3-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ག༽ 3-1-2 དཀར་ཆག འགོ་བརྗོད། .......................................༡ ཕྱི་ནང་གྲུབ་མཐའི་རྣམ་གཞག་གི་བསྡུས་དོན་བློ་གསལ་ཡིད་ཀྱི་རྒྱན་ བཟང་ཞེས་བྱ་བ། ...................................༡ མཆོད་བརྗོད། ......................................༡ རྩོམ་པར་དམ་བཅའ་བ། ................................༢ སྤྱིར་བསྟན་པ། .....................................༢ དང་པོ་ཕྱི་རོལ་པ་བཤད་པ། ..............................༣ བྱེ་རིག་གཉིས། .....................................༣ གྲངས་ཅན་པ། ......................................༥ ཁྱབ་འཇུག་པ། .....................................༧ གཅེར་བུ་པ། ......................................༡༣ རྒྱང་འཕེན་པ། .....................................༡༦ གཉིས་པ་ནང་པ་སངས་རྒྱས་པ། ...........................༡༧ ཐེག་དམན་སྡེ་པ། ...................................༡༨ བྱེ་བྲག་སྨྲ་བ། .....................................༡༨ མདོ་སྡེ་པ། .......................................༣༡ ཐེག་ཆེན་སྡེ་པ། ....................................༤༡ སེམས་ཙམ་པ། ....................................༤༢ འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་རང་སྟོང་པ། ..............༥༩ 3-1-3 དབུ་མ་རང་རྒྱུད་པ། ..................................༦༡ དབུ་མ་ཐལ་འགྱུར་པ། ................................༧༢ འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་པ། ..............༨༨ མཇུག་བྱང༌། .....................................༡༡༧ ཞི་ལྷག་བསམ་གཟུགས་ཀྱི་རྣམ་བཤད་ཉུང་བསྡུས་བློ་གསལ་ཡིད་ཀྱི་དགའ་སྟོན་ ཞེས་བྱ་བ། .....................................༡༢༠ དང་པོའི་ལས་ཅན་དག་ལ་ཕན་པའི་ཐར་ལམ་བགྲོད་པའི་ཐེམ་སྐས་ ཞེས་བྱ་བ། ......................................༡༣༡ ཆོས་དབྱིངས་བསྟོད་པའི་ཚིག་འགྲེལ་དོན་ཟབ་ནོར་བུའི་ཕྲེང་ བ་ཞེས་བྱ་བ། .................................༡༦༤ འཁོར་བ་དང་མྱང་འདས་ཀྱི་སེམས་ཀྱི་རྣམ་དབྱེ་གསལ་བའི་སྒྲོན་མེ་ ཞེས་བྱ་བ། .....................................༢༠༥ .............................༢༡༢ ....................༢༤༦ .................༢༥༨ སྟོད་འདུལ། .....................................༢༧༢ སྨད་འདུལ། .....................................༢༧༢ བདེ་གཤེགས་སྙིང་པོའི་ངོས་འཛིན་ལུགས། ...................༢༧༤ བདེན་བཞིའི་རྣམ་བཤད་ཀུན་གསལ་མེ་ལོང་ཞེས་བྱ་བ། ............༢༨༣ མཁའ་ཁྱབ་ཀྱི་རེ་འདོད་སྐོང་བར་བྱེད་པའི་འདོད་འཇོའི་བུམ་བཟང༌། .....༢༩༩ 3-1-4 ༄༅། །ཕྱི་ནང་གྲུབ་མཐའི་རྣམ་གཞག་གི་བསྡུས་དོན་ བློ་གསལ་ཡིད་ཀྱི་རྒྱན་བཟང་ཞེས་བྱ་ བ་བཞུགས་སོ། ། མཆོད་བརྗོད། ཀུན་མཁྱེན་ཡེ་ཤེས་ཟླ་བའི་མ་མ་ལས། ། རབ་ཡངས་ཤེས་བྱ་ཕྱོགས་ཀྱི་འཁོར་ལོའི་ལྟོར། ། ལེགས་ཉེས་རྒྱུ་སྐར་ཡོངས་བཀྲའི་སྣང་བརྙན་དཔལ། ། ཅིག་ཅར་གསལ་བའི་མཁྱེན་མངའ་གང་དེ་རྒྱལ། ། ཐུབ་དགོངས་ཟབ་མོའི་གཏིང་མཐའ་ཀུན་དཔགས་ཏེ། ། ངེས་དོན་ལྟ་བའི་ལམ་བཟང་འབྱེད་པའི་གཉེན། ། རྒྱལ་ཚབ་མི་ཕམ་ཐོགས་མེད་སྐུ་མཆེད་སོགས། ། ཤིང་རྟ་ཆེན་པོ་དེ་དག་གཙུག་གིས་མཆོད། ། གངས་ལྗོངས་ཡུལ་འདིར་ཡང་དག་ལམ་མཆོག་གིས། ། ངེས་པ་དོན་གྱི་སྙིང་པོ་གསལ་མཛད་པའི། ། རྟོན་བཞི་ལྡན་པ་རིགས་ལྡན་སྤྲུལ་པའི་སྐུ། ། 3-1-5 ཡབ་སྲས་བརྒྱུད་འཛིན་བཅས་ལ་གུས་པས་འདུད། ། མཁྱེན་པའི་ཐུགས་མངའ་བརྩེ་བ་ཆེན་པོའི་གཏེར། ། རླབས་ཆེན་མཛད་འཕྲིན་ཟླ་དང་བྲལ་བའི་མགོན། ། རང་ལ་རྒྱལ་བའི་ཆོས་ཚུལ་ལེགས་འདོམས་པའི། ། དྲིན་ཅན་བླ་མའི་ཐུགས་རྗེས་རྟག་སྐྱོངས་ཤིག ། རྩོམ་པར་དམ་བཅའ་བ། ཡང་དག་ལམ་དང་ལམ་མིན་གསལ་བའི་ཕྱིར། ། ཕྱི་ནང་གྲུབ་མཐའི་རྣམ་གཞག་མདོ་ཙམ་ཞིག ། དང་པོའི་ལས་ཅན་འགའ་ལ་ཕན་པའི་བློས། ། དམ་པའི་གསུང་ལས་ཆ་ཙམ་འདི་ན་བསྡུ། ། སྤྱིར་བསྟན་པ། དེ་ལ་འདིར་རང་གཞན་གྱི་གྲུབ་མཐའི་ཚུལ་ལ་ཐོག་མར་རིགས་པས་སྦྱར་བའི་གཞུང་ ལུགས་ལ་མ་བརྟེན་པར་ཚེ་འདིའི་བདེ་བ་ཙམ་དོན་དུ་གཉེར་བའི་གང་ཟག་དེ་གྲུབ་མཐའ་ ལ་མ་ཞུགས་པའི་གང་ཟག་དང༌། གཞུང་ལུགས་ལ་སྦྱངས་ནས་གཞི་ལམ་འབྲས་བུའི་རྣམ་ གཞག་ལུང་རིགས་ཀྱི་ལམ་ནས་བཤད་པའི་གང་ཟག་དེ་གྲུབ་མཐའ་ལ་ཞུགས་པའི་གང་ ཟག་ཡིན་ལ། ལུང་དང་རིགས་པའི་སྒོ་ནས་རང་རང་གི་འདོད་པའི་ཕྱོགས་གྲུབ་ཅིང༌། དེ་ ལས་གཞན་དུ་ལུང་རིགས་ཀྱིས་བཅོས་བསྒྱུར་མེད་པའི་འདོད་པ་མཐར་ཐུག་པ་ཞིག་ལ་གྲུབ་ མཐའ་ཞེས་བརྗོད་པའོ། །དེ་འདྲའི་གྲུབ་མཐའ་སྨྲ་བ་ལ། ཕྱི་ནང་གཉིས་ལས། 3-1-6 དང་པོ་ཕྱི་རོལ་པ་བཤད་པ། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དཀོན་མཆོག་གསུམ་ལ་ སྐྱབས་སུ་མི་འགྲོ་ཞིང་དབང་ཕྱུག་སོགས་ལྷར་འཛིན་པ་གང་ཞིགརྟག་ཆད་སོགས་མཐའ་ བཞི་ཅི་རིགས་པར་ཁས་ལེན་པའི་གང་ཟག་དེ། ཕྱི་རོལ་པའི་མཚན་ཉིད། མཚན་གཞི། དྲང་ སྲོང་སེར་སྐྱ་ལྟ་བུའོ། །གཉིས་པ་དབྱེ་བ་ལ། བྱེ་རིག་གཉིས། གྲངས་ཅན་པ། ཁྱབ་འཇུག་པ། གཅེར་བུ་པ། རྒྱང་འཕེན་པ་དང་ལྔའོ། ། བྱེ་རིག་གཉིས། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས་བཤད་ པ། མིང་གི་རྣམ་གྲངས་དང༌། སྒྲ་བཤད། དེའི་འདོད་པའི་ཁྱད་པར་བཤད་པ་དང་ལྔ་ལས། དང་པོ་ནི། དྲང་སྲོང་འུག་པ། གཟེགས་ཟན། རྐང་མིག་སོགས་སོ། །གཉིས་པ་ནི། དབང་ཕྱུག་ སྒྲ་བསྒྲག་གི་རྒྱུད་དང༌། སྨེ་བ་བརྩེག་པའི་རྒྱུད་སོགས་ཡིན། གསུམ་པ་ནི། དབང་ཕྱུག་པ། བྱེ་ བྲག་པ། ཞི་བ་པ། ཡེ་སྲིད་པ། རིག་པ་ཅན། རྐང་མིག་པ་སོགས་ཡིན། བཞི་པ་ནི། སྤྱི་དང་བྱེ་ བྲག་གི་ཁྱད་པར་མང་དུ་སྨྲ་བས་ན་བྱེ་བྲག་པ་དང༌། དྲང་སྲོང་རྐང་མིག་གིས་བྱས་པའི་རིག་ པའི་ལྟ་བའི་རྗེས་སུ་འབྲང་ཕྱིར་རིག་པ་ཅན་ཞེས་བྱའོ། །ལྔ་པ་ནི། དེ་འདྲའི་བྱེ་རིག་གཉིས་ ཀྱི་འདོད་ཚུལ་ཅུང་ཟད་ཙམ་མི་འདྲ་བ་རེ་ཡོད་ཀྱང་སྤྱིའི་ཚུལ་ལ་མི་འདྲ་བ་མེད་ཕྱིར་དེ་གཉིས་ ཀྱི་སྤྱིའི་འདོད་ལུགས་ཆོས་ཐམས་ཅད་རྫས་དགུའི་ནང་དུ་འདུ་བར་འདོད་ཅིང༌། རྫས་དགུ་ ནི། ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང༌། ནམ་མཁའ་བདག་ཡིད་ཕྱོགས་དུས་རྣམས་སོ། །དེ་ ལས་ནམ་མཁའ་བདག་ཕྱོགས་དུས་རྣམས་ཆོས་ཐམས་ཅད་ལ་རྗེས་སུ་འགྲོ་བའི་རྟག་རྫས་ དང༌། དེའི་ལྷག་མ་རྣམས་དེ་ལྟར་རྗེས་སུ་མི་འགྲོ་བའི་མི་རྟག་པའི་རྫས་དང༌། རྡུལ་ཕྲ་རབ་ 3-1-7 རྟག་པ་དང་རགས་པ་མི་རྟག་པར་འདོད། ཚིག་གི་དོན་དྲུག་ནི། རྫས་དང་ཡོན་ཏན་གཉིས། ལས་དང་འདུ་བ་གཉིས། སྤྱི་དང་བྱེ་བྲག་གཉིས་རྣམས་སོ། །ཁྲུས་དང༌། དབང་བསྐུར། བསྙུང་གནས་སོགས་ཐར་ལམ་དུ་ཁས་ལེན་ཞིང༌། ནམ་ཞིག་བླ་མའི་མན་ངག་ལ་བརྟེན་ནས་ བདག་ཀུན་ལ་ཁྱབ་པའི་རང་བཞིན་ཅན་དེ་ཉིད་བྱེད་པ་མེད་པར་ཧ་གོ་ནས་ལས་གསར་བ་ མི་བསག་ཅིང༌། རྙིང་པ་མཐའ་དག་ཟད་ནས་བུད་ཤིང་ཟད་པའི་མེ་བཞིན་སྐྱེ་བའི་རྒྱུན་ཆད་ དེ་བདག་འབའ་ཞིག་ཏུ་གྱུར་པ་ན་ཐར་པ་ཐོབ་པར་འདོད་དོ། ། གྲངས་ཅན་པ། གཉིས་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས་ བཤད་པ། མིང་གི་རྣམ་གྲངས་དང༌། སྒྲ་བཤད། དེའི་འདོད་པའི་ཁྱད་པར་བཤད་པ་དང་ལྔ་ ལས། དང་པོ་ནི། དྲང་སྲོང་སེར་སྐྱ། མཆོད་འོས། དབང་ཕྱུག་ཆེན་པོ། སྟོན་པ་ཆུ་ཀླུང་སོགས་ ཡིན། གཉིས་པ་ནི། དབང་ཕྱུག་ནག་པོའི་རྒྱུད། གཞུང་ལུགས་སུམ་ཅུ་པ། གསེར་བདུན་སུམ་ ཅུ་པ་སོགས་སོ། །གསུམ་པ་ནི། གྲངས་ཅན་པ། སེར་སྐྱ་བ། གཙོ་བོ་པ། ཤེས་རིག་ཅན། ཡོན་ ཏན་གསུམ་པ་ཅན་སོགས་ཡིན། བཞི་པ་ནི། ཤེས་བྱའི་ཆོས་ཐམས་ཅད་གྲངས་ཉེར་ལྔར་འདུ་ བར་འདོད་པས་གྲངས་ཅན་པ་ཞེས་བརྗོད། ལྔ་པ་ནི། འདིའི་ལུགས་ཀྱི་ཤེས་བྱ་ཉེར་ལྔ་ནི། རང་བཞིན་གཙོ་བོ་དང༌། ཆེན་པོ་ཞེས་པ་བློ་དང༌། ང་རྒྱལ་ཏེ་གསུམ་དང༌། གཟུགས་སྒྲ་དྲི་རོ་ རེག་བྱ་སྟེ་དེ་ཙམ་ལྔ་དང༌། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔ་དང༌། ངག་གི་དབང་པོ། ལག་པའི་དབང་པོ། རྐང་བའི་དབང་པོ། འདོམ་གྱི་དབང་པོ། རྐུབ་ཀྱི་དབང་པོ་སྟེ་ལུས་ཀྱི་ དབང་པོལྔ་དང༌། མིག་དབང༌། རྣ་དབང༌། སྣ་དབང༌། ལྕེ་དབང༌། ལུས་དབང་སྟེ་བློའི་དབང་ པོ་ལྔ་དང༌། དབང་པོ་དེ་གཉིས་ཀའི་བདག་ཉིད་ཡུལ་ངེས་པའི་རྣམ་ཅན་གསལ་རིག་གི་ཤེས་ 3-1-8 རྫས་ཆེ་བ་ཅན་གྱི་ཡིད་ཀྱི་དབང་པོ་སྟེ། སྤྱིར་དབང་པོ་བཅུ་གཅིག་ཡོད་པ་དང༌། བདག་ཤེས་ རིག་གི་སྐྱེས་བུ་སྟེ་ཤེས་བྱ་ཉེར་ལྔ་ཡོད་པར་འདོད་ཅིང༌། དེ་དག་གི་ནང་དུ་མ་འདུས་པའི་ ཆོས་གཅིག་ཀྱང་མེད་པར་འདོད་དོ། །དེ་ལས་གཙོ་བོ་ནི་རང་བཞིན་ཁོ་ན་ལས་རྣམ་འགྱུར་མ་ ཡིན་པའི་མུ་དང༌། བློ་དང་ང་རྒྱལ་དང་དེ་ཙམ་ལྔ་སྟེ་བདུན་ནི། རང་བཞིན་རྣམ་འགྱུར་གཉིས་ ཀ་ཡིན་པའི་མུ་དང༌། དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་སྟེ་བཅུ་དྲུག་ནི། རྣམ་འགྱུར་ཁོ་ ན་ལས་རང་བཞིན་མ་ཡིན་པའི་མུ་དང༌། བདག་ཤེས་རིག་གི་སྐྱེས་བུ་ནི། རང་བཞིན་རྣམ་ འགྱུར་གཉིས་ཀ་གང་ཡང་མ་ཡིན་པའི་མུ་དང་བཞིའོ། །གཙོ་བོ་དང་བདག་ཤེས་རིག་གི་སྐྱེས་ བུ་གཉིས་ནི་གནས་ལུགས་མཐར་ཐུག་ཏུ་ནམ་ཡང་མི་བསླུ་བས་དོན་དམ་བདེན་པ་དང༌། ལྷག་མའི་ཤེས་བྱ་ཉེར་གསུམ་ནི་རྣམ་འགྱུར་གློ་བུར་བ་ཡིན་ཕྱིར་ཀུན་རྫོབ་བདེན་པ་ཡིན་ པར་འདོད། བདག་ཤེས་རིག་ཤེས་པ་ཁོ་ན་དང༌། ལྷག་མ་ཉེར་བཞི་བེམ་པོ་ཁོ་ནར་འདོད་ ཕྱིར་འདི་བའི་ལུགས་ལ་བློ་ཡང་བེམ་པོ་ཡིན་དགོས་སོ། །གཙོ་བོ་ནི་རྣམ་འགྱུར་རྣམས་བྱེད་ པ་པོ། སྐྱེ་འགག་མི་བྱེད་པའི་རྟག་པ། དུ་མ་མ་ཡིན་པས་གཅིག་པུ། ཡུལ་ཁོ་ན་ཡིན་པ། སྣོད་ བཅུད་ཀུན་ལ་ཁྱབ་པ། སུ་ལའང་མངོན་དུ་མ་གྱུར་པའི་མི་གསལ་བ། རྡུལ་མུན་སྙིང་སྟོབས་ ཀྱི་ཡོན་ཏན་གསུམ་ཆ་མཉམ་པའི་ཁྱད་ཆོས་དུ་མ་དང་ལྡན་པ་ཞིག་གོ། །བདག་ཤེས་རིག་གི་ སྐྱེས་བུ་ནི། རྡུལ་མུན་སྙིང་སྟོབས་ཀྱི་མཚན་ཉིད་ཅན་མ་ཡིན་པ། བྱ་བ་དང་བྱེད་པ་པོ་གང་ ཡང་མིན་པ། རྟག་པ་ཡིན་པ། བདེ་སྡུག་ལ་ལོངས་སྤྱོད་པའི་ཟ་བ་པོ། གསལ་རིག་ཤེས་པའི་ ངོ་བོ་སྟེཁྱད་ཆོས་ལྔ་དང་ལྡན་པའོ། །སྐྱེས་བུ་དེས་ཡུལ་ལ་ལོངས་སྤྱོད་ཚུལ་ནི། བློ་མེ་ལོང་ངོ་ གཉིས་པ་ལྟ་བུ་དེའི་ནང་ནས་སྐྱེས་བུའི་གཟུགས་བརྙན་འཆར་བ་དང༌། ཕྱི་ནས་ཡུལ་རྣམས་ ཀྱི་གཟུགས་བརྙན་འཆར་བའི་ཚུལ་གྱིས་ཡུལ་ལ་ལོངས་སྤྱོད་པར་བྱེད་དོ། །འཇིག་རྟེན་ཐ་ མལ་བ་རྣམས་བདག་གཙོ་བོ་གཉིས་གཅིག་ཏུ་འཁྲུལ་བའི་དབང་གིས་འཁོར་བར་འཁྱམས་ 3-1-9 པར་འདོད་ལ། ནམ་ཞིག་བླ་མའི་མན་ངག་ལ་བརྟེན་ནས་རྣལ་འབྱོར་བས་བསམ་གཏན་གྱི་ ལྷའི་མིག་འགྲུབ་པས་བདག་གཙོ་བོ་གཉིས་ཐ་དད་དུ་ལེགས་པར་གོ་བ་ན་གཙོ་བོས་རྣམ་ འགྱུར་རྣམས་བསྡུས་ནས་རྣལ་འབྱོར་པ་ལ་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་ལོག་ནས་སྟོང་ པ་འབའ་ཞིག་ཏུ་གྱུར་པའི་ཚེ་བདག་ཤེས་རིག་གི་སྐྱེས་བུས་ཡུལ་ལ་ཡང་ལོངས་སྤྱོད་པ་མེད་ པར་གསལ་རིག་ཁོ་ན་ཙམ་དུ་ལུས་པ་ན་ཐར་པ་ཐོབ་པར་འདོད་དོ། ། ཁྱབ་འཇུག་པ། གསུམ་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མིང་གི་རྣམ་གྲངས། སྒྲ་བཤད། དེའི་འདོད་པའི་ཁྱད་པར་བཤད་པ་དང་ལྔ་ལས། དང་པོ་ནི། ལྷ་ཁྱབ་འཇུག བླ་མ་ཟླ་བ། གཞོན་ནུ་མ་ལེན་སོགས་སོ། །གཉིས་པ་ནི། རྟོག་པ་ལ་ཕན་པའི་ ཡལ་ག་དང༌། མཚན་མོ་ལྔ་པ་དང༌། གཡུལ་གྱི་ལས་སྟོན་པའི་ཚིག་སོགས་ཡིན། གསུམ་པ་ ནི། ཁྱབ་འཇུག་པ། ཟླ་བ་པ། གླུའི་ཆོས་སྨྲ་བ་སོགས་སོ། །བཞི་པ་ནི། ལྷ་ཁྱབ་འཇུག་ནི་སྣོད་ བཅུད་ཐམས་ཅད་ཀྱི་གཙོ་བོ་དང་བརྟན་གཡོ་ཀུན་ལ་ཁྱབ་པར་འདོད་པས་ན་ཁྱབ་འཇུག་ པ་ཞེས་བརྗོད། ལྔ་པ་ནི། དེ་འདྲའི་ལྷ་ཁྱབ་འཇུག་ནི། ཚངས་པ་དང༌། བརྒྱ་བྱིན་དང༌། ཉི་ ཟླ་དང༌། རིག་བྱེད་དང༌། སྦྱིན་པ་པོ་དང༌། ཟ་བ་པོ་སོགས་མཐའ་དག་རང་ཉིད་ཡིན་པར་སྨྲ་ བའི་མངོན་པའི་ང་རྒྱལ་དང་ལྡན་པའི་སྒོ་ནས་རྒྱ་མཚོའི་ནང་དུ་གྲོང་ཁྱེར་སྒོ་ལྡན་ཞེས་བྱ་བ་ ན་བུད་མེད་ཀྱི་འཁོར་ཚོགས་མང་པོ་དང་བཅས་ཏེ་གནས་པར་འདོད་ལ། དེ་ལྟ་བུའི་ཁྱབ་ འཇུག་གི་ངོ་བོ་དེ་ལ། ཞི་བ། མ་ཞི་བ། འཆི་བ་མེད་པ་དང་གསུམ་ལས། དང་པོས་ནི། ལྷ་ ཁྱབ་འཇུག་གི་ངོ་བོ་དེ་ཉིད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་བདག་ཉིད་དུ་ངེས་ པར་མཐོང་ནས་ཐར་པ་ཐོབ་པར་བྱེད། གཉིས་པས་ནི། འཇུག་པ་བཅུའི་སྒོ་ནས་འགྲོ་བའི་ 3-1-10 དོན་བྱེད་པ་སྟེ། དེ་ཡང་ཁྱབ་འཇུག་གིས་ཉའི་གཟུགས་སུ་སྤྲུལ་ནས་རྒྱ་མཚོའི་ནང་ནས་རིག་ བྱེད་ཀྱི་བསྟན་བཅོས་བཞི་ལེན་པ་དང༌། ཡང་དེས་རུས་སྦལ་གྱི་གཟུགས་སུ་སྤྲུལ་ནས་འཇིག་ རྟེན་ཐམས་ཅད་ཀྱི་འོག་ནས་བཏེག་སྟེ་གནས་པ་དང༌། ཡང་ཕག་རྒོད་ཀྱི་གཟུགས་སུ་སྤྲུལ་ ནས་སྟེང་ཚངས་པའི་འཇིག་རྟེན་མན་ཆད་མནན་པ་དང༌། ཡང་མིའི་སེང་གེའི་གཟུགས་སུ་ སྤྲུལ་ནས་ལྷ་མིན་གྱི་དཔོན་པོ་གསེར་ཅན་བསད་པ་དང༌། ཡང་མིའུ་ཐུང་གི་གཟུགས་སུ་སྤྲུལ་ ནས་ལྷ་མིན་སྟོབས་ཅན་ས་འོག་ཏུ་བཅུག་པ་དང༌། ཡང་ཤིང་རྟ་བཅུའི་བུ་ར་མ་ཎའི་གཟུགས་ སུ་སྤྲུལ་ནས་སྲིན་པོའི་རྒྱལ་པོ་མགྲིན་བཅུ་བསད་པ་དང༌། ཡང་ཛ་མ་ད་ཨགྣེའི་བུ་ར་མ་ཎའི་ གཟུགས་སུ་སྤྲུལ་ནས་སྲིད་སྒྲུབ་སོགས་བསད་པས་རྒྱལ་རིགས་བཅད་པ་དང༌། ཡང་ནག་ པའི་གཟུགས་སུ་སྤྲུལ་ནས་ཆུ་བོ་གང་གཱ་སོགས་དྲངས་ནས་སེམས་ཅན་ལ་ཕན་པར་བྱས་པ་ དང༌། ཡང་སྲིན་པོ་བསད་པ་ལ་སོགས་པའི་སྡིག་སྦྱོང་གི་ཆེད་དུ་སྲོད་དུས་སུ་ཤཱཀྱ་ཐུབ་པའི་ གཟུགས་སུ་སྤྲུལ་ནས་སྡིག་པ་སྦྱོང་བ་དང༌། ཡང་དེས་མ་འོངས་པ་ན་བྲམ་ཟེ་གྲགས་པའི་བུ་ ཀིརྟི་ཞེས་བྱ་བའི་གཟུགས་སུ་སྤྲུལ་ནས་འགྲོ་བ་མང་པོ་བཏུལ་བ་སྟེ་དེ་འདྲའི་འཇུག་པ་བཅུའི་ སྒོ་ནས་འགྲོ་བའི་དོན་བྱེད་པར་འདོད་པའི་ཕྱིར། གསུམ་པས་ནི། འགྲོ་བ་རྣམས་བསྐྱེད་པ་ སྟེ། དེ་ཡང་ཁྱབ་འཇུག་གི་ལྟེ་བའི་པདྨོ་ལས་ལྷ་ཚངས་པ་སྐྱེ་བ་དང༌། གཞན་ཡང་འགྲོ་བ་སྣ་ ཚོགས་པ་མང་པོ་དག་ཀྱང་སྤྲུལ་པར་འདོད་དོ། །འདིའི་ནང་གསེས་ལ་དབྱེ་ན། ཚངས་པ་ཆེན་ པོ་པ་དང༌། སྒྲའི་ཚངས་པ་བ་དང༌། དཔྱོད་པ་བ་དང༌། རིག་བྱེད་མཐའ་སྨྲ་བ་དང༌། གསང་ བ་པ་དང་ལྔ་ལས། དང་པོའི་རྩ་བའི་སློབ་དཔོན། ཚངས་པ་སོགས་ཡིན། འདིའི་མིང་གི་རྣམ་ གྲངས་ཚངས་པ་བ། བྲམ་ཟེ་པ། རིག་བྱེད་པ་སོགས་ཟེར། ལྷ་ཚངས་པ་ནི་ཁྱབ་འཇུག་གི་ལྟེ་ བའི་པདྨོ་ལས་སྐྱེ་བར་འདོད་པ་དང༌། དབང་ཕྱུག་གིས་སྤྲུལ་པའི་སྒོ་ང་ལས་སྐྱེ་བར་འདོད་ པ་དང་གཉིས་ཡོད། ཚངས་པ་ལ་དུས་ཀྱི་རིམ་པས་མིང་བདུན་བྱུང་སྟེ། བསྐལ་པ་དང་པོ་ལ་ 3-1-11 རང་བྱུང་དང༌། གཉིས་པ་ལ་ཚངས་པ་དང༌། གསུམ་པ་ལ་སྐྱེ་དགུའི་བདག་པོ་དང༌། བཞི་པ་ ལ་པདྨའི་སྐྱེ་གནས་ཅན་དང༌། ལྔ་པ་ལ་གདོང་བཞི་པ་དང༌། དྲུག་པ་ལ་མེས་པོ་དང༌། བདུན་ པ་ལ་གསེར་གྱི་སྙིང་པོ་ཅན་དང་བདུན་བྱུང་བར་འདོད་པའི་ཕྱིར། ལྷ་ཚངས་པས་འཇིག་རྟེན་ མ་བརྒྱད་བསྐྱེད་པ་སྟེ། ལྷ་རྣམས་བསྐྱེད་པའི་ཉི་མའི་མ་དང༌། ལྷ་མ་ཡིན་རྣམས་བསྐྱེད་པའི་ སྦྱིན་བྱེད་མའི་མ་དང༌། ཀླུ་རྣམས་བསྐྱེད་པའི་ཀླུའི་མ་དང༌། ནམ་མཁའ་ལྡིང་རྣམས་བསྐྱེད་ པའི་ནམ་མཁའ་ལྡིང་གི་མ་དང་བཞི་བསྐྱེད་པ་དང༌། ལྷ་ཚངས་པའི་ཁ་ནས་བྲམ་ཟེའི་རིགས་ དང༌། དཔུང་པ་ནས་རྒྱལ་རིགས་དང༌། བརླ་ནས་རྗེ་རིགས་དང༌། རྐང་མཐིལ་ནས་དམངས་ རིགས་རྣམས་བསྐྱེད་པར་འདོད། ཚངས་པའི་ཞལ་བཞི་ལས་མཆོད་སྦྱིན་གྱི་རིག་བྱེད་དང༌། ངེས་བརྗོད་ཀྱི་རིག་བྱེད་དང༌། སྙན་ཚིག་གི་རིག་བྱེད་དང༌། སྲིད་སྲུང་གི་རིག་བྱེད་དེ་རིག་ བྱེད་ཀྱི་བསྟན་བཅོས་བཞི་འབྱུང་བར་འདོད་ལ། བསྟན་བཅོས་བཞི་པོ་དེ་ཡང་གང་ཟག་སུས་ ཀྱང་མ་བྱས་པར་ཆ་མེད་རྟག་པ་རང་བྱུང་ནམ་མཁའ་ལྟ་བུ་ཞིག་ཏུ་འདོད་པ་དང༌། རྟའི་མཆོད་ སྦྱིན་བྱས་ན་མཐོ་རིས་ཀྱི་བདེ་བ་དང༌། ལྷ་ཚངས་པ་ཆེན་པོའི་གོ་འཕང་འཐོབ་པར་འདོད་ པའོ། །གཉིས་པའི་རྩ་བའི་སློབ་དཔོན་ཚངས་པ་རྟག་ཞི་བ་སོགས་ཡིན། འདིའི་མིང་གི་རྣམ་ གྲངས། སྒྲའི་ཚངས་པ་བ་དང༌། བརྡ་སྤྲོད་པ་བ་དང༌། སྒྲ་བྱེད་པ་སོགས་ཡིན། སྣོད་བཅུད་ སྣ་ཚོགས་པའི་གཞིར་གྱུར་པའི་སྒྲའི་ཚངས་པའི་ངོ་བོ་ཇི་བཞིན་པ་དེ་ནི་ཡི་གེ་ༀ་རིང་པོ་དོན་ དམ་པར་གནས་པ་ཞིག་ཡིན་ཀྱང་དེའི་ཡིན་ལུགས་མ་ཤེས་པའི་རྨོངས་པས་བསླད་པས་འགྲོ་ བ་རྣམས་ལ་གཟུང་འཛིན་སྣ་ཚོགས་སུ་སྣང་བར་འདོད། འདི་སང་ཐར་པ་ཐོབ་པའི་ཐབས་ནི་ ཕྱིའི་མཆོད་སྦྱིན་ཕྱུགས་ཀྱི་སྦྱིན་སྲེག་དང༌། ནང་གི་སྦྱིན་སྲེག་བུད་མེད་ཀྱི་སྐྱེ་གནས་སུ་སྐྱེས་ པའི་ཁམས་འཛག་པ་ཉིད་ལ་འདོད་ཅིང༌། ཐར་པའི་ངོ་བོ་ཡང་ཁམས་འཛག་དུས་ཀྱི་སྟོང་ པ་དང་བདེ་བ་གཉིས་ལ་འདོད་པའི་གྲུབ་མཐའ་ཞིག་གོ། །གསུམ་པའི་རྩ་བའི་སློབ་དཔོན་ 3-1-12 ཁྱབ་འཇུག་དང༌། རྒྱལ་དཔོག་སོགས་ཡིན། མིང་གི་རྣམ་གྲངས་ཡང༌། རྒྱལ་དཔོག་པ་དང༌། དཔྱོད་པ་བ་སོགས་ཟེར་བའོ། །འདི་ཚང་ལུགས་ཀྱི་བདག་ནི། བློའི་ངོ་བོ་སེམས་པ་ཅན་དང༌། བེམ་པོ་མ་ཡིན་པའི་ཤེས་རིག་གི་རང་བཞིན་དང༌། རྟག་པའི་ངོ་བོ་དང༌། ལུས་ལས་ཡན་གར་ བའི་སྒོས་རྫས་ཅན་དང༌། བདེ་སྡུག་སོ་སོའི་དུས་ཀྱི་མྱོང་ བ་པོ་དང༌། གནས་སྐབས་མི་རྟག་ཀྱང་ངོ་བོ་ཆ་ཤས་སོགས་ཕྱེ་བ་མེད་ཅན་དུ་འདོད། དྲི་ མ་སེམས་ཀྱི་གཤིས་སུ་ཞུགས་པས་ཉེས་པ་ཟད་པའི་སྐྱེས་བུ་ཡང་མེད། ཤེས་བྱ་མཐའ་ཡས་ པ་ཡིན་པས་ཐམས་ཅད་མཁྱེན་པ་ཡང་མེད། དེའི་ཕྱིར་ལམ་སྒོམ་པས་སྔར་ཡོད་ཀྱི་སྐྱོན་ཟད་ པ་དང༌། སྔར་མེད་ཀྱི་ཡོན་ཏན་སྐྱེ་བའི་ཚུལ་སོགས་གསུངས་པའི་བདེན་པའི་ངག་ཀྱང་མེད་ པར་འདོད་དོ། །བཞི་པའི་རྩ་བའི་སློབ་དཔོན་ཚངས་པ་སོགས་ཡིན། མིང་གི་རྣམ་གྲངས་ ཚངས་པ་དང༌། བྲམ་ཟེ་པ་དང༌། རིག་བྱེད་པ་སོགས་ཟེར། འདིས་བདག་འདོད་ཚུལ་བརྟན་ གཡོ་ཀུན་གྱི་བྱེད་པ་པོ་བདག་ཀུན་ལ་ཁྱབ་པ། ཆ་ཤས་མེད་པས་གཅིག་པུ། ནམ་ཡང་མི་ ཉམས་པས་རྟག་པ། ཐོག་མཐའ་མེད་པས་འཆི་བ་མེད་པ། ཉི་མའི་མདོག་ཅན་མུན་པའི་ དཀྱིལ་འཁོར་ལས་འདས་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་སྐྱེས་བུ་ཞིག་གོ། །དེ་ལྟ་བུའི་ སྐྱེས་བུ་ཉི་མའི་མདོག་ཅན་དེ་སྣོད་བཅུད་སྐྱེ་འཇིག་དང༌། འགྲོ་བ་འཆིང་གྲོལ་དང༌། བདེ་ སྡུག་ཀུན་གྱི་བྱེད་པ་པོ་དང༌། ལྷ་ཐམས་ཅད་ཀྱི་བདག་ཉིད་དང༌། དབང་ཕྱུག་ཆེན་པོའི་ངོ་ བོའང་ཡིན་པར་འདོད། ནམ་ཞིག་བསམ་གཏན་ལ་བརྟེན་ནས་བདག་བསྒོམས་པའི་སྟོབས་ ཀྱིས་བདག་གི་རང་བཞིན་དེ་ཉིད་གསེར་གྱི་ཁ་དོག་ཅན་དུ་མཐོང་ནས་བདེ་སྡུག་འཁོར་ འདས་མཉམ་པ་ཉིད་དུ་གྱུར་པ་ན་ཐར་པ་ཐོབ་པ་ཡིན་པར་འདོད་དོ། །ལྔ་པའི་རྩ་བའི་སློབ་ དཔོན་ནི། ཚངས་པ་སོགས་ཡིན། འདིའི་མིང་གི་རྣམ་གྲངས་རིག་བྱེད་གསང་བ་པ་ཟེར། འདི་ བས་བདག་གིས་འདོད་ཚུལ་བདུད་རྩིའི་ཐིགས་ལུང་ཞེས་བྱ་བའི་རིག་བྱེད་ལ་བརྟེན་ནས་ 3-1-13 བདག་ཤེས་རིག་རྟག་པ་ཆ་མེད་གཅིག་པུའི་རང་བཞིན་ཅན་བདེན་པར་གྲུབ་པ་ཞིག་ཡོད་ པར་འདོད་པའི་ཁྱད་པར་ཙམ་མ་གཏོགས་གྲུབ་མཐའ་སྤྱི་ཁོག་ཚངས་པ་རྣམས་དང་འདྲའོ། ། གཅེར་བུ་པ། བཞི་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མིང་ གི་རྣམ་གྲངས་སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། རྒྱལ་བ་དམ་པ། དྲང་ སྲོང་མཆོད་འོས། སྟོན་པ་ཁྱུ་མཆོག་སོགས་ཡིན། གཉིས་པ་ནི། རྒྱས་བྱེད་སྐར་མའི་བསྟན་ བཅོས་དང༌། དྲང་སྲོང་མཆོད་འོས་ཀྱིས་བརྩམས་པའི་རྩིས་སྣ་ཚོགས་སོགས་ཡིན། གསུམ་ པ་ནི། གཅེར་བུ་པ། ཟད་བྱེད་པ། ཕྱོགས་ཀྱི་གོས་ཅན་པ། ནམ་མཁའི་གོས་ཅན་པ། རྒྱལ་ བ་པ། མཆོད་འོས་པ། ཐལ་བ་པ། ཀུན་ཏུ་རྒྱུ་རྣམས་ཡིན། བཞི་པ་ནི། ལུས་ལ་གོས་མི་གྱོན་ པས་གཅེར་བུ་པ། དཀའ་ཐུབ་ཀྱིས་སྡིག་པ་ཟད་པར་འདོད་པས་ཟད་བྱེད་པ། རྒྱལ་བ་དམ་ པའི་རྗེས་སུ་འབྲང་བས་རྒྱལ་བ་པ། ཐལ་བ་ལུས་ལ་བྱུགས་པས་ཐལ་བ་པ། སློང་མོ་བྱ་བའི་ ཕྱིར་ཕྱོགས་ཀུན་ཏུ་རྒྱུ་བས་ཀུན་ཏུ་རྒྱུ་ཞེས་བརྗོད། ལྔ་པ་ནི། འདིའི་ལུགས་ལ་ཆོས་ཐམས་ ཅད་ཚིག་དོན་དགུར་འདུ་བར་འདོད་ལ། ཚིག་དོན་དགུ་ནི། སྲོག་དང༌། ཟག་པ། སྡོམ་པ། ངེས་པར་རྒ་བ། འཆིང་བ། ལས། སྡིག་པ། བསོད་ནམས། ཐར་པ་རྣམས་སོ། །དེ་ལས། སྲོག་ ནི་གང་ཟག་དང་སྐྱེས་བུ་སྟེ། དེ་གཉིས་ནི། ངོ་བོ་རྟག་ལ། གནས་སྐབས་མི་རྟག་པའི་རང་ བཞིན་ཅན་སྐྱེས་བུ་རྣམས་ཀྱི་ལུས་ཚད་དང་མཉམ་པ་ཅན་ནོ། །གཉིས་པ་ནི། འཁོར་བར་ ཟག་བྱེད་ཀྱི་དགེ་མི་དགེའི་ལས་རྣམས་སོ། །གསུམ་པ་ནི། ལས་གསར་དུ་མི་བསགས་པས་ ཟག་པ་འགོག་པར་བྱེད་དོ། །བཞི་པ་ནི། སྡོམ་པ་དེ་ཉིད་ལ་གནས་པའི་སྒོ་ནས་ལུས་དཀའ་ ཐུབ་དང་སེམས་བསམ་གཏན་སྒོམ་པ་ལ་བརྟེན་ནས་སྔོན་གྱི་ལས་རྣམ་པར་ཟད་བྱེད་དོ། །ལྔ་ 3-1-14 པ་ནི། ལྟ་བ་ངན་པ་རྣམས་སོ། །དྲུག་པ་ལས་ལ་བཞི་སྟེ། ཕྱིས་ནས་མྱོང་བར་འགྱུར་བའི་ལས་ དང༌། ཐ་སྙད་ཀྱི་མིང་དང༌། རིགས་རུས་དང༌། འཚོ་བྱེད་ཀྱི་ཚེ་རྣམས་སོ། །བདུན་པ་ནི། ཆོས་ མིན་རྣམས་སོ། །བརྒྱད་པ་ནི། ཡང་དག་པའི་ཆོས་རྣམས་སོ། །དགུ་པ་ནི། ལས་ཐམས་ཅད་ ཟད་པས་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་འཇིག་རྟེན་འདས་པ་ཞེས་བྱ་བ་གདུགས་དཀར་ པོ་གྱེན་ལ་བསླང་པ་ལྟ་བུ་ཁ་དོག་དཀར་པོ་རྒྱ་ཁྱོན་དཔག་ཚད་འབུམ་ཕྲག་རེ་ལྔ་ཡོད་པ་སྲོག་ ཡོད་པས་དངོས་པོ་དང་འཁོར་བ་ལས་གྲོལ་བས་དངོས་པོ་ཡང་མེད་པ་ཅན་གྱི་གནས་དེར་ འགྲོ་བ་ན་ཐར་པ་ཐོབ་པར་འདོད་དོ། །འདི་བའི་ལུགས་ལ་སྲོག་ཅན་གྱི་གཙོ་བོ་སྡེ་དགུ་སྟེ། དེ་ཡང་ས་ཆུ་མེ་རླུང་གི་འབྱུང་བ་བཞི་དང༌། ཤིང༌། སྲིན་བུ། གྲོག་མ། བུང་བུ། མི་རྣམས་སོ། །འབྱུང་བཞི་ཆོས་ཅན། ཁྱོད་སེམས་ལྡན་ཡིན་ཏེ། ཕན་གནོད་ཀྱི་བྱ་བ་དུས་སུ་བྱེད་པའི་ཕྱིར། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར། ཡང་དེ་ཆོས་ཅན། དེ་ཡིན་ཏེ། དགུན་དུས་སུ་གཉིད་ལོག་ཅིང་དབྱར་དུས་སུ་སད་དེ་རྐང་པས་ཆུ་འཐུང་ནས་མེ་ ཏོག་དང་འབྲས་བུ་འབྱུང་བའི་ཕྱིར། འཁྲི་ཤིང་ཆོས་ཅན། ཁྱོད་ལ་མིག་དབང་ཡོད་དེ། ཤིང་ གཞན་ལ་བརྟེན་ནས་སྐྱེ་བའི་ཕྱིར། མེ་ཏོག་ཕལ་ཆེར་ཆོས་ཅན། ཁྱོད་ལ་དེ་ཡོད་དེ། ཉི་མ་ལ་ ཁ་ཕྱོགས་ནས་སྡོད་པའི་ཕྱིར། ཆུ་ཤིང་ཆོས་ཅན། ཁྱོད་ལ་རྣ་དབང་ཡོད་དེ། འབྲུག་སྒྲ་གྲགས་ པ་ན་འབྲས་བུ་འབྱུང་བར་རྩོམ་པའི་ཕྱིར། མ་དུ་ལུང་ཀ་ཞེས་པའི་ཤིང་ཆོས་ཅན། ཁྱོད་ལ་སྣ་ དབང་ཡོད་དེ། ཁྱོད་ཀྱིརྩ ར་ཁྱི་རོ་རུལ་བ་བཞག་ན་འབྲས་བུ་མང་པོ་འབྱུང་བའི་ཕྱིར། སྐྱུ་རུ་ རའི་ཤིང་ཆོས་ཅན། ཁྱོད་ལ་ལྕེ་དབང་ཡོད་དེ། ཁྱོད་ཀྱི་རྩར་འོ་མ་བླུག་ན་འབྲས་བུ་མང་པོ་ འབྱུང་བའི་ཕྱིར། མྱ་ངན་མེད་པའི་ཤིང་ཆོས་ཅན། ཁྱོད་ལ་ལུས་དབང་ཡོད་དེ། བུད་མེད་ལང་ ཚོ་དར་བའི་རྐང་པ་རྒྱན་དང་ལྡན་པས་བསྣུན་ན་འབྲས་བུ་སྣ་ཚོགས་འབྱུང་བའི་ཕྱིར། སིནྟུ་ ཝ་ར་ཞེས་པའི་མེ་ཏོག་ཆོས་ཅན། ཁྱོད་ཆགས་ལྡན་ཡིན་ཏེ། བུད་མེད་གཞོན་ནུ་མའི་འགྲམ་ 3-1-15 ཆུས་བརླན་ན་འདབ་མ་མངོན་པར་བཞད་པའི་ཕྱིར། འདི་བས་ཤེས་བྱ་ཐམས་ཅད་མཁྱེན་པ་ གཏན་ནས་མི་འདོད་པས་སྟོན་པ་སངས་རྒྱས་ནི་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལུང་དུ་མ་ བསྟན་པ་དང༌། འཁོར་བའི་ཐོག་མ་མ་ཤེས་པ་དང༌། ལྷས་བྱིན་རབ་ཏུ་བྱུང་བར་བྱས་པ་ལ་ སོགས་པའི་རྒྱུ་མཚན་གྱིས་ཐམས་ཅད་མཁྱེན་པའང་མིན་པར་འདོད། དེ་བཞིན་གཤེགས་ པའི་ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་པས་རྣམ་སྨིན་མྱོང་བ་སོགས་ཡོད་ཕྱིར་རང་བཞིན་ པའི་སྐྱེས་བུ་ཐ་མལ་པ་ལྟ་བུར་འདོད་པའོ། ། རྒྱང་འཕེན་པ། ལྔ་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མིང་ གི་རྣམ་གྲངས་དང༌། སྒྲ་བཤད། དེའི་འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། ལྷའི་བླ་ མ་ཕུར་བུ། དྲང་སྲོང་འཇིག་རྟེན་མིགདེའི་སློབ་མ་འཇིགས་སྟོབས་སོགས་སོ། །གཉིས་པ་ ནི། འཇིག་རྟེན་མིག་གིས་བརྩམས་པའི་གཞུང་ལུགས་འབུམ་ཕྲག་གཅིག་པ་དང༌། ཕུར་བུས་ བསྟན་པའི་རྒྱུད་སོགས་ཡིན། གསུམ་པ་ནི། ཚུ་རོལ་མཛེས་པ། ཆད་པར་སྨྲ་བ། མེད་པར་སྨྲ་ བ། ཕུར་བུ་པ། རྒྱང་འཕེན་པ་སོགས་ཟེར། བཞི་པ་ནི། ཡང་དག་པའི་ལྟ་བ་ལས་རྒྱང་རིང་ དུ་ཕར་སོང་བས་རྒྱང་འཕེན་པ་ཞེས་བྱའོ། །ལྔ་པ་ནི། འདི་བས་སྐྱེ་བ་སྔ་མ་ནས་འདིར་འོང་བ་ མེད་པ་དང༌། ས་སོགས་འབྱུང་བ་འདུས་པ་ལ་བརྟེན་ནས་ལུས་བེམ་དེ་ལས་སེམས་གློ་བུར་ དུ་སྐྱེ་བ་དང༌། ད་ལྟའི་ལུས་སེམས་རྫས་གཅིག་པས་ཚེ་འདི་ནས་ཕྱི་མར་འགྲོ་བ་ཡང་མེད་ པར་འདོད་པ་དང༌། གཞལ་བྱ་ལ་སོ་སྐྱེས་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཁོ་ན་མ་གཏོགས་ ལྐོག་གྱུར་གང་ཡང་མི་འཐད་པས་ཚད་མ་ལའང་མངོན་སུམ་གཅིག་པུ་ལས་མེད་པར་འདོད། ཡང༌། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང༌། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང༌། །རྨ་ 3-1-16 བྱའི་མདོངས་བཀྲ་ལྟ་ན་སྡུག་པ་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང༌། །ཞེས་པ་ལྟར་ རྒྱང་འཕེན་པ་ཁ་ཅིག་གིས་ནི་སྲན་མ་ཟླུམ་པོ་དང༌། ཚེར་མའི་རྣོ། མེ་ཏོག་གི་ཚོན་མདངས། རྨ་བྱའི་མདོངས་བཀྲ་ལ་སོགས་པའི་དངོས་པོ་ཕལ་ཆེར་ལ་བྱེད་མཁན་ཡོད་པ་སུས་ཀྱང་མ་ མཐོང་བས་ན་དེ་དག་ཐམས་ཅད་རྒྱུ་མེད་རྐྱེན་མེད་དུ་ངོ་བོ་ཉིད་ཀྱིས་འབྱུང་བར་འདོད་དོ། །དེ་དག་ནི་ཕྱི་རོལ་པའི་རྩ་བའི་གྲུབ་མཐའ་རྟོག་གེ་སྡེ་ལྔ་དང་དེ་ལས་གྱེས་པའི་ཡན་ལག་གི་ གྲུབ་མཐའ་དང་བཅས་པའི་རྣམ་གཞག་མདོ་ཙམ་མོ། ། གཉིས་པ་ནང་པ་སངས་རྒྱས་པ། གཉིས་པ་རང་སྡེ་ནང་བ་པ་ལ། ཐེག་དམན་སྡེ་བ་དང༌། ཐེག་ཆེན་སྡེ་བ་དང་གཉིས་ལས། ཐེག་དམན་སྡེ་བ། དང་པོ་ལ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་གཉིས་ལས། བྱེ་བྲག་སྨྲ་བ། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མཚན་ ཉིད། དབྱེ་བ་དང་སྒྲ་བཤད། དེའི་འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། བཙུན་པ་ ཆོས་སྐྱོབ། སློབ་དཔོན་དབྱིག་བཤེས། བཙུན་པ་དབྱངས་སྒྲོགས། སློབ་དཔོན་སངས་རྒྱས་ ལྷ། བཙུན་པ་མེའུ་ཐུང༌། མཛོད་རྩ་བ་རྩོམ་སྐབས་ཀྱི་སློབ་དཔོན་དབྱིག་གཉེན་སོགས་ཡིན། གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས་ལས་དང་པོ། ཀ་ཏྱ་ནའི་མདོ། གདམས་ངག་ བརྒྱ་བ། མངོན་པ་སྡེ་བདུན་སོགས་དང༌། གཉིས་པ་ནི། མཛོད་ཀྱི་རྩ་བའི་ཚིག་ཕལ་ཆེ་བ་ རྣམས་སོ། །གསུམ་པ་ནི། བྱེ་བྲག་བཤད་མཛོད་ཆེན་མོ་སོགས་དང་མཐུན་པར་རང་ལུགས་ འཇོག་པའི་སངས་རྒྱས་པ་གང་ཞིགརང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་ཁས་ལེན་ 3-1-17 པའི་ཆ་ནས་བཞག་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ། བྱེབྲག་སྨྲ་བའི་མཚན་ཉིད་དོ། །བཞི་པ་དབྱེ་བ་དང་སྒྲ་བཤད་ནི། བྱེ་སྨྲ་ལ། ཁ་ཆེ་བ་དང༌། ཉི་འོག་པ་དང༌། ཡུལ་དབུས་ཀྱི་ བྱེ་སྨྲ་དང་གསུམ་མོ། །དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་བྱའོ། །ལྔ་ པ་ལ། ཤེས་བྱ་གཞི་ལྔ། བདེན་གཉིས་ཀྱི་རྣམ་གཞགའཕྲོས་དོན་གཞན། ལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་གསུམ་ལྔ་ལས། དང་པོ་ལ། གཟུགས། སེམས། སེམས་བྱུང༌། ལྡན་མིན་ འདུ་བྱེད། འདུས་མ་བྱས་ཀྱི་གཞི་དང་ལྔ་ལས། དང་པོ་ལའང་ཀ་བུམ་ལྟ་བུའི་བསྟན་ཡོད་ ཐོགས་བཅས་ཀྱི་གཟུགས་དང༌། དབང་པོ་ལྔ་སྒྲ་དྲི་རོ་རེག་བྱ་བཞིའི་གཟུགས་ལྟ་བུའི་བསྟན་ མེད་ཐོགས་བཅས་ཀྱི་གཟུགས་དང༌། རིག་མིན་གྱི་གཟུགས་ལྟ་བུའི་བསྟན་མེད་ཐོགས་མེད་ ཀྱི་གཟུགས་དང་གསུམ་མོ། །ཁ་ཅིག་གིས་འདི་བས་རྡུལ་ཕྲན་ཆ་མེད་འདོད་པས་རྡུལ་ཕྲན་ གཅིག་དབུས་སུ་བཞག་རྡུལ་ཕྲན་བཅུས་ཕྱོགས་མཚམས་ནས་བསྐོར་ཀྱང་དེ་དག་ཕན་ཚུན་ མ་རེག་པའི་བར་སྟོང་དུ་འདོད་པར་བཤད་དོ། །འདོད་པའི་གོང་བུ་ཡིན་ན་འབྱུང་བ་བཞི་ འདུས་ཡིན་པས་ཁྱབ་ཕྱིར་དཔེར་ན་འབྱུང་བ་ཆུ་ལྟ་བུ་ལ་གྲུ་སོགས་འདེགས་པ་སའི་བྱེད་ ལས། ཤིང་ལོ་སོགས་འགྲིལ་བ་མེའི་བྱེད་ལས། ཐུར་དུ་འགྲོ་བ་རླུང་གི་བྱེད་ལས་ཡོད་པ་ ལྟར་འབྱུང་བ་རེ་རེ་ལ་འབྱུང་བ་བཞི་བཞིའི་བྱེད་ལས་ཚང་བར་འདོད། གཉིས་པ་ནི། དོན་གྱི་ ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རྣམ་པར་ཤེས་པ་ཚོགས་དྲུག་དེ་ཡིན་ལ། དེ་དག་གིས་རང་ ཡུལ་འཛིན་པ་ན་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བ་མེད་པར་རྣམ་མེད་ཐུག་འཕྲད་དུ་འཛིན་པར་ འདོད་ཅིང༌། དེ་མ་ཟད་མིག་ཤེས་ཁོ་ནས་གཟུགས་མཐོང་ན་རི་ལ་སོགས་པས་བར་ཆོད་པའི་ གཟུགས་མཐོང་དགོས་ཀྱང་དེ་འདྲ་མི་མཐོང་བས་ན་མིག་ཤེས་དབང་པོ་བཅས་པས་ གཟུགས་མཐོང་བར་ཁས་ལེན་ནོ། །གསུམ་པ་ནི། ཡུལ་གྱི་ཁྱད་པར་འཛིན་པའི་ཀུན་འགྲོ་ལྔ་ ལ་སོགས་པའི་སེམས་བྱུང་རྣམས་ཡིན་ལ། དེ་དག་གྲུབ་མཐའ་གོང་མའི་ལུགས་ལྟར་གྱི་རྩ་ 3-1-18 ཚིག་མདོ་ཙམ་ནི། ཚོར་འདུ་སེམས་པ་རེག་ཡིད་བྱེད། །དེ་དག་ཀུན་འགྲོ་ལྔ་ཡིན་ནོ། །འདུན་ མོས་དྲན་ཏིང་ཤེས་རབ་དང༌། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །དད་དང་བག་ཡོད་ཤིན་ཏུ་ སྦྱང༌། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །རྣམ་པར་ མི་འཚེ་བརྩོན་འགྲུས་ཏེ། །འདི་དག་དགེ་བ་བཅུ་གཅིག་ཡིན། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་ དང༌། མ་རིག་ཐེ་ཚོམ་ལྟ་བ་སྟེ། །དྲུག་པོ་རྩ་བའི་ཉོན་མོངས་ཡིན། །ཁྲོ་དང་འཁོན་འཛིན་ འཆབ་དང་འཚིག །ཕྲག་དོག་སེར་སྣ་རྒྱུ་དང་གཡོ། །རྒྱགས་དང་རྣམ་འཚེ་ངོ་ཚ་མེད། །ཁྲེལ་ མེད་རྨུགས་རྒོད་མ་དད་དང༌། །ལེ་ལོ་བག་མེད་བརྗེད་ངས་དང༌། །ཤེས་བཞིན་མ་ཡིན་རྣམ་ གཡེང་ངོ༌། །འདི་རྣམས་ཉེ་ཉོན་ཉི་ཤུ་ཡིན། །གཉིད་འགྱོད་རྟོག་དང་དཔྱོད་པ་སྟེ། །འདི་ནི་ གཞན་འགྱུར་བཞི་ཡིན་ནོ། །བཞི་པ་ནི། ཐོབ་པ། སྙོམས་པར་འཇུག་པ། མིང་གི་ཚོགས། ཚིག་གི་ཚོགས། ཡི་གེའི་ཚོགས། སྐྱེ་བ། རྒ་བ། གནས་པ། འཇིག་པ། གང་ཟགའབྱོར་འབྲེལ། གོ་རིམ། གྲངས་སོགས་སོ། །དེ་དག་ནི་རང་རང་གི་གདགས་གཞི་ལ་མ་ལྟོས་པའི་སྒོས་རྫས་ ཅན་དུ་འདོད། ལྔ་པ་ནི། བྱེ་སྨྲ་སྤྱིའི་ལུགས་ལ། ནམ་མཁའ་བརྟགས་འགོག་བརྟགས་མིན་ འགོག་གསུམ་གསུམ་དང༌། ཉི་འོག་པ་ལྟར་ན་དེ་གསུམ་གྱི་སྟེང་དུ་གང་ཟག་གི་བདག་མེད་ རགས་པ་དང་བཞི་པོ་འདུས་མ་བྱས་རྟག་རྫས་སུ་འདོད་དེ། གོང་གི་སེམས་བྱུང་རྣམས་ལས་ ལྟ་བ་ལའང་ལྔ་སྟེ། དེ་ཡང་རང་རྒྱུད་ཀྱི་ང་ལ་དམིགས་ནས་རང་རྐྱ་ཐུབ་པའི་རྫས་ཡོད་དུ་ལྟ་ བའི་ཤེས་རབ་ཉོན་མོངས་ཅན་དེ་འཇིག་ལྟ་དང༌། འཇིག་ལྟའི་ཞེན་ཡུལ་ཀྱི་ང་དེ་ཚེ་ཕྱི་མར་ རྒྱུན་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ཆད་ལྟ་དང༌། དེ་འདྲའི་ཞེན་ཡུལ་གྱི་ང་དེ་ ཚེ་ཕྱི་མར་རྒྱུན་མི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་རྟག་ལྟ་དང༌། ལྟ་བ་དེ་དག་ དག་གྲོལ་ངེས་འབྱིན་གྱིརྒྱུར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ལྟ་བ་མཆོག་འཛིན་དང༌། མེལྔ་བསྟེན་པ་སོགས་ཚུལ་ཁྲིམས་ངན་པ་དང་ཁྱི་དང་བ་གླང་གི་སྤྱོད་པ་སོགས་བརྟུལ་ 3-1-19 ཞུགས་ངན་པ་རྣམས་དག་གྲོལ་ངེས་འབྱིན་གྱི་རྒྱུར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་དེ་ཚུལ་ ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང༌། ལས་འབྲས་སོགས་མེད་པར་ལྟ་བའི་ཤེས་རབ་ ཉོན་མོངས་ཅན་དེ་ལོག་ལྟ་སྟེ་གོང་གི་རྟག་ཆད་གཉིས་གཅིག་ཏུ་བྱས་པ་དང་ལྔའོ། །གཉིས་ པ་ལ། ཀུན་རྫོབ་དང༌། དོན་དམ་བདེན་པ་གཉིས་ལས། དང་པོ་ནི། བཅོམ་པའམ་ཆ་ཤས་སོ་ སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ ཉིད། མཚན་གཞི་བུམ་པ་དང༌། སྣམ་བུ་ལྟ་བུའོ། །ཀུན་རྫོབ་བདེན་པ། ཀུན་རྫོབ་ཏུ་གྲུབ་པ། བཏགས་པར་ཡོད་པ་རྣམས་དོན་གཅིགའདི་བའི་ལུགས་ལ། གཞི་གྲུབ་ན་རྫས་གྲུབ་ཡིན་ པས་ཁྱབ་ཀྱང་རྫས་ཡོད་ཡིན་པས་མ་ཁྱབ་སྟེ། འདི་བའི་རྫས་ཡོད་ནི་བཅོམ་པའམ་ཆ་ཤས་ སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་དེ་ཡིན་པ་གང་ཞིགཀུན་ རྫོབ་བདེན་པ་ལ་དེ་འདྲ་མི་སྲིད་པའི་ཕྱིར། བུམ་པ་ལྟ་བུ་ནི་བཅོམ་པས་འཇིག་པ་དང་ དབྱིབས་ཀྱི་ཀུན་རྫོབ་དང་མཆུ་ལྟོ་སོགས་ཀུན་རྫོབ་གཞན་ལ་བརྟེན་པའི་ཀུན་རྫོབ་དང༌། ཆུ་ ལྟ་བུ་ནི་བློས་འཇིག་པ་དང་འཚོགས་པའི་ཀུན་རྫོབ་དང་གཟུགས་དྲི་སོགས་རྫས་གཞན་ལ་ བརྟེན་པའི་ཀུན་རྫོབ་ཡིན་ལ། དབྱིབས་ཀྱི་ཀུན་རྫོབ་ལ་ཚོགས་པའི་ཀུན་རྫོབ་ཀྱིས་ཁྱབ་སྟེ། དབྱིབས་ཀྱི་ཀུན་རྫོབ་ཡིན་ཚད་ལ་ཚོགས་པའི་ཀུན་རྫོབ་མ་ཡིན་པ་མེད་པའི་ཕྱིར། ཚོགས་ པའི་ཀུན་རྫོབ་ལ་དབྱིབས་ཀྱི་ཀུན་རྫོབ་ཀྱིས་མ་ཁྱབ་སྟེ། འབྱུང་བ་ཆུ་དེ་ཚོགས་པའི་དེ་ཡིན་ ཀྱང་དབྱིབས་ཀྱི་དེ་མ་ཡིན་པའི་ཕྱིར་ཏེ། དེ་དབྱིབས་དང་ཁ་དོག་གི་ཆ་ནས་གཙོ་བོར་མ་ བཞག་པར་ལུས་ཤེས་ཀྱིས་གཟུང་བྱ་རེག་བྱའི་རྡུལ་རྫས་བརྒྱད་འདུས་ཀྱི་ཆ་ནས་གཙོ་བོར་ བཞག་པ་གང་ཞིག རྡུལ་རྫས་བརྒྱད་པོ་དེ་ཡང་བློས་སོ་སོར་བསལ་བ་ལས་བཅོམ་པས་སོ་ སོར་བསལ་དུ་མེད་པའི་ཕྱིར། གཉིས་པ་ནི། བཅོམ་པའམ་ཆ་ཤས་སོ་སོར་བསལ་བ་ན་རང་ འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་ཏེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ 3-1-20 ཤེས་པ་དུས་ཀྱི་ཆ་མེད་དང༌། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང༌། འདུས་མ་བྱས་ལྟ་བུའོ། །དོན་ དམ་བདེན་པ་དང༌། དོན་དམ་པར་གྲུབ་པ་དང༌། རྫས་སུ་ཡོད་པ་རྣམས་དོན་གཅིགའདི་བའི་ ལུགས་ལ་གཞི་གྲུབ་ན་བདེན་གྲུབ་ཀྱིས་ཁྱབ་ཀྱང་གཞི་གྲུབ་ན་དོན་དམ་པར་གྲུབ་པས་མ་ ཁྱབ་སྟེ། འདིའི་དོན་དམ་པར་གྲུབ་པ་ནི་བཅོམ་བསལ་གྱིས་རང་གི་ངོ་བོ་འདོར་དུ་མི་རུང་ བའི་ཆོས་དེ་ཡིན་པ་གང་ཞིགགཞིགྲུབ་ལ་དེ་འདྲ་ཡིན་མིན་གཉིས་ཡོད་པའི་ཕྱིར། གཟུགས་ ཤེས་རེ་རེ་ནས་དོན་དམ་བདེན་པ་ཡིན་ཡང་དེ་གཉིས་ཀྱི་ཚོགས་པ་དང་རྒྱུན་ནི་བཅོམ་བསལ་ གྱིས་རང་གི་ངོ་བོ་འདོར་དུ་རུང་བས་ན་དོན་དམ་བདེན་པ་མ་ཡིན་པར་འདོད། གསུམ་པ་ནི། བྱེ་སྨྲའི་ལུགས་ལ་ནམ་མཁའ་སོགས་འདུས་མ་བྱས་རྣམས་ནི་རྒྱུ་རྐྱེན་ལས་མ་སྐྱེས་པས་ན་ འདུས་མ་བྱས་དང༌། རང་དབང་བའི་སྒོས་རྫས་ཡིན་པས་རང་བཞིན་གྱི་དངོས་པོ་དང༌། ཤེས་ པའི་དམིགས་རྐྱེན་ཡིན་ཕྱིར་དམིགས་པའི་དངོས་པོ་དང༌། དུས་སྔ་མ་ན་ཡོད་པ་དེ་ཉིད་ཕྱི་མ་ ན་ཡོད་པས་རྟག་པ་དང༌། བློས་ཆ་ཤས་སོ་སོར་བསལ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་ བས་ན་དོན་དམ་བདེན་པ་དང༌། གཟུགས་དང་གཟུགས་ཕུང་གཉིས་གོ་ལུགས་ཁྱད་ཐང་མི་ ཕྱེ་བར་གཞིའི་རྫས་རང་དབང་བར་དམ་དུ་བཟུང་བའི་དབང་གིས་གཟུགས་ཕུང་ཡང་སྒོས་ རྫས་ཅན་དུ་འདོད་པ་བཞིན་ཚོར་ཕུང་སོགས་ཀྱང་དེ་ལྟར་དུ་འདོད་པ་དང༌། དབྱིབས་ཀྱང་ཁ་ དོག་ལས་གཞན་པའི་སྒོས་རྫས་ཅན་དུ་འདོད་དོ། །ལུང་གི་རྗེས་འབྲང་གི་མདོ་སྡེ་བ་ཡན་ཆད་ ཀྱིས་ནི་ནམ་མཁའ་སོགས་འདུས་མ་བྱས་རྣམས་ནི་རང་བཞིན་གྱིས་དངོས་པོ་དང་ཤེས་པའི་ དམིགས་རྐྱེན་གང་ཡང་མ་ཡིན་པར་རྫས་སུ་མ་གྲུབ་པའི་དངོས་མེད་ཀྱི་ཆོས་སུ་འདོད་པ་ དང༌། ཕུང་པོ་རྣམས་རང་རང་གི་གདགས་གཞིའི་རྫས་ལ་བཏགས་པ་ཙམ་ལས་ལོག་གི་སྒོས་ རྫས་མེད་པ་དང༌། དབྱིབས་ཀྱང་ཁ་དོག་གིརྫས་འཚོགས་ལུགས་ཀྱི་ཁྱད་པར་ལ་བཏགས་པ་ ཙམ་ལས་རང་རྐྱ་འཛིན་ཐུབ་པའི་རྫས་སུ་མེད་པར་འདོད་དོ། །བཞི་པ་ནི། ལྟ་སྒོམ་སྤྱོད་ 3-1-21 གསུམ་ལས། དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་སོགས་སོ། །གཉིས་ པ་ནི། ལྟ་བ་དེ་དག་རྩེ་གཅིག་ཏུ་གོམས་པར་བྱེད་པ་དེའོ། །གསུམ་པ་ནི། ལྟ་བ་དེ་དག་བསོད་ ནམས་ཀྱི་ཚོགས་དང་སྦྲེལ་ནས་ཉམས་སུ་ལེན་པ་དེ་ཡིན་ལ། དེ་ཡང་ཚོགས་བསགས་ཚུལ་ ནི། བྱང་སེམས་རྣམས་ཀྱིས་ཚོགས་ལམ་ཆེན་པོ་མན་ཆད་དུ་བསྐལ་ཆེན་གྲངས་མེད་གསུམ་ ལ་ཚོགས་བསགས་ནས་སྦྱོར་ལམ་དྲོད་ཡན་ཆད་ནས་མི་སློབ་ལམ་མན་ཆད་སྟན་ཐོག་ གཅིག་ལ་མངོན་དུ་བྱེད་པ་དང༌། རང་རྒྱལ་བསེ་རུ་ལྟ་བུའི་རིགས་ཅན་རྣམས་ཀྱིས་ཚོགས་ ལམ་ཆེན་པོ་མན་ཆད་དུ་བསྐལ་པ་བརྒྱར་ཚོགས་བསགས་ནས་དྲོད་ཡན་ཆད་སྟན་ཐོག་ གཅིག་ལ་མངོན་དུ་བྱེད་པ་དང༌། ཉན་ཐོས་རིགས་ཅན་རྣམས་ཀྱིས་སློབ་ལམ་བཞིའི་གནས་ སྐབས་སུ་ཚོགས་བསགས་ཤིང་འཕགས་ལམ་ཐོབ་རྗེས་སུ་ད་དུང་སྐྱེ་སྲིད་བཅུ་བཞིའི་བར་དུ་ སློབ་ལམ་ལ་སློབ་དགོས་པ་ཡང་ཡོད་པར་འདོད་དོ། །ལྔ་པ་ལ་གཞི་ལམ་འབྲས་བུ་གསུམ་ ལས། དང་པོ་ནི། བླང་དོར་བྱ་བའི་གཞི་ཤེས་བྱ་གཞི་ལྔའི་ནང་དུ་བསྡུས་པའི་ཆོས་ཐམས་ ཅད་དེ་ཡིན། གཉིས་པ་ལ། བྱང་ཆོས་སོ་བདུན་དང༌། བསླབ་པ་གསུམ་སོགས་ཡོད་པ་ལས། དང་པོ་བྱང་ཆོས་རྣམས་ཀྱི་ངོ་བོ་ཤེས་ཆེད་དུ་ཐེག་ཆེན་སྤྱིའི་ལུགས་ལྟར་མདོ་ཙམ་བཤད་ན། དེ་ལ། དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ ལྔ། སྟོབས་ལྔ། བྱང་ཆུབ་ཡན་ལག་བདུན། འཕགས་པའི་ལམ་ཡན་ལག་བརྒྱད་དང་སྡེ་ཚན་ བདུན་ལས། དང་པོ་ལ་བཞི་ལས། དང་པོ་ནི། རང་གཞན་གྱི་ཟག་བཅས་ཀྱི་ལུས་ལ་དམིགས་ ནས་མི་གཙང་བའི་རྫས་སོ་གཉིས་སོགས་ཀྱི་སྒོ་ནས་མི་སྡུག་པ་ཡིན་པ་སོགས་སུ་ཤེས་རབ་ ཀྱིས་རྟོགས་པ་ལ་དྲན་པས་གནས་པར་བྱས་པའི་སྒོ་ནས་ཐོས་བསམ་སྒོམ་གསུམ་གཙོ་བོར་ གྱུར་པའི་མངོན་རྟོགས་དེ་ལུས་མི་གཙང་བ་དྲན་པ་ཉེ་བར་བཞག་པའོ། །གཉིས་པ་ནི། རང་ གཞན་གྱིཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ལ་དམིགས་ནས་དེ་དག་རང་གི་མཚན་ཉིད་ 3-1-22 སྡུག་བསྔལ་བ་ཡིན་པ་སོགས་སུ་ཤེས་རབ་ཀྱིས་རྟོགས་པ་ལ། སོགས་ནས། མངོན་རྟོགས་ དེ། ཚོར་བ་སྡུག་བསྔལ་བ་དྲན་པ་ཉེ་བར་བཞག་པའོ། །གསུམ་པ་ནི། རང་གཞན་གྱི་རྣམ་ ཤེས་ཚོགས་དྲུག་ལ་དམིགས་ནས་དེ་དག་རང་གི་མཚན་ཉིད་མི་རྟག་པ་ཡིན་པ་སོགས་སུ་ ཤེས་རབ་ཀྱིས། སོགས་ནས། མངོན་རྟོགས་དེ། སེམས་མི་རྟག་པ་དྲན་པ་ཉེ་བར་བཞག་པའོ། །བཞི་པ་ནི། རང་གཞན་གྱིས་ལུས་ཚོར་སེམས་གསུམ་ལས་གཞན་པའི་སེམས་བྱུང་གང་ཡོད་ རྣམས་དང་ལྡན་མིན་འདུ་བྱེད་རྣམས་རང་གི་མཚན་ཉིད་བདག་མེད་པ་ཡིན་པ་སོགས་སུ་ ཤེས་རབ་ཀྱིས། སོགས་ནས། མངོན་རྟོགས་དེ། ཆོས་བདག་མེད་པ་དྲན་པ་ཉེ་བར་བཞག་ པའོ། །གཉིས་པ་ལ་བཞི་ལས། དང་པོ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་ཀུན་ནས་ཉོན་ མོངས་པའི་ཕྱོགས་སྐྱེས་པ་སྤོང་བ་ལ་སྤྲོ་བའི་བརྩོན་འགྲུས་གཙོ་བོར་གྱུར་པའི་མངོན་རྟོགས་ དེ། མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་སྤོང་བའོ། །གཉིས་པ་ནི། རང་གཞན་ཅི་རིགས་ པའི་རྒྱུད་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་མ་སྐྱེས་པ་མི་སྐྱེ་བའི་ཐབས་ལ་སྤྲོ་བའི། སོགས་ནས། མངོན་རྟོགས་དེ། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པའི་ཡང་དག་སྤོང་བའོ། །གསུམ་པ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་རྣམ་བྱང་ཐར་པ་ཕྱོགས་ཀྱི་ཆོས་སྐྱེས་པ་ སྤེལ་བ་ལ་སྤྲོ་བའི། སོགས་ནས། མངོན་རྟོགས་དེ། དགེ་བ་སྐྱེས་པ་སྤེལ་བའི་ཡང་དག་སྤོང་ བའོ། །བཞི་པ་ནི། རང་གཞན་ཅི་རིགས་པའི་རྒྱུད་ལ་རྣམ་བྱང་ཐར་པ་ཕྱོགས་ཀྱི་ཆོས་མ་སྐྱེས་ པ་སྐྱེ་བའི་ཐབས་ལ་སྤྲོ་བའི། སོགས་ནས། མངོན་རྟོགས་དེ། དགེ་བ་མ་སྐྱེས་པ་སྐྱེད་པའི་ ཡང་དག་སྤོང་བའོ། །གསུམ་པ་ལ་བཞི་ལས། དང་པོ་ནི། ཏིང་ངེ་འཛིན་དོན་དུ་གཉེར་བའི་ འདུན་པ་ལ་བརྟེན་ནས་བསྒོམས་པས་ཏིང་ངེ་འཛིན་ལས་བྱུང་བའི་རྫུ་འཕྲུལ་གྱི་རྐང་པ་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །གཉིས་པ་ནི། ཏིང་ངེ་འཛིན་ལ་རྟག་སྦྱོར་གྱི་བརྩོན་ འགྲུས་ལ་བརྟེན་ནས་བསྒོམས་པའི་ཏིང་ངེ་འཛིན་ལས་བྱུང་བའི། སོགས་ནས། རྐང་པ་དེ། 3-1-23 བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །གསུམ་པ་ནི། ཡང་སྔོན་ཡང་ཡང་སེམས་ཤིང་ གོམས་པའི་སྟོབས་ཀྱིས་སྐྱེས་ཐོབ་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་རྫུ་འཕྲུལ་གྱི་རྐང་པ་དེ་ སེམས་པའི་རྫུ་འཕྲུལ་གྱི་རྐང་པའོ། །བཞི་པ་ནི་གཞན་གྱིས་བསྟན་པའི་གདམས་ངག་གི་དོན་ ལ་དཔྱོད་ཅིང་རྟོགས་པའི་ཤེས་རབ་ལ་བརྟེན་ནས་བསྒོམས་པའི་ཏིང་ངེ་འཛིན་ལས་སོགས་ ནས་རྐང་པ་དེ་དཔྱོད་པའི་རྫུ་འཕྲུལ་ཀྱི་རྐང་པའོ། །བཞི་པ་ལ་ལྔ་ལས། དང་པོ་ནི། བདེན་པ་ ལ་བསྒོམས་བྱུང་ཐོབ་པའི་སྟོབས་ཀྱིས་རྣམ་བྱང་ལ་དབང་བྱེད་པའི་བདེན་པའི་གནས་ ལུགས་ལ་ཡིད་ཆེས་པའི་དད་པ་དེ། དད་པའི་དབང་པོའོ། །གཉིས་པ་ནི། བདེན་པ་ལ། སོགས་ནས། བདེན་པའི་གནས་ལུགས་ལ་སྤྲོ་བའི་བརྩོན་འགྲུས་དེ། བརྩོན་འགྲུས་ཀྱི་དབང་ པོའོ། །གསུམ་པ་ནི། བདེན་པ་ལ་སོགས་ནས། གནས་ལུགས་ཀྱི་དམིགས་རྣམ་མི་བརྗེད་ པའི་དྲན་པ་དེ། དྲན་པའི་དབང་པོའོ། །བཞི་པ་ནི། བདེན་པ་ལ། སོགས་ནས། གནས་ལུགས་ ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ། ཏིང་ངེ་འཛིན་གྱི་དབང་པོའོ། །ལྔ་པ་ནི། བདེན་ པ་ལ། སོགས་ནས། གནས་ལུགས་ཇི་བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་དེ། ཤེས་རབ་ ཀྱི་དབང་པོའོ། །ལྔ་པ་ལ་ལྔ་ལས། དང་པོ་ནི། བདེན་པའི་གནས་ལུགས་ལ་ཡིད་མ་ཆེས་པའི་ མ་དད་པས་བརྫི་མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ལ་ཡིད་ཆེས་ པའི་དད་པ་དེ། དད་པའི་སྟོབས་སོ། །གཉིས་པ་ནི། ཡང་བདེན་པའི་གནས་ལུགས་ལ་སྒྱིད་ ལུག་པའི་ལེ་ལོ་སོགས་ཀྱིས་བརྫི་མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ ལུགས་ལ་སྤྲོ་བའི་བརྩོན་འགྲུས་དེ། བརྩོན་འགྲུས་ཀྱི་སྟོབས་སོ། །གསུམ་པ་ནི། བདེན་པའི་ གནས་ལུགས་ཀྱི་དམིགས་རྣམ་བརྗེད་ངས་ཀྱིས་བརྫི་མི་ནུས་པའི་སྟོབས་དང་ལྡན་པའི་ བདེན་པའི་གནས་ལུགས་ཀྱི་དམིགས་རྣམ་མི་བརྗེད་པའི་དྲན་པ་དེ། དྲན་པའི་སྟོབས་སོ། །བཞི་པ་ནི། བདེན་པའི་གནས་ལུགས་ལས་གཞན་དུ་གཡེང་པའི་རྣམ་གཡེང་གིས་བརྫི་མི་ 3-1-24 ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ལུགས་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་ འཛིན་དེ། ཏིང་ངེ་འཛིན་གྱི་སྟོབས་སོ། །ལྔ་པ་ནི། བདེན་པའི་གནས་ལུགས་ལ་ཕྱིན་ཅི་ལོག་ ཏུ་རྟོག་པའི་ཤེས་འཆལ་གྱིས་བརྫི་མི་ནུས་པའི་སྟོབས་དང་ལྡན་པའི་བདེན་པའི་གནས་ ལུགས་ཇི་བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་དེ། ཤེས་རབ་ཀྱི་སྟོབས་སོ། །དྲུག་པ་ལ་ བདུན་ལས། དང་པོ་ནི། འཕགས་རྒྱུད་ཀྱི་བདེན་པའི་གནས་ལུགས་མངོན་སུམ་དུ་རྟོགས་ པའི་ཡེ་ཤེས་དེས་རང་ཡུལ་གྱི་དམིགས་རྣམ་མི་བརྗེད་པར་དྲན་འདུག་པའི་ཆའི་སེམས་བྱུང་ དེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །གཉིས་པ་ནི། ཡང་འཕགས་རྒྱུད་ཀྱི། སོགས་ ནས། ཡེ་ཤེས་དེས། རང་ཡུལ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་ལྡོག་ཆའི་སེམས་བྱུང་དེ། བརྩོན་ འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །གསུམ་པ་ནི། འཕགས་རྒྱུད། སོགས་ནས། དེས་ རང་ཡུལ་གྱི་གནས་ཚུལ་ཇི་བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་ཀྱི་ལྡོག་ཆའི་སེམས་བྱུང་ དེ། ཆོས་རབ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བཞི་པ་ནི། འཕགས་རྒྱུད་ཀྱི། སོགས་ནས། ཡེ་ཤེས་དེ་རང་ཡུལ་ལ་ཅི་དགར་བཀོལ་དུ་རུང་བའི་ཐུགས་རྣམ་པར་ཞི་བའི་ ཆའི་སེམས་བྱུང་དེ། ཤིན་ཏུ་སྦྱང་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ལྔ་པ་ནི། འཕགས་ རྒྱུད། སོགས་ནས། ཡེ་ཤེས་ལས་རུང་དུ་གྱུར་པའི་སྟོབས་ཀྱིས་ཐུགས་གཤིས་དགའ་བའི་ ཆའི་སེམས་བྱུང་ཚོར་བ་ལ་བཏགས་པ་ཅན་གྱི་ཆོས་དེ། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ ལག་གོ། །དྲུག་པ་ནི། འཕགས་རྒྱུད། སོགས་ནས། ཡེ་ཤེས་དེ་རང་ཡུལ་ལ་རྩེ་གཅིག་ཏུ་གནས་ པའི་ཏིང་ངེ་འཛིན་དེ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །བདུན་པ་ནི། འཕགས་རྒྱུད། སོགས་ནས། ཡེ་ཤེས་དེ་རང་ཡུལ་ལ་གཉེན་པོ་བསྟེན་པའི་རྩོལ་བའི་སྤྲོས་པ་ འདུ་བར་མི་བྱེད་པའི་ཆའི་སེམས་བྱུང་དེ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །བདུན་པ་ལ་བརྒྱད་ལས། དང་པོ་ནི། འཕགས་རྒྱུད་ཀྱི་མཉམ་བཞག་ཏུ་བདེན་པའི་གནས་ 3-1-25 ལུགས་རྟོགས་པའི་ཚུལ་རྗེས་ཐོབ་ཀྱི་སྐབས་སུ་ཇི་བཞིན་པར་ངེས་པའི་ཡེ་ཤེས་དེ། ཡང་དག་ པའི་ལྟ་བའོ། །གཉིས་པ་ནི། འཕགས་རྒྱུད་ཀྱི་གཞན་ལ་ཆོས་སྟོན་བྱེད་ཀྱི་ཡེ་ཤེས་དེ་ཡང་ དག་པའི་རྟོག་པའོ། །གསུམ་པ་ནི། འཕགས་རྒྱུད་ཀྱི་གཞན་ལ་སྟོན་རྒྱུའི་མདོའི་དོན་དང་ བདེན་བཞིའི་གནས་ལུགས་ཇི་བཞིན་པ་སོ་སོར་རྟོག་པའི་ཤེས་རབ་དེ་ཡང་དག་པའི་ངག་གོ །བཞི་པ་ནི། འཕགས་རྒྱུད་ཀྱི་ཉེས་སྤྱོད་ཐམས་ཅད་སྡོམ་པར་བྱེད་པའི་བསྲུང་སེམས་ཀྱི་ཚུལ་ ཁྲིམས་དེ་ཡང་དག་པའི་ལས་ཀྱི་མཐའོ། ། ལྔ་པ་ནི། འཕགས་རྒྱུད་ཀྱི་འདོད་ཡོན་ལ་ཞེན་པ་བྲལ་བའི་ཡེ་ཤེས་དེ་ཡང་དག་པའི་ འཚོ་བའོ། །དྲུག་པ་ནི། འཕགས་རྒྱུད་ཀྱི་ཡུན་རིང་པོར་སྐྱོ་བ་མེད་པར་སྒོམ་སྤང་སོགས་སྒྲིབ་ པ་སྤོང་བ་ལ་འབད་ཅིང་རྩོལ་བའི་བརྩོན་འགྲུས་དེ་ཡང་དག་པའི་བརྩོན་འགྲུས་སོ། །བདུན་ པ་ནི། འཕགས་རྒྱུད་ཀྱི་ཞི་གནས་དང་དམིགས་པ་ལ་སེམས་རབ་ཏུ་འཛིན་པ་དང་བྱིང་རྒོད་ བྲལ་ཚེ་གཉེན་པོ་བསྟེན་པ་ལ་མི་རྩོལ་བའི་བཏང་སྙོམས་རྣམས་མི་བརྗེད་པར་དྲན་འདུག་ པའི་ཆའི་སེམས་བྱུང་དེ་ཡང་དག་པའི་དྲན་པའོ། ། བརྒྱད་པ་ནི། འཕགས་རྒྱུད་ཀྱི་མངོན་ཤེས་དང་གཟུངས་ཀྱི་སྒོ་བརྒྱ་ཕྲག་སོགས་བསྒྲུབ་ པའི་གཞིར་གྱུར་པའི་ཏིང་ངེ་འཛིན་དེ་ཡང་དག་པའི་ཏིང་ངེ་འཛིན་ནོ། །གཉིས་པ་ལ་ལྷག་པ་ ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང༌། ལྷག་པ་ཤེས་རབ་ ཀྱི་བསླབ་པ་སོགས་སློབ་པའི་རྒྱུད་ཀྱི་ལམ་གཞན་མ་ཐམས་ཅད་དོ། །གསུམ་པ་ནི། ཐེག་པ་ གསུམ་གྱི་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྷག་མེད་མྱང་ འདས་སོགས་ཡིན་ནོ། ། མདོ་སྡེ་པ། 3-1-26 གཉིས་པ་མདོ་སྡེ་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ ལུགས། དེའི་མཚན་ཉིད། དབྱེ་བ་དང་སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི། ཁ་ཆེའི་གནས་བརྟན་བཙུན་པ། བཙུན་པ་དཔལ་ལེན། བཙུན་པ་གཞོན་ནུ་ ལེན། བཙུན་པ་རྟོགས་པའི་ལྷ། མཛོད་རང་འགྲེལ་རྩོམ་སྐབས་ཀྱི་སློབ་དཔོན་དབྱིག་གཉེན། ཕྱོགས་གླང༌། ཆོས་ཀྱི་གྲགས་པ་སོགས་སོ། །གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས་ ལས། དང་པོ་ནི། མདོ་རྒྱ་ཆེར་རོལ་པ། ཚིགས་སུ་བཅད་པ་གཉིས་པ། ཚིགས་སུ་བཅད་པ་བཞི་ པའི་གཟུངས། སྒོ་དྲུག་པ་སོགས་དང༌། གཉིས་པ་ནི། མཛོད་རང་འགྲེལ་དང་ཚད་མ་རྣམ་ འགྲེལ་གཉིས་ཀྱི་དངོས་བསྟན་ཕལ་ཆེ་བ་རྣམས་སོ། །གསུམ་པ་ནི། བཅོམ་ལྡན་འདས་ཀྱི་ མདོ་སྡེ་དུ་མའི་རྗེས་སུ་འབྲང་ནས་རང་ལུགས་འཇོག་པའི་སངས་རྒྱས་པ་གང་ཞིགརང་རིག་ དང་ཕྱི་དོན་གཉིས་བདེན་གྲུབ་ཏུ་ཁས་ལེན་པའི་ཆ་ནས་བཞག་པའི་གྲུབ་མཐའ་སྨྲ་བའི་གང་ ཟག་དེ། མདོ་སྡེ་བའི་མཚན་ཉིད། བཞི་པ་ལ་དབྱེ་བ་སྒྲ་བཤད་གཉིས་ལས། དང་པོ་ནི། ངོ་བོའི་སྒོ་ནས་དབྱེ་ན་ས་སྡེ་ལྔའི་རྗེས་སུ་འབྲང་བའི་ལུང་གི་རྗེས་འབྲང་གི་ མདོ་སྡེ་པ་དང༌། ཚད་མ་སྡེ་བདུན་གྱི་རྗེས་སུ་འབྲང་བའི་རིགས་པའི་རྗེས་འབྲང་གི་མདོ་སྡེ་ པ་དང་གཉིས་ཡོད། རྣམ་པའི་སྒོ་ནས་དབྱེ་ན། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་ཁ་ཅིག་ལ་ སྣ་ཚོགས་རིམ་འབྱུང་བ་དང༌། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་ལ། སྣ་ཚོགས་གཉིས་ མེད་པ་དང༌། གཟུང་འཛིན་གྲངས་མཉམ་པ་དང་གསུམ་མོ། །གཉིས་པ་ནི། སྤྱིར་ཁྲ་འཛིན་ ཤེས་པས་ཁྲ་བོ་འཛིན་པའི་དུས་སུ་ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་ཀྱི་གྲངས་དང་མཉམ་ པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བ་རིམ་བཞིན་དུ་སྐྱེ་བར་འདོད་པས་ན་སྣ་ཚོགས་རིམ་ འབྱུང་བ་ཞེས་བྱའོ། །ཡང་དེ་ལྟར་འཛིན་པའི་དུས་སུ་ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་ 3-1-27 ཀྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བ་མི་སྐྱེ་བར་ཁྲ་བོའི་ཆ་ཤས་སྣ་ ཚོགས་སྣང་བའི་ཆ་ཅན་ཁྲ་འཛིན་ཤེས་པ་གཅིག་པུ་སྐྱེ་བར་འདོད་པས་ན་སྣ་ཚོགས་གཉིས་ མེད་པ་ཞེས་བྱའོ། །ཡང་དེ་ལྟར་འཛིན་པའི་དུས་སུ་ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་སོགས་ཀྱི་ གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བ་ཅིག་ཅར་དུ་སྐྱེ་བར་འདོད་པས་ ན་གཟུང་འཛིན་གྲངས་མཉམ་པ་ཞེས་བྱའོ། །གཙོ་བོར་མདོའི་སྡེ་སྣོད་ལ་བརྟེན་ནས་རང་ གི་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་ཞེས་དང༌། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པས་ན་ དཔེས་སྟོན་པ་ཡང་ཟེར་རོ། །ལྔ་པ་ལ་རིགས་པའི་རྗེས་འབྲང་གི་མདོ་སྡེ་པའི་འདོད་པ་གཙོ་ བོར་བཤད་ན། དེ་ལ། བདེན་གཉིས་ཀྱི་རྣམ་གཞགལྟ་སྒོམ་སྤྱོད་གསུམ། གཞི་ལམ་འབྲས་ གསུམ། འཕྲོས་དོན་གཞན་དང་བཞི་ལས། དང་པོ་ལ་དོན་དམ་བདེན་པ་དང༌། ཀུན་རྫོབ་ བདེན་པ་གཉིས་ལས། དང་པོ་ལ། དེ་དངོས་དང༌། རང་མཚན་བཤད་པ་གཉིས་ལས། དང་པོ་ནི། རྟོག་པས་བཏགས་ཙམ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་ པས་དཔྱད་བཟོད་དུ་གྲུབ་པའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་ ལྟ་བུའོ། །དོན་དམ་བདེན་པ། བདེན་གྲུབ། རང་མཚན། དངོས་པོ་སོགས་དོན་གཅིགགཉིས་ པ་ནི། རྟོག་པས་བཏགས་པ་མིན་པར་རང་ངོས་ནས་ཐུན་མོང་མ་ཡིན་པའི་རང་བཞིན་དུ་ གནས་པའི་དངོས་པོ་དེ། རང་མཚན་གྱི་མཚན་ཉིད། མཚན་གཞི་ཡུལ་དུས་རང་བཞིན་མ་ འདྲེས་པའི་དངོས་པོ་ཐམས་ཅད་དོ། །དེ་ཡང་ཀ་བ་ལྟ་བུ་ཞིག་ཡིན་ན་ཤར་ལ་རེག་པའི་ཀ་ བའི་རྫས་དེས་ནུབ་ལ་མ་རེག་པ་ལྟ་བུ་ནི་ཡུལ་མ་འདྲེས་པའི་དོན་དང༌། སྔ་དྲོའི་ཀ་བ་དེ་ཉིད་ ཕྱི་དྲོ་ན་མེད་པ་ལྟ་བུ་ནི་དུས་མ་འདྲེས་པའི་དོན་དང༌། ཀ་བ་ལ་ཡོད་པའི་རང་བཞིན་དེ་ཉིད་ བུམ་པ་ལ་མེད་པ་ལྟ་བུ་ནི་རང་བཞིན་མ་འདྲེས་པའི་དོན་ནོ། །རང་སྣང་ཡུལ་དུ་བྱེད་པའི་བློ་ དེས་རང་གི་ཐུན་མོང་མ་ཡིན་པའི་མཚན་མ་ཤར་བའི་སྒོ་ནས་རྟོགས་དགོས་པའི་ཆོས་ཡིན་ 3-1-28 ཕྱིར་རང་མཚན་ཞེས་བརྗོད། གཉིས་པ་ལ། དེ་དངོས་དང༌། སྤྱི་མཚན་གཉིས་ལས། དང་པོ། རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ ནམ་མཁའ་ལྟ་བུའོ། །ཀུན་རྫོབ་བདེན་པ། བརྫུན་པར་གྲུབ་པ། སྤྱི་མཚན། དངོས་མེད་ཀྱི་ ཆོས་སོགས་དོན་གཅིགགཉིས་པ་ནི། ཡུལ་རང་ངོས་ནས་གྲུབ་པའི་གནས་ལུགས་ཀྱི་ངོ་བོ་མ་ ཡིན་པར་རྟོག་པས་བཏགས་པ་ཙམ་གྱི་ཆོས་སུ་གྲུབ་པ་དེ། སྤྱི་མཚན་གྱི་མཚན་ཉིད། མཚན་ གཞི་ཡུལ་དུས་རང་བཞིན་འདྲེས་འཛིན་གྱི་རྟོག་པའི་གཟུང་ཡུལ་རྣམས་སོ། །དཔེར་ན་ཤར་ ནུབ་ཀྱི་ཀ་འཛིན་རྟོག་པ་ལ་རིགས་སྤྱི་ཀ་བ་གཅིག་པུ་རྗེས་སུ་འགྲོ་བར་སྣང་བ་ནི་ཡུལ་འདྲེས་ པར་སྣང་བའི་དོན་དང༌། སྔ་དྲོ་དང་ཕྱི་དྲོའི་ཀ་འཛིན་རྟོག་པ་ལ་དེ་ལྟར་སྣང་བ་ནི་དུས་འདྲེས་ པར་སྣང་བའི་དོན་དང༌། རྫ་གསེར་གྱི་བུམ་འཛིན་རྟོག་པ་ལ་དེ་ལྟར་སྣང་བ་ནི་རང་བཞིན་ འདྲེས་པར་སྣང་བའི་དོན་ནོ། །རང་སྣང་ཡུལ་དུ་བྱེད་པའི་བློ་དེས་རང་གི་ཐུན་མོང་མ་ཡིན་ པའི་མཚན་མ་ཤར་རྒྱུ་མེད་པར་སྤྱིའི་རྣམ་པ་ཡིད་ལ་བྱེད་པའི་སྒོ་ནས་རྟོགས་དགོས་པའི་ཆོས་ ཡིན་ཕྱིར་སྤྱི་མཚན་ཞེས་བརྗོད་དོ། །གཉིས་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། བདེན་བཞིའི་རྣམ་པ་བཅུ་དྲུག་དང༌། ཆོས་དང་གང་ཟག་གི་བདག་མེད་ རྣམས་ལྟ་བུའི་ཡུལ་དང༌། དེ་དག་གི་གནས་ཚུལ་ཇི་བཞིན་པ་སོ་སོར་རྟོག་པའི་ཤེས་རབ་ རྣམས་ནི་ལྟ་བ་དངོས་སོ། །དེ་ལས་བདེན་བཞིའི་རྣམ་པ་བཅུ་དྲུག་ནི། རང་རྒྱུ་ཀུན་འབྱུང་ བདེན་པ་ལས་སྐྱེས་པ་ཡིན་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ། སྡུག་བསྔལ་ བདེན་པའི་མཚན་ཉིད། མཚན་གཞི་རྣམ་སྨིན་སྐྱེས་ཀྱི་གཟུགས་ཕུང་ལྟ་བུའོ། །གང་ཟག་ ཚོགས་སྦྱོར། བདེན་འཛིན་སོགས་ཆ་བཞག་གིས་སྡུག་བདེན་ཡིན་པར་གཅོད། སྡུག་བདེན། ཆོས་ཅན། ཁྱོད་མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། དེ་ཆོས་ཅན། ཁྱོད་སྡུག་བསྔལ་ བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་སྟོང་པ་ཡིན་ 3-1-29 ཏེ། ཉེར་ཕུང་ལ་དབང་སྒྱུར་བ་པོ་གང་ཟག་གི་བདག་གིས་སྟོང་པའི་ཕྱིར། དེ་ཆོས་ཅན། ཁྱོད་ བདག་མེད་པ་ཡིན་ཏེ། ཉེར་ཕུང་གང་ཟག་གི་བདག་ཏུ་གྲུབ་པ་མེད་པའི་ཕྱིར། རང་འབྲས་ སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་དེ། ཀུན་ འབྱུང་བདེན་པའི་མཚན་ཉིད། མཚན་གཞི་འདོད་པའི་འདོད་ཆགས་དང༌། དེ་དང་མཚུངས་ ལྡན་གྱི་སེམས་བྱུང་སེམས་པ་ལྟ་བུའོ། །ལས་ཉོན་མ་ཡིན་པའི་དགེ་དང་ཉོན་མོངས་པ་དང་ མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་དང་སྟོབས་བཞིས་བཤགས་འགྱུར་གྱི་སྲོག་ གཅོད་ཀྱི་ལས་སོགས་དང་ཐེག་ཆེན་མཐོང་ལམ་སྐྱེ་ཁ་མའི་རྒྱུད་ཀྱི་ཉོན་མོངས་པ་རྣམས་ཆ་ བཞག་གིས་ཀུན་འབྱུང་བདེན་པར་སྡུད་དོ། །ལས་ཉོན་གཉིས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ ཏེ། རང་འབྲས་སྡུག་བདེན་གྱི་རྩ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཀུན་འབྱུང་གི་རྣམ་པ་ཡིན་ ཏེ། སྡུག་བདེན་དུས་དང་རྣམ་པ་ཐམས་ཅད་དུ་བསྐྱེད་པའི་ཕྱིར། སྲེད་པ་ཆོས་ཅན། རྐྱེན་གྱི་ རྣམ་པ་ཡིན་ཏེ། འཕེན་བྱེད་ཀྱི་ལས་ལ་གསོས་འདེབས་པའི་སྒོ་ནས་སྡུག་བདེན་གྱི་ལྷན་ཅིག་ བྱེད་རྐྱེན་བྱེད་པའི་ཕྱིར། ལས་ཉོན་གཉིས་ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། མནར་མེད་ཀྱི་ སྡུག་བསྔལ་ལྟ་བུའི་སྡུག་བསྔལ་ཤུགས་དྲག་པོ་བསྐྱེད་པའི་ཕྱིར། རང་ཐོབ་བྱེད་ཀྱི་ཐབས་སུ་ གྱུར་པའི་བར་ཆད་མེད་ལམ་གྱིས་ངོས་སྐལ་གྱི་སྒྲིབ་པ་སྤངས་པའི་སོ་སོར་བརྟགས་འགོག་ དེ། འགོག་བདེན་གྱི་མཚན་ཉིད། མཚན་གཞི་མཐོང་སྤང་སྤངས་པའི་སྤངས་ཆ་ལྟ་བུའོ། །ཉོན་ སྒྲིབ་སྤངས་པའི་བྲལ་བ་དེ། ཆོས་ཅན། འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་ འགོག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་ཞི་བ་ ཡིན་པའི་ཕྱིར། དེ་ཆོས་ཅན། གྱ་ནོམ་གྱི་རྣམ་པ་ཡིན་ཏེ། ཕན་པ་དང་བདེ་བའི་བདག་ཉིད་ ཀྱི་ཐར་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་འབྱུང་གི་རྣམ་པ་ཡིན་ཏེ། སླར་ལྡོག་པ་མེད་པར་ འཁོར་བ་ལས་གཞན་དུ་ངེས་པར་འབྱུང་ཟིན་པའི་ཕྱིར། འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་ 3-1-30 གྱུར་པའི་ལམ་གྱི་ཆ་ནས་བཞག་པའི་འཕགས་ལམ་དེ། ལམ་བདེན་གྱི་མཚན་ཉིད། མཚན་ གཞི་ནི། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུའོ། །མི་སློབ་པའི་ལམ་བདེན་ དེ་ཆ་བཞག་གིས་ལམ་བདེན་དུ་སྡུད་དོ། །བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་པར་བགྲོད་བྱེད་ཀྱི་མ་ནོར་བའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། རིགས་པའི་རྣམ་པ་ཡིན་ཏེ། རང་གི་ངོ་སྐལ་གྱི་སྒྲིབ་པའི་དངོས་གཉེན་དུ་རིགས་ ཤིང་འོས་པའི་ལམ་ཡིན་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ཏེ། རང་ཡུལ་བདེན་ པའི་གནས་ལུགས་ལ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ཆོས་ཅན། ངེས་འབྱིན་ གྱི་རྣམ་པ་ཡིན་ཏེ། སླར་མི་ལྡོག་པར་མྱང་འདས་རྟག་པའི་གནས་སུ་ངེས་པར་འབྱིན་བྱེད་ ཡིན་པའི་ཕྱིར། དེ་དག་ཀྱང་ཐེག་ཆེན་གྱི་ལུགས་ལྟར་རོ། །གཉིས་པ་ནི། དེ་འདྲའི་ལྟ་བའི་ རིགས་རྒྱུན་རྩེ་གཅིག་ཏུ་གོམས་པར་བྱེད་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྣམས་སོ། །གསུམ་པ་ནི། ལྟ་བ་དེ་དག་བསོད་ནམས་ཀྱི་ཚོགས་ཆུང་ངུ་དང་འབྲེལ་ནས་ཉམས་སུ་ལེན་ པ་ནི་ཉན་ཐོས་ཀྱི་སྤྱོད་པ་དང༌། བསོད་ནམས་ཀྱི་ཚོགས་འབྲིང་པོ་དང་སྦྲེལ་ནས་ཉམས་སུ་ ལེན་པ་ནི་རང་རྒྱལ་གྱི་སྤྱོད་པ་དང༌། བསོད་ནམས་ཀྱི་ཚོགས་ཆེན་པོ་དང་སྦྲེལ་ནས་ཉམས་ སུ་ལེན་པ་ནི་ཐེག་ཆེན་གྱི་སྤྱོད་པའོ། །གསུམ་པ་ལ་གཞི་ལམ་འབྲས་གསུམ་ལས། དང་པོ་ནི། ཕུང་ཁམས་སྐྱེ་མཆེད་འདུས་བྱས་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་རྣམས་སོ། །གཉིས་ པ་ལ། རང་ལམ། བྱང་ཆོས་སོ་བདུན། རྣམ་ཐར་བརྒྱད། མཐར་གནས་དགུ་རྣམས་དང༌། སྤྱིར་ན། སྙིང་རྗེ་ཆེན་པོ། ཕར་ཕྱིན་དྲུག་སོགས་ཡོད་ལ། དེ་ལས་རྣམ་ཐར་བརྒྱད་སོགས་ཀྱི་ ངོ་བོ་ཐེག་ཆེན་ལྟར་ན། ཐོག་མར་བསམ་གཟུགས་གང་རུང་གི་སེམས་ཀྱི་སྟེང་ནས་རང་གི་ ལུས་གཟུགས་གཞན་གྱིས་མཐོང་ནུས་སུ་བྱས་ཏེ་དེ་ནས་བསམ་གཏན་བཞི་པའི་སེམས་ཀྱིས་ གཟུགས་ཆེ་ཆུང་བཟང་ངན་གང་འདོད་སྤྲུལ་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་ 3-1-31 བཅས་པ་དེ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་རོ། །ཐོག་མར་བསམ་གཟུགས་གང་ རུང་གི་སེམས་ཀྱི་སྟེང་ནས་རང་གི་ལུས་གཟུགས་གཞན་གྱིས་མི་མཐོང་བར་བྱས་ཏེ་དེ་ནས་ བསམ་གཏན་བཞི་པའི་སེམས་ཀྱིས། སོགས་ནས། བཅས་པ་དེ་གཟུགས་མེད་གཟུགས་ལ་ ལྟ་བའི་རྣམ་ཐར་རོ། །ཐོག་མར་ནས་སེམས་ཀྱི་སྟེང་ནས་གཟུགས་སྡུག་མི་སྡུག་རང་ངོས་ནས་ ཞེན་པ་སྤངས་པས་དེ་གཉིས་སྤྲུལ་འདོད་མི་འདོད་མེད་པར་འདྲ་མཉམ་དུ་ཀུན་ནས་མཛེས་ པར་མཐོང་བའི་མོས་པ་ཐོབ་སྟེ་དེ་ནས་བསམ་གཏན་བཞི་པའི་སེམས་ཀྱི་ནས། བཅས་པ་དེ་ སྡུག་པའི་རྣམ་ཐར་རོ། །གཟུགས་མེད་དང་པོའི་ཉོན་མོངས་མངོན་གྱུར་དང་བྲལ་བའི་ནམ་ མཁའ་མཐའ་ཡས་ཀྱི་སྙོམས་འཇུག་དག་པ་དེ་ནམ་མཁའ་མཐའ་ཡས་ཀྱི་རྣམ་ཐར་དང༌། དེས་འགྲེས་ཏེ་རྣམ་ཤེས་མཐའ་ཡས། ཅི་ཡང་མེད། ཡོད་མིན་མེད་མིན་གྱི་བར་གྱི་དེ་གསུམ་ ནི་དེ་དང་དེའི་རྣམ་ཐར་དང༌། ཚོར་འདུ་རགས་པའི་སྒྲིབ་པ་དང་བྲལ་བའི་ཚོར་འདུ་རགས་ པ་བཀག་པའི་ཆའི་ཡིད་ཤེས་ཕྲ་མོ་དེ་འགོག་པའི་རྣམ་ཐར་རོ། །ཟག་མེད་བདེན་པའི་རྣམ་ པ་ཅན་གྱི་བསམ་གཟུགས་བརྒྱད་ཀྱི་སྙོམས་འཇུག་དང་འགོག་པའི་སྙོམས་འཇུག་རྣམས་ནི་ མཐར་གནས་དགུའོ། །སེམས་ཅན་མཐའ་དག་གི་སྡུག་བསྔལ་རང་གིས་བསྒྲལ་འདོད་ཀྱི་བློ་ དེ་སྙིང་རྗེ་ཆེན་པོ་ཡིན། སྤྱིར་ཕར་ཕྱིན་དྲུག་ནི། ཆོས་བཞི་ལྡན་གྱི་གཏོང་བའི་སེམས་པའི་ཆ་ ནས་བཞག་པའི་ཡེ་ཤེས་དེ། སྦྱིན་པའི་ཕར་ཕྱིན་གྱི་མཚན་ཉིད། མཚན་གཞི་བྱང་སེམས་ཀྱི་ རྒྱུད་ཀྱི་སྦྱིན་པ་ལྟ་བུའོ། །དེས་འགྲེས་ཏེ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་ལ་བསྲུང་བའི་ སེམས་པ། ཁོང་མི་འཁྲུགས་པའི་སེམས་པ། རྣམ་དཀར་དགེ་བ་ལ་སྤྲོ་བའི་བརྩོན་འགྲུས། དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན། ཆོས་ཀྱི་གནས་ཚུལ་ཇི་ བཞིན་པ་སོ་སོར་རྟོགས་པའི་ཤེས་རབ་རྣམས་ལ་སྦྱར་བས་ཕར་ཕྱིན་ལྷག་མ་རྣམས་ཤེས་སོ། །དེ་ལས་ཆོས་བཞི་ནི། སེར་སྣ་སོགས་རང་རང་གི་མི་མཐུན་ཕྱོགས་ཉམས་པ་དང༌། གྲོགས་ 3-1-32 རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང༌། བྱེད་ལས་འདོད་པ་ཐམས་ཅད་རྫོགས་པར་ བྱེད་པ་དང༌། སེམས་ཅན་གྱིརྒྱུད་སྨིན་པར་བྱེད་པ་དང་བཞིའོ། །དེ་ལྟར་གོང་གི་བྱང་ཆོས་ དང་འདི་དག་གི་སྐོར་བྱེ་མདོའི་རང་ལུགས་ཁོ་ན་མ་ཡིན་པར་ཐེག་ཆེན་སྡེ་བའི་ལུགས་ལྟར་ བྱས་ནས་ཟུར་དུ་བཤད་དོ། །འདི་བའི་ལམ་གྱི་སྤང་བྱ་ནི་གང་ཟག་གི་བདག་འཛིན་རྩ་ཉོན་ ཉེ་ཉོན་དང་བཅས་པ་ཉོན་སྒྲིབ་དང༌། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པའི་རྨོངས་པ་ སོགས་ཀྱི་ཐ་སྙད་ཙམ་རེ་བྱེད་པ་མ་གཏོགས་ཤེས་སྒྲིབ་ཁས་ལེན་པའི་ཉན་ཐོས་རྩ་བའི་སྡེ་བ་ ནི་སྤྱིར་མེད་དོ། །གསུམ་པ་འབྲས་བུ་ནི་གོང་གི་བྱེ་སྨྲ་དང་ཕལ་ཆེར་འདྲའོ། །བཞི་པ་འཕྲོས་ དོན་གཞན་བཤད་པ་ནི། མདོ་སྡེ་པའི་རང་ལུགས་ལ་དངོས་པོ་རྣམས་སྐད་ཅིག་མའི་མི་རྟག་ པ་དང༌། མངོན་པ་སྡེ་བདུན་ནི་རྒྱལ་བའི་བཀའ་མ་ཡིན་པར་ཤཱ་རིའི་བུ་སོགས་ཀྱིས་བརྩམས་ པ་དང༌། མངོན་པའི་སྡེ་སྣོད་ནི་མདོ་དང་འདུལ་བའི་ནང་ནས་རང་སྤྱིའི་མཚན་ཉིད་བཤད་ པའི་ཚིག་ཐམས་ཅད་དང༌། སྤྱིར་བཀའ་དང་བསྟན་བཅོས་གང་ཡིན་ཡང་ཚིག་གི་ཕྲེང་བ་ཡིན་ ཕྱིར་གཟུགས་སུ་འདོད། འདི་བ་ལ་རྡུལ་ཕྲན་ཆ་མེད་དང་ཆ་བཅས་སུ་འདོད་པ་གཉིས་ཡོད་ ཅིང༌། དེ་ལས་ཆ་མེད་འདོད་པ་བ་ལ་རྡུལ་ཕྲན་རྣམས་ནང་ཕན་ཚུན་བར་བཅས་དང་བར་མེད་ དུ་འདོད་མཁན་གཉིས་ཀྱང་ཡོད། རྡུལ་ཕྲན་བསགས་རྡུལ་མིན་ཡང་རྡུལ་རྫས་བརྒྱད་འདུས་ ཡིན་པ་དང༌། རིག་མིན་གྱི་གཟུགས་གཟུགས་མཚན་ཉིད་པ་མ་ཡིན་པ་དང༌། ཤེས་པ་ཁོ་ནས་ ཡུལ་མཐོང་བ་ལས་དབང་པོ་དང་བཅས་པས་ཡུལ་མཐོང་མི་སྲིད་པ་དང༌། ཤེས་པས་ཡུལ་ མཐོང་ཚུལ་དེ་ཡང་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་སྐྱེ་བའི་སྒོ་ནས་མཐོང་དགོས་ཤིང༌། རྟག་པ་ རྣམས་རྟོག་བཏགས་དངོས་མེད་ཀྱི་ཆོས་ཁོ་ན་དང༌། ལྡན་མིན་ལ་བེམ་པོ་མེད་པར་གཟུགས་ ཤེས་གང་རུང་གི་རྫས་ལ་བཏགས་པའི་རང་སྐྱ་འཛིན་མི་ཐུབ་པའི་དངོས་པོ་དང༌། ཡུལ་ཡུལ་ ཅན་རྒྱུ་འབྲས་རྣམས་སྔ་ཕྱི་ལས་དུས་མཉམ་མི་སྲིད། བསམ་གཏན་དང་པོ་གཉིས་ཀྱི་ཡན་ 3-1-33 ལག་གི་བདེ་བ་ནི་ལུས་ཤེས་འཁོར་གྱི་ཚོར་བདེ་ལ་འདོད་ཅིང༌། དགྲ་བཅོམ་ཉམས་པའི་ ཆོས་ཅན་མི་སྲིད་ཅིང༌། བྱང་འཕགས་ལ་མཉམ་བཞག་གིས་མ་ཁྱབ་པ་དང༌། འདི་བས་ཆོས་ སྐུ་གཟུགས་སྐུ་གཉིས་འདོད་པ་དང༌། སངས་རྒྱས་ཀྱི་གཟུགས་ཕུང་ཡང་སངས་རྒྱས་སུ་ཁས་ ལེན་ནོ། ། ཐེག་ཆེན་སྡེ་པ། གཉིས་པ་ཐེག་ཆེན་སྡེ་པ་ལ། སེམས་ཙམ་པ་དང༌། དབུ་མ་པ་གཉིས་ལས། སེམས་ཙམ་པ། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་ མཚན་ཉིད། དབྱེ་བ་དང་སྒྲ་བཤད། འདོད་པའི་ཁྱད་པར་དང་ལྔ་ལས། དང་པོ་ནི་འཕགས་པ་ཐོགས་མེད། རྣམ་བཤད་རིག་པ་སོགས་རྩོམ་སྐབས་ཀྱི་སློབ་ དཔོན་དབྱིག་གཉེན། གནས་བསྟན་ཆོས་སྐྱོང༌། ཕྱོགས་གླང༌། ཆོས་གྲགས། གསེར་གླིང་ བ་དང༌། ཤནྟི་བ་སོགས་སོ། །གཉིས་པ་ལ་བཀའ་དང་བསྟན་བཅོས་གཉིས་ལས། དང་པོ་ ནི། མདོ་ལང་ཀར་གཤེགས་པ། དགོངས་འགྲེལ། རྒྱན་སྟུག་པོ་བཀོད་པ། མདོ་སྡེ་ཕལ་བོ་ ཆེ་སོགས་དང༌། གཉིས་པ་ནི། ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས་ སོགས་དང༌། དབྱིག་གཉེན་གྱི་ཉི་ཤུ་པ་སུམ་ཅུ་པ་སོགས་ཀྱི་དངོས་བསྟན་ཕལ་ཆེ་བ་རྣམས་ སོ། །གསུམ་པ་ནི། གང་སྣང་རང་གི་སེམས་ཀྱི་སྣང་བར་ཁས་ལེན་པའི་སངས་རྒྱས་པ་གང་ ཞིགཕྱི་དོན་ཁས་མི་ལེན་ཅིང་རྣམ་ཤེས་བདེན་གྲུབ་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བའི་གང་ ཟག་དེ། སེམས་ཙམ་པའི་མཚན་ཉིད། བཞི་པ་ལ་དབྱེ་བ་དང་སྒྲ་བཤད་གཉིས་ལས། དང་ པོ་ནི། ངོ་བོའི་སྒོ་ནས་དབྱེ་ན། མདོ་སྡེ་པ་ལྟར་ལུང་རིགས་ཀྱི་རྗེས་འབྲང་གི་སེམས་ཙམ་ 3-1-34 པ་གཉིས་ཡོད། རྣམ་པའི་སྒོ་ནས་དབྱེ་ན། རྣམ་བདེན་པ་དང༌། རྣམ་བརྫུན་པ་གཉིས་ཡོད། གཉིས་པ་ནི། ཆོས་ཐམས་ཅད་རང་གི་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་ན་སེམས་ཙམ་ པ་ཞེས་དང༌། རྣལ་འབྱོར་པས་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་ པས་ན་རྣལ་འབྱོར་པ་སྤྱོད་པ་ཞེས་བྱའོ། ། ལྔ་པ་ལ། གཞི་ལམ་འབྲས་གསུམ་ལས། དང་པོ་ལ། བདེན་པ་གཉིས་ཀྱི་རྣམ་ གཞགམཚན་ཉིད་གསུམ། འཕྲོས་དོན་གཞན་བཤད་པ་དང་གསུམ་ལས། དང་པོ་ལ། བདེན་ གཉིས་ཀྱི་དབྱེ་གཞི་དང༌། བདེན་གཉིས་དངོས་གཉིས་ལས། དང་པོ་ནི། མདོ་ལས། ཤེས་པར་ བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་འདིར་ཟད་དོ། །ཞེས་གསུངས་པ་ ལྟར་སྤྱིར་བདེན་གཉིས་ཀྱི་དབྱེ་གཞི་ནི་ཤེས་བྱ་ཡིན་པར་འདོད་དོ། །གཉིས་པ་ལ། ཀུན་རྫོབ་ དང༌། དོན་དམ་བདེན་པ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ། རྣམ་གྲངས། སྒྲ་ བཤད་དང་བཞི་ལས། དང་པོ་ནི། རང་འཛིན་སྟངས་སུ་བྱས་ཏེ་བསྒོམས་པས་སྒྲིབ་པ་རྣམ་ པར་དག་པར་འགྱུར་བའི་དམིགས་པ་མཐར་ཐུག་མ་ཡིན་པའི་ཆོས་དེ། ཀུན་རྫོབ་བདེན་པའི་ མཚན་ཉིད། མཚན་གཞི་གཞན་དབང་ཀུན་བཏགས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ ཅད་དོ། །གཉིས་པ་ནི། ཀུན་རྫོབ་ལ་དབྱེ་ན། བཏགས་པའི་ཀུན་རྫོབ་དང༌། ཤེས་པའི་ཀུན་ རྫོབ་དང༌། བརྗོད་པའི་ཀུན་རྫོབ་གསུམ་མོ། །གསུམ་པ་ནི། ཐ་སྙད་བདེན་པ། བརྫུན་པ། བསླུ་བའི་ཆོས། སྣང་གནས་མི་མཐུན་པའི་ཆོས་སོགས་སོ། །བཞི་པ་ནི། བཏགས་པ་དང་ ཤེས་པ་དང་བརྗོད་པའི་ཀུན་རྫོབ་ཀྱི་ངོར་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་བརྗོད་དོ། །གཉིས་པ་ལ། མཚན་ཉིད། དབྱེ་བ། མིང་གི་རྣམ་གྲངས། སྒྲ་བཤད་དང་བཞི་ལས། དང་པོ་ནི། རང་འཛིན་སྟངས་སུ་བྱས་ཏེ་བསྒོམས་པས་སྒྲིབ་པ་རྣམ་པར་དག་པར་འགྱུར་ བའི་དམིགས་པ་མཐར་ཐུག་ཏུ་གྱུར་པའི་ཆོས་ཏེ། དོན་དམ་བདེན་པའི་མཚན་ཉིད། མཚན་ 3-1-35 གཞི་བདག་མེད་གཉིས་ལྟ་བུའོ། །གཉིས་པ་ནི། འདི་ལ་བསྡུས་པར་དབྱེ་ན་བདག་མེད་ གཉིས་དང༌། རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུག་སོགས་ཡོད། དེ་ལས་སྟོང་ཉིད་བཅུ་དྲུག་ ནི། ཕྱིའི་སྐྱེ་མཆེད་རྣམས་མིང་གི་འཇུག་གཞི་རང་མཚན་གྱིས་གྲུབ་པས་སྟོང་པ་དེ། ཕྱི་སྟོང་ པ་ཉིད་དང༌། དེ་བཞིན་དུ་ནང་གི་སྐྱེ་མཆེད་དང༌། ནང་སྟོང་པ་ཉིད། བར་གྱི་དབང་རྟེན་དང༌། ཕྱི་ནང་སྟོང་པ་ཉིད། ཀུན་བཏགས་རང་མཚན་གྱིས་གྲུབ་པས་སྟོང་པ་ཉིད་དང༌། སྟོང་པ་ཉིད་ སྟོང་པ་ཉིད། ཕྱོགས་བཅུ་པོ་དང༌། ཆེན་པོ་སྟོང་པ་ཉིད། སྟོང་ཉིད་དོན་དམ་པར་གྲུབ་པ་དེ་ ཉིད་དང༌། དོན་དམ་པ་སྟོང་པ་ཉིད། འདུས་བྱས་དང༌། འདུས་བྱས་སྟོང་པ་ཉིད། འདུས་མ་ བྱས་དང༌། འདུས་མ་བྱས་སྟོང་པ་ཉིད། འཁོར་བ་ལ་དེ་ལ་ཐོག་མ་ཡོད་པ་རྟག་མཐའ་དང་ཐ་ མ་མེད་པ་ཆད་མཐའ་དང་དེ་གཉིས་ཀྱི་བར་ན་གནས་པའི་འཁོར་བ་དེ་ཉིད་མིང་གི་འཇུག་ གཞི་རང་མཚན་གྱིས་གྲུབ་པ་བར་མཐའ་སྟེ་དེ་འདྲའི་མཐའ་གསུམ་ལས་འདས་པ་དེ་ཉིད་ དང༌། མཐའ་ལས་འདས་པ་སྟོང་པ་ཉིད། འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པ་དེ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། ཐེག་ཆེན་གྱི་ལམ་ནམ་ཡང་དོར་བ་མེད་པ་དེ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད། ཆོས་རྣམས་ཀྱི་གནས་ལུགས་དེ་བཞིན་ཉིད་དབང་ཕྱུག་སོགས་ བྱེད་པོ་མེད་པར་ཐོག་མ་ནས་རང་བཞིན་དུ་གྲུབ་པས་སྟོང་པ་དེ་ཉིད་དང༌། རང་བཞིན་སྟོང་ པ་ཉིད། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དང༌། ཆོས་ཐམས་ཅད་སྟོང་པ་ ཉིད། ཆོས་རྣམས་ཀྱི་མཚན་ཉིད་རྣམས་དང༌། རང་གི་མཚན་ཉིད་སྟོང་པ་ཉིད། དུས་གསུམ་ དུས་མཉམ་དུ་དམིགས་པ་མེད་པ་དེ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད། ཆོས་རྣམས་རང་ འཛིན་རྟོག་པའི་ཞེན་གཞིར་རང་མཚན་དུ་གྲུབ་པའི་དངོས་པོ་མེད་ཀྱང་རང་འཛིན་རྟོག་པའི་ ཞེན་གཞི་ཙམ་དུ་གྲུབ་པའི་ངོ་བོ་ཡོད་པ་དེ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་རྣམས་ལ་སྟོང་གཞིའི་སྒོ་ནས་འགྲེས་སྦྱར་བས་ཤེས་སོ། །གསུམ་པ་ནི། སྟོང་ཉིད། ཆོས་ 3-1-36 དབྱིངས། ཡོངས་གྲུབ། དོན་དམ་བདེན་པ། ཡང་དག་མཐའ། དེ་བཞིན་ཉིད་རྣམས་སོ། །བཞི་ པ་ནི། དགག་བྱ་ཆོས་བདག་གིས་སྟོང་པས་ན་སྟོང་ཉིད་དང༌། འཕགས་པའི་ཆོས་ཀྱི་རྒྱུ་བྱེད་ པས་ན་ཆོས་དབྱིངས་དང༌། གནས་ལུགས་མཐར་ཐུག་ཏུ་ཡོངས་སུ་གྲུབ་པས་ན་ཡོངས་གྲུབ་ དང༌། འཕགས་པའི་མཉམ་བཞག་གི་སྤྱོད་ཡུལ་དུ་བདེན་པས་ན་དོན་དམ་བདེན་པ་དང༌། ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པས་ན་ཡང་དག་མཐའ་དང༌། རྟག་ཏུ་མི་འགྱུར་བར་གནས་ པས་ན་དེ་བཞིན་ཉིད་ཅེས་པའོ། །འདི་བས་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ འདོད་དོ། །གཉིས་པ་ལ། ཀུན་བཏགས། གཞན་དབང༌། ཡོངས་གྲུབ་གསུམ་ལས། དང་ པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། གཞི་གང་ལ་སྒྲ་དང་རྟོག་ པའམ་མིང་བརྡ་ཅི་རིགས་ཀྱིས་སྒྲོ་བཏགས་པའི་ཆ་དེ་ཀུན་བཏགས་ཀྱི་མཚན་ཉིད། མཚན་ གཞི་ཤེས་བྱ་དང་བདག་གཉིས་ལྟ་བུའོ། །གཉིས་པ་ནི། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ མིང་བརྡས་བཞག་ཙམ་ཡིན་པས་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་དང༌། རྟོག་པས་ཀུན་ ནས་བཏགས་པའི་ཆ་ཙམ་ཡིན་པས་ན་ཀུན་བཏགས་ཞེས་བྱའོ། །གསུམ་པ་ལ། ཤེས་བྱ་ལྟ་ བུའི་རྣམ་གྲངས་པའི་ཀུན་བཏགས་དང༌། གང་ཟག་གི་བདག་ལྟ་བུའི་མཚན་ཉིད་ཡོངས་སུ་ ཆད་པའི་ཀུན་བཏགས་དང་གཉིས་ཡོད་དོ། །གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་ དང་གསུམ་ལས། དང་པོ་ནི། རྒྱུ་རྐྱེན་གཞན་ལས་བྱུང་བའི་དངོས་པོ་དེ། གཞན་དབང་གི་མཚན་ཉིད། མཚན་གཞི་རྣམ་ཤེས་ཚོགས་བརྒྱད་ལྟ་བུའོ། །གཉིས་པ་ནི། སྐྱེ་ནས་སྐད་ཅིག་མ་གཅིག་ ལས་སྡོད་མི་ཐུབ་པས་ན་གཞན་དབང་དང༌། རྒྱུ་རྐྱེན་གྱིས་སྐྱེ་ཡང་རང་དབང་དུ་སྐྱེ་བ་མེད་ པས་ན་སྐྱེ་བ་ངོ་བོ་ཉིད་མེད་པ་ཞེས་སོ། །གསུམ་པ་ལ། འཕགས་པའི་མི་རྟོག་ཡེ་ཤེས་དང་ མཚན་དཔེ་ལྟ་བུའི་དག་པའི་གཞན་དབང་དང༌། ཀུན་ཉོན་དང་ཟག་བཅས་ཀྱི་ཕུང་པོ་ལྟ་བུའི་ 3-1-37 མ་དག་པའི་གཞན་དབང་དང་གཉིས་ཡོད། གསུམ་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་ དང་གསུམ་ལས། དང་པོ་ནི། བདག་འཛིན་གཉིས་ཀྱིས་སྒྲོ་བཏགས་པ་ལྟར་དུ་གྲུབ་པས་སྟོང་ པའི་དེ་བཞིན་ཉིད་དེ། ཡོངས་གྲུབ་ཀྱི་མཚན་ཉིད། མཚན་གཞི་ཆོས་ཉིད་ལྟ་བུའོ། །གཉིས་ པ་ནི། རྣམ་པ་གཞན་དུ་མི་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པས་ན་ ཡོངས་གྲུབ་དང༌། དོན་དམ་པའི་རང་བཞིན་ལ་དགག་བྱ་ཆོས་བདག་གི་ངོ་བོ་ཉིད་མེད་པས་ ན་དོན་དམ་པ་ངོ་བོ་ཉིད་མེད་པ་ཞེས་བརྗོད། གསུམ་པ་ལ། འཕགས་པའི་མཉམ་བཞག་ལྟ་ བུའི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང༌། སྟོང་ཉིད་ལྟ་བུའི་འགྱུར་མེད་ཡོངས་གྲུབ་དང་ གཉིས་ཡོད་པ་ལས་སྔ་མ་བཏགས་པ་བ་དང་ཕྱི་མ་དངོས་སོ། །གསུམ་པ་འཕྲོས་དོན་གཞན་ བཤད་པ་ལ། རྫས་བཏགས་ཀྱི་ཁྱད་པར། རྣམ་ཤེས་ཀྱི་གྲངས་མང་ཉུང༌། སེམས་ཙམ་རྣམ་ བདེན་པརྫུན་གྱི་ཁྱད་པར་དང་གསུམ་ལས། དང་པོ་ལ། ཡོད་མེད་གཉིས་ཀྱི་སྒོ་ནས་དང༌། དངོས་པོ་དངོས་མེད་གཉིས་ཀྱི་སྒོ་ནས་ དང༌། རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་དང་དེ་མི་ཐུབ་པའི་བཏགས་ཡོད་གཉིས་ཀྱི་སྒོ་ནས་ འཇོག་ཚུལ་དང་གསུམ་ལས། སྔ་མ་གཉིས་རྫས་བཏགས་བཏགས་པ་བ་དང༌། ཕྱི་མ་ནི་ རྫས་བཏགས་མཚན་ཉིད་པའོ། །དེ་ལས་རང་རྐྱ་འཛིན་ཐུབ་པའི་རྫས་ཡོད་ནི། རང་འཛིན་ པའི་དུས་སུ་ཆོས་གཞན་བཟུང་བ་ལ་མ་ལྟོས་པར་རང་ཉིད་བློ་ཡུལ་དུ་འཆར་ཐུབ་པའི་ཆོས་ དང༌། དེ་མི་ཐུབ་པའི་བཏགས་ཡོད་ནི། དེ་ལས་ལྡོག་པའི་ཆོས་སོ། །དེ་ལས་རང་རྐྱ་འཛིན་ ཐུབ་པའི་རྫས་ཡོད་ནི་བློ་ལ་འཆར་ཚུལ་གྱིས་དེ་ལྟར་བཞག་ལ། རང་རྐྱ་ཐུབ་པའི་རྫས་ཡོད་ ནི་ཆོས་རང་གི་གཏགས་གཞི་རྣམས་ལ་མ་ལྟོས་པར་རང་དབང་བའི་ཚུགས་ཐུབ་ལ་གོ་རྒྱུ་ ཡིན་ཕྱིར་དེ་གཉིས་མི་འདྲའོ། །རང་རྐྱ་འཛིན་མི་ཐུབ་པའི་བཏགས་ཡོད་ལ་ནི་རང་རྐྱ་མི་ ཐུབ་པའི་བཏགས་ཡོད་མ་ཡིན་པ་མེད་དོ། །གཉིས་པ་ལ། ཀུན་གཞིའམ་ཡིད་ཀྱི་རྣམ་ཤེས་ 3-1-38 ཁོ་ན་སྟེ་རྣམ་ཤེས་ཚོགས་གཅིག་ཏུ་འདོད་པ་དང༌། ཉོན་ཡིད་དང་འཇུག་ཤེས་ཏེ་རྣམ་ཤེས་ ཚོགས་གཉིས་སུ་འདོད་པ་དང༌། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་ཏེརྣམ་ ཤེས་ཚོགས་དྲུག་ཏུ་འདོད་པ་དང༌། རྣམ་ཤེས་ཚོགས་དྲུག་དང་ཉོན་ཡིད་དེ་རྣམ་ཤེས་ཚོགས་ བདུན་དུ་འདོད་པ་དང༌། ཚོགས་དྲུག་ཉོན་ཡིད་ཀུན་གཞི་སྟེ་རྣམ་ཤེས་ཚོགས་བརྒྱད་དུ་འདོད་ པ་དང༌། དེ་བརྒྱད་ཀྱི་སྟེང་དུ་དེ་བཞིན་ཉིད་དམིགས་པར་བྱེད་པའི་དྲི་མ་མེད་པའི་རྣམ་ཤེས་ ཏེ་རྣམ་ཤེས་ཚོགས་དགུ་རུ་འདོད་ཚུལ་དང་དྲུག་ཡོད་པ་ལས། རྣམ་ཤེས་ཚོགས་བརྒྱད་འདོད་ པ་ནི་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་དང༌། ཚོགས་དྲུག་འདོད་པ་ནི་རིགས་པའི་རྗེས་ འབྲང་གི་སེམས་ཙམ་པའོ། །དེ་དག་ལས་ཉོན་ཡིད་ནི། དམིགས་པ་ཀུན་གཞི་ལ་དམིགས་ ནས་རྣམ་པ། ང་དང་ང་ཡི་བ་འཛིན་པ་ཅན་འཁོར་ཀུན་འགྲོ་ལྔ་དང༌། འདོད་ཆགས། མ་ རིག་པ། ང་རྒྱལ། བདག་ལྟ་སྟེ་སེམས་བྱུང་དགུ་པོ་ཁོ་ན་དང་མཚུངས་པར་ལྡན་པའི་རང་གི་ ངོ་བོ་སྒྲིབ་ལུང་མ་བསྟན་གྱི་གཙོ་སེམས་ཤིག་གོ། །ཀུན་གཞི་ནི། རང་གི་ངོ་བོ་མ་སྒྲིབ་ལུང་ མ་བསྟན་འཁོར་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་པ་དུས་ཐོག་མེད་ནས་བརྒྱུད་དེ་འོང་བ་ ལས་བཟང་ངན་ཐམས་ཅད་ཀྱི་བག་ཆགས་ཀྱི་བགོ་གཞིར་གྱུར་པ་དམིགས་པ་མངོན་པར་ བརྗོད་པའི་བག་ཆགས་སོགས་བག་ཆགས་བཞི་པོ་ཅི་རིགས་ལ་དམིགས་ནས་རྣམ་པ་སྣོད་ བཅུད་སོགས་ཅི་རིགས་སྣང་ཡང་དེ་ལ་ངེས་པ་འདྲེན་མི་ནུས་པའི་དམིགས་རྣམ་མི་གསལ་ བའི་གཙོ་སེམས་ཤིག་གོ། དེའི་དམིགས་ཡུལ་གྱི་བག་ཆགས་བཞི་ནི། སྔོ་འཛིན་མིག་ཤེས་ ལ་སྔོན་པོ་རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་སྣང་བ་ལ་དབང་བྱེད་ པའི་བག་ཆགས་ལྟ་བུ་ནི་མངོན་པར་བརྗོད་པའི་བག་ཆགས་དང༌། བདག་གཞན་རིས་སུ་ བཅད་ནས་བདག་ཏུ་འཛིན་པའི་ལྟ་བ་ལ་དབང་བྱེད་པའི་བག་ཆགས་ལྟ་བུ་ནི། བདག་ཏུ་ ལྟ་བའི་བག་ཆགས་དང༌། འཁོར་བར་འཕེན་བྱེད་ཀྱི་དགེ་སྡིག་གི་ལས་ཀྱི་བག་ཆགས་ལྟ་བུ་ 3-1-39 ནི། སྲིད་པའི་ཡན་ལག་གི་བག་ཆགས་དང༌། སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་ བ་ལ་དབང་བྱེད་པའི་བག་ཆགས་ལྟ་བུ་ནི། རིགས་མཐུན་གྱི་བག་ཆགས་ཡིན་ནོ། །འདི་བའི་ ལུགས་ལ། ཤེས་པ་ཡིན་ན་རྐྱེན་བཞི་ཀ་ཡོད་པས་ཁྱབ་ཅིང་རྟོག་པ་རྣམས་ཀྱི་དམིགས་རྐྱེན་ ལ་བག་ཆགས་འཇོག་གོ། དེ་ཡང་སྔོ་འཛིན་མིག་ཤེས་ལ། རང་གི་རྒྱུའི་རྐྱེན་ནི་རང་ཉིད་སྐྱེད་ བྱེད་ཀྱི་རྒྱུ་དང༌། དེ་མ་ཐག་རྐྱེན་ནི་རང་གི་སྔ་ལོག་དེ་མ་ཐག་ཏུ་བྱུང་བའི་ཤེས་པ་རྣམས་དང༌། དམིགས་རྐྱེན་ནི་ཡུལ་སྔོན་པོ་དང༌། བདག་རྐྱེན་ནི་ནང་གི་དབང་པོ་གཟུགས་ཅན་པ་ཡིན་པ་ ལྟར་རོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་ གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་གསུངས་པ་ལྟར་སེམས་ ཙམ་རང་ལུགས་ལ་དོན་དམ་པར་ན་དབང་པོ་གཟུགས་ཅན་པའི་བེམ་པོ་མི་འདོད་ཅིང་དེ་མ་ ཐག་རྐྱེན་གྱི་ཤེས་པ་སྔ་མའི་སྟེང་གི་དབང་ཤེས་བསྐྱེད་པའི་ནུས་པ་ཙམ་ལ་དབང་པོ་ཡིན་ པར་འདོད་དོ། །གསུམ་པ་ནི། འཇུག་ཤེས་མངོན་སུམ་ལ་སྔོན་པོ་སོགས་ཁ་དོག་དང༌། གྲུ་ བཞི་སོགས་དབྱིབས་དང༌། སྐད་ཅིག་སྔ་ཕྱི་སོགས་རྒྱུན་དུ་སྣང་བ་རྣམས་ནི་སེམས་ཙམ་རྣམ་ བདེན་རྫུན་གཉིས་ཀྱི་རྩོད་གཞི་ཡིན་ལ། སེམས་ཙམ་རྣམ་བདེན་པས་ནི་སོ་སྐྱེས་རྒྱུད་ཀྱི་ གཟུགས་འཛིན་མངོན་སུམ་ལ་གཟུགས་ཕྱི་དོན་སོགས་སུ་སྣང་བའི་ཆ་ལ་མ་རིག་པས་བསླད་ པ་ཞུགས་ཀྱང་གཟུགས་གཟུགས་སུ་སྣང་བ་དང་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་ པས་བསླད་པ་ཞུགས་པར་འདོད་སེམས་ཙམ་རྣམ་རྫུན་པས་སོ་སྐྱེས་རྒྱུད་ཀྱི་གཟུགས་འཛིན་ མངོན་སུམ་ལ་གཟུགས་ཕྱི་དོན་སོགས་སུ་སྣང་བའི་ཆ་ལ་མ་རིག་པས་བསླད་པ་ཞུགས་པ་ན་ ཟད་གཟུགས་གཟུགས་སུ་སྣང་བ་དང་གཟུགས་རགས་པར་སྣང་བའི་ཆ་ལའང་མ་རིག་པས་ བསླད་པ་ཞུགས་པར་འདོད་དོ། །དེས་ན། སེམས་ཙམ་པ་གང་ཞིགསོ་སྐྱེས་རྒྱུད་ཀྱི་གཟུགས་ འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་པས་བསླད་པ་མ་ཞུགས་ 3-1-40 པར་འདོད་པ་དེ། སེམས་ཙམ་རྣམ་བདེན་པའི་མཚན་ཉིད། འདི་ལ་དབྱེ་ན། གཟུང་འཛིན་ གྲངས་མཉམ་པ། སྒོ་ང་ཕྱེད་ཚལ་པ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད་པ་ལས། དང་ པོའི་ལུགས་ལ་ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ཚེ་ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་ སོགས་ཀྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་བ་སྐྱེ་བར་འདོད་པའི་སློབ་ དཔོན་ཤཱཀྱ་བློ་དང༌། གཉིས་པའི་ལུགས་ལ་སྔོན་པོ་དང་སྔོ་འཛིན་གཉིས་གྲུབ་དུས་ལ་ལྟོས་ ནས་སྔ་ཕྱི་རྫས་ཐ་དད་ཀྱང་དམིགས་དུས་ལ་ལྟོས་ནས་རྫས་གཅིག་པར་སྨྲ་བ་ནི་བྲམ་ཟེ་བདེ་ བྱེད་དགའ་བ་དང༌། གསུམ་པའི་ལུགས་ལ་ཁྲ་འཛིན་མིག་ཤེས་ཀྱིས་ཁྲ་བོ་ལ་བལྟས་པའི་ ཚེ་ཡུལ་ཁྲ་བོའི་སྟེང་གི་སྔོ་སེར་གྱི་གྲངས་དང་མཉམ་པའི་ཡུལ་ཅན་ཤེས་པའི་རྣམ་པ་རེ་རེ་ བར་མི་སྐྱེ་བར་ཁྲ་བོའི་ཆ་ཤས་སྣ་ཚོགས་སྣང་བའི་ཆ་ཅན་ཁྲ་འཛིན་ཤེས་པ་གཅིག་པུ་སྐྱེ་བར་ འདོད་པ་ནིསློབ་དཔོན་ཆོས་ཀྱི་གྲགས་པའོ། །ཡང་སེམས་ཙམ་པ་གང་ཞིགསོ་སྐྱེས་རྒྱུད་ཀྱི་ གཟུགས་འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་པས་བསླད་པ་ ཞུགས་པར་འདོད་པ་དེ། སེམས་ཙམ་རྣམ་རྫུན་པའི་མཚན་ཉིད། འདི་ལ་དབྱེ་ན་རྣམ་རྫུན་ དྲི་བཅས་པ་དང༌། དྲི་མེད་པ་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་སེམས་ཀྱི་ངོ་བོ་ལ་མ་ རིག་བག་ཆགས་ཀྱི་དྲི་མས་བསླད་མ་བསླད་ཀྱི་སྟེང་ནས་འཇོག་ཚུལ་དང༌། སངས་རྒྱས་ཀྱི་ ས་ན་མ་རིག་པ་མེད་ཀྱང་འཁྲུལ་སྣང་ཡོད་མེད་ཀྱི་སྟེང་ནས་འཇོག་ཚུལ་དང་གཉིས་ཡོད་དོ། །གཉིས་པ་ལམ་ལ། ཐེག་དམན་དང༌། ཐེག་ཆེན་གྱི་ལམ་གཉིས་ལས། དང་པོ་ལ། ཉན་ཐོས་དང༌། རང་རྒྱལ་གྱི་ལམ་གཉིས་ལས། དང་པོ་ལ། ཉན་ཐོས་ཀྱི་ རིགས་དང༌། ལམ་དངོས་གཉིས་ལས། དང་པོ། ཉན་ཐོས་ཀྱི་ཆོས་གནས་པ་དང་འཕེལ་བར་ བྱེད་རུང་བའི་ནུས་པ་ཐོག་མ་མེད་པའི་དུས་ནས་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་ཡོད་པ་དེ་ ཡིན་ལ། རིགས་ཀྱི་རྟགས་ནི་ལུས་ལོངས་སྤྱོད་ལ་ཆགས་ཞེན་ཆུང་བ། འཁོར་བ་ལ་སྐྱོ་ཤས་ 3-1-41 ཆེ་བ། བག་ཡོད་དང་ལྡན་ཞིང་མི་དགེ་བ་ལ་འཛེམ་པ། བདེན་བཞིའི་ཆོས་ཚུལ་ཐོས་པ་ན་ ཡིད་ཆེས་པའི་དད་པ་སྐྱེ་བ། སོ་ཐར་གྱི་སྡོམ་པ་ལེན་ཅིང་བསླབ་པ་སྲོག་ལ་བབས་ཀྱང་མི་ གཏོང་བ། རང་གིས་དགེ་བ་གང་བསགས་རྣམས་འཁོར་བ་ལས་གྲོལ་བའི་རྒྱུར་བསྔོ་བ་དང་ དྲུག་དེའོ། །གཉིས་པ་ལམ་དངོས་ནི། ཆེད་དུ་བྱ་བ་ནི་རང་ཉིད་གཅིག་པུར་འཁོར་བ་མཐའ་ དག་ལས་གྲོལ་འདོད་པའི་བསམ་པའི་ཀུན་སློང་གི་སྒོ་ནས་བསླབ་པ་གསུམ་ལ་སློབ་པར་ བྱེད་པ་དེ་ཡིན་ཞིང༌། དེ་ལས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སོ་ཐར་རིགས་བརྒྱད་ཀྱི་ ཚུལ་ཁྲིམས་གང་ཡང་རུང་བ་ཞིག་གོ། །སོ་ཐར་རིགས་བརྒྱད་ནི། བསྙེན་གནས་དགེ་བསྙེན་ ཕ་མ། དགེ་ཚུལ་ཕ་མ། དགེ་སློབ་མ། དགེ་སློང་ཕ་མ་དང་བརྒྱད་དོ། །ལྷག་པ་ཏིང་ངེ་འཛིན་ གྱི་བསླབ་པ་ནི། འདོད་སེམས་དགུ་དང་སྟོབས་དྲུག་དང་ཡིད་བྱེད་བཞིའི་སྒོ་ནས་བསྒྲུབས་ པའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ་ཡིན། ལྷག་པ་ཤེས་རབ་ཀྱི་བསླབ་པ་ནི། དེ་འདྲའི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་སོ་ སོར་རྟོགས་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་སྟོབས་ཀྱིས་དྲངས་པའི་ཤིན་སྦྱངས་དང་ བཅས་པའི་ཤེས་རབ་ལྷག་མཐོང་གི་ཕྱོགས་ཀྱིས་བསྡུས་པ་ཞིག་ཡིན་ལ། དེ་ལས་ལྷག་པའི་ ཚུལ་ཁྲིམས་ཀྱི་བསླབ་པ་དང་གང་ཟག་གི་བདག་མེད་གཏན་ལ་འབེབས་པའི་ཐོས་བྱུང་དང་ བསམ་བྱུང་གཙོ་བོར་གྱུར་པའི་སྐབས་ཀྱི་ལམ་ནི་ཉན་ཐོས་ཀྱི་ཚོགས་ལམ་དང༌། སྒོམ་བྱུང་ གཙོ་བོར་གྱུར་པས་གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་ཡིད་ལ་བྱེད་པའི་ལམ་ནི་ ཉན་ཐོས་ཀྱི་སྦྱོར་ལམ་དང༌། གང་ཟག་གི་བདག་མེད་གསར་དུ་མངོན་སུམ་དུ་མཐོང་བའི་ཡེ་ ཤེས་ནི་ཉན་ཐོས་ཀྱི་མཐོང་ལམ་དང༌། དེ་འདྲའི་བདག་མེད་མངོན་སུམ་དུ་མཐོང་ཟིན་དེ་ལ་ ཡང་ནས་ཡང་དུ་གོམས་པའི་ཡེ་ཤེས་ནི་ཉན་ཐོས་ཀྱི་སྒོམ་ལམ་དང༌། དེ་འདྲའི་རང་ལམ་གྱི་ བགྲོད་པ་མཐར་ཕྱིན་པའི་ལམ་ནི་ཉན་ཐོས་ཀྱི་མི་སློབ་ལམ་མོ། །གཉིས་པ་ལ། རང་རྒྱལ་གྱི་ 3-1-42 རིགས་དང༌། ལམ་དངོས་གཉིས་ལས། དང་པོ་ནི། རང་སངས་རྒྱས་ཀྱི་ཆོས་གནས་པ་དང་ འཕེལ་བར་བྱེད་རུང་བའི་ནུས་པ་ཙམ་མ་གཏོགས་སྤྱིར་གོང་ཉན་ཐོས་དང་འདྲ། རིགས་ཀྱི་ རྟགས་ནི་ཉོན་མོངས་ཆུང་ཞིང་འདུ་འཛི་ལ་མི་དགའ་བ་དང༌། སྙིང་རྗེ་ཆུང་ཞིང་སེམས་ལས་ ཆུང་ངུར་གནས་པ་དང༌། ང་རྒྱལ་ཆེ་ཞིང་རང་བཞིན་གྱི་དབང་པོ་འབྲིང་ཞིག་གོ། །རང་རྒྱལ་ བསེ་རུ་ལྟ་བུ་ནི་རང་རྒྱལ་རིགས་ངེས་དང༌། རང་རྒྱལ་ཚོགས་སྤྱོད་པ་དང་ཞིང་སྤྱོད་པ་གཉིས་ ནི་མ་ངེས་པའི་རིགས་སོ། །གཉིས་པ་ལམ་དངོས་ནི། རང་རྒྱལ་གྱི་ལམ་ནི་སྤྱིར་ཉན་ཐོས་ དང་འདྲ་བ་ལས་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་སྒོམ་པ་དང༌། གཉིས་སྟོང་སྒོམ་ པ་རྣམས་ནི་ཁྱད་པར་རོ། །རང་རྒྱལ་དགྲ་བཅོམ་པའི་བྲལ་འབྲས་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་ རགས་པ་ཙམ་སྤངས་པའི་འགོག་བདེན་ནོ། །གཉིས་པ་ཐེག་ཆེན་གྱི་ལམ་ལ། རིགས་དང༌། ལམ་དངོས་གཉིས་ལས། དང་པོ་ལ། རང་བཞིན་གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་ གཉིས་ལས། དང་པོ་ནི་ཀུན་གཞིའི་རྣམ་ཤེས་སྟེང་གི་ཟག་མེད་སེམས་ཀྱི་ས་བོན་བླ་མེད་བྱང་ཆུབ་ བསྐྱེད་པའི་ནུས་པ་དེ་ཡིན། ལུང་གི་རྗེས་འབྲང་གི་སེམས་ཙམ་པས། སྤྱིར་སེམས་ཅན་རྣམས་ ལ་རྐྱེན་གང་གིས་བསྒྱུར་དུ་མེད་པའི་ཐེག་པ་གསུམ་པོ་ལ་སོ་སོར་ངེས་པའི་རིགས་ཤིག་དང༌། རྐྱེན་གྱིས་བསྒྱུར་དུ་ཡོད་པའི་མ་ངེས་པའི་རིགས་ཤིག་དང༌། ལམ་གང་བསྒོམས་ཀྱང་རྒྱུད་ ལ་སྐྱེ་བ་མེད་པའི་རིགས་ཆད་པ་ཞིག་དང་གསུམ་ཡོད་པར་འདོད་ཕྱིར་འདི་བས་མཐར་ཐུག་ ཐེག་པ་གསུམ་གྲུབ་དང་རིགས་ཆད་འདོད་ལ། རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་ ནི། སེམས་ཅན་གྱི་ནང་ལ་གནས་སྐབས་ལམ་ཤེས་སྐྱེ་མི་སྐྱེ་རེ་ཡོད་ཀྱང་དེ་དག་གི་སེམས་ དྲི་མ་འབྲལ་རུང་མ་ཡིན་པ་གཅིག་ཀྱང་མེད་པས་མཐར་སངས་རྒྱ་བའི་རིགས་ཡོད་པས་ཁྱབ་ པར་འདོད་དོ། །གཉིས་པ་ནི། དེ་འདྲའི་རིགས་ལ་ཐོས་སོགས་གོམས་པར་བྱས་པས་གསོས་ 3-1-43 བཏབ་པའི་སྟོབས་ཀྱིས་སྔར་ལས་རྒྱས་པར་འགྱུར་བ་དེ་ཡིན་ནོ། །སྤྱིར་དབང་པོ་ཤིན་ཏུ་རྣོ་ བ། གཞན་ཕན་བྱ་བའི་ཕྱིར་དུ་ཞུགས་པ། ཤེས་བྱའི་གནས་རྒྱ་ཆེན་པོ་ལ་མཁས་པར་བྱ་བ་ རང་འབྲས་བླ་མེད་བྱང་ཆུབ་ཐོབ་པར་བྱེད་པ་སྟེ་ཁྱད་ཆོས་བཞིའི་སྒོ་ནས་ཐེག་ཆེན་གྱིརིགས་ འདི་ཐེག་དམན་ལས་ཁྱད་དུ་འཕགས་སོ། །རིགས་ཀྱི་རྟགས་ནི་རང་བཞིན་གྱི་སྙིང་རྗེ་ཆེ་བ། ཐེག་ཆེན་གྱི་ཆོས་ལ་མོས་པ། ཆོས་ཀྱི་ཕྱིར་དཀའ་སྤྱད་ལ་བཟོད་པ། ཕྱིན་དྲུག་སོགས་ཡང་ དག་པར་སྤྱོད་པ་དང་བཞི་དེའོ། །རིགས་ཀྱི་ཕན་ཡོན་ནི་ངན་སོང་དུ་སྐྱེ་དཀའ་ཞིང་གལ་ཏེ་ སྐྱེས་ཀྱང་ཚོར་བ་མི་བཟོད་པ་མི་མྱོང་བར་དེ་ལས་མྱུར་དུ་ཐར་པ་དང༌། དེས་ཀྱང་ཡིད་སྐྱོ་ནས་ སེམས་ཅན་ལ་སྙིང་ལྷག་པར་བརྩེ་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པའི་བྱ་བ་ལ་ ཆེད་དུ་བརྩོན་པ་རྣམས་སོ། །གཉིས་པ་ལམ་བཤད་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། བདེན་བཞིའི་རྣམ་པ་བཅུ་དྲུག་སོགས་ནི་ལྟ་བའི་ཡུལ་ཙམ་དང་གཟུགས་ སོགས་ཕྱི་དོན་དུ་གྲུབ་པས་སྟོང་པ་དང་ཆོས་རྣམས་རང་འཛིན་རྟོག་པའི་ཞེན་གཞིར་རང་ མཚན་གྱིས་གྲུབ་པས་སྟོང་པ་གཉིས་ནིལྟ་བའི་ཡུལ་གྱི་གཙོ་བོ་དང༌། དེ་དག་གི་གནས་ཚུལ་ ཇི་བཞིན་རྟོགས་པའི་ཤེས་རབ་རྣམས་ནི་ལྟ་བ་དངོས་སོ། །ལྟ་བའི་སྤང་བྱ་ནི། གང་ཟག་གི་ བདག་འཛིན་དང་དེས་བསྐྱེད་པའི་རྩ་ཉོན་ཉེ་ཉོན་དང་བཅས་པའི་ཉོན་སྒྲིབ་དང༌། གཟུགས་ སོགས་ཕྱི་དོན་དང་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་པར་འཛིན་པའི་ཤེས་སྒྲིབ་ རྣམས་སོ། །གཉིས་པ་ནི། དེ་དག་རྩེ་གཅིག་ཏུ་གོམས་པར་བྱེད་པའོ། །གསུམ་པ་ནི། ལྟ་བ་ དེ་དག་བསོད་ནམས་ཀྱི་ཚོགས་དང་སྦྲེལ་ནས་ཉམས་སུ་ལེན་པ་དེ་ཡིན་ནོ། །གསུམ་པ་ལ། ཐེག་དམན་དང༌། ཐེག་ཆེན་གྱི་འབྲས་བུ་གཉིས་ལས། དང་པོ་ནི། སྤྱིར་ཉན་རང་གཉིས་ཀ་ལ་མཐོང་སྤང་སྤངས་པའི་ཆ་ནས་རྒྱུན་ཞུགས་ཀྱི་ འབྲས་བུ་དང༌། འདོད་ཉོན་དྲུག་པ་སྤངས་པའི་ཆ་ནས་ཕྱིར་འོང་གི་འབྲས་བུ་དང༌། འདོད་ 3-1-44 ཉོན་དགུ་པ་སྤངས་པའི་ཆ་ནས་ཕྱིར་མི་འོང་གི་འབྲས་བུ་དང༌། སྲིད་ཉོན་དགུ་པ་སྤངས་པའི་ ཆ་ནས་དགྲ་བཅོམ་པའི་འབྲས་བུ་རྣམས་འཇོག་པ་ཡོད་ཕྱིར་འདི་གཉིས་ལ་ཞུགས་འབྲས་ བརྒྱད་ཀྱི་དབྱེ་ཚུལ་མི་འདྲ་བ་མེད་ཀྱང་ཚོགས་བསགས་ཚུལ་མང་ཉུང་ཡོད་པས་རང་ལམ་ གྱི་ཐོབ་བྱ་མཐར་ཐུག་པའི་འབྲས་བུ་ལ་མཆོག་དམན་ཡོད་པར་འདོད་དོ། །གཉིས་པ་ནི། ལུང་གི་རྗེས་འབྲང་གི་སེམས་ཙམ་པས་ནི། ཐེག་དམན་དགྲ་བཅོམ་ཞིབ་བགྲོད་པ་ཕྱོགས་ གཅིག་པའི་རིགས་ཅན་རྣམས་ནི་རང་ལམ་གྱི་ལྷག་བཅས་དགྲ་བཅོམ་ཐོབ་པའི་རྗེས་སུ་ལྷག་ མེད་མྱང་འདས་ཀྱི་དབྱིངས་དེ་ཀ་ལ་བཞུགས་པའི་ཚེ་སྒྲིབ་པ་ཀུན་དང་བྲལ་བ་ལ་དེ་བཞིན་ གཤེགས་པ་དང་ཁྱད་པར་མེད་ཀྱང་སྔོན་གྱི་དུས་སུ་སྨོན་ལམ་རླབས་པོ་ཆེ་མ་བཏབ་པ་དང་ ཞི་བདེའི་དབྱིངས་ལས་བཞེངས་འདོད་མེད་པ་ལ་སོགས་པའི་རྐྱེན་གྱིས་ཉེར་ཞིའི་གོ་འཕང་ ཙམ་ལ་རྟག་ཏུ་བཞུགས་པ་ལས་སངས་རྒྱས་ཀྱི་མཛད་པ་གང་ཡང་མི་མཛད་པ་དང༌། ཐེག་ དམན་དགྲ་བཅོམ་བྱང་ཆུབ་ཡོངས་གྱུར་གྱི་རིགས་ཅན་རྣམས་ཀྱིས་རང་ལམ་གྱི་ལྷག་བཅས་ དགྲ་བཅོམ་ཐོབ་པའི་རྗེས་སུ་ལྷག་མེད་མྱང་འདས་མ་ཐོབ་པའི་མཚམས་དེ་ནས་སངས་རྒྱས་ བྱང་སེམས་ཀྱིས་བསྐུལ་བ་ལ་བརྟེན་ནས་རྫུ་འཕྲུལ་གྱིས་སྤྲུལ་པའི་ལུས་ཙམ་མྱ་ངན་ལས་ འདའ་ཚུལ་མཛད་ནས་སྔར་གྱི་ལུས་དེ་ཉིད་མྱ་ངན་ལས་མི་འདའ་བར་བྱིན་གྱིས་བརླབས་ ནས་གཞན་གྱིས་མི་མཐོང་བར་བྱས་ཏེ་དབེན་པར་སོང་ནས་ཐེག་ཆེན་གྱི་ལམ་རྣམས་ལ་ རིམ་གྱིས་སློབ་པར་འདོད་པ་དང༌། རིགས་པའི་རྗེས་འབྲང་གི་སེམས་ཙམ་པས་ཐེག་དམན་ དགྲ་བཅོམ་ཡིན་ན་མཐར་ཐེག་ཆེན་གྱི་ལམ་དུ་ཞུགས་པས་ཁྱབ་པར་འདོད་དོ། །ཐེག་ ཆེན་གྱི་འབྲས་བུ་ནི་ཐེག་ཆེན་གྱི་ལྟ་བ་དེ་དག་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དང་སྦྲེལ་ ནས་བསྐལ་ཆེན་གྲངས་མེད་གསུམ་དུ་གོམས་པའི་མཐར་འོག་མིན་གྱི་རྟེན་ལ་ཆོས་སྐུ་དང་ གཟུགས་སྐུ་གཉིས་མངོན་དུ་བྱེད་པ་དང༌། མིའི་ལུས་རྟེན་ལ་གསར་དུ་འཚང་རྒྱ་བར་འདོད་ 3-1-45 མཁན་ཡང་ཡོད། འདི་བས་ཡེ་ཤེས་ལྔ་འདོད་ཅིང་ཆོས་དབྱིངས་ཡེ་ཤེས་ནི་ངོ་བོ་ཉིད་སྐུ་དང༌། མེ་ལོང་ཡེ་ཤེས་སོགས་བཞི་ནི་ཡེ་ཤེས་ཆོས་སྐུ་ཡིན་པར་བཤད་ལ། བཙུན་པ་ཟླ་བས་ཀུན་ གཞི་གནས་འགྱུར་ཆོས་སྐུ་དང་ཉོན་ཡིད་གནས་འགྱུར་ལོངས་སྐུ་དང་སྒོ་ལྔའི་དབང་ཤེས་ གནས་འགྱུར་སྤྲུལ་སྐུ་ཡིན་པར་གསུངས་ཤིང༌། འདི་བའི་ལུགས་ཀྱི་བླ་མེད་བྱང་ཆུབ་ནི། འཕགས་པ་ཐོགས་མེད་ཀྱིས་དམ་པ་བདུན་དང་ལྡན་པ་ཡིན་པར་གསུངས་ཏེ། དེ་ཡང་མཚན་ དང་དཔེ་བྱད་ཀྱིས་བརྒྱན་པས་སྐུ་དམ་པ་དང༌། རང་གཞན་གྱི་ཕན་བདེ་མ་ལུས་པ་འབྱུང་ བའི་ཕྱིར་དུ་ཞུགས་པས་སྒྲུབ་པ་དམ་པ་དང༌། ཚུལ་ཁྲིམས་དང་ལྟ་བ་དང་ཆོ་ག་དང་འཚོ་བ་ ཕུན་སུམ་ཚོགས་དང་ལྡན་པས་ཕུན་སུམ་ཚོགས་པ་དམ་པ་དང༌། ཆོས་དོན་ངེས་ཚིག་སྤོབས་ པ་སྟེ་སོ་སོར་ཡང་དག་པར་རིག་པ་བཞི་དང་ལྡན་པས་ཡེ་ཤེས་དམ་པ་དང༌། ལྷའི་མིག་དང་ རྣ་བ་དང་གཞན་སེམས་ཤེས་པ་དང་རྫུ་འཕྲུལ་དང་སྔོན་གནས་རྗེས་དྲན་དང་ཟག་པ་ཟད་ པའི་མངོན་ཤེས་ཏེ་མངོན་ཤེས་དྲུག་དང་ལྡན་པས་མཐུ་དམ་པ་དང༌། སྒྲིབ་གཉིས་མཐའ་དག་ སྤངས་པས་སྤངས་པ་དམ་པ་དང༌། བླ་ན་མེད་པའི་འཕགས་པ་མཆོག་གི་གོ་འཕང་ན་གནས་ པས་གནས་པ་དམ་པ་སྟེ་བདུན་ནོ། ། གཉིས་པ་དབུ་མ་པ་ལ། འཁོར་ལོ་བར་བའི་རྗེས་འབྲང་ གི་དབུ་མ་པ་དང༌། ཐ་མའི་རྗེས་འབྲང་གི་དབུ་མ་པ་དང་གཉིས་ལས། འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་རང་སྟོང་པ། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་ མཚན་ཉིད། རྣམ་གྲངས་དང་སྒྲ་བཤད། དེའི་ལྟ་བ་སྟོན་བྱེད་ཀྱི་ལུང༌། དབྱེ་བ་སོ་སོའི་སྒོ་ནས་ རྒྱས་པར་བཤད་པ་དང་དྲུག་ལས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་དང་ཨཱརྱ་དེ་བ་གཉིས་སོ། །གཉིས་པ་ལ་བཀའ་དང་ 3-1-46 བསྟན་བཅོས་གཉིས་ལས། དང་པོ་ནི། བློ་གྲོས་མི་ཟད་པའི་མདོ་དང༌། ཤེར་ཕྱིན་གྱི་མདོ་ སོགས་འཁོར་ལོ་བར་བའི་གཞུང་རྣམས་དང༌། གཉིས་པ་ནི། ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ ཀུན་བཏུས་དང༌། དབུ་མ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་པ་བཟློག་པ། རིགས་ པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐགརིན་ཆེན་ཕྲེང་བ་རྣམས་དང༌། ཨཱརྱ་དེ་བས་མཛད་པའི་དབུ་ མ་བཞི་བརྒྱ་པ་དང༌། ཡེ་ཤེས་སྙིང་པོས་མཛད་པའི་ཀུན་བཏུས་སོགས་སོ། །གསུམ་པ་ནི། ཆོས་ཐམས་ཅད་མཐའ་བྲལ་དུ་འདོད་པའི་སངས་རྒྱས་པ་གང་ཞིག བདེན་གྲུབ་ཀྱི་ཆོས་རྡུལ་ ཙམ་ཡང་ཁས་མི་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་དེ། འཁོར་ལོ་བར་བའི་རྗེས་འབྲང་ གི་དབུ་མ་པའི་མཚན་ཉིད། མཚན་གཞིསློབ་དཔོན་སངས་རྒྱས་བསྐྱངས་ལྟ་བུའོ། །བཞི་པ་ ལ། གཉིས་ལས། དང་པོ་ནི། སྣང་མེད་དབུ་མ་པ། ངོ་བོ་ཉིད་མེད་པར་སྨྲ་བ། རང་སྟོང་པ་ རྣམས་སོ། །གཉིས་པ་ནི། མཉམ་བཞག་གི་སྐབས་སུ་ཅི་ཡང་བཟུང་དུ་མེད་པ་དང་མཐའ་ གཉིས་དང་བྲལ་བའི་དབུས་ཁས་ལེན་པས་ན་སྣང་མེད་དབུ་མ་པ་དང༌། ཆོས་ཐམས་ཅད་ བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་དང༌། དགག་བྱ་བདེན་ གྲུབ་བཀག་ཙམ་གྱི་མེད་དགག་དེ་སྟོང་ཉིད་མཐར་ཐུག་ཏུ་སྨྲ་བས་ན་རང་སྟོང་ཞེས་བརྗོད་ དོ། །ལྔ་པ་ནི། ཆོས་ཡང་དག་པར་སྡུད་པ་ལས། ཅི་ཡང་མ་མཐོང་བ་ནི་མཐོང་བ་དམ་པའོ། །ཞེས་དང༌། བདེན་གཉིས་ལས། འདིལྟར་སྣང་བའི་དངོས་པོ་འདི། །རིགས་པས་བརྟགས་ན་ འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་མོ། །ཞེས་དང༌། ལང་ཀར་གཤེགས་པའི་མདོ་ལས། སེམས་ཙམ་ལས་ནི་འདས་ནས་ཀྱང༌། །སྣང་བ་མེད་ལ་གནས་པར་བྱ། །ཞེས་སོགས་ལུང་དུ་ མ་ཡོད། དྲུག་པ་ལ། དབུ་མ་རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས་ལས། དབུ་མ་རང་རྒྱུད་པ། 3-1-47 དང་པོ་ལ། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་གཉིས་ ལས། དང་པོ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། སྤྱི་ དང་བྱེ་བྲག་གི་མཚན་ཉིད། སྒྲ་བཤད། དེའི་ཁྱད་པར་ དང་ལྔ་ལས། དང་པོ་ནི། སློབ་དཔོན་ལེགས་ལྡན་འབྱེད་དང༌། ཡེ་ཤེས་སྙིང་པོ་སོགས་ སོ། །གཉིས་པ་ནི། ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ། དེའི་རང་འགྲེལ་རྟོག་ གེ་འབར་བ་དང༌། རྩ་ཤེས་ཀྱི་འགྲེལ་བ་རིན་ཆེན་སྒྲོན་མེ་དང༌། ཡེ་ཤེས་སྙིང་པོས་མཛད་པའི་ དབུ་མ་བདེན་གཉིས་རང་འགྲེལ་དང་བཅས་པ་རྣམས་སོ། །གསུམ་པ་ལ་སྤྱི་དང༌། བྱེ་བྲག་ གཉིས་ལས། དང་པོ་ནི། བདེན་མེད་སྒྲུབ་པའི་རྟགས་ཀྱི་ཚུལ་གསུམ་རང་ངོས་ནས་གྲུབ་པར་ཁས་ ལེན་པའི་དབུ་མ་པ་དེ། དབུ་མ་རང་རྒྱུད་པའི་མཚན་ཉིད། རང་རྒྱུད། རང་དབང༌། རང་ བཞིན་རྣམས་དོན་གཅིགགཉིས་པ་ནི། རང་རིག་ཁས་མི་ལེན་ཅིང་ཕྱི་དོན་རང་མཚན་གྱིས་ གྲུབ་པར་ཁས་ལེན་པའི་དབུ་མ་པ་དེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ཉིད། བཞི་པ་ལ། སྤྱི་དང༌། བྱེ་བྲག་གཉིས་ལས། དང་པོ་ནི་ཕྱི་རྒོལ་གྱི་ཁས་བླངས་ཙམ་ལ་མ་འཁྲིས་པར་གདགས་གཞིའི་རང་དབང་ གིས་ཕྱི་རྒོལ་གྱི་ཚད་མ་མ་འཁྲུལ་བ་ལ་ཆོས་ཅན་མཐུན་སྣང་དུ་གྲུབ་ཅིང་ཆོས་ཅན་དེའི་སྟེང་ དུ་ཚུལ་གསུམ་ངེས་པར་བྱས་ནས་སྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པར་འདོད་པས་ན་ རང་རྒྱུད་པ་ཞེས་བརྗོད། གཉིས་པ་ནི། ཐ་སྙད་ཀྱི་རྣམ་གཞག་ཕལ་ཆེར་མདོ་སྡེ་པ་དང་མཐུན་ པར་སྨྲ་བས་ན་མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ཞེས་སོ། །ལྔ་པ་འདོད་པའི་ཁྱད་པར་བཤད་པ་ ལ། གཞི་ལམ་འབྲས་གསུམ་ལས། དང་པོ་ལ། མཚན་ཉིད་གསུམ། བདེན་གཉིས་ཀྱི་རྣམ་ 3-1-48 གཞགའཕྲོས་དོན་གཞན་བཤད་པ་དང་གསུམ་ལས། དང་པོ་ལ། དེ་དངོས་དང༌། དེའི་སྒྲ་བཤད་དང་གཉིས་ལས། དང་པོ་ལ་གསུམ་ལས། དང་པོ་ནི། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། གང་དག་རྟེན་ཅིང་འབྲེལ་འབྱུང་བ། །དེ་དག་ངོ་བོ་ཉིད་ཀྱིས་མེད། །ཅེས་གསུངས་པ་ལྟར་གཟུགས་སོགས་སྟོང་གཞིར་གྱུར་པའི་ དངོས་པོརྣམས་གཞན་དབང་ངོ༌། །གཉིས་པ་ནི། ལང་ཀར་གཤེགས་པའི་མདོ་ལས། བློ་ ཡིས་རྣམ་པར་གཞིག་ན་ནི། །གཞན་དབང་མེད་ཅིང་བརྟགས་པའང་མེད། །ཅེས་གསུངས་ པ་ལྟར་གཟུགས་སོགས་ལ་བདེན་གྲུབ་ཀྱི་སྒྲོ་བཏགས་པའི་ཆ་དེ་ཀུན་བཏགས་སོ། །གསུམ་ པ་ནི། དབུ་མ་སྣང་བ་ལས། ཆོས་ཐམས་ཅད་དོན་དམ་པར་རྟག་ཏུ་རང་བཞིན་གྱི་ངོ་བོ་ཉིད་ མེད་པ་ཁོ་ནར་གནས་པ་དེ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ཏེ། ཞེས་གསུངས་པ་ལྟར་ ཆོས་རྣམས་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་དེ་ཡོངས་གྲུབ་བོ། །གཉིས་པ་སྒྲ་བཤད་ནི། གཞན་དབང་རྣམས་གཞན་ལ་ལྟོས་ནས་སྐྱེ་ཞིང་རང་དབང་དུ་སྐྱེ་བ་མེད་པས་ན་སྐྱེ་བ་ངོ་བོ་ ཉིད་མེད་པ་ཞེས་དང༌། ཀུན་བཏགས་རྣམས་དོན་དམ་པར་ཀུན་བཏགས་པའི་མཚན་ཉིད་ ལྟར་དུ་མ་གྲུབ་པས་ན་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་དང༌། ཆོས་ཉིད་ནི་བདེན་གྲུབ་ཀྱི་ ངོ་བོ་ཉིད་མེད་པར་སྨྲ་བས་ན་དོན་དམ་པར་ངོ་བོ་ཉིད་མེད་པ་ཞེས་བརྗོད། གཉིས་པ་ལ། བདེན་གཉིས་ཀྱི་གྲངས་ངེས། འདོད་ཚུལ་ལོག་པའི་སྐྱོན། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ བསྒྲུབ་པ། བདེན་གཉིས་དངོས་བཤད་པ་དང་བཞི་ལས། དང་པོ་ནི། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་ གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་ དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་པའི་ལུང་དང་ཤེས་བྱ་ལ་ བདེན་རྫུན་གཉིས་ཡིན་གྱི་གཞི་མཐུན་མི་སྲིད་པ་དང༌། བདེན་རྫུན་གཉིས་གང་རུང་མ་ཡིན་ 3-1-49 པའི་ཤེས་བྱ་མི་སྲིད་པའི་རིགས་པ་ལ་སོགས་པའི་རྒྱུ་མཚན་གྱིས་ཤེས་བྱ་ལ་བདེན་པ་གཉིས་ སུ་དབྱེ་བ་འདི་ཕུང་གསུམ་སེལ་བའི་དབྱེ་བའོ། །གཉིས་པ་ནི། མདོ་དགོངས་འགྲེལ་ལས། བདེན་གཉིས་ངོ་བོ་ཐ་དད་དང་ལྡོག་པ་གཅིག་ཏུ་འདོད་པ་ལ་སྐྱོན་བཞི་བཞིར་ཡོད་པར་ གསུངས་ཚུལ་ནི། གཟུགས་དང་གཟུགས་ཀྱི་ཆོས་ཉིད་གཉིས་ངོ་བོ་ཐ་དད་ཡིན་ན་གཟུགས་ ཀྱི་ཆོས་ཉིད་རྟོགས་པའི་ཚད་མ་དེས་གཟུགས་བདེན་གྲུབ་དུ་འཛིན་པའི་བློ་ལ་མི་གནོད་ པར་ཐལ་བ་དང༌། གཟུགས་ཀྱི་བདེན་སྟོང་གཟུགས་ཀྱི་གནས་ལུགས་མཐར་ཐུག་མ་ཡིན་ པར་ཐལ་བ་དང༌། གཟུགས་ལ་བདེན་གྲུབ་ཀྱི་སྤྲོས་བྲལ་བཀག་ཙམ་དེ་གཟུགས་ཀྱི་ཆོས་ ཉིད་མ་ཡིན་པར་ཐལ་བ་དང༌། སངས་འཕགས་ཀྱིས་གཟུགས་བདེན་གྲུབ་ཏུ་གཟིགས་ཤིང་ བདེན་སྟོང་ལོགས་སུ་གཟིགས་པར་ཐལ་བ་སྟེ་བཞི་དང༌། གཟུགས་དང་གཟུགས་ཀྱི་ཆོས་ ཉིད་གཉིས་ལྡོག་པ་གཅིག་ཡིན་ན། སོ་སོའི་སྐྱེ་བོས་གཟུགས་མངོན་སུམ་དུ་མཐོང་བ་ལྟར་ གཟུགས་ཀྱི་ཆོས་ཉིད་ཀྱང་མངོན་སུམ་དུ་མཐོང་བར་ཐལ་བ་དང༌། གཟུགས་ལ་དམིགས་ ནས་ཆགས་སོགས་ཉོན་མོངས་སྐྱེ་བ་ལྟར་གཟུགས་ཀྱི་ཆོས་ཉིད་ལ་དམིགས་ནས་ཆགས་ སོགས་ཉོན་མོངས་སྐྱེ་བར་ཐལ་བ་དང༌། གཟུགས་ཀྱི་ཆོས་ཉིད་ལ་རྣམ་པ་མི་འདྲ་བའི་དབྱེ་ བ་མེད་པ་ལྟར་གཟུགས་ལའང་མི་འདྲ་བའི་དབྱེ་བ་མེད་པར་ཐལ་བ་དང༌། གཟུགས་མངོན་ སུམ་དུ་མཐོང་བ་ལས་གཞན་པའི་གཟུགས་ཀྱི་གནས་ལུགས་རྟོགས་པའི་ཐབས་ལ་འབད་ མི་དགོས་པར་ཐལ་བ་སྟེ་བཞིའོ། །དེ་འདྲའི་གཅིག་དང་ཐ་དད་འགོག་པ་ནི་ཐ་སྙད་ཚད་མས་ འགོག་ཚུལ་དང་དོན་དམ་ཚད་མས་འགོག་ཚུལ་ཡིན་ལ། བདེན་གཉིས་གཅིག་དང་ཐ་དད་ གང་ཡང་མིན་པར་གསུངས་པ་ནི་བདེན་གྲུབ་ལ་དགོངས་པ་ཡིན་པར་དབུ་མ་སྣང་བ་ལས་ བཤད་པ་ལྟར་རོ། །གསུམ་པ་ནི། བྱང་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ 3-1-50 ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་དག་བཞིན་ནོ། །ཞེས་གསུངས་པ་ ལྟར་བདེན་པ་གཉིས་ནི་བྱས་མི་རྟག་བཞིན་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ། །བཞི་པ་ལ། དོན་དམ་དང༌། ཀུན་རྫོབ་བདེན་པ་གཉིས་ལས། དང་པོ་ལ། མཚན་ཉིད། སྒྲ་བཤད། དབྱེ་ བ་གསུམ་ལས། དང་པོ་ནི། མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་དོན་དེ། དོན་དམ་ བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་བདེན་སྟོང་ལྟ་བུའོ། །འདི་ནི་སློབ་པའི་དབང་ དུ་བྱས་པ་ཡིན་གྱི་སངས་རྒྱས་ལྟ་བུའི་མི་སློབ་པའི་དབང་དུ་བྱས་ན། མཐར་ཐུག་དཔྱོད་པའི་ རིགས་ཤེས་ཀྱིས་རང་ཉིད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བའི་རྙེད་དོན་དེ་ དེའི་མཚན་ཉིད་དོ། །གཉིས་པ་ནི། ཆོས་ཉིད་ནི་མཉམ་བཞག་ཡེ་ཤེས་ཀྱི་རྙེད་དོན་དང༌། སྣང་གནས་མཐུན་པ་ཡིན་པས་ན་དོན་དམ་བདེན་པ་ཞེས་བརྗོད། སྤྱིར་དོན་དམ་ཞེས་པ་ལ་ དོན་དང་དམ་པ་གཉིས་ཀ་ཡུལ་ལ་གོ་ལུགས་དང༌། དོན་ཡུལ་དང༌། དམ་པ་ཡུལ་ཅན་ལ་གོ་ ལུགས་དང༌། དོན་དང་དམ་པ་གཉིས་ཀ་ཡུལ་ཅན་ལ་གོ་ལུགས་དང་གསུམ་ཡོད། གསུམ་པ་ ལ། རྒྱས་པར་དབྱེ་ན་ཕྱི་སྟོང་པ་ཉིད་སོགས་སྟོང་ཉིད་བཅུ་དྲུག་དང༌། འབྲིང་དུ་དབྱེ་ན་དངོས་ པོ་དངོས་པོ་མེད་པ་སྟོང་པ་ཉིད་དང་རང་གཞན་གྱི་ངོ་བོ་སྟོང་པ་ཉིད་དང་བཞི་དང༌། བསྡུས་ པར་དབྱེ་ན་ཆོས་དང་གང་ཟག་གི་བདག་མེད་དང་གཉིས། སྒྲས་བརྗོད་རིགས་ཀྱིས་དབྱེ་ན་ ཡུལ་ཅན་དོན་དམ་དང་ཡུལ་དོན་དམ་གཉིས་ལས། དང་པོ་ལ་འཕགས་པའི་མཉམ་བཞག་ ལྟ་བུའི་ཡུལ་ཅན་དོན་དམ་དངོས་དང༌། སྟོང་ཉིད་དཔྱོད་པའི་རིགས་ཤེས་རྟོག་བཅས་ལྟ་བུའི་ ཡུལ་ཅན་དོན་དམ་རྗེས་མཐུན་པ་དང་གཉིས་ཡོད། གཉིས་པ་ལ། སྟོང་ཉིད་ལྟ་བུའི་ཡུལ་དོན་ དམ་དངོས་དང༌། སྣང་སྟོང་གཉིས་ཚོགས་ལྟ་བུའི་ཡུལ་དོན་དམ་རྗེས་མཐུན་པ་དང་གཉིས་ ཡོད་དོ། །གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ་ལས། དང་པོ་ནི། ཐ་ 3-1-51 སྙད་དཔྱོད་བྱེད་ཀྱི་ཚད་མས་རྙེད་དོན་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ བུམ་པ་ལྟ་བུའོ། །དེ་ཡང་མི་སློབ་པའི་དབང་དུ་བྱས་ན། ཐ་སྙད་དཔྱོད་པའི་ཚད་མས་རང་ ཉིད་ལ་ཐ་སྙད་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། དེའི་མཚན་ཉིད་དོ། །གཉིས་པ་ ནི། བུམ་པ་ལྟ་བུ་ནི་བློ་ཀུན་རྫོབ་པ་ཐ་སྙད་ཚད་མའི་ངོར་བདེན་པས་ན་ཀུན་རྫོབ་བདེན་པ་ ཞེས་བརྗོད། སྤྱིར་ཀུན་རྫོབ་ཅེས་པ་ལ། བདེན་འཛིན་མ་རིག་པ་ལྟ་བུའི་བློ་ཀུན་རྫོབ་པ་ལ་ གོ་ལུགས་དང༌། སྟོང་ཉིད་རྟེན་འབྱུང་ཡིན་པ་ལ་གོ་ལུགས་དང༌། ཀ་བུམ་སོགས་ཐ་སྙད་པའི་ ཆོས་ལ་གོ་ལུགས་དང་གསུམ་ཡོད། གསུམ་པ་ལ། ཡང་དག་དང༌། ལོག་པའི་ཀུན་རྫོབ་དང་ གཉིས་ལས། དང་པོ་ནི། རང་གསལ་བར་སྣང་བའི་ཐ་སྙད་པའི་ཤེས་པ་ལ་ཇི་ལྟར་སྣང་བ་ ལྟར་དུ་འཇིག་རྟེན་ན་ཡུལ་ཕྱིན་ཅི་མ་ལོག་པར་གྲགས་པའི་ཆོས་ཀྱི་ཆ་ནས་བཞག་པའི་དོན་ དེ། ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། །གཉིས་པ་ནི། རང་ གསལ་བར་སྣང་བའི་ཐ་སྙད་པའི་ཤེས་པ་ལ་ཇི་ལྟར་སྣང་བ་ལྟར་དུ་འཇིག་རྟེན་ན་ཡུལ་ཕྱིན་ ཅི་ལོག་ཏུ་གྲགས་པའི་ཆོས་ཀྱི་ཆ་ནས་བཞག་པའི་དོན་དེ། ལོག་པའི་ཀུན་རྫོབ་ཀྱི་མཚན་ ཉིད། མཚན་གཞི་ཆུ་ཟླ་ལྟ་བུའོ། །དེ་ནི་མདོ་སྡེ་སྤྱོད་པའི་རང་རྒྱུད་པའི་དབང་དུ་བྱས་ཀྱི་རྣལ་ འབྱོར་སྤྱོད་པའི་རང་རྒྱུད་པའི་ལུགས་ལ། དེ་གཉིས་ཀྱི་མཚན་ཉིད་ནི། རང་གསལ་བར་སྣང་ བའི་ཐ་སྙད་པའི་ཤེས་པ་ལ་སྣང་བ་གང་ཞིགའཇིག་རྟེན་ན་ཡུལ་ཕྱིན་ཅི་མ་ལོག་པར་གྲགས་ པའི་ཆ་ནས་བཞག་པའི་དོན་དེ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད་དང་རང་གསལ་བར་སྣང་ བའི་ཐ་སྙད་པའི་ཤེས་པ་ལ་སྣང་བ་གང་ཞིགའཇིག་རྟེན་ན་ཡུལ་ཕྱིན་ཅི་ལོག་ཏུ་གྲགས་པའི་ ཆ་ནས་བཞག་པའི་དོན་དེ་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད་དུ་འཇོག་དགོས་པ་ནི་འདི་བས་ ཕྱི་དོན་མི་འདོད་པའི་གནད་ཀྱིས་སོ། །གསུམ་པ་འཕྲོས་དོན་གཞན་ནི། འདི་བས་ཚོགས་ དྲུག་གི་རྣམ་ཤེས་ལས་ཀུན་གཞི་རང་རིག་གཉིས་མི་འདོད་ཅིང༌། མདོ་སེམས་རང་རྒྱུད་པ་ 3-1-52 རྣམས་ཀྱིས་མངོན་སུམ་ལ་རྟོག་བྲལ་གྱིས་ཁྱབ་པ་དང༌། དཔྱད་ཤེས་ལ་ཚད་མིན་གྱིས་ཁྱབ་ པར་འདོད་ལ། མདོ་ལས་ཕྱི་དོན་མེད་པར་གསུངས་པ་ཡང་བདེན་གྲུབ་ལ་དགོངས་པ་དང༌། ཆོས་ཀུན་སེམས་ཙམ་དུ་གསུངས་པ་ནི་རྟག་བདག་དགག་པའི་ཆེད་དུ་ཡིན་པར་འདོད་ཕྱིར་ འདི་བས་ཕྱི་དོན་གྱི་རྣམ་གཞག་ལེགས་པར་ཁས་ལེན་ཞིང༌། བུམ་པ་ལྟ་བུ་ནི་བསགས་པ་ རྫས་ཡོད་དང༌། དམག་དང་ཕྲེང་བ་ལྟ་བུ་ནི་འདུས་པ་བཏགས་ཡོད་དུ་འདོད་དོ། །གཉིས་པ་ ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། གང་ཟག་རང་སྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་ དང༌། ཆོས་ཀུན་བདེན་གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་རྣམས་སོ། །ལྟ་བའི་སྤང་བྱ་ ནི་གང་ཟག་གི་བདག་འཛིན་དང་རྩ་ཉོན་ཉེ་ཉོན་དང་བཅས་པ་ནི་ཉོན་སྒྲིབ་དང༌། ཆོས་རྣམས་ བདེན་གྲུབ་ཏུ་འཛིན་པ་ནི་ཤེས་སྒྲིབ་ཏུ་འདོད་པས་དེ་དག་རྣམས་ཀྱང་ངོ༌། །གཉིས་པ་ནི། ལྟ་ བ་དེ་དག་གི་གཙོ་བོར་གྱུར་པའི་ལམ་མཐའ་དག་རྩེ་གཅིག་ཏུ་གོམས་པར་བྱེད་པའི་ཞི་ལྷག་ ཟུང་འབྲེལ་གྱི་ཏིང་ངེ་འཛིན་རྣམས་སོ། །གསུམ་པ་ནི། ལྟ་བ་དེ་དག་བསོད་ནམས་ཀྱི་ཚོགས་ དང་སྦྲེལ་ནས་ཉམས་སུ་ལེན་པ་དེའོ། །གསུམ་པ་འབྲས་བུ་ནི། ཐེག་དམན་ཉན་རང་གཉིས་ ལ་ཞུགས་འབྲས་བརྒྱད་ཀྱི་རྣམ་གཞག་ཡོད་ཅིང་རྟོགས་བྱའི་བདག་མེད་ལ་ཕྲ་རགས་མེད་ ཀྱང་ཚོགས་བསགས་ཚུལ་གྱིས་འབྲས་བུ་ལ་མཆོག་དམན་ཡོད་པར་འདོད། ཐེག་ཆེན་གྱི་ས་ བརྒྱད་པ་ན་ཉོན་སྒྲིབ་དང༌། སངས་རྒྱས་པ་ན་ཤེས་སྒྲིབ་སྤངས་པར་འདོད་ཅིང༌། འོན་ཀྱང་ ཐལ་འགྱུར་བ་ལྟར་ཉོན་སྒྲིབ་མ་སྤངས་པར་ཤེས་སྒྲིབ་སྤངས་པའི་མགོ་མི་རྩོམ་པ་ནི་མ་ཡིན་ ནོ། ། གཉིས་པ་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་གཞུང་ལུགས། མཚན་ཉིད་དང་སྒྲ་བཤད། དབྱེ་བ། འདོད་པའི་ཁྱད་པར་ 3-1-53 དང་ལྔ་ལས། དང་པོ་ནི། མཁན་ཆེན་ཞི་འཚོ། བཙུན་པ་གྲོལ་སྡེ། སློབ་དཔོན་སེང་གེ་བཟང་ པོ། ཀ་མ་ལ་ཤི་ལ་སོགས་སོ། །གཉིས་པ་ནི། ཞི་འཚོའི་དབུ་མ་རྒྱན། གྲོལ་སྡེའི་ཉི་ཁྲི་སྣང་བ། སེང་གེ་བཟང་པོའི་སྡུད་འགྲེལ། རྒྱན་སྣང༌། འགྲེལ་བ་དོན་གསལ། ཀ་མ་ལ་ཤི་ལའི་དབུ་མ་ སྣང་བ་དང་སྒོམ་རིམ་སོགས་སོ། ། གསུམ་པ་ལ་གཉིས་ལས། དང་པོ་ནི། ཐ་སྙད་ཀྱི་རྣམ་གཞག་ཕལ་ཆེར་སེམས་ཙམ་པ་ དང་སྒོ་བསྟུན་ནས་སྨྲ་བའི་དབུ་མ་པ་དེ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་མཚན་ ཉིད། གཉིས་པ་ནི། གཞིའི་རྣམ་གཞག་ཕལ་ཆེར་སེམས་ཙམ་པ་དང་མཐུན་པར་སྨྲ་བས་ན། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་བརྗོད། བཞི་པ་ལ། མཁན་ཆེན་ཞི་འཚོ་ལྟ་བུའི་སེམས་ ཙམ་རྣམ་བདེན་པ་དང་མཐུན་པའི་དབུ་མ་པ་དང༌། སློབ་དཔོན་སེང་གེ་བཟང་པོ་ལྟ་བུའི་ སེམས་ཙམ་རྣམ་རྫུན་པ་དང་མཐུན་པའི་དབུ་མ་པ་དང་གཉིས་ཡོད། དེ་ལས་རྣམ་པ་ལ་སློབ་ དཔོན་ཛེ་ཏཱ་རི་ལྟ་བུའི་སེམས་ཀྱི་ངོ་བོ་ལ་དྲི་མས་བསླད་པར་འདོད་པའི་རྣམ་རྫུན་དྲི་བཅས་པ་ དང་མཐུན་པའི་དབུ་མ་པ་དང༌། སློབ་དཔོན་ལྭ་བ་པ་ལྟ་བུའི་སེམས་ཀྱི་རྣམ་པ་འཁྲུལ་ཀྱང་ དེའི་ངོ་བོ་ལ་དྲི་མས་མ་བསླད་པར་འདོད་པའི་རྣམ་རྫུན་དྲི་མེད་པ་དང་མཐུན་པའི་དབུ་མ་པ་ དང་གཉིས་སོ། །ལྔ་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ནི། ཕྱི་དོན་ཁས་མི་ལེན་ པ་ཙམ་ལས་གོང་རང་རྒྱུད་པ་དང་འདྲའོ། །གཉིས་པ་ལ། ལྟ་སྤྱོད་སྒོམ་གསུམ་ལས། དང་པོ་ལ། གང་ཟག་རང་སྐྱ་ཐུབ་པའི་རྫས་གྲུབ་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ་ནི་ ཉན་ཐོས་ཀྱི་ལྟ་བའི་གཙོ་བོ་དང༌། གཟུགས་སོགས་ཕྱི་དོན་གྱིས་སྟོང་པར་རྟོགས་པའི་ཤེས་ རབ་ནི་རང་རྒྱལ་གྱི་ལྟ་བའི་གཙོ་བོ་དང༌། ཆོས་རྣམས་བདེན་གྲུབ་ཀྱིས་སྟོང་པར་རྟོགས་པའི་ ཤེས་རབ་ནི་ཐེག་ཆེན་གྱི་ལྟ་བའི་གཙོ་བོ་དང་གསུམ་མོ། །ལྟ་བའི་སྤང་བྱ་ནི་གང་ཟག་རང་སྐྱ་ ཐུབ་པའི་རྫས་གྲུབ་ཏུ་འཛིན་པ་དང༌། གཟུགས་སོགས་ཕྱི་དོན་དུ་འཛིན་པ་དང༌། ཆོས་རྣམས་ 3-1-54 བདེན་གྲུབ་ཏུ་འཛིན་པ་རྣམས་རིམ་བཞིན་ཉོན་སྒྲིབ་དང་ཤེས་སྒྲིབ་རགས་པ་དང་ཕྲ་མོ་ཡིན་ པས་དེ་དག་རྣམས་སོ། །གཉིས་པ་དང་གསུམ་པ་ནི་གོང་ལྟར་རོ། །གསུམ་པ་འབྲས་བུ་ལ་ དངོས་དང་ལམ་གྱི་བགྲོད་ཚུལ་གཉིས་ལས། དང་པོ་ནི། ཉོན་སྒྲིབ་ཙམ་སྤངས་པའི་མི་སློབ་པའི་ཡེ་ཤེས་ནི་ཉན་ཐོས་ཀྱི་འབྲས་བུ་ དང༌། ཉོན་སྒྲིབ་དང་ཤེས་སྒྲིབ་རགས་པ་ཙམ་སྤངས་པའི་མི་སློབ་པའི་ཡེ་ཤེས་ནི་རང་རྒྱལ་ གྱི་དེ་དང༌། ཉོན་སྒྲིབ་དང་ཤེས་སྒྲིབ་མ་ལུས་པ་སྤངས་པའི་མི་སློབ་པའི་ཡེ་ཤེས་དེ་ཐེག་ཆེན་ གྱི་དེའོ། །གཉིས་པ་ལམ་གྱི་བགྲོད་ཚུལ་ནི་བྱང་ཆུབ་ཀྱི་སེམས་བཅོས་མིན་སྐྱེས་པ་ན་ཐེག་ ཆེན་ཚོགས་ལམ་དུ་ཞུགས་པ་ཡིན་ལ། དེ་ནས་ཚོགས་ལམ་ཆེན་པོའི་སྐབས་སུ་ཆོས་རྒྱུན་ གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་ནས་དེ་ ལ་ཐོས་བསམ་བྱས་པས་སྒོམ་བྱུང་གི་ཤེས་རབ་ཐོག་མར་སྐྱེས་པ་ན་སྦྱོར་ལམ་དུ་འཕོས་སོ། །སྦྱོར་ལམ་དྲོད་རྩེ་གཉིས་ཀྱིས་མཐོང་སྤང་ཀུན་ཉོན་དང་རྣམ་བྱང་གཟུང་རྟོག་རྣམས་ཉམས་ སྨད་པར་བྱེད། སྦྱོར་ལམ་བཟོད་ཆོས་གཉིས་ཀྱིས་རྫས་འཛིན་བཏགས་འཛིན་རྟོག་པ་རྣམས་ ཉམས་སྨད་པར་བྱེད་དོ། །མཐོང་ལམ་དུ་ཉོན་ཤེས་ཀུན་བཏགས་ས་བོན་དང་བཅས་པ་ སྤངས་ཤིང༌། སྒོམ་ལམ་སྐོར་དགུས་ཉོན་ཤེས་ལྷན་སྐྱེས་ས་བོན་དང་བཅས་པ་སྤངས་པའི་ སྒོ་ནས་མཐར་བླ་མེད་བྱང་ཆུབ་མངོན་དུ་བྱེད་པའོ། །སེམས་ཙམ་པས་འཁོར་ལོ་དང་པོ་དང་ བར་པ་གཉིས་དྲང་དོན་དང་ཐ་མ་ངེས་དོན་དུ་འདོད། འདི་བས་འཁོར་ལོ་ཐོག་མཐའ་གཉིས་ དྲང་དོན་དང༌། བར་བ་ལ་དྲང་ངེས་ཀྱི་ཆ་གཉིས་ཡོད་པར་འདོད་དོ། ། དབུ་མ་ཐལ་འགྱུར་བ། གཉིས་པ་ཐལ་འགྱུར་བ་ལ། རྩ་བའི་སློབ་དཔོན་ངོས་བཟུང་བ། འདོད་པ་སྟོན་པའི་ 3-1-55 གཞུང་ལུགས། མཚན་ཉིད། མིང་གི་རྣམ་གྲངས་དང་སྒྲ་བཤད། འདོད་པའི་ཁྱད་པར་ དང་ལྔ་ལས། དང་པོ་ལ། གཞུང་ཕྱི་མོའི་སློབ་དཔོན་དང༌། ཕྱོགས་འཛིན་པའི་སློབ་དཔོན་ དང༌། ཕྱོགས་མི་འཛིན་ཅིང་ལྟ་བ་ཙམ་འཛིན་པའི་སློབ་དཔོན་དང་གསུམ་ལས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་དང༌། ཨཱརྱ་དེ་བའོ། །གཉིས་པ་ནི། སངས་རྒྱས་བསྐྱངས། ཟླ་བ་གྲགས་ པ། ཞི་བ་ལྷ་སོགས་སོ། །གསུམ་པ་ནི། སློབ་དཔོན་དཔའ་བོ། ཤཱཀྱ་བཤེས་གཉེན། ཀླུའི་ བྱང་ཆུབ། རིགས་པའི་ཁུ་བྱུག་སོགས་སོ། །གཉིས་པ་ལ། བཀའ་དང་བསྟན་བཅོས་གཉིས་ ལས། དང་པོ་ནི། ཤེར་ཕྱིན་གྱི་མདོ་རྣམས་དང༌། བློ་གྲོས་མི་ཟད་པའི་མདོ་དང༌། མདོ་ཏིང་ ངེ་འཛིན་རྒྱལ་པོ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་དང༌། མདོ་སྡེ་ས་བཅུ་པ་སོགས་ སོ། །གཉིས་པ་ནི་ཀླུ་སྒྲུབ་ཀྱི་དབུ་མ་རིག་ཚོགས་དྲུག་དང༌། ཨཱརྱ་དེ་བའི་དབུ་མ་བཞི་བརྒྱ་པ་ དང༌། སངས་རྒྱས་བསྐྱངས་ཀྱི་བུདྡྷ་པ་ལི་ཏ་དང༌། ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང༌། རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ། རིགས་པ་དྲུག་ཅུ་པའི་འགྲེལ་བ། དབུ་མ་བཞི་བརྒྱ་པའི་ འགྲེལ་བ། འཇུག་པའི་རང་འགྲེལ་རྣམས་དང༌། ཞི་བ་ལྷའི་བསླབ་བཏུས་སྤྱོད་འཇུག་གཉིས་ དང༌། ཇོ་བོརྗེའི་བྱང་ཆུབ་ལམ་སྒྲོན་སོགས་སོ། །གསུམ་པ་ནི། གཞན་གྲགས་ཀྱི་ཐལ་འགྱུར་ ཙམ་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུ་ཡང་མི་འདོད་པའི་དབུ་མ་པ་དེ། དབུ་མ་ཐལ་འགྱུར་པའི་མཚན་ཉིད། བཞི་པ་ལ། གཉིས་ལས། དང་པོ་ནི། ཐལ་འགྱུར་པ། སྣང་ཙམ་པའི་དབུ་མ་པ། རབ་ཏུ་མི་གནས་པའི་དབུ་མ་པ་ རྣམས་སོ། །གཉིས་པ་ནི། གཞན་ལ་བསྒྲུབ་བྱརྟོགས་པའི་རྗེས་དཔག་སྐྱེད་བྱེད་ཐལ་འགྱུར་ གཙོ་བོར་བཞེད་པས་ན་ཐལ་འགྱུར་པ་ཞེས་དང༌། མ་བརྟགས་མ་དཔྱད་པར་རྐྱེན་གྱི་སྣང་བ་ འདི་ཀ་ཙམ་ཁས་ལེན་པས་ན་སྣང་ཙམ་པའི་དབུ་མ་པ་ཞེས་དང༌། རྟག་ཆད་ཀྱི་མཐའ་གང་ལ་ མི་གནས་པས་ན་རབ་ཏུ་མི་གནས་པའི་དབུ་མ་པ་ཞེས་བརྗོད། ལྔ་པ་ལ། གཞི་ལམ་འབྲས་ 3-1-56 བུ་གསུམ་ལས། དང་པོ་ལ། གཞིའི་ལྟ་བ་གཏན་ལ་འབེབས་ཚུལ་དང༌། དེ་ལ་བརྟེན་ནས་ བདེན་གཉིས་ཀྱི་རྣམ་གཞག་དང་གཉིས་ལས། དང་པོ་ལ། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་དང༌། གང་ཟག་གི་བདག་མེད་ གཏན་ལ་འབེབས་ཚུལ་དང༌། འཕྲོས་དོན་གཞན་བཤད་པ་དང་གསུམ་ལས། དང་པོ་ནི། སྤྱིར་རང་རྒྱུད་པ་མན་ཆད་ཀྱིས་ཉོན་སྒྲིབ་ཙམ་སྤངས་པ་ལ་གང་ཟག་གི་ བདག་མེད་ཕྲ་མོ་ཙམ་ལས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་མི་དགོས་པར་འདོད་ཀྱང༌། ཞི་ བ་ལྷས། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་ པ་ལྟར་དབུ་མ་ཐལ་འགྱུར་བས་ནི་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པར་གསུངས་ པའི་ལུང་ལ་བརྟེན་ནས་གང་ཟག་དང་ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་མ་རྟོགས་པར་བྱང་ ཆུབ་གསུམ་པོ་གང་ཡང་ཐོབ་པ་མེད་པར་བཞེད་ལ། བདག་མེད་གཉིས་ནི་སྟོང་གཞིའི་སྒོ་ ནས་ཁྱད་ཕྱེ་བ་མ་གཏོགས་དགག་བྱའི་སྒོ་ནས་ཁྱད་པར་མི་འབྱེད་ཅིང༌། དེ་ཡང་གང་ཟག་ རང་བཞིན་གྱིས་གྲུབ་པས་སྟོང་པ་ནི། གང་ཟག་གི་བདག་མེད་ཕྲ་མོ་དང༌། ཆོས་རྣམས་རང་ བཞིན་གྱིས་གྲུབ་པས་སྟོང་པ་ནི། ཆོས་ཀྱི་བདག་མེད་ཕྲ་མོའོ། །དེས་ན་བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་མཚན་གྱིས་ གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་རྣམས་དགག་བྱ་ཆོས་བདག་གོ། །ཆོས་ཀྱི་བདག་མེད་གཏན་ ལ་འབེབས་བྱེད་ཀྱི་རིགས་པ་ནི། སྐྱེ་ལྡན་གྱི་དངོས་པོ་མྱུ་གུ་ལྟ་བུ་དེ་རང་བཞིན་གྱིས་གྲུབ་ པའི་སྒོ་ནས་བདག་ལས་སྐྱེ་བ་མེད་པ་གཞན་ལས་སྐྱེ་བ་མེད་པ་གཉིས་ཀ་ལས་སྐྱེ་བ་མེད་པ་ རྒྱུ་མེད་ལས་སྐྱེ་བ་མེད་པ་དང་མཐའ་བཞི་སྐྱེ་འགོག་གི་རིགས་པ་དང༌། ཡང་དེ་རང་བཞིན་ གྱིས་གྲུབ་པའི་སྒོ་ནས་ཡོད་པར་སྐྱེ་བ་མེད་པ་མེད་པར་སྐྱེ་བ་མེད་པ་ཡོད་མེད་གཉིས་ཀར་ སྐྱེ་བ་མེད་པ་ཡོད་མེད་གཉིས་གང་ཡང་མ་ཡིན་པར་སྐྱེ་བ་མེད་པ་སྟེ། ཡོད་མེད་སྐྱེ་འགོག་གི་ 3-1-57 རིགས་པ་དང༌། སྤྱིར་དོན་དམ་པར་རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་པ་མེད་པ་དང༌། རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པ་མེད་པ་དང༌། རྒྱུ་གཅིག་གིས་འབྲས་བུ་དུ་མ་བསྐྱེད་པ་ མེད་པ་དང༌། རྒྱུ་དུ་མས་འབྲས་བུ་དུ་མ་བསྐྱེད་པ་མེད་པ་སྟེ་མུ་བཞི་སྐྱེ་འགོག་གི་རིགས་པ་ རྣམས་སོ། །གཉིས་པ་ནི། རང་བཞིན་གྱིས་གྲུབ་པའི་བདག་ཕུང་གཅིག་ཏུ་མེད་པ་དང༌། དེ་ འདྲའི་བདག་ཕུང་ཐ་དད་དུ་མེད་པ་དང༌། དེ་འདྲའི་བདག་ལ་ཕུང་པོ་ངོ་བོ་གཅིག་ཏུ་ལྡན་པ་ མ་ཡིན་པ་དང༌། བདག་དང་ཕུང་པོ་གཉིས་ནོར་ལྡན་དང་ནོར་གྱི་ཚུལ་དུ་རང་བཞིན་གྱིས་ གྲུབ་པར་ལྡན་པ་མེད་པ་དང༌། རང་བཞིན་གྱིས་གྲུབ་པའི་བདག་ལ་རྟེན་དང་བརྟེན་པའི་ཚུལ་ དུ་ཕུང་པོ་ངོ་བོ་ཐ་དད་དུ་ལྡན་པ་མ་ཡིན་པ་དང༌། དེ་འདྲའི་ཕུང་པོའི་ཚོགས་ཙམ་རང་བཞིན་ གྱིས་གྲུབ་པའི་བདག་མ་ཡིན་པ་དང༌། དེ་འདྲའི་ཕུང་པོའི་དབྱིབས་རང་བཞིན་གྱིས་གྲུབ་པའི་ བདག་མ་ཡིན་པ་སྟེ་ཤིང་རྟ་རྣམ་བདུན་གྱི་རིགས་པའོ། །རྟེན་འབྲེལ་གྱི་རིགས་པ་ནི་བདག་ མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཐམས་ཅད་ཀྱི་གཙོ་བོའོ། །གསུམ་པ་འཕྲོས་དོན་ གཞན་ནི། ཐལ་འགྱུར་བས། རྟེན་འབྲེལ་གྱིརྟགས་ཀྱིས་བདེན་སྟོང་གྲུབ་པའི་ཆ་ནས་རྟག་ མཐའ་སེལ་བ་དང༌། རང་བཞིན་གྱིས་གྲུབ་པས་སྟོང་པའི་རྟགས་ཀྱིས་རྟེན་འབྲེལ་གྱི་སྣང་བ་ གྲུབ་པའི་ཆ་ནས་ཆད་མཐའ་སེལ་བར་འདོད་ཕྱིར་སྟོང་པས་མེད་མཐའ་དང་སྣང་བས་ཡོད་ མཐའ་སེལ་ཚུལ་ཁྱད་པར་བ་བཞེད་པས་འདི་བ་ནི་སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་ སྟོང་པའི་དོན་དུ་འགྲོ་ཚུལ་ལ་ལེགས་པར་མཁས་པས་རང་སྡེའི་གྲུབ་མཐའ་མཆོག་གཅིག་ གོ། །རང་རྒྱུད་པས་ཆོས་ཐམས་ཅད་བློ་གནོད་མེད་ལ་སྣང་བའི་དབང་གིས་མ་བཞག་པར་ མེད་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ཆོས་ཀུན་རང་མཚན་གྱིས་གྲུབ་པའི་ཆ་ནས་ཆད་ མཐའ་སེལ་བར་འདོད་པ་དང༌། སེམས་ཙམ་པས་གཟུགས་སོགས་ཕྱི་དོན་དུ་མེད་པ་དང་ ཆོས་ཐམས་ཅད་མིང་གི་འཇུག་གཞིར་རང་མཚན་གྱིས་གྲུབ་པ་མེད་པའི་ཆ་ནས་རྟག་མཐའ་ 3-1-58 སེལ་བ་དང༌། ཆོས་ཀུན་ཤེས་པ་དང་བདག་ཉིད་གཅིག་ཏུ་བདེན་པ་ཡིན་པའི་ཆ་ནས་ཆད་ མཐའ་སེལ་བར་འདོད་པ་དང༌། མདོ་སྡེ་པས་དངོས་པོ་རྣམས་སྐད་ཅིག་མའི་མི་རྟག་པ་དང་ ཆོས་ཐམས་ཅད་བདག་མེད་པ་ཡིན་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ཕྱི་དོན་རང་རིག་ སོགས་བདེན་པར་ཡོད་པའི་ཆ་ནས་ཆད་མཐའ་སེལ་བར་འདོད་པ་དང༌། བྱེ་བྲག་སྨྲ་བས་ འདུས་བྱས་རྣམས་རྒྱུན་གྱི་མི་རྟག་པ་དང་ཆོས་ཐམས་ཅད་བདག་མེད་པ་ཡིན་པའི་ཆ་ནས་ རྟག་མཐའ་སེལ་བ་དང༌། ཆོས་ཀུན་རྫས་སུ་གྲུབ་པའི་ཆ་ནས་ཆད་མཐའ་སེལ་བར་འདོད་པ་ དང༌། དེ་མ་ཟད་མུ་སྟེགས་རྒྱང་འཕེན་པས་ཀྱང་ཚེ་ཕྱི་མ་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པས་ མེད་པ་ཡིན་པའི་ཆ་ནས་རྟག་མཐའ་སེལ་བ་དང༌། ད་ལྟ་དབང་པོ་མངོན་སུམ་གྱི་ཡུལ་འདི་ཀ་ རྣམས་མི་བསླུ་བའི་ཆ་ནས་ཆད་མཐའ་སེལ་བར་འདོད་དེ། དེ་ལྟར་ན། མྱུ་གུ་ཆོས་ཅན། རྟེན་ འབྲེལ་མ་ཡིན་པར་ཐལ། རང་མཚན་གྱིས་གྲུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་ཕྱི་རོལ་ པས་འདོད་ལན་དང༌། རང་སྡེ་རང་རྒྱུད་པ་མན་ཆད་ཀྱིས་ཁྱབ་མེད་ཀྱི་ལན་དང༌། ཐལ་འགྱུར་ བས་རྟགས་མ་གྲུབ་པའི་ལན་འདེབས་ཕྱིར་དེ་དག་ལ་དེ་ཐལ་འགྱུར་ཡང་དག་ཏུ་མི་འགྲོ་ཡང་ སྟོང་ཉིད་རྟོགས་ཁ་མའི་རང་རྒྱུད་པ་ཁ་ཅིག་ལ་ཐལ་འགྱུར་ཡང་དག་ཏུ་འགྲོ་ཚུལ་རེ་ཡོད་པར་ བཤད་དོ། ། གཉིས་པ་དེ་ལ་བརྟེན་ནས་བདེན་གཉིས་ཀྱི་རྣམ་གཞག་བཤད་པ་ལ། བདེན་གཉིས་ཀྱི་ དབྱེ་གཞི། དེ་དངོས། འཕྲོས་དོན་གཞན་དང་གསུམ་ལས། དང་པོ། སྤྱིར་བོད་སྔ་རབས་པ་རྔོག་ལོ་ཡབ་སྲས་ཀྱིས་དོན་དམ་བདེན་པ་ཤེས་བྱ་མིན་ པར་འདོད་པའི་གནད་ཀྱིས་བདེན་གཉིས་ཀྱི་དབྱེ་གཞི་སྣང་ཙམ་དེ་ཡིན་པར་བཤད་པ་དང༌། ཞང་ཐང་སངྒ་པས་བདེན་གཉིས་ཀྱི་དབྱེ་གཞི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ངོ་བོ་དེ་ ཡིན་གཞི་སྒྲོ་མ་བཏགས་པའི་ཡུལ་དེ་ཡིན་པར་འདོད་པ་དང༌། སྟག་ཚང་ལོ་ཙཱ་བ་རྗེས་འབྲང་ 3-1-59 དང་བཅས་པས་དེ་གཉིས་ཀྱི་དབྱེ་གཞི་མ་བརྟགས་མ་དཔྱད་པའི་ཤེས་བྱ་ཙམ་དེ་ཡིན་པར་ འདོད་པ་དང༌། ཚིག་ལ་རྨོངས་པ་ཁ་ཅིག་གིས་དེ་གཉིས་ཀྱི་དབྱེ་གཞི་བདེན་པ་ཙམ་དེ་ཡིན་ པར་འདོད་པ་སོགས་འདྲ་མིན་མང་པོ་ཡོད་ཀྱང་རང་ལུགས་ལ་ཡབ་སྲས་མཇལ་བའི་མདོ་ ལས་གསུངས་པ་ལྟར་དེ་གཉིས་ཀྱི་དབྱེ་གཞི་ཤེས་བྱ་འཇོག་ཚུལ་གྲུབ་མཐའ་འོག་མ་རྣམས་ དང་འདྲའོ། །གཉིས་པ་ལ། ཀུན་རྫོབ་དང༌། དོན་དམ་བདེན་པ་གཉིས་ལས། དང་པོ་ལ། མཚན་ཉིད་སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། ཐ་སྙད་དཔྱོད་པའི་ ཚད་མ་རང་ཉིད་ལ་ཐ་སྙད་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། ཀུན་རྫོབ་བདེན་ པའི་མཚན་ཉིད། མཚན་གཞི་བུམ་པ་ལྟ་བུའོ། །གཉིས་པ་ནི། བུམ་པ་ལྟ་བུ་ནི་བློ་ཀུན་རྫོབ་ པ་ཐ་སྙད་ཚད་མའི་ངོར་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་བརྗོད། གསུམ་པ་ནི། སྤྱིར་ རང་རྒྱུད་པ་མན་ཆད་ཀྱིས་ཡུལ་ཅན་ཤེས་པ་རང་མཚན་གྱིས་གྲུབ་པར་འདོད་པའི་གནད་ ཀྱིས་ཡུལ་ཅན་ལ་ཡང་ལོག་གཉིས་མི་འབྱེད་པར་ཡུལ་གྱི་སྟེང་ནས་ཡང་ལོག་གཉིས་ཕྱེ་ཡང་ འདིར་ནི་དོན་དམ་པར་ན་ཡུལ་ཡུལ་ཅན་གང་ལའང་ཡང་དག་པ་མེད་པར་རྫུན་པ་ཁོ་ནར་ བཞེད་པས་ཡང་ལོག་གཉིས་མི་འཐད་ཀྱང་འཇིག་རྟེན་ཤེས་ངོ་ཙམ་ལ་ལྟོས་ན་སྣང་ཙམ་གྱི་ ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ཡོད་ཆོག་པས་དེལྟར་ན། གཉིས་ལས། དང་པོ་ནི། འཇིག་རྟེན་པའི་ཤེས་པ་རང་ག་བ་ལ་སྣང་བ་གང་ཞིགཡུལ་ཡིན་ན་རང་ཉིད་ སྣང་བ་ལྟར་མ་གྲུབ་པ་དང༌། ཡུལ་ཅན་ཡིན་ན་རང་ཉིད་འཁྲུལ་ཤེས་སུ་དེ་ཁོ་ན་ཉིད་ལ་བློ་ ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་མི་རྟོགས་པ་ཏེ། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་གཟུགས་སོགས་དང་འཕྲལ་གྱི་འཁྲུལ་རྒྱུས་ མ་བསླད་པའི་དབང་ཤེས་ལྔ་ལྟ་བུའོ། །གཉིས་པ་ནི། འཇིག་རྟེན་པའི་ཤེས་པ་རང་ག་བ་ལ་ སྣང་བ་གང་ཞིགཡུལ་ཡིན་ན་རང་ཉིད་སྣང་བ་ལྟར་མ་གྲུབ་པ་དང༌། ཡུལ་ཅན་ཡིན་ན་རང་ 3-1-60 ཉིད་འཁྲུལ་ཤེས་སུ་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་རྟོགས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་སྒྱུ་མའི་དཔེ་ དང་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་ཤེས་ལྔ་ལྟ་བུའོ། ། གཉིས་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་གསུམ་ལས། དང་པོ་ནི། དོན་དམ་ དཔྱོད་པའི་ཚད་མ་རང་ཉིད་ལ་དོན་དམ་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། དོན་ དམ་བདེན་པའི་མཚན་ཉིད། མཚན་གཞི་བུམ་པ་རང་བཞིན་གྱིས་གྲུབ་པས་སྟོང་པ་ལྟ་བུའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རང་མཁྱེན་ཚུལ་ལ་སྤྱིར་བོད་ཀྱི་མཁས་པ་རྣམས་འདོད་ཚུལ་ མི་འདྲ་བ་དང༌། ཁྱད་པར་རྗེ་ཡབ་སྲས་རྣམས་ཀྱང་གསུངས་ཚུལ་མི་མཐུན་ཏེ། དེ་ཡང་རྗེ་ བདག་ཉིད་ཆེན་པོས་རྣམ་པར་ཤར་བའི་སྒོ་ནས་མཁྱེན་པར་གསུངས་པ་དང༌། རྒྱལ་ཚབ་ རྗེས་མི་སྣང་བར་རྟོགས་པར་གསུངས་པ་དང༌། མཁས་གྲུབ་རྗེས་རྣམ་པ་མི་ཤར་བར་མཁྱེན་ པར་གསུངས་ཀྱང་དེ་དག་གི་དགོངས་པ་དངོས་ནི་རང་དང་གྲུབ་བདེ་རྫས་གཅིག་པའི་ཆོས་ མཐའ་དག་རྣམ་པ་ཤར་བའི་སྒོ་ནས་མཁྱེན་ན་དེ་ལས་ལོག་གི་མཁྱེན་ཚུལ་མི་དགོས་པ་དེ་ ཡིན་པར་བཤད་དོ། །གཉིས་པ་ནི། སེམས་བདེན་སྟོང་ལྟ་བུ་དེ་མཉམ་བཞག་ཟག་མེད་ཀྱིས་ རྙེད་དོན་ཡིན་ཕྱིར་དོན་དང༌། སྣང་གནས་མཐུན་ཕྱིར་དམ་པ་དང༌། གནས་ལུགས་ཡང་དག་ པ་ཡིན་ཕྱིར་བདེན་པ་ཞེས་སོ། །གསུམ་པ་ལ། རྒྱས་པར་དབྱེ་ན་སྟོང་ཉིད་བཅུ་དྲུགའབྲིང་དུ་ དབྱེ་ན་དངོས་པོ་དངོས་མེད་སྟོང་ཉིད་དང༌། རང་གཞན་གྱི་ངོ་བོ་སྟོང་པ་ཉིད་དེ་བཞི། བསྡུས་ པར་དབྱེ་ན་ཆོས་དང་གང་ཟག་གི་བདག་མེད་པ་སྟེ་གཉིས། མཁྱེན་ཚུལ་གྱི་སྒོ་ནས་དངོས་ རྗེས་གཉིས། བརྗོད་རིགས་ཀྱི་སྒོ་ནས་ཡུལ་ཡུལ་ཅན་གཉིས་སོ། ། གསུམ་པ་འཕྲོས་དོན་གཞན་ནི། སྤྱིར་བློ་ལ་ཚད་མ་དང་ཚད་མིན་གཉིས། ཚད་མ་ལ་ མངོན་རྗེས་གཉིས་དང༌། དེ་ལས་མངོན་སུམ་ཚད་མ་ལ་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ 3-1-61 སྐད་ཅིག་གཉིས་པ་ལྟ་བུའི་རྟོག་བཅས་ཤིག་དང༌། སྔོ་འཛིན་དབང་མངོན་སྐད་ཅིག་གཉིས་ པ་ལྟ་བུའི་རྟོག་མེད་ཅིག་དང་གཉིས་ཡོད། རང་གི་འཛིན་སྟངས་ཀྱི་ཡུལ་ལ་མི་བསླུ་བའི་ཤེས་ པ་ཚད་མའི་མཚན་ཉིད། ཚད་མ་གང་ཞིགརང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་མངོན་ སུམ་པ་ལ་མི་བསླུ་བའི་ཤེས་པ། མངོན་སུམ་ཚད་མའི་མཚན་ཉིད། རང་རྒྱུད་པ་མན་ཆད་ ཀྱིས་འཕགས་ལམ་གྱི་སྐབས་ཁོ་ན་མ་གཏོགས་རྣལ་འབྱོར་མངོན་སུམ་གང་ཡང་མེད་པར་ འདོད་ཀྱང་འདི་བས་སོ་སྐྱེས་ལམ་ལ་ཡང་བདེན་བཞིའི་རྣམ་པ་བཅུ་དྲུག་དང་གང་ཟག་གི་ བདག་མེད་རགས་པ་ཙམ་རྟོགས་པའི་རྣལ་འབྱོར་མངོན་སུམ་རེ་ཡོད་པར་འདོད་ལ། ཡིད་ མངོན་ལ་རྟོག་བྲལ་ཞིག་མི་དགོས་པར་མངོན་སུམ་དང་རྗེས་དཔག་གིས་དྲངས་པའི་དཔྱད་ ཤེས་ལྟ་བུས་ཀྱང་ཆོག་པར་བཞེད་ལ། ནང་གི་བདེ་སོགས་མྱོང་བའི་ཡིད་མངོན་ཡང་མྱོང་བྱ་ མྱོང་བྱེད་ཐ་དད་དུ་སྣང་ཕྱིར་རང་རིག་དང་མི་འདྲ། སྤྱིར་རྟགས་ལ་བརྟེན་ནས་རྟོགས་དགོས་ རྒྱུའི་ཆོས་དེ་གཞལ་བྱ་ལྐོག་གྱུར་དང་རྟགས་ལ་མ་བརྟེན་ཀྱང་རྟོགས་ཐུབ་པའི་ཆོས་དེ་གཞལ་ བྱ་མངོན་གྱུར་རོ། །རྟགས་ལ་དངོས་སུ་བརྟེན་ནས་རང་གི་གཞལ་བྱ་ཅུང་ཟད་ལྐོག་གྱུར་པ་ ལ་མི་བསླུ་བའི་ཤེས་པ་དེ། རྗེས་དཔག་ཚད་མའི་མཚན་ཉིད། འདི་ལ་དབྱེ་ན་དངོས་སྟོབས། གྲགས་པ། ཡིད་ཆེས། དཔེ་ཉེར་འཇལ་རྗེས་དཔག་དང་བཞི་ཡོད། འདི་བ་ལ་ཐལ་འགྱུར་ ཙམ་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་རྟོགས་པའི་རྗེས་དཔག་དང༌། ཚུལ་གསུམ་ཚང་ བའི་རྟགས་ལ་བརྟེན་ནས་གཞལ་བྱ་ལྐོག་གྱུར་རྟོགས་པའི་རྗེས་དཔག་དང་གཉིས་ཡོད། སྔོ་ འཛིན་ཤེས་པས་རང་ཉིད་གྲུབ་ཚུལ་ནི། སྔོ་འཛིན་ཤེས་པ་ལ་ཕྱི་དོན་གྱི་རྣམ་པ་འཆར་བའི་ དབང་གིས་རྟོགས་བྱ་རྟོགས་བྱེད་ཐ་དད་དུ་སྣང་ཕྱིར་རང་རིག་དང་མི་མཚུངས། དེ་མ་ཟད་ སྔོ་འཛིན་དབང་ཤེས་ཀྱིས་དྲངས་པའི་དྲན་ཤེས་དེས་ཀྱང་ཡུལ་སྔོན་པོ་དྲན་པ་དང་སྦྲེལ་ནས་ ཡུལ་ཅན་སྔོ་འཛིན་གྱི་ངོ་བོ་དྲན་ཞིང་རྟོགས་པར་འདོད། འདི་བས་ཚོགས་དྲུག་གི་རྣམ་ཤེས་ 3-1-62 ལས་ཀུན་གཞི་རང་རིག་གཉིས་མི་འདོད། རང་རྒྱུད་པའི་སྦྱོར་བས་ཕྱིར་རྒོལ་ལ་དེ་ཁོ་ན་ཉིད་ ཀྱིལྟ ་བ་བསྐྱེད་པར་མི་འདོད། སྣང་ཙམ་གྱི་ཤེས་པ་ཡོད་པ་ལྟར་སྣང་ཙམ་གྱི་ཕྱི་དོན་ཡང་ཡོད་ པར་འདོད་ལ། ཉན་རང་གཉིས་ཀྱིས་ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པ་དང༌། སྤྱིར་ཆོས་ ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འདོད། ཞིག་པ་དངོས་པོར་འདོད་པའི་གནད་ཀྱིས་དུས་གསུམ་ འཇོག་ལུགས་གྲུབ་མཐའ་འོག་མ་རྣམས་དང་མི་འདྲ། དུས་གསུམ་མྱུ་གུ་ལྟ་བུ་ལ་མཚོན་ན། སྐྱེས་ཟིན་གྱི་མྱུ་གུ་རང་དུས་སྐད་ཅིག་གཉིས་པར་ཞིག་པ་དེ། མྱུ་གུའི་འདས་པའི་དུས་དང༌། སྤྱིར་མྱུ་གུ་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རེ་ཞིག་རྒྱུ་རྐྱེན་མ་ཚང་བའི་དབང་གིས་ཡུལ་དེར་མྱུ་གུ་ མ་སྐྱེས་པ་དེ། མྱུ་གུའི་མ་འོངས་པའི་དུས་དང༌། སྐྱེས་ཟིན་གྱི་མྱུ་གུ་སྐྱེས་ལ་མ་འགགས་པ་དེ་ མྱུ་གུའི་ད་ལྟ་བའི་དུས་སོ། །སྤྱིར་ད་ལྟ་བ་ཡིན་ན་དངོས་པོ་ཡིན་པར་འདོད་པ་ལ་གྲུབ་མཐའ་ གོང་འོག་ཀུན་འདྲ་ཡང་འདས་མ་འོངས་གཉིས་དངོས་པོ་ཡིན་མིན་མི་འདྲའོ། །གཉིས་པ་ལ། ལྟ་སྒོམ་སྤྱོད་གསུམ་ལས། དང་པོ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་རྣམས་སོ། །ལྟ་བའི་ སྤངས་བྱ་ནི་གང་ཟག་གི་བདག་འཛིན་དང་རྩ་ཉོན་ཉེ་ཉོན་བདེན་འཛིན་དང་བཅས་པའི་ཉོན་ སྒྲིབ་དང༌། བདེན་སྣང་དང་གཉིས་སྣང་འཁྲུལ་བའི་དྲི་མ་དང་བདེན་གཉིས་འགལ་འཛིན་གྱི་ དྲི་མའི་ཤེས་སྒྲིབ་རྣམས་ཡིན། གཉིས་པ་ལ། གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་ མེད་སྒོམ་ཚུལ་གཉིས་ལས། དང་པོ་ལ། མཉམ་བཞག་ནམ་མཁའ་ལྟ་བུའི་སྒོམ་ཚུལ་དང༌། རྗེས་ཐོབ་སྒྱུ་མ་ལྟ་བུའི་ སྒོམ་ཚུལ་དང་གཉིས་ལས། དང་པོ་ལ། རང་ལུགས་དང། གཞན་ལུགས་གཉིས་ལས། དང་ པོ་ནི། དགག་བྱ། གཅིག་དུ་བྲལ། ཁྱབ་པ་སྟེ། གནད་བཞིའི་རིགས་པ་སོགས་ལ་བརྟེན་ ནས་གང་ཟག་གི་བདག་གཅིག་ཐ་དད་གང་དུ་ཡང་མ་གྲུབ་པར་སེམས་ཐག་ཆོད་པའི་ངེས་ 3-1-63 ཤེས་དེ་དོན་དམ་དཔྱོད་པའི་རིགས་ཤེས་ཡིན་ལ། རིགས་ཤེས་དེའི་འཛིན་སྟངས་ཤུགས་ ཞན་དུ་མ་སོང་བའི་ངང་ནས་ཐོག་མར་འཇོག་སྒོམ་གཙོ་བོར་བྱས་ཏེ་བསྒོམས་པས་གནས་ ཆ་རྙེད་པ་ན་དཔྱད་འཇོག་ཅི་རིགས་ཀྱི་སྒོ་ནས་གོམས་འདྲིས་བྱེད་པ་དེ་ཡིན། གཉིས་པ་ལ། བོད་ཀྱི་མཁས་པ་ཁ་ཅིག་གིས་གནད་བཞིའི་རིགས་པ་སོགས་མི་བསམ་པར་ངེས་ཤེས་སྔ་ མའི་ཤུགས་མ་ཡལ་ཙམ་གྱི་ངང་ནས་བདག་མེད་པ་དེ་ཡང་ཡང་དྲན་པའི་སྒོ་ནས་ལྟ་བ་སྐྱོང་ བར་འདོད་པ་དང༌། ཁ་ཅིག་གིས། གང་ཟག་གི་བདག་ཡིད་ཞབས་སུ་བྱས་ནས་དེ་མེད་པ་དེ་ ཡང་ཡང་བསམ་པའི་སྒོ་ནས་ལྟ་བ་སྐྱོང་བར་འདོད་པ་དང༌། ཁ་ཅིག་གིས་གཅིག་དུ་བྲལ་གྱི་ རིགས་པས་གང་ཟག་གི་བདག་མེད་ངེས་པ་ན་དེའི་ངང་ལ་རྩེ་གཅིག་ཏུ་བཞག་ནས་གཞན་དུ་ མི་གཡེང་པར་ལྷན་གྱིས་སྡོད་པའི་སྒོ་ནས་ལྟ་བ་སྐྱོང་བར་འདོད་པ་དང་གསུམ་ཡོད། གཉིས་ པ་ལ། མཉམ་བཞག་གི་སྟོབས་ཀྱིས་སྣང་བ་ལ་རང་བཞིན་མེད་པའི་སྣང་སྟོང་གཉིས་ཚོགས་ སུ་ཤར་ཚུལ་ཞིག་དང༌། ཆེད་དུ་སྒོམ་པའི་སྟོབས་ཀྱིས་སྣང་ལ་རང་བཞིན་མེད་པའི་སྣང་སྟོང་ གཉིས་ཚོགས་སུ་ཤར་ཚུལ་ཞིག་དང་གཉིས་ཡོད། གཉིས་པ་ལ། འདུས་བྱས་དང༌། འདུས་མ་ བྱས་ཀྱི་ཆོས་རྣམས་ཀྱི་སྟེང་ནས་སྒོམ་ཚུལ་གཉིས་ལས། དང་པོ་ནི། བེམ་པོ་རྣམས་རང་རང་གི་ཕྱོགས་ཆ་དང་རྡུལ་ཕྲན་སོགས་ལ་བཏགས་པ་ དང༌། ཤེས་པ་རྣམས་རང་རང་གི་སྐད་ཅིག་སྔ་ཕྱི་སོགས་ལ་བཏགས་པ་དང༌། ལྡན་མིན་ རྣམས་རང་རང་གི་གདགས་གཞི་དག་ལ་བཏགས་པ་ཡིན་པའི་སྟེང་ནས་དཔྱད་དགོས་སོ། །གཉིས་པ་ན། ནམ་མཁའ་སོགས་འདུས་མ་བྱས་རྣམས་ཀྱང་རང་རང་གི་ཆ་ཤས་དུ་མའི་སྟེང་ ནས་འཇོག་དགོས་པའི་ཚུལ་ལ་དཔྱད་དེ་བསྒོམ་པར་བྱའོ། །གསུམ་པ་སྤྱོད་པ་ནི། ཟིན་བྱེད་ སེམས་བསྐྱེད་ཀྱིས་ཟིན་པའི་སྒོ་ནས་ཟིན་བྱ་ཕར་ཕྱིན་དྲུག་སོགས་ཉམས་སུ་ལེན་པ་དེའོ། །གསུམ་པ་འབྲས་བུ་ལ། སྐུ་བཞི་མངོན་དུ་བྱེད་ཚུལ། དེ་སོ་སོའི་ཁྱད་པར། ཡོན་ཏན་འཕྲིན་ 3-1-64 ལས་རྣམ་གཞག་དང་གསུམ་ལས། དང་པོ་ནི། ཐེག་ཆེན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་བར་ཆད་མེད་ལམ་གྱི་དུས་སུ་སྒྲིབ་པ་ གང་ཡང་མེད་ཀྱང་ད་དུང་སྤངས་པ་མིན། དེའི་རྒྱུན་རྣམ་གྲོལ་ལམ་དུ་གྱུར་པ་ན་སྔར་གྱི་བར་ ཆད་མེད་ལམ་གྱི་རྒྱུན་དེ་ཡེ་ཤེས་ཆོས་སྐུར་གནས་འགྱུར་བ་དང༌། སྔར་གྱི་འགོག་བདེན་དེ་ ངོ་བོ་ཉིད་སྐུར་གནས་འགྱུར་བ་དང༌། བྱང་སེམས་རྒྱུན་མཐའ་བའི་མཚན་དཔེས་བརྒྱན་པའི་ སྐུ་དེ་ལོངས་སྤྱོད་རྫོགས་སྐུར་གནས་འགྱུར་བ་དང་མཉམ་དུ་མཆོག་གི་སྤྲུལ་སྐུ་སོགས་ཀྱི་སྒོ་ ནས་འབད་མེད་ལྷུན་གྲུབ་ཀྱིས་འགྲོ་དོན་བྱེད་ཐུབ་པའོ། །གཉིས་པ་ལ། ངོ་བོ་ཉིད་སྐུ། ཡེ་ ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་སྟེ་བཞི་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་བདེན་གྲུབ་ཀྱིས་སྟོང་པ་དེ་རང་ བཞིན་རྣམ་དག་གི་ངོ་བོ་ཉིད་སྐུ་དང༌། དེའི་སྐུ་གསུང་ཐུགས་ཀྱི་སྟེང་གི་གློ་བུར་གྱི་དྲི་མ་མཐའ་ དག་ཟད་པའི་ཆ་དེ་གློ་བུར་དྲིབྲལ་གྱི་ངོ་བོ་ཉིད་སྐུའོ། །དེ་འདྲའི་ངོ་བོ་ཉིད་སྐུ་ནི། སྐྱེ་འགག་ གནས་གསུམ་དང་བྲལ་བས་འདུས་མ་བྱས་དང༌། ཆོས་ཀྱི་དབྱིངས་དང་དབྱེར་མེད་པས་ཐ་ མི་དད་པ་དང༌། མཐའ་གཉིས་དང་བྲལ་བས་ཕྱིན་ཅི་མ་ལོག་པ་དང༌། རང་བཞིན་གྱིས་རྣམ་ པར་དག་ཅིང་གློ་བུར་གྱི་དྲི་མ་ཟད་པས་དྲི་མེད་རྣམ་དག་དང༌། སོ་སོར་རང་རིག་པའི་སྤྱོད་ ཡུལ་གྱི་ཕྱིར་ན་འོད་གསལ་བ་སྟེ་མཚན་ཉིད་ལྔ་དང༌། ཡོན་ཏན་རྒྱ་ཆེ་བས་གཞལ་དུ་མེད་ པ་དང༌། ཡོན་ཏན་བགྲང་ལས་འདས་པས་གྲངས་མེད་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ བསམ་དུ་མེད་པ། འདིའི་དོན་མ་རྟོགས་པ་རྣམས་དང་མི་འདྲ་བས་མཉམ་པ་མེད་པ། སྒྲིབ་པ་ བག་ཆགས་དང་བཅས་པ་མེད་པས་རྣམ་པར་དག་པ་སྟེ་ཡོན་ཏན་ལྔ་དང་ལྡན་པར་རྒྱུད་བླ་མ་ ལས་གསུངས་པ་ལྟར་རོ། །གཉིས་པ་ནི། ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རྣམ་པ་མ་ལུས་པ་ཅིག་ ཅར་མངོན་སུམ་དུ་མཁྱེན་པའི་མཐར་ཐུག་གི་ཡེ་ཤེས་དེ་ཡིན་ལ། འདི་ལ་བསྡུས་པར་དབྱེ་ 3-1-65 ན་མཁྱེན་པ་གཉིས་དང༌། འབྲིང་དུ་དབྱེ་ན་ཡེ་ཤེས་ལྔ་དང༌། རྒྱས་པར་དབྱེ་ན་ཟག་མེད་ཀྱི་ ཆོས་སྡེ་ཚན་ཉེར་གཅིག་སོགས་ཡོད། གསུམ་པ་ནི། འདིའི་བཞུགས་གནས་གཟུགས་ཁམས་ གནས་རིགས་བཅུ་བདུན་པའི་ཡང་ཐོག་ན་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བྱ་ བ་རྡུལ་ཕྲ་རབ་བསགས་པ་ལས་གྲུབ་པ་མ་ཡིན་པ་ཡེ་ཤེས་ཀྱི་སྣང་ཆ་ལས་གྲུབ་པའི་དག་ པའི་ཞིང་ཁམས་ཁྱད་པར་ཅན་དེ་ཡིན་ལ། ཞིང་དེའི་གཙོ་བོ་ལོངས་སྐུ་དངོས་ནི་སྐུ་མཚན་ དཔེ་རིགས་འདྲ་རྒྱུན་མི་ཆད་པ། གསུང་རིགས་འདྲ་རྒྱུན་མི་ཆད་པས་ཆོས་སྟོན་པ། ཐུགས་ མཁྱེན་བརྩེརྒྱུན་མི་ཆད་པ། དེ་གསུམ་འབད་རྩོལ་ལ་མ་ལྟོས་པ་དང༌། རྒྱུད་ཐ་དད་མིན་ཡང་ མཆོག་སྤྲུལ་སོགས་ཀྱི་མཛད་པ་སྟོན་པ་སྟེ་ཡོན་ཏན་ལྔ་ལྡན་དུ་རྒྱུད་བླ་ལས་གསུངས་པ་ལྟར་ རོ། །བཞི་པ་ནི། ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་པ་དེ་ཡིན་ལ། འདི་ལ་ སངས་རྒྱས་ཀྱིས་སྤྲུལ་པའི་བཟོ་རྒྱལ་ཀརྨ་བི་ཤྭ་ལྟ་བུའི་བཟོའི་སྤྲུལ་སྐུ་དང༌། དྲི་ཟའི་རྒྱལ་པོ་ འདུལ་བྱེད་དུ་པི་ཝང་མཁན་དུ་སྤྲུལ་པ་ལྟ་བུའི་སྐྱེ་བ་སྤྲུལ་སྐུ་དང༌། བདག་ཅག་གི་སྟོན་པ་ ལྟ་བུའི་མཆོག་གི་སྤྲུལ་སྐུ་དང་གསུམ་མོ། །གསུམ་པ་ཡོན་ཏན་འཕྲིན་ལས་ནི། ཡེ་ཤེས་ཆོས་ སྐུས་བདག་རྐྱེན་བྱས་པ་ལས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ་སངས་རྒྱས་ཀྱི་འཕྲིན་ལས་ ཡིན་ལ། འདི་ལ་དབྱེ་ན་ལམ་དངོས་ལ་འགོད་པ་ཉེར་དྲུག་དང༌། ལམ་གྱི་འབྲས་བུ་ལ་འགོད་ པ་གཅིག་སྟེ་ཉེར་བདུན་ཡོད་དོ། ། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་པ། གཉིས་པ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་ལ་རྩ་བའི་སློབ་དཔོན་ངོས་བཟུང་ བ། འདོད་པ་སྟོན་པའི་གཞུང་ལུགས། དེའི་མཚན་ཉིད། སྒྲ་བཤད། འདོད་པའི་ཁྱད་པར་ དང་ལྔ་ལས། 3-1-66 དང་པོ་ནི། འཕགས་ཡུལ་གྱི་སློབ་དཔོན་རྗེ་བཙུན་བྱམས་པ་མགོན་པོ། ཐོགས་མེད་སྐུ་ མཆེད། ཕྱོགས་གླང༌། ཆོས་གྲགས། ཙནྡྲ་གོ་མི། གནས་བརྟན་ཆོས་སྐྱོང༌། རིན་ཆེན་འབྱུང་ གནས་ཞི་བའི་ཞབས་སོགས་དང༌། བོད་ཡུལ་གྱི་སློབ་དཔོན་གཟི་དགའ་བའི་རྡོ་རྗེ། བཙན་ ཁ་བོ་ཆེ། ཀརྨ་པ་རང་བྱུང་རྡོ་རྗེ། ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་རྣམས་དང༌། པཎ་ཆེན་ཤཱཀྱ་ མཆོག་ལྡན། རྗེ་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིགས་རྒྱ་མཚོ་ཏཱ་ར་ནཱ་ཐ་བརྒྱུད་པ་ དང་བཅས་རྣམས་སོ། །དེ་མ་ཟད་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་མཛད་པའི་ལྟ་འདོད་ མདོར་བསྟན་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་སོགས་སུ་ གཞན་སྟོང་དབུ་མའི་དོན་གསལ་བར་བསྟན་ཕྱིར་དེ་གཉིས་ཀྱང་རང་ལུགས་ཀྱི་རྩ་བའི་སློབ་ དཔོན་ནོ། །གཉིས་པ་ལ། བཀའ་དང༌། བསྟན་བཅོས་གཉིས་ལས། དང་པོ་ལ། མདོ་སྔགས་ གཉིས་ལས། དང་པོ་ནི། སྤྱིར་ན་འཁོར་ལོ་གསུམ་གྱི་མདོ་ཐམས་ཅད་དང༌། ཁྱད་པར་ཀ་ཏྱ་ནའི་ གདམས་ངག་གི་མདོ་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང༌། བྱམས་ཞུས་ཀྱི་ལེའུ་དང་ ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་མདོ་མང་པོ་དང༌། མདོ་དགོངས་འགྲེལ། ལང་ ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པ། མདོ་སྡེ་ཕལ་བོ་ཆེ་སྟེ་ཡོངས་གྲུབ་བདེན་གྲུབ་ཏུ་ སྟོན་པའི་སེམས་ཙམ་པ་དང་ཐུན་མོང་པའི་འཁོར་ལོ་ཐ་མའི་མདོ་མང་པོ་དང༌། རང་ལུགས་ ཀྱི་ཐུན་མོང་མ་ཡིན་པའི་མདོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྔ་བོ་ཆེའི་མདོ། སོར་ཕྲེང་ལ་ཕན་པའི་མདོ། དཔལ་ཕྲེང་སེང་གེ་ང་རོས་ཞུས་པའི་མདོ། མྱང་འདས་ཆེན་པོའི་ མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་སོགས་ངེས་དོན་མཐར་ཐུག་སྟོན་ པའི་འཁོར་ལོ་ཐ་མའི་མདོ་རྣམས་སོ། །གཉིས་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་དང༌། འདུས་པ་བདེ་དགྱེས་ཀྱི་རྒྱུད་དང༌། དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསར་རྙིང་གི་རྒྱུད་སྡེ་ 3-1-67 ཤིན་ཏུ་མང་པོ་ཡོད། གཉིས་པ་བསྟན་བཅོས་ནི། བྱམས་པ་མགོན་པོས་མཛད་པའི་མདོ་ སྡེརྒྱན། འབྱེད་རྣམ་གཉིས། སྙིང་པོའི་མདོའི་དགོངས་འགྲེལ། རྒྱུད་བླ་མ། ཐོགས་མེད་ཀྱི་ རྒྱུད་བླའི་འགྲེལ་བ། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས། ཆོས་དང་ཆོས་ཉིད་རྣམ་ འབྱེད་ཀྱི་འགྲེལ་བ་སོགས་སྐུ་མཆེད་གཉིས་ཀྱིས་མཛད་པའི་བསྟན་བཅོས་ཕལ་ཆེ་བ་དང༌། གཞན་ཡང་འཇམ་དཔལ་གྱིས་མཛད་པའི་ལྟ་འདོད་མདོར་བསྟན་སོགས་དང་སེམས་འགྲེལ་ སྐོར་གསུམ་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་སོགས་རྒྱ་གཞུང་རྣམས་ དང༌། བོད་ཡུལ་གྱི་མཁས་མཆོག་རྣམས་ཀྱིས་མཛད་པའི་བསྟན་བཅོས་ནི། ཀརྨ་པ་རང་བྱུང་ རྡོ་རྗེས་མཛད་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ། བཀའ་བསྡུ་བཞི་པའི་འགྲེལ་བ། ངེས་དོན་མཐར་ཐུག་ དེ་ཁོ་ན་ཉིད་གསལ་བྱེད་ལྟ་ངན་མུན་སེལ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ ཟེར་སོགས་དང༌། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་དབུ་མ་ཆེན་པོའི་ཚུལ་གཉིས་ རྣམ་འབྱེད་རྒྱ་མཚོའི་སྤྲིན་གྱི་འབྲུག་སྒྲ་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་ཤིན་ཏུ་ རྒྱས་པའི་དབུ་མ་ཆེན་པོའི་རྣམ་ངེས་དང༌། ཤེས་རབ་སྙིང་པོའི་འགྲེལ་བ་སྔོན་མེད་ལེགས་ བཤད། རྒྱུ་འབྲས་དབུ་མའི་ཐིག་ལེ། གཞན་སྟོང་སྙིང་པོ། གཞན་སྟོང་དབུ་མའི་རྒྱན། དབུ་ མ་ཡིད་བཞིན་ནོར་བུ། ཚུལ་གཉིས་རྣམ་འབྱེད་ངེས་པའི་དོན་གྱི་འཇུག་ངོགས་སོགས་སོ། །གསུམ་པ་ནི། དབུ་མ་གང་ཞིགཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་གཤིས་ལ་རང་གི་ངོ་བོས་ གྲུབ་པར་ཁས་ལེན་ཅིང་གཞན་དབང་ཀུན་བཏགས་ཀྱིས་བསྡུས་པའི་ཆོས་རྣམས་གཤིས་ལ་ རང་གི་ངོ་བོས་མ་གྲུབ་པར་ཁས་ལེན་པའི་གང་ཟག་དེ། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་ མ་པའི་མཚན་ཉིད། མཚན་གཞི་ཐོགས་མེད་སྐུ་མཆེད་ལྟ་བུའོ། །བཞི་པ་ནི། སྟོང་གཞི་དོན་ དམ་གཉིས་མེད་ཀྱི་ཡེ་ཤེས་དེ་རང་ངོས་ནས་མི་སྟོང་པར་གཞན་གཟུང་འཛིན་སོགས་སྤྲོས་ 3-1-68 པ་མཐའ་དག་གིས་གདོད་ནས་སྟོང་པ་དང༌། ཀུན་རྫོབ་གློ་བུར་གྱིས་བསྡུས་པའི་ཆོས་རྣམས་ དོན་དམ་གཞན་གྱི་ངོ་བོས་སྟོང་པའི་སྟེང་དུ་ཀུན་རྫོབ་རང་གི་ངོ་བོས་ཀྱང་སྟོང་པར་སྨྲ་བས་ན་ དབུ་མ་གཞན་སྟོང་པ་ཞེས་བརྗོད། ལྔ་པ་ལ། གཞི་ལམ་འབྲས་བུ་གསུམ་ལས། དང་པོ་ལ། གཞིའི་བཞེད་ཚུལ་སྣ་ཚོགས་བཤད་པ། རང་ལུགས་ཐུན་མིན་གྱི་ཁྱད་པར། བདེན་གཉིས་ ཀྱི་རྣམ་གཞག བདེན་བཞིའི་རྣམ་གཞག་བཤད་པ་དང་བཞི་ལས། དང་པོ་ལ། མཛོད་ལས། གཟུགས་ལ་སོགས་པའི་ཕུང་པོ་ལྔ། །དེ་དག་ཉིད་དུ་གཏམ་གཞི་དང༌། །ཞེས་སོགས་ཀྱིས་ གཟུགས་ལ་སོགས་པའི་ཕུང་པོ་ལྔས་བསྡུས་པའི་འདུས་བྱས་ཀྱི་ཆོས་རྣམས་གཏམ་གྱི་གཞི་ ཡིན་པའི་ཆ་ནས་གཞི་ཡིན་པར་གསུངས་པ་དང༌། མངོན་རྟོགས་རྒྱན་ལས། དེ་ནས་ཐམས་ ཅད་ཤེས་པ་ཉིད། །ཅེས་སོགས་ཀྱིས་ཕུང་ཁམས་ཀྱིས་བསྡུས་པའི་ཆོས་རྣམས་ཁྱད་ཆོས་ཀྱི་ རྟེན་ཆོས་ཅན་ཡིན་པའི་ཆ་ནས་གཞི་ཡིན་པར་གསུངས་པ་དང༌། ཆོས་མངོན་གྱི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་ཁམས། །ཞེས་སོགས་ཀྱི་ལུང་དོན་ཐེག་བསྡུས་ཀྱིས་གསུངས་པ་ལྟར་ ན་ཀུན་གཞིའི་རྣམ་ཤེས་དགེ་མི་དགེའི་བག་ཆགས་ཐམས་ཅད་ཀྱི་བགོ་གཞི་ཡིན་པའི་ཆ་ ནས་གཞི་ཡིན་པར་གསུངས་པ་དང༌། རྣམ་འགྲེལ་ལས། བརྡ་ཡི་བྱེ་བྲག་རྟོག་པ་པོ། །འདོད་ པའི་རྗེས་སུ་བྱེད་པའི་གཞི། །ཞེས་སོགས་ཀྱིས་ཆོས་རྣམས་སྒྲས་བརྗོད་བྱ་ཡིན་པའི་ཆ་ནས་ གཞི་ཡིན་པར་གསུངས་པ་དང༌། གཞན་ཡང་གང་ལས་ཡལ་ག་འབྱུང་བའི་རྩ་བ་ལ་གཞི་ཞེས་ དང༌། དབྱེ་ཆོས་གྱེས་གཞི་ལ་གཞི་ཞེས་བརྗོད་པ་སོགས་མང་པོ་ཡོད་དོ། ། གཉིས་པ་ལ། མཐར་ཐུག་གི་གཞི་ངོས་བཟུང་བ། གཞི་དེ་རང་གཞན་ཐམས་ཅད་ལ་ ཡོད་པར་བསྟན་པ། དེ་ཉིད་འཁོར་འདས་ཀུན་གྱི་གཞིར་བསྟན་པ། གཞི་བདེ་གཤེགས་སྙིང་ པོ་དེ་ཉིད་མཚན་ཉིད་དགུ་ལྡན་དུ་བསྟན་པ་དང་བཞི་ལས། དང་པོ་ནི། དོན་དམ་པའི་ཆོས་དབྱིངས་དེ་ཉིད་གདོད་ནས་ཉེས་སྐྱོན་གང་གིས་གོས་མ་ 3-1-69 མྱོང་ཞིང༌། དོན་དམ་པའི་ཡོན་ཏན་ཐམས་ཅད་གདོད་མ་ནས་རང་ཆས་སུ་རྫོགས་པའི་རང་ བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་བདེ་གཤེགས་ སྙིང་པོ་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་གནས་པ་དེ་ཉིད་དོ། །གཉིས་པ་ལ། མདོ་ལུང་ དང༌། བསྟན་བཅོས་ཀྱི་ལུང་གཉིས་ལས། དང་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་དེ་བཞིན་དུ་ སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་ དེ་བཞིན་གཤེགས་པའི་སྙིང་པོསྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང༌། ཞེས་སོགས་དང༌། གཞན་ཡང་ མྱང་འདས་ཆེན་པོའི་མདོ་དང༌། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་སོགས་ཐེག་ཆེན་ གྱི་མདོ་སྡེ་དུ་མ་ལས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གློ་བུར་དྲི་མའི་སྦུབས་ ན་དོན་དམ་པའི་སངས་རྒྱས་ཆོས་སྐུ་ཡོན་ཏན་ཀུན་ལྡན་དུ་ཡོད་པར་ཡང་ཡང་གསུངས་སོ། ། གཉིས་པ་ནི། རྒྱུད་བླ་མ་ལས། ཇི་ལྟར་མི་དབུལ་ཁྱིམ་ནང་ས་འོག་ན། །མི་ཟད་པ་ཡི་ གཏེར་ནི་ཡོད་གྱུར་ལ། །ཞེས་སོགས་ཀྱིས་དབུལ་བོའི་ཁྱིམ་གྱི་འོག་ཏུ་གཏེར་ཡོད་པ་ལྟར་ སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ནང་དུ་ཆུད་པའི་སེམས་ཉིད་རང་བཞིན་གྱིས་འོད་གསལ་ བའི་ཡེ་ཤེས་རིན་པོ་ཆེའི་གཏེར་ལྟ་བུ་ཡོད་ཚུལ་རྒྱས་པར་གསུངས་ལ། གཞན་ཡང་བྱང་ས་ སོགས་ཐོགས་མེད་སྐུ་མཆེད་ཀྱིས་མཛད་པའི་རྒྱ་གཞུང་དུ་མར་དེ་མཐུན་གྱི་ཚུལ་གསལ་བར་ གསུངས་པ་ཆེས་མང་ངོ༌། །གསུམ་པ་ལ། ལུང་དགོད་པ་དང༌། ལུང་དོན་འཁོར་འདས་ཀྱི་ གཞི་བྱེད་ཚུལ་དང༌། གཉིས་ལས། དང་པོ་ལ། མདོ་དང༌། བསྟན་བཅོས་ཀྱི་ལུང་གཉིས་ལས། དང་པོ་ནི། ཐེག་པ་ཆེན་པོའི་ཆོས་མངོན་གྱི་མདོ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ནི་འགྲོ་ཀུན་ལ། །མྱ་ངན་འདས་པའང་ 3-1-70 ཐོབ་པ་ཡིན། །ཞེས་སོགས་སོ། །གཉིས་པ་ནི། རྒྱུད་བླ་མ་ལས། དེ་བཞིན་ཕུང་པོ་ཁམས་ དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་ མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ ལ་རབ་གནས། །ཞེས་སོགས་སོ། །གཉིས་པ་ལ། མྱང་འདས་འཁོར་བའི་གཞི་གཉིས་ལས། དང་པོ་ནི། དོན་དམ་པའི་ཆོས་དབྱིངས་རང་ཉིད་ཀྱི་ངོ་བོ་དེ་དོན་དམ་པའི་མྱང་འདས་ ཡིན་ལ། དེ་ལ་དམིགས་ཏེ་བསྒོམས་པས་གློ་བུར་གྱི་དྲི་མ་ཟད་པའི་མྱང་འདས་ཐོབ་དགོས་ ཕྱིར་དེ་གསར་བྱུང་གི་མྱང་འདས་ཐོབ་བྱེད་ཀྱི་རྒྱུ་ཡིན་པའི་ཆ་ནས་དེ་དེའི་གཞི་ཡིན་པར་ བསྟན། གཉིས་པ་ནི། ཆོས་དབྱིངས་དེ་ཉིད་འཁོར་བའི་རྒྱུ་དངོས་མ་ཡིན་ཡང་དཔེར་ན་ གསེར་གྱི་གཡའ་དང་ཆུའི་རྙོག་ལྟར་ཀུན་རྫོབ་གློ་བུར་བའི་འཁོར་བ་དེ་ཡང་རང་བཞིན་འོད་ གསལ་བའི་སེམས་དང་ཆོས་དང་ཆོས་ཅན་གྱི་ཚུལ་དུ་རྟེན་དང་བརྟེན་པའི་སྒོ་ནས་གནས་ ཡོད་པའི་ཆ་ནས་དེ་དེའི་གཞི་ཡང་ཡིན་པར་བསྟན་ཏོ། །བཞི་པ་ལ། ཡོངས་གཅོད་ཀྱི་མཚན་ ཉིད། རྣམ་བཅད་ཀྱི་མཚན་ཉིད། ཐུང་མོང་གི་མཚན་ཉིད་དང་གསུམ་ལས། དང་པོ་ལ། བདེ་ གཤེགས་སྙིང་པོ་དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་ཡིན་པའི་ཆ་ནས་རྟག་པར་བསྟན་པ་ དང༌། བདེ་གཤེགས་སྙིང་པོ་དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་ཅིང་ཡུལ་དུས་ཀྱི་ཆ་ཤས་དང་ བྲལ་ཞིང་ཉེརིང་ཕྱོགས་ལྷུང་མེད་པར་ཆོས་ཀུན་གྱི་སྲོག་དང་མགོན་དུ་བཞུགས་པ་ཡིན་པའི་ ཆ་ནས་ཀུན་ཁྱབ་ཏུ་བསྟན་པ་དང༌། སྤྱིར་ཆོས་ཉིད་དེ་རྔོག་ལོས་སྟོང་ཉིད་མེད་དགག་ལ་དང་ བུ་སྟོན་པས་ཀུན་གཞི་ལ་འདོད་པ་ལྟ་བུའི་མི་མཐུན་པ་ཡོད་ཀྱང༌། རྒྱུད་བླ་མ་ལས། རིགས་ ཁམས་སྦྲང་རྩི་དང་འདྲ་འདི་གཟིགས་ནས། །ཞེས་དང༌། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ ཤེས་པ་སྦྲང་མའི་རྩི་དང་འདྲ། །ཞེས་སོགས་གསུངས་པ་ལྟར་རང་ལུགས་ལ་འཕགས་པའི་སོ་ སོར་རང་གིས་རིག་བྱར་གྱུར་པའི་གཟུང་འཛིན་གཉིས་བྲལ་གྱི་སེམས་རང་བཞིན་གྱིས་འོད་ 3-1-71 གསལ་བའི་ཡེ་ཤེས་སུ་བཞེད་ཕྱིར་བདེ་གཤེགས་སྙིང་པོ་དེ་ཉིད་སོ་སོར་རང་གིས་རིག་བྱར་ བསྟན་པ་དང༌། དཔལ་ཕྲེང་གི་མདོ་ལས། རྣམ་པར་དབྱེར་མེད་པ་བསམ་གྱིས་མི་ཁྱབ་པའི་ སངས་རྒྱས་ཀྱི་ཆོས་གང་གའི་ཀླུང་གི་བྱེ་མ་ལས་འདས་པ་དང་ལྡན་པ་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུར་བསྟན་པ་སྟེ། ཞེས་སོགས་དང༌། མྱང་འདས་ལས། རིགས་ཀྱི་བུ་དེ་བཞིན་ གཤེགས་པའི་སྟོབས་བཅུ་དང༌། ཞེས་པ་ནས། ཚད་མེད་མཐའ་ཡས་པ་རྙེད་དང་དེ་ལྟ་བུ་ལ་ སོགས་པའི་ཆོས་ནི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་རང་བཞིན་ཡིན་ནོ། །ཞེས་སོགས་ དང༌། རྒྱུད་བླ་མ་ལས། འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གའི་ཀླུང་ གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་ སོགས་དང༌། བསྡུས་རྒྱུད་ལས། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་ རྣམ་པ་ཅན། །ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ཞེས་ སོགས་ཀྱིས་ཆོས་དབྱིངས་དྭངས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་བསྟན་པ་ལྟར། སྤྱིར་ སངས་རྒྱས་ཀྱི་ཆོས་དབྱིངས་རྣམ་པ་ཐམས་ཅད་པ་ལ་རྩོད་པ་མེད་ཅིང༌། སངས་རྒྱས་ཀྱི་ ཆོས་དབྱིངས་དེ་དང༌། གཞིའི་སེམས་ཅན་གྱི་ཆོས་དབྱིངས་གཉིས་ཀ་དབྱེར་མེད་པའི་རྒྱུ་ མཚན་གྱིས་སེམས་ཅན་གྱི་ཆོས་དབྱིངས་དེས་ཀྱང་ཤེས་བྱ་ཐམས་ཅད་ཀྱི་དོན་དམ་པའི་རྣམ་ པ་འཛིན་པའི་ཆ་ནས་དེ་ཡང་རྣམ་པ་ཐམས་ཅད་པར་བསྟན་པ་དང་བཞི་ཡོད་དོ། །གཉིས་ པ་ལ། མདོ་སྡེ་རྒྱན་ལས། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །སྐྱེ་དང་འགག་ མེད་བྲི་བར་མི་འགྱུར་ཞིང༌། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་ འགྱུར་དེ་ནི་དོན་དམ་མཚན། །ཞེས་གསུངས་པ་ལྟར་དོན་དམ་པའི་ཆོས་དབྱིངས་དེ་ཉིད་ཀྱི་ གཤིས་ལ་ཀུན་བཏགས་གཞན་དབང་གཉིས་ཀྱི་ངོ་བོར་ཡོད་པ་ཡང་མ་ཡིན། དེ་བཞིན་ཉིད་ ཀྱི་ངོ་བོར་མེད་པ་ཡང་མ་ཡིན། དེ་གཉིས་དང་དོན་དམ་པར་གཅིག་དང་ཐ་དད་གང་ཡང་མ་ 3-1-72 ཡིན་པའི་སྐྱེ་འགག་འཕེལ་འགྲིབ་ཀྱི་སྤྲོས་པ་མཐའ་དག་གིས་གདོད་ནས་དག་པ་ལས་སྔར་ ཡོད་བསལ་བ་མ་ཡིན་པའི་གནས་ལུགས་ཀྱི་ཡེ་ཤེས་ཡིན་པའི་ཆ་ནས་ཆོས་དབྱིངས་སྤྲོས་ བྲལ་དུ་བསྟན་པ་དང༌། རྒྱུད་བླ་མ་ལས། ཇི་ལྟར་ནམ་མཁའ་ཀུན་སོང་བ། །གང་ཕྱིར་ཉེ་ བར་གོས་པ་མེད། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །གནས་འདི་ཉེ་བར་གོས་པ་མེད། །ཅེས་གསུངས་པ་ལྟར་དཔེར་ན་ནམ་མཁའ་དེ་གཟུགས་ཅན་གྱི་དངོས་པོ་ཀུན་ལ་ཁྱབ་ཀྱང་ གཟུགས་ཅན་གྱི་ཉེས་པས་མ་གོས་པ་ལྟར་ཆོས་དབྱིངས་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ ཀྱི་རང་བཞིན་ལ་ཁྱབ་ཀྱང་སེམས་ཀྱི་སྟེང་གི་གློ་བུར་དྲི་མས་རང་གཤིས་ལ་ནམ་ཡང་གོས་པ་ མེད་པའི་ཆ་ནས་ཆོས་དབྱིངས་སྤྲོས་པའི་མཚན་མས་མ་གོས་པར་བསྟན་པ་དང་གཉིས་ཡོད་ དོ། །གསུམ་པ་ལ། ཟུང་འཇུག རང་བཞིན་གྱི་རིགས། དོན་དམ་པའི་ཁམས་བཤད་པ་དང་ གསུམ་ལས། དང་པོ་ནི། དོན་དམ་པའི་ཆོས་ཀྱི་དབྱིངས་དེ་ཀུན་རྫོབ་གཟུང་འཛིན་གྱིས་སྟོང་ཞིང་ དོན་དམ་ཆོས་ཉིད་ཀྱིས་མི་སྟོང་པའི་སྟོང་མི་སྟོང་ཟུང་དུ་འཇུག་པའི་བདག་ཉིད་ཅན་དེ་ཡིན། གཉིས་པ་ལ། རིགས་ཀྱི་ཁྱད་པར། མཚན་ཉིད། དབྱེ་བ། སྒྲ་བཤད་དང་བཞི་ལས། དང་པོ་ ནི། བྱང་སེམས་ཀྱི་སྐྱེ་མཆེད་དྲུག་གི་ཁྱད་པར་རམ་ཆོས་ཉིད། གཅིག་ནས་གཅིག་ཏུ་བརྒྱུད་དེ་ འོང་བ། ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོབ་པ་རྣམས་སོ། །གཉིས་པ་ནི། གདོད་ ནས་སེམས་ཀྱི་རང་བཞིན་དུ་གནས་པའི་ཡོན་ཏན་ཀུན་ལྡན་གྱི་ནང་རིག་འགྱུར་མེད་ཀྱི་ཡེ་ ཤེས་གང་ཞིགཁྱོད་ལ་དམིགས་ཏེ་ལམ་ལ་འབད་ན་དྲི་མ་འབྲལ་རུང་དང་ཡོན་ཏན་མཐའ་ དག་མངོན་དུ་འགྱུར་རུང་གི་འདུས་མ་བྱས་ཀྱི་དགེ་བ་དེ། རིགས་ཀྱི་མཚན་ཉིད། མཚན་གཞི་ བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་ཀུན་གཞིའི་ཡེ་ཤེས་ལྟ་བུའོ། །གསུམ་པ་ལ། རང་བཞིན་ གནས་རིགས་དང༌། རྒྱས་འགྱུར་གྱི་རིགས་གཉིས་ལས། 3-1-73 དང་པོ་གོང་གི་རིགས་དང་འདྲ། གཉིས་པ་ལ་མཚན་ཉིད། དབྱེ་བ་གཉིས་ལས་དང་པོ་ནི་ རང་བཞིན་གྱི་རིགས་ལ་བརྟེན་ནས་རྐྱེན་གྱིས་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་འདུས་ བྱས་ཀྱི་དགེ་བ་དེ། རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། མཚན་གཞི་བྱང་སེམས་ཀྱི་རྒྱུད་ཀྱི་ ཚོགས་ལམ་ལྟ་བུའོ། །གཉིས་པ་ལ། ཐེག་པ་གསུམ་གྱི་རྒྱས་འགྱུར་གྱི་རིགས་ གསུམ་ཡོད། དེ་དག་གི་མཚན་ཉིད་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་ འདུས་བྱས་དེ། ཐེག་པ་ཆེན་པོའི་རྒྱས་འགྱུར་གྱི་རིགས་ཀྱི་མཚན་ཉིད། དེས་འགྲེས་ཏེ། རང་ རྒྱལ་བྱང་ཆུབ་དང༌། ཉན་ཐོས་བྱང་ཆུབ་ལ་སྦྱར་ན་དེ་གཉིས་ཀྱི་མཚན་ཉིད་ཤེས་ནུས་སོ། །བཞི་པ་ནི། རིགས་ཀྱི་སྐད་དོད་གོ་དྲ་ཞེས་བྱ་ཞིང་དེ་ཡང་ཤུན་པ་འདྲ་བའི་དོན་དང༌། སྙིང་ པོའི་སྐད་དོད་གྷརྦྷ་ཞེས་བྱ་ཞིང༌། དེ་ཡང་ཕྱི་རོལ་ནས་གཞན་གྱིས་གཡོགས་ཤིང་དབུས་ན་ ཡོད་པའི་དོན་གྱིས་རིགས་ཀྱི་སྒྲ་བཤད་པར་བྱ་དགོས་སོ། ། གསུམ་པ་ལ། ཁམས་ཀྱི་དོན་དང༌། དེ་ལ་ལོག་རྟོག་སྤང་བ་གཉིས་ལས། དང་པོ་ནི། སྤྱིར་ཁམས་ཀྱི་འཇོག་ཚུལ་ལ་རྒྱུ་དང་རིགས་འཛིན་པའི་ཆ་སོགས་ནས་འཇོག་ཚུལ་འདྲ་མིན་ ཡོད་ཀྱང་རང་ལུགས་ཀྱི་ཁམས་ནི་ཆོས་ཅན་སེམས་ཀྱི་རང་བཞིན་དུ་ཆོས་ཉིད་རང་བྱུང་གི་ཡེ་ ཤེས་མི་གསལ་བའི་ཚུལ་གྱིས་གནས་པ་ལ་འཇོག་ཅིང༌། དེ་འདྲའི་ཆོས་ཉིད་ལ་སྒྲིབ་བྱེད་ཀྱི་ དྲི་མ་སྟོན་བྱེད་ཀྱི་དཔེ་དགུ་ནི་པདྨ་ངན་པའི་ནང་ན་སངས་རྒྱས་ཀྱི་སྐུ་དང༌། སྦྲང་མའི་དབུས་ ན་སྦྲང་རྩི་དང༌། སྦུན་པའི་ནང་ན་སྙིང་པོ་དང༌། མི་གཙང་བའི་ནང་ན་གསེར་དང༌། སའི་ འོག་གི་གཏེར་དང༌། ལྗོན་ཤིང་གི་མྱུ་གུ་སོགས་བསྐྱེད་པའི་ནུས་པ་ཤུན་པའི་ནང་ན་གནས་ པ་དང༌། གོས་ཧྲུལ་གྱི་ནང་ན་རྒྱལ་བའི་གསེར་སྐུ་དང༌། བུད་མེད་ངན་མའི་ལྟོ་བར་མི་བདག་ དང༌། འདམ་ནང་གི་གསེར་གྱི་གཟུགས་བརྙན་ཏེ་དེ་དག་གཡོག་བྱེད་དགུ་དེ་དྲི་མ་ཡིན། དེ་ དག་གི་དཔེ་ཅན་དག་ནི། དུག་གསུམ་གྱི་བག་ལ་ཉལ་གསུམ་དང༌། དེ་གསུམ་མངོན་འགྱུར་ 3-1-74 རྣམས་གཅིག་ཏུ་བྱས་པ་དང༌། མ་རིག་བག་ཆགས་ཀྱི་ས་དང༌། མཐོང་སྤང་དང༌། སྒོམ་སྤང་ དང༌། མ་དག་ས་བདུན་གྱི་མི་མཐུན་ཕྱོགས་ཀྱི་དྲི་མ་དང༌། དག་ས་གསུམ་གྱི་དྲི་མ་ཕྲ་མོ་དང་ དགུ་དེ་ཡིན་ནོ། །གཉིས་པ་ནི། དོན་དམ་པའི་ཆོས་དབྱིངས་རང་གི་ངོ་བོ་ལ་སྤངས་རྟོགས་ཀྱི་ ཡོན་ཏན་ཡོངས་སུ་རྫོགས་ཚུལ་ཡང་དྲི་མ་གདོད་ནས་རང་བཞིན་དུ་དག་པའི་དོན་དམ་པའི་ སྤངས་པ་མཐར་ཐུག་དང༌། སོ་སོར་རང་རིག་པའི་རང་བྱུང་གི་ཡེ་ཤེས་དོན་དམ་པའི་རྟོགས་ པ་མཐར་ཐུག་གཉིས་ཡེ་ནས་རང་ཆས་སུ་ཡོད་པ་ལ་གོ་བ་མ་གཏོགས་ཀུན་རྫོབ་གསར་བྱུང་ གི་སྤངས་རྟོགས་མཐར་ཕྱིན་པ་ལ་གོ་ནས་སེམས་ཅན་ཐམས་ཅད་གཞན་བྱུང་གི་སངས་རྒྱས་ སུ་འཛིན་པའི་ལོག་རྟོག་སྐྱེ་ན་མི་རུང་ངོ༌། །ཁ་ཅིག་གིས་ཚོགས་མ་བསགས་པའི་སངས་རྒྱས་ མི་འཐད་ཅེ་ན། ཀུན་བཏགས་དང་རྣམ་བཏགས་ཀྱི་ཚོགས་ནི་གསར་དུ་མ་བསགས་པར་ གདོད་ནས་ཐོབ་པ་མེད་ཀྱང་ཆོས་ཉིད་ཀྱི་ཚོགས་ནི་ཡེ་ནས་རང་ཆས་སུ་རྫོགས་པ་ཤིན་ཏུ་ འཐད་དོ། ། གསུམ་པ་བདེན་གཉིས་ཀྱི་རྣམ་གཞག་བཤད་པ་ལ། ཀུན་རྫོབ་བདེན་པ། དོན་དམ་ བདེན་པ། གཅིག་དང་ཐ་དད། འཕྲོས་དོན་གཞན་བཤད་པ་དང་བཞི་ལས། དང་པོ་ལ། མཚན་ཉིད་སྒྲ་བཤད། མིང་གི་རྣམ་གྲངས། དབྱེ་བ་དང་བཞི་ལས། དང་པོ་ནི། རྣམ་ཤེས་ དང་ཡེ་ཤེས་གཉིས་ལས་རྣམ་ཤེས་འཁོར་བཅས་ཀྱི་ཡུལ་གང་ཞིགགནས་ཚུལ་ལ་རང་གི་ངོ་ བོ་བདེན་གྲུབ་ཀྱིས་སྟོང་པའི་ཆོས་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་གཞན་ དབང་ཀུན་བཏགས་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །གཉིས་པ་ནི། དོན་དམ་ ཆོས་ཉིད་ལས་གཞན་པའི་ཆོས་རྣམས་ཆོས་དབྱིངས་ཀྱི་གནས་ཚུལ་ཡང་དག་པར་མཐོང་བ་ ལ་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་བདེན་པ་ཞེས་བརྗོད། གསུམ་པ་ནི། ཀུན་རྫོབ་བདེན་ པ། ཐ་སྙད་བདེན་པ། རྫུན་པའི་ཆོས། བསླུ་བའི་ཆོས། སྣང་གནས་མི་མཐུན་པའི་ཆོས་ 3-1-75 རྣམས་དོན་གཅིག བཞི་པ་ལ། ལོག་པ་དང༌། ཡང་དག་ཀུན་རྫོབ་གཉིས་ལས། དང་པོ་ནི། རང་གསལ་བར་སྣང་བའི་བློ་ལ། ཇིལྟར་སྣང་བ་ལྟར་དོན་བྱེད་མི་ནུས་ཤིང༌། འཇིག་རྟེན་ན་ བརྫུན་པར་གྲགས་པའི་ཆོས་དེ། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ཆུ་ཟླ་དང་ སྨིག་རྒྱུ་ལྟ་བུའོ། །གཉིས་པ་ནི། རང་གསལ་བར་སྣང་བའི་བློ་ལ། ཇིལྟར་སྣང་བ་ལྟར་དོན་ བྱེད་ནུས་ཤིང༌། འཇིག་རྟེན་ན་ཡང་མི་བསླུ་བར་གྲགས་པའི་ཆོས་དེ། ཡང་དག་ཀུན་རྫོབ་ཀྱི་ མཚན་ཉིད། མཚན་གཞི་དོན་ལྔའི་གཟུགས་ལྟ་བུའོ། ། གཉིས་པ་ལ། མཚན་ཉིད། སྒྲ་བཤད། མིང་གི་རྣམ་གྲངས། དབྱེ་བ་དང༌། བཞི་ལས། དང་པོ་ནི། རྣམ་ཤེས་ཡེ་ཤེས་གཉིས་ལས་ཡེ་ཤེས་ཁོ་ནའི་ཡུལ་གང་ཞིགགནས་ཚུལ་ལ་རང་ གི་ངོ་བོ་བདེན་པར་གྲུབ་པའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ཡོངས་ གྲུབ་ཆོས་ཉིད་ཁོ་ནའོ། །གཉིས་པ་ནི། ཆོས་ཀྱི་དབྱིངས་དེ་གཉིས་མེད་ཡེ་ཤེས་ཀྱི་དོན་ཡིན་ པས་དོན་དང༌། གནས་ལུགས་མཐར་ཐུག་ཡིན་པས་དམ་པ་དང༌། འཕགས་པའི་མཉམ་ བཞག་གི་སྤྱོད་ཡུལ་དུ་བདེན་པས་བདེན་པ་ཞེས་བརྗོད། གསུམ་པ་ནི། དོན་དམ་བདེན་པ། སྟོང་ཉིད། ཡང་དག་མཐའ། མཚན་མ་མེད་པ། ཆོས་ཀྱི་དབྱིངས་རྣམས་དོན་གཅིག བཞི་པ་ ལ། ཆོས་དབྱིངས་ཡེ་ཤེས་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རྣམ་གྲངས་དང༌། རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་ལས། དང་པོ་ནི། བདེན་གྲུབ་བཀག་པའི་ཆའི་མེད་དགག་གི་སྟོང་ཉིད་དང༌། མི་རྟག་སྡུག་ བསྔལ་སོགས་ཡིན། གཉིས་པ་ནི། ཆོས་ཀུན་ལ་ཁྱབ་པའི་གཉིས་མེད་ཡེ་ཤེས་སངས་རྒྱས་ ཀྱི་དོན་དམ་པའི་ཡོན་ཏན་ཐམས་ཅད་ཀྱིས་གདོད་ནས་བརྒྱན་པ་སྤྲོས་བྲལ་རྣམ་པ་ཀུན་ལྡན་ འགྱུར་མེད་ཀྱི་ཡོངས་གྲུབ་ཆེན་པོ་དེ་ཉིད་དོ། །དབྱེ་སྒོ་གཞན་ཡང་ཡོངས་གྲུབ་ཆོས་ཉིད་ལྟ་ བུའི་དོན་དམ་དང༌། མཐར་ཐུག་གི་མྱང་འདས་ལྟ་བུའི་ཐོབ་པ་དོན་དམ་དང༌། ཐེག་ཆེན་གྱི་ 3-1-76 ལམ་ལྟ་བུའི་སྒྲུབ་པ་དོན་དམ་དང་གསུམ་ཡོད། གསུམ་པ་ནི། མདོ་དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་རྣམས། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་བདེན་པ་གཉིས་ནི་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད་ པར་གཅིག་པ་བཀག་པའི་ཐ་དད་དུ་ཁས་ལེན་ལ། དེ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ གོ་བའི་གནད་དང་ཅུང་མི་གཅིག་གོ། །དེ་གཉིས་ངོ་བོ་གཅིག་དང་ཐ་དད་དུ་འདོད་ན་བློ་གྲོས་ རྣམ་དག་གི་ལེའུ་དང༌། དགོངས་འགྲེལ་ལས་བཤད་པའི་རིགས་པ་བཞི་བཞིས་གནོད་དོ། །བཞི་པ་ལ། དོན་དམ་བདེན་པ་ཡེ་ཤེས་ཁོ་ནའི་ཡུལ་དུ་བསྟན་པ། ཀུན་རྫོབ་བདེན་པ་ཡེ་ ཤེས་ཀྱི་ཡུལ་མ་ཡིན་པར་བསྟན་པ། དེ་མ་ཡིན་ཀྱང་མི་མཁྱེན་པའི་སྐྱོན་མེད་པར་བཤད་པ་ དང་གསུམ་ལས། དང་པོ་ནི། དོན་དམ་བདེན་པ་ཡེ་ཤེས་ཁོ་ནའི་ཡུལ་ཡིན་པར་ཤེས་བྱེད་ཀྱི་ ལུང་གསལ་བོ་ནི། ཡུམ་ལ་བསྟོད་པ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང༌། རྒྱུད་བླ་མ་ལས། དོན་དམ་གཟིགས་པ་རྣམས་ཀྱི་ཡུལ་ཉིད་དོ། །ཞེས་དང༌། ཆོས་དབྱིངས་རང་ བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། །ཞེས་ སོགས་གསུངས་པ་ལ་བརྟེན་ནས་ཆོས་ཉིད་ནི་མཉམ་བཞག་དམ་པའི་སྤྱོད་ཡུལ་དུ་ལེགས་ པར་རྩལ་དུ་བཏོན་ནས་བཤད་དོ། །གཉིས་པ་ནི། ཀུན་རྫོབ་ལོག་པའི་ཆོས་ཀུན་དེ་ལྟར་དུ་ སྣང་ཡུལ་བྱས་ཏེ་ཡེ་ཤེས་དམ་པའི་སྤྱོད་ཡུལ་གྱི་སྒོ་ནས་དེ་དག་མི་མཁྱེན་པར་གསུངས་ཀྱི་ སྤྱིར་དེ་རྣམས་རྣམ་པ་ཀུན་ནས་མི་མཁྱེན་པར་བཞེད་པ་མ་ཡིན་ལ། དེ་ཡང༌། ལང་གཤེགས་ ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང༌། །དོན་ཡོད་ མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང༌། ཆོས་ཉིད་རྣམ་འབྱེད་ ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བ་ཆོས་ཉིད་སྣང༌། །ཞེས་དང༌། དབུ་མའི་ 3-1-77 སྒོམ་རིམ་ལས། འཕགས་པས་འཁྲུལ་བ་མི་གཟིགས་ཤིང༌། །ཞེས་སོགས་གསུངས་པ་ལ་ བརྟེན་ནོ། །གསུམ་པ་ནི། ཀུན་རྫོབ་བདེན་པ་ཡེ་ཤེས་ལ་མི་སྣང་ན་དེ་མི་མཁྱེན་པའི་སྐྱོན་ མེད་དེ། ཡེ་ཤེས་ལ་མི་སྣང་བཞིན་དུ་མཁྱེན་ཚུལ་ཡོད་པའི་ཕྱིར། དེར་ཐལ། ཀུན་མཁྱེན་ཡེ་ ཤེས་ལ་བསྐལ་པས་བར་དུ་ཆོད་པའི་འདས་མ་འོངས་སོགས་མཁྱེན་པ་ན། དེ་དག་གི་རྣམ་ཆ་ ཇི་བཞིན་པར་རང་དུས་སུ་འཆར་བ་མེད་པའི་སྒོ་ནས་མཁྱེན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་ སྣང་བ་སད་དུས་སུ་ཤེས་པ་བཞིན་ནོ། །བཞི་པ་བདེན་བཞི་བཤད་པ་ལ། སྡུག་ཀུན་གཉིས་ དང་འགོག་ལམ་གཉིས་ཏེ་བཞི་ཡོད་པ་རྣམས་སྤྱིའི་ཚུལ་གོང་མདོ་སྡེ་པའི་སྐབས་སུ་བཤད་པ་ ལྟར་ལས་ཁྱད་པར་ནི་འདིར་འགོག་བདེན་ལ། སྦྱང་གཞི་དོན་དམ་པ་དང༌། སྦྱང་འབྲས་དག་ པ་གཉིས་ལྡན་གྱི་འགོག་བདེན་གཉིས་ལས། དང་པོ་ནི། དབུས་མཐའ་ལས། གཉིས་དངོས་ མེད་དང་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཡོད་པ་མ་ཡིན་མེད་པའང་ མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །ཞེས་གསུངས་པ་ལྟར། ཀུན་རྫོབ་གཟུང་འཛིན་ གྱིས་སྟོང་ཞིང་དོན་དམ་ཆོས་ཉིད་ཀྱིས་མི་སྟོང་པས་ཡོད་མེད་ཀྱི་མཐའ་ལས་གྲོལ་ཞིང༌། ཆོས་ ཉིད་དེ་ཆོས་ཅན་ཀུན་ལ་ཁྱབ་ཀྱང་མཚན་ཉིད་མི་མཐུན་པའི་ཆ་ནས་ཐ་དད་གཅིག་གང་ དུའང་མ་གྲུབ་པ་ཅན་གྱི་བདེ་གཤེགས་སྙིང་པོ་དེའོ། །འདིའི་མིང་ལ། ཡང་དག་མཐའ། དོན་ དམ་བདེན་པ། ཆོས་ཀྱི་དབྱིངས་ཞེས་སོགས་ཟེར་ཞིང་དྲི་བཅས་དང་དྲི་མེད་གཉིས་ཡོད། དེ་ མ་ཟད་ཆོས་དབྱིངས་རྣམ་པ་ཀུན་ལྡན་ཡིན་པས་རང་གི་ངོ་བོ་འགོག་ལམ་གྱི་རང་བཞིན་ གཞིར་བྱས་པའི་སྟེང་ནས་སྲིད་གསུམ་ལས་ཉོན་གྱི་རང་བཞིན་དུ་ཡང་ཡོད་ཆོག་པའི་ཆ་ནས་ དོན་དམ་པའི་བདེན་བཞིའི་རྣམ་གཞག་ཀྱང་འཇོག་གོ། །གཉིས་པ་སྦྱང་འབྲས་དག་པ་གཉིས་ ལྡན་གྱི་དེ་ནི། རྒྱན་ལས། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ ཉིད་དོ། །ཞེས་པ་ལྟར་ཆོས་ཉིད་རང་བཞིན་རྣམ་དག་ལ་ལམ་སྒོམ་སྟོབས་ཀྱིས་གློ་བུར་གྱི་དྲི་ 3-1-78 མ་ཀུན་ཀྱང་ཟད་པའི་དག་པ་གཉིས་ལྡན་གྱི་དབྱིངས་དེའོ། །འདི་ལ་མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་ནུས་པ། ཟད་པ། འདོད་ཆགས་བྲལ་བ། འགོག་པ། རྣམ་པར་ ཞི་བ། ནུབ་པ་ཞེས་པ་རྣམས་ཀྱི་མིང་གིས་བརྗོད་ཅིང༌། མངོན་པ་ཀུན་བཏུས་ལྟར་ན། བརྡ་ དང་དོན་དམ་དང་ཡོངས་རྫོགས་པ་དང་མ་རྫོགས་པ་དང་རྒྱན་བཅས་དང་རྒྱན་མེད་དང་ལྷག་ བཅས་དང་ལྷག་མེད་དང་ཁྱད་པར་འཕགས་པའི་འགོག་པ་སྟེ་དགུར་གསུངས་སོ། །དེ་ལྷག་ རྣམས་ཚིག་བརྗོད་ཚུལ་ཙམ་ལས་དོན་ལ་གོང་དང་ཁྱད་པར་མེད་དོ། །གསུམ་པ་ལམ་བཤད་ པ་ལ། ལམ་གྱི་རྟེན་དང༌། ལམ་དངོས་གཉིས་ལས། དང་པོ་ལ། མཚམས་མེད་རྒྱུད་ལྡན་ལྟ་ བུའི་ལས་ཀྱི་སྒྲིབ་པ་ཅན་དང༌། ཉོན་མོངས་ཤུགས་ཆེ་ཟ་མ་མ་ནིང་ལྟ་བུའི་ཉོན་མོངས་པའི་ སྒྲིབ་པ་ཅན་དང༌། སྒྲ་མི་སྙན་ལྟ་བུའི་རྣམ་སྨིན་སྒྲིབ་པ་ཅན་དང་གསུམ་པོ་གང་ཡང་མ་ཡིན་ པའི་ལུས་རྟེན་དང༌། བསམ་གཏན་ས་དྲུག་ཅེས་པ། བསམ་གཏན་དང་པོའི་ཉེར་བསྡོགས་ དང༌། དངོས་གཞི་ཙམ་ཁྱད་གཉིས། གཉིས་གསུམ་བཞི་པའི་དངོས་གཞི་ལྟ་བུའི་སེམས་རྟེན་ དང་གཉིས་ཡོད། གཉིས་པ་ལམ་ལ། སྤྱིར་བསྟན། སྒོམ་རིམ་གཉིས་ལས། དང་པོ་ལ། མཚན་ ཉིད། དབྱེ་བ་གཉིས་ལས། དང་པོ་ནི། གང་ལ་ཞུགས་ན་རང་འབྲས་མྱང་འདས་སུ་ཕྱིན་བྱེད་ དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་དེ། ལམ་གྱི་མཚན་ཉིད། འདི་དང༌། མངོན་རྟོགས། ཐེག་པ་རྣམས་དོན་གཅིགགཉིས་པ་དབྱེ་བ་ལ་ལྔ་ཡོད་པས་དེ་དག་གི་མཚན་ཉིད་རིམ་བཞིན། ཆོས་མངོན་རྟོགས། ཚོགས་ལམ་གྱི་མཚན་ཉིད། དོན་མངོན་རྟོགས། སྦྱོར་ལམ་གྱི་མཚན་ ཉིད། བདེན་པ་མངོན་རྟོགས། མཐོང་ལམ་གྱི་མཚན་ཉིད། རྗེས་ལ་མངོན་རྟོགས། སྒོམ་ ལམ་གྱི་མཚན་ཉིད། རང་རང་གི་བསླབ་པ་ཡོངས་རྫོགས་མཐར་ཕྱིན་པའི་ལམ་དེ། མི་སློབ་ ལམ་གྱི་མཚན་ཉིད་དོ། །གཉིས་པ་ལ། སྒོམ་ཚུལ་དངོས་དང༌། ཞར་བྱུང་གཉིས་ལས། དང་ པོ་ལ། མཉམ་རྗེས་གཉིས་ལས། དང་པོ་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་ 3-1-79 ཡིན་ལུགས་སྒོམ་པ་སྟེ། དེ་ཡང་ཚོགས་ལམ་དུ་བདེ་བར་གཤེགས་པའི་སྙིང་པོ་ཆོས་ཉིད་རང་ བྱུང་གི་ཡེ་ཤེས་དེ་དད་པའི་ཡུལ་དུ་བྱས་ནས་སྒོམ་པ་དང༌། སྦྱོར་ལམ་དུ་ཕྱི་གཟུང་བ་ཕྱི་དོན་ གྱི་ཡུལ་དང༌། ནང་འཁྲུལ་བ་གློ་བུར་བའི་སེམས་གཉིས་པོ་རང་བཞིན་བདེན་པ་མེད་པའི་ ཚུལ་དུ་སྒོམ་པ་དང༌། མཐོང་ལམ་དུ་ཆོས་ཉིད་ཡེ་ཤེས་ཀྱི་ཆ་ཤས་ཙམ་མངོན་དུ་བྱེད་པའི་སྒོ་ ནས་སྒོམ་པ་དང༌། སྒོམ་ལམ་དུ་ཆོས་ཉིད་ཀྱི་ཆ་རྣམས་རིམ་གྱིས་མངོན་དུ་བྱེད་པའི་སྒོ་ནས་ ལེགས་པར་བསྒོམས་པའི་མཐུ་ལས། མཐར་འོད་གསལ་བདེ་གཤེགས་སྙིང་པོ་ཆ་ཐམས་ཅད་ ནས་མངོན་དུ་གྱུར་པ་ན་མི་སློབ་ལམ་ཐོབ་པའོ། །དེ་དག་གི་ཚུལ་ནི། རྒྱུད་བླ་མ་ལས། སྤྲིན་ མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང༌། །ཞེས་དང༌། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །ཟླ་བ་རིམ་གྱིས་འཕེལ་བ་ལྟར། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་ཤིང་གསལ་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་རོ། །གཉིས་པ་ལ། མཉམ་བཞག་གི་སྟོབས་དང༌། ཆེད་དུ་སྒོམ་པའི་སྟོབས་གང་རུང་གི་སྒོ་ནས་རྗེས་ཐོབ་ཀུན་ཏུ་ ཆོས་ཉིད་ཐེར་ཟུག་ལ་ཡིད་ཆེས་དང་ཀུན་རྫོབ་ཀྱི་སྣང་བ་གང་དག་སྣང་སྟོང་གཉིས་ཚོགས་ ཀྱི་སྒྱུ་མ་ལྟ་བུའི་ཡིན་ལུགས་སུ་འཆར་བར་བྱའོ། ། གཉིས་པ་ཞར་བྱུང་སའི་རྣམ་གཞག་མདོ་ཙམ་ནི། །མདོ་སྡེ་རྒྱན་ལས་གསུངས་པ་ལྟར་ ཏེ། དེ་ཡང་ས་དང་པོའི་དུས་སུ་ཆོས་ཉིད་ཀུན་འགྲོའི་ཚུལ་དུ་རྟོགས་པ་དང༌། ས་གཉིས་པའི་ སྐབས་སུ་ཆོས་ཉིད་མཆོག་གི་དོན་དུ་རྟོགས་པ་དང༌། ས་གསུམ་པའི་སྐབས་སུ་ལུང་གི་ཆོས་ 3-1-80 ནི་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་དུ་ངེས་པས་ཆོས་ཉིད་རྒྱུ་མཐུན་པའི་དོན་དུ་རྟོགས་ ཤིང་ལུང་གི་ཆོས་ལ་ཡིད་ཆེས་པའི་དད་པ་འཕེལ་བའོ། །ས་བཞི་པའི་སྐབས་སུ་ཆོས་ཉིད་ མངོན་པར་ཞེན་པ་དང་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པ་དང༌། ས་ལྔ་པའི་སྐབས་ སུ་ཆོས་ཉིད་མཉམ་པ་ཉིད་ཀྱི་ཚུལ་དུ་རྟོགས་ནས་སྣོད་བཅུད་རྒྱུད་ཐ་དད་པར་འཛིན་པ་ལོག་ སྟེ་ང་རྒྱལ་ལྷག་པ་སྤངས་པའི་སྒོ་ནས་རྟོགས་པ་དང༌། ས་དྲུག་པའི་སྐབས་སུ་ཆོས་ཉིད་ཀུན་ བྱང་སྟོང་པར་རྟོགས་ཚུལ་ཁྱད་པར་བའི་སྒོ་ནས་རྟོགས་པ་དང༌། ས་བདུན་པའི་སྐབས་སུ་ ཆོས་ཉིད་མཚན་མའི་སྤྲོས་པ་ཀུན་ནས་ཞི་བའི་ཚུལ་དུ་རྟོགས་པ་དང༌། ས་བརྒྱད་པའི་སྐབས་ སུ་ཆོས་ཉིད་འབད་མེད་ལྷུན་གྲུབ་ཀྱི་སྒོ་ནས་རྟོགས་པ་དང༌། ས་དགུ་པའི་སྐབས་སུ་ཆོས་ཉིད་ སོར་རིག་བཞིའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་དབང་ཐོབ་པའི་སྒོ་ནས་ རྟོགས་པ་དང༌། ས་བཅུ་པའི་སྐབས་སུ་ཆོས་ཉིད་དགའ་ལྡན་དུ་སྐྱེ་བ་སྟོན་པ་སོགས་སྤྲུལ་པ་ སྣ་ཚོགས་སྟོན་པ་ལ་དབང་ཐོབ་པའི་སྒོ་ནས་རྟོགས་པ་ཡིན་ནོ། ། གསུམ་པ་འབྲས་བུའི་རྣམ་གཞག་ལ། རྟེན་ཆོས་སྐུ། བརྟེན་པ་ཡེ་ཤེས། མཛད་འཕྲིན་ གྱི་རྣམ་གཞག་དང་གསུམ་ལས། དང་པོ་ལ། ངོ་བོ་ཉིད་སྐུ། ལོངས་སྐུ། སྤྲུལ་སྐུ་དང་གསུམ་ ལས། དང་པོ་ནི། གཞིའི་རིགས་ཁམས་བདེ་གཤེགས་སྙིང་པོ་དེ་ཉིད་མི་རྟོགས་པའི་ཡེ་ཤེས་ བསྒོམས་པས་གློ་བུར་དྲི་མ་ཀུན་བྲལ་གྱི་དག་པ་གཉིས་དང་ལྡན་པའི་ཟག་མེད་ཀྱི་ཡོན་ཏན་ མཐའ་དག་གི་རྟེན་དུ་གྱུར་པ་དོན་དམ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྐུ་དེ་ཡིན་ལ། དེ་ལ་ མཚན་ཉིད་ལྔ་དང་ཡོན་ཏན་ལྔ་རེ་ལྡན་ཚུལ་གོང་ཐལ་འགྱུར་བའི་སྐབས་ལྟར་རོ། །གཉིས་ པ་ནི། ས་བཅུ་པ་ཐོབ་ཚེ་མཚན་དཔེ་ཕུན་སུམ་ཚོགས་པས་ལེགས་པར་བརྒྱན་པའི་ཡེ་ཤེས་ ཀྱི་ལུས་ཐོབ་པ་དེ་ཡང་ལོངས་སྐུ་མངོན་དུ་བྱེད་པའི་རྟེན་ཡིན་ལ། དེ་ནས་ལོངས་སྐུ་དངོས་ ལ་གནས་ཚུལ་གྱི་ལོངས་སྐུ་དང༌། སྣང་ཚུལ་གྱི་ལོངས་སྐུ་གཉིས་ཡོད་པ་ལས་དང་པོ་ནི་ 3-1-81 གོང་དུ་བཤད་པའི་ངོ་བོ་ཉིད་སྐུ་དེའོ། །གཉིས་པ་ལ། མཚན་ཉིད་དང༌། ངེས་པ་ལྔ་སོགས་ བཤད་པ་གཉིས་ལས། དང་པོ། གསར་ཐོབ་ཀྱི་མཉམ་ཉིད་ཡེ་ཤེས་དང་སོར་རྟོགས་ཡེ་ཤེས་ ཀྱིས་བདག་རྐྱེན་བྱས་ནས་ས་བཅུའི་སེམས་དཔའ་རྣམས་ལ་ངེས་པ་ལྔ་ལྡན་གྱི་ཚུལ་དུ་སྣང་ ཞིང་གསུང་བརྗོད་རྒྱུན་མི་ཆད་པ་སོགས་ཀྱི་ཁྱད་པར་ལྔ་དང་ལྡན་པའི་གཟུགས་སྐུ་དེ། སྣང་ ཚུལ་གྱི་ལོངས་སྐུའི་མཚན་ཉིད། གཉིས་པ་ལ། ངེས་པ་དང༌། ཁྱད་པར་ལྔ་བཤད་པ་གཉིས་ ལས། དང་པོ་ངེས་པ་ལྔ་ནི། ལོངས་སྐུ་དེའི་འཁོར་ངེས་པ་བྱང་འཕགས་ཤ་སྟགགནས་ངེས་ པ་འོག་མིན་གྱི་ཞིང་ཁམས། སྐུ་ངེས་པ་མཚན་དཔེ་གསལ་རྫོགས། ཆོས་ངེས་པ་ཐེག་ཆེན་ ཁོ་ན། དུས་ངེས་པ་འཁོར་བ་ཇི་སྲིད་ཀྱི་བར་དང་ལྔའོ། །དེ་ནི་མདོ་རྒྱན་ལྟར་རོ། །གཉིས་པ་ ཁྱད་པར་ལྔ་ནི། གསུང་གི་བརྗོད་པ། སྐུའི་སྣང་བ། ཐུགས་རྗེའི་མཛད་འཕྲིན་གསུམ་རྒྱུན་མི་ ཆད་པ་དང༌། དེ་དག་འབད་རྩོལ་ལ་མ་ལྟོས་པ། གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་བ་ དང་ལྔའོ། །དེ་ནི་རྒྱུད་བླ་ལྟར་རོ། །གོང་གི་གནས་ཚུལ་གྱི་ལོངས་སྐུ་ལ་ངོ་བོ་ཉིད་སྐུ་བཞག་ པ་དེ་ཡང་ལོངས་སྐུའི་རྣམ་རོལ་དུ་འཆར་བས་ཁྱད་པར་བྱས་པ་ལ་གོ་དགོས། གསུམ་པ་ལ། གནས་ཚུལ་དང༌། སྣང་ཚུལ་གྱི་སྤྲུལ་སྐུ་གཉིས་ལས། དང་པོ་ནི། གོང་གི་ངོ་བོ་ཉིད་སྐུ་ལ་སྤྲུལ་ སྐུའི་ཁྱད་པར་ཐམས་ཅད་ཅིག་ཅར་དུ་འཆར་བའི་ཆ་ནས་བཞག་གོ། །གཉིས་པ་ལ། མཚན་ ཉིད། དབྱེ་བ་གཉིས་ལས། དང་པོ་ནི། མདོ་རྒྱན་དང་རྒྱུད་བླ་ལྟར་ན། སྣང་ཚུལ་ལོངས་སྐུའི་རྒྱུད་ཀྱི་གསར་ཐོབ་ བྱ་གྲུབ་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་བའི་ཁྱད་ཆོས་གསུམ་ལྡན་གྱིས་རབ་ཏུ་ཕྱེ་བའི་ གཟུགས་སྐུ་དེ། གདུལ་བྱ་གཞན་སྣང་གི་སྤྲུལ་སྐུའི་མཚན་ཉིད། གདུལ་བྱ་ལམ་མ་ཞུགས་ རྣམས་ཞི་བ་མྱང་འདས་ལ་འགོད་པ་དང༌། ལམ་ཞུགས་རྣམས་ཐེག་ཆེན་ལམ་གྱིས་སྨིན་པར་ མཛད་པ་དང༌། སྨིན་པ་རྣམས་བྱང་ཆུབ་མཆོག་ཏུ་ལུང་སྟོན་པར་མཛད་པ་སྟེ་མཆོག་སྤྲུལ་ནི་ 3-1-82 ཁྱད་ཆོས་གསུམ་ལྡན་ནོ། །གཉིས་པ་ལ། འོག་མིན་གྱི་ཞིང་དེའི་གཙོ་བོ་སྐུ་གསུམ་གྱི་བདག་ ཉིད་ཅན་དེས་གཟུགས་བརྙན་གྱི་ཚུལ་དུ་ཞིང་དེར་འོད་ལུས་བརྫུས་སྐྱེས་སུ་སྤྲུལ་པ་ལྟ་བུའི་ མཆོག་སྤྲུལ་ཆེན་པོ་དང༌། གནས་དེར་བཞུགས་ཀྱི་མཆོག་སྤྲུལ་ཆེན་པོས་གཟུགས་བརྙན་ གྱི་ཚུལ་དུ་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་དེ་སྙེད་སྤྲུལ་པ་ལྟ་བུའི་མཆོག་སྤྲུལ་ཆུང་ངུ་ དང༌། བདག་ཅག་གི་སྟོན་པའི་སྐུ་གཟུགས་བྲིས་འབུར་དུ་དོད་པ་ལྟ་བུའི་བཟོའི་སྤྲུལ་སྐུ་དང༌། འཁོར་བསྒྱུར་ལྷ་དབང་སོགས་དང༌། གཟིངས་དང༌། ཟམ་པ་སོགས་སུ་སྤྲུལ་པ་ལྟ་བུའི་སྐྱེ་བ་ སྤྲུལ་སྐུ་དང་བཞི་ཡོད་དོ། ། གཉིས་པ་བརྟེན་པ་ཡེ་ཤེས་བཤད་པ་ལ། ཡེ་ཤེས་ཀྱི་ངོ་བོ་ངོས་བཟུང་བ། དེས་ཤེས་བྱ་ མཁྱེན་པའི་ཚུལ་གཉིས་ལས། དང་པོ་ལ། རང་བྱུང་དང༌། གཞན་བྱུང་གི་ཡེ་ཤེས་ངོས་བཟུང་ བ་གཉིས་ལས། དང་པོ་ལ། མཚན་ཉིད། དབྱེ་བ་གཉིས་ལས། དང་པོ་ནི། དབྱིངས་དང་ཡེ་ ཤེས་གཉིས་སུ་མེད་པའི་རང་བཞིན་གང་ཞིགསྤངས་རྟོགས་ཀྱི་ཡོན་ཏན་མཐའ་དག་གདོད་ ནས་རང་ཆས་སུ་ལྡན་པའི་འགྱུར་མེད་ཡོངས་གྲུབ་དེ། རང་བྱུང་ཡེ་ཤེས་ཀྱི་མཚན་ཉིད། གཉིས་པ་ལྡོག་ཆའི་སྒོ་ནས་དབྱེ་ན། ཆོས་དབྱིངས་ཡེ་ཤེས་དང༌། དོན་དམ་པའི་མེ་ལོང༌། མཉམ་ཉིད། སོར་རྟོག བྱ་གྲུབ་ཡེ་ཤེས་དང་ལྔའོ། །གཉིས་པ་ལ། མཚན་ཉིད། དབྱེ་བ་གཉིས་ ལས། དང་པོ་ནི། སངས་རྒྱས་ཀྱི་སའི་ཡང་དག་པའི་ཡེ་ཤེས་གང་ཞིགལམ་སྒོམ་སྟོབས་ཀྱིས་ རྣམ་ཤེས་ཚོགས་བརྒྱད་ཀྱི་རིགས་རྒྱུན་ཀུན་རྫོབ་གཟུགས་སྐུ་དང་འདུས་བྱས་ཀྱི་ཡེ་ཤེས་སུ་ གནས་འགྱུར་བའི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དེ། གཞན་བྱུང་གི་ཡེ་ཤེས་ཀྱི་མཚན་ཉིད། གཉིས་པ་དབྱེ་བ་ལ་བཞི་ཡོད་པས་དེ་དག་གི་མཚན་ཉིད་ཙམ་ནི། མདོ་རྒྱན་ལས་གསུངས་ པ་ལྟར་ཏེ། ངོ་བོའི་ཁྱད་པར་ཆོས་ལྔ་དང་ལྡན་པ་གང་ཞིག གྲོགས་ཀྱི་ཁྱད་པར་ཡེ་ཤེས་གཞན་ གསུམ་དང་ལྡན་ཞིང་བྱེད་ལས་ཀྱི་ཁྱད་པར་ལོངས་སྐུ་སོགས་འབྱུང་བའི་གཞི་བྱེད་པ་སྟེ་ཁྱད་ 3-1-83 པར་གསུམ་ལྡན་གྱི་ཡེ་ཤེས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད། དེ་ལས་ཆོས་ལྔ་ཡང་ མི་མཐུན་ཕྱོགས་ཀྱི་རིས་སུ་ཆད་པ་མེད་པ། ཡུལ་ཡོངས་སུ་ཆད་པ་མེད་པ། དུས་མ་ཆད་པ། དམིགས་པ་མ་ཆད་པ། རྣམ་པ་མ་ཆད་པ་དང་ལྔའོ། །ངོ་བོའི་ཁྱད་པར་སྲིད་ཞིའི་མཐའ་ལ་མི་ གནས་པར་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པ་གང་ཞིག གྲོགས་བྱམས་སོགས་ དང་ལྡན་ཞིང་བྱེད་ལས་གདུལ་བྱའི་མོས་པ་བཞིན་གཟུགས་སྐུའི་སྣང་བ་དངོས་སུ་སྟོན་པར་ བྱེད་པའི་ཡེ་ཤེས་དེ། མཉམ་ཉིད་ཡེ་ཤེས་ཀྱི་མཚན་ཉིད་འདིའི། བྱམས་སོགས་ཞེས་པའི་ སོགས་ཁོང་ནས་སྙིང་རྗེ་ཆེན་པོ་བཏོན་པའོ། །ངོ་བོའི་ཁྱད་པར་ཆོས་ཐམས་ཅད་ལ་ཐོགས་ པ་མེད་ཅིང་ཆོས་སྟོན་པ་ལ་མངའ་བརྙེས་པའི་ཡེ་ཤེས་གང་ཞིག གྲོགས་ཀྱི་ཁྱད་པར་ཏིང་ངེ་ འཛིན་དང་གཟུངས་མཐའ་ཡས་པ་དང་མཚུངས་པར་ལྡན་ཞིང་བྱེད་ལས་ཀྱི་ཁྱད་པར་འཁོར་ གྱི་ནང་དུ་སྐུའི་བཀོད་པ་སྣ་ཚོགས་བསྟན་ནས་ཆོས་འཁོར་བསྐོར་བའི་བདག་རྐྱེན་བྱེད་པའི་ ཡེ་ཤེས་དེ། སོར་རྟོག་ཡེ་ཤེས་ཀྱི་མཚན་ཉིད། ངོ་བོའི་ཁྱད་པར་སྤྲུལ་པ་དཔག་མེད་སྤྲུལ་ ནས་སེམས་ཅན་གྱི་དོན་སྣ་ཚོགས་བསྒྲུབ་པའི་ཡེ་ཤེས་གང་ཞིག གྲོགས་ཀྱི་ཁྱད་པར་ཏིང་ངེ་ འཛིན་སོགས་དང་ལྡན་ཞིང་བྱེད་ལས་ཀྱི་ཁྱད་པར་གདུལ་བྱའི་དོན་བསམ་གྱིས་མི་ཁྱབ་པར་ མཛད་པའི་ཡེ་ཤེས་དེ། བྱ་གྲུབ་ཡེ་ཤེས་ཀྱི་མཚན་ཉིད། འདིའི་སོགས་ཁོང་ནས་གཟུངས་ ཀྱི་སྒོ་རྣམས་བཏོན་ཆོག གཞན་བྱུང་གི་དེ་བཞི་ནི་བདེན་གཉིས་ལས་ཀུན་རྫོབ་དང༌། བདེན་ བཞི་ལས་ལམ་བདེན་དང༌། ཡོངས་གྲུབ་གཉིས་ལས་ཕྱིན་ཅི་མ་ལོག་པ་དང༌། ཆོས་ལྔ་ ལས་ཡང་དག་པའི་ཡེ་ཤེས་ཡིན་པ་དང༌། རང་བྱུང་གི་དེ་ལྔ་ནི་བདེན་གཉིས་ལས་དོན་དམ་ དང༌། བདེན་བཞི་ལས་འགོག་བདེན་དང༌། ཡོངས་གྲུབ་གཉིས་ལས་འགྱུར་མེད་དང༌། ཆོས་ ལྔ་ལས་དེ་བཞིན་ཉིད་དུ་འདོད་པ་ནི་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་བཞེད་ཚུལ་ལོ། །གསར་བྱུང་གི་ཡེ་ཤེས་དེ་བཞིའི་རྒྱུ་ནི་སྔོན་སློབ་ལམ་དུ་ཆོས་དོན་འཛིན་པ། བདག་གཞན་ 3-1-84 མཉམ་ཉིད་དུ་སྒོམ་པ། ཆོས་སྟོན་པ། གཞན་དོན་སྒྲུབ་གྲོགས་བྱས་པ་རྣམས་ཡིན་ལ། ཀུན་ གཞི་གནས་འགྱུར་མེ་ལོང་དང༌། ཉོན་ཡིད་གནས་འགྱུར་མཉམ་ཉིད་དང༌། ཡིད་ཀྱི་རྣམ་ཤེས་ གནས་འགྱུར་སོར་རྟོག་དང༌། སྒོ་ལྔའི་རྣམ་ཤེས་གནས་འགྱུར་བྱ་གྲུབ་ཡེ་ཤེས་སུ་བཞེད་ཅིང༌། མེ་ལོང་ཡེ་ཤེས་ཆོས་སྐུ་དང༌། མཉམ་ཉིད་དང་སོར་རྟོག་ཡེ་ཤེས་གཉིས་ལོངས་སྐུ་དང༌། བྱ་ གྲུབ་ཡེ་ཤེས་སྤྲུལ་སྐུའི་ངོ་བོར་ལྡན་པར་གསུངས་སོ། །གཉིས་པ་དེས་ཤེས་བྱ་མཁྱེན་ཚུལ་ ལ། རང་ལུགས་དང༌། གཞན་ལུགས་གཉིས་ལས། དང་པོ་ནི། རང་ལུགས་ལ་སངས་རྒྱས་ ཀྱི་ཡེ་ཤེས་ལ་ཀུན་རྫོབ་འཁྲུལ་བའི་སྣང་བ་ཀུན་མི་སྣང་ཡང་མཁྱེན་ཆོག་ཚུལ་གོང་དུ་མདོར་ བསྡུས་སུ་བཀོད་པ་ལྟར་རོ། ། གཉིས་པ་ལ། ཀུན་མཁྱེན་བུ་སྟོན་པ་དང༌། རྗེ་བླ་མ་ཡབ་སྲས་ལྟ་བུ་སངས་རྒྱས་ཀྱི་ཡེ་ ཤེས་མ་འཁྲུལ་བའི་ཆོས་ཀུན་སྣང་བར་བཞེད་པའི་ལུགས་དང༌། བོད་ཡུལ་གྱི་མཁས་པ་རོང་ ཟོམ་ཆོས་བཟང་ལྟ་བུ་སངས་རྒྱས་ལ་ཡེ་ཤེས་མེད་པར་བཞེད་པའི་ལུགས་དང་གཉིས་ཡོད་ དོ། །གསུམ་པ་མཛད་འཕྲིན་གྱི་རྣམ་གཞག་བཤད་པ་ལ་འཕྲིན་ལས་ཀྱི་ངོ་བོ། དེ་ལྷུན་གྲུབ་ རྒྱུན་མི་ཆད་དུ་བསྟན་པ། དེ་དཔེའི་སྒོ་ནས་ངེས་པར་བྱ་བ་དང་གསུམ་ལས། དང་པོ་ནི། ཆོས་ སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་དེ། སངས་རྒྱས་ཀྱི་ འཕྲིན་ལས་ཀྱི་མཚན་ཉིད། མཚན་གཞི་ཆོས་འཁོར་བསྐོར་བའི་མཛད་པ་ལྟ་བུའོ། ། གཉིས་པ་ལ། ལྷུན་གྲུབ་དང༌། རྒྱུན་མི་ཆད་དུ་བསྟན་པ་གཉིས་ལས། དང་པོ་ལ། སྐུ་ གསུང་གི་འཕྲིན་ལས་ལྷུན་གྲུབ་ཏུ་བསྟན་ཚུལ་ གཉིས་ལས། དང་པོ་ནི། མདོ་རྒྱན་ལས། ཇི་ལྟར་ནོར་བུ་འབད་མེད་པར། །རང་གི་ འོད་ནི་སྟོན་པ་ལྟར། །སངས་རྒྱས་རྣམས་ཀྱང་བཟོ་མེད་པར། །དེ་བཞིན་མཛད་པ་ངེས་པར་ སྟོན། །ཞེས་སོ། །གཉིས་པ་ནི། དེཉིད་ལས། ཇི་ལྟར་རྔ་དག་མ་བརྡུང་བར། །སྒྲ་ནི་ཀུན་ཏུ་ 3-1-85 འབྱུང་བ་ལྟར། །དེ་བཞིན་རྒྱལ་བ་བཟོད་མེད་པར། །བཤད་པ་དག་ནི་ཀུན་ཏུ་འབྱུང༌། །ཞེས་ སོ། །གཉིས་པ་རྒྱུན་མི་ཆད་པར་བསྟན་པ་ནི། དེ་ཉིད་ལས། ཇི་ལྟར་མཁའ་ལ་འཇིག་རྟེན་གྱི། །བྱ་བ་རྒྱུན་མི་ཆད་པ་ལྟར། །དེ་བཞིན་ཟག་མེད་དབྱིངས་ན་ཡང༌། །རྒྱལ་བའི་མཛད་པ་རྒྱུན་ མི་ཆད། །ཅེས་སོགས་སོ། །གསུམ་པ་དེ་དཔེའི་སྒོ་ནས་ངེས་པར་བྱ་བ་ལ། དཔེ་དགུའི་ངོ་བོ་ དང༌། དེ་བསྟན་གྱི་དགོས་པ་བསྟན་པ་དང་གཉིས་ལས། དང་པོ་ནི། རྒྱུད་བླ་མ་ལས། བརྒྱ་ བྱིན་རྔ་སྤྲིན་ཚངས་པ་དང༌། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་ བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྐུའི་རྣམ་ འཕྲུལ་སྣ་ཚོགས་སྟོན་པ་ནི་དཔེར་ན་བརྒྱ་བྱིན་ལྷའི་གནས་ནས་མ་གཡོས་བཞིན་གཟུགས་ བརྙན་མི་ཡུལ་དུ་ཤར་བས་སེམས་ཅན་འགའ་ཞིག་དགེ་བའི་ལས་ལ་བསྐུལ་བ་བཞིན་དང༌། དེའི་གསུང་གི་ཆོས་སྒོ་སྣ་ཚོགས་བསྟན་པ་ནི་དཔེལྷའི་རྔ་བོ་ཆེས་ཆོས་ཀྱི་སྡོམ་བཞི་བསྟན་ པས་ལྷ་རྣམས་ལ་ཕན་འདོགས་པ་བཞིན་དང༌། དེའི་ཐུགས་མཁྱེན་བརྩེས་ཀུན་ལ་ཁྱབ་པ་ ནི་དཔེ་སྤྲིན་གྱིས་བར་སྣང་ལ་ཁྱབ་སྟེ་ཆར་བས་ལོ་ཐོག་སྨིན་པར་བྱེད་པ་བཞིན་དང༌། དེའི་ སྐུ་གསུང་གི་སྤྲུལ་པ་བསྟན་པ་ནི་དཔེ་ཚངས་པ་རང་གི་གནས་ནས་མ་གཡོས་ཀྱང་སྤྲུལ་པ་ འདོད་ལྷ་རྣམས་ཀྱིས་མཐོང་བས་དོན་དུ་འགྱུར་བ་བཞིན་དང༌། དེའི་ཐུགས་མཁྱེན་པའི་ཡེ་ ཤེས་ཀྱིས་གདུལ་བྱའི་རྨོངས་པ་སེལ་བ་ནི་དཔེ་ཉི་མའི་ཟེར་གྱིས་མུན་པ་སེལ་བ་བཞིན་དང༌། དེའི་ཐུགས་ཀྱིས་གཞན་དོན་མཛད་པ་ནི་དཔེ་ནོར་བུ་ལས་དགོས་འདོད་འབྱུང་བ་བཞིན་ དང༌། དེའི་གསུང་གི་འགྲོ་དོན་མཛད་པ་ནི་དཔེ་སྒྲ་བརྙན་བདེན་པར་མ་གྲུབ་ཀྱང་དོན་སྣ་ ཚོགས་སྟོན་པ་བཞིན་དང༌། དེའི་སྐུས་གཞན་དོན་མཛད་པ་ནི་དཔེ་ནམ་མཁའ་གཟུགས་ཅན་ ཀུན་ལ་ཁྱབ་ཀྱང་གཟུགས་སུ་གྲུབ་པ་མེད་པ་བཞིན་དང༌། དེའི་ཐུགས་རྗེས་གཞན་དོན་གྲུབ་ ཚུལ་ནི་དཔེ་ས་གཞིས་ཀུན་གྱི་རྟེན་བྱས་ནས་ཕན་འདོགས་པ་བཞིན་ནོ། ། 3-1-86 གཉིས་པ་ལ། གདུལ་བྱའི་ཐེ་ཚོམ་སེལ་བ། ཟབ་མོའི་སྤྱོད་ཡུལ་ལ་འཇུག་པ་གཉིས་ ལས། དང་པོ་ནི། རྒྱུད་བླ་མ་ལས། འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་མེད་ དེ་བས་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམས་དགུ་ནི་བསྟན་པ་ཡིན། །ཞེས་ པས་འཇིག་རྟེན་པ་དག་འབད་རྩོལ་མེད་པར་བྱ་བ་བྱེད་པ་སུ་ཡང་མ་དམིགས་པས་ན་དེ་ ལུགས་ཀྱི་ཚུལ་ལ་ཐེ་ཚོམ་གཅོད་ཆེད་གོང་གི་དཔེ་རྣམས་བསྟན་པར་གསུངས་སོ། །གཉིས་པ་ ནི། དེ་ཉིད་ལས། གང་དུ་དཔེ་དགུ་པོ་འདི་དག །རྒྱས་པར་རབ་ཏུ་བསྟན་གྱུར་པ། །མདོ་སྡེ་ ཡི་ནི་མིང་ཉིད་ཀྱིས། །དེ་ཡི་དགོས་པ་བསྟན་པ་ཉིད། །ཐོས་པ་ལས་བྱུང་ཤེས་པ་ཡི། །སྣང་བ་ རྒྱ་ཆེན་འདིས་བརྒྱན་པའི། །བློ་ལྡན་མྱུར་དུ་སངས་རྒྱས་ཀྱི། །སྤྱོད་ཡུལ་ཀུན་ལ་འཇུག་པར་ འགྱུར། །ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་ལ་འཇུག་པའི་ཡེ་ཤེས་སྣང་བ་རྒྱན་ གྱི་མདོ་སྡེ་གང༷་དུ༷། དེ་བཞིན་གཤེགས་པའི་འཕྲིན་ལས་ལྷུན་གྲུབ་རྒྱུན་མི་ཆད་དུ་མཚོན་བྱེད་ ཀྱི་དཔེ༷་དགུ༷་ུཔོ༷་འདི༷་ད༷ག་རྒྱ༷ས་པ༷ར་ར༷བ་ཏུ༷་བསྟ༷ན་པར་གྱུ༷ར་པ༷་ནི་སྟོན་བྱེད་མདོ༷་སྡེ༷་ཡི༷་ནི༷་ མི༷ང་ཉི༷ད་ཀྱི༷་སྒོ་ནས་མདོ་དེ༷་ཡི༷་དོན་གྱི་དགོ༷ས་པ༷་བསྟ༷ན་པ༷་ཉི༷ད་ཡིན་ལ། དེ་འདྲའི་མདོ་དོན་ གྱི་ཚུལ་ལ་དང་པོར་ཐོ༷ས་བསམ་བྱས་པ༷་ལ༷ས་བྱུ༷ང་བའི་ཡིན་ལུགས་ཇི་བཞིན་ཤེ༷ས་པ༷་ཡི༷་བློ་ གྲོས་ཀྱི་སྣ༷ང་བ༷་རྒྱ༷་ཆེ༷ན་པོ་འདི༷ས་ལེགས་པར་བརྒྱ༷ན་པའི༷་བློ༷་ལྡ༷ན་བྱང་ཆུབ་སེམས་དཔའ་ རྣམས་ནི་མྱུ༷ར་དུ༷་སང༷ས་རྒྱ༷ས་ཀྱི༷་སྤྱོ༷ད་ཡུ༷ལ་གསང་བ་གསུམ་གྱི་ཡོན་ཏན་ཀུན༷་ལ༷་འཇུ༷ག་ པ༷ར་འགྱུ༷ར་བ་ཡིན། ཞེས་པའོ། །དེ་དག་གིས་གྲུབ་མཐའི་རྣམ་གཞག་མདོར་བསྡུས་གྲུབ་ ཟིན་ཏོ། ། མཇུག་བྱང༌། སྨྲས་པ། 3-1-87 མཐའ་ཡས་ཆོས་སྒོ་འབྱུང་བའི་གཏེར་གྱུར་པའི། ། སྤངས་རྟོགས་ཡོན་ཏན་མཁའ་མཐར་ལེགས་བརྒལ་བ། ། རླབས་ཆེན་མཁྱེན་བརྩེ་དཔག་ཡས་མངའ་བའི་མགོན། ། རྣམ་འདྲེན་ཀུན་གཟིགས་བདེ་གཤེགས་ཟས་གཙང་སྲས། ། གང་དེའི་དཔལ་གྱི་མགུར་ནས་ཚངས་པའི་དབྱངས། ། རིགས་ཅན་སོ་སོའི་ཁམས་དབང་དང་མཐུན་པར། ། སྟོང་པ་རྟེན་འབྱུང་གཏམ་གྱི་ཆོས་ཀྱི་སྒོ། ། རབ་ཏུ་ཕྱེ་བའི་སྙན་པ་སྲིད་འདིར་ཁྱབ། ། དེ་ལས་ཐུན་མོང་སྣང་ངོར་བཀའ་འཁོར་གསུམ། ། དང་པོའི་དངོས་བསྟན་བྱེ་མདོའི་འདོད་པ་བཞིན། ། བར་བའི་དངོས་བསྟན་རྣམ་གྲངས་དབུ་མའི་ལུགས། ། ཐ་མའི་བསྟན་བྱ་ཕལ་དང་གཙོ་བོ་གཉིས། ། དེ་ལས་དང་པོ་རྣམ་རིག་པ་ཡི་ཚུལ། ། གཉིས་པ་ངེས་དོན་དབུ་མའི་ལུགས་བཟང་ཉིད། ། འཕགས་བོད་ཀུན་ཏུ་ལེགས་པར་གྲགས་དེ་ཡང༌། ། གཟུར་གནས་བློ་ལྡན་སུ་ཞིག་ཡིད་མི་བརྟེན། ། དེས་ན་དང་པོས་བདེན་བཞིའི་གནས་ལུགས་དང༌། ། བར་བས་མཚན་མ་མེད་པའི་སྟོང་པ་ཉིད། ། ཐ་མས་དོན་དམ་ཆོས་ཉིད་རྣམ་པར་ཕྱེ། ། དེའི་ཕྱིར་གནས་ལུགས་མཆོག་གྱུར་ཐ་མས་བསྟན། ། 3-1-88 ཚུལ་འདིའི་ཡིན་ལུགས་ཇི་བཞིན་གསལ་བའི་ཐབས། ། ཕྱི་ནང་གྲུབ་མཐའི་རྣམ་བཤད་ས་བོན་ཙམ། ། རིགས་གཞུང་ཐོག་མར་སློབ་ཚེ་བློ་འཛིན་ཕྱིར། ། དམ་པའི་གསུང་ལས་ཆ་ཙམ་བསྡུས་པ་ལགས། ། ཁྱད་པར་རྒྱལ་བའི་བསྟན་ལ་སྤྲོ་སེམས་ཅན། ། རབ་བྱུང་གཙང་མར་བརྩོན་ལ་ཉེར་གཞོལ་བའི། ། གྲྭ་བཙུན་གཞོན་ནུའི་བློ་ངོར་གསལ་བའི་ཆ། ། གང་དག་གིས་ནི་གཞི་རྩ་བགྱིས་པ་ཡིན། ། དེ་སླད་འདི་ལ་བརྟེན་ནས་གཞུང་ལུགས་ལ། ། སོ་སོར་དཔྱོད་པའི་ཤེས་རབ་ལེགས་རྒྱས་ནས། ། དྲིན་ཅན་ཆོས་གྲོགས་སེམས་ཀྱི་རྨོངས་བསལ་ཏེ། ། དྲི་མ་མེད་པའི་བློ་གྲོས་ཡོངས་འཕེལ་ཤོག ། རྣམ་དཀར་འདིས་ཀྱང་བདག་ནི་འདི་ཕྱི་ཀུན། ། སྤྱིར་ན་ཡང་དག་བསྟན་ལ་ཞུགས་པ་དང༌། ། ཁྱད་པར་ངེས་དོན་དབུ་མའི་རང་ལུགས་ལ། ། ནམ་ཡང་མི་ལྷོད་བརྩོན་པས་འཇུག་གྱུར་ཅིག ། ཅེས་ཕྱི་ནང་གྲུབ་མཐའི་རྣམ་གཞག་གི་བསྡུས་དོན་བློ་གསལ་ཡིད་ཀྱི་རྒྱན་བཟང་ཞེས་ བྱ་བ་འདི་ཡང་རིགས་གཞུང་ལ་སློབ་འདོད་ཀྱི་བརྩོན་པ་ཅན་རང་ལ་དྲིན་གྱིས་ལྷག་པར་ བསྐྱངས་པ་གྲྭ་བཙུན་གུ་ཎ་བྷ་དྲ་ཞེས་པས་གྲུབ་མཐའི་བསྡུས་དོན་འདི་དག་བློ་འཛིན་བྱས་པ་ རྣམས་ཟིན་བྲིས་ཀྱི་ཚུལ་དུ་འབྲི་བར་བྱེད་པ་པོ་ནི་ངག་དབང་བློ་གྲོས་གྲགས་པ་ཞེས་བྱ་བ་དེ་ 3-1-89 ཉིད་དོ།། །།སརྦ་མངྒ་ལཾ། 3-1-90 ༄༅། །ལས་དང་པོ་པ་ལ་ཉེར་མཁོའི་རིགས་ཞི་ལྷག་བསམ་ གཟུགས་སོགས་ཀྱི་རྣམ་བཤད་ཉུང་བསྡུས་བློ་ གསལ་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་ བཞུགས་སོ། ། ཟག་མེད་ཞི་བ་མཆོག་གི་དབྱིངས། ། རྟག་པར་མངོན་དུ་བྱ་བ་དང༌། ། ཆབས་ཅིག་ཆོས་ཀུན་གཟིགས་པའི་ཐུགས། ། ལེགས་པར་མངའ་བ་དེ་ལ་འདུད། ། བདེན་པའི་གནས་ལུགས་སྒོམ་པ་ལ། ། ལུས་སེམས་ལས་སུ་རུང་བྱེད་པའི། ། ཞི་བ་རྣལ་དུ་གནས་པའི་སེམས། ། ཐོག་མར་སྒྲུབ་ཚུལ་ཉུང་བསྡུས་འཆད། ། དེ་ལ་ཡང་དག་པའི་གནས་ལུགས་ཇི་བཞིན་རྟོགས་པ་དོན་དུ་གཉེར་བ་དག་གིས་ཐོག་ མ་ཉིད་དུ་ལུས་སེམས་ལས་སུ་རུང་བར་བྱེད་པའི་ཐབས་ཚུལ་ཐུན་མོང་ཞི་ལྷག་གི་སེམས་ཉེ་ བར་སྒྲུབ་པ་ལ། སྤྱིར་ན་བསམ་གཟུགས་ཀྱི་ཏིང་ངེ་འཛིན་ནི་སྒྲ་མི་སྙན་གྱི་མི་དང༌། ཟ་མ་མ་ 3-1-91 ནིང་སོགས་ལ་མི་སྐྱེ། བསམ་གཏན་དང་པོའི་སེམས་བསམ་གཏན་གཉིས་པ་དང༌། གཉིས་ པའི་སེམས་གསུམ་པ་བ་རྣམས་ཀྱིས་མི་བསྒྲུབ་སྟེ། མཆོག་གིས་དམན་པ་དོན་དུ་མི་གཉེར་ བའི་ཕྱིར། དེས་ན་དེ་སྒྲུབ་པའི་ལུས་རྟེན་ནི་གླིང་གསུམ་གྱི་མི་དང་འདོད་ལྷ་རིགས་དྲུག་ སོགས་སོ། ། དེ་དག་གིས་ཇི་ལྟར་སྒྲུབ་ཚུལ་ནི། གནས་དབེན་པར་སོང་ནས་ཤིང་ཁྲི་ཀོ་བའི་དྲ་མིག་ ཅན་དང་སྟན་ནང་ཚངས་ཅན་སོགས་སེམས་ལ་བྱིང་བ་སྐྱེད་བྱེད་རྣམས་སྤངས་ལ་གདན་སྲ་ བ་ཤིང་ཁྲི་ཁྲུ་གང་ཁྲུ་བཞི་ཞིག་གི་སྟེང་དུ་ལུས་རྣམ་སྣང་ཆོས་བདུན་བྱས་ནས་ཁམས་གོང་ འོག་གི་ཞི་རགས་ཀྱི་ཆ་ལ་སེམས་ཀྱིས་མཉམ་པར་བཞག་སྟེ། ཉེས་པ་ལྔ་སྤངས་གཉེན་པོ་ བརྒྱད་བསྟེན་པར་བྱ་དགོས་ལ། དེ་ཡང་ཞི་རགས་ཀྱི་ཆ་ལ་མཉམ་པར་འཇོག་ཚུལ་ཡང་ འདོད་པའི་སེམས་འདི་རགས་པ་སྐྱོན་ཅན་དུ་བལྟས་ཏེ་དེ་དོར་འདོད་དང༌། ཁམས་གོང་མའི་ སེམས་ཞི་བ་ཡོན་ཏན་ཅན་དུ་བལྟས་ཏེ་དེ་ཐོབ་འདོད་བསྐྱེད་དེ་དེ་འདྲའི་ཞི་རགས་ཀྱི་ཆ་ལ་ སེམས་ཆེད་དུ་གཏད་ནས་མཉམ་པར་བཞག་དགོས་ལ། སྤང་བྱའི་ཉེས་པ་ལྔ་ནི། ཏིང་ངེ་ འཛིན་སྐྱེ་བ་ལ་གེགས་བྱེད་པའི་ཉེས་པ་སེམས་དམིགས་པའི་སྟེང་དུ་མི་གནས་པར་གཞན་ དུ་གཡེང་བའི་ལེ་ལོ་དང་གཅིགཡུལ་གྱི་དམིགས་རྣམ་བརྗེད་པའི་བརྗེད་ངས་དང་གཉིས། སེམས་འཐིབ་པའི་བྱིང་བ་དང་འདོད་ཡོན་ལ་འཕྲོ་བའི་རྒོད་པ་གཉིས་གཅིག་ཏུ་བྱས་པ་དང་ གསུམ། བྱིང་རྒོད་སྐྱེ་སྐབས་གཉེན་པོ་བསྟེན་པ་ལ་མི་རྩོལ་བ་དང་བཞི། བྱིང་རྒོད་དང་བྲལ་ ཚེ་གཉེན་པོ་བསྟེན་པ་ལ་རྩོལ་བ་དང་ལྔ་དེ་ཡིན། བསྟེན་བྱའི་གཉེན་པོ་བརྒྱད་ནི། ཉེས་པ་ དང་པོ་སྤང་དཀའ་བས་དེ་ལ་གཉེན་པོ་བཞི་སྟེ། དེ་ཡང་ཏིང་ངེ་འཛིན་ལ་ཡིད་ཆེས་པའི་དད་ པ། དེ་དོན་དུ་གཉེར་བའི་འདུན་པ། དེ་ལ་སྤྲོ་བའི་བརྩོན་འགྲུས། སེམས་དམིགས་པ་ལ་ བཀོལ་དུ་རུང་བའི་ཤིན་སྦྱངས་དང་བཞིའོ། །གཉིས་པའི་གཉེན་པོ་ཡུལ་གྱི་དམིགས་རྣམ་མི་ 3-1-92 བརྗེད་པའི་དྲན་པ། གསུམ་པའི་གཉེན་པོ་སེམས་ལེགས་པར་གནས་མི་གནས་བརྟག་པའི་ ཤེས་བཞིན། བཞི་པའི་གཉེན་པོ་སེམས་ལ་བྱིང་རྒོད་སྐྱེ་སྐབས་གཉེན་པོ་བསྟེན་པ་ལ་རྩོལ་ བ། ལྔ་པའི་གཉེན་པོ་སེམས་བྱིང་རྒོད་དང་བྲལ་ཚེ་བཅོས་མའི་རྩོལ་བ་མི་བྱེད་པར་སེམས་ གནས་དེ་གའི་ངང་དུ་འཇོག་པ་དང་བརྒྱད་དེ་ཡིན། སྤྱིར་དམིགས་པ་ལ། ཉོན་མོངས་རྣམ་སྦྱོང་དང༌། སྤྱད་པ་རྣམ་སྦྱོང་དང༌། མཁས་པ་དང༌། ཁྱབ་པའི་དམིགས་པ་དང་བཞི་ལས། དང་པོ། ཉོན་མོངས་མངོན་གྱུར་ཙམ་སྤོང་བའི་ཐབས་ ཞི་རགས་ཀྱི་ཆ་དང༌། ཉོན་མོངས་ས་བོན་དང་བཅས་པ་སྤང་པའི་ཐབས་སྟོང་ཉིད་དང་བདེན་ བཞིའི་རྣམ་པ་བཅུ་དྲུག་ལ་དམིགས་ཚུལ་དང་གཉིས་ཡོད། གཉིས་པ་ནི། འདོད་ཆགས་ཀྱི་ གཉེན་པོ་མི་སྡུག་པ། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་རྟེན་འབྲེལ་ བཅུ་གཉིས། ང་རྒྱལ་གྱི་གཉེན་པོ་ཁམས་ཀྱི་རབ་དབྱེ་སྒོམ་པ་དང་བཞི་དེ་ཡིན། དེ་ལས་རྟེན་ འབྲེལ་བཅུ་གཉིས་ནི། མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་རྣམས་སོ། ། ཁམས་བཅོ་བརྒྱད་ཀྱང༌། གཟུགས་དེ་མིག་ཤེས་ཀྱི་གཟུང་བྱའི་རིགས་ཡིན་པས་ གཟུགས་ཀྱི་ཁམས་སུ་བཞག་པ་ནས་ཆོས་དེ་ཡིད་ཤེས་ཀྱི་གཟུང་བྱའི་རིགས་ཡིན་པས་ཆོས་ ཁམས་སུ་བཞག་པའི་བར་དྲུག་དང༌། མིག་དབང་དེ་མིག་ཤེས་ཡུལ་ལ་སྐྱེ་བའི་བདག་རྐྱེན་ ཡིན་པའི་ཆ་ནས་མིག་གི་ཁམས་སུ་བཞག་པ་ནས་ཡིད་དབང་དེ་ཡིད་ཤེས་ཡུལ་ལ་སྐྱེ་བའི་ བདག་རྐྱེན་ཡིན་པའི་ཆ་ནས་ཡིད་ཀྱི་ཁམས་སུ་བཞག་པའི་བར་དྲུག་དང༌། མིག་ཤེས་གཙོ་ སེམས་དེ་གཟུགས་ཀྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་མིག་གི་རྣམ་པར་ཤེས་པའི་ ཁམས་སུ་བཞག་པ་ནས་ཡིད་ཤེས་གཙོ་སེམས་དེ་ཆོས་ཀྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ ཆ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་བཞག་པའི་བར་དྲུག་དང་བཅོ་བརྒྱད་དོ། ། 3-1-93 གསུམ་པ་ནི། ཕུང་པོ། ཁམས། སྐྱེ་མཆེད། རྟེན་འབྲེལ། གནས་དང་གནས་མིན་དང་ ལྔ་དེ་ཡིན། དེ་ལས་ཕུང་པོ་ལྔ་ནི། གཟུགས་ཕུང༌། ཚོར་ཕུང༌། འདུ་ཤེས་ཀྱི་ཕུང་པོ། འདུ་ བྱེད་ཀྱི་ཕུང་པོ། རྣམ་ཤེས་ཀྱི་ཕུང་པོ་དང་ལྔ་ལས། དང་པོ་ལ། དོན་ལྔ་དང༌། དབང་པོ་ལྔའི་ གཟུགས་དང་བཅུ་ཡོད་པ་ལས། དང་པོ་ལྔ་རིམ་བཞིན་གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་ དང༌། གཉིས་པ་ལྔ་རིམ་བཞིན། མིག་གི་དབང་པོ་དབྱིབས་ཟར་མའི་མེ་ཏོག་ལྟ་བུའི་རྡུལ་ རྫས་ཤིན་ཏུ་དྭངས་པ་དང༌། དེ་བཞིན་དུ་རྣ་བའི་དབང་པོ་གྲོ་ག་གཅུས་ནས་བཅད་པ་ལྟ་བུ་ དང༌། སྣའི་དབང་པོ་ཟངས་ཁབ་ཉིས་གཤིབ་ལྟ་བུ་དང༌། ལྕེའི་དབང་པོ་ཟླ་ཕྱེད་ཉིས་གཤིབ་ བར་རྟ་ལྔའི་ཁྱོན་ཙམ་མ་རེག་པ་དང༌། ལུས་ཀྱི་དབང་པོ་བྱ་ཀ་ལན་ད་གའི་པགས་པ་ལྟ་བུའི་ སྐྲ་སེན་སོགས་མ་གཏོགས་པར་ལུས་ཀྱི་ཕྱི་ནང་ཀུན་ལ་ཁྱབ་པའི་རྡུལ་རྫས་ཤིན་ཏུ་དྭངས་པ་ རྣམས་སོ། །གཉིས་པ་ནི་སེམས་བྱུང་ཚོར་བ་རྣམས་དང༌། གསུམ་པ་སེམས་བྱུང་འདུ་ཤེས་ རྣམས་དང༌། བཞི་པ་ནི་ཚོར་འདུ་ལས་གཞན་པའི་སེམས་བྱུང་ཞེ་དགུ་དང་ལྡན་མིན་འདུ་བྱེད་ རྣམས་དང༌། ལྔ་པ་ནི་གཙོ་སེམས་དྲུག་དེ་ཡིན། སྐྱེ་མཆེད་བཅུ་གཉིས་ནི། གཟུགས་དེ་མིག་ ཤེས་སྐྱེ་ཞིང་མཆེད་པའི་ཡུལ་ཡིན་པའི་ཆ་ནས་གཟུགས་ཀྱི་སྐྱེ་མཆེད་དུ་འཇོག་པ་སོགས་ ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་འདྲ། མིག་དབང་དེ་མིག་ཤེས་རང་ཡུལ་གཟུགས་ཀྱི་སྟེང་དུ་ སྐྱེ་བའི་སྒོ་ཡིན་པའི་ཆ་ནས་མིག་གི་སྐྱེ་མཆེད་དུ་འཇོག་པ་སོགས་ནས་ཡིད་དབང་གི་བར་དུ་ འགྲེས་སྦྱར་བ་དེ་རྣམས་སོ། །གནས་དང་གནས་མིན་ནི། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་ འབྱུང་བ་གནས་ཡིན་པ་དང་དེ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་གནས་མ་ཡིན་པ་སོགས་ སོ། །བཞི་པ་ནི། དམིགས་ཡུལ་གོང་མ་གསུམ་ལས་ལོགས་སུ་མེད་ཀྱང་དམིགས་པ་དོན་སྤྱི་ ལ་དམིགས་ནས་དེ་ལ་དཔྱད་སྒོམ་གཙོ་བོར་བྱས་ཏེ་དམིགས་སྐབས་རྣམ་རྟོག་དང་བཅས་ པའི་གཟུགས་བརྙན་གྱི་དམིགས་པ་དང༌། འཇོག་སྒོམ་གཙོ་བོར་བྱས་ཏེ་དམིགས་སྐབས་རྣམ་ 3-1-94 རྟོག་མེད་པའི་གཟུགས་བརྙན་གྱི་དམིགས་པ་དང༌། དམིགས་པ་དེ་དོན་སྤྱི་ཟད་ནས་མངོན་དུ་ གྱུར་སྐབས་དངོས་པོ་མཐའི་དམིགས་པ་དང༌། དེ་གོམས་པ་ཡར་ལྡན་དུ་སོང་སྐབས་དགོས་ པ་ཡོངས་གྲུབ་ཀྱི་དམིགས་པ་ཡིན་ནོ། ། དེ་ལས་བསམ་གཟུགས་ཀྱི་ཏིང་ངེ་འཛིན་སྒྲུབ་པའི་དབང་དུ་བྱས་ན་ཁམས་གོང་འོག་ གི་ཞི་རགས་ཀྱི་ཆ་ལ་མཉམ་པར་བཞག་ནས་འདོད་སེམས་དགུ་རིམ་གྱིས་བསྒྲུབ་པ་སྟེ། དེ་ ཡང་སེམས་དམིགས་པ་ལ་རྒྱུན་མཐུད་དེ་གནས་མི་ཐུབ་པའི་སྐབས་དེ་དང་པོ་སེམས་ནང་ ཁོ་ནར་འཇོག་པ་དང༌། དེ་ནས་དམིགས་པ་ལ་རྒྱུན་མཐུད་དེ་སྔར་ལས་ཅུང་ཟད་གནས་ནུས་ པའི་སྐབས་དེ་གཉིས་པ་རྒྱུན་དུ་འཇོག་པ་དང༌། དེ་ནས་དམིགས་པ་དེ་སྒྲ་སྤྱི་ཟད་ནས་དོན་ སྤྱི་ཁོ་ནའི་སྒོ་ནས་འཆར་ཐུབ་པ་ནི་གསུམ་པ་བསླན་ཏེ་འཇོག་པ་དང༌། དེ་ནས་དྲན་པ་ཁྱད་ པར་ཅན་འགྲུབ་པའི་སྟོབས་ཀྱིས་སྔར་ལས་དམིགས་པ་རྒྱ་ཆེན་པོ་ལ་མཉམ་པར་འཇོག་ནུས་ པ་ན་བཞི་པ་ཉེ་བར་འཇོག་པ་དང༌། དེ་ནས་ཤེས་བཞིན་ཁྱད་པར་ཅན་འགྲུབ་པའི་སྟོབས་ ཀྱིས་ཏིང་ངེ་འཛིན་གྱི་བདེ་བ་མྱོང་སྟོབས་ཀྱིས་མཐོང་བ་ན་ལྔ་པ་དུལ་བར་བྱེད་པ་དང༌། དེ་ ནས་ཡང་སྔར་བས་ཤེས་བཞིན་ཁྱད་པར་ཅན་འགྲུབ་པའི་སྟོབས་ཀྱིས་རྣམ་གཡེང་གི་སྐྱོན་ མཐོང་ནས་གཡེང་བ་ཆེད་དུ་འགོག་ནུས་པ་ན་དྲུག་པ་ཞི་བར་བྱེད་པ་དང༌། དེ་ནས་རྩོལ་བ་ ཁྱད་པར་ཅན་འགྲུབ་པའི་སྟོབས་ཀྱིས་ཏིང་ངེ་འཛིན་སྒོམ་པ་ལ་སྤྲོ་བ་ལྷག་པར་སྐྱེབ་ན་བདུན་ པ་རྣམ་པར་ཞི་བར་བྱེད་པ་དང༌། དེ་ནས་བྱིང་རྒོད་ཀྱིས་བར་མ་ཆོད་པར་སེམས་གནས་རྒྱུན་ ཆགས་སུ་འཇུག་པ་ན་བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་དང༌། དེ་ནས་གཉེན་པོ་བསྟེན་མི་དགོས་ པར་ཏིང་ངེ་འཛིན་ལ་ཆུ་བོའི་རྒྱུན་བཞིན་རང་ཤུགས་སུ་གནས་པའི་སྐབས་ན་དགུ་པ་བཏང་ སྙོམས་སུ་འཇོག་པ་དང༌། དེ་འདྲའི་འདོད་པའི་སེམས་གནས་དགུ་པོ་དེ་སྟོབས་དྲུག་དང་ཡིད་ བྱེད་བཞིའི་སྒོ་ནས་ཀྱང་བསྒྲུབ་པར་བྱ་བའི་ཚུལ་ཡང་སེམས་གནས་དང་པོའི་སྐབས་དང་ 3-1-95 པོ་ཐོས་པའི་སྟོབས་དང༌། གཉིས་པའི་སྐབས་གཉིས་པ་བསམ་པའི་སྟོབས་འགྲུབ་ལ། འདི་ གཉིས་ཀྱི་དུས་སུ་བྱིང་རྒོད་ལྷག་པར་སྐྱེ་ཕྱིར་ཡིད་བྱེད་དང་པོ་བསྒྲིམ་སྟེ་འཇུག་པའི་དུས་ ཡིན། སེམས་གནས་གསུམ་པ་སོང་ནས་བཞི་པའི་སྐབས་གསུམ་པ་དྲན་པའི་སྟོབས་དང༌། སེམས་གནས་ལྔ་པ་སོང་ནས་དྲུག་པའི་སྐབས་བཞི་པ་ཤེས་བཞིན་གྱི་སྟོབས་དང༌། སེམས་ གནས་བདུན་པའི་སྐབས་ལྔ་པ་བརྩོན་འགྲུས་ཀྱི་སྟོབས་འགྲུབ་ལ། སེམས་གནས་བདུན་ པ་མན་ཆད་ལ་བྱིང་རྒོད་ཀྱིས་ཏིང་ངེ་འཛིན་གྱི་བར་བཅད་ཐུབ་པས་ན་ཡིད་བྱེད་གཉིས་པ་ སྐབས་སུ་ཆད་ཅིང་འཇུག་པའི་དུས་ཡིན། སེམས་གནས་བརྒྱད་པའི་དུས་སུ་བྱིང་རྒོད་སྐྱེ་ གྲབས་ཙམ་རེ་བྱེད་ཀྱང་ཏིང་ངེ་འཛིན་གྱི་བར་བཅད་མི་ཐུབ་པས་ཡིད་བྱེད་གསུམ་པ་སྐབས་ སུ་ཆད་པ་མེད་པར་འཇུག་པའི་དུས་ཡིན། སེམས་གནས་དགུ་པའི་སྐབས་སུ་དྲུག་པ་ཡོངས་ སུ་འདྲེས་པའི་སྟོབས་དང་ཡིད་བྱེད་བཞི་པ་ལྷུན་གྱིས་གྲུབ་པ་འཇུག་པའི་དུས་ཡིན་ནོ། ། དེ་འདྲའི་འདོད་སེམས་དགུ་འགྲུབ་པའི་མཐར་ཤིན་སྦྱངས་འགྲུབ་པའི་སྔ་ལྟས་སུ་ ཁམས་གོང་མའི་འབྱུང་བ་བཞི་འདུས་པའི་རླུང་ཞིག་སྤྱི་བོར་གྲུབ་པའི་རྐྱེན་གྱིས་སེམས་ དམིགས་པ་ལ་གཏད་བཟོད་པའི་སེམས་ཤིན་སྦྱངས་སྐྱེ་ལ། དེ་ནས་སྤྱི་བོའི་རླུང་དེ་ལུས་ ཐམས་ཅད་ལ་ཁྱབ་པའི་སྟོབས་ཀྱིས་འདོད་པའི་ལུས་ཀྱི་གོ་ས་དེར་ཁམས་གོང་མའི་ལུས་ཅི་ དགར་བཀོལ་དུ་རུང་ཞིང་བལ་ལྟར་ཡང་བའི་ལུས་ཤིན་སྦྱངས་སྐྱེ་བ་ཡིན་ལ། དེ་ནས་ལུས་ ཤེས་དང་ཡིད་ཤེས་གཉིས་ཀྱི་འཁོར་དུ་ཚོར་བ་བདེ་བ་དགའ་ཡལ་ཡལ་བ་སེམས་ཀྱི་གནས་ ཆ་དཀྲུགས་པར་བྱེད་པ་ཞིག་སྐྱེ་བ་དེ་ཤིན་སྦྱངས་ཀྱི་བདེ་བ་ཡིན་ལ། དེ་འདྲའི་བདེ་བས་ གནས་ཆ་དཀྲུགས་མི་ཐུབ་པའི་སྐབས་སུ་ཤིན་སྦྱངས་ཁྱད་པར་ཅན་འགྲུབ་ལ། ཤིན་སྦྱངས་ ཁྱད་པར་ཅན་གྱིས་ཟིན་པའི་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་དེ་ཞི་གནས་ཡིན། དེ་དུས་ སུ་ཉེར་བསྡོགས་དང་པོ་ལས་དང་པོ་པའི་ཡིད་བྱེད་འགྲུབ། དེ་ནས་ཞི་རགས་ཀྱི་ཆ་ལ་དཔྱོད་ 3-1-96 པའི་འདོད་སེམས་ཀྱི་ཤེས་རབ་ཅིག་ཡོད་པ་དེ་གཉིས་པ་སོར་རིག་ཡིད་བྱེད་ཡིན། ཡིད་བྱེད་ དེས་དཔྱད་པས་མཐར་གནས་ཆ་འཁྲུགས་པ་མ་ཟད་ཚུར་བརྟན་པ་ན་གསུམ་པ་མོས་པ་ཡིད་ བྱེད་དང༌། ལྷག་མཐོང་འགྲུབ་པའོ། ། དེ་ནས་འདོད་ཉོན་དགུ་མངོན་གྱུར་ཙམ་སྤོང་བ་ལ་འདོད་ཉོན་ཆེན་པོ་ལ་ཆེ་འབྲིང་ཆུང་ གསུམ་དང༌། འབྲིང་པོ་ཆུང་ངུ་གཉིས་ལ་དེ་འདྲ་རེཕྱེས་པས་དགུ་ཡོད་པ་ལས་འདོད་ཉོན་ དང་པོ་མངོན་གྱུར་ཙམ་སྤོང་བའི་བར་ཆད་མེད་ལམ་ཐོབ་པ་ན་ཉེར་བསྡོགས་བཞི་པ་རབ་ དབེན་ཡིད་བྱེད་ཐོབ་ཅིང༌། འདིས་འདོད་ཉོན་ཆེན་པོ་སྐོར་གསུམ་མངོན་གྱུར་ཙམ་བཅོམ་ ལ། དེ་ནས་འདོད་ཉོན་བཞི་པ་མངོན་གྱུར་ཙམ་སྤོང་བའི་བར་ཆད་མེད་ལམ་ཐོབ་པ་ན་ཉེར་ བསྡོགས་ལྔ་པ་དགའ་སྡུད་ཡིད་བྱེད་ཐོབ་ཅིང༌། འདིས་འདོད་ཉོན་འབྲིང་པོ་སྐོར་གསུམ་ མངོན་གྱུར་ཙམ་བཅོམ་པ་ཡིན། དེ་ནས་འདོད་ཉོན་གྱི་ལྷག་མ་ཡོད་མེད་དཔྱོད་པའི་བློ་དེ་ ཉེར་བསྡོགས་དྲུག་པ་དཔྱོད་པ་ཡིད་བྱེད་ཡིན། དེ་རྗེས་སུ་འདོད་ཉོན་བདུན་པ་མངོན་གྱུར་ ཙམ་སྤོང་བའི་བར་ཆད་མེད་ལམ་ཐོབ་པ་ན་ཉེར་བསྡོགས་བདུན་པ་སྦྱོར་མཐའི་ཡིད་བྱེད་ ཐོབ་ལ། འདིས་ཀྱང་འདོད་ཉོན་ཆུང་ངུ་སྐོར་གསུམ་མངོན་གྱུར་ཙམ་བཅོམ་ཐུབ་བོ། ། དེ་ནས་འདོད་ཉོན་དགུ་པ་མངོན་གྱུར་ཙམ་སྤོང་བའི་རྣམ་གྲོལ་ལམ་ཐོབ་པ་ན་སྦྱོར་བ་ མཐའི་འབྲས་བུའི་ཡིད་བྱེད་ཐོབ་པ་ཡིན་ཞིང༌། འདི་དུས་སུ་བསམ་གཏན་དང་པོའི་དངོས་ གཞི་འགྲུབ་པ་ཡིན། བསམ་གཏན་དང་པོའི་དངོས་གཞིའི་ཏིང་ངེ་འཛིན་ནི། འདོད་ཉོན་ ལ་ཆགས་པ་བྲལ་རྟོག་དཔྱོད་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། བསམ་ གཏན་གཉིས་པའི་དངོས་གཞིའི་ཏིང་ངེ་འཛིན་ནི། རྟོག་དཔྱོད་ལ་ཆགས་པ་བྲལ་དགའ་བདེ་ ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། བསམ་གཏན་གསུམ་པའི་དེ་ནི་རྟོག་ དཔྱོད་དགའ་བ་གསུམ་ལ་ཆགས་པ་བྲལ་བདེ་བ་ལ་ཆགས་པ་དང་བཅས་པའི་སེམས་ཞི་ 3-1-97 བ་ཞིག་དང༌། བསམ་གཏན་བཞི་པའི་དེ་ནི་རྟོག་དཔྱོད་དགའ་བདེ་བཞི་ལ་ཆགས་པ་བྲལ་ གཟུགས་སྣང་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། གཟུགས་མེད་དང་ པོའི་དེ་ནི་གཟུགས་སྣང་ལ་ཆགས་པ་བྲལ་ནམ་མཁའི་སྣང་ཆ་ལ་ཆགས་པ་དང་བཅས་པའི་ སེམས་ཞི་བ་ཞིག་དང༌། གཉིས་པའི་དེ་ནི་ནམ་མཁའི་སྣང་ཆ་ལ་ཆགས་པ་བྲལ་རྣམ་ཤེས་ཀྱི་ སྣང་ཆ་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་དང༌། གསུམ་པའི་དེ་ནི་རྣམ་ཤེས་ཀྱི་ སྣང་ཆ་ལ་ཆགས་པ་བྲལ་ཅི་ཡང་མེད་ཀྱི་སྣང་ཆ་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ ཞིག་དང༌། བཞི་པའི་དེ་ནི་ཅི་ཡང་མེད་ཀྱི་སྣང་ཆ་ལ་ཆགས་པ་བྲལ་ཅི་ཡང་མེད་མན་ཆད་ལྟ་ བུའི་འདུ་ཤེས་རགས་པ་ཡོད་པ་ཡང་མ་ཡིན་རང་སའི་འདུ་ཤེས་ལྟ་བུའི་འདུ་ཤེས་ཕྲ་བ་མེད་ པའང་མ་ཡིན་པའི་ཆ་ལ་ཆགས་པ་དང་བཅས་པའི་སེམས་ཞི་བ་ཞིག་ཡིན་ནོ། ། སྨྲས་པ། ཀུན་རྟོག་ཐ་མལ་གཡེང་བའི་བློ། ། ཉེས་ཚོགས་ཉོན་མོངས་འབྱུང་བའི་གཞི། ། སྐྱོན་ཀུན་རྩ་བར་ངེས་བྱས་ནས། ། འདི་ཕྱོགས་ཉིད་ནས་བག་ཡོད་མཛོད། ། གང་ཞིག་ཆོས་ཀྱི་གནས་ལུགས་ལ། ། དེ་དོན་རྣམ་འབྱེད་བློ་གྲོས་ཀྱིས། ། ཇི་བཞིན་རྟོགས་པའི་གསལ་ཁ་དེ། ། ཆེས་ཆེར་བཀྲ་བའི་ལེགས་ཚོགས་བསྟེན། ། འདི་ཡང་སློབ་རིགས་ཆོས་བློ་ཅན། ། ཉིད་ནས་དོན་གཉེར་བརྩོན་པས་བླངས། ། 3-1-98 ཇི་ལྟར་ཡིད་ངོར་གསལ་བའི་ཚུལ། ། སླར་ཡང་ཟིན་བྲིས་ཚུལ་དུ་ཕབ། ། རྣམ་དཀར་འདི་བྱས་ལ་བརྟེན་ནས། ། བདག་ཀྱང་སྐྱེ་ཀུན་རྒྱལ་བསྟན་ལ། ། ནམ་ཡང་བརྩོན་པ་མི་ལྷོད་པར། ། རང་གཞན་དོན་ཀུན་བསྒྲུབ་ནུས་ཤོག ། ཅེས་ལས་དང་པོ་པ་ལ་ཉེར་མཁོའི་རིགས་ཞི་ལྷག་བསམ་གཟུགས་སོགས་ཀྱི་རྣམ་ བཤད་ཉུང་བསྡུས་བློ་གསལ་ཡིད་ཀྱི་དགའ་སྟོན་ཞེས་བྱ་བ་འདི་ཡང་སློབ་རིགས་པ་གུ་ཎ་བྷ་ དྲ་ཞེས་པའི་ཟིན་བྲིས་ཀྱི་ཚུལ་དུ་སྙོམ་ལས་པ་མ་ཏི་ཀིརྟི་ཞེས་བྱ་བས་ཤར་མར་སྤེལ་བ་སླར་ སློབ་རིགས་ཉིད་ཀྱིས་ཡི་གེར་ཕབ་པ་ཛ་ཡནྟུ། དགེའོ། ། 3-1-99 ༄༅། །ཆོས་ཉམས་སུ་ལེན་ཚུལ་གྱི་རིམ་པ་དང་པོའི་ལས་ ཅན་དག་ལ་ཕན་པའི་ཐར་ལམ་བགྲོད་པའི་ཐེམ་ སྐས་ཞེས་བྱ་བ་བཞུགས། ༄༅། །ན་མོ་གུ་རུ་བུདྡྷ་བྷྱཿ ངེས་དོན་གྱི་མདོ་སྡེ་དག་ལས། དཔལ་ལྡན་བླ་མ་དམ་པ་ གང་གི་ཐུགས་དོན་དམ་གནས་ལུགས་སྤྲོས་བྲལ་ཡེ་ཤེས་ཆེན་པོ་ཡེ་གདོད་མ་ནས་བཞུགས་ པའི་འཁོར་འདས་ཀུན་ཁྱབ་གཞི་དབྱིངས་ཆོས་སྐུ་བདེ་གཤེགས་སྙིང་པོ་ནི་སངས་རྒྱས་ རྣམས་ལ་སྒྲིབ་གཉིས་མཐའ་དག་སྤངས་པས་རྣམ་ཀུན་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ ཟིན་པས་བདེ་བར་གཤེགས་པ་ཞེས་བརྗོད་པ་དང༌། བྱང་སེམས་སློབ་འཕགས་ནས་བཟུང་ སེམས་ཅན་མ་ལུས་པའི་རྒྱུད་ན་དོན་དམ་སངས་རྒྱས་དངོས་སུ་བཞུགས་ཡོད་པ་ལ་ནི་ད་དུང་ སྒྲིབ་གཉིས་ཀྱི་སྦུབས་ལས་མ་གྲོལ་བའི་སྐབས་རྣམས་སུ་བདེ་གཤེགས་སྙིང་པོ་ཞེས་བརྗོད་ པ་དང༌། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་ཀྱང༌། ཡེ་གཞི་དེ་ཉིད་རང་བྱུང་གཉུག་མའི་ལྷ་ ཚོགས་རབ་འབྱམས་ཀུན་རྫོབ་རྣམ་ཤེས་ཀྱི་སྣང་ཆ་དག་གིས་གདོད་ནས་སྟོང་པས་སྔགས་ ཀྱི་གཞན་སྟོང་རང་བཞིན་རྣམ་ཀུན་པ་དེ་ཉིད་དོན་དམ་གཤིས་ལུགས་སུ་བདེན་ཞིང་གློ་བུར་ རྟོག་ཚོགས་ཀྱི་སྤྲོས་པས་མ་གོས་པས་སྒྲོ་སྐུར་ཀུན་བྲལ་གྱི་གཞིའི་གནས་ལུགས་ཆོས་ཀྱི་ དབྱིངས་སྤྲོས་བྲལ་དོན་དམ་པའི་རྣམ་པ་ཡོངས་སུ་རྫོགས་པ་དེ་ཉིད་གསང་སྔགས་བླ་མེད་ཀྱི་ ཐེག་པའི་སྐབས་སུའང་མཚན་གྱི་རྣམ་གྲངས་རྡོ་རྗེ་འཆང་ཆེན་པོ་དང༌། རྡོ་རྗེ་སེམས་དཔའ་ 3-1-100 དང༌། རྡོ་རྗེ་འཇིགས་བྱེད་དང༌། ཧེ་རུ་ཀ་དཔལ་དང༌། དུས་ཀྱི་འཁོར་ལོ་དང༌། དང་པོའི་ སངས་རྒྱས་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། རྡོ་རྗེ་ཕག་མོ་སོགས་དོན་དམ་པའི་ ལྷ་དང་སྣ་ཚོགས་ཡུམ་སོགས་ནི་ཕ་མཆོག་བླ་མ་གང་དག་གི་རང་བཞིན་ཆོས་སྐུ་ཆེན་པོ་དང་ རྣམ་དབྱེར་མེད་པར་བཞུགས་ཡོད་པ་ཡིན་ཏེ། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས། རྡོ་རྗེ་ཅན་དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་ དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུམ་གྱི་མིང་སོགས་ཀྱིས། །རྒྱུད་གཞན་དག་ཏུ་བདག་གིས་བསྟན། །ཅེས་དང༌། དཔལ་བརྟག་གཉིས་ཀྱི་རྒྱུད་ལས། འཇིག་རྟེན་ཁམས་ནི་གང་དུ་ཡང༌། །སངས་རྒྱས་གཞན་ དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་ པ་མེད། །ཅེས་དང༌། དེ་བཞིན་དུ་སམ་བྷུ་ཊིའི་རྒྱུད་ལས་ཀྱང༌། རང་གི་ལུས་ལ་སངས་རྒྱས་ བཞུགས། །གཞན་དུ་གང་ན་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ ལས་གཞན་དུ་སངས་རྒྱས་འདོད། །ཅེས་གསུངས་ཤིང༌། དེ་དག་དང་མཐུན་པར་རྒྱུད་ཀྱི་ རྒྱལ་པོ་ལས་ངེས་པར་གསུངས་པའང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་ཆེན་པོའི་ སངས་རྒྱས་གཞན་ནི་འཇིག་རྟེན་དག་ན་ཡོད་མ་ཡིན། །ཞེས་པ་ལ་སོགས་པ་དེ་འདྲ་ཆེས་ མང་པ་ཉིད་ཀྱི་ཕྱིར་དང༌། ཚུལ་དེ་མཐུན་དུ་རྒྱལ་བའི་དགོངས་པ་ཇི་བཞིན་གྲུབ་དབང་དུ་ མས་བཀྲལ་བ་ནི། དེ་ཡང་ཐོག་མར་གྲུབ་ཆེན་བཱིར་བ་པས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་ དུ་གང་ན་སངས་རྒྱས་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །གཞན་དུ་བཙལ་བས་རྙེད་ མི་འགྱུར། །ཞེས་དང༌། ས་ར་ཧས་དེ་མཐུན་དུ། །མཁས་པ་བསྟན་བཅོས་འཆད་པ་ཐམས་ ཅད་ཀྱིས། །ལུས་ལ་སངས་རྒྱས་ཡོད་པར་མ་རྟོགས་སོ། །དེ་ལྟར་རྟོགས་ན་གང་དུ་འགྲོ་བ་ 3-1-101 མེད། །མཁས་པ་ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་དང༌། དེ་བཞིན་དུ་ཕ་དམ་པ་རྒྱ་གར་ གྱིས། མྱང་འདས་ཆུང་ངུས་རྫོགས་པའི་སངས་རྒྱས་དང་གཏན་དུ་འགྲོགས་ཀྱང་རྒྱུས་མེད་པ་ མང་པོ་ཅིག་གདའ་འོ། །ཞེས་དང༌། མ་ཅིག་ལབ་སྒྲོན་མཆོག་གི་ཞལ་སྔ་ནས་ཀྱང༌། ཡེ་ནས་ སངས་རྒྱས་ཡིན་པར་མ་རྟོགས་པར། །སངས་རྒྱས་གསར་བུ་རེས་ཀྱང་མི་འོང་ནས། །ཞེས་ སོགས་ངེས་དོན་ཟབ་གསང་གི་གནད་ཇི་བཞིན་གསུངས་པ་ལྟར་རང་རེའི་བླ་མ་རྗེ་རྒྱལ་བ་ གཉིས་པ་ཇོ་ནང་པ་ཆེན་པོ་གང་ཉིད་ཀྱིས་གངས་རིའི་ལྗོངས་སུ་དེ་འདྲའི་སྲོལ་ལེགས་ཕྱེ་ མཛད་པའང༌། ཉིད་ཀྱི་ཞལ་སྔ་ནས། གཞི་ལ་བཞུགས་པ་ལམ་གྱི་ཐབས་མཆོག་གིས། །སྤྲིན་ དང་རྡུལ་སོགས་སངས་པའི་ནམ་མཁའ་བཞིན། །དྲི་མ་ཀུན་སྤངས་དྲི་མེད་དེ་བཞིན་ཉིད། །མངོན་དུ་གྱུར་ཙམ་འབྲས་བུར་སྟོན་ལ་འདུད། །ཅེས་སོགས་ཀྱིས་མཚོན་རྫོགས་ལྡན་ཆོས་ མཆོག་གི་དགོངས་དོན་དཔྱིས་ཕྱིན་རྩལ་ཐོན་ཉེ་བར་མཛད་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་ སེམས་ཅན་སངས་རྒྱས་ཀུན་གྱི་སྤྱི་ནོར་དོན་དམ་རང་བྱུང་གི་ཆོས་ཉིད་བདེ་གཤེགས་སྙིང་ པོ་འཁོར་འདས་ཀུན་ཁྱབ་རྟག་བརྟན་ཐེར་ཟུག་ཆེན་པོའི་རྣམ་ཀུན་མཁྱེན་པའི་ཡེ་ཤེས་དེ་ ཉིད་སྒྲིབ་ཀུན་སྤངས་པས་མངོན་དུ་གྱུར་པ་རྣམས་ལ་སངས་རྒྱས་ཞེས་དང་སྒྲིབ་པའི་སྦུབས་ དང་མ་བྲལ་བ་རྣམས་ལ་སེམས་ཅན་ཞེས་བརྗོད་པ་ཙམ་ལས་ལོགས་སུ་འབྲས་བུ་སྔར་མེད་ གསར་བསྐྱེད་ཀྱི་སངས་རྒྱས་ཞིག་ཐོབ་མི་དགོས་པས་ད་སྐབས་རང་ལུགས་ལ་ནི་རྩ་བརྒྱུད་ བླ་མ་ཡི་དམ་སངས་རྒྱས་མཁའ་འགྲོ་ཆོས་སྐྱོང་སོགས་ཀུན་འདུས་པའི་བདག་ཉིད་ནི་རང་ ཅག་གི་རྩ་བའི་བླ་མའི་ཐུགས་དོན་དམ་པའི་ཡེ་ཤེས་ཆོས་སྐུ་དེ་ཉིད་ཡིན་པའི་རྒྱུ་མཚན་གྱིས་ བླ་མའི་ཡེ་ཤེས་ཀྱི་དགོངས་པ་ལས་ནི་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ལྷ་གང་དང་གང་སྤྲུལ་ དགོས་ན་ཐུགས་དགོངས་གཏད་ཙམ་གྱིས་སྤྲུལ་མི་ནུས་པ་གཅིག་ཀྱང་མེད་པའི་གནད་ཀྱིས་ རྩ་བའི་བླ་མ་ཉིད་རིགས་བདག་དང༌། རིགས་ཀུན་འདུས་པ་དང༌། རྒྱུད་སྡེའི་ལྷ་ཚོགས་མཐའ་ 3-1-102 དག་གི་སྤྲུལ་གཞིའང་ཡིན་ནོ། ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནི་སྤྱིར་ཐུགས་རྗེ་ཆེ་ཡང་ད་སྐབས་རང་ཅག་ འདུལ་བའི་སྐལ་བ་མ་ཡོད་ནས་སངས་རྒྱས་དེ་དག་གི་ཞལ་མཇལ་གསུང་ཐོས་མ་བྱུང་བས་ སྐྱེ་ལུས་འདིའི་སྟེང་འདི་ཕྱིའི་སྡུག་བསྔལ་ཀུན་ལས་སྐྱོབ་ཅིང་ཕན་པ་དཔག་མེད་ལེགས་པར་ མཛད་པའི་མགོན་གཅིག་ཆོག་ཏུ་གྱུར་པ་ནི་རང་ལ་ཟབ་ཆོས་དབང་ལུང་གདམས་པས་རྗེས་ སུ་བཟུང་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནད་ཀུན་འཇོམས་པའི་སྨན་མཆོག་ལྟ་བུ་ རང་ཅག་ལ་དངོས་སུ་གནང་བར་མཛད་པས་ད་སྐབས་བཀའ་ལྟར་བསྒྲུབ་ཐུབ་ན་ཚེ་འདིའི་ སྟེང་ནས་སངས་རྒྱས་པའི་གདམས་བཟང་གདུལ་བྱའི་ཁམས་དབང་དང་མཐུན་པ་དུས་སུ་ སྩོལ་བར་མཛད་པ་པོ་ནི་རྩ་བའི་བླ་མ་མཆོག་ཉིད་ཡིན་པ་མ་གཏོགས་དེའི་ལྷག་གི་ལམ་ཟབ་ མོའི་མན་ངག་གཞན་སྟོན་པ་སངས་རྒྱས་ལྟ་བུ་ལའང་གནང་རྒྱུ་གང་ཡང་ཡོད་པ་མ་ཡིན་ཏེ། སྔར་འདས་པའི་སངས་རྒྱས་གྲངས་མེད་བརྗོད་ཀྱིས་མི་ལང་པ་ཞིག་བྱོན་པ་དེ་དག་གི་ཐུགས་ རྗེས་ཀྱང་རང་ཅག་བསྐྱབས་པར་མ་ནུས་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ ད་ལྟའི་བར་དུ་ལུས། སྔོན་བྱོན་གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེ་དག་ གིས་ཀྱང་ཐུགས་རྗེས་གཟིགས་པའི་ཡུལ་དུ་མ་གྱུར་ཏེ་ཞལ་ཙམ་མཇལ་བའི་སྐལ་བ་ཡང་མ་ བྱུང༌། ད་ལྟ་སངས་རྒྱས་ཀྱི་བསྟན་པའི་མཐའ་སྙིགས་མ་ལྔ་བདོ་བའི་སྐབས་འདིར་མིའི་ལུས་ རྟེན་ཙམ་ཐོབ་ཀྱང་མི་དགེ་བའི་གཞན་དབང་འབའ་ཞིག་ཏུ་གྱུར། བླང་དོར་གྱི་གནས་ལ་ རྨོངས། ལོང་བ་བཤེས་མེད་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་སྐབས་འདིར། བླ་མ་དགེ་བའི་ བཤེས་གཉེན་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་ཉེ་བར་དགོངས་ཏེ་རང་རང་གི་ སྐལ་བ་དང་འཚམ་པའི་གང་ཟག་མིའི་གཟུགས་སུ་བྱོན་ནས། དགོངས་པ་སངས་རྒྱས་སུ་ བཞུགས་ཀྱང་མཛད་སྤྱོད་རང་རྒྱུད་པ་དང་བསྟུན་ཏེ། ཐབས་ལ་མཁས་པའི་སྒོ་ནས་རྗེས་སུ་ 3-1-103 བཟུང༌། ཡང་དག་པའི་དམ་པའི་ཆོས་ཀྱི་སྒོར་བཅུག བླང་དོར་གྱི་མིག་ཕྱེ། ཐར་པ་དང་ཐམས་ ཅད་མཁྱེན་པའི་ལམ་མཆོག་ནོར་བ་དང་འཁྲུལ་པ་མེད་པར་སྟོན་པས་ན། དོན་དུ་སངས་རྒྱས་ དངོས་དང་ཁྱད་པར་མེད་ཅིང་གདུལ་བྱ་རང་རང་ལ་ནི། སངས་རྒྱས་ལས་ལྷག་པའི་བཀའ་ དྲིན་གྱིས་བསྐྱངས་པ་ཡིན་པས། དུས་དང་རྣམ་པ་ཐམས་ཅད་དུ་དད་པ་གསུམ་གྱི་སྒོ་ནས་ ལེགས་པར་བསྟེན་པ་ལ་འབད་དགོས་པ་ཡིན་པའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དང་ ད་ལྟ་བ་དང་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་བླ་མའི་མན་ངག་ལ་བརྟེན་ནས་སངས་ རྒྱས་པ་མ་གཏོགས་བླ་མ་ལ་མ་བརྟེན་པར་སངས་རྒྱ་མི་སྲིད་ཚུལ་ཡོན་ཏན་ཡོངས་བཟུང་ གིརྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །འདས་དང་ མ་འོངས་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང༌། །ཞེས་གསུངས་ཤིང༌། དེ་ མཐུན་དུ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་ བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པ་དང༌། གཞན་ཡང་ སྔོན་སངས་རྒྱས་ཀྱིས་འདུལ་བའི་ཡུལ་དུ་མ་གྱུར་པ་རྣམས་ལ་དེང་སང་སྙིགས་དུས་འདིར་ གང་ལ་གང་འདུལ་གྱི་དགེ་བའི་བཤེས་གཉེན་གྱི་སྐུར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ ཡིན་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་ བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས་ པ་དང༌། དབང་ལུང་གདམས་ངག་སྟོན་པའི་སློབ་དཔོན་ཉིད་ཟབ་མོ་ཆོས་ཀྱི་མིག་སྙིང་ལུས་ ཁོག་དང་འདྲ་ཞིང་ལྷག་པར་གཉན་པས་བླ་མའི་དམ་ཚིག་ཁོ་ན་བསྲུང་ནུས་ན་གཞན་སོར་ བྱང་སྔགས་ཀྱི་བཅས་མཚམས་ལ་ཉམས་པ་སོང་ཡང་མཐར་ཐུག་མཆོག་གི་གོ་འཕང་ལ་ བར་ཆད་མི་ཡོང་ཚུལ་བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་མིག་དང་ འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལས་དམ་ཚིག་ 3-1-104 མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་འཐོབ། །ཅེས་གསུངས་པ་དང༌། ཚུལ་དེ་ལུགས་ལ་དགོངས་ ནས་སྔོན་བྱོན་རྗེ་བཙུན་མི་ལས། བླ་མ་མཚན་ལྡན་ཞིག་ལ་སློབ་མ་གུས་ལྡན་ཅིག་གིས་ གསོལ་བ་བཏབ་ན་སྒོམ་ཞོར་ལ་འོང༌། ཞེས་གསུངས་པ་དང༌། ཇོ་བོ་ཆེན་པོས་ཀྱང༌། ལུས་ ངག་ཡིད་གསུམ་བླ་མའི་ཞབས་ཏོག་ཏུ་བཀོལ་ན་སྒོམ་གྱི་དམིགས་པ་གཞན་ནས་བཙལ་མི་ དགོས། ཞེས་གསུངས་པ་སོགས་དོན་ལ་དེ་ལྟར་ལག་ལེན་དུ་ཐེབ་ངེས་པར་བྱ་བ་གལ་ཆེ་བ་ ལགས། མཚན་དཔེ་མངའ་བའི་ལྷ་བསྐལ་པ་སྟོང་དུ་བསྒོམ་པ་བས་སྔགས་ཀྱི་སློབ་དཔོན་ ཉིད་དད་གུས་ཀྱིས་དྲན་ཙམ་ལ་བསོད་ནམས་མང་དུ་འབྱུང་ཚུལ་ཡེ་ཤེས་གསལ་བའི་རྒྱུད་ ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པའི་ བསོད་ནམས་ཆེ། །ཞེས་དང༌། ལས་དང་པོ་པ་དག་གིས་བླ་མ་མེད་པར་རྫོགས་རིམ་བསྐལ་ པར་བསྒོམ་པ་བས་སྙིང་ནས་དད་གུས་བཅས་ཀྱིས་བླ་མ་ཉིད་སེམས་ཀྱི་དཀྱིལ་དུ་དར་ཅིག་ ལ་ཤར་ཙམ་གྱི་ཕན་ཡོན་འབུམ་ཕྲག་ཉི་ཤུའི་ཆར་ཡང་འགྲན་མི་ནུས་པའི་ཚུལ་དཀོན་མཆོག་ བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ནི། འདུ་འཛི་གཡེང་བ་སྤངས་ ནས་བསྒོམ་པ་བས། བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ ཆར་ཡང་མི་ཕོད་དོ། །ཞེས་དང༌། བླ་མ་ལན་རེ་ཙམ་དྲན་པའི་ཕན་ཡོན་ཡེ་ཤེས་གསལ་བའི་ སྒྲོན་མའི་རྒྱུད་ལས། གང་གིས་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་སྦྱིན་པ་བཏང༌། ཚུལ་ ཁྲིམས་བསྲུང༌། བཟོད་པ་བསྒོམ། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་ བཞགཤེས་རབ་བསྐྱེད་པ་ལས། ལྷའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐད་ཅིག་དྲན་ པ་བསོད་ནམས་ཆེ། དེ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བསྒོམ་པ་བས་བླ་མ་སྐད་ ཅིག་དྲན་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་འདི་ཉིད་དུ་སངས་རྒྱས་པའི་ཕྱིར་ 3-1-105 རོ། །ཞེས་དང༌། ཀུན་འདུས་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་ བསྒོམ་པ་བས། །བླ་མ་དྲན་པ་བསོད་ནམས་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །གསུངས་པ་དང༌། དེ་དང་མཐུན་པར་ཕ་དམ་པའི་ཞལ་ནས། ཡི་དམ་གྱི་ལྷ་བརྒྱའི་ཞལ་ མཇལ་བ་ལས། བླ་མའི་ཞལ་རས་ལན་ཅིག་མཇལ་བ་ཕན་ཡོན་ཆེ་སྟེ་བོད་བླུན་པོ་ཚོས་མ་ གོ། །ཞེས་གསུངས་ཤིང༌། དགེ་བཤེས་སྟོན་པའི་ཞལ་ནས། ངས་ནི་ཡི་དམ་ལྷ་ལ་གསོལ་བ་ བཏབ་པ་ལས། ཨ་ཏི་ཤ་ལ་གསོལ་བ་བཏབ་པ་བྱིན་རླབས་ཆེ་བར་ཉམས་མྱོང་ཡོད། ཅེས་ སོགས་གསུངས་སོ། །ཀྲི་ཡ་དཔུང་བཟང་གི་རྒྱུད་ལས། སྐྱེས་བུ་གང་ཞིག་འཆི་བའི་ཚེ། །བླ་ མ་སྐད་ཅིག་དྲན་གྱུར་ན། །འཕོ་བ་ཀུན་གྱི་མཆོག་ཏུ་འགྱུར། །སྐྱེས་བུ་དེ་ནི་མངོན་སངས་ རྒྱས། །ཞེས་གསུངས་པ་དང༌། གཞན་ཡང་སློབ་དཔོན་གྱིས་སློབ་མ་རྣམས་ལ་ཆོས་ཀྱི་མིང་ ཚིག་ཡི་གེ་ཇི་སྙེད་ཅིག་བསྟན་པ་དེ་སྙེད་ལ་རེ་རེ་བཞིན་བསྐལ་པའི་བར་སློབ་མ་དེ་དག་གིས་ བཀུར་སྟི་མཆོད་པ་སོགས་བྱས་ཀྱང་སློབ་དཔོན་དེ་རྣམས་ཀྱི་སྐུ་དྲིན་ངེས་པར་འཁོར་ཐབས་ དཀའ་ཚུལ་དྲག་ཤུལ་ཅན་གྱིས་ཞུས་མདོ་ལས། མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་ སུ་བཅད་པ་དེ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་ལ་གཡོ་མེད་པར་རྙེད་པ་ དང༌། བཀུར་སྟི་དང་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང༌། ཁྱིམ་ བདག་ད་དུང་དུ་སློབ་དཔོན་ལ་སློབ་དཔོན་དུ་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན་ ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྨོས། ཞེས་གསུངས་པ་དང༌། མཁས་གྲུབ་ཆེན་པོ་ཤནྟི་བས་ མཛད་པའི་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌། ཚིགས་བཅད་གཅིག་ཙམ་ མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་ དུ་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། མདོར་ན་ཐེག་དམན་འདུལ་བ་དང་ མདོ་ཕར་ཕྱིན་ཐེག་པ་གང་གི་སྐབས་སུའང་བླ་མ་སློབ་དཔོན་ལ་སློབ་ཚོགས་ཀྱིས་སྟོན་པའི་ 3-1-106 འདུ་ཤེས་འཇོག་དགོས་པ་དང༌། ཁྱད་པར་གསང་ཆེན་ཐེག་པའི་སྐབས་སུ་ནི་སློབ་དཔོན་རྡོ་ རྗེ་འཛིན་པ་གང་དག་ལ་སློབ་ཚོགས་ཀྱིས་ཇི་ལྟར་བལྟ་ཚུལ་ལག་ན་རྡོ་རྗེ་དབང་བསྐུར་བའི་ རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་ རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། །དེ་ཡིཆོས་ཉམས་སུ་ལེན་ཚུལ་ཐར་ལམ་ བགྲོད་པའི་ཐེམ་སྐས། སེམས་ནི་དེ་ལྟར་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་ རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་ཤིང༌། བླ་མའི་ སྐུ་འདྲ་བཞེངས་པ་དང་མཆོད་བསྟོད་ཀྱི་ཕན་ཡོན་ཨ་ཏི་བཀོད་པའི་རྒྱུད་ལས། འཇིག་རྟེན་ ཁམས་ནི་ཐམས་ཅད་ཀྱི། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་ པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་བས། །བླ་མའི་སྐུ་འབག་སུས་བྲིས་པ། །འདི་ནི་ བསོད་ནམས་ཁྱད་པར་འཕགས། །བརྒྱད་སྟོང་ཁྲི་འབུམ་ཆར་མི་ཕོད། །གང་གིས་བླ་མའི་སྐུ་ འབག་ལ། །མཆོད་ཅིང་བསྟོད་པ་སུས་བྱས་པ། །རྡོ་རྗེ་འཆང་ལ་བསྐལ་པ་བརྒྱར། །མཆོད་ ཅིང་བསྟོད་པའི་བསོད་ནམས་ཆེ། །འབུམ་ཕྲག་སུམ་ཅུ་རྩ་ལྔ་ཡང༌། །ཕོད་ཅིང་མཉམ་པ་མ་ ཡིན་ནོ། །ཞེས་གསུངས། འདས་མཆོད་བྱས་པའི་ཕན་ཡོན་ནི། བླ་མའི་ཡོན་ཏན་ཡོངས་སུ་ བཟུང་བའི་རྒྱུད་ལས། བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །དགེ་བའི་རྣམ་སྨིན་བླ་ མའི་རྗེས་འབྲང་སྟེ། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང༌། །སློབ་མས་བླ་མའི་ རྣམ་ཐར་བསྙེག་པར་འགྱུར། །ཞེས་དང༌། ཨ་ཏི་བཀོད་པའི་རྒྱུད་ལས། འདས་པའི་ལོ་ཟླ་ ཚེས་གྲངས་ལ། །མ་ནོར་བ་ཡི་བརྩི་བྱས་ནས། །མཆོད་པའི་རྣམ་པ་སུས་བྱས་པ། །ཚོགས་ གཉིས་རབ་ཏུ་རྫོགས་པ་དང༌། །ཚེ་འདིར་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་དང༌། ཤ་ར་ བའི་ཞལ་ནས། འདུས་བྱས་ཀྱི་དགེ་བ་ལ། དགེ་བའི་བཤེས་གཉེན་ལ་འདས་མཆོད་བྱས་པ་ བསོད་ནམས་ཆེ། ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། ། 3-1-107 གཞིའི་གནས་ལུགས་ཀྱི་ཆ་ཅི་རིགས་མངོན་དུ་བྱས་པའི་སློབ་དཔོན་གང་དག་ནི་སོ་སྐྱེས་ ས་ལས་རྣམ་པར་འདས་ཤིང་ཕྱོགས་བཅུའི་སངས་རྒྱས་གང་དག་གིས་ཐུགས་སྨོན་དགྱེས་ པ་བསྩལ་བའི་གནས་སུ་འདུག་ཅིང༌། དེ་མ་ཡིན་པར་གནས་ལུགས་དེ་ཉིད་ལ་བློ་ཁ་ཕྱོགས་ པ་ཡན་ཆད་སོ་སྐྱེས་རང་ག་བར་གཏོགས་པ་ཚུན་ལ་རང་གིས་དམ་ཆོས་ཞུས་ཕན་ཆད་སློབ་ དཔོན་དེ་ལ་དག་སྣང་མོས་གུས་ཀྱི་དད་པ་མེད་མི་རུང་ཞིང་སྤྱིར་ན་ཆོས་སྤྱིའི་རྩ་བ་དད་པ་ལ་ ཐུག་པས་དད་ཡུལ་བཟང་ངན་ཇི་ལྟར་ཡིན་ཀྱང་དད་པ་བྱེད་མཁན་རང་གིས་དག་སྣང་དད་ པ་ཆེས་བརྟན་པོ་མི་འགྱུར་བ་བྱེད་དགོས་ཏེ། དམ་ཆོས་དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ ནས་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་རྟོགས་པས། མཁན་པོ་ཐོས་པ་ཆེ་བའམ་ ཆུང་བའམ་ཤེས་པའམ་མི་ཤེས་པའམ། ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ ལའང་སྟོན་པའི་འདུ་ཤེས་བསྐྱེད་དེ། ཇིལྟར་སྟོན་པ་ལ་དགའ་བ་དང་དད་པ་ལྟར་མཁན་པོ་ ལའང་དད་པ་དང་དགའ་བར་བྱའོ། །སློབ་དཔོན་རྣམས་ལ་ཞེ་ས་དང་རིམ་འགྲོ་བསྐྱེད་དེ་ དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཚོགས་མ་རྫོགས་པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་ སྤངས་པ་ནི་སྤོང་བར་འགྱུར་སྙམ་སྟེ་དགའ་བ་དང་རང་བ་འཐོབ་ཅིང་དགེ་བའི་ཆོས་ལ་དེ་ དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་གསུངས་པ་དང༌། སྤྱིར་ དད་པ་ནི་ཆོས་ཀུན་གྱི་སྔོན་འགྲོ་མེད་མི་རུང་བ་ཡོན་ཏན་ཐམས་ཅད་འཕེལ་བྱེད་སྐྱོན་མང་པོ་ ལས་སྒྲོལ་བྱེད་དོན་ཆེན་པོའི་ནོར་གཏེར་རྐང་ལག་ལྟ་བུ་ཡིན་ཚུལ་རྒྱལ་བའི་བཀའ་དཀོན་ མཆོག་ཏ་ལ་ལའི་གཟུངས་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་གྲོལ། །དད་པ་བདེ་ ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་ 3-1-108 དགེ་སྡུད་རྩ་བ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པས་རྒྱལ་བའི་ ཆོས་ལ་རབ་དགའ་བསྐྱེད། །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་ འཕང་འཐོབ་ཅིང་ཐོབ་པར་བྱེད། །ཅེས་གསུངས་ཤིང༌། དད་པ་ཆོས་ཀྱི་གཞི་རྩ་མཆོག་ཉིད་ དུ་ངེས་པས་དེ་མེད་པར་དཀར་པོའི་ཆོས་ཡང་དག་ཅིག་རྣམ་པ་ཀུན་ནས་འབྱུང་ཚུལ་མེད་ པ་བཀའི་སྡེ་སྣོད་ཆོས་བཅུ་པ་ལས། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་ མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བརྟེན། །མ་དད་ པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་ པོ་ཇི་བཞིན་ནོ། །ཞེས་པ་ལྟར་དང༌། དད་པ་ལ་སྒོ་ཀུན་ནས་བརྩོན་པ་ལྷུར་ལེན་དགོས་ཚུལ་ མདོ་རྒྱ་ཆེར་རོལ་པ་ལས། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག །ཅེས་དང༌། དད་ པའི་སྟོབས་ཀྱིས་ཚེ་རབས་རྣམས་སུ་ངན་སོང་གསུམ་མི་ཁོམ་པའི་གནས་སུ་མི་སྐྱེ་ཚུལ་སེང་ གེས་ཞུས་མདོར། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་སོགས་གསུངས་སོ། །གཞན་ཡང་ མོས་གུས་བྱ་ལུགས་འདི་ལྟར་བསམ་ལ། རང་ལ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་མཆོག་འདི་ ཉིད་དོན་དངོས་པོའི་གནས་ཚོད་ཀྱི་དབང་དུ་བྱས་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་ པའང་སྲིད། མ་ཡིན་ཐ་མལ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ ཡི་དམ་གྱི་ལྷ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་ དངོས་དང་ཁྱད་པར་མེད་པ་ལྟ་བུ་ནི་ཡིན། དེ་མཉེས་ན་སངས་རྒྱས་ཀུན་མཉེས། དེ་ལ་སྡིག་ བསགས་ན་སངས་རྒྱས་ཀུན་ལ་སྡིག་བསགས་པར་འགྲོ། དེ་མཆོད་པས་སངས་རྒྱས་ཐམས་ ཅད་མཆོད་པའི་ཕྱིར། སློབ་མའི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང༌། །དེ་ཡིས་ང་ལ་ བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་འགའ་ཞིག་ 3-1-109 ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་ གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། གོང་དུ་བཤད་པའི་རྒྱུ་མཚན་དེས་ ན་དཔལ་ལྡན་རྩ་བའི་བླ་མ་རྣམས་སུ་ལས་བཀའ་དྲིན་ཆེ་བ་ཡིན། དེ་འདྲའི་བླ་མ་དེ་སྐྱབས་ གནས་ཐམས་ཅད་ཀྱིས་བདག་ཅག་འདུལ་བྱེད་དུ་སྤྲུལ་པའི་དགེ་བའི་བཤེས་གཉེན་ཡིན་ པའི་རྒྱུ་མཚན་གྱིས་བླ་མ་ཁོ་ན་ལ་དད་ཕྱག་མཆོད་བསྟོད་སོགས་བགྱིས་པས་སྐྱབས་ཀུན་ ལ་བསོད་ནམས་བསགས་གོ་ཆོད་པ་མ་ཟད་སྐྱབས་གནས་གཞན་ཀུན་བས་བླ་མའི་བ་སྤུའི་ ཁུང་བུ་ལ་མཆོད་པའི་ཕན་ཡོན། ཇི་སྐད་དུ། བདག་ནི་སྐྱབས་གནས་གཞན་ཀུན་བས། །བ་ སྤུའི་ཁུང་བུ་གཅིག་ལ་ཡང༌། །ལྷག་པར་ཡང་ནི་དད་ལགས་པ། །རྨོངས་པས་མ་ཡིན་རྒྱུ་དང་ བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་པ། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་ སོགས་ཀུན་ཏུ་མཚུངས་པར་གསུངས། །ཞེས་དང༌། བླ་མ་ཁོ་ན་མཆོད་པ་བསོད་ནམས་ཆེ་ བའི་རྒྱུ་མཚན། གྲངས་མེད་བསྐལ་པར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་བས། །ཁྱེད་ཀྱི་སྐུ་ལ་ཏིལ་མར་གྱི། །ཐིགས་པས་མཆོད་ན་ཡང་བསོད་ནམས་མཆོག །ཅི་ཕྱིར་ཞེ་ ན་སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱེད་ལས་བྱུང༌། །མཆོད་པ་ཐམས་ཅད་སྤངས་ནས་ནི། །རྗེ་བཙུན་ཁྱོད་ལ་མཆོད་ཅིང་འདུད། །ཅེས་དང༌། སྙིགས་དུས་མིའི་ཤ་ཚུགས་ཅན་གྱི་བླ་མ་ ལས་སངས་རྒྱས་དངོས་མཇལ་མི་ཐུབ་ཚུལ། རྩོད་པའི་དུས་འདིར་རྡོ་རྗེ་སེམས། །དངོས་སུ་ མཐོང་བའི་སྐལ་མེད་པས། །སློབ་དཔོན་གཟུགས་ཀྱིས་སྒྲུབ་རྣམས་ལ། །བརྩེ་བས་མཆོད་ པ་ལེན་ལ་འདུད། །ཅེས་དང༌། བླ་མ་ལ་བརྙས་པའི་ཉེས་པ་ནི། །ཁྱོད་ལ་བརྙས་ཤིང་སྨད་ན་ ནི། །སངས་རྒྱས་ཀུན་ལ་བརྙས་ཤིང་སྨད། །གཟིམ་ཆ་སྟན་དང་ལྷམ་དང་གདུགས། །འགོམ་ ཤིང་ཅོ་འདྲི་བྱེད་པ་ནི། །དོན་རིང་དཔལ་ཉམས་ནད་ཀྱིས་ཐེབས། །སྐུའི་གྲིབ་མ་ལ་འགོམ་ པ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་གསུངས་པ་སོགས་ཀྱིས་མཚོན་ 3-1-110 ད་ལྟའི་སྐབས་འདིར་མིའི་ལུས་རྟེན་འདིའི་སྟེང་ནས་ཡར་དགེ་བའི་ལས་ཞིག་བསྒྲུབ་ཀྱང་ གཞན་ལས་སྟོབས་ཆེ་བ་དང་མཐུན་རྐྱེན་འཛོམས་པས་ད་རེས་ཀྱི་སྐྱེ་བ་འདིར་ཆོས་ཁོ་ནར་ བྱས་ཀྱང་རང་དབང་ཡིན། མར་མི་དགེ་བའི་ལས་བསགས་ཀྱང་སེམས་ཅན་གཞན་གྱིས་ བསྒྲུབ་པ་ལས་ནུས་པ་ཆེ་བས་ངན་སོང་གི་གཏིང་ལས་མི་ཐར་པའི་རྒྱུ་བསྒྲུབ་ཐུབ་ཀྱང་ད་ ལྟའི་སྐབས་འདིར་འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་ས་མཚམས་ཡིན་པས་ད་ནི་ ཕུག་ཐུབ་པ་ལ་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་གང་ཡང་མེད་པས་དེ་ལ་དོན་གཉེར་ བྱ་དགོས་པས་ཐོག་མར་རྒྱུ་ལུང་གི་བསྟན་པ་ལ་ཞུགས་ནས་ཐོས་བསམ་བྱ་བ་དང༌། དེ་ནས་ འབྲས་བུ་རྟོགས་པའི་བསྟན་པ་བསྐྱང་དགོས་ཏེ། རྗོད་བྱེད་ལུང་གི་བསྟན་པ་ནི། སྔོན་ཐུབ་ པ་བཅོམ་ལྡན་འདས་ཀྱིས་གདུལ་ཞིང་དུ་གྱུར་པའི་རིགས་ཅན་གསུམ་སོགས་ལ་རང་རང་གི་ ཁམས་དབང་མོས་པ་སྣ་ཚོགས་མཁྱེན་པའི་སྒོ་ནས་དེ་དང་མཐུན་པའི་ཆོས་ཀྱི་སྒོ་མོ་བརྒྱད་ ཁྲི་བཞི་སྟོང་སོགས་མདོ་སྔགས་ཀྱི་ཆོས་ཚུལ་འབྱམས་ཀླས་པ་གསུངས་པ་དང་མཐུན་པར་སོ་ སོའི་རྒྱུད་ལ་སྐྱེས་ཏེ་གྲོལ་བ་དང་ཐམས་ཅད་མཁྱེན་པ་སོགས་ཐོབ་ཀྱང་རང་རེ་ནི་དེའི་ཡུལ་ དང་སྣོད་དུའང་མ་གྱུར། དེ་ནས་འཕགས་ཡུལ་དང་གནས་སོ་སོ་དང་གངས་ལྗོངས་སོགས་ སུ་གྲུབ་བརྙེས་དུ་མ་བྱོན་ནས་རྒྱལ་བའི་བཀའ་མདོ་སྔགས་ཀྱི་དགོངས་དོན་དང་མཐུན་པའི་ བསྟན་བཅོས་ཀྱིས་གདུལ་བྱར་གྱུར་པ་ལ་ཁམས་དབང་དེ་དང་མཐུན་པར་རྗེས་སུ་བཟུང་སྟེ་ རང་རང་གི་རྒྱུད་དང་མཐུན་པའི་ཟབ་ཆོས་གསར་བའི་མན་ངག་དུ་མ་གསུངས་པའི་དོན་དེ་ དང་མཐུན་པར་སོ་སོའི་རྒྱུད་ལ་འབྱོར་ཀྱང་བདག་ཅག་ལྟ་བུའི་བསོད་ནམས་ཟད་པ་སོགས་ ནི་སྐྱེས་ཆེན་དེ་དག་གི་གདུལ་བྱའི་ཡུལ་དུ་མ་གྱུར་བས་དེའི་དུས་ལས་ཡོལ་ཏེ་སྔར་ནས་ འདས་སོང༌། ད་སྐབས་སུའང་རང་རང་གི་ཁམས་དབང་དང་མཐུན་པའི་ཟབ་ཆོས་གསར་དུ་ མཛད་པ་སོགས་ནི་བཀའ་དང་བསྟན་བཅོས་སྔ་མ་རྣམས་ལས་ལྷག་པའི་སྨན་གསར་བའི་ 3-1-111 སྡེབ་སྦྱོར་ལྟ་བུའི་བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བས་ལྷག་པར་རང་ཅག་གི་རྒྱུད་ལ་སྐྱེ་ སླ་བ་འདི་རང་ངོས་ལ་ལྟོས་ན་བཀའ་བསྟན་སྔ་མ་ལས་ཁྱད་པར་དུ་འཕགས་པ་ད་སྐབས་ སུ་བཞུགས་ཀྱང་ཨུ་ཚུགས་ཅན་འགའ་ཞིག་གིས་རང་རྒྱུད་མི་བརྟག་པར་གསུང་རབ་རྣམས་ ལས་ཀྱང་བསྟན་བཅོས་རྗེས་མ་ལས་སྔ་མ་བཟང་བ་དང་བསྟན་བཅོས་རྣམས་ལས་རྒྱལ་བའི་ བཀའི་བཟང་བར་སེམས་ཏེ་ལས་མཐུན་སྨན་གསར་བའི་སྡེབ་སྦྱོར་ལྟ་བུའི་གདུལ་བྱའི་རྒྱུད་ ཚོད་ལ་འབྱོར་སླ་བའི་ཟབ་ཆོས་ཀྱི་མན་ངག་གསར་པའི་སྐོར་གསུང་བྱིན་རླབས་དང་ལྡན་ པ་དག་དོར་ཏེ། རང་རང་གི་རྒྱུད་ཚོད་ལ་འབྱོར་མི་འབྱོར་མི་བརྟག་པར་གསུང་རབ་སོགས་ ལ་བཟང་ངན་དུ་ཁ་གདངས་ནས་གདམ་ཀ་བྱེད་མཁན་སོགས་ནི་རང་རང་གི་དེ་ཉིད་བསྟན་ པའོ། ། དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རྒྱུད་བརྟགས་ནས་ཆོས་སྒོ་དུ་མ་བསྟན་ པ་དང༌། འཛམ་གླིང་མཛེས་རྒྱན་དང་གྲུབ་ཆེན་དུ་མས་གདུལ་བྱའི་རྒྱུད་བརྟགས་ནས་བསྟན་ བཅོས་མང་དུ་མཛད་པ་རྣམས་ལ་དགོས་དོན་མེད་པར་འགྱུར། བསོད་ནམས་བསགས་པ་ སྔོན་དུ་སོང་ནས་རྒྱལ་བའི་གདུལ་བྱར་གྱུར་པ་མཆོག་ཟུང་དང་ཆོས་རྒྱལ་ཟླ་བཟང་ལྟ་བུ་ཡོད་ ན་མདོ་སྔགས་ཀྱི་བཀའ་ལ་ཐོས་བསམ་བྱས་ཏེ་ལམ་ཉམས་སུ་བླང་ན་མི་ཆོག་པ་མེད་ཀྱང་ རང་རེ་ལྟ་བུའི་བླུན་པོའི་རིགས་ལ་ནི་བཀའ་རྒྱ་ཆེ་བ་དང་ལུང་གྲངས་མང་བ་དང་ཤེས་བྱའི་ མཐའ་ལ་ཟད་དུས་མེད་པས་བླ་མའི་བསྟན་བཅོས་ཀྱི་མན་ངག་ལ་མ་བརྟེན་པར་ཆོས་ཐམས་ ཅད་ཀྱི་གནད་བསྡུས་ནས་ཉམས་སུ་ལེན་མི་ཤེས་པ་སོགས་ལ་རང་རང་སོཆོས་ཉམས་སུ་ ལེན་ཚུལ་ཐར་ལམ་བགྲོད་པའི་ཐེམ་སྐས། སོའི་རྒྱུད་ཚོད་དང་མཐུན་པའི་སྔར་བསྟན་བཅོས་ མང་པོ་མཛད་པ་དང་ལྷག་པར་ཡང་ད་སྐབས་སྙིགས་དུས་འདིར་དགོས་པ་སྐབས་སུ་བབ་པ་ ཡིན་ཏེ། ཇི་སྐད་དུ། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་སྟེར་བ་ལྟར། །དེ་བཞིན་ 3-1-112 སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཞེས་གསུངས་པའི་དགོངས་ དོན་དེ་ལྟར་དུ་གནས་པའི་ཕྱིར། ད་སྐབས་རང་རྒྱུད་ལ་འབྱོར་སླ་བ་ནི་སུ་ལས་དཔལ་ལྡན་བླ་ མ་གང་དག་གིས་མཛད་པའི་ཟབ་ཆོས་གསར་བའི་བསྟན་བཅོས་རྣམ་དག་ལ་ཐོས་བསམ་ སྒོམ་པའི་བརྩོན་པ་རབ་འབྲིང་ཐ་མས་སྒོ་ནས་ཅི་ལྟར་འབད་ཐུབ་ན་ཆོས་པ་རབ་འབྲིང་ཐ་མ་ དེ་ལྟར་འོང་བས་དགོས་སུ་རང་རྒྱུད་ལ་འབྱོར་སླ་བའི་ལས་མཐུན་སྨན་པས་ནད་པའི་ཁམས་ ལ་བརྟག་ནས་སྨན་གསར་བའི་སྡེབ་སྦྱོར་ལྟ་བུའི་གསུང་རབ་འདི་རང་རེས་སྔོན་བསགས་ བསོད་ནམས་ཀྱི་ལག་རྗེས་སུ་གྲུབ་པ་ཡིན་པས་སྔོན་ཇོ་བོ་རྗེ་བོད་དུ་བྱོན་དུས་ཁུ་རྔོག་འབྲོམ་ གསུམ་གྱིས། རྟེན་གྱི་གང་ཟག་གཅིག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ བྱེད་པ་ལ་བཀའ་བསྟན་བཅོས་ཀྱི་གཞུང་དང༌། བླ་མའི་གདམས་ངག་གི་གཞུང་གཉིས་གང་ གཙོ་ཆེ་ཞུས་པས། དེ་བླ་མའི་གདམས་ངག་གི་གཞུང་གཙོ་ཆེ་གསུངས། དེ་ཅི་ལགས་ཞུས་ པས། སྡེ་སྣོད་གསུམ་ཁ་ཏོན་དུ་འཆད་ཤེས་ཤིང༌། ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མཁས་ ཀྱང༌། ཉམས་སུ་ལེན་པའི་དུས་སུ་བླ་མའི་གདམས་ངག་གི་ལག་ལེན་མེད་ན། ཆོས་དང་གང་ ཟག་ཡ་བྲལ་དུ་འགྲོ་གསུངས། ཡང་བླ་མའི་གདམས་ངག་གི་ལག་ལེན་འུབ་ཀྱིས་དྲིལ་ན་ སྡོམ་པ་གསུམ་ལ་གནས་པར་བྱ་བ་དང༌། སྒོ་གསུམ་དགེ་བ་ལ་འབད་པས་འདུས་པར་གདའ་ ཡེ་ཞུས་པས། ཇོ་བོའི་ཞལ་ནས། དེས་ཅུང་མི་ཕན་གསུངས། འོ་ན་ཅི་ལགས་ཞུས་པས། སྡོམ་ པ་གསུམ་ལ་གནས་ཤིང་དག་ཀྱང་ཁམས་གསུམ་འཁོར་བ་ལས་ཡིད་མ་བྱུང་ན་སླར་འཁོར་ བའི་རྒྱུ་བྱེད། ཉིན་མཚན་དུ་སྒོ་གསུམ་དགེ་བ་ལ་འབད་ཀྱང་རྫོགས་པའི་བྱང་ཆུབ་ཏུ་བསྔོ་ མ་ཤེས་ན་ཕྱིན་ཅི་ལོག་གི་རྟོག་པ་འགའ་ཞིག་གིས་འཛད། མཁས་བཙུན་སྟོན་སྒོམ་དུ་ཡོད་ ཀྱང་འཇིག་རྟེན་ཆོས་བརྒྱད་ལ་བློ་མ་ལོག་ན་ཅི་བྱས་ཚེ་འདིའི་འདུན་མར་སོང་ནས་ཕྱི་མའི་ ལམ་མི་རྙེད། ཅེས་གསུངས་པ་དང༌། ད་སྐབས་འུ་ཅག་ལ་དགེ་བའི་བཤེས་གཉེན་གྱིས་ 3-1-113 གཞུང་ལུགས་ཀྱི་མན་ངག་གནང་བ་འདི་གཞན་གང་ལས་ཁྱད་པར་འཕགས་ཚུལ། མདོ་ སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་ མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་གསུངས་པ་དང༌། ལྷག་པར་ཡང་ད་སྐབས་ མེ་ཏོག་ལྷ་ལ་བབས་པའི་ལྷ་སྐལ་དུ་ཐོབ་པ་འདི་དཔལ་ལྡན་བླ་མ་གང་དག་གིས་མཛད་པའི་ རྫོགས་ལྡན་ཆོས་མཆོག་གི་སྐོར་ཡིན་པས་རང་ཅག་གིས་མདོའི་དགོངས་དོན་དང་མཐུན་ པར་འབྲི་བཞེངས་དང་འཛིན་སྤེལ་སོགས་བྱ་བ་སྐབས་སུ་བབ་པ་སྟེ། མྱང་འདས་ཆེན་པོའི་ མདོ་ལས། དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པ་ལྟར་ཡོངས་སུ་ མྱ་ངན་ལས་འདས་པའི་མདོ་ནི་མར་གྱི་སྙིང་པོ་ལྟར་མཆོག་ཏུ་གྱུར་ཏེ། གང་ཞིག་གིས་འཐུང་ ན་ནད་ཀྱི་རྣམ་པ་ཡང་འབྱང་བར་འགྱུར་ལ་སྨན་ཐམས་ཅད་ཀྱི་ནང་དུ་ཡང་འགྲོའོ། །ཞེས་ གསུངས་པ་ཐོས་ནས་བདག་འདི་སྙམ་དུ་གྱུར་ཏེ། གང་མདོ་སྡེ་འདི་མི་ཉན་ཅིང་མི་འདོད་པ་ དེ་ནི་ཤིན་ཏུ་ཡང་གཏི་མུག་ཆེ་བ་སྟེ། དགེ་བའི་སེམས་མ་མཆིས་པར་འཚལ་ལོ། །བཅོམ་ ལྡན་འདས་བདག་ནི་ལྤགས་པ་བཤུས་ཏེ་ཡི་གེར་འབྲི་བའི་གཞིར་བྱས་ལ། ཁྲག་ཕྱུང་སྟེ་སྣག་ ཚར་བྱ་བ་དང༌། རྐང་ཕྱུང་སྟེ་ཆུར་བྱ་བ་དང༌། རུས་པ་བཞོག་སྟེ་སྨྱུ་གུར་བྱས་ལ་ཡོངས་སུ་མྱ་ ངན་ལས་འདས་པའི་མདོ་སྡེ་འདི་བྲི་བར་བཟོད་དོ། །བྲིས་ནས་ཀྱང་ཀློག་པ་དང༌། འདོན་ པ་དང༌། ཁོང་དུ་ཆུད་པར་བྱ་བ་དང༌། གཞན་དག་ལ་རྒྱ་ཆེར་སྟོན་ཅིང་འཆད་ཀྱང་བཟོད་ དོ། །ཞེས་གསུངས་པ་སོགས་སོ། །ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་ དང་མཇལ། ཟབ་མོའི་གདམས་ངག་གི་གཞུང་ལུགས་ཡོད་པ་འདི་རེ་དགའ། སྔོན་བསྐལ་པ་ གྲངས་མེད་པའི་བར་དུ་ཚོགས་བསགས་པའི་འབྲས་བུ་ད་རེས་ཟབ་མོའི་དམ་ཆོས་ལ་འཆད་ ཉན་ཆོག་པ་འདི་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་ཆོས་འདིའི་ཆེད་དུ་དཀའ་ཚེགས་ 3-1-114 ཚ་གྲང་ཅི་བྱུང་ཡང་བཟོད་པར་བྱ་དགོས་སྙམ་དུ་དགའ་བཞིན་སྤྲོ་བཞིན་པས་འདུ་ཤེས་བཞི་ བསྟེན་དགོས་ཏེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་ འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་ གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ནི་ནད་ ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། རང་ཉིད་ཐོག་མ་མེད་ པའི་དུས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་རྒྱུ་དུག་གསུམ་དང་འབྲས་བུ་ སྡུག་བསྔལ་གསུམ་གྱི་ནད་ཀྱིས་མནར་བའི་ནད་པ་ལྟ་བུ་ཡིན། དཔེར་ན་ནད་ཚབས་པོ་ཆེས་ བཏབ་པའི་ནད་པ་དེས་སྨན་པ་མཁས་པ་ཞིག་བསྟེན། སྨན་པ་དེས་ཇི་ལྟར་བསྒོ་བ་བཞིན་ བསྒྲུབས་ནས་གང་བྱིན་པའི་སྨན་བཏུང་སྟེ་ནད་ལས་གྲོལ་བའི་བདེ་བ་དོན་དུ་གཉེར་བ་ལྟར། སྨན་པ་མཁས་པ་ལྟ་བུས་མཚན་ཉིད་དང་ལྡན་པའི་བླ་མས་ཅི་གསུང་གི་བཀའ་བསྒྲུབ། དམ་ པའི་ཆོས་གསུང་རབ་ཀྱི་སྨན་བཏུང་བས་ལས་ཉོན་སྡུག་བསྔལ་གྱི་ནད་ལས་གྲོལ་བར་བྱེད་ དགོས་པ་ཡིན། བླ་མ་བསྟེན་ཀྱང་བླ་མའི་བཀའ་བཞིན་མ་བསྒྲུབ་ན་སྨན་པའི་བསྒོ་བ་མི་ ཉན་ན་སྨན་པས་ནད་པར་ཕན་འདོགས་ཐབས་མེད་པ་དང་འདྲ། དམ་པའི་ཆོས་གསུང་རབ་ ཀྱི་སྨན་རང་གིས་བཏུང་སྟེ་ཉམས་སུ་མ་བླངས་ན་ནད་པ་ཞིག་གི་སྔས་སུ་སྨན་དང་སྨན་ཡིག་ གྲངས་མེད་པ་ཡོད་ཀྱང་རང་གིས་སྨན་མ་བཏུང་ན་ནད་ལ་མི་ཕན་པ་དང་འདྲ། ལར་ད་ལྟའི་ དུས་ན་བླ་མའི་ཐུགས་རྗེས་གཟིགས་ཟེར་ནས་རེ་བ་ཆེན་པོ་བྱེད་ཅིང་རང་གིས་མི་དགེ་བའི་ ལས་དུ་མ་བསགས་ཀྱང་དེའི་འབྲས་བུ་མྱོང་མི་དགོས་པར་བླ་མའི་ཐུགས་རྗེས་དག་པའི་ཞིང་ ཁམས་སུ་རྡོ་འཕེན་འཕེན་བྱེད་རྒྱུ་ཡོད་སྙམ་པ་འདུག་སྟེ། བླ་མའི་ཐུགས་རྗེས་བཟུང་ཟེར་བ་ དེ། བརྩེ་བས་རྗེས་སུ་བཟུང༌། ཟབ་མོའི་གདམས་ངག་གི་གཞུང་ལུགས་བསྟན། སྤང་བླང་གི་ མིག་ཕྱེས། རྒྱལ་བའི་བཀའ་དང་བསྟུན་ནས་ཐར་པའི་ལམ་སྟོན་པ་དེ་ལས་ལྷག་པའི་ཐུགས་ 3-1-115 རྗེ་ཅི་ཡང་མེད། ཐུགས་རྗེ་དེ་ལ་བརྟེན་ནས་ཐར་པའི་ལམ་དུ་འགྲོ་མི་འགྲོ་རང་རང་ལ་རག་ ལས་ཏེ། ཐུབ་པ་ཆེན་པོས་ཀྱང༌། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་ རག་ལས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་ ཐམས་ཅད་ལས། གསུང་རྟེན་འདི་བླང་དོར་གྱི་གནས་སྟོན་པ་དང༌། བསྟན་པའི་རྒྱུན་འཛིན་ པ་དང༌། ཡི་གེ་འབྲི་བཞེངས་མཁན་རྣམས་ཀྱིས་ཐོག་མེད་ནས་བསགས་པའི་སྒྲིབ་པ་སྦྱངས་ པ་དང༌། བསོད་ནམས་ཀྱི་ཚོགས་ཆེན་པོར་འགྲོ་བ་དང༌། བསྟན་པ་འཛིན་པའི་སྐྱེས་བུར་ འགྱུར་བ་དང༌། མཐའ་ཐིག་རྣམས་གཞལ་མེད་ཁང་དུ་བཞུགས་པ། ཡིག་འབྲུ་རྣམས་སྤྲུལ་ སྐུའི་ལྷ་དང་ལྷ་མོའི་ཚུལ་དུ་བྱོན་པ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་བསགས་པའི་ ཞིང་སོགས་ལ་སངས་རྒྱས་དངོས་དང་ཁྱད་པར་མེད་ཅིང༌། སྙིགས་དུས་འདིར་བཅོམ་ལྡན་ འདས་ཡི་གེའི་གཟུགས་བཟུང་ནས་བྱོན་ཚུལ་ཡང༌། ཐུབ་པ་ཆེན་པོས། ལྔ་བརྒྱའི་ཐ་མར་གྱུར་ པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་ གྱིས། །ཞེས་གསུངས་པ་དང༌། གཞན་ཡང་ཡི་གེ་འབྲི་བཞེངས་བྱེད་ན་སྒྲིབ་པ་སྦྱངས་པ་དང༌། བསོད་ནམས་བསགས་ པ་དང༌། བདུད་དང༌། གནོད་སྦྱིན་དང༌། སྲིན་པོ་སོགས་ཀྱིས་གླགས་མི་རྙེད་པ་དང༌། དཀར་ ཕྱོགས་སྐྱོང་བ་རྣམས་ཀྱིས་སྲུང་ཞིང་བསྐྱབས་པར་མཛད་ཚུལ་མདོ་སོགས་ལས་རིམ་པར་ གསུངས་ཏེ། མདོ་ལས། ཡི་གེ་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་ རི་རབ་ཙམ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཞེས་གསུངས་པ་དང༌། ཡང་མདོ་ལས། ཡི་ གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་ བར་འགྱུར་རོ། །ཞེས་གསུངས་པ་དང༌། ཡང་མདོ་ལས། ཡི་གེར་འབྲིའམ། ཡི་གེར་འབྲིར་ 3-1-116 འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང༌། རབ་ཏུ་གནས་པ་ བྱས་པ་ཡིན་ནོ། །ཞེས་དང༌། ཡང་མདོ་ལས། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་ ལ་བདུད་དང་བདུད་ཀྱི་རིས་ཀྱིཆོས་ཉམས་སུ་ལེན་ཚུལ་ཐར་ལམ་བགྲོད་པའི་ཐེམ་སྐས། ལྷ་ དང༌། གནོད་སྦྱིན་དང༌། སྲིན་པོས་གླགས་བཙལ་ཀྱང་གླགས་རྙེད་པར་མི་འགྱུར་རོ། །ཞེས་ གསུངས་པ་དང༌། ཡང་མདོ་ལས། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་ པོ་བཞི་དེའི་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་བྱེད་པར་འགྱུར་ རོ། །ཞེས་དང༌། ཡང་མདོ་ལས། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་ ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དོ། །སངས་ རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་ དུ་འགྲོ་བར་མཛད་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང༌། སོམ་ཉི་དང༌། ཡིད་གཉིས་མ་བྱེད་ ཅིག ཅེས་དང༌། ཡང་མདོ་ལས། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། བསྟི་སྟང་དུ་ བྱས་ཏེ། མཆོད་པ་བྱེད་པར་འགྱུར་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་ བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང༌། མཆོད་པ་བྱས་པ་ཡིན་ནོ། །ཞེས་སོགས་ རྒྱ་ཆེར་གསུངས་སོ། །མདོར་ན་སློབ་བུ་རྣམས་ཀྱིས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ གནང་བའི་མན་ངག་གི་གཞུང་ལུགས་དག་ལ་བརྟེན་ནས་ལམ་ཉམས་ལེན་བྱ་དགོས་ཏེ་རང་ རང་གི་རྒྱུད་ཚོད་དང་མཐུན་པའི་ལམ་ཉམས་ལེན་གྱི་གནད་བསྡུ་མ་ཤེས་ན་ཤེས་ཤེས་གོ་གོ་ རིག་རིག་མང་པོས་ཕན་པ་ཅི་ཡང་མེད་དེ། སྔོན་ཇོ་བོ་རྗེ་ལྷ་ཅིག་བོད་དུ་ཕེབས་པའི་ཚེ། ལོ་ ཆེན་རིན་ཆེན་བཟང་པོས་གདན་དྲངས་པས། ཇོ་བོས་ལོ་ཙཱ་བ་ལ། ཆོས་འདི་དང་འདི་ལྟ་བུ་ མཁྱེན་ནམ་ཞེས་རིམ་པས་དྲིས་པས་མི་མཁྱེན་པ་མེད་པ་ལྟར་འདུག་པས། ཇོ་བོ་མགུ་སྟེ་ངོ་ མཚར་ཆེ། ཁྱེད་ལྟ་བུའི་མཁས་པ་བོད་ན་བཞུགས་བཞིན་དུ་ཁོང་བོད་དུ་འོང་མི་དགོས་པར་ 3-1-117 འདུག་གསུངས། སླར་ཡང་དེ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བྱེད་ གསུངས་པས། རང་རང་གི་གཞུང་ནས་ཇི་ལྟར་བཤད་པ་ལྟར་ཉམས་སུ་ལེན་པ་ཡིན་ཞུས་ པས། ཇོ་བོ་མ་དགྱེས་ཏེ། ལོ་ཙཱ་བ་རུལ། ང་བོད་དུ་འོང་དགོས་པར་འདུག་གསུངས། འོ་ན་ ཇི་ལྟར་བྱེད་ཞུས་པས། ཆོས་ཐམས་ཅད་གནད་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་དགོས་ པ་ཡིན་གསུངས། དེས་ན་བླ་མའི་མན་ངག་གི་སྟེང་དུ་ཉམས་ལེན་གྱི་གནད་དྲིལ་བ་དེ་མ་ ཤེས་པའི་ཐབས་མེད། དེ་ལྟར་ཤེས་ནས་ཉམས་སུ་མ་བླངས་ན་ཅི་ཡང་མི་ཕན་ཏེ། རྗེ་མི་ལའི་ ཞལ་ནས་ཀྱང༌། མི་ལྟོགས་པ་ལ་ཟན་གོ་བས་མི་ཆོག་ཟ་དགོས་པ་ལྟར་ཆོས་ཤེས་པས་མི་ ཕན་ཉམས་སུ་བླངས་དགོས། ཞེས་གསུངས། དེ་ལྟར་ཉམས་སུ་བླངས་པའི་དོན་པོ་རང་རྒྱུད་ ཀྱི་ཉོན་མོངས་པ་དང་བདག་འཛིན་གྱི་གཉེན་པོར་སོང་མ་སོང་རང་རྒྱུད་ལ་བརྟག་དགོས་ཏེ། སྟོན་པའི་ཞལ་ནས། ཉོན་མོངས་པའི་གཉེན་པོར་འགྲོ་ན་ཆོས་ཡིན། མི་འགྲོ་ན་ཆོས་མིན། ཞེས་གསུངས་པས་བཀའ་ལུང་དང་མཐུན་པར་ཉམས་ལེན་བྱ་དགོས། དེ་བཞིན་དུ་བླ་མའི་ མན་ངག་སོགས་ལ་བརྟེན་ནས་རང་རྒྱུད་ཀྱི་ཉོན་མོངས་པ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་དང༌། སེར་སྣ་སོགས་ཇེ་ཆུང་དང༌། དད་པ། ངེས་ འབྱུང༌། ཕན་སེམས། བརྩོན་འགྲུས་སོགས་ཇེ་འཕེལ་དུ་འགྲོ་ན་ཆོས་ལམ་དུ་འགྲོ་བ་ཡིན། དེ་ འདྲ་མ་ཡིན་པ་དང་བླ་མ་དམ་པའི་མན་ངག་སོགས་ལ་མ་བརྟེན་པར་བླུན་པོས་ཨུ་ཚུགས་དང་ རང་བཟོའི་སྒོ་ནས་ཐོས་བསམ་དང་སྒོམ་བསྒྲུབ་བྱས་ན་ངལ་བ་འབྲས་མེད་དུ་འགྱུར་ཚུལ་ ཡང༌། ཇི་སྐད་དུ། ཚེ་གང་ཆོས་རར་འགྲིམ་ནས་སྐྱེ་འཆི་ཁར་བརྒྱུད། །མགོ་ཐོད་སྒོམ་ལ་བཞག་ ནས་འཆི་ཁར་ལག་སྟོང༌། །དེ་དང་དེ་འདྲའི་ངལ་བ་འབྲས་མེད་བཞག་ནས། །གདོད་མའི་ ནང་དབྱིངས་ཆེན་པོ་སིབ་ཀྱིས་འཇུག་འདོད། །ཅེས་གསུངས་པ་ལྟར་རང་གི་བྱ་བ་ལ་བརྟག་ དཔྱད་མ་བྱས་ན་སྐུ་ཚེ་གང་པོའི་འབད་འབད་པ་འདི་འོ་བརྒྱལ་ལས་མེད་པ་ཡང་སྲིད། ཁྱད་ 3-1-118 པར་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ནི། བླ་མ་དམ་པའི་ཞལ་ནས་ཆོ་ག་སོགས་ ལ་དབང་ལུང་མན་ངག་ཐོབ་ཅིང༌། དད་པ་དམ་ཚིག་དང་ལྡན་པ། བསྐྱེད་རྫོགས་ལ་མཁས་ ཤིང༌། བསྙེན་པ་འཁྱོལ་བ་ལས་འབྲས་ལ་ཞིབ་པ། བྱམས་དང་སྙིང་རྗེ་ཆེ་བ། རང་གཞན་གྱི་ རྒྱུད་བཅོས་པའི་ཐབས་ལ་མཁས་ཤིང་དེ་ལ་བརྩོན་པ། གཞན་ཕན་གྱི་ཤུགས་སོགས་མངའ་ བའི་འགྲོ་འདུལ་དུས་ལ་བབ་པའི་བླ་མ་དང་སེར་མོ་རྣམས་ཡིན་དགོས་ཀྱང་རང་ཅག་ལྟ་བུའི་ དད་པ་དམ་ཚིག་བྱམས་སྙིང་རྗེ་སོགས་ཡོན་ཏན་སྤུ་ཙམ་ཡང་མེད་པར་རང་དང་འབྲེལ་བའི་ སེམས་ཅན་སྡུག་ལ་གཏད་པ་འདི་ཁྱིམ་པ་རྣམས་ལས་ཀྱང་ཐུ་བ་ཡིན། སྤྱིར་བླ་མ་སེར་མོ་ རྣམས་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དུ་བཞུགས་དགོས་པ་ཡིན་ནའང་རང་ རེ་ལྟ་བུའི་གྱ་ཚོམ་དུ་གསང་སྔགས་བོན་དུ་གྱེར་བས་རང་ལ་བཟའ་བཏུང་དང་འབུལ་བ་བྱེད་ པའི་ཡོན་བདག་དེ་རང་ཕྱོགས་སུ་བཟུང་ནས་དེ་ལ་སྲུངས་ཤིག་དང་སྐྱོབས་ཤིག་ཟེར་ཞིང་ དབང་བསྐུར་དང་བྱིན་རླབས་བྱེད། སྔོན་ལས་ངན་བསགས་པའི་རྒྱུས་འཕངས་པས་སེམས་ ཅན་ཉམ་ཐག་རྣམས་ཀྱི་དོན་དང་སྤྱིར་རྒྱལ་བསྟན་འཛིན་སྤེལ་དང་ཡང་དགོས་དཔལ་ལྡན་ བླ་མ་དམ་པ་རྣམས་ཀྱི་སྐུ་དྲིན་གསོ་བའི་བྱ་བ་སོགས་ནི་སྒྲིབ་སྦྱང་དང་བསོད་ནམས་གསོག་ པའི་ཐབས་རྒྱ་ཆེ་བ་ཡིན་པས་དེའི་ཁུར་རང་གིས་བླངས་ཏེ་བསྟན་འགྲོའི་བྱ་བ་སླར་གསོ་བ་ དང་གསར་དུ་བསྐྱེད་པ་ནི་དེང་སང་བླ་མ་དང་སེར་མོ་ཀུན་གྱིས་བཟང་བཟང་དུ་རྩི་བ་རྣམས་ ཀྱི་ཁུར་ཡིན་ཡང་དེ་དག་གི་རིགས་དོར་ཏེ་ལག་ལེན་ངན་པའི་ཡུལ་སྲོལ་དོར་དགོས་པའི་ རིགས་ལྷུར་བླངས་ནས་རང་གིས་ཡོན་བདག་དང་གྲྭ་འཁོར་བཟའ་མི་སོགས་རང་ཕྱོགས་སུ་ བཟུང་ནས་དེ་དག་ལ་ཆགས། དགྲ་འདྲེ་སོགས་གཞན་ཕྱོགས་སུ་བཅད་ནས་དེ་དག་ལ་སྡང་ བ་དང༌། ཀུན་སློང་དེ་དང་ལྡན་བཞིན་སྦྱིན་བདག་གི་ཁྱིམ་དུ་མཆོད་གནས་སུ་བྱོན་སྐབས་ ཡོན་བདག་དེས་བཤས་གཡག་ཚོ་བ་དང་བཤས་ལུག་ཚོ་བ་ཅི་ཙམ་ཞིག་བསད་པའི་ཤ་ཁྲག་ 3-1-119 རླངས་པ་ཕ་ལེ་བ་དེདྲངས་ཀྱང་ཐུགས་ལ་དོགས་པ་ཙམ་ཡང་མེད་པ་མ་ཟད་ད་དུང་ཤ་ཆེ་ཆུང་ དང་ཚོ་མི་ཚོ་བལྟས་ཏེ་དགྱེས་བཞིན་དུ་གསོལ། ཁྱད་པར་སྲུང་མ་གསོལ་མཆོད་སོགས་བྱེད་ པའི་སྐབས་བསྐང་རྫས་ལ་ཤ་ཁྲག་གཙང་མ་ཞིག་དགོས་ཟེར་ནས། ད་ལྟ་འཕྲལ་དུ་བསད་པའི་ཤ་ཚིལ་ཁྲག་ཙ་རེ་བ་དེ་ལ་གཙང་མར་འཛིན་ཞིང༌། དེ་དག་ གིས་གཏོར་མ་དང་མཆོད་རྫས་ཐམས་ཅད་བརྒྱན་ཏེ་རྔམ་རྔམ་དང་རྫིག་རྫིག་བྱེད་ནས་ དམིགས་པའི་གཞི་ཆགས་སྡང་གི་ཀུན་ནས་བསླངས་ཏེ་ཆོ་གའི་གཟུགས་བརྙན་གྱི་སྒོ་ནས་ལྷ་ བསྒྲུབ་སྟངས་དང་གཟུངས་བཟླ་སྟངས་བྱེད། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོ་ག་ རྣམས་ནི། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། ཞེས་བསྐྱེད་རིམ་གྱི་གནད་དེ་ དག་གསལ་འདེབས་པའི་ཚིག་ཙམ་ཡིན་པ་ལ། གསལ་འདེབས་རྒྱུའི་བསྐྱེད་རྫོགས་ཀྱི་དོན་ ལ་བློ་ཁ་ཙམ་ཡང་མི་ཕྱོགས་པར་ཁ་ཚིག་སྟོང་པ་ཞིག་གིས་གསལ་གསལ་དག་དག་མཛེས་ མཛེས་ལ་སོགས་པ་ཆོ་གའི་ཚིག་རིགས་མང་པོ་ཞིག་གྱར་མ་གྱེར་ཁུག་གི་མཛེས་ཆོས་ཁོ་ན་ ལ་དམིགས་འདུན་བཞགདོན་གྱི་སྙིང་པོ་ངག་གི་བཟླས་བརྗོད་བསྙེན་པ་དངོས་ལ་ཐུག་ཙ་ ན། བློ་བགས་ཀྱིས་ལྷོད་ཐ་ན་ལུས་ཚུགས་དྲང་པོ་ཞིག་ཡོད་པ་ཡན་ཆད་ཤིག་གིས་བཤིགམི་ དགེ་བ་བརྒྱ་ཕྲག་གི་འབྱུང་ཁུངས་ཕུ་མདའ་ལ་ཤོད་ཀྱི་གཏམ་འབྲེལ་བ་མེད་པའི་ངག་འཁྱལ་ དང༌། ཕ་རོལ་པོའི་རྒྱུད་ལ་ཞེ་སྡང་གློ་བུར་དུ་བསྐྱེད་པའི་ཚིག་རྩུབ་དང༌། རྫུན་དང༌། ཕྲ་མ་ རྣམས་སྨྲ་བ་མང་པོའི་གཏེར་སྒོ་ཕྱེ། ཕྲེང་བ་སྟོང་བགྲང་རྒྱུ་ནག་བདའ་བདའ་བྱེད་པས་དུས་ འདའ། ཕྱི་འཕྲེད་ཙམ་མམ་དགུང་མོའི་དུས་སུ་བསྒྲལ་ལས་དང་མནན་པ་སོགས་ཀྱི་སྐབས་ ལྷག་པར་ཡང་ཞེ་སྡང་ཁེངས་སེམས་སྐྱེས་ཏེ་སོད་སོད་རྒྱོབ་རྒྱོབ་ཟེར་བས་མིག་ཕོར་ཁོག་ ཙམ་བསྒྲད་དེ་རྡུང་སྟངས་དང་རྒྱབ་སྟངས་སོགས་ཡོན་བདག་དང་མི་ཕལ་བ་རྣམས་ཀྱི་ཡིད་ ཚིམ་པར་བྱེད་པའི་རྣམ་འགྱུར་སྣ་ཚོགས་ལ་འབད་པ་ལྷུར་བླང་བའི་སྒོ་ནས་རང་རྒྱུད་ཆགས་ 3-1-120 སྡང་གིས་དབང་དུ་ཤོར་བ་སོགས་ནི་ལས་ངན་བསགས་པ་ཡིན། དེ་འདྲ་མ་ཡིན་པར་གཞན་ ཕན་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་སྡིག་པ་དང་མི་དགེ་བ་ཁོ་ན་ལ་ལོངས་སྤྱོད་ པའི་སེམས་དེ་ལས་ངན་གྱི་རྒྱུན་བཅད་ནས་རྣམ་ཤེས་དག་པའི་ཞིང་དུ་འཕེན་ནུས་ན་བསྒྲལ་ ལས་དང་མནན་པ་སོགས་གནང་བ་ཡིན་གྱི་མ་གཏོགས་ཆགས་སྡང་གི་དབང་དུ་སོང་བའི་ དམར་མཆོད་དང་སེམས་ཅན་ལ་གནོད་འཚེའི་བསམ་པ་དང་སྦྱོར་བ་བྱས་ཕྱིན་བོན་དང་མུ་ སྟེགས་པ་ལྟ་བུ་ཞིག་གི་ཆོས་ལུགས་ཡིན་ན་མ་གཏོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ ཡང་དག་པ་ནི་མིན་ནོ། ། དེ་འདྲའི་སྒོ་ནས་འདོད་ཡོན་ལ་ཚོད་འཛིན་མེད་པར་ལོངས་སྤྱོད་ན་ཉེས་པ་ལྕི་ཞིང༌། དཀོར་ནག་པོ་འདི་ལྕགས་བསྲེགས་ཀྱི་རིལ་བུ་འདྲ་བས། བསྐྱེད་རྫོགས་ཟུང་དུ་འཇུག་པའི་ ཁྲོའི་འགྲམ་པ་དང་ལྡན་ན་མ་གཏོགས། ཐ་མལ་གྱིས་ཟོས་ན་རྒྱུད་འཚིག་ཅིང་བརླག་པ་ཡིན། ཇི་སྐད་དུ། དཀོར་ནག་པོ་སྲོག་གི་སྤུ་གྲི་ཡིན། །ཟོས་དྲགས་ན་ཐར་པའི་སྲོག་རྩ་གཅོད། །ཅེས་ གསུངས། དེས་ན་བསྐྱེད་རྫོགས་དང་ལྡན་པ་ལྟ་ཅི། ཚིག་ཙམ་ཤེས་པ་དེ་ཡང་ལེགས་པར་མི་ འདོན། ཆགས་སྡང་གི་གཏམ་འབྲེལ་མེད་སྣ་ཚོགས་པས་དུས་འདའ་བ་ནི་རང་གཞན་ཕུང་ལ་ སྦྱོར་བ་ཡིན་པས། དགོས་ཁྱད་པར་བླ་མ་སེར་མོ་རྣམས་ནས་རྒྱུན་དུ་ངག་འཁྱལ་གྱི་གཏམ་ འདི་སྤངས་ནས་སྨྲ་བཅད་དང་བཟླས་བརྗོད་ལ་བརྩོན་པ་གལ་ཆེ་སྟེ། ངག་འཁྱལ་སྨྲ་མཁན་ མི་གཅིག་གིས་ཚོགས་པ་གྲལ་གང་རེའི་དགེ་བའི་ཚོགས་གཅོག་ཅིང་སྦྱིན་བདག་གི་ཚོགས་ བསགས་རྣམས་ཆུད་གཟན་པས་དེ་འབད་པས་སྤང་དགོས་ཏེ། ཨུ་རྒྱན་ཆེན་པོས། ལོ་གཅིག་ འབག་བསྙེན་བྱས་པ་བས། །ཟླ་གཅིག་སྨྲ་བཅད་བྱས་པ་དགའ། །ཞེས་དང༌། དེ་མ་ཟད་ཚིག་ རྩུབ་དང༌། ཕྲ་མ། རྫུན་རྣམས་སྤང་དགོས་པ་དང༌། ཁྱད་པར་མི་ཆོས་བླ་མའི་རྫུན་ནི། ནད་ པ་དང་ཤི་བོ་སོགས་རང་གིས་བསྐྱབ་པར་བྱ་རྒྱུའི་སེམས་ཅན་རྣམས་གལ་འགག་ལ་བབ་ 3-1-121 དུས། དེ་དག་གིས་རང་རྒྱུད་ལ་གཞན་ཕལ་བ་ལས་ལྷག་པའི་ཡོན་ཏན་ཁྱད་པར་བ་ཞིག་ཡོད་ སྙམ་ནས་ལེགས་ཉེས་ཀྱི་ལུང་བསྟན་ནམ་ཐུགས་བརྟག་ཞུས་ཚེ། རང་ལྟ་བུའི་ཐ་ཆད་འགའི་ སེམས་གཡོ་སྒྱུས་བསླད་དེ་ངས་ཁྱོད་རང་སྲུང་སྐྱོབ་བྱེད་པའི་ལྷ་མཐོང་བས་ལྷ་ལ་གཏང་རག་ ཕུལ་ཡོད། ངས་ཁྱོད་ལ་གནོད་པའི་འདྲེ་མཐོང་བས་འདྲེ་ལ་ཆད་པ་བཅད་ཡོད་སྐྱོན་མེད། ཁྱོད་ཀྱི་ཚེ་འདས་ཀྱིརྣམ་ཤེས་ཏེ་དག་ཞིང་དུ་སྤར་ཡོད་ཟེར་བ་དང༌། དེ་འདྲ་དངོས་ཅུང་མི་ སྤོབས་ཀྱང་རྨི་ལམ་དང་འདྲ་སྣང་སོགས་ཀྱི་རྣམ་འགྱུར་ཙམ་གྱི་སྟེང་ནས་གཞན་བསླུས་ཀྱང་ འདྲ། མདོར་ན་མི་ཆོས་བླ་མའི་རྫུན་ཁོ་ན་སྨྲ་བས་དེ་འདྲའི་ཟོག་པོ་ཙབ་ཙོབ་བསླུ་བྲིད་མཁན་ ལ་འདི་ཕྱིའི་བློ་མི་གཏོད་པར། རང་ལ་ཆ་རྒྱུས་ཡོད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ དང༌། ཆོས་པ་གཉོམ་ཆུང་ཕྱི་ནང་མཚུངས་པ་ལ་འདི་ཕྱིའི་བློ་གཏད་བྱས་ནས་ཤི་གསོན་གང་ གི་དོན་དུ་སྐྱབས་འཇུག་དང་བསྔོ་སྨོན་བཅོལ་ན་དེས་དགའ་ངེས་སོ། ། དེ་ལྟར་མ་དག་བཟླས་བརྗོད་དང་ཆོ་གའི་གཟུགས་བརྙན་ལ་བརྟེན་ནས་གཤིན་པོ་ངན་ སོང་དུ་འཕེན་པའི་བླ་མཆོད་དེ་ནི། གསོན་པོའི་སྐུ་རིམ་བྱས་ཀྱང་ཕན་ལས་གནོད་པ་ཆེ་བ་དེ་ དང་འདྲ། དེ་ལྟ་བུ་དེས་དཀོར་ཟོས་པ་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟོས་པ་དང་འདྲ་ ངེས་པ་དེ་ཡིན་ནོ། །དེས་ན་དད་ཟས་དང་གཤིན་དཀོར་ཟ་བ་རྣམས་ནི་བླ་མའམ་གྲྭ་བ་སུ་ ཡིན་ཡང་འདྲ་སྟེ། ཇ་ཐུག་བཟང་ངན་དང་ཤ་ཆེ་ཆུང་དང་འབུལ་བ་བཟང་ངན་ཁོ་ན་ལ་ཐུགས་ དམ་གྱི་མཐིལ་དུ་མི་བྱ་བར། ནད་པའམ་ཤི་བོ་སུ་ཡིན་ཡང་འདྲ་སྟེ་གལ་འགག་ལ་བབ་སྟེ་ སྡུག་ཐུག་པའི་སེམས་ཅན་སྐྱབས་དང་བྲལ་བ་དེ་ལ་ཕན་འདོད་ཀྱི་བྱམས་པ་དང་སྙིང་རྗེ་བྱང་ ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས། བསྐྱེད་རྫོགས་རང་གི་གང་ཤེས་སྙིང་ཐག་པ་ནས་མ་ ཡེངས་པར་འབད། དེ་ལྟར་མི་ཤེས་པ་རྣམས་ཀྱང་ཚིག་རྗེས་དོན་དྲན་ཙམ་མམ། ཐ་ན་ཡང་ ཉམ་ཐག་པའི་སེམས་ཅན་ལ་བྱམས་དང་སྙིང་རྗེ་དཀོན་མཆོག་གསུམ་གྱི་བདེན་མཐུ་བསླུ་ 3-1-122 བ་མེད་པ་ལ་དད་པ་ངེས་ཤེས་སོགས་ལུས་ངག་ཡིད་གསུམ་ཆུན་གཅིག་དྲིལ་གྱིས་འབད་དེ། ཆོ་ག་དང་བཟླས་བརྗོད་སོགས་སྒྲ་དག་སྒྲོས་གཙང་བ་རེ་འགྲུབ་ངེས་བྱས་ན། སྐྱབས་གནས་ དཀོན་མཆོག་གསུམ་གྱི་ཐུགས་རྗེ་རྒྱུ་འབྲས་བསླུ་བ་མེད་པའི་ནུས་མཐུ་བྱང་ཆུབ་སེམས་ཀྱི་ ཕན་ཡོན་ཚད་མེད་པ་རྣམས་ལ་བརྟེན་ནས། ནད་པ་དང་ཤི་བོ་གང་ཡིན་དེ་ལ་ཕན་ཐོགས་ ངེས་ཤིང༌། མིའི་སྟན་ཐོག་ནས་རང་གི་སྒྲིབ་པ་སྦྱོང་ཟེར་བ་ལྟར། རང་གཞན་གྱི་ཚོགས་ གཉིས་མཉམ་དུ་རྫོགས། འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ་ཡིན་པས་དེ་ལྟ་བུ་རེ་ལ་ཅི་ ནས་ཀྱང་འབད་དགོས་སོ། །ལར་ད་ལྟའི་དུས་ན་བླ་མའམ་སེར་མོ་ཅུང་ཟད་བཟང་དུ་རེ་བ་ རྒྱུ་འབྲས་ཤེས་པ་རྣམས་ནི་དཀོར་གྱི་ཉེས་དམིགས་ཙམ་ལ་འཇིགས་ནས་ནད་པ་དང་ཤི་བོ་ སྡུག་ཐུག་པའི་སེམས་ཅན་དེ་ལ། (རྩོམ་འཕྲོ) 3-1-123 ༄༅། །ཆོས་དབྱིངས་བསྟོད་པའི་ཚིག་འགྲེལ་དོན་ཟབ་ ནོར་བུའི་ཕྲེང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། གཞི་འབྲས་དབྱེར་མེད་ཆོས་དབྱིངས་ཡེ་ཤེས་ཆོས་སྐུ་ཀུན་ཁྱབ་ཡི་ དམ་རྒྱུད་སྡེའི་ལྷ་ཚོགས་རབ་འབྱམས་འདི། །ཐབས་ཤེས་ཟུང་འཇུག་སྐུ་དང་ཞིང་ཁམས་ རྒྱ་མཚོའི་མངའ་བདག་གདོད་མའི་མགོན་པོ་རྟ་བདུན་འོད་སྟོང་ཅན། །གློ་བུར་དྲི་མ་ཆུ་ འཛིན་ཟོལ་གྱིས་བསྒྲིབས་རྣམས་བསལ་བྱེད་ཐབས་མཆོག་མི་རྟོག་ཡེ་ཤེས་ལམ་གྱིས་བྱེད། །བསིལ་བྱེད་གཡོ་བས་མཁའ་གོས་བསལ་ཏེ་ཆོས་དབྱིངས་སྣང་བྱེད་འབྲས་ཐོབ་ཐ་སྙད་ ཙམ་ལས་གཞི་འབྲས་གཅིག །གནས་ལུགས་དག་ཆེན་རྒྱ་མཚོའི་ཀློང་འདི་ཡེ་ཤེས་ཆོས་སྐུ་ ཉག་གཅིག་ཀྱང༌། །རང་སྣང་ཞིང་དང་གཞན་སྣང་འོག་མིན་རིགས་ལྔའི་ཞིང་སོགས་གྲངས་ འདས་ལས། །རྣམ་བཀོད་གདུལ་བྱའི་ཁམས་བཞིན་ཅིག་ཅར་འཛད་མེད་འདོད་འབྱུང་ནོར་ བུ་བཞིན། །བསྐལ་བཟང་སྟོང་ལས་ཐུགས་བསྐྱེད་པད་དཀར་ལྟར་འཕགས་ཟས་གཙང་ སྲས་ལ་གུས། །རྒྱལ་བའི་ཐུགས་སྲས་ཤཱཀྱའི་རིགས་འཁྲུངས་ཕྱག་རྡོར་རྣམ་འཕྲུལ་ཟླ་བཟང་ ཞབས། །རྒྱལ་བའི་ལུང་ཟིན་སྙིང་རྗེའི་རང་གཟུགས་སླར་བྱོན་རིགས་ལྡན་པད་མ་དཀར། །རྒྱལ་སྲས་སེམས་དཔའ་རྡོ་རྗེ་སྙིང་པོས་དགྱེས་རྡོར་རྒྱུད་འགྲེལ་ཆེན་མོ་མཛད། །རྒྱལ་ བསྟན་སེམས་འགྲེལ་སྐོར་དང་གཞན་ཡང་སྔགས་གཞུང་རྒྱ་ཆེན་ཕུལ་བྱུང་བཀྲལ། །གཞན་ 3-1-124 སྟོང་སྟོན་པའི་ངེས་དོན་མདོ་སྡེ་ཡི། །དགོངས་འགྲེལ་རྫོགས་ལྡན་སླར་གསལ་མཛད་པ་ ཡང༌། །སེམས་དཔའ་ཆེན་པོ་རྒྱལ་ཚབ་མི་ཕམ་མགོན། །ཐོགས་མེད་མཆེད་བཅས་དང་ བའི་ཡིད་ཀྱིས་མཆོད། །ཀླུ་ཡུལ་འཕགས་པའི་ཡུལ་དང་དཔལ་གྱི་རི་སོགས་ལྷ་ལམ་ཡངས་ པར་མཁས་མང་གྲུབ་བརྙེས་རྒྱུ་སྐར་བཀྲ་བའི་དབུས། །རྣམ་དག་ལུང་རིགས་བྱེ་བའི་དཀྱིལ་ འཁོར་ཡོངས་རྫོགས་མཚན་མོའི་ནོར་བུ་རབ་ཏུ་འཕགས་པའི་མདངས་བརྒྱ་འཛིན། །མཐར་ ཐུག་གཞན་སྟོང་དབུ་མའི་དགོངས་དོན་ཇི་བཞིན་འཆར་བའི་གསུང་རབ་ལེགས་བཤད་ག་ བུར་གཏེར་མཛོད་ཀྱིས། །ངེས་དོན་སྙིང་པོའི་ཀུ་མུད་བཞད་པའི་གཉེན་གཅིག་འཕགས་པ་ ཀླུ་སྒྲུབ་རྒྱལ་བའི་ལུང་གིས་ཡང་ཡང་བསྔགས། །འཕགས་ཆེན་དམ་པའི་གོ་འཕང་ལེགས་ འཛིན་པ། །ཐེག་མཆོག་ཆོས་ཀྱི་ཉིན་བྱེད་འོད་སྟོང་བདག །ས་བརྒྱད་བརྙེས་པ་ཀླུ་སྒྲུབ་ ཆེན་པོའི་ཞབས། །ཨཱརྱ་དེ་བ་བརྒྱུད་པར་བཅས་ལ་གུས། །རྒྱལ་ཚབ་བྱམས་པ་འཕགས་ པ་ཐོགས་མེད་དང༌། །རྒྱལ་སྲས་དབྱིག་གཉེན་གངྒ་མཻ་ཏྲཱིའི་ཞབས། །དགའ་བ་གྲགས་པ་ ཁ་ཆེ་འབྱུང་གནས་དང༌། །བྲམ་ཟེ་སཛྫ་དགའ་བའི་རྡོ་རྗེའི་ཞབས། །དྲི་མེད་ཤེས་རབ་དར་ མ་བརྩོན་འགྲུས་དང༌། །ཡེ་ཤེས་འབྱུང་གནས་འཇད་སྟོད་སྐུ་མཆེད་ཟུང༌། །ཆོས་རྗེ་སྐྱོ་སྟོན་ བཅོམ་ལྡན་རིག་རལ་ཞབས། །སྐྱི་སྟོན་ཀུན་མཁྱེན་མདོ་ཕྱོགས་བརྒྱུད་པར་གུས། །བརྒྱུད་ ཚུལ་གཞན་ཡང༌། སྟོན་པ། ཕྱག་ན་རྡོ་རྗེ། སྒྲ་གཅན་འཛིན་བཟང་པོ། ཀླུ་སྒྲུབ། ཤ་ཝ་རི། མཻ་ཏྲཱི་བ་མན་སྔར་བཞིན། གངས་ལྗོངས་ལྷ་ཡི་རྫིང་རིང་རྣམས་སུ་མཁས་གྲུབ་རྒྱུ་སྐར་བཀྲ་ བའི་དབུས། །ལུང་རིགས་བྱེ་བའི་དཀྱིལ་འཁོར་ཡོངས་རྒྱས་ག་བུར་དབང་པོ་རབ་འཕགས་ ཤིང༌། །མཐར་ཐུག་ངེས་དོན་གཞན་སྟོང་དབུ་མའི་སྲོལ་འབྱེད་ཟླ་འོད་ཟེགས་མ་ཡིས། །ནོར་ འཛིན་ཡངས་པར་ངེས་དོན་པད་དཀར་བཞད་པའི་གཉེན་གཅིག་ཀུན་མཁྱེན་ཞབས། །རྒྱལ་ བ་རྣམས་དང་རྒྱ་བོད་མཁས་གྲུབ་ཀུན་གྱི་མདོ་སྔགས་བཀའ་བསྟན་ཡོངས་ལ་དབང་བསྒྱུར་ 3-1-125 བདག་པོ་མཛད། །མཁས་གྲུབ་གཞུང་ལུགས་རབ་འབྱམས་སྨྲ་བ་རྣམས་ཀྱི་ཕུགས་ནི་ཁོང་གི་ གཞུང་ལུགས་རྣམས་ལ་གཏུག་པར་མཛད། །ཁྱད་པར་ངེས་དོན་ལྟ་བའི་བརྒྱུད་འཛིན་འཛམ་ གླིང་མཁས་པ་ཡོངས་ཀྱིས་བསྟོད་བསྔགས་བརྗོད་པའི་གནས་སུ་གྱུར། །ལྷ་མི་འགྲོ་བ་ཀུན་ གྱི་སྐྱབས་གཅིག་ཇོ་ནང་ཏཱ་ར་ནཱ་ཐར་ལན་བརྒྱར་གུས་པའི་ཕྱག་གི་ཡུལ། །བློ༷་གསལ་ཟབ་ རྣོས་ངེས་དོན་གངས་རིར་འགྱིང༌། །གྲོ༷ས་མཐུན་ལུང་རིགས་བྱེ་བའི་གཡུ་རལ་རྒྱས། །གྲ༷གས་ སྙན་ཆེ་བའི་གཞན་སྟོང་སེང་གེའི་སྒྲས། །པ༷་དན་ཆེས་མཐོ་སྲིད་རྩེར་བསྒྲེངས་ལ་གུས། །བྱིས་ བློའི་ལོག་རྟོག་ཁབ་མིག་ལྟ་བུ་ལས། །མུན་པ་སེལ་བའི་སྣང་བ་ག་ལ་སྲིད། །འོན་ཀྱང་ གོང་མའི་གསུང་གི་རྗེས་འབྲང་སྟེ། །འབྲུ་འགྲེལ་མཚོན་ཙམ་སྤེལ་ལ་སྤྲོ་བ་འཕེལ། །དེ་ལ་ འདིར་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བའི་ཚིག་ཕྲེང་ཆུ་སྐྱེས་ཨུཏྤལ་དཀར་ པོའི་སིལ་མ་སྔོན་དུ་གཏོར་ཏེ་བརྗོད་བྱ་དུས་སུ་བབ་པ་མཚན་བརྗོད་པར་དཀའ་བ་དོན་རྒྱ་ ཆེན་པོའི་སླད་དུ་མཚན་ནས་སྨོས་ན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་མཚན་གྱི་ ཟེགས་མའི་ཆ་ཙམ་རྣ་བར་ལྷུང་བས་ཀྱང་ངན་འགྲོའི་ལས་ཀྱི་དཔུང་བསྙིལ་ཅིང་བདེ་འགྲོའི་ གནས་མ་ལུས་པ་ལེགས་པར་སྟེར་བའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་ གྱལ་བཅོམ་ལྡན་འདས་ཀྱིས་ལུང་གིས་བསྔགས་པའི་རིམ་པ། འཕགས་པ་སྤྲིན་ཆེན་པོའི་ མདོ་ལས། ཀུན་དགའ་བོ་ལི་ཙ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་ དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་ འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་སངས་རྒྱས་ སུ་འགྱུར་རོ། །ཞེས་པས་ལུང་དུ་བསྟན། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་ 3-1-126 དང་མེད་པའི་ཕྱོགས་འཛིན་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་ཏུ་དེ་འགྲོའོ། །ཞེས་དང༌། དེ་བཞིན་ དུ་རྔ་བོ་ཆེའི་མདོ་ལས། ས་བརྒྱད་པ་ལ་གནས་པར་ལུང་བསྟན་པ་ཡང་གསུངས། གཞན་ཡང་ འཇམ་དཔལ་རྩ་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་བཞི་བརྒྱ་ལོན་པ་ ན། །བསྟན་པ་འདི་ལ་ཕན་དགའ་བའི། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང༌། །རབ་ཏུ་དགའ་བའི་ ས་ཐོབ་ནས། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །དེ་ནས་བདག་ཉིད་ཆེན་པོ་དེ། །རྨ་བྱ་ཞེས་ བྱའི་རིགས་སྔགས་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ ཉིད་རིག །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་དེ་སྐྱེའོ། །དེ་ཡི་རྗེས་ཐོགས་ཉིད་ དུ་ནི། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །ཅེས་གསུངས་པ་ལྟར་སྟོན་པ་ཐུབ་པའི་དབང་ པོ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱའི་དུས་སུ་རྒྱ་གར་ལྷོ་ཕྱོགས་བེ་དརྦྷའི་ཡུལ་དུ་བྲམ་ཟེ་ ཞིག་གི་ཁྱིམ་དུ་སྐུ་ཡི་ལང་ཚོའི་མེ་ཏོག་རབ་ཏུ་བཞད། དགུང་ལོ་ཆུང་ངུའི་དུས་ནས་གསང་བ་ སྔགས་ཀྱི་རྒྱུད་སྡེ་བཞི་དང༌། སྡེ་སྣོད་གསུམ་སོགས་ཐུན་མོང་དང་ཐུན་མིན་རིག་པའི་གནས་ མཐའ་དག་ལ་མཁས་པར་སྦྱངས། དཔལ་ནཱའ་ལེནྡྲའི་གཙུག་ལག་ཁང་དུ། གྲུབ་ཆེན་ས་ ར་ཧའི་སྐུ་མདུན་དུ་རབ་ཏུ་བྱུང༌། མཚན་དགེ་སློང་དཔལ་ལྡན་ཞེས་གསོལ། དེ་ནས་བཀའ་ དང་པོའི་གཙོར་བསྟན་ཐུན་མོང་བདེན་པ་བཞིའི་དགོངས་པ་འཆད་བྱེད་གཏམ་ཚོགས་དང༌། བཀའ་བར་བའི་གཙོར་བསྟན་དབུ་མ་རང་སྟོང་གི་དགོངས་པ་འཆད་བྱེད་རིགས་ཚོགས་ དང༌། བཀའ་ཐ་མའི་གཙོར་བསྟན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་བྱེད་བསྟོད་ ཚོགས་རྣམས་བརྩམས་པའི་སྒོ་ནས་རྒྱལ་བའི་དགོངས་པ་མཐར་ཐུག་གཞན་སྟོང་དབུ་མའི་ ཚུལ་གསལ་བར་མཛད། རྒྱུད་ཀུན་ལས་བཏུས་པ་སོགས་སྟོབས་བཅུ་མངའ་བའི་དགོངས་ དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན། ཁྱད་པར་དུ་གསོ་བ་རིག་ 3-1-127 པའི་སྐོར་ལ་འཚོ་བའི་མདོ་ཚིགས་སུ་བཅད་པ། རྩྭ་ཨ་ཝའི་ཆོ་གསྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་ཕྲེང་བ། ལྷོག་པ་སྤུན་བཞིའི་གཉན་བཅོས་སོགས་བསྟན་བཅོས་ ཤིན་ཏུ་མང༌། སློབ་མ་འཛམ་གླིང་མཛེས་པའི་རྒྱན་གྱི་བྱེ་བྲག་སློབ་དཔོན་ཨཱརྱ་དེ་བ། དཔའ་ བོ། ལེགས་ལྡན། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་ཟླ་བྲལ་གྱི་མཁས་པ་མང་ དུ་བྱོན། སྤྱིར་སློབ་མ་ཉི་རྡུལ་ལྟར་བསྐྱངས། མཆོད་རྟེན་དང་ལྷ་ཁང་མང་པོ་བཏབ། རྡོ་རྗེ་ གདན་ལ་ལྕགས་ཀྱི་དྲྭ་མིག་གི་ར་བས་བསྐོར། ལྷོཕྱོགས་དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་ པ་བཞེངས། སྤྱི་ཡི་ལུགས་ལ་དགུང་ལོ་དྲུག་བརྒྱ་དང༌། སྔ་འགྱུར་ལྟར་ན་དགུང་ལོ་ཆིག་སྟོང་ བར་བཞུགས་ནས་འགྲོ་དོན་མཛད་པར་གསུངས། དེ་ལས་ཀླུ་སྒྲུབ་ཀྱི་གསུང་གི་བཀའ་ཐ་ མའི་གཙོར་བསྟན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་བྱེད་བསྟོད་ཚོགས་རྣམས་ཀྱི་ཡ་ གྱལ་ཆོས་དབྱིངས་བསྟོད་པའི་འབྲུ་འགྲེལ་ཙམ་འཆད་པར་བྱེད་པ་ལ། མཚན་དོན། འགྱུར་ ཕྱག ཕྱག་འཚལ། གཞུང་དོན། མཇུག་དོན་དང་ལྔ་ལས། དང་པོ་མཚན་དོན་ནི། རྒྱ་གར་ལ་ སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་གི་སཾསྐྲྀཏའི་སྐད་དུ། དྷརྨ་དྷཱ་ཏུ་སྟོཏྲ། བོད་གངས་ཅན་ གྱི་སྐད་དུ། ཆོས་ཀྱི་དབྱིངས་སུ་བསྟོད་པ། ཞེས་པའོ། །དེ་ལ་དྷརྨ་ཆོས། དྷཱ་ཏུ་དབྱིངས། སྟོཏྲ་ བསྟོད་པ། ཞེས་སོ། ། གཉིས་པ་འགྱུར་ཕྱག་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་ གནས་སྐབས་དང་མཐར་ཐུག་གི་འདོད་དོན་དུ་མ་འགྲུབ་པའི་ཆེད་ལོ་ཙཱ་བས་བཀོད་པའོ། ། གསུམ་པ་ཕྱག་འཚལ་བ་ནི། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་ གསུངས་ཏེ། ག༷ང་ཞི༷ག་ཉོན་ཅིག་གཞི་རྒྱུད་ན་ཡེ་ནས་བཞུགས་པའི་ཡེ་ཤེས་ཆོས་སྐུ་འདི་ཡང་ དུས་དང་རྣམ་པ་ཀུ༷ན་ཏུ༷་འགྲོ་བ་སུས་ཀྱང་མ༷་ཤེ༷ས་ན༷། ཕྱི་སྣོད་ཀྱི་འཇིག་རྟེན་སྲི༷ད་པ༷་གསུ༷མ་ 3-1-128 དུ༷་ལས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་རྣ༷མ་པར་འཁོ༷ར་བ༷། བཅུད་ཀྱི་འཇིག་རྟེན་ སེ༷མས་ཅ༷ན་ཐམས་ཅད་དེ་མདོར་ན་སྣོད་བཅུད་ཀུ༷ན་ལ༷་ཁྱབ་བྱེད་དུ་ཡེ་གདོད་མ་ནས་ངེ༷ས་ པར་གན༷ས་པ༷འི་ཆོས་དབྱིངས་ཏེ། སྣོད་བཅུད་ཀུན་ལ་ཁྱབ་པའི་ཆོ༷ས་ཀྱི༷་དབྱིང༷ས་ལ༷་དཔལ་ མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་སྒོ་གསུམ་གུས་པས་ཕྱ༷ག་འཚ༷ལ་ལོ༷། ། བཞི་པ་གཞུང་དོན་ལ། གཞི། ལམ། འབྲས་བུ་གསུམ་ལས། དང་པོ་གཞི་ནི། གང་ཞིག་ འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུངས་ཏེ། གཞི་རྒྱུད་ན་བཞུགས་པའི་ཆོས་དབྱིངས་ག༷ང་ ཞི༷ག་གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པའི་དུས་ན་འཁོ༷ར་བ༷འི་རྟེན་ནམ་རྒྱུ༷ར་གྱུ༷ར་པ༷་ ལྟར་སྣང་ཀྱང༌། སྒྲིབ་བྱེད་ཀྱི་དྲི་མ་དེ༷་ཉི༷ད་ལམ་གྱིས་སྦྱ༷ངས་པ༷ས་དག་པར་བྱ༷ས་པ༷་ལ༷ས། ཆོས་དབྱིངས་བསྒྲིབས་པའི་དྲི་མས་ད༷ག་པ༷འི་གཞི་དབྱིངས་དེ༷་ཉི༷ད་མྱ༷་ང༷ན་ལས་འད༷ས་པ་ སྟེ། གཞི་དབྱིངས་བདེ་གཤེགས་སྙིང་པོ་ཡེ་ནས་ཆོ༷ས་ཀྱི༷་སྐུ༷་ཡ༷ང་དག་པ་དེ༷་ཉི༷ད་མངོན་དུ་ གྱུར་པ་ལས་སྔར་མེད་གསར་དུ་ཐོབ་པའི་འབྲས་བུ་མེད་དོ༷། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་ མི་མཐོང་ངོ༌། །ཞེས་གསུངས་ཏེ། དྲི་མ་མཐའ་དག་དང་འདྲེས་པའི་དུས་སུ་ཆོས་དབྱིངས་མི་ མཐོང་བ་ནི་དཔེར་ན་ཇི༷་ལྟ༷ར་འོ༷་མ༷་ད༷ང་མར་འདྲེ༷ས་པ༷འི་སྐབས་སུ་མ༷ར་གྱི༷་སྙི༷ང་པོ༷་འོ་མ་ དང་སོ་སོར་མི༷་སྣ༷ང་བ༷་ལྟར། དཔེ་དེ༷་བཞི༷ན་དུ་དུག་གསུམ་སོགས་ཉོ༷ན་མོ༷ངས་པ་ཀུན་ད༷ང་ འདྲེ༷ས་པ༷འི་དུས་སུ་གཞི་རྒྱུད་ན་བཞུགས་པའི་ཆོ༷ས་ཀྱི༷་དབྱི༷ངས་ཀྱ༷ང་སེམས་ཅན་རྣམས་ ཀྱིས་མི༷་མཐོ༷ང་ངོ༷༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་ བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་གསུངས་ཏེ། དྲི་མ་མཐའ་དག་སྤངས་པ་ལས་ཆོས་དབྱིངས་བདེ་གཤེགས་སྙིང་པོ་མཐོང་བ་དཔེ་ཇི༷་ལྟ༷ར་འོ༷་ 3-1-129 མ༷་རྣ༷མ་པར་སྦྱ༷ངས་པ༷འི་དཔེ་ལྟ་བུ་དེ་དཀྲུགས་པས་འོ་མའི་ནང་དུ་འདྲེས་པའི་མར་སོ་སོར་ མངོན་པ་དང༌། མ༷ར་གྱི༷་སྙི༷ང་པོ༷་བསྒྲིབས་པས་མི་མངོན་པར་བྱེད་པའི་འོ་མའི་དྲི༷་མ་མེ༷ད་པར་ མར་མངོན་སུམ་དུ་མཐོང་བར་འགྱུ༷ར་བ་ལྟར། དཔེ་དེ༷་བཞི༷ན་དུ་ལམ་བསྒོམ་པའི་སྟོབས་ ཀྱིས་ཉོ༷ན་མོ༷ངས་པ་རྣ༷མ་པར་སྦྱ༷ངས་ཤིང་ཟད་པར་བྱས་པ༷ས། གཞི་རྒྱུད་ན་བཞུགས་པའི་ ཆོ༷ས་དབྱི༷ངས་ཤི༷ན་ཏུ༷་དྲི༷་མ་མེ༷ད་པ་དེ་མངོན་སུམ་དུ་མཐོང་བར་འགྱུ༷ར། ཇི་ལྟར་མར་མེ་བུམ་ ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཞེས་གསུངས་ཏེ། གཞི་སེམས་ཅན་གྱི་དུས་སུ་དཔེ་ཇི༷་ལྟ༷ར་ མ༷ར་མེ༷་བུ༷མ་པའི་ན༷ང་དུ་བཅུག་པའམ་བཞག་ནས་གན༷ས་པ་ན། ཕྱི་ན་ཅུ༷ང་ཙམ་ཞི༷ག་མར་ མེའི་འོད་སྣ༷ང་བ༷ར་མི༷་འགྱུ༷ར་བ༷་ལྟར། དཔེ་དེ༷་བཞི༷ན་དུ་ཉོ༷ན་མོ༷ངས་པ་བུ༷མ་པ་ལྟ་བུའི་ན༷ང་ དུ་གན༷ས་པའི་ཡེ་ཤེས་ཆོ༷ས་ཀྱི༷་དབྱི༷ངས་ཀྱ༷ང་ཉོན་མོངས་པས་བསྒྲིབས་པས་མི༷་མཐོ༷ང་ངོ༷༌། ། ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ཉིད་ ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །ཞེས་གསུངས་ཏེ། ལམ་ཉམས་ལེན་གྱི་དུས་ སུ་ས་དང་ལམ་རིམ་པར་བགྲོད་པའི་སྐབས་སྒྲིབ་གཉིས་བུམ་པ་ལྟ་བུའི་ཕྱོ༷གས་ནི༷་ག༷ང་ད༷ང་ ག༷ང་ད༷ག་ན༷ས། དཔེ་ཉོན་མོངས་པ་བུ༷མ་པ༷་ལྟ་བུ་ལ་བུ༷་ག༷་བཏོ༷ད་པར་གྱུ༷ར་པ༷་ན། གཞི་རྒྱུད་ ན་ཡེ་ནས་བཞུགས་པའི་ས་ལམ་གྱི་ཡོན་ཏན་དེ༷་དང༷་དེ༷་ཡི༷་ཕྱོ༷གས་ཉི༷ད་ན༷ས། ཆོས་དབྱིངས་ འོ༷ད་གསལ་གྱི༷་ར༷ང་བཞི༷ན་མངོན་པའམ་འབྱུ༷ང་བར་འགྱུ༷ར་བའི་ས་ལམ་མཐར་ཐུག་པ་ ན། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་གསུངས་ཏེ། ག༷ང་གི་ཚེ༷་ཏི༷ང་ངེ་འཛི༷ན་སྒོམ་ལམ་ རྡོ༷་རྗེ༷་ལྟ་བུ་ཡི༷ས་ཆོས་དབྱིངས་མཐར་ཐུག་པའི་འབྲས་བུ་མངོན་དུ་གྱུར་བའི་སྐབས་སྤང་བྱ་ ཕྲ་བའི་མཐར་ཐུག་པ་འཇོམས་པ་ལས་ཐོག་མ་མེད་པའི་སྒྲིབ་པ་བུ༷མ་པ༷་ལྟ་བུ་དེ༷་ནི༷་བཅ༷ག་ 3-1-130 པའམ་བཅོམ་པར་གྱུ༷ར་པ༷་ན། དེ༷་ཡི་ཚེ༷་གཞི་རྒྱུད་ན་ཡེ་གདོད་མ་ནས་ཆོས་དབྱིངས་ཡེ་ཤེས་ འཁོར་འདས་ཀུན་ཁྱབ་ཏུ་བཞུགས་པ་དེ༷་ནི༷་ན༷མ་མཁ༷འ་ཡི༷་མཐ༷ར་ཐུ༷ག་གི་བ༷ར་དུ༷་སྣ༷ང་ཞིང་ སྨྲ་བསམ་བརྗོད་བྲལ་གྱི་སྒོ་ནས་གསལ་བ༷ར་བྱེ༷ད་པ་གཉེན་པོ་བར་ཆད་མེད་ལམ་རང་ཉིད་ སྒྲིབ་གཉིས་ཀྱི་དྲི་མ་མ་ལུས་པ་ལས་གྲོལ་བའོ། ། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་གསུངས་ཏེ། འོ་ན་ཆོས་དབྱིངས་ སེམས་ཅན་གྱི་དུས་ན་འགག་པའམ་མེད་པ་དང༌། ལམ་འབྲས་བུའི་དུས་སུ་སྔར་མེད་གསར་ དུ་སྐྱེ་བའི་འདུས་བྱས་མིན་ནམ་ཞེ་ན། གཞི་རྒྱུད་ན་ཡེ་ནས་བཞུགས་པའི་ཆོ༷ས་ཀྱི༷་དབྱི༷ངས་ ནི༷་སྔར་མེད་གསར་དུ་སྐྱེ༷་བའང་མ༷་ཡི༷ན། སེམས་ཅན་གྱི་དུས་སུ་ན༷མ་ཡ༷ང་ཆོས་དབྱིངས་ཀྱི་ ངོ་བོ་འག༷ག་པ༷ར་འགྱུ༷ར་བ༷འམ་མེ༷ད་པ་ཡང་མ་ཡིན། གཞི་ལམ་འབྲས་བུའི་དུ༷ས་རྣ༷མ་ཀུ༷ན་ ཏུ༷་རང་བཞིན་དུ་འགྱུར་བའམ་རང་གཤིས་ན་མེ་དང་ཚ་བ་ལྟར་གྲུབ་པའི་ཉོ༷ན་མོ༷ངས་པའང་ མེ༷ད། ཐོ༷ག་མ༷་གཞིའི་དུས་དང༌། བ༷ར་མ་ལམ་གྱི་དུས་དང༌། མཐ༷འ་མ་འབྲས་བུའི་དུས་སུ་ སེམས་ཀྱི་རང་བཞིན་དུ་གྲུབ་པའི་དྲི༷་མ༷་ཡེ་ནས་བྲ༷ལ་བའོ། ། ཇི་ལྟར་རིན་ཆེན་བཻཌཱུརྱ། །དུས་རྣམ་ཀུན་ཏུ་འོད་གསལ་ཡང༌། །རྡོ་ཡི་ནང་ན་གནས་གྱུར་ ན། །དེ་ཡི་འོད་ནི་གསལ་མ་ཡིན། །ཞེས་གསུངས་ཏེ། གལ་ཏེ་ཆོས་དབྱིངས་ཡེ་ཤེས་དུས་ནམ་ ཡང་སྐྱེ་འགག་མེད་པར་འོད་གསལ་བར་ཡོད་ན་སེམས་ཅན་དང༌། བྱང་སེམས་དང༌། སངས་ རྒྱས་ཐམས་ཅད་ཀྱིས་ཁྱད་པར་མེད་པར་འོད་གསལ་དུ་མི་མཐོང་བ་ཅི་ཡིན་ཞེ་ན། དཔེ་ཇི༷་ ལྟ༷ར་རི༷ན་པོ་ཆེ༷ན་བཻ༷ཌཱུ༷རྱ་ནི་དུ༷ས་དང་རྣ༷མ་པ་ཀུ༷ན་ཏུ༷་འོ༷ད་གས༷ལ་བར་ཡོད་ན་ཡ༷ང༌། སྒྲིབ་ བྱེད་རྡོ༷་ཡི༷་ན༷ང་ན༷་གན༷ས་པར་གྱུ༷ར་པ་ན༷། རིན་པོ་ཆེ་བཻ ཌཱུརྱ་རྡོ་ཡི་ཁམས་ན་ཡོད་པ་དེ་ཉིད་ བཞུ་བཏུལ་མ་བྱས་ན་དེ༷་ཡི༷་འོ༷ད་ནི་གས༷ལ་བ་མ༷་ཡི༷ན། དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་ 3-1-131 པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་ འདས་ན་འོད་གསལ་འགྱུར། །ཞེས་གསུངས་ཏེ། དཔེ་དེ༷་བཞི༷ན་དུ་སེམས་ཅན་ཐམས་ཅད་ ཉོ༷ན་མོ༷ངས་པ་དུག་གསུམ་གྱི༷ས་བསྒྲི༷བས་པ༷འི་ཆོ༷ས་དབྱི༷ངས་ཡེ་ཤེས་ཤི༷ན་ཏུ༷་དྭངས་ཤིང་དྲི༷་ མ་མེ༷ད་པར་འོད་གསལ་པ༷འང༌། དུག་གསུམ་གྱི་འཁོ༷ར་བ༷་མྱ་ངན་གྱི་ནང་ན་གནས་པར་གྱུར་ བའི་སེམས་ཅན་སུ་ལ་ཡང་དེའི་འོ༷ད་ནི༷་གས༷ལ་བ་མ༷་ཡི༷ན། དེ་འདྲའི་མྱ༷་ང༷ན་ལས་འད༷ས་ན༷་ མངོན་སུམ་དུ་འོ༷ད་གས༷ལ་བར་འགྱུ༷ར་རོ། ། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ ན་ནི་ལས་བྱས་ན། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་ཏེ། དང་པོ་ནས་ སངས་རྒྱས་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཡོད་ན་འབད་པ་དོན་ཅན་དེ་དཔེ་གསེར་གྱི་ཁ༷མས་ བྲག་སྲ་བའི་ནང་དུ་ཡོ༷ད་ན༷་ནི༷་བྲག་དང་ས་རྡོ་ལ་སོགས་པ་བསྐོས་ནས་བསལ་བས་ལ༷ས་ལ་ འབད་པར་བྱ༷ས་པ༷ས། མཐར་གཏུག་ན་གསེར་གྱི་ས༷་ལེ༷་སྦྲ༷མ་ད༷ག་མངོན་སུམ་དུ་མཐོ༷ང་ ཞིང་ཐོབ་པ༷ར་འགྱུ༷ར་བ་ལྟར་དང༌། དང་པོ་ནས་གསེར་ས་ལེ་སྦྲམ་མེད་ན་ལས་ལ་འབད་པ་ བྱས་ཀྱང་དོན་མེད་པ་བཞིན་སེམས་ཅན་གྱི་རྒྱུད་ན་རིགས་ཁ༷མས་བདེ་གཤེགས་སྙིང་པོ་མེ༷ད་ ན༷་ནི༷་སྒྲིབ་སྦྱངས་སོགས་ཀྱི་ལ༷ས་བྱ༷ས་ན༷འང་འབྲས་བུ་མེད་པར་ཉོ༷ན་མོ༷ངས་པ་འབ༷འ་ཞི༷ག་ སྐྱེ༷་བ༷ར་འགྱུར་བ་ལས་སྔར་མེད་གསར་སྐྱེས་ཀྱི་ཡོན་ཏན་སྐྱེ་བ་མེད་པར་ངལ་བ་འབྲས་མེད་ དུ་འགྱུར་བས་ལས་གང་བྱས་ཐམས་ཅད་དོན་མེད་དུ་ཟ༷ད་པར་འགྱུར་རོ། ། ཇི་ལྟར་སྦུན་པས་གཡོགས་གྱུར་པས། །སོ་བ་འབྲས་བུར་མི་འདོད་ལྟར། །དེ་བཞིན་ ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་རྒྱས་ཞེས་མི་བརྟག །ཅེས་གསུངས་ཏེ། ཆོས་ དབྱིངས་ཡེ་ཤེས་སེམས་ཅན་གྱི་གཞི་རྒྱུད་ན་ཡེ་ནས་ཡོད་ཀྱང་ཉོན་མོངས་པས་བསྒྲིབས་ པའི་ཚེ་སངས་རྒྱས་ཀྱི་བྱ་བ་མི་བྱེད་པ་དཔེ་ཇི༷་ལྟ༷ར་སོ་བ་རྣམས་སྦུ༷ན་པ༷ས་ཕྱི་ནས་གཡོ༷གས་ 3-1-132 པར་གྱུ༷ར་པ༷ས་དུས་སུ་སྐྱེ་བོ་རྣམས་ཀྱིས་སོ༷་བ༷་འབྲ༷ས་བུ༷ར་ལོངས་སྤྱོད་དུ་མི༷་འདོ༷ད་པ་ལྟ༷ར། དཔེ་དེ༷་བཞི༷ན་དུ་དུས་ཡེ་ནས་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པའི་སངས་རྒྱས་ ཀྱང་ཉོ༷ན་མོ༷ངས་ཀྱི༷ས་གཡོ༷གས་པ༷ས། དྲི་བཅས་དེ༷་ནི༷་སེམས་ཅན་གྱི་དུས་ན་སང༷ས་རྒྱ༷ས་ ཞེ༷ས་མི༷་བརྗོད་པའམ་བརྟ༷ག་པར་མི་བྱའོ། ། ཇི་ལྟར་སྦུན་པ་ལས་གྲོལ་ན། །འབྲས་ཉིད་སྣང་བར་འགྱུར་བ་ལྟར། །དེ་བཞིན་ཉོན་ མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཞེས་གསུངས་ཏེ། དཔེ་ཇི༷་ལྟ༷ར་སོ་བ་ གཡོགས་པས་སྦུན་པ་བསལ་ནས་སྦུ༷ན་པ༷་ལ༷ས་གྲོ༷ལ་ན༷། སྦུན་ནང་གི་འབྲ༷ས་བུ་ཉི༷ད་སྣ༷ང་ བའི་རང་རང་གིས་ལོངས་སྤྱོད་ཆོག་པ༷ར་འགྱུ༷ར་བ༷་ལྟ༷ར། །དེ༷་བཞི༷ན་དུ་སེམས་ཅན་རྣམས་ ཉོ༷ན་མོ༷ངས་པའི་དྲི་མ་ལ༷ས་གྲོ༷ལ་ན༷་སངས་རྒྱས་སུ་སྣང་བ་ནི། ཡེ་ནས་བཞུགས་པའི་ཆོ༷ས་ ཀྱི༷་སྐུ༷་ཉི༷ད་ལམ་སྒྲུབ་པའི་སྐྱེས་བུ་དེ་ལ་ར༷བ་ཏུ༷་གས༷ལ་བ་ཡིན། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་དཔེར་བྱེད་ཀྱང༌། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །མངར་པོ་ཟ་བར་བྱེད་པ་ ལྟར། །ཞེས་གསུངས་ཏེ། ཆུ༷་ཤི༷ང་གི་སྡོང་པོ་ལ་སྙི༷ང་པོ༷་མེ༷ད་དོ༷་ཞེ༷ས་འཇི༷ག་རྟེ༷ན་ན༷་ནི༷་ཆུ་ ཤིང་ལ་སྙིང་པོ་མེད་པའི་དཔེ༷ར་བྱེ༷ད་ཀྱ༷ང༌། ཆུ་ཤིང་གི་སྡོང་པོ་ལ་འབྲས་བུ་མེད་པ་མ་ཡིན་ ཏེ། ཆུ་ཤིང་དེ༷་ཡི༷་འབྲ༷ས་བུ༷་སྙི༷ང་པོ༷་དེ་ཉི༷ད་མང༷ར་པོ༷་ཡོད་པ་འགྲོ་བའི་ཟ༷་བ༷ར་བྱེ༷ད་པ༷་ལྟ༷ར། སྙིང་པོ་མེད་པའི་འཁོར་བ་ལས། ཉོན་མོངས་གཟེབ་དང་བྲལ་གྱུར་ན། དེ་ཡི་འབྲས་བུ་སྙིང་ པོ་ཉིད། ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་གསུངས་ཏེ། རང་གི་ངོ་བོ་སྙི༷ང་པོ༷་མེ༷ད་ པར་གྲགས་པ༷འི་འཁོ༷ར་བ༷་སངས་རྒྱས་ཀྱི་སྙིང་པོ་ཅན་ལ༷ས་སྙིང་པོ་ཡོད་པའི་འགྲོ་བ་དེ་ཉོ༷ན་ མོང༷ས་པ་དུག་གསུམ་གྱི་གཟེ༷བ་ད༷ང་བྲ༷ལ་བར་གྱུ༷ར་པ་ན༷། ལམ་ཉམས་ལེན་བྱེད་པའི་སྐྱེས་ བུ་དེ༷་ཡི༷་ཉོན་མོངས་པའི་གཟེབ་དང་བྲལ་བའི་འབྲ༷ས་བུ༷་སངས་རྒྱས་ཀྱི་སྙི༷ང་པོ༷་ཉི༷ད་མངོན་ དུ་གྱུར་པའི་སྒོ་ནས་ལུ༷ས་ཅ༷ན་འགྲོ་བ་ཀུ༷ན་གྱི༷སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་རྒྱ་མཚོ་མ་ལུས་ 3-1-133 པ་སེལ་བའི་བདུ༷ད་རྩི༷ར་འགྱུ༷ར། དེ་བཞིན་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང༌། །ས་བོན་མེད་ པར་འབྲས་ཡོད་པར། །ཤེས་ལྡན་གང་གིས་བསྒྲུབ་པར་ནུས། །ཞེས་གསུངས་ཏེ། རྒྱུ་ཡོད་ ན་འབྲས་བུ་འབྱུང་བ་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་པས་དེ༷་བཞི༷ན་དུ་རྒྱུ་ས༷་བོ༷ན་ཐ༷མས་ཅ༷ད་ ལ༷ས་རང་རང་གི་རྒྱུ༷་ད༷ང་འདྲ༷་བ༷འི་འབྲ༷ས་བུ༷་འབྱུ༷ང་བ་དང༌། ས༷་བོ༷ན་མེ༷ད་པ༷ར་དེའི་འབྲ༷ས་ བུ་འབྱུང་བ་ཡོ༷ད་པ༷ར་ཤེ༷ས་པ་ལྡ༷ན་པ་ག༷ང་སུ་ཞིག་གི༷ས་འབྲས་བུ་ཡོད་པར་བསྒྲུ༷བ་པར་མི༷་ ནུ༷ས་སོ། ། ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་ པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་ཏེ། རྒྱུ་མེད་ཀྱི་ འབྲས་བུ་བསྒྲུབ་པར་མི་ནུས་པ་དཔེ་དེ་བཞིན་དུ་གཞི་རྒྱུད་ན་ཆོས་སྐུའི་ས༷་བོ༷ན་དུ་གྱུ༷ར་པ༷་ སངས་རྒྱས་ཁ༷མས་སམ་སངས་རྒྱས་དེ༷་ཉི༷ད་འཁོར་འདས་ཀྱི་ཆོ༷ས་རྣ༷མས་ཀུ༷ན་གྱི༷་རྟེ༷ན་དུ༷་ ཡེ་དང་པོ་ནས་དུས་ནམ་ཡང་ཡོད་པར་ཀླུ་སྒྲུབ་ཁོ་བོས་འདོ༷ད་པ་ཡིན། ས་ལམ་ལ་རི༷མ་གྱི༷ས་ འཇུག་པས་དྲི་མ་སྦྱ༷ངས་པ༷ར་གྱུ༷ར་པ༷་ལ༷ས་དྲི་མ་དང་བྲལ་བའི་ས༷ངས་རྒྱ༷ས་ཀྱི་གོ༷་འཕ༷ང་ ཐོ༷བ་པ༷ར་འགྱུ༷ར་བའམ་གཞི་རྒྱུད་ན་ཡེ་ནས་བཞུགས་པའི་སངས་རྒྱས་མངོན་དུ་གྱུར་པར་ འདོད་དོ། ། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་རྣ་དུ་བ་དང༌། །སྒྲ་གཅན་གདོང་དང་རྡུལ་ལ་ སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཞེས་གསུངས་ཏེ། ཉི་ཟླ་རང་བཞིན་གྱིས་ དག་ཀྱང་སྒྲིབ་བྱེད་ཀྱིས་བསྒྲིབས་པ་ནི་དཔེར་ན་དྲི༷་མེ༷ད་ཉི༷་མ༷་ཟླ༷་བ༷་ཡ༷ང་སྒྲིབ་བྱེད་འདོད་ པའི་དཔེ་སྤྲི༷ན་ད༷ང༌། གནོད་སེམས་ཀྱི་ཁུ༷ག་རྣ༷་དང༌། ལེ་ལོའི་དུ༷་བ༷་ད༷ང༌། རྒོད་པའི་སྒྲ༷་ གཅ༷ན་གདོ༷ང་ད༷ང༌། ཐེ་ཚོམ་གྱི་དཔེ་རྡུ༷ལ་ལ༷་སོ༷གས་པ་དཔེ་དེ་བཞིན་དུ་སྒྲི༷བ་པ༷་ལྔ༷་ཡི༷་ས་ཉི་ 3-1-134 ཟླ་བསྒྲི༷བས་པ༷ར་འགྱུ༷ར་བས་མི་མཐོང་ངོ༌། ། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་ དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཞེས་གསུངས་ཏེ། དཔེ་དེ༷་བཞི༷ན་ དུ་སེམས་ཅན་ཀུན་གྱི་རྒྱུད་ཀྱི་རང་བཞིན་འོ༷ད་གས༷ལ་བ༷་ཡི༷་སེ༷མས། སྒྲིབ་བྱེད་འདོ༷ད་པ་ དང༷༌། གནོ༷ད་སེ༷མས་དང༌། ལེ༷་ལོ༷་ད༷ང༌། རྒོ༷ད་པ༷་ད༷ང་ནི༷། ཐེ་ཚོ༷མ་སྟེ༷། སྒྲི༷བ་པ༷་ལྔ༷་ཡི༷ས་ རབ་ཏུ་བསྒྲི༷བས་པ༷ར་འགྱུ༷ར་པ་དེས་ན་གཞི་རྒྱུད་ན་བཞུགས་པའི་ཆོས་དབྱིངས་ཡེ་ཤེས་ནི་ སྟོབས་བཅུ་མི་འཇིགས་སོགས་དང་ལྡན་པ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་ སྟོབས་དང༌། ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་མཁྱེན་པའི་སྟོབས། དབང་པོ་མཆོག་དམན་མཁྱེན་པའི་སྟོབས། ཐམས་ ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས། བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་ སོགས་མཁྱེན་པའི་སྟོབས། སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས། འཆི་འཕོ་དང་སྐྱེ་བ་ མཁྱེན་པའི་སྟོབས། ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅུ་དང༌། རྟོགས་པ་ཕུན་ཚོགས་ལ་ མི་འཇིགས་པ། སྤངས་པ་ཕུན་ཚོགས་ལ་མི་འཇིགས་པ། བར་དུ་གཅོད་པའི་ཆོས་བསྟན་པ་ ལ་མི་འཇིགས་པ། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པ་སྟེ་བཞི། སྤྱོད་པས་ བསྡུས་པ་དྲུག་དང༌། རྟོགས་པས་བསྡུས་པ་དྲུག་དང༌། མཛད་པས་བསྡུས་པ་གསུམ་དང༌། དུས་ཀྱིས་བསྡུས་པ་གསུམ་སྟེ། མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་ཀྱི་ཡོན་ཏན་ཐམས་ ཅད་རང་ཆས་སུ་ཚང་བའི་སངས་རྒྱས་སེམས་ཅན་ཀུན་ལ་ཡེ་ནས་ཡོད་ཀྱང་སྒྲིབ་པ་སེལ་ བའི་ལམ་ལ་འབད་པས་དྲི་མ་ཟད་ཀྱང་འོད་གསལ་མི་འཛད་པ་དཔེ། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མའི་དྲི་མ་ཅན། །ཇིལྟར་མེ་ཡི་ནང་བཅུག་ ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །ཞེས་གསུངས་ཏེ། དཔེ་ཇི༷་ལྟ༷ར་དྲི་མས་སྦག་པའི་ 3-1-135 རྡོ་དྲེག་གི་གོས་མེ༷་ཡི༷ས་སྲེག་པར་བྱས་ན་དྲི་མ་ཚིག་ནས་གོས་ད༷ག་པར་བྱེད་པ༷འི་གོ༷ས་སྣ༷་ ཚོ༷གས་པའི་དྲི༷་མ༷འི་༷དྲི༷་མ༷་ཅ༷ན་དུ་གྱུར་པ་སྟེ། ཇི༷་ལྟ༷ར་དྲི་མ་ཅན་གྱི་གོས་མེ༷་ཡི༷་ན༷ང་དུ་བཅུ༷ག་ ན༷་དྲི༷་མ༷་མ་ལུས་པ་རྣམས་ཚི༷ག་པར་འགྱུ༷ར་ཡང་གོ༷ས་ཚིག་པ་མི༷ན་པ་ལྟ༷ར། དེ་བཞིན་འོད་ གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་ཏེ། དེ༷་བཞི༷ན་དུ་སེམས་ཅན་གྱི་སེམས་དྲི་བཅས་ ཀྱི་རང་བཞིན་འོ༷ད་གས༷ལ་བ༷་ཡི༷་སེ༷མས། ཉོན་མོངས་པ་འདོ༷ད་ཆ༷གས། ཞེ་སྡང༌། གཏི་མུག་ ལ༷་སོ༷གས་པ་དྲི༷་མ༷་ཅ༷ན་དུ་གྱུར་པ་དེ་ལམ་སྒོམ་པའི་སྟོབས་ཀྱིས་རྟོགས་པའི་ཡེ༷་ཤེ༷ས་ཀྱི་མེ༷་ ཡི༷ས་ཉོན་མོངས་པའི་དྲི༷་མ༷་མ་ལུས་པ་སྲེ༷ག་ཀྱང་འོད་གསལ་སྲེག་པ་མ་ཡིན་པས་མཐར་ཐུག་ གི་ཡེ་ཤེས་ཆོས་སྐུ་མངོན་དུ་འགྱུར་བའམ་ཐོབ་པའི་ཚེ་ལྕགས་ཟད་བརྡར་ཟད་ཀྱི་ཚུལ་དུ་འོད་ གསལ་གྱི་ཡོན་ཏན་ཐམས་ཅད་ཟད་ནས་མེད་པ་མིན་པས་ལམ་དེ༷་ཉི༷ད་ཀྱིས་འོ༷ད་གས༷ལ་ སྲེག་པ་མ༷་ཡི༷ན་ནོ༷། ། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ཀུན་ གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་ཏེ། འོ་ན་རྒྱལ་ བས་གསུངས་པའི་སྟོ༷ང་པ༷་ཉི༷ད་ནི༷་སྟོ༷ན་པ༷འི་མདོ༷་རྣམས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་ དུ་བསྟན་པས་ཆོས་དབྱིངས་འོད་གསལ་ཡང་ཡིན་ལུགས་ལ་བཀག་པ་མིན་ནམ་ཞེ་ན། སྟོང་པ་ཉིད་ནི་སྟོན་བྱེད་ཡུམ་རྒྱས་འབྲིང་བསྡུས་པ་ལ་སོགས་པའི་མདོ་རྒྱ༷ལ་བ༷ས་ཇི༷་སྙེ༷ད་ གསུ༷ངས་པའི་དགོངས་པ༷་ག༷ང་དང་གང་གིས་མདོ་དེ༷་ད༷ག་ཀུ༷ན་གྱི༷ས་ཆོས་དང་གང་ཟག་གི་ བདག་འཛིན་གྱི་ཉོ༷ན་མོ༷ངས་པ་ཐམས་ཅད་ལྡོ༷ག་པར་བྱེད་པའི་དོན་དུ་གསུངས་པ་ཡིན་གྱི་ ཆོས་དབྱིངས་བདེ་གཤེགས་སྙིང་པོའི་ཁ༷མས་དེ༷་ཉ༷མས་ཤིང་འགོག་པ༷ར་བྱེ༷ད་པའི་དོན་དུ་ གསུངས་པ་ནི་མ༷་ཡི༷ན་ནོ། ། 3-1-136 ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ ཤེས་ཀྱང༌། དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་ཏེ། དོན་དམ་བདེན་པར་གྱུར་ པའི་ཆོས་དབྱིངས་ཡེ་ཤེས་འགོག་མི་ནུས་པ་དཔེར་ན་ས༷་ཡི༷་ན༷ང་ན༷་གན༷ས་པ༷འི་ཆུ༷་ཤིན་ཏུ་ དྭངས་པ་དེ། ཆུ་ཡི་རང་གཤིས་སམ་རང་བཞིན་ལ་དྲི༷་མ༷་མེ༷ད་པ༷ར་ཆུ་དང་ས་རྡུལ་འདྲེས་ནས་ གན༷ས་པ༷་ལྟ༷ར། འགྲོ་བའི་རྒྱུད་ཀྱི་ཉོ༷ན་མོ༷ངས་པའི་ན༷ང་ན༷་ཆོས་དབྱིངས་ཡེ༷་ཤེ༷ས་ཡེ་ནས་ ཡོད་ཀྱ༷ང༌། དཔེ་ས་ཆུ་དེ༷་བཞི༷ན་དུ་ཆོས་དབྱིངས་ཡེ་ཤེས་ཡེ་ནས་ཉོན་མོངས་པའི་དྲི༷་མ༷་མེ༷ད་ པ༷ར་ནམ་ཡང་མེད་དུ་མི་རུང་བར་རྟག་ཏུ་གན༷ས་པའོ། ། ཆོས་དབྱིངས་གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་པའང་མིན། །གཟུང་བ་ ཀུན་ལས་རྣམ་གྲོལ་བ། །ཇི་ལྟར་བདག་ཅེས་བརྟག་པར་བྱ། །ཞེས་གསུངས་ཏེ། དེས་ན་སྟོང་ ཉིད་སྟོན་པའི་མདོ་རྣམས་ཀྱི་དགོངས་པ་དོན་དམ་པར་ཀུན་རྫོབ་ཀྱི་བདག་གིས་སྟོང་གི་ཆོས་ ཀྱི་དབྱིངས་སྟོང་པ་ནི་མ་ཡིན་ནོ། །དོན་དམ་པར་ཆོས་དབྱིངས་ཡོད་ན་དེ་ཉིད་བདག་མིན་ ནམ་སྙམ་ན། ཆོ༷ས་དབྱི༷ངས་ག༷ང་ཕྱི༷ར་ཀུན་རྫོབ་ཀྱི་བད༷ག་མ༷་ཡི༷ན། ཀུན་རྫོབ་ཀྱི་བུ༷ད་མེ༷ད་ མ༷་ཡི༷ན། ཀུན་རྫོབ་ཀྱི་སྐྱེ༷ས་པ༷འང་མི༷ན། ཀུན་རྫོབ་ཀྱིགཟུ༷ང་བ༷་དང་འཛིན་པ་ཀུ༷ན་ལ༷ས་ རྣ༷མ་པར་གྲོ༷ལ་བ༷། ཆོས་ཀྱི་དབྱིངས་ལ་ཇི༷་ལྟ༷ར་བད༷ག་ཅེ༷ས་དོན་དམ་པར་ན་རྟོགས་པས་ བརྟ༷ག་ཅིང་དཔྱད་ནས་བཟུང་བ༷ར་བྱ༷། ཆགས་པ་མེད་པའི་ཆོས་ཀུན་ལ། །བུད་མེད་སྐྱེས་པ་དམིགས་མ་ཡིན། །འདོད་ཆགས་ ཀྱིས་གདུང་གདུལ་བྱའི་ཕྱིར། །བུད་མེད་སྐྱེས་པ་ཤེས་རབ་བསྟན། །ཞེས་གསུངས་ཏེ། ཆ༷གས་ པ༷་མེ༷ད་པ་དོན་དམ་པ༷འི་ཆོ༷ས་ཀུ༷ན་ལ༷་ཀུན་རྫོབ་ཀྱི་བུ༷ད་མེ༷ད་དང༌། སྐྱེ༷ས་པ༷་དམི༷གས་པ་མ༷་ ཡི༷ན། ཀུན་རྫོབ་འདོ༷ད་ཆ༷གས་ཀྱི༷ས་གདུ༷ང་རྣམས་གདུ༷ལ་བྱ༷འི་ཕྱི༷ར་བུ༷ད་མེ༷ད་ཤེས་རབ་སྟོང་ བའི་ཆ་དང༌། སྐྱེ༷ས་པ༷་ཐབས་སྣང་བའི་ཆ་སྟེ། མདོར་ན་ཐབས་དང་ཤེ༷ས་ར༷བ་ཟུང་དུ་འཇུག་ 3-1-137 པའི་མི་འགྱུར་བའི་བདེ་བ་ཆེན་པོའི་སྟོང་ཉིད་བསྟ༷ན་པ་ཡིན། མི་རྟག་སྡུག་བསྔལ་སྟོང་བ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །མཆོག་དུ་སེམས་ ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་གསུངས་ཏེ། མདོ་ལས། འདུས་ བྱས་ཐམས་ཅད་མི༷་རྟ༷ག་པ། ཟག་བཅས་ཐམས་ཅད་སྡུ༷ག་བསྔ༷ལ་བ། ཆོས་ཐམས་ཅད་ སྟོ༷ང་ཞིང་བདག་མེད་པ༷་ཞེ༷ས་བྱ༷་བར་གསུངས་པ༷་དེ་གསུ༷མ་པོ༷ས་རེ་ཞིག་རྟག་པ་དང༌། བདེ་ བ་དང༌། བདག་གིས་མི་སྟོང་པར་འཛིན་པའི་སེ༷མས་སྦྱོ༷ང་བྱེ༷ད་དུ་གསུངས་པ་དང༌། ཆོས་ དབྱིངས་ཡེ་ཤེས་མཆོ༷ག་ཏུ༷་གྱུར་བའི་སེ༷མས་ཀྱི་དྲི་མ་རྣམས་ནི༷་སྦྱོ༷ང་བྱེ༷ད་དོན་དམ་པ༷འི་ཆོ༷ས་ ནི༷་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས་པའི་ར༷ང་བཞི༷ན་མེ༷ད་པ༷་ཡི༷ན། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་མོངས་ཀྱིས་ གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་གསུངས་ཏེ། གཞི་རྒྱུད་ན་ཡེ་ ནས་ཆོས་དབྱིངས་ཡེ་ཤེས་ཡོད་ཀྱང་སྒྲིབ་པ་མ་སྦྱངས་ན་མི་མཐོང་བའི་དཔེ་ཇི༷་ལྟ༷ར་སྦྲུ༷མ་ མ༷འི་ལྟོ༷་ན༷་བུ༷་ཡོ༷ད་ཀྱ༷ང་ཕྱི་ནས་མཐོ༷ང་བ༷་མ༷་ཡི༷ན་པ༷་ལྟར། དཔེ་དེ༷་བཞི༷ན་དུ་དུག་གསུམ་ གྱི་ཉོ༷ན་མོ༷ངས་པ་རྣམས་ཀྱི༷ས་གཡོ༷གས་པ༷འི་འཁོར་འདས་ཀུན་གྱི་རང་བཞིན་དུ་ཆོ༷ས་ཀྱི༷་ དབྱི༷ངས་ཀྱི་ཡེ་ཤེས་ཡེ་ནས་རྟག་ཏུ་བཞུགས་ཀྱ༷ང་སྒྲིབ་པ་ཅན་གྱི་སེམས་ཅན་གྱིས་མཐོ༷ང་བ་ མ༷་ཡི༷ན་ནོ། ། བདག་དང་བདག་གིར་རྣམ་རྟོག་དང༌། །མིང་གི་འདུ་ཤེས་རྒྱུ་མཚན་གྱི། །རྣམ་རྟོག་བཞི་ པོ་འབྱུང་བ་ཡང༌། །འབྱུང་དང་འབྱུང་ལས་གྱུར་པས་སོ། །ཞེས་གསུངས་ཏེ། འོ་ན་སྒྲིབ་བྱེད་ གྱི་རྟོག་པ་གང་དང་གང་དུ་འབྱུང་བ་ཐམས་ཅད་རྒྱུ་གང་ལས་བྱུང་ན་བད༷ག་ད༷ང་གང་ཟག་ རྣམས་རང་རྐྱ་ཐུབ་པའི་རྫས་གྲུབ་ཏུ་འཛིན་པའི་རྟོག་པ་དང༌། དེ་དག་རང་བཞིན་གྱིས་གྲུབ་ པར་འཛིན་པའི་རྟོག་པ་དང༌། ཆོས་རྣམས་རང་རྐྱ་ཐུབ་པའི་རྫས་གྲུབ་ཏུ་འཛིན་པའི་རྟོག་པ་ 3-1-138 དང༌། རང་བཞིན་གྱིས་གྲུབ་པར་འཛིན་པའི་བད༷ག་གི༷ར་འཛིན་པའི་རྣ༷མ་པར་རྟོ༷ག་པ་ད༷ང༌། མིང༌། འབོད་བྱེད་ཀྱི་བརྡ། རང་མིང་སྤྲོ་བ། གཞན་མིང་འབོད་པ། ཆུ་བོའི་མིང་ཆགས་པ། དཔའ་བོའི་མིང་སྤྲོ་བ། སྦྱིན་བདག་གི་རྗེས་སུ་ཁྱི་ལྟར་རྒྱུག་པས་ན་རྒྱུག་ཁྱིའི་མིང་ཐོབ་པ། ཡི་གེ་གཉིས་སམ། མང་པོ་གཅིག་ཏུ་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ། ཉལ་གཉིད་ འགྲོ་འདུག་མང་པོ་སོགས་ལྟ་བུ་འདོད་རྒྱལ་གྱི་མིང་དང༌། འདུས་བྱས་མི་རྟག་པ། བུམ་པ་མི་ རྟག་པ། མི་སྟོབས་ལྡན་ལ་སེང་གེ། པདྨའི་གཉེན། བསིལ་ཟེར་ཅན་སོགས་ལྟ་བུ་རྗེས་གྲུབ་ ཀྱི་མིང༌། དེ་ལྟ་བུའི་མི༷ང་གི༷་འདུ༷་ཤེ༷ས་ཀྱི་རྟོག་པ་དུ་མ་དང༌། རྒྱུ་མཚན་ལ། རྒྱུ་མཚན་མ་ངེས་ པའི་ཡིད་དཔྱོད། ཡིད་དཔྱོད་ཀྱི་ནང་གསེས་རྒྱུ་མཚན་མ་ངེས་པ་ལ་བརྟེན་པའི་རང་ཡུལ་ དོན་མཐུན་དུ་འཛིན་པའི་རྟོག་པ་སྟེ། ཡོད་པའི་རྒྱུ༷་མཚ༷ན་གྱི༷ས་སྒྲ་མི་རྟག་པ་འཛིན་པའི་ཡིད་ དཔྱོད་ལྟ་བུ། ཡོད་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་མ་ངེས་པའི་རྒྱུ་མཚན་མ་ངེས་པའོ། །རྒྱུ་མཚན་མེད་པའི་ཡིད་དཔྱོད། ཡིད་དཔྱོད་ཀྱི་ནང་གསེས། རྒྱུ་མཚན་གང་གི་སྒོ་ནས་ཀྱང་ མི་སེམས་པར་རང་ཡུལ་དོན་མཐུན་དུ་འཛིན་པའི་རྟོག་པ། དཔེར་ན། རྒྱུ་མཚན་མ་ངེས་པར་ སྒྲ་མི་རྟག་པ་ཡིན་ནོ་སྙམ་པ་ལྟ་བུའོ། །རྒྱུ་མཚན་ཡང་དགགཏན་ཚིགས་སམ་སྒྲུབ་བྱེད་རྣམ་ དག་སོགས་ཀྱི་རྣ༷མ་རྟོ༷ག་བཞི༷་པོ༷་འབྱུ༷ང་བ༷་ཡ༷ང༌། སྔར་འབྱུ༷ང་བ་ད༷ང་རྗེས་སུ་འབྱུ༷ང་བ་ལ༷ས་ གྱུ༷ར་པའི་སྒྲིབ་པ༷ས་སོ༷། ། སངས་རྒྱས་རྣམས་ཀྱི་སྨོན་ལམ་ཡང༌། །སྣང་བ་མེད་ཅིང་མཚན་ཉིད་མེད། །སོ་སོ་རང་ རིག་སྦྱོར་ལྡན་ཉིད། །སངས་རྒྱས་རྟག་པའི་ཆོས་ཉིད་ཅན། །ཞེས་གསུངས་ཏེ། སྒྲིབ་པ་ཐམས་ ཅད་དང་བྲལ་བའི་ཆོས་དབྱིངས་ཡེ་ཤེས་ས༷ངས་རྒྱ༷ས་རྣ༷མས་ཀྱི༷་སྨོ༷ན་ལ༷མ་ཡ༷ང་གང་ཟག་ གི་བདག་དང༌། ཆོས་ཀྱི་བདག་འཛིན་གྱི་འཁྲུལ་བའི་སྣ༷ང་བ༷་མེ༷ད་ཅི༷ང༌། མདོར་ན་རྣམ་རྟོག་ འཁྲུལ་བའི་མཚ༷ན་ཉི༷ད་མེ༷ད་པ། སོ༷་སོ༷ར་ར༷ང་གི་རི༷ག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་སྦྱོ༷ར་བ་ 3-1-139 དང་ལྡ༷ན་པ་ཉི༷ད་ཡིན་པ་མ་ཟད་ཀུན་རྫོབ་སྒྲ་རྟོག་གི་སྤྲོས་པའི་ཡུལ་ལས་འདས་པས་ས༷ངས་ རྒྱ༷ས་ཆོས་ཀྱི་སྐུ་ཡེ་ནས་རྟ༷ག་ཅིང་བརྟན་པ༷འི་གཡུང་དྲུང་གི་ཆོ༷ས་ཉི༷ད་ཅ༷ན་ཡིན་ནོ། ། ཇི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ ཐམས་ཅད་ཀྱང༌། །བཏགས་པ་ཉིད་དེ་ཡོད་མ་ཡིན། །ཞེས་གསུངས་ཏེ། འདུས་བྱས། དངོས་ པོ། མི་རྟག་པ་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་དོན་དམ་པར་ན་མ་གྲུབ་སྟེ། དཔེར་ན་ཇི༷་ལྟ༷ར་ རི༷་བོ༷ང་གི་མགོ༷་ཡི༷་རྭ༷་བཞིན་མ་གྲུབ་པ་ལྟར་ཀུན་རྫོབ་འཁྲུལ་བའི་སྣང་ངོར་ཤར་པའི་སྒྲོ་ བཏ༷གས་པ༷་ཉི༷ད་དེ༷་དོན་དམ་པར་ན་མེ༷ད་པ༷་ལྟ༷ར། དཔེ་དེ༷་བཞི༷ན་དུ་ཀུན་རྫོབ་འཁྲུལ་སྣང་ ངོར་ཤར་བའི་ཆོ༷ས་རྣ༷མས་ཐ༷མས་ཅ༷ད་ཀྱ༷ང་མ་རིག་འཁྲུལ་སྣང་གི་ཡུལ་ཐོ་ཡོར་མི་སྣང་དང༌། ཐག་ཁྲ་སྦྲུལ་སྣང༌། དུང་སེར་སྣང་ལྟར་གཏན་ནས་མེད་པ་ལ་ཡོད་པར་ཀུན་རྫོབ་འཁྲུལ་སྣང་ གི་ཡུལ་དུ་སྒྲོ་བཏ༷གས་པ༷་ཉི༷ད་དེ༷་དོན་དམ་པར་གནས་ལུགས་མཐར་ཐུག་གི་རང་གཤིས་ལ་ ཡོ༷ད་པ་མ༷་ཡི༷ན་ནོ། ། ཕྲ་རབ་རྡུལ་གྱི་ངོ་བོ་ཡིས། །གླང་གི་རྭ་ཡང་དམིགས་མ་ཡིན། །ཇིལྟར་སྔོན་བཞིན་ཕྱིས་ དེ་བཞིན། །དེ་ལ་ཅི་ཞིག་བརྟག་པར་བྱ། །ཞེས་གསུངས་ཏེ། རི་བོང་གི་རྭ་གཞི་མ་གྲུབ་པ་ མ་ཟད་ཕྲ༷་ར༷བ་རྡུ༷ལ་གྱི༷་ངོ༷་བོ༷་དང༌། རྡུལ་ཡང་ཕྱོགས་ཆའི་དབྱེ་བ་བྱས་པ་ཡི༷ས་མེད་པ་ལྟར་ གླ༷ང་གི༷་རྭ༷་ཡ༷ང་རྡུལ་ཕྲ་རབ་ཏུ་ཕབ་ན་དམི༷གས་མ༷་ཡི༷ན་པའམ་མེད་པ་ལྟར་སྒྱུ་མ་ལྟ་བུའི་ ཀུན་རྫོབ་ཀྱི་ཆོས་འཁྲུལ་སྣང་དུ་གྲུབ་པ་རྣམས་ལ་ཇི༷་ལྟ༷ར་སྔོ༷ན་སྐྱེ་བ་མེད་པ་དེ་བཞི༷ན་དུ་ ཕྱི༷ས་འགག་པའི་དངོས་པོ་ཡང་དེ༷་བཞི༷ན་དུ་མེད་པ་དེ༷་ལ༷་དངོས་མེད་ཀྱི་རང་བཞིན་ལ་ཅི༷་ ཞི༷ག་བརྟ༷ག་པ༷ར་བྱ༷་མེད་པ་ལ་བརྟག་པར་བྱ་རྒྱུ་མེད་དོ། ། བརྟེན་ནས་འབྱུང་བར་འགྱུར་བ་དང༌། །བརྟེན་ནས་འགག་པར་འགྱུར་བས་ན། །གཅིག་ ཀྱང་ཡོད་པ་མ་ཡིན་ན། །བྱིས་པས་ཇི་ལྟར་རྟོགས་པར་བྱེད། །ཅེས་གསུངས་ཏེ། དེས་ན་སྒྱུ་ 3-1-140 མ་ལྟ་བུའི་ཀུན་རྫོབ་ཀྱི་ཆོས་རྣམས་སྔོན་རྟེན་འབྲེལ་ལ་བརྟེ༷ན་ན༷ས་འབྱུ༷ང་བ༷ར་གྱུ༷ར་པ༷་ད༷ང༌། ཕྱིས་ཀྱང་རྟེ༷ན་འབྲེལ་ལ་བརྟེན་ན༷ས་འག༷ག་པ༷ར་འགྱུ༷ར་བ༷ས་ན༷། མདོར་ན་ཀུན་རྫོབ་ཀྱི་ ཆོས་ཐམས་ཅད་རྟེན་འབྲེལ་ཡིན། རྟེན་འབྲེལ་ལྟོས་པ་རང་ཚུགས་མེད་པ་ཡིན། །ཕར་འགྱུར་ ཚུར་འགྱུར་རྫུན་སྣང་སྒྱུ་མ་ཡིན། །འགལ་མེ། ཁུག་རྣ། སྨིག་སྒྱུ། ཟླ་བརྙན་ལྟར་སྐྱེ་འགག་ བྱེད་པའི་བདེན་གྲུབ་ཀྱི་དངོས་པོ་གཅི༷ག་ཀྱ༷ང་ཡོ༷ད་པ༷་མ༷་ཡི༷ན་ན༷། འོ་ན་རྟག་ཆད་ལ་ཞེན་ པའི་བྱི༷ས་པ༷་སོ་སོའི་སྐྱེ་བོ་བདེན་གྲུབ་ཏུ་འཁྲུལ་བ་རྣམས་ཀྱིས་ཀུན་རྫོབ་སྣང་ཙམ་གྱི་དབུ་མ་ ཇི༷་ལྟ༷ར་རྟོ༷གས་པ༷ར་བྱེ༷ད་སྙམ་ན། རི་བོང་བ་ལང་རྭ་ཡི་དཔེ། །ཇི་ལྟར་བདེ་གཤེགས་ཆོས་རྣམས་ཉིད། །དབུ་མ་ཉིད་དུ་ སྒྲུབ་པར་བྱེད། །ཅེས་གསུངས་ཏེ། རི༷་བོ༷ང་གི་རྭ་ཡི་དཔེས་རྟག་མཐའ་བྲལ་བ་དང༌། བ༷་ལ༷ང་ རྭ༷་ཡི༷་དཔེ༷ས་ཆད་མཐའ་བྲལ་བའི་སྒོ་ནས་ཇི༷་ལྟ༷ར་བདེ༷་བར་གཤེ༷གས་པའི་ཀུན་རྫོབ་རྟེན་ འབྲེལ་གྱི་ཆོ༷ས་རྣ༷མས་ཉི༷ད་རྟག་ཆད་དེ་གཉིས་སེལ་བའི་དབུ༷་མ༷་ཉི༷ད་དུ༷་བྱིས་པ་སོ་སོའི་སྐྱེ་ བོའི་བློ་ངོར་སྒྲུ༷བ་པ༷ར་བྱེ༷ད། ཇི་ལྟར་ཉི་ཟླ་སྐར་མའི་གཟུགས། །དྭངས་པའི་སྣོད་ཀྱི་ཆུ་ནང་དུ། །གཟུགས་བརྙན་ མཐོང་བར་འགྱུར་བ་ལྟར། །མཚན་ཉིད་རྫོགས་པའང་དེ་དང་འདྲ། །ཞེས་གསུངས་ཏེ། ཀུན་ རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཉམས་སུ་བླངས་པའི་དཔེ་ཇི༷་ལྟ༷ར་ཉི༷་ཟླ༷་ སྐ༷ར་མ༷འི་གཟུ༷གས་དྭ༷ངས་པ༷འི་སྣོ༷ད་ཀྱི༷་ཆུ༷་ན༷ང་དུ༷་གཟུ༷གས་བརྙ༷ན་གསལ་བར་མཐོ༷ང་བ༷ར་ འགྱུ༷ར་བ༷་ལྟ༷ར་རྟག་ཆད་སྤང་བའི་དབུ་མའི་མཚ༷ན་ཉི༷ད་རྫོ༷གས་པར་ཀུན་རྫོབ་སྣང་ཙམ་དུ་ མཐོང་དགོས་པ༷འ༷ང་དེ༷་ད༷ང་འདྲ༷། ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བརྟན་པ་ཡིས། །གང་ཞིག་དེ་ལྟར་ བདག་མེད་པ། །ཇི་ལྟར་བདག་དང་བདག་གིར་བརྟག །ཅེས་གསུངས་ཏེ། ཆོས་ཀྱི་དབྱིངས་ 3-1-141 ལ་ཐོ༷ག་མ༷་དང་བ༷ར་ད༷ང་མཐ༷ར་དགེ༷་བ༷་རྣམས་ཡེ་ནས་བསླུ༷་བ༷་མེ༷ད་ཅི༷ང་རྟག་ཅིང་བརྟ༷ན་ པ༷་ཡི༷ས་གནས་ལུགས་མཐར་ཐུག་གི་དབུ་མའི་ཆོས་ག༷ང་ཞི༷ག་ནམ་ཡང་བསླུ་བ་མེད་པ་དེ༷་ ལྟ༷ར་རྟག་ཆད་ཀྱི་བད༷ག་མེ༷ད་པ༷་ལ་འཁྲུལ་བའི་རང་བཞིན་ཅན་རྣམས་ཀྱིས་ཆོས་དབྱིངས་ལ་ ཇི༷་ལྟ༷ར་བད༷ག་ད༷ང་བད༷ག་གི༷ར་བརྟ༷ག་པར་བྱ་སྟེ། བརྟག་ཅིང་བདག་ཏུ་འཛིན་པ་ལ་འཁྲུལ་ བའི་ཕྱིར་འཁྲུལ་སྣང་ལྟར་དོན་ལ་མེད་པའོ། ། ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོ་བོ་ཞེས་ནི་རྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཞེས་གསུངས་ཏེ། ཆུ་གཅིག་ཉིད་རྒྱུ་རྐྱེན་གཞན་དང་འབྲེལ་ བའི་གནས་སྐབས་མི་གཅིག་སྟེ། ཇི༷་ལྟ༷ར་སོ༷ས་ཀ༷འི་དུ༷ས་སུ༷་ཆུ༷་དྲོ༷་བོ༷་ཞེ༷ས་ནི༷་རྗོ༷ད་པ༷ར་བྱེ༷ད། ཆུ་གཅིག་པོ་དེ༷་ཉི༷ད་གྲ༷ང་བ༷འི་དུ༷ས་སུ༷་ནི༷་གྲ༷ང་ངོ༷་ཞེ༷ས་ནི༷་བརྗོ༷ད་པ༷་ཡི༷ན། ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱ། །དེ་ཉིད་ཉོན་ མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་རྗོད་པར་བྱ། །ཞེས་གསུངས་ཏེ། ཆོས་དབྱིངས་དྲི་ བཅས་དང་དྲི་མེད་ལ་སེམས་ཅན་དང༌། སངས་རྒྱས་སུ་བསྟན་པ་དེ་བཞིན་དུ་ཆོས་དབྱིངས་ གཅིག་ཉིད་ཆོས་གཞན་དང་མ་བྲལ་བ་དང༌། བྲལ་བའི་དབང་གིས་གནས་སྐབས་མི་གཅིག་ སྟེ། ཆོས་དབྱིངས་དེ་ཉོ༷ན་མོ༷ངས་དྲ༷་བ༷ས་གཡོ༷གས་པ༷་ན༷། ཆོས་དབྱིངས་སེ༷མས་ཅ༷ན་ཞེ༷ས་ ནི༷་བརྗོ༷ད་པ༷ར་བྱ༷་སྟེ། ཆོས་དབྱིངས་དེ༷་ཉི༷ད་ཉོ༷ན་མོ༷ངས་པ་དང་བྲ༷ལ་བར་གྱུ༷ར་པའི་གནས་ སྐབས་ན༷། ཆོས་དབྱིངས་ས༷ངས་རྒྱ༷ས་ཡིན་ཞེ༷ས་ནི༷་བརྗོ༷ད་པ༷ར་བྱ༷། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང༌། །སྐྱེ་མེད་འགག་ པ་མེད་ཉིད་ལས། །ཆོས་ཀྱི་དབྱིངས་ནས་རབ་ཏུ་ཤེས། །ཞེས་གསུངས་ཏེ། འོ་ན་ཆོས་ཉིད་ གང་ལས་ཤེས་སྙམ་ན་ཡེ་ནས་བཞུགས་པའི་སྙིང་པོ་དང་ཆོས་ཉིད་ཀྱི་མི༷ག་ད༷ང་གཟུ༷གས་ལ༷་ བརྟེ༷ན་ན༷ས་ནི༷་དྲི༷་མ༷་མེ༷ད་པ་འོད་གསལ་པ༷འི་སྣ༷ང་བ༷་རྣལ་འབྱོར་པ་ལ་འབྱུ༷ང༌། འོད་གསལ་ 3-1-142 གྱི་སེམས་སྐྱེ༷་བ་མེ༷ད་པ་འག༷ག་པ༷་མེ༷ད་པ་ཉི༷ད་མཐོང་བ་ལ༷ས་ཆོ༷ས་ཀྱི༷་དབྱི༷ངས་ན༷ས་སམ་ སྤྲོས་བྲལ་མི་རྟོག་ཡེ་ཤེས་ཀྱིས་ར༷བ་ཏུ༷་ཤེ༷ས་པར་འགྱུར་རོ། ། སྒྲ་དང་རྣ་བ་ལ་བརྟེན་ནས། །རྣམ་པར་དག་པའི་ཤེས་པ་གསུམ། །མཚན་ཉིད་མེད་པའི་ ཆོས་ཀྱི་དབྱིངས། །རྟོག་དང་བཅས་པས་ཐོས་པར་འགྱུར། །ཞེས་གསུངས་ཏེ། ཆོས་དབྱིངས་ ཀྱི་སྒྲ༷་ད༷ང་རྣ༷་བ༷་ལ༷་བརྟེ༷ན་ན༷ས་གཟུང་འཛིན་རྣ༷མ་པ༷ར་ད༷ག་པ༷འི་ཡུལ་ཡུལ་ཅན་རང་རིག་ དག་པའི་ཤེ༷ས་པ༷་གསུ༷མ་དང༌། ཀུན་རྫོབ་འཁྲུལ་སྣང་གི་མཚ༷ན་ཉི༷ད་མེ༷ད་པ༷འི་ཆོ༷ས་ཀྱི༷་ དབྱི༷ངས་སོ་སོར་རྟོ༷ག་པའི་ཡེ་ཤེས་ད༷ང་བཅ༷ས་པ༷ས་ཐོ༷ས་པ༷ར་འགྱུ༷ར། སྣ་དང་དྲི་ལ་བརྟེན་ནས་སྣོམས། །དེ་ནི་གཟུགས་སུ་མེད་པའི་དཔེ། །དེ་བཞིན་སྣ་ཡི་ རྣམ་ཤེས་ཀྱིས། །ཆོས་ཀྱི་དབྱིངས་ལ་རྟོགས་པར་བྱེད། །ཅེས་གསུངས་ཏེ། ཡེ་ནས་བཞུགས་ པའི་ཆོས་དབྱིངས་ཀྱི་སྣ༷་ད༷ང་དྲི༷་ལ༷་བརྟེ༷ན་ན༷ས་རྣལ་འབྱོར་པས་སྣོ༷མས་པ་དེ༷་ནི༷་གཟུ༷གས་ སུ༷་མེ༷ད་པ༷འི་དཔེ༷་དེ༷་བཞི༷ན་དུ་ཆོས་དབྱིངས་ཀྱི་སྣ༷་ཡི༷་རྣ༷མ་ཤེ༷ས་ཀྱི༷ས་ཆོ༷ས་ཀྱི༷་དབྱི༷ངས་ལ༷་ སོར་རྟོག་ཡེ་ཤེས་ཀྱིས་རྟོ༷གས་པ༷ར་བྱེ༷ད། ལྕེ་ཡི་རང་བཞིན་སྟོང་པ་ཉིད། །རོ་ཡི་ཁམས་ཀྱང་དབེན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ངོ་ བོ་ལ། །རྣམ་པར་ཤེས་པ་གནས་མེད་པ། །ཞེས་གསུངས་ཏེ། ཆོས་ཀྱི་དབྱིངས་ལྕེ༷་ཡི༷་ར༷ང་ བཞི༷ན་ཀུན་རྫོབ་བདག་གིས་སྟོ༷ང་པ་ཉི༷ད་དེ་ཆོས་དབྱིངས་ཀྱི་རོ༷་ཡི༷་ཁ༷མས་ཀྱ༷ང་དབེ༷ན་པ༷་ སྟེ༷། ཆོ༷ས་ཀྱི༷་དབྱི༷ངས་ཀྱི༷་ངོ༷་བོ༷་ལ༷་རྣ༷མ་པ༷ར་ཤེ༷ས་པ༷་དངོས་པོའི་ངོ་བོར་གན༷ས་པ་མེ༷ད་པ༷་ ཡིན་ནོ། ། དག་པའི་ལུས་ཀྱི་ངོ་བོ་དང༌། །རེག་བྱའི་རྐྱེན་གྱི་མཚན་ཉིད་དང༌། །རྐྱེན་དག་ལས་ནི་ གྲོལ་གྱུར་པ། །ཆོས་ཀྱི་དབྱིངས་ཞེས་བརྗོད་པར་བྱ། །ཞེས་གསུངས་ཏེ། ཀུན་རྫོབ་འཁྲུལ་ སྣང་གི་ཆོས་ཀྱི་ད༷ག་པ༷འི་ལུ༷ས་ཀྱི༷་ཆོས་ཉིད་ཀྱི་ངོ༷་བོ༷་ད༷ང༌། ཆོས་དབྱིངས་ཀྱི་རེ༷ག་བྱ༷འི་རྐྱེ༷ན་ 3-1-143 གྱི༷་མཚ༷ན་ཉི༷ད་ད༷ང༌། ཀུན་རྫོབ་འཁྲུལ་སྣང་གི་ཕྱིའི་ཁམས་དྲུག་གམ་དམིགས་པའི་ཁམས་ དྲུག་དང༌། བར་གྱི་ཁམས་དྲུག་གམ་རྟེན་གྱི་ཁམས་དྲུག་དང༌། རྣམ་པར་ཤེས་པའི་ཁམས་ དྲུག་གམ་བརྟེན་པའི་ཁམས་དྲུག་སྟེ་བཅོ་བརྒྱད་ཀྱི་རྐྱེ༷ན་ད༷ག་ལ༷ས་ནི༷་གྲོ༷ལ་བར་གྱུ༷ར་པ༷་ན། དོན་དམ་པའི་ཁམས་བཅོ་བརྒྱད་པོ་དེ་ཆོ༷ས་ཀྱི༷་དབྱི༷ངས་ཡིན་ཞེ༷ས་བརྗོ༷ད་པ༷ར་བྱ༷འོ། ། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་ རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་གསུངས་ཏེ། དོན་དམ་ པའི་ཡི༷ད་ཀུན་ཏུ་བཟང་པོ་གཙོ༷་བོར་གྱུ༷ར་པ་དོན་དམ་པ༷འི་ཆོ༷ས་རྣ༷མས་ལ༷་མཉམ་བཞག་ ཟབ་མོའི་སྐབས་སུ་མཚན་བཅས་ཀྱི་རྟོ༷ག་པ་ད༷ང་བརྟ༷ག་པ༷་རྣ༷མས་སྤ༷ངས་ན༷ས་དོན་དམ་གྱི་ ཆོ༷ས་རྣ༷མས་སྤྲོས་པའི་ར༷ང་བཞི༷ན་མེ༷ད་པ༷་ཉི༷ད། ཆོ༷ས་ཀྱི༷་དབྱི༷ངས་སུ༷་ཅི་ཡང་འཛིན་པ་ཟད་ པས་བསྒོ༷མ་པ༷ར་བྱ༷། མཐོང་དང་ཐོས་དང་བསྣམས་པ་དང༌། །མྱོང་དང་རེག་པར་གྱུར་པ་དང༌། ཆོས་རྣམས་དེ་ ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །ཞེས་གསུངས་ཏེ། དོན་དམ་ པའི་ཁམས་བཅོ་བརྒྱད་པོ་སྟེ། དེའི་ངང་ནས་ཆོས་ཉིད་ཀྱི་ཡུལ་མཐོ༷ང་བ་ད༷ང་ཐོ༷ས་པ་ད༷ང་ བསྣ༷མས་པ༷་ད༷ང༌། མྱོ༷ང་བ་ད༷ང་རེ༷ག་པ༷ར་གྱུ༷ར་པ༷་ད༷ང༌། ཆོ༷ས་རྣ༷མས་དེ༷་ལྟ༷ར་རྣ༷ལ་འབྱོ༷ར་ པ༷ས་མཉམ་བཞག་གི་མི་རྟོག་ཡེ་ཤེས་རྫོགས་པར་ཤེ༷ས་ན༷ས་ཆོས་དབྱིངས་དེ་ཁོ་ན་ཉིད་ཀྱི་ མཚ༷ན་ཉི༷ད་རྫོ༷གས་པ༷་ཡི༷ན། མིག་དང་རྣ་བ་སྣ་དག་དང༌། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་ དག་པ། །འདི་ཉིད་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་ཏེ། འོ་ན་དེ་ཁོ་ན་ཉིད་གང་ཞེ་ན་ དོན་དམ་གྱི་མི༷ག་ད༷ང་རྣ༷་བ༷་དང་སྣ༷་ད༷ག་ད༷ང༌། ལྕེ༷་ད༷ང་ལུ༷ས་ད༷ང་དེ༷་བཞི༷ན་ཡི༷ད། སྐྱེ༷་མཆེ༷ད་ དྲུ༷ག་པོ༷་གློ་བུར་སྒྲིབ་གཉིས་ཀྱི་དྲི་མ་རྣ༷མ་པར་ད༷ག་པ༷་འདི༷་ཉི༷ད་དེ༷་ཁོ་ན་ཉི༷ད་ཀྱི་མཚ༷ན་ཉི༷ད་ 3-1-144 དོ༷། ། སེམས་ཉིད་རྣམ་པ་གཉིས་སུ་མཐོང༌། །ཇི་ལྟར་འཇིག་རྟེན་འཇིག་རྟེན་འདས། །བདག་ དུ་འཛིན་ལས་འཁོར་བ་དང༌། །སོ་སོར་རིག་ན་དེ་ཉིད་དོ། །ཞེས་གསུངས་ཏེ། དེས་ན་དག་ པ་དང་མ་དག་པའི་སེ༷མས་ཉི༷ད་འབའ་ཞིག་འཁོར་འདས་ཀྱི་རྣ༷མ་པ༷་གཉི༷ས་སུ༷་མཐོ༷ང་བ་སྟེ། མཐོང་ཚུལ་ཇི༷་ལྟ༷ར་ཡིན་སྙམ་ན་འཇི༷ག་རྟེ༷ན་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་དང༌། འཇི༷ག་ རྟེ༷ན་ལས་འད༷ས་པ་མྱང་འདས་སུ་མཐོང་བ་དེ་ཡང་བད༷ག་དུ༷་འཛི༷ན་པ་ལ༷ས་འཁོ༷ར་བ༷་ད༷ང༌། བདག་མེད་པར་སོ༷་སོ༷ར་རི༷ག་པས་ན༷་མྱ་ངན་ལས་འདས་པར་མཐོང་བའམ་ཐོབ་པ་དེ༷་ཉི༷ད་ དོ༷། ། འདོད་ཆགས་ཟད་པའི་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་ འགགས་པ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་གསུངས་ཏེ། དེ་ཡང་ ཆོས་དབྱིངས་སྒྲིབ་བྱེད་ཉོན་མོངས་པ་དུག་གསུམ་མ་ཟད་པར་སངས་རྒྱས་མི་ཐོབ་པའམ་མི་ མཐོང་བས་ལམ་ཉམས་སུ་བླངས་པས་འདོ༷ད་ཆ༷གས་ཟ༷ད་པ༷ས་མྱ༷་ང༷ན་ལས་འད༷ས་པ་དང༌། ཞེ༷་སྡ༷ང་གཏི༷་མུ༷ག་ཟ༷ད་པ༷་ད༷ང༌། དུག་གསུམ་དེ༷་ད༷ག་བག་ཆགས་དང་བཅས་པ་འག༷གས་ པ༷་ས༷ངས་རྒྱ༷ས་ཉི༷ད་མཐོང་བའམ་ཡེ་ནས་བཞུགས་པ་དེ་ཉིད་མངོན་པ་ལུ༷ས་ཅ༷ན་ཀུ༷ན་གྱི༷་ སྐྱ༷བས་གནས་མཐར་ཐུག་ཏུ་ཐོབ་པའམ་གཞིརྒྱུད་ན་ཡེ་ནས་བཞུགས་པ་མངོན་པ་ཉི༷ད་དོ༷། ། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལས་ཐམས་ཅད་དེ། །རང་གི་རྣམ་པར་ རྟོག་པས་བཅིངས། །བདག་ཉིད་ཤེས་ནས་གྲོལ་བར་འགྱུར། །ཞེས་གསུངས་ཏེ། སྤྱིར་ཡེ་ ཤེས་ཀྱི་ཤེ༷ས་པ་ད༷ང༌། རྣམ་ཤེས་ཀྱི་མི༷་ཤེ༷ས་པ༷་ད༷ ག་གི་བྱེ་བྲག་ལ༷ས་མེད་པས་ད་ལྟར་གྱི་ ལུ༷ས་འདི༷་ཉི༷ད་ལ༷ས་འཁོར་འདས་ཐ༷མས་ཅ༷ད་འབྱུང་ཞིང་ཚང་བ་ཡིན་ཏེ༷། ར༷ང་གི༷་རྣ༷མ་པ༷ར་ རྟོ༷ག་པ༷་ཐམས་ཅད་ཀྱིས་གཞི་རྒྱུད་ན་བཞུགས་པའི་མྱང་འདས་བཅི༷ངས། མྱང་འདས་ཀྱི་ 3-1-145 བད༷ག་ཉི༷ད་སྤྲོས་བྲལ་མི་རྟོག་རང་རིག་ཡེ་ཤེས་ཀྱིས་ཤེ༷ས་ན༷ས་རྣམ་རྟོག་འཁྲུལ་བ་ཐམས་ ཅད་ལས་གྲོ༷ལ་བ༷ར་འགྱུ༷ར། བྱང་ཆུབ་རིང་མིན་ཉེ་བའང་མིན། །འགྲོ་མིན་འོང་བ་མ་ཡིན་ཞིང༌། །ཉོན་མོངས་གཟེབ་ གྱུར་འདི་ཉིད་ལ། །མཐོང་བ་དང་ནི་མ་མཐོང་ཡིན། །ཞེས་གསུངས་ཏེ། མཐར་ཐུག་གི་བྱ༷ང་ ཆུ༷བ་སེམས་ཅན་ཐམས་ཅད་ཀྱི་ར༷ང་རྒྱུད་དུ་ཡེ་ནས་ཡོད་པས་ཐག་རིང་བ་མི༷ན། སངས་རྒྱས་ རང་ཡིན་ཀྱང་སྒྲིབ་གཉིས་ཀྱིས་བསྒྲིབས་པས་ཉེ༷་བ༷འ༷ང་བརྗོད་པ་མི༷ན། སེམས་ཅན་གྱི་རང་ རྒྱུད་ལས་གཞན་དུ་འགྲོ༷་བ་མི༷ན། སངས་རྒྱས་རང་ཉིད་ཡིན་པ་ལ་མདུན་དུ་འོ༷ང་བ༷་མ༷་ཡི༷ན་ ཞི༷ང༌། ཉོ༷ན་མོ༷ངས་པའི་གཟེ༷བ་གྱུ༷ར་ད་ལྟར་གྱི་ལུས་འདི༷་ཉི༷ད་ལ༷་བྱང་ཆུབ་ཡོད་པར་སངས་ རྒྱས་ཀྱིས་མངོན་སུམ་དུ་མཐོ༷ང་བ༷་ད༷ང༌། སངས་རྒྱས་ཡིན་པ་ནི༷་མ༷་མཐོ༷ང་བ་སེམས་ཅན་དུ་ འཇོག་པའི་ཁྱད་ཙམ་ཞིག་ཡི༷ན། ཤེས་རབ་མར་མེ་ལ་གནས་ནས། །མཆོག་ཏུ་ཞི་བར་གྱུར་པ་ཡིས། །བདག་ལ་རྟག་པར་ གནས་བྱ་ཞེས། །མདོ་སྡེའི་ཚོགས་ལས་གསུངས་པ་ལགས། །ཞེས་གསུངས་ཏེ། དེས་ན་སྨྲ་ བསམ་བརྗོད་བྲལ་གྱི་སྟོང་ཉིད་རྟོགས་པའི་ཤེ༷ས་ར༷བ་མ༷ར་མེ༷་ལྟ་བུ་ལ༷་གན༷ས་ན༷ས་ཉོན་ མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་མཆོ༷ག་ཏུ༷་ཞི༷་བ༷ར་གྱུ༷ར་པ༷་ཡི༷ས་སངས་ རྒྱས་རང་ལུས་ལ་ཡོད་པ་ཡིན་པས་ན་བད༷ག་ལ༷་རྟ༷ག་པ༷ར་གན༷ས་པར་བྱ༷འོ་ཞེ༷ས་མདོ༷་༷སྡེ༷འི་ ཚོ༷གས་ལ༷ས་རྒྱུ་མཚན་དུ་མས་ཆོས་དབྱིངས་བྱང་ཆུབ་རང་ལ་ཡོད་པ་དེ་གསུ༷ངས་པ༷་ལ༷གས། སྟོབས་བཅུ་སྟོབས་ཀྱིས་བྱིས་པ་རྣམས། །བྱིན་རླབས་ཟླ་བ་ཚེས་པ་བཞིན། །ཉོན་མོངས་ཅན་ གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཞེས་གསུངས་ཏེ། རང་རྒྱུད་ལ་ ཡོད་པའི་སངས་རྒྱས་སྟོ༷བས་བཅུ༷་མངའ་བའི་སྟོ༷བས་ཀྱི༷ས་འཕགས་པར་མ་གྱུར་པའི་བྱི༷ས་ པ༷་རྣ༷མས་ཀྱང་བྱི༷ན་གྱིས་བརླ༷བས་ནས་སངས་རྒྱས་ཀྱི་སྐུ་ཟླ༷་བ༷་ཚེ༷ས་པ༷་མཐོང་བཞི༷ན་ཞེས་ 3-1-146 ཅུང་ཟད་མཐོང་ངོ༌། །ཉོ༷ན་མོ༷ངས་ཅ༷ན་གྱི༷་སེ༷མས་ཅ༷ན་གྱི༷ས་ནི་དེ༷་བཞི༷ན་གཤེ༷གས་པ༷་རང་ ལ་ཡོད་ཀྱང་མི༷་མཐོ༷ང་ངོ༷༌། །ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམས་པར་མཐོང་ བ་བཞིན། །དེ་བཞིན་མི་ཤེས་པས་བསྒྲིབས་པའི། །སངས་རྒྱས་རྣམས་ནི་མེད་པར་བཏགས། །ཞེས་གསུངས་ཏེ། སྔོན་ལས་ངན་པའི་སྟོབས་ཀྱིས་དཔེ་ཇི༷་ལྟ༷ར་ཡི༷་དྭ༷གས་རྣ༷མས་ཀྱི༷ས་ནི༷་ རྒྱ༷་མཚོ༷་ཡོད་ཀྱང་སྐ༷མས་ནས་མེད་པ༷ར་མཐོ༷ང་བ༷་བཞི༷ན། དཔེ་དེ༷་བཞི༷ན་དུ་སྔོན་ལས་ངན་ པའི་སེམས་ཅན་རྣམས་ཀྱིས་སངས་རྒྱས་རང་རྒྱུད་དུ་ཡེ་ནས་ཡོད་ཀྱང་མི༷་ཤེ༷ས་པ་གཏི་མུག་ གི༷ས་བསྒྲི༷བས་པ༷འི་རང་རྒྱུད་ཀྱི་ས༷ངས་རྒྱ༷ས་རྣ༷མས་ནི༷་མེ༷ད་པ༷ར་བཏ༷གས་སོ། ། དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆིས། །ཇི་ ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་གསུངས་ཏེ། རང་ རྒྱུད་ཀྱི་སངས་རྒྱས་མི་མཐོང་བ་དེ་ནི་རང་གི་སྔོན་ལས་ངན་པའམ་ངོ་བོ་ངན་ཞིང་དམ༷ན་པ༷་ བསོ༷ད་ན༷མས་ཀྱང་དམ༷ན་པ༷་ལ༷། རང་ལ་ཡོད་པའི་བཅོ༷མ་ལྡ༷ན་འད༷ས་ཀྱི༷་སྐུ་སྟོན་པ་ལ་ སོགས་པའི་ཕན་པ་ཅི༷་བགྱི༷ར་མཆི༷ས་ཏེ་མ་མཆིས་སོ། །བསོད་ནམས་མ་བྱས་པའི་སེམས་ ཅན་རྣམས་ཀྱིས་རང་ལ་བཞུགས་པའི་སངས་རྒྱས་མི་མཐོང་བ་དཔེ་ཇི༷་ལྟ༷ར་དམུ༷ས་ལོ༷ང་ ལ༷ག་པ༷་རུ༷། རི༷ན་ཆེ༷ན་མཆོ༷ག་ནི༷་བཞ༷ག་པ༷་ན་རང་གིས་མི་མཐོང་བ་དང་འདྲ༷འོ། ། སེམས་ཅན་བསོད་ནམས་བྱས་རྣམས་ལ། །འོད་ཀྱིས་གསལ་ཞིང་དཔལ་ལྡན་པ། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་བཞུགས། །ཞེས་གསུངས་ ཏེ། སེ༷མས་ཅ༷ན་དད་པ་ལ་སོགས་པའི་བསོ༷ད་ན༷མས་བྱ༷ས་པ་རྣ༷མས་ལ༷་རང་རྒྱུད་ཀྱི་སངས་ རྒྱས་ཀྱི་བྱིན་རླབས་འོ༷ད་ཀྱི༷་རང་བཞིན་ཀུན་རྫོབ་གཞན་སྣང་ངོར་གས༷ལ་ཞི༷ང་སྤངས་རྟོགས་ ཀྱི་དཔ༷ལ་དང་ལྡ༷ན་པ༷་ཡེ་ནས་རང་ཆས་སུ་བསོད་ནམས་རྒྱ་ཆེན་པོ་རྫོགས་པ་དེ་ཀུན་རྫོབ་ གཞན་སྣང་ངོར་ཕྱག་ཞབས་འཁོར་ལོས་མཚན་པ་དང༌། རུས་སྦལ་ཞབས། ཕྱག་ཞབས་སོར་ 3-1-147 མོ་དྲྭ་བས་འབྲེལ་བ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། སྐུའི་གནས་བདུན་མཐོ་ བ། སོར་མོ་རིང་བ། རྟིང་བ་ཡངས་པ། སྐུ་ཆེ་ཞིང་དྲང་བ། ཞབས་ལོང་བུ་མི་མངོན་པ། བ་ སྤུ་གྱེན་དུ་ཕྱོགས་པ། བྱིན་པ་ཨེ་ན་ཡའི་འདྲ་བ། ཕྱག་རིང་ཞིང་མཛེས་པ། འདོམས་ཀྱི་སྦ་བ་ སྦུབས་སུ་ནུབ་པ། པགས་པ་གསེར་མདོག་འདྲ་བ། པགས་པ་སྲབ་ཅིང་འཇམ་པ། བ་སྤུ་རེ་ རེ་ནས་གཡས་སུ་འཁྱིལ་བ། ཞལ་མཛོད་སྤུས་བརྒྱན་པ། རོ་སྟོད་སེང་གེ་འདྲ་བ། དཔུང་བའི་ མགོ་ཟླུམ་པ། ཐལ་གོང་རྒྱས་པ། རོ་མི་ཞིམ་པ་རོ་མཆོག་སྣང་བ། སྐུ་ནྱ་གྲོ་དྷལྟར་ཆུ་ཞེང་གབ་ པ། གཙུག་ཏོར་བལྟར་མི་མངོན་པ། ལྗགས་རིང་ཞིང་སྲབ་པ། གསུང་ཚངས་དབྱངས་ལྟ་བུ། འགྲམ་པ་སེང་གེའི་འདྲ་བ། ཚེམས་ཤིན་ཏུ་དཀར་བ། ཚེམས་མཉམ་པ། ཚེམས་ཐགས་བཟང་ བ། ཚེམས་གྲངས་བཞི་བཅུ་ཚང་བ། སྤྱན་མཐོན་མཐིང་འདྲ་བ། སྤྱན་གྱི་རྫི་མ་བ་མཆོག་གི་ རྫི་མ་འདྲ་བ་སྟེ་སུ༷མ་ཅུ༷་རྩ༷་གཉི༷ས་མཚ༷ན་འབ༷ར་བ༷། རང་རྒྱུད་ཀྱི་ས༷ངས་རྒྱ༷ས་སེམས་ཅན་ དེ༷་ཡི༷་མདུ༷ན་ན༷་མངོན་སུམ་དུ་བཞུ༷གས་སོ། །མགོན་པོ་དེ་ཡི་གཟུགས་ཀྱི་སྐུ། །བསྐལ་པ་ མང་པོར་བཞུགས་ནས་ཀྱང༌། །གདུལ་བྱ་རྣམས་ནི་འདུལ་བའི་ཕྱིར། །དབྱིངས་ཉིད་ཐ་དད་ གྱུར་པ་ལགས། །ཞེས་གསུངས་ཏེ། ཡེ་གདོད་མ་ནས་བཞུགས་པའི་དོན་དམ་པའི་མགོ༷ན་ པོ༷་སངས་རྒྱས་དེ༷་ཡི༷་གཟུ༷གས་ཀྱི༷་སྐུ༷་རྣམ་པ་ཐམས་ཅད་པ་ཡིན་ཡང༌། བསྐ༷ལ་པ༷་མ༷ང་པོ༷ར་ འཁོར་འདས་ཀུན་ལས་མི་འདའ་བར་བཞུ༷གས་ན༷ས་ཀྱ༷ང་གདུ༷ལ་བྱ༷ར་གྱུར་པའི་སེམས་ཅན་ རྣ༷མས་ནི་འདུ༷ལ་པ༷འི་ཕྱི༷ར། ཆོས་ཀྱི་དབྱི༷ངས་ཡེ་ཤེས་ཀྱི་སྐུ་ཉི༷ད་དོན་དམ་པའི་གཟུགས་ སྐུའི་རྣམ་པ་ཐ༷་ད༷ད་དུ་གྱུ༷ར་པ༷་རྣམས་ལ༷གས་སོ། ། སེམས་ཀྱི་ཡུལ་ནི་ངེས་རྟོགས་ནས། །དེར་ནི་ཤེས་པ་འཇུག་པར་འགྱུར། །སོ་སོར་རང་ རིག་རྣམ་དག་ན། །ས་རྣམས་དེ་ཡི་བདག་ཉིད་གནས། །ཞེས་གསུངས་ཏེ། དོན་དམ་བྱང་ཆུབ་ སེ༷མས་མཆོག་གི༷་ཡུ༷ལ་ནི༷་ངེ༷ས་པར་རྟོ༷གས་ན༷ས། རྟོགས་བྱའི་ཡེ་ཤེས་དེ༷ར་ནི༷་ཡུལ་གཞན་ 3-1-148 གྱི་ཤེ༷ས་པ༷་དང་རོ་མཉམ་དུ་འཇུ༷ག་པ༷ར་འགྱུ༷ར། དེར་བཞུགས་པའི་ཡེ་ཤེས་སོ༷་སོ༷ར་ར༷ ང་ རི༷ག་རྣ༷མ་པར་ད༷ག་ན༷། ས༷་རྣ༷མས་ཀྱི་ཡེ་ཤེས་དེ༷་ཡི༷་བད༷ག་ཉི༷ད་དུ་གན༷ས། སྐབས་འདིའི་ སའི་བགྲོད་ཚུལ་འོག་ཏུ་འཆད། དབང་ཕྱུག་ཆེན་པོ་གནས་མཆོག་དང༌། །འོག་མིན་ཉིད་དེ་རྣམ་མཛེས་པ། །ཤེས་པ་ གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་གསུངས་ཏེ། རྣམ་པར་དག་ པའི་ཆོས་དབྱིངས་དེ་ཉིད་དབ༷ང་ཕྱུ༷ག་ཆེ༷ན་པོ༷འི་གན༷ས་ཆོས་སྐུ་མཆོ༷ག་ད༷ང༌། འོ༷ག་མི༷ན་ཉི༷ད་ དེ༷འི་ལོངས་སྐུ་དང་རྣ༷མ་འགྱུར་སྤྲུལ་སྐུའོ། །མཛེ༷ས་པ༷་དེ་དག་གང་སྨྲ་ན་སྐུ་གསུམ་གྱི་ཤེ༷ས་ པ༷་གསུ༷མ་པོ༷་རོ་གཅི༷ག་ཉི༷ད་དུ་འདྲེ༷ས་པ༷ར་གྱུ༷ར་ལ༷་འཕགས་པ་ཀླུ་སྒྲུབ་བད༷ག་གིས་སྨྲ༷འོ། །བྱིས་པའི་ནང་ན་ཀུན་མཁྱེན་དང༌། །འཕགས་པའི་ནང་ན་སྣ་ཚོགས་ཉིད། །དབང་ཕྱུག་ཆེན་ པོ་ཚེ་དཔག་མེད། །བསྐལ་པ་ཚེ་ཡི་རྒྱུ་གང་ཡིན། །ཞེས་གསུངས་ཏེ། ཡང་དེ་ཉིད་བྱི༷ས་པ༷འི་ ན༷ང་ན༷་ཀུ༷ན་མཁྱེ༷ན་སྤྲུལ་པའི་སྐུ་ད༷ང༌། འཕ༷གས་པ༷འི་ན༷ང་ན༷་ལོངས་སྤྱོད་རྫོགས་པའི་སྐུ་སྣ༷་ ཚོ༷གས་ཉི༷ད་དང༌། དབ༷ང་ཕྱུ༷ག་ཆེ༷ན་པོ༷་ཆོས་ཀྱི་སྐུ་སངས་རྒྱས་ཚེ༷་དཔ༷ག་མེ༷ད་པའོ། །བསྐ༷ལ་ པ༷་མང་པོར་གཟུགས་སྐུ་བཞུགས་པའི་སྐུ་ཚེ༷་ཡི༷་རྒྱུ༷་ག༷ང་ཡི༷ན་སྙམ་ན། ཕྱི་རོལ་སེམས་ཅན་ཁམས་ཀྱི་ཡང༌། །དཔག་ཏུ་མེད་པའི་བསྐལ་པར་ནི། །ཚེ་ཡང་གང་ གིས་བསྲུངས་གྱུར་ཅིང༌། །སྲོག་ཆགས་ཀུན་གྱི་སྲོག་གནས་པའི། །རྒྱུ་གང་མི་ཟད་པ་དེ་ཉིད། །གང་གིས་འབྲས་བུ་མི་ཟད་གང༌། །སྣང་བ་མེད་པའི་བྱེ་བྲག་གིས། །ཤེས་རབ་བསྐྱེད་དོན་ རབ་ཏུ་འཇུག །བྱང་ཆུབ་རིང་བར་མི་བསམ་ཞིང༌། །ཉེ་བར་ཡང་ནི་བསམ་མིབྱ། །ཡུལ་དྲུག་ སྣང་བ་མེད་པར་ནི། །ཡང་དག་ཇི་བཞིན་རིག་གྱུར་པ། །ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་ གཅིག་ན་ནི་གནས་པ་ལས། །ངང་པས་འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ནས། །ཡེ་ཤེས་ལུས་འདིར་གཅིག་གནས་ཀྱང༌། །རྣལ་ 3-1-149 འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་པ་ནི་འདོར་བར་བྱེད། །བདག་དང་བདག་གིར་ཞེས་ འཛིན་པས། །ཇི་སྲིད་ཕྱི་རྣམ་སྒྲོ་བཏགས་པས། །བདག་མེད་རྣམ་པ་གཉིས་མཐོང་ནས། །སྲིད་ པའི་ས་བོན་འགག་པར་འགྱུར། །གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་བ་རྟག་པ་དགེ་ བའི་གཞི། །དག་ཕྱིར་གཉིས་ནི་བྱིས་པས་བརྟགས། །དེ་ཡིས་གཉིས་མེད་རྣལ་འབྱོར་གནས། །དཀའ་སྤྱད་སྣ་ཚོགས་སྦྱིན་པ་དང༌། །ཚུལ་ཁྲིམས་སེམས་ཅན་དོན་སྡུད་དང༌། །སེམས་ཅན་ ཕན་བྱེད་བཟོད་པ་སྟེ། །གསུམ་པོ་འདི་ཡིས་ཁམས་རྒྱས་འགྱུར། །ཆོས་རྣམས་ཀུན་ལ་བརྩོན་ འགྲུས་དང༌། །བསམ་གཏན་ལ་སེམས་འཇུག་པ་དང༌། །རྟག་ཏུ་ཤེས་རབ་བརྟན་པ་སྟེ། །འདི་ ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཐབས་དང་བཅས་པའི་ཤེས་རབ་དང༌། །སྨོན་ལམ་རྣམ་པར་ སྦྱངས་པ་དང༌། །སྟོབས་ལ་ངེས་གནས་ཡེ་ཤེས་དེ། །ཁམས་རྒྱས་བྱེད་པའི་ཆོས་བཞི་པོ། །བྱང་ཆུབ་སེམས་ཕྱག་མིབྱ་ཞེས། །སྨྲ་བ་ངན་པར་སྨྲ་བ་སྟེ། །བྱང་ཆུབ་སེམས་དཔའ་མ་བྱུང་ བར། །ཆོས་ཀྱི་སྐུ་ནི་འབྱུང་མ་ཡིན། །བུར་ཤིང་ས་བོན་ལ་སྡང་གང༌། །ཀ་ར་སྤྱད་པར་འདོད་ པ་དེས། །བུར་ཤིང་ས་བོན་མེད་པར་ནི། །ཀ་ར་འབྱུང་བར་འགྱུར་མ་ཡིན། །བུར་ཤིང་ས་ བོན་གང་སྲུང་ནས། །ཉེར་གནས་ཤིང་ལ་སྒྲུབས་པ་ལས། །བུ་རམ་ཀ་ར་ཧྭགས་རྣམས་ནི། །དེ་ལས་འབྱུང་བར་འགྱུར་བ་ལྟར། །བྱང་ཆུབ་སེམས་ནི་རབ་བསྲུངས་ནས། །ཉེ་བར་གནས་ ཤིང་སྒྲུབ་པ་ལས། །དགྲ་བཅོམ་རྐྱེན་རྟོགས་སངས་རྒྱས་རྣམས། །དེ་ལས་སྐྱེ་ཞིང་འབྱུང་བར་ འགྱུར། །ཇི་ལྟར་སཱ་ལུའི་ས་བོན་སོགས། །ཞིང་བས་སྲུང་བར་བྱེད་པ་ལྟར། །དེ་བཞིན་ཐེག་ མཆོག་མོས་རྣམས་ལ། །འདྲེན་པ་རྣམས་ཀྱིས་བསྲུང་བར་མཛད། །ཇི་ལྟར་མར་ངོའི་བཅུ་ བཞི་ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལའང༌། །སངས་ རྒྱས་སྐུ་ནི་ཅུང་ཟད་མཐོང༌། །ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་ མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱང༌། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཇི་ 3-1-150 ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་འགྱུར་བ་ལྟར། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་མོས་པ་ བརྟན་པོ་ཡིས། །སེམས་དེ་ཡང་དག་བསྐྱེད་བྱས་ན། །ཕྱིར་མི་ལྡོག་པ་ཡང་ཡང་འབྱུང༌། །ནག་ པོ་གཞི་ནི་ཡོངས་སྤངས་ནས། །དཀར་པོ་གཞི་ནི་རབ་བཟུང་བས། །དེ་ཚེ་དེ་ནི་ངེས་རྟོགས་ པ། །དགའ་བ་ཞེས་ནི་མངོན་པར་བརྗོད། །འདོད་ཆགས་ལ་སོགས་སྣ་ཚོགས་པའི། །དྲི་མས་ རྟག་ཏུ་དྲི་མ་ཅན། །དྲི་མ་མེད་པས་གང་དག་པ། །དྲི་མ་མེད་ཅེས་བརྗོད་པ་ཡིན། །ཉོན་མོངས་ དྲ་བ་རབ་འགགས་ནས། །དྲི་མེད་ཤེས་རབ་རབ་གསལ་བས། །ཚད་མེད་པ་ཡི་མུན་པ་དག །སེལ་བར་བྱེད་པས་འོད་བྱེད་པའོ། །རྟག་ཏུ་དག་པའི་འོད་ཀྱིས་གསལ། །འདུ་འཛི་རྣམ་པར་ སྤངས་པ་ཡི། །ཡེ་ཤེས་འོད་ཀྱིས་རབ་བསྐོར་བས། །ས་དེ་འོད་འཕྲོ་ཅན་དུ་འདོད། །རིག་པ་ སྒྱུ་རྩལ་བཟོ་གནས་ཀུན། །བསམ་གཏན་རྣམ་པ་སྣ་ཚོགས་ཉིད། །ཉོན་མོངས་ཤིན་ཏུ་སྦྱངས་ དཀའ་ལས། །རྣམ་པར་རྒྱལ་བས་སྦྱངས་དཀར་འདོད། །བྱང་ཆུབ་རྣམ་པ་གསུམ་པོ་དང༌། །ཕུན་སུམ་ཚོགས་ཀུན་བསྡུ་བ་དང༌། །སྐྱེ་དང་འཇིག་པ་ཟད་པ་ལ། །ས་དེ་མངོན་དུ་གྱུར་པར་ འདོད། །འཁོར་ལོའི་བཀོད་པ་རྣམ་ཀུན་ཏུ། །འོད་ཀྱི་དྲ་བས་རྩེ་བ་དང༌། །འཁོར་བའི་མཚོ་ ཡི་འདམ་བརྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །སངས་རྒྱས་ཀྱིས་ངེས་འདུ་བཟུང་ཞིང༌། །ཡེ་ཤེས་རྒྱ་མཚོར་ཞུགས་པ་དང༌། །འབད་མེད་ལྷུན་གྱིས་གྲུབ་གྱུར་པ། །བདུད་ཀྱི་འཁོར་ གྱིས་མི་གཡོས་པའོ། །སོ་སོ་ཡང་དག་རིག་ཀུན་ལ། །ཆོས་སྟོན་པ་ཡི་འབེལ་བའི་གཏམ། །རྣལ་འབྱོར་པ་དེ་མཐར་སོན་པས། །ས་དེ་ལེགས་པའི་བློགྲོས་འདོད། །ཡེ་ཤེས་རང་བཞིན་ དེ་ཡི་སྐུ། །དྲི་མེད་ནམ་མཁའ་དང་ཉམས་པ། །སངས་རྒྱས་རྣམས་ཀྱིས་འཛིན་པ་ལས། །ཆོས་ ཀྱི་སྤྲིན་ནི་ཀུན་ཏུ་ འབྱུང༌། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུ་ཡོངས་འཛིན་པས། 3-1-151 །གནས་ནི་ཡོངས་སུ་གྱུར་པ་ཏེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །བག་ཆགས་ལས་གྲོལ་ བསམ་མི་ཁྱབ། །འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་ཏུ་བསམ་མི་ཁྱབ། །གང་གིས་ཁྱོད་ནི་ཤེས་པར་ནུས། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་ གྱི་སྤྱོད་ཡུལ་མིན། །ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །རིམ་གྱིས་འཇུག་པའི་ལུགས་ཉིད་ཀྱིས། །སངས་རྒྱས་སྲས་པོ་གྲགས་ཆེན་རྣམས། །ཆོས་ ཀྱི་སྤྲིན་གྱི་ཡེ་ཤེས་ཀྱིས། །ཆོས་ཉིད་སྟོང་པ་མཐོང་གྱུར་ནས། །གང་ཚེ་སེམས་ནི་རབ་བཀྲུས་ པས། །འཁོར་བའི་གཟེབ་ལས་འདས་གྱུར་ནས། །པདྨ་ཆེན་པོའི་རང་བཞིན་གྱིས། །སྟན་ ལ་དེ་ནི་རབ་གནས་འགྱུར། །འདབ་མ་རིན་ཆེན་དུ་མས་འོད། །འདོད་པར་བྱ་བའི་ཟེའུ་འབྲུ་ ཅན། །པདྨ་བྱེ་བ་དུ་མ་ཡིས། །རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར། །སྟོབས་བཅུ་པོ་ཡིས་ཡོངས་ སུ་གང༌། །མི་འཇིགས་པ་ཡིས་གང་དག་ངོམས། །བསམ་མི་ཁྱབ་པའི་སངས་རྒྱས་ཆོས། །སྤྲོས་མེད་རྣམས་ལས་ཉམས་མི་མངའ། །ལེགས་པར་སྤྱད་པའི་ལམ་ཀུན་གྱིས། །བསོད་ ནམས་ཡེ་ཤེས་རབ་བསགས་པའི། །ཟླ་བ་ཉ་ལ་སྐར་མ་ཡིས། །འཁོར་དུ་རྣམ་པ་ཀུན་གྱིས་ བསྐོར། །སངས་རྒྱས་ཕྱག་གི་ཉི་མ་དེར། །དྲི་མེད་རིན་ཆེན་འབར་གྱུར་དེས། །སྲས་ཀྱི་ཐུ་ བོར་དབང་བསྐུར་བས། །དབང་བསྐུར་བ་ནི་ཀུན་ཏུ་སྩོལ། །རྣལ་འབྱོར་ཆེན་པོ་དེར་གནས་ ནས། །རྨོངས་པས་དམན་པའི་འཇིག་རྟེན་རྣམས། །སྡུག་བསྔལ་གྱིས་གཡེངས་འཇིགས་པ་ ལ། །ལྷ་ཡི་སྤྱན་གྱིས་གཟིགས་གྱུར་ནས། །དེ་ཡི་སྐུ་ལས་འོད་ཟེར་རྣམས། །འབད་པ་མེད་ པར་འབྱུང་འགྱུར་ཏེ། །རྨོངས་པའི་མུན་པར་ཞུགས་དེ་ཡིས། །སྒོ་རྣམས་འབྱེད་པར་མཛད་པ་ ཡིན། །ལྷག་བཅས་མྱ་ངན་འདས་པ་རྣམས། །ལྷག་མེད་མྱ་ངན་འདས་པར་འདོད། །འདིར་ནི་ མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་སེམས་འགྱུར་པའོ། །སེམས་ཅན་ཀུན་གྱི་དངོས་མེད་ པའི། །ངོ་བོ་དེ་ཡང་དེའི་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དཔའ་འོ། །ཤིན་ཏུ་དྲི་མེད་ 3-1-152 ཆོས་ཀྱི་སྐུ། །དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་གནས་གྱུར་ནས། །སྣ་ཚོགས་ནོར་ བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རབ་མཛད། །ཆོས་ཀྱི་དབྱིངས་སུ་བསྟོད་པ་སློབ་ དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀྲ ་ཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། ། (ཆོས་དབྱིངས་བསྟོད་པའི་འབྲུ་འགྲེལ་འདི་རྗེ་ཉིད་ཀྱིས་མཛད་པ་ཡིན་ཀྱང་ཁོང་གིས་ཞུ་དག་ཐེབས་མེད་པ་དང་རྩོམ་ འཕྲོར་ལུས་ཡོད་པས་ངེས་དོན་གྱི་མཁས་པ་ཚོས་ཐུགས་དཔྱད་གནང་བ་མ་གཏོགས་ང་ཚོས་འོལ་ཚོད་བྱས་མེད་པ་ཐུགས་ལ་ འཇགས་འཚལ) 3-1-153 ༄༅། །འཁོར་བ་དང་མྱང་འདས་ཀྱི་སེམས་ཀྱི་རྣམ་ དབྱེ་གསལ་བའི་སྒྲོན་མེ་ཞེས་བྱ་ བ་བཞུགས་སོ། ། ༄༅། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་འདི་རྣམས་སུ་ ཕྱི་ནང་གཞན་གསུམ་གྱི་རིམ་པས་ཀྱང་གསུངས་ཏེ། དེ་ལ་ཕྱི་ཆགས་འཇིག་གནས་པ་འཇིག་ རྟེན་གྱི་ཁམས་དང༌། ནང་རྩ་རླུང་ཐིག་ལེའི་རང་བཞིན་དང༌། གཞན་མཆོག་ཆོས་ཉིད་དེ་ བཞིན་ཉིད་ཟུང་འཇུག་གི་བདག་ཉིད་ཅན་རྣམས་ཡིན་ལ། གཞན་མཆོག་དེ་ཐོབ་བྱེད་ཀྱི་ ཐབས་དབང་དང་བསྐྱེད་རྫོགས་ལ་སོགས་པའི་ལམ་རྣམས་ཀྱང་རྒྱ་ཆེ་བས་རེ་ཞིག་བཞག་གོ། ། དེ་ལས་ཕྱི་ནང་གཉིས་ནི་རྒྱུ་རྒྱུད་ཀྱི་ཆོས་སུ་གཏོགས་ལ། གཞན་ལ་དབྱེ་ན་ཐབས་རྒྱུད་ དང༌། འབྲས་རྒྱུད་གཉིས་སུ་འགྱུར་རོ། །དེ་ལ་རྒྱུད་དེ་གསུམ་པོའི་དོན་གྱི་གཙོ་བོ་ཡེ་ནས་ བཞུགས་པའི་ཆོས་ཉིད་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་ཡིན་པས་ངོ་བོའི་སྒོ་ནས་དབྱེ་བ་ མེད་ལ། རྒྱུད་ཅེས་བྱ་བའི་སྒྲ་དངོས་ཀྱང་འདི་ལ་འཇུག་པ་ཡིན་ཞིང༌། གདུལ་བྱ་གང་ཟག་ སོ་སོའི་གནས་སྐབས་གསུམ་གྱི་བློའི་འཆར་སྒོ་ལྟར་འཁོར་བ་དང༌། ལམ་དང༌། འབྲས་བུའི་ ཆོས་སྣ་ཚོགས་པར་ཤར་བ་རྣམས་ནི་རྒྱུ་དང༌། ལམ་དང༌། འབྲས་བུར་འཇོག་པའི་སྐབས་ ཡོད་ཀྱང་དེ་ནི་རྒྱུད་བཏགས་པ་བ་ཡིན་ཏེ། དེ་དག་རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་དངོས་ 3-1-154 སུ་མི་འཇོག་གོ། ། དེ་དག་ལས་སྐབས་འདིར་ཐབས་ཀྱི་མཆོག་རྫོགས་པའི་རིམ་པ་གཙོ་བོར་གཏན་ལ་ དབབ་པར་བྱ་བ་ཡིན་ཞིང༌། དེ་ཉིད་རྟོགས་པར་བྱ་བའི་ཡན་ལག་རྒྱུ་རྒྱུད་དང་འབྲས་བུའི་ རྣམ་པར་བཞག་པ་ཡང་ཅུང་ཟད་ཙམ་གཏན་ལ་དབབ་པར་བྱ་དགོས་པས། དེའི་དོན་གྱི་ གནད་དོན་འདི་ལྟར་བཟུང་བར་བྱ་སྟེ། གང་ལ་སྒྲུབ་པའི་ཡུལ་གཞིའི་གནས་ལུགས་གཏན་ལ་དབབ་པ་ལ། གཞིའི་གནས་ ལུགས་སྤྱིར་བཤད་པ་དང༌། ལུས་ཀྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་གཞིའི་ གནས་ལུགས་སྤྱིར་བཤད་པ་ཡང༌། རྒྱུ་རྒྱུད་ཀྱི་ངོ་བོ་སེམས་རང་བཞིན་གྱིས་འོད་གསལ་བ་ དང་པོའི་སངས་རྒྱས་དང༌། དོན་དམ་རྫོགས་པའི་སངས་རྒྱས་དངོས་དང༌། བདེ་གཤེགས་ སྙིང་པོའི་མིང་གིས་བསྟན་པ་དང༌། གདོད་མ་ནས་བདེ་སྟོང་ཟུང་དུ་འཇུག་པའི་མཚན་ཉིད་ ཅན་གྱི་སེམས་ཉིད་འདི་ཁོ་ན་ཡིན་ལ། སྤྱིར་སེམས་ལ་དབྱེ་ན་འཁོར་བའི་སེམས་དང༌། མྱ་ ངན་ལས་འདས་པའི་སེམས་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། རྣམ་ཤེས་ཚོགས་བརྒྱད་དང༌། སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་གློ་བུར་གྱི་དྲི་མའི་སེམས་ནི་འཁོར་བ་དང༌། ཀུན་ རྫོབ་ཀྱི་སེམས་དང༌། སེམས་སེམས་ཉིད་གཉིས་ཀྱི་ཟླས་ཕྱེ་བའི་སེམས་སོ། །དོན་དམ་གྱི་ སེམས་ནི་ཆོས་དབྱིངས་དང༌། ཟུང་འཇུག་གི་སེམས་ཀྱང་ཡིན་ནོ། ། དེ་སྒྲུབ་བྱེད་ཀྱི་ལུང་ནི། ཀུན་རྫོབ་བདེན་པའི་སེམས་དང༌། དོན་དམ་བདེན་པའི་སེམས་ གཉིས་ངོས་འཛིན། དཔལ་དྲི་མ་མེད་པའི་འོད་ལས། དེ་ལྟར་འཁོར་བའི་སེམས་ཀྱི་རང་ བཞིན་གྱི་སད་པ་ལ་སོགས་པའི་དབྱེ་བ་རྣམ་པ་བཞིར་ངེས་པའོ། །ཞེས་དང༌། གང་གི་ཕྱིར་ འཁོར་བའི་བག་ཆགས་ལས་གྲོལ་བའི་སེམས་ཀྱི་ཆོས་ཉིད་ཡིན་པ་དེའི་ཕྱིར། གང་སེམས་ ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་ 3-1-155 འདས་པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་ སོ། །ཞེས་པ་སྟེ། གནས་སྐབས་བཞིའི་སེམས་ནི་འཁོར་བའི་སེམས་དང༌། དྲི་མ་རྣམས་གདོད་ ནས་གྲོལ་བའི་སེམས་ནི་མྱང་འདས་ཀྱི་སེམས་སོ། །རྒྱུད་ལས། བུམ་པའི་ནང་དུ་ཆུ་ནི་ལེན་ པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ཉིད། །ཅེས་དང༌། དེའི་འགྲེལ་པར་ ཡང་མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ཐམས་ཅད་ཀྱི་ལུས་ལ་གནས་ པ་ནི་གང་གིས་ཀྱང་མ་བཅིངས་ཤིང་མ་གྲོལ་བའོ། །ཞེས་གསུངས་པས་ཀྱང་ཤིན་ཏུ་གསལ་ ལོ། །དེ་ལྟ་བུའི་རྒྱུ་རྒྱུད་སེམས་རང་བཞིན་གྱིས་འོད་གསལ་བ་དེ་རང་བཞིན་གནས་རིགས་ དང༌། བདེ་གཤེགས་སྙིང་པོ་དང༌། བདག་གི་དེ་ཁོ་ན་ཉིད་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་ དང༌། དོམ་དམ་པའི་བྱང་ཆུབ་དང༌། དོན་དམ་པའི་སངས་རྒྱས་ཞེས་ཀྱང་བྱ་ཞིང༌། དེ་ཉིད་ཀྱི་ ངོ་བོ་ཆ་མེད་ཀུན་འགྲོ་ཀུན་ཁྱབ་ཡིན་ཀྱང༌། རེ་ཞིག་ལྡོག་ཆས་ཕྱེ་བའི་རྣམ་གཞག་བྱས་ན། རྒྱུ་ རྒྱུད་རང་བཞིན་འོད་གསལ་དེ་ཉིད་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་ཀྱི་ཐིག་ལེ་ སྟེ། ཐིག་ལེ་བཞིའི་ངོ་བོར་གནས་ཤིང༌། དེ་ལྟར་གནས་པའི་གོ་དོན་ཡང་ལུས་ངག་ཡིད་ཡེ་ ཤེས་ཀྱི་དྭངས་མ་དང་ཆོས་ཉིད་ཡིན་པའི་ཕྱིར་ཐིག་ལེ་ཞེས་བྱ་ཞིང༌། ཆོས་ཉིད་དེ་ཡང་ཀུན་ རྫོབ་ཀྱི་སྣང་བ་མ་ཡིན་མོད། དོན་དམ་པའི་ལུས་ངག་ཡིད་ཡེ་ཤེས་ཀྱི་སྣང་བ་མཐའ་ཡས་པ་ ཅན་ཡིན་པའི་ཕྱིར། སྤྱིར་སྣང་མེད་དུ་མི་འཇོག་གོ། ། དེ་ལྟར་ཐིག་ལེ་བཞི་པོ་དེ་ཉིད་འབྲས་དུས་ཀྱི་སྐུ་བཞིའམ་རྡོ་རྗེའི་བཞིའི་རྒྱུ་རྒྱུད་ཡིན་ ཞེས་བྱ་ལ། ཞིབ་མོར་ན་གཞི་འབྲས་དབྱེ་བ་མེད་པ་ཡིན་པའི་ཕྱིར། ཐིག་ལེ་བཞི་པོ་དེ་ཉིད་ སྐུ་བཞི་ཡིན་ཀྱང་སེམས་ཅན་རྣམས་ལ་ཐིག་ལེ་བཞི་ཙམ་ལས་འཕྲོས་པའི་སྣང་བ་འབྱུང་བའི་ ཕྱིར་རྒྱུ་རྒྱུད་དུ་འཇོག་ལ། སངས་རྒྱས་རྣམས་ལ་ལས་བཞིའི་སྣང་བ་གཙོ་བོར་འབྱུང་བའི་ 3-1-156 ཕྱིར་འབྲས་རྒྱུད་དུ་འཇོག་པ་ཡིན་ཞིང༌། ཐབས་རྒྱུད་ལའང་དེས་རིགས་འགྲེའོ། །དོན་དམ་ པའི་སྣང་བ་ཅན་ཏེ་སེམས་ཅན་ཐམས་ཅད་ལ་གནས་པ་ཡིན་ཀྱང་ལམ་མ་བསྒོམས་པ་རྣམས་ ལ་སྣང་བ་དེ་མི་སྣང་ངོ༌། །ཞེས་དང༌། དེ་རྣམས་དོན་དམ་པའི་ཐིག་ལེ་ཡིན་པའི་ཕྱིར་མི་ འགྱུར་བའི་བདེ་བའང་ཡིན་ལ། དོན་དམ་དུས་ཀྱི་འཁོར་ལོའི་ཞལ་བཞི་དངོས་ཀྱང་ཐིག་ལེ་ བཞི་པོ་འདི་ཡིན་ཞིང༌། གཞི་འཁོར་བའི་ཆོས་ལ་དགོངས་ཏེ། གནས་སྐབས་བཞི་ལ་བཤད་ པ་ནི་ཐིག་ལེ་འདི་རྣམས་ཀྱི་དྲི་མ་ཡིན་པ་ལ་དགོངས་སོ། །ཞེས་པ་རྣམས་གྲུབ་དོན་ནོ། །དོན་ དམ་དབྱིངས་དེ་ཁམས་ལྔའི་དྭངས་མ་ཡིན་པའི་ཕྱིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ཞེས་བརྗོད་དེ། དེ་ནི་ཡེ་ཤེས་ལྔའི་རང་བཞིན་རྒྱུ་རྒྱུད་ཡིན་ལ། ཕུང་པོ་དྲུག་གམ་འབྱུང་བ་དྲུག་གི་དྭངས་མ་ ཡིན་པའི་ཕྱིར་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་བྱ་སྟེ། རྒྱལ་བ་རིགས་དྲུག་དང༌། ཡུམ་ དྲུག་གི་རྒྱུ་རྒྱུད་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་དང༌། རླུང་འཕོ་བ་ བཅུ་གཉིས་ཀྱི་དྭངས་མ་ཡིན་པའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་རྟོགས་པའི་ཡེ་ཤེས་ ཆོས་སྐུའི་རྒྱུ་རྒྱུད་དང༌། ཐིག་ལེའི་འཕོ་བ་བཅུ་དྲུག་གི་ཆོས་ཉིད་ཡིན་པའི་ཕྱིར་དོན་དམ་པའི་ དགའ་བ་བཅུ་དྲུག་ཀྱང་ཡིན་ལ། དེ་ཉིད་རྣམ་པ་བཅུ་དྲུག་མཁྱེན་པའི་ཡེ་ཤེས་བཅུ་དྲུག་དང༌། སྐུ་བཅུ་དྲུག་གི་རྒྱུ་རྒྱུད་ཀྱང་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་དག་ལས་སྟོང་པ་ཆེན་པོ་ཞེས་བྱ་ བ་ལ། རང་གི་ངོ་བོས་མ་གྲུབ་པ་ཙམ་གྱི་སྟོང་ཉིད་ནི་སྟོང་པ་ཙམ་ཡིན་ཀྱང་ཆེན་པོ་མ་ཡིན་ལ། ཆེན་པོའི་སྒྲས་སྟོང་པ་དེ་ཉིད་ཡེ་ཤེས་ཡིན་པར་ཡང་བསྟན་ཅིང༌། ཐིག་ལེ་སྟོང་པ་ཞེས་བརྗོད་ པས་བདེ་བའི་ཐིག་ལེ་དེ་ཉིད་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བར་ཡང་བསྟན་ཏོ། །འགྱུར་ མེད་ཅེས་བྱ་བ་ནི་མི་འགྱུར་བའི་བདེ་བའི་ཡེ་ཤེས་སུ་གོ་དགོས་ཤིང༌། ཡི་གེ་ལྔ་ཞེས་བྱ་བ་ལ་ སོགས་པ་ཡི་གེའི་སྒྲས་བསྟན་ན། གསུང་གཞོམ་མེད་ཀྱི་ན་དཱ་ལ་འཇུག་པས་གཉིས་ཀ་ལྟར་ ཡང་མི་འགལ་ལོ། ། 3-1-157 ཇི་སྐད་དུ། མཆོག་གི་དང་པོའི་སངས་རྒྱས་ལས། ཆགས་སོགས་དྲི་མ་ལྡན་པའི་སེམས། །འགྱུར་བ་འཁོར་བའི་རྒྱུ་ཡིན་ཏེ། །དེ་དང་བྲལ་བས་རྣམ་པར་དག །རང་བཞིན་དྲི་མེད་དག་ པའོ། །ཞེས་དང༌། འཕགས་པ་ལྷས་ཀྱང༌། དེ་བཞིན་རང་བཞིན་སེམས་འདི་ཡང༌། །རྟོག་ པའི་ཚོན་གྱིས་བསྒྱུར་བ་ཉིད། །ཐ་མལ་རྟོག་པའི་ཚོན་གྱིས་ནི། །རིན་ཆེན་སེམས་ནི་དབེན་ གྱུར་ན། །ཐོག་མ་ནས་དག་མ་སྐྱེས་པ། །གཉུག་མའི་རང་བཞིན་དྲི་མ་མེད། །ཅེས་གསུངས་ པ་ལྟར་སྤྲོས་བྲལ་གྱི་སེམས་ཉིད་འདི་མི་འགྱུར་བའི་བདེ་ཆེན་དང༌། རྣམ་ཀུན་མཆོག་ལྡན་གྱི་ སྟོང་ཉིད་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་ཡེ་ཤེས་སུ་གནས་པ་ཡིན་ཀྱང༌། ཆགས་སོགས་ འཁྲུལ་བའི་སྣང་བས་སེམས་རྒྱུད་བསྒྲིབས་པར་གྱུར་པའི་སེམས་ཅན་རྣམས་ལ་ནི་འཁོར་ བར་འཇུ ག་པར་འགྱུར་ཞིང༌། འཁྲུལ་བ་དེ་ཉིད་རང་བཞིན་མེད་པའི་གནས་ལ་ཞུགས་ཏེ་ རང་ལ་སངས་རྒྱས་མངོན་པའི་སྐབས་སུ་ནི་འཁོར་བ་ལྡོག་པ་ཞེས་བྱའོ། ། དེ་ལ་ཆོས་ཅན་འཁོར་བའི་ངོ་བོ་ནི། གནས་སྐབས་བཞི་དང༌། ཕུང་པོ་དྲུག་དང༌། ཁམས་ དྲུག་དང༌། དབང་པོ་དྲུག་དང༌། ཡུལ་དྲུག་དང༌། ལས་དབང་དྲུག་དང༌། ལས་དབང་གི་བྱ་ བ་དྲུག་རྣམས་ཡིན་ལ། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང༌། བདེ་དང་སྡུག་ བསྔལ་ཉེར་སྤྱོད་པ། །རྟག་ཏུ་ཀུན་རྫོབ་འཁོར་བའོ། །ཞེས་གསུངས་སོ། །འཁོར་བ་ལྡོག་ པའི་ཆོས་ཉིད་ནི། རྡོ་རྗེ་བཞི་དང༌། རྒྱལ་བ་དྲུག་དང༌། ཡུམ་དྲུག་དང༌། དོན་དམ་པའི་སེམས་ དཔའ་དྲུག་དང༌། ལྷ་མོ་དྲུག་དང༌། ཁྲོ་བོདྲུག་དང༌། རྡོ་རྗེ་མཁའ་འགྲོ་མ་དྲུག་གོ། །དེ་ལྟར་ འཁོར་འཇུག་ལྡོག་གི་ངོ་བོ་བསྟན་པའོ། །(རྩོམ་འཕྲོ) 3-1-158 ༄༅། །ལོ་རྒྱུས་ནོར་བུའི་ཕྲེང་བ། ༄༅། །དཔལ་ལྡན་ཆོས་སྐུ་བདེ་གཤེགས་སྙིང་པོ་གཞི་དབྱིངས་གདོད་ནས་སྐུ་གསུམ་ ལྷུན་གྲུབ་རྟག་བརྟན་ནམ་མཁའ་ལྟར། །དྭངས་མར་ཆོས་ཅན་ཆོས་ཉིད་ཚུལ་དུ་སྲ་བརྟན་ཁོར་ ཡུག་རྡོ་རྗེའི་ཕ་ལམ་ས་གཞི་ལ། །མི་འགྱུར་བདེ་བའི་ཆ་ཀུན་རྫོགས་པའི་མཁྱེན་དང་བརྩེ་ བ་ནུས་པ་བདུད་རྩིའི་རྒྱ་མཚོའི་རླབས་ཕྲེང་འཁྲིགས། །ཟབ་ཞི་འོད་གསལ་དྲི་མེད་བདེན་ གཉིས་མཁྱེན་པའི་དམ་པ་དང་པོའི་སངས་རྒྱས་ནོར་བུའི་འཁྲི་ཤིང་རྒྱས། །གང་གི་མཛད་ པས་ཆར་སྤྲིན་སྟུག་པོ་འཁྲིགས་པའི་ཁྲོད་ལས་ཡོངས་གྲོལ་ཉིན་མོའི་ནོར་བུ་འོད་འབར་ལྟར། །ས་གསུམ་གཏི་མུག་མུན་པའི་ཚོགས་རྣམས་ཅིག་ཅར་གཞོམ་མཛད་རྡོར་འཆང་མི་གཟུགས་ སྒྱུ་འཕྲུལ་གར་བསྒྱུར་མཁན། །གང་གིས་འཆད་པའི་གཞུང་ལུགས་ཕྲ་མོ་ལ་ལའི་སྐྱེ་བར་ འབད་པས་མི་སྤོབས་རྫོགས་ལྡན་རྒྱལ་མཚན་བསྒྲེངས། །སྐལ་བཟང་པད་དཀར་བཞད་བྱེད་ ནོར་བུའི་ཏོག་གིས་འོད་ཟེར་བཟང་པོས་ས་འདིར་རྫོགས་ལྡན་གསར་བར་བསྐྲུན། །ཨེ་ཝཾ་ ཟུང་འཇུག་གདོད་ནས་ལྷུན་གྲུབ་དུས་ཀྱི་འཁོར་ལོ་ཨིནྡྲ་ནཱི་ལའི་ལྷུན་པོ་འབར་བ་ལ། །བདེ་ ཆེན་རང་གཟུགས་ཡུམ་ཆེན་ལྷ་མོས་སྙོམས་འཇུག་གར་འདི་གསེར་རི་བདུན་གྱིས་རྣམ་པར་ མཛེས་པ་ལྟར། །ཟབ་ཆོས་བདུད་རྩིའི་རྒྱུན་ལུད་བྱང་ཕྱོགས་སྐྱོང་བའི་ཟླ་བཟང་སོགས་ཀྱི་ སྙིམ་པར་བླུགས་ཏེ་འཐུངས་པས་ཚིམས། །ལྷ་མའི་བླ་མ་དུས་ཀྱི་འཁོར་ལོར་ཚངས་དབང་ གཙུག་གི་ནོར་བུས་ཞབས་ཀྱི་པདྨོར་ལན་བརྒྱར་གཏུགས། །ཐུགས་བསྐྱེད་སངས་རྒྱས་སྟོང་ ལས་པད་དཀར་ལྟར་འཕགས་གྲངས་མེད་གསུམ་དུ་ཚོགས་གཉིས་རླུང་ཆེན་འབུམ་འཁྲིགས་ 3-1-159 པས། །སྒྲིབ་གཉིས་ཆུ་འཛིན་རབ་གཏོར་རྣམ་ཀུན་མཁྱེན་པའི་ཡེ་ཤེས་མཆོག་མངའ་བུ་རམ་ ཤིང་པའི་ཉི་མ་རྒྱས། །མདོ་སྔགས་འོད་བཟང་སྲིད་གསུམ་ཁྱབ་པས་ཨུཏྤལ་ཆེན་པོ་རབ་ རྒྱས་དེ་ལ་སྐལ་བཟང་བུང་བའི་ཚོགས། །དམ་ཆོས་བདུད་རྩིས་མྱོས་པས་འཇིག་རྟེན་ཁམས་ སུ་རྩལ་གྱིས་རྩེན་པ་ཐུབ་པའི་མཛད་འཕྲིན་ཁོ་ནར་ངེས། །བྱང་ཕྱོགས་སྐྱོང་མཁས་ཤཱཀྱའི་ རིགས་འཁྲུངས་བྱང་སེམས་སྤྲུལ་པ་ཆོས་རྒྱལ་ཉི་མའི་འོད། །དེསྲས་ཕྱག་རྡོར་སླར་བྱོན་ཟླ་ བ་བཟང་དང་ཆོས་རྒྱལ་རིམ་བྱོན་གསེར་རིའི་ཕྲེང་། །རིགས་ཀུན་གཅིག་ཏུ་བསྡུས་མཛད་ འཇམ་དཔལ་གྲགས་དང་སྤྱན་གཟིགས་སྤྲུལ་པ་པད་དཀར་འཛིན། །དེ་སོགས་རིགས་ལྡན་ བརྒྱུད་པར་བཅས་ལ་དངོས་འབྱོར་ཀུན་གྱིས་མཆོད་པར་བསྟར་ཏེ་འདུད། །སྔོན་ཚེ་བསོད་ ནམས་བསགས་པའི་ལག་རྗེས་ལས། །ད་ལྟ་བསྟན་པའི་སྦྱིན་བདག་ས་སྐྱོང་ཚོགས། །ལུགས་ གཉིས་ཁྲིམས་བཟང་གསེར་གྱི་གཉའ་ཤིང་ཅན། །ཀུན་ལ་སྙོམས་པའི་རྒྱལ་རྔ་སྲིད་འདིར་ སྒྲོགས། །རྣམ་དཔྱོད་བློ་གྲོས་རྩལ་གྱིས་ལུགས་གཉིས་ལས། །གསེར་དང་ར་གན་དབྱེ་བསལ་ སོ་སོར་ཕྱེས། །དམན་པ་བསལ་ནས་འགྲོ་ལ་མཆོག་སྦྱིན་སླད། །རྒྱལ་སྲས་ཚོགས་ཀྱིས་རྒྱལ་ བློན་སྤྲུལ་ལ་འདུད། །དེ་ཕྱིར་ས་དགུ་ལ་གནས་མཁས་གྲུབ་ཚོགས། །ཡོངས་རྫོགས་བསྟན་ པའི་ཁུར་འདེགས་གླང་པོརྣམས། །གླང་པོའི་ཁྱུ་ལས་ས་སྲུང་ཁྱད་འཕགས་ལྟར། །སྔགས་ རིགས་འཛིན་པའི་སྐྱེས་ཆེན་མངོན་པར་འཕགས། །སྔོན་བྱོན་མཁན་སློབ་ཆོས་གསུམ་གཙོར་ གྱུར་པ། །ལོ་པཎ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལ། །བརྟེན་ནས་གངས་ལྗོངས་བསྟན་པའི་ཉི་མ་ ཤར། །བསམ་ཚེ་ཡིད་ཀྱི་སྤུ་ལོང་དབང་མེད་གཡོ། །ཐོས་བསམ་སྒོམ་པས་རང་དོན་མཐར་ ཕྱིན་ཏེ། །འཆད་རྩོད་རྩོམ་པས་རྒྱལ་བསྟན་ཕྱོགས་བཅུར་སྤེལ། །ཕྱག་རྫོགས་དབུ་མའི་ གདུགས་ཆེན་མཁའ་ལ་འཕྱར། །འཁོར་བའི་ཚ་གདུང་གྲིབ་མས་སྐྱོབ་མཁས་སྤྲུལ། །རྫོགས་ ལྡན་བསྟན་པའི་མངའ་བདག་སེང་ཆེན་འགྱིང༌། །ལུང་རིགས་འབུམ་གྱི་གཡུ་རལ་ལུས་ལ་ 3-1-160 རྫོགས། །མི་འཇིགས་ཆོས་ཀྱི་སྒྲ་སྐད་ཕྱོགས་བཅུར་སྒྲོགས། །ངེས་དོན་གངས་རི་སྐྱོང་མཁས་ ཀུན་མཁྱེན་རྒྱལ། །དེ་ཡི་རང་ལུགས་སླར་ཡང་རབ་གསལ་མཁན། །དབང་ལུང་མན་ངག་ བཅུད་འཛིན་སྒྲོལ་མགོན་རྗེ། །གངས་རིའི་ཁྲོད་འདིར་རྒྱུད་སྡེའི་མཛོད་ཕྱེས་ཏེ། །རིས་མེད་ ཁྱོད་ནི་བརྒྱུད་པའི་ཁུངས་སུ་བཞུགས། །ལྗོངས་འདིར་མཁས་གྲུབ་གཉིས་ལྡན་པད་དཀར་ ཕྲེང༌། །བསྒྲིགས་པའི་རྒྱུན་བཟང་ད་ལྟའི་བར་དུ་བཞུགས། །ཆོས་ཀྱི་བདུད་རྩིའི་བཅུད་ བཟང་འགྲོ་ལ་སྦྱིན། །ད་སྐབས་བར་དུ་བདག་སོགས་ལོངས་སྤྱོད་གྱུར། །འཁོར་བ་མ་རིག་ མུན་ནག་འཕྲང་རིང་ལས། །སྔོན་བྱུང་གཏམ་བཟང་མར་མེ་ལག་ཐོགས་ནས། །ངན་འགྲོའི་ གནས་ནས་འགྲོ་མང་བཟུར་བའི་ཆེད། །དམ་པ་འགའ་ཡི་རྣམ་ཐར་གླེང་བར་བྱ། ། འདིར་བཅོམ་ལྡན་འདས་བུ་རམ་ཤིང་པའམ་ཤཱཀྱའི་རིགས་ལས་འཁྲུངས་པ་རྒྱལ་པོ་ ཟས་གཙང་སྲས་ལྷ་དང་མི་ཡི་བླ་མ་གཅིག་ཏུ་གྱུར་པའི་མདོ་སྔགས་ཀྱི་བསྟན་པ་ཉེས་ཚོགས་ འཇོམས་པའི་སྨན་མཆོག་འདི་ཉིད་མ་དར་བ་རྣམས་སུ་དར་བ་དང་དར་བ་རྣམས་གོང་ནས་ གོང་དུ་རྒྱས་ཤིང་འཕེལ་བར་བྱེད་པའི་བསྟན་པའི་བདག་པོ་སྦྱིན་བདག་དང་བཅས་བསྟན་ འཛིན་སྐྱེས་ཆེན་དམ་པའི་མཚན་གྱི་ཟེགས་མ་ཙམ་རྣ་བར་ལྷུང་བས་ངན་འགྲོའི་གནས་ལས་ འདྲེན་པར་མཛད་པ་རྣམས་ཀྱི་ལོ་རྒྱུས་ལས་བརྩམས་ཏེ་མཚོན་ཙམ་བརྗོད་པ་ཡང་དགོས་པ་ དོན་དང་ལྡན་པར་མཐོང་བས་འདི་ལྟར་བརྗོད་པར་བྱ་བ་སྟེ། ཆོས་སྲིད་ཟུང་འབྲེལ་མཛད་པའི་ས་སྐྱོང་མི་དབང་རྣམས་ཀྱི་ལོ་རྒྱུས་དང༌། ལྗོངས་ འདིར་རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་རྣམས་ཀྱི་རྣམ་ཐར་མཚན་བརྗོད་པ་གཉིས་ལས། དང་པོ་ལ། སྔོན་གྱི་ལོ་རྒྱུས་ལས་འགོ་བརྩམས་ཏེ། རྒྱ་གར་གྱི་རྒྱལ་རབས་དང༌། རྒྱ་ནག་གི་ རྒྱལ་རབས། ཧོར་གྱི་རྒྱལ་རབས། བོད་ཀྱི་རྒྱལ་རབས་དང་བཞི་ལས། དང་པོ་ནི། སྔོན་གྱི་ ལོ་རྒྱུས་ལས་འགོ་རྩོམ་པ་འདིར་ཉེར་མཁོ་རྒྱལ་རབས་ཐོག་མར་འཛམ་གླིང་པའི་མི་རྣམས་ 3-1-161 འོད་གསལ་ལྷ་ལས་ཆད་པ་ཚེ་ཚད་དཔག་མེད་པ་རྫུས་སྐྱེས་རང་འོད་ཅན་རྫུ་འཕྲུལ་སོགས་ ཡོན་ཏན་ཁྱད་འཕགས་ཡོད་པ་ཟས་སུ་བསམ་གཏན། བདུད་རྩི། སའི་ཞག་མ་རྨོས་འབྲས་ ས་ལུ་དག་གིས་རིམ་པར་འཚོ་བར་བྱེད་པ་ལས་སོ་ནམ་མི་དགོས་པས་རྒྱལ་པོ་མེད་ལ། དེ་ ནས་སོ་ནམ་དགོས་པ་ནས་བཟུང་མ་མཐུན་པའི་དབང་གིས་ཀུན་མཐུན་གྱི་མི་དཔོན་དུ་ བསྐོས་པ་དེ་ལྷ་རིགས་མང་བཀུར་རྒྱལ་པོ་དཔོན་གྱི་ཐོག་མ་སྟེ། དེའི་སྲས་འོད་མཛེས། དེའི་ སྲས་དགེ་བ། དེའི་སྲས་དགེ་མཆོགདེའི་སྲས་གསོ་སྦྱོང་འཕགས་དང་ལྔ་པོ་སྔོན་གྱི་རྒྱལ་པོ་སྡེ་ ལྔའོ། །དེ་བཞིན་དུ་ཁྱེའུ་ང་ལས་ནུ། མཛེས་པ། ཉེ་མཛེས། མཛེས་ཅན། མཛེས་ལྡན་རྣམས་ སྔ་ཕྱི་ཡབ་སྲས་བྱས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྡེ་ལྔའོ། །ཕྱི་མའི་སྲས་རྒྱལ་པོ་མཆོག་ སྦྱིན་སྐབས་ཚེ་ལོ་བཞི་ཁྲིའི་དུས་ཡིན་པས་སངས་རྒྱས་འཁོར་བ་འཇིག་བྱོན། མཆོག་སྦྱིན་ གྱི་སྲས་རྒྱལ་པོ་ནོར་བུ་ནས་རྒྱལ་རབས་སུམ་བརྒྱའི་མཐར་ཀུན་ནས་འོད་ཅེས་བྱ་བའི་རྒྱལ་ པོ་བྱུང༌། དེའི་སྲས་རྒྱལ་པོ་ཙནྡྷའི་སྐབས་ཚེ་ལོ་སུམ་ཁྲིའི་དུས་སངས་རྒྱས་གསེར་ཐུབ་བྱོན། ཙནྡྷ་ནས་རྒྱལ་རབས་སུམ་བརྒྱའི་མཐར་རྒྱལ་པོ་རཏྣ་ཆེན་པོ་བྱུང༌། དེའི་སྲས་རྒྱལ་པོ་ཀྲི་ ཀྲིའི་སྐབས་ཚེ་ལོ་ཉི་ཁྲིའི་དུས་སངས་རྒྱས་འོད་སྲུང་བྱོན། ཀྲི་ཀྲི་ནས་རྒྱལ་རབས་ཉིས་བརྒྱ་ འདས་པའི་མཐར་ཡུལ་གྲུ་འཛིན་དུ་རྒྱལ་པོ་རྣ་བ་ཅན་ཞེས་པ་བྱུང༌། དེ་ལ་བུ་གཉིས་ཡོད་པ་ ལས་ཆེ་བ་གོའུ་ཏ་མ་དང་ཆུང་བ་བ་ར་དྷྭ་ཛ་སྟེ། ཆེ་བས་རབ་བྱུང་དང་ཆུང་བས་རྒྱལ་པོ་བྱས། གོའུ་ཏ་མ་སྔོན་ལས་ཀྱིས་མ་ཉེས་སྐྱོན་ཕོག་སྟེ་གསལ་ཤིང་རྩེ་ལ་བསྐྱོན། སློབ་དཔོན་བྲམ་ ཟེ་མདོག་ནག་པའི་བདེན་ཚིག་གིས་གོའུ་ཏ་མའི་ས་བོན་ཟག་པ་སྒོ་ང་གཉིས་སུ་གྱུར། གོའུ་ ཏ་མའི་བདེན་ཚིག་གིས་སློབ་དཔོན་གསེར་མདོག་ཏུ་གྱུར། སྒོ་ང་གཉིས་བུ་རམ་ཤིང་ལོའི་ ཚལ་དུ་བཞག་པས་རེ་ཞིག་ན་ཁྱེའུ་ཉི་མའི་གཉེན་དང་བུ་རམ་ཤིང་པ་གཉིས་སྐྱེས་སོ། །བ་ར་ དྷྭ་ཛ་དང་ཉི་མའི་གཉེན་ལ་སྲས་མེད། བུ་རམ་ཤིང་པས་རྒྱལ་པོ་བྱས་པས་སྲས་མང་བྱུང་བུ་ 3-1-162 རམ་ཤིང་པའི་རྒྱུད་ཅེས་གྲགས་སོ། །དེ་ནས་རིམ་པར་རྒྱལ་བརྒྱུད་བརྒྱ་ཐམ་པ་ལ་རྒྱལ་པོ་ འཕགས་སྐྱེས་པོ་བྱུང༌། དེ་ལ་བུ་གསུམ་དང་བུ་མོ་གསུམ་སྟེ་མིང་སྲིང་དྲུག་པོ་ཆུ་བོ་སྐལ་ལྡན་ ཤིང་རྟའི་འགྲམ་དུ་ལྷན་ཅིག་བསྡེབས་པ་ལས་རིགས་བརྒྱུད་འཕེལ་བ་ལ་ཤཱཀྱའི་རྒྱུད་ཅེས་ གྲགས། དེ་ནས་རྒྱལ་རབས་ལྔ་བཅུ་ན་རྒྱལ་པོ་ཤིང་རྟ་བཅུ་པ་བྱ་བ་བྱུང༌། དེ་ལ་བུ་ཤཱཀྱ་ཆེན་ པོ། ཤཱཀྱ་ལི་ཙ་བཱི། ཤཱཀྱ་རི་བྲག་པ་གསུམ་བྱུང༌། ཤཱཀྱ་ཆེན་པོ་ནས་རིམ་བཞིན་རྒྱལ་རབས་ ཉེར་ལྔ་ལ་རྒྱལ་པོ་རྩིབས་ཀྱི་མུ་འཁྱུད། དེའི་བུ་རྒྱལ་པོ་མཐའ་ཡས་སྐྱོང༌། དེའི་བུ་རྒྱལ་པོ་ གཞུ་བརྟན། དེའི་བུ་རྒྱལ་པོ་སེང་གེ་འགྲམ་སྟེ། དེ་ལ་བུ་རྒྱལ་པོ་ཟས་གཙང༌། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་དང་བཞི། བུ་མོ་གཙང་མ། དཀར་མོ། བྲེ་བོ་མ། བདུད་རྩི་མ་དང་ བཞིའོ། །ཟས་གཙང་གི་སྲས་བཅོམ་ལྡན་འདས་དང༌། གཅུང་དགའ་བོ་གཉིས། ཟས་དཀར་ གྱི་བུ་རྒྱལ་དང༌། བཟང་ལྡན། བྲེ་བོ་ཟས་ཀྱི་བུ་མིང་ཅན་དང༌། མ་འགགས་པ། བདུད་རྩི་ཟས་ ཀྱི་བུ་ཀུན་དགའ་བོ་དང༌། ལྷ་སྦྱིན་ནོ། །གཙང་མའི་བུ་ལེགས་པར་རབ་སད། དཀར་མོའི་ བུ་ཕྲེང་བ་ཅན། བྲེ་བོ་མའི་བུ་བཟང་ལེན། བདུད་རྩི་མའི་བུ་དགེ་འཕེལ་ལོ། །བཅོམ་ལྡན་ འདས་ཀྱི་སྲས་སྒྲ་གཅན་འཛིན་ཏེ། མང་བཀུར་ནས་དེའི་བར་ལ་རྒྱལ་རབས་ས་ཡ་གཅིག་ དང་འབུམ་ཁྲི་ལྔ་བརྒྱ་བྱུང་བར་བཤད། དེ་དག་ལས་རྒྱལ་པོ་ཟས་གཙང་སྲས་སམ་བཅོམ་ ལྡན་འདས་ཀྱི་སྔོན་བྱུང་ནི། མདོ་སྡེ་ཆེན་པོ་མཛངས་བླུན་ལས། ཡུལ་མ་ག་དྷའི་དཀྱིལ་འཁོར་རྣམ་པར་རྒྱལ་བ་ན་ བཞུགས་ཏེ། སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན། སེམས་ཅན་ཐམས་ཅད་ནི་ཡུན་ རིང་པོ་ནས་རྒྱུད་ཉོན་མོངས་པས་བསླད་དེ་ཤིན་ཏུ་འདུལ་དཀའ་བས་ང་ནི་བཞུགས་ཀྱང་ ཕན་པའི་དོན་མེད་ཀྱིས། དེས་ན་ལྷག་མ་མེད་པའི་མྱ་ངན་ལས་འདའ་འོ་དགོངས་མ་ཐག་ཏུ་ ལྷའི་རྒྱལ་པོ་ཚངས་པ་དང་ཚངས་རིས་ཀྱི་ལྷ་རྣམས་བཅོམ་ལྡན་འདས་ཀྱི་དྲུང་དུ་ལྷགས་ནས་ 3-1-163 ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ ལོ། །དེ་དག་ལ་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ཏེ། སྔོན་འདས་པའི་དུས་ཡུན་རིང་པོ་ ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཁ་དོག་དམ་པ་ཞེས་བགྱི་བ་འཇིག་རྟེན་འདི་ལ་ དབང་བསྒྱུར་བ་ཞིག་བྱུང་སྟེ། རྒྱལ་ཕྲན་ནི་བརྒྱད་ཁྲི་བཞི་སྟོང༌། ལྗོངས་ཆེན་པོ་སྟོང་ཕྲག་དྲུག་ ཅུའི་ནང་ན་གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་མངའ་སྟེ། བཙུན་མོ་མཆོག་སྟོང་ཕྲག་ཉི་ཤུ། བློན་པོ་ ཆེན་པོ་སྟོང་ཕྲག་བཅུ་མངའ། རྒྱལ་པོ་ཁ་དོག་དམ་པ་དེས་འདི་སྙམ་དུ་བསམ་སྟེ། བདག་ལ་ ནི་གཟི་བརྗིད་དང༌། མཐུ་སྟོབས། འབྱོར་བ། བདེ་བ། ལོ་ལེགས་པ་སོགས་ལྡན་པས་དེ་དག་ གིས་འགྲོ་བ་ཐམས་ཅད་ལ་ཕན་བཏགས་པ་ནི་སླ་ཡི། དམ་པའི་ཆོས་ཀྱིས་ཕན་པ་ནི་ཤིན་ཏུ་ དཀོན་ཏེ། ད་ནི་དམ་པའི་ཆོས་བཙལ་ཏེ། ཐམས་ཅད་གྲོལ་བར་བྱའོ་སྙམ་ནས་འདི་སྐད་ཅེས་ བཀར་བཏང་ངོ༌། ། འཛམ་བུའི་གླིང་འདི་ན་སུ་ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་སྟོན་དང་དེ་ལ་ཅི་དང་ ཅི་འདོད་པ་སྦྱིན་ནོ་ཞེས་བསྒྲགས་ཀྱང་སྟོན་ནུས་པ་མ་བྱུང་ངོ༌། །དེའི་ཚེ་རྒྱལ་པོ་མྱ་ངན་གྱིས་ ཡིད་གདུངས་སྐབས་ངལ་བསོས་པོས་ཐོས་ནས་ཉམས་སད་པའི་སླད་དུ། གནོད་སྦྱིན་ཞིག་ ཏུ་སྤྲུལ་ནས་མདོག་ཤིན་ཏུ་སྔོ་བ་གནག་པ། མིག་ཁྲག་ལྟར་དམར་པ། མཆེ་བ་གྱེན་དུ་བྱུང་ བ། སྐྲ་གྱེན་དུ་གཟེངས་པ། ཁ་ནས་མེ་འབར་བ་ཞིག་ཕོ་བྲང་གི་སྒོར་ཐོན་ཏེ། སུ་ཞིག་ཆོས་ ཐོས་པར་འདོད་པ་དེ་ང་ལ་ཉོན་ཅིག་ཅེས་སྨྲས་སོ། །རྒྱལ་པོས་དེ་ཐོས་མ་ཐག་ཤིན་ཏུ་དགའ་ སྟེ། གནོད་སྦྱིན་བསུས་ཏེ་མགོ་བོས་ཕྱག་བྱས་ཏེ་སྟན་མཐོན་པོ་ལ་བཞག་ནས་བློན་པོ་དང་ འཁོར་མང་པོ་དག་བསྡུས་ཏེ་ཆོས་ཉན་པའི་སླད་དུ་བསྐོར་རོ། །གནོད་སྦྱིན་གྱིས་རྒྱལ་པོ་ལ་ འདི་སྐད་ཅེས་སྨྲས་སོ། །ཆོས་ཐོས་པ་ནི་ཤིན་ཏུ་དཀའ་སྟེ། ཆོས་ཉན་པར་འདོད་ན་འདི་ཙམ་ གྱིས་མི་འོང་ངོ་ཞེས་སྨྲས་སོ། །རྒྱལ་པོས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱིས་གསུངས་ལྟར་ཅི་དང་ 3-1-164 ཅི་འདོད་པ་ཐམས་ཅད་སྦྱིན་ནོ་ཞེས་སྨྲས་སོ། །གནོད་སྦྱིན་དེས་རྒྱལ་པོ་ལ་སྨྲས་པ། ཁྱོད་ ཀྱིས་བཙུན་མོ་སྲས་མཆོག་དག་ཁོ་བོ་ལ་ཟར་བཅུག་ན། དམ་པའི་ཆོས་སྦྱིན་ནོ་ཞེས་སྨྲས་སོ། །རྒྱལ་པོས་དེ་མ་ཐག་ཏུ་བཙུན་མོའི་མཆོག་དང༌། སྲས་ཀྱི་མཆོག་རྣམས་གནོད་སྦྱིན་ལ་ཕུལ་ ཏེ། གནོད་སྦྱིན་གྱིས་འཁོར་མང་པོའི་ནང་དུ་ཀུན་གྱི་མཐོང་བཞིན་དུ་ཟོས་སོ། །བློན་པོ་དང་ འཁོར་རྣམས་ཀྱིས་བཙུན་མོ་དང་སྲས་ཟོས་པ་མཐོང་བས་མྱ་ངན་གྱིས་ནོན་ཏེ་ཆོ་ངེ་བཏབ་སྟེ། ས་ལ་འགྲེ་བཞིན་དུ་རྒྱལ་པོ་ཆེན་པོ་མི་རིགས་པའི་ལས་འདི་ལྟ་བུ་མ་བྱེད་ཅིག་ཅེས་གསོལ་ ཀྱང༌། དམ་པའི་ཆོས་འཚོལ་བ་ལ་རྒྱལ་པོའི་ཡིད་བརྟན་པས་བཟློག་མ་ནུས་སོ། ། རྒྱལ་པོ་ལ་གནོད་སྦྱིན་དེས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་པ། འདུ་བྱེད་ཐམས་ ཅད་མི་རྟག་སྟེ། །ཇི་ལྟར་སྐྱེ་བ་སྡུག་བསྔལ་བཅས། །ལྔ་ཕུང་མཚན་མ་མེད་པས་སྟོང༌། །བདག་དང་བདག་གི་བ་ཡང་མེད། །ཅེས་སྨྲས་སོ། །རྒྱལ་པོ་འགྱོད་སེམས་སྤུ་ཙམ་མེད་པར་ དགའ་མགུ་ཡི་རང་ཏེ། དེ་ནས་ཡི་གེར་བྲིས་ནས་འཛམ་བུའི་གླིང་ཀུན་ཏུ་བསྒྲགས་ཏེ་ཐམས་ ཅད་ལ་སློབ་ཏུ་བཅུག་གོ། །དེའི་ཚེ་ངལ་བསོས་པོས་སླར་རང་ལུས་སུ་བསྒྱུར་ཏེ་ལེགས་སོ་ངོ་ མཚར་ཆེའོ་ཞེས་བསྟོད་དེ། བཙུན་མོ་སྲས་བཅས་སྔོན་བཞིན་དུ་གྱུར་ཏོ། །དེ་དུས་སུ་རྒྱལ་པོ་ ནི་སངས་རྒྱས་ལགས་ཏེ། སྔོན་ ཡང་གཞན་དོན་དུ་ཚིགས་སུ་བཅད་པ་གཅིག་ཙམ་གྱི་སླད་དུ་ཆུང་མ་བུ་སོགས་གཏོང་ བའི་དཀའ་བ་སྤྱད་དེ། ད་སྐབས་ཚོགས་གཉིས་མཐར་ཕྱིན་པ་ན། ད་ཇི་སྲིད་དུ་འགྲོ་དོན་མི་ མཛད་པས་མྱ་ངན་ལས་འདའ་འོ་ཞེས་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཞུས་སོ། ། གཞན་ཡང་སྔོན་བསྐལ་པ་གྲངས་མ་མཆིས་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་ རྒྱལ་པོ་ཆེན་པོ་ག་ན་ཤ་ནི་པ་ལི་ཞེས་བྱ་བ་སྟེ། རྒྱལ་ཕྲན་མང་པོ་ལ་དབང་བསྒྱུར་ཏེ་གྲོང་ ཁྱེར་ནི་བརྒྱད་ཁྲི་བཞི་སྟོང་དང༌། བཙུན་མོ་དང་ཕོ་བྲང་གི་སླས་ནི་སྟོང་ཕྲག་ཉི་ཤུ་དང༌། བློན་ 3-1-165 པོ་ཡང་སྟོང་ཕྲག་བཅུ་སྟེ། རྒྱལ་པོའང་སྙིང་རྗེ་དང་ལྡན་པས་སྐྱེ་བོ་མང་པོ་ལ་བདེ་སྐྱིད་དང༌། འབྱོར་བ། ལོ་ལེགས་པ་སོགས་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་ཏོ། ། རྒྱལ་པོས་བསམ་པ་ལ། བདག་སྐྱེ་བོ་མང་པོའི་གཙོ་བོ་དང༌། བདག་ལ་མོས་ཤིང་དགའ་ བ་འདི་དག་ལ་བདག་གིས་དམ་པའི་ཆོས་ཀྱི་ཕན་བཏགས་སོ་སྙམ་སྟེ། དེ་བཞིན་དུ་བློན་པོ་ གཅིག་གིས་ཐམས་ཅད་ལ་བཀར་བཏང་སྟེ། སུ་ལ་དམ་པའི་ཆོས་ཡོད་པ་དེ། བདག་ལ་བསྟན་ ན་ཅི་དང་ཅི་འདོད་སྦྱིན་ནོ་ཞེས་བསྒོའོ། །དེའི་ཚེ་བྲམ་ཟེ་ལེའུ་དུ་ཆ་ཞེས་པ་ཕོ་བྲང་སྒོར་ཐོན་ ཏེ། དམ་པའི་ཆོས་ང་ལ་ཡོད་དོ་ཞེས་སྨྲས་པ་ན། རྒྱལ་པོས་དེ་ཐོས་ནས། ཕྱི་རོལ་ནས་ནང་དུ་ བསུས་ཏེ་ཕྱག་བྱས་པས་སྟན་བཏིང་བ་ལ་བཞག་ནས། རྒྱལ་པོ་འཁོར་དང་བཅས་པས་ཐལ་ མོ་སྦྱར་ནས་སྟོན་པ་ཆེན་པོ་བདག་ཅག་ནི་གཏི་མུག་གིས་གདུངས་པས་དམ་པའི་ཆོས་བསྟན་ པའི་དུས་ལ་བབ་ཞེས་བསྐུལ་བ་ན། བྲམ་ཟེས་འདི་སྐད་སྨྲས་པ། བདག་གིས་ཤེས་པའི་ཆོས་ འདི་ཙམ་གྱིས་མི་ལོབས་ཞེས་སྨྲས་པ་ན། རྒྱལ་པོས་ཁྱོད་ཅི་དང་ཅི་འདོད་པ་ཐམས་ཅད་སྦྱིན་ ནོ་ཞེས་སྨྲས་པ་དང༌། བྲམ་ཟེས་རྒྱལ་པོ་ལ་སྨྲས་པ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ་ མཆོད་པ་བྱེད་ནུས་ན་ཆོས་བསྟན་པར་བྱའོ། །རྒྱལ་པོ་ལྷག་པར་དགའ་མགུ་རངས་ནས། ཕོ་ ཉ་རྒྱང་གྲགས་བརྒྱད་སྟོང་དུ་འགྲོ་བ་ཞིག་མངགས་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་རྒྱལ་ པོ་གན་ཤ་ནི་པ་ལིས་ཞག་བདུན་གྱི་བར་དུ་ཆོས་ཕྱིར་ལུས་ཀྱི་ཤ་ཕུག་ནས་མར་མེ་སྟོང་སྦར་ བར་བྱའོ། །ཞེས་རྒྱལ་ཕྲན་དང་ཡུལ་མི་ཐམས་ཅད་ལ་བསྒོའོ། །ཐམས་ཅད་ཀྱིས་དེ་ལྟར་ཐོས་ མ་ཐག་མྱ་ངན་གྱིས་ནོན་བཞིན་རྒྱལ་པོའི་དྲུང་དུ་ལྷགས་ནས་ཕྱག་བྱས་ཏེ། དེ་དག་གིས་འདི་ སྐད་སྨྲས་པ། ངེད་ཅག་གི་སྲོག་དང་ཟས་གོས་ནི་རྒྱལ་པོ་ཁྱོད་ལ་བརྟེན་པ་ནི་ལོང་བའི་མིག་ དང༌། བུ་ཆུང་གི་མ་ལྟ་བུ་ཡིན་ཡང་གལ་ཏེ་སྐུ་ལ་མར་མེ་སྟོང་སྦར་ན་གདོན་མི་ཟ་བར་སྲོག་ དང་བྲལ་ཏེ། བྲམ་ཟེ་གཅིག་ཙམ་གྱིས་སླད་དུ་འཇིག་རྟེན་འདིའི་སེམས་ཅན་བློས་བཏང་ 3-1-166 ངམ་ཞེས་སྨྲས་ཀྱང་རྒྱལ་པོས་དམ་བཅའ་བརྟན་པས་མ་བཟློག་སྟེ། ནམ་ང་སངས་རྒྱས་པ་ན་ ཁྱེད་རྣམས་གདོན་མི་ཟ་བར་སྡུག་བསྔལ་མཐའ་དག་ལས་བསྒྲལ་ལོ་ཞེས་སྨྲས་ཚེ། འབངས་ ཐམས་ཅད་ཆོ་ངེ་བཏབ་ནས་ས་ལ་འགྱེལ་ཏོ། །རྒྱལ་པོས་བྲམ་ཟེ་ལ་ད་ལུས་ལ་མར་མེ་སྟོང་ འཛུགས་པའི་དུས་ལ་བབ་ན་ཤ་ཕུག་སྟེ་རྐོང་བུ་བཅོས་ཤིག་ཅེས་བསྒོས་ཏེ། བྲམ་ཟེས་རྒྱལ་ པོའི་ལུས་ཕུག་ནས་སྡོང་བུ་མང་པོ་བཙུགས་པ་ཀུན་གྱིས་མཐོང་སྟེ། རི་འགྱེལ་བ་བཞིན་དུ་ ལུས་ས་ལ་བརྡབས་སོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ། སྟོན་པ་ཆེན་པོ་བདག་ལ་ཆོས་བསྟན་ ནས་དེའི་འོག་ཏུ་མར་མེ་སྦོར་ཅིགགལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ་ཞེས་ སྨྲས་པ་ན། བྲམ་ཟེས་ཚིགས་སུ་བཅད་པ་འདི་སྨྲས་པ། མི་རྟག་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ༌། །འདུ་བ་ཡོད་ན་འབྲལ་བར་འོང༌། །སྐྱེ་བ་ཡོད་ན་འཆི་བར་ འགྱུར། །ཞེས་སྨྲས་མ་ཐག་ཏུ་རྒྱལ་པོ་རབ་ཏུ་དགའ་སྟེ། བདག་གིས་ཆོས་འཚོལ་བ་འདི་ཡང་ སངས་རྒྱས་བསྒྲུབ་པའི་རྒྱུ་ཡིན་ཏེ། བདག་སངས་རྒྱས་པ་ན་ཡེ་ཤེས་ཀྱི་འོད་ཀྱིས་སེམས་ཅན་ གྱི་གཏི་མུག་གི་ཚོགས་སྣང་བར་གྱུར་ཅིགཅེས་སྨོན་ལམ་བཏབ་མ་ཐག་ཏུ་གནས་གཙང་མའི་ རིས་ཀྱི་ལྷའི་ཕོ་བྲང་གི་བར་དུ་ས་ཆེན་པོ་རབ་ཏུ་གཡོས་པས། ལྷ་དེ་དག་ནམ་མཁའ་ལས་ བབས་ཏེ་མཆོད་པ་བྱས་སོ། །བྱང་ཆུབ་སེམས་དཔའ་དེའི་ལུས་ལ་མེ་རབ་ཏུ་འབར་བ་མཐོང་ ནས། ལྷ་རྣམས་མྱ་ངན་གྱིས་ནོན་ནས་རབ་ཏུ་ངུས་པས་མཆི་མ་ཆར་བཞིན་དུ་བབས་པ་དང༌། ལྷ་རྫས་ཀྱི་མེ་ཏོག་གིས་ཆར་ཕབ་སྟེ་མཆོད་པ་བྱས་སོ། །དེའི་ཚེ་བརྒྱ་བྱིན་རྒྱལ་པོའི་དྲུང་དུ་ འོང་སྟེ། འདི་སྐད་སྨྲས་པ། རྒྱལ་པོས་ལུས་ཤིན་ཏུ་སྡུག་བསྔལ་གྱིས་མནར་བར་བྱས་པ་འདི་ ལ་འགྱོད་པར་མི་འགྱུར་རམ། རྒྱལ་པོས་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྡུག་བསྔལ་ཉམ་ ཐག་པ་འདི་ལ་འགྱོད་པ་མེད་པ་ལ་ཅིའི་ཕྱིར་ཡིད་ཆེས་པར་འགྱུར་རོ་ཞེས་སྨྲས་ཚེ། རྒྱལ་ པོས་བདག་ཐོག་མཐའ་བར་གསུམ་དུ་འགྱོད་པའི་སེམས་མེད་པ་ཡིན་ན་ཁོ་བོའི་ལུས་ཀྱི་རྨ་ 3-1-167 འདི་སྔ་མ་ཁོ་ན་བཞིན་དུ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་སོར་ཆུད་དོ། །དེའི་དུས་ན་ རྒྱལ་པོ་ནི་སངས་རྒྱས་ལགས་སོ། །སྔོན་གྱི་དུས་སུ་སེམས་ཅན་རྣམས་ཀྱི་དོན་དུ་དམ་པའི་ ཆོས་ཤོ་ལོ་ཀ་གཅིག་ཙམ་གྱིས་སླད་དུ་ལུས་ལ་མར་མེ་སྟོང་སྦར་བའི་སྡུག་བསྔལ་དང་བསྡོས་ ཏེ་ད་སྐབས་དགོས་དོན་མཐར་ཕྱིན་པ་ན་ད་ཅིའི་སླད་དུ་འགྲོ་དོན་མི་མཛད་པར་མྱ་ངན་ལས་ འདའོ་ཞེས་ཚངས་རིས་ཀྱི་ལྷ་དག་གིས་ཞུས་སོ། །གཞན་ཡང་བཅོམ་ལྡན་འདས་སྔོན་འདས་ པའི་དུས་ན། འཛམ་བུའི་གླིང་འདིར་རྒྱལ་པོ་བྱི་ལང་གར་ལི་ད་ཞེས་བྱ་བ་བྱུང་སྟེ། རྒྱལ་ཕྲན་ ཐམས་ཅད་ལ་དབང་བསྒྱུར། གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དང༌། བཙུན་མོ་དང་ཕོ་བྲང་གི་ སླས་ནི་སྟོང་ཕྲག་ཉི་ཤུ་དང༌། རྒྱལ་ཚབ་དང་རྒྱལ་བུ་ནི་ལྔ་བརྒྱ་དང༌། བློན་པོ་ནི་སྟོང་ཕྲག་བཅུ་ མངའ་འོ། །རྒྱལ་པོ་ཡང་སྙིང་རྗེ་ལྡན་པས་འབངས་ཐམས་ཅད་ནི་བུ་གཅིག་པ་དང་འདྲའོ། །རྒྱལ་པོ་ཆེན་པོ་དེ་དམ་པའི་ཆོས་ལ་མོས་པས་བློན་པོ་གཅིག་མངགས་པས་བཀར་གཏང་ བ་ནི་གང་ལ་མདོ་སྡེའམ་དམ་པའི་ཆོས་ཡོད་པ་བདག་ལ་བསྟན་པར་གྱུར་ན་དེ་ལ་ཅི་དང་ ཅི་འདོད་པ་སྦྱིན་ནོ་ཞེས་བསྒོའོ། །དེ་དུས་བྲམ་ཟེ་ལེའུ་དུ་ཆ་ཞེས་པ་ཕོ་བྲང་གི་སྒོར་འོང་ནས་ འདི་སྐད་སྨྲས་པ། བདག་ལ་དམ་པའི་ཆོས་དེ། ཐོས་པར་འདོད་པ་ལ་བསྟན་པར་བྱའོ། །རྒྱལ་ པོས་ཐོས་ཏེ་ཞབས་ལ་ཕྱག་འཚལ་ནས་ཕོ་བྲང་གི་ནང་དུ་ཁྲིད་དེ་སྟན་བཤམས་པ་ལ་བཞག་ སྟེ། ཐལ་མོ་སྦྱར་ནས་གསོལ་བ། སྟོན་པ་ཆེན་པོ་བདག་ལ་དམ་པའི་ཆོས་བསྟན་དུ་གསོལ། བྲམ་ཟེས་སྨྲས་པ། བདག་གི་སྡུག་བསྔལ་སྣ་ཚོགས་མྱོང་ནས་ཡུན་རིང་མོ་ཞིག་ལོན་ཏེ་གདོད་ ལོབས་པས་འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །རྒྱལ་པོས་ཐལ་མོ་སྦྱར་ཏེ་སྟོན་པ་ཆེན་པོ་ཁྱོད་ ལ་ཅི་དང་ཅི་འདོད་པ་ཐམས་ཅད་མི་ཕངས་པར་འབུལ་ལོ། །བྲམ་ཟེས་སྨྲས་པ། གལ་ཏེ་ ཁྱོད་ཀྱིས་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་ན་ཆོས་སྦྱིན་ནོ་ཞེས་སྨྲས་པ་ན། རྒྱལ་པོས་ ད་ཞག་བདུན་ནས་དེ་ལྟར་བྱའོ། །དེ་ནས་རྒྱལ་པོས་ཕོ་ཉ་ཞིག་གླང་པོ་ཆེ་རྒྱང་གྲགས་བརྒྱད་ 3-1-168 ཁྲིར་འགྲོ་བ་ཞིག་ལ་བསྐྱོན་ཏེ་འཛམ་བུའི་གླིང་ཀུན་ཏུ་རྒྱལ་པོ་བྱི་ལིང་གར་ལིད་དས་ད་ཞག་ བདུན་ནས་ལུས་ལ་ལྕགས་གཟེར་སྟོང་བཏབ་པར་བྱའོ་ཞེས་བསྒྲགས་སོ། །བློན་པོ་དང་འགྲོ་ བ་མང་པོས་ཐོས་ནས་ཐམས་ཅད་རྒྱལ་པོས་དྲུང་དུ་ལྷགས་ཏེ། བདག་ཅག་ཕྱོགས་བཞི་ན་ འཁོད་པའི་འགྲོ་བ་ཐམས་ཅད་རྒྱལ་པོའི་བཀའ་དྲིན་གྱིས་སོ་སོ་ནས་བདེ་སྐྱིད་ལ་སྤྱོད་དེ། བདག་ཅག་གི་སླད་དུ་སྐུ་ལ་ལྕགས་གཟེར་མི་བཏབ་པར་བྱའོ་ཞེས་གསོལ་བ་ན། དེ་ལྟར་དུ་ བཙུན་མོ། ཕོ་བྲང་གི་སླས། རྒྱལ་ཚབ། རྒྱལ་བུ། བློན་པོ་ཐམས་ཅད་ཀྱིས་གསོལ་བ་བཏབ་ སྟེ། མི་གཅིག་གི་སླད་དུ་སྐུ་ཚེའི་དུས་འདའ་བར་མི་མཛད་ཅིང་འབངས་ཐམས་ཅད་སྤང་བ་ ནི་མི་རིགས་སོ་ཞེས་སྨྲས་པ་ན། དེ་དག་ལ་རྒྱལ་པོས་བདག་གིས་ཡུན་རིང་པོར་འཁོར་བ་ན་ ལུས་གྲངས་མེད་པ་ཆུད་གསན་ཏེ། བར་འགའ་ནི་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་ གི་དབང་གིས་བསད་པའི་རུས་པ་དཀར་པོ་སྤུངས་པ་ནི་རི་རབ་བས་མཐོ། མགོ་བཅད་པའི་ ཁྲག་ཟགས་པ་ནི་ཆུ་ཀླུང་ལྔ་བས་ཀྱང་ཆེ། ངུས་པའི་མཆི་མ་ནི་རྒྱ་མཚོ་བཞི་བས་ཀྱང་ལྷག་སྟེ། དེ་ལྟར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ལུས་སྲོག་ཆུད་གསན་ཀྱང་ལན་གཅིག་ཙམ་ཡང་ཆོས་ཀྱི་ ཕྱིར་མ་ཡིན་ཏེ། ད་སྐབས་གཟེར་བུ་བཏབ་པ་ནི་སངས་རྒྱས་བསྒྲུབ་པའི་རྒྱུའོ། །ཕྱིའི་མངོན་ པར་སངས་རྒྱས་ནས་ཤེས་རབ་ཀྱི་རལ་གྲིས་ཁྱེད་ཅག་གི་འཁོར་བའི་རྒྱུན་བཅད་པར་བྱ་ན། ད་ཅིའི་ཕྱིར་ངའི་བྱང་ཆུབ་ཀྱི་སེམས་ལ་བར་དུ་གཅོད་པར་བྱེད་ཅེས་སྨྲས་སོ། །དེའི་ཚེ་འཁོར་ རྣམས་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྟོན་པ་ཆེན་པོ་བདག་ལ་ ཆོས་བསྟན་ནས་དེའི་འོག་ཏུ་ལྕགས་གཟེར་གྱིས་ཐོབས་ཤིགགལ་ཏེ་བདག་ཚེ་དུས་བྱས་ན་ ཆོས་ཐོས་པར་མི་འགྱུར་རོ་ཞེས་སྨྲས་སོ། ། བྲམ་ཟེས་ཚིགས་སུ་བཅད་དེ་སྨྲས་པ། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་བས་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ 3-1-169 ཡིན། །ཞེས་སྨྲས་པས་རྒྱལ་པོའི་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་བོ། །དེའི་ཚེ་རྒྱལ་ ཕྲན། བློན་པོ། འཁོར་ཐམས་ཅད་མྱ་ངན་གྱིས་ནོན་ནས་རི་ཆེན་པོ་འགྱེལ་བ་ལྟར་ལུས་ས་ ལ་བརྡབས་ཏེ་ངུས་ནས་དྲན་མེད་དུ་བརྒྱལ་ནས་ས་ལ་འགྱེལ་ཏོ། །ས་རྣམ་པ་དྲུག་ཏུ་གཡོས་ ནས། འདོད་ཁམས་དང༌། གཟུགས་ཁམས་ཀྱི་ལྷ་རྣམས་ངོ་མཚར་ཏེ་ཐམས་ཅད་ནམ་མཁའ་ ལས་བབས་ནས། བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ་ཆོས་ཕྱིར་སྡུག་བསྔལ་ཆེན་པོ་ ལུས་ཀྱི་མྱོང་བར་མཐོང་ནས། ལྷ་རྣམས་རབ་ཏུ་ངུས་ཏེ་མཆི་མ་ཆར་བཞིན་དུ་ཕབ་སྟེ་ལྷརྫས་ ཀྱི་མེ་ཏོག་གིས་མཆོད་པ་བྱས་སོ། །བརྒྱ་བྱིན་ལྷའི་དབང་པོ་ཡང་རྒྱལ་པོའི་དྲུང་དུ་འོངས་ ནས། རྒྱལ་པོ་ཆེན་པོ་བརྩོན་འགྲུས་བརྩམས་ཏེ། སྡུག་བསྔལ་ལ་ཅི་མི་སྙམ་པ་འདི་ཆོས་ཕྱིར་ རམ། འོན་ཏེ་བརྒྱ་བྱིན་ནམ། འཁོར་སྒྱུར་རམ། འོན་ཏེ་བདུད་ཀྱི་རྒྱལ་པོའམ། ཚངས་པའི་ རྒྱལ་པོའམ། དབང་ཕྱུག་སོགས་གང་འདོད་ཅེས་སྨྲས་པ་ན། རྒྱལ་པོས་བདག་གིས་ཁམས་ གསུམ་གྱི་བདེ་བ་འདོད་པ་མ་ཡིན་པར་བསོད་ནམས་ཇི་སྙེད་ཡོད་པ་འདིས་སངས་རྒྱས་ཁོ་ ན་འདོད་པའི་ཕྱིར་འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་རྒྱལ་པོའི་ལུས་འདར་ཞིང་མི་བཟོད་ པ་ལ་བལྟས་ན་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིའི་ཕྱིར་ཡིད་ཆེས་པར་འགྱུར་རོ་ཞེས་སྨྲས་ པ་ན། རྒྱལ་པོས་གལ་ཏེ་བདག་གིས་སྨྲས་པ་བདེན་ཏེ་འགྱོད་སེམས་མེད་ན། བདག་གི་ ལུས་སྔ་མ་ཁོ་ན་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་སོར་ཆུད་དོ། །ལྷ་ དང་མི་རྣམས་དགའ་མགུ་རངས་པར་གྱུར་ཏོ། །སྔོན་ཡང་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་ ཆོས་བཙལ་ནས་ཚིགས་བཅད་གཅིག་ཙམ་གྱི་ཕྱིར་ལུས་ལ་ལྕགས་གཟེར་སྟོང་ཕྲག་བཏབ་ སྟེ་ད་སྐབས་བསོད་ནམས་མཐར་ཕྱིན་པས་ཆོས་ཀྱི་རྒྱ་མཚོ་ཡོངས་སུ་རྫོགས་ཤིང་ཡོན་ཏན་ ཚད་མ་མཆིས་པ་དང་ལྡན་ན་ཡང་འགྲོ་བ་མང་པོ་བཏང་སྟེ། ཅིའི་ཕྱིར་ཆོས་མི་བཤད་པར་ མྱ་ངན་ལས་འདའ་བར་དགོངས་སོ། །གཞན་ཡང་ཡབ་རྒྱལ་པོ་ཟས་གཙང་དང་ཤཱཀྱའི་རྒྱལ་ 3-1-170 བུ་དོན་གྲུབ་ཀྱི་སྔོན་བྱུང་ནི། སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཚངས་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་ཚབ་ད་མ་ག་མ་ ཞེས་བྱ་བ་ཡོད་དེ། རྒྱལ་བུ་དེས་དམ་པའི་ཆོས་ཕྱོགས་ཀུན་ཏུ་བཙལ་ན་ཡང་མ་རྙེད་པས་མྱ་ ངན་གྱིས་ཡིད་གདུངས་པར་གྱུར་ཏོ། །དེའི་ཚེ་བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་པས་བྲམ་ ཟེ་ཞིག་ཏུ་སྤྲུལ་ཏེ། ཕོ་བྲང་སྒོར་འོངས་ནས། དམ་པའི་ཆོས་བདག་ལ་ཡོད་དེ་བསྟན་པར་ བྱའོ་ཞེས་སྨྲས་སོ། །རྒྱལ་བུས་ཐོས་ནས་ཞབས་ལ་ཕྱག་བྱས་པས་ཕོ་བྲང་ནང་དུ་ཁྲིད་དེ་སྟན་ བཏིང་བ་ལ་བཞག་གོ། །རྒྱལ་བུས་ཐལ་མོ་སྦྱར་ཏེ། སྟོན་པ་ཆེན་པོ་དམ་པའི་ཆོས་བསྟན་དུ་ གསོལ་ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། ཆོས་བསླབ་པ་དང་སློབ་དཔོན་བསྟེན་པ་ཡང་སླ་བ་ མ་ཡིན་ནོ། །རྒྱལ་བུས་སྨྲས་པ་སྟོན་པ་ཆེན་པོ་ཅི་དང་ཅི་བཞེད་པ་གསུངས་ཤིག་དང་བདག་ གི་ལུས་དང༌། ཆུང་མ་དང༌། བུ་ཕོའི་བར་དུ་བཞེད་ན་ཡང་ཐམས་ཅད་འབུལ་བར་བགྱིའོ། །བྲམ་ཟེས་སྨྲས་པ། གལ་ཏེ་མེའི་དོང་ཟབས་སུ་ཁྲུ་བཅུ་ཡོད་པའི་ནང་མེ་མ་མུར་གྱིས་བཀང་ ལ། དེའི་ནང་དུ་མཆོངས་ཏེ་མཆོད་པ་བྱེད་ནུས་ན་ཆོས་བསྟན་ནོ་ཞེས་སྨྲས་སོ། །རྒྱལ་བུས་དེ་ ལྟར་དུ་མེ་དོང་ཆེན་པོ་བྱས་སོ། །དེ་ནས་རྒྱལ་པོ། བཙུན་མོ། བློན་པོ། ཕོ་བྲང་གི་སླས་ཀྱིས་ དེ་ལྟ་བུར་ཐོས་ནས་ཐམས་ཅད་ཕོ་བྲང་དུ་འདུས་ནས་རྒྱལ་བུ་ལ་དེ་ལྟར་མི་བྱེད་པར་གསོལ་ བ་བཏབ། བྲམ་ཟེ་དེ་ལ་ཀུན་གྱིས་བསྐོར་ནས། བཙུན་པ་ཐུགས་བརྩེ་བར་དགོངས་ཏེ་བདག་ ཅག་གིརྒྱལ་བུ་འདི་མེ་དོང་དུ་མི་མཆོངས་པར་མཛད་དུ་གསོལ། ཁོར་ཡུག་གམ། ཆུང་མའམ། བུ་ཕོའམ། བདག་ཅག་གི་ལུས་བཞེད་ན་ཡང་འབུལ་ལོ། །བྲམ་ཟེས་སྨྲས་པ། བདག་ལ་ནི་དེ་ ལྟར་དགོས་པ་མ་ཡིན་མོད། འོན་ཀྱང་རྒྱལ་བུས་དེ་ལྟར་ནུས་ན་ནི་ཆོས་བསྟན་གྱི་མི་ནུས་ན་ ཆོས་མི་བསྟན་ཏོ། ། འཁོར་རྣམས་ཀྱིས་ཀྱང་རྒྱལ་བུས་དམ་བཅའ་བརྟན་པར་ཤེས་ནས་ཅང་མི་སྨྲའོ། །དེའི་ 3-1-171 ཚེ་རྒྱལ་པོས་ཀྱང་ཕོ་ཉ་ཅིག་གླང་པོ་ཆེ་རྒྱང་གྲགས་བརྒྱད་སྟོང་དུ་འགྲོ་བ་ཞིག་སྐྱོན་ཏེ། འཛམ་ བུའི་གླིང་ཀུན་ཏུ་མངགས་ནས་རྒྱལ་ཚབ་ད་མ་ག་མས་ཞག་བདུན་དུ་ཆོས་ཕྱིར་མེ་དོང་དུ་ མཆོངས་བས་ཁྱེད་ཅག་མཐོང་བར་འདོད་ན་མྱུར་དུ་ཤོག་ཅིག་ཅེས་བསྒོའོ། །དེའི་ཚེ་ན་རྒྱལ་ ཕྲན་དང་ཡུལ་མི་མང་པོ་རྒས་ཤིང་ཉམ་ཆུང་བ་དག་ཀྱང་གཅིག་གིས་གཅིག་ཁྲིད་དེ་རྒྱལ་བུའི་ ཐད་དུ་ལྷགས་ནས་པུས་མོ་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཐམས་ཅད་ཀྱིས་ཚིག་མཐུན་ པར་བདག་ཅག་གི་རྒྱལ་བུ་འདི་ཕ་མ་དང་འདྲ་བ་མེ་དོང་དུ་མཆོངས་ན་ངེད་ཅག་ལ་མགོན་ དང༌། སྐྱབས། གནས་མེད་པས་དེ་ལྟར་མ་མཛད་ཅིག་ཅེས་སྨྲས་སོ། །རྒྱལ་བུས་དེ་དག་ལ་ འདི་སྐད་ཅེས་བསྒོའོ། །ང་ནི་ཡུན་རིང་མོ་ནས་འཁོར་བ་ན་ལུས་གྲངས་མེད་པ་ཅིག་འཕོས་ ཏེ། མིར་སྐྱེས་ན་འདོད་པ་ཆོག་མི་ཤེས་པས་གཅིག་ལ་གཅིག་འཚེ་ཞིང་གསོད་པ་དང༌། ལྷར་ སྐྱེས་ན་ཚེ་ཟད་པས་འདོད་པ་དང་བྲལ་བའི་སྡུག་བསྔལ་དང༌། དམྱལ་བར་སྐྱེས་ན་མེར་ཚིག་ པ། ཟངས་སུ་བསྐོལ་བ། རལ་གྲི་དང་མཚོན་ཆས་གཏུབས་པ། གདུག་པའི་ཆུ་ལ་འབོག་པ། རལ་གྲི་ལ་འཛེག་ཅིང་ཚེ་འཕོ་བ་གྲངས་མེད་པས་སྡུག་བསྔལ་རུས་པ་ལ་ཐུག་པ་མྱོང་དགོས་ པ་ནི་བརྗོད་ཀྱིས་མི་ལང༌། ཡི་དྭགས་སུ་སྐྱེས་ན་ལུས་ཀྱིས་མི་བཟོད་པའི་སྡུག་བསྔལ་རྣམ་པ་ སྣ་ཚོགས་མྱོང༌། དུད་འགྲོར་སྐྱེས་ན་ཁལ་ལྕི་བ་བཀལ་བ་སོགས་སྡུག་བསྔལ་བཟོད་དཀའ་ བ་མྱོང་ཡང་དེ་དག་གི་སྐབས་སུ་ལུས་སྲོག་མང་པོ་ཆུད་གསན་ཀྱང་དགེ་སེམས་ཅུང་ཟད་ཙམ་ གྱི་ཕྱིར་མ་ཡིན་པར་ད་ནི་བླ་མེད་བྱང་ཆུབ་ལ་སེམས་བསྐྱེད་དེ་སངས་རྒྱས་བསྒྲུབ་པའི་ཕྱིར་ ལུས་འདི་གཏོང་སྟེ། ནམ་སངས་རྒྱས་པ་ན་ཁྱེད་རྣམས་ལ་ཆོས་ཀྱི་སྐུ་སྦྱིན་ནོ་ཞེས་སྨྲས་སོ། །འཁོར་མང་པོ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་བུ་མེ་དོང་གི་ཁར་འགྲེང་ནས་བྲམ་ ཟེ་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཆེན་པོ་དམ་པའི་ཆོས་སྟོན་ཅིག་གལ་ཏེ་ཚེའི་བར་ ཆད་དུ་གྱུར་ན་ཆོས་མི་ཐོས་སོ། ། 3-1-172 བྲམ་ཟེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བྱམས་པའི་སེམས་ནི་གོམས་པར་ བྱ། །ཞེ་སྡང་ཁྲོས་པའི་འདུ་ཤེས་སྤང༌། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབ། །ཀུན་ལ་སྙིང་ བརྩེ་མཆི་མ་ཟག །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལའང་བདག་དང་མཐུན་པའི་ ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབ་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཞེས་ དེ་དག་སྨྲས་མ་ཐག་ཏུ་མེ་དོང་དུ་མཆོངས་པ་ལ་བརྒྱ་བྱིན་དང་ཚངས་པའི་རྒྱལ་པོའི་ལག་པས་ བཟུང་ནས་འདི་སྨྲས་སོ། །འཛམ་བུའི་གླིང་གི་འགྲོ་བ་ཐམས་ཅད་ནི་རྒྱལ་པོ་ཁྱེད་ཀྱི་བཀའ་ དྲིན་གྱིས་བདེ་བ་ཡིན་ཡང་ད་མེ་དོང་དུ་མཆོངས་ན་འབངས་ཐམས་ཅད་ཀྱི་ཕ་མ་ཚེ་འཕོས་པ་ དང་འདྲ་བས་ཅིའི་ཕྱིར་དོན་མེད་པའི་ལས་བྱ་ཞེས་སྨྲས། རྒྱལ་བུས་ལྷའི་རྒྱལ་པོ་དང་འཁོར་ རྣམས་ལ་ཁྱེད་ཀྱིས་བདག་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ན་བར་ཆད་ཀྱི་ལས་མ་བྱེད་ ཅིག་ཅེས་སྨྲས། ཐམས་ཅད་ཅང་མི་སྨྲ་བར་འདུགདེ་མ་ཐག་ཏུ་མེ་དོང་དུ་མཆོངས་སོ། །དེའི་ ཚེ་གནམ་ས་ཆེན་པོ་རབ་ཏུ་གཡོས་ཏེ། བར་སྣང་གི་ལྷ་དག་ཀྱང་ངུས་ནས་མཆི་མ་ཆར་བཞིན་ དུ་བབས་སོ། །མེ་དོང་དེ་མེ་ཏོག་གི་རྫིང་བུར་གྱུར་ཏེ། རྒྱལ་བུ་དེ་ཡང་པདྨའི་སྟེང་ན་འདུག་ པར་གྱུར་ཏེ། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་ཙམ་དུ་ཕབ་བོ། །དེའི་དུས་ན་རྒྱལ་ པོ་ཚངས་ལྷ་ནི་ཡབ་རྒྱལ་པོ་ཟས་གཙང་མ་ལགས། མ་ནི་ཡུམ་ལྷ་མཛེས་ལགས། རྒྱལ་བུ་ནི་ བཅོམ་ལྡན་འདས་ལགས། བཅོམ་ལྡན་འདས་སྔོན་འདས་པའི་དུས་སུ་འགྲོ་བ་མང་པོ་བསྐྱབ་ པའི་སླད་དུ་དམ་པའི་ཆོས་ཤླཽ་ཀ་གཅིག་ཙམ་གྱི་དོན་དུ་མེ་དོང་དུ་མཆོངས་པས་བཟོད་དཀའ་ བའི་བསོད་ནམས་འདི་ད་ལྟ་མཐར་ཕྱིན་པས་ད་ཅིའི་ཕྱིར་སེམས་ཅན་ལ་ཆོས་ཀྱི་ཆར་མི་ཕབ་ པར་མྱ་ངན་ལས་འདའ་བར་དགོངས་ཞེས་ལྷས་ཞུ་བ་བྱས་སོ། ། གཞན་ཡང་སྔོན་བསྐལ་པ་གྲངས་མེད་འདས་པའི་ཕ་རོལ་ན། ཡུལ་ཝཱ་ར་ཎཱ་སཱི་དེར་དྲང་ སྲོང་ལྔ་བརྒྱ་ཙམ་གནས་ཏེ། དེ་དག་གི་སྟོན་པ་ཨུ་ཏ་ལ་ཞེས་པ་དེ་དམ་པའི་ཆོས་སློབ་ཅིང་ 3-1-173 སྒོམ་པ་ལ་དགའ་བས་ད་སྐབས་སུ་ ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་བསྟན་ན། དེ་ལ་ཅི་དང་ཅི་དགོས་པ་སྦྱིན་ཞིང་ གཡོག་བྱའོ་ཞེས་བསྒྲགས་ཏེ། བྲམ་ཟེ་ཞིག་དེར་འོངས་ཏེལོ་རྒྱུས་ནོར་བུའི་ཕྲེང་བ། བདག་ལ་དམ་པའི་ཆོས་ཡོད་དེ་ཐོས་པར་འདོད་ན་བསྟན་པར་བྱའོ་ཞེས་སྨྲས་ཚེ། དྲང་ སྲོང་དེས་ཐལ་མོ་སྦྱར་ཏེ་བདག་ལ་ཐུགས་བརྩེ་བས་དམ་པའི་ཆོས་བསྟན་དུ་གསོལ་ཞེས་ སྨྲས། བྲམ་ཟེས་ཆོས་ཐོས་པ་ཡང་ཤིན་ཏུ་དཀའ་སྟེ་སྡུག་བསྔལ་མང་པོ་མྱོང་བས་ཆོས་ལོབས་ པ་ཡིན་གྱི་འདི་ཙམ་གྱིས་མ་ཡིན་པར་སྙིང་ནས་ཆོས་འདོད་ན་ཁོ་བོས་བསྒོ་བ་བཞིན་དུ་བྱོས་ ཤིགདྲང་སྲོང་གི་སྟོན་པ་ཆེན་པོའི་བཀའ་བཞིན་བགྱིའོ་ཞེས་སྨྲས་ཚེ། དེ་ལ་གལ་ཏེ་ཁྱོད་ཀྱིས་ ལྤགས་པ་བཤུས་ཏེ་ཤོག་བུ་བྱ་བ་དང༌། རུས་པ་བཞོགས་ཏེ་སྨྱུག་གུར་བྱ་བ་དང༌། ཁྲག་ཕྱུང་ སྟེ་སྣག་ཚར་བྱས་ཏེ། ངས་བསྟན་པའི་ཆོས་ཡི་གེར་འབྲི་ནུས་ན་ཁྱོད་ལ་ཆོས་བསྟན་ནོ་ཞེས་ སྨྲས་པ་ན། དེ་ལ་དྲང་སྲོང་རབ་ཏུ་དགའ་སྟེ་རྒྱལ་བའི་བསྟན་པ་ལ་བཀུར་སྟི་བྱ་བའི་ཕྱིར་ ལྤགས་པའི་ཤོག་བུ། རུས་པའི་སྨྱུག་གུ། ཁྲག་སྣག་ཚར་སྦྱར་ནས་ད་ཆོས་གསུངས་ཤིག་ཅེས་ སྨྲས་ཚེ། བྲམ་ཟེས་ཚིགས་སུ་བཅད་པ་གསུངས་པ་ནི། ལུས་ཀྱི་སྤྱོད་པ་རབ་བསྡམས་ཤིང༌། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་རྫུན་དང་ཚིག་རྩུབ་དང༌། །ཀྱལ་པ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང༌། །ཞེ་སྡང་སེམས་ཀྱང་མེད་པར་བྱ། །ངན་པར་ལྟ་བ་ཀུན་ སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །ཞེས་གསུངས་ལྟར་ཡི་གེར་བྲིས་ནས་འཛམ་ བུ་གླིང་ཀུན་ཏུ་བསྒྲགས་ཏེ་མི་མང་པོ་ཐམས་ཅད་ཀྱིས་བསླབ་ཅིང་ནན་ཏན་དུ་བཅུག་གོ། སྔོན་ བསྟན་འགྲོའི་དོན་དུ་དེ་ལྟ་བུའི་ཆོས་འཚོལ་བ་ལ་འགྱོད་པའི་ཐུགས་མི་མངའ་ན། ད་ཅིའི་ སླད་དུ་ཆོས་མི་བསྟན་པར་མྱ་ངན་ལས་འདའ་འོ། །ཞེས་ཞུ་བ་ཕུལ། གཞན་ཡང་སྔོན་བསྐལ་ 3-1-174 པ་གྲངས་མ་མཆིས་པའི་ཕ་རོལ་ཏུ་འཛམ་བུའི་གླིང་འདིར་རྒྱལ་པོ་ཤི་བི་ཞེས་བྱ་བ་བྱུང་སྟེ། རྒྱལ་པོའི་ཕོ་བྲང་ནི་དེ་པ་བརྟ་ཞེས་བྱ་བ། ཡུལ་ཡང་བདེ་བ། ལོ་ལེགས་པ། ལོངས་སྤྱོད་ དཔག་ཏུ་མེད་པ་ཡོད་དོ། །རྒྱལ་པོས་འཛམ་གླིང་ལ་དབང་མཛད་དེ། རྒྱལ་ཕྲན་བརྒྱད་ཁྲི་ བཞི་སྟོང་ལྗོངས་སྟོང་ཕྲག་དྲུག་ཅུའི་ནང་ན་གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་དང༌། བཙུན་མོ་དང་ཕོ་ བྲང་གི་སླས་སྟོང་ཕྲག་ཉི་ཤུ་དང༌། རྒྱལ་བུ་ལྔ་བརྒྱ་ཙམ་དང༌། བློན་པོ་ཆེན་པོ་སྟོང་ཕྲག་བཅུ་ མངའ། དེ་ཐམས་ཅད་ལ་བྱམས་སྙིང་རྗེས་བསྐྱངས་སྐབས། བརྒྱ་བྱིན་ལུས་ཀྱི་ཡོན་ཏན་ལྔ་ དང་བྲལ་ཏེ་ཚེའི་དུས་བྱེད་དུ་ཉེ་བས་ཤིན་ཏུ་མྱ་ངན་བྱེད་སྐབས་བི་ཤྭ་ཀརྨས་མཐོང་སྟེ། བརྒྱ་ བྱིན་ལ་ཅིའི་སླད་དུ་མྱ་ངན་བྱ་ཞེས་གསོལ་བ་ན། ང་ནི་ཚེའི་དུས་བྱེད་དུ་ཉེ་སྟེ་འཇིག་རྟེན་ན་ སངས་རྒྱས་དང་ཆོས་བྱང་ཆུབ་སེམས་དཔའ་མི་བཞུགས་ན་ཁོ་བོ་ད་གང་ལ་སྐྱབས་སུ་འགྲོ་ དགོས་མི་ཤེས་པས་མྱ་ངན་ཆེའོ། །དེ་ལ་བི་ཤྭ་ཀརྨས་འཛམ་གླིང་ན་རྒྱལ་པོ་བྱང་ཆུབ་སེམས་ དཔའི་སྤྱད་པ་སྤྱོད་པ་ཤི་བི་ཞེས་བྱ་བ་བཞུགས་ཏེ། དེ་ལ་སྐྱབས་ན་གེགས་ལས་ཐར་པར་ འགྱུར་རོ། །བརྒྱ་བྱིན་གྱིས་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་མིན་ཚོད་བགམ་དགོས་ཏེ། ཁྱོད་ཕུག་རོན་དུ་སྤྲུལ་ཅིགང་ཁྲ་ལ་སྤྲུལ་ཏེ་ཕྱི་བཞིན་དུ་འོང་བས་ཁྱོད་མགྱོགས་པོར་རྒྱལ་ པོའི་དྲུང་དུ་སོང་སྟེ་སྐྱབས་བཙལ་ན་བྱང་ཆུབ་སེམས་དཔའ་ཡིན་མིན་རྟོགས་པར་འགྱུར་རོ། །དེ་ལ་བི་ཤྭ་ཀརྨས་བྱང་ཆུབ་སེམས་དཔའ་ལ་དེ་ལྟ་བུའི་ཚོད་བགམ་པ་ནི་མི་རིགས་སོ་ཞེས་ སྨྲས་པ་ན། བརྒྱ་བྱིན་གྱིས། བདག་ནི་དེ་ལ་ངན་སེམས་མིན། །གསེར་ལྟར་སད་ན་མངོན་ པར་འགྱུར། །བདེན་པར་རྟོགས་པ་འདོད་པ་ནི། །བྱང་ཆུབ་སེམས་དཔའ་འང་སད་པར་བྱ། །ཞེས་སྨྲས། བི་ཤྭ་ཀརྨ་ཕུག་རོན་དུ་སྤྲུལ། བརྒྱ་བྱིན་ཁྲར་སྤྲུལ་ནས་ཕུག་རོན་གྱི་ཕྱི་བཞིན་ དུ་བདས་ཏེ་བཟུང་ལ་ཐུག་པ་ལྟར་བྱས་ཏེ། ཕུག་རོན་སྐྲག་དངངས་དང་བཅས་ཏེ་རྒྱལ་པོའི་ མཆན་ཁུང་དུ་ཞུགས་ཏེ་སྲོག་སྐྱབས་སྐབས། ཁྲ་ཡང་ཕོ་བྲང་གི་ཁར་འདུག་ནས་རྒྱལ་པོ་ལ། 3-1-175 ཕུག་རོན་འདི་བདག་གི་ཟས་ལགས་ཏེ་བདག་ལ་བཀྲེས་པ་ཆེ་བས་མྱུར་དུ་སྩོལ་ཅིགདེ་ལ་ རྒྱལ་པོས་ཁོ་བོ་ལ་གང་སྐྱབས་པ་ཐམས་ཅད་སྡུག་བསྔལ་ལས་བྲལ་བར་དམ་བཅས་སོ་ཞེས་ སྨྲས། ཁྲས་ཡང་ཁྱོད་ཀྱིས་གསུངས་ལྟར་ཐམས་ཅད་ཀྱི་ནང་དུ་བདག་མ་འདུས་སམ། གལ་ཏེ་ ཟས་མི་སྩོལ་ན་བདག་ལ་ནི་འཚོ་བ་དང་བྲལ་བས་སྡུག་བསྔལ་ཆེའོ། །རྒྱལ་པོས་ཁྱོད་ལ་ཤ་ གཞན་སྦྱིན་ན་ཟའམ་སྨྲས། བདག་གིས་གསར་དུ་བཀུམ་པའི་ཤ་རློན་པ་མཆིས་ན་ཟ་ལགས། རྒྱལ་པོས་བསམ་པ་ལ་གསར་དུ་བསད་པའི་ཤ་རློན་པ་སྦྱར་ན་གཅིག་བསད་དེ་གཅིག་ གསོས་པས་དོན་མེད་མོད་དེ་བས་བདག་གི་ཤ་སྦྱིན་སྙམ་ནས་གྲི་རྣོན་པོ་ཐོགས་ཏེ་བརླའི་ཤ་ བཅད་ནས་ཁྲ་ལ་བྱིན་ཏེ་ཕུག་རོན་གྱིསྲོག་བླུས་སོ། །ཁྲས་རྒྱལ་པོ་ཁྱེད་ཀྱིས་བདག་ལ་སྙིང་ ལྷག་པར་བརྩེ་ན་ཕུག་རོན་དང་ཤ་གཉིས་སྲང་གིས་གཞལ་ཏེ་མཉམ་པར་མཛད་དུ་གསོལ་ ཞེས་སྨྲས། རྒྱལ་པོས་སྲང་བླངས་ཏེ་ཕུག་རོན་གྱིས་སྲང་རྡོ་བྱས། སྲང་གཞོང་དུ་ཤ་བཅད་ པ་སྤུངས་པས་བརླའི་ཤ་གཉིས་ཟད་ཀྱང་ད་དུང་མ་འདང་བས་ཕྲག་པ་གཉིས་དང༌། རྩིབས་ ལོགས་གཡས་གཡོན་དང༌། ལུས་ཀྱི་ཤ་ཟད་པར་བཅད་ཀྱང་ཕུག་རོན་དང་མཉམ་པར་མ་ གྱུར་པས་རྒྱལ་པོ་བཞེངས་ཏེ་སྲང་གཞོང་དུ་འགྲོ་བར་བརྩམས་པ་ན་ལུས་ཀྱི་མ་ནུས་ཏེ་ས་ ལ་འགྱེལ་ནས་བརྒྱལ་ལོ། །དེ་ནས་རིང་ཞིག་ནས་སླར་དྲན་པ་རྙེད་ནས་བདག་གིས་ཐོག་མ་ མེད་པའི་དུས་སུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་སྣ་ཚོགས་མྱོང་ཡང་བསོད་ནམས་ཀྱི་ རྒྱུར་མ་སོང་བས་ད་སྐབས་བརྩོན་འགྲུས་ཀྱི་དུས་ལ་བབ་སྟེ། ལེ་ལོ་བྱ་བའི་དུས་མ་ཡིན་པར་ བསམས་ནས་འབད་པས་སྲང་གཞོང་དུ་ཕྱིན་ཏེ་ད་ནི་དལ་འབྱོར་ལ་སྙིང་པོ་ལོན་པས་ལེགས་ སྙམ་ནས་རབ་ཏུ་དགའ་སྟེ། དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་པས་ལྷའི་ཕོ་བྲང་ཡང་འགུལ་ ཞིང་གཟུགས་ཁམས་ཀྱི་ལྷ་མན་ཆད་འོང་ནས་སྟེང་གི་བར་སྣང་ལ་འཁོད་དེ། ཆོས་ཕྱིར་ལུས་ སྲོག་ལ་མི་ལྟ་བར་མཐོང་ནས་མཆི་མ་ཆར་བཞིན་དུ་ཟག་ཅིང་ངུས་ཏེ། ལྷ་རྫས་ཀྱི་མེ་ཏོག་ 3-1-176 ཆར་ལྟར་ཕབ་པས་མཆོད། དེའི་ཚེ་བརྒྱ་བྱིན་སླར་རང་ལུས་སུ་བསྒྱུར་ཏེ་རྒྱལ་པོ་ཆེན་པོ་འདི་ ལྟ་བུའི་དཀའ་བ་མཛད་པ་འདིས་ཅི་ཞིག་བཞེད་དེ། འཁོར་སྒྱུར་རམ། བརྒྱ་བྱིན་ནམ། བདུད་ ཀྱི་རྒྱལ་པོའམ། ཁམས་གསུམ་གྱི་དབང་པོ་བཞེད་དམ་ཅི་བཞེད་ལགས། བྱང་ཆུབ་སེམས་ དཔས་བདག་འདོད་པ་ནི་ཁམས་གསུམ་གྱི་ཆེ་བཙན་དང་ལོངས་སྤྱོད་མ་ཡིན་པར་བསོད་ ནམས་ཅི་བསགས་འདིས་བླ་མེད་བྱང་ཆུབ་འདོད་དོ། །བརྒྱ་བྱིན་གྱིས་འདི་ལྟར་ལུས་མ་རུང་ པར་རུས་པ་ལ་ཐུག་པའི་སྡུག་བསྔལ་མྱོང་བ་འདི་ལ་མི་འགྱོད་དམ། རྒྱལ་པོས་འགྱོད་པ་མེད་ དོ། །བརྒྱ་བྱིན་གྱིས་འགྱོད་པ་མེད་ཅེས་སྨྲས་ཀྱང་ལུས་འདར་ཞིང་དབུགས་ཆད་ལ་ཉེ་ཞིང་ སྨྲ་ཡང་མི་ནུས་པ་ལ་བལྟས་ན་ཅི་ཡིས་ཡིད་ཆེས་པར་འགྱུར། རྒྱལ་པོས་བདག་ཐོག་མ་ནས་ ཐ་མའི་བར་དུ་བ་སྤུའི་ཉག་མ་ཙམ་གྱིས་འགྱོད་པའི་སེམས་མེད་ན་ལུས་འདི་སྔ་མ་བཞིན་དུ་ རྨ་མེད་པར་གྱུར་ཞིག་ཅེས་སྨྲས་མ་ཐག་ཏུ་སྔར་བས་ལྷག་པར་གྱུར་ཏོ། །ལྷ་མི་ཐམས་ཅད་ངོ་ མཚར་རྨད་དུ་གྱུར་ཏོ། །དེའི་ཚེ་རྒྱལ་པོ་ཤི་བི་ཡང་ད་ལྟ་སངས་རྒྱས་ལགས། སྔོན་འདས་པའི་དུས་ན་སེམས་ཅན་མང་པོའི་སླད་དུ་དབུ་སྟོང་ཙམ་གྱིས་སྦྱིན་པ་བཏང་ བ་སོགས་བསོད་ནམས་མཐར་ཕྱིན་ཏེ། ཆོས་ཀྱི་རྒྱ་མཚོ་ཡོངས་སུ་རྫོགས། ཆོས་ཀྱི་རྒྱལ་ མཚན་བསྒྲེངས། ཆོས་ཀྱི་རྔ་ཡང་རབ་ཏུ་བརྡུངས། ཆོས་ཀྱི་སྒྲོན་མེ་གསལ་བར་མཛད་ནའང་ ད་ཕན་པ་དང་བདེ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་ཅིའི་ཕྱིར་མི་བསྐོར་ཞེས་ལྷ་ཚངས་པས་ བསྐུལ་བ་ལྟར་ཡུལ་བཱ་རཱ་ཎ་སཱིར་ཆོས་འཁོར་བསྐོར་ཏེ་དཀོན་མཆོག་གསུམ་ཡང་འཇིག་ རྟེན་ན་མངོན་སུམ་དུ་གྱུར་པས་ལྷ་མི་ཀླུ་གནོད་སྦྱིན་ལྷ་མ་ཡིན་སྡེ་བརྒྱད་སོགས་ཐམས་ཅད་ དགའ་སྟེ་རྗེས་སུ་འཇུག་གོ། དཔེ་སྣ་ཚོགས་བསྟན་པའི་ལེའུ་སྟེ་དང་པོའོ།། །། སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པའི་ལེའུ་ནི། འདི་སྐད་བདག་གིས་ཐོས་ པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ 3-1-177 ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བསོད་སྙོམས་བྱ་བའི་དུས་ལ་བབ་ ནས་ཤམ་ཐབས་དང་ཆོས་གོས་གསོལ་ཞིང༌། ལྷུང་བཟེད་བསྣམས་ནས། ཀུན་དགའ་བོ་ དང་མཉམ་དུ་གཤེགས་སོ། །གྲོང་ཁྱེར་དེ་ན་རྒན་མོ་ཞིག་ལ་བུ་རྟག་ཏུ་རྐུ་བ་གཉིས་ཤིག་ ཡོད་དེ། ཉིན་ཅིག་ནོར་བདག་གིས་ཟིན་ནས་ཞལ་ཆེ་བའི་མདུན་དུ་ཁྲིད་དེ། ཁྲིམས་དང་ སྦྱར་ནས་རིགས་ངན་གྱིས་གསོད་པའི་གནས་སུ་ཁྲིད་པ་ན། བཅོམ་ལྡན་འདས་གཤེགས་པ་ རྒྱང་ནས་རྒན་མོ་མ་སྨད་གསུམ་གྱིས་མཐོང་ནས། དེ་ཕྱོགས་སུ་ཕྱག་འཚལ་ཏེ། ལྷའི་གཙོ་ བོ་ཆེན་པོ་ཐུགས་བརྩེ་བར་དགོངས་ཏེ་བདག་གི་བུ་དགུམ་པ་འདིའི་སྐྱབས་མཛད་དུ་གསོལ་ ཞེས་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་གསན་ཏེ་དེ་དག་ལ་ཐུགས་བརྩེ་བར་དགོངས་པས་ སྲོག་བསྐྱབ་པའི་སླད་དུ་ཀུན་དགའ་བོ་ལ་བཀའ་བསྩལ་ཏེ། རྒྱལ་པོ་ལ་གསོལ་བ་འདེབས་ སུ་བཏང་བ་དང༌། རྒྱལ་པོས་ཀྱང་བཀའ་བཞིན་དུ་དེ་བཏང་ངོ༌། །དེ་དག་གིས་བཅོམ་ལྡན་ འདས་ཀྱི་བཀའ་དྲིན་དྲན་ཞིང་རབ་ཏུ་དགའ་ནས་མདུན་དྲུང་དུ་ཕྱིན་ནས་ཞབས་ལ་སྤྱི་བོས་ ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བཀའ་དྲིན་ ཆེན་པོས་བདག་ཅག་གི་ཚེ་སྲོག་ལྷག་མ་ཙམ་ཞིག་ལུས་པར་བྱས་པ་ན། ལྷའི་གཙོ་བོ་ཆེན་ པོ་ཐུགས་བརྩེ་བར་དགོངས་ཏེ་བདག་ཅག་རབ་ཏུ་བྱུང་བར་གནང་ངམ་ཞེས་གསོལ་བ་ན། བཅོམ་ལྡན་འདས་ཀྱིས་ལེགས་པར་འོང་ངོ་ཞེས་བཀའ་བསྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་ གོས་ཀྱང་ངུར་སྨྲིག་ཏུ་གྱུར་ཏོ། །དེ་དག་ཤིན་ཏུ་དད་པའི་སེམས་བརྟན་པར་གྱུར་ཏེ། བཅོམ་ ལྡན་འདས་ཀྱིས་ཆོས་ཅི་རིགས་པ་བསྟན་པས་རྡུལ་དང་དྲི་མ་ཟད་དེ་དགྲ་བཅོམ་པར་གྱུར་ ཏོ། །མ་རྒན་མོའང་ཆོས་ཐོས་པས་ལན་ཅིག་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་ཀུན་ དགའ་བོས་དེ་ལྟ་བུའི་ཡ་མཚན་ཆེ་བ་དག་མཐོང་སྟེ། དེ་བཞིན་གཤེགས་པ་ནི་ཡོན་ཏན་དེ་ དག་དང་ལྡན་པར་ཀུན་ལ་བསྒྲགས་སོ། །ཡང་འདི་སྙམ་དུ་རྒན་མོ་མ་སྨད་གསུམ་པོ་འདིས་ 3-1-178 སྔོན་ལས་ཅི་ཞིག་བསགས་པས་བཅོམ་ལྡན་འདས་དང་འཕྲད་དེ་ཉེས་པ་ཆེན་པོ་ལས་ཀྱང་ ཐར་ནས་ལུས་གཅིག་གིས་སྟེང་ནས་མྱ་ངན་ལས་འདས་པའི་ཕན་པ་དང་བདེ་བའི་དོན་ཐོབ་ པ་ནི་ཤིན་ཏུ་ལེགས་སོ་སྙམ་དུ་བསམ་པ་ན། བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ཀུན་དགའ་ བོ་ལ་བཀའ་བསྩལ་ཏོ། །མ་སྨད་གསུམ་པོ་འདི་ནི་ངས་ད་ལྟའི་ཕན་པ་འདིའི་མ་ཟད་སྔོན་ འདས་པའི་དུས་ན་བཀའ་དྲིན་ཆེན་པོས་བསྐྱངས་སོ། །ཀུན་དགའ་བོས་གསོལ་བ། བཅོམ་ ལྡན་འདས་སྔོན་འདས་པའི་དུས་ན་ཡང་འདི་རྣམས་ལ་ཇི་ལྟར་ཕན་པ་མཛད་པར་བསྟན་དུ་ གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་སྔོན་རོལ་ན་འཛམ་བུ་གླིང་འདི་ན་རྒྱལ་པོ་ ཤིང་རྟ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དེ། དེ་ནི་རྒྱལ་ཕྲན་ལྔ་སྟོང་ལ་དབང་བྱེད་དོ། །སྲས་ཀྱང་ གསུམ་མངའ་སྟེ། ཆེ་བ་སྒྲ་ཆེན་པོ་དང༌། འབྲིང་ནི་ལྷ་ཆེན་པོ་དང༌། ཆུང་བ་ནི་སེམས་ཅན་ ཆེན་པོ་ཞེས་བྱ་སྟེ། ཆུང་བ་དེ་ཆུང་ངུ་ནས་བྱམས་སྙིང་རྗེ་དང་ལྡན་ཏེ་འགྲོ་བ་ཐམས་ཅད་ལ་བུ་ གཅིག་པ་དང་འདྲའོ། །རྒྱལ་པོ་དེ། བློན་པོ་དང༌། བཙུན་མོ་དང༌། སྲས་དང་བཅས་ཕྱི་རོལ་ རྣམས་སུ་འཆག་ཅིང་སོང་བ་ལས། རེ་ཞིག་གི་དུས་སུ་ཅུང་ཟད་ཅིག་ངལ་གསོ་བའི་སྐབས་ སུ་སྲས་གསུམ་པོ་ནགས་ཚལ་རྣམས་སུ་སོང་སོང་བ་ན། སྟག་མོ་ཞིག་ལ་བུ་བྱུང་ནས་ཞག་དུ་ མར་ལོན་སོང་བས་བཟའ་བཏུང་མ་རྙེད་པས་བཀྲེས་ཤིང་སྐོམ་པས་གདུང་སྟེ། བུ་རྣམས་ཟ་ བར་ཐུག་པ་ཞིག་མཐོང་ནས་རྒྱལ་བུ་ཐ་ཆུང་དེས་ཕུ་བོ་གཉིས་ལ་སྨྲས་པ། སྟག་མོ་འདི་ཤིན་ ཏུ་སྡུག་བསྔལ་གྱིས་གཟིར་ཏེལོ་རྒྱུས་ནོར་བུའི་ཕྲེང་བ། ཉམ་ཆུང་བ་ལུས་རིད་པ་ཤི་བ་ལ་ ཐུག་པ་འདིས་བུ་བྱུང་མ་ཐག་རྣམས་ཟ་བར་འགྱུར་རོ་ཞེས་སྨྲས་པ་ན། ཕུ་བོ་གཉིས་ཀྱིས་ཁྱོད་ ཟེར་བ་བཞིན་བདེན་ནོ་ཞེས་སྨྲས་སོ། །ནུ་བོས་ཡང་ཕུ་བོ་གཉིས་ལ་སྨྲས་པ། སྟག་མོ་འདིས་ ཟས་ཅི་ཟ་ཞེས་དྲིས་པས། ཕུ་བོ་གཉིས་ཀྱིས་བསད་མ་ཐག་པའི་ཤ་གསར་བ་དང་ཁྲག་དྲོན་ 3-1-179 མོས་འདིའི་ཡིད་ཚིམ་པར་འགྱུར་རོ་ཞེས་སྨྲས་སོ། །ཡང་ནུ་བོས་གང་སུ་ཡང་དེ་ལྟ་བུའི་སྒོ་ ནས་འདིའི་སྲོག་འཚོ་བར་བྱེད་ནུས་པ་ཡོད་དམ། ཕུ་བོ་གཉིས་ཀྱིས་སྨྲས་པ། དེ་ནི་ཤིན་ཏུ་ ཡང་དཀའ་བའི་ལས་ཡིན་པས་མེད་དོ། །དེ་ནས་རྒྱལ་བུ་ཐ་ཆུང་དེས་ཡིད་ལ་འདི་སྙམ་དུ་ སེམས་སོ། །བདག་ནི་ཡུན་རིང་པོ་ནས་འཁོར་བ་ན་ལས་དབང་གིས་འཁོར་ཞིང་ལུས་སྲོག་ གྲངས་མེད་པ་ཞིག་ཆུད་གསན་ཏེ། བར་འགའ་ནི་འདོད་ཆགས་ཀྱི་ཕྱིར་དང༌། བར་འགའ་ ནི་ཞེ་སྡང་གི་ཕྱིར་དང༌། བར་འགའ་ནི་གཏི་མུག་གི་ཕྱིར་དུ་ལུས་སྲོག་དུ་མ་བཏང་ཡང༌། ཆོས་ ཀྱི་ཕྱིར་དང་བསོད་ནམས་ཀྱི་ཞིང་དམ་པ་དང་ལན་གཅིག་ཙམ་ཡང་མ་འཕྲད་པའི་དེ་ལྟ་བུའི་ ལུས་འདིའི་ཅི་ཡང་དགོས་པར་མི་འདུག་སྙམ་ནས་ད་ནི་བདག་གི་ལུས་འདི་བསོད་ནམས་རྒྱ་ ཆེ་བ་བསགས་པའི་ཕྱིར་དུ་སྦྱིན་པ་བཏང་བར་སེམས་ཐག་བཅད་ནས་གསུམ་ཆར་འགྲོགས་ ཏེ་སོང་བ་ལས་རེ་ཞིག་གི་དུས་སུ་ཕུ་བོ་གཉིས་ལ་སྨྲས་པ། མཆེད་གཉིས་སྔོན་དུ་སོང་དང༌། བདག་དོན་ཞིག་གཉེར་ནས་རྗེས་བཞིན་དུ་འོང་ངོ་ཞེས་སྨྲས་སོ། །ལམ་དེ་ཉིད་ནས་ཕྱིར་ལོག་ སྟེ་སྟག་མོའི་ཚང་གང་དུ་ཡོད་སར་མྱུར་དུ་སོང་སྟེ། སྟག་མོའི་དྲུང་དུ་ཉལ་བ་ན། སྟག་མོའི་ཁ་ འཐམ་ནས་ཟ་མ་ནུས་སོ། །རྒྱལ་བུས་ཤིང་གི་ཚལ་བ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས་བལྡག་ ཏུ་བཅུག་པས་ཁ་ཡང་ཕྱེ་བས་ལུས་ཀྱི་ཤ་མ་ལུས་པར་ཟོས་སོ། །ནུ་བོ་ཡང་ཡུན་རིང་མོ་ཞིག་ ལོན་སོང་བས་མ་ཐོན་ཚེ་ཕུ་བོ་གཉིས་ཕྱིར་རྗེས་བཞིན་དུ་འཚོལ་སོང་བ་ལས་སྔར་སྨྲས་པའི་ ཚུལ་ལ་བརྟགས་ན་གདོན་མི་ཟ་བར་སྟག་མོ་ལ་ལུས་སྦྱིན་དུ་སོང་ངོ་སྙམ་དུ་དེར་མྱུར་དུ་ ཕྱིན་ཏེ་བལྟས་པ་ན། ནུ་བོ་ཐ་ཆུང་ནི་སྟག་གིས་ཟོས་ཏེ་ཤ་དང་ཁྲག་གིས་ཀུན་ཏུ་བསྒོས་ནས་ བཙོག་བཙོག་ལྟར་འདུག་པ་མཐོང་ཚེ་ལུས་ས་ལ་བརྡབས་ཏེ་བརྒྱལ་ལོ། །དེ་ནས་རིང་ཞིག་ ལོན་པ་ན་དབུགས་ཕྱིར་ཕྱུང་ནས་ཆོ་ངེ་ཆེན་པོ་བཏབ་སྟེ་ས་ལ་འགྲེ་ལྡོག་བྱེད་དོ། །དེའི་ཚེ་ ཤུལ་ན་གནས་པའི་བཙུན་མོའི་མནལ་ལམ་དུ་ཕུག་རོན་གསུམ་ཞིག་ཕྱོགས་ཀུན་ཏུ་འཕུར་ 3-1-180 ཞིང་བརྩེ་བར་གནས་པའི་དུས་སུ་དེའི་ནང་གི་ཆུང་བ་དེ་ཁྲས་ཁྱེར་བ་རྨིས་མ་ཐག་ཏུ་དངངས་ སྐྲག་དང་བཅས་སད་དེ་རྒྱལ་པོ་ལ་བསྙད་དོ། །རྒྱལ་པོའི་གཏམ་དེ་ཐོས་ནས་ཕུག་རོན་ནི་ བདག་གི་བུའི་བླ་སྟེ། ཕུག་རོན་ཆུང་བ་ཁྲས་ཁྱེར་བ་ལ་བལྟས་ན་བདག་གི་བུའི་ནང་གི་སྡུག་ པ་འདི་བཀྲ་མི་ཤིས་པར་སོང་བར་ངེས་ཀྱིས་ཕྱོགས་ཐམས་ཅད་དུ་འཚོལ་བར་སོང་བ་ན་རེ་ ཞིག་གི་དུས་སུ་བུ་གཉིས་འོང་བ་མཐོང་སྟེ། ཕྲད་པ་ན་བུ་ཐ་ཆུང་ལ་ཅང་མ་ཉེས་སམ་ཞེས་ དྲིས་པས། ཕུ་བོ་གཉིས་སྐད་བརྣངས་ཏེ་རིང་ཞིག་བར་སྨྲ་ཡང་མ་ནུས། དེ་ནས་དབུགས་ཕྱིན་ པ་དང་མཉམ་དུ་སྟག་གིས་ཟོས་སོ་ཞེས་སྨྲས། ཡུམ་གྱིས་ཐོས་ནས་འཁམས་ཏེ་ས་ལ་འགྱེལ་ ནས་རིང་ཞིག་ལོན་པར་གྱུར་ཏོ། །དེ་ནས་དབུགས་ཕྱིན་པ་དང་མཉམ་དུ་བུ་གཉིས་དང་བཙུན་ མོ་ཕོ་བྲང་སླས་དང་བཅས་ཏེ་མྱུར་བར་རྒྱལ་བུ་གང་དུ་ཚེ་འཕོས་པའི་གནས་སུ་སོང་སྟེ། དེར་ ཕྱིན་པ་ན་སྟག་མོས་རྒྱལ་བུའི་ཤ་ཐམས་ཅད་ནི་ཟད་པར་ཟོས། རུས་པ་རྣམས་ཁྲག་འབའ་ ཞིག་དང་བཅས་ས་ལ་བཙོག་བཙོག་ལྟར་འདུག་པ་མཐོང་ཚེ་བཙུན་མོས་མགོ་ནས་བཟུང༌། རྒྱལ་པོས་ལག་པ་ནས་བཟུང་སྟེ་ཆོ་ངེ་བཏབ་པས་འཁམས་ནས་རིང་ཞིག་ལོན་པ་དང་དེ་ནས་ སླར་སངས་སོ། །རྒྱལ་བུ་སེམས་ཅན་ཆེན་པོ་ཚེ་འཕོས་ནས་དགའ་ལྡན་ལྷའི་གནས་སུ་སྐྱེས་ སོ། །བདག་གིས་སྔོན་ལས་ཅི་བསགས་པས་འདིར་སྐྱེས་སྙམ་དུ་ལྷའི་མིག་གིས་རྒྱུད་ལྔ་ཀུན་ ཏུ་བརྟགས་པས་སྔོན་གྱི་རུས་བུ་ཚལ་ན་འདུག་པ་ལ་ཕ་མས་བསྐོར་ཏེ་ཤིན་ཏུ་མྱ་ངན་གྱི་ཟུག་ རྔུས་ཐེབས་པས་ཆོ་ངེ་ཆེན་པོ་བཏབ་པ་མཐོང་ཚེ། ལྷས་བསམ་པ་ལ་བདག་གི་ཕ་མ་འདི་ལྟར་ གྱུར་པའི་རྐྱེན་གྱིས་ལུས་དང་སྲོག་གི་བར་ཆད་དུ་འགྱུར་གྱི་དེ་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ དུས་སུ་བབས་སོ་བསམ་སྟེ། སྟེང་གི་ནམ་མཁའ་ལས་ཚིག་སྙན་པ་སྣ་ཚོགས་ཀྱིས་ཕ་མ་ལ་ སྤྲོ་བ་བསྐྱེད་དོ། །ཕ་མ་གཉིས་ནམ་མཁའ་བལྟས་ནས། ལྷ་ཁྱོད་སུ་ཞིག་བདག་ཅག་ལ་སྨྲོས་ ཤིག་ཅེས་སྨྲས་པ་ན། ལྷས་བདག་ནིརྒྱལ་བུ་སེམས་ཅན་ཆེན་པོ་ཡིན་ཏེ། བདག་གི་ལུས་སྟག་ 3-1-181 མོ་བཀྲེས་པ་ལ་སྦྱིན་པ་བྱས་པས་བསོད་ནམས་ཀྱིས་དགའ་ལྡན་གྱི་གནས་སུ་སྐྱེས་པ་ཡིན། རྒྱལ་པོ་ཆེན་པོ་འདི་ལྟར་མཁྱེན་པར་མཛོད་ཅིགའདུས་བྱས་ཐམས་ཅད་ནི་མཐར་འཇིག་པར་ འགྱུར་བའི་རང་བཞིན་ཅན་ཡིན། སྐྱེ་བ་ཡོད་ན་འཇིག་པ་ཡོད། སྡིག་པ་བྱས་ན་དམྱལ་བར་ ལྷུང༌། དགེ་བ་བྱས་ན་མཐོ་རིས་སུ་སྐྱེ། སྤྱིར་སྐྱེ་འཇིག་འདི་ཀུན་ལ་འོང་བའི་བདག་གཅིག་ པུ་ལ་མ་ཡིན། རང་གཅིག་པུའི་ཕྱིར་དུ་ཡིད་འོང་གི་དངོས་པོ་རྣམས་ལ་བརྟེན་འདོད་ཆགས་ ཀྱི་ལས་སྣ་ཚོགས་བསགས། ཡིད་མི་འོང་གི་ཡུལ་དང་དགྲ་རྣམས་ལ་ཞེ་སྡང་སྐྱེ་བའི་སྒོ་ནས་ ལས་བསགས་པ་དང༌། བླང་དོར་ལ་རྨོངས་པའི་གཏི་མུག་གིས་སྒོ་ནས་ལས་བསགས་པ་གང་ དག་མྱ་ངན་གྱི་རྒྱ་མཚོར་ལྷུང་བར་འགྱུར་བ་མ་ཐོས་སམ། མིའི་ལུས་རྟེན་ལན་གཅིག་ཐོབ་པ་ འདི་ལ་སྙིང་པོའམ་དོན་ཡོད་པར་གྱིས་ཤིགད་ནི་སྡིག་པའི་ལས་སྣ་ཚོགས་ལ་འཛེམ་པ་དང་ དགེ་བའི་ཕྱོགས་ཐམས་ཅད་ལ་བརྩོན་འགྲུས་བསྐྱེད་ཅིགཕ་མས་སྨྲས་པ། སྟག་མོ་གཅིག་པུ་ ལ་ལུས་སྦྱིན་པའི་དོན་དུ་བདག་ཅག་བཏང་སྟེ་ཚེའི་དུས་བྱས་པས་ངེད་ནི་ཁྱོད་དྲན་པའི་ཕྱིར་ ཤ་ཡང་དུམ་བུ་དུམ་བུར་བཅད་པ་ཙམ་དུ་སྡུག་བསྔལ་གྱིས་གདུངས་ན་སྙིང་རྗེ་ཆེན་པོ་སྤྱོད་ པ་ཁྱོད་འདི་ལྟར་བྱ་བར་རིགས་སམ། དེ་ནས་ཡང་ལྷ་དེས་ཚིག་སྙན་པ་སྣ་ཚོགས་ཀྱི་སྒོ་ནས་ བཞམས་ཏེ་སྤྲོ་བ་བསྐྱེད་པས། དེའི་ཕ་མ་ཡང་སྤྲོ་བ་ཅུང་ཟད་སྐྱེས་ནས་རིན་པོ་ཆེ་སྣ་བདུན་གྱི་ སྒྲོམ་བྱས་ཏེ་རུས་བུ་ནང་དུ་བཅུག་ནས་སྦས་པའི་སྟེང་དུ་མཆོད་རྟེན་བྱས་སོ། །ལྷ་ཡང་ཕྱིར་ གནས་སུ་སོང་ངོ༌། །རྒྱལ་པོ་དང་འཁོར་མང་པོ་རྣམས་ཀྱང་ཕྱིར་ཕོ་བྲང་དུ་འོངས་སོ། །བཅོམ་ ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཁྱོད་ཀྱིས་ཡིད་ལ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཤིང་རྟ་ཆེན་པོ་དེ་སུ་ཡིན་སྙམ་དུ་སེམས་ན། དེ་ནི་ད་ལྟ་ངའི་ཡབ་ རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེའི་བཙུན་མོ་དེ་ནི་ཡུམ་ལྷ་ མཛེས་ཡིན་ནོ། །དེའི་ཚེ་དེའི་དུས་ན་སྲས་རབ་དགྲ་ཆེན་པོ་ནི་བྱམས་པ་ཡིན་ནོ། །སྲས་འབྲིང་ 3-1-182 པོ་ལྷ་ཆེན་པོ་ནི་བསུ་མིར་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་ཐ་ཆུང་སེམས་ཅན་ཆེན་པོ་ དེ་ནི་གཞན་དུ་མ་སེམས་ཤིག་ད་ལྟ་ང་ཡིན་ནོ། །དེའི་དུས་ཀྱི་སྟག་ཕྲུག་ནི་མི་འདི་གཉིས་ ཡིན་ཏེ་ངས་སྔོན་ཡང་ཡུན་རིང་པོ་ནས་བགེགས་ལས་ཐར་བར་བྱས་ཏེ། སྲོག་བསྐྱབས་ནས་ བདེ་བར་བྱས་སོ། །ང་མངོན་པར་སངས་རྒྱས་ནས་ཀྱང་བགེགས་ལས་ཐར་བར་མཛད་ནས་ འཁོར་བའི་སྡུག་བསྔལ་ཆེན་པོ་དང་ཡོངས་སུ་བྲལ་ལོ། །དེའི་ཚེ་ན་ཀུན་དགའ་བོ་དང་འཁོར་ མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་དགའ་འོ། །སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་བྱིན་པའི་ལེའུ་སྟེ་གཉིས་པའོ།། །། (རྩོམ་འཕྲོ) 3-1-183 ༄༅། །དུས་ཀྱི་འཁོར་ལོའི་ལོ་རྒྱུས་མདོར་བསྡུས། ༄༅། །སྤྱིར་འཇིག་རྟེན་གྱི་ཁམས་འདི་ལ་མཐའ་མེད་ཀྱང་དེ་ཐམས་ཅད་མུན་བསྐལ་ ལས་སྒྲོན་བསྐལ་སྲིད་པ་ཙམ་ཡིན་ཏེ། མདོ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་དག་པ་དང་ མ་དག་པའི་ཞིང་ཁམས་རྒྱ་མཚོའི་རྡུལ་ལྟར་བརྗོད་ཀྱིས་མི་ལང་ཡང་འཇིག་རྟེན་མ་དག་པའི་ ཁམས་ལ་ས་ཆེན་པོའི་གྲངས་ལས་འདས་པ་ལྟར་ཡོད། སྒྲོན་བསྐལ་ཡང་སྲིད་མཐའ་ཙམ་ ཡིན། དེ་ལས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་བསྐལ་པ་ཆེན་པོ་བཟང་པོ་ཞེས་བྱ་བ་ འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་བཟང་པོ་ཞེས་བྱ་ཞེ་ན་བསྐལ་པ་ཆེན་པོ་བཟང་པོ་དེ་ལ་ སེམས་ཅན་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སྤྱོད་པ་རྣམས་ཀྱི་ནང་དུ་རྫོགས་ པའི་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོང་འབྱུང་བར་འགྱུར་བའི་ ཕྱིར་ཏེ་བསྐལ་པ་ཆེན་པོ་བཟང་པོ་ཞེས་གསུངས་སོ། ། སངས་རྒྱས་སྟོང་ལས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་མདོ་སྔགས་གཉིས་ཀྱི་ཆོས་ ཀྱི་འཁོར་ལོ་བསྐོར་བ་ལས་བསྐལ་བཟང་གི་སངས་རྒྱས་གཞན་གྱིས་གསང་སྔགས་ཀྱི་ཆོས་ ཀྱི་འཁོར་ལོ་མི་བསྐོར་བར་གསུངས། སྟོན་པ་ཤཱཀྱ་ཐུབ་པས་མདོ་སྔགས་གཉིས་ཀྱི་ཆོས་ཀྱི་ འཁོར་ལོ་བསྐོར་བའི་ཚུལ་ལ་གཉིས། དང་པོ་མདོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དབང་ དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ཚུལ་ཡང༌། མདོ་ལང་ 3-1-184 ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་ བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་གསུངས་ པ་ལྟར། སྨན་པ་མཁས་པས་ནད་པའི་ཁམས་བརྟགས་ནས་སྨན་སྟེར་བ་ལྟར། ཐམས་ཅད་ མཁྱེན་པས་གདུལ་བྱའི་ཁམས་དབང་དང་མཐུན་པར་ཆོས་སྒོ་སྣ་ཚོགས་དེ་ལུགས་གསུངས་ ཤིང༌། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་དམན་གྱི་ རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་ འཁོར་ལོ་བསྐོར་བ་དང༌། ཁྱད་པར་ཐེག་ཆེན་གྱི་ཆོས་ཚུལ་ལ་རྒྱུ་ཕར་ཕྱིན་ཐེག་པ་བཀའ་བར་ ཐ་གཉིས་ལས་ཡུལ་བྱ་རྒོད་ཕུང་རི་སོགས་སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ ཅན་རྗེས་སུ་བཟུང་བའི་ཆེད་དུ་བཀའ་བར་བ་མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་ གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་ དབང་པོ་ཡང་རབ་ཐེག་ཆེན་རིགས་ཅན་དག་གིས་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་ མ་དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་ བདེ་གཤེགས་སྙིང་པོ་ལེགས་པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་ བསྐོར་བ་རྣམས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་བཀའ་དང་པོའི་གཙོར་བསྟན་ ཐུན་མོང་བདེན་བཞིའི་དགོངས་པ་འཆད་བྱེད་གཏམ་ཚོགས་དང༌། བཀའ་བར་བའི་གཙོར་ བསྟན་དབུ་མ་རང་སྟོང་གི་དགོངས་པ་འཆད་བྱེད་རིགས་ཚོགས་དང༌། བཀའ་ཐ་མའི་གཙོར་ བསྟན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་བྱེད་བསྟོད་ཚོགས་རྣམས་བརྩམས་པའི་ སྒོ་ནས་རྒྱལ་བའི་དགོངས་པ་མཐར་ཐུག་གཞན་སྟོང་དབུ་མའི་ཚུལ་གསལ་བར་མཛད་དོ། །འདིའི་སློབ་མ་ཨཱརྱ་དེ་ཝ། དཔའ་བོ། ལེགས་ལྡན། སངས་རྒྱས་བསྐྱངས། ཟླ་བ་གྲགས་ པ་སོགས་ཟླ་བྲལ་གྱི་མཁས་པ་མང་དུ་བྱོན། ཞི་བ་འཚོས་དབུ་མ་རྒྱན། ཡེ་ཤེས་སྙིང་པོས་ 3-1-185 དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང༌། དེ་གསུམ་ལ་རང་རྒྱུད་ ཤར་གསུམ་མཁན་པོར་གྲགས། རྒྱལ་བའི་དགོངས་པ་མཐར་ཐུག་གི་ངེས་གསང་རྙེད་ཅིང་ ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་འབྱེད་པ་ལ་མཆོག་ཏུ་བསྔགས་པ་ངེས་དོན་དབུ་མ་ཆེན་པོའི་ ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་པ་ ཡང་དགའ་ལྡན་དུ་བྱོན་ནས་ལོ་ཉེར་ལྔ་བཞུགས་ཏེ། རྒྱལ་ཚབ་བྱམས་པའི་མདུན་ནས་ཐེག་ པ་ཆེན་པོའི་ཆོས་མཐའ་དག་གསན་ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ ཚབ་བྱམས་པས་འཁོར་ལོ་ཐ་མའི་དགོངས་དོན་གཙོ་བོར་བྱས་ཏེ། ཐེག་ཆེན་མདོ་སྡེ་སྤྱིའི་ དགོངས་འགྲེལ། རྒྱུད་བླ་མ། འབྱེད་རྣམ་གཉིས། རྒྱན་རྣམ་གཉིས། བྱམས་ཆོས་ལྔས་རྒྱལ་ བའི་དགོངས་པ་མཐར་ཐུག་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་གཞན་སྟོང་དབུ་མ་ཆེན་པོའི་ ལྟ་སྒོམ་གསལ་བར་བྱས་ཏེ། སླར་མི་ཡུལ་དུ་བྱོན་ནས་བྱམས་ཆོས་དག་གི་དགོངས་འགྲེལ་ ས་སྡེ་ལྔ་སོགས་བསྟན་བཅོས་དུ་མ་བརྩམས་ཏེ་ངེས་དོན་དབུ་མའི་ཤིང་རྟའི་སྲོལ་རླབས་ ཆེན་དར་བར་མཛད་དོ། །སློབ་དཔོན་འདིའི་གཅུང་དབྱིག་གཉེན་ཡང་བྲམ་ཟེའི་རིགས་ལས་ འཁྲུངས་པའི་ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ། ཁོང་གིས་ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་ ཐུགས་སུ་ཆུད་པས་ཐེག་ཆེན་ལ་མི་མོས་ཀྱང་ཐོགས་མེད་དངོས་སློབ་གཉིས་ཀྱིས་མདོ་སྡེ་བློ་ གྲོས་མི་བཟད་པ་དང༌། ས་བཅུ་པ་གཉིས་གསུང་སྒྲོག་བྱེད་པ་ཐོས་པའི་རྐྱེན་གྱིས་ཐེག་ཆེན་ ལ་མོས་པའི་ཐུགས་བློ་གཏིང་ནས་འཁྲུངས་ཏེ། འཕགས་པ་མཆོག་གི་དྲུང་ནས་ཐེག་ཆེན་ གྱི་ཆོས་ཚར་གཅིག་གསན་ཙམ་གྱིས་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་དེ་ཐེག་ཆེན་སྤྱི་ དང༌། ཁྱད་པར་ངེས་དོན་ཟབ་མོའི་གནད་གསང་མ་ལུས་པ་ལེགས་པར་བཀྲལ་བྱེད་དུ། ཡུམ་ གསུམ་གནོད་འཇོམས་དང༌། བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀཱ་ར་ཎ་སྡེ་ བརྒྱད་རྣམས་བྱམས་ཆོས་དང་འབྲེལ་བའི་ཆོས་ཉི་ཤུ་ཞེས་གྲགས་པ་སོགས་བསྟན་བཅོས་དུ་ 3-1-186 མ་མཛད། འདིའི་སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། ཚད་མ་རང་ལས་མཁས་པ་སློབ་ དཔོན་ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ཕྱིན་རང་ལས་ མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ་རྣམས་སོ། ། དེ་ནས་ངེས་དོན་གཞན་སྟོང་དབུ་མ་ཆེན་པོ་མདོ་ཕྱོགས་ནས་བརྒྱུད་པ་རིམ་པར་གངྒ་མཻ་ ཏྲཱིའི་ཞབས། ཨ་ཝཱ་དྷཱུ་ཏཱི་པ་ཆེན་པོ་དགའ་བ་གྲགས་པའི་དཔལ། ཁ་ཆེ་བ་འབྱུང་གནས་ཞི་ བའི་ཞབས། རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་སཛྫ་ན་ཞེས་བྱ་བའི་བར་གྱིས་འཁོར་ལོ་ཐ་ མའི་དགོངས་དོན་ངེས་དོན་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་འཕགས་ཡུལ་དུ་དར་བར་ མཛད་ཅིང༌། གངས་ལྗོངས་སུ་ཡང་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ། བཙན་རིགས་ཁ་བོ་ཆེ་ དྲི་མེད་ཤེས་རབ། ལ་སྟོད་པ་དར་མ་བརྩོན་འགྲུས། དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཇད་སྟོད་སྐུ་མཆེད་ཟུང་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། སྐྱོ་སྟོན་པ་སྨོན་ལམ་ ཚུལ་ཁྲིམས། རིག་པའི་རལ་གྲི། སྐྱི་སྟོན་པ་སྟེ། ཀུན་མཁྱེན་ཇོ་ནང་པའི་བར་དུ་བརྒྱུད་པ་ བར་མ་ཆད་ཅིང༌། བརྒྱུད་ཚུལ་གཞན་ཡང་དུ་མའི་སྒོ་ནས་རྒྱུ་ཕར་ཕྱིན་ཐེག་པ་ལས་ངེས་དོན་ ཟབ་མོའི་ལུགས་བཟང་འཕགས་བོད་དུ་འབྱུང་བའི་ཚུལ་མང་ངོ༌། ། གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇི་ལྟར་གསུངས་ ཚུལ་དང༌། རྗེས་ནས་ཇི་ལྟར་འབྱུང་ཚུལ་དང༌། ཁྱད་པར་དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་ གཞན་གསུམ་གྱི་བཤད་པ་མདོར་བསྡུས་དང༌། དུས་འཁོར་བློས་བསླངས་བཞེངས་ཚུལ་ དང༌། དེ་བཞེངས་པའི་ཕན་ཡོན་བསྔོ་སྨོན་དང་བཅས་པ་ལྔ་ལས། དང་པོ་སྟོན་པས་ཇི་ལྟར་ གསུངས་ཚུལ་ལ། ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་གསང་སྔགས་ཀྱི་ཆོས་གསུངས་ ཚུལ་སོགས་དང༌། ཡུལ་ཁམས་གཞན་ཤམྦྷ་ལ་སོགས་སུ་གསང་སྔགས་ཀྱི་ཆོས་གསུངས་ ཚུལ་གཉིས། དང་པོ་ནི། སྔོན་བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱི་ན་བཞུགས་པའི་ཚེ། དེ་ 3-1-187 ནས་ནུབ་ཀྱི་ཕྱོགས་སུ་དཔག་ཚད་ལྔ་བརྒྱ་བརྒལ་བ་ན། ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷུ་ ཏི་ཞེས་བྱ་བ་ཡོད་དེ། དེས་རང་གི་ཁང་བཟང་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྟེང་དུ་ཕྱིན་ པའི་ཚེ། ཉན་ཐོས་ཀྱི་དགེ་འདུན་རྣམས་ནམ་མཁའ་ལ་འཕགས་ནས་སྔ་དྲོ་ནུབ་ཏུ་འགྲོ། ཕྱི་དྲོ་ ཤར་དུ་ལོག་པ་གཟིགས་ནས་བློན་པོ་རིག་པ་ཅན་རྣམས་ལ་དྲིས་པས། འདི་ནས་ཤར་ཕྱོགས་ སུ་དཔག་ཚད་ལྔ་བརྒྱ་ན་ཡུལ་ཝཱ་རཱ་ཎ་སཱི་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་ཡོད་དེ། དེ་ན་རྒྱལ་ པོ་ཟས་གཙང་གི་སྲས་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ སྟེ། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་དེའི་འཁོར་ཡིན་ནོ། །ཞེས་ ཟེར་རོ། །དེ་ནས་རྒྱལ་པོས་སངས་རྒྱས་ཀྱི་མཚན་ཐོས་པ་ཙམ་གྱིས་ཤིན་ཏུ་དད་པར་གྱུར་ཏེ། པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཞལ་ཤར་དུ་ཕྱོགས་ཤིང༌། མེ་ཏོག་དང་བཅས་པའི་ཐལ་ མོ་སྦྱར་ཏེ། ཐམས་ཅད་མཁྱེན་པའི་ཐུགས་རྗེ་ཅན་རྫུ་འཕྲུལ་གྱི་ཞབས་མངའ་བ། འཁོར་དང་ བཅས་པ་སང་གི་གདུགས་ཚོད་ལ་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། སྟོན་པ་འཁོར་དང་བཅས་པ་སང་ཉིན་དེར་བྱོན། རྒྱལ་པོ་འཁོར་དང་བཅས་པས་མཆོད་པའི་ རྣམ་གྲངས་མཐའ་ཡས་པས་ལེགས་པར་མཆོད་དེ། བདག་ཅག་རྣམས་སྲིད་པའི་སྡུག་བསྔལ་ གྱི་རྒྱ་མཚོ་ལས་ཐར་པའི་ཐབས་བཤད་དུ་གསོལ། ཞེས་ཞུས་སོ། །དེའི་ལན་དུ། སྟོན་པའི་ ཞལ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ནུས་ན་ཐབས་ཡོད་དོ་ཞེས་གསུངས་པ་ལ། རྒྱལ་པོས་སླར་ཡང་མཆོད་དེ་བདག་ཅག་གིས་འདོད་ཡོན་ལྔ་སྤོང་བར་མི་ནུས་པས་དེ་མ་སྤང་ བར་ཐར་པའི་ཐབས་བཤད་དུ་གསོལ། ཞེས་ཞུས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཆགས་ བྲལ་གྱི་རྣམ་པར་འཕྲུལ་བ་བསྡུས་ནས་གསང་བ་འདུས་པ་མི་བསྐྱོད་པའི་དཀྱིལ་འཁོར་ལྷ་ སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་དུ་སྤྲུལ་ཏེ། རྒྱལ་པོ་འཁོར་བཅས་ལ་དབང་བསྐུར་ཞིང་ རྒྱུད་བསྟན་ནས་རྗེས་སུ་གདམས་པར་མཛད་དོ། །རྒྱལ་པོས་ཀྱང་དེའི་དོན་ཐམས་ཅད་ཁོང་ 3-1-188 དུ་ཆུད་ནས་རིན་པོ་ཆེ་སྣ་བདུན་གྱི་གཞལ་ཡས་ཁང་བྱས་ཏེ། གཙོ་བོའི་གནས་སུ་རྒྱལ་པོ་ རང་ཉིད་དང༌། སངས་རྒྱས་བཞི་ཡུམ་བཞིའི་གནས་སུ་སྲས་དང་བཙུན་མོ། སེམས་དཔའ་ སེམས་མའི་གནས་སུ་བློན་པོ། ཁྲོ་བོའི་གནས་སུ་མངག་གཞུག་པ་རྣམས་བཀོད་དེ། འདོད་ ཡོན་ལམ་དུ་བྱེད་པའི་སྤྲོས་བཅས་ཀྱི་སྤྱོད་པ་རྒྱ་ཆེན་པོ་བརྩམས་པས་རྒྱལ་པོ་འཁོར་བཅས་ ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་ཏེ། ཨོ་རྒྱན་གྱི་ཡུལ་དེ་སྟོངས་པར་གྱུར་ཏོ། །དེའི་ཚེ་ ལྷོ་ཕྱོགས་ན་མཚོ་ཞིག་ཡོད་པ་འཕེལ་ཏེ་ཀླུ་མང་པོ་དང་བཅས་པས་ཡུལ་དེ་གང་བར་གྱུར་པ་ ན། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཀླུ་རྣམས་ལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་ རྣམས་བསྟན་ནས་སྨིན་པར་མཛད་ཅིང་གླེགས་བམ་ཡང་གཏད་དོ། ། དེ་ནས་རིམ་གྱིས་ཀླུ་ཕལ་ཆེ་བ་མིར་གྱུར་ཏེ་མཚོ་འགྲམ་དུ་གྲོང་ཁྱེར་བཅས་ཏེ་གནས་ ཤིང༌། རྒྱུད་དོན་ཉམས་སུ་བླངས་པས། ཕལ་མོ་ཆེས་ཐུན་མོང་དང་མཆོག་གི་དངོས་གྲུབ་ ཐོབ་བོ། །དེའི་ཚེ་དེ་དག་གི་བུ་རྣམས་ནི་རྣལ་འབྱོར་པ་དང༌། བུ་མོ་རྣམས་མཁའ་འགྲོ་མར་ གྱུར་ཏོ། །ཀླུ་གཞན་དག་ནི་མིའི་དྲི་ང་བ་ཚོར་བས་མཚོ་གཞན་དུ་སོང་ཞིང༌། ཕྱི་ཞིག་ན་མཚོ་ དེ་སྐམ། དེར་དཔལ་ཧེ་རུ་ཀའི་ལྷ་ཁང་ཕུན་སུམ་ཚོགས་པ་ཞིག་རང་བྱུང་དུ་གནས་ནས། རྒྱུད་ ཀྱི་གླེགས་བམ་རྣམས་ཀྱང་དེའི་དཀོར་མཛོད་དུ་བཞག་གོ། དེ་ནས་མི་རིང་བ་ཞིག་ན་ཕྱག་ན་ རྡོ་རྗེའི་སྤྲུལ་པ་དྲང་སྲོང་དབུགས་འབྱིན་ཞེས་བྱ་བས། ཨོ་རྒྱན་གྱི་ཡུལ་དེའི་རྒྱལ་པོའི་བུ་མོ་ རོལ་བ་མོ་རྗེས་སུ་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་ དུ་དབང་བསྐུར་བས་འཁོར་དང་བཅས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སོ། །དེ་ནས་རྒྱལ་པོའི་བུ་མོ་རོལ་བ་མོ་འཁོར་ལྔ་བརྒྱ་དང་བཅས་པ། རྒྱལ་པོ་དཔའ་བོ་རྡོ་རྗེའི་ཕོ་ བྲང་དུ་བྱོན་ཏེ། ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་བྱས་ནས། རྒྱལ་པོ་ལ་གདམས་པ་བསྩལ་པས་ མཆོག་གི་དངོས་གྲུབ་བརྙེས་སོ། །དེས་མདུན་ན་འདོན་དམ་ཚིག་རྡོ་རྗེ། དེས་ཞིང་པ་པདྨའི་རྡོ་ 3-1-189 རྗེ། དེས་ཆང་འཚོང་མ་ལྷན་ཅིག་སྐྱེས་པའི་རྡོ་རྗེ། དེས་ཐ་ག་པ་དགའ་བའི་རྡོ་རྗེ། དེས་བྲམ་ཟེ་ མོ་རྡོ་རྗེ། དེས་འདྲེག་མཁན་གྲུབ་པའི་རྡོ་རྗེ། དེས་རྣལ་འབྱོར་པ་ཀུན་འགྲོ་རྡོ་རྗེ། དེས་རྣལ་ འབྱོར་པ་ཐུགས་ཀྱི་རྡོ་རྗེ། དེས་ལྕམ་དཔལ་མོ་རྗེས་སུ་བཟུང་སྟེ་ཐེག་མཆོག་བསྟན་པའི་སྙིང་ པོ་སྐྱོང་བར་མཛད་དོ། ། ཡང་རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་དུ་པཎྜི་ཏ་བདུད་རྩི་དགའ་བའི་འབྱུང་གནས་ ཞེས་བྱ་བ། རིག་པའི་གནས་མཐའ་དག་ལ་མཁས་པ་ཞིག་བྱུང་སྟེ། མཁའ་འགྲོ་མས་ལུང་ བསྟན་པ་ལྟར། ཨོ་རྒྱན་དུ་བྱོན་ཏེརྒྱལ་པོ་ཨིནྡྲ་བྷུ་ཏི་དང་མཇལ་ཏེ། ཡོན་ཏན་ལ་སུས་ཀྱང་ འགྲན་པར་མ་ནུས་པས། རྒྱལ་པོའི་མཆོད་གནས་མཛད། དེར་པཎྜི་ཏས་བླ་མ་བཙལ་བས་ ནམ་ཞིག་ན་ཤིང་འཚོང་བ་རྒན་པོ་ཞིག་དང་འཕྲད་དེ། རྣལ་འབྱོར་བ་ཡིན་པར་ཤེས་ནས་ གསོལ་བ་བཏབ་པས་གསང་བ་འདུས་པའི་རྒྱུད་བསྟན། ཤིང་འཚོང་དེའི་བུ་མོ་ཕྱག་རྒྱར་ བྱས་ཏེ་བསྒྲུབས་པས་མཆོག་གི་དངོས་གྲུབ་བརྙེས་སོ། །དེར་སྐྱེ་བོ་ཀུན་གྱིས་རིགས་ངན་ གྱི་བུ་མོ་བསྟེན་པས་མཆོད་གནས་མ་དགདེ་མ་དག་ན་རྒྱལ་པོ་མ་དག་པར་འགྱུར། དེས་ཨོ་ རྒྱན་གྱི་ཡུལ་འདི་ཉམས་པར་འགྱུར་རོ། །ཞེས་བསྒྲགས་པ་རྒྱལ་པོས་ཐོས་ནས་ཆད་པ་བྱེད་ པར་བརྩམས་ཏེ། ཤིང་གི་ཕུང་པོ་ཆེན་པོ་སྤུངས་པ་མེ་སྦར་བའི་ནང་སློབ་དཔོན་ཡབ་ཡུམ་ བཞག་སྟེ་མེ་ལ་བསྲེགས་སོ། །ཞག་བདུན་སོང་བའི་ཚེ་གཞི་དེར་མཚོ་ཡིད་དུ་འོང་བ། དེ་ ལ་པདྨའི་སྡོང་པོ་ཤིན་ཏུ་རྒྱས་པ་དེའི་ཟེའུ་འབྲུ་ལ་སློབ་དཔོན་ཡབ་ཡུབ་འཇམ་དཔལ་ཡན་ ལག་མེད་པའི་རྡོ་རྗེའི་དབྱིབས་སུ་འོད་ཀོར་རེར་བཞུགས་པ་མཐོང་ནས། ཐམས་ཅད་དད་དེ་ བཟོད་པར་གསོལ་ཞིང༌། མཚན་ཡན་ལག་མེད་པའི་རྡོ་རྗེར་བཏགས། དེས་རྒྱལ་པོའི་དོན་ དུ་ཐབས་ཤེས་གྲུབ་པ་མཛད། རྒྱལ་པོས་ཀྱང་མཆོག་གི་དངོས་གྲུབ་བརྙེས་སོ། །ས་བཅད་ འདིའི་སོགས་ཁུངས་ནས་འབྱུང་བ་གསང་སྔགས་ཀྱི་བསྟན་པའི་བདག་པོ་སློབ་དཔོན་ཆེན་ 3-1-190 པོ་ས་ར་ཧ། དེའི་སློབ་མ་སློབ་དཔོན་ཀླུ་སྒྲུབ་དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཙོ་བོར་གྱུར་པ་ ནི། ཤཱཀྱ་བཤེས་གཉེན། ཨཱརྱ་དེ་ཝ། ཀླུའི་བྱང་ཆུབ། ཟླ་བ་གྲགས་པ་སོགས་སོ། །ཡང་བྲམ་ ཟེ་ས་ར་ཧ་དང༌། ཀླུ་སྒྲུབ་གཉིས་ཀྱིས་རྗེས་སུ་བཟུང་བ་ཤ་ཝ་རི། དེས་རྗེས་སུ་བཟུང་བ་ལཱུ་ཨི་ པ། དེས་རྗེས་སུ་བཟུང་བ་དྷ་རི་ཀ་པ། དེས་རྗེས་སུ་བཟུང་བ་རྡོ་རྗེ་དྲིལ་བུ་པ། དེའི་སློབ་མ་ཛ་ ལནྡྷ་ར་པ། དེའི་སློབ་མ་ནག་པོ་སྤྱོད་པ། སྨིན་ཅིང་གྲོལ་བར་མཛད་པའི་སློབ་མ་ཤིན་ཏུ་མང་ ཡང༌། སངས་རྒྱས་ཀྱིས་ལུང་བསྟན་པའི་སློབ་མ་དྲུག་ནི། བཟང་པོའི་ཞབས། མ་ཧི་ལ། བྷ་ང་ ཝ། དགེ་ཚུལ་ཚེམ་བུ་པ། དྷ་མ་པ། དྷུ་མ་པ་རྣམས་སོ། །དེ་ནས་གུ་ཧྱ་པའི་སློབ་མ་ནི། རྣམ་ རྒྱལ་ཞབས། དེའི་སློབ་མ་ཏེ་ལོ་པ། དེའི་སློབ་མ་ནཱ་རོ་པ། ནག་པོ་སྤྱོད་པ་ཆུང་བ་ནི། གྲུབ་ ཆེན་ནག་པོ་སྤྱོད་པས་བྱིན་གྱིས་བརླབས་པའི་སློབ་མའོ། ། ནཱ་ལེནྡྲའི་མཁན་པོ་རྒྱལ་བའི་ལྷའི་སློབ་མ་བི་རཱུ་པ། སློབ་དཔོན་སེང་གེ་བཟང་པོའི་སློབ་ མ་སངས་རྒྱས་ཡེ་ཤེས། སློབ་དཔོན་ཀུན་དགའ་སྙིང་པོ། སློབ་དཔོན་འཇམ་དཔལ་གྲགས་ པ། སྒེག་པའི་རྡོ་རྗེ། དཔལ་འཛིན། སློབ་དཔོན་ལ་ལི་ཏ་བཛྲ། དེའི་སློབ་མ་ལི་ལ་བཛྲ། དེ་ ལ་སློབ་མའི་མཆོག་བཞི་བྱུང་སྟེ། དུས་ཞབས་པ་ཆུང་བ། འདུལ་བ་འབྱུང་གནས་སྦས་པ། སེང་གེ་རྒྱལ་མཚན། མཐའ་ཡས་རྣམས་སོ། །དེ་ལས་གཞན་ཡང་ཡུལ་གྲུ་སོ་སོ་དང༌། རྒྱ་གར་ འཕགས་པའི་ཡུལ་དུ་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བར་མཛད་པའི་ པཎ་གྲུབ་ནམ་མཁའི་སྐར་ཚོགས་ལྟར་བགྲང་ལས་འདས་པ་བྱོན་ཀྱང་དེ་དག་གི་ལོ་རྒྱུས་ བརྗོད་འོས་དུས་སུ་བབ་ན་ཡང་ཡི་གེ་མང་བར་འཇིགས་ནས་རེ་ཞིག་ཏུ་བཞག ། གཉིས་པ་ཡུལ་ཁམས་ཤམྦྷ་ལ་སོགས་སུ་གསང་སྔགས་ཀྱི་ཆོས་གསུངས་ཚུལ་ལ། ཤམྦྷ་ ལ་དང༌། ལི་དང༌། རྒྱ་ནག་དང༌། ཧོར་ཡུལ་དུ་ཇི་ལྟར་དར་བའི་ཚུལ་དང་བཞི། དང་པོ་ནི། འཛམ་བུའི་གླིང་གི་བྱང་གི་ཕྱོགས་ན་ཤམྦྷ་ལ་ཞེས་བྱ་བ་ཡུལ་ཤིན་ཏུ་རྒྱ་ཆེ་བ། 3-1-191 མཐའ་གངས་རིས་ཟླུམ་པོར་བསྐོར་བའི་དབུས་ན། སའི་དབྱིབས་པདྨ་འདབ་བརྒྱད་ཀྱི་རྣམ་ པར་ཡོད་པ། འདབ་མ་རེ་རེ་ལ་རྒྱལ་པོ་རེ་རེ་ཡོད་པ། (རྩོམ་འཕྲོ) 3-1-192 ༄༅། །འཇིག་རྟེན་ཁམས་ཀྱི་གནས་ཚུལ་ མདོར་བསྡུས། ༄༅། །འཇིག་རྟེན་ཁམས་འདིའི་གནས་ཚུལ་མངོན་པ་གོང་མ་ལྟར་མདོར་བསྡུས་ནི། སྤྱིར་རླུང་དཀྱིལ་ཆེན་པོ་གཅིག་གི་སྟེང་ན་ཆུ་དཀྱིལ་བྱེ་བ་ཕྲག་བརྒྱ་ཡོད། ཆུ་དཀྱིལ་རེ་རེའི་ སྟེང་ན་དབུས་སུ་རི་རབ་དེའི་མཐའ་སྐོར་དུ་གསེར་རི་བདུན་དང་རོལ་མཚོ་བདུན་རི་རབ་ ཀྱི་ཁོང་གསེང་ཆུ་མཚམས་མན་ཆད་ན་ལྷ་མ་ཡིན་གྱི་གཙོ་བོ་རྣམས་གནས་པའི་གྲོང་ཡོད་པ་ དང་ལྷ་མ་ཡིན་དང་ཡི་དྭགས་དང་དུད་འགྲོ་སྣ་ཚོགས་རྣམས་གནས། ཆུ་མཚམས་ཡན་ལ་ལྷ་ དང༌། གནོད་སྦྱིན་དང་དུད་འགྲོའི་འགྲོ་བ་རྣམས་ཡོད། བང་རིམ་བཞི་པའི་ཐད་ཀྱི་བར་སྣང་ ལ་རྒྱལ་ཆེན་རིགས་ཀྱི་ལྷ་དང༌། རིའི་རྩེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གནས། གསེར་ རི་བདུན་པོ་དེ་དག་གི་བར་བར་གྱི་རོལ་མཚོ་བདུན་དང་ཕྱིའི་རྒྱ་མཚོ་ལ་ཀླུ་དང་ལྷ་མ་ཡིན་ དང་དུད་འགྲོའི་འགྲོ་བ་ཕལ་བ་རྣམས་གོ་མཚམས་མེད་པ་ཙམ་དུ་གནས། དུད་འགྲོའི་ནང་ ན་རྫུ་འཕྲུལ་ཆེ་བ་མཁའ་ལ་སྤྱོད་པ་བྱ་ཁྱུང༌། ས་སྟེང་ན་སྤྱོད་པ་མིའམ་ཅི། ས་འོག་གམ་ཆུ་ལ་ སྤྱོད་པ་ཀླུ་རྣམས་སོ། །ཤར་ལུས་འཕགས་པོ། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལྷོ་འཛམ་ བུ་གླིང་རྣམས་དང༌། གླིང་རེ་རེའི་གཡས་གཡོན་དུ་གླིང་ཕྲན་གཉིས་གཉིས་ཡོད་པ་རྣམས་ལ་ འགྲོ་བ་རིགས་གསུམ་གྱིས་གང༌། འཛམ་བུ་གླིང་གི་ས་འོག་ཏུ་དཔག་ཚད་སུམ་ཁྲི་ཉིས་སྟོང་ སོང་བ་ན་དམྱལ་བ་ཡང་སོས། དེ་ནས་ས་འོག་ཏུ་རིམ་པར་དཔག་ཚད་བཞི་སྟོང་བཞི་སྟོང་རེ་ 3-1-193 སོང་བའི་མཚམས་སུ་ཐིག་ནག བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ ཚ། མནར་མེད་རྣམས་ཡོད། ཚ་དམྱལ་བརྒྱད་པོ་དེ་དག་གི་ཤར་ལྷོ་ནུབ་བྱང་གི་ངོས་ན་མེ་ མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ལམ་ལ་སོགས་པ་དང༌། ཐལ་ཚན་གྱི་ཆུ་བོ་ རབ་མེད་དང་བཞི་པོ་འདི་རྣམས་ཕྱོགས་རེ་རེ་ན་ཆ་ཚང་བ་རེ་ཡོད། ཚ་དམྱལ་གྱི་ཐད་སོར་ འཛམ་གླིང་འདི་ནས་ས་འོག་ཏུ་དཔག་ཚད་སུམ་ཁྲི་ཉིས་སྟོང་སོང་བ་ན་ཆུ་བུར་ཅན། དེ་ནས་ དཔག་ཚད་ཉིས་སྟོང་རེ་ཉིས་སྟོང་རེ་སོང་བའི་མཚམས་རྣམས་སུ་ཆུ་བུར་བརྡོལ་བ། ཨ་ཆུ་ ཟེར་བ། ཀྱི་ཧུད་ཟེར་བ། སོ་འཐམ་པ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ ཆེར་གས་པ་རྣམས་ཡོད། ཉི་ཚེ་བའི་དམྱལ་བའི་གནས་ནི་ས་འོག་ཚ་གྲང་གི་དམྱལ་བ་རྣམས་ ཀྱི་ཉེ་འཁོར་གྱི་བར་མཚམས་རྣམས་དང་ས་སྟེང་གི་རི་དང་ཐང་དང་ཤིང་དང་ཆུ་དང་ཀ་བ་ དང་སྐས་དང་རྒྱ་མཚོའི་འགྲམ་ལ་སོགས་པ་ངེས་མེད་ལ་གནས། ཡི་དྭགས་གནས་ན་གནས་ པ་ནི་འཛམ་གླིང་གི་ལྷོ་ཕྱོགས་ས་འོག་ཏུ་མར་དཔག་ཚད་ལྔ་བརྒྱ་འདས་པ་ན། ཡི་དྭགས་ཀྱི་ གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་མདོག་སྐྱ་བ། སྤང་ལྗོངས་སོགས་ཅུང་ཟད་ཀྱང་མེད་པར་གསེག་ མ་དང་གྲོག་པོས་ཁྱབ་པ། ཟ་བའི་ཟས་ཆུ་ཐིགས་ཙམ་དང༌། གོན་པའི་གོས་ལྷན་པོ་ཙམ་ཡང་ མེད་པ། ཤིན་ཏུ་སྡུག་བསྔལ་བའི་གནས་ཁོ་ན། གནས་དེའི་དབུས་ན་ཡི་དྭགས་ཀྱི་གཙོ་བོ་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་འཁོར་གཤིན་རྗེ་ཐེར་འབུམ་སོགས་སྐྱེ་འགྲོའི་དབུགས་སྡུད་ཀྱི་ཕོ་ ཉ་དག་དང་བཅས་པའི་རྒྱལ་ཁབ་ཡོད། དེའི་ཉེ་འཁོར་ཐམས་ཅད་དང་སྤྱིར་ས་འོག་ཀུན་ཏུ་ཡི་ དྭགས་ཀྱི་གནས་ཀྱིས་གང་ཡོད། ཡི་དྭགས་ཁ་འཐོར་བ་ནི་གླིང་རྣམས་ཀྱི་བར་སྣང་ལ་རྒྱུ་བའི་ གཞི་བདག་ལ་སོགས་པ་དང༌། ས་སྟེང་ན་རྒྱུ་བའི་ཐེའུ་རང་འབྱུང་བོ་སོགས་དང༌། ས་འོག་ཏུ་ རྒྱུ་བའི་འདྲེ་ལ་སོགས་པ་མདོར་ན་མངོན་ཤེས་དང་ལྡན་པ་ཞིག་གིས་གཟིགས་ན། ཕྱོགས་ གང་ལ་ཕྱིན་ཀྱང་ཡི་དྭགས་ཀྱི་འགྲོ་བ་ཁོ་ནས་ཁྱབ། འགྲོ་སྡོད་ཀྱི་ས་ཙམ་ཡང་མི་རྙེད། མདོ་ 3-1-194 སྡེ་ཆེན་པོ་དྲན་པ་ཉེར་བཞག་ལས། ཡི་དྭགས་ལ་རིགས་སུམ་ཅུ་སོདྲུག་ཡོད་པར་གསུངས་ ཀྱང་མདོར་བསྡུ་ན། རིགས་གསུམ་དུ་འདུས་པའི་ཟས་སྐོམ་ལ་ཕྱིའི་སྒྲིབ་པ་ཅན་དང༌། ཟས་ སྐོམ་ལ་ནང་གི་སྒྲིབ་པ་ཅན་དང༌། ཟས་སྐོམ་གྱི་སྒྲིབ་པ་ཅན་གསུམ་མོ། །དུད་འགྲོ་ལ་བྱིངས་ ན་གནས་པ་དང༌། ཁ་འཐོར་བ་གཉིས་ཡོད། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོའི་ནང་ན་ ཡོད། རྒྱ་མཚོའི་རླབས་ཀྱིས་བདས་ཏེ་སྐད་ཅིག་ཀྱང་སྡོད་དབང་མེད་པར་གནས་ངེས་མེད་དུ་ འཁྱམས། ཕན་ཚུན་གཅིག་གིས་གཅིག་ཟ་ཞིང་དེ་མ་ཡིན་པའི་ཟས་མེད། དུད་འགྲོ་ཁ་འཐོར་ བ་གླིང་གསུམ་གྱི་མི་དང༌། འདོད་ལྷའི་ཡུལ་ན་ཡོད་པའི་བྱ་རིགས། རི་དྭགས། ཆུ་གནས། འབུ་སྲིན། རྟ། མ་ཧེ། སྟག གཟིག དོམ། དྲེད་ལ་སོགས་པ་དང་ཀླུ་དང་ནམ་མཁའ་ལྡིང་ སོགས་ཡིན། དུད་འགྲོ་ཐམས་ཅད་ཀྱི་སྡུག་བསྔལ་གཙོ་བོ་ནི་ཤིན་ཏུ་རྨོངས་པ་དང་གཅིག་ གིས་གཅིག་ཟ་བ་འདི་གཉིས་ཡིན་ནོ། །སུམ་ཅུ་རྩ་གསུམ་གྱི་སྟེང་དུ་རིམ་པར་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་ཡོད། འོག་དམྱལ་བ་མནར་ མེད་ཡན་དང་སྟེང་གཞན་འཕྲུལ་དབང་བྱེད་མན་གྱི་འགྲོ་བ་རྣམས་ནི་འདོད་ཁམས་པ་ཡིན། དེའི་སྟེང་དུ་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་ཏེ་བསམ་གཏན་དང་པོའི་ གནས་གསུམ་རྣམས་རིམ་བཞིན་ཆགས། དེ་ནས་སྤྱིར་སྟེང་ཚངས་པའི་འཇིག་རྟེན་མན་ཆད་ ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་ཟེར་རོ། །གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ དེ་ཀ་འདྲ་བ་འཕྲེད་ལ་སྟོང་ཕྲག་གཅིག་གཤིབས་པའི་མཐའ་ནས་ལྕགས་རི་གཅིག་གིས་ བསྐོར་བ། དེའི་སྟེང་ན་འོད་ཆུང༌། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པའི་ གནས་གསུམ་རིམ་པར་ཡོད། འོད་གསལ་བའི་གནས་ཆེན་གཅིག་གིས་སྟེང་ནས་ཁེབས་པ་ ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཟེར། སྟོང་སྤྱི་ཕུད་གྱི་འཇིག་རྟེན་གྱི་ཁམས་དེ་འདྲ་བ་ འཕྲེད་ལ་སྟོང་ཕྲག་གཅིག་ཐད་ཀར་བསྒྲིགས་པའི་མཐའ་སྐོར་དུ་སླར་ཡང་ཁོར་ཡུག་གཅིག་ 3-1-195 གིས་བསྐོར་ཏེ། དེའི་སྟེང་དུ་ནི་དགེ་ཆུང༌། ཚད་མེད་དགེ། དགེ་རྒྱས་ཏེ་བསམ་གཏན་གསུམ་ པའི་གནས་གསུམ་ཡོད། དེ་ཀུན་གྱི་སྟེང་ནས་དགེ་རྒྱས་ཀྱི་གནས་གཅིག་གིས་ཁེབས་པ་ཡིན་ ཏེ། དེ་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ནོ། །ཡང་སྟོང་གཉིས་པ་དེ་འདྲ་ བ་ཐད་ཀར་སྟོང་ཕྲག་གཅིག་བསྒྲིགས་པའི་མཐའ་ནས་སླར་ཡང་ཁོར་ཡུག་ཆེན་པོ་གཅིག་ གིས་བསྐོར། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རེ་རེ་ལ་འོག་གཞི་གསེར་གྱི་ས་གཞི་རེ་ རེ་ཡོད། དེ་རེ་རེའི་འོག་ན་ཆུ་དཀྱིལ་རེ་རེ་ཡོད། ཆུའི་དཀྱིལ་འཁོར་བྱེ་བ་ཕྲག་བརྒྱ་རླུང་གི་ དཀྱིལ་འཁོར་ཆེན་པོ་གཅིག་ལ་བརྟེན། འོག་ཏུ་ནི་རླུང་དཀྱིལ་ཡན་ཆོད། སྟེང་དུ་ནི་སྤྲིན་མེད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་ནི་བསམ་གཏན་བཞི་པའི་གནས་ཕལ་བ་གསུམ། དེ་ བཞིན་དུ་མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང༌། ཤིན་ཏུ་མཐོང༌། འོག་མིན་པ་རྣམས་བསྣན། འོག་མིན་པའི་གནས་གཅིག་པོ་དེས་སྟེང་ནས་སྟོང་གསུམ་ཁེབས། དེ་ལ་སྟོང་གསུམ་གྱི་སྟོང་ ཆེན་པོ་འཇིག་རྟེན་གྱི་ཁམས་ཞེས་ཟེར། གཟུགས་ཁམས་ན་ནི་དུད་འགྲོ་སོགས་མ་ཟད་ལྷ་ འདོད་ཁམས་པ་ཡང་མེད་དེ། གཟུགས་རང་རང་གི་གནས་ན་ལྷ་རང་རང་གནས། གཟུགས་ ཁམས་གནས་རིགས་བཅུ་བདུན་པའི་ལྷ་རྣམས་ལ་གཟུགས་ཁམས་པ་ཟེར། གཟུགས་ མེད་ལ་གནས་ལོགས་སུ་མེད་ཀྱང་བར་སྣང་ལ་སྟེང་ནས་སྟེང་དུ་རིམ་པར་ཆགས་ཡོད་དེ། གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ ཡང་མེད། ཡོད་མིན་མེད་མིན་རྣམས་ལ་གཟུགས་མེད་ཁམས་ཟེར། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ། ལྷ་མིན། མི་རྣམས་ལ་འགྲོ་བ་རིགས་དྲུག་ཟེར། འདོད་ཁམས། གཟུགས་ ཁམས། གཟུགས་མེད་ཁམས་ལ་ཁམས་གསུམ་ཟེར། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ གྱི་ཁམས་གཅིག་ཡུངས་འབྲུས་མེར་གྱིས་བཀང་ནས། ཡུངས་འབྲུ་དེ་ལས་གཅིག་བླངས་ཏེ་ འདིའི་ཤར་ཕྱོགས་ཀྱི་སྟོང་གསུམ་གཅིག་ལ་བཞགདེ་བཞིན་དུ་སྟོང་གསུམ་རེ་རེ་ལ་ཡུངས་ 3-1-196 འབྲུ་རེ་རེ་བཞག་ནས་མཐར་ཡུངས་འབྲུ་ནི་ཟད། ཤར་ཕྱོགས་ཀྱི་སྟོང་གསུམ་མི་ཟད་དེ། ཡང་ དེ་ཀ་བཞིན་བྱས་ཀྱང་ཡུངས་འབྲུ་འཛད། སྟོང་གསུམ་མི་ཟད་ཡང་བསྐྱར་ཏེ་བྱས་ཀྱང་དེ་དང་ འདྲ། དེ་འདྲ་བ་བསྐལ་པ་མཐའ་མེད་དུ་བྱས་ཀྱང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ལ་ ཟད་པ་མེད། དེ་དག་ན་འགྲོ་བ་རིགས་དྲུག་གིས་གང་བ་ཡིན་ནོ། ། ཡང་ཁམས་གསུམ་ན་བཀྲེས་སྐོམ་དང་ཁམ་གྱི་ཟས་དང་ནོར་འབྲུ་སོགས་ཡོད་མེད་ མངོན་མཛོད་ལས་མ་བཤད་པ་དག་གདགས་པ་ལས་བྱུང་བ་ནི། གླིང་བཞི་དང་འདོད་པའི་ ལྷ་ལ་བཀྲེས་སྐོམ་ཡོད། གོང་མ་གཟུགས་དང་གཟུགས་མེད་ན་བཀྲེས་སྐོམ་མེད། གླིང་ གསུམ་ན། འབྲས་ཆན། ཟན། ཕྱེ་ཤ་དང་འཁུར་བའི་ཁམ་ཟས་ཟ། སྒྲ་མི་སྙན་པ་རྣམས་རང་ དང་མཉམ་དུ་བྱུང་བའི་མ་རྨོས་མ་བཏབ་པའི་འབྲས་ཀྱི་འབྲས་བུ་དག་ཁོ་ན་ཟ། འདོད་ལྷ་ རྣམས་དྲི་དང་ལྷའི་བདུད་རྩི་ཙམ་ཟ། ཁམས་གོང་མ་གཉིས་ན་ཁམ་གྱི་ཟས་སྤངས་པ་ཡིན་ནོ། །བཤང་གཅི་གླིང་བཞི་ན་ཡོད། ལྷ་ཐམས་ཅད་ལ་མེད་དོ། །གཟུགས་དང་གཟུགས་མེད་པ་ན་ ཁམས་ཟས་ལ་ཆགས་པ་སྤངས་པས་ཁམ་ཟས་ཀྱང་མེད། འདོད་ལྷ་རྣམས་ཁམ་ཟས་བདུད་ རྩི་ཟ་ཡང་ལུས་ལ་ཐིམ་པ་ལས་བཤང་གཅི་འབྱུང་བ་མེད་དོ། །དེས་ན་འདོད་ལྷ་འོག་མ་རྒྱལ་ ཆེན་པ་དང་སུམ་ཅུ་རྩ་གསུམ་པ་གཉིས་ལྷ་ཕོ་མོ་མི་ལྟར་དབང་པོ་གཉིས་སྤྲད་ནས་འཁྲིག་པ་ སྤྱོད་ཀྱང་ལུས་ལ་ཁུ་ཁྲག་སོགས་མི་གཙང་བ་དང་ཁྲག་རྒྱུ་བའི་རྩ་དང་ཟས་སྣོད་རྒྱུ་མ་དང་ བུ་འཛིན་པའི་མངལ་སོགས་མེད་པས་ཁུ་ཁྲག་འོང་བ་མེད་པ་ལ་མཇུག་ཏུ་རླུང་ཅུང་ཟད་འོང་ བས་ཚིམ་པ་ཐོབ་པ་ཡིན་ནོ། །འཐབ་བྲལ་ཡན་ཆད་ལ་ནི་དབང་པོ་གཉིས་སྤྲད་པའི་འཁྲིག་ སྤྱོད་མེད་དོ། །འཐབ་བྲལ་བ་རྣམས་ལྷའི་བུ་དང་བུ་མོ་གཉིས་འཁྱུད་པར་བྱས་པ་ཙམ་གྱིས་ འཁྲིག་བདེ་སྤྱོད་པས་ཚིམ་པ་ཐོབ། དེ་བཞིན་དུ་དགའ་ལྡན་པ་རྣམས་ཆགས་སེམས་ཀྱིས་ ཕན་ཚུན་ལག་པ་ལ་འཇུས་ཤིང་བཅངས་པ་ཙམ་དང༌། འཕྲུལ་དགའ་རྣམས་ཆགས་སེམས་ 3-1-197 ཀྱིས་ཕན་ཚུན་དགོད་པ་ཙམ་དང༌། གཞན་འཕྲུལ་དབང་བྱེད་པ་རྣམས་ཆགས་སེམས་ཀྱིས་ ཕན་ཚུན་བལྟས་པ་ཙམ་གྱིས་སྒོ་ནས་འཁྲིག་པ་སྤྱོད་པའི་སིམ་པ་ཐོབ་པ་ཡིན་ལ། གོང་མ་ གཉིས་ན་མེད་དོ། །ད་ནི་དཀྱུས་ལ་འགྲོ་སྟེ། ཡང་གླིང་གསུམ་ན་ཆར་འབབ་ཉེས་པ་དང༌། ལོ་ ལེགས་པ་དང༌། ལོ་ཉེས་པ་དང༌། མུ་གེ་དག་ཡོད། སྒྲ་མི་སྙན་དང་འདོད་ལྷ་ཡན་ཆད་ན་མེད། གླིང་གསུམ་ན་ནོར་འབྲུ་གསེར་དངུལ་སོགས་ཉོ་ཚོང་བྱེད་པ་ཡོད། སྒྲ་མི་སྙན་དང་ལྷ་ཐམས་ ཅད་ལ་མེད། གླིང་གསུམ་ན་བཞིན་མདོག་དཀར་པོ་དང༌། ནག་པོ་དང༌། སྔོ་བསངས། སྐྱ་ སྣར་བཞི་ཡོད། འདོད་ལྷ་ལ་བཞིན་མདོག་སྔོ་སེར་དཀར་དམར་བཞི་ཡོད། ནག་པོ་དང་སྐྱ་ ནར་སོགས་མེད། སྒྲ་མི་སྙན་དང་གཟུགས་ཁམས་པ་ཐམས་ཅད་བཞིན་མདོག་དཀར་པོ་ཁོ་ ནར་ངེས། གཟུགས་མེད་ན་གཟུགས་མེད་པས་བཞིན་མདོག་མེད། གླིང་གསུམ་དང་འདོད་ ལྷ་ན་ཆེད་དུ་བྱས་པའི་ཁང་པ་དང༌། ཆེད་དུ་མ་བྱས་པའི་ཁང་པ་གཉིས་ཡོད། སྒྲ་མི་སྙན་དང་ གཟུགས་ཁམས་ན་ཆེད་དུ་མ་བྱས་པའི་ཁང་པ་ཁོ་ན་ཡོད། གླིང་གསུམ་ན་བལ་གོས་དང༌། རས་དང་ཟབ་དར་སོགས་ཀྱི་ལྕི་ཡང་གི་གོས་གཉིས་ཀ་ཡོད། སྒྲ་མི་སྙན་དང་འདོད་ལྷ་དྲུག་ ལ་ཆེད་དུ་བྱེད་མི་དགོས་པར་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྔོ་སེར་དཀར་དམར་ བཞི་ཡོད། དེ་ཡང་སྒྲ་མི་སྙན་གྱི་གོས་ལ་སྲང་གཅིག་རྒྱལ་ཆེན་རིགས་བཞི་པའི་གོས་ལ་སྲང་ ཕྱེད། སུམ་ཅུ་རྩ་གསུམ་པའི་གོས་ལ་དེའི་ཡང་ཕྱེད་ཡིན་པ་སོགས་གཞན་འཕྲུལ་དབང་བྱེད་ བར་སྔ་མ་སྔ་མའི་གོས་ལས་ཕྱི་མ་ཕྱི་མའི་གོས་ནི་ཕྱེད་ཕྱེད་དོ། ། གཟུགས་ཁམས་པ་ནི་གོས་དང་བཅས་པར་སྐད་ཅིག་ཙམ་གྱིས་སྐྱེ་བ་དང༌། འཆི་ཚེ་གོས་ དང་བཅས་པ་འགག་པ་ཡིན་ནོ། །གཟུགས་ཁམས་པ་རྣམས་ཀྱིས་རང་གི་ལུས་ཚད་ལས་ ཉིས་འགྱུར་གྱི་ལུས་ཆེ་བའི་གོས་གྱོན་པར་བཤད། དེའི་ལྷ་གཅིག་གི་གོས་ལ་ལྕི་བའི་རེག་བྱ་ ཅུང་ཟད་ཀྱང་མེད་པས་སྲང་ལ་འཇལ་དུ་མེད་ཀྱང༌། གོས་མང་པོ་སྤུངས་པ་སྲང་ལ་འཇལ་དུ་ 3-1-198 ཡོད་པས་གཟུགས་ཁམས་ན་ལྕི་བའི་རེག་བྱ་ཡོད་པར་བཤད་དོ། །གླིང་གསུམ་དང་འདོད་ལྷ་ རྣམས་ལ་བག་མ་གཏོང་ལེན་ཡོད། སྒྲ་མི་སྙན་དང་གོང་མ་གཉིས་ན་མེད་དོ། །གླིང་གསུམ་ དང་སྒྲ་མི་སྙན་ན་ལུས་ལ་ཚ་བ་གྲང་བ་འབྱུང་བ་ཡོད། འདོད་ལྷ་དང་གོང་མ་གཉིས་ན་མེད། གླིང་བཞི་དང་འདོད་ལྷ་རྣམས་ལ་ཉིན་མཚན་དང་ཕ་མ་དང་དབྱར་དགུན་སྟོན་དཔྱིད་དང་ ཞག་སོགས་ཡོད། གོང་མ་གཉིས་ན་མེད། གླིང་གསུམ་ན་རྗེ་བོ་དང་བྲན་གཡོག་ཡོད། སྒྲ་ མི་སྙན་དང་འདོད་ལྷ་དང་གོང་མ་གཉིས་རྣམས་ལ་མེད། གླིང་གསུམ་ན་རྟ་སོགས་ནོར་དང་ འབྲུ་གཉིས་ཀ་ཡོད། སྒྲ་མི་སྙན་ན་འབྲུ་ཡོད་ནོར་མེད། གླིང་གསུམ་ན་ཕ་མ་དང་རྗེ་བྲན་དང་ ནོར་དང་འབྲུ་རྣམས་ལ་ཞེན་པ་ཡོད། འབྲུ་མ་གཏོགས་པའི་ཕ་མ་སོགས་ལ་ཞེན་པ་ནི་འདོད་ ལྷ་ལ་ཡང་ཡོད། སྒྲ་མི་སྙན་དང་གོང་མའི་ལྷ་ལ་མེད། གླིང་བཞི་ན་ཟླ་མཚན་དང་སྦྲུམ་མ་ལ་ བུ་བཙའ་བ་ཡོད། ལྷ་རྣམས་ལ་མེད། དེ་དག་ནི་གདགས་པ་ལས་བཤད་པ་སྟེ། མཐོ་རིས་ ལ་ལོངས་སྤྱོད་ཡོད་མེད་བཤད་པའོ། །བདེན་པ་བཞི་ནི། སྡུག་བསྔལ་བདེན་པ་དང༌། ཀུན་ འབྱུང་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་བདེན་དང་བཞི། དང་པོ་གཉིས་ འཁོར་བའི་རྒྱུ་འབྲས་དང༌། ཕྱི་མ་གཉིས་ཐར་པའི་རྒྱུ་འབྲས་ཡིན། སྡུག་བདེན་ཀུན་འབྱུང་གི་ འབྲས་བུ་དང་ཀུན་འབྱུང་སྡུག་བདེན་གྱི་རྒྱུ་ཡིན། འགོག་བདེན་ལམ་བདེན་གྱི་འབྲས་བུ་དང་ ལམ་བདེན་འགོག་བདེན་གྱི་རྒྱུ་ཡིན། བདེན་པ་བཞིའི་མཚན་ཉིད་ནི། རང་རྒྱུ་ཀུན་འབྱུང་ བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ་སྡུག་བསྔལ་བདེན་པའི་ མཚན་ཉིད། མཚན་གཞི་ནི་འཁོར་བ་ཉེར་ལེན་གྱི་ཕུང་པོ་ལྔ་དང༌། འཁོར་བའི་ཕྱི་སྣོད་ཐམས་ ཅད་ཡིན་མཚན་མཚོན་གཞི་གསུམ་ལ་སྦྱར་ན་དཔེར་ན་མིའི་ལུས་རྟེན་གྱི་ཉེར་ལེན་གྱི་ཕུང་ པོ་ལྔའི་སྟེང་ན་རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་བཞག་པའི་ཟག་བཅས་ ཀྱི་དངོས་པོ་ཡིན་ཆ་མཚན་ཉིད་ཀྱི་ལྡོག་པ་དང༌། དེའི་སྟེང་ན་སྡུག་བསྔལ་བདེན་པ་ཡིན་པའི་ 3-1-199 ཆ་གཅིག་ཡོད་པ་དེ་མཚོན་བྱའི་ལྡོག་པ་དང༌། མཚན་ཉིད་དེས་མཚོན་བྱ། སྡུག་བདེན་མཚོན་ པའི་གཞི་ཡིན་པའི་ཆ་མཚན་གཞིའི་ལྡོག་ཆ་ཡིན། ཀུན་འབྱུང་བདེན་པའི་མཚན་ཉིད་ནི། རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་ པོ་དེ་ཀུན་འབྱུང་བདེན་པའི་མཚན་ཉིད། དེ་ལ་དབྱེ་བ་ནི། ལས་ཀྱི་ཀུན་འབྱུང་དང༌། ཉོན་ མོངས་པའི་ཀུན་འབྱུང་གཉིས། དང་པོ་ནི་འཁོར་བར་འཕེན་བྱེད་ཀྱི་དགེ་སྡིག་གི་ལས་ཐམས་ ཅད་དང་གཉིས་པ་ནི་ལས་དེ་དག་ཀུན་ནས་སློང་བྱེད་ཀྱི་ཐོག་མའི་མ་རིག་པ་ལ་སོགས་པའི་ ཉོན་མོངས་པ་ཐམས་ཅད་ཡིན་ནོ། །གསུམ་པ་འགོག་བདེན་ནི། རང་ཐོབ་བྱེད་ཀྱི་ཐབས་སུ་ གྱུར་པའི་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྒྲིབ་པ་སྤངས་པའི་སོ་སོར་བརྟགས་འགོག་དེ་ འགོག་བདེན་གྱི་མཚན་ཉིད་དེ་ལ་དབྱེ་ན་ཐེག་དམན་གྱི་དེ་དང༌། ཐེག་ཆེན་གྱི་དེ་གཉིས་ཡོད་ དང་པོ་ནི་ཉན་རང་གི་རྒྱུད་ཀྱི་སྒྲིབ་པ་དག་ཆ་དང༌། གཉིས་པ་ནི། བྱང་འཕགས་དང༌། སངས་ རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་སྒྲིབ་པ་དག་ཆ་རྣམས་ཡིན་ནོ། ། བཞི་པ་ལམ་བདེན་ནི། འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་གྱི་ཆ་ནས་ བཞག་པའི་འཕགས་ལམ་དེ་ལམ་བདེན་གྱི་མཚན་ཉིད་དབྱེ་ན་སློབ་པའི་དེ་དང་མི་སློབ་པའི་ དེ་གཉིས་ཡོད་དང་པོ་ནི་ཉན་རང་འཕགས་པ་རྣམས་དང༌། བྱང་འཕགས་རྣམས་ཀྱི་ཐུགས་ རྒྱུད་ཀྱི་གང་ཟག་གི་བདག་མེད་དང༌། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ ཤེས་གཙོ་བོར་གྱུར་པའི་འཕགས་པ་དེ་རྣམས་ཀྱི་རྒྱུད་ཀྱི་ལམ་ཐམས་ཅད་དང་ཕྱི་མ་དང་རྣམ་ མཁྱེན་དོན་གཅིག་ཡིན་ནོ། །རྣམ་པ་བཅུ་དྲུག་ནི་སྡུག་བདེན་མི་རྟག་པ་ཡིན་ཏེ། རེས་འགའ་ སྐྱེ་བའི་ཕྱིར། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། སྟོང་ པ་ཡིན་ཏེ་ཉེར་ཕུང་ལ་དབང་སྒྱུར་བ་པོ་གང་ཟག་གི་བདག་གིས་སྟོང་པའི་ཕྱིར། བདག་མེད་ ཡིན་ཏེ། ཉེར་ཕུང་གང་ཟག་གི་བདག་ཏུ་གྲུབ་པ་མེད་པའི་ཕྱིར། ཀུན་འབྱུང་ལས་ཉོན་གཉིས་ 3-1-200 རྒྱུའི་རྣམ་པ་ཡིན་ཏེ་རང་འབྲས་སྡུག་བདེན་གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་ཡིན་ཏེ་སྡུག་ བདེན་དུས་དང་རྣམ་པ་ཐམས་ཅད་བསྐྱེད་པའི་ཕྱིར། རབ་སྐྱེའི་རྣམ་པ་ཡིན་ཏེ་མནར་མེད་ཀྱི་ སྡུག་བསྔལ་ལྟ་བུའི་སྡུག་བསྔལ་ཤུགས་དྲག་པོ་བསྐྱེད་པའི་ཕྱིར། འདིའི་ཕྱིའི་ཉེར་ཕུང་སྲིད་པ་ ལ་སྲེད་པའི་སྲེད་པ་སྟེ། རྐྱེན་གྱི་རྣམ་པ་ཡིན་ཏེ། འཕེན་བྱེད་ཀྱི་ལས་གསོས་བཏབ་པའི་སྒོ་ནས་སྡུག་བདེན་གྱི་ལྷན་ཅིག་བྱེད་རྐྱེན་བྱེད་ པའི་ཕྱིར། ཉོན་སྒྲིབ་སྤངས་པའི་བྲལ་བ་དེ་འགོག་པའི་རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་ པའི་བྲལ་བ་ཡིན་པའི་ཕྱིར། ཞི་བའི་རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ ཕྱིར། གྱ་ནོམ་པའི་རྣམ་པ་ཡིན་ཏེ། ཕན་པ་དང་བདེ་བའི་བདག་ཉིད་ཅན་གྱི་ཐར་པ་ཡིན་པའི་ ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སླར་ལྡོག་པ་མེད་པར་ངེས་པར་འཁོར་བ་ལས་ གཞན་དུ་འབྱུང་ཟིན་པའི་ཐར་པ་ཡིན་པའི་ཕྱིར། བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ ཤེས་དེ། ལམ་གྱི་རྣམ་པ་ཡིན་ཏེ། ཐར་བར་བགྲོད་པའི་མ་ནོར་བའི་ལམ་ཡིན་པའི་ཕྱིར། དེ་ རིགས་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་དངོས་གཉེན་དངོས་སུ་བྱེད་འོས་པའི་ལམ་ཡིན་ པའི་ཕྱིར། དེ་སྒྲུབ་པའི་རྣམ་པ་ཡིན་ཏེ། ཡུལ་བདག་མེད་དེ་ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ ལོག་པ་ཡིན་ལ་དེ་མངོན་སུམ་རྟོགས་པའི་སྒོ་ནས་སྒྲུབ་པ་ཡིན་པའི་ཕྱིར། དེ་ངེས་པར་འབྱིན་ པ་ཡིན་ཏེ། མྱང་འདས་རྟོགས་པའི་གནས་སུ་སླར་མི་ལྡོག་པར་ངེས་པར་འབྱིན་བྱེད་ཀྱི་ལམ་ ཡིན་པའི་ཕྱིར། རྟེན་འབྲེལ་བཅུ་གཉིས་ནི། དང་པོ་ཐོག་མའི་མ་རིག་པ་ཟེར་རྒྱུ་དེ་ནི། འཇིག་ ལྟ་དང་རྨོངས་ཙམ་གྱི་མ་རིག་པ་གཉིས་ལ་ངོས་འཛིན་ལུགས་འདྲ་མིན་གཉིས་ཡོད། གཉིས་ པ་འདུ་བྱེད་ནི། ཟག་བཅས་ཀྱི་དགེ་མི་དགེ་གང་རུང་གི་ལས་བག་ཆགས་དང་བཅས་པ་དེ་ ཡིན། གསུམ་པ་རྣམ་ཤེས་ནི། བག་ཆགས་འཇོག་གཞིའི་རྒྱུ་དུས་ཀྱི་རྣམ་ཤེས་དང་རྣམ་སྨིན་ སྐྱེས་དུས་ཀྱི་འབྲས་དུས་ཀྱི་རྣམ་ཤེས་དང་གཉིས་ཡོད། བཞི་པ་མིང་གཟུགས་ནི། ཚོར་བའི་ 3-1-201 ཕུང་པོ་འདུ་ཤེས་ཀྱི་ཕུང་པོ་འདུ་བྱེད་ཀྱི་ཕུང་པོརྣམ་ཤེས་ཀྱི་ཕུང་པོ་རྣམས་མིང་བཞིའི་ཕུང་པོ་ ཡིན་ལ། མངལ་སྐྱེས་ལྟ་བུ་ལ་མིག་དབང་སོགས་མ་གྲུབ་པའི་དུས་ཀྱི་མེར་མེར་པོ་སོགས་ནི་ གཟུགས་ཡིན་ནོ། །ལྔ་པ་སྐྱེ་མཆེད་དྲུག་ནི། མིག་དབང་སོགས་དབང་པོ་དྲུག་ཀགྲུབ་པའི་སྐྱེ་ མཆེད་དེ་ཡིན། དྲུག་པ་རེག་པ་ནི། ཡུལ་དབང་སེམས་གསུམ་འཕྲད་པ་ལ་ཟེར་ཞིང༌། བདུན་ པ་ཚོར་བ་ནི། རྣམ་པར་སྨིན་པའི་ཚོར་བ་བདེ་སྡུག་བཏང་སྙོམས་ཅི་རིགས་པ་དེའོ། །བརྒྱད་ པ་སྲེད་པ་ནི། འཆི་ཁར་ད་ལྟའི་ཕུང་པོ་འབྲལ་མི་ཕོད་པའི་རྣམ་ཅན་གྱི་འདོད་ཆགས་ཤིག་ དང༌། དགུ་པ་ལེན་པ་ནི་འཆི་ཁར་ཡང་སྲིད་བཟང་པོ་ལེན་འདོད་ཀྱི་འདོད་ཆགས་ཤིག་གོ །བཅུ་པ་སྲིད་པ་ནི། གོང་སྨོས་ཀྱི་སྲེད་ལེན་ཀྱིས་གསོས་བཏབ་པའི་བག་ཆགས་དེ་ཡིན། བཅུ་ གཅིག་སྐྱེ་བ་ནི། ད་ལྟའི་རྣམ་སྨིན་གྱི་ཕུང་པོ་འདི་ག་སྐྱེ་བ་ལ་ཟེར། བཅུ་གཉིས་པ་རྒ་ཤི་ནི། སྐྱེ་བའི་ཕུང་པོ་འདི་ཉིད་རྒས་ཤིང་མཐར་སྲོག་དབང་འགགས་པ་དེ་ཡིན་ཞིང༌། དེ་ལས་ཀྱང་ སྡུག་བསྔལ་བ་དང་ཡིད་མི་བདེ་བ་དག་ཀྱང་ངེས་པར་འབྱུང་བའོ། །(རྩོམ་འཕྲོ) 3-1-202 ༄༅། །སྟོད་འདུལ། སྟོད་མངའ་རིས་ཕྱོགས་ནས་དར་ཞིང་མཆེད་པའི་འདུལ་བ་སྟེ། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ སྐུ་རིང་ལ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་པཱ་ལ་དེའི་སློབ་མའི་གཙོ་བོ། ས་དྷུ་པཱ་ལ། གུ་ཎ་ པཱ་ལ། པྲ་ཛྙཱ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་བཅས་སྤྱན་དྲངས། དེ་དག་ལས་ཞང་ཞུང་བ་རྒྱལ་བའི་ ཤེས་རབ་ཀྱིས་སྡོམ་པ་བླངས། དེའི་སློབ་མ་དཔལ་འབྱོར་དང༌། ཞང་མོ་ཆེ་བ་བྱང་ཆུབ་སེང་ གེ་ལ་སོགས་པ་ནས་བརྒྱུད་དེ་མཆེད་པ་ལ་སྟོད་འདུལ་བ་ཞེས་གྲགས་སོ། ། ༄༅། །སྨད་འདུལ། མདོ་ཁམས་སྨད་ཀྱི་ཡུལ་ནས་དར་ཞིང་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ཏེ། རྒྱལ་པོ་ གླང་དར་མས་བསྟན་པ་བསྣུབས་པ་ན་སྨར་གཡོ་གཙང་གསུམ་མདོ་སྨད་དན་ཏིག་གི་ཡུལ་ གྲུར་བྱོན་ནས། རྒྱ་ནག་གི་ཧྭ་ཤང་ཀེ་ཝང་དང༌། གྱི་ཕན་གཉིས་བཅས་ལྔ་ཚོགས་ཀྱིས་བླ་ཆེན་ དགོངས་པ་རབ་གསལ་བསྙེན་པར་རྫོགས། ཁོང་གིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང༌། ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས། དེ་ནས་རིམ་ བཞིན་དབུས་གཙང་གི་ཕྱོགས་སུ་འདུལ་བའི་སྡོམ་རྒྱུན་སྤེལ་ཞིང་མཆེད་པའོ། ། བསྟན་པ་སྔ་དར་སྔར་ལྷ་ཐོ་ཐོ་རིའི་དུས་སུ་དབུ་བརྙེས་པ་ནས་བཟུང་སྲོང་བཙན་སྒམ་ པོའི་དུས་སུ་སྲོལ་བཏོད། ཁྲི་སྲོང་སྡེ་བཙན་གྱི་དུས་སུ་འཕེལ་རྒྱས་བཏང༌། ཁྲི་རལ་པ་ཅན་གྱི་ དུས་སུ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དེ། གླང་དར་མས་མ་བསྣུབས་བར་གྱི་ནང་ པ་སངས་རྒྱས་པའི་བསྟན་པ་ལ་ཟེར། བསྟན་པ་ཕྱི་དར་འདིའི་དུས་མཚམས་ཀྱི་བརྩི་ཚུལ་ ལ་མི་འདྲ་བ་འགའ་ཞིག་ཡོད་དེ། བུ་སྟོན་རིན་ཆེན་གྲུབ་ཀྱི་བཞེད་སྲོལ་ལྟར་ན་རབ་བྱུང་དང་ པོའི་གོང་གི་ལོ་ང་གསུམ་པ་ཆུ་བྱ་ལོར་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྙེན་རྫོགས་ཀྱི་ 3-1-203 སྡོམ་པ་བཞེས་ལོ་དེ་ནས་བརྩིས་པ་དང༌། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་བཞེད་ སྲོལ་ལྟར་ན། རབ་བྱུང་དང་པོའི་གོང་གི་ལོ་ཞེ་བརྒྱད་པ་ས་སྟག་ལོར་ཀླུ་མེས་ཚུལ་ཁྲིམས་ ཤེས་རབ་སོགས་མི་བཅུས་བླ་ཆེན་ལས་སྡོམ་པ་བླངས་པའི་ལོ་ནས་བརྩིས་པ། ཡང་ལོ་ཙཱ་བ་ རིན་ཆེན་བཟང་པོས་གསང་སྔགས་ཀྱི་ཆོས་བོད་དུ་བསྒྱུར་བའི་སྐབས་ནས་བརྩིས་པ་བཅས་ ཡོད་ཅིང༌། གཞན་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ནས། པཱ་ལ་རྣམ་གསུམ་སྤྱན་དྲངས་ ཏེ་བོད་དུ་འདུལ་བའི་སྡོམ་པ་སྤེལ་བའི་སྐབས་ནས་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པར་ བརྩིས་ཡོད། དཔལ་ལྡན་དགེ་ལུགས་པ་རང་གིས་བཞེད་ཚུལ་ལྟར་ན། རྗེ་བླ་མ་རྣམ་གསུམ་མ་བྱོན་ ཡན་གྱི་མཁས་གྲུབ་ཀྱི་སྐྱེས་ཆེན་བོད་དུ་གང་བྱོན་རྣམས་ལ་བོད་སྔ་རབས་པ་ཟེར། རྗེ་རྣམ་ གསུམ་བྱོན་པ་ནས་སྐྱེས་ཆེན་གང་བྱོན་འགའ་ཞིག་ལ་བོད་ཕྱི་རབས་པ་ཟེར་བའི་སྲོལ་ཙམ་ འདུག རྗེ་བླ་མའི་ཡིག་ཆ་བ་བཞི་ཡང༌། སེ་ར་རྗེ་བཙུན་པ། མཁས་གྲུབ་བསྟན་དར་བ། པཎ་ ཆེན་བསོད་ནམས་གྲགས། སྒོ་མང་བ་འཇམས་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ དང་བཞིའོ། །དེང་སང་རི་བོ་དགེ་ལྡན་པའི་རང་ལུགས་འཛིན་པའི་དགོན་མ་ལག་ཐམས་ ཅད་དུ་བཞུགས་པའི་དགེ་འདུན་རྣམས་ཀྱིས་ཡིག་ཆ་བ་དེ་དག་གང་རུང་གི་རྗེས་སུ་འབྲང་ བའི་སྒོ་ནས་རྗེ་བླ་མའི་རང་ལུགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་བྱེད་པའོ། ། 3-1-204 ༄༅། །བདེ་གཤེགས་སྙིང་པོའི་ངོས་འཛིན་ལུགས་ བོད་འདིར་ཡང་གཙོ་ཆེ་བ་ གསུམ་དུ་བྱུང་སྟེ། རྔོག་ལོ་ཆེན་པོས་བཞེད་པ་ནི། བསྟན་བཅོས་རྒྱུད་བླ་མ་འདི་བཀའ་ཐ་མའི་དགོངས་ འགྲེལ་ཡིན་པས་ཤིན་ཏུ་ཟབ་པ་ཡིན་ཞེས་གསུངས་ནས་བདེ་གཤེགས་སྙིང་པོའི་ངོས་འཛིན་ སྟོང་ཉིད་མེད་དགག་ལ་མཛད་དོ། །དེས་ན་བཀའ་བར་བ་ལས་ཐ་མ་ཟབ་པར་མ་སོང་ངོ༌། །ས་སྐྱ་པཎྜི་ཏ་ཆེན་པོས། སྙིང་པོའི་ངོས་འཛིན་སྤྲོས་བྲལ་སྟོང་ཉིད་ཙམ་ལ་མཛད་པར་གསལ་ ཡང་སྡོམ་གསུམ་རབ་དབྱེར་རང་ལུགས་གསལ་བོར་མ་བཞག་གོ། །ཀུན་མཁྱེན་བུ་སྟོན་ཆེན་ པོས་ནི། སྙིང་པོའི་ངོས་འཛིན་ཀུན་གཞིའི་རྣམ་ཤེས་ལ་མཛད་དོ། །རྗེ་ཇོ་ནང་པ་ཆེན་པོའི་ ཞལ་སྔ་ནས་ཀྱང༌། གལ་ཏེ་འདི་ནི་སངས་རྒྱས་ཀྱི་ས་བོན་ཙམ་ལ་དགོངས་པའམ། ཆོས་ ཐམས་ཅད་ཅིར་ཡང་མ་གྲུབ་ཙམ་གྱི་སྟོང་པ་ཉིད་ལ་དགོངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ ཏེ། དེ་ནི་ཚད་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ལ་ གསུངས་པའི་ཕྱིར། ཞེས་གཞི་དབྱིངས་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཡོན་ཏན་མཐའ་ཡས་པ་ དང་ལྡན་པར་ཞལ་བཞེས་མཛད་ཅིང༌། དེ་ལུགས་ལྟར་ཀུན་མཁྱེན་ཏཱ་ར་ནཱ་ཐས། བཅོམ་ལྡན་ ཤཱཀྱ་སེང་གེའི་ཆོས་སྐུ་དེ། །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་དང་ལྡན། །བདག་གི་ལུས་ངག་ ཡིད་ལ་དེ་ཉིད་ཁྱབ། །ལུས་ངག་ཡིད་ནི་ལོག་སྣང་འཁྲུལ་སྣང་ཙམ། །ཞེས་པ་ལ་སོགས་པས་ 3-1-205 ཞིབ་རྒྱས་སུ་དབུ་མ་ཡིད་བཞིན་ནོར་བུར་གཏན་ལ་ཕབ་བོ། །ཇོ་ནང་ཀུན་མཁྱེན་ཆེན་པོས། ཀུན་རྫོབ་བདེན་པ་རང་གིས་སྟོང༌། །དོན་དམ་བདེན་པ་གཞན་གྱིས་སྟོང༌། །སྟོང་ཚུལ་དེ་ལྟར་ མ་ཤེས་ན། །རྒྱལ་བའི་བཀའ་ལ་རྨོངས་པར་འགྱུར། །ཞེས་དང༌། ཇི་སྐད་དུ། བདེན་གཉིས་ རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ ཅན། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་དང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་དང༌། འཕགས་པ་ཐོགས་མེད་ཀྱིས། ཡི་ དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་དང༌། རྒྱུད་བླ་མ་ལས། མ་དག་མ་དག་ དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང༌། མདོ་ལང་ཀར་གཤེགས་པ་ལས། །སེམས་ ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ། །ཞེས་ དང༌། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་ མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་བྱིན། །དེ་བཞིན་ ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཟག་མེད་ལེགས་དང་ལྡན་ གྱུར་ཏེ། །གཞན་དུ་འགྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར་དང༌། བདེ་མཆོག་སྡོམ་ པ་འབྱུང་བའི་རྒྱུད་ལས་ཀྱང༌། བསམ་གྱིས་མི་ཁྱབ་སེམས་དེ་ཡང༌། །བསམ་པ་ཀུན་གྱིས་ བརྗོད་ལས་འདས། །སྣ་ཚོགས་རྟོག་པས་རྟོགས་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། 3-1-206 །ཞེས་དང༌། ཀྱཻ་རྡོར་བསྡུས་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་ཏུ་རྟོག་པ་ ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང༌། བླ་མེད་རྒྱུད་སྡེ་ཀུན་གྱི་རྩེར་གྱུར་སྒྱུ་འཕྲུལ་དྲ་བའི་རྩརྒྱུད་རྒྱས་པ་ཤོ་ལོ་ཀ་ཁྲི་ དྲུག་སྟོང་པ་ལས་ཏིང་ངེ་འཛིན་དྲ་བའི་ལེའུ་ཁོལ་དུ་བྱུང་བ་འཇམ་དཔལ་གྱི་དོན་དམ་པའི་ མཚན་ཡང་དག་པར་བརྗོད་པ་ལས། ཟབ་མོའི་སྔགས་གཞིའི་དེ་ཉིད་རྒྱས་པར་སྟོན་པའི་ སྐབས་ཀྱི། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོ་སངས་རྒྱས་རྒྱུ་མེད་པ། །ཞེས་དང༌། ཡེ་ ཤེས་སྐུ་སྟེ་རང་བྱུང་བ། །ཞེས་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་དང༌། ཀྱཻ་རྡོར་ གྱི་རྒྱུད་ལས་ཀྱང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་ བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང༌། རང་གི་རང་གིས་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང༌། སེམས་ནི་ རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་སོགས་གསུངས་ སོ། །དཔལ་ལྡན་ས་ར་ཧས་ཀྱང༌། མཁས་པ་བསྟན་བཅོས་འཆད་པ་ཐམས་ཅད་ཀྱིས། །ལུས་ ནང་སངས་རྒྱས་ཡོད་པ་མ་རྟོགས་སོ། །དེ་ལྟར་རྟོགས་ནའང་གང་དུ་འགྲོ་བ་མེད། །མཁས་པ་ ངོ་ཚ་མེད་པས་དེ་མ་རྟོགས། །ཞེས་དང༌། ཇོ་ནང་རང་ལུགས་ལ་རྣམ་རྟོག་འཁོར་རྩ་དང༌། དེའི་གཉེན་པོ་སྤྲོས་བྲལ་མི་རྟོག་པ་ཡིན་ཚུལ་ཡང༌། དཔལ་གསང་བ་འདུས་པ་ལས། རྣམ་ པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ ཆེན་པོ། །སྐུ་གསུང་རྡོ་རྗེས་བཅད་ནས་ནི། །རྣམ་རྟོག་མེད་པའི་བདེ་བ་སྟེར། །སྔགས་ཀྱི་དེ་ ཉིད་ཀྱིས་ནི་ཐོབ། །ཅེས་དང༌། རྒྱུད་ཁ་སྦྱོར་ལས། འདོད་པ་ཐམས་ཅད་རབ་སྤངས་ཏེ། །མཁས་པས་རང་རིག་ཙམ་གྱིས་ནི། །སྦྱོར་བའི་མཐར་ཐུག་བསམ་གཏན་གནས། །ཉིན་དང་ མཚན་དུ་གོམས་པར་མཛོད། །ཅེས་དང༌། རྒྱུད་ཁ་སྦྱོར་ལས། རྟོག་པའི་གནས་ནི་བཏང་ནས་ 3-1-207 སུ། །བློ་ལྡན་གང་ཞིག་མི་རྟོག་གནས། །ཐུགས་ཀྱི་རྡོ་རྗེས་གསུངས་པ་བཞིན། །དེ་ལ་དངོས་ གྲུབ་ཐེ་ཚོམ་མེད། །ཅེས་དང༌། རྒྱུད་ཁ་སྦྱོར་ལས། རྟོག་པས་དམྱལ་བར་འགྲོ་འགྱུར་ཞིང༌། །འགྲོ་དྲུག་རྒྱ་མཚོར་འཁོར་བར་གྱུར། །རྟོག་པ་ལས་ནི་རྣམ་གྲོལ་ན། །དྲི་མེད་ཞི་བའི་གནས་ སུ་འགྲོ། །ཞེས་དང༌། རྣམ་སྣང་མངོན་བྱང་གི་རྒྱུད་ལས། རྟོག་པ་སྡུག་བསྔལ་རྒྱུར་གྱུར་པ། །ཇི་སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ན་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་ མི་བྱའོ། །ཞེས་དང༌། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་དང༌། རྒྱུད་སཾ་བུ་ཊ་ལས། རྟོག་པ་ཐམས་ཅད་ཡང་དག་སྤངས། །ཐམས་ཅད་མཁྱེན་ པའི་ཡེ་ཤེས་ཚོགས། །ཡེ་ཤེས་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་དང༌། དོན་དམ་པའི་མཚན་ བརྗོད་ལས། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་ དབྱིངས་དམ་པ་ཟད་མི་ཤེས། །ཞེས་གསུངས་སོ། །རྒྱས་འགྲེལ་དྲི་མེད་འོད་ལས། རྣམ་རྟོག་ སྒོམ་པ་ལས་འདས་པ། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་ དང༌། །རྟོག་དང་བརྗོད་པ་རྣམ་པར་སྤངས། །ཞེས་དང༌། དཔལ་ས་ར་ཧས། བསམ་དང་ བསམ་བྱ་ཡོངས་སུ་སྤངས་ནས་ནི། །ཇི་ལྟར་བུ་ཆུང་ཚུལ་དུ་འདུག་པ་ཡིས། །བླ་མ་དམ་པའི་ ལུང་ལ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་པ་དང༌། སླར་ཡང་དཔལ་ས་ར་ཧས། གདོད་ནས་དག་པའི་རང་བཞིན་ནམ་མཁའ་ལ། །བལྟས་ཤིང་ བལྟས་ཤིངམཐོང་བ་དགག་པར་འགྱུར། །ཞེས་སོགས་གསུངས་པ་དང༌། ཡང་གྲུབ་པའི་ དབང་ཕྱུག་གི་ཞལ་ནས། སྔོན་མེད་དཔྱིད་འབྱུང་ནམ་མཁའི་མེ་ཏོག་འབྲས། །ལག་པའི་ མཐོང་རེག་བྱར་མེད་ས་ར་ཧ། །མིག་མི་འཛུམ་པ་ལྟ་དང་མི་བསམ་དང༌། །རླུང་འགོག་པ་ནི་ བླ་མ་དམ་པའི་གསུངས། །ཞེས་དང༌། གསང་འདུས་རིམ་ལྔ་ལས། ཐམས་ཅད་སྟོང་པ་རྨད་པོ་ 3-1-208 ཆེ། །དྭངས་ཤིང་གསལ་བ་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནི་དེ་ནས་གསལ་ མཐོང་འགྱུར། །ཞེས་དང༌། ཟུང་འཇུག་གི་རིམ་པ་ལས། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་བྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་ བཤད། །ཅེས་དང༌། སློབ་དཔོན་ཀླུས་ཀྱང༌། སེམས་ལ་དམིགས་པ་མེད་པ་ཡིས། །གནས་པ་ ནམ་མཁའི་མཚན་ཉིད་ཅན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་བསྒོམ་པར་བཞེད་ པ་ཡིན། །ཞེས་དང༌། རིང་རྒྱུད་ཀུན་འདུས་རིག་པའི་མདོ་ལས། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད། །སེམས་ཉིད་རང་བཞིན་འོད་གསལ་བ། །ཆོས་ཀུན་གཟུགས་བརྙན་སྣང་བས་ན། །ཆོས་ཀྱི་ མེ་ལོང་ཞེས་ཀྱང་གྲགས། །ཞེས་གསུངས་པའི་ཆོས་ཉིད་ཀྱི་མེ་ལོང་དེ་ནི་སེམས་ཀྱི་རང་ བཞིན་སྟོང་པ་ཉིད་དོན་དམ་བདེ་གཤེགས་སྙིང་པོའི་སངས་རྒྱས་ཆོས་ཉིད་དེ་བཞིན་ཉིད་ བརྟན་གཡོ་ཀུན་ཁྱབ་དང་གཞི་འབྲས་དབྱེར་མེད་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ བཞུགས་པ་དེ་ཁོ་ན་ཉིད་ཡིན་ཞིང༌། དེ་ཉིད་རིམ་བཞིན། རྟེན་དང༌། དོན་དམ་དང༌། ཆོས་ ཉིད་དང༌། དབུ་མ་དང༌། ཡོངས་གྲུབ་དང༌། རང་བཞིན་དང༌། གཉུག་མ་དང༌། གཞན་སྟོང་ རྣམས་ཡིན་ལ། འཆར་གཞི་དེའི་ངོར་ཤར་བའི་གཟུགས་བརྙན་ནི་གཟུགས་ནས་རྣམ་མཁྱེན་ བར་གྱི་གཞན་དབང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཡིན་པས་རིམ་བཞིན་མེ་ལོང་མེད་ན་དེའི་ ངོར་ཤར་བའི་བརྟེན་པ་དང༌། ཀུན་རྫོབ་བདེན་པ་དང༌། ཆོས་ཅན་དང༌། མཐའ་མ་དང་ཀུན་ བརྟགས། བཅོས་མ་དང༌། གློ་བུར་དང༌། རང་སྟོང་རྣམས་ཀྱང་ཡོད་མི་སྲིད་པར་འགྱུར་རོ། །འོན་ཀྱང་རྟེན་དོན་དམ་བདེན་པ་དེ་ཡོད་པའི་དབང་གིས་བརྟེན་པར་ཀུན་རྫོབ་བདེན་པ་དེ་ འབྱུང་བ་ཡིན་ནོ། །མདོ་དེར། སེམས་ཀྱང་སྟོང་པ་ཉིད་ཅེས་ཀྱང་བྱའོ། །ཆོས་ཐམས་ཅད་ཀྱི་ གཟུགས་བརྙན་སྣང་བ་ཞེས་ཀྱང་བྱའོ། །ཞེས་གསུངས་པ་ཡང་ཚིགས་བཅད་ལྷུག་ཙམ་ལས་ དོན་ལ་དབྱེར་མེད་དོ། །རྫོགས་ལྡན་ཞེས་པ་དུས་ཀྱི་དབང་དུ་བྱས་ན་དུས་བཞི་ཆེན་པོ་དང་ 3-1-209 ཆུང་བ་གཉིས་ལས། དུས་བཞི་ཆེན་པོ་ནི། བསྐལ་དུས་བཟང་ངན་ལ་ལྟོས་ཏེ་བཞག་པ་སྟེ། དེའི་ལོ་ས་ཡ་ཕྲག་བཞི་དང་སུམ་འབུམ་ཉི་ཁྲིའི་བཞི་ཆ་རྐང་པར་བྱས་པས་དེའི་རྐང་པ་བཞི་ པོ་ཡོངས་རྫོགས་ཚང་བ་རྫོགས་ལྡན་དང༌། དེ་བཞིན་དུ་རྐང་པ་གསུམ་དང་གཉིས་དང་ གཅིག་གི་རིམ་པས་གསུམ་ལྡན་གཉིས་ལྡན་རྩོད་ལྡན་དུ་འཇོག་པ་ཡིན། དུས་བཞི་ཆུང་བ་ བསྟན་པའི་བཟང་ངན་གྱི་སྒོ་ནས་བཞག་སྟེ། དེའི་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་གྱི་ བཞི་ཆ་དུས་བཞི་སོ་སོའི་ཚད་དུ་བྱས་ནས་སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས་དང༌། དེ་བཞིན་དུ་བཞི་ཆ་ཉམས་པ་གསུམ་ལྡན་སྟོད་དང༌། ཕྱེད་ཙམ་ཉམས་པ་གསུམ་ལྡན་སྨད་དུ་ འགྱུར་ཞིང༌། བཞི་ཆ་གསུམ་ཉམས་པའི་ལྷག་མ་གཉིས་ལྡན་ཡིན་ལ་བཞི་ཆ་གཅིག་ཀྱང་མེད་ ན་རྩོད་ལྡན་དུ་འཇོག་པ་ཡིན་པའི་དེ་འདྲའི་སྐབས་ཀྱི་རྫོགས་ལྡན་གྱི་ཆོས་སྐྱོན་མེད་བསྟན་པ་ འདི་ལ་ལྟོས་པའི་དབང་དུ་བྱས་ན་སངས་རྒྱས་ཞལ་བཞུགས་པའི་གནས་སྐབས་ཀྱི་བསྟན་པ་ ལྷད་མེད་ལྟ་བུ་དེ་སྤྱིར་ན་ཡིན་ཞིང༌། དེའི་ནང་ནས་ཀྱང་བཀའ་ཐ་མའི་མདོ་སྡེ་རྣམས་ལ་ རྫོགས་ལྡན་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དོན་དམ་ཆོས་དབྱིངས་ཀྱི་གནས་ ལུགས་ཡོངས་སུ་རྫོགས་པར་སྟོན་པས་ན་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་ལྟོས་ན་སྡེ་སྣོད་ གཞན་གྱིས་ཆོས་དབྱིངས་ཀྱི་ཆ་ཡོངས་རྫོགས་མི་སྟོན་པར་ཅི་རིགས་ཉུང་ཤས་སྟོན་པའི་ཆ་ ནས་གསུམ་ལྡན་སོགས་སུ་འཇོག་ཆོག་ཀྱང་གསུམ་ལྡན་མར་བཅད་དངོས་ནི་ཕྱིས་སུ་བྱུང་ བའི་རྒྱལ་བའི་དགོངས་པ་མཐར་ཐུག་ལ་རེག་མི་ནུས་པའི་ཐམས་ཅད་རང་སྟོང་ཁོ་ནར་ བཤད་པའི་གཞུང་ལུགས་རྣམས་སོ། །དེ་ལྟ་བུའི་གསུམ་ལྡན་མར་བཅད་ལས་འདས་པའི་ རྫོགས་ལྡན་ཆོས་ཀྱི་མཆོག་སོགས་(རྩོམ་འཕྲོ) 3-1-210 ༄༅། །བདེན་བཞིའི་རྣམ་པ་ཅུང་ཟད་བཤད་པ་ ཀུན་གསལ་མེ་ལོང་ཞེས་བྱ་བ་ བཞུགས་སོ། ། སྲིད་པའི་འཁྲི་ཤིང་དྲ་བ་དྲལ་མཛད་དེ། ། ཡོན་ཏན་རྒྱ་མཚོ་ཞི་ལམ་མཆོག་སྒྲོག་པ། ། རྐང་གཉིས་དབང་པོ་ཉེ་བར་བརྙེས་པ་ཡི། ། གོ་འཕང་དམ་པ་ཐོབ་པར་མཛད་པ་རྒྱལ། ། བློ་གྲོས་དཔག་ཡས་ཚིག་གི་གཏེར་མངའ་བ། ། འགྲོ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ནས། ། ཆོས་རྗེ་བླ་མའི་བཞེད་དགོངས་ཇི་བཞིན་པར། ། བདེན་བཞིའི་རྣམ་པ་ཅུང་ཟད་བཤད་ཀྱིས་ཉོན། ། དེ་ལ་འདིར་བདེན་བཞིའི་རྣམ་པ་ནི། སྡུག་ཀུན་གཉིས་དང༌། འགོག་ལམ་གཉིས་ཏེ་ བཞིའོ། ། དང་པོ་སྡུག་བསྔལ་བདེན་པ་ནི། རང་རྒྱུ་ཀུན་འབྱུང་བདེན་པ་ལས་སྐྱེས་པའི་ཆ་ནས་ བཞག་པའི་ཟག་བཅས་ཀྱི་དངོས་པོ། སྡུག་བདེན་གྱི་མཚན་ཉིད། སྡུག་བདེན་ལ་དབྱེ་ན། ཕྱིའི་སྡུག་བདེན་དང༌། ནང་གི་སྡུག་བདེན་གཉིས། དང་པོ་འཁོར་བའི་ཕྱི་སྣོད་དང་དོན་ 3-1-211 གཅིགགཉིས་པ་འཁོར་བ་དང་དོན་གཅིགགང་ཟག་སོགས་རང་རྒྱུ་ཀུན་འབྱུང་བདེན་པ་ལས་ བྱུང་བ་ཡིན་ཡང་དེ་ལས་བྱུང་བའི་ཆ་ནས་སྡུག་བདེན་དུ་བཞག་པ་མ་ཡིན་ཞེས་གཅོད་པའི་ ཕྱིར་རོ། །སྡུག་བདེན་ཆོས་ཅན། མི་རྟག་པ་ཡིན་ཏེ། རེས་འགའ་སྐྱེ་བའི་ཕྱིར། ཁྱབ་སྟེ། རེས་ འགའ་སྐྱེས་ན་རྒྱུས་བྱས་པ་ཡིན་ལ། རྒྱུས་བྱས་པ་ལ་མི་རྟག་པས་ཁྱབ་པའི་ཕྱིར། སྡུག་བདེན་ ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། ལས་ཉོན་གྱི་གཞན་དབང་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ལས་ཉོན་གྱིས་བསྐྱེད་པ་ཡིན་ན་ལུས་འདི་ནད་དང་སྡུག་བསྔལ་སོགས་འབྱུང་བ་ཅན་དང༌། སེམས་འདི་ཉོན་མོངས་པའི་བག་ཆགས་འཛིན་པ་དང༌། སྡུག་བསྔལ་སྣ་ཚོགས་མྱོང་བ་ལ་ སོགས་པ་ཅན་དུའང་བསྐྱེད། དེ་ལས་ཅི་དགར་བསྒྱུར་དུ་མེད་པ་ཅན་དུའང་བསྐྱེད་པའི་ཕྱིར། སྡུག་བདེན་ཆོས་ཅན། སྟོང་པ་ཡིན་ཏེ། ཉེར་ཕུང་ལ་དབང་སྒྱུར་བ་པོ་གང་ཟག་གི་བདག་ གིས་སྟོང་པའི་ཕྱིར། སྡུག་བདེན་ཆོས་ཅན། བདག་མེད་པ་ཡིན་ཏེ། ཉེར་ཕུང་གང་ཟག་གི་ བདག་ཏུ་གྲུབ་པ་མེད་པའི་ཕྱིར། སྡུག་བདེན་གྱི་རྣམ་པ་བཞི་རྟོགས་པའི་ཡེ་ཤེས་བཞི་ནི། རིམ་བཞིན་སྡུག་བདེན་གྱི་གནས་ཚུལ། གཙང༌། བདེ། རྟག བདག་ཏུ་འཛིན་པའི་སྡུག་བདེན་ ལ་ལོག་པར་ཞུགས་པའི་བློ་ཕྱིན་ཅི་ལོག་གི་གཉེན་པོའོ། །གཉིས་པ་ཀུན་འབྱུང་བདེན་པ་ནི། རང་འབྲས་སྡུག་བདེན་བསྐྱེད་པའི་ལས་ཉོན་གྱི་ཆ་ནས་བཞག་པའི་ཟག་བཅས་ཀྱི་དངོས་པོ། ཀུན་འབྱུང་བདེན་པའི་མཚན་ཉིད། ལས་ཉོན་མ་ཡིན་པའི་དགེ་བ་དང༌། ཉོན་མོངས་པ་དང་ མཚུངས་ལྡན་གྱི་སེམས་སེམས་བྱུང་དང༌། ལས་དང་ཉོན་མོངས་པ་ཡིན་ཡང་སྡུག་བདེན་མི་ བསྐྱེད་པའི་སྟོབས་བཞིས་བཅོམ་འགྱུར་གྱིསྲོག་གཅོད་སོགས་ཀྱི་ལས་དང༌། ཐེག་ཆེན་མཐོང་ ལམ་སྐྱེ་ཁ་མའི་རྒྱུད་ཀྱི་ཉོན་མོངས་རྣམས་སྡུག་བདེན་སྐྱེད་བྱེད་ཀྱི་ལས་ཉོན་གཉིས་ཀྱི་ཆ་ ནས། ཀུན་བདེན་དུ་བཞག་གོ་ཞེས་ཆ་བཞག་གིས་དེ་དག་སྡུད་པ་དང༌། སོ་སྐྱེའི་རྒྱུད་ཀྱི་བདེན་ འཛིན་གྱིས་ལས་བསགས་ནས་འཁོར་བ་སྐྱེད་པས་དེ་སྡུག་བདེན་བསྐྱེད་པའི་ཟག་བཅས་ཀྱི་ 3-1-212 དངོས་པོ་ཡིན་ཡང༌། དེ་ལས་ཉོན་གྱི་ཆ་ནས་ཀུན་བདེན་དུ་བཞག་པ་མིན་ཞེས་ཆ་བཞག་གིས་ དེ་ཀུན་བདེན་ཡིན་པ་གཅོད་པའང་ཡིན་ལ། ལས་ཉོན་གཉིས་ཀྱི་གཞི་མཐུན་མེད་ཀྱང་ལས་ དེ་ཡང་ཀུན་འབྱུང་གི་གཙོ་བོ་ལས་ཉོན་གཉིས་ཀའི་ཆ་ནས་ཀུན་བདེན་དུ་བཞག་པ་དང་ཉོན་ མོངས་པ་ཡང་དེ་ལྟར་ཡིན་ནོ། །བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་མོངས་རྣམས་ཀུན་བདེན་ཡིན་ པར་འདོད་པའང་ཡོད་དོ། །དབྱེ་ན་ལས་དང་ཉོན་མོངས་པའི་ཀུན་འབྱུང་བདེན་པ་གཉིས་ སོ། །ཀུན་འབྱུང་ལས་ཉོན་གཉིས་ཆོས་ཅན། རྒྱུའི་རྣམ་པ་ཡིན་ཏེ། རང་འབྲས་སྡུག་བདེན་ གྱི་རྩ་བ་ཡིན་པའི་ཕྱིར། ཀུན་འབྱུང་ལས་ཉོན་གཉིས་ཆོས་ཅན། ཀུན་འབྱུང་ཡིན་ཏེ། གོང་ ལྟར་སྡུག་བདེན་དུས་དང་རྣམ་པ་ཐམས་ཅད་བསྐྱེད་པའི་ཕྱིར། ཀུན་འབྱུང་ལས་ཉོན་གཉིས་ ཆོས་ཅན། རབ་སྐྱེའི་རྣམ་པ་ཡིན་ཏེ། མནར་མེད་ཀྱི་སྡུག་བསྔལ་ལྟ་བུའི་སྡུག་བསྔལ་ཤུགས་ དྲག་པོ་བསྐྱེད་པའི་ཕྱིར། འདི་ཕྱིའི་ཉེར་ཕུང་སྲིད་པ་ལ་སྲེད་པའི་སྲེད་པ་ཆོས་ཅན། རྐྱེན་ གྱི་རྣམ་པ་ཡིན་ཏེ། འཕེན་བྱེད་ཀྱི་ལས་གསོས་བཏབ་པའི་སྒོ་ནས་སྡུག་བདེན་གྱི་ལྷན་ཅིག་ བྱེད་རྐྱེན་བྱེད་པའི་ཕྱིར། དེ་བཞི་རྟོགས་པའི་ཡེ་ཤེས་བཞི་ནི། ཀུན་འབྱུང་ལོག་པར་ཞུགས་ པ། སྡུག་བསྔལ་དུ་མེད་པ་དང༌། གཙོ་བོ་ལྟ་བུའི་རྒྱུ་གཅིག་པུས་བསྐྱེད་པ་དང༌། དབང་ཕྱུག་ ལྟ་བུས་བྱས་པར་འཛིན་པ་དང༌། གཙོ་བོ་ལྟ་བུ་ལས་གྲུབ་པ་ཡིན་པས་གནས་སྐབས་རྣམ་ འགྱུར་མི་རྟག་ཀྱང་གྲུབ་བྱེད་རྒྱུའི་རང་བཞིན་རྟག་པར་འཛིན་པ་བཞིའོ། །ཀུན་འབྱུང་ཐམས་ ཅད་ལ་རྣམ་པ་སྔ་མ་གཉིས་ཀྱི་སྒྲ་བཤད་ཆོག་ཀྱང༌། རབ་སྐྱེ་རྣམ་པ་མི་དགེ་བའི་ཀུན་འབྱུང་ དང༌། རྐྱེན་གྱིརྣམ་པ་སྲེད་པ་ལས་གཞན་ལ་བཤད་མི་ཆོགགང་ཟག་གཅིག་གི་རྒྱུད་ཀྱི་ཀུན་ འབྱུང་ཐམས་ཅད་ཕན་ཚུན་མཐུན་པའི་གྲོགས་སུ་ལྡན་ཕྱིར། རབ་སྐྱེ་རྣམ་ཅན་གྱི་མི་དགེ་བ་ དང༌། རྐྱེན་གྱི་རྣམ་ཅན་གྱི་སྲིད་པ་གཉིས་ཀྱང་ཀུན་འབྱུང་ཐམས་ཅད་ལ་ལྡན་པས་ཀུན་འབྱུང་ ཡིན་ན་རྣམ་པ་བཞི་དང་ལྡན་པས་ཁྱབ་ལ། འོན་ཀྱང་བཞི་ཀ་ཡིན་པས་མ་ཁྱབ་བོ། །གསུམ་ 3-1-213 པ་འགོག་བདེན་ནི། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་ སྒྲིབ་པ་སྤངས་པའི་སོ་སོར་བརྟགས་འགོག་དེ། འགོག་བདེན་གྱི་མཚན་ཉིད། འདིར་བསྟན་ པའི་འགོག་བདེན་ལ་དབྱེ་ན་ཐེག་དམན་གྱི་འགོག་བདེན་དང༌། ཐེག་ཆེན་གྱི་འགོག་བདེན་ གཉིས་ཡོད། མདོའི་ཤུགས་བསྟན་གཙོ་བོ་དང༌། རྒྱན་གྱི་དངོས་བསྟན་གཙོ་བོའི་འགོག་ བདེན་ལ་ཐེག་ཆེན་འགོག་བདེན་གྱིས་ཁྱབ་བོ། །མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ སུ་མཐོང་སྤངས་ཐམས་ཅད་ནམ་ཡང་སླར་སྐྱེ་མེད་དུ་འགག་པའི་འགོག་པ་ཞིག་ཐོབ་ཀྱང་ སླར་མི་སྐྱེ་བར་བྱེད་པའི་ནུས་པ་ཐོབ་ནས་སྤངས་པས་བྲལ་བ་མིན་པ་ལྟ་བུ་མ་ཡིན་པར་བར་ ཆད་མེད་ལམ་གང་ཡང་རུང་བ་ཞིག་གིས་རང་གི་ངོ་སྐལ་གྱི་སྤང་བྱ་དེསླར་མི་སྐྱེ་བར་བྱེད་ པའི་ནུས་པ་ཐོབ་ནས་སྤངས་པའི་བྲལ་བ་དེ་སོ་སོར་བརྟགས་འགོག་དང་འགོག་པའི་བདེན་ པ་ཡིན་ཏེ། དེ་ནི་དཔེར་ན་གང་ཟག་གི་བདག་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་གང་ཟག་གི་ བདག་ཡོད་མེད་ལ་གཅིག་དུ་བྲལ་ལ་སོགས་པའི་རྟགས་ཀྱིས་གང་ཟག་མི་རྟག་པ་སོགས་ བརྟགས་བྱ་གཞན་དག་ལས་སོ་སོར་ཕྱེས་ནས་ཡང་ཡང་བརྟགས་པས་བདག་མེད་པ་རྟོགས་ ནས་རྟོག་པའི་རྒྱུན་ཡང་ཡང་སེམས་པར་བྱས་པའི་སྟོབས་ཀྱིས་མཐོང་ལམ་བར་ཆད་མེད་ ལམ་ཐོབ་པ་དང་མཉམ་དུ་དེའི་ངོ་སྐལ་གྱི་སྤང་བྱའི་གང་ཟག་གི་བདག་འཛིན་དེ་ལས་བྱུང་ བའི་ཆགས་སྡང་སོགས་མཐོང་སྤང་རྣམས་རྩ་བ་ནས་འགག་ལ། འོན་ཀྱང་བར་ཆད་མེད་ ལམ་དེ་ལ་འགགས་ཟིན་གྱི་མཐོང་སྤང་དེ་སླར་མི་སྐྱེ་བར་བྱེད་པའི་ནུས་པ་མ་ཐོབ་བར་དུ་ བར་ཆད་མེད་ལམ་དེ་ལ་ཡུན་བསྲིངས་ནས་སྒོམ་པས་རང་གི་སྟེང་དུ་ནུས་པ་མི་བསྐྱེད་པ་ ཞིག་སྲིད་ན་འགགས་ཟིན་གྱིམཐོང་སྤང་རྣམས་སླར་སྐྱེ་སྲིད་ཀྱང་དེ་འདྲ་མ་ཡིན་པར་མཐོང་ སྤང་སླར་མི་སྐྱེ་བར་བྱེད་པའི་ནུས་པ་དེ་མཐོང་ལམ་མཉམ་བཞག་དེའི་སྟེང་དུ་མ་ཐོབ་བར་ དུ་བར་ཆད་མེད་ལམ་ལ་ཡུན་བསྲིངས་ནས་གོམས་པར་བྱས་པས་ནུས་པ་ཐོབ་པ་དང༌། བར་ 3-1-214 ཆད་མེད་ལམ་འགག་པ་དང༌། མཐོང་ལམ་རྣམ་གྲོལ་ལམ་ཐོབ་པ་དང་མཐོང་སྤང་སྤངས་ པའི་བྲལ་བ་ཐོབ་པ་རྣམས་དུས་མཉམ་དུ་བྱུང་བའི་མཐོང་སྤང་གི་བྲལ་བ་དེ་སོ་སོར་བརྟགས་ འགོག་ཡིན་ལ། ཐེག་པ་གསུམ་གྱི་སྒོམ་སྤང་སྐོར་དགུ་སྤངས་པའི་འགོག་བདེན་རྣམས་ཀྱང་ དེས་འགྲེས་པ་ལྟར་རོ། །ཉོན་སྒྲིབ་སྤངས་པའི་བྲལ་བ་ཆོས་ཅན། སྡུག་བསྔལ་འགོག་པའི་ རྣམ་པ་ཡིན་ཏེ། སྡུག་བསྔལ་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཞི་བའི་ རྣམ་པ་ཡིན་ཏེ། ཉོན་མོངས་སྤངས་པའི་བྲལ་བ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། གྱ་ནོམ་གྱི་ རྣམ་པ་ཡིན་ཏེ། ཕན་པ་དང་བདེ་བའི་བདག་ཉིད་ཅན་གྱི་ཐར་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ ཅན། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། སླར་ལྡོག་པ་མེད་པར་ངེས་པར་འཁོར་བ་ལས་ གཞན་དུ་འབྱུང་ཟིན་པའི་ཐར་པ་ཡིན་པའི་ཕྱིར། རྣམ་པ་དེ་དག་རྟོགས་པའི་ཡེ་ཤེས་བཞི་ནི་ རིམ་བཞིན་འགོག་བདེན་ལ་ལོག་ཞུགས་ཐར་པ་ཡེ་མེད་དུ་འཛིན་པ་དང༌། གྲངས་ཅན་པས་ གཟུགས་སྣང་ལོག་པའི་བསམ་གཏན་བཞི་པའི་དངོས་གཞི་ཟག་བཅས་ལ་ཐར་པར་འཛིན་ པ་ལྟ་བུ་ཟག་བཅས་ཀྱི་ཁྱད་པར་འགའ་ཞིག་ལ་ཐར་པར་འཛིན་པ་དང༌། སྡུག་བསྔལ་སྤངས་ པ་ལས་ལྷག་པའི་ཐར་པ་ཡོད་པར་འཛིན་པ་དང༌། ཐར་པ་དེ་ཐོབ་ཀྱང་སླར་ལྡོག་པར་འཛིན་ པ་བཞིའོ། ། བཞི་པ་ལམ་བདེན་ནི། འགོག་བདེན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ལམ་གྱི་ཆ་ནས་ བཞག་པའི་འཕགས་ལམ་ཏེ། ལམ་བདེན་གྱི་མཚན་ཉིད། མི་སློབ་པའི་ལམ་བདེན་དེ་འགོག་ བདེན་ཐོབ་ཟིན་ཡིན་པས་ཐོབ་བྱེད་མ་ཡིན་ཡང་མདོ་དང་རྒྱན་གྱི་དངོས་བསྟན་སློབ་པའི་ ལམ་བདེན་དེའི་ཆ་ནས་ལམ་བདེན་ཡིན་པར་བཞག་པ་ཡིན་ནོ། །དབྱེ་ན་སློབ་པའི་དེ་དང༌། མི་སློབ་པའི་དེ་གཉིས་ཡོད། ཕྱི་མ་དང༌། རྣམ་མཁྱེན་དོན་གཅིག་ཡིན་ཏེ། ཉན་རང་དགྲ་ བཅོམ་པའི་ལམ་ཡང་རང་ལམ་གྱི་མི་སློབ་ལམ་ཡིན་ཡང་རྣམ་མཁྱེན་མ་ཐོབ་པར་དུ་གོང་ 3-1-215 ནས་གོང་དུ་བསླབ་ཅིང་བགྲོད་དགོས་པའི་སློབ་ལམ་ཡིན་པའི་ཕྱིར་རོ། །བདག་མེད་མངོན་ སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། ལམ་གྱི་རྣམ་པ་ཡིན་ཏེ། ཐར་བར་བགྲོད་པའི་མ་ནོར་ པའི་ལམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རིག་པའི་རྣམ་པ་ཡིན་ཏེ། ཉོན་མོངས་པའི་དངོས་ གཉེན་དངོས་སུ་བྱེད་འོས་པའི་ལམ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སྒྲུབ་པའི་རྣམ་པ་ཡིན་ ཏེ། ཡུལ་བདག་མེད་དེ་ཡུལ་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་ལ། དེ་མངོན་སུམ་དུ་ རྟོགས་པའི་སྒོ་ནས་སྒྲུབ་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ངེས་པར་འབྱིན་པ་ཡིན་ཏེ། མྱང་འདས་རྟག་པའི་གནས་སུ་སླར་མི་ལྡོག་པར་ངེས་པར་འབྱིན་བྱེད་ཀྱི་ལམ་ཡིན་པའི་ཕྱིར། ཡེ་ཤེས་དེ་བཞི་རྟོགས་ནས་རང་གི་ངོ་བོར་སྐྱེས་པའི་ཡེ་ཤེས་བཞི་ནི་རིམ་བཞིན་ལམ་བདེན་ གྱི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ལམ་གནད་མེད་དུ་འཛིན་པ་དང༌། ཐར་ལམ་ ཡང་དག་ཐར་ལམ་ཡང་དག་མིན་པར་འཛིན་པ་དང༌། བདག་མེད་རྟོགས་པའི་ཡེ་ཤེས་ལོག་ རྟོག་ཏུ་འཛིན་པ་དང༌། སྡུག་བསྔལ་དྲུངས་ནས་འབྱིན་མི་ནུས་པར་འཛིན་པ་བཞིའི་གཉེན་ པོ་སྟེ། ལོག་རྟོག་བཅུ་དྲུག་པོ་ཡེ་ཤེས་བཅུ་དྲུག་གིས་སྤང་བྱར་སོ་སོར་བཞག་པ་ནི་གདུལ་བྱ་ དེ་ལྟར་བཞག་པ་ལ་མོས་པའི་ངོར་དེ་ལྟར་བཞག་པ་ཡིན་གྱི་སྤང་གཉེན་གཉིས་འཛིན་སྟངས་ ཀྱི་ཡུལ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་སྤང་གཉེན་ཡིན་མིན་ཅི་རིགས་ ཡོད་དེ། དཔྱད་པས་ཤེས་པ་ལྟར་རོ། །རྣམ་པ་བཅུ་དྲུག་བསྟན་པ་འདིས་ཐེག་པ་ཐུན་མོང་ པའི་སེམས་བསྐྱེད་ཀྱང་བསྟན་ཏེ། སྡུག་བདེན་གྱི་རྣམ་པ་དག་གིས་སྡུག་བདེན་ལ་ཞེན་པ་ ལོག་ཅིང༌། དེའི་རྐྱེན་གྱིས་རྒྱུ་ཀུན་འབྱུང་ལ་རྣམ་པ་བཞིའི་སྒོ་ནས་ཞེན་པ་ལོག་སྟེ། རྒྱུ་ཀུན་ འབྱུང་སྤངས་པའི་སྒོ་ནས་སྡུག་བདེན་སྤངས་ཏེ། རྣམ་པ་བཞིའི་འགོག་བདེན་ཐོབ་པའི་ཆེད་ དུ་རྣམ་པ་བཞིའི་ལམ་བསྒྲུབ་འདོད་ཀྱི་བསམ་པ་བསྐྱེད་པ་བསྟན་པ་གང་ཞིགཐེག་པ་གསུམ་ གའི་རྒྱུད་ལ་དེ་འདྲའི་སེམས་བསྐྱེད་ཡོད་པའི་ཕྱིར། དེ་ལྟ་བུའི་སྡུག་བདེན་སོགས་བཞི་པོ་ 3-1-216 ལུགས་འདིར་འགོག་བདེན་དང་བཅས་པ་རྫུན་པ་ཡིན་གྱི་བདེན་པ་མ་ཡིན་ཡང་བདེན་པ་ ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བཞིན་གཤེགས་པས་སྡུག་བདེན་སོགས་ཀྱི་གནས་ ལུགས་དེ་མི་རྟག་པ་དང་སྡུག་བསྔལ་སོགས་སུ་བསྟན་པ་ལྟར་གནས་ཚུལ་ལ་ཡང་བདེན་ པས་ན་ཡུལ་གྱི་ངོས་ནས་ཀྱང་བདེན་པ་དང༌། གནས་ལུགས་དེ་དག་རྟོགས་ན་སྒྲིབ་པ་དག་ པའི་རྒྱུར་འགྱུར་པ་མི་བསླུ་བས་ན་གནས་ལུགས་དེ་དག་རྟོགས་པའི་ཡུལ་ཅན་གྱི་ངོས་ནས་ ཀྱང་བདེན་པས་བདེན་པ་ཞེས་བརྗོད་པའི་ཕྱིར། བསྡུ་བ་ལས་སོ། །ཡང་དེ་དག་ལ་འཕགས་ པའི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བཞིའི་གནས་ལུགས་བྱིས་པས་རྟག་པ་ སོགས་སུ་བཟུང་བ་ལྟར་མི་བདེན་པར་འཕགས་པས་མི་རྟག་སོགས་སུ་མངོན་སུམ་དུ་རྟོགས་ པ་ལྟར་བདེན་པས་ན་དེ་ལྟར་བརྗོད་པའི་ཕྱིར། ཉན་ས་ལས་སོ། ། དེ་འདྲའི་བདེན་པ་བཞི་ནི། སྒྲུབ་པའི་དམིགས་པ་སྟེ། དེ་ལ་ཇི་ལྟར་དམིགས་ནས་སྒྲུབ་ པ་ཉམས་སུ་ལེན་ཚུལ་ནི། ཐོག་མར་ཕྱི་ནང་གི་སྡུག་བདེན་གཉིས་ཀ་དང༌། ཁྱད་པར་ནང་གི་ སྡུག་བདེན་ལ་དམིགས་ནས་སྡུག་བསྔལ་གསུམ་གྱི་རང་བཞིན་དུ་ཤེས་པར་བྱེད་པ་སྟེ། དེ་ གསུམ་ལས་སྡུག་བསྔལ་གྱི་སྡུག་བསྔལ་གྱི་གཙོ་བོ་ནི། གནོད་པ་ཆེ་འབྲིང་ཅི་རིགས་པའི་རོ་ མྱངས་པས་སྡུག་ལྷང་ངེ་བའི་ཚོར་བ་སྡུག་བསྔལ་ནི་སྡུག་བསྔལ་གྱི་སྡུག་བསྔལ་གྱི་གཙོ་བོ་ དང༌། དེ་དང་མཚུངས་ལྡན་གྱི་སེམས་ཀྱིས་མི་སྡུག་པའི་ཡུལ་གྱི་ངོ་བོ་མཐོང་བ་དང༌། རེག་ པས་གནོད་པའི་ཡུལ་དང་སེམས་གཉིས་འཕྲད་པ་དང༌། འདུ་ཤེས་ཀྱིས་ནད་དང་དམྱལ་ མེ་སོགས་གནོད་པའི་ཁྱད་པར་རྣམས་ཤེས་ཤིང་སེམས་ལ་གསལ་བར་བྱེད། སེམས་པས་ སྡུག་ཚོར་གྱིས་མྱོང་བའི་གནོད་པ་དེ་སེམས་ལ་མ་བོར་བར་བཞག་ནས་ཡང་ཡང་སེམས་པ་ དང་སྐྲག་པར་བྱེད། ཡིད་བྱེད་ཀྱིས་ཡུལ་དེ་ལ་སེམས་གཏོད་པར་བྱེད་པ་དང༌། དེ་དག་ལས་ གཞན་པའི་སེམས་བྱུང་ཅི་ཡོད་ཀྱང་ཁོང་ཁྲོ་ཡོད་ན་མནར་སེམས་ཀྱིས་སེམས་གདུང་བར་ 3-1-217 བྱེད་པ་ལྟ་བུ་མཚུངས་ལྡན་རྣམས་ཀྱིས་སྡུག་ཚོར་མ་སྐྱེས་པ་སྐྱེ་བ་སོགས་གྲོགས་དང༌། མིག་ དབང་སོགས་རྟེན་དབང་པོ་དྲུག་གིས་སྡུག་ཚོར་བསྐྱེད་པའི་བདག་རྐྱེན་དང༌། དམྱལ་མེའི་ ཚ་གྲང་སོགས་དམིགས་ཡུལ་རྣམས་ཀྱིས་སྡུག་ཚོར་མཚུངས་ལྡན་དང་བཅས་པ་རང་གི་རྣམ་ ལྡན་དུ་བསྐྱེད་པའི་དམིགས་རྐྱེན་བྱས་ནས་ངན་སོང་གསུམ་དང་ལྷ་མིའི་སྡུག་བསྔལ་གྱི་ཚོར་ བ་མ་ལུས་པ་བསྐྱེད་པ་ཡིན་པས་སྡུག་བསྔལ་གསུམ་གྱི་ནང་གི་ཟག་བཅས་ཀྱི་ཚོར་བ་སྡུག་ བསྔལ་མཚུངས་ལྡན་རྟེན་དམིགས་ཡུལ་དང་བཅས་པ་སྡུག་བསྔལ་གྱི་སྡུག་བསྔལ་དུ་ཤེས་ པར་བྱེད། ཟག་བཅས་ཀྱི་ཚོར་བ་བདེ་བ་ནི་འགྱུར་སྡུག་གི་གཙོ་བོ་དང༌། དེ་དང་མཚུངས་ ལྡན་རྟེན་དམིགས་རྣམས་ཀྱིས་སོ་སྐྱེས་བསླུ་བྱེད་ཀྱི་ཚོར་བདེ་སྔར་བཞིན་བསྐྱེད་ཅིང་རྒྱུན་ གནས་པར་བྱེད་པ་དང༌། དེ་དག་གིས་སོ་སྐྱེས་རྣམས་ལ་རྟག་པ་དང་གཏན་བདེ་ཡིན་པའི་ རྣམ་འགྱུར་ལྟ་བུ་བསྟན་ནས་རྟག་བརྟན་དུ་བཟུང་བཅུག་སྟེ་ཡང་ཡང་བསླུས་ནས་མཐར་ འགག་ནས་བདེ་བ་དེ་དག་དང་བྲལ་བ་ལ་མི་བཟོད་པའི་སྡུག་བསྔལ་དྲག་པོ་ལ་སྦྱོར་བ་ལ་ སོགས་པའི་རྒྱུ་མཚན་གྱིས་འགྱུར་བའི་སྡུག་བསྔལ་དུ་ཤེས་པར་བྱེད། ཚོར་སྡུག་དེ་སྡུག་ བསྔལ་ཡིན་པ་དང་དེ་དང་མཚུངས་ལྡན་དང་ཡུལ་རྣམས་སྡུག་ཚོར་བསྐྱེད་པའི་མཐུན་རྐྱེན་ ཡིན་པའི་ཕྱོགས་ཆ་དང༌། འགྱུར་སྡུག་རྣམས་ཀྱང་དེ་འདྲའི་རང་ལྡོག་དེ་འདུ་བྱེད་ཀྱི་སྡུག་ བསྔལ་མ་ཡིན་ཡང་དེ་དག་ཀྱང་ལས་ཉོན་གྱིས་བསྐྱེད་པའི་ཟག་བཅས་ཀྱི་ཕུང་པོ་ཡིན་པའི་ ཆ་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་པས་ཕྱི་ནང་གི་སྡུག་བདེན་ཟག་བཅས་ཀྱི་ཕུང་པོ་ཐམས་ཅད་ ནི་ལས་ཉོན་གྱིས་ན་བ་དང་འཆི་བ་སོགས་འབྱུང་བ་ཅན་དུ་བསྐྱེད་པས་ན་བ་འཆི་བ་སོགས་ བྱེད་དུ་མེད་པ་ཅན་བྱེད་མི་ནུས་པ་དང༌། སེམས་ཉོན་མོངས་པའི་དབང་དུ་མི་འགྲོ་བ་སོགས་ བྱེད་མི་ནུས་པ་སོགས་རྒྱུ་མཚན་དུ་མས་ལས་ཉོན་གྱི་གཞན་དབང་ཅན་ཡིན་པ་དང༌། སྤྱིར་ས་ ལམ་ལྟ་བུའི་མི་རྟག་པས་མི་འདོད་པའི་གནས་རྗེས་མ་ལ་མི་སྦྱོར་ཀྱང་ལས་ཉོན་གྱིས་བསྐྱེད་ 3-1-218 པའི་དངོས་པོའི་སྟེང་གི་མི་རྟག་པས་ཚེ་སྟོད་ཀྱི་ཕུང་པོ་མི་རྟག་པས་ཚེ་སྨད་ཀྱི་རྒ་འཆི་ལ་དང༌། ཚེ་འདིའི་ཕུང་པོ་མི་རྟག་པས་ཕྱི་མའི་ངན་སོང་གི་སྡུག་བསྔལ་གྱི་ཕུང་པོ་ལ་དང༌། ངན་སོང་ གི་ཕུང་པོ་མི་རྟག་པས་ལྷ་མི་ལ་སྦྱོར་བ་དང༌། ལྷ་མའི་ཕུང་པོ་ལ་སྦྱོར་བའང་ལས་དང་སྒྲིབ་ གཉིས་མཐའ་དག་གི་བག་ཆགས་འཛིན་པ་དང༌། འཁོར་བའི་རྒྱུན་འཛིན་པའི་གནོད་པའི་ ཉེར་ཕུང་ལ་སྦྱོར་བ་དང༌། ཕྱིའི་སྡུག་བདེན་མི་རྟག་པས་དུས་བཞི་ལོངས་སྤྱོད་སོགས་འབྱོར་ རྒུད་འབྱུང་བ་ལ་སོགས་པའི་རྒྱུ་མཚན་གྱིས་གཏན་དུ་གནོད་པ་ལ་དམྱལ་མེ་ལས་གནོད་ པའི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་སྤོང་འདོད་སྐྱེ་བར་བྱེད། དེ་སྐྱེས་ནས་སྡུག་བདེན་རྒྱུ་སྤངས་པའི་སྒོ་ནས་སྤང་དགོས་པས་དེའི་རྒྱུ་གང་ཡིན་ཞེས་མདོ་ ལས་བསྟན་པའི་སྡུག་བསྔལ་གྱི་རྒྱུ་ལ་རྒྱུ་དང༌། ཀུན་འབྱུང་གི་རྣམ་པ་སོགས་རྣམ་པ་བཞིར་ དཔྱད་པས་ཀུན་འབྱུང་ལས་ཉོན་གཉིས་ཡིན་པར་ངེས་པར་བྱེད། དེ་ནས་དེ་གཉིས་སྤང་དུ་ ཡོད་དམ། དེ་གཉིས་ལ་རྒྱུ་ཞིག་ནི་ཡོད་ལ་རྒྱུ་དེ་རྩ་བ་བརྟན་པ་ཡིན་ན་ནི་སྤང་མི་ནུས་ཀྱང་ མི་བརྟན་ན་སྤང་ནུས་པས་རྒྱུ་དེ་གང་ཡིན་སྙམ་དུ་དཔྱད་པས་དཔེར་ན་གང་ཟག་གི་བདག་ ཡོད་པར་བཟུང་བའི་དབང་གིས་བདག་དང་བདག་ལ་ཕན་པའི་དངོས་པོ་ལ་ཆགས་པ་དང༌། གནོད་པ་ལ་ཞེ་སྡང་སོགས་ཉོན་མོངས་པ་ཐམས་ཅད་གང་ཟག་གི་བདག་འཛིན་ལས་བྱུང་ བར་ངེས་པས་ན། གང་ཟག་གི་བདག་འཛིན་གྱི་འཛིན་སྟངས་ཀྱི་ཡུལ་ལ་དཔྱད་པས་ལུགས་ འདིར་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དེ་གང་ཟག་གི་བདག་འཛིན་གྱི་གཟུང་བྱ་ཡིན་ པར་རྙེད། དེ་ཡོད་མེད་རིག་པས་དཔྱད་ནས་མེད་པར་ངེས་པ་རྙེད་པ་ན། དེ་སྤང་དུ་ཡོད་པས་ ལས་ཉོན་སྡུག་བདེན་ཐམས་ཅད་སྤང་ནུས་པར་ངེས། དེ་ངེས་པས་སྡུག་ཀུན་སྤངས་པའི་ཐར་ པའམ་འགོག་བདེན་ཐོབ་ངེས་སུ་རྟོགས་ཏེ། འགོག་བདེན་དེ་ཐོབ་ན་ཡོན་ཏན་ཇི་ལྟར་ཡོད་ དང༌། ཐོབ་པ་ལས་སླར་ལོག་པ་ཡོད་དམ་མེད་སྙམ་དུ་འགོག་པ་ཞི་བ་ལ་སོགས་པ་རྣམ་པ་ 3-1-219 བཞིས་དཔྱད་པས་སྡུག་བསྔལ་མཐའ་དག་བྲལ་བའི་བདེ་བ་ཕུན་སུམ་ཚོགས་པའི་བདག་ ཉིད་ཡིན་ཞིང་སླར་ལྡོག་པ་མེད་པའི་གཏན་བདེ་ཡིན་པར་ངེས་ནས་ཐར་པའི་ཡོན་ཏན་གྱིས་ ཡིད་ཕྲོགས་ཏེ་ཐོབ་འདོད་དྲག་པོ་སྐྱེ་བར་བྱེད། དེ་སྐྱེས་པ་ན་ཐོབ་བྱེད་ཀྱི་ཐབས་གང་ཞེས་ དཔྱད་པས་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་སྡུག་བསྔལ་གྱི་རྒྱུའི་རྩ་བ་བདག་ འཛིན་དང་འཛིན་སྟངས་དངོས་འགལ་དུ་ཞུགས་པས་ན་སྡུག་ཀུན་སྤོང་བའི་ལམ་མ་ནོར་ པ་ཡིན་པ་དང༌། སྒྲིབ་པ་ཅི་རིགས་དངོས་སུ་སྤོང་ནུས་སུ་རིགས་པ་དང༌། བདག་མེད་པ་ལ་ མེད་པར་གཟུང་ནས་སྒྲུབ་པའི་སྒྲུབ་པ་ཡིན་པ་དང༌། བློ་དོན་མཐུན་ཡིན་པས་བདག་མེད་ལ་ གོམས་པ་སེམས་ཀྱི་རང་བཞིན་དུ་གྱུར་པའི་རྒྱུ་མཚན་གྱི་གོམས་པ་ལས་བདག་འཛིན་དང་ དེའི་འབྲས་བུ་ལས་ཉོན་དང་སྡུག་བདེན་ལས་གཏན་ཐར་དུ་བྱེད་པའི་ལམ་ཡིན་པར་ངེས་ ནས་བདག་མེད་མངོན་སུམ་རྟོགས་པའི་ཡེ་ཤེས་དང༌། དེ་སྒྲུབ་པ་ལ་སྤྲོ་ཞིང་སྒྲུབ་འདོད་སྐྱེས་ ནས་སྒྲུབ་པར་བྱེད་པའི་ཡན་ལག་སྡུག་བདེན་མི་རྟག་པ་སོགས་མངོན་སུམ་དུ་རྟོགས་པའི་ ལམ་བདེན་སྒྲུབ་པ་ལ་འཇུག་པ་ཡིན་པར་བསྟན་ཏེ་བདེན་བཞིའི་གོ་རིམ་ཡང་སྡུག་བདེན་ གྱི་རང་བཞིན་ཤེས་པའི་མངོན་རྟོགས་ཐོག་མ་དང༌། དེ་ནས་དེའི་རྒྱུ་ཀུན་འབྱུང་ཤེས་པ་སྐྱེ་བ་ སོགས་སྒྲུབ་པ་མངོན་རྟོགས་སྐྱེ་བའི་གོ་རིམ་ཡིན་ནོ། །བདེན་པ་བཞི་པོ་གང་ཡང་མ་ཡིན་པ་ ནི། གང་ཟག་དང༌། ཆོས་དང༌། གང་ཟག་གི་བདག་མེད་པ་དང༌། ནམ་མཁའ་དང༌། ཚོགས་ ལམ་ལ་སོགས་པའོ། །དེ་ལ་སྡུག་བདེན་གྱི་སྡུག་བསྔལ་བའི་རྣམ་པས་སྡུག་བསྔལ་གསུམ་གྱི་ རང་བཞིན་དུ་དང༌། ཁྱད་པར་མི་རྟག་པའི་རྣམ་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ཁྱད་ ཆོས་བཞིའི་ནང་ཚན་མི་རྟག་པའི་སྒོ་ནས་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་སྟེ་སྡུག་བསྔལ་ གསུམ་གྱི་ཆ་ནས་འཁོར་བ་ལ་མི་ཆགས་ཀྱང་གང་ཟག་གི་བདག་མེད་མ་རྟོགས་ན་ཉེར་ཕུང་ སོགས་བདག་དེ་ལ་མཁོ་བར་མཐོང་བའི་སྒོ་ནས་ཞེན་པ་མི་ལྡོག་པས་ཉེར་ཕུང་འཁོར་བ་ 3-1-220 རང་ཉིད་ཡིན་པར་གྱུར་པའི་བདག་མེད་པ་དང༌། ཉེར་ཕུང་དེ་རང་བདག་ཏུ་འཛིན་མཁན་གྱི་ རང་ལས་དོན་གཞན་པའི་བདག་གིས་སྟོང་པ་དང་སྟོང་བདག་མེད་གཉིས་རྟོགས་ཏེ་དེ་བདག་ ལ་མཁོ་བར་མཐོང་ནས་ཀྱང་འཁོར་བ་ལ་མི་ཆགས་པར་བྱེད་པའི་ཐབས་སུ་སྟོང་བདག་མེད་ གཉིས་སྡུག་བདེན་གྱི་རྣམ་གཞགརྣམ་པ་དེ་བཞིས་འཁོར་བ་ལ་འབྲས་བུའི་ཆ་ནས་ཞེན་པ་ ལོག་ཀྱང་ངེས་འབྱུང་ལ་འཁོར་བའི་སྐྱོན་གྱི་ཆ་མཐའ་དག་ནས་ཞེན་པ་ལོག་པ་གཅིག་དགོས་ པ་དང༌། ཁྱད་པར་ཀུན་འབྱུང་ལ་ཞེན་པ་ལོག་ནས་སྤང་འདོད་དྲག་པོ་བསྐྱེད་དགོས་པས་ འཁོར་བའི་ཉེར་ཕུང་གི་ནང་གི་ཚེ་ཕྱི་མའི་འཁོར་བའི་རྒྱུ་ལས་ཉོན་གཉིས་ལ། དཔེར་ན་སྲོག་ གཅོད་ཀྱི་ལས་དང་དེའི་ཀུན་སློང་ཉོན་མོངས་པ་ཙམ་གྱིས་ཀྱང་ཡང་སོས་ཀྱི་ཕུང་པོ་ལྔ་དང༌། ལྕགས་སྲེག་གི་ས་གཞི་སོགས་གནོད་པའི་ཡུལ་བརྒྱ་ཕྲག་དང༌། ཚེ་ཚད་ཤིན་ཏུ་རིང་བ་དང༌། གཞན་ཡང་བདག་འབྲས་སོགས་སྡུག་བསྔལ་མཐའ་ཡས་པ་བསྐྱེད་པ་བཞིན་སྡུག་བསྔལ་གྱི་ རྣམ་པ་བརྒྱ་ཕྲག་ཀུན་བསྐྱེད་པ་ལ་སོགས་པ་རྣམ་པ་བཞིའི་སྒོ་ནས་ཀྱང་འཁོར་བའི་ནང་ཚན་ ཀུན་འབྱུང་ལ་ཞེན་པ་ལྡོག་པར་བྱེད་དགོས་པས་ཀུན་འབྱུང་གི་རྣམ་པ་བསྟན་ཏེ། དེས་ན་ སྡུག་ཀུན་གྱི་རྣམ་པ་བརྒྱད་ནི་འཁོར་བ་ལ་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པ་སྐྱེ་བའི་ ཐབས་དང་སྲིད་རྩ་གཅོད་པའི་ལམ་ཡིན། ངེས་འབྱུང་ལ་རྐྱེན་གང་ཟག་གི་བདག་མེད་སྒོམ་ པའང་མི་བྱེད་ལ། བསྒོམས་ཀྱང་ཐར་བའི་ལམ་དུ་མི་འགྱུར་བས་སྡུག་ཀུན་གྱི་རྣམ་པ་དྲུག་ ནི་བདག་མེད་སྒོམ་པར་བྱེད་པ་དང་ཐར་ལམ་དུ་བསྒྱུར་བྱེད་ཀྱི་ཡན་ལག་དང༌། འགོག་པའི་ རྣམ་པ་བཞིས་ཐར་པ་ཐོབ་འདོད་དང༌། ལམ་གྱི་རྣམ་པ་བཞིས་ལམ་བདེན་དེ་ཐར་པ་ཐོབ་ པར་བྱེད་ནུས་སུ་རྟོགས་ནས་སྒྲུབ་འདོད་མ་སྐྱེ་ན་དེ་ཐོབ་བྱེད་ལམ་བདེན་བདག་མེད་རྟོགས་ པའི་ཡེ་ཤེས་མི་སྒོམ་པས་འགོག་ལམ་གྱི་རྣམ་པ་བརྒྱད་ཀྱང་བདག་མེད་སྒོམ་པར་བྱེད་པའི་ ཐབས་ཀྱི་ཡན་ལག་ཡིན་པས་སྟོང་ཉིད་ལྟ་བས་གྲོལ་སོགས་གསུངས་སོ། ། 3-1-221 སྨྲས་པ། རླབས་ཆེན་བྱང་ཆུབ་སེམས་གཉིས་ཟུང་འཇུག་པའི། ། དུས་གསུམ་རྒྱལ་སྲས་ཡོངས་ཀྱི་གཞུང་ལམ་ཆེར། ། ཕྱིན་དྲུག་བསྡུ་བཞིའི་གོམ་སྟབས་ལྷོད་ལྷོད་པོར། ། སྤྱོད་པའི་གཉིས་འཐུང་ཐེག་པའི་སྟོབས་རྫོགས་ཤོག ། ཅེས་བདེན་བཞིའི་རྣམ་པ་ཅུང་ཟད་བཤད་པ་ཀུན་གསལ་མེ་ལོང་ཞེས་བྱ་བ་འདི་ཡང་བློ་ དམན་འགའ་ལ་ཕན་པའི་ཕྱིར་དུ། གོང་མའི་གསུང་ལས་ངག་དབང་ཡོན་ཏན་བཟང་པོས་ བཏུས་ཏེ་བྲིས་པའོ། ། 3-1-222 ༄༅། །མཁའ་ཁྱབ་ཀྱི་རེ་འདོད་སྐོང་བར་བྱེད་པའི་ འདོད་འཇོའི་བུམ་བཟང་ཞེས་བྱ་བ་ བཞུགས་སོ། ། ངེས་དོན་རྫོགས་ལྡན་དབུ་མ་གཞན་སྟོང་པའི་ཆོས་ཀྱི་བརྒྱུད་རིམ་ཡང༌། བདག་ཅག་གི་ སྟོན་པ་ཤཱཀྱ་ཐུབ་པས་བཀའ་འཁོར་ལོ་གསུམ་ལེགས་པར་བསྐོར་བ་ལས། དེ་ལས་བཀའ་ཐ་ མ་དོན་དམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང༌། བླ་ན་མ་མཆིས་ པ། སྐབས་མ་མཆིས་པ། ངེས་པའི་དོན། རྩོད་པའི་གཞིའི་གནས་སུ་མ་གྱུར་པ་སྟེ། བཀའ་ཐ་ མ་ངེས་དོན་གྱི་མདོ་རྣམས་ལས། གཞི་ལམ་འབྲས་གསུམ་དང༌། མཚན་ཉིད་གསུམ་སོགས་ བསྟན་པ་ལས། དེ་ལས་དང་པོ། གཞི་ཟབ་མོའི་གནས་ལུགས་འཆད་པ་སྟེ། གཞི་བདེ་གཤེགས་སྙིང་པོ་ སེམས་ཅན་ཐམས་ཅད་ཀྱི་རྒྱུད་དུ་བཞུགས་ཚུལ་དང༌། དེ་མཚན་ཉིད་དགུ་ལྡན་དུ་བསྒྲུབས་ པ། ཡོངས་གྲུབ་དགུའི་ངོ་བོར་བཞུགས་ཚུལ་སོགས་སྟོན། གཉིས་པ། ལམ་ཟབ་མོའི་གནས་ ལུགས་འཆད་པ་སྟེ། ལམ་གྱི་སྤང་བྱ་དང་དེའི་གཉེན་པོ་རེ་རེ་བཞིན་སྟོན། གསུམ་པ། འབྲས་ བུ་ཟབ་མོའི་གནས་ལུགས་འཆད་པ་སྟེ། སྐུ་བཞིའི་ངོ་བོ་དང༌། ཡོན་ཏན། འཕྲིན་ལས་བཅས་ ཀྱི་རྣམ་གཞག་གསལ་པོར་ཕྱེས་ནས་བསྟན་ཡོད་པ་སྟེ། དེ་ལས་ངེས་པ་དོན་གྱི་མདོ་རྣམས་ ཀྱི་དགོངས་འགྲེལ་དུ། རྒྱལ་ཚབ་བྱམས་པའི་བྱམས་ཆོས་ལྔ། འཕགས་པ་ཐོགས་མེད་ཀྱིས་ 3-1-223 མཛད་པའི་ས་སྡེ་སོགས་དང༌། གཅུང་དབྱིག་གཉེན་གྱིས་མཛད་པའི་ཡུམ་གསུམ་གནོད་ འཇོམས་སོགས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་སྐོར་དང༌། སློབ་ དཔོན་ཨཱརྱ་དེ་ཝ། སློབ་དཔོན་ཙནྡྲ་གོ་མི་སོགས་ཀྱིས་ངེས་དོན་གྱི་མདོ་རྣམས་ཀྱི་དགོངས་ འགྲེལ་དུ་དབུ་མ་གཞན་སྟོང་གི་བསྟན་བཅོས་དུ་མ་མཛད་དེ་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་ངོ༌། ། མདོ་ཕྱོགས་ནས་དབུ་མ་གཞན་སྟོང་གི་བརྒྱུད་པ་ལ་ཉེ་བརྒྱུད་རིང་བརྒྱུད་གཉིས་ལས། རྒྱལ་ཚབ་བྱམས་པ་དང༌། གསང་བདག་ཕྱག་ན་རྡོརྗེ་ནས་བརྒྱུད་ཚུལ་གཉིས་ཉེ་བརྒྱུད་དང༌། རིང་བརྒྱུད་ལ་འདྲ་མིན་དུ་མ་ཡོད་ཀྱང་མ་སྤྲོས་སོ། །ཉེ་བརྒྱུད་གཉིས་གངྒ་མཻ་ཏྲཱི་མན་འདྲའོ། །དབྱིག་གཉེན་དངོས་སློབ་གངྒ་མཻ་ཏྲཱི། དེ་བཞིན་དུ་ཁ་ཆེ་པ་འབྱུང་གནས་ཞི་བའི་ཞབས། བྲམ་ ཟེ་སཛྫ་ན། གཟི་དགའ་བའི་རྡོ་རྗེ། དྲི་མེད་ཤེས་རབ། དར་མ་བརྩོན་འགྲུས། དོལ་པ་གཉན་ ཡེ་ཤེས་འབྱུང་གནས། བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་འཇམ་པའི་དབྱངས། ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ བར་རོ། ། གསང་སྔགས་ཟབ་མོའི་བརྒྱུད་རིམ། དཔལ་དུས་ཀྱི་འཁོར་ལོའི་མདུན་ཞལ་ཐུགས་རྡོ་ རྗེ་ལས་བླ་མེད་ཀྱི་རྒྱུད་རྣམས་གསུངས། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་རྣམས་ བསྟན། ཁྱད་པར་གཉིས་མེད་དུས་ཀྱི་འཁོར་ལོའི་རྒྱུད་ནི། རྒྱུད་ཐམས་ཅད་ཀྱི་རྩེ་མོར་གྱུར་ པ་ཡིན། བླ་མེད་རྒྱུད་དེ་དག་གི་དགོངས་འགྲེལ་དུ་མ་ཡོད་པ་ལས། ཁྱད་པར་དུ་འཕགས་ པའི་དགོངས་འགྲེལ་གསུམ་ནི། ཕྱག་རྡོར་སྟོད་འགྲེལ། རྡོ་རྗེའི་སྙིང་འགྲེལ། རིགས་ལྡན་ པད་དཀར་གྱི་འགྲེལ་ཆེན་དྲི་མེད་འོད། རིགས་ལྡན་འཇམ་དཔལ་གྲགས་པས་དུས་འཁོར་ རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་བཏུས་པའི་བསྡུས་རྒྱུད་མཛད། ཁྱད་པར་བླ་མེད་རྒྱུད་ ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་ཉེ་ལམ་ཁྱད་པར་ཅན་ 3-1-224 འདི་རང་རེའི་དཔལ་རྒྱལ་བ་ཇོ་ནང་པའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་ཡིན་པས་དེའི་ཚུལ་ ལ་ཡིད་ཆེས་གསུམ་དང་ལྡན་དགོས་ཏེ། དང་པོ་ཆོས་ལ་ཡིད་ཆེས་པ་ནི་སྨོས་མ་ཐག་དང༌། གཉིས་པ་བརྒྱུད་པའི་བླ་མ་ལ་ཡིད་ཆེས་པ་ནི། དཔལ་དུས་ཀྱི་འཁོར་ལོ་ནས་རང་གི་རྩ་བའི་ བླ་མའི་བར་དབང་ལུང་མན་ངག་གསུམ་གྱི་རྒྱུན་མ་ཆད་པ་མ་ཟད་གསང་སྔགས་ཟབ་མོའི་ དམ་ཚིག་དང་ལྡན་པ། དེ་ལས་དབང་ནི། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ བས། སྔགས་བཟླ་བ་དང༌། རྒྱུད་ཉན་པ་དང༌། བཤད་པ་དང༌། སྒྲུབ་པ་ལ་དབང་ཞིང༌། ཉེས་ པའི་དྲི་མ་འཁྲུད་ཅིང་ལམ་བསྒོམ་པའི་སྐལ་བ་རྒྱུད་ལ་འཇོག་པར་བྱེད་པའོ། །ལུང་ནི་དཔལ་ མཆོག་དུས་ཀྱི་འཁོར་ལོ་ནས་རང་གི་རྩ་བའི་བླ་མའི་བར་ཞལ་གསུང་གི་རྒྱུན་བར་མ་ཆད་ པའི་ཆོས་རྒྱུན་གནས་པ་དེའོ། །གསུམ་པ་མན་ངག་ནི། ཐབས་ཀྱི་སྙིང་པོའམ་ཐབས་ཟབ་ མོའི་མན་ངག་དེའོ། །དེ་ཡང་བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་མིག་ དང་འདྲ། །གདམས་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལས་དམ་ ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་འཐོབ། །ཅེས་གསུངས་པ་ལྟར་རོ། །གསུམ་པ་རང་ལ་ཡིད་ཆེས་ པ་ནི། ཁམས་དྲུག་ལྡན་པའི་རྡོ་རྗེའི་ལུས་རྟེན་གྱི་རྩ་རླུང་ཐིག་ལེ་མ་ཉམས་པ་ལ་བླ་མའི་མན་ ངག་ཟབ་མོ་གནང་བའི་སྒོ་ནས་གནད་དུ་བསྣུན་ན་དབང་པོ་རབ་རྣམས་ཚེ་ལུས་འདིའི་སྟེང་ ནས་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་འགྲུབ། འབྲིང་རྣམས་བར་དོ་ལས་གྲོལ། ཐ་མ་ཡང་སྐྱེ་བ་ བདུན་ལས་མི་འགྱང་བ་ཟུང་འཇུག་གི་སྐུ་འགྲུབ་པ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་ཡིན། དེ་ ལྟ་བུའི་མདོ་སྔགས་ཆུ་བོ་ཆེན་པོ་གཅིག་འདྲེས་ཀྱི་དབུ་མ་གཞན་སྟོང་པའི་ལྟ་གྲུབ་འཛིན་པ་ མང་ནའང་གངས་ལྗོངས་སུ་འགྲན་ཟླ་དང་བྲལ་བ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ཤེས་རབ་ རྒྱལ་མཚན་དཔལ་བཟང་པོ་དང༌། རིམ་པར་སྦྱོར་དྲུག་བླ་བརྒྱུད་ལྟར་ལས་རང་གི་རྩ་བའི་ 3-1-225 བླ་མའི་བར་དབང་ལུང་མན་ངག་གི་ཆུ་བོ་ཆེན་པོ་གཅིག་འདྲེས་ལྟ་བུའི་རྒྱུན་མ་ཆད་པ་ཡིན། མཆོག་སྤྲུལ་དམ་པ་ངག་དབང་ཀུན་དགའ་འཇམ་དབྱངས་བློ་གྲོས་ཀྱིས། འཛམ་ཐང་གཙང་ ཆེན་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ངག་དབང་ཡོན་ཏན་བཟང་པོའི་མདུན་ནས། ཐུན་ མོང་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དུས་ཀྱི་འཁོར་ལོའི་དབང་མོ་ ཆེ་ལན་བདུན་ཐོབ་པ་དང༌། དེ་མིན་དབང་ལུང་མན་ངག་དུ་མ་མནོས། དཔལ་དུས་ཀྱི་འཁོར་ ལོའི་བསྐྱེད་རྫོགས་གཉིས་ལོ་དུ་མར་ཉམས་ལེན་ཚད་ལྡན་མཛད། རྗེ་ཀུན་མཁྱེན་ཇོ་ནང་པ་ ཆེན་པོས་ལུང་བསྟན་པ། དེ་ཚེ་ས་ཡི་སྙིང་པོའི་སྤྲུལ་པ་ནི། །བྱང་ཆུབ་སེམས་དཔའ་དཔལ་ ལྡན་མཚན་གྲགས་འབྱུང༌། །ལྟ་སྒོམ་སྤྱོད་འབྲས་ཡང་དག་སྟོན་པར་བྱེད། །རྒྱལ་ཚབ་འཛིན་ པའི་སྐྱེས་མཆོག་དེ་དག་གིས། །བསྟན་པ་རིན་ཆེན་མ་ཉམས་རྒྱས་པར་བྱེད། །ཅེས་ལུང་གིས་ བསྔགས་པ་མཆོག་སྤྲུལ་དམ་པ་ངག་དབང་ཀུན་དགའ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྡེ་ འདི་མཁས་བཙུན་བཟང་གསུམ་རྒྱ་ཆེ་བའི་ཐུགས་བསྐྱེད་དང་ལྡན་པ་འདིས་བསྟན་པ་དང་ འགྲོ་བའི་དོན་དུ་དབང་བསྐུར་ཆོས་འཆད་ལྷ་འབྲི་རྟེན་བཞེངས་བྱེད་པ་ལ་སྔོན་བསགས་ བསོད་ནམས་ཀྱི་དཔལ་ལ་དབང་འབྱོར་བ་ཡིན་པར་སྔོན་གྱི་ལུང་བསྟན་དང༌། ཕྱི་ནང་གི་ རྟེན་འབྲེལ་དུ་མ་འགྲིགས་པ་འདིས་མཚོན་ཏེ། བདག་གིས་རྗེས་དཔག་ཚད་མས་བརྟགས་ དཔྱད་བྱས་ཏེ། བཀའ་གནང་སྦྱིན་པ་མ་ཟད་དབུ་མ་གཞན་སྟོང་པའི་གྲུབ་མཐའ་འཛིན་པའི་ ཆོས་ཀྱི་རྗེ་བོ་རྡོ་རྗེ་སློབ་དཔོན་ཞེ་བདུན་པར་མཆོག་སྤྲུལ་དམ་པ་འདི་ཉིད་ཡིན་པར་བདག་ གིས་མངའ་གསོལ་བ་ཡང་གཞན་གདུལ་བྱར་གྱུར་པའི་སྐྱེ་འགྲོ་ཡོངས་ཀྱིས་ཡིད་ཆེས་པར་ མཛོད། །ཅེས་མཁའ་ཁྱབ་ཀྱི་རེ་འདོད་སྐོང་བར་བྱེད་པའི་འདོད་འཇོའི་བུམ་བཟང་འདི་ཡང་ རབ་བྱུང་བཅུ་བདུན་པའི་དཔའ་བོ་ལྕགས་འབྲུག་ལོའི་ཟླ་༨ཚེས་༥ དང༌། སྤྱི་ལོ་༢༠༠༠ཟླ་༡༠ཚེས་ ༢ལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་མཁན་ངག་དབང་ཡོན་ཏན་བཟང་པོས་རྒྱལ་ 3-1-226 ས་པེ་ཅིན་ནས་བྲིས་པ་དགེ་ལེགས་འཕེལ།