པའི་ཕྱུགས། །བརྩོན་པའི་གོ་ཆ་བསྐྱེད་བཞིན་འདིར་འབད་རིགས། 5-1-185 །ཟ༷བ་ཟ༷བ་མ་ལུས་བསྡུས་པའི་བེའུ་བུམ་རྣམས། །ཡ༷ང་ཡ༷ང་བསྐྱར་ཟློས་བྱས་ཏེ་བལྟ་བརྩོན་ འབོད། །སོ༷ར་སོ༷ར་མ་འདྲེས་ཚིག་དོན་ཇི་བཞིན་གསལ། །ར༷ང་ར༷ང་ཤེས་རྒྱུད་དམ་ཆོས་ ཀུན་གྱིས་ཕྱུག །གངས་ཅན་ལྗོངས་འདིའི་ཟབ་ཆོས་ཡོད་དོ་ཅོག །ཕྱོགས་གཅིག་བསྡུས་པའི་ གྲོ༷ལ་མཆོ༷ག་ཁྲི༷ད་བརྒྱ༷་ཞེས། །རྒྱལ་བསྟན་འཛིན་མར་ཡང་ཟབ་པད་ཚལ་བཞད། །རྐང་ དྲུག་གཞོན་ནུའི་ཁྱུ་ཚོགས་རོལ་ཞིང་རྩེན། །མདོ་སྨད་གསེར་ལྡན་ངུར་སྨྲིག་དགེ་འདུན་སྡེས། །སློབ་དཔོན་བསྟེན་ཅིང་ཉམས་ལེན་གང་བྱེད་དང༌། །དད་མོས་བྱེད་ཀུན་རྟེན་བཞེངས་ མཐུན་རྐྱེན་དུ། །རྔ་ཡུལ་བསྟན་རྩ་ཐུགས་རྗེ་དཔལ་ཉིད་དང༌། །གཙང་པ་འགབ་མའི་ཡང་ སྤྲུལ་སྐུ༷་ང༷ག་ཟུ༷ང༌། །ཁང་རྒན་རྒྱ་བླ་ཤེ༷ས་ར༷བ་གསུམ་གྱི་གཙོས། །ཆེ་ཕྲའི་དངོས་རྫས་གང་ འབྱོར་ཡོན་སྦྱར་ཏེ། །བསེར་བ་འབྲུ༷ག་ལི༷་ཤུག་བཟའ་འབོ༷ས་ར༷ས་ཀྱིས། །གཅིག་ལས་དུ་མ་ འབྱུང་གཞིའི་པར་བསྐྲུན་སྐབས། །ལྷག་བསམ་རབ་ལྡན་ཀ་ཐོག་མཁ༷ས་དཔ༷ལ་གྱིས། །པར་ གཞིའི་ཡི་གེ་བྲིས་ཤིང་ཞུས་དག་བྱས། །བདག་གིས་མཐུན་རྐྱེན་སྣ་ཚོགས་སྦྱར་བས་མཚོན། །དངོས་དང་བརྒྱུད་ནས་གང་འབྲེལ་ཐམས་ཅད་དང༌། །རླུང་ཕོག་མིག་མཐོང་རྣ་བས་གང་ ཐོས་ཀུན། །ངན་འགྲོའི་སྡུག་སེལ་ལྷ་མིའི་རྟེན་བཟང་ཐོབ། །ཉོན་མོངས་མང་ལྡན་སོ་སྐྱེས་ ཚེ་གཅིག་ལ། །སྒྲིབ་གཉིས་བཅོམ་ཞིང་སྐུ་བཞིའི་གནས་འཐོབ་ཕྱིར། །ཆོས་སྦྱིན་འཛད་མེད་ འཇོ་བའི་འབྱུང་གཞི་འདི། །སྐྱེ་འགྲོ་ཡོངས་ལ་ཕན་པ་ངང་གིས་འགྲུབ། །ཚོགས་གཉིས་རྒྱ་ མཚོ་འཁྱིལ་ཞིང་དོན་གཉིས་འབྱུང༌། །རབ་དཀར་འདིས་མཚོན་དུས་གསུམ་དགེ་ཚོགས་ཆུ་ ཕྲན་ཀུན། །བྱང་ཆུབ་སེམས་དཔའི་ཐུགས་སྨོན་ཆུ་ཀློང་དང་འདྲེས་ནས། །སྐུ་བཞིའི་རྒྱ་མཚོར་ ཡོངས་བབས་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །མཛད་ཕྲིན་ཆར་གྱིས་སྐྱེ་འགྲོ་མ་ལུས་ཚིམ་ གྱུར་ཅིག །ཡང་ཟབ་འདབ་བརྒྱ་བཞད་པའི་དགའ་ཚལ་འདིའི། །ཕུལ་བྱུང་དོན་རྟོགས་སྦྲང་ རྩི་མྱང་བས་ཚིམས། །དགའ་བདེས་མྱོས་པས་བུང་བ་གླུ་དབྱངས་ཅན། །མང་པོས་འཛིན་ 5-1-186 མའི་ཁྱོན་ཡངས་འགེངས་པར་ཤོག །འདུལ་ཁྲིམས་རྣམ་པར་དག་པའི་ས་གཞི་བརྟན། །ཐུབ་ (རྩོམ་འཕྲོ) ༄༅། །གང་ལའང་སྦྱར་ཆོག་པའི་སྤར་བྱང་སྨོན་ཚིག ༀ་སྭ་སྟི། ཆོས་སྐུ་ཀུན་ཁྱབ་བདེ་སྟོང་ཟུང་འཇུག་དབྱིངས། ། བརྟན་གཡོ་ཀུན་གྱི་སྲོག་ཏུ་རྟག་བཞུགས་ཀྱང༌། ། མ་རྟོགས་འགྲོ་ཀུན་སྒྲིབ་གཉིས་ལེགས་བསལ་ཕྱིར། ། མདོ་དོན་མཐར་ཐུག་ཟབ་ཆོས་ཐང་མར་བརྡལ། ། རྒྱུད་རྒྱལ་ཆུ་གཏེར་དངོས་གྲུབ་རླབས་ཕྲེང་འཁྲིགས། ། ཟབ་དོན་ནོར་བུའི་ཕུང་པོ་འབུམ་བརྡལ་ལས། ། རྨད་བྱུང་ལེགས་བཤད་སྦྱོར་བ་འདིར་འོངས་པ། ། དུས་གསུམ་སངས་རྒྱས་སྲས་བཅས་བསྐྱེད་པའི་ཡུམ། ། སྒྲུབ་པའི་ཐབས་མཆོག་རྣམ་པར་དག་པ་འདི། ། སྐལ་ལྡན་འགྲོ་ལ་དར་ཞིང་རྒྱས་པའི་ཕྱིར། ། གྲངས་མེད་གླེགས་བམ་སྣང་བརྙན་འབད་མེད་དུ། ། སྤེལ་ཕྱིར་སྤར་འཕྲུལ་གསར་བསྐྲུན་མཛད་པ་འདི། ། དངོས་དང་བརྒྱུད་ནས་གང་འབྲེལ་ཐམས་ཅད་ཀྱིས། ། མཐུན་རྐྱེན་ཡོན་སྦྱར་ལྷག་བསམ་རྣམ་པར་དག ། བསྟན་དང་འགྲོ་ལ་ཕན་ཕྱིར་འབད་པས་བསྒྲུབས། ། 5-1-187 ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཞི། ། འདི་ལས་རྒྱ་ཆེར་བསོད་ནམས་གང་འགྲུབ་པ། ། སྲིད་ཞིའི་ལེགས་བྱས་ཀུན་དང་ལྷན་ཅིག་ཏུ། ། ཡོངས་སུ་ཞུགས་པས་མཐའ་ཡས་འགྲོ་བ་ཀུན། ། བླ་མེད་རྒྱལ་བའི་ས་ལ་འཁོད་པར་ཤོག ། ལས་འདིར་འབད་རྩོལ་འབྲེལ་བ་གང་ཡོད་དང༌། ། ཕ་མའི་གཙོར་གྱུར་འབྲེལ་ཐོགས་འདས་ལྡན་དང༌། ། སྐྱེ་བོ་སྲིད་པའི་ལམ་ལ་གནས་པ་ཀུན། ། སྐུ་བཞི་མཆོག་གི་རྒྱལ་སར་བགྲོད་པར་ཤོག ། ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་ཡང༌། ། ཚེ་རིང་ནད་མེད་ལོངས་སྤྱོད་རྒྱས་པ་དང༌། ། བདུད་ཀྱི་ལས་དང་མི་མཐུན་ཕྱོགས་ཀུན་ཞི། ། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་ཤོག ། སྤར་འདི་བཞུགས་པའི་ཡུལ་ཕྱོགས་ཐམས་ཅད་དུ། ། དུས་བཞི་སྙོམས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས། ། འཐབ་རྩོད་འཁྲུག་པའི་མིང་ཙམ་མེད་པ་དང༌། ། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ། ཅེས་པ་འདི་ཡང་གང་ལའང་སྦྱར་ཆོག་པའི་སྤར་བྱང་སྨོན་ཚིག་ཏུ་ངག་དབང་ཡོན་ཏན་བཟང་པོས་སྨོན་པའོ། ། ༄༅། །ཇོ་ནང་ཞལ་འདོན་དཔེ་སྐྲུན་གསལ་བཤད། 5-1-188 ༡༩༩༡ སྤོར་ཐང་བའི་ལུགས་ལ་ལྕགས་མོ་ལུག སྟོད་འགྲེལ་གྱི་ལུགས་ལ་སྐྱེས་བདག་ ཅེས་པ་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་གསུམ་ཉིན་འཛམ་ཐང་གཙང་བ་དགོན་གྱི་ མཁན་ངག་དབང་ཡོན་ཏན་བཟང་པོས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ གི་ཆེད་གཉེར་སློབ་མ་རྣམས་ཀྱི་སློབ་ཁྲིད་དགོས་མཁོ་དང་བསྟུན། བཀའ་གདམས་དགེ་ བའི་བཤེས་གཉེན་ཆེན་པོ་རྒྱལ་སྲས་པོ་ཏོ་བའི་གསུང་རྒྱུན་དགེ་བཤེས་ཡ་གད་པའམ་དོལ་ པོ་ཤེས་རབ་རྒྱལ་མཚན་གྱི་ཕྱོགས་བསྒྲིགས་མཛད་པའི་བེའུ་བུམ་སྔོན་པོའི་རྩ་བ་དང༌། ཇོ་ བོ་ལྷ་འབྲི་སྒང་པས་མཛད་པའི་བེའུ་བུམ་སྔོན་པོའི་འགྲེལ་བ་གཉིས་སློབ་ཁྲིད་གནང་སྐབས་ ཇོ་ནང་ཞལ་འདོན་ཕྱོགས་བསྡུས་མཛད་ནས་སློབ་གླིང་དུ་ཁྱབ་སྤེལ་བྱེད་ཆེད་བཞག་ཀྱང་རེ་ ཞིག་འགྱངས། ༡༩༩༧ བོད་མེ་གླང་ལོའི་ཟླ་ཚེས་ལ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་ སློབ་གླིང་དུ་གཙང་སེ་སྤྲུལ་གྱི་ཡང་སྤྲུལ་འཇིགས་མེད་ཕུན་ཚོགས་སློབ་གཉེར་དུ་བྱོན་སྐབས་ མི་རིགས་དཔེ་སྐྲུན་ཁང་གི་མི་སྣ་དང་འབྲེལ་གཏུགས་བྱས་ནས་སྔར་གྱི་ཇོ་ནང་ཞལ་འདོན་ ཕྱོགས་བསྡུས་འགྲེམ་སྤེལ་ཆེད་སྤར་ཐེངས་དང་པོ་བཏབ། འཛམ་ཐང་གཙང་བའི་མཁན་ ཡོན་ཏན་བཟང་པོའི་སློབ་བུ་ངག་དབང་བསྟན་གསལ་རྒྱ་མཚོས་ཡོན་སྦྱར་བྱས་པ་དགེ ༄༅། །པར་སྐྲུན་གསལ་བཤད། ཇོ་ནང་ཆོས་འབྱུང་དང༌། རྒྱུ་འབྲས་ཐེག་པ་མཆོག་གི་གནས་ལུགས་ཟབ་མོའི་དོན་ རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ཞེས་བྱ་བ་འདི་མ་གཞི་ ༡༩༩༡ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་རྩོམ་སྒྲིག་བྱས་པའི་ (གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག)ཅེས་པའི་དཔེ་ཚོགས་སུ་བཅུག་ནས་མཐོ་རིམ་སློབ་གླིང་གི་ སློབ་དེབ་ཏུ་བྱས་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་གཉིས་བཏབ་ཟིན། ད་ལམ་ 5-1-189 རྗེ་ཇོ་ནང་པའི་རིང་ལུགས་ཀྱི་དད་ལྡན་པ་རྣམས་ཀྱི་རེ་འདུན་སྐོང་ཕྱིར་དེབ་སྤུས་ལེགས་སུ་ བསྐྱར་དུ་པར་སྐྲུན་བྱས། གཞུང་འདིའི་སྤྱི་ཁོག་མདོ་ཙམ་ཞིག་ཞུ་ན། བདག་ཅག་གི་སྟོན་ པ་ཤཱཀྱ་ཐུབ་པས་སྤྱིར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང༌། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ འདུལ་བའི་གཉེན་པོར་གསུངས་པ་ཡང༌། ཡུལ་ཝཱ་རཱ་ཎ་སཱིར་སྟོན་པ་ཤཱཀྱ་ཐུབ་པ་མངོན་པར་ རྫོགས་པར་སངས་རྒྱས་པའི་རྗེས་སུ། འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་བཞིའི་ ཆོས་འཁོར་བསྐོར་བ་སྟེ། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་ གནས་སུ་གྱུར་པ། ཡུལ་བྱ་རྒོད་ཕུང་པོའི་རི་སོགས་སུ། ཐེག་ཆེན་དབང་འབྲིང་གི་རིགས་ ཅན་རྣམས་ལ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང༌། བླ་ ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ། ཡུལ་ ཡངས་པ་ཅན་སོགས་སུ་ཐེག་ཆེན་དབང་པོ་ཤིན་ཏུ་རྣོ་བ་རྣམས་ལ་བཀའ་ཐ་མ་དོན་དམ་རྣམ་ པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི།བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་ པའི་དོན། རྩོད་པའི་གཞིར་མ་གྱུར་པ་སྟེ། དེ་ལས་བཀའ་ཐ་མ་ངེས་དོན་གྱི་མདོ་རྣམས་ལས། གཞི་ལམ་འབྲས་གསུམ་དང༌། མཚན་ཉིད་གསུམ་སོགས་བསྟན་པ་ལས། དེ་ལས་དང་པོ། གཞི་ཟབ་མོའི་གནས་ལུགས་འཆད་པ་སྟེ། གཞི་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ ཅད་ཀྱི་རྒྱུད་དུ་བཞུགས་ཚུལ་དང༌། དེ་མཚན་ཉིད་དགུ་ལྡན་དུ་བསྒྲུབས་པ་དང༌། ཡོངས་གྲུབ་ དགུའི་ངོ་བོར་བཞུགས་ཚུལ་སོགས་བསྟན། གཉིས་པ། ལམ་ཟབ་མོའི་གནས་ལུགས་འཆད་ པ་སྟེ། ལམ་གྱི་སྤང་བྱ་དང་དེའི་གཉེན་པོ་རེ་རེ་བཞིན་བསྟན། གསུམ་པ། འབྲས་བུ་ཟབ་ མོའི་གནས་ལུགས་འཆད་པ་སྟེ། སྐུ་བཞིའི་ངོ་བོ་དང༌། ཡོན་ཏན། འཕྲིན་ལས་བཅས་ཀྱི་རྣམ་ གཞག་གསལ་པོ་ཕྱེས་ནས་བསྟན། བཀའ་ཐ་མ་ངེས་དོན་གྱི་མདོརྣམས་ཀྱི་དགོངས་འགྲེལ་ རྒྱལ་ཚབ་བྱམས་པའི་བྱམས་ཆོས་ལྔ། འཕགས་པ་ཐོགས་མེད་ཀྱི་ས་སྡེ་སོགས་དང༌། སློབ་ 5-1-190 དཔོན་དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་སོགས་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ ཆོས་དབྱིངས་བསྟོད་པ་སོགས་དང༌། སློབ་དཔོན་ཨཱརྱ་དེ་ཝ། སློབ་དཔོན་ཙནྡྲ་གོ་མི་སོགས་ ཀྱིས་ངེས་དོན་གྱི་མདོ་རྣམས་ཀྱི་དགོངས་འགྲེལ་དབུ་མ་གཞན་སྟོང་གི་བསྟན་བཅོས་དུ་མ་ མཛད་དེ་དར་ཁྱབ་ཤིན་ཏུ་ཆེ། སྐབས་འདིའི་གཞུང་ལུགས་སུ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་ ལུང་དང་དེའི་དགོངས་འགྲེལ་རྣམས་རྩ་འགྲེལ་ཤན་སྦྱར་བཅས་ཏེ། ལུང་དང་རིགས་ལམ་ ཡང་དག་ལ་བརྟེན་ནས་རང་ལུགས་ལེགས་པར་བསྒྲུབས། གངས་ལྗོངས་སུ་རྗེ་ཇོ་ནང་པ་ ཆེན་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་རི་ཆོས་ངེས་དོན་རྒྱ་ མཚོ་སོགས་གྲུབ་མཐའི་ཆོས་བཅུ་དྲུག་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་མཛད་པའི་དབུ་མ་ཐེག་ མཆོགཤེས་རབ་སྙིང་པོའི་འགྲེལ་བ་སྔོན་མེད་ལེགས་བཤད། དབུ་མ་ཡིད་བཞིན་ནོར་བུ་ སོགས་དང༌། དེ་མིན་ལུང་རིགས་ཀྱི་བང་མཛོད་འཛིན་པ་དུ་མའི་གསུང་དང༌། གསང་སྔགས་ ཟབ་མོའི་ཕྱོགས་དཔལ་དུས་ཀྱི་འཁོར་ལོའི་མདུན་ཞལ་ནས་གསུངས་པའི་བླ་མེད་ཀྱི་རྒྱུད་ སྡེ་རྣམས་དང༌། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་རྣམས་བསྟན། བླ་མེད་རྒྱུད་ཀྱི་ དགོངས་འགྲེལ་སེམས་འགྲེལ་སོགས་དང༌། དེ་མིན་དམ་པ་གོང་མ་རྣམས་ཀྱིས་སྔགས་ཀྱི་ གཞན་སྟོང་དབུ་མའི་གཞུང་ལུགས་སོགས་ཀྱི་གཞི་བྱས་ཏེ་བསྒྲིགས་པ་ལགས། སླར་ཡང་ ༢༠༠༠ལོར་མཆོག་སྤྲུལ་དམ་པ་ངག་དབང་ཀུན་དགའ་འཇམ་དབྱངས་བློ་གྲོས་ཀྱིས་རྒྱལ་ས་ པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་སྐབས་སྒྲིབ་གཉིས་དྲི་མ་འཁྲུད་པའི་བདུད་ རྩིའི་འབྱུང་གནས་ཞེས་བྱ་བ་འདི་ཡོན་མིང་པས་སྨྲས་པ་དགེཡེ་གདོད་མ་ནས་བཞུགས་པའི་ ཆོས་ཀྱི་དབྱིངས་ཡེ་ཤེས་ཆོས་སྐུ་འཁོར་འདས་ཀུན་ཁྱབ་ཆོས་ཉིད་འོད་གསལ་བདེ་གཤེགས་ སྙིང་པོ་ཉེས་སྐྱོན་གང་གིས་ཀྱང་གདོད་མ་ནས་གོས་མ་མྱོང་ཞིང༌། དོན་དམ་པའི་ཡོན་ཏན་ སྲིད་ཚད་ཐམས་ཅད་གདོད་ནས་གྲུབ་པ་དེ་ནི་དོན་དམ་པའི་བླ་མ་ཐམས་ཅད་ཀྱི་ཐུགས་གཞི་ 5-1-191 དབྱིངས་ཡེ་ཤེས་ཆོས་སྐུ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ འཁོར་འདས་ཀུན་ལ་ཁྱབ་པའི་དོན་དམ་ཡེ་བཞུགས་ཀྱི་དོན་དམ་པའི་གནས་ལུགས་ཡིན་ ལ། གཟུགས་སྐུ་གཉིས་དང༌། ལམ་བདེན་ཆོས་སྐུ་ཡང་ཆོས་ཉིད་དོན་དམ་དེ་ཀའི་མདངས་ འོད་ཙམ་ཡིན་པར་ཤེས་ནས་ཉེ་རིང་མེད་པའི་སྐྱབས་གནས་དེ་ལ། རྗེས་སུ་དྲན་པར་བྱེད་པ་ ནི། ཐེག་དམན་པའི་གྲུབ་མཐའ་སྨྲ་བ་དང་ཐུན་མོང་མ་ཡིན་པ་ཐེག་པ་ཆེན་པོ་སྤྱིའི་ལུགས་ ཡིན། ཐེག་པ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ། ཆོས་དབྱིངས་ཡེ་ཤེས་ སྐུ་གསུང་ཐུགས་གསུམ་དབྱེར་མེད་རོ་མཉམ་དེ་ཉིད་ཡང་ཡི་དམ་རྒྱུད་སྡེ་རབ་འབྱམས་ལྷ་ སྔགས་དཀྱིལ་འཁོར་རྒྱ་མཚོ་བདེ་སྟོང་ལྷན་ཅིག་སྐྱེས་པ་ཟུང་དུ་འཇུག་པ་དང༌། ངོ་བོ་ཉིད་ སྐུ་ཡེ་ཤེས་ཆོས་སྐུ། ལོངས་སྐུ་དང༌། སྤྲུལ་སྐུ། ཡོན་ཏན་དང་འཕྲིན་ལས་རྣམས་ཡེ་ནས་ཟུང་ དུ་འཇུག་པ་ཡིན་པར་ཤེས་དགོས་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྷག་པོར་སྣོན་ རྒྱུ་དེ་ཡིན། དེ་ཉིད་བླ་མའི་རྣལ་འབྱོར་དང་སྦྲེལ་ན། བླ་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ ནི། དོན་དམ་སངས་རྒྱས་ཆོས་དབྱིངས་ཁོ་ན་དང༌། རྣམ་འགྱུར་དང༌། མཛད་པ་ཐམས་ཅད་ ཀྱང་ཆོས་དབྱིངས་དེ་གའི་རྣམ་འགྱུར་ཙམ་གདུལ་བྱ་གཞན་སྣང་ངོར་ཤར་བའི་ཀུན་རྫོབ་ གཟུགས་སྐུ་འཕྲིན་ལས་དང་བཅས་པར་ངེས་ཤེས་བསྐྱེད་ནས་གསོལ་བ་འདེབས་པ་དེ་ཉིད་ ཡིན་ཡང༌། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྩ་བ་བླ་མ་རྡོ་རྗེསློབ་དཔོན་ནི་སངས་རྒྱས་ ཀུན་འདུས་ཡིན་པས། བླ་མའི་རྣལ་འབྱོར་དེ། སངས་རྒྱས་རྗེས་དྲན་མཆོག་ཡིན། སློབ་བུ་ རང་རང་གི་རྒྱུད་ལ་གནས་ལུགས་རྟོགས་ཚུལ་བཟང་ངན་གྱིས་དབྱེ་བས། བླ་མ་སངས་རྒྱས་ རྗེས་སུ་དྲན་པ་དེ་ལའང་མཐོ་དམན་གྱི་དབྱེ་བ་མང་དུ་འབྱུང་མོད། དམིགས་པ་དང་སྒོམ་ཚུལ་ ལ་ཁྱད་པར་མེད་དོ། །དེ་ལྟ་བུའི་དོན་དམ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་འཁོར་འདས་ ཀུན་ལ་ཁྱབ་པའི་བདག་ཉིད་ནི། དོན་དམ་པའི་འཕགས་པའི་དགེ་འདུན་དང༌། མཁའ་འགྲོ་ 5-1-192 རྒྱ་མཚོའི་ཚོགས་དང༌། ཆོས་སྐྱོང་དམ་ཅན་འཁོར་ཚོགས་རྒྱ་མཚོ་དང་བཅས་པ་ཡེ་གདོད་མ་ ནས་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་བཞུགས་ཀྱང༌། གདུལ་བྱར་གྱུར་པའི་གང་ཟག་ ཐེག་ཆེན་རིགས་དབང་པོ་རབ་རྣམས་ལ་ཀུན་རྫོབ་གཞན་སྣང་ངོར་རྒྱལ་བའི་གསུང་རབ་སྣ་ ཚོགས་དང༌། དམ་པ་གོང་མའི་གསུང་རྩོམ་སྣ་ཚོགས་འདོན་བསྒོམ་བསྒྲགས་མ་ལ་འབད་ ན་སྒྲིབ་གཉིས་སྦྱང་བ་དང༌། ཚོགས་གཉིས་བསགས་པའི་ཐབས་ལ་དམིགས་ནས་དམ་པ་ གོང་མ་རྣམས་ཀྱིས་ཞལ་འདོན་རྒྱུན་ཁྱེར་གྱི་ཚུལ་དུ་སྒྲིག་ཡོད་པ། རྩ་བའི་བླ་མ་དང༌། ཡི་ དམ་དང༌། སངས་རྒྱས་བྱང་ཆུབ་སེམས་དཔའ་མཁའ་འགྲོ་ཆོས་སྐྱོང་རྣམས་རྗེས་སུ་དྲན་པའི་ གསུང་རྣམས་ནི་འགྲོ་བ་སྤྱི་ལ་འདི་ཕྱིའི་བདེ་སྐྱིད་བླ་ན་མེད་པ་འབྱུང་བའི་དགོས་འདོད་ཀུན་ འབྱུང་དམ་ཆོས་ཡིད་བཞིན་གྱི་ནོར་བུ་འདི་བརླག་ཏུ་མི་འགྲོ་བ་དང༌། སྤྱིར་བོད་ཀྱི་ནང་པ་ སངས་རྒྱས་པའི་རིག་གནས་གོང་འཕེལ་དུ་འགྲོ་བའི་ཕྱིར་དང་ཁྱད་པར་ཇོ་ནང་པའི་དམ་པ་ གོང་མ་རྣམས་ཀྱི་ཞལ་འདོན་རྒྱུན་ཁྱེར་ཕྱོགས་བསྒྲིགས་ཞེས་བྱ་བ་འདི་ཡང་བསྟན་པ་དང་ འགྲོ་བའི་དོན་དུ་དམིགས་ནས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༠ལོར་མཆོག་སྤྲུལ་ དམ་པ་འཇམ་དབྱངས་བློ་གྲོས་ཀྱིས་པར་དུ་བསྐྲུན་པའི་སྐབས་སུ་ཤཱཀྱའི་དགེ་སློང་བློ་བཟང་ ཆོས་འཕེལ་པས་བྲིས་པ་དགེ་ལེགས་འཕེལ། འགྲོ་ཀུན་གྱི་སྒྲིབ་གཉིས་སྦྱང་བའི་ཐབས་མཆོག་གསུང་རབ་ཆེན་པོ། དཔལ་རྒྱལ་བ་ ཇོ་ནང་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་འགྲོ་སྤྱིའི་སྨན་མཆོག་བདུད་རྩི་ལྟ་བུའི་གསུང་ རབ་ཀྱི་གླེགས་བམ་སྣ་ཚོགས་ད་སྐབས་མདོ་སྨད་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་ གླིང་ནས་ཁྱབ་སྤེལ་བྱེད་བཞིན་པ་ལ་བླ་མ་དཀོན་མཆོག་གསུམ་དང་མཁའ་འགྲོ་ཆོས་སྐྱོང་ དམ་ཅན་རྒྱ་མཚོའི་ཐུགས་རྗེ་བདེན་མཐུ་ཡིས་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་བྲལ་ ཏེ་སྒྲིབ་གཉིས་མ་ལུས་པ་སྤངས་པ་དང་དུས་རྟག་ཏུ་ཆོས་སྤྱོད་ཀྱི་བྱ་བ་ཐམས་ཅད་གོང་ནས་ 5-1-193 གོང་དུ་འཕེལ་བའི་སྨོན་འདུན་ཞུ། ཞེས་ཇོ་ནང་བླ་མ་རྣམ་གསུམ་གྱི་གསུང་འབུམ་རྣམས་འཛམ་གླིང་གི་ཡིག་མཛོད་ ཁང་རྣམས་སུ་འགྲེམ་སྤེལ་བྱེད་པར་དམིགས་ནས་པར་སྐྲུན་བྱེད་སྐབས་ངག་དབང་ཡོན་ཏན་བཟང་པོས་བྲིས་པ་དགེ 5-1-194 ༄༅། །མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་དད་ གསུམ་བསྐྱེད་པའི་ནོར་བུའི་རྒྱན་ཕྲེང་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ་ཤྲཱི་ཀཱ་ལ་ཙཀྲ་ཡ། ཆོས་ཀུན་སྲོག་གི་དྭངས་མ་སྙིང་པོའི་དབྱིངས། །རྒྱལ་ཀུན་ཆོས་སྐུ་ཉག་གཅིག་སྒྱུ་འཕྲུལ་གར། །སྐུ་དང་ཞིང་ཁམས་ཡི་དམ་རབ་འབྱམས་ བདག །གཞི་དབྱིངས་དགོངས་པ་གཅིག་ལ་གུས་པས་འདུད། །ཆོས་སྐུའི་དབྱིངས་ལས་ཀུན་ རྫོབ་གཞན་སྣང་ངོར། །མཆོག་སྤྲུལ་གང་འདུལ་མོས་སྣང་སྣ་ཚོགས་ལྟར། །མིག་འཕྲུལ་ཇི་ བཞིན་མཛད་པ་རབ་འབྱམས་འཆར། །བུ་རམ་ཤིང་པས་བདག་ཅག་རྟག་སྐྱོངས་ཤིག །མདོ་ རྒྱུད་རྒྱ་མཚོའི་དགོངས་དོན་མཐར་ཐུག་ངེས་དོན་རྫོགས་ལྡན་མདོ་སྔགས་གཞན་སྟོང་དབུ་ མ་ཆེ། །རྒྱལ་ཚབ་བྱམས་པ་འཕགས་པ་ཐོགས་མེད་མཆེད་བཅས་སློབ་དཔོན་ཀླུ་སྒྲུབ་ཨཱརྱ་ དེ་ཝ་སོགས། །རྒྱུད་སྡེའི་དགོངས་དོན་ལེགས་བཀྲལ་ཟླ་བཟང་འཇམ་དཔལ་གྲགས་པ་པད་ དཀར་འཛིན་སོགས་སེམས་དཔའ་ཆེ། །མདོ་སྔགས་རྒྱ་མཚོའི་དགོངས་དོན་བསྟན་བཅོས་ ཀུན་གྱིས་འགལ་མེད་ཚུལ་བཞིན་འཆད་ལ་ལེགས་པར་གུས། །གང་འདུལ་འགྲོ་ལ་མཛད་ འཕྲིན་ཡོལ་མི་སྲིད། །གངས་རིའི་ལྗོངས་འདིར་རྫོགས་ལྡན་གདུལ་བྱའི་ངོར། །འཕོ་འགྱུར་ མེད་པའི་གཞན་སྟོང་དབུ་མ་ཡི། །ཆོས་འཁོར་བསྐོར་སླད་ཇོ་ནང་ཀུན་མཁྱེན་བྱོན། །གང་ འདུལ་སྒྱུ་འཕྲུལ་མཛད་པ་འབྱམས་ཀླས་ལས། །ཇོ་ནང་ཆེན་པོ་བླ་མ་ཡབ་སྲས་བཅས། 5-1-195 །གངས་ལྗོངས་བསོད་ནམས་དཔལ་དུ་བྱོན་པ་ཡིས། །ངེས་དོན་གཞན་སྟོང་དབུ་མའི་སྲོལ་ ཆེན་བཏོད། །གངས་ལྗོངས་ནགས་སྨན་རྒྱལ་མོའི་གནས་དབུས་སུ། །སླར་ཡང་མདོ་སྔགས་ དགོངས་དོན་མཐའ་དག་བཀྲལ། །དབང་ལུང་གདམས་ངག་རྒྱ་མཚོའི་བཅུད་ཀྱིས་བསྐྱངས། །ཇོ་ནང་ཏཱ་ར་ནཱ་ཐར་ལན་བརྒྱར་གུས། །མདོ་རྒྱུད་རྒྱ་མཚོའི་དབང་ལུང་མན་ངག་མཛོད། །རིམ་པར་ལེགས་སྤེལ་བརྒྱུད་རིམ་གསེར་རིའི་ཕྲེང༌། །ཉམས་མྱོང་རྒྱུན་མ་ཆད་པའི་མཁན་ སློབ་སོགས། །རྩ་བརྒྱུད་དཔལ་ལྡན་བླ་མར་སྙིང་ནས་གུས། །རབ་ཡངས་གསེར་ལྡན་ དཀྱིལ་འཁོར་རྒྱས་པའི་དབུས། །སྔོན་བསགས་བསོད་ནམས་དཔལ་ལས་ལེགས་འཁྲུངས་ པས། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཟླ་བྲལ་འདི། །འགྲོ་མང་བསོད་ནམས་ཞིང་མཆོག་ གནས་སུ་བསྐྲུན། །ཁྱད་འཕགས་རྒྱལ་བའི་ཐུགས་རྟེན་ཕུལ་བྱུང་མཆོག །དཔལ་ལྡན་བླ་ མ་དགྱེས་པའི་མཆོད་སྤྲིན་དང༌། །ཕ་མའི་ཐོག་དྲངས་འགྲོ་ཀུན་སྲིད་ཞི་ལས། །རྣམ་གྲོལ་སྐུ་ བཞིའི་རྒྱལ་སར་ལེགས་བགྲོད་ཆེད། །ལྷག་བསམ་དག་པའི་ཐུགས་བསྐྱེད་པད་དཀར་ཕྲེང༌། །དཀའ་སྤྱད་སྙིང་སྟོབས་གེ་སར་བཞད་པ་ལས། །ཕྱོགས་ཀྱི་སྐྱེ་འགྲོ་རྣམ་དཀར་བདུད་རྩིའི་ མཚོ། །སྔོན་བསགས་བཟ༷ང་ལ་དག༷འ་བའི་དཔལ་སྦྱིན་མཁན། །རིང་ནས་ལས་ངན་འདམ་ དུ་ཚུད་པའི་འགྲོ། །སྙིང་རྗེའི་ལྕགས་ཀྱུས་དྲངས་ཏེ་ངལ་གསོའི་གནས། །མངོན་མཐོའི་གནས་ ཀྱི་རྟེན་བཟང་ལ་བརྟེན་ནས། །རྣམ་གྲོལ་ཐར་པའི་གླིང་དུ་འདྲེན་མཛད་འདུད། །འདིར་ རྟེན་མཆོག་ཁྱད་འཕགས་བཞེངས་མཁན་གྱི་རྣམ་ཐར། བཞེངས་ཡུལ་ས་ཆ་དང་བཞེངས་ གྲོགས་མཐུན་རྐྱེན་སོགས་ཀྱི་ལོ་རྒྱུས། བཞེངས་ཟིན་པའི་ཕྱི་ནང་གི་སྐུ་གསུང་ཐུགས་རྟེན་ སོ་སོར་བཞུགས་ཚུལ། མཐར་རབ་གནས་དགའ་སྟོན་སོགས་བསྔོ་བ་སྨོན་ལམ་གྱིས་མཐའ་ བརྒྱན་ཚུལ་དང་བཞི་ལས། དང་པོ་རྟེན་མཆོག་ཁྱད་འཕགས་བཞེངས་མཁན་གྱི་རྣམ་ཐར་ ནི། འདིའི་ལོ་རྒྱུས་ཡང༌། དུས་གསུམ་རྒྱལ་བ་ཡོངས་ཀྱི་སྤྱི་གཟུགས་དང༌། སྲིད་གསུམ་འགྲོ་ 5-1-196 བ་ཀུན་གྱི་འདྲེན་པ། བསྟན་འཛིན་དགེ་འདུན་བྱེ་བའི་གཙུག་གི་རྒྱན་དུ་གྱུར་པ་ལྷར་བཅས་ སྐྱེ་དགུ་ཐམས་ཅད་ཀྱི་སྐྱབས་གནས་གྲུབ་ཐོབ་ཁྱི་ཚང་བ་དང༌། བླ་མ་ལུང་རྟོགས་སོགས་ཀྱི་ རྣམ་འཕྲུལ་དུ་གྲགས་པ། ཐུགས་རྟེན་མཐོང་གྲོལ་ཆེན་མོ་དང་སྐུ་གསུང་ཐུགས་རྟེན་བསམ་ མི་ཁྱབ་པ་བཞེངས་མཁན་དམ་པ་འདི་ཡིན་པར་འཁྲུལ་མེད་དུ་ལུང་དུ་མས་བསྔགས་པ་ལས་ འདིར་ས་བོན་ཙམ་ཡང་གཏེར་ཆེན་ཨ་ཏི་དགྱེས་པ་རྩལ་གྱིས། གྲུབ་ཐོབ་ཀི་ཀི་རས་པའི་རྣམ་ སྤྲུལ་མཆོག །བསླབ་བྱ་གདུགས་ཆེན་དཀར་པོའི་འོད་ཀྱིས་མཛེས། །རྡོ་རྗེ་མདུད་པའི་རྒྱ་ངོམ་ གསུང་སྙན་པ། །ཞེས་དང༌། མདོ་སྨད་ཨ་སུག་གཏེར་ཆེན་གྱིས། སྟེང་རྒྱལ་མཚན་ནམ་མཁའི་ དུས་གཅིག་ཁྱབ། །བར་དྲི་བཟང་འབྲས་བུས་སྣོད་དེ་ཁྱབ། །འོག་ལྕགས་ཟམ་སྤྲུལ་པའི་སྒྲ་ རེ་རྔམས། །ལྷོ་ཕྱོགས་ཀྱི་མདོ་ཁམས་ཁྲི་གདུགས་ཤར། །ཞེས་སོགས་སྐྱེས་ཆེན་དུ་མའི་ལུང་ གིས་ཡང་ཡང་བསྔགས་པ། ས་དམར་དཔལ་རྩེ་དགོན་དང་ཧ་ཅང་མི་རིང་བར་ཡབ་མང་དགེ་ མགོན་རྒྱལ་དང༌། ཡུམ་ཨ་བཟང་བཟའ་སྒྲོན་ནེ་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༩༢༨སྟོད་འགྲེལ་ གྱི་ལུགས་ལ། རྣམ་འབྱུང་ངམ་སྤོར་ཐང་གི་ལུགས་ལ། ས་ཕོ་འབྲུག་གི་ལོར། སྔོན་བསགས་ བསོད་ནམས་རྒྱ་ཆེ་བའི་དཔལ་ལ་བརྟེན་ནས་སྐུ་སྐྱེས་གཞོན་ནུའི་པད་དཀར་རབ་ཏུ་བཞད་ པའི་སྐྱེས་ཆེན་དམ་པ་བླ་མ་བཟང་པོ་ཀུན་དགའ་དཔལ་འཁྲུངས། དགུང་གྲངས་བདུན་ བརྒྱད་ཙམ་ནས་ཀློག་བསླབས་ཏེ་ཇི་བཞིན་ཐུགས་སུ་ཆུད་ནས་དགུང་གྲངས་བཅུ་སྐོར་ཙམ་ ནས་ཆོས་སྒོར་ཞུགས་ཏེ་ས་དམར་དཔལ་རྩེ་དགོན་དུ་མཚན་བརྗོད་པ་དཀའ་བ་དོན་རྒྱ་ཆེན་ པོའི་སླད་དུ་མཚན་ནས་སྨོས་ན་རྡོ་རྗེ་འཆང་ཀུན་དགའ་ངག་དབང་དཔལ་བཟང་པོའི་ཞབས་ ཀྱི་པདྨོ་སྤྱི་བོའི་རྒྱན་དུ་བླངས་ནས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་ དྲུག་གི་སྔོན་འགྲོ་དང༌། དེ་ནས་སྡོམ་པའི་རིམ་པ་བཅས་ལེགས་མནོས་ཀྱིས་མཚན་ཡང་ངག་ དབང་བཟང་པོ་ཀུན་དགའ་དཔལ་བཟང་ཞེས་གསོལ་བ་ནས་བཟུང་རྣལ་འབྱོར་ཡན་ལག་ 5-1-197 དྲུག་དམ་པ་གོང་མའི་ཕྱག་སྲོལ་ལྟར་ལོ་གསུམ་དུ་ཉམས་ལེན་གཟབ་ལྡན་བྱས་པས་རྟོག་ པའི་འཆར་སྒོ་ཡང་འོད་གསལ་རྟགས་བཅུ་སོགས་ཉམས་སྣང་གི་འཆར་ཚུལ་གཞན་ཕལ་བ་ ལས་ཆེས་ཁྱད་པར་བ་བྱུང་ཞིང༌། དེ་དག་གི་སྐབས་སུ་སྦྱོར་དྲུག་གི་རྩ་བའི་ཟབ་ཁྲིད་སོགས་ ཉེར་མཁོའི་རིགས་ཀྱི་ཆོས་བཀའ་མཐའ་དག་ཐོབ། དགུང་ལོ་ཉི་ཤུའི་སྐོར་ནས་བླ་མ་དམ་ པ་ངག་དབང་དཔལ་བཟང་པོས་བཀའ་ལུང་ལྟར་ཁོང་ཉིད་བསྟན་འགྲོའི་དོན་དུ་གཞན་ཕན་ བྱང་ཆུབ་སེམས་དཔའི་མཛད་པ་བཞིན་འགྲོ་ཀུན་ལ་ཟབ་ཆོས་སྣ་ཚོགས་གནང་བ་དང༌། ཁྱད་པར་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཀྱི་སྒོ་ནས་གསུང་མཆོག་ཡི་གེ་དྲུག་ མ་རྒྱུན་གསུང་སོགས་ཀྱི་སྒོ་ནས་གདུལ་བྱར་གྱུར་ཚད་ལ་དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་སྒོ་ ནས་ཕྱོགས་ཐམས་ཅད་དུ་འགྲོ་དོན་རྒྱ་ཆེར་མཛད། འབྱོར་བ་གང་རྙེད་ཐམས་ཅད་ཀྱིས་རྒྱལ་ བའི་ཐུགས་རྟེན་ཆ་བརྒྱད། སྒྲོལ་མའི་མཆོད་རྟེན། ཁང་བུ་བརྩེགས་པ་སོགས་རང་རང་སོ་སོ་ ལ་ཕྱི་བཀོད། ནང་རྟེན། གཟུངས་གཞུགརབ་གནས། དགའ་སྟོན། བསྔོ་བ་སྨོན་ལམ། ཕྱི་ ནང་གསང་བའི་རྟགས་མཚན་མི་དམན་པའི་སྒོས་འགྲོ་ཀུན་གྱི་བསོད་ནམས་ཞིང་མཆོག་ཏུ་ ལེགས་བསྐྲུན་མཛད། ཕྱི་ལོ་༡༩༦༦ལོར་དུས་ཀྱི་འཕོ་འགྱུར་ཆེ་བ་བྱུང་བ་ལས་མཆོད་རྟེན་ རྣམས་བཤིག་པ་དང༌། མེར་བསྲེག་སྐབས། དེར་གནས་པའི་སྐྱེ་འགྲོ་རྣམས་མྱ་ངན་གྱི་གདུང་ བ་ལ། དམ་པ་འདིས་མྱ་ངན་མ་བྱེད་སྐྱོན་མེད། སྔར་ལས་ལྷག་པའི་མཆོད་རྟེན་ཆེ་བ་བཞེངས་ པའི་ཉམས་སྣང་ཤར་འདུག་གསུངས། ད་ལྟ་ཐོག་ཁེལ་དུ་སོང་ངོ༌། ། གཉིས་པ་བཞེངས་ཡུལ་ས་ཆ་དང་བཞེངས་གྲོགས་མཐུན་རྐྱེན་སོགས་ཀྱི་ལོ་རྒྱུས་ནི། འཛམ་ཐང་གཙང་ཆེན་བླ་མ་ཡབ་སྲས་ཀྱི་ཆོས་རྒྱུད་འཛིན་པ་འཛི་ཡུལ་རྒྱབ་ཕྱོགས་ཀྱི་སྡེར་ གཏོགས་པ་གསའ་སྐོར་བླ་མ་ཐོགས་མེད་ཅེས་པ། དང་པོར་གསེར་ལྷ་ཙེ་དགོན་དུ་སོང་ ནས་ཉིད་ཀྱིས་དམ་པ་དུ་མ་ལེགས་བསྟེན་གྱིས་སྔགས་རྙིང་ཕྱོགས་ཀྱི་ཆོས་ལ་གསན་སྒོམ་ 5-1-198 མཛད་པས་རྟོགས་པ་མཆོག་མངའ་ཞིང་དེ་སྐབས་ཤིག་ཏུ་ཁོང་གིས་སྐུ་གསུམ་སྒྲུབ་པའི་ གོང་ནོན་མཛད་དུས། སྒྲུབ་གཏོར་ནམ་མཁར་འཕགས་པ་སོགས་ཀྱི་རྟགས་མཚན་གསལ་ བ་བྱུང་ལ། དེ་མཚམས་ཤིག་ནས་གཙང་པ་དགེ་སློང་གི་དྲུང་ནས་སྦྱོར་དྲུག་ཟབ་མོའི་ཐོག་ དྲངས། རང་ལུགས་ཀྱི་ཆོས་བཀའ་རྣམས་ཉིད་ཀྱིས་ལེགས་པར་གསན་པའི་སྒོ་ནས་ཉམས་ ལེན་གནད་ཁེལ་མཛད་པས་མངོན་པར་ཤེས་པ་སོགས་ནང་རྟོགས་པའི་ཡོན་ཏན་མཆོག་ཏུ་ གྱུར་ཅིང་གནམ་ལྕགས་མེ་ཆར་ངར་མ་གྲུབ་རྟགས་ཀྱིས་ཅི་དགར་བཟུང་ནུས་པ། དེ་མཐུན་ བསྐྱེད་རྫོགས་གང་ཐད་ལ་མྱོང་བ་ཆེར་ཐོན་པས་ཉིད་ཀྱི་སྐུ་གཟན་ཉི་འོད་ཀྱི་སྟེང་དུ་འཇོག་པ་ སོགས་མཐུ་ནུས་ཁྱད་དུ་འཕགས་པ་ཞིག་སྟེ། ཁོང་གིས་གཞན་གདུལ་བྱ་གང་དག་ལ་སྔགས་ རྙིང་ཕྱོགས་ཀྱི་ཆོས་བཀའ་དང་ཇོ་ནང་རང་ལུགས་ཀྱི་སྦྱོར་དྲུག་གི་ཟབ་ཁྲིད་དབང་ལུང་ཅི་ དགོས་མཐའ་དག་དེ་ལྟར་དུ་གནང་བར་མཛད་པས་ཐུགས་སློབ་བླ་མ་སྨན་མཆོག་སྒྲུབ་ཁང་ དུ་ལོ་བཅུ་གཉིས་སུ་ཉམས་ལེན་ལ་བརྩོན་པ་སོགས་དེ་འདྲའི་སློབ་ཆེན་མང་པོ་ཡོད་པ་དང༌། ཡུལ་གྱི་ལྷ་སྲུང་སེ་ཉག་མི་དང་མི་བཞིན་མངོན་སུམ་དུ་གཡེལ་མེད་ཀྱིས་གཞི་བདག་དེའི་ གནས་ཚུལ་ཇི་བཞིན་གཟིགས་པས་དེ་ལུགས་ཀྱི་བསང་མཆོད་རྩོམ་སྒྲིག་མཛད་པ་སོགས་ དང་ཁོང་ཉིད་སྐུ་ཚེ་གང་བོར་རང་ཡུལ་ས་དམར་མཆོད་རྟེན་གྱི་གནས་དེར་མཚམས་ཁང་ དུ་རྒྱུན་བཞུགས་ཀྱི་ངང་སྐབས་རེ་ཞིག་ཏུ་ཁོང་གིས་མཆོད་རྟེན་བྱིན་རླབས་ཅན་བཞེངས་པ་ དང༌། པདྨ་འོད་འབར་གྱི་དུས་འཚོགས་བཙུགས་པ་སོགས་ཆོས་ལྡན་གྱི་བགྱི་བ་མི་དམན་ ཞིང་དོན་གཉིས་མཛད་བཟང་གིས་སྐུ་ཚེ་མཛད་པ་མཐར་ཕྱིན་ཏོ། །དུས་རེ་ཞིག་གི་ཚེ་ཁོང་ ཉིད་བཞུགས་གནས་དང་ཉེ་བའི་ས་དེར་རྟོགས་ལྡན་ཀུན་དགའ་ལུང་རྟོགས་ཞབས་པ་འཛམ་ ཐང་གཙང་ཆེན་དགོན་གྱི་རྡོརྗེ་སློབ་དཔོན་ངག་དབང་ཆོས་འཕགས་དང༌། རྡོ་ལུང་སོག་པོ་བླ་ མ་ཀུན་གྲོལ། ཁྱི་ལོ་མའི་བླ་མ་ཆོས་འབྱོར་རྣམས་ཀྱི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་ 5-1-199 རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་སྔོན་འགྲོ་བཅུ་དང་གཞན་སྔགས་ཕྱོགས་ཀྱི་ཆོས་བཀའ་ མང་པོ་དང༌། སྦྱང་བ་བླ་མ་ངེས་དོན་གྱི་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་ཐོབ་པས་དེ་དག་ གི་དངོས་སློབ་ཏུ་གྱུར་པ། དམ་པ་གང་གིས་ཤིང་རྟའི་ལོར་ས་དམར་དུ་དགེ་འདུན་གྱི་འདུ་ ཁང་བཞེངས་ཏེ། མེ་བྱའི་ལོར་སྦྱོར་དྲུག་བཙུགས་ནས་ལོ་དེའི་སྦྱོར་དྲུག་པ་སྐུ་དབོན་བསྟན་ དར་སོགས་དང༌། དེ་ནས་རིམ་པར་ས་ཁྱིའི་ལོར་སྦྱོར་དྲུག་པ་བླ་མ་ངག་དཔལ་སོགས་དང༌། ས་ཕག་ལ་བླ་མ་རིན་ཆེན་རྒྱ་མཚོ་སོགས། ལྕགས་བྱི་ལ་བླ་མ་ཐུགས་རྗེ་སོགས། ལྕགས་ གླང་ལ་ཡལ་འགོའི་བླ་མ་ཀརྨ་བསྟན་སོགས། ཆུ་སྟག་ལ་བླ་མ་དངོས་གྲུབ་རྒྱ་མཚོ་སོགས། ཆུ་ཡོས་ལ་རྟོགས་ལྡན་བླ་མ་དོན་ཡོད་སོགས་ཏེ། འདི་མན་དུ་སྦྱོར་དྲུག་ཁོག་དང༌། སྦྱོར་ དྲུག་སྒྲུབ་གྲྭ་གཉིས་ཀ་ཡོད་པས་དེ་ལུགས་ལྟར་ན། སྒྲུབ་ཁང་པའི་ཐོག་མ་བླ་མ་ངག་དཔལ་ སོགས། དེ་ནས་ཡང་ཤིང་འབྲུག་ལ་སྦྱོར་དྲུག་པ་བླ་མ་མཁྱེན་རྟོགས་སོགས། སྒྲུབ་ཁང་པ་ བླ་མ་སྨན་མཆོག་སོགས། ཤིང་སྦྲུལ་ལ་སྦྱོར་དྲུག་པ་བླ་མ་སྟོང་གསལ་སོགས། སྒྲུབ་ཁང་པ་ བླ་མ་གྲོལ་མཆོག་སོགས། མེ་རྟ་ལ་སྦྱོར་དྲུག་པ་བླ་མ་གསང་མཐའ་སོགས། སྒྲུབ་ཁང་པ་བླ་ མ་སྙན་གྲགས་སོགས། མེ་ལུག་ལ་སྦྱོར་དྲུག་པ་བླ་མ་དབྱངས་སྙན་སོགས། སྒྲུབ་ཁང་པ་བླ་ མ་གྲགས་པ་སོགས། ས་སྤྲེལ་ལ་སྦྱོར་དྲུག་པ་བླ་མ་ལེགས་གྲུབ་སོགས། སྒྲུབ་ཁང་པ་རྡོ་རྗེ་ དཔལ། ས་བྱ་ལ་སྦྱོར་དྲུག་པ་བླ་མ་རིན་ཆེན་དར་རྒྱས་སོགས། སྒྲུབ་ཁང་པ་བླ་མ་རིག་ཀུན། ལྕགས་ཁྱི་ལ་སྦྱོར་དྲུག་པ་བླ་མ་ནམ་མཁའི་སྙིང་པོ་སོགས། སྒྲུབ་ཁང་པ་བློས་རབ་སོགས་ ཏེ། ཁོང་ཉིད་ཀྱི་ཐུགས་སློབ་དེ་དག་གི་གཙོས་འདུས་པ་མང་པོ་ལ་བར་བར་རྣམས་སུ་ཟབ་ ཆོས་ཀྱི་རིམ་པ་རྡོ་རྗེ་ཕྲེང་བ། སྒྲུབ་ཐབས་རིན་འབྱུང༌། སྦྱོང་རྒྱུད་བཅུ་གཉིས་སོགས་ཆོས་ཀྱི་ སྒོ་ཅི་རིགས་པ་ལེགས་གནང་གིས་མཛད་པ་འཕྲིན་ལས་རྒྱ་ཆེ་བའོ། །ས་དམར་དགོན་གྱི་རྡོ་ རྗེ་སློབ་དཔོན་གཉིས་པ་ཀུན་དགའ་སྙན་གྲགས་རྒྱ་མཚོ། རྡོ་རྗེ་སློབ་དཔོན་གསུམ་པ་ངག་ 5-1-200 དབང་དཔལ་བཟང་པོ་སྟེ། བླ་མ་དམ་པ་རྣམ་བཞིའི་གདན་ས་ས་དམར་དཔལ་རྩེ་དགོན་ དུ་རྟེན་བཞེངས་ཟླ་བྲལ་བྱས་པའོ། །དེ་ནས་ཕྱི་ལོ་༡༩༨༡རབ་བྱུང་བཅུ་དྲུག་པ་སྟོད་འགྲེལ་ གྱི་ལུགས་ལ་བློ་ངན་ཞེས་པ་དང་སྤོར་ཐང་གི་ལུགས་ལ་ལྕགས་མོ་བྱ་ཡི་ལོ་ནས་ཀྲུང་གོའི་ ཆོས་ལུགས་ཀྱི་སྲིད་ཇུས་ལྷོད་ཡངས་སུ་བྱས་སྐབས་དམ་པ་ཁོང་གིས་འཛམ་ཐང་གཙང་ཆེན་ དགོན་བཞེངས་པའི་ཆ་རྐྱེན་དུ་སྒོར་ཁྲི་ཕྲག་མང་པོས་གནང་སྦྱིན་དང༌། ཟབ་གོས་སྣ་ཚོགས་ ཀྱིས་མཆོད་རྫས་གྱ་ནོམ་པས་འདུ་ཁང་མཛེས་པར་བྱས། གཙང་ཆེན་གཟིམས་ཁང་ཕོ་བྲང་ གི་མགོན་ཁང་བཞེངས་པའི་ནང་དུ་ཟངས་གསེར་ལས་ཆོས་སྐྱོང་གུར་གྱི་མགོན་པོ། རྣམ་ སྲས་ཞལ་བཞི་པའི་སྐུ་བརྙན་ཐོག་ཚད་མ་བཞེངས་པ་སོགས་བྱས་རྗེས་རླབས་ཆེན་མཛད། གྱང་སྒང་དགོན་སོགས་དགོན་ཁག་བཅུ་གསུམ་ལ་ཞིག་གསོ་དང་རྟེན་བཞེངས་སོགས་བྱས་ རྗེས་རླབས་ཆེན་བཞགསླར་ཡང་ས་དམར་དཔལ་རྩེ་དགོན་དུ་རང་ལ་བཀའ་དྲིན་ཟླ་བྲལ་གྱི་ སྒོ་ནས་ཟབ་ཆོས་དུ་མ་གནང་བའི་དཔལ་ལྡན་བླ་མ་ངག་དབང་དཔལ་བཟང་པོའི་བཀའ་དྲིན་ གསོ་ཕྱིར་གསེར་དངུལ་དང་གཡུ་བྱུར་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་རྒྱལ་བའི་ཐུགས་ རྟེན་ཐོག་ཚད་མ་དང༌། ཐུབ་པའི་སྐུ་བརྙན་བླུག་མ་ཐོག་ཚད་མ་དང༌། སྡེ་དགེའི་རྒྱལ་བའི་ བསྟན་བཅོས་སོགས་དང་ས་དམར་འདུ་ཁང་གི་ཆ་རྐྱེན་སྒོར་སོགས་གནང༌། ས་རྡོའི་སྒྲོལ་མ། རྣམ་རྒྱལ་མའི་མཆོད་རྟེན་སོགས་བཞེངས་ཟིན་པ་ན། ཕྱི་ལོ་༡༩༩༠རབ་བྱུང་བཅུ་བདུན་པ་ རབ་མྱོས་ཞེས་པ་ལྕགས་ཕོ་རྟ་ཡི་ལོའི་ཟླ་བ་དང་པོའི་ནང་དུ་གཙང་པ་སྐུ་འབྲིང་གིས་དབུར་ བཞུགས་མཛད་པའི་རྒྱལ་བའི་ཐུགས་རྟེན་ཆེན་མོའི་ས་འདུལ་དུ་ཇོ་ལུགས་ཕུར་བ་སྟོད་ ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་ཚོགས་ཀྱི་སྒོ་ནས་ས་ འདུལ་ཚད་ལྡན་མཛད་སྐབས་སུ། གནམ་འཁོར་ལོ་རྩིབས་བརྒྱད་ལ་ཤར་ཉི་ཟླའི་གསེར་ འོད་ལམ་ལམ་འཕྲོ་བས་གླིང་བཞིའི་མུན་པ་བསལ་བ་ལྟ་བུའི་གདུལ་བྱར་གྱུར་བའི་འགྲོ་བ་ 5-1-201 མ་ལུས་པའི་རྒྱུད་ཀྱི་ཉོན་མོངས་པའི་མུན་ནག་བསལ་བ་དང་བར་སྣང་ལ་གཟའ་སྐར་དར། མཁའ་ལ་འཇའ་ཚོན་སྣ་ལྔའི་གུར་ཕུབ་པ་ལྟ་བུའི་རྟགས་མཚན་གསལ་བའི་དུས་ཚོད་བཟང༌། ས་པདྨ་འདབ་བརྒྱད་ལ་འགྲོ་ཀུན་འཚོ་བྱེད་ཀྱི་འབྲུ་དྲུག་དང་རྩྭ་ཆུ་སྨན་སྣ་ལྗོན་ཤིང་སོགས་ རྒྱས། ཉི་མ་ལྷོ་བགྲོད་ཀྱི་དུས་ལྔ་པ་སྣྲོན་ཟླ་བའི་ཚེས་ཉེར་བརྒྱད་ཆུ་གཉིས་འཕྲད་པ་བདུད་རྩི་ སྦྱོར་བའི་ཉིན་སྐུ་བཞི་ཡེ་ཤེས་ལྔ་ཡི་ཁྱབ་བདགརིགས་བདག་རྡོ་རྗེ་འཆང་གི་ངོ་བོ། སྐྱེ་དགུའི་ འདྲེན་པ་མཚུངས་ཟླ་དང་བྲལ་བའི་སྐྱབས་མགོན་དཔལ་ལྡན་བླ་མ་དམ་པ་བཟང་དགའ་ ཁོང་དང༌། མང་དགེ་བཞིན་དཔལ། གཉེར་བ་སྟག་ལོའམ་ངག་དབང་ཡེ་ཤེས་རྣམས་ཀྱིས་ ལས་མི་ཁྲོ་ཆུའི་སྟག་ལྷ་སོགས་ལ་རྒྱལ་བའི་ཐུགས་རྟེན་ཆེན་མོ་བཞེངས་པའི་ལས་བརྩམ་ པའི་ཐག་བཅད། དེ་ནས་མཆོད་རྟེན་ས་འཛིན་ཕྱོགས་གཅིག་ལ་འདོམ་བཅུ་བདུན། མཐའ་ སྐོར་དུ་གཞུ་འདོམ་དྲུག་ཅུ་རེ་བརྒྱད། དཔངས་ལ་འདོམ་སུམ་ཅུ་ཅན་གྱི་མགོ་འཛིན་སྐབས་ ཐིག་རྩ་བ་རྡོ་ཆུའི་རྒྱུད་དུ་བཞུགས་པའི་སྲས་མཁར་བཞེངས་མཁན། རྗེ་མི་ལའི་རྣམ་འཕྲུལ་ བླ་མ་འཇིགས་གསལ་མངག་སོང་ཡང་བླ་མའི་ཞལ་ནས་ཁོང་གིས་སྔར་གསེར་སྒོ་རྒན་ཐང་ གི་མཆོད་རྟེན་གྱི་ཐིག་གདབ་པ་དང༌། གཞན་ཡང་མཆོད་རྟེན་དུ་མའི་ཐིག་གདབ་པའི་མ་ཕྱི་ འདི་རེ་ཞིག་གི་བར་བོར་སོང་ཡང་ཉིན་ཅིག་རྙེད་སྐབས་ད་འདི་མཁོ་མི་ཡོད་ཚེ་དེ་ལ་ཕྱི་ནང་ གི་བར་ཆད་མཐའ་དག་དང་བྲལ་བའི་ངང་བདེ་ལེགས་སུ་འགྲུབ་པའི་ལུང་བསྟན་དང་བཅས་ མ་ཕྱི་གནང་བ་འདིའི་གཞི་བྱས་ནས་གསེར་བ་ངག་དབང་གྲགས་པ་འོང་ནས་ཐིག་གདབ་པ་ དང༌། རྗེས་སུ་མགོ་ལོག་བསོ་བཟང་གིས་ཐིག་དང་རྩིག་དཔོན་སོགས་ཀྱི་ཁུར་བླངས། རྩིག་ བཟོ་བ་ཁྲོ་ཆུའི་རྡོ་རྗེ་སོགས་དང་གཞན་ལས་མི་དུ་མ་དང༌། རྡོ་བཟོ། ཤིང་བཟོ། ལྕགས་བཟོ་ སོགས་ལས་མི་དུ་མ་བསྡུས། ཕྱོགས་ཕྱོགས་ནས་འབྲེལ་ཚད་དོན་ལྡན་བྱེད་པའི་ལས་མི་སྣ་ ཚོགས་མ་བསྐུལ་དང་བླང་ངང་ནས་འགྲོ་འོང་རྒྱུན་མ་ཆད་པ་བྱུང༌། 5-1-202 ཕྱི་ལོ་༡༩༩༢རབ་བྱུང་བཅུ་བདུན་པའི་ནང་ཚན་ཨང་གི་ར་ཞེས་པ་ཆུ་ཕོ་སྤྲེལ་ལོའི་ཟླ་བ་ བཅུ་པའི་ཚེས་གཅིག་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན། གནོད་སྦྱིན་བང་མཛོད་བཞག་ རིམ་ཡང༌། ཞབས་བཀག་འཁོར་ལོ་བརྒྱ་དང་བཅུ་གསུམ། ཇ་ཞོས་བོ་ལྔ། གྲོ་ནས། འབྲས། སྲན་མ། སོ་བ་ཏིལ་སོགས་འབྲུ་རིགས་རྒྱ་མ་སུམ་སྟོང༌། ཟངས་ང་བཅུའི་ནང་དུ་མར་ཁུ་དང༌། རིན་པོ་ཆེ་དུ་མས་བཀང་བ། དེའི་སྟེང་གནོད་སྦྱིན་ཕོ་མོའི་འཁོར་ལོ་སུམ་བརྒྱ་རྫས་ན་བཟའ་ དང་བཅས་པ། དེའི་མདུན་དུ་ཚོགས་བདག་འཁོར་ལོ་སུམ་བརྒྱ་དང༌། ཀླུའི་བུམ་གཏེར་ཚད་ ལྡན་དུ་མ་དང་བཅས། བླ་མ་འཛམ་ངོས་ངག་དབང་གིས་གསུངས་པའི་རྣམ་སྲས་གཡང་ སྒྲུབ་ཀྱི་སྒོ་ནས། བླ་མ་རིན་ཆེན་བརྩོན་འགྲུས་དང༌། བླ་གྲྭ་ཉི་ཤུ་ཙམ་གྱིས་ཉིན་གསུམ་བར་ བསྒྲུབས། ཨ་པང་གཏེར་སྟོན་གྱིས་གཏེར་ཁ་ལས་སྒྲོལ་མའི་གཡང་སྒྲུབ་སྟེང་ནས། བླ་མ་ ངག་དབང་དེ་ཉིད་དཔལ་བཟང་པོ་སོགས་ཀྱིས་བསྒྲུབས། འཛམ་ཐང་གཙང་ཆེན་དགོན་གྱི་ རྡོ་རྗེ་སློབ་དཔོན་ངག་དབང་བློ་གྲོས་གྲགས་པས་གསུངས་པའི་སྒྲོལ་མའི་གཡང་སྒྲུབ་ཀྱི་སྒོ་ ནས་བླ་མ་བཟང་དགའ། བླ་མ་རིག་དགའ་སོགས་བླ་གྲྭ་མང་པོས་ཉིན་གསུམ་བར་བསྒྲུབས། བླ་མ་ཆོས་མཛད་སོགས་ཀྱིས་ས་བདག་སྙིང་གཏེར་ཞག་གསུམ་བར་བསྒྲུབས། བུམ་གཏེར་ ཆེ་ཆུང༌། གཡང་སྒམ་སྣ་ཚོགས་སུམ་བརྒྱ་ལྷགའབྲུ་རིགས་རྒྱ་མ་ཆིག་ཁྲི་ཙམ་བཞགསྣམ་སྦྱར་ ཆ་གཉིས། བླ་གོས། མཁན་ཞྭ། མཐང་གོས། མཐང་ཤམ། སིལ་སྙན་ཆ་གཉིས། རྐང་གླིང་ཆ་ མ། ཏིང་ཤགས། གུ་ཙེ། ཐེབ་ལྔ་ཚན། བདུན་ཚན། དུང་དཀར་ཆ་སོགས་སེར་ཆས་ཆ་ཚང༌། གྲི་བོས་ཉི་ཤུ། ཞྭ་གོས་ལྷམ་སྐ་རགས་སོགས་སྐྱ་ཆས་ཆ་ཚང༌། ལྭ། གའུ། རྣ་ལུང་ཆ་གསུམ། སོར་གདུབ། ལག་གདུབ། ཆབ་མ། གློ་ཟུང་ཆ་གསུམ། གཡུ་བྱུ་རུ་རིན་པོ་ཆེ་སྣ་ཚོགས་ཀྱི་ མགུལ་རྒྱན་སོགས་བུད་མེད་ཀྱི་ཆས་ཆ་ཚང༌། བར་བར་དུ་དངུལ་སྒོར། བྱ་རྒྱུད་ཉེར་ལྔ། རིན་ ཆེན་ཕྱེ་མ། ས་སྣ། ཆུ་སྣ། བཟང་དྲུགཤིང་རྩི་སྣ་ཚོགས་ཀྱིས་བར་མཚམས་མེད་པར་བཀང་ 5-1-203 བའོ། །མདའ་ལ་གོས་རིན་ཐང་ཆེ་བ་མདོག་སྣ་བཅུ་གསུམ་གྱི་བརྒྱན་པ། གཡང་རྫས་ཁྱད་ འཕགས་དུ་མ། རིགས་གསུམ་མགོན་པོའི་སྙིང་པོ་ནམ་མཁའ་མཛོད་ཀྱི་སྔགས་གྲངས་དུ་ མའོ། །སཱཙྪ་མཆོད་བརྒྱད་མ་བྱེ་བ་བར་བར་དུ་བཞག་གོ། །ཕྱི་ལོ་༡༩༩༣དཔལ་གདོང་ཞེས་པ་ ཆུ་མོ་བྱ་ཡི་ལོའི་གྲོ་བཞིན་ཟླ་བའི་ཚེས་གཟའ་སྐར་ས་གཉིས་འཕྲད་པ་དངོས་གྲུབ་སྦྱོར་བའི་ ཉིན་དྲི་མེད་རྣམ་གཉིས་ཀྱི་ཆོ་གའི་སྒོ་ནས་བླ་མ་རིན་ཆེན་བརྩོན་འགྲུས་དང༌། དགེ་སློང་ཉི་ ཤུ་ལྷག་གིས་ཞག་བདུན་བར་དུ་བསྒྲུབས་པ་དང༌། གཟུངས་གཞུག་དང༌། དྲི་མེད་རྣམ་གཉིས་ ཀྱི་དཀྱིལ་འཁོར་ཟུང་སོགས་མཆོད་རྟེན་ཆེན་མོའི་ནང་དུ་སྤྱན་དྲངས་ནས་ཚེས་གསུམ་ཉིན་ དཀྱིལ་འཁོར་རྣམ་གཉིས་ཀྱི་དབུས་སུ་སྲོག་ཤིང་འཛུགས་སྐབས་སུ་ཕྱོགས་ཕྱོགས་ནས་ངོ་ མཚར་འཇའ་ཚོན་ཁ་དོག་སྣ་ཚོགས་ཤར་བ་དང༌། ཕྱི་ནང་གསང་བའི་དགེ་མཚན་དུ་མ་བྱུང༌། སྲོག་ཤིང་ལ་དབུ་གཟུངས། མགྲིན་གཟུངས། བླ་རྒྱུད་མཚན་སྔགས། གྲུབ་ཆེན་བརྒྱད་ཅུའི་ མཚན་སྔགས། སྟོད་གཟུངས། བླ་མེད་སྐོར། རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད། འདོད་ གསོལ། གསོ་སྦྱོང༌། མདོ་གཟུངས། ཆོས་སྐྱོང༌། ནོར་ལྷ། དཔལ་མགོན། བཀྲ་ཤིས། སྨོན་ ལམ་དང་བཅས་ཚར་བདུན་བདུན་རེ་དང༌། གཟུངས་ཆེན་སྡེ་ལྔ་དུང་ཕྱུར་དུ་ལོངས་བ་ཙམ་ ཡོད་པ་དེ་རྣམས་ཚུལ་བཞིན་དུ་བཞུགས་སུ་གསོལ་བར་མཛད། ལོ་དེའི་ཟླ་བ་བདུན་པའི་ ནང་ཕྱིའི་བཀོད་པ་དང༌། ནང་གཟུངས་གཞུག་སོགས་མཐའ་དག་ལེགས་པར་འགྲུབ་པ་དང༌། ཤིང་ལས་བཟོས་པའི་ཉི་ཟླ་འཛུགས་སྐབས་ཕྱོགས་ཕྱོགས་ནས་འཇའ་ཚོན་ཁ་དོག་སྣ་ཚོགས་ པའི་སྣེ་རྣམས་མཆོད་རྟེན་དུ་ཟུག་པ་དང༌། བར་བར་འཇའ་ཚོན་དུ་མའི་དྲ་བས་སྦྲེལ་བ་ སོགས་ངོ་མཚར་བའི་རྟགས་དུ་མ་དང་བཅས་ལེགས་པར་གྲུབ་བོ། །ལོ་བཞིའི་རིང་དུ་ལས་ བཟོ་བའི་མི་རྣམས་ལ་ཕྱི་ནང་གི་བར་ཆད་མཐའ་དག་བྲལ་བའི་ངང་བདེ་ལེགས་སུ་གྲུབ་པ་ ལགས། ཐུགས་རྟེན་འདིར་སྔ་གཞུག་ཀུན་ཏུ་མཐུན་རྐྱེན་རོགས་རམ་བྱེད་པ་གཙོ་བོ། རྨེ་བ་ 5-1-204 རོང་ཐ་དགོན་གྱི་མཆོག་སྤྲུལ་དྲི་མེད་འོད་ཟེར་དང་སྤྲུལ་སྐུ་ཀུན་དགའ་དབང་ཆེན། བླ་མ་ རིག་དགའ། བླ་མ་ཆོས་མཛད། བླ་མ་དཔལ་ལྡན། བླ་མ་བསོད་ནམས་རྡོ་རྗེ། བླ་མ་སངས་ རྒྱས་འོད་ཟེར་སོགས་དང༌། གྱང་ནག་ངག་བཟང་གིས་ཐོག་བར་ཐ་གསུམ་དུ་རྒྱུ་རྫས་ཡོན་ སྦྱར་དང་རླངས་འཁོར་ཆེ་ཆུང་གཉིས་ཀྱིས་ཤིང་གང་དགོས་དང་རྒྱ་ཡུལ་ཟི་ཁྲོན་སོགས་ནས་ བཅའ་ལག་གང་དགོས་ཐམས་ཅད་སྐྱེལ་འདྲེན་དང་བཅས་མཐུན་རྐྱེན་འགན་ཁུར་ཚད་ལས་ འདས་པའི་སྒོ་ནས་ཞབས་འདེགས་གང་དགོས་བསྒྲུབས། སོག་རིའི་མཆོག་གསལ་དང༌། གཞན་ཡང་སྦྱིན་བདག་གཙོ་བོ་མགོ་ལོག་ཁང་སར་རྒན། རྨེ་བ། མགོ་ལོག་གོང་མ་ཚང༌། རྡོ་ འཛི་སྨར་གསུམ་སོགས་ཀྱི་བསྟན་པའི་སྦྱིན་བདག་རྣམས་ཀྱིས་བསོད་ནམས་ཆེ་ཆུང་གི་སྒོས་ ཡོན་སྦྱར་དེ་ལུགས་བཞིན་བྱས། །གསུམ་པ་བཞེངས་ཟིན་པའི་རྟེན་གྱི་ཕྱི་ནང་གི་སྐུ་གསུང་ ཐུགས་རྟེན་སོ་སོར་བཞུགས་ཚུལ་ནི། མཆོད་རྟེན་སེང་ཁྲིའི་ཤར་སྒོ་དབུས་མའི་ཁང་པའི་ ནང་དུ། གྱང་རིས་ལ་ཇོ་ལུགས་ཕུར་བའི་བླ་བརྒྱུད་དང་གཙོ་སྐུ་ཕུར་བ། ཕུར་བའི་ལྷ་གྲངས་ ཚང་མ། རྒྱལ་ཆེན་བཞི། འཇིམ་པས་བཟོས་པའི་ཟངས་གྲི་ཅན། སྨེ་བརྩེགས། ཕྱག་དྲུག་ པ། ཁྱུང་དང་བཅས་པ། ཁང་པ་ནང་མའི་གྱང་ལྷ། ཕུར་པ་སྟོང་སྐུ། འཇིམ་སྐུ་ཕུར་བ། སེང་ ཁྲིའི་ཤར་སྒོ་གཡས་མའི་ཁང་མིག་གྱང་ལྷ། གཙོ་སྐུ་མི་འཁྲུགས་པ། སྨན་བླ། ཐུགས་རྗེ་ཆེན་ པོ་ཕྱག་སྟོང་སྤྱན་སྟོང༌། ལྷ་མོ་ཀུ་རུ་ཀུ་ལེ། སྨན་བླ་མི་འཁྲུགས་པའི་སྐུ་མང་པོ། ཡུལ་གྱི་ལྷ་ གཉན་སེ་ཉག་དང་བཅས་པ། འཇིམ་སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཉིས། པདྨ་ འབྱུང་གནས། སེང་ཁྲིའི་ཤར་སྒོ་གཡོན་པའི་ཁག་མིང་ནང་གི་གྱང་ལྷ་གཙོ་སྐུ། ཚེ་དཔག་མེད་ རྣམ་རྒྱལ་མ། སྒྲོལ་དཀར་སྒྲོལ་ལྗང་དང་ཚེ་དཔག་མེད་ཀྱི་སྐུ་གྲངས་མང༌། ཚེ་རིང་མཆེད་ལྔ་ གཉན་པོ་གཡུ་རྩེ་སོགས་སོ། ། འཇིམ་སྐུ་ཚེ་ལྷ་རྣམ་གསུམ་གྱི་འདྲ་སྐུ། སེང་ཁྲིའི་ལྷོ་ཕྱོགས་ཀྱི་སྒོ་དབུས་མའི་ཁང་མིག་ 5-1-205 ནང་དུ་གྱང་ལྷ་ཨོ་རྒྱན་རིན་པོ་ཆེ་གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། ཡི་དམ་གུ་རུ་དྲག་ པོ། མཁའ་འགྲོ་སེང་གདོང་མ། རྒྱན་དྲུག་མཆོག་གཉིས། པདྨ་འབྱུང་གནས་མང་པོ། རྒྱལ་ ཆེན་སྡེ་བཞིའི་འདྲ་སྐུ། འཇིམ་སྐུ། གུ་རུ་དྲག་པོ། རྡོ་རྗེ་གྲོ་ལོད། སེང་གདོང་མ། དྲཀྴད་དང་ བཅས། ཁང་པ་ནང་མའི་གྱང་ལྷའི་གཙོ་བོ་གུར་མགོན། ཞལ་བཞི་པ། མདུང་དམར་ཅན་ སོགས་གཏོར་ཆོག་ལྟར་གྱི་ལྷ་གྲངས། མགོན་པོ་གུར་གྲངས་མང༌། འཇིམ་སྐུ་གུར་མགོན་ སོགས་ཀྱི་འདྲ་སྐུ། སེང་ཁྲིའི་ལྷོ་སྒོ་གཡས་པའི་ཁང་མིག་ནང་གི་གྱང་ལྷ། གཙོ་སྐུ་རྟ་མགྲིན། ཕྱག་རྡོར་ཁྱུང་ཁྲ། ཐང་སྟོང་རྒྱལ་པོ། རྨ་ཆེན། རྟ་མགྲིན་གྱི་སྐུ་གྲངས་མང༌། འཇིམ་སྐུ་རྟ་ མགྲིན་འབྱུང་འདུལ། ཆེ་མཆོགསེང་ཁྲིའི་ལྷོ་སྒོ་གཡོན་པའི་ཁང་མིག་ནང་གི་གྱང་ལྷ་གཙོ་སྐུ་ འོད་དཔག་མེད་ཀྱི་ཞིང་བཀོད་རྒྱས་པ། དོན་ཡོད་ཞགས་པ། མི་ལ་རས་པ། ཕྱག་རྡོར། རྣམ་ རྒྱལ་མ། རྣམ་པར་སྣང་མཛད། ཚེ་དཔག་མེད། ཆོས་རྒྱལ། སྔགས་སྲུང་མ། གཟའ་སོགས་ དང༌། འཇིམ་སྐུ་འོད་དཔག་མེད་གཙོ་འཁོར་གསུམ། སེང་ཁྲིའི་ནུབ་སྒོ་དབུས་མའི་ཁང་མིག་ ནང་གི་གྱང་ལྷ་གཙོ་སྐུ་གདུགས་དཀར། རྣམ་པར་སྣང་མཛད། གདུགས་དཀར་གྲངས་མང། རྒྱལ་ཆེན་སྡེ་བཞི། འཇིམ་སྐུ། བྱམས་ཆེན། ཁང་མིག་ནང་མའི་གྱང་ལྷ་གདུགས་དཀར་མང་ པོ་དང༌། པདྨ་འབྱུང་གནས་གཙོ་འཁོར་གསུམ་གྱི་འཇིམ་སྐུ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་ སྟོང༌། ནུབ་སྒོ་གཡས་པའི་ཁང་མིག་ནང་དུ་གྱང་ལྷ། གཙོ་བོརྣམ་སྲས་འཁོར་རྟ་བདག་བརྒྱད། ཇོ་ནང་སྔོན་འགྲོ་ལྟར་རྡོ་རྗེ་སེམས་དཔའ། རྙིང་མའི་རྡོ་རྗེ་སེམས་དཔའ། རྡོ་རྗེ་སེམས་དཔའི་ སྐུ་གྲངས་མང༌། འཇིམ་སྐུ་རྣམ་སྲས་སེར་ཆེན། ཞལ་བཞི་པ། སྔགས་སྲུང་ཨེ་ཀ་ཛ་ཊི། ནུབ་ སྒོ་གཡོན་གྱི་ཁང་མིག་ནང་དུ་གྱང་ལྷ། གཙོ་སྐུ་དུས་འཁོར་ཡོངས་རྫོགས། འབར་མ་བརྒྱད། གཡས་སུ་ཀུན་མཁྱེན་དོལ་པོ་པ་ཡབ་སྲས་བཅོ་ལྔ། གཡོན་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་སྐུ་སྐྱེས་ བཅུ་བཞི། དུས་འཁོར། ཀུན་མཁྱེན་རྗེ་བཙུན་གྱི་འདྲ་སྐུ་དུ་མ། གུར་མགོན། འཇིམ་སྐུ་བླ་མ་ 5-1-206 ངག་དཔལ་གྱི་འདྲ་སྐུ་བླ་མ་རང་གསལ་གྱི་འདྲ་སྐུ། བླ་མ་དེ་ཉིད་དཔལ་གྱི་འདྲ་སྐུ། སེང་ཁྲིའི་ བྱང་སྒོ་དབུས་མའི་ཁང་མིག་ནང་དུ་གྱང་ལྷ་གཙོ་སྐུ་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ། སྒྲོལ་ མའི་འདྲ་སྐུ། མགོན་པོ་ཕྱག་དྲུག་པ། རྒྱལ་ཆེན་སྡེ་བཞིའི་སྐུ་བརྙན། འཇིམ་སྐུ་ཇོ་ལུགས་སྔོན་ འགྲོ་ལྟར་གྱི་རྡོ་རྗེ་སེམས་དཔའ། དོན་ཡོད་ཞགས་པ། རྣམ་པར་སྣང་མཛད། རྙིང་མའི་རྡོར་ སེམས། ལྷ་ཁང་ནང་མའི་གྱང་ལྷ། སྒྲོལ་མའི་འདྲ་སྐུ་གྲངས་མང༌། འཇིམ་སྐུ་སྒྲོལ་མ། བྱང་ སྒོ་གཡས་པའི་ལྷ་ཁང་གི་གྱང་ལྷ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། འཇམ་དབྱངས། ཕྱག་ ན་རྡོ་རྗེ། རིགས་གསུམ་མགོན་པོའི་འདྲ་སྐུ་གྲངས་མང༌། དྲཀྴད། གཟའ་སོགས་ཀྱི་སྐུ་བརྙན་ དང༌། འཇིམ་སྐུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང༌། ཨུ་རྒྱན་པདྨ་འབྱུང་གནས། འཇམ་ པའི་དབྱངས། ཕྱག་ན་རྡོ་རྗེ། བྱང་སྒོ་གཡོན་མའི་ཁང་མིག་ནང་དུ་གྱང་ལྷ། གཙོ་སྐུ་སྟོན་པ། མར་མེ་མཛད། བྱམས་པ་སོགས་དུས་གསུམ་སངས་རྒྱས་དུ་མ། འཇིམ་སྐུ། དུས་གསུམ་ སངས་རྒྱས་རྣམས་སོ། །བ་གམ་ཤར་ཕྱོགས་ཀྱི་ཁང་པའི་ནང་མའི་རིམ་པར་རྙིང་མའི་རྡོ་རྗེ་ སེམས་དཔའི་གཙོ་སྐུ། རྡོ་རྗེ་སེམས་དཔའ་དུ་མ། གཡས་གཡོན་དུ་སྒྲོལ་མ། ཚེ་དཔག་མེད་ སོགས་འཇིམ་སྐུ་དུ་མ། ནང་མར་གཟའ་ཁང་ནང་དུ་གཟའ་བརྒྱད་གདོང་མོ་བཞི་སོགས་ བཞུགས། བ་གམ་ལྷོ་ཕྱོགས་རྟེན་ཁང་དུ་གྱང་རིས་གཙོ་བོ་རྣམ་རྒྱལ་མ། སྒྲོལ་དཀར། ཚེ་ དཔག་མེད། སྒྲོལ་ལྗང༌། སྒྲོལ་དཀར་དུ་མ་དང༌། གཡས་གཡོན་གྱི་དྲ་མིག་ཏུ་སྒྲོལ་མ། པདྨ་ འབྱུང་གནས། སྟོན་པའི་སྐུ་བརྙན་དུ་མ་དང༌། ཁང་པ་ནང་མའི་ནང་དུ་སྐུ་འདྲ་འཇིམ་བཟོས་ ཁང་དམར་དབོན་པོ་འཇིགས་མེད་རྒྱ་མཚོའི་སྐུ་འདྲ། འཇིམ་སྐུ་དུ་མ་དང༌། ནུབ་ཕྱོགས་བ་ གམ་རྟེན་ཁང་ནང་གྱང་ལྷ། གཙོ་སྐུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྣམ་པར་སྣང་མཛད། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། རྣམ་པར་སྣང་མཛད་གྲངས་མང་དང༌། གཡས་གཡོན་གྱི་དྲ་ མིག་ནང་སྟོན་པའི་འདྲ་སྐུ་དུ་མ་དང༌། ཁང་མིག་ནང་མའི་ནང་དཔལ་ལྡན་སྔགས་སྲུང་མའི་ 5-1-207 རྟེན་ཁང་གཙོ་འཁོར་དང་བཅས་པའི་གྱང་རིས་སོགས་སོ། ། བྱང་ཕྱོགས་བ་གམ་དུ་གཙོ་སྐུ་ཇོ་ལུགས་སྔོན་འགྲོའི་རྡོ་རྗེ་སེམས་དཔའ་དང༌། དེ་འདྲའི་ རྡོར་སེམས་དུ་མ་དང༌། གཡས་གཡོན་གྱི་དྲ་མིག་ཏུ། སྟོན་པ་སྟོང་སྐུ། ཁང་མིག་ནང་མའི་ ནང་དུ། ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་འཇིམ་སྐུ་དུ་མ་དང༌། ཚད་མེད་ཀྱི་ཤར་སྒོའི་ནང་དུ་ གྱང་ལྷ་གཙོ་བོ་སངས་རྒྱས་གཙོ་འཁོར། སྒྲོལ་མ། གདུགས་དཀར། གུར་མགོན། ཚེ་དཔག་ མེད། སྒྲོལ་མ། འཇམ་དབྱངས། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། གཡས་གཡོན་གྱི་ཆོས་ཁྲིའི་ ནང་དུ་གངས་ཅན་མཁས་པའི་བཀའ་འབུམ་དུ་མ་དང༌། འདིའི་ཁང་པ་ནང་མའི་ནང་དུ་སྟོན་ པ་གཙོ་འཁོར་དང༌། གནས་བརྟན་བཅུ་དྲུག་གིས་བསྐོར་བའི་འཇིམ་སྐུ། ཚད་མེད་ལྷོ་མའི་ ནང་གྱང་ལྷ་གཙོ་སྐུ་རྗེ་བླ་མ་བློ་བཟང་གྲགས་པ། གཡས་གཡོན་དུ་རྒྱལ་ཚབ་མཁས་གྲུབ་ རྣམ་གཉིས། རྣམ་རྒྱལ་མ། རྣམ་པར་སྣང་མཛད། ཛམ་དཀར་འབྲུག་ཞོན། སྒྲོལ་མ་གྲངས་ མང༌། དྲ་མིག་གཡས་པར་སྟོན་པ་གཙོ་འཁོར། རྗེ་བཙུན་ཏཱ་ར་ནཱ་ཐ། ཚེ་དཔག་མེད། སྟོན་པ་ སོགས་འཇིམ་སྐུ་དུ་མ། གཡོན་གྱི་དྲ་མིག་ཏུ་ཨུ་རྒྱན་པད་འབྱུང་གཙོ་འཁོར། ཚེ་དཔག་མེད་ འཇིམ་བཟོས་དུ་མ་དང༌། འདིའི་ནང་མའི་ལྷ་ཁང་དུ་སྨན་བླ་སོགས་དང༌། ཚད་མེད་ནུབ་མའི་ ནང་གྱང་ལྷའི་གཙོ་བོ་སྨན་བླ། ཀླུ་དབང་རྒྱལ་པོ། སེང་གེ་སྒྲ། རྣམ་སྲས། འོད་དཔག་མེད་ དུ་མ། གཡས་གཡོན་གྱི་ཆོས་ཁྲིར་རྒྱལ་བའི་བཀའ་ཆོས་དུ་མ། བསྟན་འཛིན་སྐྱེས་ཆེན་གྱིས་ གསུངས་པའི་བསྟན་བཅོས་གྲངས་མང༌། འདིའི་ལྷ་ཁང་ནང་མར་འཇིམ་སྐུ་ཐང་སྟོང་རྒྱལ་པོ་ དང་པཎ་ཆེན་རིན་པོ་ཆེའི་འདྲ་སྐུ་བླུགས་མ། ཚད་མེད་བྱང་ཕྱོགས་ཀྱི་སྒོའི་ནང་གི་གྱང་ལྷའི་ གཙོ་སྐུ་འོད་དཔག་མེད་གཙོ་འཁོར། རྣམ་རྒྱལ་མ། ཚེ་དཔག་མེད། ཞལ་བཞི་པ། འོད་དཔག་ མེད་དུ་མ་གཡས་གཡོན་གྱི་ཆོས་ཁྲིའི་ནང་བཀའ་བསྟན་དུ་མ་དང༌། ཁང་མིག་ནང་མའི་ནང་ དུ་མི་འཁྲུགས་པ་སོགས་ཀྱི་འབག་སྐུ་གྲངས་མང་བཞུགས། ཚད་མེད་སྟེང་མའི་ཕྱོགས་བཞི་ 5-1-208 རུ། གྱང་ལྷ་དམ་པ་དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང༌། ལོངས་སྐུ་དུས་ཀྱི་འཁོར་ ལོ། ཆོས་རྒྱལ་རིགས་ལྡན་སོ་ལྔ། གྲུབ་ཆེན་དུས་ཞབས་ཆེ་ཆུང་ནས་བཟུང་སྦྱོར་དྲུག་བརྒྱུད་ པའི་འདྲ་སྐུ་སོགས་དང༌། རྒྱལ་བ་ཇོ་ནང་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱི་སྐུ་བརྙན་དུ་མ་ཡོད། ཕྱོགས་བཞིའི་གཙོ་སྐུ་ཀུན་མཁྱེན། ཏཱ་ར་ནཱ་ཐ། ཨུ་རྒྱན་རིན་པོ་ཆེའི་འཇིམ་སྐུ་དུ་མ་དང༌། ཤར་སྒོ་ནང་མའི་ནང་དུ་གྱང་ལྷ་གདུགས་དཀར་གྱི་སྐུ་འདྲ་གྲངས་མང་དང༌། སྙིགས་དུས་བསྟན་པའི་སྒྲོན་མེ་སྐྱབས་རྗེ་བླ་མ་ངག་དབང་བློ་གྲོས་གྲགས་པའི་འཇིམ་ སྐུ་དང་ཀུན་མཁྱེན་རིན་པོ་ཆེ་དང་རྗེ་བཙུན་གྱི་སྐུ་འབག་དུ་མ་བཞུགས། ལྷོ་སྒོ་ནང་མའི་ནང་ དུ་ངོ་རིས་སྟོན་པའི་མཛད་བརྒྱ་ལྡེར་བཟོ་ལ་སྙིགས་མའི་སྐྱབས་མགོན་ཁྲ་བླ་མ་རིག་འཛིན་ རྡོ་རྗེ་དང་པདྨ་འབྱུང་གནས་ཀྱི་འདྲ་སྐུ་མང་པོ། ནུབ་སྒོ་ནང་མའི་ནང་དུ་གྱང་བྲིས་མཛད་བརྒྱ། འཛམ་ཐང་སྦྱང་བ་བླ་མ་ཀུན་དགའ་ངེས་དོན་རྒྱ་མཚོ། གསའ་སྐོར་བླ་མ་ཐོགས་མེད་སོགས་ ཀྱི་འཇིམ་སྐུ་དང༌། བྱང་སྒོའི་ནང་དུ་གྱང་བྲིས་གདུགས་དཀར་དང༌། འཇིམ་སྐུ་གདུགས་ དཀར། ཀུན་མཁྱེན་དོལ་བོ་པ། ཀུན་དགའ་ངག་དཔལ་རྒྱ་མཚོའི་སྐུ་བརྙན་བཞུགས་སོ། །བུམ་པའི་ཤར་སྒོའི་ནང་གི་གྱང་ལྷའི་གཙོ་བོ་རྡོ་རྗེ་འཆང་ངག་དཔལ་རྒྱ་མཚོའི་འདྲ་སྐུ། ཀུན་ མཁྱེན་ཡབ་སྲས་བཅོ་ལྔ། རྗེ་བཙུན་སྐུ་སྐྱེས་བཅུ་བཞི། སྟོན་པ། སྒྲོལ་མ་སོགས་གཙོ་སྐུ་ལྔ་ དང༌། དུས་འཁོར། རྟ་མགྲིན། ལྟུང་བཤགས་ཀྱི་འདྲ་སྐུ་སོ་ལྔ། སྒྲོལ་མ། གདུགས་དཀར། ཐུགས་རྗེ་ཆེན་པོ། རྣམ་པར་སྣང་མཛད། རྣམ་རྒྱལ་མ། གུར་ཞལ་ལྷ་གསུམ་གཟའ་སོགས་ འདྲ་སྐུ་དུ་མ་དང༌། འཇིམ་སྐུ་ཡི་དམ་རྡོ་རྗེ་འཇིགས་མཛད། གསང་འདུས་མ་ཧཱ་མ་ཡ། དགྱེས་ མཛད་རྡོ་རྗེ། བདེ་མཆོག་དང་བཅས་རྒྱུད་སྡེ་ལྔ། བུམ་པའི་ལྷོ་སྒོའི་ལྷ་ཁང་ནང་དུ་གྱང་བྲིས་ ཟངས་མདོག་དཔལ་རིའི་བཀོད་པ་རྒྱས་པ་དང་བཅས། ཞི་བ་བཞི་བཅུ་རྩ་གཉིས། འབར་ བ་ཁྲག་འཐུང་ལྔ་བཅུ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་དང༌། ཟངས་མདོག་དཔལ་རི་རྒྱས་ 5-1-209 པའི་བཀོད་པ་རྒྱུད་ནས་གསུངས་པ་བཞིན་རྟེན་བརྟེན་པ་ཡོངས་རྫོགས་ཚད་ལྡན་དུ་བཞེངས། བུམ་པའི་བྱང་སྒོའི་ལྷ་ཁང་གི་གྱང་ལྷ་རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཀྱིས་བསྐོར་བ། བླ་མ་ ལུང་རྟོགས། སྙན་གྲགས། ངག་དཔལ། རང་གསལ། དེ་ཉིད་དཔལ་སོགས་ཀྱི་འདྲ་སྐུ། མཁའ་ སྤྱོད་མ་སོགས་ཀྱི་གཙོ་ཐང༌། རྡོ་རྗེ་འཆང་དུ་མ་དང༌། གུར་ཞལ། རྣམ་སྲས། སྔགས་སྲུང་མ། གཟའ། སེ་ཉག་སོགས་དང༌། འཇིམ་སྐུ་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་ བཟང་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། ཀུན་དགའ་ལུང་རྟོགས་རྒྱ་མཚོ་སོགས་ཀྱི་འདྲ་སྐུ་དང༌། བུམ་ སྒོ་བྱང་མའི་ཁང་མིག་ནང་དུ་གྱང་ལྷའི་གཙོ་སྐུ་བཻ་རོའི་སྤྲུལ་པ་ཀུན་དགའ་རང་གསལ་རྒྱ་ མཚོ། འཇུ་མི་ཕམ་ཡང་སྤྲུལ་ངག་དབང་བློ་གྲོས་གྲགས་པ། ཁྲ་བླ་རིག་རྡོར། དེ་ཉིད་དཔལ། རྟ་མགྲིན་སོགས་གཙོ་སྐུ་ལྔ། དང་པོའི་སངས་རྒྱས། རྡོ་རྗེ་འཆང༌། དུས་འཁོར། རྡོར་ཤུགས། སྟོན་པ། ཆོས་རྒྱལ་ཆེན་པོ་བརྒྱད། ཡུམ་ཆེན་མོ། གདུགས་དཀར། རྡོ་རྗེ་སེམས་དཔའ། སྒྲོལ་ དཀར། ཐུགས་རྗེ་ཆེན་པོ་སོགས་དང༌། གུར་ཞལ་ལྷ་གསུམ། དྲཀྴད། སྔགས་སྲུང་མ། མདུང་ དམར་ཅན་སོགས་འདྲ་སྐུ་དུ་མ་དང༌། འཇིམ་སྐུ་དུས་འཁོར་ཡོངས་རྫོགས། དང་པོའི་སངས་ རྒྱས། རྡོ་རྗེ་འཆང༌། བླ་མ་སྙན་གྲགས། བླ་མ་ཐུགས་རྗེ་དཔལ་སོགས་དང༌། སྤྱན་གནས་ནང་ དུ་གྱང་ལྷ། བླ་མ་ངག་དཔལ། དང་པོའི་སངས་རྒྱས། རྡོ་རྗེ་འཆང༌། དུས་འཁོར། སྟོན་པ། ཆོས་རྒྱལ་སོ་ལྔ། སྦྱོར་དྲུག་བརྒྱུད་པའི་བླ་བརྒྱུད། གདུགས་དཀར་གཙོ་སྐུ་སོགས་གདུགས་ དཀར་དུ་མའོ། །དུས་འཁོར་བློས་བསླངས་ཆེན་མོ་ནི་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ ཐུགས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ལྷ་དྲུག་བརྒྱ་སོ་དྲུག་གི་རྟེན་དང་བརྟེན་པའི་བཀོད་པ་ཕྱི་ བཀོད་ལེགས་མཛེས་དང༌། ནང་དེའི་གར་བུའི་ནང་དུ། དུས་འཁོར་ཆོས་འབྱུང༌། དུས་འཁོར་ རྙིང་བ་གཅིགདུས་འཁོར་གསར་བ་གསུམ། ལྷ་དགུ། བདེ་མཆོགབླ་མ་རྣམ་གསུམ་གསུང་ འབུམ་གཅིག ཆོས་སྤྱོད་ཆ་ཚང༌། ཐར་མདོ་གཉིས། ཀུན་མཁྱེན་སྤྲིངས་ཡིག་ཚིག་འགྲེལ་ 5-1-210 གཅིགབཀའ་བབ་བདུན་ལྡན་བརྒྱུད་པའི་རྣམ་ཐར། སྒྲོལ་མའི་ཆོས་འབྱུང༌། རྒྱལ་སྲས་ལག་ ལེན། སྦྱོར་དྲུག་གསོལ་འདེབས། བཟང་སྤྱོད། སྡུད་པ། མཚན་བརྗོད་ལཉྫ་སུམ་ཕབ་གསུམ། སྨོན་ལམ་དགོས་པ་ཀུན་འབྱུང༌། ཞབས་བརྟན། འགྱུར་སྔགས་མང་པོ། སྐྱབས་གསུམ་རྣམ་ བཤད། བླ་མ་རྣམ་གསུམ་རྒྱང་འབོད་དང་གསོལ་འདེབས་དུ་མ། བླ་མ་ངག་དཀོན་རྣམ་ཐར། བླ་མ་བསྟན་རབ་རྣམ་ཐར། ཀུན་མཁྱེན་མཆོད་ཆོག་ཆ་ཚང༌། ཇོ་ནང་ཆོས་འབྱུང་མཆོག་ལྷ་ དང་བཅས། མདོ་སྔགས་མཆོད་པ། སྤྱོད་འཇུག་སྨོན་ལམ། ཀུན་མཁྱེན་ཚོགས་མཆོད། རབ་ གནས། གསང་འདུས། ཆོ་ག་དངོས་གྲུབ་སྙེ་མ། བདེ་མཆོག་སྒྲུབ་ཐབས། བསྟན་པ་དར་ཚུལ་ མདོ་གདུགས་སྒྲོལ་གསུམ། བར་ཆད་ལམ་སེལ། གསེར་འོད་བཤགས་པ། རྩ་ལྟུང་བཤགས་ པ། མཚན་སྤུངས། བདེ་སྨོན། བཀྲ་ཤིས་བརྩེགས་པ་སོགས་ཡིག་ཚོགས་དུ་མ་བཞུགས་ སོ། །འཇིམ་སྐུ་དེ་རྣམས་ལ་སྲོག་ཤིང་རྒྱས་པ་གནས་ཡིག་དང་བཅས། བླ་བརྒྱུད་གྲུབ་ཆེན་ བརྒྱད་ཅུའི་མཚན་སྔགས། དབུ་གཟུངས། མགྲིན་གཟུངས། སྟོད་གཟུངས། བླ་མེད་སྐོར། རྣལ་འབྱོར་རྒྱུད། སྤྱོད་རྒྱུད། བྱ་རྒྱུད། སྲོག་ཤིང༌། འདོད་གསོལ། གསོ་སྦྱོང༌། མདོ་གཟུངས། ཆོས་སྐྱོང༌། ནོར་ལྷ། དཔལ་མགོན། བཀྲ་ཤིས་སྨོན་ལམ་དང་བཅས་སྲོག་ཤིང་རྒྱས་པ་རེ་ རེ། གཟུངས་ཆེན་སྡེ་ལྔ། རྟེན་བྱིན་རླབས་ཅན་དུ་མ་དང༌། རིན་ཆེན་བྱེ་མ། བཟང་དྲུགས་སྣ་ ཆུ་སྣ། བྱ་རྒྱུད་ཉེར་ལྔ། བུམ་གཏེར། གནོད་སྦྱིན་ཕོ་མོའི་འཁོར་ལོ། ཚོགས་བདག་འཁོར་ ལོ། ཞབས་བཀག་འཁོར་ལོ་སོགས་གཟུངས་གཞུག་རྒྱས་པ་མེད་ས་གཅིག་ཀྱང་མེད། དེའི་ སྟེང་ཆོས་འཁོར་རིམ་པ་བཅུ་གསུམ་གྱི་ནང་དུ་བར་མཚམས་མེད་པར་གཟུངས་ཆེན་སྡེ་ལྔ་ དང་གདུགས་དཀར་མོ་ཅན། གསེར་སྐུ་རྟེན་འདུས་སོགས་བཞུགས། དེའི་སྟེང་དུ་རྒྱུ་ཟངས་ གསེར་གྱིས་རྒྱ་ནག་ཁྲིན་ཏུ་ནས་མགར་ཏེ། བོད་མེ་བྱི་ལོའི་ས་ག་ཟླ་བའི་ཚེས་ལྔ་རྒྱལ་ཕུར་ འཛོམས་པའི་སྔ་དྲོའི་ཆར། མཆོད་རྟེན་གྱི་དབུ་གཙུག་ཏུ་སྤྱན་དྲངས་བར་ནམ་མཁའི་ཕྱོགས་ 5-1-211 ཐམས་ཅད་ཀུན་ནས་གཡའ་དག་ཅིང་འཇའ་སྤྲིན་ཁ་དོག་སྣ་ཚོགས་ཀྱིས་སྣོལ་མར་སྦྲེལ་བར་ མཚམས་རྣམས་སུ་ལྷ་སྐུ་མང་པོ་མཆོག་འབྲིང་ཕལ་མི་ཡོངས་ལ་མཐུན་སྣང་འཆར་བར་མ་ ཟད། པར་ལེན་འཕྲུལ་ཆས་ཀྱིས་བླངས་པ་ད་ལྟའང་མཇལ་རྒྱུ་ཡོད། ནང་རྟེན་སྐྱེལ་འདྲེན་ བྱེད་མི་རྣམས་ཕན་ཚུན་འཇའ་སྤྲིན་གྱིས་སྦྲེལ་བ་སོགས་ཧ་ཅང་ཡ་མཚན་པའི་བཀྲ་ཤིས་ཀྱི་ རྟགས་མང་པོ་བྱུང་ངོ༌། །ནང་རྟེན་གཟུངས་གཞུག་གི་རིམ་པ། རྒྱལ་བ་ཇོ་ནང་པའི་བླ་རྒྱུད་ ཡོངས་ཀྱི་མཚན་སྔགས་དང༌། གྲུབ་ཆེན་བརྒྱད་ཅུའི་མཚན་སྔགས་གཟུངས་འབུལ་ལྟར་ཆ་ ཚང་དང༌། གདུགས་རིང་ཚར་ཁྲི་གཅིག་ཕྱེད། མདོ་ཁྲི་གཅིག་ཕྱེད། སྒྲོལ་མ་ཁྲི་གཅིག་ཕྱེད། གཙང་བས་གདུགས་དཀར་བྱེ་བ་མང་པོས་བསྒྲུབས་པའི་གདུགས་དཀར་དགུ་བརྩེགས་ སྲུང་འཁོར་དང༌། གླང་ཆེན་ལྟོ་འཁོར་དགུ་བརྩེགས། དཔུང་རྒྱན། བསམ་ལྷུན། དགེ་འདུན་ འདུ་འཁོར་སོགས་དགུ་བརྩེགས་མང་པོ། མཚན་བརྗོད་སུམ་ཕབ། བརྒྱད་སྟོང་སུམ་ཕབ། བརྒྱད་སྟོང་པ་སྐུ་མང༌། བསྐལ་བཟང་སྐུ་མང༌། ཐར་མདོ། བླ་མ་ལུང་རྟོགས་ཀྱི་གསུང་འབུམ་ སོགས་ཚར་གྲངས་མང་པོ་བཞུགས། པདྨ་འབྱུང་གནས་སྟོང་སྐུ་དྲུགསྒྲོལ་མ་སྟོང་སྐུ་མང་པོ། གཟུངས་ཆེན་སྡེལྔས་བར་མེད་དུ་བཀང༌། ནང་རྟེན་གཙོ་བོ་ཀུན་མཁྱེན་ཕྱོགས་ལས་རྣམ་ རྒྱལ་གྱི་སྤྲུལ་པ་བླ་མ་སྙན་གྲགས་ཀྱི་ཆོས་གོས། འདྲེན་མཆོག་འཁོར་ལོའི་མགོན་པོ་རྩ་བའི་ བླ་མ་ངག་དཔལ་གྱི་ཕྱག་ཕྲེང་གི་བརྒྱ་དཔོན་དང༌། དུས་འཁོར་ལྷ་དགུའི་ཆོ་ག་ཕྱག་བྲིས་མ། དཔྱོད་ལྡན་མཁས་པའི་དབང་པོ་མི་ ཕམ་པའི་རྣམ་འཕྲུལ་ངག་དབང་བློ་གྲོས་གྲགས་པའི་སྣམ་སྦྱར་དང༌། བཻ་རོ་ཙ་ན་བསམ་ བཞིན་དུ་གསུམ་ལྡན་དགེ་སློང་གི་རྣམ་པར་བྱོན་པ་བླ་མ་རང་གསལ་གྱི་ཆོས་གོས། སྣམ་ སྦྱར་མཁན་ཞྭ་དང་བཅས། བླ་མ་བསྟན་འཛིན་རྒྱ་མཚོའི་ཆོས་གོས། གཙང་སྐོར་གྲུབ་ཆེན་ བྱམས་པ་ཆོས་འཛིན་གྱིས་གཏེར་དུ་བླངས་པའི་དུང་དཀར་གཡས་འཁྱིལ། གང་དེའི་སྲས་ 5-1-212 མཆོག་ཨོ་རྒྱན་རིག་འཛིན་གྱི་གཟིམ་གུར། བླ་མ་ལྷུན་པོའི་ཕྱག་ཌཱར། སྐྱབས་རྗེ་བླ་མ་དེ་ཉིད་ དཔལ་རིན་པོ་ཆེའི་མགུལ་རྒྱན། སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ། སངས་རྒྱས་རབ་ བདུན་གྱི་རིང་བསྲེལ། འཕགས་པ་ཤིང་ཀུན་གྱི་རིང་བསྲེལ། ཇོ་ནང་ཀུན་མཁྱེན་རིན་པོ་ཆེའི་ ཕྱག་མཛུབ་ཀྱི་རུས་པ། ཁ་སར་པ་ཎིའི་སྐུར་གྱུར་པའི་དུམ་བུ། རྗེ་ཏཱ་ར་ནཱ་ཐའི་དབུ་ཐོད། བླ་ མ་མང་པོའི་གདུང་རུས་སྐོར། བླ་མ་སྙན་གྲགས། བླ་མ་མཚན་བཟང༌། བླ་མ་ངག་དཔལ། བསེ་ཡོན་ཏན་རྒྱ་མཚོ། སྦྱང་བ་བླ་མ་ངེས་དོན། བླ་མ་རྡོར་བཟང༌། འཛམ་ངོས་བླ་མ་ངག་ དབང༌། དབོན་པོ་འགྱུར་མེད། འབྲོག་དགེ་ཡོན་ཏན་རྒྱ་མཚོ། གྲོང་མང་རྣམ་སྣང་རྡོ་རྗེ། ཀོང་ སྤྲུལ་ཡོན་ཏན་རྒྱ་མཚོ། ཁྲ་དགེ་སློང༌། གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ། གྲུབ་ཆེན་ངག་དབང་འཕྲིན་ལས། བསྟན་འཛིན་རྣམ་རྒྱལ། འཕྲིན་ལས་རྣམ་རྒྱལ། འཇིགས་ མེད་རྣམ་རྒྱལ། དགེ་སློང་ཆོས་འཕེལ་རྒྱ་མཚོ་རྣམས་ཀྱི་དབུ་ཐོད། ལྷ་ཙེ་སྤྲུལ་སྐུ། སྐུ་ཕྱོགས་ མཁྱེན་བརྩེ། དཔལ་སྤྲུལ། ཚེས་བཅུ་རཏྣ་ཀིརྟི། ཆོས་རྗེ་དཔལ་འབྱོར་བཟང་པོ། བསེ་སྤྲུལ་ ཀུན་དགའ་ཕུན་ཚོགས། བླ་མ་བསོད་བཟང༌། བླ་མ་བྱམས་པ། གོ་རྒྱལ་སྤྲུལ་སྐུ། བླ་མ་སྨོན་ ལམ། བླ་མ་རིན་ཆེན་དར་རྒྱས། བླ་མ་ཆོས་འཕགས། ལྷ་བ་བླ་མ་དཔལ་ལྡན། ཆོས་འབྱོར་ རྒྱ་མཚོ། བླ་མ་མཁས་དབང༌། བླ་མ་ལྷུན་པོ། འཇུ་མི་ཕམ་རིན་པོ་ཆེ། ཞབས་དྲུང་རིན་པོ་ཆེ་ འཇམ་དབྱངས་མཁྱེན་བརྩེ་དབང་པོ། བླ་མ་ཆོས་འཛིན། གཙང་པ་སྐུ་འབྲིང༌། བླ་མ་དགེ་ ལེགས། བླ་མ་ཚོགས་གཉིས། བླ་མ་བསྟན་རབ། བླ་མ་ངག་མཆོགབླ་མ་ངག་གསལ། ཤུག་ ནང་བླ་མ་ཐུགས་རྗེ་དཔལ། དཔའ་བོ་ཆོས་དབྱིངས་རྡོ་རྗེ། སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ། རིག་ འཛིན་ཤེས་རབ། འཛིསྲིབ་བླ་མ་རིན་བཟང༌། རྡོ་བ་ཀུན་བཟང་གཞན་ཕན། ཨ་གཏེར་ཆོས་ དབྱིངས་རྡོ་རྗེ། ལྷ་ཙེ་སྐྱབས་མགོན་ཀརྨ་ཆོས་གྲགས། དབོན་པོ་པདྨ། བླ་མ་བསོད་ནམས། དབོན་རྒན་བསོད་ནམས་བསྟན་འཛིན། བླ་མ་དཀོན་འཕེལ། ཆོས་རྗེ་སྐུ་ཆེན། ཁོང་ནག་བླ་ 5-1-213 མ་སྐལ་ལྡན། གྲོ་སྣང་གི་གདུང་རུས་མང་པོ་ཡོད། ཡར་རྗེ་ཨོ་རྒྱན་གླིང་པའི་གཙོས་སྐྱེ་བདུན་ བརྒྱ་ཕྲག་ལྷག་ཙམ་གྱི་གདུང་རུས་དང་སྐུ་ཤཀོང་སྤྲུལ་རིན་པོ་ཆེས་རྒྱལ་བ་རྒྱ་མཚོ་ནས་སྐུ་ སྒྲུབ་མཛད་སྐབས་རིལ་བུ་ཕལ་ཆེར་འཕུར་སོང་བ་དེ་དག་གི་སྐོར་ཚད་ལྡན་ཡོད། བླ་མ་བློས་ གྲགས། ཁྲ་བླ་མ། མཁས་བཟང༌། དབང་ཆེན་དགྱེས་པ་རྡོ་རྗེ། ཚེ་དབང་བསོད་ནམས་རྡོ་རྗེ། མདོ་རིན་པོ་ཆེའི་དབུ་ཐོད། ནོར་བུ་བསྟན་འཛིན། སྐྱབས་རྗེ་གཅུང་རིན་པོ་ཆེ། རྡོ་གྲུབ་འཇའ་ ལུས་རྡོ་རྗེ། ཇོ་ནང་བླ་མ་ཐམས་ཅད་ཀྱི་གདུང་རུས། སྐུ་ཤའི་སྐོར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ ཤརཏྣ་གླིང་པ། ཨོ་རྒྱན་གླིང་པའི་གཙོས་སྐྱེ་བདུན་བརྒྱ་ཕྲག་ཙམ་དང༌། བླ་མ་ངག་དཔལ། དྲུང་རཏྣ་ཤྲཱི། བྲམ་ཟེ་དྲི་མེད་སྙིང་པོ། རྒྱལ་སྲས་ལྷ་རྗེ། པདྨ་སིདྡྷི། བླ་མ་ཟླ་བ། དཔལ་ཡུལ་ པདྨ་ལྷུན་གྲུབ་རྒྱ་མཚོ། འཇིགས་མེད་གླིང་པ། རྒྱལ་རྗེ་བྱ་བྲལ་བའི་སྐུ་ཤབླ་མ་རྣམས་ཀྱི་ན་ བཟའ་ཕྱོགས་བསྡུས་ནི། ཀུན་མཁྱེན་རིན་པོ་ཆེའི་དབུ་ཞྭ། ཏཱ་ར་ནཱ་ཐའི་སྐུ་ཆོས། བླ་མ་ལུང་ རྟོགས་ཀྱི་ཤམ་ཐབས། ཁྲ་བླ་མའི་ཤང་ཕྱིས། གཙང་བའི་ནང་རྟེན་ཆོས་གོས། ཏཱ་ར་ནཱ་ཐའི་ འབོལ་ཆུང༌། རྗེ་བཙུན་ཀུན་དགའ་དབང་མོ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། སྐོང་རིན་པོ་ ཆེ། འཕྲིན་ལས་རྣམ་རྒྱལ། བསྟན་འཛིན་རྣམ་རྒྱལ། རྗེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། སྐུ་ཞབས་ བྲག་དཀར་ཚང༌། དཔལ་སྤྲུལ་རིན་པོ་ཆེ། ཀརྨ་པ། ཞབས་དྲུང་རིན་པོ་ཆེ། རྡོའི་གྲུབ་རྒན། ལས་རབ་གླིང་པ། ཀུན་མཁྱེན་ཆོས་འབྱུང༌། ཀོང་སྤྲུལ་རིན་པོ་ཆེ། འཇིགས་མེད་རྣམ་རྒྱལ། ཨ་གཏེར་རིན་པོ་ཆེ། ཆོས་འཕེལ་རྒྱ་མཚོ། པཎ་ཆེན་རིན་པོ་ཆེ། བསེ་ཡོན་ཏན་རྒྱ་མཚོ། མཁན་ཆེན་བཀྲ་ཤིས་འོད་ཟེར། ཉི་མའི་སྙིང་པོ། ལྷ་ཚེ་ཆོས་གྲགས་རྒྱ་མཚོ། གོ་རྒྱལ་བ་ལྷུན་ གྲུབ་གྲགས་པ། བླ་མ་ཆོས་འབྱོར། བླ་མ་སྙན་གྲགས། མུ་ར་སྤྲུལ་སྐུ། མཁར་བ་བླ་མ་བསམ་ གཏན། སྒང་བ་བླ་མ། ཕ་བོང་ཁ་བ། དཔལ་སྤུངས་དབོན་པོ། རི་ཕུང་བླ་མ་ཆོས་རབ། ཤུག་ ནང་བླ་མ་ཐུགས་རྗེ་དཔལ། གཙང་སྐོར་གྲུབ་ཐོབ། བླ་མ་མཐུ་དཔལ། བསེ་སྤྲུལ་སྐུ། བླ་མ་ 5-1-214 རིན་ཆེན་དར་རྒྱས། ཇོ་བོ་ཡིད་བཞིན་ནོར་བུ། དགེ་བཤེས་བློ་བཟང་རྒྱ་མཚོ། བླ་མ་བྱམས་ པ། བླ་མ་བཀྲ་ཤིས་ཆོས་འཕེལ། ཀུན་བཟང་ཆོས་ཀྱི་སྒྲོལ་མ། ཁྲ་འབྲུག་སྒྲོལ་མ་རང་བྱོན། ལྷ་ས་བསམ་ཡས་དབུས་གཙང་སོགས་ཀྱི་རྟེན་བྱིན་རླབས་ཅན། ཆེ་ཡོས་རིག་འཛིན་ཆེན་པོ། སེ་རའི་རྟ་མགྲིན་རང་བྱོན་དང་ཇོ་བོ་ཡིད་བཞིན་ནོར་བུ། སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམས་ ཀྱི་ན་བཟའ། སློབ་དཔོན་ང་འདྲ་མ། རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན། འཇམ་དབྱངས་ མཁྱེན་བརྩེ། རྫོགས་ཆེན་པདྨ་རིག་འཛིན། རྟག་ལུང་ཐང་བ། རིག་འཛིན་ཀློང་གསལ། འཇིགས་མེད་གླིང་པ། རིག་འཛིན་གཏེར་བདག་གླིང་པ། འབྲས་སྤུངས་འཇིགས་བྱེད་རང་ བྱོན་གྱི་ཐོད་ཁྲག་ནང་གི་རྫས་ཁྱད་པར་ཅན། སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གདུང་བཞུ་སའི་ ས། འཇམ་མགོན་བླ་མ། སངས་རྒྱས་ཀྱི་ལྷུང་བཟེད་ནང་གི་ནས། ཆོས་སྐུ་ལྷ་དབང་གྲགས་ པའི་དབུ་ཞྭ། མ་ལབ་སྒྲོན། བླ་མ་ཨོ་རྒྱན་བསྟན་འཛིན་ཀྱི་ཆོས་གོས། ཇོ་ནང་རྟག་བརྟན་གྱི་ དྲཀྴད་སྙན་དར། ཕ་དམ་པ་རྒྱ་གར། རྫོགས་ཆེན་དཔོན་སློབ། རྒྱ་གར་བླ་མ་ཡེ་ཤེས་ལྷུན་ གྲུབ་ཅེས་པ་དགུང་ལོ་ཉེར་ལྔ་ནས་བརྒྱད་ཅུའི་ནང་ཐོན་ཚེ་རྩམ་པ་མི་གསོལ་བའི་བྱིན་ལེན་ རྫས། འདན་གྱི་སྒྲོལ་མ་རང་བྱོན། འབྲུག་འཇམ་དབྱངས་གྲགས་པ། ཁྲ་བླ་མ་རིག་རྡོར། སྦྱང་བ་སྐྱབས་མགོན་ཆོས་གོས། དཔལ་འབྱོར་བཟང་པོ། པདྨ་བདེ་ཆེན། ཁང་དམར་དབོན་ རྒན་བསོད་ནམས་བསྟན་འཛིན། འཛོང་བོ་སྐྱབས་མགོན། སྤྲུལ་སྐུ་རིག་ལོ། བླ་མ་རྡོར་ བཟང༌། གཙང་པ་སྐུ་འབྲིང༌། ཚེས་སྤྲུལ་བསྟན་འཛིན་བཟང་པོ། བླ་མ་སྨོན་ལམ། ཀ་ཐོག་སི་ ཏུ། བྲག་དཀར་སྤྲུལ་སྐུ། རཏྣ་ཀིརྟི། ཀུན་བཟང་འཇིགས་མེད་བསྟན་པའི་ཉི་མ། རྫ་གྲུབ་ དབང་བདེ་ཆེན་རྡོ་རྗེ། བླ་མ་མཉམ་ཉིད་དབུ་ཞྭ། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས། པཎ་ ཆེན་རིན་པོ་ཆེ། ཀུན་བཟང་པདྨ་མཐར་ཕྱིན། སྟག་ལུང༌། དབོན་པོ་པད་ཆོས་སྤྱན་གཟིགས། དབོན་པོ་གཡུ་སྒྲ། དགེ་སློང་ནམ་མཁའི་སྙིང་པོ། དབོན་པོ་ནམ་མཁའ། གཡུ་སྒྲ་སྙིང་པོ། རྗེ་ 5-1-215 ཙོང་ཁ་བ་བློ་བཟང་གྲགས་པ། ལྷ་བ་བླ་མ། མཁན་པོ་སྐོམ་མེ། བསེ་སྤྲུལ། དབོན་པོ་འགྱུར་ མེད། བླ་མ་བསྟན་གྲགས། འཛམ་ངོས་བླ་མའི་སྣ་ཕྱིས། ཕག་མོ་གྲུབ་པ། ཛ་འགོའི་བླ་མ་ རིག་མཆོགབླ་མ་ཟླ་བ། ཤ་རིའི་བུའི་སྐུ་ཆོས། ཨོ་རྒྱན་རིན་པོ་ཆེ། ལྷ་བཟོ་བླ་མའི་སྒོམ་ ཐགནུས་ལྡན་ལྷུན་གྲུབ་རྒྱ་མཚོ། མཁའ་འགྲོ་མ་འཕྲིན་ལས་ཆོས་སྒྲོན། སྤྲུལ་སྐུ་ཚུལ་ཁྲིམས་ བཟང་པོ། རྫ་པདྨ་ཉིན་བྱེད་དབང་པོ། བླ་མ་ངག་དཀོན། བླ་མ་མཚན་ལྡན། མཁན་པོ་གསང་ སྔགས། གྱ་པུ་བླ་མ་རིན་ཆེན་བཟང༌། ཨ་ཀྱཱ་བླ་མ་རིག་འཛིན་རྒྱ་མཚོ། ཨ་བསེ་སྤྲུལ་སྐུ། འཛི་ སྲིབ་བླ་མ་རིན་བཟང༌། སྒྲ་བསྒྱུར་མར་བ་ལོ་ཙཱ། མཉམ་མེད་དྭགས་པོ་རིན་པོ་ཆེ། དྲུང་རཏྣ་ ཤྲཱི། གྲུབ་ཆེན་བྱམས་པ་ཆོས་འཛིན། ཨ་སུག་གཏེར་སྟོན། མཁས་གྲུབ་ཁྱུང་པོའི་རྣལ་འབྱོར། བླ་མ་ལུང་རྟོགས། མཁར་བར་བླ་མའི་དབུ་ཞྭ། གཙང་པའི་གཟའ་དར། དགའ་ལྡན་ཆོས་ རྒྱལ་རང་བྱོན། ལྷ་སའི་སྒྲོལ་མ་རང་བྱོན། མཁྱེན་རབ་རྒྱ་མཚོ། མི་འགྱུར་ནམ་མཁའི་རྡོ་རྗེ། ཁྲག་འཐུང་བདུད་འཇོམས་སྐུ་ཆིངས༌། བླ་མ་ཚོགས་གཉིས། དཔལ་ཡུལ་མཆོག་སྤྲུལ། ཨ་ མཆོག་རིན་པོ་ཆེ། གཡུ་ཁོག་བྱ་བྲལ་བ། འཇིགས་མེད་དཔལ་གྱི་སེང་གེ། སྦྱང་བ་བླ་མ་ཕུན་ ཚོགས། བླ་མ་མཉམ་ཉིད། བླ་མ་ངག་དབང༌། ཞབས་དྲུང༌། བླ་མ་རྡོར་བཟང། བླ་མ་བསྟན་ རབ། རིག་འཛིན་རྒོད་ལྡེམ། བླ་མ་མཚན་ལྡན། བླ་མ་མཁས་བཟང༌། ཁྲ་བླ་མ། མ་ཏི། གུ་རུ་ ཆོས་དབང༌། མཆོག་གྱུར་བདེ་ཆེན་གླིང་པ། ཆོས་རྒྱལ་གླིང་པ། རིག་འཛིན་བདུད་འཇོམས། གཡུ་ཁོག་བྱ་བྲལ་བ། ལོ་ཆེན། ཨོ་རྒྱན་གླིང་པའི་སྐུ་ཕྱིས། གནམ་ཆོས་མི་འགྱུར་རྡོ་རྗེ། བླ་མ་ ངག་བློས། དབོན་པོ་འཇིགས་མེད་རྒྱ་མཚོ། འདན་སྒྲོལ་མ་རང་བྱོན། ལབ་སྒྲོན་དང་རྡོ་རྗེ་ ཕག་མོ་གཉིས། བླ་མ་ལུང་རྟོགས་སྒོམ་ཐགབླ་མ་སྙན་གྲགས་ཞལ་ཕྱིས། བླ་མ་བློ་བཟང་ འཕྲིན་ལས་སོགས་ཀྱི་ན་བཟའ། དབུ་སྐྲའི་སྐོར་ནི། རིག་འཛིན་འཇིགས་མེད་གླིང་པའི་དབུ་ སྐྲ་ཉག་གཅིག་མའམ་འཇའ་ཟུག་མ། ཇོ་ནང་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་རིན་པོ་ཆེ། རྗེ་ 5-1-216 བཙུན་ཏཱ་ར་ནཱ་ཐ། གཙང་གྲུབ་ཆེན། མ་ཎི་བླ་མ་པདྨ་སིདྡྷི། པདྨ་བདེ་ཆེན། ཆོས་འཕགས། བླ་ མ་ཆོས་རབ། བླ་མ་གསལ་བཟང༌། མགར་བ་རྒྱལ་སྲས། འཛོང་བོ་སྐྱབས་མགོན། གྱ་པུ་བླ་ མ། རི་ཁྲོད་བླ་མ་མཐུ་དཔལ། བླ་མ་འཇིགས་མེད་ཡེ་ཤེས། རྒ་གྱིས་བླ་མ། སྦྱང་བ་སྤྲུལ་སྐུ། བླ་མ་བློས་གྲགས། བླ་མ་རིན་ཆེན་དར་རྒྱས། དཔའ་བོ་ཆོས་དབྱིངས་རྡོ་རྗེ། རྡོ་གྲུབ། འཇམ་ མགོན་བླ་མ། མངའ་བདག་ཉང༌། རྨེ་བླ་མ་ངག་དོན། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས། འཇམ་མགོན་ཡོན་ཏན་རྒྱ་མཚོ། དཔལ་འབྱོར་བཟང་པོ། བླ་མ་བསྟན་རབ། སྤྲུལ་སྐུ་པད་ རྣམ། བླ་མ་ཆོས་འཛིན། བླ་མ་ཟླ་བ། བླ་མ་ཐུགས་རྗེ། མཁན་པོ་གསང་སྔགས། རྒྱལ་སྲས་ ཞི་བ་ལྷ། རྒྱ་གར་བླ་མ་ཡེ་ཤེས་ལྷུན་གྲུབ། བླ་མ་སྙན་གྲགས། བླ་མ་ཚོགས་གཉིས། བླ་མ་ ངག་དཔལ། མགར་བ་བླ་མ་འཇམ་དབྱངས། བླ་མ་རྡོར་བཟང༌། གཙང་པ་སྐུ་འབྲིང༌། ཚེས་ བཅུ་སྤྲུལ་སྐུ། ལྷ་ཚེ་སྤྲུལ་སྐུ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ། བསེ་སྤྲུལ་སྐུ། མ་བླ་མ་ཀུན་ མཆོགབླ་མ་ངག་དབང༌། མཁའ་འགྲོ་མ་འཕྲིན་ལས་ཆོས་སྒྲོན། ལས་རབ་གླིང་པ། ལྷ་ཚེ་ སྐྱབས་མགོན། འཕགས་པ་ལྷ། བླ་མ་དམ་ཆོས། བདུད་འཇོམས། བླ་མ་ལྷུན་པོ། ཀོང་སྤྲུལ། མདོ་སྤྲུལ་ཐུབ་པ། མི་ཕམ། པདྨ་བདུད་འདུལ། བླ་མ་སྨོན་ལམ། བླ་མ་བསྟན་རབ། བླ་མ་ རང་གསལ། བླ་མ་བསོད་ནམས། བླ་མ་ཟླ་བ། བླ་མ་དེ་ཉིད་དཔལ། བླ་མ་བློས་འཕྲིན། བླ་ མ་ངག་དཀོན། ཨ་སུག་གཏེར་སྟོན་སོགས་ཀྱི་དབུ་སྐྲ། མ་ཎི་བུམ་སྒྲུབ་སྐོར་ནི། གཙང་ས་སྐྱ་ དང་དབུས་ཕྱོགས་སོགས་ཀྱི་ལྷ་སའི་མ་ཎི་བུམ་སྒྲུབ་ལྔ་བཅུ་ཙམ། བྲག་ཡེར་བ་འབྲོག་དགེ་ ཚང༌། ཡང་མ་ཎི་རིལ་སྒྲུབ་མྱོང་གྲོལ་སོགས། ཨ་མཆོག་དབྱངས་ཅན་བཞད་པ། ལྕགས་པོ་ རི། བླ་མ་ངག་དཔལ། མ་ཎི་བུམ་སྒྲུབ་རིལ་བུ་འཕུར་མ། ཕུར་བ་བླ་མེད་བདུད་རྩི། ཁམས་ སྨན་རིན་པོ་ཆེའི་མང་སྦྱོར། རིན་ཆེན་གཏེར་མཛོད་གཉིས་དང་བཀའ་མ་དུམ་གཉིས། ཡ་ བཞི་འཇའ་ཚོན་དེ་རྣམས་ཀྱི་དབང་རྫས་དང་མ་ཎི་རིལ་བུ་སོགས་སྨན་རྫས་སྣ་ཚོགས་ 5-1-217 བཞུགས། སྐུ་ཆིངས་སྐོར། འཇིགས་མེད་བསྟན་པའི་ཉི་མ། ཨརྒེ་སྤྲུལ་སྐུ། ཤུག་ནང་བླ་མ་ ཐུགས་རྗེ་དཔལ། བླ་མ་བསྟན་རབ། ཀུན་བཟང་ཆོས་ཀྱི་སྒྲོལ་མ། བླ་མ་ལུང་རྟོགས། བླ་མ་ སྙན་གྲགས། བསེ་སྤྲུལ་པདྨ་དབང་དྲག་རྩལ། སྤྲུལ་སྐུ་ཐུབ་པ། གཙང་པ་སྐུ་འབྲིང༌། བླ་མ་ ངག་དབང༌། སྦྱང་སྤྲུལ་བློགྲོས་བསྟན་པའི་སྙིང་པོ། བླ་མ་སྨོན་ལམ། བླ་མ་ངག་དཀོན། སྦྱང་ བ་སྐྱབས་མགོན། བླ་མ་རིན་ཆེན་བཟང༌། རིན་ཆེན་དར་རྒྱས། འཛོང་བོ་སྐྱབས་མགོན། ཀུན་ དགའ་རང་གསལ་རྒྱ་མཚོ་སོགས་ཀྱི་སྐུ་ཆིངས་མང་ངོ༌། །གདུང་ཚའི་སྐོར། ཁྲོ་ཕུ་ལོ་ཙཱ་བ། ཀརྨ་པ་མཁའ་ཁྱབ་རྡོ་རྗེ། མཆོག་གྱུར་བདེ་ཆེན་གླིང་པ། རིག་འཛིན་ཞིག་པོ་གླིང་པ། སྟག་ཕུ་ རིན་པོ་ཆེ། མཁྱེན་སྤྲུལ་བདེ་ཆེན་རྡོ་རྗེ། རྒྱལ་བ་རིན་པོ་ཆེ། འབྲུག་འཇམ་དབྱངས་གྲགས་པ། དཔལ་སྤྲུལ་རིན་པོ་ཆེ། རྫོགས་ཆེན་པདྨ་རིག་འཛིན། སློབ་དཔོན་མི་འགྱུར་ནམ་མཁའ་འོད་ གསལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། བསེ་སྤྲུལ་སྐུ། མདོ་ཐུབ་པ། རྡོ་བ་བླ་མ་བསྟན་འཛིན། བླ་མ་བློ་གྲོས་གྲགས་པ། བླ་མ་ཁྲ་རིག་འཛིན་རྡོ་རྗེ། བླ་མ་རང་གསལ། བླ་མ་བསྟན་འཛིན་ རྒྱ་མཚོ། བླ་མ་འཕྲིན་ལས། བླ་མ་བློ་གྲོས་རྒྱ་མཚོ་སོགས་ཀྱི་གདུང་ཚ་སོགས་མང་ངོ༌། །གདུང་ ཁྲུས་རིལ་བུ་རྣམས་ཀྱི་སྐོར། ཤུག་ནང་བླ་མ་ཐུགས་རྗེ། མཁྱེན་སྤྲུལ་རྡོ་རྗེ། བསེ་ཡོན་ཏན་རྒྱ་ མཚོ། ལྷ་ཚེ་སྤྲུལ་སྐུ། འཛམ་ངོས་བླ་མ། བླ་མ་སྙན་གྲགས། སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ། བླ་མ་བསྟན་རབ། བླ་མ་མཚན་ལྡན། བླ་མ་གསལ་བཟང༌། བླ་མ་ངག་དཔལ། བླ་མ་རྡོར་ བཟང༌། བླ་མ་སྨོན་ལམ། བླ་མ་ངག་མཆོགཨ་མགོན་བླ་མ། འཛི་སྲིབ་བླ་མ་རིན་བཟང༌། བསེ་སྤྲུལ་སྐུ། བླ་མ་ཟླ་བ། བླ་མ་བློ་གྲོས་གྲགས་པ། ཨ་སུག་གཏེར་སྟོན་སོགས་ཀྱི་གདུང་ ཁྲུས་རིལ་བུ་སྣ་ཚོགས་ཡོད། ཚེ་རྫས་སྐོར་ནི། ཀོང་སྤྲུལ་རིན་པོ་ཆེའི་ཚེ་རྫས་ལྔ་སྟོང་ཕྱོགས་ བསྡུས། ཞབས་དྲུང་རིན་པོ་ཆེའི་རྟེན་ཁྲོད་ནས་ཚེ་རྫས་ལྔ་སྟོང་འདུས་པ། སྦྱང་བ་སྐྱབས་ མགོན་ཚང་ཚེ་རྫས་མང་པོ་ཕྱོགས་བསྡུས། ཐང་སྟོང་རྒྱལ་པོའི་ཚེ་རིལ། མཁྱེན་སྤྲུལ་བདེ་ཆེན་ 5-1-218 རྡོ་རྗེ། སྦྱང་སྤྲུལ། རྫོགས་ཆེན་དགོན། འཁོར་གདོང་ཤུགས་འབྱུང་གསུམ་གྱི་བླ་སྤྲུལ་རྣམས་ དང་གྲྭ་ཚང་ཡོངས་རྫོགས་ཀྱི་ཚེ་རིལ། ཚེ་བཅུད་ཀུན་འདུས་འཆི་མེད་སྲོག་གི་དཔལ་སྟེར། བླ་མ་ངག་དཔལ་གྱིས་ཚེ་བསྙེན་དུང་གིས་བསྒྲུབ་པའི་ཚེ་རིལ། ཚེ་བཅུད་ཀུན་འདུས་རིལ་བུ། འཆི་མེད་ཚེ་ཡི་རིལ་བུ། སྡེ་དགེའི་མཆོད་རྟེན་དཀར་ཆག་དད་གསུམ་བསྐྱེད་པའི་ནོར་བུའི་ རྒྱན་ཕྲེང༌། ཚེ་རིལ། བསམ་ཡས་གུ་རུའི་ཚེ་ཆུ་སོགས་ཚེ་རིལ་སྣ་ཚོགས་བཞུགས། རྟེན་འདུས་ དམ་རྫས་རྣམས་ཀྱི་སྐོར་ནི། གྲོ་སྣང་གི་རྟེན་འདུས་ཕྱོགས་འདུ་མང་པོ་དཀར་ཆག་ལྡེབ་བཅུ་ ཙམ། བླ་མ་རིན་ཆེན་དར་རྒྱས་རྟེན་འདུས་དང༌། སྐུ་ཚེ་དེ་ཉིད་ཀྱི་རྟེན་དང་མཆོད་རྟེན་ཆེན་ མོའི་ནང་ལ་བཞུགས་ཚད་ཀྱི་རྟེན་སོགས་ངོ་མཚར་ཅན། བླ་མ་བློས་གྲགས། སྤྲུལ་སྐུ་མདོ་ སྔགས། ལྷ་བཟོ་བླ་མ། བླ་མ་སྨོན་ལམ། བླ་མ་ཚུལ་རྣམ། གཡུ་ཁོག་བྱ་བྲལ་བ། མཁན་པོ་ གསང་སྔགས། བླ་མ་བསྟན་འཛིན། བླ་མ་གསལ་བཟང་གིགྲོག་སྦྱིན་བྱེད་སྐབས་ཀྱི་རྟེན་ འདུས་མང་པོ་དཀར་ཆག་ལྡེབ་གྲངས་ཉི་ཤུ་ཙམ་ཡོད། ཁྲ་བླ་རིག་རྡོར། བྲག་དཀར་རིན་པོ་ ཆེ། རྩི་ནང་བླ་མ་མཚན་བཟང༌། གཙང་སྐོར་གྲུབ་ཐོབ། ཡང་རྟེན་འདུས་ངོ་མཚར་ཅན། དཔལ་ཡུལ་མཆོག་སྤྲུལ། གཏེར་སྟོན་བདུད་འཇོམས་གླིང་པ་སོགས་དེ་ཕྱོགས་ཀྱི་རྟེན་འདུས་ ཀྱི་དཀར་ཆག་ལྡེབ་གྲངས་ཉི་ཤུ་ཙམ། ལྷ་ལུང་མཚམས་པ། སྤྲུལ་སྐུ་རིག་ལོ། སྤྲུལ་སྐུ་ཐུབ་པ་ སོགས་དེ་ཕྱོགས་རྟེན་འདུས་མང་པོ། དབུས་གཙང༌། ཀ་དཔལ་རྫོགས་གསུམ། འཛམ་ཐང༌། མདོ་སྨད་ཕྱོགས་སོགས་ཀྱི་རྟེན་འདུས་མང་པོ། བླ་མ་ངག་དཔལ། དགོན་འགབ་མའི་སྤྲུལ་ སྐུ་མདོ་རྒྱུད། སྤྲུལ་སྐུ་ཚེ་འཛིན་གཉིས་ཀྱི་རྟེན་འདུས་ཁྱད་འཕགས། སྒར་བ་ཨ་མཆོག ཨ་ བསེ་སྤྲུལ་སྐུ། བླ་མ་རྡོར་བཟང༌། རྒྱ་ནག་རི་བོརྩེ་ལྔའི་འཇམ་དབྱངས་རིག་ལྔའི་མེ་ཏོགབླ་མ་ མཁས་བཟང༌། འབྲོག་དགེ་མཁྱེན་རབ་ནོར་བུ། གུ་དྲག་སྒྲུབ་པའི་དམ་རྫས། དབོན་ཡོན་ ཏན་རྒྱ་མཚོའི་རྟེན་འདུས། སྦྱང་སྤྲུལ་རིན་པོ་ཆེ། སྐྱེ་བདུན་རྟེན་འདུས། དམ་རྫས་མྱོང་གྲོལ། 5-1-219 མ་བླ་མ་ཀུན་མཆོག་གི་རྟེན་འདུས། རྒྱ་གར་ནག་གི་རྟེན་འདུས་ཁྱད་འཕགས། བྱང་བླ་བྲང༌། ལྷ་ཚེ་སྤྲུལ་སྐུ། བླ་མ་ཚོགས་གཉིས། ཁྲི་དར་ལུང་མ། མཁར་རིན་པོ་ཆེས་ཏིང་འཛིན་བརྒྱ་རྩ་ སྒྲུབ་པའི་ཆུ་རྒོད་གསང་སྔགས་ཕུག་ནས་སྤྱན་དྲངས་པའི་དམ་རྫས་མཁའ་ཁྱབ་རང་གྲོལ་ ལས་གླིང་པ་དེར་བྱོན་སྤྲུལ་སྐུ་རིན་པོ་ཆེའི་རྟེན་སྒམ་ནས་ཡིན། འཁོར་གདོང་ཤུགས་འབྱུང་ གསུམ་གྱི་བླ་སྤྲུལ་རྣམས་དང་གྲྭ་ཚང་ཡོངས་ཀྱིས་མཉམ་བསྒྲུབས་བྱས་པའི་རྟེན་འདུས། ཚུལ་ཁྲིམས་བཟང་པོ། བཀའ་དགོངས་སོགས་སྒྲུབ་ཆེན་ལན་གྲངས་ཐེབ་པའི་དམ་རྫས་ གསར་རྙིང་སེལ་མེད་ཀྱི་མྱོང་གྲོལ་རྟེན་འདུས་རིལ་བུ། རིང་བསྲེལ་རྣམ་བཞི་གཙོས་གསར་ རྙིང་གཏེར་གསུམ་གྱི་རྟེན་འདུས་ཁྱད་འཕགས། མ་ཎི་བླ་མ། ཨ་གཏེར། ཀོང་སྤྲུལ། ཞབས་ དྲུང་རིན་པོ་ཆེ། ཤུག་ནང་བླ་མ་ཐུགས་རྗེ། བྱང་རྟ་རྣ། དུང་དཀར་སྤྲུལ་སྐུ། པདྨ་སིདྡྷི། ཁྱུང་པོ། ནང་ཤོད་མཚམས་པ། སེ་འབྲས་དགེ་གསུམ། སྟོད་ཀྱི་བོན་པོའི་བླ་མ་བཟོད་པ་རིན་ཆེན། འབྲོག་དགེ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་རབ། བླ་མ་བྱམས་པ། གར་ཆེན་དགོན་པའི་ བསྙུང་གནས་བླ་མ། རྗེ་ཙོང་ཁ་པ། ཐང་སྟོང་རྒྱལ་པོ། ཞེ་ཆེན་རབ་འབྱམས། སྟག་ཕུ་རིན་པོ་ ཆེ། སྟོད་བོན་པོའི་བླ་མ་ཡོངས་དགའ་རིན་པོ་ཆེ། ཉི་མ་གྲགས་པ། ཡར་ལུང་སྣེ་གདོང་ཀུན་ བཟང་རྩེ། ཀ་ཐོག་སི་ཏུ་དྲི་མེད་ཞིང་སྐྱོང་མགོན་པོ། གཙང་པཎ་ཆེན་སྐྱེ་བདུན་རིལ་བུ། ས་ སྐྱའི་རྟེན་འདུས། དཔལ་ས་སྐྱ་བའི་དམ་རྫས་བདུད་རྩི་རིལ་བུ། ལྕགས་པོ་རིའི་སྐྱེ་བདུན་རིལ་ བུ། ཝེ་མདའ་རྣམ་རྒྱལ་ཚང༌། བླ་མ་བློས་ངག རྫོགས་ཆེན་པདྨ་རིག་འཛིན། ཀ་དཔལ་རྫོགས་ གསུམ་སོགས། བྲག་མཁར་ཆེན་པདྨ་ཀུན་བཟང་མཐར་ཕྱིན། རིག་འཛིན་རྒོད་ལྡེམ་ཅན། ཚེས་བཅུ་སྤྲུལ་སྐུ། ར་འོབ་བླ་མ་རིན་བཟང༌། རྒྱལ་བ་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ། རྡོའི་ གྲུབ་ཆེན་རིན་པོ་ཆེ། པདྨ་བདེ་ཆེན། ཐུབ་བསྟན་དགེ་ལེགས་རྒྱ་མཚོ། བླ་མ་ཆོས་འཕགས། བྱང་བླ་བྲང༌། བླ་མ་རབ་དགའ། བསེ་སྤྲུལ་པདྨ་དབང་དྲག་རྩལ། ཆོས་རྗེ་སྐུ་ཆེན། མགར་བ་ 5-1-220 བླ་མ་འཇམ་དབྱངས། འཛི་སྲིབ་བླ་མ་རིན་བཟང༌། བླ་མ་ངག་མཆོགཤུག་སྒང༌། འཛམ་ངོས་ བླ་མ། འཛི་སྲིབ་དབོན་པོ་ཕུན་ཚོགས། འཇིགས་མེད་རྣམ་རྒྱལ། གཙང་པ་སྐུ་འབྲིང༌། སྔགས་ པ་བླ་མ་མཉམ་ཉིད། བླ་མ་བསོ་བཟང༌། དྲུང་རཏྣ་ཤྲཱི། ཀ་ཐོག་སིདྡྷི། རཏྣ་ཀིརྟི། བླ་མ་ཟླ་བ། བླ་མ་ཆོས་འབྱོར། སྲུང་འཁོར་བླ་མ། བླ་མ་མཚན་ལྡན། གྱ་པུ་བླ་མ། ཨ་ཀྱཱ་བླ་མ། བླ་མ་ ཐུགས་རྗེའི་སྦྱིན་རྟེན། སྡེ་དགེའི་སྤྲུལ་སྐུ་རྡོ་རྗེ་བདུད་འདུལ། མི་ཕམ་པའི་སྐྱེ་བདུན་རིལ་བུ། ཞབས་དྲུང༌། ཨ་སུག་གཏེར་སྟོན། རྡོ་གྲུབ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་རྟེན་འདུས། ཚེས་བཅུ་ཚང་མཆོད་རྟེན་ནང་བཞུགས་ཀྱི་རྟེན་འདུས། རྟེན་འདུས་རེག་གྲོལ་རིལ་བུ། དར་ རྒྱས་བྱམས་ཆེན་ཆོས་གླིང་གི་རྟེན་འདུས་ཁྱད་འཕགས་སོགས་བཞུགས། གདུང་ཐལ་གདུང་ ས་རྣམས་ཀྱི་སྐོར། བླ་མ་ཆོས་འཛིན། རྫ་འཇིགས་མེད་རྒྱལ་བའི་མྱུ་གུ། ཤུག་ནང་བླ་མ་ཐུགས་ རྗེ། རྗེ་ཙོང་ཁ་བའི་ཚེམས་ལ་སྤར་བའི་ས། འཛམ་ཐང་སོགས་ཀྱི་བླ་མ་མང་པོ། སྦྱང་བ་བླ་མ་ ངེས་དོན། བླ་མ་ཆོས་འཕེལ། བླ་མ་སྙན་གྲགས། ངག་དབང་འཕྲིན་ལས། བླ་མ་ཚོགས་ གཉིས། བླ་མ་ཆོས་འབྱོར། བླ་མ་ངག་དཔལ་གཉིས་ཀྱི་ཐིག་སྐུད་ནང་གི་ས། བླ་མ་ལྷུན་པོ། བསེ་སྤྲུལ། རྡོ་གྲུབ་བསྟན་པའི་ཉི་མ། རྒ་གྱིས་བླ་མ། བླ་མ་རང་གསལ། སྐུ་འབྲིང༌། བླ་མ་ རིན་ཆེན་དར་རྒྱས། བླ་མ་བློས་གྲགས། ཁྲ་བླ་མ། བླ་མ་མཁས་བཟང༌། ལྷ་ཚེ་སྤྲུལ་སྐུ། ཇོ་ ནང་མཁའ་སྤྱོད་གསུང་བྱོན་མའི་སྐུ་ས། རྟག་བརྟན་རིལ་བུ། བླ་མ་སུམ་ཅུ་ལྷག་གི་སྐུ་ས་ སོགས། ཥེ་བླ་མ་གསལ་བཟང༌། འཛོང་བོ་སྐྱབས་མགོན། སྦྱང་སྤྲུལ། ཨ་སུག་གཏེར་སྟོན། བླ་མ་དེ་ཉིད་དཔལ་སོགས་ཀྱི་གདུང་ས་མང་ངོ༌། །ཤུག་སྔགས་སྐོར། ར་འོབས་བླ་མ་རིན་ བཟང༌། ཁྲ་བླ་མ། ཕུན་ཚོགས་དཔལ། ཆོས་འཛིན་དཔལ། བླ་མ་ངག་དཔལ། སེ་འབྲས་ དགེ་གསུམ་ཤུག་སྔགས། བླ་མ་སྙན་གྲགས། ལྷ་ཚེ་སྐྱབས་མགོན། བླ་མ་མཚན་བཟང༌། བླ་ མ་ཀུན་མཆོག ཚེས་བཅུ་སྤྲུལ་སྐུ། གླིང་སྤྲུལ། བླ་མ་ཐུགས་རྗེ། བླ་མ་མཐུ་དཔལ། བླ་མ་ 5-1-221 འཇིགས་མེད་ཡེ་ཤེས་གཉིས་ཀྱི་ལོ་ཉེར་ལྔའི་ཤུག་སྔགས། དབོན་པོ་ཡོན་ཏན་རྒྱ་མཚོ། རྒྱལ་ བ་པཎ་ཆེན་སོགས་ཀྱི་ཤུག་སྔགས། གསར་རྙིང་གི་སྐྱེས་ཆེན་དུ་མའི་ལྗགས་སྔགས་དང་ བཀའ་འགྱུར་དག་ཚར་བཅུ་གཉིས་ཀྱིས་བསྒྲུབས་པའི་ཤུག་སྔགས་སོགས་སོ། །བདུད་རྩི་ ཆོས་སྨན་དང་སྨན་སྒྲུབ་སྐོར། རྒྱ་གར་རིག་འཛིན་བརྒྱད་ཀྱིས་བསྒྲུབས་པའི་ཆོས་སྨན་གཏེར་ བྱོན། བསམ་ཡས་བར་ཁང་གཡུའི་ཞལ་བུ། པདྨ་འབྱུང་གནས། རྗེ་འབངས་ཉེར་ལྔ་སོགས་ ཀྱི་ཆོས་སྨན། གྲུབ་དབང་བདེ་ཆེན་རྡོ་རྗེའི་བདུད་རྩི་སྨན་སྒྲུབ། མི་ཕམ་ཚང་བདུད་རྩི་ཆོས་ སྨན། ལྷ་སའི་བདུད་རྩིལྔ་བཅུ་རྡོ་དང༌། བདུད་རྩི་བརྒྱ་རྡོ། ཁྲི་དར་ལུང་མ། ཆོས་རྗེས་སྒྲོལ་མ་ འཚོགས་སྐབས་སྒྲུབ་གྲྭའི་སྒྲོལ་མའི་སྐུ་བརྙན་ལས་འབབ་པའི་བདུད་རྩི། བདུད་རྩི་འབབ་ པའི་ཞལ་ཟས། ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ཞལ་ནས་འབབ་པའི་བདུད་རྩི། ཨ་གཏེར་ སྨན་སྒྲུབ། འཁོར་གདོང་ཤུགས་འབྱུང་གསུམ་གྱིས་བླ་སྤྲུལ་རྣམས་དང་བླ་གྲྭ་ཡོངས་ཀྱིས་ མཉམ་བསྒྲུབས་བྱས་པའི་ཆོས་སྨན། སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོའི་བདུད་རྩི་སྨན་སྒྲུབ། བཀའ་དགོངས་སོགས་སྒྲུབ་ཆེན་ལན་གྲངས་ཐེབས་པའི་བདུད་རྩི་ཆོས་སྨན། ཀརྨ་པའི་སྨན་ སྒྲུབ། བྱང་རྟ་སྣའི་བདུད་རྩི་སྨན་སྒྲུབ། ས་སྐྱའི་བདུད་རྩི་ཆོས་སྨན། ཀ་ཐོག་དགོན་པའི་ བདུད་རྩི་སྨན་སྒྲུབ། ཡར་ལུང་ཤེལ་ཕུག་གི་བདུད་རྩི་སྨན་སྒྲུབ། སྡེ་དགེའི་བདུད་རྩི་ཆོས་ སྨན། སྟོད་ཀྱི་བོན་པོའི་བླ་མ་ཡོང་དགའ་རིན་པོ་ཆེའི་སྨན་སྒྲུབ། ཡར་ལུང་སྣེ་གདོང་ཀུན་ བཟང་རྩེ་ནས་བདུད་རྩི་སྨན་གྲུབ། རྫོགས་ཆེན་དགོན་པའི་བདུད་རྩི་སྨན་སྒྲུབ། ཀ་ཐོག་སི་ཏུ་ དྲི་མེད་ཞིང་སྐྱོང༌། མཁན་པོ་འབྱོར་ལྡན། རྫོགས་ཆེན་པདྨ་རིག་འཛིན། ཀ་དཔལ་རྫོགས་ གསུམ་སོགས་ཀྱི་སྨན་སྒྲུབ། བྲག་མཁར་ཆེན་པདྨ་ཀུན་བཟང་མཐར་ཕྱིན་གྱི་སྨན་སྒྲུབ། བླ་ མ་བློས་གྲགས་ཀྱི་སྨན་སྒྲུབ་སྣ་ཚོགས། རྫོགས་ཆེན་རིན་པོ་ཆེའི་སློབ་དཔོན་ནམ་མཁའ་རྡོ་རྗེ་ སོགས་ཀྱི་སྨན་སྒྲུབ། བླ་མ་ངག་དཔལ་གྱི་སྨན་སྒྲུབ་རིལ་བུ། ཁྲི་གུང་ཐང་དང་གྲུབ་ཆེན་རིན་ 5-1-222 པོ་ཆེ་གཉིས་ཀྱིས་ཐུགས་རྗེ་ཆེན་པོ་ལ་ཁྲུས་གསོལ་བྱེད་སྐབས་བདུད་རྩི་སེར་པོ་བབས་པའི་ རིལ་བུ། བདུད་རྩི་ཆོས་སྨན། དཔལ་སྤུངས་སི་ཏུའི་སྨན་སྒྲུབ་རིལ་བུ། ཀ་ཐོག་བདུད་རྩི་རིལ་ བུ་འཇའ་ཟུག་མ་ཨོ་རྒྱན་རིན་པོ་ཆེ་ཚོན་གང་ཡང་ཐིམ། དཔལ་ཡུལ་བའི་བླ་མ་རིམ་བྱོན་གྱི་ བདུད་རྩི་རིལ་བུ་གདུང་རུས་བདུད་རྩི་སྨན་སྒྲུབ་རིལ་བུ་བརྒྱ་རྡོ། ཁམས་གཙང་སྨན་པའི་ ཐུགས་སྒྲུབ་རིལ་བུ། རིན་ཆེན་རིལ་བུ་གཉིས། རྒྱལ་བ་རིན་པོ་ཆེའི་ཆོས་སྨན་རིལ་བུ། མ་ཎི་ རིལ་བུ་རྟེན་འདུས་ཁྱད་འཕགས། ཀོང་སྤྲུལ་ཚེ་བཅུད་མྱོང་གྲོལ་སྐྱེ་བདུན་རིལ་བུ། བསེ་སྒར་ ནས་ཕུར་སྒྲུབ་ཀྱི་གཏོར་མའི་ངོས་ནས་བབས་པའི་བདུད་རྩི། དགའ་ལྡན་རིལ་བུ། འབྲོག་ དགེ་དགོན་གྱི་གཏོར་སྤུ། པཎ་ཆེན་གྱིས་རྟ་ཕྱག་ཁྱུང་གསུམ་སྒྲུབ་པའི་རྫས་སྔགས། བདུད་རྩི་ ཆོས་སྨན། བླ་མ་གཙང་པའི་ས་ག་ཟླ་བའི་གཏོར་སྤུ་མང་པོ། ས་དམར་དགོན་གྱི་ས་ཟླའི་ གཏོར་སྤུ། བླ་མ་སྐལ་ལྡན་གྱིརིན་འབྱུང་བརྒྱ་རྩའི་དབང་གི་གཏོར་མ་དང་རྟེན་འདུས་ཁྱད་ འཕགས་ཕྱོགས་བསྡུས་བཞུགས་སོ། །ས་སྔགས་རྣམས་ཀྱི་སྐོར། བླ་མ་ལྷུན་པོ། བླ་མ་སྨོན་ ལམ། བླ་མ་ཚུལ་རྣམ། གཡུ་ཁོག་བྱ་བྲལ་བ། མཁན་པོ་གསང་སྔགས། བླ་མ་བསྟན་འཛིན་ དཔལ། བླ་མ་གསལ་བཟང༌། ཤུག་ནང་སྒྲུབ་གྲྭ། བླ་མ་ངག་དཔལ། ཁྲ་བླ་མ། བླ་མ་བློས་ གྲགས། མ་བླ་མ་ཀུན་མཆོགབླ་མ་སྙན་གྲགས། བླ་མ་རྡོར་བཟང༌། ལྷ་ཚེ་སྐྱབས་མགོན། སྦྱང་བ་སྐྱབས་མགོན། རྒྱུད་པ་གྲྭ་སྟོད་སྨད། པདྨ་བདེ་ཆེན། བླ་མ་ཚོགས་གཉིས། གླིང་སྤྲུལ། བླ་མ་ཐུགས་རྗེ། ཝེ་མདའ་རྣམ་རྒྱལ། བླ་མ་བྱམས་པ། བློས་ངགར་འོབས་བླ་མ་རིན་བཟང༌། དབོན་པོ་ཡོན་ཏན་རྒྱ་མཚོ། བསམ་ཡས་མཆིམས་ཕུའི་ས་སྔགས་སོ། །རྡུལ་ཚོན་རྣམས་ཀྱི་ སྐོར། དབུས་གཙང་གི་རྒྱུད་སྡེ་བཞི། སྦྱང་སྤྲུལ་རིན་པོ་ཆེའི་རྒྱུད་སྡེ་རབ་འབྱམས་གསུང་ སྐབས་དང་ཁོང་ཉིད་ཀྱི་དཀྱིལ་འཁོར་རྒྱ་མཚོ་དང༌། གཙང་པ་གྲྭ་ཚང་གི་ས་ཟླ་བདེ་མཆོག དེ་ ཉིད་ལྔ་པ་སོགས་ཀྱི་རྡུལ་ཚོན། ཆོས་རྗེའི་རྡུལ་ཚོན་མང་པོ། བྱ་ཡུལ། འཛི་ཉིན། ཤུག་ནང༌། 5-1-223 གསང་ལུང༌། སྲིབ་མའི་ཐམས་ཅད་རིག་པ་ལན་བདུན། འཛོང་བོ་སྐྱབས་མགོན། ལྷ་འབུམ་ གྱི་བསྙེལ་སྐབས་ཚུན་གྱི་རྡུལ་ཚོན་མང་པོ། སྡེ་དགེ་ཕྱོགས་ཀྱི་རྡུལ་ཚོན་མང་པོ། ཆོས་རྗེ་རྒྱུད་ སྡེ་བའི་འཚོགས་གང་ཡོད་རྣམས་དང༌། ཇོ་ནང་རྟག་བརྟན། ས་དགེ་རྙིང་སོགས་ཀྱི་རྡུལ་ཚོན་ སྟོང་ལྷག་གོ། །བྱེ་སྔགས་རྣམས་ཀྱི་སྐོར། བླ་མ་ལུང་རྟོགས། བླ་མ་ངག་དཔལ། འཛོང་བོ་ སྐྱབས་མགོན། བླ་ཕུན། ཁྲ་བླ་མ། བླ་མ་བསྟན་འཛིན་དཔལ། ཆོས་འཛིན་དཔལ། ཤུག་ནང་ སྒྲུབ་གྲྭའི་བྱེ་སྔགས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་ཐོད་ལས་བྱུང་བའི་རིང་བསྲེལ། བྲམ་ཟེ་ པྲ་བྷ་ཧ་ཏིའི་འཕེལ་གདུང༌། བླ་མ་རིན་ཆེན་དར་རྒྱས་ཤངས་ཁྲགབླ་མ་བློས་འཕྲིན་གྱི་ནང་ མཆོད་བྱིན་ཅན། གཙང་སྤྲུལ་འཇིགས་མེད་བསྟན་པའི་ཉི་མའི་འོད་དཔག་མེད་རིལ་བུ། བླ་ མ་ཚུལ་རྣམ་ཤངས་ཁྲག་དང་ཆུ་གཏོར་རྫས། ཕུར་བ་འབུམ་སྒྲུབ་རིལ་བུ། ཟངས་མདོག་ དཔལ་རིའི་གཏེར་རྫས། གངས་ཏི་སེའི་འཕེལ་གདུང༌། རིགས་གསུམ་མགོན་པོའི་བླ་མཚོའི་ བྱེ་མ། གྲུབ་ཆེན་རིན་པོ་ཆེ་དང་ཀུན་བཟང་ཉི་མས་བསྒྲུབས་པའི་བུམ་སྒྲུབ། མི་ཕམ་ཚང་ འཇམ་དབྱངས་དམར་སེར་རིལ་བུ། དྲག་ཁྲོས་རིལ་བུ། འཕགས་མའི་སྙིང་ཐིག་དང་སྒྲོལ་ དཀར་རིལ་བུ། བླ་མ་དྲག་པོ་རྟ་ཁྱུང་འབར་བའི་རིལ་བུ། རྣམ་འཇོམས་ཁྲུས་རིལ། དབྱངས་ ཅན་མའི་རིལ་བུ། ཀརྨ་པའི་རིལ་ནགལྷ་སའི་ལོ་གྱོན་མའི་རིལ་བུ། ཞབས་དྲུང་རིན་པོ་ཆེའི་ རྟེན་སྒམ་ལས་རིང་བསྲེལ་རྣམ་བཞི་སྟོང་རྩ་ཕྱོགས་བསྡུས། ཡང་རིང་བསྲེལ་རྣམ་བཞི་སྟོང་ འདུས། བླ་མ་མཐའ་ཡས་ཀྱི་བསྙུང་གནས་སྐབས་ཀྱི་ཞལ་ཟས། སྣར་ཐང་སོགས་ཀྱི་བཀའ་ བསྟན་བཅོས་ཀྱི་སྤར་ཤིང་མང་པོ་བཀྲུས་པའི་མཚལ་སྣགའཕེལ་གདུང་མང་པོ། རིང་བསྲེལ་ མང་པོ། ཀུན་དགའ་གྲོལ་མཆོག་གི་གདན་སའི་གངས་ཐིགས། མཚོ་པདྨ་ཅན་གྱི་རྩྭ། ཆུ་བོ་ གང་གཱའི་བྱེ་མ། མཚོ་མ་ཕམ་གྱི་བྱེ་མ་དང་ཉ་ཤ། པྲེ་ཏ་པུ་རིའི་སིནྡྷུ་ར། གངས་ཏི་སེའི་ལྷ་ བསང༌། དགའ་ལྡན་མཁན་པ། རྭ་སྒྲེང་ཤུག་པ། མྱུར་ལམ་རིལ་བུ། སེ་འབྲས་དགེ་གསུམ་གྱི་ 5-1-224 ཕྱགས་རྡུལ། རྟག་བརྟན་རིལ་བུ། བཀའ་བརྒྱད་རྣམ་གསུམ་སྒྲུབ་འབྲེལ་གྱི་བཱ་གནས། རྟག་ ཁྲོས་ནད་རིགས་ཀུན་འཇོམས་རིལ་བུ། བཀའ་གཏེར་ཆུ་བོ་གཉིས་འདུས་ཀྱི་རྡོར་སེམས་ རིལ་བུ། བྱང་ཆུབ་ཤིང་གི་ལོ་མ། པདྨ་བཀོད་ཀྱི་ཙན་དན་ལོ་མ། ལྷ་སའི་ས་སྣ་ཆུ་སྣ། རྒྱ་གར་ གངས་བྱེ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས། བླ་མ་ཐུགས་རྗེའི་འོད་དཔག་ མེད་རིལ་བུ། ལྷ་སའི་སྤོས་དམར་མ། དགའ་ལྡན་རིན་ཆེན་རིལ་བུ། དམིགས་བརྩེ་མའི་རིལ་ བུ། བླ་མ་བཀྲ་ཤིས་ཆོས་འཕེལ་གྱི་དྲི་ཆུ། སྦྱང་སྤྲུལ་གཡང་རྫས། ཙན་དན་དམར་པོ། རྭ་མོ་ ཆེའི་དམར་ཆེན་རིལ་བུ། ཕོ་བྲང་ཡུམ་བུ་བླ་མཁར་ནང་ནས་ཙན་དན་དཀར་པོའི་ཀ་བ། ཚེ་ རིང་མཆེད་ལྔའི་སྐུ་ཤུགརྣམ་རྒྱལ་དགོན་པའི་རིལ་ནགདཔལ་ཡུལ་མཆོག་སྤྲུལ་གཙོས་བླ་གྲྭ་ བརྒྱ་ཕྲག་ཙམ་གྱིས་ཞག་ལྔ་བཅུ་ལ་བསྒྲུབས་པའི་བྱེ་དཀར་རེག་གྲོལ། ཝེ་མདའ་རྣམ་རྒྱལ་ ཚང་དབུ་སྐྲའི་གསེབ་ནས་བྱུང་བའི་རིལ་བུ། བླ་མ་བྱམས་པའི་རིན་ཆེན་རིལ་བུ། གཏོར་ སྒྲུབ། དཔལ་སྤུངས་དགོན་གསེར་ཡིག་རྟེན་རྙིང༌། རྗེའི་ཚེམས། སྲོང་བཙན་སྒམ་པོའི་ཡིག་ ཐགམཁན་ཆེན་ཞི་འཚོའི་བཞུགས་གདན་སོགས་སོ། །བྱང་སེམས་དཀར་དམར་གྱི་སྐོར། བླ་ མ་རྡོར་བཟང༌། བླ་མ་བསྟན་རབ། བླ་མ་སྨོན་ལམ། བླ་མ་ངག་མཆོགཨ་མགོན་བླ་མ། འཛི་ སྲིབ་བླ་མ་རིན་བཟང༌། བསེ་སྤྲུལ་སྐུ། ལྷ་ཚེ་སྤྲུལ་སྐུ། བླ་མ་ངག་དཔལ། དགེསློང་ཆོས་ འཕེལ། སྦྱང་བ་སྐྱབས་མགོན། གྲོ་སྣང༌། བླ་མ་སྙན་གྲགས། བླ་མ་ངག་དབང། བླ་མ་ལུང་ རྟོགས། བླ་མ་ཐུགས་རྗེ། བླ་མ་རིན་ཆེན་དར་རྒྱས། བླ་མ་ལྷུན་པོ། བླ་མ་ཟླ་གྲགས་རྣམས་སོ། །བུམ་ཆུའི་སྐོར། དཔལ་ལྡན་ངོར་གྱི་མཁན་རབ་ཉེར་བདུན་གྱི་དབང་དང་རྗེས་གནང་གི་ བུམ་ཆུའི་རྒྱུན་རིལ། སྦྱང་བ་སྐྱབས་མགོན་གྱི་བུམ་ཆུ། ཞབས་དྲུང་དང་འཇམ་དབྱངས་ཆོས་ ཀྱི་བློ་གྲོས་གཉིས་ཀྱི་གདམས་མཛོད། གཏེར་མཛོད་སོགས་ཀྱི་སྐབས་ཚེ་དབང་རྗེས་གནང་ གི་བུམ་ཆུས་རྒྱུན་རིལ། གསང་བདག་བློ་གཏེར་དབང་པོ། བྲག་རི་རྡོ་རྗེ་འཆང༌། དམ་པ་རིན་ 5-1-225 པོ་ཆེ་གསུམ་གྱི་རྒྱུད་སྡེ་རབ་འབྱམས་ལན་གསུམ་གསུམ་སྟེ་ལན་དགུའི་བུམ་ཆུའི་རྒྱུན་རིལ་ དང་པོ། བདུད་འཇོམས་རིན་པོ་ཆེའི་བུམ་རྫས། རྒྱལ་དབང་རིན་པོ་ཆེའི་དུས་འཁོར་དབང་ ཆེན་སྐབས་ཀྱི་ཚོགས་རྫས། བླ་མ་དེ་ཉིད་དཔལ། དབོན་པོ་འཇིགས་མེད་རྒྱ་མཚོ། བླ་མ་བློ་ བཟང་འཕྲིན་ལས། བླ་མ་ངག་བློས། བླ་མ་ཡོན་ཏན་བཟང་པོ། གཙང་པ་སྐུ་འབྲིང༌། བླ་མ་ སྐལ་ལྡན་སོགས་ཀྱིས་དུས་འཁོར་དབང་ཆེན་མང་པོའི་བུམ་ཆུ་སོགས་བཞུགས། ཐུགས་རྟེན་ ཆེན་མོའི་ཕྱི་ནང་བར་མཚམས་ཀྱི་དྲ་མིག་ཏུ་རྒྱལ་བ་མཉམ་མེད་ཐུབ་པའི་དབང་པོའི་བཀའ་ ཆོས་ཚར་ལྔ། དེའི་དགོངས་འགྲེལ་བསྟན་བཅོས་ཚར་གཉིས། བརྒྱད་སྟོང་པ་སུམ་ཕབ་ཚར་ བཅུ་གསུམ། བརྒྱད་སྟོང་པ་གསུམ། མདོ་ཏིང་འཛིན་རྒྱལ་པོ། ཇོ་ནང་ཀུན་མཁྱེན་རིན་པོ་ ཆེའི་གསུང་འབུམ། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ངག་དབང་བློ་གྲོས་གྲགས་པའི་ གསུང་འབུམ། ཀུན་དགའ་ལུང་རྟོགས་རྒྱ་མཚོའི་གསུང་འབུམ་དང་རྣམ་ཐར་ཚར་ལྔ། རིན་ ཆེན་གཏེར་མཛོད། མི་ཕམ་གསུང་འབུམ། དཔལ་སྤྲུལ་གསུང་འབུམ། རྗེ་རིན་པོ་ཆེའི་ལམ་ རིམ་དང་སྔགས་རིམ། བསྟན་པ་བུ་གཅིག་གི་རྒྱུད། གཟུངས་གྲྭ་ལྔ་ཚར་གཉིས། བསྐལ་ བཟང༌། བསྟན་བཅོས་དཀར་ཆགབཀའ་ཐང༌། ཆགས་མེད་རི་ཆོས། འབུམ་དུམ་བཅུ་གཉིས། ཐང་ཡིག་སྡེ་ལྔ། དུས་འཁོར་གསར་བ། བླ་མ་ངག་དཀོན་རྣམ་ཐར། འཛི་སྲིབ་བླ་མ་རིན་ཆེན་ བཟང་པོའི་གསུང་འབུམ་སོགས་དུམ་པ་སྟོང་ཕྲག་མང་པོ་བཞུགས་སོ། །གུ་རུའི་སྐུ་འབུམ། ཐང་སྟོང་རྒྱལ་པོའི་སྟོང་སྐུ། པདྨ་འབྱུང་གནས་སྟོང་སྐུ། ཚེ་ལྷ་རྣམ་གསུམ་གྱི་སྟོང་སྐུ། སྟོན་ པའི་སྟོང་སྐུ། ཀུན་མཁྱེན་རྗེ་བཙུན་གཉིས་ཀྱི་སྟོང་སྐུ་མང་པོ་བཞུགས་སོ། ། སྐྱེས་ཆེན་དུ་མའི་ བརྡ་ལུང་གིས་བླ་མ་རིན་པོ་ཆེའི་མཛད་པ་བསྟན་ཚུལ་ཡང་རིམ་པར། མི་འགྱུར་གཡུང་དྲུང་ རབ་བརྟན་ལས། དྲི་མེད་དུང་གི་མདངས་འཛིན་གྱི། །ཡང་སྙིང་དུང་ཕྱུར་འབད་བསྐྱེད་ན། །འདོད་དོན་ཐོགས་མེད་དོན་གཉིས་འགྲུབ། །སྒྲིབ་གཉིས་དྲི་དག་རྗེན་གསལ་འཆར། 5-1-226 །འབྲེལ་ཚད་གདོད་མའི་དགོངས་ཀློང་སྐྱེལ། །བྱ་ཡིས་གནམ་འཕང་གཅོད་པ་བཞིན། །འགྲོ་ དོན་ཀུན་རྫོགས་གདུལ་བྱ་སྨིན། །བཅུ་གཉིས་གྲངས་བདུན་ལ་རོལ་ཚེ། །བཅུ་དྲུག་རི་མོའི་ ཕྱག་རྒྱ་བཀྲ། །སྟོང་གཟུགས་ལུས་ཀྱི་གར་དང་ལྡན། །ཞེས་དང༌། ལྷོ་ནས་དབྱར་རྔ་འཁྲོལ་ བའི་ཚེ། །ཆུ་ཁུར་བྱང་ནས་གཡོ་ཞིང་ལྡེམ། ཤར་ལྷོའི་པད་ཚལ་ཉམས་རེ་དགའ། །དེར་ བརྟེན་རྣལ་འབྱོར་ཕོ་མོ་གྲོལ། །བདེ་གཤེགས་རྟེན་གྱི་འགྲོ་བློ་འགུགས། །གཞན་སྣང་དབང་ བསྒྱུར་ཨེ་མ་ཧོ། །ཞེས་དང༌། ཨེ་མ་ངོ་མཚར་ལྟས་བཟང་བའི། །བརྟུལ་ཞུགས་སྤྱོད་པ་ བསྐྱངས་པའི་བུ། །ནད་ཀྱི་རང་མདངས་མངོན་པའི་ཚེ། །གཟུང་འཛིན་རྒྱུ་འགྲུལ་བན་བུན་ དེངས། །དྭངས་གསལ་རྗེན་པའི་དྲ་མིག་ན། །ཡེ་ཤེས་རིག་པའི་གཞོན་ནུ་མཐོང༌། །དེར་ བརྟེན་ཅིག་ཅར་ལྟ་བ་བགྲོད། །གདོད་མའི་བུ་སྡུག་ངོ་མཚར་ཆེ། །སུ་མ་མགུ་ཡང་ཞེ་བློ་བདེ། །ཞེས་དང༌། དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་དགྱེས། །ཆོས་ཉིད་དོན་གྱི་རང་ཞལ་ངོམས། །ཙིཏྟའི་གུར་ཁྱིམ་རྟག་པར་རོལ། །སྒྲ་ལྡན་རོལ་བའི་གུར་ཁྱིམ་ནང༌། །སྐུ་གསུང་ཐུགས་རྟེན་ འབྱོར་བ་འཕེལ། །ཞེས་དང༌། གནད་དེའི་དགེ་མཚན་འགྱུར་མེད་བརྟན། །དེ་ནས་འགྲོ་བའི་ མཆོད་གནས་གྱུར། །སྙིགས་ལྔའི་རྒུད་གསོས་རྟེན་མཆོག་བཞད། །འབྲེལ་ཚད་འཁོར་བ་དོང་ ནས་སྤྲུགས། །བསམ་དོན་ལྷུན་གྲུབ་གདུལ་བྱ་རྒྱས། །དུས་མིན་འཆི་བཟློག་ཚེ་གེགས་སེལ། །ཡུལ་མིས་བཀུར་ཞིང་གཞན་དོན་འབྱུང༌། །ཞེས་དང༌། སྐྱེ་སྔོན་བྷ་སི་དྷ་ཡི་གྲོང་ཁྱེར་དུ། །བསླབ་གསུམ་ངུར་སྨྲིག་ལྡན་པའི་ཚུལ་འཆང་བ། །ཛྙཱ་ནའི་སྐྱེ་སྲིད་དཔལ་གྱི་མིང་མཐའ་ཅན། །གང་གིས་ཐུགས་བསྐྱེད་རྨད་བྱུང་བདེན་མཐུ་ལས། །མདོ་སྨད་བསྟན་འགྲོའི་རྒུད་གསོས་ རླབས་ཆེན་མཛད། །གང་གི་ཐུགས་དགོངས་ཟུར་གསུམ་ཟླ་གམ་དབུས། །དཔལ་གྱི་བློས་ བསླངས་མཐོང་བ་དོན་ལྡན་ཞེས། །བསྟན་འགྲོའི་གསོས་སུ་བཞག་པའི་དོན་ལྡན་ཉིད། །རྟེན་ དེར་འབྲེལ་ཐོགས་འགྲོ་བ་སུམ་སྟོང་གྲོལ། །ཨེ་མ་ངོ་མཚར་རྨད་བྱུང་བསྟན་པའི་གཙོས། 5-1-227 །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་ལས། །རྨ་སྙག་འཛུར་གསུམ་བསྟན་པའི་ ཉམས་རྒུད་གསོ། །ཞེས་སོ། ཕྱི་ལོ་༡༩༩༦རབ་བྱུང་བཅུ་བདུན་པ་སྤོར་ཐང་གི་ལུགས་ལ་མེ་ཕོ་བྱི་བ་དང༌། སྟོད་འགྲེལ་ ལུགས་ལ་འཛིན་བྱེད་ཅེས་བྱ་བའི་ལོའི་བཅུ་པ་སྨིན་དྲུག་ཟླ་བའི་ཚེས་བཅུ་ཉིན་ས་ཆུ་ཕྲད་ པ་ལང་ཚོ་སྦྱོར་གྱི་དུས་ཚོད་བརྒྱད་ཀྱི་ཆ་ལ་མཆོད་རྟེན་ཆེན་པོ་ལེགས་པར་གྲུབ་པའི་རབ་ གནས་དགའ་སྟོན་གྱི་ཁྲི་འཛིན་དུ་ཤར་འཛམ་ཐང་གཙང་ཆེན་དགོན་གྱི་རྡོ་རྗེ་སློབ་དཔོན་ དང༌། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཆོས་ལུགས་ཞིབ་འཇུག་པ། རྩོམ་སྒྲིག་ མཁན། གཞན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་གླིང་གི་ཆེད་གཉེར་སློབ་ཁྲིད་མཁན་ དུ་དགོས་མཁོ་བསྟུན། བཀའ་གདམས་དགེ་བའི་བཤེས་གཉེན་ཆེན་པོ་རྒྱལ་སྲས་པོ་ཏོ་བའི་ གསུང་རྒྱུན། དགེ་བཤེས་ཡ་གད་པའམ་དོལ་པ་ཤེས་རབ་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་ མཛད་པའི་བེའུ་བུམ་སྔོན་པོའི་རྩ་བ་དང༌། ཇོ་བོ་ལྷ་འབྲི་སྒང་པས་མཛད་པའི་བེའུ་བུམ་སྔོན་ པོའི་འགྲེལ་བ་གཉིས་རྩ་འགྲེལ་ཤན་སྦྱར་བྱས་ནས་དཔེ་ཁྲིད་མཁན་གྱི་ངག་དབང་ཡོན་ ཏན་བཟང་པོ་དང༌། རྒྱལ་ཚབ་གཙང་ཆེན་དགོན་གྱི་རྡོ་རྗེ་སློབ་དཔོན་སྤྲུལ་སྐུ་འཇིགས་མེད་ རྡོ་རྗེ། གཙང་པའི་གསེར་ཁྲི་སྐུ་འབྲིང་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་ རྣམ་རྒྱལ་སོགས་དང༌། ཆོས་རྗེ་རྡོ་རྗེ་སློབ་དཔོན་བླ་མ་ཚུལ་ཁྲིམས། སྦྱང་བ་མ་འདས་སྤྲུལ་ སྐུ་ཤེས་རབ་རྒྱ་མཚོ། ཚེས་བཅུ་སྤྲུལ་སྐུ་བསོད་ནམས་བཟང་སོགས་རབ་གནས་སུ་ཕེབས་ པའི་བླ་སྤྲུལ་རྣམས་ལ། དགོན་པའི་ལྷ་སྡེ་ཡོངས་ཀྱི་སྐྱ་སེར་རྣམས་ཀྱིས་ལྷ་བསང་དང་བཅས་ པའི་རྟ་བསུ་དང་སེར་ཕྲེང་གིས་མཆོད་སྐོར་དང་བཅས་ནས་གསོལ་སྟོན་ཁང་དུ་སྤྱན་འདྲེན་ བྱས་ནས་བཞེས་པ་དྲངས། ཚེས་བཅུ་གཅིག་ཉིན་ནས་རབ་གནས་འགྲོ་ཕན་རྒྱས་བྱེད་ཀྱི་ སྒོ་ནས་རྗེ་རྒྱལ་བ་ཇོ་ནང་པའི་རྡོ་རྗེ་སློབ་དཔོན་ཡོངས་སུ་རྫོགས་པ་རྣམས་ཀྱིས་རབ་གནས་ 5-1-228 བྱས་རིམ་ཡང་མཁན་ངག་དབང་ཡོན་ཏན་བཟང་པོ། སྤྲུལ་སྐུ་འཇིགས་མེད་རྡོ་རྗེ། སྐུ་འབྲིང་ ངག་དབང༌། བསེ་སྤྲུལ་སྐུ། ཆོས་རྗེ་དགོན་གྱི་བླ་མ་ཚུལ་ཁྲིམས། མ་འདས་ཡང་སྤྲུལ། ཚེས་ བཅུ་དགོན་གྱི་སྤྲུལ་སྐུ་བསོད་ནམས་བཟང༌། ཆོས་ཐང་དགོན་གྱི་རྡོ་རྗེ་སློབ་དཔོན་བླ་མ་བློས་ འཕྲིན་དང༌། བླ་མ་སྣང་སྟོང༌། བྱ་ཡུལ་དགོན་གྱིརྡོ་རྗེ་སློབ་དཔོན་བླ་མ་ཆོས་མཛོད། ས་དམར་ དཔལ་རྩེ་དགོན་མི་འགྱུར་ངེས་དོན་གླིང་གི་རྡོ་རྗེ་སློབ་དཔོན་བླ་མ་རིན་ཆེན་བརྩོན་འགྲུས། ཡར་ཐང་རྒྱ་སྤྲུལ་སྐུ་ངག་དབང་བསྟན་འཛིན། མགོ་ལོག་ལུང་སྐྱ་དགོན་གྱི་རྡོརྗེ་སློབ་དཔོན་ ཆེན་པོ་རྒྱ་བླ་པདྨ་རྣམ་རྒྱལ་དང་མཁན་པོ་ཚུལ་ཁྲིམས། དགོན་འགབ་མའི་རྡོ་རྗེ་སློབ་དཔོན་ རྟོགས་ལྡན་བླ་མ་གསལ་ལྡན། གཙང་གོང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་སྤྲུལ་སྐུ་བློ་གྲོས་ རྣམ་རྒྱལ། གཙང་ཞོལ་མའི་དགོན་གྱི་བླ་མ་ཆོས་བཟང་དཔལ། མགར་སྐོར་དགོན་པའི་སྤྲུལ་ སྐུ་ཐུབ་བསྟན་ཤེས་རབ། ལྕམ་མདའ་དགོན་གྱི་མཁན་པོ་ཤེས་རབ། ཉིན་ཡོས་དགོན་གྱི་རྡོ་ རྗེ་སློབ་དཔོན་བླ་མ་འགྱུར་མེད་རྒྱ་མཚོ་སོགས་དང༌། སྤང་ཐོག་དགོན་པའི་བླ་སྤྲུལ་ཡོངས་ རྫོགས་སོགས་མདོར་ན་བླ་མ་སྤྲུལ་སྐུ་རྣམས་ཀྱི་གཙོས་དགེ་འདུན་པ་ཉིས་བརྒྱ་ལྷག་གིས་ ཉིན་བདུན་རིང་རབ་གནས་མཛད། འདིའི་སྐབས་སུ་མཆོད་པའི་རིགས་ལ་ཞལ་ཟས་སྟོང་ ཕྲག་དུ་མ། མར་མེ་ཁྲི་ཕྲག་དུ་མ། ཡོན་ཆབ་ཁྲི་མཆོད་དུ་མ། སྤོས་རིགས་འབུམ་ཕྲག་མང་པོ། གོས་རིགས་ཀྱི་མཆོད་རྫས་སྣ་ཚོགས། སེར་སྐྱ་ཡོངས་ལ་བཞེས་པ་ཉིན་རེ་རེ་བཞིན་འདྲ་མིན་ སྣ་ཁ་མང་པོའི་གསོལ་སྟོན་ཕུལ། མཐར་དགའ་སྟོན་དུ་འབུལ་བ་བྱས་རིམ་ཡང་ཁྲི་འཛིན་པ་ ལ་རྟ་གཉིས་དང་ས་གདན་འབོལ་བཅས། གོས་རིགས་སྣ་ཚོགས་དང༌། བླ་སྤྲུལ་གཞན་ལ་ རྟ་དང་ས་གདན་འབོལ་གོས་རིགས་དུ་མ། གྲྭ་གཞུང་ལ་དེ་ལུགས་ཀྱི་འབུལ་བ་གཟབ་ལྡན་ གྱི་སྒོ་ནས་བསོད་ནམས་བསགས་པའི་བྱ་བ་རླབས་ཆེན་བྱས་པའོ། །མགོ་ལོག་ཁག་གསུམ་ དང༌། རྡོ་འཛི་སྨར་གསུམ། ཝ་ཤུལ་རྨེ་བ། དེ་དག་གི་དགོན་སོ་སོ་ནས་བླ་སྤྲུལ་དུ་མ་དང༌། 5-1-229 འཛམ་ཐང་རང་རྫོང་ནས་རྒྱ་བོད་ཀྱི་མི་རིགས་དུ་མ་རྣམས་ལ་རང་རང་སོ་སོའི་ཡུལ་སྲོལ་ ལྟར་ཟས་སྣ་དུ་མའི་གསོལ་སྟོན་དང༌། བླ་སྤྲུལ་དགེ་འདུན་པ་རྣམས་དང་མང་ཚོགས་རྣམས་ ཀྱི་ཡིད་སེམས་སྤྲོ་བར་བྱེད་པའི་ཆེད་རྩེད་མོའི་རིགས་དུ་མའི་སྒོའི་འཁྲབ་སྟོན་དུ་མ་དང༌། རང་རང་གི་རེ་འདོད་ལྟར་འབུལ་བ་གནང་སྦྱིན་སོགས་མི་དམན་པ་བྱས་སོ། །དགེ་མཚན་ གྱི་རྟགས་མཁའ་དབྱིངས་སུ་འཇའ་སྤྲིན་སྣ་ལྔའི་གཟུགས་རིས་སྣ་ཚོགས་ངོམ་པ་དང༌། སྐུ་ གསུང་ཐུགས་རྟེན་སོགས་ལ་རང་རང་སོ་སོ་ལ་བྱིན་རླབས་འཇུག་པའི་རྟགས་མཚན་དུ་སྔར་ ལས་གཟི་མདངས་འབར་བ་ཀུན་གྱིས་མཐོང་ཆོས་སུ་གྱུར་པའོ། ། སྨྲས་པ། མི་བཟོད་སྲིད་པའི་མེ་ཡི་ར་བ་རུ། །ཉམ་ཐག་མགོན་མེད་བདག་སོགས་གཏན་ འཁྱམས་རྣམས། །ཐུགས་རྗེ་ལྕགས་ཀྱུས་ཐར་བའི་ཁང་བཟང་ལ། །འདྲེན་མཛད་དཔལ་ ལྡན་བླ་མར་གུས་པས་འདུད། །འདི་བྱས་ལས་བྱུང་རྣམ་དཀར་ཉལ་འགྲོའི་རྒྱུན། །རྒྱལ་སྲས་ སེམས་དཔའི་དྲི་མེད་དགེ་ཚོགས་རྣམས། །རླབས་ཆེན་སྨོན་པའི་ཆུ་ཀླུང་དང་འདྲེས་ནས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་པར་ཤོག །ཐུགས་རྟེན་ཁྱད་འཕགས་མདོ་ཁམས་སྤྱི་ ནོར་འདི། །ཆིག་སྟོང་དགུ་བརྒྱ་གོ་དྲུག་ཟླ་༩ཚེས་༡༠ལ། །སྔོན་བསགས་ལྡན་པའི་སྐྱེས་ཆེན་ བཟང་དགའ་ཡིས། །ལྷག་བསམ་དག་པའི་ཐུགས་བསྐྱེད་ཟླ་བྲལ་མཐུས། །བསྟན་འགྲོའི་ དོན་དུ་དམིགས་ནས་རྟེན་མཆོག་བཞེངས། །ཆེ་ཕྲའི་རྒྱུ་ཚེགས་གང་འབྲེལ་འདས་ལྡན་དང༌། །མར་གྱུར་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་སྦྱང་ཚོགས་གཉིས་རབ་ཏུ་རྫོགས་ གྱུར་ཅིག །རྟེན་འདི་བཞུགས་པའི་ས་ཕྱོགས་དེ་ཉིད་དུ། །ཆར་ཆུ་དུས་ཚིགས་སྙོམས་ཤིང་ལོ་ ཕྱུགས་འཕེལ། །ནད་རིམ་ཀུན་ཞི་ཚེ་རིང་གྲོགས་བཟང་ལྡན། །དུས་འཁྲུགས་ཞི་ཞིང་ཆབ་ སྲིད་རབ་ཏུ་བརྟན། །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་འདུ་བྱེད་བརྟན། །ཐོས་བསམ་སྒོམ་པའི་ བྱ་བ་རྟག་འཕེལ་ངང༌། །འཆད་རྩོད་རྩོམ་པ་ཡར་ངོའི་ཟླ་ལྟར་རྒྱས། །ཆོས་སྤྱོད་བཅུ་པོ་རྟག་ 5-1-230 ཏུ་འཛིན་པར་ཤོག །བདག་གཞན་སྐྱེ་དང་སྐྱེ་བའི་ཕྲེང་བ་རུ། །དལ་རྟེན་ཐོབ་ཅིང་དགེ་བའི་ བཤེས་དང་འཕྲད། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །དད་པ་རྣམ་གསུམ་ རྒྱུད་ལ་སྐྱེ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་ མྱུར་ཐོབ་ཤོག །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་ སྲུང་མ་ཡིས། །འདིར་བསགས་རྣམ་པར་དཀར་བའི་བྱ་བ་རྣམས། །ཇི་ལྟར་སྨོན་པ་བཞིན་དུ་ འགྲུབ་གྱུར་ཅིག ། ཅེས་མཆོད་རྟེན་མཐོང་གྲོལ་ཆེན་མོའི་དཀར་ཆག་དད་གསུམ་བསྐྱེད་པའི་ནོར་བུའི་རྒྱན་ ཕྲེང་ཞེས་བྱ་བ་འདི་ཡང་བླ་མ་བཟང་དགའ་དང་ཕྱག་མཛོད་སྟག་ལོ་ཟུང་གིས་བསྐུལ་མ་ཆེད་ གཉེར་ལྟར། ཕྱི་ལོ་༡༩༩༨རབ་བྱུང་བཅུ་བདུན་པ། ས་ཕོ་སྟག་གི་ལོའི་དཔྱིད་འབྲིང་དབོའི་ཟླ་ བའི་ཚེས་གསུམ་ཉིན། གཟའ་ཟླ་བ་སྐར་མ་ནམ་གྲུ་ཆུ་གཉིས་འཕྲད་པ་བདུད་རྩི་སྦྱོར། རྣམ་ དཀར་གང་བསགས་འབུམ་འགྱུར་དུ་འགྲོ་བའི་དུས་ཆེན་ཉིན་དཔྱིད་ཐ་ཆུང་གི་དུས་སུ་ཁ་བ་ ཆར་དུ་གྱུར། དྲོད་རྒྱས་པའི་སྲིན་བུའི་རིགས་འགུལ། ནམ་མཁའི་མདངས་གསལ། ས་བོན་ ཐམས་ཅད་སད་ལ་ཉེ། སྟེང་འཐུང་རྣམས་བཞད་པའི་དབུ་བརྩམས། རྐང་འཐུང་ཐམས་ཅད་ མདོག་འགྱུར། འདབ་ཆགས་ཀྱི་རིགས་ཐམས་ཅད་ཀྱིས་སྐད་སྙན་སྣ་ཚོགས་སྒྲོག་པའི་མགོ་ འཛིན། ཉལ་འགྲོའི་མདོག་དཀར་བསྒྱུར་ནས་མདོག་སྔོ་སང་དུ་འགྲོ། ནོར་འཛིན་གྱི་ཁ་དོག་ འགྱུར་བའི་མགོ་བརྩམས། འགྲོ་ཀུན་དགའ་བའི་རྣམ་འགྱུར་ངོམ་པ་སོགས་མདོར་ན་ཕྱི་ནང་ སྣོད་བཅུད་ཐམས་ཅད་ཀྱིས་མཆོག་གསུམ་ལ་མཆོད་པའི་རྣམ་འགྱུར་ངོམ་པའི་དབུ་བརྩམས་ པའི་དུས་སུ་འཛམ་ཐང་གཙང་ཆེན་དགོན་གྱི་མཁན་ངག་དབང་ཡོན་ཏན་བཟང་པོས་བྲིས་པ་ དགེ། སརྦ་མངྒ་ལཾ། བཀྲ་ཤིས། 5-1-231 (འདི་རྩོམ་སྐབས་ཁོང་གིས་དག་བཅོས་ཐེབས་མེད་པས་ཚིག་ལ་དོགས་པ་ཡོད་ཀྱང་མ་ཕྱི་སོར་བཞག་མཛད་ཡོད་པ་ ཐུགས་ལ་འཇགས་འཚལ།) 5-1-232 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་གི་གླེང་གཞི་དགོས་པ་ དམ་ཚིག་ཕན་ཡོན་སོགས་གསལ་བར་བཀོད་པ་ དྲི་མ་བཀྲུ་བའི་བདུད་རྩིའི་ཆུ་རྒྱུན་ ཞེས་བྱ་བ་བཞུགས་སོ། ། ༄༅། །བླ་མ་དང་གཉིས་སུ་མེད་པ་རིགས་ཀུན་གྱི་བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་ ལ་ཕྱག་འཚལ་ལོ། །འདིར་དཔལ་དུས་ཀྱི་འཁོར་ལོའི་གསང་བ་སྔགས་ཀྱི་གླེང་གཞི། དགོས་ པ། སྡོམ་པ་བསྲུང་ཚུལ། ཕན་ཡོན་དང་བཅས་མདོ་ཙམ་བརྗོད་པ་ལ། གླེང་གཞི། དུས་འཁོར་དབང་ཐོབ་པའི་དགོས་པ། དབང་གི་དམ་ཚིག་སྲུང་ཚུལ། ཕན་ ཡོན་དང་བཞི་ལས། ས་བཅད་དང་པོ་གླེང་གཞི་ནི། སྤྱིར་བདག་ཅག་གི་སྟོན་པ་ཆེན་པོ་མཉམ་མེད་བུ་རམ་ ཤིང་པས་གདུལ་བྱ་རྣམས་ཀྱི་ཁམས་དབང་མོས་པ་སྣ་ཚོགས་པའི་དབང་གིས་ཆོས་ཀྱི་སྒོ་ བསམ་གྱིས་མི་ཁྱབ་པ་གསུངས། དེ་ཐམས་ཅད་ཀྱང་བསྡུས་ན་མདོ་སྔགས་ཀྱི་ཐེག་པ་གཉིས་ སུ་འདུ། མདོའི་ཐེག་པ་ལའང་གསུམ་ལས། དང་པོ་ཉན་ཐོས་ནི་རང་དོན་ཁོ་ན་ཡིད་ལ་བྱེད་ ཅིང་ཚོགས་མང་དུ་བསགས་པར་ཡང་མི་འདོད་པའི་གདུལ་བྱ་ཉན་ཐོས་རིགས་ཅན་དག་ ལ། གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོ་དང་། རྣམ་པ་གཞན་རྣམས་དེའི་ཡན་ལག་ ཏུ་བྱས་ཏེ་བདེན་བཞིའི་རྣམ་པ་བཅུ་དྲུག་ཙམ་བསྒོམས་པས་མྱུར་ནས་སྲིད་པ་གསུམ་གྱི་དགྲ་ 5-1-233 བཅོམ་ཐོབ་ནུས་པའི་ལམ་བསྟན་པ་ཉན་ཐོས་ཐེག་པ་དང་། རང་རྒྱལ་ནི་རང་དོན་ཁོ་ན་ཡིད་ ལ་བྱེད་ཀྱང་ཚོགས་མང་དུ་བསགས་པར་འདོད་པའི་རང་རྒྱལ་གྱི་རིགས་ཅན་དག་ལ་ཚོགས་ ལམ་དུ་བསྐལ་པ་བརྒྱར་ཚོགས་བསགས་པའི་ཚོགས་ཀྱི་ཁྱད་པར་མཁས་བྱའི་གནས་བདུན་ ལ་སོགས་པ་དང་། ལམ་གྱི་གཞུང་ཤིང་གང་ཟག་གི་བདག་མེད་གཙོ་བོར་བྱས་པའི་བདེན་ བཞིའི་རྣམ་པ་བཅུ་དྲུག་བསྒོམས་པས་བསྐལ་ཆེན་བརྒྱས་དགྲ་བཅོམ་འཐོབ་བྱེད་ཀྱི་ལམ་ བསྟན་པ་རང་རྒྱལ་གྱི་ཐེག་པ་དང་། བདག་ཉིད་གཅིག་པུས་སེམས་ཅན་མཐའ་དག་སྲིད་ ཞིའི་འཇིགས་པ་མ་ལུས་པ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་སར་འགོད་པར་འདོད་པ་མདོ་ ལམ་པའི་བྱང་སེམས་ཀྱི་རིགས་ཅན་དག་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གཞི་བྱས་ལ་ ཕར་ཕྱིན་དྲུག་དང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་ལ་སོགས་པ་ཚོགས་མཐའ་ཡས་ པས་བསྐལ་ཆེན་གྲངས་མེད་གསུམ་ནས་ས་བཅུ་པའི་རྒྱལ་ཚབ་ཆེན་པོ་ཐོབ་པའི་ལམ་བསྟན་ པ་མདོ་ལམ་པའི་བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ་མོ། ། སྤྱིར་གསང་བ་སྔགས་ཀྱི་ཐེག་པའང་གདུལ་བྱ་དབང་རྟུལ་རྣམས་ཐེག་ཆེན་མདོ་ལམ་ རྣམས་ཀྱི་སྟེང་དུ། ཆུ་དང་ཅོད་པན་གྱིས་རྒྱུད་སྨིན་པར་བྱས་ཏེ། བདག་བསྐྱེད་མེད་པར་ མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས་ཏེ་མཆོད་པ་འབུལ། རྒྱས་གདབ་བྱས་ནས་སྔགས་བཟླས་ པས་ཐུགས་རྒྱུད་བསྐུལ་ཏེ། ལས་སྣ་ཚོགས་པ་དང་། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་། མཚན་མེད་ཀྱི་རྣལ་འབྱོར་སྒོམ་པ་ཟུང་འགྲེལ་དུ་བྱས་པས་བསྐལ་ཆེན་བརྒྱད་ན་ས་བཅུ་པའི་ མཐར་སླེབ་པའི་ལམ་བསྟན་པ་བྱ་རྒྱུད་ཀྱི་ཐེག་པ་དང་། སྔགས་ཀྱི་གདུལ་བྱ་དབང་འབྲིང་ ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆུ་དང་ཅོད་པན་གྱི་སྟེང་དུ་ཕྱག་མཚན་གྱི་དབང་དང་མིང་ དབང་རྣམས་ཀྱིས་རྒྱུད་སྨིན་པར་བྱས་ཏེ། རང་ཉིད་ལྷ་སྐུར་བསྐྱེད་ནས་ཐུན་མཐར་བདག་ བསྐྱེད་ཀྱི་ལྷ་གཤེགས་པ་སོགས་ཀྱི་ཡི་དམ་གྱི་ཐུགས་རྒྱུད་བསྐུལ་ནས་ལས་དང་དངོས་གྲུབ་ 5-1-234 ཐུན་མོང་བ་བསྒྲུབ་པ་དང་། མཚན་མེད་ཀྱི་རྣལ་འབྱོར་ཟུང་འབྲེལ་དུ་བསྒོམས་པས་བསྐལ་ ཆེན་གསུམ་མམ་གཅིག་གིས་ས་བཅུ་པ་འཐོབ་བྱེད་ཀྱི་ལམ་བསྟན་པ་སྤྱོད་རྒྱུད་ཀྱི་ཐེག་པ་ དང་། སྔགས་ཀྱི་གདུལ་བྱ་དབང་རྣོན་རྣམས་ལ། བྱང་ཆུབ་ཀྱི་སེམས་ཀྱིས་གཞི་བཟུང་སྟེ། ཆུ་དང་། ཅོད་པན། རྡོ་རྗེ་དང་། དྲིལ་བུ། མིང་དབང་སྟེ་རྡོ་རྗེ་སློབ་མའི་དབང་དང་། སློབ་ དཔོན་གྱི་དབང་མཐའ་རྟེན་དང་བཅས་པས་སྨིན་པར་བྱས་ཏེ། འབྲས་བུ་སངས་རྒྱས་ཀྱི་སྐུ་ གསུང་ཐུགས་མཛད་པ་རྣམས་ལམ་དུ་བྱེད་པའི་སྒོ་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ཕྱག་ རྒྱ་བཞིས་རྒྱས་བཏབ་ནས་སྒོམ་སྟེ། མཐར་ཕྱག་རྒྱ་བཀྲོལ་ནས་བདག་བསྐྱེད་ཀྱི་ལྷ་གཤེགས་ པ་དང་། མདོ་དང་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་བྱེད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་ པར་དུ་མ་དག་བསྒོམས་པས་ཚེ་ལོ་བརྒྱ་པའི་མི་ཚེ་བཅུ་དྲུག་ཙམ་གྱིས་ཕྱག་རྒྱ་ཆེན་པོ་དང་། དེ་ནས་མི་ཚེ་སོ་གཉིས་ཙམ་གྱིས་ས་བཅུ་པའི་མཇུག་ཏུ་ཉེ་བའི་བར་ཐོབ་པའི་ལམ་བསྟན་པ་ རྣལ་འབྱོར་རྒྱུད་ཀྱི་ཐེག་པ་དང་། སྔགས་ཀྱི་གདུལ་བྱ་དབང་པོ་ཆེས་རྣོན་དག་ལ། ཀུན་རྫོབ་ སེམས་བསྐྱེད་དང་གཞན་དོན་མཐའ་དག་སྒྲུབ་པ་ལ་སེམས་དཔའ་བའི་སྙིང་སྟོབས་དང་ལྡན་ པས་གཞི་བཅས་ཏེ། བུམ་གསང་ཤེར་དབང་དང་དབང་བཞི་པས་རྒྱུད་སྨིན་པར་བྱས་ནས་ ལམ་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་གཉིས་བསྒོམས་པས་སྐྱེ་བ་སྔ་མར་ལམ་ ལ་སྦྱང་བ་མེད་པ་དག་ཀྱང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལའང་སངས་རྒྱས་རྡོ་རྗེ་འཆང་གི་ གོ་འཕང་འཐོབ་བྱེད་ཀྱི་ཐེག་པ་བསྟན་པ་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་ཐེག་པ་དང་བཞི་ ཡོད་པ་ལས་ཕྱི་མ་ནི་ཐེག་པ་མཐའ་དག་གི་ཡང་རྩེ་ཡིན། ད་ལན་གྱི་སྐབས་སུ་བབ་པ་ཡང་ གསང་སྔགས་བླ་མེད་ཀྱི་ཐེག་པ་ཡིན་ཏེ། འདི་ལའང་ལྷ་ཡབ་ཀྱི་དཀྱིལ་འཁོར་ལ་སོགས་པ་ གཙོ་བོར་སྟོན་པ་དག་ཕ་རྒྱུད་དང་། ལྷ་ཡུམ་གྱི་དཀྱིལ་འཁོར་སོགས་གཙོ་བོར་སྟོན་པ་དང་ ། ཡབ་ཡུམ་གཉིས་ཀ་སོགས་གཙོ་བོར་སྟོན་པ་མ་རྒྱུད་དང་གཉིས། ཕ་རྒྱུད་ལ་གསང་འདུས་ 5-1-235 ལྟ་བུ་ཆགས་ཅན་རྗེས་སུ་འཛིན་པའི་རྒྱུད་དང་། འཇིགས་བྱེད་རྟོགས་བདུན་ལྟ་བུ། ཞེ་སྡང་ ཅན་ཚར་གཅོད་པའི་རྒྱུད་དང་། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལྟ་བུ་གཏི་མུག་ཅན་རྗེས་སུ་ འཛིན་པའི་རྒྱུད་དང་གསུམ། མ་རྒྱུད་ལའང་། བདེ་མཆོག དགྱེས་རྡོར། མཧཱ་མ་ཡ་ལ་སོགས་ པ་ཧེ་རུ་ཀའི་རིགས་དང་། གདན་བཞི་ལྟ་བུ་རྣམ་སྣང་གི་རིགས་དང་། རིགས་ཀྱི་འཇིག་རྟེན་ མགོན་པོ་ལྟ་བུ་པདྨའི་རིགས་དང་། རྡོ་རྗེ་བདུད་རྩི་ལྟ་བུ་རྣམ་སྣང་གི་རིགས་དང་། སྒྲོལ་མ་ རྣལ་འབྱོར་མ་ལྟ་བུ་རྟའི་རྒྱལ་པོའམ་དོན་ཡོད་གྲུབ་པའི་རིགས་དང་། ཟླ་གསང་ཐིག་ལེ་ལྟ་ བུ་རྡོ་རྗེ་སེམས་དཔའི་རིགས་དང་དྲུག་ཡོད་པ་ལས། སྐབས་འདིར་ནི་མ་རྒྱུད་དང་། དེའི་ནང་ གི་ཡང་རྡོ་རྗེ་སེམས་དཔའི་རིགས་ཉིད་ཡིན་ནོ། ། སྤྱིར་མ་རྒྱུད་ཀྱི་ནང་ནས་ལྷ་ཡབ་ཡུམ་གཉིས་ཀ་དང་ཐབས་ཤེས་རབ་ཀྱི་ཆ་གཉིས་ཀ་ གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་ཅེས་སྔ་མ་གཉིས་ལས་ལོགས་སུ་བཞག་ནས་བླ་མེད་ལ་ ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེས་པའི་ནང་གི་འདིར་ནི་གཉིས་མེད་ཀྱི་རྒྱུད་ དང་པོའི་སངས་རྒྱས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་སྟེ། དེ་ཡང་དུས་འཁོར་ རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་ བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་ གསུངས་པ་ལྟར་སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོ་ནག་པ་ཟླ་བའི་ཉ་ ལ། འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་གཤེགས། དེ་ཚེ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་ དང་། ལྷ་ཆེན་བཅུ་གཉིས་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་གྲངས་མེད་པ་ འདུས། ཆུ་བོ་སི་ཏཱའི་བྱང་ཕྱོགས་བྱང་ཤམྦྷ་ལའི་རྒྱལ་སྲིད་བསྐྱངས་ནས་ལོ་གོ་དགུ་བཞེས་ པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཆོས་རྒྱལ་ཟླ་བ་བཟང་པོ་དང་། གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མིའི་ 5-1-236 འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་དང་བཅས་པ་རྫུ་འཕྲུལ་གྱིས་ འོངས་ཏེ། ཟླ་བ་བཟང་པོས་ཞུས་པའི་ངོར། རྩ་རྒྱུད་ལས། ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་ དང་། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་གསུངས་པ་ལྟར། བྱ་རྒོད་སྤུངས་རིར་གདུལ་ བྱ་ཐེག་ཆེན་ཐུན་མོང་གི་ངོར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་ཐུན་མིན་ངོར་རྒྱ་གར་ལྷོ་ ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའི་གླིང་དུ་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་དགྲ་ བཅོམ་པ་ལྔ་བརྒྱས་འབྲས་སོ་བས་ཆར་ཕབ་པས་རྒྱུ་བྱས་ཏེ་ལྷ་ཆེན་རྣམས་ཀྱིས་བཞེངས་ པར་གྲགས་པའི་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་བུམ་པའི་ནང་འོག་ཏུ་ཆོས་དབྱིངས་ གསུང་གི་དཀྱིལ་འཁོར་དང་། བར་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར། དེའི་སྟེང་དུ་དཔལ་ ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་མངོན་པར་སྤྲུལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་དབང་བསྐུར་ནས་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་སྣོད་རུང་དུ་མཛད་དེ། མདུན་ཞལ་ ཐུགས་རྡོ་རྗེ་ལས། རྗེས་བསྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་དང་པོའི་སངས་རྒྱས་དཔལ་དུས་ ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། གསང་བ་འདུས་པའི་རྒྱུད་སྟོང་ ཕྲག་ཉེར་ལྔ་པ་དང་། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ་དང་། གདན་བཞིའི་རྩ་རྒྱུད་སྟོང་ ཕྲག་བཅུ་གཉིས་པ་དང་། སངས་རྒྱས་ཐོད་པའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་། མཧཱ་ མ་ཡའི་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ་དང་རྣལ་འབྱོར་རིག་པའི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་དྲུག་ པ་དང་། བདེ་མཆོག་མངོན་བརྗོད་འབུམ་པ་དང་། ཀྱེ་རྡོ་རྗེ་འབུམ་ཕྲག་ལྔ་པ་དང་། རྡོ་རྗེ་ བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང་། ཞལ་ལྷག་མ་གསུམ་བྱ་སྤྱོད་རྣལ་འབྱོར་རྒྱུད་ ལ་སོགས་པ་རྒྱུད་མཐའ་དག་ཡང་བསྐྱར་དུ་གསུངས་ནས་ཟླ་བ་བཟང་པོ་ལ་གཏད། དེ་དུས་ སུ་མི་དང་མི་མ་ཡིན་གྲངས་ལས་འདས་པ་ལ་འདོད་པའི་དངོས་གྲུབ་ཐོབ། ཟླ་བ་བཟང་པོས་ རྒྱུད་མཐའ་དག་ཤམྦྷ་ལར་གདན་དྲངས་ཏེ་ཡི་གེར་བྲིས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལ་ 5-1-237 འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྩ་རྒྱུད་གསུངས་པའི་ལོ་གཉིས་ནས་མ་ལ་ཡའི་ སྐྱེད་མོས་ཚལ་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ལས་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་ དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས་ཏེ། རང་གི་སྲས་སའི་སྙིང་པོའི་སྤྲུལ་པ་ ཆོས་རྒྱལ་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་གཟུགས་སྐུ་དབྱིངས་སུ་བསྡུས། ཆོས་རྒྱལ་ ལྷ་དབང་གི་རྗེས་སུ་རིམ་པ་བཞིན་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་ཆོས་རྒྱལ་གཟི་བརྗིད་ ཅན་དང་། སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བའི་བྱིན། ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ ཕྱུག ཁེངས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ ལྡན་དང་ཆོས་རྒྱལ་ལྷ་དབང་ནས་འདིའི་བར་གྱི་ཆོས་རྒྱལ་དྲུག་བྱོན་ཏེ། ལོ་བརྒྱ་བརྒྱའི་བར་ དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན། དེའི་རྗེས་སུ་ལྷའི་དབང་ལྡན་གྱི་སྲས། རྩ་རྒྱུད་ ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོར། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་ དཔལ་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་ལུང་བསྟན་པ་ལྟར་རིགས་ལྡན་ དང་པོ་འཇམ་དཔལ་གྱི་རྣམ་འཕྲུལ་རྒྱལ་པོ་གྲགས་པས་ལོ་བརྒྱར་ཆོས་བསྟན་ནས་དགུང་ལོ་ བརྒྱ་པའི་དུས་སུ་ཤམྦྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ཀྱི་དྲང་ སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་སྔགས་ཀྱི་སྐལ་བ་དང་ལྡན་ཞིང་འདུལ་བའི་དུས་ལ་བབ་ པར་གཟིགས། དེ་རྣམས་མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་རྒྱུད་ལས་ཀླ་ཀློའི་ཆོས་ འབྱུང་བར་ཡང་མཁྱེན། དེ་རྣམས་སྔགས་ཀྱི་ལམ་ལ་བཅུག་ན་ཡུལ་དགུ་བཅུ་རྩ་དྲུག་གི་མི་ རྣམས་སྔགས་ཀྱི་ལམ་ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་བཏུལ་བ་ཡང་བསྡིགས་ ཤིང་བསྐྲད་ན་ཐུལ་བར་མཁྱེན་ཏེ། དབོའི་ཉ་ལ་མ་ལ་ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་ཁང་པ་ ཕྱི་མའི་ནང་དུ་ཉི་མའི་ཤིང་རྟ་ལ་སོགས་པ་ཡུལ་གོ་དྲུག་གི་དྲང་སྲོང་ཐམས་ཅད་བོས་ཏེ། ཟླ་ བ་ཕྱི་མ་ནག་པའི་ཉ་ལ་ཁྱེད་རྣམས་ལ་གྲགས་པ་བདག་གིས་རྡོ་རྗེ་ཐེག་པ་བསྟན་པ་ཡིན་པས་ 5-1-238 ན། ཉི་མའི་ཤིང་རྟ་ལ་ཁྱེད་ཀྱིས་འགྲོ་བ་དེ་དག་གི་སྤྱོད་པ་ཐ་དད་པ་དག་སོ་སོར་བདག་ལ་ བསྟན་པར་གྱིས་ཞེས་དྲིས་པ་ན། དྲང་སྲོང་ཐམས་ཅད་ཀྱིས་གསུང་དེ་ཐོས་ནས་དེ་ལ་དཔྱད་ པ་ན་ཁ་ཅིག་གིས་ཐོད་པའི་ནང་དུ་ཟ་བ་དང་། ཁ་ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་དྲང་ སྲོང་རྣམས་རང་རང་གི་སྤྱོད་པ་སོགས་མི་འདྲ་བ་རྣམས་དོར་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ནས་ སྤྱོད་པ་འདྲ་བ་གཅིག་བྱེད་དགོས་པ་དེ། བློ་ལ་མ་འཐད་པས་དྲང་སྲོང་ཐམས་ཅད་ཀྱང་རང་ རང་གི་སྤྱོད་ཚུལ་རྣམས་དོར་བ་ནི་ལུས་ནང་གི་གློ་སྙིང་ཕྱུང་བ་དང་འདྲ་བས་དྲན་མེད་དུ་ས་ ལ་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གྲགས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པ་ལ་འཇུག་ པ་མི་འཐད་པར་གཟིགས་ནས་དྲང་སྲོང་ཁྱེད་རྣམས་བདག་གིས་དཀྱིལ་འཁོར་འདིར་བཅུག་ ནས་དུས་ཀྱི་འཁོར་ལོའི་དབང་སྦྱིན་པར་བྱའོ། །ཅི་སྟེ་བདག་གི་བཀའ་མི་བྱེད་ན་བདག་གི་ ཡུལ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་གཞན་དུ་སོང་ཞིག གཞན་དུ་ན་འདི་ནས་ ལོ་བརྒྱད་བརྒྱ་འདས་པའི་ཚེ་ཁྱེད་ཅག་གི་བུ་དང་ཚ་བོ་སོགས་ཀླ་ཀློར་འགྱུར་ཏེ་གྲོང་བྱེ་བ་ དགུ་བཅུ་རྩ་དྲུག་ཏུ་ཀླ་ཀློའི་ཆོས་དར་བར་བྱེད་དོ། ། ཞེས་རྒྱལ་པོའི་བཀའ་བྱུང་བ་དེ་དྲང་སྲོང་རྣམས་ཀྱི་མགོ་བོར་གནམ་ལྕགས་ཀྱི་ཐོག་ལྷུང་ བ་ལྟར་གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཁྱོད་ཀྱིས་མིའི་དབང་པོ་ གྲགས་པ་ལ་བདག་ཅག་རྡོ་རྗེའི་ཐེག་པ་ལ་ནི་མི་འཇུག བདག་ཅག་འཕགས་པའི་ཡུལ་དུ་ འགྲོ་བས་ཆོག་གོ་ཞེས་ཞུས་ཤིག་བྱས། ཉི་མའི་ཤིང་རྟས་དེ་ལྟར་རྒྱལ་པོ་གྲགས་པ་ལ་ཞུས་པ་ ན། རྒྱལ་པོ་གྲགས་པས་ཁྱེད་རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་ཕྱུང་ལ་སོང་ཞིག ཁྱེད་རྣམས་ སོང་ན་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མི་རྣམས་ལ་ཡང་དག་པའི་ལམ་ཐོབ་པར་འགྱུར་རོ་ ཞེས་བཀའ་དྲག་པོས་བསྐྲད་པས་དྲང་སྲོང་རྣམས་ཀ་ལཱ་པའི་གྲོང་ནས་བྱུང་སྟེ། ལྷོ་ཕྱོགས་སུ་ ཞག་བཅུའི་བར་དུ་སོང་སྟེ་ཞག་བཅུ་པ་ལ་ནགས་ཚལ་ཆེན་པོར་ཕྱིན་ཚེ། ཐམས་ཅད་གཉིད་ 5-1-239 འཐུག་པོས་ནོན་པར་བྱིན་གྱིས་བརླབས་ནས། མི་མ་ཡིན་རྣམས་ལ་བཀའ་བསྒོས་པས་མི་ མ་ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་མ་སད་པར་ཁྱེར་འོངས་ཏེ་མཱ་ལ་ཡའི་སྐྱེད་ཚལ་ གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་གཉིད་སད་ནས་རྒྱལ་པོ་གྲགས་པ་དང་དཀྱིལ་འཁོར་ དང་མཱ་ལ་ཡའི་སྐྱེད་ཚལ་རྣམས་མཐོང་བས་ངོ་མཚར་ཏེ། བདག་ཅག་སུ་ཞིག་གིས་ཁྱེར་འོང་ ཞེས་སྨྲས། སྨྲས་པའི་ཚིག་དེ་རྒྱལ་པོའི་བློན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས་དྲང་སྲོང་ རྣམས་ལ་སྨྲས་པ་ཉི་མའི་ཤིང་རྟ་སོགས་དྲང་སྲོང་ཁྱེད་རྣམས་བྱ་བ་དེ་འདྲ་ལ་ཡ་མཚན་པར་ མ་བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ཁྱེད་རྣམས་ རྗེས་སུ་བཟུང་བའི་དོན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་པས་ཁྱེད་རྣམས་ཀྱིས་རྒྱལ་པོ་ལ་ དུས་ཀྱི་འཁོར་ལོའི་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་སྨྲས་པས་དྲང་སྲོང་རྣམས་རྡོ་ རྗེའི་ཐེག་པའི་ཆོས་ལ་མོས་པ་སད་དེ། ཚངས་པའི་དྲང་སྲོང་རྣམས་དང་བཅས་ཏེ། ཉི་མའི་ ཤིང་རྟས་རིན་པོ་ཆེའི་མཎྜལ་ཕུལ། གུས་པའི་ཕྱག་འཚལ་ཏེ། མིའི་དབང་པོ་གྲགས་པ་ལ་ མཚམས་མེད་པ་ལྔ་བྱེད་པའང་ཚེ་གཅིག་ནས་ཕྱག་རྒྱ་ཆེན་པོ་འ ཐོབ་པར་བྱེད་པ་དང་པོའི་ སངས་རྒྱས་དེ་བདག་ཅག་ལ་བསྟན་དུ་གསོལ། རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ ངུའི་ཚིག་གིས་བསྡུས་ནས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་ པས། མི་བདག་གྲགས་པས་ནག་པའི་ཉ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚངས་པའི་དྲང་ སྲོང་རྣམས་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་བསྐུར་ཏེ། རྩ་བའི་རྒྱུད་ཀྱི་སྙིང་ པོ་བསྡུས་པ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་ཤོ་ ལོ་ཀ་སྟོང་དང་སུམ་ཅུ་པ་གསུངས་ཏེ་བསྟན། ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་ཐམས་ཅད་ ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷའི་ དབང་ལྡན་གྱི་བར་གྱི་ཆོས་རྒྱལ་བདུན་དང་ཉི་མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་ནི། 5-1-240 དེ་དག་གི་ཁོར་ཡུག་ཆེན་པོ་གོ་དྲུག་ཏུ་གནས་པའི་མི་རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་ འཛིན་པ་དང་། ངེས་བརྗོད་ཆོས་སུ་འཛིན་པའི་རིགས་ཅན་སོགས་ཕྱི་རོལ་པའི་གྲུབ་མཐའ་ འཛིན་པ་རིགས་བཞི་དང་རྡོ་རྗེ་ཐེག་པའི་རིགས་འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་ དང་ལྡན་པ་ཡིན་པས་ཆོས་རྒྱལ་ཡིན་ཡང་རིགས་ལྡན་གྱི་མིང་མ་ཐོགས། མི་བདག་གྲགས་ པས་ཚངས་པའི་རིགས་བཞི་ཀ་བཅོམ་ནས་ཐམས་ཅད་རྡོ་རྗེ་ཐེག་པའི་རིགས་ཅན་གཅིག་ ཏུ་མཛད་པས་འཁོར་རྣམས་རིགས་གཅིག་པར་གྱུར་པ་དང་ལྡན་པས་རིགས་ལྡན་དང་པོའི་ མཚན་ཐོགས། འདི་ནས་བཟུང་སྟེ་དྲག་པོ་འཁོར་ལོ་ཅན་གྱི་བར་རིགས་ལྡན་ཉེར་ལྔ་དང་ ། དྲག་པོའི་སྲས་ཚངས་པ། ལྷ་དབང་གཉིས་དང་། ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་སོགས་ པའི་ས་དུམ་བུར་སྐྱོང་བ་བརྒྱད་བྱོན་པ་ཐམས་ཅད་ཀྱང་རིགས་ལྡན་གྱི་རྒྱལ་པོ་ཡིན་ནོ། །མི་ བདག་གྲགས་པའི་རྗེས་སུ། རྩ་རྒྱུད་ལས། འགྲེལ་བཤད་བྱེད་པ་པད་དཀར་འཛིན། །ཞེས་ གསུངས་པ་ལྟར་རིགས་ལྡན་གཉིས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་པདྨ་དཀར་པོས་ བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མེད་འོད་ཅེས་བྱ་བ་སྟོང་ཕྲག་བཅུ་གཉིས་པ་བསོད་ ནམས་ལྡན་པའི་འགྲོ་བ་ལྷ་མིའི་བགོ་སྐལ་དུ་མཛད། དེ་ནས་རིགས་ལྡན་གསུམ་པ་གཤིན་ རྗེ་མཐར་བྱེད་ཀྱི་སྤྲུལ་པ་བཟང་པོ་དང་། རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་ དང་། རིགས་ལྡན་ལྔ་པ་རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང་། རིགས་ལྡན་ དྲུག་པ་སྒྲིབ་སེལ་གྱི་སྤྲུལ་པ་རིན་པོ་ཆེའི་ཕྱག་དང་། རིགས་ལྡན་བདུན་པ་ཁེངས་བྱེད་ཀྱི་ སྤྲུལ་པ་ཁྱབ་འཇུག་སྦས་པ་དང་། བརྒྱད་པ་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང་། དགུ་པ་ བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་པོ་དང་། བཅུ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱ་མཚོ་རྣམ་ རྒྱལ་དང་། བཅུ་གཅིག་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང་། བཅུ་གཉིས་པ་ སའི་སྙིང་པོའི་སྤྲུལ་པ་ཉི་མ་དང་། བཅུ་གསུམ་པ་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་ 5-1-241 དང་། བཅུ་བཞི་པ་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང་། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་ པ་མཐའ་ཡས་དང་། བཅུ་དྲུག་པ་ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང་། བཅུ་བདུན་པ་བགེགས་ དགྲའི་སྤྲུལ་པ་དཔལ་སྐྱོང་དང་། བཅོ་བརྒྱད་པ་ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང་། བཅུ་དགུ་ པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྣམ་པར་གནོན་དང་། ཉི་ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་ པོ་ཆེ་དང་། ཉེར་གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང་། ཉེར་གཉིས་པ་སྒྲིབ་ སེལ་གྱི་སྤྲུལ་པ་མིའི་སེང་གེ་དང་། ཉེར་གསུམ་པ་ནམ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་ དང་། ཉེར་བཞི་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང་། རིགས་ལྡན་ཉེར་ལྔ་པ་ འཇམ་དཔལ་གྱི་རྣམ་འཕྲུལ་དྲག་པོ་འཁོར་ལོ་ཅན་རྣམས་རིམ་པ་བཞིན་སྔ་མ་སྔ་མའི་སྲས་ སུ་བྱུང་སྟེ། ཆོས་རྒྱལ་ལྷ་དབང་ནས་དྲག་པོའི་བར་ཆོས་རྒྱལ་རིགས་ལྡན་སོ་གཅིག་ལས་རྒྱ་ མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ལས་གཞན་ཉེར་དགུ་ནི་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་ པ་ལ་རྒྱལ་སྲིད་དུ་ལོ་བརྒྱ་ཕྲག་རེ་བཞུགས་པར་མཉམ་པ་ཡིན་ལ། རྒྱ་མཚོ་རྣམ་རྒྱལ་བརྒྱ་ དང་གྱ་གཉིས། རྒྱལ་དཀས་ལོ་གྲངས་ཉིས་བརྒྱ་དང་ཉེར་གཅིག་ལ་རྒྱལ་སྲིད་བསྐྱངས། དེ་ ལས་རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་པ་ནི་རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན། རྡོ་རིང་ བཙུགས། ཟླ་བ་གསུམ་དུ་སྔགས་ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་ འོད་འབྱིན་པ་སོགས་ཆོ་འཕྲུལ་མང་དུ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སོགས་མཛད་ དེ། ནམ་མཁའ་ནས་ཕྱིར་གཤེགས་སོ། །རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་ རང་ལོ་བརྒྱ་པའི་དུས་སུ་སྤྲུལ་པའི་དམག་ཚོགས་ཀྱིས་ཀླ་ཀློ་སྤྲུལ་པ་རྣམས་བསད་པའི་ཚུལ་ བསྟན། རང་རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་བྱས་ཏེ་ཀླ་ཀློ་ཐམས་ཅད་བཅོམ་ཏེ། དུས་ཀྱི་ འཁོར་ལོའི་ཐེག་པ་ལ་བཀོད་ནས་མཐར་སྤྲུལ་པ་བསྡུ་བར་འགྱུར་རོ། །འཁོར་ལོ་ཅན་གྱི་ སྲས་ཚངས་པ་དང་ལྷ་དབང་གཉིས་ཚངས་པས་ལོ་སྟོང་དུ་ས་དུམ་བུ་བཅུ་གཉིས་སྐྱོང་ 5-1-242 ཞིང་། དེ་ནས་ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་སོགས་པ་ས་དུམ་བུ་ཅི་རིགས་པ་སྐྱོང་བའི་ རིགས་ལྡན་བརྒྱད་ཀྱིས་ཀྱང་ལོ་བརྒྱ་བརྒྱའི་བར་དུ་དུས་ཀྱི་འཁོར་ལོའི་ཟབ་ཆོས་སྟོན་པར་ མཛད་དེ། དེ་ལས་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའི་དུས་སུ་རྒྱ་གར་འཕགས་པའི་ཡུལ་ དུ་དུས་ཀྱི་འཁོར་ལོ་དར་བ་ཡིན་ཏེ། དེ་ཡང་པཎ་ཆེན་ཟླ་མགོན་ལུགས་ལྟར་འཕགས་ཡུལ་དུ་གཤིན་རྗེའི་གཤེད་ཀྱི་རྣལ་ འབྱོར་པ་ཞིག་གི་སྲས། དུས་ཞབས་པ་ཆེན་པོ་མཉྫུ་བཛྲ། རང་གི་ཡི་དམ་གྱིས་ལུང་བསྟན་པ་ བཞིན་བྱང་ཕྱོགས་སུ་གཤེགས་པའི་ལམ་དུ་རིགས་ལྡན་གྱི་སྤྲུལ་པ་དང་མཇལ། སྤྲུལ་པ་དེས་ དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་ཏུ་བསྒོམས་པས་རྫུ་འཕྲུལ་ཐོབ་སྟེ། ཤམྦྷ་ ལར་བྱོན། རིགས་ལྡན་དེ་ལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་པོ་དང་། སེམས་འགྲེལ་ སྐོར་གསུམ་སོགས་ཞུས་ནས། འགའ་ཞིག་ཐུགས་ལ་བཟུང་། འགའ་ཞིག་གླེགས་བམ་སྤྱན་ དྲངས་ཏེ་སླར་འཕགས་ཡུལ་དུ་བྱོན། དེས་དུས་ཞབས་པ་ཆུང་བ་ཤྲི་བྷ་དྲ་ལ་གནང་། དེ་ནས་ རིམ་བཞིན། རང་སྲས་ན་ལེནྡྲ་པ་མཚན་དངོས་བོ་དྷི་བྷ་དྲ་དང་། ཁ་ཆེའི་པཎ་ཆེན་ཟླ་བ་མགོན་ པོ། བླ་མ་ལྷ་རྗེ་སྒོམ་པ་མཚན་དངོས་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ ཆེན་ཡུ་མོ་པ་མི་བསྐྱོད་རྡོ་རྗེ། སྲས་དྷརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་ལྷ་རྗེ་ཇོ་ འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་ བཙུན་ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་ཇོ་ནང་པ་ཆེན་པོ་ཆོས་ཀྱི་རྗེ་ཤེས་རབ་རྒྱལ་ མཚན་ཏེ། གངས་ལྗོངས་འདིར་འགྲན་པའི་ཟླ་དང་བྲལ་བ་མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་ འདིས་མདོ་སྔགས་ཀྱི་ཆོས་མ་ལུས་པ་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། སངས་རྒྱས་ ཀྱི་བསྟན་པ་ལ་འཆད་ཉན་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱིས་ས་སྟེང་ཐམས་ཅད་ 5-1-243 ཁྱབ་པར་མཛད། ཁྱད་པར་རིགས་ལྡན་པདྨ་དཀར་པོ་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་འདིར་ དུས་ཀྱི་འཁོར་ལོའི་བསྟན་པ་མ་ནོར་བར་ཚུལ་བཞིན་དུ་སྟོན་ཅིང་སྤེལ་བའི་ཕྱིར་དུ་བསམ་ བཞིན་དུ་བྱོན་པ་ནི་ཀུན་མཁྱེན་ཆེན་པོ་འདི་ཉིད་ཡིན་པས་རྒྱལ་བའི་དགོངས་པ་ཇི་ལྟ་བ་ བཞིན་དུ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་བཤད་པ་ལན་གྲངས་དུ་མར་མཛད། བསྐྱེད་རིམ་གྱི་ མངོན་རྟོགས་དང་། རྫོགས་རིམ་གྱི་ཁྱད་པར་དང་། སློབ་དཔོན་དང་སློབ་མའི་དབང་གི་ཁྱད་ པར་ལ་སོགས་པ་རྒྱུད་ལས་བསྟན་པ་རྣམས་རྒྱ་བོད་ཀྱི་མཁས་པ་དག་གིས་མ་ཁྲོལ་བ་ཐམས་ ཅད་ཚུལ་བཞིན་དུ་གསལ་བར་མཛད་པ་སོགས་དུས་ཀྱི་འཁོར་ལོའི་ཤིང་རྟའི་སྲོལ་འབྱེད་ ཆེན་པོ་གཅིག་ཏུ་ངེས་སོ། །ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ནས། ཆོས་རྒྱལ་ཕྱོགས་ལས་རྣམ་ རྒྱལ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་ མཆོག་བཟང་པོ། མཁས་གྲུབ་ནམ་མཁའ་ཆོས་སྐྱོང་། པཎ་ཆེན་ནམ་མཁའ་དཔལ་བཟང་། ལོ་ཆེན་རཏྣ་བྷ་དྲ། རྗེ་བཙུན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ། མདོ་ སྔགས་རྒྱ་མཚོའི་མངའ་བདག་གཅིག་གྱུར་རྗེ་བཙུན་ཏཱ་ར་ནཱ་ཐ། གྲུབ་ཆེན་བློ་གྲོས་རྣམ་རྒྱལ། གྲུབ་ཆེན་ངག་དབང་འཕྲིན་ལས། ངག་དབང་བསྟན་འཛིན་རྣམ་རྒྱལ། གྲུབ་དབང་མཁས་ བཙུན་དར་རྒྱས། ཀུན་བཟང་འཕྲིན་ལས་རྣམ་རྒྱལ། རྟོགས་ལྡན་ལྷུན་གྲུབ་རྒྱ་མཚོ། དཀོན་ མཆོག་འཇིགས་མེད་རྣམ་རྒྱལ། མཁན་ཆེན་ངག་དབང་ཆོས་འཕེལ། ངག་དབང་ཆོས་ཀྱི་ འཕགས་པ། ངག་དབང་ཆོས་འཛིན་རྒྱ་མཚོ། ཀུན་དགའ་མཉམ་ཉིད་དཔལ་བཟང་། རྡོ་རྗེ་ འཆང་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ངག་དབང་རྡོ་རྗེ་བཟང་ བོའི་ཞལ་གྱི་བུམ་བཟང་ལས་བདག་ཅག་གིས་ནོད་པ་དང་། གཞན་ཡང་ངག་དབང་ཆོས་ཀྱི་ འཕགས་པ། ངག་དབང་ཆོས་འབྱོར་རྒྱ་མཚོ། ངག་དབང་བསྟན་པ་གསལ་བྱེད་ལས་བདག་ གིས་ནོད་པ་ཡིན་ཏེ། དེ་ལྟར་དུས་ཀྱི་འཁོར་ལོའི་སྔགས་རྒྱུད་ཀྱི་ཆེ་བ་དང་། ཆོས་བརྒྱུད་ཀྱི་ 5-1-244 རིམ་པ་འདི་ལ་བྱིན་རླབས་ཀྱི་དྲོད་རླངས་འཐུལ་བ་དང་། བརྒྱུད་པ་གསེར་ནག་གི་ཐག་པ་ ལ་དམ་ཚིག་ཉེས་ལྟུང་གི་གཡའ་ཡིས་མ་གོས་པ་ནི་ཡིད་ཆེས་པ་རྣམ་པ་གསུམ་གྱི་གནས་སུ་ གྱུར་ཏེ། རིགས་ལྡན་པདྨ་དཀར་པོའི་རྒྱས་འགྲེལ་དྲི་མེད་འོད་ལས། སྔགས་ཀྱི་ཐེག་པ་འདི་ ལ་ཡིད་ཆེས་པ་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དང་པོར་རེ་ཞིག་རྒྱུད་ལ་ ཡིད་ཆེས་པ་དང་། དེ་ནས་བླ་མ་ལ་ཡིད་ཆེས་པ་དང་། དེ་ནས་བདག་ཉིད་ལ་ཡིད་ཆེས་པ་སྟེ། འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ འགྱུར་རོ། །ཞེས་གསུངས་པའི་ཕྱིར། ས་བཅད་གཉིས་པ་དུས་འཁོར་དབང་ཐོབ་པའི་དགོས་པ་ལ། དང་པོ་སློབ་མ་སྟ་གོན། གཉིས་པ་བྱིས་པ་འཇུག་པའི་དབང་བདུན། གསུམ་པ་མཆོག་གི་དབང་བཞི། བཞི་པ་མཆོག་ གི་དབང་ཁྱད་པར་ཅན། ལྔ་པ་རྡོ་རྗེ་སློབ་དཔོན་བདག་པོ། དྲུག་པ་བདག་པོ་ཆེན་པོ་སྟེ། དང་པོ་སློབ་མ་སྟ་གོན་གྱི་དབང་གི་དགོས་པ་ནི། སློབ་མ་རྣམས་དུས་ཀྱི་འཁོར་ལོའི་ དབང་བསྐུར་རུང་དུ་སྟ་གོན་བྱེད་དགོས་ཏེ། སྔགས་ལམ་གང་གི་ཕྱིར་འཇུག་འདོད་ཀྱི་ཀུན་ སློང་བཅོས་པ་དང་། སྔགས་སྡོམ་འཛིན་པ་དང་ཡེ་ཤེས་པ་དབབ་པ་སོགས་འཇུག་པའི་ཆོས་ རྣམས་སྟོན་པའི་སྣོད་རུང་དུ་བྱེད་པ་ནང་གི་དབང་བསྐུར་བ་དང་། གསོལ་བ་གདབ་པ་དང་ ། གསང་སྔགས་ཀྱི་ལམ་ལ་སྤྲོ་བ་བསྐྱེད་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་ པ་བཟུང་བ་དང་། དབང་བསྐུར་བ་དང་དབང་གི་ཡེ་ཤེས་སྐྱེ་བ་སོགས་ལ་བར་ཆད་བསྲུང་ བ། གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་། འདོད་ཡོན་ཐམས་ ཅད་ཞེན་མེད་དུ་ལོངས་སྤྱོད་པ་ཤེས་བྱེད་དུ་མཆོད་པ་འབུལ་བ། དཀྱིལ་འཁོར་དུ་འཇུག་རུང་ མི་རུང་དང་རུང་ན་ལས་དང་དངོས་གྲུབ་གང་འགྲུབ་བརྟག་ཕྱིར་སོ་ཤིང་འདོར་བ་དང་། ངག་ གི་ཉེས་པ་སྦྱང་ཕྱིར་འཁྱོར་ཆུ་སྟེར་བ། བཀྲ་ཤིས་པའི་རྨི་ལམ་ཤར་བ་མི་འཁྲུལ་བའི་ཆེད་དུ་ 5-1-245 ཀུ་ཤའི་མལ་སྟན་སྦྱིན་པ། རྨི་ལམ་རྨི་བ་ལ་བགེགས་ཀྱི་བར་ཆད་སྲུང་བའི་ཆེད་དུ་དཔུང་སྐུད་ བཅིངས་པ་དང་། རྡོར་སེམས་བསྐུལ་ནས་དབང་གི་ཡེ་ཤེས་སྐྱེ་རུང་དུ་བྱིན་གྱིས་བརླབས་པ། སྔགས་ཀྱི་ཡོན་ཏན་དང་ཆེ་བ་བ ཤད་པས་གསང་སྔགས་ལ་མོས་པ་དང་དད་པ་བརྟན་པོ་ སྐྱེས་ནས་གསང་སྔགས་ཟབ་མོའི་ཆོས་སྒྲུབ་འདོད་ལས་བློ་མ་ལོག་པར་བྱེད་པའོ། ། གཉིས་པ་བྱིས་པ་འཇུག་པའི་དབང་བདུན་གྱི་དགོས་པ་ལ། དང་པོ་ཆུ་དབང་བསྐུར་ བའི་དགོས་པ་ནི་དུང་གི་ཆུས་གནས་ལྔར་དབང་བསྐུར་བས་ཁམས་ལྔའི་དྲི་མ་དག་རུང་དང་ ། མཐར་ཐུག་གི་ཡུམ་ལྔ་མངོན་དུ་འགྱུར་རུང་དང་ཡུམ་ལྔའི་རིགས་ཀྱི་བསྐྱེད་རིམ་སྒོམ་རུང་ གི་ས་བོན་བཞག་པ་དང་། གཞན་ཡང་འཁོར་བར་འཁོར་ཚེ་མངལ་ནས་བཙས་མ་ཐག་ཏུ་མ་ ཡིས་ཆུས་འཁྲུད་པའི་བག་ཆགས་དག་རུང་དང་། སྔགས་བླ་མེད་ཀྱི་ས་དང་པོ་ཐོབ་རུང་གི་ ནུས་པ་བཞག་པ་དེ་ཡིན་ལ། གཉིས་པ་ཅོད་པན་གྱི་དབང་བསྐུར་བའི་དགོས་པ་ནི་དུང་གི་ ཆུ་སྔོན་དུ་འགྲོ་བའི་རིགས་ལྔའི་ཅོད་པན་སྤྱི་བོར་བཅིངས་ཏེ་ཕུང་པོ་ལྔའི་སྒྲིབ་པ་དག་རུང་ དང་རིགས་ལྔའི་སངས་རྒྱས་མངོན་དུ་འགྱུར་རུང་དང་རིགས་ལྔའི་སངས་རྒྱས་ཀྱི་བསྐྱེད་རིམ་ སྒོམ་རུང་གི་བག་ཆགས་ཁྱད་པར་ཅན་བཞག་པ་དང་། གཞན་ཡང་བྱིས་པ་ལ་སྐྲའི་གཙུག་ ཕུད་འཇོག་པའི་བག་ཆགས་དག་རུང་དང་། སྔགས་བླ་མེད་ཀྱི་ས་གཉིས་པ་ཐོབ་རུང་གི་ནུས་ པ་བཞག་པ་དེ་ཡིན་ལ། ཆུ་དང་ཅོད་པན་གཉིས་ཀྱི་ཐུན་མོང་གི་དབང་གི་དགོས་པ་ནི། དབང་ དེ་གཉིས་བསྐུར་བས་དཀྱིལ་འཁོར་རྒྱལ་མཆོག་གི་ཡེ་ཤེས་སྐྱེ་རུང་དང་དཔྲལ་བའི་ལུས་ ཀྱི་ཐིག་ལེའི་སྟེང་གི་མ་དག་པའི་ལུས་ཕུང་ལ་སོགས་པའི་གཟུགས་སྣང་བསྐྱེད་པའི་བག་ ཆགས་ཀྱི་དྲི་མ་དག་རུང་དུ་བྱས་ནས་སྐུ་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་པར་ཅན་ བཞག་པ་དེ་ཡིན་ནོ། ། གསུམ་པ་དར་དཔྱངས་ཀྱི་དབང་བསྐུར་བའི་དགོས་པ་ནི། དུང་གི་ཆུ་སྔོན་དུ་འགྲོ་བའི་ 5-1-246 དར་དཔྱངས་སྤྱི་བོར་བཅིངས་ཏེ་རླུང་བཅུའི་སྒྲིབ་པ་བྲལ་རུང་དང་མཐར་ཐུག་ནུས་མ་བཅུ་ ཐོབ་རུང་དང་། ནུས་མ་བཅུའི་རིགས་ཀྱི་བསྐྱེད་རིམ་སྒོམ་རུང་གི་བག་ཆགས་ཁྱད་པར་ཅན་ བཞག་པ་དང་། གཞན་ཡང་འཁོར་བར་འཁོར་ཚེ་བྱིས་པའི་དུས་སུ་རྣ་བ་འབིགས་ཏེ་རྣ་རྒྱན་ འདོགས་པའི་བག་ཆགས་དག་རུང་དང་། སྔགས་བླ་མེད་ཀྱི་ས་གསུམ་པ་ཐོབ་རུང་གི་ནུས་པ་ བཞག་པ་དེ་ཡིན་ལ། བཞི་པ་རྡོ་རྗེ་དྲིལ་བུའི་དབང་བསྐུར་བའི་དགོས་པ་ནི། ཆུ་དབང་གིས་དྲི་མ་འཁྲུད་པ་ སྔོན་དུ་འགྲོ་བའི་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་བཞག་ནས་ཕྱག་ཏུ་གཏད་པས་མ་དག་པའི་གཙོ་ བོ་རྩ་རོ་རྐྱང་གཉིས་དག་རུང་དང་མཐར་ཐུག་གི་དུས་ཀྱི་འཁོར་ལོ་ཡབ་ཡུམ་མངོན་དུ་འགྱུར་ རུང་གི་ས་བོན་བཞག་པ་དང་། གཞན་ཡང་འཁོར་བར་འཁོར་ཚེ་བྱིས་པ་ཅུང་ཟད་ནར་སོན་ པ་ན་དགོད་ཅིང་སྨྲ་བའི་བག་ཆགས་དག་རུང་དང་། སྔགས་བླ་མེད་ཀྱི་ས་བཞི་པ་ཐོབ་རུང་གི་ ནུས་པ་བཞག་པ་དེ་ཡིན་ནོ། །དར་དཔྱངས་དང་རྡོ་རྗེ་དྲིལ་བུའི་དབང་གཉིས་ཀྱི་ཐུན་མོང་གི་ དགོས་པ་ནི། དབང་དེ་གཉིས་བསྐུར་བས་ལས་རྒྱལ་མཆོག་གི་ཡེ་ཤེས་སྐྱེ་རུང་དང་། མགྲིན་ པའི་ངག་གི་ཐིག་ལེའི་སྟེང་གི་མ་དག་པའི་ངག་ཚིག་སྣ་ཚོགས་སྨྲ་བའི་བག་ཆགས་དག་རུང་ དུ་བྱས་ནས་གསུང་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་པར་ཅན་བཞག་པ་དེ་ཡིན་ནོ། ། ལྔ་པ་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་དགོས་པ་ནི། དུང་གི་ཆུ་གནས་ལྔ་དང་མེ་ཏོག་རྣ་ ལྟག་སོགས་ལ་བཀོད་ཅིང་། ཆུས་དབང་ཡུལ་གྱི་དྲི་མ་བཀྲུས་ཤིང་དག་རུང་དང་། མེ་ཏོག་ གིས་དབང་ཡུལ་སེམས་དཔའ་ཡབ་ཡུམ་དུ་འགྱུར་རུང་དང་། དེ་བཅུ་གཉིས་ཀྱི་བསྐྱེད་རིམ་ སྒོམ་རུང་གི་ས་བོན་ཁྱད་པར་ཅན་བཞག་པ་དང་། གཞན་ཡང་འཁོར་བར་འཁོར་ཚེ་བྱིས་པ་ ནར་སོན་ཚེ་དབང་པོ་ལྔས་ཕྱི་རོལ་གྱི་ཡུལ་དྲུག་ཆེས་ཆེར་འཛིན་པའི་བག་ཆགས་དག་རུང་ དང་། སྔགས་བླ་མེད་ཀྱི་ས་ལྔ་པ་ཐོབ་རུང་གི་ནུས་པ་བཞག་པ་དེ་ཡིན་ནོ། ། 5-1-247 དྲུག་པ་མིང་དབང་བསྐུར་བའི་དགོས་པ་ནི། རྡོ་རྗེ་མིང་གི་དབང་ཞེས་བྱ་བ་ནི། དུང་གི་ ཆུ་གནས་ལྔར་བླུགས་པས་ལུས་དབང་བྱ་བ་དང་བཅས་པའི་དྲི་མ་བཀྲུས་ཏེ། གདུ་བུའམ་མེ་ ཏོག་ཕྲེང་བས་ཚད་མེད་བཞི་དག་རུང་དང་། རྫོགས་པའི་སངས་རྒྱས་ཀྱི་མིང་ཐོབ་པས་ལུས་ དབང་བྱ་བ་དང་བཅས་པ་སྒྲིབ་བྲལ་དུ་དག་རུང་དང་། མཐར་ཐུག་གི་ཁྲོ་བོ་ཡབ་ཡུམ་མངོན་ དུ་འགྱུར་རུང་དང་དེ་བཞིན་གཤེགས་པའི་མཚན་ཐོབ་རུང་དང་། ཁྲོ་བོ་ཡབ་ཡུམ་གྱི་བསྐྱེད་ རིམ་སྒོམ་རུང་གི་ས་བོན་ཁྱད་པར་བཞག་པ་དང་། གཞན་ཡང་འཁོར་བའི་གནས་སུ་སྐྱེས་ཚེ་ བྱིས་པ་ལ་མིང་འདོགས་པའི་བག་ཆགས་དག་རུང་དང་། སྔགས་བླ་མེད་ཀྱི་ས་དྲུག་པ་འཐོབ་ པའི་ནུས་པ་བཞག་པ་དེ་ཉིད་ཡིན་ནོ། །ཡང་བརྟུལ་ཞུགས་དང་མིང་གི་དབང་གཉིས་ཀྱི་ཐུན་ མོང་གི་དགོས་པ་ནི། དབང་དེ་གཉིས་བསྐུར་བས་རྒྱུད་ལ་ཐིག་ལེའི་རྣལ་འབྱོར་གྱིས་བསྐྱེད་ རིམ་སྐྱེ་རུང་དང་། སྙིང་ཁར་སེམས་ཀྱི་ཐིག་ལེའི་སྟེང་གི་ཀུན་རྟོག་སྣ་ཚོགས་བསྐྱེད་པའི་བག་ ཆགས་དག་རུང་དུ་བྱས་ནས་མཐར་ཐུག་གི་ཐུགས་རྡོ་རྗེ་མངོན་དུ་འགྱུར་བའི་ནུས་པ་ཁྱད་ པར་ཅན་བཞག་པ་དེ་ཡིན་ནོ། ། བདུན་པ་རྗེས་གནང་གི་དབང་གི་དགོས་པ་ནི། དུང་གི་ཆུས་བཀྲུས་ཏེ་ཕྱག་མཚན་ལག་ ཏུ་གཏད་པས་ཆུས་རིགས་ལྔའི་ཆོས་འཆད་པ་ལ་རྨོངས་པའི་ཡེ་ཤེས་ཀྱི་ཁམས་དང་ཕུང་པོའི་ དྲི་མ་སྦྱངས་པ་དང་། ཕྱག་མཚན་གྱིས་ཡེ་ཤེས་ཀྱི་ཕུང་ཁམས་དག་པ་གསང་བ་སྔགས་ཀྱི་ ཆོས་ཐམས་ཅད་སྟོན་པ་ལ་ཐོགས་པ་མེད་པ་དང་། ཆོས་འཆད་པ་ལ་རྨོངས་པའི་ཡེ་ཤེས་ཀྱི་ ཁམས་དང་ཕུང་པོ་སྒྲིབ་བྲལ་དུ་དག་རུང་དང་། རིགས་ཀུན་གྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཡབ་ ཡུམ་མངོན་དུ་འགྱུར་རུང་གི་ནུས་པ་བཞག་ནས་རྒྱུད་གཞན་ཐམས་ཅད་འཆད་རུང་བ་དང་། རིགས་ཀུན་གྱི་བདག་པོ་རྡོ་རྗེ་སེམས་དཔའི་བསྐྱེད་རིམ་སྒོམ་རུང་བའི་བག་ཆགས་ཁྱད་པར་ ཅན་བཞག་པ་དང་། གཞན་ཡང་འཁོར་བར་སྐྱེ་ཚེ་རང་གི་ཕའི་རིགས་ཀྱི་བྱ་བ་རྣམས་བཤད་ 5-1-248 པའི་ཡིག་རིས་ལ་སོགས་ཀློག་སློབ་པ་ལ་ཕས་གནང་བ་སྟེར་བའི་བག་ཆགས་དག་རུང་དང་། སྔགས་བླ་མེད་ཀྱི་ས་བདུན་པ་འཐོབ་བྱེད་ཀྱི་ནུས་པ་བཞག་པ་དེ་ཡིན་ནོ། ། མདོར་ན་བྱིས་འཇུག་དབང་བདུན་གྱིས་རྒྱལ་མཆོག་གཉིས་དང་ཕྲ་ཐིག་གི་བསྐྱེད་རིམ་ ལས་ཚོགས་དངོས་གྲུབ་དང་བཅས་པ་བསྒྲུབ་ཏུ་རུང་བ་དང་། རྒྱུད་ལ་སྐྱེ་རུང་གི་ས་བོན་དང་ ས་བདུན་པ་འཐོབ་བྱེད་ཀྱིས་ས་བོན་དངོས་སུ་འཇོག་གོ། །ཆུ་དང་ཅོད་པན་གྱི་དབང་གིས་ཅུང་ ཟད་ལུས་དག་རུང་དུ་བྱེད་པས་ལུས་དག་བྱེད་སོར་བསམ་གྱི་རྫོགས་རིམ་བརྒྱུད་ནས་སྐྱེ་རུང་ ཙམ་བྱེད་པ་ལ་སོགས་པ་རྫོགས་རིམ་ཡན་ལག་དྲུག་གི་རྣལ་འབྱོར་རྣམས་ཀྱང་བརྒྱུད་ནས་ སྨིན་བྱེད་དུ་འགྱུར་ཡང་། དངོས་ཀྱི་སྨིན་བྱེད་མ་ཡིན་པས་རྫོགས་རིམ་གྱི་སྨིན་བྱེད་མ་ཡིན་ ནོ། ། གསུམ་པ་མཆོག་གི་དབང་བཞིའི་དང་པོ་བུམ་པའི་དབང་བསྐུར་བའི་དགོས་པ་ནི། བུམ་ པའི་དབང་འདི་ནི་རིག་མའི་ལུས་བུམ་པ་དང་འདྲ་བ་དང་ཁྱད་པར་བུམ་པ་དང་འདྲ་བའི་ ནུ་མ་ལ་ལག་པས་རེག་ཅིང་རྒོད་པའི་རྐྱེན་གྱིས་གཙུག་ཏོར་གྱི་བྱང་སེམས་ཞུ་བས་རིམ་གྱི་ བདེ་བ་སྐྱེས་བཞིན་དུ་འོང་ནས་མགྲིན་པའི་འཁོར་ལོའི་ཕྱེད་སྟེང་མར་སླེབས་པས་དགའ་བ་ བཞིའི་ནང་གི་དགའ་བ་ཆུང་ངུ་ཡིན་པས་བྱིས་པ་ཞེས་བརྗོད་ལ། བླ་མས་རྒྱལ་བའི་བཀའི་སྒོ་ ནས་བྱ་བ་སྟོན་པའི་དབང་བསྐུར་བ་ལས་བྱུང་བའི་བདེ་བ་ཡིན་པ་དང་། དེ་ཡང་ཐ་མལ་བ་མ་ ཡིན་པར་སྟོང་པས་རྒྱས་བཏབ་པ་ཡིན་པས་ན་དེ་དུས་སུ་བདེ་བ་ཤས་ཆུང་བས་རྣམ་རྟོག་འདུ་ ཚབ་ཆུང་ཕྱིར་ཕྱི་རོལ་གྱི་ཡུལ་ལ་རྣམ་རྟོག་མང་དུ་འཇུག་པ་སོགས་དང་བཅས་པ་ཡིན་ཡང་དེ་ དག་གི་སྦྱང་འབྲས་སྐུ་རྡོ་རྗེའི་རྣམ་འཕྲུལ་མཐའ་ཡས་པ་དང་རྣམ་པ་མཐུན་པའི་སྒོ་ནས་དེ་ལ་ སྐུ་རྡོ་རྗེ་འཐོབ་པར་བྱེད་པའི་ནུས་པ་དང་། སྔགས་བླ་མེད་ཀྱི་ས་བརྒྱད་པ་མི་གཡོ་བ་འཐོབ་ པའི་ནུས་པ་དང་ལྡན་ཞིང་། རྗེས་སུ་དབང་བཞི་པ་ཐོབ་ཚེ་ནི་བུམ་དབང་གི་ནུས་པ་རྒྱུད་ལ་ 5-1-249 ཞུགས་པ་དེ་ལ་ཡང་རྫོགས་རིམ་སོར་བསམ་གྱི་རྣལ་འབྱོར་དངོས་སུ་སྐྱེ་རུང་གི་ནུས་པ་ཁྱད་ པར་ཅན་དང་ལྡན་པ་ཡིན་ནོ། །བྱིས་འཇུག་གི་སྐབས་སུ་སོ་ཐར་དགེ་བསྙེན་གྱི་སྡོམ་པ་ལྟ་ བུ་བསྐྱེད་རིམ་གྱི་སྡོམ་པ་ཙམ་ལས་མ་ཐོབ་པ་འདིར་དེའི་སྟེང་དུ་བུམ་དབང་གི་སྡོམ་ལྡན་དུ་ ཡང་གྱུར་པ་ཡིན་པས་སོ་ཐར་གྱི་དགེ་ཚུལ་དང་མཚུངས་པ་སྟེ། སྔགས་ཀྱི་ཚུལ་ལ་དགེ་ཚུལ་ དུ་གྱུར་ཏེ། དེ་ཡང་རྒྱུད་ལས། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་གང་ཡིན་ བུམ་པའི་དབང་ནི་དེ་ཉིད་དེ། །ཞེས་དང་། རྡོ་རྗེ་སྙིང་འགྲེལ་ལས། རྒོད་པའི་དགའ་བ་ཐོབ་ པས་ནི། །རྒོད་པ་དག་པ་སློབ་དཔོན་ཉིད། །ཅེས་གསུངས་པའི་ཕྱིར་རོ། ། གཉིས་པ་གསང་དབང་བསྐུར་བའི་དགོས་པ་ནི། གསང་བའི་དབང་དེ་ནི་དགའ་བ་ བཞིའི་ནང་གི་དགའ་བ་འབྲིང་པོ་ཡིན། བླ་མས་རྒྱལ་བའི་བཀའ་ལ་བརྟེན་ནས་བྱང་སེམས་ གནང་བ་དང་། ཐབས་སྟོན་པའི་དབང་བསྐུར་བ་ལས་བྱུང་བ་དང་། སྟོང་པས་རྒྱས་བཏབ་པ་ ཡིན་ཕྱིར་གསང་བའི་དབང་དེ་ལ་བླ་མ་ཡབ་ཡུམ་ཀྱི་བྱང་སེམས་ལ་ཕུང་པོ་ལྔ་དང་། ཁམས་ ལྔ། དབང་པོ་ལྔ་ཡུལ་ལྔ་སྟེ་བདེ་བའི་རྫས་ཀྱི་ཆ་ཉི་ཤུ་ཡོད་པ་དེ་མྱང་བ་ལས་སྐྱེས་པའི་མཆོག་ དགའ་བདེ་བའི་ཆ་ཉི་ཤུ་དང་། ཕྱག་རྒྱའི་བྷ་ག་ལ་གསང་བའི་རྩ་འཁོར་ནང་སྐོར་ཁམས་དྲུག་ འབབ་པའི་རྩ་དྲུག་དང་། བར་སྐོར་རླུང་འབབ་པའི་རྩ་བཅུ་དང་། ཕྱི་སྐོར་བཅུ་དྲུག་ལ་རྩ་བཞི་ ཟླ་བ་འབབ་པ་གཅིག་ཏུ་བྱས་པ་དང་། དེ་བཞིན་དུ་ཉི་མ་དང་། མུན་པ་དང་། དུས་མེ་འབབ་ པ་དང་ཉི་ཤུ་མཐོང་བ་ལས་སོ་སོར་བྱུང་བའི་ཁྱད་དགའི་ཆ་ཉི་ཤུ་ནི། རྣམ་པ་ཉི་ཤུས་མངོན་ པར་བྱང་ཆུབ་པ་གསུང་རྡོ་རྗེ་དང་རྣམ་པ་མཐུན་པའི་སྒོ་ནས་གསང་དབང་དེ་དེ་ལ་གསུང་རྡོ་ རྗེ་འཐོབ་པར་བྱེད་པའི་ནུས་པ་དང་། སྔགས་བླ་མེད་ཀྱི་ས་དགུ་པ་ལེགས་པའི་བློ་གྲོས་ཐོབ་ པར་བྱེད་པའི་ནུས་པ་དང་ལྡན་ཞིང་། རྗེས་སུ་དབང་བཞི་པ་ཐོབ་ཚེ་ནི་གསང་བའི་དབང་གི་ ནུས་པ་རྒྱུད་ལ་ཞུགས་པ་དེ་ལ་ཡང་རྫོགས་རིམ་སྲོག་འཛིན་གྱི་རྣལ་འབྱོར་དངོས་སུ་སྐྱེ་རུང་ 5-1-250 གི་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། །གསང་བའི་དབང་འདི་ནི་རིག་མའི་གསང་ བའི་བྷ་གའི་དཀྱིལ་འཁོར་བལྟས་པའི་རྗེས་ཆགས་ལ་བརྟེན་ནས་ཐོབ་པ་ཡིན་པས་གསང་ བའི་དབང་ཞེས་བརྗོད་ལ། དགེ་བསྙེན་ལྟ་བུའི་བསྐྱེད་རིམ་གྱི་སྡོམ་པ་དང་། དགེ་ཚུལ་ལྟ་ བུའི་བུམ་དབང་གི་སྡོམ་པ་གཉིས་ཀྱི་སྟེང་དུ་གསང་དབང་གི་སྡོམ་པ་དང་ལྡན་པ་ཡིན་པས་ སྔགས་སྡོམ་ལ་ལྟོས་ན་སོ་ཐར་གྱི་དགེ་སློང་དང་མཚུངས་པ་སྟེ། གསང་བའི་དབང་ཐོབ་པས་ སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ཏེ། རྒྱུད་ལས། རྒྱན་རྣམས་ཐམས་ཅད་དང་ལྡན་ཞུན་མའི་ གསེར་དང་མཚུངས་ཤིང་བཅུ་གཉིས་ལོ་ལོན་མཛེས་པའི་བུ་མོ་ནི། །ཞེས་སོགས་གསུངས་ པའི་ཕྱིར་རོ། ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དགོས་པ་ནི། དེ་ནི་དགའ་བ་བཞིའི་ནང་གི་ དགའ་བ་ཆེན་པོ་ཡིན་པས་རྒན་པོ་ཞེས་གསུངས་ཤིང་། བླ་མས་རྒྱལ་བའི་བཀའ་བཞིན་དུ་ རིག་མ་གཏད་པ་དང་ལག་བཅངས་དང་འཁྱུད་པའི་བདེ་བའི་གདམས་ངག་སྟོན་པའི་དབང་ བསྐུར་བ་ལས་བྱུང་བ་དང་། སྟོང་པས་རྒྱས་བཏབ་པའི་ལྷན་སྐྱེས་ཀྱི་བདེ་བ་ཡིན་ཕྱིར། ཤེར་ དབང་འདི་ལ་ཁྱད་དགའི་དུས་ན་རྣམ་རྟོག་ཕྲ་མོའི་རགས་པ་དང་། ལྷན་སྐྱེས་ལ་དེ་ལས་ཀྱང་ རྣམ་རྟོག་ཤིན་ཏུ་འགགས་པའི་མི་རྟོག་པ་དང་བཅས་པ་ལ་སོགས་པའི་ཁམས་ལྔའི་དྭངས་མ་ ཞུ་བའི་ཞུ་བདེའ་ིཆ་ལྔ་དང་ལྡན་པ་དག་ནི་སངས་རྒྱས་ཀྱི་ཡེ་ཤེས་ལྔ་ལྡན་གྱི་རྣམ་པར་མི་རྟོག་ པ་དང་རྣམ་པ་མཐུན་པའི་སྒོ་ནས། ཤེར་དབང་དེ་ལ་ཐུགས་རྡོ་རྗེ་ཐོབ་པར་བྱེད་པའི་ནུས་པ་ དང་། སྔགས་བླ་མེད་ཀྱི་ས་བཅུ་པ་ཆོས་ཀྱི་སྤྲིན་འ ཐོབ་པར་བྱེད་པའི་ནུས་པ་དང་ལྡན་ཞིང་ ། རྗེས་སུ་དབང་བཞི་པ་ཐོབ་ཚེ་ནི་ཤེར་དབང་གི་ནུས་པ་རྒྱུད་ལ་ཞུགས་པ་དེ་ལའང་རྫོགས་ རིམ་རྗེས་དྲན་གྱི་རྣལ་འབྱོར་དངོས་སུ་སྐྱེ་བའི་ནུས་པ་ཁྱད་པར་ཅན་དང་ལྡན་པ་ཡིན་ནོ། ། དབང་འདི་ནི་རང་རྒྱུད་ཀྱི་མ་དག་པའི་བྱང་སེམས་ཀྱི་བགྲོད་པ་བཀག་པ་ལས་བྱུང་བའི་ 5-1-251 བདེ་བའི་ཡེ་ཤེས་ཡིན་པས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་ཞེས་ དང་། ཤེས་རབ་མ་ལ་སྙོམས་པར་འཇུག་པ་ལས་ཐོབ་པའི་ཡེ་ཤེས་ཡིན་པས་ཤེས་རབ་ཡེ་ ཤེས་ཀྱི་དབང་ཞེས་བརྗོད་ལ། དགེ་སློང་ལྟ་བུའི་གསང་དབང་གི་སྡོམ་པ་ལས་ལྷག་པའི་ཤེར་ དབང་གི་སྡོམ་པ་དང་ལྡན་ཞིང་། དེས་ནི་དགེ་སློང་གི་སྡོམ་པ་ཤིན་ཏུ་བརྟན་པར་བྱས་པས་ན་ དགེ་སློང་གི་སྡོམ་པ་ལོ་བཅུར་བསྲུང་བའི་བརྟན་པ་ཐོབ་པའི་གནས་བརྟན་པ་དང་མཚུངས་ པ་སྟེ། སྔགས་ཀྱི་ཚུལ་ལ་གནས་བརྟན་དུ་གྱུར་ཅིང་། ཞེས་གསུངས་པའི་ཕྱིར་ཏེ། རྒྱུད་ལས། ཤེས་རབ་ཡེ་ཤེས་དབང་ལ་མཐའ་དག་རྒྱལ་བའི་རིགས་ཀྱི་ཡན་ལག་ཞལ་གྱིས་སྦྱང་བ་བྱས་ ནས་ནི། །ཞེས་སོགས་གསུངས་སོ། །དབང་གི་རབ་བྱེད་ཅེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་ མཆོག་དབང་བཞི་ལ་རབ་དང་རབ་མ་ཡིན་པའི་ཁྱད་པར་ཤེས་པར་བྱས་ནས་དབང་གོང་མ་ གསུམ་གྱིས་ཆོག་པར་མི་བྱེད་པར་དབང་བཞི་པའི་ཁྱད་ཆོས་རགས་པ་ཙམ་རྟོགས་པར་བྱས་ པའི་སྒོ་ནས་འཇིག་རྟེན་པའི་དབང་གསུམ་ལས་ལྷག་པའི་འཇིག་རྟེན་ལས་འདས་པའི་དབང་ བཞི་པ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡོད་པར་ཤེས་པར་གྱིས་ལ་སྟོང་གཟུགས་ཀྱི་སྟོང་པ་ཉིད་ དང་མི་འགྱུར་བའི་བདེ་བ་སྙིང་རྗེ་ཟུང་དུ་འཇུག་པའི་དབང་བཞི་པའི་ཡེ་ཤེས་ལ་དད་ཅིང་སྤྲོ་ བ་དང་དོན་གཉེར་གྱི་འདུན་པ་སྐྱེ་བ་དེ་ཡིན་ནོ། ། བཞི་པ་དབང་བཞི་པའི་དགོས་པ་ནི། །དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་ པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་ པའི་རྣམ་པར་ཐར་པའི་སྒོ་བཞི་མངོན་སུམ་དུ་རྟོགས་པའི་དབང་བཞི་པའི་ཡེ་ཤེས་ནི་གཟུང་ འཛིན་འཁྲུལ་པའི་དམིགས་པ་ཐམས་ཅད་དང་བྲལ་བའི་མི་འགྱུར་བའི་བདེ་བ་དང་སྟོང་ གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་གཉིས་ཟུང་དུ་འཇུག་པ་དེ་ནི་ནམ་ཡང་འཕོ་ཞིང་འགྱུར་བ་མེད་ པའི་སྐད་ཅིག་མ་གཅིག་ཡིན་པས་སྐད་ཅིག་གཅིག་གི་མངོན་པར་བྱང་ཆུབ་པ་དངོས་དང་། དེ་ 5-1-252 ཡང་སློབ་འཕགས་ཀྱི་སྐབས་ཀྱི་དེ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་ཆུང་ངུ་དང་། སངས་རྒྱས་ཀྱི་ཉེ་རྒྱུ་དངོས་ཡིན་ལ། རང་རང་གི་རྒྱུད་ལ་ཚིག་ཙམ་གྱིས་ཐོབ་པའི་དབང་བཞི་ པ་སེམས་ཀྱི་རང་བཞིན་སྟོང་གཟུགས་སུ་ཤར་བར་མོས་པའི་ངང་ནས་གནས་ལུགས་སྒོམ་ པ་དེ་ཡང་། བླ་མས་རྒྱལ་བའི་བཀའ་བཞིན་དབང་བསྐུར་བ་ལ་བརྟེན་ནས་དེ་ལྟར་མོས་ནས་ སྒོམ་པ་དང་། སྟོང་པས་རྒྱས་བཏབ་པ་ཡིན་པས་དེ་ལ་ཡང་། རང་ཉིད་སྐད་ཅིག་མ་གཅིག་ གིས་མངོན་པར་བྱང་ཆུབ་པ་དང་རྣམ་པ་མཐུན་པའི་སྒོ་ནས་སྐད་ཅིག་གིས་མངོན་པར་བྱང་ ཆུབ་པ་ཡེ་ཤེས་རྡོ་རྗེ་འཐོབ་པར་བྱེད་པའི་ནུས་པ་དང་། ས་བཅུ་གཅིག་པ་ནས་བཅུ་གཉིས་ པ་ལ་སྦྱོར་བའི་སྒོ་ནས་ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་ས་འ ཐོབ་པར་བྱེད་པའི་ནུས་པ་དང་ ལྡན་ཞིང་། རྫོགས་རིམ་སྤྱི་དང་ཁྱད་པར་ཡན་ལག་དྲུག་པ་ཏིང་ངེ་འཛིན་སྒོམ་རུང་གི་ནུས་པ་ ཁྱད་པར་ཅན་དང་ལྡན་པ་དེ་ཡིན་ནོ། ། མདོར་ན་སློབ་མའི་དབང་གོང་མ་གསུམ་པོ་ནི་དབང་བཞི་པའི་ནུས་པས་རྒྱན་པའི་ སྟོབས་ཀྱིས་བུམ་དབང་གིས་སོར་བསམ་གྱི་རྣལ་འབྱོར་སྒོམ་པ་དང་བསྒོམས་ནས་རྒྱུད་ལ་སྐྱེ་ རུང་གི་ས་བོན་དང་ས་བརྒྱད་པའི་ཡེ་ཤེས་ཐོབ་རུང་གི་ནུས་པ་དངོས་སུ་འཇོག་པ་དང་། དེ་ བཞིན་དུ་གསང་དབང་གིས་སྲོག་འཛིན་དང་ས་དགུ་པ། ཤེར་དབང་གིས་རྗེས་དྲན་དང་ས་ བཅུ་པ་དང་། དབང་བཞི་པས་ཏིང་ངེ་འཛིན་གྱིས་ཡན་ལག་སྒོམ་རུང་དང་། རྒྱུད་ལ་སྐྱེ་རུང་ དང་། ས་བཅུ་གཅིག་པ་ནས་བཅུ་གཉིས་པ་ལ་སྦྱོར་རུང་ཙམ་བྱེད་པའོ། ། བཞི་པ་མཆོག་དབང་ཁྱད་པར་ཅན་གྱི་དགོས་པ་ནི། མཆོག་དབང་ཁྱད་པར་ཅན་འདིས་ ནི་གོང་གི་དབང་བཞིའི་ནུས་པ་ཐམས་ཅད་སྔར་ལས་ལྷག་པར་དང་པོའི་སངས་རྒྱས་དུས་ ཀྱི་འཁོར་ལོའི་རྫོགས་རིམ་ཡན་ལག་དྲུག་གི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ཆེས་ཆེར་ དབང་བ་དང་། བུམ་པའི་དབང་གིས། མ་དག་པའི་སད་སྒྲིབ་དང་། མ་དག་པའི་ལུས་དང་ 5-1-253 ། དེའི་རྒྱུ་དཔྲལ་བའི་ཐིག་ལེའི་སྒྲིབ་པ་རྣམས་དག་སླ་བ་དང་། སྐུ་རྡོ་རྗེ་མངོན་དུ་འགྱུར་ རུང་གི་ནུས་པ་ཆེས་ཁྱད་པར་ཅན་བཞག་པ་དེ་ཡིན་ནོ། །གསང་བའི་དབང་གིས། མ་དག་ པའི་རྨི་ལམ་གྱི་སྒྲིབ་པ་དང་། མ་དག་པའི་ངག་དང་། དེའི་རྒྱུ་མགྲིན་པའི་ཐིག་ལེའི་སྒྲིབ་ པ་རྣམས་དག་སླ་བ་དང་། མཐར་ཐུག་གི་གསུང་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཆེས་ ཁྱད་པར་ཅན་བཞག་པ་དེ་ཡིན་ནོ། །ཤེར་དབང་གིས། མ་དག་པའི་གཉིད་འཐུག་གི་སྒྲིབ་པ་ དང་། མ་དག་པའི་སེམས་དང་། དེའི་རྒྱུ་སྙིང་ཁའི་ཐིག་ལེའི་སྒྲིབ་པ་རྣམས་དག་སླ་བ་དང་། མཐར་ཐུག་གི་ཐུགས་རྡོ་རྗེ་མངོན་དུ་འགྱུར་རུང་གི་ནུས་པ་ཁྱད་པར་ཅན་བཞག་པ་དེ་ཡིན་ནོ། །དབང་བཞི་པས། མ་དག་པའི་ཆགས་རྟོག་གི་སྒྲིབ་པ་དང་། མ་དག་པའི་ཡེ་ཤེས་ཀྱི་ཁམས་ དང་། དེའི་རྒྱུ་ལྟེ་བའི་ཐིག་ལེའི་སྒྲིབ་པ་རྣམས་དག་སླ་བ་དང་། མཐར་ཐུག་གི་ཡེ་ཤེས་རྡོ་རྗེ་ མངོན་དུ་འགྱུར་བའི་ནུས་པ་ཁྱད་པར་ཅན་བཞག་པ་དེ་ཡིན་ནོ། །མདོར་ན་བུམ་གསང་ཤེར་ བཞི་པའི་ནུས་པ་རྣམས་སྔར་ལས་ཁྱད་པར་དུ་ཆེས་ཆེར་རྒྱས་པར་བྱས་སོ། ། ལྔ་པ་བདག་པོའི་དབང་གི་དགོས་པ་ནི། ཆུ་དབང་ནས་རྗེས་གནང་གི་བར་རྣམས་སྔར་ བྱིས་འཇུག་གི་སྐབས་སུ་ཐོབ་པའི་སྟེང་དུ་ད་སྐབས་བདག་པོའི་དབང་གི་ཆུ་དབང་ནས་རྗེས་ གནང་གི་བར་གྱི་སྡོམ་པ་རྣམས་གསར་དུ་ཐོབ་ཅིང་། རྫོགས་རིམ་སོར་སྡུད་ནས་རྗེས་དྲན་གྱི་ བར་གྱི་ལམ་གྱི་རིམ་པ་རྣམས་སློབ་མའི་དབང་གོང་མ་བཞིས་སྒོམ་པ་ལ་དབང་བ་དང་ཏིང་ངེ་ འཛིན་གྱི་ས་བདུན་དང་འཕགས་པའི་ས་བདུན་ཐོབ་རུང་དུ་བྱས་པའི་སྟེང་དུ་ས་ལམ་དེ་དག་ གོང་འཕེལ་དུ་བསྐྱེད་པ་ལ་དབང་འབྱོར་བར་བྱས་པ་ཡིན་ནོ། ། སློབ་དཔོན་བདག་པོའི་དབང་གི་བུམ་དབང་ཐོབ་པས་སློབ་མའི་བུམ་དབང་གི་སྡོམ་པ་ སྔར་ཡོད་ཀྱི་སྟེང་དུ་སློབ་དཔོན་བདག་པོའི་བུམ་དབང་གི་སྡོམ་པ་གསར་དུ་ཐོབ་ཅིང་། ཏིང་ ངེ་འཛིན་གྱི་ས་བརྒྱད་པ་དང་འཕགས་པའི་ས་བརྒྱད་པ་ཐོབ་རུང་གི་ནུས་པ་ཡང་སྔར་ནས་ 5-1-254 ཡོད་པ་ལ་ས་ལམ་དེ་དག་གོང་འཕེལ་དུ་བསྐྱེད་པ་ལ་དབང་འབྱོར། འབྲས་བུ་མི་འགྱུར་ བའི་བདེ་བ་ཆེན་པོའི་ངོ་བོར་གྱུར་པའི་སྐུ་རྡོ་རྗེའི་ཐིག་ལེའི་མངོན་དུ་བྱེད་པའི་ས་བོན་ཁྱད་ པར་ཅན་རྒྱུད་ལ་བཞག་པ་ཡིན་ནོ། །བདག་པོའི་དབང་གི་གསང་དབང་ཐོབ་པས་དེའི་སྡོམ་ པའང་གསར་དུ་ཐོབ་ཅིང་། ཏིང་ངེ་འཛིན་གྱི་ས་དགུ་པ་དང་འཕགས་པའི་ས་དགུ་པའི་ལམ་ གྱི་ཡོན་ཏན་ཐམས་ཅད་གོང་འཕེལ་དུ་བསྐྱེད་པ་ལ་དབང་འབྱོར། འབྲས་བུ་མི་འགྱུར་བའི་ བདེ་བ་ཆེན་པོའི་ངོ་བོར་གྱུར་པའི་གསུང་རྡོ་རྗེའི་ཐིག་ལེ་མངོན་དུ་བྱེད་པའི་ས་བོན་ཁྱད་པར་ ཅན་རྒྱུད་ལ་བཞག་པ་ཡིན་ནོ། །བདག་པོའི་དབང་གི་ཤེར་དབང་ཐོབ་པས་དེའི་སྡོམ་པའང་ གསར་དུ་ཐོབ་ཅིང་། ཏིང་ངེ་འཛིན་གྱི་ས་བཅུ་པ་དང་འཕགས་པའི་ས་བཅུ་པའི་ལམ་རྣམས་ གོང་འཕེལ་དུ་བསྐྱེད་པ་ལ་དབང་འབྱོར། འབྲས་བུ་མི་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོར་ གྱུར་པའི་ཐུགས་རྡོ་རྗེའི་ཐིག་ལེ་མངོན་དུ་བྱེད་པའི་ས་བོན་ཁྱད་པར་ཅན་རྒྱུད་ལ་བཞག་པ་ ཡིན་ནོ། །བདག་པོའི་དབང་གི་དབང་བཞི་པ་ཐོབ་པས་དེའི་སྡོམ་པའང་གསར་དུ་ཐོབ། ཏིང་ ངེ་འཛིན་གྱི་ས་བཅུ་གཅིག་པ་ནས་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ལ་སྦྱོར་བ་དང་། འཕགས་ པའི་ས་བཅུ་གཅིག་པ་ནས་འཕགས་པའི་ས་བཅུ་གཉིས་པ་སངས་རྒྱས་ཀྱི་སར་གོང་འཕེལ་ དུ་སྦྱོར་བ་ལ་དབང་ཐོབ། འབྲས་བུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེའི་ཐིག་ལེ་ མངོན་དུ་བྱེད་པའི་ས་བོན་ཁྱད་པར་ཅན་རྒྱུད་ལ་བཞག་པ་ཡིན་ནོ། །མདོར་ན་བདག་པོའི་ དབང་གིས་ཏིང་ངེ་འཛིན་དང་འཕགས་པའི་ས་བདུན་གོང་འཕེལ་དུ་སྐྱེད་པར་བྱེད་ནུས་པའི་ ས་བོན་དང་། དེའི་བུམ་པའི་དབང་སོགས་ཀྱིས་རིམ་བཞིན་ཏིང་ངེ་འཛིན་དང་འཕགས་པའི་ ས་བརྒྱད་པ་དང་དགུ་པ་དང་བཅུ་པ་རྣམས་གོང་འཕེལ་དུ་བྱེད་ནུས་པའི་ས་བོན་དང་། ས་ བཅུ་གཅིག་པ་ནས་བཅུ་གཉིས་པ་ལ་སྦྱོར་བ་གོང་འཕེལ་དུ་བྱེད་པ་དང་། རང་རང་གི་དག་ འབྲས་རྡོ་རྗེ་བཞི་ལ་སྦྱོར་བར་བྱེད་པ་གོང་འཕེལ་དུ་བྱེད་ནུས་པའི་ས་བོན་བཞག་པ་ཡིན་ནོ། 5-1-255 ། དྲུག་པ་སློབ་དཔོན་བདག་པོ་ཆེན་པོའི་དབང་གི་དགོས་པ་ནི། བདག་ཆེན་དབང་གིས་ནི་ དེའི་སྔོན་འགྲོ་རྣམས་ཀྱིས་བདག་ཆེན་དབང་གི་སྔོན་འགྲོའི་སྐབས་ཀྱི་སྡོམ་པ་གསར་དུ་ཐོབ་ པ་དང་། རྫོགས་རིམ་གྱི་སོར་སྡུད་སོགས་ཡན་ལག་དང་པོ་ལྔ་མཐར་ཕྱིན་པར་བྱེད་རུང་དང་ ། ཏིང་ངེ་འཛིན་གྱི་ས་བདུན་དང་འཕགས་པའི་ས་བདུན་གྱི་ཡོན་ཏན་མཐར་ཕྱིན་པ་ལ་དབང་ བའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པ་ཡིན་ནོ། །དེའི་བུམ་དབང་སོགས་ཀྱིས་རིམ་ བཞིན་ཏིང་ངེ་འཛིན་དང་འཕགས་པའི་ས་བརྒྱད་པ་དང་དགུ་པ་དང་བཅུ་པ་རྣམས་མཐར་ ཕྱིན་པར་བྱེད་པ་དང་། ས་བཅུ་གཅིག་པ་ནས་བཅུ་གཉིས་པ་ལ་སྦྱོར་བ་མཐར་ཕྱིན་པར་བྱེད་ པ་དང་། དག་འབྲས་རྡོ་རྗེ་བཞིའི་ཆ་ཐམས་ཅད་ཐོབ་པ་མཐར་ཕྱིན་པར་བྱེད་ནུས་པའི་ས་ བོན་ཆེས་ཁྱད་པར་ཅན་བཞག་པ་ཡིན་པར་ཤེས་པར་བྱའོ། ། ས་བཅད་གསུམ་པ་སྡོམ་པ་དང་དམ་ཚིག་བསྲུང་བ་ལ། དང་པོ་རིགས་ལྔ་སྤྱིའི་སྡོམ་པ་ ནི། ཇི་ལྟར་དུས་གསུམ་གྱི་མགོན་པོ་སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ ངེས་པར་མཛད་པ་དེ་བཞིན་དུ། གཞན་དོན་བསྒྲུབ་ཕྱིར་བདག་དུས་ཀྱི་འཁོར་ལོའི་གོ་འཕང་ ཐོབ་པར་བྱས་ནས་སེམས་ཅན་ཐམས་ཅད་དེ་ལ་འགོད་པར་འདོད་པའི་བྱང་ཆུབ་ཀྱི་སེམས་ བླ་ན་མེད་པ་དམ་པ་དེ་དང་། མདོ་ལམ་གྱི་འཇུག་པའི་སྡོམ་པ་བཟུང་ཞིང་འཇུག་པའི་སེམས་ བསྐྱེད་པར་བགྱིའོ། །རིགས་ལྔ་བྱེ་བྲག་གི་དམ་ཚིག་ནི། རྣམ་སྣང་གི་དམ་ཚིག་སྔགས་ཀྱི་རྩ་ ལྟུང་སོགས་སྤོང་བར་སེམས་པ་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་དང་། རྡོ་རྗེའི་ལམ་རྣམས་ སྒྲུབ་ཅིང་མི་ཉམས་པར་སེམས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། གསང་སྔགས་ཀྱི་ ཐེག་པས་སེམས་ཅན་མ་ལུས་པའི་དོན་སྒྲུབ་པར་སེམས་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ ཁྲིམས་ཏེ་སྔགས་ལམ་གྱིས་ཁྱད་པར་དུ་བྱས་པའི་ཚུལ་ཁྲིམས་གསུམ་པོ་བདག་གིས་སོ་སོར་ 5-1-256 བརྟན་པོར་བཟུང་བར་བགྱི། ཡང་རྣམ་སྣང་གི་དམ་ཚིག་ནི་། སྔགས་ཀྱི་ཆོས་འཁོར་བསྐོར་ བའི་སངས་རྒྱས་རྡོ་རྗེ་འཆང་དང་། རྡོ་རྗེའི་ཐེག་པའི་སྤངས་རྟོགས་ཀྱི་ཆོས་དང་། གསང་ སྔགས་ཀྱི་ལམ་ལ་གནས་པའི་དགེ་འདུན་ཏེ། བླ་ན་མེད་པའི་དཀོན་མཆོག་གསུམ་པོ་སྐྱབས་ སུ་བཟུང་བར་བྱ་སྟེ། སངས་རྒྱས་རྣམ་སྣང་གི་དམ་ཚིག་དང་སྡོམ་པ་ཐམས་ཅད་དེང་ནས་ བཟུང་སྟེ་མི་ཉམས་པར་བརྟན་པོར་བཟུང་བར་བགྱིའོ། །རྡོ་རྗེ་རིགས་མཆོག་ཆེན་པོ་མི་སྐྱོད་ པའི་དམ་ཚིག་ལ། ནང་གི་རྡོ་རྗེ་རྒྱལ་བ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་བདེ་བ་ཆེན་ པོའི་ཡེ་ཤེས་དེ་དྲན་པའི་སྒོ་ནས་ཕྱི་རྟགས་ཀྱི་རྡོ་རྗེ་འཛིན་པ་དང་། ནང་གི་དྲིལ་བུ་རྒྱལ་བ་ རྣམས་ཀྱི་ཐུགས་སྟོང་ཉིད་གཟིགས་པའི་ཡེ་ཤེས་ལས་སྤྲོས་བྲལ་སྟོང་ཉིད་ནམ་མཁའ་ལྟ་ བུའི་དོན་སྟོན་པའི་སྒྲ་འབྱུང་བའི་སྒྲ་དེས་བསྟན་པའི་སྟོང་ཉིད་ཀྱི་དོན་དེ་དྲིལ་བུའི་སྒྲ་སྒྲོག་ པར་མོས་པ་དང་སྟོང་ཉིད་དྲན་པའི་རྟེན་དུ་ཕྱིའི་རྟགས་ཀྱི་དྲིལ་བུ་འཛིན་པ་དང་། སྔགས་བླ་ མེད་ཀྱི་ལུགས་ལ་མེ་ཏོག་ཕོག་པའི་ལྷའམ་རིགས་ཀུན་འདུས་པ་དུས་ཀྱི་འཁོར་ལོར་གསལ་ ནས་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་སྟོང་ཟུང་འཇུག་ཏུ་སྒོམ་པ་རྒྱུན་དུ་ བརྟེན་པ་སྟེ་རྡོ་རྗེ་དང་དྲིལ་བུ་ཕྱག་རྒྱ་གསུམ་དེ་ཁོ་ན་ཉིད་ཀྱིས་འཛིན་པ་དང་། སྔགས་སྟོན་ པའི་སློབ་དཔོན་བསྙེན་བཀུར་གྱི་ཞིང་མཆོག་ཏུ་ཡང་དག་པར་བཟུང་བར་བགྱིའོ། །རིན་ ཆེན་རིགས་མཆོག་ཆེན་པོ་རིན་འབྱུང་གི་དམ་ཚིག་རྣམ་སྨིན་དཀར་བའི་ཡིད་དུ་འོང་བ་དེ་ལ། ཉིན་རེ་བཞིན་ཡང་དུས་དྲུག་ཏུ་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་དང་། བྱམས་པའི་ སྦྱིན་པ་རྣམ་པ་བཞི་རྟག་ཏུ་སྦྱིན་པར་བྱའོ། །བྱང་ཆུབ་ཆེན་པོ་ལས་བྱུང་བའི་པདྨའི་རིགས་ མཆོག་དག་པ་འོད་དཔག་མེད་ཀྱི་དམ་ཚིག་ལ། ཕྱི་བྱ་སྤྱོད་དང་། ནང་རྣལ་འབྱོར་རྒྱུད་དང་། གསང་བ་བླ་མེད་ཀྱི་རྒྱུད་དང་། ཉན་རང་དང་ཐེག་ཆེན་གྱི་མདོའི་ཐེག་པ་གསུམ་གྱི་དམ་པའི་ ཆོས་རྣམས་ནི་མ་ལུས་པ་ཐམས་ཅད་རང་གཞན་ཅི་རིགས་པ་སྨིན་གྲོལ་བྱེད་པའི་ཡན་ལག་ 5-1-257 ཏུ་ཐོས་བསམ་སྒོམ་གསུམ་གྱིས་བཟུང་བར་བགྱི། ལས་ཀྱི་རིགས་མཆོག་ཆེན་པོ་དོན་ཡོད་ གྲུབ་པའི་སྡོམ་པ་ལ། སྔགས་ཀྱི་སྡོམ་པ་ཐམས་ཅད་ཡོངས་རྫོགས་ལྡན་པར་བཟུང་བ་དང་། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ལས་རྣམས་ཉིན་རེ་བཞིན་ཅི་ནུས་སུ་བགྱིད་དོ། །སྤྱིའི་དམ་ཚིག་རྩ་ལྟུང་བཅུ་བཞི་ལ་སོགས་པ་ལེགས་པར་བསྲུང་བར་བགྱིའོ། །དེ་ལྟར་སྨོན་ པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བླ་ན་མེད་པའི་དམ་པ་བདག་གིས་བསྐྱེད་པར་བྱས་ ནས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་མ་ལུས་པ་ཐམས་ཅད་བཟུང་། ཉན་ཐོས་དང་གཏི་ མུག་གི་བཅིངས་པ་ལས་མ་གྲོལ་བའི་ཚངས་པ་དང་ལྷ་མི་སོགས་ཉོན་མོངས་པའི་འཆིང་བ་ ལས་གྲོལ་བར་བགྱི། ཤེས་སྒྲིབ་ཀྱི་འདམ་ལས་མ་བརྒལ་བའི་ཉན་རང་དགྲ་བཅོམ་རྣམས་ དེ་ལས་བསྒྲལ་བར་བགྱི། སྡུག་བསྔལ་གྱིས་ཉམ་ཐག་ཅིང་བདེ་བའི་དབུགས་མ་ཕྱིན་པ་ རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་བའི་དབུགས་དབྱུང་བར་བགྱི། དེའི་སྒོ་ནས་སེམས་ ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པར་དགོད་པར་བྱའོ་སྙམ་དུ་སངས་རྒྱས་ བྱང་སེམས་ཐམས་ཅད་དཔང་དུ་བཞག་ནས་དམ་བཅའ་དགོས་ཏེ། ཇི་སྐད་དུ། སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་ བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་ གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་ བསྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་ བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་ རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང་། །རྡོ་རྗེ་རིགས་མཆོག་ ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ 5-1-258 ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་ བ། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ ལུས་བཟུང་། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པ་ནི། །ཡང་དག་ ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་ མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་ བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་ འགོད། །ཅེས་གསུངས་པའི་ཕྱིར། གཉིས་པ་རིགས་དྲུག་གི་དམ་ཚིག་དང་སྡོམ་པ་ནི། འོ་ན་བྱིས་པ་འཇུག་པའི་དབང་ བདུན་ཙམ་བསྐུར་བ་ལ་བསྐྱེད་རིམ་གྱི་སྡོམ་པ་རྣམས་དང་། དབང་གོང་མ་བཞི་བསྐུར་བ་ལ་ རྫོགས་རིམ་གྱི་སྡོམ་པ་རྣམས་འཛིན་དགོས་ཀྱི་སྡོམ་པ་མ་བཟུང་བ་ལ་དབང་བསྐུར་མི་རུང་ ལ་བསྐུར་ཀྱང་མི་ཐོབ་པས་དབང་གང་ལེན་པ་དེའི་སྡོམ་པ་ཐམས་ཅད་འཛིན་དགོས། སྡོམ་ པ་ནི་ལུགས་འདིའི་རིགས་དྲུག་གི་དམ་ཚིག་དང་སྡོམ་པ་སྟེ། འདོད་པ་ཞེས་པ་ལྔ་སྟེ་རྡོ་རྗེ་རྩེ་ ལྔ་པའི་རིགས་མི་བསྐྱོད་པའི་དམ་ཚིག་ལ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་ནི་དྲང་དོན་བསྐྱེད་རིམ་ ལ་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་ཀུན་རྫོབ་སེམས་བསྐྱེད་དང་བཅས་པ་སྒོམ་པ་དང་། དྲིལ་ བུ་གསུང་གི་དམ་ཚིག་ཆོས་སྒོ་མ་ལུས་པ་འབྱུང་བའི་གནས་སྤྲོས་བྲལ་སྟོང་ཉིད་སྒོམ་པ་དང་། ཕྱག་རྒྱ་སྐུའི་དམ་ཚིག་རང་གི་ལུས་ངག་ཡིད་གསུམ་སྣོད་བཅུད་དང་བཅས་པ་དུས་ཀྱི་འཁོར་ ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་སྒོམ་པ་གསུམ། ངེས་དོན་རྫོགས་རིམ་ལ་བྱང་ སེམས་དབུ་མ་ཕྲ་མོར་འཆིང་བའི་ཐབས་ཀྱི་ཐུགས་མི་འགྱུར་བའི་བདེ་བ་སྒོམ་པ། སྲོག་དབུ་ 5-1-259 མར་འཆིང་བས་གསུང་གཞོམ་མེད་ཀྱི་སྒྲ་སྒོམ་པ། ཡན་ལག་དྲུག་གི་སྒོ་ནས་སྟོང་གཟུགས་ ཕྱག་རྒྱ་ཆེན་པོའི་སྐུ་སྒོམ་པ་གསུམ། བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་དབང་བསྐུར་ ཞིང་གདམས་ངག་སྟོན་པའི་བླ་མ་དག་ཀྱང་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཀྱིས་ སྤྱི་བོར་བཀུར་ཞིང་དངོས་པོ་ཐམས་ཅད་ཀྱིས་བསྟེན་པ་རྣམས་དང་། རིན་ཆེན་འབྱུང་ལྡན་གྱི་ རིགས་ཀྱི་དམ་ཚིག་ལ། དྲང་དོན་གྱི་སྦྱིན་པ་རིན་པོ་ཆེ་དང་། ལྕགས་ཟངས་དང་། བ་ལང་། རྟ་ དང་། གླང་པོ་ཆེ། བུ་མོ་དང་། ཡུལ་འཁོར་ཆུང་མ་དང་། རང་གི་ཤ་སྦྱིན་པ་སྟེ། སྦྱིན་པ་རྣམ་པ་ བཅུ་དང་། དེས་མཚོན་ནས་མི་འཇིགས་པ་ལ་སོགས་པའི་སྦྱིན་པ་སྦྱིན་པ་དང་། ངེས་དོན་རླུང་ བཅུ་དབུ་མར་འཆིང་བ་རྣམས་དང་། འཁོར་ལོ་ཞེས་པ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་དམ་ ཚིག་ལ། དྲང་དོན་རྒྱལ་བ་ཞེས་པ་རྒྱལ་བ་རིགས་ལྔ་བསྟེན་པའི་དམ་ཚིག་ཤ་ལྔ་དང་། ཡུམ་ ལྔའི་དམ་ཚིག་ལྕགས་ཀྱུ་ལྔ་པོ་རྗེས་མཐུན་པའམ་དངོས་སུ་སྦྱངས་རྟོགས་སྦར་གསུམ་བྱས་ ནས་བསྟེན་པ་དང་། ངེས་དོན་གྱི་བདུད་རྩི་ལྔ་ཕུང་པོ་ལྔའི་དྭངས་མ་དབུ་མར་འཆིང་བ་དང་ ། ཤ་ལྔ་ནི་དབང་པོ་ལྔའི་ཐིག་ལེ་དབུ་མར་འཆིང་བ་རྣམས་དང་། རལ་གྲི་ཞེས་པ་དོན་ཡོད་ གྲུབ་པའི་རིགས་ཀྱི་དམ་ཚིག་ལ། དྲང་དོན་གྱི་མཆོད་པ་རང་གི་འདོད་པའི་ལྷའམ་ཡི་དམ་ གྱི་ལྷ་དང་སངས་རྒྱས་དང་བྱང་སེམས་ཐམས་ཅད་ལ། རང་གི་ལུས་ངག་གི་བྱ་བས་མཆོད་ པ་དང་། ཡོ་བྱད་དང་། རྙེད་པ་དང་། བཀུར་སྟི་དང་། རིམ་གྲོ་དང་བསྔགས་པ་བརྗོད་པས་ མཆོད་པ་དང་། ངེས་དོན་གྱི་མཆོད་པ་གཏུམ་མོའི་མེས་བྱང་སེམས་བཞུས་པས་ཕུང་ཁམས་ བདེ་བས་ཁྱབ་པར་བྱེད་པ་དང་། གསལ་བར་ཆུ་སྐྱེས་ཞེས་པ་པདྨའི་རིགས་ཀྱི་དམ་ཚིག་ལ། དྲང་དོན་གྱི་ཚུལ་ཁྲིམས་ཐིག་ལེ་རགས་པ་རླུང་སྟོབས་ཀྱི་དབབ་བཟློག་ནུས་པའི་རླུང་ལས་ རྣམ་པར་རྒྱལ་བ་ཐོབ་པར་བྱས་ནས་ལས་ཀྱི་ཕྱག་རྒྱ་བསྟེན་པ་ལས་བྱང་སེམས་འཛག་མེད་ དུ་སྡོམ་པའི་ཚུལ་ཁྲིམས་དང་། ངེས་དོན་གྱི་ཚུལ་ཁྲིམས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་ཟག་ 5-1-260 བཅས་ཀྱི་བྱང་སེམས་མི་འགྱུར་བའི་བདེ་བར་བསྒྱུར་བའི་སྒོ་ནས་འཛག་མེད་དུ་སྡོམ་པའི་ ཚུལ་ཁྲིམས་རྣམས་བསྐྱང་བར་བྱ་བ་དང་། བདག་གིས་སེམས་ཅན་མ་ལུས་པ་རྣམས་སྲིད་ ཞིའི་རྒྱ་མཚོ་ལས་ཐར་བར་བྱེད་པའི་སླད་དུ་རྒྱལ་བ་བསྐྱེད་མཛད་ཅེས་པ་རྡོ་རྗེ་རྩེ་གཅིག་ པའི་རིགས་རྡོ་རྗེ་སེམས་དཔའི་རིགས་ཀྱི་དམ་ཚིག་ལ། དྲང་དོན་གྱི་སེམས་བསྐྱེད་རྣམ་ཀུན་ མཆོག་ལྡན་གྱི་སྟོང་ཉིད་དང་། བདེ་ཆེན་དམིགས་མེད་སྙིང་རྗེ་གཉིས་དབྱེར་མེད་པའི་བླ་ན་ མེད་པའི་བྱང་ཆུབ་ཐོབ་པར་སེམས་བསྐྱེད་པ་དང་། སེམས་བསྐྱེད་ནས་མཇུག་སྡོམ་བླངས་ ཏེ་མདོ་ལམ་གྱི་ཚུལ་ཁྲིམས་གསུམ་ལ་སློབ་པར་བྱེད་པ། ངེས་དོན་གྱི་སེམས་བསྐྱེད་སྙིང་རྗེ་ མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཉིས་ཟུང་དུ་འཇུག་པའི་ཏིང་ ངེ་འཛིན་སྒྲུབ་པར་བྱེད་པ་རྣམས་ཏེ། དེ་ལས་མི་བསྐྱོད་པའི་རིགས་ཀྱི་ངེས་དོན་གྱི་རྡོ་རྗེ་དྲིལ་ བུ་ཕྱག་རྒྱ་གསུམ་དང་། གཞན་ལྔའི་ངེས་དོན་གྱི་དམ་ཚིག་ལྔ་སྟེ་བརྒྱད་ནི། དུས་ཀྱི་འཁོར་ ལོའི་ཐུན་མོང་མ་ཡིན་པའི་དམ་ཚིག་སྟེ། གཞན་དྲང་དོན་རྣམས་ཀྱི་ནང་དུའང་རྒྱུད་གཞན་གྱི་ རིགས་ལྔའི་དམ་ཚིག་ཐམས་ཅད་འདུས་པ་ཡིན་ལ། གཞན་དག་གིས་རྒྱུད་རྡོ་རྗེ་རྩེ་མོའི་ལུང་ དྲངས་ནས་དངོས་གཞིའི་དབང་བསྐུར་དང་འབྲེལ་བའི་སྐབས་ཉིད་དུ་ནི་དམ་ཚིག་འཛིན་པ་ ལན་གསུམ་གྱི་མཐར་སྔགས་ཀྱི་སྡོམ་པ་སྐྱེ་བར་བཞེད་ཀྱང་། རང་ལུགས་ལ་དམ་ཚིག་འཛིན་ པར་ཁས་མ་བླངས་ན་དབང་བསྐུར་ཡང་སྔགས་སྡོམ་མི་སྐྱེ་ཡང་དེ་ཁས་བླངས་ནས་དངོས་ གཞིའི་དབང་བསྐུར་ན་ནི་བྱིས་པ་འཇུག་པའི་དབང་བདུན་རྫོགས་ཟིན་པ་ན་བསྐྱེད་རིམ་ གྱི་སྡོམ་པ་རིགས་དྲུག་གི་དྲང་དོན་གྱི་སྡོམ་པ་རྣམས་དང་། དབང་གོང་མ་བཞི་རྫོགས་པ་ན་ རྫོགས་རིམ་གྱི་སྡོམ་པ་རིགས་དྲུག་གི་ངེས་དོན་གྱི་སྡོམ་པ་རྣམས་འཐོབ་པར་འགྱུར་ཞིང་དེ་ ལྟར་སྡོམ་པའི་ངོ་བོ་རྣམས་ཤེས་པར་བྱས་ནས་ཁས་ལེན་དགོས་པས་རིགས་དྲུག་གི་དྲང་ངེས་ ཀྱི་སྡོམ་པ་རྣམས་ཡིད་ཡུལ་དུ་ངེས་པར་བྱས་ཏེ་སྡོམ་པ་དེ་དག་བསྲུང་བར་བགྱིའོ་སྙམ་དུ་ 5-1-261 དམ་བཅའ་དགོས་ཏེ། དུས་འཁོར་རྩ་རྒྱུད་ལས། འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ལོ་འདི་ལ་ རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་གསལ་བར་ ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་བའི་སླད་དུ་ རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །ཞེས་གསུངས་པའི་ ཕྱིར་རོ། ། གསུམ་པ་གསང་བ་སྔགས་ཀྱི་ཆོས་རྣམས་སྣོད་མིན་ལ་ཤིན་ཏུ་གསང་དགོས་པས་དམ་ ལ་བཞག་པ་བཞིའི་སྒོ་ནས་གསང་བར་གདམས་པ་ལ་ཐོག་མར་སྣོད་མིན་ལ་གསང་བའི་ སྒོ་ནས་སློབ་མའི་སྤྱི་བོར་རྡོ་རྗེ་བཞག་སྟེ་དམ་ལ་བཞག་པ་ཡིན་ཏེ། ཇི་སྐད་དུ། དེང་ཁྱོད་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་ བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་ གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་ པར་འགྱུར་ཏ་རེ། ཞེས་གསུངས་པའི་དེའི་དོན་ནི་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་པ་དང་ དཀྱིལ་འཁོར་གྱི་ནང་དུ་ཞུགས་པ་སོགས་ཀྱིས་ཁྱོད་རང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ རིགས་སུ་ཞུགས་པ་སྟེ་རྒྱུར་གྱུར་པ་ཡིན་ལ། དེས་ན་ངས་ཁྱོད་ལ་ཡེ་ཤེས་པ་འབེབས་པར་བྱ་ སྟེ། དེས་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་ན་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་སྔགས་ཀྱི་ ཚུལ་འདི་དག་དཀྱིལ་འཁོར་གྱི་ལྷ་ངོ་མ་བསྟན་པ་དག་ལ་མ་སྨྲ་ཞིག སྨྲས་ན་དམ་ཚིག་ཉམས་ པར་འགྱུར་བས་ཤིན་ཏུ་གསང་དགོས་ཞེས་པའི་དོན་ཡིན་ནོ། ། གཉིས་པ་མ་གསང་བའི་ཉེས་དམིགས་བསྟན་པའི་སྒོ་ནས་མགོ་བོར་རྡོ་རྗེ་བཟུང་ནས་ 5-1-262 དྲིལ་བུ་དཀྲོལ་ཞིང་། ཇི་སྐད་དུ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ནས་ནི་མགོ་བོ་འགེམས། །གསང་བར་བྱ་ དགོས་པ་ཐམས་ཅད་སྣོད་མིན་ལ་མི་བསྒྲག་པ་འདི་ནི། འདིར་མི་རུང་ཞིང་འདའ་བར་བྱེད་ པ་དཀའ་བ་རྡོ་རྗེ་ལྟ་བུ་སྟེ། ཁྱོད་ཀྱིས་བསྲུང་བར་བྱ་བའི་རྡོ་རྗེའི་དམ་ཚིག་ནི་འདི་ཡིན་ནོ། །དེས་ན་གལ་ཏེ་ཁྱོད་ཀྱིས་གསང་བའི་ཆོས་ཀྱི་ཚུལ་འདི་ནི་སྣོད་མིན་ལ་སྨྲས་ན་ཁྱེད་ཀྱི་མགོ་ བོ་འགེམས་པར་འགྱུར་རོ། །སླར་ཡང་ཉེས་དམིགས་ཀྱིས་རྡོ་རྗེ་སྙིང་ཁར་བཟུང་སྟེ་དམ་ལ་ བཞག་པ་ནི། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཁྱོད་ཀྱིས་སྔར་སློབ་དཔོན་ལ་ དབང་བསྐུར་བའི་གནང་བ་བླངས་པ་སོགས་དང་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ ཀྱིས་ཁྱོད་རང་གི་སྙིང་ལ་གསར་དུ་རྡོ་རྗེ་སེམས་དཔའ་ཞུགས་པར་གྱུར་པ་དེ་སྣོད་མིན་ལ་ གསང་བ་བསྒྲགས་པ་དེ་མ་ཐག་ནས་གཞན་དུ་གཤེགས་ཤིང་མེད་པར་འགྱུར་བས་གསང་བ་ སྒྲོག་པར་མ་བྱེད་ཅིག གསུམ་པ་ཕན་ཡོན་དང་ཉེས་དམིགས་གཉིས་ཀྱི་སྒོ་ནས་དམ་ལ་བཞག་པ་ནི། འདི་ནི་ ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག ། བཞི་པ་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྒྱུད་ལས་དེང་ནས་ བརྩམས་ཏེ་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱི་ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་ དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ཚེའི་དུས་ བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་སོགས་གསུངས་པའི་ཕྱིར་རོ། ། 5-1-263 བཞི་པ་དེ་ནས་བརྟུལ་ཞུགས་ཉེར་ལྔ་ནི། རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་སྟེ། དེ་ནི་ སྤྱིར་ཡང་བསྲུང་དགོས་ལ། ཁྱད་པར་བསྐྱེད་རྫོགས་ཉམས་སུ་ལེན་པ་ལ་མ་བསྲུངས་ན་ བསྐྱེད་རྫོགས་ཀྱི་ཡེ་ཤེས་མཚན་ཉིད་པ་མི་སྐྱེ་བས་བརྟུལ་ཞུགས་ཉེར་ལྔ་སྦྱིན་པ་ལ་ཐོག་མར་ བརྟུལ་ཞུགས་ཀྱི་མི་མཐུན་ཕྱོགས་ཉེར་ལྔའི་ངོ་བོ་སོགས་སྟོན་པ་འདི་ལྟར་ཏེ། རྩ་རྒྱུད་ལས། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ ཉིད། །འཁོར་བར་རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་འདི་ རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མིའི་བླ་མ་དེ་ཡི་མཚན་གྱི་རབ་སྦྱིན་བྱ། །སྣ་ཚོགས་གཙོ་བོའི་བཀའ་འདི་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་ བསྐྱང་བར་བྱ། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་ དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་ མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མིའི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་ བ་ཡང་། །དབང་པོ་རྣམས་ནི་ཀུན་ནས་ཆགས་པ་དག་སྟེ་དེ་ལྟར་སྲིད་པའི་བདག་པོའི་བརྟུལ་ ཞུགས་ཉི་ཤུ་ལྔ། །ཞེས་གསུངས་ཏེ། འཚེ་བ་སྟེ་སྲོག་གཅོད་པ་དང་། མི་བདེན་པ་རྫུན་གྱི་ཚིག་ དང་། གཞན་གྱི་བུད་མེད་བསྟེན་པ་སོགས་ལོག་གཡེམ་དང་། གཞན་གྱི་ནོར་མ་བྱིན་པར་ ལེན་པ་དང་། ཆང་བཏུང་བ་དང་ལྔ་པོ་ནི་སངས་རྒྱས་ཀྱི་བཅས་པ་དང་མ་འབྲེལ་ཡང་བྱས་ན་ རང་གི་ངོ་བོའི་སྒོ་ནས་སྡིག་པ་ཡོད་པ་ལྔ་སྟེ། འདི་རྣམས་ནི་འཁོར་བའི་གནས་སུ་འཆིང་བྱེད་ རྡོ་རྗེ་ཞགས་པ་དང་འདྲ་བ་དག་སྟེ། རང་གཞན་གྱི་དགེ་བ་ཐམས་ཅད་འཇོམས་བྱེད་ཀྱི་སྡིག་ པ་ལྔ་པོ་འདི་རྣམས་ཡིན་ལ། དེ་ལྟར་ཡིན་ཞེས་སངས་རྒྱས་གང་ཞིག་དུས་གང་གི་ཚེ་བྱུང་བའི་ ལྷ་དང་མི་ཡི་བླ་མ་སངས་རྒྱས་རྣམ་གཟིགས་སོགས་དེ་དང་དེའི་མཚན་ཅན་གྱི་གདུལ་བྱ་ རྣམས་ལ་སྦྱིན་པ་སྟེ་གསུངས་པར་བྱ་བ་ཡིན་ལ། དེ་འདྲའི་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ 5-1-264 ལོས་སྡིག་པ་ལྔ་འདི་སྤང་དགོས་པར་གསུངས་པའི་བཀའ་འདི་ནི་སྲིད་པའི་སྡུག་བསྔལ་མི་ བཟད་པའི་འཇིགས་པ་ཐམས་ཅད་འཇོམས་བྱེད་ཡིན་ཏེ། དེས་ན་ཁྱོད་ཀྱིས་ཀྱང་ནི་བཀའ་ འདི་བསྐྱང་བར་གྱིས་ཤིག ཡང་ཤོ་དང་མིག་མང་ལ་སོགས་པའི་རྩེད་མོ་བྱེད་པ་ཆོ་ལོ་དང་ ། བཟའ་བའི་དོན་དུ་བསད་པའི་ཤ་དང་བརྐུས་པའི་ཟས་སོགས་ཁ་ན་མ་ཐོ་བ་དང་བཅས་ པའི་ཟས་ཟ་བ་དང་། ངག་འཁྱལ་དང་བྷ་ར་ཏ་སོགས་བདག་འཛིན་དང་ཉོན་མོངས་འཕེལ་ བའི་བསྟན་བཅོས་སོགས་ཚིག་ངན་པ་ཀློག་པ་སྟེ་བརྗོད་པ་དང་། རིག་བྱེད་ལས་བཤད་པའི་ མཚུན་གསོལ་བའི་ཆོས་སོགས་འབྱུང་པོའི་ཆོས་དང་། ལྷ་མིན་དབང་པོ་ཀླ་ཀློའི་ཆོས་ལ་རྒྱུན་ དུ་བསམ་པ་སྟེ། དེ་དག་དགེ་བའི་བར་ཆད་ཆེན་པོ་ཡིན་པས་ཉེ་བའི་སྡིག་པ་ལྔ་དང་། བ་ལང་ གསོད་པ། བྱིས་པ་གསོད་པ། བུད་མེད་གསོད་པ། སྐྱེས་པ་གསོད་པ་དང་། ལྷ་མིའི་བླ་མ་ གསོད་པ་ཞེས་བྱ་བ་སྐུ་གསུང་ཐུགས་རྟེན་འཇིག་པར་བྱེད་པ་སྟེ་གསོད་པ་ལྔ་དང་། རང་དང་ མཉམ་དུ་འགྲོགས་པའི་ཆོས་དང་འཇིག་རྟེན་གཉིས་ཀྱི་གྲོགས་པོ་དང་། རང་གིས་བཀུར་ བར་འོས་པའི་རྒྱལ་པོ་དང་། ལྷ་མིའི་བླ་མ་སངས་རྒྱས་དང་། དགེ་སློང་གི་སྡེ་དགེ་འདུན་དང་ ། རང་གི་ཡིད་གཏད་པ་བརྟན་པར་འོས་པའི་མཁན་སློབ་སོགས་གསང་སྔགས་མ་ཡིན་པའི་ ཆོས་སྟོན་པའི་བླ་མ་དང་ལྔ་ལ། སྔར་མཐུན་པ་ལས་སླར་ལོག་ནས་འཁུ་བ་ཞེས་བྱ་བ་ཁྲོ་བ་ ལྔ་ནི་འཁུ་བ་ལྔ་དང་། མིག་གི་དབང་པོ་གཟུགས་མཛེས་པ་དང་འཕྲད་པའི་རྗེས་སུ་འབྲངས་ ཏེ་གཟུགས་ལ་ཀུན་ནས་ཆགས་པའི་འདོད་ཆགས་ནས་ལུས་ཀྱི་དེའི་བར་ཆགས་པ་ལྔ་སྟེ། དེ་ ལྟར་ཉེར་ལྔ་པོ་ལེགས་པར་སྤངས་པ་ནི་སྤྱོད་པ་ངན་པ་བཏུལ་ནས་རྡོ་རྗེ་སེམས་དཔའི་མཛད་ སྤྱོད་ཀྱི་ཚུལ་ལ་ཞུགས་པ་ཡིན་པས་ན་སྲིད་པའི་བདག་པོ་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ ཉི་ཤུ་རྩ་ལྔ་ཞེས་བྱའོ། །དེ་ལྟར་བརྟུལ་ཞུགས་ཉེར་ལྔ་ནི་ལེགས་པར་བསྲུང་ཞིང་ཉེས་སྤྱོད་ ཉེར་ལྔའི་གཉེན་པོ་ཚུལ་བཞིན་དུ་བརྟེན་པར་བགྱིའོ་སྙམ་དུ་དམ་བཅས་པ་ནི། ཇི་སྐད་དུ། 5-1-265 སྲིད་པའི་འཇིགས་པ་འཇོམས་མཛད་པའི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་པོ། །སྣ་ཚོགས་གཙོ་ བོའི་གསུང་ཇི་བཞིན། བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་གསུངས་པའི་ཕྱིར། ལྔ་པ་ཤེར་དབང་གི་ཐུན་མོང་མ་ཡིན་པའི་དམ་ཚིག་བསྲུང་བ་ནི། ཁྱེད་རང་གི་རྒྱུད་ལ་ སྐྱེས་པའི་དབང་གསུམ་པ་འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ནི་དོན་ དམ་པ་མ་ཡིན་གྱི་དོན་དམ་པའི་དགའ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐིག་ལེ་འཕོ་བ་མེད་ པའི་བདེ་བ་དེ་ཡིན་ཞིང་། དེ་ཡང་འཕོ་བའི་ཐིག་ལེ་འཛག་མེད་དུ་བཅིངས་པའི་རྒྱུ་ལས་ ཐོབ་དགོས་པས་བདེ་བ་ཆེན་པོའི་རྟེན་ཐིག་ལེ་ནི་རང་རང་གི་བསྲུང་དགོས་པས་རྒྱུ་མཚན་ དང་བཅས་པས་བསྲུང་བར་བཤད་པར་བྱ་བ་ཡིན་ཏེ། དེ་ཡང་དང་པོའི་སངས་རྒྱས་ཀྱི་རྒྱུད་ ལས། ལས་ཀྱི་ཕྱག་རྒྱའི་རབ་སྦྱོར་དང་། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང་། །བདེ་བ་ ཆེན་པོའི་བྱང་ཆུབ་སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་ རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་ རྒྱས་གཟུགས་ནི་བསྒོམ་པར་བྱ། །བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ ཉིད། །ཚུལ་ཁྲིམས་ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་ རོལ་ཕྱིན་བཅུ་ཐོབ་པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་ སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་སྒྲུབ་པའི་ སླད། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཁམས་གསུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་ གཞན་པ་ཡོད་མ་ཡིན། །སྐྱོབ་པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུངས་བདག་གི་བུ། །དེ་ ཚེ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་རྫོགས་བྱང་ཆུབ་འཐོབ་འགྱུར། །ཅི་སྟེ་ཆགས་ པས་ཟིལ་མནན་བདག །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་སྐྱོང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུད་འགྲོར་འགྱུར། །དམན་པའི་སེམས་ལས་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་ 5-1-266 སེམས་ལྟུང་འགྱུར། །དེ་ཚེ་ཕྱག་རྒྱར་ཤེས་ནས་ནི། །པདྨའི་ཕྱི་རོལ་རང་ལྕེས་བླངས། །ཞེས་ གསུངས་པ་སྟེ། ལས་ཀྱི་ཕྱག་རྒྱ་དངོས་ཀྱི་རིག་མ་ལ་རབ་ཏུ་སྦྱོར་བ་དང་། ཡེ་ཤེས་ཀྱི་ཕྱག་ རྒྱ་ཡིད་ངོར་བསྒོམ་པའི་རིག་མ་དང་སྦྱོར་བའི་རྗེས་ཆགས་ཀྱི་བདེ་སྟོང་སྒོམ་པའི་སྐབས་དག་ ཏུ། མི་འགྱུར་བའི་བདེ་བ་ཆེན་པོའི་རྟེན་ཀུནྡ་བྱང་ཆུབ་ཀྱི་སེམས་དེ་ནི། རྟུལ་ཞུགས་ཏེ་འཛག་ པ་སྡོམ་པའི་ཚུལ་ཁྲིམས་བརྟན་པོས་བསྲུང་བར་བྱའོ། །ཚུལ་ཇི་ལྟར་བསྲུང་ན། ལས་དང་ཡེ་ ཤེས་ཀྱི་ཕྱག་རྒྱའི་བྷ་གར་ལིང་ག་རབ་ཏུ་བཞག་པ་སྟེ་བཅུག་ནས་བྱང་ཆུབ་ཀྱི་སེམས་ཕྱི་རོལ་ ཏུ་སྤྲོ་བར་མི་བྱ་སྟེ། ཐབས་གང་གིས་ན་ཁམས་གསུམ་མ་ལུས་པའི་རྣམ་པ་ཅན་གྱི། སངས་ རྒྱས་ཏེ་སྟོང་གཟུགས་རྟག་ཏུ་བསྒོམས་པས་ཐིག་ལེ་འཛག་མེད་དུ་འཆིང་བར་བྱེད་པ་དང་། སྲོག་འཛིན་གཉིས་མན་ཆད་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བཙན་ཐབས་ཀྱི་ སྦྱོར་བའི་སྐབས་སུ་སྟོང་གཟུགས་ལ་དམིགས་ནས་གཙོ་བོར་རླུང་སྟོབས་ཀྱིས་འཆིང་བ་དང་། སྟོང་གཟུགས་མ་གྲུབ་པ་དག་གིས་རླུང་ཁོ་ནས་ཐིག་ལེ་འཆིང་བར་བྱེད་པ་ཡིན་ནོ། །དེ་ལྟར་ ཐིག་ལེ་འཛག་མེད་དུ་སྲུང་བའི་ཚུལ་ཁྲིམས་འདི་ཁོ་ནས་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་ ཐོབ་པར་འགྱུར་ཏེ། རྒྱུ་མཚན་ནི་འཛག་མེད་ཀྱི་བདེ་བ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཏེ་དེ་འདྲའི་ ཐིག་ལེ་འཛག་མེད་དུ་འཆིང་བས་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡང་དག་པར་རྫོགས་པར་འགྱུར་ བ་དང་། ཐིག་ལེ་འཛག་མེད་དུ་བཅིངས་པ་ལས་འཕོ་མེད་མི་འགྱུར་བའི་བདེ་བ་སྐྱེས་པ་ལ་ ནི་མདོ་ལམ་གྱི་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་ནུས་པ་དང་ཡང་དག་ པར་ལྡན་པ་དང་། མི་འགྱུར་བའི་བདེ་བ་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཀྱི་ཚོགས་དངོས་ ཡིན་ལ་དེ་འདྲའི་ཚོགས་གསུམ་པོ་ཡང་དག་པ་དང་ལྡན་པའི་རྒྱུ་ལས་ཕ་རོལ་ཏུ་ཕྱིན་པ་བཅུ་ ཐོབ་པ་རྫོགས་པའི་སངས་རྒྱས་དུས་གསུམ་གྱི་ཤེས་བྱ་ཐམས་ཅད་ལ་འཇུག་པ་དེ་ཐོབ་པར་ འགྱུར་བ་དང་། ཐིག་ལེ་འཛག་མེད་དུ་འཆིང་བའི་རྒྱུ་ལས་ཐོབ་པའི་མི་འགྱུར་བའི་བདེ་བའི་ 5-1-267 རང་གཟུགས་ཆོས་ཐམས་ཅད་ཅིག་ཆར་སྟོན་པའི་སྒྲ་སྐད་ཀྱི་རྣམ་པ་ཐམས་ཅད་པའི་གཞོམ་ མེད་སྒྲའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་དགོས་པས། འཛག་མེད་ཀྱི་རྒྱུ་ལས་བྱུང་བའི་བདེ་ བ་འདི་ཡི་སྟོབས་ཀྱིས་རྫོགས་པའི་སངས་རྒྱས་ཀུན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ པའི་ཕྱིར་རོ། །རྒྱུ་མཚན་དེས་ན་རང་དོན་སྒྲུབ་པའི་སླད་དུ་འགྱུར་མེད་ཀྱི་སྙིང་རྗེ་དང་། གཞན་ དོན་བསྒྲུབ་པའི་སླད་དུ་སྟོང་གཟུགས་ཀྱི་སྟོང་ཉིད་གཉིས་ངོ་བོ་དབྱེར་མེད་པ་དེ་ཉིད་བསྒོམ་ དགོས་ཏེ། ཁམས་གསུམ་གྱི་དབང་ཕྱུག་གི་ཡེ་ཤེས་ནི་སྟོང་ཉིད་དང་དབྱེར་མེད་པའི་མི་ འགྱུར་བའི་བདེ་བ་འདི་ལས་གཞན་ཡོད་པ་མ་ཡིན་པས་སོ། །དེས་ན་སྟོང་ཉིད་སྙིང་རྗེ་དབྱེར་ མེད་ཀྱི་རྒྱུ་སྐྱོབ་པ་སངས་རྒྱས་ཀུན་གྱི་སྡོམ་པ་ཐིག་ལེ་འཛག་མེད་དུ་འཆིང་བའི་ཚུལ་ཁྲིམས་ འདི་ནི། གལ་ཏེ་ཁྱོད་ཀྱི་སྲུང་བར་བྱེད་ན་ནི་ཁྱོད་བདག་རྡོ་རྗེ་སེམས་དཔའི་བུ་སྟེ་རིགས་ ཡིན་ཞིང་། དེ་ལྟར་བསྲུང་བ་དེའི་ཚེ་ཁྱོད་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ ནས་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཅི་སྟེ་མ་བསྲུངས་ཤིང་འཁྲིག་སྲེད་ཀྱི་ཆགས་ པས་ཟིལ་གྱིས་མནན་པའི་བདག་ཉིད་ཅན་དག་ནི། དཀྱིལ་འཁོར་གྱི་གཙོ་བོ་དཔལ་ལྡན་ བླ་མའི་མདུན་དུ་ཐིག་ལེ་མི་ཉམས་པར་སྲུང་བའི་སྡོམ་པ་བླངས་ནས་རྗེས་སུ་སྡོམ་པ་དེ་སྐྱོང་ བར་མི་བྱེད་ན། དེའི་ཚེ་དམྱལ་བ་ངུ་འབོད་དུ་འགྲོ་བར་འགྱུར་བ་ཡིན་ནོ། །གལ་ཏེ་ཐིག་ལེ་ འཆིང་འདོད་ཡོད་ཀྱང་སྒོམ་པའི་སྟོབས་དམན་པ་དང་ཆགས་ཞེན་གྱི་སེམས་ལས་ཕྱག་རྒྱའི་ སྐྱེ་གནས་སུ། གང་གི་ཚེ་བྱང་ཆུབ་ཀྱི་སེམས་ལྟུང་བར་གྱུར་ན། དེའི་ཚེ་ཕྱག་རྒྱའི་སེམས་དག་ ན་ནི། དེ་དག་པར་ཤེས་ནས་པདྨའི་ཕྱི་རོལ་ནས་རང་གི་ལྕེས་བླངས་ཏེ་བཏུང་ལ། ཕྱག་རྒྱའི་ སེམས་མ་དག་ན་ཕྱག་རྒྱ་དེས་མ་ཚོར་བར་མཛུབ་མོས་བླངས་ནས་བཏུང་བར་བྱ་སྟེ། དེ་ལྟར་ ན་མི་འགྱུར་བའི་བདེ་བ་ཆེན་པོའི་རྟེན་ཐིག་ལེ་ནམ་ཡང་མི་ཉམས་པར་བསྲུང་བར་བྱ་དགོས་ པ་ཡིན་ནོ། ། 5-1-268 དྲུག་པ་རིག་པའི་བརྟུལ་ཞུགས་ཉེར་ལྔ་ཡང་། དེ་ཡང་བྱིས་འཇུག་དབང་བདུན་ཙམ་ ཐོབ་པའི་གང་ཟག་དང་། དབང་གོང་མ་དང་བཅས་པ་ཐོབ་པའི་གང་ཟག་གཉིས་ཀའི་ མི་འདའ་བར་བསྲུང་དགོས་པའི་དམ་ཚིག་དྲང་དོན་བསྐྱེད་རིམ་གྱི་དག་པ་བརྟེན་པ་དང་ ། དབང་གོང་མ་ཐོབ་པའི་གང་ཟག་གིས་ཉེས་པར་མི་འདའ་བར་བསྲུང་དགོས་པའི་དམ་ ཚིག་ངེས་དོན་རྫོགས་རིམ་གྱི་དག་པ་བརྟེན་ཚུལ་གཉིས་ལས། དང་པོ་ནི་རྡོ་རྗེ་སྟེ་མི་བསྐྱོད་ པའི་རིགས་ཀྱི་དག་པའི་ཆོས་བསྟེན་པ་ནི། རྒྱལ་མཆོག་གཉིས་ཀྱི་སྐབས་ཀྱི་མི་བསྐྱོད་པའི་ བསྐྱེད་རིམ་ལ་གསལ་སྣང་དང་བརྟན་པ་ཐོབ་པ་དང་། མངོན་སྤྱོད་ཀྱི་སྒྲོལ་བ་དང་བསྒྲལ་ ནས་ལས་ངན་གྱི་རྒྱུན་གཅོད་པར་བྱེད་པའི་ནུས་པ་རྙེད་པས་ཚེ་མངོན་སྤྱོད་ཀྱིས་བསྟན་དགྲ་ དང་མཚམས་མེད་བྱེད་པ་སོགས་ཀྱི་སྲོག་གཅོད་པ་དང་། དེ་བཞིན་དུ་རལ་གྲི་སྟེ་དོན་ཡོད་ གྲུབ་པའི་རིགས་ལ་ནི་དོན་གྲུབ་ཀྱི་བསྐྱེད་རིམ་ལ་གསལ་སྣང་བརྟན་པ་དང་། གཞན་ལོག་ ལམ་དུ་ཞུགས་པ་རྫུན་གྱིས་ཡང་དག་པའི་ལམ་དུ་བཅུག་པའི་ནུས་པ་རྙེད་པའི་ཚེ། དེ་འདྲའི་ ཆེད་དུ་ལམ་ངན་ལས་བཟློག་པའི་གཡོ་ཐབས་ཀྱིས་བདེན་པ་མིན་པའི་ཚིག་རྫུན་སྨྲས་པ་དང་ ། རིན་ཆེན་དབང་པོའི་རིགས་ལ་རིན་འབྱུང་གི་གསལ་སྣང་བརྟན་ཅིང་། སེར་སྣ་ཅན་གྱི་ནོར་ འཕྲོག་པས་དེའི་རྒྱུ་སེར་སྣ་ཞི་ནས་འབྲས་བུ་ཡི་དྭགས་སུ་སྐྱེ་བ་བཟློག་པ་སོགས་ཀྱི་ཐབས་ ལ་ནུས་པ་རྙེད་པའི་ཚེ། དེའི་ཆེད་དུ་གཞན་གྱི་ནོར་སྔགས་ཀྱི་མཐུས་དྲངས་པ་དང་། རྐུ་བ་ སོགས་ཀྱིས་འཕྲོག་པ་དང་། པདྨའི་རིགས་ལ་སྣང་མཐའི་བསྐྱེད་རིམ་ལ་གསལ་སྣང་བརྟན་ པ་དང་། གཞན་གྱི་བུད་མེད་ཕྲོགས་པས་གཞན་དག་བུད་མེད་ལ་ཆགས་པ་ཞི་བ་དང་དུད་ འགྲོར་སྐྱེ་བ་བཟློག་པའི་ནུས་པ་ཐོབ་ཚེ་དེ་འདྲའི་ཆེད་དུ་དབང་དགུག་ལ་སོགས་པས་གཞན་ གྱི་བུད་མེད་དབྲོག་པར་བྱ་བ་དང་། འཁོར་ལོ་རྣམ་སྣང་གི་རིགས་ལ་རྣམ་སྣང་གི་རིགས་ཀྱི་ ལྷའི་གསལ་སྣང་བརྟན་པ་དང་། འདོད་ཡོན་ལྔ་ལ་སྤྱོད་ཀྱང་ཆགས་ཞེན་དང་གཙང་རྨེ་མེད་ 5-1-269 པར་བདེ་བའི་རྣམ་རོལ་དུ་ཤར་བའི་ནུས་པ་ཐོབ་པའི་ཚེ། གཙང་རྨེ་ལ་སོགས་པའི་རྣམ་རྟོག་ ཞི་བ་དང་དངོས་གྲུབ་འགྲུབ་པའི་ཆེད་དུ་ཆང་སྟེ་མྱོས་བྱེད་དང་། སྒྲོན་མ་སྟེ་བདུད་རྩི་ལྔ་དང་ ། སངས་རྒྱས་རྣམས་ཏེ་ཤ་ལྔ་པོ་རྣམས་དང་། བཟང་པོའི་ཡུལ་ཏེ་གཟུགས་མཛེས་པ་སོགས་ འདོད་ཡོན་མཛེས་པ་ལྔ་པོ་རྣམས་ལ་ཞེན་པ་མེད་ཅིང་སྒྱུ་མར་མཐོང་བའི་སྒོ་ནས་ཅི་དགར་ བསྟེན་པ་སྟེ། དེ་དག་ནི་དྲང་དོན་གྱི་དག་པ་བསྟེན་ཚུལ་ཏེ། འདི་དག་བསྟེན་པ་ལ་ནི་ཕྲ་ཐིག་ གི་སྐབས་སུ་བུམ་པ་ཅན་སྒོམ་པས་རླུང་དབུ་མ་རགས་པའི་ནང་དུ་བཅིངས་པའི་རླུང་དང་ བློས་བརྟགས་པའི་བསྐྱེད་རིམ་གྱི་ལྷ་གཉིས་ངོ་བོ་གཅིག་ཏུ་འདྲེས་པའི་བསྐྱེད་རིམ་གྱི་སྲོག་ གཟུགས་འགྲུབ་ན་གསལ་སྣང་བརྟན་པ་དང་སྲོག་གཅོད་ལ་སོགས་པའི་ནུས་པ་ཁྱད་པར་ ཅན་འགྲུབ་པ་ཡིན་པས་དེས་ནི་སྲོག་གཅོད་སོགས་དངོས་གྲུབ་ཕྲ་མོ་རྣམས་ཐོགས་མེད་དུ་ འགྲུབ་པ་དང་། དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་པར་འགྱུར་བ་ཡིན་ཡང་སྔ་མ་ལྟ་བུའི་ བརྟན་རྙེད་ཐོབ་པས་ཀྱང་སྲོག་གཅོད་སོགས་བྱ་བ་ལ་འཇུག་པ་ཡིན་ནོ། ། གཉིས་པ་ངེས་དོན་རྫོགས་རིམ་གྱི་དག་པའི་ཆོས་བསྟེན་ཚུལ་ནི། ངེས་པར་རྡོ་རྗེའི་ རིགས་ནི་གཙུག་ཏོར་གྱི་འཁོར་ལོ་སྟེ། ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་དུས་སུ་གཙུག་ ཏོར་གྱི་འཁོར་ལོར་མས་བརྟན་གྱི་དགའ་བཞིའི་བཞོན་པའི་རླུང་གི་ཆ་ཤས་སྟོང་དང་བརྒྱད་ བརྒྱའི་སྲོག་རིམ་གྱིས་བཅད་དེ་མི་འགྱུར་བའི་ཆ་ཤས་དེ་ཙམ་འཕེལ་བར་བྱེད་པ་དང་། ད་ལྟ་ དེ་ཐོབ་པའི་ཐབས་སྒོམ་པ་དང་། རལ་གྲིའི་རིགས་ནི་སྙིང་ཁའི་འཁོར་ལོ་སྟེ། ཏིང་ངེ་འཛིན་ གྱི་ས་དྲུག་པའི་དུས་སུ་ངེས་དོན་ནི་སྒྲ་སྐད་ཕྱོགས་གཅིག་ཏུ་མི་བདེན་པའི་རྫུན་ལྟ་བུའི་ གཞོམ་མེད་ཀྱི་སྒྲ་དབྱངས་རྣམ་པ་ཐམས་ཅད་པའི་ཆ་ཤས་སྟོང་དང་བརྒྱད་བརྒྱའི་རྫུན་གྱི་སྒྲ་ བསྐྱེད་པ་དང་། དྲང་དོན་ནི་སྒྲ་དེས་སེམས་ཅན་རྣམས་ལ་སོ་སོའི་བསམ་པ་དང་མཐུན་པའི་ སྐད་རིགས་ཕྱོགས་གཅིག་ཏུ་མི་བདེན་པའི་རྫུན་ལྟ་བུས་ཆོས་སྒོ་སྣ་ཚོགས་ཅིག་ཆར་སྟོན་པ་ 5-1-270 དང་། ད་ལྟ་དེ་ཐོབ་པའི་ཐབས་སྒོམ་པ་དང་། རིན་པོ་ཆེ་ནོར་བུའི་རིགས་ནི་མགྲིན་པའི་རྩ་ འཁོར་ཏེ། ཏིང་ངེ་འཛིན་གྱི་ས་བརྒྱད་པའི་དུས་སུ་ལྟེ་བའི་གཏུམ་མོ་འབར་བའི་སྟེང་དུ་ མགྲིན་པའི་གཏུམ་མོ་ཡང་འབར་བས་ས་བདུན་པ་མན་ཆད་ཀྱི་འགྱུར་མེད་བདེ་བ་ལས་བརྒྱ་ འགྱུར་གྱིས་ལྷག་པའི་མི་འགྱུར་བའི་བདེ་བ་ནི་འཇིག་རྟེན་འདི་ལས་གཞན་འཁོར་བའི་ཕ་ རོལ་ཏུ་སོན་པ་རྡོ་རྗེ་སེམས་དཔའི་བདག་ཏུ་འཆང་བའི་ནོར་ཏེ། དེ་འདྲའི་ནོར་གྱི་ཆ་སྟོང་དང་ བརྒྱད་བརྒྱ་གཞན་གྱིས་མ་བྱིན་ཀྱང་རང་སྟོབས་ཀྱིས་ལེན་པ་དང་། ད་ལྟ་དེ་ཐོབ་པའི་ཐབས་ སྒོམ་པ་དང་། མཆོག་གི་པདྨའི་རིགས་ནི་སྤྱི་བོའི་དཔྲལ་བའི་རྩ་འཁོར་ཏེ། ཏིང་ངེ་འཛིན་གྱི་ ས་བཅུ་པའི་དུས་སུ་དཔྲལ་བར་དཀར་དམར་རླུང་གསུམ་དང་སད་པའི་སྣང་ཆ་མ་དག་པ་ འགག་པ་ལས་ས་དགུ་པ་མན་ཆད་ལས་བརྒྱ་འགྱུར་གྱིས་ལྷག་པའི་རྣམ་པ་ཐམས་ཅད་པའི་ སྟོང་གཟུགས་ཕྱག་རྒྱ་ཆེན་མོ་འགྲུབ་པ་ནི། གཞན་མི་འགྱུར་བའི་བདེ་བའི་ངོ་བོ་རྡོ་རྗེ་སེམས་ དཔའི་བུད་མེད་དེ། དེ་འདྲའི་གཞན་གྱི་བུད་མེད་ཀྱི་ཆ་སྟོང་དང་བརྒྱད་བརྒྱ་འཕྲོག་པ་དང་། ད་ལྟ་དེ་ཐོབ་པའི་ཐབས་སྒོམ་པ་དང་འཁོར་ལོའི་རིགས་ནི་ལྟེ་བའི་རྩ་འཁོར་ཏེ་ཏིང་ངེ་འཛིན་ གྱི་ས་བཞི་པའི་དུས་སུ་ལྟེ་བའི་འཁོར་ལོར། ཆང་གི་བརྡས་བསྟན་པ་ཡས་བརྟན་གྱི་ལྷན་སྐྱེས་ ཞུ་བདེ་འགྱུར་མེད་ཀྱི་བདེ་བར་འཆིང་བ་སྟེ་ཡས་བབས་ཀྱི་ཐིག་ལེའི་ཆ་སྟོང་དང་བརྒྱད་བརྒྱ་ མཆོག་མི་འགྱུར་བའི་བདེ་བའི་ཐིག་ལེར་གྱུར་པ་རྣམས་རིམ་གྱིས་བརྩེགས་པ་དང་། སྒྲོན་མ་ ལྔའི་སྒྲས་བསྟན་པ་དབང་པོ་ལྔའི་དྭངས་མ་དང་། སངས་རྒྱས་ལྔའི་སྒྲས་བསྟན་པ་འབྱུང་བ་ ལྔའི་དྭངས་མ་མི་འགྱུར་བའི་ཐིག་ལེར་བསྒྱུར་ཏེ་ལྟེ་བ་ཡན་ཆད་དུ་བརྩེགས་པ་དེ་རྣལ་འབྱོར་ པས་བསྟེན་པར་བྱ་བ་དང་། ད་ལྟ་དེ་ཐོབ་པའི་ཐབས་སྒོམ་པ་དང་།གྲི་གུག་གི་རིགས་ནི་ གསང་བའི་འཁོར་ལོ་སྟེ། ཏིང་ངེ་འཛིན་གྱི་ས་གཉིས་པའི་དུས་སུ་ངེས་དོན་ནི་གསང་བའི་ འཁོར་ལོའི་གནས་སུ། གཡུང་མོའི་བརྡས་བསྟན་པ་རྩ་རླུང་ཐིག་ལེའི་ནམ་མཁའ་སྟེ་སྟོང་ཉིད་ 5-1-271 ཀྱི་དབྱིངས་སུ་མི་སྨད་པ་སྟེ་བཅིངས་ནས་མི་འགྱུར་བའི་ཆ་ཤས་དུ་མ་སྤེལ་བ་དང་། དེའི་ རྒྱུར་དྲང་དོན་དུ་གཡུང་མོ་ལ་སོགས་པའི་རིགས་ཐ་དད་པའི་བུད་མེད་རྣམས་གསང་བའི་ མཁའ་ཡི་པདྨར་མི་སྨད་པ་སྟེ་པདྨ་དང་མཉམ་པར་སྦྱར་བ་ལས་ནོར་བུ་དང་གསང་བའི་བར་ དུ་མི་འགྱུར་བའི་བདེ་བ་འཕེལ་བར་བྱེད་པ་སྟེ་དེ་ཡན་ནི་རྫོགས་རིམ་གྱི་དུས་སུ་བསྟེན་པའི་ དག་པ་སྟེ། བསྐྱེད་རིམ་གྱི་སྲོག་གཟུགས་འགྲུབ་པས་ཀྱང་རིག་མའི་བརྟུལ་ཞུགས་བྱང་ སེམས་མི་འཛག་པའི་ཚངས་སྤྱོད་ལ་གནས་པར་བྱ་དགོས་པའོ། །ཡང་བསྐྱེད་རྫོགས་གཉིས་ ཀའི་ཐུན་མོང་དུ་སེམས་ཅན་གྱི་དབུལ་ཕོངས་སེལ་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་ དོན་གྱི་སླད་དུ་རང་གི་ནོར་དང་བུ་དང་ཆུང་མ་ལ་སོགས་པ་དང་བཅས་པའི་ལུས་འདི་ཡང་ སྦྱིན་པར་བྱ་སྟེ། ཁྱོད་ཀྱིས་བདག་ཏུ་བཟུང་ནས་བསྲུང་བར་མི་བྱའོ། །དེ་ལ་རྩ་རླུང་ཐིག་ལེ་ སོགས་འཆིང་བའི་ཐབས་དང་བཅས་ཏེ་སྟོང་ཉིད་སྒོམ་པ་རྣམས་ཡེ་ཤེས་ཀྱི་ཚོགས་དང་། བསྐྱེད་རིམ་གྱི་ལྷ་སྒོམ་པ་དང་མངོན་སྤྱོད་ལ་སོགས་པ་དང་། ནོར་དང་ལུས་སོགས་སྦྱིན་པ་ བསོད་ནམས་དང་། བྱང་སེམས་འཛག་མེད་དུ་འཆིང་བ་ཚུལ་ཁྲིམས་ཀྱི་ཚོགས་ཏེ། རིགས་ཀྱི་ བུ་དེ་འདྲའི་ཚོགས་གསུམ་རྫོགས་པར་བསྒྲུབས་པ་ལས་སངས་རྒྱས་ཉིད་དུ་འགྱུར་བ་ཡིན་གྱི་ དེ་ལས་གཞན་དུ་མཐའ་ཡས་པའི་བསྐལ་པའི་བར་དུ་ཐབས་གཞན་ཞིག་ལ་བརྩོན་པས་ནི་ སངས་རྒྱས་ཐོབ་པ་མིན་པར་རྒྱལ་བས་གསུངས་པས་ན་ཚུལ་འདི་བསྒྲུབ་པ་ལ་བརྩོན་པར་ བྱ་དགོས་ཏེ། རྩ་རྒྱུད་ལས། ངེས་པར་རྡོ་རྗེ་རིགས་དག་ལ་ནི་སྲོག་གཅོད་བྱ་སྟེ་རལ་གྲི་ལ་ ཡང་བདེན་པ་མིན་པའི་ཚིག །རིན་ཆེན་ལ་ནི་གཞན་ནོར་དབྲོག་བྱ་མཆོག་གི་པདྨའི་རིགས་ ཉིད་ལ་ཡང་གཞན་གྱི་བུད་མེད་དབྲོག །ཆང་དང་སྒྲོན་མ་སངས་རྒྱས་རྣམས་དང་བཟང་པོའི་ ཡུལ་རྣམས་མཐའ་དག་འཁོར་ལོ་ལ་ནི་བསྟེན་པར་བྱ། །གཡུང་མོ་ལ་སོགས་མཐའ་དག་བུད་ མེད་རྣམས་ནི་གྲི་གུག་ལ་ཡང་མཁའ་ཡི་པདྨར་སྨད་མི་བྱ། །སེམས་ཅན་དོན་གྱི་སླད་དུ་ནོར་ 5-1-272 དང་བཅས་པའི་ལུས་འདི་སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་སྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་སངས་རྒྱས་ ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་བ་མིན་པར་རྒྱལ་བས་གསུངས་། །ཞེས་ གསུངས་པའི་ཕྱིར་རོ། །བདུན་པ་རྩ་ལྟུང་བཅུ་བཞི་ནི། བྱིས་འཇུག་དབང་བདུན་ཙམ་ཐོབ་པ་ དང་། དབང་གོང་མ་དང་བཅས་པ་ཐོབ་པའི་གང་ཟག་གཉིས་ཀས་བསྲུང་དགོས་ཏེ། རྩ་རྒྱུད་ ལས། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་ བསྔལ་ལོ། །ཞེས་དང་། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ ལྟུང་བ་རི་བོང་འཛིན་པར་འགྱུར། །དེ་ཡིས་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ ངེས་པར་དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །བྱམས་པ་བཏང་བས་བཞི་པར་འགྱུར་ཏེ་ བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །དྲུག་པ་གྲུབ་པའི་མཐའ་ལ་ སྨོད་པ་རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཕུང་པོ་ཉོན་མོངས་པ་ལས་ཀླུ་ རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང་། །སྒྱུ་ཡི་བྱམས་པ་དང་ནི་མིང་ སོགས་བྲལ་བ་བདེ་བ་སྟེར་ལ་རྟོགས་པ་ཕྱོགས་དང་དྲག་པོའོ། །དག་པའི་སེམས་ཅན་དག་ ལ་སྐྱོན་བརྗོད་པ་ལས་ཉི་མ་དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །བུད་མེད་ཐམས་ ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་གསུངས་ པའི་དོན་ཡང་ལས་རྒྱུ་འབྲས་ལ་སོགས་པ་ཆོས་ལ་ཡིད་མི་ཆེས་པ་དག་ནི་གཡོ་སྒྱུའི་དབང་གི་ དམ་ཚིག་སྲུང་བ་ལྟར་བྱེད་ཀྱང་། དེ་ལ་ནི་ཉེས་པ་ལ་སྐྱོན་དུ་མི་ལྟ་བའི་མ་གུས་པ་དང་བག་ མེད་པ་ཡོད་ལ། ལྟུང་བ་ལ་སྐྱོན་དུ་མི་ལྟ་བའི་མ་གུས་པའི་དབང་གི་རྩ་ལྟུང་དང་པོ་གསུམ་ གང་སྤྱད་ན་དང་པོ་ནི་རྡོ་རྗེ་སློབ་དཔོན་ཡུལ་ལྕི་བ་དང་། གཉིས་པ་ནི་དེའི་བཀའ་ལས་འདས་ པ་དང་གསུམ་པ་ནི་སློབ་དཔོན་གྱི་སློབ་མ་ལ་ཁྲོས་པ་ཡིན་པས་དེ་གསུམ་ཡུལ་སློབ་དཔོན་ལ་ དངོས་བརྒྱུད་ཅི་རིགས་ནས་བརྟེན་པས་དམྱལ་བ་བརྒྱད་པ་མནར་མེད་ཁོ་ན་དང་། རྩ་ལྟུང་ 5-1-273 བཞི་པ་ཕན་ཆད་ཀྱིས་ཀྱང་དམྱལ་བ་བརྒྱད་པོ་གང་རུང་དུ་འགྲོ་བར་འགྱུར་བས་ན་འདི་དག་ བྱུང་ན་དམྱལ་བར་སྡུག་བསྔལ་བར་འགྱུར་རོ། །རྩ་བའི་ལྟུང་བ་ནི་བླ་མ་དམ་པ་རྣམས་སློབ་ མ་མི་དགེ་བ་ལ་ཞུགས་པ་ཉིད་ཀྱིས་བླ་མའི་ཐུགས་དཀྲུག་པར་འགྱུར་བས་དེ་འདྲའི་ཐུགས་ དཀྲུགས་པ་དང་། དམ་པ་མ་ཡིན་པས་བླ་མ་ལ་གནོད་པ་བྱས་པ་སོགས་ཀྱིས་ཐུགས་ དཀྲུགས་པ་ལས་རྩ་བའི་ལྟུང་བ་རི་བོང་འཛིན་པ་སྟེ་དང་པོ་འབྱུང་བར་འགྱུར་རོ། །བླ་མས་ མི་དགེ་བ་སྤོང་བ་སོགས་ཆོས་དང་ལྡན་པའི་བཀའ་གསུངས་པ་མ་བསྒྲུབས་པར་འགོངས་པ་ སྟེ་བཀའ་བཅག་པ་ལས་ནི་རྩ་ལྟུང་དང་པོ་ལས་གཞན་པའི་གཉིས་པ་འབྱུང་བར་འགྱུར་རོ། །བླ་མ་གཅིག་པའི་རྡོ་རྗེའི་སྤུན་ལ་ལུས་ངག་གི་རྣམ་འགྱུར་དུ་མ་ཐོན་པར་ཡིད་ཀྱི་ཁྲོས་པ་ ཙམ་དེ་ཉིན་ཞག་གི་བཞི་ཆ་ལ་ཁྲོ་བའི་སེམས་དེ་མ་བཏང་བའམ། ཁྲོས་ནས་ལུས་ངག་གི་ རྣམ་འགྱུར་གྱི་བྱ་བ་དེ་བྱས་ཟིན་པ་ན་རྩ་ལྟུང་གསུམ་པ་འབྱུང་བར་འགྱུར་རོ། །སེམས་ཅན་ བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་མེད་ན་སྡུག་བསྔལ་དང་བྲལ་བར་བྱེད་འདོད་ཀྱི་སྙིང་རྗེ་ དང་། དེ་བྱེད་པའི་ཆེད་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མེད་པས། སེམས་ཅན་བདེ་བ་དང་ལྡན་པར་བྱེད་འདོད་ཀྱི་བློ་དེ་རྩ་བ་ནས་བཏང་ཞིང་། དེ་བཏང་བའི་ སྒོ་ནས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱང་བཏང་མ་ཐག་ནས་རྩ་ལྟུང་བཞི་པ་འབྱུང་བར་ འགྱུར་རོ། །བྱང་སེམས་ཉམས་པ་ལ་རྫོགས་རིམ་གྱིས་བསྒྲུབ་བྱའི་གཙོ་བོ་མི་འགྱུར་བའི་ བདེ་བ་མི་འགྲུབ་པས་དེའི་རྒྱུ་ཐིག་ལེ་སྲུང་བ་ལ་རྩིས་འཛིན་གྱི་གུས་པ་མེད་པར་ཉམས་པ་ལ་ སྐྱོན་དུ་མི་ལྟ་བའི་མ་གུས་པས་ཀུནྡ་བྱང་ཆུབ་ཀྱི་སེམས་རབ་ཏུ་ཉམས་པར་བྱས་པ་ལས་རྩ་ ལྟུང་མདའ་སྟེ་ལྔ་པ་འབྱུང་བར་འགྱུར་རོ། །གྲུབ་མཐའ་ནོར་བའི་ཆ་རྣམས་ལྷག་བསམ་གྱིས་ བཀག་པ་མ་ཡིན་པར་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་གྲུབ་མཐའ་ལ་ཕྲག་དོག་གི་ སྨོད་པ་བྱས་ཟིན་པ་ན་རྩ་ལྟུང་དྲུག་པ་འབྱུར་བར་འགྱུར་རོ། །ཉན་ཐོས་ལ་སོགས་པ་གསང་ 5-1-274 བ་སྔགས་ཀྱི་ཆོས་བསྟན་པའི་སྣོད་དུ་མ་གྱུར་པ་ལ་བསྐྱེད་རྫོགས་ལ་སོགས་པ་སྔགས་ཀྱི་ ཆོས་བསྟན་ནས་དེས་དོན་གོ་བ་ན་རྩ་ལྟུང་རི་བོ་སྟེ་བདུན་པ་འབྱུང་བར་འགྱུར་རོ། །སྔགས་ ཀྱི་ལམ་ལ་རྡོ་རྗེའི་ལུས་འདི་ཁོ་ན་ལ་བརྟེན་ནས་བསྐྱེད་རིམ་དང་རྫོགས་རིམ་མི་འགྱུར་བའི་ བདེ་བའི་བར་བསྒྲུབ་དགོས་པས་རྟེན་ཤིན་ཏུ་བཟང་པོ་ཡིན་ཕྱིར། ལུས་ཕུང་འདི་ལ་ཉོན་ མོངས་པ་སྟེ་སྨད་པའམ་ངན་པར་ལྟ་བའི་སེམས་ཀྱིས་ཟས་མི་ཟ་བ་སོགས་གདུང་བར་བྱས་ ན་རྩ་ལྟུང་ཀླུ་སྟེ་བརྒྱད་པ་འབྱུང་བར་འགྱུར་རོ། །ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ ཆོས་ཟབ་མོ་སྟོང་པ་ཉིད་ལ་ཡིད་མི་ཆེས་པའི་མ་དད་པའི་སེམས་བསྐྱེད་པ་ན་རྩ་ལྟུང་དགུ་པ་ འབྱུང་བར་འགྱུར་རོ། །སེམས་ཅན་གང་ཡང་རུང་བ་ལ་གཡོ་སྒྱུའི་སྒོ་ནས་སེམས་ལ་གནོད་ སེམས་འཆང་ནས་ཁ་ནས་བྱམས་པའི་ཚིག་གམ་བསླུ་བྱེད་ཀྱི་ཚིག་འཇམ་པོ་སྨྲས་པ་ཕ་རོལ་ པོས་གོ་བ་ན་རྩ་ལྟུང་ཕྱོགས་ཞེས་པ་བཅུ་པ་འབྱུང་བར་འགྱུར་རོ། །དོན་དམ་པར་མིང་གིས་ བརྗོད་པ་དང་བསམ་པའི་ཡུལ་དང་བྲལ་བའི་ཆོས་ཀྱི་དབྱིངས་དང་རོ་གཅིག་པའི་མི་འགྱུར་ བ་སྟེར་བྱེད་ཀྱི་ཐབས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ། ཡིད་མི་ཆེས་ཤིང་ཐེ་ཚོམ་གྱི་རྟོག་པ་ བསྐྱེད་པར་བྱས་ན་རྩ་ལྟུང་དྲག་པོ་ཞེས་པ་བཅུ་གཅིག་པ་འབྱུང་བར་འགྱུར་རོ། །དག་པའི་ སེམས་ཅན་ཏེ་གནས་ལུགས་རྟོགས་པ་སོགས་ཡང་དག་པའི་ཡེ་ཤེས་སྐྱེ་བའི་རྣལ་འབྱོར་པ་ ལ་དེ་ལྟར་ཤེས་བཞིན་དུའམ། ཡིན་མིན་ཐེ་ཚོམ་དང་བཅས་བཞིན་དུ་སྐྱོན་མེད་པ་ལ་སྐྱོན་ ཞིག་ཡོད་ཅེས་སྨད་པ་བྱས་པ་ཕ་རོལ་པོས་གོ་བ་ན་རྩ་ལྟུང་ཉི་མ་སྟེ་བཅུ་གཉིས་པ་འབྱུང་བར་ འགྱུར་རོ། དཔའ་བོ་དང་དཔའ་མོའི་སྟོན་མོ་མ་ཡིན་པའི་རྣལ་འབྱོར་པ་ནུས་པ་ཐོབ་པ་རྣམས་ སྙོམས་འཇུག་དང་བཅས་པའི་ཚོགས་འཁོར་བསྐོར་བ་ལ་འདུས་པའི་ཚེ་བཟའ་བའི་དམ་ ཚིག་ཤ་ལྔ་བདུད་རྩི་ལྔ་སོགས་ལག་ཏུ་ཐོབ་པ་སྤངས་ཤིང་གཏོང་བར་བྱས་ན་བཅུ་གཉིས་པ་ ལས་ཀྱང་གཞན་པའི་རྩ་ལྟུང་བཅུ་གསུམ་པ་འབྱུང་བར་འགྱུར་རོ། །ལྷ་དང་མིའི་རིགས་ཀྱི་ 5-1-275 བུད་མེད་སྤྱི་ལ་དམིགས་ནས་བུད་མེད་ཐམས་ཅད་ནི་ཐར་ལམ་གྱི་སྣོད་དུ་མི་རུང་ཞེས་ སོགས་སྨོད་པ་དང་། སྤྱི་ལ་དངོས་སུ་སྨད་པ་མ་ཡིན་པར་བུད་མེད་གཅིག་ལ་སྨོད་ཀྱང་དེ་ཁོ་ ནའི་སྐྱོན་བརྗོད་ནས་སྨོད་པ་མ་ཡིན་པར་བུད་མེད་ཀྱི་རིགས་འདི་ནི་ཐར་ལམ་གྱི་སྣོད་དུ་མི་ རུང་ངོ་ཞེས་དང་ཉོན་མོངས་པ་མང་ངོ་ཞེས་སོགས་བུད་མེད་སྤྱིའི་སྐྱོན་ལ་བཟུང་ནས་བུད་ མེད་སྤྱི་ལ་སྨད་པར་སོང་བའི་སྒོ་ནས་སྨད་དེ་ཕ་རོལ་པོས་དོན་གོ་བ་ན་ངེས་པར་རྩ་ལྟུང་མ་ནུ་ སྟེ་བཅུ་བཞི་པ་འབྱུང་བར་འགྱུར་རོ། །རྩ་ལྟུང་དེ་དག་ནི་རྡོ་རྗེའི་ཐེག་པའི་དམ་ཚིག་ཐོབ་པ་ རྣམས་ཀྱིས་སྲོག་བཞིན་དུ་བསྲུང་བར་བྱ་དགོས་པ་ཡིན་ནོ། །ཁྱད་པར་རྫོགས་རིམ་གྱི་ལམ་ མ་ལུས་པ་སྐྱེ་བའི་རྒྱུ་ནི་ཁམས་ཀུནྡ་བྱང་ཆུབ་ཀྱི་སེམས་ཡིན་པས་ཐིག་ལེ་བསྲུང་བ་འདི་ནི་ གནད་དམ་པའོ། ། ས་བཅད་བཞི་པ་ཕན་ཡོན་ལ། གསང་བ་སྔགས་ཀྱི་ཆེ་བ་དང་། ཕན་ཡོན་གཉིས་ལས། དང་པོ་གསང་བ་སྔགས་ཀྱི་ཆེ་བ་ནི། སྔགས་ཀྱི་ཡོན་ཏན་དང་ཆེ་བ་ཤེས་ནས་གསང་སྔགས་ ལ་དོན་གཉེར་གྱི་སྤྲོ་བ་ཟབ་མོ་ཡོད་དགོས་ཏེ། དེའི་དོན་དེ་ཉིད་ཀྱང་གསལ་བར་བཤད་ན་ སངས་རྒྱས་འཇིག་རྟེན་དུ་མ་བྱོན་ན་ནི་འཁོར་བའི་འདམ་དུ་བྱིང་བ་ལས་སྡུག་བསྔལ་ལས་ ཐར་བ་ནམ་ཡང་མི་སྲིད། འཁོར་བ་འཇིག་རྟེན་གྱི་གནས་མཐའ་ཡས་པ་དག་ཏུ་ནི་ཀུན་ མཁྱེན་རྫོགས་པའི་སངས་རྒྱས་རྣམས་ནི། ཨུ་དུམ་ཝ་རའི་མེ་ཏོག་བཞིན་དུ་བསྐལ་པ་བརྒྱ་ སྟོང་སོང་བའི་བར་མཚམས་རེ་ལྟ་བུ་རྒྱ་ལམ་རེ་སྲིད་ཙམ་དུ་རེ་འགའ་ཞིག་ན་ལན་རེ་ཙམ་ འབྱུང་བར་འགྱུར་བ་ལས། སླར་ཡང་ནི་བསྐལ་པ་དུ་མའི་བར་དུ་མི་འབྱུང་ངོ་། །སྔགས་ཀྱི་ ཐེག་པའི་སྣོད་དུ་གྱུར་པ་ཤིན་ཏུ་དཀོན་པའི་དབང་གིས་བསྐལ་བཟང་གི་སངས་རྒྱས་སྟོང་ འབྱོན་པ་ལས་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་མ་གཏོགས་པའི་སངས་རྒྱས་གཞན་གྱིས་གསང་ སྔགས་ཀྱི་ཆོས་མ་གསུངས་པ་བཞིན། གསང་སྔགས་ཀྱི་ཆོས་ཇི་ལྟར་བསྒྲུབ་ཅིང་སྤྱོད་པར་ 5-1-276 བྱེད་པའི་ཚུལ་འབྱུང་བ་ནི་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དེ་བས་ཀྱང་ཤིན་ཏུ་དཀོན་པ་ ཡིན་ལ། ཇི་ཙམ་དཀོན་པ་ལྟར་ཕན་ཡོན་ཆེ་བ་ཡིན་ཏེ། གསང་སྔགས་ཟབ་མོའི་ལམ་གང་ ཡིན་པ་དེས་ནི་སེམས་ཅན་གྱི་དོན་མཉམ་པ་མེད་པ་རང་དོན་དུ་མྱ་ངན་ལས་མི་འདའ་བར་ གཞན་དོན་མཐའ་ཡས་པ་སྒྲུབ་པའི་ཡོན་ཏན་དང་ལྡན་པའི་མི་གནས་པའི་མྱང་འདས་ཆེན་ པོ་ལ་ཚེ་གཅིག་ལ་སོགས་པ་དུས་ཐུང་ངུ་ཙམ་གྱིས་སྦྱོར་བར་བྱེད་ནུས་པ་ཡིན་ཞིང་། སྔོན་ ཆད་བསྐལ་པ་བྱེ་བ་དུ་མའི་བར་དུ་སྡིག་པ་གང་བྱས་པ་དེ་ཐམས་ཅད་ནི་སང་ཉིན་དཀྱིལ་ འཁོར་དུ་འཇུག་པའི་ཚེ་སྡིག་པ་བཤགས་པ་དང་སྐྱབས་སུ་འགྲོ་བ་དང་བྱང་སྡོམ་དང་དམ་ ཚིག་འཛིན་པ་རྣམས་ཚུལ་བཞིན་དུ་སྔོན་དུ་འགྲོ་བའི་སྒོ་ནས་བྲིས་པའི་དཀྱིར་འཁོར་འདི་ འདྲ་མཐོང་ནས་དད་པ་སྐྱེས་མ་ཐག་ནས་ཟད་པར་འགྱུར་བ་ཡིན་ཏེ། དེ་འདྲ་ཡིན་ན་ཆེ་ བའི་ཡོན་ཏན་གྱི་གྲགས་པ་མཐའ་ཡས་པ་དང་ལྡན་པའི་གསང་སྔགས་ཀྱི་ལམ་ཉམས་སུ་ ལེན་པའི་སྤྱོད་པའི་ཚུལ་ལ་གནས་ན་ནི་ཡོན་ཏན་དཔག་མེད་ཐོབ་པ་སྨོས་ཀྱང་ཅི་དགོས་ ཏེ། ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་གསང་སྔགས་ཀྱི་ལམ་ཟབ་མོ་སྒོམ་པ་དང་ སྔགས་བཟླས་བརྗོད་བྱས་ན་ནི། གོ་འཕང་བླ་ན་མེད་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དུས་ ཐུང་ངུས་འགྲུབ་ཅིང་འཐོབ་པར་འགྱུར་རོ། །གདུལ་བྱ་གང་གིས་ཉམས་སུ་ལེན་པའི་སྒོ་ནས་ སྤྱོད་པར་བྱ་བའི་མཆོག་གསང་བ་སྔགས་ཀྱི་ལམ་འདི་ལ་དད་པ་དང་ལྡན་པ་གང་ཡིན་པ་ རྣམས་ཀྱི་སྔགས་ལ་དགའ་ཞིང་སྤྲོ་བའི་བློ་གྲོས་ཤིན་ཏུ་དྲི་མ་མེད་པ་སྟེ། དགའ་ཞིང་སྤྲོ་བའི་ བློ་ཤིན་ཏུ་བརྟན་ཅིང་མི་གཡོ་བར་བརྟན་པར་གྱུར་པར་བྱས་ན་ནི། གང་ཟག་དེ་རྣམས་ཀྱི་ནི་ སྡུག་བསྔལ་མ་ལུས་པ་ཀུན་ཐམས་ཅད་འབྱུང་བའི་གནས་ངན་འགྲོའི་རྒྱུའི་ལས་ཉོན་རྣམས་ གཅོད་པ་སྟེ་ཡང་དག་པར་ཞི་བར་འགྱུར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་བདག་ཉིད་ཆེན་པོ་ བྱང་ཆུབ་སེམས་དཔའི་རྡོ་རྗེ་སློབ་མ་ཁྱེད་རྣམས་ཀྱིས་དེ་རིང་ནི་གསང་སྔགས་ཀྱི་ཆོས་རྙེད་པ་ 5-1-277 མཉམ་པ་མེད་པ་རྙེད་པ་ཡིན་ཏེ། རྒྱུ་མཚན་གང་གི་ཞེ་ན། གསང་སྔགས་ལ་དད་ཅིང་སྤྲོ་བའི་ གང་ཟག་ཁྱེད་རྣམས་ནི། བདག་ཉིད་ཆེན་པོ་རྒྱལ་བ་སྲས་དང་བཅས་པ་ཀུན་གྱིས་བརྩེ་བའི་ སྒོ་ནས་གསང་སྔགས་ཀྱི་བསྟན་པ་འདི་ལ་ཁྱེད་རྣམས་རྗེས་སུ་ཡོངས་སུ་བཟུང་ནས་ད་ལྟ་ནི་ ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཐེག་ཆེན་པའི་རིགས་སུ་སྐྱེ་བར་འགྱུར་བཞིན་པར་གནས་པ་ ཡིན་ཞིང་། དེ་ལྟར་གནས་པ་དེ་ཡིས་ཁྱེད་རྣམས་ནི་སྔགས་ལ་དད་ཅིང་སྤྲོ་བའི་རྒྱུ་ལས་སངས་ རྒྱས་སྲས་བཅས་ཀྱིས་རྗེས་སུ་བཟུང་བ་དེ་ཡི་སྟོབས་ཀྱིས་སང་ཉིན་དཀྱིལ་འཁོར་དུ་ཞུགས་ པའི་ཚེ་ནི་ཁྱེད་རྣམས་ཐེག་པ་ཆེན་པོ་སྔགས་ཀྱི་ཐེག་ཆེན་པའི་གང་ཟག་གི་རིགས་སུ་ལེགས་ པར་སྐྱེས་ཟིན་པར་འགྱུར་བ་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་རྒྱུད་རྣམས་ནས་ཡོན་ཏན་ མཆོག་ཏུ་ཆེས་ཆེ་བ་དང་ལྡན་པར་འབྱུང་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་མཆོག་ཏུ་ གྱུར་པ་འདི་ནི་རང་གཞན་གྱི་དོན་གཉིས་མ་ལུས་པ་ཐམས་ཅད་མྱུར་དུ་འབྱུང་བའི་དཔལ་ དང་ལྡན་པ་ཡིན་ལ། ལམ་ཟབ་མོ་དེ་ལ་ཁྱེད་རྣམས་སྤྲོ་ཞིང་འཇུག་པའི་བློ་བརྟན་པོ་བྱས་ན། དེ་འདྲའི་ལམ་མཆོག་ཏུ་གྱུར་པ་གང་ཡིན་པ་དེའི་སྒོ་ནས་འབྲས་བུ་མཆོག་ལ་འགྲོ་བར་འགྱུར་ བས་ན་ཁྱེད་རྣམས་མྱུར་དུ་རང་བྱུང་བསྐལ་པ་ཆེན་པོ་སྟེ་ཚོགས་གཉིས་མཐར་ཕྱིན་པ་དང་ ལྡན་པའི་འཇིག་རྟེན་ཐམས་ཅད་མཁྱེན་པའི་དེ་བཞིན་གཤེགས་པར་འགྱུར་བ་ཡིན་ནོ། ། དེ་ཡང་ཁྱེད་རྣམས་དཀྱིལ་འཁོར་དུ་འཇུག་པ་དང་རྡོ་རྗེ་ཐེག་པ་ལ་འཇུག་འདོད་ཀྱི་བློ་ མི་ལྡོག་པའི་ཆེད་དུ་གསང་སྔགས་ཀྱི་ཆེ་བ་འདི་ཤེས་པར་བྱས་པས་གསང་སྔགས་ལ་སྤྲོ་ ཞིང་དོན་དུ་གཉེར་བའི་བློ་མི་ལྡོག་པ་བརྟན་པོ་དང་ལྡན་དགོས་ཏེ། ཇི་སྐད་དུ། འཇིག་རྟེན་ ན་ནི་ཀུན་མཁྱེན་རྣམས། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ ནི་དཀོན་པ་སྟེ། །གང་གི་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། 5-1-278 །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་ཡང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ ཐག །དེ་དག་ཐམས་ཅད་ཟད་འགྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་ གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་ འགྲུབ། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གི་རྒྱལ་བ་སྲས་བཅས་པས། །བསྟན་པ་འདི་ ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ ཏེ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་ འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་ བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་ འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་གསང་སྔགས་ལ་སྤྲོ་བ་བསྐྱེད་པ་ནི་སྔར་ ནས་མོས་པ་ཡོད་པ་དེ་སླར་ཡང་གསང་བ་སྔགས་ཀྱི་ལམ་སྒྲུབ་པ་ལ་མོས་པ་བརྟན་པོ་བསྐྱེད་ པ་ཡིན་ཏེ། རྒྱུད་ལས། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟེན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་ མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བར་མཉམ་མེད་པ། །གང་གི་ཤཱཀྱ་སེང་ གེ་སོགས། །མཆོག་རྣམས་ཀྱིས་ཀྱང་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་ མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག ། ཅེས་གསུངས་པའི་དོན་ནི་ཁྱོད་རྣམས་ལ་གསང་སྔགས་ཀྱི་ཡོན་ཏན་བརྗོད་པས་སྤྲོ་བ་ 5-1-279 བསྐྱེད་པའི་སྒོ་ནས་རྡོ་རྗེ་ཐེག་པ་ལས་བློ་མ་ལོག་པར་འཛིན་དུ་འཇུག་པ་ཡིན་པས་སླར་ཡང་ དོན་དེ་ཉིད་གསལ་བར་སྟོན་པ་འདི་ལ་གསན་འཚལ། ནང་གི་དབང་བསྐུར་གྱིས་བླ་མ་དང་ ཡི་དམ་གྱི་ལྷའི་རིགས་རྒྱུད་འཛིན་པའི་སྲས་སུ་གྱུར་པའི་བུ་ཁྱོད་བདག་གི་དྲུང་དུ་ཚུར་ཤོག ཁྱོད་ནི་དད་པ་དང་སྙིང་རྗེ་ལ་སོགས་པ་དང་ལྡན་པས་ན་ཚུལ་ཏེ་ཐེག་པ་ཆེན་པོའི་སྣོད་དུ་ གྱུར་པ་ཡིན་པས། གསང་བ་སྔགས་ཀྱི་སྤྱོད་ཚུལ་ཏེ་སྨིན་བྱེད་ཀྱི་དབང་དང་ཆོ་ག་ལ་སོགས་ པ་ནི་ཁྱོད་ལ་བདག་གིས་ཡང་དག་པར་བསྟན་པར་བྱའོ། །གསང་སྔགས་བླ་མེད་ལས་གཞན་ པས་ལམ་གྱིས་སྤང་བྱ་ཕྲ་མོ་དངོས་སུ་སྤོང་མི་ནུས་པས། སྐུ་གསུང་ཐུགས་མི་ཤིགས་པའི་ རྡོ་རྗེ་ཅན། དུས་གསུམ་དུ་འབྱུང་བའི་སངས་རྒྱས་རྣམས་ནི། རྡོ་རྗེའི་ལམ་ཟབ་མོ་གསང་བ་ སྔགས་ཀྱི་མཐུ་ལ་བརྟེན་ནས་ཤེས་བྱའི་རྣམ་པ་མ་ལུས་པ་མཁྱེན་པའི་ཡེ་ཤེས་མཉམ་པ་མེད་ པ་བརྙེས་པ་སྟེ་ཐོབ་པ་ཡིན་ཞིང་། གསང་བ་སྔགས་ཀྱི་སྦྱོར་བ་སྟེ་གསང་སྔགས་ཀྱི་ལམ་ཟབ་ མོ་མཉམ་པ་མེད་པ་རྫོགས་པའི་རིམ་པ་གང་ཡིན་པ་དེའི་སྒོ་ནས། འོ་སྐོལ་གྱི་སྟོན་པ་ཤཱཀྱ་ སེང་གེ་ལ་སོགས་པ་མཆོག་སངས་རྒྱས་རྣམས་ཀྱིས་བདུད་ཀྱི་སྡེ་མི་བཟད་པའི་སྟོབས་ཆེན་ པོ་རྣམས་བཅོམ་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། གདུལ་བྱ་འཇིག་རྟེན་པ་དུ་མ་ རྗེས་སུ་འཇུག་པར་མངོན་སུམ་དུ་རྟོགས་ནས། དེ་དག་འདུལ་བྱེད་དུ་ཆོས་ཀྱི་འཁོར་ལོ་རྒྱ་ ཆེན་པོ་བསྐོར་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ནོ། ། རྒྱུ་མཚན་དེ་བས་ན་ཀུན་མཁྱེན་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར་དུ་བུ་ ཁྱོད་ཀྱིས་གསང་བ་སྔགས་ཀྱི་ལམ་ལ་འཇུག་པར་འདོད་པ་དང་། ཉན་ཞིང་འཛིན་པའི་སྒོ་ ནས་གསང་སྔགས་ཉམས་སུ་ལེན་པར་འདོད་པའི་བློ་གྲོས་འདི་མི་འདོར་བར་འཛིན་པར་ གྱིས་ཤིག གཉིས་པ་ཕན་ཡོན་ནི། ལྷ་མིའི་སྟོན་པ་ཤཱཀྱའི་རྒྱལ་པོས་དང་པོའི་སངས་རྒྱས་དུས་ཀྱི་ 5-1-280 འཁོར་ལོའི་རྩ་རྒྱུད་ལས་གསུངས་པའི་རྒྱུད་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་གཉིས་མེད་དཔལ་ དུས་ཀྱི་འཁོར་ལོའི་དབང་ལུང་མན་ངག་གི་རིམ་པ་དང་། དཔལ་དུས་ཀྱི་འཁོར་ལོའི་རྩ་བའི་ སྔགས་རྣམ་བཅུ་དབང་ལྡན་གྱི་ཧ་ཀྵ་སོགས་རྗོད་བྱེད་རྒྱལ་བའི་བཀའ་དྲི་མ་མེད་པ་དང་། བརྗོད་བྱ་བསྐྱེད་རྫོགས་རྣམས་ལ་བློ་ཁ་ཙམ་ཕྱོགས་ན། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་ སྙིང་པོ་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ། རྒྱུད་སྡེ་མཐའ་དག་གི་རྒྱལ་ པོ་ཕ་བསད་པ། མ་བསད་པ། སློབ་དཔོན་བསད་པ། དགྲ་བཅོམ་པ་བསད་པ། རྒྱལ་བའི་ སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་མཚམས་མེད་པ་ལྔ་བྱེད་པ་པོ་ཡང་མི་ཚེ་གཅིག་དང་ལུས་ གཅིག་གི་སྟེང་ནས་གྲོལ་བ་སྟེར་བ་དང་། དགེ་སློང་དགེ་ཚུལ་བསད་པ་དང་། བཙུན་མ་ཕབ་ པ་དང་། སྐུ་གཟུགས་དང་མཆོད་རྟེན་དང་། ལྷ་ཁང་རྣམས་བཤིག་པ་ལྟ་བུའི་ཉེ་བའི་མཚམས་ མེད་ལྔའི་ལས་བསགས་པ་དང་། སྲོག་བཅད་པ། མ་བྱིན་པར་བླངས་པ། མི་ཚངས་པར་སྤྱོད་ པ། རྫུན་སྨྲས་པ། ཕྲ་མ། ཚིག་རྩུབ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་ མི་དགེ་བ་བཅུའི་ལས་སྣ་ཚོགས་བསགས་པ་དང་། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ། བྱང་ཆུབ་སེམས་དཔའི་བསླབས་པ་དང་ འགལ་བ། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་སོགས་ཤིན་ཏུ་འདག་དཀའ་བའི་སྡིག་ ལྟུང་རྣམས་ཀྱང་ཐོས་བསམ་སོགས་བྱས་པས་ལྟ་ཅི་ཡུལ་ཕྱོགས་དེར་ཡིག་གཟུགས་བྲིས་ པའམ་ལྷ་སྐུ་བྲིས་འབུར་དཀྱིལ་འཁོར་གྱི་བཀོད་པ་བྲིས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་ བཀྲམས་པ། བློས་བསླངས་སོགས་བཞེངས་ན་སྔགས་བཟླས་པ་ཙམ་གྱིས་ཐོག་མེད་ནས་ བསགས་པའི་ལས་སྒྲིབ་མ་ལུས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །ལྷ་འདི་མཆོད་ བསྙེན་དང་བསྟོད་པ་གཏོར་མ་ཕུལ་བ་མ་ཟད་སྔགས་ཙམ་བརྗོད་པ་དང་བྲིས་པ་སོགས་བྱས་ པས་ཚེ་དང་བསོད་ནམས་དང་འབྱོར་བ་སྙན་གྲགས་སོགས་ས་དང་ལམ་གྱི་ཡོན་ཏན་མཐའ་ 5-1-281 ཡས་པ་ཐམས་ཅད་རྒྱས་པར་འགྱུར་རོ། །དགྲའི་འཇིགས་པ། སེང་གེའི་འཇིགས་པ། གླང་ པོ་ཆེའི་འཇིགས་པ། དབང་པོའམ་གདོན་གྱི་འཇིགས་པ། མེའི་འཇིགས་པ། ལྟོ་འགྲོ་སྦྲུལ་གྱི་ འཇིགས་པ། བདག་པོའམ་རྒྱལ་པོའི་ཆད་པའི་འཇིགས་པ། ཆོམ་པོའམ་རྐུན་པོའི་འཇིགས་ པ། ཞགས་པའམ་བཙོན་གྱི་འཇིགས་པ། ཆུའི་འཇིགས་པ། ཤ་ཟའམ་སྲིན་པོའི་འཇིགས་ པ། འཆི་བའི་འཇིགས་པ། རྡོ་རྗེ་ལྟུང་བའམ་ཐོག་གི་འཇིགས་པ་སོགས་དང་། རླུང་མཁྲིས་ བད་ཀན་སོགས་ནང་འབྱུང་བ་ལུས་འཁྲུགས་ཀྱི་ན་ཚ་ཞི་བར་བྱེད་པ་ཡང་ཁམས་རྣམ་པ་བཅུ་ འདུས་པའི་ལྷ་དང་དཀྱིལ་འཁོར་སྔགས་དང་བཅས་པ་འདི་ལས་ལྷག་པ་མེད་ཅིང་བ ཟང་ བ་མེད་དོ། །འདོད་ཆགས་ཞེ་སྡང་གཏི་མུག་སོགས་ཆོས་དང་འགལ་བའི་རྣམ་རྟོགས་ངན་པ་ ཐམས་ཅད་ཅིག་ཆར་དུ་འཇོམས་པར་བྱེད་པ་ལ། དུས་ཀྱི་འཁོར་ལོའི་ལྷ་དང་སྔགས་འདི་ ལས་ཟབ་པ་མེད་པར་གསུངས་ཤིང་། འཆི་བ་བར་དོ་སོགས་སུ་འཇིགས་སྐྲག་གི་སྣང་བ་ དང་འཁྲུལ་བའི་སྣང་བ་མི་སྐྱེ་བར་བྱེད་པ་ལའང་དུས་ཀྱི་འཁོར་ལོའི་ལྷའི་རྟེན་དང་བརྟེན་ པའི་བཀོད་པ་རྣམས་ཡིད་ལ་བྱེད་པ་མ་ཟད་མིག་གི་མཐོང་བ་དང་སྔགས་ལན་གཅིག་བརྗོད་ པས་ཀྱང་ཞི་བར་འགྱུར་རོ། །ཤི་བའི་འོག་ཏུ་ཤུལ་འདུག་རྣམས་ལ་གནོད་པའི་ཤི་འདྲེར་མི་ འགྱུར་བ་དང་ངན་སོང་དུ་སྐྱེ་བའི་ལས་སྒྲིབ་སྦྱོང་བ་ལ་འདི་ལས་ཟབ་དང་མཆོག་ཏུ་གྱུར་པ་ ནི་བཅོམ་ལྡན་འདས་ཀྱིས་མ་གཟིགས་སོ། ། དག་པའི་ཞིང་ཁམས་གང་འདོད་དུ་འགྲོ་བ་དང་། ཆོས་ལྡན་གྱི་ལུས་སུ་སྐྱེ་བ་ལ་སོགས་ པ་ལ་ལྷ་འདིའི་སྔགས་འབྲི་འདོན་འཁོར་ལོར་བྱས་པ་སོགས་ཀྱིས་འདི་དང་ཕྱི་མའི་ཕན་ ཡོན་འབྱུང་བ་ལ་རྒྱལ་བའི་ལྗགས་ཀྱིས་གསུངས་ཀྱང་ཟད་པའི་མཐའ་མེད་པ་ཞིག་ཡོད་དོ། །སྒོས་ཁྱད་པར་དེང་སང་གི་དུས་ཀྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་གྱི་འབྱུང་བ་ས་གཡོ་བ། རླུང་ འཁྲུགས་པ། མེ་མཆེད་པ། ཆུ་འཕྱུར་བ། བཙའ་ཐན་དང་སད་འབྱུང་བ། སེར་བ་འབེབས་ 5-1-282 པ། ཐོག་གམ་གནམ་ལྕགས་ཀྱི་མེ་ཆར་ལྷུང་བ་སོགས་ཕྱི་འབྱུང་བ་ཐམས་ཅད་འཁྲུགས། མི་ སྣང་བ་ལྷ་དང་། ཀླུ་དང་། རྒྱལ་པོ། བཙན། མ་མོ། དམ་སྲི། སྨན་མོ། འགོང་བོའམ་ཐེའུ་རང་ ། དགྲ་སྲི། གྱོད་སྲི་སོགས་མདོར་ན་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས། དབང་ཡུལ་ དུ་སྣང་བ་རྒྱ་བོད་ཧོར་གསུམ་གྱིས་མཚོན་མདོར་ན་འཛམ་གླིང་ན་གནས་པའི་མི་ཐམས་ཅད་ ཕན་ཚུན་ས་འོག་དང་ས་སྟེང་བར་སྣང་ཀུན་ཏུ་དུས་འཁོར་མོ་ཡུག་ཏུ་འཐབ་ཅིང་འཁྲུགས། ནང་གང་ཟག་རང་རང་གི་ལུས་ཀྱི་འབྱུང་བ་སེམས་ཀྱི་རྣམ་རྟོག་མ་རུངས་བ་འདི་དུས་ཉིན་ མཚན་འཁོར་མོ་ཡུག་ཏུ་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་ཏེ་འཁྲུགས་པ་ སོགས་མདོར་ན་སྣང་སྲིད་མ་ལུས་པ་ཐམས་ཅད་ཕྱོགས་གཅིག་ཏུ་འཁྲུགས་པས་སྔར་མ་ གྲགས་པའི་མི་ཕྱུགས་ལ་ཡམས་ནད་སྣ་ཚོགས་དང་། གཉན་རིམས། རྒྱུག་འགྱེལ། སྨྱོ་ནད། ཐོད་གས། ལྟག་འགྱེལ། གདོང་ཐུག མཐའ་དམག དུས་འཁྲུགས། སྔགས་པ་ནང་རྒྱས། བན་དྷེ་ནང་འཁོན། བུད་མེད་ནང་འཁྲུག གོས་ཀྱི་དབྱིབས་འགྱུར། ལུས་ཀྱི་བཞིན་འགྱུར། ཁ་ཡི་སྐད་འགྱུར། ནང་གི་སེམས་འགྱུར་བ་སོགས་མདོར་ན་བསྟན་པ་དང་འགྲོ་བ་མཐའ་ དག་གི་ལེགས་ཚོགས་ནམ་འཕང་གི་ཉི་ཟེར་དང་ནམ་གཞུག་གི་སྦྲང་མ་ལྟ་བུར་གྱུར་ཅིང་ ། འཇིག་རྟེན་ཀུན་རྐྱེན་ངན་རུ་འཛིང་བའི་ཁ་བར་དུ་སྡུག་བསྔལ་མི་འདོད་པ་བརྒྱ་སྟོང་གིས་ མནར་བའི་དུས་ཀྱི་རྒུད་པ་མཐའ་དག་ཅིག་ཆར་དུ་བཟློག་པར་བྱེད་པའི་འཕྲིན་ལས་ཀྱི་ཉི་མ་ དུས་སུ་ཤར་བ་ནི་དཔལ་མཆོག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ཆོས་ཚུལ་འདི་ཉིད་ ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་འབྱུང་བ་དང་ནང་ལུས་སེམས་སོགས་ལ་དབང་ཐོབ་པ་དང་ ། རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་གཉིས་མེད་དུས་ཀྱི་འཁོར་ལོའི་ལམ་ཟབ་མོའི་མན་ངག་འདི་ དང་འབྲེལ་ཚད་མཚམས་མེད་པ་ལྔའི་ལས་བསགས་པ་ལྟ་བུ་ཡིན་ཡང་ཚེ་གཅིག་དང་ལུས་ གཅིག་ནས་ཟུང་འཇུག་གི་སྐུ་འགྲུབ་པའི་ཉེ་ལམ་མྱུར་ལམ་ཆེས་ཁྱད་པར་དུ་འཕགས་པའི་རྒྱུ་ 5-1-283 མཚན་གྱིས་དེ་ལྟར་ཡིན་པའི་ཕྱིར་རོ། །འདི་དག་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་གྱི་དགོངས་ པ་བཞིན་སྦྱར་བའོ། ། ད་སྐབས་ཤམྦྷ་ལའི་གནས་སུ་དཔལ་དུས་ཀྱི་འཁོར་ལོའི་ཆོས་ཚུལ་སྔར་གྱི་རྫོགས་ལྡན་ གྱི་དུས་ཇི་ལྟ་བ་བཞིན་དར་ཞིང་རྒྱས་པའི་སྐབས་ཡིན་པ་དང་། ཞིང་དེར་ཆོས་སྲིད་ཀྱི་སྟོབས་ འབྱོར་རྒྱས་ཚུལ། ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་བསྟན་པ་རིན་པོ་ཆེ་སྤེལ་ཚུལ་རྣམས་ ལས་མཆོག་ཏུ་བསྔགས་པར་བརྗོད་པའི་གནས་དམ་པ་དང་པོའི་སངས་རྒྱས་ཀྱི་སྔགས་རྒྱུད་ ངེས་དོན་རྫོགས་ལྡན་གཞན་སྟོང་དང་། རྒྱུད་གྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་ཟབ་ཆོས་ལ་ ཉམས་ལེན་འཆད་ཉན་གྱིས་བརྩོན་པ་ལྷུར་ལེན་བྱས་ཏེ་མྱུར་ནས་ཟུང་འཇུག་གི་སྐུ་འགྲུབ་པ་ ཤ་སྟག་ཡིན་པ་ནི་སྨོན་གནས་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །སྒོས་ཁྱད་པར་དཔལ་ལྡན་ཤམྦྷ་ ལར་རང་ཅག་རྣམས་སྐྱེ་སླ་བ་ཡང་ཡིན་ཏེ། གྲུབ་པའི་གནས་མཆོག་ཤམྦྷ་ལ་དང་རང་རེ་ རྣམས། འཛམ་བུ་གླིང་གཅིག་ཏུ་སྐྱེས་པ་ནི་སྔར་གྱི་དགེ་བའི་ལས་ཀྱིས་འཕེན་པ་ལྟ་བུའི་དགེ་ བའི་ལས་ཀྱི་འབྲེལ་བ་དང་། དེར་བཞུགས་པའི་རྒྱལ་བའི་བསྟན་པ་ཡང་རང་རེའི་སྟོན་པ་ བཀའ་དྲིན་ཅན་འདིའི་མདོ་སྔགས་ཀྱི་བསྟན་པ་དང་གཅིག་ཡིན་པས་བསྟན་པ་རིན་པོ་ཆེའི་ འབྲེལ་བ་དང་། ཆོས་རྒྱལ་རིགས་ལྡན་རྣམས་ཀྱང་རང་རེའི་བླ་མ་གོང་མ་རྣམས་དང་ཐུགས་ རྒྱུད་གཅིག་པའི་བླ་སློབ་ཀྱི་འབྲེལ་བ་དང་། ཆོས་བརྒྱུད་ཀྱི་རིམ་པ་དང་འབྲེལ་བ་མ་ཟད་རང་ རེའི་ཉམས་ལེན་ཟབ་ཆོས་འདི་ལ་བྱིན་རླབས་དང་ལྡན་པ་ཡིན་པས་ཆོས་ཀྱི་འབྲེལ་བ་དང་། རང་རེའི་རྩ་བའི་བླ་མ་རྣམས་ཤམྦྷ་ལར་བྱོན་ནས་ཟུང་འཇུག་གི་སྐུ་གྲུབ་པས་སློབ་བུ་རྣམས་ དག་ཞིང་དེར་བསུ་བའི་ཞལ་གསུང་བསླུ་མེད་ཀྱི་འབྲེལ་བ་སོགས་ཞིང་གཞན་རྣམས་ལས་ ཁྱད་ཆོས་ལྔའི་སྒོ་ནས་སྔགས་ཞིང་དེར་སྐྱེ་སླ་བ་ཡིན་ནོ། ། འདིར་སྨྲས་པ། རྒྱལ་ཀུན་མཁྱེན་བརྩེ་དྲི་མེད་ནོར་བུའི་ཅོད་པན་གང་གི་དབུ་ལ་བརྒྱན་ 5-1-284 པར་བྱས། །བློ༷་གྲོ༷ས་མཁས་པ་ཀུན་གྱི་མགོ་བོར་ཞབས་སེན་གསལ་བར་འགོད་པའི་རྣམ་ པ་ཅན། །གྲ༷གས་པའི༷་དམ་ཆོས་པདྨ་དཀར་པོ་གསེར་ལྡན་གནས་སུ་ཐང་མར་བརྡལ་འདི་ མཚར། །ངེས་དོན་རྫོགས་ལྡན་གསར་བས་ནོར་འཛིན་གཞི་ལ་བཀའ་ཡིས་དབང་བསྒྱུར་བླ་ མར་འདུད། །མི་འགྱུར་བདེ་ཆེན་མཆོག་གི་ཡེ་ཤེས་རབ་རྒྱས་སྣང་བའི་སྟོང་ཉིད་ནམ་མཁའ་ ལྟར། །ཕྱི་ཡི་དུས་བྲལ་ནང་གི་དུས་བཅོམ་དུས་གཞན་བདེ་གཤེགས་སྙིང་པོ་རྣམ་ཀུན་བདག །སྣ་ཚོགས་ཡུམ་གྱི་རྣམ་རྒྱས་པདྨོའི་རེག་པ་ལ་སྲེད་ཕྱག་གཉིས་ཞགས་པས་འཁྱུད། །དམར་ དཀར་གཡས་གཡོན་ཞབས་གཉིས་རོལ་བས་བདུད་དང་འབྱུང་བོའི་མགོ་བོར་གར་མཛད་ རྗེ། །ངག༷་གི་དབ༷ང་ཕྱུག་གར་གྱི་རྣམ་རོལ་བདག །ཐུབ༷་བསྟན༷་སྔགས་རྒྱུད་ཟབ་མོའི་དགེ༷་ ལེག༷ས་སྤེལ། །དཔལ་མཆོག་དུས་ཀྱི་འཁོར་ལོའི་དབང་ཆེན་ཚུལ། །གསལ་བཀོད་སྐལ་ བཟང་འཇུག་ངོགས་ཞེས་བྱ་བ། །རྒྱ༷་མཚོ༷འི་ཁྱོན་ལས་ཆེས་ཉུང་མཚོན་ཙམ་བསྡུས། །འདི་ བྱས་ལས་བྱུང་མ་རྟོགས་འཁྲུལ་བའི་དྲི། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་སྙིང་ནས་བཤགས། །ཉེས་བཤད་དྲི་མས་གོས་པར་མ་གྱུར་ཅིག །རབ་དཀར་དགེ་བའི་ཕུང་པོ་ཅི་མཆིས་པས། །སྐྱེ་དགུ་མཐའ་དག་སྲིད་ཞིའི་རྒྱ་མཚོ་ལས། །ཀུན་མཁྱེན་མཆོག་གི་དང་པོའི་སངས་རྒྱས་ཀྱི། །གོ་འཕང་མཆོག་དེ་རིང་མིན་མངོན་གྱུར་ཅིག །ཅེས་དཔལ་དུས་ཀྱི་འཁོར་ལོའི་དབང་གི་གླེང་གཞི་དགོས་པ་ དམ་ཚིག་ཕན་ཡོན་སོགས་གསལ་བར་བཀོད་པ་དྲི་མ་བཀྲུ་བའི་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ཡང་མགོ་ལོག་ཕྱོགས་ཀྱི་གྲྭ་ བཙུན་འགའ་དང་། རང་ལ་དྲིན་གྱིས་བསྐྱངས་པའི་མ་བྱང་ཆུབ་སྒྲོན་གྱིས་དངོས་རྫས་ཀྱི་ཆེ་བ་དང་བཅས་བསྐུལ་མ་ཡང་དག་ དང་གཞན་ཡང་ངག་དབང་ཆོས་ཀྱི་བློ་གྲོས་དང་དད་ལྡན་ལྷག་བསམ་ཅན་རྡོ་རྗེ་ཐར་གཉིས་ཀྱིས་དེ་ལུགས་ལྟར་བསྐུལ་བ་དང་ དགེ་མ་ཚུལ་ཁྲིམས་ལྷ་མོས་ལྷག་བསམ་དག་པའི་སྒོ་ནས་མཐུན་རྐྱེན་གང་དགོས་སྒྲིག་བཞིན་བསྐུལ་མ་ཡང་བྱས་པ་ལ་བརྟེེན་ ནས་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་གྱི་ལོའི་ས་ཟླའི་ཚེས་བརྒྱད་དུ་རང་གི་རྩ་བའི་བླ་མའི་དགོངས་རྫོགས་ལ་དམིགས་ ནས་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བསྒྲིགས་པ་ལྟར་ཡིག་རིས་ 5-1-285 མཁན་ཤཱཀྱའི་དགེ་སློང་གྲགས་པ་རྒྱལ་མཚན་དང་ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རབ་བརྟན་དང་ཤཱཀྱའི་དགེ་སློང་དཀོན་མཆོག་བློ་ གྲོས་གསུམ་གྱིས་དུས་མཉམ་དུ་ཡི་གེ་གསུམ་བྲིས་པའི་དགེ་བས་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ཀྱི་བསྟན་པ་སྲིད་མཐའི་ བར་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །དུས་ཀྱི་འཁོར་ལོ་བླ་མ་དབྱེར་མེད་ལ། །གུས་པས་སྐྱབས་གསོལ་འདིར་བསགས་རབ་ དཀར་མཐུས། །ཤམྦྷ་ལ་རུ་རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །ཅེས་པའང་མ་ཏིས་ སོ།། །། 5-1-286 5-1-287 5-1-288 5-1-289 5-1-290 5-1-291 5-1-292 5-1-293 5-1-294 5-1-295 5-1-296 5-1-297 5-1-298 5-1-299 5-1-300