1-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་གསུང་འབུམ། ༼ཀ༽ 1-1-2 དཀར་ཆག འགོ་བརྗོད། .......................................༡ རྒྱལ་བ་ཇོ་ནང་པའི་མདོ་སྔགས་ཀྱི་འབྱུང་ཁུངས་དང་དམ་ཆོས་ལེགས་ པར་ནོད་ནས་ཉམས་སུ་ལེན་ཚུལ་མདོར་བསྡུས་རིན་པོ་ཆེའི་ཕྲེང་ བ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན་ཞེས་བྱ་བ། ..................༡ མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ......................༡ མདོ་སྔགས་ཀྱི་ཆོས་ཉམས་སུ་ལེན་ཚུལ། .......................༢ སྔགས་ཀྱི་ཐེག་པ་བྱ་རྒྱུད་སྤྱོད་རྒྱུད་སོགས་ཀྱི་བཤད་པ། ..............༡༢ དཔལ་ཇོ་ནང་པའི་ཆོས་ཀྱི་བྱུང་ཚུལ། .........................༡༨ གཞན་སྟོང་དབུ་མའི་ལྟ་བ་སྔགས་ཕྱོགས་ནས་བརྒྱུད་ཚུལ། ............༢༩ དུས་ཀྱི་འཁོར་ལོ་འཕགས་བོད་དུ་དར་ཚུལ། ....................༤༢ ཇོ་ནང་དུ་བྱུང་ཚུལ། ..................................༥༣ ཀུན་མཁྱེན་ཆེན་པོའི་རྣམ་ཐར། ............................༥༨ འཛམ་ཐང་ཆོས་སྡེ་འདེབས་མཁན་དྲུང་དཀའ་བཞི་པ་རཏྣ་ཤྲཱི་ སོགས་ཀྱི་ལོ་རྒྱུས། ..................................༧༢ དུས་འཁོར་རྫོགས་རིམ་གྱི་ལྟ་སྒོམ་ཉམས་ལེན་དང་དབང་ལུང་གི་ བརྒྱུད་རིམ། ......................................༧༥ དབང་གི་སྡོམ་པ་དང་དམ་ཚིག་མིག་འབྲས་བཞིན་སྲུང་ དགོས་ཚུལ། ......................................༧༩ 1-1-3 གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་མདོ་སྔགས་ལས་བསྟན་ཚུལ། ......................................༨༣ གནས་ལུགས་ཟབ་མོའི་ལམ་ཉམས་ལེན་བྱ་ཚུལ། .................༩༢ འདི་ལ་འབད་པའི་ཕན་ཡོན་མདོ་ཙམ་བསྟན་པ། .................༡༠༤ མཇུག་བྱང༌། .....................................༡༡༠ རྗེ་ཇོ་ནང་པ་ཆེན་པོའི་ཆོས་འབྱུང་གསལ་བྱེད་ནོར་བུའི་ མེ་ལོང་ཞེས་བྱ་བ། .................................༡༡༣ མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ....................༡༡༣ རྩ་བའི་ས་བཅད་དང་པོ། ..............................༡༡༥ ཁྲིད་ཉན་ཚུལ། ས་བཅད་དང་པོ་ཀུན་སློང༌། ....................༡༡༥ དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང༌། .............༡༡༥ གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང༌། .............༡༡༧ ས་བཅད་གཉིས་པ་ཀུན་སྤྱོད། ............................༡༡༨ དང་པོ་སྤང་བྱའི་ཀུན་སྤྱོད། .............................༡༡༩ གཉིས་པ་བླང་བྱའི་ཀུན་སྤྱོད། ...........................༡༢༣ རྩ་བའི་ས་བཅད་གཉིས་པ། .............................༡༢༥ བཤད་བྱའི་ཆོས་འབྱུང་བའི་རིམ་པ། ........................༡༢༥ ས་བཅད་དང་པོ། འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ། ..............༡༢༥ ལེའུ་དང་པོ་མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ། ...............༡༢༦ དང་པོ། ཁྱད་པར་ཐེག་ཆེན་ཆོས་ཚུལ་རྒྱ་གར་དུ་སྟོན་པས་ཇིལྟར་ གསུངས་ཚུལ། .................................༡༢༧ གཉིས་པ། རྗེས་ནས་ཇི་ལྟར་བྱུང་ཚུལ། ......................༡༣༠ ས་བཅད་གཉིས་པ། བོད་དུ་བྱུང་ཚུལ། ......................༡༣༧ ལེའུ་གཉིས་པ། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ། ...........༡༣༨ དང་པོ། སྟོན་པས་ཇི་ལྟར་གསུངས་ཚུལ། .....................༡༣༨ 1-1-4 གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ། .......................༡༤༢ དང་པོ་ཇོ་ནང་དུ་བྱུང་ཚུལ། .............................༡༥༡ གཉིས་པ། མདོ་སྨད་དུ་བྱུང་ཚུལ། .........................༡༦༥ གསུམ་པ། འཕྲོས་དོན་བསྟན་པའི་སྦྱིན་བདག་གི་སྐོར། .............༢༡༤ རྩ་བའི་ས་བཅད་གསུམ་པ། ............................༢༢༤ ཟབ་ཆོས་ཀྱི་ཕན་ཡོན་བསྟན་པ། .........................༢༢༤ བསྟན་བཅོས་ཡིད་བཞིན་ནོར་བུའི་འབྱུང་ཁུངས་ ཞེས་བྱ་བ། .....................................༢༣༥ ལས་དང་པོ་པའི་ཐོས་བསམ་བྱེད་ལུགས་དང་མདོ་སྔགས་ཀྱི་འབྱུང་ ཁུངས་གསལ་བའི་ནོར་བུའི་མེ་ལོང་ཞེས་བྱ་བ། .................༢༨༨ 1-1-5 ༄༅། །རྒྱལ་བ་ཇོ་ནང་པའི་མདོ་སྔགས་ཀྱི་འབྱུང་ཁུངས་དང་ དམ་ཆོས་ལེགས་པར་ནོད་ནས་ཉམས་སུ་ལེན་ཚུལ་ མདོར་བསྡུས་རིན་པོ་ཆེའི་ཕྲེང་བ་སྐལ་བཟང་ སྐྱེ་བོའི་མགུལ་རྒྱན་ཞེས་བྱ་བ་ བཞུགས་སོ། ། 1-1-6 1-1-7 ༡ མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། ༄༅། །ༀ་སྭ་སྟི། །གནས་ལུགས་ཡོངས་གྲུབ་གཤེགས་སྙིང་དོན་དམ་བདག ། གདོད་ནས་རང་བྱུང་ལྷུན་གྲུབ་རྣམ་ཀུན་གཟུགས། ། སྤྲོས་མཚན་རྫུན་རིས་རང་གཤིས་རབ་དྭངས་ཤིང༌། ། དག་ཆེན་ཡེ་ཤེས་རྒྱ་མཚོའི་ཀློང་འདི་རྨད། ། རྣམ་ཀུ༷ན་མཁྱེ༷ན་པའི་ཤེ༷ས་ར༷བ་ཟབ་མོའི་དོན། ། བདེ་གཤེགས་སྙིང་པོའི་རྒྱ༷ལ་མཚ༷ན་ལེགས་པར་འཛིན། ། གངས་ལྗོངས་དཔ༷ལ་དུ་སྔོན་མེད་སྲོལ་བཟ༷ང་སྤེལ། ། རྒྱལ་ཚབ་གཉིས་པ་ཁྱོད་མིན་སུ་ཡིས་བྱེད། ། གང་གི་ལུགས་བཟང་སླར་ཡང་ཆེར་སྤེལ་མཁན། ། མདོ་སྔགས་གཞུང་ལུགས་རབ་འབྱམས་མཐར་ཐུག་པ། ། དབང་ལུང་གདམས་ངག་རྒྱ་མཚོའི་བཅུད་འཛིན་དཔལ། ། ཟབ་གསང་མངའ་བདག་ཏཱ་ར་ནཱ་ཐར་གུས། ། ཡང་དག་ལམ་དང་ལམ་མིན་ལེགས་སྟོན་མཁན། ། ཟབ་མོའི་གནས་ལ་ཡིད་ཆེས་འདྲེན་བྱེད་མཆོག ། བདག་བློའི་རྨོངས་མུན་སེལ་བའི་ཉི་གཞོན་ཆེ། ། མ་ཏི་མཆོག་གི་བཀའ་དྲིན་སྙིང་ནས་དྲན། ། 1-1-8 གནས་ཚུལ་འདི་ལས་བརྩམས་ཏེ་བརྗོད་བྱ་གང༌། ། ཟབ་ཆོས་ཉན་དང་མདོ་སྔགས་ཆོས་འབྱུང་ཚུལ། ། དབང་ལུང་གདམས་ངག་བརྒྱུད་རིམ་བླ་མ་ལས། ། ལེགས་ནོད་ཉམས་སུ་ལེན་ཚུལ་དང་བཅས་བརྗོད། ། ༢ མདོ་སྔགས་ཀྱི་ཆོས་ཉམས་སུ་ལེན་ཚུལ། འོ་ད་སྐབས་སུ་ཆོས་འཆད་པར་བྱེད་པ་ལ། དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ ཀྱི་ཀུན་སློང་ནི། འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་རང་གི་ཐོག་མ་ མེད་པའི་དུས་ནས་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་པའི་དུས་སུ་དྲིན་ཆེན་ པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ཏུ་བྱམས་པས་བསྐྱེད་ བསྲིངས་པའི་སྒོ་ནས་དྲིན་ཅན་ཤ་སྟག་ཡིན་ལ། མ་རྒན་དྲིན་ཅན་དེ་དག་ཐམས་ཅད་འདོད་ པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སྒྲུབ་མི་ཤེས། སྡུག་བསྔལ་གཏན་ནས་མི་ འདོད་ཀྱང༌། དེའི་རྒྱུ་མི་དགེ་བ་བཅུ་སྤང་མི་ཤེས་པར། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ ཏུ་སོང་ནས་ལམ་ལོག་མགོ་རྨོངས་སུ་གྱུར་པ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཉན་ནས་ཉམས་སུ་ བླངས་ཏེ་མ་རྒན་འདི་རྣམས་ཀྱི་དོན་སྒྲུབ་ཏུ་ཡོད་པས་ཕ་མར་གྱུར་པའི་སེམས་ཅན་རིགས་ དྲུག་གི་འཁྲུལ་སྣང་སྡུག་བསྔལ་གྱིས་གདུང་བ་འདི་རྣམས་རིགས་དྲུག་སོ་སོའི་ལས་སྣང་སྡུག་ བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ འཐོབ་པར་བྱའོ། །སྙམ་པ་འདི་ཆོས་ཉན་དུས། སྒྲུབ་དུས། ཐམས་ཅད་ལ་གལ་ཆེ་བ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང༌། དགེ་རྩ་དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྟེ། 1-1-9 སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ཏེ། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་པ། དངོས་གཞི་ དམིགས་པ་མེད་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ། མཇུག་བསྔོ་བས་རྒྱས་ ཡོངས་སུ་ཐེབས་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་པ་འདི་མེད་པའི་ཐབས་མེད། ཀུན་སློང་ འདི་ལྟར་བཅོས་ཤེས་ན་དགེ་བ་ཐབས་ཀྱིས་ཟིན་ཏེ་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་ མེད་པའི་འཇུག་ངོགས་སུ་འགྱུར་རོ། །དེ་ལྟར་ཀུན་སློང་བཅོས་མ་ཤེས་ན་ཆོས་ཉན་ལོ་དང༌། སྒྲུབ་ལོ་བྱས་ཀྱང་ཆོས་ཀྱི་གཟུགས་བརྙན་དུ་འགྲོ་བས་ཆོས་ཉན་དུས། སྒྲུབ་དུས། ལྷ་བསྒོམ་ ཀྱང༌། སྔགས་བཟླ་ཡང༌། ཕྱག་འཚལ་ཀྱང༌། ཐ་ན་མ་ཎི་འབྲུ་གཅིག་འདོན་ཡང་ཀུན་སློང་བྱང་ ཆུབ་སེམས་ཀྱི་རྩིས་ཟིན་པ་འདིརྗེ་གལ་ཆེ། གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་ དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ ཐེག་པ་འདིར། འཇུག་སྒོའི་ལམ་མང་པོ། ཚོགས་བསགས་པའི་ཐབས་མང་པོ། དཀའ་བ་ ཆེན་པོ་སྤྱད་མི་དགོས་པར་འབྲས་བུ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡོད་པ་ཡིན་ལ། དེ་ དག་གི་རྩ་བ་ཡང་འདུན་པ་བསྒྱུར་བ་ལ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར། ཆོས་འཆད་པའི་གནས་དང་སྟོན་ པ་སོགས་ཐ་མལ་མ་དག་པའི་སྣང་བ་འདི་ལྟར་མི་བལྟ་བར་གནས་ཕུན་སུམ་ཚོགས་པ་ དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་མཁྱེན་ཡེ་ཤེས་ཀྱི་ སྐུ་དུས་ཀྱི་འཁོར་ལོ། འཁོར་ཕུན་སུམ་ཚོགས་པ་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སུ་གསལ་ བཏབ། ཡང་ན་ཆོས་འཆད་པའི་གནས་དེ་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། ཆོས་འཆད་པའི་བླ་མ་དེ་ཉིད་ཆོས་སྐུ་རྡོ་རྗེ་འཆང༌། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། 1-1-10 རིག་འཛིན་ཕོ་མོ་འབྱམས་ཀླས་པར་གསལ་བཏབ། ཡང་ན་བླ་མ་ནི་དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་འདུས་པའི་བདག་ཉིད། སྐུ་དགེའདུན། གསུང་དམ་ཆོས། ཐུགས་སངས་ རྒྱས་ཀྱི་ངོ་བོ་སྟེ་དཀོན་མཆོག་ཀུན་འདུས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་ རྒྱལ་ཚབ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་རང་རེ་སྙིགས་མའི་ སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ ཐམས་ཅད་ལས་ཀྱང་ལྷག་པས་བཀའ་དྲིན་ཆེ་བ་ཡིན་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་ འཆང༌། །ཞེས་པ་ལྟར་དང། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། གཞི་བདེ་གཤེགས་ སྙིང་པོ། རྟེན་མི་ལུས་རིན་པོ་ཆེ། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་ གིས་ཟིན་པས་མ་འོངས་པའི་སངས་རྒྱས་ཡིན་ཏེ། རྒྱུད་བརྟགས་གཉིས་ལས། སེམས་ཅན་ རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ དངོས། །ཞེས་པ་ལྟར་རོ། །ཆོས་ཉན་པའི་སྐབས་སུ་དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་ གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་ དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་གསུངས་པ་ལྟར། དང་པོ་ནི་ཆོས་ཉན་པའི་དུས་ སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་ཡེངས་པར་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་ ཉན་དགོས། དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་བླུགས་པ་དང་འདྲ་སྟེ་ལུས་ ཆོས་གྲལ་ན་ཡོད་ཀྱང་ཆོས་ཚིག་གཅིག་ཀྱང་མི་ཐོས། གཉིས་པ་ནི། དེ་ལྟར་ཐོས་པའི་ཆོས་ དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་ནང་དུ་བཅུད་ ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་སྟེ་ཆོས་ཅི་ཙམ་ཉན་ཀྱང་རྒྱུད་ཐོག་ཏུ་བཀལ་ 1-1-11 ནས་ཉམས་སུ་ལེན་མི་ཤེས། གསུམ་པ་ནི། ཆོས་ཉན་པའི་དུས་སུ་རང་ཉིད་ཆེ་འདོད་དང་ གྲགས་འདོད་སོགས་ཀུན་སློང་སྐྱོན་ཅན་གྱིས་ཉན་པའམ་ཆགས་སྡང་རྨོངས་གསུམ་སོགས་ དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ཀྱང་ ཆོས་མིན་དུ་འགྲོ་སྟེ། དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ། དེས་ན་རྒྱ་ གར་ཕ་དམ་པས་ཀྱང༌། ཆོས་ཉན་པའི་དུས་སུ་རི་དྭགས་ཀྱིས་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། བསམ་པའི་དུས་སུ་བྱང་བས་ལུག་འབྲེག་པ་ལྟ་བུ་ཞིག་དགོས། སྒོམ་པའི་དུས་སུ་གླེན་པས་ རོ་མྱང་བ་ལྟ་བུ་ཞིག་དགོས། སྒྲུབ་པའི་དུས་སུ་གཡག་ལྟོགས་ཀྱིས་རྩྭ་ཟ་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་སུ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། ཞེས་གསུངས་པ་ལྟར། ཆོས་ ཉན་པའི་དུས་སུ་ཁ་འདོན། བགྲང་ཕྲེང་སོགས་དགེ་སྦྱོར་གྱིརྣམ་པ་ཐམས་ཅད་ཀྱང་བཞག་ ནས་ཉན་དགོས། དེ་ལྟར་ཉན་ནས་བཤད་པའི་དོན་དེ་དག་ཡིད་ལ་མ་བརྗེད་པར་བྱས་ནས་ རྒྱུན་དུ་ཉམས་སུ་ལེན་དགོས་ཏེ། ཐུབ་པ་ཆེན་པོས་ཀྱང༌། ངས་ནི་ཁྱོད་ལ་ཐར་བའི་ཐབས་ བསྟན་གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་པ་ལྟར། བླ་མའི་སློབ་མ་ལ་ཁྲིད་ འཆད་པ་དེ། ཆོས་ཉན་ཚུལ། སྒྲུབ་ཚུལ། སྡིག་པ་སྤངས་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ ལེན་ཚུལ་རྣམས་གསུངས་པ་ཡིན་པས། སློབ་མས་ཀྱང་དེ་དག་མ་བརྗེད་པར་ཡིད་ལ་བཟུང་ ནས་ཉམས་སུ་བླངས་ཏེ་མངོན་དུ་བྱེད་དགོས་ཀྱི། ཡིད་ལ་མ་བཟུང་ན་ཆོས་ཐོས་པའི་ཕན་ ཡོན་ཙམ་ཡོད་ཀྱང༌། ཆོས་ཀྱི་ཚིག་དོན་ཅུང་ཟད་ཀྱང་མི་ཤེས་པས་ཆོས་མ་ཐོས་པ་དང་ཁྱད་ མེད། ཡིད་ལ་བཟུང་ཀྱང་ཉོན་མོངས་པ་དང་འདྲེས་ན་ཆོས་ཡང་དག་པར་མི་འགྲོ་སྟེ། མཉམ་ མེད་དྭགས་པོས། ཆོས་ཆོས་བཞིན་དུ་མ་སྤྱད་ན། ཆོས་ཀྱི་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་པ་ལྟར་ཡར་བླ་མ་དང་ཆོས་ལ་ལོག་རྟོགབར་མཆེད་གྲོགས་ལ་ཟུར་ཟ་ང་རྒྱལ་དང་ཁྱད་ གསོད་སོགས་མི་དགེ་བའི་རྟོག་པ་དང་བཅས་པས་ཆོས་ཉན་ན་ནི་ངན་སོང་གི་རྒྱུ་བྱེད་པས་ 1-1-12 དེ་དག་སྤངས་དགོས། དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ ཡིན། །ཞེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་ མ་ལ་མ་དད་པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་གཡེང་བ། དབང་ པོ་སྒོ་ལྔ་ནང་དུ་སྡུད་པ། ཆོས་ཐུན་རིང་དྲགས་པ་སོགས་ཀྱིས་སྐྱོ་བ་སྟེ་དྲི་མ་དྲུག་པོ་དེ་སྤངས་ དགོས། དེ་ཡང་ཉོན་མོངས་པ་རྣམས་ལས་ང་རྒྱལ་དང༌། ཕྲག་དོག་གཉིས་པོ་འདི་ངོས་ཟིན་ དཀའ་བས་རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས། རང་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་ ཡོན་ཏན་ཕྲན་བུ་རེ་ཡོད་པ་ལའང༌། ང་རང་དེ་དང་དེལྟ་བུ་ཡིན་ནོ་སྙམ་ནས་ཆེད་དུ་འཛིན་ ནས་རང་རྒྱུད་ཀྱི་སྐྱོན་མི་མཐོང༌། གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས། ང་རྒྱལ་སྤངས་ ནས་རྟག་ཏུ་དམན་ས་འཛིན། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ ནི་མི་འབྱུང་ངོ༌། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ ལྟར། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགགས་པ་ཡིན་པས་དད་པ་རྣམ་པ་བཞིའི་ནང་ནས་ མི་ལྡོག་པའི་དད་པ་འཆང༌། ཆོས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ ཡིན་པས་དོན་གཉེར་རབ་འབྲིང་ཐ་གསུམ་ལས་ཆོས་པ་རབ་འབྲིང་ཐ་གསུམ་འོང༌། ཆོས་ལ་ དོན་གཉེར་མ་བྱས་ན་ཆོས་རྩ་བ་ནས་མི་འགྲུབ། འཇིན་རྟེན་པའི་ཁ་སྐད་ལའང་ཆོས་བདག་ མེད་ལ་སྙིང་རུས་གང་ཆེ་ཟེར་བ་ལྟར་ཡིན། བདག་ཅག་གི་སྟོན་པས་ཀྱང་ཆོས་ཚིག་བཞི་རེའི་ ཕྱིར་དུ་ལུས་ལ་ཤའི་རྐོང་བུ་བྲུས་ཏེ་སྡོང་བུ་སྟོང་བཙུགས་ནས་འབྲུ་མར་གྱིས་བཀང་སྟེ་མེ་ སྦར་བ་དང༌། མེ་དོང་དུ་མཆོངས་པ་དང༌། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་སོགས་ དཀའ་བ་བརྒྱ་ཕྲག་གི་སྒོ་ནས་དམ་ཆོས་བཙལ་བ་ཡིན་ཏེ། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར། དོན་གཉེར་ཆེན་པོས་ 1-1-13 དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཆོས་ཉན་དགོས། ད་རེས་དལ་འབྱོར་གྱི་ མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་ངག་ཉན་དུ་ཡོད་པ་འདི། རང་ལ་དགའ་སྤྲོ་བླ་ན་མེད་པ་ཆེ། བསྐལ་པ་གྲངས་མེད་པའི་བར་དུ་ཚོགས་བསགས་པའི་ འབྲས་བུ་ད་རེས་ཟབ་མོའི་དམ་ཆོས་ཉན་པ་འདི་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་ པས་ཆོས་འདིའི་ཆེད་དུ་དཀའ་ཚེགས་ཚ་གྲང་ཅི་བྱུང་ཡང་བཟོད་པར་བྱ་དགོས་སྙམ་དུ་དགའ་ བཞིན་སྤྲོ་བཞིན་དུ་ཟབ་མོའི་ཆོས་འདི་ལ་ཉན་དགོས་པ་ཡིན་ནོ། །མི་འཛིན་པ་ལྔ་ནི། ཚིག་ འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་པོ་སྤངས་དགོས། འདུ་ཤེས་བཞི་ བསྟེན་དགོས་པ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་ འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་ གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་དུ་ཉམས་སུ་ལེན་པ་ནི་ ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་རང་རྒྱུད་ལ་སྦྱར་ ནས་ཉམས་སུ་བླང་དགོས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི། ཆོས་སྤྱོད་ཐམས་ ཅད་ཀྱི་མན་ངག་མངོན་པར་རྟོག་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང༌། །ས་ ཕྱོགས་སྤྱོད་ལམ་སྡོམ་པ་དང༌། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །ཉན་པོ་ཡན་ ལག་དྲུག་དང་ལྡན། །ཞེས་པ་ལྟར། ཆོས་ཀྱི་ཁྲི་བཤམས་ཤིང་སྟན་འདིང་བ་དང༌། མཎྜལ་ མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་ཕྱག་དར་དང་ཆག་ཆག་ལ་སོགས་ལེགས་པར་ བྱ་ཞིང་རང་གི་སྤྱོད་ལམ་མ་གུས་པ་ལ་སོགས་པ་སྡོམ་པ་ཚུལ་ཁྲིམས། སྲོག་ཆགས་ཕྲ་མོ་ ཚུན་ཆད་ལ་གནོད་པ་མི་བྱེད་ཅིང༌། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་བཟོད་པ་བཟོད་ 1-1-14 པ། བླ་མ་དང་ཆོས་ལ་ལོག་ལྟ་སྤངས་ནས་ཡང་དག་པའི་དད་པས་སྤྲོ་བཞིན་དུ་ཉན་པ་བརྩོན་ འགྲུས། བླ་མའི་གདམས་ངག་ལས་སེམས་གཞན་དུ་མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་དོགས་སེལ་ལ་སོགས་པ་འདྲི་ཞིང་སྒྲོ་འདོགས་ཐམས་ཅད་གཅོད་པ་ཤེས་རབ་སྟེ། ཉན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱའོ། །སྤྱོད་ལམ་གཞན་བསྟེན་པ་ནི། འདུལ་བ་ ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་ དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་དང༌། སྐྱེས་རབས་ ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩིའཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ ཅིག །ཅེས་སོགས་མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤང་བར་བྱའོ། ། འོ་ད་སྐབས་སུ་རང་ཅག་གིས་ཆོས་ཡང་དག་པ་ཞིག་སྒྲུབ་འདོད་ཡོད་ན་བློ་ནང་དུ་བསྐོར་ ནས་ཆོས་ལ་བག་ཆགས་རེ་འཇོག་འདོད་ཡོད་པ་ཚོས་ཡིད་ལ་བཟུང་རྒྱུར། སྤྱིར་རྫོགས་པའི་ སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་ཐམས་ཅད་མདོ་སྔགས་གཉིས་སུ་འདུ་བ་ཡིན། དེ་ གཉིས་ཀྱང་སློབ་ལམ་གྱི་ཁྱད་པར་གདུལ་བྱའི་དབང་གིས་གསུངས་པ་ལས་མཐར་ཐུག་ གདོད་མའི་གནས་ལུགས་མཆོག་ཏུ་གྲོལ་བ་ལ་ཡུན་རིང་ཐུང་ཡོད་པ་མ་གཏོགས་ཕུགས་ཀྱི་ གོ་འཕང་བླ་མེད་བྱང་ཆུབ་ལ་བཟང་ངན་མེད་ཅིང་དོན་གནད་མཐར་ཐུག་ན་ཕུགས་གཅིག་ ཡིན། སྤྱིར་སྟོན་པས་ཆོས་དཔག་ཏུ་མེད་པ་གསུངས་པ་ལས། ཉན་ཐོས་ཀྱི་དོན་དུ་གསུངས་ པའི་སྡེ་སྣོད་གསུམ་ནི། བསམ་པ་རང་དོན་ཁོ་ན་དང༌། སྦྱོར་བ་ཉམས་ལེན་ནི། ཚུལ་ཁྲིམས་ དང༌། ཏིང་ངེ་འཛིན་དང༌། ཤེས་རབ་གསུམ་ལས་བརྩམས་ཏེ། ལྟ་བ་གང་ཟག་གི་བདག་ མེད། སྤྱོད་པ་འཚེ་བ་མེད་པ། སྒོམ་པ་ཞི་ལྷག་གི་རྣལ་འབྱོར་རྣམས་སྟོན། བརྩོན་འགྲུས་ རབ་ཀྱིས་བསྒོམས་ན། ཚེ་གསུམ་གྱིས་ཉན་ཐོས་དགྲ་བཅོམ་པ་དང༌། བསྐལ་པ་བརྒྱས་རང་ 1-1-15 སངས་རྒྱས་ཐོབ་ནུས་པ་ནི་ཡིན། ཕར་ཕྱིན་དྲུག་ལ་སོགས་པ་མིང་ཙམ་ལས་ངོ་བོ་ཚང་བར་ མ་བཤད། ཐེག་དམན་གྱི་སྡེ་སྣོད་གསུམ་པོ་འདི་ཁོ་ནའི་དོན་བསྒོམས་ཀྱང༌། འདིས་སངས་ རྒྱས་ཀྱི་ལམ་མ་རྫོགས་པས་སངས་རྒྱས་ཐོབ་པར་མི་ནུས་སོ། །ཐེག་ཆེན་ལས། མདོ་དང་ སྔགས་གཉིས་ལས། མདོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། བསམ་པ་གཞན་ཕན་བྱང་ཆུབ་ ཀྱི་སེམས། སྤྱོད་པ་ཕར་ཕྱིན་བཅུ་དང་བསྡུ་བའི་དངོས་པོ་བཞི། ལྟ་བ་བདག་མེད་གཉིས། སྒོམ་པ་རྣམ་པར་མི་རྟོག་པ་སྟེ། བྱང་ཆུབ་སེམས་དཔའི་གཞི་ལམ་འབྲས་བུ་རྣམས་ཤིན་ཏུ་ རྒྱས་པར་སྟོན། ལམ་འདི་ཁོ་ན་བསྒོམས་ན་བསྐལ་པ་གྲངས་མེད་གསུམ་ནས། ས་བཅུ་པའི་ བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱལ་ཚབ་ཆེན་པོའི་གོ་འཕང་ཐོབ་པར་ནུས། ཕར་ཕྱིན་ རང་ལམ་གྱིས་དེ་ལས་ལྷག་པོ་མི་ཐོབ་ཀྱང༌། སྐབས་དེར་སྔགས་ལ་ཞུགས་ནས་སངས་རྒྱས་ འཐོབ་བོ། ། ༣ སྔགས་ཀྱི་ཐེག་པ་བྱ་རྒྱུད་སྤྱོད་རྒྱུད་སོགས་ཀྱི་བཤད་པ། སྔགས་ཀྱི་ཐེག་པ་ལ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ དེ་བཞི་ལས། བྱ་རྒྱུད་དུ་ནི། མདོ་ལས་ཇི་སྐད་བཤད་པའི་ལམ་རྣམས་ཀྱི་སྟེང་དུ། ཆུ་དང་ཅོད་ པན་གྱི་དབང་བསྐུར་ཙམ་དང༌། མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས། མཆོད་པ་ཕུལ། དམ་ཚིག་གི་ ཕྱག་རྒྱས་བཏབ། སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བའི་བསྙེན་པ་དང༌། ལས་ཚོགས་ སྣ་ཚོགས་པ་དང༌། ཐུན་མོང་གི་དངོས་གྲུབ་མང་དུ་སྒྲུབ་པའི་ཐབས་རྒྱ་ཆེར་བསྟན། རྒྱུད་འདི་ ལ་བདག་བསྐྱེད་མེད་པས། རྗེ་དཔོན་ལྟར་དངོས་གྲུབ་ལེན་པའི་ཐ་སྙད་བྱེད། དཀའ་ཐུབ་ དང་གཙང་སྦྲ་གཙོ་བོར་སྤྱོད། འདིའི་རང་ལམ་གྱིས་བསྐལ་པ་ཆེན་པོ་བརྒྱད་ནས་ས་བཅུ་པ་ འཐོབ། སྤྱོད་རྒྱུད་ནི། ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། དབང་གི་ཚེ། ཕྱག་མཚན་གྱི་དབང་ 1-1-16 དང༌། མིང་དབང་ཡང་ཡོད། ཉམས་ལེན་གྱི་སྐབས་བདག་བསྐྱེད་ཀྱང་ཡོད། གྲོགས་པོ་ལྟ་ བུའི་སྒོ་ནས་དངོས་གྲུབ་ལེན། བསྐལ་པ་གསུམ་མམ་གཅིག་གིས་ས་བཅུ་འཐོབ་པར་འདོད། བྱ་སྤྱོད་དེ་གཉིས་ལ་ཐུན་མོང་གི་དངོས་གྲུབ་ཀྱིས་ཚེ་བསྐལ་པའི་བར་དུ་གནས་པར་བསྒྲུབས་ ནས། རྟེན་དེ་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་མདོ་དང་ཐུན་མོང་པ་དེས་འཕགས་པའི་ས་སྒྲུབ་ པར་འདོད་ཀྱི། མཆོག་གི་དངོས་གྲུབ་སྒྲུབ་ཐབས་སྔགས་ལམ་ཐུན་མོང་མ་ཡིན་པ་བཤད་པ་ མེད་དོ། །རྣལ་འབྱོར་རྒྱུད་ནི། སྤྱོད་རྒྱུད་མན་ཆད་ཀྱི་ཆོས་རྣམས་ཡོད་ཀྱི་སྟེང་དུ། དབང་གི་ སྐབས། ཆུ་ཅོད་པན། རྡོརྗེ་དྲིལ་བུ། མིང་བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང༌། རྗེས་ གནང་སོགས་མཐའ་རྟེན་རྣམས་དང་བཅས་པ་ཡོད་ཅིང༌། ཉམས་ལེན་གྱི་སྐབས། བདག་ བསྐྱེད་དཀྱིལ་འཁོར་གྱི་འཁོར་ལོ་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་སྒོམ་པ་དང༌། ཐུན་གྱི་ མཐར་ཕྱག་རྒྱ་བཀྲོལ་ནས། བདག་བསྐྱེད་ཀྱི་ལྷ་གཤེགས་སུ་གསོལ་བ་དང༌། འབྲས་བུ་ སངས་རྒྱས་ཀྱི་སའི་རྣམ་པ་ལམ་བྱེད་མངོན་བྱང་ལྔ་སོགས་སྒོམ་པ་དང༌། ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་སྒྲུབ་པའི་ཐབས་མདོ་དང་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་ཁྱད་པར་མང་ དུ་གསུངས། འདིའི་རང་ལམ་གྱིས་ཚེ་ལོ་བརྒྱ་པའི་མིའི་སྐྱེ་བ་བཅུ་དྲུག་གི་ཡུན་ཚོད་ཙམ་ལ། དབང་པོ་རྣོ་ཤོས་ཀྱིས་ཕྱག་རྒྱ་ཆེན་པོ་འགྲུབ་པར་བཤད། དེའི་ཡུན་ཚད་ཉིས་འགྱུར་གྱིས་ས་ བཅུ་པ་ལ་སྦྱོར་བ་ཡིན་ནོ། །སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་འདི་གཉིས་ལ། ལས་ཚོགས་ཀྱི་ སྐབས་འགའ་རེ་མ་གཏོགས། དཀའ་སྤྱད་དང་ཁྲུས་སོགས་ཀྱི་གཙང་སྦྲ་མི་དགོས། གཙང་ རྨེ་མེད་པའི་སྤྱོད་པ་ཡང་མི་བྱེད་དོ། །དེ་ལྟར་རྒྱུད་སྡེ་དེ་གསུམ་གྱི་ལམ་གྱིས་ས་བཅུ་ཐོབ་པ་ ཡང༌། བླ་མེད་ལ་ཞུགས་ནས་སངས་རྒྱས་ལ་སྦྱོར་བ་ཡིན། རྣལ་འབྱོར་བླ་མེད་ཀྱི་ལམ་ནི། དབང་གི་དུས་ན། བུམ་དབང༌། གསང་དབང༌། ཤེར་དབང༌། དབང་བཞི་པ་སྟེ། དབང་བཞི་ རྫོགས་པ་དང༌། ལམ་བསྐྱེད་རིམ་མ་དག་པའི་སྣང་བ་དབྱིངས་སུ་སྦྱངས་པའི་དཀྱིལ་འཁོར་ 1-1-17 གྱི་འཁོར་ལོ་རྫོགས་པར་སྒོམ། དབང་དང་བསྐྱེད་རིམ་གཉིས་ཀ་ལ། ཡར་སངས་རྒྱས་དང་ རྣམ་པ་མཐུན་པའི་ལམ་དུ་བྱེད་ཚུལ་གཅིག་དང༌། མར་འཁོར་བ་དང་རྣམ་པ་མཐུན་པའི་དྲི་ མ་སྦྱོང་ཚུལ་གཅིག་སྟེ། སྦྱང་གཞི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས་ཞིབ་མོར་སྦྱོར། ཐུན་ མཚམས་སུ་སྣང་བ་ཐམས་ཅད་ལྷར་སྒོམ། བདག་བསྐྱེད་ཀྱི་ལྷ་མི་གཤེགས། རྫོགས་རིམ་ རྡོ་རྗེའི་ལུས་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་སྟོན། སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་སྤྱད་པས། འབྲས་བུ་ལ་སྦྱོར་བར་བཞེད། སྐྱེ་བ་སྔ་མར་ བསགས་སྦྱང་ཅན་མ་ཡིན་ཡང༌། བསམ་པའི་སྟོབས་ཆེ་བ་གཅིག་གིས་འབད་པས་བསྒོམས་ན། ཚེ་ལོ་བརྒྱ་པའི་མིའི་ཚེ་ གང་གཅིག་གི་ཡུན་ལ། ལམ་གཞན་ལ་མ་ལྟོས་པར་སངས་རྒྱས་ཀྱི་ས་ཐོབ་ནུས་ཏེ། དབང་ པོ་རྣོ་ཞིང་བར་ཆད་མེད་པའི་དབང་དུ་བྱས་པ་ཡིན་ནོ། །ལམ་དེ་རྣམས་སྟོན་བྱེད་ཀྱི་སྡེ་སྣོད་ སོ་སོ་གཙོ་ཆེ་བ་བོད་དུ་འགྱུར་བའི་རགས་རིམ་ཙམ་ངོས་བཟུང་ན། སོ་སོ་ཐར་བའི་མདོ། འདུལ་བའི་ལུང་སྡེ་བཞི། གདགས་པའི་བསྟན་བཅོས། མདོ་སྡེ་ལས་བརྒྱ་པ། རྟེན་འབྲེལ་གྱི་ མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་ལ་སོགས་པ་འཁོར་ལོ་དང་པོ་བདེན་ བཞིའི་ཆོས་འཁོར་གྱི་མདོ། ཆེ་ཆུང་སྡོམ་པ་ལྔ་བཅུ་ཙམ་ཡོད་དེ། ཉན་ཐོས་ལ་གསུངས་པ་ ཐེག་དམན་གྱི་སྡེ་སྣོད་དོ། །འབུམ་ཉི་ཁྲི་བརྒྱད་སྟོང་པ་སོགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་མདོ་རྣམས་ནི་འཁོར་ལོ་བར་བའི་མདོ་ཡིན་ཞིང༌། གྲངས་བཅུ་བདུན་ཙམ་ཡོད། སྙིང་ པོའི་མདོ་སྡེ་ཟབ་མོ་ཕྱིར་མི་ཟློག་པ་འཁོར་ལོའི་གཏམ་སྟོན་བྱེད་ཉི་ཤུ་ཙམ་ཡོད་པ་ནི། འཁོར་ ལོ་ཐ་མའི་མདོའི་གཙོ་བོ་ཡིན་ལ། གཞན་དཀོན་མཆོག་བརྩེགས་པ་དང༌། འདུས་པ་ཆེན་པོ་ དང༌། སྡོང་པོ་བཀོད་པ་དང༌། ཕལ་པོ་ཆེ་ཤས་ཆེ་བ་ཞིག་དང༌། བསྐལ་བཟང་དང༌། མ་སྐྱེས་ དགྲའི་འགྱོད་པ་བསལ་བ་སོགས་མདོ་སྡེ་ཕལ་ཆེ་བ་ཡང༌། ཐ་མ་ལེགས་པར་རྣམ་པར་ཕྱེ་ 1-1-18 བའི་ཆོས་འཁོར་གྱི་མདོ་ཡིན་ཏེ། འཁོར་ལོ་བར་མཐའ་གཉིས་བསྡོམས་པ་ལ་ཐེག་ཆེན་གྱི་ མདོ་ཞེས་གྲགས་ཤིང༌། ཡོངས་དྲིལ་མདོ་རྣམ་དག་སུམ་བརྒྱར་ཉེ་བ་བཞུགས། བྱ་རྒྱུད་ལ་ རིགས་དྲུག་ཡོད་པ་ལས། དམ་ཚིག་གསུམ་བཀོད་དང༌། འཇམ་དཔལ་རྩ་རྒྱུད་སོགས་དེ་ བཞིན་གཤེགས་པའི་རིགས། དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་དང༌། ཞལ་བཅུ་གཅིག་ པའི་གཟུངས་སོགས་པདྨའི་རིགས། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་སོགས་རྡོ་རྗེའི་རིགས། ནོར་རྒྱུན་མ་དང༌། ཛམྦྷ་ལའི་གཟུངས་སོགས་ནོར་བུའི་རིགས། མེ་ཁ་ལེའི་གཟུངས་སོགས་ ལྔ་རྩེན་གྱི་རིགས། ལྷ་ཀླུ་འབྱུང་པོ་ཕལ་པས་ཕུལ་བའི་གཟུངས་མང་པོ་རྣམས་འཇིག་རྟེན་ ཕལ་པའི་རིགས་སོ། །སྤྱོད་རྒྱུད་ལ་རིགས་གསུམ་ལས། སྐུའི་རིགས་ནི་རྣམ་སྣང་མངོན་ བྱང་དང༌། མི་གཡོ་བ་བརྟུལ་ཕོད་སོགས་ཡིན། གསུང་གི་རིགས་བོད་དུ་མ་འགྱུར། ཐུགས་ ཀྱི་རིགས་ཕྱག་རྡོར་དབང་བསྐུར་བའི་རྒྱུད་སོགས་སོ། །རྣལ་འབྱོར་རྒྱུད་ལ། ཕ་རྒྱུད་དེ་ཉིད་ བསྡུས་པ་དང༌། རྡོརྗེ་རྩེ་མོ་སོགས་དང༌། མ་རྒྱུད་དཔལ་མཆོག་དང་པོ་དང༌། རྡོ་རྗེ་སྙིང་རྒྱན་ སོགས་སོ། །བླ་མེད་ལ་ཕ་རྒྱུད་མ་རྒྱུད་གཉིས། ཕ་རྒྱུད་ལ་གསུམ་ལས། ཆགས་ཅན་རྗེས་སུ་ འཛིན་པའི་རྒྱུད་ནི། གསང་བ་འདུས་པ་དང༌། གཤིན་རྗེ་གཤེད་དམར་ནག་དང༌། རྣམ་སྣང་ སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་དང༌། ཞེ་སྡང་ཅན་ཚར་གཅོད་ཀྱི་རྒྱུད་ནི། འཇིགས་བྱེད་ཀྱི་རྟོག་ པ་བདུན་པ་ལྟ་བུ་དང༌། གཏི་མུག་ཅན་རྗེས་སུ་འཛིན་པའི་རྒྱུད་ནི། འཇམ་དཔལ་སྒྱུ་འཕྲུལ་ དྲ་བ་ཡིན་པ་ལས། ཕྱོགས་འདིར་ནི་མཚན་བརྗོད་ཙམ་ཞིག་འགྱུར་རོ། །མ་རྒྱུད་ལ་རིགས་ དྲུག་ལས། བདེ་མཆོགདགྱེས་རྡོར། མ་ཧཱ་མཱ་ཡ། སངས་རྒྱས་ཐོད་པ། རྡོ་རྗེ་ཨ་རལླི། ར་ཥི་ཨ་ རལླི། ཕྱག་ཆེན་ཐིག་ལེ་སོགས་ཧེ་རུ་ཀའི་རིགས། གདན་བཞི་རྣམ་སྣང་གི་རིགས། རིགས་ ཀྱི་འཇིག་རྟེན་མགོན་པོ་པདྨའི་རིགས། རྡོ་རྗེ་བདུད་རྩི་རིན་ཆེན་འབྱུང་ལྡན་གྱི་རིགས། སྒྲོལ་ མ་བླ་མེད་སོགས་རྟའི་རྒྱལ་པོའི་རིགས། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་དང༌། 1-1-19 ཟླ་གསང་ཐིག་ལེ་རྡོ་རྗེ་སེམས་དཔའི་རིགས་ཡིན་ལ། དཔལ་དུས་ཀྱི་འཁོར་ལོ་ཡང༌། ཧེ་རུ་ ཀ་དང་རྡོ་རྗེ་སེམས་དཔའི་རིགས་གཉིས་ཀ་ལ་བརྟེན་པ་ལྟར་ཡོད་ཀྱང༌། རྡོ་རྗེ་སེམས་དཔའི་ རིགས་ཉིད་ཡིན་ནོ། །ཅི་སྟེ་རྣལ་འབྱོར་བླ་མེད་ལ་རིགས་གསུམ་དུ་ངེས་པར་འབྱེད་ན་ནི། གཉིས་མེད་རྒྱུད་ཀྱི་ངོས་འཛིན་དུས་འཁོར་ཁོ་ན་ལ་བྱེད་དགོས་ཏེ། ཐབས་ཤེས་རབ་ཀྱི་ཕན་ ཚུན་རྒྱས་གདབ་མང་པོ་དུས་འཁོར་ནས་གསུངས་ལ། དུས་འཁོར་ལ་ལྟོས་ན་རྒྱུད་སྡེ་གཞན་ རྣམས་རྒྱས་གདབ་དེ་བསྡུས་པས་སོ། །འོན་ཀྱང༌། བླ་མེད་ཀྱི་རྒྱུད་ལ་ཐབས་རྒྱུད་དང༌། ཤེས་ རབ་ཀྱི་རྒྱུད་དང༌། གཉིས་མེད་ཀྱི་རྒྱུད་གསུམ་དུ་འབྱེད་པ་ནི། བོད་ཀྱིས་བརྟགས་པའི་རྣམ་ རྟོག་ཙམ་མོ། །ཕ་མ་གཉིས་ཀྱི་ཁྱད་པར་ནི་ལྷ་ཡབ་ཀྱི་དཀྱིལ་འཁོར་དང་སྔགས་དང་ཆོ་ག་ཁོ་ ན་རྩལ་དུ་འདོན་པ་ནི། ཐབས་ཀྱི་རྒྱུད་ཡིན་ལ། ལྷ་ཡུམ་གྱི་དཀྱིལ་འཁོར་དང༌། སྔགས་དང་ ཆོ་ག་ཁོ་ན་རྩལ་དུ་འདོན་པའམ། ཡབ་ཡུམ་གཉིས་ཀའི་དཀྱིལ་འཁོར་དང་སྔགས་དང་ཕྱག་ རྒྱ་ཆ་མཉམ་པར་རྩལ་དུ་འདོན་པ་ནི་རྣལ་འབྱོར་མའི་རྒྱུད་ཡིན་ཏེ། བདེ་དགྱེས་དུས་འཁོར་ སོགས་མ་རྒྱུད་གཙོ་ཆེ་བ་ཕལ་ཆེར་ལས་ཆ་མཉམ་དུ་སྟོན་ལ། གདན་བཞི་སོགས་འགའ་ ཞིག་ལས་ཡུམ་ཁོ་ན་རྩལ་དུ་འདོན་ནོ། །དེ་ལྟར་ན་དངོས་བསྟན་ཚིག་ཟིན་གྱི་དབང་དུ་བྱས་ ན། བླ་མེད་ཀྱི་རྒྱུད་རྣམས་ལ་ཡང་ཟབ་མི་ཟབ་ཀྱི་ཁྱད་ཡོད་ལ། ཕ་རྒྱུད་ནས་བཤད་པའི་ཟབ་ དོན་རྣམས། མ་རྒྱུད་ལ་ཡང་ཡོད་ཅིང༌། ཕ་རྒྱུད་ནས་མ་བཤད་པའི་ཐུན་མོང་མ་ཡིན་པའི་ཁྱད་ ཆོས་འགའ་རེ་ཡང༌། མ་རྒྱུད་ལ་སྣང་བས། རྣལ་འབྱོར་མའི་རྒྱུད་ཉིད་མཆོག་ཏུ་བྱའོ། །འོན་ ཀྱང་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་རྣམ་པར་ཕྱེ་བ་དང༌། བླ་མ་དམ་པའི་མན་ངག་གིས་ བཀྲལ་ན་ནི། བླ་མེད་ཀྱི་རྒྱུད་ཐམས་ཅད་དགོངས་པ་གཅིག་ཏུ་འགྱུར་བའི་ཕྱིར། མཆོག་ དམན་གྱི་དབྱེ་བ་ཐུབ་པར་དཀའ་འོ། ། 1-1-20 ༤ དཔལ་ཇོ་ནང་པའི་ཆོས་ཀྱི་བྱུང་ཚུལ། མདོ་སྔགས་ཀྱི་ལམ་ལའང་སྤྱིར་ལྟ་སྤྱོད་སྒོམ་གསུམ་ཐད་ནས་ཁྱད་འབྱེད་ལུགས་ཆེས་ མང་ནའང་འདིར་རང་རེའི་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་འབྱུང་ཚུལ་དང་ཉམས་ལེན་བྱེད་ ཚུལ་ཙམ་མདོར་བསྡུས་པ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་ གདུལ་བྱ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ བའི་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་ སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་ མཛད། །ཅེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས། དབུ་མ་རིན་ཆེན་ཕྲེང་བར་ཡང༌། བརྡ་སྤྲོད་པ་ དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ ཙམ་བཟོད་པའི་ཆོས་སྟོན་ཏོ། །ཅེས་གསུངས་པ་ལྟར། སྨན་པ་མཁས་པས་ནད་པའི་ཁམས་ བརྟགས་ནས་སྨན་སྟེར་བ་ལྟར་དང༌། བརྡ་སྤྲོད་པའི་སློབ་དཔོན་གྱིས་ཡི་གེ་ཕྱི་མོ་ཀློག་ཏུ་ འཇུག་པ་བཞིན། ཐམས་ཅད་མཁྱེན་པས་གདུལ་བྱའི་ཁམས་དབང་དང་མཐུན་པར་ཆོས་ སྒོ་སྣ་ཚོགས་དེ་ལུགས་གསུངས་ཤིང༌། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་ དྭགས་ཀྱི་ནགས་སུ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་ པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སོ་ཐར་གྱི་མདོ། འདུལ་ལུང་སྡེ་བཞི། ལས་བརྒྱ་ པ། རྟེན་འབྲེལ་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་སྡོམ་ པ་ལྔ་བཅུ་ཙམ་གྱིས་མཚོན་ཐེག་དམན་གྱི་སྡེ་སྣོད་དཔག་ཏུ་མེད་པའི་ཆོས་འཁོར་བསྐོར་བ་དེ་ དག་ནི། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་ 1-1-21 པ་ཡིན་པར་བཅོམ་ལྡན་འདས་ཀྱིས་མདོ་དགོངས་པ་ངེས་འགྲེལ་ལས་གསུངས་སོ། ། ཁྱད་པར་ཐེག་ཆེན་གྱི་ཆོས་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་ནི་རྒྱུ་ཕར་ ཕྱིན་ཐེག་པ་བཀའ་བར་ཐ་གཉིས་སུ་གསུངས་པ་ཡང༌། ཡུལ་བྱ་རྒོད་ཕུང་རི་སོགས་སུ་གདུལ་ བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་བཀའ་བར་བ་མཚན་ ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་འབྲིང་ བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་གྲངས་བཅུ་བདུན་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ ཡས་པའི་ཆོས་འཁོར་བསྐོར་བ་དེ་ཡང་བླ་ན་མཆིས་པ་སོགས་རྩོད་གཞིར་གྱུར་པའི་བར་གོང་ ལྟར་གསུངས་ཤིང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་དབང་པོ་རབ་ཀྱི་མཐར་ཐུག་པ་ ཐེག་ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ ལེགས་པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ཆོས་ཀྱི་ འཁོར་ལོ་ཤེར་ཕྱིན་ཉི་ཁྲི་ལྔ་སྟོང་པའི་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་དང༌། མདོ་དགོངས་པ་ངེས་པར་འགྲེལ་བ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་བཀོད་ པ་དང༌། ཕལ་བོ་ཆེ་རྣམས་སུ་ཐུན་མོང་དང་གོ་བསྟུན་པ་རྣམས་བཤད། དེ་བཞིན་གཤེགས་ པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་སེང་གེ་སྒྲས་ཞུས་པའི་མདོ་ལ་སོགས་འཕགས་པ་ དཀོན་མཆོག་བརྩེགས་པའི་ནང་ཚན་འགའ་ཞིག་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང༌། འཕེལ་བ་དང་འགྲིབ་པ་མེད་པར་བསྟན་པའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་ གཟུངས་དང༌། གསེར་འོད་དམ་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དང༌། ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་དང༌། སོར་མོའི་ཕྲེང་བ་ལ་ཕན་ པའི་མདོ་དང༌། འཕགས་པ་སྤྲིན་ཆེན་པོ་དང༌། འཕགས་པ་དཀོན་མཆོག་སྤྲིན་དང༌། འཕགས་ 1-1-22 པ་རྔ་བོ་ཆེའི་ལེའུ་ཞེས་བྱ་བའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། རབ་ཏུ་ཞི་བ་ རྣམ་ངེས་ཀྱི་ཏིང་ངེ་འཛིན་གྱི་མདོ་ལ་སོགས་པ་རྣམ་གྲངས་ཉེར་གཅིག་ཙམ་གྱིས་མཚོན་སྡེ་ སྣོད་མཐའ་ཀླས་པ་གསུངས་པའི་ཆོས་འཁོར་བསྐོར་བ་གང་དེ། བླ་ན་མ་མཆིས་པ། སྐབས་ མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་ རང་གི་དགོངས་པ་ལེགས་པར་འགྲེལ་ཚུལ་གྱིས་དཔལ་གྱི་མགུར་ནས་བཀའ་བསྩལ་པའོ། །དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་ བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་པ་ ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ཙམ་ དུ་ཤེས་ནས་ཕྱི་དོན་མེད་པར་གཏན་ལ་ཕབ། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ ལ་ཕབ་སྟེ། སེམས་ཙམ་གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་བདེན་ ཞེན་བཟློག་ནས་དངོས་སྨྲས་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་སྤྲོས་ བྲལ་རང་བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་དོན་ དམ་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས། བདེན་མེད་ སྤྲོས་བྲལ་གྱི་ཆ་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ཁམས་ མཐར་ཐུག་གི་ཆོས་ཉིད་འོད་གསལ་དབྱིངས་ཡེ་ཟུང་འཇུག་ངེས་པ་དོན་གྱི་ཐེག་པ་ཆེན་པོ་ ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་པའི་ཆོས་ཀྱི་མཛོད་ཆེན་པོ་འདི་ནམ་ཡང་མཐོང་ཚུལ་ མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་དོན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཉི་མ་ ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང༌། 1-1-23 །དེ་དག་རང་གི་ཡོན་ཏན་བྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་ པའི་སྙིང་པོ་དགེ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་འགྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར། ཉི་ཟླའི་རིགས་ཀྱི་ནོར་བུ་ལ་ཉི་ཟླའི་འོད་ཀྱིས་ཕོག་པས་རང་འོད་ ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་བརྟེན་ནས་རིགས་ཁམས་བདེ་གཤེགས་ སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་ཟག་མེད་ཡེ་ཤེས་ཀྱི་ཆོས་མཐའ་ཡས་པའི་སྐུ་དང་ ཞིང་ཁམས་ཀྱི་བཀོད་པ་ཆ་མེད་ཀུན་ཁྱབ་ཅིག་ཅར་རབ་འབྱམས་ཀྱི་སྣང་བའི་ཆོས་ཀྱི་གཏེར་ མཛོད་ཆེན་པོ་མངོན་དུ་གྱུར་པའི་ཚུལ་འདི་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་ལེགས་པར་ གྲུབ་ཕྱིར་ངེས་དོན་དབུ་མ་ཆེན་པོའི་ཆོས་ཀྱི་ཁུངས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་འདི་གའོ། །སྟོན་པས་ཆོས་འཁོར་གསུམ་པོ་བསྐོར་ཟིན་མི་རིང་བ་ན་ཐུན་མོང་ངོར་ཐེག་ཆེན་གྱི་སྡེ་སྣོད་ རྣམས་ནི་ལྷ་ཀླུ་སོགས་ཀྱིས་རང་རང་གི་གནས་སུ་སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་ བཞུགས་ལ། ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་དགེ་སྦྱོང་གི་འབྲས་བུ་བཞི་པོ་མངོན་དུ་ བྱེད་པའི་འཕགས་ཚོགས་ཀྱི་འདུས་སྡེ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། རྒྱལ་བ་མྱ་ངན་ལས་ འདས་རྗེས་སུ་དགྲ་བཅོམ་འོད་སྲུང་ཆེན་པོས་ཐེག་དམན་གྱི་བཀའ་བསྡུ་དང་པོ་མཛད་དེ་ ཁོང་དང་བཅས་གཏད་རབས་བདུན་གྱིས་ཐེག་དམན་གྱི་བསྟན་པ་བསྐྱངས་རྗེས་མི་རིང་བ་ ན་ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་དཔལ་གྱི་སྤྲུལ་པའི་དགེ་སློང་ གིས་ཐེག་ཆེན་གྱི་ཆོས་བསྟན། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་བ་མདོ་ལུགས་པས་ ཤེར་ཕྱིན་བརྒྱད་སྟོང་པ་དང༌། སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་འདུས་པ་ཡིན་ཟེར་ཏེ། འདི་ སྐབས་སུ་སྔར་སྟོན་པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་གཞན་ན་བཞུགས་ པ་ལས་ཅི་རིགས་མི་ཡུལ་དུ་སླར་ཡང་དར་བའི་ཐོག་མ་ཡིན་གསུངས། དེ་ནས་ཐེག་དམན་གྱི་ བསྟན་པ་ལ་རྩོད་གཞི་བྱུང་ནས་རིམ་བཞིན་ཐེག་དམན་གྱི་སྡེ་བཞི་དང༌། བཅོ་བརྒྱད་དུ་སོ་ 1-1-24 སོར་གྱེས་ཤིང་འབྲས་བུ་ཐོབ་པའང་ཤིན་ཏུ་ཉུང་སྐབས་སུ། དགྲ་བཅོམ་པ་དང༌། སྡེ་སྣོད་ འཛིན་པའི་བཙུན་པ་དུ་མས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ་ཉན་ཐོས་སྡེ་བཅོ་ བརྒྱད་ཀྱི་ལུགས་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང༌། མདོ་དང་མངོན་པ་སྔར་ཡི་གེར་མ་ འཁོད་པ་རྣམས་ཡི་གེར་བཀོད། འཁོད་པ་རྣམས་ལ་དག་ཐེར་བྱས་སོ། །འདིའི་གོང་ཞིག་ཏུ་ ཁ་ཆེའི་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་བཅས་བྱོན་པའང་མདོ་སྡེ་བའི་ཐོག་མའོ། །ཐེག་དམན་བཀའ་བསྡུ་གསུམ་པའི་འོག་ཞིག་ཏུ་སླར་ཡང་ཐེག་ཆེན་གྱི་ཆོས་སྨྲ་བའི་བཙུན་ པ་ཨ་བི་ཏརྐ་སོགས་ལྔ་བརྒྱ་ཙམ་བྱོན་ཏེ། གནས་སོ་སོ་ནས་མདོ་སྡེ་མང་པོ་སྤྱན་དྲངས་པའི་ ཚུལ་གྱིས་སླར་ཡང་དར་བར་མཛད་ཅིང༌། ཐེག་ཆེན་སྡེ་བ་དངོས་སྨྲའི་སེམས་ཙམ་ལུགས་ ཀྱང་འདི་ནས་འབྱུང༌། དེ་རྗེས་དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་དར་བར་ མཛད། དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་བྱོན་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ཀུན་ དགའ་བོ་ལི་ཙ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་ གྱུར་ནས། ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་ བྱ་བའི་འཇིག་རྟེན་གྱི་ཁམས་སུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་སངས་རྒྱས་སུ་འགྱུར་ རོ། །ཞེས་ལུང་བསྟན་ལ། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏེའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་ པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། དེ་བཞིན་དུ་རྔ་བོ་ཆེའི་ མདོ་ལས། ས་བརྒྱད་པ་ལ་གནས་པར་ལུང་བསྟན་པ་ཡང་གསུངས། གཞན་ཡང་འཇམ་ དཔལ་རྩརྒྱུད་ལས། བདེ་གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། 1-1-25 །བསྟན་པ་འདི་ལ་ཕན་དགའ་བའི། །དགེ་སློང་ཀླུ་ཞེས་བྱ་བ་བྱུང༌། །རབ་ཏུ་དགའ་བའི་ས་ ཐོབ་ནས། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །དེ་ནས་བདག་ཉིད་ཆེན་པོ་དེ། །རྨ་བྱ་ཞེས་བྱའི་ རིག་སྔགས་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ཉིད་ རིག །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་དེ་སྐྱེའོ། །དེ་ཡི་རྗེས་ཐོགས་ཉིད་དུ་ནི། །སངས་རྒྱས་ཉིད་ནི་ངེས་པར་འཐོབ། །ཅེས་གསུངས། སྟོན་པ་མྱ་ངན་ལས་འདས་ནས་ལོ་ བཞི་བརྒྱ་ལོན་པ་ན་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་ལོ་དྲུག་བརྒྱ་ལ་བཞུགས་པར་གསུངས་ ཤིང༌། སློབ་དཔོན་འདིའི་བཀའ་དང་པོའི་གཙོར་བསྟན་ཐུན་མོང་བདེན་པ་བཞིའི་དགོངས་པ་ འཆད་བྱེད་གཏམ་ཚོགས་དང༌། བཀའ་བར་བའི་གཙོར་བསྟན་དབུ་མ་རང་སྟོང་གི་དགོངས་ པ་འཆད་བྱེད་རིགས་ཚོགས་དང༌། བཀའ་ཐ་མའི་གཙོར་བསྟན་དབུ་མ་གཞན་སྟོང་གི་ དགོངས་པ་འཆད་བྱེད་བསྟོད་ཚོགས་རྣམས་བརྩམས་པའི་སྒོ་ནས་རྒྱལ་བའི་དགོངས་པ་ མཐར་ཐུག་གཞན་སྟོང་དབུ་མའི་ཚུལ་གསལ་བར་མཛད་དོ། །འདིའི་སློབ་མ། ཨཱརྱ་དེ་བ། དཔའ་བོ། ལེགས་ལྡན། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་ཟླ་བྲལ་གྱི་མཁས་པ་ མང་དུ་བྱོན། ཞི་བ་འཚོས་དབུ་མ་རྒྱན། ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ ལས་དབུ་མ་སྣང་བ་མཛད་ཅིང༌། དེ་གསུམ་ལ་རང་རྒྱུད་ཤར་གསུམ་མཁན་པོར་གྲགས། རྒྱལ་བའི་དགོངས་པ་མཐར་ཐུག་གི་ངེས་གསང་རྙེད་ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་ འབྱེད་པ་ལ་མཆོག་ཏུ་བསྔགས་པ་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་ བའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་པ་ཡང་བྱོན་པ་སྟེ། འཇམ་དཔལ་རྩ་ རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་འཕགས་པ་ཐོགས་མེད་བྱོན་ནས་ ལོ་བརྒྱ་དང་ལྔ་བཅུར་བཞུགས་པར་གསུངས་པ་དང། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་ 1-1-26 དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་ བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་འགྱུར། །བསྟན་པ་ཡུན་རིང་གནས་ བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་གིས་བསྔགས་པ་ འཕགས་པ་ཐོགས་མེད་ནི། ཡི་དམ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་བྲམ་ཟེ་མོ་ གསལ་བའི་ངང་ཚུལ་མ་ཞེས་པའི་སྲས་སུ་འཁྲུངས་ཏེ་རྒྱལ་རིགས་སུ་གྱུར་པའི་སྐྱེས་བུ་རིག་ གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྡེའི་དོན་ཕལ་ཆེར་ཐུགས་སུ་ཆུད་པར་བྱས་ ནས་ཤེར་ཕྱིན་གྱི་དགོངས་དོན་རྟོགས་དཀའ་བར་དགོངས་ཏེ། དེའི་དོན་དུ་ལྷག་པའི་ལྷ་ཞལ་ མཐོང་ཆེད་སློབ་དཔོན་ཨརྷ་ཏ་ལ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་ པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ། །དེ་ནས་རི་བོ་བྱ་རྐང་ཅན་དུ་གྲགས་པའི་ཕུག་ཅིག་ ཏུ་ལོ་བཅུ་གཉིས་སུ་འཕགས་པ་བྱམས་པ་བསྒྲུབས་ཏེ་ཞལ་མཐོང་ནས་ཅི་འདོད་གསུངས་པ་ ལ། ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས་ པ་ལྟར་འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབས་ནས་ལོ་ཉེར་ལྔར་བཞུགས་ཏེ་ཐེག་པ་ ཆེན་པོའི་ཆོས་མཐའ་དག་གསན་ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ཚབ་ བྱམས་པས་འཁོར་ལོ་ཐ་མའི་དགོངས་དོན་གཙོ་བོར་བྱས་ཏེ། ཐེག་ཆེན་མདོ་སྡེ་སྤྱིའི་དགོངས་ འགྲེལ། རྒྱུད་བླ་མ། འབྱེད་རྣམ་གཉིས། རྒྱན་རྣམ་གཉིས། བྱམས་ཆོས་ལྔས་རྒྱལ་བའི་ དགོངས་པ་མཐར་ཐུག་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་ སྒོམ་གྱི་ཚུལ་གསལ་བར་བྱས་ཏེ་སླར་མི་ཡུལ་དུ་བྱོན་ནས་བྱམས་ཆོས་དག་གི་དགོངས་ 1-1-27 འགྲེལ་ས་སྡེ་ལྔ་སོགས་བསྟན་བཅོས་དུ་མ་བརྩམས་ཏེ་ངེས་དོན་གཞན་སྟོང་དབུ་མའི་ཤིང་ རྟའི་སྲོལ་རླབས་ཆེན་དར་བར་མཛད་དོ། །སློབ་དཔོན་འདིའི་གཅུང་དབྱིག་གཉེན་ཡང་བྲམ་ ཟེའི་རིགས་ལས་བྱུང་བའི་ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ། ཁོང་གིས་ཉན་ཐོས་ཀྱི་སྡེ་སྣོད་ མཐའ་དག་ཐུགས་སུ་ཆུད་པས་ཐེག་ཆེན་ལ་མི་མོས་ཀྱང༌། ཐོགས་མེད་དངོས་སློབ་གཉིས་ ཀྱིས་མདོ་སྡེ་བློ་གྲོས་མི་བཟད་པ་དང༌། ས་བཅུ་པ་གཉིས་གསུང་སྒྲོགས་བྱེད་པ་ཐོས་པའི་ རྐྱེན་གྱིས་ཐེག་ཆེན་ལ་མོས་པའི་ཐུགས་བློ་གཏིང་ནས་བྱུང་སྟེ། འཕགས་པ་མཆོག་གི་དྲུང་ ནས་ཐེག་ཆེན་གྱི་ཆོས་ཚར་གཅིག་གསན་ཙམ་གྱིས་དགོངས་དོན་ཐུགས་སུ་ཆུད་འདིས་ཐེག་ ཆེན་སྤྱི་དང་ཁྱད་པར་ངེས་དོན་ཟབ་མོའི་གནད་གསང་ལེགས་པར་བཀྲལ་བྱེད་དུ། ཡུམ་ གསུམ་གནོད་འཇོམས་དང༌། བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀཱ་ར་ཎ་སྡེ་ བརྒྱད་རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཞེས་གྲགས་པ་སོགས་བསྟན་བཅོས་དུ་ མ་མཛད། སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་ གླང་པོ། འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་ པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ་རྣམས་སོ། །དེ་ནས་གཞན་སྟོང་ དབུ་མའི་བརྒྱུད་འཛིན་རིམ་པར་བྱོན་པ་གངྒ་མཻ་དྲིའི་ཞབས། ཨ་ཝ་དྷཱུ་ཏི་པ་ཆེན་པོ་དགའ་བ་ གྲགས་པའི་དཔལ། ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས། རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་ སཛྫ་ན་ཞེས་བྱ་བའི་བར་གྱིས་འཁོར་ལོ་ཐ་མའི་དགོངས་དོན་འཕགས་ཡུལ་དུ་དར་བར་ མཛད་ཅིང༌། གངས་ལྗོངས་སུ་ཡང་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ། བཙན་རིགས་ཁ་བོ་ཆེ་དྲི་ མེད་ཤེས་རབ། ལ་སྟོད་པ་དར་མ་བརྩོན་འགྲུས། དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཇད་སྟོན་སྐུ་མཆེད་ཟུང་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། སྐྱོ་སྟོན་པ་སྨོན་ལམ་ ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་པ་སྟེ། ཀུན་མཁྱེན་ཇོ་ནང་པའི་བར་དུ་ 1-1-28 བརྒྱུད་པ་བར་མ་ཆད་ཅིང་བརྒྱུད་ཚུལ་གཞན་དུ་མའི་སྒོ་ནས་རྒྱུ་ཕར་ཕྱིན་ཐེག་པ་ལས་ངེས་ དོན་ཟབ་མོའི་ལུགས་བཟང་འཕགས་བོད་དུ་བྱུང་བའི་ཚུལ་མང་ངོ༌། ། ༥ གཞན་སྟོང་དབུ་མའི་ལྟ་བ་སྔགས་ཕྱོགས་ནས་བརྒྱུད་ཚུལ། གཞན་སྟོང་དབུ་མའི་ལྟ་བ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ནི། རྒྱུད་ལས། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་ པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཅེས་གསུངས་པ་ལྟར་ སྔར་སྟོན་པས་ཕར་ཕྱིན་ཐེག་པར་ངེས་དོན་ཆོས་ཉིད་བདེ་གཤེགས་སྙིང་པོ་གནས་ལུགས་ མཐར་ཐུག་ཏུ་བསྟན་པ་ཉིད་འདིར་གསང་ཆེན་བླ་མེད་ཐེག་པའི་སྐབས་སུ་ཤིན་ཏུ་རྣམ་པར་ དག་པའི་ཆོས་ཉིད་གདོད་མ་ནས་གྲོལ་བ་ཆེན་པོ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དོན་ དམ་པའི་རྣམ་པ་ཀུན་གྱི་བདག་ཉིད་ཅན། ཞེས་པའི་མཚན་གྱིས་གཞིའི་ཆོས་ཉིད་གཤེགས་ སྙིང་དུ་ལེགས་པར་བསྟན་པའང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ཉིད་བདེ་ སྟོང་ཟུང་འཇུག་གི་ངོ་བོར་མངོན་དུ་བྱེད་པའི་ཐབས་དྲུག་ལྡན་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་གསང་ཆེན་བླ་མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོ་ སྟོན་པ་ཉིད་ཆོས་དབྱིངས་གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་གནས་འགྱུར་ཏེ་ ཐུན་མོང་མ་ཡིན་པའི་སྔགས་ཀྱི་གདུལ་བྱ་མཆོག་རྣམས་ལ་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་ འཁོར་ལོའི་གསང་སྔགས་ཀྱི་ཉེ་ལམ་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་འདིའི་ཚུལ་ ཡང༌། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་ པ། །ཡེ་ཤེས་སྐུ་སྟེ་རང་འབྱུང་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་ བདག་ཉིད་ཅན། །ཞེས་གསུངས་པའི་དགོངས་པ་དང་གཅིག་པར། དུས་འཁོར་རྩ་རྒྱུད་ལས། 1-1-29 །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་གནས་ ལུགས་བདེ་གཤེགས་སྙིང་པོ་གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་མཆོག་གི་དང་པོའི་ སངས་རྒྱས་འདུས་མ་བྱས་པ་རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་ཕྱག་ རྒྱ་ཆེན་པོ་མི་འགྱུར་བདེ་བ་མཆོག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོ་ གཞི་འབྲས་དབྱེར་མེད་ཀྱི་ངོ་བོ་འདི་ཀ་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་མངོན་དུ་བྱ་ བའི་ཚུལ་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་ རབ་བསྟན། །ཞེས་གསུངས་པ་ལྟར་སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་ཕུང་རིར་ ཤེར་ཕྱིན་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་བ་སྔགས་ཀྱི་ཆོས་ ཐུན་མིན་ངོར་གསུངས་པ་ཡང༌། བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་མཆོད་ རྟེན་ཆེན་པོར་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། །ཞེས་པ་ལྟར་རོ། ། དེ་ཡང་སྟོན་པ་ཤཱཀྱའི་རྒྱལ་པོས་སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོརྗེ་ནག་པ་ཟླ་བའི་ཉ་ ལ། འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའམ་ཕལ་སྐད་ལ་ཨསྟུ་ཀ་ ཡ་ཟེར་བའི་གླིང་ཕྲན་དུ་གྲོང་ཁྱེར་དཔལ་ཡོན་ཅན་ཞེས་ཤིན་ཏུ་རྒྱ་ཆེ་བའི་འགྲམ་ན་སྔོན་གྱི་ སངས་རྒྱས་གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས། འབྲས་སོ་བའི་ཆར་གྱི་རྒྱུ་ལས་ ལྷ་ཆེན་རྣམས་ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་ མོར་གཤེགས། དེ་ཚེ་འཁོར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ དཔག་ཏུ་མེད་པ་དང༌། ལྷ་ཆེན་བཅུ་གཉིས་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་ 1-1-30 གྲངས་མེད་པ་འདུས། ཆུ་བོ་སཱི་ཏིའི་བྱང་ཕྱོགས་ཀྱི་སྔགས་ཞིང་ཤམ་བྷ་ལའི་རྒྱལ་པོ་ཤཱཀྱའི་ རིགས་སུ་འཁྲུངས་པ་ཆོས་རྒྱལ་ཉི་མའི་འོད་ཀྱི་སྲས་རྒྱལ་སྲིད་བསྐྱངས་ནས་ལོ་གོ་དགུ་ བཞེས་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཆོས་རྒྱལ་ཟླ་བ་བཟང་པོ་ལ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པས་བསྐོར་བ་དང་བཅས་ཏེ་རྫུ་འཕྲུལ་གྱིས་དྷ་ན་ ཤྲཱིའི་གླིང་དུ་འོངས་ཏེ། ཟླ་བ་བཟང་པོས་ཞུས་པའི་ངོར་མཆོད་རྟེན་གྱི་བུམ་པའི་ནང་དུ་འོག་ ཏུ་བསྡུས་རྒྱུད་ལས་བསྟན་པའི་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་ཚང་བའི་དུས་ཀྱི་འཁོར་ལོའི་ དཀྱིལ་འཁོར་འདི་ནི་ཆོས་དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལྷ་བདུན་བརྒྱ་ཉེར་གཉིས་ཀྱི་རྣམ་པ་མངོན་པར་ སྤྲུལ་པ་དང༌། བར་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༌། དེའི་སྟེང་དུ་སྟོན་པ་ཉིད་ཀྱིས་རྩ་ རྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ནི། སྲུང་འཁོར་གཅིག་གི་ནང་དུ་ དབུས་སུ་གཞལ་ཡས་ཁང་གཅིག་ལ་གཙོ་བོ་དུས་ཀྱི་འཁོར་ལོ་ཡབ་ཡུམ་འཁོར་དང་བཅས་ པ་ལྷ་ཚོགས་སྟོང་དང་དྲུག་པ་ཅན། གཞལ་ཡས་ཁང་དེའི་ཕྱོགས་མཚམས་སུ་སྡོམ་པ་ཆེན་པོ་ དང༌། གསང་འདུས་རིགས་དྲུག་གི་དཀྱིལ་འཁོར་དྲུག་དང༌། སྒྱུ་འཕྲུལ་དྲ་བ་རིགས་གསུམ་ གྱི་དཀྱིལ་འཁོར་གསུམ་དང་བཅུ་གཅིག་སྟེ་དེ་དག་གི་ལྷ་ཚོགས་རྣམས་བསྡོམས་པས་དྲུག་ བརྒྱ་བཅུ་གཉིས་ཏེ། སྔ་མ་དང་བསྡོམས་པས་སྟོང་དང་དྲུག་བརྒྱ་བཅོ་བརྒྱད། དེའི་སྟེང་དུ་ སྡོམ་ཆེན་གྱི་གཙོ་བོ་དང་ངོ་བོ་གཅིག་པའི་གསུང་དབང་གི་གཙོ་བོ་ཡབ་ཡུམ་གཉིས་བསྣན་ པས། དུས་མཉམ་དུ་བསྐྱེད་རྒྱུའི་དཀྱིལ་འཁོར་བཅུ་གཅིག་གི་ལྷ་ཚོགས་སྟོང་དང་དྲུག་བརྒྱ་ ཉི་ཤུ་ཐམ་པ་ཅན་གྱི་དཀྱིལ་འཁོར་འདི་ལ་རྒྱུ་སྐར་གྱི་ཆུ་ཚོད་ཀྱི་གྲངས་དང་མཚུངས་པའི་ལྷ་ ཚོགས་ཅན་གྱི་དཀྱིལ་འཁོར་མངོན་པར་སྤྲུལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་ པའི་དབང་བསྐུར་ནས་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་སྣོད་རུང་དུ་མཛད་དེ། རྗེས་སྔགས་ 1-1-31 ཀྱི་སྡེབ་སྦྱོར་གྱི་སྒོ་ནས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་ བཅུ་གཉིས་པ་དང༌། དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་མཐའ་དག་གསུངས། གཞན་ ཡང་གསང་བ་འདུས་པའི་རྒྱུད་སྟོང་ཕྲག་ཉེར་ལྔ་པ། རྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་དྲུག་པ། གདན་བཞིའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ། སངས་རྒྱས་ཐོད་པའི་རྒྱུད་སྟོང་ཕྲག་བཅུ་ གཉིས་པ། མ་ཧཱ་མ་ཡའི་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ། རྣལ་འབྱོར་རིག་པའི་རྒྱུད་སྟོང་ཕྲག་ སུམ་ཅུ་རྩ་དྲུག་པ། བདེ་མཆོག་མངོན་བརྗོད་འབུམ་པ། ཀྱཻ་རྡོར་འབུམ་ཕྲག་ལྔ་པ། རྡོ་རྗེ་ བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། བླ་མེད་ཀྱི་རྒྱུད་རྣམས་མདུན་ཞལ་ཐུགས་རྡོ་ རྗེ་དང༌། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་རྣམས་དང༌། རྒྱུད་མཐའ་དག་ཡང་བསྐྱར་ དུ་གསུངས་ནས་ཟླ་བ་བཟང་པོ་ལ་གཏད། དེ་དུས་མི་དང་མི་མ་ཡིན་གྲངས་ལས་འདས་པ་ ལ་འདོད་པའི་དངོས་གྲུབ་ཐོབ། ཟླ་བ་བཟང་པོས་རྒྱུད་མཐའ་དག་ཤམྦྷ་ལར་སྤྱན་དྲངས་ཏེ་ ཡི་གེར་བྲིས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྩ་རྒྱུད་གསུངས་པའི་ལོ་གཉིས་པ་ལ་མ་ལ་ཡའི་སྐྱེད་མོས་ཚལ་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ ལས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་ པ་བཞེངས་ཏེ། ཁོང་གི་སྲས་སའི་སྙིང་པོའི་སྤྲུལ་པ་ཆོས་རྒྱལ་ལྷའི་དབང་པོ་རྒྱལ་སྲིད་དུ་ བསྐོས་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན། ཆོས་རྒྱལ་ལྷ་དབང་ གི་རྗེས་སུ་རིམ་བཞིན། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་ཆོས་རྒྱལ་གཟི་བརྗིད་ཅན། སྒྲིབ་ པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བའི་བྱིན། ཤེས་རབ་མཐར་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུགཔདྨ་ མཐར་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན། ཆོས་རྒྱལ་ལྷ་དབང་ནས་འདིའི་བར་གྱི་ཆོས་རྒྱལ་དྲུག་བྱོན་ཏེ། ལོ་བརྒྱ་བརྒྱའི་བར་དུ་རྩ་ རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན། དེའི་རྗེས་སུ་ལྷའི་དབང་ལྡན་གྱི་སྲས་རིགས་ལྡན་ 1-1-32 དང་པོ་འཇམ་དཔལ་གྱི་རྣམ་འཕྲུལ་རྒྱལ་པོ་གྲགས་པས་ལོ་བརྒྱར་ཆོས་བསྟན་པ་འདི་ཡང་ རྩ་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ ཞེས་བྱ་བར་བྱུང༌། །དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ དག་རབ་ཏུ་འཇུག །དེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་ གིས་རིག་པར་བྱ། །མཐའ་དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ ཀྱི་སྦྱོར་བ་ལ་འབྱུང་འགྱུར། །ཞེས་ལུང་བསྟན་པ་བཞིན་རྒྱལ་པོ་གྲགས་པས་དགུང་ལོ་བརྒྱ་ པའི་དུས་སུ་ཤམྦྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ཀྱི་དྲང་སྲོང་ བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་སྔགས་ཀྱི་སྐལ་བ་ལྡན་ཞིང་འདུལ་བའི་དུས་ལ་བབས་པར་ གཟིགས། དེ་རྣམས་མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་རྒྱུད་ལས་ཀླ་ཀློའི་ཆོས་འབྱུང་ བར་ཡང་མཁྱེན། དེ་རྣམས་གསང་བ་སྔགས་ཀྱི་ལམ་ལ་བཅུག་ན་ཡུལ་དགུ་བཅུ་རྩ་དྲུག་གི་ མི་རྣམས་སྔགས་ལམ་ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་བཏུལ་བ་ཡང་བརྡེགས་ ཤིང་བསྐྲད་ན་ཐུལ་བར་མཁྱེན་ཏེ། དབོའི་ཉ་ལ་མ་ལ་ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་ཁང་པ་ ཕྱི་མའི་ནང་དུ་ཉི་མའི་ཤིང་རྟ་ལ་སོགས་པ་ཡུལ་གོ་དྲུག་གི་དྲང་སྲོང་ཐམས་ཅད་བོས་ཏེ། ཟླ་ བ་ཕྱི་མ་ནག་པའི་ཉ་ལ་ཁྱེད་རྣམས་ལ་གྲགས་པ་བདག་གིས་རྡོ་རྗེ་ཐེག་པ་བསྟན་པ་ཡིན་པས་ ན། ཉི་མའི་ཤིང་རྟ་ལ་ཁྱོད་ཀྱིས་འགྲོ་བ་དེ་དག་གི་སྤྱོད་པ་ཐ་དད་པ་དག་སོ་སོར་བདག་ལ་ བསྟན་པར་གྱིས་ཞེས་དྲིས་པ་ན། དྲང་སྲོང་ཐམས་ཅད་ཀྱིས་གསུང་དེ་ཐོས་ནས་དེ་ལ་དཔྱད་ པ་ན་ཁ་ཅིག་གིས་ཐོད་པའི་ནང་དུ་ཟ་བ་དང༌། ཁ་ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་རང་ རང་གི་སྤྱོད་པ་སོགས་མི་འདྲ་བ་རྣམས་དོར་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ནས་སྤྱོད་པ་འདྲ་བ་ ཅིག་བྱེད་དགོས་པ་དེ་བློ་ལ་མ་འཐད་པས་དྲང་སྲོང་ཐམས་ཅད་ཀྱང་འགྱེལ་བར་གྱུར་ཏོ། །དེ་ ནས་རྒྱལ་པོ་གྲགས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པ་ལ་འཇུག་པ་མི་འཐད་པར་གཟིགས་ 1-1-33 ནས་ཁྱེད་རྣམས་བདག་གིས་དཀྱིལ་འཁོར་འདིར་བཅུག་ནས་དུས་ཀྱི་འཁོར་ལོའི་དབང་སྦྱིན་ པར་བྱའོ། །གལ་ཏེ་བདག་གི་བཀའ་མི་བྱེད་ན་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་ གཞན་དུ་སོངས་ཤིགདེ་ལྟར་མ་བྱས་ན་འདི་ནས་ལོ་བརྒྱད་བརྒྱ་འདས་པའི་ཚེ་ཁྱེད་ཅག་གི་ བུ་དང་ཚ་བོ་སོགས་ལས་ཀླ་ཀློའི་ཆོས་དར་བར་བྱེད་དོ། །ཞེས་རྒྱལ་པོའི་བཀའ་བྱུང་བ་དེ་ དྲང་སྲོང་རྣམས་ཀྱི་མགོ་བོར་ཐོག་ལྷུང་བ་ལྟར་གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ ལ་སྨྲས་པ། ཁྱེད་ཀྱིས་མིའི་དབང་པོ་གྲགས་པ་ལ་བདག་ཅག་རྡོ་རྗེ་ཐེག་པ་ལ་ནི་མི་འཇུག་ བདག་ཅག་འཕགས་ཡུལ་དུ་འགྲོ་བས་ཆོག་ཅེས་ཞུས་ཤིག་སྐུལ་བ་ལྟར། ཉི་མའི་ཤིང་རྟས་ རྒྱལ་པོ་ལ་དེ་ལྟར་ཞུས་པ་ན། རྒྱལ་པོས་ཁྱེད་རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་སོངས་ ཤིགཁྱེད་རྣམས་སོང་ཤུལ་དུ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མི་རྣམས་ལ་ཡང་དག་པའི་ལམ་ ཐོབ་པར་འགྱུར་རོ། །ཞེས་བཀའ་དྲག་པོས་བསྐྲད་དེ་དྲང་སྲོང་རྣམས་ཀ་ལཱ་པའི་གྲོང་ནས་ ཕྱུང་སྟེ། ལྷོ་ཕྱོགས་སུ་ཞག་བཅུའི་བར་དུ་སོང་སྟེ་ཞག་བཅུ་པའི་དུས་སུ་ནགས་ཚལ་ཆེན་པོར་ ཕྱིན་ཚེ། ཐམས་ཅད་གཉིད་འཐུག་པོས་ནོན་པར་བྱིན་གྱིས་བརླབས་ནས། རྒྱལ་པོ་གྲགས་ པས་མི་མ་ཡིན་རྣམས་ལ་བཀའ་བསྒོས་པས་མི་མ་ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་ མ་སད་པར་ཁྱེར་འོངས་ཏེ། མ་ལ་ཡའི་སྐྱེད་མོས་ཚལ་གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་ གཉིད་སད་པ་ནས་རྒྱལ་པོ་གྲགས་པ་དང༌། དཀྱིལ་འཁོར་དང༌། མ་ལ་ཡའི་སྐྱེད་ཚལ་རྣམས་ མཐོང་བས་ངོ་མཚར་ཏེ། བདག་ཅག་སུ་ཞིག་གིས་ཁྱེར་འོང༌། ཞེས་སྨྲས། སྨྲས་པའི་ཚིག་དེ་ རྒྱལ་པོའི་བློན་པོ་རྒྱ་མཚོའི་བློགྲོས་ཀྱིས་ཐོས་ནས། དྲང་སྲོང་རྣམས་ལ་སྨྲས་པ་ཉི་མའི་ཤིང་ རྟ་སོགས་དྲང་སྲོང་ཁྱེད་རྣམས་དེ་ལ་ཡ་མཚན་པར་མ་བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་ བསམ་གྱིས་མི་ཁྱབ་པས་ཁྱེད་རྣམས་རྗེས་སུ་བཟུང་བའི་དོན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་ ཡིན་པས་ཁྱེད་རྣམས་ཀྱིས་རྒྱལ་པོ་ལ་དུས་ཀྱིརྗེ་འཁོར་ལོའི་དབང་བསྐུར་བར་གསོལ་བ་ 1-1-34 ཐོབ་ཅིག་ཅེས་སྨྲས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པའི་ཆོས་ལ་མོས་པ་སད་དེ། ཚངས་པའི་ དྲང་སྲོང་རྣམས་དང་བཅས་ཏེ་ཉི་མའི་ཤིང་རྟས་རིན་པོ་ཆེའི་མཎྜལ་ཕུལ། གུས་པས་ཕྱག་ འཚལ་ཏེ། མི་ཡི་དབང་པོ་གྲགས་པ་ལ་མཚམས་མེད་པ་ལྔ་བྱེད་པའང་ཚེ་གཅིག་ནས་ཕྱག་ རྒྱ་ཆེན་པོ་ཐོབ་པར་བྱེད་པ་དང་པོའི་སངས་རྒྱས་དེ་བདག་ཅག་ལ་བསྟན་ཏུ་གསོལ། རྩ་བའི་ རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ངུའི་ཚིག་གིས་བསྡུས་ནས་བདག་ཅག་རྣམས་ལ་བསྟན་ ཏུ་གསོལ། ཞེས་གསོལ་བ་བཏབ་པས་མི་བདག་གྲགས་པས་ནག་པའི་ཉ་ལ་ཡེ་ཤེས་ཀྱི་ དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་རྣམས་ལ་དང་པོའི་སངས་རྒྱས་ཀྱི་དབང་བསྐུར་ཏེ། རྩ་ བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཕྲེང་འཛིན་གྱི་ སྡེབ་སྦྱོར་གྱིས་ཤོ་ལོ་ཀ་སྟོང་དང་སུམ་ཅུ་པ་གསུངས་ཏེ་བསྟན། ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་ སྲོང་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། ། དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷའི་དབང་ལྡན་གྱི་བར་གྱི་ཆོས་རྒྱལ་བདུན་དང༌། ཉི་མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་ནི། ཁོར་ཡུག་ཆེན་པོ་གོ་དྲུག་ཏུ་གནས་པའི་མི་ རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་འཛིན་པ་དང༌། ངེས་བརྗོད་ཆོས་སུ་འཛིན་པའི་རིགས་ ཅན་སོགས་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་རིགས་བཞི་དང༌། རྡོ་རྗེ་ཐེག་པའི་རིགས་ འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་དང་ལྡན་པ་ཡིན་པས་ཆོས་རྒྱལ་ཡིན་ཡང་རིགས་ ལྡན་གྱི་མིང་མ་ཐོགས། མི་བདག་གྲགས་པས་ཚངས་པའི་རིགས་བཞི་ཀ་བཅོམ་ནས་ཐམས་ ཅད་རྡོ་རྗེའི་ཐེག་པའི་རིགས་ཅན་གཅིག་ཏུ་མཛད་པས་ཐམས་ཅད་རིགས་གཅིག་པར་ལྡན་ པས་རིགས་ལྡན་དང་པོའི་མཚན་ཐོགས། འདི་ནས་བཟུང་སྟེ་དྲག་པོ་འཁོར་ལོ་ཅན་བར་ཉེར་ ལྔ་དང༌། དྲག་པོའི་སྲས་ཚངས་པ་དང༌། ལྷ་དབང་གཉིས། ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་ སོགས་པའི་ས་དུམ་བུར་སྐྱོང་བ་བརྒྱད་བྱོན་པ་ཐམས་ཅད་ཀྱང་རིགས་ལྡན་གྱི་རྒྱལ་པོ་ཡིན་ 1-1-35 ནོ། །མི་བདག་གྲགས་པའི་རྗེས་སུ་དེའི་སྲས་རིགས་ལྡན་གཉིས་པ་སྤྱན་རས་གཟིགས་ཀྱི་ རྣམ་འཕྲུལ་པདྨ་དཀར་པོ་ཡང་རྩ་རྒྱུད་ལས། སེམས་ཅན་ཀུན་དོན་མཛད་པ་པོ་ཡི་མཆོག་གི་ ཐུགས་རྗེ་དག་གིས་རྒྱུད་ཀྱི་དོན་ནི་བསྟན་མཛད་ནས། །སྲས་པོ་པདྨ་དཀར་པོ་རབ་མཆོག་ ཡོན་ཏན་དག་གི་གཏེར་ལ་གནང་བ་བསྩལ་བ་ངེས་པར་ནི། །དང་པོར་ཁྱེད་ཀྱིས་རྒྱུད་ཀྱི་རྒྱལ་ པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་གནས་པ་དང༌། །དེ་ནས་རང་གི་འདོད་པས་ འགྲེལ་བཤད་བྱས་ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན། །ཞེས་ལུང་ བསྟན་པ་ལྟར་བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མེད་འོད་ཅེས་བྱ་བ་སྟོང་ཕྲག་བཅུ་གཉིས་ པ་མཛད། དེ་ནས་རིགས་ལྡན་གསུམ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རིགས་ལྡན་བཟང་ པོ་དང༌། རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང༌། རིགས་ལྡན་ལྔ་པ་རྨུགས་བྱེད་ ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང༌། རིགས་ལྡན་དྲུག་པ་སྒྲིབ་སེལ་གྱི་སྤྲུལ་པ་རིན་པོ་ ཆེ་ཕྱག་དང༌། རིགས་ལྡན་བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ་དང༌། བརྒྱད་ པ་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང༌། དགུ་པ་བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་པོ་ དང༌། བཅུ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་དང༌། བཅུ་གཅིག་པ་གཤིན་རྗེ་མཐར་ བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ། བཅུ་གཉིས་པ་སའི་སྙིང་པོའི་སྤྲུལ་པ་ཉི་མ་དང༌། བཅུ་གསུམ་པ་ རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང༌། བཅུ་བཞི་པ་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་ འོད་དང༌། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང༌། བཅུ་དྲུག་པ་ནམ་སྙིང་གི་སྤྲུལ་ པ་ས་སྐྱོང་དང༌། བཅུ་བདུན་པ་བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་དང༌། བཅོ་བརྒྱད་པ་ཕྱག་ རྡོར་གྱི་སྤྲུལ་པ་སེང་གེ་དང༌། བཅུ་དགུ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྣམ་པར་གནོན་ དང༌། ཉི་ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང༌། ཉེར་གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་ མ་འགགས་པ་དང༌། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་དང༌། ཉེར་གསུམ་ 1-1-36 པ་ནམ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང༌། ཉེར་བཞི་པ་ཕྱག་ན་རྡོརྗེའི་སྤྲུལ་པ་མཐའ་ ཡས་རྣམ་རྒྱལ་དང༌། རིགས་ལྡན་ཉེར་ལྔ་པ་འཇམ་དཔལ་གྱི་རྣམ་འཕྲུལ་དྲག་པོ་འཁོར་ལོ་ ཅན་རྣམས་རིམ་པ་བཞིན་སྔ་མ་སྔ་མའི་སྲས་སུ་བྱུང་སྟེ། ཆོས་རྒྱལ་ལྷ་དབང་ནས་དྲག་པོའི་ བར་གྱི་ཆོས་རྒྱལ་རིགས་ལྡན་སོ་གཅིག་ལས་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་དཀའ་གཉིས་ལས་ གཞན་ཉེར་དགུ་ནི་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་ལ་རྒྱལ་སྲིད་དུ་ལོ་བརྒྱ་ཕྲག་རེ་བཞུགས་ པར་མཉམ་པ་ཡིན་ལ། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས། རྒྱལ་དཀས་ལོ་གྲངས་ཉིས་ བརྒྱ་དང་ཉེར་གཅིག་ལ་རྒྱལ་སྲིད་བསྐྱངས། དེ་ལས་རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་ པ་ནི་རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན། རྡོ་རིང་བཙུགས། ཟླ་བ་གསུམ་དུ་གསང་སྔགས་ ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་འོད་འབྱིན་པ་སོགས་ཆོ་འཕྲུལ་ མང་དུ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སོགས་མཛད་དེ། ནམ་མཁའ་ནས་ཕྱིར་གཤེགས་ སོ། །རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་རང་གི་ལོ་བརྒྱ་པའི་དུས་སུ་སྤྲུལ་པའི་ དམག་ཚོགས་ཀྱིས་ཀླ་ཀློའི་སྤྲུལ་པ་རྣམས་བསད་པའི་ཚུལ་བསྟན། རང་རྒྱུད་པ་རྣམས་ཀྱི་ དྲེགས་པ་ཞི་བར་བྱས་ཏེ་ཀླ་ཀློ་ཐམས་ཅད་བཅོམ་སྟེ། དུས་ཀྱི་འཁོར་ལོའི་ཐེག་པ་ལ་བཀོད་ ནས་མཐར་སྤྲུལ་པ་བསྡུ་བར་འགྱུར་རོ། །འཁོར་ལོ་ཅན་གྱི་སྲས་ཚངས་པ་དང་ལྷ་དབང་ གཉིས་ལས་ཚངས་པས་ལོ་སྟོང་དུ་ས་དུམ་བུ་བཅུ་གཉིས་སྐྱོང་ཞིང༌། དེ་ནས་ལྷ་དབང་གི་རྒྱུད་ ལ་འོད་སྲུང་ལ་སོགས་པ་ས་དུམ་བུ་ཅི་རིགས་པ་སྐྱོང་བའི་རིགས་ལྡན་བརྒྱད་ཀྱིས་ཀྱང་ལོ་ བརྒྱད་བརྒྱའི་བར་དུ། དུས་ཀྱི་འཁོར་ལོ་སྟོན་པར་མཛད་དོ། ། ཀུན་མཁྱེན་ཏཱ་ར་ནཱ་ཐས། དུས་འཁོར་ཆོས་འབྱུང་ཉེར་མཁོ་ལས། ལོ་ཉི་ཁྲི་ཆིག་སྟོང་ དྲུག་བརྒྱའི་བར་དུ་ཆོས་མིན་ཀླ་ཀློའི་ཆོས་ཉམས་ཤིང་ཡང་དག་པའི་ལམ་དར་བར་མཛད་དོ། །འདི་ཙམ་ཞིག་ཡོངས་སུ་གྲགས་པ་ལྟར་བཀོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ 1-1-37 རྣམ་པར་ཐར་པའི་གསང་བ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར་རིགས་འདྲེས་ཀྱི་ཕོ་ཚོད་ དོན་ལ་གནས་པ་དཀའ་འོ། །ཞེས་གསུངས་པ་དང༌། ༦ དུས་ཀྱི་འཁོར་ལོ་འཕགས་བོད་དུ་དར་ཚུལ། གཞན་ཡང་དུས་འཁོར་རྒྱ་བོད་དུ་དར་ལུགས་ལ། རྒྱ་གར་དུ་ལུགས་མང་པོ་དང་འབྲེལ་ བའི་གཏམ་བརྒྱུད་ཡོད་ཅིང༌། བོད་དུ་ཡང༌། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱི་འགྱུར་ལ་མང་ འགྱུར་དུ་གྲགས། རྨ་དགེ་བའི་བློ་གྲོས། འབྲོ་ལོ་ཤེས་རབ་གྲགས། གཉན་ལོ་དར་མ་གྲགས། མང་འོལ་བྱང་ཆུབ་ཤེས་རབ། འ་ཞ་རྒྱ་གར་བརྩེགས། ཁྱུང་པོ་ཆོས་བརྩོན། རྭ་ཆོས་རབ། སྟེང་ལོ་ག་རོང་ཚུལ་ཁྲིམས་འབྱུང་གནས། པུ་རང་ལོ་ཆུང་གྲགས་འབྱོར་ཤེས་རབ་རྣམས་ དང༌། ཙ་མི་སངས་རྒྱས་གྲགས། སྤོང་ཞོ་གསལ་བ་གྲགས། ཁེར་རྒང་འཁོར་ལོ་གྲགས། ལྡིང་ རི་ཆོས་ཀྱི་གྲགས་ཏེ་གྲགས་པའི་མིང་མཐའ་ཅན་བཞི་དང༌། གླང་ལོ་རྡོ་རྗེ་དབང་ཕྱུགསོ་ལོ་ ཚུལ་ཁྲིམས་གཞོན་ནུ། ལོ་ཙཱ་བ་བསོད་ནམས་ཡེ་ཤེས། ལོ་ཙཱ་བ་བློ་གྲོས་སྙིང་པོ། ཆག་ལོ་ ཆོས་རྗེ་དཔལ། ཤུད་ཀེ་གྲགས་པ་རྒྱལ་མཚན་རྣམས་ཀྱིས་རྒྱ་གར་པཎ་གྲུབ་རྣམས་ཀྱི་མདུན་ ནས་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་དབང་ལུང་མན་ངག་བཤད་པ་བཅས་སོ་སོར་ཞུས་ཏེ་ ཆོས་འདི་ལེགས་པར་བསྒྱུར་བའི་བཀའ་དྲིན་མཛད་ཅིང་ཕལ་ཆེར་བྱིན་རླབས་དང་ལྡན་པ་ ཡིན་ཡང་རྭ་འབྲོ་ཙ་མི་ཆག་ལོའི་ལུགས་རྣམས་མ་གཏོགས་གཞན་རྣམས་ལ་བརྒྱུད་པ་རིང་དུ་ མ་དར་བར་སྐབས་སུ་ཙ་ཆག་ལུགས་དར་རབ་ཙམ་བྱུང་ལ། དེ་དག་ལས་རྭ་འབྲོ་གཉིས་ནི་ འཕྲིན་ལས་ཀྱི་སྒོ་འགྲན་ཟླ་མེད་པ་ཡིན་ཞིང༌། རྭ་བ་ལ་བཤད་བཀའ་དང་འབྲོ་བ་ལ་སྒྲུབ་ བཀའ་བབས་ཟེར་བ་ལྟར་དོན་ལའང་རྭ་ལུགས་འཛིན་པ་གང་དག་ལ་རྒྱུད་བཤད་ཤིན་ཏུ་ དར་ཞིང་འཕྲིན་ལས་རྒྱ་ཆེ་ལ། འབྲོ་ལུགས་པ་རྣམས་ལའང་གྲུབ་པ་བརྙེས་པའི་སྐྱེས་ཆེན་ 1-1-38 ཆེས་མང་དུ་བྱུང་བ་ཡིན་ནོ། །ཁྱད་པར་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བཀས་བསྐུལ་ཞིང་ གང་གི་རྡོ་རྗེའི་གསུང་དང་ལེགས་བསྟུན་གྱི་སྒོ་ནས་རྩལ་འགྱུར་བྱིན་རླབས་ཀྱི་ཚན་ཁ་དང་ ལྡན་པའི་ཆོས་རྗེའི་ཐུགས་སྲས་ཇོ་ནང་ལོ་ཙཱ་བ་བློ་གྲོས་རྣམ་གཉིས་ཀྱིས་ལེགས་བསྒྱུར་ མཛད་པ་སྟེ། འདི་ནི་ཕྱིས་ཀྱི་འགྱུར་གསར་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་ལྟར་ཆེས་ མཆོག་ཏུ་གྱུར་པའོ། །དེ་དག་སོགས་ཀྱི་ལུགས་ཤིན་ཏུ་མང་ཡང་མཆོག་ཏུ་གྱུར་པ་འབྲོ་ལུགས་ སམ་ཟླ་མགོན་ལུགས་ལྟར་བཤད་ན། འཕགས་པའི་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་ པ་ཞིག་གི་སྲས། དུས་འཁོར་ཞབས་ཆེན་པོར་གྲགས་པ་དེ་ནི། མཚན་དངོས་མཉྫུ་བཛྲ། མདོ་ སྔགས་ཐམས་ཅད་ལ་མཁས་པའི་པཎྜི་ཏ། རྟེན་དགེ་བསྙེན། འཇམ་དཔལ་གྱི་ཞལ་གཟིགས་ པ་ཞིག་ཡིན་ལ། ཡི་དམ་གྱིས་ལུང་བསྟན་ནས་བྱང་ཕྱོགས་སུ་གཤེགས་པས། ལམ་དུ་རིགས་ ལྡན་གྱི་སྤྲུལ་པ་དང་མཇལ། དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་བསྒོམས་ པས་རྫུ་འཕྲུལ་ཐོབ་སྟེ་བྱང་ཤམྦྷ་ལར་བྱོན། རིགས་ལྡན་དངོས་དང་མཇལ། དུས་ཀྱི་འཁོར་ ལོ་སོགས་རྒྱུད་སྡེ་མང་པོ་དང༌། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་སོགས། འགའ་ ཞིག་ཐུགས་ལ་གཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་འཕགས་ཡུལ་དུ་བྱོན། ཕལ་ ཆེར་སྒོམ་པ་གཙོ་བོར་མཛད། མུ་སྟེགས་ཀྱི་དཔུང་ལྟ་སྟངས་ཀྱིས་གནོན་པ་སོགས་རྫུ་འཕྲུལ་ མང་དུ་བསྟན། མཐར་འཇའ་ལུས་སུ་གཤེགས། འདི་ལ་སློབ་མ་བཅུ་གཉིས་ཙམ་བྱུང་ནའང༌། ཐམས་ཅད་རྣལ་འབྱོར་པ་ཤ་སྟག་ཏུ་གྱུར་ཅིང༌། གྲུབ་པའི་རྟགས་དང་ཆོ་འཕྲུལ་མང་དུ་བསྟན་ ནས། འཇའ་ལུས་སུ་གཤེགས་པས། བཤད་རྒྱུན་ལ་ཕན་པ་ཙམ་མ་བྱུང༌། དུས་ཞབས་པ་ཆུང་ བ་ཁོ་ནས་ཆོས་འདི་དར་བར་མཛད་དེ། མཚན་དངོས་ནི་ཤྲཱི་བྷ་དྲ། རིགས་ནི་རྗེ་རིགས། རྟེན་ དགེ་བསྙེན། ཐེག་པ་མཐའ་དག་ལ་ཤིན་ཏུ་མཁས་པ། མངོན་ཤེས་ཐོགས་མེད་དུ་མངའ། ཆུ་ ལ་མི་འབྱིང༌། རྩིག་པ་དང་རི་ལ་ཐོགས་མེད་དུ་བཞུད། འདིས་དཔལ་ནཱ་ལེནྡྲར་པཎྜི་ཏ་ལྔ་ 1-1-39 བརྒྱ་དང་འབེལ་གཏམ་བྱས་པས། དེ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ངག་དབང་ གྲགས་པ་དང༌། ཤེས་རབ་འབྱུང་གནས་མ་གཏོགས་ཐམས་ཅད་ཀྱིས་ཞབས་ལ་གཏུགས། ཆོས་འདིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད་དེ། རྒྱལ་པོ་དང༌། བློན་པོ་དང༌། ཚོང་དཔོན་ ཆེན་པོ་རྣམས་ཀྱིས་ཀྱང༌། གླེགས་བམ་བཞེངས་པ་དང༌། བག་ཆགས་འཇོག་པ་བྱུང༌། རྒྱ་གར་ དུ་དུས་འཁོར་མ་ཕེབས་གོང་ཕར་བཞགདེ་ཕྱིན་ཆད་དུས་འཁོར་གྱི་གྲུབ་ཐོབ་ཕྱོགས་གཅིག་ ཏུ་གཞགཆོས་གཞན་གྱི་གྲུབ་ཐོབ་ཐམས་ཅད་ཕྱོགས་གཅིག་ཏུ་གཞག་ཀྱང༌། དུས་འཁོར་ གྱིགྲུབ་ཐོབ་མང་ངོ༌། །དུས་ཞབས་པ་ཆུང་བ་དེ་ཉིད་ཀྱི་སྲས་ནཱ་ལེནྡྲ་པ་ནི། མཚན་དངོས་བོ་དྷི་ བྷ་དྲ། ནཱ་ལེནྡྲ་ཞེས་བྱ་བའི་གནས་གཞིའི་བདག་པོ་མཛད། ལས་བཞི་གང་སྒྲུབ་ཀྱང་རླུང་གི་ རྣལ་འབྱོར་ཁོ་ནས་འགྲུབ་བོ། །དེ་ལ་སློབ་མ་མང་ཡང་ཕྱོགས་འདིར་འཕྲིན་ལས་ཆེ་བ་ཁ་ ཆེའི་པཎྜི་ཏ་ཟླ་བ་མགོན་པོ་ནི། དབུགས་ཐེངས་རེ་ལ་ཤོ་ལོ་ཀ་བཅུ་དྲུག་ཙམ་རེ་ཟིན་པའི་ ཤེས་རབ་མངའ། བླ་མ་བྲམ་ཟེ་བཟང་པོའི་ཞབས་ཞེས་བྱ་བ་ཞིག་བསྟེན། ཁ་ཆེའི་ཡུལ་གྱི་ ཆོས་ཐམས་ཅད་མཁྱེན། སླར་ཡུལ་དབུས་སུ་བྱོན་ནས་ནཱ་ལེནྡྲ་པ་ལ་དུས་འཁོར་སོགས་ སྔགས་ཀྱི་ཟབ་དོན་དཔག་ཏུ་མེད་པ་གསན། བསྒོམས་པས་སྲོག་རྩོལ་འཛིན་པ་མཐར་ཕྱིན། སྐུ་ལ་བཤང་གཅིའི་རྒྱུ་བ་ཆད། ཆོམ་རྐུན་ལ་སྡིགས་འཛུབ་མཛད་པས་རེངས་པ་སོགས་ནུས་ པ་མངའ། བོད་དུ་ལན་གསུམ་བྱོན། སྒྲོན་གསལ་དང༌། རིགས་ཚོགས་དང༌། ས་སྡེ་སོགས་ ཆོས་མང་དུ་གསུངས། ཁྱད་པར་དུས་ཀྱི་འཁོར་ལོ་ཤིན་ཏུ་དར་བར་མཛད། མན་ངག་ལ་ བཀའ་དོག་སྟེ། ཕལ་ཆེར་ལ་སོར་སྤོང་ཙམ་ལས་མ་གནང༌། གདམས་ངག་ཡོངས་རྫོགས་ གནང་བ་གསུམ་ཡོད་ཀྱང་ལོ་རོ་བ་ཡིན་པ་ཞིག་ནི། གྲུམ་བུས་ཟིན་ནས་སྒོམ་ལོང་མ་བྱུང་ བར་འདས། སུ་རངས་པའི་དགེ་སློང་གཅིག་གིས་ཡེར་སར་བསྒོམས་པས་འཇའ་ལུས་སུ་ སོང༌། ཆོས་ཀྱི་བརྒྱུད་པ་ལ་ཕན་པ་ལྷ་རྗེ་སྒོམ་པ་ཡིན། པཎ་ཆེན་ཟླ་མགོན་དེ་ལ་འབྲོ་ལོ་ཙཱ་བ་ 1-1-40 ཤེས་རབ་གྲགས་ཀྱི་རྒྱུད་འགྲེལ་གཞུང་འགྲེལ་མང་པོ་དང་བཅས་པ་བསྒྱུར་པཎྜི་ཏའི་ལོ་ཙཱ་ བ་མཛད། ལྷ་རྗེ་སྒོམ་པའི་ཡང་འབྲོ་ལོ་ཙཱ་བླ་མ་ཡིན་པས་ཤིན་ཏུ་སྐུ་དྲིན་ཆེ། དེ་ནས་བོད་དུ་ བརྒྱུད་རིམ་ནི། འབྲོ་ལོ་ཙཱ་བ་འདི་འཁྲུངས་ཡུལ་ལ་སྟོད་ལྷོའི་གཉན་རྩེ་བ་ཡིན། པཎ་ཆེན་ཟླ་ མགོན་རྩ་བའི་བླ་མ་མཆོག་ཏུ་འཁུར། གཞན་པཎ་གྲུབ་ཀྱི་བླ་མ་མང༌། སྐུ་ཚེ་སྨད་ལ་ཁ་ཆེ་ ཉིད་དུ་བཞུགས། བླ་མ་ལྷ་རྗེ་སྒོམ་པས། པཎ་ཆེན་ཟླ་མགོན་ལས་དབང་རྒྱུད་བཤད་མན་ ངག་མཐའ་དག་རྫོགས་པར་གསན། བླ་མ་སྒྲོ་སྟོན་གྱིས་པཎ་ཆེན་ལས་དབང་དང་རྒྱུད་ བཤད་རྫོགས་པར་ཐོབ། གྲུབ་ཆེན་ཡུ་མོས་ཆོས་འབྲེལ་ཙམ་གསན། དེ་ལ་ལྷརྗེ་སྒོམ་པ་ནི། འཁྲུངས་ཡུལ་འཕན་ཡུལ་གྲབ། མཚན་དཀོན་མཆོག་བསྲུངས། རྟེན་དགེ་བསྙེན་སྔགས་པ་ ཚངས་སྤྱོད། སྨན་དཔྱད་དང༌། མངོན་པ་དང༌། སྔགས་རྙིང་མ་གསུམ་ལ་མཁས་པ་གཅིག་ ཡིན་པ། ཡོ་བྱད་ཐམས་ཅད་དྲིལ་བས་གསེར་སྲང་དྲུག་དང༌། དར་ཡུག་གཅིག་བྱུང་བ་པཎ་ ཆེན་ལ་ཕུལ། སྒྱུ་ལུས་ཀྱིས་ཞབས་ཏོག་བྱེད་པར་ཞུས་ནས། གདམས་ངག་ཞུས་ཏེ་བསྒོམས་ པས། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། བྲན་ཀ་དང༌། འོ་དེ་གུང་རྒྱལ་སོགས་ དམ་ལ་བཏགས། གྲམ་པ་སྐམ་པོ་ལས་ཆུ་བཏོན། གཞན་སེམས་ཤེས་པ་སོགས་ཡོན་ཏན་ དཔག་ཏུ་མེད་དོ། །བླ་མ་སྒྲོ་སྟོན་ནི། རུས་སྒྲོ། འཁྲུངས་ཡུལ་འཕན་ཡུལ་གྲབ་པ། བཞུགས་ ས་སྣོར་བཟང༌། རྟེན་སྔགས་པ་དཀར་པོ། མཚན་གནམ་ལ་བརྩེགས། ཆོས་མངོན་པ། ས་སྡེ། དབུ་མ་རིགས་ཚོགས། གསང་འདུས་སྒྲོན་གསལ། ཡི་གེ་སྨན་དཔྱད་སོགས་ལ་མཁས་པ་ ཞིག་ཡིན། པཎ་ཆེན་ཟླ་མགོན་དེ་ལ་དུས་ཀྱི་འཁོར་ལོའི་དབང་ཞུས། རྒྱུད་བཤད་མཁས་ པར་ཉན། སྦྱོར་དྲུག་གི་མན་ངག་རྣམས་ལྷ་རྗེ་སྒོམ་པ་ལ་ཞུས། ཕྱིས་པཎ་ཆེན་ཉིད་ལ་ཡང་ བཀའི་གནང་བ་ཐོབ། ཉམས་རྟོགས་མཐར་ཕྱིན་པ་བརྙེས་ཏེ། ཡི་དམ་གྱི་ལྷ་མང་པོ་ཞལ་ གཟིགས། མངོན་ཤེས་ཐོགས་མེད་མངའ། བཞེད་དོན་ཐམས་ཅད་མཁའ་འགྲོ་ལ་བཀའ་ 1-1-41 བསྒོས་པ་ཙམ་གྱིས་འགྲུབ་བོ། །གྲུབ་ཆེན་ཡུ་མོ་ནི། གདུང་རུས་རྔམ། འཁྲུངས་ཡུལ་གངས་ ཏི་སེའི་འགྲམ། ཕྱིས་རབ་ཏུ་བྱུང་བའི་མཚན་དད་པ་རྒྱལ་པོ། གསང་མཚན་མི་བསྐྱོད་རྡོ་རྗེ་ ཞེས་བྱ། དབུས་གཙང་དུ་བླ་མ་མང་དུ་བསྟེན། སོག་འདུལ་འཛིན་ཚུལ་ཁྲིམས་བླ་མའི་ཐུགས་ ཟིན་གྱི་སློབ་མར་གྱུར། ཕྱིས་གསང་སྔགས་ལ་མོས་ནས་སྔགས་ཆོས་མང་དུ་གསན། རྡོ་རྗེ་ སྙིང་འགྲེལ་གྱི་མཚན་གསན་པས་ཀྱང་དགའ་བ་དཔག་ཏུ་མེད་པ་སྐྱེས། བླ་མ་སྒྲོ་སྟོན་ལོ་ ལྔའི་བར་དུ་བསྟེན་ནས། ཁོང་ལ་བཞུགས་པའི་དབང་རྒྱུད་མན་ངག་ཐོབ། བདག་པོའི་དབང་ དང༌། བདག་པོ་ཆེན་པོའི་དབང་རྒྱུད་འགྲེལ་ལས་ཇི་སྐད་གསུངས་པ་བླ་མས་ཀྱང་གནང༌། ཕྱིས་འུ་ཡུག་གི་རྒྱལ་གནས་སུ་བཞུགས། བསྟན་བཅོས་ཀྱང་མང་དུ་མཛད། སྔགས་ཀྱི་གཞན་ སྟོང་གྲུབ་མཐའི་སྲོལ་ཀ་ཕྱེ། མངོན་ཤེས་ཐོགས་པ་མེད་པ་མངའ། སྐྱ་ཀ་དང་བྱ་རོག་ཏུ་སྤྲུལ་ པ་སོགས། ཡུལ་སྣ་ཚོགས་སུ་སྤྲུལ་སྒྱུར་མང་དུ་མཛད་པའི་ལོ་རྒྱུས་ཡོད། གྲུབ་ཐོབ་ཀྱི་སྙན་ གྲགས་ཀྱང་ཤིན་ཏུ་ཆེ་བས་ས་སྟེང་ཁྱབ་པོ། །དེ་ཉིད་ཀྱི་སྲས་དྷརྨེ་ཤྭ་ར་ཆོས་ཀྱི་དབང་ཕྱུག་ ཡིན་ཏེ། མཁྱེན་རབ་ཤིན་ཏུ་ཆེ། དགུང་ལོ་བཅུ་གཉིས་པ་ལ་ཡང༌། དབང་མདོར་བསྟན་གྱི་ རྒྱུད་ལ་ཐུགས་བཤད་མཛད། བཅུ་དྲུག་པ་ལ་རྒྱུད་འགྲེལ་ཆེན་མོ་ཐུགས་ནས་གསུངས། གྲུབ་ ཆེན་ཡུ་མོ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་དགུང་ལོ་ཉི་ཤུ་ཚུན་ལ་ཐུགས་སུ་ ཆུད། མཁས་པ་མང་དུ་བསྟེན་པས། མདོ་སྔགས་ཀྱི་ཆོས་ལ་མི་མཁྱེན་བྱ་བ་མེད། ཁྱད་པར་ དབུ་ཚད་གཉིས་དང༌། གསང་འདུས། དུས་འཁོར་རྣམས་ལ་རྩལ་དུ་ཐོན། ས་ཆེན་ཀུན་དགའ་ སྙིང་པོ་དང༌། དཔྱ་ལོ་ཀུན་དགའ་རྡོ་རྗེ། རྔོག་ཞེ་སྡང་རྡོ་རྗེ་སོགས་ཀྱང་འབེལ་གཏམ་གྱིས་ ཟིལ་གྱིས་མནན། ཐོག་མཉམ་གྱི་ཇོ་སྲས་གཅིག་ལ་འདི་ལས་མཁས་པ་མེད། འཇམ་དཔལ་ གྱི་སྤྲུལ་པར་ཡང་གྲགས་སྐད། དེའི་བུ་ཆེན་མཁས་པ་ནམ་མཁའ་འོད་ཟེར་ནི། འཁྲུངས་ཡུལ་ དང་བཞུགས་ས་ཁང་གསར་ཡིན། རྟེན་དགེ་བསྙེན་དཀར་པོ། ཆོས་དབུ་ཚད། ཕར་ཕྱིན། 1-1-42 མངོན་པ། ས་སྡེ། སེམས་འགྲེལ་སྐོར་གསུམ། གསང་འདུས་འཕགས་སྐོར་སོགས་ལ་མཁས། རྡོརྗེ་ཕག་མོ་དང༌། རྡོ་རྗེ་དབྱངས་ཅན་མའི་ཞལ་གཟིགས། འོད་ཟེར་ཕྲེང་བ་སོགས་བསྟན་ བཅོས་ཀྱང་མང་དུ་མཛད་དོ། །སྲས་མཆོག་ཆོས་ཀྱི་དབང་ཕྱུག་ལ་སྲས་ལྕམ་སྲིང་གསུམ་བྱོན་ པ་ལས། འགྲོ་དོན་ཅན་གཉིས་ཏེ། ལྕམ་ལྷ་རྗེ་ཇོ་འབུམ་ནི། ཨིནྚ་བོ་དྷིའི་ལྕམ་ལཀྵཾ་ཀ་རའི་ སྤྲུལ་པའི་སྐུ་ཡིན་པར་གྲགས་ཤིང༌། མཁྱེན་པ་ཆེ་བས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ ཡོངས་རྫོགས་ཐུགས་ལ་བཞུགས། གཞོན་ནུའི་དུས་ན་སྤྱོད་པ་ངེས་མེད་ཞིག་ཡོད་པ། དར་ བབ་ཀྱི་དུས་ན་ཡུམ་གྱིས་བསྐུལ་ཏེ། གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་སྒྲུབ་པས་ཞལ་ གཟིགས། ཚེ་བདག་དང་ལྷ་ཆེན་དཔལ་འབར་བྲན་དུ་འཁོལ། སྲོག་མཐུ། ཆོ་འཕྲུལ་སེར་བ་ སོགས་ཞག་དུས་ཐེབ་པ་ཁོ་ན་བྱུང་སྟེ། དྲག་སྔགས་ཀྱི་མཐུ་ཤིན་ཏུ་ཆེ། དགུང་ལོ་སུམ་ཅུ་སོ་ དྲུག་པ་ལ་སྙུང་གཞི་དྲག་པོ་བྱུང་བས་ཐུགས་བསྐུལ་ཏེ། གནས་ལུགས་མ་རྟོགས་པ་ཅིས་ཀྱང་ དགོས་པ་མེད་པ་མཁྱེན། ཡབ་ལ་གསན་པའི་སྦྱོར་བ་ཡན་ལག་དྲུག་བསྒོམས་པས། ཞག་ གཅིག་ལ་རྟགས་བཅུ་རྫོགས། བདུན་ལ་རླུང་དབུ་མར་ཐིམ། གྲུབ་ཐོབ་ཆེན་མོར་གྱུར་ཏེ། དབེན་པར་ཟླ་ཕྱེད་ཙམ། ཟླ་རེ་ཙམ་མི་ཟས་ཡེ་མ་གསོལ་ཀྱང༌། ཉམས་སྟོབས་ཆེས་བཟང་བ་ དང༌། སྲིན་པོ་རིའི་བྲག་གི་སྐྱིབས་མི་མི་ཐར་པ་རྣམས་སུ་འགྲོ་འོང་མཛད་ཅིང་སྒོམ། ནད་ ཡམས་ལ་བདེན་སྟོབས་བརྗོད་པ་ཙམ་གྱིས་ཆད་པ་དང༌། ནད་པ་ལ་ཕྱག་གིས་རེག་པ་ཙམ་ གྱིས་ནད་ལས་གྲོལ་བ་སོགས་རྟགས་མངོན་གྱུར་མངའ་འོ། །དེ་ཉིད་ཀྱི་མིང་པོར་གྱུར་པ། གྲུབ་ཐོབ་སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན་ཡིན་ཏེ། དང་པོ་སྤྱན་རབ་རིབ། སྙན་མི་བསང༌། ལྗགས་ཀྱང་མི་བདེ་བ་ཞིག་བྱུང་བས། རེ་ཆེན་པོ་མེད་ཀྱང་སྦྱོར་བ་ཡན་ལག་དྲུག་པ་བསྒོམས་ པས་ཉམས་རྟོགས་དང་མཁྱེན་རབ་ནང་ནས་རྡོལ་ཏེ། མཁས་པ་ནམ་མཁའ་འོད་ཟེར་གྱི་དྲུང་ དུ། དུས་འཁོར་གྱི་རྒྱུད་འགྲེལ་ལ་སྦྱངས་པས་མཁས་པར་མཁྱེན། སྤྲུལ་སྐུ་ཇོ་འབུམ་ལ་ 1-1-43 དབང་མདོར་བསྟན་དང་བཀའ་འགྲེལ་པདྨ་ཅན་གསན། བླ་མ་གཞན་ལ། བདེ་མཆོགཀྱཻ་ རྡོར། ནཱ་རོ་ཆོས་དྲུག་སོགས་ཀྱང་གསན། ལྕམ་ཇོ་འབུམ་སྐུ་འདས་ནས། ཕྱིས་ལོ་མཆོད་ཀྱི་ དུས་སུ་ཞག་བཅོ་ལྔ་ཏིང་ངེ་འཛིན་ཐུན་གཅིག་ལ་སོང༌། དེརྗེས་སྔོན་གྱི་སྐྱེ་བ་ཐམས་ཅད་དྲན། ཕྱིས་སྐྱེ་བ་རེ་ལ་ས་རེ་བགྲོད་ནས། སྐྱེ་བ་བཅུ་བཞི་ནས་སངས་རྒྱ་བའི་གནས་ཚུལ་ཐམས་ ཅད་གཟིགས། དེས་མཚོན་ཏེ། རང་གཞན་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་དང་ཚེ་འདིའི་བདེ་སྡུག་ ཐམས་ཅད་སྒྲིབ་མེད་དུ་མཁྱེན། མ་སྦས་པར་མང་དུ་ཡང་གསུངས། གཙང་པོ་ལ་ཇི་ལྟར་ གཤེགས་ཆ་མེད་པར་ཆུ་ཕ་ཁར་ཟང་གིས་གཤེགས་པ་མང་དུ་བྱུང༌། གྲུབ་ཐོབ་ཀྱི་མཚན་ གྲགས་ཤིན་ཏུ་ཆེ། རྟེན་དགེ་སློང་ཡིན། སྐུ་ཚེ་སྨད་ལ་གཙང་འོ་ལུང་སེ་མོ་ཆེའི་དགོན་པ་ བཏབ་སྟེ། དེར་ཤས་ཆེར་བཞུགས། ཆོས་རྗེ་འཇམ་དབྱངས་གསར་མ་ནི། མཚན་ཤེས་རབ་ འོད་ཟེར། འཁྲུངས་ཡུལ་ཉང་སྟོད། སྔགས་རྙིང་མ་བའི་རྒྱུད་དུ་འཁྲུངས། གཞོན་ནུ་ནས་རབ་ ཏུ་བྱུང་སྟེ། མཚན་ཉིད་ཀྱི་གྲྭ་མང་པོར་བྱོན། ཁྱད་པར་གསང་ཕུར་གཉལ་ཞིག་གི་སློབ་མའི་ གཙོ་བོར་གྱུར། བར་སྐབས་སུ་སྙུང་མཛེབྱུང་། ལོ་ཕྱེད་དང་གཉིས་ཕྱག་ན་རྡོ་རྗེའི་སྒོམ་བཟླས་ མཛད་པས་སྙུང་པ་དྭངས། མི་གཞན་གདོན་གྱིས་ཟིན་པ་ལ་སྔགས་བཏབ་པ་ཙམ་གྱིས་ཕན་ པ་བྱུང༌། འཇམ་དབྱངས་ཞལ་གཟིགས་པ་ལ་ལུང་བསྟན་ཞུས་པས། གྲུབ་ཐོབ་སེ་མོ་ཆེ་པ་ དང་ལས་འབྲེལ་ཡོད་པར་ལུང་བསྟན་ཏེ། འུ་ཡུག་ལ་མཇལ་དུ་ཕེབས་པའི་ལམ་དུ། ལྷ་འདྲེའི་ ཆོ་འཕྲུལ་མི་བཟད་པ་བྱུང་ཡང་མཉམ་པ་ཉིད་ཀྱི་ངང་དུ་བཞགསེ་མོ་ཆེ་པ་ལ་དུས་འཁོར་གྱི་ དབང་གསན་པའི་ཚེ། བླ་མ་དུས་འཁོར་དངོས་སུ་གཟིགས། བསྒོམས་པས་ཉམས་རྟོགས་ མཐར་ཕྱིན། རྐྱང་འདུར་གྱི་འཆད་ཉན་ཀྱང་མཛད་དེ། རྒྱ་ནག་རི་བོ་རྩེལྔར་སྒྲུབ་པ་མཛད་ན་ འཇའ་ལུས་རྡོ་རྗེའི་སྐུ་བརྙེས་རྒྱུ་ཡིན་པས། དེ་ལྟར་བཞེད་པ་ལ་སློབ་མ་རྣམས་ཀྱིས་བཤོལ་ བཏབ་སྟེ་མ་ཐོན་པས། བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས་སོ། །གྲུབ་ཐོབ་སེ་མོ་ཆེ་བ་ 1-1-44 ཡན་ཆད། དུས་འཁོར་ལ་ཤིན་ཏུ་བཀའ་དོག་གཉན་ཆ་ཆེ་བ་ཡིན། ཆོས་རྗེ་འཇམ་གསར་ནས་ བཟུང་ཅུང་ཟད་བཀའ་ཡངས་སུ་སོང༌། ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི། གསེར་སྡིངས་པ་ གཞོན་ནུ་འོད་ཀྱི་སྲས་ཡིན། མཚན་དངོས་ཆོས་ཀྱི་འོད་ཟེར་ཡིན་པ་ལ། བླ་ཆེན་ཆོས་རྒྱལ་ འཕགས་པ་རིན་པོ་ཆེས། ཁྱེད་ཆོས་ཀྱི་སྐུའི་རང་བཞིན་དུ་འདུག་པས། ཆོས་སྐུ་འོད་ཟེར་དུ་ ཐོགས་གསུངས། མདོ་སྔགས་ཐམས་ཅད་ལ་ཤིན་ཏུ་མཁྱེན་པ་ཆེ། ཁྱད་པར་གསང་འདུས་ འཕགས་སྐོར་དང༌། ཀྱཻ་རྡོར་དཔྱལ་རྔོག་གཉིས་འདུས་ལ་མཁས་པ། གསང་འདུས་རིམ་ལྔའི་ ཉམས་རྟོགས་ཀྱང་ཚད་དུ་ཕྱིན་པ་ཞིགའཇམ་དབྱངས་གསར་མ་ལ་དུས་འཁོར་གྱི་དབང་རྒྱུད་ མན་ངག་ཐམས་ཅད་རྫོགས་པར་གསན་པས། ཉམས་རྟོགས་བརྒྱ་འགྱུར་དུ་འཕེལ། དབང་ གི་ཡེ་ཤེས་དབབ་པའི་སྐབས་བླ་མ་རྡོ་རྗེ་ཤུགས་སུ་གཟིགས། ཡེ་ཤེས་ཕེབས་ནས་ཉི་མ་ཕྱེད་ ཙམ་ཕེབ་པ་མ་བཏང༌། གསང་བ་འདུས་པའི་རྒྱུད་ཡོངས་སུ་རྫོགས་པ་རྒྱ་སྐད་དུ་སངས་ཀྱིས་ བཏོན། བླ་མའི་གསུང་ནས། འདི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སྐྱེ་བ་ཡིན་ཏེ། དེའི་ཚེ་གསང་ འདུས་ལ་མཁས་པར་སྦྱངས་པའི་བག་ཆགས་ཡིན་གསུངས། མནལ་ཐམས་ཅད་འོད་གསལ་ དུ་ཆུག་ནས། གཟིགས་རྟོག་དང༌། ཆོས་གསན་པ་དང༌། སྒོམ་བཟླས་ཐམས་ཅད་མནལ་གྱི་ ངང་ནས་གྲུབ་པར་མཛད། སྒྲུབ་ཁང་དུ་འདག་སྦྱར་ལ་བཞུགས་པ་དང༌། འབུམ་པ་ལ་བསྐོར་ བ་མཛད་པ་དུས་གཅིག་ཏུ་འབྱུང་བ་སོགས། སྐུ་ལུས་ཀྱི་བཀོད་པ་ཡང་མང་དུ་བསྟན་ཏོ། ། ༧ ཇོ་ནང་དུ་བྱུང་ཚུལ། རབ་བྱུང་བཞི་པའི་ནང་ཚན་མཛེས་བྱེད་ཅེས་པ་ཆུ་ཡོས་༡༢༤༣ ལོར་ཞང་ཀུན་སྤངས་ ཐུགས་རྗེ་བརྩོན་འགྲུས་སམ་ཀུན་སྤངས་ཀུན་ཏུ་བཟང་པོ་མདོག་གི་ངབ་ཕྱར་དུ་སྐུ་འཁྲུངས། ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས། མདོ་སྔགས་ཐམས་ཅད་ 1-1-45 ལ་མཁྱེན་པ་ཤིན་ཏུ་རྒྱས། ཆུ་མིག་པ་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་ གྱིས་མནན། མངར་དང་ངོན་མོ་རིར་ཟུར་ཆོས་ཀྱང་མཛད། དེ་ནས་འཇམ་གསར་གྱི་གདན་ ས་རྐྱང་འདུར་གྱི་ཆོས་དབོན་མཛད་ཅིང༌། ཀུན་མཁྱེན་ཆོས་སྐུ་ལ་མངའ་བའི་གཞུང་གདམས་ ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་རྭ་ལུགས་སྔར་ནས་མཁྱེན་ཅིང༌། ཀུན་མཁྱེན་ ཆོས་སྐུ་བ་ལ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང༌། སྦྱོར་དྲུག་ཉམས་འཁྲིད་དུ་གསན་ པས། ཉམས་རྟོགས་ཀྱི་ཀློང་བརྡོལ། སྤྱིར་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མི་འདྲ་བ་ བཅུ་བདུན་ཙམ་གསན་ཅིང་ཉམས་སུ་མྱོང་བར་མཛད། སྲོག་རྩོལ་བསྒོམས་པས། འབྱུང་བ་ ལྔའི་རླུང་སྟོབས་སུ་གྱུར་ཏེ། ཐུགས་ཉམས་འུར་ལངས། ཕྱག་ཡ་རེ་མི་བཅུ་བཅུས་མི་ཐུབ་པ་ དང༌། གཟིམ་ཁང་ན་ཡོད་པ་རྣམས་རེས་འགའ་འཁྱགས་ཏེ་མི་ཚུགས་པ་དང༌། རེས་འགའ་ ཚད་པས་གདུངས་ཏེ་མི་ཚུགས་པ་དང༌། གཟིམ་ཁང་ཡོམ་ཡོམ་དུ་གཡོ་བ་དང༌། བུག་སྒོ་དང་ རྩིག་པ་ལ་ཐོགས་མེད་དུ་གཤེགས་པ་རྣམས་བྱུང༌། ལན་ཅིག་སྲོག་གེགས་ཅུང་ཟད་བྱུང་བ། ཀུན་མཁྱེན་ཆོས་སྐུ་བས་མངོན་ཤེས་ཀྱིས་མཁྱེན་ནས་ཕེབས་ཏེ་བསལ། དེར་ཉམས་རྟོགས་ མཐར་ཕྱིན་ནས་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ ཞལ་གཟིགས། དེ་ནས་འཆད་ཉན་བོར་ཏེ་ཀུན་སྤངས་མཛད། རི་ཁྲོད་ངེས་མེད་ལ་ཐེགས། ལྷ་སའི་ཇོ་བོ་བཅུ་གཅིག་ཞལ་ལ་གསོལ་བ་ཡུན་རིང་དུ་བཏབ་པས། སྤྱན་རས་གཟིགས་ ཀྱིས་སྨྲ་ཁྲིད་ཀྱི་བཀའ་རྒྱ་གྲོལ་བའི་ལུང་བསྟན་བྱུང༌། སེ་མཁར་ཆུང་དུ་བཞུགས་པའི་ཚེ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་བསྡུ་བར་དགོངས་ནས་གསོལ་བ་བཏབ་པས། ཆོས་རྒྱལ་ རིགས་ལྡན་རྣམས་དུས་གཅིག་ཏུ་ཞལ་གཟིགས་ནས་བཀས་གནང༌། འདི་ལ་དགེ་མཚན་ ལན་གསུམ་བྱུང༌། དེ་དུས་ནགས་སྨན་རྒྱལ་མོས་སྤྱན་འདྲེན་བྱུང་ཡང༌། ཅུང་ཟད་དུས་ལ་མ་ བབ་པར་མཁྱེན་ཏེ། ལོ་གསུམ་ནས་འབྱོན་པར་ཞལ་གྱིས་བཞེས། ཕྱིས་ཕེབས་ནས་མཁའ་ 1-1-46 སྤྱོད་བདེ་ལྡན་དུ་རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་རྣམས་ ཡི་གེར་འགོད་པར་མཛད་པ་ན། དུས་ཀྱི་འཁོར་ལོ་ཉིད་ཞལ་གཟིགས་ནས་ལུང་བསྟན་ཐོབ། འདི་སྦྱོར་དྲུག་འཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། འདིའི་ཁྲིད་ཡིགཕྱིས་འབྱུང་ ཀུན་གྱི་གཞི་རྟེན་མཛད། བུ་སྟོན་ལུགས་ཀྱི་སྦྱོར་དྲུག་འདི་ལས་བརྒྱུད་པ་དང༌། ཁྲིད་ཡིག་ མཛད་པ་ཡང་འདི་ལ་གཞི་བྱས། ཕྱིས་སྐྱིད་ཕུག་བདེ་ལྡན་དུ་ཕེབས། རྣལ་འབྱོར་དབང་ཕྱུག་ བིརྺ་པས་ཞལ་གཟིགས། ལམ་འབྲས་ལ་འཁྲུགས་སྡེབས་ཀྱི་ཡིག་ཆ་མཛད། གསང་སྔགས་ གསར་རྙིང་སྒོ་མཐའ་དག་ནས་ཆོས་ཀྱི་སྒོ་སྤེལ། ཕྱོགས་རིས་མེད་པ་ནས་འདུས་པའི་སྒོམ་ ཆེན་དྲུག་བརྒྱ་རེ་རྟག་ཏུ་འཚོགས། ཉམས་རྟོགས་བཟང་པོ་མ་སྐྱེས་པ་གཅིག་ཀྱང་མེད། སྦྱོར་ དྲུག་ལ་ཉམས་ལེན་གྱི་མཐིལ་དུ་མཛད། རྒྱུད་འགྲེལ་ཆེན་པོ་ཡང་མང་དུ་གསུངས། རྒྱུད་སྙིང་ ལོ་རེ་བཞིན་ལན་གཉིས་གཉིས་གསུངས། བྱང་སེམས་ཆེན་པོ་གདན་སར་བསྐོས་ནས། ཞིང་ འདི་ན་གདུལ་བྱ་མེད་པས་གཞན་དུ་འགྲོ་ཞེས་སྐུ་འདའ་བར་དགོངས་པ་ན། བྱང་སེམས་ ཆེན་པོ་བསྙུང་བས། ཟླ་ཤས་ཤིག་སྐུ་ཚེ་བསྲིངས། ཡང་གཤེགས་པར་བཞེད་པ་ལ་སློབ་མ་ རྣམས་ཀྱིས་གསོལ་བ་བཏབ་པས་ཟླ་བ་ཕྱེད་བཞུགས། དེ་ནས་སྙུང་བ་མེད་པར་༧༡ལ་སྐུ་ འདས། ཉིད་སྐུ་འཁྲུངས་ནས་ད་ལྟར་རབ་བྱུང་བཅུ་བདུན་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་ ༡༩༩༥ལོ་བདུན་བརྒྱ་ང་གཉིས་སོང༌། ༡༢༥༧ལོར་བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་ནི། འཁྲུངས་ཡུལ་མདོ་ཁམས། ཆུང་ངུའི་དུས་སུ་ཀརྨ་པཀྵི་ཡི་གྲྭ་པ་ཡིན། རྗེ་པཀྵི་དེ་སྐུ་འཁོར་ ཐམས་ཅད་ལ་བཀའ་དྲག་ཏུ་བཀྱོན་པ་ཞིག་ཡོད་པས། ཤིན་ཏུ་འཇིགས་པ་ཞིག་ཡོད་པ་ལ། ཤིང་ཁུར་ཞིག་བསྣམས་ནས་བྱོན་པས། ནགས་གསེབ་ཅིག་ཏུ་བླ་མ་སྐུ་རྐྱང་བྱོན་པ་དང་ཐུག་ ནས་མཇལ། སྐྲག་སྟེ་བྲོས་པས། བླ་མ་ན་རེ། དེ་ཚུགས་མ་བྱེད། ད་ལྟ་བླ་མ་ལ་བྲོས་ན་བར་ དོར་ཡང་འབྲོས། ཚུར་ཤོག་གསུངས། དེ་ནས་འཇིགས་པ་སངས། ལོ་མང་དུ་བསྟེན། ཁོང་ 1-1-47 ལ་མངའ་བའི་གདམས་ངག་ཐམས་ཅད་གསན་ཅིང་བསྒོམས། འོན་ཀྱང་དེ་སྐབས་ཉམས་ མྱོང་རྩལ་ཆེ་བ་ཙམ་མ་བྱུང༌། དེ་ནས་བླ་མ་དམ་པའི་ཞལ་ནས། རི་ཁྲོད་ངེས་མེད་འགྲིམས། ཆོས་ལ་ཕྱོགས་རིས་མ་བྱེད། བླ་མ་བཟང་པོ་གཅིག་དང་མཇལ་བར་འདུག་གི་གསུངས་པས་ དེ་བཞིན་དུ་མཛད། ཤར་བ་འཇམ་དབྱངས་ཆེན་པོའི་སྐུ་གཞོགས་སུ་ཡུན་རིང་དུ་བཞུགས། མདོ་སྔགས་ཀྱི་ཆོས་མང་དུ་གསན། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་མཇལ་ནས་ཤིན་ཏུ་ དད་པ་ཐོབ། རྣལ་འབྱོར་ཡན་ལག་དྲུག་པ་གསན་པས་ཉམས་རྟོགས་མཐར་ཕྱིན། གཞུང་ གདམས་ངག་ཐམས་ཅད་བུམ་པ་གང་བྱོས་གནང༌། གནས་ངེས་མེད་དུ་གཤེགས་པར་བཞེད་ པ་ལ། འཇམ་དབྱངས་ཆེན་པོའི་བཀའ་མ་ཆོག་སྟེ། བདེ་ཆེན་གྱི་དགོན་པ་བཏབ། སྒྲུབ་ པའི་ངང་ནས་ཆོས་ཀྱང་མང་དུ་གསུངས། ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་དུ་བཞུགས་ པས། བྱང་སེམས་ཆེན་པོའི་མཚན་ཐོགས། ཀུན་སྤངས་ཆེན་པོའི་བཀའ་གནང་བ་ལ་བརྟེན། ཇོ་ནང་གི་གདན་སར་ཕེབས། དགོན་གཉིས་ཀར་དུ་སྒྲུབ་གྲྭ་རྒྱ་ཆེར་བསྐྱངས། ཞབས་ལ་ གཏུགས་ཚད་གནས་ལུགས་ཀྱི་རང་ཞལ་ལྟ་ཤེས་པ་ཁོ་ན་བྱུང༌། མཐར་ཕུག་མོ་ཆོས་རྫོང་ གི་རི་ཁྲོད་དུ་༦༤ལ་སྐུ་གཤེགས། ༡༢༦༠ལོར་མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོ་ནི། བྱང་སེམས་ཆེན་པོ་དེ་ཉིད་ཀྱི་མཆེད་གྲོགས་དང༌། སློབ་མ་དང༌། རྒྱལ་ཚབ་གསུམ་ཀ་ཡིན། མདོག་གི་མཁར་རྙིང་དུ་སྔགས་རྙིང་མ་པའི་རྒྱུད་དུ་འཁྲུངས། གྲྭ་ས་མང་དུ་བསྟེན་པ་ལས། གཙོ་བོ་མདར་དུ་སྦྱངས་པ་མཛད། གསང་སྔགས་ཕྱོགས་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ ཤར་པ་འཇམ་དབྱངས་ཆེན་པོའི་བུ་ཆེན་དང་ཟུར་ཆོས་པའི་གཙོ་བོ་ཡིན། ཁོང་པའི་བཀའ་ ནན་གྱིས་ཐུགས་བློས་མི་ལོངས་བཞིན་དུ། རྒྱ་ནག་ཏུ་ཡང་ཕེབས་དགོས་བྱུང༌། ཆོས་རྗེ་ཡབ་ སྲས་གཉིས་དང་སྔར་ནས་དཔོན་སློབ་ཏུ་གྱུར་པ་ཡིན་ཅིང༌། དེ་སྐབས་ཇོ་ནང་དུ་ཕེབས། ཀུན་ སྤངས་ཆེན་པོ་ལས་ཟབ་ལམ་གྱི་ཁྲིད་གསན། མཚན་མོའི་རྣལ་འབྱོར་ཞག་ཉི་ཤུ་རྩ་གཅིག་ལ་ 1-1-48 རྟགས་བཅུ་རྫོགས་པར་མཐར་ཕྱིན། ཉིན་མོའི་རྣལ་འབྱོར་གྱི་སྐབས། འཕར་གཡོའི་ཉམས་ ཆེར་བྱུང་སྟེ། མདའ་རྒྱང་ཙམ་དང་རྡོ་རྒྱང་ཙམ་དུ་འཕར་བའི་འཕར་གཡོས་ཇོ་ནང་གི་རི་ཀླུང་ མེད་པར་བྱོན་པ་ཞག་བདུན་གྱི་བར་དུ་བྱུང༌། དེ་སངས་ནས་མཉམ་ཉིད་ཆེན་པོ་གཅིག་གི་ ངང་དུ་གྱུར། མངོན་མཁྱེན་ཐོགས་པ་མེད་པར་མངའ། ཆོས་ལ་འདི་མ་གསན་དང་འདི་མི་ མཁྱེན་མེད་པ་ཙམ་ཡིན། སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པས། ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱ་ ཆེར་འཕྲོ་བ་ཞིག་སྟེ། དང་པོ་ཀུན་སྤངས་ཆོས་རྗེ་བླ་མ་བསྟེན་ཚུལ་རྒྱུད་ནས་བཤད་པ་ལྟར་ བསྟེན། དེ་རྗེས་བྱང་སེམས་ཆེན་པོ་གདན་སར་ཕེབས་པ་ལའང༌། ཀུན་སྤངས་ཆེན་པོ་དང་ ཁྱད་མེད་དུ་བསྟེན། བྱང་སེམས་ཆེན་པོ་སྐུ་འདས་ནས་ཇོ་ནང་གི་གདན་སར་ཕེབས། སྒྲུབ་ བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས་ཏེ། ལོ་བདུན་ལྷག་ཙམ་ནས་ཀུན་མཁྱེན་ཆེན་པོ་གདན་ སར་བསྐོས། དེ་རྗེས་ལོ་གཉིས་ཙམ་ནས་༦༨ལ་སྐུ་འདས་སོ། ། ཀུན་སྤངས་ཀུན་ཏུ་བཟང་པོ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་ མཚོ་གསུམ་ལ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་དུ་གྲགས། ༨ ཀུན་མཁྱེན་ཆེན་པོའི་རྣམ་ཐར། རྗེ་ཇོ་ནང་པ་ཀུན་མཁྱེན་ཆེན་པོའི་རྣམ་ཐར་མདོར་བསྡུས་ནི། བརྗོད་འོས་དུས་སུ་བབས་ པ་ཡིན་པས། མདོ་སྔགས་ཟུང་འབྲེལ་གྱི་གནས་ལུགས་མཐར་ཐུག་དབུ་མ་ཆེན་པོ་ཉག་ གཅིག་གི་རང་བཞིན་ཕར་ཕྱིན་ཐེག་པའི་སྐབས་གཤེགས་སྙིང་དང༌། གསང་སྔགས་ཐེག་པ་ མཆོག་གི་དུས་སུ་དང་པོའི་སངས་རྒྱས་སོགས་ཀྱིས་བསྟན་པའི་ངེས་དོན་ཟབ་མོའི་དགོངས་ པ་དབྱིངས་གཅིག་པའི་ཡེ་ཤེས་དམ་པའི་བདག་ཉིད་ཇི་བཞིན་མངོན་བྱེད་ཀྱི་ཐབས་རྒྱུ་དང༌། འབྲས་བུའི་ཐེག་པ་སོ་སོའི་མཛོད་ཆེན་པོ་ཉེ་བར་བཟུང་སྟེ་གཞན་དྲིང་མི་འཇོག་པའི་ལུང་ 1-1-49 རིགས་དྲི་མ་མེད་པའི་ལམ་ནས་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བཟང་པོས་བོད་ གངས་རིའི་ལྗོངས་འདིར་རྫོགས་ལྡན་ཆོས་ཀྱི་གནས་ཚུལ་རྒྱ་ཆེར་སྤེལ་བས་སྔགས་ཀྱི་ཞིང་ མཆོག་ཤམྦྷ་ལ་གཉིས་པ་ལྟ་བུའི་སྔོན་མེད་ཀྱི་དགེ་མཚན་གསར་བའི་དཔལ་ཡོན་ལེགས་ སྦྱིན་གྱི་བྱེད་པོ་བུ་རམ་ཤིང་པ་གཉིས་པའི་མཛད་པ་དང་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་ ཆོས་ཀྱི་རྒྱལ་པོ་ཆེན་པོ་ངེས་དོན་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་རིགས་ལྡན་སྤྲུལ་པའི་སྐུ་ ཐམས་ཅད་མཁྱེན་པ་རྗེ་ཇོ་ནང་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་ དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་དེ་ཉིད་རང་ཅག་གི་བསོད་ནམས་ཀྱིས་ བླ་མའི་སྐལ་བར་ཐོབ་པ་འདི་ནི་ཤིན་ཏུ་དཀོན་པ་ཨུ་དུམ་བཱ་རའི་མེ་ཏོག་ལྟར་ཡ་མཚན་པའི་ གནས་ལགས་ཏེ། དེ་ཡང་རྔ་བོ་ཆེའི་མདོ་ལས། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་ བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་གསུངས་པ་དང༌། འཕགས་པ་རྔ་བོ་ཆེའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །འོད་སྲུང་ཁྱོད་ ནི། ཞིང་བསྲུང་བ་ལྟ་བུར་མི་ནུས་ཏེ། རང་བསྲུང་བ་བཞིན་དུ་ཐབས་ལ་མཁས་པའི་གཞོན་ ནུས་མདོ་འདི་མཉན་ནས། ལུས་ལ་ཐོགས་ཏེ་འཇིག་རྟེན་དུ་མངོན་སུམ་དུ་འབྱིན་པར་འགྱུར་ རོ། །དེ་ནི་ངའི་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་པ། གང་གི་ཚེ་ ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ། དེའི་ཚེ་ན། ལྷོརྗེ་ཕྱོགས་སུ་ཡུལ་མུ་རྒྱུན་དུ་ ཞེས་བྱ་བ་ནི། ཆུའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བ་ནི་ཀ་ཡོ་རི་ཞེས་བྱ་བར། རིགས་རྒྱུད་དེར་སྐྱེས་ ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་འགྱུར་ཏེ། སོགས་ནས་ཆོས་ཀྱི་དུང་འབུད། ཆོས་ ཀྱི་རྒྱལ་མཚན་འཛུགས། ཆོས་ཀྱི་རྔ་ཆེན་སྒྲོག་པར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྟོང་པ་ 1-1-50 ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །སེམས་ཅན་གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེན་པོ་ མདོའི་གཏམ་སྨྲ་བར་འགྱུར་རོ། །ཞེས་སོགས་གསུངས་པ་དང༌། འཕགས་པ་མྱང་འདས་སིལ་ བུའི་མདོ་ལས། རྒྱལ་བ་འདི་ནས་མྱ་ངན་འདས་འོག་ན། །མི་ལོ་བདུན་བརྒྱ་ལོན་པའི་དུས་སུ་ ཡང༌། །ཆུ་བོ་གཡས་སུ་འཁྱིལ་བའི་ལྷོ་ཕྱོགས་ན། །ང་ཡི་མིང་ཅན་དགེ་སློང་དམ་པ་འབྱུང༌། །ལོ་བརྒྱར་ཆོས་ཀྱི་དུང་འབུད་དར་ཕྱར་ཅིང༌། །ཆོས་ཀྱི་མཆོད་སྦྱིན་ང་དང་ང་འདྲ་འབྱུང༌། །ཞེས་གསུངས་པ་དང༌། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་ འདས་འོག་ནས། །ལོ་ནི་སྟོང་དང་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་ པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་ཀྱིས་ལུང་མང་དུ་བསྟན། ཆོས་རྒྱལ་སྲོང་བཙན་སྒམ་པོས་རང་བྱུང་ལྔ་ལྡན་གྱི་ ཐུགས་ཀ་ནས་ཞལ་བསྟན་ནས་མགར་ལ་འདི་སྐད་དོ། །ང་ནི་ཀུན་ནས་གཤེགས་པ་མ་ཡིན་ ཏེ། །འཕགས་པའི་སྙིང་པོར་འདི་རུ་འདུག་ཡིན་པས། །མྱ་ངན་མ་བྱེད་གསོལ་བ་དྲག་ཏུ་ཐོབ། །བདག་ཅག་མ་འོངས་པ་ན་ལྷན་ཅིག་ཏུ། །སྐྱེ་བ་མཉམ་པོར་གདུལ་བྱའི་དོན་བྱེད་ཅིང༌། །དང་ པོར་པདྨའི་གླིང་དང་རྡོ་རྗེ་གདན། །ཟ་ཧོར་ཁ་ཆེ་རྔ་ཡབ་གླིང་ལ་སོགས། །སྐྱེ་བ་མང་པོའི་ འགྲོ་བ་འདྲེན་ནས་སུ། །བོད་ཁམས་རྩོད་དུས་སྲིད་པའི་ཐ་མ་ལ། །མ་བང་རྒྱ་མཚོས་བསྐོར་ བའི་མངའ་རིས་སུ། །ཏི་ཙི་གངས་གར་དྲིལ་བུ་བཀོད་པ་འདྲ། །རི་བོ་གཎྜི་སྤོས་གླང་འགྱིང་བ་ བཞིན། །ཀོ་ཀང་གཡའ་མ་མེ་ཏོག་བཀྲམ་པ་འདྲ། །དབུས་སུ་པད་དཀར་རྒྱས་པའི་ལྟེ་བ་རུ། །དུང་དཀར་གཡས་སུ་འཁྱིལ་བའི་ཀ་ཡོ་རི། །ཤིང་སྣ་རི་དྭགས་བྱ་ཚོགས་འདུ་བའི་གནས། །གྲོང་བཞིའི་དབུས་སུ་གྲོང་ཁྱེར་ངོ་མཚར་ཅན། །པན་ཚང་གྲོར་ཁྱེར་དམག་གིས་མི་ཚུགས་ 1-1-51 པ། །མི་བདག་ཛྙ་ན་ཤྭ་རིའི་རྒྱལ་བུ་རུ། །ནོར་བུ་སྙིང་པོ་ཆུ་ཕོ་འབྲུག་ལ་འབྱུང༌། །སྐྱེས་མཆོག་ ཁྱད་འཕགས་ཁབ་ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་མཁྱེན་མཚན་དུ་ གྲགས། །ད་ལྟའི་བཙུན་མོ་རྣམ་ལྔ་འདི་དག་ཀྱང༌། །དེ་ཚེ་སྲིང་མོའི་ཚུལ་དུ་འཁྲུངས་པར་ འགྱུར། །དེ་ཀུན་ཁྲིམས་ལྡན་དགེརྗེ་སློང་མ་ལ་འགོད། །འཇིག་རྟེན་མགོན་པོ་བདག་གིས་དེ་ ཡི་ཚེ། །སྐྱེ་དགུའི་བསོད་ནམས་རྒྱ་མཚོ་སྤེལ་བའི་ཕྱིར། །ངོ་མཚར་ཁྱད་འཕགས་བཀྲ་ཤིས་ སྒོ་མང་སོགས། །རྒྱལ་བའི་སྐུ་རྟེན་གསུང་རབ་རྒྱ་མཚོ་རྣམས། །རྡོ་རྗེགྲ གས་མོ་རྒྱལ་གྱི་ གནས་སུ་བཞེངས། །ཐེག་མཆོག་ཆོས་ཀྱི་དུང་འབུད་དར་ཆེན་ཕྱར། །འཆད་རྩོད་རྩོམ་པའི་རྔ་ བརྡུང་དཔལ་ལ་སྤྱོད། །མཐོང་ཐོས་དྲན་པའི་འགྲོ་བ་དེ་དག་ཀྱང༌། །བྱང་ཆུབ་ལ་ནི་མྱུར་དུ་ རེག་པར་འགྱུར། །དེ་ཚེ་ནང་བློན་ཆེན་པོ་བཅུ་གསུམ་ཡང༌། །ཡོན་ཏན་ང་དང་མཉམ་པའི་ སྐྱེས་བུ་འབྱུང༌། །བོད་ཁམས་མུན་སེལ་སྟོན་པའི་བྱ་བ་བྱེད། །འདི་ལ་ཐེ་ཚོམ་མ་ཟ་དྲང་པོར་ ལོངས། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ཡང་ཡང་ལུང་གིས་བསྔགས་པའི་ ཀུན་མཁྱེན་དོལ་པོ་པ་ཆེན་པོའི་ཐོག་བར་ཐ་གསུམ་གྱི་མཛད་པ་རྒྱ་མཚོ་ཆེན་པོ་ལས་རྩྭ་རྩེའི་ ཟིལ་བ་ཙམ་ནི། ཐོག་མར་ཡུལ་མངའ་རིས་དོལ་པོ་པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ ཤེས་དབང་ཕྱུག་དང༌། ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གཉིས་ཀྱིསྲ ས་སུ་རབ་བྱུང་ལྔ་པའི་ནང་ ཚན། དགའ་བ་ཞེས་པ་ཆུ་ཕོ་འབྲུག་༡༢༩༢ལོར་རྒྱལ་བུ་དོན་གྲུབ་གཉིས་པ་ལྟ་བུའི་སྐུ་ འཁྲུངས། བླ་མ་སྐྱི་སྟེངས་པ་སོགས་མང་རབ་བསྟེན། རིག་གནས་ཐམས་ཅད་ཚེགས་མེད་དུ་ མཁྱེན། བཅུ་གཅིག་པར་མཁན་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་ཞུས་ནས་མཚན་ ཤེས་རབ་རྒྱལ་མཚན་གསོལ། ཉེར་གཅིག་དུས་བླ་མ་སྐྱི་སྟོན་པའི་མདུན་ནས་ཕར་ཚད་ མངོན་གསུམ་དང༌། སྤྱོད་འཇུགསྔགས་ཆོས་འགའ་དང་བཅས་ལོ་ཕྱེད་གཉིས་སུ་ཅིག་ཅར་ བསླབས་པས་ཐུགས་སུ་ཆུད་ནས་བཤད་གསར་མཛད། མདོ་རྣམས་ཡུད་ཙམ་གསན་པས་ 1-1-52 ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་རྣམས་སུ་གྲྭ་སྐོར་ལ་ཕེབས་པས། གཞུང་ཆེ་ཆུང་ གང་ལ་ཡང་ཐོགས་མེད་མཁྱེན་པས་རྩོད་ཟླ་ཐམས་ཅད་ཟིལ་གྱིས་མནན་ཏེ་ཀུན་མཁྱེན་གྱི་ མཚན་ཐོགས། མཁན་བསོད་ནམས་གྲགས་པ་སོགས་ལ་བསྙེན་རྫོགས་ཞུས། འདུལ་བ་མདོ་ རྩ་འགྲེལ་གསན་ཅིང༌། སྐུ་བཙུན་པའི་མཐར་ཐུག་པར་བཞུགས། ཇོ་ནང༌། ལྷ་ས། མཚུར་ཕུ་ སོགས་སུ་ཕེབས། རྗེ་ཀརྨ་རང་བྱུང་བ་དང་ལུང་རིགས་ཀྱི་གསུང་གླེང་མང་དུ་མཛད་ཀྱང་རྗེ་ འདིའི་ཞལ་ཡ་རང་བྱུང་བས་མ་ཐེགས་ཀྱང་ལྟ་གྲུབ་འདི་ལས་བཟང་པོ་འོང་བར་ལུང་བསྟན། སོ་གཅིག་པར་ཇོ་ནང་མཁས་བཙུན་ཆེན་པོའི་དྲུང་ནས་དབང་དང་གདམས་པ་དུ་མ་གསན། དུས་འཁོར་སྦྱོར་དྲུག་ཉམས་ལེན་གྱི་མཐིལ་དུ་མཛད། སོར་བསམ་ཐུགས་ལ་སྐྱེས་ཟིན། ཡང་ སྒོམ་པར་མཛད་པས་སྲོག་རྩོལ་མཐར་ཕྱིན། ལྷ་སར་སྨོན་ལམ་དང་ཡེར་བར་ཐོག་གཅིག་ བཞུགས། ཇོ་ནང་སྐྱིད་ཕུག་ཏུ་ཆོས་གྲགས་དཔལ་ལ་འགྲེལ་ཆེན་གསང་ནས་གསུངས། མཁས་བཙུན་ཆེན་པོས་གསུང་བའི་ངོར། དགེ་བཤེས་ལྔ་བཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་ པ་ཞིབ་ཏུ་གསུངས་སོ། །བར་དུ་བསྟན་འགྲོའི་དོན། བླ་མའི་བཀའ་ནན་ཆེན་པོས་གདན་སར་ ཕེབས་དགོས་བྱུང༌། མཁས་བཙུན་ཆེན་པོ་དགྱེས་ནས་ལོ་གཉིས་སུ་ཉིན་མཚན་མེད་པར་ དབང་ལུང་ཁྲིད་བཤད་བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་བསྩལ། བླ་མ་འདི་དང་སྐྱི་ སྟོན་འཇམ་དབྱངས་སོགས་བཤེས་གཉེན་སུམ་ཅུ་ལྷག་ལས་ཆོས་གསན་པ་ནི་གྲངས་བརྗོད་ པ་ཡང་དཀའ་བ་ཙམ་ཐོབ། ཡང་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ནན་ཏན་བཅས་ པས་ཚར་གཅིག་གཟིགས་དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། ལོ་ཤས་ནས་སྐུ་ འབུམ་ཆེན་མོའི་རྨང་འདིང་སྐབས། རྡོར་འཆང་དང༌། ཡི་དམ། མཁའ་འགྲོས་ལུང་བསྟན་ དང༌། སྔོན་གྱི་སྨོན་ལམ་སྣ་ཚོགས་པའི་མཐུ་བཙན་པ་ལས། སྐུ་འབུམ་ཆེན་པོའི་ས་ཆོག་ མཛད་ཚེ་ཁོང་ཉིད་དུས་འཁོར་དུ་གྱུར། འཇའ་གུར་དབུས་སུ་ཨོ་རྒྱན་པདྨ་ལ་གྲུབ་ཆེན་དུ་ 1-1-53 མས་བསྐོར་ཞིང༌། སངས་རྒྱས་སྲས་བཅས། དཔའ་བོ་མཁའ་འགྲོས་མེ་ཏོག་གི་ཆར། ས་ལྷས་ གསེར་བུམ་ཐོགས་བཞིན་ས་གཏེར་ཕུལ། ཀླུ་རྒྱལ་གྱིས་མེ་ཏོག་གསེར་འཁོར་དང་བཅས་ཆུ་ གཏེར་ཕུལ། ཀྵེ་ཊས་ལྷུང་བཟེད་བ་དན་ཐོགས་ཏེ་རྡོ་གཏེར་ཕུལ། ལྷ་མོ་འོད་འཆང་མས་ཤིང་ གཏེར་ཕུལ། ནགས་སྨན་མས་གསེར་དྲིལ་དུང་དཀར་མཆོད་རྫས་འབུལ། ལྷ་བྲན་མང་པོས་ མེ་ཏོག་གི་ཆར་ཕབ། གླིང་མཚོར་གནས་པའི་ཀླུ་རྒྱལ་ནོར་རྒྱས་ཀྱིས་གསེར་ཕྱེ་ཕུལ། ཉིན་ མོར་ལྷ་མི་དང༌། མཚན་མོར་ཀླུ་དང་གནོད་སྦྱིན་མི་མིན་སོགས་ཀྱིས་བརྩིགས། ཁོང་ཉིད་ ཀྱིས་མཛད་པ་ཅིག་ཆར་གནང་བ་ནི། བསམ་གཏན་ཁང་བར་མཉམ་བཞག་མཛད་པ། འགའ་ཞིག་ལ་རྫོགས་ལྡན་གྱི་ཆོས་འཁོར་བསྐོར་བ། རྩིག་མཁན། ཤིང་བཟོ། མགར་བ། བླུག་པ། ལྷ་བཟོ་སོགས་སྤྲུལ་པ་སྣ་ཚོགས་བསྟན། བཤེས་གཉེན་དམ་པ་བཅུ་ལྷག་ལ་སྙིང་ པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་ སྟོན་པའི་དཔེ་རྣམས་ཕྱོགས་ཕྱོགས་སུ་ཁྱབ་པས་ཕལ་གྱི་བློར་མ་ཤོང་བས་དངོས་སུ་འབེལ་ གཏམ་དང་རྩོད་པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས་གྲུབ་མཐའ་ ལ་ངེས་ཤེས་དང༌། བླ་མ་ལ་དད་པ་ཐོབ། རིང་ནས་ངག་ལན་དང་རྩོད་ཡིག་བསྐུར་བ་རྣམས་ ལ་ཆོས་དང་མཐུན་པའི་ལན་མཛད་པས་ངེས་པ་རྙེད། ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ ནས་ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས་ངེས་དོན་རྒྱ་མཚོ་སོགས་གྲུབ་མཐའི་ཆོས་ བཅུ་དྲུགདུས་འཁོར་ས་བཅད་སོགས་ཆ་ལག་བཅོ་བརྒྱད། ཡུམ་གྱི་མཆན་བུ། གསོལ་ འདེབས་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཉེར་གསུམ། བསྟོད་སྐོར་བཅུ་བཞི། སྐུ་ འབུམ་ཆེན་པོའི་ཆོས་སྐོར་ལྔ། རྡོ་རྗེ་ཕྲེང་བའི་དབང་སྐོར་གསུམ། སྤྲིངས་ཡིག་བརྒྱད། སྨོན་ ལམ་གསུམ། བཀྲ་ཤིས་བཞི་སོགས་གསུང་རབ་ཀྱི་ཡིག་ཆ་མཛད། མཆོད་རྟེན་བཞེངས་སར་ སྲོག་ཆགས་མང་བ་ལ་ལྗགས་སྔགས་མཛད། སེ་གོལ་གཏོགས་པས་ཐམས་ཅད་མེད་པར་ 1-1-54 སོང༌། ཆུ་མེད་པ་ལ་བཅའ་ལུང་གི་ཕུ་ཆུ་ནར་གྱིས་ཐོན། རྟེན་མཆོག་ལེགས་པར་གྲུབ་སྐབས། རབ་གནས་ཆོ་གའི་དུས་སུ་མཁའ་དབྱིངས་ཀུན་ཏུ་འཇའ་འོད་སྣ་ཚོགས་ཀྱི་དབུས་སུ་སངས་ རྒྱས་བྱང་སེམས་ཡི་དམ་རབ་འབྱམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་སྡེ་ དང༌། ཁྲོ་ཆེན་འབར་བའི་ཚོགས་ཀྱིས་བགེགས་རྣམས་རྒྱང་རིང་དུ་བསྐྲད། མེ་ཏོག་གི་ཆར་ དང་སྤོས་དྲི་མཁའ་དབྱིངས་ཀུན་ཏུ་ཁྱབ། བཀྲ་ཤིས་རྟགས་བརྒྱད་མཆོད་རྫས་དཔག་མེད་ བྱོན་པ་ཀུན་རྟེན་མཆོག་ལ་ཐིམ། ལས་མི་ཕལ་བ་རྣམས་ལ་སྒོམ་ཉམས་འཕེལ་བ་དང༌། འབྲེལ་བ་ཆེ་ཆུང་གང་བཞག་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བའི་མཚན་ལྟས་བྱུང༌། སྤྱན་རས་ གཟིགས་དང་རྒྱུན་དུ་འབྲལ་བ་མེད། གུར་མགོན་རྣམ་སྲས་བྲན་བཞིན་འཁོལ། ཕྱག་མཆོད་ ཐུགས་དམ་མཛད་རེས་སྐབས་རིགས་གསུམ་མགོན་པོ། སྒྲོལ་མ། སྨན་བླ། བྱམས་པ་སོགས་ བྱོན། མཁའ་འགྲོ་རྒྱ་མཚོ། སྒྱུ་འཕྲུལ་དྲ་བ། སྡོམ་པ་ཆེ་ཆུང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དབྱིངས་ལ་ སོགས་པའི་དཀྱིལ་འཁོར་གཟིགས། བདེ་བ་ཅན། ཤམྦྷ་ལ། མངོན་དགའ། ཨོ་རྒྱན་ཡུལ། འོག་མིན། རིགས་ལྔའི་ཞིང་སོགས་སུ་ཡིད་ཀྱིས་ཕེབས། ཧོར་དང༌། རྒྱ་ནག་སོགས་ཀྱིས་ གདན་འདྲེན་ཡང་ཡང་ཞུས་ཀྱང་ཆོས་བརྒྱད་ལ་ཞེན་པ་གཏིང་ནས་ལོག་པས་ཞལ་གཟིགས་ ཙམ་ལས་དངོས་སུ་མ་བྱོན། སྒྲུབ་པ་སྙིང་པོར་བྱེད་པ་ཉུང་དུས་སུ་སྟོང་ཙམ་ཡོད། རྒྱལ་གདོན་ དམ་སྲིས་ཁ་ཟུག་པ་རྣམས་ལ་བཀའ་ཤོག་བསྐུར་བ་ཙམ་གྱིས་གྲོལ། སྔར་ནས་དེ་བཞིན་ གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད། བར་སྐབས་སུ་མང་དུ་བྱུང་བ་ནི་ དམ་པ་འདི་ཁོ་ནས་དྲིན་ནོ། །ས་སྐྱར། ཀ་ཆེན་བཞི། རིགས་ཚོགས་ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་གསུངས། གཙོ་བོར་སྒྲུབ་པ་ཁོ་ན་མཛད། མཁས་པ་ མང་པོ་ལ་བྱམས་ཆོས་ལྔ། དབུ་མ་བསྟོད་ཚོགས། འབུམ། སྙིང་པོའི་མདོ། སེམས་འགྲེལ་ སྐོར་གསུམ། དབང་མདོར་བསྟན། ཀྱཻ་རྡོར་ནཱ་རོའི་འགྲེལ་ཆེན། དབུ་མ་རྩ་བ། སྤྱོད་ 1-1-55 འཇུགབསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོརྒྱ་མཚོ། རྡོ་རྗེ་ཕྲེང་བ། གསང་འདུས་ སྒྲོན་གསལ། དམར་ནག་འཇིགས་གསུམ། ཤེར་མདོ་སོགས་བར་སྐབས་བར་སྐབས་སུ་ལན་ མང་གནང༌། རྒྱུད་སྡེའི་དབང་ཡང་སོ་སོའི་འདོད་པ་དང་མཐུན་པར་ཡང་ཡང་གསུངས། ཡེ་ ཤེས་པ་འབེབས་སྐབས་ལམ་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་པ་ཕེབས་པའི་རྣམ་འགྱུར་མང་དུ་ བྱུང༌། སྤྱིར་ཆོས་འདི་རྣམས་བསླབ་པ་ཁོ་ནས་མི་གོཚོགས་སྒོ་དུ་མ་ནས་བསག་ཅིང་བསྒོམས་ ན་གོ་བ་ལགས། ད་ལྟ་སྙིང་པོ་བསྡུ་བའི་སྐབས་འདིར་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་གསུངས། སྐུ་ ཚེའི་སྨད་ལ་ནུབ་ཆོས་ལུང༌། འུ་ཡུགསྙེ་མོ། གནམ་སྟོད་ལུང་སོགས་བརྒྱུད་ནས་ལྷ་སར་ཟླ་བ་ བཅུ་གཅིག་བཞུགས། སྐབས་རྣམས་སུ། སྔོན་འགྲོའི་ཁྲིད་དང༌། དུས་འཁོར་དབང༌། སྦྱོར་ དྲུག་གི་ཁྲིད་གནང་བས་དབེན་པ་གསུམ་མམ་དམ་པོ་འདེབས་པ་དང༌། སོར་བསམ་སྲོག་ རྩོལ་བར་གྱི་ཉམས་རྟོགས་ཚད་དུ་ཕྱིན་པ་ཤིན་ཏུ་མང༌། སྐྱེ་བོ་ཕལ་བ་རྣམས་ལ་དལ་འབྱོར་ རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོ། སེམས་བསྐྱེད། སྡིག་པ་སྦྱང་ཐབས། བསོད་ནམས་བསག་ཚུལ། བླ་མ་བསྟེན་ཚུལ་སོགས་ ཡང་ཡང་གསུངས། ཕྱིར་ཕེབས་ནས་རིམ་པར། ཀྱི་སྨད། ཡར་འབྲོགཉང་སྟོད་སོགས་སུ་ ཟབ་ལམ་གྱི་ཁྲིད་མང་དུ་གནང། ཐམས་ཅད་མཁྱེན་པ་གཉིས་པ་བུ་སྟོན་ཆེན་པོ་དང་འབེལ་ གཏམ་མཛད་པར་བཞེད་ནའང༌། བུ་སྟོན་ཆེན་པོས་རྩོད་པ་མཛད་མ་ནུས་ཞེས་གྲགས་པ་ཡང་ དོན་ལ་གནས། སྔ་དུས་བུ་སྟོན་ཆེན་པོས་ཇོ་ནང་གི་སྐུ་འབུམ་གཟིགས་པར་བཞེད་ནས། མནལ་ལམ་བཟུང་སྟེ་ཕེབས་པས། ཇོ་མདར་ཕེབས་པ་ན། ཀུན་མཁྱེན་ཆེན་པོས་ཕཊ་ཅེས་ གསུངས་མནལ་སད་དེ་གཟིགས་མ་ཐུབ་སོགས་ཀྱི་ལོ་རྒྱུས་ཡོད། སྤྱིར་གང་ཕེབས་ཐམས་ ཅད་དུ། སྐྱབས་འགྲོ། སེམས་བསྐྱེད། ཡིག་དྲུགདགེ་བསྙེན་ཕ་མ། རབ་བྱུང་བསྙེན་རྫོགས་ཞུ་ བ་སོགས་རྒྱུན་མི་འཆད་པ་བྱུང༌། ཤམ་པོ་རྩེ་ལྔ་ལ་གཤེགས་སྙིང་གི་དོན་རྟོགས་པ་མང་བར་ 1-1-56 ལུང་བསྟན། ཐ་མར་མཛད་པ་རྫོགས་ཚུལ། ད་ཆེ་བགྲེས་རྣམས་བོས་གསང་གྲོས་ཤིག་བྱེད་ གསུངས། ཞལ་ཏ་སྣ་ཚོགས་གནང༌། དགུང་ལོ་བདུན་ཅུ་ལྕགས་མོ་གླང་གི་དུས་ཉིད་སྐུ་གཟི་ བརྗིད་རབ་ཏུ་རྒྱས་བདག་བདེ་བ་ཅན་ཏུ་འགྲོ་གསུངས་ཚེ་ས་རྣམ་པ་དྲུག་ཏུ་གཡོས། འཇའ་ འོད་སྣ་ཚོགས་འཁྲིགས། སངས་རྒྱས། བྱང་སེམས། དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ བསུ་མར་བྱོན་ཚེ་ཐུགས་སློབ་རེ་རེ་བཞིན་དུ་ལུང་བསྟན་སྣ་ཚོགས་གསུངས། ཞལ་ནས་འོད་ འགྱེད་གཡོ་བ་མེད་པར་ཞིང་གཞན་དུ་གཤེགས་ཚེ་ཡོལ་བས་བསྐོར་ཞིང་ཐུགས་འོད་གསལ་ གྱི་ངང་དུ་བཞུགས་སྐབས་ཕྱི་རྟགས་སུ་དྲི་ངད་སྣ་ཚོགས་ལྡང༌། ལྷ་དང་ལྷ་མོས་མཆོད་རྫས་མེ་ ཏོག་འཐོར་ཞིང་རོལ་ཆ་དཀྲོལ་ཏེ་བསྟོད་པ་སྣ་ཚོགས་མཛད། བྱང་སེམས་ཤངས་རྩེར་ལུད་ སྐབས་ཡར་ཆབ་གཙང་པོ་ཆད་ཅིང་མི་རྣམས་འགྲོ་འོང་བྱུང༌། དམར་ཆ་ནོར་བུར་བྱོན་ཚེ་ནུབ་ རི་ལ་ཉེ་བའི་ཉི་མ་ཤར་ཕྱོགས་སུ་བཟློགཚེས་བརྒྱད་ཉིན་སྐུ་གདུང་སྤྱན་དྲངས་ཚེ་དྲི་བཟང་ འཐུལ་བཞིན་མཇལ་ཁ་གནང་སྐབས་མཁའ་དབྱིངས་དྭངས་པའི་ངོར་འཇའ་ཚོན་སྣ་ལྔས་ མཆོད་རྫས་སྣ་ཚོགས་ངོམས། གདུང་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་ཁྱབ་པ་ལས་ འོད་དཀར་ཤེལ་ཀ་བསྒྲིག་པའི་བར་བར་དུ་འོད་དམར་གྱི་སྐུད་པར་དྲིལ་ཕྲེང་བགྱིས་པ་ལྟ་བུ་ བྱུང༌། ཡེ་ཤེས་རང་མེ་འབར་སྒྲར། ཆོས་སྐུ་སྐྱེ་མེད་མི་རྟག་ཟློས་གར་མཚོན། འདིར་དགོངས་ རྫོགས་ཀྱང་གཙང་བདེ་རྟག་བདག་གི། རང་བཞིན་དམ་པའི་ཆོས་ཉིད་མངོན་ཚུལ་གསུངས། འཇའ་ཚོན་དྲ་བ་དྲ་ཕྱེད་ཀྱི་བར་བར་མེ་ཏོག་སྣ་ཚོགས་ཀྱི་དབུས་སུ་ཡི་དམ་མཆོག་གསུམ་ མཁའ་འགྲོ་ཆོས་སྐྱོང་དངོས་སུ་བྱོན། མེ་ཏོག་གི་ཆར་དང༌། གདུང་མེ་མཆེད་སྒྲས་ཆོས་སྒྲ་སྣ་ ཚོགས་བསྟན། དུ་བ་སྔོ་ལྗང་དར་ཡུག་བརྐྱངས་འདྲའི་རྩེ་མོར་འཇའ་གུར་ཀློང་དུ་ཆོས་རྗེ་ དངོས་སུ་བཞུགས་པས་སློབ་ཚོགས་རྣམས་ལ་རང་རང་དང་མཐུན་པས་ཆོས་གསུངས་པ་དང་ མཛད་པ་འདྲ་མིན་བསྟན། ཨ་གར། ཙནྡན། ག་བུར་ལ་སོགས་པའི་དྲི་བཟང་ནམ་མཁར་ 1-1-57 ཁྱབ། འཁར་རྔ་དང༌། གླིང་བུ། དུང་དཀར། ཟངས་དུང༌། རྔ་དྲིལ། རྫ་རྔ། ཌཱ་རི་ལ་སོགས་ པའི་སྒྲ་སྙན་གྲགས། གདུང་ཁང་སྒོ་འབྱེད་ཚེ་མཁའ་དབྱིངས་ལས་སྒྲ་ཆེན་བྱུང༌། གདུང་རུས་ ཤེལ་དཀར་ལྟ་བུ་རྣམས་མཇལ་ཚེ་སྒལ་ཚིགས་དུས་འཁོར་ཡོངས་རྫོགས་ཀྱི་སྐུར་གྱུར། དཔྲལ་བར་རྟ་མགྲིན་ཡང་གསང༌། དཔུང་པ་གཡས་སུ་མི་གཡོ་བ། ལྟག་པའི་ནང་ངོས་སུ་ སངས་རྒྱས་ཐོད་པ། ཚངས་བྲག་ཏུ་ཤཱཀྱ་ཐུབ་པ། སོར་ཚིགས་ཁ་སར་པ་ཎི། རྣ་ལྟག་གཡས་ སུ་སེང་ལྡེང་ནགས་སྒྲོལ། གཡོན་དུ་འཇམ་དཔལ་དམར་པོ། སྙན་ཟུང་དང་མགྲིན་པའི་ཆའི་ རུས་བུ་ལ་དུང་དཀར་གཡས་འཁྱིལ། མཁྲིག་མ་གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་རེ་རེ། རྗེ་ངར་ ཡིག་དྲུག་རང་བྱོན། འགྲམ་རུས་སུ་སྟོང་ཆེན་ཡིག་ལྔ། རྩིབ་རུས་ལ་བཀྲ་ཤིས་རྟག་བརྒྱད། རུས་པའི་ཆ་ཤས་ལ་ཧ་ཀྵ་བརྩེགས་འབུར་སོགས་གསུང་རྟེན་སྣ་ཚོགས། ཕྱག་མཚན་ལ་ སོགས་ཐུགས་རྟེན། རིང་བསྲེལ་ལེགས་སྤུངས། གདུང་ཐལ་གང་འགོས་རྣམས་ལ་ཡི་གེ་ ཨཱཿཧྲཱིཿཕྱག་མཚན་སྣ་ཚོགས། དུང་དཀར། རྗེ་བཙུན་ལྷ་མོ། རྣམ་སྲས། གུར་མགོན། ཡ་ མཚན་རང་བྱུང་དེ་དག་ཀྱང་གླང་ཆེན་རུས་པ་ལ་མཁས་པའི་བཟོ་བོས་ལག་རྩལ་འགྲན་པ་ ལྟར། འབུར་དུ་དོད་ཅིང་ཤིན་ཏུ་གསལ་བ་རྣམས་གདུལ་བྱའི་དོན་དུ་བྱོན་པ་ལགས། ༡༣༠༦མེ་ཕོ་རྟ་ཡི་ལོར། ཀུན་མཁྱེན་ཆེན་པོའི་དངོས་སློབ་ས་སྙིང་སྤྲུལ་པ་ཆོས་རྒྱལ་ཕྱོགས་ ལས་རྣམ་རྒྱལ་འཁྲུངས། ཇོ་ནང་པ་ཆེན་པོའི་གདན་ས་སྐྱོང་མཛད་མཁས་གྲུབ་ཀྱི་སྐྱེས་བུ་ ཚད་མར་གྱུར་པ་ཡིན་ཀྱང་རྣམ་ཐར་བརྗོད་པ་ཡང་ཡིག་ཚོགས་མང་བས་མ་སྤྲོས། འདིའི་དྲུང་ ནས་རྗེ་བླ་མ་བློ་བཟང་གྲགས་པས་ཇོ་ནང་གི་ལུགས་ཀྱི་དུས་འཁོར་སྦྱོར་དྲུག་སོགས་ཆོས་ མང་གསན། ༨༡ལ་འདས། ༡༣༤༥ མེ་ཡོས་ལོར་འཇམ་དཔལ་སྤྲུལ་པ་ཉ་དབོན་ཀུན་དགའ་ དཔལ་འཁྲུངས། ཁོང་ཕྱོགས་རྒྱལ་བའི་རྒྱལ་ཚབ་ཀུན་མཁྱེན་ཆེན་པོའི་ཐུགས་སྲས་མཁས་ ཤིང་གྲུབ་བརྙེས་ཀྱི་སྐྱེས་ཆེན་དམ་པ་འདིའི་མདུན་ནས་རྗེ་བློ་བཟང་གྲགས་པས་ཕར་ཕྱིན་ 1-1-58 སོགས་ཆོས་མང་གསན། ༩༥ལ་འདས་སོ། །ཇོ་ནང་ཀུན་མཁྱེན་ཆེན་པོ་ལ་སློབ་བུ་ནམ་ མཁའི་སྐར་ཚོགས་ལྟར་ཡོད་ཀྱང་རང་འདྲའི་བུ་ཆེན་བཅུ་བཞི་ནི། དང་པོ་ནམ་སྙིང་སྤྲུལ་པ་ བྱང་སེམས་ཆོས་གྲགས་དཔལ། གཉིས་པ་སྒྲིབ་སེལ་རྣམ་རོལ་སྐད་གཉིས་སྨྲ་མཁས་ལོ་ཙཱ་ བ་བློ་གྲོས་དཔལ། གསུམ་པ་མི་ཕམ་དངོས་བྱོན་ས་བཟང་མ་ཏི་པཎ་ཆེན། བཞི་པ་ས་ཡི་སྙིང་ པོའི་སྤྲུལ་པ་ཀུན་མཁྱེན་ཕྱོགས་རྒྱལ་བ། ལྔ་པ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་འབྲི་གུང་ལོ་ཙཱ་ བ་མ་ཎི་ཀ་ཤྲཱི། དྲུག་པ་གསང་བདག་ཕྱག་རྡོར་གྱི་འཕྲུལ་བཟང་ཞང་སྟོན་རྒྱ་བོ་བསོད་ནམས་ གྲགས་པ། བདུན་པ་འཇམ་པའི་དབྱངས་ཀྱི་སྤྲུལ་པ་ཀུན་མཁྱེན་ཉ་དབོན་ཀུན་དགའ་དཔལ། བརྒྱད་པ་ལོ་ཆེན་རྣམ་འཕྲུལ་ཐང་བོ་ཆེ་བ་ཀུན་དགའ་འབུམ། དགུ་པ་འཇམ་དཔལ་རྣམ་ རོལ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན། བཅུ་པ་འཕགས་པ་ཐོགས་མེད་རྣམ་འཕྲུལ་རྒྱལ་ སྲས་རིན་ཚུལ་བ། བཅུ་གཅིག་པ་ཨཱརྱ་དེ་བ་པའི་རྣམ་འཕྲུལ་གྷ་རུང་བ་ལྷ་ཡི་རྒྱལ་མཚན། བཅུ་གཉིས་པ་ཤཱཀྱ་བཤེས་གཉེན་གྱི་རྣམ་རོལ་ཆོས་རྗེ་ཕུན་ཚོགས་དཔལ། བཅུ་གསུམ་པ་ གྲུབ་ཆེན་ཡུ་མོའི་སྤྲུལ་པ་ཐང་ཆུང་བ་བློ་གྲོས་དཔལ། བཅུ་བཞི་པ་གནས་བརྟན་བྷ་ཀུ་ ལའི་རྣམ་འཕྲུལ་མཚལ་མིན་པ་བསོད་ནམས་བཟང་པོ་རྣམས་ཀྱི་རྣམ་པར་ཐར་བ་བརྗོད་ འོས་དུས་སུ་བབ་ཀྱང་མ་སྤྲོས་ལགས། འཛམ་ཐང་ཆོས་སྡེ་འདེབས་མཁན་དྲུང་དཀའ་བཞི་པ་རཏྣ་ཤྲཱི་སོགས་ཀྱི་ལོ་རྒྱུས། འཛམ་ཐང་ཆོས་སྡེ་འདེབས་མཁན་རིགས་ལྡན་དྲག་པོའི་རྣམ་སྤྲུལ་དྲུང་དཀའ་བཞི་པ་ རཏྣ་ཤྲཱིའི་ལོ་རྒྱུས་ཨོ་རྒྱན་གྱི་སློབ་དཔོན་པད་འབྱུང་གིས་ཆེར་བསྔགས་ཀྱི་མེ་ཏོག་དུས་སུ་ ལེགས་པར་འཐོར་བའི་ལུང་བསྟན་པ་སྟེ། ཇི་སྐད་དུ། རྒྱལ་བའི་བློ་གྲོས་ལྷག་བསམ་སྟོབས་ དང་ལྡན། །ཐོག་མཐའ་བར་དུ་བསྟན་པའི་གཉེར་ཁ་བ། །ལན་གཅིག་བསྐལ་པ་དུས་ཀྱི་ཐ་ 1-1-59 མར་ཡང༌། །མདོ་ཁམས་ཚ་བའི་དཔུང་ཞེས་བྱ་བ་ན། །རྣལ་འབྱོར་དབང་ཕྱུག་རཏྣའི་མཚན་ ཅན་ཞིག །གསང་སྔགས་བསྟན་འཛིན་འགྲོ་བ་དཔག་མེད་འདྲེན། །དགྱེས་པའི་མདངས་ ལྡན་དཔའ་བོའི་གཟུགས་སྟོབས་ཅན། །ཡིག་བདུན་བསྟན་པའི་འགྲོ་བ་སྐྱོང་བྱེད་ཅིང༌། །ཀུན་ཀྱང་གསང་སྔགས་མཆོག་ལ་འགོད་བྱེད་འབྱུང༌། །ཞེས་གསུངས་པ་དང༌། གཞན་ཡང༌། ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་བསྟན་གསུངས་པར། ཆོས་ལུགས་ཉམས་པར་བྱེད་པ་ངན་ རིགས་ཅན། །སྣང་ཞིག་བོན་ནག་སྤྲེའུ་གཟུགས་ཞྭ་དཀར་ཅན། །ཟུང་ཅུའི་ཁམས་སུ་འབྱུང་ ནས་བོན་རྒྱུན་སྤེལ། །ལྟ་ངན་མུན་པས་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་ དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་ འབྱུང་བར་འགྱུར། །ཡང་དག་ལྟ་བའི་སེང་གེའི་སྒྲ་སྒྲོགས་པས། །ལྟ་ངན་རིགས་ཅན་མ་ལུས་ ཚར་བཅད་ནས། །མདོ་ཁམས་གནས་སུ་ང་ཡི་བསྟན་པ་བྱུང༌། །དེ་ཡི་སྲས་ལ་ཡོངས་འཛིན་ དཔག་ཏུ་མེད། །རྒྱལ་བའི་ཆོས་ལུགས་ཡུན་རིང་གནས་པར་འགྱུར། །ཞེས་དང༌། གཞན་ ཡང་ཀུན་མཁྱེན་ཆེན་པོས་འདི་སྐད་གསུངས་པ་སྟེ། ང་ནི་འདི་ནས་འགྲོ་བའི་ཞག་འགའ་ ན། །འཕྲིན་ལས་རྣམ་བཞིའི་གློག་དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ། །ལྟ་ངན་མུན་སེལ་མི་བཟད་དྲག་པོ་ཆེ། །དགེསློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་ པའི་རཏྣ་ཤྲཱི་ཞེས་པ། །རིཁྲོད་ཆེན་པོ་འདི་ན་འོངས་པར་འགྱུར། །བུ་ཁྱོད་ཀྱི་ནི་རྗེས་སུ་འཇུག་ གྱུར་ཏེ། །རོ་མཆོག་དམ་ཆོས་བདུད་རྩིས་རྒྱུད་ཚིམ་ནས། །མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་ སུ། །ཆུ་བོ་འགྲམ་ལ་བརྟེན་པའི་ལུང་བ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་ སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་ འཁོར་ལོའི་བཤད་སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །ཀུན་ གྱིས་མཆོད་གནས་བཀུར་སྟི་བྱ་བའི་གནས། །ཞེས་པའི་ལུང་བསྟན་པའི་དགོན་གནས་ལྷོ་ 1-1-60 འཛམ་བུ་གླིང་གི་བྱེ་བྲག་ཏུ་གྱུར་པ་གནས་མཆོག་བྱང་ཕྱོགས་ཤམྦྷ་ལ་གཉིས་པ་ལྟ་བུའི་ཤར་ འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་འདིར་དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས་ཀྱི་ ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་ཐུན་མོང་མ་ཡིན་པ་འདི་མདོ་སྔགས་ ཀྱི་དགོངས་པ་མཐར་ཐུག་པ་ལུང་རིགས་ཀྱི་ལམ་ནས་འཆད་རྩོད་རྩོམ་གསུམ་དང༌། དབང་ ལུང་གདམས་ངག་ལ་བརྟེན་ནས་ཉམས་རྟོགས་ཁྱད་པར་ཅན་མངའ་བའི་མཁས་གྲུབ་གཉིས་ ལྡན་གྱི་སྐྱེས་ཆེན་དུ་མ་བྱོན་པའི་ལོ་རྒྱུས་ཡོད་ཀྱང་མ་སྤྲོས། འདི་ལས་རྒྱས་པར་ཤེས་འདོད་ ན་བདག་གི་དཔལ་ལྡན་བླ་མ་དམ་པ་ངག་དབང་བློ་གྲོས་གྲགས་པས་མཛད་པའི་ཇོ་ནང་ ཆོས་འབྱུང་ཟླ་བའི་སྒྲོན་མེ་དང༌། ཆོས་འབྱུང་གཞུང་གི་ཁ་སྐོང་ལྷན་ཐབས་བརྒྱུད་རིམ་དཔལ་ ལྡན་བླ་མ་གང་དག་གི་མཚན་ཉིད་རབ་ཏུ་གསལ་བ་ཉི་གཞོན་འོད་སྣང་དད་པའི་པད་མོ་རྣམ་ པར་བཞད་བྱེད་ཟུང་ལས་ཇོ་ནང་ཀུན་མཁྱེན་མན་གྱི་སློབ་བུ་ནས་འཛམ་ཐང་ཡན་དང༌། མདོ་ སྨད་ཕྱོགས་སུ་ཇོ་ནང་པའི་དགོན་ལག་གང་ཡོད་དང༌། བླ་མ་བསྟེན་ཚུལ་སོགས་ཅུང་རྒྱས་ ཙམ་ཡོད་པས་དེ་ལ་གཟིགས་པར་མཛོད། ༡༠ དུས་འཁོར་རྫོགས་རིམ་གྱི་ལྟ་སྒོམ་ཉམས་ལེན་དང་དབང་ལུང་གི་བརྒྱུད་རིམ། དུས་འཁོར་རྫོགས་རིམ་ལྟ་སྒོམ་ཉམས་ལེན་གྱི་བརྒྱུད་རིམ་ཇོ་ནང་ཀུན་མཁྱེན་ཆེན་པོའི་ དངོས་སློབ་ཀུན་མཁྱེན་ཕྱོགས་རྒྱལ་བ། དེ་ནས་རིམ་པར་ཉ་དབོན་པ། གྲུབ་ཆེན་ཀུན་དགའ་ བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། མཁས་གྲུབ་ནམ་མཁའ་ཆོས་སྐྱོང༌། པཎ་ ཆེན་ནམ་མཁའ་དཔལ་བཟང༌། ལོ་ཆེན་རཏྣ་བྷ་དྲ། འཇམ་མགོན་གྲུབ་པའི་དཔའ་བོ། དཔལ་ ལྡན་ཀུན་དགའ་གྲོལ་མཆོགབློ་གསལ་རྒྱ་མཚོ་བདེ་དགྱེས། ཐུགས་སྲས་མཁས་གྲུབ་རྣམ་ཚོ། འཇམ་དབྱངས་ཀུན་དགའ་སྙིང་པོ། བཀྲ་ཤིས་རྒྱལ་མཚན་དཔལ་བཟང༌། ཁྱབ་བདག་སྒྲོལ་ 1-1-61 བའི་མགོན་པོ། སྔོན་སྦྱངས་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། གྲུབ་ཆེན་ངག་ དབང་འཕྲིན་ལས། ངག་དབང་བསྟན་འཛིན་རྣམ་རྒྱལ། ངག་དབང་མཁས་བཙུན་དར་རྒྱས། ཀུན་བཟང་འཕྲིན་ལས་རྣམ་རྒྱལ། ནུས་ལྡན་ལྷུན་གྲུབ་རྒྱ་མཚོ། དཀོན་མཆོག་འཇིགས་མེད་ རྣམ་རྒྱལ། ངག་དབང་ཆོས་འཕེལ་རྒྱ་མཚོ། ངག་དབང་ཆོས་ཀྱི་འཕགས་པ། ངག་དབང་ཆོས་ འབྱོར་རྒྱ་མཚོ། ངག་དབང་བསྟན་པ་གསལ་བྱེད། དེས་བདག་ལའོ། །ཡང་ན། ངག་དབང་ ཆོས་འཕེལ་རྒྱ་མཚོ། ངག་དབང་ཆོས་འཕགས། ངག་དབང་ཆོས་འཛིན་རྒྱ་མཚོ། ཀུན་དགའ་ མཉམ་ཉིད་རྒྱ་མཚོ། ངག་དབང་རྡོ་རྗེ་བཟང་པོ། དེས་བདག་ལའོ། །ཡང་ན། ངག་དབང་ཆོས་ འཕེལ། ངག་དབང་ཆོས་འཕགས། ཀུན་དགའ་དཔལ་ལྡན། ངག་དབང་བསྟན་འཛིན་གྲགས་ པ། ངག་དབང་ཆོས་འབྱོར། ངག་དབང་སྨོན་ལམ་བཟང་པོ། ངག་དབང་བློ་གྲོས་གྲགས་པ། དེས་ཀྱང་བདག་ལའོ། །གཞན་ཡང༌། དཀོན་མཆོག་འཇིགས་མེད་རྣམ་རྒྱལ། སྐྱབས་རྗེ་ངག་ དབང་བསམ་གཏན། ཀུན་དགའ་ངེས་དོན། བླ་མ་འཇམ་དབྱངས། སོག་པོ་བླ་མ་ཀུན་གྲོལ། ཀུན་དགའ་ངག་གི་དབང་པོ། ངག་དབང་བློ་གྲོས་གྲགས་པ་སྟེ། དེས་བདག་ལ་བཀའ་དྲིན་དུ་ མཛད་པའོ། ། རང་ཅག་གི་ཆོས་སྐལ་དུས་སུ་ཐོབ་པ་དཔལ་མཆོག་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་ དང་གྲོལ་བྱེད་ལམ་གྱི་རིམ་པ་གང་དག་གི་བརྒྱུད་པའི་བླ་མ་རིམ་བྱོན་གྱི་ཚུལ་ལས། ཐོག་ མར་དུས་འཁོར་དབང་མོ་ཆེ་ཞེས་པ། སློབ་མ་རྗེས་འཛིན། སྟ་གོན། བྱིས་པ་འཇུག་པའི་ དབང་བདུན། མཆོག་གི་དབང་གོང་མ། མཆོག་དབང་ཁྱད་པར་ཅན། བདག་པོ་བདག་ ཆེན་བཅས་ཀྱི་དབང་གི་བརྒྱུད་རིམ་ནི། དམ་པ་དང་པོའི་སངས་རྒྱས། ཆོས་སྐུ་རྡོ་རྗེ་འཆང༌། ལོངས་སྐུ་དུས་འཁོར། སྤྲུལ་སྐུ་ཤཱཀྱ་ཐུབ་པ་ནས་བཟུང་རྗེ་བཙུན་ཏཱ་ར་ནཱ་ཐའི་བར་དུས་ འཁོར་བརྒྱུད་འདེབས་ལྟར་དང༌། དེ་ནས་རིམ་བཞིན། རིན་ཆེན་རྒྱ་མཚོ། བློ་གྲོས་རྣམ་རྒྱལ། 1-1-62 ངག་དབང་འཕྲིན་ལས། ངག་དབང་རྣམ་རྒྱལ། མཁས་བཙུན་དར་རྒྱས། འཕྲིན་ལས་རྣམ་ རྒྱལ། ལྷུན་གྲུབ་རྒྱ་མཚོ། འཇིགས་མེད་རྣམ་རྒྱལ། གཙང་བ་དགེསློང་། ཆོས་ཀྱི་འཕགས་པ། ངག་དབང་ཆོས་འབྱོར། བསྟན་པ་གསལ་བྱེད་ཀྱི་བར་ཏེ། དེས་བདག་ལའོ། །འདི་ལ་གཙང་ སྤྲུལ་འཇིགས་མེད་རྣམ་རྒྱལ་ནས་སྐྱབས་རྗེ་མཁར་བ་བླ་མ་ལ་བརྒྱུད་ཚུལ་དང༌། གཙང་པ་ དགེ་སློང་ནས་ལྷ་བཟོ་བླ་མ་ལ་བརྒྱུད་ཚུལ་སོགས་བརྒྱུད་ཚུལ་འདྲ་མིན་དུ་མ་ཞིག་ཡོད་པ་ ལས། ལྷ་བཟོ་ནས་ཀུན་དགའ་མཉམ་ཉིད། ངག་དབང་ཚོགས་གཉིས་རྒྱ་མཚོ་གཉིས་དང༌། དེ་གཉིས་ནས་ངག་དབང་རྡོ་རྗེ་བཟང་པོ་སྟེ། དེས་ཀྱང་བདག་ལ་བཀའ་དྲིན་དུ་མཛད། ཡང་ ན། ལྷ་བཟོ་བླ་མ་ནས་ངག་དབང་དོན་ལྡན། དཀོན་མཆོག་དར་རྒྱས་ཏེ། དེས་ཀྱང་བདག་ ལའོ། །ཡང་ན། སྐྱབས་རྗེ་ངག་དབང་བསམ་གཏན། ཀུན་དགའ་ངེས་དོན། བླ་མ་འཇམ་ དབྱངས། སོག་པོ་བླ་མ་ཀུན་གྲོལ། ཀུན་དགའ་ངག་གི་དབང་པོ། ངག་དབང་བློ་གྲོས་གྲགས་ པ་སྟེ། དེས་ཀྱང་བདག་ལ་བཀའ་དྲིན་དུ་མཛད་པའོ། ། རང་རེའི་ངེས་དོན་བསྟན་པའི་མངའ་བདག་རིགས་ལྡན་སྤྲུལ་པའི་སྐུ་ཀུན་མཁྱེན་ཆེན་ པོ་དོལ་པོ་སངས་རྒྱས་ཀྱི་བཀའ་འབུམ་གླེགས་བམ་དྲུག་དང་སྐྱེས་རབས་རྣམ་ཐར་གྱི་པོ་ཏི་ གཅིག་སྟེ་གསུང་པོད་བདུན་ཕྲག་གཅིག་གི་བཀླག་ལུང་ཟབ་ཁྲིད་ཀྱི་བརྒྱུད་རིམ་ནི། དུས་ གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ ནས་སྨོས་ན་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ གང་ཉིད་དང༌། དེ་ནས་རིམ་པ་བཞིན་གང་གི་ཐུགས་སྲས་ཆོས་རྗེ་ཡོན་ཏན་བཟང་པོ། ཆོས་ རྗེ་བསོད་ནམས་དཔལ། འཛམ་ཐང་པ་ཆོས་རྗེ་གཞོན་ནུ་རྒྱལ་མཚན། སློབ་དཔོན་རིན་ཆེན་ པ། ཆོས་རྗེརྒྱལ་བ་བཟང། བླ་མ་ཁྲོ་བཅུ་པ། བླ་མ་བྷོ་ཝམ་རོ་བ། རྗེ་བཙུན་ཡེ་ཤེས་རྡོ་རྗེ། ཚོ་བཞིའི་བླ་མ་ཕུན་ཚོགས། ཀུན་དགའ་རིན་ཆེན། ངག་དབང་རིན་ཆེན། འབྲོག་དགེ་ཀུན་ 1-1-63 དགའ་ལྷུན་གྲུབ། ཀུན་དགའ་བཀྲ་ཤིས། ངག་དབང་རྒྱལ་མཚན། གཙང་སྤྲུལ་འཇིགས་མེད་ རྣམ་རྒྱལ། ངག་དབང་ཆོས་འཕེལ། ཆོས་ཀྱི་འཕགས་པ་དང༌། ངག་དབང་ཆོས་འཛིན་གཉིས། ཀུན་དགའ་མཁས་དབང། རིན་ཆེན་བཟང་པོ། རིན་ཆེན་འོད་ཟེར་ཏེ། གང་དེས་བདག་ལ་ བཀའ་དྲིན་དུ་མཛད། རྡོ་རྗེ་ཕྲེང་བ་དང༌། རྗེ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་བདེ་དགྱེས་སྡེ་ཞེས་བྱ་བ་གང་གིས་དམ་པའི་ ཆོས་ཀྱི་མན་ངག་ཟབ་བཅུད་ཀུན་ལེགས་བསྡུས་ཀྱི་ཚུལ་དུ་མཛད་པའི་གྲོལ་མཆོག་ཁྲིད་བརྒྱ་ དང༌། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི་བཀླག་ལུང་དང་རྒྱུད་སྡེའི་ དབང་ལུང་མན་ངག་གི་རིམ་པ་བདག་ལ་གང་ཐོབ་སོགས་དཔལ་ལྡན་བླ་མ་ངག་དབང་བློ་ གྲོས་གྲགས་པས་མཛད་པའི་ཇོ་ནང་ཆོས་འབྱུང་གི་ལྷན་ཐབས་བརྒྱུད་རིམ་དཔལ་ལྡན་བླ་མ་ གང་དག་གི་མཚན་ཉིད་རབ་ཏུ་གསལ་བ་ཉི་གཞོན་འོད་སྣང་དད་པའི་པདྨོ་བཞད་བྱེད་ཅེས་ བྱ་བ་ལས་གསལ་བ་ལྟར་འདིར་མང་དོགས་སོ། ། ༡༡ དབང་གི་སྡོམ་པ་དང་དམ་ཚིག་མིག་འབྲས་བཞིན་སྲུང་དགོས་ཚུལ། དེ་ལྟར་དབང་ལུང་གདམས་ངག་རྣམས་བུམ་པ་ཚད་ལྡན་ནས་ཚད་ལྡན་དུ་བླུག་པ་ བཞིན་སྔོན་དུ་སོང་ནས་དབང་གི་སྡོམ་པ་དང་དམ་ཚིག་མིག་གི་འབྲས་བུ་བཞིན་དུ་བསྲུངས་ ཏེ་དམ་པའི་ཆོས་ཉམས་སུ་ལེན་སྐབས་སུ། རྒྱུ་བསོད་ནམས་ཀྱི་ཚོགས་བསག་དགོས་པ་ ནི། དེང་དུས་ཀྱི་རང་རེ་ཚོས་རང་དང་འཚམ་པའི་ཁམས་དབང་བློ་ཡིས་གང་འཆུན་ཙམ་གྱི་ ལུས་ངག་ཡིད་གསུམ་སྒོས་དགེ་སྦྱོར་ཆེ་ཕྲ་ལག་ལེན་ཅི་ཐེབ་ལ་འབད་དགོས་པ་ནི། མདོ་ སྡེ་མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་ མདག་ཆུང་ངུ་དག་གིས་ཀྱང༌། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །དགེ་བ་ཆུང་ངུ་དག་ལ་ཡང༌། 1-1-64 །མི་ཕན་སྙམ་དུ་བརྙས་མིབྱ། །ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་ བར་འགྱུར། །ཞེས་གསུངས་པ་བཞིན་རྒྱུ་མཚན་དེས་ན་བདག་གིས་སྡིག་པའི་ལས་ཕྲ་མོ་ ཙམ་ལའང་བརྙས་པར་མི་བྱ་བར་ཅི་ནས་ཀྱང་སྤང་བ་ལ་ཡང་ཡང་འབད་དགོས། དགེ་བ་ ཕྲ་མོ་ཙམ་ལ་ཡང་མི་བརྙས་པར་ཕྲ་ཞིང་ཕྲ་བ་ནས་ངེས་པར་བསྒྲུབ་དགོས། ཁྱད་པར་ལུས་ ངག་ཡིད་གསུམ་གྱི་སྒོ་ནས་སྲོག་མི་གཅོད་པ་སོགས་ལུས་ཀྱི་དགེ་རྩ་གསུམ་དང་རྫུན་མི་སྨྲ་ བ་སོགས་ངག་གི་དགེ་རྩ་བཞི་དང་བརྣབ་སེམས་སྤང་བ་སོགས་ཡིད་ཀྱི་དགེ་རྩ་གསུམ་པོ་ དེ་དག་ལ་རེམ་པ་དང༌། སྤྱིར་མདོ་དང་སྔགས་ཀྱི་སྐབས་སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་ པ་གསུམ་པོ་ཡང་གང་ཟག་རབ་འབྲིང་ཐ་མ་གསུམ་ལ་ལྟོས་ཏེ་དབང་པོ་ཡང་རབ་སྔགས་ཀྱི་ རྣལ་འབྱོར་མངའ་བ་དག་གི་རྒྱུད་ཀྱི་གསང་སྔགས་བྱང་སེམས། སོ་ཐར་གསུམ་གྱི་སྡོམ་པ་ནི་ ཉི་ཟླ་སྐར་གསུམ་གྱི་དཔེ་ལྟར་དང༌། གང་ཟག་དབང་འབྲིང་ལ་དེ་གསུམ་རྫ་སྣོད་ཆུ་དང་ཆུ་ ནང་དུ་ཤར་བའི་གཟུགས་བརྙན་གསུམ་གྱི་དཔེ་ལྟར་དང༌། གང་ཟག་དབང་པོ་ཐ་མའི་རྒྱུད་ ཀྱི་སྡོམ་པ་གསུམ་ལ་བག་ཆགས་དང༌། སྨོན་ལམ་ཙམ་མ་ཆད་པའི་སྐབས་ཀྱི་སྡོམ་པ་གསུམ་ ནི་ཤིང་ཡལ་འདབ་དང་ལྡན་པའི་ཡལ་ཀ་སྐམ་ཀྱང་རྩ་བ་མ་བུད་པའི་དཔེ་ལྟར་སོ་ཐར་ བསྙེན་རྫོགས་སྐབས་ཕམ་པ་བཞི། ལྷག་མ་བཅུ་གསུམ་ལྟ་བུ་དང༌། བྱང་སྡོམ་སྐབས་བྱང་ ཆུབ་སེམས་དོར་ནག་ཆོས་བཞི་ལྟ་བུ་དང༌། སྔགས་སྡོམ་སྐབས་རྩ་ལྟུང་སྦོམ་པོ་ལྟ་བུའི་གཞི་ རྩ་རགས་རིམ་ལག་ལེན་ཅི་ཐེབ་ཀྱི་སྟེང་ནས་གཟོབ་པ་ལྷུར་ལེན་བྱས་ནས་དེ་ལྷག་རྣམས་ ལ་རྩིས་འཛིན་ཆེ་བའི་སྒོ་ནས་གང་མ་ཐོན་པ་དག་ལ་ཉིན་རེ་བཞིན་བཤགས་བསྡམས་ཕྱིར་ བཅོས་གལ་གནད་དུ་བཟུང་སྟེ། སྡོམ་གསུམ་ལ་བག་ཆགས་འཇོག་ཅི་ཐུབ་བྱེད་ཅིང་གཡོ་སྒྱུ་ དང་མངོན་ལྐོག་མེད་པའི་སྒོ་ནས་བསྲུང་བྱ་གང་ཐུབ་ལ་འབད་པར་བྱའོ། ། སྤྱིར་རང་ཅག་རྣམས་ལ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་སྤྱི་དང༌། ཁྱད་པར་སྐྱེ་བ་ 1-1-65 འདི་ལ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསམ་བཞིན་པ་དང༌། མ་བསམ་དབང་མེད་གང་ རུང་གིས་ཉེས་ལྟུང་འབགས་ཚབས་གང་ཆེ་བ་འདིས་ད་ལྟའི་དུས་སུ་རྣམ་དཀར་ཆོས་བློ་སྐྱེ་ བའི་གོ་བཀག་ཅིང༌། ཕྱི་མར་རྣམ་སྨིན་ཤིན་ཏུ་བཟོད་དཀའ་བ་ངེས་པར་མྱོང་བྱེད་ཀྱི་བག་ ཆགས་ནང་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་འཛིན་ཡོད་པ་རྣམས་བཤགས་པའི་ཆེད་རང་ རེའི་བསྐྱེད་རྫོགས་ཉམས་ལེན་སྐབས་ཀྱི་སྔོན་འགྲོ་དང༌། ཁྱད་པར་རྡོར་སེམས་སྒོམ་བཟླས་ དང༌། ལྷག་པར་སྙིགས་མའི་དུས་ཀྱི་མགོན་གཅིག་ངག་དབང་བློ་གྲོས་གྲགས་པས་མཛད་ པའི་རྡོར་སེམས་སྒོམ་བཟླས་མཆོད་པ་དང་སྦྲགས་མ་ཅན་ལྟ་བུའི་སྟེང་ནས་སྒྲིབ་སྦྱོང་ལ་ འབད་པ་གལ་གནད་ལགས། རྒྱུད་ལས། ཡང་དག་གནས་ལ་ཡང་དག་བལྟ། །དེ་ནི་འགྱོད་ ཚངས་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་ཧེ་རུ་ཀ་དཔལ་རྡོ་རྗེ་སེམས་དཔའ་དེ་ཉིད་ དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྩ་བའི་བླ་མ་དང་མི་གཉིས་པ་བླ་མ་ཡི་དམ་མཆོག་ གསུམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་མོས་ཤིང་དེའི་སྐུ་གསུང་ཐུགས་གསུམ་ དབྱེར་མེད་ཆེན་པོ་ནམ་མཁའི་མཁའ་མཐར་ཁྱབ་པ་དང་རང་སེམས་དབྱེར་མེད་དུ་བཞག་ བཞིན་རང་གསལ་དེའི་ངང་གཡོ་མེད་བཟོ་བཅོས་སྤངས་ཏེ་རང་བབ་ཅི་གནས་ཀྱི་ངང་བསྐྱང་ བ་དོན་དམ་སྒོས་ཀྱི་བཤགས་བསྡམས་ཡང་དག་པ་ཡིན་ནོ། །འབྲས་བུ་ཡེ་ཤེས་ཀྱི་ཚོགས་ ནི། རྡོ་རྗེ་གུར་གྱི་རྒྱུད་ལས། ཐ་མལ་རྣམ་རྟོག་གཞོམ་པའི་ཕྱིར། །བསྒོམ་པ་ཡང་དག་རབ་ ཏུ་བསྒྲགས། །ཞེས་གསུངས་པ་བཞིན་གྱི་བསྐྱེད་རིམ་སྔོན་དུ་འགྲོ་དགོས་པ་གང་དག་གིས་ ཐ་མལ་འདི་སྣང་གི་སྣོད་བཅུད་ཀྱིས་བསྡུས་པ་མཐའ་དག་རྟེན་དང་བརྟེན་པའི་ལྷ་ཚོགས་ སུ་ཤར་བའི་སྒོ་ནས་མ་དག་པ་དག་སྣང་དུ་སྦྱངས་ཏེ་རིམ་པ་དང་པོ་ལ་འཇུག་པའི་ཚུལ་དུས་ འཁོར་གྱི་བདག་བསྐྱེད་རྒྱས་འབྲིང་བསྡུས་གསུམ་སོགས་ལའང་སྤྱིར་འཁོར་བའི་སྐྱེ་འཆི་ བར་དོ་གསུམ་རིམ་པར་དག་ནས་ལམ་སྦྱོར་བ་ཡན་ལག་དྲུག་ཇི་བཞིན་སྨིན་ཅིང་མཐར་ཐུག་ 1-1-66 གི་སྐུ་གསུམ་ཡོངས་སུ་རྫོགས་པའི་སྒོ་ནས་མངོན་དུ་གྱུར་པའི་ཚུལ་ལ་བརྟེན་དག་རྫོགས་ སྨིན་པའི་གནད་དང་མ་བྲལ་བར་དུས་འཁོར་ཡབ་ཡུམ་གསལ་སྣང་གི་ངང་ཐུགས་ཀར་རྣམ་ བཅུའི་ཡི་གེ་འགོད་པ་རང་དོན་བྱིན་རླབས་བསྡུ་བ་གཞན་དོན་འཕྲིན་ལས་མཛད་པ་སོགས་ བསྐྱེད་རིམ་སྤྱི་ལྟར་གྱི་དམིགས་པ་དང་ཁྱད་པར་ངེས་དོན་རང་ལུགས་འོད་གསལ་ཆོས་སྐུ་ གཞི་འབྲས་དབྱེར་མེད་དོན་དམ་དུས་ཀྱི་འཁོར་ལོའི་ཐུགས་རང་བྱུང་ཡེ་ཤེས་ཀྱི་རྣམ་པར་ རོལ་པའི་གཟུགས་སྐུ་སྒྱུ་མའི་འཕྲུལ་བཀོད་ལྟར་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུའི་ རྗེས་སུ་འགྲོ་བ་ལོངས་སྤྱོད་རྫོགས་པའི་སྐུ་བཞིན་ལེགས་དབང་པོ་ཀུན་ཚང་ངོ་མཚར་བའི་ རྒྱན་དང་བཅས་པ་དེ་ཡང་རགས་པ་སྤྲུལ་པའི་སྐུ་རུ་བསྒྱུར་བཞིན་པའི་ངང་ནས་རང་གསལ་ འཛིན་མེད་དུ་བལྟ་དགོས་པ་སོགས་དང༌། དེ་ཡང་དོན་དམ་ངེས་དོན་རྫོགས་ལྡན་གཞན་སྟོང་ དབུ་མ་ཆེན་པོའི་རང་ལུགས་དུས་འཁོར་ལྷན་སྐྱེས་ཕྱོགས་བཟླས་བསྒོམས་བྱེད་ཚུལ་སྐྱབས་ མགོན་མ་ཏི་རིན་པོ་ཆེའི་གསུང་ལ་འཇུག་པར་བྱའོ། ། ༡༢ གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་མདོ་སྔགས་ལས་བསྟན་ཚུལ། ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་རང་ལུགས་མདོ་སྔགས་ལས་བསྟན་ པ་རྣམས་ལས་མཚོན་ཙམ་བཀོད་པ་ཡང༌། འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་ པར་བརྗོད་པ་ལས་ཀྱང༌། ཟབ་མོ་སྔགས་གཞིའི་དེ་ཉིད་རྒྱས་པར་སྟོན་པའི་སྐབས་ཀྱི། སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང༌། ཡེ་ཤེས་སྐུ་སྟེ་ རང་བྱུང་བ། །ཞེས་དང༌། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་པ་ལ་སོགས་པའི་རྒྱུད་ ཚིག་ཡོངས་རྫོགས་ཀྱིས་སྔགས་ཀྱི་གཞི་རྒྱུད་དོན་དམ་པའི་སངས་རྒྱས་ཐོག་མཐའ་མེད་པའི་ རང་བཞིན་དང་པོའི་སངས་རྒྱས་རྒྱུ་རྐྱེན་གང་ལས་མ་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་ཡེ་གདོད་མ་ 1-1-67 ནས་རང་བྱུང་དུ་ཡོད་པར་གསུངས་པ་དང༌། རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས། རྡོ་རྗེ་ཅན་ དང་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་ལ་སོགས་མཚན། །སྣ་ཚོགས་ཡུམ་གྱི་མིང་སོགས་ཀྱིས། །རྒྱུད་གཞན་ དག་ཏུ་བདག་གིས་བསྟན། །ཞེས་པ་ལ་སོགས་པའི་སྒོ་ནས་རྒྱུད་ཐམས་ཅད་ཀྱི་བདག་པོ་རྡོ་ རྗེ་འཆང་ཧེ་རུ་ཀའི་གཟུགས་ཀྱིས་འགྱུར་མེད་རྡོ་རྗེའི་བཀའ་ཚིག་གིས་ངེས་པ་དོན་གྱི་གསང་ ཆེན་སྔགས་ཀྱི་ཡེ་གཞི་དེ་དོན་དམ་རང་བྱུང་གཉུག་མའི་ལྷ་ཚོགས་རབ་འབྱམས་ཀུན་རྫོབ་ རྣམ་ཤེས་ཀྱི་སྣང་ཆ་དག་གིས་གདོད་ནས་སྟོང་པས་སྔགས་ཀྱི་གཞན་སྟོང་རང་བཞིན་གཤིས་ སུ་བདེན་ཞིང་གློ་བུར་སྤྲོས་པས་མ་གོས་པར་གསུངས་པ་དང༌། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་ སངས་རྒྱས་དངོས། །ཞེས་དང༌། ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། དེ་བཞིན་གཤེགས་ པའི་སྙིང་པོ་དགེ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང༌། སེམས་ནི་རང་བཞིན་འོད་ གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཞེས་དང༌། སྙིང་པོའི་མདོ་ལས། རིགས་ ཀྱི་བུ་དག་ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཀྱང་རུང་སྟེ། སེམས་ཅན་ཉོན་མོངས་ པ་སྣ་ཚོགས་ཀྱིས་དཀྲི་བར་དཀྲིས་པར་གྱུར་པ་རྣམས་ཀྱི་ནང་ན་ཡང་དེ་བཞིན་གཤེགས་པའི་ ལུས་ང་ཅི་འདྲ་བ་ཡོད་པར་མཐོང་ངོ༌། །ཞེས་དང༌། མྱང་འདས་ཆེན་པོར་ཡང༌། རིགས་ཀྱི་བུ་ དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་ བཞིན་ཡང་དེ་དང་འདྲ་སྟེ་བུས་པ་མ་རབས་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི་དེ་ལ་སངས་ རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་འདི་ ལྟ་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་ གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་པོ་ཡོད་པ་ཡང་ཉོན་མོངས་པ་ཡོངས་སུ་ 1-1-68 བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ན་ གདོད་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སྙིང་པོ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་ གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་ རྒྱས་ཀྱི་རང་བཞིན་ཡོད་དོ། །ཞེས་དང༌། མྱང་འདས་ཆེན་པོར། རིགས་ཀྱི་བུ་གཞན་ཡང་ སངས་རྒྱས་དང་ཆོས་དང་དགེ་འདུན་ལ་རྟག་ཏུ་དྲན་ཞིང་ནན་ཏན་བྱའོ། །ཆོས་རྣམ་པ་གསུམ་ པོ་འདི་ནི་ཐ་དད་པ་མ་ཡིན་པའི་མཚན་ཉིད། མི་རྟག་པ་མ་ཡིན་པའི་མཚན་ཉིད། མི་འཕོ་ བའི་མཚན་ཉིད་དོ། །གང་ཞིག་ཆོས་རྣམ་པ་གསུམ་པོ་འདི་ལ་ཐ་དད་པར་འདུ་ཤེས་ན་སྐྱེ་བོ་ དེ་ནི་སྐྱབས་སུ་འགྲོ་བ་གསུམ་ལ་མི་གནས་པ། ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱ་སྟེ། ཉན་ ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་མི་ནུས་སོ། །གང་གིས་བསམ་གྱིས་མི་ ཁྱབ་པ་དེ་ལ། རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ན། དེ་ནི་སྐྱབས་སུ་འགྲོ་བའི་གནས་ ཡིན་ནོ། །ཞེས་དང༌། རྒྱལ་ཚབ་མི་ཕམ་པས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་ རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་དང༌། གཞན་ཡང་རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་ བཀའ་ལས། ཇི་ལྟར་རྡོ་ཡི་ཕྱེ་མ་ལ། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་ མཐོང་བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་དང༌། ཡང་བཀའ་ལས། ཐོག་ མེད་གྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་ སྦུབས་ཀྱིས་བསྒྲིབས་ཕྱིར་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་སོགས་གསུངས་པའི་དགོངས་པ་རྒྱལ་ཚབ་མི་ཕམ་པས། དེ་བཞིན་ཉིད་དེ་ཐམས་ཅད་ ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་ 1-1-69 སྙིང་པོ་ཅན། །ཞེས་དང༌། གསང་བ་བསམ་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་ སྟེ། དཔེར་ན་ནམ་མཁའ་ནི་གཟུགས་སུ་སྣང་བ་ཐམས་ཅད་དུ་ཞུགས་པའོ། །ཞི་བའི་བློ་གྲོས་ དེ་བཞིན་གཤེགས་པའི་སྐུ་ཡང་སེམས་ཅན་དུ་སྣང་བ་ཐམས་ཅད་དུ་རབ་ཏུ་ཞུགས་པའོ། །ཞི་ བའི་བློགྲོས་འདི་ལྟ་སྟེ་དཔེར་ན་ནམ་མཁའི་ནང་དུ་ནི་གཟུགས་སུ་སྣང་བ་ཐམས་ཅད་འདུས་ སོ། །ཞི་བའི་བློ་གྲོས་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུའི་མདོ་སྔགས་ཀྱི་འབྱུང་ཁུངས་ དང་དམ་ཆོས་ནོད་ཚུལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། ནང་དུ་ཡང་སེམས་ཅན་དུ་སྣང་བ་ ཐམས་ཅད་འདུས་སོ། །ཞེས་གསུངས་པའི་དགོངས་འགྲེལ་རྒྱུད་བླ་མ་ལས། ཇི་ལྟར་རྟོག་ མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་ དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །དེ་སྤྱིའི་མཚན་ཉིད་ཉེས་པ་དང༌། །ཡོན་ཏན་ མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་པ་དང༌། །བར་བ་མཆོག་ལ་ནམ་མཁའ་ བཞིན། །ཞེས་པ་ལྟར་གྱི་དགོངས་འགྲེལ་མཛད་པའི་ཕྱིར། མགོན་པོ་ཀླུ་སྒྲུབ་ཀྱིས། ཆོས་ དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་ མི་མཐོང་ངོ༌། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་གསུངས་པ་ལྟར་ གྱིས་རྒྱལ་བའི་དགོངས་འགྲེལ་མཛད་པའི་ཕྱིར། དེ་འདྲའི་གཞིའི་ཆོས་དབྱིངས་དེ་ནི་སྐྱེ་ འགག་དང་བྲལ་ཞིང་གཤིས་ལ་ཀུན་ཉོན་གྱི་མ་གོས་པ་འཁོར་བའི་ཐོག་མ་དང་བར་དང་ མཐའི་གནས་སྐབས་ཐམས་ཅད་དུ་རང་བཞིན་དྲི་མ་ཀུན་དང་བྲལ་བ་དཔེར་ན་རིན་པོ་ཆེ་ བཻཌཱུརྱ་འོད་གསལ་བ་རྡོ་ཡི་ནང་དུ་གནས་སྐབས་འོད་ཕྱིར་མི་མངོན་པ་ལྟར་ཉོན་མོངས་པས་ 1-1-70 བསྒྲིབས་ཤིང་གཡོགས་པའི་ནང་དབྱིངས་དྲི་བྲལ་དེ་ཡང་འཁོར་བར་འཁྲུལ་སྣང་ཅན་དག་ གི་ངོར་གསལ་མི་ཐུབ་ཅིང་མི་མངོན་པ་དེ་ཡང་མྱ་ངན་ལས་འདས་ཚེ་ཇི་བཞིན་མངོན་དུ་གྱུར་ ཚུལ་སློབ་དཔོན་ཀླུས་གསུངས་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་ དྲི་མ་བྲལ། །ཇི་ལྟར་རིན་ཆེན་བཻཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །རྡོ་ཡི་ནང་ན་ གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་ འོད་གསལ་འགྱུར། །ཞེས་གསུངས་པའི་ཕྱིར། དེ་འདྲའི་གཞི་དབྱིངས་དེ་ཅང་མེད་ཙམ་དུ་ ཟད་པ་མ་ཡིན་པར་དཔེར་ན་དྲི་མེད་ཉི་ཟླའི་དཀྱིལ་འཁོར་ལ་སྒྲིབ་བྱེད་སྤྲིན་ཁུག་སྣ་དུ་བ་ གཟའ་སྒྲ་གཅན་གྱི་གདོང༌། རྡུལ་འཚུབ་སོགས་ཀྱིས་བསྒྲིབ་ན་ཇི་བཞིན་མི་གསལ་བ་ལྟར་ རང་བཞིན་དག་པའི་དབྱིངས་དེ་ཡང་སྟོང་རྐྱང་ཙམ་མ་ཡིན་པར་རང་བཞིན་འོད་གསལ་བའི་ སེམས་རྣམ་ཀུན་པ་དེ་གློ་བུར་དྲི་མ་གོང་སྨོས་ཀྱི་དཔེ་ཅན་འདོད་ཆགས་གནོད་སེམས་ལེ་ལོ་ རྒོད་པ་ཐེ་ཚོམ་ལྔ་པོས་བསྒྲིབས་ནས་ཇི་བཞིན་གཞི་དུས་སུ་མི་གསལ་ཚུལ་དང༌། དཔེར་ན་ མེས་བསྲེག་མི་ནུས་པའི་རིན་པོ་ཆེའི་གོས་དྲི་མ་ཅན་མེས་སྦྱངས་པ་ན་དྲི་མ་ཚིག་ཅིང་གོས་མི་ ཚིག་པ་ལྟར་ནང་དབྱིངས་སྟོང་རྐྱང་ཙམ་མིན་པའི་འོད་གསལ་བའི་སེམས་རྣམ་ཀུན་པ་དེ་ ཆགས་སོགས་ཀྱི་དྲི་མ་དག་གིས་གཡོགས་པ་ན་ཡེ་ཤེས་ཀྱི་མེས་དྲི་མ་བསྲེག་ཅིང་རང་བཞིན་ འོད་གསལ་བའི་སེམས་དེ་ཉམས་མེད་དུ་མངོན་དུ་གྱུར་ཚུལ་བཅས་ལེགས་པར་སློབ་དཔོན་ ཀླུས་གསུངས་པའང་ཡིན་ཏེ། ཇི་སྐད་དུ། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་དང་ཁུག་སྣ་དུ་བ་ དང༌། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །དེ་བཞིན་ འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། 1-1-71 །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་གྱུར། །ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་ མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་ གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་འདྲའི་འོད་གསལ་བའི་སེམས་ གཞི་དུས་སུ་ཡོད་པ་དེ་དཔེར་ན་སའི་དཀྱིལ་ན་ཆུ་གཙང་དྲི་མེད་གནས་པ་ལྟར་སེམས་ཅན་ ཀྱི་དྲི་མ་ཉོན་མོངས་པའི་སྦུབས་ནང་དུ་ངོ་བོ་ཇི་ལྟར་དུ་ཡོད་ན་ཡེ་ཤེས་ཆེན་པོ་དྲི་མ་མེད་པའི་ ངོ་བོ་ཉིད་དུ་ཡེ་ནས་མི་འགྱུར་བར་ཡོད་ཚུལ། ཀླུས་གསུངས་པ་སྟེ། ཇི་སྐད་དུ། ས་ཡི་དཀྱིལ་ ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་ དྲི་མ་མེད་པར་གནས། །ཞེས་གསུངས་པ་དེའི་ཕྱིར། གདོད་ནས་བཞུགས་པའི་ཡེརྗེ་ཤེས་དེ་ འདྲ་དེ་གཞི་དུས་སུ་དོན་དམ་པའི་ཡོན་ཏན་ཡོངས་སུ་རྫོགས་ཚུལ་དཔེར་ན་བུམ་ནང་གི་མར་ མེ་གསལ་བའི་ཆ་ཀུན་ནས་རྫོགས་ཀྱང་བུམ་པ་མ་བཅག་པར་ཕྱི་རུ་མི་མངོན་པ་ལྟར་གཞི་ སེམས་ཅན་གྱི་ཉོན་མོངས་པའི་སྦུབས་ནང་ན་བཞུགས་པའི་ཆོས་དབྱིངས་ཡེ་ཤེས་ཆེན་པོ་དེ་ ཡེ་ཤེས་རང་སྣང་གི་ཡོན་ཏན་མཐའ་དག་རང་ཆས་སུ་གདོད་ནས་ཡོད་ཀྱང་སྒྲིབ་བྱེད་དྲི་མའི་ སྦུབས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མ་བཅོམ་པར་ཅི་བཞིན་མི་མཐོང་ཞིང་དེས་དེ་ལྟར་ ལེགས་པར་བཅོམ་ཚེ་དབྱིངས་དེ་ཉིད་ཇི་བཞིན་མངོན་དུ་གྱུར་པའི་ཚུལ་ཡང་སློབ་དཔོན་ གྱིས་གསུངས་པ་འདི་ལྟར་ཡིན་ཏེ། ཇི་སྐད་དུ། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་ སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་ མཐོང་ངོ༌། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པ་བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་ན། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། 1-1-72 །ཅེས་དང༌། གཞན་ཡང་བུད་མེད་སྦྲུམ་མའི་ལྟོ་ནང་གི་བུ་ལྟར་ཉོན་མོངས་སྦུབས་ནང་གི་ཆོས་ དབྱིངས་གཞི་དུས་སུ་མི་མཐོང་ཚུལ། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་ པ། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པའི། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་ དང༌། གཞི་འབྲས་དབྱེར་མེད་ཀྱི་ཚུལ་དཔེར་ན་ཆུ་ལ་དྲོ་གྲང་གི་གནས་སྐབས་ཀྱིས་མིང་ཐ་ དད་ཙམ་ལས་དོན་གྱི་ཆུ་གཅིག་ཡིན་པ་ལྟར་གཞི་དབྱིངས་ཀྱི་རང་བཞིན་ལ་ཉོན་མོངས་པའི་ དྲི་མ་ཡོད་མེད་ཀྱི་གནས་སྐབས་ཙམ་ལས་དོན་གྱི་ཡིན་ལུགས་གཞི་དང་འབྲས་བུ་དབྱེར་མེད་ པའི་ཆོས་དབྱིངས་ཉག་གཅིག་ཁོ་ན་ལས་མེད་པའི་ཚུལ། ཇི་ལྟར་སོ་ཀའི་དུས་སུ་ཆུ། །དྲོ་འོ་ ཞེས་ནི་རྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་ མོངས་དྲ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་སྟེ། །དེ་ཉིད་ཉོན་མོངས་བྲལ་ གྱུར་ན། །སངས་རྒྱས་ཞེས་ནི་རྗོད་པར་བྱེད། །ཅེས་དང༌། དེ་འདྲའི་ཆོས་དབྱིངས་དོན་དམ་ པའི་བདེན་པ་མཚན་མའི་སྤྲོས་པ་བྲལ་བ་དེ་ཉིད་དེ་བཞིན་གཤེགས་པ་ཀུན་གྱི་གནས་རང་ བཞིན་ཆོས་སྐུ་ཆེན་པོ་གཅིག་ཏུ་ངེས་ཚུལ། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་ མཚན་མ་མེད། །དོན་དམ་བདེན་པ་ཞེས་བྱ་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་ པ་ལ་སོགས་པ་འཁོར་ལོ་ཐ་མའི་དགོངས་དོན་རྒྱལ་ཚབ་མཆོག་གིས་བཀྲལ་བ་དང་ཆེས་ མཐུན་པའི་ལེགས་པར་བཤད་པའི་དགོངས་འགྲེལ་ཀླུའི་ཞབས་ཀྱི་རང་ལུགས་མང་བའི་ ཕྱིར། སློབ་དཔོན་གང་གི་ཐུགས་སྲས་འཕགས་པ་ལྷས་ཀྱང༌། ཚུལ་དེ་ལྟར་གྱི་སྲོལ་ལེགས་ པར་འཛིན་པ་ཡིན་ཏེ། ཇི་སྐད་དུ། བུམ་ནང་གི་མར་མེ་བུམ་པ་བཅག་པས་མངོན་པ་ལྟར་ སེམས་ཅན་གྱི་ལུས་ནང་གི་ཡེ་ཤེས་བླ་མའི་ཞལ་གྱི་མན་ངག་གིས་ལེགས་ཕྱེ་མཛད་ཚུལ། ཇི་ ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་སྣང་མི་འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུ་ 1-1-73 ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ན། །སངས་རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་ སོགས་གསུངས་པའི་ཕྱིར། གཞན་ཡང་སློབ་དཔོན་ཀླུའི་དངོས་སློབ་བརྒྱུད་འཛིན་དུ་མས་དེ་ ལུགས་ངེས་དོན་ཟབ་མོའི་སྲོལ་ལེགས་པར་བཟུང་ངོ༌། ། ༡༣ གནས་ལུགས་ཟབ་མོའི་ལམ་ཉམས་ལེན་བྱ་ཚུལ། མདོ་རྒྱུད་བསྟན་བཅོས་རྣམས་ལས་དེ་ལྟར་སྟོན་པའི་གནས་ལུགས་ཟབ་མོའི་ལམ་ ཉམས་ལེན་བྱ་ཚུལ། རང་ཅག་ལ་སྔོན་གྱི་སྨོན་ལམ་དང༌། ད་ལྟ་མེ་ཏོག་ལྷ་བབས་ཀྱི་ལས་ མཐུན་དུས་སུ་བབ་པ་ནི། དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས་ཀྱི་ངེས་དོན་སྒྲུབ་བརྒྱུད་ཀྱི་ སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོའི་བསྟན་པ་འདི་ག་ལགས་པས་སྤྱིར་ཆོས་གང་ལའང་ རང་ངོས་ནས་བཟང་ངན་མེད་ཀྱང་ཉམས་ལེན་པ་གང་དག་ལ་རྒྱུད་ཚོད་དང་མཐུན་མི་མཐུན་ ཡོད་པས་ད་སྐབས་སྔོན་སྟོན་པ་སངས་རྒྱས་དངོས་བྱོན་པ་ནས་བཟུང་དབང་ལུང་མན་ངག་ གི་བརྒྱུད་པ་རང་རང་གི་རྩ་བའི་བླ་མའི་བར་ཟབ་མོའི་ཉམས་ལེན་རྒྱུན་མ་ཆད་པ་སེམས་ རང་གསལ་རྟོག་མེད་ལ་མཉམ་པར་བཞག་ནས་བསྒོམ་ཐབས་འདིའི་རྒྱུན་ལེགས་པར་ བསྐྱང་ན་རང་རང་གི་ཁམས་དབང་དང་མཐུན་པའི་ཉམས་མྱོང་རེ་ནི་ལམ་ཐུན་མོང་པ་གཞན་ གོམས་པ་གང་ལས་ཀྱང་རང་རྒྱུད་ལ་འབྱོར་སླ་ཞིང་མངོན་ཚབས་ཆེ་བ་མྱོང་བས་གྲུབ་པ་ཡོད་ པས་རྒྱུ་མཚན་ཡང་རང་རང་གི་ཁམས་དྲུག་ལྡན་རྡོ་རྗེའི་ལུས་རྟེན་རྩ་རླུང་ཐིག་ལེ་མ་ཉམས་པ་ ལ་གནད་དུ་བསྣུན་པ་ནི། ལུས་བྱ་སྤྱོད་ཀྱིས་དབེན་པ། ངག་སྨྲ་བརྗོད་ཀྱིས་དབེན་པ། སེམས་ རྣམ་རྟོག་གིས་དབེན་པ་སོགས་ལུས་རྣམ་སྣང་ཆོས་བདུན་གྱི་སྒོ་ནས་གནས་པར་བྱས་ཏེ། གནས་ལུགས་ཟབ་མོ་ལ་མཉམ་པར་འཇོག་འདོད་པ་གང་དག་གིས་རྣམ་པར་མི་རྟོག་པ་ལ་ མཉམ་པར་འཇོག་དགོས་པ་ཡིན་ཏེ། དེ་ཡང་གང་ལ་མཉམ་པར་འཇོག་པའི་གནས་ནི་སྤྲོས་ 1-1-74 བྲལ་མི་རྟོག་ཆེན་པོ་སྟེ། དེའི་གནས་ཚུལ་ཇི་བཞིན་ཤེས་པ་ལ་ཐོག་མར་རྣམ་ཤེས་དང་ཡེ་ ཤེས་ཀྱིཁྱ ད་པར་ངེས་ཤིང་དེ་གཉིས་ཀྱི་དབྱེ་བསལ་སོ་སོར་འབྱེད་པ་ལ་རག་ལས་པས་ན་ དེའི་ཚུལ་ཡང་རང་ཅག་གི་ཤེས་པ་འདི་ལ་དཔེ་གསེར་གྱི་ཁམས་དང་དེའི་ངོའི་གཡའ་གཉིས་ ལྟར་གཉུག་མ་ཡེ་ཤེས་ཀྱི་ཆ་དང་གློ་བུར་རྣམ་ཤེས་ཀྱི་ཆ་གཉིས་ཡོད་ཅིང་སོ་སོའི་སྐྱེ་བོ་གང་ དག་ལ་རྣམ་ཤེས་ཀྱི་སྣང་ཆ་དང་འཕགས་པ་རྣམས་ལ་ཡེ་ཤེས་ཀྱི་སྣང་ཆ་གཙོ་ཆེར་བྱུང་བའི་ ཕྱིར་རྣམ་པར་ཤེས་པ་ལས་འཁོར་བ་ཀུན་ཉོན་ཕྱོགས་དང་ཡེ་ཤེས་ལས་རྣམ་བྱང་ཐར་བའི་ ཕྱོགས་ངེས་པར་མངོན་པ་ཡིན་ཞིང་དེ་ཡང་གཞི་འཁོར་བའི་འཆར་གཞི་རྣམ་ཤེས་ཀྱི་ཕྱོགས་ ནི་ཇི་ལྟར་ན་ད་ལྟའི་རང་ཅག་གི་ནང་གོ་བྱེད་མཐའ་དག་གི་སྟེང་ན་རང་བཞིན་གསལ་རིག་ གི་ཆ་ཞིག་མངོན་འདུག་རྒྱུ་ཡོད་པ་དེ་རྩ་བའི་རྣམ་པར་ཤེས་པ་ཀུན་གཞི་ཞེས་བྱ་བ་ཡིན་ལ། དེ་ནིརྦ་རླབས་ཀྱི་རང་བཞིན་ཆུ་ཡིན་པ་ལྟར་ཐ་མལ་རྣམ་ཤེས་རགས་པ་མཐའ་དག་གི་རྩ་ བའི་རང་བཞིན་ངེས་པ་ཞིག་ཡིན། དེ་ལས་ཅུང་ཟད་རགས་པ་སྟེ་རིམ་པས་ཆུ་ལས་རླབས་ ལྟར་རང་གཞན་གྱི་སྣང་བ་བྱུང་ནས་རང་ཕྱོགས་ལ་ངར་སྣང་གི་ཆ་ཞིག་ཡོད་པ་དེ་ངར་འཛིན་ ཉོན་ཡིད་ཀྱི་རྣམ་ཤེས་དང༌། དེ་ལས་ཀྱང་ཤེས་པ་རགས་པར་སོང་ནས་ཡུལ་བཟང་ངན་བར་ མ་ཐམས་ཅད་ལ་བློ་སྒོ་རྣམ་པར་བཀྲ་ཞིང་དེ་ལྟར་སོ་སོར་ཕྱེ་བའི་ཆར་གྱུར་པ་ནི་ཡིད་ཀྱི་རྣམ་ ཤེས་དང༌། དེ་ལས་ཀྱང་ཀུན་ནས་ཉེ་བར་རགས་ཤིང་ཡུལ་ལ་མཆེད་པ་གཟུགས་གསལ་ བར་མཐོང་ཆ་མིག་གི་ཤེས་པ་དང༌། སྒྲ་གསལ་བར་མཐོང་ཆ་རྣ་བའི་ཤེས་པ་དང༌། དེ་བཞིན་ དྲི་རོ་རེག་བྱ་གསུམ་རིམ་པས་གསལ་བར་མཐོང་བའི་ཆ་སོ་སོ་ལ་སྣ་ལྕེ་ལུས་ཀྱི་ཤེས་པ་ གསུམ་པོ་རེ་རེ་ནས་འཇོག་པ་ཡིན་ཞིང༌། དེ་ཐམས་ཅད་ནི་རྣམ་ཤེས་ཡེ་ཤེས་གཉིས་ལས་ རྣམ་པར་ཤེས་པའི་ཆར་གཏོགས་པ་འབའ་ཞིག་ཡིན་པས་སྤྱིར་དེ་དག་རྣལ་འབྱོར་པས་ མཉམ་པར་འཇོག་པའི་ཡུལ་མཐར་ཐུག་མ་ཡིན་ཀྱང་གནས་སྐབས་ཀྱི་ཡུལ་ཙམ་ནི་ལས་དང་ 1-1-75 པོ་པ་གང་དག་གི་ཐོག་མའི་དམིགས་སྒོ་སྐལ་ལྡན་ཅིག་ཅར་བའི་དབང་པོ་ཤིན་ཏུ་རྣོ་བ་ཉུང་ ཤས་དག་ལ་དང་པོ་ཉིད་ནས་ཡེ་ཤེས་རྗེན་ཆར་བའི་ཆ་ཤས་རེ་ལ་མཉམ་པར་འཇོག་ནུས་ ཡོད་སྲིད་ནའང་དེའི་དེ་ལུགས་ལྟར་མཛད་པ་དང༌། དེ་འདྲ་མིན་པའི་སྐལ་ལྡན་རིམ་གྱིས་པ་ ཆེས་མང་ཕྱོགས་དག་གིས་གོང་སྨོས་ཀྱི་ཡིད་ནས་བཟུང་རྣམ་ཤེས་རགས་པ་རང་རང་གི་ངོ་ ཐད་ཙམ་ནི་ཧ་ཅང་དམིགས་རྣམ་གསལ་བས་ཡུལ་ལ་འཇུག་ཕྱིར་ཆེས་སྤྲོས་བཅས་མ་ཞི་བའི་ རྣམ་པ་ཡིན་པས་དེ་དག་ལ་རང་ངོ་ཙམ་ནས་མཉམ་བཞག་གི་ཡུལ་དུ་མི་རུང་ཡང་དེ་ཀུན་ གྱིརྩ་བའི་ཀུན་གཞིའི་རྣམ་ཤེས་ཉིད་ནི་ཡུལ་གང་དག་གིས་སྡེ་ཁ་མ་བསྒྱུར་བས་དམིགས་ རྣམ་རིས་སུ་མ་ཆད་ཅིང་ཆེར་མི་གསལ་བའི་ཤེས་པ་གསལ་རིག་ས་ལེ་བའི་ངོ་ཙམ་ཡིན་ ཞིང༌། དེའི་ཕུག་ན་གཉུག་མའི་ཡེ་ཤེས་ཡེ་ནས་ཆེས་ཉེ་བའི་ཚུལ་དུ་ཆོས་ཉིད་ཀྱི་རྣམ་པར་རང་ གཤིས་ཤིན་ཏུ་དྭངས་པའི་སྤྲོས་བྲལ་མི་རྟོག་པ་མཐར་ཐུག་གི་གནས་ལུགས་སུ་བཞུགས་ པའི་སྟོབས་ཀྱིས་ཀུན་གཞིའི་ཡེ་ཤེས་དང་རྣམ་ཤེས་གཉིས་རལ་གྲི་དང་ཤུབས་ལྟ་བུའི་ཚུལ་ དུ་ཡོད་ཕྱིར་རལ་གྲིའི་ཤུབས་ལ་བརྟེན་ནས་རལ་གྲི་དངོས་ལ་རིམ་པས་འཇུ་དགོས་པ་ བཞིན་ཕྱི་ཀུན་གཞིའི་རྣམ་ཤེས་ལ་བརྟེན་ནས་ནང་ཀུན་གཞིའི་ཡེ་ཤེས་དངོས་ལ་ཆ་ཤས་ ནས་རིམ་པས་མངོན་དུ་བྱ་དགོས་པ་དེའི་རྒྱུ་མཚན་གྱི་ཐོག་མར་ལས་དང་པོ་རིམ་གྱིས་པ་གང་ དག་གིས་མཉམ་པར་འཇོག་ཡུལ་རྣམ་ཤེས་རགས་པ་རྣམས་ཀྱི་རྩ་བར་གྱུར་པ་ཀུན་གཞིའི་ རྣམ་ཤེས་གསལ་རིག་ས་ལེ་བ་ཡུལ་གང་དག་གིས་མ་བསྒྱུར་བའི་རྣམ་པར་ཤེས་པ་ཕྲ་བའི་ཆ་ དེ་ཉིད་དེ་ཡིན་ལ། དེ་ལ་བལྟ་བའི་སྐབས་སུའང་ཤེས་པ་གསལ་ཙམ་གྱི་ངོ་བོ་དེ་དྲན་པས་མི་ བརྗེད་ཅིང་ཤེས་བཞིན་གྱི་ཡིན་ལུགས་ཇི་བཞིན་ཧ་གོ་བའི་ངང་ནས་ཡུལ་གཞན་དུ་མི་གཡེང་ བར་རང་ས་དེ་གར་སྡོད་པ་དེའི་རྒྱུན་བསྐྱང་སྟེ་མར་མེ་རང་གསལ་དང་ཆུ་རྙོག་རང་དྭངས་ཀྱི་ དཔེ་ལྟར་མཉམ་པར་བཞག་པ་ན་རྣམ་ཤེས་རགས་པ་གང་དག་གི་བྱེད་ལས་སུ་ཤར་བའི་ 1-1-76 དུས་གསུམ་གྱིས་བསྡུས་པའི་འགྱུ་རྟོག་གང་བྱུང་དག་ཐོག་མར་ལས་དང་པོ་པ་རྣམས་ཀྱིས་ངོ་ ཤེས་པ་མྱུར་མོ་འོང་དཀའ་ན་དེ་མཚམས་ནས་རང་སྐོར་འགྱུ་རྟོག་བྱུང་བའི་དེ་མ་ཐག་གི་ སྐབས་ནས་འགྱུ་བ་དེ་ཉིད་ཀྱི་ངོ་ཟིན་ཏེ་མཚམས་གཅོད་པའམ་རང་དྭངས་སུ་བྱེད་པ་སོགས་ ཐབས་ཅི་རིགས་པས་རྟོག་བྲལ་རིག་པ་ས་ལེ་བར་གནས་ནུས་པ་འོང་ལ། དེ་ཡང་བར་ སྐབས་རྣམས་སུ་སེམས་བཟང་ངན་བར་མའི་ཡུལ་རྣམས་ལ་འཕྲོ་བ་དང་ཁྱད་པར་འདོད་ པའི་ཡོན་ཏན་ལ་དགའ་ཉམས་ཀྱི་རྒོད་པ་བྱུང་ན་རྩེ་གཅིག་རྩོལ་བྲལ་རང་གྲོལ་གསུམ་པོ་ཅི་ རིགས་ཁམས་དང་བསྟུན་ནས་འཕྲོ་རྒོད་དེ་དག་འགོག་པར་བྱེད་དགོས་ཤིང༌། ཡང་བར་ འགར་སེམས་གནས་ཀྱི་གསལ་ངར་ཙམ་ཉམས་པའམ་དམིགས་རྣམ་མི་གསལ་བའི་བྱིང་ བའི་སྐྱོན་བྱུང་ན་རང་གསལ་ངང་དུ་ཅེར་གྱིས་བལྟ་བ་དང་རང་ཡུལ་ལ་རྩེ་གཅིག་ཏུ་སེམས་ འཇུར་བ་སོགས་ཐབས་སྣ་ཚོགས་པའི་ཉེས་པ་དེ་ཡང་འགོག་པར་བྱེད་པའི་སྒོ་ནས་རྣམ་ཤེས་ རང་གསལ་རྟོག་པ་དང་བྲལ་བའི་འཛིན་མེད་ཅི་ཡོང་ལ་འབད་པ་ལྷུར་བླངས་པ་གལ་གནད་ ཡིན་ལ་དེ་སྐབས་རྣམ་ཤེས་ཀྱི་སྣང་ཆའི་སྟོང་པའི་གཟུགས་བརྙན་ཀྱང་རྣམ་པ་སྣ་ཚོགས་ གྲངས་མེད་བྱུང་རིགས་ཤིང་དེ་དག་ཀུན་ཀྱང་དོན་གྱི་ཡིན་ལུགས་ལ་རྣམ་ཤེས་སེམས་གནས་ ཙམ་གྱི་སྟོང་པའི་གཟུགས་སྣང་དང༌། གཉུག་མ་ཡེ་ཤེས་ལ་ཉེ་བའི་རྟགས་མཚན་རྗེས་སུ་ མཐུན་པ་ཙམ་ནི་ཡིན་པས་དེ་དག་གང་ཐད་ནས་ཆོས་དབྱིངས་གནས་ལུགས་ཀྱི་ཆ་ཅི་རིགས་ མངོན་ལ་ཁད་ཀྱི་རྟགས་སྣང་ཡིན་ཕྱིར་ཟབ་མོ་གསང་ཆེན་གྱི་གནས་ལ་གོམས་པའི་བག་ ཆགས་ཁྱད་པར་ཅན་ཚེ་འདི་དང་ཕྱི་མ་རྣམས་སུ་ངེས་པར་འབྱུང་བའི་ཕན་ཡོན་རླབས་པོ་ཆེ་ སྒོ་ཀུན་ནས་ནམ་ཡང་མི་བསླུ་བ་ལ་ཐེ་ཚོམ་བྱ་མི་དགོས་ཤིང༌། དེ་དག་ནི་ལས་དང་པོ་པའི་ རྣམ་ཤེས་ཀྱི་སྣང་ཆ་དང་མ་བྲལ་བའི་སྐབས་ཙམ་ཡིན་ཀྱང་སྐལ་ལྡན་རིམ་གྱིས་པ་དང་པོའི་ ལས་ཅན་དག་གིས་ངེས་དོན་གཞན་སྟོང་དབུ་མ་ཆེན་པོ་བླ་མེད་ཐེག་པའི་འཇུག་སྒོ་འདི་ནས་ 1-1-77 མ་བྱས་པར་ཐབས་གཞན་མེད་པས་ཀུན་གཞི་གསལ་རིག་ཙམ་གྱི་སྟེང་ནས་ཐོག་མར་གནས་ ཆ་བཙལ་བ་འདི་གལ་ཆེ་ཞིང་ཚུལ་དེ་རྣམས་དོན་གྱི་ཡིན་ལུགས་ལ་རྣམ་ཤེས་ཀྱི་ཁྱད་པར་ ལས་བྱུང་བ་ཡིན་པར་ཤེས་དགོས་སོ། །ཡེ་ཤེས་དོན་གྱི་གནས་ལུགས་མཆོག་རྣམ་བྱང་ཐར་ པའི་འཆར་གཞི་གང་དེ་ནི་གཤིས་ཇི་བཞིན་པ་ལྟར་ན་རང་བྱུང་ཡེ་ཤེས་རྣམ་པ་ཀུན་ལྡན་གྱི་ བདག་ཉིད་དུས་གསུམ་རྒྱལ་བ་མ་ལུས་པའི་དགོངས་ཆེན་ཟབ་མོའི་དབྱིངས་ཉག་གཅིག་ཏུ་ ངེས་ན་དེའི་ཚུལ་འདིར་བཤད་བྱ་སྐབས་སུ་མ་བབ་ལ། འོ་ན་གང་ཞེ་ན་གནས་ལུགས་ཡེ་ གཞི་མཐར་ཐུག་པ་དེ་ཉིད་གནས་སྐབས་ལམ་གྱི་དུས་སུ་ཆ་ཇི་ལྟར་མངོན་པའི་ཚུལ་ལས་ ཅུང་ཟད་སྤྲོས་ན་དེ་ལའང་མདོ་ཕྱོགས་ཐེག་པ་ཆེ་ཆུང་གི་ལམ་གྱིས་ཇི་ལྟར་མངོན་དུ་བྱ་བ་དང་ སྔགས་ཕྱོགས་རྒྱུད་སྡེ་གོང་འོག་གི་ལམ་སོ་སོའི་སྒོ་ནས་མངོན་དུ་བྱ་བའི་ཚུལ་སྣ་ཚོགས་པ་ ཆེས་མང་བ་དེ་དག་གི་ནང་ནས་རང་རེ་དག་གིས་ཉམས་སུ་བླང་བྱ་དུས་ཀྱི་འཁོར་ལོའི་ རྫོགས་རིམ་ལས་ཡེ་གཞི་མངོན་དུ་གྱུར་པའི་ཡིན་ལུགས་གང་བྱུང་བ་ལྟར་ནི་ཐོག་མར་སོར་ སྡུད་ཀྱི་སྐབས་སུ་གོང་སྨོས་ཀྱི་རྣམ་པར་ཤེས་པའི་སྣང་ཆ་ཆེས་ཀུན་ནས་བསྟན་པའི་སྒོ་ནས་ ཡེ་གཞི་གནས་ལུགས་ཀྱི་ཆ་ཅི་རིགས་གསལ་བ་ནས་བཟུང་རང་སེམས་ཐ་མལ་གྱི་ཤེས་པ་ གསལ་རིག་གི་ཆ་ཕྱིའི་ཡུལ་སྣང་ལ་འཕྲོ་བ་མེད་ཀྱང་ནང་རང་གསལ་གྱི་ཕྱོགས་ལ་ཆེད་ གཏད་མྱོང་བའི་རྣམ་པ་སོགས་འཛིན་སྒོ་དམ་པོའི་ཆ་གཏད་སོ་མྱོང་ཞེན་གྱི་སྤྲོས་ཚོགས་ཅི་ རིགས་དང་མ་བྲལ་བ་རྣམས་འདིར་རང་སངས་ཀྱི་ངང་ནས་ཆེས་ཕྲ་བའི་རིག་པ་རང་གསལ་ འཛིན་པ་གཤིས་སུ་དྭངས་ཚབས་ཆེ་བའི་སྤྲོས་བྲལ་རྣམ་པར་མི་རྟོག་པ་རང་འཚམ་རྗེན་ཆར་ བ་ཞིག་མངོན་དུ་གྱུར་ནས་རང་རིག་རང་གསལ་གཉུག་མའི་རྣམ་པ་བཅོས་གཞིག་གཟུང་ འཛིན་མྱོང་སྣང་སོགས་ཀྱི་སྤྲོས་ཚོགས་སྔར་རྣམ་ཤེས་ཀྱི་སྣང་བ་ལས་བརྒྱ་འགྱུར་གྱིས་ཞི་ བའི་རང་མདངས་གསལ་སྟོང་ཟུང་དུ་འཇུག་པ་ཇི་བཞིན་བསམ་བརྗོད་བྲལ་བའི་དབྱིངས་ 1-1-78 དེའི་གཤིས་ནས་ཡེ་གཞི་ཆོས་སྐུ་ཉིད་རྣལ་འབྱོར་བའི་བློ་ཚོད་དང་མཐུན་པའི་སྟོང་གཟུགས་ དུ་སོགས་རྟགས་བཅུའི་རྣམ་པ་ཕྱོགས་རེ་བ་ཡུལ་གྱི་ཚུལ་དུ་ཀུན་ནས་ཞེན་བྲལ་དུ་ངེས་པར་ མཐོང་བ་དང༌། བསམ་གཏན་སྐབས་དེ་ལས་མཐོང་ཚུལ་ན་འཕར་ཏེ་ཆོས་སྐུ་སྟོང་གཟུགས་ ཀྱི་རྣམ་པར་ཤར་བ་གང་དག་ཡུལ་ཅན་སེམས་ཀྱི་རང་གཤིས་ཆོས་ཉིད་ཀྱི་ཚུལ་དུ་མཐོང་བ་ དང༌། སྲོག་རྩོལ་སྐབས་ཆོས་སྐུའི་རང་གཟུགས་ཅི་རིགས་པའི་རྣམ་པ་དེ་དག་རླུང་སེམས་ གཉིས་ཀའི་གཤིས་ཀྱི་རང་མདངས་སུ་ངེས་པར་མཐོང་བ་དང༌། འཛིན་པའི་སྐབས་འོད་ གསལ་ཆོས་སྐུའི་རྣམ་པར་རོལ་པ་སྟོང་པའི་གཟུགས་བརྙན་དེ་རྣམས་རླུང་ཐིག་སེམས་ གསུམ་གྱི་དེ་ཉིད་དུ་གཅིག་པར་མཐོང་བ་དང༌། རྗེས་དྲན་སྐབས་ཆོས་དབྱིངས་གཉུག་ཁམས་ དམ་པའི་སྟོང་ཉིད་མཆོག་གི་རང་གཟུགས་སྲིད་པའི་རོལ་བ་དང་རྣམ་བྱང་གི་དག་པའི་སྐུ་ དང་ཞིང་ཁམས་རབ་འབྱམས་གང་སྣང་མཐའ་དག་རྣལ་འབྱོར་པ་རང་གི་རླུང་ཐིག་སེམས་ གདོས་བྱས་ལུས་དང་བཅས་པའི་རང་བཞིན་དག་མཉམ་ཉག་གཅིག་ཏུ་རང་སྣང་ལ་ངེས་ ཐག་ཆོད་པ་དང༌། ཏིང་ངེ་འཛིན་གྱི་སྐབས་དོན་དམ་སྲིད་གསུམ་དྭངས་པའི་གཞི་དབྱིངས་ ཆོས་ཉིད་ཀྱི་རང་གཟུགས་མ་ལུས་པ་ཆེས་ཀུན་ནས་མངོན་དུ་གྱུར་ཏེ་རང་གཞན་དོན་དམ་ སྟོང་གཟུགས་ཀྱི་སྐུར་དངོས་སུ་འགྱུར་བར་སྣང་སྟེ་ཇི་བཞིན་མངོན་ཚབས་ཆེ་བའི་སྒོ་ནས་ རིམ་པས་འཕགས་པ་མཆོག་གིས་གནས་ལུགས་ཀྱི་གཟིགས་རྒྱ་ཕྱོགས་ཐམས་ཅད་ནས་ཇེ་ ཆེར་གྱུར་ཏེ་འབྱམས་ཀླས་པའི་མུ་མཐར་ཐུག་པ་ལྟ་བུའི་ཀློང་དུ་རོ་མཉམ་གཞིའི་གདོད་མའི་ ཆོས་སྐུ་རྟག་བརྟན་ཐེར་ཟུག་གཡུང་དྲུང་གི་བདག་ཉིད་དམ་པ་དང་པོའི་སངས་རྒྱས་རྒྱལ་ ཀུན་གཤིས་ལུགས་ཆོས་ཉིད་ཡེ་ཤེས་ཉག་མ་གཅིག་གི་རང་བཞིན་དྭངས་མའི་སྲོག་ཆེན་དོན་ དམ་དུས་ཀྱི་འཁོར་ལོའི་ཆོས་དབྱིངས་གནས་ལུགས་མཐར་ཐུག་དང་ཀུན་ནས་གཅིག་པར་ གྱུར་པའི་སྒོ་ནས་ཇི་བཞིན་མངོན་དུ་བྱེད་པའི་ཚུལ་འདི་ནི་རང་ཅག་གི་མེ་ཏོག་ལྷ་བབ་ཀྱི་ 1-1-79 ཆོས་སྐལ་སྔོན་བསགས་བསོད་ནམས་མཆོག་གིས་དུས་སུ་ལེགས་པར་ཐོབ་པ་དེ་ག་ལྟར་ ལས་ད་ལན་ཉམས་ལེན་ལ་རེམ་པའི་རྣལ་འབྱོར་པ་གང་དག་གི་བློ་ཚོད་ཇི་ལྟར་གྱི་རིམ་པས་ གོང་དུ་བཤད་པ་བཞིན་རྣམ་ཤེས་དང་ཡེ་ཤེས་ཀྱི་ས་མཚམས་གང་ལ་སླེབ་པའི་ཉམས་མྱོང་ རང་རང་ལ་ཡོད་པའི་ཚུལ་དེ་ལ་དཔག་ནས་དེ་ལུགས་ཀྱི་རྣམ་ཤེས་གསལ་ཙམ་དང་པོའི་ འཇུག་སྒོ་ཙམ་མམ་ཡང་ན་མི་རྟོག་ཡེ་ཤེས་རྗེན་ཆར་སྤྲོས་བྲལ་ཅི་རིགས་ལ་སྒོ་ཀུན་ནས་ མཉམ་པར་འཇོག་དགོས་ཤིང་དེ་ཡང་རྣམ་ཤེས་ནས་ནམ་བརྒལ་ཕན་ཆད་སྒོམ་སྐྱོན་བྱིང་ རྒོད་སོགས་ཀྱིས་འཚེ་མི་ནུས་པ་མ་ཟད་རྣམ་ཤེས་གསལ་ཙམ་གྱི་རང་དུས་སུ་གནས་ཆ་ བརྟན་པའི་རེ་ཞིག་ནས་ཀྱང་སྐྱོན་དེ་དག་ལ་བག་ཟོན་བྱ་མི་དགོས་པའི་ཚོད་ཅིག་འོང་བའི་ སྐབས་ཡོད་དོ། །གཞན་ཡང་འབྲིང་ཙམ་དུ་ན་སེམས་དམིགས་མེད་རང་གསལ་ཡེ་ཤེས་ མཆོག་གི་ངོ་བོ་ངེས་པ་དོན་གྱི་ནང་རིག་འགྱུར་མེད་ཀྱི་བླ་མ་ནི། ལུས་ཅན་མཐའ་དག་གི་སྙིང་ ནང་དུ་གཞི་འབྲས་དབྱེར་མེད་ཀྱི་ཚུལ་དུ་ནམ་ཡང་འདུ་འབྲལ་མེད་ནའང༌། རང་ཞལ་ཇི་ བཞིན་མཇལ་བ་ལ་ནི་ཉམས་མྱོང་དང་ལྡན་པའི་བླ་མ་དམ་པའི་མན་ངག་ལ་བརྟེན་པ་འདི་ གལ་ཤིན་ཏུ་ཆེ་བས་ན། ཇི་སྐད་དུ་རྒྱུད་ལས། སེམས་ནི་བཅིངས་པར་གྱུར་པ་ཡིས། །རླུང་ནི་ འཆིང་བར་འགྱུར་བའོ། །ཞེས་པའི་དགོངས་པ་དཔལ་ས་ར་ཧས་གསུངས་པ། མཁའ་འདྲར་ བྱས་ན་རླུང་རྣམས་མ་ལུས་འཆིང༌། །མཉམ་ཉིད་རབ་ཏུ་རྟོགས་ན་རྣམ་པར་གྲོལ། །ཞེས་ སེམས་ཀྱི་གནས་ལུགས་བསྒོམ་ཚུལ། མི་རྟོག་སྤྲོས་བྲལ་ནམ་མཁའ་ལྟ་བུ་གསལ་སྟོང་འཛིན་ མེད་རྗེན་ཆར་གྱི་ངོ་བོ་རང་རིག་རང་གསལ་གྱི་ངང་བསྐྱངས་པ་ལ་གནད་ལྷག་པར་འབྱོར་ བའི་ཚེ་ཆོས་ཉིད་ཀྱི་གཡོ་བ་རླུང་ཕྲ་མོའི་བྱེད་ལས་ཞི་བའི་རང་མདངས་ངོམ་པ་ན་རྟོག་ཚོགས་ རགས་པའི་གཡོ་བ་མཐའ་དག་གི་ཆ་རང་ཤུགས་ཀྱིས་ཞི་བའི་རྐྱེན་གྱིས་ལུས་རླུང་ཆེས་ རགས་པ་མ་ལུས་པ་ཀུན་ཀྱང་དབུ་མ་ཡེ་ཤེས་ཀྱི་རྩ་ལ་ལེགས་པར་ཐིམ་པས་རང་གསལ་ 1-1-80 དྭངས་པའི་རིག་ངོ་ལྷག་པར་གང་ཤར་ལྷུན་གྲུབ་ཀྱི་ཚུལ་དུ་གནས་ལུགས་ཀྱི་རང་ས་ཟིན་པ་ ཞིག་འོང་བའི་ཐབས་ལ་འབད་དགོས་པ་དེ་བས་ན་ཐོག་མར་གནས་པ་དེ་འདྲ་མིརྗེ་ཡོང་ བས། ལས་དང་པོ་པས་ཉམས་ལེན་གྱི་ཚུལ་ནི། རྗེ་ཏིལླི་པས། མ་བཅོས་གཉུག་མའི་ངང་དུ་ ཀློད་ལ་ཞོག །བཅིངས་པ་ལྷོད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་གྱི་སེམས་ རང་རིག་རང་གསལ་གྱི་ངོ་བོ་དེ་ཀ་གོ་བཞིན་པའི་ངང་ནས་མ་བཅོས་རང་བབས་ཤུགས་ འབྱུང་དུ་ལྷན་གྱིས་བཞག་སྟེ་དུས་གསུམ་དུ་གཏོགས་པའི་འགྱུ་རྟོག་ཐམས་ཅད་རང་ཞིར་ བཏང་ནས་སོ་མ་རང་ཤར་གྱི་གསལ་གདངས་འགག་མེད་ཧྲིག་གེ་བ་ཉམས་པ་མེད་པའི་ དབྱིངས་དེ་ངོ་ཇི་བཞིན་ཤེས་པའི་ཤེས་བཞིན་དང༌། གནས་ཆ་དེ་ཉིད་ཀྱི་རྣམ་པ་མི་འབོར་ བའི་དྲན་པ་ཟུང་འབྲེལ་དུ་རང་བཞིན་གཤིས་དེ་ངོ་ཇི་ཟིན་ལ་མཉམ་པར་འཇོག་གང་ཐུབ་བྱ་ བ་ནི་མཉམ་བཞག་ཐུན་གྱི་སྐབས་ཏེ། དེ་འདྲ་ནམ་ཡང་རྩོལ་བས་འབད་པ་རྒྱུན་རིང་མོས་ ཡུན་རྟག་པ་རྒྱུན་མ་བཅད་ན་དུས་དབང་གིས་གློ་བུར་དྲོད་རྟགས་ཐོན་དཀའ་ཡང་ཚེ་འདིའི་ མཇུག་བར་སྐབས་ལ་ཉམས་མྱོང་གི་སྣེ་རེ་ཟིན་པ་དང༌། བོགས་བསྐྱེད་འདྲ་མིན་རེ་ངེས་པར་ འབྱུང་ཆོག་ལ། དེ་ལྟ་བུའི་འཆར་སྒོ་ཚེ་འདིར་དམན་སྲིད་ནའང༌། ནམ་ཞིག་འཆི་བ་གཉུག་ སེམས་ཀྱི་དུས་སུ་ནང་རིག་ཡེ་ཤེས་ཀྱི་གནས་ལུགས་ངོ་འཕྲོད་པར་གྱུར་ཏེ་ཡུན་རིང་པོའི་ བསྒོམ་པ་བས་སྟོབས་འཕེལ་ཏེ་གྲོལ་བ་ཅི་རིགས་ཉམས་སུ་མྱོང་བ་ཐོན་ཞིང༌། དེ་འདྲ་མ་ འགྲིགས་ན་འདི་ནས་འཕོས་མ་ཐག་བྱང་ཤམྦྷ་ལའི་སྔགས་རིགས་འཛིན་པའི་ཞིང་མཆོག་ གམ་རྫོགས་ལྡན་ཕྱི་མ་གང་རུང་དུ་དྲུག་ལྡན་རྡོ་རྗེའི་མདོ་སྔགས་ཀྱི་འབྱུང་ཁུངས་དང་དམ་ ཆོས་ནོད་ཚུལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། ལུས་རྟེན་ལ། སེམས་དཔའ་མཆོག་གི་བཀའ་ ལུང་ལས་ཟབ་རྒུའི་གདམས་པ་མནོས་ཏེ། གསང་ཆེན་ཉེ་ལམ་གྱི་རྟོགས་པ་དངོས་གནས་ལ་ གཞོལ་བ་ནི་རང་རེའི་ཕ་ཆོས་དྲི་མ་མེད་པའི་མན་ངག་ལ་རེམ་པའི་ཡོན་ཏན་ཁྱད་པར་བའི་ 1-1-81 ཕན་ཡོན་ཕུལ་བྱུང་ཞིག་ནི་ངེས་པར་གོར་མ་ཆག་པ་ནི་ཉམས་ལེན་པ་རང་རང་གི་མྱོང་གྲུབ་ ཤེས་སླ་བ་ལྟར་རོ། །ཤིན་ཏུ་བསྡུས་པའི་སྒོ་ནས་ཉམས་ལེན་བྱ་ཚུལ་ཡང༌། གཞན་ཡང་ལས་ དང་པོ་པ་འགའ་ཞིག་གི་བསམ་པ་དང་མཐུན་པར། དང་པོ་རང་གི་སེམས་ངོ་འདི་ལྟར་འཚོ་ དགོས་ཏེ། སེམས་རང་གི་གནས་ཚུལ་གསལ་སེང་ངེ་བའི་ངོ་བོ་དེ་བློ་ཞབས་སུ་འབོར་དུ་མི་ འཇུག་པར་ངོ་བོ་དེ་ཀ་དེ་གོ་བཞིན་པའི་ངང་མ་བཅོས་རྣམ་རྟོག་གི་ཟུར་ཆ་ཀུན་དང་བྲལ་བའི་ གནས་པ་ཁད་རང་ཤུགས་ཀྱིས་ཆགས་པའི་དབྱིངས་སུ་རྩེ་གཅིག་ཏུ་གནས་ཅི་ཐུབ་ལ་འབད་ དགོས་པ་ཡིན། དེ་ཡང་སེམས་རང་གི་ངོ་བོ་དྲན་འདུག་པའི་དྲན་པ་དང༌། སེམས་གནས་མི་ གནས་ངོ་ཤེས་པའི་ཤེས་བཞིན་གཉིས་ནི་རྒྱུན་དུ་ཡོད་ངེས་པར་དགོས་པའི་གལ་ཆེ་བའི་མེད་ དུ་མི་རུང་བ་ཡིན་པས་དྲན་ཤེས་རྒྱུན་དུ་བསྟེན་པ་ལ་འཆུགས་མི་ཉན། ཡང་བར་སྐབས་སུ་ སེམས་ལྷོད་ཆེས་པའི་སྐྱོན་གྱིས་སེམས་ཀྱི་གསལ་ཆ་ཞན་པའི་བྱིང་འཐིབ་སྐྱེ་འོང་ན་དེ་ངོ་ ཤེས་པར་བྱས་ཏེ་ཤེས་པའི་གསལ་ངར་བསྐྱེད་དེ་བསྒོམ་པ་དང༌། ཡང་བར་སྐབས་སུ་སེམས་ སྒྲིམས་ཆེས་པའི་སྐྱོན་གྱིས་སེམས་གུ་དོག་འཇུར་བུའི་རྣམ་པར་གྱུར་ཏེརྗེ་གནས་ཆ་ཁད་ ཆགས་པ་མི་འོང་ན་འདི་དུས་སུ་སེམས་བག་ཡངས་སུ་ཀློད་ན་གནས་པའི་ཆ་བདེ་མོ་རང་ སར་ཐོན་ནས་རང་བབ་ཏུ་ངང་གིས་གནས་རྒྱུ་ཞིག་ཡོང༌། མདོར་ན་འགྲོ་འདུག་སྤྱོད་ལམ་ ཐམས་ཅད་དུ་དུས་རྒྱུན་དུ་དྲན་ཤེས་ཀྱི་བྱ་རས་སེམས་ངོ་མི་འབོར་བ་ཞིག་གལ་ཤིན་ཏུ་ཆེ་ བས་དེ་ལུགས་སེམས་ལ་བཞག་ནས་ཕ་རྗེས་བུ་ཡིས་ཟིན་པ་ཞིག་ཨེ་འོང་བལྟ་རྒྱུ་རེམ་རེམ། གདམས་ངག་གི་ལམ་ཉམས་ལེན་འདི་ལ་འབད་ན་དེང་སང་གསང་སྔགས་ཁྱད་པར་བའི་ གདུལ་བྱར་གྱུར་ཡོད་པའི་ཚུལ་ནི། ཇོ་ནང་ཀུན་མཁྱེན་ཆེན་པོས། སྤྱིར་ཆོས་འདི་རྣམས་ བསླབས་པ་ཁོ་ནས་མི་གོཚོགས་སྒོ་དུ་མ་ནས་བསག་ཅིང༌། བསྒོམ་ན་གོ་བ་ལགས། ད་ལྟ་ སྙིང་པོ་བསྡུ་བའི་སྐབས་འདིར་སྒྲུབ་པ་ཁོ་ནས་ཕན་ཡོན་ཆེ་གསུངས་པ་ལྟར་འཇམ་མགོན་ཏཱ་ 1-1-82 ར་ནཱ་ཐའི་དགོངས་པ་ཡང་སྐྱེས་ཆེན་དམ་པ་སྐྱབས་མགོན་མ་ཏི་རིན་པོ་ཆེའི་ཞལ་གསུང་ཡང་ ཡང་བདག་གིས་ཐོས་པ་དང༌། རྫོགས་ལྡན་ཕྱི་མའི་སྔ་ལྟས་ཤར་ཡོད་པས་ད་སྐབས་སུ་རང་ ཅག་རྣམས་ཀྱིས་སྔགས་ཀྱི་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོ་ལ་ཐོས་བསམ་སྒོམ་ གསུམ་གྱིས་འབད་ན་རང་རྒྱུད་ལ་འབྱོར་སླ་ཞིང༌། ཉམས་མྱོང་ཡང་ལག་ལེན་དུ་ཐེབ་པ་ཡང་ མང་ཚད་དུ་འདུག་པ་ལགས། ༡༤ འདི་ལ་འབད་པའི་ཕན་ཡོན་མདོ་ཙམ་བསྟན་པ། འདི་ལ་འབད་པའི་ཕན་ཡོན་མདོ་ཙམ་ནི། སྤྱིར་ངེས་དོན་སྙིང་པོའི་མདོ་སྔགས་ཀྱི་འབྱུང་ ཁུངས་དང་དམ་ཆོས་ནོད་ཚུལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། ཚུལ་ལ་མོས་པ་སོགས་ཀྱི་ རྣམ་པར་དཀར་བ་རྒྱ་མཚོ་ལྟ་བུའི་མཐའ་སུ་ཡིས་དཔོག་མི་ནུས་མོད། འོན་ཀྱང་མཐའ་མེད་ པའི་ཕན་ཡོན་ཆེས་མང་པོ་དག་ལས་འདིར་ཆེས་ཕྲ་བ་ལས་ཀྱང་ཕྲ་མོའི་ཆ་མཚོན་ཙམ་འགོད་ པ་སྟེ། འཕགས་པ་སོར་ཕྲེང་གི་མདོ་ལས། དེ་བཞིན་གཤེགས་པའི་སྙིང་པོརྟག་པ་སེམས་ཅན་ ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང༌། ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ སྙིང་པོ་རྟག་པ་ཐོས་པས། སྔོན་བྱུང་བ་དང༌། ད་ལྟར་དང༌། མ་འོངས་པ་དང༌། དུས་གསུམ་ དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། མཐོ་རིས་དང་ས་སྟེང་གི་བདེ་བ་ཐམས་ཅད་ རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་ འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ ནི་སངས་རྒྱས་ཡིན་ནོ། །ཞེས་དང༌། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་ སྟོན། །ལེགས་བརྗོད་གང་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །མེ་སྦྱིན་ལྟ་བུར་སྒྲ་ 1-1-83 བརྙན་ཐེག་ཆེན་མདོ་སྡེ་བཀླག །མི་འམ་ཅི་དང་དྲི་ཟའི་རྔ་དང་རྔ་ཕྲན་དང༌། །སིལ་སྙན་དག་ གིས་གླེགས་བམ་ལ་ཡང་མཆོད་པར་བགྱི། །སེམས་ཅན་གང་རྣམས་དེ་ལྟར་རྟག་ཏུ་མཆོད་ བགྱིད་པ། །དེ་དག་འཇིག་རྟེན་དུ་ནི་ཁོར་མོར་མི་གཅིག་པུ། །ཕྱི་དུས་སངས་རྒྱས་འགྱུར་ ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་དང༌། འཕགས་པ་སོར་མོའི་ཕྲེང་བ་ལ་བཀའ་ བསྩལ་པ་ཡང་འདི་བཞིན་ཏེ། མདོ་དེ་ཉིད་ལས། སོར་མོའི་ཕྲེང་བ་དེ་བཞིན་གཤེགས་པ་ ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ་ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་ སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་བྱ་དཀའ་བ་བྱེད་ པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པར་ བསྟན་ཏོ། །ཞེས་དང༌། མདོ་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ པའི་བསོད་ནམས་ཀྱི་རྒྱུས། ནད་མེད་པ་དང༌། གཙེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ། གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ཐོས་པས་དེའི་ཚུལ་ཐོས་པ་ཐམས་ཅད་ འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་དང༌། མདོ་དེ་ཉིད་ལས། ཆོས་ སྟོན་པར་འདོད་པས་འདིལྟར་བསྟན་ཏེ། དེ་བཞིན་གཤེགས་པ་རྟག་པ་དང༌། ཡང་དག་པ་ ཉིད་དུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་ དག་ནི་དཔེར་ན་གདོལ་བ། རྒྱལ་པོའི་བ་གླང་ལྟ་བུ་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །ཞེས་ དང༌། མྱང་འདས་ཆེན་པོ་ལས། དེ་བས་ན་འཇམ་དཔལ་རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་ དང་ལྡན་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་ མི་ལྟའོ། །འཇམ་དཔལ་མུ་སྟེགས་ཅན་ངན་པར་ལྟ་བ་ནི་དེ་བཞིན་གཤེགས་པ་ལ་འདུས་ 1-1-84 བྱས་དང་མཐུན་ནོ་ཞེས་སྨྲའི་ཚུལ་ཁྲིམས་བསྲུངས་བའི་དགེ་སློང་དག་ནི་དེ་ལྟར་དེ་བཞིན་ གཤེགས་པ་ལ་འདུས་བྱས་པ་ཡིན་པར་མི་ལྟའོ། །ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ ཡིན་ནོ་ཞེས་བརྗོད་ན། དེ་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་ དམྱལ་བར་སྐྱེ་བར་རིག་པར་བྱ་བ་ནི་ཇི་ལྟར་གང་ཟག་བདག་གི་ཁྱིམ་ན་གནས་པ་བཞིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་ འདུས་བྱས་ཞེས་བརྗོད་པར་མི་བྱའོ། །འཇམ་དཔལ་དེང་སླད་ཆད་འཁོར་བར་ན་ཤེས་པ་ མེད་པ་སྤངས་ཏེ་ཡང་དག་པའི་ཡེ་ཤེས་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི་འདུས་མ་ བྱས་པ་སྟེ་གང་ཞིག་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་ དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་ གསུངས། རྒྱུད་བླ་མ་ལས། བློ་ལྡན་རྒྱལ་བའི་ཡུམ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ ཚོགས་ཀྱི་སྣོད་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་ བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ ཆུབ་འདོད་པས་བསྐལ་པ་དུ་མར་ཡང༌། །ལུས་ངག་ཡིད་ཀྱིས་འབད་པ་མེད་པར་ཚུལ་ཁྲིམས་ དྲི་མེད་སྲུང་བྱེད་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ འདི། །ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །གང་ ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་ མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ། །གཞན་གང་འདི་ལས་ཚིག་ 1-1-85 ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ ནམས་ཆེས་མང་ཐོབ་པར་འགྱུར། །གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ཅིང༌། །ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ། །ཤེས་རབ་ཉོན་མོངས་ཤེས་ བྱ་ཀུན་སྤོང་དེ་ཡིཕྱིར། །འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན། །ཞེས་སོགས་ཕན་ཡོན་ རྒྱ་ཆེར་གསུངས་སོ། །ཀུན་མཁྱེན་ཏཱ་ར་ནཱ་ཐས་དབུ་མ་ཡིད་བཞིན་ནོར་བུ་ལས། བདེམདོ་ སྔགས་ཀྱི་འབྱུང་ཁུངས་དང་དམ་ཆོས་ནོད་ཚུལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན། གཤེགས་ སྙིང་པོ་དད་པས་རྟོགས་པར་བྱ། །གལ་ཏེ་ཟབ་མོའི་དོན་ལ་མོས་ཤིང་བསྒོམ། །དགེ་བའི་རྩ་ བ་སྨིན་ན་ཅིག་ཅར་རྟོགས། །གཞན་དུ་རྣམ་ཀུན་སྤྱོད་པས་རིམ་གྱིས་ཐོབ། །ཆ་ཤས་ཀྱིས་ ཀྱང་དོན་ཆེན་འགྱུར་བ་སྟེ། །སྔོན་དུ་མཚམས་མེད་བྱས་པའང་འདི་ཡིས་གྲོལ། །སྡིག་ལ་སྤྱོད་ བཞིན་པ་ཡང་འདིར་དད་ན། །རྣམ་སྨིན་རིང་དུ་སྐྲོད་ཅིང་ཟད་པར་བྱེད། །བག་མེད་སྲིད་པའི་ དབང་གྱུར་ཡུལ་ལྔ་ལ། །རྟག་ཏུ་བསྟེན་པའང་མི་འཆིང་གྲོལ་བ་ཡོད། །བརྟུལ་ཞུགས་ཉམས་ པའང་ལྷ་ཡུལ་འགྲོ་བ་དང༌། །སངས་རྒྱས་རྣམས་ཀྱི་སྐུ་ཡི་སྣང་བ་འབྱུང༌། །འདི་ལ་དད་པའི་ ཡོན་ཏན་བསམ་མི་ཁྱབ། །ཅེས་པ་ལྟར་དང༌། ཉིད་ཀྱིས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་ པ་ལས། དོན་དམ་རང་སྟོང་ལྟ་བས་ཤེར་ཕྱིན་མདོ། །སྐྱེ་བར་སྦྱངས་པ་བས་ཀྱང་ཚུལ་འདི་ལ། །མོས་པས་ལན་གཅིག་བཀླག་པའང་ཆེས་མཆོག་ཉིད། །མི་མཐུན་བགེགས་རྣམས་སེལ་བར་ ཀུན་ཏུ་མཐོང༌། །རང་སྟོང་མཁས་པའི་གཞུང་ལ་ཐོས་བསམ་སྒོམ། །ལོ་བརྒྱར་འབད་ལས་ བྱམས་པའི་གཞུང་ལུགས་ཀྱི། །གླེགས་བམ་སྤྱི་བོར་བླངས་པའང་བྱང་ཆུབ་ཉེ། །དེར་འབད་ ངན་འགྲོའི་ལམ་ཡང་མ་ཁེགས་དང༌། །འདིར་མོས་བརྩོན་པ་བྲལ་བའང་ལྷར་འགྲོ་བའི། །མཚན་མ་མངོན་གྱུར་གྲགས་ཤིང་གྲུབ་ཕྱིར་ཏེ། །བདེ་དང་ཕུན་ཚོགས་ཐར་བའང་དེ་དང་ མཚུངས། །སྐལ་བཟང་ཡོད་ན་ལམ་འདིར་འབད་པར་རིགས། །ཞེས་པ་ལ་སོགས་པ་རྒྱ་ཆེར་ 1-1-86 གསུངས་ཤིང༌། འདིར་དེ་ལྟར་དུ་བཀོད་པའི་ཕན་ཡོན་རྣམས་ནི་ས་བོན་གྱི་ཆ་ཙམ་སྟེ། གཞན་ དུ་རྒྱས་པར་ན་མྱང་འདས་ཆེན་པོ་ལས། སེམས་ཅན་གང་དག་སྔོན་ཆུ་ཀླུང་དགའ་བསྐྱེད་ཀྱི་ བྱེ་མ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་པའི་ཚེ་ངེས་དོན་གྱི་སྡེ་ སྣོད་ལ་སྐུར་བ་མི་འདེབས་པ་དང༌། ཀླུང་གངྒཱ་གཅིག་གི་བྱེ་སྙེད་ཀྱི་སངས་རྒྱས་ལས་བྱང་ ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ཆོས་འདི་ལ་མོས་པར་འགྱུར་བ་དང༌། དེ་བཞིན་དུ་ གངྒཱ་གཉིས་ཀྱིས་ཆོས་འདི་ལ་དད་མོས་འཆང་ཀློག་སོགས་བྱེད་པ་དང༌། གསུམ་གྱིས་ཆོས་ འདི་ལ་དད་མོས་ཀྱིས་འཆང་ཀློག་འབྲི་བ་སོགས་ནས་དེ་འདྲ་བརྒྱད་ཀྱི་བར་ལ་འགྲེས་སྦྱར་ བས་གོང་སྨོས་དག་གི་སྟེང་དུ་ངེས་དོན་ཟབ་མོའི་དོན་བཅུ་དྲུག་གི་ཆ་གཅིག་ཙམ་དང༌། དེ་ འདྲའི་ཆ་བརྒྱད་དང༌། བཅུ་བཞི། ཇི་བཞིན་རྫོགས་པའི་བར་རང་གིས་རིམ་གྱིས་རྟོགས་ཤིང་ གཞན་ལ་དེ་ལུགས་ལྟར་སྟོན་ཅིང་ཟབ་དོན་ལ་འཇུག་བསྐུལ་སོགས་བྱེད་པར་གསུངས་པ་ལ་ སོགས་པའི་མདོ་སྡེ་ཟབ་མོའི་ལུང་ཆེས་མཐའ་ཀླས་པ་བཞུགས་མོད་འདིར་ཡི་གེ་མང་དོགས་ ནས་དེ་ཙམ་ལས་མ་བྲིས་སོ། ། ༡༥ མཇུག་བྱང༌། སྨྲས་པ། དེ་ལྟར་དབང་ལུང་མན་ངག་བདུད་རྩིའི་རྒྱུན། །བརྒྱུད་ལྡན་བླ་མའི་ཞལ་གྱི་ བུམ་བཟང་ལས། །དྲི་མ་འཁྲུད་པའི་གཙང་ཆབ་ལེགས་འཐོར་བས། །ཉམས་ལེན་སྙིང་པོའི་ ཟབ་གསང་མྱང་བར་བྱ། །རང་ལ་སངས་རྒྱས་ཀུན་ལས་ཆེས་ལྷག་པས། །དམ་ཆོས་བདུད་ རྩིའི་རྒྱུན་བཟང་འདོམ་པ་འདི། །ལེགས་མྱང་དྲི་མ་བྲལ་ཞིང་ཉམས་རྟོགས་འཕེལ། །ཚོམ་བུ་ གཅིག་ཏུ་ཐམས་ཅད་སངས་རྒྱས་ཤོག །ཚེ་རབས་འདི་ནས་སྐྱེ་བའི་ཕྲེང་བ་རུ། །མཚན་ལྡན་ བླ་མས་རྗེས་སུ་འཛིན་པ་དང༌། །སྔོན་གྱི་གོམས་པའི་བག་ཆགས་ཡོངས་སད་ཏེ། །གདམས་ 1-1-87 དོན་ཇི་བཞིན་རྒྱུད་ལ་འབྱོར་བར་ཤོག །དམ་པའི་ལེགས་བཤད་རང་ལུགས་ངེས་པའི་དོན། །གཞན་སྟོང་དབུ་མ་མདོ་སྔགས་ཟབ་གསང་གནད། །འཁྲུལ་བྲལ་ལུང་རིགས་ལམ་གྱིས་ སྐལ་ལྡན་རྣམས། །སླར་ཡང་ལེགས་བསྐྱང་འགྲོ་བའི་དེད་དཔོན་ཤོག །ད་དུང་སྐྱེ་དང་ཚེ་ རབས་ཐམས་ཅད་དུ། །བྲན་དུ་གྱུར་ཅིང་ཅི་གསུངས་ལེགས་སྒྲུབ་ནས། །མདོ་སྔགས་ངེས་ གསང་སྙིང་པོ་སླར་སྤེལ་ཏེ། །མྱུར་དུ་ཐུགས་ཡིད་དབྱེར་མེད་འདྲེས་བྱིན་རློབས། །འདིར་ བྱས་རྣམ་པར་དཀར་བའི་བསགས་སྒོ་ལས། །དོན་དམ་གནས་ལུགས་དང་པོའི་སངས་རྒྱས་ ཉིད། །འཁོར་འདས་ཀུན་ཁྱབ་གཤིས་སུ་བདེན་གང་གིས། །ཇི་བཞིན་བརྗོད་པའི་དགའ་ སྟོན་སྤྱོད་གྱུར་ཅིག །གླིང་བཞིར་ས་འཛིན་དབང་པོ་རབ་བརྟན་ཁམས། །རྟ་ལྗང་བསིལ་ཟེར་ ཟུང་གིས་ཇི་སྲིད་དུ། །གཡོ་བྱེད་འཕྲུལ་འདེགས་ཟེར་གྱིས་སྐྱོང་གི་བར། །རྫོགས་ལྡན་རྒྱལ་ བསྟན་ནུབ་མེད་ཡོངས་རྒྱས་ཤོག ། ཅེས་དཔལ་རྒྱལ་བ་ཇོ་ནང་པའི་མདོ་སྔགས་ཟབ་ཆོས་ཀྱི་འབྱུང་ཁུངས་ལས་བརྩམས་ ཏེ། རང་རང་གི་རྩ་བའི་བླ་མའི་བར་དབང་ལུང་གདམས་ངག་གི་བརྒྱུད་པའི་རིམ་པ་ལས་ དམ་ཆོས་ཟབ་མོ་ལེགས་པར་ནོད་ནས་ཉམས་སུ་ལེན་ཚུལ་མདོར་བསྡུས་རིན་པོ་ཆེའི་ཕྲེང་ བ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན་ཞེས་བྱ་བ་འདི་ཡང་ངག་དབང་ཡོན་ཏན་བཟང་པོས་རྩི་ ནང་སློབ་བུ་དམ་པ་བསོད་ནམས་གྲགས་པ་དང་ཤུག་ནང་འགྲོ་ཕན་བཟང་པོ་དང་བླ་མ་ཆོས་ མཛོད་སོགས་ལ་མཁོཕྱིར་རབ་བྱུང་བཅུ་བདུན་པ་ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་ལོའི། ཟླ་ ༢ཚེས་༡༣གཟའ་ཕུར་བུ་སྐར་མ་དབོ་རླུང་གཉིས་འཕྲོད་པ་ཕུན་ཚོགས་སྦྱོར་བའི་ཉིན་ནས་ དབུ་བརྩམས་ནས་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་གཞན་སྟོང་དུས་ཁྲིད་ཆེན་མོའི་ སྐབས་སུ་ཚེས་བཅུ་བཞིའི་བར་ཉིན་གཉིས་ཀྱི་ཁོངས་སུ་སྦྱར་བ་ལྟར་ཀུན་གྲགས། དཀོན་ མཆོགབརྩོན་འགྲུས་གསུམ་གྱིས་ཡི་གེར་ཕབ་པའོ། །སརྦ་མངྒ་ལཾ། 1-1-88 1-1-89 ༄༅། །རྗེ་ཇོ་ནང་པ་ཆེན་པོའི་ཆོས་འབྱུང་གསལ་ བྱེད་ནོར་བུའི་མེ་ལོང་ཞེས་བྱ་བ་ བཞུགས་སོ། ། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། རབ་ཏུ་ཕྲ་ཞིབ་ནམ་མཁའི་གཟུགས་བཟང་ལྟར། ། སྲིད་མིན་དོན་དམ་སྲིད་པ་ཀུན་གྱི་གཟུགས། ། སྤྲོས་པའི་རྣམ་མེད་སྤྲོས་བྲལ་རྣམ་ཀུན་པ། ། རང་རིག་ཡེ་ཤེས་ཉིད་ལས་གཞན་མ་མཆིས། ། དབྱིངས་འདི་མི་འགྱུར་གཟི་འབར་ཉི་ཟླའི་འོད། ། རྣམ་བཀོད་སྣ་ཚོགས་དུས་ལས་ཡོལ་མེད་ངོམ། ། 1-1-90 རྒྱལ་དང་རྒྱལ་སྲས་མིག་འཕྲུལ་བཞིན་དུ་འཆར། ། རེས་བྲལ་སྣང་བའི་དགའ་སྟོན་འགག་མེད་སྩོལ། ། འདི་ལས་བརྩམས་ཏེ་བརྗོད་བྱའི་གནས་ཚུལ་ཡང༌། ། ཕར་ཕྱིན་རྒྱུ་ཡི་ཐེག་པའི་ཟབ་གསང་གནད། ། ངེས་དོན་གཞན་སྟོང་དབུ་མའི་འབྱུང་ཁུངས་དང༌། ། གསང་སྔགས་ཟབ་མོའི་ཆོས་ཀྱི་འབྱུང་ཁུངས་བརྗོད། ། ཅེས་བརྗོད་པས་ཐོག་དྲངས་ཏེ། འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ ཆེ་བ་རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེས་གདུལ་བྱ་སོ་སོའི་ ཁམས་དབང་དང་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད་ མཐར་གཏུགས་ན་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ ཆེན་པོ་གཙོ་བོར་བསྟན་པས་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་གྲུབ་ཀྱང་སྤྱིར་དབུ་མ་ལ་ རང་སྟོང་དང་གཞན་སྟོང་གཉིས་ཀྱི་ཁྱད་པར་ཡོད་པས་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་ པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པས་རང་སྟོང་དང༌། དོན་དམ་པའི་ཆོས་ ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ནི་ནམ་ཡང་རང་ངོས་ནས་མི་སྟོང་བར་གནས་ལུགས་ མཐར་ཐུག་ཏུ་ཡེ་ནས་འགྱུར་བ་མེད་པའི་རང་མདངས་ལ་གཞན་ཀུན་རྫོབ་གཟུང་འཛིན་གྱི་ སྤྲོས་པས་སྟོང་བས་ན་གཞན་སྟོང་ཞེས་བརྗོད་ཅིང༌། ཀུན་རྫོབ་འཁྲུལ་སྣང་ཐམས་ཅད་བདེན་ པར་མེད་པས་རྟག་མཐའ་ལས་གྲོལ་བ་དང༌། དོན་དམ་གནས་ལུགས་མཐར་ཐུག་ཏུ་བདེན་ པས་ཆད་མཐའ་ལས་གྲོལ་བའི་མཐའ་གཉིས་སྤངས་པའི་དབུ་མ་རྗེ་ཇོ་ནང་པ་ཆེན་པོའི་རིང་ ལུགས་འཇིགས་མེད་གདོང་ལྔའི་ང་རོ་འདི་འཆད་པར་བྱེད་པ་ལ། ཁྲིད་ཉན་པའི་ཚུལ་དང༌། 1-1-91 བཤད་བྱའི་ཆོས་འབྱུང་བའི་རིམ་པ། ཟབ་ཆོས་ཀྱི་ཕན་ཡོན་བསྟན་པ་དང་གསུམ་ལས། རྩ་བའི་ས་བཅད་དང་པོ། ཁྲིད་ཉན་ཚུལ། ས་བཅད་དང་པོ་ཀུན་སློང༌། དང་པོ་ལའང་ཀུན་སློང་དང་ཀུན་སྤྱོད་གཉིས། དང་པོ་ཀུན་སློང་ལའང༌། བསམ་པ་རྒྱ་ ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང༌། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དང་ གཉིས་ཡོད་པ་ལས། དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང༌། དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། འདི་ལྟར་འཁོར་བ་ན་གནས་ པའི་སེམས་ཅན་ཐམས་ཅད་རང་གི་ཐོག་མ་མེད་པའི་དུས་ནས་ཕ་མ་མ་བྱས་པ་ནི་གཅིག་ ཀྱང་མེད། ཕ་མ་བྱས་པའི་དུས་སུ་དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་ གཡོགས། ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཅན་ཤ་སྟག་ཡིན་ལ། མ་རྒན་དྲིན་ ཅན་དེ་དག་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སྒྲུབ་མི་ ཤེས། སྡུག་བསྔལ་གཏན་ནས་མི་འདོད་ཀྱང༌། དེའི་རྒྱུ་མི་དགེ་བ་བཅུ་སྤང་མི་ཤེས་པར། ཞེ་ འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས། ལམ་ལོག་མགོ་རྨོངས་སུ་གྱུར་པ་ལོང་བ་ཐང་ དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ ཆོས་ཟབ་མོ་ཉན་ནས་ཉམས་སུ་བླངས་ཏེ་མ་རྒན་འདི་རྣམས་ཀྱི་དོན་སྒྲུབ་ཏུ་ཡོད་པས་ཕ་ མར་གྱུར་པའི་སེམས་ཅན་རིགས་དྲུག་གི་འཁྲུལ་སྣང་སྡུག་བསྔལ་གྱིས་གདུང་བ་འདི་རྣམས་ 1-1-92 རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་ རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ། །སྙམ་པ་འདི་ཆོས་ཉན་དུས་སྒྲུབ་དུས་ ཐམས་ཅད་ལ་གལ་ཆེ་བ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང༌། དགེ་རྩ་ དེ་ཐབས་ཀྱིས་ཟིན་པར་བྱེད་པ་སྟེ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ཏེ། དགེ་བ་རྐྱེན་གྱིས་ མི་བཤིག་པར་བྱེད་པ་དངོས་གཞི་དམིགས་པ་མེད་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་ བྱེད་པ་མཇུག་བསྔོ་བས་རྒྱས་ཡོངས་སུ་ཐེབ་པ་སྟེ། དམ་པ་གསུམ་གྱི་རྩིས་ཟིན་པ་འདི་མེད་ པའི་ཐབས་མེད། ཀུན་སློང་འདི་ལྟར་བཅོས་ཤེས་ན་དགེ་བ་ཐབས་ཀྱིས་ཟིན་ཏེ་སྐྱེས་བུ་ཆེན་ པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་སུ་འགྱུར་རོ། །དེ་ལྟར་ཀུན་སློང་བཅོས་ མ་ཤེས་ན་ཆོས་ཉན་ལོ་དང་སྒྲུབ་ལོ་བྱས་ཀྱང་ཆོས་ཀྱི་གཟུགས་བརྙན་དུ་འགྲོ་བས་ཆོས་ཉན་ དུས། སྒྲུབ་དུས། ལྷ་བསྒོམ་ཡང༌། སྔགས་བཟླ་ཡང༌། ཕྱག་འཚལ་ཀྱང༌། ཐ་ན་མ་ཎི་འབྲུ་ གཅིག་འདོན་ཀྱང་ཀུན་སློང་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པ་འདི་གལ་ཆེ། གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང༌། གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་ དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ ཐེག་པ་འདིར། འཇུག་སྒོའི་ལམ་མང་པོ། ཚོགས་བསགས་པའི་ཐབས་མང་པོ། དཀའ་བ་ ཆེན་པོ་སྤྱད་མི་དགོས་པར་འབྲས་བུ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡོད་པ་ཡིན་ལ། དེ་ དག་གི་རྩ་བ་ཡང་འདུན་པ་བསྒྱུར་བ་ལ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར། ཆོས་འཆད་པའི་གནས་དང་སྟོན་ 1-1-93 པ་སོགས་ཐ་མལ་བ་མ་དག་པའི་སྣང་བ་འདི་ལྟར་མི་བལྟ་བར་གནས་ཕུན་སུམ་ཚོགས་པ་ དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་མཁྱེན་ཡེ་ཤེས་ཀྱི་ སྐུ་དུས་ཀྱི་འཁོར་ལོ། འཁོར་ཕུན་སུམ་ཚོགས་པ་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སུ་གསལ་ བཏབ། ཡང་ན་ཆོས་འཆད་པའི་གནས་དེ་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། ཆོས་འཆད་པའི་བླ་མ་དེ་ཉིད་ཆོས་སྐུ་རྡོ་རྗེ་འཆང༌། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། རིག་འཛིན་ཕོ་མོ་འབྱམས་ཀླས་པར་གསལ་བཏབ། ཡང་ན་བླ་མ་ནི་དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་འདུས་པའི་བདག་ཉིད། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་ རྒྱས་ཀྱི་ངོ་བོ་སྟེ་དཀོན་མཆོག་ཀུན་འདུས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་ རྒྱལ་ཚབ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་རང་རེ་སྙིགས་མའི་ སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ ཐམས་ཅད་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེ་བ་ཡིན་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་ འཆང༌། །ཞེས་པ་ལྟར་དང༌། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། གཞི་བདེ་གཤེགས་ སྙིང་པོ། རྟེན་མི་ལུས་རིན་པོ་ཆེ། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་ གིས་ཟིན་པས་མ་འོངས་པའི་སངས་རྒྱས་ཡིན་ཏེ། རྒྱུད་བརྟགས་གཉིས་ལས། སེམས་ཅན་ རྣམས་ནི་སངས་རྒྱས་ཉིད། འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ དངོས། །ཞེས་པ་ལྟར་རོ། ། 1-1-94 ས་བཅད་གཉིས་པ་ཀུན་སྤྱོད། གཉིས་པ་ཀུན་སྤྱོད་ལ། སྤང་བྱའི་ཀུན་སྤྱོད་དང༌། བླང་བྱའི་ཀུན་སྤྱོད་གཉིས། དང་པོ་སྤང་བྱའི་ཀུན་སྤྱོད། དང་པོ་སྤང་བྱའི་ཀུན་སྤྱོད་ལ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་ གསུམ་ལས། (༡) སྣོད་ཀྱི་སྐྱོན་གསུམ། དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། ཞེས་གསུངས་པ་ ལྟར། དང་པོ་ནི་ཆོས་ཉན་པའི་དུས་སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་གཡེང་བར་ ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་ཉན་དགོས། དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་ དུ་བཅུད་བླུགས་པ་དང་འདྲ་སྟེ་ལུས་ཆོས་གྲལ་ན་ཡོད་ཀྱང་ཆོས་ཚིག་གཅིག་ཀྱང་མི་ཐོས། གཉིས་པ་ནི། དེ་ལྟར་ཐོས་པའི་ཆོས་དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ ན་སྣོད་ཞབས་རྡོལ་ནང་དུ་བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་སྟེ་ཆོས་ཅི་ ཙམ་ཉན་ཀྱང་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས། གསུམ་པ་ནི། ཆོས་ཉན་པའི་ དུས་སུ་རང་ཉིད་ཆེ་འདོད་དང་གྲགས་འདོད་སོགས་ཀུན་སློང་སྐྱོན་ཅན་གྱིས་ཉན་པའམ། ཆགས་སྡང་རྨོངས་གསུམ་སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱིས་སེམས་ལ་ མི་ཕན་པར་མ་ཟད་ཆོས་ཀྱང་ཆོས་མིན་དུ་འགྲོ་སྟེ། དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུག་ 1-1-95 པ་དང་འདྲ། དེས་ན་རྒྱ་གར་ཕ་དམ་པས་ཀྱང༌། ཆོས་ཉན་པའི་དུས་སུ་རི་དྭགས་སྒྲ་ལ་ཉན་ པ་ལྟ་བུ་ཞིག་དགོས། བསམ་པའི་དུས་སུ་བྱང་བས་ལུག་འབྲེག་པ་ལྟ་བུ་ཞིག་དགོས། སྒོམ་ པའི་དུས་སུ་གླེན་པས་རོ་མྱང་བ་ལྟ་བུ་ཞིག་དགོས། སྒྲུབ་པའི་དུས་སུ་གཡག་ལྟོགས་ཀྱིས་རྩྭ་ ཟ་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་སུ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། ཞེས་ གསུངས་པ་ལྟར། ཆོས་ཉན་པའི་དུས་སུ་ཁ་འདོན། བགྲང་ཕྲེང་སོགས་དགེ་སྦྱོར་གྱི་རྣམ་ པ་ཐམས་ཅད་ཀྱང་བཞག་ནས་ཉན་དགོས། དེ་ལྟར་ཉན་ནས་བཤད་པའི་དོན་དེ་དག་ཡིད་ ལ་མ་བརྗེད་པར་བྱས་ནས་རྒྱུན་དུ་ཉམས་སུ་ལེན་དགོས་ཏེ། ཐུབ་པ་ཆེན་པོས་ཀྱང༌། ངས་ ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་པ་ ལྟར། བླ་མས་སློབ་མ་ལ་ཁྲིད་འཆད་པ་དེ། ཆོས་ཉན་ཚུལ། སྒྲུབ་ཚུལ། སྡིག་པ་སྤང་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ལེན་ཚུལ་རྣམས་གསུངས་པ་ཡིན་པས། སློབ་མས་ཀྱང་དེ་དག་ མ་བརྗེད་པར་ཡིད་ལ་བཟུང་ནས་ཉམས་སུ་བླངས་ཏེ་མངོན་དུ་བྱེད་དགོས་ཀྱི། ཡིད་ལ་མ་ བཟུང་ན་ཆོས་ཐོས་པའི་ཕན་ཡོན་ཙམ་ཡོད་ཀྱང༌། ཆོས་ཀྱི་ཚིག་དོན་ཅུང་ཟད་ཀྱང་མི་ཤེས་ པས་ཆོས་མ་ཐོས་པ་དང་ཁྱད་མེད། ཡིད་ལ་བཟུང་ཀྱང་ཉོན་མོངས་པ་དང་འདྲེས་ན་ཆོས་ ཡང་དག་པར་མི་འགྲོ་སྟེ། མཉམ་མེད་དྭགས་པོས། ཆོས་ཆོས་བཞིན་མ་སྤྱད་ན། ཆོས་ཀྱིས་ སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་པ་ལྟར་ཡང་བླ་མ་དང་ཆོས་ལ་ལོག་རྟོགབར་མཆེད་ གྲོགས་ལ་ཟུར་ཟ་ང་རྒྱལ་དང་ཁྱད་གསོད་སོགས་མི་དགེ་བའི་རྟོག་པ་དང་བཅས་པས་ཆོས་ ཉན་ན་ནི་ངན་སོང་གི་རྒྱུ་བྱེད་པས་དེ་དག་སྤང་དགོས། (༢) དྲི་མ་དྲུག གཉིས་པ་དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་ 1-1-96 དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་ མ་དད་པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་གཡེང་བ། དབང་པོ་སྒོ་ ལྔ་ནང་དུ་སྡུད་པ། ཆོས་ཐུན་རིང་དྲགས་པ་སོགས་ཀྱི་སྐྱོ་བ་སྟེ་དྲི་མ་དྲུག་པོ་དེ་སྤང་དགོས། དེ་ ཡང་ཉོན་མོངས་པ་རྣམས་ལས་ང་རྒྱལ་དང༌། ཕྲག་དོག་གཉིས་པོ་འདི་ངོས་ཟིན་དཀའ་བས་ རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས། རང་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་ཡོན་ཏན་ཕྲན་ བུ་རེ་ཡོད་པ་ལའང༌། ང་རང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་ཆེད་དུ་འཛིན་ནས་རང་རྒྱུད་ཀྱི་ སྐྱོན་མི་མཐོང༌། གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས། ང་རྒྱལ་སྤངས་ནས་རྟག་ཏུ་དམན་ ས་འཛིན། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་ངོ༌། །ས་ བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར། དད་པ་མེད་ ན་ཆོས་ཀྱི་འཇུག་སྒོ་འགག་པ་ཡིན་པས་དད་པ་རྣམ་པ་བཞིའི་ནང་ནས་མི་ལྡོག་པའི་དད་ པ་འཆང༌། ཆོས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དོན་ གཉེར་རབ་འབྲིང་ཐ་གསུམ་ལས་ཆོས་པ་རབ་འབྲིང་ཐ་གསུམ་འོང༌། ཆོས་ལ་དོན་གཉེར་མ་ བྱས་ན་ཆོས་རྩ་བ་ནས་མི་འགྲུབ་འཇིག་རྟེན་པའི་ཁ་སྐད་ལའང་ཆོས་བདག་མེད་ལ་སྙིང་རུས་ གང་ཆེ་ཟེར་བ་ལྟར་ཡིན། བདག་ཅག་གི་སྟོན་པས་ཀྱང་ཆོས་ཚིག་བཞི་རེའི་ཕྱིར་དུ་ལུས་ལ་ ཤའི་རྐོང་བུ་བྲུས་ཏེ་སྡོང་བུ་སྟོང་བཙུགས་ནས་འབྲུ་མར་གྱིས་བཀང་སྟེ་མེ་སྦར་བ་དང༌། མེ་ དོང་དུ་མཆོངས་པ་དང༌། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པ་སོགས་དཀའ་བ་བརྒྱ་ ཕྲག་གི་སྒོ་ནས་དམ་ཆོས་བཙལ་བ་ཡིན་ཏེ། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་ མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར་དོན་གཉེར་ཆེན་པོས་དཀའ་ཚེགས་ ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཆོས་ཉན་དགོས། ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། 1-1-97 མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམ་ངག་ཉན་དུ་ཡོད་པ་འདི། རང་ལ་དགའ་ སྤྲོ་བླ་ན་མེད་པ་ཆེ། བསྐལ་པ་གྲངས་མེད་པའི་བར་དུ་ཚོགས་བསགས་པའི་འབྲས་བུ་ད་རེས་ ཟབ་མོའི་དམ་ཆོས་ཉན་པ་འདི་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་ཆོས་འདིའི་ ཆེད་དུ་དཀའ་ཚེགས་ཚ་གྲང་ཅི་བྱུང་ཡང་བཟོད་པར་བྱ་དགོས་སྙམ་དུ་དགའ་བཞིན་སྤྲོ་བཞིན་ དུ་ཟབ་མོའི་ཆོས་འདི་ལ་ཉན་དགོས་པ་ཡིན། (༣) མི་འཛིན་པ་ལྔ། གསུམ་པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་ འཛིན་པ། བརྡ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་ དང་ལྔ་པོ་འདི་སྤང་དགོས། གཉིས་པ་བླང་བྱའི་ཀུན་སྤྱོད། གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བསྟེན་དགོས། ཕར་ཕྱིན་དྲུག་དང་ལྡན་ པ། སྤྱོད་ལམ་གཞན་བསྟེན་པ་དང་གསུམ། (༡) འདུ་ཤེས་བཞི། དང་པོ་འདུ་ཤེས་བཞི་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་ བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་དུ་ཉམས་སུ་ལེན་ པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་རང་རྒྱུད་ལ་ སྦྱར་ནས་ཉམས་སུ་བླང་དགོས། 1-1-98 (༢) ཕ་རོལ་ཏུ་ཕྱིན་པ་དྲུག གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང༌། །ས་ཕྱོགས་ སྤྱོད་ལམ་སྡོམ་པ་དང༌། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ ཡེངས་བླ་མའི་གདམ་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །ཉན་པོ་ཡན་ལག་ དྲུག་དང་ལྡན། །ཞེས་པ་ལྟར། ཆོས་ཀྱི་ཁྲི་བཤམས་ཤིང་སྟན་འདིང་བ་དང༌། མཎྜལ་མེ་ཏོག་ སོགས་འབུལ་བ་སྦྱིན་པ། ས་ཕྱོགས་ཕྱག་བདར་དང་ཆག་ཆག་ལ་སོགས་ལེགས་པར་བྱ་ཞིང་ རང་གི་སྤྱོད་ལམ་མ་གུས་པ་ལ་སོགས་པ་སྡོམ་པ་ཚུལ་ཁྲིམས། སྲོག་ཆགས་ཕྲ་མོ་ཚུན་ཆད་ལ་ གནོད་པ་མི་བྱེད་ཅིང༌། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་བཟོད་པ་བཟོད་པ། བླ་མ་དང་ ཆོས་ལ་ལོག་ལྟ་སྤངས་ནས་ཡང་དག་པའི་དད་པ་སྤྲོ་བཞིན་དུ་ཉན་པ་བརྩོན་འགྲུས། བླ་མའི་ གདམ་ངག་ལས་སེམས་གཞན་དུ་མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་དོགས་ སེལ་ལ་སོགས་པ་དྲི་ཞིང་སྒྲོ་འདོགས་ཐམས་ཅད་གཅོད་པ་ཤེས་རབ་སྟེ། ཉན་པོ་ཕ་རོལ་ཏུ་ ཕྱིན་པ་དྲུག་དང་ལྡན་པར་བྱའོ། ། (༣) སྤྱོད་ལམ་གཞན་བསྟེན་པ། གསུམ་པ་སྤྱོད་ལམ་གཞན་བསྟེན་པ་ནི། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་ བཤད། །མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་དང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་ འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་སོགས་མ་གུས་པའི་ 1-1-99 སྤྱོད་ལམ་ཐམས་ཅད་སྤང་བར་བྱའོ། ། རྩ་བའི་ས་བཅད་གཉིས་པ། བཤད་བྱའི་ཆོས་འབྱུང་བའི་རིམ་པ། གཉིས་པ་བཤད་བྱའི་ཆོས་འབྱུང་བའི་རིམ་པ་ཡང༌། རྒྱལ་བའི་བཀའ་འཁོར་ལོ་ཐ་མའི་ རྗེས་འབྲང་གི་དབུ་མ་པ་བོད་དུ་བྱུང་བ་དཔལ་ལྡན་ནགས་རྒྱལ་གྱི་སྒྲུབ་གནས་སུ་ཆོས་སྡེ་ བཏབ་པ་ལས་བྱུང་བའི་ངེས་དོན་སྒྲུབ་བརྒྱུད་ཀྱི་སྡེ་གང་དག་ནི། དཔལ་རྒྱལ་བ་ཇོ་ནང་པ་སྟེ་ བོད་འདིར་ཕྱག་རྫོགས་དབུ་གསུམ་དུ་གྲགས་པ་ལས། དབུ་མ་པ་ལ་རང་སྟོང་དང༌། གཞན་ སྟོང་གཉིས་སུ་ཡོད་པའི་ནང་གི་རང་ལུགས་ནི་ཕྱི་མ་ཉིད་ཡིན་ནོ། །དེ་ལྟ་བུའི་འཁོར་ལོ་ཐ་ མའི་རྗེས་འབྲང་གི་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་མོའི་རང་ལུགས། འཕགས་ ཡུལ་དུ་ཇི་ལྟར་བྱུང་ཚུལ་དང༌། བོད་དུ་ཇི་ལྟར་བྱུང་བའི་ཚུལ་བཤད་པ་གཉིས་ལས། ས་བཅད་དང་པོ། འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ། དང་པོ་འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ལ། མདོ་ཕྱོགས་ནས་རིམ་པར་བརྒྱུད་ ཚུལ་དང༌། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་གཉིས་ལས། ལེའུ་དང་པོ་མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ། དང་པོ་མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་ཀྱི་འཁོར་ 1-1-100 ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ལྟར་ ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་དང༌། དབུ་མ་རིན་ཆེན་ཕྲེང་བར་ཡང༌། བརྡ་ སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར། སྨན་པ་མཁས་པས་ནད་པའི་ ཁམས་བརྟགས་ནས་སྨན་སྟེར་བ་ལྟར་དང༌། བརྡ་སྤྲོད་པའི་སློབ་དཔོན་གྱིས་ཡི་གེ་ཕྱི་མོ་ཀློག་ ཏུ་འཇུག་པ་བཞིན། ཐམས་ཅད་མཁྱེན་པས་གདུལ་བྱའི་ཁམས་དབང་དང་མཐུན་པར་ཆོས་ སྒོ་སྣ་ཚོགས་དེ་ལུགས་གསུངས་ཤིང༌། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་ དྭགས་ཀྱི་ནགས་སུ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་ པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སོ་ཐར་གྱི་མདོ། འདུལ་ལུང་སྡེ་བཞི། ལས་བརྒྱ་ པ། རྟེན་འབྲེལ་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་སྡོམ་ པ་ལྔ་བཅུ་ཙམ་གྱིས་མཚོན་ཐེག་དམན་གྱི་སྡེ་སྣོད་དཔག་ཏུ་མེད་པའི་ཆོས་འཁོར་བསྐོར་བ་དེ་ དག་ནི། བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་ པ་ཡིན་པར་དགོངས་འགྲེལ་ལས་གསུངས་སོ། །ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་རྒྱ་ གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ། ཁྱད་པར་ཐེག་ཆེན་ཆོས་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ། དང་པོ་ཁྱད་པར་ཐེག་ཆེན་ཆོས་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་ནི་རྒྱུ་ ཕར་ཕྱིན་ཐེག་པ་བཀའ་བར་ཐ་གཉིས་སུ་གསུངས་པ་ཡང༌། ཡུལ་བྱ་རྒོད་ཕུང་རི་སོགས་སུ་ གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་བཀའ་བར་བ་ 1-1-101 མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་ འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་གྲངས་བཅུ་བདུན་ཙམ་གྱིས་མཚོན་སྡེ་སྣོད་ མཐའ་ཡས་པའི་ཆོས་འཁོར་བསྐོར་བ་དེ་ཡང་བླ་ན་མཆིས་པ་སོགས་རྩོད་གཞིར་གྱུར་པའི་ བར་གོང་ལྟར་གསུངས་ཤིང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་དབང་པོ་རབ་ཀྱི་ཐེག་ ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ལེགས་ པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ཆོས་ཀྱི་འཁོར་ ལོ་ཤེར་ཕྱིན་ཉི་ཁྲི་ལྔ་སྟོང་པའི་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ལྔ་བརྒྱ་པ་དང༌། དགོངས་ པ་ངེས་པར་འགྲེལ་བ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་བཀོད་པ་དང༌། ཕལ་བོ་ ཆེ་རྣམས་སུ་ཐུན་མོང་དང་གོ་བསྟུན་པ་རྣམས་བཤད། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ དང༌། དཔལ་ཕྲེང་སེང་གེ་སྒྲས་ཞེས་པའི་མདོ་ལ་སོགས་འཕགས་པ་དཀོན་མཆོག་བརྩེགས་ པའི་ནང་ཚན་འགའ་ཞིག་དང༌། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་དང༌། འཕེལ་བ་དང་འགྲིབ་པ་ མེད་པར་བསྟན་པའི་མདོ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་དང༌། གསེར་འོད་དམ་ པ་དང༌། གཟུགས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་དང༌། ཡོན་ཏན་དང་ཡེ་ཤེས་བསམ་གྱིས་ མི་ཁྱབ་པ་ལ་འཇུག་པ་དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། འཕགས་པ་སྤྲིན་ཆེན་ པོ་དང༌། འཕགས་པ་དཀོན་མཆོག་སྤྲིན་དང༌། འཕགས་པ་རྔ་བོ་ཆེའི་ལེའུ་ཞེས་བྱ་བའི་མདོ་ དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། སྟོང་གསུམ་དར་ཡུག་གི་མདོ་དང༌། རབ་ཏུ་ཞི་བ་ རྣམ་ངེས་ཀྱི་ཏིང་ངེ་འཛིན་གྱི་མདོ་ལ་སོགས་པ་རྣམ་གྲངས་ཉེར་གཅིག་ཙམ་གྱིས་མཚོན་སྡེ་ སྣོད་མཐའ་ཀླས་པ་གསུངས་པའི་ཆོས་འཁོར་བསྐོར་བ་གང་དེ། བླ་ན་མ་མཆིས་པ། སྐབས་ མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་ 1-1-102 རང་གི་དགོངས་པ་ལེགས་པར་འགྲེལ་ཚུལ་གྱིས་དཔལ་གྱི་མགུར་ནས་བཀའ་བསྩལ་པའོ། །དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། སེམས་ཙམ་ ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་ བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་ པ་ལྟར། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ ཙམ་དུ་ཤེས་ནས་ཕྱི་དོན་མེད་པར་གཏན་ལ་ཕབ། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་ གཏན་ལ་ཕབ་སྟེ། སེམས་ཙམ་གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་ བདེན་ཞེན་བཟློག་ནས་དངོས་སྨྲས་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་ སྤྲོས་བྲལ་རང་བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་ དོན་དམ་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས། བདེན་ མེད་སྤྲོས་བྲལ་གྱི་ཆ་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ཁམས་ མཐར་ཐུག་གི་ཆོས་ཉིད་འོད་གསལ་དབྱིངས་ཡེ་ཟུང་འཇུག་ངེས་པ་དོན་གྱིརྗེ་ཐེག་པ་ཆེན་པོ་ ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་པའི་ཆོས་ཀྱི་མཛོད་ཆེན་པོ་འདི་ནམ་ཡང་མཐོང་ཚུལ་ མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་དོན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཉི་མ་ ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་བྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་ པའི་སྙིང་པོ་དགེ། ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་འགྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར། ཉི་ཟླའི་རིགས་ཀྱི་ནོར་བུ་ལ་ཉི་ཟླའི་འོད་ཀྱིས་ཕོག་པས་རང་འོད་ ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་བརྟེན་ནས་རིགས་ཁམས་བདེ་གཤེགས་ 1-1-103 སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་ཟག་མེད་ཡེ་ཤེས་ཀྱི་ཆོས་མཐའ་ཡས་པའི་སྐུ་དང་ ཞིང་ཁམས་ཀྱི་བཀོད་པ་རབ་འབྱམས་སྣང་བའི་ཆོས་ཀྱི་གཏེར་མཛོད་ཆེན་པོ་མངོན་དུ་གྱུར་ པའི་ཚུལ་འདི་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་ལེགས་པར་གྲུབ་ཕྱིར་ངེས་དོན་དབུ་མ་ ཆེན་པོའི་ཆོས་ཀྱི་ཁུངས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་འདི་གའོ། ། གཉིས་པ། རྗེས་ནས་ཇི་ལྟར་བྱུང་ཚུལ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ་ནི། སྟོན་པས་ཆོས་འཁོར་གསུམ་པོ་བསྐོར་ཟིན་མི་ རིང་བ་ན་ཐུན་མོང་ངོར་ཐེག་ཆེན་གྱི་སྡེ་སྣོད་རྣམས་ནི་ལྷ་ཀླུ་སོགས་ཀྱིས་རང་རང་གི་གནས་ སུ་སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་བཞུགས་ལ། ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་དགེ་ སྦྱོང་གི་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་འཕགས་ཚོགས་ཀྱི་འདུས་སྡེ་བསམ་གྱིས་མིཁྱབ་ པ་བྱུང་ཞིང༌། རྒྱལ་བ་མྱ་ངན་ལས་འདས་རྗེས་སུ་དང་པོ་དགྲ་བཅོམ་འོད་སྲུང་ཆེན་པོས་ཐེག་ དམན་གྱི་བཀའ་བསྡུ་དང་པོ་མཛད་པ་ནས་གཏད་རབས་གཉིས་པ་ཀུན་དགའ་བོ་ལ་བསྟན་ པ་གཏད་པ་ནས་བཟུང་སྟེ་རིམ་བཞིན། གསུམ་པ་ཤ་ནའི་གོས་ཅན་དང༌། བཞི་པ་ཉེ་སྦས་ དང༌། ལྔ་པ་དྷཱི་ཏི་ཀ་གསུམ་གྱིས་བསྟན་པ་བསྐྱངས་ཏེ་འཕགས་པ་དྷཱི་ཏི་ཀ་འདིའི་སྐུ་དུས་ ཞིག་ན་ཡུལ་ཡངས་པ་ཅན་པའི་དགེ་སློང་དག་གིས་མི་རུང་བའི་གཞི་བཅུ་སྤྱོད་བཞིན་གཞི་དེ་ དག་སྟོན་པའི་བསྟན་པ་ཡིན་པར་བསྒྲགས་སྐབས་དགྲ་བཅོམ་གྲགས་པ་སོགས་དགྲ་བཅོམ་ པ་བདུན་བརྒྱས་དེ་སུན་ཕྱུང་སྟེ་བཀའ་བསྡུ་གཉིས་པ་མཛད། དེ་ནས་གཏད་རབས་དྲུག་པ་ ནག་པོ་པ་དང༌། བདུན་པ་ལེགས་མཐོང་གཉིས་ཀྱིས་བསྟན་པ་རིམ་བཞིན་བསྐྱངས་རྗེས་ རིང་ཞིག་ལོན་སྐབས། ཡུལ་ཨོ་ཊི་བི་ཤའི་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་དཔལ་གྱི་ སྤྲུལ་པའི་དགེ་སློང་གིས་ཐེག་ཆེན་གྱི་ཆོས་བསྟན། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་ བ་མདོ་ལུགས་པས་ཤེར་ཕྱིན་བརྒྱད་སྟོང་པ་དང༌། སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྡུས་ 1-1-104 པ་ཡིན་ཟེར་ཏེ། འདི་སྐབས་སྔར་སྟོན་པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་ གཞན་ན་བཞུགས་པ་ལས་ཅི་རིགས་མི་ཡུལ་དུ་སླར་ཡང་དར་བའི་ཐོག་མ་ཡིན་གསུངས། འདིའི་སྔ་ཕྱི་ཅི་རིགས་སུ་དགེ་སློང་ལྷ་ཆེན་པོ་དང༌། བཟང་པོ་གཉིས་རིམ་པར་བྱུང་སྟེ། ལོག་ པའི་གཞི་ལྔ་སོགས་བསྒྲགས་ནས་བསྟན་པ་ལ་རྩོད་གཞི་བཞགདེ་རྗེས་ཀླུ་དང༌། ཡིད་བརྟན་ གཉིས་ཀྱང་རིམ་བཞིན་བྱུང་ནས་ལོག་པའི་རྗེས་སུ་ཞུགས་ཤིང་བསྟན་པ་དཀྲུགས་ཏེ་རྩོད་པ་ བྱུང་ནས་རིམ་བཞིན་ཐེག་དམན་གྱི་སྡེ་བཞི་དང་བཅོ་བརྒྱད་དུ་སོ་སོར་གྱེས་ཤིང་འབྲས་བུ་ ཐོབ་པའང་ཤིན་ཏུ་ཉུང་བའི་སྐབས་སུ་དགྲ་བཅོམ་པ་དང༌། སྡེ་སྣོད་འཛིན་པའི་བཙུན་པ་དུ་ མས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ་ཉན་ཐོས་སྡེ་བཅོ་བརྒྱད་ཀྱི་ལུགས་བསྟན་ པ་རྣམ་དག་ཏུ་བསྒྲུབས་ཤིང༌། མདོ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཡི་གེར་ བཀོད། འཁོད་པ་རྣམས་ལ་དག་ཐེར་བྱས་སོ། །འདིའི་གོང་ཞིག་ཏུ་ཁ་ཆེའི་གནས་བརྟན་ འཁོར་དགེ་སློང་ལྔ་སྟོང་དང་བཅས་བྱོན་པའང་མདོ་སྡེ་བའི་ཐོག་མའོ། །ཐེག་དམན་བཀའ་ བསྡུ་གསུམ་པའི་འོག་ཞིག་ཏུ་སླར་ཡང་ཐེག་ཆེན་གྱི་ཆོས་སྨྲ་བའི་བཙུན་པ་ཨ་བི་ཏརྐ་སོགས་ ལྔ་བརྒྱ་ཙམ་བྱོན་ཏེ། གནས་སོ་སོ་ནས་མདོ་སྡེ་མང་པོ་སྤྱན་དྲངས་པའི་ཚུལ་གྱིས་སླར་ཡང་ དར་བར་མཛད་ཅིང༌། ཐེག་ཆེན་སྡེ་བ་དངོས་སྨྲའི་སེམས་ཙམ་ལུགས་ཀྱང་འདི་ནས་འབྱུང༌། དེ་རྗེས་དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་དར་བར་མཛད། དེའི་འོག་ཏུ་སློབ་ དཔོན་ཀླུ་སྒྲུབ་བྱོན་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ཀུན་དགའ་བོ་ལི་ཙ་བཱི་གཞོན་ ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་ འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས། ངའི་བསྟན་པ་ རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ ཁམས་སུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་ 1-1-105 ལ། ལང་ཀར་གཤེགས་པའི་མདོ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། དེ་བཞིན་དུ་རྔ་བོ་ཆེའི་མདོ་ལས། ས་བརྒྱད་པ་ ལ་གནས་པར་ལུང་བསྟན་པ་ཡང་གསུངས། གཞན་ཡང་འཇམ་དཔལ་རྩརྒྱུད་ལས། བདེ་ གཤེགས་མྱ་ངན་འདས་གྱུར་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་ དགའ་བའི། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང༌། །རབ་ཏུ་དགའ་བའི་ས་ཐོབ་ནས། །ལོ་ནི་དྲུག་ བརྒྱ་འཚོ་བར་འགྱུར། །དེ་ནས་བདག་ཉིད་ཆེན་པོ་དེ། །རྨ་བྱ་ཞེས་བྱའི་རིག་སྔགས་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང༌། །དངོས་མེད་དོན་གྱི་དེ་ཉིད་རིག །ལུས་དེ་བོར་བར་ གྱུར་ནས་ནི། །བདེ་བ་ཅན་དུ་དེ་སྐྱེའོ། །དེ་ཡི་རྗེས་ཐོགས་ཉིད་དུ་ནི། །སངས་རྒྱས་ཉིད་ནི་ ངེས་པར་འཐོབ། །ཅེས་གསུངས། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ སློབ་དཔོན་ཀླུ་སྒྲུབ་བྱོན་ནས་ལོ་དྲུག་བརྒྱ་བཞུགས་པར་གསུངས་ཤིང༌། བཀའ་དང་པོའི་ གཙོར་བསྟན་ཐུན་མོང་བདེན་པ་བཞིའི་དགོངས་པ་འཆད་བྱེད་གཏམ་ཚོགས་དང༌། བཀའ་ བར་བའི་གཙོར་བསྟན་དབུ་མ་རང་སྟོང་གི་དགོངས་པ་འཆད་བྱེད་རིག་ཚོགས་དང༌། བཀའ་ ཐ་མའི་གཙོར་བསྟན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་བྱེད་བསྟོད་ཚོགས་རྣམས་ བརྩམས་པའི་སྒོ་ནས་རྒྱལ་བའི་དགོངས་པ་མཐར་ཐུག་གཞན་སྟོང་དབུ་མའི་ཚུལ་གསལ་ བར་མཛད་དོ། །འདིའི་སློབ་མ། ཨཱརྱ་དེ་བ། དཔའ་བོ། ལེགས་ལྡན། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་ཟླ་བྲལ་གྱི་མཁས་པ་མང་དུ་བྱོན། ཞི་བ་འཚོས་དབུ་མ་རྒྱན། ཡེ་ཤེས་ སྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་ཅིང༌། དེ་གསུམ་ལ་ རང་རྒྱུད་ཤར་གསུམ་མཁན་པོར་གྲགས། རྒྱལ་བའི་དགོངས་པ་མཐར་ཐུག་གི་ངེས་གསང་ 1-1-106 རྙེད་ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་འབྱེད་པ་ལ་མཆོག་ཏུ་བསྔགས་པ་ངེས་དོན་དབུ་ མ་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ ཞབས་པ་ཡང་བྱོན་པ་སྟེ། འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་ དགུ་བརྒྱ་ན་འཕགས་པ་ཐོགས་མེད་བྱོན་ནས་ལོ་བརྒྱ་དང་ལྔ་བཅུར་བཞུགས་པར་གསུངས་ པ་དང༌། གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེསློང་ནི། །བསྟན་ བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་ གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་ སྐྱེས་པར་གྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་འཐོབ་ པར་འགྱུར་བ་ཡིན། །ཞེས་ལུང་གིས་བསྔགས་པ་འཕགས་པ་ཐོགས་མེད་ནི། ཡི་དམ་སྤྱན་ རས་གཟིགས་ཀྱིས་རྗེས་སུ་བཟུང་བ་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་པའི་སྲས་སུ་ འཁྲུངས་ཏེ་རྒྱལ་རིགས་སུ་གྱུར་པའི་སྐྱེས་བུ་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་ པའི་མདོ་སྡེའི་དོན་ཕལ་ཆེར་ཐུགས་སུ་ཆུད་པར་བྱས་ནས་ཤེར་ཕྱིན་གྱི་དགོངས་དོན་རྟོགས་ དཀའ་བར་དགོངས་ཏེ། དེའི་དོན་དུ་ལྷག་པའི་ལྷ་ཞལ་མཐོང་ཆེད་སློབ་དཔོན་ཨརྷ་ཏ་ལ་སྒྱུ་ འཕྲུལ་དྲ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ ཕོག་གོ། །དེ་ནས་རི་བོ་བྱ་རྐང་ཅན་དུ་གྲགས་པའི་ཕུག་ཅིག་ཏུ་ལོ་བཅུ་གཉིས་སུ་འཕགས་པ་ བྱམས་པ་བསྒྲུབས་ཏེ་ཞལ་མཐོང་ནས་ཅི་འདོད་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས་པ་ལྟར་འཇུས་པས་དེ་མ་ཐག་ 1-1-107 དགའ་ལྡན་དུ་སླེབས་ནས་ལོ་ཉེར་ལྔ་བཞུགས་ཏེ་ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན་ ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ཚབ་བྱམས་པས་འཁོར་ལོ་ཐ་མའི་ དགོངས་དོན་གཙོ་བོར་བྱས་ཏེ། ཐེག་ཆེན་མདོ་སྡེ་སྤྱིའི་དགོངས་འགྲེལ་རྒྱུད་བླ་མ། འབྱེད་ རྣམ་གཉིས། རྒྱན་རྣམ་གཉིས། བྱམས་ཆོས་ལྔས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ ཕྱིར་མི་ལྡོག་པའི་གཏམ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་སྒོམ་གསལ་བར་བྱས་ཏེ་སླར་མི་ ཡུལ་དུ་བྱོན་ནས་བྱམས་ཆོས་དག་གི་དགོངས་འགྲེལ་ས་སྡེ་ལྔ་སོགས་བསྟན་བཅོས་དུ་མ་ བརྩམས་ཏེ་ངེས་དོན་དབུ་མའི་ཤིང་རྟའི་སྲོལ་རླབས་ཆེན་དར་བར་མཛད་དོ། །སློབ་དཔོན་ འདིའི་གཅུང་དབྱིག་གཉེན་ཡང་བྲམ་ཟེའི་རིགས་ལས་བྱུང་བའི་ཡུམ་གཅིག་པའི་སྐུ་མཆེད་ ཡིན་ལ། ཁོང་གིས་ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་ཐུགས་སུ་ཆུད་པས་ཐེག་ཆེན་ལ་མི་མོས་ ཀྱང༌། ཐོགས་མེད་དངོས་སློབ་གཉིས་ཀྱིས་མདོ་སྡེ་བློ་གྲོས་མི་བཟད་པ་དང༌། ས་བཅུ་པ་ གཉིས་གསུང་སྒྲོགས་བྱེད་པ་ཐོས་པའི་རྐྱེན་གྱིས་ཐེག་ཆེན་ལ་མོས་པའི་ཐུགས་བློ་གཏིང་ ནས་བྱུང་སྟེ། འཕགས་པ་མཆོག་གི་དྲུང་ནས་ཐེག་ཆེན་གྱི་ཆོས་ཚར་གཅིག་གསན་ཙམ་གྱིས་ དགོངས་དོན་ཐུགས་སུ་ཆུད་དེ་ཐེག་ཆེན་སྤྱི་དང་ཁྱད་པར་ངེས་དོན་ཟབ་མོའི་གནད་གསང་ ལེགས་པར་བཀྲལ་བྱེད་དུ། ཡུམ་གསུམ་གནོད་འཇོམས་དང༌། བྱམས་ཆོས་ལྔ། ས་སྡེ་ལྔ། སྡོམ་རྣམ་གཉིས། པྲ་ཀཱ་ར་ཎ་སྡེ་བརྒྱད་རྣམས་ལ་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ་ཞེས་ གྲགས་པ་སོགས་བསྟན་བཅོས་དུ་མ་མཛད། སློབ་མ་རང་ལས་མཁས་པ་བཞི་བྱུང་སྟེ། ཚད་ མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ་ རྣམས་སོ། །དེ་ནས་རིམ་པར་གངྒ་མཻ་ཏྲཱིའི་ཞབས། ཨ་ཝ་དྷཱུ་ཏཱི་པ་ཆེན་པོ་དགའ་བ་གྲགས་པའི་ དཔལ། ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས། རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་སཛྫ་ན་ཞེས་ 1-1-108 བྱ་བའི་བར་གྱིས་འཁོར་ལོ་ཐ་མའི་དགོངས་དོན་འཕགས་ཡུལ་དུ་དར་བར་མཛད། ས་བཅད་གཉིས་པ། བོད་དུ་བྱུང་ཚུལ། གཉིས་པ་བོད་དུ་བྱུང་ཚུལ་ནི། གངས་ལྗོངས་སུ་ཡང་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ། བཙན་རིགས་ཁ་བོ་ཆེ་དྲི་མེད་ཤེས་རབ། ལ་སྟོད་པ་དར་མ་བརྩོན་འགྲུས། དོལ་པ་གཉན་ ཡེ་ཤེས་འབྱུང་གནས། འཇད་སྟོན་སྐུ་མཆེད་ཟུང་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། རིག་པའི་རལ་གྲི། སྐྱི་སྟོན་པ་སྟེ། ཀུན་མཁྱེན་ཇོ་ནང་པའི་ བར་དུ་བརྒྱུད་པ་བར་མ་ཆད་ཅིང་བརྒྱུད་ཚུལ་གཞན་ཡང་དུ་མའི་སྒོ་ནས་རྒྱུ་ཕར་ཕྱིན་ཐེག་པ་ ལས་ངེས་དོན་ཟབ་མོའི་ལུགས་བཟང་འཕགས་བོད་དུ་བྱུང་བའི་ཚུལ་མང་ངོ༌། ། ལེའུ་གཉིས་པ། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ། གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇི་ལྟར་གསུངས་ཚུལ་ དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ། སྟོན་པས་ཇི་ལྟར་གསུངས་ཚུལ། དང་པོ་སྟོན་པས་ཇི་ལྟར་གསུངས་ཚུལ་ནི། རྒྱུད་ལས། ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་ སེམས་དཔའ་བདག་གྲུབ་མཛོད། །ཅེས་གསུངས་པ་ལྟར་སྔར་སྟོན་པས་ཕར་ཕྱིན་ཐེག་པར་ ངེས་དོན་ཆོས་ཉིད་བདེ་གཤེགས་སྙིང་པོ་གནས་ལུགས་མཐར་ཐུག་ཏུ་བསྟན་པ་ཉིད་འདིར་ གསང་ཆེན་བླ་མེད་ཐེག་པའི་སྐབས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་གདོད་མ་ནས་ 1-1-109 གྲོལ་བ་ཆེན་པོ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དོན་དམ་པའི་རྣམ་པ་ཀུན་གྱི་བདག་ ཉིད་ཅན། ཞེས་པའི་མཚན་གྱིས་གཞིའི་དཔལ་ཆོས་ཉིད་གཤེགས་སྙིང་དུ་ལེགས་པར་བསྟན་ པའང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ཉིད་བདེ་སྟོང་ཟུང་འཇུག་གི་ངོ་བོར་ མངོན་དུ་བྱེད་པའི་ཐབས་དྲུག་ལྡན་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ ཐབས་ཁྱད་པར་ཅན་གསང་ཆེན་བླ་མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོ་སྟོན་པ་ཉིད་ཆོས་དབྱིངས་ གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་གནས་འགྱུར་ཏེ་ཐུན་མོང་མ་ཡིན་པའི་སྔགས་ ཀྱི་གདུལ་བྱ་མཆོག་རྣམས་ལ་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་ ཉེ་ལམ་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་འདིའི་ཚུལ་ཡང༌། འཇམ་དཔལ་གྱི་མཚན་ ཡང་དག་པར་བརྗོད་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་ པའི་དགོངས་པ་དང་གཅིག་པར། དུས་འཁོར་རྩ་རྒྱུད་ལས་ཀྱང༌། ཕྱག་རྒྱ་ཆེན་པོ་མི་འགྱུར་ བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ ཡེ་ཤེས་སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་གནས་ལུགས་བདེ་གཤེགས་ སྙིང་པོ་གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་མཆོག་གི་དང་པོའི་སངས་རྒྱས་འདུས་མ་བྱས་ པ་རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ་བ་ མཆོག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོ་གཞི་འབྲས་དབྱེར་མེད་ཀྱི་ ངོ་བོ་འདི་ག་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་མངོན་དུ་བྱ་བའི་ཚུལ་ནི། དུས་འཁོར་ རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་ བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་ གསུངས་པ་ལྟར་སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་ཕུང་རིར་ཤེར་ཕྱིན་གསུངས་པ་ 1-1-110 དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་བ་སྔགས་ཀྱི་ཆོས་ཐུན་མིན་ངོར་གསུངས་ པ་ཡང༌། བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་སྟོབས་བཅུ་ པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། །ཞེས་པ་ལྟར་རོ། །དེ་ཡང་ སྟོན་པ་ཤཱཀྱའི་རྒྱལ་པོས་སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོ་ནག་པ་ཟླ་བའི་ཉ་ལ། འཕགས་ ཡུལ་གྱི་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱི་འམ་ཕལ་སྐད་ལ་ཨསྟུ་ཀ་ཡ་ཟེར་བའི་ གླིང་ཕྲན་དུ་གྲོང་ཁྱེར་དཔལ་ཡོན་ཅན་ཞེས་ཤིན་ཏུ་རྒྱ་ཆེ་བའི་འགྲམ་ན་སྔོན་གྱི་སངས་རྒྱས་ གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ལྷ་ཆེན་རྣམས་ ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་མོར་གཤེགས། དེ་ཚེ་འཁོར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་ པ་དང༌། ལྷ་ཆེན་བཅུ་གཉིས་ལ་སོགས་པ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་གྲངས་མེད་པ་ འདུས། ཆུ་བོ་སཱི་ཏའི་བྱང་ཕྱོགས་ཀྱི་སྔགས་ཞིང་བྱང་ཤམྦྷ་ལའི་རྒྱལ་པོ་ཤཱཀྱའི་རིགས་ཉི་མའི་ འོད་ཀྱི་སྲས་རྒྱལ་སྲིད་བསྐྱངས་ནས་ལོ་གོ་དགུ་བཞེས་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཆོས་རྒྱལ་ ཟླ་བ་བཟང་པོ་ལ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པས་ བསྐོར་བ་དང་བཅས་ཏེ་རྫུ་འཕྲུལ་གྱིས་འོངས་ཏེ། ཟླ་བ་བཟང་པོས་ཞུས་པའི་ངོར་མཆོད་ རྟེན་གྱི་བུམ་པའི་ནང་དུ་འོག་ཏུ་བསྡུས་བརྒྱུད་ལས་བསྟན་པའི་ཆོས་དབྱིངས་གསུང་གི་དབང་ ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལྷ་བདུན་ བརྒྱ་ཉེར་གཉིས་ཀྱི་རྣམ་པ་མངོན་པར་སྤྲུལ་པ་དང༌། བར་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ དང༌། དེའི་སྟེང་དུ་སྟོན་པ་ཉིད་ཀྱིས་རྩརྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་ འཁོར་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུ་ཅན་མངོན་པར་སྤྲུལ་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དབང་བསྐུར་ནས་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་སྣོད་རུང་དུ་མཛད་དེ། རྗེས་ 1-1-111 བསྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ སྟོང་ཕྲག་བཅུ་གཉིས་པ་དང༌། དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་མཐའ་དག་གསུངས། གཞན་ཡང་གསང་བ་འདུས་པའི་རྒྱུད་སྟོང་ཕྲག་ཉེར་ལྔ་པ། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་བཅུ་ དྲུག་པ། གདན་བཞིའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ། སངས་རྒྱས་ཐོད་པའི་རྒྱུད་སྟོང་ཕྲག་ བཅུ་གཉིས་པ། མ་ཧཱ་མ་ཡའི་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ། རྣལ་འབྱོར་རིག་པའི་རྒྱུད་སྟོང་ ཕྲག་སུམ་ཅུ་རྩ་དྲུག་པ། བདེ་མཆོག་མངོན་བརྗོད་འབུམ་པ། ཀྱཻ་རྡོར་འབུམ་ཕྲག་ལྔ་པ། རྡོ་རྗེ་ བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། བླ་མེད་ཀྱི་རྒྱུད་རྣམས་མདུན་ཞལ་ཐུགས་རྡོ་ རྗེ་དང༌། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་རྣམས་དང༌། རྒྱུད་མཐའ་དག་ཡང་བསྐྱར་ དུ་གསུངས་ནས་ཟླ་བ་བཟང་པོ་ལ་གཏད། དེ་དུས་མི་དང་མི་མ་ཡིན་གྲངས་ལས་འདས་པ་ ལ་འདོད་པའི་དངོས་གྲུབ་ཐོབ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་ལ། ཤམྦྷ་ལར་བྱུང་ཚུལ། རྒྱ་གར་དུ་བྱུང་ཚུལ། བོད་དུ་བྱུང་ཚུལ་དང་གསུམ་ལས། ༡ ཤམྦྷ་ལར་བྱུང་ཚུལ་ནི། ཟླ་བ་བཟང་པོས་རྒྱུད་མཐའ་དག་ཤམྦྷ་ལར་སྤྱན་དྲངས་ཏེ་ཡི་གེར་བྲིས། དུས་ཀྱི་འཁོར་ ལོའི་རྩ་བའི་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྩ་རྒྱུད་གསུངས་པའི་ལོ་ གཉིས་པ་ལ་མ་ལ་ཡའི་སྐྱེད་མོས་ཚལ་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ལས་དཔལ་དུས་ཀྱི་ འཁོར་ལོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས་ཏེ། ཁོང་ གི་སྲས་སའི་སྙིང་པོའི་སྤྲུལ་པ་ཆོས་རྒྱལ་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་གཟུགས་ 1-1-112 སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་བསྟན། ཆོས་རྒྱལ་ལྷ་དབང་གི་རྗེས་སུ་རིམ་བཞིན་ གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་ཆོས་རྒྱལ་གཟི་བརྗིད་ཅན། སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་ བའི་བྱིན། ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུགཁེངས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་ གཟུགས། ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན། ཆོས་རྒྱལ་ལྷ་དབང་ནས་འདིའི་ བར་གྱི་ཆོས་རྒྱལ་དྲུག་བྱོན་ཏེ། ལོ་བརྒྱ་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་ བསྟན། དེའི་རྗེས་སུ་ལྷའི་དབང་ལྡན་གྱིས་སྲས་རིགས་ལྡན་དང་པོ་འཇམ་དཔལ་གྱི་རྣམ་ འཕྲུལ་རྒྱལ་པོགྲགས་པས་ལོ་བརྒྱར་ཆོས་བསྟན་པ་འདི་ཡང་རྩ་རྒྱུད་ལས། ལོ་འདི་ནས་ནི་ དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་བྱུང༌། །དེ་ནས་ཀླུ་ ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་དུས་ སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་དག་ ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་འགྱུར། །ཞེས་ལུང་བསྟན་པ་བཞིན་རྒྱལ་པོ་གྲགས་པས་དགུང་ལོ་བརྒྱ་པའི་དུས་སུ་ཤམྦྷ་ལའི་ཡུལ་ དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ཀྱི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་ རྣམས་སྔགས་ཀྱི་སྐལ་པ་དང་ལྡན་ཞིང་འདུལ་བའི་དུས་ལ་བབ་པར་གཟིགས། དེ་རྣམས་མ་ བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་རྒྱུད་ལས་ཀླ་ཀློའི་ཆོས་འབྱུང་བར་ཡང་མཁྱེན། དེ་ རྣམས་གསང་བ་སྔགས་ཀྱི་ལམ་ལ་བཅུག་ན་ཡུལ་དགུ་བཅུ་རྩ་དྲུག་གི་མི་རྣམས་སྔགས་ལམ་ ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་བཏུལ་བ་ཡང་བརྡེག་ཅིང་བསྐྲད་ན་ཐུལ་བར་ མཁྱེན་ཏེ། དབོའི་ཉ་ལ་མ་ལ་ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་ཁང་པ་ཕྱི་མའི་ནང་དུ་ཉི་མའི་ ཤིང་རྟ་ལ་སོགས་པ་ཡུལ་གོ་དྲུག་གི་དྲང་སྲོང་ཐམས་ཅད་བོས་ཏེ། ཟླ་བ་ཕྱི་མ་ནག་པའི་ཉ་ལ་ ཁྱེད་རྣམས་ལ་གྲགས་པ་བདག་གིས་རྡོ་རྗེ་ཐེག་པ་བསྟན་པ་ཡིན་པས་ན། ཉི་མའི་ཤིང་རྟ་ལ་ 1-1-113 ཁྱེད་ཀྱིས་འགྲོ་བ་དེ་དག་གི་སྤྱོད་པ་ཐ་དད་པ་དག་སོ་སོར་བདག་ལ་བསྟན་པར་གྱིས་ཞེས་ དྲིས་པ་ན། དྲང་སྲོང་ཐམས་ཅད་ཀྱིས་གསུང་དེ་ཐོས་ནས་དེ་ལ་དཔྱད་པ་ན་ཁ་ཅིག་གིས་ཐོད་ པའི་ནང་དུ་ཟ་བ་དང༌། ཁ་ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་རང་རང་གི་སྤྱོད་པ་སོགས་མི་ འདྲ་བ་རྣམས་དོར་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ནས་སྤྱོད་པ་འདྲ་བ་ཅིག་བྱེད་དགོས་པ་དེ་བློ་ ལ་མ་འཐད་པས་དྲང་སྲོང་ཐམས་ཅད་ཀྱང་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གྲགས་པས་ དྲང་སྲོང་རྣམས་རྡོ་རྗེ་ཐེག་པ་ལ་འཇུག་པ་མི་འཐད་པར་གཟིགས་ནས་ཁྱེད་རྣམས་བདག་ གིས་དཀྱིལ་འཁོར་འདིར་བཅུག་ནས་དུས་ཀྱི་འཁོར་ལོའི་དབང་སྦྱིན་པར་བྱའོ། །གལ་ཏེ་ བདག་གི་བཀའ་མི་བྱེད་ན་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་གཞན་དུ་སོངས་ ཤིགདེ་ལྟར་མ་བྱས་ན་འདི་ནས་ལོ་བརྒྱད་བརྒྱ་འདས་པའི་ཚེ་ཁྱེད་ཅག་གི་བུ་དང་ཚ་བོ་ སོགས་ལས་ཀླ་ཀློའི་ཆོས་དར་བར་བྱེད་དོ་ཞེས་རྒྱལ་པོའི་བཀའ་བྱུང་བ་དེ་དྲང་སྲོང་རྣམས་ཀྱི་ མགོ་བོར་ཐོག་ལྷུང་བ་ལྟར་གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཁྱེད་ ཀྱིས་མིའི་དབང་པོ་གྲགས་པ་ལ་བདག་ཅག་རྡོ་རྗེ་ཐེག་པ་ལ་ནི་མི་འཇུག་བདག་ཅག་ འཕགས་ཡུལ་དུ་འགྲོ་བས་ཆོག་ཅེས་ཞུས་ཤིགཅེས་སྐུལ་བ་ལྟར། ཉི་མའི་ཤིང་རྟས་རྒྱལ་པོ་ ལ་དེ་ལྟར་ཞུས་པ་ན། རྒྱལ་པོས་ཁྱེད་རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་སོངས་ཤིགཁྱེད་ རྣམས་སོང་ཤུལ་དུ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མི་རྣམས་ལ་ཡང་དག་པའི་ལམ་ཐོབ་པར་ འགྱུར་རོ། །ཞེས་བཀའ་དྲག་པོས་བསྐྲད་དེ་དྲང་སྲོང་རྣམས་ཀ་ལཱ་པའི་གྲོང་ནས་ཕྱུང་སྟེ། ལྷོ་ ཕྱོགས་སུ་ཞག་བཅུའི་བར་དུ་སོང་སྟེ་ཞག་བཅུ་པའི་དུས་སུ་ནགས་ཚལ་ཆེན་པོར་ཕྱིན་ཚེ། ཐམས་ཅད་གཉིད་འཐུག་པོས་ནོན་པར་བྱིན་གྱིས་བརླབས་ནས། མི་མ་ཡིན་རྣམས་ལ་བཀའ་ བསྒོས་པས་མི་མ་ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་མ་སད་པར་ཁྱེར་འོངས་ཏེ། མ་ལཱ་ ཡའི་སྐྱེད་མོས་ཚལ་གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་གཉིད་སད་ནས་རྒྱལ་པོ་གྲགས་པ་ 1-1-114 དང༌། དཀྱིལ་འཁོར་དང༌། མ་ལ་ཡའི་སྐྱེད་ཚལ་རྣམས་མཐོང་བའི་ངོ་མཚར་ཏེ། བདག་ཅག་ སུ་ཞིག་གིས་ཁྱེར་འོང་ཞེས་སྨྲས། སྨྲས་པའི་ཚིག་དེ་རྒྱལ་པོའི་བློན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་ ཐོས་ནས། དྲང་སྲོང་རྣམས་ལ་སྨྲས་པ་ཉི་མའི་ཤིང་རྟ་སོགས་དྲང་སྲོང་ཁྱེད་རྣམས་དེ་ལ་ཡ་ མཚན་པར་མ་བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་བསམ་གྱིས་མིཁྱབ་པས་ཁྱེད་རྣམས་རྗེས་ སུ་བཟུང་བའི་དོན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཅིག་ཡིན་པས་ཁྱེད་རྣམས་ཀྱིས་རྒྱལ་པོ་ལ་དུས་ ཀྱི་འཁོར་ལོའི་དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་སྨྲས་པས་དྲང་སྲོང་རྣམས་རྡོ་རྗེ་ ཐེག་པའི་ཆོས་ལ་མོས་པ་སད་དེ། ཚངས་པའི་དྲང་སྲོང་རྣམས་དང་བཅས་ཏེ་ཉི་མའི་ཤིང་རྟས་ རིན་པོ་ཆེའི་མཎྜལ་ཕུལ། གུས་པས་ཕྱག་འཚལ་ཏེ། མི་ཡི་དབང་པོགྲགས་པ་ལ་མཚམས་ མེད་པ་ལྔ་བྱེད་པའང་ཚེ་གཅིག་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་པ་དང་པོའི་སངས་རྒྱས་དེ་ བདག་ཅག་ལ་བསྟན་དུ་གསོལ། རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ངུའི་ཚིག་གིས་ བསྡུས་ནས་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས་མི་བདག་ གྲགས་པས་ནག་པའི་ཉ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་རྣམས་ལ་དང་ པོའི་སངས་རྒྱས་ཀྱི་དབང་བསྐུར་ཏེ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་འཁོར་ལོའི་ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་ཤོ་ལོ་ཀ་སྟོང་དང་སུམ་ཅུ་པ་ གསུངས་ཏེ་བསྟན། ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ ཤེས་ཀྱི་སྐུ་གྲུབ་བོ། །དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷའི་དབང་ལྡན་གྱིས་བར་གྱི་ ཆོས་རྒྱལ་བདུན་དང༌། ཉི་མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་ནི་ཁོར་ཡུག་ཆེན་པོ་གོ་ དྲུག་ཏུ་གནས་པའི་མི་རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་འཛིན་པ་དང༌། ངེས་བརྗོད་ ཆོས་སུ་འཛིན་པའི་རིགས་ཅན་སོགས་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་རིགས་བཞི་དང༌། རྡོ་རྗེ་ཐེག་པའི་རིགས་འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་དང་ལྡན་པ་ཡིན་པས་ཆོས་ 1-1-115 རྒྱལ་ཡིན་ཀྱང་རིགས་ལྡན་གྱི་མིང་མ་ཐོགས་མི་བདག་གྲགས་པས་ཚངས་པའི་རིགས་བཞི་ ཀ་བཅོམ་ནས་ཐམས་ཅད་རྡོ་རྗེའི་ཐེག་པའི་རིགས་ཅན་གཅིག་ཏུ་མཛད་པས་ཐམས་ཅད་ རིགས་གཅིག་པར་ལྡན་པས་རིགས་ལྡན་དང་པོའི་མཚན་ཐོགས། འདི་ནས་བཟུང་སྟེ་དྲག་པོ་ འཁོར་ལོ་ཅན་བར་ཉེར་ལྔ་དང༌། དྲག་པོའི་སྲས་ཚངས་པ་དང༌། ལྷ་དབང་གཉིས། ལྷ་དབང་ གི་རྒྱུད་ལ་འོད་སྲུང་ལ་སོགས་པའི་ས་དུམ་བུར་སྐྱོང་བ་བརྒྱད་བྱོན་པ་ཐམས་ཅད་ཀྱང་རིགས་ ལྡན་གྱི་རྒྱལ་པོ་ཡིན་ནོ། །མི་བདག་གྲགས་པའི་རྗེས་སུ་དེའི་སྲས་རིགས་ལྡན་གཉིས་པ་སྤྱན་ རས་གཟིགས་ཀྱི་རྣམ་འཕྲུལ་པདྨ་དཀར་པོ་ཡང་རྩ་རྒྱུད་ལས། སེམས་ཅན་ཀུན་དོན་མཛད་ པ་པོ་ཡི་མཆོག་གི་ཐུགས་རྗེ་དག་གིས་རྒྱུད་ཀྱི་དོན་ནི་བསྟན་མཛད་ནས། །སྲས་པོ་པདྨ་ དཀར་པོ་རབ་མཆོག་ཡོན་ཏན་དག་གི་གཏེར་ལ་གནང་བ་བསྩལ་བ་ངེས་པར་ནི། །དང་པོར་ ཁྱེད་ཀྱིས་རྒྱུད་ཀྱི་རྒྱལ་པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་གནས་པ་དང༌། །དེ་ ནས་རང་གི་འདོད་པས་འགྲེལ་བཤད་བྱས་ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་ རྟེན་གཉེན། །ཞེས་ལུང་བསྟན་པ་ལྟར་བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མེད་འོད་ཅེས་བྱ་ བ་སྟོང་ཕྲག་བཅུ་གཉིས་པ་མཛད། དེ་ནས་རིགས་ལྡན་གསུམ་པ་གཤིན་རྗེ་མཐར་བྱེད་ཀྱི་ སྤྲུལ་པ་རིགས་ལྡན་བཟང་པོ་དང༌། རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང༌། རིགས་ལྡན་ལྔ་པ་རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང༌། རིགས་ལྡན་དྲུག་པ་ སྒྲིབ་སེལ་གྱི་སྤྲུལ་པ་རིན་པོ་ཆེ་ཕྱག་དང༌། རིགས་ལྡན་བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་ འཇུག་སྦས་པ་དང༌། བརྒྱད་པ་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང༌། དགུ་པ་བགེགས་ དགྲའི་སྤྲུལ་པ་ཤིན་ཏུ་བཟང་པོ་དང༌། བཅུ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་དང༌། བཅུ་གཅིག་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང༌། བཅུ་གཉིས་པ་སའི་སྙིང་ པོའི་སྤྲུལ་པ་ཉི་མ་དང༌། བཅུ་གསུམ་པ་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང༌། བཅུ་ 1-1-116 བཞི་པ་སྒྲིབ་སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང༌། བཅོལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་ དང༌། བཅུ་དྲུག་པ་ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང༌། བཅུ་བདུན་པ་བགེགས་དགྲའི་སྤྲུལ་པ་ དཔལ་སྐྱོང་དང༌། བཅོ་བརྒྱད་པ་ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང༌། བཅུ་དགུ་པ་གཤིན་རྗེ་ མཐར་བྱེད་ཀྱི་སྤྲུལ་པ་རྣམ་པར་གནོན་དང༌། ཉི་ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང༌། ཉེར་གཅིག་པ་རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང༌། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་ པ་མིའི་སེང་གེ་དང༌། ཉེར་གསུམ་པ་ནམ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང༌། ཉེར་བཞི་ པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང༌། རིགས་ལྡན་ཉེར་ལྔ་པ་འཇམ་དཔལ་ གྱི་རྣམ་འཕྲུལ་དྲག་པོ་འཁོར་ལོ་ཅན་རྣམས་རིམ་པ་བཞིན་སྔ་མ་སྔ་མའི་སྲས་སུ་བྱུང་སྟེ། ཆོས་ རྒྱལ་ལྷ་དབང་ནས་དྲག་པོའི་བར་གྱི་ཆོས་རྒྱལ་རིགས་ལྡན་སོ་གཅིག་ལས་རྒྱ་མཚོ་རྣམ་རྒྱལ་ དང་རྒྱལ་དཀའ་གཉིས་ལས་གཞན་ཉེར་དགུ་ནི་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་ལ་རྒྱལ་ སྲིད་དུ་ལོ་བརྒྱ་ཕྲག་རེ་བཞུགས་པར་མཉམ་པ་ཡིན་ལ། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་ གཉིས། རྒྱལ་དཀས་ལོ་གྲངས་ཉིས་བརྒྱ་དང་ཉེར་གཅིག་ལ་རྒྱལ་སྲིད་བསྐྱངས། དེ་ལས་ རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་པ་ནི་རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན། རྡོ་རིང་ བཙུགས། ཟླ་བ་གསུམ་དུ་གསང་སྔགས་ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་ གཡོ་ཞིང་འོད་འབྱིན་པ་སོགས་ཆོ་འཕྲུལ་མང་དུ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སོགས་ མཛད་དེ། ནམ་མཁའ་ནས་ཕྱིར་གཤེགས་སོ། །རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་ གྱིས་རང་གི་ལོ་བརྒྱ་པའི་དུས་སུ་སྤྲུལ་པའི་དམག་ཚོགས་ཀྱིས་ཀླ་ཀློའི་སྤྲུལ་པ་རྣམས་བསད་ པའི་ཚུལ་བསྟན། རང་རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་བྱས་ཏེ། ཀླ་ཀློ་ཐམས་ཅད་བཅོམ་ སྟེ། དུས་ཀྱི་འཁོར་ལོའི་ཐེག་པ་ལ་བཀོད་ནས་མཐར་སྤྲུལ་པ་བསྡུ་བར་འགྱུར་རོ། །འཁོར་ ལོ་ཅན་གྱི་སྲས་ཚངས་པ་དང་ལྷ་དབང་གཉིས་ལས་ཚངས་པས་ལོ་སྟོང་དུ་ས་དུམ་བུ་བཅུ་ 1-1-117 གཉིས་སྐྱོང་ཞིང༌། དེ་ནས་ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་སོགས་པ་ས་དུམ་བུ་ཅི་རིགས་པ་ སྐྱོང་བའི་རིགས་ལྡན་བརྒྱད་ཀྱིས་ཀྱང་ལོ་བརྒྱད་བརྒྱའི་བར་དུ་དུས་ཀྱི་འཁོར་ལོ་སྟོན་པར་ མཛད་དོ། །དེ་ལས་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའི་དུས་སུ། རྒྱ་གར་འཕགས་པའི་ ཡུལ་དུ་དུས་ཀྱི་འཁོར་ལོ་དར་བ་ཡིན་ཏེ། ༢ རྒྱ་གར་དུ་བྱུང་ཚུལ། གཉིས་པ་རྒྱ་གར་དུ་བྱུང་ཚུལ་ནི། དེ་ཡང་པཎ་ཆེན་ཟླ་མགོན་ལུགས་ལྟར་འཕགས་ཡུལ་ དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི། སྲས་དུས་ཞབས་པ་ཆེན་པོ་མཉྫུ་བཛྲ། རང་གི་ ཡི་དམ་གྱིས་ལུང་བསྟན་པ་བཞིན་བྱང་ཕྱོགས་སུ་གཤེགས་པའི་ལམ་དུ་རིགས་ལྡན་གྱི་སྤྲུལ་ པ་དང་མཇལ། སྤྲུལ་པ་དེས་དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་ཏུ་སྒོམ་པས་ རྫུ་འཕྲུལ་ཐོབ་སྟེ། ཤམྦྷ་ལར་བྱོན། རིགས་ལྡན་རྒྱལ་དཀའ་དངོས་དང་མཇལ། རིགས་ལྡན་ དེ་ལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་པོ་དང༌། སེམས་འགྲེལ་སྐོར་གསུམ་སོགས་ཞུས་ ནས། འགའ་ཞིག་ཐུགས་ལ་བཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ། སླར་འཕགས་ ཡུལ་དུ་བྱོན། དེས་དུས་ཞབས་པ་ཆུང་བ་ཤྲཱི་བྷ་དྲ་ལ་གནང༌། དེ་ནས་རིམ་བཞིན་རང་གི་སྲས་ ནཱ་ལེནྡྲ་པ་མཚན་དངོས་བོ་དྷི་བྷ་དྲ་སོགས་སོ། ། ༣ བོད་དུ་བྱུང་ཚུལ། གསུམ་པ་བོད་དུ་བྱུང་ཚུལ་ལ། སྔོན་དུ་བྱུང་ཚུལ་དང༌། རྗེས་ནས་བྱུང་ཚུལ་གཉིས་ལས། ༡ སྔོན་དུ་བྱུང་ཚུལ། དང་པོ་སྔོན་དུ་བྱུང་ཚུལ་ནི། ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་ནས་རིམ་པར་བླ་མ་ལྷ་རྗེ་ 1-1-118 སྒོམ་པ་མཚན་དངོས་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་པ་མི་ བསྐྱོད་རྡོ་རྗེ། སྲས་མཆོག་དྷརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་ལྷ་རྗེ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་ སྐུ་འོད་ཟེར། རབ་བྱུང་བཞི་པའི་ནང་ཚན་མཛེས་བྱེད་ཅེས་པ་ཆུ་ཡོས། ༡༢༤༣ལོར་ཞང་ ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་སམ་ཀུན་སྤངས་ཀུན་ཏུ་བཟང་པོ་འཁྲུངས། མདོ་སྔགས་ ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། དུས་འཁོར་རྭ་ལུགས་སྔར་ནས་མཁྱེན། ཀུན་མཁྱེན་ ཆོས་སྐུ་འོད་ཟེར་ལས་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང༌། སྦྱོར་དྲུག་ཉམས་ཁྲིད་གསན། ཉམས་རྟོགས་ཀློང་བརྡོལ། སྤྱིར་སྦྱོར་དྲུག་གི་གདམས་པ་འདྲ་མིན་བཅུ་བདུན་ཙམ་གསན། རྒྱུད་དེ་དག་ལས་བསྟན་པའི་རྟོགས་པ་འཁྲུངས། ༢ རྗེས་ནས་བྱུང་ཚུལ། གཉིས་པ་རྗེས་ནས་བྱུང་ཚུལ་ལ། ཇོ་ནང་དུ་བྱུང་ཚུལ་དང༌། མདོ་སྨད་དུ་བྱུང་ཚུལ། འཕྲོས་དོན་བསྟན་པའི་སྦྱིན་བདག་དང་གསུམ་ལས། དང་པོ་ཇོ་ནང་དུ་བྱུང་ཚུལ། ཇོ་ནང་དུ་བྱུང་ཚུལ་ལ། ཇོ་ནང་ཐོག་མར་བྱུང་ཚུལ་དང༌། ཀུན་མཁྱེན་ཆེན་པོའི་རྣམ་ཐར་ གཉིས་ལས། ༡ ཇོ་ནང་ཐོག་མར་བྱུང་ཚུལ་ནི། བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་ཡང་ཡང་ ཞུས། གྲུབ་ཆེན་བིར་ཝ་པའི་ཞལ་གཟིགས་ཀྱིས་བཀའ་གནང་ལྟར། ལམ་འབྲས་ལ་འཁྲུགས་ 1-1-119 སྡེབས་ཀྱི་ཡིག་ཆ་མཛད། དུས་ཀྱི་འཁོར་ལོ་དང༌། རིགས་ལྡན་རྣམས་དང༌། རྡོ་རྗེ་མཁའ་ འགྲོ་མ་རྣམས་ཀྱིས་ཞལ་གཟིགས་ཏེ་ལུང་བསྟན་པ་བཞིན་རྣལ་འབྱོར་ཡན་ལག་དྲུག་གི་མན་ ངག་སྙན་བརྒྱུད་དུ་བཞུགས་པ་ཐམས་ཅད་ཡི་གེར་འགོད་པ་འདི་སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་ པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། འདིའི་ཁྲིད་ཡིགཕྱིས་འབྱུང་ཀུན་གྱི་གཞི་རྟེན་མཛད། བུ་ སྟོན་ལུགས་ཀྱི་སྦྱོར་དྲུག་འདི་ལས་བརྒྱུད་པ་དང༌། ཁྲིད་ཡིག་མཛད་པ་ཡང་འདི་ལ་གཞི་བྱས། ཁོང་ལོ་ཉེར་གཅིག་ཇོ་ནང་དུ་བཞུགས་པ་ནས་བཟུང་རང་རེའི་ཆོས་བརྒྱུད་ལ་དཔལ་རྒྱལ་བ་ ཇོ་ནང་པའི་མཚན་ཆགས། ༧༡ ལ་འདས། ཉིད་སྐུ་འཁྲུངས་ནས་ད་ལྟ་རབ་བྱུང་བཅུ་བདུན་ སྐྱེ་བདག་ལྕགས་ལུག་༡༩༩༡ལོ་བདུན་བརྒྱ་ཞེ་བརྒྱད་སོང༌། ༡༢༥༧ ལོར་བྱང་སེམས་རྒྱལ་ བ་ཡེ་ཤེས་འཁྲུངས་༦༤ལོར་འདས། ༡༢༦༠ལོར་མཁས་བཙུན་ཡོན་ཏན་རྒྱ་མཚོ་འཁྲུངས་ ༦༨ལོར་འདས། ཀུན་སྤངས་ཀུན་ཏུ་བཟང་པོ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ ཡོན་ཏན་རྒྱ་མཚོ་གསུམ་ལ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་དུ་གྲགས། ༢ ཀུན་མཁྱེན་ཆེན་པོའི་རྣམ་ཐར། གཉིས་པ་ཀུན་མཁྱེན་ཆེན་པོའི་རྣམ་ཐར་ནི། དེ་ལྟར་མདོ་སྔགས་ཟུང་འབྲེལ་གྱི་གནས་ ལུགས་མཐར་ཐུག་དབུ་མ་ཆེན་མོ་ཉག་གཅིག་གི་རང་བཞིན་ཕར་ཕྱིན་ཐེག་པའི་སྐབས་ གཤེགས་སྙིང་དང༌། གསང་སྔགས་ཐེག་པ་མཆོག་གི་དུས་སུ་དང་པོའི་སངས་རྒྱས་སོགས་ ཀྱིས་བསྟན་པའི་ངེས་དོན་ཟབ་མོའི་དགོངས་པ་དབྱིངས་གཅིག་པའི་ཡེ་ཤེས་དམ་པའི་ བདག་ཉིད་ཇི་བཞིན་མངོན་བྱེད་ཀྱི་ཐབས་རྒྱུ་དང༌། འབྲས་བུའི་ཐེག་པ་སོ་སོའི་མཛོད་ཆེན་ པོ་ཉེ་བར་བཟུང་སྟེ་གཞན་དྲིང་མི་འཇོག་པའི་ལུང་རིགས་དྲི་མ་མེད་པའི་ལམ་ནས་ངེས་དོན་ ཕྱིར་མིལྡོག་པ་འཁོར་ལོའི་གཏམ་བཟང་པོས་བོད་གངས་རིའི་ལྗོངས་འདིར་རྫོགས་ལྡན་ 1-1-120 ཆོས་ཀྱི་གནས་ཚུལ་རྒྱ་ཆེར་སྤེལ་བས་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལ་གཉིས་པ་ལྟ་བུའི་སྔོན་ མེད་ཀྱི་དགེ་མཚན་གསར་བའི་དཔལ་ཡོན་ལེགས་སྦྱིན་གྱི་བྱེད་པོ་བུ་རམ་ཤིང་པ་གཉིས་ པའི་མཛད་པ་དང་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ངེས་དོན་དབུ་ མའི་ཤིང་རྟའི་སྲོལ་ཕྱེ་བ་རིགས་ལྡན་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་རྗེ་ཇོ་ནང་པ་དོན་གྱི་ སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་ པོ་གང་དེ་ཉིད་རང་ཅག་གི་བསོད་ནམས་ཀྱིས་བླ་མའི་སྐལ་བར་ཐོབ་པ་འདི་ནི་ཤིན་ཏུ་དཀོན་ པ་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཡ་མཚན་པའི་གནས་ལགས་ཏེ། དེ་ཡང་རྔ་བོ་ཆེའི་མདོ་ལས། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་ དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་གསུངས་པ་ དང༌། འཕགས་པ་རྔ་བོ་ཆེའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འོད་སྲུང་ཆེན་པོ་ལ་འདི་སྐད་ ཅེས་བཀའ་བསྩལ་ཏོ། །འོད་སྲུང་ཁྱོད་ནི། ཞིང་བསྲུང་བ་ལྟ་བུར་མི་ནུས་ཏེ། རང་བསྲུང་བ་ བཞིན་དུ་ཐབས་ལ་མཁས་པའི་གཞོན་ནུས་མདོ་འདི་མཉན་ནས། ལུས་ལ་ཐོགས་ཏེ་འཇིག་ རྟེན་དུ་མངོན་གསུམ་དུ་འབྱིན་པར་འགྱུར་རོ། །དེ་ནི་ངའི་ས་བདུན་པ་ལ་བཞག་སྟེ་མི་ཕལ་བ་ ཞིག་ཏུ་བྱིན་གྱིས་བརླབས་པ། གང་གི་ཚེ་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པར་འགྱུར་བ། དེའི་ཚེ་ན། ལྷོ་ཕྱོགས་སུ་ཡུལ་མུ་རྒྱུན་དུ་ཞེས་བྱ་བ་ནི། ཆུའི་འགྲམ་ལ་བརྟེན་པའི་གྲོང་ཁྱེར་ དམག་གིས་མི་ཚུགས་པ་ཞེས་བྱ་བ་དང༌། ཉེ་བའི་གྲོང་ཁྱེར་ཕྲེང་བ་ཆེན་པོ་ཞེས་བྱ་བ་ནི། ཀ་ ཡོ་རི་ཞེས་བྱ་བར། རིགས་རྒྱུད་དེར་སྐྱེས་ནས་ངའི་མིང་འཆང་བའི་དགེ་སློང་ཞིག་ཏུ་འགྱུར་ ཏེ། སོགས་ནས་ཆོས་ཀྱི་དུང་འབུད། ཆོས་ཀྱི་རྒྱལ་མཚན་འཛུགས། ཆོས་ཀྱི་རྔ་ཆེན་སྒྲོགས་ པར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྟོང་པ་ཉིད་ཀྱི་གཏམ་སྨྲ་བར་འགྱུར་རོ། །སེམས་ཅན་ གྱི་ཁམས་རྟག་པའི་གཏམ་དང༌། རྔ་བོ་ཆེན་པོའི་མདོའི་གཏམ་སྨྲ་བར་འགྱུར་རོ། །ཞེས་ 1-1-121 སོགས་གསུངས་པ་དང༌། འཕགས་པ་མྱང་འདས་སིལ་བུའི་མདོ་ལས། རྒྱལ་བ་འདི་ནས་མྱ་ ངན་འདས་འོག་ན། །མི་ལོ་བདུན་བརྒྱ་ལོན་པའི་དུས་སུ་ཡང༌། །ཆུ་བོ་གཡས་སུ་འཁྱིལ་ པའི་ལྷོ་ཕྱོགས་ན། །ང་ཡི་མིང་ཅན་དགེ་སློང་དམ་པ་འབྱུང༌། །ལོ་བརྒྱར་ཆོས་ཀྱི་དུང་འབུད་ དར་ཕྱར་ཅིང༌། །ཆོས་ཀྱི་མཆོད་སྦྱིན་ང་དང་ང་འདྲ་འབྱུང༌། །ཞེས་གསུངས་པ་དང༌། གཙུག་ ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་ཕྲག་ ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་ བོལྗོན་ཤིང་ཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་ རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་སོགས་ཀྱིས་ལུང་མང་དུ་ བསྟན། ཆོས་རྒྱལ་སྲོང་བཙན་སྒམ་པོས་རང་བྱུང་ལྔ་ལྡན་གྱི་ཐུགས་ཀ་ནས་ཞལ་བསྟན་ནས་ མགར་ལ་འདི་སྐད་དོ། །ང་ནི་ཀུན་ནས་གཤེགས་པ་མ་ཡིན་ཏེ། །འཕགས་པའི་སྙིང་པོར་འདི་ རུ་འདུག་ཡིན་པས། །མྱ་ངན་མ་བྱེད་གསོལ་བ་དྲག་པོ་ཐོབ། །བདག་ཅག་མ་འོངས་པ་ན་ལྷན་ ཅིག་ཏུ། །སྐྱེ་བ་མཉམ་པོར་གདུལ་བྱའི་དོན་བྱེད་ཅིང༌། །དང་པོར་པདྨའི་གླིང་དང་རྡོ་རྗེ་ གདན། །ཟ་ཧོར་ཁ་ཆེ་རྔ་ཡབ་གླིང་ལ་སོགས། །སྐྱེ་བོ་མང་པོའི་འགྲོ་བ་འདྲེན་ནས་སུ། །བོད་ ཁམས་རྩོད་དུས་སྲིད་པའི་ཐ་མ་ལ། །མ་བང་རྒྱ་མཚོས་བསྐོར་བའི་མངའ་རིས་སུ། །ཏི་ཙི་ གངས་གར་དྲིལ་བུ་བཀོད་པ་འདྲ། །རི་བོ་གཎྜི་སྤོས་གླང་འགྱིང་བ་བཞིན། །ཀོ་ཀང་གཡའ་མ་ མེ་ཏོག་བཀྲམ་པ་འདྲ། །དབུས་སུ་པད་དཀར་རྒྱས་པའི་ལྟེ་བ་རུ། །དུང་དཀར་གཡས་སུ་ འཁྱིལ་བའི་ཀ་ཡོ་རི། །ཤིང་སྣ་རི་དྭགས་བྱ་ཚོགས་འདུ་བའི་གནས། །གྲོང་བཞིའི་དབུས་སུ་ གྲོང་ཁྱེར་ངོ་མཚར་ཅན། །པན་ཚང་གྲོང་ཁྱེར་དམག་གིས་མི་ཚུགས་པ། །མི་བདག་ཛྙཱ་ན་ཤྭ་ རིའི་རྒྱལ་བུ་རུ། །ནོར་བུ་སྙིང་པོ་ཆུ་ཕོ་འབྲུག་ལ་འབྱུང༌། །སྐྱེས་མཆོག་ཁྱད་འཕགས་ཁབ་ 1-1-122 ནས་མངོན་འབྱུང་སྟེ། །བསྟན་པའི་སྲོག་ཤིང་ཀུན་མཁྱེན་མཚན་དུ་གྲགས། །ད་ལྟའི་བཙུན་ མོ་རྣམ་ལྔ་འདི་དག་ཀྱང༌། །དེ་ཚེ་སྲིང་མོའི་ཚུལ་དུ་འཁྲུངས་པར་འགྱུར། །དེ་ཀུན་ཁྲིམས་ལྡན་ དགེ་སློང་མ་ལ་འགོད། །འཇིག་རྟེན་མགོན་པོ་བདག་གིས་དེ་ཡི་ཚེ། །སྐྱེ་དགུའི་བསོད་ནམས་ རྒྱ་མཚོ་སྤེལ་བའི་ཕྱིར། །ངོ་མཚར་ཁྱད་འཕགས་བཀྲ་ཤིས་སྒོ་མང་སོགས། །རྒྱལ་བའི་སྐུ་ རྟེན་གསུང་རབ་རྒྱ་མཚོ་རྣམས། །རྡོ་རྗེ་གྲགས་མོ་རྒྱལ་གྱི་གནས་སུ་བཞེངས། །ཐེག་མཆོག་ ཆོས་ཀྱི་དུང་འབུད་དར་ཆེན་ཕྱར། །འཆད་རྩོད་རྩོམ་པའི་རྔ་བརྡུང་དཔལ་ལ་སྤྱོད། །མཐོང་ ཐོས་དྲན་པའི་འགྲོ་བ་དེ་དག་ཀྱང༌། །བྱང་ཆུབ་ལ་ནི་མྱུར་དུ་རེག་པར་འགྱུར། །དེ་ཚེ་ནང་བློན་ ཆེན་པོ་བཅུ་གསུམ་ཀྱང༌། །ཡོན་ཏན་ང་དང་མཉམ་པའི་སྐྱེས་བུ་འབྱུང༌། །བོད་ཁམས་མུན་ སེལ་སྟོན་པའི་བྱ་བ་བྱེད། །འདི་ལ་ཐེ་ཚོམ་མ་ཟ་དྲང་པོར་ལོངས། །ཞེས་སོགས་མདོ་རྒྱུད་ བསྟན་བཅོས་དུ་མ་ནས་ཡང་ཡང་ལུང་གིས་བསྔགས་པའི་ཀུན་མཁྱེན་དོལ་པོ་པ་ཆེན་པོའི་ ཐོག་བར་ཐ་གསུམ་གྱི་མཛད་པ་རྒྱ་མཚོ་ཆེན་པོ་ལས་རྩྭ་རྩེའི་ཟིལ་བ་ཙམ་ནི། ཐོག་མར་ཡུལ་ མངའ་རིས་དོལ་པོ་པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང༌། ཡུམ་ལྷ་མོ་ ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ནང་ཚན། དགའ་བ་ཞེས་པ་ཆུ་ཕོ་འབྲུག་ ༡༢༩༢ལོར་རྒྱལ་བུ་དོན་གྲུབ་གཉིས་པ་ལྟ་བུའི་སྐུ་འཁྲུངས། བླ་མ་སྐྱི་སྟེངས་པ་སོགས་མང་ རབ་བསྟེན། རིག་གནས་ཐམས་ཅད་ཚེགས་མེད་དུ་མཁྱེན། བཅུ་གཅིག་པར་མཁན་ཚུལ་ ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་ཞུས་ནས་མཚན་ཤེས་རབ་རྒྱལ་མཚན་གསོལ། ཉེར་ གཅིག་དུས་བླ་མ་སྐྱི་སྟོན་པའི་མདུན་ནས་ཕར་ཚད་མངོན་གསུམ་དང༌། སྤྱོད་འཇུགསྔགས་ ཆོས་འགའ་དང་བཅས་ལོ་ཕྱེད་གཉིས་སུ་ཅིག་ཆར་བསླབས་པས་ཐུགས་སུ་ཆུད་ནས་བཤད་ གསར་མཛད། མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་ རྣམས་སུ་གྲྭ་སྐོར་ལ་ཕེབས་པས། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་མེད་མཁྱེན་པས་རྩོད་ཟླ་ 1-1-123 ཐམས་ཅད་ཟིལ་གྱིས་མནན་ཏེ་ཀུན་མཁྱེན་གྱི་མཚན་ཐོགས། མཁན་བསོད་ནམས་གྲགས་ པ་སོགས་ལ་བསྙེན་རྫོགས་ཞུས། འདུལ་བ་མདོ་རྩ་འགྲེལ་གསན་ཅིང༌། སྐུ་བཙུན་པའི་ མཐར་ཐུག་པར་བཞུགས། ཇོ་ནང༌། ལྷ་ས། མཚུར་ཕུ་སོགས་སུ་ཕེབས། རྗེ་ཀརྨ་རང་བྱུང་བ་ དང་ལུང་རིགས་ཀྱི་གསུང་གླེང་མང་དུ་མཛད་ཀྱང་རྗེ་འདིའི་ཞལ་ཡ་རང་བྱུང་བས་མ་ཐེགས་ ཀྱང་ལྟ་གྲུབ་འདི་ལས་བཟང་པོ་འོང་བར་ལུང་བསྟན། སོ་གཅིག་པར་ཇོ་ནང་མཁས་བཙུན་ ཆེན་པོའི་དྲུང་ནས་དབང་དང་གདམས་པ་དུ་མ་གསན། དུས་འཁོར་སྦྱོར་དྲུག་ཉམས་ལེན་གྱི་ མཐིལ་དུ་མཛད། སོར་བསམ་ཐུགས་ལ་སྐྱེས་ཟིན། ཡང་སྒོམ་པར་མཛད་པས་སྲོག་རྩོལ་ མཐར་ཕྱིན། ལྷ་སར་སྨོན་ལམ་དང་ཡེར་བར་ཐོག་གཅིག་བཞུགས། ཇོ་ནང་སྐྱིད་ཕུག་ཏུ་ཆོས་ གྲགས་དཔལ་ལ་འགྲེལ་ཆེན་གསང་ནས་གསུངས། མཁས་བཙུན་ཆེན་པོས་གསུངས་པའི་ ངོར། དགེ་བཤེས་ལྔ་བཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་པ་ཞིབ་ཏུ་གསུངས་སོ། །བར་དུ་ བསྟན་འགྲོའི་དོན། བླ་མའི་བཀའ་ནན་ཆེན་པོས་གདན་སར་ཕེབས་དགོས་བྱུང༌། མཁས་ བཙུན་ཆེན་པོ་དགྱེས་ནས་ལོ་གཉིས་སུ་ཉིན་མཚན་མེད་པར་དབང་ལུང་ཁྲིད་བཤད་བླ་མ་ ཉིད་ལ་མངའ་བའི་ཆོས་ཐམས་ཅད་བསྩལ། བླ་མ་འདི་དང་སྐྱི་སྟོན་འཇམ་དབྱངས་སོགས་ བཤེས་གཉེན་སུམ་ཅུ་ལྷག་ལས་ཆོས་གསན་པ་ནི་གྲངས་བརྗོད་པ་ཡང་དཀའ་བ་ཙམ་ཐོབ། ཡང་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ནན་ཏན་བཅས་པས་ཚར་གཅིག་གཟིགས། དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། ལོ་ཤས་ནས་སྐུ་འབུམ་ཆེན་མོའི་རྨང་འདིང་ སྐབས། རྡོར་འཆང་དང༌། ཡི་དམ། མཁའ་འགྲོས་ལུང་བསྟན་དང༌། སྔོན་གྱི་སྨོན་ལམ་སྣ་ ཚོགས་པས་མཐུ་བཙན་པ་ལས། སྐུ་འབུམ་ཆེན་མོའི་ས་ཆོག་མཛད་ཚེ་ཁོང་ཉིད་དུས་འཁོར་ དུ་གྱུར། འཇའ་གུར་དབུས་སུ་ཨོ་རྒྱན་པདྨ་ལ་གྲུབ་ཆེན་དུ་མས་བསྐོར་ཞིང༌། སངས་རྒྱས་ སྲས་བཅས། དཔའ་བོ་མཁའ་འགྲོས་མེ་ཏོག་གི་ཆར། ས་ལྷས་གསེར་བུམ་ཐོགས་བཞིན་ས་ 1-1-124 གཏེར་ཕུལ། ཀླུ་རྒྱལ་གྱིས་མེ་ཏོག་གསེར་འཁོར་དང་བཅས་ཆུ་གཏེར་ཕུལ། ཀྵེ་ཊས་ལྷུང་ བཟེད་བ་དན་ཐོགས་ཏེ་རྡོ་གཏེར་ཕུལ། ལྷ་མོ་འོད་འཆང་མས་ཤིང་གཏེར་ཕུལ། ནགས་སྨན་ མས་གསེར་དྲིལ་དུང་དཀར་མཆོད་རྫས་འབུལ། ལྷ་བྲན་མང་པོས་མེ་ཏོག་གི་ཆར་ཕབ། གླིང་ མཚོར་གནས་པའི་ཀླུ་རྒྱལ་ནོར་རྒྱས་ཀྱི་གསེར་ཕྱེ་ཕུལ། ཉིན་མོར་ལྷ་མི་དང༌། མཚན་མོར་ཀླུ་ དང་གནོད་སྦྱིན་མི་མིན་སོགས་ཀྱིས་བརྩིགས། ཁོང་ཉིད་ཀྱིས་མཛད་པ་ཅིག་ཆར་གནང་བ་ ནི། བསམ་གཏན་ཁང་བར་མཉམ་བཞག་མཛད་པ། འགའ་ཞིག་ལ་རྫོགས་ལྡན་གྱི་ཆོས་ འཁོར་བསྐོར་བ། རྩིག་མཁན། ཤིང་བཟོ། མགར་བ། བླུག་པ། ལྷ་བཟོ་སོགས་སྤྲུལ་པ་སྣ་ ཚོགས་བསྟན། བཤེས་གཉེན་དམ་པ་བཅུ་ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་ རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་དཔེ་རྣམས་ཕྱོགས་ཕྱོགས་སུ་ ཁྱབ་པས་ཕལ་གྱི་བློར་མ་ཤོང་བས་དངོས་སུ་འབེལ་གཏམ་དང་རྩོད་པ་ཞུས་པ་རྣམས་རྒྱ་ མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས་གྲུབ་མཐའ་ལ་ངེས་ཤེས་དང༌། བླ་མ་ལ་དད་པ་ ཐོབ། རིང་ནས་ངག་ལན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་ པས་ངེས་པ་རྙེད། ཕྱིའི་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་དགེ་བཤེས་དུ་ མས་བསྐུལ་ནས་ངེས་དོན་རྒྱ་མཚོ་སོགས་གྲུབ་མཐའི་ཆོས་བཅུ་དྲུགདུས་འཁོར་ས་བཅད་ སོགས་ཆ་ལག་བཅོ་བརྒྱད། ཡུམ་གྱི་མཆན་བུ། གསོལ་འདེབས་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ ཆོས་སྐོར་ཉེར་གསུམ། བསྟོད་སྐོར་བཅུ་བཞི། སྐུ་འབུམ་ཆེན་པོའི་ཆོས་སྐོར་ལྔ། རྡོ་རྗེ་ཕྲེང་བ་ དབང་སྐོར་གསུམ། སྤྲིངས་ཡིག་བརྒྱད། སྨོན་ལམ་གསུམ། བཀྲ་ཤིས་བཞི་སོགས་གསུང་ རབ་ཀྱི་ཡིག་ཆ་མཛད། མཆོད་རྟེན་བཞེངས་སར་སྲོག་ཆགས་མང་བ་ལ་ལྗགས་སྔགས་ མཛད། སེ་གོལ་གཏོགས་པས་ཐམས་ཅད་མེད་པར་སོང༌། ཆུ་མེད་པ་ལ་བཅའ་ལུང་གི་ཕུ་ཆུ་ ནར་གྱིས་ཐོན། རྟེན་མཆོག་ལེགས་པར་གྲུབ་སྐབས། རབ་གནས་ཆོ་གའི་དུས་སུ་མཁའ་ 1-1-125 དབྱིངས་ཀུན་ཏུ་འཇའ་འོད་སྣ་ཚོགས་ཀྱི་དབུས་སུ་སངས་རྒྱས་བྱང་སེམས་ཡི་དམ་རབ་ འབྱམས་དང༌། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་སྡེ་དང༌། ཁྲོ་ཆེན་འབར་བའི་ཚོགས་ ཀྱིས་བགེགས་རྣམས་རྒྱང་དུ་བསྐྲད། མེ་ཏོག་གི་ཆར་དང་སྤོས་དྲིས་མཁའ་དབྱིངས་ཀུན་ཏུ་ ཁྱབ། བཀྲ་ཤིས་རྟགས་བརྒྱད་མཆོད་རྫས་དཔག་མེད་བྱོན་པ་ཀུན་རྟེན་མཆོག་ལ་ཐིམ། ལས་ མི་ཕལ་བ་རྣམས་ལ་སྒོམ་ཉམས་འཕེལ་བ་དང༌། འབྲེལ་བ་ཆེ་ཆུང་གང་བཞག་ཐམས་ཅད་ བདེ་བ་ཅན་དུ་སྐྱེ་བའི་མཚན་ལྟས་བྱུང༌། སྤྱན་རས་གཟིགས་དང་རྒྱུན་དུ་འབྲལ་བ་མེད། གུར་ མགོན། རྣམ་སྲས་བྲན་བཞིན་འཁོལ། ཕྱག་མཆོད་ཐུགས་དམ་མཛད་རེས་སྐབས་རིགས་ གསུམ་མགོན་པོ། སྒྲོལ་མ། སྨན་བླ། བྱམས་པ་སོགས་བྱོན། མཁའ་འགྲོ་རྒྱ་མཚོ། སྒྱུ་འཕྲུལ་ དྲ་བ། སྡོམ་པ་ཆེ་ཆུང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གཟིགས། བདེ་བ་ཅན༌། ཤམྦྷ་ལ། མངོན་དགའ། ཨོ་རྒྱན་ཡུལ། འོག་མིན། རིགས་ལྔའི་ཞིང་སོགས་སུ་ ཡུད་ཀྱིས་ཕེབས། ཧོར་དང༌། རྒྱ་ནག་སོགས་ཀྱིས་གདན་འདྲེན་ཡང་ཡང་ཞུས་ཀྱང་ཆོས་ བརྒྱད་ལ་ཞེན་པ་གཏིང་ནས་ལོག་པས་ཞལ་གཟིགས་ཙམ་ལས་དངོས་སུ་མ་བྱོན། སྒྲུབ་པ་ སྙིང་པོར་བྱེད་པ་ཉུང་དུས་སུ་སྟོང་ཙམ་ཡོད། རྒྱལ་གདོན་དམ་སྲིས་ཁ་ཟུག་པ་རྣམས་ལ་ བཀའ་ཤོག་བསྐུར་བ་ཙམ་གྱིས་གྲོལ། སྔར་ནས་དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་ སྲོལ་ཁ་མ་ནུབ་ཙམ་ཡོད། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནས་དྲིན་ནོ། །ས་ སྐྱར། ཀ་ཆེན་བཞི། རིགས་ཚོགས་ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་ མང་གསུངས། གཙོ་བོར་སྒྲུབ་པ་ཁོ་ན་མཛད། མཁས་པ་མང་པོ་ལ་བྱམས་ཆོས་ལྔ། དབུ་མ་ བསྟོད་ཚོགས། འབུམ། སྙིང་པོའི་མདོ། སེམས་འགྲེལ་སྐོར་གསུམ། དབང་མདོར་བསྟན། ཀྱཻ་རྡོར་ནཱ་རོའི་འགྲེལ་ཆེན། དབུ་མ་རྩ་བ། སྤྱོད་འཇུགབསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོརྒྱ་མཚོ། རྡོ་རྗེ་ཕྲེང་བ། གསང་འདུས་སྒྲོན་གསལ། དམར་ནག་འཇིགས་གསུམ། 1-1-126 ཤེར་མདོ་སོགས་བར་སྐབས་བར་སྐབས་སུ་ལན་མང་གནང༌། རྒྱུད་སྡེའི་དབང་ཡང་སོ་སོའི་ འདོད་པ་དང་མཐུན་པར་ཡང་ཡང་གསུངས། ཡེ་ཤེས་པ་འབེབས་སྐབས་ལམ་ཁའི་ཁྱི་ཚུན་ ཆད་ལ་ཡེ་ཤེས་པ་ཕེབས་པའི་རྣམ་འགྱུར་མང་དུ་བྱུང༌། སྤྱིར་ཆོས་འདི་རྣམས་བསླབ་པ་ཁོ་ ནས་མི་གོཚོགས་སྒོ་དུ་མ་ནས་བསག་ཅིང་བསྒོམ་ན་གོ་བ་ལགས། ད་ལྟ་སྙིང་པོ་བསྡུ་བའི་ སྐབས་འདིར་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་གསུངས། སྐུ་ཚེའི་སྨད་ལ་ནུབ་ཆོས་ལུང༌། འུ་ཡུགསྙེ་ མོ། གནམ་སྟོད་ལུང་སོགས་བརྒྱུད་ནས་ལྷ་སར་ཟླ་བ་བཅུ་གཅིག་བཞུགས་སྐབས་རྣམས་སུ། སྔོན་འགྲོའི་ཁྲིད་དང༌། དུས་འཁོར་དབང༌། སྦྱོར་དྲུག་གི་ཁྲིད་གནང་བས། དབེན་པ་གསུམ་ མམ་དམ་པོ་འདེབས་པ་དང༌། སོར་བསམ། སྲོག་རྩོལ་བར་གྱི་ཉམས་རྟོགས་ཚད་དུ་ཕྱིན་པ་ ཤིན་ཏུ་མང༌། སྐྱེ་བོ་ཕལ་བ་རྣམས་ལ་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་ འབྲས། འཁོར་བའི་ཉེས་དམིགས། སྐྱབས་འགྲོསེམས་བསྐྱེད། སྡིག་པ་སྦྱང་ཐབས། བསོད་ ནམས་བསག་ཚུལ། བླ་མ་བསྟེན་ཚུལ་སོགས་ཡང་ཡང་གསུངས། ཕྱིར་ཕེབས་ནས་རིམ་པར། ཀྱི་སྨད། ཡར་འབྲོགཉང་སྟོད་སོགས་སུ་ཟབ་ལམ་གྱི་ཁྲིད་མང་དུ་གནང༌། སྤྱིར་གང་ཕེབས་ ཐམས་ཅད་དུ། སྐྱབས་འགྲོསེམས་བསྐྱེད། ཡིག་དྲུགདགེ་བསྙེན་ཕ་མ། རབ་བྱུང་བསྙེན་ རྫོགས་ཞུ་བ་སོགས་རྒྱུན་མི་འཆད་པ་བྱུང༌། ཤམ་པོ་རྩེ་ལྔ་ལ་གཤེགས་སྙིང་གི་དོན་རྟོགས་པ་ མང་བར་ལུང་བསྟན། ཐ་མར་མཛད་པ་རྫོགས་ཚུལ། ད་ཆེ་བགྲེས་རྣམས་བོས་གསང་གྲོས་ ཤིག་བྱེད་གསུངས། ཞལ་ཏ་སྣ་ཚོགས་གནང༌། དགུང་ལོ་བདུན་ཅུ་ལྕགས་མོ་གླང་གི་དུས་ ཉིད་སྐུ་གཟི་བརྗིད་རབ་ཏུ་རྒྱས་བདག་བདེ་བ་ཅན་དུ་འགྲོ་གསུངས་ཚེ་ས་རྣམ་པ་དྲུག་ཏུ་ གཡོས། འཇའ་འོད་སྣ་ཚོགས་འཁྲིགས། སངས་རྒྱས། བྱང་སེམས། དཔའ་བོ་མཁའ་འགྲོའི་ ཚོགས་རྣམས་བསུ་མར་བྱོན་ཚེ་ཐུགས་སློབ་རེ་རེ་བཞིན་དུ་ལུང་བསྟན་སྣ་ཚོགས་གསུངས། ཞལ་ནས་འོད་འགྱེད་གཡོ་བ་མེད་པར་ཞིང་གཞན་དུ་གཤེགས་ཚེ་ཡོལ་བས་བསྐོར་ཞིང་ 1-1-127 ཐུགས་འོད་གསལ་གྱི་ངང་དུ་བཞུགས་སྐབས་ཕྱིརྟ གས་སུ་དྲི་ངད་སྣ་ཚོགས་ལྡང༌། ལྷ་དང་ལྷ་ མོས་མཆོད་རྫས་མེ་ཏོག་འཐོར་ཞིང་རོལ་ཆ་དཀྲོལ་ཏེ་བསྟོད་པ་སྣ་ཚོགས་མཛད། བྱང་ སེམས་ཤངས་རྩེར་ལུད་སྐབས་ཡར་ཆབ་གཙང་པོ་ཆད་ཅིང་མི་རྣམས་འགྲོ་འོང་བྱུང༌། དམར་ ཆ་ནོར་བུར་བྱོན་ཚེ་ནུབ་རི་ལ་ཉེ་བའི་ཉི་མ་ཤར་ཕྱོགས་སུ་བཟློགཚེས་བརྒྱད་ཉིན་སྐུ་གདུང་ སྤྱན་དྲངས་ཚེ་དྲི་བཟང་འཐུལ་བཞིན་མཇལ་ཁ་གནང་སྐབས་མཁའ་དབྱིངས་དྭངས་པའི་ ངོར་འཇའ་ཚོན་སྣ་ལྔས་མཆོད་རྫས་སྣ་ཚོགས་ངོམ། གདུང་ལས་འོད་ཟེར་སྣ་ཚོགས་ཕྱོགས་ བཅུར་ཁྱབ་པ་ལས་འོད་དཀར་ཤེལ་ཀ་བསྒྲིགས་པའི་བར་བར་དུ་འོད་དམར་གྱི་སྐུད་པར་ དྲིལ་ཕྲེང་བརྒྱུས་པ་ལྟ་བུ་བྱུང༌། ཡེ་ཤེས་རང་མེ་འབར་སྒྲར། ཆོས་སྐུ་སྐྱེ་མེད་མི་རྟག་ཟློས་ གར་མཚོན། །འདིར་དགོངས་རྫོགས་ཀྱང་གཙང་བདེ་རྟག་བདག་གི། རང་བཞིན་དམ་པའི་ ཆོས་ཉིད་མངོན་ཚུལ་གསུངས། །འཇའ་ཚོན་དྲ་བ་དྲྭ་ཕྱེད་ཀྱི་བར་བར་མེ་ཏོག་སྣ་ཚོགས་ཀྱི་ དབུས་སུ་ཡི་དམ་མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དངོས་སུ་བྱོན། མེ་ཏོག་གི་ཆར་དང༌། གདུང་མེ་མཆེད་སྒྲས་ཆོས་སྒྲ་སྣ་ཚོགས་བསྟན། དུ་བ་སྔོ་ལྗང་དར་ཡུག་བརྐྱངས་འདྲའི་རྩེ་ མོར་འཇའ་གུར་ཀློང་དུ་ཆོས་རྗེ་དངོས་སུ་བཞུགས་པས་སློབ་ཚོགས་རྣམས་ལ་རང་རང་དང་ མཐུན་པའི་ཆོས་གསུངས་པ་དང༌། མཛད་པ་འདྲ་མིན་བསྟན། ཨ་གར། ཙན་དན། ག་བུར་ལ་ སོགས་པའི་དྲི་བཟང་ནམ་མཁར་ཁྱབ། འཁར་རྔ་དང༌། གླིང་བུ། དུང་དཀར། ཟངས་དུང༌། རྔ་ དྲིལ། རྫ་རྔ། ཌཱ་མ་རུ་ལ་སོགས་པའི་སྒྲ་སྙན་གྲགས། གདུང་ཁང་སྒོ་འབྱེད་པའི་ཚེ་མཁའ་ དབྱིངས་ལས་སྒྲ་ཆེན་བྱུང༌། གདུང་རུས་ཤེལ་དཀར་ལྟ་བུ་རྣམས་མཇལ་ཚེ་སྒལ་ཚིགས་དུས་ འཁོར་ཡོངས་རྫོགས་ཀྱི་སྐུར་གྱུར། དཔྲལ་བར་རྟ་མགྲིན་ཡང་གསང༌། དཔུང་བ་གཡས་སུ་ མི་གཡོ་བ། ལྟག་པའི་ནང་ངོས་སུ་སངས་རྒྱས་ཐོད་པ། ཚངས་བྲག་ཏུ་ཤཱཀྱ་ཐུབ་པ། སོར་ ཚིགས་ཁ་སར་པ་ཎི། རྣ་ལྟག་གཡས་སུ་སེང་ལྡེང་ནགས་སྒྲོལ། གཡོན་དུ་འཇམ་དཔལ་ 1-1-128 དམར་པོ། སྙན་ཟུང་དང་མགྲིན་པའི་ཆའི་རུས་བུ་ལ་དུང་དཀར་གཡས་འཁྱིལ། འཁྲིག་མ་ གཡས་གཡོན་དུ་རྡོ་རྗེ་རྩེ་ལྔ་རེ་རེ། རྗེ་ངར་ཡིག་དྲུག་རང་བྱོན། འགྲམ་རུས་སུ་སྟོང་ཆེན་ཡིག་ ལྔ། རྩིབ་རུས་ལ་བཀྲ་ཤིས་རྟགས་བརྒྱད། རུས་པའི་ཆ་ཤས་ལ་ཧ་ཀྵ་བརྩེགས་འབུར་སོགས་ གསུང་རྟེན་སྣ་ཚོགས། ཕྱག་མཚན་ལ་སོགས་ཐུགས་རྟེན། རིང་བསྲེལ་ལེགས་སྤུངས། གདུང་ ཐལ་གང་འགོས་རྣམས་ལ་ཡི་གེ་ཨཱཿ་ཧྲཱིཿཕྱག་མཚན་སྣ་ཚོགས། དུང་དཀར། རྗེ་བཙུན་ལྷ་མོ། རྣམ་སྲས། གུར་མགོན། ཡ་མཚན་རང་བྱུང་དེ་དག་ཀྱང་གླང་ཆེན་རུས་པ་ལ་མཁས་པའི་བཟོ་ བོས་ལག་རྩལ་འགྲན་པ་ལྟར། འབུར་དུ་དོད་ཅིང་ཤིན་ཏུ་གསལ་བ་རྣམས་གདུལ་བྱའི་དོན་ དུ་བྱོན་པ་ལགས། ༡༣༠༦ མེ་ཕོ་རྟ་ཡི་ལོར། ཀུན་མཁྱེན་ཆེན་པོའི་དངོས་སློབ་ས་སྙིང་སྤྲུལ་ པ་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་འཁྲུངས། ཇོ་ནང་པ་ཆེན་པོའི་གདན་ས་སྐྱོང་མཛད་ མཁས་གྲུབ་གྱི་སྐྱེས་བུ་ཚད་མར་གྱུར་པ་ཡིན་ཀྱང་རྣམ་ཐར་བརྗོད་པ་ཡང་ཡིག་ཚོགས་མང་ བས་མ་སྤྲོས། འདིའི་དྲུང་ནས་རྗེ་བླ་མ་བློ་བཟང་གྲགས་པས་ཇོ་ནང་གི་ལུགས་ཀྱི་དུས་འཁོར་ སྦྱོར་དྲུག་སོགས་ཆོས་མང་གསན། ༨༡ ལ་འདས། ༡༣༤༥ ཤིང་མོ་བྱའི་ལོར་འཇམ་དཔལ་ སྤྲུལ་པ་ཉ་དབོན་ཀུན་དགའ་དཔལ་འཁྲུངས། ཁོང་ཕྱོགས་རྒྱལ་བའི་རྒྱལ་ཚབ་ཀུན་མཁྱེན་ ཆེན་པོའི་ཐུགས་སྲས་མཁས་ཤིང་གྲུབ་བརྙེས་ཀྱི་སྐྱེས་ཆེན་དམ་པ་འདིའི་མདུན་ནས་རྗེ་བློ་ བཟང་གྲགས་པས་ཕར་ཕྱིན་སོགས་ཆོས་མང་གསན། ༩༥ ལ་འདས་སོ། །ཇོ་ནང་ཀུན་མཁྱེན་ ཆེན་པོ་ལ་སློབ་བུ་ནམ་མཁའི་སྐར་ཚོགས་ལྟར་ཡོད་ཀྱང་རང་འདྲའི་བུ་ཆེན་བཅུ་བཞིའི་རྣམ་ པར་ཐར་བ་བརྗོད་འོས་དུས་སུ་བབ་ཀྱང་ཡིག་ཚོགས་མང་བས་འཇིགས་སོ། ། གཉིས་པ། མདོ་སྨད་དུ་བྱུང་ཚུལ། གཉིས་པ་མདོ་སྨད་དུ་བྱུང་ཚུལ་ལ། མི་ཉག་ཏུ་བྱུང་ཚུལ་དང༌། ཤར་འཛམ་ཐང་དུ་བྱུང་ 1-1-129 ཚུལ། འཛམ་ཐང་གི་དགོན་ལག་གཞན་དུ་བྱུང་ཚུལ་དང་གསུམ་ལས། ༡ མི་ཉག་ཏུ་བྱུང་ཚུལ། དང་པོ་མི་ཉག་ཏུ་བྱུང་ཚུལ་ནི། སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་ སྐྱོང་ཁུལ་གྱི་དར་རྩེ་མདོའི་ནུབ་ཕྱོགས་ནས་རྟའུའི་ཤར་ཕྱོགས་བར་གྱི་ས་ཆ་མདོ་ཁམས་སྒང་ དྲུག་གི་ཡ་གྱལ་མི་ཉག་རབ་སྒང་ནི། ཤར་ཟླ་ཆུའི་ཤར་ཕྱོགས་ས་ཁུལ་མགར་ཐར་མན་ཆད་ དར་རྩེ་མདོ་སོགས་ཀྱི་སྤྱི་མིང་སྟེ། དེ་ལྟ་བུའི་མདོ་སྨད་མི་ཉག་ཕྱོགས་ནས་སྟོད་དབུས་གཙང་ ཕྱོགས་སུ་བྱོན་པ་ཇོ་ནང་ཀུན་མཁྱེན་ཆེན་པོའི་དངོས་སློབ་བྱམས་པ་ཁ་བོ་ཆེའམ་མི་ཉག་བློ་ གྲོས་གྲགས་པ་ཞེས་པ་དང་པོ་ཇོ་ནང་དུ་འོངས་ནས་སྐུ་འབུམ་ལ་སྐོར་བ་བྱེད་སྐབས་འོད་ ཟེར་ཆེན་པོའི་ནང་དུ་ཀུན་མཁྱེན་བཞུགས་པ་མཐོང་ནས་དད་པ་མི་ཕྱེད་པས་དར་ཡུག་ གཅིག་གསེར་སྲང་གཉིས་ཆོས་གོས་ཤིག་ཕུལ་ཏེ་མཇལ་ནས་ཆོས་རྗེ་ཁོང་གི་དྲུང་དུ་ལོ་དྲུག་ ལ་ཕྱི་ནང་གི་ཆོས་སྐོར་མང་པོ་ཞུས་ནས་མཐར་ཆོས་རྗེའི་ཞལ་ནས། ཁྱོད་ཁམས་ལ་སོང་དང་ བསྟན་པ་ལ་ཕན་ཐོགས་འོང༌། ཞེས་གསུངས་ཚེ། བྱམས་པ་ཁ་བོ་ཆེས་ཕྱག་ཕུལ་ནས་ཁོ་བོ་ མི་འགྲོ། ཕ་མཆོག་ཁྱེད་དང་འབྲལ་མི་ཕོད། ཅེས་ཞུས་པ་ན། ཁོང་གིས་དུང་གཅིག་དང་ བཀའ་བསྡུ་བཞི་པའི་གླེགས་བམ་ཞིག་གནང་སྦྱིན་མཛད་ནས་ལུང་བསྟན་གནང་བ། ཁམས་ ཡུལ་སྐྱེས་པའི་ལྷག་བསམ་ལས་འཕྲོ་ཅན། །སྔོན་ལས་སད་པའི་བྱམས་པ་ཁ་ཆེ་ཁྱོད། །ཐོས་ པས་དལ་འབྱོར་ཡོན་ཏན་ལྗོན་ཤིང་རྒྱས། །ད་ནི་མདོ་ཁམས་ཕྱོགས་སུ་འགྲོ་བ་རན། །ལམ་ སྟབས་མི་དགོས་བདེ་བར་ཕྱིན་པར་འགྱུར། །དེ་ལ་ཐོན་ནས་འདི་ཡི་བཤད་སྟོན་གྱིས། །དེ་ དུས་རྩེ་མདོའི་ས་ཆར་འོང་བ་ཡི། །ཚོང་པ་བརྒྱ་ཕྲག་ཆོས་གྲྭར་འདུས་པའི་ཚེ། །ལྷ་མོའི་སྤྲུལ་ པ་བུད་མེད་སྔོ་ནག་གིས། །བོང་བུ་གྭ་པ་སོག་འདབ་གཡས་གཡོན་ལ། །དཔལ་བེའུ་ནོར་བུ་ 1-1-130 གཉིས་ཀྱི་སྤུ་རྟགས་ཅན། །ཇ་མར་སྦྲང་རྩི་དར་འབོགས་བཀལ་ནས་ཀྱང༌། །ཁྱོད་ལ་ཕུལ་ཚེ་ ཐག་ཐོགས་མེད་པར་ལོངས། །ཆོས་ཀྱི་གྲོགས་བཟང་གཏེར་ཆེན་རྡོལ་བ་ལགས། །རྒྱལ་གྱི་ ཉིན་ཞིག་བོང་བུ་གྭ་པ་དེ། །གླེགས་བམ་འདི་ཉིད་བཀལ་ཅིང་རྒྱབ་ཏུ་དེད། །ཁོ་རང་གར་སོང་ སོང་ལ་འགྲོ་རུ་ཆུག །བོང་བུ་གར་ཉལ་ས་ལ་དུང་འདི་བུས། །ང་ལ་གསོལ་བ་ཐོབ་དང་དགོན་ པ་གྱིས། །བསྟན་པའི་བ་དན་མཁའ་ལ་འཕྱར་བར་འགྱུར། །ང་ཡི་ཆོས་བྱེད་དགེསློང་མང་དུ་ འབྱུང༌། །སྐྱེ་བོ་དུ་མ་སྨིན་གྲོལ་ལམ་ལ་འཇུག །རྡོ་རྗེ་མཆེད་དྲུག་མིང་ཅན་གནས་བདག་ གིས། །དེ་ཚེ་ཁྱེད་ཀྱི་བཀའ་སྲུང་བྱེད་པར་འགྱུར། །ཐོས་པ་འདི་ཙམ་ཡིན་གྱི་བྱམས་པ་ཁྱོད། །ཁམས་སུ་སོངས་ཤིག་གཞན་ཕན་མཐའ་ཡས་འབྱུང༌། །ཞེས་གསུངས་པ་བཞིན་བཀའ་ལྡོག་ ཏུ་མ་བཏུབ་སྟེ་བྱམས་པ་ཁ་བོ་ཆེ་མདོ་ཁམས་སྨད་ཕྱོགས་རིམ་པར་བརྒྱུད་དེབྱོན་ནས་ཆོས་ རྗེའི་ལུང་བསྟན་ལྟར་རྡོ་རྗེ་མཆེད་དྲུག་གི་གནས་འོབ་གངས་དཀར་གྱི་རྩ་བ་ལ་ལེགས་པར་ སླེབས་ཚེ་དེར་ངེས་དོན་གྱི་ཆོས་གཞི་དགོན་ངེས་དོན་བཤད་སྒྲུབ་བསམ་འགྲུབ་རིན་ཆེན་ གླིང་བཏབ་ནས་བཤད་སྒྲུབ་ཀྱི་བསྟན་པ་དེ་ལུགས་ལྟར་རྒྱ་ཆེར་སྤེལ་ཞིང་རྩེ་མདོའི་ས་ཆ་དེ་ ཕྱོགས་སུ་དགོན་སྡེ་ཡང་རྒྱས་ཙམ་དང་རང་རེའི་ཆོས་ལུགས་འཛིན་པའི་འདུས་སྡེ་མང་ཚོད་ དུ་འདུག་ལ། དེ་སྐབས་རེ་ཞིག་གི་ཚེ་དགོན་བདག་ཁོང་ཉིད་ཀྱི་ནུབ་གཅིག་ཏུ་རྨི་ལྟས་ཀྱི་ མཚན་མ་མི་ལེགས་པ་ལ་བརྟེན་སླར་ཡང་ཇོ་ནང་དུ་ཆོས་རྗེ་མཆོག་གི་དྲུང་དུ་ལན་ཅིག་ ཕེབས་སྙམ་ཡོད་ཚེ། ཉིན་དེའི་སྔ་དྲོ་ཙམ་ན་རྡོ་རྗེ་མཆེད་དྲུག་གི་དུར་ཁྲོད་དེར་ཆོས་རྗེ་ཀུན་ མཁྱེན་ཆེན་པོ་གང་ཉིད་སེང་གེ་ལ་ཆིབས་ནས་གཤེགས་བྱོན་མཛད་པ་མངོན་སུམ་དུ་མཐོང་ ནས་མཇལ་སྐབས་སུ་དགོན་བདག་པ་ཁོང་ནས་ཐུགས་གཏིང་ནས་དད་མོས་ཤུགས་དྲག་གི་ གདུང་བའི་དབྱངས་ཀྱིས་གསུང་མགུར་དང་བཅས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་དེར་ ཆོས་རྗེ་ཐམས་ཅད་མཁྱེན་པ་གང་གི་ཞལ་སྔ་ནས་ཚུལ་ཁྲིམས་རྣམ་པར་དག་པའི་མདོ་ཡོངས་ 1-1-131 སུ་རྫོགས་པ་ཚར་གཅིག་གསུང་བསྒྲགས་ཀྱིས་ལེགས་གནང་མཛད་རྗེས་ཆོས་རྗེ་ཉིད་གར་ སོང་ཆ་མེད་དུ་ཕེབས་སོང་བ་སོགས་དགོན་གྱི་ཞལ་བདག་བྱམས་པ་ཁ་བོ་ཆེ་ཁོང་ལ་ཡ་ མཚན་པའི་གསང་གསུམ་གྱི་རྣམ་ཐར་མང་ཞིང་སྐུ་ཚེ་གང་བོར་རྡོ་རྗེ་མཆེད་དྲུག་གི་གནས་ བདག་དམ་ཅན་སྡེ་རིགས་ཀྱིས་རྟག་པར་མཛད་འཕྲིན་སྐྱོང་བའི་བཀའ་སྲུང་གི་གཡར་དམ་ ལྷོད་མེད་ཀྱི་ངང་ནས་མཛད་པ་མཐར་ཕྱིན་སྐད་དོ། །ཇོ་ནང་པ་ཀུན་མཁྱེན་དོལ་པོ་པ་ཤེས་ རབ་རྒྱལ་མཚན་དཔལ་བཟང་པོའི་དངོས་སློབ་མི་ཉག་མཁན་ཆེན་རིན་ཆེན་བཟང་པོའམ་རྨ་ སེ་སྟོན་པ་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་བླ་མ་དམ་པ་འདི་རབ་སྒང་གི་ས་ཆར་ བསམ་བཞིན་དུ་སྐུ་འཁྲུངས་པ་ནི། ཐོག་མར་རབ་བྱུང་ལྔ་པའི་ལོ་ང་གཅིག་པ་མེ་མོ་སྦྲུལ་ལ་ སྐུ་བལྟམས། ནར་སོན་ཚེ་དཀའ་བ་བྱེད་མ་དགོས་པར་ཡི་གེ་ཤེས། དགུང་ལོ་བཅུ་བདུན་ལ་ བླ་མ་བསོད་ནམས་རྒྱལ་མཚན་གྱི་དྲུང་དུ་དབུ་བསིལ་སེར་གོས་གྱོན་དབང་བསྐུར། བླ་མ་ སྙིང་པོ་རྒྱལ་མཚན་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་བསྐུར་ཁྱོད་ལ་ཤེས་རབ་ ཆེ། ཆོས་པ་བཟང་པོའི་རིགས་འདུགདབུས་གཙང་དུ་བྱོན་ཏེ་ཆོས་མཁས་པར་སློབས་ གསུངས་པ་ལ་བརྟེན་ནས། དགུང་ལོ་བཅོ་བརྒྱད་ཕག་གི་ལོ་ལ་དབུས་སུ་བྱོན། གསང་ཕུག་ ཏུ་བླ་མ་བུ་རི་བྱང་ཆུབ་སྐྱབས་ཀྱི་དྲུང་དུ་དགེ་བསྙེན་མཛད། ཆོས་མང་པོ་ཞུས། བླ་མ་ལོ་ཙཱ་བ་ ཆེན་པོ་དང་བཙན་དགོན་པ་སོགས་ཀྱི་མདུན་ནས་ཆོས་མང་ཞུས། དབུས་དང་གནས་སྙིང་ཞ་ ལུར་གྲྭ་སྐོར་སྐབས་ཐལ་འགྱུར་འཁོར་གསུམ་གང་ལའང་ལན་མེད་པར་སོང༌། དེ་ནས་བུ་ སྟོན་རིན་ཆེན་དང༌། སྣར་ཐང་མཁན་ཆེན་བློ་བཟང་གྲགས་པ་སོགས་ལས་ཆོས་མང་གསན་ གྲྭ་སྐོར་ཡང་འདོད་པ་བཞིན་བྱུང༌། དེ་ནས་ཇོ་ནང་དུ་ཕྱིན། བླ་མ་ཀུན་མཁྱེན་ཆེན་པོ་རྒྱལ་བ་ གཉིས་པ་ཁོང་གི་མགུལ་ཅུང་ཟད་སྙུང་བས་ཆུ་ཚན་ལ་འབྱོན་པ་དང་ལམ་དུ་མཇལ། གཞི་ ལམ་འབྲས་གསུམ་གྱི་ཆོས་ཞིབ་པོ་ཅིག་གསུངས། ལོ་ཙཱ་བ་བློ་གྲོས་དཔལ་ཁོང་ལ་ཆོས་ཞུས། 1-1-132 རང་གིས་འགྱུར་བཅོས་མཛད་པའི་མཚན་བརྗོད་ཕན་ཡོན་དང་བཅས་པའི་བཤད་པ་དང་སྐུ་ འབུམ་ཆེན་མོའི་ལྷ་བཀོད་དུས་འཁོར་བློས་བསླངས་ཕྱི་ནང་གཞན་གསུམ་སྦྱར་བའི་རྣམ་ གཞག་ཞིབ་ཏུ་གསུངས། ཁྲོ་ཕུ། ཐར་པ་གླིང༌། འདུལ་ཆུང་སོགས་ལ་ཕྱིན་གསུངས། དེ་ནས་ ས་སྐྱར་བྱོན། ཆེ་བཞི། ཆུང་བརྒྱད། ཆེ་ལྷག་གསུམ་དང༌། ཉ་དར་མ་རིན་ཆེན་སོགས་མཁས་ པ་དུ་མ་དང་གྲྭ་སྐོར་འདོད་བཞིན་བྱུང༌། ས་བཟང་ལོ་ཙཱ་བློ་གྲོས་རྒྱལ་མཚན་དང་བྲག་ཁ་བ་ སེང་གེ་དག་ལ་ཟབ་ཆོས་མང་དུ་ཞུས། རྗེ་ཇོ་ནང་པ་ཆེན་པོའི་དྲུང་དུ་སྦྱོར་དྲུག་ཞུས། ལོ་བཅུ་ གཉིས་བར་མ་ཆད་པར་འདག་ཆར་བྱས། སྤྱིར་དུས་འཁོར་གྱི་རྩ་སྔགས་ལ་གྲངས་ཀྱིས་ཐེབ་ པ་བོད་ཡུལ་ན་ཁོང་ལས་མེད། ངས་དུས་འཁོར་གྱི་བསྙེན་སྒྲུབ་འདི་ཚད་དུ་བསྐྱལ་བའི་ སྟོབས་ཀྱིས་འཇིགས་པ་མེད་གསུངས། རྗེ་ཇོ་ནང་པ་ཆེན་པོ་ལ་བུ་ཆེན་གནམ་གྱི་སྐར་མ་ཙམ་ ཡོད་ཀྱང་དེའི་ནང་ནས་བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། སྟོན་པ་ཆོས་ དཔལ་བཟང་པོ། ཁོང་པ་དང་བཞི་ལ་བུ་ཆེན་བཞིར་གྲགས། བདེ་མཆོག་དྲིལ་བུ་པའི་དབང་ གནང༌། དེ་ནས་རིམ་ལྔའི་ཁྲིད་གསུངས། དེ་ནས་སྒོམ་གྱིན་ཡོད་པའི་སྐབས་སུ་བླ་མས་ཤོག་ གསུངས་དྲུང་དུ་ཕྱིན། ངེད་ལ་ཡེ་ཤེས་མཁའ་འགྲོ་ནི་གུ་ཆོས་དྲུག་ཟབ་མོ་ཡོད་ཞུའམ་ གསུངས། ཤིན་ཏུ་ཐུགས་ལ་བཏགས་སོ་ཞུས་པས། དེ་ནས་རིམ་པར་རྒྱུད་སྡེ་ལྔ་སོགས་ གསུངས། བླ་མ་འདི་སངས་རྒྱས་དངོས་ཡིན་སྙམ་པའི་ཐག་ཆོད་ཅིག་བྱུང༌། སྒྱུ་མ་འོད་གསལ་ གྱི་ཉམས་བཟང་པོ་སྐྱེས། བདེ་བ་ཅན་དུ་ཐང་ཆེན་བཀྲ་ཤིས་སེང་གེའི་དྲུང་དུ་བྱམས་ཆོས་ ཕར་ཕྱིན་རི་ཆོས་ཞལ་གདམས་སོགས་མང་དུ་གསན། ཁྱེད་ཁམས་ལ་མར་འགྲོ་ན་མཁོ་བ་ ཡིན་གསུངས་ནས་ཛམ་བྷ་ལའི་སྒྲུབ་སྐོར། ཇག་འཆིང་སྔགས་མདུད་དར་མདུང་ལ་སོགས་ པ་སྔགས་ཕྲན་མང་དུ་གནང༌། ཆོས་རྗེ་བུ་ཆེན་རྣམས་ལས་ཆོས་འབྲེལ་ཙམ་ཐོབ་གསུངས། རྗེ་རང་བྱུང་རྡོ་རྗེའི་དྲུང་དུ་རྗེའི་གསུང་མ་ལུས་པ་ཞུས། དེ་ལྟར་དབུས་གཙང་དུ་ལོ་བཅོ་ལྔ་ 1-1-133 ཙམ་བཞུགས་ཏེ། ཕྱོགས་རེ་ཙམ་མ་ཡིན་པར་མདོ་སྔགས་ཕྱི་ནང་གི་ཆོས་མཐའ་དག་ལ་ ཐུགས་ཐག་ཆོད་པར་མཛད། དེ་ནས་རབ་སྒང་དུ་ཕྱག་ཕེབས། བསམ་འགྲུབ་རིན་ཆེན་གླིང་ དུ་བཞུགས། གདན་གཅིག་པའི་བརྟུལ་ཞུགས་ཀྱིས་འཆད་ཉན་གྱིས་གྲྭ་བསྐྱང༌། འཚོ་བ་ བསོད་སྙོམས་ལ་བརྟེན་ཏེ་དུད་ནག་པ་ཐམས་ཅད་བསྙེན་གནས་དང་སྐྱབས་འགྲོ་ལ་སོགས་ པས་དགེ་བ་ལ་བཀོད། ལས་རྒྱུ་འབྲས་ཀྱི་ཆོས་བཤད་ཞིབ་ཏུ་མཛད་པས་སྐྱེ་བོ་ཐམས་ཅད་ ཀྱང་བླང་དོར་གྱི་མིག་འབྱེད་པར་མཛད། སྐབས་ཤིག་གཙང་པ་རྒྱ་རས་དང་ར་ཏི་ལུང་པ་ འདིར་དགོན་པ་ཞིག་འདེབས་དགོས་ཟེར་ཡང་ཡང་སྙན་དུ་བྱུང༌། དེ་ནས་འབྲུག་ལོ་ལ་ཡར་ སྤོས། དགོན་གསར་བཏབ། ལྷ་ཀླུ་མི་གསུམ་གྱིས་སྡོངས་གྲོགས་བྱས་མཁས་བཙུན་གྱི་གྲྭ་པ་ མང་པོ་འཚོགས། འཆད་ཉན་ཤིན་ཏུ་འཕེལ། གཞན་ཡང་མཁན་ཆེན་ཐམས་ཅད་མཁྱེན་པ་ ཕྱུག་མོ་སྟོན་པ་གཞོན་ནུ་དཔལ་ནི། བསྐལ་པ་དཔག་མེད་སྔོན་ནས་སངས་རྒྱས་ཀྱང༌། མཐའ་ ཡས་པའི་ཞིང་རྣམས་སུ་མཐའ་ཡས་པས་འགྲོ་དོན་མཛད་ཚུལ་བརྗོད་དཀའ་ནའང་བདག་ སོགས་གདུལ་བྱ་རྣམས་ལ་བརྩེ་བར་དགོངས་ནས། རབ་བྱུང་དྲུག་པའི་ལོ་དྲུག་པ་ཨངྒ་ར་ ཞེས་པ་ཆུ་ཕོ་སྤྲེལ་གྱི་ལོ། ཚེ་འདིར་རིགས་རུས་ཆོ་འབྲང་མཐོ་བའི་ལུས་སུ་སྐུ་འཁྲུངས། ནུབ་ མགོ་བྱང་ཆུབ་གླིང་དུ་སྟོན་པ་བསོད་ནམས་དཔལ་བཟང་གི་དྲུང་དུ་རབ་ཏུ་བྱུང༌། དགེ་འདུན་ ཀུན་གྱི་གཙུག་རྒྱན་མཁན་ཆེན་རྨ་སེ་སྟོན་པ་རིན་ཆེན་བཟང་པོ་ལས་དོན་ཞགས་སོགས་ཆོས་ མང་ཞུས། བཀའ་བཞི་པ་བྱང་ཆུབ་དཔལ་བཟང་ལས་བསྙེན་རྫོགས་ཞུས། ཡང་སྙིགས་མའི་ དུས་འདིར་ཐམས་ཅད་མཁྱེན་པ་མཁན་ཆེན་བྱམས་གསར་ཁ་ཆེ་ལ་མི་ཕྱེད་པའི་དད་པ་ཐོབ་ ནས་མདོ་རྒྱུད་ཀུན་གྱི་སྙིང་པོ་སྦྱོར་བ་ཡན་ལག་དྲུག་སོགས་ཆོས་མང་ཞུས། མདོར་ན་རབ་ སྒང་ནས་ཕྱི་ནང་གསང་གསུམ་ཡོན་ཏན་གྱི་དབང་ཕྱུག་ཏུ་གྱུར་ཀྱང་དབུས་གཙང་དུ་སྐྱེས་ཆེན་ དག་གི་མདུན་ནས་སྒྲོ་འདོགས་བཅད་དགོས་སྙམ་ནས་བྱོན། ཇོ་བོ་ཤཱཀྱ་མུ་ནེ་ལ་གསེར་ཞོ་ 1-1-134 བཞིའི་མེ་ཏོག་གིས་སྙིམ་པ་བཀང་སྟེ་གཏོར་ནས། ངག་ཏུ་བསྟན་པ་དང་སེམས་ཅན་ལ་ཕན་ ཐོགས་རྒྱ་ཆེན་པོ་འབྱུང་བ་དང༌། འཛམ་གླིང་ཆོས་ཀྱི་གྲགས་པས་ཁྱབ་པར་གྱུར་ཅིགཅེས་ སྨོན་ལམ་བཏབ། དེ་ནས་ཞ་ལུར་མཁན་ཆེན་ལུང་མདའ་པ་དང་མཇལ་ནས་ཆོས་མང་ཞུས། དེ་ནས་མཁས་པ་ཆེན་པོ་ཉ་དབོན་ཀུན་དགའ་ཞེས་ཆོས་གྲགས་གཉིས་པ་ལྟ་བུར་གྲགས་པ་ དེའི་དྲུང་དུ་ཚད་མ་རྣམ་འགྲེལ་ཊཱིཀྐ་ཉིད་ཀྱིས་མཛད་པའི་ཊཱིཀ་མོ་ཆེ་ཉ་ཊཱིཀ་རྒྱས་པའི་སྟེང་ ནས་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པ་ཇི་ལྟ་བུར་གསུངས། ཉ་ཊཱིཀ་རྒྱས་པ་མཐར་ ཆགས་ཐུགས་ལ་བླངས་ནས་གྲྭ་སྐོར་ལ་བྱོན། སྒྲུབ་སུན་གཉིས་ཀྱིས་དབུས་གཙང་ལ་སྙན་ གྲགས་ཀྱིས་ཁྱབ་པར་གྱུར་ཏོ། །ཉིད་ཀྱིས་ངའི་སློབ་མ་བཀའ་པོད་འཛིན་པ་བརྒྱ་ཕྲག་གི་ནང་ ནས་ཚད་མ་རྣམ་འགྲེལ་གྱི་ཚིག་དོན་ཤེས་པ་ལ་ལ་སྟོད་ཀྱི་སློབ་མ་གཅིག་དང༌། མི་ཉག་ གཞོན་ནུ་དཔལ་གཉིས་པོ་ཙམ་ཡིན་གསུངས། ལུང་དང་རིགས་པའི་ཆོས་མང་གསན། ལྟ་བ་ ངེས་དོན་ལ་ངེས་ཤེས་སྐྱེས། སྐྱོར་མོ་ལུང་དུ་དབྱིག་གཉེན་གཉིས་པར་གྲགས་པའི་མཁན་པོ་ དེའི་དྲུང་ནས་མཆིམས་ཊཱིཀ་སོགས་ཆོས་མང་གསན། དེ་ནས་ཇོ་ནང་དུ་མཁན་ཆེན་ཕྱོགས་ ལས་རྣམ་རྒྱལ་གྱི་དྲུང་དུ་བླ་མེད་རྒྱུད་སྡེ་ཀུན་གྱི་མཐར་ཐུག་དཔལ་དུས་ཀྱི་འཁོར་ལོའི་ དབང་དང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་ཞུས་ནས། གཞོན་ནུས་མེ་ ལོང་ལ་པྲ་ཕབ་པ་བཞིན་གསལ་བར་ཉམས་སུ་མྱོང་ཞིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཟུང་འཇུག་ལ་གནས་ཤིང༌། ངེས་ཤེས་ཐོབ། བླ་མས་ཁྱོད་ཀྱིས་དེ་གོ་ཆོད་གསུངས། ཐུགས་མཉེས། རྒྱུད་འགྲེལ་གསར་བ་ཉིད་ཀྱིས་ མཆན་བུའི་སྟེང་ནས་ཐོབ། ངོ་སྤྲོད་སོགས་ཆོས་མང་ཞུས། ཇོ་ནང་ལོ་ཙཱ་བློ་གྲོས་དཔལ། བླ་ མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། བླ་མ་ས་ བཟང་བ་སོགས་ནས་ཆོས་དང་གདམས་པ་མ་ལུས་པ་ཐོབ། གཞན་ཡང༌། རྟོགས་ལྡན་བསམ་ 1-1-135 གཏན་དཔལ། མཚུངས་མེད་གཡག་སྡེ་སོགས་དབུས་གཙང་དུ་བཞུགས་པའི་སྐྱེས་བུ་དམ་པ་ ཇི་སྙེད་ལས་ཆོས་རེ་མ་ཐོབ་པ་མེད། མདོར་ན་ཕྱི་ནང་གསང་གསུམ་ཡོན་ཏན་དཔག་མེད་ ཀྱིས་མཛེས་ཤིང་བརྒྱན། དེའི་དུས་སུ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་ཉིད་ཀྱིས་བཞེས་ པའི་པཎཞྭ་སེར་པོ་ཤིན་ཏུ་ལེགས་པ་དེ་བདག་གི་དབུ་ལ་བསྐོན་ནས་པཎྜི་ཏ་ཉིད་དུ་མངའ་ གསོལ་ཞིང༌། ཕྱི་ནང་གསང་གསུམ་གྱི་ཡོན་ཏན་གྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ ཆེར་འགྲུབ་པར་གྱུར་ཅིགཅེས་སྨོན་ལམ་མཛད། དེ་ནས་རང་གི་ཕ་ཡུལ་རབ་སྒང་དུ་ཕེབས། སྔར་མེད་པའི་མཁས་གྲུབ་ཀྱི་པཎྜི་ཏ་ཕྱི་ནང་གསང་གསུམ་ཡོན་ཏན་གྱི་མཁའ་ལ་ཉི་མའི་ དཀྱིལ་འཁོར་རྒྱས་པ་ལྟ་བུར་གྱུར་ཏོ། །སྔར་བླ་མ་བྱམས་གསར་གྱིས། སྐྱིད་རབ་ནང་ལ་ དགོན་པ་བཏབ་ཡོད་པ་དེར་ཐམས་ཅད་གྲོས་མཐུན་པར་བྱས་ནས་ཡིག་སྐུར་ཡང་དངོས་པོ་ གྱ་ནོམ་པ་དང་བཅས་བསྐུར་ནས། ཁྱེད་མར་བྱོན་ནས་ངེད་ཀྱི་དགོན་འདིར་ཆོས་ཀྱི་འཁོར་ ལོ་བསྐོར་དུ་གསོལ་ཞེས་པས། བྱམས་གསར་གྱི་ཐུགས་དགོངས་ལྟར་སྐྱིད་རབ་སེང་གེ་ དགོན་དུ་ཕེབས་ཏེ་ཆོས་འཁོར་རྒྱ་ཆེར་ལོ་བདུན་ཙམ་གྱི་བར་ལ་བསྐོར། བུ་ཆེན་ཀྱེ་པ་སྟོན་ པ། དབོན་ཀུན་དགའ་རྡོ་རྗེ། མི་རེ་དབོན་པོ་ཆོས་རྒྱལ། སྨྲ་འཕྲ་དབོན་པོ་ཆོས་དབང༌། ཉིད་ ཀྱི་དབོན་གྲགས་བཟང༌། མུར་རྡི་གྲགས་པ་རིན་ཆེན་སོགས་གདུལ་བྱ་མང་པོའི་རྒྱུད་ཀྱི་མུན་ པ་བསལ་བར་མཛད། དེ་ནས་ནུབ་མགོ་བྱང་ཆུབ་གླིང་དང་གཉིས་པོ་མཉམ་དུ་བསྐྱངས། རབ་སྒང་སོགས་ལ་ཆོས་ཀྱི་རྒྱུ་འགྲུལ་གྲྭ་སྐོར་ཆེན་པོ་བྱུང་ནས་བསྟན་པ་འཕེལ་ཞིང་རྒྱས་ པར་གྱུར་ཏོ། །མི་ཉག་ཕྱོགས་སུ་ཇོ་ནང་རང་ལུགས་འཛིན་པའི་སྐྱེས་ཆེན་དུ་མ་བྱོན་ནས་ངེས་ དོན་བཤད་སྒྲུབ་ཀྱི་བསྟན་པ་གྲགས་པའི་སྙན་པ་ཆེ་བ་སོགས་བརྗོད་འོས་དུས་སུ་བབ་ཀྱང་ ཁུངས་མ་རྙེད་དོ། ། 1-1-136 ༢ ཤར་འཛམ་ཐང་དུ་བྱུང་ཚུལ། གཉིས་པ་ཤར་འཛམ་ཐང་དུ་བྱུང་ཚུལ་ལ། འཛམ་ཐང་དུ་ཐོག་མར་བྱུང་ཚུལ་དང༌། རྗེས་ ནས་དར་ཚུལ་གཉིས་ལས། (༡) ཐོག་མར་བྱུང་ཚུལ་ནི། མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྡོ་རོལ་གྱི་ཆར་ཤར་འཛམ་ཐང་དགོན་འདི་དར་ལུགས་ ལ་མཁས་གྲུབ་དུ་མའི་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང༌། ༡༡༤༦ལོར་འཛམ་ཐང་དགོན་གྱི་ ཐོག་མ་འདི་དར། བོན་བསྟན་ལོ་༢༧༩ཙམ་གནས། དེང་དུས་སུ་འགྲན་ཟླ་དང་བྲལ་བ་ མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཤར་འཛམ་ཐང་གཙང་ཆེན་གཟིམ་ཁང་ཕོ་བྲང་ གི་རྡོ་རྗེ་སློབ་དཔོན་ངག་དབང་བློ་གྲོས་གྲགས་པའམ། སྐྱབས་མགོན་མ་ཏི་ཀིརྟི་ཞེས་པའི་ གསུང་རྩོམ་དཔལ་ལྡན་ཇོ་ནང་པའི་ཆོས་འབྱུང་རྒྱལ་བའི་ཆོས་ཚུལ་གསལ་བྱེད་ཟླ་བའི་སྒྲོན་ མེ་དང༌། ཇོ་ནང་ཆོས་འབྱུང་ལྷན་ཐབས་བརྒྱུད་རིམ་དཔལ་ལྡན་བླ་མ་གང་དག་གི་མཚན་ ཉིད་རབ་ཏུ་གསལ་བ་ཉི་གཞོན་འོད་སྣང་དད་པའི་པདྨོ་རྣམ་པར་བཞད་བྱེད་ཅེས་བྱ་བའི་ པོད་ཆེན་གསུམ་ཙམ་བཞུགས་པའི་ནང་དུ་དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས་ཀྱི་ངེས་ དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་ཐུན་མོང་མ་ཡིན་པ་འདི་མདོ་སྔགས་ཀྱི་ དགོངས་པ་མཐར་ཐུག་པར་ལུང་རིགས་ཀྱི་ལམ་ནས་འཆད་རྩོད་རྩོམ་གསུམ་དང༌། དབང་ ལུང་གདམས་ངག་ལ་བརྟེན་ནས་ཉམས་རྟོགས་ཁྱད་པར་ཅན་མངའ་བའི་མཁས་གྲུབ་གཉིས་ ལྡན་གྱི་སྐྱེས་ཆེན་རྣམས་འཕགས་ཡུལ་དང༌། ཤམྦྷ་ལ། བོད་ཡུལ་སྟོད་སྨད་སོགས་སུ་བྱོན་ ཚུལ་དང༌། བསྟན་པ་སྤེལ་ཚུལ་འགངས་ཆེ་བ་བཞུགས་པས། ཁོང་གི་བསྟན་རྩིས་གཞིར་ 1-1-137 བཟུང་བ་སྟེ། རབ་བྱུང་བདུན་པ་ཤིང་མོ་སྦྲུལ་༡༤༢༥ལོར་འཛམ་ཐང་དགོན་ཇོ་ནང་དུ་བསྒྱུར་ བས། ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་ཆོས་ལུགས་རྗེས་མ་རང་ལུགས་ ཆགས་འདེབས་བྱས། སྤྱིར་འཛམ་ཐང་དགོན་དར་ནས། ད་ལྟ་རབ་བྱུང་བཅུ་བདུན་པའི་ ལྕགས་ལུགས་༡༩༩༡ཡན་ལ་ལོ་༨༤༥སོང༌། (༢) རྗེས་ནས་དར་ཚུལ། གཉིས་པ་རྗེས་ནས་དར་ཚུལ་ལ། དྲུང་དཀའ་བཞི་པ་རཏྣ་ཤྲཱིའི་ལོ་རྒྱུས་དང༌། ཆོས་རྗེ་ བྱུང་ཚུལ། ཚེས་བཅུ་བྱུང་ཚུལ། གཙང་པ་བྱུང་ཚུལ། གཙང་པ་འགབ་མ་ཡག་མདོའི་སྒར་བྱུང་ ཚུལ་དང་ལྔ་ལས། ༡ དྲུང་དཀའ་བཞི་པ་རཏྣ་ཤྲཱིའི་ལོ་རྒྱུས། དང་པོ་དྲུང་དཀའ་བཞི་པ་རཏྣ་ཤྲཱིའི་ལོ་རྒྱུས་ནི། འཛམ་ཐང་ཆོས་སྡེ་རྗེས་མ་འདེབས་ མཁན་རིགས་ལྡན་དྲག་པོའི་རྣམ་སྤྲུལ་དྲུང་དཀའ་བཞི་པ་རཏྣ་ཤྲཱིའི་ལོ་རྒྱུས་ཨོ་རྒྱན་གྱིསློབ་ དཔོན་པད་འབྱུང་གིས་ཆེར་བསྔགས་ཀྱི་མེ་ཏོག་དུས་སུ་ལེགས་པར་འཐོར་བའི་ལུང་བསྟན་ པ་སྟེ། ཇི་སྐད་དུ། རྒྱལ་བའི་བློ་གྲོས་ལྷག་བསམ་སྟོབས་དང་ལྡན། །ཐོག་མཐའ་བར་དུ་ བསྟན་པའི་གཉེར་ཁ་བ། །ལན་ཅིག་བསྐལ་པ་དུས་ཀྱི་ཐ་མར་ཡང༌། །མདོ་ཁམས་ཚ་བའི་ དཔུང་ཞེས་བྱ་བ་ན། །རྣལ་འབྱོར་དབང་ཕྱུག་རཏྣའི་མཚན་ཅན་ཞིག །གསང་སྔགས་བསྟན་ འཛིན་འགྲོ་བ་དཔག་མེད་འདྲེན། །དགྱེས་པའི་མདངས་ལྡན་དཔའ་བོའི་གཟུགས་སྟོབས་ ཅན། །ཡིག་བདུན་བསྟན་པས་འགྲོ་བ་སྐྱོང་བྱེད་ཅིང༌། །ཀུན་ཀྱང་གསང་སྔགས་མཆོག་ལ་ འགོད་བྱེད་འབྱུང༌། །ཞེས་གསུངས་པ་དང༌། གཞན་ཡང༌། ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་ བསྟན་གསུངས་པ། ཆོས་ལུགས་ཉམས་པར་བྱེད་པ་ངན་རིགས་ཅན། །སྣང་ཞིག་བོན་ནག་ 1-1-138 སྤྲེའུ་གཟུགས་ཞྭ་དཀར་ཅན། །ཟུང་ཆུའི་ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །ལྟ་ངན་མུན་ པས་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་པ་སྟེ། །ཆོས་ཀྱི་འོད་ སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་འབྱུང་བར་འགྱུར། །ཡང་དག་ལྟ་ བའི་སེང་གེའི་སྒྲ་སྒྲོགས་པས། །ལྟ་ངན་རིགས་ཅན་མ་ལུས་ཚར་བཅད་ནས། །མདོ་ཁམས་ གནས་སུ་ང་ཡིརྗེ་བསྟན་པ་བྱུང༌། །དེ་ཡི་སྲས་ལ་ཡོང་འཛིན་དཔག་ཏུ་མེད། །རྒྱལ་བའི་ཆོས་ ལུགས་ཡུན་རིང་གནས་པར་འགྱུར། །ཞེས་པའི་ལུང་བསྟན་པའི་དྲུང་རཏྣ་ཤྲཱི་འཛམ་གླིང་སྟོང་ ཁུན་རྒྱལ་པོའི་ཡུལ་མཐའ་འཁོབ་རྒྱལ་མོ་ཚ་བ་རོང་དུ་འཁྲུངས། ཇོ་ནང་དཔལ་དུ་བྱོན་ནས་ ཕྱོགས་རྒྱལ་བ་ཡབ་སྲས་ཀྱི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་གསན་ཏེ་རྫོགས་པར་ཐུགས་ སུ་ཆུད་ནས་འཕྲིན་ལས་རྣམ་བཞི་ལ་མངའ་བརྙེས་པའོ། །ཡང་ཀུན་མཁྱེན་ཆེན་པོས་འདི་ སྐད་གསུངས་པ་སྟེ། ང་ནི་འདི་ནས་འགྲོ་བའི་ཞག་འགའ་ན། །འཕྲིན་ལས་རྣམ་བཞིའི་གློག་ དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ། ལྟ་ངན་མུན་སེལ་མི་བཟད་དྲག་ པོ་ཆེ། །དགེ་སློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ཁྲོད་ ཆེན་པོ་འདི་ན་འོངས་པར་འགྱུར། །བུ་ཁྱོད་ཀྱི་ནི་རྗེས་སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ ཆོས་བདུད་རྩིས་རྒྱུད་ཚིམས་ནས། །མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ ལ་བརྟེན་པའི་ལུང་བ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་ བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་ སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །ཀུན་གྱིས་མཆོད་གནས་ བཀུར་སྟི་བྱ་བའི་གནས། །ཞེས་པའི་ལུང་བསྟན་པའི་དགོན་གནས་འཚོལ་བཞིན་དྲུང་རཏྣ་ ཤྲཱི་ཇོ་ནང་ནས་ཕྱིར་ཁམས་ཕྱོགས་སུ་ཕེབས་པས་འཛི་ཆུ་རྒྱས་ནས་རབ་མ་ཚུགས་པར་དེར་ བཞུགས། ཞལ་འདོན་གྱི་ཚིག་མཚམས་ཡང༌། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། 1-1-139 །ཞེས་པའི་རྟེན་འབྲེལ་དང་ལུང་བསྟན་པའི་དགོན་གནས་འདི་ཡིན་ཀྱང་ད་ལན་དགོན་པ་ ཞིག་འདུག་པས་ཇི་ལྟར་བྱ་དགོངས་ནས་ཐོག་མར་ཐབས་ཀྱིས་གནས་ཚང་གཡར་དགོས་ ཞེས་ཞབས་ལྷམ་དང་མཇལ་དར་བསྐུར་བ་ལ། དགོན་དེ་བོན་པོའི་དགོན་པ་ཡིན་པས་དགོན་ གྱི་བོན་པོ་རྣམས་ཀྱིས་ཀྱང་དར་དང་བཞུགས་གདན་ཕུལ་བ་སོགས་རྟེན་འབྲེལ་དུ་མ་ལེགས་ པར་འགྲིགདེ་ནས་ཕྱིས་སུ་དྲུང་རཏྣ་ཤྲཱིས་ཆོ་འཕྲུལ་གྱི་མཛད་པ་མང་པོ་དག་བསྟན་པས་བོན་ པོ་རྣམས་ཀྱིས་དགོན་གཞི་ཕུལ་ཏེ་ཁོང་རང་རྣམས་ཡུལ་བུད་ནས་སོང་ཤུལ་གྱི་གནས་སུ་དྲུང་ དཀའ་བཞི་རིན་ཆེན་དཔལ་ཉིད་ཀྱིས། ཤིང་མོ་སྦྲུལ་ལོར་དཔལ་གྱི་འཛམ་ཐང་ཆོས་སྡེ་ཆེན་ པོ་བཏབ་སྟེ་ངེས་དོན་གྱི་བསྟན་པའི་གཞི་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་ངེས་གསང་ ཟབ་མོའི་ལུགས་བཟང་སྒྲུབ་བརྒྱུད་གཙོ་བོར་བྱས་ནས་དར་རྒྱས་སུ་མཛད་པའི་དབུ་བརྙེས་ པ་སྟེ། འདི་སྐབས་སུ་ཇོ་ནང་དཔལ་དུ་རྒྱལ་ཚབ་འཛིན་པ་འཇམ་དབྱངས་དཀོན་མཆོག་ བཟང་པོའི་དུས་ཙམ་ཡིན་པར་མངོན། དེ་ནས་མདོ་སྨད་ཤར་འཛམ་ཐང་གི་ཆོས་སྡེ་དེར་དྲུང་ དཀའ་བཞི་པས་ཞི་རྒྱས་དབང་དྲག་གིས་གང་འདུལ་གྱི་མཛད་པ་མཐའ་ཡས་པའི་སྒོ་ནས་ མཐའ་འཁོབ་དམུ་རྒོད་ཀྱི་སེམས་ཅན་འདུལ་དཀའ་བ་རྣམས་བཏུལ་ཏེ་ངེས་དོན་གསང་ཆེན་ ཐེག་པའི་ཆོས་སྒོར་བཙུད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་བསྟན་པ་རྒྱས་ཤིང་འགྲོ་ བའི་བདེ་སྐྱིད་འཕེལ་བར་བྱས་ལ། དེ་ཉིད་ཀྱི་གདན་ས་འཛིན་པ་མཁན་ཆེན་དཀོན་མཆོག་ རྒྱལ་མཚན། ཚེས་བཅུ་རཏྣ་ཀིརྟི། ཨརྒེ་ཉི་མ་འོད་ཟེར། ཆོས་རྗེ་གཞོན་ནུ་རྒྱལ་མཚན། རྒྱལ་ བ་བཟང་རྣམས་ཀྱིས་གཙོས་འདུས་སྡེ་སྟོང་ཕྲག་ཙམ་འཚོགས་ཞེས་གྲགས་སྐད། འདིའི་རྣམ་ ཐར་རྒྱས་པ་དང༌། སྐུ་ཕྲེང་ལྔ་ཡོད་ཀྱང་ཡི་གེ་མང་བས་མ་བྲིས། 1-1-140 ༢ ཆོས་རྗེ་བྱུང་ཚུལ། གཉིས་པ་ཆོས་རྗེ་བྱུང་ཚུལ་ནི། ཆོས་རྗེའི་སྐུ་ཐོག་མ་རྒྱལ་བ་བཟང༌། ༡༤༡༩ལོར་ འཁྲུངས། ༦༤ལ་འདས། འདིའི་སྤྲུལ་པ་ཆོས་རྗེ་དཔལ་འབྱོར་བཟང་པོ་ཡང༌། སློབ་དཔོན་ པདྨའི་བཀའ་ལུང་གསལ་པོས། འདི་སྐད། རྒྱལ་རོང་ཆུ་མགོ་རྡོ་སྟོད་ཞེས་བྱ་བར། །འཛུམ་ ལུང་ཞེས་བྱ་ལུང་ཆུང་གཅིག་ཏུ་ན། །འོད་ཟེར་ཡབ་ལ་སྒྲོལ་མ་ཞེས་བྱའི་ཡུམ། །འབྲུག་སྦྲུལ་ ལོ་བ་རྒྱལ་གྱི་མིང་ཅན་འབྱུང༌། །འཆད་རྩོད་རྩོམ་དང་ཤེས་བྱ་དག་ལ་མཁས། །འགྲོ་དོན་ བསྟན་པ་ཤར་གྱི་ཕྱོགས་སུ་དར། །འཁོར་དུ་དགེ་སློང་དགེ་འདུན་སྟོང་གིས་བསྐོར། །པདྨ་ང་ སྤྲུལ་ཡིན་ཏེ་ངོ་མི་ཤེས། །སྐུ་ཚེའི་ཚད་ནི་བདུན་ཅུ་དོན་བཞི་སྟེ། །སྔགས་པས་ཚེ་སྒྲུབ་དག་ལ་ འབད་གྱུར་ན། །བརྒྱད་ཅུ་རྩ་བཞིའི་བར་དུ་འཚོ་ཡང་སྲིད། །ལོག་བྱེད་སྙིགས་མའི་དུས་ཀྱི་མི་ རྣམས་ཀུན། །ཚུལ་བཞིན་གུས་པས་ཡིད་ཀྱིས་གསོལ་བ་ཐོབ། །དེ་དང་འབྲེལ་ཚད་དགའ་ ལྡན་གནས་སུ་སྐྱེ། །ཞེས་པའི་ལུང་བསྟན་པ་ཆོས་རྗེ་རྒྱལ་བ་སེང་གེ་དཔལ་འབྱོར་བཟང་པོ་ རྡོ་རོང་ཞེས་བྱ་བ་འཛུམ་ལུང་གི་ཆར་གཏོགས་རྡོའི་ཤུགས་ཆེན་དུ་མང་བཀུར་ལྷ་བབས་ཀྱི་ རིགས་ལྷུ་བཞིར་མགོན་རྒྱལ་ནག་པོའི་གདུང་རིགས་ཡབ་རྗེ་དཀོན་མཆོག་སྐྱབས་ཀྱི་གདུང་ རབས་མ་ཆད་པའི་ཡབ་དཀོན་རྒྱལ་བ་འོད་ཟེར་དང་ཡུམ་དཔལ་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་ སུ་འཁྲུངས། དགུང་ལོ་བཅུ་གསུམ་བཞེས་ནས་ཕྱི་ནང་གི་ཆོས་སྐོར་མ་ལུས་པ་མཁྱེན། སློབ་ དཔོན་པདྨ་ལན་གསུམ་བཞིར་དངོས་སུ་བྱོན་ནས་བྱིན་རླབས་དང་དབང་བསྐུར་གནང༌། མཚན་གྱི་སྙན་པ་ཡོངས་སུ་གྲགས་པས་མདོ་ཁམས་ཀྱི་ཉི་མ་གཅིག་པུར་གྱུར་པ་སྟེ། དེ་ཡང་ དགུང་ལོ་བཅུ་གསུམ་པར་ཀུན་མཁྱེན་དོལ་པོའི་སྐྱེ་བར་གྲགས་པ་རཏྣ་ཀིརྟིའི་དྲུང་དུ་བྱོན་ ནས་མཇལ་ཚེ་བླ་མ་སྤྱན་རས་གཟིགས་སུ་མཐོང་ཕྱག་འབུལ་སྐབས་བླ་མ་ཡི་དམ་སངས་ རྒྱས་བྱང་སེམས་རྣམས་བླ་མའི་སྐུ་ལ་ཐིམ་སོང་བའི་རྣམ་པ་གསལ་བར་གཟིགས་ཤིང་ཟབ་ 1-1-141 བཀའ་མང་པོ་ཞུས་དྲུང་དཀའ་བཞི་པའི་གདན་ས་བ་ཆེན་པོ་མཁན་དཀོན་མཆོག་རྒྱལ་ མཚན་གྱིས་གཙོས་དགེ་འདུན་མང་པོའི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ། མཚན་ དཔལ་འབྱོར་བཟང་པོ་ཞེས་གསོལ། དེ་ནས་རྒྱལ་རོང་གི་བཞག་ར་ལྷ་རྩེའི་དགོན་དུ་ཕེབས་ ནས་ཆོས་འབྱུང་ནམ་མཁའ་རྫོང་དུ་ཟླ་བ་དྲུག་ཏུ་སྐུ་མཚམས་དམ་པོར་བཞུགས་པས་གནས་ ལུགས་དོན་གྱི་སྙིང་པོའི་རང་ངོ་འཕྲོད། དེ་ནས་གྲུབ་པའི་དབང་ཕྱུག་ལྕགས་མདུད་ཤེས་ རབ་རྒྱལ་མཚན་གྱི་དྲུང་དུ་བྱོན་པར་དགོངས་ཚེ་དཔལ་ལྡན་ལྷ་མོ་སོགས་ཀྱིས་བསུ་བ་དང༌། མཁའ་འགྲོ་སེང་གདོང་མགོན་པོ་ཕྱག་དྲུག་པ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ དེར་བྱོན་ལྕགས་མདུད་དྲུང་ནས་མདོ་སྔགས་ཀྱི་གཞུང་མང་པོ་དང་དབང་བཀའ་རིམ་གཉིས་ ཀྱི་བཤད་པ་མཐའ་དཔྱད་མན་ངག་དང་བཅས་མཐའ་དག་གསན། སླར་རྩེ་ཐོག་རྒྱལ་བའི་ གཏེར་གནས་སུ་བྱོན་ཏེ་བཞུགས་སྐབས་སངས་རྒྱས་བྱང་སེམས་མཁའ་ལ་སྤྲིན་འཐིབ་པ་ བཞིན་གཟིགས། གསེར་ཤོད་རྡོ་རྗེ་འཆང་རྒྱལ་མཚན་སེང་གེའི་དྲུང་དུ་དབང་གདམས་ངག་ མང་པོ་ཞུས་ནས་ཐབས་ལམ་བསྐྱེད་རིམ་ཉམས་བཞེས་གནང་སྐབས། དཔལ་ནག་པོ་ཆེན་པོ་ ལྕམ་དྲལ་དང་དམ་ཅན་མགར་ནག་དང་བཅས་པས་མཐུན་རྐྱེན་སྒྲུབ་པ་མངོན་སུམ་བྱུང༌། དེ་ ནས་སླར་དཔལ་གྱི་འཛམ་ཐང་དུ་ཕེབས་ནས་དགུང་ལོ་ཉེར་གསུམ་པར་རཏྣ་ཀིརྟིའི་དྲུང་དུ་ རྒྱུད་སྡེ་རྒྱ་མཚོའི་དཀྱིལ་འཁོར་མང་པོའི་ཞལ་ཕྱེས་ནས་དབང་བཀའ་ཡོངས་རྫོགས་གསན། དེར་མཁན་སློབ་བཅུ་གསུམ་གྱི་དབུས་སུ་གསོལ་ཀ་བ་ཡོན་ཏན་རྒྱ་མཚོ་དང་ལྷན་ཅིག་བསྙེན་ པར་རྫོགས། དེ་ནས་རིམ་པར་གདུལ་བྱ་རྣམས་རྗེས་སུ་བཟུང་སྟེ་འཛམ་ཐང་དགོན་འདིར་ བསྟན་པའི་རྒྱལ་མཚན་འཛིན་པའི་གྲུབ་རྟགས་མངོན་གྱུར་ཐོགས་མེད་མངའ་བ་སྤྲུལ་པའི་ སྐུ་ཆེན་པོ་བཅུ་གསུམ་གྱིས་གཙོས་དགེ་འདུན་སྟོང་ཕྲག་མང་པོ་ལ་མདོ་སྔགས་རྒྱུད་སྡེ་སྤྱི་དང་ དུས་ཀྱི་འཁོར་ལོའི་བཤད་སྒྲུབ་འཆད་ཉན་རྩོམ་གསུམ་དབང་བཀའ་ལུང་དང་བཅས་ཟབ་ 1-1-142 ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་གདུལ་བྱ་རང་རང་དང་འཚམ་པར་བསྐོར་བས་སྨིན་གྲོལ་གྱི་ ལམ་བཟང་པོ་ལ་འགོད་པར་མཛད་དོ། །དེ་དག་གི་སྙན་པ་ཕྱོགས་སུ་ཁྱབ་པས་སྐུ་ཐོག་དེར། གོང་མ་ཆེན་པོ་ཏཱ་མིང་རྒྱལ་པོ་དང༌། སོག་པོ་ཡོངས་ཤུའི་བུ་དང༌། ཧོར། འཇང༌། བཙན་ལྷ་ རབ་བརྟན་ལ་སོགས་པའི་རྒྱལ་ཆེན་རྣམས་ཀྱིས་བླ་དཔོན་དུ་བཀུར་ཞིང་གསེར་ཡིག་གསེར་ ཐམ་དང་བཅས་གནང་ངོ༌། །དཔལ་གྱི་འཛམ་ཐང་དགོན་འདིར་གཟིམ་ཁང་བདེ་ཆེན་བཤད་ སྒྲུབ་དཔལ་གྱི་ཕོབྲང་བཞེངས་པ་དང༌། རྗེས་སུ་ལོ་འགའ་ཞིག་ནས་རྒྱལ་བའི་རྟེན་ཁང་ལྷུན་ གྱིས་གྲུབ་པ་ཁང་དམར་གཙུག་ལག་ཁང་བཞེངས་པའི་དུས་སུ་ཡུལ་མི་ཀུན་གྱིས་དགའ་ སྟོན་དང་བཅས་བཞེངས་པའི་ཆ་རྐྱེན་མ་ཕུལ་བ་གཅིག་ཀྱང་མེད་ལ། སོ་སོར་རྟེན་འབྲེལ་ བརྟགས་པའི་མིང་ཡང་ལེགས་པ་བཀྲ་ཤིས་སྨོན་ལམ་དང་བཅས་རེ་རེ་གནང༌། ཕྱི་བཀོད་ རྫོགས་པ་དང་ནང་བཞུགས་ཀྱི་སྐུ་རྟེན་སོགས་བཞེངས་སྐབས་ཆོས་སྐྱོང་རྣམས་ལ་གཏོར་མ་ རྒྱ་ཆེར་བཏང་ནས་ལས་བཅོལ་གཏད་སྐབས་གསེར་གྱི་གོ་ཁྲབ་ཅན་གྱི་མི་ཆེན་གཉིས་བྱུང་ ནས་ཐུགས་ཀྱི་དགོངས་པ་ལ་བར་ཆད་གང་ཡང་མེད་པར་སློབ་དཔོན་པདྨ་དང་མཁའ་འགྲོ་ གསང་བ་ཡེ་ཤེས་སོགས་ཀྱི་བྱིན་རླབས་དང་བཅས་མཉམ་དུ་གྲུབ་བོ་གསུངས་ནས་མི་སྣང་ བར་གྱུར་ཏོ། །དེ་ནས་རྟེན་རྣམས་ལ་རབ་གནས་རྗེ་བླ་མ་ཉིད་དང་སློབ་དཔོན་རྒྱལ་མཚན་ སེང་གེས་དབུར་བཅས་བུ་ཆེན་བཅུ་གསུམ་དང་དགེ་སློང་ཕྱི་ནང་ཚུལ་ལྡན་བརྒྱ་ཕྲག་གཅིག་ གིས་གསང་འདུས། དགྱེས་རྡོར། དུས་འཁོར་སོགས་རྒྱུད་སྡེའི་དཀྱིལ་འཁོར་མང་པོའི་ཞལ་ ཕྱེས་ཏེ་སྒྲུབ་མཆོད་ཞག་བདུན་བར་དུ་མཛད་ཅིང་ཉིན་རེ་བཞིན་རབ་གནས་ཕྱག་ལེན་ཐེབ་ ངེས་མཛད་པས་ཀུན་ཡིད་ཆེས་ཤིང་ངོ་མཚར་བའི་ལྟས་ཀྱང་དཔག་མེད་བྱུང་ལ། དེ་ལས་ ཐུབ་པའི་དབང་པོའི་སྐུ་གཟུགས་ལས་འོད་ཟེར་གྱི་ཚོགས་དུ་མ་གསེར་བཙོ་མའི་མདོག་ལྟ་ བུ་གློག་འོད་འཁྱུག་པ་བཞིན་བྱུང་བས་ས་དང་ནམ་མཁར་ཁྱབ་ཅིང་འོད་ཀྱི་ཕུང་པོའི་དཀྱིལ་ 1-1-143 ནས་སྙན་པའི་སྒྲ་གདངས་ལ། འདི་ལྟར་ཚིགས་སུ་བཅད་པ་བྱུང་བ་སྟེ། བསྐལ་པ་སྔོན་ནས་ མངོན་པར་བྱང་ཆུབ་ཀྱང༌། །མཐའ་ཡས་འགྲོ་ལ་བྱམས་བརྩེའི་ཐུགས་བསྐྱེད་མཐུས། །བརྒྱད་ ཁྲི་སྐལ་པ་བཟང་པོའི་ཞིང་ཁམས་ལས། །རྫོགས་ལྡན་བྱམས་པས་འབྲེལ་ཚད་ལུང་བསྟན་ འབྱུང༌། །ཞེས་པའི་དབྱངས་ཀྱི་སྒྲ་ཤིན་ཏུ་འཇམ་པའི་ཚིག་ལན་ལྔའི་བར་དུ་སྐྱེས་བུ་ཀུན་གྱི་ མཐོང་ཐོས་སུ་བྱུང་ངོ༌། །དེ་འདྲའི་ཁང་དམར་གཙུག་ལག་ཁང་ཆེན་པོས་གཙོས་དགོན་ལག་ བརྒྱ་དང་བཅུ་གསུམ། མཆོད་རྟེན་བརྒྱ་དང་བཅུ་གསུམ་ཕྱག་འདེབས་མཛད། གཞན་ཡང་ དཔལ་དགུ། རྩེ་ལྔ། ཐང་བརྒྱད་ཀྱི་བདག་པོ་གྱུར་ཏོ། །ནང་གི་བསྟན་པའི་གཉེར་ཁ་བ་རྒྱལ་ མོ་རོང་གི་ཕྱོགས་ཚ་ཁོ་བ་ངག་དབང་གྲགས་པའི་དབོན་པོ་ཆོས་གྲགས་རྒྱ་མཚོའི་སྐུ་རིགས་ ཀྱི་དབོན་དུ་མཛད་ནས་དེ་ལས་བྱུང་བའི་རིགས་རུས་ཀྱང་འཛིན་པ་ཤིན་ཏུ་མང་ངོ༌། །དེ་ནས་ དགུང་ལོ་རེ་དགུ་པར་རྟོགས་པ་བདེ་ཆེན་གྱི་རང་ངོ་ཧྲིག་གེར་བཞུགས་ནས་གནས་ལུགས་ གདོད་མ་ཆེན་པོ་འཁོར་འདས་ཡོངས་ཁྱབ་ཀྱིས་བརྟན་གཡོའི་རོལ་གར་ཅིར་ཡང་འཛིན་པའི་ མཛད་པ་མཐའ་ཡས་པའི་རྣམ་པར་ཐར་པ་དོན་དམ་ཆོས་ཉིད་ཀྱི་ཉམས་མགུར་རྡོ་རྗེའི་གླུ་ དབྱངས་གསུངས་སོ། །དེ་ནས་གྲྭ་སློབ་མང་པོ་བཅས་གསེར་ཤོད་ནས་བརྒྱུད་ལྗགས་མདའ་ དགོན་སོགས་དགོན་ལག་རྣམས་ལ་བཀའ་འཕྲོས་ཀྱི་ཞལ་གདམས་སོགས་ཀྱིས་འགྲོ་དོན་ མཛད། འབའ་ལྷ་སྒང་ལ་ཆགས་ཕེབས་ལོ་གཅིག་བཞུགས་ནས་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་ས་སྐྱའི་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་སྤྱན་དྲངས་ཏེ་ཆོས་མང་གསུང་སྐབས་རྣམ་ རྒྱལ་ཆེན་མོའི་མཆོད་རྟེན་བཞེངས། རབ་གནས་སྐབས་མཆོད་རྟེན་ལས་འོད་ཟེར་བྱུང་སྟེ་སྒྲ་ གདངས་སྙན་པ་བྱུང་བ་ཀུན་གྱིས་ཐོས་པས་ཡ་མཚན་སྐྱེས་པ་སོགས་ངོ་མཚར་བ་མང༌། དེར་ ཀུན་གྱིས་ཡུན་རིང་བཞུགས་ཞུས་གསོལ་ཡང་ཆོས་སྐྱོང་གིས་བསྐུལ་བས་མ་གསན་པར་ སླར་འཛམ་ཐང་དུ་ཕེབས་ཚེ་གཞོན་ནུ་རྒྱལ་མཚན་པའི་ཡང་སྤྲུལ་སོགས་སྤྲུལ་སྐུ་བཞིས་ཐོག་ 1-1-144 དྲངས་དགེ་འདུན་སྟོང་ཕྲག་བཅུས་ཉིན་ལམ་གཅིག་ཏུ་སེར་ཕྲེང་གིས་བསུ་བ་མཛད། སླར་ འཛམ་ཐང་གཟིམ་ཁང་བདེ་ཆེན་བཀྲ་ཤིས་འཁྱིལ་དུ་སྤྱན་དྲངས་ནས་རྡོར་ཕྲེང་དཀྱིལ་འཁོར་ ཞེ་དགུ་རྡུལ་ཚོན་གྱི་སྟེང་ནས་དབང་བསྐུར། དེ་ནས་ལོ་གཉིས་སུ་བྱང་ཕུག་རྡོ་རྗེ་གདན་དུ་ སྒྲུབ་པ་མཛད་ནས་བཞུགས། དགུང་ལོ་དོན་གཉིས་ན་ཁམས་ཅུང་མི་བདེ་བའི་ཚུལ་བསྟན་ དབོན་བཀྲ་ཤིས་རྒྱ་མཚོས་ཞུ་ཕུལ་ལྟར་སླར་འཛམ་ཐང་དུ་ཕེབས། བུ་ཆེན་རྣམས་ལ་སོ་སོར་ བཀའ་འཕྲོ་བཅས་བསྟན་པའི་འཕེལ་འགྲིབ་ཀྱི་ལུང་བསྟན་དང༌། ཁོང་གི་མཛད་པའི་ཐ་མ་ ཡིན་ཚུལ་སོགས་རིམ་པས་གནང༌། རཏྣ་ཀིརྟིའི་ཡང་སྤྲུལ་རིན་ཆེན་དཔལ་སོགས་དཔལ་གྱི་ མཚན་ཅན་བུ་ཆེན་བཅུ་གསུམ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རང་འདྲ་དུ་མ་རྣམས་ ཀྱིས་གཙོས་དགེ་འདུན་སྟོང་ཕྲག་དུ་མ་ལ་རང་རང་གི་སྐལ་པ་དང་འཚམ་པའི་ཟབ་ཆོས་མང་ དུ་གནང་བའི་མཐར་འབྲུག་ལོའི་ཟླ་བ་བཅུ་པའི་ཚེས་བརྒྱད་ཉིན་སྤྲུལ་པའི་དཀྱིལ་འཁོར་ ཆོས་ཀྱི་དབྱིངས་སུ་གཤེགས་པས་མཁའ་ལ་འཇའ་འོད་དང༌། ས་རྣམ་པ་དྲུག་ཏུ་གཡོས་ཤིང་ བར་སྣང་ལ་སྒྲ་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་དགེ་མཚན་ཤིན་ཏུ་མང་ངོ༌། །༡༥༨༧ ལོར་བོན་རེ་ཤིང་བ་འཁྲུངས། ༢༨ ལ་འདས། ༡༦༡༨ ལོར་གྲགས་པ་འོད་ཟེར་འཁྲུངས་པར་ སྙམ། ༥༢ལ་འདས། ༡༦༧༤ ལོར་གོ་རྒྱལ་འཁྲུངས། ༦༣ ལ་འདས། ༡༧༨༠ ལོར་ངེས་དོན་ བསྟན་པ་དར་རྒྱས་འཁྲུངས་པར་སྙམ། ༡༨༡༠ལོར་འཛམ་ཐང་དགོན་གྲོང་ནག་ལ་བསྒྱུར། ༣༥ ལ་འདས། ༡༧༨༨ ལོར་འཇིགས་མེད་དཔལ་སེང་འཁྲུངས། ༤༨ ལ་འདས། ༡༨༥༩ ལོར་མི་ཕམ་ཆོས་ཀྱི་བྱམས་པ་འཁྲུངས། ༢༥ ལ་འདས། ༡༨༨༥ ལོར་མི་ཕམ་འཇིགས་མེད་ བསྟན་པའི་དབང་པོའམ་བསྟན་པའི་ཉི་མ་འཁྲུངས། ༧༤ ལ་འདས། ཁང་དམར་གདན་ རབས་རིམ་བྱོན་ལོགས་ན་ཡོད་ཀྱང་མ་སྤྲོས། 1-1-145 ༣ ཚེས་བཅུ་བྱུང་ཚུལ། གསུམ་པ་ཚེས་བཅུ་བྱུང་ཚུལ་ནི་དྲུང་དཀའ་བཞི་པའི་དངོས་སློབ་ཚེས་བཅུ་རཏྣ་ཀིརྟིའི་ སྐུ་ཕྲེང་གི་ཚུལ་ལ། ཐོག་མར་རཏྣ་ཀིརྟིའི་ལོ་རྒྱུས་ནི། སྤྱིར་འཛམ་ཐང་སྒར་ཁག་གསུམ་ལས་ གྲགས་ཆེན་གྱི་མཐོ་བ་ཆོས་རྗེ་ཡིན་ཀྱང་སྒར་ཁག་སྔ་ཤོས་ནི་ཚེས་བཅུའི་སྒར་ཡིན་ཏེ། དེ་ ཡང་རྗེ་ཇོ་ནང་པ་ཆེན་པོ་གང་ཉིད་ཀྱི་རྣམ་འཕྲུལ་དུ་གྲགས་པ་ཚེས་བཅུ་རིན་ཆེན་གྲགས་ པ་འཁྲུངས་ཡུལ་རྡོའི་སྨད་ཀྱི་ཆར་གཏོགས་དར་སྐུ་འབྱོར་འགོས་ཐང་སྟེ། དེར་གདུང་རུས་ བསེ་ཁྱུང་གི་རྒྱུད་ལས་ཆད་པའི་མི་ཡི་རིགས་སུ་སྐུ་བལྟམས་ཚེ་ནམ་མཁའ་ནས་ཡི་གེ་དྲུག་ མའི་སྒྲ་དབྱངས་རང་གྲགས་སུ་བྱུང་བ་སོགས་ངོ་མཚར་བའི་ལྟས་མང་ཞིང༌། དེ་ནས་བསྐྱེད་ བསྲིངས་ཏེ་སྐུ་ན་སོན་སྐབས་ཀློག་ཡིག་སོགས་ཀྱི་སྦྱང་བ་བྱས་རྗེས་ཤིག་ནས་དཔལ་འཛམ་ ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཆེད་ཀྱིས་ཕེབས་ཏེ་རིགས་ལྡན་དྲག་པོའི་རྣམ་རོལ་དྲུང་ དཀའ་བཞི་རིན་ཆེན་དཔལ་ངེས་དོན་བསྟན་པའི་བདག་པོར་བཞུགས་པ་དེ་ཉིད་སྒོ་གསུམ་ གུས་པས་བླ་མར་ལེགས་བཀུར་མཛད་ནས་ཁོང་གི་མདུན་དྲུང་ནས་ཐུན་མོང་མདོ་ཕྱོགས་ ཀྱི་སྡེ་སྣོད་ཅི་རིགས་དང༌། ཐུན་མིན་སྔགས་ཕྱོགས་ཀྱི་ཟབ་བཀའ་དབང་ལུང་མན་ངག་ བཤད་ཁྲིད་ཞིབ་རྒྱས་ལེགས་གསན་མཛད་དེ་ཟབ་མོའི་དོན་གྱི་ཚུལ་ལ་ཐོས་བསམ་གྱིས་ སྒྲོ་འདོགས་ཆོད་ངེས་བྱས་མཐར་སྒོམ་སྒྲུབ་རྩེ་གཅིག་པས་སྐུ་ཚེ་གང་བོར་སྤོང་བ་བསམ་ གཏན་གྱིས་དུས་འདའ་བཞིན་འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་གཏིང་ནས་ཆོད་པའི་ཀུན་ སྤངས་ཀྱི་ཚུལ་དུ་བཞུགས་པས་ཐུགས་ལ་མདོ་སྔགས་ཀྱི་མངོན་པར་རྟོགས་པ་ཁྱད་པར་བ་ འཁྲུངས་ཏེ་སྒོམ་པའི་ཀློང་དུ་གྱུར་ཞིང་རིམ་གཉིས་ཀྱི་རྣལ་འབྱོར་མཆོག་གི་རྩེར་སོན་པའི་གོ་ 1-1-146 འཕང་ན་ལེགས་བཞུགས་མཛད་པའི་རང་དོན་མཐར་ཕྱིན་གྱི་ཆོས་སྒོ་རྒྱ་མཚོའི་བདག་ཉིད་ ཀྱི་སློབ་དཔོན་གདུལ་བྱ་འདུལ་བ་དུས་སུ་བབ་ཀྱང་ད་དུང་རྣལ་འབྱོར་མཆོག་ལ་རེམ་ཚུལ་ གྱིས་སྒྲུབ་ཁང་དུ་བསམ་གཏན་མཉམ་བཞག་ལ་རྩེ་གཅིག་ལྷུར་ལེན་གྱི་མཛད་སྒོའི་ངང་བར་ སྐབས་ཞར་བྱུང་ཙམ་ལ་གདུལ་བྱ་མཆོག་རྗེས་སུ་བཟུང་རིམ་ཆོས་རྗེ་དཔལ་འབྱོར་བཟང་ པོ་སོགས་ཐུགས་སྲས་སྐལ་པ་དང་ལྡན་པ་འགྲོ་འདྲེན་གྱི་མཛད་བཟང་ཅན་ཆེས་མང་ཚོད་དུ་ འདུག་པ་སོགས་འགྲོ་ཕན་ཡངས་པར་མཛད་ལ། ཉིད་ཀྱི་གསུང་རབ་ཀྱི་བརྩམ་ཆོས་ལེགས་ གནང་མཛད་པའང་དྲུང་དཀའ་བཞི་པའི་རྣམ་ཐར་དང༌། དུས་ཀྱི་འཁོར་ལོའི་ཆོ་ག་སོགས་ གསང་ཆེན་ངེས་པའི་དོན་ལ་ཉེར་མཁོའི་ཡིག་ཆའང་ཅི་རིགས་ལེགས་འཇོག་གི་བྱས་རྗེས་ དང༌། རྣམ་པར་དཀར་བའི་མཛད་སྒོ་དཔལ་འཛམ་ཐང་གི་ཆོས་སྡེར་མཆོད་རྟེན་བཀྲ་ཤིས་སྒོ་ མང་ཆེ་ཁྱད་རྫོགས་པའི་ངོ་མཚར་བ་ཕྱི་བཀོད་མཛེས་ཆ་ཀུན་དང་ནང་རྟེན་ལུག་མ་སྐུ་བརྙན་ སྣ་ཚོགས་གྱང་རིས་ལྷ་ཡི་བཀོད་རིམ་བཅས་གང་ཐད་ནས་ཁྱད་ཆོས་ཡོངས་སུ་རྫོགས་པའི་ ཐུགས་རྟེན་ལེགས་གྲུབ་རབ་གནས་དགའ་སྟོན་སོགས་ཀྱི་སྐབས་གྲུབ་པའི་དབང་ཕྱུག་རང་ གི་ཆོས་ཀྱི་མཆེད་གང་དག་གི་མཛད་བཟང་ཡ་མཚན་པའི་གྲུབ་རྟགས་མཆོད་རྟེན་གྱི་ལས་ འཇུག་གྲུབ་ལ་ཉེ་སྐབས་དང༌། དེགྲུབ་ཟིན་དུས་སུ་མཁའ་ལམ་ནས་ཉི་མ་བཟུང་ཞིང༌། རབ་ གནས་མཆོད་པའི་དུས་སུ་ཐག་རིང་ནས་བརྟན་བཞུགས་མཛད་པའི་ནས་འབྲུ་ཕུག་རོན་ ཙམ་པ་ཆར་ལྟར་མཆོད་རྟེན་གྱི་ཐོག་ཏུ་བབས་པ་དང༌། རྒྱང་རིང་ནས་ཆོས་གོས་ཀྱི་གོས་ འབུལ་ཕུལ་བས་མཆོད་རྟེན་གྱི་ཆོས་འཁོར་སེར་ལྷམ་མེར་ཁེབས་པ་སོགས་དགེ་མཚན་ཁྱད་ འཕགས་ཆེས་ཀུན་ནས་འཛོམས་པའི་རྟེན་བཞེངས་ཟླ་དང་བྲལ་བ་འདི་སོགས་གཞན་ཡང་ རྣམ་དཀར་གྱི་མཛད་སྒོ་ཆེ་བ་དང༌། ཁོང་གི་སྐུ་དུས་སུ་བོད་ལྗོངས་འཛམ་གླིང་སྒར་བ་རྒྱལ་ དབང་ཀརྨ་ཞྭ་ནག་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་འཛམ་ཐང་དུ་ཕྱག་ཕེབས་མཛད་སྐབས་ 1-1-147 འདུས་སྡེ་སྟོང་ཕྲག་ལྷག་གིས་ཆིབས་བསུ་ཆེ་བ་དང༌། ཁོང་ཉིད་ཚེ་མཚམས་ལས་བཞེངས་ ཏེ་ཕན་ཚུན་ཆོས་ཀྱི་བཀའ་མོལ་ཆེན་པོའི་སྒོ་ནས་ཐུགས་སྣང་གཅིག་འདྲེས་སུ་གྱུར་ཏེ་ཆོས་ ཀྱི་ཞབས་འདེགས་སྟོང་རྟ་སོགས་ཀྱི་དངོས་འབུལ་རྒྱ་ཆེར་དགོན་སྡེ་ཡོངས་ནས་མཛད་པ་ སོགས་ཟླ་དང་བྲལ་བའི་མཛད་བཟང་གི་སྒོ་ཀུན་ནས་ཡངས་ཤིང་རྒྱ་ཆེ་བ་མངའ་ཞིང༌། ཁོང་ གི་རྣམ་དཀར་མཛད་ཆེན་ལེགས་སྒྲུབ་སྐབས་སྔོན་ཆད་རང་ཡུལ་གྱི་སྤུན་གུར་མགོན་དང་ ཞིང་སྐྱོང་ཞེས་པ་གཉིས་ཀྱིས་ཆོས་སྟོན་གསོལ་ཆེད་འཛམ་ཐང་དུ་ལྷགས་པ་ཉིད་ཀྱི་བཀའ་ ལུང་ལྟར་རྗེས་སོར་འཛི་ཀའི་ལྷ་མོ་དར་ཐང་གི་ཉེ་སྐོར་ཀ་ཐོག་ཅེས་པར་སྤུན་དེ་གཉིས་ཀྱིས་ གཞིས་ཀ་སོ་སོར་བཟུང་ནས་གཅིག་གིས་འབོས་ཟ་མ་དང་ཅིག་ཤོས་ཀྱིས་མཁར་ཟ་མ་ བག་མར་བླངས་པའི་རིགས་རྒྱུད་ཀྱི་ཚོ་སྡེ་ད་ལྟ་ཡོད་པ་ལ་ཀ་ཐོག་འབོས་སྨན་དང་མཁར་ སྐོར་ཞེས་གྲགས་སྐད། གཞན་ཡང་གང་གི་ཐུགས་ཆོས་དབྱིངས་གཉུག་མ་ཆེན་པོའི་གཤིས་ ལུགས་རྗེན་འཆར་དུ་སོང་སྟབས་རྣམ་འཕྲུལ་མངོན་ཤེས་རྒྱ་ཆེ་བའི་མཐུ་དང་སྣང་སྲིད་ལ་ དབང་བསྒྱུར་མཆོག་ཐོབ་པས་རང་སྣང་དག་པའི་སྣང་བ་མཐའ་ཀླས་ཤིང་གཞན་སྣང་ངོར་ དག་སྣང་སྒྱུ་མའི་མཚར་བཀོད་དང་ལྐོག་གྱུར་གྱི་དོན་ཇི་བཞིན་མཁྱེན་ཅིང་དྲེགས་ལྡན་མི་ མིན་གྱི་སྡེ་རིགས་ཅི་དགར་དབང་དུ་བསྡུས་ཏེ་བཀའ་དམ་ལ་བཞག་པ་སོགས་མཛད་པ་གང་ ཐད་ནས་ཟླ་དང་བྲལ་བ་ཞིག་སྟེ། དེ་འདྲའི་མཛད་པ་རེ་ཞིག་ལྗོངས་འདིར་མཐར་ཕྱིན་ཚུལ་ གྱིས་ངོ་མཚར་ལྟས་བཅས་དགོངས་པ་ཆོས་ཀྱི་དབྱིངས་སུ་ལེགས་པར་བསྡུས་ནས་དགོངས་ མཆོད་སོགས་རླབས་ཆེན་གྱི་མཛད་སྒོ་དང་བསྟུན་ཉིད་ཀྱི་གཟུགས་སྐུའི་གདུང་རྟེན་ད་བར་ བསོད་ནམས་ཞིང་གི་སྐལ་པར་བཞུགས་པ་འདི་ཀ་ལྟར་རོ། །དེང་སང་ཚེས་བཅུ་སྟོད་ཀྱི་ ཕོ་བྲང་གི་གཞི་མ་ནི་ཀིརྟིས་བསྙེན་སྒྲུབ་མཛད་གནས་ཀྱི་སྒྲུབ་ཁང་དེ་ཡིན་ཅིང༌། དེར་ལོ་ བསྟར་གྱི་ཨོརྒྱན་རིན་པོ་ཆེ་དངོས་སུ་བྱོན་པའི་ཡར་ངོས་ཚེས་བཅུ་བྱུང་ངོ་ཅོག་ལ་དགེ་འདུན་ 1-1-148 མང་འཚོགས་ཀྱི་དྲུང་དུ་སྤོས་དང་མར་མེ་ཚོགས་མཆོད་རྒྱུན་ཇ་ཞལ་འདེབས་ཀྱི་མཆོད་སྟོན་ བཙུགས་པའི་སྦྱིན་བདག་མཛད་པས་ཚེས་བཅུ་ཚང་ཞེས་མིང་དུ་ཆགས་སོ། །ཁོང་གི་སྐུ་ཕྲེང་ གཉིས་པ་རྒྱལ་བ་རྡོ་རྗེ་བསྟན་འཛིན། གསུམ་པ་ནུས་ལྡན་རྡོ་རྗེ། བཞི་པ་མདོ་སྔགས་བསྟན་པའི་སྒྲོན་མེ། ལྔ་པ་ཀརྨ་འོད་གསལ། དྲུག་པ་ཀུན་དགའ་རབ་རྒྱལ་རྒྱ་མཚོ། བདུན་པ་ཀརྨ་ངེས་དོན་བསྟན་འཕེལ། བརྒྱད་པ་ཀུན་དགའ་རིན་ཆེན་གྲགས་པ་རྣམས་ནི་ཚེས་བཅུ་གོང་ངོ༌། ། ཚེས་བཅུ་སྨད་ནི་དྲུང་དཀའ་བཞི་པའི་དངོས་སློབ་ཨརྒེ་ཉི་མ་འོད་ཟེར་གྱི་སྐུ་ཕྲེང་ཡང༌། ཐོག་མ་ཨརྒེ་ཉི་མ་འོད་ཟེར་གྱིས་དྲུང་རཏྣ་ཤྲཱི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་བཀའ་ དྲིན་གསུམ་ལྡན་གྱི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ཟབ་བཀའ་དུ་མ་ལ་ ཐོས་བསམ་གྱིས་གསན་སྦྱང་ཉམས་ལེན་བཅས་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ དམ་པར་གྱུར་ཅིང་ཚུལ་དེ་ལུགས་ལྟར་གྱིས་གདུལ་བྱ་རྗེས་སུ་བཟུང་སྟེ་གཞན་ལ་ཕན་པའང་ རྒྱ་ཆེར་མཛད་བཞིན་བཞུགས་ཤིང་ཁྱད་པར་ནང་རླུང་སེམས་ལ་དབང་ཐོབ་ནས་ཕྱི་ཡུལ་ སྣང་ཅི་དགར་བསྒྱུར་ནུས་པའི་མཐུ་དང་ལྡན་ཏེ་ཁོང་གི་ཆོས་ཀྱི་མཆེད་ཚེས་བཅུ་རཏྣ་ཀིརྟིའི་ མཆོད་རྟེན་བཀྲ་ཤིས་སྒོ་མང་བཞེངས་སྐབས་ལེགས་པར་གྲུབ་པ་ལ་ཉེ་བའི་དུས་ཤིག་གི་ ཚེ་དེའི་ཉིན་གྱི་ཉི་མ་དགོང་མོར་ནུབ་ལ་ཆས་ཚེ་ཨརྒེ་ཁོང་གིས་ཕྱག་གྲིས་ཉི་གྲིབ་མཚམས་ སུ་འཛེར་ནས་ཉི་མ་རང་སར་སྡོད་དུ་བཅུག་ནས་ལས་ཀའི་མཇུག་མ་ཟིན་གྱི་བར་ནུབ་ཁའི་ ཉི་མ་ཕྱིར་ཡོལ་བར་བྱས་ཤིང་དེ་ནས་མཆོད་རྟེན་གྱི་ལས་མཇུག་གྲུབ་པ་ན་ཕྱག་གྲི་ཉི་གྲིབ་ 1-1-149 མཚམས་ནས་ཕྱུངས་ཚེ་མཚན་མོའི་ཕྱེད་ཙམ་སོང་ཞིང་ཕྱག་གྲི་ཕྱུང་ཤུལ་གྲུབ་ཆུ་བཏོན་པ་ ད་ལྟའི་བར་ཡོད་པ་སོགས་ཆེས་ངོ་མཚར་བའི་གྲུབ་རྟགས་ལ་ཐོགས་པ་མི་མངའ་བས་དེ་ ལུགས་ལྟར་གྱི་ཁོང་གི་མཚན་ལའང་ཉི་མ་འོད་ཟེར་ཞེས་གྲགས་སྐད། ཨརྒེ་ཁོང་གི་སྐུ་ཕྲེང་གཉིས་པ་ཉི་མ་འོད་ཟེར་དཔལ། གསུམ་པ་ཀརྨ་དོན་དམ། བཞི་པ་འཕྲིན་ལས་རབ་བརྟན། ལྔ་པ་བསྟན་པའི་སྒྲོན་མེ། འདིའི་ཡང་སྤྲུལ་སྐུ་སྐྱེས་ཆུང་བ་གཉིས་ད་ལྟ་མཚོ་སྔོན་དུ་ འཁྲུངས་ཡོད་ཅིང༌། དེ་དག་ལ་དུས་ཕྱིས་སུ་ཚེས་བཅུ་སྨད་ཅེས་པའི་མིང་ཆགས་སོ། །དེ་ནས་ སྔར་གྱི་ཉ་དབོན་ཀུན་དགའ་དཔལ་ནས་རིམ་པར། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་ དབྱངས་དཀོན་མཆོག་བཟང་པོ། མཁས་གྲུབ་ནམ་མཁའ་ཆོས་སྐྱོང༌། པཎ་ཆེན་ནམ་མཁའ་ དཔལ་བཟང༌། ལོ་ཆེན་རཏྣ་བྷ་དྲ། ༡༥༠༧ ལོར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་འཁྲུངས། ༦༠ ལ་འདས། དེའི་དངོས་སློབ་མཁན་ལུང་རིགས་རྒྱ་མཚོ། དེའི་དངོས་སློབ། ༡༥༧༥ ལོར་ མདོ་སྔགས་རྒྱ་མཚོའི་མངའ་བདག་རྗེ་བཙུན་ཆེན་པོ་ཀུན་དགའ་སྙིང་པོའམ། བཀྲ་ཤིས་རྒྱལ་ མཚན་དཔལ་བཟང་ངམ། རྗེ་བཙུན་ཏཱ་ར་ནཱ་ཐའམ། སྒྲོལ་བའི་མགོན་པོ་འཁྲུངས། ༦༡ ལ་ འདས། རྒྱལ་ཚབ་དམ་པ་སྔོན་སྦྱངས་རིན་ཆེན་རྒྱ་མཚོ་སོགས་ཇོ་ནང་པའི་ཆོས་བརྒྱུད་ད་ ལྟའི་བར་དུ་མ་ཆད་པ་ཙམ་མོ། ། ༤ གཙང་པ་བྱུང་ཚུལ། བཞི་པ་གཙང་པ་བྱུང་ཚུལ་ནི་དབུས་གཙང་ནས་མདོ་སྨད་ཤར་འཛམ་ཐང་གི་གཙང་ཆེན་ དགོན་གྱི་དབུ་བརྙེས་པ་སྟེ། རབ་བྱུང་བཅུ་པའི་ས་རྟ། ༡༦༡༨ ལོར་རྗེ་བཙུན་ཏཱ་ར་ནཱ་ཐ་དང་ 1-1-150 ཀུན་དགའ་རིན་ཆེན་རྒྱ་མཚོ་གཉིས་ཀྱི་དངོས་སློབ་ཇོ་ནང་ཀུན་མཁྱེན་ཆེན་པོའི་མ་ཡུམ་ལྷ་མོ་ ཚུལ་ཁྲིམས་རྒྱན་གྱི་རྣམ་སྤྲུལ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་འཁྲུངས། དགུང་ལོ་བཅུ་དྲུག་ པར་མཁའ་འགྲོས་བསྐུལ་བ་ལྟར་རྗེ་བཙུན་ཀུན་དགའ་སྙིང་པོའི་དྲུང་ནས་སྐྲ་ཕུད་ཞུས། དར་ ཚོས་སྣ་གསུམ་གྱི་ཕྱག་མདུད་གནང་སྟེ་མིང་བློ་གྲོས་རྣམ་རྒྱལ་དང༌། སློབ་གཉེར་ལ་བརྩོན་ པ་བསྐྱེད་གསུངས། སློབ་གཉེར་མཛད་པས་རིང་པོར་མ་ལོན་པར་མཁས་གནས་ཐོབ། རབ་ བྱུང་དང༌། སྦྱོར་དྲུག་སོགས་བཀའ་ལུང་མང་དུ་ནོད། ཡང་རྗེ་བཙུན་ལས། རྣལ་འབྱོར་མའི་ དབང་ཐོབ། རྡོར་དྲིལ་སྤྱི་བོར་བཞག་སྟེ་ཆོས་ལ་བརྩོན་པ་གལ་ཆེ། གསང་མིང་སོགས་མ་ བརྗེད་གསུངས། མཁན་རིན་ཆེན་རྒྱ་མཚོ་ལས། བསྙེན་རྫོགས་དང༌། དབང་བཀའ་མང་པོ་ ཞུས། བསྙེན་སྒྲུབ་མང་དུ་མཛད། ཡི་དམ་སྒྲོལ་དཀར་གྱིས་ཞལ་གཟིགས་ཏེ། ཁྱོད་ཀྱི་དགོན་ པ་འདི་ཡིན་གསུངས། རི་ཛམ་ལྷའི་སྐུ་འདྲ་བ་ཞིག་གི་མདུན་ན་དགོན་ཁྲ་ཤིག་གེ་ཞིག་ གཟིགས་པ་ཕྱིས་འཛམ་ཐང་དུ་འདུགསྒྲུབ་པར་བརྩོན་པས་ཉམས་རྟོགས་ཀློང་རྡོལ། གོང་ས་ ལྔ་པ་ལ། དུས་འཁོར་དང༌། གཞན་སྟོང་དྲིས་ལན་ཞིབ་རྒྱས་སུ་ཕུལ། དོལ་པོའི་ཞལ་གཟིགས་ ཀྱིས་ཁྱོད་ཀྱི་ལས་འཕྲོ་ཤར་ཕྱོགས་ན་ཡོད་གསུངས། དཔལ་མགོན་གྱིས་བཀའ་ལུང་ལྟར་ འཛམ་ཐང་ནས། སྙིང་པོ་ཁྱབ་བདག་སོགས་འོངས་ནས་ཞུ་ནན་གྱིས་བསྐུལ་བ་ལྟར། ཆས་ཏེ་ འོང་བས་བར་ལམ་དུ་སོག་ཡོངས་ཤུའི་བུ་སོགས་ལ་ཆོས་མང་གནང༌། རིམ་པར་འཛམ་ཐང་ དུ་འབྱོར། ལྷོ་ཁ་བ་སོགས་ནས་བསུ་བ་དང་གཞི་ལེན་རྒྱས་པར་མཛད། ས་ཁྱིའི་ལོ་ནས་རིས་ མེད་རྣམས་ལ་དུས་ཀྱི་འཁོར་ལོའི་དབང་ཁྲིད་སོགས་ཟབ་ཆོས་མ་ལུས་པ་རྫོགས་པར་ གནང༌། ལོ་ལྟར་དུ་ཁྲིད་སྒྲུབ། རྟེན་བཞེངས་སོགས་ཆད་མེད་མཛད། དྲཀྴད་གཏོར་བཟློག་ སྐབས་ཟོར་རྩེར་མེ་འབར། རྡོ། འཛི། སྨར་གསུམ་ལ་རྡོར་ཕྲེང་སོགས་དབང་བཀའ་རྒྱ་ཆེར་ བསྩལ། ཚ་ཁོའི་རྒྱལ་པོ་སངས་རྒྱས་འབུམ་གྱིས་གདན་དྲངས། དབང་བཀའ་རྗེས་གནང་ 1-1-151 མང་པོ་གསུངས། ཕྱག་དྲུག་པའི་རྗེས་གནང་སྐབས་མགོན་པོའི་ཞལ་གཟིགས། སླར་འཛམ་ དགོན་དུ་ཕེབས། ལོ་བཅུ་གཉིས་ཙམ་དུ་ཁམས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ཧོར་ཟླ་ བཞི་པའི་ཡར་ཚེས་ལ་འཛམ་ཐང་ནས་གཞི་བཏེགས། སོག་ཡུལ་དུ་བརྒྱུད་དེར་སྣེ་ལེན་ གཟབ་རྒྱས་དང༌། ཀྵེ་ཊ་པཱ་ལའི་ཞལ་བསྟན་ནས་བར་ཆད་མེད་པར་ལུང་བསྟན། ལྷ་སར་ ཕྱག་མཆོད་སྨོན་ལམ་མཛད། རྟག་བརྟན་འདུས་སྡེ་ལ་མང་ཇ། མཚམས་ལ་བཞུགས་བཞིན་ རྔ་ཡུལ་ནས་འབྲོག་དགེ་ཀུན་དགའ་དཔལ་བཟང་སོགས་དོན་གཉེར་ཅན་དུ་མ་ལ་འདོད་ ཆོས་བསྩལ། སྐུ་གདུང་རྣམ་གཉིས་ལ་མཆོད་པ། དགོན་ཕུ་མདའ་ལ་མང་ཇ་སོགས་ཚོགས་ བསགས་རེ་དང༌། ཏཱ་ར་ནཱ་ཐའི་སྐུ་གདུང་ཆེན་མོ་ལ་ཞུགས་འབུལ་སོགས་བྱས། ལོ་ཁ་ཤས་ སྒྲུབ་པ་གཙོ་བོ་བྱས་ཏེ། བསྟན་འགྲོའི་དོན་མཛད་ནས་བཞུགས་མཐར། ༡༦༨༣ ཆུ་ཕག་ དགུང་གྲངས། ༦༦ལ་འདས། ད་ལྟ་༡༩༩༡ཡན་ལ་ལོ་༣༧༦སོང༌། དེ་ནས་གཙང་པ་ངག་ དབང་བསྟན་འཛིན་རྣམ་རྒྱལ་ནི། གོང་མ་ཆ་ལུང་བ་ངག་དབང་འཕྲིན་ལས། གཙང་པ་ངག་ དབང་བློ་གྲོས་རྣམ་རྒྱལ་གཉིས་ཀྱི་དབོན། རབ་བྱུང་བཅུ་གཉིས་པའི་ལྕགས་ལུག་༡༦༩༡ལོར་ འཁྲུངས། ལོ་བརྒྱད་སྟེང་ཀློག་བསླབས། བཅུ་པར་ཆ་ལུང་བས་དྲུང་ནས། རྣལ་འབྱོར་མའི་ དབང་ཁྲིད་གནང་བར་བརྟེན་བཅད་རྒྱ་བྱས། བཅུ་དྲུག་ནས་ཉི་ཤུའི་བར་རྡོ་རྗེ་འཇིགས་ མཛད་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་ལ་བཅད་རྒྱར་བཞུགས། ངག་དབང་བློ་གྲོས་ ལས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་ཐོབ། པཎ་ཆེན་བློ་བཟང་ཡེ་ཤེས་ལས་སྒྲུབ་ཐབས་རྒྱ་ མཚོའི་དབང་སོགས་ཐོབ། ཀུན་བཟང་དབང་པོའི་དྲུང་ནས་སྦྱོར་དྲུག་གི་མན་ངག་ལུས་སྦྱོང་ དང༌། རྩ་ཐིག་རླུང་ཁྲིད་ཀྱི་སྐོར་དང༌། ངེས་དོན་མདོ་དུམ་པ་སུམ་ཅུ་སོ་ལྔས་གཙོར་བྱས། གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་ཐོབ། གོང་མའི་བཀའ་ལྟར་ཡི་དམ་ འབྱུང་འདུལ་དང༌། ཆོས་སྐྱོང་མྱུར་མཛད་མགོན་པོས་བྱས་ཏེ། སོག་པོའི་རྒྱལ་པོས་འབོད་མི་ 1-1-152 བྱུང་བར་བརྟེན། གོང་མའི་ཞབས་ཕྱིར་འབྲང་བར་བྱས་ཏེ་སོག་ཡུལ་དུ་གོང་མའི་ཞབས་ཕྱི་ བའི་ཚུལ་དུ་ཡུན་རིང་བཞུགས། ཀུན་དད་གུས་ཆེ་བར་བྱེད། མདོ་སྨད་ཚ་ཁོ་ནང་སོ་དང༌། འཛམ་ཐང་རྒྱལ་བ་ལྷུན་གྲུབ་གྲགས་པ་གཉིས་ཀྱི་བཀའ་གྲོས་ཀྱིས་ཕོ་ཉ་བཏང་སྟེ། རབ་ན་ གཙང་པ་སྐུ་ཆེ་བ་ཆ་ལུང་བ་ངག་དབང་འཕྲིན་ལས་དང༌། དེ་མིན་སྐུ་ཚ་དབོན་པོ་ཉིད་གདན་ འདྲེན་དུ་ཞུ་རུ་འོང་བས། སྐུ་ཆེ་བ་མ་བྱོན། དབོན་ཉིད་ཆས་ཚེ། གོང་མས་ངག་དབང་བསྟན་ འཛིན་རྣམ་རྒྱལ་ཞེས་པའི་མཚན་སྣོན་མཛད། ཡོན་བདག་ཀུན་གྱིས་བདག་རྐྱེན་གང་དགོས་ བགྱིས་ཏེ། སྐྱེལ་མ་དང་བཅས་ཚྭ་མཚོ་དཀར་མོར་སླེབ་ཚེ། གོང་མས་ལོ་གསུམ་ནས་ཡར་ འོང་དགོས་ངེས་ཀྱི་བཀའ་ནན་ཡང་ཡང་ཕེབས་ཏེ། སོ་སོར་གྱེས་ནས་ཁོང་དབུས་གཙང་དུ་ ཕྱིར་ཕེབས། གཙང་པ་དཔོན་གཡོག་ཁམས་ཕྱོགས་སུ་སྟོང་ཁོག་བརྒྱུད་ནས་སྟོང་གི་ཁས་ ཀར་ཐོན་ཚེ་ལྷ་གཉན་གཡུ་རྩེ་འཁོར་བཅས་བསུ་མར་སླེབ། ཁོང་གིས་གྲྭ་འཁོར་ལ། ཡུལ་ལྷ་ གཞི་བདག་རྣམས་དགའ་སྤྲོ་བཅས་རང་རེ་བསུ་མར་ཐོན་གསུངས། དེར་གཙང་པའི་བླ་རྒྱུད་ སློབ་འབངས་བཅས་ལ་རྒྱུན་དུ་ཁ་འཛིན་དང་སྡོངས་གྲོགས་མཛད་པའི་ཕྲིན་ལས་བཅོལ་ཚེ་ ཞལ་བཞེས་ཀྱི་སྣང་བ་གསལ་བོར་བྱུང༌། རིམ་པར་འོངས་ཏེ། སྤྲར་ལ་ཐོན་ཚེ། ཏོམ་ཙ་བླ་མ་ ཀུན་དགའ་བཀྲ་ཤིས་དང༌། ཨ་སྐྱོང་མི་དབང་བསྟན་འཛིན་གཉིས་ཀྱིས་གཙོས་མཆོག་དམན་ ཀུན་གྱིས་གུས་འདུད་ཆེ་བས་བསུ་བ་དང༌། སྣེ་ལེན་ཡང་དག་མཛད། དེར་ཞག་བཅོ་ལྔ་ཙམ་ བཞུགས་ཏེ། རྡོ་རྗེ་འཇིགས་མཛད་དང༌། ཚེ་ཆོག་སོགས་དབང་བཀའ་རྗེས་གནང་མང་དུ་ མཛད། རྒྱུ་འབྲས་ཀྱི་ཆོས་ཀྱང་བཤད་དེ་མི་ནག་པ་མང་པོ་དད་སྒོར་བཙུད། དགེ་སྡིག་སྤང་ བླང་མཛད་པ་མང་དུ་བྱུང༌། ཏོམ་ཙ་བླ་མས་དགོན་པ་བྲག་དཀར་མགོ་ཕུལ་ཏེ་དགོན་མིང་ལ་ སྨར་མདོ་སྔགས་བཤད་སྒྲུབ་གླིང་བཏགས། རྗེ་བོ་དཔོན་བསྟན་འཛིན་གྱིས་ཨ་སྐྱོང་ཆུ་ཉིན་ མའི་བླ་སེར་རྣམས་དང༌། ཡང་སྒོས་སུ་འཛི་ཀའི་ཏ་ཙེ་ཡན་ཆད་ཀྱི་སེར་སྡེར་གཏོགས་ཚད་གྲྭ་ 1-1-153 རྒྱུན་ལ་ཕུལ་དེ་ཡུལ་ལྷས་མཐུན་རྐྱེན་སྒྲུབ་པའི་རྟགས་སུ་ཐུགས་ཀྱིས་མཁྱེན། མི་དབང་ དཔོན་བསྟན་འཛིན་གྱི་མགོར་ཁོང་གིས་ཕྱག་བཞག་སྟེ་ཨ་སྐྱོང་ལ་ཆོས་སྐྱོང་ཞེས་གསོལ། མཆོད་ཡོན་གཉིས་ཀྱི་འདི་ཕྱིའི་ལེགས་ཚོགས་གོང་འཕེལ་དུ་འགྲོ་བའི་ཐུགས་སྨོན་དང་ཤིས་ བརྗོད་རྒྱ་ཆེར་མཛད། ཇོ་ནང་པའི་ཆོས་བརྒྱུད་འདི་བཟུང་ན་ཡོན་བདག་ལ་འདི་ཕྱིའི་ལེགས་ ཚོགས་འཕེལ་བའི་ལུང་བསྟན་ཡང་གནང༌། ཁོང་གི་གསུང་ལས། ཡ་ཀི་རྒྱབ་རི་འདི་ལ་མི་ དཀར་དར་གྱི་རལ་གུ་གྱོན་ཞིང་གཡག་དཀར་པོ་ལ་ཞོན་པ་ཡོད་པར་སྣང་བ་ནི་སྲིད་པ་ལྷ་ཡི་ གཙོ་བོ་ཡིན་ལས་ཆེ་བས། ཡུལ་ལྷ་བཀྲ་ཤིས་དཀར་འཛོམ་ཞེས་མིང་བཏགས་པ་ཡིན་ གསུངས། འཇིགས་བྱེད་དབང་གི་དུས་སུ་ཕ་ཀི་ཆུ་མིག་ནས་བུད་མེད་དཀར་མོ་ཅིག་གིས་ ཁོང་ལ་ནོར་བུ་ཞིག་ཕུལ་བའི་གསལ་སྣང་བྱུང༌། དེ་ནི་ཀླུ་མི་མགོན་དཀར་པོ་ཡིན་པ་འདྲ། ཆུ་ མིག་དེ་ལ་དཀར་མོ་འབེབས་དང༌། གྲོང་འདི་ལ་ཡར་ཐང་ཞེས་རྟེན་འབྲེལ་བསྒྲིགས་པ་ཡིན་ གསུངས། དེ་ནས་རིམ་པར་འཛམ་ཐང་ལ་ཕེབས་སྐབས་ཀྱང་གཞི་བདག་ཐམས་ཅད་ཀྱིས་ མཐུན་རྐྱེན་སྒྲུབ་པའི་རྟགས་དང༌། བསྟན་འགྲོའི་དོན་དང་སྒྲུབ་པའི་རྒྱལ་མཚན་འཛུགས་ པའི་རྟགས་དང་རྨི་ལྟས་བཟང་པོ་ཡང་མང་དུ་བྱུང༌། མེ་མོ་བྱ་ལོའི་ཧོར་ཟླ་དགུ་པ་ལ་དཔལ་ འཛམ་ཐང་པའི་སྤྲུལ་དབོན་རྣམ་དང་སེར་སྡེས་བསུ་བ་རྒྱ་ཆེར་བྱས་ཏེ་དགོན་དུ་སླེབས། ཆོས་ རྗེ་གོ་རྒྱལ་བས་ཁྱེད་བྱོན་པ་སྐུ་དྲིན་ཆེ། བསྟན་པ་ལ་ཐུགས་རྗེ་ཆུང་མི་ཉན། ཁྱེད་ལ་བཞུགས་ གནས་ཁོ་བོའི་གཟིམ་ཁང་འབུལ་བས་ཁྱེད་འདིར་བཞུགས། རང་གིས་ཁང་གསར་ཞིག་བྱ་ ཆོག་གསུངས་ནས་དབུ་བླར་བསྐོས། དེའི་ཕྱི་ལོ་ས་ཟླའི་ཚེས་གསུམ་ནས་ཆོས་ཀྱི་དབུ་ བརྩམས་ཏེ། འཛམ་ཐང་སྐུ་དབོན་ནོར་བུ་སོགས་འདུས་སྡེ་མང་པོ་ལ་དུས་འཁོར་གྱི་དབང་ མོ་ཆེ་ཡོངས་རྫོགས་དང༌། སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་བཀའ་མང་པོ་ཟླ་བ་གསུམ་ལྷག་ ཙམ་དུ་གནང༌། དེའི་ཕྱི་ལོ་ཕག་ལོའི་ཟླ་བ་བཅུ་པའི་ནང་ལ་ཚ་ཁོ་ས་ར་དགོན་པའི་བླ་མ་ཡེ་ 1-1-154 ཤེས་རྒྱ་མཚོའི་དྲུང་ནས་སྒྲུབ་ཐབས་རིན་འབྱུང་ལས་སྔར་ཁོང་ལ་མ་ཐོབ་པའི་བཀའ་ཐམས་ ཅད་ཀྱིས་ཁ་བཀང་སྟེ་ཡེ་ཤེས་ལྷའི་སྒྲུབ་ཐབས་ཆ་ཚང་ཞུས། ཁོ་རང་ལ་མ་ཐོབ་པ་མང་པོ་ ཕུལ། དེར་འཆད་ཉན་གྱི་གྲྭ་ཟླ་བ་གཉིས་གསུམ་ལ་བསྐྱངས། སླར་འཛམ་ཐང་དུ་ཆོས་རྗེ་ ལྷུན་གྲུབ་གྲགས་པ་སོགས་འདུས་སྡེ་མང་པོར་སྒྲུབ་ཐབས་རིན་འབྱུང་ཡོངས་རྫོགས་དང་ དབང་ཁྲིད་མང་དུ་གནང༌། དེ་ནས་རྔ་ཁོག་གི་སེ་བླ་ལྷ་དབང་རྒྱལ་མཚན་སོགས་སྟོད་སྨད་ཀྱི་ གདན་འདྲེན་མཁན་བྱུང་བར་བརྟེན་ཆུ་ཡོས་ལོའི་ཟླ་བ་དང་པོའི་ཚེས་གཅིག་ལ་རྔ་ཁོག་ཏུ་ ཕེབས། མ་ཉེས་ཐར་མོ་ཡན་དང༌། རྡོར་ཞར་རྩི་ནང་མན་གྱི་མཆོག་དམན་ཐམས་ཅད་ལ་སོ་ སོའི་འདོད་པ་བཞིན་དབང་ལུང་མན་ངག་རྗེས་གནང་བཅས་མང་པོ་གསུངས་ཤིང༌། ཁོ་རང་ རྣམས་ནས་ཡོན་འབུལ་རྒྱ་ཆེར་གང་བྱས་ཐམས་ཅད་སོ་སོའི་དགོན་ལ་སྤྱི་ཐེབས་སུ་བཞག་ སྟེ་སླར་འཛམ་ཐང་དུ་ཕེབས། དེ་ནས་ཚ་ཁོའི་ནང་སོའི་བཀའ་ནན་གྱིས་གདན་དྲངས་འོངས་ པར་བརྟེན་ཆུ་ཡོས་ལོའི་བཅུ་པའི་ཚེས་ལ་རྒྱལ་ས་རྣམ་དག་དགོན་དུ་ཕེབས་དེར་དབང་ལུང་ མན་ངག་རང་རང་གི་འདོད་པ་བཞིན་གསུངས། འདི་སྐབས་ནང་སོའི་བདག་རྐྱེན་ལ་བརྟེན་ མཁས་བཙུན་ཡོན་ཏན་ལྷུན་གྲུབ་ཀྱི་དྲུང་ནས་རྡོར་ཕྲེང་དབང་ཡོངས་རྫོགས་གསན། ཏ་ཀུ་ ལུར་ཕེབས་གྲྭ་ཚང་ལ་རང་རང་གི་ཐུགས་འདོད་དང་མཐུན་པའི་ཆོས་མང་གསུངས། སླར་ འཛམ་ཐང་དུ་ཕེབས་ཕྱོགས་ནས་འདུས་པའི་འདུས་སྡེ་མང་པོ་ལ་སྦྱོར་དྲུག་ཁྲིད་མོ་ཆེ་དང་ གཞན་དབང་ལུང་མན་ངག་མང་པོ་གནང་བས་བཤད་ཚོད་དང་མཐུན་པའི་ཉམས་རྟོགས་ སྐྱེས་པ་ཀུན་མཁྱེན་ཆེན་པོའི་དུས་དང་མཚུངས་ཞེས་གྲགས། གང་རྙེད་ཐམས་ཅད་དབུས་ གཙང་དུ་འབུལ་སྐྱེལ་ལན་གསུམ་དང༌། སྨར་མདོ་སྔགས་བཤད་སྒྲུབ་གླིང་ཞིག་གསོས། འཛམ་ཐང་དུ་རྒྱུད་སྡེའི་ལྷ་ཁང་ལོགས་བྲིས་བཅས་དང༌། འོད་དཔག་མེད་ཀྱི་གོས་སྐུ་ བཞེངས་ཤིང་སློབ་དཔོན་ཉེར་ལྔས་རྒྱུད་སྡེ་སོ་སོའི་སྒོ་ནས་རབ་གནས་བྱས་པས། ནུབ་ 1-1-155 ཕྱོགས་ནས་འོད་དམར་ཐིམ་པ་སོགས་འབྲེལ་ཚད་བདེ་ཆེན་དུ་ཁྲིད་པའི་དགེ་མཚན་རྙེད། མགོན་ཁང་ལོགས་བྲིས་ཡི་དམ་ཆོས་སྐྱོང་གི་སྐུ་འབག་ནང་བཞུགས་བྲིས་སྒྲུབ་དང༌། རྒྱལ་ བའི་བཀའ་འགྱུར་དངུལ་བྲིས་མ་རྣམས་དང༌། རྒྱལ་ཁབ་ཕུན་ཚོགས་རྫོང་གི་མངའ་ཞབས་ན་ མཆོད་རྟེན་མང་པོ་ཞིག་གསོས་མཛད། དེ་མཚམས་གསེར་རྟའི་བླ་དཔོན་རྣམས་བཀའ་གྲོས་ ཀྱིས་གདན་འདྲེན་བྱུང་བར་བརྟེན། ཤིང་སྦྲུལ་བཅུ་པའི་ནང་གསེར་ལྗགས་མདའ་དགོན་དུ་ ཕེབས་ནས་འདུས་སྡེ་ལ་སྦྱོར་དྲུག་སོགས་རང་རང་ལ་འདོད་ཆོས་མང་དུ་གསུངས། སོ་སོར་ ཉམས་རྟོགས་དང་མཐུན་པའི་ངོ་སྤྲོད་བཏབ། སླར་འཛམ་ཐང་དུ་ཕེབས་ནས་ལྕགས་ཁྱིའི་ལྔ་ པའི་ཡར་ཚེས་ལ་ཆོས་རྗེ་གོ་རྒྱལ་གྱི་བཀའ་ནན་ལ་བརྟེན་འདུས་པ་རྒྱ་མཚོ་ལྟ་བུ་ལ་རྡོར་ཕྲེང་ གི་དབང་ཡོངས་རྫོགས་དང་སྦྱོར་དྲུག་ཁྲིད་ལུང་ཆ་ཚང༌། གཞན་དབང་བཀའ་ཁྲིད་ལུང་ཟླ་ གསུམ་ཙམ་གནང་བའི་དབང་ཡོན་སོགས་ཀྱིས་ཆ་རྐྱེན་བྱས་ལྷ་ཁང་ཀ་བ་བཅུ་དྲུག་ཅན་ཕྱི་ ནང་དང་བཅས་པ་བཞེངས། ཡང་ནང་སོའི་བཀའ་ནན་གྱིས་དགུ་པའི་ནང་རྒྱལ་ས་རྣམ་དག་ ཏུ་ཕེབས་འདུས་པ་སྟོང་ཕྲག་ལྷག་ལ་སྦྱོར་དྲུག་ཁྲིད་ལུང་སོགས་སོ་སོའི་འདོད་ཆོས་ཟླ་ གཉིས་ཙམ་གནང༌། བཀྲ་ཤིས་སྒང་དུ་ཕེབས་ནས་འདུས་སྡེ་མང་པོར་ཟབ་བཀའ་རྒྱ་ཆེར་ གསུངས་ནས་སླར་འཛམ་ཐང་དུ་ཐོན་ཆོས་རྗེ་གོ་རྒྱལ་ལ་ཡར་ཕེབས་པའི་གནང་བ་ཞུས་ཚེ་ མ་གནང་ཡང་འབྱོན་གྲབས་མཛད་ནས་སྒར་གཞི་ཀ་ཞབས་ལྷ་མོའི་དར་ཐང་དུ་ཕེབས་པ་ལ་ ཆོས་སྐྱོང་རྣམས་ཀྱིས་མ་མངགས་སོ། །དེ་ནས་འཛམ་ཐང་ཚོགས་ཁང་གོང་མའི་ནང་དུས་ འཁོར་སྒྲུབ་མཆོད་མཛད་པས་བུམ་ཆུ་ཁོལ་བ་སོགས་ཕྱི་རྟགས་ཡ་མཚན་པ་ཀུན་གྱི་མཐོང་ སྣང་དུ་གྱུར། མགོ་ལོག་ཏུ་གདན་འདྲེན་ཞུས་ཏེ་ཕེབས་ནས་སྦྱོར་དྲུག་ཁྲིད་ལུང་གནང༌། དེ་ མར་ལྷར་ཡག་ཏུ་ཕེབས་དགོན་པའི་བླ་མ་ཀུན་རིན་སོགས་ལ་དབང་བཀའ་མང་པོ་ཡང་ གསུངས། ཆུ་བྱའི་ནག་ཟླའི་ནང་སླར་འཛམ་ཐང་དུ་ཕེབས། ཡང་ཕུན་ཚོགས་རྫོང་རྒྱལ་གྱིས་ 1-1-156 གདན་འདྲེན་ལན་གསུམ་འོང་བར་བརྟེན་དེར་བྱོན་ཐ་སྐར་ཟླ་བའི་ནང་དེར་འབྱོར་རྒྱལ་པོ་ བནྡྷེ་རྒྱལ་སྔོན་ནས་ནད་ཀྱིས་ཐེབས་པ་ལ་རིམ་འགྲོ་གང་གིས་མ་ཕན་པར་འདས་པའི་ གཤེགས་རྫོགས་ལེགས་པར་མཛད། དེའི་སྲས་ཚེ་དབང་དྲག་རྒྱལ་རྒྱལ་སར་བཀོད་དེ་ ཐུགས་བཞེད་ལྟར་གྱི་དབང་བཀའ་སོགས་མཛད། ས་ར་དགོན་ཞིང་དང་བཅས། གཞན་ རྒྱལ་ཁབ་འདིའི་དགོན་སྡེ་གྲྭ་ཚང་ཡོད་ཚད་གཙང་པ་ལ་གྲྭ་འབུལ་བཀྱག་སྟེ་ད་ཕན་ལོ་དུས་ སུ་ཕེབས་ངེས་ཀྱི་བཀའ་གསུང་གི་ཆད་མདོ་བྱས་ཏེ་རང་གནས་འཛམ་ཐང་དུ་ཕེབས་ཏེ་ ཕྱོགས་ནས་འདུས་པ་རྣམས་ལ་སྒྲུབ་ཐབས་བརྒྱ་རྩ་སོགས་དབང་ལུང་ཁྲིད་གསུམ་ཟླ་གསུམ་ ཙམ་དུ་གསུངས། དེ་ནས་ཤིང་སྟག་ལོར་ཆོས་རྒྱལ་ཚེ་དབང་དྲག་རྒྱལ་གྱི་སྐུ་རིམ་དུ་གདན་ འདྲེན་འོང་བས་བྱོན་ཏེ་འཇིགས་བྱེད་ལྕགས་མཁར་གྱི་གཏོར་སྒྲུབ་ཞག་གྲངས་མང་པོར་ བསྒྲུབ་ནས་ཟོར་འཕེན་སྐབས་ཟོར་རྩེ་ནས་མེ་འབར་བ་དགྲ་ཕྱོགས་ཀྱི་རི་བསྙིལ་བ་སོགས་ མཚན་ལྟས་སྣ་ཚོགས་བྱུང་བས་རྒྱལ་པོ་འཁོར་བཅས་ལྷག་པར་དད་པ་སྐྱེས་ཏེ། འཇིགས་ མཛད་དང་ཚེ་ཆོག་གི་དབང་དང༌། ཐུགས་འདོད་བཞིན་ཚེ་དབང་སྟོང་མཆོད་ཀྱི་སྐབས་ཚེ་ དབང་ཚིགས་བཅད་མ་བརྩམས་ཏེ་ཕུལ་བས་བར་ཆད་ཞི་བ་སོགས་ཀྱི་མཚན་ལྟས་ཀྱང་ ལེགས། རྒྱལ་པོས་དབུ་བླར་ཡང་ཡང་མངའ་གསོལ། སླར་འཛམ་ཐང་དུ་འབྱོར་ནས་ཤིང་ ཡོས་ལོར་ས་ར་བའི་བཀའ་ནན་ལྟར་དེར་ཕེབས་ཆོས་བཀའ་མང་དུ་གསུངས་ནས་འཛམ་ ཐང་དུ་ཕེབས་མེ་འབྲུག་ལོར་རྔ་ཁོག་ཏུ་གདན་དྲངས་སྒྲུབ་ཐབས་རིན་འབྱུང་སོགས་ཟླ་བ་ བཞི་ཙམ་ལ་གནང༌། དེ་ནས་སླར་ཡང་དཔལ་འཛམ་ཐང་དུ་ཕེབས་མེ་སྦྲུལ་ལོར་གཟིམ་ཁང་ དུ་བསྙེན་སྒྲུབ་རེ་ལ་བཞུགས་བཞིན་སྔར་གྱི་སྐུ་གསུང་ཐུགས་རྟེན་བཞེངས་འཕྲོ་རྣམས་ ལེགས་པར་གྲུབ་ནས་བར་སྐབས་དབང་ལུང་ཁྲིད་གསུམ་སོ་སོའི་བློ་དང་མཐུན་པར་གནང་ བའི་རེ་ཞིག་གི་སྐབས། མགོ་ལོག་ཝ་ཤུལ་གཉིས་འཁོན་འཛིང་བསྡུམས་པའི་གྱོད་གཏམ་གྱི་ 1-1-157 གཟུ་དཔང་ལ་མི་འདོད་བཞིན་འདུག་དགོས་བྱུང་བས་ཕན་ཚུན་བདེན་རྫུན་དྲང་པོར་མཛད་ ཀྱང་ཝ་ཤུལ་རྣམ་རྒྱལ་བཀྲ་ཤིས་ཀྱི་སྙིང་བདུད་སྡིག་ཏོས་བསྐུལ་ནས་ངན་སེམས་ཀྱིས་དུག་ དྲངས་ཁོང་གིས་གནས་ཚུལ་ཇི་བཞིན་མཁྱེན་ཀྱང་རེ་ཞིག་འདིར་གདུལ་བྱ་རྫོགས་ནས་ཞིང་ གཞན་དུ་འབྱོན་པར་དགོངས་ནས་སྡིག་ཅན་གྱི་བསམ་པ་འགྲུབ་ཕྱིར་གྱི་ཚུལ་དུ་དུག་གསོལ་ བས་སྙུང་ཚུལ་བསྟན་ཏེ། གཟིམ་ཁང་དུ་གྲྭ་སློབ་རྣམས་ལ་ལས་འབྲས་ཀྱི་ཆོས་མང་དུ་ གསུངས་ནས་སློབ་བུ་མང་དགེ་མཁས་བཙུན་དར་རྒྱས་དང༌། ཕུར་རྩ་ཆོས་འཕེལ་གཉིས་ རྒྱལ་ཚབ་ཏུ་བསྐོས། ཁྲིད་ལུང་མཐའ་དག་གཏད་དེ་དགུང་ལོ་ཞེ་བརྒྱད་ས་རྟའི་ལོར་སྐུ་ཆོས་ དབྱིངས་སུ་གཤེགས། དེ་ནས་རིམ་པར་རྒྱལ་ཚབ་མཁས་བཙུན་དར་རྒྱས་དང༌། རབ་བྱུང་ བཅུ་གཉིས་པའི་ལྕགས་སྤྲེལ། ༡༧༤༠ལོར་ཀུན་བཟང་ཕྲིན་ལས་རྣམ་རྒྱལ་འཁྲུངས། རབ་ བྱུང་བཅུ་གསུམ་པའི་ས་བྱ། ༥༠ ལ་འདས། དེ་ནས་ནུས་ལྡན་ལྷུན་གྲུབ་རྒྱ་མཚོ། རབ་བྱུང་ བཅུ་གསུམ་པའི་ལྕགས་ཁྱི་༡༧༩༠ ལོར་འཇིགས་མེད་རྣམ་རྒྱལ་འཁྲུངས། རབ་བྱུང་བཅུ་ བཞི་མེ་བྱ། ༤༨ ལ་འདས། རབ་བྱུང་བཅུ་གསུམ་པའི་ས་སྤྲེལ། ༡༧༨༨ ལོར་ངག་དབང་ཆོས་ འཕེལ་འཁྲུངས། ༧༧ལ་འདས། ༡༨༠༨ ལོར་ངག་དབང་ཆོས་འཕགས་འཁྲུངས། ༧༠ ལ་ འདས། ༡༨༢༩ ལོར་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་འཁྲུངས། ༦༣ ལ་འདས། ༡༨༤༦ལོར་ངག་དབང་ཆོས་འབྱོར་རྒྱ་མཚོ་འཁྲུངས། ༦༥ ལ་འདས། ༡༨༨༠ལོར་ངག་དབང་ མཁས་གྲུབ་དབང་ཕྱུག་འཁྲུངས། ༥༣ལ་འདས། ༡༨༦༠ལོར་བསྟན་འཛིན་གྲགས་པ་ འཁྲུངས། ༥༠ ལ་འདས། ༡༨༨༠ལོར་ངག་དབང་ཚོགས་གཉིས་རྒྱ་མཚོ་འཁྲུངས། ༦༡ ལ་ འདས། ༡༨༧༢ལོར་ཀུན་དགའ་ངག་དབང་འཁྲུངས། ༦༤ལ་འདས། ༡༨༨༧ ལོར་མཚམས་ པ་སྨོན་ལམ་བཟང་པོ་འཁྲུངས། ༦༦ ལ་འདས། ༡༨༧༨ལོར་ངག་དབང་བསྟན་པ་གསལ་ བྱེད་འཁྲུངས། ༧༦ལ་འདས། ༡༨༩༣ལོར་ངག་དབང་རྡོ་རྗེ་བཟང་པོ་འཁྲུངས། ༥༦ལ་འདས། 1-1-158 ༡༩༠༠ལོར་ངག་དབང་དཀོན་མཆོག་དར་རྒྱས་འཁྲུངས། ༦༧ལ་འདས། ༡༩༢༠ལོར་ངག་ དབང་བློ་གྲོས་གྲགས་པ་འཁྲུངས། ༥༦ལ་འདས། ༡༩༢༨ལོར་ངག་དབང་ཡོན་ཏན་བཟང་པོ་ འཁྲུངས། འཛམ་ཐང་འདིར་ཆོས་ལུགས་གྲུབ་མཐའ་དུ་མ་ཡོད་རྐྱེན་རང་རང་གི་འདོད་ ཕྱོགས་དང་མཐུན་པར་གཏམ་མི་འོས་པ་སྣེ་མང་སྨྲ་ན་ནི་ཐུགས་མཐུན་མི་འོང་བའི་རྒྱུ་ཡིན་ པས་རང་གི་དགེ་རྩ་ཆད་པའི་རྒྱུར་འགྱུར་བས་གཟབ་པར་ཞུ། ༥ གཙང་པ་འགབ་མ་ཡག་མདོའི་སྒར་བྱུང་ཚུལ། ལྔ་པ་གཙང་པ་འགབ་མ་ཡག་མདོའི་སྒར་བྱུང་ཚུལ་ནི། གཙང་པ་འགབ་མ་སྐུ་ཕྲེང་དང་ པོ་གྲུབ་ཆེན་ངག་དབང་ཕྲིན་ལས། དང་པོ་ནི་དབུས་གཙང་ཇོ་ནང་རྟག་བརྟན་དང་ཆ་ལུང་ དགོན་ཟུང་གི་འཛིན་བདག་བྱེད་མཁན་གྲུབ་ཆེན་ངག་དབང་འཕྲིན་ལས་ཏེ། དེ་ཡང་རྗེ་ བཙུན་ཏཱ་ར་ནཱ་ཐའི་དངོས་སློབ་དང༌། སྐུ་ཚ་གཉིས་ཀ་ཡིན་པ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ གང་ཉིད་ཀྱི་སྐུ་ཚ་ཐུགས་སློབ་གཉིས་ཀ་ཡིན་ཞིང་དེ་འདྲའི་རྗེ་གྲུབ་པའི་དབང་ཕྱུག་ཆ་ལུང་བ་ ནི་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་ལ་བཤད་སྒྲུབ་ཟུང་གི་རྒྱལ་མཚན་གཞི་ནས་ སློང་བཞིན་མཁས་པ་དང་གྲུབ་པའི་གོ་འཕང་གཉིས་ལྡན་གྱི་སྐྱེས་ཆེན་ཕུལ་དུ་གྱུར་པ་མཚན་ སྙན་གྱི་གྲགས་པ་བོད་ཡོངས་དང་སོག་ཡུལ་སོགས་ས་ཆེན་པོ་ལ་ཁྱབ་རྒྱ་ངེས་པར་ཆེ་ཞིང་ དེ་འདྲའི་རྗེ་ཉིད་མདོ་ཁམས་སྨད་ཕྱོགས་འདིར་ཡང་ཆིབས་ཁ་ལེགས་བསྐྱོད་ཀྱིས་ཕེབས་ ཆས་ཡང་ཡང་མཛད་ཀྱང་བོད་འབངས་ཆོས་སྡེ་གང་དག་གིས་བཤོལ་འདེབས་ནན་མོས་ འདི་ཕྱོགས་ཀྱི་ཡུལ་སྡེ་དག་གིས་སྐུ་དངོས་ཀྱི་ཞལ་བཟང་ཉེ་བར་མཇལ་བའི་སྐལ་བ་རེ་ཞིག་ མ་ཡོད་ཀྱང་ཁོང་ཉིད་ཀྱི་ཚབ་སྐུ་ཚ་ངག་དབང་རྣམ་རྒྱལ་རྗེ་མཆོག་གིས་ཁམས་འདི་ཕྱོགས་ སུ་བསྟན་འགྲོའི་དོན་ལ་ཆེད་མངགས་ཀྱི་བཀའ་དྲིན་གྱི་མཛད་སྒོ་དང་རྗེ་གྲུབ་ཆེན་རང་ཉིད་ 1-1-159 གཟུགས་སྐུ་ཆོས་དབྱིངས་སུ་ཟུམ་པའི་རྗེས་ནས་ཡང་སྤྲུལ་མཆོག་གིས་ཁམས་ཕྱོགས་ལ་ ཕན་པའི་བརྩེ་གཟིགས་རྒྱ་ཆེ་བ་ནམ་ཡང་འདོར་མེད་ཀྱི་ངང་ནས་ཁོང་གི་སྐུ་དངོས་བཞུགས་ ཀྱི་སྐབས་མཛད་སྒོ་ཇི་ལྟར་བྱུང་ཚུལ་འདིའི་ཆོས་འབྱུང་གཞུང་དུ་ཅུང་རྒྱས་ཙམ་བརྗོད་ཟིན་ ལ། དེ་ནས་རིམ་པར་སྐུ་ཕྲེང་གཉིས་པ་ངག་དབང་འཕྲིན་ལས་རྒྱ་མཚོ། གསུམ་པ་ངག་དབང་སྦྱིན་པ་རྒྱ་མཚོ། བཞི་པ་ཀརྨ་བསྟན་པའི་ཉི་མ། ལྔ་པ་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ། གཙང་པ་འགབ་མ་ཡག་མདོའི་ལྕགས་མདུད་སྐུ་ཕྲེང་གསུམ་ཡོད། ༣ འཛམ་ཐང་གི་དགོན་ལག་གཞན་དུ་བྱུང་ཚུལ། གསུམ་པ་འཛམ་ཐང་གི་དགོན་ལག་གཞན་དུ་བྱུང་ཚུལ་ནི། མཚོ་སྔོན་ཞིང་ཆེན་ཕྱོགས་ སུ། ཡར་ཐང་དགོན། གླིང་འབུད་དགོན། ལུང་སྐྱ་དགོན། གཙང་གོང་མའི་དགོན། རྡུར་ ཎས་བྲག་དཀར་དགོན། གཙང་འགབ་མའི་དགོན། ལྕམ་མདའ་དགོན། ཁང་གསར་དགོན་ སོགས་དང༌། སི་ཁྲོན་ཞིང་ཆེན་ཕྱོགས་སུ་ཇོ་ནང་ཆོས་རྒྱུད་དགོན་སྡེ་རྔ་ཡུལ་དུ་བྱུང་ཚུལ་ ནི། རྔ་ཡུལ་སེ་དགོན་པའི་ལོ་རྒྱུས། ཐོག་མར་སེ་ཞེས་པ་ནི། སྔོན་གྱི་དུས་སུ་རྣལ་འབྱོར་ གྱི་དབང་ཕྱུག་གྲུབ་པ་མཆོག་གི་གནས་སུ་སོན་པ་སྒོམ་ཆེན་འཁྲུལ་ཞིག་གྲགས་པ་ཞེས་པ་ ཡར་འབྲོག་མཚོ་མོའི་གནས་སུ་མཉམ་བཞག་ནམ་མཁའ་ལྟ་བུའི་རྣལ་འབྱོར་ལ་བཞུགས་ སྐབས་ཉིན་ཞིག་མ་མཁའ་འགྲོའི་བཀའ་ལུང་ལ། ཁྱོད་མདོ་ཁམས་རྨ་གཉན་ཕྱོགས་སུ་སོང་ དང༌། འགྲོ་དོན་འབྱུང་ངོ་གསུངས་པ་ལྟར་ཕེབས་ཏེ་རྨ་རྒྱལ་སྤོམ་ར་དང་ཤར་གཉན་གཡུ་རྩེ་ 1-1-160 ཟུང་གི་གནས་སུ་རིམ་པས་བཞུགས་ནས་གདུལ་བྱ་དག་ལ་སྒོམ་བཏབ་པས་གནས་ལུགས་ ཇི་བཞིན་ངོ་འཕྲོད། རྣམ་རྟོག་རྫུན་རིས་ཀྱི་འཁྲུལ་པ་ཞིག་པའི་སྒོམ་པ་ཞིག་ཆེན་བཅོ་བརྒྱད་ སོགས་འདུས། སྐབས་ཤིགསྨར་སེ་ལེ་ཐང་ཕྱོགས་ནས། སེ་འབུམ་སྐྱབས་རྒྱལ་ཞེས་པའི་ མི་ཞིག་གཡུ་རྩེའི་ཕྱོགས་འོང་བས། དེར་ཕ་བོང་བོན་མོའི་ཕུག་ཏུ། རྗེ་གྲུབ་པའི་དབང་ཕྱུག་ ཉིད་བཞུགས་པ་དང་མཇལ། སེ་འབུམ་སྐྱབས་དད་གུས་སྙིང་ནས་སྐྱེས་ཏེ་སྒོམ་ཕོག་ཅིང་ལོ་ བཅུར་བསྒོམས་པས་རིག་ངོ་འཕྲོད་གྲུབ་རྟགས་ལ་མངའ་བརྙེས། རི་དྭགས་རྣམས་ལ་ཁལ་ བཀལ། གསའ་གཡི་སྤྱང་ཀི་རྣམས་རེས་མོས་སུ་ཞོན་ཏེ་ཉིན་གཅིག་ལ་སེ་ལེ་ཐང་བསྐོར་ ནུས་པའི་གྲུབ་རྟགས་གཞན་དག་གི་མཐུན་སྣང་དུ་བསྟན་པས་སྔར་གྱི་མིང་འགྱུར་ཏེ། སེ་ ཚང་ཞིག་སོ་གཡུང་དྲུང་འབུམ་རྒྱལ་དུ་གྲགས། དེའི་གདུང་རྒྱུད་འགའ་སོང་མཚམས་སུ། སེ་ གྲགས་པ་རྒྱལ་མཚན་ཞེས་བྱ་བ་བྱུང་སྟེ། དབུས་གཙང་དུ་སོང༌། ཆོས་སྒོར་ཞུགས། རང་ དོན་གྲུབ། ཕྱིར་རང་ཡུལ་དུ་ཕེབས། མཚམས་རིང་ཆོས་རྗེ་བྱ་བའི་བླ་དཔོན་ལ། ཕྱག་རྟེན་ ཕུལ་ཏེ་མགོ་འདྲེན་ཞུས་ནས། རྔ་སྟོད་སྲིབ་ཕྱོགས་བོ་དོང་ཞེས་པར། དགོན་པ་བཏབ། སྐུ་ གསུང་ཐུགས་རྟེན་མང་དུ་བཞེངས། དེ་དང་གདུང་རིགས་གཅིག་པའི། སེ་འཁྲུལ་ཞིག་སེང་ གེ་རྒྱལ་མཚན་དང༌། སེ་སྐུ་སྐྱེས་ཀུན་དགའ་རྒྱལ་མཚན་དང༌། དེ་ནས་སེ་དབོན་ལྷུན་གྲུབ་ རྒྱལ་མཚན་ཞེས་བྱ་བ་བྱུང་ནས། རང་རེའི་མ་དགོན་ཇོ་ནང་རྟག་བརྟན་དུ་རྗེ་བཙུན་ཏཱ་ར་ ནཱ་ཐའི་དྲུང་དུ་སོང་ནས། ས་སྐྱའི་ལམ་འབྲས་སོགས་ཆ་ཚང་དང༌། སྦྱོར་དྲུག་གི་ཆོས་སྐོར་ ཡོངས་རྫོགས་ཞུས། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་རྩོམ་པར་ བསྐུལ། རྗེ་བཙུན་མཆོག་གི་མདོ་ཁམས་སྨད་དུ་ངེས་དོན་གྱི་ཆོས་གཞི་འདེབས་ཡུལ་ས་ གནས་ཇི་བཞིན་ལུང་བསྟན་ལྟར། རང་ཡུལ་དུ་ཕེབས། སྔོན་བཻ་རོ་ཙ་ན་ཚ་རོང་ཕེབས་སྐབས་ རྫུ་འཕྲུལ་གྱིས་ཞབས་བཅགས་པའི་གནས། གུར་ནང་དུ་དགོན་བཏབ། ངེས་དོན་ཟབ་མོས་ 1-1-161 གདུལ་བྱ་བསྐྱངས། སེ་དབོན་དང་རྨེའུ་ཐེ་ཧི་དོན་འགྲུབ་གཉིས་ཆོས་འབྲེལ་གྱིས་སྦྱིན་བདག་ ཏུ་གྱུར། སྐབས་ཤིག་ལྕགས་རྒེ་རྒྱལ་པོས་གནོད་བྱས། ཇོ་ནང་རྗེ་བཙུན་གྱི་དྲུང་ནས་བྲག་ རྫོང་ཁྲོ་བཅུའི་རྟེན་ཐང་བཅས་གདམས་ངག་གནང༌། དགྲ་དེ་ཆམ་ལ་ཕབས། དེ་ནས་སེ་སྙིང་ པོ་རྒྱལ་མཚན་དང༌། སེ་དབོན་འཕྲིན་ལས་སྙིང་པོ་རྒྱལ་མཚན་ཡང་ཇོ་ནང་དུ་མཁས་གྲུབ་ བློ་གྲོས་རྣམ་རྒྱལ་ལས་རང་ལུགས་ཆོས་བཀའ་ཅི་དགོས་ཞུས། རང་ཡུལ་དུ་བསྟན་འགྲོ་ལ་ ཕན་པ་བྱུང༌། སེ་ལྷ་དབང་རྒྱལ་མཚན་དང་འཕྲིན་ལས་རྒྱ་མཚོ་གཉིས་འཛམ་ཐང་དུ་གཙང་ པ་ངག་དབང་རྣམ་རྒྱལ་གྱི་དྲུང་ནས་ཆོས་བཀའ་གང་དགོས་ཞུས། རང་ཡུལ་སེ་ཉིན་ཕྱོགས་ སུ་སེ་ལྷ་དབང་རྒྱལ་མཚན་བཞུགས། དེའི་རྒྱུད་འཛིན་ཀུན་དགའ་ཆོས་འབྱོར་དང༌། དབོན་ ངག་དབང་རྒྱལ་མཚན་སོགས་རིམ་པར། སེ་བོང་དགེ་སྤྲུལ་པའི་སྐུ། སེ་དཔལ་རྡོར་སྤྲུལ་སྐུ། སེ་དགེ་བཤེས་བྱང་ཆུབ་ཆོས་དར། སེ་སྤྲུལ་སྐུ་ངག་དབང་བསྟན་པ། སེ་མཆོག་སྤྲུལ་ཡོན་ ཏན་ལྷུན་གྲུབ་དག་གིས་ངེས་དོན་བསྟན་པ་བསྐྱངས། སྔོན་སེ་འཕྲིན་རྒྱམ་གྱི་རང་ཙམ་ནས་ སྒར་ཁའི་ཆ་རྐྱེན། འཛི་ཡུལ་གཙང་པ་འགབ་མ་ཡག་མདོའི་མཁན་ཀུན་བཟང་འཕྲིན་ལས་ ཀྱི་དབོན་ལྷུན་གྲུབ་རྒྱ་མཚོའི་ཕྱག་ཏུ་གཏད་དེ་ཕན་ཆད་སེ་ཕྱོགས་ལ་བརྒྱུད་འཛིན་མ་བྱུང༌། འབྲོག་དགེ་དགོན་ནི། འབྲོག་དགེ་ཀུན་དགའ་དཔལ་བཟང་རྟག་བརྟན་དུ་ཕེབས་རྒྱལ་ཚབ་ རིན་ཆེན་རྒྱ་མཚོའི་དྲུང་དུ་སྡོམ་གསུམ་དང་དབང་ལུང་མན་ངག་མཐའ་དག་ཞུས། གྲགས་པ་ དཔལ་བཟང་ལ་དབང་ལུང་མན་ངག་མང་དུ་ཞུས། བཀྩེ་ལྕམ་སྲིང་གི་རྗེས་གནང་སྲོག་གཏད་ ཀྱང་གནང༌། ཇོ་ནང་མཁས་གྲུབ་བློ་གྲོས་རྣམ་རྒྱལ་གྱི་བདེ་མཆོག་དཀྱིལ་ཐང་དང་དབང་ གནང་ཞིང་མདོ་ཁམས་བསྟན་པའི་སྒྲོན་མེར་མངའ་གསོལ། རྗེ་བཙུན་ཀུན་དགའ་དབང་མོ་ ལ་གདམས་པ་མ་ལུས་པ་ཞུས་སྦྱོར་དྲུག་འཁྲུལ་འཁོར་སྐབས་བར་སྣང་ལ་བཞུགས། དགོན་ པ་ལུང་བསྟན་ཞུས། ས་དབྱིབས་དང་དགུན་དུས་མཚོ་ཁར་མེ་ཏོག་རྙེད་གསུངས། རྗེ་བཙུན་ 1-1-162 སྐུ་གཤེགས་ཁར་ཉིད་དང༌། མཁན་རིན་ཆེན་རྒྱ་མཚོའི་ཆོས་གོས་གཉིས་ཕྱིས་སུ་ཨ་མདོ་པ་ གཉིས་གྲྭ་སར་འོང་བ་ལ་རྟེན་སྐལ་འདི་སྟེར་གསུངས་པ་ལྟར་འབྲོག་དགེ་ལ་རྗེ་བཙུན་གྱི་སྐུ་ ཆོས་དང་སྒོ་ཉིན་ཁྱི་གུ་རབ་འབྱམས་ལ་ཉིད་ཀྱི་སྐུ་ཆོས་གནང༌། རྒྱལ་མོ་ཚ་བ་རོང་ནས། ས་ ར་བ་ཀུན་དགའ་རྒྱལ་མཚན་རྟག་བརྟན་ཆོས་ཞུར་ཕེབས་རྗེ་བཙུན་ཀུན་དགའ་དབང་མོས་ མདུན་གྱི་ནམ་མཁར་བདེ་མཆོག་དཀྱིལ་འཁོར་ཡོངས་རྫོགས་མངོན་སུམ་དུ་བསྟན་གདམས་ པ་མ་ལུས་པ་དང་དྲཀྴད་ཀྱི་དབང་དང་བཀའ་གཏད་བྱས་ནས་སྲུང་མར་བསྐོས་སྐེད་ཕུར་ སོགས་གནང་ཚར་ནས་ཡོད་པ་དང་མཉམ་དུ་རང་ཡུལ་དུ་ཕེབས། བར་སྐབས་ཤིག་དགུན་ དུས་མེ་ཏོག་མང་པོ་ཡོད་ས་གཟིགས་པས་ས་དེར་དགོན་དཔལ་ཚེས་ཁ་བསམ་འགྲུབ་གླིང་ བཏབ། རྟེན་གསུམ་མང་པོ་བཞེངས་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཕེལ་ཞིང་རྒྱས། གོང་གི་ཚ་རོང་ཀུན་དགའ་རྒྱལ་མཚན་རང་ཡུལ་ས་ར་དགོན་དུ་ཕེབས་ནས་མགོན་པོའི་རྟེན་ སྐུ་ཁྱད་པར་བ་བཞེངས་ཆོས་རྒྱུན་སྤེལ་བར་བྱས་སོ། །འབྲོག་དགེའི་སྐུ་དབོན་ཆོས་སྐྱོང་ དོན་འགྲུབ་རྟག་བརྟན་དུ་ཡང་ཕེབས། ཟབ་ཆོས་མང་དུ་གསན། རང་ཡུལ་དུ་བྱོན་ཏེ་གདན་ ས་མཛད། དེ་ནས་གྲགས་པ་བསམ་འགྲུབ་ཀྱིས་བསྐྱངས། དེ་ནས་སྐུ་དབོན་ཀུན་དགའ་ ལྷུན་གྲུབ་པས་རྩི་ནང་དུ་དགོན་བཏབ། དེ་ནས་ཀུན་དགའ་ཡོན་ཏན་རྒྱ་མཚོས། དགོན་དེར་ ཚོགས་ཁང་བཞེངས། དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་ཞེས་བཏགས། མ་ཉེས་ཐར་ མོ་དགོན་ཆུ་ཉིན་དུ་གསར་འདེབས་བྱས་ནས་བཀྲ་ཤིས་ཕུན་ཚོགས་གླིང་བཏགས། ཚེས་ མདའ་ཨ་དཔའ་དགོན་ཡང་དག་ཐེར་མཛད། སེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་ གླིང་གསར་འདེབས་བྱེད་པའི་ཞལ་བཀོད་དང་བཅས་ས་འདུལ་སོགས་མཛད། ད་ནི་སེ་དགོན་གྱི་ལོ་རྒྱུས་ནི། ཐོག་མར་སེ་བླ་རབས་དང་རྨེའུ་དཔོན་རབས་གཉིས་ ཡོན་མཆོད་གོང་ལྟར་ལས་རྨེའུ་དཔོན་ལ། སོག་གིས་དཔོན་ཕྲན་དང་ཡན་གུང་རྒྱ་དམག་ 1-1-163 གིས་དཔོན་ཆེན། གོང་མ་ཏཱ་ལོ་ཡཱེ་ནས། ཆོ་ལོ་འཇའ་ས་གནང་ནས་མངའ་ཐང་ཇེ་ཆེར་སོང༌། རྨེའུ་རྒྱལ་ལྕགས་ཐར་འབུམ་གྱི་སྐབས་སུ། རྒྱལ་པོ་ཁོང་དང་བཀའ་བློན་མོ་བ་ཕུན་ཚོགས་ བཅས་དང༌། ཨ་སྐྱོང་བདེ་སྒྲོལ་སོགས་ལྷན་རྒྱས་ནས་བཀའ་མོལ་ཞལ་མཐུན་གྱིས། རྔ་ཡུལ་ དགོན་སྡེ་སེ་ཉིན་སྲིབ། མཁར་སོག་པོ། རྩི་ཡག་བཅས་ཀྱི་གྲྭ་སྡེ་ཐམས་ཅད་ཕྱོགས་གཅིག་ ཏུ་བཞུགས་པའི་དགོན་པ་ཞིག་གསར་འདེབས་ཀྱི་གྲོས་འཆམ་བྱུང་བ་ནས་བཟུང༌། འབྲོག་ དགེ་ཀུན་དགའ་ཡོན་ཏན་རྒྱ་མཚོ་གཙོར་བཞུགས་ཀྱི་འདུས་པ་མང་པོ་དང་རྒྱལ་བློན་བཅས་ ཀྱི་བཀའ་མཐུན་གྱིས་སྒོ་ནས། འཛམ་ཐང་གཙང་ཆེན་ཕོ་བྲང་དུ་རྡོ་རྗེ་སློབ་དཔོན་ཀུན་དགའ་ ངག་དབང་དཔལ་ལྡན་འཇིགས་མེད་རྡོ་རྗེའི་ཁྲི་ལ་བཞུགས་པའི་སྐབས་སུ། དེར་ལུང་བསྟན་ ཞུ་བར་ཕོ་ཉ་མངག་པས། རྡོརྗེ་སློབ་དཔོན་མཆོག་གིས། དགོན་དེ་འདྲ་གསར་འདེབས་བྱས་ ན་གནས་སྐབས་གེགས་དང་བྲལ་ནམ་ཕུགས་བཟང་ངེས་ཀྱི་བཀའ་ལུང་གསལ་བོ་གནང་ བ་དང་མཐུན་པར། སྔོན་བྱོན་གཏེར་ཆེན་གསང་བདག་ཡེ་ཤེས་མགོན་པོའི་ཐུགས་སྣང་ལ་ གནས་དེར་ཆོས་ཀྱི་འཁོར་ལོ་གཡོན་དུ་འཁོར་བ་གཟིགས་ཤིང་མ་འོངས་པ་ན་མ་རྒྱུད་ཀྱི་ ཆོས་སྡེ་ཆགས་གསུངས་པ་ལྟར་ཕྱིས་རིག་འཛིན་རྣམ་སྣང་རྡོ་རྗེས། དཔལ་འཁོར་ལོ་སྡོམ་ པའི་བསྐྱེད་རྫོགས་སྒྲུབ་གནས་སུ་ས་དེ་གར་བསྔགས་ཚིག་གི་མེ་ཏོག་འཐོར། ཡང་རིག་ འཛིན་འཇིགས་མེད་རྒྱལ་བ་མཆོག་དབྱངས་ཀྱིས་གཏེར་ལུང་ལས་འདི་ཞིག་ཏུ་རྒྱུད་སྡེའི་ རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་མཆོད་ཆེ་བ་མཛད་པའི་གནས་སུ་གསུངས། བདེ་ཕུ་ཆོས་ རྗེ་བྱམས་པ་དཀོན་མཆོག་བཟང་པོས་གནས་དེར་མ་འོངས་པར་ཆོས་འཁོར་བསྐོར་གནས་ སུ་རེད་ཚུལ་སོགས་ལུང་བསྟན་ཡང་ཡང་དུས་སུ་བྱུང་བ་སྟེ། དགེ་ལྟས་ཀྱི་མཚན་མ་ཡང་ དགོན་འདི་མ་ཆགས་སྔོན་གྱི་ལོ་འགར་དབྱར་འབྲིང་གི་དུས་སུ་མེ་ཏོག་ཁྱད་མཚར་ཅན་རྩ་ བ་གཅིག་གི་ངོས་ནས་གྱེས་པའི་མེ་ཏོག་འདབ་མ་བདུན་བརྒྱ་ལྷག་ཙམ་གྱི་ཟེའུ་འབྲུ་རབ་ 1-1-164 ཏུ་རྒྱས་པ་དང༌། ཟེའུ་འབྲུ་དེ་ཙམ་མ་རྒྱས་ཀྱང་འདབ་མ་ལྷག་པར་རྒྱས་པ་དང༌། ཁ་འབུས་ པ་ཞིག་དང་གསུམ་སྡོང་བུ་གཅིག་ལས་འཁྲུངས་པ་ལོ་དུས་བར་སྐབས་སུ་བྱུང་བའི་ལེགས་ མཚན་དང་བཅས། རབ་བྱུང་བཅོ་ལྔའི་ནང་ཚན་ལྕགས་ཕོ་འབྲུག་གི་ལོར། རྗེ་དཔལ་ལྡན་ བླ་མ་ཀུན་དགའ་ཡོན་ཏན་རྒྱ་མཚོ་ཁོང་ཕེབས། ཧོར་ཟླ་དགུ་པར་གཟའ་སྐར་ཕུན་སུམ་ ཚོགས་ཉིན་ས་འདུལ་མཛད་ལྟོ་འཕྱེ་བརྟག་ཅིང༌། སྤྱིར་ཡུལ་འདི་རྔའི་དབྱིབས་སུ་ཡོད་ཕྱིར་ རྔ་ཁོག་དང༌། དེའི་དབུས་སུ་དགོན་གནས་འདི་རྒྱ་ནག་ལུགས་ཀྱི་བསྲུང་བཞི་གདན་གསུམ་ སོགས་ཕྱིའི་ལེགས་མཚན་དང་ཆོས་འབྱུང་ཨེ་ཡིག་གི་དབུས་སུ་གཙུག་ལག་ཁང་ཝཾ་ཡིག་ བདེ་ཆེན་མཚོན་བྱེད་ནང་གི་དགེ་མཚན་དང༌། བདེ་མཆོག་རྩ་རྒྱུད་ལས་གསུངས་ལྟར་སྨན་ ལྗོངས་ཆུ་ཆེན་ངོགས་སུ་ཡི་དམ་ཉེར་སྒྲུབ་མཆོད་འོས་སུ་གསུངས་པ་དང་མཐུན་གསུངས་ ནས། སེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་འདེབས་པའི་ཞལ་བཀོད་དང་བཅས་ མིང་བཏགས། དེ་ནས་དགོན་བཏབ་དཔལ་རིག་འཛིན་རྣམ་སྣང་རྡོ་རྗེས་འབྲུག་ལོར་དཔལ་ མགོན་དྲཀྴད་ཡེ་ཤེས་མགོན་པོའི་སྒྲུབ་ཁང་རྟེན་བཙུགས། གཏོར་སྒྲུབ་རྒྱུན་གསོལ་བཞག་ ནས་ད་བར་ཡ་མཚན་པའི་རྟགས་དང་བཅས་པ་ཡིན། བདེ་མཆོག་དུས་འཁོར། འཁོར་ལོ་ སྡོམ་པ། མི་འཁྲུགས་པ། གསང་འདུས། བདེ་མཆོགའཇིགས་བྱེད། དུས་འཁོར་སྡོམ་ཆེན་ སོགས། ངེས་དོན་སྒྲུབ་རྒྱུད་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པར་གནས། འཕྲོས་དོན་ཇོ་ནང་རྗེ་ བཙུན་གྱི་ཆོས་རྒྱུད་འཛིན་བཀའ་དྲིན་ཆེ་བ་ནི་དབུས་གཙང་དུ་ཆ་ལུང་བའི་དངོས་སློབ་གྲུབ་ དབང་ཀུན་བཟང་དབང་པོ་དང༌། དེ་ལས་དབང་ལུང་ཁྲིད་གསུམ་གྱི་རྒྱུད་འཛིན་མདོ་ཁམས་ བོས་རོང་དུ། དཀར་རི་ཁྲོད་མགར་རིག་འཛིན་ཚེ་དབང་ནོར་བུའི་རྒྱུན་སྐྱོང་སློབ་བུ་མང༌། ཡང་རིག་གནས་ཟུར་མང་ཚེ་དབང་ཀུན་ཁྱབ་དང༌། མང་ཐོས་ཀརྨ་རཏྣ། ཀརྨ་འོད་གསལ་ འགྱུར་མེད་སོགས་སྡེ་དགེ་དཔལ་སྤུངས་ཕྱོགས་ན་རང་ལུགས་ཀྱི་ཆོས་མཛོད་འཛིན་པ་རིམ་ 1-1-165 བྱོན་སོགས་བརྗོད་བྱ་མང་ནའང་རེ་ཞིག་དེ་ཙམ་མོ། །གཞན་ཡང་རྔ་ཡུལ་ཕྱོགས་སུ། རྩི་ནང་ དགོན། ཐར་མོ་དགོན། ཨ་དཔའ་དགོན། ལྷར་ཡག་དགོན། ཚ་ཡུལ་དུ་རྒྱལ་ཁ་རྟག་བརྟན་ བཀྲ་ཤིས་དགོན། པཱ་ལ་དགོན། ཁང་སར་དགོན། བྷོ་ཝཾ་རོའི་དགོན། ཙག་དགེ་བ་དགོན། དཔལ་ལྡན་བཀྲ་ཤིས་སྒང་རྣམས་དང༌། དེ་དག་ལས་གྱེས་པའི་དགོན་ཕྲན། ཡ་མདའི་ དགོན། ཡོ་མདའི་དགོན། ཤུའུ་མདའི་དགོན། སྣར་མདའ་དགོན། ས་ར་དགོན། ཛ་འགོའི་ དགོན། གྱང་སྒང་དགོན། གཙང་བླ་ཚུལ་ལྡན་གྱིས་བཏབ་པའི་རྡོའི་དར་སྐུ་དགོན། རྡོའི་རྒྱུད་ ཥ་ར་དགོན་སོགས་མང་ངོ༌། ། གསུམ་པ། འཕྲོས་དོན་བསྟན་པའི་སྦྱིན་བདག་གི་སྐོར། འདིར་འཕྲོས་དོན་ཡང༌། བསྟན་པའི་སྦྱིན་བདག་རྣམས་ཀྱི་ལོ་རྒྱུས་ས་བོན་ཙམ་ནི། གསུམ་པ། འཕྲོས་དོན་བསྟན་པའི་སྦྱིན་བདག་གི་སྐོར་ལ། ཀུན་མཁྱེན་དང་ཏཱ་ར་ནཱ་ཐ་གཉིས་ ཀྱི་སྦྱིན་བདག་དང༌། ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་རིང་གི་སྦྱིན་བདགགཙང་པ་མཁས་གྲུབ་ བློ་གྲོས་རྣམ་རྒྱལ་རིང་གི་སྦྱིན་བདག་གཙང་པ་ངག་དབང་རྣམ་རྒྱལ་རིང་གི་སྦྱིན་བདགསྦྱིན་ བདག་ཨ་སྐྱོང་གི་ལོ་རྒྱུས་དང་ལྔ་ལས། ༡ ཀུན་མཁྱེན་དང་ཏཱ་ར་ནཱ་ཐ་གཉིས་ཀྱི་སྦྱིན་བདག དང་པོ་ཀུན་མཁྱེན་དང་ཏཱ་ར་ནཱ་ཐ་གཉིས་ཀྱི་སྦྱིན་བདག་ནི། ཀུན་མཁྱེན་དོལ་པོ་པའི་ ལུང་གིས་ཟིན་པ་བྱང་བདག་རྣམ་རྒྱལ་གྲགས་བཟང་དང༌། ཆོས་རྒྱལ་རབ་བརྟན་འཕགས་ དང༌། སྡེ་པ་དོལ་པ་སོགས་ཀྱིས་ཇོ་ནང་དཔལ་དུ་སྒོམ་ཆེན་པ་བདུན་བརྒྱ་ལྷག་ཙམ་ལ་ ཞབས་ཏོག་ལེགས་པར་བསྒྲུབས། གཞན་ཡང་ཙ་མི་རྒྱལ་པོས་དོམ་ལྤགས་སོགས་ཕུལ། རྒྱ་ ནག་རྒྱལ་པོས་གོས་འབོལ་སོགས་ཕུལ། བྷ་ར་རྒྱལ་པོས་སྐུ་ཆིངས་སོགས་ཕུལ། བྱང་བ་ 1-1-166 རྒྱལ་པོས་བཞུགས་ཁྲི་སོགས་ཕུལ། ཤིང་རྟ་རྒྱལ་པོས་ཞབས་ལྷམ་སོགས་ཕུལ་བ་ལ་རྟེན་ ནས་ཀུན་མཁྱེན་ཆེན་པོ་གདན་འདྲེན་ཡང་ཡང་ཞུས་ཀྱང་སྤྲུལ་པ་ཙམ་ལས་སྐུ་དངོས་མ་བྱོན། ཇོ་ནང་ཆོས་གྲགས་དཔལ་རྒྱ་ནག་ཏུ་བྱོན། གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཏཱ་ར་ནཱ་ ཐའི་སྦྱིན་བདག་མཛད། ༢ ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་རིང་གི་སྦྱིན་བདག གཉིས་པ་ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་རིང་གི་སྦྱིན་བདག་ནི། དེ་ནས་ཁམས་འཛམ་ཐང་ འདིར་སྔོན་ཆོས་རྗེ་རྒྱལ་བ་སེང་གེའི་སྐུ་རིང་ལ་འདུས་སྡེ་ཁྲི་ཕྲག་བརྒལ་བ་འཚོགས་ཤིང༌། གཞན་ཡང་དགོན་ལག་བརྒྱ་དང་བཅུ་གསུམ། མཆོད་རྟེན་བརྒྱ་དང་བཅུ་གསུམ་སོགས་ བསྟན་པའི་ཆོས་གཞི་ཆེ་བར་ཡོད་པ་རྣམས་ལ་བསྟན་པའི་སྦྱིན་བདགགོང་མ་ཆེན་པོས་ གདན་དྲངས་ནས་ཐོབ་དང་གོ་ས་སོགས་གནང་བ་དང༌། སོག་ཡོངས་ཤུའི་བུ་དང༌། ཧོར་དང༌། འཇང་དང༌། བཙན་ལྷ་རབ་བརྟན་གྱི་རྒྱལ་པོ་སོགས་ཆོས་ཀྱི་རྒྱལ་པོ་ཆེས་ཆེ་བ་རྣམས་ཀྱིས་ བཀུར་ཞིང་མཆོད་པའི་གནས་སུ་བྱས་ཏེ་ཞབས་ཏོག་བླ་ན་མེད་པ་མཛད། ༣ གཙང་པ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་རིང་གི་སྦྱིན་བདག གསུམ་པ་གཙང་པ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་རིང་གི་སྦྱིན་བདག་ནི། དེ་རྗེས་སུ་ མཁས་གྲུབ་བློ་གྲོས་རྣམ་རྒྱལ་འཛམ་ཐང་དུ་ཕེབས་སྐབས་ཚ་ཁོའི་རྒྱལ་པོ་སངས་རྒྱས་འབུམ་ གྱིས་ཚ་ཡུལ་དུ་གདན་དྲངས་ཆོས་བཀའ་མང་དུ་ཞུས། བུ་སློབ་ཀྱི་གཙོ་བོ་ནང་སོ་སྙིང་པོ་སྣང་ མཛད་ཀྱིས་རྒྱལ་ས་རྣམ་དག་ཏུ་ཇོ་ནང་རང་ལུགས་ཀྱི་ལྷ་རྟེན་དང་གོས་སྐུ་མང་དུ་བཞེངས། བཞག་ཤོད་ཀྱི་དགོན་པ་རྣམས་ལ་བསྙེན་བཀུར་དང་བསྟན་བདག་མཛད་དེ། གྲྭ་པ་ཡང་ སུམ་བརྒྱ་ལྷག་ཙམ་འཚོགས། 1-1-167 ༤ གཙང་པ་ངག་དབང་རྣམ་རྒྱལ་རིང་གི་སྦྱིན་བདག བཞི་པ་གཙང་པ་ངག་དབང་རྣམ་རྒྱལ་རིང་གི་སྦྱིན་བདག་ནི། དེ་ནས་གཙང་པ་ངག་ དབང་རྣམ་རྒྱལ་ཕེབས་སྐབས་ཨ་སྐྱོང་དཔོན་བསྟན་འཛིན་གྱིས་ཡར་ཐང་མདོ་སྔགས་བཤད་ སྒྲུབ་གླིང་དང་འཛི་ཀའི་ཏ་ཙེ་ཡན་ཆད་གྲྭ་རྒྱུན་ལ་ཕུལ་བས་དེང་སང་གི་བར་དུ་རིམ་གྱིས་ གྲྭ་པ་སྟོང་ཕྲག་ཙམ་བྱུང་ལ་བསྟན་པའི་སྦྱིན་བདག་ཨ་སྐྱོང་གིས་ད་བར་རྟག་ཏུ་མཛད་དོ། །རྒྱལ་ཁབ་ཕུན་ཚོགས་རྫོང་བདག་རྒྱལ་པོ་བན་དྷེ་རྒྱལ་གྱིས་གཙང་པ་ངག་དབང་རྣམ་རྒྱལ་ གདན་དྲངས་ཆོས་བཀའ་མང་དུ་ཞུས་ཏེ་དབུ་བླར་བསྐོས། དེ་ནས་རྒྱལ་སྲས་དམ་པ་ང་ཤུ་ཚྭ་ ཚེ་དབང་དྲག་རྒྱལ་ནི་རྗེ་བཙུན་རིན་པོ་ཆེས་ཁོང་གི་སྤྲུལ་པའི་སྡེ་དཔོན་སྟོབས་ལྡན་དུ་ལུང་ བསྟན་པའི་ཆོས་རྒྱལ་ཉིད་ཡིན་པས་ངེས་དོན་བསྟན་པ་ཐུགས་ཀྱི་དཔལ་བེའུར་བཅིངས་ ནས་ཇོ་ནང་རང་ལུགས་འཛིན་པའི་མཁས་གྲུབ་དུ་མ་བླ་མར་བསྟེན་ཅིང་ཁྱད་པར་གཙང་པ་ ངག་དབང་རྣམ་རྒྱལ་ཉིད། རྒྱལ་པོའི་གསུངས་ལས། བདག་གི་བླ་མ་ནི་ཁྱེད་གཅིག་པུ་ཡིན་ ནོ། །ཞེས་པས་དབུ་བླ་གཅིག་ཆོག་ཏུ་མངའ་གསོལ་བཞིན་པར་རྣམ་དཀར་ཆོས་ཀྱིས་བསྟན་ པ་ལ་བྱ་བ་བྱས་རིམ་དུས་འཁོར་དང་བདེ་མཆོག་ནག་པོའི་ཞབས་ལུགས་ཀྱི་དཀྱིལ་འཁོར་ བློས་བསླངས་དང༌། ཀུན་མཁྱེན་དོལ་པོའི་བཀའ་འབུམ་དང་སྐྱེས་རབས་ཀྱི་སྤར་དང༌། རྗེ་ ཏཱ་ར་ནཱ་ཐའི་འདྲ་སྐུ་དང༌། པད་འབྱུང་འདྲ་སྐུ་སྟོང་ཕྲག་གཉིས་ཙནྡན་དང་སྨན་འདམ་གྱིས་ བཞེངས། ཆུ་ཕོ་ནོར་བུ་གླིང་བཏབ་ནས་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས། ནང་རྟེན་བྱམས་ཆེན་དང༌། འཇིགས་མཛད། བདེ་མཆོག་རབ་འབྱམས་སོགས་སྨན་སྐུ་མང་ དུ་བཞེངས། བསྐྱེད་རྫོགས་སྒྲུབ་རྒྱུན་དང་སྒྲུབ་མཆོད་མང་པོ་བཙུགས། གར་འཆམ་དང་རོལ་ 1-1-168 ཆ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་བསྒྲིགས། ཆོས་སྐྱོང་འཁོར་བཅས་ཀྱི་སྐུ་བརྙན་བྲིས་ འབུར་མང་དུ་བཞེངས། ཕོ་བྲང་དུ་ཡང་ལྕགས་ཀྱི་དྲྭ་མིག་མཆོག་གི་ལྷ་ཁང་ནང་དུ་རྒྱ་གར་ ནག་གི་གསེར་སྐུ་ལི་མ་མཐའ་ཡས་པ་དང༌། དཔལ་མགོན་དྲཀྴད་ཀྱི་མགོན་ཁང་འདོད་རྒྱལ་ ཁང་བཟང་གི་བཀོད་པ་དང་བཅས་པ་བཀའ་ཤིན་ཏུ་གཉན་ཅིང་བལྟ་བར་མི་བཟོད་པའི་རྣམ་ པར་ཡོད་ལ། གཞན་ཡང་ཕུན་ཚོགས་རྫོང་གི་མངའ་ཞབས་ལ་བཀའ་བརྒྱུད་རྣམ་རྒྱལ་སྟེང་ སོགས་དགོན་ཕྲན་མང་པོ་བཏབ་ཅིང་རྒྱལ་ཁ་བཀྲ་ཤིས་གླིང་དུ་རྟག་བརྟན་དགོན་ཞེས་པའི་ ཆོས་སྡེ་ཆེན་པོ་བཏབ་སྟེ་ནང་དུ་རྟེན་བཞེངས་ཡང་རྒྱ་ཆེར་བྱས་སོ། །བར་སྐབས་ཕོ་བྲང་པེ་ ཅིན་དུ་རྒྱ་ནག་གོང་མ་ཆེན་པོའི་གསེར་ཞལ་མཇལ་དུ་ཕེབས་ཚེ་རྒྱ་ནག་མི་དཔྱད་མཁས་པ་ རྣམས་ཀྱིས་ཚེ་དབང་དྲག་རྒྱལ་གྱི་སྤྱན་གཉིས་ལ་གསེར་གྱི་འབྲུག་ཟུང་གསལ་བར་ཡོད་པ་ ཤེས་ནས་རྒྱལ་པོ་གསེར་འབྲུག་ཅན་དང་སྤྱན་འབྲུག་ཅན་ཞེས་མཚན་གསོལ། ལས་ཞྭ་དང་ གོ་ས་གསེར་ཡིག་ཆོ་ལོ་སོགས་ཐོབ་ཀྱི་མངའ་ཐང་ཆེ་བ་གནང་སྟེ་རྒྱལ་རོང་རྒྱལ་ཁག་བཅོ་ བརྒྱད་ལ་དབང་ཐོབ། རྒྱ་བོད་ཀྱི་ས་ཚུགས་བགོས། རྒྱལ་སྒོ་ཆེན་པོ་ཚུགས་པ་སོགས་སྟོབས་ ཀྱི་དབང་ཤུགས་དར་ཞིང་རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེ་བས་ངེས་དོན་བསྟན་པའི་ དབུ་འཕང་འདེགས་པར་བྱེད་པ་ཡིན་ནའང་དུས་རེ་ཞིག་གི་ཚེ་སྡིག་སྤྱོད་མཁན་ཞིག་གིས་ ཁྲིན་ཏུའི་ས་སྒོའི་ཙོང་ཏེའུའི་མདུན་དུ་ཞུ་ལོག་ཕུལ་བས་མ་བརྟག་ཁྲིམས་གཅོད་བྱས་རྐྱེན་ སྐུ་འདའ་ཚུལ་བསྟན་སྐབས་ཁྲག་འོ་མར་འཛག་པ་དང་ནམ་མཁའ་འཇའ་སྤྲིན་གྱིས་གང་ བ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །ཁོང་གི་སྐུ་ཚེའི་སྨད་དང༌། རྒྱལ་སྲས་ཀྱི་རང་ དུས་ཙམ་ཅི་རིགས་ན་དབུས་གཙང་ནས་ཆ་ལུང་བའི་ཡང་སྤྲུལ་གདན་འདྲེན་པ་དང་མཉམ་དུ་ ཇོ་ནང་རང་ལུགས་འཛིན་པ་གོང་དཀར་བ་ཀུན་དགའ་རྣམ་རྒྱལ་སྐུ་སྐྱེས་གཞོན་པའི་ཡོངས་ འཛིན་གྱི་ཚུལ་དུ་ཕེབས་བྱུང་བ་དེས་ཀྱང་ཟབ་ཆོས་ཀྱི་རྒྱུན་སྤེལ་བ་ལ་བརྟེན་དེང་དུས་སུ་ 1-1-169 རང་རེའི་ཆོས་སྡེ་འགས་བརྒྱུད་རིམ་དེ་ཕྱོགས་ནས་འདེད་པའང་ཡོད། རྒྱལ་པོ་དེའི་སྲས་ཚེ་ དབང་ལྷུན་གྲུབ་སོགས་རྒྱལ་རབས་རིམ་བྱོན་རྣམས་ཀྱིས་ཀྱང་ངེས་དོན་བསྟན་པའི་སྦྱིན་ བདག་རིམ་པར་བྱས་ཏེ་ཆོས་བཞིན་སྐྱོང་བའི་རྒྱལ་རབས་བཟུང་ཞིང༌། ཁྱད་པར་ཚེ་དབང་ ལྷུན་གྲུབ་ཀྱི་སྐུ་རིང་ལ་ཁོང་གི་སྦྱིན་བདག་བྱས་ཏེ་ཀཿཐོག་དགེ་རྩེ་པཎྜི་ཏས་ཞུས་ངོར། ཆུ་ ཕོ་(ཕུག)ནོར་བུའི་གླིང་དུ་མཁར་བླ་ཀུན་དགའ་བསྟན་པ་ཆོས་འཕེལ་གདན་དྲངས་ནས་ དུས་འཁོར་དབང་མོ་ཆེ་ཞུས་ཤིང༌། ཀོས་ལྷ་ཀུན་དགའ་ཆོས་དབྱིངས་ཀྱིས་སྐྱེ་རབས་བརྒྱ་པ་ བྲིས་པ་སོགས་ཕྱག་རྗེས་ཆེ་བར་མངོན་ལ། ཡང་སྒོས་སུ་སྔར་ཆོས་རྒྱལ་ཚེ་དབང་དྲག་རྒྱལ་ གྱི་སྐུ་རིང་ལ་ཉིད་ཀྱིས་དཔལ་འཛམ་ཐང་སྨུགས་འཛིན་ཆོས་འཁོར་གླིང་གི་གཙོས་རྒྱལ་ཁ་ རྟག་བརྟན་བཀྲ་ཤིས་གླིང་ཡན་ཆད་དང༌། མགོ་ལོག་རྔ་ཡུལ་སོགས་རྒྱལ་བ་ཇོ་ནང་པའི་རང་ ལུགས་འཛིན་པའི་དགོན་སྡེ་ཆེ་ཆུང་གང་ཡོད་རྣམས་ལ་ཆོས་ཀྱི་མཐུན་རྐྱེན་ཞབས་འདེགས་ ཀྱི་ཚུལ་ལེགས་པ་བགྱིས་ཏེ་དངོས་རྫས་ཚོགས་ཟངས་རྣ་བཞི་མ། མཆོད་སྣོད་བཤོས་དཀར། ཟ་འོག་གི་ཀ་འཕན་ཆ་སོགས་འབུལ་བཞག་གཟབ་ལྡན་དང་ངེས་དོན་བསྟན་པ་ཡོངས་སྤེལ་ གྱི་སྒོ་ཐབས་སྣ་ཚོགས་ཀྱི་བཀའ་ཤོག་གནང་བ་སོགས་ཀྱིས་མཚོན་བསྟན་འགྲོའི་བདེ་སྐྱིད་ མ་ལུས་པའི་དཔལ་གྱུར་ཀུན་མཁྱེན་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་ཁྱད་ པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པ་ཆེན་པོའི་ངེས་དོན་སྒྲུབ་ བརྒྱུད་ཀྱི་བསྟན་པའི་བ་དན་ནམ་ཡང་ནུབ་མེད་དུ་ལེགས་པར་ཕྱར་ཞིང༌། ངེས་དོན་ཟབ་ མོའི་ཆོས་དུང་གི་སྒྲ་སྙན་ས་ཆེན་མ་ལུས་པའི་ཁོངས་སུ་ཆེས་ཆེར་སྒྲོགས་པའི་དགེ་མཚན་ སྒོ་མཐའ་དག་ནས་ཞབས་འདེགས་རྒྱ་ཆེ་བས་སྤེལ་བར་མཛད། མདོ་སྨད་ཤར་འཛམ་ཐང་ དགོན་ཆེན་གྱི་ཡ་གྱལ་གཙང་ཆེན་དགོན་གྱི་བླ་སྤྲུལ་རིམ་པ་གང་བྱོན་དང༌། ཨ་སྐྱོང་ཁག་ གསུམ་གྱི་བསྟན་སྐྱོང་རྒྱལ་པོ་རྣམས་དང་འབྲེལ་བ་ནི་ད་ལྟ་ཡན་ལོ་སུམ་བརྒྱ་ལྷག་གི་ལོ་ 1-1-170 རྒྱུས་ཡོད་པས་བརྗོད་འོས་དུས་སུ་བབ་ནའང་ཁོམ་ལོང་མ་བྱུང་སྟེ། ༥ སྦྱིན་བདག་ཨ་སྐྱོང་གི་ལོ་རྒྱུས། ལྔ་པ་སྦྱིན་བདག་ཨ་སྐྱོང་གི་ལོ་རྒྱུས་ནི། ས་བོན་ཙམ་ཡང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་ ཁོལ་བུར་ཆད་པ་སྟོད་མངའ་རིས་ལ་དྭགས་སུ་མཆེད་པ། འབྲི་ལྷ་རྒྱལ་གྱིས། གཉན་བཟའ་ བླངས། བུ་ཨ་འབུམ་རྒྱལ་འཁྲུངས། ཆེ་སྐབས་སུ་དཔོན་སར་བསྐོས། དུས་མཉམས་སུ། སྨར་ སྟོད་དུ། སྦྲ་རིགས་ཀྱི་དཔོན་གཉན་རྩེ། སྨར་བར་དུ། སྦྲ་རིགས་ཀྱི་དཔོན་མཁར་རེ། སྨར་སྨད་ དུ། སྦྲ་རིགས་ཀྱི་དཔོན་བ་ལི་ཞེས་པའི་དཔོན་ཁག་གསུམ་འབངས་སྡེ་བཅས་ཤིན་ཏུ་དར་ སྐབས་སུ། འབྲི་ལྷ་རྒྱལ་ཕ་བུ་ཆོས་སྲིད་མཐོ་བས། གཉན་མཁར་བ་གསུམ་གྱིས་ཕྲག་དོག་ གིས། འབྲི་ལྷ་རྒྱལ་ཚང་ལ་དམག་འཐབ་བྱས་ཀྱང༌། གཉན་མཁར་བ་གསུམ་ཕམ་སྟེ་མགོ་ བཏགས་སོ། །ཨ་འབུམ་རྒྱལ་གྱིས། གླིང་རྗེའི། རིགས་ཀྱི་བུ་མོ་བླངས། བུ་འབུམ་སྐྱབས། འབུམ་དགེ། འབུམ་གཡག་གསུམ་འཁྲུངས། འབྲི་ལྷ་རྒྱལ་གོ་ལྔའི་སྟེང་ཞལ་ཆེམ་བཅས་སྙུང་ ཟུག་མེད་པར་གཤེགས་སོ། །ཨ་འབུམ་རྒྱལ་ཆོས་བོན་གཉིས་ཆར་སྤྱོད་པ། རྨ་གཡུ་གཉིས་ རྒྱུན་དུ་མཆོད་མཁན། ཉིན་གཅིག་དཔོན་གཡོག་གཡུ་རྩེའི་རྫ་ནང་དུ་ལྟད་མོར་ཕེབས་པ་ན། གཉན་སྲས་སྦྲུལ་གྱི་རྣམ་པ་བྱ་ཁྲས་ཁྱེར་བ་བླངས་པ་དང༌། བདུད་གཡག་བསད་པའི་གཏང་ རག་ཏུ། ས་ཆ་དང༌། སྲས་མོ་གཉན་བཟའ་མེ་ཏོག་ཐོད་ཅན་དེ། འབུམ་ཡག་ལ་ཆུང་མར་སྦྱིན། འདིའི་དུས་སྔོན་གྱི་མགོ་ལོག་ཁག་གསུམ་དུ་གྲགས། དཔོན་སྡེ་རྣམས་སྨར་ཤོད་དུ་འོངས། ར་ མདོ་ཡན་དང། རྔ་སྨད་ཨ་འཁྱམས་ཡན་གཅིག་རྗེས་གཉིས་མཐུད་དུ་མངའ་འོག་ཏུ་བསྡུས། འདིའི་སྐབས་སུ། སྲས་ཕག་ཐར་རམ་ཐོག་ཐར་འཁྲུངས། ཕག་ཐར་གྱིས་འཕེལ་འཛི་བཟའ་ ཐར་མོ་མཚོ་བླངས། ཨ་འབུམ་རྒྱལ་གོ་གསུམ་སྟེང་གཤེགས། ཕག་ཐར་གྱིས། སྨར་རོལ་མ་ 1-1-171 ལག་དྲུག་གི་ས་ཆ་དང༌། མི་སྡེརྗེ་ལ་དབང་བསྒྱུར། ཁྱད་པར། རྡོ་འཛི་སྨར་གསུམ་གྱི་བདག་ པོར་གྱུར། མ་ལག་དྲུག་ནི། རྔ་ཁོག་བ་ལག་སྐྱ་མོ་སྨར་གྱི་ལགརྡོ་ཁོག་རི་ཐང་ཕྱུག་མོ་སྨར་ གྱི་ལགའཛི་ཀའི་ལྷ་མོ་དར་ཐང་སྨར་གྱི་ལགགཡུ་ཁོག་སྟག་མོ་འཕྲེད་ཉལ་སྨར་གྱི་ལགརྩང་ ཁོག་མདོ་བ་ཁ་བཀལ་སྨར་གྱི་ལགསྒེག་ཁོག་བྷན་ད་གྲུ་བཞི་སྨར་གྱི་ལགསྐབས་ཞིག་ཏུ། ཏཱ་ མིང་ཟོན་ཏེས། ཐང་ལོ་ཡེ་ཞེས་ཁྲི་དཔོན་གྱི་ལུང་གནང༌། བུ་རྡོ་རྗེ་འབུམ། བླ་མ་ཆོས་འབུམ། པདྨ་འབུམ། པདྨ་ཡག་དང་བཞི་ཡོད། བླ་མ་ཆོས་འབུམ་གྱིས་དགོན་བྲག་དཀར་འགོ། དཔལ་ བཀྲ་ཤིས་ཆོས་འཁོར་གླིང་བཏབ། རྡོ་རྗེ་འབུམ་གྱི་བུ། འབུམ་ཕྱུག་རྒྱལ། དབང་ཆེན་འབུམ་ གཉིས་ཡིན། འབུམ་ཕྱུག་རྒྱལ་གྱི་བུ། མགོ་ལོག་ཨ་སྐྱོང༌། དཔོན་ལོག་རྒྱལ་མཚན་ནམ་རིན་ ཆེན་འབུམ་གཉིས། པདྨ་འབུམ། དབང་ཆེན་འབུམ། ཨ་སྐྱོང་སྟེ། འདི་ཁུ་མཚན་གསུམ་ལས་ ཕྱིས་ཀྱི་མགོ་ལོག་ཁག་གསུམ་དུ་གྲགས་སོ། །པདྨ་འབུམ་ལས་པདྨ་འབུམ་དཔོན་ཁགདབང་ ཆེན་འབུམ་ལས་དབང་ཆེན་སྟོད་སྨད། ཨ་སྐྱོང་ལས་ཨ་སྐྱོང་ཁག་གསུམ་མཆེད། ཨ་སྐྱོང་གི་ བུ། སྙིང་བུ་རྒྱལ། ཁྲོ་བོ་རྒྱལ་གཉིས། སྙིང་བུ་རྒྱལ་མི་དྲག་རྩལ་ཆེ་བས་ཨ་སྐྱོང་གི་མངའ་འོག་ ཐམས་ཅད་ལ་དབང་བསྒྱུར་ཞིང༌། ཐང་མཁར་དུ་ཁང་རྒན་ཟེར་བ་ཞིག་བརྩིགས། སྙིང་བུ་ རྒྱལ་གྱི་བུ་ཤཱཀྱ་འབུམ་གྱིས་མཁར་གོང་མ་བརྩིགས། དེའི་བུ་ཚེ་དབང་འབུམ་དང༌། བསོད་ ནམས་བསྟན་འཛིན་དར་རྒྱས་གཉིས། ཚེ་དབང་འབུམ་གྱིས་ཁང་བ་གསར་བ་བརྩིགས་པས་ ཁང་གསར་ཟེར། བསོད་ནམས་བསྟན་འཛིན་དར་རྒྱས་ཀྱིས་གོང་བཤད་ལྟར། ཨ་སྐྱོང་ཁག་ གསུམ་གྱི་སྡེར་གཏོགས་ཚད་ཀྱི་གྲྭ་རྒྱུན་རྣམས་གཙང་པ་ངག་དབང་བསྟན་འཛིན་རྣམ་རྒྱལ་ ལ་འབུལ་ཚུལ་སོགས་གོང་དུ་བཤད་ཟིན། དཔོན་བསྟན་འཛིན་གྱིས་དགེ་བཟའ་བླངས་པའི་ བུ། ཆེ་བ་དམག་ཟོར་མགོན་པོས་ཁང་གསར་ཚང་གི་དཔོན་བྱས། འབྲིང་བོ་བསོད་ནམས་ ནོར་བུས་ཁང་རྒན་ཚང་གི་དཔོན་བྱས། འབྲིང་ཆུང་བསོད་ནམས་དཔལ་མགོན་དང༌། ཆུང་ 1-1-172 བ་མགོན་པོ་དར་རྒྱས་གཉིས་ཀྱིས་གོང་མ་ཚང་གི་དཔོན་བྱས། བསོད་ནམས་ནོར་བུས་ཁང་ རྒན་དུ་རྗེ་བཟའ་བླངས་བའི་བུ་ཚེ་རིང་ཕུན་ཚོགས། དེས་ཨ་མཆོག་བཟའ་བླངས། བུ་ཆེ་བ་ དཔོན་ངག་དབང༌། ཆུང་བ་ཀརྨ་དཔོན་ངག་བུ་དཔལ་ཆེན་མགོན་སོགས་ཨ་སྐྱོང་ཁག་གསུམ་ གྱི་བསྟན་སྐྱོང་རྒྱལ་པོ་རྣམས་ནས་བརྒྱུད་ད་ལྟ་ཡན་ལོ་སུམ་བརྒྱའི་བར། བླ་མ་གཙང་པའི་བླ་ རབས་རྣམས་དང་འདི་ཕྱི་འོ་མའི་རྒྱ་མཚོ་མ་སྐམ། དམ་ཚིག་གསེར་གྱི་ཟམ་པ་མ་ཆད་པར་ གནས་པ་ནི་མངོན་གསལ་ལྟར་ལགས། གཞན་ཡང་རྩང་སྨད་རྒྱལ་བོ་ཚེ་དབང་རྣམ་རྒྱལ་ སོགས་དུ་མ་ཡོད་ཀྱང་མིང་ཙམ་ལས་མ་སྤྲོས་སོ། ། རྩ་བའི་ས་བཅད་གསུམ་པ། ཟབ་ཆོས་ཀྱི་ཕན་ཡོན་བསྟན་པ། གསུམ་པ། ཟབ་ཆོས་ཀྱི་ཕན་ཡོན་བསྟན་པ་ནི། སྤྱིར་ངེས་དོན་གྱི་མདོ་སྡེ་ཆེས་མང་པོ་ ལས་ཟབ་མོའི་དེ་ཉིད་ལ་མོས་ཤིང་དད་པ་ལ་སོགས་པའི་ཕན་ཡོན་དག་ལས་འདིར་ཆེས་ཕྲ་ བ་ལས་ཀྱང་ཕྲ་མོའི་ཆ་མཚོན་ཙམ་འགོད་པ་སྟེ། དེ་ཡང་སྙིང་པོ་རྟག་པ་སེམས་ཅན་ལ་ཡོད་ པར་ཡིད་ཆེས་པ་དང་གཞན་གྱིས་བསྟན་པ་ཐོས་པ་དང་ཚུལ་དེ་རང་གིས་གཞན་ལ་བསྟན་པ་ དང་ངེས་དོན་ཟབ་མོའི་གླེགས་བམ་བཀླག་ལ་མཆོད་པ་སོགས་བྱས་པའི་ཕན་ཡོན་ཡང༌། འཕགས་པ་སོར་ཕྲེང་གི་མདོ་ལས་གསུངས་པ་འདིལྟ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་ མཆོག་རྣམས་དང༌། ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་ བཞིན་གཤེགས་པའི་སྙིང་པོ་རྟག་པ་ཐོས་པས་སྔོན་བྱུང་བ་དང༌། ད་ལྟར་དང༌། མ་འོངས་པ། དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། མཐོ་རིས་དང༌། ས་སྟེང་གི་བདེ་བ་ 1-1-173 ཐམས་ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །ཞེས་དང༌། དེ་བཞིན་གཤེགས་པ་རྟག་པའོ་ཞེས་ བསྟན་པ་མི་འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ ལྡན་པ་དེ་ནི་སངས་རྒྱས་ཡིན་ནོ། །ཞེས་དང་། ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་ སྙིང་པོ་སྟོན། །ལེགས་བརྗོད་གང་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོབ། །མེ་སྦྱིན་ལྟ་ བུར་སྒྲ་བརྙན་ཐེག་ཆེན་མདོ་སྡེ་བཀླག །མིའམ་ཅི་དང་དྲི་ཟའི་རྔ་དང་རྔ་ཕྲན་དང༌། །སིལ་ སྙན་དག་གིས་གླེགས་བམ་ལ་ཡང་མཆོད་པར་བགྱི། །སེམས་ཅན་གང་རྣམས་དེ་ལྟར་རྟག་ཏུ་ མཆོད་བགྱིད་པ། །དེ་དག་འཇིག་རྟེན་དུ་ནི་ཁོར་མོར་མི་གཅིག་པུ། །ཕྱི་དུས་སངས་རྒྱས་ འགྱུར་ཞེས་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལ་སོགས་པ་དང༌། མདོ་དེ་ཉིད་ལས། འཇམ་དཔལ་ཁྱོད་ལྟ་བུ་ནི་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་གྱུར་པའི་ཚེ། དམ་པའི་ཆོས་ཀྱི་ཁུར་ཆེན་པོ་ཁྱེར་ཏེ་བདག་གིས་དམ་པའི་ཆོས་ཕྲག་པར་བཀུར་རོ་སྙམ་ ནས་འཛམ་བུའི་གླིང་དང༌། གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་ པའི་སྙིང་པོ་རྟག་པ། ཐེར་ཟུགཞི་བ། གཡུང་དྲུང་ཡིན་ནོ་ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ ཏུ་བསྟན་པར་བྱའོ། །ཞེས་སོགས་ཀྱིས་དུས་ཐ་མར་སྙིང་པོ་རྟག་པའི་ངེས་དོན་གྱི་གཏམ་ བཟང་པོས་འགྲོ་དོན་བྱེད་དགོས་ཚུལ་དང༌། དེ་ལྟར་བྱེད་མཁན་གྱི་སེམས་དཔའ་མང་པོ་ལྷོ་ ཕྱོགས་ཀྱི་རྒྱུད་དུ་འབྱུང་བར་ལུང་བསྟན་བཅས་རྒྱ་ཆེར་གསུངས་པ་དང༌། ཡང་རྒྱལ་བ་ཉིད་ ཀྱིས་འཇིག་རྟེན་གྱི་ཁམས་འདིར་ཕྱོགས་གང་དག་ཏུ་དུས་མཐའ་དམ་ཆོས་འཇིག་ལ་ཉེ་ སྐབས་སྙིང་པོ་རྟག་པའི་དོན་བསྟན་པ་དང༌། དེའི་ཕྱོགས་འཛིན་པ་དང་བཅས་ཡོད་ཚད་ ཐམས་ཅད་ཤིན་ཏུ་བྱ་དཀའི་བསོད་ནམས་ཆེན་པོའི་ལས་བྱེད་པ་ཤ་སྟག་ཏུ་ངེས་ཚུལ། འཕགས་པ་སོར་མོའི་ཕྲེང་བ་ལ་བཀའ་བསྩལ་པ་ཡང་འདི་བཞིན་ཏེ། མདོ་དེ་ཉིད་ལས། སོར་ མོའི་ཕྲེང་བ་དེ་བཞིན་གཤེགས་པ་ཡང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་ 1-1-174 པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་གྱུར་པ་དེའི་ཚེ་ཐེག་པ་ཆེན་པོའི་ མདོ་སྡེ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ ཅིང་ཤིན་ཏུ་བྱ་དཀའ་བ་བྱེད་པའོ། །སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ ཤིན་ཏུ་བྱ་དཀའ་བ་བྱེད་པར་བསྟན་ཏོ། །ཞེས་པ་ལ་སོགས་པ་གསུངས་པ་དང༌། གཞན་ཡང་ དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་ཐོས་པའི་ཕན་ཡོན་མདོ་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། གཙེ་བ་ མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་འགྱུར་རོ། །དེ་བཞིན་གཤེགས་ པ་རྟག་པ། གཡུང་དྲུང༌། ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཆི་བ་མེད་པར་ ཐོབ་པས་དེའི་ཚུལ་ཐོས་པ་ཐམས་ཅད་འབྱོར་ཞིང་ཡུན་རིང་དུ་སྲ་བ་དང་རྟག་པར་འགྱུར་རོ། །ཞེས་སོགས་དང༌། མདོ་དེ་ཉིད་ལས། ཆོས་སྟོན་པར་འདོད་པས་འདི་ལྟར་བསྟན་ཏེ། དེ་ བཞིན་གཤེགས་པ་རྟག་པ་དང༌། ཡང་དག་པ་ཉིད་དུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ནི་དཔེར་ན་གདོལ་བ་རྒྱལ་པོའི་བ་གླང་ལྟ་ བུ་དེ་ལ་སེང་གེའི་ཁྲི་ཡང་མི་འོས་སོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང༌། མྱང་འདས་ཆེན་ པོ་ལས། དེ་བས་ན་འཇམ་དཔལ་རིགས་ཀྱི་བུ་དག་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པ་རྣམས་ནི་ སངས་རྒྱས་བཅོམ་ལྡན་འདས་ལ་འདུས་བྱས་རྣམས་དང་མཐུན་པར་མི་ལྟའོ། །འཇམ་དཔལ་ མུ་སྟེགས་ཅན་ངན་པར་ལྟ་བ་ནི་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་མཐུན་ནོ་ཞེས་སྨྲ་ བའི་ཚུལ་ཁྲིམས་བསྲུང་བའི་དགེ་སློང་དག་ནི་དེ་ལྟར་དེ་བཞིན་གཤེགས་པ་ལ་འདུས་བྱས་ པར་ཡིན་པར་མི་ལྟའོ། །ཅི་སྟེ་དེ་བཞིན་གཤེགས་པ་ལ་འདུས་བྱས་ཡིན་ནོ་ཞེས་བརྗོད་ན། དེ་ ནི་བརྫུན་ཏུ་སྨྲ་བ་ཡིན་ཏེ་གང་ཟག་དེ་ནི་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བར་རིག་ པར་བྱ་བ་ནི་ཇི་ལྟར་གང་ཟག་བདག་གི་ཁྱིམ་ན་གནས་པ་བཞིན་ནོ། །འཇམ་དཔལ་དེ་བཞིན་ 1-1-175 གཤེགས་པ་ལ་ཡང་དག་པར་འདུས་མ་བྱས་པའི་ཆོས་ཅན་ཡིན་པས་འདུས་བྱས་ཞེས་བརྗོད་ པར་མི་བྱའོ། །འཇམ་དཔལ་དེང་སླན་ཆད་འཁོར་བར་འཁོར་བ་ན་ཤེས་པ་མེད་པ་སྤངས་ཏེ་ ཡང་དག་པའི་ཡེ་ཤེས་བཙལ་བར་བྱའོ། །དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་སྟེ་གང་ ཞིག་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་ཚུལ་དུ་ལྟ་ན་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་གསུངས་པ་ དང༌། ཡང་དེ་བཞིན་གཤེགས་པ་འདུས་མ་བྱས་ཀྱི་མཚན་ཉིད་དུ་གཞན་ལ་བསྟན་པའི་ཕན་ ཡོན་རིང་མིན་བྱང་ཆུབ་ཆེན་པོ་ཐོབ་ཚུལ། མདོ་དེ་ཉིད་ལས་གསུངས་པ་ཡང༌། ཇི་ལྟར་མེས་ ཚིག་པའི་གང་ཟག་དེ་ཁྲེལ་ཞིང་ངོ་ཚ་བ་དང་ལྡན་པས། གོས་ཀྱིས་ལུས་གཡོགས་པ་དང༌། བསམ་པ་དེ་དགེ་བས་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས། ཚངས་པའི་རྒྱལ་པོ་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། རྟག་ཏུ་གནས་བདེ་བར་སྐྱེས་ཀྱི་ངན་སོང་དུ་མ་ སྐྱེས་སོ། །དེ་བཞིན་དུ་ཁྱོད་ཀྱང་དེ་བཞིན་གཤེགས་པ་འདུས་བྱས་ཀྱི་མཚན་ཉིད་དུ་མ་བརྗོད་ པས། ཕྱི་མ་མ་འོངས་པའི་དུས་སུ་གདོན་མི་ཟ་བར་མཚན་སུམ་ཅུ་རྩ་གཉིས་དང་དཔེབྱད་ བཟང་པོ་བརྒྱད་ཅུ་དང༌། མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། ཚེ་ཚད་མེད་པ་དང༌། འཁོར་ བར་མི་གནས་པ་དང༌། རབ་ཏུ་བདེ་བ་དང༌། རིང་པོར་མི་ཐོགས་པར་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་པ་ལྟར་དང༌། དེ་བཞིན་གཤེགས་པ་རྟག་པར་ཡིད་ ཆེས་ཤིང་དད་པའི་ཕན་ཡོན་ཤིན་ཏུ་དཀོན་པའི་མཆོག་ཏུ་གྱུར་ཅིང་བསྐལ་པ་མང་པོར་ངན་ སོང་དུ་མི་ལྟུང་བར་མདོ་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས་པ་ལ་རྟག་པའི་ཆོས་ ཅན་དུ་ཡིད་ཆེས་ན་གང་ཟག་དེ་ནི་མེ་ཏོག་ཨུ་དུམ་བཱ་ར་ལྟར་ཤིན་ཏུ་དཀོན་པའོ། །ང་མྱ་ངན་ ལས་འདས་ནས་གང་གིས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་མོ་འདི་ཐོས་ནས་དད་པའི་ སེམས་སྐྱེས་ན། དེ་ནི་མ་འོངས་པའི་དུས་སུ་བསྐལ་པ་བརྒྱ་སྟོང་གི་བར་དུ་ངན་སོང་དུ་མི་ལྟུང་ 1-1-176 བར་རིག་པར་བྱའོ། །ཞེས་པ་ལྟར་དང༌། ངེས་དོན་ཟབ་མོའི་དེ་ཉིད་ཀྱི་གཏམ་ནི་སེང་གེའི་སྒྲ་ ཡིན་ཅིང་དེ་ལས་གཞན་མི་རྟག་སྡུག་བསྔལ་སོགས་ཀྱི་གཏམ་ནི་དེ་མ་ཡིན་ཚུལ། མདོ་དེ་ཉིད་ ལས། དེ་ལ་སེང་གེའི་སྒྲ་སྒྲོག་པ་ནི་ཆོས་ཐམས་ཅད་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ། ཡོངས་སུ་མ་དག་པ། ཞེས་མི་འཆད་དེ། དེ་བཞིན་གཤེགས་པ་རྟག་པ། བདེ་ བ། བདག་དང་ཡོངས་སུ་དག་པ་འབའ་ཞིག་འཆད་དོ། །ཞེས་གསུངས་པ་སོགས་དང༌། ཡང་ སེམས་ཅན་ཀུན་ལ་གཤེགས་སྙིང་ཡོད་པར་གཞན་ལ་བསྟན་པའི་ཕན་ཡོན་སྡིག་ལས་གྲངས་ མེད་བྱས་པ་རྣམས་སྨིན་ལ་ཉེ་ཞིང་བཟློག་དཀའ་བའི་གནས་སུ་གྱུར་པ་ནའང་སྡུག་བསྔལ་ཕྲ་ མོ་ཙམ་གྱིས་སྨིན་གོ་ཆོད་ཅིང་སྒྲིབ་པ་བྱང་ངེས་སུ་འགྱུར་ཚུལ། མདོ་མྱང་འདས་ལས། སེམས་ ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་པར་བྱེད་པའི་སེམས་ ཅན་དེ་དག་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། དམ་པའི་ཆོས་འདོད་པའི་རིགས་ ཀྱི་བུ་དེ་དག་ནི་སྡིག་པའི་ལས་གྲངས་མེད་པ་བྱས་པ་རྣམས་ཀླད་པ་ན་བ་དང༌། རིམས་ཀྱིས་ བཏབ་པ་དང༌། ཟུག་རྔུ་དང༌། སྐུར་བ་བཏབ་པ་ཙམ་གྱིས་བྱང་བར་འགྱུར་རོ། །ཞེས་པ་ལ་ སོགས་པ་རྒྱ་ཆེར་གསུངས་ལ། གཞན་ཡང་བྱང་སེམས་ཀྱིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་ དུ་ཕར་ཕྱིན་ལྔ་ལ་སྤྱད་པ་བས་དེ་བཞིན་གཤེགས་པ་རྟག་པའོ་སྙམ་དུ་མོས་པ་ཙམ་བྱས་པའི་ བསོད་ནམས་གྲངས་མེད་བསྐྱེད་ཚུལ། ཡོན་ཏན་ཡེ་ཤེས་བསམ་མི་ཁྱབ་པའི་མདོ་ལས། བྱང་ ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་བསྐལ་པ་བྱེ་བ་སྟོང་ཕྲག་བརྒྱད་དུ་ཕ་རོལ་ཏུ་ཕྱིན་པ་ ལྔ་ལ་སྤྱད་པ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་ཞིག་དེ་བཞིན་གཤེགས་ པ་ནི་རྟག་པའོ་སྙམ་དུ་མོས་པར་བྱེད་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་ བསྐྱེད་དོ། །ཞེས་སོགས་གསུངས་པ་དང༌། སྤྲིན་ཆེན་མདོར། བྱང་ཆུབ་སེམས་དཔའ་སྤྲིན་ ཆེན་སྙིང་པོས། བཅོམ་ལྡན་འདས་ཉིད་ལ་ངེས་དོན་སྙིང་པོ་རྟག་པའི་དོན་ལས་བརྩམས་ཏེ་དྲི་ 1-1-177 བ་མང་པོ་ཞུས་པའི་ལན་གྱི་སྐབས་བཅོམ་ལྡན་འདས་ཀྱིས་ངེས་དོན་ཟབ་མོའི་དྲི་བ་ལ་ཆེ་ བསྔགས་བཀའ་བསྩལ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ལ་ཁྱོད་དང་འཚམ་པའི་ཚིག་གི་དོན་ཕྲ་ཞིང་ཟབ་མོའི་ཚིག་དང༌། ཡི་གེ་སྤེལ་བ་ དང༌། སེམས་ཅན་ཐམས་ཅད་ཀྱི་སྙིང་པོ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཆེ་བ་ཉིད་རྟག་ པའི་མཚན་ཉིད་དམ་པའི་ཆོས་བསྟན་པའི་གཏེར་དང་འདྲ་བ་དག་གིས་མཚུངས་པ་མེད་པའི་ མདོའི་རྒྱལ་པོའི་གཏེར་དང༌། དམ་པའི་ཆོས་བསྟན་པའི་གཏེར་དང༌། སེམས་ཅན་ཐམས་ ཅད་ཀྱི་བདུད་རྩི་མི་ཟད་པའི་གཏེར་དེ་བཞིན་གཤེགས་པ་ལ་ཞུས་པ་ལགས་ཏེ། སེམས་ཅན་ ཐམས་ཅད་ཀྱི་གཏེར་བརྟན་པར་བཞུགས་པ་ངས་བཤད་པར་བྱའོ། །ཞེས་སོགས་ཀྱིས་ གཟེངས་བསྟོད་ཆེས་ཁྱད་པར་བ་མཛད་ཅིང་དེ་ལུགས་ལྟར་གཞན་ཡང་ངེས་དོན་གནས་ ལུགས་ལ་ཐོས་བསམ་སོགས་ཀྱི་ཕན་ཡོན་སྙིང་པོའི་མདོར་ཞིབ་རྒྱས་སུ་བཀའ་བསྩལ་པའི་ མཐར་སླར་ཡང་གསུངས་པ། ང་ཡང་སྔོན་ནི་སྤྱད་པ་སྤྱོད་པའི་ཚེ། །བདེ་བར་གཤེགས་པ་ སེང་གེའི་རྒྱལ་མཚན་ལས། །མདོ་སྡེ་འདི་ཡི་མིང་ནི་ཐོས་པར་གྱུར། །གུས་པར་བྱས་ཏེ་ཐོས་ ནས་ཐལ་མོ་སྦྱར། །ང་ནི་ལེགས་པར་བྱས་པའི་ལས་དེ་ཡིས། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་ པར་འགྱུར། །དེ་བས་བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས། །རྟག་ཏུ་མདོ་མཆོག་འདི་ ནི་གཟུང་བར་བྱ། །ཞེས་སོ། །གཞན་ཡང་སྔོན་གྱི་དེ་བཞིན་གཤེགས་པ་རྟག་ཏུ་འོད་ཟེར་ གཏོང་ཞེས་བྱ་བས་གདན་གཅིག་ལ་འདུག་བཞིན་དུ་བསྐལ་པ་ཆེན་པོ་ལྔ་བརྒྱར་དེ་བཞིན་ གཤེགས་པའི་སྙིང་པོའི་ཆོས་འདི་དཔེ་འབུམ་ཕྲག་དུ་མས་བསྟན་པ་ན་ཕྱོགས་བཅུ་ཀུན་ཏུ་ སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཡང་ཚེགས་ཆུང་ངུས་གོ་བར་ གྱུར་ཅིང་ཐ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་ཐོས་པ་དེ་དག་ཐམས་ཅད་ཀྱང་ རིམ་གྱིས་དགེ་བའི་རྩ་བ་ཡོངས་སུ་སྨིན་ནས་སངས་རྒྱས་ཐོབ་པར་གསུངས་པ་ལ་སོགས་པ་ 1-1-178 ཕན་ཡོན་མཐའ་ཀླས་པའི་ཚུལ་ངེས་དོན་གྱི་མདོ་སྡེ་རྣམས་སུ་ཆེས་མང་ངོ༌། །གཞན་དུ་རྒྱས་ པར་ན་མྱང་འདས་ཆེན་པོ་ལས། སེམས་ཅན་གང་དག་སྔོན་ཆུ་ཀླུང་དགའ་བསྐྱེད་ཀྱི་བྱེ་མ་ སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་ན་དུས་ངན་པའི་ཚེ་ངེས་དོན་གྱི་སྡེ་སྣོད་ ལ་སྐུར་བ་མི་འདེབས་པ་དང༌། ཀླུང་གང་གཱ་གཅིག་གི་བྱེ་སྙེད་ཀྱི་སངས་རྒྱས་ལས་བྱང་ཆུབ་ ཏུ་སེམས་བསྐྱེད་ན་དུས་ངན་གྱི་ཚེ་ཆོས་འདི་ལ་མོས་པར་འགྱུར་བ་དང༌། དེ་བཞིན་དུ་གང་གཱ་ གཉིས་ཀྱིས་ཆོས་འདི་ལ་དད་མོས་འཆང་ཀློག་སོགས་བྱེད་པ་དང༌། གསུམ་གྱིས་ཆོས་འདི་ དད་མོས་ཀྱིས་འཆང་ཀློག་འབྲི་བ་སོགས་ནས་དེ་འདྲ་བརྒྱད་ཀྱི་བར་ལ་འགྲེས་སྦྱར་བས་ གོང་སྨོས་དག་གི་སྟེང་དུ་ངེས་དོན་ཟབ་མོའི་དོན་བཅུ་དྲུག་གི་ཆ་གཅིག་ཙམ་དང༌། དེ་འདྲའི་ ཆ་བརྒྱད་དང༌། བཅུ་བཞི། ཇི་བཞིན་རྫོགས་པའི་བར་རང་གིས་རིམ་གྱིས་རྟོགས་ཤིང་གཞན་ ལ་དེ་ལུགས་ལྟར་སྟོན་ཅིང་ཟབ་དོན་ལ་འཇུག་བསྐུལ་སོགས་བྱེད་པར་གསུངས་པ་ལ་ སོགས་པའི་མདོ་སྡེ་ཟབ་མོའི་ལུང་ཆེས་མཐའ་ཀླས་པ་བཞུགས་མོད་འདིར་ཡི་གེ་མང་དོགས་ ནས་དེ་ཙམ་ལས་མ་བྲིས་སོ། །དེ་ལུགས་ཀྱི་ཚུལ་དང་མཐུན་པར་རྒྱལ་ཚབ་མི་ཕམ་པས་རྒྱལ་ བའི་སྤྱོད་ཡུལ་ངེས་དོན་ཟབ་མོའི་ཚུལ་ལ་མོས་པ་ཙམ་ཡོད་པས་ཀྱང་སངས་རྒྱས་ཀྱི་ཡོན་ ཏན་ཚོགས་ཀྱི་སྣོད་དུ་གྱུར་ཏེ་བསམ་མི་ཁྱབ་པའི་ཡོན་ཏན་ཅན་ཡེ་གཞི་ཆོས་དབྱིངས་ཟབ་ མོའི་ཚུལ་ལ་དགའ་བའི་སྟོབས་ཀྱིས་སེམས་ཅན་ཀུན་གྱི་རྣམ་པར་དཀར་བའི་བསོད་ནམས་ ཆེས་མང་པོ་ཟིལ་གྱིས་གནོན་ནུས་པའི་དགེ་རྩ་དཔག་མེད་མངའ་བའི་ཕན་ཡོན་ཡང་ གསུངས་པ་སྟེ། རྒྱུད་བླ་མ་ལས། བློ་ལྡན་རྒྱལ་བའི་ཡུམ་འདི་ལ་མོས་པ། །སངས་རྒྱས་ཡོན་ ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །ཞེས་སོགས་དང་གཞན་ཡང་ཆོས་ཀྱི་རྒྱལ་པོ་ ཆེས་མང་མཆོད་པའི་དགེ་རྩ་དང་བསྐལ་པ་དུ་མར་སྦྱིན་སོགས་ཀྱི་རྣམ་དཀར་རྒྱ་ཆེ་བའི་ 1-1-179 བསགས་སྒོ་ལས་ཀྱང་ངེས་དོན་ཟབ་མོའི་ཚིག་ཙམ་ཐོས་ཤིང་ཐོས་ནས་དེ་ལ་མོས་པ་ཙམ་ བྱས་པའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་ཐོབ་པར་འགྱུར་བ་སོགས་ཕན་ཡོན་དུ་མ་འབྱུང་ ཚུལ་གསུངས་པ་ཡོད་ཀྱང་འདིར་མང་དོགས་ནས་མ་བྲིས་ལ། ཏཱ་ར་ནཱ་ཐས་མཛད་པའི་དབུ་ མ་ཡིད་བཞིན་ནོར་བུ་ལས། བདེ་གཤེགས་སྙིང་པོ་དད་པས་རྟོགས་པར་བྱ། །གལ་ཏེ་ཟབ་ མོའི་དོན་ལ་མོས་ཤིང་བསྒོམ། །དགེ་བའི་རྩ་བ་སྨིན་ན་ཅིག་ཅར་རྟོགས། །གཞན་དུ་རྣམ་ཀུན་ སྤྱོད་པས་རིམ་གྱིས་ཐོབ། །ཆ་ཤས་ཀྱིས་ཀྱང་དོན་ཆེན་འགྱུར་བ་སྟེ། །སྔོན་དུ་མཚམས་མེད་ བྱས་པའང་འདི་ཡིས་གྲོལ། །སྡིག་ལ་སྤྱོད་བཞིན་པ་ཡང་འདིར་དད་ན། །རྣམ་སྨིན་རིང་དུ་ སྐྲོད་ཅིང་ཟད་པར་བྱེད། །བག་མེད་སྲེད་པའི་དབང་གྱུར་ཡུལ་ལྔ་ལ། །རྟག་ཏུ་བསྟེན་པའང་ མི་འཆིང་གྲོལ་བ་ཡོད། །བརྟུལ་ཞུགས་ཉམས་པའང་ལྷ་ཡུལ་འགྲོ་བ་དང༌། །སངས་རྒྱས་ རྣམས་ཀྱི་སྐུ་ཡི་སྣང་བ་འབྱུང༌། །འདི་ལ་དད་པའི་ཡོན་ཏན་བསམ་མི་ཁྱབ། །ཅེས་གསུངས་ པ་སོགས། ཟབ་ཆོས་ལ། དད་པ། མོས་པ། ཀློག་པ། འབྲི་བ། གླེགས་བམ་འཆང་བ། མཆོད་ པ། ཐ་ན་མཚན་ཙམ་ཐོས་པ། རབ་ན། ཐོས་བསམ། སྒོམ་པ་སོགས་ཀྱི་ཕན་ཡོན་ནི་ཡིག་ ཚོགས་མང་བར་དོགས་ནས་མ་བྲིས་པ་ལགས། ཞེས་པ་འདི་ཡང་ཁྲིད་ཉན་པའི་ཚུལ་དང༌། བཤད་བྱའི་ཆོས་འབྱུང་བའི་རིམ་པ། ཟབ་ཆོས་ཀྱི་ཕན་ཡོན་བསྟན་པ་བཅས་གསལ་བའི་ ནོར་བུའི་མེ་ལོང་ཞེས་བྱ་བ་འདི་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་ཇོ་ནང་གྲུབ་མཐའ་ བསྐྱར་སྐྲུན་བྱེད་སྐབས་དགོས་གལ་ཆེ་བར་མཐོང་ནས་ཟི་ཁྲོན་དུ་འཛམ་ཐང་གཟིམ་ཁང་ བདེ་ཆེན་བཤད་སྒྲུབ་དཔལ་གྱི་ཕོ་བྲང་གི་བརྒྱུད་འཛིན་ངག་དབང་ཡོན་ཏན་བཟང་པོས་རབ་ བྱུང་བདུན་པའི་ལྕགས་ལུག་༡༩༩༡ལོའི་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ནས་ཉེར་གཅིག་བར་ བྲིས་པ་ཡི་གེ་པ་ནི་ཀ་ཐོག་སྦྱིན་པ་དཔལ་གྱིས་བགྱིས་པ་སྟེ། འདི་ཡི་དགེ་བས་ངེས་དོན་གྱི་ རྒྱལ་བསྟན་རིན་པོ་ཆེ་འཇིག་རྟེན་ཐམས་ཅད་དུ་དར་བ་དང༌། སྲིད་མཐའི་བར་དུ་གནས་པའི་ 1-1-180 རྒྱུར་གྱུར་ཅིག །དགེ་ལེགས་འཕེལ། 1-1-181 ༄༅། །བསྟན་བཅོས་ཡིད་བཞིན་ནོར་བུའི་འབྱུང་ ཁུངས་ཞེས་བྱ་བ་བཞུགས་སོ། ། ༄༅། །འོ་ད་སྐབས་སུ་བབ་པ་ཡང་ལམ་བསླབ་པ་གསུམ་དང་ཐོས་བསམ་སྒོམ་ གསུམ་མཁས་བཙུན་བཟང་བའི་ཡོན་ཏན་སྣ་ཚོགས་པས་ཐུགས་རྒྱུད་ཀྱི་བུམ་བཟང་ཉེ་བར་ གཏམས་པའི་འདིར་བཞུགས་པའི་འཕགས་ཚོགས་དགེ་འདུན་གྱི་སྡེ་ལྷ་མིའི་མཆོད་གནས་ སུ་གྱུར་པ་གང་དག་གི་གསེར་གྱི་སྙན་ཟུང་རབ་ཏུ་རྒྱས་པ་དང་འབྲེལ་བའི་རྣ་བའི་དབང་པོ་ མ་ཉམས་པ་ཨུཏྤལ་དཀར་པོའི་འདབ་མ་མངོན་པར་བཞད་པ་ལྟ་བུའི་སྒྲ་འཛིན་གྱི་ཤེས་པ་གེ་ སར་གསར་བ་རབ་ཏུ་རྒྱས་པའི་དྲུང་དུ་ངེས་དོན་གྱི་ཟབ་ཆོས་སྣ་ཚོགས་པའི་ཆོས་ཀྱི་མཛོད་ རྒྱ་ཆེ་བ་ཆུ་གཏེར་ལྟ་བུ་ལས་སྐྲ་རྩེའི་ཟེགས་མའི་ཆ་ཤས་ཙམ་གྱི་ངེས་དོན་རྫོགས་ལྡན་གཞན་ སྟོང་དབུ་མ་ཆེན་པོའི་ཆོས་ཀྱི་འབྱུང་ཁུངས་མདོ་ཙམ་གྱིས་ཐོག་དྲངས་ཏེ། བསིལ་ལྗོངས་ནོར་ འཛིན་གྱི་གཞི་ས་ཡི་ཐིག་ལེ་ཆེན་པོ་དཔལ་ལྡན་ནགས་རྒྱལ་གྱི་སྒྲུབ་གནས་སུ་མཁས་རྨོངས་ ཀུན་གྱི་གཙུག་གི་རྒྱན་དུ་གྱུར་པ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་མཐར་ཐུག་དབུ་མ་ཆེན་ པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གནད་བསྟན་བཅོས་ཡིད་ བཞིན་ནོར་བུ་ལྟ་བུ་སྙིང་པོ་ངེས་པ་ཞེས་བྱ་བ་གྲུབ་མཐའི་མཐར་ཐུག་རང་རེའི་མེ་ཏོག་ལྷ་ བབ་ཀྱི་ཆོས་ཀྱི་སྐལ་བ་འདི་འཆད་པར་བྱེད་པ་ལས་ཐོག་མར་ཆོས་འདིའི་འབྱུང་ཁུངས་མདོ་ ཙམ་ཞུ་ན། དེ་ལ་འདིར་འོ་སྐོལ་གྱི་རྣམ་འདྲེན་བཞི་པ་མཉམ་མེད་བུ་རམ་ཤིང་པ་གང་གིས་རིང་མོའི་ 1-1-182 དུས་ནས་འགྲོ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཁུར་ཆེན་པོ་ ཉེ་བར་ལྷུར་བླངས་ཏེ། རླབས་པོ་ཆེའི་ཐུགས་བསྐྱེད་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ རྩ་ལས་མེ་ཏོག་པདྨ་དཀར་པོའི་འདབ་མ་མངོན་པར་བཞད་པ་ལྟར་རྒྱ་ཆེ་བའི་ཕུལ་བྱུང་ཡ་ མཚན་པའི་དམ་བཅའ་མཛད་པ་ཀུན་མཐར་ལེགས་པར་ཕྱིན་ཏེ། བླ་མེད་བྱང་ཆུབ་ཀྱི་གོ་ འཕང་བདག་གིར་བཞེས་ནས། ངེས་པ་ལྔ་ལྡན་གྱི་ཞིང་གི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྒྱུ་ འཕྲུལ་གྱི་བཀོད་པ་ཆེན་པོ། རབ་འབྱམས་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པ་ ཀུན་ཏུ་ཅིག་ཅར་བའི་གང་འདུལ་གྱི་མཛད་པ་མཐའ་ཡས་སྟོན་པ་ལས། མི་མཇེད་འཇིག་རྟེན་ གྱི་ཞིང་དམ་པ་འདིར་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་རོལ་ཏེ། རྒྱ་གར་འཕགས་པའི་ཡུལ་ དུ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཟས་གཙང་གིསྲས་སུ་འཁྲུངས་ཏེ། གདུལ་བྱ་ཐུན་མོང་གི་ངོར། སྲིད་པ་ཐ་མ་བའི་བྱང་སེམས་ཚོགས་ལམ་ཆེན་པོའི་ཚུལ་གྱིས་ཐོག་མར་རྒྱལ་སྲིད་བསྐྱངས། དེ་ནས་རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་དེ། མཐར་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་ བཞག་པས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་མཚན་མོ་གཅིག་གིས་བགྲོད་པར་བྱས་ ཏེ་ཐོ་རངས་རྒྱལ་རྔ་བརྡུང་བའི་སྐབས་སུ། རང་སྟོབས་ཀྱིས་ཟད་མི་སྐྱེ་མཁྱེན་པའི་ཡེ་ཤེས་ མངོན་དུ་བྱས་ཏེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དབང་བའི་ཚུལ་གྱིས་བཞུགས་ཀྱང་ དགོས་པ་ཁྱད་པར་ཅན་ལ་དགོངས་ནས་འདི་སྐད། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་ བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་ཀྱི་དབུས་སུ་བཞུད་པར་བྱ། །ཞེས་གསུངས་ཏེ། སྤང་ལྗོངས་མེ་ཏོག་སྣ་ཚོགས་ དང་ཆུ་མཚོ་ལྗོན་ཤིང་ནགས་ཚལ་བྱ་རིགས་སྣ་ཚོགས་ཀྱིས་བརྒྱན་པའི་གནས་དབེན་པ་ཡུལ་ ཝཱ་རཱའ་ཎ་སཱིར་གཤེགས་ནས་ནང་ཡང་དག་པའི་དོན་ལ་མཉམ་པར་བཞག་ནས་ཐུགས་ལས་ ཆུང་ངུར་བཞུགས་སྐབས་སུ། མི་མཇེད་འཇིག་རྟེན་གྱི་བདག་པོ་ལྷ་ཚངས་པས་དེ་ལྟར་ཤེས་ 1-1-183 ཏེ། འཇིག་རྟེན་འདི་ནི་མ་རུངས་པར་འགྱུར་རོ་སྙམ་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་ འོང་སྟེ། འདི་སྐད་གསོལ་པ། མ་ག་དྷར་ནི་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་ བཅས་པར་རྟོགས། །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པས་རྟོགས་པ་བཤད་ པར་མཛོད། །ཞུས་ཀྱང༌། ངས་ཚོགས་ཆེན་པོས་རྟོགས་པ་འདི་གཞན་རྣམས་ཀྱིས་རྟོགས་ པར་མི་འགྱུར་རོ་ཞེས་གསུངས་ནས་དང་པོར་ཞལ་གྱིས་མ་བཞེས་སོ། །སླར་ཡང་ཚངས་ པས། འཇིག་རྟེན་ན་མཆོག་དང་འབྲིང་དང་དམན་པ་དག་ཡོད་པས་རབ་དང་འབྲིང་དང་ཐ་ མ་དག་གིས་ཆོས་ཐོས་ན་དེ་ལུགས་ལྟར་རྟོགས་པར་འགྱུར་ལ་མ་ཐོས་ན་ཉམས་པར་འགྱུར་ བ་ལགས་པས་ངེས་པར་དམ་པའི་ཆོས་གསུང་བར་ཞུས་པ་ན། སྟོན་པ་ཉིད་ཀྱིས་ཀླན་ཀ་མི་ བསྩལ་བར་མདོ་ཙམ་བཤད་པར་བྱ། ཞེས་ཞལ་གྱིས་བཞེས་པས། གདུལ་བྱ་རིགས་ཅན་ གསུམ་རིམ་གྱིས་བསྟན་པ་ལ་ཉེ་བར་གཞུག་པའི་ཆེད་དུ་བཀའ་འཁོར་ལོ་རིམ་པ་གསུམ་གྱི་ ཆོས་འཁོར་ལེགས་པར་བསྐོར་བ་རྣམས་ནི། ལྷ་དང་ཀླུ་གནོད་སྦྱིན་མི་མ་ཡིན་སོགས་འགྲོ་ ཀུན་གྱི་སྲིད་ཞིའི་ལེགས་ཚོགས་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་དང་བསོད་ནམས་ཀྱི་ ཞིང་དམ་པར་གྱུར་པ་ཡིན་ནོ། །དེ་ལས་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་བོད་གངས་ རིའི་ལྗོངས་བསིལ་ལྡན་ཁ་བའི་གནས་སུ་བྱུང་བ་དཔལ་ལྡན་ནགས་རྒྱལ་གྱི་སྒྲུབ་གནས་སུ་ ཆོས་སྡེ་བཏབ་པ་ལས་བྱུང་བའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྡེ་གང་དག་ནི། དཔལ་ལྡན་ཇོ་ནང་པ་སྟེ་བོད་འདིར་ཕྱག་རྫོགས་དབུ་གསུམ་དུ་གྲགས་པ་ལས་དབུ་མ་པ་ལ་ རང་སྟོང་དང་གཞན་སྟོང་གཉིས་སུ་ཡོད་པ་ལས་ཕྱི་མ་ནི་ངེས་དོན་དབུ་མ་ཆེན་པོ་ཡིན་ནོ། །དེ་ ལྟ་བུའི་འཁོར་ལོ་ཐ་མའི་རྗེས་འབྲང་གི་དཔལ་རྒྱལ་བ་ཇོ་ནང་པའི་རང་ལུགས་འདི་འཕགས་ ཡུལ་དུ་ཇི་ལྟར་བྱོན་ཚུལ་དང༌། བོད་དུ་ཇི་ལྟར་བྱོན་པའི་ཚུལ་བཤད་པ་གཉིས་ལས། དང་ པོ་འཕགས་ཡུལ་དུ་ཇི་ལྟར་བྱོན་པའི་ཚུལ་ལ་མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་དང༌། 1-1-184 སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་གཉིས་ཡོད་པ་ལས། དང་པོ་མདོ་ཕྱོགས་ནས་རིམ་ པར་བརྒྱུད་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་ རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་ མཛད། །ཅེས་དང༌། དབུ་མ་རིན་ཆེན་ཕྲེང་བར་ཡང༌། བརྡ་སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ ཏོ། །ཞེས་གསུངས་པ་ལྟར། འཇིག་རྟེན་ན་སྨན་པ་མཁས་པས་ནད་པ་དག་གི་ཁམས་བརྟག་ ནས་རང་རང་ལ་འཕྲོད་པའི་སྨན་སྟེར་བ་ལྟར་ཐམས་ཅད་མཁྱེན་པས་གདུལ་བྱ་ཐ་འབྲིང་ རབ་ཀྱི་དབང་པོ་དང་འཚམ་པར་སྣོད་བཅུད་སེམས་ཀྱི་དབང་གིས་བྱུང་ཚུལ་དེ་ལུགས་ཀྱི་ རིམ་པ་ལྟར་བསྟན་པས་གདུལ་བྱ་དེ་དག་རིམ་གྱིས་བསྟན་པ་ལ་འཛུད་པར་མཛད་པ་དང༌། དེ་བཞིན་དུ་གཞན་ཡང་བརྡ་སྤྲོད་པའི་སློབ་དཔོན་གྱིས་སློབ་མ་དག་ཡི་གེ་ཀུན་ལ་རིམ་གྱིས་ སློབ་ཆེད་ཐོག་མར་ཡི་གེ་ཕྱི་མོ་ཀློག་ཏུ་འཇུག་པ་བཞིན་སངས་རྒྱས་ཀྱིས་གདུལ་བྱ་དག་གི་ ཁམས་དང་དབང་པོས་ཇི་ཙམ་རྟོགས་ནུས་པའི་ཆོས་ཀྱི་གནས་ལུགས་བསྟན་ནས་གདུལ་བྱ་ རྣམས་རིམ་པས་ལམ་དུ་དཀྲི་བའི་སྒོ་ནས་ཡང་དག་པའི་གོ་འཕང་ལ་སྙེགས་པར་བྱེད་དོ། ། དེ་དག་གི་ཚུལ་མདོ་ཙམ་སྨོས་ན་སྤྱིར་སྟོན་པས་ཐེག་དམན་རིགས་ཅན་གྱི་གདུལ་བྱ་ དབང་པོ་ཐ་མ་རྣམས་དང༌། ཐེག་ཆེན་རིགས་ཅན་གྱི་གདུལ་བྱ་དབང་པོ་ཞན་པ་དང་འབྲིང་ དང་རབ་ཀྱི་རིམ་པ་རྣམས་ལ་ཁམས་དབང་བཞིན་སྣོད་བཅུད་གང་དག་ལས་ཉོན་གྱིས་ བསྐྱེད་པ་ཙམ་དང་སེམས་ཀྱི་བག་ཆགས་བརྟན་པོའི་དབང་གིས་བྱུང་བ་དང༌། ཆོས་ཀུན་རྟེན་ འབྲེལ་མིང་རྐྱང་བཏགས་ཡོད་ཙམ་དང༌། ཁྱད་པར་ཀུན་རྫོབ་ཀྱི་ཆོས་ཁོ་ན་བདེན་པར་མེད་ 1-1-185 པའི་ཚུལ་གྱིས་གསུངས་ཤིང༌། ཆོས་ཀུན་གྱི་གནས་ལུགས་ཡང་གདུལ་བྱ་དེ་དག་གི་རིམ་ པས་གང་ཟག་དང་ཆོས་གང་དག་རྟག་གཅིག་རང་དབང་བ་དང༌། རང་རྐྱ་ཐུབ་པའི་རྫས་མེད་ པ་དང༌། གཟུགས་སོགས་ཕྱི་དོན་དང་སྒྲ་རྟོག་གི་འཇུག་ཞེན་གྱི་གཞིར་རང་མཚན་གྱིས་མ་ གྲུབ་པ་དང༌། ཆོས་ཀུན་བདེན་པར་མེད་ཅིང་གནས་ལུགས་སྟོང་པ་ནམ་མཁའ་ལྟ་བུ་དང༌། དོན་དམ་པའི་ཡོངས་གྲུབ་ཆོས་ཉིད་བདེ་གཤེགས་སྙིང་པོརྣམ་པ་ཐམས་ཅད་པ་ནམ་ཡང་ འགྱུར་བ་མེད་པའི་ཚུལ་གྱིས་ལེགས་པར་བསྟན་པས་གདུལ་བྱ་རང་རང་གི་བློ་ཚོད་ཀྱིས་ཇི་ ལྟར་ཁོང་དུ་ཆུད་ནུས་པ་དེ་ལྟར་བདེན་པ་གཉིས་ཀྱི་རྣམ་གཞག་བཀའ་འཁོར་ལོ་གསུམ་གྱིས་ རིམ་པར་གསུངས་པ་སྟེ། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ ནགས་སུ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་པ་བཞི་ རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ། སོ་ཐར་གྱི་མདོ། འདུལ་ལུང་སྡེ་བཞི། མདོ་སྡེ་ལས་བརྒྱ་ པ། རྟེན་འབྲེལ་གྱི་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་ བསྡོམས་པ་ལྔ་བཅུ་ཙམ་གྱིས་མཚོན་ཐེག་དམན་གྱི་སྡེ་སྣོད་དཔག་ཏུ་མེད་པའི་ཆོས་ཀྱི་འཁོར་ ལོ་བསྐོར་བ་དེ་དག་ནི་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་ གནས་སུ་གྱུར་པ་ཡིན་པར་མདོ་དགོངས་པ་ངེས་འགྲེལ་ལས་གསུངས་སོ། །ཁྱད་པར་ཐེག་པ་ ཆེན་པོའི་ཆོས་ཀྱི་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱོན་ པའི་ཚུལ་གཉིས་ཡོད་པ་ལས། དང་པོ་རྒྱུ་ཕར་ཕྱིན་ཐེག་པ་བཀའ་བར་ཐ་གཉིས་སུ་གསུངས་ པ་ཡང་ཡུལ་བྱ་རྒོད་ཕུང་རི་སོགས་སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་ སུ་བཟུང་བའི་ཆེད་དུ་བཀའ་བར་བ་མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་ པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་གྲངས་བཅུ་ བདུན་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཡས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་ 1-1-186 མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པར་གསུངས་ ཤིང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་དབང་པོ་རབ་ཀྱི་ཐེག་ཆེན་རིགས་ཅན་དག་གི་ ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་ཀྱི་དབྱིངས་གནས་ ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ཆོས་སྐུ་རྣམ་པ་ཐམས་ཅད་པ་ ཡེ་གདོད་མ་ནས་ནམ་ཡང་འཕོ་འགྱུར་མེད་པ་རྟག་བརྟན་ཐེར་ཟུག་གཡུང་དྲུང་དུ་གནས་པ་ དང༌། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད། རང་བྱུང་ཡེ་ཤེས་བདེ་བ་ཆེན་པོ་གཙང་ བདེ་དང་རྟག་པའི་མཐར་ཐུག་པ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། འགལ་འདུ་སྐྱོན་མེད་ཀྱི་ གནས་འཇིག་རྟེན་གྱི་དཔེ་ལས་འདས་ཤིང༌། རྟེན་འབྲེལ་དང༌། རྟོག་གེ་དང༌། རྣམ་ཤེས་ཀྱི་ ཡུལ་ལས་འདས་པའི་དབྱིངས་དང་ཡེ་ཤེས་གཅིག་ཏུ་འདྲེས་པ་སོ་སོར་རང་རིག་ཡེ་ཤེས་ཁོ་ ནས་སྤྱོད་ཡུལ་དོན་དམ་བདེ་བར་གཤེགས་པའི་སྙིང་པོ་སྐུ་དང་ཞིང་ཁམས་སྣ་ཚོགས་པའི་ སྣང་བ་པྲ་ཕབ་བརྒྱད་དང་མཚུངས་ཤིང༌། གནས་ལུགས་མཐར་ཐུག་གི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང༌། ལྷ་དང༌། སྔགས་དང༌། རྒྱུད་དང༌། དཀྱིལ་འཁོར་དང༌། ཕྱག་རྒྱ་ ཐམས་ཅད་འདུས་པའི་དབྱེར་མེད་རོ་གཅིག་དང༌། དེ་བཞིན་དུ་སྲིད་ཞི་དབྱེར་མེད། འཁོར་ འདས་དབྱེར་མེད། བདེན་གཉིས་དབྱེར་མེད། བསལ་བཞག་མེད་པའི་རང་བཞིན་འོད་ གསལ་ཡེ་ཤེས་ཆེན་པོ། རང་བཞིན་ལྷན་སྐྱེས། རང་བཞིན་འགྱུར་མེད། མྱང་འདས་ཆེན་པོ། ངེས་དོན་དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། ཤེར་ཕྱིན་ཟབ་མོ། གཞན་སྟོང་ཆོས་ཀྱི་སྐུ། འཁོར་ འདས་ཀུན་ཁྱབ་ཀྱི་ངེས་དོན་དབུ་མ་ཆེན་པོའི་རང་ལུགས་ཀྱི་ལྟ་བ་མཐར་ཐུག་འདི་ལེགས་ པར་གསལ་བྱེད་དུ་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ཆོས་ཀྱི་འཁོར་ ལོ། བདེ་གཤེགས་སྙིང་པོའི་མདོ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་མདོ། ལྷ་མོ་ དཔལ་ཕྲེང་སེང་གེ་ང་རོས་ཞུས་པའི་མདོ། རྔ་བོ་ཆེའི་མདོ། སོར་མོའི་ཕྲེང་བ་ལ་ཕན་པའི་ 1-1-187 མདོ། སྟོང་ཉིད་ཆེན་པོའི་མདོ། དེ་བཞིན་གཤེགས་པས་ཐུགས་རྗེ་ཆེན་པོ་ལ་བསྟན་པའི་མདོ། དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། སྤྲིན་ ཆེན་མདོརྒྱས་པ། མྱང་འདས་ཆེན་པོའི་མདོ་རྒྱས་བསྡུས་གཅིག་ཏུ་བྱས་པའི་ངེས་དོན་མདོ་ བཅུ་སོགས་ཐུན་མོང་མ་ཡིན་པའི་མདོ་སྡེ་མང་པོ་དང༌། བྱམས་ཞུས་ཀྱི་ལེའུ་གཉིས་དང༌། རྒྱན་སྟུག་པོ་བཀོད་པའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་ མདོ། དཀོན་མཆོག་སྤྲིན་གྱི་མདོ། གསེར་འོད་དམ་པའི་མདོ། མདོ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པའི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ། སངས་རྒྱས་ཕལ་བོ་ཆེ་སོགས་ ཐུན་མོང་གི་མདོ་སྡེ་གྲངས་ཉི་ཤུ་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཀླས་པ་གསུངས་པའི་ཆོས་ ཀྱི་འཁོར་ལོ་བསྐོར་བ་གང་དེ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ ལགས་ཏེ་རྩོད་པའི་གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་རང་གི་དགོངས་པ་ལེགས་པར་ འགྲེལ་ཚུལ་གྱིས་དཔལ་གྱི་མགུར་ནས་བཀའ་བསྩལ་པའོ། །དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ ཚུལ་ཡང༌། མདོ་སྡེ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། ཕྱི་རོལ་ དོན་དུ་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་ མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོ་ལ་ཡང་ དག་པར་ཞུགས་པ་རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ཙམ་དུ་ཤེས་ནས་ཕྱི་དོན་མེད་ པར་གཏན་ལ་ཕབ། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་སྟེ། སེམས་ཙམ་ གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་བདེན་ཞེན་བཟློག་ནས་དངོས་ སྨྲས་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་སྤྲོས་བྲལ་རང་བཞིན་གནས་ ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་དོན་དམ་རྣམ་པ་ཐམས་ཅད་ 1-1-188 པ་ཡང་དག་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས་བདེན་མེད་སྤྲོས་ བྲལ་གྱི་ཆ་འབའ་ཞིག་པའི་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ ཁམས་མཐར་ཐུག་གི་ངེས་པ་དོན་གྱི་ཐེག་པ་ཆེན་པོ་ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་ པའི་གཞི་གཅིག་པུ་ཉིད་ནམ་ཡང་མཐོང་ཚུལ་མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་ དོན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་ མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་ན། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཟག་མེད་ལེགས་དང་ལྡན་ གྱུར་ཏེ། །གཞན་དུ་གྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར་ཉི་ཟླའི་རིགས་ཀྱི་ནོར་བུ་ ལ་ཉི་ཟླའི་འོད་ཀྱིས་ཕོག་པས་རང་འོད་ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་ བརྟེན་ནས་རིགས་ཁམས་བདེ་གཤེགས་སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་པ་གང་ ལས་ཟག་མེད་ཡེ་ཤེས་ཀྱི་ཆོས་མཐའ་དག་འབྱུང་སྟེ་མངོན་དུ་གྱུར་པའི་ཚུལ་འདི་རྒྱལ་བའི་ དགོངས་པ་མཐར་ཐུག་ཏུ་ལེགས་པར་གྲུབ་པའི་ཕྱིར། དེ་དང་མཐུན་པར་རྒྱུད་བླ་མ་ལས། ཇི་ ལྟར་རིན་ཆེན་ལས་བྱས་རྒྱལ་བའི་གཟུགས། །གོས་རུལ་དྲི་ངན་གྱིས་ནི་བཏུམས་གྱུར་པ། །ལམ་ནས་ལྷ་ཡིས་མཐོང་ནས་གྲོལ་བྱའི་ཕྱིར། །ལམ་ནས་དོན་དེ་དེ་ལ་སྨྲ་བ་ལྟར། །ཐོགས་ མེད་སྤྱན་མངའ་རྣམ་པ་སྣ་ཚོགས་ཀྱིས། །ཉོན་མོངས་ཀྱིས་བཏུམས་བདེ་གཤེགས་དངོས་པོ་ ཉིད། །དུད་འགྲོ་ལ་ཡང་གཟིགས་ནས་དེ་བཞིན་དེ། །ཐར་པར་བྱ་བའི་དོན་དུ་ཐབས་སྟོན་ མཛད། །ཅེས་གསུངས་པའི་དོན་ཇི༷་ལྟ༷ར་ཡིན་ཞེ་ན་རི༷ན་པོ་ཆེ༷་སྣ་ཚོགས་ལ༷ས་བྱ༷ས་པའི་རྒྱ༷ལ་ བ༷འི་སྐུ་གཟུ༷གས། འདི་གོ༷ས་རུ༷ལ་བ་དྲི༷་ང༷ན་ཅན་གྱི༷ས་ན༷ང་དུ་བཏུ༷མས་པར་གྱུ༷ར་པ༷། དེ་ རྣལ་འབྱོར་ལ༷མ་ལ་གན༷ས་པའི་ལྷའི༷་མངོན་ཤེས་ཀྱིས་མཐོ༷ང་ན༷ས་གོས་དེ་གྲོ༷ལ་བར་བྱ༷་ བའི་ཕྱི༷ར། ལ༷མ་ལ་གན༷ས་པ་དེས་རིན་པོ་ཆེ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་གོས་རུལ་ 1-1-189 དྲི་ངན་ཅན་གྱི་ནང་དུ་ཡོད་པའི་དོ༷ན་དེ༷་བདག་པོ་དེ༷་ལ༷་སྨྲ༷ས་པ༷་ལྟ༷ར། ཐོ༷གས་པ་མེ༷ད་པའི་ཡེ་ ཤེས་ཀྱི་སྤྱ༷ན་མང༷འ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ༷་པ༷་སྣ༷་ཚོ༷གས་ཀྱི༷ས། ཉོ༷ན་མོ༷ངས་ཀྱི༷ས་གཏུ༷མ་པའི་བདེ༷་གཤེ༷གས་དངོ༷ས་པོ༷་ཡེ་ཤེས་ཆོས་སྐུ་ཉི༷ད། དུ༷ད་འགྲོ༷་ སོགས་འགྲོ་ཀུན་ལ༷་ཡ༷ང་ཡོད་པ་གཟི༷གས་ན༷ས་བདེ་བར་གཤེགས་པ་དེ༷་བཞི༷ན་དུ་འགྲོ་བ་ ཀུན་དེ༷་ཐ༷ར་པ༷ར་བྱ༷་བ༷འི་དོ༷ན་དུ༷་ཡེ་ཤེས་ཆོས་སྐུ་དེ་མངོན་པའི་ཐ༷བས་སྟོ༷ན་པར་མཛ༷ད་པའི་ ཕྱིར་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། ཇིལྟར་སོས་ཀའི་དུས་སུ་ཆུ། །དྲོ་བོ་ཞེས་ནི་རྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པ་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱ། །དེ་ཉིད་ཉོན་མོངས་ བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས་པའི་ཆུ་གཅིག་པུ་དེ་ཉིད་ རྒྱུ་རྐྱེན་གཞན་དང་འབྲེལ་བའི་གནས་སྐབས་མི་གཅིག་པ་བྱུང་སྟེ་ཇི༷་ལྟ༷ར་ཡིན་ན་སོ༷ས་ཀ༷འི་ དུ༷ས་སུ༷་ཆུ༷་འདི་དྲོ༷་བོ༷་ཞེ༷ས་ནི༷་བརྗོ༷ད་པ༷ར་བྱེ༷ད་པ་ཡིན། ཆུ་དེ༷་ཉི༷ད་དགུན་གྲ༷ང་བ༷འི་དུ༷ས་སུ༷་ ནི༷་ཆུ་འདི་གྲ༷ང་ངོ༷་ཞེ༷ས་ནི༷་བརྗོ༷ད་པར་བྱེད་པ༷་ཡི༷ན། དེ་ལྟར་བདག་མེད་ཀྱང་ཆོས་དབྱིངས་དྲི་ བཅས་དང་དྲི་མེད་ལ་སེམས་ཅན་དང་སངས་རྒྱས་སུ་བསྟན་པ་དེ་བཞིན་དུ་ཆོས་དབྱིངས་ གཅིག་པུ་ཉིད་ཆོས་གཞན་དང་མ་བྲལ་བ་དང་བྲལ་བའི་དབང་གིས་གནས་སྐབས་མི་གཅིག་ པ་བྱུང་སྟེ་ཆོས་དབྱིངས་ཡེ་ཤེས་དེ་ཉོ༷ན་མོ༷ངས་དྲ༷་བ༷ས་གཡོ༷གས་པ༷་ན༷། ཆོས་དབྱིངས་ཡེ་ ཤེས་དེ་ལ་སེ༷མས་ཅ༷ན་ཞེ༷ས་ནི༷་བརྗོ༷ད་པ༷ར་བྱ༷་བ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་དེ༷་ཉི༷ད་ ཉོ༷ན་མོ༷ངས་པ་དང་བྲ༷ལ་བར་གྱུ༷ར་པའི་གནས་སྐབས་ན༷། ཆོས་དབྱིངས་ཡེ་ཤེས་དེ་ཉིད་ལ་ ས༷ངས་རྒྱ༷ས་ཞེ༷ས་ནི༷་རྗོ༷ད་པ༷ར་བྱེ༷ད་པ་ཡིན་ཞེས་དགོངས་དོན་མཐར་ཐུག་གཅིག་གྱུར་ངེས་ དོན་དབུ་མ་ཆེན་པོའི་ཆོས་ཀྱི་ཁུངས་འདི་ཡང་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་འདི་ག་ལྟར་ ཡིན་ནོ། །སྤྱིར་ནི་བཀའ་བར་དུ་གཙོ་བོར་རང་སྟོང་བསྟན་ཞིང༌། བཀའ་ཐ་མར་ངེས་དོན་ 1-1-190 གཞན་སྟོང་གཙོ་བོར་བསྟན་པས་དེ་གཉིས་ཀྱི་ཁྱད་པར་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་ པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་བས་ན་རང་སྟོང་དང༌། ཀུན་རྫོབ་ཀྱི་ཆོས་ རྣམས་རང་ངོས་ནས་གྲུབ་པས་སྟོང་ཡང༌། དོན་དམ་པའི་ཆོས་ཉིད་རྣམ་པ་ཐམས་ཅད་པའི་ཡེ་ ཤེས་ནི་ནམ་ཡང་རང་གི་ངོས་ནས་མི་སྟོང་བར་གནས་ལུགས་མཐར་ཐུག་ཏུ་ཡེ་ནས་འགྱུར་བ་ མེད་པའི་རང་མདངས་ལ་གཞན་ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པས་སྟོང་པས་ན་གཞན་ སྟོང་ཞེས་བརྗོད་ཅིང༌། ཀུན་རྫོབ་བདེན་པར་མེད་ཀྱང་དོན་དམ་གནས་ལུགས་མཐར་ཐུག་ཏུ་ བདེན་པས་མཐའ་གཉིས་སྤངས་པའི་ངེས་དོན་དབུ་མའི་ལམ་བཟང་ཆེན་མོ་དེ་ཡང་གཙོ་བོར་ འཁོར་ལོ་ཐ་མའི་སྡེ་སྣོད་དུ་བསྟན་ཀྱང་སྤྱིར་ནི་འཁོར་ལོ་དང་པོ་དང་བར་བ་གཉིས་ཀྱིའང་ དགོངས་པ་མཐར་ཐུག་ཏུ་ངེས་ཤིང་དེ་ལུགས་ཀྱི་ཚུལ་དུ་བསྟན་པར་གསུངས་ལ། ད་དུང་འདི་ དག་གི་སྐོར་ལ་སྤྲོས་ན་བཤད་བྱ་མང་ཡང་རེ་ཞིག་དེ་ཙམ་དུ་བཞགགཉིས་པ་རྗེས་ནས་ཇི་ ལྟར་བྱོན་ཚུལ་ནི། སྟོན་པས་ཆོས་འཁོར་གསུམ་པོ་བསྐོར་ཟིན་མི་རིང་བ་ན་ཐུན་མོང་གི་ངོར་ ཐེག་ཆེན་གྱི་སྡེ་སྣོད་རྣམས་ནི་ལྷ་ཀླུ་གནོད་སྦྱིན་མི་མ་ཡིན་སོགས་ཀྱིས་རང་རང་གི་གནས་སུ་ སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་བཞུགས་ལ། ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་དགེ་ སྦྱོང་གི་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་འཕགས་ཚོགས་ཀྱི་འདུས་སྡེ་བསམ་གྱིས་མི་ ཁྱབ་པ་ནི་ལི་ཁྲིའི་མཚོ་ཆེན་ས་སྟེང་དུ་འཕྱུར་བ་བཞིན་བྱུང་ཞིང༌། རྒྱལ་བ་བཅོམ་ལྡན་འདས་ མྱ་ངན་ལས་འདས་རྗེས་སུ་དགྲ་བཅོམ་འོད་སྲུང་ཆེན་པོས་ཐེག་དམན་གྱི་བཀའ་བསྡུ་དང་པོ་ མཛད་ནས་བསྟན་པ་ཀུན་དགའ་བོ་ལ་གཏད། དེས་ཤ་ནའི་གོས་ཅན་ལ་གཏད། དེས་ཉེ་སྦས་ ལ་གཏད། དེས་དྷི་ཏི་ཀ་ལ་གཏད། དེས་ནག་པོ་པ་ལ་གཏད། དེས་ལེགས་མཐོང་ལ་གཏད་ ནས་དེ་དག་གིས་བསྟན་པ་རིམ་བཞིན་བསྐྱངས་རྗེས་རིང་ཞིག་ལོན་སྐབས། ཡུལ་ཨོ་ཊི་བི་ ཤའི་རྒྱལ་པོ་ཟླ་བ་སྲུང་གི་ཁྱིམ་དུ་འཇམ་དཔལ་གྱི་སྤྲུལ་པའི་དགེསློང་གིས་ཐེག་ཆེན་གྱི་ཆོས་ 1-1-191 བསྟན། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་བ་མདོ་ལུགས་པས་ཤེར་ཕྱིན་བརྒྱད་སྟོང་ པ་དང༌། གསང་སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྡུས་པ་ཡིན་ཟེར་ཏེ། འདི་སྐོར་ནས་ ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་གཞན་ན་བཞུགས་པ་ལས་ཅི་རིགས་མི་ཡུལ་དུ་སླར་ཡང་ དར་བའི་ཐོག་མ་ཡིན་པར་གསུངས་ལ། དེ་ནས་རིང་ཞིག་གི་དུས་སུ་དགྲ་བཅོམ་པ་དང༌། སྡེ་ སྣོད་འཛིན་པའི་བཙུན་པ་མང་པོ་ཞིག་གིས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ་ཉན་ ཐོས་སྡེ་བཅོ་བརྒྱད་ཀྱི་བསྟན་པ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང༌། མདོ་དང་ མངོན་པ་སྔར་ཡི་གེ་མ་འཁོད་པ་རྣམས་ཡི་གེར་བཀོད་ཅིང་འཁོད་པ་རྣམས་ལ་དག་ཐེར་བྱས་ པའོ། །འདིའི་གོང་ཞིག་ཏུ་ཁ་ཆེའི་བཙུན་པ་ཆེན་པོ་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་ བཅས་ཏེ་བྱོན་པའང་མདོ་སྡེ་བའི་ཐོག་མའོ། ། དེ་ནས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་པའི་འོག་ཞིག་ནས་སླར་ཡང་ཐེག་ ཆེན་གྱི་ཆོས་སྨྲ་བའི་བཙུན་པ་ཆེན་པོ་ཨ་བི་ཏརྐ་སོགས་ཆོས་སྟོན་པ་ལྔ་བརྒྱ་ཙམ་བྱོན་ཏེ། གནས་ཐ་དད་ནས་ཐེག་ཆེན་གྱི་སྡེ་སྣོད། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པའི་ མདོ་སོགས་ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་སླར་ཡང་སྤྱན་དྲངས་པའི་ཚུལ་གྱིས་དར་བར་ མཛད་ཅིང༌། ཐེག་ཆེན་སྡེ་བ་དངོས་སྨྲའི་སེམས་ཙམ་ལུགས་ཀྱང་འདི་ནས་བྱུང༌། དེ་རྗེས་ ཞིག་ནས་དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་ལུགས་དར་བར་མཛད། དེའི་འོག་ ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ་དབུ་མ་ལྷག་པར་དར་བར་མཛད་པ་ནས་ བཟུང་མཚམས་སྤྲིན་དམར་སེར་གྱི་རྡུལ་ཚོགས་མཁའ་དབྱིངས་སུ་འཕྱུར་བ་དང་ཕན་ཚུན་ འགྲན་བཞིན་རྒྱ་གར་གྱི་ཡུལ་གྲུ་ཆེན་པོ་འཕགས་མཆོག་རྣམས་ཀྱིས་བརྟེན་པའི་ནོར་འཛིན་ གྱི་གནས་མཆོག་དམ་པར་ཐེག་ཆེན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་དགེ་འདུན་པའི་སྡེ་ ཨུཏྤལ་དཀར་པོའི་ཕྲེང་བ་བསྟར་བ་བཞིན་རིམ་པར་བྱོན་པའི་དུས་རེ་ཞིག་ན། རྒྱལ་བའི་ 1-1-192 དགོངས་པ་མཐར་ཐུག་གི་ངེས་གསང་རྙེད་ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་འབྱེད་པ་ལ་ མཆོག་ཏུ་བསྔགས་པ་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་ས་གསུམ་ བརྙེས་པ་འཕགས་པ་ཐོགས་མེད་ཞབས་པ་ཡང་བྱོན་པ་སྟེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་ དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་ བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་གྱུར། །བསྟན་པ་ཡུན་རིང་ གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་བསྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་པའི་ལུང་ གིས་བསྔགས་པ་འཕགས་པ་ཐོགས་མེད་ནི། ཡི་དམ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ བ་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་པའི་སྲས་སུ་འཁྲུངས་ཏེ་རྒྱལ་རིགས་སུ་གྱུར་པའི་ སྐྱེས་བུ་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྡེའི་དོན་ཕལ་ཆེར་ཐུགས་སུ་ ཆུད་པར་བྱས་ནས་ཤེར་ཕྱིན་གྱི་དགོངས་དོན་རྟོགས་དཀའ་བར་དགོངས་ཏེ། དེའི་དོན་དུ་ ལྷག་པའི་ལྷ་ཞལ་མཐོང་ཆེད་སློབ་དཔོན་ཨརྷ་ཏ་ལ་སྒྱུ་འཕྲུལ་དྲ་བའི་དཀྱིལ་འཁོར་དུ་དབང་ བསྐུར་བ་མནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ། ། དེ་ནས་རི་བོ་བྱ་རྐང་ཅན་དུ་གྲགས་པའི་ཕུག་ཅིག་ཏུ་ལོ་བཅུ་གཉིས་སུ་འཕགས་པ་ བྱམས་པ་བསྒྲུབས་ཏེ་བྱམས་པའི་ཞལ་དངོས་སུ་མཐོང་ནས་དུས་དེ་ཉིད་དུ་སློབ་དཔོན་གྱིས་ ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཅི་འདོད་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས་པ་ལྟར་འཇུས་པས་དེ་མ་ཐག་དགའ་ 1-1-193 ལྡན་དུ་བསླེབས་ནས་མི་ལོ་ཕྱེད་ལྔ་བཅུའམ་ལོ་ཆ་ཚང་ཉེར་ལྔ་ཙམ་བཞུགས་ཏེ་ཐེག་པ་ཆེན་ པོའི་ཆོས་མཐའ་དག་གསན་ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ཚབ་བྱམས་ པས་འཁོར་ལོ་ཐ་མའི་དགོངས་དོན་གཙོ་བོར་བྱས་ཏེ་ཐེག་ཆེན་མདོ་སྡེ་སྤྱིའི་དགོངས་འགྲེལ་ གྱི་ཚུལ་དུ་རྒྱུད་བླ་མ། འབྱེད་རྣམ་གཉིས། རྒྱན་རྣམ་གཉིས་ཏེ་བྱམས་ཆོས་ལྔ་མཛད་པ་དེ་ སློབ་དཔོན་གྱིས་གསན་ཚེ་དོན་ཚན་རེ་རེ་གསན་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་ རེ་ཐོབ་ཅིང་བྱམས་ཆོས་འདི་དག་གིས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ཕྱིར་མི་ ལྡོག་པའི་གཏམ་ལས་བརྩམས་ཏེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་སྒོམ་ཆེས་གསལ་བར་ བྱས་པ་ཇི་ལྟ་བ་བཞིན་དུ་སློབ་དཔོན་ཐོགས་མེད་ཀྱིས་ཀྱང་དགོངས་དོན་དེ་ལྟར་ཐུགས་སུ་ བྱང་ཆུབ་པའི་ཚུལ་གྱིས་སླར་ཡང་མི་ཡུལ་དུ་བྱོན་ནས་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་ སྲོལ་ལེགས་པར་ཕྱེ་བ་ལགས་སོ། །སློབ་དཔོན་འདིའི་གཅུང་དབྱིག་གཉེན་ཡང་བྲམ་ཟེའི་ རིགས་ལས་བྱུང་བའི་ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ། འདིས་ཀྱང་ཐོག་མར་ཉན་ཐོས་ཀྱི་ སྡེ་སྣོད་མཐའ་དག་བྱང་ཆུབ་པར་བྱས་པས་ཐེག་ཆེན་ལ་མི་མོས་པའི་ཚུལ་གྱིས་བཞུགས་པ་ ན་རེ་ཞིག་གི་ཚེ། གཅེན་འཕགས་པ་ཐོགས་མེད་ཀྱི་དངོས་སློབ་ཐེག་ཆེན་སྨྲ་བའི་དགེ་སློང་ གཉིས་ཀྱིས་མདོ་སྡེ་བློ་གྲོས་མི་ཟད་པ་དང༌། ས་བཅུ་པ་གཉིས་གསུང་སྒྲོག་བྱེད་པ་ཐོས་པའི་ རྐྱེན་གྱིས་ཐེག་ཆེན་ལ་མོས་པའི་ཐུགས་བློ་གཏིང་ནས་བྱུང་སྟེ་འཕགས་པ་མཆོག་གི་དྲུང་ནས་ ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ཚར་གཅིག་གསན་པ་ཙམ་གྱིས་ཐུགས་སུ་ཆུད་དེ་ཐེག་ ཆེན་སྤྱི་དང་ཁྱད་པར་འཁོར་ལོ་ཐ་མའི་དགོངས་དོན་འཕགས་པའི་བཞེད་སྲོལ་བཞིན་རྒྱ་ ཆེར་དར་བར་མཛད། དེ་ནས་རིམ་པར་བརྒྱུད་དེ། ཕྲ་ཞིང་རྟོགས་དཀའ་བ་དྲང་སྲོང་ཆེན་པོའི་ ལམ་བཟང་བདེ་གཤེགས་སྙིང་པོའི་ལེགས་བཤད་སེང་གེའི་སྒྲ་ཆེན་རིང་ནས་ནུབ་པ་སླར་ ཡང་གསལ་བར་མཛད་པ་གངྒ་མཻ་ཏྲཱིའི་ཞབས་དང༌། རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ཏེ། 1-1-194 གཉིས་འཛིན་འཁྲུལ་བའི་དྲི་མ་གཏན་ནས་སྤངས་ཤིང་བརྟུལ་ཞུགས་སྤྱོད་མཛད་ཨ་ཝ་དྷཱུ་ཏི་ པ་དགའ་བ་གྲགས་པའི་དཔལ་དང༌། ཐེག་མཆོག་གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན་ཅིང་ ཚངས་སྤྱོད་དཔལ་གྱིས་བརྒྱན་པའི་དགེ་སློང་ཆེན་པོ་གནས་ལུགས་ཟབ་མོའི་དོན་གཟིགས་ པའི་ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས་དང༌། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་ རྗེའི་གདུང་རྒྱུད་དུ་འཁྲུངས་པ་ཡི་དམ་ལྷག་པའི་ལྷའི་བྱིན་གྱིས་བརླབས་ཤིང་གསུང་རབ་ མཐའ་ཡས་པ་མཁྱེན་པའི་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་སཛྫ་ན་ཞེས་བྱ་བའི་བར་གྱི་ སྐྱེས་ཆེན་དམ་པ་དེ་དག་གིས་འཁོར་ལོ་ཐ་མའི་དགོངས་དོན་ངེས་པ་དོན་གྱི་དབུ་མའི་ལུགས་ སྲོལ་ལེགས་པར་བཟུང་ནས་འཕགས་ཡུལ་དུ་སྤེལ་ཞིང༌། དེ་ནས་བོད་གངས་རིའི་ལྗོངས་སུ་ ཡང༌། དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས་ཤིང་མཁས་དབང་དུ་མའི་གཙུག་གི་ནོར་བུ་ གངས་ལྗོངས་འདིར་གཞན་སྟོང་དབུ་མའི་སྒྲ་ཆེན་བསྒྲགས་ཤིང་དཔེ་མེད་གྲོང་དུ་རྡོརྗེའི་སྐུ་ བརྙེས་པའི་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ་ནས་བཟུང་རིམ་པར། མི་ཕམ་གཞུང་ལ་མཁས་ ཤིང་ངེས་དོན་དབུ་མའི་ལམ་བཟང་ཐུགས་སུ་ཆུད་པའི་སྡོམ་བརྩོན་དམ་པ་བཙན་རིགས་ཁ་ བོ་ཆེ་དྲི་མེད་ཤེས་རབ། ཟབ་མོའི་གནས་དང་རྒྱུད་སྡེ་དུ་མ་མཁྱེན་པ་བྱམས་པས་རྗེས་སུ་ བཟུང་བ་ལ་སྟོད་པ་དར་མ་བརྩོན་འགྲུས། སྙིང་པོའི་བསྟན་པ་གསལ་མཛད་དོལ་པ་གཉན་ ཡེ་ཤེས་འབྱུང་གནས། འཕགས་མཆོག་གཉིས་ཀྱི་དགོངས་པ་གཅིག་གཟིགས་འཇད་སྟོན་སྐུ་ མཆེད་ཟུང་སྟེ་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། ཕྱག་རྡོར་ཞལ་གཟིགས་ཆོས་སྐྱོང་ བྲན་དུ་འཁོལ་བ་སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། མི་གཡོ་མགོན་པོས་བྱིན་གྱིས་བརླབས་ ཤིང་བཀའ་བསྟན་དགོངས་རྟོགས་རིག་པའི་རལ་གྲི། ངེས་དོན་སྙིང་པོ་ཉན་བཤད་ཀྱིས་ སྤེལ་མཛད་སྐྱི་སྟོན་པ་སྟེ། ཀུན་མཁྱེན་ཇོ་ནང་པའི་བར་དུ་བརྒྱུད་པ་བར་མ་ཆད་ཅིང་བརྒྱུད་ ཚུལ་འདིར་གཅིག་ཏུ་མ་ཟད་གཞན་དུ་མའི་སྒོ་ནས་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་ 1-1-195 ངེས་དོན་ཟབ་མོའི་ལུགས་བཟང་འཕགས་བོད་དུ་ཇི་ལྟར་བྱུང་བའི་ཚུལ་མང་ངོ༌། ། ད་ནི་ས་བཅད་གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇི་ལྟར་གསུངས་ ཚུལ་དང༌། རྗེས་ནས་ཇི་ལྟར་བྱོན་པའི་ཚུལ་གཉིས་ལས། དང་པོ་ནི། རྒྱུད་ལས། ཤིན་ཏུ་རྣམ་ དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཅེས་གསུངས་པ་ལྟར་སྔར་སྟོན་པས་ཕར་ ཕྱིན་ཐེག་པར་ངེས་དོན་ཆོས་ཉིད་བདེ་གཤེགས་སྙིང་པོ་གནས་ལུགས་མཐར་ཐུག་ཏུ་བསྟན་ པ་ཉིད་འདིར་གསང་ཆེན་བླ་མེད་ཐེག་པའི་སྐབས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཉིད་ གདོད་མ་ནས་བཞུགས་པའི་བདེ་གཤེགས་སྙིང་པོ་དེ་ཉིད་སྒྲིབ་གཉིས་ཀྱི་དྲི་མའི་སྐྱོན་ཀུན་ ལས་ཡེ་ནས་གྲོལ་བ་ཆེན་པོ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དོན་དམ་པའི་རྣམ་པ་ ཀུན་གྱི་བདག་ཉིད་ཅན་ཞེས་པའི་མཚན་གྱིས་གཞིའི་ཆོས་ཉིད་དུ་ལེགས་པར་བསྟན་པའང་ སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ཉིད་བདེ་སྟོང་ཟུང་འཇུག་གི་ངོ་བོར་ཡེ་གཞི་ གདོད་མ་ནས་བཞུགས་པ་དམ་པ་དང་པོའི་སངས་རྒྱས་དང་གཉིས་མེད་ཀྱི་ལྷ་དཔལ་མཆོག་ དུས་ཀྱི་འཁོར་ལོའི་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུ་དང་བདུན་བརྒྱ་ཉེར་གཉིས་ཀྱི་རྣམ་པར་ བཞུགས་པ་དང༌། ཕ་རྒྱུད་ཀྱི་ལྷ། གསང་བ་འདུས་པ། གཤིན་རྗེ་གཤེད་དམར་པོ་དང་ནག་ པོ། རྣམ་སྣང༌། སྒྱུ་འཕྲུལ་དྲ་བ་སོགས་ཆགས་ཅན་རྗེས་འཛིན་གྱི་ལྷའི་རྣམ་པར་བཞུགས་པ་ དང༌། རྡོ་རྗེ་འཇིགས་མཛད་སོགས་ཞེ་སྡང་ཅན་ཚར་གཅོད་ཀྱི་སྐུའི་རྣམ་པར་བཞུགས་པ་ དང༌། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་སོགས་གཏི་མུག་ཅན་རྗེས་འཛིན་གྱི་ལྷའི་རྣམ་པར་ བཞུགས་པ་དང༌། མ་རྒྱུད་ཀྱི་ལྷ་དཔལ་འཁོར་ལོ་བདེ་མཆོག་དགྱེས་པ་རྡོ་རྗེ། མ་ཧཱ་མ་ཡ། སངས་རྒྱས་ཐོད་པ་སོགས་ཧེ་རུ་ཀའི་རིགས་ཀྱི་ལྷའི་རྣམ་པར་བཞུགས་པ་དང༌། གདན་ བཞིརྣམ་སྣང་གི་རིགས་ཀྱི་ལྷ་དང༌། རིགས་ཀྱི་འཇིག་རྟེན་མགོན་པོ་པདྨའི་རིགས་ཀྱི་ལྷ་དང༌། 1-1-196 རྡོ་རྗེ་བདུད་རྩི་རིན་འབྱུང་གི་རིགས་ཀྱི་ལྷ་དང༌། སྒྲོལ་མ་བླ་མེད་སོགས་རྟའི་རྒྱལ་པོ་རིགས་ ཀྱི་ལྷ་དང༌། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ་རྡོར་སེམས་ཀྱི་ལྷ་དང་རིགས་དྲུག་གི་ ལྷའི་རྣམ་པར་བཞུགས་པ་དང༌། རྣལ་འབྱོར་རྒྱུད་ཀྱི་ལྷ། དེ་ཉིད་བསྡུས་པ། རྡོ་རྗེརྩེ་མོ་སོགས་ ཕ་རྒྱུད། དཔལ་མཆོག་དང་པོ། རྡོ་རྗེ་སྙིང་རྒྱན་སོགས་མ་རྒྱུད་ཀྱི་ལྷའི་རྣམ་པར་བཞུགས་པ་ དང༌། སྤྱོད་རྒྱུད་ཀྱི་ལྷ། རྣམ་སྣང་མངོན་བྱང༌། མི་གཡོ་བརྟུལ་ཕོད་སོགས་སྐུའི་རིགས་ཀྱི་ལྷ་ དང༌། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ཀྱི་ལྷ་སོགས་ཐུགས་ཀྱི་རིགས་ཀྱི་ལྷའི་རྣམ་པར་ བཞུགས་པ་དང༌། བྱ་རྒྱུད་ཀྱི་ལྷ། དམ་ཚིག་གསུམ་བཀོད། འཇམ་དཔལ་རྩ་རྒྱུད་ཀྱི་ལྷ་ སོགས་ནི་དེ་བཞིན་གཤེགས་པའི་རིགས་དང༌། དོན་ཞགས་ཆོ་ག་ཞིབ་མོ། ཞལ་བཅུ་གཅིག་ པའི་གཟུངས་སོགས་པདྨའི་རིགས་དང༌། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་སོགས་རྡོ་རྗེའི་ རིགས་དང༌། ནོར་རྒྱུན་མ། ཛམྦྷ་ལའི་གཟུངས་སོགས་ནོར་བུའི་རིགས་དང༌། མེ་ཁ་ལེའི་ གཟུངས་སོགས་ལྔ་རྩེན་གྱི་རིགས་དང༌། ལྷ་ཀླུ་འབྱུང་པོ་ཕལ་བས་ཕུལ་བའི་གཟུངས་རྣམས་ འཇིག་རྟེན་ཕལ་བའི་རིགས་དང་དྲུག་ཡོད་པ་སོགས་དེ་དག་ཐམས་ཅད་རྟེན་གཞལ་ཡས་ ཁང་དང་བརྟེན་པ་ལྷ་དང༌། སྔགས་དང༌། རྒྱུད་དང༌། ཕྱག་རྒྱ་ཐམས་ཅད་དབྱེར་མེད་རོ་ གཅིག་བདེ་སྟོང་ཟུང་འཇུག་གི་རྣམ་པར་ཡེ་གདོད་མ་ནས་བཞུགས་པ་འདི་མངོན་དུ་བྱེད་ པའི་ཐབས་ལ་དྲུག་ལྡན་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པའི་ཐབས་ཁྱད་པར་ ཅན་གསང་ཆེན་རྒྱུད་སྡེ་བཞིའི་ཆོས་ཀྱི་མཛོད་ཆེན་པོ་སྟོན་པ་ཉིད་རྣམ་པར་སྣང་མཛད་འཁོར་ ལོས་སྒྱུར་བ་ཆེན་པོ་དང༌། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་ གནས་འགྱུར་ཏེ་ཐུན་མོང་མ་ཡིན་པའི་སྔགས་ཀྱི་གདུལ་བྱ་མཆོག་རྣམས་ལ་ལེགས་པར་ ཕྱེས་ནས་རྗེས་སུ་བཟུང་སྟེ། རིང་པོར་མི་ཐོགས་པར་ཟུང་འཇུག་མཆོག་གི་གོ་འཕང་ལ་ བཀོད་པ་ཡིན་ཏེ། ཁྱད་པར་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་གསང་སྔགས་ཀྱི་ཉེ་ 1-1-197 ལམ་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་ཀྱི་སྐལ་བ་ཡིན་པས་དེའི་ཚུལ་ཡང༌། འཇམ་དཔལ་ གྱི་མཚན་ཡང་དག་པར་བརྗོད་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་སྐུ་སྟེ་རང་ བྱུང་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་ གསུངས་པའི་དགོངས་པ་དང་གཅིག་པར། དུས་འཁོར་གྱི་རྒྱུད་ལས། ཕྱག་རྒྱ་ཆེན་པོ་མི་ འགྱུར་བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་ མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་གནས་ལུགས་བདེ་ གཤེགས་སྙིང་པོརྗེ་གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་ནི་མཆོག་གི་དང་པོའི་སངས་རྒྱས་ འདུས་མ་བྱས་པ་རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་ཕྱག་རྒྱ་ཆེན་པོ་མི་ འགྱུར་བའི་བདེ་བ་མཆོག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོ་གཞི་ འབྲས་དབྱེར་མེད་ཀྱི་ངོ་བོ་འདི་ག་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་མངོན་དུ་བྱ་བའི་ ཐབས་ཚུལ་རྒྱ་ཆེར་སྟོན་པ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཚུལ་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། །ཞེས་གསུངས་པ་ལྟར་ སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་ཡུལ་བྱ་རྒོད་ཕུང་རིར་ཤེར་ཕྱིན་གསུངས་པ་དང་མཉམ་ དུ་དཔལ་ལྡན་འབྲས་སྤུངས་སུ་གསང་སྔགས་འཁོར་ཐུན་མིན་གྱི་ངོར་གསུངས་པ་ཡིན་ལ། དེ་ཡང་དུས་འཁོར་རྩ་རྒྱུད་གཙོ་བོར་གྱུར་པའི་གསང་བ་སྔགས་ཀྱིརྒྱུད་སྡེ་མཐའ་དག་ གསུངས་པ་སྟེ་བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུང་མཆོད་རྟེན་ཆེན་པོར་སྟོབས་ བཅུ་པ་ཡིས་སངས་རྒྱས་པ་ཡིརྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། །ཞེས་གསུངས་པ་ལྟར་ རོ། །དེའི་ཚུལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲིའི་གླིང་དུ་སྔོན་གྱི་སངས་ རྒྱས་གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས་ན་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ལྷ་ 1-1-198 ཆེན་རྣམས་ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བུམ་ པའི་ནང་གི་སྟེང་འོག་ཏུ་སྟོན་པ་ཉིད་ཀྱིས་རྩ་རྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་ དཀྱིལ་འཁོར་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུ་ཅན་དང༌། བསྡུས་རྒྱུད་ལས་བསྟན་པའི་ཆོས་ དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ དཀྱིལ་འཁོར་ལྷ་བདུན་བརྒྱ་ཉེར་གཉིས་ཀྱིརྣམ་པ་མངོན་པར་སྤྲུལ་སྟེ་གཙོ་བོ་དུས་ཀྱི་འཁོར་ ལོའི་མདུན་ཞལ་ཐུགས་རྡོ་རྗེ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ ནས་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་སྣོད་རུང་དུ་མཛད་རྗེས་གསང་སྔགས་ཀྱི་སྡེབ་སྦྱོར་གྱི་ སྒོ་ནས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། གཞན་ཡང་གསང་བ་འདུས་པའི་རྒྱུད་སྟོང་ཕྲག་ཉེར་ལྔ་པ་དང༌། སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་ བཅུ་དྲུག་པ་དང༌། གདན་བཞིའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། སངས་རྒྱས་ཐོད་པའི་ རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དང༌། མ་ཧཱ་མ་ཡའི་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ་དང༌། རྣལ་ འབྱོར་རིག་པའི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ་དང༌། བདེ་མཆོག་མངོན་བརྗོད་འབུམ་པ་ དང༌། ཀྱཻ་རྡོར་འབུམ་ཕྲག་ལྔ་པ་དང༌། རྡོ་རྗེ་བདུད་རྩིའི་རྒྱུད་སྟོང་ཕྲག་བཅུ་གཉིས་ལ་སོགས་ པ་བླ་མེད་རྣམས་དང༌། ཞལ་ལྷག་མ་གསུམ་ལས་རྒྱུད་སྡེ་འོག་མ་གསུམ་གསུངས་པ་སྟེ། དུས་ འཁོར་རྩ་རྒྱུད་ལས། ཟླ་བཟང་རྒྱུད་ཀྱིས་གསོལ་འདེབས་དང༌། །སྟོན་པ་སྡུད་པར་བྱེད་པ་པོ། །ཞེས་ལུང་བསྟན་པ་ལྟར། སྐབས་ཀྱི་ཚད་དུ་བྱ་བའི་གདུལ་བྱ་རྒྱུད་ཞུ་བ་པོ་ཤམྦྷ་ལའི་ཆོས་ རྒྱལ་ཐོག་མ་བགེགས་དགྲའི་སྤྲུལ་པ་ཉི་མའི་འོད་ཀྱི་སྲས་གསང་བདག་ཕྱག་ན་རྡོ་རྗེའི་རོལ་ གར་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ཤམྦྷ་ལའི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་ འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་དང༌། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་སོགས་མི་མིན་གྱི་འགྲོ་ བ་བགྲང་ལས་འདས་པ་ཡོད་པ་ཡིན་ནོ། །རྒྱུད་མཐའ་དག་ཟླ་བ་བཟང་པོ་ལ་གཏད་ཅིང་ 1-1-199 ཤམྦྷ་ལར་སྤྱན་དྲངས་ནས་རྒྱུད་མ་ལུས་པ་གླེགས་བམ་ལ་བྲིས། དུས་འཁོར་རྩ་རྒྱུད་ཀྱི་ འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད་པའི་རྗེས་སུ་ལོ་གཉིས་པ་ན་མ་ལ་ཡའི་སྐྱེད་མོས་ ཚལ་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བཀོད་པ་ཁྲུ་བཞི་ བརྒྱ་པ་འཛམ་གླིང་ནོར་འཛིན་གྱི་མཛེས་རྒྱན་དགོས་འདོད་མ་ལུས་པ་འབྱུང་བའི་ཞིང་མཆོག་ དམ་པ་ཟླ་དང་བྲལ་བ་ཞིག་ལྷ་མིའི་བསོད་ནམས་ཀྱི་ཞིང་བཟང་དམ་པར་ལེགས་པར་ བཞེངས་ཏེ། ཉིད་ཀྱི་སྲས་སའི་སྙིང་པོའི་སྤྲུལ་པ་ཆོས་རྒྱལ་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས། དེ་ནས་རིམ་པར་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་ཆོས་རྒྱལ་གཟི་བརྗིད་ཅན། སྒྲིབ་པ་རྣམ་ སེལ་གྱི་སྤྲུལ་པ་ཟླ་བའི་བྱིན། ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་པ་ལྷའི་དབང་ཕྱུགཁེངས་བྱེད་ཀྱི་ སྤྲུལ་པ་སྣ་ཚོགས་གཟུགས། ནམ་མཁའི་སྙིང་པོའི་སྤྲུལ་པ་ལྷའི་དབང་ལྡན་དང༌། ཆོས་རྒྱལ་ ལྷ་དབང་ནས་འདིའི་བར་ལ་ཆོས་རྒྱལ་ཆེན་པོ་དྲུག་བྱོན་ཏེ། ལོ་བརྒྱ་བརྒྱའི་བར་དུ་རྩ་རྒྱུད་ རྒྱས་འགྲེལ་དང་བཅས་པ་བསྟན། དེའི་རྗེས་སུ་ལྷའི་དབང་ལྡན་གྱི་སྲས་ཡང་དུས་འཁོར་རྩ་ རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོར། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་ འཇམ་དཔལ་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང༌། །ཞེས་ལུང་དུ་བསྟན་པའི་རིགས་ ལྡན་དང་པོ་འཇམ་དཔལ་གྱི་རྣམ་འཕྲུལ་རྒྱལ་པོ་གྲགས་པས་ལོ་བརྒྱར་ཆོས་བསྟན་ནས་ དགུང་ལོ་བརྒྱ་པའི་དུས་སུ་ཤམྦྷ་ལའི་ཡུལ་དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ ཀྱི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་སྔགས་ཀྱི་སྐལ་བ་དང་ལྡན་ཞིང་འདུལ་བའི་དུས་ ལ་བབ་པར་གཟིགས། དེ་རྣམས་མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་རྒྱུད་ལས་ཀླ་ཀློའི་ ཆོས་འབྱུང་བར་ཡང་མཁྱེན། དེ་རྣམས་སྔགས་ཀྱི་ལམ་ལ་འཇུག་པའི་ཐབས་ཡང་བརྡེགས་ ཤིང་བསྐྲད་པར་བྱས་ན་ཐུལ་བར་མཁྱེན་ཏེ། ཟླ་བ་ཕྱི་མའི་ཉ་ལ་ཁྱེད་རྣམས་ལ་གྲགས་པ་ བདག་གིས་རྡོ་རྗེའི་ཐེག་པའི་ཆོས་བསྟན་རན་པ་ཡིན། དྲང་སྲོང་ཉི་མའི་ཤིང་རྟ་སོགས་ལ་ 1-1-200 ཁྱེད་ཀྱི་སྤྱོད་པ་ཐ་དད་པ་དག་དོར་ནས་བདག་གི་བསྟན་པ་ལ་ཞུགས་ཤིག་ཅེས་དྲིས་པ་ན། དྲང་སྲོང་ཐམས་ཅད་ཀྱིས་གསུང་དེ་ཐོས་མ་ཐག་ནས་དཔྱད་པ་བྱས་ཚེ་ཁ་ཅིག་གིས་ཐོད་པའི་ ནང་དུ་ཟ་བ་དང༌། ཁ་ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་རང་རང་གི་སྤྱོད་པ་མི་འདྲརྗེ་བ་ རྣམས་དོར་ནས་རྡོ་རྗེ་ཐེག་པ་ལ་ཞུགས་དགོས་པ་བློ་ལ་མ་འཐད་པས་ཐམས་ཅད་ཀྱང་ས་ལ་ འགྱེལ་བར་གྱུར་ཏོ། །རྒྱལ་པོ་གྲགས་པས་ཁྱེད་རྣམས་ངའི་བསྟན་པ་ལ་མི་འཇུག་ན་གྲོང་བྱེ་ བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་གནས་ཡུལ་གཞན་དུ་སོང་ཞིགཅེས་རྒྱལ་པོའི་བཀའ་ བྱུང་བ་དེདྲང་སྲོང་རྣམས་ཀྱི་མགོ་བོར་ཐོག་ལྷུང་བ་ལྟར་གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ ཤིང་རྟ་ལ་སྨྲས་པ། ཁྱོད་ཀྱིས་མིའི་དབང་པོ་གྲགས་པ་ལ་ངེད་ཅག་ནི་རྡོ་རྗེའི་ཐེག་པ་ལ་མི་ འཇུགའཕགས་པའི་ཡུལ་དུ་འགྲོ་བ་ཡིན་ཞེས་ཞུས་ཤིག་ཅེས་འཕྲིན་དུ་བརྫངས་པ་ན། ཉི་ མའི་ཤིང་རྟས་དེལྟར་རྒྱལ་པོ་གྲགས་པ་ལ་ཞུས་པ་ན། རྒྱལ་པོ་གྲགས་པས་ཁྱེད་རྣམས་ཤམྦྷ་ ལའི་ཡུལ་འདི་ནས་མྱུར་དུ་སོང་ཞིགཁྱེད་ཅག་སོང་རྗེས་སུ་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མི་ རྣམས་ལ་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ཚེ་འདི་ཉིད་ལ་ཟུང་འཇུག་རྡོ་རྗེ་འཆང་གི་སར་བགྲོད་ པའི་ལམ་མཆོག་བསྟན་པར་འགྱུར་རོ་ཞེས་བཀའ་དྲག་པོས་བསྐྲད་པས་དྲང་སྲོང་རྣམས་ཀ་ ལཱ་པའི་གྲོང་ནས་བྱུང་སྟེ། ལྷོ་ཕྱོགས་སུ་ཞག་བཅུའི་བར་དུ་སོང་སྟེ་ཞག་བཅུ་པའི་ནུབ་མོར་ ནགས་ཚལ་ཆེན་པོར་ཕྱིན་ཚེ། ཐམས་ཅད་གཉིད་འཐུག་པོས་ནོན་པར་བྱིན་གྱིས་བརླབས་ ནས། མི་མ་ཡིན་རྣམས་ལ་བཀའ་བསྒོས་པས་མི་མ་ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་ མ་སད་པར་ཁྱེར་འོངས་ཏེ། མ་ལ་ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་གཉིད་ སད་ནས་རྒྱལ་པོ་གྲགས་པ་དང་དཀྱིལ་འཁོར་དང་མ་ལ་ཡའི་སྐྱེད་ཚལ་རྣམས་མཐོང་ནས་ངོ་ མཚར་ཏེ། བདག་ཅག་སུ་ཞིག་གིས་ཁྱེར་འོང་བ་ཡིན་ཞེས་སྨྲས་པའི་ཚིག་དེ། རྒྱལ་པོའི་བློན་ པོ་རྒྱ་མཚོའི་བློ་གྲོས་ཀྱིས་ཐོས་ནས། དྲང་སྲོང་རྣམས་ལ་ཉི་མའི་ཤིང་རྟ་སོགས་ཁྱེད་རྣམས་དེ་ 1-1-201 ལ་ཡ་མཚན་ཆེ་བ་མ་བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ པས་ཁྱེད་རྣམས་རྗེས་སུ་བཟུང་བའི་དོན་དུ་སྤྲུལ་པ་དེ་ལྟར་མཛད་པ་ཡིན་པས་ཁྱེད་རྣམས་ ཀྱིས་རྒྱལ་པོ་ལ་དུས་ཀྱི་འཁོར་ལོའི་དབང་བསྐུར་བར་གསོལ་བ་རྩེ་གཅིག་ཏུ་ཐོབ་ཅིག་ཅེས་ སྨྲས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པའི་ཆོས་ལ་མོས་པ་སད་དེ། ཚངས་པའི་དྲང་སྲོང་རྣམས་ དང་བཅས་ཉི་མའི་ཤིང་རྟས་རིན་པོ་ཆེའི་མཎྜལ་ཕུལ་ནས་གུས་པས་ཕྱག་འཚལ་ཏེ། ལྷ་མིའི་ དབང་པོ་གྲགས་པ་ལ་མཚམས་མེད་པ་ལྔ་བྱེད་པའང་ཚེ་གཅིག་ལུས་གཅིག་ནས་ཕྱག་རྒྱ་ ཆེན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པ་དང་པོའི་སངས་རྒྱས་དེ་བདག་ཅག་ལ་ བསྟན་དུ་གསོལ། རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ངུའི་ཚིག་གིས་བསྡུས་ནས་ བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས་མི་བདག་གྲགས་པས་ ནག་པའི་ཉ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དྲུང་དུ་ཚངས་པའི་དྲང་སྲོང་རྣམས་ལ་དང་པོའི་ སངས་རྒྱས་ཀྱི་དབང་བསྐུར་ཏེ། རྩ་བའི་རྒྱུད་རྒྱས་པའི་འགྲེལ་བཤད་དུ་དུས་ཀྱི་འཁོར་ལོའི་ བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་ཤོ་ལོ་ཀ་སྟོང་དང་སུམ་ཅུ་པ་ གསུངས་ཏེ་བསྟན། དེའི་ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་ཐམས་ཅད་ཀྱིས་གཉིས་སུ་མེད་ པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་ནས་ལྷའི་དབང་ལྡན་གྱི་བར་གྱི་ ཆོས་རྒྱལ་བདུན་དང༌། ཉི་མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་པོས་ནི། ཁོར་ཡུག་ཆེན་ པོ་གོ་དྲུག་ཏུ་གནས་པའི་མི་རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་འཛིན་པ་དང༌། ངེས་ བརྗོད་ཆོས་སུ་འཛིན་པའི་རིགས་ཅན་སོགས་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་རིགས་བཞི་ དང༌། རྡོ་རྗེའི་ཐེག་པའི་རིགས་འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་དང་ལྡན་པ་ཡིན་ པས་ཆོས་རྒྱལ་ཡིན་ཡང་རིགས་ལྡན་གྱི་མཚན་མ་ཐོགས་སོ། །མི་བདག་གྲགས་པས་ཚངས་ པའི་རིགས་བཞི་ག་བཅོམ་ནས་ཐམས་ཅད་རྡོ་རྗེའི་ཐེག་པའི་རིགས་ཅན་གཅིག་ཏུ་མཛད་ 1-1-202 པས་འཁོར་ཐམས་ཅད་རྡོ་རྗེའི་རིགས་གཅིག་པར་གྱུར་པས་ན་རིགས་ལྡན་གྱི་མཚན་ཐོགས་ པ་ཡིན། དེ་ནས་རྩ་རྒྱུད་ལས། འགྲེལ་བཤད་བྱེད་པ་པད་དཀར་འཛིན། །ཞེས་གསུངས་པ་ལྟར། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རིགས་ལྡན་པདྨ་དཀར་པོས་བསྡུས་རྒྱུད་ ཀྱི་འགྲེལ་བ་དྲི་མེད་འོད་བརྩམས་ལོ་བརྒྱའི་བར་དུ་ཆོས་བསྟན་པ་སོགས་གོང་དུ་བཤད་ པའི་ཆོས་རྒྱལ་བདུན། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་གྱི་རྒྱལ་རྒྱུད་བཅུ་གཅིག་སྟེ་དུས་ འཁོར་རྩ་རྒྱུད་ནས་ལུང་བསྟན་པའི་ཆོས་ཀྱི་རྒྱལ་པོ་བཞི་བཅུ་རྩ་གསུམ་གྱི་བར་དུ་སྔགས་ཀྱི་ ཞིང་མཆོག་དེར་བསྟན་པ་ཆེས་དར་ཞིང་ཀུན་ཀྱང་རྫོགས་ལྡན་ཆོས་མཆོག་ངེས་དོན་གཞན་ སྟོང་དབུ་མ་ཆེན་པོ་ཐུགས་ཀྱི་དགོངས་བཅུད་དུ་བྱས་ཏེ་གནས་ལུགས་མཐར་ཐུག་གཅིག་ཏུ་ གཞོལ་བ་ཤ་སྟག་གོ། ། གཉིས་པ་རྗེས་ནས་བྱོན་པའི་ཚུལ་ནི། སྤྱིར་རྒྱ་གར་རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་ པ་ལས་ཅུང་ཟད་འཕྱི་བ་ཙམ་ན། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་ དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ཏེ། དེ་ཁོ་ན་ཉིད་བསྡུས་པའི་གླེགས་བམ་གནང༌། དེ་ནས་ རེ་ཞིག་གིས་དུས་རྒྱལ་པོ་ཧ་རི་ཙནྡྲ་བྱ་བ་ཙནྡྲའི་རིགས་ཀྱི་ཐོག་མ་བྱུང་བ་དེ་སྔགས་ལམ་ལ་ བརྟེན་ནས་དངོས་གྲུབ་ཐོབ། ལོངས་སྤྱོད་ལྷ་དང་མཉམ་ལ་མཐར་ལོ་སྟོང་དང་བཅས་རིག་ འཛིན་གྱི་གནས་ཐོབ། དུས་དེ་ཙམ་ན་དཔལ་ས་ར་ཧ་བྲམ་ཟེ་སྒྲ་གཅན་འཛིན་ཆེན་པོ་བྱོན་ ནས་རྡོ་རྗེའི་རྣལ་འབྱོར་མའི་ཞལ་དངོས་སུ་མཇལ་ཏེ་གདོད་མ་ཆོས་ཉིད་ཀྱི་དོན་རྟོགས་ནས་ དོ་ཧ་རྡོརྗེའི་གླུ་མང་དུ་བླངས་པས་རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔས་གནས་ལུགས་ཀྱི་དོན་ མངོན་སུམ་དུ་མཐོང༌། ལུས་མ་སྤངས་བཞིན་དག་པ་མཁའ་སྤྱོད་དུ་བྱོན། དེ་ནས་དཔལ་ མགོན་འཕགས་པ་ཀླུ་སྒྲུབ་ཡང༌། མ་ཁོལ་ལུང་བསྟན་པའི་མདོ་ལས་སངས་རྒྱས་བཅོམ་ལྡན་ 1-1-203 འདས་ཡུལ་ལང་ཀ་པུ་རིར་འཁོར་རྣམ་བཞི་ལ་ཆོས་གསུངས་པའི་དུས་སུ་ནམ་མཁའ་ལ་བྱ་ རོག་གཅིག་འཕུར་ཏེ་བྱ་ཐལ་ཞིག་བོར་ནས། དེ་བཞིན་གཤེགས་པའི་ན་བཟའ་ལ་ཕོག་པ་ དང༌། དེའི་ཚེ་དེ་བཞིན་གཤེགས་པའི་ཞལ་འཛུམ་པ་དང་བཅས་པར་བཞད་པར་གྱུར་ཏེ། དེའི་ཚེ་འཁོར་འདུས་པའི་ནང་ནས་ཀུན་དགའ་བོས་ཞུས་པ། དེ་བཞིན་གཤེགས་པ་ནི་རྒྱུ་ རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པའི་རྒྱུ་གང་ལགས། རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དགའ་བོ་ཉོན་ཅིག་ངས་འཛུམ་པ་མཛད་པའི་རྒྱུ་རྐྱེན་གྱི་བྱེ་བྲག་བཤད་དོ། །བདུད་ཀྱི་ རྒྱལ་པོ་དགའ་རབ་དབང་ཕྱུག་ནག་པོའི་བསམ་པ་ཅན་དེས། སྔོན་གྱི་དུས་ན་ཡང་ང་ལ་ འགྲན་མང་དུ་བཙུགས་ནས་བར་དུ་གཅོད་པ་བརྩམས། ད་ལྟ་ཆོས་བཤད་པ་ལ་ཕྲག་ཏོག་ སྐྱེས་ཏེ། བྱ་ཐལ་བཏང་ངོ༌། །ང་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པ་ཐེངས་གཅིག་ འཇིག་པར་བྱེད་དོ། །ད་ལྟའི་བྱ་རོག་འདི་མུ་སྟེགས་མ་ཁོལ་ཞེས་བྱ་བར་སྐྱེས་ནས་སངས་ རྒྱས་ཀྱི་བསྟན་པ་ཐེངས་གཅིག་དམའ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ གསུངས་ནས། འཁོར་དེའི་ནང་ནས་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལི་ཙ་བཱི་ གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དྲི་མ་མེད་པར་གྲགས་པ་ཆེ་བ་དང༌། ཆུང་བ་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་གཉིས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པར་ གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གསོལ་པ། ཀྱཻ་མ་དེ་ བཞིན་གཤེགས་པ་བཅོམ་ལྡན་འདས། །བདེན་པའི་གསུང་ནི་ཤིན་ཏུ་བྱིན་རླབས་ན། །དེ་ ཐོས་སེམས་ཅན་གང་ཡིན་མ་ལུས་པ། །བསྐལ་སྟོང་མཐའ་ཡས་བསགས་པའི་སྡིག་པ་ཀུན། །ཟད་པར་མཛད་པའི་ཆོས་ལ་རོལ་པར་སྦྱོར། །སངས་རྒྱས་བསྟན་ཆེད་བདག་གིས་སྲོག་ འདོར་བླ། །མ་འོངས་དུས་སུ་བསྟན་པ་འཇིག་པའི་ཚེ། །མ་ཁོལ་ཞེས་པའི་རྒོལ་བ་བཙུགས་ 1-1-204 པའི་ཚེ། །བདག་གིས་འདུལ་བའི་ལུང་བསྟན་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བཀའ་བསྩལ་པ། ཀྱཻ་མ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ལེགས་སོ། །ང་ཕྱི་མའི་ དུས་སུ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་བཞི་བརྒྱ་ལོན་པའི་ཚེ་ན་བྱ་རོག་ འདི་དགའ་རབ་དབང་ཕྱུག་ནག་པོའི་བསམ་པ་ཅན་དེར་འགྱུར་རོ། །དེའི་མིང་ནི་མ་ཁོལ་ ཞེས་བྱའོ། །མུ་སྟེགས་ཀྱི་སྟོན་པ་ཞེས་ཀྱང་བྱ། རིག་བྱེད་ཀྱི་བདག་པོ་ཞེས་ཀྱང་བྱའོ། །དེས་ ཀྱང་ནག་པོའི་རྩ་བ་བཟུང་ནས། དེས་གཙུག་ལག་ཁང་དང་རིག་པ་འཛིན་པའི་དགེ་སློང་ རྣམས་བཤིག་ཅིང་བསྐྲད་དོ། །དེའི་ཚེ་ངའི་ཕྱོགས་སུ་གྱུར་པ་རྣམས་ཉམ་ཆུང་སྟེ་སྡུག་པའི་ དུས་སུ་དགེ་སློང་ཁྱོད་འབྱུང་བར་འགྱུར་རོ། །དེའི་མིང་ནི་ཀླུ་ཞེས་བྱ་བ་གྲགས་པ་ཆེ་བ། རིགས་གཟུགས་དང་འབྱོར་པ་རྒྱས་པ། ཐོས་པ་ལ་མི་ངོམས་པ། ཡོད་པ་དང་མེད་པའི་རིགས་ དང༌། ལྟ་བ་དང་ངན་པའི་སྡེ་དཔུང་དང་བཅས་པ་རྣམས་ཚར་བཅད་ནས་ཡང་དག་པའི་ལམ་ ལ་སྦྱོར་རོ། །དཔེར་ན་རྟ་བདུན་གྱི་དབང་པོ་འཆར་མ་ཐག་ཏུ་འཛམ་བུའི་གླིང་དུ་རི་ནག་པོའི་ ཕྱོགས་རིགས་དང༌། མུན་པ་དང༌། མུན་ནག་དང༌། མུན་ནག་ཆེན་པོ་རྣམས་མེད་དེ། མཛེས་ ཤིང་ཤིན་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་དགེ་སློང་ཀླུ་ཞེས་བྱ་བ་འབྱུང་ནས། འཛམ་ བུའི་གླིང་དུ་ལྟ་བ་ཡོད་པ་དང༌། མེད་པ་དང༌། མུ་སྟེགས་རྩ་ལག་དང་བཅས་པ་རྣམས་ནི། བ་ མོ་ལ་འོད་ཟེར་ཕོག་པ་བཞིན་དུ་བྱེད་དོ། །ངའི་བསྟན་པ་རབ་ཏུ་རྒྱས་པར་བྱེད་དོ། །ཞེས་ སོགས་གསུངས་སོ། །འཕགས་པ་སྤྲིན་ཆེན་པོའི་མདོར། ཀུན་དགའ་བོ་ལི་ཙ་བཱི་གཞོན་ནུ་ སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་ འདས་ནས་ལོ་བཞི་བརྒྱ་ནས་ཀླུ་ཞེས་བྱ་བའི་དགེ་སློང་ཞིག་ཏུ་གྱུར་ནས་ངའི་བསྟན་པ་རབ་ཏུ་ རྒྱས་པར་བྱེད་དོ། །མཐར་གྱིས་རབ་ཏུ་དང་བའི་འོད་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ། །ཞེས་ 1-1-205 གསུངས་སོ། །ལང་ཀར་གཤེགས་པའི་མདོ་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་འགའ་འདས་ཏེ་འབྱུང་གྱུར་པ། །བློན་པོ་ཆེན་པོ་ ཁྱོད་ཞེས་བྱ། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ ཀླུ་ཞེས་འབོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །བླ་མེད་ཐེག་པ་གཙོར་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབ་སྟེ། །བདེ་བ་ཅན་དུ་དེ་ འགྲོའོ། །ཞེས་དང༌། གཞན་ཡང་གཙུག་ན་རིན་ཆེན་གྱིས་ཞུས་པའི་སྤྲིན་ཆེན་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ཀུན་དགའ་བོ་ལི་ཙ་བཱི་གཞོན་ནུ་འཇིག་རྟེན་གྱིས་ མཐོང་ན་དགའ་བ་ཞེས་བྱ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་འགྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱི་ དུས་སུ་དང་བའི་འོད་ཅེས་པའི་འཇིག་རྟེན་གྱི་ཁམས་སུ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་ བའི་སངས་རྒྱས་སུ་འགྱུར་རོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། འདི་ནས་ང་ནི་འདས་ གྱུར་འོག །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེསློང་ཀླུ་ཞེས་བྱ་བ་འབྱུང༌། །བསྟན་པ་ལ་ནི་ཕན་ དགའ་བ། །རབ་ཏུ་དགའ་བའི་ས་ཐོབ་སྟེ། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །རིག་པ་རྨ་བྱ་ ཆེན་པོ་ཡི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་ཆོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་ཏེ་བོར་བ་ན། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་མཐར་གྱིས་ནས་སངས་རྒྱས་ཉིད། །ངེས་པར་ཁོ་ན་ཡང་དག་འཐོབ། །ཞེས་སོགས་མདོ་ རྒྱུད་དུ་མ་ནས་ལུང་བསྟན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། ཡུལ་དབུས་རྡོ་རྗེ་ གདན་གྱི་ལྷོ་ཕྱོགས་ཀྱི་རྒྱུད་དུ། གྲོང་ཁྱེར་ཆེན་པོ་བེ་ཏ་ལ་ཞེས་བྱ་བ། མི་ཁྱིམ་འབུམ་ཕྲག་ དྲུག་གིས་ཡོངས་སུ་བསྐོར་བའི་དབུས་སུ་རྒྱལ་པོའི་ཕོ་བྲང་རྡོ་རྗེ་ཁང་བཟང་ཞེས་བྱ་བ་རྒྱུ་ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་ཁྱིམ་རིམ་པ་དགུ་ཡང་ཐོག་ལྔ་སྟེ་ཤིན་ཏུ་མཛེས་པ། 1-1-206 བྲེ་ཕུལ་མུ་ཏིག་དམར་པོ་སྟེ། གསེར་གྱི་ཀ་བ་སྟོང་སྟོང་གིས་བཏེགས་པའི་དངུལ་གྱི་བྱ་འདབ་ གྱིས་ཡོངས་སུ་བསྐོར་བ་བཀྲ་ཤིས་ཉམས་དགའ་བ་རིན་པོ་ཆེའི་འོད་འཆར་བ། འབྱོར་བ་ རྒྱས་པ་ལོ་ལེགས་པ། གླང་པོ་ཆེའི་ཚོགས་དང༌། རྟའི་དཔུང་དང༌། བ་ལང་དང༌། རིན་པོ་ཆེའི་ གཏེར་དང༌། དམག་མི་རྣམས་དང༌། ཤིང་རྟའི་ཚོགས་དང༌། འབྲས་བུ་སྣ་ཚོགས་པའི་གཏེར་ དང་ལྡན་པ། དེའི་རྒྱལ་པོ་བྲམ་ཟེ་རྣམ་པར་རྒྱལ་བ་ཞེས་བྱ་བ། བཙུན་མོ་ཉི་ཤུ་རྩ་དྲུག་ནི། རྒྱལ་པོ་བསོད་ནམས་དཔལ་གྱི་བུ་མོ་དང༌། རྒྱལ་པོ་ཤིང་རྟ་ཅན་གྱི་བུ་མོ་དང༌། རྒྱལ་པོ་དུང་ སྒྲ་ཅན་གྱི་བུ་མོ་དང༌། རྒྱལ་པོ་རྔ་སྒྲ་ཅན་གྱི་བུ་མོ་དང༌། རྒྱལ་པོ་གླང་རྩལ་ཅན་གྱི་བུ་མོ་དང༌། རྒྱལ་པོ་འོད་ཟེར་ཅན་གྱི་བུ་མོ་དང༌། རྒྱལ་པོ་སེང་གེ་སྟོབས་ཀྱི་བུ་མོ་ལ་སོགས་པ་ཕ་བཟང་ བུ་མོ་ཉི་ཤུ་རྩ་དྲུག་ལ། རྒྱལ་བུ་བཅུ་བཞི་ཡོད་དོ། །སྲས་མོ་ཞེ་བརྒྱད་ཡོད་དོ། །བློན་པོ་ཆེན་པོ་ སོ་བདུན་དང༌། བར་བློན་ལྔ་བཅུ། ཕྱི་བློན་ནི་སུམ་བརྒྱ་ཡོད་དོ། །བཙུན་མོ་དེ་དག་གི་མཆོག་ རྒྱལ་པོ་འཁོར་ལོ་ཅན་གྱི་བུ་མོ་པདྨའི་འོད་ཟེར་ཞེས་བྱ་བ། གཟུགས་བཟང་བ་མཛེས་པ་ལྟ་ ན་སྡུག་པ། སེམས་ཆོས་ལ་དད་པ། དཀོན་མཆོག་གསུམ་ལ་བཀུར་སྟི་བྱེད་པ་ཞིག་གི་ལྷུམས་ སུ་ཞུགས་པའི་ཚེ་རྒྱལ་པོའི་དཀོར་མཛོད་ལ་མེ་ཏོག་རེ་རེ་སྐྱེས་སོ། །བེ་ཏ་ལའི་གྲོང་ཁྱེར་དུ་ འཇའ་འོད་དང༌། རོལ་མོ་སྣ་ཚོགས་པ་སྒྲོག་གོ། །བལྟམས་པའི་ཚེ་ན་ཡང་འཇིག་རྟེན་གྱི་ ཁམས་སུ་འོད་ཀྱིས་ཁྱབ་པ་དང༌། རྒྱལ་པོའི་ཁྱིམ་དང་གྲོང་ཁྱེར་དེ་ལས་མི་ཁྱིམ་རེ་རེ་ལ་རིན་ པོ་ཆེ་སྣ་བདུན་གྱི་གཏེར་དུ་མ་རྡོལ་བ་དང༌། རོལ་མོ་རྣམས་ཀྱང་མ་དཀྲོལ་བར་སྒྲ་གྲགས་པ་ སོགས་ངོ་མཚར་བའི་ལྟས་མང་པོ་དང་བཅས་པར་བལྟམས་སོ། །རྒྱལ་བུ་གཞན་དང་མི་འདྲ་ བར་སྐུ་མདོག་ཁ་ཆེའི་གུར་ཀུམ་དང་མཚུངས་པ། མཚན་བཟང་པོ་དུ་མས་སྤྲས་པ། གཟུགས་ ཤིན་ཏུ་བཟང་བ། མཛེས་ཤིང་ལྟ་ན་རབ་ཏུ་སྡུག་པའོ། །མཚན་ནི་བསོད་ནམས་ཟླ་བ་ཞེས་ བཏགས་སོ། །རྩ་མཁན་བྲམ་ཟེ་ཨ་ཙ་ར་ཞེས་བྱ་བ་བོས་ནས། རྒྱལ་པོ་ན་རེ། རྩ་མཁན་ཆེན་ 1-1-207 པོ་རྩ་ལོག་མ་བྱེད་པར། བདག་གི་རྒྱལ་བུ་བསོད་ནམས་ཟླ་བ་འདི། སྤུན་གཞན་རྣམས་དང་ མི་འདྲ་ངོ་མཚར་ཅན། བཟང་ངན་ཅི་འདྲ་ལེགས་པར་བཤད་དུ་གསོལ། ཅེས་དང༌། རྩ་མཁན་ ན་རེ། གླིང་བཞིར་དབང་བའི་རྒྱལ་ཆེན་རྣམ་པར་རྒྱལ། །བསོད་ནམས་བརྒྱ་ལས་བྱུང་བའི་ ཁྱེད་ཀྱི་སྲས། །བསོད་ནམས་ཟླ་བ་གཞན་ལས་ཁྱད་པར་འཕགས། །མཚན་བཟང་མཆོག་ མངའ་བཀྲ་ཤིས་རྣམ་པར་རྒྱས། །འོན་ཏེ་ཞག་བདུན་ལོན་ནས་ཞི་བར་གཤེགས། །མ་ གཤེགས་ན་ཡང་སྡེ་སྣོད་འཛིན་པའི་མཆོག །དགྲ་བཅོམ་འཕགས་པའི་བྱང་ཆུབ་དམ་པར་ འགྱུར། །ཞེས་སོ། །རྒྱལ་པོ་ན་རེ། བྲམ་ཟེ་ཆེན་པོ་རྩ་མཁན་ཆོས་ཀྱི་རྗེ། བུ་ཡི་སྙིང་པོ་དམ་པ་ བསོད་ནམས་ཟླ། །ཞག་བདུན་ལོན་ན་འཆི་ཉེན་ཡོད་ཅེས་པ། །གསོ་བའི་ཐབས་ནི་ཁྱོད་ལ་ ཡོད་དམ་མེད། །ཅེས་དང༌། བྲམ་ཟེ་ན་རེ། ཆོས་ཀྱི་རྒྱལ་པོབྲམ་ཟེ་རྣམ་པར་རྒྱལ། །སྲས་ རྣམས་སྙིང་པོ་བསོད་ནམས་ཟླ་བ་ལ། །གསོ་བའི་ཐབས་ནི་མུ་སྟེགས་ཀུན་ཏུ་རྒྱུ། །ལྔ་བརྒྱ་ དག་ལ་སྦྱིན་པ་བགྱིས་ནས་ཀྱང༌། །ཟླ་བ་དྲུག་གི་བར་དུ་འཚོ་བར་འགྱུར། །ཞེས་དང༌། རྒྱལ་ པོ་དགའ་ནས་སྨྲས་པ། ལེགས་སོ་ལེགས་སོ་རྩ་མཁན་ཨ་ཙ་ར། །བདག་གི་བུ་ནི་བརྒྱ་ཡོད་ སྟོང་ཡོད་ཀྱང༌། །བསོད་ནམས་ཟླ་བ་འདི་ནི་གཅིག་ཏུ་ཟད། །ཟླ་དྲུག་གསོ་བའི་ཐབས་བསྟན་ བཀའ་དྲིན་ཆེ། །ཞེས་དང༌། ཟང་ཟིང་གི་སྦྱིན་པའི་འབྱོར་པས་རྩ་མཁན་ཚིམས་པར་བྱས་སོ། །དེ་ནས་རྒྱལ་བྱེད་ལ་སོགས་པའི་ཀུན་ཏུ་རྒྱུ་ལྔ་བརྒྱ་ལ་སྦྱིན་པས་ཚིམས་པར་བྱས་ནས་ཟླ་བ་ དྲུག་འདས་ནས། ཡང་རྩ་མཁན་བོས་ཏེ། རྩ་མཁན་ན་རེ། ནང་བའི་དགེ་སློང་ལྔ་བརྒྱ་ལ་ ཚོགས་བསགས་གྱིས་དང༌། ལོ་དྲུག་ཐུབ་ཟེར་ནས། པཎྜི་ཏ་ཆོས་ཀྱི་བློ་གྲོས་ལ་སོགས་ལྔ་ བརྒྱ་ལ། རིན་པོ་ཆེའི་ལྷུང་བཟེད་རེ་རེ་ལ་ག་བུར་གྱིས་བཀང་བ་རེ་རེ། ཁ་ཆེ་གུར་ཀུམ་ལྟ་ བུའི་ཆོས་གོས་རེ་རེ། བསིལ་ཡབ་རེ་རེ་ཕུལ་ནས། རྒྱལ་པོ་འཁོར་བཅས་ཀྱིས་ཕྱག་དང་ བསྐོར་བ་བྱས་ནས། རྒྱལ་པོ་ན་རེ། བསོད་ནམས་ཞིང་མཆོག་དགྲ་བཅོམ་ལྔ་བརྒྱ་ལ། །དེ་ 1-1-208 རིང་བདག་གིས་གོས་བཟང་ཕུལ་བ་ལས། །རྒྱལ་བུ་བསོད་ནམས་ཟླ་བའི་སྐུ་ཚེ་ཡང༌། །ཉི་ཟླ་ བཞིན་དུ་རྟག་ཏུ་རིང་བར་ཤོག །ཅེས་དང༌། དགྲ་བཅོམ་པ་ལྔ་བརྒྱས་ཀྱང་སྨོན་ལམ་བཏབ་ སྟེ། རྒྱལ་བུ་བསོད་ནམས་ཟླ་བ་ལྷ་ཡི་བུ། །ཚེ་རིང་ནད་མེད་ཆོས་ལ་ལོངས་སྤྱོད་ཅིང༌། །འཕགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་ཡི། །དབུས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཅེས་དང༌། ལོ་དྲུག་ནས་རྩ་མཁན་ལ་བསྟན་ནས། ད་འཚོ་བའི་ཐབས་མེད་དོ་ཞེས་དང༌། རྒྱལ་འབངས་ཐམས་ཅད་ཤིན་ཏུ་མྱ་ངན་གྱིས་ནོན་ནས། རྒྱལ་པོས་སྨྲས་པ། ཀྱེ་ཧུད་བྲན་ཕོ་ ལེགས་བྱེད་དྷ་ར་ལ། །བསོད་ནམས་ཟླ་བ་གསོ་ཐབས་མེད་པ་ན། །ད་ནི་ང་ཡི་སྔོན་དུ་འཆི་ འགྱུར་ན། །མྱ་ངན་དག་ལ་བདག་ནི་སང་དུས་མེད། །དབེན་ས་ཆེན་པོ་འདི་ཡི་ཕར་རྒྱབ་ན། །ཀ་ཏ་ཨ་མྲའི་ཚལ་ཏུ་ད་སྐྱོལ་ཅིག །མ་འཆིའི་བར་དུ་འགྲོ་རོགས་འདུག་རོགས་ཀྱིས། །འཆི་ བའི་རྟིང་ན་ཁྱོད་ཉིད་གནས་འདིར་ཤོག །ཅེས་དང༌། དྷ་རས་སྨྲས་པ། ལེགས་སོ་ལེགས་སོ་ མི་བདག་ལྷ་ཡི་རྒྱལ། །ནོར་བུ་ལྟ་བུའི་བསོད་ནམས་ཟླ་བ་འདི། །མ་འཆིའི་བར་དུ་འཆི་ རོགས་བདག་གིས་བགྱི། །གཤེགས་ནས་སྤུར་འདི་བཞུ་བར་བགྱིད་དོ་ལགས། །ཞེས་དང༌། རྒྱལ་བུ་ཤིང་རྟ་ལ་བསྐྱོད་དེ་ཅི་ཙམ་འོས་པའི་ཡོ་བྱད་དང་བཅས་པར་ཆས་ནས་མའི་རིགས་ མི་གཅིག་པའི་སྤུན་གཞན་བཅུ་གསུམ་པོ་ཡང་འདི་ལྟ་སྟེ། རྡོ་རྗེའི་བློ་གྲོས་ཞེས་བྱ་བ་དང༌། སེང་གེའི་བློ་གྲོས་ཞེས་བྱ་བ་དང༌། དཔའ་བོ་རྡོ་རྗེ་དང༌། གཏུམ་པོ་འཁོར་ལོ་དང༌། ནོར་བུ་ འོད་ཟེར་དང༌། ཞི་བ་མཛེས་པ་དང༌། དགའ་བའི་རྒྱལ་མཚན་དང༌། མཛེས་པའི་མཐའ་ཡས་ དང༌། གྲགས་པའི་པདྨ་དང༌། ཤེས་རབ་འོད་འཕགས་དང༌། ཡོན་ཏན་འོད་ཟེར་དང༌། འཇམ་ པའི་འཁོར་ལོ་དང༌། བྱང་ཆུབ་བློ་གྲོས་ཏེ་བཅུ་གསུམ་རྣམས་ཕན་ཚུན་དུ་འདི་སྐད་དུ། བསོད་ ནམས་ཟླ་བ་བཟང་པོ་དཔལ་དང་ལྡན། །བདེ་བའི་ཚེ་ན་རྟག་ཏུ་ཁྱེད་བཀུར་ཏེ། །སྡུག་པའི་ཚེ་ ན་འདོར་དུ་ག་ལ་རུང༌། །བདག་ཅག་རྣམས་ཀྱང་སྐྱེལ་ཐུང་བྱེད་དུ་འགྲོ།ཞེས་དང༌། སྲིང་མོ་ 1-1-209 གསུམ་ན་རེ། བསོད་ནམས་ཟླ་བ་མིང་བོ་ཀུན་གྱི་མཆོག །ཉེ་མེད་མཐོང་མེད་གནས་སུ་འགྲོ་ གྱུར་ན། །བདག་ཅག་གསུམ་ནི་སྐྱེལ་དུ་ལྷག་པར་བྱེད། །གསོན་རུང་འཆི་རུང་འདོར་བ་ག་ལ་ ཕོད། །ཅེས་དང༌། བློན་འབངས་རྣམས་ཀྱིས་སྨྲས་པ། སྐྱིད་རུང་སྡུག་རུང་བསོད་ནམས་ཟླ་བ་ ལ། །སྐྱེལ་ཐུང་ལས་ལ་ཤིན་ཏུ་ལྷག་པར་མཆི། །ཇི་ལྟར་བསམ་ཀྱང་བསོད་ནམས་ཟླ་བ་དྲན། །ཞེས་དང༌། རྔ་བརྡུངས་དར་ཕྱར་ནས། འགྲོ་ལ་ཆས་པའི་ཚེ་ན། བསོད་ནམས་ཟླ་བས་སྨྲས་ པ། བདག་ནི་ཡུལ་འདིར་གསོན་པའི་ཐབས་མེད་དེ། ། ད་ནི་འཇིགས་པའི་དུར་ཁྲོད་གནས་སུ་འགྲོ།ཁྱེད་རྣམས་རྒྱབ་ཏུ་མཆིས་སམ་མ་མཆིས་ ཀྱང༌། །དེ་བས་རྒྱལ་ས་སྐྱོང་ན་ལྷག་པར་དགའ། །ཞེས་སོགས་ལན་གསུམ་ལན་བཞིར་སྨྲས་ ཀྱང་མ་ཉན་རང་རང་གིས་མི་རྟ་འཚག་ཐོམ་བྱེད་དོ། །དེ་ནས་རྒྱལ་བུས་སྨོན་ལམ་འདི་ལྟར་ བཏབ་སྟེ། ལྷག་བསམ་བྱང་ཆུབ་བསྒྲུབས་པའི་དགེ་བ་ཡིས། །བདག་གི་ཕ་མ་ལ་སོགས་ རྒྱལ་འབངས་ཀུན། །བདེ་བར་ཉལ་ཞིང་བདེ་བར་སད་པ་དང༌། །ཡབ་སྲས་ད་ལྟ་འདི་བཞིན་ ཕྲད་པར་ཤོག །ཅེས་སྨྲས་ནས་ས་ཡང་འགུལ་ལོ། །རབ་ཏུ་འགུལ་ནས་སྙན་ངག་གིས་བསྟོད་ ཅིང་བཞུད་ནས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ཐོན་ནས། ཐམས་ཅད་བཞོན་ པ་རྣམས་ལས་བབས་ནས། ཕྱག་དང་བསྐོར་བ་མང་དུ་མཛད་དོ། །ཁྱད་པར་དུ་བུམ་པའི་ནང་ དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལ། བསོད་ནམས་ཟླ་བས་མེ་ཏོག་གི་ཕྲེང་བ་དང༌། མུ་ ཏིག་དམར་པོའི་སེ་མོ་དོ་དང༌། དངུལ་དཀར་གྱི་མཎྜལ་ཏེ་གསུམ་ཕུལ་ནས་སྨྲས་པ། བདག་ མ་འོངས་པའི་དུས་སུ་ཆོས་མཆོག་འདི་དང་འདི་ལྟ་བུ་དང་རྟག་ཏུ་མཇལ་བར་གྱུར་ཅིགརྩོད་ དུས་སྙིགས་མའི་སེམས་ཅན་ལ་ཆོས་འདིའི་སྒོ་ནས་བདག་གིས་ཆོས་ཀྱི་དུང་འབུད། དར་ ཕྱར། རྔ་བརྡུངས་བར་གྱུར་ཅིགཅེས་སོགས་སྨོན་ལམ་བཏབ་སྟེ། དེ་ནས་སྤུན་གཞན་བཅུ་ གསུམ་གྱིས་འདི་སྐད་དུ། དེའི་ཚེ་ན་བདག་ཅག་རྣམས་ཁྱེད་ཀྱི་འཁོར་གྱི་དང་པོར་གྱུར་ནས། 1-1-210 ཡོན་ཏན་ཁྱེད་དང་མཉམ་པར་གྱུར་ཅིགཅེས་པ་དང༌། བསོད་ནམས་ཟླ་བས་དེ་བཞིན་དུ་གྱུར་ ཅིགཅེས་གསུངས་སོ། །སྲིང་མོ་རྣམས་ཀྱང་འདི་སྐད་དུ། དེའི་ཚེ་ན་བདག་ཅག་ཀྱང་ཁྱེད་ཀྱི་ འཁོར་དུ་གྱུར་པ་དགེ་སློང་མ་ཏིང་ངེ་འཛིན་གྱི་མཆོག་ལ་སྤྱོད་པར་གྱུར་ཅིགཅེས་གསུངས་ ནས། བསོད་ནམས་ཟླ་བས་དེ་བཞིན་དུ་གྱུར་ཅིགཅེས་གསུངས་སོ། །བློན་འབངས་རྣམས་ ཀྱིས། དེའི་ཚེ་ན་བདག་ཅག་ཁྱེད་ལ་བརྟེན་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དོན་ཡོངས་ སུ་རྟོགས་པར་གྱུར་ཅིགཅེས་དང༌། རྒྱལ་བུས་དེ་བཞིན་དུ་གྱུར་ཅིགཅེས་གསུངས་སོ། །དེ་ ནས་སྔོན་སངས་རྒྱས་འོད་སྲུང་གིས་བཞེངས་པའི་མཆོད་རྟེན་དཔལ་ཡོན་ཅན་ལ་ཕྱིན་ནས། མཆོད་པ་དང་ཕྱག་སྐོར་ཕུལ་ནས། བསོད་ནམས་ཟླ་བས་སྨྲས་པ། བདག་གིས་མ་འོངས་པའི་ དུས་ན་མཐའ་འཁོབ་ཀྱི་གནས་སུ་བསྟན་པའི་སྒྲོན་མེ་རྟེན་མཆོག་འདི་ལྟ་བུའམ་འདི་བས་ ཁྱད་པར་ཅན་ཅིག་བཞེངས་པར་གྱུར་ཅིགཅེས་དང༌། དེ་ནས་གྲོགས་པོ་ཐམས་ཅད་ཀྱིས། དེའི་ཚེ་ན་བདག་གིས་གྲོགས་བྱེད་པར་གྱུར་ཅིགཅེས་སོ། །བསོད་ནམས་ཟླ་བས་དེ་བཞིན་ དུ་གྱུར་ཅིག །ཅེས་གསུངས་ནས་འཁོར་ཐམས་ཅད་ལ་ནན་གྱིས་ཞལ་ཏ་མཛད་ནས་སླར་ ལོག་གོ། །དེ་ནས་ཡུལ་དུ་ཐོན་སྐབས་རྒྱལ་པོས་མཐོང་ནས་ད་ནི་རྒྱལ་བུ་ཤི་བ་རེད་སྙམ་ནས་ སྨྲས་པ། ཀྱེ་ཧུད་བསོད་ནམས་ཟླ་བ་ཨ་མྲའི་ཤིང༌། །ས་ཕྱོགས་གང་དུ་ཚེ་ཡི་དུས་བྱས་ལགས། །ཁྱེད་རྣམས་སྤུར་ནི་བཞག་གམ་མེ་ལ་བསྲེགས། །ད་ལྟ་ཉིད་དུ་གསལ་བར་བཤད་དུ་གསོལ། །ཅེས་དང༌། རྒྱལ་བུ་རྡོ་རྗེ་བློགྲོས་གྱིས་སྨྲས་པ། བདག་ཅག་འབྲས་སྤུངས་གནས་དང་དཔལ་ ཡོན་ཅན། །ཕྱག་དང་སྐོར་བ་བྱས་ནས་བདག་ཅག་ལ། །ཕྱི་རྗེས་སོང་ཞེས་བཀའ་ནན་ཡང་ ཡང་བགྱིས། །བཀའ་ཉན་བཞིན་དུ་སླར་ཡང་ཡུལ་འདིར་ལོག །ཅེས་སོགས་ཕན་ཚུན་དགའ་ བའི་གཏམ་མང་དུ་བྱས་སོ། །དེ་ནས་བསོད་ནམས་ཟླ་བ་དང་བྲན་ཕོ་གཉིས་ཕྱོགས་ཕྱོགས་ སུ་འཁྱམས་ནས། བྲམ་ཟེ་ས་ར་ཧ་པ་ཕུག་གཅིག་ཏུ་བཞུགས་པས་གསན་ནས། ཉེ་གནས་ལ་ 1-1-211 སྨྲས་པ། རྒྱལ་བུ་བསོད་ནམས་ཟླ་བ་དེ་འཁྱམས་ཟེར་བ་བདེན་ནམ་གསུངས་པས། བདེན་ ལགས་ཞུས་པས། བྲམ་ཟེ་ཆེན་པོས་སྨྲས་པ། དེ་ཚོལ་ལ་འདིར་བོས་ཤིག་གསུངས་སོ། །དེ་ ནས་རྒྱལ་བུ་བོས་ནས། བྲམ་ཟེས་སྨྲས་པ། རྒྱལ་བུ་ནོར་བུ་ལྟ་བུ་ཁྱོད། །ཉེས་པ་ཅི་ཞིག་བྱས་ ནས་ཕ་མས་སྤྱུགས། བཀའ་ཁྲིམས་བཤིག་གམ་ཡང་ན་ཇི་ལྟར་བྱས། །འཁྱམས་ནས་ངལ་ ལམ་ཆད་དམ་བདག་ལ་ཤོད། །ཅེས་གསུངས་ནས། བསོད་ནམས་ཟླ་བས་སྨྲས་པ། གྲུབ་ ཆེན་ཞག་བདུན་དེ་ལས་གཞན། །ཟླ་དྲུག་ལོ་དྲུག་ཚེ་ཡང་བསྲིངས། །ད་ནི་ཐབས་མེད་མི་ དགའ་བཞིན། །ཕྱོགས་རྣམས་ཀུན་ཏུ་འཁྱམས་པ་ལགས། །ཞེས་དང༌། གྲུབ་ཐོབ་ན་རེ། འོ་ ན། རྒྱལ་པོ་རྣམ་པར་རྒྱལ་བའི་སྲས། །རིགས་གཟུགས་འབྱོར་ལྡན་གཞོན་ནུ་ཁྱོད། །ཉོན་ མོངས་གཉིད་ཀྱིས་མ་ལོག་པར། །ཞག་བདུན་གསོལ་བ་གདབ་ནུས་སམ། །ཞེས་དེར་རྒྱལ་ བུ་ན་རེ། ལས་ངན་བསགས་པའི་རྒྱལ་བུ་ང༌། །རྒྱལ་སྲས་སྐྱེས་ཀྱང་སྤྲང་པོར་འཁྱམས། །དེ་ རིང་ཁྱོད་ཀྱིས་ཐུགས་རྗེས་བཟུང༌། །ཞག་བདུན་གཉིད་སྤངས་གསོལ་གདབ་བྱ། །ཞེས་བྱས་ སོ། །དེ་ཡང་ལྷག་བསམ་བསྐུལ་བའི་མདོ་ལས། གང་གི་རྨུགས་དང་གཉིད་ལ་དགའ་འགྱུར་ བ། །དེ་ནི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར། །དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། །ཡེ་ཤེས་ལས་ནི་རྟག་ཏུ་ཉམས་པར་འགྱུར། །གང་གི་རྨུགས་དང་གཉིད་ལ་དགའ་འགྱུར་ བ། །མི་ཤེས་ལེ་ལོ་སྙོམས་ལས་ཤེས་རབ་འཆལ། །མི་མ་ཡིན་དག་གིས་ཀྱང་གླགས་རྙེད་ དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །ཞེས་སོགས་མང་དུ་གསུངས་སོ། །དེ་ནས་ ཞག་བདུན་དུ་གཉིད་སྤངས་པར་གསོལ་བ་བཏབ་པས། ཚེ་དཔག་མེད་ཀྱི་དབང་བསྐུར་ནས་ བསྒྲུབ་པ་མཛད། རྟགས་ཁྱད་པར་ཅན་བྱུང་ནས། བྲམ་ཟེའི་ཞལ་ནས། བསོད་ནམས་ཟླ་བ་ གཟའ་ལས་ཐར་བ་ལྟར། འཆི་བདག་བདུད་ལས་ཁྱོད་ནི་རྣམ་པར་རྒྱལ། །ཚེ་ལོ་དྲུག་བརྒྱ་ ལྷག་པའི་ལོ་བཅུ་ཐོབ། །རབ་བྱུང་གྱིས་ལ་ཚེ་ཡི་དོན་ཆེན་མཛོད། །ཅེས་གསུངས་ནས། རྒྱལ་ 1-1-212 བུ་ན་རེ། ལེགས་སོ་བྲམ་ཟེ་ཆེན་པོ་སྐུ་དྲིན་ཅན། །ད་ལྟ་ཉིད་དུ་བདག་ལ་སྡོམ་པ་སྩོལ། །ལུས་ སེམས་སྙིང་པོ་མེད་ལ་སྙིང་པོ་ཡི། །འབྲས་བུ་མྱུར་དུ་འཐོབ་པའི་ཆོས་རྣམས་སྩོལ། །ཞེས་ དང༌། བྲམ་ཟེས་གསུངས་པ། ཕ་མས་གནང་བ་སྩོལ་ལམ་མི་སྩོལ་བ། །དྲིས་ནས་སྩོལ་བ་ གནང་སྟེ་བཏང་གྱུར་ན། །ནཱ་ལེནྡྲ་རུ་སྒྲ་གཅན་བཟང་པོ་ཞེས། །དེ་ལས་རབ་བྱུང་གྱིས་དང་ དོན་མཆོག་འགྲུབ། །ཅེས་གསུངས་ནས། རྒྱལ་བུས་བྲམ་ཟེ་ལ་ཕྱག་དང་བསྐོར་བ་བྱས་ནས། ཕྱི་མིག་ཡང་ཡང་བྱས་ནས་བེ་ཏ་ལའི་གྲོང་དུ་བཞུད་དོ། །ཕ་མ་ལ་སོགས་འཁོར་འབངས་ རྣམས་ཀྱིས་རྒྱལ་བུ་བྱ་རྒོད་འཕུར་བ་བཞིན་དུ་རྒྱང་རིང་པོ་ནས་འོང་བ་མཐོང་ངོ༌། །མཐོང་ ནས་རབ་ཏུ་དགའ་སྟེ་མགུལ་དུ་འཁྱུད་དོ། །ལ་ལས་གོས་བསྐོན། ལ་ལས་སྟན་བཏིང༌། ལ་ ལས་གསོལ་བ་འདྲེན། ལ་ལས་རོལ་མོ་བརྡུངས་སོ། །རྒྱལ་པོ་ན་རེ། ཀྱེ་མ་བསོད་ནམས་ ཟླ་བ་དཔལ་ལྡན་པ། །ད་ལྟ་གསོན་ནས་འཕྲད་པ་སྲིད་དམ་ཅི། །སུ་ཡིས་ཁྱེད་ལ་གསོ་བའི་ ཐབས་སུ་བསྟན། །ལེགས་པར་སྨོས་ཤིག་བུ་མཆོག་ཆོས་ཀྱི་རྗེ། །ཞེས་དང༌། བསོད་ནམས་ ཟླ་བས། ཕ་མ་གཉིས་ལ་ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། རྒྱལ་པོ་ཆེན་པོ་བྲམ་ཟེ་རྣམ་ པར་རྒྱལ། །གཙུག་ལག་ཁང་ཆེན་དེ་ཝི་ཞེས་བྱ་བར། །བྲམ་ཟེ་ཆེན་པོ་དཔལ་ལྡན་ས་ར་ཧས། །ཁོ་བོ་ཐུགས་རྗེའི་ལྕགས་ཀྱུས་ལེགས་བཟུང་ནས། །མི་ལོ་དྲུག་བརྒྱ་ཐོབ་པའི་ལུང་བསྟན་ མཛད། །བདག་ལ་རབ་བྱུང་ཞེས་པའི་བཀའ་བསྩལ་གནང༌། །ཁྱིམ་གྱི་བྱ་བས་ཐར་པའི་ལམ་ ནི་རིང༌། །རབ་བྱུང་བྱང་ཆུབ་སྙིང་པོ་ཐོབ་པར་བྱེད། །ཐར་པའི་གྲོགས་ཆེན་མཛོད་ཅིག་རྣམ་ པར་རྒྱལ། །བྱང་ཆུབ་གྲོགས་མཛད་པདྨའི་འོད་ཟེར་ཅན། །ཞེས་དང༌། རྒྱལ་པོ་ན་རེ། བསོད་ ནམས་ཟླ་བ་ཡིད་འོང་རྣམ་དག་པ། །དལ་འབྱོར་ཐོབ་པའི་དོན་མཆོག་རབ་བྱུང་ཡིན། །དགེ་ བ་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཏེ། །དཔལ་ལྡན་ས་ར་ཧ་པའི་བཀའ་བཞིན་གྱིས། །ཞེས་དང༌། པདྨའི་འོད་ཟེར་ན་རེ། བུ་ལེགས་མི་ 1-1-213 ལུས་ཐོབ་པ་རེས་འགའ་ཙམ། །དེ་བས་སངས་རྒྱས་ཆོས་དང་འཕྲད་པར་དཀའ། །བཤེས་ གཉེན་ཐོབ་པའང་ཤིན་ཏུ་དཀའ་བ་ལགས། །དེ་ཕྱིར་ཕ་མས་གནང་སྟེ་རབ་བྱུང་གྱིས། །ཞེས་ དང༌། བསོད་ནམས་ཟླ་བས་ཕ་མ་གཉིས་ལ་ཕྱག་དང་བསྐོར་བ་བྱས་ནས་སྨྲས་པ། ལེགས་ སོ་བྲམ་ཟེ་རྒྱལ་པོ་རྣམ་པར་རྒྱལ། །ཐུགས་ལ་བཏགས་སོ་པདྨའི་འོད་ཟེར་ཅན། །རབ་བྱུང་ གྲོགས་བྱེད་མདོ་སྡེ་དུ་མ་ལས། །བསོད་ནམས་མཐའ་ཡས་ཐོབ་པར་གསུངས་ལ་རྟོགས། །ཞེས་གསུངས་སོ། །དེ་ནས་དཔལ་ལྡན་ནཱ་ལེནྡྲར་བྱོན་ནས། པཎྜི་ཏ་ཆེན་པོ་སྒྲ་གཅན་འཛིན་ བཟང་པོ་ལ། དུང་དཀར་གཅིགགསེར་གྱི་མཎྜལ་གཅིགམུ་ཏིག་དམར་པོའི་ཕྲེང་བ་འདོམ་ གང་ཕུལ་ནས་སྨྲས་པ། སློབ་དཔོན་ཆེན་པོ་འཕགས་པ་ཀུན་གྱི་ཡབ། །དངོས་གྲུབ་རྒྱ་མཚོ་ ཡོན་ཏན་རིན་ཆེན་གཏེར། །བདག་ནི་མི་ལུས་ཐོབ་པའི་དོན་ཡོད་ཕྱིར། །སྡོམ་གསུམ་ཡིད་ བཞིན་ནོར་བུ་སྩལ་དུ་གསོལ། །ཞེས་དང༌། སློབ་དཔོན་ནམ་མཁན་པོ་ན་རེ། ལེགས་སོ་ ལེགས་སོ་བསོད་ནམས་ཟླ་བའི་དཔལ། །མདང་གི་རྨི་ལམ་མཁའ་ལ་ཉི་མ་གཅིག །ཤར་ ནས་འཛམ་གླིང་འོད་ཀྱིས་ཁྱབ་པར་མཐོང༌། །བུ་ཁྱོད་བསྟན་དང་འགྲོ་ལ་ཕན་པར་འོང༌། །ཞེས་གསུངས་ནས། སློབ་དཔོན་སྒྲ་གཅན་འཛིན་བཟང་པོས་མཁན་པོ་མཛད་དེ། པཎྜི་ཏ་ཞི་ བའི་བློ་གྲོས་ལས་ཀྱི་སློབ་དཔོན་མཛད་ནས་རབ་ཏུ་བྱུང་ངོ༌། །དེ་ཡང༌། འཇམ་དཔལ་ཡོན་ ཏན་བཀོད་པའི་མདོར། ཤཱ་རིའི་བུ་འདི་ལྟ་སྟེ། ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྙེད་པའི་མཆོག་གོ། །ཞེས་གསུངས། འཕགས་པ་སྡོང་པོ་ བཀོད་པའི་མདོར། དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་ནི། བག་ མེད་པའི་གནས་ལས་ཡང་དག་པར་བཟློགས་པའོ། །འཁོར་བའི་གྲོང་ཁྱེར་ལས་འདས་པའོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཡིད་བྱ་བ་རྒྱུན་མི་འཆད་པར། དགེ་བའི་བཤེས་གཉེན་རྣམས་ ཀྱི་དྲུང་དུ་འགྲོ་བར་འགྲོ་སྟེ་བྱའོ། །ཞེས་གསུངས། དེ་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་ 1-1-214 མཛད་པས་འཛམ་གླིང་དུ་མཁས་པར་གྲགས་སོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་ཆོས་ནི་འཛིན་གྱུར་པ། །ཚུལ་ཁྲིམས་ཐོས་དང་འཕགས་པའི་ཆོས་ལ་ སྤྱོད། །མཁས་དང་མངོན་ཤེས་ལྔ་ལ་མྱུར་དུ་རེག །མ་སྨད་བསམ་གཏན་རྣམ་པར་ཐར་པ་ ཐོབ། །ཅེས་སོ། །དེ་ནས་ནཱ་ལེནྡྲར་དགེ་འདུན་པ་རྣམས་ཀྱི་ཞལ་ཏ་ལོ་བདུན་དུ་མཛད་དེ། སོ་ སོར་ཐར་པའི་མདོར། ཆོས་དང་མཐུན་པ་དང༌། ཆོས་ཉན་པ་དང༌། དེ་བཞིན་གཤེགས་པའི་ མཆོད་པའི་ཞལ་ཏ་ལ་བརྩོན་པར་བྱའོ། །ཞེས་སོ། །དེ་ནས་དཔལ་ལྡན་ནཱ་ལེནྡྲ་ལ་ཞལ་ཏ་ མཛད་པའི་དུས་སུ་མུ་གེ་བྱུང་ནས་གསེར་འགྱུར་མཛད་ནས། དགེ་འདུན་པ་རྣམས་ལ་འཚོ་ བ་སྟེར་རོ། །རིན་པོ་ཆེ་ཕུང་པོའི་མདོར། འོད་སྲུང་དེ་ལ་དགེ་སློང་གང་ལ་རྣལ་འབྱོར་སྤྱོད་པ་ གང་ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པས། མཐུན་པའི་འཚོ་ཆས་དང༌། ན་བའི་གསོ་ སྨན་དང༌། ཡོ་བྱད་རྣམས་སྦྱིན་པར་བྱའོ། །ཞེས་གསུངས། དེ་ནས་བཟོའི་གནས་དང༌། སྒྱུ་རྩལ་ གྱི་ང་རྒྱལ་ཅུང་ཟད་སྐྱེས་ནས། དེ་འདུལ་བའི་ཕྱིར་དུ་ཡང་གནས་ཁང་དུ་ས་ར་ཧ་ནམ་མཁའ་ ལ་བཞུགས་སོ། །བཞུགས་ནས་བུ་ཁྱོད་དགེ་འདུན་དག་ལ་ལོག་འཚོ་སྦྱར། །གསེར་འགྱུར་ བཟོ་གནས་མུ་སྟེགས་དག་གིས་ཤེས། །ང་རྒྱལ་ཁེངས་བའི་སྒྲོག་གིས་ངན་འགྲོར་འཕེན། །དེ་ བས་ཞི་དུལ་རིན་ཆེན་སྤྱོད་པར་གྱིས། །ཞེས་གསུངས་ནས། གྱང་ངོས་ལ་མ་ཧེ་ཞིག་འཛུབ་ རིས་སུ་བྲིས་ནས། དངོས་སུ་བཞོས་ནས་དགེ་འདུན་པ་ལ་དྲངས་ནས་ཚིམས་པར་མཛད་དེ། དེ་ནས་བཟོའི་གནས་ཀྱི་ང་རྒྱལ་ཞིའོ། །ང་རྒྱལ་གྱི་བཤགས་པར་གསེར་འགྱུར་གྱི་ལྷག་མ་ རྣམས་ཀྱིས་གསེར་གྱི་མཆོད་རྟེན་བྱེ་བ་དང་གཙུག་ལག་ཁང་མང་དུ་བཞེངས་སོ། །དེ་ནས་ ཨ་ཏ་སུ་རའི་དགོན་པར་བྱོན་ནས། དགེ་འདུན་པ་སྟོང་ཕྲག་བཅུ་གཉིས་ལ་ཆོས་ཀྱི་འཁོར་ ལོ་བསྐོར་བའི་དུས་སུ། ཁྱེའུ་དཀར་པོ་གཟུགས་བཟང་བ་གཉིས་ཀྱིས་ཉིན་རེ་བཞིན་དུ་ཆོས་ ཉན་ནས། འགྲོ་བའི་དུས་སུ་རྒྱང་གྲགས་གཅིག་ཙམ་དུ་ན་ས་འོག་ཏུ་འགྲོ་བར་གཟིགས་སོ། 1-1-215 །དེ་ནས་ཉིན་གཅིག་ཏུ་འཕགས་པས། ཁྱེད་གཉིས་སུ་ཡིན་དྲིས་པས། ངེད་གཉིས་ཀླུའི་རྒྱལ་ པོ་ནོར་རྒྱས་ཞེས་བྱ་བའི་བུ་ལགས་སོ། །ཞེས་ཟེར་རོ། །དེ་ནས་འཕགས་པས། ཁྱེད་ཀྱི་ཡུལ་ ན་གནོད་སྦྱིན་གྱི་འདམ་ཡོད་དམ་དྲིས་པས། ཡོད་བྱས་ཏེ། འཕགས་པས་དེ་ཁྱེར་ལ་ཤོག་ གསུངས་ནས། དེ་གཉིས་ཀྱིས་ཕ་ལ་དྲིས་པས། ཀླུའི་རྒྱལ་པོ་ན་རེ། དེ་སྤྱན་དྲངས་ལ་འབུལ་ ཟེར་ནས། ཁྱེའུ་གཉིས་ཀླུའི་པདྨ་གསེར་གྱི་རྡོ་རྗེ་གཅིག་བཟུང་ནས་འཕགས་པའི་མདུན་ དུ་ལྷགས་ནས་ཕུལ་ཏེ་སྨྲས་པ། དུས་གསུམ་གཟིགས་མཛད་འཕགས་པའི་མཆོག་རྒྱལ་པོ། །བདག་ཅག་ཡུལ་དུ་ཆོས་ཀྱི་མུ་གེ་དང༌། །རིན་ཆེན་ཆོས་ཀྱི་དབུལ་བ་བསལ་བའི་ཕྱིར། །ཕ་ རྒན་དེ་ཡིས་འབོད་པ་བདག་ནི་བཏང༌། །ཞེས་ཞུ་བ་ཕུལ་ནས། དེ་ནས་འཕགས་པ་ཀླུ་ཡུལ་ དུ་བྱོན་དུས་སུ་བདག་བས་ཚེ་རིང་བ་འཛམ་བུའི་གླིང་དུ་མ་མཆིས་སོ་སྙམ་ནས་ལམ་ཁར། དགེ་སློང་ཤིན་ཏུ་རྒས་ལ་འཁོགས་པ་འདར་ཡོམ་ཡོམ་བྱེད་པ། འཁར་བ་ལ་བརྟེན་པ་ཞིག་ གིས་ཕྱག་ཕུལ་ལོ། །དེ་ནས་འཕགས་པ་ན་རེ། ཁྱོད་ཅི་ཙམ་ལོན་ཞེས་གསུངས་ནས། རྒན་ པས་ཆ་མེད་དེ་སངས་རྒྱས་འོད་སྲུང་གི་རིང་ནས་ཡོད་ཞེས་ཟེར་ནས། སྐུ་ཚེ་རིང་བའི་ང་རྒྱལ་ ཞིའོ། །དེ་ནས་སོང་སོང་བ་ལ། རྫུ་འཕྲུལ་ང་ལྟ་བུ་མེད་སྙམ་ནས། ལམ་དུ་ཞ་ཉེའི་འདམ་ ལས་མ་ཐར་ཏེ་ཁྱེའུ་གཉིས་ཐག་ཐོག་མེད་པར་འགྲོ་ནའང༌། སྒྲོལ་མ་ནམ་མཁའ་ལ་བྱོན་ནས་ བཞད་དེ་འདི་སྐད་དུ། ཀྱེ་མ་རྒྱལ་བུ་འཕགས་པ་པཎྜི་ཏ། །ཞ་ཉེའི་འདམ་ལས་རྐང་པ་མ་ཐར་ ཀྱང༌། །འཁོར་བའི་འདམ་ལས་བརྒལ་ལམ་མ་བརྒལ་ལམ། །ལེགས་པར་དཔྱོད་ཅིག་སྐལ་ ལྡན་འཇིག་རྟེན་མགོན། །ཞེས་གསུངས་པས་རྫུ་འཕྲུལ་གྱི་ང་རྒྱལ་ཞིའོ། །དེ་ནས། ཀླུ་ཡུལ་ དུ་ཆོས་ཀྱི་འཁོར་ལོ་ལོ་གསུམ་དུ་བསྐོར་ཅིང༌། ཀླུ་རིགས་མང་པོ་ཆོས་ལ་བཀོད་དོ། །དེ་ནས་ འཕགས་པས་བདག་བས་ཐོས་པ་རྒྱ་ཆེ་བ་གཟིགས་རྒྱ་ཡངས་པ་མེད་དོ། །སྙམ་ནས། ཉིན་ ཅིག་ཏུ་འཕགས་པའི་སྐུ་རིམ་ལ་གླེགས་བམ་དཔག་ཏུ་མེད་པ་གདན་དྲངས་ནས། གཟིགས་ 1-1-216 པས་སྔར་མིང་ཙམ་མ་ཐོས་པའི་གསུང་རབ་མང་དུ་སྣང་ནས་ཐོས་པས་ང་རྒྱལ་ཞིའོ། །དེ་ནས་ ཡུམ་སྟོང་ཕྲག་བརྒྱ་པ་གཟིགས་རྟོགས་མཛད་པས་གླེགས་བམ་བཅུ་གཉིས་ཐུགས་སུ་ཆུད་དེ། སླར་རྡོ་རྗེ་གདན་དུ་བྱོན་ནས། ཨ་སུ་རའི་གནས་ལ་ཡི་གེར་བཏབ་བོ། །དེ་ནས་ནཱ་ལེནྡྲ་རུ་ བྱོན་ནས་སྒྲོལ་མ་ལ་སོགས་གཙུག་ལག་ཁང་མང་དུ་བཞེངས་སོ། །སློབ་དཔོན་ཀླུ་སྒྲུབ་སྙིང་ པོ་ཞེས་ཡོངས་སུ་གྲགས་སོ། །དེ་ནས་ཨོ་རྒྱན་ཡུལ་དུ་བྱོན་ནས་ས་གཞི་དམར་པོ་པདྨ་རཱ་ག་ ལྟ་བུ་ས་རྡོ་ཐམས་ཅད་རྡོ་རྗེ་བསྣོལ་མ་ལྟ་བུ། མཚོ་རྫིང་ཐམས་ཅད་དར་དཀར་ཕྱར་བ་ལྟ་བུ། ཤིང་ཐམས་ཅད་ལྷའི་འོད་འཆར་བ། དཔའ་བོ་དཔའ་མོ་ཐམས་ཅད་འདུས་པའི་གླིང་གི་ཤར་ དུ་ཕྱིན་ནས། བྲག་དཀར་པོ་ཅོག་པུ་བཙུགས་པ་ལྟ་བུ་ལ་བུད་མེད་དཀར་མོ་གཅིག་ཕྱིན་ནས་ ཕྱག་ཕུལ་ནས་སྨྲས་པ། བདག་གི་མིང་པོ་བྱོན་ལགས་སམ། །ངལ་ལམ་ཆད་དམ་འཕགས་ པའི་མཆོག །འགའ་ཞིག་འདིར་བཞུགས་ཨ་ལ་ལ། །ཡེ་ཤེས་རྒྱ་མཚོའི་ཆོས་སྒོ་ཕྱེ། །ཞེས་ དང༌། ཀླུ་སྒྲུབ་ཀྱིས་གསོལ་པ། བདག་གིས་སེམས་ཅན་རྒྱ་མཚོ་སྨིན་པའི་ཕྱིར། །མཁའ་འགྲོའི་ གླིང་དུ་རྒྱུད་སྡེ་དུ་མ་བཞུགས། །སྲིང་མོ་རྡོ་རྗེ་ཕག་མོ་ཁྱོད་ཉིད་ཀྱིས། །ལམ་སྣ་དྲོངས་ལ་གྲོང་ ཁྱེར་པདྨོའི་གླིང༌། །མཁའ་འགྲོའི་ཚོགས་ལ་བརྡ་སྤྲོད་ཡང་དག་མཛོད། །ཅེས་དང༌། ཕག་ མོ་ན་རེ། ལེགས་སོ་ལེགས་སོ་དཔའ་བོ་ཧེ་རུ་ཀ །མཁའ་འགྲོའི་གླིང་དུ་བདག་གིས་དྲངས་ པར་བགྱི། །གསུང་རབ་རྒྱ་མཚོའི་གླིང་དུ་ཁོ་མོས་ཁྲིད། །ཡེ་ཤེས་རྒྱ་མཚོའི་ཆོས་ལ་ཡང་དག་ བགྱི། །ཞེས་དང༌། པདྨའི་གྲོང་ཁྱེར་ཕྱིན་ནས། གུར་སམ་བྷུ་ཊི། རྡོ་རྗེ་སྙིང་འགྲེལ། མཁའ་ འགྲོ་ཀུན་སྤྱོད་ལ་སོགས་མང་པོ་གདན་ཡང་དྲངས་ནས་ནཱ་ལེནྡྲར་སྤེལ་ལོ། །ཡོན་ཏན་བརྒྱ་ ཕྲག་བཅུ་གཉིས་ཐོབ་པས་ཨོ་རྒྱན་གླིང་བར་ཡོངས་སུ་གྲགས་སོ། །གཏམ་ཚོགས་རིགས་ ཚོགས་བསྟོད་ཚོགས་ལ་སོགས་ཆོས་མང་དུ་གསུངས་སོ། །དེ་ནས་ཆུ་བོ་གང་གཱའི་འགྲམ་དུ་ བྱོན་ནས་རྡོ་སྐུ་བྱིན་རླབས་ཅན་གཅིག་གཟིགས་ནས། གཏོར་མ་ཕུལ་ནས་ཁྱོད་མུ་སྟེགས་པ་ 1-1-217 ལ་མངོན་པར་ཕྱོགས་པ་ཞིག་ན་རང་སར་སྡོད། འོ་ན་སངས་རྒྱས་པའི་བསྟན་སྐྱོང་ཡིན་ན། ད་ནཱ་ལེནྡྲ་པའི་ཆོས་སྐྱོང་དུ་བྱོན་པར་ཞུ་གསུངས་ནས། ཡང་ནངས་པར་ནཱ་ལེནྡྲའི་ལྕགས་ རའི་ནང་དུ་བྱོན་ནས། འཕགས་པས་དུས་གསུམ་སངས་རྒྱས་ཀྱི་བཀའ་སྲུང་ཅིག་ཡིན་པར་ དགོངས་ནས། གཉེར་པ་དང་དགེ་འདུན་པ་རྣམས་ཀྱིས་གཏོར་མ་རྒྱུན་མ་ཆད་པར་ཕུལ་ཅིག་ གསོལ་བ་ཐོབ་དང་བཀའ་དྲིན་ཆེ་བར་འགྱུར་རོ་གསུངས་ནས། དེ་ནས་དུར་ཁྲོད་བསིལ་བའི་ ཚལ་དུ་ཆོས་སྐྱོང་བྱ་རོག་གདོང་ཅན་གྱི་ཞལ་གཟིགས་ནས། དཔལ་ལྡན་ནཱ་ལེནྡྲ་པའི་ཆོས་ སྐྱོང་དུ་བསྐོས་སོ། །དེ་ནས་ནཱ་ལེནྡྲར་ཙན་དན་དང་རིན་པོ་ཆེ་སྣ་ཚོགས་པས་བྱ་རོག་གདོང་ ཅན་གྱི་སྐུ་གཟུགས་བཞེངས་ནས། འཕགས་པ་དཔལ་གྱི་རི་ལ་བྱོན་ནས་བསྒྲུབ་པ་མཛད་ པས། བསིལ་ཆབ་འདོར་སར་པད་མ་ཅིག་སྐྱེས་པ་ལས་ཁྱེའུ་ཞིག་བྱུང་བས་དེ་ལ་ཨཱརྱ་དེ་བ་ ཞེས་བཏགས་གཉིས་ཀས་ཏིང་ངེ་འཛིན་བསྒྲུབ་པས་ཉམས་མྱོང་སྣ་ཚོགས་རྡོལ་བའི་དུས་སུ། ནཱ་ལེནྡྲ་རུ་མུ་སྟེགས་དུ་རུ་ཀའི་དམག་གིས་ཁ་ཟུག་གོ། །མུ་སྟེགས་ཀྱི་སྟོན་པ་མ་ཁོལ་ཞེས་བྱ་ བ་དེ་ལ་ནཱ་ལེནྡྲའི་པཎྜི་ཏ་རྣམས་ཀྱིས་རྩོད་པ་མ་ཐུབ་པས་ནཱ་ལེནྡྲའི་ཕྱེད་མུ་སྟེགས་པར་ཐོབ་ ཅིང་མ་ཁོལ་དེར་སྟོན་པའི་ཚུལ་དུ་འདུག་གོ། །སའི་སྙིང་པོ་ལ་སོགས་ནང་པའི་པཎྜི་ཏ་རྣམས་ ཀྱི་སེམས་སྡུག་ནས། ཆོས་སྐྱོང་ཁྱོད་ཀླུ་སྒྲུབ་ཀྱི་བཀའ་མ་དྲན་ནམ་བསྟན་པ་འདི་འདྲར་ཐུག་ ཞེས་སྐུ་གཟུགས་ལ་སྨྲས་ནས། ནངས་པར་ངའི་སྤྲུལ་པ་ཞིག་འོང་ནས་དཔལ་གྱི་རི་ལ་སློབ་ དཔོན་གྱི་དྲུང་དུ་བརྡ་ཁྱེར་རོ་ཞེས་སྨྲས་སོ། །སང་ནངས་པར་སྐུ་གཟུགས་ལ་གཏོར་མ་ཕུལ་ ཏེ་གསོལ་བ་བཏབ་པས། བྱ་རོག་ཅིག་བྱུང་ནས་གོག་གོག་གི་སྒྲ་འོང་ནས། ཤོག་གུ་ལ། ཤིན་ ཏུ་ཁུར་དཀའ་འཁུར་བའི་བསྟན་པ་ལ། །མ་ཁོལ་སྨྲ་ངན་རོལ་པས་བཤིག་ལ་ཁད། །ནུས་ ལྡན་ཁྱེད་ལས་རེ་ས་གཞན་མ་མཆིས། །འཁོར་ལོའི་འོད་ཅན་ཤིང་རྟ་མྱུར་དུ་དྲོངས། །ཞེས་ བྱ་རོག་གི་མགུལ་དུ་བཏགས་ནས་བཏང་ངོ༌། །ཀླུ་སྒྲུབ་ཀྱི་སྒོ་དྲུང་དུ་གཏོར་སྟེགས་ཀྱི་ཁར་ 1-1-218 བྱ་རོག་ཅིག་བབས་ནས་སྐད་དྲག་ཏུ་འབྱིན་ནས། ཉེ་གནས་གྷནྚི་སྣ་གསང་གིས་གཟིགས་ཏེ། སློབ་དཔོན་ལ་ཞུས་པས། སློབ་དཔོན་གྱིས་བྱ་རོག་བཟུང་ནས། བྱང་བུ་བཀྲོལ་ཏེ་གཟིགས་ ནས། དཔལ་གྱི་རི་ལ་གནས་པའི་པཎྜི་ཏ་སྟོང་ཕྲག་དྲུག་ལ་བཀའ་བསྒྲགས་པས། ནཱ་ལེནྡྲ་ལ་ སོགས་པར་མུ་སྟེགས་པས་བཟུང་བ་ལ། སང་ནངས་པར་འགྲོ་དགོས་ཞེས་བསྒྲགས། དེའི་ ནུབ་མོར་མུ་སྟེགས་པ་ཕལ་ཆེར་གྱི་རྨི་ལམ་དུ་དཀོན་མཆོག་གི་རྟེན་ལ་ཕྱག་བྱེད་པ་དང༌། ལ་ ལས་ཉི་མ་ནུབ་པ་དང༌། ལ་ལས་ཀླུ་སྒྲུབ་ལ་སྐྲ་དང་ཁ་སྤུ་བྲེག་པ་དང༌། མ་ཁོལ་གྱིས་རིག་ བྱེད་ཀྱི་གླེགས་བམ་ཐམས་ཅད་བསྲེགས་པར་རྨིས་སོ། །སང་ནངས་པར་བཟློག་པ་བྱེད་དོ། །དེ་ནས་པཎྜི་ཏ་ཨཱརྱ་དེ་བ། ཟླ་བ་གྲགས་པ། པཎྜི་ཏ་འབུམ་ཕྲག་གསུམ། (རྩོམ་འཕྲོ) 1-1-219 ༄༅། །ལས་དང་པོ་པའི་ཐོས་བསམ་བྱེད་ལུགས་དང་མདོ་ སྔགས་ཀྱི་འབྱུང་ཁུངས་གསལ་བའི་ནོར་ བུའི་མེ་ལོང་ཞེས་བྱ་བ་ བཞུགས་སོ། ། ༄༅། །འགྲོ་བ་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེ་བ་རྣམ་འདྲེན་བཞི་པ་ བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེང་གེས་གདུལ་བྱ་སོ་སོའི་ཁམས་དབང་དང་མཐུན་ པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད་མཐར་གཏུགས་ན་བཀའ་ ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་ བདེ་གཤེགས་སྙིང་པོ་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོ་གཙོ་བོར་བསྟན་ པས་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་གྲུབ་ཀྱང༌། སྤྱིར་དབུ་མ་ལ་རང་སྟོང་དང་གཞན་ སྟོང་གཉིས་ཀྱི་ཁྱད་པར་ཡོད་པས་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ རང་ངོས་ནས་གྲུབ་པས་སྟོང་པས་རང་སྟོང་དང༌། དོན་དམ་པའི་ཆོས་ཉིད་འོད་གསལ་བདེ་ གཤེགས་སྙིང་པོ་ནི་ནམ་ཡང་རང་ངོས་ནས་མི་སྟོང་བར་གནས་ལུགས་མཐར་ཐུག་ཏུ་ཡེ་ནས་ འགྱུར་བ་མེད་པའི་རང་མདངས་ལ་གཞན་ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པས་སྟོང་བས་ན་ གཞན་སྟོང་ཞེས་བརྗོད་ཅིང༌། ཀུན་རྫོབ་འཁྲུལ་སྣང་ཐམས་ཅད་བདེན་པར་མེད་པས་རྟག་ མཐའ་ལས་གྲོལ་བ་དང༌། དོན་དམ་གནས་ལུགས་མཐར་ཐུག་ཏུ་བདེན་པས་ཆད་མཐའ་ 1-1-220 ལས་གྲོལ་བའི་མཐའ་གཉིས་སྤངས་པའི་ངེས་དོན་དབུ་མའི་ལམ་བཟང་ཆེན་མོ་འདི་འཆད་ པར་བྱེད་པ་ལ། ཁྲིད་ཉན་པའི་ཚུལ་དང༌། བཤད་བྱའི་ཆོས་ཀྱི་རིམ་པ་གཉིས། དང་པོ་ལའང་ཀུན་སློང་ དང་ཀུན་སྤྱོད་གཉིས། དང་པོ་ཀུན་སློང་ལའང༌། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་ སློང་དང༌། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དང་གཉིས་ཡོད་པ་ལས། དང་པོ་ བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། འདི་ལྟར་འཁོར་བ་ན་གནས་པའི་སེམས་ ཅན་ཐམས་ཅད་རང་གི་ཐོག་མ་མེད་པའི་དུས་ནས་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། ཕ་མ་ བྱས་པའི་དུས་སུ་དྲིན་ཆེན་པོས་བསྐྱངས། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེས་གཡོགས། ཤིན་ ཏུ་བྱམས་པས་བསྐྱེད་བསྲིངས་པའི་དྲིན་ཅན་ཤ་སྟག་ཡིན་ལ། མ་རྒན་དྲིན་ཅན་དེ་དག་ཐམས་ ཅད་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་སྒྲུབ་མི་ཤེས། སྡུག་བསྔལ་ གཏན་ནས་མི་འདོད་ཀྱང༌། དེའི་རྒྱུ་མི་དགེ་བ་བཅུ་སྤང་མི་ཤེས་པར། ཞེ་འདོད་དང་ལག་ ལེན་ཕྱིན་ཅི་ལོག་ཏུ་སོང་ནས། ལམ་ལོག་མགོ་རྨོངས་སུ་གྱུར་པ་ལོང་པ་ཐང་དཀྱིལ་དུ་ལུས་ པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཉན་ ནས་ཉམས་སུ་བླངས་ཏེ་མ་རྒན་འདི་རྣམས་ཀྱི་དོན་སྒྲུབ་ཏུ་ཡོད་པས་ཕ་མར་གྱུར་པའི་སེམས་ ཅན་རིགས་དྲུག་གི་འཁྲུལ་སྣང་སྡུག་བསྔལ་གྱིས་གདུང་བ་འདིརྣམས་རིགས་དྲུག་སོ་སོའི་ ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་རྫོགས་པའི་སངས་ རྒྱས་ཀྱི་གོ་འཕང་འཐོབ་པར་བྱའོ་སྙམ་པ་འདི་ཆོས་ཉན་དུས་སྒྲུབ་དུས་ཐམས་ཅད་ལ་གལ་ ཆེ་བ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་སྒྲུབ་ཀྱང༌། དགེ་རྩ་དེ་ཐབས་ཀྱིས་ཟིན་ པར་བྱེད་པ་དེ་སྦྱོར་བ་སེམས་བསྐྱེད་དམ་པ་ཡིན་ཏེ། དགེ་བ་རྐྱེན་གྱིས་མི་བཤིག་པར་བྱེད་ པ་དངོས་གཞི་དམིགས་པ་མེད་པ། དགེ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་ 1-1-221 བས་རྒྱས་ཡོངས་སུ་ཐེབ་པ་སྟེ། དམ་པ་གསུམ་གྱིས་རྩིས་ཟིན་པ་འདི་མེད་པའི་ཐབས་མེད། ཀུན་སློང་འདི་ལྟར་བཅོས་ཤེས་ན་དགེ་བ་ཐབས་ཀྱིས་ཟིན་ཏེ་སྐྱེས་བུ་ཆེན་པོའི་ལམ་བསོད་ ནམས་ཚད་མེད་པའི་འཇུག་ངོགས་སུ་འགྱུར་རོ། །དེལྟར་ཀུན་སློང་བཅོས་མ་ཤེས་ན་ཆོས་ ཉན་ལོ་དང་སྒྲུབ་ལོ་བྱས་ཀྱང་ཆོས་ཀྱི་གཟུགས་བརྙན་དུ་འགྲོ་བས་ཆོས་ཉན་དུས། སྒྲུབ་དུས་ ལྷ་བསྒོམ་ཡང༌། སྔགས་བཟླ་ཡང༌། ཕྱག་འཚལ་ཀྱང་ཐ་ན་མ་ཎི་འབྲུ་གཅིག་འདོན་ཡང་ཀུན་ སློང་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་འདི་གལ་ཆེ། གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་ དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་གསང་སྔགས་རྡོ་རྗེ་ ཐེག་པ་འདིར། འཇུག་སྒོའི་ལམ་མང་པོ། ཚོགས་བསགས་པའི་ཐབས་མང་པོ། དཀའ་བ་ ཆེན་པོ་སྤྱད་མི་དགོས་པར་འབྲས་བུ་མངོན་དུ་བྱེད་པའི་ཐབས་ཟབ་མོ་ཡོད་པ་ཡིན་ལ། དེ་ དག་གི་རྩ་བ་ཡང་འདུན་པ་བསྒྱུར་བ་ལ་ཐུག་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་ ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པ་ལྟར། ཆོས་འཆད་པའི་གནས་དང་སྟོན་ པ་སོགས་ཐ་མལ་མ་དག་པའི་སྣང་བ་འདི་ལྟར་མི་བལྟ་བར་གནས་ཕུན་སུམ་ཚོགས་པ་ དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་མཁྱེན་ཡེ་ཤེས་ཀྱི་ སྐུ་དུས་ཀྱི་འཁོར་ལོ། འཁོར་ཕུན་སུམ་ཚོགས་པ་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་སུ་གསལ་ བཏབ། ཡང་ན་ཆོས་འཆད་པའི་གནས་དེ་ཉིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། ཆོས་འཆད་པའི་བླ་མ་དེ་ཉིད་ཆོས་སྐུ་རྡོ་རྗེ་འཆང༌། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། རིག་འཛིན་ཕོ་མོ་འབྱམས་ཀླས་པར་གསལ་བཏབ། ཡང་ན་བླ་མ་ནི་དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་འདུས་པའི་བདག་ཉིད། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་ 1-1-222 རྒྱས་ཀྱི་ངོ་བོ་སྟེ་དཀོན་མཆོག་ཀུན་འདུས། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་ རྒྱལ་ཚབ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་རང་རེ་སྙིགས་མའི་ སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ ཐམས་ཅད་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེ་བ་ཡིན་ཏེ། ཇི་སྐད་དུ། བླ་མ་སངས་རྒྱས་བླ་མ་ ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་ འཆང༌། །ཞེས་པ་ལྟར་དང༌། རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང༌། གཞི་བདེ་གཤེགས་ སྙིང་པོ། རྟེན་མི་ལུས་རིན་པོ་ཆེ། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་ གིས་ཟིན་པས་མ་འོངས་པའི་སངས་རྒྱས་ཡིན་ཏེ། རྒྱུད་བརྟགས་གཉིས་ལས། སེམས་ཅན་ རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ དངོས། །ཞེས་པ་ལྟར་རོ། ། གཉིས་པ་ཀུན་སྤྱོད་ལ། སྤང་བྱའི་ཀུན་སྤྱོད་དང༌། བླང་བྱའི་ཀུན་སྤྱོད་གཉིས། དང་པོ་ལ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུགམི་འཛིན་པ་ལྔ་དང་གསུམ་ལས། དང་པོ་སྣོད་ཀྱི་སྐྱོན་གསུམ་ ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་ མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་གསུངས་པ་ལྟར། དང་པོ་ནི་ཆོས་ཉན་པའི་ དུས་སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་གཡེང་བར་ཆོས་འཆད་པའི་སྒྲ་དེ་ལ་གཏད་ ནས་ཉན་དགོས། དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་བླུགས་པ་དང་འདྲ་སྟེ་ ལུས་ཆོས་གྲལ་ན་ཡོད་ཀྱང་ཆོས་ཚིག་གཅིག་ཀྱང་མི་ཐོས། གཉིས་པ་ནི། དེ་ལྟར་ཐོས་པའི་ ཆོས་དེ་ཡང་གོ་ལོ་དང་ཐོས་ལོར་བཞག་ནས་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་ནང་དུ་ བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་སྟེ་ཆོས་ཅི་ཙམ་ཉན་ཀྱང་རྒྱུད་ཐོག་ཏུ་ 1-1-223 བཀལ་ནས་ཉམས་སུ་ལེན་མི་ཤེས། གསུམ་པ་ནི། ཆོས་ཉན་པའི་དུས་སུ་རང་ཉིད་ཆེ་འདོད་ དང་གྲགས་འདོད་སོགས་ཀུན་སློང་སྐྱོན་ཅན་གྱིས་ཉན་པའམ། ཆགས་སྡང་རྨོངས་གསུམ་ སོགས་དུག་ལྔའི་རྟོག་པ་དང་འདྲེས་ཏེ་ཉན་ན་ཆོས་ཀྱིས་སེམས་ལ་མི་ཕན་པར་མ་ཟད་ཆོས་ ཀྱང་ཆོས་མིན་དུ་འགྲོ་སྟེ། དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ། དེས་ན་ རྒྱ་གར་ཕ་དམ་པས་ཀྱང༌། ཆོས་ཉན་པའི་དུས་སུ་རི་དྭགས་སྒྲ་ལ་ཉན་པ་ལྟ་བུ་ཞིག་དགོས། བསམ་པའི་དུས་སུ་བྱང་བས་ལུག་འབྲེག་པ་ལྟ་བུ་ཞིག་དགོས། སྒོམ་པའི་དུས་སུ་གླེན་པས་ རོ་མྱང་བ་ལྟ་བུ་ཞིག་དགོས། སྒྲུབ་པའི་དུས་སུ་གཡག་ལྟོགས་ཀྱིས་རྩྭ་ཟ་བ་ལྟ་བུ་ཞིག་དགོས། འབྲས་བུའི་དུས་སུ་ཉི་མ་སྤྲིན་ལས་གྲོལ་བ་ལྟ་བུ་ཞིག་དགོས། ཞེས་གསུངས་པ་ལྟར། ཆོས་ ཉན་པའི་དུས་སུ་ཁ་ཏོན། བགྲང་ཕྲེང་སོགས་དགེ་སྦྱོར་གྱི་རྣམ་པ་ཐམས་ཅད་ཀྱང་བཞག་ནས་ ཉན་དགོས། དེ་ལྟར་ཉན་ནས་བཤད་པའི་དོན་དེ་དག་ཡིད་ལ་མ་བརྗེད་པར་བྱས་ནས་རྒྱུན་ དུ་ཉམས་སུ་ལེན་དགོས་ཏེ། ཐུབ་པ་ཆེན་པོས་ཀྱང༌། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་ གྱི། །ཐར་བ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་པ་ལྟར། བླ་མས་སློབ་མ་ལ་ཁྲིད་འཆད་ པ་དེ། ཆོས་ཉན་ཚུལ། སྒྲུབ་ཚུལ། སྡིག་པ་སྤངས་ཚུལ། དགེ་བ་སྒྲུབ་ཚུལ། ཉམས་སུ་ལེན་ ཚུལ་རྣམས་གསུངས་པ་ཡིན་པས། སློབ་མས་ཀྱང་དེ་དག་མ་བརྗེད་པར་ཡིད་ལ་བཟུང་ནས་ ཉམས་སུ་བླངས་ཏེ་མངོན་དུ་བྱེད་དགོས་ཀྱི། ཡིད་ལ་མ་བཟུང་ན་ཆོས་ཐོས་པའི་ཕན་ཡོན་ ཙམ་ཡོད་ཀྱང༌། ཆོས་ཀྱི་ཚིག་དོན་ཅུང་ཟད་ཀྱང་མི་ཤེས་པས་ཆོས་མ་ཐོས་པ་དང་ཁྱད་མེད། ཡིད་ལ་བཟུང་ཀྱང་ཉོན་མོངས་པ་དང་འདྲེས་ན་ཆོས་ཡང་དག་པར་མི་འགྲོ་སྟེ། མཉམ་མེད་ དྭགས་པོས། ཆོས་ཆོས་བཞིན་དུ་མ་སྤྱད་ན། །ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་པ་ལྟར་ཡང་བླ་མ་དང་ཆོས་ལ་ལོག་རྟོགབར་མཆེད་གྲོགས་ལ་ཟུར་ཟ་ང་རྒྱལ་དང་ཁྱད་ གསོད་སོགས་མི་དགེ་བའི་རྟོག་པ་དང་བཅས་པས་ཆོས་ཉན་ན་ནི་ངན་སོང་གི་རྒྱུ་བྱེད་པས་དེ་ 1-1-224 དག་སྤང་དགོས། གཉིས་པ་དྲི་མ་དྲུག་ནི། རྣམ་བཤད་རིགས་པ་ལས། ང་རྒྱལ་དང་ནི་མ་དད་ དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་ མ་ཡིན། །ཞེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་ བླ་མ་ལ་མ་དད་པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་གཡེང་བ། དབང་ པོ་སྒོ་ལྔ་ནང་དུ་སྡུད་པ། ཆོས་ཐུན་རིང་དྲགས་པ་སོགས་ཀྱིས་སྐྱོ་བ་སྟེ་དྲི་མ་དྲུག་པོ་དེ་སྤང་ དགོས། དེ་ཡང་ཉོན་མོངས་པ་རྣམས་ལས་ང་རྒྱལ་དང༌། ཕྲག་དོག་གཉིས་པོ་འདི་ངོས་ཟིན་ དཀའ་བས་རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས། རང་ལ་ཆོས་དང་འཇིག་རྟེན་གང་ཐད་ནས་ ཡོན་ཏན་ཕྲན་བུ་རེ་ཡོད་པ་ལའང༌། ང་རང་དེ་དང་དེ་ལྟ་བུ་ཡིན་ནོ་སྙམ་ནས་ཆེད་དུ་འཛིན་ ནས་རང་རྒྱུད་ཀྱི་སྐྱོན་མི་མཐོང༌། གཞན་གྱི་ཡོན་ཏན་མི་ཤེས་པ་ཡིན་པས། ང་རྒྱལ་སྤངས་ ནས་རྟག་ཏུ་དམན་ས་འཛིན། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགག་པ་ཡིན་པས་དད་པ་ རྣམ་པ་བཞིའི་ནང་ནས་མི་ལྡོག་པའི་དད་པ་འཆང༌། ཆོས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་ ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་དོན་གཉེར་རབ་འབྲིང་ཐ་གསུམ་ལས་ཆོས་པ་རབ་འབྲིང་ ཐ་གསུམ་འོང༌། ཆོས་ལ་དོན་གཉེར་མ་བྱས་ན་ཆོས་རྩ་བ་ནས་མི་འགྲུབ། འཇིག་རྟེན་པའི་ཁ་ སྐད་ལའང་ཆོས་བདག་མེད་ལ་སྙིང་རུས་གང་ཆེ་ཟེར་བ་ལྟར་ཡིན། བདག་ཅག་གི་སྟོན་པས་ ཀྱང་ཆོས་ཚིག་བཞི་རེའི་ཕྱིར་དུ་ལུས་ལ་ཤའི་རྐོང་བུ་བྲུས་ཏེ་སྡོང་བུ་སྟོང་བཙུགས་ནས་འབྲུ་ མར་གྱིས་བཀང་སྟེ་མེ་སྦར་བ་དང༌། མེ་དོང་དུ་མཆོངས་པ་དང༌། ལུས་ལ་ལྕགས་ཀྱི་གཟེར་བུ་ སྟོང་བཏབ་པ་སོགས་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་དམ་ཆོས་བཙལ་བ་ཡིན་ཏེ། མེ་ཚོགས་ སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །འཆི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་པ་ལྟར་ དོན་གཉེར་ཆེན་པོས་དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་དེ་ཆོས་ཉན་དགོས། ད་ རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཟབ་མོའི་གདམས་ངག་ 1-1-225 ཉན་དུ་ཡོད་པ་འདི། རང་ལ་དགའ་སྤྲོ་བླ་ན་མེད་པ་ཆེ། བསྐལ་པ་གྲངས་མེད་པའི་བར་དུ་ ཚོགས་བསགས་པའི་འབྲས་བུ་ད་རེས་ཟབ་མོའི་དམ་ཆོས་ཉན་པ་འདི་ཚེ་གང་དུས་བརྒྱའི་ཟ་ མ་ལན་གཅིག་ཡིན་པས་ཆོས་འདིའི་ཆེད་དུ་དཀའ་ཚེགས་ཚ་གྲང་ཅི་བྱུང་ཡང་བཟོད་པར་བྱ་ དགོས་སྙམ་དུ་དགའ་བཞིན་སྤྲོ་བཞིན་དུ་ཟབ་མོའི་ཆོས་འདི་ལ་ཉན་དགོས་པ་ཡིན། གསུམ་ པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡ་ མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་པོ་འདི་ སྤང་དགོས། གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བསྟེན་དགོས། ཕར་ཕྱིན་དྲུག་ དང་ལྡན་པ། སྤྱོད་ལམ་གཞན་བསྟེན་པ་དང་གསུམ། དང་པོ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་ འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་ པར་བྱའོ། །ནན་ཏན་ཏུ་ཉམས་སུ་ལེན་པ་ནི་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་རང་རྒྱུད་ལ་སྦྱར་ནས་ཉམས་སུ་ལེན་དགོས། གཉིས་པ་ཕ་རོལ་ཏུ་ ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་ རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང༌། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང༌། །སྲོག་ ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །ཉན་པོ་ཡན་ལག་དྲུག་དང་ལྡན། །ཞེས་པ་ལྟར། ཆོས་ ཀྱི་ཁྲི་བཤམས་ཤིང་སྟན་འདིང་བ་དང༌། །མཎྜལ་མེ་ཏོག་སོགས་འབུལ་བ་སྦྱིན་པ། ས་ཕྱོགས་ ཕྱག་དར་དང་ཆག་ཆག་ལ་སོགས་ལེགས་པར་བྱ་ཞིང་རང་གི་སྤྱོད་ལམ་མ་གུས་པ་ལ་སོགས་ པ་སྡོམ་པ་ཚུལ་ཁྲིམས། སྲོག་ཆགས་ཕྲ་མོ་ཚུན་ཆད་ལ་གནོད་པ་མི་བྱེད་ཅིང༌། དཀའ་ཚེགས་ དང་ཚ་གྲང་ཐམས་ཅད་བཟོད་པ་བཟོད་པ། བླ་མ་དང་ཆོས་ལ་ལོག་ལྟ་སྤངས་ནས་ཡང་དག་ 1-1-226 པའི་དད་པས་སྤྲོ་བཞིན་དུ་ཉན་པ་བརྩོན་འགྲུས། བླ་མའི་གདམས་ངག་ལས་སེམས་གཞན་ དུ་མ་ཡེངས་པར་ཉན་པ་བསམ་གཏན། ཐེ་ཚོམ་གྱི་དོགས་སེལ་ལ་སོགས་པ་འདྲི་ཞིང་སྒྲོ་ འདོགས་ཐམས་ཅད་གཅོད་པ་ཤེས་རབ་སྟེ། ཉན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་ བྱའོ། །གསུམ་པ་སྤྱོད་ལམ་གཞན་བསྟེན་པ་ནི། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་ བཤད། །མི་ན་བཞིན་དུ་མགོ་གཡོགས་དང༌། །གདུགས་དང་འཁར་བ་མཚོན་ཐོགས་དང༌། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་དང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་ འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་སོགས་མ་གུས་པའི་ སྤྱོད་ལམ་ཐམས་ཅད་སྤང་བར་བྱའོ། ། གཉིས་པ་བཤད་བྱའི་ཆོས་འབྱུང་བའི་རིམ་པ་ལས། རྒྱལ་བའི་བཀའ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་བོད་དུ་བྱུང་བ་དཔལ་ལྡན་ནགས་ རྒྱལ་གྱི་སྒྲུབ་གནས་སུ་ཆོས་སྡེ་བཏབ་པ་ལས་བྱུང་བའི་ངེས་དོན་སྒྲུབ་བརྒྱུད་ཀྱི་སྡེ་གང་དག་ ནི། དཔལ་རྒྱལ་བ་ཇོ་ནང་པ་སྟེ་བོད་འདིར་ཕྱག་རྫོགས་དབུ་གསུམ་དུ་གྲགས་པ་ལས། དབུ་ མ་པ་ལ་རང་སྟོང་དང༌། གཞན་སྟོང་གཉིས་སུ་ཡོད་པའི་ནང་གི་རང་ལུགས་ནི་ཕྱི་མ་ཉིད་ཡིན་ ནོ། །དེ་ལྟ་བུའི་འཁོར་ལོ་ཐ་མའི་རྗེས་འབྲང་གི་ངེས་དོན་རྫོགས་ལྡན་གཞན་སྟོང་དབུ་མ་ ཆེན་མོའི་རང་ལུགས། འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ་དང༌། བོད་དུ་ཇི་ལྟར་བྱུང་བའི་ཚུལ་ བཤད་པ་གཉིས་ལས། དང་པོ་འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ལ། མདོ་ཕྱོགས་ནས་ རིམ་པར་བརྒྱུད་ཚུལ་དང༌། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་གཉིས་ལས། དང་པོ་མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་ཀྱི་འཁོར་ ལོ་རིམ་པ་གསུམ་ཇི་ལྟར་བསྐོར་བའི་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ལྟར་ 1-1-227 ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་དང༌། དབུ་མ་རིན་ཆེན་ཕྲེང་བར་ཡང༌། བརྡ་སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་ བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར། སྨན་པ་མཁས་པས་ནད་ པའི་ཁམས་བརྟགས་ནས་སྨན་སྟེར་བ་ལྟར་དང༌། བརྡ་སྤྲོད་པའི་སློབ་དཔོན་གྱིས་ཡི་གེ་ཕྱི་མོ་ ཀློག་ཏུ་འཇུག་པ་བཞིན། ཐམས་ཅད་མཁྱེན་པས་གདུལ་བྱའི་ཁམས་དབང་དང་མཐུན་པར་ ཆོས་སྒོ་སྣ་ཚོགས་དེ་ལུགས་གསུངས་ཤིང༌། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་ བ་རི་དྭགས་ཀྱི་ནགས་སུ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་ བདེན་པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སོ་ཐར་གྱི་མདོ། འདུལ་ལུང་སྡེ་བཞི། ལས་ བརྒྱ་པ། རྟེན་འབྲེལ་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་ བསྡོམས་པ་ལྔ་བཅུ་ཙམ་གྱིས་མཚོན་ཐེག་དམན་གྱི་སྡེ་སྣོད་དཔག་ཏུ་མེད་པའི་ཆོས་འཁོར་ བསྐོར་བ་དེ་དག་ནི། བླ་ན་མཆིས་པ། སྐབསམཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་ གནས་སུ་གྱུར་པ་ཡིན་པར་དགོངས་འགྲེལ་ལས་གསུངས་སོ། །ཁྱད་པར་ཐེག་པ་ཆེན་པོའི་ ཆོས་ཀྱི་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་ གཉིས་ལས། དང་པོ་རྒྱུ་ཕར་ཕྱིན་ཐེག་པ་བཀའ་བར་ཐ་གཉིས་སུ་གསུངས་པ་ཡང༌། ཡུལ་ བྱ་རྒོད་ཕུང་རི་སོགས་སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་བའི་ ཆེད་དུ་བཀའ་བར་བ་མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་ འཁོར་ལོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་གྲངས་བཅུ་བདུན་ཙམ་ གྱིས་མཚོན་སྡེ་སྣོད་མཐའ་ཡས་པའི་ཆོས་འཁོར་བསྐོར་བ་དེ་ཡང་བླ་ན་མཆིས་པ་སོགས་ རྩོད་གཞིར་གྱུར་པའི་བར་གོང་ལྟར་གསུངས་ཤིང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་ 1-1-228 དབང་པོ་རབ་ཀྱི་ཐེག་ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་ དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་ གཤེགས་སྙིང་པོ་ལེགས་པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་སྟོན་ བྱེད་ཀྱི་ཆོས་ཀྱི་འཁོར་ལོ་ཤེར་ཕྱིན་ཉི་ཁྲི་ལྔ་སྟོང་པའི་བྱམས་ཞུས་ཀྱི་ལེའུ་དང༌། ཤེར་ཕྱིན་ ལྔ་བརྒྱ་པ་དང༌། དགོངས་པ་ངེས་པར་འགྲེལ་བ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་ སྟུག་པོ་བཀོད་པ་དང༌། ཕལ་བོ་ཆེ་རྣམས་སུ་ཐུན་མོང་དང་གོ་བསྟུན་པ་རྣམས་བཤད། དེ་ བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་སེང་གེ་སྒྲས་ཞུས་པའི་མདོ་ལ་སོགས་ འཕགས་པ་དཀོན་མཆོག་བརྩེགས་པའི་ནང་ཚན་འགའ་ཞིག་དང༌། རྣམ་པར་མིརྟོག་པ་ལ་ འཇུག་པའི་གཟུངས་དང༌། གསེར་འོད་དམ་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་ པ་དང༌། ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པ་དང༌། སོར་མོའི་ཕྲེང་བ་ ལ་ཕན་པའི་མདོ་དང༌། འཕགས་པ་སྤྲིན་ཆེན་པོ་དང༌། འཕགས་པ་དཀོན་མཆོག་སྤྲིན་དང༌། འཕགས་པ་རྔ་བོ་ཆེའི་ལེའུ་ཞེས་བྱ་བའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། རབ་ ཏུ་ཞི་བ་རྣམ་ངེས་ཀྱི་ཏིང་ངེ་འཛིན་གྱི་མདོ་ལ་སོགས་པ་རྣམ་གྲངས་ཉི་ཤུ་ཙམ་གྱིས་མཚོན་སྡེ་ སྣོད་མཐའ་ཀླས་པ་གསུངས་པའི་ཆོས་འཁོར་བསྐོར་བ་གང་དེ། བླ་ན་མ་མཆིས་པ། སྐབས་ མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་ རང་གི་དགོངས་པ་ལེགས་པར་འགྲེལ་ཚུལ་གྱིས་དཔལ་གྱི་མགུར་ནས་བཀའ་བསྩལ་པའོ། །དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། སེམས་ཙམ་ ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ། སྣང་བ་མེད་པ་ལ་བརྟེན་ནས། །སེམས་ ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་ བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་གསུངས་ 1-1-229 པ་ལྟར། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ ཙམ་དུ་ཤེས་ནས་ཕྱི་དོན་མེད་པར་གཏན་ལ་ཕབ། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་ གཏན་ལ་ཕབ་སྟེ། སེམས་ཙམ་གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་ བདེན་ཞེན་བཟློག་ནས་དངོས་སྨྲས་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་ སྤྲོས་བྲལ་རང་བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་ དོན་དམ་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས། བདེན་ མེད་སྤྲོས་བྲལ་གྱི་ཆ་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ཁམས་ མཐར་ཐུག་གི་ཆོས་ཉིད་འོད་གསལ་དབྱིངས་ཡེ་ཟུང་འཇུག་ངེས་པ་དོན་གྱི་ཐེག་པ་ཆེན་པོ་ ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་པའི་ཆོས་ཀྱི་མཛོད་ཆེན་པོ་འདི་ནམ་ཡང་མཐོང་ཚུལ་ མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་དོན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཉི་མ་ ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་བྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་ པའི་སྙིང་པོ་དགེ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་འགྱུར་ན་རབ་ཏུ་འབྱིན། །ཞེས་གསུངས་པ་ལྟར། ཉི་ཟླའི་རིགས་ཀྱི་ནོར་བུ་ལ་ཉི་ཟླའི་འོད་ཀྱིས་ཕོག་པས་རང་འོད་ ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་བརྟེན་ནས་རིགས་ཁམས་བདེ་གཤེགས་ སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་ཟག་མེད་ཡེ་ཤེས་ཀྱི་ཆོས་མཐའ་ཡས་པའི་སྐུ་དང་ ཞིང་ཁམས་ཀྱི་བཀོད་པ་རབ་འབྱམས་སྣང་བའི་ཆོས་ཀྱི་གཏེར་མཛོད་ཆེན་པོ་མངོན་དུ་གྱུར་ པའི་ཚུལ་འདི་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་ལེགས་པར་གྲུབ་ཕྱིར་ངེས་དོན་དབུ་མ་ ཆེན་པོའི་ཆོས་ཀྱི་ཁུངས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་འདི་གའོ། ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ་ནི། སྟོན་པས་ཆོས་འཁོར་གསུམ་པོ་བསྐོར་ཟིན་མི་ 1-1-230 རིང་བ་ན་ཐུན་མོང་ངོར་ཐེག་ཆེན་གྱི་སྡེ་སྣོད་རྣམས་ནི་ལྷ་ཀླུ་སོགས་ཀྱིས་རང་རང་གི་གནས་ སུ་སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་བཞུགས་ལ། ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་ དགེ་སྦྱོང་གི་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་འཕགས་ཚོགས་ཀྱི་འདུས་སྡེ་བསམ་གྱིས་ མིཁྱབ་པ་བྱུང་ཞིང༌། རྒྱལ་བ་མྱ་ངན་ལས་འདས་རྗེས་སུ་དང་པོ་དགྲ་བཅོམ་འོད་སྲུང་ཆེན་ པོས་ཐེག་དམན་གྱི་བཀའ་བསྡུ་དང་པོ་མཛད་པ་ནས་གཏད་རབས་གཉིས་པ་ཀུན་དགའ་བོ་ ལ་བསྟན་པ་གཏད་པ་ནས་བཟུང་སྟེ་རིམ་བཞིན། གསུམ་པ་ཤ་ནའི་གོས་ཅན་དང༌། བཞི་པ་ ཉེ་སྦས་དང༌། ལྔ་པ་དྷཱི་ཏི་ཀ་གསུམ་གྱིས་བསྟན་པ་བསྐྱངས་ཏེ་འཕགས་པ་དྷཱི་ཏི་ཀ་འདིའི་སྐུ་ དུས་ཞིག་ན་ཡུལ་ཡངས་པ་ཅན་པའི་དགེ་སློང་དག་གིས་མི་རུང་བའི་གཞི་བཅུ་སྤྱོད་བཞིན་ གཞི་དེ་དག་སྟོན་པའི་བསྟན་པ་ཡིན་པར་བསྒྲགས་སྐབས་དགྲ་བཅོམ་གྲགས་པ་སོགས་དགྲ་ བཅོམ་པ་བདུན་བརྒྱས་དེ་སུན་ཕྱུང་སྟེ་བཀའ་བསྡུ་གཉིས་པ་མཛད། དེ་ནས་གཏད་རབས་ དྲུག་པ་ནག་པོ་པ་དང༌། བདུན་པ་ལེགས་མཐོང་གཉིས་ཀྱིས་བསྟན་པ་རིམ་བཞིན་བསྐྱངས་ རྗེས་རིང་ཞིག་ལོན་སྐབས། ཡུལ་ཨོ་ཊི་བི་ཤའི་རྒྱལ་པོ་ཟླ་བ་སྲུང་གི་ཁྱིམ་དུ་འཇམ་དཔལ་གྱི་ སྤྲུལ་པའི་དགེ་སློང་གིས་ཐེག་ཆེན་གྱི་ཆོས་བསྟན། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་ བ་མདོ་ལུགས་པས་ཤེར་ཕྱིན་བརྒྱད་སྟོང་པ་དང༌། སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྡུས་ པ་ཡིན་ཟེར་ཏེ། འདི་སྐབས་སྔར་སྟོན་པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་ གཞན་ན་བཞུགས་པ་ལས་ཅི་རིགས་མི་ཡུལ་དུ་སླར་ཡང་དར་བའི་ཐོག་མ་ཡིན་གསུངས། འདིའི་སྔ་ཕྱི་ཅི་རིགས་སུ་དགེ་སློང་ལྷ་ཆེན་པོ་དང༌། བཟང་པོ་གཉིས་རིམ་པར་བྱུང་སྟེ། ལོག་ པའི་གཞི་ལྔ་སོགས་བསྒྲགས་ནས་བསྟན་པ་ལ་རྩོད་གཞི་བཞགདེ་རྗེས་སུ་ཀླུ་དང་ཡིད་བརྟན་ གཉིས་ཀྱང་རིམ་བཞིན་བྱུང་ནས་ལོག་པའི་རྗེས་སུ་ཞུགས་ཤིང་བསྟན་པ་དཀྲུགས་ཏེ་རྩོད་པ་ བྱུང་ནས་རིམ་བཞིན་ཐེག་དམན་གྱི་སྡེ་བཞི་དང་བཅོ་བརྒྱད་དུ་སོ་སོར་གྱེས་ཤིང་འབྲས་བུ་ 1-1-231 ཐོབ་པའང་ཤིན་ཏུ་ཉུང་བའི་སྐབས་སུ་དགྲ་བཅོམ་པ་དང༌། སྡེ་སྣོད་འཛིན་པའི་བཙུན་པ་དུ་ མས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ་ཉན་ཐོས་སྡེ་བཅོ་བརྒྱད་ཀྱི་ལུགས་བསྟན་ པ་རྣམ་དག་ཏུ་བསྒྲུབས་ཤིང༌། མདོ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཡི་གེར་ བཀོད། འཁོད་པ་རྣམས་ལ་དག་ཐེར་བྱས་སོ། །འདིའི་གོང་ཞིག་ཏུ་ཁ་ཆེའི་གནས་བརྟན་ འཁོར་དགེ་སློང་ལྔ་སྟོང་དང་བཅས་བྱོན་པའང་མདོ་སྡེ་བའི་ཐོག་མའོ། །ཐེག་དམན་བཀའ་ བསྡུ་གསུམ་པའི་འོག་ཞིག་ཏུ་སླར་ཡང་ཐེག་ཆེན་གྱི་ཆོས་སྨྲ་བའི་བཙུན་པ་ཨ་བི་ཏརྐ་སོགས་ ལྔ་བརྒྱ་ཙམ་བྱོན་ཏེ། གནས་སོ་སོ་ནས་མདོ་སྡེ་མང་པོ་སྤྱན་དྲངས་པའི་ཚུལ་གྱིས་སླར་ཡང་ དར་བར་མཛད་ཅིང༌། ཐེག་ཆེན་སྡེ་བ་དངོས་སྨྲའི་སེམས་ཙམ་ལུགས་ཀྱང་འདི་ནས་བྱུང༌། དེ་རྗེས་དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་དར་བར་མཛད། དེའི་འོག་ཏུ་སློབ་ དཔོན་ཀླུ་སྒྲུབ་བྱོན་ཏེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ནས་ ལོ་བཞི་བརྒྱ་ལོན་པ་ན་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་ལོ་དྲུག་བརྒྱར་བཞུགས་པར་གསུངས་ ཤིང༌། བཀའ་དང་པོའི་གཙོར་བསྟན་ཐུན་མོང་བདེན་པ་བཞིའི་དགོངས་པ་འཆད་བྱེད་གཏམ་ ཚོགས་དང༌། བཀའ་བར་བའི་གཙོར་བསྟན་དབུ་མ་རང་སྟོང་གི་དགོངས་པ་འཆད་བྱེད་ རིགས་ཚོགས་དང༌། བཀའ་ཐ་མའི་གཙོར་བསྟན་དབུ་མ་གཞན་སྟོང་གི་དགོངས་པ་འཆད་ བྱེད་བསྟོད་ཚོགས་རྣམས་བརྩམས་པའི་སྒོ་ནས་རྒྱལ་བའི་དགོངས་པ་མཐར་ཐུག་གཞན་སྟོང་ དབུ་མའི་ཚུལ་གསལ་བར་མཛད་དོ། །རྒྱལ་བའི་དགོངས་པ་མཐར་ཐུག་གི་ངེས་གསང་རྙེད་ ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་འབྱེད་པ་ལ་མཆོག་ཏུ་བསྔགས་པ་ངེས་དོན་དབུ་མ་ཆེན་ པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་ པ་ཡང་བྱོན་པ་སྟེ། འཇམ་དཔལ་རྩ་རྒྱུད་ལས། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ ན་འཕགས་པ་ཐོགས་མེད་བྱོན་ནས་ལོ་བརྒྱ་དང་ལྔ་བཅུར་བཞུགས་པར་གསུངས་པ་དང༌། 1-1-232 གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་ རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་ གྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་ བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ ཡིན། །ཞེས་ལུང་གིས་བསྔགས་པ་འཕགས་པ་ཐོགས་མེད་ནི། ཡི་དམ་སྤྱན་རས་གཟིགས་ ཀྱིས་རྗེས་སུ་བཟུང་བ་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་པའི་སྲས་སུ་གྱུར་པའི་སྐྱེས་བུ་ རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྡེའི་དོན་ཕལ་ཆེར་ཐུགས་སུ་ཆུད་པར་ བྱས་ནས་ཤེར་ཕྱིན་གྱི་དགོངས་དོན་རྟོགས་དཀའ་བར་དགོངས་ཏེ། དེའི་དོན་དུ་ལྷག་པའི་ ལྷ་ཞལ་མཐོང་ཆེད་སློབ་དཔོན་ཨརྷ་ཏ་ལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་དབང་བསྐུར་ བ་མནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ། །དེ་ནས་རི་བོ་བྱ་རྐང་ཅན་དུ་གྲགས་ པའི་ཕུག་ཅིག་ཏུ་ལོ་བཅུ་གཉིས་སུ་འཕགས་པ་བྱམས་པ་བསྒྲུབས་ཏེ་ཞལ་མཐོང་ནས་ཅི་ འདོད་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་ འཇུས་ཤིག་གསུངས་པ་ལྟར་འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབས་ནས་ལོ་ཉེར་ལྔར་ བཞུགས་ཏེ་ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན་ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ཚབ་བྱམས་པས་འཁོར་ལོ་ཐ་མའི་དགོངས་དོན་གཙོ་བོར་བྱས་ཏེ། ཐེག་ཆེན་ མདོ་སྡེ་སྤྱིའི་དགོངས་འགྲེལ། རྒྱུད་བླ་མ། འབྱེད་རྣམ་གཉིས། རྒྱན་རྣམ་གཉིས། བྱམས་ཆོས་ ལྔས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་གཞན་སྟོང་དབུ་མ་ 1-1-233 ཆེན་པོའི་ལྟ་སྒོམ་གྱི་ཚུལ་གསལ་བར་བྱས་ཏེ་སླར་མི་ཡུལ་དུ་བྱོན་ནས་བྱམས་ཆོས་དག་གི་ དགོངས་འགྲེལ་ས་སྡེ་ལྔ་སོགས་བསྟན་བཅོས་དུ་མ་བརྩམས་ཏེ་ངེས་དོན་གཞན་སྟོང་དབུ་ མའི་ཤིང་རྟའི་སྲོལ་རླབས་ཆེན་དར་བར་མཛད་དོ། ། སློབ་དཔོན་འདིའི་གཅུང་དབྱིག་གཉེན་ཡང་ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ་ཁོང་ གིས་ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་ཐུགས་སུ་ཆུད་པས་ཐེག་ཆེན་ལ་མི་མོས་ཀྱང༌། ཐོགས་ མེད་དངོས་སློབ་གཉིས་ཀྱིས་མདོ་སྡེ་བློ་གྲོས་མི་ཟད་པ་དང༌། ས་བཅུ་པ་གཉིས་གསུང་སྒྲོག་ བྱེད་པ་ཐོས་པའི་རྐྱེན་གྱིས་ཐེག་ཆེན་ལ་མོས་པའི་ཐུགས་བློ་གཏིང་ནས་བྱུང་སྟེ། འཕགས་པ་ མཆོག་གི་དྲུང་ནས་ཐེག་ཆེན་གྱི་ཆོས་ཚར་གཅིག་གསན་ཙམ་གྱིས་དགོངས་དོན་ཐུགས་སུ་ ཆུད་དེ་ཐེག་ཆེན་སྤྱི་དང་ཁྱད་པར་ངེས་དོན་ཟབ་མོའི་གནད་གསང་ལེགས་པར་བཀྲལ་བྱེད་ དུ། ཡུམ་གསུམ་གནོད་འཇོམས་སོགས་བསྟན་བཅོས་དུ་མ་མཛད། དེ་ནས་རིམ་པར་གངྒ་ མཻ་ཏྲཱིའི་ཞབས། ཨ་ཝ་དྷཱུ་ཏཱི་པ་ཆེན་པོ་དགའ་བ་གྲགས་པའི་དཔལ། ཁ་ཆེ་བ་འབྱུང་གནས་ ཞི་བའི་ཞབས། རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་སཛྫ་ན་ཞེས་བྱ་བའི་བར་གྱིས་འཁོར་ལོ་ ཐ་མའི་དགོངས་དོན་འཕགས་ཡུལ་དུ་དར་བར་མཛད་ཅིང༌། གངས་ལྗོངས་སུ་ཡང་གཟི་ལོ་ ཙཱ་བ་དགའ་བའི་རྡོ་རྗེ། བཙན་རིགས་ཁ་བོ་ཆེ་དྲི་མེད་ཤེས་རབ། ལ་སྟོད་པ་དར་མ་བརྩོན་ འགྲུས། དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཇད་སྟོན་སྐུ་མཆེད་ཟུང་བྱང་ཆུབ་སྐྱབས་ དང༌། གཞོན་ནུ་བྱང་ཆུབ། སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། བཅོམ་ལྡན་རིག་པའི་རལ་གྲི། སྐྱི་སྟོན་པ་སྟེ་ཀུན་མཁྱེན་ཇོ་ནང་པའི་བར་དུ་བརྒྱུད་པ་བར་མ་ཆད་ཅིང་ བརྒྱུད་ཚུལ་གཞན་ཡང་དུ་མའི་སྒོ་ནས་རྒྱུ་ཕར་ཕྱིན་ཐེག་པ་ལས་ངེས་དོན་ཟབ་མོའི་ ལུགས་བཟང་འཕགས་བོད་དུ་བྱུང་བའི་ཚུལ་མང་ངོ་། ། གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇི་ལྟར་གསུངས་ཚུལ་ 1-1-234 དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ་ནི། རྒྱུད་ལས། ཤིན་ཏུ་རྣམ་ དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །ཅེས་གསུངས་པ་ལྟར་སྔར་སྟོན་པས་ ཕར་ཕྱིན་ཐེག་པར་ངེས་དོན་ཆོས་ཉིད་བདེ་གཤེགས་སྙིང་པོ་གནས་ལུགས་མཐར་ཐུག་ཏུ་ བསྟན་པ་ཉིད་འདིར་གསང་ཆེན་བླ་མེད་ཐེག་པའི་སྐབས་སུ་ཤིན་ཏུ་རྣམ་པར་དག་པའི་ཆོས་ ཉིད་གདོད་མ་ནས་གྲོལ་བ་ཆེན་པོ་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོ་དོན་དམ་པའི་རྣམ་ པ་ཀུན་གྱི་བདག་ཉིད་ཅན། ཞེས་པའི་མཚན་གྱིས་གཞིའི་ཆོས་ཉིད་གཤེགས་སྙིང་དུ་ལེགས་ པར་བསྟན་པའང་སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་ཡིན་ལ། དེ་ཉིད་བདེ་སྟོང་ཟུང་ འཇུག་གི་ངོ་བོར་མངོན་དུ་བྱེད་པའི་ཐབས་དྲུག་ལྡན་རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་ དུ་བསྣུན་པའི་ཐབས་ཁྱད་པར་ཅན་གསང་ཆེན་བླ་མེད་ཀྱི་ཆོས་ཀྱི་མཛོད་ཆེན་པོ་སྟོན་པ་ཉིད་ ཆོས་དབྱིངས་གསུང་གི་དབང་ཕྱུག་སོགས་ཀྱི་སྐུའི་རྣམ་པར་གནས་འགྱུར་ཏེ་ཐུན་མོང་མ་ ཡིན་པའི་སྔགས་ཀྱི་གདུལ་བྱ་མཆོག་རྣམས་ལ་བླ་མེད་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་ གསང་སྔགས་ཀྱི་ཉེ་ལམ་རང་རེའི་མེ་ཏོག་ལྷ་བབས་ཀྱི་ཆོས་སྐལ་འདིའི་ཚུལ་ཡང༌། འཇམ་ དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་སྐུ་ སྟེ་རང་བྱུང་བ། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་གསུངས་པའི་དགོངས་པ་དང་གཅིག་པར། དུས་འཁོར་རྩ་རྒྱུད་ལས། ཕྱག་རྒྱ་ཆེན་ པོ་མི་འགྱུར་བདེ། །འགྱུར་བ་མེད་ལས་འཁྲུངས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་འདུད། །ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཞེས་གསུངས་པས་མདོ་དོན་མཐར་ཐུག་གནས་ལུགས་ བདེ་གཤེགས་སྙིང་པོ་གང་དེ་སྔགས་བླ་མེད་ཀྱི་སྐབས་འདིར་མཆོག་གི་དང་པོའི་སངས་ རྒྱས་འདུས་མ་བྱས་པ་རང་བྱུང་ཡེ་ཤེས་ཀྱི་སྐུ་གསུམ་མམ་ལྔའི་བདག་ཉིད་ཅན་ཕྱག་རྒྱ་ཆེན་ 1-1-235 པོ་མི་འགྱུར་བདེ་བ་མཆོག་གི་རང་བཞིན་ཀུན་མཁྱེན་ཡེ་ཤེས་ཀྱི་སྐུ་དུས་ཀྱི་འཁོར་ལོ་གཞི་ འབྲས་དབྱེར་མེད་ཀྱི་ངོ་བོ་འདི་ཀ་རང་སྟེ། དེ་ཉིད་རིམ་གཉིས་ལམ་གྱིས་མངོན་དུ་བྱ་བའི་ ཚུལ་ནི། དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་ བསྟན། །ཞེས་གསུངས་པ་ལྟར་སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་ཕུང་རིར་ཤེར་ ཕྱིན་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་བ་སྔགས་ཀྱི་ཆོས་ཐུན་ མིན་ངོར་གསུངས་པ་ཡང༌། བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ ཆེན་པོར་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། །ཅེས་ པ་ལྟར་རོ། ། དེ་ཡང་སྟོན་པ་ཤཱཀྱའི་རྒྱལ་པོས་སངས་རྒྱས་ཚུལ་བསྟན་པའི་ཕྱི་ལོ་ནག་པ་ཟླ་བའི་ཉ་ལ། འཕགས་ཡུལ་གྱི་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱི་འམ་ཕལ་སྐད་ལ་ཨསྟུ་ཀ་ཡ་ ཟེར་བའི་གླིང་ཕྲན་དུ་གྲོང་ཁྱེར་དཔལ་ཡོན་ཅན་ཞེས་ཤིན་ཏུ་རྒྱ་ཆེ་བའི་འགྲམ་ན་སྔོན་གྱི་ སངས་རྒྱས་གསེར་ཐུབ་དང་འོད་སྲུང་གང་རུང་ཞིག་གི་དུས་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ལྷ་ ཆེན་རྣམས་ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱིལས་དང་པོ་པའི་ཐོས་ བསམ་བྱེད་ལུགས་བཤད་པ་མཆོད་རྟེན་ཆེན་མོར་གཤེགས། དེ་ཚེ་འཁོར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང༌། ལྷ་ཆེན་བཅུ་གཉིས་ལ་ སོགས་པ་ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་གྲངས་མེད་པ་འདུས། ཆུ་བོ་སཱི་ཏའི་བྱང་ ཕྱོགས་ཀྱི་སྔགས་ཞིང་བྱང་ཤམྦྷ་ལའི་རྒྱལ་པོ་ཤཱཀྱའི་རིགས་ཉི་མའི་འོད་ཀྱི་སྲས་རྒྱལ་སྲིད་ བསྐྱངས་ནས་ལོ་གོ་དགུ་བཞེས་པ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཆོས་རྒྱལ་ཟླ་བ་བཟང་པོ་ལ་གྲོང་ བྱེ་བ་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པས་བསྐོར་བ་དང་བཅས་ཏེ་ 1-1-236 རྫུ་འཕྲུལ་གྱིས་དྷ་ན་ཤྲཱིའི་གླིང་དུ་འོངས་ཏེ། ཟླ་བ་བཟང་པོས་ཞུས་པའི་ངོར་མཆོད་རྟེན་གྱི་ བུམ་པའི་ནང་དུ་འོག་ཏུ་ཆོས་དབྱིངས་གསུང་གི་དཀྱིལ་འཁོར་དང༌། བར་དུ་རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་དེའི་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་མངོན་པར་སྤྲུལ་ཏེ། འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་ནས་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པའི་ སྣོད་རུང་དུ་མཛད་དེ། རྗེས་སྔགས་ཀྱི་སྡེབ་སྦྱོར་གྱི་སྒོ་ནས་དང་པོའི་སངས་རྒྱས་དཔལ་དུས་ ཀྱི་འཁོར་ལོའི་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་གསུངས། གཞན་ཡང་གསང་བ་འདུས་པའི་ རྒྱུད་སྟོང་ཕྲག་ཉེར་ལྔ་པ། རྒྱུ་འཕྲུལ་དྲྭ་བ་སྟོང་ཕྲག་བཅུ་དྲུག་པ། གདན་བཞིའི་རྩ་རྒྱུད་སྟོང་ ཕྲག་བཅུ་གཉིས་པ། སངས་རྒྱས་ཐོད་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ། མ་ཧཱ་མཱ་ཡའི་རྩ་ རྒྱུད་སྟོང་ཕྲག་བཅུ་དྲུག་པ། རྣལ་འབྱོར་རིག་པའི་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་དྲུག་པ། བདེ་ མཆོག་མངོན་བརྗོད་འབུམ་པ། ཀྱཻ་རྡོར་འབུམ་ཕྲག་ལྔ་པ། རྡོ་རྗེ་བདུད་རྩིའི་རྒྱུད་སྟོང་ཕྲག་ བཅུ་གཉིས་པ་དང༌། བླ་མེད་ཀྱི་རྒྱུད་རྣམས་མདུན་ཞལ་ཐུགས་རྡོ་རྗེ་དང༌། ཞལ་ལྷག་མ་ གསུམ་ལས་རྒྱུད་སྡེ་འོག་མ་རྣམས་དང༌། རྒྱུད་མཐའ་དག་ཡང་བསྐྱར་དུ་གསུངས་ནས་ཟླ་བ་ བཟང་པོ་ལ་གཏད། དེ་དུས་མི་དང་མི་མ་ཡིན་གྲངས་ལས་འདས་པ་ལ་འདོད་པའི་དངོས་ གྲུབ་ཐོབ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་ནི། ཟླ་བ་བཟང་པོས་རྒྱུད་མཐའ་དག་ ཤམྦྷ་ལར་སྤྱན་དྲངས་ཏེ་ཡི་གེར་བྲིས། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལ་འགྲེལ་བཤད་ སྟོང་ཕྲག་དྲུག་ཅུ་པ་མཛད། རྩ་རྒྱུད་གསུངས་པའི་ལོ་གཉིས་པ་ལ་མཱ་ལ་ཡའི་སྐྱེད་མོས་ཚལ་ དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ལས་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་དཀྱིལ་ འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས་ཏེ། ཁོང་གི་སྲས་སའི་སྙིང་པོའི་སྤྲུལ་པ་ཆོས་རྒྱལ་ ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་ཚུལ་ བསྟན། ཆོས་རྒྱལ་ལྷ་དབང་གི་རྗེས་སུ་རིམ་བཞིན། གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་ཆོས་ 1-1-237 རྒྱལ་གཟི་བརྗིད་ཅན། སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཟླ་བའི་བྱིན། ཁྲོ་བོ་རྨུགས་བྱེད་ཀྱི་སྤྲུལ་ པ་ལྷའི་དབང་ཕྱུགཁེངས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས། ནམ་མཁའི་སྙིང་པོའི་སྤྲུལ་པ་ ལྷའི་དབང་ལྡན། ཆོས་རྒྱལ་ལྷ་དབང་ནས་འདིའི་བར་གྱི་ཆོས་རྒྱལ་དྲུག་བྱོན་ཏེ། ལོ་བརྒྱད་ བརྒྱའི་ལས་དང་པོ་པའི་ཐོས་བསམ་བྱེད་ལུགས་བཤད་པ། བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་ བཅས་པ་བསྟན། དེའི་རྗེས་སུ་ལྷའི་དབང་ལྡན་གྱི་སྲས་རིགས་ལྡན་དང་པོ་འཇམ་དཔལ་གྱི་ རྣམ་འཕྲུལ་རྒྱལ་པོ་གྲགས་པས་ལོ་བརྒྱར་ཆོས་བསྟན་པ་འདི་ཡང་རྩ་རྒྱུད་ལས། ལོ་འདི་ནས་ ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་བྱུང༌། །དེ་ནས་ ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུག །དེ་ཡི་ དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིག་པར་བྱ། །མཐའ་ དག་ས་གཞི་ལ་ནི་གྲུབ་པའི་མཐའ་རྣམས་རྣམ་པར་ཉམས་པ་དུས་ཀྱི་སྦྱོར་བ་ལ་འབྱུང་ འགྱུར། །ཞེས་ལུང་བསྟན་པ་བཞིན་རྒྱལ་པོ་གྲགས་པས་དགུང་ལོ་བརྒྱ་པའི་དུས་སུ་ཤམྦྷ་ ལའི་ཡུལ་དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ཀྱི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་ བཞི་རྣམས་སྔགས་ཀྱི་སྐལ་པ་ལྡན་ཞིང་འདུལ་བའི་དུས་ལ་བབས་པར་གཟིགས། དེ་རྣམས་ མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་རྒྱུད་ལས་ཀླ་ཀློའི་ཆོས་འབྱུང་བར་ཡང་མཁྱེན། དེ་ རྣམས་གསང་བ་སྔགས་ཀྱི་ལམ་ལ་བཅུག་ན་ཡུལ་དགུ་བཅུ་རྩ་དྲུག་གི་མི་རྣམས་སྔགས་ལམ་ ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་བཏུལ་བ་ཡང་བརྡེགས་ཤིང་བསྐྲད་ན་ཐུལ་བར་ མཁྱེན་ཏེ། དབོའི་ཉ་ལ་མཱ་ལ་ཡའི་སྐྱེད་ཚལ་གྱི་དཀྱིལ་འཁོར་ཁང་པ་ཕྱི་མའི་ནང་དུ་ཉི་མའི་ ཤིང་རྟ་ལ་སོགས་པ་ཡུལ་གོ་དྲུག་གི་དྲང་སྲོང་ཐམས་ཅད་བོས་ཏེ། ཟླ་བ་ཕྱི་མ་ནག་པའི་ཉ་ལ་ ཁྱེད་རྣམས་ལ་གྲགས་པ་བདག་གིས་རྡོ་རྗེ་ཐེག་པ་བསྟན་པ་ཡིན་པས་ན། ཉི་མའི་ཤིང་རྟ་ལ་ ཁྱོད་ཀྱིས་འགྲོ་བ་དེ་དག་གི་སྤྱོད་པ་ཐ་དད་པ་དག་སོ་སོར་བདག་ལ་བསྟན་པར་གྱིས་ཞེས་ 1-1-238 དྲིས་པ་ན། དྲང་སྲོང་ཐམས་ཅད་ཀྱིས་གསུང་དེ་ཐོས་ནས་དེ་ལ་དཔྱད་པ་ན་ཁ་ཅིག་གིས་ཐོད་ པའི་ནང་དུ་ཟ་བ་དང༌། ཁ་ཅིག་གིས་བ་ལང་གི་ཤ་ཟ་བ་སོགས་རང་རང་གི་སྤྱོད་པ་སོགས་མི་ འདྲ་བ་རྣམས་དོར་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ནས་སྤྱོད་པ་འདྲ་བ་ཅིག་བྱེད་དགོས་པ་དེ་བློ་ ལ་མ་འཐད་པས་དྲང་སྲོང་ཐམས་ཅད་ཀྱང་འགྱེལ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་གྲགས་པས་ དྲང་སྲོང་རྣམས་རྡོ་རྗེ་ཐེག་པ་ལ་འཇུག་པ་མི་འཐད་པར་གཟིགས་ནས་ཁྱེད་རྣམས་བདག་ གིས་དཀྱིལ་འཁོར་འདིར་བཅུག་ནས་དུས་ཀྱི་འཁོར་ལོའི་དབང་སྦྱིན་པར་བྱའོ། །གལ་ཏེ་ བདག་གི་བཀའ་མི་བྱེད་ན་གྲོང་བྱེ་བ་དགུ་བཅུ་རྩ་དྲུག་ཏུ་མ་འདུག་པར་གཞན་དུ་སོང་ཞིགདེ་ ལྟར་མ་བྱས་ན་འདི་ནས་ལོ་བརྒྱད་བརྒྱ་འདས་པའི་ཚེ་ཁྱེད་ཅག་གི་བུ་དང་ཚ་བོ་སོགས་ལས་ ཀླ་ཀློའི་ཆོས་དར་བར་བྱེད་དོ། །ཞེས་རྒྱལ་བའི་བཀའ་བྱུང་བ་དེ་དྲང་སྲོང་རྣམས་ཀྱི་མགོ་བོར་ ཐོག་ལྷུང་བ་ལྟར་གྱུར་ཏེ། དྲང་སྲོང་རྣམས་ཀྱིས་ཉི་མའི་ཤིང་རྟ་ལ་སྨྲས་པ། ཁྱེད་ཀྱིས་མིའི་ དབང་པོ་གྲགས་པ་ལ་བདག་ཅག་རྡོ་རྗེ་ཐེག་པ་ལ་ནི་མི་འཇུགབདག་ཅག་འཕགས་ཡུལ་དུ་ འགྲོ་བས་ཆོག་ཅེས་ཞུས་ཤིགཅེས་བསྐུལ་བ་ལྟར། ཉི་མའི་ཤིང་རྟས་རྒྱལ་པོ་ལ་དེ་ལྟར་ཞུས་ པ་ན། རྒྱལ་པོས་ཁྱེད་རྣམས་ཤམྦྷ་ལའི་ཡུལ་ནས་མྱུར་དུ་སོང་ཞིགཁྱེད་རྣམས་སོང་ཤུལ་དུ་ གྲོང་བྱེ་བ་དགུ་བཅུ་རྩ་དྲུག་གི་མི་རྣམས་ལ་ཡང་དག་པའི་ལམ་ཐོབ་པར་འགྱུར་རོ། །ཞེས་ བཀའ་དྲག་པོས་བསྐྲད་དེ་དྲང་སྲོང་རྣམས་ཀ་ལཱ་པའི་གྲོང་ནས་ཕྱུང་སྟེ། ལྷོ་ཕྱོགས་སུ་ཞག་ བཅུའི་བར་དུ་སོང་སྟེ་ཞག་བཅུ་པའི་དུས་སུ་ནགས་ཚལ་ཆེན་པོར་ཕྱིན་ཚེ། ཐམས་ཅད་གཉིད་ འཐུག་པོས་ནོན་པར་བྱིན་གྱིས་བརླབས་ནས། མི་མ་ཡིན་རྣམས་ལ་བཀའ་བསྒོས་པས་མི་མ་ ཡིན་རྣམས་ཀྱིས་དྲང་སྲོང་རྣམས་གཉིད་མ་སད་པར་ཁྱེར་འོངས་ཏེ། མ་ལཱ་ཡའི་སྐྱེད་མོས་ ཚལ་གྱི་དཀྱིལ་འཁོར་གྱི་དྲུང་དུ་ཕྱིན་པ་ན་གཉིད་སད་པ་ནས་རྒྱལ་པོ་གྲགས་པ་དང༌། དཀྱིལ་ འཁོར་དང༌། མ་ལཱ་ཡའི་སྐྱེད་ཚལ་རྣམས་མཐོང་བས་ངོ་མཚར་ཏེ། བདག་ཅག་སུ་ཞིག་གིས་ 1-1-239 ཁྱེར་འོང་ཞེས་སྨྲས། སྨྲས་པའི་ཚིག་དེ་རྒྱལ་པོའི་བློན་པོ་རྒྱ་མཚོ་བློ་གྲོས་ཀྱིས་ཐོས་ནས། དྲང་ སྲོང་རྣམས་ལ་སྨྲས་པ་ཉི་མའི་ཤིང་རྟ་སོགས་དྲང་སྲོང་ཁྱེད་རྣམས་དེ་ལ་ཡ་མཚན་པར་མ་ བྱེད། རྒྱལ་པོ་གྲགས་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་ཁྱེད་རྣམས་རྗེས་སུ་བཟུང་བའི་ དོན་དུ་སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་པས་ཁྱེད་རྣམས་ཀྱིས་རྒྱལ་པོ་ལ་དུས་ཀྱི་འཁོར་ལོའི་ དབང་བསྐུར་བར་གསོལ་བ་ཐོབ་ཅིག་ཅེས་སྨྲས་པས་དྲང་སྲོང་རྣམས་རྡོ་རྗེ་ཐེག་པའི་ཆོས་ལ་ མོས་པ་སད་དེ། ཚངས་པའི་དྲང་སྲོང་རྣམས་དང་བཅས་ཏེ་ཉི་མའི་ཤིང་རྟས་རིན་པོ་ཆེའི་ མཎྜལ་ཕུལ། གུས་པས་ཕྱག་འཚལ་ཏེ། མི་ཡི་དབང་པོ་གྲགས་པ་ལ་མཚམས་མེད་པ་ལྔ་བྱེད་ པའང་ཚེ་གཅིག་ནས་ཕྱག་རྒྱ་ཆེན་པོ་ཐོབ་པར་བྱེད་པ་དང་པོའི་སངས་རྒྱས་དེ་བདག་ཅག་ལ་ བསྟན་དུ་གསོལ་རྩ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་དེ་ཉུང་ངུའི་ཚིག་གིས་བསྡུས་ནས་ བདག་ཅག་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས་མི་བདག་གྲགས་པས་ ནག་པའི་ཉ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཚངས་པའི་དྲང་སྲོང་རྣམས་ལ་དང་པོའི་སངས་ རྒྱས་ཀྱི་དབང་བསྐུར་ཏེ། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་འཁོར་ལོའི་བསྡུས་པའི་ རྒྱུད་ཀྱི་རྒྱལ་པོ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱིས་ཤོ་ལོ་ཀ་སྟོང་དང་སུམ་ཅུ་པ་གསུངས་ཏེ་བསྟན། ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེ་ལྟར་ཆོས་རྒྱལ་ཟླ་བ་བཟང་པོ་ནས་ལྷའི་དབང་ལྡན་གྱི་བར་གྱི་ཆོས་རྒྱལ་བདུན་དང༌། ཉི་ མའི་འོད་དང་བཅས་པའི་ཆོས་རྒྱལ་བརྒྱད་ནི། ཁོར་ཡུག་ཆེན་པོ་གོ་དྲུག་ཏུ་གནས་པའི་མི་ རྣམས་ལ་ཚངས་པ་མཆོད་སྦྱིན་ཆོས་སུ་འཛིན་པ་དང༌། ངེས་བརྗོད་ཆོས་སུ་འཛིན་པའི་རིགས་ ཅན་སོགས་ཕྱི་རོལ་པའི་གྲུབ་མཐའ་འཛིན་པ་རིགས་བཞི་དང༌། རྡོ་རྗེ་ཐེག་པའི་རིགས་ འཛིན་པ་སོགས་རིགས་མི་འདྲ་བའི་འཁོར་དང་ལྡན་པ་ཡིན་པས་ཆོས་རྒྱལ་ཡིན་ཡང་རིགས་ ལྡན་གྱི་མིང་མ་ཐོགས། མི་བདག་གྲགས་པས་ཚངས་པའི་རིགས་བཞི་ཀ་བཅོམ་ནས་ཐམས་ 1-1-240 ཅད་རྡོ་རྗེའི་ཐེག་པའི་རིགས་ཅན་གཅིག་ཏུ་མཛད་པས་ཐམས་ཅད་རིགས་གཅིག་པར་ལྡན་ པས་རིགས་ལྡན་དང་པོའི་མཚན་ཐོགས། འདི་ནས་བཟུང་སྟེ་དྲག་པོ་འཁོར་ལོ་ཅན་བར་ཉེར་ ལྔ་དང༌། དྲག་པོའི་སྲས་ཚངས་པ་དང༌། ལྷ་དབང་གཉིས། ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་ སོགས་པའི་ས་དུམ་བུར་སྐྱོང་བ་བརྒྱད་བྱོན་པ་ཐམས་ཅད་ཀྱང་རིགས་ལྡན་གྱི་རྒྱལ་པོ་ཡིན་ ནོ། །མི་བདག་གྲགས་པའི་རྗེས་སུ་དེའི་སྲས་རིགས་ལྡན་གཉིས་པ་སྤྱན་རས་གཟིགས་ཀྱི་ རྣམ་འཕྲུལ་པདྨ་དཀར་པོ་ཡང་རྩ་རྒྱུད་ལས། སེམས་ཅན་ཀུན་དོན་མཛད་པ་པོ་ཡི་མཆོག་གི་ ཐུགས་རྗེ་དག་གིས་རྒྱུད་ཀྱིས་དོན་ནི་བསྟན་མཛད་ནས། །སྲས་པོ་པདྨ་དཀར་པོ་རབ་མཆོག་ ཡོན་ཏན་དག་གི་གཏེར་ལ་གནང་བ་བསྩལ་བ་ངེས་པར་ནི། །དང་པོར་ཁྱེད་ཀྱིས་རྒྱུད་ཀྱི་ རྒྱལ་པོ་མཐའ་དག་མ་ཚང་མེད་པ་གླེགས་བམ་དག་ལ་གནས་པ་དང༌། །དེ་ནས་རང་གི་ འདོད་པས་འགྲེལ་བཤད་བྱས་ནས་གཞན་གྱི་གནས་སུ་བགྲོད་པར་བྱའོ་འཇིག་རྟེན་གཉེན། །ཞེས་ལུང་བསྟན་པ་ལྟར་བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མེད་འོད་ཅེས་བྱ་བ་སྟོང་ཕྲག་ བཅུ་གཉིས་པ་མཛད། དེ་ནས་རིགས་ལྡན་གསུམ་པ་གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རིགས་ ལྡན་བཟང་པོ་དང༌། རིགས་ལྡན་བཞི་པ་ས་སྙིང་གི་སྤྲུལ་པ་རྣམ་རྒྱལ་དང༌། རིགས་ལྡན་ལྔ་པ་ རྨུགས་བྱེད་ཀྱི་སྤྲུལ་པ་བཤེས་གཉེན་བཟང་པོ་དང༌། རིགས་ལྡན་དྲུག་པ་སྒྲིབ་སེལ་གྱི་སྤྲུལ་ པ་རིན་པོ་ཆེ་ཕྱག་དང༌། རིགས་ལྡན་བདུན་པ་ཁེངས་བྱེད་ཀྱི་སྤྲུལ་པ་ཁྱབ་འཇུག་སྦས་པ་ དང༌། བརྒྱད་པ་ནམ་སྙིང་གི་སྤྲུལ་པ་ཉི་མ་གྲགས་དང༌། དགུ་པ་བགེགས་དགྲའི་སྤྲུལ་པ་ཤིན་ ཏུ་བཟང་པོ་དང༌། བཅུ་པ་ཕྱག་ན་རྡོ་རྗེའི་སྤྲུལ་པ་རྒྱ་མཚོ་རྣམ་རྒྱལ་དང༌། བཅུ་གཅིག་པ་ གཤིན་རྗེ་མཐར་བྱེད་ཀྱི་སྤྲུལ་པ་རྒྱལ་དཀའ་དང༌། བཅུ་གཉིས་པ་སའི་སྙིང་པོའི་སྤྲུལ་པ་ཉི་ མ་དང༌། བཅུ་གསུམ་པ་རྨུགས་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་གཟུགས་དང༌། བཅུ་བཞི་པ་སྒྲིབ་ སེལ་གྱི་སྤྲུལ་པ་ཟླ་བའི་འོད་དང༌། བཅོ་ལྔ་པ་ཁེངས་བྱེད་ཀྱི་སྤྲུལ་པ་མཐའ་ཡས་དང༌། བཅུ་ 1-1-241 དྲུག་པ་ནམ་སྙིང་གི་སྤྲུལ་པ་ས་སྐྱོང་དང༌། བཅུ་བདུན་པ་བགེགས་དགྲའི་སྤྲུལ་པ་དཔལ་སྐྱོང་ དང༌། བཅོ་བརྒྱད་པ་ཕྱག་རྡོར་གྱི་སྤྲུལ་པ་སེང་གེ་དང༌། བཅུ་དགུ་པ་གཤིན་རྗེ་མཐར་བྱེད་ཀྱི་ སྤྲུལ་པ་རྣམ་པར་གནོན་དང༌། ཉི་ཤུ་པ་ས་སྙིང་གི་སྤྲུལ་པ་སྟོབས་པོ་ཆེ་དང༌། ཉེར་གཅིག་པ་ རྨུགས་བྱེད་ཀྱི་སྤྲུལ་པ་མ་འགགས་པ་དང༌། ཉེར་གཉིས་པ་སྒྲིབ་སེལ་གྱི་སྤྲུལ་པ་མིའི་སེང་གེ་ དང༌། ཉེར་གསུམ་པ་ནམ་སྙིང་གི་སྤྲུལ་པ་དབང་ཕྱུག་ཆེན་པོ་དང༌། ཉེར་བཞི་པ་ཕྱག་ན་རྡོ་ རྗེའི་སྤྲུལ་པ་མཐའ་ཡས་རྣམ་རྒྱལ་དང༌། རིགས་ལྡན་ཉེར་ལྔ་པ་འཇམ་དཔལ་གྱི་རྣམ་འཕྲུལ་ དྲག་པོ་འཁོར་ལོ་ཅན་རྣམས་རིམ་པ་བཞིན་སྔ་མ་སྔ་མའི་སྲས་སུ་བྱུང་སྟེ། ཆོས་རྒྱལ་ལྷ་དབང་ ནས་དྲག་པོའི་བར་གྱི་ཆོས་རྒྱལ་རིགས་ལྡན་སོ་གཅིག་ལས་རྒྱ་མཚོ་རྣམ་རྒྱལ་དང་རྒྱལ་ དཀའ་གཉིས་ལས་གཞན་ཉེར་དགུ་ནི་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་ལ་རྒྱལ་སྲིད་དུ་ལོ་ བརྒྱ་ཕྲག་རེ་བཞུགས་པར་མཉམ་པ་ཡིན་ལ། རྒྱ་མཚོ་རྣམ་རྒྱལ་ལོ་བརྒྱ་དང་གྱ་གཉིས། རྒྱལ་ དཀས་ལོ་གྲངས་ཉིས་བརྒྱ་དང་ཉེར་གཅིག་ལ་རྒྱལ་སྲིད་བསྐྱངས། དེ་ལས་རིགས་ལྡན་ བདུན་པ་ཁྱབ་འཇུག་སྦས་པ་ནི་རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན། རྡོ་རིང་བཙུགས། ཟླ་བ་ གསུམ་དུ་གསང་སྔགས་ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་འོད་ འབྱིན་པ་སོགས་ཆོ་འཕྲུལ་མང་དུ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་སོགས་མཛད་དེ། ནམ་ མཁའ་ནས་ཕྱིར་གཤེགས་སོ། །རིགས་ལྡན་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱིས་རང་གི་ལོ་ བརྒྱ་པའི་དུས་སུ་སྤྲུལ་པའི་དམག་ཚོགས་ཀྱིས་ཀླ་ཀློའི་སྤྲུལ་པ་རྣམས་བསད་པའི་ཚུལ་ བསྟན། རང་རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་བྱས་ཏེ་ཀླ་ཀློ་ཐམས་ཅད་བཅོམ་སྟེ། དུས་ཀྱི་ འཁོར་ལོའི་ཐེག་པ་ལ་བཀོད་ནས་མཐར་སྤྲུལ་པ་བསྡུ་བར་འགྱུར་རོ། །འཁོར་ལོ་ཅན་གྱི་ སྲས་ཚངས་པ་དང་ལྷ་དབང་གཉིས་ལས་ཚངས་པས་ལོ་སྟོང་དུ་ས་དུམ་བུ་བཅུ་གཉིས་སྐྱོང་ ཞིང༌། དེ་ནས་ལྷ་དབང་གི་རྒྱུད་ལ་འོད་སྲུང་ལ་སོགས་པ་ས་དུམ་བུ་ཅི་རིགས་པ་སྐྱོང་པའི་ 1-1-242 རིགས་ལྡན་བརྒྱད་ཀྱིས་ཀྱང་ལོ་བརྒྱད་བརྒྱའི་བར་དུ། དུས་ཀྱི་འཁོར་ལོར་སྟོན་པར་མཛད་ དོ། །དེ་ལས་རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའི་དུས་སུ་རྒྱ་གར་འཕགས་པའི་ཡུལ་དུ་ དུས་ཀྱི་འཁོར་ལོ་དར་བ་ཡིན་ཏེ། དེ་ཡང་པཎ་ཆེན་ཟླ་མགོན་ལུགས་ལྟར་འཕགས་ཡུལ་དུ་ གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་སྲས་དུས་ཞབས་པ་ཆེན་པོ་མཉྫུ་བཛྲ། རང་གི་ཡི་ དམ་གྱིས་ལུང་བསྟན་པ་བཞིན་བྱང་ཕྱོགས་སུ་གཤེགས་པའི་ལམ་དུ་རིགས་ལྡན་གྱི་སྤྲུལ་པ་ དང་མཇལ། སྤྲུལ་པ་དེས་དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་ཏུ་བསྒོམས་པས་ རྫུ་འཕྲུལ་ཐོབ་སྟེ། ཤམྦྷ་ལར་བྱོན། རིགས་ལྡན་རྒྱལ་དཀའ་དངོས་དང་མཇལ། རིགས་ལྡན་ དེ་ལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་པོ་དང༌། སེམས་འགྲེལ་སྐོར་གསུམ་སོགས་ཞུས་ ནས། འགའ་ཞིག་ཐུགས་ལ་བཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་སླར་འཕགས་ ཡུལ་དུ་བྱོན། དེས་དུས་ཞབས་པ་ཆུང་བ་ཤྲཱི་བྷ་དྲ་ལ་གནང༌། དེ་ནས་རིམ་བཞིན་རང་གི་སྲས་ ནཱ་ལེནྡྲ་པ་མཚན་དངོས་བོ་དྷི་བྷ་དྲ་དང༌། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་དང༌། བླ་མ་ལྷ་རྗེ་ སྒོམ་པ་མཚན་དངོས་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་པ་མི་ བསྐྱོད་རྡོ་རྗེ། སྲས་མཆོག་དྷརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་ལྷ་རྗེ་ཇོ་འབུམ། སེ་མོ་ཆེ་བ་ནམ་མཁའི་རྒྱལ་མཚན། འཇམ་གསར་བ་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་ སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་ བཙུན་ཡོན་ཏན་རྒྱ་མཚོ་དང༌། ཐམས་ཅད་མཁྱེན་པ་ཇོ་ནང་པ་ཆེན་པོ་ཆོས་ཀྱི་རྗེ་ཤེས་རབ་ རྒྱལ་མཚན་ཏེ། མཁས་གྲུབ་ཀྱི་སྐྱེས་བུ་ཆེན་པོ་འདིས་མདོ་སྔགས་ཀྱི་ཆོས་མ་ལུས་པ་ཐམས་ ཅད་མ་འདྲེས་པར་ཐུགས་སུ་ཆུད་སངས་རྒྱས་ཀྱི་བསྟན་པ་ལ་འཆད་ཉན་རྩོད་གསུམ་དང་ ཐོས་བསམ་སྒོམ་གསུམ་བྱས་ཏེ། མདོ་སྔགས་ཀྱི་ངེས་དོན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་ གྲུབ་ཀྱིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད། ཁྱད་པར་རིགས་ལྡན་པདྨ་དཀར་པོ་བྱང་ 1-1-243 ཕྱོགས་ཁ་བ་ཅན་གྱི་ཡུལ་འདིར་དུས་ཀྱི་འཁོར་ལོའི་བསྟན་པ་མ་ནོར་བར་ཚུལ་བཞིན་དུ་ སྟོན་ཅིང་སྤེལ་བའི་ཕྱིར་དུ་དངོས་སུ་བྱོན་པ་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་ཡིན་པས་རྒྱལ་བའི་དགོངས་པ་ཇི་ ལྟ་བ་བཞིན་དུ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་བཤད་པ་ལན་གྲངས་དུ་མར་མཛད། བསྐྱེད་རིམ་ གྱི་མངོན་རྟོགས་དང༌། རྫོགས་རིམ་གྱི་ཁྱད་པར་དང༌། སློབ་དཔོན་དང་སློབ་མའི་དབང་གི་ ཁྱད་པར་ལ་སོགས་པ་རྒྱུད་ལས་བསྟན་པ་རྣམས་རྒྱ་བོད་ཀྱི་མཁས་པ་དག་གིས་མ་ཁྲོལ་བ་ ཐམས་ཅད་ཚུལ་བཞིན་དུ་གསལ་བར་མཛད་པ་སོགས་དུས་ཀྱི་འཁོར་ལོའི་ཤིང་རྟའི་སྲོལ་ འབྱེད་ཆེན་པོ་ཁོང་ཉིད་གཅིག་ཏུ་ངེས་པའོ། །ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ནས། ཆོས་རྗེ་ ཕྱོགས་རྒྱལ་བ། ཉ་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་ དཀོན་མཆོག་བཟང་པོ། མཁས་གྲུབ་ནམ་མཁའ་ཆོས་སྐྱོང༌། པཎ་ཆེན་ནམ་མཁའ་དཔལ་ བཟང༌། ལོ་ཆེན་རཏྣ་བྷ་དྲ། རྗེ་བཙུན་ཀུན་དགའ་གྲོལ་མཆོགམཁན་ཆེན་ལུང་རིགས་རྒྱ་མཚོ། མདོ་སྔགས་རྒྱ་མཚོའི་མངའ་བདག་རྗེ་བཙུན་ཏཱ་ར་ནཱ་ཐ། གྲུབ་ཆེན་བློ་གྲོས་རྣམ་རྒྱལ། གྲུབ་ ཆེན་ངག་དབང་ཕྲིན་ལས། ངག་དབང་བསྟན་འཛིན་རྣམ་རྒྱལ། ངག་དབང་མཁས་བཙུན་ དར་རྒྱས། ཀུན་བཟང་འཕྲིན་ལས་རྣམ་རྒྱལ། ནུས་ལྡན་ལྷུན་གྲུབ་རྒྱ་མཚོ། དཀོན་མཆོག་ འཇིགས་མེད་རྣམ་རྒྱལ། ངག་དབང་ཆོས་འཕེལ་རྒྱ་མཚོ། ངག་དབང་ཆོས་ཀྱི་འཕགས་པ། ངག་དབང་ཆོས་འབྱོར་རྒྱ་མཚོ། ངག་དབང་བསྟན་པ་གསལ་བྱེད། དེས་བདག་ལའོ། །ཡང་ ན། ངག་དབང་ཆོས་འཕེལ་རྒྱ་མཚོ། ངག་དབང་ཆོས་ཀྱི་འཕགས་པ། ཀུན་དགའ་ངག་དབང་ དཔལ་ལྡན། ངག་དབང་ཆོས་འབྱོར་རྒྱ་མཚོ། ཀུན་དགའ་མཁས་གྲུབ་དབང་ཕྱུགཀུན་དགའ་ ངག་གི་དབང་པོ། མཚམས་པ་སྨོན་ལམ་བཟང་པོ། ངག་དབང་བསྟན་པ་གསལ་བྱེད། ངག་ དབང་རྡོ་རྗེ་བཟང་པོ། ངག་དབང་དཀོན་མཆོག་དར་རྒྱས། ངག་དབང་བློ་གྲོས་གྲགས་པའི་ 1-1-244 བར་དུ་གང་བྱོན་རྣམས་ཀྱིས་རྒྱལ་བསྟན་སྤྱི་དང་ཁྱད་པར་ངེས་དོན་གཞན་སྟོང་དབུ་མ་ཆེན་ པོའི་རང་ལུགས་འཛིན་སྐྱོང་སྤེལ་གསུམ་མཛད་པ་དང༌། ཡང་སྒོས་གསང་སྔགས་ཟབ་མོའི་ རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་གི་རིམ་པ་བུམ་པ་ཚད་ལྡན་ནས་བུམ་པ་ཚད་ལྡན་དུ་ བླུག་པ་བཞིན་ད་ལྟའི་བར་དུ་རྒྱུན་མ་ཆད་པའོ། །ཁྱད་པར་དཔལ་མཆོག་དུས་ཀྱི་འཁོར་ལོའི་ བསྐྱེད་རྫོགས་ཉམས་ལེན་གྱི་རིམ་པ་འདི་ནི་གངས་རིའི་ལྗོངས་འདི་ན་གཞན་སུ་ལས་འགྲན་ པའི་ཟླ་བྲལ་དུ་གྱུར་པའོ། ། དེ་ལས་འཕྲོས་དོན་ཡང་གསང་སྔགས་ཟབ་མོའི་ཕན་ཡོན་ཉུང་ཙམ་བརྗོད་པ་ནི། རྒྱུད་ ལས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་ རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་བྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་ འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་ པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་ བླ་ན་མེད་པར་འགྲུབ། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་ བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡི་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་ རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གི་རྒྱལ་བ་སྲས་བཅས་པས། །བསྟན་ པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་ གནས་ཏེ། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་ པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དུང་བས་ན། །རང་བྱུང་བསྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ 1-1-245 རྣམས་སུ་འགྱུར། །ཞེས་གསུངས་པའི་དོན་གསལ་བར་བཤད་ན་སངས་རྒྱས་འཇི༷ག་རྟེ༷ན་དུ༷་ མ་བྱོན་ན་ནི༷་སེམས་ཅན་ཐམས་ཅད་འཁོར་བའི་འདམ་དུ་བྱིང་བ་ལས་སྡུག་བསྔལ་ལས་ཐར་ བ་ནམ་ཡང་མི་སྲིད། འཁོར་བ་འཇིག་རྟེན་གྱི་གནས་མཐའ་ཡས་པ་ད༷ག་ཏུ་ནི་ཀུ༷ན་མཁྱེ༷ན་ རྫོགས་པའི་སངས་རྒྱས་རྣམས་ནི། ཨུ༷་དུ༷མ་ཝཱ༷་ར༷འི་མེ༷་ཏོ༷ག་བཞི༷ན་དུ་བསྐལ་པ་བརྒྱ་སྟོང་ མང་པོའི་བར་མཚམས་རེ་ལྟ་བུ་རྒྱ༷་ལ༷མ་ན༷་ནི༷་རེ་སྲིད་ཙམ་དུ་རེ༷་འག༷འ་ཞི༷ག་ན་ལན་རེ་ཙམ་ འབྱུ༷ང་བར་འགྱུ༷ར་བ་ལས། སླར་ཡ༷ང་ནི༷་བསྐལ་པ་དུ་མའི་བར་དུ་མི༷་འབྱུ༷ང་ངོ༷༌། །སྔགས་ ཀྱི་ཐེག་པའི་སྣོད་དུ་འགྱུར་བ་ནི་ཤིན་ཏུ་དཀོན་པའི་དབང་གིས་བསྐལ་བཟང་གི་སངས་རྒྱས་ སྟོང་བྱོན་པ་ལས་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་འདི་མ་གཏོགས་པའི་སངས་རྒྱས་ གཞན་གྱིས་གསང་སྔགས་ཟབ་མོའི་ཆོས་འདི་མི་གསུང་བ་བཞིན། གས༷ང་སྔ༷གས་ཀྱི་ཆོས་ཇི་ ལྟར་བསྒྲུབ་ཅིང་སྤྱོ༷ད་པར་བྱེད་པ༷འི་ཚུལ༷་འབྱུ༷ང་བ༷་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེ༷་ བ༷ས་ཀྱ༷ང་ནི༷་ཤིན་ཏུ་དཀོན་པ་ཡིན་ལ་ཇི་ཙམ་དཀོ༷ན་པ༷་ལྟར་ཕན་ཡོན་ཆེ་བ་ཡིན་ཏེ༷། གསང་ སྔགས་ཟབ་མོའི་ལམ་ག༷ང་ཡིན་པ་དེ༷ས་ནི་སེ༷མས་ཅ༷ན་གྱི་དོན་མཉ༷མ་པ་མེ༷ད་པར་རང་དོ༷ན་ དུ་མྱ་ངན་ལས་མི་འདའ་བར་གཞན་དོན་མཐའ་ཡས་པ་སྒྲུབ་པའི་ཡོན་ཏན་དང་ལྡན་པའི་མི་ གནས་པའི་མྱང་འདས་བླ༷་མེ༷ད་ཆེན་པོ་ལ་ཚེ་གཅིག་ལ་སོགས་པ་དུས་ཐུང་ངུ་ཙམ་གྱིས་སྦྱོར་ བར་བྱེ༷ད་པ༷ར་ནུས༷་པ༷་ཡི༷ན་ཞིང་སྔོན་ཆད་བསྐ༷ལ་པ༷་བྱེ༷་བ༷་དུ༷་མ༷འི་བ༷ར་དུ་སྔོ༷ན་ཆ༷ད་སྡི༷ག་ པ༷་བྱ༷ས་པ༷་ག༷ང་དེ་དག་ཐམས་ཅད་ནི་སང་ཉིན་དཀྱིལ་འཁོར་དུ་འཇུག་པའི་ཚེ་སྔར་བྱས་ཀྱི་ སྡིག་པ་ལ་འགྱོད་བཤགས་དང་ཕྱིན་ཆད་སྡིག་པ་མི་བྱ་བའི་སྡོམ་སེམས་བྱེད་པའི་སྒོ་ནས་ སྡིག་བཤགས་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་སེམས་ཀྱི་སྡོམ་ པ་དང༌། གསང་སྔགས་ཀྱི་དམ་ཚིག་འཛིན་པ་རྣམས་ཚུལ་བཞིན་དུ་སྔོན་དུ་འགྲོ་བའི་སྒོ་ནས་ བྲིས་པ་དང་རྡུལ་ཚོན་བློས་བསླངས་ཀྱི་དཀྱི༷ལ་འཁོ༷ར་འདི༷་འདྲ༷་མཐོ༷ང་ནས་དད་པ་སྐྱེས་མ༷་ 1-1-246 ཐ༷ག་ནས་སྡིག་པ་དེ༷་དག༷་ཟ༷ད་པ༷ར་འགྱུ༷ར་བ་ཡིན་ཏེ། དེ་འདྲ་ཡི༷ན་ན༷་ཆེ་བའི་ཡོན་ཏན་གྱི་ གྲ༷གས་པ༷་མཐ༷འ་ཡ༷ས་པ་དང་ལྡན་པའི་གསང་སྔ༷གས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་ སྤྱོ༷ད་པ༷་བྱ་བའི་ཚུ༷ལ་ལ༷་གན༷ས་ན༷་ནི་ཡོན་ཏན་དཔག་མེད་ཐོབ་པ་སྨོ༷ས་ཀྱང་ཅི༷་དགོ༷ས་ཏེ། ཡིད་མཚན་རྟོག་ལས་སྐྱོ༷བ་པར་བྱེད་པ༷འི་གས༷ང་སྔ༷གས་ཀྱི་ལམ་ཟབ་མོ་སྒོམ་པ་དང་སྔགས་ བཟླ༷ས་བརྗོད་བྱས་ན༷་ནི༷་གོ༷་འཕ༷ང་བླ༷་ན༷་མེ༷ད་པ༷་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་དུས་ཐུང་ངུས་ འགྲུ༷བ་ཅིང་འཐོབ་པར་འགྱུར་རོ། །གདུལ་བྱ་ག༷ང་གི༷ས་ཉམས་སུ་ལེན་པའི་སྒོ་ནས་སྤྱོ༷ད་ པ༷ར་བྱ་བའི་མཆོ༷ག་གསང་སྔགས་ཀྱི་ལམ་འདི༷་ཡང་དད་པ་དང་ལྡན་པ་གང་ཡིན་པ་རྣམས་ ཀྱིས་སྔགས་ལ༷་དགའ་ཞིང་སྤྲོ་བའི་བློ༷་གྲོ༷ས་ཤི༷ན་ཏུ༷་དྲི་མ་མེད་པ་སྟེ་དགའ་ཞིང་སྤྲོ་བའི་བློ་ ཤིན་ཏུ་བརྟན་ཅིང་མི༷་གཡོ༷་བར་བརྟན་པར་གྱུར་བར་བྱས་ན༷་ནི། གང་ཟག་དེ་རྣམས་ཀྱི་ནི་ སྡུ༷ག་བསྔ༷ལ་མ་ལུས་པ་ཀུན་ཐ༷མས་ཅ༷ད་འབྱུ༷ང་བ༷འི་གན༷ས་ང༷ན་འགྲོ༷ར་སྐྱེ་བའི་རྒྱུ་ལས་ ཉོན་དེ༷་ཡི༷་རྒྱུན་རྣམས་གཅོ༷ད་པ་སྟེ་ཡང་དག་པ༷ར་ཞི་བར་འགྱུ༷ར་རོ། །རྒྱུ་མཚན་དེ་དག་གི་ ཕྱིར་ན་བད༷ག་ཉི༷ད་ཆེ༷ན་པོ༷་བྱང་ཆུབ་སེམས་དཔའ་རྡོ་རྗེ་སློབ་མ་ཁྱེ༷ད་རྣམ༷ས་ཀྱི༷ས་དེ་རིང་ནི་ གསང་སྔགས་ཀྱི་ཆོས་རྙེ༷ད་པ༷་མཉ༷མ་པ་མེ༷ད་པ་དེ༷་རི༷ང་ནས་རྙེ༷ད་པ་ཡིན་ཏེ། རྒྱུ་མཚན་ག༷ང་ གི༷ས་ཞེ་ན། གསང་སྔགས་ལ་དད་ཅིང་སྤྲོ་བའི་གང་ཟག་ཁྱེད་རྣམས་ནི། བདག་ཉིད་ཆེན་པོ་ རྒྱ༷ལ་བ༷་སྲ༷ས་དང་བཅ༷ས་པ༷་ཀུན་གྱིས་བརྩེ་བའི་སྒོ་ནས་གསང་སྔགས་ཀྱི་བསྟ༷ན་པ༷་འདི༷་ལ༷་ ཁྱེ༷ད་རྣམ༷ས་ཀུན༷་རྗེས་སུ་བཟུང་ནས་ད་ནི་ཐེག་པ་ཆེན་པོའོ། །གསང་སྔགས་ཀྱི་ཐེག་ཆེན་ པའི་རིགས་སུ་ཡོ༷ངས་སུ༷་བཟུ༷ང་སྟེ༷་སྐྱེ༷་བར་འགྱུར་བཞི༷ན་པ༷ར་གནས་པ་ཡིན་ཞིང༌། དེལྟར་ བད༷ག་ཉི༷ད་ཆེ༷ན་པོ༷་ཁྱེ༷ད་གན༷ས་ཏེ༷་གནས་པ་དེ་ཡི༷ས་ཕྱིར་ཁྱེ༷ད་རྣམ༷ས་ནི་གསང་སྔགས་ཀྱི་ ཐེ༷ག་ཆེ༷ན་དུ༷་ཞུགས་ཤིང་སྤྲོ་བའི་རྒྱུ་ལས་སངས་རྒྱས་སྲས་བཅས་ཀྱིས་རྗེས་སུ་བཟུང་བ་དེ་ ཡི་སྟོབས་ཀྱིས་ས༷ང་ཉིན་ནི༷་དཀྱིལ་འཁོར་ར༷བ་ཏུ༷་ཞུགས་པའི་ཚེ་ནི་ཁྱེད་རྣམས་སྐྱེ༷་བ་ཆེན་པོ་ 1-1-247 པ༷ར་འགྱུ༷ར། ཐེ༷ག་པ༷་ཆེ༷ན་པོ༷་ཆེ་བའི་ཁྱད་ཆོས་དང་ལྡན་པ་ཆེ༷ར་འབྱུ༷ང་བ༷འི་གསང་སྔགས་ ཀྱི་ལ༷མ་མཆོ༷ག་འདི༷་ཡི་ནི༷་རང་བཞིན་གྱི་དོན་གཉིས་མ་ལུས་པ་ཐམས་ཅད་མྱུར་དུ་འབྱུང་ བའི་དཔ༷ལ་ད༷ང་ལྡ༷ན་པའི་གང་ཟག་གི་རིགས་སུ་ལེགས་པར་སྐྱེས་ཟིན་པར་འགྱུར་བ་ཡིན་ པའི་ཕྱིར་རོ། །སྐལ་ལྡན་གྱི་སློབ་མ་ཁྱེ༷ད་རྣམ༷ས་སྔགས་ཀྱི་ལམ་མཆོག་དེ༷ར་ནི༷་ཡིད་ཆེས་ པས་དུ༷ང་བ༷འི་དད་པ་བསྐྱེད་པ་ན༷། གཞི་རྒྱུད་ན་བཞུགས་པའི་ར༷ང་བྱུ༷ང་གི་ཡེ་ཤེས་བསྐ༷ལ་ པ༷་ཆེ༷ན་པོ༷་པ༷་སྒྲིབ་གཉིས་ཀྱི་སྦུབས་ལས་གྲོལ་ནས་འཇི༷ག་རྟེ༷ན་ཀུན་རྫོབ་ཐ༷མས་ཅ༷ད་མི་ སྣང་བའི་མཁྱེ༷ན་པ༷་ཡི༷་གནས་ལུགས་དོན་དམ་པའི་དེ༷་བཞི༷ན་གཤེ༷གས་པ༷་རྣམས་གཞི་ དབྱིངས་གཅིག་ཏུ་གྲོལ་བ་འབའ་ཞིག་པ་རྣམ༷ས་སུ༷་འགྱུ༷ར་རོ། །ཞེས་ལས་དང་པོ་པའི་ཐོས་ བསམ་བྱེད་ལུགས་དང་མདོ་སྔགས་ཀྱི་འབྱུང་ཁུངས་གསལ་བའི་ནོར་བུའི་མེ་ལོང་ཞེས་བྱ་བ་ འདི་ཡང་ཕྱི་ལོ་༡༩༨༩རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་ལམ་དཀར་པོ་ཞེས་པའི་ཟླ་༦ཚེས་ ༡༩ལ་ཤཱཀྱའི་དགེ་སློང་ཡོན་ཏན་བཟང་པོས་བྲིས་པའོ།། །།དགེའོ། ། 1-1-248