4-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ང་༽ 4-1-2 དཀར་ཆག འགོ་བརྗོད། .......................................༡ རྗེ་བཙུན་སྒྲོལ་མའི་སྒོ་ནས་རླུང་རྟ་རྒུད་པ་གསོ་བའི་ཆོ་ག་འདོད་དགུ་འཇོ་བའི་ རིན་པོ་ཆེའི་བུམ་བཟང་ཞེས་བྱ་བ། ..........................༡ རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་དགེ་ལེགས་མྱུར་སྩོལ་ཞེས་བྱ་བ། ................................༡༡༦ གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་རྒྱས་བསྡུས་གཉིས། ............༡༢༠ ལྷན་ཐབས་དང་ཚོགས་མཆོད་སོགས་ལ་མཁོ་བྱ་ལག་ལེན་གྱི་རིམ་པ་འདོད་དགུ་འཇོ་བའི་ བུམ་བཟང་ཞེས་བྱ་བ། ..................༡༢༩ དཔལ་་དང་སྔགས་དབང་བསྡུས་ཙམ་འཁོར་བའི་ཚ་གདུང་སེལ་བའི་དཔག་བསམ་ལྗོན་པའི་བསིལ་ གྲིབ་ཅེས་བྱ་བ། ...................................༡༩༧ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་སྡིག་པ་སྦྱོང་བའི་ལྷོ་སྒོའི་ཆོ་ག་ཞེས་བྱ་བ། ..........................༢༠༦ རྡོ་རྗེ་རྣལ་འབྱོར་མའི་ཚོགས་མཆོད་བདེ་ཆེན་འདྲེན་པའི་མེ་ཏོག་ཆར་འབེབས། ...........................༢༡༠ དུས་འཁོར་དང་འབྲེལ་བའི་ངག་བྱིན་རླབས་བདུད་རྩིའི་ཟིལ་བ། .......༢༡༦ ཆོས་སྤྱོད་སྔོན་འགྲོ།................................༢༡༧ སེར་ཕྲེང་སྐབས་མཁོ་བའི་འདོན་ཆོག་ཉུང་བསྡུས། ...............༢༢༦ བརྒྱུད་འདེབས་དང་བསྐང་བ་སྨན་མཆོད་འཕོ་བ་སོགས་ཀྱི་ཁ་སྐོང༌། .....༢༣༠ ཚེ་འགུགས་བསྡུས་པ། ...............................༢༣༤ ཚེ་ལུང་ཁྲུས་ལུང༌། .................................༢༣༥ གསོལ་མཆོད་སྣ་ཚོགས། ..............................༢༣༥ 4-1-3 དཔལ་ལྡན་མཧཱ་ཀཱ་ལའི་བསྐང་རྫས་འབུལ་ཚུལ།................༢༤༩ གཏོར་ཆོག་ལྟར་གྱི་ཆོས་སྐྱོང་གི་དམིགས་རིམ་ཉུང་བསྡུས། ...........༢༥༩ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཆེན་གྱི་ལས་སྦྱོར་ཟོར་འཆམ་གྱི་ལག་ལེན་དམ་ ཉམས་གསོད་པའི་གནམ་ལྕགས་ཐོག་མདའ་ཞེས་བྱ་བ། ............༢༦༤ ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལས་མཐའ་དྲག་པོའི་ཟོར་འཆམ་དགོས་འདོད་ འབྱུང་བའི་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ། ..................༢༧༨ 4-1-4 ༄༅། །རྗེ་བཙུན་སྒྲོལ་མའི་སྒོ་ནས་རླུང་རྟ་རྒུད་པ་གསོ་ བའི་ཆོ་ག་འདོད་དགུ་འཇོ་བའི་རིན་པོ་ ཆེའི་བུམ་བཟང་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་ཨཱརྱ་ཏཱ་རེ་བྷྱཿ ཁྱོད་ཞལ་ལྷ་ལམ་ཡངས་པར་ཚེམས་དཀར་ཆུ་འཛིན་ལྡིང་ཁང་བསྒྲིགས། །ཡན་ལག་ དྲུག་ཅུའི་ང༷ག་གི་རྔ་གསང་ལྷང་ལྷང་ཕྱོགས་ཀུན་ལྡིར། །མཚན་བཟང་ལྗགས་ཀྱི་དབ༵ང་པོས་འོད་དམར་ཞགས་པའི་རྩེད་འཇོ་ བཅས། །བློ༵་གྲོ༵ས་རྩལ་གྱིས་ལེགས་བཤད་སྦྲང་ཆར་གང་འདུལ་ཞིང་སར་ལྷུང༌། །མཛད་འཕྲིན་ཆུ་སྐྱེས་ཕང་ཕུང་གཡོ་བཞིན་ གང་འདོད་སྣ་ཚོགས་སྤྱོད། །རྫོགས་ལྡན་སྦྲང་རྩིའི་དགའ་སྟོན་འགྱེད་པས་སྲིད་འདིར་གྲ༵གས་སྙན་རྒྱས། །རྐང་དྲུག་གཞོན་ནུའི་ སྒྲོ་གཤོག་ཟུང་གིས་ཆོས་སྒྲ་དར་དིར་སྒྲོགས། །ངེས་གསང་ཆོས་ལ་མོས་པ༵་གང་ཡོད་མགོན་གཅིག་ཁྱོད་མིན་སུ། །སྤངས་རྟོགས་ ཡོངས་རྫོགས་གཞི་དབྱིངས་ཤེས་རབ་ཕ་རོལ་ལེགས་ཕྱིན་ཀྱང༌། །ཚོགས་གཉིས་ནོར་འཛིན་བརྟེན་ལ་རབ་དཀར་ལས་བྱུང་ འདབ་སྟོང་རྩེར། །རིན་ཆེན་རྒྱལ་པོའི་ལྷུན་པོར་མཚམས་སྤྲིན་དམར་སེར་ན་བཟས་འཁྱུད། །དཀྱུས་རིང་ཉི་ཟླ་ཟུང་ཡང་བརྩེ་ ཆེན་གྱིས་བསྐྱོད་འགྲོ་ལ་གཟིགས། །མཆོག་གསུམ་མཚོན་པའི་སོར་རྩེར་ཨུཏྤལ་འདབ་སྟོང་ཡུ་བས་མཛེས། །མཆོག་སྦྱིན་ཕྱག་ རྒྱས་མཁའ་མཉམ་འགྲོ་ལ་གཏན་བདེ་ལེགས་སྦྱིན་མཛད། །ཚེ་རབས་སྔོན་ནས་འབྲེལ་བའི་རྒྱལ་ཀུན་འཕྲིན་ལས་སྤྲུལ་བསྒྱུར་ གར། །རབ་འབྱམས་ཞིང་དུ་གཟུགས་སྐུ་ཅིག་ཅར་སྟོན་མཛད་ཏཱའ་རེ་རྒྱལ། །བརྩེ་ཆེན་སེར་བུས་བསྐྱོད་པའི་ལེགས་བཤད་ཀྱིས། །མཛད་འཕྲིན་ནམ་མཁའི་གླང་པོ་ལང་ལོང་ཉུལ། །ནོར་འཛིན་གཞི་འདིར་རྣམ་དཀར་གྲུ་ཆར་འཐོར། །བདེ་སྐྱིད་སྤང་ལྗོངས་གཡུ་ མདངས་ལམ་ལམ་གཡོ། །གང་གསུང་ལེགས་པར་བསྡུས་པའི་བཀའ་འབུམ་ལས། །བྱེ་བྲག་སྒྲོལ་མའི་སྐོར་གྱི་ཞབས་ཏོག་ཕྱིར། 4-1-5 །རླུང་རྟ་གསོ་ཞིང་བསྐྱེད་པའི་ཆོ་ག་འདི། །ལྷག་པའི་བསམ་པས་ཅུང་ཟད་འབྲི་བར་བྱ། ། དེ་ལ་འདིར་རྗེ་བཙུན་ལྷ་མོ་གཙོ་འཁོར་སོགས་ལ་བརྟེན་ནས་རང་གཞན་གྱི་དོན་དུ་རླུང་རྟ་གསོ་ཞིང་བསྐྱེད་པའི་ཆོ་ག་བྱ་ བའི་ཐབས་ལ་གསུམ། བཅའ་བཤམས་ཀྱི་སྐོར་དང༌། ངག་འདོན་གྱི་རིམ་པ་དང༌། རྒྱུ་མཚན་ཅུང་ཟད་བཤད་པའོ། །དང་པོ་ བཅའ་བཤམས་སྐོར་གྱི་ཐབས་ནི། གཟའ་སྐར་ལེགས་པའི་ཉིན་དུ་གནས་ཁང་གཙང་སྦྲ་བྱས་ལ། བླ་བརྒྱུད་དང༌། ཡི་དམ། འཕགས་མ་གཙོ་འཁོར། མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་གཟུགས་སྐུ་བྲིས་འབུར་གང་འཛོམས་བཤམས་པ་དང༌། གཞན་ཡང་ མཆོད་རྫས་སྣ་ཚོགས་ཀྱིས་ལེགས་པར་བརྒྱན། ཕྱེ་གཙང་ལ་རིན་ཆེན་སྣ་ལྔ། མངར་གསུམ། གཏོར་རྫས་བསྲེས་པ་ལས་གཏོར་ མ་ཆ་ལྔ། སྡེར་གཙང་དུ་འབྲུ་དཀར་བླུག་པའི་ཁར་ཟན་གོར་སྟེང་མཆོད་བཤོས་ནོར་བུའི་དབྱིབས་ལ་ཉི་ཟླ་ནོར་བུ་མར་གོར་གྱི་ རྒྱན་སྤྲོས་གཟབ་ལྡན་འཁོར་བཤོས་ཉི་ཤུ་དང༌། གཞན་ཡང་ཡིད་དང་མཐུན་པའི་གནས་སུ་གཞི་དཀར་པོའི་སྟེང་དུ་རླུང་རྟའི་ཁང་ པ་ཤུག་པའི་ཀ་བ་བཞི་བཙུགས་པའི་ནང་དུ་ཤིང་ངམ། ཚོན་སྐུད་ལས་བྱས་པའི་ཁང་པའི་ཕྱི་དབྱིབས་གྲུ་བཞི་པ་དང་ཤར་ཕྱོགས་ སུ་སྟེང་འོག་གསུམ་ཐོག་ལ་སྒོ་རེ་རེའི་མཛེས་པ་དང་བཅས་གྲུབ་པ་ན། ཤིང་ལས་བྱས་པའི་འགེབས་གཉིས་རྒྱ་ཕིབས་དང་བཅས་ པ་སོ་སོར་ལེགས་པར་བཟོས། འགེབས་འོག་མ་ལ་སྲོག་ཤིང་གི་སྦོམ་ལ་བུག་པ་གྲུ་བཞི་ཅན་བྱ། དེ་ནས་སའམ། ཤུག་པ། རིན་པོ་ ཆེ་སོགས་གང་འཛོམས་ལས་བྱས་པའི་གཏེར་བུམ་ལེགས་པ་བཟོས་པའི་ནང་དུ། གསེར། དངུལ། ཟངས་ལྕགས། བྱུ་རུ་སོགས་ རིན་པོ་ཆེའི་སྣ་ཚོགས་པའི་ཕྱེ་མ་དང༌། ནས། འབྲས། གྲོ། སྲན་དཀར། ཏིལ་དཀར་དང༌། འབྲུ་རིགས་ལྔ། བཟང་དྲུགགེ་སར་ གསུམ། ཞོ་ཤ་རིགས་ལྔ། དབང་ལགཆུ་སྲིན་སྡེར་མོ། ཨ་གར་རིགས་གསུམ། ཙནྡན་དཀར་དམར་ལ་སོགས་པ་སྨན་སྣ་ཚོགས། དཀར་གསུམ། མངར་གསུམ། ཤིང་ཏོག་སྣ་ཚོགས། ཟས་སྣ། གོས་དར་ཁ་དོག་སྣ་ཚོགས་ས་སྣ་ཆུ་སྣ་ནོར་ཕྱུགས་ཀྱི་སྤུ་སྣ་རྣམས་ དང༌། བླ་མ་དཔོན་པོ་ཡུལ་མི་འབྱོར་ལྡན་གྱི་ལག་ནས་བྱུང་བ་རྣམས་ཀྱིས་བཀང་བའི་ཁ་དར་གྱིས་བཀབ་སྟེ་ཚོན་སྐུད་སྣ་ལྔས་ མགུལ་འཆིང་བྱས་ནས་མདུན་ཕྱོགས་སུ་ནོར་བུ་འབར་བ་བྲིས་པ་འདི་འོག་ཁང་གི་དབུས་སུ་བཤམས། གཏེར་བུམ་མཐའ་སྐོར་ དུ་འབྲུ་སྣ། ཤེལ་ཚིགས་སོགས་ཀྱིས་འོག་ཁང་གི་ཕྱེད་ཙམ་བཀང་བའི་བུམ་པའི་མཐའ་སྐོར་དུ། མར་ཟན་གཙང་མའི་བཤོས་བུ་ བཞི། མར་གྱི་འབྲང་རྒྱས་བཞི། མར་གྱི་ལྷ་ལུག་བཞི། མར་གྱི་གཡང་ར་སྒོ་བཞི། གཞན་ཡང་དཀར་གསུམ། མངར་གསུམ་ རྣམས་བཤམས་བཀོད་ཟིན་པ་ན་འགེབས་འོག་མ་བཀབ། སྲོག་ཤིང་ནི། བང་རིམ་འོག་མའི་བུམ་སྟེང་ནས་བང་རིམ་བར་མའི་ 4-1-6 འགེབས་ཀྱི་བར་ཚད་ཙམ་གྱི་རིང་ཐུང་དགོས་པས་ཤུག་པ་མགོ་མཇུག་དང་ཤར་གྱི་ཕྱོགས་མ་ནོར་བའི་ཤིང་ལེགས་པ་ཞིག་སྔོན་ ནས་སྟ་གོན་བྱས་ཏེ་གྲུ་བཞིར་བཅོས་ཏེ་དྲི་བཟང་བྱུགས་པའི་ཕྱོགས་བཞི་ཀའི་རྩེ་ཕྱོགས་སུ་ནོར་བུ་མིག་གསུམ་རེ་རེ། ཉི་ཟླ་བྲིས་ པའི་འོག་ཏུ་འཕགས་པ་རིགས་གསུམ་མགོན་པོ་དང༌། སྒྲོལ་མའི་སྙིང་པོ་བྲིས་པའི་འཕྲོར། ཤར་ཕྱོགས་སུ་སྡེ་བརྒྱད་ཀྱི་ཕྱག་རྒྱ། ལྷོ་ངོས་སུ་ས་བདག་གི་ཕྱག་རྒྱ། ནུབ་ངོས་སུ་ལོ་སྐོར་བཅུ་གཉིས་ཀྱི་ཕྱག་རྒྱ། བྱང་ངོས་སུ་གཟའ་སྐར་གྱི་ཕྱག་རྒྱ་རྣམས་དཔེ་རིས་ བཞིན་བྲིས་ལ། བཞི་ཀའི་མཇུག་ཏུ། བླ་མ་ཡི་དམ་འཕགས་པ་རིགས་གསུམ་མགོན་པོ་རྒྱལ་ཡུམ་འཕགས་མ་སྒྲོལ་མ། ཕྱོགས་ བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དཀར་ཕྱོགས་ལ་དགའ་བའི་སྡེ་བརྒྱད་ཡུལ་ལྷ་གཞི་བདག་ འཁོར་དང་བཅས་པ་རྣམས་ཀྱིས་བསྟན་པ་འཛིན་པའི་སྐྱེས་བུ་དཔོན་སློབ་འཁོར་དང་བཅས་པའི་ཆོས་སྤྱོད་བཅུའི་སྒྲུབ་པ་ཁྱད་ པར་ཅན་ནམ། སྦྱིན་པའི་བདག་པོའི་མི་ནོར་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་ཁ་རྗེ་དབང་ཐང་སྙན་ གྲགས་རླུང་རྟ་སོགས་མདོར་ན་ཆོས་སྲིད་ཟུང་འབྲེལ་གྱི་ལེགས་ཚོགས་ཀྱི་ཡོན་ཏན་མཐའ་དག་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་ གོང་དུ་འཕེལ་ཞིང་རྒྱས་པའི་འཕྲིན་ལས་མཛད་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་ཧཱ། ཞེས་སོགས་ཀྱི་འདོད་གསོལ་བྲིས་ནས། ཤར་གྱི་ཕྱོགས་མདུན་དུ་བསྟན་ནས་གཏེར་བུམ་གྱི་ཁར་བཙུགས། བང་རིམ་བར་མའི་ནང་གི་ཕྱོགས་བཞིར་རླུང་རྟའི་ལྷ། ཤིང་ སྟགམེ་སྦྲུལ། ལྕགས་སྤྲེལ། ཆུ་ཕག་བཞི་དང༌། དབུས་དང་ཕྱོགས་མཚམས་དགུ་དང༌། སླར་ཡང་ཕྱོགས་མཚམས་བརྒྱད་དུ་སྨེ་བ་ དང་སྤར་ཁ་ལོ་སྐོར་བཅུ་གཉིས་གྱི་གཟུགས་བརྙན་གྱི་ཙ་ཀ་ལི་རྣམས་དང་མ་འཛོམས་ན་མིང་ཡིག་ཙམ་རང་རང་གི་ཕྱོགས་མ་ ནོར་བར་བཀོད། དེ་ནས་འགེབས་བར་བ་བཀབ་ལ། བང་རིམ་སྟེང་མའི་ནང་དུ་རྗེ་བཙུན་སྒྲོལ་མའི་སྐུ་གཟུགས་ཀྱི་ཙ་ཀ་ལི་རབ་ གནས་ཅན་དང༌། དར་རམ་ཤོག་བུ་གཙང་མར། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱ། བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མས་བདག་གི་ཚེ་དང་ བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རླུང་རྟ་སྙན་གྲགས་སོགས་མདོར་ན་ཆོས་སྲིད་ཟུང་འབྲེལ་གྱི་ལེགས་ཚོགས་ཀྱི་ཡོན་ཏན་ ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་ནོར་བུའི་དབྱིབས་སུ་བྲིས་པ་དྲི་བཟང་གིས་བྱུགས་ཏེ་སྒྲོལ་མའི་ཞལ་ ཐང་ལྟར་ཙ་ཀ་ལིའི་རྒྱབ་ཏུ་སྦྱར་ནས་གདན་ལ་བཙུགས་ཏེ་ཁང་བཟང་གི་སྟེང་རྒྱ་ཕིབས་ཀྱིས་བརྒྱན་ཏོ། །ཁང་བཟང་ལ་གསེར་ ཚོན་སོགས་ཀྱིས་མཛེས་པར་བྱའོ། །དེ་ནས་བང་རིམ་སྟེང་མའི་ཕྱི་ངོས་སུ་ཉི་ཟླ་དང༌། བཀྲ་ཤིས་རྟག་བརྒྱད། རྫས་བརྒྱད་དང༌། བང་རིམ་བར་མ་དང༌། འོག་མའི་ཕྱི་ངོས་ཀྱི་མཐའ་སྐོར་དུ། རྒྱལ་སྲིད་སྣ་བདུན། ཉེ་བའི་རིན་ཆེན་བདུན། འདོད་ཡོན་ལྔ། རིན་པོ་ 4-1-7 ཆེའི་རི་བོ་དུ་མ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོགགདུགས། རྒྱལ་མཚན། དར་འཕན། ལྡ་ལྡི་སོགས་ མཆོད་པའི་ཡོ་བྱད་སྣ་ཚོགས་རི་མོར་བྲིས་ཏེ་ཚོན་སྣ་ཚོགས་ཀྱི་མདངས་ཀྱིས་མཛེས་པར་བྱ། ཁང་བཟང་གི་སྟེང་གི་ཟུར་བཞིར་ རྒྱལ་མཚན་བཞི། རྩེ་མོར་གདུགས་ཀྱིས་བརྒྱན་མདུན་དུ་རྟ་མཆོག་རིན་ཆེན་རྒྱན་ཆས་སྤྲས་པ་ལ་ནོར་བུས་བརྒྱན་པ། མཐར་ ལྕགས་རི་གྲུ་བཞི་ལ་ཕྱོགས་བཞིར་སྒོ་རེ་རེས་བརྒྱན་པ་དང་སྒོ་བཞིའི་ནང་དུ་རྟ་གཡག་ར་ལུག་བཞི་ཁ་ནང་དུ་བསྟན། སྒོ་བཞིར་ སྟག་སེང་ཁྱུང་འབྲུག་བཞིས་སྲུང༌། ནང་ངམ་ལྕགས་རིའི་ཁར་གང་བདེ་ལ། བྱ་རྒོད་ཀྱི་སྒྲོས་བརྒྱན་པའི་མདའ་བཞི། ཚོན་སྐུད་སྣ་ ཚོགས་ཀྱིས་བརྒྱན་པའི་འཕང་ཁྲ་མཛེས་པ་བཞི། རྒྱང་བུ་འཇའ་རིས་ཅན་བཞི། ནམ་མཁའ་འཇའ་རིས་སུ་བཀྲ་བ་བཞི། ཤུག་ པའི་རྒྱང་བུ་བཞི་དེ་རྣམས་དར་སྣ་ལྔས་བརྒྱན་པའོ། །རིགས་གསུམ་མགོན་པོ་དང་སྒྲོལ་མའི་མཚན་སྔགས་ཀྱི་མཇུག་ཏུ། ༀ་ཨཱཿ་ ཧཱུཾ། ཧཻ་སྟག་སེང་ཁྱུང་འབྲུག་འདིར་ཡར་ལ་བསྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོཿ ཞེས་བྲིས་པ་དེ་ཐམས་ཅད་ཕྱོགས་བཞིར་ འཛུགས། མཁར་གྱི་ཕྱོགས་བཞིར་རླུང་རྟ་རང་མདོག་བཞི་ཕྱར། ལྕགས་རིའི་ནང་དུ་གཟུགས་འགྲོས་སྣ་ཚོགས། དེ་ནས་ཁང་ བཟང་སྟེགས་ཀྱི་ཁར་བཀོད་པའི་མདུན་དུ། མཆོད་པ་ཆུ་གཉིས་ཉེར་སྤྱོད་ཚར་གཉིས་དང༌། ཟན་བཟང་པོའི་གཏོར་མ་པདྨ་འདབ་ མ་བཞི་པ་མཐར་རིལ་བུས་བསྐོར་བ། འབྲང་རྒྱས་ཞལ་དཀར་བཞི། ལྷ་ལུག་མཚལ་གྱིས་བརྒྱན་པ་བཞི། ཟན་ལས་བྱས་པའི་ ལུག་གི་ལག་པ་གཡས་པ། ཁམས་མཐུན་གྱི་རླུང་རྟ་གྲངས་མང༌། གཞི་བདག་གཏོར་མ། གཟའི་ཐུན་གཏོར། ཞལ་ཟས་ཅི་མང༌། གཞན་ཡང་གླུད་སྣོད་ཆག་གི་ནང་དུ་བསྡུས་ན་ངར་མི་ཏིང་ལོ་ཆངས་བུ་ཙམ་དང༌། རྒྱས་ན་བསེ་རག་གི་གཟུགས་ཆུང་གསུམ་གྱི་ འཁོར་ཅན་མི་རྟ་ནོར་ལུག་གི་གླུད་གཟུགས། མར་མེ་བཤོས་བུ་ཆངས་བུ་བཅས་དང༌། གང་ལྟར་ཡང་རྫས་ཚྭ་སྒོག་རམ་གསུམ། ཟོ་བཤལ། སྐྱ་བཤལ། སྲན་རུལ། གོད་རུལ། ཐག་ཆད་སོགས་ཀྱང་འདུ་བྱས་ལ། ཐུན་ཕྱེ་ནས་དང་བསྲེས་པ། འོ་ཆབ་འཐོར་ བྱེད། ཆུ་གཏོར་དང་ཀླུ་གཏོར་བཅས་ཀྱི་བཤམས་བཀོད། ཇ་ཆང་གི་ཕུད་དང༌། བསང་རྫས་ཤིང་རྩི་ཅི་མང༌། ཟས་སྣ། དར་སྣ། དཀར་གསུམ། མངར་གསུམ་སོགས་ཀྱི་བསང་རྫས་ཚད་ལྡན་སོགས་མཆོད་རྫས་རྣམས་ལེགས་པར་བཤམས་སོ། །སྟན་བདེ་བ་ ལ་ལེགས་པར་འཁོད་དེ། གཉིས་པ་ངག་འདོན་གྱི་རིམ་པ་ལ། བདག་ལྷར་བསྐྱེད་ཀྱི་རིམ་པ། མདུན་བསྐྱེད་རླུང་རྟ་གསོ་ཞིང་ བསྐྱེད་པའི་ཐབས་གཉིས། དང་པོ་བདག་ལྷར་བསྐྱེད་ཀྱི་རིམ་པ་ལ། ཐོག་མར་སྐྱབས་ཡུལ་ནི། མདུན་གྱི་མཁའ་ དབྱིངས་སུ་སྐྱེ་མེད་རང་གསལ་གྱི་ཚུལ་དུ་སྐྱབས་གནས་ཀུན་འདུས་བླ་མ་ཡི་དམ་འཕགས་ 4-1-8 མའི་ལྷ་ཚོགས་སྟོབས་བཅུ་ལེགས་མངའ་རྫོགས་པའི་སངས་རྒྱས་དང་སྤངས་རྟོགས་མཁྱེན་ པ་ཟབ་མོའི་ཆོས་མཛོད་རིག་པ་དང་གྲོལ་བའི་འཕགས་མ་ཐུགས་རྗེའི་གཏེར་ཆེན་པོའི་རྣམ་ པར་ཉེར་བཞུགས་མཛད་པར་གྱུར། སྐྱབས་སུ་འགྲོ་བ་ནི། ན་མོ། སྐྱབས་ཀུན་འདུས་པའི་འཕགས་ མ་གཙོ་འཁོར་ལ། །མཁའ་དང་མཉམ་པའི་འགྲོ་བ་མཐའ་དག་གིས། །དེང་ནས་བྱང་ཆུབ་ བར་དུ་སྐྱབས་སུ་བསྟེན། །སྲིད་དང་ཞི་བའི་འཇིགས་ལས་བསྐྱབ་ཏུ་གསོལ། །ལན་གསུམ་སོགས་ ཇི་ལྟར་འོས་པ་བྱ་ལ། སེམས་བསྐྱེད་པ་ནི། བདག་གིས་མ་སེམས་ཅན་གྱི་སྡུག་བསྔལ་བསལ་ཞིང་ཕན་ བདེ་བསྒྲུབ་པའི་གཞན་དོན་རླབས་ཆེན་འབྱུང་བའི་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་བྱ་ བའི་ཆེད་འདིར་བསྙེན་སྒྲུབ་ཟབ་མོ་བྱ་སྙམ་པའི་ལྷག་བསམ་དང་བཅས་ཏེ། ཀྱེ་མ་འཁོར་ བར་གནས་པའི་སེམས་ཅན་ལ། །མ་ལུས་སྡུག་བསྔལ་བསལ་ཞིང་བདེ་བསྒྲུབ་ཆེད། །བདག་ གིས་གཞན་དོན་བྱང་ཆུབ་མངོན་བྱེད་ཕྱིར། །འཕགས་མའི་བསྙེན་སྒྲུབ་ཟབ་མོ་ལེགས་ བགྱིད་དོ། །ལན་གསུམ་སོགས་བྱ། དེ་ནས་མཆོད་པ་བྱིན་རླབས་ནི། རང་ཉིད་འཕགས་མའི་ང་རྒྱལ་ཙམ་ལ་ གནས་ཏེ་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ནག་ཞལ་གཅིག་ ཕྱག་གཉིས་གཡས་པ་རྒྱ་གྲམ་དང་གཡོན་པ་སྡིགས་མཛུབ་ཅན་ཞབས་གཉིས་བཞེངས་ སྟབས་ཁྲོ་ཆས་རྫོགས་པ་མེ་དཔུང་གི་ཀློང་ན་བསྐྱོད་བཞིན་པ་དེས་མཆོད་རྫས་ལ་འཁྲི་བའི་ བགེགས་བསལ་བར་གྱུར། བཛྲ་ཨ་མྲྀ་ཏས་བསངས། མཆོད་པ་གང་དག་གི་གོ་སར་སྐད་ཅིག་ གིས་སྟོང་པར་དམིགས་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་ རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་ཡོབྱད་དྭངས་ཤིང་ཐོགས་པ་ མེད་ལ། བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ ཨཱཿཧཱུཾ། ནས། ཤཔྟའི་བར་དང༌། ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧཱུཾ། ཞེས་པ་ 4-1-9 རྣམས་ཕྱག་རྒྱ་དང་བཅས་པས་བྱིན་རླབས་བྱ། དེ་ནས་ཚོགས་བསགས་པ་ནི། སྐད་ཅིག་གིས་རང་ཉིད་འཕགས་ མར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཆོས་དབྱིངས་གནས་ལུགས་ འཕགས་མའི་ཆོས་སྐུའི་ངོ་བོ་ཡེ་བཞུགས་ཀྱི་གཤིས་རང་སྣང་དང་འཚམས་པར་མདུན་ མཁར་ཚོགས་བསགས་པའི་ཞིང་དུ་བླ་མ་ཡི་དམ་ལྷ་མོ་ཉེར་གཅིག་གཙོ་འཁོར་གྱི་ཚུལ། རྣམ་ པར་འཕྲུལ་བ་སངས་རྒྱས་བྱང་སེམས་ཀྱི་ཚོགས་མཐའ་ཀླས་པའི་རྣམ་པ་དང་བཅས་མངོན་ སུམ་མཐོང་སྣང་གི་ཡུལ་ལྟར་སད་པར་བྱས་ཏེ་ཇི་བཞིན་ལེགས་བཞུགས་མཛད་པར་གྱུར། གདོད་མའི་ཆོས་དབྱིངས་གཤིས་ལས་རང་ཤར་བ། །བླ་མ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དང༌། །འཕགས་མའི་ལྷ་ཚོགས་རྣམ་འཕྲུལ་བཀོད་པ་བཅས། །གཞི་འབྲས་དབྱེར་མེད་སྐྱབས་སུ་ ལེགས་ཤེས་ནས། །རང་གསལ་གནས་ལུགས་དོན་ལ་གུས་ཕྱག་འཚལ། །རང་བཞིན་གཤིས་ ལ་མཆོད་བྱ་མཆོད་བྱེད་བྲལ། །འོན་ཀྱང་ཀུན་རྫོབ་བསགས་སྦྱངས་ཐབས་ཀྱི་ཆེད། །དངོས་ འབྱོར་མོས་སྣང་དག་པའི་མཆོད་སྤྲིན་ཚོགས། །མཚན་འཛིན་དྲི་མ་བྲལ་བའི་ངང་ནས་ འབུལ། །གཤིས་དག་བདེ་གཤེགས་སྙིང་པོ་ཡེ་སངས་རྒྱས། །གློ་བུར་དྲི་མའི་རང་མདངས་ ཀུན་དག་མོད། །འཁྲུལ་བ་ཅན་ལ་རང་སྣང་དྲི་མས་བསླད། །དེ་ཕྱིར་འཁྲུལ་ཞེན་ཀུན་ཉོན་ མཐའ་དག་བཤགས། །རྣམ་དཀར་རྒྱ་མཚོའི་ཆོས་ཁམས་ཡེ་ནས་དག །ཕུན་སུམ་ཚོགས་ པའི་རང་བཞིན་འཕེལ་འགྲིབ་བྲལ། །དེ་མངོན་བྱེད་ཐབས་སོ་འཕགས་ལེགས་བསགས་སྒོ། །གང་དག་ལ་ཡང་སྙིང་ནས་ཡི་རང་ངོ༌། །རང་སྣང་དག་པའི་གནས་སུ་སྟོན་འཁོར་ཀུན། །མཁའ་དང་མཉམ་ལ་ཚད་བཟུང་སུ་ཡིས་སྤོབས། །གང་འདུལ་ཡིད་ཅན་ཚོགས་ལ་རང་ མཐུན་པར། །ཟབ་མོའི་ཆོས་འཁོར་རྒྱ་ཆེན་བསྐོར་བར་བསྐུལ། །ཐེར་ཟུག་རྟག་པའི་རང་ གཤིས་སྐུ་གསུམ་དོན། །ནམ་ཡང་འཕོ་འགྱུར་མི་མངའ་རྡོ་རྗེ་ཁམས། །འོན་ཀྱང་གདུལ་བྱའི་ རང་སྣང་གཟུགས་ཀྱི་སྐུ། །རིས་བྲལ་དེར་སྣང་རང་གཟུགས་ཆད་མེད་མཛོད། །རབ་དཀར་ 4-1-10 བསགས་སྒོ་འདིས་ནི་རིང་མིན་དུ། །གཉུག་མ་འཕགས་མའི་ཆོས་སྐུ་རིམ་མངོན་ཏེ། །ལྷ་མོའི་ ཤེར་ཕྱིན་ཡེ་ཤེས་ཟབ་མོར་དབང༌། །གང་འདུལ་འཕྲིན་ལས་ལྷུན་གྲུབ་ཡོངས་རྒྱས་ཤོག །ཅེས་པའི་ཚོགས་བསགས་ཡན་ལག་བདུན་པ་ལན་གསུམ་མཐར། ཚོགས་ཞིང་བླ་མ་ཡི་དམ་རྒྱུད་སྡེའི་ཚོགས། །འཕགས་མ་གཙོ་འཁོར་ལྷ་ཚོགས་རང་དྭངས་དབྱིངས། །མ་བཅོས་གནས་ལུགས་གཤིས་སུ་ རང་ངོ་བཟུང༌། །འོད་གསལ་གཡོ་བྲལ་མཉམ་བཞག་དེའི་ངང་དུ། །རང་དང་འཚམ་པའི་རྣལ་ འབྱོར་ལེགས་པར་བགྱིད། །ཅེས་པ་ལྟར་མཉམ་པར་ཅུང་ཙམ་འཇོག་ཅིང་ཚད་མེད་བཞི་བྱ་བ་ནི། སེམས་ཅན་ མ་ལུས་བདེ་བ་རྒྱུ་བཅས་ལྡན། །སྡུག་བསྔལ་རྒྱུ་དང་བཅས་པ་ཡོངས་བྲལ་ཏེ། །བདེ་བ་ མཆོག་དང་ནམ་ཡང་མི་འབྲལ་ཞིང༌། །བཏང་སྙོམས་ཆེན་པོའི་ངང་ལ་གནས་གྱུར་ཅིག །ལན་ གསུམ་མཐར། བདག་བསྐྱེད་དངོས། ཤཱུ་ནྱ་ཏཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་པདྨ་ འདབ་མ་ཉི་ཤུ་པའི་ལྟེ་བར་ཟླ་བའི་གདན་སྟེང་དུ་རང་སེམས་འཕགས་མའི་ཐུགས་སྲོག་ ཏཱྃཿཡིག་ལྗང་གསལ་ལས་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་ འདས་མ་རྗེ་བཙུན་ལྷ་མོ་སྒྲོལ་མ་སྐུ་མདོག་ལྗང་གསལ་འོད་ཟེར་གྱི་ཕུང་པོ་འབར་བ་ཟག་ མེད་ཡེ་ཤེས་ཀྱི་སྐུ་ཅན་ཞལ་གཅིག་ཕྱག་གཉིས་ཞབས་ཟུང་ཕྱེད་སྐྱིལ་གྱིས་བཞུགས་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་མོར་སོན་ཞིང༌། གཡོན་པའི་དཀོན་མཆོག་གསུམ་ མཚོན་གྱི་ཕྱག་རྒྱས་ཐུགས་ཀ་ནས་ཨུཏྤལའི་སྡོང་བུ་ནས་འཛིན་པ་མེ་ཏོག་དང་ལོ་འབྲས་ཕུན་ སུམ་ཚོགས་པ་སྙན་གྱི་ཐད་དུ་ཁ་ཕྱེ་ཞིང་གཡུར་ཟ་བ། དར་གྱི་སྟོད་གཡོགས་དང་ཤམ་ཐབས་ ཀྱི་ན་བཟའ་ཉེ་བར་ཀླུབས་པ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་ཀུན་ནས་མཛེས་ཤིང༌། ངོ་མཚར་བའི་སྒེག་པ་ལྟ་བས་ཆོག་མི་ཤེས་པའི་ལང་ཚོ་བདོ་ཞིང༌། ཞལ་རས་རབ་ཏུ་རྒྱས་པ་ ལ་སྤྱན་ཟུང་གིས་མཛེས་བཞིན་འཛུམ་པའི་གཟི་མདངས་འབར་བའི་དྲི་མེད་ཡེ་ཤེས་ཀྱི་སྐུ་ ལྗང་གསལ་འོད་ཟེར་གྱི་ཕུང་པོས་མཁའ་ཀུན་འགེངས་པ། དེའི་མཐའ་སྐོར་གྱི་པད་འདབ་ཉི་ 4-1-11 ཤུ་པོ་རྣམས་སུ་ཟླ་གདན་རེ་རེ་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ འཕགས་མའི་སྐུ་ལས་སྤྲུལ་པའི་ལྷ་མོ་བསོད་ནམས་མཆོག་སྟེར་དབྱངས་ཅན་མ་སོགས་ སྒྲོལ་མ་ཉི་ཤུ་པོ་སྐུ་མདོག་ལྗང་ཁུ་རབ་ཏུ་མཛེས་པ། དར་དང་རིན་པོ་ཆེའི་རྒྱན་ཆ་ལུགས་ཀྱི་ བཀོད་པ་ཕལ་ཆེར་གཙོ་མོ་ཉིད་དང་འདྲ་བ་ལས་ཅུང་ཟད་མི་འདྲ་བ་ཞི་ཁྲོའི་ཉམས་སྣ་ཚོགས་ ཅན་དབུས་གཙོ་མོ་ལ་མངོན་པར་ཕྱོགས་ཏེ་བཞུགས་པ། གཙོ་འཁོར་དེ་དག་ཐམས་ཅད་ཀྱི་ ཐུགས་ཀར་ཟླ་གདན་ལ་ཏཱྃཿཡིག་རེ་རེས་མཚན་ཞིང༌། གཙོ་མོའི་ཐུགས་ཀའི་ཏཱྃཿཡིག་རང་ མདོག་ལས་འོད་ཟེར་འཕྲོས་པས་རང་བཞིན་དག་པའི་ཞིང་ནས་རང་འདྲའི་ལྷ་མོ་ཉེར་ གཅིག་སངས་རྒྱས་བྱང་སེམས་ཀྱི་ཚོགས་བཅས་སྐད་ཅིག་གིས་སྤྱན་དྲངས། ༀ་བཛྲ་ས་མཱ་ ཛཿཛཿཧཱུཾ་བཾ་ཧོཿ གཙོ་འཁོར་ཐམས་ཅད་ལ་དམ་ཡེ་གཉིས་སུ་མེད་པར་ཐིམ། སླར་ཡང་གཙོ་ མོའི་ཐུགས་ཀའི་འོད་ཟེར་གྱིས་དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ། གཙོ་འཁོར་ཐམས་ཅད་ ལ་དབང་ལྷ་རྣམས་ཀྱིས་བུམ་པས་དབང་བསྐུར་བས་གཙོ་འཁོར་ཐམས་ཅད་ཀྱི་སྐུ་ལུས་གང་ རང་གི་སྒོ་གསུམ་གྱིདྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་ རིགས་བདག་འོད་དཔག་མེད་རེ་རེས་དབུ་བརྒྱན། དབང་ལྷ་རྣམས་ཀྱང་དམ་ཡེ་དབྱེར་མེད་ པ་གང་དག་ལ་གཉིས་སུ་མེད་པར་ཐིམ་པར་གྱུར། གཙོ་མོ་དང་འཁོར་གྱི་ལྷ་མོ་རྣམས་དང་ བཅས་པའི་ཐུགས་ཀར་ཟླ་བ་ལ་ཏཱྃཿཡིག་རེ་རེའི་མཐར་སྔགས་འཕྲེང་གིས་བསྐོར་བར་ དམིགས་ལ། དེ་ཐམས་ཅད་ཅིག་ཅར་དུ་གསལ་བཏབ་པའི་ངང་ནས་གཙོ་མོའི་ཐུགས་སྲོག་ ཆེས་གསལ་དང་འཁོར་རྣམས་ཀྱི་ཐུགས་སྲོག་སེམས་ཀྱི་ཟུར་ཆའི་གསལ་སྣང་མ་བོར་ཙམ་ བྱས་ཏེ། ཐམས་ཅད་ལ་ཐུན་མོང་དུ་རང་རང་གི་ཐུགས་སྲོག་མཐར་སྙིང་པོ་ཡི་གེ་དྲུག་པ་དང་ བཅུ་པ་ཤམ་བུ་བཅས་ནང་དང་ཕྱིའི་རིམ་པར་སྔགས་ཕྲེང་ལེགས་པར་བཀོད་པ་ལ་དམིགས་ ནས། ཐོག་མར་ཡི་གེ་དྲུག་པ། ༀ་ཏཱ་རེ་ཏཱྃ་སྭཱཧཱ། ཞེས་པ་ཅི་འགྲུབ་དང༌། དེའི་ཕྱེད་ཆ་ཡི་གེ་བཅུ་པ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་ 4-1-12 རེ་ཧཱ། ཞེས་པ་དང༌། དེའི་བཅུ་ཆ་ཙམ་ལ་སྔགས་ཤམ་བུ་ཅན། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་ པུཥྚཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ་བ་ལག་ལེན་ཡིན་པ་ལོངས་སྐབས་དང་བསྟུན་མཐར། མཆོད་པ་ནི། ༀ་ཨཱརྱ་ཏཱ་རེ་ས་པ་ རི་བཱ་རེ་བྷྱཿཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། པཱདྱཾ། པུཥྤེ། ནས། ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། ཏཱྃཿ རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་པ། །གནས་ ལུགས་སོར་རྟོགས་ཡེ་ཤེས་རང་གཟུགས་ལྷ། །འཕགས་མ་སྒྲོལ་མ་ལྷ་མོ་ཉི་ཤུའི་ཚོགས། །གཙོ་འཁོར་བཅས་ལ་གུས་པས་བསྟོད་པར་བགྱི། །དེ་ནས། འཁོར་གྱི་ལྷ་མོ་ཉི་ཤུ་པོ་གཙོ་མོ་ ལ་ཐིམ་ཞིང་རང་ཉིད་གཙོ་མོ་གཅིག་གི་རྣམ་པར་གྱུར། ཞེས་པ་ཉིན་དང་པོ་གཉིས་པ་གཉིས་ལ་དེ་ལྟར་བྱ། ཉིན་ཐ་མར་སྒྲོལ་མ་གཙོ་རྐྱང་བདག་བསྐྱེད་ནི། དེའི་ཚུལ་གོང་ཚད་མེད་བཞི་སོང་མཚམས། སྐད་ཅིག་རང་ལུས་གདོས་ བྱས་སྟོང་པའི་གཞིར། །རང་སེམས་གསལ་སྟོང་ངོ་བོ་ཏཱྃཿཡིག་ལྗང༌། །འོད་ཟེར་འཕྲོ་འདུས་ གནས་འགྱུར་འཕགས་མའི་སྐུ། །ལྗང་གསལ་འོད་ཀྱི་ཕུང་པོ་ལྷམ་མེ་བ། །མཛེས་འཛུམ་ཞལ་ བཟང་ཞབས་གཉིས་ཕྱེད་སྐྱིལ་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པས་རིན་ཆེན་ གསུམ། །མཚོན་བྱེད་ཕྱག་རྒྱས་ཨུཏྤལ་སྡོང་བུ་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་ གྱིས་མཛེས། །ལང་ཚོར་བབ་ཅིང་སྒེག་པའི་ཉམས་བཟང་གིས། །པད་ཟླའི་གདན་བཞུགས་ དམ་ཡེ་དབྱེར་མེད་པར། །སྤྱི་བོར་འོད་དཔག་མེད་པའི་རིགས་བདག་ཅན། །ཐུགས་ཀར་ཟླ་ སྟེང་ཏཱྃཿལྗང་སྔགས་ཕྲེང་བཀོད། །དེ་དང་རང་སེམས་བརྗོད་བྲལ་གཉུག་མའི་ངང༌། །མ་ བཅོས་དབྱེར་མེད་སྙིང་པོ་རང་ཤུགས་བཟླ། །དེ་ནས་ཡི་གེ་བཅུ་པ་སོགས་ཅི་ནུས་བཟླ་མཐར། སྤྲོ་བས་ཡི་ དམ་ལྷ་ཉིད་མཆོད་ཅིང་བསྟོད། །རང་ཉིད་འཕགས་མའི་གསལ་སྣང་དེ་གའི་ངང༌། །ཞེས་པའི་ བར་བྱ། གཉིས་པ་མདུན་བསྐྱེད་རླུང་རྟ་གསོ་ཞིང་བསྐྱེད་པའི་ཐབས་ལ། ཉེ་སྦྱོར་གེགས་བསལ། ཆུ་གཏོར། ཀླུ་གཏོར་ཚད་ལྡན། མདུན་བསྐྱེད་དངོས་གསུམ་ལས། དང་པོ་ཉེ་སྦྱོར་གེགས་བསལ་གྱི་རིམ་པ་ནི། འདིར་རླུང་རྟ་བསྐྱེད་པའི་སྔོན་དུ་ཉེ་བར་སྦྱོར་བ་ བྱུར་འགོང་ལེགས་བསལ་གྱི་ཐབས་བྱ་བ་སྟེ། དེ་ལའང་རྒྱས་པ་དང༌། བསྡུས་པའི་རིམ་པ་གཉིས་ཡོད་པ་ལས། དང་པོ་རྒྱས་པ་བྱ་ 4-1-13 བ་ནི། རང་ཉིད་ལྷ་མོ་ཞི་བའི་རྣམ་པར་གནས་པ་དེ་སྐད་ཅིག་གིས་གནས་འགྱུར་བའི་སྒོ་ནས་ ཁྲོ་མོ་རབ་ཁྲོས་གཏུམ་མ་སྐུ་མདོག་མཐིང་སྔོན་ནག་མདངས་འབར་བ། ཞལ་གཅིག་སྤྱན་ གསུམ་རལ་པ་དམར་སེར་མེ་ལྟར་གྱེན་དུ་མཆེད་པ། ཞལ་ཤིན་ཏུ་འགྱུར་བག་གིས་མཆེ་ གཙིགས་སྨ་ར་སྨིན་མ་མེ་ལྕེའི་ཕྲེང་བ་བཞིན་ཆེར་བསྐྱོད་འཁྲུགས་རྔམ་ཅན། ཕྱག་གཉིས་ གཡས་པས་ལྕགས་ཀྱུ་དང་གཡོན་པས་ཞགས་པ་བསྣམས་ཤིང་ཞབས་གཉིས་བཞེངས་ སྟབས་ཀྱིས་པད་ཉིའི་གདན་ལ་འགྱིང་བཞིན། སྐུ་ལ་རུས་རྒྱན་གྱིས་སྒེག་ཅིང་གདོད་ནས་ དམ་ཡེ་གཉིས་མེད་ཀྱི་རང་བཞིན་མེ་དཔུང་གི་ཀློང་ན་བཞུགས་པའི་ཐུགས་ཀར་ཉི་གདན་ལ་ ཧཱུཾ་ཡིག་མཐིང་ནག་འབར་བའི་མཐར་སྔགས་འཁོར་གསལ་བར་གྱུར། ༀ་ཏཱ་རེ་ཏུཏྟཱ་རེ་ཀྲོ་དྷ་ ཌཱ་ཀི་ནི་ཧཱུཾ་ཕཊ། ཅེས་པ་སྟོང་ཕྲག་ཙམ་བཟླས་ཏེ་ཐུན་རྫས་ལ་ཕུས་བཏབ་པས། རང་གི་ཐུགས་སྲོག་ལས་སྤྲོས་ པའི་ཁྲོ་མོ་རང་འདྲ་དཔག་མེད་སྐད་ཅིག་ལ་ཐུན་རྫས་གང་དག་གི་རང་བཞིན་དུ་ཐིམ་པས་ དེརྣམས་ཧཱུཾ་ཡིག་མཐིང་སྔོན་མེའི་ཚྭ་ཚྭ་ཐུལ་ཐུལ་འཕྲོ་བ་འབའ་ཞིག་ཏུ་གྱུར་པར་མོས་ལ། ༀ་ཏཱ་ རེ་ཀྲོ་དྷ་ཌཱ་ཀི་ནི་བྷྱཿ ཨརྒྷཾ༴ ནས་ ཤཔྟའི་བར་གྱིས་མཆོད། ཧཱུཾ། འཕྲིན་ལས་དཔའ་མོ་གཏུམ་པའི་སྐུ། །མ་རུངས་བགེགས་ཚོགས་འཇོམས་མཛད་ལྷ། །སྒྲུབ་ལ་དངོས་གྲུབ་སྩོལ་བའི་གཉེན། །ཁྲོ་ མོ་དྲག་ཆེན་མ་ལ་བསྟོད། །ཅེས་པས་བསྟོད། སླར་ཡང་རང་ཁྲོ་མོའི་ཐུགས་ལས་དག་བྱེད་ཞི་བའི་ ལྷ་མོ་དཀར་གསལ་གྱི་མདོག་སྐད་ཅིག་གིས་སྤྲོས་ཏེ་འོ་ཆབ་ཀྱི་སྟེང་དུ་བཞུགས་པའི་སྐུ་ལས་ བདུད་རྩིའི་རྒྱུན་བབས་འོ་ཆབ་འཐོར་བྱེད་དྲི་མ་འཁྲུད་ནུས་མཆོག་དང་ལྡན་པར་གྱུར་པར་མོས་ ལ། ༀ་ཏཱ་རེ་ཏཱཾ་སྭཱ་ཧཱ། ཞེས་པ་ལ། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་བཏགས་པ་བརྒྱ་ཕྲག་ལས་མི་ཉུང་ བར་བཟླ་མཐར། རང་ཉིད་རབ་ཁྲོས་གཏུམ་མར་གསལ་བའི་ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟ་ བུས་དབུལ་ཕོངས་བྱེད་པའི་བསེ་རག་དང་གོད་འདྲེ་སོགས་བགེགས་རིགས་ཐམས་ཅད་ 4-1-14 མདུན་དུ་བཀུག་སྟེ་གུས་པས་འཁོད། གླུད་གཏོར་དེ་དག་གླུད་བདག་རྣམས་ཀྱི་ཡིད་ལ་གང་ འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོར་གྱུར་པར་བསམ། ཧཱུཾ་བདག་ཉིད་རབ་ གཏུམ་ཁྲོ་མོའི་བྱིན་རླབས་ཀྱིས། །བདག་དང་ཡོན་བདག་ལ་གནོད་འཚེ་བའི་རིགས། །ལྟོག་ འགོང་དབུལ་སྲི་བསེ་རག་མ་ལུས་པ། །བཀུག་ནས་རང་གཟུགས་ཡས་སྟགས་རྣམས་ལ་ བསྟིམ། །ལན་བདུན་སོགས་ཀྱི་མཐར། ཛཿཧཱུཾ་བཾ་ཧོཿ གནོད་བྱེད་ཐམས་ཅད་གཟུགས་བརྙན་རྣམས་ ལ་སིབ་སིབ་ཐིམ། ཧཱུཾ། ང་ནི་སྒྲོལ་མ་ཁྲོ་མོའི་གསང་བ་གསུམ། །འབྲུ་གསུམ་ཡི་གེས་བྱིན་ རླབས་གླུད་གཏོར་ཚོགས། །རང་རང་ཡིད་མཐུན་ཇི་བཞིན་སྤེལ་བསྒྱུར་ཏེ། །བདག་གིས་ཁྱོད་ རྣམས་ལ་བསྔོ་གུས་པས་ལོངས། །ༀ་ཨཱཿཧཱུཾ། ལན་གསུམ། ༀ་ནྲི་ཏྲི་ཤན་ཏྲི་ཀ་ཏྲིཨི་དཾ་བ་ལིཾ་ཏ་ཁ་ ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ལན་བདུན་སོགས་ཀྱིས་ བསྔོ། ཀྱེ། བསེ་རག་རྒྱལ་པོ་གཞོན་ནུ་བུ་ཆུང་གཟུགས། །གཡུ་རྣའི་རྒྱན་ཅན་གྲི་ཆུང་སྐེད་ལ་ བཅུག །རི་བོང་ཁ་ཤོ་ལ་ཆིབས་ཕྱོགས་མཐའ་རུ། །ཁྱི་གུ་རེའུ་ཚེ་ཤིས་སྒིས་ཆུང་རིགས་དང༌། །ཀླད་ན་ལྡིང་བའི་སྲེག་པ་བདུན་ལ་སོགས། །བསེ་རག་མང་པོའི་འཁོར་ཚོགས་དང་བཅས་ ཀུན། །ཡོད་གང་རྒྱག་ཕྱུག་ལ་ནི་མི་དགའ་བར། །མེད་སྤྲང་ལྟོག་དབུལ་ལ་དགའ་ཉེས་གཏོང་ བདག །གཞན་ཡང་བསེ་རག་མི་རྒན་ནག་པོའི་གཟུགས། །ཁོ་ཤོག་གོས་གྱོན་རུས་པ་སྣུམ་ མེད་མུར། །སྡུག་མུག་གླུ་ལེན་བྱི་ལ་བྱིས་པར་སྤྲུལ། །མཆིག་ཕྱེ་ལ་རྐུ་དཀར་རློམ་སྐྱུར་བཅོམ་ མཁན། །གོད་འདྲེ་མི་ནག་ཕག་ཞོན་གྲོད་ཞྭ་ཅན། །རྒྱུ་མའི་རྒྱན་ལྡན་བཤའ་གྲིའི་ལག་ཆ་ འཛིན། །ནོར་བདུན་ཁམ་པ་ཁྱི་མགོ་ལ་སོགས་པ། །གོད་འདྲེ་གྲིབ་འགོང་རིགས་ཚོགས་ཁྱེད་ རྣམས་ལ། །རང་རང་དང་མཐུན་གླུད་དང་གཏོར་མ་སྦྱིན། །ངར་མི་ཏིང་ལོ་ཆངས་བུ་ཤ་ཤུན་ དང༌། །སྦང་སྐམ་ཆང་སྐྱུར་ཞོ་ལད་རམ་པ་སོགས། །ཡས་སྟགས་མཐུན་རྫས་འདི་དག་མྱུར་ ཁྱེར་ཏེ། །བདག་དང་ཡོན་བདག་མི་ནོར་འཁོར་བཅས་ལ། །མ་ཉེ་མ་འཁོར་གནོད་འཚེ་མ་ 4-1-15 བྱེད་པར། །འདི་ནས་དཔག་ཚད་མང་པོའི་ཕ་རོལ་ཏུ། །ད་ལྟ་ཉིད་དུ་སྐད་ཅིག་འགྲོ་བར་གྱིས། །གོང་འབྲུ་གསུམ་བྱིན་རླབས་ནས་འདི་བར་ཡང་བསྐྱར་ཅི་རིགས་བྱས་མཐར། གླུད་བདག་དེ་དག་ཚིམས་ནས་ཕྱི་ མིག་མི་ལྟ་བར་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོང་བར་བསམ་ལ། སརྦ་བིགྷྣན་གཙྪ་གཙྪ། ཧཱུཾ། རང་ཉིད་ཁྲོ་མོའི་སྐུ་ལས་རང་འདྲ་བའི། །གཏུམ་ཆུང་མ་མོ་མེ་དཔུང་སེར་ལྟར་འབེབས། །གནོད་ཅིང་འཚེ་བའི་ལྟོགས་འགོང་བསེ་རག་ཚོགས། །གང་དག་མི་འགྲོར་ལུས་པ་རྡུལ་དུ་ རློགས། །གླུད་མི་ལེན་ཅིང་བདེན་ཚིག་ལ་མི་ཉན་པའི་འབྱུང་པོ་གནོད་པའི་སེམས་འཆང་བ་ མཐའ་དག་རང་གི་སྐུ་ལས་སྤྲོས་པའི་ཁྲོ་ཆུང་མེ་ཕུང་ཐུན་རྫས་ཧཱུཾ་ཡིག་མཚོན་ཆེན་འབར་བའི་ ཆར་གྱིས་བསྐྲད་ཅིང་རྡུལ་ཕྲན་ཙམ་དུ་བརླགས་པར་གྱུར་པར་བསམ་ལ། ཁྲོ་མོའི་སྔགས་སོགས་དྲག་ སྔགས་ཅི་རིགས་བརྗོད་བཞིན་གླུད་ཁྱིམ་མི་མཐོང་སར་བསྐྱལ་ཐུན་རྫས་ཕྱི་ནང་ཐམས་ཅད་ལ་གཏོར། སླར་ཁྲོ་ཆུང་ ཐམས་ཅད་ཚུར་འདུས་པ་ལས་བྱུང་བའི་རྡོ་རྗེ་མཚོན་ཆ་མེ་རིའི་གུར་ཁང་ཅིས་ཀྱང་མི་ཤིགས་ པའི་ནང་དུ་བསྲུང་བྱའི་གནས་ཁང་ནོར་ཕྱུགས་ཞིང་དང་བཅས་པ་ཚུད་པར་བསམ་ལ། འོ་ཆབ་ ཤུག་ལོས་གཏོར་བཞིན། ཏཱྃཿ འཕགས་མ་ལྷ་མོའི་བྱིན་རླབས་ཡེ་ཤེས་ཀྱི། །བདུད་རྩིའི་ཆུ་ཡིས་ཕུག་ ལྷ་ཕ་མཚུན་ལྷ། །ཁྱིམ་མི་ནོར་དང་བཅས་ལ་ཁྲུས་གསོལ་བས། །བརྩོག་རྨུགས་བསེ་རག་ གོད་འདྲེ་སངས་གྱུར་ཅིག །གོང་སྨོས་སྒྲོལ་སྔགས་ཤམ་ཅན་གྱི་ཁྲུས་སྔགས་བརྗོད་པ་དང་བཅས། ཁྲུས་ཆབ་ ཕྱོགས་ཐམས་ཅད་དུ་འཐོར་བས། འགོ་བའི་ལྷ་ལྔ། སྐྱོབ་པའི་ལྷ་དགུ། དགྲ་བླ་ཡུལ་ལྷ་ གཉན་པོ་སོགས་འགོ་བའི་ལྷ་སྲུང་རྣམས་ལ་མི་གཙང་བའི་དྲི་མ་ཕོག་པ་རྣམས་དང༌། བདག་ དང་ཡོན་གྱི་བདག་པོའི་སྡིག་སྒྲིབ་རྨེ་རྨུགས་ནལ་གསུམ་གྱི་དྲི་མ་ཡུལ་ཞིང་ནོར་རྫས་ལ་ འགོང་བོ་བསེ་རག་གི་ཁ་རླངས་ཕོག་པ་སོགས་མདོར་ན་གྲིབ་དང་མི་གཙང་བ་མཐའ་དག་ ཤེལ་དཀར་གྱི་བུམ་པ་ལྟར་བཀྲུས་ནས་གཙང་ཞིང་དག་པར་གྱུར། ཞེས་པའི་བར་དེས་བགེགས་ བསལ་བར་བྱའོ། །ཉིན་གཉིས་པ་མན་དུ་འགོང་བཀར་བསྡུས་པ་བྱ་བ་མ་གཏོགས་ཉེར་སྦྱོར་རྣམས་ཉིན་དང་པོ་དང་འདྲ། འགོང་ 4-1-16 བཀར་བསྡུས་པ་ནི། རང་ཉིད་སྒྲོལ་མ་ཁྲོ་གཉེར་ཅན་མར་གྱུར། །སྔགས་དང་ཕྱག་རྒྱས་བསེ་རག་ འགོང་པོའི་རིགས། །དབང་མེད་སྐད་ཅིག་ཉིད་དུ་འདིར་བཀུག་སྟེ། །གནོད་སེམས་སྤངས་ ནས་ཅི་བདེར་གནས་པར་མཛོད། །ལན་གསུམ། ན་མོ། ཡེ་ཤེས་དབྱིངས་ཀྱི་རྗེ་བཙུན་མ། །སྙིང་ རྗེས་དཀར་ལྡན་ཞི་བ་ཆེན་མོའི་སྐུ། །རང་འཚམ་མཁོ་དགུའི་འདོད་རྫས་སྦྱིན་མཛད་མོར། །ལེགས་བཞེངས་གང་དེས་གཏོང་སྒོ་འགྱེད་པ་ཡིས། །གང་ལ་གང་འདོད་དེ་དེ་བཞིན་གྱུར་ པའི། །མི་ཟད་འདོད་མཁོ་སྣ་ཚོགས་ཡིད་བཞིན་དུ། །དེར་འཆར་ཅི་བསམ་རེ་བ་སྐོང་བ་ འདིས། །བསེ་རག་ཀུན་ཚིམ་ཡིད་ཁ་གང་བར་གྱུར། །ལན་གསུམ། དེ་ཡང་བྱུར་འགོང་རིགས་ཀྱི་ འཚེ་བྱེད་ཚོགས། །ཁྱེད་རྣམས་གང་ལ་གང་མཁོའི་འདོད་པའི་རྫས། །ནམ་ཡང་མི་ཟད་གཏེར་ དུ་གྱུར་འདི་གང༌། །རང་རང་འོས་པའི་མཁོས་སུ་ལེགས་བསྣམས་མཛོད། །ལེགས་སྦྱིན་འདི་ ཡིས་ཁྱེད་རྣམས་མགུ་བྱོས་ལ། །བསྲུང་བྱའི་ཕྱུགས་ཀྱི་གཡང་ལ་མི་བརྐུ་ཞིང༌། །ཟས་ཀྱི་ བཅུད་ལ་མ་བརྙབ་འདོད་རྫས་ལོངས། །འཁུ་བའི་སེམས་སྤོངས་བྱམས་སེམས་ཉིད་དུ་ མཛོད། །དེ་ནས་ཁྱེད་རྣམས་འདོད་པ་ཚིམ་བཞིན་དུ། །སོ་སོ་རང་གི་གནས་སུ་འགྲོ་བར་གྱིས། །ཕྱིར་མ་འཁོར་ལ་ཕྱི་མིག་མི་བལྟ་བར། །རང་གནས་གཏན་བདེར་སྡོད་ཅིང་འདིར་མ་འཁོར། །གལ་ཏེ་མི་འགྲོ་བདག་གི་བཀའ་འདས་ན། །རང་ཉིད་ཁྲོ་མོ་ཁམས་གསུམ་དཔའ་མོ་ཡིས། །ཉམ་ཆུང་ཁྱེད་རྣམས་མིང་གི་ལྷག་མར་བྱེད། །དེ་བས་དམ་ལ་མ་འདའ་གཞན་དུ་དེངས། །སྤྲོ་ ན་དྲག་སྔགས་བཅས་མཐར། འཕགས་མའི་ཐུགས་རྗེའི་མི་ཤིགས་བསྲུང་བའི་གུར། །རབ་བརྟན་ འཁོར་ལོར་བསྲུང་བྱ་ཁྱིམ་གཞི་ཚུད། །ཁ་རྗེ་དཔལ་གཡང་བཅུད་ཆེན་རབ་བསྐྱིལ་ཏེ། །བསེ་ རག་གནོད་པའི་གོ་སྐབས་བྲལ་གྱུར་ཅིག །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་རཀྵ་རཀྵ་ཡེ་ཧཱ། ཞེས་པ་ ལན་གསུམ་བརྗོད། གཉིས་པ་ཆུ་གཏོར་དང་ཀླུ་གཏོར་གཉིས་གཟབ་ལྡན་འདོན། གསུམ་པ་མདུན་བསྐྱེད་དངོས་ཀྱི་རིམ་པ་ལ། མཆོད་རྫས་བྱིན་རླབས། མགྲོན་བསྐྱེད་པ། སྤྱན་དྲངས་ཤིང་བསྟིམ་པ། དབང་བསྐུར་ཞིང་བཟླས་པ། མཆོད་བསྟོད། རླུང་རྟ་གསོ་ 4-1-17 ཐབས་སྣ་ཚོགས། མཇུག་བསྡུ་བ་དང་བདུན་ལས། དང་པོ་མཆོད་རྫས་བྱིན་རླབས་ལ། མཆོད་རྫས། ཁང་བཟང༌། གཏེར་བུམ་ བྱིན་རླབས་དང་གསུམ། དང་པོ་བྱིན་རླབས་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་བཤོས་གཙང་འབྲང་རྒྱས་ཞལ་ དཀར། ལྷ་ལུག་མཚལ་གྱིས་བརྒྱན་པ། གཙང་ཤ་ལག་པ་གཡས་པ། མདའ་མོ་བྱ་རྒོད་སྒྲོའི་ རྒྱན་ལྡན་ལ་དར་སྣས་བརྒྱན་པ། གཡུ་འཕང་གསེར་འོད་འབར་བ་ལ་དར་ཚོན་སྣ་ལྔས་ བརྒྱན་པ། གསེར་སྐྱེམས་གཡུ་སྔོན་བདུད་རྩིའི་རྒྱ་མཚོ། རིན་ཆེན་སྣ་ལྔ། འབྲུ་ཟན་སྣ་དགུ། སྨན་སྣ་བཟང་དྲུགནམ་མཁའ་ཁ་དོག་སྣ་ལྔ། རྒྱང་བུ་འཇའ་རིས་བཀྲ་བ། གཟུགས་འགྲོས་ སྣ་ཚོགས། རླུང་རྟ་དུ་མ། བསང་རྫས་སྣ་ཚོགས་སོགས་མདོར་ན་མཆོད་པའི་བྱེ་བྲག་རྣམས་ གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། ནམ་མཁའ་ལ་ མཛོད། བར་སྣང་ལ་རྒྱན། ས་གཞི་ལ་གཏེར། རང་བཞིན་སྟོང་པ་ཉིད། རྣམ་པ་བཅོས་ཡོན་ དང་མཆོད་རྫས། བྱེད་ལས་མགྲོན་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་ བདེ་བ་བསྐྱེད་ཅིང་འདོད་དགུའི་ལོངས་སྤྱོད་ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་ ཅན་དུ་འབྱུང་བར་གྱུར། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ༀ་སརྦ་བིད་པུ་ར༴ སོགས་ལན་བདུན་དང༌། སྔགས་དྲུག་ཕྱག་དྲུག་སོགས་ཀྱིས་བྱིན་གྱིས་བརླབས། བདག་གི་བསམ་པའི་སྟོབས་དང་ནི། །ཞེས་སོགས་ཀྱིས་ བདེན་སྟོབས་བརྗོད་དེ་མཆོད་རྫས་དང་བཅོས་ཡོན་རྣམས་བྱིན་གྱིས་བརླབས། གཉིས་པ་རླུང་རྟའི་ཁང་བཟང་བྱིན་རླབས་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྣམ་པར་སྣང་ མཛད་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་ བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་ 4-1-18 གིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེ་ལས་འོད་ཟེར་འཕྲོས། ཡེ་ཤེས་པ་དང་དབང་ལྷརྣམས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དབང་ གིལྷས་དབང་བསྐུར། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ༀ་བཻ་རོ་ཙ་ན་ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་ དག་པའི་འོད་གསལ་མཆོག །སྟོན་པ་རྡོ་རྗེར་ཕྱག་འཚལ་ལོ། །ཞེས་པས་བསྟོད། ༀ་བཻ་རོ་ཙ་ན་ༀ། ཞེས་ཅི་འགྲུབ་བཟླ། རྣམ་པར་སྣང་མཛད་འོད་དུ་ཞུ་བ་ལས་རླུང་རྟའི་ཁང་བཟང་དང་དབྱེར་མེད་ པར་གྱུར་ཏེ་ཁང་པ་མཛེས་ཤིང་ཡིད་དུ་འོང་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ འདོད་དགུའི་འབྱོར་བ་ཕུན་སུམ་ཚོགས་པའི་མཛོད་ཆེན་པོས་བརྒྱན་པར་གྱུར། ཞེས་རླུང་རྟའི་ཁང་ བཟང་བྱིན་གྱིས་བརླབས། གསུམ་པ་གཏེར་བུམ་བྱིན་རླབས་ནི། ༀ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ ངང་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་ དུ་པཾ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང༌། ཕྱོགས་བཞིའི་འདབ་མ་རྣམས་ལ་ཨ་ལས་ ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་ༀ་ཧཱུཾ་སྭ་ཨཱཿཧཱ་ལྔའི་ཡི་གེ་རེ་རེ་གསལ། དེ་རྣམས་ལས་ འོད་ཟེར་འཕྲོས། རྒྱལ་བ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་ གྱུར་པ་ལས་དབུས་སུ་རྣམ་པར་སྣང་མཛད་དཀར་པོ་ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ མཛད་པ། ཤར་དུ་མི་བསྐྱོད་པ་སྔོན་པོ་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་ རྒྱ་མཛད་པ། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་གཡས་མཆོག་སྦྱིན་དང༌། གཡོན་མཉམ་ བཞག་གི་ཕྱག་རྒྱ་མཛད་པ། ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་གཉིས་མཉམ་བཞག་གི་ ཕྱག་རྒྱ་མཛད་པ། བྱང་དུ་དོན་གྲུབ་ལྗང་གུ་གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་བཞག་ གི་ཕྱག་རྒྱ་མཛད་པ། ལྔ་ཀས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་དགོས་འདོད་སྣ་ཚོགས་ འབྱུང་བའི་གཏེར་གྱི་བུམ་པ་དཔག་བསམ་གྱི་ཤིང་གི་ཁ་རྒྱན་ཅན་རེ་རེ་བསྣམས་པ། མཚན་ 4-1-19 དཔེ་གསལ་རྫོགས་ཀྱིས་སྤྲས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞབས་རྡོ་རྗེ་ དཀྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་རང་འདྲའི་ཡེ་ཤེས་པའི་རྣམ་པར་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་ སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྒྱལ་བ་རིགས་ལྔ་ སྤྱན་དྲངས། དབང་ལྷ་རྣམས་ཀྱིས་དབང་བསྐུར། རིགས་བདག་སོ་སོའི་དབུ་བརྒྱན་པར་ གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་ མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །རང་གི་ཐུགས་ ཀའི་ཏཱྃཿལས་འོད་ཟེར་འཕྲོས་ཕྱོགས་བཅུའི་ཞིང་གི་བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པ་ རྣམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་ཀླུ་གནོད་སྦྱིན་ནོར་ལྷ་གཏེར་བདག་ སོགས་མདོར་ན་ཆོས་སྲིད་ཟུང་དུ་འབྲེལ་བ་དང་ལེགས་ཚོགས་བསོད་ནམས་ལོངས་སྤྱོད་ སོགས་ལ་མངའ་བརྙེས་པ་རྣམས་ཀྱི་བྱིན་རླབས་ནུས་མཐུ་ཚེ་དཔལ་མཐའ་དག་བཀྲ་ཤིས་ རྟགས་བརྒྱད་དང༌། རྫས་བརྒྱད། རྒྱལ་སྲིད་སྣ་བདུན། དཔག་བསམ་གྱི་ཤིང༌། མི་ཟད་པའི་ གཏེར་གྱི་བུམ་པ་དང༌། འདོད་འཇོའི་བ་མོ། མ་རྨོས་པའི་ལོ་ཏོག་ལ་སོགས་པའི་རྣམ་པར་ བཀུག་སྟེ། རྒྱལ་བ་རིགས་ལྔའི་ཕྱག་གི་བུམ་པར་ཐིམ། དེ་ལས་ཀྱང་འདོད་དགུའི་དཔལ་ འབྱོར་ཟད་མི་ཤེས་པའི་ཆར་ཆེན་པོ་བབ་པས་རང་གི་ཡུལ་ཁམས་དང་ར་བ་བང་མཛོད་ ཐམས་ཅད་གང་བས་ལོངས་སྤྱོད་སྣ་ཚོགས་འཛད་པ་མེད་པའི་གཏེར་ཆེན་པོ་ལ་ལོངས་སྤྱོད་ པའི་དབང་དང་ལྡན་པར་གྱུར། ༀ་ཛི་ན་ཛིཀ་ༀ། ༀ་བཛྲ་དྷྲྀཀ་ཧཱུཾ། ༀ་རཏྣ་དྷྲྀཀ་སྭ། ༀ་ཨ་རོ་ ལིཀ་ཨཱཿ ༀ་པྲཛྙཱ་དྷྲྀཀ་ཧཱ། ཞེས་པ་རྣམས་ཅི་འགྲུབ་བཟླ། དེ་བཞིན་གཤེགས་པ་རིགས་ལྔས་བདག་ 4-1-20 དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། ཞེས་གསོལ་བ་གདབ། བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་འོད་དུ་ཞུ་བ་ལས་དགོས་འདོད་སྣ་ ཚོགས་འབྱུང་བའི་མི་ཟད་པའི་གཏེར་ཆེན་གྱི་བུམ་པར་གྱུར། ༀ་སརྦ་བིད་པུ་ར༴ སོགས་ཅི་འགྲུབ་ དང༌། སྔགས་དྲུག་ཕྱག་དྲུགགོང་གི་བདེན་སྟོབས་བཅས་བརྗོད་ལ་གཏེར་བུམ་བྱིན་གྱིས་བརླབས་ལ། གཉིས་པ་མཆོད་པའི་ མགྲོན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་ཡེ་གཞི་ཆོས་དབྱིངས་རྒྱལ་ བ་རིགས་ལྔའི་ཡེ་ཤེས་ཆོས་སྐུའི་རང་མདངས་ལས་ཤར་བའི་རླུང་རྟའི་ཁང་བཟང་རྒྱ་ཚད་ དང་བྲལ་བ་མཛེས་ཤིང་ཡིད་དུ་འོང་བ་ཤར་དཀར་པོ་དངུལ་ལས་གྲུབ་པ། ལྷོར་སྔོན་པོ་ བཻཌཱུརྱ་ལས་གྲུབ་པ། ནུབ་དམར་པོ་པདྨ་རཱ་ག་ལས་གྲུབ་པ། བྱང་སེར་པོ་གསེར་ལས་གྲུབ་ པ། སྟེང་འོག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་མཚན་ཉིད་ ཐམས་ཅད་ཡོངས་སུ་རྫོགས་པའི་ནང་གི་ཕྱོགས་མཚམས་ཐམས་ཅད་དུ་མཆོད་སྤྲིན་བསམ་ མི་ཁྱབ་པས་བཀོད་ཆེན་སྣ་ཚོགས་འཁྲིགས་པ་དང༌། ལྷ་དང་མི་ཡི་འབྱོར་བ་བསམ་གྱིས་མི་ ཁྱབ་པས་གང་བ། ཕྱི་རོལ་ཏུ་ཁྲུས་རྫིང་དུ་མའི་མཐའ་སྐོར་རྣམས་སུ་རིན་པོ་ཆེའི་ལྗོན་བཟང་ སྣ་ཚོགས་པས་གང་བ་དང༌། མེ་ཏོག་སྤང་ལྗོངས་སོགས་ཀྱིས་བརྒྱན་པ་ལ་བྱ་ཚོགས་མཛེས་ པ་དུ་མས་སྒྲ་སྙན་སྣ་ཚོགས་འདོན་པ་དང༌། རྐང་དྲུག་གཞོན་ཆུང་དུ་མས་རོལ་རྩེད་སྣ་ཚོགས་ ངོམ་བཞིན་དར་དིར་གྱི་གཤོག་སྒྲ་སྒྲོགས་པ་དང༌། རིན་པོ་ཆེའི་རི་བོ་དུ་མས་བསྐོར་བ། མ་ རྨོས་པའི་ལོ་ཏོག་དང་འདོད་འཇོའི་བ་མོ་སོགས་དང༌། འདོད་འབྱུང་རིན་པོ་ཆེ་སྣ་ཚོགས་ གཅལ་དུ་བཀྲམ་པ་ལ་ཁོར་ཡུག་ཀུན་ཏུ་ནོར་བུ་སྣ་ཚོགས་པའི་འགྲམ་སྟེགས་དང༌། ཕྱོགས་ མཚམས་ཐམས་ཅད་དུ་འོད་ཟེར་ཁ་དོག་སྣ་ཚོགས་པའི་འཇའ་སྤྲིན་རབ་ཏུ་འཁྲིགས་པ་ལས་ གང་འདོད་ཀྱི་ཆར་སྣ་ཚོགས་འབེབས་པ་དང༌། གཞལ་ཡས་ཁང་སྟེང་མའི་དབུས་སུ་རིན་པོ་ ཆེ་སྣ་ཚོགས་ཀྱི་ཁྲིའི་སྟེང་དུ་པཾ་ལས་ཆུ་སྐྱེས་འདབ་མ་འབུམ་ལྡན་གྱི་དབུས་ཟེའུ་འབྲུ་ལ་ཨ་ 4-1-21 ཡིག་ལས་བྱུང་བའི་ཟླ་དཀྱིལ་གྱི་སྟེང་དུ་ལྗང་གསལ་ཏཱྃཿཡིག་ལས་འོད་ཟེར་འཕྲོས་འཕགས་ པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ རྒྱལ་ཀུན་འཕྲིན་ལས་རང་གཟུགས་ལས་གྲུབ་པ་མྱུར་མ་དཔའ་མོས་འགྲོ་ཀུན་གྱི་ཆོས་སྲིད་ ཟུང་འབྲེལ་གྱི་དབུལ་བ་མཐའ་དག་སེལ་བར་མཛད་པའི་ཐུགས་རྗེའི་རྒྱ་མཚོའི་མངའ་ བདག་ལྷ་མོ་དེ་ཡང་རབ་མཛེས་ལྗང་འོད་འབར་བ་གཡུ་ལྗོན་གསར་བའི་དཔལ་གྱིས་མཛེས་ འཛུམ་ལང་ཚོའང་མིག་གི་བདུད་རྩིར་འཕོས་པ་དང༌། ཞལ་རས་རབ་ཏུ་དགྱེས་པ་ལ་དཀྱུས་ རིང་ཨུཏྤལ་འདྲེན་བྱེད་ཟུང་ཡང་རབ་ཏུ་གཡོ་བཞིན་འགྲོ་ཀུན་ལ་དུས་རྒྱུན་དུ་གཟིགས་པ་ དང༌། གནག་སྣུམ་སྨིན་ཚུགས་རིང་མོ་རབ་བསྐྱོད་ཀྱིས་སྒྲུབ་པ་པོ་ཀུན་ལ་བྱིན་ཆེན་གྱི་སྣང་བ་ འབེབས་པར་མཛད་ཅིང༌། ཐུགས་ཆེར་དགྱེས་པས་བཞད་པའི་ཉམས་དང་དགའ་བའི་ མདངས་བཟང་གིས་རང་ཅག་ལ་འདི་ཕྱི་ཀུན་ཏུ་རྗེས་སུ་བཟུང་བའི་ཐུགས་བརྩེ་ལྷོད་མེད་ རྒྱུན་དུ་མངའ་བའི་རྣམ་འགྱུར་རབ་ཏུ་རྒྱས་པ་དང༌། པདྨ་ལ་དམར་མདངས་རྒྱས་པ་ལྟ་བུའི་ ཞལ་སྒྲོས་ཀྱི་དབུས་སུ་ཚེམས་དཀར་གེ་སར་དུང་ཕྲེང་ལྟ་བུས་བརྒྱན་པ་དང༌། སྙན་ཤལ་ཟུང་ ཡང་དཔག་བསམ་ཡལ་འདབ་རིང་དུ་འཕྱངས་པ་ལྟར་མཛེས་སྡུག་རལ་པའི་ཟིལ་བུ་རྣམས་ ཉལ་ཉིལ་དུ་གཡོ་ཞིང་འགྱིང་སྒེག་མཛེས་པའི་རྣམ་འགྱུར་དུ་མ་ངོམ་བཞིན་ཞབས་ཟུང་ཕྱེད་ སྐྱིལ་གྱིས་རྣམ་པར་བཞུགས་པ་དང༌། མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་འགྲོ་ཀུན་ལ་ འདྲེན་པའི་ཕྱིར་ནུ་འབུར་རབ་ཏུ་རྒྱས་པ་དང༌། ན་ཆུང་བཅུ་དྲུག་དགའ་མའི་ལང་ཚོ་དར་ལ་ བདོ་ཞིང་ཕྱག་གཡོན་པས་སྐྱབས་གསུམ་མ་ལུས་པའི་ཐུགས་རྗེས་འགྲོ་ཀུན་ལ་བསྐུལ་བྱེད་ ཀྱི་ལྷག་མའི་ཕྱག་མཛུབ་ཟུང་གི་རྩེར་ཨུཏྤལ་འཁྲི་ཤིང་མཛེས་པ་ལ་ལོ་འབྲས་རབ་ཏུ་རྒྱས་ པར་བཻཌཱུར་ཞུན་མའི་ཁུ་བས་བརླན་པར་བྱས་པ་ལྟ་བུའི་ལྟེ་བར་དམར་སེར་ཟེའུ་འབྲུ་ཅིར་ ཡང་རྒོད་པ་དེ་ལས་སྣང་བྱེད་འོད་བཟང་འབུམ་གྱིས་སངས་རྒྱས་ཀྱི་ཞིང་ཀུན་འགེངས་ 4-1-22 བཞིན་འདབ་ལྡན་ཉེར་མཛེས་ཀྱི་སྡོང་བུ་དྲི་བཞོན་སེར་བུས་ཕྱོགས་ཀུན་ཏུ་བསྐྱོད་བཞིན་ ཐུགས་མཆོག་དཔལ་བེའུའི་ཐད་ནས་ཅི་དགར་འཛིན་པ་དང༌། ཕྱག་གཡས་སྒྲུབ་པ་པོ་རྣམས་ ལ་འདོད་དགུའི་དངོས་གྲུབ་དང་མཐར་ཐུག་གི་གོ་འཕང་མཆོག་སྦྱིན་པའི་ཕྱག་རྒྱ་མཛད་པ། དར་སྣ་ཚོགས་པས་སྐུ་ཡི་སྟོད་སྨད་རྣམས་སུ་མཛེས་པར་གཡོགས་ཤིང་རིན་པོ་ཆེ་ནོར་བུ་སྣ་ ཚོགས་པས་དབུ་རྒྱན་དང༌། རྣ་ཆ། གདུབ་ཀོར། འོག་པག་གི་དྲ་བའི་རྒྱན་དང་ལྡན་པའི་སེ་མོ་ དོ་དེ་ལྟར་མཛེས་སྡུག་རྒྱན་ཕྲེང་མ་ལུས་པ་ཀུན་ནས་ཉེར་འཕྱངས་མཛད་པ། འཆི་མེད་ན་ ཆུང་ལྷ་མོའི་སྒེག་ལྟར་གྱི་མཛེས་ཆ་ཐམས་ཅད་རྫོགས་པ། དབུའི་རལ་བའི་ཅོད་པན་གྱི་རྩེ་ མོར་སངས་རྒྱས་འོད་དཔག་མེད་རིགས་བདག་ཏུ་བཞུགས་པ། ལྗང་གསལ་འོད་བཟང་གི་ ཚོགས་ཕྱོགས་བརྒྱར་འཛད་མེད་སྤྲོ་བ། མ་ལུས་རྒྱལ་བའི་ཡུམ་ཆེན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་མ་ཆེན་མོ་ལས་རང་འདྲའི་སྤྲུལ་པའི་ལྷ་མོ་རབ་འབྱམས་ཀྱིས་ཕྱོགས་ཀྱི་འཁོར་ལོ་མ་ ལུས་པར་རླབས་ཆེན་ཆོ་འཕྲུལ་རབ་ཏུ་འགྱེད་བཞིན་བཞུགས་པའོ། །ཁྱད་པར་མྱུར་མའི་ འོད་ཟེར་ལས་སྤྲུལ་པ་མཐའ་སྐོར་དུ་འཁོར་གྱི་ལྷ་མོ་ཉི་ཤུ་པོ་མདུན་ནས་གཡས་བསྐོར་གྱི་ རིམ་པར་བཞུགས་པ་ཡང་རབ་དཀར་དུང་ཟླ་འབུམ་གྱི་མདངས་ལྟར་རབ་ཏུ་གསལ་བའི་ཁ་ དོག་ལེགས་འཆང་གི་སྐུ་མདངས་རྒྱས་ཤིང་ཀུན་མཁྱེན་རྐེད་མེད་ན་ཆུང་མཆོག་གི་ཟློས་གར་ སྟོན་མཛད་ཚངས་པའི་སྲས་མོའི་ཚུལ་འཆང་བ་ངག་གི་ལྷ་མོའི་རྣམ་པར་རོལ་བ་ལྷ་མོ་ དབྱངས་ཅན་མ་དང༌། རྨད་དུ་བྱུང་བའི་བསོད་ནམས་མཐའ་མེད་པའི་དབྱིག་མཆོག་གི་ འཕེལ་ཁའི་དཔལ་གང་འདུལ་གྱི་འགྲོ་བ་རྣམས་ལ་རང་རང་དང་འཚམ་པར་ལེགས་པར་ སྦྱིན་པའི་མཛད་འཕྲིན་གྱི་སྒོ་མཁའ་ལྟར་རབ་ཏུ་ཡངས་ཤིང་རབ་དམར་བྱུ་རུའི་འཁྲི་ཤིང་ རྒྱས་པ་ལྟ་བུའི་ཁ་དོག་འཆང་བའི་ལྷ་མོ་བསོད་ནམས་དབང་ཕྱུག་མ་དང༌། འཁོར་བའི་སྡུག་ བསྔལ་མ་ལུས་པའི་ཚ་གདུང་གིས་མནར་བ་ཀུན་ལ་ཞི་བསིལ་ཆོས་སྦྱིན་ལེགས་པར་གནང་ 4-1-23 བ་མ་ཟད་ཁྱད་པར་འཆི་མེད་ཚེ་མཆོག་སྟེར་བའི་མཛད་འཕྲིན་ལ་མངའ་བརྙེས་པས་སྒྲུབ་པོ་ གང་དག་ལ་ཚེ་སྲོག་འཕེལ་བར་བྱེད་ཅིང་སྐུ་མདོག་ཟླ་བ་ཆུ་ཤེལ་འོད་དཀར་འབུམ་གྱིས་ དཀྲིགས་པ་ལྟར་མཛེས་ཆ་རབ་རྫོགས་ལྷ་མོ་གཙུག་གཏོར་རྣམ་པར་རྒྱལ་མ་དང༌། ཁམས་ གསུམ་གྱི་ཆེ་དགུ་མ་ལུས་པའི་དབང་ཐང་རྣམས་སྒྲུབ་པ་པོ་ལ་ཅི་དགར་འབད་མེད་དུ་ འགུགས་པའི་མཐུ་སྟོབས་མངའ་ཞིང་སྐུ་མདོག་དམར་གསལ་པདྨ་རཱ་གའི་ལྷུན་པོ་ལྟར་ དམར་མདངས་འོད་བཟང་འབར་བའི་ལྷ་མོ་རིག་བྱེད་དབང་མོ་དང༌། ཁམས་གསུམ་ན་ གནས་པའི་གདུག་ཅན་མཐའ་དག་རྫུ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་རྣམ་ དཀར་མཛད་བཟང་འབུམ་གྱི་དཔལ་ལ་སྤྱོད་པར་མཛད་ཅིང་སྐུ་ལས་འོད་དམར་སྣང་བས་ ས་གསུམ་མ་ལུས་པ་ཁྱབ་པར་མཛད་པའི་ལྷ་མོ་རབ་འཇིགས་དཔའ་མོ་དང༌། མཐུ་སྟོབས་ ཐམས་ཅད་ལ་ཀུན་ནས་ཐོགས་པ་མེད་པར་རབ་ཏུ་དར་ཞིང་ཕྲིན་ལས་རླབས་རྒྱ་ཆེ་བའི་ མངའ་བདག་སྐུ་ལས་མཁའ་གཡུའི་མདོག་འོད་ཕྱོགས་བརྒྱར་སྤྲོ་བ་ལྷ་མོ་གཞན་གྱིས་མི་ཐུབ་ མ་དང༌། དུས་ཀུན་ཏུ་རྒྱལ་བ་མ་ལུས་པའི་མཛད་པ་རླབས་ཆེན་གྱི་སྒོ་ནས་སྐྱེ་དགུ་མ་ལུས་པ་ རིས་སུ་ཆད་པ་མེད་པར་ངོ་མཚར་མཛད་པ་སྣ་ཚོགས་པས་ལེགས་པར་སྐྱོང་བའི་མགོན་ གཅིག་ལྗང་ནག་འོད་ཟེར་གྱི་ཕུང་པོ་རབ་ཏུ་འབར་བའི་སྐུ་བཟང་རྒྱས་པ་ལྷ་མོ་གཞན་ལས་ རབ་རྒྱལ་དཔའ་མོ་དང༌། ཡེ་གཞི་འོད་གསལ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ལས་སྐྱེ་ དགུ་མ་ལུས་པའི་དོན་དུ་བརྩེ་ཆེན་ཐུགས་རྗེས་ལེགས་པར་བསྐྱོད་པའི་དཔལ་ལྡན་ལྷ་མོའི་ རྣམ་པར་འཕྲུལ་བ་སོགས་མཛད་པ་སྣ་ཚོགས་པས་གསང་གསུམ་གྱི་མཛད་པ་ཟླ་དང་བྲལ་ བའི་སྒོ་ནས་ཕྱི་ནང་གསང་གསུམ་གྱི་བར་ཆད་མཐའ་དག་ལས་བསྲུང་སྐྱོབ་རྟག་སྐྱོང་མཛད་ ཅིང་སྐུ་མདོག་ལྗང་གསལ་འོད་བཟང་གིས་བརྒྱན་པ་ལྷ་མོ་སེང་ལྡེང་ནགས་ཀྱི་སྒྲོལ་མ་དང༌། འཇིག་རྟེན་གསུམ་གྱི་སྐྱེ་དགུའི་གཙུག་ནོར་དམ་པ་བདུད་བཞི་ཕྲ་རགས་ཀྱི་གཡུལ་ལས་རྣམ་ 4-1-24 པར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་མཛད་ཆེན་མཁའ་མཐར་ཁྱབ་བཞིན་སྒྲུབ་པོ་རྣམས་མི་ འདོད་པ་མཐའ་དག་གི་གཡུལ་ལས་རྒྱལ་བར་མཛད་པ་ཀུན་ད་དུང་ཟླའི་དཔལ་འོད་སྣང་ བའི་སྐུ་ལ་མཛེས་ཆ་མཐའ་དག་རྫོགས་པ་ལྷ་མོ་འཇིག་རྟེན་གསུམ་རྒྱལ་མ་དང༌། ཕུན་སུམ་ ཚོགས་པའི་ནོར་མཆོག་མཐའ་དག་གི་འབྱུང་གནས་འགྲོ་ཀུན་ལ་ཕན་པ་དང་བདེ་བའི་ དཔལ་ཁ་མ་ལུས་པ་ཡོངས་སུ་འགྱེད་བཞིན་འཛམ་བུའི་ཆུ་གསེར་གྱི་མདངས་འོད་ལྷམ་མེར་ འབར་བ་ལྷ་མོ་ནོར་སྦྱིན་མ་དང༌། སྐྱེ་འགྲོ་ཐམས་ཅད་ལ་དགེ་ཚོགས་རྒྱ་མཚོ་ལྟ་བུའི་ལེགས་ སྣང་ཆར་དུ་བསྙིལ་བར་མཛད་པའི་མགོན་གཅིག་བྱུ་རུའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱི་འོད་ བཟང་སྤྲོ་བའི་ཁ་དོག་ལེགས་འཆང་ལྷ་མོ་བཀྲ་ཤིས་དོན་མཛད་མ་དང༌། གསང་གསུམ་གྱི་ མཛད་ཆེན་མཐུ་སྟོབས་རྒྱ་ཆེ་ཀུན་ནས་ཡོངས་སུ་བདོ་བས་བསྟན་འགྲོ་ལ་འཚེ་བའི་མ་རུངས་ པའི་དགྲ་སྡེ་མཐའ་དག་རྡུལ་ཕྲན་བཞིན་དུ་བརླགས་པས་མིང་གི་ལྷག་མར་བྱས་ཏེ་སྐུ་མཐིང་ ནག་འཇིགས་པའི་ཉམས་ཀྱི་བརྗིད་རྔམ་རྒྱས་པ་ལྷ་མོ་དགྲ་དཔུང་འཇོམས་མ་དང༌། གཏུམ་ ཆེན་ཁྲོ་མོའི་འཇིགས་གཟུགས་ཆེན་པོའི་རྔམ་སྟབས་སྣ་ཚོགས་པའི་གཟི་མདངས་ཀྱིས་རྒྱལ་ གདོན་འབྱུང་པོ་མཐུ་ཆེན་ཐམས་ཅད་གཟིར་བར་མཛད་པའི་སྟོབས་རབ་ཏུ་འབར་བས་དེ་ དག་བཀའ་ཡི་དམ་ལ་བཏགས་ཤིང་སྐུ་མཐིང་ཞིང་ནག་ལ་འཇིགས་པའི་གཟི་བརྗིད་དང་ ལྡན་པ་ལྷ་མོ་རབ་ཁྲོའི་གཏུམ་ཆེན་མ་དང༌། གཟུང་འཛིན་འཁྲུལ་བའི་དྲི་མ་མཐའ་དག་ཀྱང་ ཡེ་ནས་བྲལ་ཞིང་ཐུགས་ཡེ་ཤེས་ཆོས་སྐུ་གདོད་ནས་ཞི་བ་ཆེན་པོའི་དེ་ཉིད་ཀྱི་དབྱིངས་ཇི་ བཞིན་མངོན་སུམ་དུ་བྱས་པའི་འོད་གསལ་གཡོ་རྟོགས་ཐམས་ཅད་དང་བྲལ་བའི་སྟོང་ གསལ་འགགས་པ་མེད་པ་གནས་ལུགས་མཐར་ཐུག་གི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ལས་ སྐུའི་ཁ་དོག་དཀར་གསལ་རབ་དྭངས་དུང་གི་རི་བོ་ལ་ཟླ་འོད་འཕོས་པ་བཞིན་འོད་བཟང་ ཕྱོགས་བརྒྱར་འབར་བའི་ལྷ་མོ་རབ་ཞི་མ་དང༌། ཕྱོགས་མཚམས་ཐམས་ཅད་དུ་མཛེས་སྡུག་ 4-1-25 ཁ་དོག་སྣ་ཚོགས་རབ་ཏུ་འཕྲོས་པའི་འོད་ཟེར་འབར་ཕྲེང་འཁྲིགས་པའི་ཚོགས་དུས་ཀུན་ཏུ་ རྒྱུན་ནམ་ཡང་ཆད་པ་མེད་པར་རྒྱས་བཞིན་པའི་དབུས་སུ་དྲི་མེད་བཻཌཱུར་གསར་བའི་དཔལ་ མདངས་འཛིན་པ་ལྷ་མོ་འབར་ཕྲེང་འཁྲིགས་མ་དང༌། གསང་གསུམ་གྱི་མཐུ་སྟོབས་རབ་ཏུ་ རྒྱས་པས་མཛད་ཕྲིན་གཏེར་ཆེན་གང་འདོད་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་རྒྱས་པའི་སྒོ་ ནས་འཇིག་རྟེན་གསུམ་གྱི་དྲེགས་ལྡན་བརྒྱ་བྱིན་དང༌། ཚངས་པ་ཁྱབ་འཇུག་སོགས་མཐུ་ ལྡན་དྲེགས་ཚོགས་མཐའ་དག་ཟིལ་གྱིས་གནོན་པར་མཛད་ཅིང་སྐུ་མདོག་དམར་གསལ་ འོད་སྣང་གི་ཚོགས་ཕྱོགས་བརྒྱར་འགྱེད་པའི་མཛད་བཟང་མཆོག་མངའ་ལྷ་མོ་དཔག་མེད་ གནོན་མ་དང༌། བརྟན་དང་གཡོ་བའི་མི་བཟད་པའི་དུག་ནད་ཀྱི་རིགས་མཐའ་དག་གསང་ གསུམ་མཐུ་སྟོབས་ཀྱིས་ཀུན་ནས་གཞིལ་བར་མཛད་ཅིང་སྐུ་མདོག་ལྗང་གསལ་གཡུ་ལྗོན་ གསར་བའི་མདངས་བརྒྱ་ལེགས་པར་འབྱིན་པའི་ལྷ་མོ་རྨ་བྱ་ཆེན་མོ་དང༌། ཆོས་སྲིད་ཟུང་ འབྲེལ་གྱི་ལེགས་ཚོགས་མཐའ་དག་གི་ཡོན་ཏན་ཐམས་ཅད་ཚུར་འགུགས་པ་དང༌། ཕ་རོལ་ བན་བོན་སོགས་ཀྱིས་བསམ་ངན་གྱི་སྒོ་ནས་མནན་གཏད་བྱས་པ་དང༌། མཐུ་དང༌། རླུང་ འཁོར། ཟོར་ཁ། ཕུང་བཤིག །དབྱེ་བསྐྲད། དམོད་མོ་སོགས་ངན་སྦྱོར་མཐའ་དག་ཕྱིར་ བཟློག་པ་དང་འཇོམས་པར་མཛད་ཅིང་སྐུ་མདོག་དཀར་གསལ་འོད་བཟང་གི་ཕུང་པོ་མཛེས་ སྡུག་གི་གཟི་བརྒྱ་འབར་བ་ལྷ་མོ་མི་ཕམ་རྒྱལ་མོ་དང༌། སྐྱེ་འགྲོ་ཡོངས་ལ་འཚེ་བའི་ནད་ རིགས་བཞི་བརྒྱ་རྩ་བཞི་དང་ཁྱད་པར་རིམས་ཡམས་སྣ་ཚོགས་དང་ནད་རིགས་མི་གཅིག་པ་ མཐའ་དག་གཞོམ་པ་ལ་རླབས་ཆེན་མཐུ་ནུས་རྒྱ་ཆེན་མངའ་བ་དང་སྒྲུབ་པོ་གང་དག་ནད་ ཀྱིས་མནར་བ་སོགས་འཇོམས་པ་ལ་ལས་ཤུགས་ལྷག་པར་མྱུར་ཞིང་པདྨ་རཱ་གའི་མདངས་ འོད་རྒྱ་ཆེར་འཕྲོ་བ་ལྷ་མོ་རི་ཁྲོད་མ་དང༌། ཕ་རོལ་གྱི་ཇག་ཆོམ་རྐུན་པོ་ལ་སོགས་པ་མདོར་ན་ སྐྱེ་འགྲོ་ལ་འཚེ་བའི་རིགས་སུ་གྱུར་པ་མཐའ་དག་འཇོམས་པར་མཛད་པ་ལ་མཐུ་སྟོབས་ཀྱི་ 4-1-26 དཔལ་རབ་ཏུ་འབར་ཞིང་སྐུ་མདོག་གསེར་བཙོ་མའི་མདངས་འོད་འབར་བ་ལྷ་མོ་འོད་ཟེར་ ཅན་མ་སོགས་འཁོར་གྱིལྷ་མོ་ཐམས་ཅད་ཞི་ཁྲོའི་ཉམས་ཀྱི་ཁྱད་པར་འགའ་རེ་ཡོད་པ་མ་ གཏོགས་ཐམས་ཅད་ཀྱང་ཕྱག་མཚན་དང་རྒྱན་གྱི་ཆ་བྱད་མཐའ་དག་གཙོ་མོ་དང་མཚུངས་ པའོ། །དེ་དག་གི་མཐའ་སྐོར་དུ་དཔལ་མཆོག་དུས་ཀྱི་འཁོར་ལོ། གསང་བ་འདུས་པ། མ་ཧཱ་ མ་ཡ། དགྱེས་པ་རྡོ་རྗེ། རྡོ་རྗེ་འཇིགས་བྱེད། འཁོར་ལོ་བདེ་མཆོག་སོགས་ཡི་དམ་རྒྱུད་སྡེ་ བཞིའི་ལྷ་ཚོགས་གཙོ་འཁོར་སོགས་ཡེ་ཤེས་ཀྱི་གཟུགས་སྐུའི་རྣམ་པར་བཞེངས་པ་ཐམས་ ཅད་འོད་དང་འོད་ཟེར་སྣ་ཚོགས་པའི་འབར་ཕྲེང་འཁྲིགས་པའི་དབུས་སུ་སྣང་ལ་རང་བཞིན་ མེད་པའི་གཟུགས་སྐུའི་བཀོད་བཟང་རྣམ་འགྱུར་སྣ་ཚོགས་འབྱམས་ཀླས་པའི་སྒོ་ནས་སྒྲུབ་ པ་པོ་རྣམས་ལ་བརྩེ་ཆེན་གྱི་གཟིགས་རྒྱ་དུས་ཀུན་ཏུ་འདུ་འགོག་བྲལ་ཞིང་བྱིན་རླབས་སྣ་ ཚོགས་ཀྱི་སྒོ་བརྒྱ་འགྱེད་བཞིན་བཞུགས་པ་དང༌། དེ་དག་གི་སྟེང་གི་ཆ་ལ་ཡེ་གཞི་ཆོས་སྐུ་ འཁོར་འདས་ཀུན་ཁྱབ་ཀྱི་རང་མདངས་ལས་ལེགས་པར་ཤར་བའི་མཆོད་པའི་བཀོད་ཆེན་ འཇའ་སྤྲིན་འོད་ཕྲེང་སྣ་ཚོགས་འཁྲིགས་པའི་དབུས་སུ་རབ་མཛེས་གདོང་ལྔས་ལེགས་པར་ བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྐྱོན་བྲལ་ཆུ་སྐྱེས་འདབ་མ་ འབུམ་དང་ལྡན་པའི་གེ་སར་ཟེའུ་འབྲུ་རྒྱས་པའི་རྩེ་མོར་ཉ་གང་རི་བོང་འཛིན་པ་དཀར་ གསལ་དྭངས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་གདན་ལ་རྒྱལ་ཀུན་སྙིང་རྗེའི་མངའ་ བདག་འཕགས་མཆོག་གྲུ་འཛིན་བདག་པོའི་ཡེ་ཤེས་ཆོས་སྐུ་འཁོར་འདས་ཡོངས་ཁྱབ་ལས་ སྒྱུ་འཕྲུལ་གར་གྱི་རྣམ་རོལ་གང་འདུལ་གྱི་འགྲོ་བ་ཀུན་ལ་རང་རང་གི་ཁམས་དབང་དང་ མཐུན་པར་སྣང་ཚུལ་ཇི་ལྟ་བ་བཞིན་ལས་ད་སྐབས་རིགས་ལྡན་པདྨ་དཀར་པོ་མི་ཡི་བླ་མར་ བཞེངས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་ པོའི་ཡེ་ཤེས་ཀྱི་སྐུ་མཆོག་གང་དེ་ཡང་དཀར་ལ་དམར་མདངས་ཆགས་པ། ཟག་པ་མེད་པའི་ 4-1-27 ཏིང་ངེ་འཛིན་འབུམ་གྱི་ཉམས་དང་ལྡན་ཞིང་སྤྱན་ཟུང་མཁའ་དབྱིངས་སུ་ཧྲིག་གེར་གཟིགས་ པ། ཞལ་རས་དགྱེས་པའི་བརྗིད་ཀྱི་ཉམས་བཟང་ངོ་མཚར་བ་དང་ལྡན་པའི་གཟུགས་སྐུ་ ལྷམ་མེར་བཞུགས་པ་ལ་ལེགས་མཛེས་ངུར་སྨྲིག་རྣམ་གསུམ་ན་བཟའ་གསར་བས་ཉེ་བར་ མཛེས་པ། མདོ་སྔགས་ཟུང་འབྲེལ་གྱི་གསང་གནད་མཐའ་དག་ཐུགས་ལ་ལེགས་པར་མངའ་ བའི་རྟགས་སུ་དབུ་ལ་མཁན་ཞྭ་སྙན་ཤལ་གྲྭ་སྡུད་ཟུང་ལྡན་གྱིས་ལེགས་པར་མཛེས་པས་ བརྒྱན་པ། བཀའ་བསྟན་མ་ལུས་པའི་ཟབ་གནད་ཀྱི་དགོངས་དོན་ཇི་བཞིན་ཐུགས་རྒྱུད་ལ་ མངའ་བའི་རྟགས་སུ་བརྗིད་ཉམས་ལྡན་པའི་བེར་ཐུལ་གོས་ཀྱིས་ཟླུམ་པོར་ཀླུབས་བཞིན་ ཀུན་རྫོབ་ཀྱི་ཆོས་ཀུན་བདེན་མེད་སྒྱུ་མ་ལྟ་བུ་དང༌། དོན་དམ་ཡོངས་གྲུབ་གནས་ལུགས་ མཐར་ཐུག་པ་ནི་ནམ་ཡང་འགྱུར་བ་མེད་པར་རྟག་བརྟན་གཡུང་དྲུང་ཐེར་ཟུག་གི་རྣམ་པར་ གནས་པའི་བརྡར་ཞབས་ཟུང་རྡོ་རྗེའི་དཀྱིལ་མོ་ཀྲུང་གིས་བཞུགས་པ་དང༌། སྤྱིར་བདུད་བཞི་ ཕྲ་རགས་སྔོན་ནས་སྤངས་ཟིན་པ་དང་ཁྱད་པར་ངེས་དོན་མཐར་ཐུག་གི་ལྟ་གྲུབ་ལ་རྒོལ་བར་ བྱེད་པ་མཐའ་དག་ཟིལ་གྱིས་གནོན་པའི་ཕྱིར་དང༌། བཀའ་འཁོར་ལོ་ཐ་མའི་དགོངས་པ་ བྱམས་ཀླུའི་དགོངས་འགྲེལ་ཇི་ལྟ་བ་བཞིན་རྒྱལ་བའི་དགོངས་པ་མཐར་ཐུག་དང༌། སྔགས་ རྒྱུད་མ་ལུས་པའི་དགོངས་དོན་ཇི་བཞིན་སེམས་འགྲེལ་སྐོར་གསུམ་གྱིས་ལེགས་པར་བཀྲལ་ བ་ལྟར་གངས་ལྗོངས་སུ་གཞན་སྟོང་གྲུབ་མཐའི་ཤིང་རྟའི་ལམ་སྲོལ་ལེགས་ཕྱེ་མཛད་པའི་ བརྡར་ཕྱག་གཉིས་ས་གནོན་གྱི་ཕྱག་རྒྱ་གཡས་གཡོན་དུ་ཆུ་སྐྱེས་སྡོང་བུ་འཛིན་པའི་ཟེའུ་ འབྲུའི་ཟུང་རྩེར་གྲུ་འཛིན་བདག་པོ་དང་པད་དཀར་ཟུང་གིས་མཚན་པ་དང༌། ཆོས་ཉིད་བདེ་ བར་གཤེགས་པའི་སྙིང་པོའི་རང་མདངས་ལས་སླར་ཡང་གཟུགས་སྐུ་སྒྱུ་མའི་རྣམ་པར་ བཞེངས་པའི་བརྡར་ཡེ་ཤེས་ཀྱི་སྐུ་མཆོག་གང་དེའི་ཐུགས་ཀར་དམ་པ་དང་པོའི་སངས་རྒྱས་ ཀྱི་སྐུའི་རྣམ་པ་སྣང་ལ་རང་བཞིན་མེད་པའི་བཀོད་ཆེན་བསྟན་པ་དང༌། ཡེ་གཞི་དོན་དམ་ 4-1-28 དུས་ཀྱི་འཁོར་ལོའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་དང་དབྱེར་མེད་པའི་བརྡར་ གནས་དྲུག་གི་རྩ་འཁོར་ལོ་དྲུག་ཏུ་དྲུག་བརྒྱ་སོ་དྲུག་གི་བདག་ཉིད་རྒྱལ་བ་རིགས་དྲུག་དོན་ དམ་རང་བྱུང་གི་རྣམ་པར་བཞུགས་པ་ནི། གཙུག་ཏོར་དུ་མི་བསྐྱོད་པ་མཁའ་ཁམས་ཀྱི་ལྷ་ ཚོགས་ཐམས་ཅད་འདུས་པའི་བདག་ཉིད་དང༌། གསང་གནས་སུ་རྡོ་རྗེ་སེམས་དཔའ་ཡེ་ ཤེས་ཁམས་ཀྱི་ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ཉིད་གཉིས་ཕན་ཚུན་ཐབས་ཤེས་ དང༌། དཔྲལ་བར་སྣང་བ་མཐའ་ཡས་ཆུ་ཁམས་ཀྱི་ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ ཉིད་དང༌། མགྲིན་པར་རིན་ཆེན་འབྱུང་ལྡན་མེ་ཁམས་ཀྱི་ལྷ་ཚོགས་ཐམས་ཅད་འདུས་པའི་ བདག་ཉིད་གཉིས་ཕན་ཚུན་ཐབས་ཤེས་དང༌། ཐུགས་ཀར་དོན་ཡོད་གྲུབ་པ་རླུང་ཁམས་ཀྱི་ ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ཉིད་དང༌། ལྟེ་བར་རྣམ་པར་སྣང་མཛད་ས་ཁམས་ ཀྱི་ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ཉིད་ཕན་ཚུན་ཐབས་ཤེས་ཀྱི་ལྷ་དྲུག་བརྒྱ་སོ་དྲུག་ གི་རྣམ་པ་ཆོས་རྗེ་བླ་མའི་སྐུ་ཡི་ཆ་ལ་པྲ་ཕབ་པའི་ཚུལ་གྱིས་ཇི་བཞིན་ལེགས་པར་བཞུགས་ པ་དང༌། སྤངས་རྟོགས་མཐར་ཕྱིན་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཟིན་པའི་ བརྡར་མཚན་བཟང་སོ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་མཚན་པའི་སྐུ་ལས་འོད་ ཟེར་མཁའ་མཐར་ལེགས་པར་ཁྱབ་པ་སྤྲོ་ཞིང་གཞན་ཡང་གཟུགས་སྐུ་སྣ་ཚོགས་པའི་རྣམ་ འཕྲུལ་གདུལ་བྱའི་མོས་ངོར་སྟོན་པར་མཛད་པ་ནི་སྟེང་ཕྱོགས་ཀྱི་མཁའ་དབྱིངས་སུ་རྡོ་རྗེ་ འཆང་དང་ཆོས་རྒྱལ་རིགས་ལྡན་རྣམས་བཞུགས་པ་དང༌། གང་སྐུའི་མཐའ་བསྐོར་གཡས་ གཡོན་གཉིས་སུ་རིམ་པར་པད་ཟླའི་གདན་བདུན་ཕྲག་ཟུང་གི་ཕྲེང་བ་ལེགས་པར་བསྒྲིགས་ པའི་སྟེང་དུ་ཐུགས་སྲས་འཕགས་ཆེན་གྱི་ཚོགས་རིམ་པར་སྤེལ་བཞིན་དུ་བཞུགས་པ་ཡང་ གཡས་ཀྱི་གདན་ལ་ནམ་མཁའི་སྙིང་པོའི་སྤྲུལ་པ་བྱང་སེམས་ཆོས་གྲགས་དཔལ། གཡོན་གྱི་ གདན་ལ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་སྐད་གཉིས་སྨྲ་མཁས་ལོ་ཙཱ་བ་བློ་གྲོས་དཔལ། གཡས་ 4-1-29 ཀྱི་གདན་སྟེང་རྒྱལ་བ་མི་ཕམ་པའི་རྣམ་འཕྲུལ་ས་བཟང་མ་ཏི་པཎ་ཆེན། གཡོན་གྱི་གདན་ སྟེང་ས་ཡི་སྙིང་པོའི་རྣམ་འཕྲུལ་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ། གཡས་ཀྱི་གདན་ལ་ཀུན་ ཏུ་བཟང་པོའི་སྤྲུལ་པ་ལོ་ཙཱ་བ་མ་ཎི་ཀ་ཤྲི། གཡོན་གྱི་གདན་ལ་གསང་བདག་ཕྱག་ན་རྡོ་རྗེའི་ སྤྲུལ་པ་ཞང་སྟོན་རྒྱ་བོ་བསོད་ནམས་གྲགས། གཡས་ཀྱི་གདན་སྟེང་འཕགས་པ་འཇམ་ དཔལ་གྱི་རྣམ་འཕྲུལ་ཀུན་དགའ་དཔལ་བཟང༌། གཡོན་གྱི་གདན་སྟེང་ལོ་ཆེན་རིན་ཆེན་ བཟང་པོའི་རྣམ་འཕྲུལ་ཐང་བོ་ཆེ་བ་ཀུན་དགའ་འབུམ། གཡས་ཀྱི་གདན་ལ་འཇམ་དབྱངས་ སྤྲུལ་པ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན། གཡོན་གྱི་གདན་ལ་འཕགས་པ་ཐོགས་མེད་ཀྱི་ སྤྲུལ་པ་རྒྱལ་སྲས་རིན་ཚུལ་བ། གཡས་ཀྱི་གདན་སྟེང་སློབ་དཔོན་འཕགས་པ་ལྷའི་རྣམ་ འཕྲུལ་གྷ་རུང་བ་ལྷ་ཡི་རྒྱལ་མཚན། གཡོན་གྱི་གདན་སྟེང་ཤཱཀྱ་བཤེས་གཉེན་གྱི་རྣམ་འཕྲུལ་ ཕུན་ཚོགས་དཔལ་བཟང༌། གཡས་ཀྱི་གདན་ལ་གྲུབ་ཆེན་ཡུ་མོའི་སྤྲུལ་པ་ཐང་ཆུང་བ་བློ་གྲོས་ དཔལ། གཡོན་གྱི་གདན་ལ་གནས་བརྟན་བྷ་ཀུ་ལའི་སྤྲུལ་པ་མཚལ་མིན་པ་བསོད་ནམས་ བཟང་པོ་སྟེ་བཞི་ཡིས་ལྷག་པའི་བཅུ་ཕྲག་གཅིག་གི་ཐུགས་སྲས་འཕགས་ཆེན་གྱི་ཚོགས་ ཀུན་ཁོང་དང་འདྲ་བར་མཚོན་ཕྱིར་པཎྜི་ཏའི་ཞྭ་རེ་རེས་དབུ་ལ་བརྒྱན་བཞིན་ཆ་ལུགས་སྐུ་ ཆས་ཆོས་རྗེ་མཆོག་ལྟར་རྣམ་གསུམ་ན་བཟའ་གསོལ་ཞིང་བཞུགས་སྟངས་ཕྱག་གིས་རྣམ་ འགྱུར་རྣམས་འདྲ་མིན་སྣ་ཚོགས་མཛད་བཞིན་འགྲོ་བ་མཐའ་དག་ཀྱང་བརྩེ་ཆེན་མཛད་སྒོ་ རླབས་ཆེན་གྱི་སྤྱོད་པ་རྒྱ་མཚོས་སྐྱོང་བཞིན་བཞུགས་པ་དང༌། གཞན་ཡང་དེ་དག་གི་མདུན་ གྱི་ཐད་དུ་པདྨ་དང་ཟླ་བའི་གདན་དབུས་དང་གཡས་གཡོན་གསུམ་བསྒྲིགས་པའི་དབུས་ཀྱི་ གདན་སྟེང་དུ་དཔལ་འཁོར་ལོ་སྡོམ་པ་དང་གྲུབ་ཆེན་ནག་པོ་སྤྱོད་པ་སླར་ཡང་བླ་མའི་ཚུལ་ འཛིན་པ་གསང་བདག་སྒྲོལ་བའི་མགོན་པོ་རྣམ་གསུམ་ངུར་སྨྲིག་ན་བཟས་ལེགས་པར་ བརྒྱན་བཞིན་ཆུ་མགོ་གངས་ལ་ཐུག་པ་བཞིན་འཕགས་ཡུལ་ནས་མདོ་རྒྱུད་ཀྱི་གཞུང་ལུགས་ 4-1-30 རྒྱ་མཚོ་ལྟ་བུ་ལྗོངས་འདིར་རྡོལ་བ་ཐམས་ཅད་ཀྱི་དབང་ལུང་མན་ངག་དང་ཁྱད་པར་རྒྱུད་སྡེ་ མཐའ་དག་གི་ཟབ་གནད་ཀྱི་རིམ་པའི་ཁུངས་གཏུགས་གནས་སུ་ལེགས་པར་བཞུགས་པ་ གང་གི་གཡས་གཡོན་གྱི་གདན་ལ་ཐུགས་སློབ་མཆོག་ཟུང་རྒྱ་མཚོའི་མཚན་མངའ་སོགས་ དང༌། དེ་དག་གི་མཐའ་སྐོར་དུ་བརྒྱུད་ལྡན་བླ་མའི་ཚོགས་ཀུན་དྭངས་གསལ་མཁའ་དབྱིངས་ སུ་ཞོ་གསར་སྤུངས་འདྲའི་ཆུ་འཛིན་འཕྱུར་བཞིན་རབ་དཀར་ཞལ་རས་དགྱེས་པས་མཁའ་ ཁྱབ་འགྲོ་ཀུན་ལ་བརྩེ་གཟིགས་ནམ་ཡང་ཆད་པ་མི་མངའ་བའི་སྒོ་ནས་མཚམས་སྤྲིན་དམར་ སེར་གྱི་ན་བཟས་ལེགས་པར་བརྒྱན་བཞིན་བཞུགས་པ་དང༌། ཡི་དམ་རྣམས་ཀྱི་འོག་གི་ཆ་ ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་གྱི་ཚོགས་ཐམས་ཅད་མདུན་ དང་གཡས་གཡོན་གྱི་རིམ་པར་བཞུགས་པ་དང༌། དེའི་འོག་གི་ཆ་ལ་དཔའ་བོ་མཁའ་འགྲོའི་ འདུ་ཚོགས་ཐམས་ཅད་ཀྱིས་སྒྲུབ་པོ་གང་དག་ལ་བདེ་ཆེན་ཡེ་ཤེས་ཀྱི་དགའ་བ་སྟེར་བའི་ གྲོགས་མཛད་བཞིན་བཞུགས་པ་དང༌། དེའི་འོག་ཏུ་ཡི་དམ་རྡོ་རྗེ་ཤུགས་སྡེ་དྲུག་སྲུང་མ་དྲུག་ ཅུ་བཅས་དང༌། དེའི་འོག་ཏུ་བྲག་རི་དང་ཁྲག་མཚོ་ཁོལ་མ་རླུང་ནག་མེ་དཔུང་རབ་ཏུ་ འཁྲིགས་པའི་དབུས་སུ་དཔལ་ལྡན་གུར་གྱི་མགོན་པོ་སོགས་བསྟན་སྲུང་རྒྱ་མཚོའི་ཚོགས་ ཐམས་ཅད་འཇིགས་གཟུགས་རྔམ་སྟབས་སྣ་ཚོགས་ཀྱི་སྒོ་ནས་སྒྲུབ་པོ་གང་དག་ལ་བར་ཆད་ ལེགས་སྲུང་དུ་བཞུགས་པ་དང༌། ཁྱད་པར་རླུང་མཁར་བར་མའི་ཤར་དུ་སྟག་གི་གདན་ལ་བྱི་ འབྲུག་སྤྲེལ་གསུམ་ལོ་བའི་རླུང་རྟའི་ལྷ་ཤིང་ཕོ་སྟག་ཤིང་ལོལྗང་གུའི་ན་བཟའ་གསོལ་ཞིང་ སྐུ་རྒྱབ་ལྗོན་ཤིང་ལ་བརྟེན་པ། ལྷོར་སྦྲུལ་གྱི་གདན་ལ་ཡོས་ལུག་ཕག་གསུམ་ལོ་བའི་རླུང་ རྟའི་ལྷ་མེ་མོ་སྦྲུལ་མེ་དར་དམར་པོའི་ན་བཟའ་གསོལ་ཞིང་སྐུ་རྒྱབ་འབར་བའི་མེ་ལ་བརྟེན་ པ། ནུབ་ཏུ་སྤྲེའུའི་གདན་ལ་ཁྱི་རྟ་སྟག་གསུམ་ལོ་བའི་རླུང་རྟའི་ལྷ་ལྕགས་ཕོ་སྤྲེལ་ལྕགས་ཀྱི་ ཨ་ཁྲབ་དཀར་པོའི་ན་བཟའ་གསོལ་ཞིང་སྐུ་རྒྱབ་ལྕགས་ཀྱི་རི་ལ་བརྟེན་པ། བྱང་དུ་ཕག་གི་ 4-1-31 གདན་ལ་གླང་སྦྲུལ་བྱ་གསུམ་ལོ་བའི་རླུང་རྟའི་ལྷ་ཆུ་མོ་ཕག་ཆུ་དར་སྔོན་པོའི་ན་བཟའ་ གསོལ་ཞིང་སྐུ་རྒྱབ་རྒྱ་མཚོའི་ཀླུང་ལ་བརྟེན་པ། དེ་བཞི་ཀའང་སྟོད་ལྷའི་ལུས་ལ་སྨད་སྦྲུལ་ གྱི་མཇུག་མ་དང་དུད་འགྲོ་སོ་སོའི་མགོ་བརྙན་ཅན། ལག་པ་ཁྱུང་སྡེར་ཐུགས་ཀར་ཐལ་མོ་ སྦྱར་བ། ཁྱུང་གཤོག་གིས་བར་སྣང་གང་བ། རིན་པོ་ཆེའི་རྒྱན་ཆ་དུ་མས་བརྒྱན་པ་དང༌། གཞན་ཡང་སྨེ་བའི་ཕོ་བྲང་དགུ་གླིང་དུ་རང་རང་ལ་དབང་བའི་ལྷ་དགུ་བསྐྱེད་པ་ནི། ༡ ལྔ་ སེར་ས་བདག་རྒྱལ་པོ་གསེར་མདོག་གཡས་རིན་ཆེན་བུམ་པ་དང༌། གཡོན་འབུད་དུང་དཀར་ པོ་བསྣམས་པ། སྐུ་ལ་དར་གྱི་གསེར་བེར་དང༌། དབུ་ལ་གསེར་གྱི་པྲོག་ཞུ་གསོལ་བ། བྱི་རྟ་ བྱ་ཡོས་བཞིའི་རླུང་སྨེའོ། ༢ །གསུམ་མཐིང་ས་བསེན་གདུག་བྱེད་མ་མཐིང་ནགགཡས་བུ་ ཆུང་ཐོད་ཕྲེང་དང༌། གཡོན་ཐོད་ཁྲག་བསྣམས་པ། སྐུ་ལ་དར་ནག་གི་འཇོལ་བེར་དང༌། དབུ་ ལ་གསེར་གྱི་པྲོག་ཞུ་གསོལ་བ། སྟག་སྤྲེལ་ཕག་སྦྲུལ་བཞིའི་རླུང་སྨེའོ། ༣ །བཞིལྗང་ལྷ་མོ་ དལ་བྱེད་སྐུ་མདོག་ལྗང་གུ། གཡས་རིན་ཆེན་བུམ་པ་བསྣམས་པ། གཡོན་ཐུགས་ཀར་ཐལ་ མོ་སྦྱར་བ། སྐུ་ལ་དར་ལྗང་གི་བེར་དང༌། དབུ་ལ་གསེར་གྱི་པྲོག་ཞུ་གསོལ་བ། གླང་ལུག་ཁྱི་ འབྲུག་བཞིའི་རླུང་སྨེའོ། ༤ །དགུ་དམར་མ་མོ་ཛ་མུན་ཏི་དམར་མོ། གཡས་ནད་རྐྱལ་དང༌། གཡོན་མཚོན་གྱི་གྲི་གུ་བསྣམས་པ། སྐུ་ལ་བྱི་བེར་དམར་མོ་དང༌། དབུ་ལ་གསེར་གྱི་པྲོག་ཞུ་ གསོལ་བ། སྟག་སྤྲེལ་ཕག་སྦྲུལ་བཞིའི་རླུང་སྨེའོ། ༥ །གཉིས་ནག་བདུད་ཀྱི་རྒྱལ་པོ་ནག་པོ། གཡས་ཁྲམ་ཤིང་དང༌། གཡོན་ཞགས་པ་བསྣམས་པ། སྐུ་ལ་དར་བེར་ནག་པོ་དང༌། དབུ་ལ་ གསེར་གྱིཔྲོག་ཞུ་གསོལ་བ། བྱི་རྟ་བྱ་ཡོས་བཞིའི་རླུང་སྨེའོ། ༦ །བདུན་དམར་བཙན་དམར་ ཆེན་པོ་དམར་པོ། གཡས་དར་མདུང་རིང་པོ་དང༌། གཡོན་ཤྭ་རྡོ་དཀར་ནག་བསྣམས་པ། སྐུ་ ལ་དར་བེར་དམར་པོ་དང༌། དབུ་ལ་གསེར་གྱི་པྲོག་ཞུ་གསོལ་བ། གླང་ལུག་ཁྱི་འབྲུག་བཞིའི་ རླུང་སྨེའོ། ༧ །དྲུག་དཀར་རྒྱལ་པོ་སྐྱེ་འགྲོའི་དཔལ་དཀར་པོ། གཡས་རྡོ་རྗེའི་དབྱུག་པ་དང༌། 4-1-32 གཡོན་རིན་ཆེན་རྒྱལ་མཚན་བསྣམས་པ། སྐུ་ལ་དར་དཀར་གུ་སུ་དང༌། དབུ་ལ་གསེར་གྱི་ པྲོག་ཞུ་གསོལ་བ། སྟག་སྤྲེལ་ཕག་སྦྲུལ་བཞིའི་རླུང་སྨེའོ། ༨ །གཅིག་དཀར་ལྷ་མོ་རབ་བརྟན་ མ་དཀར་མོ། གཡས་རི་རབ་དང༌། གཡོན་བདུད་རྩིའི་བུམ་པ་བསྣམས་པ། སྐུ་ལ་དར་དཀར་ འཇོལ་བེར་དང༌། དབུ་ལ་གསེར་གྱི་པྲོག་ཞུ་གསོལ་བ། གླང་ལུག་ཁྱི་འབྲུག་བཞིའི་རླུང་སྨེའོ། ༩ །བརྒྱད་དཀར་ལྷ་ཆེན་དབང་ཕྱུག་དཀར་པོ། གཡས་ཏྲི་ཤུལ་རྩེ་གསུམ་དང༌། གཡོན་ཐོད་ ཁྲག་བསྣམས་པ། སྐུ་ལ་དར་དཀར་གུ་སུ་དང༌། དབུ་ལ་གསེར་གྱི་པྲོག་ཞུ་གསོལ་བ། བྱི་རྟ་ བྱ་ཡོས་བཞིའི་རླུང་སྨེའོ། །ཕྱོགས་བཞི་དང་མཚམས་བཞི་རུ་སྤར་ཁ་བརྒྱད་ལ་དབང་བའི་ལྷ་ བརྒྱད་བསྐྱེད་པ་ནི། ཙིན་ཤིང་བུ་མོ་གཡུ་ཡི་མདོག་ཅན་མ། གཡུ་མཁར་དང་གཡུ་ཡི་སྒོ་ང་ འདྲིལ་ཞིང༌། དར་བེར་རིན་ཆེན་རྒྱན་ལྡན། བྱི་འབྲུག་སྤྲེལ་གསུམ་གྱི་རླུང་གི་བདག་པོ། ཟོན་ རླུང་སྨྱོན་མ་གསེར་གྱི་མདོག་ཅན་མ། གསེར་མཁར་དང་གསེར་གྱི་སྒོ་ང་འདྲིལ་ཞིང༌། དར་ བེར་རིན་ཆེན་རྒྱན་ལྡན། རྟ་སྦྲུལ་གཉིས་ཀྱི་རླུང་གི་བདག་པོ། ལི་མེ་བུད་མེད་དམར་མོ་ ཟངས་ཀྱི་འོད་འཕྲོ་བ། ཟངས་མཁར་དང་ཟངས་ཀྱི་སྒོ་ང་འདྲིལ་ཞིང༌། དར་བེར་རིན་ཆེན་ རྒྱན་ལྡན། ཕག་ལུག་ཡོས་གསུམ་གྱི་རླུང་གི་བདག་པོ། ཁོན་ས་རྒན་མོ་གསེར་གྱི་མདོག་ཅན། གསེར་གྱི་མཁར་དང་གསེར་གྱི་འཁར་བ་ཐོགས་ཤིང༌། དར་བེར་རིན་ཆེན་རྒྱན་ལྡན། བྱ་ སྤྲེལ་གཉིས་ཀྱི་རླུང་གི་བདག་པོ། དྭ་ལྕགས་བྱིས་པ་དུང་གི་མདོག་ཅན། དུང་མཁར་དང་དུང་ གི་ཕྲེང་བ་འཛིན་ཅིང༌། དར་བེར་རིན་ཆེན་རྒྱན་ལྡན། ཁྱིརྟ་སྟག་གསུམ་གྱི་རླུང་གི་བདག་པོ། ཁེན་གནམ་རྒད་པོ་གསེར་གྱི་མདོག་ཅན། གསེར་མཁར་དང་གསེར་གྱི་འཁར་བ་ཐོགས་ ཤིང༌། དར་བེར་རིན་ཆེན་རྒྱན་ལྡན། ཁྱི་སྟག་རྟ་གསུམ་གྱི་རླུང་གི་བདག་པོ། ཁམས་ཆུ་བྱིས་ པ་མཐིང་གི་མདོག་ཅན། མཐིང་མཁར་དང་མཐིང་གི་སྒོ་ང་འདྲིལ་ཞིང༌། དར་བེར་རིན་ཆེན་ རྒྱན་ལྡན། བྱ་གླང་སྦྲུལ་གསུམ་གྱི་རླུང་གི་བདག་པོ། གེན་རི་བུ་མོ་གསེར་གྱི་མདོག་ཅན། 4-1-33 གསེར་གྱི་མཁར་དང་གསེར་གྱི་འཁར་བ་ཐོགས་ཤིང༌། དར་བེར་རིན་ཆེན་རྒྱན་ལྡན། གླང་ སྦྲུལ་བྱ་གསུམ་གྱི་རླུང་གི་བདག་པོའོ། །ཕྱོགས་ལ་ཆ་དང་མཚམས་ལ་ཡ་གནས་པའི་སྲིད་ པའི་ལོ་འབྲས་བཅུ་གཉིས་ནི། ཤར་སྟོད་སྟག་གི་ལོ་ཞེས་བྱ་བའི་ས་བདག་མི་ལུས་སྟག་གི་ མགོ་ཅན་ལྗང་གུ་ཤིང་གི་འདབ་མ་འཛིན་ཅིང༌། ཤིང་སྲོག་རལ་བ་རྒྱས་ཤིང་འཚོ་བ། ཁམས་ ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། གཅོད་བྱེད་ ལྕགས་ཀྱི་རླུང་རྟ་ལ་ཞོན་པ། ཤར་སྨད་ཡོས་བུའི་ལོ་ཞེས་བྱ་བའི་ས་བདག་མི་ལུས་ཡོས་ཀྱི་ མགོ་ཅན་ལྗང་སྐྱ་ཤིང་གི་འདབ་མ་འཛིན་ཅིང༌། ཤིང་སྲོག་རལ་བ་རྒྱས་ཤིང་འཚོ་བ། ཁམས་ ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། སྲེག་བྱེད་མེའི་ རླུང་རྟ་ལ་ཞོན་པ། ཤར་ལྷོར་འབྲུག་གི་ལོ་ཞེས་བྱ་བའི་ས་བདག་མི་ལུས་འབྲུག་གི་མགོ་ཅན་ སེར་པོ་རླུང་གི་འཁོར་ལོ་འཛིན་ཅིང༌། ས་སྲོག་རལ་བ་བརྟན་ཞིང་འཚོ་བ། ཁམས་ལྔའི་དབང་ ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། གཡོ་བྱེད་ཤིང་གི་རླུང་རྟ་ ལ་ཞོན་པ། ལྷོ་སྟོད་སྦྲུལ་གྱི་ལོ་ཞེས་བྱ་བའི་ས་བདག་མི་ལུས་སྦྲུལ་གྱི་མགོ་ཅན་དམར་སྐྱ་མེ་ དར་རུ་མཚོན་འཛིན་ཅིང༌། མེ་སྲོག་རལ་བ་འབར་ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་ སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། རླན་བྱེད་ཆུ་ཡི་རླུང་རྟ་ལ་ཞོན་པ། ལྷོ་ སྨད་རྟ་ཡི་ལོ་ཞེས་བྱ་བའི་ས་བདག་མི་ལུས་རྟ་ཡི་མགོ་ཅན་དམར་པོ་མེ་དར་རུ་མཚོན་འཛིན་ ཅིང༌། མེ་སྲོག་རལ་བ་འབར་ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ ལྔའི་ལུས་དར་ཐོད་དུ་བཅིངས་པ། མཐར་བྱེད་ལྕགས་ཀྱི་རླུང་རྟ་ལ་ཞོན་པ། ལྷོ་ནུབ་ལུག་གི་ ལོ་ཞེས་བྱ་བའི་ས་བདག་མི་ལུས་ལུག་གི་མགོ་ཅན་སེར་སྐྱ་གསེར་གྱི་ས་གཞི་འཛིན་ཅིང༌། ས་ སྲོག་རལ་བ་བརྟན་ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་ དར་ཐོད་དུ་བཅིངས་པ། སྲེག་བྱེད་མེའི་རླུང་རྟ་ལ་ཞོན་པ། ནུབ་སྟོད་སྤྲེལ་གྱི་ལོ་ཞེས་བྱ་བའི་ 4-1-34 ས་བདག་མི་ལུས་སྤྲེལ་གྱི་མགོ་ཅན་དཀར་པོ་ལྕགས་ཀྱི་དབྱུག་པ་འཛིན་ཅིང༌། ལྕགས་སྲོག་ རལ་བ་སྲ་ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་ དུ་བཅིངས་པ། གཡོ་བྱེད་ཤིང་གི་རླུང་རྟ་ལ་ཞོན་པ། ནུབ་སྨད་བྱ་ཡི་ལོ་ཞེས་བྱ་བའི་ས་བདག་ མི་ལུས་བྱ་ཡི་མགོ་ཅན་དཀར་སྐྱ་ལྕགས་ཀྱི་དབྱུག་པ་འཛིན་ཅིང༌། ལྕགས་སྲོག་རལ་བ་སྲ་ ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་ བཅིངས་པ། རླན་བྱེད་ཆུའི་རླུང་རྟ་ལ་ཞོན་པ། ནུབ་བྱང་ཁྱིའི་ལོ་ཞེས་བྱ་བའི་ས་བདག་མི་ ལུས་ཁྱི་ཡི་མགོ་ཅན་སེར་པོ་དངུལ་གྱི་རལ་གྲི་འཛིན་ཅིང༌། ས་སྲོག་རལ་བ་བརྟན་ཞིང་འཚོ་ བ། ཁམས་ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། གཅོད་བྱེད་ལྕགས་ཀྱི་རླུང་རྟ་ལ་ཞོན་པ། བྱང་སྟོད་ཕག་གི་ལོ་ཞེས་བྱ་བའི་ས་བདག་མི་ལུས་ ཕག་གི་མགོ་ཅན་སྔོ་སྐྱ་ཆུའི་བུམ་པ་འཛིན་པ། ཆུ་སྲོག་རལ་བ་བརྟན་ཞིང་འཚོ་བ། ཁམས་ ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། སྲེག་བྱེད་མེ་ཡི་ རླུང་རྟ་ལ་ཞོན་པ། བྱང་སྨད་བྱི་བའི་ལོ་ཞེས་བྱ་བའི་ས་བདག་མི་ལུས་བྱི་བའི་མགོ་ཅན་སྔོན་ པོ་ཆུའི་བུམ་པ་འཛིན་པ། ཆུ་སྲོག་རལ་བ་བརྟན་ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་སུ་ གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། གཡོ་བྱེད་ཤིང་གི་རླུང་རྟ་ལ་ཞོན་པ། བྱང་ཤར་གླང་གི་ལོ་ཞེས་བྱ་བའི་ས་བདག་མི་ལུས་གླང་གི་མགོ་ཅན་སེར་སྐྱ་རིན་ཆེན་རི་རབ་ འཛིན་ཅིང༌། ས་སྲོག་རལ་བ་བརྟན་ཞིང་འཚོ་བ། ཁམས་ལྔའི་དབང་ཐང་གོས་སུ་གྱོན་ཞིང༌། འབྱུང་ལྔའི་ལུས་དར་ཐོད་དུ་བཅིངས་པ། རླན་བྱེད་ཆུ་ཡི་རླུང་རྟ་ལ་ཞོན་པ་སྟེ། ལོ་ཟླ་ཞག་ དུས་སྲོག་ལུས་དབང་ཐང་རླུང་རྟ་ལ་དབང་བའི་ལྷ་ཚོགས་དང༌། ནོར་ལྷ་གཏེར་བདག་སོགས་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་སོགས་ལ་ སྲོག་ལུས་དབང་ཐང་རླུང་རྟ་བསྐྱེད་པའི་ལས་ལ་བརྩོན་པར་གྱུར། ལྷ་ཚོགས་དེ་དག་ཐམས་ 4-1-35 ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་རང་རང་གི་ མིང་ཡིག་དང་པོ་ཐིག་ལེས་བརྒྱན་པས་མཚན་པར་གྱུར། རང་རང་དམ་ཚིག་པའི་ཐུགས་ཀའི་ ས་བོན་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ རྣམས་སྐད་ཅིག་གིས་གནས་འདིར་སྤྱན་དྲངས། གསུམ་པ་སྤྱན་དྲངས་ཤིང་བསྟིམ་པ་ནི། མྱུར་མ་དཔལ་མོའི་ཐུགས་ཀའི་ཏཱྃཿཡིག་ལས། །འོད་འཕྲོས་རང་བཞིན་དག་མཉམ་ཆེན་པོ་ ནས། །གནས་ལུགས་དོན་ལ་བཞེངས་བཞུགས་མེད་མོད་ཀྱང༌། །གང་འདུལ་མོས་སྣང་དེར་ འཚམ་སྤྲུལ་བཀོད་ཀྱིས། །རྒྱལ་ཀུན་ཞིང་མཆོག་ཆོས་དབྱིངས་ཕོ་བྲང་ནས། །རྒྱལ་བ་རབ་ འབྱམས་འཕྲིན་ལས་གཅིག་བསྡུས་པ། །རྒྱལ་ཀུན་དགྱེས་བསྐྱེད་རབ་མྱུར་ཏཱའ་རེ་མ། །རྒྱལ་ ཡུམ་ཉེར་གཅིག་འཁོར་བཅས་གཤེགས་སུ་གསོལ། །མ་ལུས་འགྲོ་བའི་རང་བཞིན་མངོན་ སུམ་གཟིགས། །འཁྲུལ་སྣང་བདུད་ཀྱི་དཔུང་གི་གཡུལ་ལས་རྒྱལ། །ཡེ་ཤེས་ཆོས་སྐུ་མཐའ་ བྲལ་གཤེགས་སྙིང་ཁམས། །ཇི་བཞིན་མཁྱེན་པའི་ཚོགས་ཀུན་གཤེགས་སུ་གསོལ། །བླ་མ་ ཡི་དམ་སངས་རྒྱས་བྱང་སེམས་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་དང༌། །གཏེར་ བདག་གནས་བདག་ཐམས་ཅད་རང་བཞིན་གཅིག །མཐའ་བྲལ་གནས་ལུགས་དབྱིངས་ ནས་གཤེགས་སུ་གསོལ། །གནས་ལུགས་དོན་ལ་བཞེངས་བཞུགས་མེད་མོད་ཀྱང༌། །འགྲོ་ བའི་དོན་ལ་གཅིག་ཏུ་བརྩོན་མཛད་རྣམས། །གསང་གསུམ་མཛད་འཕྲིན་སྒྲུབ་པོ་གང་དག་ ལ། །བསམ་དོན་ཡིད་སྨོན་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཤར་ཕྱོགས་ཤིང་བསྐལ་དྲུག་ ཁྲི་དྲུག་འབུམ་ནས། །བྱི་འབྲུག་སྤྲེལ་གསུམ་ལོ་བའི་རླུང་རྟའི་ལྷ། །ས་བདག་རྒྱལ་པོ་ཤིང་ སྟག་འཁོར་དང་བཅས། །ཡིད་ཚང་རླུང་རྟ་རྒྱས་ཕྱིར་གཤེགས་སུ་གསོལ། །ལྷོ་ཕྱོགས་མེ་ བསྐལ་དྲུག་ཁྲི་དྲུག་འབུམ་ནས། །ཡོས་ལུག་ཕག་གསུམ་ལོ་བའི་རླུང་རྟའི་ལྷ༌། །ས་བདག་ རྒྱལ་པོ་མེ་སྦྲུལ་འཁོར་དང་བཅས། །ཡིད་ཚང་རླུང་རྟ་རྒྱས་ཕྱིར་གཤེགས་སུ་གསོལ། །ནུབ་ 4-1-36 ཕྱོགས་ལྕགས་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །སྟག་རྟ་ཁྱི་གསུམ་ལོ་བའི་རླུང་རྟའི་ལྷ། །ས་ བདག་རྒྱལ་པོ་ལྕགས་སྤྲེལ་འཁོར་དང་བཅས། །ཡིད་ཚང་རླུང་རྟ་རྒྱས་ཕྱིར་གཤེགས་སུ་ གསོལ། །བྱང་ཕྱོགས་ཆུ་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །གླང་སྦྲུལ་བྱ་གསུམ་ལོ་བའི་རླུང་ རྟའི་ལྷ། །ས་བདག་རྒྱལ་པོ་ཆུ་ཕག་འཁོར་དང་བཅས། །ཡིད་ཚང་རླུང་རྟ་རྒྱས་ཕྱིར་གཤེགས་ སུ་གསོལ། །གཞན་ཡང་ལོ་ཟླ་ཞག་དུས་སྤར་སྨེ་དང༌། །སྲོག་ལུས་དབང་རླུང་བླ་ཚེ་ལོག་མིན་ ལ། །དབང་བའི་ལྷ་དང་ཁ་འཛིན་རྒྱབ་བརྟེན་གྱི། །ལྷ་སྲུང་འཁོར་ཚོགས་མ་ལུས་གཤེགས་སུ་ གསོལ། །ༀ་གུ་རུ་ཨཱརྱ་ཏཱ་རེ་ས་པ་རི་བཱ་ར་ཨེ་ཧྱ་ཧི། བཛྲ་ས་མཱ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ རང་རང་ གི་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། བཞུགས་གསོལ་ཡང༌། ཧཱུཾ་སྣ་ཚོགས་པདྨ་ཉི་ཟླ་རུས་ སྦལ་སོགས། །རང་རང་ཐུགས་དང་མཐུན་པའི་གདན་ཁྲི་ལ། །ཇི་སྲིད་མཆོད་ཅིང་ལས་ རྣམས་གྲུབ་ཀྱི་བར། །དེ་སྲིད་རྟེན་དང་གཉིས་མེད་བཞུགས་སུ་གསོལ། །བཞི་པ་དབང་བསྐུར་ཞིང་ བཟླས་པ་ནི། སླར་ཡང་ཐུགས་སྲོག་ལས་སྤྲོས་འོད་ཟེར་གྱིས། །དབང་ལྷ་རིགས་ལྔ་སྤྱན་དྲངས་ མཁའ་དབྱིངས་གང༌། །ཐུགས་ཀའི་ཉེར་སྤྱོད་སྤྲོས་ཏེ་ལེགས་མཆོད་ཅིང༌། །དེ་བཞིན་ གཤེགས་ཀུན་འདི་ལ་དབང་བསྐུར་སྩོལ། །ཞེས་གསོལ་མཐུ་ལས་དབང་ལྷ་གང་དག་གིས། །རང་རང་ཐུགས་ནས་རིགས་ཀྱི་ལྷ་མོ་སྤྲོས། །ཞལ་རྣམས་ལས་ནི་བྱིན་ཆེན་དབང་བསྐུར་ཆིག །གསུང་བཞིན་ཕྱག་བསྣམས་བུམ་པས་ཆུ་དབང་བསྐུར། །སྐུ་ལུས་རབ་གང་ལྷག་མ་ཡར་ ལུད་པས། །རང་རིག་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །ༀ་གུ་རུ་ཨཱརྱ་ཏཱ་རེ་ས་པ་རི་བཱ་ ར་ཨརྒྷཾ༴ ནས། ཤཔྟའི་བར་གྱིས་མཆོད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང༌། །རྗེ་བཙུན་ལྷ་ མོ་གཙོ་འཁོར་ཉེར་གཅིག་བཅས། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ནོར་གཏེར་བདག །རླུང་ རྟའི་ལྷ་ཚོགས་ཡོངས་ལ་གུས་པས་བསྟོད། །དེ་ནས་བཟླས་པ་ནི། རང་ཉིད་ཡི་དམ་ལྷར་ གསལ་ཐུགས་ཀ་ནས། །འོད་འཕྲོས་མདུན་བསྐྱེད་ལྷ་ཚོགས་ཐམས་ཅད་ཀྱི། །ཐུགས་རྒྱུད་ 4-1-37 བསྐུལ་བས་དེ་དག་སྐུ་ལུས་ལས། །འོད་ཟེར་སྣ་ཚོགས་བྱུང་བས་དམིགས་ཡུལ་ལ། །ཕོག་ པས་ཕྱི་ནང་གསང་བ་མ་ལུས་པའི། །རླུང་རྟ་རྒུད་སོགས་ཉེས་སྐྱོན་ཐམས་ཅད་སྦྱངས། །ཚེ་ དཔལ་བསོད་ནམས་ཆོས་སྲིད་རླུང་རྟ་དང༌། །དཔལ་འབྱོར་སྙན་གྲགས་དབང་ཐང་ལ་སོགས་ པའི། །ལེགས་ཚོགས་ཐམས་ཅད་དར་ཞིང་རྒྱས་གྱུར་ཅིག །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ༀ་ཨཱཿཧཱུཾ། ཧེ་ ཧེ་རྟ་དང་སྟག་སེང་ཁྱུང་འབྲུག་འདིར་ཡར་བསྐྱེད། ཀུན་འདུས་སརྦ་འདུ་འདུ་ཧོཿ སྦྱིན་པའི་ བདག་པོའམ། རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་རླུང་རྟ་སྐྱེད་ཅིག་ སྭཱ་ཧཱ། ཞེས་བཟླས་པ་ཅི་འགྲུབ་བྱས་ལ་མཐར་དབྱངས་གསལ་རྟེན་སྙིང་ཉེར་གཅིག་གམ་བདུན་བཟླས་ལ། བདག་གི་ བསམ་པའི་༴ སོགས། བདེན་སྟོབས་བརྗོད་པར་བྱའོ། །ལྔ་པ་མཆོད་བསྟོད་ནི། བདེན་སྟོབས་བྱིན་རླབས་ནི། རབ་ འབྱམས་ཞིང་གི་སངས་རྒྱས་བྱང་སེམས་དང༌། །འཕགས་མ་སྒྲོལ་མའི་ཆོས་དབྱིངས་གནས་ ལུགས་མཐུས། །དེང་འདིར་མཆོད་སྤྲིན་རྒྱ་མཚོ་མཐའ་ཀླས་པ། །ཟག་བྲལ་ནམ་མཁའ་ མཛོད་ཀྱི་ལོངས་སྤྱོད་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒཏེ་སྥ་ར་ ཎཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱའི་སྔགས་ལན་གསུམ་བརྗོད་ཅིང་སྔགས་རྒྱས་སྤེལ་བའི་སྒོ་ནས་མཆོད་པ་འབུལ་བ་ ནི། ཏཱྃཿ ཆོས་དབྱིངས་ཡེ་ཤེས་བྱ་གྲུབ་རང་མདངས་ལས། །ལེགས་ཤར་གང་འདུལ་སྒྱུ་མའི་ ལང་ཚོ་ངོམས། །མྱུར་མ་དཔའ་མོ་ཉི་ཤུའི་ལྷ་མོའི་འཁོར། །གཞན་ཡང་སངས་རྒྱས་བྱང་ སེམས་བགྲང་འདས་ཚོགས། །རང་གསལ་གནས་ལུགས་གཤིས་ལས་དག་སྣང་སྦྱངས། །ངོ་ མཚར་ཆོ་འཕྲུལ་བཀོད་ཆེན་མཁའ་དབྱིངས་ཁྱབ། །མ་ལུས་དེ་དག་བཅས་ལ་གུས་ཕྱག་ འཚལ། །མཆོད་ཚོགས་གང་འབུལ་ལེགས་བཞེས་དངོས་གྲུབ་སྩོལ། །རྨད་བྱུང་བསོད་ནམས་ ཞིང་མཆོག་འཕགས་མའི་ཚོགས། །མཆོད་ཡུལ་རྒྱ་མཚོ་ཀུན་གྱི་སྤྱན་ལམ་དུ། །ཉེར་སྤྱོད་ཡིད་ དུ་འོང་ཞིང་གྱ་ནོམ་པ། །ཟག་མེད་བདེ་བསྐྱེད་ཀུན་བཟང་མཆོད་སྤྲིན་ཆེ། །འོ་མ་དང་སྦྱར་ བདུད་རྩིའི་བཅུད་ལྡན་སྐྱེམས། །ཡན་ལག་བརྒྱད་ལྡན་དྲིམེད་ཁྲུས་ཀྱི་རྫིང༌། །ཡོན་ཆབ་རབ་ 4-1-38 དྭངས་རྒྱུན་བཟང་ཨརྒྷཾ་མཆོག །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །ༀ་ཨཱ རྱ་ཏཱ་རེ་ས་པ་རི་བཱ་རེ་བྷྱཿཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དག་བྱེད་དྲི་མ་ལེགས་འཁྲུད་བསིལ་ དྭངས་ཤིང༌། །ཞབས་ཀྱི་པདྨའི་རྙོག་སེལ་དྲི་བཟང་ཆབ། །ཀུན་ནས་དགེ་བའི་འཐོར་བྱེད་ ཁྱད་པར་བ། །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །པཱ་དྱཾ༴ རབ་ འབྱམས་ཞིང་གི་སྐྱེ་ལྡན་མེ་ཏོག་ཚོགས། །མཛེས་སྡུག་འདབ་ལྡན་སྣ་ཚོགས་ཁ་དོག་བཀྲ། །དམར་སེར་ཟེའུ་འབྲུ་ཅིར་ཡང་དགོད་འདི་ཡང༌། །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་ དགྱེས་བཞེས་མཛོད། པུཥྤེ༴ ཙན་དན་ལི་ཤི་སྤོས་དཀར་ངད་འཐུལ་བའི། །དྲི་འཛིན་བཅུད་ ལེན་རབ་དཀར་བདུག་པའི་སྤྲིན། །མཁའ་དབྱིངས་ཡོངས་ཁྱབ་ཟག་མེད་དགྱེས་བསྐྱེད་འདི། །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །དྷཱུ་པེ༴ སྣང་བྱེད་དགེ་བའི་འོད་ མདངས་འབུམ་དཀྲིགས་ཤིང༌། །ཆེས་གསལ་མུན་སེལ་འོད་སྣང་རབ་རྒྱས་པ། །ཉི་ཟླ་ནོར་བུ་ འོད་འབར་སྣང་གསལ་ཚོགས། །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །ཨཱ་ལོ་ཀེ༴ ག་བུར་གུར་ཀུམ་ངད་ལྡན་དྲི་བཟང་ཆབ། །བསིལ་བྱེད་སྐུ་ཁྲུས་གསོལ་ལ་བདེ་ བསྐྱེད་པ། །ལྷ་རྫས་དམ་པའི་དྲི་ལྡན་དགེ་བྱེད་འདི། །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་ དགྱེས་བཞེས་མཛོད། །གནྡྷེ༴ སྦྲང་རྩི་བུ་རམ་ཀ་ར་དང་སྦྱར་ཞིང༌། །དཀར་མངར་རོ་བརྒྱའི་ ནུས་པ་ཕུན་སུམ་ཚོགས། །ཞལ་ཟས་གཙང་ཞིང་བསོད་པའི་བཅུད་ལྡན་གང༌། །འཕགས་མ་ མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །ནཻ་ཝི་དྱ༴ སྙན་པའི་སྒྲ་དབྱངས་ཀུན་ནས་ ལྡིར་བྱེད་པ། །པི་ཝཾ་གླིང་བུ་ལ་སོགས་རོལ་མོའི་རིགས། །མཐའ་དག་མཁའ་དབྱིངས་ཀུན་ ཏུ་ཁྱབ་བྱེད་ཚོགས། །འཕགས་མ་མཆོད་ཡུལ་ཚོགས་ཀྱིས་དགྱེས་བཞེས་མཛོད། །ཤཔྟ༴ རིན་ཆེན་གདུགས་མཆོག་གསེར་གྱི་ཉ་མོ་ཟུང༌། །གཏེར་ཆེན་བུམ་པ་ཡིད་འོང་པདྨ་བཟང༌། །ཆོས་དུང་གཡས་འཁྱིལ་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ 4-1-39 ལོ་མཆོག །བཀྲ་ཤིས་རྟགས་ཀྱིས་ལེགས་མཚན་རིན་པོ་ཆེ། །ནམ་མཁའ་རབ་འབྱམས་ཀུན་ ཏུ་ཡོངས་བཀང་སྟེ། །འཕགས་མའི་ལྷ་ཚོགས་སྲས་བཅས་རྒྱལ་ལ་འབུལ། །དགྱེས་བཞེས་ མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཨཥྚ་མངྒལཾ༴ ཕྱོགས་ལས་རྒྱལ་བའི་གསེར་འཁོར་ རྩིབས་སྟོང་ཅན། །དགོས་འདོད་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ། །མཛེས་སྡུག་ལེགས་ ངེས་བཙུན་མོ་ངང་ཚུལ་བཟང༌། །དཔག་ཡས་ནོར་ཆེན་ཡོངས་སྡུད་ཁྱིམ་བདག་མཆོག །རབ་ འཕགས་སྟོབས་ལྡན་གླང་ཆེན་དམ་པའི་ཕུལ། །མྱུར་མགྱོགས་སྤྲིན་གྱི་ཤུགས་འཆང་ཅང་ ཤེས་རྟ། །མཐུ་ཆེན་དཔུང་ལས་རྒྱལ་བྱེད་དམག་གི་དཔོན། །རྒྱལ་སྲིད་རིན་ཆེན་སྣ་བདུན་ངོ་ མཚར་བ། །རབ་འབྱམས་ཞིང་དུ་སྤེལ་བའི་དགྱེས་མཆོད་འདི། །བསོད་ནམས་ཞིང་མཆོག་ འཕགས་མའི་ལྷ་ཚོགས་དང༌། །རྒྱལ་བ་སྲས་དང་བཅས་ལ་གུས་པས་འབུལ། །བདག་གིར་ ལེགས་མཛད་ཚོགས་ཆེན་ཡོངས་རྫོགས་མཛོད། །སཔྟ་རཏྣ༴ ཡིད་འོང་ནགས་ཚལ་ཕུན་ ཚོགས་རལ་གྲི་དང༌། །གཞལ་མེད་ཁང་བཟང་མལ་ཆ་ལྷའི་གོས་མཆོག །སྦྲུལ་གྱི་པགས་པ་ མཆིལ་ལྷམ་བསམ་འཕེལ་བ། །ཉེ་བའི་རིན་ཆེན་བདུན་གྱིས་མཆོད་ཡུལ་མཆོད། །ཨུ་པ་སཔྟ་ རཏྣ༴ རབ་དྭངས་གསལ་བའི་མེ་ལོང་མཆོག་གི་ཕུལ། །དུག་གསུམ་ཟུག་རྔུ་འཇོམས་བྱེད་གི་ ཝཾ་ཆེ། །རྩི་བཅུད་སྙིང་པོ་བ་ཞོ་ཆེས་དཀར་བ། །འཆི་མེད་ཚེ་མཆོག་རྫས་ཆེན་དུར་བའི་རྩྭ། །དོན་མཆོག་ཡོངས་འགྲུབ་ཤིང་ཏོག་བིལ་བའི་འབྲས། །དབང་རབ་སྡུད་བྱེད་དམར་སེར་ ལིཁྲིའི་རྫས། །བགེགས་དང་བར་ཆད་འཇོམས་བྱེད་ཡུངས་ཀར་འབྲུ། །གྲགས་སྙན་ཆོས་སྒྲ་ འབྱུང་གནས་དུང་གཡས་འཁྱིལ། །རྒྱལ་བས་བཀྲ་ཤིས་རྫས་སུ་བྱིན་བརླབ་པ། །དགེ་མཚན་ རྫས་མཆོག་འཇིག་རྟེན་ཁམས་བཀང་སྟེ། །མཆོད་གནས་བསོད་ནམས་ཞིང་ཚོགས་དག་ལ་ འབུལ། །མཐུན་འཇུག་རིགས་ཀྱི་དངོས་གྲུབ་གང་འཚམས་སྩོལ། །ཨཥྚ་མངྒ་ལ་དྲ་བྱ༴ ཡིད་ འོང་གཟུགས་དང་སྙན་པའི་སྒྲ་དབྱངས་མཆོག །ཡིད་འཛིན་དྲི་དང་རོ་བརྒྱའི་ནུས་ལྡན་ཟས། 4-1-40 །འཇམ་མཉེན་འཁྲིལ་ཆགས་རེག་གོས་དྲི་མ་མེད། །མཆོད་ཡུལ་རྣམས་ལ་འབུལ་ལོ་བརྩེ་ བས་བཞེས། །པཉྩ་ཀཱ་མ་གུ་ཎ༴ གཞན་ཡང་དངོས་བཤམས་ཡིད་ལས་སྤྲུལ་པ་ཡི། །ལྷ་དང་ མིཡི་དཔལ་འབྱོར་ཇི་སྙེད་པ། །བདེ་བའི་ཡོ་བྱད་མ་ཚང་མེད་པའི་དཔལ། །ཟག་མེད་དགྱེས་ པ་བསྐྱེད་བྱེད་མཐའ་དག་འབུལ། །མཆོད་གནས་དམ་པ་དག་གིས་ལེགས་བཞེས་ཏེ། །སྒྲུབ་ པོ་བདག་དང་འགྲོ་བ་མ་ལུས་པའི། །གནས་སྐབས་མཐར་ཐུག་ཚོགས་ཆེན་རབ་རྫོགས་ནས། །དོན་གཉིས་ལྷུན་གྲུབ་གོ་འཕང་མྱུར་སྤྱོད་ཤོག །སརྦ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གཉིས་པ་བསྟོད་པ་བྱ་བ་ནི། ༀ་ཏཱ་རེ་ཡ་ན་མོ། རྒྱལ་ཀུན་འཕྲིན་ལས་གཅིག་བསྡུས་མྱུར་མ་རྗེ། །འགྲོ་ཀུན་འཇིགས་ལས་སྒྲོལ་མཛད་དཔའ་མོ་ཆེ། །བརྩེ་བ་ཆེན་པོས་བུ་བཞིན་གཟིགས་ པའི་མཉེན། །སྐྱབས་གནས་ཀུན་འདུས་རྗེ་བཙུན་འཕགས་མ་ཀྱེ། །མཁྱེན་བརྩེ་ནུས་པ་རྒྱ་ མཚོའི་མངའ་བདག་མོ། །གང་འདུལ་སྤྲུལ་པ་མཁའ་དང་མཉམ་པའི་མགོན། །རླབས་ཆེན་ མཛད་འཕྲིན་དུས་ལས་ཡོལ་མེད་ཁྱོད། །སྙིང་ནས་དྲན་ནོ་གུས་པས་ཕྱག་འཚལ་ལོ། །བརྩེ་ མ་དགྱེས་མ་མྱུར་མ་དཔའ་ཆེན་མ། །ཞི་མ་དགེ་མ་ལེགས་མ་ཆོས་སྤེལ་མ། །འཕགས་མ་ བདེ་མ་དབང་མ་ནོར་གཏེར་མ། །སྒྲོལ་མ་འཕྲོག་མ་གསོད་མ་དགྲ་འཇོམས་མ། །ཀུན་ གཟིགས་ཐབས་མཁས་འཕྲུལ་ཆེན་ལེགས་འགྱེད་པ། །ངོ་མཚར་དཔལ་ཡོན་དུ་མའི་རོལ་པ་ འཛིན། །རྣམ་སྤྲུལ་ལྷ་མོ་གདུལ་བྱའི་ཁམས་བཞིན་སྤྲོ། །འཕྲིན་ལས་དབང་ཕྱུག་མ་ལ་གུས་ པས་འདུད། །རབ་དཀར་དུང་ཟླ་འབུམ་ལྟར་གསལ་བའི་སྐུ། །ཀུན་མཁྱེན་རྐེད་མེད་ན་ཆུང་ ཟློས་གར་སྟོན། །ཚངས་སྲས་ངག་གི་ལྷ་མོའི་རྣམ་རོལ་པ། །དབྱངས་ཅན་ངག་གི་དཔལ་སྟེར་ མ་ལ་བསྟོད། །འཕྲིན་ལས་མཛད་སྒོ་མཁའ་ལྟར་རབ་ཡངས་པ། །རྨད་བྱུང་བསོད་ནམས་ དབྱིག་གི་འཕེལ་ཁའི་དཔལ། །གང་འཚམ་ལེགས་སྦྱིན་བྱུ་རུའི་འཁྲི་ཤིང་མདོག །རྗེ་བཙུན་ བསོད་ནམས་དབང་ཕྱུག་མ་ལ་བསྟོད། །འཆི་མེད་ཚེ་མཆོག་ཡེ་ཤེས་རྒྱ་མཚོའི་གཏེར། །ཟླ་ 4-1-41 བ་ཆུ་ཤེལ་འོད་དཀར་འབུམ་དཀྲིགས་པ། །འཁོར་སྡུག་ཚ་གདུང་ཀུན་ལ་བསིལ་སྦྱིན་མོ། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མར་བསྟོད། །ཁམས་གསུམ་ཆེ་དགུའི་དབང་ཐང་ མ་ལུས་པ། །སྒྲུབ་ལ་ཅི་དགར་འགུགས་པའི་མཐུ་སྟོབས་མངའ། །ཡིད་བཞིན་ལྷ་མོ་དམར་ གསལ་རཱ་གའི་མདངས། །རིག་བྱེད་དབང་མོ་ལྷག་པའི་ལྷ་ལ་བསྟོད། །དཔའ་མོ་ཁམས་ གསུམ་ལ་དབང་རྫུ་འཕྲུལ་བདག །འཕྲིན་ལས་དགེ་མཚན་འབུམ་གྱི་དཔལ་མངའ་བ། །འོད་དམར་སྣང་བས་ས་གསུམ་ཁྱབ་མཛད་མ། །རབ་འཇིགས་མཛད་ཆེན་ལེགས་མངའ་ མ་ལ་བསྟོད། །མཐུ་སྟོབས་ཐོགས་མེད་ཀུན་ནས་རབ་དར་ཞིང༌། །དཔལ་ལྡན་འཕྲིན་ལས་ རླབས་ཆེན་རྒྱས་མཛད་མོ། །མཁའ་གཡུའི་མདོག་འོད་ཕྱོགས་བརྒྱར་རབ་སྤྲོ་བ། །གཞན་ གྱིས་མི་ཐུབ་ལྷ་མོ་མཆོག་ལ་བསྟོད། །ཀུན་ནས་རྒྱལ་བའི་མཛད་པ་རླབས་ཆེ་བ། །ངོ་མཚར་ རིས་སུ་ཆད་མེད་སྐྱེ་དགུའི་མགོན། །ལྗང་ནག་འོད་ཟེར་ཕུང་པོ་འབར་བའི་སྐུ། །གཞན་ ལས་རབ་རྒྱལ་དཔའ་མོ་ཡུམ་ལ་བསྟོད། །བརྩེ་ཆེན་ཐུགས་རྗེའི་མངའ་བདག་དཔལ་ལྷ་མོ། །འོད་གསལ་དབྱིངས་ནས་ལེགས་བཞེངས་ལྗང་གསལ་མདོག །གསང་གསུམ་མཛད་པ་ཟླ་ བྲལ་ཕྲིན་ལས་བདག །སེང་ལྡེང་ནགས་ཀྱི་སྒྲོལ་མ་མཆོག་ལ་བསྟོད། །འཇིག་རྟེན་གསུམ་ གྱི་གཙུག་ནོར་དམ་པའི་ཕུལ། །རྣམ་པར་རྒྱལ་མའི་མཛད་ཆེན་མཁའ་མཐར་སྤྲོ། །ཀུན་ ད་དུང་ཟླའི་དཔལ་འོད་སྣང་བའི་སྐུ། །མཛེས་མ་འཇིག་རྟེན་གསུམ་རྒྱལ་ལྷ་མོར་བསྟོད། །ཕུན་ཚོགས་ནོར་གྱི་འབྱུང་གནས་དགེ་བའི་གཏེར། །ཕན་བདེའི་དཔལ་ཁ་ཀུན་ནས་ཡོངས་ འགྱེད་མ། །འཛམ་བུའི་ཆུ་གསེར་མདངས་འོད་ལྷམ་མེ་བ། །ནོར་གྱི་སྦྱིན་མཛད་ལྷ་མོ་རྗེ་ལ་ བསྟོད། །དགེ་བའི་མཚན་མ་ཕྱོགས་བརྒྱར་མངོན་བཞད་ཅིང༌། །སྐྱེ་དགུའི་ལེགས་སྣང་ཆར་ དུ་བསྙིལ་མཛད་མགོན། །དམར་གསལ་དྲི་མེད་འོད་བཟང་སྤྲོ་བའི་མ། །བཀྲ་ཤིས་འགྲོ་ དོན་མཛད་མ་ཆེན་མོར་བསྟོད། །གསང་གསུམ་མཐུ་ཆེན་ཀུན་ནས་ཡོངས་བདོ་ཞིང༌། །མ་ 4-1-42 རུངས་འཚེ་བའི་དགྲ་སྡེ་བརླག་མཛད་མ། །མཐིང་ནག་འཇིགས་པའི་ཉམས་ཀྱིས་བརྗིད་ པ་མོ། །དགྲ་དཔུང་འཇོམས་མཛད་མ་ལ་གུས་པས་བསྟོད། །གཏུམ་ཆེན་ཁྲོ་མོའི་འཇིགས་ ཆེན་རྔམ་པའི་མདངས། །བགེགས་རིགས་ཚོགས་ལ་གཟིར་བའི་སྟོབས་འབར་བ། །མཐིང་ ཞིང་ནག་ལ་འཇིགས་པའི་གཟི་ལྡན་མ། །རབ་ཁྲོའི་གཏུམ་ཆེན་འཇིགས་མཛད་ལྷ་མོར་ བསྟོད། །དྲི་བྲལ་ཞི་བ་ཆེན་པོའི་དེ་ཉིད་དབྱིངས། །ཇི་བཞིན་མངོན་བྱས་འོད་གསལ་གནས་ ལུགས་མ། །དཀར་གསལ་དྭངས་པའི་འོད་བཟང་ཕྱོགས་བརྒྱར་འབར། །ཞི་ཞིང་དགེ་བའི་ ལྷ་མོ་མཆོག་ལ་བསྟོད། །རབ་འབར་མཛེས་སྡུག་འོད་ཟེར་ཕྲེང་བའི་ཀློང༌། །ཀུན་ནས་རབ་ རྒྱས་སྒེག་མོ་དགའ་བདེའི་དཔྱིད། །དྲི་མེད་བཻཌཱུར་གསར་བའི་དཔལ་འཛིན་མ། །འབར་ ཕྲེང་ཆེར་འཁྲིགས་ལྷ་མོ་མཛེས་མར་བསྟོད། །མཐུ་སྟོབས་རབ་རྒྱས་དཔའ་མོ་ཕྲིན་ལས་ གཏེར། །དྲེགས་ལྡན་མཐའ་དག་ཟིལ་གྱིས་གནོན་མཛད་མ། །དམར་གསལ་འོད་སྣང་ཅིར་ ཡང་འགྱེད་པའི་མཆོག །དཔག་མེད་སྟོབས་ཀྱིས་གནོན་མ་དེ་ལ་བསྟོད། །བརྟན་དང་གཡོ་ བའི་མི་བཟད་དུག་གི་རིགས། །གསང་གསུམ་མཐུ་ཡིས་ཀུན་ནས་གཞིལ་མཛད་མ། །ལྗང་ གསལ་གཡུ་ལྗོན་མདངས་རབ་འབྱིན་པའི་དཔལ། །རྨ་བྱ་ཆེན་མོ་སྤྲུལ་པའི་ལྷ་མོར་བསྟོད། །ཆོས་སྲིད་དཔལ་གྱི་དབང་ཕྱུག་ཡོན་ཏན་བདག །ཕ་རོལ་གཞན་མཐུ་ཀུན་ནས་འཇོམས་ལ་ དཔའ། །དཀར་གསལ་འོད་བཟང་ཕུང་པོ་མཛེས་སྡུག་གཟུགས། །མི་ཕམ་རྒྱལ་མོ་རྗེ་བཙུན་ མ་ལ་བསྟོད། །འགྲོ་ལ་འཚེ་བའི་རིམས་ཡམས་མཐའ་དག་གཞོམ། །རླབས་ཆེན་མཐུ་ནུས་ ཆེ་མངའ་མྱུར་མའི་ལྷ། །པདྨ་རཱ་གའི་མདངས་འོད་ཆེར་འཕྲོ་བ། །རི་ཁྲོད་ལྷ་མོ་མྱུར་མཛད་ མཆོག་མར་བསྟོད། །ཕ་རོལ་ཇག་ཆོམ་རྐུན་པོ་ལ་སོགས་པ། །འཚེ་བའི་རིགས་གྱུར་འཇོམས་ ལ་དཔའ་མོའི་གར། །ཅིར་ཡང་བརྫུ་བའི་འཕྲུལ་མ་གསེར་བཟང་མདོག །འོད་ཟེར་ཅན་མ་ བཅོམ་ལྡན་མ་ལ་བསྟོད། །གཞན་ཡང་འཕགས་མའི་ཚོགས་ཀྱི་སྤྲུལ་བཀོད་མཐའ། །བླ་མ་ཡི་ 4-1-43 དམ་སངས་རྒྱས་བྱང་སེམས་ཚོགས། །དཔའ་བོ་མཁའ་འགྲོ་ཆོས་སྲུང་མ་ལུས་བཅས། །རྣམ་ འཕྲུལ་དཔག་ཡས་ཀུན་ལ་གུས་པས་བསྟོད། །དེ་ལྟར་མཆོད་ཡུལ་རྒྱ་མཚོར་ཆེ་བསྔགས་ འདིས། །བདག་སོགས་འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས། །ཀུན་ནས་ཡོངས་འཕེལ་ སྒྲིབ་པ་མ་ལུས་བྱང༌། །མཐར་ཐུག་སྤངས་རྟོགས་ཕ་མཐར་མྱུར་ཕྱིན་ཤོག །གཏོར་འབུལ་ནི། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་རྣམས་འདོད་པའི་ཡོན་ ཏན་ལྔ་དང་ལྡན་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུ་ཕུན་སུམ་ཚོགས་པ་ནམ་ མཁའ་དང་མཉམ་པ་དུས་ཇི་འདོད་ཀྱི་བར་དུ་གནས་པ། མགྲོན་རྣམས་དགྱེས་པར་བྱེད་ པའི་ནུས་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས། ཀྱཻ། ཕྱོགས་མཐའ་བྲལ་བའི་ཆོས་དབྱིངས་ཀུན་ཁྱབ་པ། །སྐུ་དང་ཞིང་ཁམས་རབ་འབྱམས་ རང་བཞིན་བཞུགས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ལ། །འདོད་ཡོན་ཟག་མེད་ཡན་ ལག་བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་འདི་འབུལ་བས། །ལེགས་པར་བཞེས་ ནས་བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་ གྲགས་དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ཆོས་དབྱིངས་ གཤིས། །ཡེ་བཞུགས་ལྷ་མོ་རྗེ་བཙུན་མྱུར་མའི་ལྷ། །གཙོ་འཁོར་ཉེར་གཅིག་རྣམ་འཕྲུལ་དང་ བཅས་ལ། །འདོད་ཡོན་ཟག་མེད་ཡན་ལག་བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་ འདི་འབུལ་བས། །ལེགས་པར་བཞེས་ནས་བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་ པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་གྲགས་དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །དུར་ ཁྲོད་ཁྲག་མཚོ་མེ་རླུང་འཁྲིགས་ཀླུང་དུ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྟན་སྲུང་ཚོགས། །དཔལ་མགོན་དྲཀྴད་གཟའ་མཆོག་འཁོར་བཅས་ལ། །འདོད་ཡོན་ཟག་མེད་ཡན་ལག་ 4-1-44 བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་འདི་འབུལ་བས། །ལེགས་པར་བཞེས་ནས་ བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་གྲགས་ དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །ཤར་ཕྱོགས་ཤིང་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །བྱི་འབྲུག་སྤྲེལ་གསུམ་ལོ་བའི་རླུང་རྟའི་ལྷ། །ས་བདག་རྒྱལ་པོ་ཤིང་སྟག་འཁོར་བཅས་ལ། །འདོད་ཡོན་ཟག་མེད་ཡན་ལག་བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་འདི་འབུལ་ བས། །ལེགས་པར་བཞེས་ནས་བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ ཕྱོགས་བཅུར་ཁྱབ། །སྙན་གྲགས་དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །ལྷོ་ཕྱོགས་མེ་ བསྐལ་དྲུག་ཁྲི་དྲུག་འབུམ་ནས། །ཡོས་ལུག་ཕག་གསུམ་ལོ་བའི་རླུང་རྟའི་ལྷ། །ས་བདག་ རྒྱལ་པོ་མེ་སྦྲུལ་འཁོར་བཅས་ལ། །འདོད་ཡོན་ཟག་མེད་ཡན་ལག་བརྒྱད་ལྡན་པའི། །མཐུན་ རྫས་གཏོར་མ་རྒྱ་ཆེན་འདི་འབུལ་བས། །ལེགས་པར་བཞེས་ནས་བདག་ཅག་ཡོན་མཆོད་ ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་གྲགས་དབང་ཐང་བསམ་དོན་ ཡོངས་རྒྱས་ཤོག །ནུབ་ཕྱོགས་ལྕགས་བསྐལ་དྲུག་ཁྲི་དྲུག་འབུམ་ནས། །སྟག་རྟ་ཁྱི་གསུམ་ལོ་ བའི་རླུང་རྟའི་ལྷ། །ས་བདག་རྒྱལ་པོ་ལྕགས་སྤྲེལ་འཁོར་བཅས་ལ། །འདོད་ཡོན་ཟག་མེད་ ཡན་ལག་བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་འདི་འབུལ་བས། །ལེགས་པར་ བཞེས་ནས་བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་གྲགས་དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །བྱང་ཕྱོགས་ཆུ་བསྐལ་དྲུག་ཁྲི་དྲུག་ འབུམ་ནས། །གླང་སྦྲུལ་བྱ་གསུམ་ལོ་བའི་རླུང་རྟའི་ལྷ། །ས་བདག་རྒྱལ་པོ་ཆུ་ཕག་འཁོར་ བཅས་ལ། །འདོད་ཡོན་ཟག་མེད་ཡན་ལག་བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་ འདི་འབུལ་བས། །ལེགས་པར་བཞེས་ནས་བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་ པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་གྲགས་དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །སྨེ་ 4-1-45 བའི་ཕོ་བྲང་དགུ་གླིང་དབང་བའི་ལྷ། །ཕྱོགས་བཞི་མཚམས་བརྒྱད་སྤར་ཁར་དབང་བའི་ལྷ། །ཕྱོགས་ཆ་མཚམས་ཡ་ལོ་འབྲས་བཅུ་གཉིས་ལ། །འདོད་ཡོན་ཟག་མེད་ཡན་ལག་བརྒྱད་ ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་འདི་འབུལ་བས། །ལེགས་པར་བཞེས་ནས་བདག་ ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་གྲགས་དབང་ ཐང་བསམ་དོན་ཡོངས་རྒྱས་ཤོག །གཞན་ཡང་རྟ་ལྷ་ནོར་ལྷ་ར་ལུག་ལྷ། །ཟས་ལྷ་གྲོགས་ལྷ་ ཐབ་ལྷ་དགྲ་ལྷ་དང༌། །སྲོག་ལུས་དབང་ཐང་ལོག་མིན་བླ་ཚེའི་ལྷ། །འདོད་ཡོན་ཟག་མེད་ཡན་ ལག་བརྒྱད་ལྡན་པའི། །མཐུན་རྫས་གཏོར་མ་རྒྱ་ཆེན་འདི་འབུལ་བས། །ལེགས་པར་བཞེས་ ནས་བདག་ཅག་ཡོན་མཆོད་ཀྱི། །ཕུན་སུམ་ཚོགས་པའི་རླུང་རྟ་ཕྱོགས་བཅུར་ཁྱབ། །སྙན་ གྲགས་དབང་ཐང་བསམ་དོན་ཡོངས་རྒྱས་ཤོག །དེ་ནས་ཆོས་སྐྱོང་སོགས་ལ་མཆོད་བསྟོད་བྱ་བ་ནི་སྒྲོལ་མའི་ གཏོར་བསྔོ་དང༌། དེ་ནས་རྡོ་རྗེ་ཤུགས་ནས་རྡོ་རྗེ་གླུའི་མཇུག་གི་ཤིས་བརྗོད། ༀ་ཕུན་སུམ་ཚོགས་པ༴ སོགས་དང༌། སྨོན་ལམ། སེམས་ཅན་ཐམས་ཅད༴ སོགས་བརྗོད། དེ་ནས་དགོས་མཆོད་འདོད་གསོལ་ཟུང་ནི། ཧཱུཾ། རྡོ་རྗེ་འཆང་དང་ཆོས་རྒྱལ་རིགས་ལྡན་དང༌། །ཀུན་ མཁྱེན་ཡབ་སྲས་རྗེ་བཙུན་བརྒྱུད་རིམ་བཅས། །དུས་འཁོར་སྡེ་དྲུག་བདེ་དགྱེས་འཇིགས་ གསང་སོགས། །སྒྲོལ་མ་གཙོ་འཁོར་ཡི་དམ་རབ་འབྱམས་དང༌། །མཆོག་གསུམ་མཁའ་འགྲོ་ ཆོས་སྐྱོང་གཙོ་འཁོར་ཀུན། །ལོ་ཟླ་ཞག་དུས་སྤར་སྨེསྲོག་ལུས་དབང༌། །ནོར་ལྷ་གཏེར་བདག་ རླུང་རྟའི་ལྷ་ཚོགས་དང༌། །གནས་འདིའི་ཡུལ་ལྷ་གཞི་བདག་འཁོར་བཅས་ལ། །ཆུ་གཉིས་མེ་ ཏོག་བདུག་སྤོས་མར་མེ་དང༌། །དྲི་ཆབ་ཞལ་ཟས་རོལ་མོ་སྣ་ཚོགས་དང༌། །གུས་པའི་སེམས་ ཀྱིས་འབུལ་ལོ་བཞེས་སུ་གསོལ། །བླ་མའི་སྐུ་ཚེ་བརྟན་པའི་རྟེན་དུ་འབུལ། །རྫོགས་ལྡན་ མདོ་སྔགས་རྒྱས་པའི་རྟེན་དུ་འབུལ། །བཤད་སྒྲུབ་ཟུང་དུ་འབྲེལ་བའི་རྟེན་དུ་འབུལ། །ཐོས་ བསམ་སྒོམ་གསུམ་འཕེལ་བའི་རྟེན་དུ་འབུལ། །བསླབ་གསུམ་ཉམས་ལེན་སྐྱེ་བའི་རྟེན་དུ་ 4-1-46 འབུལ། །འཆད་རྩོད་རྩོམ་གསུམ་འཕེལ་བའི་རྟེན་དུ་འབུལ། །དགེ་འདུན་ཆོས་སྤྱོད་འཕེལ་ བའི་རྟེན་དུ་འབུལ། །ཐུགས་མཐུན་ཁྲིམས་གཙང་ལྡན་པའི་རྟེན་དུ་འབུལ། །བསྟན་པའི་ སྦྱིན་བདག་རྒྱས་པའི་རྟེན་དུ་འབུལ། །རྒྱལ་བློན་ཆབ་སྲིད་དར་བའི་རྟེན་དུ་འབུལ། །ཆོས་ སྲིད་ཟུང་འབྲེལ་རྒྱས་པའི་རྟེན་དུ་འབུལ། །ཆར་ཆུ་དུས་ཚིགས་སྙོམས་པའི་རྟེན་དུ་འབུལ། །ལོ་ཕྱུགས་རྟག་ཏུ་ལེགས་པའི་རྟེན་དུ་འབུལ། །འགལ་རྐྱེན་བར་ཆད་ཞི་བའི་རྟེན་དུ་འབུལ། །འཁོན་སེམས་འཐབ་རྩོད་ཞི་བའི་རྟེན་དུ་འབུལ། །རིམས་ཡམས་ནད་སོགས་ཞི་བའི་རྟེན་དུ་ འབུལ། །ཕྱུགས་རིགས་ནད་རྣམས་ཞི་བའི་རྟེན་དུ་འབུལ། །གནོད་བྱེད་དགྲ་བགེགས་སྒྲོལ་ བའི་རྟེན་དུ་འབུལ། །བྱད་ཀ་མནན་གཏད་བཟློག་པའི་རྟེན་དུ་འབུལ། །ཁམས་གསུམ་དབང་ དུ་སྡུད་པའི་རྟེན་དུ་འབུལ། །ཚེ་བསོད་མངའ་ཐང་རྒྱས་པའི་རྟེན་དུ་འབུལ། །དཔལ་འབྱོར་ སྙན་གྲགས་འཕེལ་བའི་རྟེན་དུ་འབུལ། །སྲོག་ལུས་དབང་ཐང་རྒྱས་པའི་རྟེན་དུ་འབུལ། །ཁྱད་པར་རླུང་རྟ་དར་བའི་རྟེན་དུ་འབུལ། །རླུང་རྟ་ཡོ་བ་སྲོངས་ལ་འགྱེལ་བ་སློངས། །ཆག་ པ་སྦྱོར་ལ་ཆད་པ་ཐམས་ཅད་མཐུད། །ཉམས་པ་གསོས་ལ་གོང་ནས་གོང་དུ་འཕེལ། །བདེ་ སྐྱིད་དཔལ་འབྱོར་ལེགས་ཚོགས་རྒྱས་པར་མཛོད། །དེ་བཞིན་དུ་འོག་མ་རྣམས་ལ་ཡང༌། ཧཱུཾ། རྡོ་རྗེ་ འཆང་དང༴ སོགས་ནས། འཁོར་བཅས་ལ། །རིན་ཆེན་སྣ་ཚོགས་ལས་བྱས་འོད་འབར་བའི། །རླུང་རྟའི་ཁང་བཟང་ཡིད་འོང་མཛེས་སྡུག་འདི། །གུས་པའི་སེམས་ཀྱིས་འབུལ་ལོ༴ སོགས་ ནས། རྒྱས་པར་མཛོད། །ཅེས་པ་དེའི་རིགས་འགྲེས་ཏེ་ཚིག་རྐང་གཉིས་གཉིས་ཀྱི་མཚམས་སུ་གོང་བཞིན་སྦྱར། དགོས་ འདོད་སྣ་ཚོགས་ཡིད་བཞིན་འབྱུང་བའི་གནས། །མི་ཟད་གཏེར་གྱི་བུམ་བཟང་རྒྱན་ལྡན་ འདི། །རིན་ཆེན་སྣ་ཚོགས་འབྲུ་དང་སྨན་གྱི་རིགས། །གོས་དར་པགས་རིགས་མཁོ་དགུའི་ བང་མཛོད་རྣམས། །ཕུལ་བྱུང་དགེ་མཚན་སྣ་ཚོགས་ལེགས་འབྱུང་བའི། །བཀྲ་ཤིས་རྟགས་ བརྒྱད་ཡིད་འོང་མཆོད་རྫས་འདི། །མི་ཤེས་མུན་སེལ་དགེ་ལེགས་མཆོག་སྟེར་བའི། །རྒྱལ་ 4-1-47 བས་བྱིན་བརླབས་བཀྲ་ཤིས་རྫས་བརྒྱད་འདི། །འཁོར་ལོས་བསྒྱུར་བའི་མི་དབང་བསོད་ ནམས་ལས། །ལེགས་གྲུབ་རྒྱལ་སྲིད་རིན་ཆེན་སྣ་བདུན་འདི། །གཟུགས་མཛེས་སྒྲ་སྙན་དྲི་ ཞིམ་རོ་མངར་ཞིང༌། །རེག་བྱ་འཇམ་མཉེན་འདོད་ཡོན་རྣམ་ལྔ་འདི། །ཏིང་འཛིན་སྔགས་དང་ ཕྱག་རྒྱས་བྱིན་བརླབས་པའི། །གཏོར་མ་རྒྱན་ལྡན་ཞལ་ཟས་དམ་པ་འདི། །ཡིད་འོང་བཟའ་ བཅའི་བྱེ་བྲག་སྣ་ཚོགས་དང༌། །ཇ་ཆང་འོ་ཞོ་བཏུང་བ་སྣ་ཚོགས་འདི། །ཁ་དོག་ལྔ་ལྡན་ནམ་ མཁའ་མདའ་འཕང་དང༌། །རྒྱང་བུ་འཇའ་རིས་དར་སྣས་བརྒྱན་པ་འདི། །རྟ་གླང་འབྲི་གཡག་ ར་ལུག་བོང་དྲེལ་དང༌། །སྲོག་ཆགས་རི་དྭགས་ཡིད་འོང་སྣ་ཚོགས་འདི། །བདག་པོའི་བཟུང་ དང་མ་བཟུང་ལྷ་མིའི་ནོར། །དངོས་བཤམས་ཡིད་སྤྲུལ་མཆོད་རྫས་དམ་པ་འདི། །ཀུན་ཏུ་ བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི། །རབ་འབྱམས་མཆོད་པའི་སྤྲིན་ཚོགས་མཐའ་ཡས་ འདི། །དེ་དག་ཐམས་ཅད་ལ་རིགས་འགྲེས་སྦྱར་ཏེ་འབུལ་ལོ། །དེ་ནས་བྱེ་བྲག་རླུང་རྟའི་ལྷ་བཞི་ལ་བཅོས་ཡོན་འབུལ་བ་ ནི། ཀྱཻ། ཉི་མ་ཤར་གྱི་ཕྱོགས་ཤེད་ན། །སྟག་གི་ལོ་ཞེས་ས་བདག་ནི། །མི་ལུས་སྟག་གི་མགོ་ བོ་ཅན། །མཇུག་མ་སྦྲུལ་དུ་འཁྱིལ་བ་དང༌། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །ཁམས་ལྔའི་ སྲོག་ལུས་དབང་རླུང་ལྡན། །བྱི་འབྲུག་སྤྲེལ་གསུམ་ལོ་བ་ཡི། །རླུང་རྟའི་ལྷ་ནི་ཁྱོད་ཡིན་པས། །ཁྱོད་ལ་རླུང་རྟེན་འབུལ་བ་ནི། །ལྷ་ལུག་མཚལ་བརྒྱན་རླུང་རྟེན་འབུལ། །འབྲང་རྒྱས་ཞལ་ དཀར་རླུང་རྟེན་འབུལ། །གཙང་ཤ་ལག་གཡས་རླུང་རྟེན་འབུལ། །གསེར་སྐྱེམས་གཡུ་མདོག་ རླུང་རྟེན་འབུལ། །མཆོད་པ་རྣམ་ལྔ་རླུང་རྟེན་འབུལ། །འདོད་ཡོན་རྣམ་ལྔ་རླུང་རྟེན་འབུལ། །རྒྱལ་སྲིད་སྣ་བདུན་རླུང་རྟེན་འབུལ། །བཀྲ་ཤིས་རྟགས་བརྒྱད་རླུང་རྟེན་འབུལ། །བཀྲ་ཤིས་ རྫས་བརྒྱད་རླུང་རྟེན་འབུལ། །ནམ་མཁའ་ཁྲ་བོ་རླུང་རྟེན་འབུལ། །རྒྱང་བུ་འཇའ་རིས་རླུང་ རྟེན་འབུལ། །རླུང་རྟའི་ལྷ་ཚོགས་ཁྱེད་རྣམས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །རླུང་རྟ་ཉམས་པ་བསྐྱེད་དུ་གསོལ། །བདེ་སྐྱིད་དཔལ་ 4-1-48 འབྱོར་རྒྱས་པར་མཛོད། །ཀྱཻ། ཉི་མ་ལྷོ་ཡི་ཕྱོགས་ཤེད་ན། །སྦྲུལ་གྱི་ལོ་ཞེས་ས་བདག་ནི། །མི་ ལུས་སྦྲུལ་གྱི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འཁྱིལ་བ་དང༌། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །ཁམས་ལྔའི་སྲོག་ལུས་དབང་རླུང་ལྡན། །ཡོས་ལུག་ཕག་གསུམ་ལོ་བ་ཡི། །རླུང་རྟའི་ལྷ་ནི་ ཁྱོད་ཡིན་པས། །ཁྱོད་ལ་རླུང་རྟེན་འབུལ་བ་ནི། །ལྷ་ལུག་མཚལ་བརྒྱན་རླུང་རྟེན་འབུལ། །འབྲང་རྒྱས་ཞལ་དཀར་རླུང་རྟེན་འབུལ། །གཙང་ཤ་ལག་གཡས་རླུང་རྟེན་འབུལ། །གསེར་ སྐྱེམས་གཡུ་མདོག་རླུང་རྟེན་འབུལ། །མཆོད་པ་རྣམ་ལྔ་རླུང་རྟེན་འབུལ། །འདོད་ཡོན་རྣམ་ལྔ་ རླུང་རྟེན་འབུལ། །རྒྱལ་སྲིད་སྣ་བདུན་རླུང་རྟེན་འབུལ། །བཀྲ་ཤིས་རྟགས་བརྒྱད་རླུང་རྟེན་ འབུལ། །བཀྲ་ཤིས་རྫས་བརྒྱད་རླུང་རྟེན་འབུལ། །ནམ་མཁའ་ཁྲ་བོ་རླུང་རྟེན་འབུལ། །རྒྱང་ བུ་འཇའ་རིས་རླུང་རྟེན་འབུལ། །རླུང་རྟའི་ལྷ་ཚོགས་ཁྱེད་རྣམས་ཀྱིས། །མཐུན་པའི་དམ་ རྫས་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །རླུང་རྟ་ཉམས་པ་བསྐྱེད་དུ་གསོལ། །བདེ་སྐྱིད་དཔལ་འབྱོར་རྒྱས་པར་མཛོད། །ཀྱཻ། ཉི་མ་ནུབ་ཀྱི་ཕྱོགས་ཤེད་ན། །སྤྲེལ་གྱི་ལོ་ ཞེས་ས་བདག་ནི། །མི་ལུས་སྤྲེལ་གྱི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འཁྱིལ་བ་དང༌། །ལག་ པ་བྱ་ཁྱུང་སྡེར་མོ་ཅན། །ཁམས་ལྔའི་སྲོག་ལུས་དབང་རླུང་ལྡན། །སྟག་རྟ་ཁྱི་གསུམ་ལོ་བ་ ཡི། །རླུང་རྟའི་ལྷ་ནི་ཁྱོད་ཡིན་པས། །ཁྱོད་ལ་རླུང་རྟེན་འབུལ་བ་ནི། །ལྷ་ལུག་མཚལ་བརྒྱན་ རླུང་རྟེན་འབུལ། །འབྲང་རྒྱས་ཞལ་དཀར་རླུང་རྟེན་འབུལ། །གཙང་ཤ་ལག་གཡས་རླུང་རྟེན་ འབུལ། །གསེར་སྐྱེམས་གཡུ་མདོག་རླུང་རྟེན་འབུལ། །མཆོད་པ་རྣམ་ལྔ་རླུང་རྟེན་འབུལ། །འདོད་ཡོན་རྣམ་ལྔ་རླུང་རྟེན་འབུལ། །རྒྱལ་སྲིད་སྣ་བདུན་རླུང་རྟེན་འབུལ། །བཀྲ་ཤིས་ རྟགས་བརྒྱད་རླུང་རྟེན་འབུལ། །བཀྲ་ཤིས་རྫས་བརྒྱད་རླུང་རྟེན་འབུལ། །ནམ་མཁའ་ཁྲ་བོ་ རླུང་རྟེན་འབུལ། །རྒྱང་བུ་འཇའ་རིས་རླུང་རྟེན་འབུལ། །རླུང་རྟའི་ལྷ་ཚོགས་ཁྱེད་རྣམས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། རླུང་རྟ་ཉམས་པ་ 4-1-49 བསྐྱེད་དུ་གསོལ། །བདེ་སྐྱིད་དཔལ་འབྱོར་རྒྱས་པར་མཛོད། །ཀྱཻ། ཉི་མ་བྱང་གི་ཕྱོགས་ཤེད་ ན། །ཕག་གི་ལོ་ཞེས་ས་བདག་ནི། །མི་ལུས་ཕག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འཁྱིལ་ བ་དང༌། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །ཁམས་ལྔའི་སྲོག་ལུས་དབང་རླུང་ལྡན། །གླང་སྦྲུལ་ བྱ་གསུམ་ལོ་བ་ཡི། །རླུང་རྟའི་ལྷ་ནི་ཁྱོད་ཡིན་པས། །ཁྱོད་ལ་རླུང་རྟེན་འབུལ་བ་ནི། །ལྷ་ལུག་ མཚལ་བརྒྱན་རླུང་རྟེན་འབུལ། །འབྲང་རྒྱས་ཞལ་དཀར་རླུང་རྟེན་འབུལ། །གཙང་ཤ་ལག་ གཡས་རླུང་རྟེན་འབུལ། །གསེར་སྐྱེམས་གཡུ་མདོག་རླུང་རྟེན་འབུལ། །མཆོད་པ་རྣམ་ལྔ་ རླུང་རྟེན་འབུལ། །འདོད་ཡོན་རྣམ་ལྔ་རླུང་རྟེན་འབུལ། །རྒྱལ་སྲིད་སྣ་བདུན་རླུང་རྟེན་འབུལ། །བཀྲ་ཤིས་རྟགས་བརྒྱད་རླུང་རྟེན་འབུལ། །བཀྲ་ཤིས་རྫས་བརྒྱད་རླུང་རྟེན་འབུལ། །ནམ་ མཁའ་ཁྲ་བོ་རླུང་རྟེན་འབུལ། །རྒྱང་བུ་འཇའ་རིས་རླུང་རྟེན་འབུལ། །རླུང་རྟའི་ལྷ་ཚོགས་ཁྱེད་ རྣམས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །རླུང་ རྟ་ཉམས་པ་བསྐྱེད་དུ་གསོལ། །བདེ་སྐྱིད་དཔལ་འབྱོར་རྒྱས་པར་མཛོད། ། དྲུག་པ་རླུང་རྟ་གསོ་ཐབས་སྣ་ཚོགས་ལས། རླུང་རྟའི་རྟེན་འཛུགས་པ་ནི། ཧཱུཾ། རྡོ་རྗེ་འཆང་དང་ཆོས་རྒྱལ་ རིགས་ལྡན་དང༌། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བརྒྱུད་རིམ་བཅས། །དུས་འཁོར་སྡེ་ དྲུག་བདེ་དགྱེས་འཇིགས་གསང་སོགས། །སྒྲོལ་མ་གཙོ་འཁོར་ཡི་དམ་རབ་འབྱམས་དང༌། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་གཙོ་འཁོར་ཀུན། །ལོ་ཟླ་ཞག་དུས་སྤར་སྨེ་སྲོག་ལུས་ དབང༌། །རླུང་ལྷ་འཇིག་རྟེན་འཇིག་རྟེན་ལས་འདས་པའི། །ལྷ་ཚོགས་དེ་དག་ཐམས་ཅད་ མཐུ་བྱིན་གྱིས། །དེ་རིང་བདག་དང་ཡོན་བདག་འཁོར་བཅས་ཀྱི། །ལྷ་ཡང་ཡིད་ཚང་རླུང་ རྟའི་ལྷ་ཚོགས་བཞུགས། །རྟེན་ཡང་ཡིད་ཚང་རླུང་གི་རྟེན་མཆོག་ཡིན། །མཁར་ཡང་ཡིད་ཚང་ རླུང་གི་རིན་ཆེན་མཁར། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གནས་མཆོག་འདིར། །བླ་མའི་སྐུ་ ཚེ་བརྟན་རྟེན་གདུགས་ཆེན་ཕུབ། །རྒྱ་ཆེན་ཁོར་ཡུག་འཕེལ་ཆ་མ་ཉམས་ཤིག །མདོ་སྔགས་ 4-1-50 རྒྱས་རྟེན་ཕྱོགས་བཞིར་རྒྱལ་མཚན་བཙུགས། །རྒྱལ་མཚན་གཟི་མདངས་ཉམས་སུ་མ་འགྲོ་ ཞིག །བཤད་སྒྲུབ་ཟུང་འབྲེལ་རྟེན་དུ་ཉ་མོ་འཁྱིལ། །གསེར་གྱི་ཉ་མོ་ཟུང་ཁ་མ་བྲལ་ཞིག །ཐོས་བསམ་སྒོམ་གསུམ་རྟེན་དུ་པདྨས་བརྒྱན། །པདྨ་འདབ་སྟོང་ལོ་འདབ་མ་ཉམས་ཤིག །བསླབ་གསུམ་ཉམས་ལེན་རྟེན་དུ་བུམ་བཟང་ཕུལ། །གསེར་བུམ་བདུད་རྩིའི་བཅུད་དང་མ་ བྲལ་ཞིག །འཆད་རྩོད་རྩོམ་གསུམ་རྟེན་དུ་དཔལ་བེའུས་བརྒྱན། །ཤེས་རབ་ཟབ་རྣོའི་རེའུ་ མིག་མ་ཟུམ་ཞིག །ཆོས་སྤྱོད་འཕེལ་བའི་རྟེན་དུ་གསེར་འཁོར་ཕུལ། །རྩིབས་སྟོང་མུ་འཁྱུད་ གཟི་བརྗིད་མ་ཉམས་ཤིག །ཐུགས་མཐུན་ཁྲིམས་གཙང་རྟེན་དུ་ཆོས་དུང་འབུད། །གྲགས་ སྙན་གདངས་སྒྲ་ཉམས་ཞན་མ་འགྲོ་ཞིག །སྦྱིན་བདག་གང་འདོད་རྟེན་དུ་ནོར་བུས་བརྒྱན། །བསམ་དོན་རབ་མྱུར་བུལ་དུ་མ་འགྲོ་ཞིག །རྒྱལ་བློན་ཆབ་སྲིད་དར་རྟེན་འཁོར་ལོས་བརྒྱན། །ཁ་རྗེ་དབང་ཐང་རྩིབས་སྟོང་མ་ཉམས་ཤིག །ཆོས་སྲིད་ཟུང་འབྲེལ་རྟེན་དུ་གླང་པོས་བརྒྱན། །བསྟན་འགྲོའི་ཁུར་ཆེན་སྙིང་སྟོབས་མ་ཞན་ཞིག །ཆར་ཆུ་དུས་ཚིགས་སྙོམས་རྟེན་ཁམས་ ལྔས་བརྒྱན། །ཅི་བསམ་ཁམས་སྙོམས་འཕེལ་ཆ་མ་ཉམས་ཤིག །ལོ་ཕྱུགས་ལེགས་པའི་རྟེན་ དུ་འདོད་དགུས་བརྒྱན། །ལོཕྱུགས་རྒྱས་ལ་འཕེལ་འགྲིབ་མ་འགྲོ་ཞིག །འགལ་རྐྱེན་ཞི་བའི་ རྟེན་དུ་སྲུང་བཞིས་བརྒྱན། །བར་ཆད་སྲུང་ལ་དམ་ལྷོད་མ་འགྲོ་ཞིག །འཐབ་རྩོད་ཞི་བའི་ རྟེན་དུ་འདོད་ལྔས་བརྒྱན། །རེ་འདོད་ཇི་བཞིན་ལེགས་འགྲུབ་མ་འཁོན་ཞིག །བསོད་ནམས་ དབང་ཐང་རྟེན་དུ་དར་བཞིས་བརྒྱན། །སྙན་གྲགས་དར་ཆེན་ཉམས་རལ་མ་འགྲོ་ཞིག །མི་ ཕྱུགས་ནད་རྣམས་ཞི་རྟེན་སྨན་རིགས་བཙུགས། །ནད་རིགས་བཅོམ་པའི་ནུས་མཐུ་མ་ཉམས་ ཤིག །དགྲ་བགེགས་བསྒྲལ་བའི་རྟེན་དུ་མདའ་མདུང་བཙུགས། །བསྟན་དགྲ་བརླག་པའི་ རྣོ་ངར་མ་ཉམས་ཤིག །ཕོ་རླུང་རྟེན་དུ་མདའ་མོ་རྒྱན་ལྡན་བཙུགས། །རླུང་མདའ་རྒྱན་ལྡན་ ཚང་ནས་མ་དཀྲུགས་ཤིག །མོ་རླུང་རྟེན་དུ་གཡུ་འཕང་ལེགས་མཛེས་བཙུགས། །གཡུ་འཕང་ 4-1-51 ལེགས་མཛེས་རྩེ་ནས་མ་བསྙིལ་ཞིག །བུ་རླུང་རྟེན་དུ་རིན་ཆེན་རླུང་མཁར་བརྩིགས། །རིན་ ཆེན་རླུང་མཁར་རྨང་ནས་མ་འགྱེལ་ཞིག །ཟས་རླུང་རྟེན་དུ་འབྲུ་དཀར་སྣ་ཚོགས་བླུག །འབྲུ་ རིགས་མཛོད་ཁང་སྣ་ཚོགས་མ་ཉམས་ཤིག །གོས་རླུང་རྟེན་དུ་དར་ཟབ་སྣ་ཚོགས་བཙུགས། །དར་ཟབ་བང་མཛོད་གང་སྟོང་མ་འགྲོ་ཞིག །ནོར་རླུང་རྟེན་དུ་རིན་ཆེན་སྣ་ཚོགས་ཕུལ། །རིན་ཆེན་སྣ་ཚོགས་གླིང་ནས་མ་ཉམས་ཤིག །ཚེ་སྲོག་རླུང་རྟེན་སྨན་སྣ་དུ་མ་བསྡུས། །ཚེ་ སྲོག་དུས་མིན་འཆི་བར་མ་བཏང་ཞིག །རླུང་རྟའི་ལྷ་རྣམས་གནས་ལས་མ་གཡོ་བར། །རང་ རང་རྟེན་ལ་བརྟན་པར་བཞུགས་སུ་གསོལ། །ཚེ་དཔལ་རླུང་རྟ་མ་ལུས་བསྐྱེད་དུ་གསོལ། །རྟེན་བཙུགས་ཐམས་ཅད་དོན་དང་ལྡན་པར་མཛོད། ། དེ་ནས་རླུང་རྟ་ཉམས་པ་གསོ་བ་ནི། ཀྱཻ། རྡོར་འཆང་ཆོས་རྒྱལ་རིགས་ལྡན་སོགས། །ཀུན་མཁྱེན་ རྗེ་བཙུན་ཡབ་སྲས་དང༌། །བརྒྱུད་ལྡན་བླ་མའི་ཚོགས་ཐམས་ཅད། །དུས་འཁོར་སྡེ་དྲུག་ བདེ་དགྱེས་དང༌། །འཇིགས་གསང་སྒྲོལ་མ་གཙོ་འཁོར་ཀུན། །ཡི་དམ་རབ་འབྱམས་མཆོག་ གསུམ་དང༌། །མཁའ་འགྲོ་ཆོས་སྐྱོང་གཙོ་འཁོར་རྣམས། །ནོར་ལྷ་གཏེར་བདག་ལོ་ཟླ་ཞག །དུས་ཚོད་སྤར་སྨེ་སྲོག་ལུས་དབང༌། །རླུང་ལྷ་གནས་བདག་གཞི་བདག་སོགས། །འཇིག་ རྟེན་འཇིག་རྟེན་འདས་པའི་ཚོགས། །རླུང་རྟའི་ལྷ་ཚོགས་ཁྱེད་རྣམས་ལ། །བདག་དང་རྒྱུ་སྦྱོར་ ཡོན་བདག་གི། །རླུང་རྟ་ཉམས་པ་གསོ་བའི་ཐབས། །མཐུན་པའི་བཅོས་ཡོན་འབུལ་བ་ནི། །བཀྲ་ཤིས་རྟགས་བརྒྱད་ཡིད་འོང་འདི། །བཤད་སྒྲུབ་རྒྱས་པའི་རྟེན་དུ་འབུལ། །རྒྱལ་བས་ བྱིན་བརླབས་རྫས་བརྒྱད་འདི། །རྫོགས་ལྡན་རྒྱས་པའི་རྟེན་དུ་འབུལ། །རྒྱལ་སྲིད་རིན་ཆེན་ སྣ་བདུན་འདི། །མཛད་འཕྲིན་དར་བའི་རྟེན་དུ་འབུལ། །ཡིད་འོང་འདོད་ཡོན་རྣམ་ལྔ་འདི། །ཆོས་སྤྱོད་འཕེལ་བའི་རྟེན་དུ་འབུལ། །དཀར་མངར་སྦྱར་བའི་ཞལ་ཟས་འདི། །ལྷ་ཚོགས་ དགྱེས་པའི་རྟེན་དུ་འབུལ། །ལྷ་ལུག་ངྷེལ་བ་མཚལ་གྱིས་བརྒྱན། །རླུང་རྟ་གསོ་བའི་ཡོན་དུ་ 4-1-52 འབུལ། །བཤོས་གཙང་འབྲང་རྒྱས་ཞལ་དཀར་འདི། །རླུང་རྟ་བསྐྱེད་པའི་ཡོན་དུ་འབུལ། །གཙང་ཤ་ལག་པ་གཡས་པ་འདི། །རླུང་རྟ་སློང་བའི་ཡོན་དུ་འབུལ། །སྙུག་མདའ་བྱ་རྒོད་ སྒྲོས་བརྒྱན་ལ། །ལེབ་རྒན་དར་སྣས་སྒྲོན་པ་འདི། །ཕོ་རླུང་འབར་བའི་ཡོན་དུ་འབུལ། །གཡུ་ འཕང་གསེར་འོད་འབར་བ་ལ། །དར་ཚོན་སྣ་ལྔས་བརྒྱན་པ་འདི། །མོ་རླུང་མཛེས་པའི་རྟེན་ དུ་འབུལ། །རིན་ཆེན་རྣམ་པ་སྣ་ཚོགས་འདི། །ཆོས་སྲིད་དར་བའི་རྟེན་དུ་འབུལ། །རླུང་མཁར་ རིན་ཆེན་ལས་བྱས་འདི། །མཁར་ཁང་བརྟན་པའི་རྟེན་དུ་འབུལ། །འབྲུ་སྣ་རྣམ་པ་སྣ་ཚོགས་ འདི། །འབྲུ་བཅུད་འཕེལ་བའི་རྟེན་དུ་འབུལ། །དར་ཟབ་རྣམ་པ་སྣ་ཚོགས་འདི། །གོས་དར་ མི་ཟད་རྟེན་དུ་འབུལ། །སྨན་སྣ་རྣམ་པ་སྣ་ཚོགས་འདི། །ནད་མེད་བདེ་བའི་རྟེན་དུ་འབུལ། །བྱེ་བྲག་བཟའ་བཅའ་སྣ་ཚོགས་འདི། །ནོར་གཏེར་རླུང་ལྷའི་ཚོགས་ལ་འབུལ། །ཇ་ཆང་འོ་ ཞོ་བཏུང་རིགས་འདི། །གནས་ཡུལ་གཞི་བདག་སོགས་ལ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་ བདག་གི། །རླུང་རྟ་གསོས་ལ་དཔལ་ཁ་བསྐྱེད། །རླུང་རྟ་ཉམས་པ་དེ་རིང་གསོས། །རླུང་རྟ་ ཡོ་བ་དེ་རིང་སློངས། །རླུང་རྟ་འགྱེལ་ན་དེ་རིང་སློངས། །རླུང་རྟ་གས་ན་དེ་རིང་སྲུབས། །རླུང་ རྟ་རལ་ན་དེ་རིང་ཚེམས། །རླུང་རྟ་བུག་ན་དེ་རིང་གློན། །རླུང་རྟ་ཆག་ན་དེ་རིང་སྦྱོར། །རླུང་ རྟ་ཆད་ན་དེ་རིང་མཐུད། །ཡིད་ཚང་རླུང་རྟ་བརྟན་པར་མཛོད། །བདེ་སྐྱིད་དཔལ་འབྱོར་རྒྱས་ པར་མཛོད། ། དེ་ནས་རླུང་རྟ་སློང་བ་ནི། ཀྱཻ། ཤར་ཕྱོགས་འབྱུང་བ་ཤིང་ལ་རླུང་ཤིང་སློང༌། །ཡིད་ཚང་འཁོར་ འབངས་ཤིང་ལྟར་རྒྱས་གྱུར་ཅིག །ལྷོ་ཕྱོགས་འབྱུང་བ་མེ་ལ་རླུང་ཤིང་སློང༌། །ཡིད་ཚང་ བསོད་ནམས་མེ་ལྟར་འབར་གྱུར་ཅིག །ནུབ་ཕྱོགས་འབྱུང་བ་ལྕགས་ལ་རླུང་ཤིང་སློང༌། །ཡིད་ཚང་ཚེ་སྲོག་ལྕགས་ལས་སྲ་གྱུར་ཅིག །བྱང་ཕྱོགས་འབྱུང་བ་ཆུ་ལ་རླུང་ཤིང་སློང༌། །ཡིད་ཚང་རིགས་རྒྱུད་ཆུ་ལས་རིང་གྱུར་ཅིག །དབུས་ཕྱོགས་འབྱུང་བ་ས་ལ་རླུང་ཤིང་སློང༌། 4-1-53 །ཡིད་ཚང་རླུང་རྟ་ས་ལྟར་བརྟན་གྱུར་ཅིག །རླུང་ཤིང་ལྡེམ་པ་ལྔ་ཡི་ནུས་མཐུ་ཡིས། །རླུང་གི་ ལྷལྔས་མགོན་སྐྱབས་དཔུང་གཉེན་མཛོད། །རླུང་རྟ་ཚེ་བསོད་དཔལ་འབྱོར་ཡར་ལ་བསྐྱེད། །རླུང་རྟ་སྙན་གྲགས་ཡོངས་སུ་རྒྱས་པར་མཛོད། ། དེ་ནས་རླུང་རྟ་གྲངས་བསོག་པར་འདོད་ན། ཀྱཻ། རྡོར་འཆང་ཆོས་རྒྱལ་རིགས་ལྡན་དང༌། །ཀུན་ མཁྱེན་རྗེ་བཙུན་ཡབ་སྲས་དང༌། །བརྒྱུད་ལྡན་བླ་མའི་ཚོགས་ཐམས་ཅད། །དུས་འཁོར་སྡེ་ དྲུག་བདེ་དགྱེས་དང༌། །འཇིགས་གསང་སྒྲོལ་མ་གཙོ་འཁོར་རྣམས། །ཡི་དམ་རབ་འབྱམས་ མཆོག་གསུམ་དང༌། །མཁའ་འགྲོ་ཆོས་སྐྱོང་གཙོ་འཁོར་ཀུན། །ནོར་ལྷ་གཏེར་བདག་ལོ་ཟླ་ ཞག །དུས་ཚོད་སྤར་སྨེ་སྲོག་ལུས་དབང༌། །རླུང་ལྷ་གནས་བདག་གཞི་བདག་སོགས། །འཇིག་ རྟེན་འཇིག་རྟེན་ལས་འདས་ཚོགས། །རླུང་རྟའི་ལྷ་ཚོགས་ཁྱེད་རྣམས་ལ། །དེ་རིང་རྣལ་འབྱོར་ བདག་ཅག་གིས། །རླུང་རྟའི་རྟེན་དང་ཀ་བ་བཙུགས། །རླུང་རྟའི་རྟེན་རྫས་སྣ་ཚོགས་དང༌། །བཅོས་ཡོན་སྣ་ཚོགས་མ་ལུས་འབུལ། །མཐུན་པའི་བཅོས་ཡོན་འདི་བཞེས་ལ། །རླུང་རྟ་ གསོས་ལ་དཔལ་ཁ་བསྐྱེད། །རླུང་རྟའི་ཡིད་ཚང་ངན་པ་རྣམས། །ཉམས་པ་གསོས་ལ་འགྱེལ་ བ་སློང༌། །ཆད་པ་མཐུད་ལ་ཆགས་པ་སྦྱོར། །རླུང་རྟ་ཕན་ཚུན་མི་མཐུན་པས། །གཅིག་བདུད་ གཅིག་བཅད་ནང་འཕྲད་སྐྱོན། །གནམ་སྒོ་ཕྱེ་དང་ས་སྒོ་རལ། །དགུ་མིག་དུར་མིག་ཚུད་པ་ དང༌། །རླུང་རྟའི་བཅུད་དང་མདངས་ཉམས་སོགས། །མི་མཐུན་གནོད་པ་ཐམས་ཅད་དང༌། །རླུང་རྟའི་ཉེས་སྐྱོན་ཐམས་ཅད་ཞི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་སྲོག་ལུས་དང་དབང་ ཐང་དང༌། །ཁ་རྗེ་རླུང་རྟ་ཡར་ལ་བསྐྱེད། །དཔལ་འབྱོར་ལེགས་ཚོགས་མ་ལུས་པ། །འབད་ མེད་ལྷུན་གྱིས་གྲུབ་པ་དང༌། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། ། དེ་ནས་བསང་མཆོད་ནི། དེ་ཡང་བསང་རྫས་གཙང་སྦྱར་ཉེར་འདུ་བྱས་ལ། སྒྲོལ་མའི་གཡང་བསང་ནི། ཏཱྃཿ རང་ གི་ཐུགས་ལས་རཾ་ཡཾ་ཁཾ་གསུམ་སྤྲོས། །བསང་རྫས་མི་གཙང་དྲི་མ་བསྲེག་གཏོར་བཀྲུས། 4-1-54 །སླར་ཡང་ༀ་ཨཱཿཧཱུཾ་གསུམ་སྤྲོས་པ་ལས། །མཆོད་སྤྲིན་སྤེལ་བསྒྱུར་ཟག་བྲལ་རྒྱ་མཚོར་ གྱུར། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། ལན་གསུམ་སོགས་བརྗོད། སྔགས་རྒྱས་རབ་སྤེལ་བཟང་ཤིང་བདུག་ པའི་སྤྲིན། །མཆོད་ཡུལ་དགྱེས་བསྐྱེད་ཉེར་མཁོ་ཟད་མེད་གཏེར། །ནམ་མཁའ་མཛོད་ཀྱི་ ལོངས་སྤྱོད་དེར་འཆར་བ། །ཀུན་བཟང་འཕྲུལ་ལ་འགྲན་པའི་མཆོད་སྤྲིན་སྤྲོ། །རིན་ཆེན་ ཨིནྡྲ་ནཱི་ལའི་ལྷུན་པོ་ལ། །ཉིན་བྱེད་འབུམ་གྱི་འོད་མདངས་འཕོས་པ་བཞིན། །འགྱིང་བག་ རུས་རྒྱན་ཐབས་ཤེས་རྟགས་མཆོག་བསྣམས། །ཁྱབ་བདག་རྡོ་རྗེ་འཆང་ལ་བསང་མཆོད་ འབུལ། །དུས་འཁོར་རྩ་རྒྱུད་དགོངས་འགྲེལ་ལ་སོགས་པའི། །ཟབ་གནད་ཉམས་བཞེས་ མཛད་པས་གྲུབ་པ་བརྙེས། །ས་སྤྱོད་ཞིང་སྐྱོང་ཆོས་རྒྱལ་རིམ་བྱོན་དང༌། །དེར་བཞུགས་ སྐྱེས་མཆོག་རྣམས་ལ་བསང་མཆོད་འབུལ། །བཀའ་འཁོར་གསུམ་གྱི་དགོངས་པ་གཅིག་ ཏུ་བསྒྲུབས། །དྲང་ངེས་གཤག་འབྱེད་དུ་མ་ལེགས་མཛད་པས། །ལྗོངས་འདིར་བཀའ་བསྡུ་ བཞི་པའི་རྒྱལ་མཚན་བསྒྲེངས། །ཀུན་མཁྱེན་ཆེན་པོ་ཉིད་ལ་བསང་མཆོད་འབུལ། །ཆགས་ ཐོགས་བྲལ་བའི་ཡེ་ཤེས་རྡོ་རྗེ་ཡིས། །འཇིགས་ཚོགས་ལྟ་བའི་རི་བོ་ཀུན་བསྙིལ་ཏེ། །དོན་ དམ་མཁའ་ཁྱབ་ཡེ་ཤེས་རྒྱལ་ཁབ་ཏུ། །བྱོན་པའི་ཐུགས་སྲས་ཚོགས་ལ་བསང་མཆོད་ འབུལ། །རང་ལུགས་གཙང་ཞིང་གཞན་ལུགས་མ་འདྲེས་འཆད། །ས་ལམ་སྤངས་རྟོགས་ ཐུགས་ཀྱི་བུམ་བཟང་གཏམ། །གཟུར་གནས་མཁས་མང་འབུམ་གྱི་གཙུག་ནོར་བཞུགས། །ཏཱ་ར་ནཱ་ཐ་རྗེ་ལ་བསང་མཆོད་འབུལ། །མདོ་སྔགས་ཟུང་འབྲེལ་དབུ་མའི་ལམ་སྲོལ་བཞིན། །གཞན་སྟོང་ལྟ་བའི་གནས་ལུགས་ལྷུར་བཞེས་མཛད། །སྐལ་བཟང་རང་དབང་སྤྱོད་མཛད་ རིམ་བྱོན་རྣམས། །བརྒྱུད་ལྡན་བླ་མའི་ཚོགས་ལ་བསང་མཆོད་འབུལ། །དུས་འཁོར་སྡེ་དྲུག་ བདེ་དགྱེས་འཇིགས་གསང་རྣམས། །བདེ་ཆེན་འདྲེན་བྱེད་མཛེས་མའི་ཆུ་སྐྱེས་ལ། །རེག་ པ་ལ་སྲེད་ཕྱག་ཟུང་ཞགས་པས་འཁྱུད། །ཡི་དམ་རྒྱུད་སྡེའི་ཚོགས་ལ་བསང་མཆོད་འབུལ། 4-1-55 །ཏཱྃཿ རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ཆོས་དབྱིངས་གཤིས། །གང་འདུལ་འགྲོ་ལ་སྣ་ཚོགས་སྣང་ བའི་གར། །གནས་ལུགས་རང་མདངས་ཁྱད་མེད་ཐབས་ཚུལ་གྱིས། །མྱུར་མ་དཔའ་མོ་གཙོ་ འཁོར་རྣམ་པར་བརྫུ། །གང་ལ་གང་འདུལ་དེར་སྣང་རོལ་པ་ཡིས། །སྒྲུབ་པོའི་མོས་འདུན་ དག་པའི་ཡུལ་སྣང་དུ། །གཡང་གི་ལྷ་མོ་གཙོ་འཁོར་ཉེར་གཅིག་ཚོགས། །དད་དང་དམ་ ཚིག་དབང་གིས་སྤྱན་འདྲེན་ན། །མཆོད་མགྲོན་ཚུལ་དུ་ལེགས་བྱོན་བརྩེར་བཞུགས་ནས། །དགྱེས་བསྐྱེད་གང་དག་འདིར་ནི་བཞེས་མཛོད་ལ། །མཐུན་འཇུག་རིགས་ཀྱི་དངོས་གྲུབ་ རང་འཚམ་སྩོལ། །རབ་དཀར་དུད་སྤྲིན་ལྷ་ལམ་ཡོངས་ཁྱབ་འདིར། །ཙནྡན་བལ་བུ་ཨ་གར་ ལ་སོགས་པའི། །བཟང་ཤིང་དཔག་ཡས་རབ་བསྲེགས་བདུག་པའི་སྤྲིན། །འདོད་པའི་ཡོན་ ཏན་མ་ཚང་མེད་པའི་དཔལ། །མཆོད་ཡུལ་མཉེས་བྱེད་དགྱེས་བསྐྱེད་ངོ་མཚར་བས། །གཙོ་ མོ་མྱུར་མཛད་འཕགས་མ་གསོལ་ལོ་མཆོད། །གང་འཚམ་ལེགས་བཞེས་བརྩེ་ཆེན་དགོངས་ ཀློང་ངང༌། །སྲིད་དང་ཞི་བའི་དངོས་གྲུབ་གང་སྨོན་ཀུན། །འཕྲིན་ལས་མི་འགྱང་དུས་སུ་ གཡེལ་མེད་མཛོད། །འཁོར་གྱི་ཚུལ་འཆང་དབྱངས་ཅན་མ་ལ་མཆོད། །བསོད་ནམས་སྦྱིན་ མོ་ནོར་གཏེར་མཆོག་ལ་མཆོད། །རྣམ་རྒྱལ་ལྷ་མོ་ཚེ་སྤེལ་མ་ལ་མཆོད། །དབང་སྡུད་མཛད་ ཆེན་རིག་བྱེད་ལྷ་མོར་མཆོད། །དགྱེས་བཞེས་སྒྲུབ་ལ་རླུང་རྟ་ཉམས་པ་གསོས། །འགྱེལ་སློང་ ཆད་མཐུད་ཆག་སྦྱོར་ཕན་ཚུན་མཐུན། །གཅིག་བདུད་གཅིག་བཅད་ནང་འཕྲད་སྐྱོན་རྣམས་ ཞི། །རླུང་རྟ་བསྐྱེད་ལ་བདེ་སྐྱིད་ཀུན་ལྡན་མཛོད། །འཇིགས་བྱེད་ཆེན་མོ་དགྲ་སྡེ་རློག་མར་ མཆོད། །གཞན་གྱིས་མི་ཐུབ་སྲུང་ཆེན་ལྷ་མོར་མཆོད། །གཞན་ལས་རབ་རྒྱལ་དཔའ་ཆེན་ མྱུར་མར་མཆོད། །ནགས་ཀྱི་སྒྲོལ་མ་ལྷ་མོ་མཆོག་ལ་མཆོད། །དགྱེས་བཞེས་སྒྲུབ་ལ་རླུང་རྟ་ ཉམས་པ་གསོས། །འགྱེལ་སློང་ཆད་མཐུད་ཆག་སྦྱོར་ཕན་ཚུན་མཐུན། །གཅིག་བདུད་གཅིག་ བཅད་ནང་འཕྲད་སྐྱོན་རྣམས་ཞི། །རླུང་རྟ་བསྐྱེད་ལ་བདེ་སྐྱིད་ཀུན་ལྡན་མཛོད། །འཇིག་རྟེན་ 4-1-56 གསུམ་རྒྱལ་དཔལ་ལྡན་ལྷ་མོར་མཆོད། །ནོར་གྱི་དཔལ་གཡང་སྦྱིན་མཛད་མ་ལ་མཆོད། །བཀྲ་ཤིས་དགེ་ལེགས་མཛད་མ་ཆེན་མོར་མཆོད། །དགྲ་དཔུང་ཆོམ་ལ་འབེབས་བྱེད་མ་ལ་ མཆོད། །དགྱེས་བཞེས་སྒྲུབ་ལ་རླུང་རྟ་ཉམས་པ་གསོས། །འགྱེལ་སློང་ཆད་མཐུད་ཆག་སྦྱོར་ ཕན་ཚུན་མཐུན། །གཅིག་བདུད་གཅིག་བཅད་ནང་འཕྲད་སྐྱོན་རྣམས་ཞི། །རླུང་རྟ་བསྐྱེད་ ལ་བདེ་སྐྱིད་ཀུན་ལྡན་མཛོད། །ཁྲོ་མོ་དྲག་སྤྱན་སྟོབས་ལྡན་མ་ལ་མཆོད། །རབ་ཞི་དཀར་མོ་ དུང་འོད་བདག་མོར་མཆོད། །འོད་ཟེར་འབར་བའི་ཕྲེང་བ་འཁྲིགས་མར་མཆོད། །འཇིགས་ རྟེན་གནོན་མཛད་མཐུ་ཆེན་དབང་མོར་མཆོད། །དགྱེས་བཞེས་སྒྲུབ་ལ་རླུང་རྟ་ཉམས་པ་ གསོས། །འགྱེལ་སློང་ཆད་མཐུད་ཆག་སྦྱོར་ཕན་ཚུན་མཐུན། །གཅིག་བདུད་གཅིག་བཅད་ ནང་འཕྲད་སྐྱོན་རྣམས་ཞི། །རླུང་རྟ་བསྐྱེད་ལ་བདེ་སྐྱིད་ཀུན་ལྡན་མཛོད། །རྨ་བྱ་དུག་གི་ གནོད་འཇོམས་ཆེན་མོར་མཆོད། །མི་ཕམ་རྒྱལ་མོ་བགེགས་འདུལ་མ་ལ་མཆོད། །རིཁྲོད་ ནད་རིམས་ཉེར་བཟློག་བྱེད་མར་མཆོད། །འོད་ཟེར་ཅན་མ་དགྲའཇོམས་ལྷ་མོར་མཆོད། །དགྱེས་བཞེས་སྒྲུབ་ལ་རླུང་རྟ་ཉམས་པ་གསོས། །འགྱེལ་སློང་ཆད་མཐུད་ཆག་སྦྱོར་ཕན་ཚུན་ མཐུན། །གཅིག་བདུད་གཅིག་བཅད་ནང་འཕྲད་སྐྱོན་རྣམས་ཞི། །རླུང་རྟ་བསྐྱེད་ལ་བདེ་སྐྱིད་ ཀུན་ལྡན་མཛོད། །གཞན་ཡང་འཕགས་མའི་རྣམ་རོལ་མཐའ་ཀླས་པ། །ནམ་མཁའ་རབ་ འབྱམས་ཀུན་ཏུ་ཡོངས་ཁྱབ་པའི། །གང་འདུལ་སྒྱུ་མའི་སྤྲུལ་བཀོད་ཚད་མེད་ལ། །དེ་སྙེད་ མཆོད་འབུལ་ལས་མཐུན་དངོས་གྲུབ་སྩོལ། །ལྷ་མོའི་བཀའ་སྡོད་ཕྱི་འཁོར་སྡེ་རིགས་ཚོགས། །གཙང་རིས་དཔལ་མགོན་ཕྱོགས་སྐྱོང་ཆར་གཏོགས་པ། །གང་འདི་ལུས་པ་མེད་ལ་བསང་ མཆོད་འབུལ། །རང་རང་དང་འཚམ་སྡོང་གྲོགས་གཡེལ་མེད་མཛོད། །དེ་ལྟར་དགྱེས་མཆོད་ སྤྲིན་ཆེན་ལེགས་བསྟར་བས། །བདག་དང་རེ་ལྟོས་གང་བྱེད་སེམས་ཅན་གྱི། །ཉེས་ལྟུང་སྡིག་ པ་བཀྲ་མི་ཤིས་ཀུན་སོལ། །བསོད་ནམས་དཔལ་བདེའི་སྐལ་བཟང་མཐའ་དག་བསྡུས། 4-1-57 །ཡངས་པའི་རྒྱལ་ཁམས་ཀུན་ཏུ་ས་བཅུད་འཕེལ། །ལོ་ཏོག་འབྲས་བུ་རབ་རྒྱས་ལྷ་རྣམས་ དགའ། །སྲུང་ཞིང་སྐྱོབ་སྦེད་འཕྲིན་ལས་ཆེར་དར་ཞིང༌། །ཟས་སོགས་བདེར་གནས་ཡོ་བྱད་ ལྷུན་གྲུབ་མཛོད། །ནོར་བུ་མུ་ཏིག་གསེར་དངུལ་ལ་སོགས་པ། །རིན་ཆེན་བང་མཛོད་རྣམས་ ཀྱང་རབ་རྒྱས་ཤིང༌། །ལོ་ལེགས་འབྲུ་འཕེལ་ངན་འགྲོའི་སྐྱེ་རྒྱུན་ཆད། །ལྷ་མིའི་བདེ་མྱོང་ སྐྱིད་པའི་དཔལ་འཐོབ་ཤོག །མདོར་ན་འདོད་དོན་གང་དང་གང་བཅོལ་བ། །འཕགས་མ་ལྷ་ མོའི་གསང་གསུམ་མཐུ་རླབས་ཀྱིས། །དུས་སུ་གང་བབ་བསམ་དོན་ཆོས་མཐུན་དུ། །གེགས་ མེད་ཡོངས་སུ་འགྲུབ་པའི་འཕྲིན་ལས་མཛོད། ། མ་ཏིའི་གསུང་བའི་ལྷ་མོ་ཉེར་གཅིག་གི་བསང་མཆོད་ཡང་འདོན། ༀ་རྗེ་བཙུན་བཅོམ་ལྡན་འདས་མ་ལྷ་མོ་ མྱུར་མ་དཔའ་མོའི་ཚོགས་ལ་གུས་པས་མཆོད་དོ། །ཐུགས་རྗེ་བརྩེ་བ་ཆེན་པོས་ལེགས་པར་ བཟུང་དུ་གསོལ། །ༀ་ཨཱཿཧཱུཾ། རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་རང་གཟུགས་མདངས། །འཕྲིན་ ལས་འཇིགས་ཀུན་ལེགས་སྐྱོབ་ལྷ་མོའི་གཟུགས། །རྣམ་འཕྲུལ་མཛད་པ་རབ་འབྱམས་ མངའ་བའི་གཏེར། །ཉེར་གཅིག་འཕགས་མ་འདིར་བྱོན་དགྱེས་པར་བཞུགས། །སྒྲུབ་པོས་ སྔགས་རྒྱས་རབ་སྤེལ་མཆོད་པའི་སྤྲིན། །ཀུན་བཟང་འཕྲུལ་ལ་འགྲན་པའི་མ་ཚང་མེད། །རྒྱ་ ཆེན་མཆོད་པའི་བཀོད་པ་ངོ་མཚར་བ། །གུས་པས་འབུལ་ལོ་བརྩེ་བས་ལེགས་བཞེས་མཛོད། །རྨད་བྱུང་ལྗང་གསལ་ཡེ་ཤེས་གསར་བའི་སྐུ། །མཛེས་སྡུག་ལེགས་ཆ་རྫོགས་པའི་རྣམ་ བརྒྱའི་འཕྲུལ། །དུས་ཀུན་འཛད་མེད་རྗེ་བཙུན་བཅོམ་ལྡན་མ། །བརྩེ་ཆེན་དགྱེས་པས་གྲུབ་ གཉིས་དངོས་གྲུབ་སྩོལ། །རབ་དཀར་ཞི་བའི་ལྷ་མོ་མཛེས་སྡུག་གཟུགས། །མཐིང་སྔོན་ འཕགས་མ་བཻཌཱུར་གསར་བའི་མདངས། །པདྨ་རཱ་གའི་མདོག་མཚུངས་རྗེ་བཙུན་མས། །བགེགས་ཞི་ས་ཆུའི་འཇིགས་ལས་སྐྱབ་ཏུ་གསོལ། །འཛམ་བུའི་གསེར་བཟང་མཛེས་འབར་ སྒྲོལ་མ་རྗེ། །ཟླ་ཤེལ་འོད་དཀར་ཕུང་པོ་སྐྱབས་མཛད་མ། །གསེར་མདོག་ཉམས་རྒྱས་རྗེ་ 4-1-58 བཙུན་ལྷ་མོ་ཡིས། །མེ་རླུང་འཇིགས་སོལ་བསོད་ནམས་རབ་རྒྱས་མཛོད། །མར་གད་གསར་ བའི་དཔལ་འཛིན་འཕགས་མ་མཆོག །ཨུཏྤལ་མདངས་རབ་འབྱིན་པ་སྒེག་མོའི་གཟུགས། །རབ་དམར་བྱུ་རུའི་འོད་འབར་སྒྲོལ་མ་ཡིས། །རྡོ་རྗེ་མཚོན་ཆ་རྒྱལ་པོའི་འཇིགས་ལས་ སྐྱོབས། །མིག་སྨན་མདངས་འོད་འཆང་བའི་ནག་མོར་སྤྲུལ། །རཱ་གའི་མདངས་འཛིན་དམར་ མོ་ཆགས་པའི་ཉམས། །རབ་ཁྲོས་གནག་པའི་གཏུམ་མོ་འཇིགས་བྱེད་མས། །ཆོམ་རྐུན་ལས་ སྐྱོབས་དབང་བསྡུད་ཤ་ཟ་སྒྲོལ། །དུད་ཁའི་མདངས་ལྡན་འཇིགས་གཟུགས་ངོམ་མཛད་མ། །ནག་མོ་མེ་དཔུང་ཀློང་ན་འགྱིང་བས་བརྗིད། །དཀར་གསལ་ཞི་བ་ཆེན་མོ་རབ་ཞི་མས། །གླང་ཆེན་སེང་གེ་སྦྲུལ་གྱི་འཇིགས་སྒྲོལ་མཛོད། །དྲག་མོ་རབ་འཇིགས་ཁྲོས་འཁྲུགས་རྔམ་ པའི་ཚུལ། །ཨ་རུ་བདུད་རྩི་བསྣམས་མཛད་ལྗང་སེར་མདོག །སྒྲོལ་དཀར་འཆི་མེད་ཚེ་ཡི་ དཔལ་སྟེར་མས། །བགེགས་ཆོམ་ནད་སེལ་དུས་མིན་འཆི་ལས་སྐྱོབས། །གསེར་མདོག་ལྷ་ མོ་དབྱིག་ཆེན་མཆོག་གི་གཏེར། །དངོས་གྲུབ་ཀུན་སྩོལ་སྒྲོལ་ལྗང་གསེར་མདངས་ཅན། །རྗེ་ བཙུན་འཕགས་མར་གུས་པས་རྟག་མཆོད་ན། །མི་འགྱང་རེ་འབྲས་བསོད་ནམས་དངོས་གྲུབ་ ཞུ། །དེ་ལྟར་འཕགས་མ་གཅིག་ལྷག་བཅུ་ཕྲག་ཟུང༌། །ཡེ་བཞུགས་འོད་གསལ་ཆོས་སྐུ་ཉག་ གཅིག་རྩལ། །གང་འདུལ་འགྲོ་ལ་དེ་འཚམ་མཛད་བཟང་མངའ། །མ་ལུས་འཁོར་དང་བཅས་ ལ་གུས་པས་མཆོད། །འདི་ཕྱི་ཀུན་ཏུ་ལྷག་པའི་ལྷར་བརྟེན་ནས། །མི་འབྲལ་རིགས་བདག་ མཆོག་ཏུ་ཉེར་བཅིངས་ཏེ། །རྩེ་གཅིག་ཡི་དམ་བསྙེན་སྒྲུབ་གནད་འཁྱོལ་ནས། །རིང་མིན་ འཕགས་མའི་ཆོས་སྐུ་མངོན་བྱེད་ཤོག །དེ་མཐུས་རང་གིས་མ་ལུས་འགྲོ་བའི་ཁམས། །མི་ ཤེས་རྨོངས་པ་མཐའ་དག་ལེགས་བསལ་ཏེ། །ནང་དབྱིངས་ཡེ་ཤེས་རིམ་གྱིས་མངོན་བྱས་ ནས། །རླབས་ཆེན་ཕན་བདེ་སྒྲུབ་བྱེད་ཉིད་གྱུར་ཅིག །ཅེས་ལྷ་མོ་ཉེར་གཅིག་ལ་མཆོད་འབུལ་བསྡུས་པ་ འདོད་དོན་ལྷུན་གྲུབ་ཅེས་བྱ་བ་འདི་ནི་མཆོད་བསྐང་བསང་གསོལ་སོགས་ལ་སྦྱར་འོས་སུ་དེ་ལྟར་དགོས་ཞེས་ལྷ་མཆོག་འཕགས་ 4-1-59 མ་ལ་མི་ཕྱེད་དད་ལྡན་བསླབ་གཙང་ཉེ་བར་འཛིན་པ་མཁས་ཚུལ་གྱི་ངོ་མི་ལྡོག་ཙམ་དུ་མ་ཏིས་འཕྲལ་དུ་སྨྲས་པ་དགེའོ། །དེ་ནས་ ཡི་དམ་ཆོས་སྐྱོང་གི་བསྐང་བ་མདོ་བརྒྱུད་མ་ནས། གཟའ་བསྐང་གི་བར་འདོན། སླར་ཡང་བསང་མཆོད་ཁ་གསོ་ཞིང༌། རབ་ འབྱམས་ཞིང་བཞུགས་བླ་མ་ཡི་དམ་དང༌། །ཁྱད་པར་རྗེ་བཙུན་སྒྲོལ་མ་གཙོ་འཁོར་བཅས། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས། །དེ་དག་ཆོས་དབྱིངས་གནས་ལུགས་ འགྱུར་མེད་མཐུས། །ཆུ་གཉིས་མེ་ཏོག་བདུག་སྤོས་མར་མེ་དང༌། །དྲི་ཆབ་ཞལ་ཟས་རོལ་མོ་ ཁང་བཟང་བཅས། །གཏེར་བུམ་རིན་ཆེན་འབྲུ་སྨན་སྣ་ཚོགས་དང༌། །བཀྲ་ཤིས་རྟགས་ བརྒྱད་སྣ་བདུན་རྫས་བརྒྱད་བཅས། །རྣམ་ལྔ་ནམ་མཁའ་མདའ་འཕང་རྒྱང་བུ་དང༌། །རྟ་གླང་ འབྲི་གཡག་ར་ལུག་བོང་དྲེལ་བཅས། །སྲོག་ཆགས་སྣ་ཚོགས་རི་དྭགས་ཡིད་འོང་རིགས། །ཇ་ ཆང་འོ་ཞོ་སྦྲང་རྩི་བུ་རམ་དང༌། །ཤ་ཐུད་ཞུན་མར་བཟའ་བཅའ་བཏུང་རིགས་སོགས། །གོས་ ཕྲུག་ཐེར་མ་དར་ཟབ་སྣ་ཚོགས་དང༌། །སྟག་སེང་ཁྱུང་འབྲུག་རྨ་བྱ་ནེ་ཙོ་སོགས། །སྤང་ལྗོན་ མེ་ཏོག་རྫིང་བུ་རི་བོའི་རྒྱན། །བཟང་ཤིང་སྣ་ཚོགས་འབྲུ་རིགས་དར་སྣའི་ཚོགས། །གསེར་ སྐྱེམས་ཤེལ་ཚིགས་འདོད་རྫས་གང་མང་དང༌། །རླུང་རྟ་དཀར་དམར་སྔོ་སེར་ལྗང་གུ་སོགས། །བདག་པོས་བཟུང་དང་མ་བཟུང་མཆོད་རྫས་རྣམས། །རེ་རེ་མ་ཡིན་བརྒྱ་སྟོང་ཁྲི་འབུམ་ སོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་དང༌། །མཐུ་སྟོབས་ཚོགས་པས་མཆོད་ སྤྲིན་མཐའ་ཀླས་པ། །ཟག་བྲལ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་གྱུར། །ན་མཿསརྦ་ཏ་ཐཱའ་ གཱ་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བདུན་ སོགས་བརྗོད་ཅིང་སྔགས་རྒྱས་སྤེལ་བའི་སྒོ་ནས་འདི་ལྟར་གྱེར་ཏེ། ཏཱྃཿ བདག་ཉིད་ལྷ་མོ་འཕགས་མ་རབ་མྱུར་ མས། །ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆུས། །བསང་རྫས་ཉེས་སྐྱོན་མ་ལུས་བསྲེག་ གཏོར་བཀྲུས། །ༀ་ཨཱཿཧཱུཾ་གིས་ནམ་མཁའ་མཛོད་དུ་སྤེལ། །ཀྱཻ། ཆོས་དབྱིངས་སྤྲོས་བྲལ་ མཁའ་ལ་འཇའ་ཚོན་བཞིན། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ནོར་ལྷ་གཏེར་ 4-1-60 བདག་རླུང་རྟའི་ལྷ་ལ་སོགས། །བསྲུང་སྐྱོབ་གང་མཛད་མདུན་གྱི་ནམ་མཁར་བྱོན། །བསྭཽ། གཡུ་ཤུག་བ་ལུ་མཁན་སྟག་དྲི་བཟང་སྤོས། །རིན་ཆེན་སྨན་དང་ཤིང་ཐོག་འབྲུ་སྣ་དར། །ཕྱེ་ མར་བཟང་དགུ་བཟའ་བཅའ་བཏུང་བའི་ཚོགས། །རབ་འབར་མེ་ལ་བསྲེག་པའི་དུད་སྤྲིན་ ཚོགས། །སྔགས་རྒྱ་ཏིང་འཛིན་གྱིས་སྤེལ་རང་རང་གི། །གང་འདོད་ཡིད་འོང་མཁའ་ཁྱབ་ བསང་མཆོད་འདིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །ནོར་ལྷ་གཏེར་བདག་སྤར་ སྨེ་ལོ་འབྲས་ལྷ། །ལྷ་ཀླུ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་བསང༌། །ལོ་ཟླ་ཞག་དུས་ས་བདག་ རྒྱལ་བློན་འབངས། །འགོ་བའི་ལྷ་ལྔ་དགྲ་ལྷ་བཅུ་གསུམ་དང༌། །ཟས་ལྷ་གྲོགས་ལྷ་ཐབ་ལྷ་ ཕུག་ལྷ་སོགས། །བསང་ངོ་བསང་མཆོད་རྒྱ་ཆེན་འདི་བཞེས་ལ། །བསྟན་འཛིན་དཔལ་ལྡན་ བླ་མའི་སྐུ་ཚེ་སྲིངས། །འགྲོ་བའི་དོན་སྒྲུབ་རིག་འཛིན་བདག་ཅག་གི། །རླུང་རྟའི་ཀ་བ་མི་ འགྱུར་རབ་བརྟན་མཛོད། །ཤར་ལྷས་ལུས་དང་ལོངས་སྤྱོད་ཤིང་ལྟར་རྒྱས། །ལྷོལྷས་བསོད་ ནམས་དབང་ཐང་མེ་ལྟར་སྦོར། །ནུབ་ལྷས་ཚེ་སྲོག་འཚོ་ཞིང་ལྕགས་ལྟར་སྲ། །བྱང་ལྷས་ རིགས་བརྒྱུད་ཆུ་བོའི་རྒྱུན་ལྟར་རིང༌། །དབུས་ལྷས་འདོད་དགུའི་ཕུན་ཚོགས་ས་ལྟར་བརྟན། །བརྟན་པ་མི་འགྱུར་གཡུང་དྲུང་ལྟ་བུར་མཛོད། །མྱུར་མགྱོགས་ཤུགས་ལྡན་རྟ་མཆོག་རྒྱན་ ལྡན་ལ། །སྟག་སེང་ཁྱུང་འབྲུག་སྲུང་བཞིས་ལེགས་བསྐོར་བའི། །རླུང་རྟའི་སྣང་བརྙན་མཁའ་ ལ་འཕྱར་བ་ཡིས། །དབང་ཕྱུག་སྟོབས་ཀྱིས་གཡུལ་ལས་རྣམ་རྒྱལ་མཛོད། །རྩལ་གསུམ་ སྟོབས་ལྡན་དུང་སེང་དཀར་མོ་ཡིས། །ཕས་རྒོལ་ཡིད་ལ་འཇིགས་པའི་དཔལ་སྟེར་ཞིང༌། །བཀྲག་མདངས་འོད་འབར་ཁྲོམ་ཚོགས་ཟིལ་གནོན་པའི། །ལུས་ལ་གཟི་བརྗིད་ཆེ་བའི་རླུང་ རྟ་བསྐྱེད། །ངར་སྐད་སྟོབས་ལྡན་གཡུ་འབྲུག་སྔོན་མོ་ཡིས། །ཁ་དྲེགས་དབང་ཆེན་བཙན་ པོའི་ཚིག་ལ་དབང༌། །གང་སྨྲས་གཏམ་ལ་ཀུན་ཉན་གུས་འདུད་པའི། །ངག་ལ་ཚིག་བཙུན་ བདེན་པའི་རླུང་རྟ་བསྐྱེད། །དཔའ་བའི་སྟོབས་ལྡན་རྒྱ་སྟག་དམར་པོ་ཡིས། །དཔའ་མཛངས་ 4-1-61 བརྟུལ་ཕོད་ཆེ་ཞིང་ལྡན་པའི་སེམས། །གང་ཤར་ལེགས་ཤིང་ཆོས་མཐུན་བློ་འགྱུ་བའི། །ཡིད་ ལ་འཆར་སྒོ་ཡངས་པའི་རླུང་རྟ་བསྐྱེད། །དྲེགས་པའི་སྟོབས་ལྡན་བྱ་ཁྱུང་རྒྱལ་པོ་ཡིས། །ལུགས་ཟུང་བྱ་བའི་དབུ་འཕང་མཐོར་འདེགས་ཤིང༌། །དཔྱོད་ལྡན་ཡིད་ཀྱི་བརྟན་པ་འཕྲོག་ ནུས་པའི། །ཆེ་བའི་ཡོན་ཏན་ལྡན་པའི་རླུང་རྟ་བསྐྱེད། །བསོད་ནམས་སྟོབས་ལྡན་རྟ་མཆོག་ རིན་ཆེན་གྱིས། །ཆོས་སྲིད་ལས་ཀྱི་བྱ་བ་གང་བརྩམས་ཀུན། །སྐད་ཅིག་ཐོགས་མེད་མྱུར་ བའི་ཤུགས་ལྡན་པའི། །བསམ་དོན་མྱུར་འགྲུབ་རླུང་རྟ་ཡར་ལ་བསྐྱེད། །ཀི་བསྭཽ་ཆའོ་ལྷ་རྒྱལ་ ལོ། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་ པ་དང༌། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་ཀུན། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ ཞབས་བརྟན་ཤོག །ཧཻ །ཀུན་རྫོབ་འཁྲུལ་སྣང་མཐའ་དག་དྭངས་པའི་དབྱིངས། །དོན་དམ་ ཡོངས་གྲུབ་ཆོས་སྐུ་ཀུན་ཁྱབ་བདག །མཁྱེན་བརྩེ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཀླུང༌། །འབད་ མེད་ལྷུན་གྲུབ་ངང་ནས་གཡེལ་མེད་མཛོད། །གནས་ལུགས་འོད་གསལ་མཁའ་ལྟར་རབ་ ཡངས་པར། །སྟོང་གཟུགས་སྣ་ཚོགས་རབ་འབྱམས་འཇའ་ལྟར་བཀྲ། །གློ་བུར་དྲི་མའི་སྤྲིན་ ཚོགས་དབྱིངས་སུ་དེངས། །ངེས་དོན་ལྟ་བ་རྟོགས་པའི་རླུང་རྟ་བསྐྱེད། །སྲིད་གསུམ་འཁྲུལ་ བ་ཀུན་ཟད་དོན་དམ་གནས། །སྲིད་པའི་རྣམ་འགྱུར་རྡུལ་ཚོགས་མཁའ་ལ་འདུ། །སྒྲིབ་ གཉིས་དྲི་མའི་རྟོག་ཚོགས་རང་དྭངས་དབྱིངས། །དོན་དམ་མཁའ་ཁྱབ་རྟོགས་པའི་རླུང་རྟ་ བསྐྱེད། །སྣོད་བཅུད་མ་ལུས་ཁམས་ཀྱི་བཟང་ངན་ཀུན། །རང་སེམས་སྣང་བའི་འཆར་ཚུལ་ ཙམ་མ་གཏོགས། །རྡུལ་ཙམ་མེད་པ་རྟེན་འབྲེལ་ཆོས་ཀྱི་ཚུལ། །བདེན་མེད་ལྟ་བ་རྟོགས་པའི་ རླུང་རྟ་བསྐྱེད། །བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་ ཡོངས་སྤྲོས་གཞི། །ཡེ་ཤེས་ཆོས་སྐུ་ཁྱབ་བདག་རྡོར་འཆང་གི། །གོ་འཕང་མྱུར་དུ་ཐོབ་པའི་ རླུང་རྟ་བསྐྱེད། །ཤམྦྷ་ལ་ཡི་གྲོང་དབུས་ཟབ་གསང་གི། །པད་ཚལ་བཞད་པར་སྐྱེས་མཆོག་ 4-1-62 སྦྲང་སྐྱེས་ཚོགས། །ཐབས་ཤེས་གཤོག་ཟུང་རྒྱས་ཏེ་ཞིང་བཞུད་ལྟར། །ངེས་གསང་རྒྱལ་ བསྟན་རྒྱས་པའི་རླུང་རྟ་བསྐྱེད། །མདོ་སྔགས་ཟབ་གནད་རྟོགས་པའི་གནས་ལུགས་རྟ། །ཐབས་ཤེས་རླུང་གཤོག་བསྐྱོད་ཅིང་ས་ལམ་བགྲོད། །རྫུ་འཕྲུལ་རྐང་བཞིས་བང་འགྲོས་ ཞིང་ཀུན་བཞུད། །རྟོན་བཞིའི་ལྟ་བ་རྟོགས་པའི་རླུང་རྟ་བསྐྱེད། །བདེ་ཆེན་ཐིག་ལེ་རྫོགས་ པའི་འཛུམ་དྲུག་སྟག །བསྡུ་བཞིའི་སྡེར་མོས་འགྲོ་ཀུན་བདེ་ལ་བཀོད། །ལུང་རིགས་ནགས་ ཀླུང་རྒྱུ་བའི་ཐུགས་སྲས་ཚོགས། །དེ་བཞིན་བཤད་སྒྲུབ་འཕེལ་བའི་རླུང་རྟ་བསྐྱེད། །བློ་གྲོས་ གསེར་མིག་འཁྱིལ་བའི་ག་རུ་ཊ། །ལུང་རིགས་གཤོག་ཟུང་འདབ་མ་གཡོ་བ་ཡིས། །ཤེས་ བྱའི་དེ་ཉིད་ནམ་མཁའི་ཁྱོན་འགེང་བའི། །སྒྲོལ་མགོན་རང་ལུགས་རྒྱས་པའི་རླུང་རྟ་བསྐྱེད། །རྣམ་དཔྱོད་ཉམས་རྟོགས་རྒྱས་པའི་དབྱར་སྐྱེས་རྔ། །ཐོས་བསམ་སྤྲིན་གྱི་ལྕུག་མ་དང་ འགྲོགས་བཞིན། །སྐལ་བཟང་རྨ་བྱའི་རྣ་བར་བདུད་རྩི་འཐོར། །བརྒྱུད་ལྡན་གདམས་ངག་ འཕེལ་བའི་རླུང་རྟ་བསྐྱེད། །ཐོས་བསམ་ལུས་རྩལ་རྫོགས་པའི་གདོང་ལྔའི་དབང༌། །ངེས་ གསང་གངས་རིའི་སྤོར་བཞུགས་འཆད་རྩོད་མཛད། །རྩོམ་པའི་གཡུ་རལ་གཟེངས་པས་ཝ་ ཚོགས་གཞོམ། །མ་ཏིའི་ལུགས་བཟང་དར་བའི་རླུང་རྟ་བསྐྱེད། །རྒྱལ་ཀུན་བྱ་གྲུབ་ཡེ་ཤེས་ ཏཱྃཿཡིག་ཁམས། །མཛེས་སྡུག་སྒེག་མོར་ཤར་བ་ལྷག་པའི་ལྷ། །ཐུགས་རྗེའི་གཏེར་ཆེན་ཨཱརྱ་ ཏཱ་རེ་མས། །ཆོས་སྲིད་མཐའ་མེད་འཕེལ་བའི་རླུང་རྟ་བསྐྱེད། །གཞི་དབྱིངས་འགྱུར་མེད་རྡོ་ རྗེའི་ཕོ་བྲང་ནས། །རྒྱུད་སྡེ་བཞི་ཡི་ཡི་དམ་རབ་འབྱམས་དང༌། །ཁྱད་པར་དུས་འཁོར་དྲུག་ བརྒྱ་སོ་དྲུག་གིས། །དངོས་གྲུབ་སྦྲང་ཆར་འབེབས་པའི་རླུང་རྟ་བསྐྱེད། །དྲག་རྔམ་མེ་རླུང་ འཁྲིགས་པའི་ཀློང་དཀྱིལ་ནས། །སྐུ་མདོག་དུས་མཐའི་མུན་ལྟར་རབ་འཁྲིགས་པའི། །དཔལ་ ལྡན་གུར་མགོན་ཆོས་སྐྱོང་རྒྱ་མཚོ་ཡིས། །ལས་བཞི་ལྷུན་གྱིས་གྲུབ་པའི་རླུང་རྟ་བསྐྱེད། །མ་ བསྐུལ་བར་ཡང་འདོད་དགུ་དབང་དུ་སྡུད། །མ་བཅོལ་བཞིན་དུ་བཀོར་ནོར་མིག་ལྟར་སྲུང༌། 4-1-63 །མ་ལུས་བསྟན་སྲུང་རྒྱལ་ཆེན་མདུང་དམར་ཅན། །མ་འགྱངས་དབང་དུ་སྡུད་པའི་རླུང་རྟ་ བསྐྱེད། །བརྗིད་རྔམ་མཆོང་སྨུག་རབ་བརྩེགས་ལྷུན་པོ་ལྟར། །བསྐལ་མེ་ལྟ་བུའི་མེ་དཔུང་ ཀློང་ན་འགྱིང༌། །གཏུམ་དྲག་དུག་རླངས་འཐིབ་པའི་དགྲ་བགེགས་བརླག །སྒྲུབ་པོ་འབྲལ་ མེད་སྐྱོང་བའི་རླུང་རྟ་བསྐྱེད། །དུལ་ཞིང་མྱུར་བའི་ཤུགས་ལྡན་ཅང་ཤེས་རྟས། །ཡངས་པའི་ ས་ཆེན་ཡུད་ཀྱིས་བགྲོད་པ་བཞིན། །ཆོས་དང་སྲིད་ཀྱི་བྱ་བ་གང་བརྩམས་ཀུན། །གེགས་མེད་ ལམ་དུ་འགྲོ་བའི་རླུང་རྟ་བསྐྱེད། །ཤེལ་དཀར་མདངས་མཛེས་ཀེ་ལ་ཤ་རིའི་སྤོར། །རྩལ་ གསུམ་རྫོགས་པའི་སེང་ཆེན་འགྱིང་བ་བཞིན། །འཇིགས་བྲལ་ལུང་རིགས་ང་རོས་ཕྱིརྒོལ་ གྱིས། །སྤོབས་པ་ཟིལ་གྱིས་གནོན་པའི་རླུང་རྟ་བསྐྱེད། །ཀུན་གསལ་དབྱིངས་སུ་འདབ་ བཟང་ག་རུ་ཊས། །འཕུར་ལྡིང་གར་གྱིས་རྩལ་གར་བརྩེ་བ་བཞིན། །འཛམ་གླིང་རྒྱན་གྱི་ གཞུང་ལུགས་ལྷ་ལམ་ཀུན། །བློ་གྲོས་གཤོག་རྩལ་བརྐྱངས་པའི་རླུང་རྟ་བསྐྱེད། །གཡུ་ཡི་ལོ་ འདབ་བཀྲ་བའི་ནགས་ཚལ་དུ། །དཔའ་རྩལ་ལྡན་པའི་རྒྱ་སྟག་འཕྱོ་བ་བཞིན། །ཐབས་ཤེས་ ཟུང་དུ་འབྲེལ་བའི་ཉམས་ལེན་གྱིས། །ཉོན་མོངས་དགྲ་དཔུང་འཇོམས་པའི་རླུང་རྟ་བསྐྱེད། །བཻཌཱུར་ཆུ་འཛིན་འཁྲིགས་པའི་བ་གམ་ལས། །དབྱར་སྐྱེས་རྔ་གསང་དལ་གྱིས་དགོད་པ་ བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྙན་གྲགས་དབྱངས། །སྐྱེ་དགུའི་རྣ་བར་མཛེས་ པའི་རླུང་རྟ་བསྐྱེད། །འབྱུང་ལྔ་སྤར་སྨེ་ལོ་ཟླ་ཞག་དུས་དང༌། །སྲོག་ལུས་དབང་ཐང་རླུང་རྟ་མ་ ལུས་པ། །རྟེན་འབྲེལ་ལས་ཀྱིས་བསྒྱུར་མཁས་ཐབས་ཤེས་ཀྱིས། །ཕུན་ཚོགས་མཐའ་མེད་ འཕེལ་བའི་རླུང་རྟ་བསྐྱེད། །མདོར་ན་བླ་མ་ཡི་དམ་རབ་འབྱམས་དང༌། །ཆོས་དབྱིངས་ འགྱུར་མེད་རྟེན་འབྲེལ་བསླུ་མེད་མཐུས། །རླུང་རྟ་རྒུད་པའི་སྐྱོན་རྣམས་ཀུན་བསལ་ནས། །འཕྲལ་ཡུན་ལེགས་ཚོགས་མ་ལུས་ལྷུན་གྲུབ་ཤོག །དེ་ནས་མ་ཏིས་མཛད་པའི་རླུང་རྟ་བསྐྱེད་པ་ནི། ཆོས་ དབྱིངས་ཡེ་ཤེས་ཤེར་ཕྱིན་དོན་དམ་ལྷ། །སྒྲོལ་མ་ཡི་དམ་རབ་འབྱམས་དཀོན་མཆོག་གསུམ། 4-1-64 །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བྱིན་རླབས་ཀྱིས། །བསམ་དོན་གེགས་བྲལ་རླུང་རྟའི་དགེ་ མཚན་ཕོབ། །ཞེས་པ་འདི་གྲངས་མང་འདོན། ཆོས་སྲིད་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད་པ་ནི། ༀ་སྭ་སྟི། ཆོས་ དབྱིངས་ཡེ་ཤེས་ཟླ་བའི་མ་མ་ལས། །ཉེར་གཅིག་ལྷ་མོའི་ཆུ་འཛིན་ལྡིང་ཁང་སྤྲོ། །བྱིན་ཆེན་ རིས་བྲལ་སྦྲང་ཆར་ལེགས་འཇོ་བས། །ཤེས་རྒྱུད་འཛིན་མར་དགེ་བཅུའི་རླན་པར་མཛོད། །ཚེ་རབས་ཀུན་ཏུ་དལ་འབྱོར་རྐང་འཐུང་རྒྱས། །ཡོན་ཏན་བདུན་གྱི་ཡལ་འདབ་ཕྱོགས་རྒྱས་ རྩེར། །ཆོས་སྲིད་ཟུང་འབྲེལ་འབྲས་བུ་གཡུར་ཟ་ཞིང༌། །བར་ཆད་གཡུལ་ལས་རྒྱལ་བའི་རླུང་ རྟ་བསྐྱེད། །ཉལ་འགྲོའི་རྒྱུན་བཞིན་ཆད་མེད་ཚེ་སྲོག་ཟད། །ནོར་རྫས་མི་བརྟན་སྦུ་ཕྲེང་ འཆར་བ་བཞིན། །སྙིང་པོཀུན་བྲལ་ཆུ་ནང་ཟླ་བརྙན་ལ། །རྟག་འཛིན་གཡུལ་ལས་རྒྱལ་བའི་ རླུང་རྟ་བསྐྱེད། །དགེ་སྡིག་ནྱ་གྲོ་དྷ་ཡི་ས་བོན་ལས། །འབྲས་བུ་བདེ་སྡུག་དཔག་ཚད་ཙམ་ ཁྱབ་བསྐྱེད། །ད་དུང་བསྐྱེད་པའི་ནུས་པ་དུ་མ་འཛིན། །ལས་འབྲས་ཚུལ་བཞིན་ངེས་པའི་ རླུང་རྟ་བསྐྱེད། །བད་མཁྲིས་ནད་ཀྱིས་དུང་དཀར་སྔོ་སེར་སྣང༌། །དེ་བཞིན་བདེ་སྡུག་འཁྲུལ་ སྣང་སེམས་ཀྱིས་བསྐྱེད། །དམ་ཆོས་སྨན་གྱིས་ཉོན་མོངས་ནད་སེལ་ལྟར། །འཁྲུལ་སྣང་ གཡུལ་ལས་རྒྱལ་བའི་རླུང་རྟ་བསྐྱེད། །སྡུག་བསྔལ་རླབས་ཕྲེང་འཁྲིགས་པའི་ཆུ་སྲིན་གྲོང༌། །དབང་མེད་ཚུད་པའི་འགྲོ་ཀུན་རྟག་རྒྱུ་ཞིང༌། །ཉིན་མཚན་ཆད་མེད་དུག་གསུམ་ཆུ་རྒྱུན་ འབབ། །ཞེན་ལོག་ངེས་འབྱུང་སྐྱེ་བའི་རླུང་རྟ་བསྐྱེད། །བདག་བདེ་འདོད་པས་སྡུག་བསྔལ་ རླབས་ཕྲེང་འཁྲིགས། །དུག་གསུམ་ཆུ་གཏེར་ཚུད་པའི་མ་གྱུར་འགྲོ། །གཞན་ཕན་རིན་ཆེན་ ནོར་བུའི་གྲུ་གཟིངས་བཙུགས། །བྱང་ཆུབ་གླིང་དུ་འདྲེན་པའི་རླུང་རྟ་བསྐྱེད། །ཀུན་རྫོབ་ཆོས་ ཀུན་རང་བཞིན་བདེན་པས་སྟོང༌། །དོན་དམ་ཡོངས་གྲུབ་ཆོས་སྐུ་ཀུན་ཁྱབ་བདག །རང་རིག་ སྟོང་གསལ་འཛིན་བྲལ་དམིགས་མེད་དབྱིངས། །ངེས་དོན་གསང་གནད་རྟོགས་པའི་རླུང་རྟ་ བསྐྱེད། །འཛིན་གཏད་བསམ་སྒོམ་མེད་པའི་མ་བཅོས་ངང༌། །དམིགས་མེད་རྣལ་འབྱོར་རང་ 4-1-65 ཤར་སོ་མ་འདིས། །འཕྲུལ་ལྡན་རྐང་བཞིས་འབད་མེད་ཤུགས་བགྲོད་བཞིན། །ངེས་དོན་ རྫོགས་ལྡན་རྟོགས་པའི་རླུང་རྟ་བསྐྱེད། །མ་དག་རྫུན་རིས་འབད་མེད་དབྱིངས་སུ་ཡལ། །ཞིང་ཁམས་རབ་འབྱམས་ཅིག་ཅར་ལྷན་གྱིས་འཆར། །རྟ་མཆོག་རིན་ཆེན་ཀུན་གྱིས་ལེགས་ སྤུད་བཞིན། །ས་ལམ་ཀུན་ཚང་རྫོགས་ལྡན་རླུང་རྟ་བསྐྱེད། །ཀུན་ཁྱབ་ཕྱོགས་ལྷུང་བྲལ་བའི་ མཁའ་དབྱིངས་སུ། །འབད་རྩོལ་ཀུན་བྲལ་བསམ་མེད་གནས་ལུགས་ངང༌། །རྟ་མཆོག་གང་ འདོད་ནོར་བུས་བརྒྱན་པ་བཞིན། །ཁྱབ་བརྡལ་ལྷུན་གྲུབ་ཆེན་པོའི་རླུང་རྟ་བསྐྱེད། །གངས་ རིའི་ལྗོངས་ན་རྟ་མཆོག་སྤྲིན་གྱི་ཤུགས། །མཁའ་ལ་འཕྱོ་བའི་རྟོན་པ་བཞི་ལྡན་རྗེ། །རྫོགས་ ལྡན་ལྟ་བའི་རྩལ་ཀུན་རབ་ཏུ་རྒྱས། །ཤེས་རབ་གཤོག་རྩལ་ལྡན་འདྲའི་རླུང་རྟ་བསྐྱེད། །རྒྱལ་ བསྟན་གངས་ཀྱི་ལྷུན་པོའི་མགྲིན་པ་རུ། །ཀུན་མཁྱེན་དུང་སེང་དཀར་མོས་མཁའ་ལ་ གཟིགས། །རྫོགས་ལྡན་གཡུ་རལ་རྒྱས་པའི་སྡེར་བསྒྲད་པས། །ལོག་སྨྲ་ཤ་རུས་འཐག་འདྲའི་ རླུང་རྟ་བསྐྱེད། །གྲུབ་དབང་འབུམ་ཕྲག་ལྷོ་སྤྲིན་ཕྱུག་མོའི་དབུས། །རྒྱུད་སྡེ་རྒྱ་མཚོའི་སྒྲ་བརྒྱ་ ཕྱོགས་བཅུར་བསྒྲགས། །གཡུ་འབྲུག་དང་མཚུངས་ཏཱ་ར་ནཱ་ཐ་རྗེ། །སྙན་གྲགས་སྲིད་གསུམ་ ཁྱབ་འདྲའི་རླུང་རྟ་བསྐྱེད། །རང་རང་རྒྱུན་འཛིན་རིན་ཆེན་ལྗོན་བཟང་རྩེར། །རང་ལུགས་ བརྒྱུད་རིམ་བྱ་རྒྱལ་ཁྱུང་ཆེན་བཞུགས། །གཙུག་གི་ནོར་བུས་གང་འདོད་ལེགས་འཇོ་བཞིན། །དབང་ལུང་མན་ངག་སྦྱིན་འདྲའི་རླུང་རྟ་བསྐྱེད། །སྐྱེས་ཆེན་དམ་པ་གཡུ་ཡི་ནགས་ཚལ་ དབུས། །ཐུགས་ལ་ཉམས་རྟོགས་རི་མོ་འབུམ་བཀྲ་ཞིང༌། །བསྟན་འགྲོའི་དོན་ལ་དཔའ་སྙིང་ སྟག་ལྟར་རྒྱས། །དཔལ་ལྡན་བླ་མ་ལྟ་བུའི་རླུང་རྟ་བསྐྱེད། །རྒྱལ་ཀུན་འཕྲིན་ལས་རང་ གཟུགས་ལས་ཤར་བའི། །ཉེར་གཅིག་ཚུལ་འཛིན་ལྷ་མོ་གཙོ་འཁོར་ཀུན། །སྐྱེ་དགུའི་རླུང་ རྟའི་མངའ་བདག་དབང་བསྒྱུར་མཁན། །ཚོགས་གཉིས་ཡོངས་སུ་རྫོགས་པའི་རླུང་རྟ་བསྐྱེད། །མ་ལུས་རྒྱལ་བའི་འཕྲིན་ལས་མངའ་བདག་མོ། །གཡུ་ལྗོན་གསར་བའི་མདངས་འཛིན་ཏཱའ་ 4-1-66 རེ་མ། །འདི་ཕྱི་ཀུན་ཏུ་ཡི་དམ་ལྷར་བསྟེན་ནས། །འཇིགས་བརྒྱད་གཡུལ་ལས་རྒྱལ་བའི་རླུང་ རྟ་བསྐྱེད། །འཇིག་རྟེན་དབང་ཕྱུག་ཞལ་གྱི་ཆུ་གཏེར་ལས། །ལེགས་བྱོན་ཡིད་བཞིན་འཁོར་ ལོ་འོད་དཀར་ཅན། །འཆི་མེད་སྲོག་གི་ག་བུར་དཔལ་སྟེར་མས། །འགྲོ་ཀུན་ཚེསྲོག་རྒྱས་པའི་ རླུང་རྟ་བསྐྱེད། །ཆོས་སྲིད་ཡོངས་དབང་བསྒྱུར་བའི་ལྷ་མོརྗེ། །རབ་དམར་རྗེས་ཆགས་བྱུ་ རུའི་ལྷུན་པོ་ལྟར། །སྲིད་ཞིའི་ལེགས་ཚོགས་འགུགས་པའི་ལྕགས་ཀྱུ་བསྣམས། །ཁམས་ གསུམ་དབང་དུ་སྡུད་པའི་རླུང་རྟ་བསྐྱེད། །ལས་སྒྲིབ་མ་ལུས་ཞི་བའི་མཐུ་མངའ་ཞིང༌། །འོད་ དཀར་མདངས་འཕྲོག་བདུད་དཔུང་ཕྱེ་མར་འཐག །བཅོམ་ལྡན་གཙུག་ཏོར་ལས་འཁྲུངས་ གདུགས་དཀར་མོས། །མནན་གཏད་བྱད་ཁ་ཞི་བའི་རླུང་རྟ་བསྐྱེད། །སྤྲོས་ཀུན་ཞི་བའི་ཡེ་ ཤེས་ཆུ་གཏེར་ལས། །འབད་མེད་མཁའ་འགྲོ་ནམ་མཁའི་རྒྱལ་མཚན་འཁྱིལ། །བྱིན་རླབས་ བདུད་རྩིའི་གྲུ་ཆར་འཇོ་བཞིན་དུ། །འགྱུར་མེད་བདེ་བ་ཆེན་པོའི་རླུང་རྟ་བསྐྱེད། །རྒྱལ་ཀུན་ མཐུ་སྟོབས་སྤྲིན་ནག་སྒོ་འཕར་ལས། །ཡོངས་བཞེངས་དྲག་རྔམ་མེ་དཔུང་འཁྲིགས་པའི་ ཀློང༌། །བསྟན་སྲུང་དགྲ་ལྷའི་དཔའ་བོ་ཆོས་སྐྱོང་ཚོགས། །ཕྱི་ནང་བར་ཆད་བསལ་བའི་རླུང་ རྟ་བསྐྱེད། །དཀར་ཕྱོགས་སྲུང་མའི་བ་དན་དགུང་ལ་ཕྱར། །ནག་ཕྱོགས་མ་རུངས་བདུད་ ཚོགས་རུ་མཚོན་བགྱེལ། །ཡུལ་གྲུ་རྣམས་སུ་བདེ་སྐྱིད་དཔལ་གྱིས་བརྒྱན། །མི་འདོད་གཡུལ་ ལས་རྒྱལ་བའི་རླུང་རྟ་བསྐྱེད། །མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་བསྒྲེང༌། །གྲགས་ སྙན་ཕྱོགས་བཅུར་གཡོ་བའི་དར་དཀར་ཕྱར། །ངེས་དོན་ཆོས་སྒྲ་སྒྲོགས་པའི་དུང་དཀར་ འབུད། །འབད་མེད་དགོས་འདོད་འབྱུང་བའི་རླུང་རྟ་བསྐྱེད། །རབ་འབྱམས་དཀྱིལ་འཁོར་ སྤྲོ་ཞིང་སྡུད་པའི་གཞི། །ཡེ་ཤེས་ཆོས་སྐུ་རྣམ་པ་ཐམས་ཅད་པ། །ཆོས་ཉིད་གཤེགས་སྙིང་ དོན་དམ་གནས་ལུགས་ཀྱིས། །རྫོགས་ལྡན་ལྟ་བ་རྟོགས་པའི་རླུང་རྟ་བསྐྱེད། །གཞི་དབྱིངས་ ཆོས་སྐུ་ཀུན་ཁྱབ་རྟག་བརྟན་དཔལ། །གཟུགས་སྐུར་ལེགས་བཞེངས་བླ་མ་ཡི་དམ་དང༌། 4-1-67 །མཁའ་འགྲོ་ཆོས་སྐྱོང་བསྟན་སྲུང་རྒྱ་མཚོའི་ཚོགས། །གང་བཅོལ་རླུང་རྟ་བསྐྱེད་པའི་གྲོགས་ མཛོད་ཅིག །ཅེས་ཆོས་སྲིད་ཕུན་སུམ་ཚོགས་པའི་རླུང་རྟ་མ་ལུས་པ་བསྐྱེད་པའི་ཐབས་ནོར་བུའི་རྒྱན་ཕྲེང་ཞེས་བྱ་བ་འདི་ ཡང་མཁས་བཙུན་བཟང་པོའི་དཔལ་གྱིས་ལེགས་པར་བརྒྱན་པ་ཁོང་ཉིད་ལ་འདི་ལྟར་མཁོ་ནས། རང་ཅག་སོགས་ལ་ཐུབ་ བསྟན་དགེ་ལེགས་རྒྱ་མཚོའི་གསུང་འབུམ་གྱི་བཀླག་ལུང་གནང་བས་སྐལ་བཟང་དམ་པ་ལེགས་པར་བསྩལ་བའི་བཀའ་དྲིན་གྱི་ ཟེགས་མའི་ཆ་ཕྲ་བ་ལས་ཀྱང་ཤིན་ཏུ་ཕྲ་བ་ཙམ་གསོ་ཕྱིར། ཞབས་བརྟན་དུ་དམིགས་ནས་བློ་བཟང་ཆོས་འཕེལ་པས་ཕུལ་བའོ། ། ཧཻ། རྡོ་རྗེ་འཆང་དང་ཆོས་རྒྱལ་རིགས་ལྡན་དང༌། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་བརྒྱུད་ རིམ་དང༌། །དུས་འཁོར་སྡེ་དྲུག་བདེ་དགྱེས་འཇིགས་གསང་སོགས། །སྒྲོལ་མ་གཙོ་འཁོར་ཡི་ དམ་རབ་འབྱམས་དང༌། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་གཙོ་འཁོར་ཀུན། །ལོ་ཟླ་ཞག་ དུས་སྤར་སྨེ་སྲོག་ལུས་དབང༌། །གཞི་བདག་ཡུལ་ལྷ་གནས་བདག་ཐམས་ཅད་དང༌། །རླུང་ ལྷ་འཇིག་རྟེན་འཇིག་རྟེན་ལས་འདས་པའི། །མཆོད་དང་སྦྱིན་པའི་མགྲོན་རྣམས་བྱིན་ཕོབ་ ཅིག །ཡེ་གཞི་ཆོས་དབྱིངས་འཁོར་འདས་ཀུན་ཁྱབ་ལས། །བླ་མ་ཡི་དམ་མཆོག་གསུམ་ མཁའ་འགྲོ་དང༌། །ཆོས་སྐྱོང་འཁོར་ཚོགས་བྱིན་རླབས་བདེན་སྟོབས་ཀྱིས། །རྣལ་འབྱོར་ བདག་གི་རླུང་རྟ་ཡར་ལ་བསྐྱེད། །གཞན་ཕན་ཐིག་ལེ་འབུམ་གྱི་རི་མོ་བཀྲ། ཟབ་རྒྱས་ཡང་ དག་ལྟ་བའི་མཆེ་སྡེར་བགྲད། །ཉོན་མོངས་བདུད་ཚོགས་ཤ་རུས་ཆེམ་ཆེམ་ཟ། །སྟག་ལྟར་ ངར་བའི་རླུང་རྟ་ཡར་ལ་བསྐྱེད། །གཞན་དོན་སྒྲུབ་ལ་དཔའ་རྔམ་གཡུ་རལ་གཟེངས། །ངེས་ གསང་ལྟ་བའི་མིག་འབྲས་མཁའ་ལ་གཡོ། །ཀུན་རྟོག་ཚང་ཚིང་འཇོམས་པའི་སྡེར་བཞི་ བསྒྲད། །སེང་ལྟར་འགྱིང་བའི་རླུང་རྟ་ཡར་ལ་བསྐྱེད། །ཡེ་གཞི་ཆོས་སྐུ་ནམ་མཁའ་ལྟར་ ཡངས་པར། །གཡོ་མེད་གསལ་སྟོང་གཤོག་རྩལ་མྱུར་ཤུགས་ཀྱིས། །ས་ལམ་མ་ལུས་བགྲོད་ པས་སྒྲིབ་གཉིས་སྤངས། །ཁྱུང་ལྟར་ལྡིང་བའི་རླུང་རྟ་ཡར་ལ་བསྐྱེད། །ཆུ་འཛིན་ལྡིང་ཁང་ རྫོགས་ལྡན་སྒྲ་བརྒྱ་དགོད། །སྐལ་ལྡན་རྨ་བྱའི་རྣ་བའི་རྒྱན་དུ་ལྷུང༌། །དགེ་བཅུའི་འབྲས་བུའི་ 4-1-68 སྒྲོ་གུར་མདངས་ལྡན་ཕུབ། །འབྲུག་ལྟར་ལྡིར་བའི་རླུང་རྟ་ཡར་ལ་བསྐྱེད། །ལན་དང་རྣམ་ སྨིན་རེ་བའི་བསམ་པ་བྲལ། །ཕྱོགས་བཅུའི་སེམས་ཅན་མཐའ་ཡས་དོན་གྱི་ཕྱིར། །ཉིན་ མཚན་ཀུན་ཏུ་འགྲོ་ཕན་རབ་སྤྱོད་ཅིང༌། །འབད་མེད་ལྷུན་གྲུབ་རླུང་རྟ་ཡར་ལ་བསྐྱེད། །བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་རྣམས། །འགྲོ་བ་ཀུན་ལ་ཐམས་ཅད་ལེགས་ སྦྱིན་ཞིང༌། །སྡུག་བསྔལ་རྒྱུ་བཅས་མ་ལུས་བདག་ལ་ཐིམ། །ཡང་དག་བརྗེ་བའི་རླུང་རྟ་ཡར་ ལ་བསྐྱེད། །གང་ཞིག་བདག་མཐོང་མིང་ཐོས་དྲན་པ་དང༌། །དད་དང་དགའ་ཞིང་རེག་དང་ རླུང་ཕོག་པའི། །ཆོས་དང་གཏམ་གྱི་འབྲེལ་བ་གང་ཡོད་ཀུན། །དགེ་བཅུའི་དོན་ལྡན་རླུང་རྟ་ ཡར་ལ་བསྐྱེད། །མདོར་ན་བསྟན་དང་འགྲོ་ལ་ཕན་དོན་དུ། །རྣལ་འབྱོར་བདག་གི་ཚེ་བསོད་ སྙན་གྲགས་རྒྱས། །དཔལ་འབྱོར་ཆོས་གྲོགས་ཕྱི་ནང་མཐུན་རྐྱེན་ཀུན། །འཛོམས་པའི་བ་ དན་སྣ་ཚོགས་ལེགས་བསྒྲེངས་མཛོད། །རྟ་མཆོག་ཤུགས་ལྟར་རླུང་རྟ་ཡར་ལ་བསྐྱེད། །སྟག་ ལྟར་འཕྱོ་བའི་རླུང་རྟ་ཡར་ལ་བསྐྱེད། །སེང་ལྟར་ངར་བའི་རླུང་རྟ་ཡར་ལ་བསྐྱེད། །འབྲུག་ ལྟར་ལྡིར་བའི་རླུང་རྟ་ཡར་ལ་བསྐྱེད། །ཁྱུང་ལྟར་ལྡིང་བའི་རླུང་རྟ་ཡར་ལ་བསྐྱེད། །ཤིང་ལྟར་ རྒྱས་པའི་རླུང་རྟ་ཡར་ལ་བསྐྱེད། །ལྕགས་ལྟར་སྲ་བའི་རླུང་རྟ་ཡར་ལ་བསྐྱེད། །ས་ལྟར་བརྟན་ པའི་རླུང་རྟ་ཡར་ལ་བསྐྱེད། །དེ་ལྟར་རླུང་རྟ་བསྐྱེད་པའི་རྣམ་དཀར་ལས། །སྦྱིན་པའི་བདག་ པོའི་སྲོག་ལུས་དབང་ཐང་ཀུན། །ཁ་རྗེ་རླུང་རྟ་ཡར་ཟླ་བཞིན་འཕེལ་ནས། །ཕན་བདེའི་ དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཁྱད་པར་བདག་གི་ཚེ་དང་བསོད་ནམས་དང༌། །དཔལ་ འབྱོར་རླུང་རྟ་ཕྱོགས་བཅུར་རྒྱས་པ་དང༌། །ཆོས་སྲིད་ཟུང་གི་འདོད་པའི་དོན་རྣམས་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཀུན་འདུས་སརྦ་འདུ་འདུ་ཧོ། བཛྲ་ཨ་ ཡུ་ཥེ་སྭཱ་ཧཱ། ཨ་ཀ་ནི་ནི་ཀ་ནི་བྷི་ལ་མཎྜ་ལ་མ་ལེ་ཧཱ། དང་རྟེན་སྙིང་བརྗོད། རླུང་རྟའི་ཀ་བ་ བཙུགས་པ་ནི། ཧཻ། རྡོ་རྗེ་འཆང་དང་ཆོས་རྒྱལ་རིགས་ལྡན་དང༌། །ཀུན་མཁྱེན་ཡབ་སྲས་རྗེ་ 4-1-69 བཙུན་བརྒྱུད་རིམ་དང༌། །དུས་འཁོར་སྡེ་དྲུག་བདེ་དགྱེས་འཇིགས་གསང་སོགས། །སྒྲོལ་མ་ གཙོ་འཁོར་ཡི་དམ་རབ་འབྱམས་དང༌། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་གཙོ་འཁོར་ ཀུན། །ལོ་ཟླ་ཞག་དུས་སྤར་སྨེ་སྲོག་ལུས་དབང༌། །གཞི་བདག་གནས་བདག་ཡུལ་བདག་ ཐམས་ཅད་དང༌། །མཆོད་དང་སྦྱིན་པའི་མགྲོན་རྣམས་བྱིན་ཕོབ་ཅིག །ཡེ་གཞི་ཆོས་དབྱིངས་ འཁོར་འདས་ཀུན་ཁྱབ་ལས། །བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་དང༌། །ཆོས་སྐྱོང་ འཁོར་ཚོགས་བྱིན་རླབས་བདེན་སྟོབས་ཀྱིས། །རྣལ་འབྱོར་བདག་གི་རླུང་རྟའི་ཀ་བ་ བཙུགས། །བླ་མའི་སྐུ་ཚེ་བརྟན་པའི་ཀ་བ་བཙུགས། །རྫོགས་ལྡན་མདོ་སྔགས་རྒྱས་པའི་ཀ་ བ་བཙུགས། །བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཀ་བ་བཙུགས། །ཐོས་བསམ་སྒོམ་གསུམ་ འཕེལ་བའི་ཀ་བ་བཙུགས། །བསླབ་གསུམ་ཉམས་ལེན་སྐྱེ་བའི་ཀ་བ་བཙུགས། །འཆད་རྩོད་ རྩོམ་གསུམ་འཕེལ་བའི་ཀ་བ་བཙུགས། །དགེ་འདུན་ཆོས་སྤྱོད་རྒྱས་པའི་ཀ་བ་བཙུགས། །ཐུགས་མཐུན་ཁྲིམས་གཙང་རྟེན་དུ་ཀ་བ་བཙུགས། །བསྟན་པའི་སྦྱིན་བདག་རྒྱས་པའི་ཀ་བ་ བཙུགས། །རྒྱལ་བློན་ཆབ་སྲིད་དར་བའི་ཀ་བ་བཙུགས། །ཆོས་སྲིད་ཟུང་དུ་འབྲེལ་བའི་ཀ་བ་ བཙུགས། །ཆར་ཆུ་དུས་ཚིགས་སྙོམ་པའི་ཀ་བ་བཙུགས། །ལོ་ཕྱུགས་རྟག་ཏུ་ལེགས་པའི་ཀ་ བ་བཙུགས། །འགལ་རྐྱེན་བར་ཆད་ཞི་བའི་ཀ་བ་བཙུགས། །འཁོན་སེམས་འཐབ་རྩོད་མེད་ པའི་ཀ་བ་བཙུགས། །དུས་འཁྲུགས་མཐའ་དག་ཞི་བའི་ཀ་བ་བཙུགས། །འགོ་བའི་ཡམས་ ནད་ཆད་པའི་ཀ་བ་བཙུགས། །མི་ཕྱུགས་ནད་རྣམས་ཞི་བའི་ཀ་བ་བཙུགས། །རྒྱལ་གདོན་ གནོད་སེམས་ཞི་བའི་ཀ་བ་བཙུགས། །གནོད་བྱེད་དགྲ་བགེགས་སྒྲོལ་བའི་ཀ་བ་བཙུགས། །བྱད་ཀ་མནན་གཏད་ཞི་བའི་ཀ་བ་བཙུགས། །ཁམས་གསུམ་དབང་དུ་སྡུད་པའི་ཀ་བ་ བཙུགས། །ཚེ་བསོད་མངའ་ཐང་རྒྱས་པའི་ཀ་བ་བཙུགས། །དཔལ་འབྱོར་སྙན་གྲགས་འཕེལ་ བའི་ཀ་བ་བཙུགས། །སྲོག་ལུས་དབང་ཐང་དར་བའི་ཀ་བ་བཙུགས། །དགྲ་ལྷའི་དབུ་འཕང་ 4-1-70 མཐོ་བའི་ཀ་བ་བཙུགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཀ་བ་བཙུགས། །སྙན་གྲགས་ སྲིད་གསུམ་ཁྱབ་པའི་ཀ་བ་བཙུགས། །ཚེ་སྲོག་རི་ལྟར་བརྟན་པའི་ཀ་བ་བཙུགས། །ཆོས་སྤྱོད་ མཐའ་མེད་འཕེལ་བའི་ཀ་བ་བཙུགས། །གེགས་མེད་ལྷུན་གྱིས་གྲུབ་པའི་ཀ་བ་བཙུགས། །ཆོས་མཐུན་སྡོང་གྲོགས་མཛད་པའི་ཀ་བ་བཙུགས། །བདེ་སྐྱིད་ཕུན་སུམ་ཚོགས་པའི་ཀ་བ་ བཙུགས། །མི་ནོར་མཐའ་མེད་འཕེལ་བའི་ཀ་བ་བཙུགས། །བླ་མ་ཡི་དམ་མཆོག་གསུམ་ཆོས་ སྐྱོང་དང༌། །ཆོས་དབྱིངས་འགྱུར་མེད་རྟེན་འབྲེལ་འཚོགས་པ་ཡིས། །རླུང་རྟའི་ཀ་བ་མ་ལུས་ རབ་བརྟན་པར། །འཕྲལ་ཡུན་ཆོས་མཐུན་མ་ལུས་ལྷུན་གྲུབ་ཤོག །རླུང་རྟ་སྡེ་བཞིའི་ཀ་ འཛུགས་ནི། ཀྱཻ། སྔོན་གྱི་བསྐལ་པ་དང་པོ་ལ། །སྲིད་པའི་ཡེ་སྨོན་རྒྱལ་པོ་དང༌། །ཡུམ་ནི་ གསལ་རྒྱལ་རྒྱལ་མོ་གཉིས། །ལྷ་ཡུལ་སྲིད་པའི་གོང་ར་ནས། །སྨོན་ལམ་ལྷ་ལས་རླུང་རྟ་ གསོས། །སྲས་ནི་ལྷ་བུ་ལྷ་གསལ་སྲིད། །རླུང་རྟ་ལྕགས་ཀྱི་མི་བོ་ལ། །འཕན་དར་དཀར་པོའི་ ལྡེམ་འཕྲུ་ཅན། །རླུང་གི་ལྷ་གསུམ་རྟེན་ལ་བྱོན། །རླུང་རྟ་ཟངས་ཀྱི་མི་བོ་ལ། །འཕན་དར་ དམར་པོའི་ལྡེམ་འཕྲུ་ཅན། །རླུང་གི་ལྷ་གསུམ་རྟེན་ལ་བྱོན། །རླུང་རྟ་ཤིང་གི་མི་བོ་ལ། །འཕན་ དར་ལྗང་གུའི་ལྡེམ་འཕྲུ་ཅན། །རླུང་གི་ལྷ་གསུམ་རྟེན་ལ་བྱོན། །རླུང་རྟ་ཆུ་ཡི་མི་བོ་ལ། །འཕན་དར་སྔོན་པོའི་ལྡེམ་འཕྲུ་ཅན། །རླུང་གིལྷ་གསུམ་རྟེན་ལ་བྱོན། །རླུང་རྟའི་ཕྱག་བརྙན་ སྤྲུལ་པ་བཞི། །ལྕགས་ཕོ་སྤྲེལ་དང་མེ་མོ་སྦྲུལ། །ཤིང་ཕོ་སྟག་དང་ཆུ་མོ་ཕག །སྲིད་པའི་སྙན་ གྲགས་སྤེལ་བའི་ལྷ། །ལྷ་སྲས་བཞི་པོ་རྟེན་ལ་བྱོན། །མཐུན་གྲོགས་རྒྱལ་མཚན་བ་དན་ཕྱོར། །བསམ་པ་སྒྲུབས་ལ་སྙན་གྲགས་སྒྲོགས། །རླུང་རྟ་ལྔ་ཡིསྲས་པོ་ནི། །ལྕགས་ཀྱི་སྲས་པོ་ དཀར་པོ་ལ། །ཕྱག་ན་ལྕགས་ཀྱི་མདའ་དར་བསྣམས། །ཆིབས་སུ་སྟག་རྟ་ཁྱི་གསུམ་ཆིབས། །སྲིད་གསུམ་ཡོངས་ལ་ཁྱབ་པར་འགྲོ། །ཕྱག་བརྙན་ལྕགས་སྤྲེལ་མགོ་བརྙན་ཅན། །ཨ་ཁྲབ་ དཀར་པོའི་ན་བཟའ་གསོལ། །སྐུ་རྒྱབ་ལྕགས་ཀྱི་རི་ལ་བརྟེན། །ལྕགས་ཁམས་འབྱུང་བ་སྲིད་ 4-1-71 པའི་བདག །ཡང་སྤྲུལ་སྒོ་སྲུང་ཕོ་ཉར་འགྱེད། །ནུབ་ཕྱོགས་རླུང་གི་བདག་པོ་སྟེ། །རླུང་ཁྲི་ དགུ་འབུམ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །འབྲུ་ མཆོག་བཤོས་བཟང་མཆོད་པ་འབུལ། །མདའ་དར་དཀར་པོ་རྟེན་དུ་བཙུགས། །ཤིང་སྣ་ལྔ་ ཡི་དུད་པས་བསང༌། །རླུང་རྟ་བསྐྱེད་ལ་སྙན་གྲགས་སྒྲོགས། །མི་མཐུན་རླུང་གིས་མཐུན་པར་ སྒྲུབས། །རླུང་རྟའི་ལྷ་དེས་སྤེལ་བར་མཛོད། །རླུང་རྟ་ལྔ་ཡི་སྲས་པོ་ནི། །ཟངས་ཀྱི་མི་བོ་ དམར་པོ་ལ། །ཕྱག་ན་མདའ་དར་དམར་པོ་བསྣམས། །ཆིབས་སུ་ཕག་ལུག་ཡོས་གསུམ་ ཆིབས། །སྲིད་གསུམ་ཡོངས་ལ་ཁྱབ་པར་འགྲོ། །ཕྱག་བརྙན་སྦྲུལ་གྱི་མགོ་བརྙན་ཅན། །གོས་ སུ་མེ་དར་དམར་པོ་མནབ། །སྐུ་རྒྱབ་འབར་བའི་མེ་ལ་བརྟེན། །མེ་ཁམས་འབྱུང་བ་སྲིད་པའི་ བདག །ཡང་སྤྲུལ་དྲི་བཙན་ཤ་མགོ་འགྱེད། །ལྷོ་ཕྱོགས་རླུང་གི་བདག་པོ་སྟེ། །རླུང་ཁྲི་དགུ་ འབུམ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཤིང་སྣ་ལྔ་ཡི་ དུད་པས་བསང༌། །འབྲུ་མཆོག་བཤོས་བཟང་མཆོད་པ་འབུལ། །མདའ་དར་དམར་པོ་རྟེན་དུ་ བཙུགས། །རླུང་རྟ་བསྐྱེད་ལ་སྙན་གྲགས་སྒྲོགས། །མི་མཐུན་རླུང་གི་མཐུན་པར་སྒྲུབས། །རླུང་རྟའི་ལྷ་དེས་སྤེལ་བར་མཛོད། །རླུང་རྟ་ལྔ་ཡི་སྲས་པོ་ནི། །ཤིང་གི་མི་བོ་ལྗང་གུ་ལ། །ཕྱག་ན་མདའ་དར་ལྗང་གུ་བསྣམས། །ཆིབས་སུ་བྱི་འབྲུག་སྤྲེལ་གསུམ་ཆིབས། །སྲིད་ གསུམ་ཡོངས་ལ་ཁྱབ་པར་འགྲོ། །ཕྱག་བརྙན་སྟག་གི་མགོ་བརྙན་ཅན། །ཤིང་ལོ་ལྗང་གུའི་ ན་བཟའ་གསོལ། །སྐུ་རྒྱབ་ལྗོན་པའི་ཤིང་ལ་བརྟེན། །ཤིང་ཁམས་འབྱུང་བ་སྲིད་པའི་བདག །ས་བདག་གཉན་གསུམ་སྤྲུལ་པ་འགྱེད། །ཤར་ཕྱོགས་རླུང་གི་བདག་པོ་སྟེ། །རླུང་ཁྲི་དགུ་ འབུམ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཤིང་སྣ་ལྔ་ཡི་ དུད་པས་བསང༌། །འབྲུ་མཆོག་བཤོས་བཟང་མཆོད་པ་འབུལ། །མདའ་དར་ལྗང་གུ་རྟེན་དུ་ བཙུགས། །རླུང་རྟ་བསྐྱེད་ལ་སྙན་གྲགས་སྒྲོགས། །མི་མཐུན་རླུང་གིས་མཐུན་པར་སྒྲུབས། 4-1-72 །རླུང་རྟའི་ལྷ་དེས་སྤེལ་བར་མཛོད། །རླུང་རྟ་ལྔ་ཡི་སྲས་པོ་ནི། །ཆུ་ཡི་མི་བོ་སྔོན་པོ་ལ། །ཕྱག་ ན་མདའ་དར་སྔོན་པོ་བསྣམས། །ཆིབས་སུ་བྱ་གླང་སྦྲུལ་གསུམ་ཆིབས། །སྲིད་གསུམ་ཡོངས་ ལ་ཁྱབ་པར་འགྲོ། །ཕྱག་བརྙན་ཕག་གི་མགོ་བརྙན་ཅན། །ཆུ་དར་སྔོན་པོའི་ན་བཟའ་གསོལ། །སྐུ་རྒྱབ་རྒྱ་མཚོའི་ཀླུང་ལ་བརྟེན། །ཆུ་ཁམས་འབྱུང་བ་སྲིད་པའི་བདག །ས་བདག་ཀླུ་གཉན་ སྤྲུལ་པ་འགྱེད། །བྱང་ཕྱོགས་རླུང་གི་བདག་པོ་སྟེ། །རླུང་ཁྲི་དགུ་འབུམ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཤིང་སྣ་ལྔ་ཡི་དུད་པས་བསང༌། །འབྲུ་ མཆོག་བཤོས་བཟང་མཆོད་པ་འབུལ། །མདའ་དར་སྔོན་པོ་རྟེན་དུ་བཙུགས། །རླུང་རྟ་བསྐྱེད་ ལ་སྙན་གྲགས་སྒྲོགས། །མི་མཐུན་རླུང་གིས་མཐུན་པར་སྒྲུབས། །རླུང་རྟའི་ལྷ་དེས་སྤེལ་བར་ མཛོད། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །བསོད་ནམས་དཔལ་གྱི་དར་ཆེན་ ཕྱོར། །སྙན་གྲགས་བྱ་རྒོད་ལྡེམ་འཕྲུ་བཙུགས། །རླུང་རྟ་སྲིད་གསུམ་འབྲུག་ལྟར་སྒྲོགས། །རླུང་རྟ་བསྐྱེད་ལ་བརྟན་པར་མཛོད། །ཆོས་དང་མཐུན་པའི་གྲོགས་མཛོད་ལ། །བདེ་ལེགས་ ཕུན་སུམ་ཚོགས་པར་ཤོག །ཀ་འཛུགས་ནི། སྲོག་རླུང་རྟེན་དུ་ནམ་མཁའ་བཙུགས། །ཚེ་སྲོག་ ཀ་བ་བརྟན་པར་མཛོད། །ལུས་རླུང་རྟེན་དུ་རྒྱང་བུ་བཙུགས། །ནད་གདོན་བར་ཆད་ཞི་བར་ མཛོད། །དབང་རླུང་རྟེན་དུ་བུམ་པ་བཞག །བསོད་ནམས་དབང་ཐང་རྒྱས་པར་མཛོད། །ཤུགས་ལྡན་རྟ་མཆོག་ཞོན་པའི་རྟེན། །ཞོལ་གཡག་སྟོབས་ལྡན་ཁལ་གྱི་རྟེན། །འབྲི་ཞོལ་ མངལ་ལྡན་འཕེལ་བའི་རྟེན། །ལྷ་ལུག་བལ་ལྡན་གོས་ཀྱི་རྟེན། །ར་སྐྱེས་འགྱིང་ལྡན་ཕྱྭ་ཡི་ རྟེན། །འདི་དག་ཕྱུགས་ཀླུང་རྟེན་དུ་འབུལ། །ཕྱུགས་ཀྱིས་ར་བ་འགེངས་བར་མཛོད། །རྟ་ མཆོག་རིན་ཆེན་རྒྱན་ལྡན་འདི། །མྱུར་མགྱོགས་ཆེ་བའི་རྟེན་དུ་འབུལ། །རྒྱ་སྟག་མཚལ་གྱི་ ཐིག་ལེ་ཅན། །དཔའ་སྙིང་ཆེ་བའི་རྟེན་དུ་འབུལ། །གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། །སྙན་ གྲགས་ཆེ་བའི་རྟེན་དུ་འབུལ། །ཁྱུང་ཆེན་ནོར་བུའི་ཐོར་ཅོག་ཅན། །དབུ་འཕང་མཐོ་བའི་རྟེན་ 4-1-73 དུ་འབུལ། །གངས་སེང་གཡུ་ཡི་རལ་བ་ཅན། །གཟི་བརྗིད་ཆེ་བའི་རྟེན་དུ་འབུལ། །ཀྱཻ། རླུང་ མཁར་མདུན་གྱི་ནམ་མཁའ་ལ། །སྤྲིན་དཀར་ལང་ལོང་འཁྲིགས་པའི་དབུས། །རྟ་མཆོག་རྫུ་ འཕྲུལ་ཤུགས་ལྡན་ཅན། །གང་བསམ་ལས་རླུང་དར་བའི་ཕྱིར། །མྱུར་མགྱོགས་ཆེ་བའི་རྟེན་ དུ་འབུལ། །རླུང་མཁར་ཤར་གྱི་སྒོ་སྲུང་ནི། །དཔག་བསམ་ཤིང་གི་ནགས་རྫོང་དུ། །རྒྱ་སྟག་ མཚལ་གྱི་ཐིག་ལེ་ཅན། །དཔའ་རྩལ་ལས་རླུང་དར་བའི་ཕྱིར། །སྙིང་སྟོབས་ཆེ་བའི་རྟེན་དུ་ འབུལ། །རླུང་མཁར་ལྷོ་ཡི་སྒོ་སྲུང་ནི། །མེ་ཁམས་རབ་རྒྱས་ཆུ་འཛིན་དབུས། །གཡུ་འབྲུག་ ཟངས་ཀྱི་མཆེ་བ་ཅན། །སྙན་གྲགས་ལས་རླུང་དར་བའི་ཕྱིར། །ཟིལ་གནོན་ཚིག་བཙུན་རྟེན་ དུ་འབུལ། །རླུང་མཁར་ནུབ་ཀྱི་སྒོ་སྲུང་ནི། །ལྕགས་ཀྱི་རི་བོའི་འབབ་སྟེགས་ལ། །ཁྱུང་ཆེན་ ནོར་བུའི་ཐོར་གཙུག་ཅན། །ཡོན་ཏན་ལས་རླུང་དར་བའི་ཕྱིར། །དབུ་འཕང་མཐོ་བའི་རྟེན་དུ་ འབུལ། །རླུང་མཁར་བྱང་གི་སྒོ་སྲུང་ནི། །གངས་དཀར་ཆུ་རྒྱུན་འབབ་ལྡན་ལ། །དུང་སེང་ གཡུ་ཡི་རལ་བ་ཅན། །ཟིལ་གནོན་ལས་རླུང་དར་བའི་ཕྱིར། །གཟི་བརྗིད་ཆེ་བའི་རྟེན་དུ་ འབུལ། །གསང་རྟེན་ཁྱད་འཕགས་འདི་དག་གིས། །དཔལ་གྱི་ལས་རླུང་བསྐྱེད་པའི་ཕྱིར། །རྟེན་ལྔས་བསྟོད་ཅིང་ཕྱོགས་ཀུན་ལས། །རྒྱལ་བའི་སྙན་གྲགས་ཁྱབ་པར་མཛོད། །དེ་ནས་ རླུང་རྟའི་དཔའ་བསྐྱེད་པ་ནི། ཀྱཻ། རིག་འཛིན་བླ་མ་ཡི་དམ་རབ་འབྱམས་དང༌། །ཁྱད་པར་ མྱུར་མ་ཨཱརྱ་ཏཱ་རེ་མ། །གློག་ལྟར་མྱུར་བའི་སྤྱན་གཡོས་ས་གསུམ་ན། །དགེ་མཚན་སྙན་ གྲགས་དཔལ་གྱི་ཆོས་དུང་གིས། །འཛམ་གླིང་བཀྲ་ཤིས་དཔལ་གྱིས་གང་བར་མཛོད། །ཆོས་ སྐྱོང་ནོར་ལྷ་དྲེགས་པ་སྡེ་བརྒྱད་དང༌། །ཡུལ་ལྷ་གཞི་བདག་ལྷ་ཀླུ་གཉན་གཏོད་དང༌། །ཕོ་ལྷ་ དགྲ་ལྷ་ཟས་ལྷ་གྲོགས་ལྷ་དང༌། །མགྲོན་ལྷ་ལམ་ལྷ་ཚེ་རབས་ལས་ལྷ་དང༌། །ལྷན་ཅིག་སྐྱེས་ ལྷ་འགོ་བའི་ལྷ་ལྔ་དང༌། །ལོ་ཟླ་ཞག་དང་ཚེས་གྲངས་སྤར་སྨེའི་ལྷ། །ཁྱད་པར་རླུང་རྟའི་ལྷ་ རྣམས་འཁོར་བཅས་ལ། །དེ་རིང་རླུང་རྟའི་རུ་མཚོན་འཕེལ་ཕྱིར་དུ། །རིན་ཆེན་ཕོ་བྲང་སྐུ་ 4-1-74 མཁར་ལབ་རྩེ་དང༌། །ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་མདའ་མདུང་གྲི། །ནམ་མཁའ་གཡུ་ འཕང་བསང་མཆོད་གསེར་སྐྱེམས་སོགས། །དངོས་བཤམས་ཡིད་སྤྲུལ་དགེ་མཚན་དཔལ་ འབར་བས། །བཀྲ་ཤིས་ལྷ་ལམ་ཁྱབ་པའི་མཆོད་སྤྲིན་འདི། །འབུལ་ལོ་རྔན་ནོ་མཉེས་ཤིང་ དངོས་གྲུབ་སྩོལ། །མི་མཐུན་འགལ་རྐྱེན་ཞི་བའི་རྟེན་དུ་འབུལ། །ནད་གདོན་བར་ཆད་ཞི་ བའི་རྟེན་དུ་འབུལ། །སངས་རྒྱས་བསྟན་པ་རྒྱས་པའི་རྟེན་དུ་འབུལ། །སེམས་ཅན་བདེ་སྐྱིད་ འཕེལ་བའི་རྟེན་དུ་འབུལ། །ཚེ་བསོད་དཔལ་འབྱོར་རྒྱས་པའི་རྟེན་དུ་འབུལ། །སྙན་གྲགས་ རླུང་རྟ་རྒྱས་པའི་རྟེན་དུ་འབུལ། །སྲོག་ལུས་དབང་ཐང་དར་བའི་རྟེན་དུ་འབུལ། །ཁམས་ གསུམ་དབང་དུ་སྡུད་པའི་རྟེན་དུ་འབུལ། །གནོད་བྱེད་དགྲ་བགེགས་བཟློག་པའི་རྟེན་དུ་ འབུལ། །རླུང་རྟའི་དཔུང་བསྟོད་ནི། ཀྱཻ། རྡོ་རྗེ་འཆང་དང་ཆོས་རྒྱལ་རིགས་ལྡན་དང༌། །ཀུན་ མཁྱེན་ཡབ་སྲས་རྗེ་བཙུན་བརྒྱུད་རིམ་བཅས། །དུས་འཁོར་སྡེ་དྲུག་བདེ་དགྱེས་འཇིགས་ གསང་སོགས། །སྒྲོལ་མ་གཙོ་འཁོར་ཡི་དམ་རབ་འབྱམས་དང༌། །མཆོག་གསུམ་མཁའ་འགྲོ་ ཆོས་སྐྱོང་གཙོ་འཁོར་ཀུན། །ལོ་ཟླ་ཞག་དུས་སྤར་སྨེ་སྲོག་ལུས་དབང༌། །གཞི་བདག་ཡུལ་ལྷ་ གནས་བདག་ཐམས་ཅད་དང༌། །རླུང་ལྷ་འཇིག་རྟེན་འཇིག་རྟེན་ལས་འདས་ཚོགས། །བླ་ མའི་སྐུ་ཚེ་བརྟན་པའི་དབུ་འཕང་བསྟོད། །རྫོགས་ལྡན་མདོ་སྔགས་རྒྱས་པའི་དབུ་འཕང་ བསྟོད། །བཤད་སྒྲུབ་ཟུང་དུ་འབྲེལ་བའི་དབུ་འཕང་བསྟོད། །ཐོས་བསམ་སྒོམ་གསུམ་འཕེལ་ བའི་དབུ་འཕང་བསྟོད། །བསླབ་གསུམ་ཉམས་ལེན་སྐྱེ་བའི་དབུ་འཕང་བསྟོད། །འཆད་རྩོད་ རྩོམ་གསུམ་འཕེལ་བའི་དབུ་འཕང་བསྟོད། །དགེ་འདུན་ཆོས་སྤྱོད་འཕེལ་བའི་དབུ་འཕང་ བསྟོད། །ཐུགས་མཐུན་འདུལ་ཁྲིམས་གཙང་བའི་དབུ་འཕང་བསྟོད། །བསྟན་པའི་སྦྱིན་ བདག་རྒྱས་པའི་དབུ་འཕང་བསྟོད། །རྒྱལ་བློན་ཆབ་སྲིད་དར་བའི་དབུ་འཕང་བསྟོད། །ཆོས་ སྲིད་ཟུང་དུ་འབྲེལ་བའི་དབུ་འཕང་བསྟོད། །ཆར་ཆུ་དུས་ཚིགས་སྙོམས་པའི་དབུ་འཕང་ 4-1-75 བསྟོད། །ལོ་ཕྱུགས་རྟག་ཏུ་ལེགས་པའི་དབུ་འཕང་བསྟོད། །འགལ་རྐྱེན་བར་ཆད་ཞི་བའི་ དབུ་འཕང་བསྟོད། །འཁོན་སེམས་འཐབ་རྩོད་ཞི་བའི་དབུ་འཕང་བསྟོད། །མི་ཕྱུགས་ནད་ རྣམས་ཞི་བའི་དབུ་འཕང་བསྟོད། །གནོད་བྱེད་དགྲ་བགེགས་སྒྲོལ་བའི་དབུ་འཕང་བསྟོད། །བྱད་ཀ་མནན་གཏད་ཞི་བའི་དབུ་འཕང་བསྟོད། །ཁམས་གསུམ་དབང་དུ་སྡུད་པའི་དབུ་ འཕང་བསྟོད། །ཚེ་བསོད་མངའ་ཐང་རྒྱས་པའི་དབུ་འཕང་བསྟོད། །དཔལ་འབྱོར་སྙན་ གྲགས་འཕེལ་བའི་དབུ་འཕང་བསྟོད། །སྲོག་ལུས་དབང་ཐང་དར་བའི་དབུ་འཕང་བསྟོད། །དགྲ་ལྷ་གཉན་པོ་འཁོར་བཅས་དབུ་འཕང་བསྟོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་དབུ་ འཕང་བསྟོད། །བསྟོད་དོ་བདག་ཅག་མི་ནོར་འཁོར་བཅས་ལ། །ཉིན་གསུམ་བྱ་ར་མཚན་ གསུམ་མེལ་ཚེ་མཛོད། །མ་དང་བུ་བཞིན་རྟག་ཏུ་གཡེལ་མེད་པའི། །ཆོས་མཐུན་སྡོངས་ གྲོགས་མཛོད་ཅིག་དགྲ་བླའི་ཚོགས། །དགེ་མཚན་དཔལ་ཁ་ཆར་དུ་བསྙིལ་བར་མཛོད། །དེ་ ནས་གཏོར་ཆོག་རྗེས་ཀྱི་སྐུལ་བའི་རིགས་གང་ཡོད་འདོན། རླུང་རྟའི་བཟློག་པ་ནི། ཧཱུཾ། རྡོར་ འཆང་ཆོས་རྒྱལ་རིགས་ལྡན་སོགས། །ཀུན་མཁྱེན་རྗེ་བཙུན་ཡབ་སྲས་བཅས། །དུས་འཁོར་ བདེ་དགྱེས་འཇིགས་གསང་སོགས། །བརྒྱུད་རིམ་སྒྲོལ་མ་གཙོ་འཁོར་རྣམས། །ཡི་དམ་རབ་ འབྱམས་མཆོག་གསུམ་དང༌། །མཁའ་འགྲོ་ཆོས་སྐྱོང་གཙོ་འཁོར་ཀུན། །ནོར་ལྷ་གཏེར་ བདག་ལོ་ཟླ་ཞག །དུས་ཚོད་སྤར་སྨེ་སྲོག་ལུས་དབང༌། །རླུང་ལྷ་གནས་བདག་གཞི་བདག་ སོགས། །འཇིག་རྟེན་འཇིག་རྟེན་འདས་པའི་ཚོགས། །ལྷ་ཚོགས་ཁྱེད་རྣམས་མཐུ་སྟོབས་ ཀྱིས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རླུང་རྟ་གསོས་ལ་དཔལ་ཁ་བསྐྱེད། །རང་རང་རླུང་རྟ་ ངན་པ་ཡིས། །ལས་བྱས་དོན་འབྲས་ཆུང་བ་ཟློགས། །རླུང་རྟའི་མ་ནི་ངན་པ་ཡིས། །བཀུར་སྟི་ དྲིན་ལན་ཆུང་བ་ཟློགས། །རླུང་རྟའི་བུ་ནི་ངན་པ་ཡིས། །རིགས་རྒྱུད་ཆད་པའི་སྲི་ངན་ཟློགས། །རླུང་རྟའི་གྲོགས་ནི་ངན་པ་ཡིས། །ཚེ་སྲོག་ཁ་རྗེ་ཆུང་བ་ཟློགས། །རླུང་རྟའི་དགྲ་ནི་མཐོ་བ་ 4-1-76 ཡིས། །དགྲ་དང་ཁ་མཆུ་ལྡང་བ་ཟློགས། །བཙུན་པའི་རླུང་རྟ་ཉམས་པ་ཡིས། །ཁྲིམས་འཆལ་ མི་ཁ་ལྡང་བ་ཟློགས། །སྔགས་འཆང་རླུང་རྟ་ཉམས་པ་ཡིས། །ཕུར་བའི་དབལ་རྩེ་ཞེན་པ་ ཟློགས། །གཤིན་བོན་རླུང་རྟ་ཉམས་པ་ཡིས། །མ་ཉེས་མི་ཁ་ལྡང་བ་ཟློགས། །མི་རྗེའི་རླུང་རྟ་ ཉམས་པ་ཡིས། །སྡེ་འཁྲུགས་སྲིད་ལ་རྩོད་པ་ཟློགས། །ཞང་བློན་རླུང་རྟ་ཉམས་པ་ཡིས། །དབང་ཐང་སྙན་གྲགས་ཉམས་པ་ཟློགས། །སྐྱེས་པའི་རླུང་རྟ་ཉམས་པ་ཡིས། །ཁ་རྗེ་དར་ རྒུད་བྱུང་བ་ཟློགས། །བྲན་གཡོག་རླུང་རྟ་ཉམས་པ་ཡིས། །མི་ཐེག་ཁུར་བོ་འོང་བ་ཟློགས། །ཁང་མཛོད་རླུང་རྟ་ཉམས་པ་ཡིས། །ཀ་ཆག་གདུང་འགྱེལ་བྱུང་བ་ཟློགས། །རིན་ཆེན་རླུང་རྟ་ ཉམས་པ་ཡིས། །ས་བཅུད་མདངས་རྣམས་ཉམས་པ་ཟློགས། །ཕྱུགས་རིགས་རླུང་རྟ་ཉམས་ པ་ཡིས། །འཕེལ་ཟད་གོད་ཁ་འོང་བ་ཟློགས། །གཟའ་མིའི་རླུང་རྟ་མི་མཐུན་པས། །ཤིང་རླུང་ ལྕགས་ཀྱིས་བཅད་པ་ཟློགས། །མེ་རླུང་ཆུ་ཡིས་བསད་པ་ཟློགས། །ས་རླུང་ཤིང་གིས་འདྲལ་ བ་ཟློགས། །ལྕགས་རླུང་མེ་ཡིས་བསྲེག་པ་ཟློགས། །ཆུ་རླུང་ས་ཡིས་བསྲུབས་པ་ཟློགས། །གནམ་ལོས་རླུང་རྟ་བཅད་པ་ཟློགས། །རླུང་རྟ་གནམ་ལོས་བཅད་པ་ཟློགས། །རླུང་རྟའི་འཇུ་ ཐག་ཆད་པ་ཟློགས། །རླུང་རྟའི་རྟེན་ཕུར་ཕུད་པ་ཟློགས། །ཕོ་རླུང་གནམ་སྒོ་ཕྱེ་བ་ཟློགས། །མོ་རླུང་ས་སྒོར་ཚུད་པ་ཟློགས། །བུ་རླུང་ཡིད་ཚང་ངན་པ་ཟློགས། །རླུང་རྟའི་བཀྲག་མདངས་ ཉམས་པ་ཟློགས། །རླུང་རྟའི་བཅུད་རྣམས་ཤོར་བ་ཟློགས། །ཕོ་རླུང་ངན་པ་ཚེ་ཐུང་ཟློགས། །མོ་རླུང་ངན་པ་དཔལ་ཆུང་ཟློགས། །བུ་རླུང་ངན་པ་བསྐྱེད་ཆུང་ཟློགས། །རླུང་རྟ་དགུ་མིག་ ཚུད་པ་ཟློགས། །རླུང་རྟ་དུར་དུ་ཚུད་པ་ཟློགས། །རླུང་རྟ་གཤེད་དུ་བབས་པ་ཟློགས། །རླུང་ རྟའི་ཡིད་ཚང་ངན་པ་སྟེ། །སྡང་བར་བྱེད་པའི་དགྲ་ལ་ཟློགས། །གནོད་པར་བྱེད་པའི་ བགེགས་ལ་ཟློགས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རླུང་རྟ་དར་བའི་དཔལ་ཁ་སྩོལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །བདུན་པ་མཇུག་བསྡུ་བ་ནི། བླ་མ་མཆོག་ 4-1-77 གསུམ་ཡི་དམ་ལྷ་ཚོགས་དང༌། །ཁྱད་པར་རྒྱལ་ཡུམ་ཐུགས་རྗེམྱུར་འཇུག་མ། །མཁའ་འགྲོ་ ཆོས་སྐྱོང་ནོར་ལྷ་གཏེར་བདག་དང༌། །ཡིད་ཚང་རླུང་རྟའི་ལྷ་ཚོགས་ཁྱེད་རྣམས་ཀྱིས། །ཀུན་ མཁྱེན་རྒྱལ་བའི་བསྟན་ པ་སྲིད་མཐའི་བར། །གནས་ཤིང་ཕྱོགས་བཅུར་དར་ཞིང་རྒྱས་པ་དང༌། །བསྟན་འཛིན་ རྣམས་ཀྱི་མཛད་འཕྲིན་གོང་འཕེལ་ཞིང༌། །ཆོས་ལྡན་བཞེད་དོན་ལྷུན་གྱིས་གྲུབ་པར་མཛོད། །དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང༌། །བཤད་སྒྲུབ་ཆོས་འབྱོར་དབྱར་གྱི་ མཚོ་ལྟར་རྒྱས། །དེ་མཐུས་འགྲོ་རྣམས་རྒུད་པ་ཀུན་ཞི་ནས། །ལེགས་ཚོགས་ཕན་བདེའི་ དཔལ་ལ་སྤྱོད་པར་མཛོད། །བདག་སོགས་རྣམས་ཀྱི་ཚེ་དང་བསོད་ནམས་དང༌། །སྟོབས་ དང་གཟི་བརྗིད་མངའ་ཐང་དཔལ་འབྱོར་དང༌། །ལོངས་སྤྱོད་སྙན་གྲགས་ལེགས་ཚོགས་ཡོན་ ཏན་ཀུན། །ཡར་ངོས་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཁྱད་པར་ཁ་རྗེ་དབང་ཐང་རླུང་ རྟ་རྣམས། །ཡོ་བ་སྲོངས་ལ་འགྱེལ་སློང་ཆད་པ་མཐུད། །ཆག་པ་སྦྱོར་ལ་ཟག་ཆད་ཉམས་པ་ གསོས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་མཛོད། །མདོར་ན་མི་འདོད་རྐྱེན་ངན་ཀུན་ཞི་ ཞིང༌། །མཐུན་རྐྱེན་ལེགས་ཚོགས་མཐའ་དག་འཕེལ་ཞིང་རྒྱས། །ཇི་ལྟར་བསམ་པའི་དོན་ རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཡུལ་ཕྱོགས་འདིའི་ མཚོན་ཡངས་པའི་རྒྱལ་ཁབ་ཏུ། །མི་ཤེས་རྒུད་པའི་མཚན་མ་མི་འབྱུང་ཞིང༌། །མཆོག་གསུམ་ བླ་མར་འཛིན་ཅིང་ཆོས་ལ་སྤྱོད། །སྡེ་བཞིའི་དཔལ་གྱིས་འཚོ་བའི་བཀྲ་ཤིས་སྩོལ། །ཞེས་ འདོད་དོན་གསོལ་བ་གདབ། ནོངས་བཤགས་ནི། འཕགས་མའི་ཆོས་སྐུ་འཁོར་འདས་དབྱེར་ མེད་ཀྱང༌། །མ་རིག་དབང་གིས་དེ་ཉིད་ཞལ་མ་མཇལ། །ཀུན་རྫོབ་སྒྱུ་མའི་རྟེན་འབྲེལ་སྣང་ བ་ལ། །བསོད་ནམས་བསགས་སྦྱངས་ཇི་བཞིན་མ་ཐོན་པའི། །མཆོད་ཡུལ་མཆོད་ཐབས་ དངོས་རྫས་མ་འབྱོར་བ། །ཉམས་དང་ལེགས་སྤྱད་མ་ཐོན་གང་ཡོད་པ། །སེར་སྣ་མང་ཞིང་ 4-1-78 མཆོད་ངན་བཤམ་ཉེས་དང༌། །སྦྱོར་བ་མི་གཙང་ཆོ་ག་ལྷག་ཆད་སོགས། །དཔང་གྱུར་སྐྱབས་ མཆོག་ཀུན་གཟིགས་མཁྱེན་སྤྱན་ཅན། །རྗེ་བཙུན་འཕགས་མའི་ལྷ་ཚོགས་ཡོངས་ལ་ བཤགས། །བརྩེ་ཆེན་ཐུགས་རྗེའི་དབང་གིས་བཟོད་བཞེས་ལ། །གཉིས་མེད་དོན་གྱི་ཚངས་ པ་སྩལ་དུ་གསོལ། །གཏོར་ཆོག་རྗེས་ཀྱི། མགོན་པོ་ཐུགས་རྗེ་ཆེན་པོ༴སོགས། སངས་རྒྱས་ པར་བྱིན་གྱིས་བརླབ་ཏུ་གསོལ། ཡིག་བརྒྱ་ཨཱ་ལི་ཀཱ་ལིརྟེན་འབྲེལ་སྙིང་པོ་ལན་གསུམ་ བརྗོད་ལ་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱའོ། །མ་འབྱོར་པ་དང༴ སོགས། བླ་ན་ མེད་པ་སྩོལ། །ཞེས་པའི་བར་དང༌། བླ་མ་རྒྱལ་ཡུམ་འཕགས་མ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་ ལྷ་ཚོགས་རྣམས་དང༌། ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་ གཏེར་བདག་འགོ་བའི་ལྷ་ལྔ་རླུང་རྟའི་ལྷ་བཞི་གཞན་ཡང་སྲོག་ལུས་དབང་ཐང་རླུང་རྟ་བླ་ཚེ་ ལོག་མིན་ལ་དབང་བྱེད་པའི་ལྷ་ཚོགས་འཁོར་དང་བཅས་པ་ཁྱེད་རྣམས་རླུང་རྟའི་རྟེན་མཁར་ འདི་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་ཅག་རྣམས་ཀྱི་ཚེ་ དང་བསོད་ནམས་ཁ་རྗེ་དབང་ཐང་རླུང་རྟ་སྙན་གྲགས་ལོངས་སྤྱོད་དཔལ་འབྱོར་ལེགས་ ཚོགས་ཐམས་ཅད་དབྱར་དུས་ཀྱི་ཆུ་མཚོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་ བྱིན་གྱིས་བརླབ་ཏུ་གསོལ། ༀ་ཡེ་དྷརྨཱ༴ ལན་ཉེར་གཅིག་གམ་བདུན་སོགས་བཟླས་ཏེ་མེ་ ཏོག་གཏོར་ལ། བརྟན་བཞུགས་ནི། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་ དང༌། །ཁྱད་པར་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས། །ཀུན་ནས་ཉེར་དགོངས་སེམས་ ཅན་ཡོངས་གྲོལ་བར། །ཁྱེད་རྣམས་མྱ་ངན་མི་འདའ་བརྟན་པར་བཞུགས། །བྱེ་བྲག་ཏུ་ཡང་ སྒྲུབ་པའི་རྟེན་རྣམས་ལ། །བསྐྱེད་ཅིང་སྤྱན་དྲངས་ལྷ་ཚོགས་ཐམས་ཅད་ཀྱང༌། །འབྱུང་བཞིའི་ གནོད་པས་གཞོམ་གཞིག་མ་སོང་བར། །དེ་སྲིད་དུ་ནི་བརྟན་པར་ལེགས་བཞུགས་གསོལ། །བཞུགས་ནས་ཀྱང་ནི་བདག་དང་སྦྱིན་བདག་ལ། །གནས་སྐབས་མཐར་ཐུག་དངོས་གྲུབ་ 4-1-79 གང་དང་གང༌། །རང་རང་ལ་ཡང་གང་འོས་དེ་འཚམ་པར། །དུས་སུ་གཡེལ་མེད་ཇི་བཞིན་ སྩལ་དུ་གསོལ། །ༀ་སརྦ་བུདྡྷ་བོ་དྷི་སཏྭཱ་ཏཱ་རེ་ས་པ་རི་བཱ་ར་སུ་པྲ་ཏིཥྛ་བཛྲ་ཡེསྭཱཧཱ། ཞེས་པའི་ སྔགས་ལན་གསུམ་མམ་འགའ་བརྗོད་ལ་འབྲུ་འཐོར། འདིར་ནི་རྟེན་དང་ལྷན་གཅིག་ཏུ༴ སོགས། གཏོར་མགྲོན་འཇིག་རྟེན་པ་གློ་བུར་ལྷག་པ་ཡོད་ན་དེ་དག་ལ་དམིགས་ནས། ༀ་ བཛྲ་མུཿ ཞེས་བརྗོད་ལ་གཤེགས། ཉིན་ཐ་མར་གོང་གི་རླུང་རྟའི་དཔལ་བསྐྱེད་དང༌། དཔུང་ བསྟོད་གཉིས་འདོན་ཞིང༌། དབུ་འཕང་བསྟོད་ཀྱི་དོད་དུ། རྟེན་དུ་བཞུགས་ཞེས་དང༌། བསྟོད་ དོ་བདག་ཅག་གི་དོད་དུ། རྟེན་དུ་བཞུགས་སོ་ཞེས་བསྒྱུར། ཁང་བཟང་ལབ་རྩེ་དང༌། དཔའ་ མཁར། མཛོད་ཁང་རྟེན་ཕུག་སོགས་གང་བདེར་བཞུགས་སུ་གསོལ། སྐྱ༵བས་གནས་རྒྱ་ མཚོའི་སྙིང་པོ་བླ་མ་དང༌། །སྐྱ༵བས་ཀྱི་མཆོག་གྱུར་དཀོན་མཆོག་རྣམ་པ་གསུམ། །སྐྱ༵བས་ དང་དཔུང་གཉེན་མཁའ་འགྲོ་ཆོས་སྐྱོང་སོགས། །སྐྱ༵བས་མཆོག་དམ་པ་རྣམས་ཀྱི་བཀྲ་ཤིས་ ཤོག །བ༵དེ་ལེགས་འབྱུང་གནས་བྱང་ཆུབ་སེམས་མཆོག་ལ། །བ༵དེ་བླག་མངའ་མཛད་རྒྱལ་ སྲས་རྣམས་ཀྱི་མཐུས། །བ༵དེ་བའི་མགྲོན་དུ་བོས་པའི་འགྲོ་རྣམས་ཀྱིས། །བ༵དེ་སྐྱིད་དཔལ་ ལ་སྤྱོད་པའི་བཀྲ་ཤིས་ཤོག །རྒྱ༵ལ་བའི་ངེས་གསང་གཞན་སྟོང་དབུ་མའི་ལམ། །རྒྱ༵ལ་བ་ གཉིས་པས་གངས་རིའི་ཁྲོད་དུ་འཆད། །རྒྱ༵ལ་ཡུམ་འཕགས་མ་འཕྲིན་ལས་འོད་དཀར་གྱིས། །རྒྱ༵ལ་བསྟན་པད་ཚལ་བཞད་པའི་བཀྲ་ཤིས་ཤོག །བསྟ༵ན་པའི་ཡང་རྩེ་ཟུང་འཇུག་དབུ་མའི་ ལམ། །བསྟ༵ན་པའི་དྭངས་བཅུད་མི་འགྱུར་བདེ་ཆེན་རྒྱས། །བསྟ༵ན་པ་ཡོངས་རྫོགས་ལེགས་ འཛིན་སྒྲོལ་བའི་མགོན། །བསྟ༵ན་འཛིན་བརྒྱུད་ལྡན་རྒྱས་པའི་བཀྲ་ཤིས་ཤོག །དཔ༵ལ་ མཆོག་དུས་ཀྱི་འཁོར་ལོའི་ཟབ་ལམ་གནད། །དཔ༵ལ་གྱི་སྒྲུབ་པའི་གནས་མཆོག་དམ་པ་རུ། །དཔ༵ལ་ལྡན་བླ་མས་ཇི་བཞིན་འཆད་པ་ལྟར། །དཔ༵ལ་འབྱོར་ཉམས་ལེན་རྒྱས་པའི་བཀྲ་ ཤིས་ཤོག །ལུ༵ང་གིས་ཕྱུག་པའི་བསྟན་འཛིན་སྐྱེས་ཆེན་གྱིས། །ལུ༵ང་རྟོགས་བསྟན་པའི་རྒྱལ་ 4-1-80 མཚན་མཁའ་ལ་ཕྱར། །ལུ༵ང་རིགས་རིན་ཆེན་ནོར་བུའི་ཏོག་གིས་བརྒྱན། །ལུ༵ང་བསྟན་ངེས་ དོན་ཆོས་སྤྱོད་བཀྲ་ཤིས་ཤོག །བརྒྱུ༵ད་པའི་ཆུ་རྒྱུན་ནམ་ཡང་ཆད་པ་མེད། །བརྒྱུ༵ད་པའི་བྱིན་ རླབས་དྲོད་རླངས་ཉམས་པ་མེད། །བརྒྱུ༵ད་འཛིན་སྐྱེས་བུའི་སྐུ་ཚེ་རབ་བརྟན་ཞིང༌། །བརྒྱུ༵ད་ ལྡན་སླར་ཡང་ཉམས་མེད་བཀྲ་ཤིས་ཤོག །རླུ༵ང་གི་གཡོ་ཆས་ཀུན་མཁྱེན་བརྩེ་ཆེན་བསྐྱོད། །རླུ༵ང་ཤུགས་བཞིན་དུ་མཛད་འཕྲིན་ས་གསུམ་ཁྱབ། །རླུ༵ང་ཁམས་མཛད་པས་སྣོད་བཅུད་ རབ་རྒྱས་ཏེ། །རླུ༵ང་ལྷའི་ཚོགས་ཀྱི་དགེ་མཚན་བཀྲ་ཤིས་ཤོག །རླུ༵ང་གི་ཤུགས་བཞིན་ཐོགས་ མེད་མཐུ་ལྡན་ཞིང༌། །རླུ༵ང་ལྟར་མྱུར་བའི་འཕྲིན་ལས་སྣ་ཚོགས་ཀྱིས། །རླུ༵ང་རྟ་སྙན་གྲགས་ ལེགས་ཚོགས་རྒྱས་མཛད་པའི། །རླུ༵ང་རྟའི་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རླུ༵ང་རྟ་རྒུད་ པའི་སྐྱོན་ཀུན་ལེགས་སངས་ཏེ། །རླུ༵ང་རྟའི་ཁམས་ཀྱི་བ་དན་སྣ་ཚོགས་ཕྱར། །རླུ༵ང་རྟ་དར་ ཞིང་བསམ་དོན་ལྷུན་གྱིས་གྲུབ། །རླུ༵ང་རྟའི་དགེ་མཚན་སྲིད་གསུམ་ཁྱབ་པར་མཛོད། །སྒྲོལ་ མའི་སྨོན་ལམ་དང་བཀྲ་ཤིས་རྒྱས་བསྡུས་གང་སྤྲོས་མཐའ་བརྒྱན་པར་བྱའོ། །གསུམ་པ་རྒྱུ་ མཚན་ཅུང་ཟད་བཤད་པ་ནི། ད་ནི་ཕན་ཡོན་མཚོན་ཙམ་བརྗོད་ན་འབྱུང་བ་མི་མཐུན་པ། སྤར་ཁ་མི་མཐུན་པ། སྨེ་བ་མི་མཐུན་པ། ལོ་མི་མཐུན་པ། རླུང་རྟ་མི་མཐུན་པ། གཟའ་མི་ མཐུན་པ། བཀྲ་མི་ཤིས་པ། བསམ་དོན་མི་འགྲུབ་པ། མི་ཁ་ལྡང་བ། ཁ་མཆུ་ལྡང་བ། ཕྱུགས་ ནད་དང༌། གོད་ཁ་ལྡང་བ། དགྲ་ལྡང་བ། ནད་སྣ་ཚོགས་ལྡང་བ། རྒྱལ་གདོན་དང་མོ་སྲི་ལྡང་ བ། ས་བདག་ཀླུ་གཉན་ལྡང་བ། བྱད་ཀ་མནན་གཏད་ཟོར་ཁ་ཕུར་ཁ་ལྡང་བ། སྡེ་འཁྲུགས་ དང་སྲིད་ལ་རྩོད་པ། བྱ་བ་ཐམས་ཅད་ལམ་དུ་མི་འགྲོ་བ། ཁ་རྗེ་ཆུང་བ། དབང་ཐང་མེད་པ། འབྱོར་བ་ཆུང་བ། ཁྱིམ་ལ་བཅུད་མེད་པ། སྙན་གྲགས་མེད་པ། ཁ་བསོད་མེད་པ། བསོད་ ནམས་ཆུང་བ། སྙིང་སྟོབས་ཆུང་བ། འཁོན་ལྡང་བ། འབྱུང་བ་ཆ་མི་སྙོམ་པ། ལོ་ཏོག་མི་ ལེགས་པ། བསམ་པ་མི་མཐུན་པ། རིགས་རྒྱུད་ལ་སྲི་ལྡང་བ། ལོ་ཀེགས་ཟླ་ཀེགས་ཞག་ 4-1-81 ཀེགས་སོགས་ཀེགས་ལྡང་བ། ཕུང་ཁྲོལ་ལྡང་བ། རླུང་རྟ་རྒུད་པ། ཟས་ནོར་མི་ཆགས་པ་ སོགས་མདོར་ན་གནམ་ལོ་གཅིག་གི་བཀྲ་མི་ཤིས་པ་ཐམས་ཅད་འདི་ཡིས་སེལ་བར་འགྱུར་ ཏེ། ཇི་སྐད་དུ། དེ་ལྟར་བྱས་པའི་ཕན་ཡོན་གྱིས། །ཡེ་ཤེས་ལྷ་དང་འཇིག་རྟེན་གྱི། །དཔལ་ འབྱོར་ཐམས་ཅད་རང་ལ་འདུ། །ཀླུ་རྒྱལ་གཙུག་གི་ནོར་བུ་བཞིན། །འདོད་དགུ་ཐམས་ཅད་ འདི་ཡིས་འབྱུང༌། །ངན་དགུ་ཐམས་ཅད་འདི་ཡིས་བཟློག །རྟེན་གསུམ་འོག་ཏུ་མནན་པ་ སོགས། །སྡེ་བརྒྱད་དག་ལ་གཏད་པ་དང༌། །ཟོར་ཐུན་ཕུར་བ་བསྒྲིལ་བ་དང༌། །ཡུལ་དུ་ལྟས་ ངན་སྐྱེས་པ་སོགས། །དེ་དག་ཀུན་གྱི་ནུས་པ་ཡང༌། །ཅུང་ཟད་ཙམ་ཡང་ལྡང་མི་ནུས། །ཞེས་ གསུངས་པ་བཞིན་ཡུལ་ཐག་རིང་པོར་འགྲོ་ན་ཆོ་ག་འདི་བྱས་པས་རྐྱེན་ངན་གང་ཡང་མི་ འབྱུང་ཞིང་བསམ་དོན་ཐམས་ཅད་འགྲུབ་པ་དང་ཡུལ་ཕྱོགས་གང་དུ་འཁྲུགས་པ་ལྡང་བ་ དང༌། ནད་ཡམས་འཕྱུར་པ། མི་དགེ་བའི་ལྟས་བྱུང་བ་སོགས་ལ་ཆོ་ག་འདི་ཡིས་སེལ། རང་ ལ་མི་འདོད་པ་རྨི་ལམ་ངན་པ། ལྷ་འདྲེ་དྲག་པོ་ལྡང་བ་དང༌། ཁྱད་པར་ཡོན་ཏན་ཅན་དང་མི་ ཆེན་ལ་ལྷག་པར་བཟང་བ་སོགས་མདོར་ན་མི་འདོད་པ་ཐམས་ཅད་ཞི་བའི་ཐབས་ལ་ཆོ་ག་ འདི་ཟབ་ཅིང་སྟོབས་ཆེ་བས་འཇིག་རྟེན་གྱི་ངན་དགུ་ཐམས་ཅད་བཟློག་ཅིང་དགེ་ལེགས་ ཐམས་ཅད་སྤེལ་བ་ལ་ཁྱད་པར་དུ་འཕགས་ཤིང་ད་དུང་ཕན་ཡོན་དང་ལོ་རྒྱུས་མང་ཡང་ འདིར་མཚོན་ཙམ་ལས་མ་བྲིས་སོ། །སྨྲས་པ། འཇམ་དབྱངས་རྣམ་འཕྲུལ་ཀོང་ཙེ་འཕྲུལ་གྱི་ རྒྱལ། །རྒྱུད་སྟོན་བཞི་དང་ལེན་པ་མི་བཞི་སོགས། །གཙུག་ལག་བརྒྱུད་པའི་བཤེས་གཉེན་ ཐམས་ཅད་ལ། །དད་གུས་ལག་པའི་པདྨོ་སྙིང་གར་འཛུམ། །རུས་སྦལ་པདྨ་དཀར་པོའི་ བརྡས། །སྣོད་བཅུད་རྟེན་འབྲེལ་ལྐོག་གྱུར་དོན། །གསལ་བའི་གཙུག་ལག་རྩིས་ནག་སྐོར། །དེ་ལས་ལོ་སྤར་སྨེ་གཟའ་སྐར། །ས་བདག་ལ་སོགས་སྣང་སྲིད་ཀྱི། །སྐྱེ་དགུའི་བསགས་པ་ ལས་བྱུང་བའི། །བདེ་སྡིག་འབྲས་བུ་རབ་དབྱེ་མཛད། །དེ་ལས་ངན་ཀུན་བཅོས་ཐབས་ 4-1-82 ེལ འདིས། །ཆབས་ཅིག་ཞི་བསིལ་གཏན་བདེ་སྦྱིན། །བསྟན་འགྲོའི་ལེགས་ཚོགས་རྒྱས་སྤེལ་ ཐབས། །མཛད་པའི་གསུང་རབ་དུ་མ་ལས། །རང་བློས་གང་དཔོག་ཉུང་ཙམ་བསྡུས། །རྒྱལ་ ཡུམ་སྒྲོལ་མའི་འཕྲིན་ལས་ཀྱིས། །རླུང་རྟའི་བསྐྱེད་ཆོག་བྱས་པ་ལ། །ཉེས་བཤད་འཁྲུལ་བ་ གང་བྱུང་སོགས། །ཡི་དམ་ལྷ་དང་མཁས་ལ་བཤགས། །སྒྲིབ་སྦྱངས་བསོད་ནམས་གང་ བསགས་ཀྱིས། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །མཛད་འཕྲིན་རྒྱལ་བསྟན་དར་ཞིང་རྒྱས། །འགྲོ་ཀུན་བདེ་ལ་འགོད་པར་ཤོག །སླར་ཡང་རབ་དཀར་འོད་སྣང་གིས། །ཕྱི་ནང་འཐབ་ འཁྲུགས་མཐའ་དག་ཞི། །འགྲོ་མང་བདེ་ཞིང་རྒྱལ་བསྟན་རྒྱས། །སྡུག་བསྔལ་ཚ་གདུང་ཀུན་ ཞི་ཤོག །རང་བཞིན་གནས་ལུགས་འགྱུར་མེད་དབྱིངས། །སྐྱབས་གནས་རབ་འབྱམས་ཀུན་ འདུའི་མཐུས། །གང་སྨོན་དོན་ཀུན་མྱུར་འགྲུབ་སྟེ། །སྐུ་གསུམ་དཀྱིལ་འཁོར་མངོན་གྱུར་ཅིག །ཅེས་་འདོད་དགུ་འཇོ་བའི་རིན་པོ་ཆེའི་བུམ་བཟང་ཞེས་བྱ་བ་འདི་ཡང་སྔར་ནས་རང་རེའི་ བསྟན་ལ་ཐུགས་ཁུར་ཆེ་བ་བླ་མ་བསྟན་འཛིན་གྱིས་རྒྱང་རིང་ནས་བསྐུལ་བ་དང༌། གཞན་ ཡང་རང་ཅག་ལ་སྔ་རྗེས་ཀུན་ཏུ་ཆོས་ཀྱི་མཐུན་རྐྱེན་ཆེར་བསྒྲུབས་ཡང་ཡང་བྱས་པ་དང༌། བསྟན་འགྲོ་ལ་ཐུགས་ཁུར་རྒྱ་ཆེར་མངའ་བ་སྐྱེས་མཆོག་དཔལ་ལྡན་བླ་མ་དམ་པ་ཐུགས་རྗེ་ དཔལ་གྱི་དབང་ཕྱུགབླ་མ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་ཟུང་དང༌། རང་ གྲོགས་དངོས་གྲུབ་དཔལ་སོགས་ཀྱིས་རྗེས་སུ་ཡི་རང་བའི་མཐུན་རྐྱེན་ཕྲན་བུ་གང་དགོས་ སྦྱར་བ་དང༌། ཁྱད་པར་བདག་གི་དཔལ་ལྡན་བླ་མ་འབྲོག་དགེའི་མཆོག་སྤྲུལ་མཁས་གྲུབ་བློ་ གྲོས་རྣམ་རྒྱལ་ཁུ་དབོན་ཟུང་གིས་བཀའ་སྩལ་གསེར་གྱི་ཅོད་པན་སྤྱི་བོའི་རྒྱན་དུ་ལྷུང་བ་ལ་ བརྟེན་ནས། སྐྱེས་མཆོག་དམ་པ་གང་དག་གི་ཞབས་བརྟན་དང་མཛད་འཕྲིན་རྒྱས་ཕྱིར་དུ་ དམིགས་ནས་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་རྔ་ཡུལ་དུ་དབང་ལུང་སོགས་ཀྱི་ ཆོས་སྤྱོད་ཀྱི་བྱ་བ་རྒྱ་ཆེར་འཕེལ་བའི་དུས་དང་མཉམ་དུ་སྤྱི་ལོ་༡༩༨༠བོད་རབ་བྱུང་བཅུ་དྲུག་ 4-1-83 པ་ལྕགས་ཕོ་སྤྲེལ་གྱི་ལོའི་རྒྱལ་ཟླའི་ཚེས་ཉི་ཤུའི་ཉིན་གཟའ་སྐར་ཕུན་སུམ་ཚོགས་པ་དང་ འཕྲད་པའི་སྔ་དྲོའི་དུས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ཡང་ཀུན་དགའ་བསྟན་མཁས་དང༌། ངག་དབང་ཀུན་དགའ་མཆོག་གྲུབ་ཟུང་གིས་བགྱིས་པའོ། །སརྦ་མངྒ་ལཾ། འདིར་སྨྲས་པ། ༀ་ སྭ་སྟི། སྤྲོས་ཀུན་བྲལ་བའི་ཡེ་ཤེས་ཆོས་ཀྱི་སྐུ། །སེམས་ཉིད་གསལ་སྟོང་དོན་དམ་བླ་མའི་ ཐུགས། །སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་བདག །དམ་པ་དང་པོའི་སངས་རྒྱས་ སྲིད་འདིར་རྒྱལ། །དོན་དམ་སྤྲོས་བྲ༵ལ་བདེ་ཆེན་ཡེ་ཤེས་སྐུ༵། །སྒྲ་རྟོག་བརྗོད་བྲ༵ ལ་་ཅིག་ཅར་ སྟོན་པའི་གསུ༵ང༌། །སྒྲིབ་གཉིས་དང་བྲ༵ལ་ཡོན་ཏན་རྫོགས་པའི་ཐུ༵གས། །སྲིད་གསུམ་དབང་ བསྒྱུར་ཟ༵ས་གཙ༵ང་སྲ༵ས་ལ༵་འདུད། །རྒྱལ་ཚབ་བྱམས་མགོན་ཐོགས་མེད་སྐུ་མཆེད་ཟུང༌། །ཀླུ་སྒྲུབ་ཨཱརྱ་དེ་བ་ཕྱོགས་ཀྱི་གླང༌། །ཆོས་གྲགས་ཙནྜ་གོ་མི་སོགས་ཀྱིས་མཚོན། །ངེས་དོན་ མདོ་རྣམས་གཞན་སྟོང་བཀྲལ་རྣམས་གུས། །བདེ་ཆེན་འདྲེན་བྱེད་ནམ་མཁའི་མཛེས་མ་ལ། །དགའ་བདེ་ལྷུར་ལེན་ཕྱག་གཉིས་ཞགས་པ་ཡིས། །འཁྱུད་མཛད་དཔལ་ལྡན་དུས་ཀྱི་འཁོར་ ལོ་ཡིས། །དབང་ཕྱུག་འདོད་ལྷའི་སྙིང་གར་བརྫི་བར་གུས། །རྩ་རྒྱུད་གསལ་མཛད་ཟླ་བཟང་ ནས་བཟུང་སྟེ། །སྡུད་མཛད་འཇམ་དཔལ་གྲགས་དང་རྒྱས་འགྲེལ་ཡང༌། །པད་དཀར་དགྱེས་ རྡོར་རྒྱུད་འགྲེལ་རྡོར་སྙིང་རྗེ། །དེ་དག་ལ་ཡང་གུས་པས་ལན་བརྒྱར་འདུད། །གཞན་ཕན་ ལྷག་བསམ་ཡོངས་སུ་རྫོགས་ཤིང་གོ་ཆའི་སྙིང་སྟོབས་ཉེར་བགོས་ཏེ། །གདེངས་ཅན་མཁས་ གྲུབ་འབུམ་གྱི་བསྟི་གནས་འཕགས་ཡུལ་ཆོས་ཀྱི་རོལ་མཚོ་ལས། །གངས་ཅན་སྐད་གྱི་གྲུ་ གཟིངས་ལ་བརྟེན་གཙུག་ལག་ནོར་བུའི་མཛོད་དྲངས་ཏེ། །དམ་ཆོས་སྲོལ་འབྱེད་ལོ་པཎ་ ཡོངས་ཀྱི་ཞབས་རྡུལ་ལྷ་དབང་ནོར་བུས་གཏུགས། །ཡི་དམ་ལུང་བསྟན་དུས་ཞབས་ཆེན་པོ་ ཡིས། །ཀ་ལ་པཱ་ནས་རྒྱུད་ཀུན་འདྲེན་པར་མཛད། །དུས་ཞབས་ཆུང་སོགས་ཟླ་མགོན་འབྲོ་ལོ་ ལས། །དབང་ལུང་མན་ངག་སྒྲུབ་པའི་བཀའ་བབ་རྣམས། །མི་ཕྱེད་དད་བརྒྱའི་སྙིང་དབུས་ 4-1-84 དཀྱིལ་ནས་དྲན། །གངས་ལྗོངས་ནོར་འཛིན་ཡངས་པར་མཁས་མང་གྲུབ་བརྙེས་ལི་ཁྲིའི་རྡུལ་ ལྟར་རབ་ཏུ་བཀྲ་བའི་དབུས་སུ་ཡང༌། །རྣམ་དག་ལུང་རིགས་བྱེ་བའི་ཡོན་ཏན་ཡོངས་རྫོགས་ རིན་ཆེན་ལྷུན་པོར་འགྲོ་བ་མ་ལུས་གནས་པའི་རྟེན། །མཐར་ཐུག་དབུ་མའི་དགོངས་དོན་ཇི་ བཞིན་འཆད་པའི་གསུང་རབ་ལེགས་བཤད་ཉི་ཟླ་ཟུང་ཡང་གཡས་སུ་འཁོར། །རྒྱལ་བསྟན་ སྙིང་པོའི་ཆུ་སྐྱེས་བཞད་པའི་གཉེན་གཅིག་ཤེ༵ས་ར༵བ་རྒྱ༵ལ་མཚ༵ན་རྒྱལ་བའི་ལུང་གིས་ཡང་ ཡང་བསྔགས། །རྒྱལ་ཀུན་རྣམ་དཀར་མཛད་འཕྲིན་མཆོག་གིས་གདུལ་བྱའི་སེམས་རྒྱུད་ཞིང་ ས་མ་ལུས་བསྐལ་པ་བཟང་པོའི་གཤིན་པོར་ལེགས་པར་བྱས། །གདུལ་བྱ་སོ་སོའི་བློ་དང་ མཐུན་པར་ཀུན་བཟང་སྤྱོད་པ་རྒྱ་མཚོའི་ས་བོན་གདུལ་ཞིང་མ་ལུས་ཀུན་ཏུ་ཁྱབ་པར་མཛད། །རྣམ་དག་ཐུགས་བསྐྱེད་འོད་སྟོང་བདག་པོས་ཚ་ཟེར་འབུམ་གྱིས་རྒྱལ་བསྟན་ལོ་འབྲས་སྨིན་ བྱེད་མ་རིག་མུན་སེལ་སྒྲོན་མེ་མཆོག །དབང་ལུང་མན་ངག་ཆོས་ཀྱི་བདུད་རྩིས་བསྐལ་ བཟང་འབྲས་མང་གཡུར་དུ་ཟ་ཞིང་སྐྱེ་འགྲོའི་མགོན་གཅིག་ཡབ་སྲས་བཅས་ལ་འདུད། །སྟོན་པ་ཀུན་དང་རྒྱ་བོད་མཁས་མང་ཡོངས་ཀྱི་མདོ་སྔགས་བསྟན་བཅོས་རྣམས་ལ་དབང་ བསྒྱུར་མཁན་པོར་མཛད། །བསྟན་བཅོས་རང་ལུགས་ལེགས་པར་སྨྲ་བ་ཀུན་གྱིས་ཆོས་ ཕུགས་ཉིད་ཀྱི་གསུང་ཆོས་ཀུན་ལ་གཏུགས། །ལྷག་པར་རྫོགས་ལྡན་དབུ་མའི་རང་ལུགས་ འཛིན་མཛད་འཛམ་གླིང་མཁས་མང་ཚོགས་ཀྱིས་བསྟོད་སྔགས་གནས་སུ་གྱུར། །འགྲོ་བ་མ་ ལུས་ཡོངས་ཀྱི་སྐྱབས་གཅིག་ངེས་དོན་བསྟན་པའི་མངའ་བདག་ཀུ༵ན་དག༵འ་སྙི༵ང་པོ༵ར་གུས་ པས་འདུད། །བརྩེ་ཆེན་སྙིང་རྗེའི་བདག་པོས་མདོ་སྔགས་རིན་ཆེན་སྒྲོམ་གྱི་ཁ་ཕྱེས་ཏེ། །ཆོས་ བརྒྱད་ལས་གྲོལ་རྣམ་དག་གསུང་གིས་ཁམས་དབང་དང་མཐུན་ལེགས་སྩོལ་མཁན། །ངལ་ ཞིང་དུབ་པའི་རྨོངས་པ་དང་བྲལ་སྤྲོ་བ་རབ་དགྱེས་འཕེལ་བའི་ངང༌། །དམ་པ་གང་བྱོན་ཀུན་ གྱི་ཞབས་རྡུལ་བདག་གི་སྙིང་དབུས་པདྨོར་བཞུགས། །རབ་འབྱམས་གཞུང་ལུགས་མ་ལུས་ 4-1-85 ཐུགས་སུ་ཆུད། །འཆད་རྩོད་རྩོམ་པས་རྒྱལ་བསྟན་ལེགས་གསལ་མཁན། །ཁྱད་པར་ངེས་ དོན་ལུགས་བཟང་སླར་གསལ་མཛད། །མཁན་ཆེན་ང༵ག་དབ༵ང་བློ༵་གྲོ༵ས་གྲ༵གས་པར་གུས། །མདོ་སྨད་གསེར་ལྡན་ཡངས་པའི་དཀྱིལ་འཁོར་དབུས། །ངེས་དོན་བསྟན་འགྲོའི་ཕན་བདེ་ སྤེལ་བའི་ཕྱིར། །ལེགས་སྡེབ་ཚིག་ཕྲེང་གཟི་འོད་རབ་གསལ་བའི། །རྨོངས་མུན་སེལ་བའི་ ལེགས་བཤད་མཆོག་ལ་གུས། །དམ་པའི་གསུང་རབ་ལེགས་པར་རབ་སྤེལ་ཞིང༌། །ཡིག་ ཚོགས་ཟབ་དོན་རིན་ཆེན་རྒྱན་ཕྲེང་འདི། །སྐལ་མང་མགྲིན་པའི་རྒྱན་དུ་སྤེལ་བའི་ཕྱིར། །ཟད་མེད་ཆོས་ཀྱི་སྒོ་ཆེན་སྦྱིན་པའི་སླད། །གཅིག་ལས་དུ་མ་འབྱུང་བའི་འཕྲུལ་གྱི་གཞི། །འཛད་མེད་ཆོས་སྦྱིན་ཉལ་འགྲོའི་རྒྱུན་བཞིན་བསྟར། །ཆིག་སྟོང་དགུ་བརྒྱ་གོ་དགུའི་ཟླ་ ༧ཚེས་༤ལ། །སློབ་བུ་དམ་པ་ཏོ་ཙ་རྡོར་བཟང་གིས། །གཞན་ཕན་རྣམ་དག་ཐུགས་བསྐྱེད་ཟླ་ བྲལ་མཐུས། །ཆེ་ཕྲའི་འབྲེལ་བ་གང་ཡོད་འདས་ལྡན་སོགས། །ཏོ་བཟའ་ང་ངའི་ཐོགས་ དྲངས་ཁྱིམ་སྒོས་ནས། །འདས་ལྡན་གང་ཡོད་ཀྱིས་མཚོན་མ་གྱུར་འགྲོའི། །སྒྲིབ་གཉིས་ སྦྱངས་ཤིང་ཚོགས་གཉིས་རྫོགས་ཕྱིར་དང༌། །ཐོས་བསམ་སྒོམ་པའི་བྱ་བ་རྟག་འཕེལ་ཕྱིར། །འཆད་རྩོད་རྩོམ་པ་ཡར་ངོའི་ཟླ་ལྟར་རྒྱས། །བསྟན་འཛིན་ཡོངས་ཀྱི་སྐུ་ཚེ་རབ་བརྟན་ཤོག །རྟེན་འདི་གང་ན་བཞུགས་པའི་ས་ཕྱོགས་སུ། །ཆོས་སྤྱོད་བཅུ་ཡི་བྱ་བ་རྟག་ཏུ་འཕེལ། །ཆབས་ཅིག་རྒྱལ་བསྟན་རྫོགས་ལྡན་དར་བ་དང༌། །དུས་འཁྲུགས་ཀུན་ཞི་ཆབ་སྲིད་རྟག་ཏུ་ བརྟན། །ཆར་ཆུ་སྙོམས་ཤིང་ལོ་ཕྱུགས་རྟག་འཕེལ་ཤོག །ནད་རིམས་ཀུན་ཞི་ཚེ་རིང་དབང་ ཕྱུག་ལྡན། །དཔལ་ཡོན་གྲོགས་བཟང་སྐལ་བ་བཟང་པོ་དང༌། །ལོངས་སྤྱོད་ཆེ་ཞིང་ཞི་རྒྱས་ དབང་དྲག་སོགས། །ཆོས་སྲིད་ཟུང་འབྲེལ་འཕེལ་ཞིང་རྒྱས་པར་ཤོག །འདི་བྱས་རབ་དཀར་ ཉལ་འགྲོའི་རྒྱུན་བཟང་ཡང༌། །སྲས་བཅས་རྒྱལ་བའི་ཆུ་ཀླུང་དང་འགྲོགས་ནས། །དགེ་ བཅུའི་ལྦུ་ཕྲེང་ཆོས་ཀྱི་སྒྲ་དབྱངས་བཅས། །མཐར་ཐུག་སྐུ་བཞིའི་རྒྱ་མཚོར་འབབ་པར་ཤོག 4-1-86 །བླ་མ་ཡི་དམ་མཆོག་གསུམ་མཁའ་འགྲོ་དང༌། །ཆོས་སྐྱོང་དམ་ཅན་བསྟན་སྲུང་རྒྱ་མཚོ་ཡིས། །འདིར་བསགས་རྣམ་པར་དཀར་བའི་མཐུ་སྟོབས་ཀྱིས། །ཇི་ལྟར་སྨོན་པ་ཇི་བཞིན་འགྲུབ་ གྱུར་ཅིག །རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་དུ་གཅོད་པ་ ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། །བསོད་ནམས་བསགས་དགེས་བདག་ སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གི། །ཆོས་མཐུན་ཁོ་ནའི་ལེགས་འཚོ་ཞིང༌། །རྐྱེན་ངན་ གང་གིས་བསྒྱུར་མེད་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང༌། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག །ཀུན་མཁྱེན་ཆོས་ཀྱི་རྒྱལ་ པོ་ཇོ་ནང་པའི། །བསྟན་པ་ཡུལ་རྣམས་ཀུན་ཏུ་ཁྱབ་པ་དང༌། །ཕྱོགས་རྣམས་ཀུན་ཏུ་ནམ་ཡང་ མི་ནུབ་ཅིང༌། །དུས་རྣམས་ཀུན་ཏུ་འཕེལ་ཞིང་དར་བར་ཤོག །མདོ་དོན་མཐར་ཐུག་གཞན་ སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་ གྱི་གནད་བཟུང་ནས། །ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག །སྐྱབས་གསུམ་ འགྱུར་བ་མེད་པའི་དགེ་ལེགས་དང༌། །དོན་དམ་རྟག་བརྟན་བདེན་པའི་ཕུན་ཚོགས་ཀྱི། །ངེས་དོན་བསྟན་པའི་བདག་པོ་ཇོ་ནང་པའི། །འཕྲིན་ལས་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སྔོན་བསགས་བསོད་ནམས་རྒྱ་ཆེ་བའི་སྟོབས་དང་སྨོན་ལམ་སྣ་ཚོགས་ལས་འཁྲུངས་ པ་སྙིགས་དུས་སུ་འགྲོ་བའི་མགོན་དུ་དགེ་བའི་བཤེས་གཉེན་མི་ཡི་ཤ་ཚུགས་སུ་བྱོན་པ་ཤར་ འཛམ་ཐང་པ་ངག་དབང་བློ་གྲོས་གྲགས་པའི་གསུང་གི་སྒྲོལ་མའི་ཆོས་སྐོར་གྱི་ཞབས་ཏོག་ཏུ་ དམིགས་ནས་་འདོད་དགུ་འཇོ་བའི་རིན་པོ་ཆེའི་བུམ་བཟང་ཞེས་བྱ་བ་བདག་གིས་བསྒྲིགས་ པ་འདི་སློབ་བུ་དམ་པ་ཏོ་ཙ་ང༵ག་དབ༵ང་རྡོ༵་རྗེ༵་བཟ༵ང་པོ༵ས་ཤིང་སྤར་དུ་བསྐྲུན་སྐབས་སྤར་ བྱང་སྨོན་ཚིག་རི༵ན་ཆེ༵ན་ནོ༵ར་བུ༵འི་སྒྲོ༵མ་བུ༵་ཞེས་བྱ་བ་འདི་ཆིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ བོད་རབ་བྱུང་བཅུ་བདུན་པ་ས་མོ་ཡོས་ཀྱི་ལོའི་གྲོ་བཞིན་ཟླ་བའི་ཡར་ཚེས་བཞི་པ་མེ་རླུང་ 4-1-87 འཕྲད་པ་སྟོབས་ལྡན་སྦྱོར་བའི་ཉིན་ཆོས་སྤྱོད་ཀྱི་བྱ་བ་སོགས་རྣམ་དཀར་གང་བྱས་འབུམ་ འགྱུར་དུ་འགྲོ་བའི་དུས་སུ་རྐང་འཐུང་དང་ཆུ་སྐྱེས་སྣ་ཚོགས་རབ་ཏུ་རྒྱས་ཤིང༌། །འབྲུ་རིགས་ དང་སྨན་སྣ་ཚོགས་པའི་རིགས་ཀྱི་དྲི་ངད་སེར་བུས་ཕྱོགས་བཅུར་བསྐྱོད་པ། །བྱ་ཚོགས་ མཛེས་པས་སྐད་སྙན་སྣ་ཚོགས་སྒྲོགས་པས་བླ་མ་དང་མཆོག་གསུམ་ལ་མཆོད་པའི་རྣམ་ འགྱུར་ངོམ་པ། །ཆུ་འཛིན་འཁྲིགས་པའི་ཀློང་ནས་དབྱར་གྱི་རྔ་གསང་ལྷང་ལྷང་ཕྱོགས་བཅུར་ སྒྲོག་བཞིན་འོད་དམར་ཞགས་པའི་རྩེད་འཇོ་ངོམ་བཞིན་བདུད་རྩིའི་ཟིལ་བ་འཐོར་བས་ཆུ་ བོའི་གཞུང་རབ་ཏུ་རྒྱས་པ། མཚོ་དང་མཚེའུ་ཤིན་ཏུ་རྒྱས་ཏེ། འགྲོ་བ་ཐམས་ཅད་ཀྱི་ལུས་ སེམས་བདེ་བས་ཚིམ་ཞིང་སྔོན་བསགས་བསོད་ནམས་ཀྱི་མཛད་འཕྲིན་ངོམ་པས་ཡིད་ བསྐུལ་ཏེ། རྣམ་དཀར་བསོད་ནམས་ཀྱི་མཛད་འཕྲིན་ལ་དད་པ་དབང་མེད་དུ་འདྲེན་པ་ སོགས་ཡིད་ཆེས་ལ་བསྐུལ་བའི་མཐུན་རྐྱེན་ཕྱི་ནང་ཀུན་ནས་རེ་ཞིག་རང་ཤུགས་ཀྱི་འགྲིགས་ པའི་དུས་སུ་དལ་འབྱོར་དོན་ཡོད་འགྲོ་བའི་དགོས་ཆེད་སྨོན་ཚིག་འདི་འཛམ་ཐང་གཙང་ཆེན་ དགོན་གྱི་མཁན་ཤཱཀྱའི་དགེ་སློང་བློ༵་བཟ༵ང་ཆོ༵ས་འཕེ༵ལ་བས་སྦྱར་བ་དགེ།དུ་མ་སྤར་བའི་ མཐུན་རྐྱེན་སློབ་བུ་དམ་པ་བློ་གྲོས་རྡོ་རྗེའོ། །འདིས་ཀྱང་འགྲོ་བ་མ་ལུས་པའི་ཕྱི་ནང་གསང་ བའི་བར་ཆད་སེལ་བ་དང༌། །རྒྱལ་བའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་ རིང་དུ་གནས་པའི་རྒྱུརུ་གྱུར་ཅིག །སྤར་འདི་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ བཞུགས། སརྦ་མངྒ་ལཾ། 4-1-88 ༄༅། །རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་ དགེ་ལེགས་མྱུར་སྩོལ་ཞེས་བྱ་བ་ བཞུགས་སོ། ། ༄༅། །བཀྲ་ཤིས་གང་ཞིག་རྣམ་ཀུན་སྟོང་པའི་ཡེ་ཤེས་མདངས། །ཀུན་ཁྱབ་འོད་ གསལ་འདུས་མ་བྱས་ཤིང་རྟག་པའི་སྐུ། །ནང་དབྱིངས་དོན་གྱི་ཡུམ་ཆེན་ཤེར་ཕྱིན་བཅོམ་ ལྡན་མ། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །དཔལ་ལྡན་གསང་ བ་ཟབ་མོའི་མཛོད་འཛིན་ཀུན་གཟིགས་རྒྱལ་བ་རྣམ་སྣང་མཛད་ཀྱི་དཔལ་གྱི་མགུར་ནས་བྱུང་བ་འགྱུར་ མེད་རྡོ་རྗེའི་ཚིག་གཞི་ལམ་འབྲས་བུ་ཡོངས་རྫོགས་ལེགས་པར་བརྗོད་བྱར་བྱེད་པ་ཕྱག་འཚལ་ཉེར་གཅིག་ གི་རྒྱུད་ཆ་ཚང་ཕན་ཡནོ་དང་བཅས་པ་ལས་ལེགས་པར་བསྟན་པའི་ལྷ་མོ་གཅིག་ལྷག་བཅུ་ཕྲག་ཟུང་གི་ མཆོད་སྒྲུབ་ཟབ་མོའི་བཀའ་སྲོལ་བསིལ་ལྡན་དུ་ལེགས་ཕྱེ་མཛད་པའི་མཉམ་མེད་ཇོ་བོ་ལྷ་ཅིག་དཱི་པཾ་ཀ་ར་ ཡབ་སྲས་སོགས་ཟབ་ཆོས་འདིའི་སྒོས་བརྒྱུད་ཀྱི་བླ་མ་རྣམས་ལ་ལེགས་ཚོགས་ཇི་སྙེད་མངའ་བ་དེས་དེང་ འདིར་འཁོད་པ་དག་གིས་གཙོར་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐྱོང་བར་གྱུར་ཅིག བཀྲ་ ཤིས་གང་ཞིག་བྱིན་རླབས་འཛད་མེད་འཇོ་བའི་གཏེར། །འཕགས་མའི་སྔགས་རྒྱུད་ཟབ་དོན་ ཐུགས་མཆོག་དགོངས་བཅུད་བསྐྱིལ། །བྱིན་རླབས་དོན་བརྒྱུད་འདྲེན་མཆོག་དཔལ་ལྡན་བླ་ མའི་ཚོགས། །བདེན་པ་དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །རྒྱལ་བ་ཐམས་ ཅད་ཀྱི་འཕྲིན་ལས་རང་གཟུགས་མ་ལུས་པའི་འགྲོ་བ་འཇིགས་པ་མཐའ་དག་ལས་སྐྱོབ་པའི་མཐུ་དཔལ་ 4-1-89 གྱི་དགེ་མཚན་བླ་ན་མེད་པ་མངའ་བའི་རྗེ་བཙུན་བཅོམ་ལྡན་འདས་མ་མྱུར་མ་དཔའ་མོའི་རླབས་པོ་ཆེའི་ སྐུ་དང༌། གསུང་དང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ནུས་སྟོབས་ཟབ་མོས་འདིར་ འཁོད་དག་གིས་གཙོར་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐྱོང་བར་གྱུར་ཅིག བཀྲ་ཤིས་ གང་ཞིག་གཞི་དབྱིངས་སྟོང་ཆེན་དགའ་བའི་གཤིས། །ཕུལ་བྱུང་བྱ་གྲུབ་ཡེ་ཤེས་ངོ་མཚར་ སྣང་བའི་གར། །མྱུར་མ་དཔའ་མོའི་མཛེས་སྡུག་གཟུགས་སྐུའི་ལང་ཚོ་ངོམ། །བདེན་པ་ དེས་ཀྱང་འཕགས་མའི་བཀྲ་ཤིས་དགེ་མཚན་ཕོབ། །བཀྲ་ཤིས་གང་ཞིག་གཞོམ་དུ་མེད་པ་ ཚངས་པའི་དབྱངས། །འགག་མེད་ནཱ་ད་སྒྲ་སྐད་ཀུན་གྱི་རྗེས་འགྲོའི་དཔལ། །འབྱམས་ཀླས་ བདེ་ཆེན་ཡེ་ཤེས་ཉེར་སྩོལ་དཔའ་མོའི་གསུང༌། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་རྟག་ བརྟན་རང་བྱུང་ཡེ་ཤེས་ཆེ། །རྣམ་ཀུན་མཁྱེན་བཟང་སྲིད་ཞིའི་མཐའ་ལས་ཡོངས་འདས་པ། །མི་འགྱུར་བདེ་ཆེན་འདོད་དགུ་སྩོལ་མཛད་འཕགས་མའི་ཐུགས། །བདེན་པ་དེས༴ རྗེ་བཙུན་ འཕགས་མ་མཆོག་དང་གཉིས་སུ་མེད་པ་ངོ་མཚར་བའི་སྤྲུལ་པའི་བཀོད་པ་ཉེ་བར་སྟོན་པའི་འཕགས་མ་ རབ་ཏུ་ཞི་བ་ཆེན་མོ། བསོད་ནམས་ནོར་མཆོག་སྟེར་མཛད། གཙུག་ཏོར་རྣམ་རྒྱལ་ལྷ་མོ། རྗེ་བཙུན་ཧཱུཾ་སྒྲ་ སྒྲོག་མ། ཁྲོ་མོ་འཇིག་རྟེན་གསུམ་རྒྱལ། ནག་མོ་གཞན་མཐུ་འཇམོས་མ། དམར་ནག་ཁྲོ་གཉེར་ཅན་མ་ སོགས་རིགས་ཀྱི་སྤྲུལ་པའི་ལྷ་མོ་བཅུ་ཕྲག་ཟུང་གི་ལས་ཚགོ། ས་རབ་འབྱམས་ཀྱི་དགེ་མཚན་སྣང་བས་ འདིར་འཁོད་དག་གིས་གཙོར་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ཅིག བཀྲ་ ཤིས་གང་ཞིག་སྟོན་ཟླ་ལྟར་དཀར་རབ་ཞི་མ། །ཚེ་དང་ལོངས་སྤྱོད་རྒྱས་མཛད་ལྷ་མོ་གསེར་ བཟང་མདོག །གཟི་བརྗིད་ཚེ་སྤེལ་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་ཧཱུཾ་སྒྲ་སྒྲོག་མས་གཞན་ཡིད་འགུགས། །འཇིག་རྟེན་གསུམ་རྒྱལ་འབྱུང་ པོ་མཐའ་དག་མྱོས་མཛད་མ། །ནག་མོ་ཞལ་གདངས་གཞན་གྱི་རིག་སྔགས་ཀུན་འཇོམས་པ། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་དགྲ་འཇོམས་མཚོན་ཆའི་ཆར་འབེབས་ཤིང༌། །དཀོན་ 4-1-90 མཆོག་གསུམ་མཚོན་ཕྱག་རྒྱས་འགྲོ་ཀུན་འཇིགས་སྐྱོབ་མ། །འཇིག་རྟེན་དབང་སྡུད་བདུད་ སྡེ་འཇོམས་པའི་དཔའ་མོ་ཆེ། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་སེམས་ཅན་དབུལ་ ཕོངས་ཀུན་སེལ་ཞིང༌། །ངོ་མཚར་བདེ་ལེགས་དགེ་མཚན་འབུམ་གྱི་ཆར་འབེབས་མཁན། །ཆོས་བཞིན་བསྒྲུབ་ལ་བར་ཆད་མཐའ་དག་བསྲུང་བའི་གཉེན། །བདེན་པ་དེས༴ བཀྲ་ཤིས་ གང་ཞིག་བགེགས་ལ་བསྣུན་བྱེད་ཁྲོ་གཉེར་ཅན། །མི་བཟད་སྡིག་པ་ཀུན་འཕྲོག་ཞི་བ་ཆེན་ མོ་རྗེ། །ཉེས་ཞི་ལེགས་ཚོགས་སྤེལ་བའི་རིག་སྔགས་སྩོལ་བར་མཛད། །བདེན་པ་དེས༴ བཀྲ་ ཤིས་གང་ཞིག་གཞན་གྱི་རིག་སྔགས་མཐའ་དག་གནོན། །བཟོད་དཀའི་དུག་ནད་དྲུང་ནས་ འབྱིན་མཛད་དུག་སེལ་མ། །འགྲོ་བའི་སྡུག་བསྔལ་མ་ལུས་པ་དག་གཞོམ་མཛད་པ། །བདེན་ པ་དེས༴ བཀྲ་ཤིས་གང་ཞིག་འགྲོ་ལ་འཚེ་བའི་རིམས་ནད་འཇོམས། །སྣ་ཚོགས་འཕྲིན་ ལས་རབ་འབྱམས་སྒྲུབ་པའི་མྱུར་མཛད་མ། །དེ་ལྟར་ཉི་ཤུའི་ལྷ་མོ་གསང་གསུམ་མཛད་ཆེན་ མངའ། །བདེན་པ་དེས༴ གཞན་ཡང་བཅོམ་ལྡན་འདས་མ་མྱུར་མ་དཔའ་མོ་འགྲོ་ཀུན་འཇིགས་པ་ མཐའ་དག་ལས་སྐབྱོ་མཛད་ཆེན་མོ་གང་གི་ཐུགས་ལས་སྤྲུལ་པའི་འཕགས་མ་ལྷ་མོ་ཉི་ཤུ་པོ་གང་དག་གི་ ལས་ཆེན་བཞི་དང་འཇིགས་པ་བཅུ་དྲུག་ལས་སྒྲུབ་པོ་རྣམས་ལེགས་སྐབྱོ་མཛད་པའི་ལས་ཚགོ། ས་ངོ་མཚར་ བ་མང་པོ་འགྲུབ་པར་མཛད་པའི་ལེགས་ཚགོ། ས་ཇི་སྙེད་མངའ་བ་དེས་འདིར་འཁོད་དག་གིས་གཙོར་གྱུར་ མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐངྱོ་བར་གྱུར་ཅིག བཀྲ་ཤིས་གང་ཞིག་མྱུར་མ་དཔའ་མོའི་ སྒྱུ་འཕྲུལ་གར། །བཅུ་ཕྲག་ཟུང་གི་ལྷ་མོས་ལས་བཞི་ཀུན་བསྒྲུབ་ཅིང༌། །བཅུ་དྲུག་འཇིགས་ ལས་སྐྱོབ་པའི་ལས་ཚོགས་སྒྲུབ་ལ་སྟེར། །བདེན་པ་དེས༴ བཀྲ་ཤིས་གང་ཞིག་གདོད་ནས་ འགྱུར་མེད་ཆོས་དབྱིངས་ཁམས། །དོན་དམ་གཉུག་མ་རྒྱལ་ཡུམ་ཤེར་ཕྱིན་རྗེ་བཙུན་མ། །ངོ་ བོ་གཞི་འབྲས་དབྱེར་མེད་ཐེར་ཟུག་རྟག་པའི་བདག །བདེན་མཐུས་འགྲོ་ཀུན་མྱུར་ནས་རང་ ཞལ་མངོན་གྱུར་ཅིག །ཅེས་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་བཀྲ་ཤིས་དགེ་ལེགས་མྱུར་སྩོལ་ཞེས་བྱ་བ་འདི་ཡང་རབ་ 4-1-91 བྱུང་གཙང་མར་བརྩོན་པ་གྲྭ་བཙུན་ཚོགས་གཉིས་ཀྱིས་བསྐུལ་ངོར། མ་ཏིའི་མིང་གིས་སྨྲས་ལྟར་དུས་ཕྱིས་ཆོས་མཆེད་མཆོག་ གིས་ཡིག་རིས་སུ་སྤེལ་པ་ཛ་ཡནྟུ། 4-1-92 ༄༅། །སྒྲོལ་མའི་སྒོ་ནས་སྨོན་ཚིག་བསམ་པ་མྱུར་འགྲུབ་ དང་གཡུ་ལོ་བཀོད་པའི་ཞིང་གི་སྨོན་ལམ་ བསྡུས་རྒྱས་གཉིས་བཞུགས། ། ༄༅། །ལྷར་བཅས་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ། །མཚུངས་བྲལ་རླབས་ཆེན་འཕྲིན་ ལས་བཟང་པོའི་དཔལ། །བསླུ་མེད་སྐྱབས་གནས་རིན་ཆེན་རྣམ་པ་གསུམ། །བརྩེ་བ་ཆེན་ པོའི་གཟིགས་རྒྱ་བསྐྱེད་དུ་གསོལ། །རྒྱལ་ཀུན་འཕྲིན་ལས་རང་གཟུགས་བྱིན་རླབས་གཏེར། །སྙིགས་དུས་འགྲོ་འདྲེན་མཛད་པ་ཟླ་མེད་པ། །གདུལ་བྱ་བུ་བཞིན་སྐྱོང་བའི་བརྩེ་ཆེན་མ། །རྒྱལ་ཡུམ་འཕགས་མའི་ཐུགས་རྗེས་གཟིགས་པར་མཛོད། །དེང་སྐབས་རྣམ་པར་དཀར་ བའི་བྱ་བ་དང༌། །ལེགས་མཐུན་གང་སྨོན་འདོད་པའི་དོན་རྣམས་ལ། །གེགས་མེད་ཇི་བཞིན་ འགྲུབ་པའི་དཔང་པོ་རུ། །བཞུགས་པར་མཛོད་ལ་བརྩེ་བས་དགོངས་སུ་གསོལ། །ཉམ་ ཆུང་ལས་ཀྱིས་དེད་པའི་བདག་སོགས་འགྲོ། །བཟློག་དཀའ་སྔོན་གྱི་ལས་མཐུ་བཙན་པོའི་ ཤེད། །ཚེ་འདིར་སྨིན་ལ་ཉེ་བར་གྱུར་སྲིད་ན། །ཐུགས་རྗེའི་སྟོབས་ཀྱིས་གནོད་ཚབས་ཆུང་ བར་མཛོད། །སྒོ་གསུམ་བྱ་བ་གང་བརྩམ་དེ་དག་ཀུན། །བརྣག་དཀའ་སྡིག་པའི་ལས་དང་མ་ འདྲེས་པར། །རྣམ་དཀར་བསོད་ནམས་ཚོགས་དང་ཉེར་འབྲེལ་ཏེ། །ཚེ་འདིར་གང་བྱས་དོན་ མཆོག་ཡོངས་ལྡན་ཤོག །ལྷག་བསམ་དག་སྣང་དགའ་བས་སེམས་གཤིས་བསྒྱུར། །ཁོང་ ཁྲོའི་དུག་གིས་བསླད་པ་མ་ཞུགས་པར། །རྒྱལ་བསྟན་ལུང་གི་ཕྱོགས་ལ་ཉན་བཤད་ཀྱིས། 4-1-93 །ཚེ་འདིའི་མཐར་འཁྱོལ་བར་ཆད་ཀུན་བྲལ་མཛོད། །ཐོས་དོན་རང་བློ་དང་འཚམ་གཏན་ལ་ ཕབ། །རང་རྒྱུད་བཅོས་པའི་ཐབས་ལ་ལེགས་སྦྱར་ཏེ། །ཁ་བཤད་ཙམ་དུ་མི་འཇོག་བློ་ཉམས་ སུ། །ཐོག་ཏུ་ཅི་ཁེལ་རེམ་པ་ལྷུར་ལེན་ཤོག །བློ་རྩེ་གཅིག་དྲིལ་སྐྱབས་མཆོག་རྣམ་གསུམ་ དང༌། །རྗེ་བཙུན་འཕགས་མ་ཉག་གཅིག་ཁོ་ན་ལ། །འདི་ཕྱིའི་འཇིགས་ལས་སྐྱོབ་པའི་མགོན་ དུ་བཅོལ། །སྐྱབས་གནས་མཆོག་ལ་ཡིད་གཉིས་ཀུན་ཆོད་མཛོད། །དགེ་དང་མི་དགེའི་ཁྱད་ པར་སོ་སོ་ལས། །འབྲས་བུ་བདེ་སྡུག་འདྲ་མིན་འབྱུང་བའི་ཚུལ། །ཞིབ་མོའི་གནས་ནི་ཤིན་ ཏུ་གོ་དཀའ་བས། །དེ་ཡི་ཚུལ་ལ་ལོག་རྟོག་མ་གྱུར་ཅིག །ཐོག་མེད་དུས་ནས་བསགས་པའི་ ཉེས་ལྟུང་ཚོགས། །སྒོ་གསུམ་རྣམ་དཀར་གང་དང་འབྲེལ་ཚད་ཀྱིས། །ཚེ་འདིར་སྒྲུབ་སྦྱངས་ ཟབ་མོ་གནད་ལ་ཐེབས། །ཕྱི་མར་བཟོད་དཀའི་རྣམ་སྨིན་མེད་པར་ཤོག །རྣམ་དཀར་བསོད་ ནམས་ཀུན་འཇོམས་སྡིག་པོ་ཆེ། །ལོག་ལྟ་ཆོས་སྤང་སྔར་བྱས་དག་པ་དང༌། །ཕྱིན་ཆད་རང་ རྒྱུད་དྲི་མས་གོས་མེད་པར། །ལས་ངན་འདི་འདྲ་ནམ་ཡང་མ་འཕྲད་ཅིག །བཟོད་དཀའི་རྣམ་ སྨིན་ཤིན་ཏུ་སྟོབས་ཆེ་བ། །དགེ་མཐུ་ཆུང་ཞིང་བསོད་ནམས་གོ་བཀག་པའི། །མཚམས་མེད་ ཉེ་བ་དང་བཅས་སྡིག་པའི་ལས། །བདག་སོགས་གང་དང་ནམ་ཡང་མ་འབྲེལ་ཤོག །བསྐལ་ པའི་དགེ་རྩ་བརླག་པའི་སྟོབས་ནུས་ཅན། །ཁོང་ཁྲོའི་མེ་ཡིས་རང་རྒྱུད་སྲེག་བྱེད་པ། །འདི་ ཀོ་དབང་མེད་སྐྱེ་བའི་སྐབས་བཅོམ་སྟེ། །རང་རྒྱུད་བྱམས་བརྩེའི་བདེ་དགའ་སྤྱོད་གྱུར་ ཅིག །ཚེ་འདིར་ད་ཕན་སྒོ་གསུམ་བྱ་བའི་ལས། །བསམ་བཞིན་པ་དང་མ་བསམ་དབང་མེད་ པར། །སྡིག་ལས་གང་དངའང་འདྲེས་པ་མེད་བཞིན་དུ། །ཞར་བྱུང་དགེ་ལས་ངང་གིས་འགྲུབ་ པར་ཤོག །ཚེ་མཇུག་གང་དེར་ཅི་ལ་ཐུག་གྱུར་ཀྱང༌། །རྣམ་དཀར་ཆོས་ལ་བློ་རྩེ་གཅིག་དྲིལ་ དང༌། །སྡིག་པའི་ལས་ལ་རྒྱབ་ཀྱིས་ཕྱོགས་བྱས་ཏེ། །བླང་དོར་བྱེད་ལ་གོ་ལོག་མེད་གྱུར་ཅིག །མདོར་ན་འདི་ངོགས་ཚེ་མཇུག་ཅི་ཡོད་རིང༌། །མ་རུངས་སྡིག་པའི་ལས་དང་མི་འཕྲད་ཅིང༌། 4-1-94 །དགེ་ལས་རང་ཤུགས་འགྲུབ་པའི་སྐལ་བཟང་ལ། །གནས་པའི་རེ་བ་བྱའོ་ཐུགས་རྗེ་ཅན། །ནམ་ཞིག་འཆི་བ་ཐོག་ཏུ་བབ་པའི་ཚེ། །སྐལ་ངན་འཁྲུལ་བས་སྣང་ལོག་མི་འབྱུང་སྟེ། །ཡང་ དག་མཚམས་སྦྱོར་བཟང་པོའི་བྱེད་རྐྱེན་ལ། །བརྟེན་ནས་དག་སྣང་འབའ་ཞིག་སྤྱོད་གྱུར་ཅིག །ཚེ་འདི་འཕོས་མ་ཐག་ནས་སྐྱེ་གཞན་གྱིས། །བར་མ་ཆོད་པར་བྱང་ཕྱོགས་ཀ་ལཱ་པའི། །མ་ འགགས་རྒྱལ་པོའི་ཞབས་དྲུང་སྐྱེས་ནས་ཀྱང༌། །གསུང་གི་བདུད་རྩིའི་དཔལ་ལ་རོལ་པར་ ཤོག །སྐྱབས་མཆོག་དགོངས་ཀློང་ཀུན་གསལ་ཡངས་པ་ནས། །ཐུགས་རྗེ་མཛད་བཟང་ཆུ་ འཛིན་འབུམ་དཀྲིགས་ལས། །དགེ་མཚན་བྱིན་རླབས་གྲུ་ཆར་ལེགས་འཇོ་བས། །གང་སྨོན་ དཔག་བསམ་ལྗོན་པ་ཡོངས་རྒྱས་མཛོད། །ལེགས་བྱས་རྣམ་དཀར་ཉལ་འགྲོའི་རྒྱུན་བཟང་ ཉིད། །སྲས་བཅས་རྒྱལ་བའི་ཐུགས་སྨོན་ཆུ་ཀླུང་དང༌། །འགྲོགས་ཏེ་མཐར་ཐུག་སྐུ་བཞིའི་རྒྱ་ མཚོ་ཆེར། །ཡོངས་འབབ་ངོ་བོ་རོ་གཅིག་ཉིད་གྱུར་ཅིག །ཅེས་དེང་དུས་དང་མཐུན་པའི་སྨོན་ཚིག་བསམ་ པ་མྱུར་འགྲུབ་ཅེས་བྱ་བ་འདི་ཡང་ངག་དབང་ཡོན་ཏན་བཟང་པོ་ལ་མཁོ་ནས་མ་ཏིས་སྨྲས་པ་ཇི་བཞིན་མཆེད་ཁོང་གིས་ཡི་གེར་ བྲིས། ༄༅། །ཡེ་ཤེས་སྒྱུ་མའི་ལང་ཚོ་གསར་བ་ཡིས། །མར་གད་རི་དབང་ཉི་གཞོན་བྱེ་བའི་ འོད། །ཕན་ཚུན་མཛའ་བའི་མདངས་རབ་འབྱིན་པ་ལྟར། །ལེགས་མཛེས་ཁ་དོག་བཀྲ་བའི་ དཔལ་སྡུག་ཅན། །གང་གི་གཟུགས་སྐུའི་སྣང་བརྙན་ཡ་མཚན་པ། །བདག་བློ་དད་པའི་རྫིང་ བུར་ལེགས་ཤར་ཏེ། །ངོ་མཚར་དགེ་ཚོགས་ཅིར་ཡང་འཕེལ་བའི་རྐྱེན། །འདིས་ཀྱང་བེམ་ རིག་ནམ་ཞིག་བྲལ་མ་ཐག །འཕགས་མའི་ཞབས་རྡུལ་སྤྱི་བོར་འགོད་པའི་ཞིང༌། །གནས་ བཟང་གཡུ་ལོ་བཀོད་པར་བདུད་རྩིའི་མཚོ། །དྲི་མེད་ཡན་ལག་བརྒྱད་ལྡན་དྭངས་པའི་ ངོགས། །པདྨོའི་གེ་སར་གསར་བར་ཡོངས་འཕོས་ཤོག །དེ་ཚེ་ལྷ་མོའི་ཞལ་བཟང་བཞད་པ་ ལས། །ལེགས་པར་འོང་བའི་གདམས་པའི་བཅུད་མཆོག་གིས། །སྐལ་བཟང་ཡིད་ཁམས་ 4-1-95 རིགས་ཀྱི་གསོས་གྱུར་ཏེ། །རིང་མིན་རྒྱལ་ཡུམ་གོ་འཕང་འཐོབ་གྱུར་ཅིག །འདི་ཡང་ཆོས་ལ་བརྩོན་ འགྲུས་ཆེ་བ་དཔལ་མིང་གི་མཐའ་ཅན་གང་གི་ངོར་མ་ཏིས་སྨྲས་བཞིན་མཆེད་ཀྱིས་ཡིག་རིས་བགྱིས་སོ། ། ༄༅། །ན་མོ་ཨཱརྱ་ཏཱ་རེ་བྷྱཿ གདོད་ནས་ཞི་བ་ཆེན་པོའི་དེ་ཉིད་གཤིས། །རང་བཞིན་ ཤེར་ཕྱིན་གཞི་དབྱིངས་བཅོམ་ལྡན་མ། །རྒྱལ་ཀུན་ཡུམ་གཅིག་འཕགས་མ་འཕྲིན་ལས་ གཏེར། །སྣ་ཚོགས་མོས་བློ་དང་འཚམ་དག་ཆེན་འཕྲུལ། །ཨེ་མ་ཡ་མཚན་ཆེ་བའི་མཚར་ བཀོད་མཆོག །ཏཱ་རེ་ལྷ་མོས་ཐོག་མར་ཐུགས་བསྐྱེད་ལས། །བདེན་མཐུ་དུས་སྨིན་གཡུ་ལོ་ བཀོད་པའི་ཞིང༌། །འདིས་མཚོན་བསགས་དགེ་གནས་དེར་འཕོ་ཕྱིར་བསྔོ། །དེ་ཡང་འཕྲིན་ ལས་དབང་མོ་རྗེ་བཙུན་མ། །གང་ཉིད་གོ་འཕང་མཆོག་ལ་རོལ་བའི་ཞིང༌། །རིན་ཆེན་མར་ གད་བེམ་མིན་ཡེ་ཤེས་འཕྲུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །ཕུན་ཚོགས་ ལེགས་བྱས་ཐ་གྲུ་རབ་ཡངས་ཤིང༌། །ངོ་མཚར་གཡུ་ལྗོན་འདོད་དགུ་འབྱུང་བའི་གཏེར། །ཀུན་བྱང་གནས་རིས་ཇི་བཞིན་སྣང་བའི་ཞིང༌། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ ཤོག །འཕགས་མའི་གཞལ་ཡས་ཁང་བཟང་ནམ་མཁའི་མཐའ། །རྒྱ་ཚད་ཕྱོགས་སུ་མ་ལྷུང་ བང་རིམ་བཞིན། །མཚར་སྡུག་བཀོད་ཆ་ལེགས་རྫོགས་གཞལ་མེད་ཁང༌། །གཡུ་ལོ་བཀོད་ མཆོག་ཞིང་དེར་སྐྱེ་བར་ཤོག །ཕོ་བྲང་མཆོག་གི་གཞི་ཁྱོན་ཡངས་པ་ལ། །པདྨོའི་ཟེའུ་འབྲུར་ ཟླ་གཞོན་གསར་བའི་སྟེང༌། །འཕགས་མའི་ཡེ་ཤེས་སྐུ་བཟང་ལྗང་འོད་འབར། །གཡུ་ལོ་ བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གང་སྐུའི་འོད་ལྗང་གསར་བ་མཁའ་མཐར་སྤྲོ། །མཚན་ དཔེའི་དཔལ་གྱིས་མཛེས་ཆ་ཀུན་ནས་ངོམས། །དར་གོས་རྒྱན་གསལ་ཞིང་དེའི་གཙོ་མོའི་ ཚུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གསང་གསུམ་མཛད་པ་རིས་སུ་མ་ ཆད་བཞིན། །དཔག་མེད་འོད་མངའི་རིགས་ལས་འཁྲུངས་པའི་སྐུ། །བཅོམ་ལྡན་འཕགས་ མ་རིགས་ཀྱི་བདག་མོའི་ཚུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །སྐུ་གསུང་ 4-1-96 ཐུགས་དང་ཡོན་ཏན་འཕྲིན་ལས་དཔལ། །སྣ་ཚོགས་འཕྲུལ་བཟང་མ་ཚོགས་ཌཱ་ཀིའི་དཔུང༌། །དཀར་དམར་མཐིང་སེར་ལྗང་གུའི་སྐུ་མདངས་འབར། །གཡུ་ལོ་བཀོད་མཆོག་ཞིང་དེར་ སྐྱེ་བར་ཤོག །རྣམ་འཕྲུལ་ལྷ་མོ་དེ་དག་རེ་རེས་ཀྱང༌། །མཁའ་དབྱིངས་ཀུན་ཏུ་ངོ་མཚར་ཆོ་ འཕྲུལ་འགྱེད། །ཟབ་དགུའི་གདམས་པ་རྒྱ་མཚོས་གདུལ་བྱར་སྐྱོང༌། །གཡུ་ལོ་བཀོད་མཆོག་ ཞིང་དེར་སྐྱེ་བར་ཤོག །སེམས་དཔའ་ཆེན་པོ་རིག་སྔགས་འཆང་བའི་སྡེ། །གསང་ཆེན་ཐེག་ པའི་དགའ་སྟོན་སྤྱོད་བཞིན་པར། །ཟུང་འཇུག་རྩེ་མོར་སོན་པ་བགྲང་ལས་འདས། །གཡུ་ ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །རྒྱུ་ ཐེག་རླབས་ཆེན་བྱ་དཀའི་སྤྱོད་བཟང་ཅན། །རྒྱལ་སྲས་འདུས་པ་རྒྱ་མཚོ་ཀུན་ནས་རོལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །དེ་ལྟའི་ཐེག་ཆེན་སྔགས་དང་མདོ་ལམ་ལ། །ཉེར་བརྟེན་སེམས་དཔའ་སེམས་མའི་འདུས་པ་ཆེ། །ས་ཆེན་ཡངས་པའི་རྡུལ་ལ་ཅོ་འདྲི་ བྱེད། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གཞན་ཡང་མདོ་སྔགས་ལམ་ལ་ལེགས་ གཞོལ་བའི། །ཐེག་ཆེན་རིགས་ཁྱད་དབང་པོ་རྣོ་བའི་ཕུལ། །བསྐལ་པ་བཟང་པོའི་གདུལ་བྱ་ འབའ་ཞིག་གནས། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །དེ་མཐུན་སྣོད་ཀྱི་འབྱོར་ བ་དཔེ་བྲལ་ཞིང༌། །རིན་ཆེན་རི་དང་ཡན་ལག་བརྒྱད་ལྡན་མཚོ། །སྨན་ལྗོངས་པདྨའི་དགའ་ ཚལ་ལེགས་མཛེས་པ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །སུམ་རྩེན་གནས་ཡུལ་ ཇི་བཞིན་ལེགས་འབྱོར་ཀུན། །ཡིད་ཀྱིས་གང་མོས་དུས་སུ་བྱུང་བ་དང༌། །མ་དག་གནས་ རིས་གཞི་ན་མི་དར་བའི། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །གང་དེ་ཞིང་འདིའི་ གནས་ལུགས་སྤྱི་ཡི་ཚུལ། །དབང་པོ་རབ་ཀྱི་གདུལ་བྱའི་དག་སྣང་ངོར། །དེ་ལྟ་མོད་ཀྱི་རིས་ སུ་གཅོད་དུ་མེད། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །འཕགས་མའི་རང་སྣང་ ངེས་པ་དོན་གྱི་ཞིང༌། །བཅོམ་ལྡན་ལྷ་མོ་རྒྱལ་ཡུམ་དག་ཆེན་འཕྲུལ། །སྟོན་འཁོར་སྣོད་བཅུད་ 4-1-97 རྣམ་པ་ཐམས་ཅད་པ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །ནམ་མཁའ་ཀུན་ཏུ་ ཡོངས་སུ་བརྡལ་བའི་ཞིང༌། །གང་འདུལ་མོས་སྣང་དེ་དང་འཚམ་པའི་འཕྲུལ། །ལོངས་སྤྲུལ་ སྒྱུ་མའི་མཚར་བཀོད་ཡ་མཚན་པ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ཤོག །འདི་ནི་ གནས་ལུགས་གཤིས་ཀྱི་དག་ཆེན་ཞིང༌། །གདོད་མ་ཆོས་སྐུ་ཉག་གཅིག་བཟང་ངན་མེད། །རང་བཞིན་ཆོས་དབྱིངས་བརྡལ་ཁྱབ་ལྷུན་གྲུབ་པ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ ཤོག །གནས་སྐབས་ལུས་ཅན་སོ་སོའི་དག་སྣང་ལས། །དག་དང་མ་དག་ཞིང་ཁམས་རང་ འཚམས་ལྟར། །འཕགས་མ་གཙོ་འཁོར་རང་ཞལ་དེ་ལུགས་བཞིན། །གཡུ་ལོ་བཀོད་མཆོག་ ཞིང་དེར་སྐྱེ་བར་ཤོག །དེ་ཕྱིར་སྣང་བ་མཐའ་ཡས་སྤྱན་རས་གཟིགས། །རྒྱལ་དང་སྲས་ཀྱི་ཐུ་ བོའི་འཕྲུལ་ཆེན་གར། །ཏཱ་རེ་དཔའ་མོའི་འཕྲིན་ལས་མཛད་སྒོ་ཤར། །གང་འདི་གདུལ་བྱའི་ ཁམས་དབང་དང་མཐུན་པར། །སྒྲོལ་མ་ཐུགས་རྗེ་དབང་མོའི་འཕྲུལ་བཀོད་ལས། །གཡུ་ ལྗང་གསར་བའི་གནས་བཟང་མཐའ་མེད་སྤྲུལ། །གཡུ་ལོ་བཀོད་མཆོག་ཞིང་དེར་སྐྱེ་བར་ ཤོག །རྣམ་པ་སྣ་ཚོགས་ཞིང་གི་གཙོ་མོའི་ཚུལ། །འཕྲིན་ལས་མཚར་བཀོད་རྒྱལ་ཡུམ་བཅོམ་ ལྡན་མ། །རང་གི་བསོད་ནམས་བགོ་སྐལ་གང་ཐོབ་ཙམ། །དེལུགས་ལྟར་གྱི་ཞིང་དུ་བདག་ འཕོས་ཤོག །ད་སྐབས་འཕགས་མའི་ཡེ་ཤེས་སྐུ་བཟང་མཆོག །དག་པའི་འཁོར་དང་སྣོད་ བཅུད་འབྱོར་བའི་དཔལ། །དག་སྣང་གུས་པས་ཡིད་ངོར་རབ་བཀོད་དེ། །སྙིང་ནས་རེ་ལྟོས་ འཆའ་ན་ཐུགས་རྗེས་ཟུངས། །ནང་དབྱིངས་ཡེ་ནས་ལྷུན་གྲུབ་ཆོས་སྐུའི་ཐུགས། །དོན་དམ་ གནས་ལུགས་འཕགས་མར་བདེན་གང་གིས། །བདག་གིས་གང་སྨོན་དོན་ཀུན་གེགས་བྲལ་ དུ། །རིང་མིན་ཚེ་འདིའི་ཕྱི་མར་མངོན་གྱུར་ཅིག །ཅེས་ངེས་དོན་དང་འབྲེལ་བའི་གཡུ་ལོ་བཀོད་པའི་ཞིང་གི་ སྨོན་ལམ་འཕགས་མའི་བདེན་དོན་ཞེས་བྱ་བ་ར་འོབས་དངོས་གྲུབ་དཔལ་གྱིས་ཉེ་བར་བསྐུལ་ངོར། མ་ཏིས་འཕྲལ་དུ་སྨྲས་པ་ ལྟར་རྗེས་ནས་ཆོས་མཆེད་དམ་པས་ཡིག་རིས་སུ་སྤེལ་བ་དགེ་བར་གྱུར་ཅིག་གུ། དགེའོ། ། 4-1-98 ༄༅། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་ལྷན་ ཐབས་དང་ཚོགས་མཆོད་སོགས་ལ་མཁོ་བྱ་ལག་ ལེན་གྱི་རིམ་པ་འདོད་དགུ་འཇོ་བའི་ བུམ་བཟང་ཞེས་བྱ་བ་ བཞུགས་སོ། ། ༄༅། །དུས་གསུམ་སངས་རྒྱས་ཀུན་གྱི་མཛད་པ་དང་འཕྲིན་ལས་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད་བསིལ་ ལྗོངས་ནོར་འཛིན་ཡངས་པའི་ཐིག་ལེར་རྒྱལ་བསྟན་གངས་རི་སྐྱོང་བའི་སེང་གེ་རྫོགས་ལྡན་གཡུ་རལ་རིང་དུ་རྒྱས་པ་ཀུན་མཁྱེན་ ཇོ་ནང་པ་ཆེན་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཡབ་སྲས་བརྒྱུད་འཛིན་རྣམས་དང་དབྱེར་མེད་པ་སླར་ཡང་ངེས་དོན་ རྫོགས་ལྡན་བསྟན་པའི་རྒྱལ་མཚན་ལྷ་ལམ་ཡངས་པ་ཀུན་ཏུ་བསྒྲེངས་པ་སྐྱབས་མགོན་མ་ཏི་ཀིརྟི་རིན་པོ་ཆེ་ལ་སྒོ་གསུམ་གུས་ པས་ཕྱག་འཚལ་ལོ། །བློ༵་གྲོ༵ས་རབ་ཡངས་སྔོ་བསངས་མ་རུ་མཁྱེན་པའི་ཡེ་ཤེས་ནམ་མཁའི་ནོར་བུ་ཉུལ་བཞིན་འགྲོ་ཀུན་དྲོད་ ཀྱིས་སྐྱོངས། །རྫོགས་ལྡན་ལེགས་བཤད་འོད་དཀར་ཕྲེང་བས་ས་གསུམ་འགྲོ་རྨོངས་ཅིག་ཅར་བཅོམ་བཞིན་སྐལ་བཟང་ལེགས་ སྩོལ་མཛད། །གྲ༵གས་པ༵འི་དགེ་ཚོགས་སྦྲང་རྩིའི་རྒྱལ་མཚན་ནོར་འཛིན་བུ་མོའི་མགྲིན་པར་འཁྱུད་བཞིན་བདུད་རྩིས་དགའ་སྟོན་ ངོམས། །ར་ཡིག་གཉིས་པའི་ཁྱུ་ཚོགས་འཚོ་མཛད་བླ་མའི་ཞབས་ཀྱི་པདྨོར་གུས་བཞིན་དེ་ལ་ཡང་ཡང་འདུད། །གློ་བུར་དྲི་མ་ གདོད་ནས་བྲལ་ཞིང་བདེན་གཉིས་ཆོས་ཚུལ་རྣམ་ཀུན་མཁྱེན་པའི་ནོར་བུའི་མེ་ལོང་ངོར། །མདོ་སྔགས་རྒྱ་མཚོའི་བཅུད་བསྡུས་ སྔར་མེད་རྫོགས་ལྡན་རང་ལུགས་གཞུང་ཀུན་ཤེས་རབ་གསེར་ཞུན་པིར་གྱིས་བྲིས། །ལེགས་བཤད་ཟླ་བྲལ་ངེས་དོན་རྒྱ་མཚོའི་ ཟབ་རས་ཀྱིས་མཛེས་ནམ་མཁའི་རྒྱལ་མཚན་ལྷབ་ལྷུབ་གཡོ་ཞིང་འཁྱིལ། །འགྲོ་བ་ཀུན་ལ་འདོད་དགུའི་ཆར་དང་ཁྱད་པར་ངེས་ 4-1-99 དོན་ཆོས་དཔལ་བཟང་པོས་རེ་སྐོང་ཞབས་ལ་འདུད། །མདོ་སྔགས་རྒྱ་མཚོའི་བཅུད་ཀུན་རྣམ་དཔྱོད་ཧུབ་ཀྱིས་དྲངས་ཏེ་ལེགས་ བཤད་པད་དཀར་གསེར་ལྡན་གནས་ཀུན་ཁྱབ། །རྫོགས་ལྡན་གཞན་སྟོང་གེ་སར་ཕྲེང་བསྟར་ཟབ་གནད་བདུད་རྩིའི་ལྕི་བཞིན་ ཉམས་མྱོང་དྲི་ངད་ཕྱོགས་ཀུན་ཁྱབ། །ཟླ་བྲལ་བསྟན་འཛིན་དཔྱིད་ཀྱི་རྒྱལ་མོས་རྫོགས་ལྡན་མགྲིན་སྙན་བསིལ་ལྗོངས་སྟོད་སྨད་ མ་ལུས་པ་ཀུན་ཁྱབ། །འགྲོ་བ་ཡོངས་ཀྱི་འདྲེན་པ་གཅིག་གྱུར་ཐུགས་སྲས་བུ་ཆེན་ཚོགས་ཀྱི་ཐུགས་རྗེ་ལྕགས་ཀྱུས་ཞིང་ཀུན་ཁྱབ། །མདོ་རྒྱུད་རྒྱ་མཚོའི་བཅུད་བཟང་མ་ལུས་སྙིང་གི་བུམ་པར་གཏམས། །མན་ངག་འདོད་དགུའི་བདུད་རྩི་འགྲོ་བ་ཀུན་ལ་ཉེར་སྩོལ་ མཁན། །ཀུན་དགའ་སྙིང་པོ་སྲས་བཅས་རྒྱུན་འཛིན་ཚོགས་ཀྱི་ཞབས་རྡུལ་ལ། །སྐྱེ་དང་སྐྱེ་བའི་ཕྲེང་བ་རྣམས་སུ་གུས་པས་ཕྱག་ བགྱིད་དོ། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་གཙོ་འཁོར་རྣམས། །མཆོད་ཐབས་བྱིན་རླབས་དཔལ་སྟེར་ཞེས་བྱ་དང༌། །ཚོགས་ མཆོད་དེ་ཀུན་དགྱེས་པའི་མཆོད་སྤྲིན་ལ། །མཁོ་བྱ་ལག་ལེན་འདོད་འཇོའི་བུམ་བཟང་འབྲི། །འདིར་ཀུན་མཁྱེན་ཡབ་སྲས་ བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ཀྱི་ལྷན་ཐབས་དང་ཚོགས་མཆོད་འབུལ་ཐབས་ཉེར་བསྡུས་ཀྱི་སྒོ་ནས་བསོད་ནམས་ བསགས་པའི་སྐབས་སུ་མཁོ་བྱ་ལག་ལེན་གྱི་རིམ་པ་ལ། ཉེ་སྦྱོར་དང༌། དངོས་གཉིས་ལས། དང་པོ་ཉེ་སྦྱོར་ལ། མཆོད་པའི་རྫས་ སྦྱར་ཚུལ་དང༌། བཅའ་བཤམ་ལག་ལེན་གྱི་རིམ་པ་གཉིས་ལས། དང་པོ་མཆོད་པའི་རྫས་སྦྱར་ཚུལ་ལ་ཕྱི་ནང་གསང་བ་གསུམ་ ལས། དང་པོ་ཕྱིའི་མཆོད་རྫས་དངོས་བཤམ་ཆུ་གཉིས་ཉེར་སྤྱོད་ཡིད་སྤྲུལ་རྫས་རྟགས་རྒྱལ་སྲིད་སོགས་བཤད་པ་ལས། སྐབས་ འདིར་སྔ་མ་སྟེ། འདི་ལ་མཆོད་ཡུལ་ལྷའི་དབྱེ་བས་ཞི་དྲག་གཉིས་ལས། ཞི་བ་ནི་རྒྱུད་སྡེ་འོག་མ་རྣམས་ཀྱི་ལུགས་དང་ཐུན་མོང་དུ་ བྱ་དགོས་པས། མཆོད་ཡོན་ནི། མདུན་བརྡར་བའི་བསིལ་སྐྱེམས་ཡིན་པས། དྭངས་བསིལ་མངར་འཇམ་སོགས་ཡན་ལག་བརྒྱད་ དང་ལྡན་པའི་ཆུ་གཙང་སོགས་སྲོག་ཆགས་མེད་པའི་རིན་པོ་ཆེའི་བྱ་མ་བུམ་ནས་བསྒྲེང་བའམ་རིན་པོ་ཆེའི་སྣོད་དུ་བཤམས་པ་སྟེ། དེའང་ཞི་བའི་ལས་ལ། ནས། འོ་མ། མེ་ཏོག་དཀར་པོ། ཀུ་ཤ། ཏིལ་དཀར། འབྲས་ཡོས། (བརྔོས་པའི་འབྲས་དཀར)བདུད་ རྩིར་བཅས་པའི་དྲི་དང་ཁ་དོག་དཀར་པོའི་ཆུ་སྟེ་རྫས་བདུན་དུ་གྲགས་པ་དང༌། རྒྱས་པ་ལ། ཏིལ། ཀུ་ཤ། མེ་ཏོག་སེར་པོ་དྲི་དང་ ཁ་དོག་སེར་པོའི་ཆུ་རྣམས་སྦྱར་བའོ། །དགོངས་འདུས་ལས། ཁ་དོག་ལས་བཞི་སོ་སོར་ལྟར་བསྒྱུར་བའང་གསུངས་སོ། །ཞབས་ བསིལ་ནི། ཕྱག་ཞབས་བཀྲུ་བའི་ཆུ་གཙང་མ་འདམ་དང་སྲོག་ཆགས་མེད་པ་ལ་ཤིང་ཤུན་ལྔའི་ཕྱེ་མ་བཏབ་པ་དགོས་ཏེ། དེའང་ བོད་དུ་ཡོད་པའི་འོ་མ་དང་བདུད་རྩི་ཅན་དུ་གྲགས་པ། བ་ལུ། (འམ་ད་ལི་ཞེས་ཤིང་སྡོང་ལོ་མ་ལ་བ་ལུ་ཟེར་མེ་ཏོག་ལ་ད་ལི་དང་ 4-1-100 མིང་གཞན་ལ་སུ་རུ་དཀར་པོ་ཟེར)འོམ་བུ། ལྕང་དཀར། ཤུག་པ(འམ་མིང་གཞན་ལ་ནགས་མའི་ཐང་ཆུ་ཡང་ཟེར)ཙན་དན་ དཀར་པོ། ཁམ་བུ་རྣམས་ཀྱི་ཤུན་པ་ལ་བྱ་བར་བཞེད། མེ་ཏོག་དངོས་ནི། ཐང་དང་ཆུ་ལས་སྐྱེས་ཤིང་དུག་རིགས་མ་ཡིན་པའི་ཁ་ དོག་དང་དྲི་ཕུན་སུམ་ཚོགས་པ་དང༌། གཟུགས་བརྙན་གསེར་དངུལ་སོགས་རིན་པོ་ཆེ་དང་དར་གོས་སྣ་ཚོགས་ལས་སྡོང་པོ་ལོ་མ་ ཟེའུ་འབྲུ་རྣམས་ཚང་བར་ཆེད་དུ་བཟོས་པའམ་ཐ་ན་གྲོ་ཤོག་ཚོན་གྱིས་བསྒྱུར་བ་ལས་དབྱིབས་ལེགས་མདངས་མཛེས་སུ་བཅོས་ པ་སྟེ། འདིའང་གཏེར་རྙིང་གཞུང་ཆེན་རྣམས་ལས་བཤད་པས་གསར་མའི་ཕྱག་ལེན་དུ་འབྲུ་བཤམ་པ་ལས་མེད་ཀྱང་དམིགས་ པའི་རྟེན་ཙམ་ལ་ནི་མཚུངས་ཕྱིར་བསམ་པ་དག་པས་ལེགས་པར་བསྒྲུབ་ན་དེ་ཙམ་གྱིས་ཆོག་པར་འགྱུར་རོ། །བདུག་སྤོས་ལྷན་ སྐྱེས། ཙན་དན་དང་ཨ་ག་རུ་སོགས་དྲི་ངད་བཟང་པོ་དང་ལྡན་པ་སྟེ་བོད་དུའང་ཤུག་པ། ཨར་ནགམཁན་དཀར་སོགས་དྲི་བཟང་ ཅན་རྣམས་དང༌། སྦྱར་སྤོས་ཆོས་སྡེ་ཆེན་པོ་རྣམས་ཀྱི་བཟོ་ཁྱད་ལག་ལེན་མང་ཡང་ཕལ་བས་མི་འབྱོར་ཞིང༌། ཡི་གེར་འཇིགས་ པས་མ་སྤྲོས་ལ། གཏེར་ཆེན་ཆོས་རྗེ་གླིང་པས་གུ་རུ་སྤྱན་འདྲེན་གྱི་སྤོས་སྦྱར་བ་ལ་བསྔགས་པའི་དྲི་བཟང་ཕུལ་དུ་བྱུང་བ་ནི། ན་ གི་དུག་བྲལ་དུལ་མ་དང༌། ཁ་ཆེ་གུར་ཀུམ་གཉིས་ཆ་མཉམ། དེའི་ཕྱེད་ཆ་གུ་གུལ་གླ་རྩི་རུ་རྟ་གསུམ་ཆ་མཉམ། དེ་གསུམ་གྱི་ཕྱེད་ ཆ་ཙན་དན་དཀར་པོ། ཛ་ཏི། ཨ་ག་རུ་ནག་པོ་འབའ་ཞིག་ཆ་མཉམ། དེ་གསུམ་པོའི་ཕྱེད་ཆ་སྤོས་དཀར། (ལྕ་རྒོད་ཟེར་བའི་རྩྭ་ སྨན་ཞིག་གི་མིང༌། ཏང་ཀུན་ནག་པོ་ཟེར་རྩྭ་སྨན་ཏེ། རིགས་གཉིས་ཡོད) ཏང་ཀུ་དྲི་ལྡན་བཅས་ཞིབ་པར་འདམ་འཐག་ཡུན་རིང་ དུ་བྱས་ནས་གོང་བུར་བསྒྲིལ་བའམ། སྤོས་ཀྱི་རེང་བུའམ། ཕྱེ་མ་བྱས་ནས་བྱིན་འབེབས་སོགས་ཀྱི་སྐབས་སུ་བདུག་པས་དྲི་ཞིམ་ ཕུན་སུམ་ཚོགས་པ་འབྱུང་བར་གསུངས་སོ། །བླ་མ་དགོངས་འདུས་ལས་གསུངས་པའི་ཚུལ་བཞིའི་སྦྱར་སྤོས་ནི། ཤིང་ཚ་ཆུའི་ ཚུལ། སྤོས་དཀར་ཟས་ཀྱི་ཚུལ། ལི་ཤི་རྡོར་གྱི་ཚུལ། སྤང་སྤོས་ཚྭའི་ཚུལ། ཞེས་སྦྱོར་ཚད་དང་ལྡན་པ་ལ། སྦྲང་བུར་གྱི་ཁ་ཚར་དང་ ཁུ་བ་ཆང་ལས་བྱས། སུག་སྨེལ་གྱི་ཕབས་བཏབ་པས་དྲི་ཞིམ་ལ་དགོས་པ་དང་ལྡན་པའི་སྤོས་བཟང་འཕྲལ་དུ་འགྲུབ། ཡང་སྤོས་ སྦྱོར་བཀའ་རྒྱ་མར་གྲགས་པ། ཀླུ་མོ་སྲངཿ ༡ མཛེས་འཛོམས་རྒྱ་གར་མཿ ༥ སྤོས་དཀརཿ ༤ འདྲེ་འཇིགསཿ ༤ཀུ་སུ་མཿ ༤ མ་ གི་ཏཿ ༥ ཙན་དན་དཀར་པོཿ ༢ བཅས་རེང་བུ་བྱ་སྲོལ་མེད་པས་ལེགས་པར་བཏུལ་ལ་སྤོས་འཁོར་བྱ། དུས་འཁོར་ལུགས་སུ་ གྲགས་པ་ནི། གླ་རྩི། ག་པུར། སིཧླ། ཙན་དན། ཨར་ནག་བཅས་སོ། །ཁ་ཆེ་པཎ་ཆེན་ལུགས་ནི། ན་གི་ཙན་དན་ཨ་ག་རུ། ཀ་ར་ གླ་རྩི་ལྔ་སྦྱོར་བྱ། སྔོ་སྨན་གྱི་སྤོས་སྦྱོར་ནི། གླ་རྩི་རྡོ་དྲེགཏང་ཀུ། བ་ལུ་བཅས་སྦྱོར། འདི་རྣམས་ལས་རྒྱུད་སྡེ་འོག་མ་དང༌། ཀླུ་ཆོག་ 4-1-101 དངོས་སམ་དེ་དང་འབྲེལ་བའི་རིགས་ལ་གླ་རྩི་དང་གུ་གུལ་ནག་པོ་མ་འདྲེས་པ་གོང་མ་ཆེན་པོ་རྣམས་ཀྱིས་གསུངས་སོ། །ཆོས་ སྐྱོང་འབོད་ཅིང་སྐོང་བསྐུལ་གྱི་སྤོས་སྦྱོར་ཡང་དཀྱུས་ཀྱིས་འགྲེས་མི་ཆོག་སྟེ། མགོན་པོ་རྣམས་ལ་གྲི་ཤ། ལྷ་མོ་ལ་ནལ་བུའི་ཤ། རྣམ་སྲས་སོགས་ལ་སྤོས་དཀར། དམ་ཅན་ལ་ར་གསུར་སོགས་གཙོ་བོར་བྱ་ཞིང་གཟའ་ལ་སྤང་སྤོས་འཛེམས་དགོས་པས་མཚོན་ སྤང་བླང་གི་དབྱེ་བ་མང་བས། འཛོམས་ན་སོ་སོའི་གཞུང་ནས་བཤད་པ་ལྟར་བྱ་བ་གལ་ཆེ་ལ་མ་འཛོམས་ན་སྤོས་རིང་དཀྱུས་ མའི་རིགས་དང་ཤིང་སྤོས་དྲི་ལྡན་སིཧླ་སོགས་བདུག་པ་ལེགས་སོ། །མར་མེ་ནི། ཕྱུགས་ལས་བྱུང་བའི་རྩི་མར། འབྲུ་རིགས་ལས་ བྱུང་བའི་འབྲུ་མར་རམ་ཏིལ་བཙིར་བའི་མར་ཁུ་རྣམས་རབ་རིན་པོ་ཆེའི་སྣོད། ཐ་ན་ཟངས་རག་རྫ་སའི་ཀོང་བུ་ཡན་གཙང་ཞིང་ དག་པར་སྦྱར། ནག་ནོག་མ་ཡིན་པར་མུན་པ་འཇོམས་ནུས་པའི་གསལ་མདངས་ཅན་བྱ། མ་འབྱོར་ན་སྒྲོན་ཤིང་སྦར་བས་ཀྱང་ རུང་བར་གསུངས། དྲི་ཆབ་ནི། ཚད་པ་ཆེ་བའི་སར་ལུས་བསིལ་ཞིང་དྲི་ང་བ་སེལ་བ་སྟེ། དུས་འཁོར་ལས་བསྒྲུབ་པར་བྱ་གསུངས་ པའང༌། སྒྲུབ་ཚུལ་བུ་སྟོན་གྱིས་བཀྲལ་བ་ལྟར། གསེར། དངུལ། དུང་དང༌། ཉ་ཕྱིས་ཀྱི་སྣོད་གང་ཡང་རུང་བར། སུག་སྨེལ། ཤིང་ ཚ། སྤང་སྤོས། བ་ལེ་ཀ། ཙན་དན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས་ནས། ཆུ་གཙང་བྲེ་བརྒྱད་ལ་བཅུག་སྟེ་བཞི་གསུམ་སྐམ་ གྱི་བར་བསྐོལ་བས་ལྷག་མ་དྲིའི་ཆུར་འགྱུར་བར་གསུངས་པ་ལྟར་རམ། མི་འགྲུབ་ན་བུམ་རྫས་སྐབས་ཀྱི་དྲི་ལྔའམ། ག་བུར། ཙན་དན། ཛ་ཏི། གུར་ཀུམ། སིཧླ་སོགས་དྲི་ཞིམ་པོའི་སྨན་དང་ཆུ་གཙང་སྦྱར་བའོ། །ཞལ་ཟས་ཀྱི་རྒྱུ་ནི། དགོངས་འདུས་ལས། ཕྱི་ ཡི་དཀར་གསུམ་མར་ཁུ་འོ་མ་ཞོ། །དེ་བཞིན་མངར་གསུམ་སྦྲང་རྩི་ཀ་ར་དང༌། །མེ་ཏོག་སྣ་ཚོགས་བུ་རམ་བཅས་པའོ། །ཞེས་ དང༌། གཏོར་མའི་རྒྱུ་དངོས་པོ་རྣམ་པར་དག་པའི་ཕུད་མ་ཉམས་པར་རོ་བཅུད་ནུས་པ་དང་ལྡན་ཞིང༌། སེར་སྣ་འཇུར་གེགས་མི་ གཙང་བ་སོགས་ཀྱིས་མ་བཅིངས་པར་ཕངས་མེད་ཆགས་པ་མེད་པར་བཏང་བའོ། །ཞེས་དང༌། འབྲས་ཟན་ལ་སོགས་པ་གཙང་ མའི་བཤོས་སམ། ཤ་ཆང་སྒོག་པ་ལྒ་གཡེར་ལ་སོགས་པའི་ཚུལ་མིན་མ་འདྲེས་པའི་སྣ་ཚོགས་གཡོས་ཀྱིས་སྦྱར་བའི་ཞལ་ཟས། ཞེས་གསུངས་པ་ལྟར་འབྱོར་བ་དང་དཔག་པའི་ཕྱེ་གཙང་མ་ལ་དཀར་མངར་བསྲེས་པ་རང་གི་བཟའ་ན་ཅི་ཙམ་ཡིད་དུ་འོང་བ་དེ་ ཙམ་དུ་གཙང་ཞིང་དག་པར་སྦྱར་བའོ། །རྙིང་མ་པ་འགའ་ཞིག་གིས་ཞལ་ཟས་ཟླུམ་པོ་ལ་འབྲི་མོག་བྱུགས་པ་སོགས་ལག་ལེན་མ་ དག་པའི་རྒྱུན་ནམ་ཡང་མི་བྱ། རོལ་མོ་ནི་འབུད་བརྡུང་དཀྲོལ་བའི་རིགས་རྣམས་ཏེ་འདི་ཡང་ཁམས་ཕྱོགས་སྔགས་པ་འགའ་ རེས་མཆོད་པའི་གྲལ་དུ་རོལ་མོ་ཏིང་ཤགས་སོགས་བཤམས་པར་སྣང་བ་ནི་བླུན་པོའི་ལག་རྒྱུན་ཏེ་འབུད་དཀྲོལ་མ་བྱས་ན་རོལ་ 4-1-102 མོའི་མཆོད་པའི་གོ་མི་ཆོད་པས་ཌཱ་དྲིལ་ཙམ་ནི་སུས་ཀྱང་དཀྲོལ་བ་དེ་ཀ་ཡིན་པས་རོལ་མོའི་སྒྲ་བྱེད་ཚེ་བཤམ་པ་ལ་དོན་མེད་ པའོ། །མཆོད་པའི་ཡུལ་ཡེ་ཤེས་ཀྱི་ལྷ་ལ་བཟང་ངན་གྱི་རྟོག་པ་དང་འདོད་ཡོན་ལ་ཆགས་ཞེན་མེད་ཀྱང་རང་ཉིད་ཚོགས་བསགས་ པའི་ཕྱིར་ཡིན་པས། གཞན་ལས་དངོས་སུ་ཕྲོགས་ཤིང་ལྐོག་ཏུ་བརྐུས་པ་སོགས་རྒྱུ་མ་དག་པ་དང༌། རྙིང་ཞིང་འབག་བཙོག་གིས་ གོས་པ་སོགས་དངོས་པོ་མ་དག་པ་དང༌། བརྒྱ་མཆོད་ལྟ་བུ་ལ་ཆེས་མང་ངོ་སྙམ་པའི་སེར་སྣ་དང༌། གཞན་ལ་ཁྱད་གསོད་དང་ འགྲན་སེམས་ཀྱིས་བྱས་པ་ལྟ་བུ་བསམ་པ་མ་དག་པ་མ་ཡིན་པར་རང་གི་འབྱོར་བ་གང་ཡོད་དཔུང་བསྐྱེད་ཅིང༌། སྔ་མ་ཕུལ་ཟིན་ ནས་རྙིང་པ་བརྗེ་ཞིང་གསར་བ་བཤམ་དགོས་ཏེ། དགོངས་འདུས་ལས། བསོད་ནམས་ཚོགས་ཆེན་སྤེལ་བའི་ཕྱིར༔ ཅི་འབྱོར་ གཏོར་དཔུང་ཆེ་བར་བསྐྱེད༔ མ་འབྱོར་གང་ཙམ་དམིགས་པ་བྱ༔ ཡོད་ནས་མ་བཤམས་ལྷ་ཡིས་ཁྲེལ༔མེད་ན་ཆེད་དུ་གཉེར་ནས་ ཀྱང༔ སེར་སྣ་མ་ཤོར་སྤེལ་བའི་གནད༔ མགྲོན་དགྱེས་བདག་ལ་དངོས་གྲུབ་བྱུང༔ ཡེ་ཤེས་ལྷ་ལ་ཆེ་ཆུང་མེད༔ རང་གི་བསོད་ ནམས་གསོག་པའི་ཕྱིར༔ ཞེས་གསུངས་པ་ལྟར་རོ། །དེས་ན་མེ་ཏོག་ཧ་ཅང་རྙིང་པ་དང༌། ཞལ་ཟས་རྙིང་པ་མང་དུ་བཀོད་པ་ སོགས་ལྷ་ལྟ་ཅི་སྨོས། མི་ཡི་ག་ལོག་པའི་ལག་ལེན་ངན་པ་ནམ་ཡང་མི་བྱའོ། །གཉིས་པ་ནང་གི་མཆོད་རྫས་ནི། ཡིད་སྤྲུལ་གཙོ་བོ་ ཡིན་ཡང་དམ་པ་འགའ་ཞིག་གིས་གཟུགས་ལ་མེ་ལོང༌། སྒྲ་ལ་ཏིང་ཤགས་སོགས། དྲི་ལ་སྤོས་དང་དྲི་བཟང་སྦྱར་བའི་ལྡེ་གུ། རོ་ ལ་བཟའ་བཏུང་གཙང་མ་ཅི་རིགས་སམ་ཞལ་ཟས། རེག་བྱ་ལ་དར་རས་སྣ་ཚོགས་བཀོད་པས་བསོད་ནམས་བསགས་ཐབས་ ལག་ལེན་དུ་གང་ཐེབས་བྱ། གསུམ་པ་གསང་མཆོད་ལ་ཡིད་སྤྲུལ་རིག་མ་བཅུ་དྲུག་དང༌། རིག་མ་དང་དངོས་སུ་སྦྱོར་བས་མི་ འགྱུར་བའི་བདེ་བ་སྤྱི་དང་ཁྱད་པར་དགའ་བ་བཅུ་དྲུག་རྒྱས་བྱེད་ཀྱི་གསང་མཆོད་དངོས་ལ་དེ་ལྟར་ཡིན་ཡང་བོད་ཀྱི་འཕྲིན་ལས་ དཀྱུས་མ་ལ་ཐམས་ཅད་ཀྱང་ཡིད་སྤྲུལ་ལས་འོས་མ་མཆིས་ཤིང་མཚོན་བྱེད་ཀྱི་རྫས་ལ་གཟུགས་ཀྱི་དཔེ་རིས་ཙམ་བཤམ་པའང་ ཡོད་པས་ལག་རྒྱུན་དེ་རྣམས་ལ་བསླབ་པར་བྱའོ། །གཉིས་པ་བཅའ་བཤམ་ལག་ལེན་གྱི་རིམ་པ་ནི། འདུ་ཁང་ག་དར་བྱ་ཞིང་སྐུ་ གསུང་ཐུགས་རྟེན་རྣམས་བཀྲམས་པའི་མདུན་དུ་མཆོད་སྟེགས་སྟེང་འོག་ཏུ་བང་རིམ་བདུན་པ་ཅན་བྱས་ལ། བང་རིམ་དང་པོ་ གཏོར་གྲལ་ཆ་ཚང༌། གཉིས་པར་མཆོད་ཡོན། གསུམ་པར་མེ་ཏོགབཞི་པར་བདུག་སྤོས། ལྔ་པར་སྣང་གསལ། དྲུག་པར་དྲི་ཆབ། བདུན་པར་ཞལ་ཟས་ཀྱི་ཚོགས་རྣམས་ཁྲི་མཆོད་སྐབས་རྒྱས་པ་ལ་མཆོད་ཚིག་འབུལ་ཚན་རེ་རེ་བཞིན་མཆོད་གྲངས་ལྟར་ བཤམས། འབྲིང་པོ་ལ་མཆོད་པ་དྲུག་པོ་རེ་རེ་ཡང་སྟོང་ཕྲག་གམ་བརྒྱ་ཕྲག་དང༌། བསྡུས་པ་ལ་རེ་རེ་ལའང་ལྔ་བཅུའམ་ཉེར་ལྔ་ 4-1-103 ཙམ་ལས་མི་ཉུང་བར་བཤམས། དེ་ལས་རོལ་མོའི་ཚོགས་ནི་བཤམ་པ་ལས་སྒྲ་སྣ་ཚོགས་པའི་སྒོ་ནས་མཆོད་དགོས་པས་ལག་ ལེན་དུ་འབུད་རྡུང་དཀྲོལ་བར་བྱ་བའི་སྒོ་ནས་མཆོད་པར་བྱའོ། །ཤིན་ཏུ་བསྡུས་པའི་ལག་ལེན་དུ་སྦྱིན་བདག་འབྱོར་བ་ཐ་མ་ རྣམས་ཀྱིས་མཆོད་པ་སྤྱི་རྣམས་ཅི་འབྱོར་དང་མཆོད་ཡོན་དང་དྲི་ཆབ་གཉིས་མཆོད་ཚིག་འབུལ་གྲངས་མང་ཆེ་བའི་སྒོ་ནས་ཆུ་ མཆོད་ཀྱི་གྲངས་དེ་ལྟར་འགྲོ་ངེས་དང༌། དབྱར་དུས་མེ་ཏོག་སྣ་ཚོགས་རྒྱས་སྐབས་སུ་སྲོག་ཆགས་མེད་པའི་མེ་ཏོག་གི་རིགས་ བསྡུས་ཏེ་མཆོད་ཚིག་འབུལ་གྲངས་མེ་ཏོག་མང་ཆེ་བའི་སྒོ་ནས་འབུལ་བ་གཞན་བདུག་སྤོས་སྣང་གསལ་ཞལ་ཟས་རོལ་མོ་སྣ་ ཚོགས་འབུལ་བ་ཡང་འབྱོར་བ་རབ་འབྲིང་ཐ་མ་གསུམ་གྱི་ལག་ལེན་གྱི་རིམ་པ་ལྟར་གང་མང་གི་སྒོ་ནས་འབུལ་བ་ནི་བསོད་ ནམས་བསགས་པའི་ཐབས་ལ་གནད་ཆེ་བས་འབྱོར་བ་ཡོད་བཞིན་མ་ཕུལ་ན་ཚེ་རབས་རྣམས་སུ་དབུལ་བོར་ཡང་འགྱུར་ངེས་ པའོ། །མཆོད་ཚན་དྲུག་པོ་རང་རང་གི་རྒྱུ་གོང་དུ་བཀོད་པ་ལྟར་དོན་གཉེར་དང་ལྡན་པའི་སྒོ་ནས་རང་གིས་སྦྱར་བ་དང་གཞན་ ནས་བཙལ་ཏེ་བཅའ་བཤམ་སོགས་བྱེད་པ་ནི་མཁོ་བྱ་ལག་ལེན་ནོ། །སྤྱིར་མཆོད་རྫས་སྣ་ཚོགས་པས་གནས་ཁང་བརྒྱན་པར་ བྱའོ། ། གཉིས་པ་དངོས་ནི། ལྷན་ཐབས་སུ་མཁོ་བྱ་དང་ཚོགས་མཆོད་སྐབས་མཁོ་བྱ་རྣམས་རིམ་པ་བཞིན་འཆད་པར་འགྱུར་བ་ ལས་ལྷན་ཐབས་སྐབས་མཁོ་བྱ་ནི། གསོལ་འདེབས་མཇུག་གི་སྣང་བ་དུས་སུ་སྩོལ། ཞེས་པའི་མཚམས་སུ་ཕྱག་འཚལ་ བསྟན་པ་སྤྱི་འགྲེལ་གསོལ་འདེབས་སུ་བསྒྱུར་ནས་འདོན་པ་ནི། ན་མོ་གུ་རུ་བྷྱཿ ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་ འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །གང་ཞིག་དྲན་པས་སྡུག་ བསྔལ་ཀུན་སེལ་ཞིང༌། །གུས་པས་བསྟེན་ན་བླ་མེད་མཆོག་སྩོལ་བ། །དབང་རྒྱུད་མན་ངག་ དོན་སྟོན་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱེ་དགུའི་བསམ་ འཕེལ་ཡིད་བཞིན་ནོར་བུའི་སྐུ། །སྡུག་བསྔལ་ཞི་བྱེད་སྨན་ཆེན་བདུད་རྩིའི་གསུང། །ཡེ་ཤེས་ ཐུགས་རྗེ་མཁའ་ལྟར་ཁྱབ་པའི་ཐུགས། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་བ་འདེབས། །མི་ 4-1-104 གཡོ་གསུམ་ལྡན་རྡོ་རྗེ་རྣལ་འབྱོར་གྱིས། །རླུང་སེམས་དག་པས་རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་གསོལ་བ་ འདེབས། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །མ་བཅོས་ཀ་དག་ཟུང་འཇུག་ རོལ་བའི་ངང༌། །དགོངས་བརྒྱུད་བརྡ་བརྒྱུད་སྙན་བརྒྱུད་ལ་སོགས་པའི། །རྫོགས་ཆེན་བརྒྱུད་ པ་རྣམས་ལ་གསོལ་བ་འདེབས། །ཡིད་ལ་མི་བྱེད་དོན་ལས་རྒྱུད་སྦྱངས་ནས། །རེ་དོགས་ རྩོད་བྲལ་གང་ཡང་བློ་ལས་འདས། །ཏེ་ལོ་ནཱ་རོ་མར་པ་མི་ལ་སོགས། །ཕྱག་ཆེན་བརྒྱུད་པ་ རྣམས་ལ་གསོལ་བ་འདེབས། །སྣང་བ་རྒྱུད་གསུམ་སྙན་བརྒྱུད་མན་ངག་གིས། །དབུ་མར་ འགྲོས་བཞིས་ཐིམ་ནས་མཆོག་བརྙེས་པ། །དབང་ཕྱུག་བིར་ཝ་པ་ལ་སོགས་པ་ཡི། །ལམ་ འབྲས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ལྷག་བསམ་རྣམ་དག་ཐབས་ཀྱིས་རྒྱུད་སྦྱང་ ནས། །ཕྱི་ནང་འགལ་རྐྱེན་ཆོས་སྐུ་ཆེན་པོར་རྟོགས། །རྗེ་བཙུན་དམ་པ་རྒྱ་གར་ལ་སོགས་ པའི། །ཞི་བྱེད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བྱམས་དང་སྙིང་རྗེ་ཆེན་པོས་རྒྱུད་ སྦྱངས་ནས། །མཐའ་ཡས་སེམས་ཅན་བདེ་ལ་འགོད་མཛད་པའི། །དཔལ་ལྡན་ཇོ་བོ་ཆེན་ པོ་ལ་སོགས་པའི། །བློ་སྦྱོངས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྤྱད་བྱ་མེད་པའི་ དོན་ལས་རྒྱུད་སྦྱངས་ནས། །རོ་སྙོམས་སྤྱོད་པས་གང་བྱུང་ཐད་ཀར་གཅོད། །མ་ཅིག་ལབ་ ཀྱི་སྒྲོན་མ་ལ་སོགས་པའི། །གཅོད་ཡུལ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེའི་ ལུས་ལ་རླུང་སེམས་རྟེན་འབྲེལ་འགྲིགས། །དགའ་བཞི་ཡེ་ཤེས་བདེ་སྟོང་གར་གྱིས་རོལ། །འོད་གསལ་ཟུང་འཇུག་འགྲོ་འོང་མེད་པར་རྟོགས། །ཆོས་དྲུག་བརྒྱུད་པ་རྣམས་ལ་གསོལ་ བ་འདེབས། །སྒྱུ་ལུས་རྨི་ལམ་ཟབ་མོས་རྒྱུད་སྦྱངས་ནས། །ཟུང་འཇུག་ཕྱག་རྒྱ་ཆེ་ལ་མངའ་ བརྙེས་པའི། །གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ལ་སོགས་པའི། །ཤངས་པ་བཀའ་བརྒྱུད་རྣམས་ ལ་གསོལ་བ་འདེབས། །བསྐྱེད་རྫོགས་རིམ་གཉིས་ཟབ་མོས་རྒྱུད་སྦྱངས་ 4-1-105 ནས། །ཁྱེར་སོ་གསུམ་གྱིས་དོན་ལ་བརྟན་པ་ཐོབ། །འཕགས་པ་སྤྱན་རས་གཟིགས་ དབང་ལ་སོགས་པའི། །དམར་ཁྲིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བཅིངས་གྲོལ་ མེད་པའི་དོན་ལས་རྒྱུད་སྦྱངས་ནས། །འོད་གསལ་གཉུག་མ་འགྲོ་འོང་མེད་པར་རྟོགས། །རྣལ་འབྱོར་དབང་ཕྱུག་མུ་ཏྲ་ལ་སོགས་པའི། །ངལ་བསོའི་བརྒྱུད་པ་རྣམས་ལ་གསོལ་བ་ འདེབས། །མཐའ་བརྒྱད་སྤྲོས་པའི་སྐྱོན་ལས་ངེས་གྲོལ་ཞིང༌། །མཐའ་བྲལ་སྙིང་པོའི་དོན་ལ་ མངའ་བརྙེས་པའི། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པའི། །དབུ་མའི་བརྒྱུད་པ་ རྣམས་ལ་གསོལ་བ་འདེབས། །ཟབ་ལམ་སྟོང་ཉིད་སྙིང་རྗེས་རྒྱུད་སྦྱངས་ནས། །ཐུགས་རྗེའི་ འཕྲིན་ལས་འཕགས་ལམ་ས་བཅུ་བགྲོད། །སྒྲུབ་མཆོག་དགེ་སློང་དཔལ་མོ་ལ་སོགས་པའི། །བསྙུང་གནས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །བསྙུང་གནས་གཟུངས་སྔགས་ཟབ་ མོས་རྒྱུད་སྦྱངས་ནས། །བདེ་ཆེན་ཐར་བ་འཕགས་པའི་གོ་འཕང་བརྙེས། །དགེ་བསྙེན་ཞི་ བའི་གོ་ཆ་ལ་སོགས་པའི། །དོན་ཞགས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྦྱོར་དངོས་ རྗེས་གསུམ་སྐྱོན་ལས་ངེས་གྲོལ་ཞིང༌། །ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་སྦྱོར། །མཁན་པོ་བོ་དྷི་ས་ཏྭ་ལ་སོགས་པའི། །སྡོམ་མཆོག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །སྨིན་གྲོལ་ལམ་སོགས་རྣམས་ཀྱིས་རྒྱུད་སྦྱངས་ནས། །གཟུང་འཛིན་ཀུན་གྲོལ་མཉམ་ཉིད་ ཆེན་པོར་རྟོགས། །རྒྱལ་བ་བྱམས་པ་མགོན་པོ་ལ་སོགས་པའི། །རྟེན་འབྲེལ་སྙིང་བརྒྱུད་ རྣམས་ལ་གསོལ་བ་འདེབས། །གྲོལ་ལམ་བསྐྱེད་རྫོགས་ཟབ་མོས་རྒྱུད་སྦྱངས་ནས། །གཟུང་ འཛིན་ཀུན་གྲོལ་ཁྱབ་བདག་བདེ་ཆེན་བརྙེས། །འདྲེན་མཆོག་རྡོ་རྗེ་འཆང་ཆེན་ལ་སོགས་ པའི། །གསང་སྔགས་སྤྱི་བརྒྱུད་རྣམས་ལ་གསོལ་བ་འདེབས། །མཁྱེན་གསུམ་གཞི་ལམ་སྦྱོར་ བཞིས་རྒྱུད་སྦྱངས་ནས། །སྐུ་བཞི་འཕྲིན་ལས་མཛད་པ་མཐའ་རུ་ཕྱིན། །རྒྱལ་བ་ཤཱཀྱ་ཐུབ་པ་ ལ་སོགས་པའི། །མདོ་ཡི་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །རིག་པའི་གནས་ལྔ་དག་ 4-1-106 ལས་རྒྱུད་སྦྱངས་ནས། །འདུལ་བ་མདོ་སྡེ་མངོན་པའི་དགོངས་པ་བརྙེས། །རྒྱན་དྲུག་མཆོག་ གཉིས་སེང་བཟང་ལ་སོགས་པའི། །མཚན་ཉིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །གང་གིས་རང་བཞིན་སྐྱོན་ལས་ངེས་གྲོལ་ཞིང༌། །གདུལ་བྱའི་དོན་ལ་སྣ་ཚོགས་ཐབས་ཚུལ་ སྟོན། །མདོ་རྒྱུད་བསྟན་བཅོས་གསང་སྔགས་ཕྱི་ནང་གི། །བརྒྱུད་པའི་བླ་མ་རྣམས་ལ་གསོལ་ བ་འདེབས། །དུས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་དང༌། །འཁོར་ལོ་སྡོམ་པ་གསང་བ་འདུས་པ་ དང༌། །དགྲ་ནག་གདོང་དྲུག་གཤིན་རྗེ་གཤེད་ལ་སོགས། །བླ་མེད་ལྷ་ཚོགས་རྣམས་ལ་ གསོལ་བ་འདེབས། །དབང་རྒྱུད་མན་ངག་དོན་སྟོན་བླ་མ་དང༌། །དངོས་གྲུབ་རྣམ་གཉིས་ སྩོལ་མཛད་ཡི་དམ་ལྷ། །འགྲོ་བའི་སྐྱབས་གྱུར་སྐྱབས་གནས་དཀོན་མཆོག་གསུམ། །ཀུན་ གྱིས་བཀུར་འོས་རྣམས་ལ་གསོལ་བ་འདེབས། །ཤཱཀ་ཐུབ་རྡོར་སྙིང་རིན་ཆེན་འོད་འཕྲོ་དང༌། །ཀླུ་དབང་དཔའ་བོའི་སྡེ་དང་དཔལ་དགྱེས་དང༌། །རིན་ཆེན་མེ་དང་ཟླ་འོད་དོན་ཡོད་དང༌། །རིན་ཆེན་ཟླ་བ་རྣམས་ལ་གསོལ་བ་འདེབས། །དྲི་མེད་དཔལ་སྦྱིན་ཚངས་པ་ཚངས་བྱིན་ དང༌། །ཆུ་ལྷ་ཆུ་ལྷའི་ལྷ་དང་དཔལ་བཟང་དང༌། །ཙན་དན་དཔལ་དང་གཟི་མཐའ་འོད་དཔལ་ དང༌། །མྱ་ངན་མེད་དཔལ་རྣམས་ལ་གསོལ་བ་འདེབས། །སྲེད་མེད་མེ་ཏོག་དཔལ་དང་ ཚངས་པའི་འོད། །པདྨའི་འོད་ཟེར་ནོར་དཔལ་དྲན་པའི་དཔལ། །མཚན་དཔལ་ཏོག་གི་རྒྱལ་ མཚན་ཤིན་ཏུ་གནོན། །གཡུལ་ལས་རྒྱལ་བ་རྣམས་ལ་གསོལ་བ་འདེབས། །གཤེགས་དཔལ་ སྣང་བ་བཀོད་དང་རིན་ཆེན་གནོན། །དེ་བཞིན་གཤེགས་པ་རི་དབང་རྒྱལ་པོ་སྟེ། །འགྲོ་དྲུག་ སྒྲིབ་སྦྱོངས་བྱང་ཆུབ་ལམ་སྟོན་པའི། །སངས་རྒྱས་སུམ་ཅུ་རྩ་ལྔར་གསོལ་བ་འདེབས། །མཚན་ལེགས་རིན་ཆེན་ཟླ་དང་གསེར་བཟང་དང༌། །མྱ་ངན་མེད་དང་ཆོས་བསྒྲགས་མངོན་ མཁྱེན་རྒྱལ། །སྨན་གྱི་བླ་དང་ཤཱཀྱའི་རྒྱལ་པོ་སྟེ། །བདེ་བར་གཤེགས་པ་བརྒྱད་ལ་གསོལ་བ་ འདེབས། །དགའ་བའི་དཔལ་དང་རིན་འབྱུང་མྱ་ངན་མེད། །འོད་འཕྲོ་རྒྱལ་དབང་ཏིང་འཛིན་ 4-1-107 གླང་པོ་དང༌། །པདྨོ་དམ་པ་ཉི་སྣང་གདུགས་དམ་པ། །པདྨོའི་དཔལ་སོགས་རྣམས་ལ་གསོལ་ བ་འདེབས། །རྣམ་སྣང་མི་བསྐྱོད་པ་དང་རིན་ཆེན་འབྱུང༌། །སྣང་བ་མཐའ་ཡས་དོན་ཡོད་ གྲུབ་པ་དང༌། །བདེ་གཤེགས་དཔའ་བོ་བདུན་དང་སངས་རྒྱས་སྟོང༌། །དུས་གསུམ་སངས་ རྒྱས་རྣམས་ལ་གསོལ་བ་འདེབས། །འདོད་ལ་ཆགས་བྲལ་དོན་དམ་འགོག་པ་དང༌། །ཀུན་ རྫོབ་ལམ་གྱིས་བསྡུས་པའི་རྟོགས་པ་དང༌། །ཡན་ལག་བཅུ་གཉིས་ལ་སོགས་གསུང་རབ་སྟེ། །སྐྱབས་མཆོག་དམ་པའི་ཆོས་ལ་གསོལ་བ་འདེབས། །པདྨ་བརྩེགས་པ་བྱང་ཆུབ་ཆེན་པོ་ དང༌། །བཀྲ་ཤིས་སྒོ་མང་ཆོ་འཕྲུལ་ཆེན་པོ་དང༌། །ལྷ་ལས་བབས་དང་བྱམས་མགོན་མཆོད་ རྟེན་ཏེ། །བྱིན་རླབས་མཆོད་རྟེན་རྣམས་ལ་གསོལ་བ་འདེབས། །ལྷུང་བཟེད་ཁ་སྦུབ་ཁང་བུ་ བརྒྱ་ཡིས་བརྩེགས། །གསུམ་དང་བརྒྱ་དང་བྱེ་བ་ལ་སོགས་པ། །མཉམ་མེད་ཆོས་ཀྱི་སྐུ་ཡི་ རང་བཞིན་མཆོག །བདེ་གཤེགས་མཆོད་རྟེན་རྣམས་ལ་གསོལ་བ་འདེབས། །ས་ཡི་སྙིང་པོ་ ནམ་སྙིང་སྤྱན་རས་གཟིགས། །ཕྱག་རྡོར་བྱམས་པ་སྒྲིབ་སེལ་ཀུན་བཟང་དང༌། །འཇམ་ དབྱངས་ཆོས་འཕགས་ནོར་བཟང་རྟག་ཏུ་ངུ༌། །རྒྱལ་བའི་སྲས་མཆོག་རྣམས་ལ་གསོལ་བ་ འདེབས། །སྤྱན་མ་མཱ་མ་ཀཱི་དང་ན་བཟའ་དཀར། །སྒྲོལ་མ་དབྱིངས་ཕྱུག་མ་དང་རིག་བྱེད་མ། །ཡུམ་ཆེན་ཕ་རོལ་ཕྱིན་མ་དུག་སེལ་མ། །རྒྱལ་བའི་ཡུམ་ཆེན་རྣམས་ལ་གསོལ་བ་འདེབས། །རྣམ་རྒྱལ་འོད་ཟེར་ཅན་དང་གདུགས་དཀར་མོ། །སྟོང་ཆེན་རྨ་བྱ་ཆེན་མོ་སོ་སོར་འབྲང༌། །བསིལ་བའི་ཚལ་དང་གསང་སྔགས་རྗེས་འཛིན་སོགས། །རིག་པའི་ལྷ་མོ་རྣམས་ལ་གསོལ་ བ་འདེབས། །བྷ་ར་དྷྭ་ཛ་གསེར་ཅན་བ་ཀུ་ལ། །ལམ་བརྟན་སྦེད་བྱེད་རྡོ་རྗེ་མོ་ཡི་བུ། །སྒྲ་ གཅན་འཛིན་དང་ཀླུ་སྡེ་ཡན་ལག་འབྱུང༌། །ནགས་གནས་མི་ཕམ་ལམ་ཕྲན་གསེར་བེའུ། །མི་ ཕྱེད་པ་དང་དུས་ལྡན་བཟང་པོ་དང༌། །ཉེ་གནས་དྷརྨཱ་ཏ་ལ་ཤཱ་རིའི་བུ། །རབ་འབྱོར་མོའུ་ འགལ་འོད་སྲུང་ཀུན་དགའ་བོ། །རྒྱལ་བའི་ཉན་ཐོས་རྣམས་ལ་གསོལ་བ་འདེབས། །རང་ 4-1-108 ཉིད་བྱང་ཆུབ་གདུང་བ་སེལ་བ་དང༌། །སྣང་བ་བརྩེགས་དང་འཇིགས་པ་མེད་པ་དང༌། །དཔའ་བོ་འདུལ་དང་ཤེས་རབ་མགྱོགས་ཆེན་དང༌། །རི་བོ་རྒྱལ་དང་སྨྲ་བའི་སྒྲ་ཆེན་དང༌། །བསེ་རུའི་ཚུལ་དང་དུག་སེལ་འཇོམས་པ་དང༌། །རྫུ་འཕྲུལ་ཆེར་སྟོན་སེང་གེའི་སྒྲ་དང་ནི། །ཡིད་མྱུར་ལ་སོགས་རང་རྒྱལ་འཕགས་པའི་ཚོགས། །དགེ་འདུན་དཀོན་མཆོག་རྣམས་ལ་ གསོལ་བ་འདེབས། །ཐོགས་མེད་དབྱིག་གཉེན་འཕགས་པ་ཀླུ་སྒྲུབ་དང༌། །ཨཱརྱ་དེ་བ་ཕྱོགས་ གླང་ཆོས་གྲགས་དང༌། །བྲམ་ཟེ་ཡོན་ཏན་འོད་དང་ཤཱཀྱ་འོད། །འཛམ་གླིང་རྒྱན་མཆོག་ རྣམས་ལ་གསོལ་བ་འདེབས། །ས་ར་ཧ་དང་ལུ་ཡཱི་བི་རཱུ་པ། །དྲིལ་བུ་པ་དང་ཊོམྦི་ཀུ་ཀུ་རུ། །ཉི་མ་སྦས་པ་པད་འབྱུང་མི་ཕམ་མགོན། །གྲུབ་ཐོབ་རིག་འཛིན་རྣམས་ལ་གསོལ་བ་ འདེབས། །སངས་རྒྱས་གསང་བ་དྲི་མེད་བཤེས་གཉེན་དང༌། །སྒེག་པའི་རྡོ་རྗེ་བོ་དྷི་ས་ཏྭ་དང༌། །དི་པཾ་ཀ་ར་ག་ཡ་དྷ་ར་སོགས། །ལྔ་རིག་པཎ་ཆེན་རྣམས་ལ་གསོལ་བ་འདེབས། །སྐ་ཅོག་ ཞང་གསུམ་རིན་ཆེན་བཟང་པོ་དང༌། །ཆགས་རྔོག་འབྲོག་ནག་རྭ་འབྲོ་གཉན་དང་དམར། །པ་ ཁྲོ་དཔྱལ་རྒྱལ་འགོས་ཁུག་ཤོང་ལོ་སོགས། །སྒྲ་བསྒྱུར་ལོ་ཙཱ་རྣམས་ལ་གསོལ་བ་འདེབས། །འཁོར་ལོས་སྒྱུར་དང་གཤིན་རྗེ་མི་གཡོ་མགོན། །རྟ་མགྲིན་གཞན་གྱིས་མི་ཐུབ་བདུད་རྩི་ འཁྱིལ། །འཇིག་རྟེན་གསུམ་རྒྱལ་ཁྲོ་རྒྱལ་སྟོབས་པོ་ཆེ། །ཡེ་ཤེས་ཁྲོ་རྒྱལ་རྣམས་ལ་གསོལ་ བ་འདེབས། །ཕྱོགས་སྐྱོང་བཅུ་དང་མགོན་པོ་ལྕམ་དྲལ་དང༌། །རྒྱལ་ཆེན་བཞི་སོགས་དཔལ་ མགོན་བདུན་ཅུ་སོགས། །གནོད་སྦྱིན་སྡེ་དཔོན་ཇི་འཇིགས་ལ་སོགས་པའི། །རྒྱལ་བའི་ བསྟན་སྲུང་རྣམས་ལ་གསོལ་བ་འདེབས། །དེ་ནས་མཆོད་རྫས་བྱིན་བརླབ་སོགས་སུ་འགྲོ། །བདག་བསྐྱེད་ནི། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སེང་གེའི་ཁྲི་པདྨ་དང་ཟླ་ བའི་གདན་གྱི་སྟེང་དུ། བདག་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ 4-1-109 ཞལ་གཅིག་ཕྱག་གཉིས་ལས་རླུང་འགགས་པའི་ཕྱག་རྒྱ་པུས་མོའི་སྟེང་དུ་བཀབ་པ། སྤྱན་ གཉིས་ཁྲོ་བོའི་ལྟ་སྟངས། སྡང་མིག་འབྲུ་ཚུགས་སུ་ནམ་མཁའི་དབྱིངས་སུ་གཟིགས་པ། དབུ་ ལ་དོལ་ཞྭ་གསོལ་བ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་ཤིང༌། སྐུ་ལ་མཚན་བཟང་ པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་ དཔག་ཏུ་མེད་པ་འཕྲོ་བ། རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བ་དང་ལྡན་པའི་ལྟོ་བ་ཤིན་ཏུ་རྒྱས་ པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང༌། གཟི་བརྗིད་དང་ལྡན་པའི་མཁའ་དབྱིངས་ ཐམས་ཅད་ཁྱབ་པ་གསལ་བཏབ་ལ། གཙུག་ཏོར་གྱི་འཁོར་ལོ་ནམ་མཁའི་ཁམས་ཀྱི་དཀྱིལ་ འཁོར་གྱི་དབུས་སུ། ཡེ་ཤེས་ཀྱི་ཁམས་ཀྱི་དྭངས་མའི་ཐིག་ལེ་སྐྱེ་མེད་ཆོས་སྐུའི་ཀུན་མཁྱེན་ དང་པོའི་སངས་རྒྱས་ལ། ཆོས་སྐུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་ འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། དཔྲལ་བར་ཆུ་ ཁམས་ཀྱི་དཀྱིལ་འཁོར་ཀྱི་དབུས་སུ། མེ་ཁམས་ཀྱི་དྭངས་མའི་ཐིག་ལེ་འགག་མེད་ལོངས་ སྐུའི་ཀུན་མཁྱེན་རྡོ་རྗེ་འཆང་ལ། ལོངས་སྐུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་ མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། མགྲིན་ པར་མེ་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ཆུ་ཁམས་ཀྱི་དྭངས་མའི་ཐིག་ལེ་འཁྲུལ་མེད་ སྤྲུལ་སྐུ་ཀུན་མཁྱེན་ཤཱཀྱའི་རྒྱལ་པོ་ལ། སྤྲུལ་སྐུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསམ། སྙིང་ག་རླུང་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ས་ཁམས་ཀྱི་དྭངས་མའི་ཐིག་ལེ་དབྱེར་ མེད་སྐུ་བཞིའི་ཀུན་མཁྱེན་དུས་ཀྱི་འཁོར་ལོ་ལ། སྐུ་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་ སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་ བསམ། ལྟེ་བར་ས་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། རླུང་ཁམས་ཀྱི་དྭངས་མའི་ཐིག་ལེ་ 4-1-110 ངེས་མེད་ཡང་སྤྲུལ་ཀུན་མཁྱེན་ཁྲོ་རྒྱལ་རྡོ་རྗེ་ཤུགས་ལ། ཡང་སྤྲུལ་གྱི་བླ་མ་ཡི་དམ་སངས་ རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་ བསྐོར་བར་བསམ། གསང་གནས་ཡེ་ཤེས་ཀྱི་ཁམས་ཀྱི་དཀྱིལ་འཁོར་གྱི་དབུས་སུ། མཁའ་ ཁམས་ཀྱིས་དྭངས་མའི་ཐིག་ལེ་ཟད་མེད་སྙིང་སྤྲུལ་ཀུན་མཁྱེན་མ་ཧཱ་ཀ་ལ་ལ། སྙིང་སྤྲུལ་གྱི་ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་ གྱིས་མི་ཁྱབ་པས་བསྐོར་བར་བསམ། སྐུ་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས། ཐིག་ལེ་ ཐིག་ཕྲན་རྣམས་ཀྱི་དབུས་སུ་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པས་གང་བ་རྣམས་ནི། དམ་ ཡེ་དབྱེར་མེད་གདོད་མ་ཆོས་སྐུའི་རང་བཞིན་དུ་གྱུར་པར་བསམ་ལ། ལྷ་ཚོགས་དེ་ཐམས་ ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གསང་གནས་སུ་ཀྵཿ གཙུག་ཏོར་ཏུ་ཧཾ་རྣམས་གསལ་བཏབ་ལ། སྙིང་གའི་དུས་ཀྱི་འཁོར་ལོའི་ཧཱུཾ་ཡིག་གི་མཐར། ༀ་ཨཱཿགུ་རུ་པྲཛྷཱ་དྷྭ་ཛ་ས་པ་རི་ཝཱ་ར་ཧཱུཾ་སཱའ་ཧཱ། ཞེས་པས་བསྐོར་བ་ལས་འོད་ཟེར་དཔག་ཏུ་ མེད་པ། སྟེང་འོག་ཕྱོགས་བཅུར་འཕྲོས་པས་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། ནང་ བཅུད་སེམས་ཅན་ཐམས་ཅད་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ལྷ་ཚོགས་སུ་གྱུར་ཏེ། སྔགས་སྒྲ་ འབྲུག་སྟོང་ལྡིར་བ་བཞིན་དི་རི་རི་གྲགས་པར་བསམ་ལ། བཟླས་པ་ཅི་འགྲུབ་ཀྱི་མཐར། ༀ་ ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པདྱཾ། ནས། ཤཔྟའི་བར་གྱིས་མཆོད། བསྟོད་པ་ནི། ཆོས་སྐུ་ཡེ་ཤེས་འོད་གསལ་གཤེགས་སྙིང་བདག །བརྟན་གཡོ་ཀུན་ཁྱབ་རྣམ་ པ་ཐམས་ཅད་པ། །གང་འདུལ་སྒྱུ་འཕྲུལ་བཀོད་བཟང་འཛད་མེད་པ། །དོན་དམ་རང་གསལ་ ཆེན་པོར་གུས་པས་བསྟོད། །དེ་ཡི་རོལ་བ་སྣ་ཚོགས་ཅིག་ཅར་ལས། །འཇིག་རྟེན་དབང་ཕྱུག་ མི་ཡི་བླ་མར་བཞེངས། །ཕ་མཆོག་དུས་གསུམ་སངས་རྒྱས་ཀུན་འདུས་དངོས། །ཡེ་བཞུགས་ དོལ་པོ་པ་ལ་གུས་པས་བསྟོད། །བརྒྱུད་ལྡན་བླ་མ་དམ་པ་ཐམས་ཅད་དང༌། །དུས་འཁོར་ 4-1-111 བདེ་གསང་ཡི་དམ་རབ་འབྱམས་བཅས། །ཌཱ་ཀི་ཡེ་ཤེས་སྤྱན་ལྡན་བསྟན་སྲུང་ཚོགས། །མ་ ལུས་འདུས་པ་ཀུན་མཁྱེན་རྗེ་ལ་བསྟོད། །གདོད་ནས་བཞུགས་པ་ཤེས་རབ་རྒྱལ་མཚན་ལ། །གུས་པ་ཆེན་པོས་སྒོ་ནས་བསྟོད་པ་འདིས། །བདག་གཞན་འགྲོ་ཀུན་སྒྲིབ་གཉིས་ལས་གྲོལ་ ཏེ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །སྤྱན་འདྲེན་མཇུག་གིརྒྱལ་ཀུན་ཡེ་ཤེས་ དང་མཉམ་དུ་རོ་གཅིག་གྱུར། ཞེས་པའི་མཚམས་སུ། མཆོད་ཡོན་ཞབས་བསིལ་མེ་ཏོག་ བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་རོལ་མོ་དང༌། །གཟུགས་སོགས་འདོད་ ཡོན་ལྔ་པོ་རྣམས་ཀྱིས་མཆོད། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༌། །གླང་པོ་རྟ་མཆོག་ དམག་དཔོན་གཏེར་བུམ་དང༌། །གདུགས་དང་དུང་དཀར་གསེར་ཉ་པདྨ་དང༌། །བུམ་པ་ དཔལ་བེའུ་རྒྱལ་མཚན་འཁོར་ལོ་སོགས། །བདག་པོ་གཞན་གྱིས་མ་བཟུང་ཐམས་ཅད་ དབུལ། །པི་ཝཾ་གླིང་བུ་རྔ་ཟླུམ་རྫ་རྔ་ཆེ། །འཁར་རྔ་ཅང་ཏེའུ་རྔེའུ་ཆུང་ཏིང་ཏིང་ཤགས། །བཞད་ མ་སྒེག་མོ་གླུ་མ་གར་མ་དང༌། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱིས་མཆོད། །ཙན་དན་ཁང་ བཟང་མལ་ཆ་རིན་ཆེན་ཁྲི། །ལྷ་ཡི་ན་བཟའ་ཀླུ་ཡི་པགས་པ་དང༌། །མཆིལ་ལྷམ་རལ་གྲི་ཉེ་ བའི་རིན་ཆེན་སོགས། །བླ་མ་ཡི་དམ་དཀོན་མཆོག་ཚོགས་ལ་འབུལ། །ཐུགས་རྗེས་འགྲོ་ བའི་དོན་ཕྱིར་བཞེས་སུ་གསོལ། །སྡོམ་གསུམ་དང་འགལ་ཉེས་པའི་ཚོགས་རྣམས་བཤགས། །སྐྱེ་འཕགས་ཀུན་གྱི་དགེ་ལ་རྗེས་ཡི་རང༌། །བློ་དང་མཐུན་པའི་ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་མི་འདའ་བརྩེ་བས་བཞུགས་སུ་གསོལ། །དེང་ནས་བྱང་ཆུབ་བར་དུ་བདག་སྐྱབས་ མཆི། །བླ་མེད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བདག་ལུས་ཁྱེད་ཀྱི་བྲན་དུ་དབུལ་བར་ བགྱི། །དགེ་བ་གཞན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ། །ཡན་ལག་བཅུ་པོའི་བསྟོད་དབྱངས་རྒྱ་ མཚོའི་དབྱངས། །མཐོང་ངམ་ཐོས་སམ་རྗེས་སུ་དྲན་ཀྱང་རུང༌། །ཚེ་རབས་ཀུན་ཏུ་སྒྲིབ་ གཉིས་གཏན་སྤངས་ནས། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་མྱུར་འཐོབ་ཤོག །བླ་མ་ 4-1-112 རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རིང་བ་དང༌། །དགེ་ འདུན་ཆོས་སྤྱོད་སྒྲུབ་པ་འཕེལ་བར་ཤོག །རྒྱུ་སྦྱོར་ཕྱི་ནང་བར་ཆད་ཞི་བ་དང༌། །ཚེ་དང་ དཔལ་དང་འབྱོར་བ་རྒྱས་པ་དང༌། །ཅི་བསམ་དོན་ཀུན་ཆོས་བཞིན་འགྲུབ་པར་ཤོག །འདས་ དུས་མནར་གཅོད་སྡུག་བསྔལ་མེད་པ་དང༌། །བར་དོར་འཁྲུལ་བའི་སྣང་ལོག་མི་འབྱུང་ཞིང༌། །འཇིགས་སྐྲག་ཡ་ངའི་གནས་དང་བྲལ་བར་ཤོག །བདེན་ཞེན་སྲེད་ལེན་གནས་པ་རབ་ཞི་ ནས། །བར་དོར་སྐུ་གསུམ་དོན་མཆོག་འཐོབ་པར་ཤོག །གྲུབ་ཆེན་བརྒྱད་དང་ལས་བཞི་ ལྷུན་གྲུབ་ནས། །ལམ་ལྔ་ཁྱད་པར་ཅན་རྣམས་ལེགས་བགྲོད་དེ། །སྐུ་ལྔ་ཡེ་ཤེས་ལྔ་ཡི་མཆོག་ འཐོབ་ཤོག །བླ་མ་ཡི་དམ་དཀོན་མཆོག་གསུམ་པོ་དང༌། །མཁའ་འགྲོ་ཆོས་སྐྱོང་རིག་འཛིན་ རྩལ་བཟང་དང༌། །མཆེད་ལྕམ་ཕོ་མོ་ཉན་རང་དགྲ་བཅོམ་གྱིས། །ཇི་ལྟར་བསྔོས་པ་བཞིན་དུ་ འགྲུབ་པར་ཤོག །དགེ་བ་འདི་ཡིས་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་ དགྲ་བཏུལ་ཏེ། །འཆི་དང་ན་དང་རྒ་བའི་རླབས་འཁྲིགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་ གདོན་པར་ཤོག །དེ་ནས་ཡབ་སྲས་མཆོད་ཐབས་ཀྱི་ཡན་ལག་བདུན་པ་དང༌། །ཟུར་ འདེབས་ཀྱི་ཕྱག་འཚལ་བ་སོང་མཚམས་སུ། མ་དག་སྦྱངས་བ་ནི། ཆོས་རྗེ་བླ་མས་དགོངས་ གཏད་ལས། །དུས་འཁོར་ཐུགས་སྲོག་ཧཱུཾ་ཡིག་སྤྲོས། །རང་ལ་ཕོག་པས་གདོས་བྱས་སྦྱང༌། །སྐད་ཅིག་དུས་འཁོར་དཔའ་གཅིག་གསལ། །གཟུངས་ཆུ་བསྒྲུབ་པ་ཡང༌། དཔལ་ལྡན་རྗེ་ཡི་ ཐུགས་ཀ་ནས། །ཐུགས་སྲོག་སྔགས་ཕྲེང་ཟེར་བཅས་འཕྲོས། །གཟུངས་ཆུ་ལ་བསྟིམས་དྲི་ མེད་ཀྱི། །བདུད་རྩིའི་རང་བཞིན་ནུས་ལྡན་གྱུར། །ༀ་ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་ཀཱ་ལ་ཙཀྲ་ཧཱུཾ། ཞེས་ པ་ཅི་ནུས་བཟླ། དེ་ནས་ཁྲུས་གསོལ་ནི། ཆོས་རྗེ་བླ་མའི་ལྷ་ཚོགས་ལ། །བྱིན་གྱིས་བརླབས་ པའི་ཆུ་མཆོག་གིས། །སྐུ་ཁྲུས་ལེགས་པར་གསོལ་བ་ནི། །དེང་འདིར་སྒྲུབ་ལ་བརྩེ་གཟིགས་ ཞུ། །(གང་འདིར་བཅོམ་ལྡན་འདས༴ ཁྲུས་ཀྱི་ཁང་པ་ཤིན་ཏུ ༴ ཇི་ལྟར་བལྟམས་པ༴ འདི་ 4-1-113 ནི་ཁྲུས་མཆོག༴ དེ་བཞིན་གཤེགས༴ ནམ་མཁའི་མདོག་ཅན༴ རྒྱལ་བའི་རྣམ་འཕྲུལ་ཆོས་ རྒྱལ༴)དཔལ་ལྡན་སྤྱན་རས་གཟིགས་དབང་ཕྱུག །སྙིགས་མར་གང་འདུལ་སྤྲུལ་པའི་སྐུ། །ངེས་དོན་ཆོས་རྗེ་ཇོ་ནང་པར། །གུས་པས་སྐུ་ལ་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། དེ་བཞིན། ཐུགས་སྲས་འཕགས་ཆེན་རྣམ་འཕྲུལ་ཚོགས། །ཆོས་ གྲགས་ལོ་ཙཱ་བློ་གྲོས་མཚན། །མ་ཏི་ཕྱོགས་ལས་རྣམ་རྒྱལ་རྗེ། །གང་རྣམས་ལ་ཡང་སྐུ་ཁྲུས་ གསོལ། །ཁྲུས་སྔགས་གོང་གི་འགྲེས། མ་ཎི་ཀ་ཤྲཱི་བསོད་ནམས་གྲགས། །ཉ་དབོན་ཐང་སྟོན་ ཆེ་ཆུང་ཞབས། །སྨན་ཆུ་རིན་ཚུལ་གྷ་རུང་བར། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་ སྔགས། ཕུན་ཚོགས་དཔལ་དང་བསོད་ནམས་བཟང༌། །ཆོས་རྗེའི་རང་འདྲའི་བུ་ཆེན་ཚོགས། །བཞི་ལྷག་བཅུ་ཡི་གྲངས་ལྡན་པ། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། ངེས་ དོན་བསྟན་པའི་མངའ་བདག་རྗེ། །གསང་སྔགས་ཆོས་མཛོད་སྒྲོལ་བའི་མགོན། །ཐུགས་ སློབ་རྒྱ་མཚོའི་མཚན་ཅན་ཟུང༌། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། བྱིན་ བརླབས་བརྒྱུད་རིམ་བླ་མའི་ཚོགས། །རྣམ་འཕྲུལ་ཡི་དམ་རབ་འབྱམས་དང༌། །མཆོག་ གསུམ་མཁའ་འགྲོ་ཆོས་སྲུང་བཅས། །གང་རྣམས་ལ་ཡང་སྐུ་ཁྲུས་གསོལ། །ཁྲུས་སྔགས། (མི་གཡོ་གསུམ་ལྡན༴ གང་ཞིག་དྲན་པས༴ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར༴ དུས་ཀྱི་ འཁོར་ལོ་དགྱེས་པ༴ ཐབས་མཁས་ཐུགས་རྗེ༴ འདོད་ལ་ཆགས་བྲལ༴འཇམ་དབྱངས་ཕྱག་ ན༴ པདྨ་བརྩེགས་པ༴ རྡོ་རྗེའི་རང་བཞིན༴ སྔོན་ཚེ་བཅོམ་ལྡན་འདས་ཀྱི༴ཚངས་པ་བརྒྱ་བྱིན༴ རྒྱལ་བའི་སྐུ་གསུང་ཐུགས༴ དེ་དག་སྐུ་ལ༴ དེ་ནས་དེ་ལ༴)མཆོད་ཡུལ་རྒྱ་མཚོར་ཁྲུས་ གསོལ་བས། །བདག་གཞན་སྒོ་གསུམ་སྒྲིབ་པ་སྦྱངས། །གསང་ཆེན་ངེས་པའི་དོན་རྟོགས་ ནས། །བསྟན་འགྲོར་རླབས་ཆེན་ཕན་ཐོགས་ཤོག །ཡོན་གནས་མཆོག་ལ་སྐུ་ཕྱི་གསོལ། །གང་འཚམ་མཛེས་སྡུག་ན་བཟའ་དང༌། །ངོ་མཚར་རྒྱན་བཟང་འོས་ཚད་འབུལ། །བསོད་ 4-1-114 ནམས་ཚོགས་ཆེན་རྫོགས་གྱུར་ཅིག །དེ་ནས་ལྷན་ཐབས་སྐབས་ལྟར་སླར་ཡང་མཆོད་པ་ བྱིན་རླབས་སོགས་སུ་འགྲོ། ཡང་ལྷན་ཐབས་མཆོད་པའི་སྐབས་སུ་མཁོ་བྱ་ནི། མཆོད་པའི་ མཇུག་གིཕྱོགས་མཐར་ཡོངས་རྒྱས་ཤོག །ཅེས་པའི་མཚམས་རྣམས་སུ་དམིགས་བསལ་སོ་ སོའི་འདོད་གསོལ་མཆོད་གྲངས་ལྟར་སྦྱར་བར་སྤྲོ་ན། དེ་ལུགས་རིམ་པར་བླ་མའི་ཞབས་ བརྟན་སྐབས་སུ། ཐུགས་ཀྱི་དགོངས་དོན་འབད་མེད་གོང་དུ་འཕེལ། །དོན་གཉིས་ཕྱོགས་ དུས་གནས་སྐབས་ཐམས་ཅད་དུ། །ཡུན་རིང་དར་ཞིང་སྐུ་ཚེ་མཛད་འཕྲིན་ལ། །བར་དུ་གཅོད་ པ་ཉེ་བར་ཞི་གྱུར་ཅིག །ཅེས་པའམ། བསྡུ་བཞིའི་སྒོ་ནས་འགྲོ་ཀུན་དགེ་ལ་བཀོད། །བཤད་ སྒྲུབ་རྫོགས་ལྡན་རྒྱལ་མཚན་མཁའ་ལ་བསྒྲེངས། །མཐུན་ངོར་དུས་ཀྱིས་འཇིགས་པ་དང་ བྲལ་ངང༌། །ཞབས་བརྟན་གཉིས་འཐུང་ཁྲི་ལ་ལེགས་འཁོད་ཤོག །ཅེས་པའམ། འཁྲུལ་སྣང་ མ་ལུས་དྭངས་པའི་རང་བཞིན་དབྱིངས། །གསལ་སྟོང་འགག་མེད་རྟག་ཆད་མཐའ་དབུས་ བྲལ། །བློ་འདས་ཡེ་ཤེས་གཤེགས་སྙིང་ལྟ་བ་མཆོག །རྒྱལ་ཀུན་ཆོས་སྐུ་རོ་གཅིག་རྟོགས་ གྱུར་ཅིག །དེ་དག་གང་སྤྲོ་སྦྱར། མཐར། དེ་ལྟར་མཆོད་པའི་བྱིན་རླབས་ཀྱིས། །ངེས་དོན་ བསྟན་པ་འཛིན་པའི་སྡེ། །རྩ་ལག་ཕུལ་བྱུང་གང་བཞུགས་དག །ཡུན་རིང་འཚོ་ཞིང་རྟག་ བརྟན་ཤོག །དེ་རྣམས་མཛད་པ་འཕྲིན་ལས་རྒྱས། །རླབས་ཆེན་དོན་གཉིས་ལྷུན་གྲུབ་ཅིང༌། །གང་འདུལ་སྙིང་པོའི་རང་ལུགས་ཀྱིས། །འགྲོ་ཕན་གཡེལ་བ་མེད་གྱུར་ཅིག །དེར་བརྟེན་ མཐའ་ཡས་སེམས་ཅན་ཁམས། །རྫོགས་ལྡན་ཆོས་ལ་སྤྱོད་སྐལ་ཐོབ། །མིག་འཕྲུལ་ཇི་ བཞིན་འབད་མེད་གྲོལ། །གདོད་མའི་གཏན་སྲིད་མྱུར་ཟིན་ཤོག །ཁྱད་པར་བསྟན་ལ་གུས་ ལྡན་པ། །སྦྱིན་བདག་དད་འབྱོར་ལེགས་མངའ་བའི། །སྐལ་བཟང་བསོད་ནམས་དབང་ཕྱུག་ ཆེ། །སྒོ་གང་ཐད་ནས་འཕེལ་གྱུར་ཅིག །དེ་ཀུན་གནས་སྐབས་ཚེ་འདི་ཉིད། །ནད་གདོན་ རྐྱེན་ངན་རབ་ཞི་སྟེ། །ཚེ་རིང་ནོར་འཕེལ་ཁ་རྗེ་དར། །ཆོས་སྲིད་ལེགས་དོན་ཡོངས་འབྱོར་ 4-1-115 ཤོག །ཕྱི་ནང་ཉེར་འཚེ་མཐའ་དག་བྲལ། །མི་ནོར་རིགས་བརྒྱུད་མངའ་ཐང་འཕེལ། །འདི་ ཕྱིར་ལེགས་དགེའི་དགའ་སྟོན་ཤར། །རྨད་བྱུང་ལུགས་གཉིས་སྤྱོད་གྱུར་ཅིག །ཕུན་སུམ་ ཚོགས་པའི་བདེ་འབྱོར་དུ། །ཀུན་ཀྱང་ཚེ་འདིར་མཐའ་འཁྱོལ་ཏེ། །རིམ་གྱིས་ཕྱི་མར་མངོན་ མཐོའི་རྟེན། །ཆོས་ལྡན་འབའ་ཞིག་ལ་དབང་ཤོག །དག་པའི་སྐྱེ་བ་ཁོ་ནའི་སྟེང༌། །ཡང་དག་ ཟབ་ཆོས་ལ་སྤྱོད་དེ། །འཁོར་བར་རྒྱབ་ཕྱོགས་གཏན་བདེ་ཡི། །གོ་འཕང་མཆོག་ལ་སླེབ་ གྱུར་ཅིག །ལྷན་ཐབས་སྐབས་བཞིན་སླར་ཡང་གོང་གི་མཆོད་རྫས་བྱིན་རླབས་སོགས་སུ་ འགྲོ། འདིས་འོག་མ་རྣམས་ལ་འགྲེས་སྦྱར་རོ། །དགེ་འདུན་སྡེ་འཕེལ་ཆེད་དུ། ཐུགས་མཐུན་ ཁྲིམས་གཙང་འཁོར་ལོ་གསུམ་ལ་བརྩོན། །ལྟ་གྲུབ་ཐ་དད་མི་མཐུན་ཀུན་སྤངས་ཏེ། །ལྟ་བ་ ཡང་དག་ལ་གནས་ཡོན་སྦྱོང་མཆོག །ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག །ཅེས་ པའམ། ཡི་གེ་འབྲི་མཆོད་སྦྱིན་གཏོང་ཁ་ཏོན་དང༌། །བསླབ་གསུམ་ཐོས་བསམ་སྒོམ་སོགས་ རབ་དཀར་མཛོད། །དམར་སེར་ལི་ཁྲིའི་མདོག་མཚུངས་དགེ་འདུན་སྡེས། །རྒྱ་མཚོའི་གོས་ ཅན་ཐམས་ཅད་ཁྱབ་པར་ཤོག །ཅེས་པའམ། ཀུན་རྟོག་སྤྲོས་མཚན་མཐའ་དག་དྭངས་བའི་ དབྱིངས། །རྟོག་མེད་ནམ་མཁའི་རྡོ་རྗེའི་རང་བཞིན་ནི། །འོད་གསལ་སྟོང་པའི་གཟུགས་སྣང་ འབྱམས་ཀླས་ཤིང༌། །རབ་འབྱམས་སྐུ་ཞིང་བཀོད་བཟང་ལྷུན་གྲུབ་གྱུར། །ཅེས་དེ་དག་གང་ སྤྲོ་སྦྱར། གྲྭ་ཚང་སྤྱིའི་ཞབས་བརྟན་དུས་སུ། འདུལ་མངོན་ཕར་ཚད་དབུ་མ་རྒྱུད་སྡེ་བཞི། །མང་ཐོས་ངེས་འབྱུང་བྱང་སེམས་ཡང་དག་ལྟ། །ཕྱིན་དྲུག་བསྐྱེད་རྫོགས་ལྡན་པའི་དགེ་ འདུན་སྡེ། །ཆོས་རྐྱེན་ཀུན་འགྲིགས་བར་ཆད་རབ་ཞི་ཤོག །ཅེས་པའམ། རྒྱལ་བསྟན་འཛིན་ མར་འདུས་སྡེའི་པད་དཀར་བཞད། །སྡོམ་གསུམ་ཟིལ་མངར་གཞན་ཕན་དྲི་ངད་རྒྱས། །གསང་གསུམ་བར་ཆད་མ་ལུས་དབྱིངས་སུ་ཞི། །དགེ་འདུན་སྡེ་ཚོགས་སྲ་ཞིང་བརྟན་གྱུར་ ཅིག །ཅེས་པའམ། སེམས་ཀྱི་རང་བཞིན་དྭངས་གསལ་རྟོག་མེད་འདི། །སྒྲོ་བསྐུར་ཀུན་བྲལ་ 4-1-116 བརྗོད་འདས་བསམ་མེད་ངང༌། །ཡེ་བཞུགས་ཆོས་ཉིད་གཤེགས་སྙིང་སྐུ་བཞིའི་བདག །ཞིང་ ཀུན་རྫོགས་པ་ཆོས་དབྱིངས་ཀློང་དུ་གྱུར། །ཅེས་དེ་དག་གང་སྤྲོ་སྦྱར། ཉམས་ཆག་བཤགས་ སྐབས། ཐོག་མེད་ནས་བསགས་དུག་གསུམ་མི་དགེ་བཅུ། །སྡོམ་གསུམ་སྐུ་གསུང་ཐུགས་ཀྱི་ དམ་ཚིག་ཉམས། །མདོར་ན་ཉེས་ལྟུང་མཐའ་དག་དྲུངས་བྱུང་སྟེ། །བཀའ་བསྡུ་བཞི་པའི་ དགོངས་དོན་རྟོགས་གྱུར་ཅིག །ཅེས་པའམ། འགྲོ་ཀུན་བསགས་སྡིག་མ་ལུས་བདག་ལ་སྨིན། །དེ་དག་སྡུག་བསྔལ་རྒྱུ་བཅས་དང་བྲལ་ཞིང༌། །བསོད་ནམས་གང་བསགས་ཐམས་ཅད་འགྲོ་ ལ་སྦྱིན། །དེ་ཀུན་སྒྲིབ་གཉིས་མ་ལུས་ཡོངས་བྱང་ཤོག །ཅེས་པའམ། ཀུན་རྫོབ་ཆོས་ཀུན་ བདེན་པས་སྟོང་པར་རྟོགས། །དོན་དམ་སྟོང་ཉིད་གནས་ལུགས་རྣམ་ཀུན་བདག །མི་འགྱུར་ བདེ་ཆེན་རང་མདངས་སྟོང་གཟུགས་རྒྱས། །ཟུང་འཇུག་ལྷན་སྐྱེས་བསྒྲིབས་གཡོགས་དང་ བྲལ་ཤོག །ཅེས་དེ་དག་གང་སྤྲོ་སྦྱར། རྒྱལ་བློན་སྐུ་རིམ་སྐབས། མཐའ་བཞི་ལས་རྒྱལ་ ཁྲིམས་ཀྱི་རྔ་ཆེན་བརྡུང༌། །ཆོས་སྲིད་གསེར་གྱི་འཁོར་ལོས་འབངས་དཔལ་སྐྱོང། །བསོད་ ནམས་དགེ་བཅུའི་ལས་ལ་རྟག་པར་གཞོལ། །ས་སྐྱོང་བློན་འབངས་བསམ་དོན་ལྷུན་གྲུབ་ ཤོག །ཅེས་པའམ། འབངས་དཔལ་ཐམས་ཅད་དགེ་ཚོགས་ལམ་དུ་བསྒྱུར། །སྐྱེ་འགྲོ་ཡོངས་ ཀྱི་ཐར་བའི་སྲོག་རྩ་བཟུང༌། །ཕན་ཚུན་བྱམས་སེམས་སྤྱོད་བཟང་ཉམས་མེད་པར། །འབངས་ ཀུན་ཉོན་མོངས་གཡུལ་ལས་རྒྱལ་བར་ཤོག །ཅེས་པའམ། ཡང་དགོས་དུས་འཁོར་ཟབ་ཆོས་ མཐའ་དག་དང༌། །མཐའ་བྲལ་རྫོགས་ལྡན་ལམ་མཆོག་དབུ་མའི་སྲོལ། །ཐོས་བསམ་དབང་ ལུང་ཉམས་ལེན་སྨོན་ལམ་སོགས། །ལྷོད་མེད་བརྩོན་ཀུན་རྟག་ཏུ་བརྟེན་པར་ཤོག །ཅེས་དེ་ དག་གང་སྤྲོ་སྦྱར། ཡུལ་གྱི་འཁྲུག་རྩོད་ཞི་ཐབས། ལས་ངན་སེམས་ཅན་ཤེས་རྒྱུད་དུག་ལྔས་ དཀྲུགས། །ཡུལ་གྲུ་ཐམས་ཅད་གནོད་འཚེའི་སྦྱོར་བས་གང༌། །ཕན་ཚུན་འཁྲུག་རྩོད་ཞེ་སྡང་ མེ་ལྟར་མཆེད། །རྫོགས་ལྡན་ཆོས་ཆར་ཆེན་པོས་ཞི་གྱུར་ཅིག །ཅེས་པའམ། ལས་ཀྱིས་ 4-1-117 བདས་ཤིང་དུག་གསུམ་ཉིན་མཚན་འབར། །རིགས་མཐུན་ཕན་ཚུན་ཞེ་སྡང་མཚོན་བརྡར་ བས། །བདེ་སྐྱིད་འཇོམས་ཤིང་སྡུག་བསྔལ་རང་ཕུང་རྒྱུ། །ཕྱི་ནང་འཐབ་འཁྲུག་མ་ལུས་ཞི་ བར་ཤོག །ཅེས་པའམ། ད་ཡན་གཞན་སེམས་མ་ལུས་དཀྲུགས་པ་ཡིས། །ལས་ངན་མཚོན་ ཆས་མཐའ་མེད་བར་དུ་གཏུབ། །ད་ནི་གཞན་ཕན་སྤྱོད་ལ་ཞུགས་པ་ཡིས། །འབད་མེད་ངང་ ནས་འགྲོ་བའི་དོན་བྱེད་ཤོག །ཅེས་དེ་དག་གང་སྤྲོ་སྦྱར། ཚོ་བའི་རིམ་གྲོའི་སྐབས་སུ། བློ་ རིག་སྟོབས་རྩལ་དཔའ་མཛངས་གཟི་བརྗིད་རྒྱས། །ཚེ་རིང་ནད་མེད་ལོངས་སྤྱོད་གྲོགས་ བཟང་ལྡན། །བགེགས་རིགས་བྱད་ཁ་མནན་གཏད་འཇིགས་བརྒྱད་སོགས། །ཞི་ཞིང་སྡེ་ཆེན་ ཡོངས་རྒྱས་རབ་བརྟན་ཤོག །ཅེས་པའམ། ཕན་ཚུན་ཆགས་སྡང་ཤེས་རྒྱུད་རྩུབ་ཅིང་གྱོང༌། །ཞེ་འདོད་ཐམས་ཅད་རང་གི་ཕུགས་སུ་བཅུག །གྱོང་སྐོར་ཐམས་ཅད་དོན་མེད་གཞན་མགོར་ བཞག །ཕུང་བྱེད་རྟོག་ངན་དེ་ལས་ལྡོག་པར་ཤོག །ཅེས་པའམ། ནང་མིར་གྱུར་སྐབས་སྙིང་ གཏམ་དགྲ་ལ་བཤད། །ཀོ་ལོང་ཆེ་ལ་གདུག་རྩུབ་བཙན་དང་མཚུངས། །ཡུན་རིང་འགྲོགས་ ན་གཤིས་ངན་རྒྱུན་དུ་སློང༌། །དེ་དག་གཞན་ཕན་སྤྱོད་ལ་འཇུག་གྱུར་ཅིག །ཅེས་དེ་དག་གང་ སྤྲོ་སྦྱར། སྦྱིན་བདག་གང་ཡིན་ལ། ཉམ་ཆུང་དབུལ་ཕོངས་ཚེ་ཐུང་ནད་མང་སོགས། །སྡུག་ བསྔལ་ཀུན་ཞི་བདེ་འབྱོར་ཡོངས་རྒྱས་ཏེ། །ཡིད་མཐུན་གྲོགས་ལྡན་ཀུན་ཀྱང་དགེ་ལ་གཞོལ། །སྦྱིན་བདག་རེ་འདོད་མ་ལུས་ཀུན་འགྲུབ་ཤོག །ཅེས་པའམ། ཕན་བདེ་འབྱུང་གཞི་རྒྱལ་ བསྟན་སྤྱི་བོར་བཀུར། །འབྱོར་བ་གང་ཡོད་བསྟན་པའི་ཞབས་ཏོག་འབུལ། །ལུས་ངག་ཡིད་ གསུམ་ཆོས་ཀྱི་བྲན་དུ་བཀོལ། །ཚེ་རབས་ཀུན་ཏུ་དེ་ལྟར་སྤྱོད་པར་ཤོག །ཅེས་པའམ། མཆོག་གསུམ་དམ་པ་སྤྱི་བོའི་ཐོད་བཞིན་བཀུར། །སྐྱིད་པའི་དུས་ན་བསྙེན་བཀུར་མཆོག་གི་ གནས། །སྡིག་ན་རེ་ཆེན་རྒྱང་ནས་འབོད་པའི་ཡུལ། །ཚེ་འདིའི་རེ་ས་སྐྱེ་གཞན་སྐྱབས་གཅིག་ གྱུར། །ཅེས་དེ་དག་གང་སྤྲོ་སྦྱར། ཆོས་སྲིད་གཉིས་ཀ་འཕེལ་ཐབས། འབྲུ་རིགས་དཀར་ 4-1-118 དམར་བཟའ་བཏུང་གོས་ཀྱི་རིགས། །ནོར་ཕྱུགས་རྟ་དྲེལ་ར་ལུག་མཁོ་དགུའི་དཔལ། །འཇིག་ རྟེན་འདས་དང་མ་འདས་ལེགས་ཚོགས་གཡང༌། །དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་གྱུར་ ཅིག །ཅེས་པའམ། ལེགས་ཚོགས་མཐའ་མེད་མ་ལུས་འཕེལ་བའི་གཞི། །བསོད་ནམས་ ཚོགས་བསགས་ལས་ལ་རྒྱུན་དུ་འབད། །རང་གཞན་ཐམས་ཅད་དེ་ཡི་ལས་ལ་བསྒྱུར། །དོན་ གཉིས་རྒྱ་མཚོའི་དཔལ་ཡོན་མྱུར་སྤྱོད་ཤོག །ཅེས་པའམ། གང་སྣང་ཐམས་ཅད་རྟེན་ཅིང་ འབྲེལ་བར་འབྱུང༌། །རང་ཚུགས་མེད་པ་ཕན་ཚུན་ལྟོས་པར་གནས། །ཆུ་ཟླ་བཞིན་དུ་སྣང་ བའི་གཟུགས་སུ་གྲུབ། །རྟེན་འབྲེལ་ཚོགས་པའི་སྣང་བརྙན་རྟོགས་པར་ཤོག །ཅེས་དེ་དག་ གང་སྤྲོ་སྦྱར། ལོ་ཏོག་གི་རིམ་འགྲོའི་སྐབས། ཡུལ་ཁམས་ཀུན་ཏུ་དུས་བབས་ཆར་སྤྲིན་ འཁྲིགས། །དྲོད་བཟང་འབྱུང་བཞིའི་ཁམས་སྙོམས་རྩི་ཤིང་རིགས། །སྨན་འབྲུ་མེ་ཏོག་འབྲུ་ རིགས་རབ་ཏུ་རྒྱས། །བཙའ་སད་སེར་སོགས་རྐྱེན་ངན་ཞི་གྱུར་ཅིག །ཅེས་པའམ། སད་སེར་ ལ་སོགས་མི་འདོད་འབྱུང་བ་ཡང༌། །ལས་འབྲས་ཚུལ་ཁྲིམས་མ་བསྲུང་ལས་ཀྱིས་འབྱུང༌། །རྒྱུ་འབྲས་ཕྲ་ཞིབ་མིག་འབྲས་ལྟ་བུར་བསྲུང༌། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡོངས་རྫོགས་ ཤོག །ཅེས་པའམ། ཞིང་ས་གཤིན་པོར་ལོ་ཏོག་ལྷོ་སྤྲིན་བཞིན། །འཛིན་མར་སྨན་འབྲུ་མེ་ ཏོག་སྣ་ཚོགས་བཀྲ། །རྐང་འཐུང་ལྗོན་བཟང་ལ་སོགས་རབ་རྒྱས་ལ། །གནོད་རྐྱེན་མ་ལུས་ རབ་ཏུ་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། སྦྲུམ་མ་དང་བྱིས་པ་འཚོ་ཐབས། བླ་མ་ཡི་ དམ་སངས་རྒྱས་བྱང་སེམས་དང༌། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་ནོར་ལྷ་སོགས། །ཀུན་ འདུས་ཀུན་མཁྱེན་ཡབ་སྲས་བརྒྱུད་འཛིན་ལ། །མཆོད་པས་མ་བུའི་(བྱིས་པའི་)གནོད་པ་ ཀུན་བྲལ་ཤོག །ཅེས་པའམ། རང་སྣང་དག་པ་འོག་མིན་ཞིང་གི་དབུས། །ཡེ་བཞུགས་ཀུན་ མཁྱེན་ཡབ་སྲས་སྒྲོལ་མགོན་དང༌། །རིམ་བརྒྱུད་རྩ་བའི་བླ་མ་ཐམས་ཅད་ལ། །མཆོད་པས་ མ་བུའི་(བྱིས་པའི་)གནོད་པ་ཀུན་ཞི་ཤོག །ཅེས་པའམ། སྦྲུམ་མའི་(བྱིས་པའི་)ལུས་ལ་ 4-1-119 ནད་མང་བྱུང་བ་འདི། །སྔོན་བསགས་ལས་ངན་རང་ལ་འཁོར་བ་ཡིན། །སྒྲིབ་སྦྱངས་ཚོགས་ བསགས་ལས་ལ་ཆེར་འབད་པས། །རྐྱེན་ངན་མ་ལུས་དབྱིངས་སུ་ཞི་གྱུར་ཅིག །ཅེས་དེ་དག་ གང་སྤྲོ་སྦྱར། ཚེ་འདིར་ལས་ངན་དང་མི་འཕྲད་ཐབས། སྔོན་བསགས་ངན་པས་རྣམ་སྨིན་ མཐུ་བཙན་པས། །དུག་གསུམ་ལས་བསྐྱེད་མི་དགེ་བཅུ་པོ་དང༌། །མཚམས་མེད་ཉེ་བ་ལོག་ ལྟ་ཆོས་སྤོང་སོགས། །བསགས་སྡིག་ལས་ཉོན་འདི་ལས་ལྡོག་གྱུར་ཅིག །ཅེས་པའམ། བདག་གཞན་སེམས་ཅན་མ་ལུས་ཐམས་ཅད་ཀྱིས། །ཐོག་མེད་བསགས་པའི་ལས་ངན་ཉེས་ ལྟུང་དང༌། །ད་སྐབས་སྒོ་གསུམ་བསགས་སྡིག་ཡོད་དོ་ཅོག །མཆོད་བསགས་སྟོབས་ཀྱིས་ བྱང་དག་དངོས་གྲུབ་སྩོལ། །ཅེས་པའམ། ནམ་ཞིག་འཆི་བ་ཐོག་ཏུ་བབ་པའི་ཚེ། །མནར་ གཅོད་འཁྲུལ་བའི་སྣང་ལོག་མི་འབྱུང་ཞིང༌། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བླ་མའི་ ཚོགས། །བྱོན་ཏེ་དག་པའི་ཞིང་དུ་འཁྲིད་པར་ཤོག །དེ་དག་གང་སྤྲོ་སྦྱར། བར་ཆད་ཞི་ཕྱིར། དུག་ལྔའི་རང་བཞིན་རྒྱལ་བསེན་དམ་སྲི་དང༌། །ས་བདག་ཀླུ་གཉན་འབྱུང་པོའི་རིགས་ཀྱིས་ འཚེ། །ལུས་ཀྱི་ན་ཚ་ཆོས་འགལ་རྟོག་ངན་སོགས། །ཚེ་དང་ཆོས་ཀྱི་བར་ཆད་ཀུན་བྲལ་ཤོག །ཅེས་པའམ། ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་དང༌། །དབང་ལུང་མན་ངག་ཡི་ གེ་འབྲི་མཆོད་དང༌། །ཁ་ཏོན་སྦྱིན་གཏོང་སོགས་ལ་གནོད་པའི་གེགས། །འཇིག་རྟེན་ཆོས་ བརྒྱད་གཡུལ་ལས་ལྡོག་པར་ཤོག །ཅེས་པའམ། གང་འཕྲད་ཐམས་ཅད་དུག་གསུམ་བསྐྱེད་ པའི་རྒྱུ། །ཐོས་བསམ་སྒོམ་པའི་བྱ་བ་ཀུན་ཉམས་བྱེད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ སོགས་འཇོམས། །གྲོགས་རྐྱེན་ངན་པའི་བར་ཆད་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། འཁོན་པ་ཞི་ཕྱིར། གཅིག་གིས་གཅིག་ལ་གནོད་འཚེའི་སྦྱོར་བ་བརྩམས། །ཤེས་རྒྱུད་ དཀྲུགས་པས་ཚིག་རྩུབ་རྒྱུན་དུ་སྨྲ། །རྣམ་དཀར་འཇོམས་བྱེད་སེམས་ཁོང་གཏིང་ནས་ འཁྲུགས། །ཕྲག་དོག་ང་རྒྱལ་འཁོན་ཀུན་ཞི་བར་ཤོག །ཅེས་པའམ། ཚེ་སྔོན་གཞན་གནོད་ 4-1-120 བསམ་སྦྱོར་རང་གིས་བསགས། །ད་དུང་དེ་རྗེའི་མུ་མཐུད་ཡང་ཡང་བསགས། །དེ་འདྲའི་ བདག་འབྲས་རང་ལ་འཁོར་བ་ན། །མཆོད་སྒྲུབ་སྟོབས་འདིས་རྐྱེན་ངན་ཞི་གྱུར་ཅིག །ཅེས་ པའམ། ཡུལ་མི་མ་ལུས་དགྲ་བོར་ལངས་པའི་ཚེ། །བསམ་སྦྱོར་ངན་པས་མཚང་བརྡོལ་སྣ་ ཚོགས་འབྱུང༌། །སེམས་མི་མཐུན་ཞིང་ཕན་ཚུན་འཐབ་ཅིང་འཁྲུག །དེ་དག་མཆོད་བསགས་ སྟོབས་ཀྱིས་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། རང་རང་གི་རྒྱུད་འདུལ་ཐབས། བསྟན་ པའི་འཇུག་སྒོ་དང་བྲལ་རྟོག་གེ་མཁན། །ཨུ་ཚུགས་བླུན་སྒོམ་ཤེས་རྒྱུད་དུག་ལྔའི་གང༌། །ཕྲག་དོག་ང་རྒྱལ་ཁེངས་སེམས་རྒྱུན་ཆད་མེད། །ཆོས་བརྒྱད་དོན་དུ་གཉེར་སེམས་ཀུན་ཞི་ ཤོག །ཅེས་པའམ། ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང༌། །བླ་མ་མཉེས་པའི་ཐབས་ ཀྱིས་མ་ཟིན་ན། །ཆོས་གང་བསྒྲུབ་ཀྱང་འཁོར་བའི་རྒྱུ་རུ་འགྱུར། །མཆོད་སྒྲུབ་ཟབ་མོས་ཐར་ ལམ་ཟིན་གྱུར་ཅིག །ཅེས་པའམ། རང་སེམས་འཁྲུལ་སྣང་རང་གིས་མ་བརྟག་ན། །ཆོས་ གཟུགས་འཛིན་ཀྱང་ཆོས་མིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ། །བརྟག་ དཔྱད་བྱས་ནས་དབྱེ་བསལ་ལེགས་ཞིབ་གྱུར། །ཅེས་དེ་དག་གང་སྤྲོ་སྦྱར། བྱད་མ་མཐུ་ གཏད་བཟློག་ཐབས། ཕ་རོལ་བན་བོན་བསམ་སྦྱོར་གནག་སེམས་ཀྱིས། །མཐུ་གཏད་དམོད་ སྒྲུབ་བྱད་མ་རླུང་འཁོར་ཧོམ། །བསྲེག་མནན་ཟོར་ཕུར་བསྐྲད་བཤིག་དབྱེ་རེངས་སོགས། །མཆོད་བསགས་སྟོབས་ཀྱིས་དེ་ཀུན་ཞི་བར་མཛོད། །ཅེས་པའམ། གནག་སེམས་ངན་པས་ སྦྱོར་རྩུབ་མཐུ་གཏད་སོགས། །མཆོད་བསགས་སྟོབས་ཆེན་ལེགས་བགྱིས་བསོད་ནམས་ ཀྱིས། །བྱད་ཁ་ཐམས་ཅད་རྒྱ་མཚོར་ཁ་བབས་བཞིན། །ཁ་རྗེ་དབང་ཐང་ཚེ་བསོད་རྒྱས་བྱེད་ གྱུར། །ཅེས་པའམ། བསྒྲལ་ལས་ལ་དབང་སྐྱེས་ཆེན་མ་གཏོགས་གང༌། །འཁྲུལ་སྣང་ལ་ཞེན་ ཆགས་སྡང་ཆེར་མཆེད་པས། །དམོད་སྒྲུབ་མནན་གཏད་ལ་སོགས་ངན་སོང་རྒྱུ། །བྱམས་ སེམས་དམིགས་མེད་དབྱིངས་སུ་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། ཡམས་ནད་འབྱུང་ 4-1-121 སྐབས། ཉིན་མཚན་ཀུན་ཏུ་ཉོན་མོངས་དུག་ལྔ་རྒྱས། །ལས་ངན་བག་ཆགས་གངས་ཀྱི་རྡུལ་ ལྟར་བརྩེགས། །སྤྱི་མཐུན་བདག་འབྲས་ཡུལ་གྲུར་ཡམས་ཀྱིས་(ཕྱུགས་ནད་འབྱུང)ཁྱ བ། །བསོད་ནམས་ཆོས་ཆར་ཆེན་པོས་ཞི་བར་ཤོག །ཅེས་པའམ། སྤྱི་མཐུན་ལས་ངན་མཐའ་ མེད་བསགས་ཟིན་དང༌། །རྐྱེན་ངན་སྣ་ཚོགས་ལྷན་ཅིག་འཚོགས་པ་ཡིས། །མི་འདོད་ཡམས་ ཀྱིས་སྐྱེ་འགྲོའི་(ཕྱུགས་རིགས་)ཚེ་སྲོག་འཕྲོག །མཆོད་འབུལ་སྟོབས་ཀྱིས་དེ་ཀུན་བྱང་ དག་གྱུར། །ཅེས་པའམ། སྣང་སྲིད་དག་པའི་ཆོས་དབྱིངས་ཕོ་བྲང་དབུས། །དོན་དམ་བླ་མའི་ ཚོགས་ཀུན་འབྱམས་ཀླས་ཤིང༌། །དངོས་འབྱོར་ཡིད་སྤྲུལ་མཆོད་འབུལ་དམིགས་མེད་ བཞེས། །ཡམས་ནད་མ་ལུས་ཆོས་དབྱིངས་ངང་དུ་ཞི། །ཞེས་དེ་དག་གང་སྤྲོ་སྦྱར། བྱེ་བྲག་གི་ ནད་རིགས་ལ། དུག་གསུམ་ལས་བསྐྱེད་རླུང་མཁྲིས་བད་ཀན་ཡང༌། །འབྱུང་བ་མ་སྙོམས་སྣ་ ཚོགས་རྐྱེན་གྱིས་གཙེས། །ཟུག་རྔུ་གང་བྱུང་ཟབ་ཆོས་སྨན་མཆོག་གིས། །རྟག་ཏུ་ནད་མེད་ རྫོགས་ལྡན་ཆོས་སྤྱོད་གྱུར། །ཅེས་པའམ། ཚེ་སྔོན་ལས་ངན་བསགས་པས་བདག་འབྲས་སུ། །བད་གཅོང་ཚ་སྐྲན་སྙིང་ནད་སྣ་ཚོགས་དང༌། །གློ་བུར་ནད་སོགས་མཆོད་བསགས་ལ་བརྩོན་ པས། །བྱང་ཞིང་དག་པས་ཚེ་ཆོས་ཀུན་འཕེལ་ཤོག །ཅེས་པའམ། བྱེད་བཅིང་དང་བཅས་ སོར་བཅུའི་ནམ་མཁར་བལྟ། །གསལ་སྟོང་འགག་མེད་དབྱིངས་ནས་བླ་མའི་ཚོགས། །ཡི་ དམ་རྒྱལ་སྲས་ཆོས་སྐྱོང་ཡེ་བཞུགས་མངོན། །དེ་ཡི་སྟོབས་ཀྱིས་ནད་རིགས་ཞི་གྱུར་ཅིག །ཅེས་དེ་དག་གང་སྤྲོ་སྦྱར། འཁོར་བའི་བྱ་བ་ཀུན་ལ་ཞེན་པ་ལྡོག་ཐབས། སྔོན་བསགས་ལས་ ཀྱིས་རྙེད་དཀའི་དལ་འབྱོར་ཐོབ། །བསྟན་དང་བླ་མའི་དྲིན་གྱིས་རབ་བྱུང་གཟུགས། །ཐོབ་ ཀྱང་ཁ་གསག་གཞོགས་སློང་ཐོབ་འཇལ་དང༌། །རྙེད་འཚོལ་ལ་བརྟེན་རྒྱུ་ནོར་བསྡུ་ལེན་དོན། །ཉིན་མཚན་ལས་སྲོག་འབེན་བྱས་གསོག་སྐྲུན་རྫས། །སེར་སྣའི་བཅིངས་ཤིང་འཛིན་པའི་ མདུད་རྒྱས་བསྡམས། །ཡུན་རིང་ཐར་མེད་ཡི་དྭགས་དབུལ་སྤྲང་རྒྱུ། །ནོར་རྫས་འདི་ལ་ཞེན་ 4-1-122 པ་ཆོད་པར་ཤོག །ཅེས་པའམ། སྐྱིད་འདོད་ཆེ་ཡང་དེ་རྒྱུ་ཚོགས་མི་བསོག །སྡུག་སྲན་ཆུང་ ཡང་འདོད་ནག་རྔམ་སེམས་ཆེ། །གསར་འགྲོགས་ཆེ་བས་ཀུན་ལ་ཕྱི་ཐག་ཐུང༌། །ཟ་ལྟོ་ཆེ་ བས་རྐུ་འཕྲོག་འཚལ་འགྲོས་རེམ། །གསོན་གཤིན་རྫས་ལ་ཉིན་མཚན་ཧབ་ཐོབ་བྱེད། །སྙན་ གྲགས་ལ་སོགས་འཇིག་རྟེན་ཆོས་བརྒྱད་སོགས། །དམིགས་མཐིལ་བྱས་ཏེ་གཞན་ཀུན་ཁྱད་ དུ་གསོད། །བསམ་སྤྱོད་ཀུན་ངན་དེ་ལས་ལྡོག་གྱུར་ཅིག །ཅེས་པའམ། གོ་ས་ཆེ་ཡང་ཡོན་ ཏན་འདྲེ་ལས་ཆུང༌། །བླ་མ་ཆེ་ཡང་ཆགས་སྡང་བདུད་ལས་རྩུབ། །ལྟ་སྐད་མཐོ་ཡང་སྤྱོད་པ་ ཁྱི་ལས་ངན། །དམ་སྡོམ་ཞུས་ཀྱང་དུག་གསུམ་ཁོལ་ལས་བྱེད། །ཚུལ་ཁྲིམས་འགལ་ཟླ་ཚོང་ ཁེས་ནོར་ཟས་བསྒྲུབས། །གཏན་བདེའི་བྱ་སྤངས་སྡིག་ལས་རེམ་པར་སྤྲོ། །ལམ་སྣེ་མ་ཟིན་ དོན་མེད་ངལ་བས་ཟད། །དེ་དག་ལ་ཡང་གཏིང་ནས་ཞེན་ལོག་གྱུར། །ཅེས་དེ་དག་གང་སྤྲོ་ སྦྱར། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་ཐབས། ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་གྱུར་ པ་ཡི། །མ་ལུས་འགྲོ་བའི་དོན་ཀུན་བྱ་བའི་ཕྱིར། །ཐུབ་དབང་མཛད་སྤྱོད་ཇི་ལྟ་བ་བཞིན་དུ། །བདག་གི་བསམ་སྤྱོད་མ་ལུས་དེ་ལྟར་གྱུར། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ ཚོགས་བཅས། །ཐམས་ཅད་འགྲོ་བ་ཀུན་ལ་སྨིན་གྱུར་ནས། །བར་ཆད་བྲལ་ཞིང་ཡུན་བདེ་ ལམ་དུ་ཞུགས། །ས་ལམ་མཐར་ཕྱིན་གཤེགས་སྙིང་མྱུར་མངོན་ཤོག །ཅེས་པའམ། གང་གིས་ བདག་མཐོང་རླུང་ཕོག་དྲི་ཚོར་དང༌། །མིང་ཐོས་དྲན་བརྗོད་དད་དང་དགའ་བྱེད་དང༌། །ཆོས་ དང་རྒྱུ་རྫས་འབྲེལ་བ་ཡོད་པ་ཀུན། །ཚེ་འདིར་རྡོ་རྗེ་འཆང་དབང་ཐོབ་པར་ཤོག །བདག་ སྨོད་གཤེ་བ་རྡེག་རྡུང་མཚོན་བསྣུན་དང༌། །དུག་བླུད་བཙོན་འཇུག་ཕྲག་དོག་ངན་སེམས་ འཆང༌། །ཕྲ་དབྱེན་འགྲན་སེམས་འཆང་བ་ལ་སོགས་པ། །དེ་དག་ཚེ་འདིར་སངས་རྒྱས་མྱུར་ ཐོབ་ཤོག །ཅེས་པའམ། སྐྱེ་དང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །ལུས་ངག་ཡིད་གསུམ་བྱ་བ་ གང་བརྩམ་ཀུན། །ཕན་པ་ཁོ་ན་མ་གཏོགས་གནོད་ལས་ཀྱི། །བྱ་བ་གང་གིས་ནམ་ཡང་གོས་ 4-1-123 མེད་ཤོག །གཞན་ལ་ཕན་པ་གང་བྱས་ཐམས་ཅད་ཀྱང༌། །རང་གི་དོན་ལའང་ཅུང་ཟད་མི་ ལྟོས་ཤིང༌། །ནོར་བུ་བུམ་བཟང་དཔག་བསམ་ཤིང་ལྟ་བུར། །སེམས་ཅན་གང་འདོད་འབད་ མེད་འབྱུང་བར་ཤོག །དེ་དག་གང་སྤྲོ་སྦྱར། ལྟ་བ་ཡང་དག་རྒྱུད་ལ་སྐྱེ་བའི་ཐབས། མདོ་རྒྱུད་ མན་ངག་རྒྱ་ཆེར་ཆོས་ཀྱི་སྒོ། །བརྒྱད་ཁྲི་བཞི་སྟོང་གསུངས་ཀྱང་མདོར་བསྡུས་ན། །ཀུན་གྱི་ རྩ་བ་རང་སེམས་འདུལ་ཐབས་དང༌། །ཁྲིད་རིམ་མན་ངག་ཟབ་ཟབ་མང་ན་ཡང༌། །ཀུན་རྫོབ་ ཆོས་ཀུན་བདེན་མེད་སྟོང་པའི་དབྱིངས། །སྟོང་ཉིད་དོན་དམ་རྣམ་པ་ཐམས་ཅད་པ། །བདེ་ གསལ་མི་རྟོག་མཁའ་ལྟར་རབ་ཡངས་ནས། །འགྱུར་མེད་བདེ་ཆེན་སྟོང་གཟུགས་འབྱམས་ ཀླས་གྱུར། །ཅེས་པའམ། དུག་གསུམ་ལ་སོགས་རྟོག་ཚོགས་འདི་སྣང་ཀུན། །ཆུ་ལ་རི་མོ་ བྲིས་པ་ཇི་བཞིན་ལྟར། །རང་བཞིན་སྤྲོས་བྲལ་རྟོག་མེད་བདེ་ཆེན་རྒྱས། །རིག་སྟོང་འགག་ མེད་ཡེ་ཤེས་རྗེན་ནེ་བ། །རེ་དོགས་ཀུན་ཞི་སྟོང་གཟུགས་རབ་འབྱམས་ཤར། །མཐོང་བྱ་ མཐོང་བྱེད་གཟུང་འཛིན་ཀུན་ལས་གྲོལ། །མི་རྟོགས་ཆོས་དབྱིངས་ཀུན་ཁྱབ་རང་གཤིས་ མཆོག །དུས་གསུམ་རྒྱལ་ཀུན་ཆོས་སྐུ་གཅིག་མངོན་ཤོག །ཅེས་པའམ། སྤྲོས་ཀུན་ཞི་བའི་ དབྱིངས་སུ་བདེ་ཆེན་འབར། །རིག་སྟོང་འགག་མེད་ཀུན་ཁྱབ་ཆེན་པོའི་ཀློང༌། །རབ་འབྱམས་ སྐུ་དང་ཞིང་ཀུན་མདངས་འབར་ཞིང༌། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་སྒྲོལ་མགོན་དང༌། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་ཐམས་ཅད། །ཡི་དམ་རྒྱུད་སྡེ་སངས་རྒྱས་བྱང་སེམས་ བཅས། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །མ་བཅོས་སོ་མ་རང་ཤར་ལྷན་ ནེར་མངོན། །དེ་དག་གང་སྤྲོ་སྦྱར་བར་བྱའོ། །དེ་ནས་ཟུར་འདེབས་ལེགས་བསྒྲིགས་ཀྱི་ མཆོད་བསྟོད་རྣམས་འདོན་པའི་མཐར་རྣམ་ཐར་བསྟོད་པ་ནི། རྒྱལ་བའི་མདུན་ན་ལི་ཙཱ་ མཐོང་ན་དགའ། །ཤམྦྷ་ལ་རུ་རིགས་ལྡན་པདྨ་དཀར། །དཔལ་གྱི་རི་ལ་འཕགས་པ་ཀླུ་སྒྲུབ་ མཚན། །སྤོས་ངད་ལྡན་དུ་ཆོས་འཕགས་སྤྲུལ་ལ་བསྟོད། ༡ །གངས་ལྗོངས་ཆོས་རྒྱལ་སྲོང་ 4-1-124 བཙན་སྒམ་པོའི་ཞབས། །རྔ་ཡབ་གླིང་དུ་པདྨ་འབྱུང་གནས་སྤྲུལ། །འབྲི་གུང་གནས་སུ་ དཔལ་ལྡན་འཇིག་རྟེན་མགོན། །ཇོ་ནང་དཔལ་དུ་ཀུན་མཁྱེན་རྗེ་ལ་བསྟོད། ༢ །བོད་ལྗོངས་ འཛིན་མར་ཀ་ཡོ་རིའི་གྲོང་དབུས། །ཆུ་ཕོ་འབྲུག་ལ་བལྟམས་པ་ནས་བཟུང་སྟེ། །ལྕགས་མོ་ གླང་ལ་ཞི་བར་གཤེགས་ཀྱི་བར། །ངོ་མཚར་རྟོགས་བརྗོད་མདོར་བསྡུས་འཆད་བཞིན་ བསྟོད། ༣ །འོད་གསལ་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །བདེ་མཆོག་སྤྲུལ་པ་ཡེ་ཤེས་ དབང་ཕྱུག་ཡབ། །ཕག་མོའི་རྣམ་འཕྲུལ་ཚུལ་ཁྲིམས་རྒྱན་ཞེས་ཡུམ། །དེ་གཉིས་སྲས་སུ་སྐྱེ་ བ་བཞེས་ཚུལ་བསྟོད། ༤ །ཡུམ་ཉིད་དགུན་ཟླ་འབྲིང་པོའི་བཅོ་ལྔའི་དུས། །རྒྱལ་ཕུར་ འཛོམས་ཉིན་གསོ་སྦྱོང་བྱ་བའི་ཆེད། །ཁང་བཟང་ཡང་ཐོག་སྤོས་ཆུས་ཁྲུས་བྱས་ཚེ། །མཁའ་ དབྱིངས་འཇའ་གུར་འཁྱིལ་ནང་པད་དཀར་དབུས། ༥ །ཧྲཱིཿཡིག་དཀར་གསལ་བྱོན་ཞིང་སྤྱི་ བོར་ཐིམ། །དེ་མཚུངས་འཇའ་འོད་འཁྲིགས་ཤིང་མེ་ཏོག་ཆར། །འབབ་བཞིན་རོལ་མོ་སྣ་ ཚོགས་ཆོས་ཉིད་སྒྲ། །ཨེ་ཝཾ་ཐིག་དྲུག་ཨ་ཧཾ་ཚོགས་ལ་བསྟོད། ༦ །ལྷུམས་བཞུགས་ཤེལ་ཁང་ མར་མེ་བཅུག་པ་ལྟར། །ཕྱི་ནས་མཐོང་ཞིང་རང་ལུས་གཞལ་ཡས་ཁང༌། །སྤྱན་གཟིགས་མར་ མེ་ཆེས་འོད་གསལ་བ་ལས། །འོད་ཟེར་ཕྱོགས་ཀུན་འཕྲོ་བཞིན་བཞུགས་ལ་བསྟོད། ༧ །ཡུམ་གྱི་རྨི་ལམ་བྱང་ཆུབ་མཆོད་རྟེན་བཞེངས། །འོད་ཀྱིས་འཛམ་གླིང་ཁྱབ་ཅིང་དྲིལ་ཕྲེང་ ལས། །ཆོས་སྒྲས་འགྲོ་མང་ཐར་བའི་ལམ་དུ་བཀོད། །ཁྱིམ་ནས་གཏེར་རྡོལ་འགྲོ་ཀུན་ཚིམས་ ལ་བསྟོད། ༨ །བལྟམས་སྐབས་ཡིག་དྲུག་དབྱངས་ཀྱིས་སྲིད་གསུམ་གང༌། །ཀླུ་རྒྱལ་མི་ མགོན་བདུད་རྩིས་སྐུ་ཁྲུས་གསོལ། །མཁའ་འགྲོས་གླུ་ལེན་དཔའ་བོས་བསྐོར་བཞིན་མཆོད། །ལྷ་ཡིས་ན་བཟའ་ཕུལ་ལ་གུས་པས་བསྟོད། ༩ །ས་ཆེན་དྲུག་གཡོས་མེ་ཏོག་ཆར་བ་བབས། །འཇའ་འོད་རོལ་ཆས་སྒྲ་ཡང་རྒྱུན་མ་ཆད། །ནོར་བུ་སྙིང་པོ་ཞེས་པའི་མཚན་སྒྲ་བྱུང༌། །གཞོན་ ནུའི་སྐུ་ལས་དྲི་ངད་ལྡང་ལ་བསྟོད། ༡༠ །ན་ཚོད་ལེགས་རྫོགས་དགུང་གྲངས་གསུམ་པའི་ 4-1-125 སྟེང༌། །སྐྱི་སྟེངས་བླ་མ་ཆེན་པོས་མཚན་གསོལ་བ། །ཤེས་རབ་མགོན་པོ་ཞེས་པའི་གཞོན་ནུ་ ཡང༌། །རྒྱལ་སྲས་སེམས་དཔའི་མཚན་རྟགས་ལྡན་ལ་བསྟོད། ༡༡ །དེ་ནས་ཡིག་རིགས་ཀློག་ བྲིས་ལྷ་རིས་དང༌། །གོ་ལའི་འཁོར་ཚུལ་ས་དཀྱིལ་རི་གླིང་ཚད། །རྩིས་བཟོ་གསོ་རིག་སྙན་ ངག་སྡེབ་སྦྱོར་དང༌། །སྒྱུ་རྩལ་ཆེས་མང་བསླབ་ལ་གུས་པས་བསྟོད། ༡༢ །དགུང་ལོ་བཅུ་ གཅིག་སོན་སྐབས་དགེ་འདུན་གྲངས། །ལེགས་ཚང་མདུན་ནས་རབ་བྱུང་གཙུག་ཕུད་བྲེག །དབུ་སྐྲ་གཏོར་ཕྱོགས་འཇའ་འོད་དྲ་བས་ཁྱབ། །དགེ་བསྙེན་སྡོམ་མིང་ཤེས་རབ་འབུམ་ལ་ བསྟོད། ༡༣ །དེ་ནས་དགེ་ཚུལ་སྡོམ་པ་ལེགས་ཐོབ་སྐབས། །ཤེས་རབ་རྒྱལ་མཚན་དཔལ་ བཟང་ཞེས་མཚན་གསོལ། །འདུལ་གཞུང་སྣ་ཚོགས་ཁྲིད་ལུང་རྒྱས་པར་གསན། །དོན་ཀུན་ ཐུགས་སུ་ཆུད་པ་ཉིད་ལ་བསྟོད། ༡༤ །སྐྱི་སྟོན་འཇམ་པའི་དབྱངས་ཀྱི་མདུན་དྲུང་ནས། །མདོ་ ཕྱོགས་ཕར་ཚད་མངོན་པ་གསུམ་གྱི་སྟེང༌། །ཀུན་བཏུས་བསྣན་ཏེ་གཞུང་བཞི་སློབ་གཉེར་ མཛད། །དུས་གཅིག་ཁོང་དུ་ཆུད་ལ་གུས་པས་བསྟོད། ༡༥ །སྤྱོད་འཇུག་སྔགས་ཕྱོགས་སངས་ རྒྱས་ཐོད་པ་དང༌། །རྡོར་ཕྲེང་རྒྱུད་སྡེ་སྤྱི་ཡི་རྣམ་བཞག་སོགས། །བརྟག་གཉིས་རྒྱུད་འགྲེལ་ ཚད་མ་རིགས་གཏེར་སོགས། །གསན་བཞིན་དོན་ཀུན་ཐུགས་སུ་ཆུད་ལ་བསྟོད། ༡༦ །དུང་ དཀར་འཁར་རྔ་ཆོས་གོས་རྨ་བྱའི་གདུགས། །མཎྜལ་ཕུལ་ཏེ་ཕར་ཚད་མངོན་འདུལ་རྣམས། །ས་སྐྱའི་ཆོས་ཁྲིའི་སྟེང་དུ་ལེགས་བཞུགས་ཏེ། །དུས་གཅིག་བརྗོད་བྱེད་དུ་མས་གསུངས་ལ་ བསྟོད། ༡༧ །དེ་ཚེ་མཁའ་ལ་སྒྲ་འོད་མེ་ཏོག་ཆར། །དྲི་ངད་ལྡང་ཞིང་ལེགས་མཚན་ཅིར་ཡང་ ངོམས། །དེར་གནས་ཐམས་ཅད་ཆོས་དང་བླ་མ་ལ། །མི་ཕྱེད་དད་པ་བརྟན་པོས་བསྟེན་ལ་ བསྟོད། ༡༨ །དགུང་གྲངས་ཉེར་གཉིས་ཞ་ལུར་ལེགས་བྱོན་ནས། །མཁན་ཆེན་བསོད་ནམས་ གྲགས་པས་དབུ་མཛད་ཅིང༌། །ཇོ་གདན་འཚོགས་པའི་དྲུང་དུ་བསྙེན་རྫོགས་མཛད། །འདུལ་ བ་མདོ་རྩ་འགྲེལ་གཞུང་གསན་ལ་བསྟོད། ༡༩ །གྲྭ་སྐོར་བྱོན་ཏེ་གླིང་སྟོན་ཤཱཀྱ་དང༌། །གུང་ 4-1-126 ཐང་དོན་གྲུབ་རྒྱ་སྟོན་བསོད་རིན་དང༌། །གནས་རྙིང་དཀའ་བཞི་ཞ་ལུ་བྱང་སྟོན་སོགས། །མཁས་པ་དུ་མ་ཟིལ་གྱིས་མནན་ལ་བསྟོད། ༢༠ །རྒྱ་མ་འཕན་ཡུལ་བསམ་ཡས་གསང་ཕུ་ དང༌། །འབྲི་གུང་དགའ་ལྡན་ཆོས་ལུང་བདེ་ཅན་སོགས། །དབུས་གཙང་དགོན་སྡེར་གྲྭ་སྐོར་ ལེགས་མཛད་པས། །ཟླ་བྲལ་ཀུན་མཁྱེན་མཚན་སྙན་ལྡིར་ལ་བསྟོད། ༢༡ །དེ་སྐོར་ཁོང་གིས་ བཀའ་དང་བསྟན་བཅོས་རིགས། །གངས་རིའི་ལྗོངས་སུ་འགྱུར་རོ་ཅོག་ཀུན་ཀྱང༌། །རྫོགས་ པར་ནན་ཏན་བཅས་ཀྱིས་ཚར་གཅིག་གཟིགས། །དེ་གའི་དོན་ཀུན་ཐུགས་སུ་ཆུད་ལ་བསྟོད། ༢༢ །རྒྱ་ཆེན་ཤེས་བྱའི་གནས་རྣམས་མ་ལུས་པ། །གཞོན་ནུའི་དུས་ནས་འབད་མེད་ཐུགས་ ཆུད་ནས། །འཆད་རྩོད་རྩོམ་པས་རྫོགས་ལྡན་རྒྱལ་བསྟན་སྤེལ། །འཛམ་གླིང་མཁས་པར་ གྲགས་ལ་གུས་པས་བསྟོད། ༢༣ །ཇོ་ནང་བྱོན་ཏེ་ཡོན་ཏན་རྒྱ་མཚོའི་དྲུང༌། །དུང་དཀར་བེར་ གཉིས་ཆོས་གོས་གསེར་སྐུ་དང༌། །གསེར་སོགས་ཕུལ་བས་དུས་འཁོར་དབང་བསྐུར་ཞུས། །འཇའ་གུར་མེ་ཏོག་ཆར་བ་འབེབས་ལ་བསྟོད། ༡༤ །རྡོ་རྗེའི་རྣལ་འབྱོར་སོར་བསམ་སྲོག་ འཛིན་སོགས། །པཎ་ཆེན་ཨབྷ་ཡ་དང་ཤ་བཱ་རི། །རྒ་ལོ་བསོད་སྙོམས་ལུགས་མང་སྦྱོར་དྲུག་ སོགས། །རྒྱ་གཞུང་སྦྱོར་དྲུག་ཉམས་རྟོགས་རྫོགས་ལ་བསྟོད། ༢༥ །དཀྱིལ་འཁོར་ཞལ་ཕྱེས་ སྒྲུབ་ཅིང་མཆོད་པའི་ཚེ། །དགྱེས་རྡོར་དུས་འཁོར་བདེ་མཆོག་གསང་འདུས་སོགས། །ཁྱད་ པར་རྟ་སྐད་གསུམ་གྱིས་ཁམས་གསུམ་མནན། །མཁའ་ཁྱབ་ཡི་དམ་གཟིགས་ལ་གུས་པས་ བསྟོད། ༢༦ །དགུང་ལོ་སོ་གསུམ་མེ་སྟག་ལོ་དེ་ལ། །ཇོ་ནང་བླ་བྲང་གདན་དྲངས་ཀུན་སྤངས་ ནས། །བླ་རབས་གསུམ་གྱི་ལྷ་རྟེན་མཆོད་ཆ་དང༌། །ཕྱག་དཔེ་རྡོར་དྲིལ་རུས་རྒྱན་ཀ་པཱ་ལ། ༢༧ །དར་གདུགས་ཆོས་གཞིས་ཆས་ཀུན་ལེགས་ཕུལ་ནས། །རྒྱལ་ཚབ་དམ་པར་མངའ་ གསོལ་སྐལ་ལྡན་རྣམས། །སྨིན་གྲོལ་ཟབ་མོའི་ལམ་ལ་ལེགས་འགོད་བཞིན། །ངེས་དོན་ རྒྱལ་བསྟན་སྐྱོང་ལ་གུས་པས་བསྟོད། ༡༨ །འདུས་པ་མང་ལ་ངེས་དོན་མདོ་བཅུ་དང༌། 4-1-127 །བྱམས་ཆོས་ཀླུ་སྒྲུབ་གཏམ་རིགས་བསྟོད་ཚོགས་སོགས། །རྩ་རྒྱུད་འགྲེལ་བཅས་སེམས་ འགྲེལ་དགོངས་དོན་ཀུན། །གཞི་འབྲས་དབྱེར་མེད་ཉག་གཅིག་གསུངས་ལ་བསྟོད། ༢༩ །ཉིན་མོར་སྤྱན་རས་གཟིགས་སྤྲུལ་འདོད་ལྷ་དང༌། །མི་མཆོག་འགའ་ལ་ངེས་དོན་ཟབ་ཆོས་ འཆད། །སྐྱེ་བོ་ཕལ་ལ་རང་འཚམ་དམ་ཆོས་སྟོན། །མཚན་མོར་ཀླུ་སྒྲུབ་སྤྲུལ་ཏེ་ཀླུ་རྣམས་ དང༌། ༣༠ །ནམ་གུང་ཕྱག་སྤྱན་སྟོང་གིས་མི་མ་ཡིན། །ཐོ་རངས་ཤཱཀྱ་ཐུབ་པས་བར་དོ་བར། །ཁམས་དབང་དང་མཐུན་ཟབ་ཆོས་ཆད་མེད་འཆད། །གང་འདུལ་ཆོ་འཕྲུལ་འགྱེད་ལ་གུས་ པས་བསྟོད། ༣༡ །རྡོར་འཆང་དཔའ་བོ་མཁའ་འགྲོས་ལུང་བསྟན་དང༌། །སྔོན་དུས་སྨོན་ལམ་ སྣ་ཚོགས་མཐུ་བཙན་པས། །མཐོང་གྲོལ་འཛམ་གླིང་རྒྱན་གཅིག་བཞེངས་བཞེད་སྐབས། །འགྲུབ་ཚུལ་ཚིགས་བཅད་རང་སྒྲ་གྲགས་ལ་བསྟོད། ༣༢ །ས་ཆོག་མཛད་ཚེ་ཁོང་ཉིད་དུས་ འཁོར་གྱུར། །འཇའ་གུར་དབུས་སུ་ཨོ་རྒྱན་པདྨ་ལ། །གྲུབ་ཆེན་དུ་མས་བསྐོར་ཞིང་སངས་ རྒྱས་སྲས། །དཔའ་བོ་མཁའ་འགྲོས་མེ་ཏོག་འབེབས་ལ་བསྟོད། ༣༣ །ས་ལྷས་གསེར་བུམ་ ཐོགས་བཞིན་ས་གཏེར་དང༌། །ཀླུ་རྒྱལ་མེ་ཏོག་གསེར་འཁོར་དང་བཅས་ཆུ། །ཀྵེ་ཊས་ལྷུང་ བཟེད་བ་དན་ཐོགས་ཏེ་རྡོ། །ལྷ་མོ་འོད་འཆང་ཤིང་གཏེར་སོགས་ཕུལ་བསྟོད། ༣༤ །ནགས་ སྨན་གསེར་དྲིལ་དུང་དཀར་མཆོད་རྫས་འབུལ། །ལྷ་བྲན་མང་པོས་མེ་ཏོག་ཆར་ཆེན་ཕབ། །གླིང་མཚོར་གནས་པའི་ཀླུ་རྒྱལ་ནོར་རྒྱས་ཀྱིས། །གསེར་ཕྱེ་ཕུལ་ལ་ལྷ་མིའི་བླ་མར་བསྟོད། ༣༥ །མཆོད་རྟེན་བཞེངས་སྐབས་ཉིན་མོར་ལྷ་མི་དང༌། །མཚན་དུ་ཀླུ་དང་གནོད་སྦྱིན་མི་མིན་ སོགས། །ལེགས་བརྩིགས་ལས་མི་ཕལ་ལ་སྒོམ་ཉམས་འཕེལ། །གང་འབྲེལ་བདེ་བ་ཅན་དུ་ སྐྱེ་བར་བསྟོད། ༣༦ །དགེ་བ་བསྟན་པ་ཆོས་དང་ཐར་བ་ཡི། །རྒྱལ་ཆེན་གྱིས་ཕུལ་སྲོག་ཤིང་ བཙུགས་སོ་ཞེས། །ཨཱ་ལའི་སྒྲ་བཞི་མཁའ་དབྱིངས་ཁྱབ་པར་ལྡིར། །ལྷ་མང་རབ་དགས་སྒྲ་ དབྱངས་སྒྲོགས་ལ་བསྟོད། ༣༧ །ལ་ལའི་སྣང་ངོར་བརྗོད་བྲལ་མཉམ་བཞག་མཛད། །འགའ་ 4-1-128 ཞིག་གནས་སུ་རྫོགས་ལྡན་ཆོས་འཁོར་བསྐོར། །རྩིག་ཤིང་ལྕགས་ཟངས་བླུག་པ་ལྷ་བཟོར་ སྤྲུལ། །རྫུ་འཕྲུལ་ཅིག་ཅར་བསྟན་ལ་གུས་པས་བསྟོད། ༣༨ །ཉིད་སྐུ་སྟོང་གཟུགས་སྒྱུ་མའི་ རྣམ་པར་བཞེངས། །བ་སྤུའི་རྩེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །འགྲོ་ཀུན་ལ་ཕོག་སླར་ བསྡུས་རྗེས་དྲན་རྟགས། །རྒྱུད་ལས་བསྟན་པ་ཇི་བཞིན་མངོན་ལ་བསྟོད། ༣༩ །ཤེས་བྱའི་ ཆོས་ཀུན་བདེན་པ་གཉིས་སུ་འདུ། །དེ་གཉིས་ལྟ་ཚུལ་མ་ནོར་བ་ཞིག་དགོས། །ཀུན་རྫོབ་ མེད་ལ་ཡོད་པར་འཛིན་པ་དང༌། །དོན་དམ་ཡོད་ལ་མེད་པར་འཛིན་པ་གཉིས། ༤༠ །རྟག་ ཆད་མཐའ་ཡིན་དོན་གྱི་གཤིས་ལུགས་ལ། །ཀུན་རྫོབ་ཅང་མེད་དོན་དམ་བདེན་ངེས་སུ། །རྟོགས་པ་མཐའ་བྲལ་དབུ་མའི་ལྟ་བ་ཡང༌། །སྐལ་ལྡན་དོན་དུ་སྟོན་ལ་གུས་པས་བསྟོད། ༤༡ །དེ་ཡང་གཞི་ཡི་གཤེགས་སྙིང་བཞུགས་པའི་ཚུལ། །གཞི་འབྲས་དབྱེར་མེད་རྣམ་པ་ཐམས་ ཅད་པ། །འགྲོ་ཀུན་ལ་ཡོད་རྣམ་ཤེས་ཡུལ་ལས་འདས། །རྫོགས་པའི་སངས་རྒྱས་དངོས་ བཞུགས་བསྒྲུབས་ལ་བསྟོད། ༤༢ །ཕལ་ཆེར་གཤེགས་སྙིང་རྔ་བོ་ཆེ་ཡི་མདོ། །སོར་ཕྲེང་ ངེས་དོན་མདོ་བཅུ་དགོངས་འགྲེལ་བཅས། །སྔགས་རྒྱུད་སེམས་འགྲེལ་ལ་སོགས་རྒྱ་གཞུང་ རྣམས། །ལུང་ཁུངས་ལ་བརྟེན་རིགས་པས་བསྒྲུབས་ལ་བསྟོད། ༤༣ །མདོ་རྒྱུད་བསྟན་ བཅོས་མན་ངག་དུ་མ་ལས། །རྒྱལ་དང་དེ་སྲས་རྣམས་ཀྱི་དགོངས་པ་བཞིན། །ཇི་ལྟ་ཇི་སྙེད་ གཟིགས་པའི་སྤྱན་ཡངས་པ། །ཐམས་ཅད་མཁྱེན་པ་ཉིད་ལ་གུས་པས་བསྟོད། ༤༤ །རྩོད་ དུས་མ་རུངས་སེམས་ཅན་དོན་ཕྱིར་དུ། །གངས་ཅན་ཁྲོད་འདིར་བསམ་བཞིན་སྐྱེ་བ་བཞེས། །གསུམ་ལྡན་མར་བཅད་ལྟ་ངན་གཡུལ་ལས་རྒྱལ། །རྫོགས་ལྡན་རྒྱལ་བསྟན་དར་ཆེན་ བསྒྲེངས་ལ་བསྟོད། ༤༥ །རྟེན་མཆོག་ལེགས་གྲུབ་རབ་གནས་ཆོ་གའི་དུས། །ཉི་ཤར་མཁའ་ དབྱིངས་འཇའ་འོད་སྣ་ཚོགས་དབུས། །སངས་རྒྱས་བྱང་སེམས་ཡི་དམ་རབ་འབྱམས་དང༌། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་སྡེ། ༤༦ །ཁྲོ་ཆེན་འབར་བས་བགེགས་རྣམས་ 4-1-129 མཐར་སྤྲད་དེ། །མེ་ཏོག་ཆར་འབེབས་སྤོས་དྲིས་མཁའ་དབྱིངས་ཁྱབ། །བཀྲ་ཤིས་རྟགས་ བརྒྱད་མཆོད་རྫས་དཔག་མེད་བྱོན། །དེ་ཀུན་རྟེན་མཆོག་ལ་ཐིམ་གུས་པས་བསྟོད། ༤༧ །གཞན་ཡང་རྒྱལ་འགོང་དམ་སྲིས་ཁ་ཟུག་སྐབས། །བཀའ་ཤོག་བསྐུར་བ་ཙམ་གྱིས་བར་ ཆད་ཞི། །དབང་བསྐུར་དུས་སུ་དཀྱིལ་འཁོར་གཙོ་བོར་བཞེངས། །སྐུ་གསུང་ཐུགས་ཀྱིས་ བྱིན་རླབས་འབེབས་ལ་བསྟོད། ༤༨ །འབད་མེད་ངང་ནས་ཅིག་ཅར་སྤྲུལ་གར་འགྱེད། །འགྲོ་ ཀུན་བསོད་ནམས་དཔལ་དུ་ཤར་ན་ཡང༌། །སྐལ་མེད་གླིང་འཁྱམས་རྣམས་ལ་འཕྲིན་ལས་ དབེན། །བསྟན་འགྲོའི་མགོན་གཅིག་ཁྱེད་ལ་གུས་པས་བསྟོད། ༤༩ །རྒྱ་དང་ཧོར་སོག་རྒྱལ་ ཁབ་མང་པོས་ཀྱང༌། །གདན་འདྲེན་ཡང་ཡང་ཞུས་ཀྱང་སྐུ་དངོས་ཡང༌། །མ་བྱོན་ན་ཡང་སྤྲུལ་ པ་སྣ་ཚོགས་ཀྱིས། །ཐབས་མཁས་རོལ་བས་མཛད་བཟང་བསྟན་ལ་བསྟོད། ༥༠ །དགུང་ལོ་ བདུན་ཅུ་ལྕགས་མོ་གླང་གི་དུས། །ཉིད་སྐུ་སྔར་བས་གཟི་མདངས་རབ་རྒྱས་ཏེ། །ད་ལོ་བདག་ ནི་བདེ་ཆེན་ཞིང་དུ་འགྲོ། །གསུངས་ཚེ་ས་གཡོ་འཇའ་འོད་འཁྲིགས་ལ་བསྟོད། ༥༡ །སངས་ རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས། །བསུ་བའི་ཚུལ་བྱོན་ཐུགས་སློབ་རྣམས་ལ་ ཡང༌། །ལུང་བསྟན་རེ་རེ་གནང་ཞིང་སྤྱན་ཟུང་གིས། །ལྟ་སྟངས་མཉམ་བཞག་བདེ་ཆེན་ བཞུགས་ལ་བསྟོད། ༥༢ །ཞལ་ནས་འོད་འགྱེད་གཡོ་མེད་ཞིང་གཞན་གཤེགས། །ཡོལ་བས་ བསྐོར་ཞིང་དྲི་ངད་སྣ་ཚོགས་ལྡང༌། །ལྷ་དང་ལྷ་མོས་མཆོད་རྫས་མེ་ཏོག་འཐོར། །རོལ་ཆ་ དཀྲོལ་ཞིང་མཆོད་བསྟོད་ངོམ་ལ་བསྟོད། ༥༣ །ས་ཆེན་རབ་གཡོ་བྱང་སེམས་ཤངས་རྩེར་ ལུད། །ཡར་ཆབ་གཙང་པོ་ཆད་ཅིང་འགྲོ་འོངས་བྱུང༌། །དམར་ཆ་ནོར་བུར་བྱོན་ཚེ་ནུབ་རི་ལ། །ཉེ་བའི་ཉི་མ་ཤར་ཕྱོགས་བཟློག་ལ་བསྟོད། ༥༤ །ཚེས་བརྒྱད་ཉིན་པར་སྐུ་གདུང་སྤྱན་དྲངས་ ཚེ། །དྲི་བཟང་སྣ་ཚོགས་རབ་འཐུལ་མི་མང་ལ། །མཇལ་ཁ་གནང་ཞིང་མཁའ་དབྱིངས་རབ་ དྭངས་ངོར། །འཇའ་ཚོན་སྣ་ལྔར་མཆོད་རྫས་མངོན་ལ་བསྟོད། ༥༥ །གདུང་ལས་འོད་ཟེར་སྣ་ 4-1-130 ཚོགས་ཕྱོགས་བཅུར་ཁྱབ། །འོད་དཀར་ཤེལ་ཀ་བསྒྲིག་ལྟར་བར་བར་དུ། །དམར་འོད་སྐུད་ པར་དྲིལ་ཕྲེང་བགྱིས་པ་ལྟར། །ཡེ་ཤེས་མེ་འོད་རང་འབར་མཛད་ལ་བསྟོད། ༥༦ །ཆོས་སྐུ་སྐྱེ་ མེད་མི་རྟག་ཟློས་གར་མཚོན། །འདིར་དགོངས་རྫོགས་ཀྱང་གཙང་བདེ་རྟག་བདག་གི། །རང་ བཞིན་དམ་པའི་ཆོས་ཉིད་མངོན་ཚུལ་གྱི། །ཤོ་ལོ་ཀ་གསུམ་རང་སྒྲ་གྲགས་ལ་བསྟོད། ༥༧ །མཁའ་ལ་འཇའ་ཚོན་དྲ་བ་དྲྭ་ཕྱེད་དོད། །བར་བར་མེ་ཏོག་སྣ་ཚོགས་རི་མོའི་དབུས། །ཡི་ དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་བྱོན། །སྣ་ཚོགས་མེ་ཏོག་ཆར་བ་འབེབས་ལ་བསྟོད། ༥༨ །གདུང་མེ་མཆེད་སྒྲས་ཆོས་སྒྲ་སྣ་ཚོགས་དང༌། །དུ་བ་སྔོ་ལྗང་དར་ཡུག་བརྐྱངས་འདྲའི་ རྩེར། །འཇའ་གུར་ཀློང་དུ་ཆོས་རྗེ་དངོས་བཞུགས་པས། །སློབ་ཚོགས་རང་སྣང་དང་མཐུན་ སྤྲུལ་ལ་བསྟོད། ༥༩ །ཨ་གར་ཙན་དན་ག་བུར་ལ་སོགས་དྲི། །སྣ་ཚོགས་མཁར་ཁྱབ་འཁར་ རྔ་གླིང་བུ་དང༌། །དུང་དཀར་ཟངས་དུང་རྔ་དྲིལ་རྫ་རྔ་དང༌། །ཌཱ་རུ་ལ་སོགས་སྒྲ་སྙན་གྲགས་ ལ་བསྟོད། ༦༠ །གདུང་ཁང་སྒོ་འབྱེད་ལ་ཆས་མཁའ་དབྱིངས་ལས། །སྒྲ་བོ་ཆེ་བྱུང་གདུང་ རུས་ཤེལ་དཀར་གཟུགས། །ལེགས་མཇལ་ཚེ་ན་སྒལ་ཚིགས་ཡོངས་རྫོགས་སྐུ། །དཔྲལ་ བར་རྟ་མགྲིན་ཡང་གསང་བྱོན་ལ་བསྟོད། ༦༡ །དཔུང་གཡས་མི་གཡོ་ལྟག་པའི་ནང་ངོས་སུ། །སངས་རྒྱས་ཐོད་པ་ཚངས་བུག་ཤཱཀ་ཐུབ་སྐུ། །སོར་ཚིགས་ཁ་སར་པ་ཎི་རྣ་ལྟག་གཡས། །སེང་ལྡེང་ནགས་སྒྲོལ་ལྷ་མོར་གྲུབ་ལ་བསྟོད། ༦༢ །གཡོན་དུ་འཇམ་དམར་སྙན་ཟུང་མགྲིན་ པའི་ཆར། །དུང་དཀར་གཡས་འཁྱིལ་མཁྲིག་མ་གཡས་གཡོན་དུ། །སྔོ་གསལ་རྡོ་རྗེ་རྩེ་ལྔ་རེ་ རེ་བྱོན། །རྗེ་ངར་ཡིག་དྲུག་རང་བྱོན་ཚོགས་ལ་བསྟོད། ༦༣ །འགྲམ་རུས་སྟོང་ཆེན་ཡིག་ལྔ་ རྩིབ་རུས་ལ། །བཀྲ་ཤིས་རྟགས་བརྒྱད་རུས་པའི་ཆ་ཤས་ལ། །ཧ་ཀྵ་བརྩེགས་འབུར་གསུང་ རྟེན་སྣ་ཚོགས་དང༌། །ཕྱག་མཚན་ལ་སོགས་ཐུགས་རྟེན་བྱོན་ལ་བསྟོད། ༦༤ །རིང་བསྲེལ་ ལེགས་སྤུངས་གདུང་ཐལ་གང་བགོས་སུ། །ཡི་གེ་ཨཱཿཧྲཱིཿཕྱག་མཚན་དུང་དཀར་དང༌། །རྗེ་ 4-1-131 བཙུན་ལྷ་མོརྣམ་སྲས་གུར་མགོན་སྐུ། །ཡ་མཚན་རང་བྱུང་མཐའ་མེད་བྱུང་ལ་བསྟོད། ༦༥ །དེ་ དག་རྣམས་ཀྱང་གླང་ཆེན་རུས་པ་ལ། །མཁས་པའི་བཟོ་བོས་ལག་རྩལ་འགྲན་པ་ལྟར། །འབུར་དུ་དོད་ཅིང་ཤིན་ཏུ་གསལ་བ་ནི། །གདུལ་བྱའི་དོན་དུ་སྟོན་ལ་གུས་པས་བསྟོད། ༦༦ །གདོད་ནས་སྤངས་རྟོགས་མཐར་ཕྱིན་ཡེ་ཤེས་དབྱིངས། །སྐུ་དང་ཞིང་ཁམས་ཡི་དམ་མཆོག་ གསུམ་བདག །འགྲོ་ཁམས་མ་ལུས་འདྲེན་པའི་དེད་དཔོན་མཆོག །སླར་ཡང་ཐུགས་རྗེས་ གཟིགས་ལ་གུས་པས་བསྟོད། ༦༧ །བདག་དང་བདག་ལ་ལྟོས་པའི་འགྲོ་བ་ཀུན། །ཆོས་སྲིད་ མཐོ་བའི་ཁང་བཟང་ཀ་ལཱ་པར། །ཀུན་མཁྱེན་བླ་མས་དབང་ལུང་མན་ངག་གི། །ཟབ་ཆོས་མ་ ལུས་ཇི་བཞིན་གནང་ལ་བསྟོད། ༦༨ །རྒྱུ་འབྲས་ཚོགས་གཉིས་རིན་ཆེན་ཤིང་རྟ་ཡིས། །རྣམ་ མང་འགྲོ་ཀུན་འཁོར་བའི་མཚོ་ཆེན་ལས། །རྣམ་གྲོལ་ཐར་བའི་ལམ་བཟང་ལ་བཀོད་ནས། །དོན་གཉིས་རྒྱ་མཚོའི་ཕ་རོལ་ཕྱིན་ལ་བསྟོད། ༦༩ །ཡེ་གཞི་ཆོས་དབྱིངས་ཀུན་ཁྱབ་ཕོ་བྲང་ ནས། །སྐུ་གསུང་ཐུགས་ཀྱི་མཛད་པ་ཅིག་ཅར་ལས། །ཐབས་མཁས་སྨོན་ལམ་རབ་འབྱམས་ སྣ་ཚོགས་སྒོ། །གདུལ་བྱའི་དོན་དུ་སྟོན་ལ་གུས་པས་བསྟོད། ༧༠ །ལྷན་ཐབས་བསྟོད་པ་ སོགས་སུ་འགྲོ། དེ་ནས་ལྷན་ཐབས་གསོལ་འདེབས་མཇུག་གིམིག་འཕྲུལ་བཞིན་དུ་ནང་ དབྱིངས་མྱུར་མངོན་ཤོག །ཅེས་པའི་གསོལ་འདེབས་ལན་བརྒྱ་རྩའི་མཚམས་སུ། ཡང་དག་ ཆོས་ཉིད་ཀུན་ནས་མཁྱེན་པས་སྤྱན། །ཤེས་རབ་ཟབ་མོས་རྒྱལ་དགོངས་མཐར་ཐུག་ གཟིགས། །བཀའ་བསྡུ་བཞི་པའི་རྒྱལ་མཚན་ལེགས་བསྒྲེངས་མཁན། །རྫོགས་ལྡན་ཆོས་ དཔལ་བཟང་པོར་གསོལ་བ་འདེབས། །ཞེས་དང༌། ཀུན་མཁྱེན་ཆོས་གྲགས་ལོ་ཙཱ་པཎྜི་ཏ། །ཕྱོགས་རྒྱལ་འབྲི་གུང་ཞང་སྟོན་ཉ་དབོན་པ། །ཐང་ཟུང་སྨན་ཆུ་རིན་ཚུལ་གྷ་རུང་བ། །ཕུན་ ཚོགས་བསོད་ནམས་རྣམས་ལ་གསོལ་བ་འདེབས། །ཞེས་གང་སྤྲོ་བརྗོད། ཚོགས་མཆོད་ སྐབས་མཁོ་བའི་རྡོར་གླུ་ནི། ཚོགས་རྫས་རོལ་བཞིན། ཨེ་མ་ཨ་ལ་ལ་ག་ན་ཙཀྲ་ཧོ། སྤྲོས་ 4-1-132 ཀུན་ཞི་བའི་ཆོས་དབྱིངས་ཀུན་ཁྱབ་ཀྱི་བདག་ཉིད། །འོད་གསལ་རིག་སྟོང་རྗེན་འཆར་ འགྱུར་མེད་ཀྱི་བདེ་ཆེན། །རབ་འབྱམས་དག་ཞིང་སྐུ་དང་གཟུགས་སྣང་གི་ལྟད་མོ། །ཐབས་ ཤེས་གཉིས་མེད་དགའ་སྟོན་ཚོགས་འཁོར་གྱི་དུས་སུ། ༡ །འདིར་འཚོགས་རྣལ་འབྱོར་ཕོ་ མོས་དག་སྣང་གི་གཟིགས་མོར། །གཟུང་འཛིན་ཀུན་བྲལ་བདེ་ཆེན་སྟོང་གཟུགས་ཀྱི་ དབྱིངས་ནས། །དོན་དམ་ཆོས་རྗེ་ཀུན་མཁྱེན་རྣམ་འཕྲུལ་དང་བཅས་པ། །བརྒྱུད་ལྡན་བླ་མ་ ཐམས་ཅད་སློབ་ཚོགས་ཀྱིས་བསྐོར་ནས། ༢ །ཡི་དམ་རྒྱུད་སྡེ་རབ་འབྱམས་དགའ་བདེ་ཡིས་ མྱོས་བཞིན། །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡི་འདུ་ཚོགས། །བསྟན་སྲུང་ ཆོས་སྐྱོང་དམ་ཅན་ཡང་འཁོར་གྱི་རྣམ་རོལ། །འོད་གསལ་གཟུགས་སྣང་རྣམ་ཀུན་པྲ་ཕབ་ དང་མཚུངས་པ། ༣ །ཨ་ཧོ་ག་ན་ཙཀྲའི་དགའ་ཆེན་གྱི་སྟོན་མོ། །གཙང་རྨེའི་སྤྲོས་ཚོགས་ཡེ་ དག་ཀུན་ཁྱབ་ཀྱི་རང་རིག །བདེ་ཆེན་སྟོང་གཟུགས་སྣང་བརྙན་འབད་མེད་དུ་ངོམ་བཞིན། །རང་སྣང་མཆོད་སྤྲིན་འཛད་མེད་བྱུང་རྒྱལ་དུ་སྤྲོས་ཏེ། ༤ །དམིགས་མེད་དོན་དམ་བསོད་ ནམས་ཚོགས་རྫས་ལ་རོལ་བཞིན། །དག་སྣང་མཐའ་མེད་འཕེལ་བའི་མཛད་ཆེན་ལ་བསྟེན་ ཏེ། །དཔའ་བོ་དཔའ་མོའི་བརྟུལ་ཞུགས་ཟླ་བྲལ་དུ་གྱུར་འདི། །ཐབས་ཤེས་ཟུང་འཇུག་ཞེན་ བྲལ་ཡེ་བཞུགས་འདི་ངོམས་ཤིང༌། ༥ །འབད་རྩོལ་ཀུན་བྲལ་བསམ་མེད་རང་གསལ་གྱི་ རྣལ་འབྱོར། །མཚན་འཛིན་སྤྲོས་པ་མ་ལུས་རང་དྭངས་ཀྱི་ངང་ནས། །འོད་གསལ་རྒྱ་ཡན་ གཟུགས་སྣང་འཆར་ནུབ་དང་བྲལ་ཞིང༌། །གཟུང་འཛིན་དྲི་མའི་མ་སྦག་གཤེགས་སྙིང་གི་ ཡིན་ལུགས། ༦ །ཐ་སྙད་དགག་སྒྲུབ་ཀུན་བྲལ་སྒྲ་རྟོག་གིས་དབེན་ནས། །དོན་དམ་གནས་ ལུགས་ཡེ་ཤེས་མཉམ་བཞག་གི་སྤྱོད་ཡུལ། །བླ་མ་དམ་པའི་མན་ངག་ཁོ་ན་ལ་བརྟེན་ཏེ། །ཇི་ བཞིན་ཉམས་ལེན་བྱེད་འདི་གསང་ཆེན་གྱི་གལ་གནད། ༧ །ཚུལ་འདི་ཀུན་མཁྱེན་བླ་མའི་ རང་ལུགས་ཀྱི་གདམས་ངག །མ་ཆད་བྱིན་རླབས་དོན་བརྒྱུད་ད་བར་དུ་བཞུགས་པས། །རང་ 4-1-133 རང་ཁམས་དབང་དང་འཚམ་མན་ངག་འདི་སྟེར་ནས། །ཚེ་གཅིག་སངས་རྒྱས་ཐོབ་པའི་ཁྱད་ ཆོས་འདི་ཧོ། ༨ །ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཡི་ལྟ་བ། །རྟག་ཆད་མཐའ་བྲལ་ དོན་དམ་ཡེ་བཞུགས་ཀྱི་གཤེགས་སྙིང༌། །དམ་པ་དང་པོའི་སྔགས་རྒྱུད་འབུམ་ཕྲག་ལས་གང་ བསྟན། །དུས་ཀྱི་འཁོར་ལོའི་གསང་ཆེན་རྒྱུད་སྡེ་ལས་བསྟན་ཚོད། ༩ །བྱང་ཆུབ་སེམས་ དཔའི་སེམས་འགྲེལ་སྐོར་གསུམ་གྱིས་བཀྲལ་ཏེ། །ཡེ་གཞི་སྔགས་ཀྱི་གཞན་སྟོང་དབུ་མ་ ཡིགནད་དང༌། །ངེས་དོན་མདོ་བཅུ་བྱམས་ཆོས་བསྟོད་ཚོགས་ཀྱི་དགོངས་པ། །གཅིག་ཏུ་ བཀྲོལ་མཛད་བསིལ་ལྗོངས་འཛིན་མ་ཡི་ཐིག་ལེར། ༡༠ །རྒྱལ་བསྟན་གངས་རིར་ངེས་དོན་ འཇིགས་བྲལ་གྱིས་སྒྲ་བསྒྲགས། །ཟླ་བྲལ་ལྟ་བ་མཚོན་ཕྱིར་སྤྱན་འབྲས་ཀྱིས་མཁར་ གཟིགས། །སློབ་ཚོགས་གདམས་པས་སྐྱོང་ཕྱིར་གཡུ་རལ་གྱི་མཐའ་རྒྱས། །ངེས་དོན་སྲོལ་ འབྱེད་གཅིག་གྱུར་ཟུར་ཕུད་ལྔས་བརྒྱན་ཏེ། ༡༡ །ཀུན་མཁྱེན་སེང་དཀར་འགྱིང་འདྲའི་ མཚན་སྙན་གྱི་གྲགས་པ། །འགྲོ་ཀུན་རྣ་བར་ལྷུང་བས་ངན་འགྲོ་ཡི་སྡུག་འཕྲོག །ཐར་བའི་ འཇུག་ངོགས་སྟེར་བའི་འགྲོ་འདྲེན་གྱི་བླ་མ། །ཟླ་བྲལ་ཐེག་མཆོག་རི་ཆོས་ངེས་དོན་གྱི་རྒྱ་ མཚོ། ༡༢ །འདི་ཕྱིའི་ཕན་བདེ་སྟེར་བའི་འཛམ་གླིང་གི་ནོར་བུ། །ད་དུང་རྣམ་འཕྲུལ་བཀོད་ བཟང་རབ་འབྱམས་ཀྱི་རོལ་གར། །རང་ཅག་འགྲོ་བའི་འདྲེན་བྱེད་བགོ་སྐལ་དུ་ཐོབ་པ། །ངེས་དོན་སླར་གསལ་གཅིག་གྱུར་བློ་གྲོས་ཀྱི་གྲགས་པ། ༡༣ །ཁོང་ཉིད་མྱུར་མ་དཔའ་མོ་ བདེ་ཆེན་གྱི་དབང་ཕྱུག །རྣམ་འཕྲུལ་དཀྱིལ་འཁོར་བཀོད་པ་རབ་འབྱམས་ཀྱི་ལྟད་མོ། །དགའ་ཆེན་ཚོགས་ཀྱི་འཁོར་ལོའི་དགྱེས་སྐོང་གི་རོལ་བས། །བསྒྲུབ་ལ་རྣམ་གཉིས་དངོས་ གྲུབ་ཆར་བཞིན་དུ་སྙིལ་མཛོད། ༡༤ །མཐུ་དང་བྱིན་རླབས་ཆེར་འབར་འདིར་བཞུགས་ཀྱི་ཕོ་ མོ། །མི་འགྱུར་བདེ་བས་རབ་མྱོས་རང་བྱུང་གི་རྡོར་གླུ། །རྩོལ་བྲལ་བཅོས་མེད་འགྱུར་ཁུག་ རྒྱུད་མངས་ཀྱི་རོལ་མོ། །ཨ་ཧོ་ཉམས་དང་རྟོགས་པའི་ཆ་རྐྱེན་དུ་གྱུར་མཛོད། ༡༥ །ཡང་ 4-1-134 གསང་བདེ་སྟོང་ཟབ་གསལ་རང་སྣང་ལས་ཤར་བའི། །ཐབས་ཤེས་དཔའ་བོའི་ཚོགས་ འཁོར་མཆོད་མགྲོན་གྱི་དུས་འདིར། །ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བྱིན་ཆེན་གྱི་མཐུ་ ལས། །ཨེ་མ་ཡ་མཚན་ཆེ་བའི་རྟེན་འབྲེལ་ཞིག་ཞུའོ། ༡༦ །ཞེས་དགའ་སྟོན་ཚོགས་ཀྱི་གླུ་ བླང་ངོ༌། དེ་ནས་ལྷག་མ་ནི། ༀ་ཨཱཿཧཱུཾ་ལྷག་མའི་དམ་རྫས༴ སོགས་སུ་འགྲོའོ། ལྷན་ཐབས་ སྐབས་མཁོ་བའི་དཀྱིལ་འཁོར་ལྷོའི་རྟེན་བྱང་བསྐྱེད་པ་ནི། དམིགས་རྟེན་མིང་བྱང་སྟོང་པར་ སྦྱང༌། །སྦྱོང་སྟེགས་པད་ཟླར་ནྲྀཿ ཡིག་ལས། །ཚེ་འདས་གསོན་པོའི་གཟུགས་ཇི་བཞིན། །སྐད་ཅིག་གསལ་ཏེ་གུས་འདུད་གྱུར། །ཞེས་པའི་མཐར་འགུགས་པ་ནི། ན་མོ། རླབས་ཆེན་ ཆོས་རྗེ༴སོགས་སུ་འགྲོ། འགུགས་པའི་མཇུག་གིདབྱེར་མེད་མཛོད། ཧཱུཾ་ཛཿ ལན་གསུམ་ མཐར། དེ་ནས་བགེགས་གཏོར་རྣམས་བཤམ། ༀ་ཨཱཿཧཱུཾ་ཧྲཿཕཊ། ཀྱིས་བསངས། སྭབྷཱ་ཝས་ སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། གཏོར་མའམ་མཐེབ་སྐྱུ་གསུམ་པོ་རིམ་གྱིས་ བསྐོར་བཞིན། ༀ་སརྦ་བིགྷྣན་བྷྱཿ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེབྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་ སྥ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་གྲིཧྞ་དཾ་བ་ལིཾ་ཏེ་སྭཱཧཱ། ཞེས་ལན་གསུམ། རྡོ་རྗེ་གསོར་ཞིང་ཏིང་ལོ་ དང་ཆང་བུ་བསྐོར་བཞིན། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་པཱ་ཡ་ གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བརྗོད། ལྷན་ཐབས་ཀྱི་བགེགས་བསལ་སོགས་སུ་འགྲོ། སུམྦྷ་ནིའི་སྔགས་བརྗོད་རྗེས་སུ། ཏིལ་སྦྱང་ ནི། ༀ་ཨཱཿཧཱུཾ་ཧྲཱཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མེ་འབར་ཀློང༌། །རྡོ་རྗེ་མཁའ་འགྲོ་རྡོར་དྲིལ་འཛིན། །ཞལ་གདངས་ཞབས་གཉིས་ཟླུམ་སྟབས་བཞུགས། །བདག་གཞན་སྡིག་སྒྲིབ་མ་ལུས་གསོལ། ༀ་བཛྲ་ཌཱ་ཀི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་ བྷ སྨི་ཀུ་རུ་སྭཱ་ཧཱ། ལན་གསུམ་བརྗོད་བཞིན་ལས་ཀྱི་རྡོ་རྗེས་ཏིལ་ལམ་ཡུངས་ཀར་གཡས་ གཡོན་དུ་བསྐོར་ནས་མེར་དོར་བས་སྡིག་པ་སྦྱངས་པའོ། །དེ་ནས་ལྷན་ཐབས་ཀྱི་བྲབ་པ་ 4-1-135 སོགས་སུ་འགྲོ་བར་བྱའོ། །ལྷན་ཐབས་བཤགས་སྦྱངས་མཇུག་གིབྱང་ཆུབ་མཆོག་ཐོབ་ཤོག །ཅེས་པའི་མཚམས་སུ་གསུར་བསྔོ་བྱ་བར་འདོད་ན། མཁའ་མཛོད་སྔགས་ལན་གཅིག་དང་ ཁ་འབར་མའི་སྔགས་ལན་བདུན་སོགས་ཅི་རིགས་པའི་མཐར། གསུར་མཆོད་བདུད་རྩིའི་ རང་བཞིན་གྱུར། །ཕུད་འདི་མཆོད་ཡུལ་རྒྱ་མཚོར་འབུལ། །རབ་དགྱེས་བརྩེ་བ་ཆེན་པོ་ཡིས། །བདག་གཞན་ཚོགས་ཆེན་རྫོགས་པར་ཤོག །གསུར་མཆོད་དམ་ཅན་ཚོགས་ལ་འབུལ། །བདག་གིས་རྣམ་དཀར་སྒྲུབ་པའི་གེགས། །མཐའ་དག་སོལ་ལ་ཆོས་མཐུན་གྱི། །བསམ་ དོན་ཡིད་བཞིན་འགྲུབ་པར་མཛོད། །ཁྱད་པར་འདོད་ཡོན་གསུར་བསྔོ་འདི། །རིགས་དྲུག་ འགྲོ་བ་ཡོངས་ལ་བསྔོ། །རང་རང་འདོད་པའི་ལོངས་སྤྱོད་དུ། །གྱུར་ནས་ཀུན་ལ་དགའ་ བདེའི་དཔལ། །རང་དང་འཚམ་པ་ལེགས་གྲུབ་སྟེ། །རིགས་དྲུག་ཡོངས་ལ་ཕན་ཐོགས་ནས། །རྣམ་དཀར་དགེ་སྟོབས་རབ་དར་བ། །སྒོ་གང་ཐད་ནས་འཕེལ་བར་ཤོག །སྒོས་སུ་གསུར་ བསྔོ་འདི་ཡི་མཐུས། །སྲིད་པ་བར་མ་དོར་གནས་པའི། །གདོས་བྱས་རྟེན་དང་བྲལ་བ་ལ། །རང་རང་ཡིད་འདོད་བཞིན་གྱུར་ཏེ། །ཟས་སྐོམ་གདུང་བའི་སྣང་བ་དག །རབ་ཞི་བདེ་བ་ ཆེན་པོ་ཡིས། །ཚིམ་པ་ཐོབ་སྟེ་བདེ་འབྱོར་རྒྱས། །ཡོངས་དག་སྣང་བ་རབ་ལྡན་ཤོག །བར་ དོའི་འཁྲུལ་སྣང་ལས་ཤར་བའི། །འཇིགས་སྐྲག་མཐའ་དག་རབ་ཞི་ནས། །དམ་ཆོས་ཟབ་ མོའི་བྱེད་རྐྱེན་གྱིས། །ཡང་དག་སྐྱེ་ལུས་མྱུར་ཐོབ་ཤོག །མཆོད་ཡུལ་རྒྱ་མཚོའི་བདེན་པ་དང༌། །ཆོས་དབྱིངས་རྣམ་དག་འགྱུར་མེད་མཐུས། །བསྔོ་ཞིང་སྨོན་པའི་དོན་མཐའ་དག །ཇིལྟ་བ་ བཞིན་འགྲུབ་གྱུར་ཅིག །ལྷན་ཐབས་ལས། ཡང་ན་སམྦྷ་ར་བདུན་སོགས་སུ་འགྲོ་མཇུག་གི ཀུན་གྲོལ་གྱུར། །ཞེས་པའི་མཚམས་སུ། ངོ་སྤྲོད་དང་འཕོ་བ་ནི། འོ་ད་ལན་གྱི་སྐབས་སུ་བབ་ པ་རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་བརྒྱུད་རིམ་དང་བཅས་ པ་ལ་མོས་གུས་ཀྱི་སྒོ་ནས་ཟབ་ལམ་འཕོ་བ་འདེབས་པ་ཡིན་པས་ཁྱོད་རང་གིས་དེ་ལུགས་ 4-1-136 ལྟར་སེམས་ལ་ལེགས་པར་ཟུངས་ཤིགའོ་སེམས་དག་སྣང་སྦྱངས་ཏེ་ཟབ་ལམ་འཕོ་བའི་ དམིགས་རིམ་འདི་བཞིན་བྱ་དགོས་པ་སྟེ། དེ་ཡང་རང་རེ་ངེས་དོན་སྒྲུབ་བརྒྱུད་ཀྱི་རྗེས་འཇུག་ གང་དག་གི་ཕ་ཅིག་བླ་མ་གཅིག་གྱུར་དུས་གསུམ་གྱི་སངས་རྒྱས་མཐའ་དག་གི་སྤྱི་གཟུགས་ རྗེ་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་བརྒྱུད་རིམ་དང་བཅས་པ་མདུན་འདིར་མངོན་སུམ་ལྟ་ བུར་བཞུགས་ཐག་བཅད་དེ་སྐྱབས་མགོན་འཁོར་བཅས་ལ་མི་ཕྱེད་པའི་དད་པ་བརྟན་པོས་ དགོངས་ཡིད་རོ་གཅིག་གི་རེ་འདུན་སྙིང་ཁོང་རུས་པའི་གཏིང་ནས་བྱ་དགོས་པ་དེ་བས་ན་ ཁྱོད་ཀྱི་མོས་ངོར་རང་གི་མདུན་གྱི་ནམ་མཁའི་གནས་སུ་འཇའ་ཟེར་འོད་ཀློང་གི་དབུས་ན་ པདྨ་དང་ཟླ་བའི་གདན་ལ་ཕ་མཆོག་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རིགས་ལྡན་ སྤྲུལ་པའི་སྐུ་ཆེན་པོ་ཆོས་ཀྱིརྗེ་ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་ཉིད་ སྐུ་དཀར་ལ་དམར་བའི་མདངས་འོད་འཕྲོ་བ་ཞལ་གཅིག་ཞི་བའི་འཛུམ་དཀར་གཡོ་ཞིང་ སྤྱན་ཟུང་ནམ་མཁའི་དབྱིངས་སུ་ཧྲིག་གེར་གཟིགས་བཞིན་ཞབས་སྐྱིལ་ཀྲུང་གིས་བཞུགས་ པ། ཕྱག་གཉིས་ས་གནོན་པུས་མོར་སོན་པའི་མཐེབ་མཛུབ་ཀྱིས་པདྨ་དཀར་པོའི་ཡུ་བ་རེ་རེ་ འཛིན་པ་ལོ་མ་རྒྱས་ཤིང་པད་འདབ་ཀྱི་ཁ་སྐུའི་ཕྲག་པ་གཡས་གཡོན་ཐད་དུ་ཕྱེ་བའི་ཟེའུ་ འབྲུ་ལ་རྒྱལ་སྲས་གྲུ་འཛིན་བདག་པོ་དང་རིགས་ལྡན་པདྨ་དཀར་པོའི་གཟུགས་སྐུ་ཟུང་གིས་ མཚན་པ། སྐུ་སྐབས་ཐུང་ཞིང་བརྗིད་པའི་ལྟོ་བ་ཟླུམ་པོ་རིལ་བོའི་རྣམ་པར་རྒྱས་བཞིན་པ་ལ་ ནབ་འགགས་དང་བཅས་ཆོས་གོས་རྣམ་གསུམ་གསོལ་བ་དབུ་ལ་དོལ་ཞྭ་མཚན་ལྡན་གྱིས་ ཉེ་བར་མཛེས་པ་སོགས་བླ་ཆས་ངོ་མཚར་བ་ཀུན་ནས་རྫོགས་ཤིང་གསུང་ཚངས་དབྱངས་ ཀྱིས་ངེས་དོན་ཟབ་མོའི་ཆོས་སྒྲ་སྒྲོགས་བཞིན་ཐུགས་མཁྱེན་བརྩེ་ནུས་པ་རྒྱ་མཚོའི་མངའ་ བདག་སྟེ། དེ་ལྟར་གསང་གསུམ་ཡོན་ཏན་ཟླ་བྲལ་ཆོས་རྗེ་ཐམས་ཅད་གཟིགས་པ་ཉིད་ཀྱི་ མཐའ་སྐོར་དུ་ཐུགས་སྲས་བུ་ཆེན་གང་དག་དང༌། རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་བརྒྱུད་པའི་བླ་ 4-1-137 མ་ཐམས་ཅད་སྐུའི་གར་སྟབས་སྣ་ཚོགས་དང་གསུང་གིས་ཆོས་སྒོ་དུ་མ་སྟོན་བཞིན་ཐུགས་ ཀྱིས་འགྲོ་བ་ཀུན་ལ་རྗེས་སུ་བཟུང་བའི་སྒོ་བརྒྱ་མ་ལུས་པ་འགྱེད་ཅིང་བཞུགས་པ་ཐམས་ ཅད་བླ་མ་ཡི་དམ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་པའི་སྒོ་ནས་མོས་གུས་ བྱས་སྟོབས་ཀྱིས་སྐད་ཅིག་ལ་ཀུན་མཁྱེན་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་ལ་དམར་ བའི་མདངས་ཅན་འཕྲོས་ཏེ་ཁྱོད་རང་གི་ལུས་ལ་ཕོག་རྐྱེན་གདོས་བྱས་ཀྱི་ངོ་བོ་དེ་མ་ཐག་ གནས་འགྱུར་ཏེ་འོད་ལུས་ཕྱི་ནང་གསལ་བའི་རང་བཞིན་དུ་གྱུར་པ་དེའི་ལྟེ་བ་ནས་སྤྱི་གཙུག་ གི་བར་རྩ་དབུ་མ་ཁ་དོག་སྔོན་པོ་ཤེལ་སྦུག་ལྟར་དྭངས་པ་མས་སྣེ་ཟུམ་ཞིང་ཡས་ཁ་ཕྱེ་བའི་ ནང་གི་སྙིང་གའི་ཐད་ཙམ་ན་གཉུག་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདོག་རྒྱ་ སྲན་ཙམ་པ་གསལ་བའི་ངང་ནས་མདུན་མཁར་བཞུགས་པའི་ཀུན་མཁྱེན་དུས་གསུམ་ སངས་རྒྱས་འཁོར་བཅས་ལ་རིག་པ་ཆོས་སྐུའི་དབྱིངས་སུ་འཕོ་བར་གསོལ་བ་འདི་ལྟར་ འདེབས་པར་མཛོད། ན་མོ་པྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་བྷྱཿ བརྩེ་བའི་གཏེར་གྱུར་འཇིག་རྟེན་ དབང་ཕྱུག་གིས། །རིགས་ལྡན་གར་བསྒྱུར་གངས་ལྗོངས་དུས་མཐའ་རུ། །ངེས་དོན་སྲོལ་ འབྱེད་རྟོན་པ་བཞི་ལྡན་དང༌། །སྤྲུལ་པའི་ཟློས་གར་ཐུགས་སྲས་བརྒྱུད་རིམ་ལ། །སྙིང་ནས་ གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་གྱིས་ རློབས། །གཤེགས་སྙིང་སྐུ་ཡི་རྡོ་རྗེ་རྣམ་ཀུན་བདག །དོན་དམ་ཆོས་ཉིད་རང་གཟུགས་འཕོ་ མེད་ཅིང༌། །སྣ་ཚོགས་སྣང་བ་ནམ་མཁའ་དང་མཉམ་པ། །རང་གཤིས་མངོན་གྱུར་ཀུན་ མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་གྱིས་རློབས། །གཤེགས་སྙིང་གསུང་གི་རྡོ་རྗེ་གཞོམ་མེད་ 4-1-138 དབྱིངས། །རྣམ་པ་སྒྲ་སྐད་དུ་མའི་མཚར་བཀོད་ཅིང༌། །ཡང་དག་ཆོས་ཕུང་བརྒྱད་ཁྲིའི་གནས་ ལུགས་ཆེ། །དགོངས་ཆེན་མངོན་གཟིགས་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་ གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་ དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་གྱིས་རློབས། །གཤེགས་སྙིང་ཐུགས་ཀྱི་རྡོ་རྗེ་མི་རྟོག་དབྱིངས། །སྤྲོས་བྲལ་མཁའ་ལྟར་དག་པའི་ཤེར་ཕྱིན་ མཆོག །རྣམ་པ་ཀུན་ལྡན་གདོད་མའི་ཡེ་ཤེས་ཆེ། །རང་གཤིས་དགོངས་ཆུབ་ཀུན་མཁྱེན་ བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་ སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་ འཕོ་བ་ཐེབ་པར་བྱིན་གྱིས་རློབས། །གཤེགས་སྙིང་ཡེ་ཤེས་རྡོརྗེ་དགའ་ཆེན་གཟུགས། །འཕོ་ བྲལ་རང་གསལ་སྲིད་གསུམ་དྭངས་མའི་བཅུད། །འགྱུར་མེད་བདེ་བ་ཆེན་པོར་རྟག་རོལ་ དང༌། །དབྱེར་མེད་མངོན་བྱས་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་ འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་གྱིས་རློབས། །མཁྱེན་ དགོངས་ཟབ་མོས་ངེས་དོན་གཏིང་དཔོག་སྟེ། །གངས་རིའི་ལྗོངས་འདིར་འཇིགས་མེད་སེང་ གེའི་སྒྲས། །ལོག་སྨྲ་ཝ་སྐྱེས་ཚོགས་ཀུན་ཟིལ་གནོན་པའི། །ཀུན་མཁྱེན་ཡབ་སྲས་རྗེ་བཙུན་ བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་ སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་ འཕོ་བ་ཐེབ་པར་བྱིན་གྱིས་རློབས། །བརྩེ་བ་ཆེན་པོའི་འཇུག་སྒོ་རབ་ཡངས་པ། །མ་ལུས་ འགྲོ་ལ་དགེ་བའི་མགོན་གྱི་ཕུལ། །འཁོར་བའི་མཚོ་ལས་སྒྲོལ་མཛད་དཔའ་བོ་ཆེ། །སྐྱབས་ གནས་ཟླ་བྲལ་ཀུན་མཁྱེན་བརྒྱུད་རིམ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་ལགས་ 4-1-139 ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་གྱིས་རློབས། །ནུས་པ་རླབས་ཆེན་འགྲོ་ ཀུན་རྗེས་སུ་ཞུགས། །འཁོར་བ་པ་དག་རང་འཚམ་སྡུག་བསྔལ་ལས། །ཅི་དགར་དབུགས་ དབྱུང་སྦྱིན་དང་ཆབས་ཅིག་པར། །ཁམས་མཐུན་ཕན་སྤེལ་ཡབ་སྲས་བརྒྱུད་རིམ་ལ། །སྙིང་ ནས་གུས་པས་གསོལ་བ་འདེབས་ལགས་ན། །རིག་པ་འཕོ་ཆེན་ཆོས་སྐུའི་དགོངས་དབྱིངས་ སུ། །ཉེར་ཐིམ་དགོངས་ཡིད་དབྱེར་མེད་ཉག་གཅིག་ངང༌། །ངེས་དོན་འཕོ་བ་ཐེབ་པར་བྱིན་ གྱིས་རློབས། །ཆོས་རྗེ་ཐུགས་སྲས་རྗེ་བཙུན་བརྒྱུད་རིམ་ཚོགས། །གང་གི་ཐུགས་དགོངས་ འོད་གསལ་གཤིས་ལུགས་སུ། །རང་རིག་རོ་མཉམ་འཕོ་ཆེན་འཇའ་ལུས་སྐུར། །རབ་དྭངས་ སྟོང་གཟུགས་མཆོག་དང་དབྱེར་མེད་མཛོད། །ཅེས་པའི་འཕོ་བ་ཅི་རིགས་པའི་མཐར། ཕ་ མཆོག་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཡབ་སྲས་རྗེ་བཙུན་བརྒྱུད་རིམ་དང་བཅས་པ་ གང་དག་གིས་དགོངས་སྟོབས་ཀྱིས་ཁྱོད་རང་གི་རིག་ཤེས་ཐིག་ལེའི་རྣམ་པ་དེ་སྐད་ཅིག་ གིས་ཡར་དྲངས་ནས་ཐུགས་སྲས་རྗེ་བཙུན་སོགས་བརྒྱུད་ལྡན་བླ་མའི་ཚོགས་ཐམས་ཅད་ འདུས་པའི་ངོ་བོ་ཆོས་རྗེ་བླ་མའི་ཐུགས་ཀར་ཐིམ་པའི་སྒོ་ནས་ཐུགས་ཡིད་རོ་མཉམ་ཆེན་པོར་ གྱུར་པར་བསམ་ལ། ཕཊ་སྒྲ་ལན་གསུམ་བྱའོ། །ལྷན་ཐབས་ལས་གཞན་ཡང་འཕོ་བ་ནི། སོགས་སུ་འགྲོ། ལྷན་ཐབས་བསྔོ་བའི་མཇུག་གིསྐལ་བཟང་མཆོག་སྤྱོད་ཤོག །ཅེས་པའི་ མཚམས་སུ། ཚེ་རྫས་རྣམས་ལ་དམིགས་ཏེ་བྱིན་བརླབ་ནི། ཆོས་རྗེའི་ཐུགས་ལས་རཾ་ཡཾ་ཁཾ་ གསུམ་སྤྲོས། །མི་གཙང་དྲི་མ་མཐའ་དག་བསྲེག་གཏོར་བཀྲུས། །སླར་སྤྲོས་འབྲུ་གསུམ་ཚེ་ རྫས་ལ་ཐིམ་པས། །སྤེལ་བསྒྱུར་ཟག་བྲལ་བདུད་རྩིའི་རྒྱ་མཚོར་གྱུར། །ཚེ་འགུགས་བསྐྱེད་ པ་ནི། ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་ཐུགས་ཀ་རུ། །ཡིད་འཕྲོག་རྨ་བྱའི་བཏེགས་པའི་ཁྲི་ སྟེང་ནས། །སྣ་ཚོགས་པད་ཟླའི་གདན་སྟེང་ཧྲཱིཿཡིག་ལས། །རབ་དམར་ཚེ་དཔག་མེད་མགོན་ 4-1-140 སྐྱིལ་ཀྲུང་བྱས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །མཉམ་བཞག་ཕྱག་གི་ བཅུད་ལྡན་བུམ་བཟང་ལས། །བརྟན་གཡོའི་དྭངས་བཅུད་བདུད་རྩིའི་རྣམ་པར་ལུད། །ཚེ་ རྫས་ལ་ཐིམ་འཆི་མེད་བཅུད་ཆེན་གྱུར། །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་བྷྲུཾ་ཨཱ་ཡུར་ཛྙཱ་ན་ཧྲཱིཿཨ་ རོ་ལི་ཀ་ཧཱུཾ་ཧྲཱིཿ ཞེས་པའི་སྙིང་པོ་དང༌། ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར། ཏདྱ་ཐ། ཨ་པ་རི་མི་ཏ་ ཨཱ་ཡུར་ཛྙཱ་ན་ཧྲཱིཿཧཱུཾ་བྷྲུཾ་སྭཱ་ཧཱ། ཞེས་པའི་ཉེ་སྙིང་དང༌། ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ན་མོ་བྷ་ག་ ཝ་ཏེ་ཨ་པ་རི་མི་ཏ། ཨ་ཡུར་ཛྙ་ན། སུ་བི་ནི་ཥྩིཏྟ་ཏེ་ཛོ་ར་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་ བུདྡྷཱ་ཡ། ཏདྱ་ཐཱ། ༀ་པུཎྱེ་པུཎྱེ་མ་ཧ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱ། ཛྙཱ་ན་སཾ་བྷཱ་ རོ་པ་ཙིཏྟེ། ༀ་སརྦ་སཾ་སྐ་ར་པ་རི་ཤུདྷ། དྷརྨ་ཏེ་ག་ག་ན་ས་མུཏྒ་ཏེ། སྭ་བྷཱ་ཝ་བི་ཤུད་དྷེ་མཧཱ་ན་ ཡ་པ་རི་ཝཱ་རེ་ཧཱ། ཞེས་པའི་གཟུངས་རིང་སྟེ་རྩ་བའི་སྔགས་སོ། །སྔགས་གསུམ་པོ་ཅི་རིགས་ བཟླ་བར་བྱའོ། །ཚེ་འགུགས་ནི། ཆོས་རྗེ་བླ་མའི་གསང་གསུམ༴ སོགས་སུ་འགྲོ། ལྷན་ ཐབས་སུ་མཁོ་བ་ནི། ཉིན་ཐ་མར་རྟེན་སྙིང་བརྗོད་རྗེས་སུ། རང་གཞན་ཀུན་གྱིས་དངོས་གྲུབ་ བླངས་པ་ནི། དམིགས་མེད་སྟོང་གསལ་བདེ་བའི་རང་མདངས་རྒྱས། །ཀུན་རྫོབ་རྫུན་རས་ འཁྲུལ་སྣང་དབྱིངས་སུ་ཡལ། །འགྱུར་མེད་རྡོ་རྗེའི་ཁམས་སུ་རྟག་བཞུགས་སྐུ། །སྐལ་ལྡན་ ཁྱོད་ལ་མྱུར་དུ་མངོན་གྱུར་ཅིག །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཀ་ཡ་ༀ་སྭཱ་ཧཱ། ཞེས་བཟླ། ཡེ་ གཞི་བདེ་གཤེགས་སྙིང་པོ་རྟག་བརྟན་དཔལ། །ཀུན་རྫོབ་སྒྲ་ཀུན་རང་བཞིན་བདེན་པས་ སྟོངས། །དོན་དམ་སྒྲ་དབྱངས་རྣམ་པ་ཐམས་ཅད་གསུང༌། །སྐལ་ལྡན་ཁྱོད་ལ་མྱུར་དུ་མངོན་ གྱུར་ཅིག །ༀ་ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཝཱཀ་ཨཱཿསྭཱ་ཧཱ། ཞེས་བཟླ། འཁོར་འདས་ཀུན་ཁྱབ་ བདེ་ཆེན་རྟག་འབར་བ། །རྟོག་མེད་ལྷུན་གྲུབ་ཆོས་ཀུན་ལྷན་ནེར་གསལ། །གཟུང་འཛིན་ ཀུན་བྲལ་དམིགས་མེད་རང་རིག་ཐུགས། །སྐལ་ལྡན་ཁྱོད་ལ་མྱུར་དུ་མངོན་གྱུར་ཅིག །ༀ་ ཨཱཿཔྲཛྙཱ་དྷྭ་ཛ་ས་པ་རི་ཝཱ་ར་ཙིཏྟ་ཧཱུཾ་སྭཱ་ཧཱ། ཞེས་བཟླ། གོང་གི་སྙིང་པོ་ཉེ་སྙིང་གཟུངས་རིང་ 4-1-141 རྣམས་བཟླ་བཞིན་རིམ་པར་ཚེ་རྫས་རྣམས་སྦྱིན་ནོ། །བཀྲ་ཤིས་ནི། གཞི་དབྱིངས་ཆོས་སྐུ་ གནས་ལུགས་འགྱུར་བ་མེད། །འགགས་མེད་ལེགས་གསུང་སྒྲ་དབྱངས་རྣམ་ཀུན་གནས། །དཔག་ཡས་གང་ཐུགས་གཤེགས་སྙིང་གཅིག་གི་བདག །དོན་དམ་ཡོངས་གྲུབ་ཆེན་པོའི་ བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་ཀྱི་ཚིགས་བཅད་འགའ་བརྗོད་དོ། །ལྷན་ཐབས་བཟོད་ གསོལ་སོགས་སུ་འགྲོ། ཚོགས་མཆོད་ཀྱི་བཀྲ་ཤིས་མཚམས་སྦྱར་ནི། ༀ་སྭ་སྟི། བཀྲ་ཤིས་ གང་ཞིག་གཞི་དབྱིངས༴ སོགས། ལྷུན་གྲུབ་པ། །བདེན་པ་གང་དེས་འགྲོ་ལ་ལེགས་སྒོའི་ བཀྲ་ཤིས་སྩོལ། །ཞེས་པའི་མཚམས་སུ། ལེགས་ཚོགས་བསོད་ནམས་རྒྱ་ཆེ་བའི་བཀྲ༵་ཤི༵ས་ མཐར་ཐུག་པ་ག༵ང་ཞི༵ག་ཡིན་ན་གཞི༵་དབྱི༵ངས་དོན་དམ་ཆོ༵ས་ཉི༵ད་གནས་ལུགས་ནམ་ཡང་ འགྱུ༵ར་བ༵་མེ༵ད་པ་ཀུན་རྟོག་སྤྲོས་ཚོགས་མཐའ་དག་དྭངས་པའི་འོ༵ད་གས༵ལ་ཡེ༵་ཤེ༵ས་ཆོས་སྐུ་ འཁོར་འདས་ཀུ༵ན་ཁྱ༵བ་ཆེན་པོ་དེ་ནི་ཀུན་རྫོབ་གཟུང་འཛིན་གྱིས་སྒྲོ་བཏགས་པའི་འཁྲུལ་ སྣང་གི་ཡུལ་དུ་སྔར་མེད་གསར་གྲུབ་ལྟ་བུའི་འདུས་བྱས་མ་ཡིན་ཞིང་དོན་དམ་རང་བྱུང་ འདུ༵ས་མ༵་བྱ༵ས་ཤི༵ང་རྟ༵ག་བརྟན་ཐེར་ཟུག་གཡུང་དྲུང་ནམ་ཡང་འཕོ་འགྱུ༵ར་མེད་པ་མི་འགྱུ༵ར་ བདེ༵་བའི་ཡེ་ཤེས་ཀྱི་སྐུ༵་བཞིའམ་ལྔའི་བདག་ཉིད་ཆོས་ཅན་ལ་ཆོས་ཉིད་དུ་བཞུགས་པ་བདེ༵་ བ༵ར་གཤེ༵གས་པའི་སྙི༵ང་པོ༵་ཆོ༵ས་སྐུ༵་ཡོ༵ན་ཏ༵ན་རྣམ་པ་ཐམས་ཅད་པ་རང་བྱུང་ལྷུ༵ན་གྲུ༵བ་ཏུ་ བཞུགས་པ་ནམ་ཡང་འགྱུར་བ་མེད་པ༵ར་བདེ༵ན་པ༵་ག༵ང་དེ༵ས་འདིར་འཁོད་དག་གིས་གཙོར་ གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐྱོང་བར་གྱུར་ཅིགབཀྲ་ཤིས་གང་ཞིག་བདུད་ བཞིའི་༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཞེས་པའི་མཚམས་སུ། གཞན་ཡང་མཉམ་ མེད་ཤཱཀྱའི་རྒྱལ་པོ་གང་གིས་རིང་མོའི་དུས་ནས་འགྲོ་བ་མཐའ་དག་འཁོར་བ་སྡུག་བསྔལ་ གྱི་རྒྱ་མཚོ་ལས་བསྒྲལ་བའི་ཁུར་ཆེན་པོ་ཉེ་བར་ལྷུར་བླངས་ཏེ་རླབས་པོ་ཆེའི་ཐུགས་བསྐྱེད་ བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་ལས་མེ་ཏོག་པདྨ་དཀར་པོའི་འདབ་མ་མངོན་པར་ 4-1-142 བཞད་པ་ལྟར་རྒྱ་ཆེ་བའི་དམ་བཅའ་མཛད་པ་ཀུན་མཐར་ལེགས་པར་ཕྱིན་ཏེ། བླ་མེད་བྱང་ ཆུབ་ཀྱིགོ་འཕང་བདག་གིར་བཞེས་ནས་ངེས་པ་ལྔ་ལྡན་གྱི་ཞིང་གི་གཙོ་བོ་ལོངས་སྤྱོད་ རྫོགས་པའི་སྒྱུ་འཕྲུལ་གྱི་བཀོད་པ་རབ་འབྱམས་འཇིག་རྟེན་གྱི་ཁམས་མཐའ་ཀླས་པ་ཀུན་ཏུ་ ཅིག་ཅར་བའི་གང་འདུལ་གྱི་མཛད་པ་རྒྱ་ཆེར་སྟོན་པ་འདི་ཕུན་སུམ་ཚོགས་པའི་བཀྲ་ཤིས་ མཐར་ཐུག་པ་ཡིན་པ་ག༵ང་ཞི༵གམི་མཇེད་འཇིག་རྟེན་གྱི་ཞིང་དམ་པ་རྣམས་སུ་མཆོག་གི་ སྤྲུལ་སྐུའི་མཛད་པ་སྣ་ཚོགས་ལ་རོལ་ཏེ། བྱེ་བྲག་རྒྱ་གར་འཕགས་པའི་ཡུལ་དུ་མཉམ་མེད་ བུ་རམ་ཤིང་པས་གདུལ་བྱ་ཐུན་མོང་གི་ངོར་སྲིད་པ་ཐ་མ་བའི་བྱང་སེམས་ཚོགས་ལམ་ཆེན་ པོའི་ཚུལ་གྱིས་ཐོག་མར་རྒྱལ་སྲིད་བསྐྱངས། དེ་ནས་རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་དེ། མཐར་སྲོད་ལ་བདུ༵ད་བཞི༵་ཕྲ་རགས་ཀྱི་གཡུ༵ལ་ལ༵ས་ལེ༵གས་པར་རྒྱ༵ལ་བ། བཅོམ་ལྡན་ འདས་ཤཱཀྱ་སེང་གེ་ཟླ༵་བྲ༵ལ་ཀུ༵ན་གཟི༵གས་མཆོ༵ག་གི༵ས་དཔ༵ལ་གྱི༵་མགུ༵ར་བཟང༵་ལ༵ས། ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་དམན་རིགས་ཅན་ལ་ གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་ བ་དང༌། ཡུལ་བྱ་རྒོད་ཕུང་རི་སོགས་སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་ སུ་བཟུང་བའི་ཆེད་དུ་བཀའ་བར་བ་མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་ པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་བཅུ་བདུན་ ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡུལ་ཡངས་པ་ ཅན་སོགས་སུ་གདུལ་བྱ་དབང་པོ་ཡང་རབ་ཀྱི་ཐེག་ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་བོར་ དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་དབྱིངས་གནས་ལུགས་མཐར་ཐུག་ པ་དེ་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ཆོས་སྐུ་རྣམ་པ་ཐམས་ཅད་པ་ཡེ་གདོད་མ་ནས་ ནམ་ཡང་འཕོ་འགྱུར་མེད་པ་རྟག་བརྟན་ཐེར་ཟུག་གཡུང་དྲུང་དུ་གནས་པ་དང༌། ཆོས་ཐམས་ 4-1-143 ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད། རང་བྱུང་ཡེ་ཤེས་བདེ་བ་ཆེན་པོ་གཙང་བདེ་དང་རྟག་པའི་ གནས་མཐར་ཐུག་པ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། འགལ་འདུ་སྐྱོན་མེད་ཀྱི་གནས་འཇིག་ རྟེན་གྱི་དཔེ་ཐམས་ཅད་ལས་འདས་ཤིང༌། རྟེན་འབྲེལ་དང༌། རྟོག་གེརྣམ་ཤེས་ཀྱི་ཡུལ་ལས་ འདས་པའི་དབྱིངས་དང་ཡེ་ཤེས་གཅིག་ཏུ་འདྲེས་པ་སོ་སོར་རང་རིག་ཡེ་ཤེས་ཁོ་ནས་སྤྱོད་ ཡུལ་སྐུ་དང་ཞིང་ཁམས་སྣ་ཚོགས་པའི་སྣང་བ་པྲ་ཕབ་བརྒྱད་དང་མཚུངས་ཤིང་ངེས་དོན་ དབུ་མ་ཆེན་པོའི་རང་ལུགས་ཀྱི་ལྟ་བ་མཐར་ཐུག་འདི་ལེགས་པར་གསལ་བྱེད་དུ་འཁོར་ལོ་ ཕྱིར་མི་ལྡོག་པའི་གཏམ་སྟོན་པའི་ཆོས་ཀྱི་འཁོར་ལོ། བདེ་གཤེགས་སྙིང་པོའི་མདོ། རྣམ་ པར་མི་རྟོག་པ་ལ་འཇུག་པའི་གཟུངས་མདོ། ལྷ་མོ་དཔལ་ཕྲེང་སེང་གེ་ང་རོས་ཞུས་པའི་མདོ། རྔ་བོ་ཆེའི་མདོ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ། སྟོང་ཉིད་ཆེན་པོའི་མདོ། དེ་བཞིན་ གཤེགས་པས་ཐུགས་རྗེ་ཆེན་པོ་ལ་བསྟན་པའི་མདོ། དེབཞིན་གཤེགས་པའི་ཡོན་ཏན་དང་ ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། སྤྲིན་ཆེན་མདོ་རྒྱས་པ། མྱང་འདས་ཆེན་ པོའི་མདོ་རྒྱས་བསྡུས་གཅིག་ཏུ་བྱས་པའི་ངེས་དོན་མདོ་བཅུ་སོགས་ཐུན་མོང་མ་ཡིན་པའི་ མདོ་སྡེ་མང་པོ་དང༌། བྱམས་ཞུས་ཀྱི་ལེའུ་གཉིས་དང༌། རྒྱན་སྟུག་པོ་བཀོད་པའི་མདོ། རབ་ཏུ་ ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། དཀོན་མཆོག་སྤྲིན་གྱི་མདོ། གསེར་འོད་དམ་པའི་མདོ། མདོ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པའི་མདོ། ཡེ་ ཤེས་སྣང་བ་རྒྱན་གྱི་མདོ། སངས་རྒྱས་ཕལ་བོ་ཆེ་སོགས་ཐུན་མོང་གི་མདོ་སྡེ་གྲངས་ཉི་ཤུ་ ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཀླས་པའི་བཀའ་ལེགས་པར་བསྩལ་བས་བདེན་པ་གང་དེས་ འདིར་འཁོད་དག་གིས་གཙོར་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་པར་སྐྱོང་བར་གྱུར་ ཅིགབཀྲ་ཤིས་གང་ཞིག་རྒྱལ་བའི་དགོངས་ཆེན༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཞེས་པའི་མཚམས་སུ། སྔགས་ཕྱོགས་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་སྔགས་ཀྱི་གཞི་རྒྱུད་སྟོང་ 4-1-144 ཉིད་ཡེ་ཤེས་འགྱུར་མེད་བདེ་བ་ཆེན་པོའི་ངོ་བོར་གདོད་ནས་རྟག་བཞུགས་མཛད་པ་དང་ པོའི་སངས་རྒྱས། རྡོ་རྗེ་སེམས་དཔའ། རྡོ་རྗེ་འཆང༌། དོན་དམ་པའི་དགའ་བ་ཆེན་པོ། འདོད་ ཆགས་ཆེན་པོ། ལྷན་ཅིག་སྐྱེས་སྐུ། ཕྱག་རྒྱ་ཆེན་མོ་ལ་སོགས་པ་དང༌། དོན་དམ་ཐབས་ཤེས་ ཟུང་འཇུག་གི་ངོ་བོ་འཁོར་ལོ་བདེ་མཆོགརྡོ་རྗེ་ཕག་མོ། དགྱེས་པ་རྡོ་རྗེ། བདག་མེད་ལྷ་མོ། དུས་ཀྱི་འཁོར་ལོ། སྣ་ཚོགས་ཡུམ་ཆེན་སོགས་དོན་དམ་གནས་ལུགས་བདེ་སྟོང་ཟུང་འཇུག་ གི་རྒྱུད་སྡེ་རབ་འབྱམས་ཀྱི་བཀོད་པ་མཐར་ཐུག་པའི་བཀྲ་ཤིས་དམ་པ་དེ་རྣམ་ཀུན་མཁྱེན་ པའི་གཟིགས་ངོར་བདེན་པ་ག༵ང་ཞི༵ག་རྒྱ༵ལ་བ༵འི་ཐུགས་ཀྱི་དགོ༵ངས་ཆེ༵ན་སྔགས་ཀྱི་གཞན་ སྟོང་མཐར་ཐུག་པ་ལེ༵གས་པར་འབྱེ༵ད་པ༵་པོ་ནི་བོད་གང༵ས་རི༵འི་ལྗོ༵ངས་འདི༵ར་ངེ༵ས་དོ༵ན་ བསྟན་པའི་མང༵འ་བད༵ག་རྗེ་༵ཀུ༵ན་མཁྱེ༵ན་རྒྱ༵ལ་བ༵་གཉི༵ས་པ༵་ཇོ་ནང་པ་ཆེ༵ན་པོ༵་ཤེས་རབ་ རྒྱལ་མཚན་དཔལ་བཟང་པོར་གཅི༵ག་ཏུ༵་ངེ༵ས་ཕྱིར་ཉིད་ཀྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་ མཚོ་སོགས་བསླུ་མེད་ཀྱི་བཀའ་གསུང་ཡང་དག་ལ་བརྟེན་པས་རྣམ་དཀར་གྱི་ལེགས་ཚོགས་ ཇི་སྙེད་མངའ་བའི་བདེ༵ན་པ༵་ག༵ང་དེ༵ས་འདིར་འཁོད་དག་གིས་གཙོར་གྱུར་མཐའ་ཡས་པའི་ འགྲོ་བ་རྣམས་ལྷག་པར་སྐྱོང་བར་གྱུར་ཅིགབཀྲ་ཤིས་གང་ཞིག་ཆོས་རྗེ་མཆོག་གི༴ སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཞེས་པའི་མཚམས་སུ། གངས་ཅན་གསེར་ལྡན་གྱི་སྙིང་པོའི་ ཐིག་ལེར་གྲུ་འཛིན་བདག་པོའི་རོལ་གར་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ ངེས་དོན་བཤད་སྒྲུབ་ལུགས་བཟང་གི་ཆོས་ཀྱི་དུང་ཆེན་སྲིད་གསུམ་གྱི་གནས་སུ་ལེགས་པར་ འབུད་པ་རྣམས་ཕུན་སུམ་ཚོགས་པའི་བཀྲ༵་ཤི༵ས་ཀྱི་གནས་བླ་ན་མེད་པ་ག༵ང་ཞི༵ག །དེ་ལྟ་ བུའི་ཆོ༵ས་རྗེ༵་ཐམས་ཅད་མཁྱེན་པ་མཆོ༵ག་གི༵་ཐུགས་ཀྱི་དགོ༵ངས་ཆེ༵ན་ཕུ༵ལ་དུ་བྱུང་བ་མཐའ་ དག་སླར་ཡང་འཛི༵ན་སྐྱོ༵ང་སྤེ༵ལ་གསུམ་གྱི་སྒོ་ནས་རྒྱལ་བསྟན་སྤྱི་དང་ཁྱད་པར་ངེས་དོན་ རྫོགས་ལྡན་གྱི་བསྟན་པ་རྒྱས་པར་མཛད་པའི་མཁ༵ས་གྲུབ་གཉིས་ལྡན་གྱི་ར༵ང་འདྲ༵འི་ 4-1-145 ཐུ༵གས་སྲ༵ས་བུ༵་ཆེ༵ན་ཚོ༵གས་ཀྱི་རིམ་པ་ཡང་ལུ༵ང་རྟོ༵གས་རྒྱ༵་མཚོ༵འི་གཏེ༵ར་གྱུ༵ར་གསེ༵ར་རི༵འི་ ཕྲེ༵ང་བ་བཞི༵ན་དུ་ལེགས་པར་བསྟ༵ར་བ་རྣམས་ནི། ནམ་སྙིང་གི་སྤྲུལ་པ་ཀུན་སྤངས་ཆོས་ གྲགས་དཔལ། སྒྲིབ་པ་རྣམ་སེལ་གྱི་རོལ་བ་ལོ་ཙཱ་བ་བློ་གྲོས་དཔལ། རྒྱལ་ཚབ་བྱམས་ པའི་རྣམ་འཕྲུལ་ས་བཟང་མ་ཏི་པཎ་ཆེན། ས་ཡི་སྙིང་པོའི་རྣམ་རོལ་ཀུན་མཁྱེན་ཕྱོགས་ལས་ རྣམ་རྒྱལ། ཀུན་ཏུ་བཟང་པོའི་རོལ་གར་འབྲི་གུང་ལོ་ཙཱ་མ་ཎི་ཀ་ཤྲི། གསང་བའི་བདག་པོའི་ སྤྲུལ་པ་ཞང་སྟོན་བསོད་ནམས་གྲགས། འཇམ་པའི་དབྱངས་ཀྱི་རོལ་བ་ཉ་དབོན་ཀུན་དགའ་ དཔལ་བཟང༌། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་སྤྲུལ་ཐང་བོ་ཆེ་བ་ཀུན་དགའ་འབུམ། འཇམ་དཔལ་གྱི་སྤྲུལ་པ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན། འཕགས་པ་ཐོགས་མེད་ཀྱི་རོལ་ གར་ཆོས་རྗེ་རིན་ཚུལ་བ། ཨཱརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ་ལྷའི་རྒྱལ་མཚན། ཤཱཀྱ་བཤེས་ གཉེན་གྱི་རོལ་བ་ཆོས་རྗེ་ཕུན་ཚོགས་དཔལ། གྲུབ་ཆེན་ཡུ་མོའི་རྣམ་སྤྲུལ་ཐང་སྟོན་ཆུང་བ་བློ་ གྲོས་དཔལ། གནས་བརྟན་བྷ་ཀུ་ལའི་རྣམ་རོལ་མཚལ་མིན་པ་བསོད་ནམས་བཟང་པོརྣམས་ ཀྱིས་རང་ལུགས་ངེས་དོན་སྒྲུབ་བརྒྱུད་ཀྱི་རྒྱལ་བསྟན་ཐོས་བསམ་སྒོམ་གསུམ་འཆད་རྩོད་ རྩོམ་གསུམ་གྱི་སྒོ་ནས་སྤེལ་བར་མཛད་པས་རྣམ་དཀར་བསོད་ནམས་ཀྱི་ལེགས་ཚོགས་ཇི་ སྙེད་མངའ་བའི་བདེ༵ན་པ༵་ག༵ང་དེས་འདིར་འཁོད་དག་གིས་གཙོར་གྱུར་མཐའ་ཡས་པའི་ འགྲོ་བ་རྣམས་ལྷག་པར་སྐྱོང་བར་གྱུར་ཅིགབཀྲ་ཤིས་གང་ཞིག་ངེས་དོན་རྫོགས་ ལྡན༴སོགས། ལེགས་སྒོའི་བཀྲ་ཤིས་སྩོལ། །ཞེས་པའི་མཚམས་སུ། གཞན་ཡང་མདོ་སྔགས་ ཀྱི་ཟབ་དོན་མ་ལུས་པའི་སྒོ་ནས་དབང་ལུང་མན་ངག་རྒྱ་ཆེན་པོས་བསིལ་ལྗོངས་ཡངས་པའི་ སྐྱེ་འགྲོ་སྐལ་བ་དང་ལྡན་པ་མཐའ་དག་སྐྱོང་བཞིན་ངེས་དོན་རྫོགས་ལྡན་གཞན་སྟོང་ཆོས་ མཆོག་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་བཞེད་དགོངས་ཇི་བཞིན་སླར་ཡང་ཆེས་གསལ་བར་ བྱེད་པ་རྗེ་བཙུན་སྒྲོལ་བའི་མགོན་པོ་བརྒྱུད་པ་དང་བཅས་པའི་རྣམ་དཀར་ལེགས་ཚོགས་ 4-1-146 གང་བགྱིས་ཐམས་ཅད་དང༌། གཞན་ཡང་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་ མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཐུགས་ཀྱི་ དགོངས་ཀློང་གཅིག་ཏུ་ངེས་ཕྱིར་མདོར་ན་དོན་དམ་རྒྱལ་བ་རྒྱ་མཚོའི་སྐུ་གཞི་འབྲས་བུ་ དབྱེར་མེད་པ་ནི་མ་ལུས་པའི་འགྲོ་བའི་སྙིང་གི་ཁམས་སུ་དུས་རྟག་པར་ཡེ་ནས་བཞུགས་པ་ དོན་དམ་གནས་ལུགས་ཆེན་པོའི་ལེགས་ཚོགས་ཇི་སྙེད་མངའ་བ་ནམ་ཡང་ཟད་པ་མེད་པའི་ བསོད་ནམས་ཀྱིས་འདིར་འཁོད་དག་གིས་གཙོར་གྱུར་མཐའ་ཡས་པའི་འགྲོ་བ་རྣམས་ལྷག་ པར་སྐྱོང་བར་གྱུར་ཅིགབཀྲ་ཤིས་གང་ཞིག་ཆོས་རྗེ་བླ་མའི་རྣམ་པར་འཕྲུལ༴ སོགས་སུ་འགྲོའོ། །སྨྲས་པ། མདོ་རྒྱུད་བཅུད་བཟང་མ་ལུས་པའི། །དབང་ལུང་མན་ངག་འགྲོ་ཀུན་ལ། །རང་རང་ ཁམས་མཐུན་རབ་སྟེར་མཁན། །ཟླ་བྲལ་སྐྱབས་གཅིག་མ་ཏིའི་ཞབས། །ལེགས་བཤད་ག་ བུར་དབང་པོ་ཡིས། །ཀུན་ཕན་འོད་བཟང་ཕྱོགས་བཅུར་བཀྱེ། །རྒྱལ་བསྟན་རྩི་ཐོག་ངང་ མོའི་མདོག །སྦྲང་སྐྱེས་ཐམས་ཅད་འཚོ་བྱེད་ཡིན། །མཆོད་ཐབས་རྒྱ་མཚོའི་སྐ་རགས་ལས། །དགེ་འབྲས་ལོ་ཏོག་གཡུར་ཟ་ཞིང༌། །འགྲོ་ཀུན་འཚོ་བྱེད་གཞི་གཅིག་པུ། །ལེགས་གསུངས་ འདི་ལས་གཞན་པ་སུ། །བླ་མའི་བཀའ་དྲིན་གསོ་ཕྱིར་དང༌། །བདག་གཞན་ཀུན་ཕན་འབྱུང་ བའི་ཆེད། །ལག་ལེན་འདོད་འཇོའི་བུམ་བཟང་བརྩམས། །ཉེས་བཤད་གང་མཆིས་མཁས་ ལ་བཤགས། །འདི་བྲིས་རྣམ་དཀར་ཆུ་རྒྱུན་འདི། །ཟད་པ་མེད་པར་འགྲོ་མང་ལ། །སྦྱིན་ ཐབས་འདོད་དགུ་ལེགས་འབྱུང་བས། །ཡིད་ཀྱི་རྫིང་བུ་ཁེངས་གྱུར་ཅིག ། ཅེས་ཀུན་མཁྱེན་ཡབ་སྲས་བརྒྱུད་རིམ་བཅས་ཀྱི་མཆོད་ཐབས་ཀྱི་ལྷན་ཐབས་དང་ཚོགས་མཆོད་འབུལ་ཐབས་ཉེར་ བསྡུས་ཀྱི་སྒོ་ནས་བསོད་ནམས་བསགས་པའི་སྐབས་སུ་མཁོ་བྱ་ལག་ལེན་གྱི་རིམ་པ་འདོད་དགུ་འཇོ་བའི་བུམ་བཟང་ཞེས་བྱ་ བ་འདི་ཡང་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་རྩ་ཆེ་བ་བླ་མ་དམ་པ་ཀུན་དགའ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་གིས་ཞལ་ 4-1-147 བཟང་གེ་སར་བཞད་པ་ལས་འདི་ལྟ་བུ་དགོས་གལ་ཆེ་ཚུལ་གྱི་བཀའ་བསྩལ་གསེར་གྱི་ཅོད་པན་སྤྱི་བོའི་རྒྱན་དུ་ལྷུང་བ་ལ་བརྟེན་ ནས་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་སྤྲེལ་གྱི་དྲག་པོ་ཞེས་བྱ་བའི་སྟོན་འབྲས་ལྡན་གྱི་དུས་བདུན་པ་གྲོ་བཞིན་ཟླ་བའི་ཡར་ཚེས་ གཉིས་པ་མེ་གཉིས་འཕྲད་པ་འཕེལ་འགྱུར་སྦྱོར་གྱི་ཉིན་རྣམ་པར་དཀར་བའི་རྟེན་འབྲེལ་ཡང་ཕུན་སུམ་ཚོགས་པ་འཛོམས་པའི་ སྔ་དྲོའི་ཆ་ལ་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བགྱིས་པ་ལྟར་ཡི་གེ་པ་ ནི་དགེ་སློང་གྲགས་པ་རྒྱལ་མཚན་གྱིས་བྲིས་པ་སྟེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རང་ལུགས་ཕྱོགས་ཐམས་ ཅད་དུ་དར་བའི་རྒྱུར་གྱུར་ཅིགདགེ་ལེགས་འཕེལ། སརྦ་མངྒ་ལཾ། འདི་བྲིས་ལེགས་དགེས། ། ཚེ་རབས་ཀུན་ཏུ། ། ངེས་དོན་ཟབ་མོར། ། ཇི་བཞིན་སྤྱོད་ཤོག ། 4-1-148 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ལྷོ་སྒོའི་ཆོ་ག་དང་སྔགས་ དབང་བསྡུས་ཙམ་འཁོར་བའི་ཚ་གདུང་སེལ་བའི་ དཔག་བསམ་ལྗོན་པའི་བསིལ་གྲིབ་ཅེས་ བྱ་བ་བཞུགས་སོ། ། ༄༅། །འདོད་པའི་འཆིང་ལས་གྲོལ་ཡང་རྟག་ཏུ་འདོད་ཆགས་ཆེན་པོས་གདུང༌། །དངོས་དང་དངོས་མེད་བྲལ་ཡང་རྣམ་པ་ ཀུན་གྱི་མཆོག་དང་ལྡན། །ཚིག་བརྗོད་ཀུན་ལས་གྲོལ་ཡང་སྣ་ཚོགས་སྐད་ཀྱིས་ཅིག་ཅར་སྟོན། །གཅིག་ཏུ་དུ་མ་བྲལ་ཡང་སྣ་ ཚོགས་གཟུགས་མང་སྟོན་ལ་འདུད། །འདི་ལ་བསྟེན་ན་སྲིད་ལས་ངེས་པར་གྲོལ། །གཤིན་པོ་རྗེས་འཛིན་དཔལ་ཀུན་རབ་སྟེར་ ཐབས། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང་འབྲེལ་བའི། །ལྷོ་སྒོའི་ཆོ་ག་ཤིན་ཏུ་བསྡུས་ཙམ་བརྗོད། །འདིར་དུས་ཀྱི་འཁོར་ ལོའི་ཆོ་ག་དང་འབྲེལ་བའི་གཤིན་པོ་རྗེས་འཛིན་བྱེད་པར་སྤྲོ་ན། སྦྱང་ཆས། རྟེན་བསྐྱེད། བྲབ་རྫས། འདོད་ཡོན་སོགས་འདུ་ བྱས་ལ། ཐོག་མར་བགེགས་སྦྱངས་ནི། ༀ་ཨཱཿཧཱུཾ་ཧྲཱཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨཱཿཧཱུཾ་ཧོཿ བྱིན་ གྱིས་བརླབས། གཏོར་མའི་མཐེབ་ཀྱུ་གསུམ་པོ་རིམ་གྱིས་བསྐོར་བཞིན། གནོད་བྱེད་བགེགས་ཀྱི་ཚོགས་གང་ ཡིན་པ་ཐམས་ཅད་ཨཱ་གཙྪ་ཨཱ་གཙྪ། ཤི་གྷྲྀ། ཨེ་དཾ། བ་ལིཾ་གྷྲྀཧྣ་གྷྲྀཧྣ། བྷུཀྟྭ། པི་ཏྭ་ཏྲིབ་ཏིཾ་ཀྲི་ཏྭ་ སརྦ་སཏྭཱ་ནཾ་ཤནྟིཾ་ཙིཏྟཾ་ཀྲི་ཏྭ། སྭ་སྠ་ནཾ་གཙྪ་གཙྪ་སཱཧཱའི་བར་ལན་གསུམ་བརྗོད། བགེགས་བསལ་ནི། དུས་ ཀྱི་འཁོར་ལོའི་གསང་གསུམ་འཕྲུལ། །ཡེ་ཤེས་ཁྲོ་ཆེན་མེ་དཔུང་ཚོགས། །རབ་འཕྲོས་གཤིན་ ལ་ཐར་ལམ་གྱི། །བར་ཆད་མཐའ་དག་རིང་དུ་བསྐྲད། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧྲཿཧྲཿ༴ སོགས། ཕཊ་ ཕཊ། རྟེན་བསྐྱེད་ནི། ༀ་ཨཱཿ་ཧཱུཾ་ཧྲཱཿཕཊ་ཀྱིས་བསངས། སྭབྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྦྱོང་སྟེགས་ 4-1-149 པད་ཟླ་ལ། །ནྲྀཿལས་ཚེ་འདས་གསོན་པོའི་གཟུགས་ཇི་བཞིན། །དཀྱིལ་འཁོར་ཕྱོགས་ལ་ གུས་འདུད་དང་བཅས་ཏེ། །ལེགས་པར་གནས་པ་སྐད་ཅིག་གསལ་བར་གྱུར། །འགུགས་པ་ནི། ན་མོ། བླ་མ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་དང༌། །བསླུ་མེད་མཆོག་གསུམ་མཁའ་འགྲོ་ཆོས་ སྐྱོང་བཅས། །རིགས་སྔགས་ཏིང་འཛིན་ཕྱག་རྒྱས་བདེན་སྟོབས་ཀྱིས། །ཚེ་འདས་རྣམ་ཤེས་ གར་གནས་འདིར་ཁུག་ཅིག །ཊཀྐི་ཧཱུཾ་ཛ། ལན་གསུམ། བྲབ་པ་ནི། ༀ་ཤྭ་དྷ་ནེ་ཤྭ་དྷ་ནེ་སརྦ་པཱ་པཾ་ཨ་ པ་ན་ཡེ་ཧཱུཾ། ཞེས་པས་སྡིག་པ་བཀུག་པ་དང་དྲིལ་བུའི་ཕྱག་རྒྱས། ༀ་བཛྲ་པཱ་ཎི་བཱི་སྥོ་ཊ་ཡ། སརྦ་ཨ་པ་ཡ་ བནྡྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨཱ་པ་ཡ་ག་ཏི་བྷྱཿ སརྦ་སཏྭ་ནཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ༀ་ སརྦ་བིད་སརྦ་པཱ་པཾ་བི་ཤྭདྷ་ནི་ཧཱུཾ་ཕཊ། ཅེས་པས་སྡིག་པ་སྦྱངས། ༀ་སརྦ་བིད་ཏྲཊ། ༀ་བཛྲ་བནྡྷ་དྲ་ ཐ། ༀ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡ་ཧཱུཾ། ངན་སོང་སྦྱོངས། དཔྲལ་བར་ༀ། སྙིང་གར་ཧཱུཾ། གཙུག་ཏོར་དུ་ཧཾ། ལྟེ་བར་ཧོཿ མགྲིན་པར་ཨཱཿ གསང་བར་ཀྵཿཡིག་གིས་མཚན་པར་གྱུར། སྙིང་པོའི་མཐར། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཨཱ་པ་ཡ་བི་ཤྭ་དྷ་ནི་བཛྲ་ཧཱུཾ་ཕཊ། ༀ་ སརྦ་ཀརྨ་ཨཱ་བ་ར་ཎ་ནི་བྷིསྨ ་ཀུ་རུ་ཧཱུཾ་ཕཊ། ༀ་བྷྲུཾ་བི་ན་ཤྭ་ཡ་ཨ་བཱ་ར་ཎ་ནི་བཛྲ་ཧཱུཾ་ཕཊ། ༀ་དྲུཾ་ བི་ཤྭ་དྷ་ཡ་ཨ་བཱ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་སརྦ་ཨ་བཱ་ར་ཎ་ནི་ཧཱུཾ་ ཕཊ། ༀ་སྲུང་ས་ར་ས་ར་པྲ་ས་ར་པྲ་ས་ར་སརྦ་ཨ་བཱ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨ་ བཱ་ར་ཎ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨ་བཱ་ར་ཎ་ནི་བི་སྤོ་ཊ་ཡ་ཧཱུཾ་ཕཊ། ༀ་བི་ཏྲ་བ་བི་ཏྲ་བ་སརྦ་ ཨ་པ་ཡ་ཏད་ཏོ་ཎ་ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་ པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་པ་རྣམས་བཟླ་ཞིང་ རྫས་ཀྱིས་བྲབ། ཁྲུས་ནི། དུས་ཀྱི་འཁོར་ལོས་བྱིན་བརླབས་པ། །ཡེ་ཤེས་རང་བཞིན་འཁྲུད་བྱེད་ཆུ། །གང་འདིས་ལས་ངན་སྡིག་སྒྲིབ་སྦྱངས། །འཁོར་བར་སྐྱེ་གནས་ཀུན་ཆོད་ཤོག །སྙིང་པོ་བརྗོད་ལ་ ཁྲུས་བྱ། འདི་ནི་ཡེ་ཤེས་ལྷ་ཡི་བྱིན་རླབས་ཆུ། །གང་དེས་ལེགས་བཀྲུས་ཚེ་འདས་སེར་སྣ་ 4-1-150 སོགས། །དྲི་མ་དྲུག་སྦྱངས་ཕར་ཕྱིན་ཡེ་ཤེས་དྲུག །སེམས་རྒྱུད་གཤིས་སུ་མྱུར་ནས་གསལ་ གྱུར་ཅིག །སྙིང་པོ་ལན་གསུམ་བརྗོད། དུས་འཁོར་དཀོན་མཆོག་གསུམ་གྱི་བདག་ཉིད་ཀྱིས། །བདེན་པའི་སྟོབས་ཀྱིས་ཚེ་འདས་དུག་གསུམ་ཆོམ། །འབྱུང་བ་ལས་སྐྱེས་ཉོན་མོངས་རིགས་ གྱུར་ཚོགས། །རང་རང་ཆོས་ཉིད་ངང་དུ་ཞི་གྱུར་ཅིག །སྙིང་པོ་ལན་གསུམ། དུས་ཀྱི་འཁོར་ལོའི་ ལེགས་དགེ་ཡ་མཚན་གྱིས། །ཚེ་འདས་ཕྱོགས་རྣམས་གང་དུ་ཡོངས་བདེ་ཞིང༌། །ཐར་ལམ་ བར་ཆད་མཐའ་དག་ཀུན་ནས་ཞི། །ཕུན་ཚོགས་ལེགས་དོན་ཐམས་ཅད་མྱུར་འགྲུབ་ཤོག །དཀྱིལ་འཁོར་བཀྲ་ཤིས་དགེ་ལེགས་རྒྱ་མཚོའི་དབྱིངས། །རྡོ་རྗེ་འཛིན་པ་བློ་གྲོས་རྒྱ་མཚོའི་ སྒྲས། །རྣམ་པར་བསྒྲགས་ཏེ་སྐྱེ་དགུ་རྒྱ་མཚོའི་ཚོགས། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་རྒྱས་ཐོབ་ ཤོག །བཤགས་པ་ནི། དུས་ཀྱི་འཁོར་ལོ་སངས་རྒྱས་བྱང་སེམས་དྲུང༌། །ཚེ་འདས་ཐོག་མེད་ནས་ བསགས་སྡིག་ལྟུང་ཀུན། །སྙིང་ནས་འགྱོད་པ་ཆེན་པོའི་སྒོ་ནས་བཤགས། །བརྩེ་ཆེན་ཐུགས་ རྗེས་ངན་སོང་འཇིགས་ལས་སྐྱོབས། །དེ་ནས་སྔགས་དབང་ཙམ་ལེན་པ་ནི། ༀ་ཨ་ཡ་མནྟ་ཀྲྀཏ་ཧཱུཾ། ཞེས་ པས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་གཤིན་རྗེ་མཐར་བྱེད་སྤྲུལ་ཏེ་སློབ་མའི་བྱུར་དང་སྐལ་ངན་བགེགས་བསྐྲད་ཅིང༌། ཤར་སྒོ་ ཕྱེ་ནས། ཨ་ཁཾ་ཝི་ར་ཧཱུྃ་གིས་སྒོ་ནང་དུ་བཅུག་པར་མོས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནིསྭཱ་ཧཱས་ དཀྱིལ་འཁོར་ལ་མེ་ཏོག་དོར་ནས་དངོས་གཞིའི་མཎྜལ་འབུལ་བ་ནི། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་ བཀྲམ། །རི་རབ་གླིང་བཞི་ཉི་ཟླ་སྒྲ་གཅན་དང༌། །དུས་མེ་དབུས་སུ་ལྷ་མིའི་དཔལ་འབྱོར་ ཀུན། །དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་འབུལ། །གུ་རུ་ཨེ་དཾ་རཏྣ་དྲཾ་མཎྜལ་ཀཾ་ནིརྱཱ་ཏཱ་ཡཱ་ མི། །དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། །དབང་གི་ལྷ་འཁོར་དང་ བཅས་པ་བཛྲ་ས་མཱ་ཛཿ ༀ་བཛྲ་གནྡྷཾ༴ ནས། ཀ་མཾ་པྲ་ཏིཙྪ་ན་མཿ ༀ་བཀྲ་ཤིས་གང་ཞིག་སེམས་ ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ 4-1-151 ཤོག །སྒྲིབ་པ་ཀུན་སྤངས་དུས་ཀྱི་འཁོར་ལོ་དང༌། །བླ་མ་དབྱེར་མེད་ཡེ་ཤེས་སྐུ་ཁྱོད་ལ། །ཕྱི་ ནང་མཆོད་རྫས་བཟང་དགུ་དབུལ་བར་བགྱི། །འཇིག་རྟེན་འཇིག་རྟེན་འདས་པའི་དབང་ རབ་སྩོལ། །ཞེས་གསོལ་བ་བཏབ། དུང་ཆོས་ཀྱི་ཆུ་གནས་ལྔར་གཏོར་ཏེ། སྔགས་དབང་རྣམས་རིམ་པར། ༀ་ཨཱ་ཨི་རི་ ལ ་པཉྩ་དྷ་དུ་བི་ཤྭ་དྷ་ནི་སྭཱ་ཧཱ། ༀ་ཨཱ་ཨི་རི་ལ ་པཉྩ་ཏ་ཐཱ་ག་ཏ་པ་རི་ཤུདྡྷ་སྭཱ་ཧཱ། ༀ་ཨ་ཨཱ་ཨཾ་ཨཱ་ ཧ་ཧཱ་ཧཾ་ཧཱ་ཕྲེཾ་ཧོ་ད་ཤ་པ་ར་མི་ཏ་པ་རི་པུ་ར་ཎི་སྭཱ་ཧཱ། ༀ་ཧཱུཾ་ཧོཿསུརྱ་ཙནྡྲ་བི་ཤྭ་དྷ་ཀ་སྭཱ་ཧཱ། ༀ་ ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་བི་ཥ་ཡ་ཨིནྡྲ་ཡ་བི་ཤྭ་དྷ་ནི་སྭཱ་ཧཱ། ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ ཝ་ཝཱ་ལ་ལཱ་ཙ་ཏུརྤྲ་ཧྨ་བི་ཧཱ་ར་བི་ཤུདྡྷེ་ཧཱ། ༀ་ཧཾ་ཀྵ་དྷརྨ་ཙཀྲ་པྲ་བརྡྷ་ཀ་སྭཱ་ཧཱ། དངོས་གཞི་དེ་ལའང་ དབང་སོ་སོའི་དམིགས་པ་རྣམས་གསལ་ཐེབས་ན། ངག་ཏུ་བརྗོད་པའི་སྔགས་དབང་ཁོ་ནས་ཀྱང་དབང་གི་དངོས་གཞིའི་ཆོ་ག་ལ་ མ་ཚང་བ་མེད་པ་ཡིན་པས་དེ་ལྟར་ཡང་བྱ་སྟེ། སློབ་མ་སོགས་ལ་དབང་བསྐུར་བ་ཡང་དེའི་རིགས་པས་འཕྲུལ་ཤེས་པར་བྱའོ། །གསུར་བསྔོ་ནི། དེ་ལྟར་དབང་བསྐུར་སྟོབས་ཀྱིས་ཚེ་འདས་ཉིད། །དུས་འཁོར་གསལ་ཞིང་ མཆོད་བསྟོད་ལེགས་བགྱིད་དོ། །གསུར་རྫས། ༀ་ཨཱཿཧཱུཾ་ཧྲཱཿཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་འདོད་ཡོན་མི་ཟད་གཏེར། །རང་མཐུན་ལོངས་སྤྱོད་ནམ་མཁའ་མཛོད་དུ་གྱུར། འབྲུ་གསུམ་ལན་གསུམ་དང༌། སཾ་བྷ་རའི་སྔགས་ལན་བདུན་ནམ་ཉེར་གཅིག་གི་མཐར། འདོད་པའི་ཡོན་ཏན་ གཟུགས་སྒྲ་དྲི་རོ་རེག །ཚེ་འདས་དུས་འཁོར་གསལ་ལ་ལེགས་འབུལ་མཛོད། །གཞན་ཡང་ དྲི་ཟའི་རིགས་གྱུར་ཀུན་ལ་བསྔོ། རང་རང་རེ་འདོད་ཇི་བཞིན་སྐོང་གྱུར་ཅིག །འདོད་ཡོན་ འདི་ལ་ཁྱེད་ཅག་ཡིད་མཐུན་ལྟར། །ཅི་དགར་ལོངས་སྤྱོད་བར་དོའི་འཁྲུལ་སྣང་ཞི། །བྱང་ ཆུབ་སེམས་ཀྱིས་རྒྱུད་སྨིན་ལམ་མཆོག་སྒོར། །ལེགས་ཞུགས་རིང་མིན་དོན་གཉིས་མཐར་ ཕྱིན་ཤོག །འཕོ་བ་ནི། དུས་འཁོར་ཆོས་སྐུ་ཡེ་ཤེས་དབྱིངས། །དབྱེར་མེད་རོ་མཉམ་གཉུག་མའི་ གཤིས། །ཐུགས་ཡིད་རིས་སུ་ཆད་མེད་པར། །དགོངས་ཀློང་གཅིག་ཏུ་ཕཊ་གྱིས་སྤར། འདིར་སྤྲོ་ ན་དུས་འཁོར་འཕོ་བ་སོགས་འདོན། རྟེན་བྱང་སྲེག་པ་ནི། མདུན་མཁར་བཞུགས་པའི་དུས་འཁོར་ཐུགས་ཀ་ 4-1-152 ནས། །ཡེ་ཤེས་རང་བཞིན་འོད་གསལ་མེ་སྤྲོས་པས། །ཚེ་འདས་རྣམ་སྨིན་ཉེར་ཕུང་གདོས་ བྱས་ཁམས། །རབ་སྦྱང་ཞི་བ་ལྷག་མེད་མྱང་འདས་གྱུར། །ༀ་ཨགྣེ་ཛྙཱ་ན་ཛྭ་ལ་རཾ། སྙིང་པོ་ཅི་ནུས་ བཟླས་མཐར། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཞི་བ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་བསྲེགས་ལ། ལམ་ སྦྱངས་ནི། དཔལ་མཆོག་དུས་ཀྱི་འཁོར་ལོའི་ལྷ་ཚོགས་དྲུང༌། །རླབས་ཆེན་མཐུ་ཡིས་ཚེ་འདས་ སྒྲིབ་པ་སྦྱངས། །དེར་བརྟེན་རྣམ་པར་གྲོལ་བའི་བག་ཆགས་བཞག །རིང་མིན་འཁོར་བར་ རྒྱབ་ཀྱིས་ལེགས་ཕྱོགས་གྱུར། །ༀ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣ་སམྦྷ་ཝེ། རཏྣེ་ཀེ་རཏྣེ། རཏྣ་མ་ལ་ བི་ཤུདྡྷེ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུཾ་ཕཊ། ལམ་བསྟན་ནི། དུས་ཀྱི་འཁོར་ལོའི་ཐུགས་ཀའི་རྣམ་ཤེས་ ཉིད། །རྩལ་ལྡན་མདའ་འཕང་ཇི་བཞིན་སྐད་ཅིག་ལ། །གནས་ཆེན་ཤམྦྷ་ལ་ཡི་ཞིང་ཁམས་ སུ། །བླ་མ་དུས་འཁོར་དབྱེར་མེད་དྲུང་དུ་འཕོས། །ༀ་པདྨེ་པདྨེ་པདྨ་སཾ་བྷ་ཝེ་མཧཱ་སུ་ཁ་ཝ་ཏི་ གཙྪན་ཏུ་སྭཱཧཱ། ཕཊ་སྒྲ་ལན་གཅིག་བརྗོད། ཞིང་དེར་འཕོས་མ་ཐག་ནས་སྐྱེས་ཐོབ་ཀྱིས། །གཟུངས་ དང་ཏིང་འཛིན་ཡོན་ཏན་མཐའ་ཡས་པ། །རང་ཤུགས་ཀྱིས་འབྱུང་དུས་འཁོར་དགྱེས་ཞལ་ མཇལ། །གསུང་གི་བདུད་རྩིས་སྤངས་རྟོགས་མྱུར་རྫོགས་མཛོད། །དང་པོར་སྐྱེས་མ་ཐག་ ནས་མངོན་ཤེས་ཀྱིས། །སྔགས་འཆང་སློབ་དཔོན་མཐུ་ཉིད་ཡིན་པར་ཤེས། །བཀའ་དྲིན་ གསོ་ཕྱིར་སླར་ལོག་ཆེ་བསྔགས་ཀྱིས། །དགའ་སྟོན་དུས་ཀྱི་མཆོད་བསྟོད་ལེགས་བྱེད་གྱུར། །དེ་ནས་རང་གནས་ཞིང་དུ་ཐོགས་མེད་སླེབ། །ཚེ་འདིར་སྤངས་རྟོགས་མ་ལུས་རིམ་པས་ རྫོགས། །དོན་གཉིས་ལྷུན་གྲུབ་དཔག་ཡས་མཛད་བཟང་གིས། །འཁོར་བ་སྲིད་དུ་འགྲོ་ཕན་ བྱེད་གྱུར་ཅིག །བསྔོ་སྨོན་ནི། བཅོམ་ལྡན་དུས་ཀྱི་འཁོར་ལོའི་གསང་བ་གསུམ། །རླབས་ཆེན་ མཆོག་གི་མཐུ་ནུས་ལ་བརྟེན་ནས། །བདག་ཅག་ལྷ་སྔགས་ཏིང་འཛིན་ཕྱག་རྒྱའི་སྟོབས། །ལེགས་འཛོམས་མཐུ་ཡིས་སྨོན་དོན་གེགས་མེད་ཤོག །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་ བཅས་དང༌། །ཁྱད་པར་བླ་མ་དུས་ཀྱི་འཁོར་ལོ་ཡི། །གསང་གསུམ་མཛད་པའི་མཐུ་ནུས་ 4-1-153 དཔག་མེད་པས། །བདག་གིས་བསྔོ་སྨོན་ཇི་བཞིན་འགྲུབ་གྱུར་ཅིག །དུས་ཀྱི་འཁོར་ལོ་བླ་མ་ དབྱེར་མེད་ལ། གུས་པས་སྐྱབས་གསོལ་འདིར་བསགས་རབ་དཀར་མཐུས། །ཤམྦྷ་ལ་རུ་ རིགས་ལྡན་སྲས་གྱུར་ཏེ། །བསྟན་འགྲོ་ཡོངས་ལ་རླབས་ཆེན་ཕན་ཐོགས་ཤོག །བསོད་ ནམས་བསགས་དགེའི་བདག་སོགས་འགྲོ། །འདི་ཕྱི་ཀུན་ཏུ་ཡང་དག་གིས། །ཆོས་མཐུན་ཁོ་ ནས་ལེགས་འཚོ་ཞིང༌། །རྐྱེན་ངན་གང་གིས་བསྒྱུར་མེད་ཤོག །རབ་དཀར་འདིས་མཚོན་སྐྱེ་ འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་འཕང་མཐོ་བ་དང༌། །ཆབས་ཅིག་ འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང༌། །བསྟན་འགྲོའི་སྲུང་རིམ་རླབས་ཆེན་སྤྱོད་གྱུར་ཅིག །གཞན་ཡང་སྨོན་ལམ་ཇིལྟར་འོས་པར་བྱའོ། །འདིར་སྨྲས་པ། སྒྲུབ་ཐབས་དཔག་བསམ་ལྗོན་པའི་བསིལ་གྲིབ་ལས། ། འགྲོ་ཀུན་འཁོར་བའི་ཚ་གདུང་སེལ་བའི་ཐབས། ། དུས་གསུམ་རྒྱལ་བའི་ཞལ་བསྡུར་བྱས་གྱུར་ཀྱང༌། ། འདི་ལས་ཟབ་པའི་གདམས་ངག་རྙེད་མི་འགྱུར། ། དེ་ལྟར་ངེས་པར་ཉམས་སུ་བླང་གྱུར་ན། ། སྤྲིན་རྣམས་ནམ་མཁའི་ངང་ལ་ཡལ་བ་བཞིན། ། འཁོར་འདས་རྟོག་ཚོགས་གདོད་མའི་གཞི་ནས་དག ། ཉི་མའི་དཀྱིལ་འཁོར་སྒྲིབ་མེད་གསལ་བ་བཞིན། ། བདེ་གཤེགས་སྙིང་པོའི་ཆོས་སྐུ་མངོན་གྱུར་ནས། ། རང་སྣང་གཞན་སྣང་མཛད་བཟང་ལ་བརྟེན་ནས། ། གང་ལ་གང་འདུལ་སྤྲུལ་བཀོད་རབ་འགྱེད་པས། ། འབད་མེད་རང་ཤུགས་ལྷུན་གྲུབ་འགྲོ་དོན་མཛད། ། 4-1-154 གང་ཟག་དབང་པོ་རབ་རྣམས་ཚེ་འདིར་གྲོལ། ། འབྲིང་རྣམས་བར་དོ་རྣམས་སུ་ངེས་པར་གྲོལ། ། ཐ་མ་སྐྱེ་བ་བདུན་ལས་མི་འགྱང་བར། ། རྒྱལ་བ་རྡོ་རྗེ་འཆང་གི་བཀའ་ལུང་མཛད། ། ཚིག་དོན་འདི་རྣམས་ཡིད་ལ་ཟུང་ཞིག་དང༌། ། སྐྱིད་པའི་ཉི་མ་ནང་ནས་འཆར་བར་ངེས། ། ཉོན་མོངས་རྟོག་པའི་དྲི་མ་དབྱིངས་སུ་དག ། འབྲས་བུ་སྐུ་གསུམ་ཚེ་འདིར་འཐོབ་པར་ཤོག ། ཅེས་དཔལ་་དང་སྔགས་དབང་བསྡུས་ཙམ་འཁོར་བའི་ཚ་གདུང་སེལ་བའི་དཔག་བསམ་ལྗོན་པའི་བསིལ་གྲིབ་ཅེས་བྱ་ བ་འདི་ཚེ་འདས་འབའ་མདའི་དཔལ་གྲགས་ཀྱི་དོན་དུ་སློབ་བུ་བསྟན་རབ་ཀྱིས་བསྐུལ་ངོར་འཛམ་ཐང་པ་ངག་དབང་ཡོན་ཏན་ བཟང་པོས་བྲིས་པ་ལྟར་ཡི་གེ་པ་ནི་ངག་དབང་བརྩོན་འགྲུས་དཔལ་བཟང་ངོ༌། །དགེའོ། ། 4-1-155 ༄༅། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་སྡིག་པ་ སྦྱོང་བའི་ལྷོ་སྒོའི་ཆོ་ག་ཞེས་བྱ་བ་ བཞུགས་སོ། ། ༄༅། །རབ་དམར་བྱུ་རུའི་ལྷུན་པོར་ཕྱོགས་ཀྱི་གོས། །ཉིན་བྱེད་འོད་ཀྱིས་འཁྱུད་པའི་བདེ་སྟོང་འབར། །ཧེ་རུ་ཀ་དཔལ་ བྱེ་བའི་ན་ཊ་ཀ །རྒྱལ་ཀུན་ཡུམ་གཅིག་རྣལ་འབྱོར་མ་དཔལ་འདུད། །དེ་ལ་འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་སྡིག་ པ་སྦྱོང་བའི་ལྷོ་སྒོའི་ཆོ་ག་བྱ་བ་ལ། མིང་བྱང༌། བགེགས་གཏོར། བྲབ་རྫས། འདོད་ཡོན་གསུར་རྫས་སོགས་ཅི་དགོས་འདུ་བྱས་ ལ། དཀྱིལ་འཁོར་ལྷོའི་རྟེན་བྱང༌། བསངས་སྦྱངས། མདུན་གྱི་རྟེན་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་ པའི་ངང་ལས་སྦྱོང་སྟེགས་ཁྲུ་གང་བའི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་ དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ། དེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ནྲྀཿཡིག་ ཡོངས་སུ་གྱུར་པ་ལས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་ འདས་པ་ཆེ་གེ་མོ་ཞེས་བྱ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་ གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར། རང་གི་སྙིང་གའི་ཧཱུཾ་དང་ཚེ་འདས་ཀྱི་སྙིང་གའི་ནྲ ཿལས་འོད་འཕྲོས་ཚེ་འདས་ཀྱི་རྣམ་པར་ཤེས་པ་ཁམས་གསུམ་སྐྱེ་གནས་བཞི་འགྲོ་བ་རིགས་ དྲུག་སྲིད་པ་བར་མ་གང་ན་གནས་ཀྱང་སྐད་ཅིག་གིས་རྟེན་རོའམ་བྱང་བུ་འདི་ཉིད་ལ་བཀུག་ པར་གྱུར། ཧཱུཾ་མཛད་ཀྱི་ཕྱག་རྒྱ་བྱས་ལ། འགུགས་པ་ནི། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་ པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང༌། སངས་རྒྱས་ཀྱི་བདེན་པ་དང༌། ཆོས་ 4-1-156 ཀྱི་བདེན་པ་དང༌། དགེ་འདུན་གྱི་བདེན་པ་དང༌། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ ཁྲོ་བོ་ཁྲོ་མོ་རྣམས་ཀྱི་བདེན་པ་དང༌། བཅོམ་ལྡན་འདས་མ་ངན་སོང་ཐམས་ཅད་ཡོངས་སུ་ སྦྱོང་བ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བདེན་པ་དང༌། དཔལ་མགོན་དམ་པ་ཆོས་སྐྱོང་བའི་ སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་ བརླབས་ཀྱིས་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་བའི་ཚེ་དུས་ལས་འདས་པ་ཆེ་ གེ་མོའི་རྣམ་པར་ཤེས་པ་ལས་ཀྱི་དབང་གིས་ཁམས་གསུམ་སྐྱེ་གནས་བཞི་འགྲོ་བ་རིགས་ དྲུག་སྲིད་པ་བར་མ་གང་ན་གནས་ཀྱང་སྐད་ཅིག་གིས་རོའམ་བྱང་བུ་འདི་ཉིད་ལ་མཆིས་པར་ གྱུར་ཅིག ༀ་ཊཀྐི་ཧཱུཾ་ཛཿ ཞེས་པས་ཚེ་འདས་ཀྱི་རྣམ་ཤེས་བཀུག ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་པ་ ན་ཡ་ཧཱུཾ། ཞེས་པས་ཚེ་འདས་ཀྱི་སྡིག་པ་བཀུག ༀ་སརྦ་ཨ་པ་ཡ་ཨ་ཀརྵ་ཎ་བི་ཤོ་དྷ་ནི་བཛྲ་ས་མ་ཡ་ཧཱུཾ་ ཕཊ། ཞེས་པས་ངན་སོང་བ་རྣམས་བཀུག ༀ་བཛྲ་པ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པ་ཡ་བྷནྡྷ་ནཱི་ནཾ་པྲ་མོ་ཀྵ་ཡ། སརྦ་ཨ་པ་ཡ་ག་ཏི་བྷྱཿ སརྦ་ས་ཏྭ་ནཾ་སརྦ་ཏ་ཐ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་དང༌། ༀ་བཛྲ་བྷནྡྷ་ ཏྲཊ། ཅེས་པས་ངན་སོང་བ་དེ་དག་གིས་སྡིག་སྒྲིབ་གཉིས་དང་བཅས་མཉེས་དྲལ་བྱས། ༀ་སརྦ་བིད་སརྦ་པ་པཾ་བི་ཤོ་ དྷ་ནེ་ཧཱུཾ་ཕཊ། ཅེས་པས་སྡིག་པ་སྦྱངས། ༀ་སརྦ་བིད་ཏྲཊ་ཀྱིས་ངན་སོང་ཡོངས་སུ་སྦྱངས་བར་བསམ། ༀ་བཛྲ་ ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུཾ། ཞེས་གནས་ཉེར་གཉིས་བྱིན་གྱིས་བརླབས། ཚེ་འདས་ཀྱི་རྣམ་པར་ཤེས་པ་ ཨ་དཀར་པོ་དྲི་མ་མེད་པར་གྱུར་བར་བསམ། བགེགས་གཏོར་བསངས་སྦྱངས་བྱིན་གྱིས་བརླབས་ཏེ། རྟེན་ལ་ བསྐོར་ཞིང༌། ༀ་སརྦ་བིགྷྣན་ན་མཿསརྦ༴ སོགས་དང༌། སུམྦྷ་ནི༴ བརྗོད། བདེན་སྟོབས་དང་བཅས་པས་བགེགས་ སྦྱངས། སྡིག་པ་སྦྱངས་བ་ནི། ༀ་སརྦ་པ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ཞེས་པས་སྡིག་པ་ཐམས་ཅད་མེར་བསྲེགས་ཅིང་ ཆུར་དོར་བར་བསམ། ཕྱིར་བཟློག་བྱ་བ་ནི། བྱེ་མའམ་ཡུངས་ཀར་སོགས་ལ་སྔགས་བཟླས་པས། ༀ་སརྦ་པཱ་པཾ་ད་ཧ་ན་ བཛྲ་ཧཱུཾ་ཕཊ། ༀ་སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨ་ཨ་ཝ་ར་ཎཱ་ནིབྷསྨི་ཀུ་རུ་ཧཱུཾ་ ཕཊ། ༀ་བྷྲཱུཾ་བི་ན་ཤཱ་ཡ་ཨ་ཝ་ར་ཎཱ་ནི་བཛྲ་ཧཱུཾ་ཕཊ། ༀ་དྲུང་བི་ཤྭ་དྷ་ཡ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། 4-1-157 ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་སྲུང་ས་ར་ས་ར། པྲ་ས་ར་པྲ་ས་ར་ སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨ་ཝ་ ར་ཎཱ་ནི་བི་སྥོ་ཊ་ཡ་ཧཱུཾ་ཕཊ། ༀ་བྷྲི་ཏ་བྷྲི་ཏ་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨ་ཝ་ ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཚིནྡྷ་ཚིནྡྷ་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ ཏུན་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུཾ་ཕཊ། ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ ཧེ་ཏུན་ཧཱུཾ་ཕཊ། ཞེས་སོགས་བརྗོད་ཅིང་རུས་པ་སོགས་ལ་བྲབ་ཅིང༌། ཚེ་འདས་ཀྱི་སྡིག་པ་ཐམས་ཅད་བྱང་བར་བསམ། དེ་ ནས་ལྷ་ལ་ཁྲུས་གསོལ་བྱས་ཏེ། འདི་ནི་སྦྱིན་པའི་༴ སོགས་དང༌། འདོད་ཆགས་ཞེ་སྡང༴ སོགས་དང༌། ས་ནི་ དུག་གིས༴ སོགས་དང༌། གང་ལ་སེར་སྣ༴ སོགས་ཀྱིས་ཁྲུས་བྱའོ། །བསྡུ་ན་བྲབ་སྔགས་ཡང་ཐ་མ་གསུམ་དང༌། ཕྱིན་ དྲུག་གིས་ཁྲུས་དང་བཀྲ་ཤིས་ཀྱང༌། རྐང་གཉིས་ཁྱེད་ཅག༴ སོགས་ཙམ་བྱའོ། །དེ་ནས་སྡིག་པ་བཤགས་པས་སྦྱངས་ བ་ནི། ཕྱག་འཚལ་གྱི་ཚིག་དང༌། གཙོ་བོ་རྒྱལ་བ་མ་བརྗོད་པས་སྡིག་པ་བཤགས་པ་དང༌། དེ་ནས་དབང་བསྐུར་བའི་སྦྱང་ཁྲུས་ སོགས་ཀྱིས་ཚེ་འདས་ཀྱི་སྡིག་སྒྲིབ་དག་ནས་ལྷར་གྱུར་པ་ལ། མཆོད་བསྟོད་བྱ། འདོད་ཡོན་ཟས་གཏད་དང་གསུར་བསྔོ་མཚན་ དང་འཕོ་བ་ཅི་འགྲུབ། ལམ་སྦྱང་བསྟན་གྱིས་མཐར་དབྱུང་བར་བྱའོ། །སྨྲས་པ། མཁྱེན་བརྩེ་ནུས་པའི་རླབས་ཕྲེང་ཕྱོགས་བཅུར་ གཡོ། །འཕྲིན་ལས་ཆུ་འཛིན་རབ་བསྐྱོད་ལྷ་ལམ་ཁྱབ། །དམ་ཆོས་གྲུ་ཆར་ཤེས་རྒྱུད་འཛིན་མར་ལྷུང༌། །དགེ་བཅུའི་ལོ་འབྲས་ གཡུར་དུ་ཟ་བར་ཤོག །ངེས་དོན་རྒྱལ་བསྟན་དེ་འཛིན་རབ་རྒྱས་ཤིང༌། །ཁྱད་པར་འབྲེལ་ཐོགས་ཀྱིས་མཚོན་ངན་སོང་ལས། །འདྲེན་པའི་ཐབས་མཆོག་ལ་བརྟེན་ལས་སྒྲིབ་སྦྱངས། །བདེ་ནས་བདེ་བའི་ཐབས་མཆོག་སྤྱོད་པར་ཤོག །འདིར་འབད་རྣམ་པར་ དཀར་བའི་ཉལ་འགྲོའི་རྒྱུན། །རྒྱལ་སྲས་བསོད་ནམས་ཀླུང་ཆེན་དང་འགྲོགས་ཏེ། །ལེགས་བཤད་སྒྲ་དབྱངས་ལྷང་ལྷང་རབ་ སྒྲོགས་བཞིན། །སྐུ་བཞིའི་ཆུ་གཏེར་ཚོགས་དང་རོ་གཅིག་གྱུར། །ཅེས་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་ ཅིང་མཆོད་པའི་ཆོ་ག་ལ་གཤིན་པོ་རྗེས་འཛིན་གྱི་ལྷོ་སྒོ་སྦྱར་ལུགས་བསྡུས་པ་འདི་ཤར་འཛམ་ཐང་པ་ངག་དབང་ཚོགས་གཉིས་ རྒྱ་མཚོའི་ཆོ་ག་ཀུན་ལ་སྦྱར་བའི་ལྷོ་སྒོའི་གཞི་བྱས་ཏེ། ངེས་དོན་རྒྱལ་བསྟན་གྱི་ཁུར་ཆེན་འཛིན་པ་སྐྱེས་མཆོག་དམ་པ་དཔལ་ ལྡན་བླ་མ་དམ་པ་ཐུགས་རྗེ་དཔལ་གྱི་དབང་ཕྱུག་གི་དགོངས་བཞེད་བཞིན། ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་རྔ་སྟོད་ 4-1-158 རྩི་ནང་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་དུ་སྦྱར་བའོ།། །། 4-1-159 ༄༅། །རྡོ་རྗེ་རྣལ་འབྱོར་མའི་ཚོགས་མཆོད་བདེ་ཆེན་འདྲེན་ པའི་མེ་ཏོག་ཆར་འབེབས་བཞུགས། ༄༅། །ༀ་སྭ་སྟི། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་གུས་པས་ཕྱག་འཚལ་ལོ། །འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་ མ་ལ་ཚོགས་མཆོད་འབུལ་བའི་ཐབས་ལ། ཚོགས་རྫས་ཡོ་བྱད་སོགས་འདུ་བྱས་ལ། ༀ་སུམྦྷས་བསངས། ༀ་སྭ་བྷཱ་ཝས་ སྦྱངས། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང༌། རཾ་ལས་མེའི་དཀྱིལ་ འཁོར་གྱི་སྟེང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ། བདུད་ རྩི་ལྔ། ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ལན་གསུམ། ན་མོ་ཐབས་དང་ཤེས་རབ་གཉིས་སུ་ མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ། རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་ པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་དཔལ་ལྡན་བླ་མ་རྗེ་རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་ པ་ཆེན་པོ་དང༌། དེའི་རྒྱུད་འཛིན་རྗེ་ཏཱ་ར་ནཱ་ཐ་ཡབ་སྲས་དང་བཅས་པ་རྩ་བརྒྱུད་བླ་མ་རྣམས་ ཀྱི་ཞལ་དུ་ག་ན་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ན་མོ་ཐབས་དང༴ ནས། འདི་ ཉིད་དངོས་གྲུབ་ཀྱི་རྩ་བ་ཡི་དམ་མཁའ་སྤྱོད་དབང་མོའི་གཙོས་ཡི་དམ་ལྷ་ཚོགས་རྣམས་ ཀྱི༴ འཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི༴ དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི༴ མི་འབྲལ་སྙིང་གི་གཞལ་མེད་ ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་ནས། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང༌། །ཏཱ་ 4-1-160 ར་ནཱ་ཐ་ཡབ་སྲས་བཅས། །དྲིན་ཅན་བརྒྱུད་པའི་བླ་མ་རྣམས། །བཀའ་དྲིན་མཉམ་མེད་དམ་ པ་རྗེ། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་ བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་ འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨཱཿ སྟུག་པོའི་ཞིང་ཁམས་འཇིག་པ་མེད། །དཔའ་བོ་དཔའ་མོ་འབུམ་ སྡེའི་དབུས། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །འདོད་ཆགས་རྡོ་རྗེ་བདེ་ཆེན་འབར། །རྣམ་ འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་ བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ ཡ་ཨཱཿ མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་ནས། །བདེ་ཆེན་ ཕག་མོ་མཁའ་འགྲོའི་འཁོར། །གར་སྟབས་གླུ་ལེན་རྣམ་འགྱུར་ངོམ། །རྣམ་འཕྲུལ་མཁའ་ལ་ སྤྲིན་བཞིན་འཐིབ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནིཛྙཱ་ན་ཨ་བེ་ཤ་ཡ་ཨཱཿ ས་ལ་སྤྱོད་ པའི་འོག་མིན་མཆོག །ཉི་ཤུ་རྩ་བཞིའི་ཞིང་མཆོག་ནས། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་ བའི། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་འཐིབ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་ རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་ མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨཱཿ བདུད་ཚོགས་ཀུན་འདུལ་ འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ 4-1-161 ཀུན་བསྒྲུབ་པའི། །ཆོས་སྐྱོང་སྲུང་མ་འཁོར་བཅས་ཀྱང༌། །རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་ འཐིབ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ ཐུན་མོང་དངོས་གྲུབ་སྩོལ། །གུ་རུ་དེ་བ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨཱཿ བླ་མ་ཡི་དམ་མཁའ་ འགྲོ་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོད་པན་པུ་རུ་རུ། །རྒྱན་ཆ་མང་ པོ་ཁྲོ་ལོ་ལོ། །རོལ་མོ་མང་པོ་དི་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་ འབུམ་སྡེ་ཤ་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་སལ་ལ་ལ། །བརྗོད་ མེད་དབྱངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །བྱིན་གྱིས་བརླབ་ཕྱིར་གཤེགས་ སུ་གསོལ། །གནས་མཆོག་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་ དེ་བ་ཌཱ་ཀི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ལས་རྡོར་གྱིས། ཚོགས་ཤ་གཡས། ནང་མཆོད་གཡོན་དུ་ཐོགས་ཏེ། འདི་ སྐད་ཅེས། ཀྱེ་འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ ཟེ་ཁྱི་དང་གདོལ་བ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ། བདེ་ གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་ དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁཾ། དེ་ནས་ཚོགས་ཕུད་འབུལ་ བ་ནི། ཞལ་ཟས་རོ་བརྒྱ་ལྡན་པས་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ ལ། །དད་པས་ཕུལ་བའི་འགྲོ་བ་འདི་དག་གིས། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ ཤོག །ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་བཛྲ་ཝརྣ་ནཱི་ཡེ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ སྭཱ་ཧཱ། ཨ་ཀཱ་རོ༴ ལན་གསུམ་མམ་བདུན་གྱིས་འབུལ། ཤ་ས་ནའི་སྔགས་ཀྱིས་ཆོས་སྐྱོང་རྣམས་ལ་འབུལ། ༀ་ཨཱཿཧཱུཾ་ ཧ་ཧོཿཧྲཱིཿ ཕེཾཻ་བཛྲ་ཨ་རལླི༴ སོགས་མཁའ་འགྲོའི་སྤྱི་གཏོར་གཏོང་། ༀ་མཆོད་དོ། །དམན་པའི་ཡུལ་ 4-1-162 ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་ པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །དེ་ ནས་ཚོགས་ལ་ལོངས་སྤྱོད་དོ། །རྗེས་ཚོགས་ལྷག་བསྡུས། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་ རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ཨ་ཀ་རོ༴ ལན་གསུམ། ཕྱི་རོལ་སྒོདྲུང་ན་གནས་པའི་ འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་ལ་ལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་ རྗེ་ཐེག་པ་ལ་གསང་བ་མཆོག་གིརྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིགༀ་ཨུ་ ཙིཥྚ་བ་ལིཾ་ཏ་བྷ་ཀྵ་སི་སྭཱ་ཧཱ། སུམྦྷ་ནི༴ བརྗོད་དོ། །སྨོན་ལམ་བཀྲ་ཤིས་སོགས་བྱའོ། །འདི་ཆོ་ག་གཞན་དང་སྦྱར་ བར་སྤྲོ་ན་གོང་གིས། སུམྦྷ་ནིས་བསངས་བ་དང༌། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཆེ་གེ་མོ་དང༌། རྗེ་བཙུན་རྡོ་རྗེ་ རྣལ་འབྱོར་མ། །འདོད་ཆགས་རྡོ་རྗེ་རྡོ་བདེ་ཆེན་འབར། །ཞེས་པའི་ཚིག་བཅད་གཉིས་དང༌། བདེ་ཆེན་ ཕག་མོ་མཁའ་འགྲོའི་འཁོར། །གར་སྟབས་གླུ་ལེན་རྣམ་འགྱུར་ངོམ། །ཞེས་པའི་ཚིགས་བཅད་གཉིས་ དང༌། ལྷ་རང་རང་གི་སྙིང་པོའི་མཐར། ཨ་ཀ་རོ༴ བཏགས་པས་འབུལ་བ་དང༌། འཁོར་གྱི་ལྷ་སྔགས་ལ་ཡང་དེའི་མཐར། ཨ་ ཀ་རོ༴ བཏགས་པས་འབུལ་བ་སོགས་དེ་དག་ལ་འདོར་ལེན་བྱའོ། །ཞེས་རྡོ་རྗེ་རྣལ་འབྱོར་མ་ལ་མཆོད་པའི་ཚོགས་མཆོད་བདེ་ ཆེན་འདྲེན་པའི་མེ་ཏོག་ཆར་འབེབས་ཞེས་བྱ་བ་འདི་ཡང༌། བདག་གི་དཔལ་ལྡན་བླ་མ་སྐྱེས་མཆོག་དམ་པ་ཐུགས་རྗེ་དཔལ་གྱི་ དབང་ཕྱུག་གིས་སྐུ་རྟེན་དང་དངོས་རྫས་རྣམས་ཀྱི་གནང་སྦྱིན་དང་བཅས་བཀའ་བསྩལ་པ་ལ་བརྟེན་ནས་རྗེ་ཏཱ་ར་ནཱ་ཐའི་ཚོགས་ མཆོད་ཀྱི་གཞི་ཁོག་ལ་འདོར་ལེན་ཕྲན་བུ་རེ་བྱས་ཏེ་བློ་བཟང་ཆོས་འཕེལ་པས་དཔལ་ལྡན་བླ་མའི་བཀའ་དྲིན་གྱི་ཟེགས་མའི་ཆ་ ཙམ་གསོ་ཕྱིར་དུ་དམིགས་ནས་ཕུལ་བའོ།། །།སརྦ་མངྒ་ལཾ། 4-1-163 ༄༅། །དུས་འཁོར་དང་འབྲེལ་བའི་ངག་བྱིན་ རླབས་བདུད་རྩིའི་ཟིལ་བ། ༄༅། །ངག་བྱིན་བརླབ་ནི། སྤྱིར་ཡི་དམ་གྱི་ལྷ་སྔགས་དང༌། དབྱངས་གསལ། ཡིག་བརྒྱ། དུས་འཁོར་ལྟར་ཁ་དག་པའི་ སྔགས། རྟེན་སྙིང་སྔགས་རྣམས་རིམ་པར་བརྗོད་དགོས་པ་ནི། དང་པོར་ཁ་ལ་སོགས་པ་དག་པའི་དོན་དུ་བདུད་རྩིའི་རིལ་བུ་ ཁར་བཅུག་ནས་འདི་ལྟར་བརྗོད་པར་བྱ་སྟེ། ༀ་ཧྐྵྨླྺྼྻྂ ་སྭཱཧཱ། ༀ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ ཨཻ། ཨོ་ཨཽ། ཨཾ་ཨཿ ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་ མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་ པ་ཏིཥྛ། ཌི་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་ མྨེཔྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ། ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ ཏཱ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་བ་མཧཱ། ས་མ་ཡ་སཏྭ་ཨཱཿ ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཔྲཛྙཱ་ཨུ་པཱ་ཡ་ཨཱཏྨ་ ཀཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏི། མ་མཱ་ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲཾ། བཛྲ་ཨ་མྲྀ་ཏ་སྭ་བྷཱ་ཝཾ་ཀུ་ རུ་ཀུ་རུ་སྐནྡྷ་དྷཱ་ཏུ་ཨཱ་ཡ་ཏ་ནཾ་ནིཿསྭ་བྷ་ཝཾ་སྭཱ་ཧཱ། ༀ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏོ་ ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བྃ་བཱ་ཏཱི་མཧཱ་ཤྲ་མ་ཎཿསྭཱཧཱ། ཞེས་བརྗོད་ཅིང་གཙུག་ཏོར་དུ་ ཝཾ་ལས་བྱུང་བའི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་རྫོགས་པ་གདོད་ནས་བཞུགས་པ་ གསལ་བཏབ་སྟེ། དེས་གཙུག་ཏོར་ནས་རྐང་སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྦྲུལ་གྱི་ ཤུན་པ་ལྟར་ལན་གསུམ་དུ་དོར་བས། ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་ 4-1-164 པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ལྟར་གདོད་ནས་བཞུགས་པ་མངོན་པར་ བསམ། ཞེས་དུས་འཁོར་དང་འབྲེལ་བའི་ངག་བྱིན་རླབས་བདུད་རྩིའི་ཟིལ་བ་ཞེས་བྱ་བ་འདི་སློབ་བུ་གྲགས་པ་རྡོ་རྗེ་ལ་མཁོ་ ཕྱིར་བློ་བཟང་ཆོས་འཕེལ་པས་བསྡེབས་པའོ།། །། 4-1-165 ༄༅། །ཆོས་སྤྱོད་སྔོན་འགྲོ། ༄༅། །དབྱངས་གསལ། ཡིག་བརྒྱ། རྟེན་སྙིང༌། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མོ་མཉྫུ་ ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མ་ཨུཏྟ་མ་ཤྲི་ཡེ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ན་མོ་ བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ སཾ་གྷཱ་ཡ། ན་མོ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་ འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་གསོལ་བ་ འདེབས། །ནམ་མཁའི་མདོག་ཅན་ཆོས་སྐུ་རྡོ་རྗེ་འཆང༌། །འགྱིང་བག་རུས་རྒྱན་རྡོ་རྗེ་དྲིལ་བུ་ འཛིན། །མཁའ་སྤྱོད་དཀར་དམར་མཁའ་འགྲོ་ཡུམ་དང་བཅས། །ཕ་མཆོག་རྡོ་རྗེ་འཆང་ལ་ གསོལ་བ་འདེབས། །དུས་ཀྱི་འཁོར་ལོ་དགྱེས་པ་རྡོ་རྗེ་དང༌། །འཁོར་ལོ་སྡོམ་པ་གསང་བ་ འདུས་པ་དང༌། །དགྲ་ནག་གདོང་དྲུག་གཤིན་རྗེ་གཤེད་ལ་སོགས། །བླ་མེད་ལྷ་ཚོགས་རྣམས་ ལ་གསོལ་བ་འདེབས། །དུས་ཀྱི་འཁོར་ལོ་ལྷ་ཡི་ཚོགས། །དྲུག་བརྒྱ་སོ་དྲུག་གྲངས་འདྲེན་ ཚུལ། །དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས། །ནུས་མ་བརྒྱད་དེ་གཙོ་གནས་བཅུ། །བདེ་ གཤེགས་འཕར་མའི་མི་བསྐྱོད་པ། །ཡབ་ཡུམ་གཙོ་བོ་ཡབ་ཡུམ་ལ། །བདག་པོའི་ཚུལ་དུ་ བཞུགས་པ་གཉིས། །གཤེགས་པ་ཡབ་བཞི་ཡུམ་བཞི་བརྒྱད། །དེ་བཞིན་གཤེགས་མ་ཡབ་ ཡུམ་ནི། །བརྒྱད་དང་ལྷ་ཚོགས་བཅོ་བརྒྱད་དང༌། །ཐུགས་དཀྱིལ་ལྷ་སྣམ་ལ་བཞུགས་པའི། །སེམས་དཔའ་ཡབ་ཡུམ་བཅུ་གཉིས་དང༌། །སེམས་མ་ཡབ་ཡུམ་བཅུ་གཉིས་དང༌། །ཐུགས་ སྒོའི་ཁྲོ་བོ་ཡབ་ཡུམ་བརྒྱད། །སྟེགས་བུའི་གཟུངས་མ་བཅུ་གཉིས་ཏེ། །ཐུགས་ཀྱི་ལྷ་ཚོགས་ ཞེ་བཞི་དང༌། །གསུང་གི་ལྷ་སྣམ་སྟེང་བཞུགས་པའི། །རྣལ་འབྱོར་མ་ནི་དོན་གཉིས་དང༌། 4-1-166 །གཙོ་མོ་བརྒྱད་ཀྱི་ཡབ་བརྒྱད་དང༌། །སྟེགས་བུའི་འདོད་མ་སོ་དྲུག་སྟེ། །གསུང་གི་ལྷ་ཚོགས་ བརྒྱ་བཅུ་དྲུག །སྐུ་ཡི་ལྷ་སྣམ་ལ་བཞུགས་པའི། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ་དང༌། །སྐུ་ཡི་སྒོ་ བཞི་སྟེང་འོག་གི། །ཁྲོ་བོ་ཡབ་ཡུམ་བཅུ་གཉིས་དང༌། །སྐུ་ཡི་རྟ་བབས་གཡས་གཡོན་དང༌། །སྟེང་དང་འོག་གི་ཀླུ་ཡབ་ཡུམ། །ཉི་ཤུ་དང་ནི་སྐུའི་སྟེགས་བུའི། །ཕྱིར་འདོད་མ་ནི་སོ་དྲུག་སྟེ། །སྐུ་ཡི་དཀྱིལ་འཁོར་ལྷ་ཚོགས་ནི། །བཞི་བརྒྱ་དང་ནི་ཉི་ཤུ་བརྒྱད། །མེ་རླུང་མཚམས་དང་ སྟེང་འོག་གི། །རབ་གཏུམ་ཡབ་ཡུམ་ཉི་ཤུ་དང༌། །དྲུག་བརྒྱ་དང་ནི་སོ་དྲུག་གོ། །འདིར་ནི་ དཀྱིལ་འཁོར་ལ་བཀོད་པའི། །ལྷ་ཚོགས་ཐམས་ཅད་བགྲངས་པ་མིན། །དཀྱིལ་འཁོར་སྤྲོ་བ་ པོ་དང་ནི། །མངལ་ནས་སྤྲོས་པ་བགྲངས་པ་དང༌། །ནུས་མ་བརྒྱད་ནི་སྣ་ཚོགས་ཡུམ། །རང་ གི་ངོ་བོ་ཡིན་པའི་ཕྱིར། །སྤྲོ་བྱེད་ཡིན་པར་སོ་སོར་བགྲངས། །མི་བསྐྱོད་པ་ནི་ཡབ་ཡུམ་ གཉིས། །གདན་ལ་བཀོད་པའི་ལྷ་མིན་ཀྱང༌། །མངལ་ནས་སྤྲོས་ཕྱིར་གྲངས་སུ་བགྲངས། །འབྱུང་པོ་བྱེ་བ་ཕྲག་ཕྱེད་སོགས། །དཀྱིལ་འཁོར་བཀོད་པའི་ལྷ་ཡིན་ཀྱང༌། །མངལ་ནས་ སྤྲོས་པ་མིན་པའི་ཕྱིར། །དེ་ཡིས་གྲངས་སུ་མ་བགྲངས་སོ། །སྔགས་ཀྱི་ཞིང་མཆོག་ཁྱད་ འཕགས་རིགས་བཞུགས་པ། །ཆོས་རྒྱལ་རིགས་ལྡན་ཡེ་ཤེས་ལྷ་ཚོགས་དང༌། །སྤྲུལ་པའི་ རྒྱལ་པོ་དགུ་བཅུ་རྩ་དྲུག་སོགས། །མཆོད་འོས་ཀུན་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཐབས་ མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་ པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །གང་ གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་ མཛད་ཅིང༌། །དུས་འདིར་མཛད་པ་རྒྱ་ཆེར་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་ བསྟོད་པར་བགྱི། །ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་ གླང་ཆེན་ལྟར་གཤེགས་ཏེ། །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་ 4-1-167 པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་ དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་གི། །བྱང་ཆུབ་རིགས་སུ་ ངེས་མཛད་ཕྱག་འཚལ་ལོ། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས། །ཨཾ་ག་མ་ག་དྷར་ནི་ སྒྱུ་རྩལ་བསྟན། །སྐྱེས་བུ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བའི་ཕྱིར། །ཁ་ན་མ་ཐོ་སྤང་ཕྱིར་ བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ ལ་ཕྱག་འཚལ་ལོ། །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ ལ་གཤེགས་ནས་ཀྱང༌། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ནི། །རབ་དུ་བྱུང་བར་མཛད་ལ་ ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ཏེ། །བསམ་གཏན་མཆོག་གཉིས་ མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་གྷ་དྷ་ཡི་བྱང་ཆུབ་ ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ ལ་ཕྱག་འཚལ་ལོ། །ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །ཝཱ་རཱ་ཎ་སཱི་ལ་སོགས་ གནས་མཆོག་ཏུ། །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་ མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས། །མུ་སྟེགས་སྟོན་པ་དྲུག་ དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ ལས་རྒྱལ་ལ་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །རྒྱལ་པོའི་ཁབ་ཏུ་ ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་ མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བའི་ཕྱིར། །རྩྭ་མཆོག་དྲུང་གི་ས་ གཞི་གཙང་མ་རུ། །འཆི་མེད་རྡོ་རྗེ་ལྟ་བུར་སྐུ་གཤེགས་ནས། །མྱ་ངན་འདའ་བར་མཛད་ལ་ 4-1-168 ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་ནས། །མ་འོངས་སེམས་ཅན་བསོད་ ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །སྐུ་གདུང་ཆ་བརྒྱད་མཛད་ ལ་ཕྱག་འཚལ་ལོ། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །མཛད་པའི་ཚུལ་ལ་ མདོ་ཙམ་བསྟོད་པ་ཡི། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང། །བདེ་གཤེགས་ཉིད་ཀྱི་སྤྱོད་ དང་མཚུངས་པར་ཤོག །དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་ དང་ཞིང་ཁམས་དང༌། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་ སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་ གང་དུ་གནས་པའི་ས་ཕྱོགས་སུ། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་ བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང༌། །བསྟན་ པ་ཉི་འོད་བཞིན་དུ་གསལ་བ་དང༌། །བསྟན་འཛིན་དཔོན་སློབ་དར་ཞིང་མཐར་རྒྱས་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །སངས་རྒྱས་བསྟན་པ་ཡོངས་གཏད་འོད་ སྲུང་ཆེ། །ཀུན་དགའ་བོ་དང་ཤ་ནའི་གོས་ཅན་དང༌། །དྷི་ཏི་ཀ་དང་ཉེ་སྦས་ནག་པོ་པ། །ལེགས་ མཐོང་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཐོགས་མེད་དབྱིག་གཉེན་འཕགས་པ་ཀླུ་སྒྲུབ་ དང༌། །ཨཱརྱ་དེ་བ་ཕྱོགས་གླང་ཆོས་གྲགས་དང༌། །བྲམ་ཟེ་ཡོན་ཏན་འོད་དང་ཤཱཀྱ་འོད། །འཛམ་གླིང་རྒྱན་མཆོག་རྣམས་ལ་གསོལ་བ་འདེབས། །སྐ་ཅོག་ཞང་གསུམ་རིན་ཆེན་བཟང་ པོ་དང༌། །ཆག་རྔོག་འབྲོག་ནག་རྭ་འབྲོ་གཉན་དང་དམར། །པ་ཁྲོ་དཔྱལ་རྒྱལ་འགོས་ཁུག་ ཤོང་ལོ་སོགས། །སྒྲ་བསྒྱུར་ལོ་ཙཱ་རྣམས་ལ་གསོལ་བ་འདེབས། །ཆོས་འཁོར་གསུམ་གྱི་ དགོངས་པ་ཇི་བཞིན་མཁྱེན། །རྒྱུད་སྡེ་བཞི་ཡི་དེ་ཉིད་ཐུགས་སུ་ཆུད། །འགྲོ་བ་ཀུན་ལ་མ་ ནོར་ལམ་སྟོན་པའི། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །དངོས་གྲུབ་འབྱུང་ གནས་ཀུན་མཁྱེན་ཆོས་ཀྱི་རྗེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་ 4-1-169 རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཀུན་མཁྱེན་ཆོས་གྲགས་ལོ་ཙཱ་པཎྜི་ཏ། །ཕྱོགས་རྒྱལ་འབྲི་གུང་ཞང་སྟོན་ཉ་དབོན་པ། །ཐང་ ཟུང་སྨན་ཆུ་རིན་ཚུལ་གྷ་རུང་བ། །ཕུན་ཚོགས་བསོད་ནམས་རྣམས་ལ་གསོལ་བ་འདེབས། །རབ་རྒྱས་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །འགྲོ་བའི་སྐྱབས་གཅིག་སངས་རྒྱས་ཀུན་གྱི་ དངོས། །ཁྱབ་བདག་ངོ་བོ་རྗེ་བཙུན་སྲིད་ཞིའི་མགོན། །ཀུན་དགའ་སྙིང་པོའི་ཞབས་ལ་ གསོལ་བ་འདེབས། །མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །རླུང་སེམས་དག་པས་ རྟགས་བཅུ་མངོན་དུ་གྱུར། །དྷཱུ་ཏིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །སྦྱོར་དྲུག་ བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཡོངས་ཀྱི་མགོན། །ས་བཅུའི་དབང་ཕྱུག་ངག་དབང་རབ་གསལ་ལ། །གསོལ་བ་འདེབས་སོ་བདག་སོགས་བྱིན་ གྱིས་རློབས། །སེམས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བདག་སོགས་སྐྱེ་དང་ཚེ་ རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱོད་ཀྱིས་རྗེས་བཟུང་ནས། །རྟག་ཏུ་དལ་འབྱོར་ ལུས་ཐོབ་བླ་མར་མཇལ། །མཐར་ཐུག་བླ་མའི་ཞབས་དྲུང་སྐྱེ་བར་ཤོག །རབ་འབྱམས་རྒྱལ་ བའི་དཀྱིལ་འཁོར་འཁོར་ལོའི་མགོན། །གྲུབ་པའི་དབང་ཕྱུག་ཡོངས་ཀྱི་བདག་ཉིད་རྗེ། །ཆོས་ཉིད་དོན་རྟོགས་ཤེས་བྱ་ཐམས་ཅད་གཟིགས། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་ འདེབས། །བདག་ནི་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་ བཟུང་ནས། །རིམ་གཉིས་ལམ་གྱི་ཉམས་དང་རྟོགས་པ་ཀུན། །རྒྱུད་ལ་སྐྱེས་ནས་ས་ལམ་ མཐར་ཕྱིན་ཤོག །གསང་ཆེན་ངག་གི་དབང་ཕྱུག་རྡོ་རྗེ་འཆང༌། །སྐྱབས་གནས་དཀོན་མཆོག་ འགྲོ་ཕན་དར་བའི་གཉེན། །དབྱེར་མེད་བདག་སོགས་ཆོས་བློ་རྒྱས་མཛད་པའི། །དཔལ་ ལྡན་རྩ་བའི་བླ་མར་གསོལ་བ་འདེབས། །ལེགས་ལམ་བདུད་རྩིའི་ཟེགས་མས་བློ་བསྒྱུར་ ཞིང༌། །ཡིན་ལུགས་གྲོས་ཀྱི་གཞན་ཕན་བརྩོན་པ་ཡི། །རྣམ་དཀར་གྲགས་སྙན་འཛིན་པའི་ 4-1-170 བཤེས་གཉེན་ཚུལ། །ངང་བཟང་ཉེ་བར་འཆང་ལ་གསོལ་བ་འདེབས། །རྒྱལ་ཀུན་འཕྲིན་ ལས་འཕགས་མའི་བློ་གྲོས་གཏེར། །གསང་གསུམ་གྲགས་སྙན་བསྟན་ལ་སྨན་པའི་ཟིལ། །ཆེར་སྙིགས་རྨོངས་མིན་ཅུང་ཙམ་གཞིལ་བའི་འོད། །ཀུན་ནས་ཉེར་འཆང་རྗེ་ལ་གསོལ་བ་ འདེབས། །གང་ཞིག་དྲན་པས་སྡུག་བསྔལ་ཀུན་སེལ་ཞིང༌། །གུས་པས་བསྟེན་ན་བླ་མེད་ མཆོག་སྩོལ་བ། །དབང་རྒྱུད་མན་ངག་དོན་སྟོན་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ལ་ གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ། །དམ་ཆོས་ཀུན་འདུས་ཆོས་རྗེ་ རིན་པོ་ཆེ། །དགེ་འདུན་ཀུན་འདུས་འདྲེན་མཆོག་རིན་པོ་ཆེ། །བླ་མ་ཀུན་འདུས་གཅིག་ཆོག་ རྒྱལ་པོ་ཁྱེད། །ཡི་དམ་ཐམས་ཅད་ཁྱེད་ཀྱི་སྐུ་ལ་ཚང༌། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཕོ་ ཉར་སྤྲུལ། །རྡོ་རྗེ་འཆང་ཆེན་ཁྱེད་ལ་གསོལ་བ་འདེབས། །མོས་པའི་བུ་ལ་ད་ལྟ་བྱིན་གྱིས་ རློབས། །ལུས་ལ་ལྷན་སྐྱེས་བདེ་ཆེན་བསྐྱེད་པ་དང༌། །ངག་ལ་རིག་སྔགས་ནུས་པ་བརྟན་པ་ དང༌། །སེམས་ལ་འོད་གསལ་ཡེ་ཤེས་འཆར་བ་རུ། །མཚན་ལྡན་བླ་མས་ད་ལྟར་བྱིན་གྱིས་ རློབས། །རེ་ས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །སྐྱབས་གནས་གཞན་ན་མེད་དོ་རིན་པོ་ཆེ། །ཆུ་ ལ་ཆུ་བཞག་བཞིན་དུ་དབྱེར་མེད་ཀྱང༌། །འབྲལ་མེད་གནས་ལུགས་རྟོགས་པར་བྱིན་གྱིས་ རློབས། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང༌། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་ པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །ཅེས་པ་འདིའང་རྗེ་བཙུན་བླ་མ་དམ་པ་ངག་དབང་ཡོན་ཏན་བཟང་པོ་མཆོག་གིས་སྔ་སོར་འདི་ལྟར་དུ་འདོན་སྲོལ་ཡོད་པས་ འདིར་ཆེད་དུ་བྱིན་རླབས་ཀྱི་ཚན་ཁ་ཟབ་མོ་ཡོད་པར་སེམས་ནས་ཡི་གེར་ཕབ་པའོ།། །། 4-1-171 ༄༅། །སེར་ཕྲེང་སྐབས་མཁོ་བའི་འདོན་ཆོག་ཉུང་བསྡུས། ༄༅། །ཆིབས་བསུའི་རྗེས་སུ། དགེ་འདུན་ཐམས་ཅད་འདུ་ཁང་དུ་གྲལ་ལ་འཁོད། དབུ་མཛད་ཀྱིས། བདག་དང་ འགྲོ་བ༴ སོགས། སྐྱབས་འགྲོ་དྲུག་སྐོར་བདུན་ནམ་གསུམ། བཞི་སྐོར་བརྒྱ། སྐྱབས་མགོན༴ སོགས། ན་མོ་ ཨཱརྱ་ཏ་ར་ཡེ༴ སོགས་ནས། ཕྱག་འཚལ་ཉེར་གཅིག་གི་རྒྱུད་ཚར་བདུན་ནམ་བཅུ་གསུམ་གང་རུང་དང༌། ༀ་མྱུར་མ་ དཔའ་མོ༴སོགས་གསུམ། རྒྱལ་བ་ཀུན་གྱི༴ སོགས་གསུམ། ལྷ་མོ་ལ་གུས༴ སོགས་གཅིག ༀ་ཏཱ་རེ་ཏཱྃ ཿསྭཱ་ཧཱ། ཉེར་ལྔ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱ། ཉེར་ལྔ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཱ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན༴ སོགས་ལན་གསུམ་མམ་བདུན། ༀ་ཨཱཿགུ་རུ་པྲཛྙཱ་དྷྭ་ཛ་ཀཱ་ལ་ཙཀྲ་ཧཱུཾ་མ་མཱ་བརྟན་དང་གཡོ་བའི་གཡང་ བཅུད་མ་ལུས་པ་ཆར་ལྟར་ཕོབ་ཅིག ལན་བདུན་ནམ་ཉེར་གཅིག་བརྗོད། ༀ་ཨཱཿགུ་རུ་ཏཱ་ར་ནཱ་ཐ་ཀཱ་ ལ་ཙཀྲ་ཧཱུཾ་མ་མཱ་བརྟན་དང༴ སོགས་བདུན་ནམ་ཉེར་གཅིག ༀ་ཨཱཿ གུ་རུ་མ་ཏི་ཀཱིརྟི་ཀཱ་ལ་ཙཀྲ་ཧཱུཾ་མ་ མ་བརྟན་དང༴ སོགས་བདུན་ནམ་ཉེར་གཅིག་གང་རུང་བརྗོད། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མཱ་བརྟན་དང་གཡོ་ བའི་གཡང་བཅུད་མ་ལུས་པ་ཆར་ལྟར་ཕོབ་ཅིག་སྭཱ་ཧཱ། བདུན་ནམ་ཉེར་གཅིག་གང་རུང་བརྗོད། མཐར། ཆོས་འཁོར་གསུམ་གྱི་དགོངས་པ་ཇི་བཞིན་མཁྱེན། །རྒྱུད་སྡེ་བཞི་ཡི་དེ་ཉིད་ཐུགས་སུ་ཆུད། །འགྲོ་བ་ཀུན་ལ་མ་ནོར་ལམ་སྟོན་པའི། །ཀུན་མཁྱེན་ཆོས་ཀྱི་རྗེ་ཡིས་གཡང་ཆར་ཕོབ། །ༀ་ ཨཱཿགུ་རུ་པྲཛྙཱ་དྷྭ༴ སོགས་གོང་བཞིན་ལན་གསུམ་བརྗོད། དངོས་གྲུབ་འབྱུང་གནས་ཀུན་མཁྱེན་ཆོས་ ཀྱི་རྗེ། །འགྲོ་ཀུན་སྤྱི་གཙུག་པད་ཟླའི་གདན་བཞུགས་ནས། །ཐུགས་རྗེ་རྒྱུན་ཆད་མེད་པའི་ བཀའ་དྲིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་གཡང་ཆར་ཕོབ། །ༀ་ཨཱཿགུ་རུ༴ སོགས་ ལན་གསུམ། རབ་རྒྱས་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །འགྲོ་བའི་སྐྱབས་གཅིག་སངས་ 4-1-172 རྒྱས་ཀུན་གྱི་དངོས། །ཁྱབ་བདག་ངོ་བོ་རྗེ་བཙུན་སྲིད་ཞིའི་མགོན། །ཀུན་དགའ་སྙིང་པོའི་ ཞབས་ཀྱིས་གཡང་ཆར་ཕོབ། །ༀ་ཨཱཿགུ་རུ་ཏཱ་ར་ནཱ་ཐ༴ སོགས་ལན་གསུམ་བརྗོད། རྒྱལ་ཀུན་འཕྲིན་ ལས་འཕགས་པའི་བློ་གྲོས་གཏེར། །གསང་གསུམ་གྲགས་སྙན་བསྟན་ལ་སྨན་པའི་ཟིལ། །ཆེར་སྙིགས་རྨོངས་མུན་ཅུང་ཙམ་གཞིལ་བའི་འོད། །ཀུན་ནས་ཉེར་འཆང་རྗེ་ཡིས་གཡང་ ཆར་ཕོབ། །ༀ་ཨཱཿགུ་རུ་མ་ཏི་ཀཱིརྟི༴ སོགས་ལན་གསུམ། བདག་གིས་ཚེ་རབས་སྔོན་ནས་བསྒྲུབ་ པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །དཀར་གསལ་ཞལ་གཅིག་ཕྱག་ གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པས་གཡང་ཆར་ཕོབ། །ༀ་ཏཱ་རེ་ཏུཏྟཱ་རེ་ ཏུ་རེ་མ་མཱ༴ སོགས་ལན་གསུམ། རྟེན་སྙིང་ལན་གསུམ་བརྗོད། དེ་ནས། ༀ་འཇིགས་པ་བརྒྱད་སྐྱོབ༴ སོགས་ ལན་གསུམ། རྗེ་བཙུན་འཕགས་མ༴ སོགས། ཏུ་གསོལ། ལན་གསུམ། རྗེ་བཙུན་འཕགས་མ་སྒྲོལ་ མ༴ སོགས། བྱིན་གྱིས་རློབས། ལན་གསུམ། སེང་གེ་གླང་ཆེན༴ སོགས། མཛད་དུ་གསོལ། ༀ་ལྷ་ མོ་འོད་ཟེར་ཅན༴ སོགས་ལན་གསུམ། ༀ་མཱ་རཱི་ཙྱཻ་མཾ་སྭཱ་ཧཱ། ཉེར་ལྔ། འོད་ཟེར་ཅན་མ་ཁྱེད་མཁྱེན༴ སོགས་ལན་གསུམ། འོད་ཟེར་ཅན་མ་ཁྱེད་སྐུ༴ སོགས། ཕྱག་འཚལ་སྟེང༴ སོགས་ལན་གསུམ། ཕྱོགས་ བཅུ་མུན་སེལ༴ སོགས་ལན་གཅིག རྫོགས་པའི་བྱང་ཆུབ༴ སོགས། བསོད་ནམས་བསགས་དགེའི་ བདག༴ སོགས། གཞན་ཡང་སྐྱེ་བ་འདི་ཉིད་དུ༴ སོགས་བརྗོད་མཐར། ཀྱེ་མ་སོམས་དང་༴ སོགས། སྔོན་ འགྲོ་ལྷན་སྐྱེས་སྐབས་ཧ་ཀྵ་སུམ་བརྒྱ་དང༌། སྲུང་སྔགས་ལན་གསུམ་བརྗོད་རྗེས་སུ། ལྷ་བདེ་གཤེགས༴ སོགས། བླ་ མ་མཆོད་པ་ཡོངས་རྫོགས་རྗེས་སུ། ཇ་བཞེས། གདུགས་རིང་ལན་གསུམ་བཟློག་པ་གསུམ་དང་བཅས། མདོ་ཚར་དགུ་བཟློག་ པ་གསུམ་དང༌། ཁྲུས་བྲབ་སྲུང་གསུམ་རྗེས་སུ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །སོགས་ཚེ་ བསྙེན་བརྒྱ་ཙམ་བཟླས་རྗེས་སུ། བདག་ཉིད་ཚེ་དཔག་མེད་ཇི་ལྟ་བ་བཞིན་དུ་བསྐྱེད་ཅིང་བླ་མ་ཡི་དམ་ སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་ཚེ་བཅུད་མ་ལུས་པ་བསྡུས་པར་ བསམ། ༀ་བཛྲ་ཨ་ཡུར་ཛྙཱ་ན་ཧཱུཾ་བྷྲཱུཾ་སིདྡྷཱི་ཕ་ལ་ཧཱུཾ་ཧྲཱིཿ ལན་གསུམ། ཧཱུཾ་བཅོམ་ལྡན་མགོན་པོ་ཚེ་ 4-1-173 དཔག་མེད། །སྐུ་མདོག་དམར་པོ་ལོངས་སྤྱོད་རྫོགས། །ཕྱག་ན་ཚེ་ཡི་བུམ་པ་འཛིན། །གསང་ བ་ཐུགས་ཀྱི་གའུ་ནང༌། །སྙིང་པོ་སྔགས་ཀྱི་ཨ་ཡིག་གོ། །བསྲུང་བྱ་རྡོ་རྗེའི་ཚེ་ཐོབ་ཤོག །ༀ་ ན་མོ་བྷ་ག༴ སོགས་ལན་གསུམ། བདག་གིས་ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷ། །དུས་གསུམ་ སངས་རྒྱས་ཀུན་གྱི་འཕྲིན་ལས་མ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨུཏྤལ་བསྣམས་པས་སྲུང་སྐྱོབ་མཛོད། །ༀ་ཏཱ་རེ་ཏཱྃཿསྭཱ་ཧཱ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ༀ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་ཧཱ། ལན་གསུམ། དཔལ་ལྡན་ ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་ དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ཀྱིས་སྲུང་སྐྱོབ་མཛོད། །ༀ་བྷྲཱུཾ་ སྭཱ་ཧཱ། ༀ་ཨ་མྲྀ་ཏཱ་ཨ་ཡུར་ད་དེ་ཧཱ། ༀ་མྲྀ་ཏ་ཨ་མི་ཏྭ་བྷ་ཝ༴ སོགས། ༀ་ཨ་མཱ་ར་ཎི་ཛི་ཝནྟི་ཡེ་ ཧཱ། ལན་གསུམ། དེ་ལྟར་བཀུག་པས་བསྒྲུབ་བྱའི་དྭངས་མའི་ཚེ། །སྙིང་གར་ལྔ་ལྡན་འོད་ཀྱི་གོང་ བུ་རུ། །འགྱུར་མེད་ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་སྟེ། །ནམ་ཡང་ཉམས་པ་མེད་པར་བསྲུང་ གྱུར་ཅིག །བདག་གིས་ལྷག་བསམ་སྨོན་པའི་ལེགས་དོན་ཀུན། །ཚེ་ལྷ་རྣམ་གསུམ་ཐུགས་རྗེ་ མི་བསླུ་བས། །ཇི་བཞིན་གེགས་མེད་དུས་སུ་ལེགས་འགྲུབ་སྟེ། །བཀྲ་ཤིས་དཔལ་གྱིས་སྐྱེ་ དགུ་སྐྱོངས་གྱུར་ཅིག ཚེ་དབང་དུ་གྱུར་ཅིག དབང་དངོས་གྲུབ་ཏུ་གྱུར་ཅིག མི་ཤིགས་ པ་རྡོ་རྗེ་ལྟ་བུར་གྱུར་ཅིག མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག མི་ནུབ་པ་རྒྱལ་མཚན་ ལྟ་བུར་གྱུར་ཅིག ཚེ་སྲོག་རྡོ་རྗེ་བྲག་རི་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག རྟེན་སྙིང་ལན་གསུམ་བརྗོད། ཤིས་བརྗོད་ཅི་རིགས་བརྗོད། གཏོར་བསྔོ་ཡོངས་རྫོགས་རྗེས་སུ། ཆོས་འཁོར་གསུམ་གྱི༴ སོགས། རྒྱལ་བ་རྒྱ་མཚོའི་༴ སོགས། བླ་མ་དང་དུས་ཀྱི༴ སོགས། ན་མོ་འཁོར་བ་འཁོར་ཚེ༴ སོགས། བདག་ནི་ཚེ་རབས་ཐམས་ཅད་དུ། །སོགས། སྐྱབས་གནས་བསླུ་མེད༴ སོགས། ཕན་བདེ་འབྱུང་ བའི་གནས༴ སོགས། བདག་བླ་མ་དང་འདུ་འབྲལ་མེད་པར་བྱིན་གྱིས་རློབས། སྐྱེ་བ་ཀུན་ཏུ༴ 4-1-174 སོགས། རྒྱལ་བའི་རྒྱལ་ཚབ༴ སོགས། བསྐལ་བཟང་སྒྲོན་མེ༴སོགས། སྟོབས་བཅུའི་དབང་ཕྱུག༴ སོགས་རེས་མོས་བྱ། ཆོས་སྟོན་སྐབས་སུ་མཁོ་བའི་ཆོག་བསྒྲིགས་ཡོན་མིང་པས་སོ།། །། 4-1-175 ༄༅། །བརྒྱུད་འདེབས་དང་བསྐང་བ་སྨན་མཆོད་ འཕོ་བ་སོགས་ཀྱི་ཁ་སྐོང༌། ༄༅། །རིམ་གཉིས་མཐར་སོན་ཆོས་ཀྱི་འཕགས་པའི་ཞབས། །གཟུང་འཛིན་འཁྲུལ་ ཟད་ཀུན་དགའ་དཔལ་ལྡན་རྗེ། །དབང་ལུང་གདམས་ངག་མཛོད་འཛིན་ཆོས་འབྱོར་ལ། །གསོལ་བ༴ གནས་ལུགས་གཤེགས་སྙིང་མངོན་གྱུར་མཁས་གྲུབ་དབང༌། །ཡི་དམ་ཞལ་ གཟིགས་བསྟན་པ་གསལ་བྱེད་ཞབས། །རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་རྡོ་རྗེ་བཟང༌། །གསོལ་ བ༴ སྤྱོད་འཆང་རྣམ་འཕྲུལ་དཀོན་མཆོག་དར་རྒྱས་རྗེ། །གཞན་སྟོང་འཛམ་གླིང་ཁྱབ་མཛད་ བློ་གྲོས་གྲགས། །དྲིན་ཅན་མངོན་གྱུར་རྩ་བའི་བླ་མ་ལ། །གསོལ་བ༴ དུས་འཁོར་བརྒྱུད་འདེབས་ཁ་ སྐོང་འཛམ་ཐང་གཙང་ཆེན་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་གདན་རབས་རིམ་བྱོན་ལྟར། བློ་བཟང་ཆོས་ འཕེལ་པས་བྲིས་པའོ། ། ༈ ཆོས་ཀྱི་འཕགས་པ་ཀུན་དགའ་དཔལ་ལྡན་རྗེ། །ངག་དབང་ཆོས་འབྱོར་ཀུན་དགའ་ མཁས་གྲུབ་དབང༌། །བསྟན་པ་གསལ་བྱེད་རྣམས་ལ་མཆོད་པ་འབུལ། །ༀ་ཨཱཿཧཱུཾ། རྡོ་རྗེ་ བཟང་པོ་དཀོན་མཆོག་དར་རྒྱས་དང༌། །བློ་གྲོས་གྲགས་པས་རྒྱལ་བསྟན་རབ་སྤེལ་བ། །རྡོ་ རྗེ་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རྩ་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། །ༀ་ ཨཱཿཧཱུཾ། འཛམ་ཐང་གཙང་ཆེན་གཟིམ་ཁང་བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་གདན་རབས་རིམ་བྱོན་ལྟར། བློ་བཟང་ ཆོས་འཕེལ་པས་བྲིས་པའོ། ། 4-1-176 ངག་དབང་ཆོས་ཀྱི་འཕགས་པའི་ཐུགས་དམ་བསྐང༌། །གཟུང་འཛིན་འཁྲུལ་ཟད་རྒྱུད་ སྡེ་རབ་འབྱམས་བདག །ཀུན་དགའ་བསོད་ནམས་དཔལ་ལྡན་ཐུགས་དམ་བསྐང༌། །དབང་ ལུང་གདམས་ངག་རྒྱ་མཚོའི་མཛོད་འཛིན་པ། །ངག་དབང་ཆོས་ཀྱི་རྣལ་འབྱོར་ཐུགས་དམ་ བསྐང༌། །གནས་ལུགས་བདེ་གཤེགས་སྙིང་པོ་མངོན་གསལ་བ། །ངག་དབང་མཁས་གྲུབ་ དབང་ཕྱུག་ཐུགས་དམ་བསྐང༌། །ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཞལ་གཟིགས་པ། །ངག་དབང་ བསྟན་པ་གསལ་བྱེད་ཐུགས་དམ་བསྐང༌། །ཡི་དམ་རྒྱུད་སྡེ་རབ་འབྱམས་སྤྲོ་བསྡུ་མཛད། །ངག་དབང་རྡོ་རྗེ་བཟང་པོའི་ཐུགས་དམ་བསྐང༌། །དོན་དམ་གནས་ལུགས་བླ་མའི་ཞལ་ མཇལ་བ། །ངག་དབང་དཀོན་མཆོག་དར་རྒྱས་ཐུགས་དམ་བསྐང༌། །གཞན་སྟོང་དབུ་མས་ འཛམ་གླིང་ཁྱབ་མཛད་པ། །ངག་དབང་བློ་གྲོས་གྲགས་པའི་ཐུགས་དམ་བསྐང༌། །དུས་འཁོར་ བསྐང་བའི་ཁ་སྐོང་འཛམ་ཐང་གཙང་པའི་གདན་རབས་རིམ་བྱོན་ལྟར་བློ་བཟང་ཆོས་འཕེལ་པས་བྲིས་པའོ། ། མཁན་ཆེན་དམ་པ་རིན་ཆེན་བཟང་པོའི་ཞབས་ཀྱི་རྗེས་སུ། དུས་ངན་སྨག་རུམ་ཁྲོད་དུ་རྒྱལ་བསྟན་གྱི། །ལུགས་བཟང་སོ་ཐར་རིགས་བརྒྱད་སླར་སྤེལ་མཁན། །དགེ་སློང་ཀུན་བཟང་བློ་གྲོས་རབ་ བརྟན་དང༌། །བརྒྱུད་འཛིན་བཅས་ལ་སྙིང་ནས་གུས་པ་ཡིས། །གསོལ་བ༴ ཐུབ་བསྟན་རྒྱ་ མཚོའི་༴ ཞེས་མཁན་བརྒྱུད་གསོལ་འདེབས་ཀྱི་ཁ་སྐོང་འདི་ལ་སླར་ཡང་ངག་དབང་ཡེ་ཤེས་ལ་མཁོ་བར་བརྟེན། གུ་ཎ་བྷ་དྲས་ སྐྱབས་མགོན་མ་ཏི་རིན་པོ་ཆེའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ནས་བྲིས་པའོ། ། ཆོས་འབྱུང་གསོལ་འདེབས་ཁོག་གི་ཁ་སྐོང་དཀྱུས་མ་ལ། དམ་ཆོས་རྒྱས་མཛད་གསུམ་ལ་གསོལ་བ་འདེབས། །གསང་སྔགས་རྟོགས་པའི་དབང་ ཕྱུག་ལུང་རྟོགས་རྗེ། །ཟབ་ལམ་བསྟན་པའི་བརྒྱུད་འཛིན་སྙན་གྲགས་མཚན། །བཀའ་དྲིན་ གསུམ་ལྡན་ངག་དཔལ་བཟང་པོའི་ཞབས། །སྙིགས་དུས་འགྲོ་མགོན་གསུམ་ལ་གསོལ་བ་ འདེབས། །ཆོས་འབྱུང་གསོལ་འདེབས་ཁོག་གི་ཁ་སྐོང་དཀྱུས་མ་ལ་སླར་ཡང་མཁོ་བ་ནི། ཆོས་ཉིད་གནས་ལུགས་ 4-1-177 ཇི་བཞིན་རང་གསལ་རྗེ། །ངེས་དོན་བསྟན་པ་གསལ་མཛད་བློ་གྲོས་གྲགས། །རང་ལ་དམ་ ཆོས་གང་འཚམ་མ་ལུས་སྟོན། །བཀའ་དྲིན་ཟླ་བྲལ་གསུམ་ལ་གསོལ་བ་འདེབས། །ཞེས་པའི་ ཆོས་འབྱུང་གསོལ་འདེབས་ཁོག་གི་ཁ་སྐོང་དཀྱུས་མ་ལ་སླར་ཡང་མཁོ་བ་ཉུང་བསྡུས་འདི་ཡང་ངག་དབང་ཡེ་ཤེས་ལ་མཁོ་ཕྱིར། གུ་ཎ་བྷ་དྲས་མ་ཏི་རིན་པོ་ཆེའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ཏེ་བྲིས་པའོ། ། འཕོ་བའི་བརྒྱུད་རིམ་ཁ་སྐོང་འདི་ལ་སླར་ཡང་མཁོ་བ་ནི། རྩ་བའི་བླ་མ་རྗེ་ངག་དཔལ་བཟང་གི་རྗེས་སུ། སྔོན་བྱོན་རྗེ་འབངས་ཀྱི་གྲལ་ནས་ཀྱང༌། །ལོ་ཆེན་ བཻ་རོ་ཞེས་མཚན་སྙན་ལྡིར། །ད་ལྟ་མདོ་སྨད་དུ་མཛད་བཟང་བསྐྱོད། །འགྲོ་བ་ཀུན་འདྲེན་ མཛད་རང་གསལ་རྗེ། །སེམས་མོས་གུས༴ ལུང་རིགས་ངེས་དོན་གྱི་གཡུ་རལ་རྒྱས། །རྒྱལ་ བསྟན་གངས་རི་ལ་མི་འཇིགས་འགྱིང༌། །དབང་ལུང་མན་ངག་གི་སྒྲ་ཆེན་བསྒྲག །རྫོགས་ ལྡན་ལམ་སྩོལ་མཛད་བློ་གྲོས་གྲགས། །སེམས་མོས་གུས༴ གང་ལ་གང་འདུལ་གྱིས་འགྲོ་ བ་ཀུན། །ཡང་དག་བསྟན་པ་ལ་འགོད་པར་མཛད། །རིང་མིན་འཁོར་མཚོ་ལས་ཐར་བར་ འདྲེན། །རྩ་བའི་བླ་མ་རྗེ་བཀའ་དྲིན་ཅན། །སེམས་མོས་གུས༴ ཞེས་འཕོ་བའི་བརྒྱུད་རིམ་ཁ་སྐོང་འདི་ ལ་སླར་ཡང་ངག་དབང་ཡེ་ཤེས་ལ་མཁོ་ཕྱིར། སྐྱབས་མགོན་མ་ཏི་རིན་པོ་ཆེའི་གསུང་རབ་ཀྱི་ཞབས་ཏོག་ཏུ་དམིགས་ནས་གུ་ཎ་ བྷ་དྲས་བྲིས་པའོ། ། 4-1-178 ༄༅། །ཚེ་འགུགས་བསྡུས་པ། ༄༅། །སྐྱབས་སེམས་སྔོན་དུ་བཏང་བས། བདག་ཉིད་སྐད་ཅིག་གིས་རྒྱལ་བ་ཚེ་དཔག་མེད་དུ་ གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་གྱིས་བརྟན་དང་གཡོ་བའི་ཚེ་བཅུད་ཐམས་ཅད་ བསྲུང་བྱ་ལ་ཐིམ་པར་བསམ། ཚེ་བསྙེན་འདོན། ཧྲཱིཿ ཡེ་ཤེས་ཚེ་མཆོག་ཀུན་ནས་ཡོངས་རྫོགས་ པ། །ཚེ་དཔག་མེད་མགོན་གཙུག་ཏོར་རྣམ་པར་རྒྱལ། །རྗེ་བཙུན་སྒྲོལ་དཀར་ཚེ་ལྷ་རྣམ་ གསུམ་གྱིས། །ཐུགས་རྗེས་བསྲུང་བྱ་འདི་དག་ལེགས་སྐྱོབས་མཛོད། །ལན་གསུམ་མཐར། ཚེ་བསྙེན། རྣམ་རྒྱལ་མའི་གཟུངས། སྒྲོལ་བསྙེན་ཇི་ལྟར་འོས་པ་བརྗོད་མཐར། དེ་ལྟར་བཀུག་པའི་བསྒྲུབ་བྱའི་དྭངས་མའི་ ཚེ། །སྙིང་གར་ལྔ་ལྡན་འོད་ཀྱི་གོང་བུ་རུ། །འགྱུར་མེད་ཕྱག་རྒྱ་བདུན་གྱིས་རྒྱས་བཏབ་སྟེ། །ནམ་ཡང་ཉམས་པ་མེད་པར་བསྲུང་གྱུར་ཅིག །བདག་གིས་ལྷག་བསམ་སྨོན་པའི་ལེགས་ དོན་ཀུན། །ཚེ་ལྷ་རྣམ་གསུམ་ཐུགས་རྗེ་མི་བསླུ་བས། །ཇི་བཞིན་གེགས་མེད་དུས་སུ་ལེགས་ འགྲུབ་སྟེ། །བཀྲ་ཤིས་དཔལ་གྱིས་སྐྱེ་དགུ་སྐྱོང་གྱུར་ཅིག །ཚེ་དབང་དུ་གྱུར་ཅིགདབང་དངོས་ གྲུབ་ཏུ་གྱུར་ཅིགམི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིགམི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ ཅིགམི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག ཚེ་སྲོག་རྡོ་རྗེ་བྲག་རི་ལས་སྲ་ཞིང་བརྟན་པ་ལ་ མངའ་མཉེས་པར་གྱུར་ཅིག །རྟེན་སྙིང་དང་ཤིས་བརྗོད་ཅི་རིགས་བརྗོད། ཅེས་པ་འདི་སྐྱབས་མགོན་མ་ཏི་རིན་པོ་ ཆེའི་གསུང་ཕྱོགས་བསྒྲིགས་ཡོན་མིང་པས་བྲིས་པའོ། ། 4-1-179 ༄༅། །ཚེ་ལུང་ཁྲུས་ལུང༌། དང་པོ་ཚེ་ལུང་ནི། དགྲ་བགེགས་ཀྱི་ཚེ་བསོད་ནམས་དཔལ་དང་འབྱོར་བ་ཐམས་ཅད་རང་ དང་སྦྱིན་པའི་བདག་པོ་ལ་ཐིམ་པར་བསམ། གཉིས་པ་ཁྲུས་ལུང་ནི། མདུན་མཁར་བླ་མ་དང་ སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་ཐམས་ཅད་ཕུར་བུ་ལ་ཐིམ་པ་ དང༌། གཟས་པ་པོའི་རྒྱུད་ཀྱི་ཉོན་མོངས་དུག་ལྔ་བཅོམ་ནས་དག་པར་བསམ། གསུམ་པ་སྤར་ ལུང་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱིའི་སྡང་དགྲ་དང༌། ནང་ཆོས་འགལ་གྱི་ རྣམ་རྟོག་དང་དུག་ལྔ་བསྒྲལ་ནས་རྣམ་པར་ཤེས་པ་མདུན་མཁར་བཞུགས་པའི་བླ་མ་ཡི་དམ་ སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི་སྐབས་སུ་བབ་པའི་ཡི་དམ་གྱི་ ཐུགས་ཀར་ཐིམ་པར་བསམ་མོ། །ཞེས་པ་འདི་ཡང་ཏིང་འཛིན་ལ་མཁོ་ནས་གུ་ཎས་བྲིས་སོ། ། 4-1-180 ༄༅། །གསོལ་མཆོད་སྣ་ཚོགས་བཞུགས་སོ། ། ༄༅། །ཧཱུཾ། གཞི་དབྱིངས་ཆོས་སྐུ་ཀུན་ཁྱབ་རྣམ་ཀུན་བདག །གཟུགས་སྐུར་ལེགས་ བཞེངས་བླ་མ་ཡི་དམ་དང༌། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས། །སྤྲུལ་ བཀོད་འཛད་མེད་ནམ་ཡང་འཆར་ནུབ་བྲལ། །སངས་རྒྱས་སྟོང་གི་བསྟན་སྲུང་གུར་གྱི་ མགོན། །བེར་ནག་སྦོམ་ཐུང་ལས་མགོན་ཟངས་གྲི་ཕྱར། །སྤྱན་གཟིགས་དྲག་པོའི་སྐུར་ བཞེངས་ཕྱག་དྲུག་པ། །བསྟན་དགྲ་རབ་འཇོམས་ལྷ་ཆེན་དྲཀྴད་རྗེ། །ས་བརྒྱད་དབང་ཕྱུག་མི་ འཇིགས་སེང་སྟེང་འགྱིང། །རྣམ་སྲས་མདུང་དམར་མྱུར་མགྱོགས་རྟ་སྔོན་བཅིབས། །བསྟན་ སྲུང་དགྲ་འཇོམས་དཔལ་ལྡན་གདོང་བཞི་པ། །མཁའ་འགྲོ་རབ་འབྱམས་ཕྱོགས་སྐྱོང་ལས་ གཤིན་ཚོགས། །ཁྱད་པར་གཟའ་མཆོག་འཁོར་དང་ཡང་འཁོར་བཅས། །དཔོན་སློབ་དགོན་ གནས་སྦྱིན་བདག་བཅས་པ་ཡིས། །བསྒྲུབས་བསྒྲུབས་བསྟེན་བསྟེན་གསོལ་གསོལ་མཆོད་ མཆོད་པས། །འདོད་དོན་ཇི་བཞིན་མྱུར་བར་མྱུར་བར་དགོངས། །ཉིན་གསུམ་འབོད་དོ་ཉིན་ གྱི་བྱ་ར་མཛོད། །མཚན་གསུམ་འབོད་དོ་མཚན་གྱི་མེལ་ཚེ་མཛོད། །འགྲོ་སྡོད་དུས་སུ་ལུས་ དང་གྲིབ་བཞིན་འགྲོགས། །མི་འདོད་ཉེར་འཚེ་མཐའ་དག་ཕྱིར་བཟློག་མཛོད། །རྒྱལ་ཀུན་ མཐུ་སྟོབས་སྤྲིན་ནག་སྒོ་འཕར་ལས། །ཡོངས་བཞེངས་དྲག་རྔམ་མེ་དཔུང་འཁྲིགས་ཀློང་ དབུས། །ཆོས་སྐྱོང་དམ་ཅན་འཁོར་ཚོགས་རྒྱ་མཚོ་ཡིས། །བསྟན་དགྲའི་གློ་སྙིང་ཆེམ་ཆེམ་ གསོལ་བར་མཛོད། །ཕོབྲང་སྒྲུབ་སྡེ་ཡོངས་ལ་གནོད་པ་ཡིས། །མ་ཉེས་གླེང་བཙུགས་ཁ་ དཀར་སྙིང་ནག་པའི། །གཡོ་སྒྱུ་བསམ་ངན་འཆང་བའི་བསྟན་དགྲ་རྣམས། །ལོ་དང་ཟླ་བར་མ་ 4-1-181 བཞག་མྱུར་བར་སྒྲོལ། །བདེན་འཛིན་ལས་བསྐྱེད་དུག་གསུམ་ཉོན་མོངས་འཁྲིགས། །ལས་ ཉོན་གྱིས་བསྐྱེད་སྡུག་བསྔལ་གསུམ་གྱིས་གདུང༌། །ཐོག་མེད་བསགས་པའི་སྒྲིབ་གཉིས་མ་ ལུས་པ། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བདག་འཛིན་ལས་བྱུང་སྡུག་ བསྔལ་རླབས་ཕྲེང་འཁྲིགས། །དུག་གསུམ་ཆུ་གཏེར་ཚུད་པའི་འགྲོ་བ་ཀུན། །གཞན་ཕན་ རིན་ཆེན་ནོར་བུའི་གྲུ་གཟིངས་བརྟེན། །བྱང་ཆུབ་གླིང་མཆོག་བགྲོད་པའི་གྲོགས་མཛོད་ཅིག །ཀུན་རྫོབ་ཆོས་ཀུན་རང་བཞིན་བདེན་པས་སྟོང༌། །དོན་དམ་ཡོངས་གྲུབ་རྣམ་པ་ཐམས་ཅད་ བདག །སྟོང་གསལ་རང་རིག་འགྱུར་མེད་བདེ་ཆེན་དབྱིངས། །ངེས་དོན་གསང་གནད་རྟོགས་ པའི་འཕྲིན་ལས་མཛོད། །མདོ་སྔགས་རྒྱ་མཚོའི་དགོངས་དོན་མཐར་ཐུག་པ། །ཀུན་མཁྱེན་ ཆེན་པོའི་རང་ལུགས་རྫོགས་ལྡན་མཆོག །བསྟན་དང་བསྟན་འཛིན་སྦྱིན་བདག་འཁོར་དང་ བཅས། །བུ་གཅིག་བཞིན་དུ་དུས་ཀུན་རྟག་སྐྱོངས་མཛོད། །ཟས་ནོར་ལོངས་སྤྱོད་རྐང་འགྲོ་ རིན་ཆེན་སོགས། །འདོད་དགུའི་འབྱོར་བ་དབྱར་གྱི་ཆུ་གཏེར་བཞིན། །རབ་རྒྱས་རྣམ་དཀར་ བྱ་བ་མ་ལུས་པ། །གང་སྨོན་ཇི་བཞིན་འགྲུབ་པའི་སྡོངས་གྲོགས་མཛོད། །རྒྱལ་ཁབ་ཀུན་ཏུ་ ནད་མུག་མཚོན་འཁྲུག་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །འཐབ་རྩོད་ འཁྲུག་ལོང་གནོད་སེམས་ཞི་བ་དང། །ཕན་ཚུན་ཡིད་འོང་བྱམས་སེམས་ལྡན་པར་མཛོད། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པ་དང༌། །དབང་ཐང་རླུང་རྟའི་སྙན་གྲགས་ཕྱོགས་ བཅུར་ཁྱབ། །བསམ་དོན་ཆོས་བཞིན་འགྲུབ་པའི་མཐུན་རྐྱེན་རྣམས། །འབད་མེད་ལྷུན་གྱིས་ གྲུབ་པའི་སྡོངས་གྲོགས་མཛོད། །སྒྲུབ་བརྒྱུད་བསྟན་དང་བསྟན་འཛིན་འདུས་པའི་སྡེ། །ཆུ་ གཏེར་བཞིན་དུ་ཕྱོགས་ཀུན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་འཕྲིན་ བརྟན། །ཆོས་སྲིད་སྙན་གྲགས་ས་སྟེང་ཁྱབ་པར་མཛོད། །ཅེས་འདོད་གསོལ་བསམ་དོན་མྱུར་འགྲུབ་འདི་ ཡང་བརྩོན་འགྲུས་ཀྱི་རེ་འདོད་བཞིན་ཤར་འཛམ་ཐང་གི་ཉེ་འདབས་སུ་བློ་བཟང་ཆོས་འཕེལ་པས་བྲིས་པ་དགེ་བར་གྱུར་ཅིག 4-1-182 ༀ་ཨ་ཧཱུཾཿ ཀྱེ། ནོར་འཛིན་ཉལ་འགྲོས་འཁྱུད་པའི་གཡོན་གྱི་ཆར། །རིན་ཆེན་རྡུལ་མང་ བརྩེགས་པའི་ལྷུན་སྡུག་དབུས། །གསེར་ཁྲི་སེང་གེས་བཏེག་པའི་ཟླ་དཀྱིལ་སྟེང༌། །རྡོ་རྗེ་ ཁྱུང་གྲགས་དཔའ་རྩལ་དྲག་ཆས་རྫོགས། །མཁའ་དབྱིངས་རྟ་བདུན་འོད་སྟོང་འཆར་བ་ བཞིན། །འདོད་དགུ་མ་ཚང་མེད་པའི་མཆོད་སྤྲིན་ཚོགས། །ཁྱེད་ལ་དུས་རྟག་འབུལ་བ་མི་ ཆག་ན། །བདག་སོགས་འཁོར་བཅས་སྲུང་སྐྱོབ་གཡེལ་མེད་མཛོད། །ཅེས་རང་གི་སྐྱེས་ལྷ་རྡོ་རྗེ་ཁྱུང་ གྲགས་རྩལ་ལ་མཆོད་ཐབས་འདོད་དགུ་འཇོ་བའི་གཏེར་མཛོད་ཅེས་བྱ་བ་འདི་ཡང་ཝ་ཤུལ་དབང་མཆོག་དང༌། ལྷ་བཙན་ཡས་ རྡོར་བཟང་ཟུང་གི་ངོར་ངག་དབང་ཡོན་ཏན་བཟང་པོས་༡༩༩༨ བོད་རབ་བྱུང་བཅུ་བདུན་པ་ས་སྟག་ལོའི་ཟླ་༡ཚེས་༣ལའོ། ། ༀ་ཨ་ཧཱུཾཿ ཀྱེ། གསེར་ལྡན་སྟེང་དུ་ཆུ་ཀླུང་འཁྱིལ་བའི་མདུན། །བཻཌཱུར་རྡུལ་བརྩེགས་ ལྷུན་པོའི་སྤུན་འོས་དབུས། །རིན་ཆེན་ཁང་བཟང་གསེར་ཁྲི་ཟླ་དཀྱིལ་སྟེང༌། །གནོད་སྦྱིན་ ཛམ་ནག་རྒྱན་ཆ་ནོར་བུས་མཛེས། །བར་སྣང་ཡངས་པར་སྣང་བྱེད་འཆར་བ་བཞིན། །ཁྱེད་ ལ་འདོད་དགུའི་གསེར་སྐྱེམས་རྟག་འབུལ་ན། །བདག་སོགས་འཁོར་བཅས་སྲུང་སྐྱོབ་མི་ གཡེལ་བར། །ཆོས་སྲིད་དཔལ་གྱི་དངོས་གྲུབ་གཡང་ཆར་ཕོབ། །ཅེས་གནོད་སྦྱིན་ཛམ་ལྷ་ལ་འདོད་ དགུའི་གསེར་སྐྱེམས་འབུལ་བའི་ཐབས་དངོས་གྲུབ་གཡང་ཆར་འབེབས་པའི་གྲུ་ཆར་ཞེས་བྱ་བ་འདི་ཡང་ཀུན་དགའ་དཀོན་ མཆོག་དཔལ་གྱིས་བསྐུལ་ངོར་༡༩༩༨བོད་རབ་བྱུང་བཅུ་བདུན་པ་ས་སྟག་ཟླ་༡ཚེས་༣ལ་ངག་དབང་ཡོན་ཏན་བཟང་པོས་བྲིས་ པ་དགེ་ལེགས་འཕེལ། ཀྱེ། འཕྲིན་ལས་རྣམ་བཞིའི་གར་གྱིས་ས་གསུམ་འགེངས། །དྲག་རྩལ་གཏུམ་སྔོན་ མཚོན་ཆའི་ཚ་ཚ་འཕྲོ། །དགྲ་བླའི་རྒྱལ་པོ་འཛམ་གླིང་གེ་སར་ལ། །གསོལ་ལོ་མཆོད་དོ་ བཅོལ་བའི་འཕྲིན་ལས་མཛོད། །ཅེས་འཛམ་གླིང་གེ་སར་ལ་གསོལ་མཆོད་འདི་ཉིད་རིན་ཆེན་ནོར་བུ་ལ་མཁོ་ཕྱིར་ བློ་བཟང་ཆོས་འཕེལ་གྱིས་བྲིས། ཧྲཱིཿ མི་ཤིགས་གདོད་མའི་ཐུགས་ཀྱི་སྒྱུ་འཕྲུལ་ལས། །མ་འགགས་སྣ་ཚོགས་སྐུ་ཡི་ 4-1-183 བཀོད་པ་མཆོག །སྣང་ལ་རང་བཞིན་མེད་པ་གཉུག་མའི་ལྷ། །པདྨ་དབང་གི་སྐུ་རུ་བདག་ཉིད་ གསལ། །ཀྱེ་མདོ་སྨད་ས་ཡི་ཐིག་ལེ་འཁྱིལ་བའི་དབུས། །རབ་མཛེས་ལྷུན་པོ་ལྗང་གསལ་ གཡུ་འོད་འབར། །གླང་ཆེན་ལུས་ཀྱི་འགྱིང་བག་ངོམ་འདྲ་བའི། །རིན་ཆེན་རྡུལ་མང་ཀུན་ནས་ བརྩེགས་པའི་རི། །མར་གད་གོས་བཟང་དབྱར་གྱི་མཛེས་མས་ཀླུབས། །ཡ་མཚན་མཛེས་པ་ འབྱིན་པའི་གནས་ཀྱི་མཆོག །ཕྱི་ལྟར་ས་འཛིན་རི་བོའི་རྣམ་པ་ལ། །ནང་ནི་ཁོར་ཡུག་ཡངས་ པའི་དོ་རའི་དབུས། །སྣ་ཚོགས་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༌། །དུང་གི་ཀ་བ་གསེར་ གྱི་དྲ་མིག་དང༌། །གཡུ་ཡི་རྒྱ་ཕིབས་བྱུ་རུའི་ཏོག་གིས་མཛེས། །རྒྱ་ཆེན་རྒྱས་པའི་ཁྱམས་དང་ ར་བས་བསྐོར། །དགེ་ལེགས་རྒྱན་ཕྲེང་སྟོང་གིས་ཀུན་ནས་བཀྲ། །ཕྱོགས་མཚམས་ནོར་བུའི་ མཛོད་ཁང་བརྒྱ་ཕྲག་བཅས། །དར་ཟབ་སྤུས་ལེགས་ཟ་འོག་ལྷབ་ལྷུབ་གཡོ། །སྟག་གཟིག་ གཡི་སྤྱང་ལྤགས་སོགས་དཀོར་གྱི་མཛོད། །རྨུགས་འཛིན་དབང་པོའི་འབྱོར་བའི་དཔལ་ ལ་འགྲན། །དེ་འདྲའི་བཀོད་ལེགས་མཛེས་པའི་ཕོ་བྲང་དབུས། །མཚར་སྡུག་གསེར་གྱི་ཁྲི་ བཟང་རབ་ཡངས་དབུས། །མཐུ་ཆེན་གཏེར་བདག་དྲག་རྩལ་བསྟན་དགྲའི་གཤེད། །མཛེས་ སྐུ་དཀར་དམར་འོད་ཟེར་སྟོང་གིས་བརྗིད། །རྣམ་མང་དར་གོས་རྒྱན་མཆོག་ལུས་ལ་འཆང༌། །ཕྱག་གཡས་ཟས་ནོར་དབང་སྡུད་མདའ་དར་དང༌། །གཡོན་པས་འདོད་དགུ་སྩོལ་བའི་ གཏེར་བུམ་བསྣམས། །ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང༌། །མཐའ་སྐོར་ སྲས་བློན་མངག་གཞུག་ཕོ་ཉའི་ཚོགས། །ནུས་མཐུ་འགྲན་ཟླ་བྲལ་བའི་འཕྲིན་ལས་ཀྱིས། །ཅི་དགར་རོལ་ཞིང་ལྷ་ཆེན་དབང་ལ་འདུ། །གཞན་ཡང་ལས་བྱེད་གཡོག་འཁོར་བགྲང་ལས་ འདས། །གནས་འདིར་གཤེགས་ཏེ་རིན་ཆེན་ཁྲི་གདན་སྟེང༌། །སྟག་གཟིག་གཅན་གཟན་སྣ་ ཚོགས་ལྤགས་རིགས་བཀྲམ། །རབ་དགྱེས་ངང་ནས་རང་རང་གདན་དུ་བཞུགས། ། དེ་ནས་བསང་རྫས་སོགས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། རྣལ་འབྱོར་སྔགས་རྒྱས་རབ་ 4-1-184 སྤེལ་སྐྱེམས་བཟང་བཅུད། །བཟང་ཤིང་སྣ་ཚོགས་སྨན་སྣ་འབྲུ་རིགས་དང༌། །དཀར་གསུམ་ མངར་གསུམ་ཤིང་ཏོག་བཟའ་བཏུང་བཅས། །སྔགས་བརྒྱས་སྦྱང་སྤེལ་བསྒྱུར་བའི་ཟག་ མེད་འདི། །རབ་བསྲེག་དུད་སྤྲིན་ལྷ་ལམ་ཡོངས་ལ་འཁྱིལ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་ རྫས་རྟགས་བརྒྱད། །འདོད་ལྔ་ཆ་བདུན་དཔག་བསམ་འདོད་འཇོའི་བ། །ནོར་བུ་གསེར་ དངུལ་དར་ཟབ་གོས་རིགས་དང༌། །གཅན་གཟན་ལྤགས་རིགས་ཁྲབ་རྨོག་གོ་མཚོན་སོགས། །ཡིད་དུ་འོང་བའི་འདོད་དགུའི་དངོས་འབྱོར་རྣམས། །རི་ལྟར་སྤུངས་དང་ཇ་ཆང་ཕུད་ཀྱིས་ མཆོད། །བདག་ཅག་འཁོར་བཅས་འགྲོ་སྡོད་གང་གི་སྐབས། །སྡོངས་གྲོགས་རྒྱབ་རྟེན་སྲུང་ སྐྱོབ་མི་གཡེལ་བར། །རྟག་པར་མཛོད་ལ་ལུས་དང་གྲིབ་བཞིན་འགྲོགས། །ཆོས་སྲིད་དཔལ་ འབྱོར་དབྱར་གྱི་ཆུ་གཏེར་བཞིན། །སྙན་གྲགས་རླུང་རྟ་དབྱར་རྔ་ལྟ་བུར་ལྡིར། །ཁ་འཛིན་ སྡོང་གྲོགས་གཞི་བཅས་སྲུང་མ་མཛོད། །ལོངས་སྤྱོད་འབྱོར་བ་དབྱར་གྱི་སྤྲིན་བཞིན་འདུས། །སྡང་དགྲ་གདོན་བགེགས་ཐལ་བར་རྡུལ་དུ་བརླག །ཞི་རྒྱས་དབང་དྲག་འཕྲིན་ལས་ལྷུན་ གྲུབ་མཛོད། །ཅེས་བསང་མཆོད་བདུད་རྩིའི་ཟིལ་ཐིགས་དངོས་གྲུབ་མྱུར་སྩོལ་འདི་ཡང་འཇམ་གོ་དང༌། ཕུན་རས་ཟུང་ལ་ མཁོ་ཕྱིར་བློ་བཟང་ཆོས་འཕེལ་པས་བྲིས་པའོ། ། ཛཿ བཞེངས་ཤིག་བཞེངས་ཤིག་ཆོས་སྐུའི་དབྱིངས་ནས་བཞེངས། །སྐྱོད་ཅིག་སྐྱོད་ཅིག་ ཁྲག་མཚོའི་ཀླུང་ནས་སྐྱོད། །བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ། །རྒྱུགས་ཤིག་ རྒྱུགས་ཤིག་བསྟན་དགྲའི་སྟེང་དུ་རྒྱུགས། །སྟོང་གསུམ་མེ་རླུང་རབ་མཆེད་རྔམ་སྒྲ་དགོད། །དམ་ཉམ་ཤ་རུས་ཁྲག་མཚོའི་ཀླུང་ནས་བཞེངས། །སྲིན་པོའི་གཟུགས་འཆང་མིག་སྨན་ལྟར་ ནག་པའི། །དུས་གསུམ་སངས་རྒྱས་ཡོངས་ཀྱི་བསྟན་སྲུང་གཙོ། །རྣམ་འཕྲུལ་ཡང་སྤྲུལ་ གནོད་སྦྱིན་མོན་པ་དང༌། །པུ་ཊ་ལྷ་ལྔ་རུ་འདྲེན་སྡེ་ཚོགས་བཞི། །མཁའ་ལྡིང་བྱ་ཁྱི་མི་ནག་ ལྕགས་སྤྱང་འབུམ། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་དམག་ལ་ཆས། །ཁྱད་པར་ཅང་ཤེས་གློག་ 4-1-185 ལྟར་རབ་མྱུར་བའི། །ངང་མདོག་གཡུ་ཡི་རྔ་རྔོག་རླུང་གཤོག་ལྡན། །སྣ་ཚོགས་གཡུ་བྱུར་ཕྲ་ ལྡན་གསེར་སྒ་དང༌། །སྲབ་དང་གློ་རྨེད་དུག་སྦྲུལ་གྱིས་བྱས་སྟེང༌། །ལྷ་ཆེན་སྲས་མཆོག་རྡོ་རྗེ་ ཐོག་རྒོད་རྩལ། །སྐུ་མདངས་རབ་བསྒྱུར་དམར་ནག་ཨམ་གཙིགས་བསྡམས། །སྨ་ར་སྨིན་མ་ དབུ་སྐྲ་མེ་ལྟར་འབར། །སྤྱན་གསུམ་སྡང་མིག་དགྲ་ལ་ཧྲིག་ཧྲིག་གཟིགས། །ལུས་ལ་ཟ་འོག་ སྣ་ལྔའི་བེར་ཆེན་སྟེང༌། །གཞོམ་བྲལ་བསེ་ཁྲབ་ཞབས་ལ་སོག་ལྷམ་གསོལ། །སྟག་དུང་གཞུ་ རིང་གཟིག་ཤུབས་མདའ་ཡིས་བཀང༌། །གྲི་རིང་འཁོར་གསུམ་དཔའ་ཆས་སྐེད་པར་དཀྲིས། །དབུ་ལ་རྨོག་ཞྭའི་རུ་དར་ཕྱོགས་བཅུར་བསྐྱོད། །ཕྱག་གཡས་དར་མདུང་རྩེ་རྣོན་མཁའ་ལ་ ཕྱར། །གཡོན་པས་དགྲ་བགེགས་གློ་སྙིང་ཞལ་དུ་གསོལ། །སྤྲིན་ནག་འཁྲིགས་པའི་རླུང་ བཅས་གློག་ལྟར་ཆས། །དགྲ་ལྷའི་དམག་ཚོགས་འབུམ་བཅས་དམག་ལ་ཆས། །གཤིན་རྗེའི་ དམག་ཚོགས་འབུམ་བཅས་དམག་ལ་ཆས། །བཙན་གྱི་དམག་ཚོགས་འབུམ་བཅས་དམག་ ལ་ཆས། །བདུད་ཀྱི་དམག་ཚོགས་འབུམ་བཅས་དམག་ལ་ཆས། །དགྲ་བགེགས་མ་ལུས་ གནོད་སེམས་རྔམ་གནག་པས། །སྲོག་བདག་བདུད་བློན་རྡོ་རྗེ་དགྲ་འདུལ་རྩལ། །སྣང་སྲིད་ ལྷ་ཀླུ་སྡེ་བརྒྱད་དམག་ལ་ཆས། །རྣོ་མཚོན་སྣ་ཚོགས་ཐོགས་ཤིང་བསྭོ་སྒྲ་སྒྲོགས། །དཀར་ པོ་དགེ་བའི་ལས་ཀུན་ཁྱད་བསད་མཁན། །མི་དགེ་སྡིག་པའི་ལས་རྣམས་དང་དུ་བླངས། །མཆོག་གསུམ་ལས་འབྲས་མ་ལུས་ཁྱད་དུ་བསད། །བླ་སློབ་རྡོ་རྗེ་སྤུན་ལ་ནང་དཀྲུགས་ བྱེད། །དེ་འདྲའི་ཞིང་བཅུ་ཚངས་པའི་བསྟན་དགྲ་ཀུན། །བསྒྲལ་བའི་ལས་ལ་མྱུར་བར་མྱུར་ བར་རྒྱུགས། །རྔམ་སེམས་འབར་བས་དགྲ་བགེགས་གློ་སྙིང་ཕྱུང༌། །ཞལ་དུ་གསོལ་ཞིང་ མྱོས་པས་རྔམ་བརྗིད་འབར། །ཁྱད་པར་ཀུན་མཁྱེན་རྒྱལ་བ་ཇོ་ནང་པའི། །ངེས་དོན་རང་ ལུགས་བཤད་སྒྲུབ་ཟུང་འབྲེལ་གྱི། །བརྒྱུད་འཛིན་གང་ཡོད་དགོན་གཞི་དཀོར་ནོར་དང༌། །སྦྱིན་བདག་ལ་གནོད་མགོ་བོ་དམར་བཅད་མཛོད། །སྒྲུབ་སྡེ་འདི་དང་འདི་ལས་གང་མཆེད་ 4-1-186 ལ། །མ་ཉེས་གླེང་འདེབས་མ་ལན་སྙིང་ནག་པའི། །གཡོ་སྒྱུའི་བསམ་སྦྱོར་འཆང་བའི་བསྟན་ དགྲའི་རིགས། །ཀླད་པ་དཀར་པོ་ཞོ་ལྟར་ཞལ་དུ་གསོལ། །གྲྭ་པ་ངོ་ལོག་གྲྭ་ས་ཆོས་ལོག་ བྱས། །བུ་ལྟར་བཅོས་པའི་ལག་དམར་བཤན་པའི་རིགས། །མི་ནོར་རིགས་རྒྱུད་ཆབ་སྲིད་ དབང་ཐང་བཅས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣལ་འབྱོར་བདག་ དང་སྒྲུབ་སྡེ་འདི་རྣམས་ལ། །བན་བོན་སྔགས་པས་རྭ་གུར་བསྐྱེད་རྫོགས་གསལ། །རིགས་ སྔགས་དམོད་བསྐུལ་རྫས་སྦྱོར་འཁྲུལ་འཁོར་བསྐོར། །ལྷ་དབྱེ་ཤགས་འབེབས་དགྲ་བཅོམ་ འབུམ་བསྐོར་དང༌། །མཐུ་གཏད་མནན་བསྲེགས་ཟོར་ཕུར་ཁྲམ་ལ་སྦྱར། །རྒྱུ་འབྲས་གོ་ བཟློག་ཕ་རོལ་རྦད་གཏོང་མཁན། །འདོད་ཆེན་ཆོག་ཤེས་མེད་པ་གང་ཡོད་རིགས། །བསྒྲལ་ བའི་ཞིང་བཅུ་ཚང་ཀུན་མ་བསྒྲལ་ན། །ཆོས་སྐྱོང་མཆོད་སྒྲུབ་བྱས་པའི་དགོས་དོན་ཅི། །དམ་ བཅས་དམ་ལ་མི་གནས་ཅི་ལ་གནས། །ཁྱེད་རྣམས་བསྟན་པ་མི་སྲུང་ཅི་ཞིག་བྱ། །དེ་བས་རྩ་ རྒྱུད་བླ་མའི་བཀའ་ལྟར་སྒྲུབས། །རྣལ་འབྱོར་བདག་གིས་བསྐུལ་ཞིང་རྦད་པའི་ཚེ། །མཐོང་ རེག་ཁ་རླངས་དུག་གིས་དགྲ་བགེགས་རྣམས། །ཁ་མིག་ལྟག་པའི་རྒྱབ་ཏུ་སྐྱོལ་ནས་ཞོག །སྨྱོ་རེངས་བརྒྱལ་དང་ཞ་གྲུམ་གཟེར་ནད་དང༌། །དམར་བཤལ་ཁྲག་སྐྱུག་དམུ་ཆུ་སྐྱ་རྦབ་ ཐོང༌། །ཁྱོད་དང་ཆུང་མ་བུ་སྲིང་ཉེ་དུ་བཅས། །རྟ་ནོར་ཕྱུགས་དང་བྲན་གཡོག་མ་ལུས་སོད། །བསོད་ནམས་མངའ་ཐང་ལོངས་སྤྱོད་ཐམས་ཅད་གཏོར། །ཐོག་གིས་ཁང་ཁྱིམ་སེར་བས་ལོ་ ཏོག་ཆོམ། །གནམ་གྱི་འཇུ་ཐག་ས་ཡི་རྟེན་ཕུར་ཕྱུང༌། །རང་བཞིན་ལས་ཀྱི་ཤུགས་ལ་ཁུངས་ མ་བྱས། །སྲུང་མ་ཁྱོད་དང་རིག་འཛིན་བདག་ཅག་གཉིས། །ཁྱད་དུ་གསོད་པའི་དམ་ཉམས་ དགྲ་བོ་རྣམས། །ལོ་ཟླར་མ་བཞག་སྙིང་ཁྲག་ཞལ་དུ་གསོལ། །སྟོང་གསུམ་སྲོག་བདག་ བདུད་བློན་དམག་སྣ་དྲོངས། །ལྷ་སྲས་རྡོ་རྗེ་ཐོག་རྒོད་དམག་རྫོང་དེད། །རྣལ་འབྱོར་བདག་ ལ་ལྷ་མེད་ཟེར་བ་དང༌། །སྲུང་མ་ཁྱོད་ལ་མཐུ་མེད་ཟེར་བ་ཀུན། །མགོ་བོ་དམར་བཅད་བྱས་ 4-1-187 ཏེ་ཁྱེར་ལ་ཤོག །གློ་སྙིང་དྲོན་མོ་གསོལ་བཞིན་ཁྱེར་ལ་ཤོག །རྒྱུ་རློན་དཀར་ནག་ཟ་བཞིན་ ཁྱེར་ལ་ཤོག །མིག་འབྲས་དྲུངས་ནས་ཕྱུང་སྟེ་ཁྱེར་ལ་ཤོག །ལྷ་སྲུང་ཐམས་ཅད་གཤེད་དུ་ ཕོབ་ལ་ཤོག །ཕ་ཚན་ཐམས་ཅད་ནང་དམེ་ཐོང་ལ་ཤོག །གཟའ་མིས་རང་གཤེད་རང་ལ་ ཕོབ་ལ་ཤོག །ཕོ་རྒྱུད་རྩད་ནས་ཆོད་ལ་མྱུར་བར་ཤོག །མོ་རྒྱུད་མངལ་ནས་སྐེམས་ལ་མྱུར་ བར་ཤོག །ལུས་སེམས་རྡུལ་ཕྲན་བཞིན་དུ་གཏོར་ལ་ཤོག །བཅོལ་བའི་ལས་ཀུན་མྱུར་དུ་མ་ བསྒྲུབས་ན། །དུས་གསུམ་སངས་རྒྱས་ཀུན་གྱི་བཀའ་རྣམས་བཅག །རྩ་བརྒྱུད་བླ་མ་རྣམས་ ཀྱི་དམ་ལས་ལོག །སྒྲུབ་པོ་བདག་ཅག་འཁོར་བཅས་རེ་བ་ཆད། །དེ་བས་དམ་ལས་མ་འདའ་ ལས་ཀུན་སྒྲུབས། །གནད་ནས་བསྐུལ་ཚེ་མཐུ་རྩལ་མ་ལྷོད་ཅིག །མཛོད་ཅིག་མཛོད་ཅིག་ ལས་རྣམས་བསྒྲུབ་མཛོད་ཅིག །བཅོལ་བའི་འཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཅེས་ལྷ་ སྲས་རྡོ་རྗེ་ཐོག་རྒོད་རྩལ་གྱི་སྐུལ་བ་དམ་ཉམས་གསོད་པའི་རྡོ་རྗེ་ཐོག་མདའ་ཞེས་བྱ་བ་འདི་ཡང་བླ་མ་དམ་པ་ངག་དབང་ཆོས་ བཟང་དཔལ་གྱིས་བསྐུལ་ངོར། རྔ་ཡུལ་སྟོད་དུ་ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་གྱིས་བྲིས་པའོ། །འདིས་ཀྱང་དཔལ་རྒྱལ་ བ་ཇོ་ནང་པའི་སྒྲུབ་བརྒྱུད་འཛིན་པ་རྣམས་དགྲ་དང་བགེགས་ཚོགས་མ་ལུས་པའི་གཡུལ་ལས་རྒྱལ་བར་ཤོག ། རྗེ་བཙུན་བཅོམ་ལྡན་འདས་མའི་མཐུ་སྟོབས་ཀྱིས། །བདག་ལ་རྒྱལ་འགོང་དམ་སྲི་ཆོམ་ རྐུན་དང༌། །གཟའ་བདུད་བཙན་དང་ཀླུ་གཉན་ས་བདག་དང༌། །གནོད་ཅིང་འཚེ་བའི་མི་དང་ མི་མིན་དང༌། །བན་བོན་སྔགས་པའི་བྱད་ཁ་ཕུར་ཁ་དང༌། །སྔོན་བསགས་ལས་དང་འཕྲལ་ རྐྱེན་གང་གིས་ཀྱང༌། །ཕྱི་ཡི་བར་ཆད་མི་དང་མི་མིན་གནོད། །ནང་གི་འབྱུང་བཞིའི་ཁམས་ འཁྲུགས་ནད་རིགས་ཀུན། །གསང་བ་རྟོག་ངན་ཆགས་སྡང་མེ་ལྟར་མཆེད། །བཅོམ་ལྡན་མ་ ཁྱོད་དྲན་པ་ཙམ་གྱིས་ཀྱང༌། །དེ་དག་ཐམས་ཅད་མྱུར་དུ་བཟློག་པ་དང༌། །མཐུན་རྐྱེན་ཐམས་ ཅད་འགྲུབ་པར་མཛད་དུ་གསོལ། །ཞེས་པ་འདི་ཡང་དམ་པ་གོང་མའི་གསུང་ལ་ཁ་སྐོང་དང་བཅས་བློ་བཟང་ཆོས་ འཕེལ་པས་བྲིས་པའོ། ། 4-1-188 ཧཱུཾ། སྣང་སྲིད་དག་པའི་ཕུད་མཆོད་དམ་པ་འདི། །སྐྱབས་གནས་མ་ལུས་བསྟན་སྲུང་སྐུར་ བཞེངས་པ། །རྒྱལ་ཆེན་མདུང་དམར་འཛིན་པ་འཁོར་བཅས་ལ། །མཆོད་གསོལ་གང་འདོད་ རེ་བ་ཀུན་སྐོང་མཛོད། །འདི་ཡང་ཆོས་སྲིད་ཟུང་གིས་བྱ་བ་མཐའ་དག་ལམ་འགྲོའི་ཆེད་དུ་བརྩོན་འགྲུས་ལ་མཁོ་ཕྱིར་ ཤར་འཛམ་ཐང་དུ་བློ་བཟང་ཆོས་འཕེལ་པས་བྲིས་པའོ། །བཤད་སྒྲུབ་བསྟན་པའི་གནས་མཆོག་གཟིམ་ཁང་ དུ། །སྐྱེས་བུ་དམ་པ་གང་བཞུགས་རིམ་བྱོན་གྱིས། །དམ་ལ་བཏགས་པའི་གཟའ་རྒོད་འཁོར་ བཅས་རྣམས། །གཏོར་མ་འདི་ལོངས་བཅོལ་བའི་འཕྲིན་ལས་མཛོད། །ཅེས་པའང་བློ་བཟང་ཆོས་ འཕེལ་པས་བྲིས་པའོ། ། ས་བཅུའི་དབང་ཕྱུག་རྒྱལ་བསྟན་སྲུང་མའི་མཆོག །འདོད་ཁམས་དབང་བསྒྱུར་ཆོས་ ཀུན་སྲོག་གི་བདག །ལྷ་སྲུང་ཉམས་གྲིབ་དབང་ཐང་རླུང་རྟ་རྒུད། །མཆོད་སྒྲུབ་ལས་བཅོལ་ རླུང་རྟ་རབ་དར་ཤོག །ས་བརྒྱད་སེམས་དཔའ་བྱང་ཕྱོགས་སྐྱོང་བའི་གཏེར། །ནོར་ལ་དབང་ བསྒྱུར་འདོད་ཡོན་ཆར་དུ་སྙིལ། །དབང་ཐང་རླུང་རྟའི་ཉམས་རྒུད་སླར་གསོ་ཕྱིར། །ལྷ་སྲུང་ སྒྲུབ་པས་མི་མཐུན་གཡུལ་རྒྱལ་མཛོད། །གནས་སྐབས་མཐར་ཐུག་དངོས་གྲུབ་མངའ་བའི་ མགོན། །རྨད་བྱུང་ཕན་བདེ་སྤེལ་བའི་ལས་བཞིའི་བདག །ཆོས་སྲིད་ཉམས་པས་བསམ་དོན་ མ་ལུས་རྒུད། །ཁྱོད་མཆོད་སྒྲུབ་པས་དབང་ཐང་རླུང་རྟ་བསྐྱེད། །ཅེས་གུར་རྣམ་སྲས་ཞལ་བཞི་པ་གསུམ་ གྱི་རླུང་རྟ་བསྐྱེད་པ་འཕྲིན་ལས་མྱུར་འཇུག་ཅེས་བྱ་བ་འདི་ཡང་གྲྭ་བཙུན་ངག་དབང་རྡོར་འཛིན་གྱིས་བསྐུལ་བ་ལ་བརྟེན་ནས་བློ་ བཟང་ཆོས་འཕེལ་པས་བྲིས་པ་དགེ་ལེགས་འཕེལ། ཀྱེ། ངེས་དོན་བསྟན་སྐྱོང་གཉན་སྲས་ནོར་བུའི་གཏེར། །དགྲ་འདུལ་ཡུལ་གཙོ་དཀར་ ཕྱོགས་སྡེ་རིགས་གཙོ། །གསེར་སྐྱེམས་གཙང་མའི་ཕུད་མཆོད་འདི་བཞེས་ལ། །ཕྱི་ནང་ གསང་བའི་བར་ཆད་ཀུན་བྲལ་མཛོད། །ཅེས་ཉིན་ཡུལ་ཇོ་ནང་དགོན་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང་གི་ རྒྱབ་རི་གཉན་སྲས་ནོར་བུ་དགྲ་འདུལ་གསར་འཛུགས་སྐབས་ངག་དབང་ཡོན་ཏན་བཟང་པོས་བྲིས་པའོ། ། 4-1-189 ༀ་ཨཱཿཧཱུཾ། ངེས་དོན་རྒྱལ་བསྟན་སྲུང་མའི་དམ་རྟགས་འཆང། །དམ་ཆོས་བསྒྲུབ་ལ་བུ་ བཞིན་སྐྱོང་བའི་མ། །ཚེ་རིང་མཆེད་ལྔ་འཁོར་བཅས་གསོལ་ཞིང་མཆོད། །ཅི་བསམ་ཐམས་ ཅད་མྱུར་ནས་འགྲུབ་པར་མཛོད། །ཅེས་པ་འདི་ཡང་བསྐལ་པ་ཆུ་ཕག་གི་ལོ་ལ་ཤར་འཛམ་ཐང་དུ་བླ་མ་སེམས་ ཉིད་རྡོ་རྗེས་རང་ཅག་ལ་རྗེ་ཏཱ་ར་ནཱ་ཐའི་སྒྲུབ་ཐབས་རིན་འབྱུང་གི་བཀླག་ལུང་གནང་སྐབས་ཁོང་ཉིད་ལ་མཁོ་ཕྱིར་བློ་བཟང་ཆོས་ འཕེལ་པས་བྲིས་སོ། ། ཡུལ་སྐྱོང་རི་ཁྲ་ནོར་བདག་ལྕགས་ཁྲབ་མནབས། །དར་མདུང་གཏེར་བུམ་འཛིན་ཅིང་ རྟ་སྔོན་བཅིབས། །འཁོར་དང་བཅས་པས་གསེར་སྐྱེམས་འདི་བཞེས་ལ། །ཆོས་སྲིད་ལེགས་ པའི་སྡོང་གྲོགས་དམ་པ་མཛོད། །འདི་ཡང་ཀ་ཐོག་བླ་མ་མཆོག་སྒྲུབ་ཀྱི་མོས་འདུན་བཞིན་བློ་བཟང་ཆོས་འཕེལ་ པས་བྲིས་པའོ། ། གནས་ལུང་ཡུལ་བདག་དགེ་བསྙེན་གསེར་ཁྲབ་གྱོན། །མདའ་དར་ནོར་བུ་བསྣམས་ ཤིང་རྟ་ནག་ཅན། །གཙོ་འཁོར་དང་བཅས་གསོལ་མཆོད་དགྱེས་བཞེས་ནས། །ཚེ་གཡང་ རྒྱལ་བསྟན་དར་བའི་འཕྲིན་ལས་མཛོད། །ཅེས་པ་འདི་ཡང་ཆོས་ལ་བརྩོན་སེམས་ཆེ་བ་ཀ་ཐོག་བླ་མ་མཆོག་ སྒྲུབ་ཀྱི་གསུང་ངོ་མ་ལྡོག་ཕྱིར་བློ་བཟང་ཆོས་འཕེལ་པས་བྲིས། ༄༅། །དཔལ་ལྡན་མ་ཧཱ་ཀཱ་ལའི་བསྐང་རྫས་འབུལ་ཚུལ། ༄༅། །ཇོ་ནང་ཀུན་མཁྱེན་ཆེན་པོའི་དགོངས་པ་བཞིན་འདིར་འཆད་པ་ལ། བླ་མ་ དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །རིམ་གཉིས་བསྒྲུབ་པའི་རྣལ་འབྱོར་བས། །བར་ ཆད་མཐའ་དག་སེལ་བའི་ཕྱིར། །ནག་པོ་ཆེན་པོ་འཁོར་བཅས་ལ། །བསྐང་རྫས་སྣ་ཚོགས་ འབུལ་འདོད་པས། །བསད་ཤ་མ་འདྲེས་མཆོད་པའི་རྫས། །སྣ་ཚོགས་འོག་ཏུ་འབྱུང་བཞིན་ 4-1-190 བཀོད། །ལྷག་བསམ་རྣམ་པར་དག་པ་ཡིས། །ཀུན་བཟང་མཆོད་པའི་སྤྲིན་བཞིན་འབྲི། ། ༈ སྐབས་འདིའི་རེའུ་མིག་དང་པོར། ཐོད་པའི་སྣོད་རེ་རེའི་ནང་དུ་ཆུ་གཙང༌། དབང་ ལྔའི་མེ་ཏོག་བདུག་སྤོས། ཡི་དྭགས་མེ་སྦར་བ། དྲི་མཆོགཟས་སྣ་སྣ་ཚོགས། མི་རྐང་ཟུང་དང་ ཐོད་རྔ། ཉེར་སྤྱོད་ཀུན་བཟང་མཆོད་པའི་སྤྲིན་དཔུང་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༌། །འགྲོ་ཀུན་ཉམས་ཆག་བསྐང་ཞིང་བར་ ཆད་སེལ། །དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར་རི་མོར་འབུལ། ། ༈ རེའུ་མིག་གཉིས་པར། རྩེ་གསུམ་གཟི་བརྗིད་ལྡན་པའི་རྔ་ཡབ་ལ། རུས་རྒྱན་དང༌། དགྲ་སྙིང་འཕྱང་བ། གསེར་གྱི་ཏོག་ལྡན་དར་ནག་རྒྱལ་མཚན་ལ། རིན་ཆེན་སྣ་ལྔའི་ཕྲེང་བ་ འཕྱང་བ། གསེར་གྱི་ཏོག་ལྡན་དར་ནག་གདུགས་ཆེན་ལ། རིན་ཆེན་སྣ་ལྔའི་ཕྲེང་བ་འཕྱང་ བ། དར་ནག་བ་དན་མེ་ལྕེ་འབར་བ་ལས་ཕོ་ཉ་གིང་ཆེན་དུ་མ་འཕྲོ་བ། རྔ་ཆེན། ཟངས་དུང༌། རོལ་མོ། གླིང་བུ། སིལ་སྙན། འཁར་རྔ། དུང་དཀར། རྡོར་དྲིལ། ཌཱ་རུ། ཅང་ཏེའུ། གླིང་ བཞིར་གཡོ་བའི་ལྷ་རྫས་སྣ་ཚོགས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །འགྲོ་ཀུན་ ལོངས་སྐུའི་གོ་འཕང་འཐོབ་པའི་ཕྱིར། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །བར་ ཆད་སེལ་ཞིང་དགྲ་བགེགས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་གསུམ་པར། འབྲུ་སྣ་དགུའི་གཏོར་མ་དམར་ནག་ཟུར་གསུམ་ལ་སྨན་སྣ་ སྙིང་པོ་ལྔ། ཤ་ལྔ། བདུད་རྩི་ལྔ། དར་སྣས་བརྒྱན་པ། ཤ་ཆེན། གྲི་ཁྲགཛ་གད་ཕུད་ཀྱིས་ བྲན་པ། ཚིམ་པ་དྲུག་ལྡན་དམ་རྫས་བསྐང་གཏོར་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །དམ་ཉམས་དགྲ་བགེགས་སྡིག་ཅན་བསྒྲལ་བའི་ཕྱིར། །ཉམས་ཆག་བསྐང་ཞིང་བསྟན་པ་ སྲུང་བ་དང༌། །བར་ཆད་སེལ་བའི་དོན་དུ་བདག་གིས་འབུལ། ། ༈ རེའུ་མིག་བཞི་པར། ཁྲག་གི་མཆོད་ཡོན། དབང་པོ་ལྔའི་མེ་ཏོགཚིལ་ཆེན་དང་ཤ་ཆེན་ 4-1-191 བདུད་རྩི་རྣམ་ལྔའི་བདུག་སྤོས། ཞུན་ཆེན་དང་སྦྲང་ཆེན་རོ་རུས་སྡོང་བུ་མེ་སྦར་བ། བདུད་ རྩི་ལྔ་ལྡན་མཁྲིས་སྣ་རྣམས་ནུས་པ་མཆོག་དང་ལྡན་པའི་དྲི་མཆོགདམ་རྫས་ཤ་ཁྲག་རོ་བརྒྱ་ ལྡན་པའི་ཞལ་ཟས། མི་རྐང་གི་རྐང་གླིང༌། ཐོད་རྔ། དམར་ནག་དྲག་པོའི་མཆོད་པའི་རྫས་ རྣམས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །དྲག་པོ་མངོན་སྤྱོད་ལས་རྣམས་འགྲུབ་ པའི་ཕྱིར། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །བར་ཆད་སེལ་ཞིང་ཞིང་བཅུ་ བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་ལྔ་པར། ནམ་མཁར་གཡང་གཞིའི་བླ་བྲེ་དམར་ནགཞིང་ཆེན་པགས་པའི་ རྒྱལ་མཚན། སྐྲ་ནག་འབར་བའི་རྔ་ཡབ། གཡབ་དར་ནག་པོ་ཟུར་གསུམ། དོན་སྙིང་དཀར་ དམར་གྱི་འཕན་གདུགས་ལ་རྒྱུ་རློན་ལྡ་ལྡིའི་དཔྱངས་འཕྲུལ། བམ་ཆེན་གསར་རྙིང་ཤ་ཁྲག་ རི་ལྟར་སྤུངས་པ། ཀེང་རུས་འབར་བའི་གཅལ་བཀྲམ། དྲག་པོ་ལས་རྣམས་བསྒྲུབ་པའི་ཕྱིར་ དུ་ཡང༌། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་ དང༌། །བར་ཆད་སེལ་ཞིང་དགྲ་བགེགས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་དྲུག་པར། ཡེ་ཤེས་ལྔ་མཚོན་བྱེད་རུས་པའི་དབུ་རྒྱན། ཟུང་འཇུག་མཚོན་ ཕྱིར་རུས་པའི་རྣ་རྒྱན། རྣ་ཆ། མགུལ་རྒྱན། སྐ་རགས་ལ་རྒྱན་གཡེར་ཁ་དཔྱངས་པ། ཕྱག་ གདུབ། ཞབས་གདུབ། དེ་རྣམས་ལ་ནོར་བུ་དང་རིན་པོ་ཆེའི་དོ་ཤལ་དཔྱངས་པ། སྦྲུལ་རྒྱན། རྒྱུ་མའི་རྒྱན་དང་ཚངས་སྐུད། ཐོད་རློན། སྟག་ལྤགས། གླང་ཆེན་ཀོ་རློན། ཆོས་སྐྱོང་སྐུ་ཡི་ རྒྱན་ཆ་སྣ་ཚོགས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །འགྲོཀུན་སྤྲུལ་སྐུའི་གོ་འཕང་ འཐོབ་པའི་ཕྱིར། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །བར་ཆད་སེལ་ཞིང་དགྲ་ བགེགས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བདུན་པར། རྡོ་རྗེ་ལྕགས་ཀྱུ། ཞགས་པ། འཁོར་ལོ། ལྕགས་སྒྲོགདྲིལ་བུ། 4-1-192 ཕུར་བུ། དགྲ་སྟ། རལ་གྲིགྲི་གུགཐོད་རློན། བེ་ཅོན། རྩེ་གསུམ། ཤང་ལང༌། མདུང་ཐུང༌། སྤུ་གྲི། དམ་ཤིང༌། ཆུ་གྲི། ཁྲབ། རྨོག་མཛེས་པ་ལ་དར་འཕྲུ། མདའ་གཞུ། རྡོ་རྗེའི་གོ་ཆ། གོ་མཚོན་རྒྱན་ལྡན་མཆོད་པ་སྣ་ཚོགས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །བདུད་ དཔུང་གཡུལ་བཅས་མ་ལུས་འཇོམས་པའི་ཕྱིར། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་ དང༌། །བར་ཆད་སེལ་ཞིང་དགྲ་བགེགས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བརྒྱད་པར། ཐོད་སྣོད་རེ་རེའི་ནང་དུ། གྲུབ་པའི་བྱིན་གྱིས་བརླབས་པའི་ སྡིག་མེད་ཤ་ལྔ་ནི། གླང་པོ་ཆེའི་ཤབ་གླང་གི་ཤརྟ་ཡི་ཤཁྱིའི་ཤམི་ཡི་ཤཡང་ན། གླང་ཆེན། རྨ་ བྱ། སེང་གེགྱི་ལིང༌། ཤང་ཤང་བཅས་ཀྱི་ཤའོ། །བྱང་སེམས་དཀར་པོ། རྐང་མར། རཀྟ་ དམར། དྲི་ཆུ་དམར་སེར། དྲི་ཆེན་སྨུག་ནགདེ་རྣམས་སྦྱང་སྤེལ་སྦར་བར་བྱས་པ། ཡང་ཐོད་ སྣོད་རེ་རེའི་ནང་དུ་ག་ན་ཙཀྲའི་མཆོད་པ། བུར་ཆང་སེར་པོ། སྦྲང་ཆང་དམར་སེར། རྒུན་ ཆང་སྨུག་དམར། འབྲས་ཆང་དཀར་པོ། ནས་ཆང་སྨུག་ནགའབྲུ་ཆང་སེར་པོ། དེ་རྣམས་ཟག་ མེད་མཆོག་དང་ལྡན་ཞིང་ཁ་དོག་ཡེ་ཤེས་ལྔའི་འོད་ཟེར་འབར་བའི་བདུད་རྩི་པཉྩ་ཨ་མྲྀ་ཏ། གསང་བའི་མཆོད་པ་ལྔ་ནི། རྐང་གླིང༌། ཐོད་རྔའི་རོལ་མོ། ཤ་ཆེན་གྱི་བཤོས་བུ། དྲི་ཆུའི་ཡོན་ ཆབ། ཚིལ་ཆེན་གྱི་མར་མེ། གསུར་ཆེན་གྱི་བདུག་སྤོས། དབང་པོ་རྣམ་ལྔའི་མེ་ཏོག་དང་ལྔའོ། །ཡང་ན། ས་ཆུ་མེ་རླུང་ནམ་མཁའི་དྭངས་མ་མཚེར་བ། མཁལ་མ། སྙིང༌། མཆིན་པ། གློ་བ་ སྦྱར་བའི་མཚེར་བའི་མེ་ཏོག་མཆུ། མཁལ་མའི་མེ་ཏོག་རྣ་བ། སྙིང་གི་མེ་ཏོག་ལྕེ། གློ་བའི་མེ་ ཏོག་སྣ། མཆིན་པའི་མེ་ཏོག་མིག་གོ། །གསང་བའི་དཀར་གསུམ། རྐང༌། བྱང་སེམས། ཀླད་ པ་དང་གསུམ་མོ། །གསང་བའི་མངར་གསུམ་པདྨའི་རཀྟ། དཔའ་བོ་གྲིར་ཤི་བའི་ཤདྲི་ཆེན་ དང་གསུམ་མོ། །གསང་བའི་དགྲ་གསུམ། གཟུང་འཛིན་ཕྱིའི་དགྲ། ང་བདག་ནང་གི་དགྲ། ཆགས་སྡང་གསང་བའི་དགྲ་དང་གསུམ་མོ། །འདི་རྣམས་མཆོད་པའི་དངོས་གྲུབ་རྣམ་གཉིས་ 4-1-193 ཀྱིས། །བདག་ཅག་རྣམས་ལ་ལེགས་པར་བརྒྱན་པའི་ཕྱིར། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་ པ་ལ། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །བར་ཆད་སེལ་ཞིང་དགྲ་བགེགས་ བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་དགུ་པར། ཁྱུང་ཆེན་གཤོག་ཟུང་རྡེབ་སྒྲས་ས་གསུམ་འདར། བྱ་ནག་མང་ པོས་འཕུར་ལྡིང་བྱེད་པ། ཁྱི་ནག་དང་ག་དཀར་པོ་དུ་མ་ཁྲོས་པས་འཁང་ཟུག་བྱ་བ། ལྕགས་ སྤྱང་སྔོ་ནག་དུ་མས་འདུར་རྒྱུག་བྱ་བ། རྟ་ནག་རྟིང་དཀར་མང་པོས་མཚེར་སྐད་སིལ་སིལ་ སྒྲོགས་པ། གཡག་ནག་གདོང་དཀར་དུ་མས་རྔ་མ་ལང་ལིང་བྱེད་པ། ལུག་ནག་སྤྱི་དཀར་དུ་ མ་གཡུ་རྭ་ཅན། བསྐང་རྫས་སྣ་ཚོགས་རབ་སྤེལ་མང་པོ་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་ པ་ལ། །རྣལ་འབྱོར་བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་ སྲུང་བ་དང༌། །དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་པར། མི་ནག་ལྭ་ཐོད་དང་དར་དཀར་གྱི་ཨང་རག་ཅན་དུ་མས་གར་ སྣ་ཚོགས་འཁྲབ་པ། སྟགགཟིགདོམ། དྲེད་དུ་མས་མཆེ་གཙིགས་ངར་སྒྲ་སྒྲོགས་པ། བརྗིད་ ལྡན་དཔའ་བོའི་དམ་རྫས་སྣ་ཚོགས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །ཉམས་ ཆག་བསྐང་ཕྱིར་བསྟན་པ་སྲུང་བ་དང༌། །བར་ཆད་སེལ་ཞིང་གདུལ་དཀའ་སྡིག་ཅན་རྣམས། །དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར་དུ་འབུལ། ། ༈ རེའུ་མིག་བཅུ་གཅིག་པར། མདོས་ཁང༌། རིན་ཆེན་གཞལ་ཡས་ཁང༌། གླིང་བཞི་རི་ རབ་ཉི་ཟླས་བརྒྱན་པ་དང་དཔག་བསམ་གྱི་ཤིང་ལྗོན་པ་དུ་མ། འཁོར་ལོ། ནོར་བུ། བཙུན་ མོ། བློན་པོ། གླང་པོ། རྟ་མཆོགདམག་དཔོན། མ་རྨོས་ལོ་ཏོགའདོད་འཇོའི་བ། མདོས་ ཁང་རིན་ཆེན་གཞལ་ཡས་ཁང་པ་དང༌། །གླིང་བཞི་རི་རབ་ཉི་ཟླ་དཔག་བསམ་ཤིང༌། །རྒྱལ་ སྲིད་སྣ་བདུན་མ་རྨོས་ལོ་ཏོག་སོགས། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །རྣལ་འབྱོར་ 4-1-194 བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །དམ་ ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་གཉིས་པར། ནམ་མཁར་རིན་ཆེན་སྣ་ལྔའི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། མེ་ལོང༌། དུང༌། གི་ཝཾ། ཞོ། ལི་ཁྲི། རྩྭ། བིལ་བ། ཡུངས་ཀར། དཔལ་བེའུ། གསེར་གྱི་འཁོར་ ལོ། པདྨ་དཀར་པོ། རྒྱལ་མཚན། གདུགས་དཀར་གསེར་གྱི་ཡུ་བ་ཅན། བུམ་པ། དུང་གཡས་ འཁྱིལ། གསེར་ཉ། གཟུགས། སྒྲ། དྲི། རོ། རེག་བྱ། ནག་པོ་གྱད་ཆེན་རྡོ་རྗེ་རྩེ་ལྔ་འཕྱར་བ། ས་གཞིའི་བར་བར་རྣམས་སུ། ལྷ་མིའི་ལོངས་སྤྱོད་འདོད་རྫས་བསམ་མི་ཁྱབ་པ་དང་ཡིད་ བཞིན་ནོར་བུ་འོད་འབར་བ། རྫས་རྟགས་འདོད་རྫས་ལྷ་མིའི་ལོངས་སྤྱོད་རྣམས། །མ་ཧཱ་ཀཱ་ ལཿའཁོར་དང་བཅས་པ་ལ། །རྣལ་འབྱོར་བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་ བསྐང་ཞིང་བསྟན་པ་སྲུང་བ་དང༌། །དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་གསུམ་པར། འཁོར་ལོ་རྩིབས་བརྒྱད་ཀྱིས་མཁའ་ལ་བརྒྱན་པ། ལྷ་ ཀླུའི་སྐུ་རྟེན་གཞལ་ཡས་ཁང་འོད་འབར་བ་ལ་རྒྱང་བུ་སོ་བདུན། མདུང༌། ནམ་མཁའ། མདའ་དར། རལ་གྲི། འཕང་བཀྲ། བལ་ཚོན། དར་ཟབ་ལྡ་ལྡིས་བརྒྱན་པ་འབྲུ་སྣ་སྣ་ཚོགས་ སྤུངས་པ། འདོད་པའི་དམ་རྫས་མ་ལུས་འདི་དག་སོགས། །མ་ཧཱ་ཀཱ་ལཿའཁོར་དང་བཅས་ པ་ལ། །རྣལ་འབྱོར་བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་ སྲུང་བ་དང༌། །དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་བཞི་པར། དར་ནག་བཅུ་གསུམ་རེ་རེ་ལ། ཁྱུང་ཆེན། རྨ་བྱ། ཤང་ཤང༌། ངང་བ། སེང་གེསྟགགཟིགདོམ། དྲེད། མི་དབང༌། རྟ། འཕར་བ། སྤྱང་ཀིའི་རྒྱལ་མཚན་ རྣམས་ཀྱིས་བརྒྱན། ལྤགས་རིགས་དར་ནག་བཅུ་གསུམ་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་ པ་ལ། །རྣལ་འབྱོར་བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་ 4-1-195 སྲུང་བ་དང༌། །དམ་ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅོ་ལྔ་པར། ཀ་ལ་པིང་ཀརྨ་བྱ། ནེ་ཙོ། ཁུ་བྱུགབྱ་རོགཤང་ཤང༌། ཁྲུང་ཁྲུང་ དཀར་མོ། འོལ་བ། འུག་པ། སྐྱ་གསྐྱར་མོ། ཁྭ་ཏ། ཁུག་རྟ། ཁྲ། གོ་བོ། གོང་མོ་སོགས། སྐད་ སྙན་སྤུ་སྡུག་འདབ་ཆགས་སྣ་ཚོགས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །རྣལ་འབྱོར་ བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །དམ་ ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་དྲུག་པར། གླགངུར་བ། ཅོ་ཀསྐྱུང་ཀཟེར་མོ། ཆུ་བྱིའུ་མཆིལ་བ། ཏི་ཏི། མཐིང་རིལ། ཏེ་ཕོ། པུ་ཤུད། ཕུག་རོན། བྱདཔལ་ལྡན་མ་ཧཱ་ཀཱ་ལའི་བསྐང་རྫས་འབུལ་ཚུལ། རྒོད། ཤིང་རྟ་མོ། སོ་བྱ། སྲེག་པ། སྲིན་བྱ། ཕ་ཝང༌། རྒང་སོགས། རབ་མཛེས་གཉིས་སྐྱེས་སྒྲ་ སྙན་སྒྲོགས་པ་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །རྣལ་འབྱོར་བར་ཆད་མཐའ་དག་ བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །དམ་ཉམས་དགྲ་བགེགས་ མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་བདུན་པར། སེང་གེསྟགགཟིགདོམ། དྲེད། གཡི། སྤྱང་ཀིཕག་རྒོད། འཕར་བ། ཝ། ཁྱི། སྤྲེལ། གྲུམ་པ། ཏེ་ལོ་ལ་སོགས་གཅན་གཟན་སྣ་ཚོགས། མཆེ་སྡེར་གཟི་ བརྗིད་ལྡན་པའི་གཅན་གཟན་རྣམས། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །རྣལ་འབྱོར་ བར་ཆད་མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །དམ་ ཉམས་དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅོ་བརྒྱད་པར། ཤྭ་བ། རྐྱང༌། ཡུ་མོ། འབྲོང༌། ཁ་ཤ རྒོ་བ། བསེ་རུ། གླ་ བ། གཉན། རྣ། རི་བོང༌། གླང་ཆེན་དང་སེང་གེ་རྐང་བ་བརྒྱད་པ་སོགས། རྩལ་རྒྱས་མདངས་ བཀྲ་རི་དྭགས་སྣ་ཚོགས་འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །རྣལ་འབྱོར་བར་ཆད་ 4-1-196 མཐའ་དག་བསལ་བ་དང༌། །ཉམས་ཆག་བསྐང་ཞིང་བསྟན་པ་སྲུང་བ་དང༌། །དམ་ཉམས་ དགྲ་བགེགས་མ་ལུས་བསྒྲལ་ཕྱིར་འབུལ། ། ༈ རེའུ་མིག་བཅུ་དགུ་པར། ཨུ་ཙི་པ་ཊ། གསེར་ཉ། ཉ་རོ་ཧི་ཏ། ཕག་རིའི་ཉ། གཙང་ ཉ། ཆུ་སྲིན། སྨན་སྦྲུལ། དུང་འབུ། སྲམ་སོགས། ཡིད་འཕྲོག་མཛེས་པའི་ཆུ་གནས་སྣ་ཚོགས་ འདི། །མ་ཧཱ་ཀཱ་ལཱ་འཁོར་དང་བཅས་པ་ལ། །འགྲོ་ཀུན་འདོད་ཡོན་སྣ་དགུའི་ལོངས་སྤྱོད་ འཕེལ། །ཚེ་རིང་ནད་མེད་སྙན་གྲགས་མཐའ་མེད་རྒྱས། །ཆོས་སྲིད་ཟུང་གི་བྱ་བ་དབྱར་མཚོ་ ལྟར། །སྐྱེ་དང་ཚེ་རབས་ཀུན་ཏུ་རྟག་སྤྱོད་ཤོག ། ༈ རེའུ་མིག་ཉི་ཤུ་པར། འདོད་གསོལ་སྣ་ཚོགས་ནི། དམ་ཆོས་བསྒྲུབ་པར་བྱེད་པའི་ རྣལ་འབྱོར་པའི། །ཕྱི་ནང་གསང་བའི་བར་ཆད་སེལ་བ་དང༌། །ཉམས་ཆག་བསྐང་ཞིང་ ཉམས་རྟོགས་འཕེལ་བའི་ཕྱིར། །ཀུན་མཁྱེན་ཆེན་པོའི་དགོངས་བཞིན་འདི་རུ་སྤེལ། །ལྷ་ སྔགས་ཏིང་ངེ་འཛིན་གྱིས་རབ་སྤེལ་བས། །ས་དང་བར་སྣང་ཁྱབ་པའི་མཆོད་པའི་སྤྲིན། །དམིགས་རྟེན་ཕྱིར་དུ་གཟུགས་རིས་སྣ་ཚོགས་འདིས། །འགྲོ་ཀུན་བསོད་ནམས་མཐའ་མེད་ འཕེལ་བར་ཤོག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་ དང༌། །དཔལ་དང་གྲགས་དང་བསྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་ དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ ལ་སྲུང༌། །དངོས་གྲུབ་ཀུན་གྱིས་སྡོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་ པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་ འཕེལ་དང༌། །དགེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང༌། །འདོད་པའི་དངོས་གྲུབ་སྟེར་བར་མཛད་པ་ཡི། 4-1-197 །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་གི་བསམ་དོན་ཡིད་བཞིན་སྡོངས་ གྲོགས་མཛོད། །ཁྱེད་རྣམས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་ དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་ བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་དཔལ་ལྡན་མ་ཧཱ་ཀཱ་ལའི་བསྐང་རྫས་འབུལ་ཚུལ་འདི་ཉིད་འཛམ་ ཐང་གཟིམ་ཁང་ཕོ་བྲང་གི་མགོན་ཁང་ཆེན་མོའི་བསྐང་རྫས་རྣམས་གསར་འབྲིའི་སྐབས་ངག་དབང་ཡོན་ཏན་བཟང་པོས་གོང་ མའི་གསུང་ལྟར་བྲིས་པའོ། ། 4-1-198 ༄༅། །གཏོར་ཆོག་ལྟར་གྱི་ཆོས་སྐྱོང་གི་ དམིགས་རིམ་ཉུང་བསྡུས། ༄༅། །དཔལ་རྒྱལ་བ་ཇོ་ནང་པའི་བསྟན་སྲུང་རྒྱ་མཚོའི་ཚོགས་ལས། དུས་འཁོར་ ཁྲོས་པ་ཁྲོ་རྒྱལ་རྡོ་རྗེ་ཤུགས་ནི་ཁམས་གསུམ་ལས་རྣམ་པར་རྒྱལ་བ། ཁྲོ་བོ་ཐམས་ཅད་ཀྱི་ རྒྱལ་པོ། ཐུགས་སྙིང་རྗེ་ཆེན་པོས་བདུད་དང༌། ཉོན་མོངས་པའི་ཚོགས་མ་ལུས་པ་བརླག་ པར་མཛད་པ་དང༌། སྤྲུལ་པའི་ཁྲོ་རྒྱལ་བཅུས་འགྲོ་ཀུན་ལ་ཞི་རྒྱས་ཀྱི་སྒོ་ནས་སྲུང་སྐྱོབ་སྦ་ བ་རྣམས་རྡོ་རྗེ་འཆང་གི་བཀའ་བཞིན་མཛད། ཀླུ་བཅུ་དང༌། འབྱུང་པོ་བཅུས་འགྲོ་ཀུན་གྱི་ ལུས་ཀྱི་ཁམས་བསྲུང་བར་བྱེད། གཟའ་བཅུ་དང༌། ཕྱོགས་སྐྱོང་བཅུས་འགྲོ་ཀུན་གྱི་ངག་གི་ ཁམས་མ་ལུས་པར་བསྲུང་བར་མཛད། ཟད་པར་བཅུ་དང་ཁྲོ་བོ་བཅུས་འགྲོ་ཀུན་གྱི་སེམས་ ཀྱི་ཁམས་མ་ལུས་པ་བསྲུང་བར་བྱེད། ཁྲོ་རྒྱལ་རྡོ་རྗེ་འཇིགས་བྱེད་འདི་བསྟེན་ན་འགྲོ་མང་ལ་ ཕྱི་ནང་གསང་བའི་བར་ཆད་བསལ་ཏེ་མཐོ་རིས་ཡོན་ཏན་བདུན་གྱི་དངོས་གྲུབ་སྟེར་བ་དང༌། དེ་བཞིན་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ། དཔལ་ཧེ་རུ་ཀ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན། དཔལ་ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བར་བྱེད་པ། རྒྱལ་ཡུམ་འཕགས་མ་ཆེན་ མོ་འདི་དག་བསྟེན་པ་རྣམས་ལ་ནད་དང་སྡུག་བསྔལ་སོགས་མདོར་ན་མི་མཐུན་ཕྱོགས་ མཐའ་དག་ཞི་བ་དང༌། བདེ་སྐྱིད་དང་ལོངས་སྤྱོད་དང་ཆོས་སྤྱོད་ཀྱི་བྱ་བ་ཐམས་ཅད་གོང་ ནས་གོང་དུ་འཕེལ་ཞིང་རྒྱས་པ་དང༌། མི་འདོད་པའི་ཉེར་འཚེ་དང་བྱད་ཁ་ཟོར་ཁ་མཐུ་གཏད་ 4-1-199 འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས་ལས་སྲུང་བ་དང༌། ནད་རིགས་བཞི་བརྒྱ་རྩ་ བཞི་དང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ལས་སྐྱོབས་པར་མཛད་པ་དང༌། མཚོན་ གྱི་འཇིགས་པ་དང༌། སེང་གེགླང་པོ་ཆེ། མེ། སྦྲུལ། དུགཆུ། ས། ཆོམ་རྐུན། ལྕགས་སྒྲོག རྒྱ་ མཚོ། ཤ་ཟ། དོམ། དྲེད། སྟག་གཟིག་སོགས་སྦ་བའམ་སྐྱོབས་པར་མཛད་དོ། །བསྐལ་བཟང་ སངས་རྒྱས་སྟོང་གི་བསྟན་སྲུང་དཔལ་རྡོ་རྗེ་ནག་པོ་ཆེན་པོ། དེའི་གཡས་ན་བྱ་ནག གཡོན་ ན་ཁྱི་ནག རྒྱབ་ན་ལྕགས་སྤྱང༌། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང༌། འཁོར་ལས་བྱེད་ སྤྲུལ་པ་ཡང་སྤྲུལ་སྡེ་བརྒྱད་ཀྱི་དམག་ཚོགས་དཔག་ཏུ་མེད་པ་དང༌། གཡོན་དུ་ཨེ་ཀ་ཛ་ཊི། དེའི་ལྟོ་བ་ཡངས་པའི་ནང་དུ་དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། ལྕམ་དྲལ་ གསུམ་གྱི་མཐའ་སྐོར་དུ་དགུག་གཞུག་བཅིང་མཉེས་མཛད་པའི་མཁའ་འགྲོ་བཞི། སྐུ་གསུང་ ཐུགས་ཀྱི་རྣམ་སྤྲུལ་ཕོ་ཉ་བྱེ་བ་གྲངས་མེད་པ་དང༌། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ལྷ་དང༌། གནོད་སྦྱིན། སྲིན་པོ། གཤིན་རྗེ། མ་མོ། ལྷ་སྲིན་སྡེ་བརྒྱད། ཡ་ལས་ནག་པོ་གནོད་ སྦྱིན། མཾ་ལས་ནག་མོ་གནོད་སྦྱིན། ཡབ་ལས་ཏྲི་གཉིས། ཡུམ་ལས་བྷྱོཿགཅིག་སྤྲོས་པ་ལས་ པུ་ཊ་མིང་སྲིང་གསུམ་དུ་གྱུར་ཏེ། ཏྲི་ལས་པུ་ཊ་ནག་པོ། ཏྲི་ལས་བྷ་ཊ་ནག་པོ། བྷྱོཿལས་སྲིང་ མོ་རལ་གཅིག་མ། དེ་དག་རབ་ཏུ་ཁྲོས་ལ་རྔམ་ཞིང་འཁྲུགས་པས་གདུག་པ་ཅན་ཐམས་ཅད་ ཚར་གཅོད་པའི་ཚུལ་དུ་བཞུགས་པ། མེ་རླུང་འཚུབ་མའི་དབུས་ན་འགྱིང་བའོ། །མཐའ་སྐོར་ དུ་གཡས་ཀྱི་རུ་འདྲེན་པ་སྐྱེས་པ་སྟག་ཆས་བརྒྱན་པ་བརྒྱ། གཡོན་གྱི་རུ་འདྲེན་པ་དགེ་སློང་ གི་གཟུགས་ཅན་བརྒྱ། སླད་ཀྱི་རྗེས་སུ་འབྲང་བ་བནྡྷེ་ནག་པོ་ཕུར་ཐོགས་བརྒྱ། མདུན་གྱི་ བཤུལ་བྱང་འདྲེན་པ་བུད་མེད་ནག་མོ་བརྒྱ། གཞན་ཡང་དམ་ཉམས་ཀྱི་རྗེས་གཅོད་པའི་བྱ་ ནགཁྱི་ནགལྕེ་སྤྱང་ལ་སོགས་པ་ཕོ་ཉ་བསམ་གྱིས་མི་ཁྱབ་པ་སྤྲོ་བའོ། ། དེ་དག་བསྟེན་ན་བསྟན་པ་ཡོངས་ཀྱི་སྲུང་མ། ཆོས་འཁོར་ཡོངས་ཀྱི་སྲོག་ཤིང༌། དམ་ 4-1-200 ཚིག་ཅན་གྱི་དགྲ་ལྷ། འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ། སྡང་བའི་དགྲ། གནོད་ པའི་བགེགས། བདུད་དང༌། ཕྱི་ནང་གསང་གསུམ་གྱི་བར་གཅོད་བྱེད་པ་ཐམས་ཅད་ཞི་བར་ མཛད། མདོར་ན་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་ཞི་བ་དང༌། རྒྱལ་བསྟན་རྒྱས་ པའི་ལས་མྱུར་བར་བསྒྲུབས་པ་རྣམས་ཀྱི་མཐུན་རྐྱེན་དང༌། སྡོང་གྲོགས་དམ་པ་མཛད་པའོ། །ལས་ཀྱི་མགོན་པོ་ཟངས་གྲི་ཅན་སངས་རྒྱས་སྟོང་གི་བསྟན་སྲུང༌། བླ་མ་དམ་པ་རྣམས་ཀྱི་སྐུ་ དགྲ་འདུལ་བར་མཛད་པ་དང་མཐུན་རྐྱེན་གང་དགོས་བསྒྲུབས་པར་མཛད་དོ། །སྤྱན་རས་ གཟིགས་དབང་དྲག་པོའི་སྐུར་བཞེངས་པ་མགོན་པོ་ཕྱག་དྲུག་པས་ཕྱི་ནང་གསང་བའི་བར་ ཆད་ཐམས་ཅད་བསྲུང་བ་དགེ་ལེགས་ཐམས་ཅད་སྩོལ་བར་མཛད་པའོ། །ས་བརྒྱད་བདག་ པོ་རྣམ་ཐོས་སྲས་ཡང་འདོད་པའི་དངོས་པོ་ཐམས་ཅད་ཆར་ལྟར་ཕབ་སྟེ་དབུལ་བ་མ་ལུས་ པ་སེལ་བར་མཛད་པ་མ་ཟད་ཆོས་སྤྱོད་བཅུའི་བྱ་བ་མ་ལུས་པ་སྤེལ་བར་མཛད་དོ། །རྣམ་ སྲས་མདུང་དམར་ཅན་བདུད་སྡེ་མ་ལུས་པ་ཚར་བཅད། ཆོས་མཐུན་བྱེད་པ་ལ་ལོངས་སྤྱོད་ ཆར་ལྟར་འབེབས་པར་བྱེད། ནག་པོ་ཆེན་པོ་གདོང་བཞི་པ་ཕྱོགས་བཞིར་ཡུམ་ཆེན་སྲིང་མོ་ བཞི་ཁོར་ཡུག་ཏུ་བདུད་གཅོད་ཀྱི་བཤན་པ་ཉེར་གཅིགབདུད་འདུལ་གྱི་དམག་ཉི་ཁྲི་ཆིག་ སྟོང༌། དྲེགས་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཐམས་ཅད་ཀྱིས་བསྐོར་བ། རྫོགས་པའི་སངས་ རྒྱས་ཀྱི་སྤྱན་སྔར་བསྟན་པ་བསྲུང་བར་ཞལ་བཞེས་མཛད་དེ། བསྟན་འཛིན་སྐྱེས་ཆེན་དམ་པ་ རྣམས་ཀྱི་སྐུ་ཚེ་དང་མཛད་པ་འཕྲིན་ལས་ལ་བར་ཆད་བྱེད་པའི་བདུད་དང་བགེགས་རིགས་ ཐམས་ཅད་ཞི་བ་དང་སྲུང་བའི་ལས་ལ་བརྩོན་པར་མཛད་དོ། །དབུས་ཕྱོགས་སངས་རྒྱས་ མཁའ་འགྲོ། ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ། ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ། ནུབ་ཕྱོགས་ པདྨ་མཁའ་འགྲོ། བྱང་ཕྱོགས་ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ་གནས་གསུམ་ གྱི་རྡོ་རྗེ་མཁའ་འགྲོ། རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་ཐམས་ཅད་ལ་མཆོད་པ་དང་བསྟོད་ 4-1-201 པ་བྱས་ན་ཕྱི་ཡི་བར་ཆད་མི་དང་མི་མ་ཡིན་གྱི་གནོད་པ་དང༌། ནང་ལུས་ཀྱི་འབྱུང་བཞི་ཆ་མི་ སྙོམས་པའི་ནད་སྣ་ཚོགས་དང༌། གསང་བ་ཆོས་དང་འགལ་བའི་རྣམ་རྟོག་ངན་པ་ཐམས་ཅད་ ཞི་བ་དང༌། རྣམ་དཀར་བསོད་ནམས་ཀྱིས་ལུས་ངག་གི་ལེགས་ཚོགས་དང༌། ངེས་འབྱུང་གི་ བསམ་པ་དང༌། གཞན་ཕན་བྱང་ཆུབ་ཀྱི་སེམས། ཕར་ཕྱིན་དྲུག་སོགས་རྫོགས་པའི་སངས་ རྒྱས་ཀྱི་གོ་འཕང་ཕུན་སུམ་ཚོགས་པ་ཐམས་ཅད་བསྩལ་བའི་འདོད་དོན་གསོལ་བར་མཛད་ དོ། །ཤར་ཕྱོགས་དབང་པོ། ལྷོ་ཕྱོགས་གཤིན་རྗེ། ནུབ་ཕྱོགས་འཆི་བདགབྱང་ཕྱོགས་གནོད་ སྦྱིན། ཤར་ལྷོར་མེ་ལྷ། ལྷོ་ནུབ་ཏུ་བདེན་བྲལ། ནུབ་བྱང་དུ་རླུང་ལྷ། བྱང་ཤར་དུ་དབང་ལྡན། སྟེང་དུ་ཚངས་པ། འོག་ཏུ་སའི་ལྷ་མོ་སྟེ། དེ་རྣམས་དཀར་ཕྱོགས་པ་སྐྱོང་བའི་ལྷ་རྣམས་ལ་ མཆོད་བསྟོད་བྱས་ན་བར་ཆད་སེལ། (རྩོམ་འཕྲོ) 4-1-202 ༄༅། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཆེན་གྱི་ལས་སྦྱོར་ ཟོར་འཆམ་གྱི་ལག་ལེན་དམ་ཉམས་གསོད་པའི་ གནམ་ལྕགས་ཐོག་མདའ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡ། སྙིགས་མ་ལྔ་བདོའི་འཁྲུལ་རྟོག་མུན་ཁྲོད་དུ། །ཆུ་འཛིན་ཀློང་ནས་གློག་སྟོང་ འཁྱུགས་པ་བཞིན། །ཆོས་དབྱིངས་རང་བྱུང་རྡོ་རྗེ་གཞོན་ནུའི་སྐུས། །དམ་སྲི་སྒྲིབ་གཉིས་གཞོམ་མཛད་ལྷག་ལྷར་གུས། །ཡི་དམ་ འདི་ཉིད་བསྙེན་སྒྲུབ་ཟབ་མོའི་ཐབས། །བཅའ་བཤམས་དངོས་གཞི་རྗེས་ཀྱི་བྱ་བ་རྣམས། །ལག་ལེན་དམ་པ་གོང་མའི་གསུང་ཇི་ བཞིན། །རང་བཟོ་བྲལ་བའི་ཚིག་གིས་གསལ་བར་བྱ། །དེ་ལ་འདིར་དཔལ་ཆེན་རྡོ་རྗེ་གཞོན་ནུ་འཁོན་ལུགས་ཀྱི་ཆོ་ག་རྗེ་ཏཱ་ར་ནཱ་ ཐས་མཛད་པའི་དཀྱིལ་ཆོག་བདུད་འཇོམས་རོལ་བ་དང༌། དེའི་སྨད་ལས་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་རྡོ་རྗེ་གནམ་ལྕགས་ འཁྲུལ་འཁོར་ཞེས་བྱ་བ་གཉིས་ཀྱི་སྒོ་ནས་བསྙེན་སྒྲུབ་ཟབ་མོའི་ལག་ལེན་འདོན་འགྲིག་རྔ་རོལ་དང་བཅས་པའི་རྣམ་གཞག་ གསལ་བར་མཛད་པ། དེ་ལའང་སྒྲུབ་ལུགས་དང་གཏོ་ལུགས་གཉིས་ཡོད་པས། འདིར་ཐིག་རྡུལ་ཚོན་ཞག་གྲངས་མང་ཉུང་ སོགས་འདྲ་མིན་དུ་མ་ཡོད་ཀྱང་སྐབས་འདིར་མཁོ་བ་ཉིན་བདུན་པ་དང༌། ལྔ་པ་གཉིས་ལས་གང་ཡིན་ཀྱང་དངོས་གཞི་ལ་ཉིན་ རེ་ལ་ཐུན་བཞི་བཞིར་བཅད་ནས་འདོན་པ་སོགས་ཀྱི་ལག་ལེན་རིག་པའི་གནས་ལྔ་སོགས་ལ་བྱང་ཆུབ་པ་བསྟན་འགྲོའི་ཁུར་ བཞེས་པ་ངག་དབང་ལེགས་སྨོན་གྱིས་མཛད་པ་ལྟར་བྱའོ། །འདིར་ཉིན་ཐ་མ་རྣམས་སུ་གཏོ་ལུགས་ཟོར་འཆམ་གྱི་རིམ་པ་ཡང་ ལག་ལེན་འདི་ལྟར་བྱ་སྟེ། ཉིན་དང་པོར་གཏོར་བཟློག་ལྟར། ཚིག་བདུན་སྤྱན་འདྲེན་ནས། ཟོར་རབ་གནས་ཡན་གྲུབ་པ་ན། དྲག་ པོའི་ལས་སྦྱོར་ཟོར་འཆམ་གྱི་རིམ་པ་ནི། འཆམ་ཚན་རེ་རེ་བཞིན་གྱི་ཨང་རྟགས་རིམ་པར། ༼༡༽ དང་པོ་ས་འདུལ་བའི་ཕྱིར་དུ་ 4-1-203 ཀེང་འཆམ་ནི། རྐང་གླིང༌། ཛཿཧཱུཾ་བཾ་ཧོཿདྲག་འབུད། ཀེང་འཆམ་དང་མཉམ་དུ་རྒྱ་རྒན་དང༌། དོམ་དྲེད་མགོ་བརྙན་ཅན་དང༌། དགེ་ འདུན་མང་ཚོགས་རྣམས་ལ་སྤྲོ་དགའ་སྤེལ་བྱེད་མགོ་བརྙན་གྱོན་པ་རྣམས་ཀྱིས་རྩེ་དགའི་རིགས་སྣ་ཚོགས་བྱེད་པ། ༼༢༽ དེ་ ནས་མཚམས་གཅོད་ཀྱི་འཆམ་ནི། ཡོལ་བ་འདན་ནས་འཆམ་པ་བ་ཁྲོ་བཅུས་གྲལ་སྒྲིག་བྱས་ཏེ། ཤུག་ལུ་ལན་གསུམ། རྐང་གླིང༌། བཛྲ་ས་མཱ་ཛཿདྲག་འབུད། འཕྲིན་ལས་རྣམ་བཞི་འགྲུབ་ཕྱིར་ཐེངས་ཐེངས་བཞི། དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་ཐེངས་ཐེངས་ གཉིས། དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར་ཐེངས་ཐེངས་གཅིགདེ་ནས་འུར་ཆེམ་ཙག་ཙག་རིང་པོ་བླངས་ཏེ་ཡོལ་བ་ཕྱེས་ནས་ འཆམ་པ་བ་རྣམས་གྲམ། ཙག་ཙག་སྐབས་དང་བསྟུན་ནས་འཆམ་དཔོན་གྱིས་ཚད་བཟུང་ནས། ༠ ལྔ་རྡུང་འགྲོས་འཆམ་གྱིས་ མར་འོང་མཐར། འུར་ཆེམ། ༣ ༣ འཐེང༌། གདུག་ཅིང་སྡང་སེམས༴ ནས། མེད་པར་བྱོས། ༩ ༩ ༩༠ འཐེང༌། ཁྲག་འཐུང་རྡོརྗེ༴ ནས། གཞན་དུ་དེངས། ༩ ༩ ༩༠ འཐེང༌། གལ་ཏེ་བཀའ་ལས༴ ནས། འགྲོ་བར་གྱིས། ༩ ༣ ༣ འུར་ཆེམ། ༣༠༣༠ ཙག་ཙག ༠དགུ་རྡུང་འགྲོས་འཆམ་གྱིས་ཡར་བྱོན་ཚར་ རྗེས། འུར་ཆེམ། ༼༣༽ གུར་ཁང་གི་འཆམ་ནི། སྒོ་མ་བཞི་གྲལ་སྒྲིག་བྱས་ཏེ། ཤུག་ལུ་ལན་གསུམ། རྐང་གླིང༌། ཛཿཧཱུཾ་བཾ་ ཧོཿ དྲག་འབུད། འུར་ཆེམ་ཕབ་ནས་འཆམ་དཔོན་གྱིས་ཚད་བཟུང་སྟེ། ཙག་ཙག ༠སུམ་རྡུང་འཁོར་ལོག་མའི་དབུ་བཞག་ནས་ བདུན་རྡུང་འགྲོས་འཆམ་གྱིས་མར་བྱོན་ཏེ་རང་གནས་ལ་ཐོན་སྐབས། འུར་ཆེམ། ༣༠༣༠ ཤར་འཐེང༌། ང་ཡི་དཀྱིལ་ འཁོར༴ ནས། ཚུལ་བཞིན་སྲུང༌། ༩༠ འཐེང༌། སྟེང་ཡང་རྡོ་རྗེ༴ ནས། མ་འདའ་ཞིག ༩ སུམ་རྡུང་ འཁོར་ལོག་མ། ༣༣ འུར་ཆེམ། ལྷོ་འཐེང༌། སྟེང་ཡང་འཁོར་ལོ༴ ནས། མ་འདའ་ཞིག ༩ སྟེང་ཡང་ རིན་ཆེན༴ ནས། མ་འདའ་ཞིག ༩༠ སུམ་རྡུང་འཁོར་ལོག་མ། ༣༣ འུར་ཆེམ། ནུབ་འཐེང༌། སྟེང་ ཡང་པདྨའི་༴ ནས། མ་འདའ་ཞིག ༩༠ སྟེང་ཡང་རྒྱ་གྲམ༴ ནས། མ་འདའ་ཞིག ༩ སུམ་རྡུང་ འཁོར་ལོག་མ། ༣༣ འུར་ཆེམ། བྱང་འཐེང༌། སྟེང་ཡང་རལ་གྲིའི་༴ ནས། མ་འདའ་ཞིག ༩༠ སྟེང་ཡང་ བེ་ཅོན༴ ནས། མ་འདའ་ཞིག ༩ སུམ་རྡུང་འཁོར་ལོག་མ། ༣༣ འུར་ཆེམ། ༣༠༣༠ ཙག་ཙག ༠འུར་ཆེམ། སུམ་རྡུང་འགྲོས་འཆམ་གྱིས་ཡར་བྱོན་མཐར། འུར་ཆེམ། ༼༤༽ བྱིན་འབེབས་ཀྱི་འཆམ་ནི། འཆམ་པ་བ་བཅུས་ཞྭ་ནག་གོས་ ལྭ་བཅས་གྲལ་སྒྲིག་བྱས་ཏེ། རང་གི་སྙིང་ག་ནས༴ ནས། བྱིན་གྱིས་བརླབ་པར་གྱུར། རྐང་གླིང༌། བཛྲ་ས་མཱ་ 4-1-204 ཛཿ བསིལ་ཕབ། ༧྆ ༥྆ ༣྆ ༡྆ འུར་ཆེམ་སོགས་གོང་དང་འདྲ། ཙག་ཙག ༠ལྔ་རྡུང་འགྲོས་འཆམ་གྱིས་མར་འོང་མཐར། འུར་ ཆེམ། ༠ ༠༣༠ ༠༥༠ ༠༧༠ ༠༧༠ ༠༥༠ ༠༣༠ ༠ འུར་ཆེམ། ༤༠ དལ། ཧཱུཾ། ནམ་མཁའི་མཐའ་ དང༴ ནས། དབང་བསྐུར་སྩོལ། ༤༠ འུར་ཆེམ་སྔགས། ༤༠ དལ། ཧཱུཾ། འཕགས་མཆོག་ཐུགས་ རྗེས༴ ནས། མཆིས་པར་མཛོད། ༤༠ འུར་ཆེམ། ༣༠༣༠ ཙག་ཙག ༠བདུན་རྡུང་འགྲོས་འཆམ་གྱིས་ཡར་ བྱོན་མཐར། འུར་ཆེམ། ༼༥༽ སྲས་མཆོག་སྤྱན་འདྲེན་གྱི་འཆམ་ནི། འཆམ་པ་བ་བཅུས་སྟོད་པགས་རྒྱབ་དར་བཅས་གྲལ་སྒྲིག་ བྱས་ཏེ། རྐང་གླིང༌། ཛཿཧཱུཾ་བཾ་ཧོཿའབུད། བསིལ་ཕབ། ༩྆ ༧྆ ༥྆ ༣྆ ༡྆ འུར་ཆེམ། ཙག་ཙག ༠དགུ་རྡུང་འགྲོས་འཆམ་གྱིས་མར་ བྱོན་མཐར། འུར་ཆེམ། ༠ ༠༩༠ ༠༩༠ ༠ དལ། ཧཱུཾ། སྐྱེ་མེད་རྣམ་དག༴ ནས། དབྱིངས་ལས་བཞེངས། ༠ ༠༩༠ ༠༩༠ ༠ འུར་ཆེམ་ནང་སྔགས་དང༌། ཕུར་བུ་རྣམས༴ སོགས། ༣༠༣༠ དལ། ཧཱུཾ། དབུས་ཀྱི་ མཐིང་ནག༴ ནས། གནས་འདིར་གཤེགས། འུར་ཆེམ། ༣༠༣༠ ཙག་ཙག སུམ་རྡུང་འགྲོས་འཆམ་གྱིས་ཡར་ བྱོན་མཐར། འུར་ཆེམ། ༼༦༽ མཆོད་པའི་སྤྱན་འདྲེན་གྱི་འཆམ་ནི། འཆམ་པ་བཅུས་ཞྭ་ནག་གོས་ལྭ་བཅས་གྲལ་སྒྲིག་བྱས་ཏེ། བདག་གི་ཐུགས་ཀའི་ཧཱུཾ་ལས༴ ནས། ས་མཱ་ཛཿ རྐང་གླིང༌། བཛྲ་ས་མཱ་ཛཿ འབུད། འུར་ཆེམ། ཙག་ཙག ༠སུམ་ རྡུང་འགྲོས་འཆམ་གྱིས་མར་བྱོན་མཐར། འུར་ཆེམ། ༣༠༣༠ ༠༩༠ ༠༩༠ ༠ འུར་ཆེམ། ༣༠༣༠ དལ། ཧཱུཾ། སྲིད་ པའི་ཕུར་བུ༴ ནས། པྲ་ཏི་ཛ་ཧོཿ ༣༠༣༠ འུར་ཆེམ། སྔགས། ༣༠༣༠ ཁྲོ་བཅུ་རྣམས་བཞེངས་ནས་བཞུགས། ༼༧༽མཆོད་ལྷ་བཅུས་གཟན་ཤམ་སྟོད་ཁེབ་དབུ་རྒྱན་བཅས་གྲལ་སྒྲིག་བྱས་ཏེ། ཙག་ཙག འུར་ཆེམ་དལ་རིང་ནང་འཆམ་སྐོར་ གྱིས་འགྲོས་དང་བཅས་ཏེ་མར་བྱོན་མཐར། ཁྲོ་བཅུའི་མདུན་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་འཆམ་ནི། ༠༥༠༣༠ དལ། རྡོ་ རྗེ་སྒེག་མོ༴ ནས། གནྡྷེ་ཨཱཿ ༠༣༠༣༠ དལ། མཆོག་ཏུ་གསང་བ༴ ནས། པྲ་ཏཱིཙྪ་སྭཱ་ཧཱ། ༣༠༣༠ དལ། ཧཱུཾ། འཁྲིལ་བའི་༴ ནས། ར་ག་ཡ་མི། ༠༣༠༣༠ བསྟོད་པའི་འཆམ་ནི། ཁྲོ་བཅུ་མཆོད་ལྷ་དང་བཅས་ཀྱིས། ཧཱུཾ། བསྐལ་པ་མེ་ལྟར༴ ནས། ཕྱག་འཚལ་ལོ། ། ༣༠༣༠ བསྐང་བ་ནི། སྔགས་དྲུག་ཕྱག་དྲུག་ཕྱག་རྒྱ་བཅས་ མཐར། ༠༣༠༣༠ རྔམ། ཧཱུཾ། སྣང་སྲིད་ཕུར་བུ༴ ནས། རྡུལ་དུ་རློག ༩ ༣༣༠ བཀྲ་ཤིས། དལ། ༀ་ ཕུན་སུམ་ཚོགས་པ༴ སོགས། སྲིད་ཞིའི་དཔལ་འབྱོར༴ སོགས། སྟོན་པ་འཇིག་རྟེན༴ སོགས། རྡོ་རྗེ་ 4-1-205 ཐེག་པའི་ལམ༴ ནས། བཀྲ་ཤིས་ཤོག ༣༠༣༠ འུར་ཆེམ། ༣༠༣༠ ཙག་ཙག ༠ བདུན་རྡུང་འགྲོས་འཆམ་ གྱིས་ཡར་བྱོན་རྗེས། འུར་ཆེམ། ༣༠༣༠ ༠༠༠ ༠༠༠ ༼༨༽ འཛམ་ཐང་གནས་བཤད་མདོར་བསྡུས་ཐོས་ན་ཐར་བའི་ ས་བོན་ཐེབས་པའི་གཏམ་བདུད་རྩིའི་སྙིང་ཁུ་ཞེས་བྱ་བ་བདག་གིས་བསྒྲིགས་པ་འདི་ཧྭ་ཤང་གིས་བཤད། ཧྭ་ཕྲུག རྒྱ་རྒན། དོམ་ དྲེད་དང་བཅས་མགོ་བརྙན་སྣ་ཚོགས་ཀྱིས་རྩེ་དགའི་རིགས་དགེ་འདུན་དང་མང་ཚོགས་ཀྱི་ཡིད་ལ་སྤྲོ་བ་འཕེལ་བར་བྱ། འཆམ་ ཚན་རེ་རེ་བཞིན་གདོན་བགེགས་རྣམས་ཀྱིས་གླགས་མི་རྙེད་པའི་ཕྱིར་ཏ་བོའུ་རེ་རེ་དགོས་སོ། །སྨྲས་པ། སྔ་འགྱུར་གསང་སྔགས་ཀུན་གྱི་ཡང་གསང་མཆོག །གྲུབ་དབང་པདྨའི་ཐུགས་ཀྱི་ཟབ་བཅུད་འདི། །ལྷ་སྲིན་དྲེགས་པ་ ཡོངས་ཀྱི་གཉེན་པོའི་ལྷ། །བྱིན་རླབས་གཟི་བྱིན་ཉི་འོད་འབུམ་དང་མཚུངས། །སྤྲོས་པ་བྲལ་ཡང་སྙིང་རྗེའི་གཞན་དབང་གིས། །བཻཌཱུར་ལྷུན་པོར་མཚམས་སྤྲིན་གྱིས་འཁྱུད་ལྟར། །ཡི་དམ་རྡོ་རྗེའི་གཞོན་ནུའི་སྐུར་བཞེངས་པ། །རབ་འཇིགས་རྔམ་བརྗིད་མེ་ དཔུང་འཁྲིགས་ཀློང་འགྱིང༌། །མཐའ་ཡས་ཚོགས་གཉིས་ཆུ་གཏེར་ལས་འཕོས་པའི། །གང་སྐུ་འཇིགས་རུང་གཏུམ་ཁྲོས་གར་ བསྒྱུར་བས། །དམ་སྲི་རཱུ་ཏྲ་ཕོ་མོ་མནན་ཞིང་བརྫིས། །སྲིད་གསུམ་བགེགས་ཚོགས་སྙིང་ལ་འཇིགས་སྟེར་མཁན། །ཟོར་ལས་ འཆམ་གྱིས་བསྟན་དགྲ་དམ་སྲིའི་རིགས། །སྒྲིབ་གཉིས་བྲལ་ཕྱིར་གནམ་ལྕགས་ཐོག་གིས་བརླག །རྣམ་ཤེས་འོག་མིན་ཞིང་དུ་ དྲངས་པར་མཛད། །རང་གཞན་དོན་གཉིས་བསྒྲུབ་པའི་ལས་ལ་སྤྲོ། །ཞེས་པ་བར་སྐབས་ཀྱི་ཚིགས་བཅད་དོ། ། ༈ ཉིན་གཉིས་པར་གཏོར་བཟློག་ལྟར། ཚིག་བདུན་སྤྱན་འདྲེན་ནས་བཟློག་པ་ཡན་གྲུབ་པ་ན། སྐབས་འདིར་གསེར་ སྐྱེམས་ལོགས་སུ་བྱ་བར་འདོད་ན། གོང་མའི་ཕྱག་བཞེས་ལྟར་བྱ་སྟེ། དེའི་ཚུལ་ནི། སྒྲུབ་པ་པོ་རྣམས་ཁང་ཐོག་ཏུ་བྱོན་ནས། རྐང་ གླིང༌། བཛྲ་ས་མཱ་ཛཿའབུད། བསིལ་ཕབ། ༩྆ ༧྆ ༥྆ ༣྆ ༡྆ འུར་ཆེམ་ནང་དུ་སྒྲུབ་བླའི་ཆོས་གོས་སྣམ་སྦྱར་མཁན་ཞྭ་སོགས་ན་ བཟའ་ཆ་ཚང་མནབ་ནས་འཇིགས་རྔམ་དང་བཅས་ཡར་བྱོན་ནས་ཅོག་ཙེའམ་སྟེགས་ཀྱི་སྟེང་དུ་བཞུགས། ༠ ༠ ༠༩༠ ༠༩༠ ༠ བདུད་འཇོམས་རོལ་པ་ལྟར། བསངས་སྦྱངས། རཾ་གྱིས་མེས་བསྲེགས༴ སོགས། རྒྱ་མཚོ་ཆེན་པོར་གྱུར། ཅེས་བརྗོད་ལ། ༠༣༠༣༠ དལ ཧཱུཾ། ང་ནི་དཔལ་ལྡན༴ ནས། དབང་ཕྱུག་བདག ༥༠༣༠ སྐྱེད་དང་ སྡུད་པའི་༴ ནས། དངོས་གྲུབ་སྩོལ། ༥༠༣༠ སྐུ་བཞིའི་བདག་ཉིད༴ སོགས། དངོས་གྲུབ་སྩོལ། ༥༠༣༠ ཡི་དམ་དཀྱིལ་འཁོར༴ ནས། དངོས་གྲུབ་སྩོལ། ༥༠༣༠ ཧཱུཾ། བཀའ་སྲུང་དམ་ཅན༴ 4-1-206 ནས། མ་འདའ་ཞིག ༩ ༩ ༩༠ ཧཱུཾ། དུས་གསུམ་བདེ་གཤེགས༴ སོགས། ལམ་ཕྱེས་ཤིག ༩ ༩ ༩ ཧཱུཾ། ཕྱོགས་སྐྱོང་བཅུ་དང༴ སོགས། ལམ་ཕྱེས་ཤིག ༩ ༩ ༩༠ ཁྱད་པར་བཀའ་ཡི༴ སོགས། ལམ་ཕྱེས་ཤིག ༩ ༩ ༩༠ གཞན་ཡང་ལྷ་དང༴ སོགས། ཚར་གཅོད་ཅིག ༩ ༩ ༩༠ ཧཱུཾ། ཁྱད་ པར་ངེས་དོན༴ སོགས། མཛད་དུ་གསོལ། ༩ ༩ ༩༠ དེ་ནས་རྒྱུན་རོལ་ཡུན་བསྲིང་སྟེ། མཁྱེན་གསོལ་རྒྱས་པར་ འཕངས་ཟིན་པའི་རྗེས་སུ། འུར་ཆེམ། ༣༠༣༠ དེ་ནས་སྤྱི་བསྟབས་ཀྱི་གཏོར་མ་འབུལ་བ་ནི། ༀ་ཨཱཿཧཱུཾ། ལན་གསུམ། ཧཱུཾ། ཡོན་ཏན་ལྷུན་རྫོགས༴ སོགས་བཤགས་པ་སྔོན་དུ་འགྲོ་བའི་སྒོ་ནས། སྤྱི་བསྟབས། བརྟན་མ། ཤིས་བརྗོད་ཀྱི་ མཐའི་རྔ་རྡུང་ཚུལ་ཡན་ཆད་སྤྱི་དང་མཐུན་པར་བྱའོ། །སླར་ཡང་སྒྲུབ་ཁང་དུ་འོངས་ནས་ཟོར་བསྐུལ་གྱི་དམིགས་པ། རང་གི་ སྙིང་ག་ནས༴ སོགས། ནུས་པ་དང་ལྡན་པར་བསམ། ༠༣༠༣༠ འཐེང༌། ཧཱུཾ། འཇམ་དཔལ་སྐུའི་༴ སོགས། བགེགས་ལ་བྷྱོ། ༩ ༩ ༩ འུར་ཆེམ། ༣༠༣༠ ༈ ༼༡༽ ས་འདུལ་གཉིས་པ་ཀེང་འཆམ་ནི། ཤུག་ལུ་ལན་གསུམ། རྐང་གླིང༌། ཛཿཧཱུཾ་བཾ་ཧོཿའབུད། དུང་ཆེན་དང་བཅས་ མགོ་བརྙན་ཅན་གྱི་ཀེང་འཆམ་དང་མཉམ་དུ་རྒྱ་རྒན། དོམ་དྲེད་མགོ་བརྙན་ཅན་གྱི་རྩེ་དགའི་རིགས་དང༌། ༼༢༽ དགེ་འདུན་པ་ ཚང་མས་སེར་ཕྲེང་བྱས་ནས་གུར་ཞལ་ལྷ་གསུམ་གྱི་རྡུང་ལ། རྐང་གླིང་བཛྲ་ས་མཱ་ཛཿ དྲག་འབུད། ༣༠༣༠ འུར་ཆེམ། རྐང༌། ༡༠༠ ༠ ༠༣༠༣༠༣༠ འུར་ཆེམ། རྐང༌། ༣༠༣༠༣༠༢༠༢༠༢༠ ༠ ༠ ༠ འུར་ཆེམ། རྐང༌། ༣༠༣༠༣ ༣྆༣྆༣྆ མྱུར། ༣༠༣༠༣ ༥྆༥྆༥྆ མྱུར། ༣༠༣༠ འུར་ཆེམ ༣༠༣༠ སེར་ཕྲེང་བསྡུས་པའི་སྤོས་འདྲེན་དང༌། དུང་དཀར་བ། གླིང་བུ་པ་སོགས་ ཀྱིས་བསུ་བ་བསྡུས་པ་ཙམ་བྱ། འུར་ཆེམ་དལ་རིང་ནང་དུ་སྒྲུབ་དཔོན་རྣམས་མར་བྱོན་མཐར། ༣༠༣༠ ཡོལ་བ་བརྒྱབ་ནས། འཆམ་པ་བ་བཅུས་སྟོད་པགས་རྒྱབ་དར་བཅས་གྲལ་སྒྲིག་ནས། ཤུག་ལུ་ལན་གསུམ། རྐང་གླིང༌། བཛྲ་ས་མཱ་ཛཿ དྲག་འབུད། འུར་ཆེམ། ཙག་ཙག་སྐབས་སུ་འཆམ་དཔོན་གྱིས་ཚད་བཟུང་ནས། ༠ལྔ་རྡུང་འགྲོས་འཆམ་གྱིས་མར་ཐོན་ནས། འུར་ཆེམ། ༣༠༣༠ འབྲུ་གསུམ་གྱིས་བྱིན་གྱིས་རླབས་ལ། མཆོད་དཔོན་གྱིས་ཕུད་ཕོར་རྣམས་བཀྲམ། ༠༤༠ དལ། ཧཱུཾ། རྒྱལ་ བ་དགོངས་པའི་༴ ནས། གཞན་དུ་དེངས། ༥༠༣༠ མཆོད་དཔོན་གྱིས་ཕུར་བུ་རྣམས་བཀྲམ་ནས་ལྷ་དབྱེའི་ འདོན་རྟ། དོ་ནུབ་ཀྱི་ཕུར་ཁ་གཉན་པོ༴ ནས། སྡིག་བྱེད་ལ་སྟོན། ༩ ༩ ༩ འུར་ཆེམ། ༣༠༣༠༣ 4-1-207 ཙག་ཙག་ ༠དགུ་རྡུང་འགྲོས་འཆམ་གྱིས་ཡར་བྱོན་རྗེས། འུར་ཆེམ། ༼༣༽ མཆོད་དཔོན་གྱིས་འཆམ་རའི་དཀྱིལ་དུ་གདན་ བཀོད་པའི་སྟེང་དུ། གདབ་ཕུར་ཆེ་ཆུང་བཅུ་བདུན། རལ་གྲི། ཡུངས་ཀར་ནགལྕགས་ཕྱེ་རྡོ་ཕྱེ་རྣམས་བཤམས། སྲས་མཆོག་ རིགས་ལྔས་ཞྭ་ནག་གོས་ལྭ་དང༌། ཁྲོ་བཅུ་མགོ་བརྙན་གོས་ལྭ་ཅན། ཁྲ་ཐབས་ཕག་དང་རྨུགས་བུའི་མགོ་བརྙན་གོས་ལྭ་ཅན། སྒོ་ མ་བཞི་མགོ་བརྙན་ཅན་དང་བཅས་གྲལ་སྒྲིག་བྱས་ཏེ། ཤུག་ལུ་ལན་གསུམ། རྐང་གླིང་། བཛྲ་ས་མཱ་ཛཿདྲག་འབུད། འུར་ཆེམ་ཙག་ ཙག་ ༠སོད་རྒྱོབ་འགྲོས་འཆམ་གྱིས་མར་བྱོན་མཐར། འུར་ཆེམ ༣༠༣༠༣ ལིངྒ་ལ་ཁྲག་ཆབ་བྲན། ཨེ་རཾ༴ སོགས། ན་ མོ་རྗེ་བཙུན་རྩ་བ༴སོགས། སོད་རྒྱོབ་ལན་གསུམ་གྱི་མཐར། འུར་ཆེམ ༣༠༣༠༣ འགུགས་པའི་སྐབས་སྲས་མཆོག་ རིགས་ལྔས་ཕྱག་རྒྱ་དགོས། འགུགས་པ་གཉིས་པའི་དུས་སུ་སྒོ་མ་བཞིའི་ལག་གཡོན་གྱིས་ལིངྒའི་སྣོད་ཀྱི་ཕྱོགས་བཞི་ནས་ བཟུང༌། ལག་གཡས་ཀྱིས་རང་རང་གི་ཕྱག་མཚན་དང་ཤུག་ལུ་བྱེད་བཞིན་འོངས་ནས་སྔར་གདན་བཀོད་པའི་དབུས་སུ་བཞགསྒོ་ མ་བཞིའི་འཇིགས་རྔམ་དང་བཅས་ཕྱིར་བཀྱེད། འཐེང༌། ཛཿ དམ་ཚིག་ཆེན་པོའི་ ༴ སོགས། ཉམས་སུ་མྱོང་ བར་མཛོད། ༩ ༣༣ ཆེམ་སྔགས་ནང་སྲས་མཆོག་རིགས་ལྔ་ནང་དུ་འོངས་ནས་ཚེ་ཁྲུས་ཀྱི་དམིགས་པ་བྱས་ཏེ་ཕུར་བུ་ སྙིང་གར་བཏབ་སྟེ་ཕྱིར་བཀྱེད། དངོས་གྲུབ་བར་ཆད༴ སོགས། རྣམ་ཤེས་ཉན་པར་གྱིས། ༩ ༣༣ ཆེམ་སྔགས་ནང་ཁྲོ་བཅུ་ནང་དུ་འོངས་ནས་ཕུར་བུ་རྣམས་ལིངྒའི་གནས་བཅུ་ལ་བཏབ་སྟེ་ཕྱིར་བཀྱེད། ཛཿ བྲན་དང་ བཀའ་ཉན༴ སོགས། འཕྲིན་ལས་མྱུར་དུ་མཛོད། ༩ ༣༣ ཆེམ་སྔགས་ནང་ཁྲ་ཐབས་གཉིས་དང་སྒོ་མ་བཞི་ ནང་དུ་འོངས་ནས་ཁྲ་ཐབས་གཉིས་ཀྱིས་ཁྲོ་བཅུའི་གཡས་གཡོན་ལ་གདབ་སྟངས་བྱས་ཏེ་མཐར་ཧཱུཾ་མཛད་ཀྱིས་གཡས་གཡོན་ ལ་གདབ། དེ་ནས་སྒོ་མ་བཞིས་ཕུར་བུ་སྙིང་གའི་ཕྱོགས་བཞིར་བཏབ་ནས་དེ་རྣམས་ཕྱིར་བཀྱེད། རྡོརྗེ་གསང་བའི་༴ སོགས། འདའ་མ་བྱེད། ༩ ༣༣ ཆེམ་སྔགས་ནང་སྲས་མཆོག་རིགས་ལྔ་ནང་དུ་འོངས་ནས་རལ་གྲིས་ལིངྒའི་མགོ་ བོ་དང་ཡན་ལག་བཞི་བཅད་རྗེས་ཕྱིར་བཀྱེད། གདུག་ཅིང་སྡང་སེམས༴ སོགས། མེད་པར་བྱའོ། ། ༩ ༣༣ ཆེམ་སྔགས་ནང་སྲས་མཆོག་རིགས་ལྔ་ནང་དུ་འོངས་ནས་ཡུངས་ཀར་ནག་སོགས་ཐུན་རྫས་རྣམས་བྲབ་སྟེ་ཕྱིར་བཀྱེད། བརྡུངས་ཤིག་རྡོ་རྗེ༴ སོགས། བསྒྲལ་བར་བྱའོ། ། ༩ ༣༣ སོད་རྒྱོབ་ལན་གསུམ་གྱི་མཐར། འུར་ཆེམ ༣༠༣༠ བསྟབ་པ་ནི། དལ། བཻཌཱུར་སྔོན་པོའི་༴ སོགས། བསྣམས་སུ་གསོལ། ༣༠༣༠ འུར་ཆེམ ༣༠༣༠ 4-1-208 ཙག་ཙགསུམ་རྡུང་འགྲོས་འཆམ་གྱིས་ཡར་བྱོན། འུར་ཆེམ ༼༤༽ བདུད་རྒྱལ་དང་འཁོར་རང་འདྲ་བ་བརྒྱད་མགོ་བརྙན་ཅན་ གོས་ལྭ་བཅས་གྲལ་སྒྲིག་སྟེ། ཤུག་ལུ་ལན་གསུམ། རྐང་གླིང༌། བཛྲ་ས་མཱ་ཛཿ དྲག་འབུད། འུར་ཆེམ་ཙག་ཙག ༠ སུམ་རྡུང་ འགྲོས་འཆམ་གྱིས་མར་བྱོན་མཐར། འུར་ཆེམ། ༣༠༣༠ དབྱངས། ཧཱུཾ། དམ་ཚིག་ཆེན་པོའི་༴ སོགས། མཐིང་ ནག་ཆེན་པོ་ལ། ༥༠༣༠༠༠༠ ༩༠ དལ། ཆིབས་སུ་བདུད་རྟ་ནག་པོ༴ སོགས། འགྲུབ་པར་མཛོད། ༩ ༩ ༩༠ ཧཱུཾ། དཔལ་ཆེན་བཀའ་སྡོད༴ སོགས། འགྲུབ་པར་མཛོད། ༩ ༩ ༩ ཙག་ཙག ༠སོད་ རྒྱོབ་འགྲོས་འཆམ་གྱིས་ཡར་བྱོན་རྗེས། འུར་ཆེམ། ༼༥༽ ཕུར་སྲུང་བཅུ་གཉིས་ཀྱི་རང་རང་གི་མགོ་བརྙན་གོས་ལྭ་བཅས་གྲལ་ སྒྲིག་བྱས་ཏེ། ཤུག་ལུ་ལན་གསུམ། རྐང་གླིང༌། བཛྲ་ས་མཱ་ཛཿ དྲག་འབུད། འུར་ཆེམ། ཙག་ཙག ༠སོད་རྒྱོབ་འགྲོས་འཆམ་གྱིས་ མར་བྱོན་མཐར། འུར་ཆེམ། ༣༠༣༠ དལ། བྷྱོཿ བདག་ཉིད་ཆེན་པོའི་༴ སོགས། འགྲུབ་པར་མཛོད། ༩ ༩ ༩༠ དལ། བྷྱོཿ ཤྭ་ན་མུ་ཁའི་༴ སོགས། འགྲུབ་པར་མཛོད། ༩ ༩ ༩༠ བྷྱོཿས་བདག་ཆེན་ པོའི་༴ སོགས། འགྲུབ་པར་མཛོད། ༩ ༩ ༩ འུར་ཆེམ། ༣༠༣༠ ཙག་ཙག ༠སོད་རྒྱོབ་འགྲོས་འཆམ་གྱིས་ ཡར་བྱོན། འུར་ཆེམ། ༼༦༽ འཆམ་པ་བ་ཡོངས་རྫོགས་གྲལ་སྒྲིག་བྱས་ཏེ། ཤུག་ལུ་ལན་གསུམ། རྐང་གླིང༌། བཛྲ་ས་མཱ་ཛཿ དྲག་ འབུད། འུར་ཆེམ་དལ་རིང་ནང་ལ་རིམ་པར་བྱོན་བཞིན་ཡི་དམ་རྣམས་ཀྱིས་འཇིགས་རྔམ་སྣ་ཚོགས་པའི་སྒོ་ནས་མར་བྱོན་མཐར། ཙག་ཙག ༠རྒྱ་རྒན་དང་དོམ་དྲེད་རྣམས་འབུད། སོད་རྒྱོབ་འགྲོས་འཆམ་གྱིས་བསྐོར་བ་ལན་གཅིག་བྱས་མཐར། འུར་ཆེམ། ༣༠༣༠ སུམ་རྡུང་འབའ་ཞིག་རྡུང་བཞིན་ཟོར་ལ་བྱོན་ནས་ཟོར་འཕེན་པའི་ས་གནས་ལ་ཐོན་སྐབས་སུ་འཁོར་བཞིན་འཆམ་ སྐོར་གཅིག་བྱས་མཐར་རྒྱུན་རོལ་ཡུན་བསྲིང་བའི་ནང་ལ། གསེར་སྐྱེམས་སྤྱི་འགྲོ་དང༌། གནམ་ལྕགས་འཁྲུལ་འཁོར་ལྟར། ཧོམ་ བསྐྱེད། བདེན་བརྡར་ལན་གསུམ་བྱས་པའི་མཐར་རྒྱུན་རོལ་འུར་ཆེམ་ཕབ་ནས། ༣༠༣༠ དེ་ནས་ཐོག་མར་ཟོར་ལམ་དབྱེ་བ་ ལ། ཀུན་དགའ་གྲོལ་མཆོག་གི་གསུང་བཞིན། འབྲུ་གསུམ་བརྗོད་ལ། རིན་ཆེན་ལས་གྲུབ༴ སོགས་ནས་ཚན་བཞི་པོའི་ མཚམས་རྣམས་སུ། ༩ ༩ ༩ ཆེམ་ནང་སྔགས། རྗེས་མའི་མཐར། ༣༠༣༠ དེ་ནས་གསེར་སྐྱེམས་འབྲུ་གསུམ་བརྗོད་ པས་བྱིན་གྱིས་རླབས་ཏེ། ༠༤༠ དལ། བླ་མ་རིག་འཛིན༴ སོགས། གཞན་དུ་དེངས། ༥༠༣༠ ཧཱུཾ་བྷྱོཿ བརྒྱུད་གསུམ་བླ་མ༴ སོགས། གྲོགས་མཛོད་ཅིག ༥༠༣༠ དལ། དོ་ནུབ་ཟོར་ཁ༴ སོགས། བྱེད་ 4-1-209 ལ་སྟོན། ༥༠༣༠ འཐེང༌། འཇམ་དཔལ་སྐུ་ཡི༴ སོགས། བགེགས་ལ་བྷྱོཿ ༩ ༩ ༩༠ མདའ་ཟོར། བྷྱོཿ དཔལ་ཆེན་རྡོ་རྗེ༴ སོགས། འབེན་ལ་ཡ། ༩ ༩ ༩ ཆེམ་སྔགས་ནང༌། གཏོར་ཟོར། ཧཱུཾ། དམར་ ཆེན་གཏོར་ཟོར༴ སོགས། མཐུ་རྩལ་བསྐྱེད། ༩ ༩ ༩ ཆེམ་སྔགས། རྭ་ཟོར། བྷྱོཿདཔལ་ཆེན་རྡོ་རྗེ༴ སོགས། འབེན་ལ་ཡ། ། ༩ ༩ ༩ ཆེམ་སྔགས། རྡོ་ཟོར། བྷྱོཿ དཔལ་ཆེན་རྡོ་རྗེ༴ སོགས། འབེན་ལ་ ཡ། ༩ ༩ ༩ ཆེམ་སྔགས། ཡུངས་ཀར་རྒྱལ་པོ་གྱོ་ཐུན༴ སོགས། ༩ ༩ ༩ ཙག་ཙག ༠ སོད་རྒྱོབ་དང་ པོའི་ནང་ཀཱི་ལ་ཡ་དང༌། ཁྲོ་བཅུའི་སྔགས་སོགས་དང༌། བསྒྲལ་མཆོད་ཀྱི་སྔགས་རྣམས་བརྗོད་ཅིང༌། མདའ་ཟོར། རྭ་ཟོར། བདུད་ རྒྱལ། ཤྭ་ན་མ། ས་བདག་མ། བདག་ཉིད་མ། ཁྲོ་བཅུ་གཙོ་གཏོར་དང་བཅས། རྡོ་ཟོར་རྣམས་རིམ་པར་འཕང༌། སོད་རྒྱོབ་གཉིས་ པའི་ནང་རིམ་བཞིན་འཆམ་པ་བས་སྐོར་བ་བྱེད་སྐབས་སུ་ལིངྒ་ལ་རྭ་ཅན་རྣམས་ཀྱིས་འཇིགས་རྔམ་བྱེད་བཞིན་རྭ་ཡིས་བརྡུང༌། སོད་རྒྱོབ་གསུམ་པའི་ནང་ལིངྒ་མེ་མདས་གཏོར་མཐར། ལྷག་ཆེན་འུར་ཆེམ་ལན་གསུམ། ༠༠༠༠༠༠༠༠ ༠༠༠༠༠༠༠༠ ༠༠༠༠༠༠༠༠ ༠༠༠༠༠༠༠༠ ༠༠ ༠༠ དེ་འདྲ་ལན་གསུམ་མཐར། འུར་ཆེམ། ༣༠༣༠ དེ་ནས་ཡར་སྒོ་དྲུང་ དུ་ཐོན་ནས། ༠༣༠༣༠ འུར་ཆེམ ༣༠༣༠ བྲོ་མནན་འདོན་རྟ། ཧཱུཾ། དང་པོ་གཏི་མུག་ཉིད་ལས༴ སོགས། འཚལ་ལོ། །འུར་ཆེམ་ནང་སྔགས གཞན་གསུམ་པོ་དེ་དང་འདྲ་མཐར། འུར་ཆེམ ༣༠༣༠ དལ། ཧཱུཾ། བྱིན་རླབས་ འཇའ་ཟེར༴ སོགས། དཔལ་འབར་ཤོག ༥༠༣༠ དབྱངས། དལ། སྲིད་ཞིའི་དཔལ་འབྱོར༴ སོགས། ཞབས་བརྟན་ཤོག ༥༠༣༠ ཀུན་མཁྱེན་ཆོས་ཀྱི༴ སོགས། དར་བར་ཤོག ༥༠༣༠ མདོ་དོན་ མཐར་ཐུག༴ སོགས། བྱེད་པར་ཤོག ༥༠༣༠ སྐྱབས་གསུམ་འགྱུར་བ༴ སོགས། རྒྱས་པའི་བཀྲ་ ཤིས་ཤོག ༥༠༣༠ རྡོ་རྗེ་ཐེག་པའི་ ༴ སོགས། བཀྲ་ཤིས་ཤོག ༥༠༣༠ འུར་ཆེམ། ༡༣ སྨྲས་པ། གདོད་མའི་གསང་སྔགས་ཀུན་འཛིན་འཁོར་ལོའི་མགོན། ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཀུན་ཁྱབ་བདག ། གཏུམ་ཆེན་མིག་སྨན་མདངས་འཛིན་ཁྲོས་པའི་གཟུགས། ། 4-1-210 གཙོ་འཁོར་ཡོངས་ཀྱིས་བདག་ཅག་རྟག་སྐྱོངས་མཛོད། ། རབ་འབྱམས་རྒྱལ་ཀུན་མངའ་བདག་པདྨ་འབྱུང༌། ། ཟབ་གཏེར་ཆོས་ཀྱི་བཀའ་བབ་འཁོན་གྱི་ལུགས། ། གདམས་མཛོད་རིག་འཛིན་ཏཱ་ར་ནཱ་ཐ་རྗེ། ། བརྒྱུད་འཛིན་དཔལ་ལྡན་བླ་མའི་ཚོགས་ལ་གུས། ། མ་རུངས་དམ་སྲིའི་སྲོག་ལ་རྔམ་པའི་ཞལ། ། གནམ་ས་ལྟ་བུར་གདངས་པའི་སྲིན་པོའི་གཟུགས། ། སྲིད་གསུམ་ཅིག་ཅར་གཟིགས་པའི་སྤྱན་དགུ་བསྒྲད། ། གར་དགུའི་ཉམས་ལྡན་སྟག་གླང་མི་ལྤགས་མནབ། ། འདི་ཡི་ཟབ་གཏེར་མ་ལ་ཡ་ཡི་ཞལ། ། རྣམ་པར་དཔྱོད་པའི་སེར་བུས་ལེགས་པར་དྲངས། ། སྟོད་ལས་བྱང་ཆུབ་བསྒྲུབ་པའི་དྲི་བསུང་འཐུལ། ། སྨད་ལས་དགྲ་བགེགས་སྒྲོལ་བའི་ཚ་གདུང་འཇོམས། ། སྒྲོལ་མགོན་རང་ལུགས་གངས་ཀྱི་རི་བོ་ལས། ། ལེགས་བཤད་ཆད་པ་མེད་པའི་ཆུ་བོའི་རྒྱུན། ། བློ་གྲོས་ཀེ་ལ་ཤ་ཡིས་བླངས་པའི་ཆབ། ། སྐལ་བཟང་རིག་འཛིན་དགའ་སྟོན་ཆེད་དུ་བརྗོད། ། དགེ་འདིས་འཁོར་བར་འཕེན་བྱེད་ཉོན་མོངས་དང༌། ། ཚེ་འདིར་ལོག་པར་འཁུ་བའི་དགྲ་བགེགས་ཚོགས། ། མ་ལུས་གདོད་མའི་དབྱིངས་སུ་བསྒྲལ་བྱས་ནས། ། 4-1-211 རང་གཞན་དོན་གཉིས་མྱུར་དུ་འགྲུབ་པར་ཤོག ། ཅེས་ཕུར་བའི་འཆམ་ཡིག་འདི་འཛམ་ཐང་གཙང་ཆེན་གྱི་མཚམས་གྲྭ་པ་དང་བཤད་གྲྭ་པ་རྣམས་ཀྱིས་ལོ་ལྟར་དུ་ཕུར་བའི་ སྒྲུབ་ཆེན་གྱི་རྗེས་སུ་ལས་མཐའ་འཕང་མནན་སྲེག་གསུམ་གྱི་ལས་སྦྱོར་ཟོར་འཆམ་གྱི་ལག་ལེན་དམ་ཉམས་གསོད་པའི་གནམ་ ལྕགས་ཐོག་མདའ་ཞེས་བྱ་བ་འདི་ཡང་ངག་དབང་ཀུན་དགའ་གྲགས་པ། དཔལ་བཟང༌། ཀ་ཐོག་སྟོང་ཆེན། བློ་གྲོས་རྡོ་རྗེ་སོགས་ ཀྱིས་བསྐུལ་ངོར། ༡༩༩༨ རབ་བྱུང་བཅུ་བདུན་པ་ས་ཕོ་སྟག་གི་ལོའི་ཟླ་༡ཚེས་༢༦ལ་འཛམ་ཐང་མཁན་ངག་དབང་ཡོན་ཏན་ བཟང་པོས་བྲིས་པའོ། །ཡི་གེ་པ་ནི་ཀུན་དགའ་གྲགས་པའོ། །ཐམས་ཅད་ལ་བཀྲ་ཤིས་པར་གྱུར་ཅིག 4-1-212 ༄༅། །ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལས་མཐའ་ དྲག་པོའི་ཟོར་འཆམ་དགོས་འདོད་འབྱུང་བའི་ བདུད་རྩིའི་ཟིལ་ཐིགས་ཞེས་བྱ་ བ་བཞུགས་སོ། ། རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་བསྡུས་པའི་སྐུ། ། བདུད་བགེགས་དམ་སྲི་མ་ལུས་གཡུལ་འཇོམས་མཁན། ། བྱིན་རླབས་གློག་ལྟར་མྱུར་བའི་ཡི་དམ་ལྷ། ། བསྟེན་ནས་རྡོ་རྗེ་ཁྲོས་པའི་མཚོན་ཆེར་འབར། ། སྒེག་པ་དཔའ་བ་མི་སྡུག་ཚུལ་སྟོན་ཅིང༌། ། རྒོད་དང་གཤེ་དང་འཇིགས་སུ་རུང་བ་དང༌། ། སྙིང་རྗེ་རྔམ་དང་ཞི་བ་ལ་སོགས་པ། ། སྐུ་ཡི་དངོས་པོ་གར་དགུ་བསྒྱུར་བ་ཡིས། ། ཞེས་གསུངས་པ་ལྟར། དེ་ལྟ་བུའི་གར་གྱི་ཉམས་དགུ་དང་ལྡན་པའི་དཔལ་ཆེན་རྡོ་རྗེ་ གཞོན་ནུ་ཡབ་ཡུམ་ནི། ངོ་བོ་དཔལ་གསང་བའི་བདག་པོ་དང༌། རྗེ་བཙུན་སྒྲོལ་མ་ཟུང་དང་ དབྱེར་མེད་ཡིན་ལ། དཔལ་གསང་བའི་བདག་པོ་ནི་བསྐལ་བཟང་གི་སངས་རྒྱས་དང༌། བྱང་ 4-1-213 ཆུབ་སེམས་དཔའ་ཐམས་ཅད་དང་རྣམ་དབྱེར་མེད་པས། དེ་དག་གི་གདུལ་བྱ་དགེ་བར་ སྤྱོད་པ་རེ་རེའི་རྒྱབ་ཏུའང་བར་ཆད་སྲུང་བའི་སྤྲུལ་པ་རེ་རེ་འབྲལ་མེད་དུ་འགྲོགས་པ་སྔོན་ གྱི་སྨོན་ལམ་གྱི་སྟོབས་ཡིན་པར་གསུངས་པ་དང༌། རྗེ་བཙུན་སྒྲོལ་མ་ཡང་བསྐལ་པ་གྲངས་ མེད་པའི་སྔ་རོལ་ནས་བྱང་ཆུབ་བརྙེས་ཀྱང་ཐུགས་བསྐྱེད་ཚད་མེད་པས་ལྷ་མོའི་རྣམ་པར་ བཟུང་ནས་འཇིག་རྟེན་གྱི་ཁམས་སྤྱི་དང༌། ཁྱད་པར་མི་མཇེད་འཇིག་རྟེན་དེ་ལས་ཀྱང་གངས་ ཅན་གྱི་ལྗོངས་འདིར་གང་ན་འཇིགས་པ་ཆེན་པོ་བརྒྱད་དང༌། བཅུ་དྲུག་ཅུང་ཟད་ཅིག་མཆིས་ ཀྱང་མཚན་དྲན་པ་ཙམ་གྱིས་སྐྱོབ་པར་བྱེད་པ་ཐུགས་ཀྱིས་དམ་བཅས་པ་ཉིད་འདིར་རྒྱལ་ བ་ཐམས་ཅད་ཀྱི་འཕྲིན་ལས་གཅིག་ཏུ་བསྡུས་པའི་རང་གཟུགས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ ཡབ་ཡུམ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་བཞེངས་ཏེ། མཆོག་དང་ཐུན་མོང་གི་དངོས་ གྲུབ་རྣམ་པ་གཉིས་སྩོལ་བ་དང༌། བྱང་ཆུབ་སྒྲུབ་པ་ལ་ཉེ་བར་འཚེ་བའི་བདུད་བགེགས་དམ་ སྲི་རྒྱལ་གདོན་འཐབ་འཁྲུག་ལ་སོགས་པ་འཇོམས་པ་ལ་ཁྱད་པར་དུ་འཕགས་པའི་རྒྱུ་མཚན་ གྱིས་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་ཡི་དམ་ལྷག་པའི་ལྷ་ཐུན་མོང་མ་ཡིན་པར་བསྟེན་ ཅིང་བསྒྲུབ་ན་ཕྱི་ནང་གསང་གསུམ་གྱི་བར་ཆད་སེལ་ཞིང་རྒྱལ་བསྟན་དར་རྒྱས་སུ་འབྱུང་ བའི་ཕྱིའི་ལྕགས་རིའམ། བསྟན་པ་སྲུང་པའི་སྐུ་རིམ་ལྟ་བུ་ལ་བསྔགས་པར་མཛད་པ་དང༌། ཁྱད་པར་དཔལ་རྒྱལ་བ་ཇོ་ནང་པའི་བཤད་སྒྲུབ་ཀྱི་བསྟན་པ་འཛིན་པའི་སྡེ་རྣམས་ནས་རྗེ་ བཙུན་ཏཱ་ར་ནཱ་ཐས་བསྒྲིགས་པའི་ཕུར་བ་ས་ལུགས་འདིའི་འདོན་རྒྱུན་བྱུང་ན་ཤིན་ཏུ་བཟང་ བར་དམ་པ་དུ་མས་གསུངས་པ་ལགས། དེ་ལ་འདིར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ཆོ་ག་བདུད་འཇོམས་རོལ་ པ་དང༌། སྨད་ལས་གཏོར་བཟློག་གི་ལག་ལེན་གསལ་བར་བཀོད་པ་རྡོ་རྗེ་གནམ་ལྕགས་ འཁྲུལ་འཁོར་ཟུང་གི་ལས་མཐའ་དེ་ལ་འདིར་གར་ལ་ཞི་རྒྱས་དབང་དྲག་བཞི་ཡོད་ཅིང༌། དེ་ 4-1-214 རེ་རེ་ལ། ཚོགས་གཉིས་དང་འབྲེལ་བའི་གར་དང༌། ལྷ་ཀླུས་བསྐུལ་བ་དང་འབྲེལ་བའི་གར་ བཞི་བཞིར་ཡོད་པ་ལས། འདིར་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་དང་འབྲེལ་ བའི་དྲག་པོའི་གར་གྱི་རིམ་པ་འདི་ནི་སྔོན་དཔལ་ཆེན་རྡོ་རྗེ་གཞོན་ནུས་རཱུ་ཏྲ་བཏུལ་བའི་དུས་ སུ་མཛད་པ་སྟེ། དྲག་པོའི་གར་འཆམ་སྣ་ཚོགས་འདི་བྱས་པའི་ཕན་ཡོན་དང༌། ཡོན་ཏན་ཅི་ ཞིག་འབྱུང་སྙམ་ན། གནས་སྐབས་སུ་ཕྱི་ནང་གསང་གསུམ་གྱི་བར་ཆད་མཐའ་དག་ཞི་བ་ དང༌། བཀྲ་ཤིས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པ། མཐར་བླ་ན་མེད་པའི་གོ་འཕང་ འཐོབ་པའི་དགོས་པ་ཡོད་དེ། སློབ་དཔོན་དྲི་མེད་སྦས་པས། མངོན་སྤྱོད་ལས་ལ་གར་གྱི་ རིགས་འདི་བྱས་ན་བདུད་དང་འཚེ་དང་མི་ཤི་སྣ་ཚོགས་མེད་འགྱུར་ཞིང༌། །ཞེས་དང༌། ཁྱད་ པར་ས་གར་མཆོད་གར་རྣམས་ནི་རྒྱུད་དང་འཕགས་ཡུལ་གྱི་ཕྱག་བཞེས་དང་འབྲེལ་བས་ ཁུངས་དང་དགོས་པ་ཆེ་བ་སྨོས་མ་དགོས། རྙིང་མའི་ཁྲག་འཐུང་རྩ་འཆམ་དུ་གྲགས་པ་འདི་ ཉིད་རྒྱུད་གང་ནས་བཤད་ན། ཡེ་ཤེས་རྔམ་གློག་ལས། ཆོས་ཀུན་མཉམ་པའི་ངང་རྟོགས་ ནས། །བསྒུལ་ཞིང་བསྐྱོད་པ་ཐམས་ཅད་ཀུན། །ཕྱག་རྒྱ་ཡིན་པར་དཔའ་བོས་གསུངས། །རང་གི་ལྷ་ཡི་ཏིང་འཛིན་གྱིས། །སྟངས་སྟབས་འདི་ལ་གང་གནས་པ། །སངས་རྒྱས་ཉིད་ ཀྱང་སྐྲག་འགྱུར་ན། །དྲེགས་པའི་ཚོགས་ལྟ་སྨོས་ཅི་དགོས། །ཞེས་དང༌། ཐབས་ཀྱི་ཞགས་ པའི་རྒྱུད་ལས་ཀྱང་ཕྱག་རྒྱ་བཅིང་ཚུལ་དེའི་དགོས་པ་བཅས་བསྟན། དེ་ཉིད་སྒྲུབ་པ་པོའི་ གང་ཟག་ལྟ་བ་བདེན་པ་དབྱེར་མེད། ལྷག་པའི་ཆོས་སྐུ་ཆེན་པོར་རྟོགས་ཤིང་སྒོམ་པ་ཏིང་ ངེ་འཛིན་ལས་སུ་རུང་བས་སྣང་སྤྱོད་ལྷའི་ཕྱག་རྒྱས་ཐེབས་པ་རྡོ་རྗེའི་ཟློས་གར་ལ་རང་བྱན་ ཚུད་པས། ཇི་ལྟར་སྒྲུབ་པའི་ཚུལ་སྒྱུ་འཕྲུལ་དྲྭ་བ་རྩ་བཤད་ཀྱི་རྒྱུད། འཇིག་རྟེན་འདས་མདོ་ ཧེ་རུ་ཀ་གལྤོ་སོགས་བླ་ན་མེད་པའི་རྡོ་རྗེའི་རིགས་ཀྱི་རྒྱུད་རྣམས་ལས་བསྟན་པའི་དོན་རྒྱལ་ པོ་ཛ་ནས་མཁས་པ་མི་གསུམ་ལ་བརྒྱུད་དེ་བོད་ཀྱི་ལོ་ཙཱ་བ་རྨ་གཉགས། དཔལ་གྱི་བུ་བརྒྱད། 4-1-215 གནུབས་དང་ཟུར་ནས་འདར་ལ་བཀའ་བབས་ཤིང༌། མཐར་གསང་ཆེན་བསྟན་པའི་མངའ་ བདག་སྨིན་གླིང་སྐུ་མཆེད་ནས་རྒྱས་པར་མཛད་ཅིང༌། ལོ་ཆེན་རིན་པོ་ཆེས་འཆམ་ཡིག་ཀུན་ བཟང་རོལ་པ་མཛད་དེ་ལེགས་པར་གཏན་ལ་ཕབ་པ་འདི་ལ། དཀྱིལ་འཁོར་གྱི་ཆོ་ག་དང་ འབྲེལ་བའི་ཁྲག་འཐུང་རྩ་འཆམ་དང༌། དྲག་པོའི་ལས་སྦྱོར་དང་འབྲེལ་བའི་དགྲ་བགེགས་ བྲུབ་འཆམ་གཉིས། དང་པོ་ལ་དོན་ཚན་བཅུ་གསུམ་གྱི་ཐོག་མར། རང་ལུས་ལ་བགེགས་ ཀྱིས་མི་ཚུགས་པའི་ཕྱིར་ལྷའི་ང་རྒྱལ་གྱིས་བྱིན་གྱིས་བརླབས་པའི་ཆས་གོས་བགོ་ཞིང་ཕྱག་ མཚན་བཟུང༌། གཉིས་པ་ལྷ་སྲིན་གྱི་ཟེར་མི་སྡང་བའི་ཕྱིར་གསེར་སྐྱེམས་བསྔོ། གསུམ་པ་ གསང་སྒྲོགས་ཀྱི་ཉེས་པ་སྤང་བའི་ཕྱིར་སྣོད་བཅུད་དཀྱིལ་འཁོར་དུ་གསལ་བས་ལུས་འགྱུར་ ཐུན་མོང་དུ་གཅེས་པའི་ཡན་ལག་བཅུ། ཕྱག་རྒྱ་ལ་མཁས་པ་གསུམ། ལུས་རྒྱན་དཔེ་གསུམ་ དང་མཐུན་པའི་ཡོན་ཏན་དང་ལྡན་པས་དཀྱིལ་འཁོར་གྱི་ས་གཞིར་འགྲོ། བཞི་པ་རིགས་དང་ མཐུན་པའི་རང་གནས་སུ་འདུགལྔ་པ་སློབ་དཔོན་འཁོར་ལོའི་མགོན་པོར་བསྐྱེད་ལ་གཞན་ སྲས་ཀྱི་བྱ་བས་དཀྱིལ་འཁོར་རྫོགས་པར་སྤྲོས་ལ་བསྐུར་བརླབ་དྲང་བསྟིམ་མཆོད་བསྟོད་ བྱ། དྲུག་པ་ཕྱོགས་ཀྱི་སློབ་མ་རྣམས་རིགས་བཞིའི་ཡུམ་དུ་བྱིན་རླབས། བདུན་པ་ཕྱོགས་ བཞིའི་ཡུམ་གྱིས་མཆོད་བསྟོད་སྔོན་དུ་འགྲོ་བས་དཀྱིལ་འཁོར་བཤད་པར་གསོལ་བ་གདབ། བརྒྱད་པ་སློབ་དཔོན་གྱིས་མཁའ་ཁྱབ་ཀྱིརྒྱལ་བ་རྣམས་ཀྱི་ཐུགས་དམ་བསྐུལ། དགུ་པ་ཞེ་ སྡང་རྡོ་རྗེའི་གར་གྱིས་བཀའ་བསྒོ་ཞིང་བགེགས་བསྐྲད། བཅུ་པ་དཀྱིལ་འཁོར་ལྷའི་སྟངས་ སྟབས་ཀྱིས་ས་བཟུང་བ་ལ། འཆམ་བསྐོར་གསུར་དང་ཆོས་དབྱིངས་བསྐྱེད། །དབང་སྡུད་ མཁའ་འགྲོ་དཔའ་བསྐྱེད་དང༌། །ཉམས་པའི་བླ་འགུགས་དམ་ཅན་འབོད། །ནམ་མཁའ་བར་ སྣང་ས་གཞི་གསུམ། །འཁོར་ལོ་རྟགས་བརྒྱད་པདྨོར་བརླབ། །རྡོ་རྗེ་ཕྱེད་རྐྱང་སྔགས་གསུམ་ གྱིས། །ས་བཙལ་འདུལ་ཞིང་རློབ་པའོ། །ཞེས་པ་ལྟར་སྔོན་འགྲོའི་སྟངས་སྟབས་བཅུ་གཉིས་ 4-1-216 ཀྱིས་སྤྱིར་རློབ། མཁའ་རླུང་རཀྟ་ཞིང་ཆེན་དང༌། །ཀེང་རུས་མེ་དཀྱིལ་གཞལ་ཡས་ཁང༌། །ཞེས་རྟེན་བསྐྱེད་པ་བདུན། གཙོ་བོ་དང་ནི་རིགས་བཞི་དང༌། །རིགས་ལྔའི་ཡུམ་དང་གོ་རཱི་ བརྒྱད། །སིང་ཧ་མ་བརྒྱད་སྒོ་མ་བཞི། །དབང་ཕྱུག་མ་དང་ཕྲ་མེན་གྱི། །བམ་ལེན་དཔལ་ཆེན་ སྟོབས་འཆམས་སོ། །ཞེས་པའི་ནང་ཚན་གཙོ་བོ་དཔལ་ཆེན་པོའི་འགྱིང་འཆམ་ནང་གསེས་ དགུ་དང་བཅས་པས་བརྟེན་པ་བསྐྱེད་པ་སྟེ་དངོས་གཞི་སོ་སོའི་སྟངས་སྟབས་ཀྱིས་བྱེ་བྲག་ཏུ་ བྱིན་རླབས། བཅུ་གཅིག་པ་ཕྱོགས་བཅུའི་བགེགས་ལ་ཕུར་བུས་གདབ། བཅུ་གཉིས་པ་རྟག་ ཆད་ཀྱི་མཐའ་བསལ། བཅུ་གསུམ་པ་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན་པའོ། ། དེ་ལྟར་བགྱིས་པས་རྡོ་རྗེའི་ལུས་ཀྱི་སྤྱོད་པ་ལ་བརྟེན་ནས་ཚོགས་གཉིས་རླབས་པོ་ཆེ་ སྤེལ་ཞིང་ལས་དང་དངོས་གྲུབ་བདེ་ལེགས་སུ་འགྲུབ་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་ ཡིན་ལ། བྲུབ་འཆམ་ལའང་དྲག་པོའི་ལས་དང་འབྲེལ་བའི་འཚམ་རྔམས་ཀྱིས་སྟངས་སྟབས་ དགོས་པ་ཁྱད་འབྲེལ་ཅན་སྣང་ཡང་འདིར་མ་སྤྲོས་ལ། ས་ལུགས་ཀྱི་ཕུར་པའི་རྩ་འཆམ་ཡང་ དཔལ་ལྡན་བླ་མ་དམ་པའི་སྐབས་སུ་འདི་ཉིད་ཁ་བསྒྱུར་བ་ཡིན་པ་དང༌། བཀྲ་ཤིས་ཟུར་ མང་གི་བདེ་མཆོག་ཚོགས་གར་ཆེན་མོར་གྲགས་པའི་གར་སྣ་སུམ་བརྒྱ་དྲུག་ཅུ་པ་འདིའང་ ཏེ་ལོ་སངས་རྒྱས་ཀྱི་རྣམ་འཕྲུལ་དྲུང་རྨ་སེ་བློ་གྲོས་རིན་ཆེན་ལ་ཆོས་རྗེ་དེ་བཞིན་གཤེགས་ པ་འཁོར་ལོ་སྡོམ་པ་དངོས་ཀྱི་སྐུར་བཞེངས་ནས་ཡུད་ཙམ་གཅིག་ལ་སྩལ་བར་ཡང་གྲགས་ ཤིང༌། སངས་རྒྱས་ཞིག་ཆེན་གྱི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཤིན་ཏུ་རྒྱས་པར་སྩལ་བའི་ བྱིན་རླབས་ཀྱི་སྒོ་ཆེན་པོ་ལྡན་པ་དང༌། གུ་རུ་ཆོས་ཀྱི་དབང་ཕྱུག་དག་པའི་སྣང་བར་ཟངས་ མདོག་དཔལ་རིར་སློབ་དཔོན་ཆེན་པོའི་སྤྱན་སྔར་བྱོན་པའི་ཚེ་ཇི་ལྟར་མཇལ་ཞིང་རྗེས་སུ་ གདམས་པ་བསྩལ་བའི་དོན་མ་ནོར་བ་ཚེས་བཅུའི་གར་འཆམ་ཡོངས་སུ་གྲགས་པ་འདིའང་ 4-1-217 ཐ་ན་དུད་འགྲོ་ཡན་ཆད་གང་གིས་མཐོང་ཚད་སློབ་དཔོན་ཆེན་པོའི་གདུལ་བྱར་འགྱུར་བའི་ ཕན་ཡོན་ཡང་འདི་ལྟར་ཏེ། གང་གི་ང་རོས་མཆོད་ཆའི་སྒྲ་ཐོས་པ་དང༌། གཡོ་བའི་རླུང་ཕོག་ པས་ཀྱང༌། ཚེ་ཡི་གེགས་དང༌། བདུད་རྣམས་ཚར་གཅོད་པ། གར་གྱི་རིགས་པ་འདི་མཐོང་ ན། མཚམས་མེད་སྤྱོད་པའང་གྲོལ་བར་འགྱུར་ཞེས་དང༌། གཞན་ཡང་གར་འཆམ་གྱི་ཡིག་ རྙིང་འགའ་ལས་ཀྱང༌། རྒྱལ་བའི་བསྟན་པ་ལ་གནོད་པ་དང༌། བླ་མ་དམ་པ་དང་དགེ་འདུན་ གྱི་སྡེ་ལ་གནོད་པ་དང༌། བསྟན་པའི་སྦྱིན་བདག་རྣམས་ལ་ནད་དང༌། གདོན་དང༌། རིམས་ དང་གྲིབ་ལ་སོགས་པ་དང༌། ཕ་རོལ་པོའི་དཔུང་གིས་གླགས་ལྟ་བ་དང༌། དུས་མ་ཡིན་པར་ གཤིན་རྗེའི་ཕོ་ཉས་གཙེས་པ་དང༌། བྱད་ཁ་དང་ཕུར་ཁ་དང༌། ཟོར་ཁ་ཕྱིར་ལ་བཟློག་པ་དང༌། ས་བདག་ལ་སོགས་པ་འགྲོ་བ་གཞན་གྱིས་གནོད་པ་དང༌། མདོར་ན་མི་མཐུན་པའི་རྐྱེན་ཕྲ་ བ་དང་རགས་པ་མངོན་ལྐོག་ཏུ་གྱུར་པ་སོགས་མཐའ་དག་བཟློག་པ་དང༌། གཞན་ཡང་ནད་ མེད་པ། ཚེ་རིང་བ་དབང་ཐང་ཆེ་བ། དཔལ་འབྱོར་རྒྱས་པ། གྲོགས་བཟང་པོ་དང་འཕྲད་ པ། དམ་ཆོས་དར་བའི་ཡུལ་དུ་སྐྱེ་བ། རྩོད་པ་ལས་རྒྱལ་བ། གཡུལ་ལས་རྒྱལ་བ། མདོར་ན་ ལེགས་ཚོགས་ཅི་དང་ཅི་བསྒྲུབ་དགོས་པ་ཐམས་ཅད་འབད་མེད་དུ་འགྲུབ་པར་གསུངས་སོ། །གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་ནས། མང་པོའི་དབུས་རྡོ་རྗེའི་གར་བྱེད་ས་སྐྱེ་འགྲོ་ སུས་མཐོང་ན། དེ་ཐམས་ཅད་གེགས་དང༌། སྲི་ངན་པ་ཐམས་ཅད་བཟློག་པ་དང༌། མཉམ་ པར་འོངས་བའི་བདུད་ཚར་གཅོད་པ་དང༌། སྐྱེ་བོ་གང་ནད་ཀྱིས་བཏབ་པ་ཞི་བ་དང༌། འཆམ་ འདི་མཐོང་ངམ་ཐོས་སམ་དེ་ཐམས་ཅད་སྨིན་ཅིང་གྲོལ་ཏེ། ངན་སོང་རྣམས་སུ་འཁྱམས་མི་ དགོས་པ་དང༌། ཚེ་འདིར་ཡང་རྐྱེན་ངན་བཟློག་པ་དང༌། མཚོན་འཁྲུག་ཞི་བ། མི་ནད་ཕྱུགས་ ནད་ཐམས་ཅད་རྒྱུན་ཆད་པ་དང༌། ལོ་ལེགས་པ། ཆར་ཆུ་དུས་སྙོམས་པ་སོགས་བདེ་སྐྱིད་ ཕུན་སུམ་ཚོགས་པ་དང་ལྡན་པ་གཞན་ཡང་འཕྲིན་ལས་ཀྱི་ཁ་སྐོང་ལ། ལྷ་སྲིན་དབང་དུ་འདུ་ 4-1-218 བ་དང་དམ་ཅན་ལས་ལ་བཀོལ་བ་དང༌། ཡི་དམ་བསྒྲུབ་ཐག་ཉེ་བ་བཀའ་སྲུང་ཐུགས་དམ་ བསྐོང་བའི་དགོས་པ་ཡོད། ཡུལ་ཁམས་དེ་ལྷའི་གཞལ་ཡས་ཁང་དུ་འགྱུར་བ་དང༌། བཀྲ་མི་ ཤིས་པ་ཐམས་ཅད་བཀྲ་ཤིས་པ་དང༌། དམ་ཅན་རྒྱ་མཚོ་ཐམས་ཅད་ཡུལ་འདིར་འདུ་བ། ལྷ་ མིའི་འདུ་འཚོགས་ཆེ་ཞིང༌། མངའ་ཐང་དགུང་ལ་སྙེགས་པ་དང་དལ་འབྱོར་ལ་སྙིང་པོ་བླངས་ ཏེ། ལམ་གྱི་རིམ་པ་རྣམས་རིམ་པའི་མཐར་ཕྱིན་ནས་མཐར་བླ་ན་མེད་པའི་སངས་རྒྱས་ཀྱི་ འབྲས་བུ་མངོན་དུ་བྱས་སོ། །ཞེས་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལས་མཐའ་དྲག་པོའི་ཟོར་འཆམ་དགོས་ འདོད་འབྱུང་བའི་བདུད་རྩིའི་ཟིལ་ཐིགས་འདི་ཡང་གྲྭ་བཙུན་ངག་དབང་ཀུ༵ན་དགའ་གྲ༵གས་པས་སྟོན་པའི་སྐུ་བརྙན་དར་བཅས་ ཏེ་ཡང་ཡང་བསྐུལ་བ་ལྟར། ༡༩༩༧བོད་རབ་བྱུང་བཅུ་བདུན་པ་མེ་མོ་གླང་གི་ལོའི་ཟླ་༡ཚེས་༢༦ལ་ཕུར་བའི་སྒྲུབ་ཆེན་སྐབས་སུ་ ངག་དབང་ཡོན་ཏན་བཟང་པོས་སྦྱར་བ་དགེ་ལེགས་འཕེལ། ཡི་གེ་པ་ནི་བརྩོན་འགྲུས་སོ། །