4-1-1 མཚལ་མིན་པ་བསོད་ནམས་བཟང་པོའི་ གསུང་འབུམ། པོད་བཞི་པ། 4-1-2 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................(1) མཚལ་མིན་པ་བསོད་ནམས་བཟང་པོའི་རྣམ་ཐར་ཉུང་བསྡུས།.....................(1) མཁའ་འགྲོ་རྒྱ་མཚོའི་དབང་ཆོག་དབང་གི་རྒྱལ་པོའི་རྒྱན།......................(397) མཁའ་འགྲོའི་རྒྱ་མཚོའི་སྦྱིན་སྲེག་ཡེ་ཤེས་ཀྱི་མེ་འོད་འབར་བ།................(451) དཔལ་གཤིན་རྗེ་གཤེད་དམར་ལྷ་ལྔའི་བསྒྲུབ་ཐབས་ རབ་གསལ་སྣང་བའི་རྒྱན།.......................................................(356) པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་ཆོག་པདྨའི་ རིགས་ཀྱི་སྙིང་པོ་བཞུགས་སོ།།..................................................(481) ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ཀྱི་ཆོ་ག་བཞུགས།............(511) ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་དང་དབང་ཆོག་བཞུགས།...........................(355) བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་སྙག་དབོན་རིན་པོ་ཆེས་སྒྲིག་པ་ ལྷོ་སྒོ་ཆོ་ག་དང་བཅས་པ་བཞུགས་སོ།།............................................(475) ཕྱག་རྒྱ་བཞིའི་རྒྱས་གདབ་བཞུགས་སོ།།......................................................(571) སྨན་བླའི་མཆོད་ཕྲེང་བཞུགས་སོ།།..............................................................(423) 4-1-3 འཕགས་པ་གནས་བརྟན་བཅུ་དྲུག་ལ་གསོལ་བ་གདབ་པའི་ཆོ་ག་ གླག་པ་ཙམ་གྱིས་དོན་འགྲུབ་པ་བཞུགས།........................................(370) བཅུ་གཅིག་ཞལ་གྱི་བླ་མ་བརྒྱུད་པར་བཅས་པའི་རྣམ་པར་ ཐར་པ་བཞུགས་སོ།།............................................................................(260) བསྙུང་བར་གནས་པའི་ཆོ་ག་དེ་ཉིད་བཅུ་དྲུག་དགེ་སློང་མ་དཔལ་མོའི་ ལུགས་ཇོ་གདན་བསོད་ནམས་བཟང་པོའི་མཛད་པ་བཞུགས།.........(318) ༄༅། །ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་པ་དང་ བསྙུང་བའི་ཆོ་ག་ཞེས་བྱ་བ་བཞུགས་སོ།།................................(327) ༄༅། །བསྙུང་གནས་ཀྱི་ཆོས་སྐོར་དང་ཐུགས་རྗེ་ཆེན་པོ་ཞལ་གཅིག་ ཕྱག་བཞི་པའི་བསྒོམས་བཟླས་བཞུགས་སོ།།..........................(337) ༄༅། །སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་དབང་གི་ཆོ་ག་ཐུགས་ རྗེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།།................................(313) ༄༅། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་གཟུངས་ཀྱི་བསྒྲུབ་པའི་ཆོ་ག་ ཞེས་བྱ་བ་བཞུགས་སོ།།........................................................(343) བཅུ་གཅིག་ཞལ་གྱི་སྦྱིན་སྲེག.......................................................................(353) པར་བྱང་སྨོན་ཚིག.........................................................................(517) གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་བཞུགས།.................(38) མཇུག་མི་ཚང་། མ་ཡིག་ཀྱང་མི་འདུག ༄༅། །དཔལ་རྡོ་རྗེ་དམར་པོ་ཕག་མོ།...........(1)ལྡེབ་༢ ༄༅། །ཇོ་བོ་བཀའ་གདམ་པའི་ཉིན་ཞག་ཕྲུགས་གཅིག་གི་ཆོས་སྤྱོད་ཀྱི་རིམ་པ་བཞུགས་སོ།།...........(1) 4-1-4 ༄༅། །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་ཆོག་དབང་གི་ རྒྱལ་པོའི་རྒྱན་ཅེས་བྱ་བ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། བླ་མ་དང་དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །མཁའ་ འགྲོ་རྒྱ་མཚོའི་དབང་ཆོག་དབང་གི་རྒྱལ་པོའི་རྒྱན་ཅེས་བྱ་བ། མཁའ་འགྲོའི་དྲ་བ་མཐའ་ དག་གཅིག་སྡོམ་པའི། །དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་བདེ་བའི་མཆོག །དེ་དང་དབྱེར་མེད་ བླ་མ་ལ་བཏུད་ནས། །མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་ཆོ་ག་བྲི། ། འདི་ལ་གཉིས་ཏེ། བསྙེན་པ་དང་དབང་བསྐུར་གྱི་ཆོ་གའོ། །དང་པོ་ནི་དོན་དུ་གཉེར་ བའི་སློབ་མ། མཚན་ཉིད་དང་ལྡན་པའི་བླ་མ་ལ། ཕྱག་དང་མཎྜལ་མེ་ཏོག་ཕུལ་ནས། དེ་ བཞིན་གཤེགས་པ་ཀུན་ཞི་བ། །ཞེས་སོགས་ཚིགས་བཅད་བཞིས་གསོལ་བ་བཏབ། བླ་ མས། དཀྱིལ་འཁོར་འདིར་འཇུག་པར་སྤྲོའམ། ཞེས་དྲིས། སློབ་མས་སྤྲོ་ཞེས་བརྗོད། བླ་ མས་ཡོ་བྱད་རྣམས་འཚོགས་སམ། ཞེས་དྲིས། ཅུང་ཟད་འཚོགས་ཞིང་། ཅུང་ཟད་མ་ཚོགས་ ཞེས་ལན་གདབ། དེ་ནས་བླ་མ་ལྷའི་རྣལ་འབྱོར་དང་ལྡན་པས། སློབ་མའི་གནས་གསུམ་དུ། ཧེ་རུ་ཀ་རིགས་གསུམ། རིམ་བཞིན་བསམས་ལ། དེའི་ངང་ལས་སྟོང་པར་བསྒོམ་སྟེ། སྐད་ ཅིག་གིས་མཁའ་འགྲོ་རྒྱ་མཚོར་བསྐྱེད། བླ་མའི་ཐུགས་ཀ་ནས། མཁའ་འགྲོ་མ་སོགས་ཉེར་ ཞི་སྤྲོས་པས། ཐོད་པ་བདུད་རྩིས་གང་པ་ཐོགས་ནས། དབང་བསྐུར་བར་བསམ་ཞིང་ཁྲུས་བྱ། གནས་གསུམ་བྱིན་གྱིས་བརླབས། བསྲུང་བ་བྱས་ཏེ། སློབ་མ་རྗེས་སུ་བཟུང་པར་ཁས་བླངས་ 4-1-5 པའོ། ། ༈ དེ་ནས་བླ་མས། འཁོར་ལོའི་གཙོ་བོའི་འབུམ་བཟླས་ཤིང༌། །ཡང་ན་རང་གི་ལྷའི་ འབུམ། །དཀྱིལ་འཁོར་པའི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །ཅེས་གསུངས་ པ་ལྟར་རམ། ཡུམ་གྱིས་གཙོ་བོའི་ཕྱེད། །གསུངས་པ་ལྟར། བསྙེན་པ་སྔོན་དུ་སོང་ནས། ༈ གཉིས་པ་ལ། ས་ཆོག སྟ་གོན། དངོས་གཞི་གསུམ་གྱི་དང་པོ་ནི། དཀྱིལ་འཁོར་ བཞེངས་སུ་རུང་པའི་གནས་སུ། ས་རྐོ་དགོས་ན། ལྟོ་འཕྱེའི་མཆན་ཁུ་ནས་རྐོ་བ་སོགས་ གཞན་ནས་གསུངས་པ་ལྟར་བྱ། ༈ རྐོ་མི་དགོས་ན། མཎྜལ་གྱི་དབུས་སུ་དྲིའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་དང་གཏོར་མ་བཤམས། སློབ་དཔོན་འཁོར་བཅས། བདག་བསྐྱེད་རྒྱས་བསྡུས་ གང་རུང་བསྒོམས་ནས། མེ་ཏོག་གི་ཚོམ་བུ། སའི་ལྷ་མོ་སེར་མོ་ཞལ་གཅིག་ཕྱག་གཉིས་ པ། གཡས་རིན་པོ་ཆེའི་རྒྱན་པ། གཡོན་མི་འཇིགས་པའི་ཕྱག་རྒྱ་ཅན། དར་དང་རིན་པོ་ ཆེས་བརྒྱན་པ་ཞི་བའི་ཉམས་ཅན། སྐུ་ཕྱེད་ཐོན་པ་བསྐྱེད་ནས། རང་གི་ལག་པ་གཡས་པ་ ལ་ཟླ་བར་ཧཱུཾ་བསམས་ལ། དེའི་ཟེར་དང་སོར་མོའི་རྩེ་མོ་ལ་བསྣུན་པའི་སྒྲས་ཡེ་ཤེས་པ་སྤྱན་ དྲངས་ལ་བསྟིམ། དབང་བསྐུར་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ་ལ། མཆོད་པ་དང་ གཏོར་མ་འབུལ་ཏེ། (ཁྱོད་ནི་ས་འོག་ལྷ་མོ་སྟེ། །ལུས་ཕྱེད་ཐོན་པ་གསེར་གྱི་མདོག །རིན་ཆེན་ཀུན་གྱིས་རབ་བརྒྱན་པ། །ས་འཛིན་གཙོ་མོ་ཁྱོད་ལ་བསྟོད། །ཅེས་བསྟོད།) སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་ པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྡན་པ། །དེ་བཞིན་བདག་གིས་བདུད་དེ་ལས། །རྒྱལ་ བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་པས། གྱིས་ཤིག་ཅེས་གནང་པ་བྱིན་ ནས། ནམ་མཁར་བཏེགས(མཆོད་ནས)། ལས་ཐམས་ཅད་པ་བཟླས་ཤིང༌། (ཉུང་དཀར་དང་ཐལ་ཆེན་ 4-1-6 གྱིས་བསྣུན། བ་བྱུང་ལྔ་དང་དྲིས་བྱུག་ཅིང་།) ༀ་བྷུ་ཁཾ། ཧཱུཾ་ལཾ་ཧཱུཾ། ༀ་མེ་དྷི་ནི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུཾ། ༀ་ ཧ་ན་ཧ་ན་ཀྲོ་ཏ་ཧཱུཾ། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ། སྟེང་གི་ལྷ་མོ་མཆོད་དེ་དེ་ ཉིད་དུ་(དཀྱིལ་འཁོར་དབུས་སུ་)ཐིམ་པར་བསམ། (རྡོ་རྗེ་བཅིངས་པ་ནང་དུ་བྱས་ལ་ས་གནན་ཏེ།) ༀ་བཛྲི་བྷ་ཝ་ཧཱུཾ་ཞེས་གསུམ། ༀ་བཛྲ་ཏྲི་ཊ་ཏིཥྛ་ཞེས་གསུམ་བརྗོད་པས་བྱིན་གྱིས་བརླབས། ༈ དེ་ནས་གཟའ་སྐར་ཚེས་གྲངས་བཟང་པོ་ལ། གནས་ཁང་རྒྱན། རྟེན་གསུམ་བཀྲམ། མཆོད་གཏོར་བཤམས། སློབ་དཔོན་འཁོར་བཅས་རྒྱན་གྱིས་བརྒྱན། གནས་གསུམ་དུ་དྲིའི་ ཐིག་ལེ་བྱ། བསྲུང་འཁོར་སྐྱབས་འགྲོ་དང་སེམས་བསྐྱེད་ནས། ནམ་མཁར་དཀྱིལ་འཁོར་ བཅུ་གཉིས་ཀྱི་ལྷ་ཚོགས་དམིགས་ནས། རང་སྐད་གཅིག་གིས་མཁའ་འགྲོ་རྒྱ་མཚོར་བསྐྱེད། སློབ་མ་རྣམས་རང་གི་ཐུགས་ཀ་ནས་སྤྲུལ་པའི། ཁཎྜ་རོ་ཧིར་བསམས་ལ། མིག་གཡས་པར་ མ་ལས་ཉི་མ་ལ་ཧཱུཾ་གི་འོད་ཀྱིས་གདུག་པ་ཅན་ཐམས་ཅད་བསྲེགས། མིག་གཡོ་པར་ཊ་ལས་ ཟླ་བ་ལ་ༀ་གྱི་འོད་ཟེར་བདུད་རྩི་ལྟ་བུར་འཁོར་བཅས་རྣམས་ཚིམ་པར་བྱས། རྐང་མཐིལ་ གཉིས་ལས་ཨ་ལས་རྡོ་རྗེ་འབར་བར་བསམ་ལ། རྡོ་རྗེ་གསོར་དྲིལ་བུ་ཁྲོལ་བཞིན་པས། ཧཱུཾ་ ཞེས་བརྗོད་ཅིང༌། དབང་ལྡན་ནས་བརྩམས་ཏེ། གཡས་སྐོར་གྱི་རྡོ་རྗེའི་འགྲོས་ཀྱིས་ལྤགས་ པས་གསེར་གྱི་ས་གཞི་ལ་ཐུག་གི་བར་རྡོ་རྗེའི་ས་གཞིར་གྱུར་པར་བསམ། དེ་ནས་རྡོ་རྗེ་ལྟ་ བས། ཕྱོགས་ཀུན་ཏུ་ལྟ་ཞིང༌། ལྷ་དང་ལྷ་མ་ཡིན་གནོད་སྦྱིན་ལ་སོགས་པ་ནག་པོའི་ཕྱོགས་ སུ་གྱུར་པ། སྔགས་དང་ཕྱག་རྒྱ་ལྟ་བར་མི་དབང་བ་རྣམས་ཉོན་ཅིག སློབ་མ་ཆེ་གེ་མོས་གཙོ་ བྱས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་བགོད་པའི་ཕྱིར་བདག་རྡོ་རྗེ་ཆེ་གེ་ མོས། འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད། བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ འཁོར་ཆེན་པོའི་ཕྱོགས་འདིར་བཞེངས་པས། བཅོམ་ལྡན་འདས་མཁའ་འགྲོ་རྒྱ་མཚོའི་ བཀའ་འདི་ཐོས་ནས། གནས་འདིར་མ་འདུག་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ 4-1-7 དཔལ་ཧེ་རུ་ཀ་རབ་ཏུ་ཁྲོས་པའི་ཞལ་ཅན་གྱིས། ཡེ་ཤེས་ཀྱི་རྡོ་རྗེ་རབ་ཏུ་འབར་བས་མགོ་བོ་ ཚལ་བ་བརྒྱར་འགས་པར་བྱའོ། །ཞེས་བཀའ་བསྒོ་ནས། རང་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ ནས། ཧཱུཾ་ཞེས་བརྗོད་པས། སྙིང་ཁ་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དང་ཐོད་ པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་པ་རྣམས་འཕྲོས་པའི་ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། སུཾ་བྷ་ནིའི་སྔགས་བརྗོད་པས། བགེགས་ཀྱི་རྒྱལ་པོ་ཐམས་ཅད་མཚམས་བཞིར་བཀུག་དེ་ འཁོད་པ་ལ། སེང་ལྡེང་གི་ཕུར་བུ་བཞི། ནམ་མཁའི་སྙིང་པོ་དང༌། པདྨ་གར་དབང་། རྣམ་ སྣང་། རྡོར་སེམས་སུ་བསམས་ལ། ༀ་བཛྲི་ཀཱི་ལི་ཀཱི་ལ་ཡ་ཧཱུཾ། ཞེས་བརྒྱ་རྩ་བརྒྱད་བཟླས། མེ་ མཚམས་ནས་རིམ་བཞིན་ཕུར་བུ་བཞིས། བགེགས་རྣམས་ཀྱི་སྤྱི་བོ་ནས་བཏབ་རྐང་མཐིལ་ ནས་ཕུག་པར་བསམ་ཞིང༌། ༀ་གྷ་གྷ་གྷ་ཏ་ཡ་གྷ་ཏ་ཡ་ཞེས་སོགས་དྲག་ཏུ་བཟླས། ཕུར་བུའི་ སྟེང་དུ་ཨཱཿལས་ཉི་མ། དེ་ལས་འོད་འཕྲོས་བགེགས་རྣམས་བསྲེགས། ཐལ་བར་གྱུར་པར་ བསམ་ཞིང༌། ཧེ་རུ་ཀ་རྣམས་རང་གི་ཐུགས་ཀར་བསྡུ། ཕྱི་རོལ་ཏུ་རྟ་མགྲིན་དཔག་ཏུ་མེད་པ་ འཕྲོས་པས། མཚོན་ཆ་སྣ་ཚོགས་ཀྱི་རྡོ་རྗེའི་གུར་དུ་གྱུར་པར་བསམ། ཧཱུཾ་ཞེས་བརྗོད་ཅིང་རྡོ་ རྗེ་ལྟ་བས་ཕྱོགས་ཀུན་ཏུ་ལྟ་བས་ས་སྦྱང་ངོ༌། ། ༈ དེ་ནས་རང་ཉིད་དཀྱིལ་འཁོར་དབུས་སུ་འདུག་སྟེ། སྔོན་འགྲོའི་གཏོར་མ་ཕུལ། སློབ་ མས་མཎྜལ་ཕུལ་རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། སྐྱབས་འགྲོ་སེམས་བསྐྱེད་ བསྒོམ་བཟླས་ནས། ཕྲ་མོའི་རྣལ་འབྱོར་གྱི་བར་མངོན་རྟོགས་རྫོགས་པར་བསྒོམས་པ་ལ། (བླ་མས་སྤོས་ཕོར་བཟུང་ལ་ལྕེ་རྡོ་རྗེ་བསྐྱེད་དེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོས། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདིར་ ནི་ཡང་དག་གསོལ། །ཞེས་སྙན་གསན་ནས།) སློབ་མ་ཁཎྜ་རི་ཧིའི་ངར་རྒྱལ་འཛིན་པས། ཕྱོགས་བཞི་ནས་ ཕྱི་ནང་གི་མཆོད་པ་དང༌། མཎྜལ་ཕུལ་ནས། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། 4-1-8 །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་ དམ་པ་བཤད་དུ་གསོལ། །ཞེས་དང༌། ལྷོ་ནས། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་སྤང༌། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ༴ །ནུབ་ནས། ཞི་བ་ཆོས་མཆོག་ལས་བྱུང་པའི། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་མཛད། །ཀུན་ཏུ་ བཟང་པོ་གསུང་གི་མཆོག །དཀྱིལ་འཁོར༴ །བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་དམ་པ་ བཤད་གསོལ། །ཞེས་གསོལ་བ་གདབ་པོ། །དེ་ནས་ཕྱི་ནང་གི་མཆོད་པས་མཆོད་ནས། ཧེ་ རུ་ཀ་དཔལ་ཡེ་ཤེས་ཆེ་ཞེས་སམ། ལུས་ངག་ཡིད་ཀྱི་ཐམས་ཅད་དུ། །ཁྱོད་ལ་གུས་པས་ཕྱག་ འཚལ་ལོ། །མཁའ་འགྲོ་དྲ་བ་ལ་ཕྱག་འཚལ། །ཕྱག་འཚལ་མཁའ་འགྲོའི་དཀྱིལ་འཁོར་ ལ། །སྟོང་པའི་ཐུགས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་ནས། ཧཱུཾ་བཛྲཽ་ཏིཥྛས་ དཀྱིལ་འཁོར་བཏེག་སྟེ། སྔར་བཞིན་ནམ་མཁར་བསྒོམས་པའི་དཀྱིལ་འཁོར་དང་བསྲེས་ ལ་སྔགས་ཙམ་གྱིས་མཆོད་ནས། རང་ཉིད་གཙོ་བོའི་ང་རྒྱལ་གྱིས་ལངས་ཏེ་སྔར་བཞིན་ཞལ་ དང་ཞབས་དང་སྤྱན་བྱིན་གྱིས་རླབས་ཏེ། ཕྱོགས་ཀུན་ཏུ་ལྟ་ཞིང༌། གསེར་གྱི་ས་གཞི་ལ་ཐུག་ གི་བར་རྡོ་རྗེའི་ས་གཞིར་བྱིན་གྱིས་བརླབས་ནས། བསྐོར་བ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ དབུས་སུ་འདུག་སྟེ། མིག་ཨཱཿལས་ཉི་མ། མིག་འབྲས་ཧཱུཾ་དེ་ལས་འོད་འཕྲོས་པའི་མེའི་ར་བ་ དང༌། དེ་ནང་དུ་ཧཱུཾ་སྔོན་པོས་གང་མིག་གི་ཧཱུཾ་ལས་འོད་འཕྲོས་པས། དེ་དག་འདྲེས་པ་རྡོ་རྗེའི་ ར་བ་དང༌། ཨཱཿདམར་པོ་འཕྲོས་པས་པད་མའི་ར་བ་དང༌། ༀ་དཀར་པོ་འཕྲོས་པས་འཁོར་ ལོའི་ར་བ་དང༌། དེའི་ཕྱི་རོལ་ཏུ་ར་བ་གསུམ་རིལ། སྟེང་དུ་མཚོན་ཆའི་གུར། སྟེང་དུ་ཁྲོ་བོ་རྟ་ མགྲིན་དྲག་ཅིང་ལྗགས་འགྲིལ་བས་བགེགས་ལྷག་མ་རྣམས་བཅོམ་པར་བསམས་ལ། རང་ དཀྱིལ་འཁོར་གྱི་དབུས་སུ་ཉལ་བར་བྱའོ། །ས་བཟུང་པས་ཏེ་ས་ཆོག་གོ ། 4-1-9 ༈ གཉིས་པ་ལྟ་གོན་ལ་བཞིའི་དང་པོ། སའི་ལྷ་མོའི་ལྟ་གོན་ནི། འདིར་མ་གསུངས་པས་ མེད་ཀྱང་ཆོག་ལ། བྱེད་ན་ས་ཆོག་བཞིན་ནོ། ། ༈ གཉིས་པ་ལྷ་སྟ་གོན་ནི། ལྷ་གནས་མི་འཆོལ་བར་བྱ་བའི་ཕྱིར། ཐིག་རྫོགས་པར་ གདབ། མཆོད་པས་བསྐོར། ལྷ་གནས་སུ་དྲིའི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་བཀོད་ཅིང་ ལྷ་སོ་སོའི་སྔགས་བསམ། མ་ཤེས་ན་གཙོ་བོའི་སྙིང་པོ་བརྗོད་དོ། །གཙོ་བོའི་གནས་སུ་རཾ་ ལས་ཉི་མ་ལ་ཧཱུཾ་སྔོན་པོ་ལས་རྡོ་རྗེ་རྩེ་མོ་ལྔ་པ་ཧཱུཾ་གིས་མཚན་པ་ལས་འཁོར་ལོ་བཅུ་གཉིས་ ཀྱི་ལྷ་ཚོགས་སྤྲོས། སེམས་ཅན་ཐམས་ཅད་སངས་རྒྱས་ས་ལ་བཀོད། གདོད་མ་ནས་གྲུབ་ པའི་སངས་རྒྱས་དང་བཅས་པ་ཀུན་བཀུགས་འདྲེས་པ་ལས། ལྷ་ཐམས་ཅད་དུས་གཅིག་ཏུ་ བསྐྱེད། གོ་ཆ་བཀོད། རང་དང་གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས་པ་དང༌། ༀ་བཛྲ་མཎྜལ་ ཧཱུཾ་ཛཿ ཞེས་པས་ཡེ་ཤེས་པ་དགུག །ༀ་བཛྲ་ཀཱི་ལི་ཀཱི་ལ་ཡ་གུ་ཧྱ་མཎྜལ་ཧཱུཾ་གིས་གཞུག ༀ་ བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ་གིས་བྱིན་གྱིས་བརླབས། རྒྱས་གདབ་མཆོད་བསྟོད་གཏོར་མའི་ བར་སྒྲུབ་ཐབས་བཞིན་ཏེ་ལྷ་ལྷག་པར་གནས་པའོ། ། ༈ གསུམ་པ་བུམ་པ་ལྟ་གོན་ནི། གྲུབ་ན་ལྷ་གྲངས་དང་མཉམ་པའམ། མ་གྲུབ་ན་རྒྱལ་ རྣམ་རྒྱལ་གཉིས་དཀར་པོར་བྱུགས་ལ། རྣམ་རྒྱལ་ལ་རྡོ་རྗེ་དང་གྲི་གུག གཞན་རྣམས་ལ་གྲི་ གུག་གིས་མཚན་པ་བྲི། ༀ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ཞེས། དྲི་བཟང་དང་བཅས་པའི་ཆུས་(ལྷའི་ ཆུ་བོ་གང་གཱ་དང་དབྱེར་མེད་པར་བསམ་)བཀང༌། ༀ་བཛྲ་ཨ་མྲི་ཏོདྒཋ་ཧཱུཾ་ཞེས་ཡེ་ཤེས་ཀྱི་བདུད་རྩིར་བྱ། རིན་པོ་ཆེ་ལྔ་ནི། གསེར། དངུལ། མུ་ཏིག མུ་མེན། བྱི་རུའོ། །སྨན་ལྔ་ནི། ཀན་དྷ་ག་རི། ཤུ་ དག་དཀར་པོ། སླེ་ཏྲེས། དབང་ལག ཨུཏྤལ་དཀར་པོའོ། །འབྲུ་ལྔ་ནི། ཏིལ། ནས། འབྲས། གྲོ། སྲན་མའོ། །དྲི་ལྔ་ནི། ག་བུར། ཛཱ་ཏི། ཁ་ཆེ། ཙན་དན་དཀར་དམར་རོ། །བདུད་རྩི་ལྔ་ལ་ སོགས་པ་ༀ་བཛྲ་ཙིཏྟྲ་ས་མ་ཡ་ཧཱུཾ། ཞེས་བཅུག རས་བཟང་པོའི་མགུལ་བཅིངས། ༀ་བཛྲ་ཤེ་ 4-1-10 ཁ་ར་རུ་ཊ་མཊ་དྷི་ཤཱཾ་བྷནྡྷ་ཧཱུཾ་གིས་བཅིངས། འབྲས་ཅན་གྱིས་ཤིང་གིས། ༀ་བྷོ་དྷེ་བྷྲིཀྵ་ཡ་ཧཱུཾ་ ཞེས་ཁ་བརྒྱན་པའི་རྣམ་རྒྱལ་གཙོ་བོའི་མདུན། བུམ་པ་ཐམས་ཅད་ཚང་ན། དཀྱིལ་འཁོར་ལ་ བསྐོར། ལས་བུམ་བྱང་ཤར་དུ་བཀོད། རྣམ་རྒྱལ་གྱི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུ་དང༌། རྡོ་ རྗེ་མེ་ཏོག་གི་ཕྲེང་བ་དང་བཅས་པ་བཞག བུམ་པ་བསང་སྦྱངས། སྟེང་པའི་ངང་ལས་བཾ་ལས་ རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་དང་ལྡན་པ་བསྐྱེད། དེའི་ནང་དུ་ཧྲཱིཿལས་ སྣ་ཚོགས་པད་མ་ལྷ་གྲངས་དང་མཉམ་པའི་ལྟེ་བར། ཉི་མ་ལ་ལྷ་ཐམས་ཅད་ཚང་པར་བསྐྱེད། ལས་བུམ་དུ་པཾ་ལས་དུམ་སྐྱེས་མ་དམར་མོ་གྲི་གུག་གི་ཐོད་པ་ཅན་བསྐྱེད། ཡེ་ཤེས་པ་གཞུག རྒྱས་གདབ་དབང་བསྐུར་སོགས་སྒྲུབ་ཐབས་བཞིན་ནོ། །གཙོ་བོའི་སྙིང་པོ་སྟོང་ཕྲག ཡུམ་གྱི་ བརྒྱ་རྩ། འཁོར་ལོའི་བརྒྱ་རྩ་རེ་བཟླས། ལས་བུམ་དུ། ༀ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ་ཅེས་པ་བརྒྱད་ རྩ་བརྒྱད་བཟླས། མཆོད་ཅིང་(མེ་དག་ཀུན་རྟོག་དགའ་བྲལ་མ། །དབང་ཆེན་ཆོས་ཀྱི་དྲན་ཉེར་བཞག །དམར་མོ་གྲི་ གུག་ཐོད་པ་འཛིན། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །ཞེས།) བསྟོད་ནས། ཇི་སྲིད་དཀྱིལ་འཁོར་བྱས་པ་ ཡིས། །དེ་སྲིད་བྱ་བ་མ་རྫོགས་པར། །བཅོམ་ལྡན་འདས་མ་ཁྱོད་ཀྱིས་ནི། །བདག་གི་གདུག་ པ་སྐྲག་པར་མཛོད། །ཞེས་འཕྲིན་ལས་བཅོལ། དུང་ཆོས་ཆུས་བླུགས་པས་ལྷ་རྣམས་ཞུ་བའི་ བདུད་རྩིའི་ཆུར་བསམ་མོ། །བུམ་པ་ལྷ་གནས་སོ། །དེ་ནས་ཤར་སྒོར་གཏོར་མ་རྒྱ་ཆེན་པོ་ གཏང༌། གྲུབ་ན་རྒྱས་པའི་སྦྱིན་བསྲེགས་བྱའོ། ། ༈ བཞི་པ་སློབ་མ་སྟ་གོན་ནི། སློབ་མ་རྣམས་ཁྲུས་བྱས་ཕྱག་དང་མཎྜལ་ཕུལ་ནས། སྙིམ་ པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་ འཁོར་འདིར་ནི་འཇུག་བྱས་ཏེ། །དངོས་གྲུབ་འདོད་པས་དེ་ལས་གཞན། །གཞན་དག་འཇིག་ རྟེན་ཕ་རོལ་གཉེར། །དད་པ་ཆེན་པོས་བསྟན་བྱས་ཏེ། །འཇིག་རྟེན་ཕ་རོལ་ལ་དམིགས་ ནས། །བློ་ལྡན་དཀྱིལ་འཁོར་འཇུག་བྱས་ཏེ། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །གལ་ཏེ་འདི་ 4-1-11 འབྲས་ལ་དམིགས་ན། །འཇིག་རྟེ་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བརྗོད། ཛ་ཡ་སེ་ནས། གང་ཞིག་རང་གི་རྒྱུད་རྣམས་སུ། །ཆོ་ག་རྫོགས་པར་མ་གསུངས་པར། །དེ་ནི་རྒྱུད་མཆོག་ གཞན་རྣམས་ལས། །རྫོགས་མཛད་མཁས་པ་རྣམས་ཀྱང་བཞེད། །ཅེས་གསུངས་པས་ནང་ དབང་དངོས་སུ་མ་གསུངས་ཀྱང་བྱ་རུང་པས། དེ་ནས་རང་ལས་འོད་འཕྲོས། སློབ་མའི་སྡིག་ སྒྲིབ་སྦྱངས། འོད་ཀྱི་ལམ་ནས། རང་གི་ཁ་ནས་ཞུགས་སྙིང་ཁར་རྗེས་ཆག་གིས་མེ་ཞུ་བ། རྡོ་ རྗེའི་ལམ་ནས་ཡུམ་གྱི་མཁར་བབས་ལྷ་ཡབ་ཡུམ་དུ་གྱུར། ཡང་སྙིང་ཁ་ནས་འོད་འཕྲོས། སངས་རྒྱས་ཡབ་ཡུམ་ཞལ་ནས་ཞུགས། ཞུ་བ་ཡུམ་གྱི་ཁར་འཕྲོས་པས། དབང་བསྐུར། དམ་ ཚིག་པ་དང་དབྱེར་མེད་དུ་གྱུར་པ། མཁའ་ནས་འཕྲོས། དཀྱིལ་འཁོར་གྱི་ཤར་སྒོར་ཕྱིན་པར་ བསམས་ལ། གསོལ་བ་གདབ་པ་ནི། ཁྱོད་ནི་སྟོན་པ་དཔལ་ཆེན་པོ། །རྡོ་རྗེ་ཕག་མོ་བདག་ སྦྱོར་བ། །མགོན་པོ་ཆེན་པོས་བདག་འཚལ་ལོ། །བྱང་ཆུབ་ཆེན་པོས་ཚུལ་བསྟན་པ། །དམ་ ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་ དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་ མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། རྗེས་སུ། སློབ་མ་ཆོ་ག་གསུམ་གྱིས་གཙོ་བོའི་གཟུགས་སུ་བསྐྱེད་ལ། ༀ་ཨཱཿཧཱུཾ་གིས་གནས་ གསུམ་བྱིན་གྱིས་བརླབས་པ་མདུན་དུ་བཞག་པ་ལ། བླ་མས། བུ་ཚུར་ཤོག་ཐེག་པ་ཆེན་པོ་ ཡི། ཁྱོད་ནི་ཚུལ་ཆེན་གནོད་ཡིན་ཏེ། །རྫོགས་པའི་སངས་རྒྱས་གང་འདས་པ། །དེ་བཞིན་ གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་མགོན་པོ་གང༌། །འགྲོ་ལ་ཕན་ཕྱིར་གཞུག་པ་ སྟེ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་ 4-1-12 མེད་དེས། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །སྟོབས་ཆེན་དག་ ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཞེས་སྤྲོ་ བ་བསྐྱེད་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་སྐུ་གསུམ་དུ་རྣམ་པར་བཞུགས་པ་ལ་སྐྱབས་སུ་མཆིའོ། །བླ་ན་ མེད་པ་ངེས་པར་འབྱུང་བ་ཆེན་པོ་ཅན་གྱི་ཆོས་ལ་སྐྱབས་སུ་མཆིའོ། །བླ་ན་མེད་པའི་ཕྱིར་མི་ ལྡོ ག་པ་ཅན་གྱི་བྱང་ཆུབ་སེམས་དཔའི་ཚོགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་དང༌། སློབ་དཔོན་ནས་བཟུང་སྟེའི་བར་སྔར་བཞིན་ལ་ཇི་སྲིད་ཐོག་མ་མེད་པ་འཁོར་བ་ནས་འཁོར་ བར་སྡིག་པ་ཅན་གྱི་ལས་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་ རང་བ་དེ་དག་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མདུན་དུ་སོ་སོར་གཤེགས་པར་ བགྱིའོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། ནོར་བུ་དང༌། པད་མ་དང༌། ལས་ཀྱི་རིགས་སུ་ཞུགས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་ བས། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། ནོར་བུ་དང༌། པད་མ་དང༌། ལས་ཀྱི་རིགས་ སུ་ཞུགས་པ་ཐམས་ཅད་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། གསང་སྔགས་དང༌། རིག་པའི་ ལྷ་ཐམས་ཅད་ཀྱི་མདུན་དུ་སྡིག་པ་ཐམས་ཅད་བླ་ན་མེད་པའི་གཤེགས་པས། སངས་རྒྱས་ བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་སོ་སོར་གཤེགས་པར་བགྱིའོ། །ཆོས་ཀྱི་དབྱིངས་ལ་ འདུས་པ་དང༌། སྙམ་པར་སོན་པའི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་པས་རྗེས་ སུ་ཡི་རང་ངོ༌། །གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་འཁོར་ལོ་མི་བསྐོར་ བ་དེ་རྣམས་བླ་ན་མེད་པའི་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་ 4-1-13 གདབ་པར་བགྱིའོ། །གང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་སེམས་ཅན་གྱི་ཁམས་དེ་ སྲིད་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བགྱིའོ། །བདག་གི་དགེ་བའི་ལས་ རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ ཆོས་རྣམས་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོའི་གཟིར་ལས་སྒྲོལ། །དེ་ནས་ མེ་ཏོག་གི་ཚོམ་བུ་དགུ་ལ་སོ་ཤིང་ༀ་བཛྲ་ཧ་ས་ཧཾ་ཞེས་དོར་དུ་བཅུག (རྩེ་མོ་ཤར་དུ་སྟན་ན་ཞི་བ། ལྷོ ར་ རྒྱས་པ། ནུབ་ཏུ་དབང༌། བྱང་དུ་མངོན་སྤྱོད། མཚམས་སུ་ལས་སྣ་ཚོགས་པ། སྟེང་དུ་མཁའ་སྤྱོད། འོག་ཏུ་ས་འོག་གི་དངོས་གྲུབ་ བོ།།) དངོས་གྲུབ་ཀྱི་ལྟས་བརྟག ལས་བུམ་གྱི་ཆུས་ཁ་བཤལ། ཧཱུཾ་དང་དྷི་ལས་བྱུང་བ། ༀ་ ཨཱཿཧཱུཾ་གིས་སྔགས་པའི་ཀུ་ཤ་ཆེ་ཆུང་སྟན་དང་སྔས་སུ་ༀ་བཛྲ་ཏིཀྵ་ན་བཾ་གྱིས་བྱིན། ༀ་ཧྲཱིཿབི་ ཤུདྡྷ་སརྦ་དྷརྨ་པཱ་པཾ་ནི་ཙ་སཾ་ཤོ་དྷ་ཡ་བི་སྐལྤན་ཨ་པ་ན་ཡ་ཧཱུཾ། ཞེས་བརྗོད་ཅིང་བདུད་རྩིའི་ཆུ་ འཐུང་དུ་བཅུག ༀ་ཨཱཿཧཱུཾ་གིས་སྔགས་པའི་བསྲུང་སྐུད། ༀ་བུདྡྷ་མེ་ཏྲཱི་རཀྵ་རཀྵ་སརྦན་སྭཱཧཱ་ ཞེས་བཅིངས། གནས་དྲུག་ཏུ་གོ་ཆའི་སྔགས་ཀྱིས་བྱིན་གྱིས་བརླབས། གནས་གསུམ་དུ་ འབྲུ་གསུམ་གྱིས་བསྲུངས་ལ། ཉེར་མཆོད་ལྔ(སློབ་མ་མཆོད་ཡུལ་དུ་གྱུར་པ་ལ། མཆོད་རྫས་རྣམས་གཏད་དེ་) ས་མཆོད་ནས། ཆོས་བཤད་དེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམ་འབར་བའི་ མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་ སྔགས་སྤྱོད་པའི་ཚུལ་འབྱུང་པ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་ མེད་དོན། །བླ་མེད་བྱེད་པར་ནུས་མ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་ གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་ མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་ བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོད་འདི་ལ། །བློ་ གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་པ་ཡི། །ངན་འགྲོ་དེ་ཡིས་སྤྱོད་པར་ 4-1-14 འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་ རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱི་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་ཞིང་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་ འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་པའི། ། ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་བསྐལ་པ་ ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡིས། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་དོ། །དེ་ནས་སློབ་མས། ཕྱིར་མི་ལྡོ ག་པ་མཁའ་འགྲོའི་དབང༌། །མགོན་པོས་ བདག་ལ་བསྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་འཕྲིན་ལས་ཡོངས་ སུ་གསུངས། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྲུབ་ཕྱིར། །བདག་ནི་རྡོ་རྗེ་སློབ་དཔོན་གྱིས། །ཞེས་ལན་གསུམ། དེ་ནས་རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་སོགས་རིགས་ལྔའི་སྡོམ་གཟུངས་ལན་ གསུམ་བརྗོད་ལ། བླ་མས། འཁོར་ལོ་བཅུ་གཉིས་དཀྱིལ་འཁོར་ཆེ། །མཁའ་འགྲོ་རྒྱ་མཚོ་ སྐུ་བཞེངས་པ། །དཔལ་ཧེ་རུ་ཀའི་དྲིན་གྱིས་གསུངས། །ལྕེའི་སྟེང་དུ་ཟླ་བར་ཨཱཿལས་འོད་ དཔག་མེད་ཡུམ་བཅས་ཀྱི་ཐུགས་ཀར་ཨཱཿ་སྒོམ་དུ་བཅུགས་ནས། ༀ་པད་མ་ས་རད་ཐ་ཏི་ སཏྱ་མ་པ་དྷ་ཡ་ཧྲིཿ ཞེས་བཟློས་ཤིང༌། ལྷ་དང་བླ་མ་ཡིད་ལ་བྱེད་པས་ཉོལ་ལ་རྨི་ལམ་མཐོང་ པ་ང་ལ་སང་སྨྲོས་ཅིག་ཅེས་བྱའོ། །དེ་ནས་བླ་མས་སྤོས་དང་དྲིལ་བུ་འཛིན་པས། ལྷ་ལ་སྙན་ གསན་དབབ་པ་ནི། ཕྱོགས་བཅུ་རྫོགས་པའི་སངས་རྒྱས་ནི། །སྲས་བཅས་འཇིག་རྟེན་ལ་ གྲགས་དང༌། །རྡོ་རྗེ་རིན་ཆེན་རིགས་དང་ནི། །པདྨ་ལས་ཀྱི་རིགས་དེ་བཞིན། །སྙིང་པོ་ཕྱག་ རྒྱ་ལྔར་རིག་པས། །གང་ཞིག་ལྷ་ཡི་ཚོགས་ཐམས་ཅད། །དེ་རྣམས་བདག་ལ་དགོངས་སུ་ གསོལ། །བདག་མིང་འདི་ཞེས་བྱ་བ་ཡི། །མཁའ་འགྲོ་རྒྱ་མཚོ་དཔའ་མཆོག་གིས། །ཇི་ལྟར་ 4-1-15 ནུས་པས་ཉེར་སྤྱོད་གྱིས། །དཀྱིལ་འཁོར་བྲི་བར་བྱའོ་ཀྱེ། །སློབ་མ་རྣམས་ལ་བརྩེ་དོན་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྗེས་སུ་བརྩེ་བར་ཉེར་དགོངས་ལ། །ཉེ་བ་ཉིད་དུ་ མཛད་པར་རིགས། །ཞེས་ལན་གསུམ་དུའོ། །དེ་ནས་ལྟ་གོན་གྱི་ལྷ་ལ་མཆོད་ནས། ཧཱུཾ་བཛྲཽད་ ཏིཥྛ་ཞེས་པས། ལྷ་ནམ་མཁར་བཏེགས་ནས། ནམ་མཁར་འོད་ཀྱི་དཀྱིལ་འཁོར་དུ་བཞུགས་ པ་དེ། སྙིང་ཁའི་ཧཱུཾ་གི་འོད་ཀྱིས་བཀུག་པ། རང་གི་ལུས་ལ་བཅུག་ནས། དཀྱིལ་འཁོར་གྱི་ ས་ལ་ཉལ་ལོ། །ནངས་པར་ལངས་ནས། རང་ལ་བཅུག་པའི་དཀྱིལ་འཁོར། རང་ལས་ཕྱེ་ ནས། སླར་ནམ་མཁར་བཞུགས་པ་ལ་མཆོད་ཅིང་བསྟོད་དོ། །དེ་ནས་སློབ་མ་ལ་རྨི་ལམ་དྲིས། བཟང་ན་སྤྲོ་བ་བསྐྱེད། ངན་ན་བཟློག་པ་བྱའོ། །སྟ་གོན་ནོ། ། ༒ གསུམ་པ་དངོས་གཞི་ལ། ཐིག་གདབ་ཅིང་བྲི་བ། བསྒྲུབ་ཅིང་མཆོད་པ། འཇུག་ ཅིང་དབང་བསྐུར་བ། རྗེས་ཀྱི་ཆོ་ག་དང་བཞི་ལས། དང་པོ་ནི། དཔའ་བོའི་རང་བཞིན་གྱིས་ མྱོས་པའི་སྲད་བུ། གཞོན་ནུ་མས་བཀལ་བ། སྦོམ་སུ་སྒོ་ཕྱི་མ་བཅུ་དགུ་ཆ། དཀྱིལ་འཁོར་ ལས་ཉིས་འགྱུར་དུ་རིང་པ། གསེར་ལ་སོགས་པའི་སྣོད་དུ་བཞག་པ་དང་། རྡུལ་ཚོན་ཁ་དོག་ ལྔ་ཡང་། ༀ་ཨཱཿཧཱུཾ་སྭཱཧཱ། རིགས་ལྔ་ཡབ་ཡུམ་དུ་བསྐྱེད། ཧཱུཾ་ལས་འོད་འཕྲོས་པས། ༀ་ཏིཔྟ་ཏྲིཥྚཱཾ་ ཨཾ་ཀུ་ཤ་ཛཿ ཞེས་པས་འོད་ལྕགས་ཀྱུའི་རྣམ་པར་བསམས་ཏེ། ཡེ་ཤེས་པ་སྤྱན་དྲངས། ཐིག་ སྐུད་ལ་ཐིམ་པས་ཡེ་ཤེས་ལྔའི་ངོ་བོ་ལྟའོ། །སོ་སོར་ཏྲི་ཡིག་བཀོད་དེ། མིག་གཉིས་ཛ་ལས་ ཉི་མ་དང་ཟླ་བ་སེར་པོར་བསམས་ཏེ། འབར་བའི་ལྟ་བས། ནམ་མཁའི་ཧེ་རུ་ཀ་བསྐུལ་ཏེ། བདེན་པ་གང་གིས་སེམས་ཅན་རྣམས། །རྡུལ་ཚོན་འདི་དག་མང་དོན་དུ། །སངས་རྒྱས་བྱང་ ཆུབ་སེམས་དཔའ་རྣམས། །འགྲོ་ལ་རྗེས་སུ་ཆགས་པ་ཡིས། །བདེན་པ་དེ་ཡི་རྡུལ་ཚོན་རྣམས། །འབར་བར་གྱུར་ཅིག་ཧིཿཧིཿཧིཿསྔར་གྱི་སྲད་བུ་དང་རྡུལ་ཚོན་ལ་སྟིམ་ནས། རྡོ་རྗེ་སྲད་བུ་ དང་རྡུལ་ཚོན་དུ་གྱུར་པར་བསམ། དེ་ནས་ཐིག་སྐུད་ཀྱི་སྣ་སློབ་མ་ལ་གཏད་དེ། ༀ་ཧྲཱིཿཧ་ཧ་ 4-1-16 ཧཱུཾ་ཧཱུཾ་ཕཊ་ཞེས་བརྗོད་ཅིང་སོ་སོར་བསྒྲིལ། སླར་ཡང་རྡོ་རྗེ་ལ་དཀྲིས་ཏེ་སྔར་གྱི་སྣོད་དུ་བཞག མཆོད་ནས་རྡོ་རྗེ་ཁུ་ཚུར་བཅིངས་པ་ཐིག་སྐུད་ལ་རེག་ལ། ༀ་བཛྲ་ས་མ་ཡ་པུ་ཏྲཾ་མ་ཏི་ཀྲ་མ་ ཧཱུཾ་བརྒྱ་རྩ་བརྒྱད། མཚོན་ལ་ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་བརྒྱ་རྩ། ༀ་ཨཱཿཧཱུཾ་སྟོང་ཕྲག་གཅིག་གིས་ བསྟན་པར་བྱའོ། །དེ་ནས་རང་ཧེ་རུ་ཀ་དང་སློབ་མ་དུམ་སྐྱེས་མར་མོས་ལ། ཡིག་བདུན་ཡིད་ ཀྱི་བཟླས་ཤིང་། ཕན་ཚུན་རྗེས་སུ་རྟོགས་པ་དེ། །ཆོས་རྣམས་ཕན་ཚུན་རྗེས་སུ་འགྲོ། །ཆོས་ རྣམས་ཐམས་ཅད་གཤིས་སུ་ཡང་། །ཀུན་ཏུ་འགྲོ་བ་ཆོས་ཀུན་པ། །ༀ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་ སརྦ་དྷརྨཱ། ཨ་ཏྱན་ཨ་ནུ་པྲ་བིཥྚ་སརྦ་དྷརྨ། ཡེ་ཤེས་ལྔ་གཅིག་ཏུ་གྱུར། (རྡོ་རྗེའི་ལྟེ་བ་ལ་བྲིིས་ནས)ༀ་ ཨཱཿཧཱུཾ(ནང་མཆོད)། གཡོན་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་རྡོ་རྗེ་དང་བཅས་པས་ལྟེ་བའི་ཐད་ཀར་ བཟུང་། ནུབ་ནས་ཤར་དུ་བལྟས་ཏེ། གཡས་པས་ཐིག་སྐུད་སྣ་མོ་སློབ་མ་ལ་ཛ་ཛཿཛཿཞེས་ གཏད། སློབ་མ་ཤར་ནས་ནུབ་ཏུ་ལྟ་བས། ཛཿགསུམ་བརྗོད་ཅིང་ཐིག་སྐུད་དྲངས། ལས་ཐིག་ གི་སྟེང་དུ་ཐིག་སྐུད་ཀྱི་སྟེང་ནས་བཟུང་། འོག་ཏུ་བཅུས་ནས་སྟེང་དུ་གདབ། འོག་ནས་ བཟུང་། སྟེང་དུ་བཅུས་ཏེ་འོག་ཏུ་གདབ་ཅིང་། དེ་བཞིན་གཤེགས་རྣམས་དེ་ཡི་སྒྲས། །མ་ལུས་ ནམ་མཁའ་ཁྱབ་པ་ནི། །དེ་ལྟར་ལན་གཅིག་དུ་ནི་བསྐུལ། །འདི་ནི་སེམས་ཅན་དོན་དུ་གདབ། །ཅེས་སོ། །དེ་ལྟར་སློབ་དཔོན་ལྷོ་དང་། སློབ་མ་བྱང་དུ་གནས་པས། ཚངས་ཐིག་གཉིས་པ། སློབ་དཔོན་སློབ་མ་རིམ་བཞིན་དུ། རླུང་དང་དབང་ལྡན་སྔར་གནས་ནས། །མེ་དང་བདེན་ བྲལ་ཁ་བལྟས་ཏེ། །ཟུར་ཐིག་གཉིས་པོ་གདབ་པར་བྱ། །དེ་ནས་མེ་རུ་གནས་པ་ཉིད། །དེ་ བྱང་ཁ་ལྟས་དེ་བཞིན་དུ། །དབང་པོའི་ཕྱོགས་ཐིག་གདབ་པར་བྱ། །དེ་ནས་དེ་ཉིད་རླུང་གི་ ནི། །ཕྱོགས་སུ་གནས་ནས་སྔོན་བཞིན་དུ། །སྔགས་པས་ལྷོ་རུ་མངོན་འཕགས་པས། །ནུབ་ ཀྱི་ཕྱོགས་ནི་གདབ་པར་བྱ། །དེ་ནས་དེ་ཉིད་གནས་པ་དེ། །ཤར་དུ་མངོན་ཕྱོགས་ཡང་དག་ གནས། །བསྐོར་བ་ཡིན་ནི་འགྲོ་བྱས་ཏེ། །མཁས་པས་བྱང་གི་གདབ་པ་ཉིད། །མེ་ཡི་ཕྱོགས་ 4-1-17 སུ་གནས་པ་ནི། །ནུབ་ཏུ་མངོན་ཕྱོགས་དེ་བཞིན་དུ། །ལྷོ་ཕྱོགས་ཀྱི་ནི་ཐིག་གདབ་བོ། །དེ་ ནས་ཐིག་སྐུད་ལ་མཆོད་ནས་ཡེ་ཤེས་པ་གཤེགས། ཐིག་སྐུད་དབེན་པར་བཞག་གོ །དེ་ནས་ ༀ་བཛྲ་བེ་ག་ཨ་ཀ་མ་ཧཱུཾ་ཞེས་ཐིག་ནམ་མཁར་སྟེག་ནས། བླ་མའི་གཡོན་པའི་ཁུ་ཚུར་གྱིས་ དབང་ལྡན་ནས་རྩིག་པ་ལྔ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་ རབ་གྲོལ་བྱེད། །རྡོ་རྗེ་འཛིན་པ་རྒྱལ་པོ་བདག །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་ པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་དབུས་སུ་ཡང་དག་གནས། །ༀ་བཛྲ་ར་ག་ས་མ་ཡ་ ཧཱུཾ། དེ་བཞིན་དུ་བྱ་གྲུབ། ཀུན་རྟོག མཉམ་ཉིད། མེ་ལོང་རྣམས་བཅུག་སྟེ། སྒོ་ཚད་གཅིག་ ཏུ་བྲིས་ལ་(མཆོད་ཕྲེང་)ཐོད་པས་བཀབ། རྡོ་རྗེ་ལ་གཟུང་ཐིག་དཀྲིས་པས་གནན། བསལ་རན་ པ་ན། སློབ་མས་དེའི་འཕྲོ་ནས་བྲི། པདྨའི་དབུས་སུ་རྡོ་རྗེ་དང་གྲི་གུག ཐོད་པའི་སར་ཐོད་པ། ལྷ་མོ་རྣམས་ལ་གྲི་གུག བསྐལ་བཟང་ལ་ཆོས་འཆད་ཀྱི་ཕྱག་རྒྱ་བྲིས། ཚོན་ལྷག་མའི་ཡེ་ཤེས་ པ་གཤེགས། བུམ་པ་སྟ་གོན་ལྟར་བཤམས། མཐའ་མཆོད་པས་བསྐོར་གཏོར་མ་རྡོ་རྗེའི་དྲིལ་ བུ་སོགས། ཡོ་བྱད་དགོས་པ་རྣམས་ཚོགས་པར་བྱའོ།། །། ༒ གཉིས་པ་བསྒྲུབ་ཅིང་མཆོད་པ་ནི། སྔོན་འགྲོ་གཏོར་མ་ནས། ཕྲ་མོའི་རྣལ་འབྱོར་ ཡན་ཆད་བདག་བསྐྱེད་རྫོགས་པར་བསྒོམ། དེ་ནས་མདུན་བསྐྱེད་བསྒོམ་པ་ནི། མཆོད་པ་ བྱིན་རླབས། བསྲུང་བའི་འཁོར་ལོ་ནས། དཀྱིལ་འཁོར་བཞི་འཁོར་ལོ་སོགས་དང་བཅས་ པའི་གདན་དང་། གཙོ་བོ་ཡབ་ཡུམ་ལ་སོགས་པའི་ལྷ་ཐམས་ཅད་རྫོགས་པར་བསྐྱེད་ནས། རང་གིས་བསྒོམས་པ་དང་ཡང་གཉིས་སུ་མེད་པར་བསྲེས་ལ། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ འོད་ཟེར་འཕྲོས་པས། མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་ དཀྱིལ་འཁོར་སྤྱན་དྲངས་ཏེ་དམ་ཚིག་པ་དང་གཉིས་སུ་མེད་པར་སྲེས། རིགས་བདག་གི་ དབུ་བརྒྱན་པའི་བར་སྒྲུབ་ཐབས་ལྟར་བྱའོ། །བུམ་བཟླས་བྱ། དེ་ནས་རང་ཉིད་གཙོ་བོ་ལས་ 4-1-18 བྱེ་བའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་བསྒོམས་ལ། དཀྱིལ་འཁོར་ལ་ཕྱི་དང་། གོས་ གཟུངས་ནང་དང་། ཡིས་ལས་བྱུང་པའི་མཆོད་པས་མཆོད། ལྷའི་སྙིང་པོ་དང་ཡིག་བརྒྱ་བཟླས་ པས་བརྟན་པར་བྱས། དེ་ནས་རང་ཉིད་གཙོ་བོ་ལས་འཕྲོས་པའི་ཧེ་རུ་ཀར་བསམས་ཏེ། ཕྱི་ རོལ་ཏུ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཕྱི་ལ་འབྲངས་པའི་ཕྱོགས་སྐྱོང་སོགས་ལ་གཏོར་མ་ ཕུལ་ནས། གང་དུ་བཅོམ་ལྡན་འདས་ལྷན་ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་སུ་འབྲེང་བཅས་འདིར། །གནས་པའི་དེ་དག་ཐམས་ཅད་རྣམས། །བདག་ནི་ རྗེས་སུ་བཟུང་པའི་ཕྱིར། །ཇི་ལྟར་རིག་པར་འགྱུར་བ་ནི། །དྲི་དང་མེ་ཏོག་སོགས་གཏོར་མ། །སོ་སོར་བཞེས་ཏེ་སེམས་ཅན་ལ། །བྱམས་པའི་སེམས་དང་སློབ་མ་ལ། །བགེགས་མེད་པར་ ནི་མཛད་དུ་གསོལ། །ཞེས་འཕྲིན་ལས་གཞོལ་ལོ། །དེ་ནས་རང་ཉིད་གཙོ་བོའི་ང་རྒྱལ་གྱིས། དཀྱིལ་འཁོར་ལ་བསྐོར་ནས། ༀ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི། མགོན་པོ་སྙིམ་པའི་མེ་ཏོག་ བཞེས་སུ་གསོལ་ཞེས། མེ་ཏོག་ཕུལ། བླར། ༀ་ས་མ་ཡ་པྲ་བྷེ་ཤ་ཡ་མི་ཞེས། མེ་ཏོག་རང་ གི་སྤྱི་བོར་བཞག ༀ་བཛྲ་ཨུད་གྷ་ཊ་ཡ་པྲ་བྷེ་ཤ་ཡ་ཧཱུཾ་ཕཊ། ཤར་ལ་སོགས་པའི་སྒོ་བཞི་བྱེ་ བར་བསམ་སྟེ། རང་ཉིད་དཀྱིལ་འཁོར་དུ་ཞུགས་ཕྱག་བྱས་མཆོད་པ་ཕུལ། སེམས་ཅན་ ཐམས་ཅད་ལ་འདོད་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་བཀའ་དྲིན་བསྩལ་དུ་གསོལ་ཞེས་བྱིན་ གྱིས་བརླབ་པར་བསྒོམ། གཏོར་མ་བླ་མ་ཡི་དམ་ཆོས་སྐྱོང་མཁའ་འགྲོ་སྤྱིའི་གཏོར་མ་སོགས་ འབུལ་ཞིང་ཞི་བའི་སྦྱིན་བསྲེག་བྱ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། དམ་ཚིག་སེམས་དཔའ་ རྡོ་རྗེ་ཆེ། །རྡོ་རྗེ་སེམས་དཔའ་དེང་དག་གྲུབ། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཆང་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབ་ མཛོད། །ཉེས་པ་མི་མངའ་རྟག་པར་ནི། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ 4-1-19 ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་གྲུབ་པར་མཛོད། །ཤིན་ཏུ་དག་པ་ཀུན་གྱི་ མཆོག །སྡོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ ཆུབ་སེམས་དཔའ་བདག་གྲུབ་ཤོག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ ཕྱག་རྒྱ་ལྡན། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་བསྙེམས་བདག་ཕྱག་འཚལ་ལོ། །ཞེས་ བསྟོད་ནས། ༒ གསུམ་པ་འཇུག་ཅིང་དབང་བསྐུར་བ་ལ། སློབ་མས་བསྐུལ་ལ། སློབ་དཔོན་ བདག་ཉིད་འཇུག་པ་དང༌། སློབ་མ་འཇུག་ཅིང་དབང་བསྐུར་བ་གསུམ། དང་པོ་ནི། སློབ་ མས། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བ། །ཐར་པའི་གྲོང་དུ་བཅོམ་ལྡན་བདེ་ཆེན་ འཇུག །ཤིན་ཏུ་བདེ་བ་དམ་པའི་དངོས་གྲུབ་ནི། །ཛཿཧཱུཾ་བཾ་ཧོཿརབ་ཏུ་གྲུབ་པར་མཛོད། །ཅེས་བསྐུལ་ནས། གཉིས་པ་ནི། སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན། རང་གི་དབང་རྫོགས་ པར་བླངས་ལ། མཁྱེན་པར་གསོལ་བ་ནི། །བདག་མིང་འདི་ཞེས་བྱ་བ་ཡིས། །ཧེ་རུ་ཀ་དཔལ་ སློབ་དཔོན་ཆེ། །སངས་རྒྱས་བྱང་ཆུབ་སེམས་ཀུན་གྱིས། །གསུངས་པའི་ཆོ་ག་བདག་གིས་ནི། ། ཕུན་གསུམ་འཚོགས་པའི་ཆོ་ག་ཡིས། །སེམས་ཅན་དོན་ནི་བདག་གིས་བགྱི། ། དེ་ལ་རྗེས་ གནང་གསོལ་མཛོད་ལ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བདག་ལ་ཉེ་བར་ མཛད་དུ་གསོལ། །ཞེས་བརྗོད་ལ་གནང་བ་སྦྱིན་པར་བསམ་ཞིང༌། སེམས་ཅན་ཀུན་གྱི་ཡིད་ ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། ། སེམས་ཅན་ཀུན་གྱི་ཡབ་ཀྱང་ཉིད། །དམ་ ཚིག་མཆོག་རྣམས་སྐྱེས་བུའི་མཆོག །བྱུང་དང་འབྱུང་བར་འགྱུར་བ་ཡིས། །དེ་བཞིན་གཤེགས་ རྣམས་ཁྱོད་ཀྱིས་བསྒྲུབས། །འདོད་པ་འདི་ཡིས་བདག་མགོན་པོ། །འདོད་པ་ཁྱོད་ཀྱིས་རྫོགས་ པར་མཛོད། །ཅེས་བདེན་པའི་སྟོབས་བརྗོད། དཀྱིལ་འཁོར་ལ་མཆོད་ནས། ཆོས་ཀྱི་ དབྱིངས་ཀྱི་བྱིན་རླབས་དང༌། །དམ་ཚིག་ཀྱང་ནི་དྲན་པ་ཡིས། །བརྩེ་བས་སེམས་ཅན་ཀུན་གྱི་ 4-1-20 དོན། །དངོས་གྲུབ་ཀུན་ཕྱིར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་གདབ་པར་བྱའོ། ། ༈ གསུམ་པ་ལ་འཇུག་པ་དང་དབང་བསྐུར་བ་གཉིས་ལས། དང་པོ་ནི། སློབ་མ་རྣམས་ ཁྲུས་བྱས་ཕྱག་དང་མཎྜལ་ཡོན་ཕུལ་ནས་འཁོད་ལ། ༀ་བཛྲ་ཙཀྲ་ཨ་དྷི་ཏིཥྛ་སིདྡྷི་ཧཱུཾ། ཞེས་ བྱ་བའི་ཧེ་རུ་ཀའི་གཟུགས་སུ་བསྐྱེད་ལ། གནས་གསུམ་དུ། ༀ་ཨཱཿཧཱུཾ་བཀོད། དེའི་འོད་ཟེར་ གྱིས་སྒོ་གསུམ་དྲི་མ་མེད་པར་བྱས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ཏ་ར་བོ་དྷི་ཨ་ལཾ་ཀ་ར་ཝསྐྲ་པུ་ ཙ་མེ་གྷ་ས་མུད་ཊ་སྥ་ར་ཎ་ས་མ་ཡེ་ཧཱུཾ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བླ་ན་མེད་པའི་བྱང་ཆུབ་སེམས། །རྒྱན་གོས་མཆོད་སྤྲིན་རྒྱ་མཚོ་ཅན། །འཕྲོ་བ་དང་ནི་འདུས་པ་ཧཱུཾ།།)གིས་སྨད་གཡོགས། ༀ་བཛྲ་རཀྵ་ཧཾ་(རྡོ་རྗེ་ཡིས་ ནི་བསྲུང་བ་ཧཾ།)གིས་སྟོད་གཡོགས། ༀ་བཛྲ་ཨུཥྞི་ཥ་(རྡོ་རྗེ་གཙུག་ཏོར་ཅན་)ཧཱུཾ་ཕཊ་ཀྱིས་གཙུག་ཏོར། ༀ་ཙཀྵུར་བན་དྷཾ་པ་ར་མ་ཎ་ཡ་ཧཱུཾ་གིས་མིག་རས་བཅིངས། ཨ་ཁཾ་བི་ར་ཧཱུཾ། མེ་ཏོག་གི་ཕྲེང་ བ་བྱིན་ལ། ཁྱོད་ནི་སྟོན་པ་དཔལ་ཆེན་པོ། །ཞེས་སོགས་ཀྱིས་གསོལ་བ་གདབ། ཀྱེ་དགའ་ བ་ལ་དགའ་བ་ཁྱོད་སུ་ཡིན། དྲི་ཞིང་། བདེ་ཆེན་བདག་ནི་བསྐལ་བཟང་ལགས། ཞེས་ལན་ བརྗོད་ནས། ༀ་མཧཱ་ར་ཏ། སུ་ཊི་དྷ་སུཏྱོ་ཥྱོ་སུ་སུ་ཥྱོ། བཛྲ་སཏྭ། ཨཱདྱ་སིད་དྷྱ་མཾ། (ༀ་ཆགས་ པ་ཆེན་པོ་ཤིན་ཏུ་དགའ། །ཤིན་ཏུ་དགའ་ཞིང་ཤིན་ཏུ་བདེ། །དེ་རིང་རྡོ་རྗེ་སེམས་དཔའ་ཡི། །བདག་ལ་དངོས་གྲུབ་བསྩལ་དུ་ གསོལ།། ཞེས་བསྐོར་བ་བྱས་ལ། ཤར་སྒོ་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པཥྛ་ན་ཨཱཏྨ་ནཾ་ ནིདྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཨ་ཀྵོ་བྷྱ་ཨ་དྷི་ཏིཥྛ་སྭ་མཾ། (དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་པ་ ཉེ་བར་གནས་པའི་ཕྱིར། །བདག་ཉིད་འབུལ་བར་བྱ་བ་ཡིན། །དེ་བཞིན་གཤེགས་པ་མི་བསྐྱོད་པ། །བདག་ལ་བྱིན་གྱིས་བརླབ་ ཏུ་གསོལ།།) ༀ་སརྦ་བུདྡྷ་པཱུ་ཛ་ཨུ་པ་སྠཱ་ནཱ་ཡ། ཨཱཏྨ་ནཾ་ནིདྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ། བཛྲ་བཻ་ རོ་ཙ་ན་ཨ་དྷི་ཏིཥྛ་མཾ། (སངས་རྒྱས་དག་ནི་ཐམས་ཅད་ལ། །མཆོད་པ་ཉེ་བར་གནས་པའི་ཕྱིར། །བདག་ཉིད་འབུལ་བར་ བྱ་བ་ཡིན། །དེ་བཞིན་གཤེགས་ཀུན་རྣམ་སྣང་མཛད། །བདག་ལ་ལྷག་པར་བྱིན་ཅིག་དང་།།) ལྷོ་ནས། ༀ་སརྦ་ཏ་ཐཱ་ག་ 4-1-21 ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཏ་ཨཱཏྨ་ནཾ་ནིདྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་རཏྣ་ཨ་བྷི་ཥིཉྩ་མཾ། (དེ་བཞིན་གཤེགས་ པ་ཐམས་ཅད་ལ། །མཆོད་དང་དབང་བསྐུར་བྱ་བའི་ཚེ། །བདག་ཉིད་དབུལ་བར་བྱ་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས། །རྡོ་རྗེ་རིན་ཆེན་བདག་དབང་བསྐུར།།) ནུབ་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བར་ཏ་ན་ཡ་ཨཱདྨ་ནཾ་ ནིདྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་དྷརྨ་པྲ་བར་ཏ་ཡ་མཾ། (དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་པ་རབ་ཏུ་ བསྐོར་བའི་ཕྱིར། །བདག་ཉིད་དབུལ་བར་བྱ་བ་ཡིན། །དེ་བཞིན་གཤེགས་ཀུན་རྡོ་རྗེ་ཆོས། །བདག་ལ་རབ་ཏུ་བསྐོར་ཅིག་དང༌།།) བྱང་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎ་ཨཱཏྨ་ནཾ་ནིདྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་སིདྡྷི་ ཀུ་རུ་མཾ། (དེ་བཞིན་གཤེགས་པ་ཐམས་ཅད་ལ། །མཆོད་པའི་ལས་ནི་བྱ་བའི་ཕྱིར། །བདག་ཉིད་དབུལ་བར་བྱ་བ་ཡིན། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་དོན་ཡོད་གྲུབ་པར་མཛོད།།) ཡང་ཤར་སྒོ་ནས། ༀ་གུ་རུ་ཙ་ར་ཎ་ ཨུ་པསྠ་ན་ཡ་ཨཱཏྨ་ནཾ་ནིདྱ་ཏ་ཡཱ་མི། (བླ་མའི་ཞབས་དྲུང་བསྟེན་པའི་ཕྱིར། །བདག་ཉིད་དབུལ་བར་བྱ་བ་ཡིན།།) ༀ་སརྦ་སཏྭ་པ་རི་ཏྲ་ཎཱ་ཡ་ཨཱཏྨ་ནཾ་ནིདྱ་ཏ་ཡཱ་མི། (སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། །བདག་ཉིད་འབུལ་ བར་བྱ་བ་ཡིན།།) ཞེས་ཕྱག་བྱས་ལ། དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་ཡང་ནི་བདག་ལ་ སྩོལ། །རྡོ་རྗེའི་རིགས་ཀུན་བསྡུས་པ་ལ། །སློབ་དཔོན་ཆེན་པོ་བདག་ཞུགས་མཛོད། །ཕྱིར་ མི་ལྡོ ག་པར་དབང་བསྐུར་བའི། །སྐལ་བ་ཆེན་པོ་བདག་ལ་སྩོལ། །དུས་གསུམ་བཞུགས་ རྣམས་སངས་རྒྱས་ཀྱིས། །སངས་རྒྱས་བྱང་ཆུབ་གོ་འཕང་མཆོག །སློབ་དཔོན་ཆེན་བདག་ལ་ སྩོལ། །མཚན་ཉིད་དང་ནི་དཔེ་བྱད་དང༌། །ནམ་མཁའི་འོད་སོགས་ཡང་དག་ལྡན། །སངས་ རྒྱས་སྐུ་ནི་ཡིད་འོང་པ། །མགོན་པོ་ཆེན་པོ་བདག་ལ་གསོལ། །དབང་བསྐུར་པ་ནི་རྨད་བྱུང་ ཆེ། །སེམས་ཅན་ཀུན་གྱི་དོན་བརྩོན་པས། །རྟག་ཏུ་བདག་ནི་སློབ་དཔོན་གྱུར། །ཞེས་ལན་ གསུམ་དང༌། བདག་མིང་འདི་ཞེས་བགྱི་བ་ཡིས། །བྱང་ཆུབ་སེམས་ནི་ཡོངས་བཟུང་དང༌། །གསང་བའི་དཀྱིལ་འཁོར་འདིར་འཇུག་ཅིང༌། །དམ་ཚིག་སྡོམ་པ་ནོད་པར་འཚལ། །ཞེས་ གསོལ་བ་གདབ། བླ་མས། གསང་བ་ཆེན་པོ་རིགས་དགེ་བ། །གསང་ཆེན་ཡོངས་སུ་བཟུང་ 4-1-22 པ་རུ། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །ཞེས་དྲིས། སློབ་མས། གསང་པ་ཆེན་པོ་རིགས་ དགེ་བ། །གསང་ཆེན་ཡོངས་སུ་བཟུང་པ་རུ། །བདག་ཉིད་ཆེན་པོ་བདག་འདོད་དོ། །བླ་མས། སངས་རྒྱས་ཆོས་དང་དགེ་འདུན་སྟེ། །རིན་ཆེན་གསུམ་གྱིས་དམ་ཚིག་བརྟེན། །དེ་ལྟར་སངས་ རྒྱས་རིགས་དག་ལ། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །བློ་གྲོས་ ཆེན་པོ་ཁྱོད་ཀྱིས་བཟུང༌། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་ དོ། །སློབ་དཔོན་དག་ཀྱང་བཟུང་པར་བགྱི། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ ཆེན་པོ་ཡིས། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་སྦྱིན་བྱ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །ཁྱོད་ཀྱིས་དམ་པའི་ ཆོས་བཟུང་བྱ། །འདི་ནི་པད་མའི་རིགས་དག་པའི། །དམ་ཚིག་སྡོམ་པ་མཆོག་ཡིན་ནོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །རང་གིས་དེ་ཉིད་སོ་ སོར་བཟུང༌། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །གཞན་ཡང་བཅུ་བཞི་བཤད་འདི་རྣམས། །ཕས་ཕམ་པ་ཞེས་བྱ་བར་གྲགས། །རྩ་བའི་ལྟུང་བར་ཞེས་བྱ་སྟེ། །ཉིན་མོ་ལན་གསུམ་ཚན་ ལན་གསུམ། །ཉི་མ་རེ་རེ་འདོན་པར་བགྱི། །རྡོ་རྗེ་སྤུན་རྣམས་ཤེས་ཉིད་པས། །རྣལ་འབྱོར་ རྣམས་ལ་བསྙེན་བཀུར་བྱ། །སྤང་ཞིང་དོར་བར་མི་བྱ་སྟེ། །ཇི་ལྟར་ནུས་པས་ཡང་དག་སྤྱད། །ཐེག་པ་དམན་པ་འདོད་མི་བྱ། །འཁོར་བ་ཡོངས་སུ་མི་སྤང་ཞིང༌། །རྟག་ཏུ་མྱང་འདས་ལ་མི་ དགའ། །གསང་པ་གསུམ་གྱི་ལྷ་རྣམས་ལ། །བརྙས་པ་ཉིད་དུ་མི་བྱའོ། །ཕྱག་རྒྱ་གཞོན་པ་ མཚོན་ཆ་དང༌། །མཚན་མ་འགོམ་པར་མི་བྱའོ། །སྲོག་ཆགས་གསད་པར་མི་བྱ་ཞིང༌། །མ་ བྱིན་མི་བླང་ཉིད་དུ་བྱ། །འདོད་ལོག་སྤྱད་པར་མི་བྱ་ཞིང༌། །བརྫུན་གྱི་ཚིག་ཀྱང་སྨྲ་མི་བྱ། །བྱ་ བ་མ་ཡིན་ཐམས་ཅད་སྤང༌། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། །ལེགས་པ་ཡི་ནི་ཉེ་བར་ 4-1-23 གནས། །རྣལ་འབྱོར་གསུམ་ལ་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་ གི་ལས་ནི་རྣམ་བཞི་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཇི་ལྟར་ནུས་པས་རྗེས་སུ་སྐྱོངས། །འདི་དག་དམ་ཚིག་ཡིན་པར་གསུངས། ཁྱོད་ཀྱིས་ད་ལྟ་ཉིད་ནས་བསྲུངས། །ཞེས་པས་ དམ་བསྒྲགས། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་ གིས་བགྱི། །ཞེས་ལན་གསུམ། དེ་ནས་རྗེས་བཟློས་བྱེད་དུ་བཅུགས་ཏེ། རྫོགས་སངས་རྒྱས་ ལ་ཕྱག་འཚལ་ལོ། །མགོན་པོ་སངས་རྒྱས་རྣམས་དང་ནི། །དེ་སྲས་བདག་ལ་དགོངས་སུ་ གསོལ། །བདག་མིང་འདི་ཞེས་བྱ་བ་འདི། །དུས་འདི་ནས་ནི་རབ་བཟུང་སྟེ། །བྱང་ཆུབ་སྙིང་ པོ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་ འདས་ལ་འགོད། །ཅེས་པའི་བར་གྱིས་སྡོམ་པ་བཟུང༌། སྙིང་ཁར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ མོ་ལྔ་པ་བསམས་ཏེ། ༀ་སརྦ་ཏ་ཐཱ་ག་ཡོ་ག་ཀ་ཡ་ཝཀ་ཙི་ཏ་ཨུ་པ་ཏ་ཡ་མི་ཥ་ཤ་ས་ཏཱ་དྷ་ཏུ་ཧྲི་ ཏ་ཁོ་ཏ་མ་སིད་དྷི་ཨཏྱན་ཏ་ཐཱ་ཝ་སིད་དྷི་མ་ཧེ་ཥཱ་དྱ་དྷི་ས་ཏ་ཏྱ་ཙ་ཡ། ཞེས་སེམས་བསྐྱེད། སྙིང་ ཁར་རྡོ་རྗེ་བཞག་ནས། སུ་ར་ཏ་ས་མ་ཡ་སྟྭོམ་ཧོཿ སིད་དྷ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བརྟན་ པར་བྱས་ནས། ༀ་ཨཱཿབིགྣན་ཏ་ཀྲིཏྟ་ཧཱུཾ་ཞེས་བགེགས་སྦྱངས། ས་མ་ཡ་སྟྭཾ་ཞེས་ཡོལ་བའི་ ནང་དུ་ཁྲིད་ནས། བླ་མས། དྲིལ་བུ་བསིལ་ཞིང༌། བདག་མིང་འདི་ཞེས་བྱ་བ་ཡི། །རྡོ་རྗེ་སློབ་ དཔོན་བཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སློབ་མ་རྣམས་ནི་གཞུག་པར་ བྱ། །དཀྱིལ་འཁོར་སྙིང་པོ་འདི་རུ་ནི། །ཡེ་ཤེས་རྡོ་རྗེ་ཐོབ་བྱའི་ཕྱིར། །དེ་བཞིན་གཤེགས་ ཀུན་གྲོང་ཁྱེར་དུ། །བདག་གིས་སློབ་མ་གཞུག་པར་བྱ། །ཨ་ཁཾ་བྷི་ར་ཧཱུཾ། ཞེས་བརྗོད་དེ་ནང་ དུ་གཞུག་པའོ། །དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའོ། །ཡེ་ཤེས་གང་གིས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ 4-1-24 རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་པ་རྣམས་ལ་བརྗོད་པར་ མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། འདི་ནི་དམ་ ཚིག་རྡོ་རྗེ་སྟེ། །གལ་ཏེ་ལ་ལར་ཁྱོད་འདི་སྨྲ། །ཁྱོད་ཀྱི་སྤྱི་བོ་འགས་པར་བྱེད། །རྡོ་རྗེ་སྙིང་ ཁར་བཞག་ལ། རྡོ་རྗེ་སེམས་དཔའ་རང་ཉིད་ནི། །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །གལ་ ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་སོ། །ནང་མཆོད་ནས་བླངས་ ཏེ། ༀ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བྱིན་ལ་འཐུང་དུ་གཞུག་ཅིང་ༀ་ཨཱཿཧཱུཾ། འདི་ནི་ ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་ གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཅིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །དཀྱིལ་འཁོར་མེད་ལ་ གལ་ཏེ་སྨྲ། །སྐྱེ་བོ་ཚོགས་ལ་གནས་ན་ནི། །མ་དད་བཞག་གད་ཀྱིས་མ་ཡིན། །ༀ་བཛྲ་ཨུ་ད་ ཀཋ། ཞེས་དང༌། རྡོ་རྗེ་སྤྱི་བོར་བཞག་སྟེ། དེང་ཕྱིན་ཆད་བུ་ཁྱོད་ཀྱི་དཔལ་མཁའ་འགྲོ་རྒྱ་མཚོ་ ང་ཡིན་གྱི། ངའི་འདི་གྱིས་ཤིག་ཅེས་བསྒོ་བ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་ ཡང་མ་བྱེད་ཅིག བྱས་ན་ཡ་ང་བ་མ་སྤང་པར་ཚེའི་དུས་བྱས་ནས་དམྱལ་བར་ལྟུང་པར་གྱུར་ ཏ་རེ། ཞེས་བརྗོད་དེ་དམ་ལ་བཞག་པའོ། ། ༈ དེ་ནས་སློབ་མས་མཎྜལ་ཕུལ། གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱིན་གྱིས་རླབས་ལ། དཔལ་མཁའ་འགྲོ་རྒྱ་མཚོ་བདག་ལ་དབབ་དུ་གསོལ། ཞེས་ལན་གསུམ་དང༌། བླ་མས། འདི་ནི་དམ་ཚིག་རྡོ་རྗེ་སྟེ། །མཁའ་འགྲོ་རྒྱ་མཚོ་ཞེས་བྱར་ གྲགས། །ཡེ་ཤེས་རྡོ་རྗེ་བླ་མེད་པ། །དེ་རིང་ཉིད་དུ་དབབ་དུ་གསོལ། །ཞེས་དཀྱིལ་འཁོར་ གྱི་ལྷ་ལ་གསོལ་བ་བཏབ་ནས། སློབ་མའི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་ཁ་སྦྱར་གྱི་དབུས་ སུ། མཁའ་འགྲོ་རྒྱ་མཚོ་བསྒོམས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ ནས། ཨཱཿཡིག་དམར་པོ་དཔག་ཏུ་མེད་པ་བྱུང་པས་ལུས་ཐམས་ཅད་གང༌། སྡིག་པ་དང་སྒྲིབ་ 4-1-25 པ་ཐམས་ཅད་དག་པར་དཔོན་སློབ་གཉིས་ཀས་བསམ་ཞིང༌། སློབ་དཔོན་གྱིས་ༀ་བཛྲ་ཨ་བེ་ ཤ་ཡ་ཨ་ཨཱཿཨཱཿཞེས་དྲག་ཏུ་བརྗོད། གུ་གུལ་གྱི་དུད་པས་གདུག་ཅིང་རོལ་མོའི་སྒྲ་བྱའོ། །དེ་ ནས་སློབ་མ་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ་དུ་བསྒོམ་ལ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་བཞག་ཅིང༌། ཏིཥྛ་བཛྲ་ཌི་ཌྷི་མེ་བྷ་ཝ་ཤ་ཏྭ་ཥ་མེ་བྷ་ཝ། ཧྲི་ད་ཡ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མེ་པྲ་ཡད་ཙྪ་སརྦ་ ཀརྨ་སུ་ཙ་མེ་ཙིཏྟ་ཤྲི་ཡཾ་ཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་པས་ཡེ་ཤེས་བརྟན་པར་བྱའོ། །དེ་ནས་ གདོང་གཡོགས་ལ་དཀྱིལ་འཁོར་གྱི་ཁ་དོག་ལྟར་གཞུག དཀར་སེར་དམར་ལྗང་ཞི་སོགས་ ཀྱི་ལས་འགྲུབ་པར་གདའ་སྤྲད། མེ་ཏོག་གཙོ་བོའི་དབུ་ལ་འབུལ་བར་བསམ་སྟེ། པྲ་ཏཱིཙྪ་ བཛྲ་ཧོཿ ཞེས་མེ་ཏོག་ཕུལ་ལ། སློབ་མའི་སྤྱི་བོར་བཞག་ཅིང༌། སེམས་དཔའ་སྟོབས་ཆེན་ ཁྱོད་ཀྱི་ནི། །འདི་ནི་རབ་ཏུ་བཟུང་པར་མཛོད། །ༀ་པྲ་བི་ཤྱ་ཀུ་ལཾ་མཧཱ་བ་ལཾ་ཞེས་པས་ལྷ་ངོ་ སྤྲད། སློབ་མའི་མིག་གཉིས་སུ་ༀ། སྙིང་ཁར་ཧཱུཾ་བསམ་ལ། བླ་མས། ཆོས་རྣམས་གཟུགས་ བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་ དང་ལས་ལ་ཀུན་ཏུ་སྐྱེས། །བདེན་པ་འདི་ཡི་དཀྱིལ་འཁོར་དུ། །གཟུགས་བརྙན་ལྟ་བུར་ སློབ་མ་ནི། །གསལ་ཞིང་སྡིག་མེད་མཐོང་པར་ཤོག །ཅེས་བརྗོད་ནས། ༀ་དང་ཧཱུཾ་ལས་འོད་ འཕྲོས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྤྱན་ལ་ཕོག་པས། ལྷའི་སྤྱན་ལས་འོད་བྱུང༌། སློབ་མའི་ མིག་ལ་ཐིམ་པར་བསམ་ཞིང༌། ༀ་བཛྲ་ཌ་ཀར་ན་མ་སྭ་ཡན་ཏེ་དྱ་ཙཀྵུ་དུད་པ་ཊ་ན་ཏན་པ་ར། ཨུད་པཱ་ཊ་ཡ་ཏི་སརྦ་ཀྵ་བཛྲ་ཙཀྵུ་ར་ནུད་ཏཱ་ར། ཞེས་བརྗོད་ཅིང༌། གདོང་གཡོགས་དཀྲོལ། ཧེ་ བཛྲ་པཱ་ཤ་ཞེས་པས་དཀྱིལ་འཁོར་བསྟན་ཞིང༌། ད་ནི་དད་པ་རབ་ཏུ་བསྐྱེད། །དཀྱིལ་འཁོར་ བཟང་པོ་འདི་ལ་ལྟོས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །སངས་རྒྱས་ཀུན་གྱི་ རིགས་སུ་སྐྱེས། །མཐོང་བས་དངོས་གྲུབ་ཐམས་ཅད་ཡོང་། །ཕུན་སུམ་ཚོགས་པ་མངོན་དུ་གྱུར། །དམ་ཚིག་བསྲུང་ལ་དངོས་གྲུབ་སྟེ །ཁྱོད་ཀྱིས་སྔགས་རྣམས་ལ་བརྩོན་བྱ། །ཇི་ལྟར་བསོད་ 4-1-26 ནམས་དག་སྟོབས་ལས། །དཀྱིལ་འཁོར་མཐོང་པ་དེ་ནས་ནི། །སྣ་ཚོགས་འོད་ཟེར་འཕྲོས་པ་ ཡིས། །དཀྱིལ་འཁོར་མཐོང་པར་ཐེ་ཚོམ་མེད། །ཅེས་དཀྱིལ་འཁོར་རྫོགས་པར་བསྟན་ནོ། ། དེ་ནས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་བདག་གཞུག་གོ །རྣལ་འབྱོར་དཀྱིལ་འཁོར་ ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། ཧོཿཧོཿཧོཿཞེས་དམ་ཚིག་བརྗོད་དུ་གཞུག་གོ །དེ་ནས་ལྷ་དང་དཀྱིལ་འཁོར་དག་པ་ནི། །གང་ ཞིག་ཤྲི་གང་བླ་མེད་དེའི། །རྒྱུད་ཉིད་ཀྱང་ནི་མེད་པ་ཡིན། །བརྗོད་དངོས་མེད་ལས་དེ་རྣམས་ ཀུན། །དཔལ་ཧེ་རུ་ཀ་ཞེས་བྱ་བར་གྲགས། །རྡོ་རྗེ་ཡེ་ཤེས་དབྱེར་མེད་ཕྱིར། །རྟག་ཏུ་སྡིག་ ལས་སྒྲིབ་པ་དང༌། །འདོད་ཆགས་སྨན་པའི་སྦྱོར་བ་གང༌། །རྡོ་རྗེ་མངོན་སོང་སྤྱན་ཕག་མོ། །མཆོག་ཏུ་འགྲོ་བའི་ངང་ཚུལ་ཕྱིར། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །དེ་རིགས་ལྔ་པོ་ དེས་འགྲེའོ། །གང་ཞིག་རྟག་ཏུ་སྡུག་ཟ་བས། །བླ་མ་ཞེས་བྱར་དེ་བཞིན་དྲན། །དེ་རིགས་ ལྔ་པོ་ཡང་དེ་འདྲ། དེ་བཞིན་ཤེས་བྱ་གཞན་གཉིས་ཀྱིས། །དུམ་བུར་བྱེད་ཅིང་སྐྱེད་པས་ཀྱང༌། །དུམ་སྐྱེས་མ་ཞེས་བྱ་བར་གྲགས། །སྣ་ཚོགས་པ་ཡི་གཟུགས་འཛིན་ཕྱིར། །གཟུགས་ཅན་མ་ ཞེས་རབ་ཏུ་བཤད། །གཞན་ཡང་གཙོ་བོའི་རྣམ་དག་པས། །བདུན་ཅུ་རྩ་གཉིས་ཕྱག་རྣམས་ ནི། །བདུད་དག་པ་ནི་རྣམ་པར་བརྗོད། །ཕྱག་བཞི་རྒོད་(གླང་སྤགས་འཛིན་པ་དང༌། ཆོས་འབྱུང་གྱི་ཕྱག་རྒྱ་ དང༌།)པ་ལ་སོགས་པ། །བཞི་པོ་རྣམས་ནི་དག་པར་འདོད། །ལྷན་སྐྱེས་དང་བྱང་ཆུབ་བཅུ་དྲུག་ དག་པས་ཞལ་བཅུ་དྲུག འཁོར་འདས་གཉིས་དག་པས་ཞབས་གཉིས། ཆོས་དང་ཆོས་སྤྱན་ དག་པས་བརྒྱན། །གནས་བཅུ་གཉིས་པ་བཅུ་གཉིས་དག་པས། འཁོར་ལོ་བཅུ་གཉིས་སྒོའི་ གནས་རྣམས་ནི། རྡོ་རྗེ་འཆང་གི་ས་རྣམ་པར་དག་པའོ། །ཡེ་ཤེས་ཀྱི་སྐུ། ཆོས་ཀྱི་སྐུ། ལོངས་ སྤྱོད་རྫོགས་པའི་སྐུ། སྤྲུལ་པའི་སྐུ་བཞི་དག་པས་དཀྱིལ་འཁོར་བཞི། ཡེ་ཤེས་ཀྱི་སྐུ། ཆོས་ ཀྱི་སྐུ། ལོངས་སྤྱོད་རྫོགས་པའི་སྐུ་གསུམ་མཉམ་པས་དཀྱིལ་འཁོར་ནང་མ་གསུམ་ཟླུམ་པོ། 4-1-27 སྤྲུལ་པའི་སྐུ་དུ་མ་འཕྲོ་བ་འམ། མཐའ་བཞི་སྤྱོད་པའི་ཕྱིར། དཀྱིལ་འཁོར་ཕྱི་མ་གྲུ་བཞི་པ། རླུང་གཉིས་དབུ་མར་འདུས་པས་ནང་མ་བརྩིགས་པ་གཉིས། སྐུ་གསུམ་དག་པས་གཉིས་པ་ བརྩིགས་པ་གསུམ། དགའ་བ་བཞི་དག་པས་གསུམ་པ་བརྩིགས་པ་བཞི། ཡེ་ཤེས་ལྔ་དག་ པས་ཕྱི་མ་བརྩིགས་པ་ལྔ། མཉམ་པའི་ཚད་མེད་པས་ཐིག ཚུལ་ཁྲིམས་དག་པས་བརྒྱན། དད་སོགས་དབང་པོ་ལྔ་དག་པས་བརྩིགས་པ་ལྔ། རྣམ་ཐར་བཞི། སྒོ་བཞི། ཡང་དག་སྤོང་ བ་བཞིས་རྟ་བབས་བཞི། དྲན་པ་ཉེར་བཞག་བཞིས་ཁ་ཁྱེར་བཞི། རྫུ་འཕྲུལ་རྐང་བཞིས་སྒོ་ ཁྱུད་བཞི། བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ཕྲེང་བ། བ་དན་མེ་ཏོག་ཕྲེང་བ་སོགས། ལམ་ གྱི་ཡེ་ཤེས་ལྔ་ཡབ། ཉོན་མོངས་ཟད་པས་དྲ་བ། ཉོན་མོངས་པ་ཕྱེད་དག་པས་དྲ་ཕྱེད། སངས་ རྒྱས་ཀྱི་རྟོགས་པ་དག་པས་ཀ་བ། འཕགས་ལམ་ཡན་ལག་བརྒྱད་ཀྱི་ཀ་བ་བརྒྱད། དབུས་ཀྱི་ པད་འདབ་བཞི་བཅུ་རྩ་བརྒྱད་སྐྱོན་གྱིས་མ་གོས་པ། འཁོར་ལོ་བཅུ་གཉིས་ཀྱིས་སའི་མཐུན་ ཕྱོགས་དག་པ། འཁོར་ལོའི་རྩིབས་ཐམས་ཅད་ཀྱིས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་ པ་དག་པ། རྡོ་རྗེའི་ཕྲེང་པ་ལ་སོགས་པ་རྣམས་ཀྱིས་གློ་བུར་པའི་དྲི་མ་སེལ་བ། ཆ་ཤས་བཅུ་ དྲུག་གིས་དུར་ཁྲོད་རྣམས་སོ། །འཇིག་རྟེན་གྱི་ཁམས་དག་པས་དཀྱིལ་འཁོར། དཀྱིལ་འཁོར་ གྱི་ལྷ་ཚོགས་ཐམས་ཅད་ཀྱང་བསྡུས་ན་ཧེ་རུ་ཀ་རྣམ་པར་དག་པ་འམ། འཁོར་གྱི་ཚོགས་ བསྡུས་ནས་ཆོས་སྟོན་པའི་སྟོན་པ་སངས་རྒྱས་དག་པ། བསྡུས་ན་རྟེན་དང་བརྟེན་པར་བཅས་ པའི་དཀྱིལ་འཁོར་སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་དག་པའོ། །འཇུག་པ་ཆོ་གའོ།། ༒ གཉིས་པ་དབང་བསྐུར་བ་ལས། བུམ་པ་གསང་པ་ཤེས་རབ་ཡེ་ཤེས་བཞི་པའི་ དབང་དང་བཞི་ལས། དང་པོ་ལ། སློབ་མ་དང་སློབ་དཔོན་གྱི་དབང་གཉིས་ལས། དང་པོ་ལ་ རིག་པའི་དབང་ལྔའི་དབང་ལ། མཎྜལ་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་ 4-1-28 བདག་གསོལ། །ཞེས་གསོལ་བ་བཏབ་ནས། བླ་མས་ལས་ཐམས་ཅད་པ་དང་ཧཱུཾ་ལན་བདུན་ བཟླས་པའི་ཉུང་དཀར་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་ཏྱ་སརྦ་པཱ་པཾ་ད་ཧ་སྭཱཧཱ། ཞེས་ མེར་དོར། དེ་བཞིན་དུ་ཆུ་དང་ཁམ་ཕོར་དཀར་པོ། དུར་བའི་མྱུ་གུ་དང་བཅས་པ་བ་སྤྱིའི་ཆང་ བུ། ཟན་ཆང༌། སེང་རས་རྣམ་བཞི་ཞེས་བྱབ། ཁམ་ཕོར་སོགས་མེར་མི་དོར་རོ། །ཉེ་རེག་བྱ། ཐུགས་དྲི། མེ་ཏོག་དབུ་ལ་བཅིངས། མདུན་དུ་མཆོད་ཡོན། མར་མེས་བསྐོར། ཧཱུཾ་(དང་ལས་ ཐམས་ཅད་པ་)བཟླས་སྤོས་དཀར་གྱིས་བདུག་གོ། ༈ དེ་ནས། རང་དང་བླ་མ་དབང་རྫས་བུམ་པའི་ཆུ་གསུམ་བསང་སྦྱངས་སྟོང་པའི་ངང་ ལས། པཾ་ལས་པདྨ་རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། མི་བསྐྱོད་པ། མཁའ་འགྲོ་རྒྱ་མཚོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཱ་མ་ ཀཱི་སྔོན་མོ་གྲི་གུག་ཐོད་པ་འཛིན་པ་དང་གཉིས་སུ་མེད་པ། གཉིས་ཀ་འང་རུས་པ་དང་ཧེ་རུ་ཀའི་ རྒྱན་གྱིས་བརྒྱན་པར་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་དང་རོ་གཅིག་ ཏུ་བྱས། དབང་རྫས་ཀྱི་ལྷ་ལ་དབང་བསྐུར། དེ་ཞུ་བ་ལས་བྱུང་པའི་ཆུར་བསམ། དེ་བཞིན་ གཤེགས་པ་རྣམས་ཀྱིས་དབང་བསྐུར། བྱང་ཆུབ་སེམས་དཔའི་རྣམས་ཀྱིས་བཀྲ་ཤིས་བརྗོད། སྙིང་པོའི་རྣལ་འབྱོར་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། སྒོ་མཚམས་མ་རྣམས་ཀྱིས་བགེགས་ བསྐྲད། པི་ཝཾ་མ་ལ་སོགས་པས་མཆོད་པ་འབུལ་བཞིན་པས། རྣམ་རྒྱལ་བུམ་པ་ཐོགས་ཏེ། གཙོ་བོས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་ རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་ཞེས་ནས། ཚོགས་ ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་ཞེས་སོགས། ཤིས་བརྗོད། གླུར་ བླངས། ཇི་ལྟར་བལྟམས་པ་སོགས་དང༌། ༀ་ཨཱཿཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཏུ་མཾ། མི་འཁྲུགས་རྒྱལ་ 4-1-29 པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་བ་བསམ་འཕེལ་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ ལ་ཞི་བྱེད་ཤོག །ཞེས་དབང་བསྐུར་ལུས་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་ པས་དབུ་བརྒྱན། དེ་ལ་མཆོད་པ་ལྔས་མཆོད་ནས། མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་ དག་རྣམ་ཤེས་བསྒྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་དངོས་གྲུབ་ཐོབ་ཅེས་ དོན་ལྔའི་རྟོགས་པ་བསྐྱེད་དོ། ། ༈ དེ་བཞིན་རིག་པས་སྦྱར་ཏེ། རང་དང་བླ་མ་དབུ་རྒྱན་གསུམ། ཨཾ་ལས་རིན་པོ་ཆེ་ ཨཾ་གིས་མཚན་པ་ལས། རིན་འབྱུང་མཁའ་འགྲོ་རྒྱ་མཚོ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་ དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་གྲི་གུག་ཐོད་པ་ཅན་བསྐྱེད། གནས་གསུམ་བྱིན་ གྱིས་བརླབས། ཡེ་ཤེས་པ་དང་རོ་གཅིག་ཏུ་བྱས། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་ཞུ་བ་ ལས་བྱུང་པའི་དབུ་རྒྱན་གྱིས་དབང་བསྐུར་ཅིང༌། སངས་རྒྱས་ཀུན་དངོས་ཅོད་པན་དབང༌། །རྫོགས་སངས་རྒྱས་ཉིད་རབ་བསྒྲུབ་ཕྱིར། །ཅོད་པན་མཆོག་གིས་དབང་བསྐུར་བ། །འཁོར་ ལོས་སྒྱུར་རྒྱལ་མགོན་དབང་བསྐུར། །ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཾ། ཞེས་དང༌། བུམ་ པའི་ཆུས་ཀྱང་དབང་བསྐུར། སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་པ། ། ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་ལྡན་ཞེས་བྱའི་བཀྲ་ ཤིས་གང་ཡིན་པ། །བཀྲ་ཤིས༴ །རིན་འབྱུང་གིས་དབུ་བརྒྱན། མཆོད་དེ་(ཉོན་མོངས་པ་སེར་སྣའི་དྲི་ མ་དག མཉམ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས།) རྟོགས་པ་བསྐྱེད་དོ། ། ༈ བདག་དང་བླ་མ་རྡོ་རྗེ་གསུམ། ཛྲིཾ་ལས་པད་མ་ཛྲིཾ་གིས་མཚན་པ་ལས། འོད་དཔག་ མེད་མཁའ་འགྲོ་རྒྱ་མཚོ་སྐུ་མདོག་དམར་པོ་པདྨ་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་གྲི་ གུག་ཐོད་པ་ཅན་དང་བཅས་པ་བསྐྱེད་ནས། དབང་རྫས་ཞུ་བ་ལས་བྱུང་པའི་རྡོ་རྗེའི་དབང་ 4-1-30 བསྐུར་ཞིང༌། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེས་ སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་སྤྱིར་ན་རྡོ་རྗེ་ལོང༌། །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་ རྗེ་ལག་པ་གཡས་པར་གཏད་དེ། སྤྱི་བོར་བཞག་ལ། ༀ་བཛྲ་སཏྭ་བཛྲ་ཨ་བྷི་ཥིཉྩ་མི་བཛྲ་ན་ མ་ཨ་བྷི་ཥེ་ཀ་ཏ། ཀྱེ་ཞེས་བོས་ནས། དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་ པའོ། །(བླ་མ་གོང་མས་མཛད་དོ།།) ཞེས་མིང་གི་དབང་དང༌། (དེ་ཡང་གཙོ་བོ་དང༌། རྡོ་རྗེ་ནམ་མཁའ། ཐུགས་ཀྱི་ འཁོར་ལོ་ལ་མེ་ཏོག་ཕོག་ན། མི་བསྐྱོད་པ། བཞད་པ། སྒེག་པ། ཐུགས། དགའ་རབ། ཞེ་སྡང༌། རོལ་པའི། ཡོན་ཏན། ཆོས་ སྐུའི་འཁོར་ལོ་ལ་མེ་ཏོག་ཕོག་ན། རྣམ་སྣང༌། གཏི་མུག ༀ་མཛད། རྟགས་པའི། སྐུའི་མཁའ་འགྲོ་ཉེར་བཞི། སའི་འཁོར་ལོ་ལ། རིན་ཆེན། ཡིད་བཞིན་ནོར་བུ། ནམ་མཁའ། ང་རྒྱལ། གཟི་བརྗིད། གཙོ་མོ། སྙིང་པོ། མེ། གསུང་གི་འཁོར་ལོ་ལ། འོད་དཔག་ མེད། འདོད་ཆགས། སྤྱན་རས་གཟིགས། ཆོས། པད་མ། སྒོ་མཚམས་མ་རྣམས་རླུང༌། ཡེ་ཤེས་ཀྱི་འཁོར་ལོ་ལ། དོན་ཡོད། རྟ་ མཆོག དམ་ཚིག ལས། ཕྲག་དོག རྣམས་འཇུག་ཏུ་རྡོ་རྗེ་བཏགས་པའོ། །ལྷ་མོ་ལ་མི་བསྐྱོད་པའི་རིགས་ལ། བདག་མེད་མ། མཱ་ མ་ཀཱི། ཕྲེང་བ་མ། འབྱུང་གནས་མ་དང༌། རྣམ་སྣང་གི་རིགས་ལ། མཁའ་འགྲོ་མ། སྒེག་མོ། དཀར་མོ། སྤྱན་མ། རིན་འབྱུང་གི་ རིགས་ལ། དོ་ཤོལ་མ། འབར་མ། ཕྲེང་བ་མ། ནམ་མཁའ་མ། པད་མའི་རིགས་ལ། བཞན་མ། གླུ་མ། བློ་གྲོས་མ། གོས་དཀར་ མོ། དོན་གྲུབ་ཀྱི་རིགས་ལ། བརྙེས་མ། སྒྱུ་མ། སྣོད་མ། སྒྲོལ་མ་སོགས་ལ་མགོར་རྡོ་རྗེ་སྦྱར་བའོ།།) བུམ་པའི་ཆུས་དབང་ བསྐུར། བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཏུ་ཕྱིན་པའི་གནས། །ཡེ་ཤེས་པད་མའི་སྟེང་ གཞུག་དཔག་མེད་ཚེ་ལྡན་ཞིང༌། །ཚེ་གྲངས་མེད་པའི་བྱིན་གྱིས་རླབས་པའི་བཀྲ་ཤིས་གང༌། །བཀྲ་ཤིས༴ འོད་དཔག་མེད་ཀྱིས་དབུ་བརྒྱན། མཆོད་དེ་(ཉོན་མོངས་པ་འདོད་ཆག་དག སོ་སོར་རྟོག་པའི་ ཡེ་ཤེས།) རྟོགས་པ་བསྐྱེད་དོ། ། ༈ རང་དང་བླ་མ་རྡོ་རྗེ་གསུམ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་རྣམ་སྣང་མཁའ་ འགྲོ་རྒྱ་མཚོ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ་དང༌། ཡུམ་སངས་རྒྱས་སྤྱན་མ་གྲི་ གུག་ཐོད་པ་འཛིན་པ་དང་བཅས་པ་བསྐྱེད་ནས། དབང་རྫས་ཞུ་བ་ལས་བྱུང་པའི་རྡོ་རྗེས་ 4-1-31 དབང་བསྐུར་ཞིང༌། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བསྟན། །ༀ་སརྦ་ཏ་ཐཱ་ག་ཏ་ སིདྡྷི་བཛྲ་ས་མ་ཡ་ཏིཥྛ། ཨེ་ཤ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧེ་ཧི་ཧཱུཾ་གིས་རྡོ་རྗེ་བྱིན། བུམ་པའི་ ཆུས་ཀྱང་དབང་བསྐུར། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་ སྐུ་ལྔ་སྲིད་པ་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས༴ །རྣམ་སྣང་གིས་དབུ་བརྒྱན། མཆོད། རྣམ་སྣང་རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་ ཐོབ། (ཉོན་མོངས་པ་གཏི་མུག་དག ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།) ཅེས་རྟོགས་པ་བསྐྱེད་དོ། ། ༈ །རང་དང་བླ་མ་རལ་གྲི་གསུམ། ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས། དོན་གྲུབ་ མཁའ་འགྲོ་རྒྱ་མཚོ་ལྗང་ཁུ་རལ་གྲི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ཅན་དུ་བསྐྱེད་ པ་ནས། དབང་རྫས་ཀྱི་ལྷ་ཞུ་བའི་དྲིལ་བུ་གཏད་ཅིང༌། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །བྱང་ཆུབ་ མཆོག་ཏུ་རྒྱལ་བས་བཞེད། །ༀ་བཛྲ་གྷཎྜ་ཨ། བུམ་པའི་ཆུས་ཀྱང་དབང་བསྐུར། སེམས་ཅན་ དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང༌། །འགྲོ་བ་ཀུན་གྱི་འཆིང་པས་བཅིངས་པ་གྲོལ་ གྱུར་ཅིང༌། །ཐུབ་མཆོག་དོན་ཡོད་གྲུབ་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས༴ དོན་གྲུབ་ ཀྱིས་དབུ་བརྒྱན། མཆོད་དེ། (ཉོན་མོངས་པ་ཕྲག་དོག་གི་དྲི་མ་དག བྱ་བ་གྲུབ་པའི་ཡེ་ཤེས།) རྟོགས་པ་བསྐྱེད་ དོ། །དེ་ལྟར་རིག་པའི་དབང་ལྔ་ཐོབ་ནས། བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང༌། འཆད་པ་ ལ་སོགས་པ་དབང་པར་བྱས་སོ། ། ༒ གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་མཎྜལ་ཕུལ། ཕྱིར་མི་ལྡོ ག་ པ་མཁའ་འགྲོའི་དབང༌། །ཞེས་སོགས་ཀྱིས་གསོལ་བ་ལན་གསུམ་གདབ། སློབ་མ་དབང་ སྟེགས་རིན་པོ་ཆེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ། མེ་ཏོག་ཕོག་པའི་ལྷའམ། གཙོ་བོར་ 4-1-32 བསྐྱེད་ནས། གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་བཅུགས་ལ། ལྷ་སོ་སོའི་བུམ་པ་ ཡོད་ན། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །རྡོ་རྗེ་གསང་པ་ གསུམ་ལས་བྱུང༌། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཞེས་དང༌། ལྷ་རེ་རེའི་སྔགས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། རྟགས་པ་དང༌། གཅིག་ལས་མེད་ན། གཙོ་བོ་ ཡབ་ཡུམ་གྱི་སྙིང་པོ་ལ་ཨ་བྷི་ཥེ་ཀ་ཏ་རྟགས་པས་བཀུར་ཞིང༌། བཀྲ་ཤིས་གང་ཞིག་མ་ལུས་ རྡོ་རྗེའི་རིགས་དང་ལྡན། །སྡང་པ་ཟིལ་གནོན་སྐྱོ་བོ་རྣམ་པར་སྦྱོང་བྱེད་པ། །མི་བསྐྱོད་མགོན་ པོ་ཞེས་བྱར་མཚན་གསོལ་དེ་ཡི་ནི། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །ཞེས་དབང་བསྐུར། མཆོད་དེ་རྟོགས་པ་བསྐྱེད་པ་སོགས་མངོན་བཞིན་ཀུན་ལ་འགྲེ། དབུ་ བརྒྱན་རིན་འབྱུང་ཞུ་བ་ལས་ཧེ་རུ་ཀར་བསྐྱེད་དེ། ༀ་ཤྲཱི་ཧེ་རུ་ཀ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་མཾ་ཧཱུཾ་ ཞེས་དབུ་རྒྱན། ༀ་བཛྲ་ཏུཥྚ་ཧོ་ཞེས་རྡོ་རྗེའི་ཕྲེང་པ། ༀ་ཧཱུཾ་ཏྲཾ་ཧྲིཿཨཱཿ དར་བཅིངས། བཀྲ་ཤིས་ གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །འཕོངས་པའི་སྡུག་བསྔལ་གྲོལ་བར་ཡོངས་སུ་ རབ་བརྩོན་ཞིང༌། །ཁེངས་པ་ཟིལ་གནོན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས༴ །རྡོ་ རྗེ་འོད་དཔག་མེད་ཞུ་བ་ལས་ཁྲོ་བོའི་རྡོ་རྗེར་གྱུར་པ། གོང་གི་འདི་སྟེ་སངས་རྒྱས་ཞེས་པ། ཧེ་ རུ་ཀའི་ཞེས་བསྒྱུར་ལ། ༀ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མཾ། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་དང༌། བཀྲ་ཤིས་གང་ཞིག་མ་ལུས་པད་མའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་ སྲིད་པའི་དྲ་བ་འཇོམས་པ་པོ། །ཆགས་པ་ཟིལ་གནོན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ ཤིས༴ དྲིལ་བུ། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ། ཞེས་བྱིན། སློབ་ མས་ཆོས་ཐམས་ཅད་སྐྱེ་བ་མེད་པར་དྲན་པས། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ། ཨཱདྱ་ནུཏ་པཎ་ ན་ཏྭ་ཏ། ཞེས་བཟླས་ཤིང་བཀྲོལ། བླ་མས། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་ མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱར་བ་ཡི། །ཐམས་ཅད་མཆོག་ནི་ 4-1-33 མཉམ་ཉིད་གསལ། །(ཞེས་བརྗོད་ཅིང་དོན་བཤད་དོ།།) བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་ དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང༌། །དེ་སྦྱོང་ཐབས་སྟོན་དེ་ ནི་ཀུན་ནས་སེལ་མཛད་པ། །བཀྲ་ཤིས༴ །མིང་དབང་སློབ་མ། བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་ མཚན་པ་ལས་རྣམ་སྣང་དུ་བསྐྱེད་ལ། ༀ་ཤྲཱི་ཧེ་རུ་ཀ ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ ཀ་ན་མཿ ཨ་བྷི་ཥེ་ཀ་ཏ་ཀྱེ། ཞེས་བོས། དཔལ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་ པ། སིདྡྷི་ས་མ་ཡ་སྟྭཾ་བྷུར་བྷུ་ཝ་སྭཿཨཿ བཀྲ་ཤིས་གང་ཞིག་མཐའ་དག་འཁོར་ལོའི་རིགས་ དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟགས་འཕྲོག་ཅིང༌། །རྨོངས་པ་ཟིལ་ གནོན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས༴ །དེ་ནས་སློབ་མ་ལ་ཧཱུཾ་ལས་བྱུང་པའི་རྡོ་རྗེ་ སྦྱིན་ཞིང༌། འདི་དེ་སངས་རྒྱས་ཐམས་ཅད་ཅེས་སོགས་ཀྱིས་རྡོ་རྗེའི་བརྟུལ་ཞུགས་དང༌། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་ བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོ་བདག །བཅོམ་ལྡན་མཆོག་གི་དང་པོའི་སྐྱེས་བུའོ། །ༀ་མཧཱ་བཛྲ་ཧཱུཾ། ཞེས་རྡོ་རྗེའི་དམ་ཚིག་དང༌། ཨ་ལས་བྱུང་པའི་དྲིལ་བུ་སྦྱིན་ཞིང༌། འདི་ནི་ རྣལ་འབྱོར་མ་ཀུན་གྱི་ཞེས་སོགས་དང༌། བཛྲ་གྷཎྜ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་ལྡན་པས། །སྲིད་པའི་དམ་པ་བྱེད་པར་ འགྱུར། །ཞེས་དྲིལ་བུའི་དམ་ཚིག་དང༌། ཡབ་ཡུམ་གཉིས་སུ་མེད་པར་འཁྱུད་བའི་ཕྱག་རྒྱ་ བྱེད་དུ་བཅུག་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཅིག་རྡོ་རྗེ་བྱིན་གྱིས་བརླབས། །དེ་རིང་རྡོ་ རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་བགྱི། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས། །འདའ་བར་ཡང་ནི་མི་མཛད་པ། །ཕྱག་རྒྱའི་དམ་ཚིག་ཞེས་སུ་གྲགས། །ཡིད་ཀྱི་ལུས་ ནི་བསྟན་ཕྱིར་རོ། །ཞེས་ལྷ་སྐུ་ཕྱག་རྒྱ་ཆེན་པོའི་དམ་ཚིག་བྱིན་ནས། བུམ་པའི་ཆུས་དབང་ བསྐུར། མི་བསྐྱོད་པས་དབུ་བརྒྱན་པ་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཞེས་སོགས། 4-1-34 གོང་བཞིན་དང༌། ༀ་སུ་པྲ་ཏིཥྛ་བཛྲ་ཞེས་མེ་ཏོག་གི་ཆར་ཕབ། ཁམས་གསུམ་ཆོས་ཀྱི་རྒྱལ་ པོར་དབང་བསྐུར། ཡང་རྡོ་རྗེ་དང་དྲིལ་བུ་བྱིན་ནས། དེང་ནས་བརྩམས་ཏེ་རྣལ་འབྱོར་པས། །རྒྱུད་ཀུན་ལས་ནི་གསུངས་རྣམས་ཀྱིས། །མ་ལུས་ལུས་པ་མེད་པ་ཡི། །ཆོ་ག་ཡིས་ནི་དཀྱིལ་ འཁོར་བྲི། །ཇི་ལྟར་མངོན་པར་འདོད་པ་ཡི། །རང་གི་འདོད་པ་འཇུག་པ་ཉིད། །རྣལ་འབྱོར་ དམིགས་པའི་དངོས་གྲུབ་ནི། །ཐ་མ་དང་ནི་མཆོག་དང་འབྲིང༌། །ཕྲ་མོ་ཡི་ནི་ལས་ལ་སོགས། །ཇི་ལྟར་དེ་རྣམས་སྒྲུབ་པར་བྱེད། །རང་གཞན་བཤད་པའི་དངོས་གྲུབ་ཕྱིར། །དེ་ཡིས་བསྒྲུབ་ པར་ཐེ་ཙོམ་མེད། །ཅེས་བརྗོད་དེ་རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌། །དེ་ལྟར་བཅོམ་ལྡན་འདས་ མ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་བུམ་པའི་དབང་འཁོར་དང་བཅས་པ་ཐོབ། ལུས་ ཀྱི་དྲི་མ་དག ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་བསྒྲུབ་པའི་སྐལ་བ་ དང་ལྡན་པར་བྱས་སོ། །ཞེས་གོ་བར་བྱའོ། ། ༈ གཉིས་པ་གསང་བའི་དབང་བསྐུར་བའི་ཕྱིར། མཎྜལ་ཕུལ་ནས། བདག་མིང་རྡོ་རྗེ་ཆེ་ གེ་མོ། །བྱང་ཆུབ་སེམས་རྣམས་སྒོམ་བྱེད་པ། །སློབ་དཔོན་ཞབས་ཀྱི་ཆུས་སྐྱེས་ལ། །དབང་ བསྐུར་དོན་དུ་གསོལ་བ་འདེབས། །སློབ་དཔོན་གོ་འཕང་རྨད་བྱུང་པ། །སྐལ་བ་ཆེན་པོ་བདག་ ལ་སྩོལ། །དབང་བསྐུར་རྒྱ་བ་རྣམས་ཀྱིས་ནི། །སངས་རྒྱས་བྱང་ཆུབ་རབ་བསྒྲུབ་པ། །གང་ གིས་སེམས་ཅན་ཀུན་གྱི་ནི། །རྙོག་པ་མེད་པས་དོན་བྱའོ། །ཁྱོད་ལ་ལེགས་གཏུགས་བཀའ་ དྲིན་གྱིས། །སངས་རྒྱས་ཀུན་དོན་དོན་བྱའོ། །ཞེས་གསོལ་བ་གདབ། དེའི་པད་མའི་སྟེང་དུ་ མེ་ཏོག་གང་ཕོག་གིས་ལྷར་བསྐྱེད། གདོངས་བཅིངས་པ་ལ་གནས་གསུམ་དུ་ཡི་གེ་གསུམ་ གྱིས་བྱིན་གྱིས་བརླབས། དེ་ནས་བླ་མ་མཁའ་འགྲོ་རྒྱ་མཚོ་ཡབ་ཡུམ་དུ་བསྒོམ། མཁའ་ གསང་བྱིན་གྱིས་རླབས། སྙོམས་པར་ཞུགས་བདེ་བའི་སྒྲས་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་ཐུགས་ཀར་འོད་དུ་ཞུ། ཡུམ་གྱི་མཁར་ཡབ་ 4-1-35 བདུད་རྩི་དཀར་དམར་འདྲེས་པ། གཡོན་གྱི་ཐེབ་སྲིན་གྱིས་བླངས་ཏེ། སློབ་མའི་ལྕེ་ཐོག་ཏུ་ བཞག་ལ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ༀ་ཧྲཱིཿཧ་ཧཱ་ཧཱུཾ་ཧཱུཾ་ཕཊ། བརྗོད་དེ། སློབ་མས། ཨ་ཧོ་མཧཱ་སུ་ཁཾ་ཞེས་བཏུང་པའམ། ནམ་མཁའི་ཁམས་གང་པའི་དེ་ བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོས་ཞུ་བའི་བདུད་རྩི་ལྔས་གང་པའི་བུམ་པ་ མཁའ་འགྲོ་རྒྱ་མཚོ་ལ་སོགས་པ་རྣམས་ཀྱིས་བཟུང་པར་བསམ་ཞིང༌། དངོས་སུ་སློབ་དཔོན་ གྱིས་རྣམ་རྒྱལ་གྱི་བུམ་པའི་ཆུ་སྦྱིན་ཞིང་སྤྱི་བོར་ཡང་བཞག་ལ། ༀ་མཧཱ་སུ་ཀ་བཛྲ་སཏྭ་ཨ་བྷི་ ཥེ་ཀ་ན་ཏྲཾ། ཨ་བྷི་ཥིཉྩ་མཾ། སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ན་ཌི་ཌྷོ་མེ་བྷ་ཝ་སིད་དྷྱ། ན་མ་ཏེ་བྷ་ ག་ཝན། མཧཱ་བཛྲ་དྷ་ར་སུ་ར་ཏ་སྟྭཾ། ཨ་ཧཱཾ་བཛྲ་སཏྭ་ༀ་ཨཱཿཧཱུཾ་བཛྲ་ཨ་བྷི་ཥིཉྩ་མཾ། དེས་བདེ་ བ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་གསང་དབང་བསྐུར། ༀ་ཨཱཿབཛྲ་མུ་ཀ་ཏ་ཨ་ བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་བཛྲ་དུཥྱ་ཧོ་ཞེས་དབུ་རྒྱན་དང༌། མིང་བརྟུལ་ཞུགས་གོང་མ་བཞིན་ དང༌། དྲིལ་བུ་ༀ་བཛྲ་ཨ་དྷི་པ་ཏི་ཞེས་བྱིན་ལ། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ ཉེ་བར་གྱུར་པར་མཛོད། །ཅེས་དོན་དུ་གཞུག་གོ །དེ་ནས། རྡོ་རྗེ་དྲིལ་བུའི་བརྟུལ་ཞུགས་ཀྱི་ བར་དུ་བུམ་དབང་འཁོར་བཅས་ཐམས་ཅད་སྔར་བཞིན་བསྐུར་རོ། །གདོང་གཡོགས་བཀྲོལ་ ལ་དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་ མ་དག ལམ་གཏུམ་མོ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་ས་བོན་དང་བག་ ཆགས་རྒྱུད་ལ་བཞག་ཅེས་གོ་བར་བྱའོ། ། ༈ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་ སོགས་ཀྱིས་གསོལ་བ་གདབ། གདོང་བཅིངས། བླ་མ་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་ ལས་བྱུང་པའི་ལྷ་མོ་སློབ་མ་ལྷར་གསལ་བ་ལ་བྱིན་ནས། འདི་ནི་ཕྲ་བའི་སྨྲ་བ་བརྗོད། །འདི་ 4-1-36 ནི་ཁྱོད་ཀྱི་གཟུགས་མ་མཆོག །བརྟེན་པར་སངས་རྒྱས་རྣམས་ཀྱིས་བརྟག །འཁོར་ལོའི་རིམ་ པས་སྦྱོར་བ་ཡིས། །བདེ་བ་ཡང་དག་མྱོང་པར་གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་ མིན། །འགྲོ་བ་གསུམ་པོ་འདི་ཡིས་དག །དེ་ཕྱིར་འདི་དང་མི་འབྲལ་ཞིང༌། །ཁྱོད་ཀྱིས་ནམ་ ཡང་མི་གཏང་ངོ༌། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པ་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ན། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སོ། །ལྷ་མོ་ དེ་མེ་ཏོག་ལ་སོགས་པས་ལུས་བརྒྱན་གཅེར་བུ་བྱས་བྷ་ག་སྟོན་ཅིང༌། བུ་ཁྱོད་ཀྱིས་ནི་འདོད་ དམ་ཅི། །དྲི་ཆེན་དྲི་ཆུ་སོགས་ཟ་ཞིང༌། །ཤ་ཁྲག་ཁུ་བ་དེ་བཞིན་དུ། །དེ་བཞིན་གཞན་ཡང་ བུད་མེད་གུས། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་སྨྲོས་ཤིག་ཅི་བདེ་བར། །ཞེས་གསུངས་ པ་དང༌། སློབ་མས། ལྷ་མོ་ཅི་ཕྱིར་བདག་མི་འདོད། །ཁྲག་དང་ཁུ་བ་སོགས་ཟ་ཞིང༌། །བུད་ མེད་རྣམས་ལ་བདག་གུས་བགྱིས། །བྷ་ག་ལ་ཡང་བཙུམས་པ་ན། །ཞེས་བརྗོད་པས། ལྷ་མོ་དེ་ དགྱེས་ཏེ། ཐབས་ལ་ལྟ་ཞིང༌། གཅེར་བུར་འདུག་སྟེ། བྷ་ག་གསལ་བར་བསྟན་ནས། ཨེ་མ་ཧོ་ བདག་གི་པདྨ་འདི། །སངས་རྒྱས་ཀུན་གྱིས་བྱིན་རླབས་པ། །གང་ཞིག་ཆོ་ག་གཞན་བསྟེན་ན། །དེ་ཡི་མདུན་ན་བདག་གནས་སོ། །ཇི་ལྟར་པད་མོའི་དགོངས་པ་ཉིད། །ཡང་དག་སངས་རྒྱས་ མཉེས་བྱེད་སོགས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་ལ་ནི་ཡང་དག་གཞུག །བྷཉྫ་ མོཀྵ་ཧོཿཞེས་བརྗོད་ནས། གཉིས་ཀ་ལྷར་གསལ་བའི་མཁའ་སང་བྱིན་གྱིས་རླབས། བཙུམ་ བྷ་ན་ལ་སོགས་པ་བྱས། རྡོ་རྗེ་དབྱིངས་ཀྱི་རྩ་བརྩལ། ལྷག་ཅིག་སྐྱེས་པའི་བདེ་བ་མྱོང་པར་ བྱ་སྙམ་དུ། འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་ བཛྲ་སྭ་བྷཱ་ཝ་ཨདྨ་ཀོ྅ཧཾ། ཞེས་བརྗོད་ཅིང༌། སྤྱི་བོ་ནས་མགྲིན་པ། སྙིང་ཁ། ལྟེ་བ། རྡོ་རྗེ་ ནོར་བུའི་བུམ་པར་བྱང་སེམས་བྱོན། དགའ་བ། མཆོག་དགའ། དགའ་བྲལ། ལྷན་ཅིག་སྐྱེས་ པའི་དགའ་བ། ཡང་རིམ་པ་པས་ཡར་གཤེགས་པའི་དགའ་བ་བཞི་བརྟན་པར་བྱས། བདེ་བ་ 4-1-37 དང་སྟོང་པ་དབྱེར་མེད་པའི་ངང་ལ་བཞག གདོང་གཡོག་དཀྲོལ། ཕྱི་ནང་གསང་བའི་མཆོད་ པ་རྣམས་ཀྱིས་སློབ་མས་མཆོད་ནས། བླ་མས་འདི་སྐད་ཅེས། བྷ་གའི་དཀྱིལ་འཁོར་དུ་ཤེས་ རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་ས་བོན་བག་ ཆགས་རྒྱུད་ལ་བཞག ཅེས་གོ་བར་བྱའོ། ། ༒ བཞི་པ་ལ་གཉིས། དང་པོ་དང་མཐར་བརྟེན་ནོ། །དང་པོ་དབང་བཞི་པ་ཞུ་བའི་དོན་ དུ་མཎྜལ་ཕུལ་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམས་སྦྱོང་མཛད། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་སྐྱོབས། །ཞེས་གསོལ་ བ་བཏབ། གདོང་གཡོགས། ལས་གནད་བཅས་པ་ལ། དེ་རིང་རང་ཉིད་མཛེས་པ་སྟེ། །ཕྱི་རོལ་ ཡུལ་ནི་སྤངས་པ་སྟེ། །རིགས་འདི་བོར་ནས་འདི་ལ་ནི། །འདི་ལས་གཞན་པའི་སངས་རྒྱས་ མེད། །རིག་མའི་བརྟུལ་ཞུགས་སྤྱོད་གཅིག་པུ། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །ཞེས་ བརྗོད་ཅིང༌། དེའི་དོན་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ་འདི་ཉིད། རྡོ་རྗེ་ཕག་མོ་ དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས། དེ་བསྒོམ་པ་དང་མ་བྲལ་མཛོད་ཅིག དེ་ལྟར། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ལུས་ངག་ཡིད་གསུམ་ཐ་ དད་དུ་འཛིན་པའི་རྟོགས་པ་དག ལས་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ ངོ་བོ་ཉིད་ཀྱི་སྐུ་གྲུབ་པའི་སྐལ་བ་ཅན་དུ་བྱས་སོ། ། གཉིས་པ་མཐའ་བརྟེན་ལ། རྗེས་གནང༌། ལུང་བསྟན། དབུགས་བྱུང༌། བརྟུལ་ ཞུགས་དང་བཞི། དང་པོ་ནི། བླ་མས་མེ་ལོང་བསྟན་ཅིང༌། གཟུགས་བརྙན་རྣམ་པར་ཆོས་ ཐམས་ཅད། །སྲིད་མཚོར་དེ་རྣམས་ལྷག་གཏོགས་པ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ། །གཟུགས་བརྙན་ལྟ་བུར་ཤེས་བྱས་ནས། །ཆོས་ཞེས་བྱ་བ་ཐམས་ཅད་ནི། །སེམས་ཅན་ཀུན་ 4-1-38 ལ་བསྟན་པར་བགྱིས། །པི་ཝཾ་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྒྲ་ཡི་ རྗེས་སུ་གྲོལ་བ་ཡིས། །ཤེས་རབ་མངོན་དུ་རྟོགས་གྱུར་ཅིག །གང་གི་འཇིག་རྟེན་ཐམས་ཅད་ དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཀུན་ཏུ་སྒྲ་སྙན་ལྟ་བུ་ཡིས། །ཆོས་ཀྱི་འཁོར་ལོ་ བསྐོར་བ་གྱིས། །སྙིང་ཁར་དྲི་བྱུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །སྐྱེ་མེད་ ལྷག་པར་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་ཞིང་ཀུན་དང༌། །འཇིག་རྟེན་ཀུན་ཏུ་བླ་ མེད་པའི། །བསམ་གྱིས་མི་ཁྱབ་པ་ཡི་དྲི། །རང་གི་ལུས་ལ་སྤྲོ་བར་བྱོས། །བདུད་རྩི་ལྔ་སྦྱིན་ ཅིང༌། རོ་ཀུན་གཅིག་གི་རྣམ་པར་ནི། །རང་བཞིན་མེད་པའི་གཟུགས་ཀྱིས་སུ། །ལྷག་པ་རྒྱུ་ ནི་རྟོགས་གྱུར་ཅིག །གང་གིས་སངས་རྒྱས་བྱང་སེམས་དང༌། །སྲོག་ཆགས་གྱུར་པ་ཐམས་ ཅད་ལ། །ལྷ་རྫས་དཔེ་མེད་རོ་ཡི་མཆོག ༈ །རེག་བྱ་རེག་བྱས་རྗེས་སུ་མ་གོས་པར། །དེ་ནི་ ལྷག་པར་རྟོགས་གྱུར་ཅིག །གང་གི་རེག་བྱའི་ཁྱད་པར་རྣམས། །རང་གི་སེམས་ལས་བྱུང་ ཞེས་པར། །ལྷག་པར་མོས་པ་སྣ་ཚོགས་པའི། །བླ་མེད་རེག་བྱའི་མཆོད་པར་གྱིས། །མཆོག་ གི་བདུད་རྩི་བྱིན་ནས། རང་གི་སེམས་ནི་ཡོངས་གྱུར་ལས། །ལྷ་ཐམས་ཅད་དུ་གནས་རྣམས་ དང༌། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་སོགས་ཀུན་ལ། །ཀུན་སྦྱོར་ཟག་མེད་བདེ་བ་ནི། །ངེས་པར་སྦྱར་བྱ་མཆོག་ཡིན་ནོ། །ཞེས་པ་མཆོག་གི་རྗེས་ གནང་ངོ༌། ། ༈ མིག་ཐུར་གྱིས་མིག་སྨན་བྱུགས་པའི་ཚུལ་དུ་བྱ་ཞིང༌། ༀ་བཛྲ་ནེ་ཏྲ་ཨ་ས་ཧ་ར་པ་ཌ་ལཾ་ ཧྲིཿ བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཇི་ལྟར་མིག་མཁན་ རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བཞིན་དུའོ། ། ༈ མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་ མེད། །གཟུང་དུ་མེད་ཅི་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །དེ་ལྟར་ཤེས་བྱས་ 4-1-39 ཆོས་རྣམས་ནི། །རང་བཞིན་མེད་པ་རྙོག་པ་མེད། །སེམས་ཅན་དེ་ནི་མཉམ་མེད་བགྱིས། །སྐྱོབ་ པ་རྣམས་ཀྱི་རིགས་སུ་སྐྱེས། །ཞེས་དང༌། ༈ ཧོ་ལས་བྱུང་པའི་མདའ་གཞུ་སྦྱིན་ཞིང༌། སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡ་སྭཱཧཱ། ཞེས་ དང༌། སློབ་མས། སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཡ་མི། ཞེས་ཕྱོགས་བཞི་སྟེང་འོག་གཉིས་སུ་ འཕང་ངོ༌། ། ༈ བཛྲ་སཏྭ་ཨ་ཞེས། མེ་ལོང་བསྟན། རྡོ་རྗེ་སེམས་དཔའི་རང་བཞིན་ཉིད། །དག་ཅིང་ གསལ་ལ་རྙོག་པ་མེད། །སངས་རྒྱས་ཀུན་གྱི་བདག་པོ་གང༌། །བུ་ཡི་སྙིང་ལ་གནས་པའོ། །ཞེས་དང༌། ༈ ཧཱུཾ་ལས་བྱུང་བའི་འཁོར་ལོ་ༀ་བཛྲ་ཧེ་དུ་མཾ་ཞེས་བདུན་དང༌། ཨཱཿལས་བྱུང་བའི་དུང༌། ༀ་བཛྲ་བྷ་ཥ་རཾ་ཞེས་ལག་པ་གཡས་པ་དང༌། ཨཱཿལས་བྱུང་བའི་དྲིལ་བུ་ༀ་བཛྲ་གྷཎྜེ་ཨཱཿཞེས་ ལག་པ་གཡོན་དུ་བྱིན། ཨཱཿལས་བྱུང་བའི་པོ་ཏི་འང་བྱིན་ནས། དེང་ནས་བརྩམས་ནས་ འཇིག་རྟེན་དུ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཆོས་ཀྱི་འཁོར་ལོ་བླ་མེད་པ། །དྲི་ མ་མེད་པ་ཀུན་ཏུ་ལོང༌། །ཐེ་ཚོམ་མེད་པའི་སེམས་ཀྱིས་ནི། །འདི་ལ་བློ་ངན་མེད་པར་མཛོད། །ཆོས་ཀྱི་སྤྱོད་པའི་ཚུལ་མཆོག་ནི། །རང་གི་མཉམ་མེད་རབ་ཏུ་སྟོན། །དེ་ལྟར་སངས་རྒྱས་ རྣམས་ཀྱིས་ནི། །བྱ་ཤེས་དགོས་པ་མེད་ཅེས་བརྗོད། །དེ་ཡི་རྡོ་རྗེ་འཆང་ཀུན་གྱིས། །ཐམས་ ཅད་དུ་ནི་ཁྱོད་བསྲུངས་འགྱུར། །ཞེས་ཆོས་བཤད་པའི་རྗེས་གནང་དང༌། ༈ ཐབས་དང་ཤེས་རབ་སེམས་ཀྱིས་ནི། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་དགོས་མེད་ གྱུར་བྱས་ནས། །འདོད་པ་ལྔ་ལ་ལོངས་སྤྱོད་བྱ། །ཇི་ལྟར་ཇི་ལྟར་འདུལ་གྱུར་པ། །སེམས་ ཅན་དེ་ཡི་རང་བཞིན་གྱིས། །དེ་ལྟར་དེ་ལྟར་སེམས་ཅན་དོན། །འདོད་ཆགས་སོགས་པས་ དག་པར་བྱ། །གང་གཞན་དམ་ཚིག་ལ་སྡང་པ། །དམ་ཚིག་ཉམས་པའི་སྐྱེ་བོ་དེ། །འབད་པ་ 4-1-40 ཡིས་ནི་གསད་པར་བྱ། །སངས་རྒྱས་བསྟན་པ་སྐྱོང་བ་ལ། །སེམས་ཅན་ཀུན་ལ་ཕན་དོན་ ཕྱིར། །སངས་རྒྱས་རྣལ་འབྱོར་རབ་སྐྱོང་བ། །ཕ་རོལ་པོ་ཡི་སེམས་འཕྲོག་ཀྱང༌། །སྡིག་པས་ གོས་པར་མི་འགྱུར་རོ། །འདོད་ཆགས་ལྟ་བུའི་བདེ་མེད་པས། །སྐྱེ་བོ་རྣམས་ལ་དེ་དག་སྦྱིན། །སེམས་ཅན་དོན་དུ་གཞན་བུད་མེད། །བསྟེན་པས་བསོད་ནམས་ཐོབ་པར་འགྱུར། །སངས་ རྒྱས་ལ་སོགས་སྨོད་པ་ལས། །རིན་ཆེན་འབྱུང་ལྡན་རྣལ་འབྱོར་གྱིས། །ཚིགས་ནི་རྩུབ་མོ་ ལ་སོགས་པས། །བླ་མེད་དངོས་གྲུབ་ཐོབ་པར་འགྱུར། །འོད་དཔག་མེད་ཀྱིས་རྫུན་ངན་སྨྲ། །དོན་ཡོད་གྲུབ་མཆོག་ཏིང་འཛིན་གྱིས། །བློ་ལྡན་རྒྱུད་གསུངས་ཆོ་ག་ཡིས། །དམ་ཚིག་དག་ ལ་བསྟེན་པར་བྱ། །ཞེས་དམ་ཚིག་གི་རྗེས་གནང་དང༌། དེ་ནས། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ། །ཞེས་སོགས་ཀྱིས་དཀྱིལ་འཁོར་ལ་བསྟོད་ནས། ༈ ཡང་། སེམས་ཅན་ཀུན་ལ་ཕན་དོན་ དུ། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་པ། །རྡོ་རྗེའི་འཁོར་ལོ་ བསྐོར་བར་གྱིས། །དེ་བཞིན་གཤེགས་ཀུན་རྒྱལ་བ་རྒྱལ། །བདག་པོ་འཁོར་ལོ་བསྐོར་བར་ བགྱིས། །ཞེས་བརྗོད་དེ། རྗེས་གནང་ངོ༌། ། ལུང་བསྟན་པ་འདི། བླ་མ་སྤྲུལ་སྐུའི་རྣམ་པས། ཆོས་གོས་ཀྱི་གྲྭ་གཡོན་པས་བཟུང་རི་ དྭགས་ཀྱི་རྣ་བ་ལྟར་བྱས་ཏེ། གཡས་མཆོག་སྦྱིན་སློབ་མའི་སྤྱི་བོར་བཞག་ནས། ང་ཡིས་ཁྱོད་ ལ་ལུང་བསྟན་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པའི་ཕྱིར། །སྲིད་པའི་ངན་འགྲོ་ལས་སྟོན་ནས། །ཀྱཻ་དཔལ་ཆེ་གེ་མོ་རྡོ་རྗེ་དེ་བཞིན་གཤེགས་པ་གྲུབ་ནས་ ཁྱོད་ཀྱི་དམ་ཚིག་གོ །ཞེས་བྱའོ། །གང་གིས་ཆོ་ག་འདི་ཡིས་ནི། །ཕྱག་རྒྱ་ཆེན་པོའི་ཚུལ་གང་ གིས། །གང་ལ་ལུང་བསྟན་བྱེད་བཞིན་པ། །དཔལ་ལྡན་ཧེ་རུ་ཀ་སོགས་ལྷ། །སངས་རྒྱས་བྱང་ ཆུབ་སེམས་རྣམས་དང༌། །དཀྱིལ་འཁོར་དུ་ནི་གནས་པ་དང༌། །དམ་ཚིག་སྤྱོད་པའི་མགྲིན་པ་ 4-1-41 ཡིས། །རྫོགས་པའི་བྱང་ཆུབ་བསྟན་པ་མཛོད། །འདི་ལྟར་འདི་ཡི་ཕྱག་རྒྱ་ཆེན་པོ་ ཡིས། །མཆོག་ཏུ་གསང་བ་ཆེན་པོ་བཟང་པོ་བདེན་པའི་བྱིན་གྱིས་རླབས་ཀྱིས་འགྲུབ་ པར་འགྱུར་ཏེ། འདི་ཡི་དམ་ཚིག་གིས་ཞེས་བྱ་བ་ལ་དད་པར་བྱའོ། །ཞེས་སོགས། དབུགས་དབྱུང་བ་ནི། གསང་མཆོག་དཀྱིལ་འཁོར་དམ་པ་ནི། །ལྟས་ནས་སུ་ནི་རབ་ བཞུགས་པས། །སྡིག་པ་ཀུན་ལས་རྣམས་ངེས་གྲོལ། །དེ་རིང་ལེགས་པར་གནས་པར་འགྱུར། །བདེ་ཆེན་ཐེག་པ་འདི་ལ་ནི། །སླར་ཡང་འཆི་བ་ཡོད་མ་ཡིན། །མི་ཚུགས་པ་དང་མི་ཆོམ་པར། །འཇིགས་པ་མེད་པར་རོལ་པར་བགྱིས། །སྲིད་པའི་སྡུག་བསྔལ་དང་ནི་འདས། །སྲིད་པ་ ཤིན་ཏུ་དག་པའི་ཕྱིར། །དངོས་གྲུབ་དམ་པ་གདོམ་པ་ནི། །འདི་དག་རྟག་ཏུ་བསྲུང་པར་གྱིས། །རྗེས་སུ་གནས་དང་དབུགས་འབྱིན་པ། །སངས་རྒྱས་ཀུན་དངོས་རབ་ཏུ་གསུངས། །རྡོ་རྗེ་ ཞེས་གང་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ནི་མི་སྤང་ཞིང༌། །གང་གིས་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའོ། །དམ་པའི་ཆོས་ནི་སྤང་མི་བྱ། །མི་ཤེས་པའམ་རྨོངས་ པ་ཡིས། །གལ་ཏེ་ན་ནི་སྤངས་པ་ན། །གང་ལ་དེ་ནི་ངེས་པར་སྦྱངས། །རང་གི་བདག་ཉིད་ མི་ཡང་ཞིང༌། །དཀའ་ཐུབ་ཀྱིས་ཀྱང་བརྩིར་མི་བྱ། །ཇི་སྲིད་བདེ་བའི་བདེ་བ་བཟུང༌། །འདི་ ནི་མ་འོངས་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ནམ་ཡང་སྤང་པར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་ཞིང༌། །འདི་ནི་སངས་རྒྱས་ཀུན་དང་མཉམ། །གང་ཞིག་སློབ་ དཔོན་ལ་སྨོད་པ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སངས་རྒྱས་ཐམས་ཅད་སྨད་པས་ ན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །རིམས་དང་དུག་དང་དབྱིགས་དུག་ནད། །མཁའ་འགྲོ་ ཚེ་དང་སྣོད་རྣམས་དང༌། །བགེགས་དང་ལོག་འདྲེན་དྲག་རྣམས་ཀྱིས། །གསད་ནས་དམྱལ་ བར་བཏུང་བར་བྱེད། །དེ་ཕྱིར་ཀུན་ནས་རབ་འབད་པས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་ མཆོག་རབ་ཏུ་མི་བཅོམ་པ། །རྣམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་གུས་དེ་ལ་ཡོན། །དེ་ 4-1-42 ནས་རྗེས་མཐུན་འབུལ་བར་བྱ། །དེ་ཡིས་རིམས་སོགས་གདུང་པ་རྣམས། །ཕྱིར་ཞིང་འབྱུང་ པར་མི་འགྱུར་རོ། །རྟག་ཏུ་རང་ཉིད་དམ་ཚིག་སྤྱོད། །སྦྱིན་མིན་བུ་དང་བུ་མོ་སོགས། །སྲོག་ རྣམས་ཀྱིས་ཀྱང་བརྟེན་བྱ་བ། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །གང་ཕྱིར་བསྐལ་པ་བྱེ་ རྣམས་ཀྱིས། །རྟག་ཏུ་རྙེད་པར་དཀའ་བ་ཡིས། །སངས་རྒྱས་ཉིད་ཀྱང་བཅོམ་ལྡན་ལ། །ཚེ་ འདི་ཉིད་ལ་སྟེར་བར་བྱེད། །རྟག་ཏུ་རང་གི་དམ་ཚིག་བསྒྲུབ། །རྟག་ཏུ་དེ་བཞིན་གཤེགས་པ་ མཆོད། །རྟག་ཏུ་བླ་མ་ལ་ཡང་འབུལ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་སྦྱིན་སངས་ རྒྱས་ཐམས་ཅད་ལ། །རྟག་ཏུ་སྦྱིན་པ་ཉིད་དུ་འགྱུར། །འདི་ཡི་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལ་དངོས་གྲུབ་མཆོག་ཏུ་འགྱུར། །དེ་རིང་བདག་སྐྱེ་འབྲས་བུར་བཅས། །གང་འདིར་ ལེགས་པར་རབ་ཏུ་གནས། །དམ་ཚིག་ལྷ་རྣམས་དང་མཉམ་མོ། །རང་བྱུང་དེ་ནི་ད་ལྟ་སྐྱེས། །དེང་འདིར་དབང་བསྐུར་ཚེ་ལྡན་པ། །རྡོ་རྗེ་བཅས་སངས་རྒྱས་ཀུན་གྱིས། ཁམས་གསུམ་གྱི་ ནི་རྒྱལ་སྲིད་ཆེ། །རྒྱལ་པོ་བདག་པོས་གནས་པ་ཡིན། །དེ་རིང་བདུད་ལས་རྒྱལ་བྱས་ནས། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །ཁྱོད་འགྱུར་བ་ནི་ ཐེ་ཚོམ་མེད། །ཞེས་བྱའི་བཀའ་དྲིན་རྡོ་རྗེ་ཡིད་ཀྱི་སྟེ། །རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་ བསྟན་པར་གྱིས། །ཤིན་ཏུ་སྐྱེ་སླའི་བདེ་བ་སངས་རྒྱས་ཀུན་གཟུགས་བརྙན། །རྟག་པ་ཉིད་ ནི་རྟོགས་པར་འགྱུར་བར་ཤོག །ཅེས་བརྗོད་དེ་དབྱུགས་འབྱུང་པའོ། །སློབ་མས་ཕྱག་དང་ མཎྜལ་ཕུལ་ལ། ཇི་ལྟར་གསུངས་ཤིང་བསྟན་པ་ཀུན། །ཇི་ལྟའི་ངག་རྗེ་གནང་ཞེས་གསོལ། །ཞེས་སོ། །དེ་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཞེས་སོགས་སྔགས་དང་བཅས་ པས་རྡོ་རྗེ་བྱིན། འདི་ནི་རྣལ་འབྱོར་མ་ཀུན་གྱིས། །ཞེས་སོགས། སྔགས་དང་བཅས་པས་ དྲིལ་བུ་བྱིན་ཏེ། རྡོ་རྗེ་དྲིལ་བུའི་བརྟུལ་ཞུགས་སོ། ། ༈ དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་དང་བགེགས་སོགས་ཕྱི་ནང་གི་མཆོད་པ། 4-1-43 གཟུགས་སོགས་འདོད་ཡོན་གྱི་མཆོད་པ། ཟག་མེད་བདེ་བའི་མཆོད་པ། ཚོགས་ཀྱི་འཁོར་ལོ། རྡོ་རྗེའི་གླུ་དང་བཅས་པ་ཅི་འགྲུབ་བྱ། དེ་ནས་བླ་མས་རྡོ་ རྗེ་དྲིལ་བུ་བཟུང༌། སློབ་མས་གདུགས་དཀར་པོ་རིན་པོ་ཆེའི་ཏོག་ཅན་བཟུང་ནས་བསྐོར་བ་ བྱ་ཞིང༌། མངའ་བདག་སྐུ་མདོག་སྔོན་པོ་རྒྱལ་གྱུར་ཅིག དམར་མོས་ཇི་ལྟར་མཛེས་བྱས་རྒྱལ་ གྱུར་ཅིག དམ་ཚིག་གི་རྒྱན་མཛེས་པ་རྒྱལ་གྱུར་ཅིག ཟླ་ཕྱེད་དབུ་ལ་རྒྱན་པ་རྒྱལ་གྱུར་ཅིག ལྷ་མོ་འཁོར་ལོས་བརྒྱན་པ་རྒྱལ་གྱུར་ཅིག དང་པོ་སངས་རྒྱས་སྐུ་མཆོག་གནས་པ་རྒྱལ་གྱུར་ ཅིག འདོད་པ་ཐར་པ་ནོར་དང་ཆོས་སྦྱིན་རྒྱལ་གྱུར་ཅིག རྣམ་པར་དགྱེས་རོལ་རང་བཞིན་ རྒྱལ་གྱུར་ཅིག ཕྱག་རྡོར་བདེ་བའི་མགོན་པོ་རྒྱལ་གྱུར་ཅིག ཅེས་བརྗོད་ཅིང་གདུགས་དང་ བཅས་པས་ཤར་སྒོ་ནས་ཕྱག་བྱ། བླ་མས་འདི་སྐད་གསུངས། སློབ་མ་འདི་ནི་བསྟེན་པར་ བགྱིས། །དེ་ནས་རྒོལ་བ་ཚར་གཅོད་འགྱུར། །ཞེས་སོ། །སློབ་མས་གདུགས་ཕབ་སྟེ་འདུག་ པ་ལ། བླ་མས་དེ་རིང་དཀྱིལ་འཁོར་སློབ་དཔོན་དང༌། །སྔགས་དང་རྒྱུད་རྣམས་འཛིན་པར་ འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བཞེད། །སེམས་ཅན་ལ་བརྗེ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་ཡིས། །འབད་པ་ཡི་ནི་བྲི་ བར་བྱ། །བསྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སེར་སྣ་དགོས་པ་ཐམས་ཅད་ལ། །སེམས་ ཅན་རྣམས་ལ་ཕན་པ་དང༌། །དེ་ལྟ་བུ་ཁྱོད་ཀྱི་བྱ་སྟེ། །རང་ཉིད་དཀའ་བ་ཆེན་པོ་ཡང༌། །ཞེས་ བརྗོད་ལ། གྲུབ་ན་སྐབས་འདིར་ཞི་བའི་སྦྱིན་བསྲེག་བྱའོ། །དེ་ནས་སློབ་མས། ཡོན་དང་ མཎྜལ་དང་ཕྱག་བྱས་པུས་མོ་གཙུག་ཐལ་མོ་སྦྱར་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱི། །ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་ སྤྱད་དུ་གསོལ། །ཞེས་རང་གི་ལུས་ངག་ཡིད་གསུམ་ཕུལ་ནས། དཔལ་ཧེ་རུ་ཀ་དཔལ་ཤེས་ རབ་ཆེ། །མཁའ་འགྲོ་མ་ཡི་དྲ་བ་སྡོམས། །ཞེས་བརྗོད་ལ། སླར་ཡང་ཕྱག་བྱས་ལ། བཀའ་ 4-1-44 དྲིན་ཆེའོ་ཞེས་བརྗོད་དོ། ། ༈ བཞི་པ་མཇུག་གི་ཆོ་ག་ལ་མཆོད་པ་གསོས། ཕྱི་ནང་གསང་བ་བདེ་བ་སྔགས་ཀྱིས་ མཆོད། བསྟོད་པས་བསྟོད། འདོད་དོན་ལ་གསོལ་བ་གདབ། དངོས་གྲུབ་བླངས། ཡིག་ བརྒྱས་ལྷག་ཆད་ཁ་བསྐང༌། གང་ཡང་སྐྱེ་བོའི་དངོས་གྱུར་དང༌། །མ་རྙེད་རྣལ་འབྱོར་དབང་ཕྱིར་ དང༌། །ཉེ་བར་དགོངས་པ་མ་ཚངས་པའི། །དྲན་པ་རབ་ཏུ་རྨོངས་བྱས་པ། །དེ་ཐམས་ཅད་ ལ་བཟོད་པར་རིགས། ། ཞེས་ལན་གསུམ་བརྗོད། ནོངས་པ་བཟོད་པར་གསོལ། གཏོར་མ་ ཕུལ། བཀྲ་ཤིས་དང་བསྔོ་བ་རྒྱས་པར་བྱའོ། །དེ་ནས། ༀ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་ མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་ཨཱཿཧཱུཾ་བཛྲ་མུཿ ཞེས་པས་ཡེ་ཤེས་པའི་ དཀྱིལ་འཁོར་རྟེན་དང་བརྟེན་པར་བྱས་པ་རང་གི་ལུས་ལ་བསྡུ་ཞིང༌། རང་གི་ཐུགས་ཀ་ནས་ འོད་འཕྲོས་སེམས་ཅན་ཐམས་ཅད་ཕོག་འདོད་པའི་དོན་ཐམས་ཅད་གྲུབ་པར་བསམ་ཞིང༌། འཇིག་རྟེན་པའི་ལྷ་རྣམས་རང་གི་གནས་སུ་གཤེགས་སུ་གསོལ། དེ་ནས་ༀ་དཀར་པོ་བཟླས་ ཤིང་རྡོ་རྗེས་ཤར་སྒོ་ནས་བརྩམས་ནས། གཙོ་བོའི་གནས་ཀྱི་བར་དབྱི་ཞིང་རྡུལ་ཚོན་ཅུང་ཟད་ མགོ་བོར་བཞག རྡུལ་ཚོན་ལྷག་མ་རྣམས་བསྡུས་ཏེ། བུམ་པར་བླུགས་བརྒྱན་གྱིས་བརྒྱན། རོལ་མོ་དང་བཅས་པ། རྒྱ་མཚོར་འབབ་པའི་ཆུ་བོར་གདན་དྲངས་ནས། ཀླུ་རྣམས་ཀྱིས་ བཀུར་སྟིས་གདན་དྲངས་པར་བསམ་ཞིང༌། ༀ་མཆོག་གྱུར་དེ་བཞིན་གཤེགས་པ་ཡི། །རིན་ ཆེན་རང་བཞིན་རྣམ་ལྔའི་ཆེ། །ཀླུ་ཆེན་བརྒྱད་པོ་ཁྱེད་རྣམས་ལ། །མཆོད་པའི་གནས་སུ་ཉེར་ གཏད་ཀྱིས། །སྤྱན་གྲོང་འགྲོ་བའི་དོན་གྱི་ཕྱིར། །ཀུན་ཀྱང་བདེ་ལ་འགོད་པ་དང༌། །འབྲུ་ བཅུད་ལོངས་སྤྱོད་རྒྱས་པ་དང༌། །བསོད་ནམས་བང་མཛོད་འཕེལ་བ་དང༌། །རྣལ་འབྱོར་ བདག་ཅག་འཁོར་བཅས་ལ། །མི་མཐུན་གནོད་པ་ཞི་བ་དང༌། །བདེ་ལེགས་མ་ལུས་བསྩལ་ 4-1-45 བ་དང༌། །འདོད་པའི་དོན་རྣམས་གྲུབ་པར་མཛོད། །ཅེས་བརྗོད་དོ། །སླར་ཡང་བུམ་པ་ཆུས་ བཀང་ལ། དཀྱིལ་འཁོར་གྱི་ཁང་པར་བསང་གཏོར་བྱས་ནས། ཕུར་པ་རྣམས་ལ་མཆོད་ནས་ ༀ་བཛྲ་ཀི་ལི་ཏ་ཀི་ལ་ཡ་སརྦ་བྷི གྷྣཾ་བཛྲ་ར་ཛ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་སྟོན་ལ། ༀ་རུ་རུ་སྤུ་རུ་ཛྭ་ལ་ ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སདྷ་ནི་སྭཱཧཱ། ཞེས་བཟླས་པའི་འོ་མས་བཀྲུ། ཡེ་ཤེས་པ་གཤེགས། དེའི་ཁུང་བུར་འོ་མ་དང་ཀླུ་སྨན་ལ་སོགས་པ་བླུག་གོ །སློབ་དཔོན་ལ་ཡོན་བདག་གིས་དགའ་ སྟོན་རྒྱ་ཆེན་པོས་བརྙེས་པར་བྱའོ། །འདིར་འགྱུར་མི་བདེ་བ་རེ་ཙམ་འགྱུར་བདེ་བའི་རིགས་ བྱེད། སྤྱིར་དོན་གཅིག་པས་འགྱུར་བདེ་བའི་རིགས་བྲིས་ན་ལེགས་པར་འདུག་ནའང་། ཕལ་ ཆེ་བ་རྣམས། ལོ་ཙྪ་བ་ཡེ་ཤེས་རྡོ་རྗེའི་འགྱུར་གཞིར་བཞག་དབང་གི་ཆོ་ག་གསལ་པོ་མིན་པ་ རྣམས་ལ་བླ་མ་གོང་མའི་ཕྱག་ལེན་བཞིན་བྲིས་པ་ཡིན། དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི། །དབང་མཆོག་དབང་གི་རྒྱལ་པོའི་རྒྱན། །དོན་གཉེར་ སློབ་མའི་བསྐུལ་བའི་ངོར། །ཇོ་གདན་བསོད་ནམས་བཟང་པོས་བཀོད། །གལ་ཏེ་འདི་ལ་ ནོངས་མཆིས་ན། །ཆོས་བདག་རྣམས་ལ་བཟོད་པར་གསོལ། །དགེ་འདིས་འགྲོ་ཀུན་ཐར་ པའི་མཆོག །བདེ་མཆོག་བདེ་བའི་དཔལ་ཐོབ་ཤོག །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་ དབང་གི་ཆོ་ག་དབང་གི་རྒྱལ་པོའི་རྒྱན་ཞེས་བྱ་བ། ས་མོ་ཕག་གི་ལོ་དབྱར་ཟླ་ར་བ་རྫོགས་ པའི་ཉི་མ་ལ། མཚལ་མིན་གྱི་གཙུག་ལག་ཁང་དུ་སྦྱར་བའོ། །བསྟན་པ་དང་སེམས་ཅན་ལ་ ཕན་ཐོག་པར་གྱུར་ཅིག། །། ༈ འདིའི་ཐིག་ཆ་ཆེན་དྲུག་ཅུ་རྩ་བཞི་ཡིན་པའི། ཕྱོགས་གཅིག་གི་ཆ་ཆེན་གསུམ་ཅུ་རྩ་ གཉིས་ལ། སྒོ་ཕྱི་མ་ཆ་ཆེན་བཅོ་ལྔ། དེའི་ནང་མ་ཆ་ཆེན་བརྒྱད་པོ་གཅིག་ཏུ་སྒོ། འཁོར་ལོ་ གསུམ་དང༌། ལྷ་རྣམས། སྒོ་རྟ་བབས། པད་རང༌། རྡོ་ར། དུར་ཁྲོད་མའི་རི་བོ། ལྔ་པོ་གཉིས་ གཉིས། བགོས་པས་བཅུ་རུ་འགྱུར། དེ་ཡི་ནང་མ་ཆ་ཆེར་བཞི། བཞི་པོ་དུམ་པོ་གསུམ་གསུམ་ 4-1-46 སྒོ། ཆ་ཆེན་གཅིག་པདྨའི་ལྟེ་བ། གཅིག་འདབ་མའོ། །ཨིཐི། ཕྱག་ལེན་ཁ་འབངས་ངག་འདོན་ ཅུང་ཟད་ཙམ། །དཀྱུས་སུ་བསྒྲིགས་པ་ཀིརྟི་ པུ་ཎས་སོ། །དགེ་བས་འགྲོ་རྣམས་རྡོ་རྗེ་འཛིན་ཐོབ་ཤོག །དགེའོ།། དཔལ་ལྡན་བླ་མ་ཀུན་དགའ་བཟང་པོའི་ཐུགས་དམ་མཛོད།། །། 4-1-47 ༄༅། །མཁའ་འགྲོ་རྒྱ་མཚོའི་སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་ཀྱི་ མེ་འོད་འབར་བ་ཞེས་བྱ་བཞུགས་སོ།། ༄༅། །མཁའ་འགྲོ་རྒྱ་མཚོའི་སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་ཀྱི་མེ་འོད་འབར་བ་ཞེས་བྱ་བ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་དང་དབྱེར་མེད་པའི་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། ། དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི། །ལྷ་རྣམས་མཉེས་པར་བྱེད་པའི་ཐབས། །རྒྱུད་འདི་ ནས་ནི་ཕལ་ཆེ་བའི། །བླ་མའི་མན་ངག་སྦྱིན་སྲེག་བཤད། །སྦྱིན་སྲེག་རྣམ་པ་གཉིས་ཡིན་ཏེ། །ཕྱི་དང་ནང་དུ་འདིར་བཞེད་དོ། །ཕྱི་ཡི་རྣམ་པ་དགུ་ཡིན་ཏེ། །ནང་གི་གཏུམ་མོའི་རྣལ་འབྱོར་ རོ། །ཞེས་གསུངས་པ་ལྟར་ཕྱི་དང་ནང་གི་སྦྱིན་སྲེག་གཉིས་ལས། དང་པོ་ནི། བསྙེན་པ་ཁ་བསྐང་པ་དང་། ཆོ་ག་ལྷག་ཆད་བསྐང་པའི་དོན་དུ། བསྙེན་པ་ མ་རྫོགས་ཀྱང་བྱར་རུང་ལ། ཞི་རྒྱས་ལ་སོགས་པའི་ལས་བྱེད་པ་ལ་བསྙེན་པ་སྔོན་དུ་སོང་ བ་དགོས་པས་ཐོག་མར་ལས་དང་རྗེས་སུ་མཐུན་པའི་སར། ས་ཆོག་རྒྱས་བསྡུས་གང་རུང་ བྱས་ནས། སྦྱིན་སྲེག་ཁང་པ་གྲུ་བཞི་པ་རི་མོ་གསུམ་དང་ལྡན་པ། རང་ཁ་ལྟ་བའི་རྒྱབ་ན་སྒོ་ གཅིག་ཡོད་པ་བྱ། དེའི་ནང་དུ། ཐབ་ཐམས་ཅད་ཀྱི་ཕྱི་རོལ་གྲུ་བཞི་པ། གྲྭ་བཞིར་གཙོ་བོའི་ མཚན་མས་སྤྲས་པ། དེའི་ནང་། ཐབ་ཀྱི་ཕྱི་རོལ་ཏུ་ཁྲུ་ཕྱེད་ཙམ་ལྕི་བས་བྱུག་ཅིང་། དར་ཐབ་ རང་རང་གི་མདོག་དང་མཐུན་པའི་ས་དང་དྲིས་བྱུག དེའི་དབུས་སུ་ཐབ་རྩིག་པའམ་བྲུས་ ཐབ་བྱེད་ན། དེའི་ཕྱེད་ཐུར་དུ་བརྐོས་པ། དེའི་སྟེང་དུ་སོར་བཞི་པར། སྤངས་དང་རྒྱར་ཐབ་ 4-1-48 ཀྱི་དྲུག་ཆའི་མཆུ་དང་། དེ་དང་མཉམ་པའི་ཁ་ཁྱེར་ལ། དབུས་སུ་གང་འབྲིའི་མཚན་མ་བྲི། ཁ་ ཁྱེར་གྱི་འོག་ཕྱི་ལོགས་ལ་པདྨ་འདབ་མ་བཅུ་དྲུག་པ་བྲི། ཐབ་མ་སྐམས་པར་ཐུན་གསུམ་དུ། མདོག་དང་མཐུན་པའི་མེ་ཏོག་གཏོར་བར་བྱའོ། ། དེ་ལ་ཞི་བའི་ཐབ་ནི། ཁྲུ་གང་པ་དཀར་ལ་ཟླུམ་པ། དབུས་སུ་སོར་བཅུ་དྲུག་པའི་པདྨའི་ སྟེང་དུ་འཁོར་ལོ་སོར་བརྒྱད་པ། དཔངས་སུ་སོར་གཅིག་པ་ལ་རྡོ་རྗེ་དཀར་པོས་མཚན་པ། རྒྱས་པ་ལ། གཞི་སེར་པོའི་སྟེང་དུ། རྒྱར་ཁྲུ་དོ། དཔངས་སུ་ཁྲུ་གང་པ་ཁྲུ་བཞིའི་དབུས་ སུ། རིན་པོ་ཆེ་སོར་བརྒྱད་པ་ལ། རིན་པོ་ཆེས་མཚན་པ་བྲི། དབང་ལ། གཞི་དམར་པོར། ཁྲུ་ཕྱེད་པའམ། ཁྲུ་གང་པ་ཟླ་གམ། དབུས་སུ་པདྨ་ལ་ གནས་པའི་པདྨ་ལ་རྡོ་རྗེས་མཚན་པ། མངོན་སྤྱོད་ལ། གང་པ་དང་། བ་ཚ་ཅན་དང་། གནག་པ་དང་། རྩུབ་པའི་བཞི་ལ། སོར་ བརྒྱད་དམ། ཉི་ཤུའི་བརྒྱ། ཟུར་དྲུག་པ། དབུས་སུ་པདྨ་ལ་རྡོ་རྗེས་མཚན་པ་བྲི། ཐབ་ལ་ བདུད་རྩི་དང་བཅས་པའི་ས་ནག་པོ་དང་། རོ་བསྲེག་པའི་ཞལ་བ་དང་། བོང་བུ་དང་། རྔ་བོང་ ལ་སོགས་པའི་སྦངས་ཇི་ལྟར་རྙེད་པ་བྱུག དྲི་མི་ཞིམ་པའམ། དྲི་མེད་པའི་མེ་ཏོག་སྔོན་པོ། དམར་པོ། འབྲས་བུའི་ཤུན་པ་སོགས་ཀྱིས་གཏོར་ཏེ་འབར་བས་བསྐོར་ལ། མིའི་སྣུམ་ལ་ སོགས་པའི་མར་མེ་དང་ལྡན་པར་བྱའོ། ། སྐྲད་པ་ནི། ཁྲུ་དྲུག ཟུར་བདུན་པའི་དབུས་སུ་རྡོ་རྗེས་མཚན་པ་བྲི། སྡང་བ་ལ་ཁྲུ་བདུན་ ཟུར་བརྒྱད་པའི་དབུས་སུ་གྲི་གུག་ལ་རྡོ་རྗེས་མཚན་པ་བྲི། རེངས་པ་ལ་ཁྲུ་བརྒྱད་ཟུར་དགུ་པ། དབུས་སུ་གཞུ་ལ་རྡོ་རྗེས་མཚན་པ། བསད་པ་ཁྲུ་དགུ་ཟུར་ལྔ་པ་རལ་གྲི་ལ་རྡོ་རྗེས་མཚན་པ། གཞི་ལ་སོགས་པ་ནི་ལྔ་ཆར་ མཐུན་ནོ། ། 4-1-49 ཡང་ན་ཞི་བ་ལ་ཁྲུ་གཉིས། རྒྱས་པ་ལ་གསུམ། དབང་ལ་བཞི། མངོན་སྤྱོད་ལ་ཁྲུ་ལྔའོ། །ཞེས་ཀྱང་གསུངས་སོ། ། ལས་ཐམས་ཅད་པ་ནི། ལས་དང་རྗེས་མཐུན་གྱི་ས་ལ། ཁྲུ་བཅུ་ཟུར་བཅུ་པའི་དབུས་སུ་ སྣ་ཚོགས་རྡོ་རྗེ་ལ་རྡོ་རྗེས་མཚན་པ། ཕྱོགས་ནི། དཀྱིལ་འཁོར་དང་འབྲེལ་ན། དཀྱིལ་འཁོར་ གྱི་ཁང་པའི་ཤར་དུ་ཞི་བ། ལྷོ ར་རྒྱས་པ། ནུབ་ཏུ་དབང་དགུག བྱང་དུ་དྲག་པོའི་ཐབ་པོ། ། ཁ་སྦྱོར་གྱི་རྒྱུད་དུ། ཤར་དུ་ཞི་བ། ལྷོ ར་མངོན་སྤྱོད། ནུབ་ཏུ་དབང་དགུག བྱང་དུ་རྒྱས་ པའོ་ཞེས་ཀྱང་གསུངས་སོ། །བྲིས་ཐབ་ཡིན་ན་སྤངས་བསམས་པས་ཆོག་གི དངོས་སུ་མི་ དགོས། མཆུ་ཁ་ཁྱེར་དང་མཚན་མ་ལྷའི་མདོག་ཏུ་བྲི། ཐབ་ཐམས་ཅད་ལས་མཐུན་གྱི་ཁ་ དོག་ཏུ་བྱའོ། །ཐབ་ཀྱི་ངེས་པའོ། ། ཡམས་ཤིང་ནི། ཞི་བ་ལ། ས་ལ་ཤ ཨུ་དུམ་ཝ་ར། ཨ་ཤོ་ཏ་སོགས་གསུངས་ཀྱང་། བོད་ དུ་མི་རྙེད་པས། ཚེར་མ་མེད་པའི་འོ་མ་ཅན་གྱི་ཤིང་གང་རུང་གི་རྩེ་མོའི་ཆ་ལས་སྐྱེས་པ། སོར་བཅུ་གཉིས་པ། རྩེ་མོ་མཉམ་པར་བཅད་པ། མཐེའུ་ཆུང་ལས་མི་སྦོམ་མི་འཕྲ་བ། ལོ་མ་ གཉིས་དང་ལྡན་པ། མགོ་མཇུག སྦྲང་རྩི་དང་། འོ་མ་དང་། མར་གྱིས་བྱུག བདུད་རྩི་དང་དྲིའི་ ཆུས་བྲན་པའོ། ། གཞན། ཚད་ལས་རིང་བ་ཐུང་བ་སྦོམ་པ་ཕྲ་བ། འཁྱོག་པ་ལོ་མ་མེད་པ། སྲིན་བུ་སོགས་ ཀྱིས་ཟོས་པ། དམན་མ། ལྤགས་པ་མེད་པ། ཁ་བྲག་རྙིངས་པ། བྲུན་གྱིས་གོས་པ། སྐམས་པ་ རྣམས་མི་རུང་ངོ་། ། རྒྱས་པ་ལ། ཞི་བ་ལ་བཤད་པའི་ཡམ་ཤིང་འོ་མ་ཅན་ལ་སོགས་པའི་དབུས་ཀྱི་ཆར་སྐྱེས་ པ་ཁྲུ་གང་པ། སྦོམས་སུ་ཕྱག་གང་པ། ཞོ་དང་། འོ་མ་དང་། མར་དང་དངར་གསུམ་གྱིས་ བྱུགས་པ། བདུད་རྩི་དང་། དྲི་ཞིམ་པོས་བྲན་པའོ། ། 4-1-50 དབང་དགུག་ལ་ཙམ་པ་ཀ་སོགས་གསུངས་ཀྱང་། མ་རྙེད་ན། ཞི་བ་ལ་བཤད་པའི་ཡམ་ ཤིང་སོར་ལྔ་དང་ལྡན་པའམ། ཤིང་དམར་པོ་དང་། མེ་ཏོག་དམར་པོ་སོགས་སོ། ། དྲག་པོ་ལ། ནིམ་པ་དང་། སེང་ལྡེང་སོགས་དང་། རོ་ཚ་བ་དང་། ཁ་བ་དང་། ཚེར་མ་ ཅན་གྱི་ཤིང་རྣམས་སམ། རོ་བསྲེགས་པའི་གདོང་དུམ་དང་། གས་པ་སོར་བཞི་པའམ། ཚེར་ མ་ཅན་གྱི་ཤིང་མེ་ཏོག་ནག་པོ་སྐྱེ་བའི་རྩ་བའི་ཆར་སྐྱེས་པ། སོར་བཅུ་གཉིས་པ་རྩེ་མོ་རྣོན་པོ་ གཉིས་དུག་དང་ཁྲག་གིས་བྱུགས་པའོ། ། ལས་ཐམས་ཅད་པ་ལ། པ་ལ་ཤ་དང་། བླག་ཤ་དང་། ཨུ་དུམ་ཝ་ར་དང་། སེང་ལྡེང་ལ་ སོགས་པ་བཅུ་གཉིས་བཤད་པ་རྣམས། མཛུབ་མོ་ཙམ་དྲང་བ་དེ་དག་མ་རྙེད་ན། ལས་དང་ རྗེས་སུ་མཐུན་པའི་ཡམ་ཤིང་ལ། བདུད་རྩི་དང་། དྲི་ཞིམ་པོའི་ཆུས་བྲན་པ་སྟེ། ཡམ་ཤིང་གི་ ངེས་པའོ། ། བུད་ཤིང་ནི། ཡམ་ཤིང་དང་རྒྱུ་འདྲ་བ་ལས་བྱུང་བའི་ཤིང་དང་། ལས་ཐམས་ཅད་པ་ལ། ཙྡན་དང་། སྒྲོན་ཤིང་དང་། ཨ་ཀ་རུ་ལ་སོགས་པའི་ཤིང་། དྲི་པོ་འོ་མ་ཅན། སྲིན་བུ་མེད་པ། ཐབ་ཁུང་ཐབ་ལས་ཅུང་ཟད་རྨི་བར་ཚགས་དམ་པོར་རྩིག ཤིང་དེ་དག་མ་རྙེད་ན། ཞི་བ་དང་ ། ལས་ཐམས་ཅད་པ་ལ། དགོན་པའི་བ་ལང་གི་ལྕི་བ། སྲོག་ཆགས་མེད་པ་ལ་བྱར་རུང་ལ། རྒྱས་པ་ལ་ནི་མི་རུང་ངོ་། ། ཐབ་ཏུ་འཇིག་རྟེན་སྤྱི་ལུགས་ཀྱི། ཤར་ལྷོ འི་མཚམས་སུ་མེ་ཚང་བབའོ། །བུད་ཤིང་གི་ ངེས་པའོ། ། སྲེག་རྫས་ནི། ཞི་བ་ལ། ཏིལ་མར་ལ་རྟགས་ཀུ་ཤ་ས་ལུའི་ཟན། །འོ་མ་ནས་དང་ཏིལ་ དང་ཞོ་དང་མར། །པྲི་ཡང་ཀུ་དང་ཙྡན་དུར་བ་དང་། །རོ་བཅུད་དང་ནི་དྲི་བཟང་པོ་རྣམས་དང་ ། །མེ་ཏོག་འབྲས་ཡོས་ཨ་སྨྲའི་ལོ་མ་ནི། །རྩེ་མོ་གཉིས་ནི་སྦྲང་དང་མར་བརྟགས་ལ། །བསྲེག་ 4-1-51 པར་བྱའོ་ཇི་ལྟར་རྙེད་པ་སྟེ། །ཞི་བར་བྱེད་པའི་མཐར་ནི་བདུད་རྩི་འོ། །ལ་ལ་ཕྱི་ཡི་བདུད་རྩི་ ལྔ་ཟེར་རོ། ། རྒྱས་པ་ལ། ཞོ་དང་། འོ་མ་དང་། མར་དང་བཏགས་ལ། མངར་གསུམ་དང་བརྒྱ་པའི་ བཟའ་བ་མཆོག་སྟེ། ཞོ་དང་། སྦྲང་རྩི་དང་། མར་དང་སྦྱར་བའི་ཏིལ་ནག་པོ་དང་། གོ་བསྙོད་ དང་། བིལ་བའི་འབྲས་བུ་དང་། འབྲས་ས་ལི་དང་། པདྨ་དང་། ན་ག་གེ་སར་དང་། ཀ་ནི་ཀའི་ འབྲས་བུ་རྣམས་སོ། ། སྤྱིར་ཞི་རྒྱས་དང་ལས་ཐམས་ཅད་པ་ལ། མར་ཏིལ། ཡུངས་ཀར། འབྲས་ཆན། མངར་ གསུམ་གྱིས་སྦགས་པའི་ཞོ་ཟན། འབྲས། སོ་བ། ནས། གྲོ། སྲན་མ། དུར་བ་དང་། ཀུ་ཤ་ གཉིས་སྔོ་ལྗང་མ་ཉམས་པ། འདབ་མ་མ་གྲུགས་པ་མར་དང་འོ་མས་སྦགས་པ་དང་། ཤིང་ ཐོག་བིལ་བ་སོགས་ཇི་ལྟར་རྙེད་པའོ། ། དབང་དགུག་ལ། འབྲས་བུ་དང་མེ་ཏོག་སྐྱུར་བ་དང་མངར་བ་དང་། ལྕགས་ཀྱུའི་རྣམ་ པ་ཅན་གྱི་ཚེར་མ་སྔོན་པོ་སོགས་སོ། ། མངོན་སྤྱོད་ལ་མར་ནག་ཚན་མོ། ཁྲག་དང་ལན་ཚ་སྐྱེ་ཚེ་ནིམ་པའི་ལོ་མ་རོ་བསྲེག་པའི་ ཐལ་བ། རྐང་རྗེས་ཀྱི་རྡུལ། བོང་བུ་དང་། རྔ་མོང་ལ་སོགས་ཀྱི་སྦངས་དང་སྐྲ། ཁྱིམ་བྱའི་ ཚིལ། བྱ་རོག་ལ་སོགས་པའི་སྒྲོ། དྲི་ཆེན། དྲི་ཆུ། ཚེར་མ། རུས་པའི་ཕྱེ་མ། ཤ་ཆེན་སོགས་ཇི་ ལྟར་སྙེད་པ། དུག་དང་ལན་ཚྭ་ཁྲག་གིས་སྦགས་པ་རྣམས་ཐོད་པའི་ནང་དུ་གཅིག་ཏུ་བསྲེས་ པ། ཁྱད་པར་བསད་པ་ལ། ཚ་བ་གསུམ་དང་། དགྲའི་དྲི་མ་སོགས་ལ་གཟུགས་བརྙན་བྱས་ པ་ལ། མིང་རུས་བཅུག་པའི་དུག་གིས་སྦགས་པའོ། ། སྐྲད་པ་ལ། རྔ་མོང་གི་སྦངས་དང་། བྱ་རོག་གི་གཤོག་པ་ལ་ཆེ་གེ་མོ་ཨུ་ཙཀྲ་ཡ་ཞེས་པ་ 4-1-52 བྲིས་པ་དང་། སྡང་པ་ལ་དེ་དང་དེའི་གཟུགས་རྐང་པ་ཕྱིར་བསྟན་པ་ནག་པོ་དང་སེར་པོ། བྱ་རོག་དང་ འུག་པའི་སྒྲོ་བཙུག་པ་སྟེ། སྲེག་རྫས་ཀྱི་ངེས་པའོ། ། མཆོད་རྫས་ལ། མཆོད་ཡོན་ནི། ཞི་བ་ལ་དུང་ཆོས་སམ། ཉ་ཕྱིས་ཀྱི་སྣོད་དུ་འོ་མ་དང་མེ་ ཏོག་དཀར་པོ། རྒྱས་པ་ལ་གསེར་དང་དངུལ་གྱི་སྣོད་དུ། ཏིལ་དང་། ཞོ། དབང་དགུག་ལ་ ཟངས་ཀྱི་སྣོད་དུ་དྲི་དང་། མེ་ཏོག་དམར་པོ། ཐུན་མོང་དུ་ཐམས་ཅད་ལ་ཀུ་ཤ་འབྲས་ཡོས། ཏིལ་ནག དྲི་བཟངས། བདུད་རྩི་ལྔ་རྣམས་བླུག དྲག་པོ་ལ། རྩོག་པའི་ཁམ་ཕོར་གྱི་དུམ་བུ་ལ་ སོགས་པའི་སྣོད་ཀྱི་ནང་དུ། ཁྲག་དང་། ཀོ་ཏྲ་བ་དང་། ལྕི་བ་དང་། བ་དང་། བོང་བུའི་ཆུ་དང་། གནག་པ་དང་། དྲི་མི་ཞིམ་པ་དང་། དྲི་མ་མེད་པའི་མེ་ཏོག་སོགས་དང་བཅས་པའི་ཆུ་རྣམས་ ལ། ལས་ཐམས་ཅད་པའི་སྔགས་ལ། ཞི་བ་ལ་སྭཱཧཱའི་མཐའ་ཅན། རྒྱས་པ་ལ་ན་མཿའི་མཐའ་ ཅན་དང་། དབང་ལ་ཧོའི་དང་། དགུག་པ་ལ་ཛའི་དང་། དྲག་པོ་ལ་ཧཱུཾ་ཕཊ་ཀྱི་མཐའ་ཅན་ལན་ བདུན་བདུན་དང་། གཙོ་བོའི་སྔགས་ལན་བདུན་བདུན་བཟླས། མཆོད་ཡོན་གྱི་ངེས་པའོ། ། གཞན་མཆོད་རྫས། ཞི་བ་ལ་དྲི་ཞིམ་ལ་དཀར་བའི་མེ་ཏོག ག་པུར་ལ་སོགས་པའི་སྤོས། མར་དཀར་གྱི་མར་མེ། ཙྡན་ལ་སོགས་པའི་དྲི། འོ་མས་སྦྲུས་པའི་ལྷ་བཤོས། རྒྱས་པ་ལ། མེ་ ཏོག་སེར་པོ་དང་། ཞོ་ལ་སྦྲུས་པའི་ལྷ་བཤོས། དབང་དགུག་ལ་མེ་ཏོག་དམར་པོ་དང་། མར་ དངར་གསུམ་ལ་སྦྲུས་པའི་ལྷ་བཤོས། གཞན་འདྲ། དྲག་པོ་ལ་ཚེར་མ་ཅན་གྱི་མེ་ཏོག་ནག་པོ། གུ་གུལ་གྱི་བདུག་སྤོས། ལས་དང་རྗེས་སུ་མཐུན་པའི་གོས་ཟུང་། མདུན་དུ་དགང་གཟར། དགང་བླུགས། རྡོ་རྗེ་དྲིལ་བུ། བྲིས་ཐབ་ཡིན་ན་མེ་སྒྲིབས་དང་། ནང་མཆོད། ཀུ་ཤ མེ་ཚས། རླུང་ཡབ། མེ་གསོ་བའི་ཆས་སོགས། དགོས་ཆ་ཐམས་ཅད་ཚང་བར་བྱ་སྟེ། ཞི་བ་སོགས་ བཞི་ལ་སྲེག་རྫས་གཡས་དང་། མཆོད་རྫས་གཡོན་དུ་གདན་བཟང་པོའི་སྟེང་དུ་བཤམ། ཞི་ 4-1-53 སོགས་བཞི་ལ། གཡོན་དུ་བསང་ཆུའི་སྣོད་དང་། མཆོད་ཡོན་དང་དྲིའི་ཆུ་ལ་འབྲས་ཡོས་ བཏབ་པའི་ཞབས་བསིལ་དང་། ཞལ་བསིལ་གྱི་སྣོད་དང་། དེ་དག་གི་མདུན་དུ། བཞེས་ པར་བྱེད་པའི་སྣོད་གསུམ་ཡང་རིམ་གྱིས་བཤམས། ལས་ཐམས་ཅད་པའི་བཟླ་བཞིན་པའི་ ལག་པ་གཡས་པས། ཀུ་ཤུའི་རྩེ་མོས་བསང་ཆུ་ནས། བུད་ཤིང་། ཡམ་ཤིང་སོགས་རྫས་དང་ ། རང་དང་། དགང་གཟར། དགང་བླུགས་སོགས་ལ་ཡང་བསང་གཏོར་བྱ། དྲག་པོ་རྣམས་ ལ། མཆོད་རྫས་གཡས་དང་། སྲེག་རྫས་གཡོན་དུ་བཤམ་ཞིང་། ལག་པ་གཡོན་པས་བསང་ གཏོར་བྱའོ། །སྲེག་རྫས་མཆོད་རྫས་རྣམས་ལ་ནང་མཆོད་ཀྱིས་བྲན་ནོ། །རྫས་བཤམ་པའི་ ངེས་པའོ། ། བདག་ཉིད་བདག་བསྐྱེད་བཟླས་པའི་བར་སྔོན་དུ་སོང་ནས། ཁྲུས་བྱས་ལས་དང་རྗེས་ སུ་མཐུན་པའི་དྲིས་བྱུགས། ལས་མཐུན་གྱི་ཆས་གོས་དང་རྒྱན་གྱིས་བརྒྱན། དཀྱིལ་འཁོར་ དང་འབྲེལ་ལམ། མ་འབྲེལ་ཀྱང་། ཞི་བ་ལ་ཤར་དུ། རྒྱས་པ་ལ་ལྷོ ར། དབང་དགུག་ལ་ནུབ། དྲག་པོ་ལ་བྱང་དུ་གནས་པས། བསྙེན་པ་ཁ་སྐོང་དང་། ལས་ཐམས་ཅད་པ་དང་། དཀྱིལ་ འཁོར་བསྒྲུབ་མཆོད་ཡིན་ན། མངོན་རྟོགས་བཞིན་བསྒོམ། ལས་སོ་སོ་རྐྱང་པའི་འཕྲིན་ལས་ ཡིན་ན། ཞི་བ་ལ་རང་ཉིད་ལྷ་དཀར་པོ་ཞི་བའི་ཉམས་ཅན་དུ་བསམ། ཚེས་གཅིག་ནས་སྲོད་ ལ་དཀྱིལ་འཁོར་དང་འབྲེལ་ན་ནུབ་ཏུ་ལྟ། མ་འབྲེལ་ན་ཁ་ཤར་དུ་ཕྱོགས་པས་འཇམ་པའི་ གདན་ལ་པདྨའི་འདུག་སྟངས་ཀྱིས་འདུག་སྟེ། མི་མཐུན་ཕྱོགས་ཞི་བའི་བསམ་པ་དང་ལྡན་ པས་བྱ། རྒྱས་པ་ལ་ལྷ་སེར་པོ། རྒྱས་པའི་ཉམས་ཅན། ཉ་ནས་བརྩམས་ཏེ། ཐོ་རངས་སམ་ སྔ་དྲོ་དཀྱིལ་འཁོར་དང་མ་འབྲེལ་ན་ཁ་ལྷོ་འབྲེལ་ན་བྱང་དུ་ཕྱོགས་ཏེ། སྟན་མཐོན་པོ་ལ་ བཟང་པོའི་འདུག་སྟངས་ཀྱིས་འདུག་སྟེ། སྤྲོ་བའི་སེམས་ཀྱིས་བྱ་བ་དང་། དབང་དགུག་ལ། ལྷ་དམར་པོ་ཆགས་པའི་ཉམས་ཅན། མཚན་བྱེད་དམ་སྲོད་ལ། འབྲེལ་ན་ཤར། མ་འབྲེལ་ན་ 4-1-54 ཁ་ནུབ་ཏུ་ཕྱོགས་པས། བདེ་བའི་སྟན་ལ་རྡོ་རྗེའི་དཀྱིལ་དཀྲུངས་ཀྱིས་འདུག་སྟེ། ཆགས་པའི་ སེམས་དང་། ལྷ་མཉེས་པའི་ཕྱིར། ཁ་སྟེང་དུ་ཕྱོགས་པས་བྱའོ། ། དྲག་པོ་ལ་རང་ལྷ་ནག་པོ་ཁྲོ་ཞིང་རྔམ་པའི་ཉམས་ཅན། མར་ངོའི་བཅུ་བཞིའམ། བརྒྱད་ ཀྱི་ནམ་ཕྱེད་དམ། ཉི་ཕྱེད་ལ་ཁ་ལྷོ ར་ཕྱོགས་པས་གོས་དང་རྒྱན། སྔོན་པོའམ་ཁྲག་གིས་གོས་ པ་གྱོན། སྲ་བའི་སྟན་ལ་བསྒྲུབ་བྱའི་གཟུགས་བརྙན་གྱི་བྲང་གི་སྟེང་དུ་འདུག་པའམ། སྟན་ མེད་པར། ཙོག་པུར་རྐང་པས་རྐང་པ་མནན་ཅིང་། སོ་གཅེར་མིག་དགྲུངས། ཁྲོ་གཉེར་གྱི་ གདོང་དང་། ཁྲོས་པའི་སེམས་ཀྱིས། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་གཞོམ་པའི་ ཆེད་དུ་བྱ། ཁྲོ་བོའི་དཀྱིལ་དཀྲུངས་དང་ལྡན་པས། བསྒྲུབ་བྱ་དེའི་བསྲུངས་ལ། རང་གི་ སྙིང་ཁའི་ཧཱུཾ་ལས་བྱུང་བའི་ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པས། རང་ དབང་མེད་པར། དྲངས་ཤིང་བསྡུས་ཏེ་རང་ལ་བཅུག བསྒྲུབ་བྱ་དེའི་ལྷ་དང་། གོ་ཆ་དང་ ། བསྲུང་བ་རྣམས་དང་ཕྲལ་ནས། ཁང་སྟོང་ལྟ་བུར་གྱུར་པ། སྙིང་ཁའི་ལྕགས་ཀྱུས་དྲངས་ ཏེ། སྔར་གྱི་གཟུགས་བརྙན་ལ་བཅུག་པས། དེ་ཉིད་བསྒྲུབ་བྱ་དངོས་སུ་གྱུར་པར་བསམས་ ཏེ། ཁྲོ་བོ་དཔག་ཏུ་མེད་པས་མཚོན་ཆ་སྣ་ཚོགས་བསྣུན་ཅིང་། དུམ་བུ་བརྒྱ་སྟོང་དུ་བྱས་ ནས། བསྲེགས་ཤིང་ཐལ་བར་བྱེད་པར་བསམས་ཏེ། གཟུགས་བརྙན་གྱི་རྐང་པ་གཡོན་ནས་ བརྩམས་ཏེ། དུམ་བུར་བཅད་ལ། སྲེག་རྫས་སུ་དབུལ་ཞིང་། ལྷ་ཐམས་ཅད་ཀྱིས་གསོལ་ བར་བསམ་མོ། །སྡིག་པ་མི་འཇུག་པར་བྱ་བའི་ཕྱིར་བརྩེ་བའི་སེམས་ཀྱིས་དག་པའི་ཞིང་ ངམ། བཟང་པོའི་རིགས་སུ་གནས་སྤར་བར་བྱའོ། །མངོན་སྤྱོད་དང་བསད་པ་སྡང་བ་གསུམ་ ལ་དེ་ལྟར་རོ། །དེ་བཞིན་དུ་རེངས་པ་ལ། དབང་ལྡན་དུ་ཕྱོགས་པས་རྡོ་རྗེའི་དཀྱིལ་དཀྲུངས་ དང་། སྐྲད་པ་ལ་མེ་ལ་ཕྱོགས་པ་དང་། ལས་ཐམས་ཅད་པ་ལ་ལས་དང་རྗེས་སུ་མཐུན་པའི་ ཕྱོགས་དང་། གོས་དང་། རྒྱན་དང་། སྟན་ལ་གནས་པས་ཡིད་མ་ཞུམ་ཞིང་། ཞི་བའི་སེམས་ 4-1-55 དང་ལྡན་པས་བྱའོ། །སྒྲུབ་པ་པོའི་ངེས་པའོ། ། མེ་ནི། ཞི་བ་ལ། འོ་མ་ཅན་གྱི་ཤིང་ལས་སམ། དགོན་པར་སྐྱེས་པའི་མེའམ། བྲམ་ཟེ་ རྒྱུན་ཞག་གི་མེའམ། དགེ་འདུན་གྱི་ཚང་མང་གི་མེ། རྒྱས་པ་ལ་རྒྱལ་པོ་དང་། རྒྱལ་རིགས་ ཀྱི་ཁྱིམ་དུ་སྐྱེས་པའམ། ནགས་ལ་མཆེད་པའམ། ནོར་བུ་ལས་བླངས་པའམ། དགེ་འདུན་ གྱིའམ། རྒྱུན་ཞག་གི་མེའོ། །དབང་ལ། སྨད་འཚོང་མའམ། སྨང་རིགས་ལས་བླངས་པའི་ མེའོ། །དགུག་པ་ལ། གར་མཁན་གྱིའམ། མགྲོན་པོའི་མེའོ། །དྲག་པོ་ལ། མིའི་རུས་པའི་ འམ། རོ་བསྲེགས་པའི་འམ། རྡོའི་འམ། ཤན་པའི་ཁྱིམ་ནས་བསྐྱེས་པའི་མེའོ། །ལས་ཐམས་ ཅད་པ་ནི། ལས་གང་བྱེད་པ་དེའི་མེ་སྟེ། མེའི་ངེས་པའོ། ། དེ་ནས་རྡོར་དྲིལ་བཟུང་། སྔོན་འགྲོའི་གཏོར་མ་དང་། བསྲུང་བ་དང་ལྡན་པས། བསང་ ཆུའི་སྣོད་ནས། ཀུ་ཤས་ཆུ་བླངས། བསང་གཏོར་བྱས། འཁྱིལ་པ་བཟླ་ཞིང་། ཞི་སོགས་བཞི་ ལ་གཡས་སྐོར་དུ། ཐབ་དང་སྲེག་རྫས། མཆོད་རྫས། རྡོར་དྲིལ། དགང་བླུགས་ལ་སོགས། བསང་ཞིང་། ལན་གསུམ་དུ་སྐོར། བསད་སོགས་ལ་གཡོན་སྐོར་གྱིས་སོ། །དེ་ནས་དཔལ་ འབར་གྱི་གདོང་བུ་ལ་མེ་སྦར་ཏེ། གོང་བཞིན་བསང་སྦྱང་ཞི་སོགས་ལ་གཡས་སྐོར་དང་ ། བསད་སོགས་ལ་གཡོན་སྐོར་དུ་བསང་ཞིང་། བདུད་རྩིས་ཀྱང་བསངས་ནས། གཙང་ཞིང་ སྐམ་པའི་རྩྭ་ཀུ་ཤ་དང་ལྷན་ཅིག ཞི་སོགས་ལ་དུ་བ་མེད་པ་དང་། བསད་སོགས་ལ་དུ་བ་དང་ བཅས་པས་མེ་ཚང་དུ་བཅུག་ལ། ཛྭ་ཛྭ་ལ་ཧཱུཾ་དང་། ༀ་ཨཱཿཧཱུཾ་བཟླས་ཞིང་། རླུང་གཡབ་ཀྱིས་ མེ་སྦར། གཙོ་བོའི་སྙིང་པོ་བཟླ་ཞིང་། ཞི་སོགས་ལ། མར་བླུགས་གཟར་བདུན་གྱིས་མེ་གསོ། བསད་སོགས་ལ་མར་ནག་ཚན་མོས་གསོ། དེ་ནས་ཀུ་ཤ་སྔོ་ལྗང་འདབ་མ་མ་ཉམས་པ། ཧ་ ཅང་མི་རིང་མི་ཐུང་པ། རྩེ་མོ་གཉིས་གཉིས་ཕྱོགས་གཅིག་ཏུ་གཤིབས་པ། ༀ་བཛྲ་སཏྭ་ཨ། ཞེས་པ་བཟླ་ཞིང་། རང་གི་གཡོན་གྱི་ཁ་ཁྱེར་གྱི་ཕྱི་རོལ་ནས། རྩེ་མོ་ཤར་དུ་བསྟན་པ་དང་། 4-1-56 དེ་ནས་ལྷོ་དང་ནུབ་དང་། བྱང་དུ་བསྟན་པ། སྔ་མའི་རྩེ་མོ་ཕྱི་མའི་རྩ་བས་ནོན་པར་སྦྲམ་ཞིང་ ། ཀུ་ཤ་ཚན་ཆེ་བ་གཅིག བ་ལང་གི་མཇུག་མའམ། རྣ་བའི་རྣམ་པ་ལྟ་བུར་བྱས་ལ། ཐབ་ཀྱི་ སྟེང་ནས་གཡོག་ཅིང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་ཐབ་ལ། རིམ་བཞིན། བྱང་ དང་། ནུབ་དང་། ལྷོ་དང་། ཤར་དུ་རྩེ་མོ་བསྟན་པའི་ཀུ་ཤ་གཉིས་གཉིས་བཞག གཡོན་གྱི་ ཁ་ཁྱེར་གྱི་ཕྱིར་རྩེ་མོའོ། །ཀུ་ཤ་འདི་ནི་གཙང་ཞིང་དགེ། །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་ བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་བརྗོད། ཡང་ ན། ཀུ་ཤ་དང་པོར་བཀྲམ་ནས་མེ་སྤར་ཡང་རུང་ངོ་། །དེ་ནས་བསང་ཆུའི་སྣོད་ནས། ཀུ་ཤའི་ རྩེ་མོས་ཆུ་བླངས་ཏེ། འཁྱིལ་པ་བཟླ་ཞིང་། ཐབ་བསང་། ཤུ་ནྱས་ཐབ་སྟོང་པར་སྦྱངས། སྟོང་ པའི་ངང་ལས། ཧཱུཾ་ལས་ལས་དང་རྗེས་སུ་མཐུན་པའི་ཐབ་བསྐྱེད། དེའི་དབུས་སུ་རཾ་ལས་ མེའི་དཀྱིལ་འཁོར་དམར་པོ། གྲུ་གསུམ་མེ་འབར་བའི་དབུས་སུ། ༀ་ལས། ལས་ཐམས་པ་ ལ་སྣ་ཚོགས་པདྨ། གཞན་ལ་ལས་དང་མཐུན་པའི་པདྨའི་སྟེང་དུ། ཉི་མ་ལ་གནས་པའི་རཾ་ གྱི་ཡི་གེ་ལས་བྱུང་བའི། མེ་ལྷ་སྐད་ཅིག་གིས་རྫོགས་པ་སྟེ། ལས་དང་རྗེས་སུ་མཐུན་པའི་ ཁ་དོག་ཅན་གྱི། དྲང་སྲོང་མེ་ལྷ་ཕྱག་བཞི་པ། གཡས་པ་དབྱུག་པ་དང་མེ་ཐབ། གཡོན་པས་ སྤྱི་བླུགས་དང་བགྲང་ཕྲེང་འཛིན་པ། སྨ་ར་དང་། རལ་པའི་ཚོགས་ཅན། གསུས་པ་འཕྱང་ བ། ལུག་ལ་ཞོན་པ། ལས་དང་རྗེས་སུ་མཐུན་པའི་གོས་དང་། རྒྱན་དང་། འོད་ཀྱི་ཕྲེང་བ་ ཅན། རིགས་ཀྱིས་རྒྱས་གདབ་པ་དང་ལྡན་པ། ཐུགས་ཀར་རཾ་གྱིས་མཚན་པར་བསྒོམས་ ལ། རང་གཙོ་བོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས། ཡེ་ཤེས་ཀྱི་ལྕགས་ཀྱུ་འཕྲོས་པས། དམ་ ཚིག་སེམས་དཔའ་དང་འདྲ་བའི་མེ་ལྷ་དྲང་སྲོང་གི་ཚོགས་ཀྱིས་བསྐོར་བ་སྤྱན་འདྲེན་པར་ བསམས་ཏེ། གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། མཐེ་བོང་སྐྱོད་ཅིང་། ༀ་ཚུར་བྱོན་ 4-1-57 ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་ དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ༀ་ཨེ་ཧྱེ་ཧི་ཨགྣ་ཡེ་རཾ་སརྦ་སིདྡྷི་མེ་པྲ་ཡཙྪ། ཛྭ་ ལ་ཛྭ་ལ་ཧོཿ མཧཱ་རི་ཥ་སརྦ་དེ་བ་མུ་ཁ་སུ་རིཾ་ཨ་སྨི་ས་ནི་ཧི་ཧོཿ ཝ་ཧཱུཾ། ཞེས་པས་སྤྱན་དྲངས་ཏེ། ཐབ་ཀྱི་ཁ་ཁྱེར་གྱི་སྟེང་དུ་ཀུ་ཤུའི་གདན་ལ་བཞུགས་པར་བསམས་ལ། ༀ་ཨ་པ་ཏྱཾ་ཧཱུཾ། ཏྲ་སེ་ ནེ་ཡེ་གྲྀཧྣ་ཧཱུཾ་གིས་ཞབས་བསིལ་དབུལ། ༀ་བཾ་ཨཉྩ་མ་ནཾ། རི་ཤ་ཡེ། པྲ་ཡཙྪ་ཡ་ཧཱུཾ་གིས་ཞལ་ བསིལ་དང་། ༀ་ཧཱུཾ་ཌ་ཀ་ཌ་ཀི་ནི་ས་མ་ཡ། ཨརྒྷཾ་ད་དཱ་མི་ཧཱུཾ་ཧཱུཾ་རཾ་རཾ་སྭཱཧཱས་མཆོད་ཡོན་ཕུལ། མེ་ཏོག་ལ་སོགས་པས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ ཐབ་ཏུ་དམ་ཚིག་པ་ལ། དགུག་པ་དང་། གཞུག་པ་དང་། བཅིང་པ་དང་། མཉེས་པར་བྱས་ནས། ལག་པ་གཡོན་པ་ཁུ་ཚུར་བཅངས་ པའི་སྟེང་དུ། གཡས་པའི་ཐལ་མོ་བཞག་པ་མེ་ལྷའི་དམ་ཚིག་གི་ཕྱག་རྒྱ་དང་། ༀ་བཛྲ་ཨ་ན་ ལ། མཧཱ་བྷུ་ཏ་ཛཱ་ལ་ཛྭ་ལ་ཡ། སརྦ་བྷསྨིན་ཀུ་རུ་སརྦ་དུཥྚན་ཧཱུཾ་ཕཊ། ཏྲི་ཤྱེ་ཛ་ཧཱུཾ་བཾ་ཧོཿ ས་མ་ ཡ་སྟྭཾ། ས་མ་ཡ་ཧོ། ཞེས་ལན་གསུམ་དུ་དམ་ཚིག་བསྒྲགས་ཏེ། དེ་ནས། ཀུ་ཤའི་སྐོར་བཞག་ དང་སྣོད་ཀྱི། །གསུམ་པའི་ཐོག་མར་བསང་གཏོར་གྱི། །ཐམས་ཅད་བྱེད་པ་བཟླས་པའི་ཆུས། །དེ་བཞིན་དུ་ནི་ཞལ་བསིལ་བླུག །ཁུ་ཚུར་ཁ་སུབ་བྱས་པ་ཡིས། །མཛུབ་མོས་མེ་ཏོག་ཡོངས་ བཟུང་སྟེ། །མཐེའུ་ཆུང་དང་མིང་མེད་དང་། །གུང་མཛུབ་རིམ་གྱིས་ཕྱེ་བས་དོར། །གཉིས་ པའི་དུང་གི་ཨརྒྷཾ་ནི། །ཞེས་བཞེད་སྣོད་ནི་གཉིས་པར་རོ། །རྡོ་རྗེ་ཐལ་མོ་རབ་ཕྱེ་ནས། །གསུམ་པ་རུ་ནི་ཞབས་བསིལ་སྦྱིན། །མཐེ་བོང་མཛུབ་མོ་བཙིར་བ་ཡིས། །མེ་ཏོག་བཟུང་ པའི་ཁུ་ཚུར་གྱིས། །སངས་རྒྱས་རྣམས་ལ་མངོན་སུམ་དུ། །ལན་གསུམ་བསྐོར་བ་མཇུག་རིམ་ གྱིས། །ཕྱེ་བ་འཛུབ་མོ་གུང་མོ་དང་། །མིང་མེད་དང་ནི་མཐེའུ་ཆུང་། །ཞེས་བྱ་བ་ནི་རྒྱུད་པའི་ གདམས་པའོ། །ཞེས་གསུངས་པ་ལྟར། ༀ་ཨཱཿཧཱུཾ་ཧྲི། པྲ་ཝ་ར་སད་ཀ་ར། པྲོཀྵ་ནཾ། པྲ་ཏཱིཙྪ་ཧཱུཾ་ སྭཱཧཱ། ཞེས་པས། ཀུ་ཤས་ཆུ་སྣོད་ནས་བཞེས། ཞལ་སྣོད་དང་པོར་བསང་གཏོར་ཕུལ། པྲོཀྵ་ 4-1-58 ནཾ་གི་གནས་སུ་ཨཉྩ་མ་ནཾ་གིས་བཞེས་ཞལ་དང་པོར་ཞལ་བསིལ། ཨརྒྷཾ་གྱིས། བཞེས་ཞལ་ གཉིས་པར་མཆོད་ཡོན། པ་ཏྱཾ་གིས་བཞེས་ཞལ་གསུམ་པར་ཞབས་བསིལ་དབུལ། ༀ་ཨགྣེ་ ས་པ་རི་ཝ་རེ། བཛྲ་པུཥྤེ། ཨཱཿཧཱུཾ་སོགས་ཀྱིས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་དང་། ནང་ མཆོད་ཀྱིས་ཀྱང་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་སྲས། །མེ་ལྷའི་ རྒྱལ་པོ་ཁྲོ་བོས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ལོངས་སྤྱོད་མ་ལུས་སྲེག །འཛིན་ བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད་ནས། ཞི་བ་ལ་བྱང་ཆུབ་མཆོག་གི་ཕྱག་ རྒྱ་(རྡོ་རྗེ་གདམས་པའི་ཁུ་ཚུར་མཐེ་བོང་གཅིག་ལ་གནས་པས། དེ་གཉིས་སུ་བྱས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་)དང་། རྒྱས་པ་ལ་རིན་ཆེན་(རྡོ་རྗེ་གདམས་པའི་མཛུབ་མོ་གཉིས་བསྐུམ་པའི་སེན་མོ་གཉིས་པོ་མཐེ་བོང་ལ་བཀབ་པ་དེ་གཉིས་ སུ་བྱས་པས་)ཁུ་ཚུར་དང་། དབང་དགུག་ལ་པདྨའི་ཁུ་(རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་བཀུག་པ། མཐེ་བོང་ མཉམ་པར་བརྐྱང་པ། དབུས་མ་གཉིས་ཕྱི་རོལ་ཏུ་གནས་པ་དེ་གཅིག་ཏུ་བྱས་པ་)ཚུར་གྱི། ཞི་སོགས་ལ་གཡས་པས་ བླུགས་གཟར། གཡོན་པས་དགང་གཟར་བཟུང་། དྲག་པོ་ལ་ཁྲོ་བོའི་(རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་སྡིག་ དང་བཅས་པ་)ཁུ་ཚུར་གྱིས། གཡས་པས་དགང་གཟར་གཡོན་པས་བླུགས་གཟར་བཟུང་། ལས་ ཐམས་ཅད་པ་ལ་རྡོ་རྗེ་ཁུ་ཚུར་གྱིས་ལས་མཐུན་གྱི་དགང་བླུགས་བཟུང་ལ། དགང་གཟར་ མར་གྱིས་བཀང་བའི་སྟེང་དུ། བླུགས་གཟར་མར་གྱིས་བཀང་པ་ཁ་གྱེན་དུ་བསྟན་པ། བླུགས་ གཟར་འཛིན་པའི་ལག་པ་ཁ་བུབ་པས་བཟུང་ལ། ཞི་སོགས་ལ་ལག་པ་གཉིས་པུས་མོའི་ནང་ ལས་ཕྱིར་མི་འདའ། དྲག་པོ་ལ་དུག་དང་བཅས་པའི་དམར་ནག་ཚ་མོས་གང་བ། ལག་པ་ཕྱི་ ནས་ནང་དུ་མི་འདའ་བས། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུཾ་དང་། མེ་ལྷའི་ལྕེ་ལ་རཾ་བཀོད་ནས། ཞི་སོགས་ལ་གཟར་བུ་གཉིས་ཀས་གཡས་སྐོར་གྱིས་མེ་ལྷ་ཞལ་ཅུང་ཟད་གདངས་པ་དང་ ། དྲག་པོ་ལ་གཡོན་དུ་སྐོར་བས། མེ་ལྷའི་ཞལ་རབ་ཏུ་གདངས་པ་ལ་ཕུལ་བས་གསོལ་བར་ བསམས་ཤིང་། ༀ་དེ་ཝ་རི་ཥི་པ་ར་པ་ར་མ་སྟོ་ག་ཏ་ཀ་རུ་ཎི་ཡ་ཛཿཧཱུཾ་བཾ་ཧོ། ཧ་ཧ། ད་ཧ་ད་ཧ། 4-1-59 པ་ཙ་པ་ཙ། ཧ་ན་ཧ་ན། ཧཱུཾ་ཧཱུཾ། ཨག་ནཻ་ཡེ་སྭཱཧཱ། ཞེས་པས། དགང་བླུགས་གསུམ་མམ་བདུན་ དབུལ། རྒྱས་པ་ལ་ༀ་དང་། དབང་དགུག་ལ་ཧོཿདང་། དྲག་པོ་ལ་ཧཱུཾ་ཕཊ་ཅེས། སྭཱཧཱའི་གནས་ སྦྱར་རོ། ། དེ་ནས་མེའི་མཚན་མ་བརྟགས་ནས། ངན་ན། བགེགས་མཐར་བྱེད་ཀྱིས་བསང་གཏོར་ དང་། བསྲུང་བ་དང་། ལས་ཐམས་ཅད་པའི་སྔགས་དང་། གཙོ་བོའི་སྔགས་ལ་བགེགས་ དང་མཚན་མ་ངན་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་དགང་བླུགས་བདུན་དབུལ། ལྟས་བཟང་ན། སླར་ཡང་། ལས་སྔགས་དང་བཅས་པའི་བསང་གཏོར་དང་། སྲེག་བླུགས་ གསུམ་ཕུལ་ནས་མཆོད་ཅིང་བསྟོད་དེ། དེ་ནས། ༀ་ཨཱཿསྭཱཧཱས། རྫས་རྣམས་ཀྱང་བཀྲུས། ༀ་ ཨཱཿསྭཱཧཱས་ཡམ་ཤིང་དང་། ༀ་ཤྲི་སྭཱཧཱས་ཞུན་མར། ༀ་ཛྲིཾ་སྭཱཧཱས་འབྲུ་རྣམས་དང་། ༀ་ཀུ་ རུ་ཀུ་རུ་སྭཱཧཱས་རྫས་ལྷག་མ་རྣམས་སྦྱངས་ནས་བདུད་རྩིས་བྲན་པས་བདུད་རྩིར་གྱུར་པར་ བསམ། དེ་ནས་ཡམ་ཤིང་རྣམས་བྱང་ཆུབ་ཀྱི་ཤིང་དུ་བསམས་ནས། ཞི་བ་ལ་ༀ་ཨགྣེ་ཡེ་བཽདྷི་ བྲིཀྵ་ཡ། ཆེ་གེ་མོའི་སྡིག་སྒྲིབ་ནད་གདོན། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་ པ་ཐམས་ཅད། ཤནྟིཾ་ཀུ་རུ་སྭཱཧཱ། རྒྱས་པ་ལ། ཚེ་དང་བསོད་ནམས་སོགས། པུཥྚིཾ་ཀུ་རུ་ༀ། དབང་ལ། ཆེ་གེ་མོ་ཝཥྚིཾ་ཀུ་རུ་ཧོཿ དྲག་པོ་ལ་བིག་ནན། ཤ་ཏྲུཾ་མ་ར་ཡ་ཕཊ་ཅེས་སོགས་སོ། །བཏགས་པ་ཉི་ཤུ་རྩ་གཅིག་རེ་དབུལ་ལོ། ། དེ་ནས་ༀ་ཨགྣཻ་སྭཱཧཱ་ཞེས་པས་མར། བླུགས་གཟར་གྱིས་དབུལ། ༀ་སརྦ་པ་པཾ་ད་ཧ་ན་ བཛྲ་ཡ་སརྦ་པཱ་པཾ་ནི་ཙི་ཨ་སྱ་ད་ཧ་སྭཱཧཱ། ཞེས་པས་ཏིལ་དབུལ། ༀ་སརྦ་ཨཪྠ། སིད་དྷི་ཡེ་ སྭཱཧཱ། ཉུངས་ཀར། ༀ་བཛྲ་ཨ་ཡུ་ཤེ་སྭཱཧཱས་དུར་བ། ༀ་བཛྲ་པུཥྤེ་ཡེ་སྭཱཧཱ། འབྲས་མ་གྲུགས་ པ། ༀ་སརྦ་སཾ་པ་དེ་སྭཱཧཱས། ཞོ་ཟན། ༀ་ཨ་པྲ་ཏི་ཧ་ད་བཛྲ་ཡེ་སྭཱཧཱས་ཀུ་ཤ། ༀ་བཛྲ་བི་ཛ་ ཡས། སོ་བ་དང་། ༀ་མཧཱ་བེ་ག་ཡས་ནས་དང་། ༀ་བཛྲ་གསྨ་རིས་གྲོ་དང་། ༀ་མཧཱ་བ་ལ་ 4-1-60 ཡེས་མ་ཤ་རྣམས་དབུལ། དབང་དང་དྲག་པོ་ལ་སྔགས་སོ་སོ་བ་མེད་པས་མེ་ལྷའི་སྔགས་ ཉིད་ལ་སྤེལ་ཚིག་བཏགས་ལ་དབུལ། དགེ་བའི་ལས་ལ་སྙན་པའི་དབྱངས་ཀྱིས་དབུལ། མི་ དགེའི་ལས་ལ་དྲག་པ་དང་བཅས་པའི་ང་རོ། དྲེགས་ལ་ཆེ་བ་དབུལ། ཡམ་ཤིང་དང་། ཀུ་ ཤ་དང་། དུར་བ་རྣམས་འཇམ་པོ་གསུམ་ལ་གཡས་པའི་མཐེ་བོང་དང་། མིང་མེད་ཀྱིས་དང་ ། དྲག་པོ་ལ་གཡོན་པས་བཟུང་ལ་མཆོད་སྦྱིན་པའི་ཕྱག་རྒྱས་ཡམ་ཤིང་རྩེ་མོ་རེ་དང་། ཀུ་ཤ་ དང་། དུར་བ་གཉིས་དབུལ། མར་དང་འབྲུ་ལ་སོགས་པ་བླུགས་གཟར་གྱིས་གཟུང་དུ་རུང་ བ་རྣམས་བླུགས་གཟར་གྱིས་དབུལ། ཐམས་ཅད་དུ། ཞུ་བའི་རྫས་རྣམས་ཞལ་དུ། ཡམ་ ཤིང་དང་། བདུག་སྤོས་དང་། མི་རུས་ཀྱི་ཕྱེ་མ་དང་། དུར་བ་དང་། ཀུ་ཤ་ལ་སོགས་པ་རྣམས་ འོད་ཀྱི་དཀྱིལ་འཁོར་ལ། ཞོ་ཟན་དང་། བཟའ་བ་དང་། ཞལ་བསིལ་དང་། ཏིལ་ལ་སོགས་ པའི་འབྲུ་རྣམས་ཕྱག་ཏུ། མེ་ཏོག་དབུ་ལ། དྲི་ཐུགས་ཀར། མར་མེ་དང་མཆོད་ཡོན་མདུན་དུ། ཞབས་བསིལ་ཞབས། གསང་གཏོར་སྐུ་ལུས་ཀུན་ལ་དབུལ་ལོ། ། དེ་ལ་སྦྱིན་སྲེག་གང་བྱེད་ཀྱང་། ཡམ་ཤིང་དང་མར་ནི་ངེས་པར་དགོས་ལ། གཞན་རང་ རང་སོ་སོའི་ཐུན་མོང་མ་ཡིན་པའི་བསྲེག་རྫས་གཙོ་བོར་བྱས་ནས་གཞན་གང་འབྱོར་འབུལ་ ཏེ། དཔེར་ན་སྡིག་སྦྱོངས་བྱེད་ན། ཡམ་ཤིང་དང་མར་གྱི་རྗེས་སུ་ཏིལ་ལྷག་པར་དབུལ། གཞན་རྣམས་འབྱོར་ན་དབུལ་ཞིང་། མ་འབྱོར་ན་མེད་ཀྱང་ཆོག ཚེ་རིང་པའི་དོན་དུ། དུར་བ་ དབུལ་ཞིང་། གཞན་མེད་ཀྱང་ཆོག་པ་སོགས་ཀུན་ལ་སྒྲེའོ། །དེ་ནས་ལྷའི་སྔགས་ཀྱིས་དགང་ བླུགས་བདུན་དབུལ་ཞིང་། དེ་ནས་ཞལ་བསིལ་གསང་གཏོར་སོགས་ནས་མཆོད་པ་དང་ བསྟོད་པའི་བར་དུ་བྱས། རྫས་འབུལ་བའི་དུས་སུ་ལྷའི་སྔགས་དང་། རྫས་ཀྱི་སྔགས་དང་ གསུམ་སྤེལ་བར་བྱའོ། །ཞེས་གསུངས་པ་ལྟར་བྱའོ། །དེ་ནས་མེ་ལྷ་འབར་བའི་རྣམ་པའམ་ (རྒྱུད་ལས། དཀྱིལ་འཁོར་གཙོ་བོ་དང་བཅས་པ། །དྲང་སྲོང་སྙིང་ཁར་བསྒོམ་པར་བྱ། །དམ་ཚིག་མེ་ནི་རཾ་ལ་རྫོགས། །ཡེ་ཤེས་མེ་ 4-1-61 ལྷ་དེ་དང་མཉམ། །ཡང་ན་འབར་བར་བསྒོམ་པ་སྟེ། །ཞེས་སོ།།) ཡང་ན་མེ་ལྷའི་ཐུགས་ཀར། པཾ་ལས་པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་པའི་ལྟེ་བར། རཾ་ ལས་ཉི་མའི་གདན་ལ་ཧཱུཾ་ལྗང་སྔོན་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ལྟེ་བ་ལ། ཉི་མ་ལ་གནས་པའི་ཧཱུཾ་གིས་མཚན་པ་ལས། འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ཏེ། འགྲོ་བ་ ཐམས་ཅད་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་བྱས་ནས་གདོད་མ་ནས་གྲུབ་པའི་ཡེ་ཤེས་ ཀྱི་ལྷ་དང་དབྱེར་མེད་དུ་གྱུར་པ་བཀུག་སྟེ། དེ་ཉིད་ཡོངས་སུ་གྱུར་པ་ལས། དཔལ་མཁའ་ འགྲོ་རྒྱ་མཚོའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་དུས་གཅིག་ཡོངས་སུ་རྫོགས་ པར་བསྒོམས་ལ། ༀ་ཨཱཿ ཀ་ཡ་ཝཀ་ཙིཏ་བཛྲ་ཧཱུཾ་ཕཊ་ཧོཿ ཞེས་བརྗོད་ནས། ཛ་ཡ་སེ་ནའི་ དཀྱིལ་ཆོག་ཏུ། དཀྱིལ་འཁོར་དང་མ་འབྲེལ་ན། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་ དྲངས། འབྲེལ་ན་ཐབ་ཏུ་མེ་ཚིམ་པའི་རྗེས་སུ། ལྷ་རྣམས་རང་རང་གི་སྔགས་བརྗོད་པས། དཀྱིལ་འཁོར་ནས་མེ་ཏོག་གིས་སྤྱན་དྲངས་པ་ལ་ཚིམ་པར་བྱའོ། །དེ་ནས་རང་གི་སྔགས་ བརྗོད་པས། མེ་ཏོག་གིས་དཀྱིལ་འཁོར་ཏུ་གཞུག་པར་བྱའོ། །ཞེས་གསུངས་པས། དཀྱིལ་ འཁོར་དང་མ་འབྲེལ་ན། ཡེ་ཤེས་པ་རང་བཞིན་གྱི་གནས་ནས་སྤྱན་དྲངས། སྔར་བསྒོམས་ པའི་དཀྱིལ་འཁོར་ལ། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་སྲེའོ། །འབྲེལ་ན་མེ་ལྷའི་ལྟོ་བར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ནས། མེ་ཏོག་གིས་མཚོན་པས། རྟེན་དང་བརྟེན་པའི་དཀྱིལ་ འཁོར་སྤྱན་དྲངས་ནས་བཞུགས་པ་ལ་གོ་ཆ་བགོད་པ་དང་། དབང་བསྐུར། རིགས་བདག་ གིས་རྒྱས་གདབ། མཆོད་བསྟོད་སོགས་མངོན་རྟོགས་བཞིན་རྫོགས་པར་བྱའོ། ། དབང་བསྐུར་བའི་དུས་སུ། གླུ་དང་། རོལ་མོ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་བཅས་ པས། དངོས་སུ་རྣམ་རྒྱལ་བུམ་པས། མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་དབང་བསྐུར་བར་ བྱའོ། །སྐུ་མདོག་ནི་མངོན་རྟོགས་ལས་འགྱུར་བ་མེད་དོ། །དེ་ནས་ཞི་བ་སོགས་ལ་ཞལ་ཅུང་ 4-1-62 ཟད་སྡང་བ་དང་། དྲག་པོ་ལ་རབ་ཏུ་གདངས་པར་བསམ། ལྷའི་ལྗགས་ལ་ཧཱུཾ་དང་། དགང་ བླུགས་ཀྱི་ཁ་ལ་རཾ་བཀོད་ནས། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌ་ཀི་ནི་ཛྭ་ལ་ཤཾ་བྷ་ར་ སྭཱཧཱ། ཞེས་པས། སྲེག་བླུགས་བདུན་ཕུལ་ནས་འཕྲིན་ལས་མཛད་པར་གསོལ་བ་བཏབ་པས་ ཞལ་གྱིས་བཞེས་པར་བསམ་མོ། ། དེ་ནས་སྔར་བཞིན། སྲེག་རྫས་རྣམས་བསང་སྦྱངས་ནས། ༀ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ་ཀྱི་གཤམ་ དུ། རང་རང་གི་སྤེལ་ཚིག་དང་བཅས་པ་བརྒྱ་ལ། ཡམ་ཤིང་སོགས་གོང་གི་རྫས་རྣམས་རིམ་ གྱིས་བརྒྱ་སྟོང་ལ་སོགས་པ་ཅི་འབྱོར་བ་དབུལ། དེ་ནས་ཉེ་སྙིང་གིས་སྲེག་བླུགས་བདུན་ དབུལ། སྙིང་པོས་མཆོད་ཡོན་དབུལ། དེ་ནས། འཐོར་འཐུང་དང་། ཞལ་བསིལ། གོས་ གསར་པ་དང་། ཕྱེ་མ་མ་ཡིན་པའི་སོ་རྩི་དང་། དྲག་པོ་ལ་ཕྱེ་མ་དང་བཅས་པ་བྱིན་ལ། ཕྱི་ ནང་གི་མཆོད་པ་དང་། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། མེ་ཏོག་དང་བཅས་པས་ ཐལ་མོ་སྙིང་ཁར་སྦྱར་ཏེ། འདོད་པའི་དོན་ལ་གསོལ་བ་བཏབ་པས། ཞལ་གྱིས་བཞེས་པ་ བཞིན་འཕྲིན་ལས་མཛད་ཅིང་། དངོས་གྲུབ་གནང་པར་བསམ། འཕྲིན་ལས་ནི་ལས་ཀྱི་དབྱེ་ བས། ལྷ་དེ་རྣམས་ལས་སྤྲོས་པའི་འོད་ཟེར་ལས། སྤྲུལ་པའི་མཁའ་འགྲོ་མ་སོགས་ཀྱིས་བྱང་ ཆུབ་སེམས་ཀྱིས་གང་བའི་བུམ་པ་དཀར་པོས་དབང་བསྐུར་བས་བསྒྲུབ་བྱའི་རིམས་སོགས་ བསལ་བར་བསམ། རྒྱས་པ་ལ་དགྱེས་པའི་ཐུགས་ཀྱིས་སྔར་གྱི་བུམ་པའི་མགྲིན་པ་ནས་བདུད་རྩིའམ། རིན་ པོ་ཆེའི་ཆར་གྱིས་བསྒྲུབ་བྱའི་ལུས་དང་ཁྱིམ་གང་སྟེ། རྒུད་པའི་འཕོངས་པ་བསལ་བར་ བསམ། དབང་ལ་ཆགས་པའི་ཐུགས་དང་ལྡན་པས། ཨུཏྤ་ལའི་མདེའུ་ཅན་གྱི་མདས་སྙིང་ཁར་ ཕུག་ནས་དབང་དུ་བྱས་པར་བསམ། 4-1-63 དགུག་པ་ལ་ཞགས་པ་དང་། ལྕགས་ཀྱུ་དག་གིས་བཅིངས་ཤིང་ཕུག་ནས་བཀུག་པར་ བསམ། དམན་པ་ལ་སོགས་པའི་སྐྱོན་ཞི་བའི་དོན་དུ། ༀ་བཛྲ་སཏྭ་ཨ་དང་། ཡིག་བརྒྱ་བཟླས་ ནས། བདག་བློ་རྨོངས་པས་ཅུང་ཟད་བྲི། །གང་བྱས་ཉེས་བྱས་ལ་ནི་སླར། །གང་ཞིག་ལུས་ ཅན་སྐྱབས་གནས་ཀྱིས། །མགོན་པོས་དེ་ཉིད་བཟོད་པར་མཛོད། །གཙོ་བོ་ནུས་པ་མ་མཆིས་ དང་། །མ་རྙེད་པ་དང་ཡོངས་མ་ཤེས། །བྱ་བ་འདི་ལྟར་བྱས་པ་འདིར། །དེ་དག་ཐམས་ཅད་ བཟོད་པར་རིགས། །ཞེས་བྱ་བས་བཟོད་པར་གསོལ་ལ། དེའི་རྗེས་སུ། ༀ་ཁྱེད་ཀྱིས་སེམས་ ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང་། ༀ་ཨཱཿཧཱུཾ་ཞེས་པས་འཇིག་ རྟེན་ལས་འདས་པའི་མེ་ལྷ་དཀྱིལ་འཁོར་ནས་སྤྱན་དྲངས་པ་ཡིན་ན། མེ་ཏོག་གིས་མཚོན་ཏེ། དཀྱིལ་འཁོར་དུ་སྤྱན་དྲང་། གཞན་ནི། རང་གི་སྙིང་ཁར་གཤེགས་སུ་གསོལ་ལོ། ། དེ་ནས་སྔར་བཞིན་གསང་ཆུས་ཐབ་དང་རྫས་ལ་གསང་གཏོར་བྱ། ༀ་ཨགྣ་ཡེ་སྭཱཧཱ། ཞེས་པས་སྲེག་བླུགས་ཕུལ་བས། མེ་ལྷ་གསལ་བཏབ་ལ་སྔར་བཞིན་གསང་གཏོར་བྱ། ཆུ་ བཞི་དབུལ། སོ་(རྒྱུད་ལས། རྡོ་ཞོ་དང་བྲལ་སོ་རྩི་དང་། །ཞེས་སོ།།)རྩི་དང་། གོས་གསར་པ་དང་། ཕྱི་ནང་ གི་མཆོད་པས་མཆོད། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །ཞེས་སོགས་ཀྱི་བསྟོད་པས་ བསྟོད། སླར་ཡང་མར་དགང་བླུགས་བདུན་ཕུལ། སྲེག་རྫས་ལྷག་མ་རྣམས་སྔར་བཞིན་ དབུལ། སླར་ཡང་དགང་བླུགས་གསུམ་ཕུལ། གཏོར་མ་བྱིན་གྱིས་བརླབས་ཏེ། མེ་ལྷའི་ སྔགས་ལ། ཨ་ཀ་རོ་བཏགས་ཏེ་ལན་གསུམ་ཕུལ། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ ཀྱི་མཇུག་ཏུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱི་འཕྲིན་ལས་བཅོལ། མཆོད་ ཡོན་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ། ཡིག་བརྒྱ་བཟླས། ནོངས་པ་བཟོད་པར་ 4-1-64 གསོལ། བདག་གི་དོན་དང་གཞན་གྱི་དོན། །སྦྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་ བཞིན་དུས་སུ་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ༀ་ཨགྣ་ཡེ་སརྦ་ སནྟོ་ཀྵ་ཎཾ་ཀུ་རུ་མེ་ཡ་ཐཱ་ཀ་མེ་སིད་དྷི་ཏ་གཙྪ་ཏུ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་པ་དང་། ༀ་བཛྲ་མུ། ཞེས་ པས་མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ལོ། །དམ་ཚིག་པ་བདག་ ལ་བསྡུས་ལ། བསྔོ་བ། སྨོན་ལམ་བཀྲ་ཤིས་བྱ། རང་ལྷའི་ང་རྒྱལ་གྱིས་ཐུན་མཚམས་ཀྱི་བྱ་བ་ ལ་འཇུག བཙའ་རུའི་(རྒྱུད་ལས། དེར་ནི་བཙའ་རུ་བསྒྲུབ་བྱ་སྟེ། །མེ་ལ་བཤོས་བུ་དབུལ་བྱ་ཞིང་། །ཅུང་ཟད་བདག་ཉིད་ ཀྱིས་ཀྱང་སྤྱད། །སྦྱིན་བདག་རྣམས་ལའང་སྦྱིན་པར་བྱ། །ཞེས་སོ།།)བཟའ་བ་ཡོད་ན། དེ་བཞིན་གཤེགས་པས་ གསོལ་བ་ཡི། །ལྷག་མས་སྡིག་པ་འཇོམས་པའོ། །ཞེས་བརྗོད་ལ། ལྷ་ལ་ཕུལ་བའི་ལྷག་མ། རང་ཡང་ཟ་ཞིང་གཞན་ལ་ཡང་སྦྱིན་པར་བྱའོ། ། དེ་ནས་ལོང་ཡོད་ན། མེ་མ་ཤི་བར་མི་དཀྲུག མི་བརྡལ། མི་འགོམ་མོ། །ལོང་མེད་ན། ཞི་བ་ལ་འོ་མ། རྒྱས་པ་ལ་དྲི་སེར་པོ། དབང་དགུག་ལ་འོ་མ་དམར་པོ། དྲག་པོ་ལ་འོ་མ་ནག་ པོས་མེ་གཞིལ་ལ། རྡུལ་ཚོན་དང་། ཐལ་བ་དང་། སོལ་བ་རྣམས་བསྡུས། ལས་ཐམས་ཅད་ པའི་བུམ་པར་བླུགས་ལ། རྒྱ་མཚོར་འབབ་པའི་ཆུ་རླུང་དུ་དོར་རོ། །ལས་ཀྱི་རྗེས་མི་མངོན་ པར་བྱ། ཕྱིའི་སྦྱིན་སྲེག་གོ། ། གཉིས་པ་ནི། ནང་གི་སྦྱིན་སྲེག་ནི། ནང་ལ་མཆོག་ཏུ་གཞོལ་བའི་སྒྲུབ་པ་པོས། དབེན་ པའི་གནས་སུ་འཇམ་ཞིང་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་འགྲོ་བྱམས་སྙིང་རྗེ། བྱང་ ཆུབ་ཀྱི་སེམས་སྔོན་དུ་ལོང་བས། རང་སྐད་ཅིག་གིས་འཁོར་ལོ་བདེ་མཆོག་ཞལ་གཅིག་ཕྱག་ གཉིས་པ། ཕག་མོ་དང་བཅས་པར་དམིགས་ལ། རྐང་པའི་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་ འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར། རྩ་ཐམས་ཅད་ཐབ་ཀྱི་དབྱིབས་ཅན་དུ་ བསྒོམས་ཏེ། ནོར་བུའི་བུ་གར་ཐབ་ཟུར་དྲུག་པ། ལྟེ་བར་ཟླུམ་པོ། སྙིང་ཁ་གྲུ་བཞི། མགྲིན་ 4-1-65 པར་ཟུར་བདུན་པ། མགོ་བོར་ཟུར་བརྒྱད་པ། སྨིན་མཚམས་སུ་ཟུར་དགུ་པ། གཙུག་ཏོར་ དུ་ཟུར་ལྔ་པ། དེ་ཐམས་ཅད་ཀྱི་དབུས་སུ་ཧཱུཾ་སྔོན་པོ་དང་། བཾ་དམར་པོ་ཁ་སྦྱོར་དུ་བསམ། གཙུག་ཏོར་ནས། ནོར་བུའི་བར་དུ་རྩ་དབུ་མས་འབྲེལ་བ། གཡས་གཡོན་གྱི་རྩ་གཉིས། རྩ་ བྲན་དང་བཅས་པ་གསལ་བཏབ། དེ་ནས་སྟེང་འོག་གི་རླུང་ཁ་སྦྱོར་བས། རྐང་མཐིལ་གྱི་ཡཾ་ ལས་རླུང་ལངས། དེའི་སྟེང་གི་རཾ་ལས་མེ་འབར་བས་ལུས་ཀྱི་རྩ་ཐམས་ཅད་ཀྱི་བྱང་སེམས་ ཞུ་བ། གཡས་གཡོན་གྱི་རྩ་གཉིས་ནས་དྲངས་ཏེ། རྩ་དབུ་མའི་ནང་ནས་ཡར་ཞུགས། དབུ་ མའི་ཡར་སྣའི་ཧཾ་ལ་ཐིམ། དེ་ནས་དབུ་མ་ནས་མར་བབས་པས། ཐབ་ནང་ན་བཞུགས་པའི་ ལྷ་ཡབ་ཡུམ་རྣམས་ལ། བྱང་ཆུབ་སེམས་ཀྱི་དགང་བླུགས་ཕུལ་བས་ལྷ་མཉེས་ཤིང་དབུ་མ་ གང་བར་གྱུར་ཏེ། རོ་རྐྱང་གཉིས་ནས། ལུས་ཀྱི་རྩ་ནང་ཐམས་ཅད་དུ་འཕྲོས་པས། རྩ་ཐམས་ ཅད་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་བསམ། ཡང་བསྡུ་བའི་སྦྱོར་བ་ནི། རླུང་ཁ་སྦྱར་བས། རྩ་ཐམས་ཅད་ཀྱི་བྱང་སེམས། རྩ་གཉིས་ སུ་བསྡུས། གཉིས་པོ་ལྟེ་བ་ན། དབུ་མ་དང་ཁོག་པ་གཅིག་པས། རྩ་གཉིས་པོ་ནས་བྱང་ སེམས་དབུ་མ་ནས་ཡར་ཞུགས་པས། ཐབ་ཀྱི་ལྷ་རྣམས་མཆོད་ཅིང་གང་། མཐར་གཙུག་ཏོར་ གྱི་ཧཾ་ལ་ཐིམ་ནས་བརྟན་པར་བསམ། དེ་ལྟར་ཡས་བབས་དང་། མས་བརྟན་གྱི་རྣལ་འབྱོར་ ལ་གོམས་པར་བྱས་ནས། ཚེ་གཅིག་ལ་ཡང་མཆོག་གི་འགྲུབ་པར་གསུངས་སོ། ། དེ་ལྟར་བརྗོད་པའི་སྦྱིན་སྲེག་ནི། །བསོད་ནམས་ཚོགས་ཀྱི་རྒྱུ་དོན་དང་། །ཡེ་ཤེས་ ཚོགས་རྫོགས་བྱ་བའི་ཕྱིར། །བཅོམ་ལྡན་འདས་ཀྱི་རྒྱུད་དུ་གསུངས། །དེ་ཉིད་ལ་ནི་མངའ་ བརྙེས་པའི། །བླ་མ་མཁས་གྲུབ་བརྒྱུད་མར་བྱོན། །དེ་དག་གི་ནི་རྗེས་འབྲངས་ནས། །སྦྱིན་ སྲེག་ཆོ་ག་རྣམ་གཉིས་བཀོད། །ནོངས་ན་མཁས་གྲུབ་རྣམས་ལ་བཤགས། །དེས་བསྐྱེད་དགེ་ བས་འགྲོ་བ་ཀུན། །མཁའ་འགྲོ་རྒྱ་མཚོ་ཆེན་པོར་བཞུགས། །རྒྱུད་དོན་ཡིད་བཞིན་ནོར་བུ་ 4-1-66 བླངས། །ཀུན་མཁྱེན་རྒྱལ་བའི་སྐུ་ཐོབ་ཤོག ། མཁའ་འགྲོ་རྒྱ་མཚོའི་སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་ཀྱི་མེ་འོད་འབར་བ་ཞེས་བྱ་བ་འདི་ནི། མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ། ཛ་ཡ་སེ་ནས་མཛད་པའི་སྦྱིན་སྲེག་གི་ཆོ་ག་རིན་ཆེན་ མེ་ཤེལ་ལ་གཞི་བྱས། ཁ་སྐོང་བར་འོས་པ་རྣམས། དེ་ཉིད་ཀྱིས་མཛད་པའི་དབང་གི་ཆོ་ག་ པདྨ་རཱ་ག་ལས། གང་ཞིག་རང་གི་རྒྱུད་རྣམས་སུ། །ཆོ་ག་རྫོགས་པར་མ་གསུངས་པ། །དེ་ནི་ རྒྱུད་མཆོག་གཞན་རྣམས་ལས། །རྫོགས་མཛད་མཁས་པ་རྣམས་ཀྱང་བཞེད། །ཞེས་གསུངས་ པ་དང་མཐུན་པར། བླ་མེད་ཀྱི་སྦྱིན་སྲེག་གི་ཆོ་ག་དག་པོ་རྣམས་ལས་ཀྱང་ཁ་བསྐང་ནས། དོན་དུ་གཉེར་བའི་སློབ་མ་དག་གིས་བསྐུལ་བའི་ངོར། ཇོ་གདན་བསོད་ནམས་བཟང་པོས། བསྒྱུར་བྱེད་ཅེས་བྱ་བ། ལྕགས་ཕོ་བྱི་བའི་ལོ། སྣྲོན་གྱི་ཟླ་བའི་དགའ་བའི་ཉི་མ་ལ། དཔལ་ མཚལ་མིན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བློ་ལྡན་བཟང་པོའོ། ། །།འདིས་ ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། རྒྱུད་ལས། དགང་གཟར་ཁྲུ་གང་དུ་གྱུར་ཏེ། །རྒྱར་ནི་སོར་མོ་བཞི་པ་ལ། །དེར་ནི་སོར་མོ་གཉིས་བསྐོར་བྱ། །མཆུའི་ཕུག་ མོ་སོར་མོ་ཕྱེད། །དབུས་སུ་རྡོ་རྗེར་པད་མ་དང་། །མཆུ་སྦུག་རྡོ་རྗེ་ལྡན་པ་ཅན། །རྩ་བ་རྡོ་རྗེར་སོར་དྲུག་པ། །ཡུ་བའི་ཕྲེང་དུ་དགང་ གཟར་སོགས། །བླུགས་གཟར་ཀྱང་ནི་དེ་ཡི་ཚད། ། མཾགལཾབྷཝཏུ། 4-1-67 ༄༅། །དཔལ་གཤིན་རྗེ་གཤེད་དམར་ལྷ་ལྔའི་སྒྲུབ་ཐབས་ རབ་གསལ་སྣང་བའི་རྒྱན་ བཞུགས། ༄༅༅། །ༀ་ན་མོ་མཉྫུ་བཛྲ་ཡ། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་སྒྲུབ་ཐབས་ རབ་གསལ་སྣང་བའི་རྒྱན་ཞེས་བྱ་བ། བླ་མ་དང་དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ ལོ། །འདོད་སྲེད་བདུད་དཔུང་ཚོགས་ཀྱིས་བརྒྱན། །འགྲོ་ཀུན་འཇིགས་བྱེད་འཇིགས་པར་ བྱེད། །སྒྲིབ་གཉིས་གཤིན་རྗེ་ཀུན་གྱི་གཤེད། །འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ། །གཤིན་རྗེ་ གཤེད་དམར་ལྷ་ལྔ་ཡི། །སྒྲུབ་ཐབས་བླ་མས་ལེགས་མཛད་པ། །དེ་ཉིད་མཛེས་པར་བྱེད་པའི་ རྒྱན། །བླ་མའི་མན་ངག་བཞིན་དུ་བྲི། །པཎ་ཆེན་ཉིད་ཀྱིས་སྡོམས་སུ་མཛད་པ་ནི། །སྐྱབས་ འགྲོ་སེམས་བསྐྱེད་སེམས་དཔའི་བསྒོམ་བཟླས་བྱ། །བདུད་རྩི་མྱང་ཞིང་གནས་བསྲུང་གདན་ ཡང་བསྲུང༌། །ཚོགས་ཞིང་མཆོད་དེ་རྣམ་དག་སྡོམ་པ་གཟུང༌། །ཚད་མེད་སྟོང་ཉིད་བསྲུང་བའི་ འཁོར་ལོ་སྒོམ། །གཞལ་ཡས་ཁང་པར་གཙོ་བོ་ཡབ་ཡུམ་བསྐྱེད། །ལྷ་རྣམས་སྤྲོས་ཏེ་སྐྱེ་མཆེད་ བྱིན་གྱིས་བརླབ། །དབང་བསྐུར་ཡེ་ཤེས་གཞུག་ཅིང་མཆོད་བསྟོད་བྱ། །རྫོགས་རིམ་བསྒོམ་ ཞིང་རྣམ་དག་བཟླས་པ་བྱ། །མཆོད་པ་བྱིན་བརླབས་མདུན་བསྐྱེད་གསལ་གདབ་སྟེ། །ཕྱི་ ནང་གིས་མཆོད་བསྟོད་ཅིང་གཏོར་མ་དབུལ། །ཡོ་བྱད་བྱིན་བརླབས་མཆོད་ཅིང་ལོངས་སྤྱད་ ནས། །ལྷག་མ་གླུ་དང་ཤིས་བརྗོད་སྨོན་ལམ་བྱ། །ཞེས་པའོ། ། དེ་ཡང་འདིའི་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་ 4-1-68 གནས་ཡིད་དུ་འོང་བར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་ དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཀྱང་གཞན་དང་མཐུན་པར་བྱ་ཞིང༌། བདུད་རྩི་ མྱངས་ཏེ་ཁ་དག་པར་བྱས་ནས། རང་སྐད་ཅིག་གིས་ཡི་དམ་དུ་གསལ་བའི་དཔྲལ་བར། པད་ མ་དཀར་པོ་དང༌། ཟླ་བ་ལ་ༀ་ཡིག་དཀར་པོ་དང༌། མགྲིན་པར་པད་མ་དམར་པོ་དང་ཉི་མ་ ལ་ཨཱཿཡིག་དམར་པོ་དང༌། སྙིང་ཁར་སྣ་ཚོགས་པད་མ་དང༌། ཉི་མ་ལ་ཧཱུཾ་ཡིག་སྔོན་པོ་ བསམས་ལ། ལག་པ་གཡོན་པས་གནས་གསུམ་དུ་རེག་ཅིང༌། ༀ་ཨཱཿཧཱུཾ། ཞེས་ལན་གསུམ་ བརྗོད་པས། བདག་སྲུང་བ་དང༌། གདན་ཡང་རྡོ་རྗེའི་རང་བཞིན་དུ་བསམས་ལ། ལག་པ་ གཡོན་པས་རེག་ཅིང༌། ༀ་ཨཱཿབཛྲ་ཨ་ས་ནེ་ཧཱུཾ། ཞེས་བརྗོད་པས། བསྲུང་བར་བྱའོ། །དེ་ནས་ སྙིང་ཁར་ཨཾ་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ལས་བྱུང་བའི་དབྱུག་པ་དཀར་པོ་རྡོ་རྗེའི་རྩེ་མོ་ཅན། མི་མགོ་སེར་པོས་མཚན་པའི་ནང་དུ། ཉི་མ་ལ་གནས་པའི་ཧཱུཾ་དམར་པོ་ལས་འོད་འཕྲོས་པས་ སྒྲིབ་པ་སྦྱངས་ཏེ། མདུན་གྱི་ནམ་མཁར་ཚོགས་ཀྱི་ཞིང༌། བླ་མ་དང་གཤེད་རྗེ་གཤེད་ཀྱི་ལྷ་ ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ནས་བཞུགས་པད་མོས་པ་ ལ། ན་མཿཤྲཱི་གུ་རུ་བྷྱཿ དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་(དེ་བཞིན་ གཤེགས་པ་ཐམས་ཅད་)ཐཱ་ག་ཏ་ཤྲཱི་རཀྟ་ཡ་མ་རི་མཎྜ་ལ་ས་པཱ་རི་ཝ་རེ་བྷྱཿ ༀ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ རཀྟ་ཡ་མ་རི་མཎྜ་ལ་ས་པཱ་རི་ཝ་རཿ (དཔལ་གཤིན་རྗེ་གཤེད་དམར་པོ་དཀྱིལ་འཁོར་དང་བཅས་པ་རྣམས་ལ་ཕྱག་ འཚལ་ལོ། །སོ་སོའི་དཀྱིལ་འཁོར་དང་བཅས་པ་རྣམས།) ཨརྒྷཾ་པྲ་(མཆོད་ཡོན་སོ་སོར་བཞེས་)ཏཱིཙྪ་ཡེ་སྭཱཧཱ། པཱ་ཏྱཾ་ (ཞལ་བསིལ་སོ་སོར་བཞེས་)པྲ་ཏཱིཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་(རྡོ་རྗེའི་མེ་ཏོག་)ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་(རྡོ་རྗེའི་བདུག་ སྤོས་)ཨཱཿཧཱུཾ། ༀ་བཛྲ་དི་པེ་(རྡོ་རྗེའི་སྣང་གསལ་)ཨཱཿཧཱུཾ། ༀ་བཛྲ་གནྡྷེ་(རྡོ་རྗེའི་དྲི་ཆབ་)ཨཱཿཧཱུཾ། ༀ་བཛྲ་ནཻ་བེ་ ཏྱ་(རྡོ་རྗེའི་ཞལ་ཟས་)ཨཱཿཧཱུཾ། ༀ་བཛྲ་ཤཔྟ་(རྡོ་རྗེའི་སིལ་སྙན་)ཨཱཿཧཱུཾ། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། ། སོགས་(ལན་གསུམ་)དང༌། ལུས་དང༌ངག་དང༌ཡིད་ཀྱི་སྡིག །བགྱིས་དང་དེ་ 4-1-69 བཞིན་བགྱིད་སྩལ་དང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་ཀུན་དུས་གསུམ་མགོན་ལ་ གཤེགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་རྣམས་དགེ་ཚོགས་རྗེས་ཡི་རང༌། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །ཚོགས་མཆོག་བཅས་ལ་སྐྱབས་སུ་མཆི། །ཡོན་ ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་འདི་དབུལ་བར་བགྱི། །དམ་པའི་ཆོས་ཀུན་སྟོན་ པ་ཡི། །སྒྲ་དབྱངས་མཛེས་པ་བཞུགས་སུ་གསོལ། །ཡང་དག་རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་བྱའི་ཕྱིར། །རབ་ཏུ་དང་བས་ བསྟེན་པར་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ བགྱི། །བསོད་ནམས་ཀུན་ནས་གང་བསགས་པ། །རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ཕན་བགྱིའོ། །(ཞེས་ལན་ གསུམ)། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་ རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་ གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་ རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་ འབྱོར་ལས་སྐྱེས་པའི། །སྡོམ་པ་དིང་ནས་བརྟན་པོར་གཟུང༌། །རྡོ་རྗེ་རིགས་མཆོག་ཆེན་པོ་ ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་ གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་པའི། །པད་ 4-1-70 མའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་ བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་ མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་ བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ ལ་དགོད། །(ཅེས་ལན་གསུམ་བྱ།) སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ བྱ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་བྱ། །སྡུག་བསྔལ་མེད་པའི་བདེ་བ་དང་ ལྡན་ན་དགའ། །ཉེ་རིང་ཆགས་སྡང་མེད་པའི་སེམས་སྙོམས་པར་བྱའོ། །སྙམ་དུ་ཚད་མེད་པ་ བཞི་སྒོམ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་(རང་བཞིན་གྱིས་དག་པ་ཆོས་ཐམས་ཅད་རང་བཞིན་ཀྱིས་ དག་པ་ང་ཡིན)ཧཾ། (ཞེས་པས།) ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང༌། གཟུང་བའི་ ཡུལ་ཐམས་ཅད་དང་བྲལ་བ། སེམས་ཙམ་གྱི་ངོ་བོར་གྱུར་པར་(བསམ)། ༀ་ཡོ་ག་ཤུདྡྷཿསརྦ་ དྷརྨཱ་ཡོ་ག་ཤུདྡྷོ་(རྣལ་འབྱོར་རྣམ་པར་དག་པ་ཆོས་ཐམས་ཅད་རྣལ་འབྱོར་རྣམ་པར་དག་པ་ང་ཡིན)ཧཾ། སེམས་དེའང་ ཐབས་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར། ལྷའི་སྐུ་སྒྱུ་མ་ལྟ་བུར་གྱུར། ༀ་ཤུ་ནྱ་ཏཱ་ཛྙ་ན་ བཛྲ་སྭ་བྷཱ་ཝ་ཨཱད་མ་ཀོ྅(སྟོང་པ་ཉིད་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན)ཧཾ། (ཞེས་པས།) ལྷའི་སྐུ་དེ་ ཡང་རིམ་གྱིས་བསྡུས་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས། ཨཾ་ལས་ཉི་ མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ ལྗང༌། དབུས་ཀྱི་ལྟེ་བ་མཐིང་ནག་ལ་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས། འོག་ ཐམས་ཅད་རྡོ་རྗེའི་ས་གཞི། ཁོར་ཡུག་ཏུ་རྡོ་རྗེའི་ར་བ་དང་དྲ་བ། སྟེང་རྡོ་རྗེའི་གུར་དང་བླ་རེ། ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་པ་འབར་བས་འཁྲིགས་པའི་བསྲུང་བའི་འཁོར་ 4-1-71 ལོ་དེའི་དབུས་སུ་སཾ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ། ཕྱི་དཀར་ཞིང་ནང་དམར་བ། གདེངས་ཀ་གྱེན་དུ་ཕྱོགས་པ། ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ གཞུའི་དབྱིབས་ཅན་རྩེ་མོ་གཉིས་ལ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་ འཁོར་གྲུ་གསུམ་འབར་བས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་ པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་གཞི་པ་རྡོ་རྗེས་ མཚན་པ། དེའི་སྟེང་དུ་སཾ་ལས་རིའི་རྒྱལ་པོ་ལྷུན་པོ་རིན་པོ་ཆེའི་རང་བཞིན་གྲུ་བཞི་པ། རྩེ་ མོར་ཅོག་བརྒྱད་ཀྱིས་མཛེས་པ། དེའི་སྟེང་དུ་པཾ་(སངས་རྒྱ་ཡེ་ཤེས་ཀྱིས་བསྲུང་བའི་འཁོར་ལོ་ཆོས་འབྱུང་ དབུས་སུ། བཞི་བཅས་དྲུག་ཅུའི་འདབ་ལྡན་ཆུ་སྐྱེས། ཞེས་པད་འདབ་དྲུག་ཅུ་རྩ་བཞི་པར་བཤད་)ལས་སྣ་ཚོགས་པད་ མ་དང༌། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷཱུཾ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་རིན་པོ་ཆེ། དཀར་ པོ། སེར་པོ། དམར་པོ། ལྗང་ཁུ། ནག་པོའི་རྩིག་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ སྣམ་བུ་ཁ་བད་ཀྱི་རྣམ་པ་ལ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པ། དེའི་སྟེང་དུ་ཆུ་སྲིན་མ་ཀའི་ཁ་ ནས་འཕྱང་བའི་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པ། བྱ་འདབས་ལས་ཐུར་དུ་འཕྱང་བའི་རིན་ པོ་ཆེའི་ཤར་བུ་དང༌། གྱེན་དུ་ཕྱོགས་པའི་མདའ་ཡབ་མཛེས་པས་ཀུན་ནས་བསྐོར་བ། རྩིག་ པའི་ཕྱི་རོལ་ནས་འདོད་ཡོན་གྱི་སྟེགས་བུ་ལ། མཆོད་པའི་ལྷ་མོ་མཆོད་རྫས་དུ་མ་ཐོགས་ པས་མཆོད་པ་འབུལ་བ། ནང་ཀ་བ་བརྒྱད་དང་ལྡན་པ། རྡོ་རྗེའི་གདུང་གཞིས་མཛེས་པར་ཕུབ་ པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར། རྡོ་རྗེ་རིན་པོ་ཆེའི་ཏོག་གིས་བརྒྱན་པ། སྒོ་གཞིར་ཀ་ བ། (ཡང་དེས། བཅུ་དྲུག་ཀ་བའི་སྟེང་ན་མཛེས་པའི། རྟ་བབས་སྣམ་བུའི་བང་རིམ་རྣམས་ལ། ཅེས་སོ། །) རྒྱན་དང་ བཅས་པས་བཏེག་པའི་རྟ་བབས། ནོར་བུ་གསེར་གྱི་རང་བཞིན། སྣམ་བུ་བཅུ་གཅིག་པ། ཆོས་ ཀྱི་འཁོར་ལོ་དང༌། རི་དྭགས་ལ་སོགས་པས་བརྒྱན་པ། གཞན་ཡང་ཟུར་བཞིར། གདུགས་ 4-1-72 དང༌། རྒྱལ་མཚན་དང༌། བ་དན་དང༌། གོས་དང་འཕན་དང༌། མེ་ཏོག་གི་ཕྲེང་བ་དང༌། ཟླ་བ་ རླུང་གིས་བསྐྱོད་པ་དང༌། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང༌། དྲིལ་བུ་དང་མེ་ལོང་ལ་སོགས་ པའི་རྒྱན་དུ་མས་མཛེས་པ། སྟེང་འོག་གི་ཁ་དོག་ལྷག་མ་རྣམས་ཤར་དཀར། ལྷོ་སེར། ནུབ་ དམར། བྱང་ལྗང་བ། མཆོད་པའི་ས་གཞི་ལ་པད་མ་དང༌། བུམ་པ་ལ་སོགས་པའི་མཆོད་རྫས་ དུ་མས་ཉེ་བར་འཁྲིགས་པ། དྭངས་ཤིང་སྒྲིབ་པ་མེད་པ། ཕྱི་ནང་ཀུན་ཏུ་འོད་གསལ་བ། ཡེ་ ཤེས་ཀྱི་སྣང་བ་ལས་གྲུབ་པའི་དབུས་སུ། པཾ་ལས་སྣ་ཚོགས་པད་མའི་ལྟེ་བར་ཨཾ་ལས་ཉི་ མའི་དཀྱིལ་འཁོར། (བསྒོམ་པར་བྱ་སྟེ། གཞལ་ཡས་ཁང་བསྐྱེད་པའོ།།)དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ ལས་བྱུང་བའི་དབྱུག་པ་དཀར་པོའི་ནང་དུ། ཉི་མ་ལ་གནས་པའི་ཧཱུཾ་ཡིག་དམར་པོ་ལས་འོད་ ཟེར་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ ཡོངས་སུ་གྱུར་པ་ལས་ལྷ་ལྔ་ཡབ་ཡུམ་བུམ་པ་དང་བཅས་པ་སྐད་ཅིག་ལ་གྲུབ་པ། རིམ་གྱིས་ གསལ་གདབ་པ་ནི། བདག་ཉིད་བཅོམ་དན་འདས་དཔལ་གཤིན་རྗེ་གཤེད་སྐུ་མདོག་དམར་ པོ། ཉི་མ་བྱེ་བའི་འོད་དང་མཚུངས་པ། དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་པ་ ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དབྱུག་པ་དཀར་པོ་རྡོ་རྗེའི་རྭ་རྩར་མི་མགོ་སེར་པོས་ མཚན་པ་འཕྱར་ཐབས་སུ་འཛིན་པ། གཡོན་པ་བདུད་མཐའ་དག་གི་ཁྲག་གིས་གང་བའི་ཐོད་ པ་ཐུགས་ཀར་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་ གར་སྟབས་ཀྱིས་མ་ཧེ་དམར་ནག་གི་སྟེང་ན་གཤིན་རྗེ་ནག་པོ་བསྒྱེལ་(སང་ཡེས་གཡས་བསྐུམ་ གཡོན་བརྐྱང་མ་ཧེ་ར་དང༌། ཚང་ར་རྗིས་ནས་ཞེས་བཤད།)ནས་མནན་པ། ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན། སྐུ་སྦོམ་ཞིང་རྒྱས་པ། བྲང་ཞེང་དང་གསུས་ཁྱིམ་ཆེ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་ ཐུང་ཞིང་རགས་པ། ཞལ་ཅུང་ཟད་ཕྱེ་ཞིང་མཆེ་བ་རྣམ་པར་གཙིགས་པ། རབ་ཏུ་བཞད་པའི་ སྒྲ་སྒྲོག་ཅིང༌། ལྗགས་རྣམ་པར་འགྱུར་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། ཁྲོ་ 4-1-73 གཉེར་དང་བཅས་པ། སྨ་ར་དང༌། སྨིན་མ་དང༌། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། མི་ མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ རྒྱན་དྲུག་(གསལ་ཁ་མི་སྣང་ནའང་ཆོས་རྗེས་མཛད་པ་ལྟར།)དང་ལྡན་ཞིང་། སྟག་གི་ལྤགས་པའི་ཤམ་ ཐབས་རྣམ་པར་གྲོལ་བ། (ཆོས་རྗེས་རྒྱུད་ཀྱི་དོན་བསྡུས་པ།) མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ ཤིང་འཇོག་པོ་དམར་པོས་རྣ་རྒྱན་ཉིད། །རིགས་ལྡན་ཁྲ་བོས་དཔུང་པ་བརྒྱན་ཞིང༌དུང་སྐྱོང་ སེར་པོས་ལག་གདུབ་སྟེ། །པད་མ་དཀར་པོས་མགུལ་པ་བརྒྱན་ཅིང༌སྟོབས་རྒྱུ་ལྗང་ཁུས་ མཆོད་ཕྱིར་ཐོགས། །ནོར་རྒྱས་དཀར་པོས་སྐེད་པ་བརྒྱན་ཅིང༌པད་ཆེན་དཀར་པོའི་ཞབས་ གདུབ་ཅན། །སྒེག་པ་དཔའ་བ་མི་སྡུག་པ། །རྒོད་དང་དྲག་ཤུལ་འཇིགས་རུང་བ། །སྙིང་རྗེ་ རྔམ་དང་ཞི་བ་ཡི། །གར་དགུའི་ཉམས་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་རོ་ལངས་མ་ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པས་གྲི་གུག་དང་གཡོན་པས་ ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྤྱན་གསུམ་དང་ལྡན་ཞིང༌། དབུ་སྐྲ་གྲོལ་བ། མི་མགོ་སྐམ་པོའི་དབུ་རྒྱན་དང༌། དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཞབས་གཡས་བརྐྱང་བས་ཡབ་དང་ལྷན་ཅིག་སྙོམས་པར་འཇུག་པ། གཉིས་ཀའང་ཡེ་ཤེས་ ཀྱི་མེ་འབར་བའི་དབུས་ན་(གཙོ་བོ་ཡབ་ཡུམ་བསྐྱེད་པ)བཞུགས་པ། ཤར་གྱི་འདབ་མར་གཏི་མུག་ གཤིན་རྗེ་གཤེད་དཀར་པོ། ཙར་ཙི་ཀ་ནག་མོས་(སྙེམས་མ་)འཁྱུད་པ། ལྷོ འི་འདབ་མར་སེར་སྣ་ གཤིན་རྗེའི་གཤེད་སེར་པོ། ཕག་མོ་སེར་མོས་(ཕག་ཞལ་ཅན་)འཁྱུད་པ། ནུབ་ཀྱི་འདབ་མར་ འདོད་ཆགས་གཤིན་རྗེ་གཤེད་དམར་པོ། དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་གི་ འདབ་མར་ཕྲག་དོག གཤིན་རྗེ་གཤེད་ལྗང་ཁུ། གཽ་རཱི་ལྗང་ཁུས་འཁྱུད་པ། དཔའ་བོ་རྣམས་ ཡབ་དང་མཐུན་པར་ཞལ་གཅིག་ཕྱག་གཉིས་པ། དབྱུག་པ་(འཁོར་ལོ། རིན་ཆེན། པད་མ། རལ་གྲིས་ མཚན་པའི་)དང་ཐོད་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཉིས་གཡོན་བརྐྱང་གིས་ 4-1-74 བཞུགས་པ། སྐུ་སྦོམ་ཞིང་རགས་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་འབར་བ། མི་མགོ་སྐམ་པོའི་དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན་རུས་ པའི་རྒྱན་དྲུག་དང༌། སྟག་གི་ལྤགས་པའི་ཤམ་ཐབས་དང༌། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། དཔའ་མོ་རྣམས་ཡུམ་དང་མཐུན་པར་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་ པས་ཡབ་ལ་འཁྱུད་ཅིང༌། ཞབས་གཉིས་གཡས་བརྐྱང་གིས་བཞུགས་པ། གཅེར་བུ་སྤྱན་ གསུམ་དང་ལྡན་པ། དབུ་སྐྲ་གྲོལ་བ། མི་མགོ་སྐམ་པོའི་དབུ་རྒྱན་དང༌། དོ་ཤལ་ཅན། ཕྱག་ རྒྱ་ལྔ་དང་ལྡན་པ། ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། (འཁོར་ ལོ་བསྐྱེད་པའོ།།) མཚམས་ཀྱི་འདབ་མ་བཞི་ལ། མེར་མུ་མེན་གྱི་བུམ་པ་བཞི་མཉམ་གྱིས་གང་བ། བདེན་བྲལ་དུ་གསེར་གྱི་བུམ་པ་གླ་རྩིས་གང་བ། རླུང་དུ་བྱི་རུའི་བུམ་པ་སི་ཧླས་གང་བ། དབང་ལྡན་དུ་དངུལ་གྱི་བུམ་པ་ག་བུར་གྱིས་གང་བ། བཞི་ཀའང་ཐོད་པ་བདུད་རྩིས་གང་བས་ ཁ་བཅད་པ་རྣམས་སོ། །གཙོ་བོའི་ཐུགས་ཀར་པད་ཉི་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་དབྱུག་པ་ དཀར་པོའི་དབུས་སུ། ཉི་མ་ལ་ཧཱུཾ་ཡིག་དམར་པོས་མཚན་པའོ། །དེ་ནས་ཡབ་ཀྱི་གསང་ གནས་ཧཱུཾ་ལས་རྡོ་རྗེ་རྩེ་གཅིག་པ། རྩེ་མོ་ཧཱུཾ་གིས་མཚན་པ། ཡུམ་གྱི་པད་མ་ཨཱཿལས། པད་མ་ འདབ་མ་གསུམ་པ། ཟེ་འབྲུ་ལ་ཨཱཿས་མཚན་པ། སྙོམས་པར་ཞུགས་པའི་བདེ་བ་ཆེན་པོས་ རྒྱུད་ཡོངས་སུ་གང་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨད་མ་(དེ་)ས་ (ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན)ཀོ྅ཧཾཿ ཞེས་བརྗོད་དོ། །ལྷ་ཐམས་ ཅད་ཀྱི་དབང་པོ་དྲུག་ཀྱང༌། ཀྵིཾ། ཛྲི།ཾ ཁཾ། རཾ། ཀཾ། སཾ་ལས་རིམ་བཞིན། རྡོ་རྗེའི་མིག་དང་རྣ་ བ་དང༌། །རྡོ་རྗེའི་སྣ་དང་རྡོ་རྗེའི་ལྕེ། །རྡོ་རྗེའི་ལུས་དང་རྡོ་རྗེའི་ཡིད། །རྡོ་རྗེའི་སྐྱེ་མཆེད་(ཅེས་ པས་སྐྱེ་མཆེད་བྱིན་གྱིས་བརླབ་)ཐམས་ཅད་པ། དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རྡོ་རྗེ་གསུམ་གྱི་ངོ་བོ་ལས་འོད་ཟེར་འཕྲོས་པས། སྐུ་གསུང་ཐུགས་རྡོ་ 4-1-75 རྗེ་མཐའ་དག་(བཛྲ་ས་མ་ཛས་)སྤྱན་དྲངས། གནས་གསུམ་དུ་ཐིམ་པས། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ང་ཡིན། (སྙམ་དུ་ང་རྒྱལ་འཛིན་པས།) ༀ་སརྦ་ཏ་ ཐཱ་ག་ཏ་ཀ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ྅(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་ རྗེའི་རང་བཞིན་ང་ཡིན།)ཧཾ། (གནས་གསུམ་བྱིན་གྱིས་བརླབ།) དེ་ནས་དབང་བསྐུར་བའི་དོན་དུ་ཐུགས་ཀའི་ ཧཱུཾ་གི་འོད་ཟེར་གྱིས་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པ་རྣམས་མདུན་གྱི་ནམ་མཁར་ སྤྱན་དྲངས་པ་ལ་ཨརྒྷཾ་ལ་སོགས་པས་མཆོད། ༀ་ཨ་བྷི་ཥིཉྩ་ཏུ་མི་སརྦ་ཏ་ཐཱ་ག་ཏ། (དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ།) ཞེས་གསོལ་བ་བཏབ་པས། དེ་དག་གིས་ རིན་པོ་ཆེའི་བུམ་པ་བདུད་རྩིས་གང་པ་ཐོགས་ཏེ། གུར་ཀུམ་དང་མེ་ཏོག་ལ་སོགས་པས་ཆར་ འབེབས་ཤིང༌། རྔ་བོ་ཆེ་ལ་སོགས་པས་སྒྲ་སྒྲོགས་པ་དང༌། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ བརྗོད་བཞིན་པས། དབང་བསྐུར་ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱིས་གསང་གསུམ་གྱི། །གནས་ནས་འབྱུང་བ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་(པ་ཡེ་ཤེས་ཀྱིས། དེའི་ཐུགས་ ཀའི་ཧཱུཾ་གི་འཕྲོ་འདུས། ཡེ་ཤེས་པ་སྤྱན་དྲངས། དགུག་གཞུག་བྱས་ལ། སངས་རྒྱས་རྣམས་ཀྱིས་བདག་ལ་དབང་བསྐུར། ལྷག་ པའི་ཆུ་ལ་མི་བསྐྱོད་རྡོ་རྗེ་ཞེས་ཀྱང་བཤད།)བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། དྲི་མ་ ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་རྡོ་རྗེ་སེམས་དཔས་དབུ་བརྒྱན། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུ་བརྒྱན་(པར་བསམ)། སླར་ཡང་སྙིང་ཁའི་འོད་ཟེར་གྱིས་ མདུན་གྱི་ནམ་མཁར་ཡེ་ཤེས་པ་ལྷ་ལྔའི་དཀྱིལ་འཁོར་སྤྱན་དྲངས་(པར་བསམ)། ཨརྒྷཾ་སོགས་ དང༌། ཛཿཧཱུཾ་བཾ་ཧོཿཞེས་དང༌། དགུག་གཞུག་བཅིང༌། མཉེས་པར་བྱས་ལ། དམ་ཚིག་སེམས་ དཔའི་ཐུགས་ཀར། རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང༌། དེའི་ཐུགས་ཀར་ཏིང་ངེ་ འཛིན་སེམས་དཔའ་ཧཱུཾ་ཡིག་དམར་པོ་(དེ་ནས་)ཧཱུཾ་དེ་ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་ 4-1-76 སྤྱན་དྲངས་ཏེ། ཞལ་ནས་གཞུག ཐུགས་ཀར་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པད་མར་འཕྲོས་ པ་ལས་བྱུང་བའི། མཆོད་པའི་ལྷ་མོ་དཔག་ཏུ་མེད་པས། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ མཆོད་པ་འབུལ་བ(ར་བསམས་ཤིང༌)། ༀ་སརྦ་ཏ་ཐཱ་ག་ཏ་ཤྲི་རཀྟ་ཡ་མཱ་རི་མཎྜ་ལ་ས་པཱ་རི་ཝཱ་ རཱཿཨརྒྷཾ་སོགས། དེ་ནས་ནང་མཆོད། (དེ་ནས་རྡོ་རྗེ་བདུད་རྩི་འཐོར་ཞིང༌།) ༀ་ཨཱཿབིག་ནཱན་ཏ་ཀྲིཏ་ ཧཱུཾ(གིས་གསང་)། སྭ་བྷ་ཝས་(སྦྱངས་)སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་ དབྱིབས་ཅན་བ་དན་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་ བས་མཚན་པ། ཨུ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ། ནང་དམར་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། པཾ་ལས་པད་མ་འདབ་བརྒྱད་ཀྱི་ཕྱོགས་བཞིར་ དང་དབུས་སུ། (ཤར་སོགས་རིམ་བཞིན།) བུཾ་ཨཾ་ཛིཾ་ཁཾ་ཧཱུཾ། རིགས་ལྔའི་རང་གཞིན་ཅན་ཞུ་བ་ལས་ བྱུང་བའི། (ཤ་ལྔ་ནི་)གོ་ལས་བ་ལང་གི་ཤ ཀུ་ལས་ཁྱིའི་ཤ ད་ལས་གླང་པོ་ཆེའི་ཤ། ཧ་ལས་ རྟའི་ཤ ན་ལས་མིའི་ཤ (མེ་སོགས་)མཚམས་བཞི་དང་དབུས་སུ(རང་བཞིན)། ལཱཾ་མཱཾ་པཱཾ་ཏཱཾ་བཱཾ། ཡུམ་ ལྔའི་རང་བཞིན་ཅན་ཞུ་བ་ལས་བྱུང་བའི་བདུད་རྩི་ལྔ། (བདུད་རྩི་ལྔ་ནི།) བཾ་ལས་དྲི་ཆེན། ར་ལས་ ཁྲག ཤུ་ལས་ཁུ་བ། མཱ་ལས་རྐང༌། མཱུ་ལས་དྲི་ཆུ། ༀ་ལས་ཟླ་བའི་དཀྱིལ་འཁོར་གྱི་ཁ་བཅད་ པའི་སྟེང་དུ། ཧཱུཾ་ལས་དབྱུག་པ་དཀར་པོ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རླུང་གཡོས། མེ་ སྦར། རྫས་ཐམས་ཅད་ཁོལ་ཞིང་ཞུ་བ་རྡོ་རྗེའི་དབྱུག་པས་བཀྲུགས་པས། འོ་མ་ལྟ་བུར་གྱུར་ ནས། ཁ་ཆོད་ཟླ་བ་དང༌། རྡོ་རྗེའི་དབྱུག་པ་ཡང་ཞུ་ཞིང་གཅིག་ཏུ་འདྲེས་པ་ལས། བདུད་རྩི་ཉི་ མ་གཞོན་ནུ་འམ། དངུལ་ཆུའི་རྣམ་པ་ལྟ་བུར་གྱུར། ལག་པ་གཡོན་པ་དང༌། གཡས་པ་དང་། བྱ་ཁྱུང་དང༌། འཁྱིལ་པའི་ཕྱག་རྒྱ་རྣམས་བསྟན་ཅིང༌། དེ་དག་ལ་གནས་པའི་ༀ་ཨཱཿཧོཿཧཱུཾ་གི་ འོད་ཀྱིས་སྦྱངས། སྤེལ་བདུད་རྩིས་སྒྲོན་མ་ལྟ་བུར་བྱས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བསྟན་ཅིང༌། ༀ་ཨཱཿཧཱུཾ་ཞེས་བརྗོད་པས་ཁམས་གསུམ་གྱི་བདུད་རྩི་མཐའ་དག་བཀུག་ནས་ཐིམ་པས། ཁ་ 4-1-77 དོག་དང༌། དྲི་དང༌། རོ་དང༌། ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་(པར་བསམ)། ༀ་ ཨཱཿཧཱུཾ་(གཡོན་པའི་འཐེབ་སྲིན་གྱིས་བླངས་ཏེ།) མཆོད་དོ། །རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་ པ་རྣམས་དང༌། ཡི་དམ་རྒྱལ་བ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་བསྲུངས་ མའི་ཚོགས་ཐམས་ཅད་ལ་འབུལ་ལོ། །གནས་བདག གཞི་བདག རིགས་དྲུག་འབྱུང་ པོའི་ཚོགས་ཐམས་ཅད་ཀྱང་ཚིམ་ཞིང་རྒྱས་པར་གྱུར་ཅིག (ནང་མཆོད་བསྟོད་པའི་རྗེས་སུ་གསུངས་ཀྱང་། ཆོས་རྗེ་སྤྱི་དང་མཐུན་པར་བསྟོད་པའི་གོང་དུ་གསུངས་པ་བཞིན།) དེ་ནས་ལྷ་མོ་རྣམས་དང་འཁོར་རྣམས་ཀྱིས་ གཙོ་བོ་ལ་བསྟོད་པར་བསམ་ཞིང༌། ཀྱཻ། གཤིན་རྗེའི་གཤེད་དམར་པོ། །བླ་མ་སྲིན་པོའི་ གཟུགས་རང་བཞིན། །ཁྱོད་མཐོང་ཁོ་བོ་རྣམ་པར་འཇིགས། །བླ་མ་ཁྲོ་བོའི་རང་བཞིན་ སྥོ ངས། །ཁྱོད་ཀྱིས་གར་མཛད་ས་སྟེང་དང༌། །ས་བླ་དང་ནི་ས་འོག་གཡོ། །ཆགས་པས་བརྒྱན་ པ་ཁྲོ་བོའི་ཡིད། །གར་མཛད་ཁྱོད་ནི་རོ་ལངས་ལགས། །སྐུ་ལུས་སྦོམ་ཐུང་དམར་བ་སྟེ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་པ། །རྡོ་རྗེའི་རོ་ལངས་མ་ཡིས་བཏུད། །གར་མཛད་ཁྱོད་ ནི་བདེ་བ་ཆེ། །ཧྲཱིཿཥྚཱིའིཿགསང་སྔགས་དག་གིས་ཁྱོད། །ས་གསུམ་པོ་ཡི་འཁྲུལ་པ་སེལ། །ཐུགས་རྗེའི་ཁྲོ་བོ་རྗེ་བཙུན་ཁྱོད། །གར་མཛད་འགྲོ་བ་ཡོངས་ལ་གཟིགས། །ཞེས་བརྗོད་ལ། སྒྲ་དང་སྒྲ་བརྙན་གྱི་ཚུལ་གྱིས་གཙོ་བོས་ཀྱང་འཁོར་རྣམས་ལ་བསྟོད་པར་བསམ་ཞངི ༌། གཏི་ མུག་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ཤིན་ཏུ་འཇིགས། །སྟོན་པ་སངས་རྒྱས་ ཀུན་རང་བཞིན། །སྐུ་ཡི་རྡོ་རྗེ་ཁྱོད་ཕྱག་འཚལ། །སེར་སྣ་རྡོ་རྗེའི་རང་བཞིན་ཁྱོད། །གཤིན་རྗེ་ གཤེད་པོ་ཤིན་ཏུ་འཇིགས། །སེམས་ཀྱི་རྡོ་རྗེ་རབ་ཏུ་གསལ། །རིན་ཆེན་རྡོ་རྗེ་ཁྱོད་ཕྱག་ འཚལ། །འདོད་ཆགས་རྡོ་རྗེའི་རང་བཞིན་ཁྱོད། །ཁྱབ་བདག་ཆགས་པ་ཆོས་འབྱུང་གནས། །དབྱངས་མཆོག་ཀུན་གྱི་མཆོག་གི་མཆོག །གསུང་གི་རྡོ་རྗེ་ཁྱོད་ཕྱག་འཚལ། །ཕྲག་དོག་རྡོ་ རྗེའི་རང་བཞིན་ཁྱོད། །གཤིན་རྗེ་གཤེད་པོ་ལས་ཀུན་བྱེད། །སྐུ་ཡི་རྡོ་རྗེ་རབ་གསལ་བ། 4-1-78 །ཕྱག་ན་རལ་གྲི་ཁྱོད་ཕྱག་འཚལ། །ཡང་འཁོར་རྣམས་ཀྱིས་གཙོ་བོ་ལ་བསྟོད་པ། སངས་རྒྱས་ ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པས། །སངས་རྒྱས་ཀུན་ རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ ཛ་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ྅(དེ་པ་ཐམས་ཅད་ཀྱི་མཆོད་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ང་ཡིན)ཧཾ། ཞེས་ བརྗོད། དེ་ནས་རྫོགས་རིམ་ནི། རྒྱུད་ལས། ཡེ་ཤེས་འོད་ཀྱིས་སྙིང་ཁར་བཀུག ། ཀུན་ཏུ་རྟོག་པ་ ཐམས་ཅད་སྤངས། །ཞེས་པ་ལྟར། ཏིང་ངེ་འཛིན་སེམས་དཔའི་འོད་ཟེར་གྱིས་ཕྱི་སྣོད་ཀྱི་ འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང༌། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷའི་འཁོར་ ལོར་བྱས་ནས་རྟེན་དང་བརྟེན་པར་བྱས་པའི་དཀྱིལ་འཁོར་ལ་བསྡུ་ཞིང༌། དེ་རྣམས་ཀྱང་གཙོ་ བོ་ཡབ་ཡུམ་དང༌། ཡུམ་ཡང་ཡབ་དང༌། ཡབ་ཡེ་ཤེས་སེམས་དཔའ་དང༌། དེའང་ཏིང་ངེ་ འཛིན་སེམས་དཔའ་ཧཱུཾ་དང་ཧཱུཾ་གི་ཞབས་ཀྱུ་ཁོག་པ་དང༌། དེ་མགོ་བོ་དང༌། དེ་ཟླ་ཚེས་དང༌། དེ་ཐིག་ལེ་དང༌། དེ་ནཱ་ད་ལ་བསྡུས་ཏེ། ནཱ་ད་ཡང་ཇེ་ཕྲ་ཇེ་ཕྲ་སོང་བ་མཐར་འོད་གསལ་ལ་ ཐིམ་པའི་ངང་དུ་དུས་གསུམ་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་སྤང་སྟེ་མཉམ་པར་ བཞག་ཅིང༌། འོད་གསལ་གྱི་ངང་ལས་ཆུ་ལས་ཉ་ལྡང་པའི་ཚུལ་དུ་སྐད་ཅིག་གིས་རྟེན་དང་ བརྟེན་པར་བཅས་པའི་དཀྱིལ་འཁོར་སྔར་བཞིན་གསལ་བཏབ་ལ། ཟུང་འཇུག་གི་ངོ་བོར་ བསྒོམ་པར་བྱའོ། ། དེ་ནས་སྐབས་ཇི་ལྟ་བར། དཀྱིལ་འཁོར་གྲུ་བཞི་བདེན་པ་བཞི། །སྒོ་བཞི་བདུད་བཞི་ སྐྲག་པར་བྱེད། །ཟུར་བཞི་ཚངས་པའི་གནས་བཞི་སྟེ། །རྟ་བབས་བཞི་ནི་བསྡུ་བ་བཞི། །ཞེས་ པ་ལ་སོགས་པ་གཞལ་ཡས་ཁང་གི་དག་པ་དང༌། བཅོམ་ལྡན་འདས་ཀྱིས་བརྩེ་བར་མཛད། །དུག་ལྔ་གཤིན་རྗེ་གཤེད་མཆོག་གཟུགས། །དུག་ལྔས་མནན་པའི་འགྲོ་ལ་གཟིགས། །དུག་ ལྔ་ཐམས་ཅད་ཟད་པར་མཛད། །ཅེས་པ་(ཞེ་སྡང་)ལ་སོགས་པ་སོ་སོར་སྦྱར་བ་ཡབ་(ལྔ་ཡེ་ཤེས་) 4-1-79 ལྔའི་དག་པ་དང༌། བྱམས་པ་ཙར་ཙི་ཀར་གསུངས་ཏེ། ཕག་མོ་དེ་བཞིན་སྙིང་རྗེའོ། །དབྱངས་ ཅན་དགའ་བར་ཤེས་བྱ་སྟེ། །བཏང་སྙོམས་གཽ་རིའི་གཟུགས་སུ(ངོ་བོར་དག་པ)འོ། །ཞེས་པ་ཡུམ་ བཞིའི་དག་པ་དང༌། ཆགས་སོགས་གཞན་གྱུར་སྐུ་མདོག་དམར། །དུས་གསུམ་མཁྱེན་པས་ སྤྱན་གསུམ་པ། །(དངོས་པོ་དང་དངོས་མེད་ཀྱི་)མཐའ་གཉིས་རྟོགས་སྤངས་ཕྱག་གཉིས་ཏེ། །(ཡབ་ ཡུམ་)ཐབས་དང་ཤེས་རབ་མཉམ་པར་སྦྱོར། །ཞེས་པ་(ཆོས་རྗེས་རྒྱུད་ཀྱི་དོན་བསྡུས་པ་ལྟར་དྲན་པར་བྱའོ།།) ཁྱད་པར་གཙོ་བོའི་དག་པའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་ཕྲེང་བ། བདུད་རྩིས་ སྦྱངས་ཏེ། ཕྲེང་རྡོག་རྣམས་གཤིན་རྗེ་གཤེད་དུ་བསྐྱེད། བྱིན་བརླབ། དབང་བསྐུར། ཡེ་ཤེས་ པ་བཅུག་ནས་མཆོད་དེ་ཞུ་བ་ལས་བྱུང་བའི་ཕྲེང་བ་བཟུང་ནས་ཐུགས་ཀའི་ཧཱུཾ་ལས། སྔགས་ ཀྱི་ཕྲེང་བ་འོད་ཟེར་འབར་བ། ཁྲོ་བོའི་ཚོགས་དང་བཅས་པ་འཕྲོས་པས། སེམས་ཅན་ཐམས་ ཅད་ཀྱི་དོན་བྱས། སླར་འདུས་རང་ཉིད་ལ་ཐིམ་པས་ཞི་རྒྱས་ལ་སོགས་པའི་འཕྲིན་ལས་ བསྒྲུབ་པར་མོས་པས་བཟླ་བ་འོད་ཟེར་སྤྲོ་བསྡུའམ་དམ་ཚིག་གི་བཟླས་པའོ། །སྔགས་ཕྲེང་ ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པད་མར་ཞུགས། ཡུམ་གྱི་ཞལ་ནས་འཐོན། ཡབ་ཀྱི་ཞལ་དུ་འཁོར་ བར་བསམས་ཏེ། ཞི་ཞིང་ལྷོ ད་པའི་ཚུལ་གྱིས་བཟླས་པ་ནི། ཁྱོད་ཀྱི་བཟླས་པའོ། །དེ་ལས་ ལོག་སྟེ། ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དང༌། མཁའ་ནས་རྡོ་རྗེར་འཁོར་བར་བསམས་ཏེ། གདུག་ཅིང་རྩུབ་པའི་ཚུལ་གྱིས་དྲག་ཏུ་བཟླས་པ་ནི། ཁྲོ་བོའི་བཟླས་པ་སྟེ། བཟླས་ལུགས་ གསུམ་པོ་གང་མོས་ཀྱི་སྒོ་ནས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་སྙིང་པོ་ནས་ བསྐུལ་ཞིང༌། གསོལ་བ་འདེབས་པའི་བསམས་པས། ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་(རྣམ་པར་འགྱུར་ བའི་ཞལ་ཅན་)ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། (ཞེས་པ་ཐུགས་ཀྱི་སྙིང་པོའོ། །)ཞེས་པ་སྙིང་པོའི་སྔགས་དང༌། ༀ་ཡ་ མཱན་ཏ་ཀྲིད་(རྣལ་འབྱོར་དབང་ཕྱུག་ལྔ་དང་)ཧཱུཾ་ཧཱུཾ་ཕཊ། ༀ་ཧྲཽ།ཾ ཀྵཽ།ཾ ཀྵ་ཡཾ། ཀ་ར་ཡ(ཟད་པར་བྱེད)། གྲིཧྣ་ གྲིཧྣ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཉེ་བའི་སྙིང་པོ་དང༌། ༀ་མཧཱ་ཡཀྵ་སེ་ན་ཨ་ཏི་པ་ཏ་ཡེ(གནོད་ 4-1-80 སྦྱིན་གྱི་སྡེ་དཔོན་ཆེན་པོ)། མཧཱ་དུར་དཱན་ཏ་མ་ཀ་ཡ(དུལ་དཀའ་འདུལ་བ་ཆེན་པོ)། ནཱ་ཤ་ཡ་ན་ཤ་ཡ(གཞོམ་ པར་མཛོད་གཉིས)། བི་ཏྲ་པ་ཡ་བི་ཏྲ་པ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་ཕྲེང་བའི་སྔགས་དང༌། ༀ་ དྭཻ་ཥ་ར་ཏི་(ཞེ་སྡང་དགའ་མ)ནུ་ཏ་ནུ་ཏ་(ཆོམ་ཆོམ་)ཏྲུ་ཊ་ཏྲུ་ཊ་(ཆོད་ཆོད་)ཧཱུཾ་ཛ་སྭཱཧཱ། ཞེས་པས་གཙོ་མོའི་ སྔགས་དང༌། ༀ་མོ་ཧཱན་ཏ་ཀྲིད་(གཏི་མུག་མཐར་བྱེད་)ཧཱུཾ་ཧཱུཾ་ཕཊ། ༀ་པཻ་ཤུ་ནན་ཏ་ཀྲིད་(ཕྲ་མ་མཐར་བྱེད་ )ཧཱུཾ་ཧཱུཾ་ཕཊ། ༀ་རཱ་གན་ཏ་ཀྲིཏ་(འདོད་ཆགས་མཐར་བྱེད་)ཧཱུཾ་ཧཱུཾ་ཕཊ། ༀ་ཨཱི ར་ཥྱ་ཏ་ཀྲིཏ་(ཕྲག་དོག་མཐར་ བྱེད་)ཧཱུཾ་ཧཱུཾ་ཕཊ། ཞེས་པ་དཔའ་བོ་བཞིའི་སྔགས་དང་། ༀ་མོ་ཧཱ་ར་ཏི་(གཏི་མུག་དགའ་མ)ཧཱུཾ་ཛཿ ༀ་ བི་ཤུ་ན་རཱ་ཏི་(ཕྲ་མ་དགའ་མ་)ཧཱུཾ་ཛཿ ༀ་རཱ་ག་ར་ཏི་(འདོད་ཆགས་དགའ་མ་)ཧཱུཾ་ཛཿ ༀ་ཨཱི ར་ཥྱ་ར་ཏི་(ཕྲག་ དོག་དགའ་མ)ཧཱུཾ་ཛཿ ཞེས་པ་དཔའ་མོ་བཞིའི་སྔགས་རྣམས་ཇི་སྲིད་མི་སྐྱོ་བའི་བར་བཟླས་པ་ བྱའོ། །དེ་ནས་ཕྱིའི་མཆོད་པ་རྣམས་སྔ་མ་ལྟར། བསངས་ཤིང་སྦྱངས་ཏེ། སྟོང་པའི་ངང་ལས། ཨཱཿལས་ཡེ་ཤེས་ཀྱི་ཀ་པ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུཾ་ཞུ་བ་ལས། ལྷ་རྫས་ ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་དྭངས་ཤིང་ཐོགས་པ་མེད་པ། ཡུལ་ས་དང་བར་སྣང་ཐམས་ ཅད་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འབྱུང་བ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། བཀོད་པ་བསམ་གྱིས་མི་ཁྱབ་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་ བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུར་གྱུར། ཨརྒྷཾ་ལ་སོགས་པའི་མཐར། ༀ་ཨཱཿཧཱུཾ། ཞེས་ བརྗོད་པས། བྱིན་གྱིས་བརླབ་བོ། ། དེ་བཞིན་དུ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསངས་ཤིང་སྦྱངས་ཏེ། སྟོང་པའི་ངང་ལས་ བསྲུང་བའི་འཁོར་ལོ་དང༌། ཆོས་ཀྱི་འབྱུང་གནས་གྱི་ནང་དུ། འབྱུང་བ་རིམ་བརྩེག རི་རབ་ དང་བཅས་པའི་སྟེང་གི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། སྣ་ཚོགས་པད་མ་འདབ་བརྒྱད། ལྟེ་བར་ཉི་མའི་དཀྱིལ་འཁོར་དང་བཅས་པ་ལ། དབུས་དང་ཕྱོགས་བཞིར་བཅོམ་ལྡན་འདས་ 4-1-81 དཔལ་གཤིན་རྗེ་གཤེད་རྒྱལ་བ་རིགས་ལྔ་ཡུམ་དང་བཅས་པ། མཚམས་བཞིར་བུམ་པ་བཞི་ བདུད་རྩིས་གང་བ་ཐོད་པས་བརྒྱན་པ་སྐད་ཅིག་གིས་གསལ་བར་བསྐྱེད། རྒྱས་པ་ལ་མོས་ ན། དབང་བསྐུར། ཡེ་ཤེས་པ་གཞུག་པའི་བར་སྔར་གཞིན་བྱས་ལ། གཞན་ཡང་བླ་མ་ཡི་ དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་ མ་ཛཿ ཞེས་པས་སྤྱན་དྲངས་པ་ལ། མདུན་གྱི་ནམ་མཁར་གང་པར་བཞུགས་པར་མོས། ཕྱིའི་མཆོད་པ་ནི། འཛམ་བུ་གླིང་དང་གླིང་གཞན་དག །མཆོད་ཡོན་གྱིས་ནི་རབ་བཀང་ནས། །སྟོང་གསུམ་ལ་ སོགས་དེ་བཞིན་ཏེ། །ཁྲོ་བོ་གཤིན་རྗེ་གཤེད་ལ་འབུལ། །ཞེས་པ་ནས། སིལ་སྙན་གྱིས་ནི་ རབ་བཀང་བ། །ཞེས་པའི་བར་དུ་འདོན་པ་བསྒྱུར་བ་རྣམས་སྔར་བཤད་པའི་(ཨརྒྷཾ་ཞེས་སོགས་ ཀྱི་)སྔགས་དང་བཅས་ཏེ་དབུལ་བར་བྱའོ། །སིལ་སྙན་གྱི་སྐབས་སུ། ༀ་བཛྲ་དྷརྨ་ར་ཎི་ཏ(རྡོ་ རྗེ་ཆོས་ཀྱི་སྒྲ)། པྲ་ར་ཎི་ཏ(རབ་ཏུ་སྒྲོགས་པ)། སཾ་པྲ་ཏ་ཎི་ཏ(ཡང་དག་པ་སྒྲོགས་པ)། སརྦ་བུདྡྷ། ཀྵེ་ཏྲ། པྲ་ ཙ་ལི་ཏེ(སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡང་དག་པར་གཡོ་བར་བྱེད་པ)། པྲཛྙཱ་པ་ར་མི་ཏ་ནཱ་ད་སྭ་བྷཱ་ཝེ (ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་རང་བཞིན)། བཛྲ་སཏྭ་ཧྲི་ད་ཡ་སཾ་ཏོ་ཥ་ནི་(རྡོ་རྗེ་སེམས་དཔའི་ཐུགས་དམ་དང༌། རང་ མཉེས་པར་བྱེད་པ་)ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོཿཧོཿསྭཱཧཱ། ཞེས་བརྗོད་ཅིང་རོལ་མོ་བྱའོ། །གཞན་ཡང༌། རིན་ཆེན་ བདུན་གྱིས་རབ་གང་བ། །ཞེས་དང༌། སབ་ཏ་རཏྟ། འདོད་ཡོན་ལྔ་ཡིས་རབ་གང་བ། །པཉྩ་ ཀ་མ་གུ་ཎ། གོས་དང་རྒྱན་གྱིས་རབ་གང་བ། །ཝསྟྲ་ཨཱ་ཝ་ར་ཎ། ཞེས་པའི་སྔགས་རྣམས་ ཀྱི་མགོར་ཨོཾ་དང་མཇུག་ཏུ་བཛྲ་པུ་ཛི་ཏེ་ཨཱཿཧཱུཾ། ཞེས་སྦྱར་བས་དབུལ་ལོ། །དེ་བཞིན་དུ་ནང་ མཆོད་སྔ་མ་ལྟར་བྱིན་གྱིས་བརླབས་ནས། དཔལ་ལྡན་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོའི་ ཞལ་དུ་ༀ་ཨཱཿཧཱུཾ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་ འགྲོ་མ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འབིར་ཝ་པ། ཌོ་བཾ ི་ཧེ་རུ་ཀ བི་ར་ཌི་པ། མ་རི་ གརྦྷ། གཾ་བི་ར་མ་ཏི། ནིསྐ་ལམ་ག་དེ་བ། དཔྱལ་ལོཙྪ་བ་ཆོས་ཀྱི་བཟང་པོ། རྗེ་བཙུན་དགའ་ 4-1-82 ལོ། རོང་པ་ཤེས་སེང༌། བླ་མ་དཔལ་ལྡན་སེང་གེ །ཆོས་རྗེ་དྷརྨ་ཀིརྟི། མཚུངས་མེད་མ་ཏི་པཎ་ ཆེན། དཔལ་ལྡན་རྩ་བའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཡང་བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་ཁ་ཆེ། ལོ་ཙྪ་བ་རིན་ཆེན་རྣམ་རྒྱལ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང་དབང་རྒྱུད་མན་ངག་ཐོབ་པའི་བླ་མ་བརྒྱུད་པ་དང་བཅས་པའི་ཞལ་དུ་ༀ་ཨཱཿཧཱུཾ། སྡེ་སྣོད་གསུམ་དང་འབྲེལ་བའི་གཞུང་བཤད་བཀའ་ལུང་མན་ངག་ཐོབ་པའི་བླ་མ་བརྒྱུད་པ་ དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། བཅོམ་ལྡན་འདས་དཔལ་ལྡན་གཤིན་རྗེ་གཤེད་ ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ཧྲཱིཿཥྚཱིཿསོགས་སྙིང་པོ་རྣམས་ཀྱི་ མཇུག་ཏུ། ༀ་ཨཱཿཧཱུཾ་སྦྱར་ཏེ། མཆོད་པ་འབུལ། ཡང་རྒྱུད་སྡེ་བཞི་མན་ངག་དང་བཅས་པའི་ལྷ་ ཚོགས། སྐྱབས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ ཚོགས་ཐམས་ཅད་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། བདུད་རྩི་གནས་གསུམ་དུ་རེག་ཅིང༌། རང་ལུས་རྒྱལ་ བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། སངས་རྒྱས་ཀྱི་བསྟན་པ་གཉན་ པོ་སྲུང་བར་ཞལ་གྱིས་བཞེས་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་ པ། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། ཕྱག་དྲུག་པ། རྣམ་མང་ཐོས་པའི་སྲས་པོ། དཔལ་ ལྡན་ཞལ་བཞི་པ་འཁོར་དང་བཅས་པ། དཔལ་ཚངས་པ་དང་བརྒྱ་བྱིན། རྒྱལ་པོ་ཆེན་པོ་སྡེ་ བཞི། གཙང་རིས་ཀྱི་དཔལ་མགོན་པོ་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་ དུ། ༀ་ཨཱཿཧཱུཾ། མཁའ་འགྲོ་སྡེ་ལྔ། དཔའ་བོ་དང༌། རྣལ་འབྱོར་མའི་ཚོགས་ཐམས་ཅད་དང༌། མདོར་ན་སྲུང་མ་རྒྱ་མཚོའི་ཚོགས། དམ་ཅན་མཁའ་འགྲོའོ་ཚོགས། བསྟན་པ་ལ་མངོན་པར་ དགའ་བ་རྣམས་དང༌། འཇིག་རྟེན་གྱི་འབྱུང་པོ་མཐུ་སྟོབས་ཅན་འཁོར་དང་བཅས་པ་ཐམས་ ཅད། ཡུལ་ཕྱོགས་དང་ཉེ་འཁོར་གྱི་གནས་བདག་གཞི་བདག་ཐམས་ཅད་ཀྱི་ཞལ་དུ་ༀ་ ཨཱཿཧཱུཾ། འགྲོ་བ་རིགས་དྲུག །ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ 4-1-83 ཐམས་ཅད་ཚིམ་ཞིང་རྒྱས་ནས། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་གྱུར་ ཅིག །ༀ་ཨཱཿཧཱུཾ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། ཀྱཻ། གཤིན་རྗེ་གཤེད་དམར་པོ། ཞེས་ སོགས་རྣམས་དང༌། གཞན་ཡང༌། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་སོགས་ཇི་ལྟར་ རིགས་པའི་ཚིག་གིས་བསྟོད་ཅིང༌། དོན་ཡིད་ལ་དྲན་པས་སོ། །དེ་ནས་གཏོར་མ་ནང་མཆོད་ ལྟར་བྱིན་གྱིས་བརླབས་ལ། ཛཿཧཱུཾ་བཾ་ཧོཿཞེས་པས། དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སརྦ་ དུཥྚན་ཨིནྡྲ་དཱིན་ས་པཱ་རི་ཝཱ་རན། ཨ་ཀར་ཤ་ཡ་ཛཿ (གདུག་པ་ཅན་དབང་པོ་ལ་སོགས་པའི་འཁོར་དང་ བཅས་པ་ཐམས་ཅད་ཁུག་ཅིག) ཞེས་བརྗོད་ཅིང༌། ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་སྤྲོས་པས། (ཕྱོགས་བཞིར།) དབང་པོ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང༌། །(མཚམས་བཞིར།) དབང་ལྡན་མེ་ལྷ་ སྲིན་པོ་རླུང་ལྷ་དང༌། །(སྟེང་)ཟླ་བ་ཉི་མ་ཚངས་པ་སའི་ལྷ་མོ། །ཐག་བཟང་རིས་དང་ཉེ་དབང་ ཚོགས་བདག་སོགས། །(ཁམས་གསུམ་གྱི་)ཕྱོགས་སྐྱོང་འབྱུང་པོའི་ཚོགས་དང་བཅས་པ་རྣམས། །བྱོན་ནས་དཀྱིལ་འཁོར་ཆེན་པོའི་ཕྱོགས་བཅུར་བཞུགས། །ཞེས་པ་ལྟར་བཀུག་ནས། སླར་ཡང་ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ། སརྦ་དུཥྚ་ཨིནྡྲཱ་དིན་ས་པཱ་རི་ཝ་རཱན་ཀི་ལ་ཡ་ཧཱུཾ་ ཕཊ། ཅེས་བརྗོད། གདུག་པ་ཅན་དབང་པོ་ལ་སོགས་པའི་འཁོར་དང་བཅས་པ་ཐམས་ཅད་ ཁུག་ཅིག །ཁྲོ་བོ་རྣམས་ཀྱིས་ཕུར་བུས་(སྤྱི་བོ་ནས་རྐང་པའི་བར་)བཏབ་པ་དང་། །གྲུབ་པའི་དངུལ་ ཆུའི་བཅུད་ཀྱིས་རེག་པ་ན། །ལྕགས་རྣམས་གསེར་དུ་འགྱུར་བ་དེ་བཞིན་དུ། །རྡོ་རྗེ་ཕུར་བུས་ རེག་པ་ཙམ་གྱིས་ཀྱང༌། །ཕྱོགས་སྐྱོང་འཁོར་བཅས་གཤིན་རྗེ་གཤེད་དུ་གྱུར། །ཅེས་པ་ལྟར། ཐམས་ཅད་གཤིན་རྗེ་གཤེད་ཡབ་ཡུམ་དུ་གྱུར་པའི་གནས་གསུམ་དུ། ༀ་ཨཱཿཧཱུཾ་གིས་མཚན་ པ་ལ། དབང་གི་ལྷ་རྣམས་ཀྱིས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཅེས་སོགས་ཀྱིས་དབང་ བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས། ཐམས་ཅད་ལ་གཙོ་བོས་དབུ་བརྒྱན་པར་ 4-1-84 གྱུར(པར་བསམ)། ཐམས་ཅད་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་དྲངས་ནས་གསོལ་བས་མཉེས་ པར་བསམས་ལ། ༀ་རཀྟ་མུ་གུ་ཊ་ཡ(དམར་པོའི་ཅོད་པན་ཅན)། རཀྟ་ཛ་ཊ་ཡ(དམར་པོའི་རལ་པ་ཅན)། རཀྟ་མུ་ཁཱ་ཡ(དམར་པོའི་ཞལ་ཅན)། རཀྟ་ཤ་རཱི་ར་ཡ(དམར་པོའི་སྐུ་ཅན)། རཀྟ་བྷཱུ་ཛཱ་ཡ(དམར་པོའི་ཕྱག་ ཅན)། རཀྟ་མུཎྜ་མཱ་ལ་ཨ་བྷ་ར་ཎ་ཡ(དམར་པོའི་མགོའི་ཕྲེང་བས་བརྒྱན་པ་ཅན)། རཀྟ་ར་ཐཱ་ས་མ་རུ་ དྷྲ་ཡ(དམར་པོའི་གཞོན་པ་ལ་མཉམ་པར་གནས་པ་ཅན)། རཀྟ་པད་མ་ཨ་ས་ནཱ་ཡ(དམར་པོའི་པད་མའི་གདན) ཅན། རཀྟ་མ་ལ་ཨ་བྷ་ར་ཎ་བྷུ་ཥ་ཎཱ་ཡ(དམར་པོའི་རྒྱན་གྱིས་བརྒྱན་པ་ཅན)། ཨཱི་དཾ(འདི)། བ་ལིཾ(གཏོར་ མ)། གྲིཧྣ་གྲིཧྣ(ཟུང་ཟུང་)། མ་མ་བིགྷ་ནི(བདག་གི་བགེགས་རྣམས)། ཧ་ར་ཧ་ར(ཕྲོགས་ཕྲོགས)། ཙ་ཏུར་ མཱ་རཱན(བདུད་བཞི་པོ་རྣམས)། ནི་བཱ་ར་ཡ(བྲལ་བར་མཛོད)། ནི་བཱ་ར་ཡ(བྲལ་བར་མཛོད)། ཏྲ་ས་ཡ(སྐྲག་པར་ མཛོད)། ཏྲ་ས་ཡ(སྐྲག་པར་མཛོད)། བྷྲ་མ་ཡ(སྐོར་ཅིག)། བྷྲ་མ་ཡ(སྐོར་ཅིག)། ཚིནྡྷ(གཏུབས་ཅིག)། ཚིནྡྷ (གཏུབས་ཅིག)། བིནྡྷ(ཕུག)། བིནྡྷ(ཕུག)། ན་ཤ་ཡ(ཉམས་པར་གྱིས)། ན་ཤ་ཡ(ཉམས་པར་གྱིས)། ཤོ་ཥ་ ཡ(སྐོངས་ཤིག)། ཤོ་ཥ་ཡ(སྐོངས་ཤིག)། ཚེ་ད(ཆོད་ཅིག)། ཚེ་ད(ཆོད་ཅིག)། བྷེ་ད(ཕྱེ་ཅིག)། བྷེ་ད(ཕྱེ་ཅིག)། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པས་ཡི་དམ་དང༌། ༀ་ཨིནྡྲ་ཡ་ན་མཿ(དབང་པོའི་ཆེད་དུ་མཆོད་དོ།།) ཧྲཱིཿ ཡ་ མ་ཡ་ན་མཿ(གཤིན་རྗེའི་ཆེད་དུ་མཆོད་དོ།།) ཥྚཱིཿ ཝ་རུ་ཎ་ཡ་ན་མཿ(ཆུ་བདག་གི་ཆེད་དུ་མཆོད་དོ།།)ཝི། ཀུ་ བེ་ར་ཡ་ན་མ་ཿ(ལུས་ངན་པའི་ཆེད་དུ་མཆོད་དོ།།)ཀྲི། ཨི་ཤ་ན་ཡ་ན་མཿ(དབང་ལྡན་གྱི་ཆེད་དུ་མཆོད་དོ།།)ཏ། ཨག་ན་ཡེ་(མེ་ལྷ་ལ་)ན་མཿཨ། ནི་རི་ཏྱ་ཡ(བདེན་བྲལ་ལ་)ན་མཿན། ཝ་ཡ་ཝེ་(རླུང་ལྷ་ལ་)ན་མཿན། ཙནྟྲ་ཡ་(ཟླ་བ་ལ་)ན་མཿཧཱུཾ། ཨ་ཀ་ཡ་(ཉི་མ་ལ་)ན་མཿཧཱུཾ། བྲཧྨ་ཎཻ་(ཚངས་པ་ལ་)ན་མཿཕཊ། བ་སུན་དྷ་ ར་ཡེ་(ནོར་འཛིན་མ་ལ་)ན་མཿཕཊ། བཻ་མ་ཅི་གཉིས་ནི་(ཐག་བཟང་རིས་ལ་)ན་མཿསྭཱ། བིཥྞུ་ཡ་(ཁྱབ་འཇུག་ )ན་མཿཧཱ། སརྦ་བྷུ་ཏེ་བྷྱ་ན་མཿ(འབྱུང་པོ་ཐམས་ཅད་ལ་མཆོད་དོ།།) ཧཱ་ཧཱ་ཧཱ། ཧཱི་ཧཱི་ཧཱི། ཧཱུཾ་ཧཱུཾ་ཧཱུཾ། ཕྲེཾ་ཕྲེཾ་ཕྲེཾ་ སྭཱཧཱ། ཞེས་པ་ལན་གསུམ་ལ་སོགས་པས། དབང་པོ་ལ་སོགས་པ་རྣམས་ལ་ཕུལ་བས་མཉེས་ པར་གྱུར་པར་མོས་པ་བྱའོ། །སླར་ཡང་ཨརྒྷཾ་ལ་སོགས་པས་མཆོད་ཅིང་། རྡོ་རྗེ་དང༌། དྲིལ་བུ་ 4-1-85 འཛིན་པས། གཏི་མུག་རྡོ་རྗེ་ཞེས་པ་ལ་སོགས་པས་བསྟོད་དེ། ཕྱོགས་སྐྱོང་འཁོར་དང་བཅས་ པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ལ་སོགས་པས་གསོལ་བ་བཏབ་ ལ། ཡི་གེ་བརྒྱ་པས་ལྷག་ཆད་ལ་སོགས་ནོངས་པ་བཟོད་པར་གསོལ་ཞིང༌། ཧ་ཧ། ཧེ་ཧེ། ཧོ་ཧོ། ཧཱུཾཧཱུཾ། (ཞེས་ས་བརྒྱད་ཀྱིས་སྔགས་སོ།།) ཞེས་ཀྱང་བརྗོད་དོ། །ༀ་ཨཱཿཧཱུཾ་མུཿཞེས་པས་མགྲོན་རྣམས་ གཤེགས་སུ་གསོལ་ལོ། །དེ་ནས་ཆོས་སྐྱོང་མཧཱ་ཀ་ལའི་གཏོར་མ་ལ། ལག་པ་གཡོན་པ་དང༌། གཡས་པ་དང༌། གཉིས་ཀ་དང༌། བྱ་ཁྱུང་གི་ཕྱག་རྒྱ་བསྟན་ནས། ༀ་ཨཱཿཧཱུཾ་ཧོཿ (ལན་གསུམ་གྱིས།) ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། མདུན་གྱི་ནམ་མཁར། དགྲ་ བགེགས་ཐམས་ཅད་མནན་པའི་སྟེང་དུ། པད་མ་དང༌། ཉི་མའི་གདན་ལ་ཧཱུཾ་མཐིང་ནག་ལས་ འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས། ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ། ཞལ་གཅིག ཕྱག་གཉིས་པ། གཡས་པ་ན་གྲི་གུག གཡོན་པ་ན་ཐོད་པ་ཁྲག་གིས་གང་བ། གཉིས་ཀའི་དབུས་ན་རྣམ་འཕྲུལ་གྱི་གཎྜེ་བསྣམས་ པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་ དང་སྦྲུལ་གྱིས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན་ཅན། དར་སྣ་ཚོགས་ཀྱི་ཅོད་ པན་དང༌། ལྷབ་ལྷུབ་ཀྱིས་མཛེས་པ། མིའུ་ཐུང་གེལ་བའི་འདུག་སྟངས་ཀྱིས་རོའི་གདན་ལ་ བཞུགས་པའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང༌། མདུན་ལ་མི་ནག སྟེང་ན་ནམ་མཁའ་ལྡི ང་གི་སྤྲུལ་པའི་ཕོ་ཉ་འཕྲོ་བ། མི་བསྐྱོད་པའི་ཅོད་པན་ཅན། ཡེ་ཤེས་ཀྱི་ མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡོན་དུ་ཊཀ་ལ་ཨེ་ཀ་ཛ་ཏི། སྐུ་མདོག་སྔོན་མོ་ ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་ཅིང༌། དར་དཀར་གྱི་ན་བཟས་སྟོད་གཡོགས་ཤིང༌། སྟག་གི་ 4-1-86 ལྤགས་པའི་ཤམ་ཐབས་ཅན། རལ་པའི་ལན་བུ་གཅིག་ཏུ་གྱུར་པ་གཡོན་དུ་འཕྱང་བ། ཁྲོ་མོའི་ རྣམ་པ་ཅན། དེའི་ལྟོ་བ་ཡངས་པའི་ནང་དུ། ཊཀ་ལས་ཁྲག་གི་རྒྱ་མཚོའི་དབུས་སུ་བྷྱོཿལས་ འདོད་པ་ཁམས་ཀྱི་དབང་ཕྱུག་མ་བུང་བུ་ག་པ་ལ་ཞོན་པ། སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་ བཞི་མ། གཡས་དང་པོ་ན་རལ་གྲི། གཉིས་པ་ན་ཐོད་པ་ཁྲག་གིས་གང་བ། གཡོན་དང་པོ་ན་ མདུང༌། གཉིས་པ་ན་རྩེ་གསུམ་འཛིན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ ཤིང༌། བ་ལང་གི་ཀོ་བས་སྨད་གཡོགས་པ། རེ་ལྡེའི་ཤམ་ཐབས་ཅན། སྦྲུལ་གྱི་སྐ་རགས་ བཅིངས་པ། སྤྱན་གསུམ་དང་ལྡན་ཞིང་། མི་རོ་རངས་པ་ཁར་བཅུག་ནས་མཆེ་བ་གཙིགས་ པ། སྙན་གཡས་པ་ལ་དུག་སྦྲུལ་དང༌། གཡོན་པ་ལ་སེང་གེས་བརྒྱན་པ། སྐུ་ལ་ཁྲག་གི་ཐིག་ ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་བཀོད་པ། ཤིན་ཏུ་རིད་པ། ལྟེ་བའི་ཐད་ཀ་ནས་ཉི་ མ་འཆར་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ(ར་མོས་སྟེ)། དེ་གཉིས་ཀའི་དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ(བཀོད་ནས)། རང་གི་སྙིང་ཁའི་འོད་ཀྱིས་འོག་མིན་ ནས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་མགོན་པོ་དང༌། རང་བཞིན་གྱི་གནས་ནས་ལྷ་མོ་ འཁོར་བཅས་སྤྱན་འདྲེན(པར་བསམས་ནས)། བཛྲ་ས་མ་ཛཿ (ཞེས་པ་དང༌། རྡོ་རྗེ་དང་དྲིལ་བུ་འཛིན་པས།) མགོན་པོ་འདིར་གཤེགས་གདན་ལ་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་ བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་སྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་ གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ༀ་ཤྲཱི་མཧཱ་ཀ་ལ་ཡེ་ཨེ་ཧྱ་ཧི། (དཔལ་ ནག་པོ་ཆེན་པོ་ཚུར་བྱོན་ཚུར་བྱོན།) མཧཱ་ཀ་ལ་དེ་ཝཱི་ཨེ་ཧྱ་ཧི(ལྷ་མོ་ཆེན་པོ་ཚུར་བྱོན་ཚུར་བྱོན)། ཞེས་ལན་མདུན་ དུ་བཀུག་ནས། ཛཿཧཱུཾ་བཾ་ཧོཿ(ཞེས་པས་དམ་ཚིག་པ་ལ་སྟིམ།) པད་མ་ཀ་མ་ལ་ཡ་སྟཱཾ(ཞེས་པས་གདན་ དབུལ)། ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། ཞེས་སོགས་ཀྱིས་མཆོད། (དམ་ཚིག་གི་ཕྱག་རྒྱ་བཅས་ལ།) ༀ་ཤྲཱི་མཧཱ་ 4-1-87 ཀ་ལ་ཡེ(དཔལ་ནག་པོ་ཆེན་པོ)། མཧཱ་ཀ་ལ་དེ་ཝི(ལྷ་མོ་ནག་མོ་ཆེན་མོ)། ས་མ་ཡ་སྨ་ར་ཡེ(དམ་ཚིག་དྲན་པར་ གྱིས)། ས་མ་ཡ་མ་ཏི་ཀྲ་མ་ཡེ(དམ་ཚིག་རིམ་པ་ལས་མ་འདའ་ཅིག)། ས་མ་ཡ་རཀྵན་ཏུ(དམ་ཚིག་སྲུངས་ཤིག)། དཔལ་རྡོ་རྗེ་ནག་པོ་ཆེན་པོ་དང༌། དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་རྣམས་ཀྱིས། བླ་མ་ དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་དབང་གིས་དམ་ ཚིག་གི་རིམ་པ་ལས་མ་འདའ་བར་དམ་ཚིག་སྲུངས་ཤིག སངས་རྒྱས་ཀྱི་བསྟན་པ་སྲུངས། དགེ་འདུན་གྱི་སྡེ་སྐྱོང༌། དཀོན་མཆོག་གི་དབུ་འཕངས་བསྟོད། ཁྱད་པར་བདག་ཅག་དཔོན་ སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ། སྡང་བར་བྱེད་པའི་དགྲ་དང༌། གནོད་པར་ བྱེད་པའི་བགེགས་ཐམས་ཅད་ཐལ་བ་རྡུལ་དུ་རླག་པར་མཛད་དུ་གསོལ། མདོར་ན་འགལ་ རྐྱེན་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ཐམས་ཅད་ཆོས་ལྡན་ཡིད་བཞིན་དུ་འགྱུར་པར་ མཛད་དུ་གསོལ། (ཞེས་པས་དམ་ལ་བཞག ཞལ་ནས་འོད་ཀྱི་སྦུ་གུ་བྱུང་བས་གཏོར་མ་གསོལ་བར་བསམ་ཞིང་རྡོ་རྗེ་ཐལ་ མོ་ཁ་གྱེན་དུ་ཕྱེ་ལ།) ༀ་ཤྲཱི་མཧཱ་ཀ་ལ་ཡེ་མཧཱ་ཀ་ལ་དེ་ཝི། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ(མཆོད་དོ་དེ་བཞིན་ གཤེགས་པ་ཐམས་ཅད།) བི་ཤྭཱ་མུ་ཁེ་བྷྱཿ(སྣ་ཚོགས་ཞལ་ཅན་རྣམས)། སརྦ་ཐ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ ག་ག་ན་ཀཾ(དོན་ཐམས་ཅད་ནམ་མཁའ་ལྟར་ཁྱབ་པར་འགྲོ་བ་འདི།) གྲིཧྣ་དཾ་བ་ལིང་ཏ་ཡེ་(གཏོར་མ་འདི་གཟུང་ བར)སྭཱཧཱ། ཞེས་པ་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། ཕྱི་ནང་གི་མཆོད་པས་ཀྱང་མཆོད། འོག་གི་སྔགས་རྣམས་ཀྱང་བཟླས་ནས། ཧཱུཾ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་ བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་རྩེག་འཇིག་བྱེད་པའི། །གཏུམ་པོ་ཁྱོད་ལ་བདག་ བསྟོད། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པ་གདུག་པའི་ཁྲག་བཀང་སྣོད། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །མདོག་ནག་ གཟུགས་ཐུང་གཟི་བརྗིད་ཆེ། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་ མོས་རི་རབ་བསྒྱེལ། ། དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་བདག་བསྟོད་ 4-1-88 དོ། །ཞེས་དང༌། དཔལ་ལྡན་མགོན་པོ་མཧཱ་ཀ་ལ་ཡེ། །ལྷ་ཆེན་དཔལ་འབར་ནག་པོ་མཐུ་བོ་ ཆེ། །མཧཱ་དེ་བའི་སྲས་པོ་དྲག་ཤུལ་ཅན། །ཚོགས་བདག་ཆེན་པོ་མཧཱ་ཀ་ལ་ཡེ། །འཇིགས་ བྱེད་ཆེན་པོ་མཧཱ་ཀ་ལ་ཡེ། །ལེགས་ལྡན་ནག་པོ་གྲོང་ཁྱེར་སུམ་བརྩེགས་དགྲ། །བསྟན་པ་ ཡོངས་ཀྱི་བསྲུངས་མ་ནག་པོ་ཆེ། །ཆོས་འཁོར་ཡོངས་ཀྱི་སྲོག་ཤིང་ནག་པོ་ཆེ། །དམ་ཚིག་ ཉམས་པའི་སྙིང་འབྱིན་ནག་པོ་ཆེ། །དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ། །འདིར་གཤེགས་ རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམ་ བུ་ལི་བའི་ཞལ་ཟས་འདི་བཞེས་ཤིག །སྨན་རཀ་ཕུད་ཀྱི་མཆོད་པ་འདི་བཞེས་ཤིག །སྔར་ བཅོལ་ལས་ཀྱི་གཏང་རག་གཉན་པོར་འབུལ། །ད་བཅོལ་ལས་ཀྱི་གསོལ་འདེབས་ཆེན་ པོར་བཞེས། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་ཟློག་པ་དང། །སྡང་པའི་དགྲ་དང་གནོད་ པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་ བཞིན་དུ་བརླག་པར་མཛོད། །བསྟན་པ་བསྲུང་པའི་ལས་འདི་མྱུར་དུ་བསྒྲུབས། །རྣལ་འབྱོར་ བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཅེས་དང༌། དེ་བཞིན་དུ། ལྷ་མོའི་སྔགས་བཟླས་ ནས། བྷྱོཿ རྒྱ་མཚོའི་ཀློང་ན་མེ་འབར་ཁྱོད། །ཆུ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་བཀའ་ལྡོ ག་ནག་མོ་ ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་ཀྱིས་ཤེས། །དེ་ལས་འཇིགས་པ་མེད་ པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །ནག་མོ་འཇིགས་གཟུགས་ཐོད་ཕྲེང་ཅན། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །ཅེས་པའི་མཐར། འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་སོགས་སྦྱར་ནས། དཔལ་ལྡན་མགོན་ པོ་མཧཱ་ཀ་ལ་དང༌། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །ལྕམ་དྲལ་ཁྱེད་ཀྱི་བཀའ་ ལས་མི་འདའ་བའི། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་ 4-1-89 བརྒྱད་འཁོར་དང་བཅས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་འཁོར་དང་བཅས། །མཁའ་ལྡི ང་བྱ་ཁྱི་ ལྕགས་སྤྱང་འཁོར་དང་བཅས། །པུ་ཏྲ་ལ་སོགས་ལས་མཁན་འཁོར་དང་བཅས། །མི་ནག་ལ་ སོགས་སྤྲུལ་པ་འཁོར་དང་བཅས། །འདིར་བཞུགས་གཞི་བདག་གཉན་པོ་འཁོར་དང་བཅས། ། སྲུངས་མ་རྒྱ་མཚོའི་ཚོགས་རྣམས་འཁོར་དང་བཅས། །དམ་ཅན་མཁའ་འགྲོའི་ཚོགས་རྣམས་ འཁོར་དང་བཅས། །ཅེས་སོགས་རྫོགས་ནས། འདིར་གཤེགས་རྒྱན་གྱི་ཞེས་སོགས་ཀྱིས་ གཏོར་མ་དབུལ། དེ་ནས་བཟླས་པ་བྱེད་ན། ༀ་ཤྲཱི་མཧཱ་ཀ་ལ་ཡ(དཔལ་ནག་པོ་ཆེན་པོ)། ཤ་ས་ན་ ཨུ་པ་ཧ་རི་ཎི་ཨེ་ཥཱ་ཨ་པཥྩི་(བསྟན་པ་ངེས་པར་འཕྲོག་པ་འདི་རྣམས་)མ་ཀ་ལོ། ཀ་རོ་ཏུ(མ་འོངས་པའི་དུས་ན)། ཨ་ཡཾ་ཨི་དཾ(འདི་དང་འདི)། རཏྣ་ཏྲཱ་ཡཱ་ཡ་ཨ་པ་ཀ་རི་ཎི(དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ)། ཡ་ཏི་པྲ་ ཏི་ཛྙཱ་སྨ་ར་སི་(དམ་བཅའ་དྲན་པ་)ཏ་ཏྲ(དེའི་ཚེ)། ཨི་དཾ(གདུག་པ་ཅན)། དུཥྚ། ཁ་ཁ་(ཟོ་ཟོ་)ཁཱ་ཧི་ཁཱ་ཧི(ཟ་ བར་མཛོད་གཉིས)། མ་ར་མ་ར(སོད་སོད)། གྲིཧྣ་གྲིཧྣ(ཟུང་ཟུང་)། བནྡྷ་བནྡྷ(ཆིངས་གཉིས)། ཧ་ན་ཧ་ན(རྒྱོབ་ གཉིས)། ད་ཧ་ད་ཧ(བསྲེགས་གཉིས)། པ་ཙ་པ་ཙ(ཚོས་གཉིས)། དི་ན་ཀེ་ན་མ་ར་ཡ་(ཉི་མ་གཅིག་བསད་པར་ མཛོད)ཧཱུཾ་ཕཊ། ཞེས་པ་དང༌། ལྷ་མོའི་ཐུགས་རྒྱུད་བསྐུལ་བར་བསམ་ཞིང༌། ༀ་རུ་རུ་རོ་རུ། བི་ ཏིཥྚ་བ་ཏོ་སི་ཀ་མ་ལ་རཀྵ་སི་ཧཱུཾ་བྷྱོཿཧཱུཾ། ཞེས་ཅི་ནུས་ཀྱིས་བཟླས་པར་བྱའོ། ། དེ་ནས་རྣམ་སྲས་མཆོད་པར་འདོད་པས། རང་ཡི་དམ་ཕྱག་རྡོར་དུ་གསལ་བའི་མདུན་ གྱི་ནམ་མཁར། བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ བཞི་དང་ལྡན་པ། འཁོར་ས་རིམ་པ་གསུམ་གྱིས་བསྐོར་བའི་དབུས་སུ། ཁང་བརྩེགས་དགུ་ ཡོད་པའི་དབུས་མ་རིན་པོ་ཆེ་བདུན་ལས་གྲུབ་པའི་ཕོ་བྲང༌། རྒྱ་ཕིབས། རིམ་པ་གསུམ་དང་ ལྡན་པ། རྩེ་མོ་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པད་མ་ རཱ་ག བྱང་གསེར་ལས་གྲུབ་པའི་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེག་པ། རིན་པོ་ཆེའི་ དྲ་བ་དང་དྲ་བ་ཕྱེད་པ་དང༌། མདའ་ཡབ་པུ་ཤུས་མཛེས་པར་སྤྲས་པ། དེའི་ཕྱི་རོལ་ཏུ་གཏེར་ 4-1-90 གྱི་བུམ་པ་དང༌། རིན་པོ་ཆེའི་ཤིང་དང༌། དཔག་བསམ་གྱི་ཤིང་དང༌། རྫིང་བུ་བཟང་པོ་དང༌། འདོད་འཇོའི་བ། ཅང་ཤེས་ཀྱི་རྟ་ལ་སོགས་པ་སྤེལ་མར་གནས་པ། དེའི་ཕྱི་ནས་རིན་པོ་ཆེའི་ ར་བ་གྲུ་བཞི་པས་ཡོངས་སུ་བསྐོར་བའི་ཕོ་བྲང་ཆེན་པོའི་དབུས་སུ། ཧྲཱིཿལས་སྣ་ཚོགས་པད་ མ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཻ་ལས་རིན་པོ་ཆེའི་ རྒྱལ་མཚན་བཻས་མཚན་པ་ལས་འོད་འཕྲོས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཆོས་སྐྱོང་ པའི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་པའི་སྲས་སོ། སྐུ་གསེར་གྱི་རི་བོ་ལྟར་རབ་ཏུ་བརྗིད་པ། གཡས་པ་རིན་པོ་ཆེའི་རྒྱལ་མཚན་འཕྱར་ཐབས་སུ་འཛིན་ཅིང༌། གཡོན་པ་གཏེར་གྱི་ནེའུ་ལེ་ རིན་པོ་ཆེ་ཀྱུག་པ་བསྣམས་པ། ཞལ་ནས་རིན་པོ་ཆེའི་ཆར་འབེབས་ཤིང༌། སྐྱེ་དགུ་ཕོངས་ པ་ལས་སྐྱོབ་པ། ཕྲག་གོང་གཡས་གཡོན་ཉི་ཟླས་མཚན་པ། ནམ་མཁའ་མཛོད་ལ་མངའ་ བརྙེས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སེང་གེ་དཀར་པོ་ཉལ་ནས། དེ་ཉིད་ལ་ལྟ་བའི་ སྟེང་ན་སེམས་དཔའི་དཀྱིལ་དཀྲུང་གིས་བཞུགས་པའོ། །ཁང་བརྩེགས་རྣམས་ཀྱི་ཤར་དུ་ཛཾ་ བྷ་ལ་སེར་པོ། གཡས་པས་རིན་པོ་ཆེ་འཛིན་པ། ལྷོ ར་གང་པ་བཟང་པོ་སེར་པོ་བུམ་པ་འཛིན་ པ། ནུབ་ཏུ་ནོར་བུ་བཟང་པོ་དཀར་པོ་ནོར་བུ། བྱང་དུ་ཀུ་བཻ་ར་ནག་པོ་རལ་གྲི། ཤར་ལྷོ ར་ ཡང་དག་ཤེས་སེར་པོ་གསེར་གྲི། ལྷོ་ནུབ་ཏུ་འབྲོག་ནས་ནག་པོ་མདུང་དམར། ནུབ་བྱང་དུ་ ལྔ་ཙེན་སེར་སྐྱ་ཁང་བརྩེགས། བྱང་ཤར་དུ་པི་ཙུ་ཀུཎྜ་ལི་དཀར་པོ་གྲི་ཕུབ། གཡོན་པ་ཐམས་ ཅད་ཀྱིས་ནེའུ་ལེ་འཛིན་པ། རང་རང་གི་མདོག་དང་མཐུན་པའི་རྟའི་སྟེང་ན་བཞུགས་པ། སྒེག་ཅིང་དཔའ་ལ་མི་སྡུག་པའི་ཆ་བྱད་ཅན། འཁོར་ས་བར་པ་ན་ཀླུ་ཆེན་བརྒྱད། ཐ་མ་ན་ལྷ་ མ་སྲིན་སྡེ་བརྒྱད། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས་ལ་ སོགས་པ་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། ། མདུང་དམར་ཅན་མཆོད་ན། མདུན་གྱི་ནམ་མཁར། རིན་པོ་ཆེ་ལས་གྲུབ་པའི་གཞལ་ 4-1-91 ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ་པད་མ་འདབ་མ་བརྒྱད་པའི་ལྟེ་བར། ཎི་ཡིག་ ལྗང་ཁུའི་དབུས་སུ་ཙ་ལས་སེང་གེ་དཀར་པོའི་སྟེང་དུ། རིན་པོ་ཆེའི་ཁྲི། པད་མ། ཟླ་བ། ཉི་ མའི་གདན་ལ་བཻ་ཡིག་དམར་པོ་ལས་འོད་འཕྲོས་དོན་བྱས་ཡོངས་སུ་གྱུར་པ་ལས། རྒྱལ་ཆེན་ མདུང་དམར་ཅན་སྐུ་མདོག་པད་མ་རཱ་ག་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་ ན་རྒྱལ་མཚན་དང་མདུང་དམར་དང༌། གཡོན་ནེའུ་ལེ་དང་ལྕགས་ཀྱུ་བསྣམས་པ། སྐུ་ལ་བསེ་ ཁྲབ་དམར་པོ་དང༌། དབུ་ལ་བསེའི་རྨོག་ཞུ་དང་ལེབ་རྒན་དར་གྱི་ཅོད་པན་འཕུར་བ། དཔའ་ ཞིང་བརྗིད་པ། སྲིད་པ་གསུམ་ལ་དབང་བསྒྱུར་བ། དེའི་གཡོན་དུ་ལས་མཁན་མདུང་དམར་ ཅན་དམར་པོ་བསེ་རྨོག་བསེ་ཁྲབ་གསོལ་བ། གཡས་ན་མདུང་དམར། གཡོན་ཤེལ་གྱི་མཆོད་ རྟེན་བསྣམས་པ་དང༌། པད་འདབ་ལ་གནོད་སྦྱིན་བརྒྱད། གཞན་ཡང་འཁོར་དཔག་ཏུ་མེད་ པས་བསྐོར་བ་དང་བཅས་པའོ། །དེ་ནས་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་ཁྲོ་བོ་ འདོད་པའི་རྒྱལ་པོ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོད་པ་དཔག་ཏུ་མེད་པ་འཕྲོས། རྒྱལ་པོ་ འཁོར་བཅས་སྤྱན་འདྲེན་པར་བསམ(ཏེ་ལྕགས་ཀྱུའི་ཕྱག་རྒྱ་བཅས)། མགོན་པོ་ཀུན་གཤེགས་ཐུགས་ དམ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ཐམས་ཅད་ཉོན་མོངས་འདམ་བྱིང་པས། །མཚམས་ མེད་ལྔ་ནི་ཀུན་སྤྱོད་ཅིང༌། །གཟིགས་ཤིང་གཤེགས་པའི་གནས་ངན་ཡང༌། །ཤཱཀྱ་སེང་གེའི་ སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་བསྟན་པ་སྲུང་བ་དང༌། །སེམས་ཅན་ཀུན་ལ་སྨན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་པ་རྣམས། །སེམས་ཅན་ དོན་ཕྱིར་གཤེགས་སུ་གསོལ། །ༀ་བཻ་ཤྲ་བ་ཎ་ས་པ་རི་ཝ་ར། ས་མ་ཡ་ཛཿ ཛ་ཧཱུཾ་བཾ་ཧོཿ ༀ་ མཧཱ་ཡཀྵ་ར་ཛཿ བཻ་ཤྲ་ཝ་ཎ་ཡེ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ སྤྱན་དྲངས་ནས་དམ་ཚིག་པ་དང་དབྱེར་ མེད་དུ་གྱུར་པར་བསམ་ཞིང༌། བཻ་རིང་པོ་སུམ་ཅུ་རྩ་གཉིས་བརྗོད(པས་དམ་ཚིག་པ་དང་དབྱེར་མེད་དུ་ གྱུར་པར་བསམ)། ཨརྒྷཾ་སོགས་ཀྱིས་མཆོད། པད་མ་ཀ་མ་ལ་ཡེ་སྟྭཾ(གྱིས་གདན་དབུལ)། ༀ་རཏྣ་མུ་ 4-1-92 ཀུ་ཊ། ཨབྷི་ཥིཉྩ་མི། ཞེས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབུ་རྒྱན་གྱི་དབང་བསྐུར(བར་ བསམ)། ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿ སྙིང་ཁར་ཧཱུཾ་གིས་མཚན་པར་གྱུར་པ(ར་ བསམ་)ལ། གཏོར་མ་འབུལ་བ་ནི། རིན་པོ་ཆེའི་སྣོད་དུ་གཏོར་མ་ཕྱག་ལེན་ལྟར་བཤམས་པ་ ལ། ཤ་གཙང་མ་དང༌། དཀར་གྱིས་བརྒྱན། ཆབ་གཙང་མས་བྲན་ལ། ཨ་མྲི་ཏས་བསང༌། སྭ་ བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད། རི་རབ་ཙམ་གྱི་ནང་དུ། ཁཾ་ལྗང་ ཁུ་ལས་ལྷའི་ཞལ་ཟས་རོ་བརྒྱ་པ་དང་ལྡན་པར་གྱུར། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ནཱ་ཨརྱནུད་ པན་ན་ཏྭོཏ་ༀ་ཨཱཿཧཱུཾ། (ལན་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་གྱུར།) ༀ་རུ་རུ་ཕུ་རུ་ཛྭ་ལ་ཏིཥྛ། སིདྷ་ལོ་ཙ་ ནི། སརྦ་ཨརྠ་སྭ་དྷ་ནཾ། སྭཱཧཱ། (གསུམ་གྱིས་གང་ལ་དགོས་སུ་གྱུར།) ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ བི་ ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། (གསུམ་གྱིས་རྒྱ་ཆེན་པོར་སྤེལ་ནས་ རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་བཅས་པས་འབུལ་བ་ནི།) ༀ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཻ་ཤྲ་ བ་ཎ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་གྲིཧྣ་ཏུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིད་དྷིམྨེ་པྲ་ཡཙྪ་མ་མ་ སརྦ་ཀརྨྨ་ས་དྷ་མེ་ཨ་མོ་གྷ་ཡེ་སྭཱཧཱ། (ཞེས་པ་གསུམ་གྱིས།) སེར་ཆེན་འཁོར་དང་བཅས་ལ་འབུལ། མཧཱ་ཡཀྵ་རཱ་ཛཱ་ས་མ་ཡ་བཻ་ཤྲ་བ་ཎ་ཡེ་ས་པ་རི་ཝ་རེ། ཨི་དཾ་བ་ལིང་ཁ་ཁ། ཁཱ་ཧི་ཁཱ་ཧི། པུ་ཛ་ ཧོ(གསུམ་གྱིས)། མདུང་དམར་ཅན་འཁོར་དང་བཅས་ལ་འབུལ། ཡང་ན་ཨ་ཀ་རོས་འབུལ་བ་ ཡང་རུང་ངོ༌། །ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ནི། མི་འཇིགས་སེང་གེའི་ཁྲི་སྟེངས་ན། །བཻ་ལས་བྱོན་པའི་མགོན་པོ་ནི། །ངལ་སོ་དགེ་བའི་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱེད་ ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང༌། །གནོད་སྦྱིན་བརྒྱད་དང་ཀླུ་ཆེན་བརྒྱད། །ལྷ་ སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ ལུས་གཞོམ་པ་དང༌། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང༌། །འདོད་དགུ་ཡིད་བཞིན་ འགྲུབ་པ་དང༌། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་དང༌། ཆོས་སྐྱོང་རྒྱལ་པོ་རྣམ་ 4-1-93 ཐོས་སྲས། །པད་མ་རཱ་ག་ལྟར་དམར་ཞིང༌། །རྒྱལ་མཚན་མདུང་དམར་ནེའུ་ལེ་དང༌། །ལྕགས་ ཀྱུ་འབར་བ་ཕྱག་ན་བསྣམས། །བསེ་རྨོག་བསེ་ཁྲབ་བསེ་ལྷམ་གསོལ། །འཇིགས་བྲལ་ལག་ ལྡན་དགྲ་ལ་ཕྱིབས། །མཐུ་སྟོབས་དབང་གིས་སྟོང་གསུམ་བདག །བསྟན་སྲུངས་དཔའ་བོ་ཁྱོད་ ཕྱག་འཚལ། །གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །བཞེས་ཤིག་རོལ་ཅིག་མཉེས་པར་མཛདོ ། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །བཅོམ་བའི་འཕྲིན་ལས་གྲུབ་པར་མཛོད། །བཟླས་པ་ བྱེད་ན། ༀ་བཻ་ཤྲ་བ་ཎ་ཡེ་སྭཱཧཱ། ༀ་ༀ་མཧཱ་ཡཀྵ་རཱ་ཛ་ས་མ་ཡ། བཻ་ཤྲ་བ་ཎ། ཙིཏྟ་རཏྣ་སརྦ་ཧྲི་ ཛ་ཛཿ ཞེས་བཟླས་སོ། ། དེ་ནས་དཔལ་ལྡན་ཞལ་བཞི་པའི་གཏོར་མའང༌། ཆོས་སྐྱོང་ཆེ་བའི་བཞིན་བྱིན་གྱིས་ བརླབས་ལ། མདུན་གྱི་ནམ་མཁར་པད་མ་དང༌། །ཉི་མའི་གདན་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ ནག་པོ་ཞལ་བཞི་པ། ཕྱག་བཞི་པ། ཞབས་གཉིས་གཡོན་བརྐྱང་གིས་བཞུགས་པ། གཡས་ ཞལ་རྩེག་མ་གཉིས་སྔོན་པོ། གཡོན་ཞལ་རྩེག་མ་གཉིས་ལྗང་ཁུ། ཕྱག་དང་པོ་གཉིས་ཀྱིས་ གྲི་གུག་དང་ཐོད་པ་ཁྲག་གིས་གང་བ་སྟེང་འོག་ཏུ་འཛིན་པ། འོག་མ་གཉིས་ཀྱིས་མདུང་ཐུང་ དང༌། མི་རུས་ཀྱི་ཕྲེང་བ་དང༌། མཆན་ཁུང་དུ་བུམ་པ་འཛིན་པ། ཞལ་ཐམས་ཅད་མཆེ་བ་ གཙིགས་ཤིང༌། སྤྱན་གསུམ་གསུམ་དང་ལྡན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མི་མགོ་ སྐམ་པོ་ལྔས་དབུ་བརྒྱན་ཅིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན་རུས་པའི་རྒྱན་དྲུག་དང༌། སྦྲུལ་ དང་ཚངས་སྐུད་དང༌། དྲིལ་བུའི་ཕྲེང་བས་བརྒྱན་པ། ཀྵིཾ་ཀྵིཾ་ལ་སོགས་པའི་སྒྲ་སྒྲོགས་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་མཛེས་ པ། དེའི་གཡས་སུ་གཡུང་མོ་དམར་མོ། །གཡོན་དུ་གཏུམ་མོ་ལྗང་ཁུ། མདུན་དུ་སྲིན་མོ་ ནག་མོ། རྒྱབ་ཏུ་སིང་ག་ལི་སྔོན་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་ དང་ཐོད་པ་འཛིན་པ། ཁྲོ་མོའི་ཆ་ལུགས་ཅན། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་ 4-1-94 བའི་དབུས་ན་བཞུགས་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ(བསམ)། རང་(ཡི་ དམ་དུ་གསལ་བའི་)གི་སྙིང་ཁ་ནས་འོད་འཕྲོས་པའི་འོད་ཟེར་གྱིས། ཏི་སེ། བསིལ་བའི་ཚལ། པོ་ ཏ་ལ། ཧ་ཧ་རྒོད་པའི་དུར་ཁྲོད་ནས་ལྕམ་དྲལ་འཁོར་དང་བཅས་པ་སྤྱན་འདྲེན(པར་བསམ)། (རྡོ་ རྗེ་དྲིལ་བུ་འཛིན་པས།) སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་ པ། །ཞི་རྒྱས་དབང་དྲག་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་སྲུང་ཕྱིར་གཤེགས་སུ་ གསོལ། །ༀ་ཤྲཱི་མཧཱ་ཀཱ་ལ་ཀཱ་ལ་(དཔལ་ནག་པོ་ཆེན་པོ་ནག་པོ་)བི་ཀཱ་ལ་ར་ཊི་ཏ(རྣམ་པར་ནག་པོ)། ཌོཾ་བྷི་ ནི(གཡུང་མོ)། ཙཎྜ་ལི(མི་གཏུམ་མོ)། རཀྵ་སི(སྲིན་མོ)། སིང་ག་ལི(ལྷ་མོ)། དེ་ཝི་ཨེ་ཧྱ་ཧི(ས་སྤྱན་དྲངས)། ཛཿཧཱུཾ་བཾ་ཧོཿ(དགུག་དུག་བཅིང་དབང༌།) པད་མ་ཀ་མ་ལ་ཡེ་སྟྭཾ(གདན་དབུལ)། ༀ་ཤྲཱི་མཧཱ་ཀཱ་ལ་ཀཱ་ལ་ བི་ཀཱ་ལ། ར་ཊི་ཏ། ཌོཾ་བྷི་ནི། ཙཎྜ་ལི། རཀྵ་སི། སིང་ག་ལི། དེ་ཝི་ས་མ་ཡ་སྨ་ར་ཡེ་ས་མ་ ཡ་མ་ཏི། ཀྲ་མ་ཡེ། ས་མ་ཡ་རཀྵནྟུ། དཔལ་ནག་པོ་ཆེན་པོ་ཞལ་བཞི་པ། ལྕམ་དྲལ་འཁོར་ དང་བཅས་པ་རྣམས་ཀྱིས། དམ་ཚིག་གི་དབང་གིས་དམ་ཚིག་གི་རིམ་པ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་བསྲུངས་སོགས་གོང་བཞིན་བརྗོད་ལ། ༀ་ཤྲཱི་མཧཱ་ཀཱ་ལ་ནས། དེ་ ཝིའི་བར་གྱི་མཐར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཞེས་སོགས་སྦྱར་བས་གཏོར་མ་ཕུལ་ལ། ཨརྒྷཾ་སོགས་དང་། (རྡོར་དྲིལ་འཛིན་པས།) ཧཱུཾ། དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་ པའི་སྐུ། ། གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་འདུད། །དཔལ་ལྡན་གྲུ་འཛིན་ ཆེན་པོ་ནི། །ཁྱོད་བཞུགས་ཏི་སིའི་གངས་རི་ལ། །གདོང་བཞི་ལྡན་ཁྱོད་ཞིང་སྐྱོང་མཛད། །ཀུན་བསྲུངས་ཁྱོད་ལ་བསྟོད་པར་བགྱི། །གཡུང་མོ་གཏུམ་མོ་སྲིན་མོ་དང༌། །སིང་ག་ལི་ གནས་རྣལ་འབྱོར་མ། །དམར་དང་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་བསྟོད་ པར་བགྱི། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་ལ་དགའ་བ། །ཁྱོད་ཀྱིས་ 4-1-95 ཕྱག་ན་རབ་བཞུགས་ཤིང༌། །ཕྱོགས་བཅུར་དབང་བྱེད་བསྟོད་པར་བགྱི། །དེ་ལྟར་བསྟོད་ ཅིང་རབ་བསྔགས་པས། །བདག་ཅག་འཁོར་བཅས་བསྲུང་བ་དང༌། །འདོད་པ་ཐམས་ཅད་ བསྒྲུབ་པ་དང༌། །དགྲ་བགེགས་མ་ལུས་མེད་པར་མཛོད། །མདོར་ན་གང་དང་གང་བཅོལ་བ། །དེ་དང་དེ་ཡི་ལས་རྣམས་ལ། །བཏང་སྙོམས་གཡེལ་བ་མི་མངའ་བར། །བདག་ལ་རྗེས་སུ་ བརྩེ་བར་མཛོད། །བཟླས་པ་བྱེད་ན། སྔར་གྱི་སྔགས་དེ་ཝི་ཞེས་པའི་རྗེས་སུ། ཧཱུཾ་ཕཊ་སྭཱཧཱ། ཞེས་བཟླས་སོ། །དེ་ནས་མཁའ་འགྲོ་སྤྱིའི་གཏོར་མ་ཡང༌། སྔར་ལྟར་བྱིན་གྱིས་བརླབས་ལ། འབར་བའི་ཕྱག་རྒྱ་དཔྲལ་བའི་ཐད་ཀར་གཡོན་དུ་སྐོར་ཞིང༌། །ཕེཾ་ཞེས་བརྗོད། སྙིང་ཁའི་ ཧཱུཾ་ལས་འོད་འཕྲོས་པས། མཁའ་འགྲོ་ཆོས་སྐྱོང་དང་སེམས་ཅན་ཐམས་ཅད་མདུན་དུ་སྤྱན་ དྲངས་པ་ལ། རང་གི་སྙིང་ཁའི་འོད་ཀྱིས་ཕོག་པས་ཐམས་ཅད་ཡི་དམ་ལྷར་གྱུར་ནས། གཏོར་ མ་གསོལ་བས་མཉེས་པར་བསམ་ཞིང༌། ༀ་བཛྲ་ཨ་ར་ལི་ཧོ(རྡོ་རྗེ་ཀུན་ནས་རོལ་པ)། ཛཿཧཱུཾ་བཾ་ཧོཿ བཛྲ་ཌ་ཀཱི་ནཱི(རྡོ་རྗེ་མཁའ་འགྲོ་མ)། ས་མ་ཡ་སྟྭཾ(དམ་ཚིག་ཉིད)། ཏྲི་ཤུ་ཧོ(གཟིགས)། ཁ་ཁ(ཟོ་ཟོ)། ཁཱ་ཧི་ ཁཱ་ཧི(བཟའ་བར་མཛོད་གཉིས)། སརྦ་ཡཀྵ(ཐམས་ཅད་གནོན་བྱེད)། རཀྵ་ས་བྷཱུ་ཏ་པྲེ་ཏ(འབྱུང་པོ་ཡི་དྭགས)། པི་ཤ་ཙ(ཤ་ཟ)། ཨུད་མ་ད(སྨྱོ་བྱེད)། ཨ་པ་སྨ་ར(རྗེད་བྱེད)། ཌ་ཀ་ཌ་ཀི་ནྱཱ(མཁའ་འགྲོ་དང་མཁའ་འགྲོ་ མ)། ད་ཡ(ལ་སོགས)། ཨ་མཾ་(འདི་)བ་ལིང་(གཏོར་མ)། གྲིཧྣ་ཏུ(ཟུང༌)། ས་མ་ཡ(དམ་ཚིག)། རཀྵན་ ཏུ(བསྲུངས)། མ་མ་སརྦ་སིད་དྷིམྨེ་པྲ་ཡཙྪནྟུ(བདག་ལ་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ)། ཡ་(ཇི་ལྟར་)ཐཻ་ ཝཾ་(དེ་ལྟར་)ཡ་ཐཻཥྚཾ(ཇི་བཞིན་འདོད་པ)། བྷུ་ཛ་ཐཱ(གསོལ)། པི་ཝ་ཐཱ(འཐུང༌)། ཛི་ག་ཏ(བསྣོམ་པ)། མ་ཏི་ཀྲ་ མ(རིམ་པ་བཞིན)། མ་མ་སརྦ་ཀ་ར་ཏ(བདག་ལ་ཐམས་ན་མཛོད)། སད་སུ་ཁཾ(དམ་པ་བདེ་བ)། བི་ཤུདྡྷ(རྣམ་ པར་དག་པ)། ས་ཧ་ཡི་ག བྷ་ཝནྟུ་(གྲོགས་སུ་གྱུར་ཅིག)ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨརྒྷཾ་ལ་སོགས་པས་མཆོད་ ནས། མཁའ་འགྲོ་སྡེ་ལྔ། དཔའ་བོ་དང༌། རྣལ་འབྱོར་མའི་ཚོགས་ཐམས་ཅད་དང༌། མདོར་ ན། བསྲུངས་མ་རྒྱ་མཚོའི་ཚོགས། དམ་ཅན་མཁའ་འགྲོའི་ཚོགས། བསྟན་པ་ལ་མངོན་པར་ 4-1-96 དགའ་བ་རྣམས་དང༌། འཇིག་རྟེན་གྱི་འབྱུང་པོ་མཐུ་སྟོབས་ཅན་འཁོར་དང་བཅས་པ་དང༌། རིགས་དྲུག་སེམས་ཅན་ཐམས་ཅད་ཚིམ་ཞིང་མཉེས་ནས་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་ ཐོབ་པར་གྱུར་ཅིག །ༀ་ཨཱཿཧཱུཾ། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ། ཞེས་སོགས་ཀྱིས་གནས་བདག་ གཞི་བདག་གི་ཚོགས་ཐམས་ཅད་དང༌། གཏོར་མས་ཚིམ་ཞིང་མཉེས་ཏེ། གཞི་ཐམས་ཅད་ ཆོས་ལྡན་དུ་སྐྱོང་བའི་འཕྲིན་ལས་མཛོད་ཅིག (ཅེས་གཏོར་མ་ཕུལ་ནས། བསྟོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་ པས།) མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ཀྱི་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་ དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་ འགྲོ་ཕྱག་འཚལ་བསྟོད། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་ བཞིན་དག་པས་གོས་པ་མེད། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་ རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའི་དབྱིངས། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པད་ མ་མཁའ་འགྲོ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ ཅད་རྫོགས་མཛད་པ། །དངོས་ཉིད་དག་པ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་ འཚལ་བསྟོད། །ཅེས་པ་དང༌། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུའི་ཚོགས༴། གནོད་ སྦྱིན་ཚོགས༴ སྲིན་པོའི༴ འབྱུང་པོའི༴ ཡི་དྭགས༴ ཤ་ཟའི༴ བསྙོ་བྱེད༴། རྗོད་བྱེད༴། མཁའ་ འགྲོའི་ཚོགས་རྣམས་མ་ལུས་དང༌། །མ་མོའི་ཚོགས་རྣམས་མ་ལུས་དང༌། དེ་ལ་སོགས་ཏེ་ འབྱུང་པོའི་ཚོགས། །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་ གསོལ། མཆོད་སྦྱིན་གཏོར་མ་འདི་བསྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ ཆེན་ཀུན་འཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། 4-1-97 །དམ་ཚིག་ཅན་གྱིས་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་ མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་ དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་ འདོད་པ་ཀུན་འགྲུབ་ཤོག །ཅེས་ཀྱང་བརྗོད་པར་བྱའོ། ། དེ་ནས་ཟས་ཀྱི་རྣལ་འབྱོར་ནི། མཆོད་པའི་ཡོ་བྱད་རྣམས་བསངས་སྦྱངས། བྱིན་གྱིས་ བརླབས་པ། ནང་མཆོད་བཞིན་བྱས་ལ། ཕུད་ཀྱིས་བླ་མ་ཡི་དམ་རྒྱལ་བ་སྲས་དང་(ལྟེ་བར་ གཏུམ་མོའི་མེས་གང་བའི་ནང་དུ། ཡི་དམ་ལྷ་ཚོགས་ཁ་ཐབ་ཁུང་། ལག་པ་དགང་གཟར་དགང་བླུགས་)བཅས་པ་རྣམས་ མཆོད་དེ། རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་ནང་གི་སྦྱིན་སྲེག་གི་ཚུལ་དུ་(ཁ་ཟས་བསྲེག་ རྫས་སུ་བསམས་པ་ལ། ནང་གི་སྦྱིན་སྲེག་ཏུ་)ཇི་ཙམ་འཕྲོད་པས་ལོངས་སྤྱད་ནས་ཚིམ་པའི་མཐར་ཡང༌། ༀ་ཁ་ཁ་(ཟོ་ཟོ་)ཁཱ་ཧི་ཁཱ་ཧི་(ཟ་བར་གྱིས་གཉིས)། ཨུཙྪིཥྚ་བ་ལིང་(ལྷག་མའི་གཏོར་མ)། ཨུཙྪིཥྚ་(ལྷག་མ་)བྷཀྵ་ (ལ་སྤྱོད་པའི་བྷཀྵཀ་(སྤྱོད་པ་རྣམས)སྭཱཧཱ། ཞེས་པས་ལྷག་མ་ལ་དབང་པའི་འབྱུང་པོ་རྣམས་གཏོར་ མས་ཚིམ་པར་བྱའོ། །དེ་ནས། (གླུ་འདི་གནས་པ་ལ་འཐད་)ཏེཎྞ་ཧཱུཾ་ཏེཎྞ་ཧཱུཾ། ཏེཎྞ་ཏེ་ཏེ་ཧཱུཾ་ཧཱུཾ། ཏེཎྞ་ཧཱུཾ་ ཧཱུཾ་ཧཱུཾ་ཧོ་ཧོ་ཧོ། ཞེས་པ་ལ་སོགས་པའི་རྡོ་རྗེའི་གླུ་དང༌། ཕུན་སུམ་ཚོགས་པའམ། སྟོན་མཆོག་ དམ་པ་ཞེས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང༌། དགེ་བ་འདི་ཡིས་མྱུར་ དུ་བདག །འཇམ་དཔལ་དཔའ་བོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ ཡི་ས་ལ་འགོད་པར་ཤོག །ཅེས་པ་ལ་སོགས་པའི་བསྔོ་བ་སྨོན་ལམ་རྣམས་ཀྱང་གཞན་དང་ མཐུན་པར་བྱའོ། ། སླར་ཡང་མཆོད་ཅིང་བསྟོད་དེ། མ་འབྱོར་བ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་ བཟོད་པར་གསོལ་ནས། གནས་གསུམ་དུ་ༀ་ཨཱཿཧཱུཾ་གསུམ་བཀོད་ནས་བསྲུང་བ་བྱ། ཉལ་ 4-1-98 བའི་རྣལ་འབྱོར་ནི། སྔར་བཞིན་འོད་གསལ་དུ་བསྡུས་ལ། སྟོང་པ་ཉིད་ཀྱིས་ངང་ལ་ཉལ་ བར་བྱའོ། །ལྡང་བའི་རྣལ་འབྱོར་ནི། འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བར་བྱའོ། །ཁྲུས་ཀྱི་རྣལ་འབྱོར་ནི། དབང་བསྐུར་བའི་ཆོ་གས་བྱའོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི། དམ་ ཚིག་དང་སྡོམ་པ་ལ་གནས་པས་རང་ཡི་དམ་གྱི་ང་རྒྱལ་དང་མ་བྲལ་བས་སྣང་བ་ལྷ། གྲག་པ་ སྔགས། སེམས་ཀྱི་འགྱུ་བ་ཀུན་རྫོབ་དང༌། དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ སེམས་ཅན་ལ་གནོད་པ་སྤོང་ཞིང༌། ཕན་པ་བསྒྲུབ་པ་ལ་སོགས་པ་དགེ་བའི་བྱ་བ་རྣམས་ བསྒྲུབ་པ་ལ་འབད་པར་བྱའོ། །མཚུངས་མེད་མ་ཏི་པཎ་ཆེན་གྱིས། །བསྡུས་ལ་དགའ་བའི་ སློབ་མའི་ངོར། །གཤེད་དམར་ལྷ་ལྔ་སྒྲུབ་པའི་ཐབས། །རིམ་གཉིས་ཟུང་འཇུག་སྣང་བ་ མཛད། །དེ་ཉིད་མཛེས་པར་བྱེད་པའི་རྒྱན། །སྣོད་ལྡན་སློབ་མས་བསྐུལ་བའི་མཐུས། །དགེ་ སློང་བསོད་ནམས་བཟང་པོ་ཡིས། །མཚལ་མིན་གཙུག་ལག་ཁང་དུ་སྦྱར། །དགེ་བ་དེ་ཡིས་ འགྲོ་ཀུན་གྱིས། །གཤིན་རྗེ་གཤེད་དཔལ་འགྲུབ་གྱུར་ཅིག །ཡི་གེ་པ་ནི་བློ་ལྡན་བཟང་པོའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །གཅིག་ཞུའོ། །ཡང་ཞུས། མཾགལཾབྷཝཏུ། །ཤུབྷཾ། མ་ཡིག འབྲས་དཔེ་རྙིང་། ཕྱི་ད ༢༨ ཡིན། 4-1-99 ཨཱ ༄༅། །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་ཆོག་ པདྨའི་རིགས་ཀྱི་སྙིང་པོ་ བཞུགས་སོ། ། ༄༅། །ༀ་སྭ་སྟི། ཁྲོ་རྒྱལ་པད་མ་དབང་ཆེན་གྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ བསྐུར་བའི་ཆོ་ག་པད་མའི་རིགས་ཀྱི་སྙིང་པོ་ཞེས་བྱ་བ། བླ་མ་དང་ཁྲོ་རྒྱལ་རྟ་མཆོག་དཔལ་ ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པའི། །སྤྱན་རས་གཟིགས་ སྤྲུལ་ཁྲོ་རྒྱལ་རྟ་མགྲིན་དང༌། །དབྱེར་མེད་བླ་མའི་ཞབས་པད་ལ་བཏུད་ནས། །ཁྲོ་རྒྱལ་ཆེན་ པོའི་དཀྱིལ་འཁོར་ཆོ་ག་བྲི། ། དེའང་འདི་ཡི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་ བསྙེན་བསྒྲུབ་མཐར་སོན་པས་སློབ་མ་རྗེས་སུ་འཛིན་པ་ལ། འཁོར་ལོའི་བདག་པོའི་བཟླས་ པ་འབུམ། དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གསུངས་པ་ལྟར་བསྙེན་པ་ལ་གསོ་བར་ བྱའོ། །དེ་ནས་ས་ཕྱོགས་དེར་གཏོར་མ་ཆ་གསུམ་བཏང་ནས། ས་ཆོག་གཞན་མ་བྱས་ཀྱང་ རུང་ལ། (དེ་ཉིད་བསྡུས་པ་ལས། གང་དུ་ལས་ནི་ཡོད་གྱུར་ལ། །ལས་ཀྱི་ཆོ་ག་རྣམས་མེད་ན། །ང་དང་གསང་བ་སྤྱི་རྒྱུད་ལས། །བྱུང་བའི་ཆོ་ག་མཁས་པས་བླང་། །ཞེས་གསུངས་པས།) བྱེད་ན། གསང་བ་སྤྱི་རྒྱུད་ལས། རྣམ་དཔྱད་ཕ་རོལ་ གཞི་བཟུང་། གཉིས་པ་ལ་ནི་སྟ་གོན་ཏེ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་པ་ལྟར། ས་ ཆོག་སྟ་གོན་དངོས་གཞི་གསུམ། །དང་པོ་ས་ཡི་ཆོ་ག་ལ། །བརྟག་བླང་སྦྱང་གཟུང་རྣམ་བཞིའོ། །(དང་པོ་ནི།) འདི་ཉིད་ཀྱི་རྒྱུད་ལས། དུར་ཁྲོད་རི་བྲག་དམར་པོ་ལ། །ནུབ་རི་མཐོ་བརྗིད་ཤར་རི་ 4-1-100 དམའ། །ནགས་ཚལ་སྟུག་པོ་ནུབ་ཏུ་བལྟས། །ནམ་མཁའ་པད་མ་འདབ་བརྒྱད་འདྲ། །ཉི་ ཟླ་གཟའ་སྐར་འོད་འབར་ཞི་བ། །ཆུ་ཕྲན་རི་བྲག་ཀུན་འདུད་སར། །ཅེས་གསུངས་པ་ལྟར་ བརྟག་གོ། (གཉིས་པ་ནི།) རང་དཔའ་བོ་གཅིག་པུ་བསྒོམ་བཟླས་པ་སྔོན་དུ་སོང་བས། ས་ཕྱོགས་དེར་ ཞིང་སྐྱོང་གཞི་བདག་ལ་སོགས་ལ། ཨཱ་ཀ་རོས་གཏོར་མ་ཕུལ་ནས། གང་དག་འདིར་གནས་ ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་ནི་གཞན། །དེ་དག་རྣམས་ལ་ས་འདི་ནི། །བདག་ཞུ་ ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས་གནང་བར་བསམས་ནས། ས་དེའི་ དབུས་སུ་དྲིའི་ཐིག་ལེ་བྱས་སར། མེ་ཏོག་གི་ཚོམ་བུ་བཀོད་ལ་བསང་ཞིང་སྦྱངས་པའི་ངང་ ལས། པད་ཟླའི་གདན་ལ་བཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན་ཕྱག་ན་གསེར་གྱི་བུམ་པ་ བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པའི་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་ པ་གཞུག་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་བསྐྱེད་ལ། ཨརྒྷཾ་སོགས་ ཀྱིས་ཕྱི་མཆོད། ནང་བདུད་རྩིས་མཆོད། ཨ་ཀ་རོའི་སྔགས་ཀྱིས་གཏོར་མ་ཕུལ་ལ། རྡོ་རྗེ་དྲིལ་ བུ་དང་སྤོས་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་ དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གསོལ་བ་གཏབ་པས། དཀྱིལ་འཁོར་བྲིས་གཅིག་པར་ གནང་པ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་བསམ་སྟེ་ས་བླང་བའོ། ། (གསུམ་པ་)ཏིང་ངེ་འཛིན་གྱིས་ས་སྦྱང་བ་ནི། རང་ལྷ་ཡི་ང་རྒྱལ་དང་ལྡན་པས། ལག་པ་ གཡས་པ་མཐིལ་དུ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས་པས། སའི་ཟུག་རྔུ་རྣམས་སྦྱངས་པར་ བསམ་ཞིང༌། ལག་པ་ས་ལ་རེག་ཅིང༌། ༀ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ཅེས་བཟླས། ལག་པ་ 4-1-101 གཉིས་ཀས་ཕྱོགས་ཀུན་ཏུ་བཅག་ཅིང༌། ༀ་བྷུ་ཁཾ། ཞེས་བརྗོད་པས་ནམ་མཁའི་རང་བཞིན་ དུ་བསམ་པ་ནི་སྦྱང་བའོ། ། (བཞི་པ་ནི།) དེ་ནས་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། བསྲུང་འཁོར་བསྒོམས་ ནས། ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་དང༌། གཙོ་བོའི་སྔགས་ལན་བདུན་བཟླས་ ནས་ས་ཕྱོགས་འདིར་དཀྱིལ་འཁོར་བྲི་སྙམ་དུ་བསམ་པ་ནི་ས་བཟུང་བ་སྟེ་ས་ཆོག་གོ། གཉིས་པ་ལ་ནི་ས་དང་ལྷ། །བུམ་པ་སློབ་མའི་སྟ་གོན་བཞི། (དང་པོ་)སའི་ལྷ་སྟ་གོན་ནི་ ས་ཆོག་བཞིན་ནོ། །(གཉིས་པ་)ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་ས་གཞི་བ་བྱུང་དང་དྲི་བཟངས་ ཀྱིས་བྱུགས་པར། ལྷ་གནས་མི་འཆོལ་བར་བྱ་བའི་ཕྱིར། རྩ་ཐིག་ཡན་ཆད་ཀྱི་སྐམ་ཐིག་ གདབ་ལ། གཙོ་ལྔའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། སྒོ་བཞིར་ཟླུམ་པོ་བྱས་ལ་མེ་ཏོག་ གི་ཚོམ་བུ་བཀོད། མཐའ་མཆོད་པས་བསྐོར། སྨན་རཀ་གཏོར་གསུམ་དང་རྡོར་དྲིལ་ལ་ སོགས་མཁོ་བའི་ཡོ་བྱད་ཉེ་རེག་བྱ་སྟེ། སྐྱབས་འགྲོ་ནས་འཛབ་བཟླས་པའི་བར་སྒྲུབ་ཐབས་ བཞིན་སྔོན་དུ་བཏང་ནས། མདུན་བསྐྱེད་སྟོང་པའི་ངང་ལས། གཞལ་ཡས་ཁང་མངོན་རྟོགས་ བཞིན་བསྒོམས་པའི་ནང་དུ། ལྷ་དགུ་རང་རང་གི་སྔགས་ལན་གསུམ་བཟླས་ལ་རང་རང་གི་ གདན་ལ་ལྷ་སོ་སོར་བསྐྱེད། ཡེ་ཤེས་པ་གཞུག དབང་བསྐུར་རིགས་བདག་གིས་རྒྱས་གདབ་ ནས། ཕྱི་ནང་གསང་བའི་མཆོད་པ་རྣམས་མངོན་རྟོགས་བཞིན་ཕུལ་ནས། རྡོ་རྗེ་དྲིལ་བུ་དང་ སྤོས་འཛིན་པས། རིག་སྔགས་རྒྱལ་པོ་བཅོམ་ལྡན་འདས། །པད་མ་རྒྱལ་པོ་ལ་ཕྱག་འཚལ། །རྡོ་རྗེའི་ཡིད་ཀྱིས་དཀྱིལ་འཁོར་བྲི། །དེ་ལྟར་བྱིན་རླབས་གནང་བར་མཛོད། །དགོངས་ཤིག་ སངས་རྒྱས་སྡེ་དང་ཚོགས། །གང་གཞན་སྔགས་ཀྱི་ལྷ་ཚོགས་དང༌། །ལྷ་རྣམས་བསྟན་ལ་ མངོན་དགའ་བ། །དཀྱིལ་འཁོར་འདི་ལ་བྱིན་བརླབས་དང༌། །དངོས་གྲུབ་དམ་པ་སྩོལ་བར་ མཛོད། །ཅེས་ལན་གསུམ་གྱིས་མཁྱེན་པར་གསོལ་བས་ཅི་དགའ་བར་གྱིས་ཤིག་ཅེས་གནང་ 4-1-102 བ་བྱིན་པར་བསམ་སྟེ་ལྷ་སྟ་གོན་ནོ། ། (གསུམ་པ་ནི།) མངོན་པར་བཤམས་པའི་བུམ་པ་གཉིས་བསང་ཞིང་སྦྱངས་ནས། པཾ་ལས་ པད་མ་ཨ་ལས་ཟླ་བའི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་གཉིས་ལྟོ་བ་ཡངས་ཤིང་མགྲིན་ པ་ཕྲ་བ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ཅིང་ལྷ་རྫས་ཀྱི་གོས་གྱིས་མགུལ་པ་དཀྲིས་ པ། ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་ཡོད་པའི་རྣམ་རྒྱལ་བུམ་པར། རང་རང་ གི་གདན་སོ་སོའི་སྟེང་དུ་ལྷ་དགུ་སྔགས་ཙམ་ལས་བསྐྱེད་ནས་མཆོད་བསྟོད་ཀྱི་བར་མངོན་ རྟོགས་བཞིན་བྱ་ཞིང༌། ལས་ཐམས་ཅད་པར་པད་ཉིའི་སྟེང་དུ་ཧཱུཾ་ལ་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་ མཚན་པ་ལས་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། གཡས་ པ་སྣ་ཚོགས་རྡོ་རྗེ་འཕྱར་སྟབས་སུ་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། སྦྲུལ་གྱིས་ བརྒྱན་པ་སྟགི་ལྤགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ པར་བསྐྱེད་ལ་ཡེ་ཤེས་པ་གཞུག །དོན་ཡོད་གྲུབ་པས་རྒྱས་གདབ། མཆོད་བསྟོད། བུམ་པའི་ སྟེང་དུ་དུང་ཆོས་དང་གཟུངས་ཐག་རྡོ་རྗེ་བཞག་པའི་གཟུངས་ཐག་ནས་བཟུང་སྟེ། ལྷ་དགུ་ པོའི་སྔགས་བཟླས་པས། རང་གི་སྙིང་ཁའི་ཧྲཱིཿལས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་ བ། བུམ་ནང་གི་ལྷའི་ཐུགས་རྒྱུད་བསྐུལ་བས། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ གང་བར་བསམ། ལས་ཐམས་ཅད་པ་ལ། ༀ་བཛྲ་ཨ་མྲི་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་ བཟླས་ནས། སླར་ཡང་མཆོད་ཅིང་བསྟོད་ནས་གསོལ་བ་གདབ་ཅིང་བཟོད་པར་གསོལ་ནས། དུང་ཆོས་ཀྱི་ཆུ་བླུག་པས་ལྷ་རྣམས་ཞུ་བ་ལས་བདུད་རྩིའི་ཆུར་གྱུར་པར་བསམ། བུམ་པ་སྟ་ གོན་ནོ། །དེ་ནས་གཏོར་མ་དང་ཚོགས་ཕུལ་ཏེ། ཚོགས་ལ་ལོངས་སྤྱད་ནས། སློབ་མ་ལས་ དང་པོ་པ་ཡོད་ན། ཚོམ་བུའི་དཀྱིལ་འཁོར་དང་གསང་བའི་རྫས་རྣམས་མི་མངོན་པར་བྱའོ། ། བཞི་པ་སློབ་མ་སྟ་གོན་ལ་སྡོམ་ནི། མཎྜལ་ངེས་འབྱུང་བསྐྱེད་དང་ནས་དབང་བསྐུར། 4-1-103 །གསོལ་གདབ་སྤྲོ་དང་རྒྱུན་བཤགས་བྱིན་རླབས་མཆོད། །སོ་ཤིང་སྲུང་སྐུད་སྐྱོར་ཆུ་ཀུ་ཤ་ སྦྱིན། །ཆོས་བཤད་རྨི་ལམ་བརྟག་དང་བཅུ་བཞིའོ། ། (དང་པོ་ནི།) མཎྜལ་ཕུལ་ནས། (གཉིས་པ་ནི།) སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །བསོད་ནམས་འདོད་པས་དེ་ལས་གནང༌། །བདག་ གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་ དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་ དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་པའི་དོན་བཤད་ཅིང་ངེས་འབྱུང་ གི་བློ་བསྐྱེད་དོ། ། (གསུམ་པ་ནི།) རང་གི་སྙིང་ཁ་ནས་འཕྲོས་པའི་འོད་ཀྱིས་སློབ་མ་རྣམས་ཀྱི་སྡིག་སྒྲིབ་སྦྱངས་ ནས། རང་གི་ཞལ་ནས་བཅུག སྙིང་ཁར་རྗེས་ཆགས་ཀྱི་མེས་བཞུ་བ། རྡོ་རྗེའི་ལམ་ནས་ཡུམ་ གྱི་མཁར་བབས་པ། རྟ་མགྲིན་ཕྱག་གཉིས་པར་གྱུར། ཡང་སྙིང་ཁའི་ཧཱུཾ་གི་འོད་ཀྱིས། སངས་ རྒྱས་ཐམས་ཅད་སྤྱན་དྲངས་ཞལ་ནས་ཞུགས། ཐུགས་ཀར་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་ རྗེའི་ལམ་ནས་བྱུང་བས་དབང་བསྐུར་ཏེ་ཡུམ་གྱི་མཁའ་ནས་ཕྱུང་ནས་སྔར་གྱི་གྲལ་ལ་མཁོ་ བར་བསམ་མོ། །(བཞི་པ་ནི།) དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ལན་གསུམ་གྱིས་ གསོལ་བ་གདབ། (ལྔ་པ་ནི།) བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་ རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་ རྒྱས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉེས་ནས་ནི། །གསང་སྔགས་སྤྱོད་པ་བླ་མེད་དེས། 4-1-104 །ཤཱཀྱ་སེངྒེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་ངེས་བཅོམ་མོ། །འཇིག་རྟེན་མཐུན་པར་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་པའི་དོན་བཤད་ནས་རྡོ་རྗེ་ ཐེག་པ་ལ་སྤྲོ་བ་བསྐྱེད་དོ། །(དྲུག་པ་ནི།) དཀོན་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ ལན་གསུམ་གྱིས་རྒྱུན་བཤགས་སྔོན་དུ་འགྲོ་བས་སེམས་བསྐྱེད་དོ། །(བདུན་པ་ནི།) བླ་མའི་ཕྱག་ གཡས་པ་རྡོ་རྗེ་དང་བཅས་པའི་སྲིན་འཛུབ་གྱིས། སློབ་མའི་གནས་གསུམ་དུ་དྲིའི་ཐིག་ལེ་ འགོད་ཅིང༌། འབྲུ་གསུམ་བརྗོད་པས། དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་ཁར་ཧཱུཾ་སྔོན་པོ་བསམ། ཡང་མས་རིམ་གྱིས་རེག་པས། རྡོ་རྗེ་པདྨ་འཁོར་ལོ་གྱུར། །ཡང་ ཡས་རིམ་གྱིས་རེག་པས། དེ་དག་ཡིག་འབྲུ་གསུམ་གྱིས་མཚན་པར་བསམ། དེ་དག་གི་འོད་ ཀྱིས། སངས་རྒྱས་ཐམས་ཅད་རྡོ་རྗེ་གསུམ་གྱི་རྣམ་པར་སྤྱན་དྲངས། སློབ་མའི་གནས་གསུམ་ དུ་ཐིམ་པས། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་གཉིས་ཀས་བསམ་ཞིང་བྱིན་ གྱིས་རློབས། (བརྒྱད་པ་ནི།) དེ་ལྷའི་ངོ་བོར་བྱིན་གྱིས་བརླབས་མ་ཐགས་དེ་མཆོད་པའི་འོས་ ཡིན་པས་མཆོད་པ་ཕུལ་བ་ཡིན་ཞེས་བརྡའ་སྤྲད་ནས། ཨརྒྷཾ་སོགས་ཀྱིས་མཆོད། (དགུ་པ་ནི། ) སོ་ཤིང་སོར་བཅུ་གཉིས་པ། རྩི་མ་ཉམས་པ་མེ་ཏོག་དང་བཅས་པ། ༀ་ཨཱཿཛི་ཧྭ་བཛྲཾ་སཾ་བྷར་ ནི་ཧཱུཾ། ཞེས་པས་བྱིན་ལ། ཐལ་མོ་སྦྱར་བའི་བར་དུ་འཛིན་དུ་བཅུག་སྟེ། འདི་རིན་པོ་ཆེའི་སོ་ ཤིང་དུ་མོས་པ་གྱིས་ལ་རྩེ་མོ་སོས་ཀླད་ནས་སྡིག་སྒྲིབ་ཐམས་ཅད་སྐྱུག་པར་བསྒོམས་ལ་དོར་ ཅིག་ཅེས་བསྒོས་ནས། མཎྜལ་ཚོམ་བུ་དགུ་པའི་དབུས་སུ། ༀ་བཛྲ་ཧ་ས་ཧ་ཞེས་བརྗོད་ནས་ འདོར་དུ་བཅུག་སྟེ། རྩེ་མོ་རང་ལ་བསྟན་ན་མཆོག་འགྲུབ། སྟེང་དུ་བསྟན་ན་མཁའ་སྤྱོད། འོག་ཏུ་བསྟན་ན་ས་སྤྱོད། ཕྱོགས་བཞིར་འཕྲིན་ལས་ལས་བཞི་དང༌། མཚམས་བཞིར་ལས་ ཕྲན་ཚེགས་འགྲུབ་པར་ལུང་བསྟན་ཅིང༌། འཕྲལ་གྱི་དགོས་པ་དངོས་གྲུབ་ཀྱི་མཚན་མ་ཤེས་ 4-1-105 པ། ཡུན་གྱི་དགོས་པ་སྡིག་སྒྲིབ་སྦྱོང་བའི་དགོས་པ་ཡིན་ནོ། །ཞེས་བརྗོད། (བཅུ་པ་ནི།) སྐུད་པ་ དམར་པོ་ལུས་ཚད་དང་མཉམ་པ་གསུམ་བསྒྲིལ་མདུད་པ་བྱས་ལ། སྙིང་པོས་བསྔགས་ཏེ། སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་ལ། ༀ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦན་སྭཱཧཱ། ཞེས་ བཟླས་ཤིང་བཅིང་སྟེ། འཕྲལ་དུ་བར་ཆད་བསྲུང་བ་དང༌། ཡུན་གྱི་དགོས་པ་བྱང་ཆུབ་བསྒྲུབ་ པའི་བརྗེད་ཐོར་འཆང་པ་ཡིན་ནོ། །ཞེས་བརྗོད། (བཅུ་གཅིག་པ་ནི།) ལས་བུམ་གྱི་ཆུ་དུང་ཆོས་སུ་ བླུག་པ་ཁྱོར་བ་གཡས་སུ་བྱིན་ལ། ༀ་ཧྲཱིཿབི་ཤུདྡྷ་སཏྭ་དྷརྨ་སརྦ་པཱ་པཾ་ནིཉྩ་སཾ་ཤོ་དྷ་ཡ། སརྦ་བི་ ཀལྤ་ཨ་པ་ན་ཡེ་སྭཱཧཱ། ཞེས་པས་ལན་གསུམ་བླུད། ལྷག་མ་དོར་དུ་གཞུག་གོ །དེས་ནི་རྨི་ལམ་ གསལ་བ་དང་སྒྲིབ་པ་སྦྱོང་བའི་ཐབས་ཡིན་ནོ། །ཞེས་བརྗོད། (བཅུ་གཉིས་པ་ནི།) ཀུ་ཤའི་ཆུན་བུ་ ཆེ་བ་དྷི་ཞེས་བརྗོད་པས་གཡས་སུ་སྦྱིན། ཆུང་པ་ཧ་ཞེས་བརྗོད་པས་གཡོན་དུ་བྱིན། དེས་རྨི་ ལམ་མི་འཁྲུག་ཅིང་བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་དུ་ཀུ་ཤའི་གདན་ལ་མངོན་པར་རྫོགས་ པར་སངས་རྒྱ་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །ཞེས་བརྗོད། (བཅུ་གསུམ་པ་ནི།) ཆོས་ བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག ། ཅེས་པ་ནས། དེ་བཞིན་གཤེགས་པ་ཉིད་ དུ་འགྱུར། །ཞེས་པའི་བར་བརྗོད་ཅིང་དོན་བཤད་དོ། །གསང་ལ་སྤྱི་རྒྱུད་ལས། (བཅུ་བཞི་པ་ནི།) བུ་ཀྱེ་ནང་པར་དཀྱིལ་འཁོར་དག །འབྲི་བར་འགྱུར་རོ་ཉོལ་ཅིག་དང༌། །རྨི་ལམ་མཐོང་པ་གང་ ཡིན་པ། །དེ་ཀུན་དྲངས་པོར་ང་ལ་སྨྲོས། །ཞེས་གསུངས་པ་ལྟར། སྔར་གྱི་ཀུ་ཤ་ཆེ་བ་སྟན་ དང༌། ཆུང་པ་སྔས་སུ་གྱིས་ལ། གློ་གཡས་པ་ཕོབ། མགོ་བྱང་དུ་སྟོན། ལྷ་དང་བླ་མ་ཡིད་ལ་ བྱེད་ཅིང་ཉོལ་ལ། རྨི་ལམ་བྱུང་ན་དྲང་པོར་ང་ལ་སྨྲོས་ཤིག ཅེས་བརྗོད་དོ། །དེས་ཀྱང་ཕྱག་ བྱས་ཏེ། ཇི་ལྟར་བསྒོ་བ་ལྟར་ཉལ་ལོ། །དེ་ནས་བླ་མས་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ ཅིང་བསྟོད། ཡིག་བརྒྱ་བཟླས། ནོངས་པ་བཟོད་པར་གསོལ་ནས། ༀ་བཛྲོད་ཏིཥྛས། སྟ་ གོན་གྱི་དཀྱིལ་འཁོར་ནམ་མཁའ་ལ་བཏེག་ནས་བཞུགས་སུ་གསོལ་ལོ། །ནང་པར་རྨི་ལམ་ 4-1-106 དྲིས་ནས་བཟང་ན་སྤྲོ་བ་བསྐྱེད། ངན་ན་བསྲུང་བ་བྱ་སྟེ། སྟ་གོན་ནོ། །ས་ཆོག་དང་སྟ་གོན་ འདི་དག་བླ་མ་གོང་མ་མང་པོས། གསང་བ་སྤྱི་རྒྱུད་སོགས་གསང་སྔགས་སྤྱི་དང་བསྟུན་ནས་ མཛད་པའི་ཕྱག་ལེན་བཞིན་ཡིན་ལ། འདི་ཉིད་རང་གི་རྒྱུད། གུ་རུས་མཛད་པའི་དབང་བྱང་ སོགས་ནས་དངོས་སུ་མ་བྱུང་ཞིང༌། ཀུན་མཁྱེན་དཔལ་ལྡན་སེང་གེས་མཛད་པའི་དབང་ཆོག་ བདེ་ཆེན་མྱུ་གུ་ན་མ་མཛད་པས། དེ་ལྟར་བྱར་ཡང་རུང་ངོ༌། ། དངོས་གཞི་ལ་ཡང༌། སྦྱོར་དངོས་འཇུག་གསུམ་ལས། དང་པོ་དཀྱིལ་འཁོར་བྲི་རྒྱན་ བགོད་གཉིས། བྲི་བ་ལ་ཡང་ཐིག་ཚོན་དང་། །མཚན་མ་འགོད་དང་རྣམ་པ་གཉིས། །(དང་པོ་ནི།) དཀྱིལ་འཁོར་གྱི་གཞི་བ་བྱུང་དང་དྲི་བཟངས་ཀྱིས་བྱུགས་པར། ཆ་ཆེན་བཞི་བཅུ་དྲུག་ཆ་ཕྲན་ དང་བཅས་པ། དཀྱིལ་འཁོར་སྒོ་རྐྱང་གི་ཐིག་སྤྱི་དང་མཐུན་པར་གདབ་ལ། ཆ་ཕྲན་ལྔ་ཡན་ ལྟེ་བ། དེ་ནས་ཆ་ཕྲན་གཅིག་ཐོད་ཕྲེང༌། དེ་ནས་གཅིག་འཁོར་ལོའི་རྩིབས་གདན། དེ་ནས་ བདུན་རྩིབས། གཅིག་མུ་ཁྱུད། གཅིག་ཐོད་པ་སྐམ་རློན་གྱི་ཕྲེང་པ་རྣམས་བསྐོར་ཐིག་གདབ། ཕྱི་ཡི་སྣ་ཚོགས་རྡོ་རྗེའི་རྭ་དབུས་མའི་རྩེ་ནས་རིམ་པ་བཞིན། ཆ་ཕྲན་བཞི་པད་མ། གཉིས་རྡོ་ རྗེ་རྭ། དེ་ན་བཞི་མེ་རི་རྣམས་བསྐོར། ཐིག་ཚོན་བྱིན་གྱིས་བརླབ་པ་ནི། ཐོད་ཚལ་ལྔའི་ནང་དུ་ རྡུལ་ཚོན་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་ཁུ་རྣམས་དབུས་དང་ཤར་ནས་རིམ་ པ་བཞིན་བཀོད་པ་ལ། རིམ་པ་བཞིན། ཧཱུཾ། ༀ། སྭ། ཨ། ཧ་རྣམས་བྲིས་ཏེ། ཁ་དོག་མཐུན་ པའི་ཐིག་སྐུད་རས་བལ་ལ་བྱས་པ་ཡང་རིམ་པ་བཞིན་བཀོད་ནས། མཆོད་པ་དང་གཏོར་ལ་ བཤམ། རང་ལྷ་ཡི་རྣལ་འབྱོར་དང་ལྡན་པས། ཐིག་ཚོན་བསང་སྦྱངས་ཏེ། བཛྲ། བུདྡྷ། རཏྣ། པད་མ། ཀརྨ་ཧེ་རུ་ཀ་རྣམས་རིམ་པ་བཞིན་བསྐྱེད། གནས་གསུམ་བྱིན་གྱིས་བརླབས། རང་ གི་མིག་གཉིས། མ་དང་ཊ་ལས་ཉི་མ་ཟླ་བ། མིག་འབྲས་ཧཱུཾ་ལས་རྡོ་རྗེར་བསྐྱེད་ནས། རྫི་མ་ སྡེབས་པ་འབར་བའི་ལྟ་བ་ལྕགས་ཀྱུ་ལྟ་བུ་དང༌། ༀ་དིཔྟ་ཌིཥྚི་ཨཾ་གུ་ཤ་ཛཿ ཞེས་སོགས་བརྗོད་ 4-1-107 པས་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་ཐིག་ཚོན་སྤྱན་དྲངས། དམ་ཚིག་པ་ དང་དབྱེར་མེད་དུ་གྱུར་པར་བསམས་ནས། ༀ་བཛྲ་ས་མཱ་ཡ་སུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ། ཞེས་པས་ ཐིག་སྐུ། ༀ་བཛྲ་ཙི་ཏྲ་ས་མཱ་ཡ་ཧཱུཾ། ཞེས་པས་ཚོན་བྱིན་གྱིས་བརླབས། མཆོད་བསྟོད་གཏོར་མ་ དབུལ། དེ་ནས་ཐེབ་འཛུབ་གྱིས་མཉེ་ཤིང༌། སྔགས་དེ་དག་བཟླས་པས། ལྷ་རྣམས་ཞུ་བའི་ ཐིག་ཚོན་དུ་གྱུར་པར་བསམ་མོ། །དེ་ནས་བླ་མ་ནུབ་ནས་ཤར་དུ་ལྟ་བས། རང་གཙོ་བོ་ལ་ སློབ་མ་གར་གྱི་དབང་ཕྱུག་ལ་བྱུང་སྟེ། ཤར་དུ་འདུག་པ་ལ། གཡས་པའི་ཐེབ་སྲིན་གྱིས་ཐིག་ སྐུད་ནག་པོ་ནས་རིམ་པ་བཞིན། ཛཿཛཿཛཿཞེས་བརྗོད་ཅིང་གཏད། སློབ་མས་ཀྱང་གཡས་ པའི་ཐེབ་སྲིན་གྱིས་བླངས་པ། ལྟེ་བའི་ཐད་དུ་བཟུང༌། ཛཿཛཿཛཿཞེས་བརྗོད། ༀ་ཨ་ནོ་ནྱ་ཨ་ ནུ་ག་ཏ་སརྦ་དྷརྨ། སྥ་ར་ཨ་ནུ་པྲ་བིཥྚ། སརྦ་དྷརྨ་ཨ་དྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ༀ་ཨཱཿཧཱུཾ། ཞེས་བརྗོད་ཅིང་བསྒྲིལ་བས། ཡེ་ཤེས་ཀྱི་ཐིག་སྐུད་དུ་གྱུར་པར་བསམ། རྡོ་རྗེ་ལ་གཡས་ བསྐོར་དུ་དཀྲིས་ལ་བདུད་རྩིས་གཏོར་རོ། །དེ་ནས་ཡང་སློབ་མ་ལ་སྣ་མོ་གཏད་ལ། ནམ་ མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདི་ལགས་ན། །ཁྱེད་རྣམས་ འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བགྱི། །ༀ་བཛྲ་ས་མཱ་ཡ་པུ་ཏྲཾ་ མ་ཏི་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང་། སེ་གོལ་གྱི་སྒྲ་དང་བཅས་པས་གཡས་པའི་ཐེབ་སྲིན་གྱིས་ སྟེང་ནས་བཟུང་སྟེ། བཅུས་ནས་འོག་ནས་ནམ་མཁའ་ལ་གདབ། འོག་ནས་བཟུང་ལ་བཅུས་ ཏེ་སྟེང་ནས་ས་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་སློབ་མས་སློབ་དཔོན་ལ་རྒྱབ་མ་ བསྟན་པའི་ཚུལ་གྱིས། གཡས་བསྐོར་དུ་འགྲོ་ཞིང༌། ལྷོ་ནས་བྱང་དུ་ཚངས་ཐིག་གཉིས་པ་ གདབ། མེ་ནས་དབང་ལྡན་དུ་ཤར་ཐིག རླུང་དང་བདེན་བྲལ་དུ་ནུབ་ཐིག དེང་དབང་ལྡན་ དུ་བྱང་ཐིག མེ་ནས་བདེན་བྲལ་དུ་ལྷོ་ཐིག མེ་ནས་རླུང་དུ་ཟུར་ཐིག་དང་པོ། བདེན་བྲལ་དང་ དབང་ལྡན་དུ་ཟུར་ཐིག་གཉིས་པ་རྣམས། སློབ་དཔོན་དབང་ལྡན་མི་འགྲོ་ཞིང༌། སློབ་མ་མེའི་ 4-1-108 མཚམས་མི་འགྲོ། ཞེས་པ་ལྟར་གདབ་བོ། །དེ་ནས་ཐིག་སྐུད་རྡོ་རྗེའི་ལྟེ་བར་དཀྲིས་ལ། ༀ་ བཛྲ་བེ་ཀ་ཀྲ་མ་ཧཱུཾ། ཞེས་པས་ཡེ་ཤེས་ཀྱི་ཐིག་ནམ་མཁར་བཏེག་ནས། དབུས་སུ་ཞུགས་ཏེ་ ཁྲོ་བོའི་ལྟ་བས་ཧི་ཧི། ཞེས་བརྗོད་ཅིང༌། ཐར་བའི་སྒོ་ཕྱེ་བར་བསམས་ལ་སྒོ་བཞི་ཡི་རྩ་ཐིག་ རྣམས་ཕྱིས་ནས། དྷརྨ་ར་ཎི་ཏའི་སྔགས་བཟླས་ཤིང༌། དྲིལ་བུ་གནས་བརྒྱད་དུ་དཀྲོལ་བར་ བྱའོ། །དེ་ནས་སློབ་དཔོན་གྱི་རྡོ་རྗེ་ཁུ་ཚུར་གྱིས་དབང་ལྡན་གྱི་མཚམས་ནས། རྩིག་པའི་ས་ ལ་ནང་ནས་རིམ་པ་བཞིན། ནག་པོ། ལྗང་ཁུ། དམར་མོ། སེར་པོ། དཀར་པོ་རྣམས། འདི་ ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་བསྒྲོལ་བྱེད། །ཁྲོ་རྒྱལ་པད་མ་དབང་ ཆེན་གྱི། །སྙིང་པོའི་དཀྱིལ་འཁོར་བྲི་བར་བྱ། །ༀ་བཛྲ་ཙི་ཏྲ་ས་མཱ་ཡ་ཧཱུཾ། ཞེས་བརྗོད་ཅིང་བྲིས་ པས་ཡེ་ཤེས་ལྔ་པའི་ངོ་བོར་བསམས་ལ་མཆོད་ཅིང་བསྟོད་དེ། ཐོད་པས་བཀབ་པའི་སྟེང་ དུ་རྡོ་རྗེ་བཞག་ལ་བསྲུང་བ་བྱའོ། །དེ་ནས་སློབ་མས་བྲི་བར་བྱ་སྟེ། དབུས་དམར་ནག་གྲུ་ གསུམ་རྩེ་མོ་ཤར་དུ་བསྟན་པ། ཟླ་ཁམ་གསུམ་དམར་པོ། ཐོད་ཕྲེང་དཀར་པོ། རྩིབས་རྟེན་ ནག་པོ། འཁོར་ལོ་རྩིབས་བཞི་ཕྱོགས་མདོག རྩིབས་འཆན་ཡང་དེ་བཞིན་དུ་བྲི་ཞིང༌། དེའི་ ཕྱིར་མུ་ཁྱུད་ནག་པོ། དེའི་ཕྱིར་ཐོད་པ་སྐམ་རློན་གྱི་ཕྲེང་བ་ཁ་དོག་སྣ་ཚོགས། གཞན་རྣམས་ སྤྱི་དང་མཐུན་པར་བྲི། (གཉིས་པ་)ལྷ་མཚན་འགོད་པ་ནི། དབུས་དང་འཁོར་ལོའི་རྩིབས་སྟེང་དུ། །ཉི་གདན་ལ་ དབུས་སུ་ཧྲཱིཿདམར་ནག རྩིབས་བཞི་ལ། ཧཱུཾ་བཞི། དཀར་པོ། སྔོན་པོ། དམར་པོ། ལྗང་ཁུ། སྒོ་བཞིར་ཟླ་གདན་ལ། ཛཿཧཱུཾ་བཾ་ཧོཿབཞི་ཕྱོགས་མདོག་ཏུ་བྲིའོ། །མཐའ་མཆོད་པས་བསྐོར། སྨན་རཀ་རྡོར་དྲིལ་ཌ་མ་རུ་རྣམས་སློབ་དཔོན་གྱི་མདུན་དུ་བཤམ། དཔལ་གཏོར་ཕྱག་ལེན་ བཞིན་བཤམས་པ་དབུས་སུ་འཇོག་པ་ཕྱག་ལེན་ནོ། །གཞན་ཡང་གཏོར་མ་དང་དབང་རྫས་ ལ་དགོས་པའི་དབུ་རྒྱན། རྡོར་དྲིལ། ཐལ་ཆེན། རཀྟ། ཚིལ་ཆེན་རྣམས་དང་། གླང་ལྤགས། 4-1-109 སྟག་ལྤགས། མི་མགོའི་དོ་ཤལ། གཡང་གཞི། སྦྲུལ་རྒྱན་སོགས་ཀྱི་ཙ་ཀ་ལི། གསང་དབང་ གི་རྫས་དང་། རྔ་དུང་ལ་སོགས་པ་ཉེ་སྡོགས་བྱའོ། ། གཉིས་པ་དངོས་གཞིའི་སྡོམ་ནི། དཀྱིལ་འཁོར་སྒྲུབ་བུམ་བཟླས་བདག་ཉིད་འཇུག །སློབ་མ་དབང་བསྐུར་བ་དང་བཞི། །(དང་པོ་ནི།) དེ་ནས་ཁ་ནུབ་ཏུ་བལྟས་ཏེ། སྟན་བདེ་བ་ལ་ འཁོད་ནས་སྔོན་འགྲོའི་གཏོར་མ། མཆོད་པ་བྱིན་བརླབས། ཞུ་འབུལ། མཎྜལ་རྣམས་སྤྱི་དང་ མཐུན་པར་སྔོན་དུ་བཏང་སྟེ། སྐྱབས་འགྲོ་ནས་འཛབ་བཟླས་པ་ཡན་ཆད་སྒྲུབ་ཐབས་བཞིན་ ལ། ཡེ་ཤེས་གཞུག་པའི་གོང་དུ། སྟ་གོན་གྱི་ལྷ་ནམ་མཁའ་ལ་བཞུགས་པ་བསྲེ་བར་བྱའོ། ། (གཉིས་པ་) བུམ་བཟླས་ནི། སྟ་གོན་བཞིན་ནོ། །(གསུམ་པ་) བདག་འཇུག་ནི་དཀྱིལ་འཁོར་སྒྲུབ་ པ་དང་དུས་གཅིག་སྔར་བསྒྲུབས་པ་ཉིད་ཀྱིས་འགྲུབ་པས་འདིར་ཕྱག་ལེན་ལ་མི་མཛད་ལ། བྱེད་ན་སློབ་མ་དབང་བསྐུར་བའི་ཆོ་གས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པས་ ཆོ་ག་རྣམས་མཛད་ཅིང༌། དེའི་བྱ་བ་རྣམས་དེ་ཐུགས་ཀ་ནས་སྤྲུལ་པའི་རྟ་མགྲིན་ཕྱག་གཉིས་ པ་གཅིག་གིས་མཛད་པར་བསམས་ནས་དངོས་སུ་རང་གི་བྱའོ། ། བཞི་པ་སློབ་མའི་དབང་བསྐུར་བ་ལ། འཇུག་པ་དང་ནི་དབང་བསྐུར་གཉིས། །དང་པོ་ ལ་ཡང་ཕྱི་འཇུག་དང་། །ནང་དུ་འཇུག་པ་གཉིས་ཡིན་ནོ། །ཕྱི་འཇུག་ལ་ཡང་བཅུ་ཡིན་ཏེ། །གསོལ་གདབ་རྒྱུན་བཤགས་སྡོམ་པ་བཟུང་། །གདོང་གཡོགས་མེ་ཏོག་ཕྲེང་བ་སྦྱིན། །གསང་ དང་འདོད་དྲི་བྱང་སེམས་བསྐྱེད། །གསང་གདམས་ཡོལ་བའི་ནང་འཇུག་གོ །(དང་པོ་ནི།) སློབ་ མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱས་པ། གུ་གུལ་གྱིས་བདུག་ཅིང་རོལ་མོ་དང་བཅས་པས་ནང་དུ་ བཅུག་ནས། ཕྱག་དང་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་ནི། པད་མ་སེམས་སོགས་ ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དངོས་གྲུབ་དང༌། །མགོན་པོ་དཔའ་བོས་སྐྱབས་གསོལ་ཅིང༌། །ཐེག་ཆེན་ཁང་པར་གཞུག་པ་དང༌། །མཁྱེན་ 4-1-110 རབ་ཡེ་ཤེས་བདག་ལ་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པོ། །(གཉིས་པ་ནི།) དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད། (གསུམ་པ་ནི།) སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ལན་གསུམ་བྱ། (བཞི་པ་ནི།) རྡུལ་ཚོན་ གྱི་དཀྱིལ་འཁོར་མ་མཐོང་བའི་བརྡར། ཨ་ཁཾ་བི་ར་ཧཱུཾ་གིས་གདོང་ཡོགས་བཅིང༌། (ལྔ་པ་ནི།) ཨུ་དུམ་བ་ར་མན་ད་ར། །ཡོངས་འདུ་དང་ནི་མ་ལི་ཀ །ཀ་ནི་ཀ་ཡི་ཕྲེང་བ་འདི། །ལེགས་ པར་ནོས་ཏེ་བུས་ཟུང་ཤིག །ཅེས་པས་མེ་ཏོག་ཕྲེང་བ་གཏད། (དྲུག་པ་ནི།) སློབ་མ་རྣམས་ལས་ བུམ་གྱི་ཆུ་དང་ཨ་མྲི་ཏས་བསང་། འབྲུ་གསུམ་བརྗོད་ཅིང་བདུད་རྩི་ལྟེ་ལ་བཞག་པས་ཕྱི་ནང་ གི་བར་ཆད་གསལ་ལོ། །(བདུན་པ་ནི།) བླ་མས། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲི། སློབ་ མས། སྐལ་བ་བཟང་ལ་བདག་དགའོ། །ཞེས་ལན་གདབ་པོ། །(བརྒྱད་པ་ནི།) སློབ་མའི་སྙིང་ ཁར་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ ལ། དེ་དག་ཀུན་རྫོབ་དང༌། དོན་དམ་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཡིན་ཞེས་བརྗོད་ནས། སྙིང་ཁར་རྡོ་རྗེ་བཞག་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུད་པ་ཏ་ཡཱ་མི། ཞེས་བརྗོད་དུ་བཅུག་ལ། སུ་ ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་བརྗོད་ནས་བརྟན་པར་བྱའོ། །(དགུ་པ་ནི།) སྤྱི་ བོར་རྡོ་རྗེ་བཞག་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དཀྱིལ་འཁོར་དུ་མ་ཞུགས་པ་ རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་ བར་གདམས་སོ། ། (བཅུ་པ་ནི།)གཙོ་བོའི་ཐུགས་ནས་བྱེ་བའི་ལས་ཀྱི་རྡོ་རྗེས་སྒོ་བཞི་ནས་ནང་ དུ་བཅུག་པར་བསམ་ཞིང༌། རྡོ་རྗེ་ལ་འཇུས་ཏེ། བུ་འདིར་ཤོག་ཅིག་ཅི་བདེ་བར། །ལས་སྤྱོད་ རིམ་པར་འགྲོ་བ་དང༌། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྫོགས་པའི་ཡེ་ཤེས་བདེ་ཆེན་ལ། །དམིགས་པ་མེད་པར་གནས་ཕྱིར་དུ། །སེར་སྣ་སྤངས་པའི་དང་ཡིད་ཀྱིས། །སྟོང་ཞིང་རང་ 4-1-111 སེམས་བརྟན་པ་ཟུང༌། །པད་མ་རིགས་ཀྱི་དབང་སོགས་སྦྱིན། །ཞེས་པས་ནང་དུ་བཅུག་པར་ བསམས་ཏེ། ཡོལ་བ་གསལ། ཕྱི་འཇུག་གོ ། གཉིས་པ་ནང་གི་འཇུག་པ་ལ། ལུས་དབུལ་ལྷར་བསྐྱེད་དབང་བསྐུར་མཆོད། །མནའ་ཆུ་ སྦྱིན་ཞིང་བདུད་རྩི་བླུད། །གཉིས་ཀའི་སྒོ་ནས་དམ་བཞག་དང་། །སློབ་དཔོན་བཀའ་སྙན་ དམ་ལ་བཞག །གསོལ་གདབ་ཡེ་ཤེས་དབབ་བརྟན་བྱ། །བདེན་པ་བརྗོད་དང་མེ་ཏོག་དོར། །མགོར་བཅིང་མིག་དབྱེ་གསང་མཚན་གདགས། ། དཀྱིལ་འཁོར་བསྟན་ཅིང་གདམས་པ་ བྱིན། །རྗེས་སུ་གནང་དང་བཅུ་དགུའོ། །(དང་པོ་ནི།) སློབ་མ་རྗེས་བཟློས་བྱེད་དུ་བཅུག་ ལ། ༀ་བུདྡྷ་པུ་ཙོ་པསྠ་ན་ཡ། ཨད་མ་ནཾ་ནིཏྱ་ཏ་ཡཱ་མི། ཞེས་སངས་རྒྱས་ལ་ལུས་དབུལ། ཨ་ ཙདྱ་པུ་ཙོ་ཞེས་སོགས་ཀྱིས་བླ་མ་ལ་ལུས་འབུལ། པ་ཏ་ལ་པ་ཏ་ན་པུ་ཙོ། ཞེས་སོགས་ཀྱིས་ སེམས་ཅན་ཐམས་ཅད་ལ་ལུས་སྦྱིན། (གཉིས་པ་ནི།) སློབ་དཔོན་གྱི་གནས་གསུམ་ལས་འོད་ ཟེར་འཕྲོས་པས་སློབ་མའི་སྒོ་གསུམ་གྱི་སྒྲིབ་པ་དག གསེར་ཞུན་མ་འམ། དངུལ་ཆུ་ལྟ་བུར་ བསམས་ཏེ། ཧྲཱིཿཞེས་བརྗོད་པས་དབང་ཆེན་ཕྱག་གཉིས་པར་བསྐྱེད། ཧཾ་ཞེས་བརྗོད་པས་ དེའི་སྤྱི་བོར་ཧཾ་ལྗང་ཁུ། དེ་ཞུ་ནས་ལུས་ལ་ཐིམ་པས། རྡོ་རྗེའི་ཞུན་ཁྲབ་ཀྱིས་གཏམས་པར་ བསམ་མོ། །(གསུམ་པ་ནི།) སློབ་མའི་དཔྲལ་བར་ཟླ་བ། མགྲིན་པར་པད་མ། སྙིང་ཁར་ཉི་ མ་བསམ། སློབ་དཔོན་དབང་ཆེན་དུ་གསལ་བའི་དཔྲལ་བར་ཟླ་བ་ལ་སྐུ་རྡོ་རྗེ་དཀར་པོ། གཡས་འཁོར་ལོ། མགྲིན་པར་པད་མ་ལ་གསུང་རྡོ་རྗེ་དམར་པོ། གཡས་པ་པད་མ། སྙིང་ ཁར་ཉི་མ་ལ་ཐུགས་རྡོ་རྗེ་སྔོན་པོ། གཡས་རྡོ་རྗེ་འཛིན་ཅིང་གཡོན་ཐམས་ཅད་དྲིལ་བུ་འཛིན་ པ་རྣམས་བཞུགས་པར་བསམ་ལ། སློབ་མས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་ སྐུ་དང་ལྡན། །དེང་བདག་སངས་རྒྱས་སྐུ་འཛིན་པ། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །ཞེས་ གསོལ་བ་གདབ་པས། བླ་མའི་དཔྲལ་བའི་སྐུ་རྡོ་རྗེ་ལས། སྐུ་རྡོ་རྗེ་གཉིས་པ་བྱེ་སྟེ། ཕྱོགས་ 4-1-112 བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །འདི་དག་ བྱིན་གྱིས་བརླབས་ནས་ཀྱང་། །སྐུ་ཡི་རྡོ་རྗེ་མཛད་དུ་གསོལ། །ཀཱ་ཡ་སིདྡྷི་ༀ། ཞེས་སློབ་ དཔོན་གྱིས་དེའི་དཔྲལ་བར་རྡོ་རྗེ་བཞག་པས། དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ སྐུ་རྡོ་རྗེ་བྱོན་ཏེ། སྐུ་ཡི་དམ་ཚིག་ཐོབ་པར་བསམ་མོ། །དེ་བཞིན་དུ་སྐུ་ཡི་ཞེས་པར། གསུང་ གི ། ཐུགས་ཀྱི་ཞེས་དང༌། ཝཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾ། ཞེས་འདོན་པ་བསྒྱུར་ཏེ། གསུང་ དང༌། ཐུགས་ཀྱི་དམ་ཚིག་ཐོབ་པར་བསམ་མོ། །(བཞི་པ་ནི།) སློབ་མ་རྡོ་རྗེ་གསུམ་གྱི་རང་ བཞིན་དུ་གྱུར་པ་ལ། མེ་ཏོག་ལ་སོགས་པས་མཆོད་དོ། །(ལྔ་པ་ནི།) འདི་ནི་ཁྱོད་ཀྱི་དམྱལ་བའི་ ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་འགྱུར། །རྡོ་རྗེ་བདུད་རྩིའི་ ཆུ་འཐུང་ཤིག །ཅེས་ལས་བུམ་ནས་མནའ་ཆུ་སྦྱིན་ནོ། །(དྲུག་པ་ནི།) དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་ནི་བསྲུང་བར་བྱ། །དམ་ཚིག་བསྲུངས་ན་དངོས་གྲུབ་པས། །རྡོ་རྗེ་བདུད་རྩིའི་ ཆུ་འཐུང་ཤིག །ཅེས་བདུད་རྩི་ལྕེ་ལ་བཞག་གོ །(བདུན་པ་ནི།) སྙིང་ཁར་རྡོ་རྗེ་བརྟན་བྱས་ལ། །སངས་རྒྱས་ཀུན་གྱི་གསང་པ་འདི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་བྱ་ བ་མིན། །དེའང་དམ་ཚིག་ཉམས་ན། རྡོ་རྗེ་གནོད་སྦྱིན་ལྕགས་ཀྱི་སྡིག་པ་ར་དགུ་པར་གྱུར་ ནས་སྙིང་ཁྲག་འཇིབ་པར་འགྱུར་ལ། དམ་ཚིག་བསྲུང་ན་དབང་ཆེན་ཁྲོ་བོར་གྱུར་ནས་འདི་ དང་ཕྱི་མའི་འདྲེན་པ་བྱེད་པར་འགྱུར་རོ། །ཞེས་གཉིས་ཀའི་སྒོ་ནས་དམ་ལ་བཞག (བརྒྱད་པ་ ནི།) ཐེག་པ་ཆེན་པོ་སྟོན་བྱེད་པ། །ང་ལ་བརྙས་དང་སྨད་མི་རུང་། །སྐུ་གསུང་ཐུགས་སུ་རྟག་ གནས་ནས། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་སློབ་དཔོན་གྱི་བཀའ་གཉན་པའི་ཕྱིར་ དུ་དམ་ལ་བཞག (དགུ་པ་ནི།) བླ་མ་དང་ལྷ་ལ་མོས་གུས་བརྟན་པོས་མཎྜལ་ཕུལ་ནས། ཕྱོགས་ བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག དཔལ་དབང་ཆེན་ བདག་ལ་དབབ་ཏུ་གསོལ། ཅེས་ཡེ་ཤེས་དབབ་པའི་ཕྱིར་དུ་གསོལ་བ་གདབ་པོ། །(བཅུ་པ་ནི།) 4-1-113 སློབ་མ་རྣམས་ལངས་ཏེ་སྤྱི་བོར་ཐལ་མོ་སྦྱར། རྐང་པའི་བྲང་པ་ལ་ལུས་ཀྱི་ལྗིད་ཡོང་པ་བྱས་ ཏེ། ལུས་བཅོས་ནས་ཕྱི་ནང་གི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟར་རང་བཞིན་མེད་པར་ཤེས་ ཤིང༌། དངོས་པོ་དང་མཚན་མ་ལ་ཞེན་པ་དང་བྲལ་བའི་ངང་ནས། དབང་ཆེན་དུ་བསྐྱེད་པ་ལ། གུ་གུལ་གྱི་དུད་པས་བདུག་ཅིང་རོལ་མོ་དྲག་པོ་བྱས་ཏེ། ཡི་དམ་གྱི་སྙིང་པོ་དང༌། བཛྲ་ཛྙ་ན་ ཨ་བེ་ཤཱ་ཡ་ཨ་ཨ། ཞེས་དྲག་ཏུ་བཟླས་པས། ཁྲོ་བོ་དབང་ཆེན་སངས་རྒྱས་བྱང་ཆུབ་སེམས་ དཔའི་ཚོགས་དང་བཅས་པ། སྤྱན་དྲངས་པ་སློབ་མ་ལ་ཐིམ་ནས། དབང་ཆེན་དང་གཉིས་སུ་ མེད་པར་བསམ། ཡེ་ཤེས་ཕེབས་པའི་རྟགས། རོལ་པ་ལས། སྐུ་ཡི་ཡེ་ཤེས་ཕྱོགས་བཅུར་ གཡོ། །གསུང་གི་ཡེ་ཤེས་སྔགས་བརྗོད་ཅིང༌། །ཐུགས་ཀྱི་ཡེ་ཤེས་མངོན་ཤེས་གསལ། །ཞེས་ སོགས་ཅི་རིགས་སུ་འབྱུང༌ངོ་། །(བཅུ་གཅིག་པ་ནི།) སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས། ཏིཥྛ་ བཛྲས་བརྟན་པར་བྱའོ། །(བཅུ་གཉིས་པ་ནི།) མེ་ཏོག་ལ་སོགས་རིན་ཆེན་ཕྲེང༌། །སྔོན་ཚེ་ཡེ་ ཤེས་མཉེས་པའི་ལྷ། །ཐུགས་ཀྱིས་གནང་པར་དགོངས་ནས་ཀྱང༌། །གང་ཡིན་དེ་ལ་དབབ་ པར་ཤོག །ཅེས་བདེན་པ་བརྗོད། (བཅུ་གསུམ་པ་ནི།) དབང་ཆེན་གྱི་དབུའི་གཙུག་ཏུ་འབུལ་བར་ བསམ་སྟེ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་མེ་ཏོག་དཀྱིལ་འཁོར་གྱི་དབུས་སུ་དོར་རོ། །(བཅུ་བཞི་པ་ནི།) བླ་མས་མེ་ཏོག་སློབ་མའི་ཕྱི་བོར་བཞག་ནས། སྙིང་པོ་བཟླས་ཏེ་བྱིན་གྱིས་བརླབ་པོ། །(བཅོ་ལྔ་ པ་ནི།) མིག་འབྲས་གཉིས་ༀ་དུ་བསམས་ལ། ༀ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱོད་ཀྱི་མིག་འབྱེད་བརྩོན་པར་མཛད། །མ་རིག་སྒྲིབ་གཡོགས་བསལ་བྱས་ནས། །པད་མ་ སྤྱན་བཟང་དྲི་མ་མེད། །ༀ་ཙཀྵུ་ཛྙ་ན་པྲ་བེ་ཤ་ཕཊ། ཅེས་པས་གདོང་གཡོགས་དབྱེ། (བཅུ་དྲུག་ པ་ནི།) མེ་ཏོག་གང་ལ་ཕོག་པའི་རིགས་ཀྱི་གསང་མཚན་གདགས་ཏེ། སྐྱེས་པ་ལ་པད་མ་རྒྱལ་ པོ་བརྩལ་དང༌། བུད་མེད་ལ་པད་མ་དབྱིངས་ཕྱུག་བརྩལ་ཞེས་སོགས་གདགས། (བཅུ་བདུན་ པ་ནི།) ལེགས་པར་ལྟོས་ཤིག་བློ་གྲོས་ཆེ། །སྔོན་ཚེ་རྒྱལ་བ་ལ་སོགས་རྣམས། །གསང་སྔགས་ 4-1-114 གསུམ་པོའི་དཀྱིལ་འཁོར་འདིར། །ལེགས་པར་ཞུགས་ཏེ་གྲུབ་པ་ཡིན། །མེ་ཏོག་གང་ལ་ བབས་པ་ཡི། །ལྷ་དེའི་རིགས་ཀྱི་དམ་ཚིག་ཡིན། །ཅེས་གཞལ་ཡས་ཁང་ཕྱི་ནས་དང༌། ལྷ་ རྣམས་གཙོ་བོ་ནས་ནང་ནས་རིམ་པ་བཞིན་བསྟན་ནས། འདི་དག་ཐམས་ཅད་ཀྱང་ཐམས་ ཅད་མཁྱེན་པའི་ཡེ་ཤེས་འདི་ཉིད། རྟེན་དང་བརྟེན་པ་གཙོ་བོ་དང་འཁོར། ཡབ་དང་ཡུམ་ལ་ སོགས་པའི་རྣམ་པར་བརྟན་པ་ཡིན་པས། དོན་ལ་བཟང་ངན་ཕྱི་ནང་ལ་སོགས་པའི་ཁྱད་པར་ མེད་མོད། འོན་ཀྱང་ཁྱེད་ཀྱི་མེ་ཏོག་ཕོག་པའི་ལྷ་ནི། དབུས་ཀྱི་གཙོ་བོ་དབང་ཆེན་ཡིན་ ནོ། །ཅེས་སོགས་ཡི་ དམ་གང་ཡིན་ངོ་སྤྲད་དོ། །(བཅོ་བརྒྱད་པ་ནི།) བདག་ཉིད་ལྷ་དང་མཉམ་སྦྱོར་ན། ། ཡོན་ཏན་ ཆུང་ཡང་འགྲུབ་པར་འགྱུར། །ལྷ་ཡངས་དགེ་སྤྱད་དོན་མེད་འགྱུར། ། དད་མེད་ཉམས་ན་ ཕུང་བར་འགྱུར། །ཞེས་པས་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒོམས་ ལ་སྔར་བཟླས་པ་ལ་བརྩོན་པར་གྱིས་ཤིག་ཅེས་གདབ་པོ། །(བཅུ་དགུ་པ་ནི།) ཐབས་དང་ཤེས་ རབ་གཉིས་མེད་ཀྱིས། །རྟག་ཏུ་གསོ་བ་མེད་ཀྱིས་ལ། །འདོད་པའི་ཡོན་ཏན་ལྔ་ལ་སྤྱོད། །བྱ་ བའམ་མི་བྱ་ཅུང་ཟད་མེད། །སེམས་ཉིད་ཐེག་པར་རབ་ངེས་ན། །ཉོན་མོངས་འདོད་ལྔ་ཀུན་ སྤྱད་ཀྱང༌། །པད་མ་ལ་ནི་འདམ་ཅན་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་པས་ སྣང་སྟོང་གཉིས་མེད་ཀྱི་དོན་རྟོགས་ཤིང༌། རིམ་གཉིས་ཀྱི་རྣལ་འབྱོར་ལ་གནས་པས་ཞེན་ པའི་དྲི་མས་མ་གོས་པར། འདོད་ཡོན་ལྔ་དཔྱད་ཀྱང་པད་མ་ལ་འདམ་བཞིན་དུ། ཞེས་པས་ མི་གོས་ཤིང་ཚུལ་ཁྲིམས་མཆོག་ཏུ་འགྱུར་རོ། །ཞེས་རྗེས་སུ་གནང་ཞིང་སྣོད་མིན་ལ་གསང་ བར་གདམས་སོ། །ནང་འཇུག་གོ ། གཉིས་པ་དབང་ལ་གཉིས་ཡིན་ཏེ། སྔོན་འགྲོ་དང་ནི་དངོས་གཞིའོ། །དང་པོ་ལ་ཡང་ དོན་གསུམ་ཏེ། །ཡོན་དབུལ་གསོལ་གདབ་བཀྲ་ཤིས་བརྗོད། །(དང་པོ་ནི།) ཡོན་དུ་མཎྜལ་ཕུལ་ 4-1-115 ནས། (གཉིས་པ་ནི།) ཨ་ལ་ལ་སྟེ་དམ་ཚིག་བསྐོངས། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །བྱང་ཆུབ་ རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་གསོལ་བ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་གདབ། (གསུམ་པ་ནི།) སློབ་མ་རིན་པོ་ཆེའི་ཁྲིའི་སྟེང་དུ། པད་ཉིའི་གདན་ལ་བཞུགས་པའི་དབང་ཆེན། མཆོད་རྫས་ སྣ་ཚོགས་ཀྱིས་བསྐོར་བ་ལ། གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་དབང་གི་ལྷ་རྣམས་ཀྱིས་ ཤིས་པ་བརྗོད་པར་བསམ་སྟེ། ཕུན་སུམ་ཚོགས་པ་མངའ་བ། ཞེས་སོགས་བརྗོད་ཅིང་མེ་ ཏོག་དོར་རོ། ། གཉིས་པ་དབང་གི་དངོས་གཞི་ལ། །བུམ་དབང་གསང་དབང་ཤེས་རབ་དང་། །བཞི་པའི་ དབང་སྟེ་དང་པོ་ལ། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མིང་དང་རྗེས་གནང་དྲུག །(དང་པོ་ ནི།) བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་པར་བསྒོམ་ཞིང༌། སློབ་མ་དང་དབང་རྫས་ རྣམ་རྒྱལ་གྱི་ཆུ་སྟོང་པའི་ངང་ལས། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བཛྲ་ཧེ་རུ་ཀ་སྔོན་ པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་གྲི་གུག་ཐོད་འཛིན་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་གནས་གསུམ་བྱིན་གྱིས་བརླབས། སངས་ རྒྱས་ཐམས་ཅད་ཡེ་ཤེས་པའི་རྣམ་པས་སྤྱན་དྲངས་སྟིམ། དབང་རྫས་ཀྱི་ལྷ་ཡབ་ཡུམ་འོད་ དུ་ཞུ་བ་བུམ་པའི་ཆུར་བསམ། སློབ་མས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་ དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མས། བུམ་པ་ཐོགས་ཏེ་དབང་གི་ ལྷ་རྣམས་ཀྱིས་དབང་བསྐུར་བར་བསམས་ཤིང༌། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །རྡོ་ རྗེ་གསང་པ་གསུམ་ལས་བྱུང༌། །རྡོ་རྗེའི་རིགས་ཀྱིས་དབང་བསྐུར་བས། །དབང་བསྐུར་དམ་ པ་ཆེན་པོ་སྦྱིན། །ༀ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་བཛྲ་ཧེ་རུ་ 4-1-116 ཀས་དབུ་བརྒྱན་པར་བསམས་པ་ལ། མཆོད་པ་རྣམས་ཀྱིས་མཆོད། དེ་ལྟར་བཛྲ་ཧེ་རུ་ཀའི་ རང་བཞིན་ཆུས་དབང་བསྐུར་བ་ཐོབ། ཞེ་སྡང་དག རྣམ་ཤེས་གནས་གྱུར། མེ་ལོང་ཡེ་ཤེས་ མངོན་དུ་བྱས། བཛྲ་ཧེ་རུ་ཀའི་དངོས་གྲུབ་ཐོབ། ཅེས་དོན་ལྔའི་རྟོགས་པ་བསྐྱེད་དོ། །དེ་ བཞིན་དུ། (གཉིས་པ་ནི།) སྟོང་པའི་ངང་ལས་སློབ་མ་དང༌། དབང་རྫས་དབུ་རྒྱན་སྭ་ལས་རིན་པོ་ ཆེས་སྭས་མཚན་པ་ལས། རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། རང་འདྲའི་ ཡུམ་གྲི་གུག་ཐོད་འཛིན་དང་མཉམ་པར་སྦྱོར་བ་ཞེས་སོགས་གོང་བཞིན་ལ། དབང་རྫས་ཀྱི་ ལྷ་ཡབ་ཡུམ་འོད་དུ་ཞུ། དབུ་རྒྱན་དུ་གྱུར་པར་བསམས་ནས། གོང་བཞིན་གསོལ་བ་གདབ། བླ་མས་དབུ་རྒྱན་ཐོགས་ཏེ། སངས་རྒྱས་རྣམས་ནི། རིན་ཆེན་གསང་པ། རིན་ཆེན་རིགས་ཀྱི། དབང་བསྐུར། སྭ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་དབུ་རྒྱན་སྐོན། བུམ་པའི་ ཆུས་ཀྱང་སྔར་བཞིན་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། རཏྣ་ཧེ་རུ་ཀས་ དབུ་བརྒྱན་པ་ལ་མཆོད། དེ་ལྟར་རཏྣ་ཧེ་རུ་ཀའི་རང་བཞིན་དབུ་རྒྱན་གྱི་དབང་ཐོབ། སེར་སྣ་ དག ཚོར་བ་གནས་གྱུར། མཉམ་ཉིད་ཡེ་ཤེས་མངོན་དུ་བྱས། རཏྣ་ཧེ་རུ་ཀའི་དངོས་གྲུབ་ཐོབ། ཅེས་རྟོགས་པ་བསྐྱེད་དོ། །(གསུམ་པ་ནི།) སྟོང་པའི་ངང་ལས་སློབ་མ་དང་། དབང་རྫས་རྡོ་རྗེ། ཨ་ལས་པད་མ་ཨས་མཚན་པ་ལས། པད་མ་ཧེ་རུ་ཀ་དམར་པོ་པད་མ་དང་དྲིལ་བུ་འཛིན་ པ། རང་འདྲའི་ཡུམ་གྲི་གུག་ཐོད་འཛིན་དང་ཞེས་སོགས་གོང་བཞིན། དབང་རྫས་ཀྱི་ལྷ་འོད་ དུ་ཞུ་བ་རྡོ་རྗེར་གྱུར་པར་བསམས་ལ། རྡོ་རྗེ་ཐོགས་ཏེ། སངས་རྒྱས་རྣམས་ནི། པད་མ་གསང་ པ། པད་མ་རིགས་ཀྱི། དབང་བསྐུར་དམ་པ། ཨ་པད་མ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་རྡོ་རྗེ་ ལག་པ་གཡས་སུ་བྱིན་ལ། བུམ་པའི་ཆུས་ཀྱང་དབང་བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་ པ་ལས། པད་མ་ཧེ་རུ་ཀས་དབུ་བརྒྱན་པ་ལ་མཆོད། དེ་ལྟར་པད་མ་ཧེ་རུ་ཀའི་རང་བཞིན་རྡོ་ རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་ 4-1-117 དུ་དུ་བྱས། པད་མ་ཧེ་ཀའི་དངོས་གྲུབ་ཐོབ་ཅེས་རྟོགས་པ་བསྐྱེད་དོ། །(བཞི་པ་ནི།) སྟོང་པའི་ངང་ ལས་སློབ་མ་དང༌། དབང་རྫས་དྲིལ་བུ། ཧ་ལས་སྣ་ཚོགས་རྡོ་རྗེ་ཧས་མཚན་པ་ལས། ཀརྨ་ཧེ་ རུ་ཀ་ལྗང་ཁུ་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་གྲི་གུག་ཐོད་འཛིན་ཞེས་ སོགས་གོང་བཞིན། དབང་རྫས་ཀྱི་ལྷ་འོད་དུ་ཞུ་བ་ལས་དྲིལ་བུར་གྱུར་པར་བསམས་ལ། དྲིལ་བུ་ཐོགས་ཏེ། སངས་རྒྱས་རྣམས་ནི། ལས་ཀྱི་གསང་པ། ལས་ཀྱི་རིགས། དབང་བསྐུར་ དམ་པ། ཧ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དྲིལ་བུ་ལག་པ་གཡོན་དུ་གཏད། བུམ་པའི་ཆུས་ ཀྱང་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས། ཀརྨ་ཧེ་རུ་ཀས་དབུ་བརྒྱན་པ་ལ་ མཆོད། དེ་ལྟར་ན་ཀརྨ་ཧེ་རུ་ཀའི་རང་བཞིན་དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་ གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཀརྨ་ཧེ་རུ་ཀའི་དངོས་གྲུབ་ཐོབ་ཅེས་ རྟོགས་པ་བསྐྱེད་དོ། །(ལྔ་པ་ནི།) སྟོང་པའི་ངང་ལས་སློབ་མ་ༀ་ལས་འཁོར་ལོ་ༀ་གྱིས་མཚན་པ་ ལས། བུདྡྷ་ཧེ་རུ་ཀ་དཀར་པོ། འཁོར་ལོ་དང་དྲིལ་བུ་འཛིན་པ། རང་འདྲའི་ཡུམ་གྲི་གུག་ཐོད་ འཛིན་ཞེས་སོགས་གོང་བཞིན། སྔར་བཞིན་གསོལ་བ་བཏབ་ནས། བླ་མས་དྲིལ་བུ་ཐོགས་ ཏེ། སྐྱབས་སྦྱིན་སྤྱི་བོར་བཞག་ནས། སངས་རྒྱས་རྣམས་ནི། འཁོར་ལོ་གསང་པ། འཁོར་ལོ་ རིགས་ཀྱི། དབང་བསྐུར་དམ་པ་ཆེན་པོ་སྦྱིན། ༀ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ཀྱེ། དཔལ་པད་ མ་རྒྱལ་པོ་བརྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་སོགས་མིང་གི་དབང་བསྐུར། བུམ་པའི་ཆུས་ཀྱང་དབང་བསྐུར། དྲི་མ་དག ཆུ་ལྷག་མ་ཡར་ལུད་པས། བུདྡྷ་ཧེ་རུ་ཀས་དབུ་ བརྒྱན་པ་ལ་མཆོད། དེ་ལྟར་ན་བུདྡྷ་ཧེ་རུ་ཀའི་རང་བཞིན་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་མངོན་དུ་བྱས། བུདྡྷ་ཧེ་རུ་ཀའི་དངོས་གྲུབ་ཐོབ་ཅེས་རྟོགས་པ་བསྐྱེད་དོ། ། དྲུག་པ་རྗེས་སུ་གནང་པ་ལ། ཆས་བརྒྱད་སྔགས་ཀྱི་རྗེས་གནང་དང་། །གཏོར་མའི་བྱིན་ 4-1-118 བརླབས་དང་གསུམ་མོ། །(དང་པོ་ནི།) བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང་ཐ་མི་དད་ཀྱིས། སློབ་ མ་དབང་ཆེན་དུ་གསལ་བ་ལ། དུར་ཁྲོད་ཆས་བརྒྱད་རིམ་བཞིན་གནང་པར་བསམ་སྟེ། ཧེ་རུ་ ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཕོ་ཉ་ཀུན་དང་གཅིག་པའི་ ཕྱིར། །ཐལ་ཆེན་ཚོམ་བུས་བརྒྱན་པ་ཡང༌། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །འདི་ཡང་སྔོན་ གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང༌། །ཨ་ལ་ལ་སྟེ་མཆོད་པར་འབུལ། །ཞེས་ སློབ་མའི་དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་ཁ་ཊྭཱཾ་ཀའི་དབྱིབས་སུ་བྲིའོ། །ཧེ་རུ་ཀའི། དུར་ཁྲོད་ ཆེན་པོའི། མ་མོ་ཀུན་དང་གཅིག་པའི་ཕྱིར། །རཀྵའི་ཐིག་ལེས་བརྒྱན་པ་ཡང༌། །འདི་ཡང་ ཞེས་སོགས་སྔར་བཞིན་བརྗོད་ལ། སློབ་མའི་ཁུར་ཚོས་གཉིས་དང་སྣ་རྩེར། རཀྟའི་ཐིག་ལེ་ ཐོད་ཚལ་གྱི་དབྱིབས་སུ་བྲིའོ། །ཧེ་རུ་ཀའི། དུར་ཁྲོད་ཆེན་པོའི། གྱིང་ཆེན་ཀུན་དང་གཅིག་ པའི་ཕྱིར། །ཞག་གི་ཟོ་རིས་བརྒྱན་པ་ཡང༌། །འདི་ཡང་ཞེས་སོགས་དང་། སློབ་མའི་སྙིང་ཁར་ ཞག་གི་ཟོ་རིས་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་བྲིའོ། །གཞན་ཡང༌། གླང་ཆེན་གྱི་ཀོ་རློན་དང༌། ཞིང་ཆེན་གྱི་གཡང་གཞི་དང༌། སྟག་གི་ཤམ་ཐབས་དང༌། ཐོད་པ་ཚར་གསུམ་གྱི་ཕྲེང་པ་དང༌། སྦྲུལ་གྱི་རྒྱན་རྣམས་དཔེ་ཆུང་ལས་བྱུང་བ་བཞིན་དུ་དབུལ་ལོ། །དབང་ཆེན་གྱི་སྐུ་ལ་བསྣམས་ ཤིང་བརྒྱན་ཏེ། མངའ་གསོལ་བར་དཔོན་སློབ་གཉིས་ཀས་བསྒོམ་པར་བྱའོ། །(གཉིས་པ་ནི།) རང་དཔལ་ཆེན་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་པས། སློབ་མ་དཔལ་ཆེན་ དུ་གསལ་བའི་སྙིང་ཁའི་ཉི་མའི་སྟེང་དུ་ཧྲཱིཿབསམ་པའི་མཐའ་མར་གཡས་བསྐོར་དུ་འཁོར་ བར་བསམ་ཞིང༌། སྙིང་པོ་ལན་གསུམ་བཟླས་ནས། སློབ་མས། བཅོམ་ལྡན་བདག་ལ་བསྩལ་ ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད། བླ་མས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ལན་ གསུམ་བརྗོད། དབང་ཆེན་གྱི་བསྲུང་སྐུད་དང་བསྲུང་འཁོར་ཡོད་ན་འདིར་བཏགས། (གསུམ་ 4-1-119 པ་)བརྟན་པར་བྱེད་པ་གཏོར་མའི་བྱིན་བརླབ་ནི། དབུས་ཀྱི་གཏོར་མ་དེ། གཙོ་བོའི་ཐུགས་ ཀ་ནས་འཕྲོས་པའི་ལྷ་དགུའི་དཀྱིལ་འཁོར་རྫོགས་པར་བསྐྱེད་པ་ལ་མཆོད་པ་དང༌། པད་ མ་རིགས་ཀྱི་ཁྲོ་རྒྱལ་མཆོག །ཅེས་སོགས་ཀྱིས་བསྟོད་ནས། སློབ་མའི་སྤྱི་བོར་བཞག་སྟེ། སྔགས་རྣམས་བཟླས་ཤིང༌། འདི་ལ་མཆོག་ཐུན་མོང་གི་དངོས་གྲུབ་བསྩལ་དུ་གསོལ། ཅེས་ སོགས་རྒྱས་པར་བརྗོད་པས་སྤྱི་བོ་ནས་ཐིམ། སློབ་མ་དབང་ཆེན་དང་དབྱེར་མེད་དུ་གྱུར་ པར་བསམ། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་རྟོགས་ པ་བསྐྱེད་དོ། །རྗེས་གནང་མ་རྟོགས་ལུང་བསྟན་ལ་སོགས་མཐའ་བརྟེན་གཞན་མི་མཛད་པ་ ཕྱག་ལེན་ནོ། ། (གཉིས་པ་)གསང་དབང་ནི། བླ་མ་ལོངས་སྐུར་མོས་པ་ལ་མཎྜལ་ཕུལ་ནས། བྱང་སེམས་ དྲི་མེད་རིན་ཆེན་མཆོག །མ་རིག་ཉེས་པ་རབ་འཇོམས་ཤིང༌། །གང་གིས་བླ་མེད་བྱང་ཆུབ་པ། །དེ་རིང་བདག་གིས་མཐོང་པར་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ། གསང་དབང་ མ་ཐོབ་པའི་བརྡར་གདོང་གཡོགས། བདུད་རྩི་བྱིན་ནས་བླ་མ་དབང་ཆེན་ཡབ་ཡུམ་དུ་མོས་ཏེ། སྙོམས་པར་ཞུགས་པའི་བདེ་བའི་སྒྲས། སངས་རྒྱས་ཐམས་ཅད་ཡབ་ཀྱི་ཞལ་ནས་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་བཞུ་བ། བྱང་སེམས་སྦྱོར་མཚམས་ནས་ཐེབ་སྲིན་གྱིས་བླངས་ ཏེ་སྟེར་བར་བསམ་ཞིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་ བསྐུར་ལྟར། །བདག་གིས་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཞེས་བརྗོད་དེ། ཆང་ལ་བདུད་རྩི་བཏབ་པ་སློབ་མའི་ཁར་སྦྱིན་ནོ། །དེ་ནས་ཨ་ཧོ་མཧཱ་སུ་ཁཾ། ཞེས་བརྗོད། ལུས་ཐམས་ཅད་བདེ་བས་གང་བར་བསྒོམ། གདོང་གཡོགས་དབྱེ། དེ་ལྟར་བྷ་ གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག རང་བྱིན་བརླབས་བསྒོམས་ 4-1-120 པ་ལ་དབང༌། འབྲས་བུ་ལོངས་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་རྟོགས་པ་བསྐྱེད་དོ། ། (གསུམ་པ་)ཤེས་རབ་ཡེ་ཤེས་ཀྱི་དབང་ནི། བླ་མ་ཆོས་སྐུར་མོས་ཏེ། མཎྜལ་ཕུལ་ནས། གསོལ་གདབ་སྔར་གྱི་གསང་དབང་ལྟར་བརྗོད་ནས། གདོང་གཡོགས། བདུད་རྩི་བྱིན། བླ་ མ་དབང་ཆེན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས། པད་མ་གར་གྱི་དབང་ཕྱུག་མ་གཅིག་ བྱུང་སྟེ། སློབ་མ་དབང་ཆེན་ཧེ་རུ་ཀར་གསལ་བ་ལ་གཏད་ནས། ཡུམ་གྱི་མཁའ་པད་མ་ ཨས་མཚན་པ་དང༌། ཡབ་ཀྱི་གསང་གནས་རྡོ་རྗེ་ཧཱུཾ་གིས་མཚན་པར་བྱིན་གྱིས་བརླབས་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་བསམ་པས། སྙོམས་པར་ཞུགས་པས། ཟག་མེད་ ཀྱི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་མོ། །གདོང་དབྱེ། ཀུན་རྫོབ་བྱང་ཆུབ་ སེམས་ཀྱི་དཀྱིལ་འཁོར་དུ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཐིག་ལེ་ དང་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུའི་རྟེན་འབྲེལ་མངོན་དུ་བྱས། ཞེས་རྟོགས་པ་བསྐྱེད་དོ། ། (བཞི་པ་)ཚིག་དབང་ནི། བླ་མ་ངོ་བོ་ཉིད་ཀྱི་སྐུར་མོས་པ་ལ། མཎྜལ་ཕུལ་ནས། ཐུགས་རྗེ་ ལྡན་པ་ཁྱེད་རྣམས་ཀྱིས། །དབང་བསྐུར་གསུམ་པོ་བདག་ལ་གནང༌། །དབང་བསྐུར་བཞི་ པ་རིན་ཆེན་མཆོག །བཀའ་དྲིན་ཆེན་པོས་བདག་ལ་གསོལ། །ཞེས་ལན་གསུམ་གསོལ་བ་ གདབ། གདོང་བཅིང་། བདུད་རྩི་བྱིན། བླ་མས། ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་ མཉམ་པ་ཉིད་དུ་གསལ། །ཞེས་གསུངས་ཏེ། དེ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་ནམ་ མཁའ་ལྟར་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྟོང་པ་ཉིད་ཡིན་པས། གནས་ལུགས་ དེའི་སྟེང་དུ་རྩེ་གཅིག་ཏུ་མཉམ་པར་ཞོག་མཛོད། ཅེས་བརྗོད། གདོང་དབྱེ། དེ་ལྟར་དོན་དམ་ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག ཆོས་ཐམས་ 4-1-121 ཅད་ཀྱི་གནས་ལུགས་ནམ་མཁའ་ལྟར་སྟོང་པ་ཉིད་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་ ཀྱི་སྐུ་མངོན་དུ་བྱས་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་མཎྜལ་ཕུལ་ནས། དམ་ཚིག་དང་སྡོམ་ པ་མདོར་བསྡུས་ཏེ་ཁས་བླང་ཞིང༌། ལུས་ལོངས་སྤྱོད་དྲིན་ལན་དུ་བླ་མ་ལ་འབུལ་བར་འདོད་ པས། བླ་མས་ཇི་ལྟར་བསྒོ་བ་བཞིན། །དམ་ཚིག་སྡོམ་པ་བདག་གིས་བཟུང༌། །སེམས་ཅན་ རྣམས་དོན་སྒྲུབ་པའི་ཕྱིར། །བདག་གི་ལུས་ཀྱང་དབུལ་པར་བགྱི། །ཞེས་བརྗོད་ལ་ཅི་འབྱོར་ པའི་ཡོན་དབུལ། བཀའ་དྲིན་ཆེ་ལགས་སོ། །ཞེས་བརྗོད། (གསུམ་པ་)རྗེས་ཀྱི་ཆོ་ག་ནི། ཚོགས་ལ་རོལ་བ། ལྷག་མ་བྱ་བ། བསྟན་མ་སྐྱང་བ་རྣམས་ བྱས་ནས། དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། བཟོད་ པར་གསོལ། དགེ་བ་བསྔོ། ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། ལྷ་མཚན་ བསྡུས་ནས། ཨ་ཀ་རོའི་སྔགས་བཟློས་ཤིང༌། དབང་ལྡན་ནས་རྡུལ་ཚོན་བསྡུ། ལུས་བསྲུང༌། བཀྲ་ཤིས་བརྗོད་པ་སོགས་སྒྲུབ་ཐབས་བཞིན་བྱ། རྡུལ་ཚོན་རོལ་མོ་དང་བཅས་ཏེ་རྒྱ་ མཚོར་འབབ་པའི་ཆུར་དོར་ལ། ལས་ཀྱི་རྗེས་མི་མངོན་པར་བྱ། འཁོར་གསུམ་མི་དམིགས་ པའི་ཤེས་རབ་ཀྱིས་རྒྱས་གདབ་པོ། །ཁྲོ་རྒྱལ་པད་མ་དབང་ཆེན་གྱི་དཀྱིལ་འཁོར་དུ། །དབང་ བསྐུར་ཆོ་ག་པད་མའི་སྙིང་པོ་འདི། །དོན་གཉེར་སློབ་མ་མང་པོས་བསྐུལ་བའི་ངོར། །པད་མ་ སཾ་བྷས་མཛད་པའི་དབང་བྱང་དང༌། །ཁྲོ་རྒྱལ་རྟ་མཆོག་དཔལ་དང་དབྱེར་མེད་པའི། །དཔལ་ ལྡན་བླ་མ་དམ་པའི་ལེགས་བཤད་བཞིན། །འགལ་འཁྲུལ་རང་བཟོའི་དྲི་མ་དང་བྲལ་བར། །དགེ་སློང་བསོད་ནམས་བཟང་པོས་ལེགས་པར་སྦྱར། །གལ་ཏེ་འདི་ལ་ནོངས་པའི་ཚོགས་ མཆིས་ན། །བདག་བློ་འཕགས་མིན་བྱིས་པའི་བློར་གྱུར་པས། །ཡེ་ཤེས་སྤྱན་ལྡན་བླ་མ་ཡི་ དམ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ལ་བཤགས། །འདི་སྦྱར་དགེ་བ་བདག་ གིར་མི་འཛིན་པར། །མཁའ་མཉམ་སེམས་ཅན་རྣམས་ལ་སྟབས་པར་བགྱི། །དེ་ཡི་མཐུ་ལས་ 4-1-122 ཁམས་གསུམ་སེམས་ཅན་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག ། ཁྲོ་རྒྱལ་པད་མ་དབང་ཆེན་ཡང་གསང་ཁྲོས་པའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་ བསྐུར་བའི་ཆོ་ག་པད་མའི་རིགས་ཀྱི་སྙིང་པོ་ཞེས་བྱ་བ་འདི་ནི། མཁན་ཆེན་ཙན་ཐང་པ་ལ་ སོགས་དོན་དུ་གཉེར་བའི་སྐྱེས་མཆོག་མང་པོས་ཡང་ཡང་བསྐུལ་བའི་ངོར། ཉི་སྒྲོལ་བྱེད་ ཤིང་ཕོ་སྤྲེའུའི་སྟོན་ཟླ་ར་བའི་ཉེར་དྲུག་ལ་གྲུབ་པར་བགྱིས་པ་འདིས། བསྟན་པ་དང་སེམས་ ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།ཞུས། མ་ཡིག པོ་ཏ་ལའི་དཔེ་རྙིང་། 4-1-123 ༄༅། །ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ཀྱི་ ཆོ་ག་བཞུགས། ༄༅། །དཔལ་རྡོ་རྗེ་ཕག་མོའི་ཞབས་ལ་ཕྱག་འཚལ་ལོ། །པདྨ་ཉི་མ་རོ་ཡི་ གདན་ལ་ཞབས་གཉིས་རབ་བརྗིད་གཡས་རྐྱང་གཡོན་བསྐུམ་གར་སྟབས་བཞུགས། །གང་ སྐུ་གཅེར་བུ་བཅུ་དྲུག་ལང་ཚོ་རུས་པའི་རྒྱན་དང་རྒྱ་ཕྱེད་མགོ་འཕྲེང་ དོ་ཤལ་ཅན། །སྟོན་ཟླའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྣུན་འཕྱར་ཁ་ཊྭཱཾ་ག་དང་ ཐོད་པས་མཚན། །སྤྱན་གསུམ་ཟུར་གཟིགས་སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་རྡོ་རྗེ་ ཕག་མོ་དེ་ལ་ཕྱག་འཚལ་ལོ། ། འདིའི་བྱིན་རླབས་བྱེད་པར་འདོད་པས། ཚེས་བཅུ་རྣམ་གཉིས་གང་རུང་ལ་གནས་ དབེན་པར་ཚོན་དམར་པོས་ཆོས་འབྱུང་མུ་ཁྱུད་བཅས་པའི་དབུས་སུ། པདྨ་དམར་པོ་འདབ་ མ་བརྒྱད་ཀྱི་ལྟེ་བར་ཧྲཱིཿདཀར་པོ་བྲི། དེའི་སྟེང་དུ་ཐོད་པ་ཆང་གིས་བཀང་བ་ལ་བདུད་རྩི་རིལ་ བུ་སྦྱར་བ་བཞག དེའི་སྟེང་དུ་མེ་ལོང་ལ་སིནྡྷི་ར་བྲིས་པའི་སྟེང་དུ་ཆོས་འབྱུང་དང་དབུས་སུ་ ཧྲཱིཿབྲིས་ལ་བཞག དེ་ལ་དར་དམར་པོའི་གུར་ཕུབ། མཐའ་མཆོད་པ་དང་གཏོར་མས་བསྐོར། ནང་མཆོད་རྡོ་རྗེ་དྲིལ་བུ་སོགས་ཉེར་སྤྱོད་སོགས་བྱས་ལ། བདག་བསྐྱེད་བསྒོམ། བཟླས་པ་ བྱ། ནང་མཆོད་བྱིན་གྱིས་བརླབ། རྡུལ་ཚོན་གྱི་ཆོས་འབྱུང་དུ་རྗེ་བཙུན་མ་བསྐྱེད། ཡེ་ཤེས་ པ་བསྟིམ། རིགས་བདག་མི་བསྐྱོད་པས་རྒྱས་བཏབ། ཀ་པཱ་ལའི་བདུད་རྩི་ལ་དམིགས་ནས་ ཧྲཱིཿབཟླས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང་དངོས་ 4-1-124 གྲུབ་མཐའ་དག་ཧྲཱིཿལ་རྣམ་པར་བསྡུས་ཏེ་ཐིམ་པར་བསམ། སིནྡྷུ་རའི་ཆོས་འབྱུང་གི་ཧྲཱིཿལ་ དམིགས་ནས་བཟླས་པ་བྱས་པས། སངས་རྒྱས་བྱང་སེམས་ཉན་རང་མཁའ་འགྲོ་ཆོས་སྐྱོང་ མཁས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་དང་། ཡོན་ཏན། ཚེ་དང་བསོད་ནམས། མཐུ་སྟོབས་དང་། རྒྱུ་བརྩལ་སོགས་དང་། སྨན་དང་། སྔགས་དང་། རིན་པོ་ཆེ་ལ་སོགས་པའི་ནུས་མཐུ་ཐམས་ ཅད་ཧྲཱིཿལ་ཐིམ། ཧྲཱིཿབཀྲག་དང་གཟི་མདངས་དང་ལྡན་པར་བསམ་མོ། ། དེ་ནས་བུམ་པའི་ནང་དུ་རྗེ་བཙུན་མ་བསྐྱེད། བཟླས་པ་བྱ། ཕྱི་ནང་གི་མཆོད་ཅིང་བསྟོད། གཏོར་མ་ཕུལ་ནས། སློབ་མ་རྣམས་ཁྲུས་བྱས། མཎྜལ་དང་ཡོན་ཕུལ་ཏེ། གང་གི་དྲིན་གྱི་བདེ་ ཆེན་ཉིད། །ཅེས་སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་ སྒྱུར། །ཡེ་ཤེས་ལྔ་དང་སྐུ་ཉིད་དེ། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །གནས་དང་ཉེ་བའི་གནས་ དང་ནི། །འདུས་དང་དུར་ཁྲོད་གནས་པ་ཡི། །དཔའ་བོ་དཔའ་མོའི་དབང་ཕྱུག་མ། །ཕག་མོ་ཧེ་ རུ་ཀ་ཉིད་དང་། །གསང་བའི་གནས་སོགས་རྣམ་པར་དག །བདག་ལུས་གནས་པར་མཛད་དུ་ གསོལ། །ཅེས་ལན་གསུམ་གྱི་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཞེས་སོགས་ལན་ གསུམ་གྱི་སྡོམ་པ་བཟུང་ངོ་། ། དེ་ནས་སློབ་མ་རྣམས་རྗེ་བཙུན་མའི་མངོན་རྟོགས་བཞིན་བསྐྱེད། དཔོན་སློབ་གཉིས་ ཀྱིས་སྙིང་ཁའི་ཧྲཱིཿལས་འོད་འཕྲོ་རྗེ་བཙུན་མ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའི་ ཚོགས་མཐའ་ཡས་པ་དང་བཅས་པ་བཀུག་ནས་སློབ་མ་ལ་ཐིམ་པར་བསམ་ཞིང་། ཧྲཱིཿབཛྲ་ བ་ར་ཧི་ཨ་བེ་ཤ་ཡ་ཨ་ཨ་ཨ། ཞེས་མང་དུ་བརྗོད་ཅིང་གུ་གུལ་གྱིས་བདུག རོལ་མོའི་སྒྲ་དྲག་ ཏུ་བྱ་ཞིང་བྱིན་དབབ་པོ། ། དེ་ནས་བླ་མས་བུམ་པ་ཐོགས་ཏེ། རྒྱལ་བ་རིགས་ལྔ་འཁོར་དང་བཅས་པས་དབང་ 4-1-125 བསྐུར་བར་དམིགས་པ་མཛོད་ཅིག ཅེས་བརྡའ་སྤྲད་ནས། ཇི་ལྟར་བལྟམས་པ་ཞེས་སོགས་ དང་། ༀ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲཱི་ཧཱུཾ། ཞེས་བརྗོད་ཅིང་། བུམ་པའི་ཆུས་དབང་ བསྐུར་བས་ལུས་ཀྱི་ནང་བདུད་རྩིས་གང་། དྲི་མ་དག བདེ་བ་ཆེན་པོ་མྱོང་། ཆུ་ལྷག་མ་ཡར་ ལུད་པས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་ཞིང་། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་ དག བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས་སོ་སྙམ་དུ་མོས་པ་མཛོད་ཅེས་བརྗོད་དོ། །དེ་ ནས་དཀྱིལ་འཁོར་སྟེང་གི་ཀ་པཱ་ལ་ཐོགས་ཏེ། གསུང་གི་དངོས་གྲུབ་ཐམས་ཅད་བདུད་རྩི་ལ་ ཐིམ་ནས། རང་གི་མགྲིན་པ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་བདུད་རྩིས་གང་ ། གསུང་གི་དངོས་གྲུབ་ཐོབ་པའི་མོས་པ་མཛོད་ཅིག་ཅེས་བརྗོད་ལ། གཉིས་ཀས་ཧྲཱིཿབཟླས་ ཞིང་བདུད་རྩི་བླུད་པས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག་པར་བསམ་ཞིང་། ངག་ སྔགས་བཟླས་པ་ལ་དབང་བར་བྱས་སོ། ། དེ་ནས་སིནྡྷུ་རའི་དཀྱིལ་འཁོར་ཐོགས་ཏེ། སྙིང་ཁ་དང་ལྟེ་བར་བྱུག་ཅིང་གོང་དུ་བརྗོད་ པ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ ཅད་དང་། ཁྱད་པར་དུ་ཡང་ཤེས་རབ་དང་། གཟུངས་དང་། སྤོབས་པ་མཐའ་དག་བཀུག་ ནས་སྙིང་ཁ་དང་ཁྱད་པར་ལྟེ་བ་ནས་ཧྲཱིཿཡི་རྣམ་པས་ཞུགས་ཏེ། རྩ་དབུ་མ་ནས་ཡར་ལ་སོང་ བས་སྡིག་སྒྲིབ་ཐམས་ཅད་སྦྱངས། མཁྱེན་བརྩེ་ཡོན་ཏན་སོགས་ཀྱི་ལུས་ཐམས་ཅད་གང་བར་ བསམ་ཞིང་། ཧྲཱིཿབརྒྱ་རྩ་བརྒྱད་བཟླས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་ དག་པར་བསམ་ཞིང་། དྷུ་ཏཱིར་སྔགས་ཕྲེང་བསྒོམ་པ་ལ་དབང་བར་བྱས་སོ། ། དེ་ནས་སློབ་མ་མཉམ་བཞག་གིས་སྤྱོད་པས་འདུག་ཏུ་བཅུག་ལ། དངོས་པོ་མེད་པའི་ ཆོས་ཉིད་ལྟོས། །ནམ་མཁའ་ལྟ་བུར་དྲི་མ་མེད། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཉིད་ ནི་རྣམ་བསྒོམ་བྱ། །ཞེས་བརྗོད་དེ། དེའི་དོན་སེམས་ཀྱི་ཆོས་ཉིད་སྤྲོས་པའི་མཐའ་ཐམས་ 4-1-126 ཅད་དང་བྲལ་བ་དེའི་ངང་དུ་འཇོག་ཏུ་གཞུག་གོ། །དེས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་ མ་བག་ཆགས་དང་བཅས་པ་དག་པར་བསམ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་ ལ་དབང་བར་བྱས་སོ་ཞེས་བརྗོད་དོ། ། དེ་ནས་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱི། །ཞེས་ལན་གསུམ་གྱི་དམ་ཚིག་སྡོམ་པ་བསྡུས་ཏེ་ཁས་བླང་ངོ་། །དེ་ནས་ཡོན་དང་མཎྜལ་ ཕུལ་ལ། དིང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱེད་ ཀྱི་སློབ་མར་བཟུང་བ་དང་། །ཆ་ཡི་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་དེ། ཚོགས་དང་ བཏང་རག་མཆོད་བསྟོད་བྱ། འདོད་དོན་ལ་གསོལ་བ་བཏབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་ བསྐང་། ནོངས་པ་བཟོད་པར་གསོལ། དེ་དགེ་བ་བསྔོ། བུམ་པ་དང་། མདུན་བསྐྱེད་ཀྱི་ཡེ་ ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱ། བཀྲ་ཤིས་བརྗོད་དོ། ། ཕག་མོ་ཤེས་རབ་གསལ་བྱེད་མའི་བྱིན་རླབས་ཀྱི་ཆོ་ག བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ གྱི་རིམ་པ་བཞིན། དགེ་སློང་གཉག་ཕུ་པས་ཡི་གེར་བཀོད་པའོ།། །། འདིའི་བརྒྱུད་པ་ནི་གཉིས་ལས། རིང་བརྒྱུད་ནི། དངོས་གྲུབ་བརྙེས་པའི་སློབ་དཔོན་ཀོ་ ཀ་སྦྱིན། དཔལ་བྱིན། ཨ་བྷ་ཡ་ཀ་ར་གུཔྟ། སུ་ཙ་ར་ཏེ་པ། རཏྣ་རཀྵི་ཏ། ཆག་ལོཙྪ་བ་ཆོས་ རྗེ་དཔལ། ལྷོ་གོང་ལུང་པ་མདོ་སྡེ་དཔལ། ཤོང་ལོཙྪ་བ་རྡོ་རྗེ་རྒྱལ་མཚན། མང་གར་ལོཙྪ་བ་ མཆོག་ལྡན་ལེགས་པ། མཁན་ཆེན་ལོཙྪ་བ་བློ་གྲོས་བརྟན་པ། ས་བཟང་ལོཙྪ་བ་པཎ་ཆེན། ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོའོ། ། ཉེ་བརྒྱུད་ནི། རྡོ་རྗེ་ཕག་མོ། གྲུབ་ཐོབ་ཨུ་རྒྱན་པ། ཆོས་རྗེ་རང་བྱུང་རྡོ་རྗེ། མཚུངས་མེད་ གཡག་སྡེ་པཎ་ཆེན། ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོའོ། ། 4-1-127 ཡང་ན་རང་བྱུང་རྡོ་རྗེ། བླ་མ་རིན་ཆེན་རྡོ་རྗེ། ཀུན་མཁྱེན་དམྱལ་པ་བདེ་ལེགས། ཐམས་ ཅད་མཁྱེན་པ་བསོད་ནམས་བཟང་པོ་ལ་གནང་། དེས་རྗེས་དམ་པ་གཞོན་ནུ་ལེགས་ལ། དེས་རྡོ་རྗེ་འཛིན་པ་ཆེན་པོ། བློ་གྲོས་ལྷུན་གྲུབ་ཅེས་མཚན་བརྗོད་པར་དཀའ་བ་འདི་ལ་ གནང་། དེས་བདག་ལ་གནང་པའོ།། །། 4-1-128 ༄༅། །ན་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་དང་ དབང་ཆོག་བཞུགས། ༄༅། །དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མ་བསྒྲུབ་ པར་འདོད་པས། སྟན་བདེ་བ་ལ་ཁ་ནུབ་ཏུ་བལྟས་ཏེ་བདེ་བར་འདུག་ནས་བླ་མ་དང་དཀོན་ མཆོག་གསུམ་ལ་སྐྱབས་སུ་སོང་ཏེ། བྱིན་གྱིས་བརླབས་པའི་བདུད་རྩི་ལྕེ་ལ་བཞག ༀ་ཨཱཿཧཱུཾ་ ཞེས་བརྗོད་པས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་མོ། ། དེ་ནས་ཚད་མེད་པ་བཞི་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་ བའི་ཕྱིར། རྡོ་རྗེ་རྣལ་འབྱོར་མ་བསྒོམ་སྙམ་དུ་བྱང་ཆུབ་ཏུ་སེམས་བསྐྱེད། དེ་ནས་རང་གི་སྤྱི་ བོར་བླ་མ་བསྒོམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། བླ་མ་དམ་ པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། ཞེས་བརྗོད་ཅིང་མོས་གུས་དྲག་པོ་བྱས་པས། བླ་མ་རང་གི་ལུས་ལ་ཐིམ་པས་སྙིང་གི་ ནང་དུ་ཆོས་འབྱུང་ཉིས་བརྩེག་གི་ལྟེ་བར་བཾ་ལ་ༀ་ༀ་ༀ་སརྦ་བུདྡྷ་ཌ་ཀི་ནི་ཡེ་བཛྲ་ཝཪྞ་ནི་ཡེ་ བཛྲ་བཻ་རོ་ཙ་ནི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ ཟེར་འཕྲོས་པས། རང་གི་སྡིག་སྒྲིབ་སྦྱངས་ནས། བ་སྤུའི་བུ་ག་ནས་འོད་ཟེར་ཕྱིར་འཕྲོས་པས་ སེམས་ཅན་ཐམས་ཅད་ལ་ཕགོ སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས། རྡོ་རྗེ་རྣལ་ འབྱོར་མར་གྱུར་པར་བསམ། འོད་ཚུར་འདུས་རང་ལ་ཐིམ་པས། རང་ཉིད་རྡོ་རྗེ་རྣལ་འབྱོར་ མར་གྱུར་པ་ནི། པད་མ་དང་ཉི་མའི་སྟེང་དུ་ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་ 4-1-129 མོ་དང་། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། སྐུ་མདོག་དམར་མོ་ཞལ་གཅིག་ ཕྱག་གཉིས་སྤྱན་གསུམ་མ། ཞལ་གྱེན་དུ་ཕྱོགས་པ། ཕྱག་གཡས་པ་རྡོ་རྗེས་མཚན་པའི་གྲི་ གུག་ཐུར་དུ་འཛིན་ཅིང་། གཡོན་པ་ཁྲག་གིས་གང་བའི་ཐོད་པ་སྟེང་གི་ཕྱོགས་སུ་བཟུང་ནས་ ཞལ་དུ་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ཀ་ལ། ཌ་མ་རུ་དང་། དྲིལ་ བུ་འཕྱང་བཞིན་པ་བསྣམས་པ། དབུ་སྐྲ་ནག་པོ་སིལ་བུར་གྱུར་པ། མི་མགོ་སྐམ་པོ་ལྔའི་དབུ་ བརྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔ་དང་ལྡན་པ། ཡེ་ཤེས་ ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསྒོམ། དེའི་ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་ཁར་ཧཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། འཚོགས་མར་ཧྲིཾ་ཧྲིཾ་སེར་མོ་སྦྱིན་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎ་ཌི་ཀ་རྣམས་སུ་བསམས་ལ། དེའི་ཐུགས་ཁའི་བཾ་ལ་འོད་ འཕྲོས་པས་འོག་མིན་གྱི་གནས་ནས་རྡོ་རྗེ་རྣལ་འབྱོར་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་བསྐོར་བ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ༀ་ སརྦ་ཡོ་ག་ཤུདྡྷོ་སརྦ་དྷརྨཱ་ཡོ་ག་ཤུད་དྷོ་ཧཾ། ཞེས་བརྗོད་པས་གཉིས་སུ་མེད་པར་བསམས་ ནས། ལྷ་ཡི་སྐུ་སྣང་ལ་རང་བཞིན་མེད་པ་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་ གོ། །བསྐྱེད་པའི་རིམ་པའོ། ། རྫོགས་པའི་རིམ་པ་བསྒོམ་ཚུལ་ལ་གསུམ་ལས། བྷ་གའི་རིམ་པ་ནང་དུ་དགའ་བ་འཁྱིལ་ བ་གཡོན་དུ་མྱུར་དུ་འཁོར་བ་གཅིག་བསམ་ནས། དེ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ལ། རླུང་ཁ་སྦྱར་བསྒོམས་པས་བདེ་བའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཡང་སྨིན་མཚམས་ཀྱི་ ཐད་ཀའི་ནམ་མཁར། དགའ་བ་འཁྱིལ་པ་གཡོན་དུའཁོར་བ་ལ། སེམས་སྟོད་ཡིད་མཉམ་ པར་བཞག་པས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ཡང་སྟོང་ཤས་ཆེ་ན་བདེ་བའི་ 4-1-130 ཏིང་ངེ་འཛིན་བསྒོམ་ཞིང་། བདེ་ཤས་ཆེ་ན་སྟོང་པའི་ཏིང་ངེ་འཛིན་བསྒོམས་ལ། ཟུང་དུ་ཆུད་ པར་གྱུར་པ་དགའ་བ་འཁྱིལ་པ་དེ་ཉིད་སྙིང་ཁའི་བཾ་ལ་བསྟིམས་ཏེ། མཉམ་པར་བཞག་པར་ བྱའོ། །རྫོགས་པའི་རིམ་པའོ། ། དེ་ནས་སྔགས་བཟླས་པ་ནི། སྙིང་ཁའི་བཾ་གི་མཐར་སྔགས་ཀྱི་ཕྲེང་བ་གཡོན་བསྐོར་དུ་ འཁོར་བའི་འོད་ཀྱིས། སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་རྒྱུད་ བསྐུལ་བས། དེ་དག་གི་ཡེ་ཤེས་བདག་གི་རྒྱུད་ལ་ཞུགས་པའི་སྡིག་སྒྲིབ་དག་ཚེ་དང་བསོད་ ནམས་འཕེལ་བར་བསམ་ཞིང་། (གོང་གི་)ༀ་གསུམ་མའི་སྔགས་ཅི་ནུས་སུ་བཟླས་སོ། །དེ་ ནས། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ས་པ་རི་ཝ་ར་ཨརྒྷཾ་པྲ་ཏི་ཙ་ཡེ་སྭཱཧཱ། ཞེས་སོགས་ཕྱི་མཆོད། ༀ་ སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨཱ་ན་ཡ་ཧོ། བྷ་ག་ཝཱན། བིདྱ་རཱ་ཛཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཞེས་པས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ ལས་ཡཾ་ལས་རླུང་རཾ་ལས་མེ། ཨ་ལས་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བ་རང་ ལ་བསྟན་པའི་ནང་དུ་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། དབུས་དང་ཤར་ནས་གཡོན་བསྐོར་ གྱིས། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤླ་མ་ར་ལས་བདུད་རྩི་ལྔ། ཧཱུཾ་བྲུཾ་ཨཾ་ཛིཾ་ཁཾ་ལས་ཡེ་ཤེས་ ལྔ་ཐམས་ཅད་ཀྱི་སྟེང་དུ་ༀ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པའི་སྟེང་དུ་ཟླ་བ་ལ་གནས་ པའི་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་མེ་སྦར་ རྫས་རྣམས་སྐོལ་ཞིང་བཞུ་བའི་རླངས་པས་བསྐུལ་བས་ༀ་ལས་བདུད་རྩིའི་རྒྱུན་བབས་ རླངས་པ་དང་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཁ་ནས་ ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། རྡོ་རྗེ་ཟླ་བ་ༀ་དང་བཅས་པ་ལ་ཐིམ་དེ་དག་ཐོད་པའི་ ནང་དུ་ལྷུང་བས་ནང་གི་རྫས་དང་གཅིག་ཏུ་འདྲེས། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཞེས་པས་བྱིན་གྱིས་ བརླབས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ནས། འཐེབ་སྲིན་ 4-1-131 གྱིས་བླངས་ནས་གཏོར་བས་ཀ་པ་ལ་བདུད་རྩིས་གང་བ་དཔག་ཏུ་མེད་པ་འཕྲོས་པས་མཆོད་ པར་བསམས་ཏེ། རྩ་བརྒྱུད་ཀྱི་བླ་མ་རྣམས་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ཡི་དམ་དཀྱིལ་ འཁོར་གྱི་ལྷ་ཚོགས། སྐྱབས་དཀོན་མཆོག་གསུམ། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་ སྐྱོང་བསྲུངས་མའི་ཚོགས་ཐམས་ཅད་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གནས་བདག་གཞི་བདག་རིགས་ དྲུག་འབྱུང་པོའི་ཚོགས་ཐམས་ཅད་ཀྱང་ཟག་པ་མེད་པའི་བདུད་རྩིས་ཚིམ་པར་གྱུར་ཅིག་ཞེས་ བརྗོད། དེ་ནས་གཏོར་མ་ཇི་ལྟར་འབྱོར་པ་ལ་བདུད་རྩི་ཆུ་ཆང་གིས་བྲན་ནས། བྱིན་བརླབས་ ནང་མཆོད་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་འབར་བའི་ཕྱག་རྒྱ་དཔྲལ་བར་གཡོན་དུ་བསྐོར་ ཞིང་ཕེཾ་ཞེས་བརྗོད་པ་དང་། རང་གི་སྙིང་ཁ་ནས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་ རྡོ་རྗེ་རྣལ་འབྱོར་མ་ལ། སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་མཁའ་འགྲོ་ཆོས་སྐྱོང་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱིས་བསྐོར་བ་མདུན་གྱི་ནམ་མཁའར་ སྤྱན་དྲངས། དེ་རྣམས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང་། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ ནས། ༀ་བཛྲ་ཨ་ར་ལི་ཧོ་ཛཿཧཱུཾ་བཾ་ཧོཿ བཛྲ་ཌ་ཀི་ནི་ས་མ་ཡ་སྟྭཾ་ཏྲི་ཤ་ཧོ། ༀ་ཨཱཿཧཱུཾ་ཞེས་ལན་ ལྔའམ་བདུན་གྱིས་དབུལ། ཨརྒྷཾ་སོགས་ཀྱིས་མཆོད་ནས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡིས་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་ རྟེན་བྱ་ལ་རབ་འཇུག་པའི། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། ལྷ་མོ་ཚད་ མ་དམ་ཚིག་ཚད་མ་དང་། །དེས་གསུང་དག་ཀྱང་ཚད་མའི་མཆོག་ཡིན་པའི། །བདེན་པ་དེས་ ནི་ལྷ་མོ་དེ་དག་རྣམས། ། བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བདེན་པའི་ སྟོབས་བརྗོད་ནས་གསོལ་བ་བཏབ་པས། ཅི་འདོད་པའི་དངོས་གྲུབ་གནང་བར་བསམས་ ནས། ༀ་བཛྲ་མུས་ཡེ་ཤེས་པ་གཤེགས་སུ་གསོལ། དགེ་བ་བསྔོ། དུས་ཐམས་ཅད་དུ་རྡོ་རྗེ་ 4-1-132 རྣལ་འབྱོར་མའི་ང་རྒྱལ་དང་མ་བྲལ་བར་བྱའོ། །ཟས་དང་སྤྱོད་ལམ་དང་ཉལ་བ་དང་ལྡང་ བའི་རྣལ་འབྱོར་ཟུར་དུ་ཤེས་པར་བྱའོ།། །།ན་རོ་མཁའ་སྤྱོད་མའི་བསྒྲུབ་ཐབས་ ཤིན་ཏུ་ཟབ་པའོ།། །། འདིའི་བདག་འཇུག་ལེན་པར་འདོད་པས་དྲི་བཟང་དང་བ་བྱུང་གིས་བྱུགས་པའི་གཞི་ལ་ ཚོན་དམར་པོའི་ཆོས་འབྱུང་ཉིས་རྩེག་དུར་ཁྲོད་ཀྱི་གཞི་ནག་པོ་ཟླུམ་པོར་བསྐོར་བ་བྲིས་པའི་ དབུས་སུ། ཀ་པ་ལ་བདུད་རྩི་སྦྱར་བའི་ཆང་གིས་བཀང་བ་དེའི་སྟེང་དུ། སིན་དྷུ་རའི་དཀྱིལ་ འཁོར། དཔེ་རིས་བཞིན་གསེར་གྱི་ཐུར་མས་བྲིས་པའི་དབུས་སུ། ཏིང་ལོ་གཙང་མ་ཆུང་ངུ་ བཞག་པའི་སྟེང་དུ་དར་དམར་གྱི་གུར་ཕུབ། མཐའ་མཆོད་པས་བསྐོར། གཏོར་མ་གསུམ་ དང་ནང་མཆོད། རྡོར་དྲིལ་སོགས་བསྒྲུབ་ཐབས་བཞིན་བཤམ་ཞིང་། བུམ་པ་ཡང་སྤྱི་དང་ མཐུན་པར་བཤམ་མོ། །དེ་ནས་མདུན་གྱི་དཀྱིལ་འཁོར་བསང་སྦྱངས་སྟོང་པའི་ངང་ལས་ ཆོས་འབྱུང་གི་གཞལ་ཡང་ཁང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བཾ་ལས་རྡོ་རྗེ་རྣལ་ འབྱོར་མར་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་དང་། མཆོད་བསྟོད་རྣམས་བསྒྲུབ་ཐབས་ལྟར་ བྱའོ། ། དེ་ནས་བུམ་པ་ཡང་གོང་བཞིན་བསང་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་ བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྷ་རྫས་ཀྱི་ན་བཟས་མགུལ་པ་བཅིངས་ཞིང་། དཔག་བསམ་ གྱི་ཤིང་གིས་ཁ་བརྒྱན་པ་བསྐྱེད་པའི་ནང་དུ་རྡོ་རྗེ་རྣལ་འབྱོར་མ་བསྐྱེད་པ་ནས་མཆོད་བསྟོད་ གྱི་བར་གོང་བཞིན་བྱས་ནས། གཟུངས་ཐག་བཟུང་སྟེ་སྔགས་ༀ་གསུམ་མ་དང་། སུམ་བྷ་ ནི་དང་། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ་ཞེས་མང་དུ་བཟླས་པས། སྔགས་ གཟུངས་ཐག་ལ་རྟེན་ནས་བུམ་པའི་ནང་དུ་སོང་བས། རྡོ་རྗེ་རྣལ་འབྱོར་མའི་ཐུགས་རྒྱུད་ བསྐུལ་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་མོ། ། 4-1-133 སླར་ཡང་མཆོད་ཅིང་བསྟོད་ནས་བུམ་ནང་གི་ལྷ་ཞུ་བ་བདུད་རྩིའི་ཆུར་གྱུར་པར་མོས་པ་ བྱ་སྟེ། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་ཆོ་གའོ། ། དེ་ནས་བདག་ཉིད་འཇུག་ཅིང་དབང་ལེན་པ་ནི། ཁྲུས་བྱས་མཎྜལ་ཕུལ་ནས། བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པར་མོས་པ་ལ་གསོལ་བ་འདེབས་པར་ནི། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་དང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་སོགས་ དང་། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་ པོས་བདག་ནི་གཞུག་ཏུ་གསོལ། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །ཕག་མོ་ཧེ་རུ་ཀ་ཉིད་ དང་། །གསང་བའི་གནས་སོགས་རྣམ་པར་དག །བདག་ལུས་གནས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། གདོང་གཡོགས་བཅིང་། མེ་ཏོག་གི་ཕྲེང་བ་བཟུང་། བུམ་པའི་ཆུ་ དང་སུམ་བྷས་བསང་། གནས་གསུམ་དུ་ༀ་ཨཱཿཧཱུཾ་གིས་བདུད་རྩིའི་ཐིག་ལེ་བྱ། རང་གི་སྙིང་ ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་ སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམས་ལ། སྙིང་ཁར་རྡོ་རྗེ་བཟུང་ནས། ༀ་སརྦ་ཡོ་ ག་ཙིཏྟ་ཨུད་པ་ཏ་ཡ་མི། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིད་དྷི་བཛྲ་ཡ་ཐ་སུ་ཁཾ། ཞེས་པས་སེམས་ བསྐྱེད་བརྟན་པར་བྱས་ནས། དེང་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་ཀྱིས། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས། བཅོམ་ལྡན་འདས་མའི་ཐུགས་ཁ་ནས་ 4-1-134 སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཁྲིད་ནས། བཅོམ་ལྡན་འདས་མའི་དྲུང་དུ་ཕྱིན་པར་མོས་ཏེ། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དོ། ། དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་སེམས་ བསྐྱེད། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་ཐོག་མ་མ་མཆིས་ པ་ནས། ལས་དང་ཉོན་མོངས་པའི་དབང་དུ་གྱུར་པས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་ པ་མི་དགེ་བའི་ལས་ཅི་བགྱིས་པ་དང་། བགྱིད་དུ་རྩལ་པ་དང་། བགྱིད་པ་རྗེས་སུ་ཡིད་རང་བ་དང་། སོ་སོར་ཐར་བའི་སྡོམ་པ་དང་ འགལ་བ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ་དང་། རིག་པ་རིག་འཛིན་ པའི་དམ་ཚིག་དང་འགལ་བ་དང་། ཁྱད་པར་དུ་བླ་མ་དང་། ཡི་དམ་གྱི་ལྷ་ལ་མ་གུས་པ་ དང་། མཆོད་པ་དང་གཏོར་མ་ལ་མ་བརྩོན་པ་དང་། བསྙེན་པ་དང་བསྒྲུབ་པ་ལ་གཡེལ་བ་ ལ་སོགས་པ་སྡིག་པ་དང་སྒྲིབ་པ་དང་། ཉེས་པ་དང་ལྟུང་པའི་ཚོགས་ཅི་མཆིས་པ་ཐམས་ཅད་ མཐོལ་ལོ་བཤགས་སོ། །མི་འཆབ་པོ་མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ ལགས་སོ། ། ཞེས་ལན་གསུམ་གྱིས་ཉེས་སྒྲིབ་ཐམས་ཅད་བཤགས་སོ། ། དེ་ནས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་བཟུང་བ་ནི། སྲས་བཅས་སངས་རྒྱས་ཐམས་ ཅད་དང་། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་ལན་གསུམ་དང་ ། ཁྱད་པར་གྱི་དམ་ཚིག་བཟུང་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་ སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་ དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། 4-1-135 །ཧེ་རུ་ཀ་དཔལ་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་ དཔའ་དཔག་མེད་པ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་ བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེའི་ཚངས་སྤྱོད་གཉིས་མེད་པར། །ཉི་ཤུ་རྩ་ གཉིས་ལེགས་པར་བཟུང་། །ཞེས་ལན་གསུམ་བརྗོད། དེ་ནས་བྱིན་གྱིས་བརླབ་པ་ནི། མདུན་གྱི་བཅོམ་ལྡན་འདས་མའི་ཐུགས་ཀ་ནས་འོད་ འཕྲོས། རང་གི་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་ཁྱབ། སྡིག་སྒྲིབ་ཐམས་ཅད་སྦྱངས་ནས། འོད་ ལྟེ་བའི་ནང་དུ་འདུས་པ་ཆོས་འབྱུང་ཉིས་རྩེག་གི་དབུས་སུ་བཾ་དང་དེའི་མཐར་ༀ་གསུམ་མའི་ སྔགས་ཀྱིས་བསྐོར་བ་ལ་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་ རང་ཉིད་རྡོ་རྗེ་རྣལ་འབྱོར་མ་ཞེས་པ་ནས། ཡན་ལག་ཐམས་ཅད་ལ་ཙན་དི་ཀ་དུད་ཁ་ཞེས་ པའི་བར་མངོན་རྟོགས་བཞིན་བསྒོམས་ནས། མདུན་གྱི་དཀྱིལ་འཁོར་གྱི་དབུས་ན་བླ་མ་ དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པར་བཞུགས་པ་ལ། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་དང་། འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་ ནས། ཆོས་འབྱུང་གི་དབུས་ཀྱི་ཏིང་ལོ་མེ་སྦར་བ་དེ་རྡོ་རྗེ་རྣལ་འབྱོར་མ་མཐེ་འོང་ཙམ་གཅིག་ ཏུ་བསམས་ཏེ་མིད་པས་རྣལ་འབྱོར་མ་ལུས་ཀྱི་ནང་དུ་ཡར་མར་འཁྱུགས་ནས། སླར་ལྟེ་ བའི་དབུས་ཀྱི་ཆོས་འབྱུང་བཾ་དང་གཅིག་ཏུ་འདྲེས་པ་ལས་རྡོ་རྗེ་རྣལ་འབྱོར་མ་མངོན་རྟོགས་ བཞིན་བསྒོམས་ཏེ། དེས་ལུས་ཀྱི་ནང་དུ་གར་མཛད། ནང་གི་ཆོས་འབྱུང་གི་གྲ་བཞི་དང་ ། རང་གི་སྨིན་མཚམས་ཀྱི་ཐད་ཀར་དགའ་བ་འཁྱིལ་པ་གཡོན་དུ་འཁོར་བར་བསམ་ཞིང་ ། མདུན་གྱི་རྣལ་འབྱོར་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྔགས་ཀྱི་ སྒྲ་དྲག་ཏུ་བསྒྲགས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་རྣལ་འབྱོར་མའི་ 4-1-136 རྣམ་པས། རང་ལ་ཐིམ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཞུགས་པར་བསྒོམ། གུ་ གུལ་གྱི་དུད་པ་དང་རོལ་མོའི་སྒྲ་དྲག་ཏུ་བྱ། ༀ་གསུམ་གྱི་སྔགས་མང་དུ་བཟླས། སྤྱི་བོར་རྡོ་ རྗེ་བཞག ༀ་ཏིཥྛ་བཛྲས་བརྟན་པར་བྱ། དེའི་ཚེ་ཉམས་གང་སྐྱེས་ངོས་བཟུང་། རང་གི་སེམས་ དང་ལྟེ་བའི་ཨཾ་རྡོ་རྗེ་རྣལ་འབྱོར་མ་ཡིན་པ་དེ། ད་ལྟར་བྱིན་བརླབས་ཀྱིས་གསལ་བར་བྱས་ པ་ཡིན་སྙམ་དུ་ཤེས་པར་བྱ། བདེ་ཉམས་གང་སྐྱེས་མ་བརྗེད་པར་བྱའོ། །དེ་ནས་མེ་ཏོག་ ཕྲེང་བ་ༀ་པྲ་ཏིཙྪ་བཛྲ་ཧོ་ཞེས་བརྗོད་ཅིང་། གཙོ་མོའི་ཐུགས་ཀར་འབུལ་བར་དམིགས་ཏེ་ དཀྱིལ་འཁོར་གྱི་དབུས་སུ་དོར། གཙོ་མོས་མེ་ཏོག་སྔགས་ཀྱི་ཕྲེང་བར་དམིགས་ཏེ་བྱིན་གྱིས་ བརླབས་ཏེ་གནང་བར་བསམས་ནས། རང་གི་སྤྱི་བོར་བཞག ༀ་པྲ་ཏི་གྲྀཧྣ་སུ་མི་ལཾ། སཏྭ་ མ་ཧཱ་བ་ལ་ༀ། ཞེས་བརྗོད་དོ། །དེ་ནས་ༀ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི། ཞེས་བརྗོད་དེ་ གདོང་གཡོགས་ཕྱེ་ནས། རྡོ་རྗེ་རྣལ་འབྱོར་མའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་མཐོང་ བར་བསམ་མོ་འཇུག་པའི་ཆོ་གའོ། ། དེ་ནས་དབང་བླང་བའི་ཕྱིར་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །དབང་བསྐུར་དམ་པ་མཛད་ དུ་གསོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་མདུན་དུ་རིན་ པོ་ཆེའི་ཁྲིའི་སྟེང་དུ་རང་རྡོ་རྗེ་རྣལ་འབྱོར་མ་མཆོད་རྫས་སྣ་ཚོགས་ཀྱིས་བསྐོར་བ་ལ། གཙོ་ མོའི་ཐུགས་ཀ་ནས་འཕྲོས་པའི་དབང་གི་ལྷ་རྣམས་ཀྱིས། ཕུན་སུམ་ཚོགས་པ་མངའ་བ་ཞེས་ སོགས་བཀྲ་ཤིས་བརྗོད་ནས། དེ་དག་གིས་དབང་བསྐུར་བར་བསམ་ཞིང་། བུམ་པ་སྤྱི་བོར་ བཞག་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། ཙཀྲ་བི་ར་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་སྭ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ 4-1-137 ཞིང་དབང་བསྐུར་བར་བསྒོམ། དངོས་སུ་བུམ་ཆུ་འཐུང་ཞིང་གཏོར་བས་རྐང་མཐིལ་ཡན་ ཆད་བདུད་རྩིས་གང་། དྲི་མ་དག ཆུ་ལྷག་མ་ཡར་ལུད་པས། སྤྱི་གཙུག་ཏུ་རྣམ་པར་སྣང་མཛད། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན། ལྟག་པར་འོད་འཔག་མེད། རྣ་བ་གཡོན་པར་ དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པར་བསྒོམ། ཡང་། ༀ་ཨཱ་བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ སུ་ར་ཏེ་སྟྭཾ་ཨ་ཧཾ། ཞེས་བརྗོད་དངོས་སུ་དབུ་བརྒྱན་གོན་ནོ། །དེ་ནས་ༀ་སུ་པྲ་ཏིཥྛ་བཛྲ་ཡེ་ སྭཱཧཱ། ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ། མེ་ཏོག་གཏོར། རྡོ་རྗེ་སློབ་དཔོན་ དུ་དབང་བསྐུར་བར་བསྒོམ་མོ། ། དེ་ནས་བླ་མ་དང་བཅོམ་ལྡན་འདས་མ་དབྱེར་མེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་ པས། རང་གི་སྙིང་ཁའི་བཾ་གི་མཐའ་མར་གཡོན་བསྐོར་དུ་བྱོན་པར་བསམས་ནས། ༀ་ གསུམ་མ་ལན་གསུམ་བཟླས་ནས། བཅོམ་ལྡན་བདག་ལ་སྩལ་ལག་ཀྱིས། །བཅོམ་ལྡན་འདི་ ལ་བྱིན་གྱིས་བརློབས། །ཞེས་བརྗོད དེ་ནས་གཡོན་པའི་སྲིན་ལག་གིས། སིན་དྷུ་རའི་དཀྱིལ་འཁོར་གྱི་རྡུལ་བླངས་ལ། དཔྲལ་བ། མགྲིན་པ། སྙིང་ཁ་གསུམ་དུ་བྱུགས་པས་སྐུའི་དངོས་གྲུབ་ཐོབ། ལུས་ཀྱི་དྲི་མ་ དག་བུམ་དབང་ཐོབ་པར་བསྒོམ་མོ། ། དེ་ནས། དབུས་ཀྱི་ཐོད་པའི་བདུད་རྩི་དེ་བཅོམ་ལྡན་འདས་མ་ལ་བྱུང་བའི་བྱང་སེམས་ དཀར་དམར་དུ་བསམས་ནས་རྗེ་བཙུན་མ་ཉིད་ཀྱིས་རང་གི་ལྕེ་ཐོག་ཏུ་བྱིན་ནས་འཐུངས་ པས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསྒོམ། ༀ་ཨཱཿཧཱུཾ་ཞེས་བརྗོད་ལ་ བདུད་རྩི་འཐུང་ངོ་། །དེས་ངག་གི་དྲི་མ་དག གསང་བའི་དབང་ཐོབ་པར་བསམ་མོ། ། དེ་ནས་སྲིན་ལག་གིས་སིན་དྷུ་རའི་རྡུལ་བླངས་ཏེ་གསང་གནས་སུ་རེག་ཅིང་། རྡོ་རྗེ་ 4-1-138 རྣལ་འབྱོར་མས་སངས་རྒྱས་ཐམས་ཅད་ཀྱི་བྱང་སེམས་ཐིག་ལེ་རང་གི་བྷ་གར་བླུག་པས་ལྟེ་ བ་མན་ཆད་གང་། དགའ་བའི་ཡེ་ཤེས་སྐྱེས་པར་བསྒོམ། སྙིང་ཁ་མན་ཆད་གང་བས་མཆོག་ དགའ། མགྲིན་པ་མན་ཆད་གང་བས་དགའ་བྲལ། སྤྱི་བོ་མན་ཆད་གང་ཞིང་ལུས་ཐམས་ཅད་ ལ་ཁྱབ་པས་ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས། ཆོས་སྐུའི་རྟོགས་པ་རྒྱུད་ལ་སྐྱེས་ སྙམ་དུ་བསམས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་ཧཾ། ཞེས་བརྗོད་ པས་ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ་མོ། ། དེ་ནས་ལུས་མཉམ་བཞག་གི་སྤྱོད་ལམ་དང་ལྡན་པར་བྱས་ལ། དངོས་པོ་མེད་པའི་ཆོས་ ཉིད་དེ། །ནམ་མཁའ་ལྟ་བུར་དྲི་མ་མེད། །ཆོས་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །སྟོང་པ་ཉིད་དུ་རྣམ་ པར་བསྒོམ། །ཞེས་པ་ལྟར་མི་རྟོག་པའི་ངང་དུ་མཉམ་པར་བཞག་གོ། །དེས་སྒོ་གསུམ་གྱི་དྲི་ མ་དག དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པར་བསམ་མོ། ། དེ་ལྟར་དབང་བཞི་ཐོབ་པའི་ཡོན་དུ་མཎྜལ་ལུས་ལོངས་སྤྱོད་ཐམས་ཅད་ཡིད་ཀྱིས་ཕུལ་ ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་ སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་བརྗོད་དོ། ། མཐར་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། སླར་ཡང་ མཆོད་ཅིང་བསྟོད། དངོས་གྲུབ་བླང་། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣལ་འབྱོར་ འགྲུབ་གྱུར་ཏེ། །ཞེས་སོགས་བསྔོ་བ་སྨོན་ལམ་བྱའོ། །དེ་ལྟར་རང་གི་ལུས་ངག་ཡིད་གསུམ་ རྡོ་རྗེ་རྣལ་འབྱོར་མའི་རང་བཞིན་ཡིན་པ་དེ། བྱིན་བརླབས་ཀྱི་སྒོ་ནས་གསལ་བར་བྱས་ཤིང་ བྱིན་གྱིས་བརླབས་པ་ཡིན་པས་བྱིན་བརླབས་ཀྱི་རྒྱུན་མི་ཉམས་པར་བྱ་བའི་ཕྱིར། འདི་ཡི་ བསྒོམ་ཞག་ལ་མ་ཆག་པར་བྱེད་པ་དང་། དམ་ཚིག་དང་སྡོམ་པ་མ་ཉམས་པར་བྱའོ། །ཚོགས་ བསོག་པར་འདོད་པས་ཡར་ངོའི་ཚེས་བཅུ་དང་། སྒྲིབ་པ་འདག་པར་འདོད་པས་མར་ངོའི་ 4-1-139 ཚེས་བཅུ་ལ་འདི་ཡི་བསྒོམ་བཟླས་ཡུན་རིང་དུ་བྱ་ཞིང་། ཚོགས་འཁོར་དང་འབྲེལ་བའི་བསྒྲུབ་ མཆོད་ལ་བརྩོན་པར་བྱས་ན། བསོད་ནམས་རབ་ཀྱིས་ཚེ་འདི་ཉིད་ལ་མཁའ་སྤྱོད་འགྲུབ་ པར་འགྱུར་རོ། །ནཱ་རོ་མཁའ་སྤྱོད་མའི་སྒྲུབ་ཐབས་དང་། བདག་འཇུག་གི་ཆོ་ག་འཇུག་བདེ་ བར་(དོན་གཉེར་སློབ་མས་བསྐུལ་བའི་ངོར)དགེ་སློང་གཉག་ཕུ་པས་འཚལ་མིན་དུ་སྦྱར་བའོ།། །། འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། རྡོ་རྗེ་དྲིལ་བུ་པ། རུས་སྦལ་ ཞབས། ཤྲཱི་ཛ་ལན་དྷ་ར། ནག་པོ་སྤྱོད་པ་པ། གུ་ཧྱ་པ། རྣམ་པར་རྒྱལ་བའི་ཞབས། ཏེ་ལོ་པ། ན་རོ་པ། ཕཾ་འཐིང་པ་སྐུ་མཆེད། ཀློག་སྐྱ་ཤེས་རབ་རྩེགས། མལ་གྱོ་བློ་གྲོས་གྲགས། ས་ཆེན་ པ། བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་རྒྱལ། ས་སྐྱ་པཎྜི་ཏ། འགྲོ་མགོན་འཕགས་པ། བླ་མ་བསོད་སེང་། ཞང་མདོ་སྡེ་དཔལ། ལོཙྪ་བ་མཆོག་ལྡན། བློ་ཆེན། བག་སྟོན། ཚུལ་རྒྱལ། བདེ་ལེགས་དཔལ། དེས་བདག་གོ། ། མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ ༩༣༥ 4-1-140 ༄༅། །བཅོམ་ལྡན་འདས་ཀུན་རིག་གི་ཆོ་ག་སྙག་དབོན་རིན་པོ་ཆེས་བསྒྲིགས་པ་ ལྷོ་སྒོ་ཆོ་ག་དང་བཅས་པ་ བཞུགས་སོ། ། ༄༅༅། །ༀ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿ གཟིགས་པ་སྒྲིབ་མེད་ཐུགས་རྗེ་དང་ འགྲོགས་མཐའ་དག་སེམས་ཅན་ཁམས་ལ་འཇུག །ཚངས་དང་ཉེ་དབང་དབང་པོའི་གཙུག་ ན་ཞབས་མཐིལ་དམར་བའི་མདངས་འཕྲོ་ཞིང༌། །རྒལ་དཀའ་སྲིད་པའི་མཚོ་དབྱིངས་ནང་ ནས་སྐྱེ་འགྲོ་ཐར་པའི་གླིང་དུ་འདྲེན། །བཅོམ་ལྡན་ཀུན་རིག་རྣམ་པར་སྣང་མཛད་རྒྱལ་བའི་ དབང་པོར་ཕྱག་འཚལ་ལོ། ། དཀྱིལ་འཁོར་འདིར་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་དང་ལྡན་པའི་རྣལ་ འབྱོར་པ་བསྙེན་པ་སྔོན་དུ་སོང་བས། རང་གཞན་གྱི་དོན་བྱ་བའི་ཕྱིར་ངན་སོང་སྦྱོང་བ་རྩ་ བའི་དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་དང་བདག་ཉིད་འཇུག་ཅིང་དབང་བསྐུར་བར་འདོད་ པས་སྔར་ས་ཆོག་རྒྱས་པར་(ས་ཆོག་བསྡུས་པ་བྱེད་ན་ས་ཕྱོགས་དེར་མི་མ་ཡིན་ལ་གཏོར་མ་ཕྱིན་ཏེ་ཞི་བས་ས་བླངས་ ནས་དྲག་སྔགས་བཟླས། གུ་གུལ་གྱི་དུད་པས་བདུག ཡུངས་དཀར་གྱིས་བྲབ་ཅིང་དྲག་པོས་བླངས་ལ་ལག་པས་མནན་ནས་ས་ གཞི་ནམ་མཁར་སྒོམ་ཞིང་། ༀ་བྷུ་ཁཾ། ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཅེས་པ་ཡང་ཡང་བཟླས་ཏེ་བགེགས་མེད་པར་བྱའོ།།) བྱས་པའམ། དཀྱིལ་འཁོར་གྱི་ཆོ་གས་སྦྱངས་ནས་དུལ་བར་བྱས་པའི་གནས་རུང་ཞིང་ཡིད་ དང་མཐུན་པར་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ལེགས་པར་བཤམས་ཏེ། སྔོན་འགྲོ་ གཏོར་མ་འབྱུང་གཏོར་བཞིན་བསྔོས་ནས། ༀ་བཛྲ་(ཡཀྵ་དང་པོས་རང་ཉིད་རྡོ་ 4-1-141 རྗེ་གནོད་སྦྱིན་དུ་བསྐྱེད། གཉིས་པས་མཆོད་པའི་དྲི་མ་སྦྱངས། བཛྲ་ཛྭ་ལས་རྡོ་རྗེ་མེའི་ཕྱག་རྒྱ་བྱས་ལ།)ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྩ་ར་ཎ་ཧཱུྃ་ཕཊ། ༀ་སྭ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ ཝ་ཤུ་དྡྷོ྅ཧཾ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་ གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་མཛེས་ཤིང་ཡིད་ དུ་འོང་བ། དྭངས་ཤིང་ཐོག་པ་མེད་པ། ཡེ་ཤེས་རང་སྣང་ལས་གྲུབ་པའི་དབུས་སུ་བྷྲུཾ་ལས་ རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་ཨཱཿཧཱུྃ་གསུམ་ཞུ་ཞིང་གྱུར་པ་ལས་ བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ ཟས། རོལ་མོ། གོས་ཟུང༌། བུམ་པ། བླ་བྲེས། གདུགས། རྒྱལ་མཚན། བ་དན་ལ་སོགས་པ་རྒྱུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་ བཟང་ཞིང་གྱ་ནོམ་པ། དངས་ཤིང་ཐོགས་པ་མེད་པ། ས་དང་ནམ་མཁའི་མཐོངས་ཀྱི་བར་ སྣང་ཐམས་ཅད་ཡོངས་སུ་གང་བ། འཕགས་པ་རྣམས་ མཉེས་ཤིང་སེམས་ཅན་རྣམས་ཚིམ་པར་བྱེད་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བ། དཔེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་ པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་བས་ཀྱང་ཆེས་ལྷག་པར་གྱུར་པ། རབ་འབྱམས་དྭངས་ཤིང་ ཐོག་པ་མེད་པ། ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པཱ་ཏྱཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། བཛྲ་པཱུཥྤེ་ཨཱཿཧཱུྃ། བཛྲ་དྷུ་པེ་ ཨཱཿཧཱུྃ། བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ། བཛྲ་གནྡྷེ་ཨཱཿཧཱུྃ། བཛྲ་ནེ་ཝེ་ཏྱ་ཨཱཿཧཱུྃ། བཛྲ་ཤཔྟ་(རོལ་མོ་དཀྲོལ་ ཞིང་བྱིན་དབབ།)ཨཱཿཧཱུྃ། ༀ་བཛྲ་གྷན་ཌེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ ཙ་ལི་ནི། པྲཛྙཱ་པ་རཱ་མི་ཏཱ་ནཱ་ད། སཾ་བྷ་ཝེ་ཏ། བཛྲ་སཏྭ་ཧྲིཿད་ཡ་སཾ་ཏོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁཾ་སྭཱཧཱ། ཙན་དན་ཆུ་ལ་བདེན་པ་བདར་བ་ནི། །(སྣོད་གཙང་མར་དྲི་བཟངས་ཀྱི་ཆུ་བཞག་ནས་ཀུ་ཤའི་རྩེ་ མོས་ཆུ་བླངས་ཏེ་ཕྱོགས་ཀུན་ཏུ་གཏོར་ཞིང་།)ཕྱོགས་སུ་གཏོར་བས་ཡོངས་སུ་དག་ཕྱེད་ཅིང༌། །མི་གཙང་ 4-1-142 དྲི་མའི་ཚོགས་རྣམས་དག་གྱུར་ཏེ། །དྲི་མེད་ཡོན་ཏན་དག་དང་ལྡན་གྱུར་ཅིག །ༀ་བཛྲ་སྥ་ར་ ཎ་ཁཾ། རྡོ་རྗེ་འཛིན་པའི་ཕྱག་རྒྱས་མེ་ཏོག་བཟུང་ཞིང་སྐྱབས་འགྲོ་བྱ་བ་ནི། བདག་(སྐབས་འདིའི་སངས་རྒྱས་ནི་དོན་གཉིས་ རབ་ཀྱི་མཐར་ཕྱིན་པ་བཅོམ་ལྡན་འདས་ཀུན་རིག་ལ་སངས་རྒྱས། ཆོས་ནི་སྔགས་སམ་ལམ་རིམ་པ་གཉིས། སྔགས་ནི་ཡིད་རྣམ་ རྟོག་ལས་སྐྱོབ་པའི་ཏིང་འཛིན་ལ་ཟེར། དགེ་འདུན་ནི་འཁོར་གྱི་ལྷ་ཚོགས་ལ་བྱེད།)དང་ཁམས་གསུམ་གྱི་སེམས་ ཅན་ཐམས་ཅད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ལ་སྐྱབས་ སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་ སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་ པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ ལ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་ རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་ བགྱིས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ་དེ་ལྟར་མ་གཏོགས་པའི་སེམས་ཅན་ ཐམས་ཅད་སྙིང་རེ་རྗེ། དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་ བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ སྒོམ་བཟླས་མཆོད་བསྟོད་ལ་སོགས་པ་ལམ་གྱི་རིམ་པ་ལ་འཇུག་པར་བགྱིའོ། ། སེམས་ཅན་ཐམས་ཅད་བདེ་བ་(གནས་སྐབས་ཀྱི་བདེ་བ་ལ་གནས་སྐབས་སྲིད་པའི་བདེ་བ་དང་གནས་ སྐབས་ཞི་བའི་བདེ་བ། སྲིད་པའི་བདེ་བ་ནི། འཇིག་རྟེན་པའི་དངོས་གྲུབ་བརྒྱད་ཐོབ་པ་ལ་བྱ། ཞི་བའི་བདེ་བ་ནི་མཐོང་ལམ་ནས་ ས་བརྒྱད་པ་མན་ཆོད་ལ་བྱ། མཐར་ཐུག་གི་བདེ་བ་ནི་སངས་རྒྱས་ཀྱི་ས་ཐོབ་པ་ལ་བྱ། བདེ་བའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་ ཉམས་སུ་ལེན་པ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་ལ་ཁྱབ་འདུ་བྱེད་ཀྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། སྡུག་བསྔལ་ 4-1-143 གྱི་སྡུག་བསྔལ། དང་པོ་ནི་འཁོར་བར་སྤྱི་ཁྱབ་ལ་ཡོད་པའི་སྡུག་བསྔལ་ལ་ཟེར། གཉིས་པ་ནི་ད་ལྟ་བདེ་སྐྱིད་དཔག་ཏུ་མེད་པ་ལེན་ ཁད་སྡུག་བསྔལ་བྱུང་བ་གཅིག་ལ་ཟེར་ཏེ། ལྷ་ལ་འཆི་འཕོ་དང་བཏུང་བའི་སྡུ་བསྔལ་ལོ། །གསུམ་པ་སྡུག་བསྔལ་མ་སངས་པའི་ སྟེང་དུ་གཅིག་བྱུང་བ་ལ་ཟེར་སྟེ། མཛེ་བོའི་ཕོལ་ལྟ་བུའོ།། དེ་ལྟ་བུའི་སྡུག་བསྔལ་གསུམ། སྡུག་བསྔལ་སྡུག་བསྔལ་ཞེས་བྱ། སྡུག་ བསྔལ་གྱི་རྒྱུ་མི་དགེ་བ་ཡིན་ནོ།། མི་དགེ་བ་ལ་སྡུག་བསྔལ་འབྱུང་ཞེས་པས། མི་དགེ་བ་དང་བྲལ་བར་གྱུར་ཅིག། སེམས་ཅན་ རྣམས་ཀྱི་སྡུག་བསྔལ་མེད་པའི་བདེ་བ་ཐོབ་པ་དེ་ལ། བདེ་བ་དང་དུས་ནམ་ཡང་མ་བྲལ་ན་དགའ་སྟེ་སྙམ་པའི་དགའ་བ་སྒོམ་མོ།། བཏང་སྙོམ་ཚད་མེད་པ་ནི། ཉེ་རིང་མེད་པའི་སེམས་ཅན་ཐམས་ཅད་རྣམ་པར་དཀར་བའི་ལམ་ལ་འགོད་འདོད་པ་གཅིག་ལ་བྱའོ།། བླ་མ་འཕགས་པས་ཆོས་བརྒྱད་མགོ་སྙོམས་པོ་ལ་བཞེད་དོ།། ཚད་མེད་བཞི་ནི་ཡུལ་ལ་ཚད་མེད། དེ་ལས་བྱུང་བའི་བསོད་ནམས་ ལ་ཚད་མེད་པའོ།། ཚངས་པའི་སྒོའམ་ཚངས་པའི་གནས་ཞེས་ཀྱང་བྱ་སྟེ། སམྦྷུ་ཊིར། ཚངས་པའི་གནས་ནི་བཞི་པོ་ཡིས། །སེམས་ ཀྱི་ངལ་ནི་གསོ་བར་བྱ། །དེ་ཡན་ཆོད་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ཡིན། དེ་བསགས་པས་འབྲས་བུ་གཟུགས་སྐུ་ འགྲུབ་སྟེ།)དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་རྟག་ཏུ་མི་འབྲལ་བར་གྱུར་ ཅིག །ཆགས་སྡང་མེད་པའི་བཏང་སྙོམས་ཕུན་སུམ་ཚོགས་པའི་ངང་དུ་སེམས་སྙོམས་པར་ གྱུར་ཅིག ། (ཁ་ཅིག་གི་བསྲུང་བའི་འཁོར་ལོ་དྲུག་འདོད་ཏེ། བསྲུང་བའི་འཁོར་ལོ་བསྒོམ་པ། ཁྲོ་བོ་སྤྱན་དྲང་ཞིང་བསྟོད་པ། བགེགས་ ལ་བཀའ་བསྒོ་བ། ཧཱུཾ་བཞིས་བསྲུང་བ། སེམས་དཔའ་ཐ་མ་བཞིས་བསྲུང་བ། ཡིག་བརྒྱས་བརྟན་པར་བྱས་པའོ།།) ༀ་སྭ་བྷ་ ཝས་སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལྗང་སྔོན་ ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་ གྱུར་པ་ལས་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ་གཡས་པ་ རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང༌། གཡོན་པས་དྲིལ་བུ་དཀུར་བསྣམས་པ། དར་གྱི་ན་ བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་ 4-1-144 བཞུགས་པ། དེའི་ཐུགས་ཀར་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་ ཤེས་པ་ཧཱུྃ་ཡིག་སྔོན་པོ། དེ་ལས་འོད་ཟེར་འཕྲོས་བགེགས་དང་ལོག་པར་འདྲེན་པ་ཐམས་ ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་ཁྲོ་བོ་འཇིག་རྟེན་གསུམ་ལས་ རྣམ་པར་རྒྱལ་བ་སྐུ་མདོག་སྔོན་པོ། དབུ་མཐའ་ཡས་པ། ཕྱག་མཐའ་ཡས་པ། ཕྱག་ན་མཚོན་ ཆ་སྣ་ཚོགས་དང་རྒྱུ་མ་དང་མགོ་ཐོད་ཤས་གང་བ་བསྣམས་པ། སྦྲུལ་དང་མི་སྡུག་པའི། རྒྱན་ གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ བཞུགས་པ། ༀ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཪྐ་མཧཱ་བཛྲ་ཀྲོ་དྷ་ཏྲ་བ་ཏྲ་བ། བི་ཏྲ་བ་བི་ཏྲ་སརྦ་ཨཱ་པཱ་ ཡ་ནཱ་ཤ་ཡཱ་ནཱ་ཤ་ཡ། ཧ་ར་ཧ་ར་པྲཱ་ནན་ཧཱུྃ་ཕཊ། དེའི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་ མ་བརྒྱད་པའི་ལྕེ་པད་འདབ་མདུན་མར་གསལ་བའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་ གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་མཆུར་ཉལ་ཐབས་སུ་གནས་པ། དེ་ཞུ་བ་ལྕི་ལ་ ཐིམ་པས་ལྕེ་རྡོ་རྗེའི་རང་བཞིན་དུ་གྱུར། ༀ་བཛྲ་ཛི་ཧྭ་ལག་པ་གཉིས་ཀྱི་མཐིལ་དུ་ཨ་ལས་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་རེ་རེ་དེ་ཞུ་བ་ལག་པ་ལ་ཐིམ་ པས་ལག་པ་རྡོ་རྗེའི་རང་བཞིན། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པ་གྱུར། རང་གི་ཤེས་པ་ཧཱུྃ་ ལས་ཁྲོ་བོ་མེ་ལྟར་འབར་བ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་ གསོར་བའི་ཚུལ་དུ་འཛིན་ཅིང༌། གཡོན་པ་རྡོ་རྗེ་ཁུ་ཚུར་དང་བཅས་པས་དྲིལ་བུ་སྙེམས་པའི་ ཚུལ་གྱིས་འཛིན་པ། ཅུང་ཟད་ཁྲོས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ༀ་(ༀ་ནི་ཅི་ ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །)གྲིཧྣ་བཛྲ་ས་མ་ཡ་ཧཱུྃ་(ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ ཤིང་འཇོམས་པར་བྱེད། །གདུག་པ་དྭངས་ཤིང་བསོད་བྱེད་པའི། །ཧཱུཾ་ནི་མཆོག་ཏུ་དྲན་པར་གྱིས། །)བཾ། ༀ་བཛྲ་(རྡོ་རྗེ་)ཛྭ་ ལ་(འབར་བ་)ཨ་(མེ་)ནཱ་ལ(ཉི་མ་)ཪྐ་ཧཱུྃ། (ཞེས་ལན་ལྔ་བརྗོད་ཅིང་སྤྱི་གཙུག་དཔྲལ་བ་རྣ་བ་གཡས་ལྟག་པ་རྣ་བ་གཡོན་ 4-1-145 རྣམས་སུ་རེག་ཅིང་གནས་ལྔར་རྡོ་རྗེ་རྩེ་ལྔ་པ་རེ་བསམ་ཞིང་དབང་ངོ་།།)ཨ་བྷི་ཥིཉྩ་མཾ། ༀ་(རྡོ་རྗེ་རྩེ་མོ་ལས་དོན་ཀུན་རབ་ ཏུ་སྒྲུབ་བྱེད་པའི་ཡིག་གཉིས་གོ་ཆ་བཟང་པོ་ཡི་གེ་ཞེས་ལན་དགུ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་འདུད་པ་བཅིངས་པ་བཞིན་བྱེད་ པས་སྙིང་ཁ་མགྲིན་པ་ལྟག་པ་ཡང་སྙིང་ཁ་ནུ་མའི་བར་ཡང་སྙིང་ཁ་མགྲིན་པ་རྒྱབ་དཔྲལ་བ་རྣམས་སུ་འདུད་ལ།)ཊུཾ། ༀ་ བཛྲ་(བདག་བསྲུང་བ་ནི། ཞེས་པས་དཔྲལ་བར་ཐལ་མོ་གཉིས་རྩེ་སྤྲད་གཤམ་གཉིས་བརྡབ་ལ་ཡིད་ཀྱིས་དར་དཀར་པོ་ཞེང་ ཁྲུ་གང་། དཀུངས་ཁྲུ་ཉེར་གཅིག་པས་གཞན་གནས་དགུར་བསྡུར་ནས་རྣ་བའི་སྟེང་དུ་ཁྱུང་ཤོག་བཞིན་ཕྱས་ནས་ལྷག་མ་ཀྱང་ ལུས་ཚད་དང་མཉམ་པར་བྱ་ཞིང་རྡོ་རྗེ་ཁུ་ཚུར་གཉིས་མདུད་པ་འཆིང་བའི་ཚུལ་གྱི་སྙིང་་་མགྲིན། ལྟག་པ། ཡང་སྙིང་ག་ནུ་མའི་ བར་སྙིང་ག མགྲིན་པ། རྒྱབ་དཔྲལ་བའི་སྟེང་དུའོ།།)ཏུ་ཥྱ་ཧོ། ཧཱུྃ།(རྡོ་རྗེ་བསྡམས་པ་ནང་དུ་བཅིང་སྟེ་མཐེ་བོང་གཉིས་ གཞིབས་ཏེ་བསྒྲེང་བ་ཁྲོ་བོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་བཅས་)ཡེ་ཤེས་སྐལ་པ་མེ་ལྟར་འབར་བའི་འོད། མ་ རིག་འདོད་པའི་མུན་ཁམས་ཐམས་ཅད་བསྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་ འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་ གནོན་དགྲ་འདུལ་བའི། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་འདུལ་ བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ༀ་བཛྲ་ཀྲོ་དྷ་ རཱ་ཛ་ས་པ་རི་ཝ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་ཡ་སྟྭཾ། ཨརྒྷཾ་ལ་སོགས་པས་མཆོད་དོ། །ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་མཁས་(རྒྱ་གར་ན་ཡོ་ག་ལ་མཁས་པ་མི་གསུམ་སྟེ། དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་ལ་མཁས་པ་ ཤཱཀྱ་བཤེས་གཉེན། ཚིག་དོན་གཉིས་ལ་མཁས་པ་ཀུན་དགའ་སྙིང་པོའོ། །)པ་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་ འབར་བའི་ཚོགས་ལ་ཕྱག་འཚམ་ལོ། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ ལུགས་ཟ་ཕྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་ དུ་བསྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང༌། །བསྡིགས་ པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་ 4-1-146 པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་ལོ། །བསྐལ་པ་མེ་ལྟར་འབར་བའི་ཀློང་ དཀྱིལ་ན། །དཔའ་བོའི་སྟང་སྟབས་བརྐྱང་བསྐུལ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་ གྱིས་སྡང་མིག་གིས། །བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་ལོ། ། གཏུམ་ཆེན་ དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོག །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ ལོ། །འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་རྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུྃ དཀྱིལ་འཁོར་ ཆེན་པོའི་ས་གཞི་ལ་གནས་པའི། ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ནི་ གནས་འདིར་དཀྱིལ་འཁོར་ཆེན་པོ་བྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ ཏེ་ང་ཡི་ཚིག་ལས་འདའ་བྱེད་པ། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡི། །མགོ་བོ་ཚལ་པ་བརྒྱར་ ནི་འགས་འགྱུར་ཞིང༌། །བགེགས་རྣམས་བརླགས་པར་འགྱུར་བར་གདོན་མི་ཟ། །ༀ་སུམྦྷ་ནི་ སུམྦྷ་ནི་ཧཱུྃ། གྲྀཧྣ་གྲྀཧྣ་ཧཱུྃ། གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ། བྷ་ག་ཝཱན་བཛྲ་ཧཱུྃ་ཕཊ། (གཡོན་པའི་ཁུ་ཚུར་སྙིང་ཁར་བཞག་ལ་གཡས་པ་རྡོ་རྗེ་གསོར་ཞིང་།)ༀ་བཛྲ་ཛྭ་ལ་ཨ་ན་ལཪྐ་(གིས་བསྡུས་)ཧཱུྃ། (ལག་པ་གཉིས་ཀྱིས་སོར་མོ་ནང་དུ་བསྣོལ་ཏེ་རྩེ་སྤྲད་པ་རྡོ་རྗེ་མེའི་ཕྱག་རྒྱ་དང་)ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ ཙ་མ་ཐ་བྷཉྩ་ར་ཎ་ཧཱུྃ་ཕཊ།(ཀྱིས་་་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཁྲིག་ལ་འདུད་པ།) ༀ་(རྡོ་རྗེ་བསྡམས་པའི་སྟེང་དུ་མཐེ་ བོང་གཉིས་བསྣོལ་འཛུབ་མོ་གཉིས་རྩེ་སྤྲད་ནས་སྐྱང་མཐེའུ་ཆུངབརྐྱངས་རྡོ་རྗེ་བ་དན་གྱི་ཕྱག་རྒྱ་དང་། )བཛྲ་ནཻ་ཏྲ་བན་དྷ་ སརྦ་བིགྷན། ༀ་(རྡོ་རྗེ་བསྡམས་པ་བརྐྱང་བ་ཁ་སྦུབ་ལ་ལ་བཞག་སྟེ།)བཛྲ་ཌི་ཌྷོ་མེ་བྷ་ཝ་རཀྵ་སརྦཾ་(སྡིག་པ་ ཐམས་ཅད་ཞི་བར་བྱེད། དགེ་བའི་ཚོགས་རྣམས་འཕེལ་བར་བྱེད།)སྭཱཧཱ། འོག་རྡོ་རྗེའི་ས་གཞི། ༀ་ཧུ་ལུ་ཧུ་ལུ་ཧཱུྃ་ ཕཊ། སྟེང་རྡོ་རྗེའི་གུར། ༀ་(རྡོ་རྗེ་ཐལ་མོ་་་མཐེ་བོང་གཉིས་བརྐྱང་ལ་འཛུབ་མོ་གཉིས་མཆེ་བ་ལྟར་བྱས་པ་རྡོ་རྗེ་གནོན་ གྱི་ཕྱག་རྒྱ།)བཛྲ་ཡཀྵ་ཧཱུྃ། དེའི་འོག་རྡོ་རྗེའི་བླ་བྲེས། ༀ་(མཐེའུ་ཆུང་གཉིས་ལུག་རྒྱུད་དུ་སྦྲེལ་འཛུབ་མོ་གཉིས་རྩེ་ 4-1-147 སྤྲད་དེ་བཟློག་པས་སྤྱི་བོར་བཞག་པ་རྡོ་རྗེ།)དྲུཾ་བྷན་དྷ་ཧཾ། ཤར་རྡོ་རྗེའི་ར་བ། ༀ་(རྡོ་རྗེ་ཞགས་པའི་ཕྱག་རྒྱ།)ཧཱུྃ་ བཛྲ་པཱ་ཤ་ཧྲཱིཿ ཤར་གྱི་ནང་ཡང་རྡོ་རྗེའི་ར་བ། ༀ་(རྡོ་རྗེ་བསྡམས་པ་མཐེ་བོང་གཉིས་བསྣོལ་མཛུབ་མོ་གཉིས་ རྩེ་སྤྲད་ནས་བསྐྱང་མཐེའུ་གཉིས་སོ་སོར་བརྐྱང་བ་རྡོ་རྗེ་བ་དན་གྱི་ཕྱག་རྒྱ།)བཛྲ་པཱ་ཏཾ་ཀེ་པཱ་ཏཾ་གི་ནི་ར་ཊ། ནུབ་རྡོ་ རྗེའི་ར་བ། ཧྲཱིཿ(རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་ཁར་བརྟེན་པར་བྱས་པ་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་དང་།)བཛྲ་ཀཱ་ལི་རུ་ཊ་ མ་ཏྲ། བྱང་རྡོ་རྗེའི་ར་བ། ༀ་(རྡོ་རྗེ་ཁུ་ཚུར་གཉིས་རི་བོ་འདེད་པ་ལྟར་བྱས་པ་རྡོ་རྗེ་རྩེ་མོའི་ཕྱག་རྒྱ་དང་།)བཛྲ་ཤི་ཁ་ ར་རུ་ཊ་མ་ཏྲ། ལྷོ་རྡོ་རྗེའི་ར་བ། ཧཱུྃ་(རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་གུང་མཛུབ་གཉིས་བརྐྱང་བ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ དང་།)བཛྲ་ཀརྨཱ་ཧཱུྃ་(ཁུ་ཚུར་གྱི་ཕྱག་རྒྱ།)སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ར་བ། ཧཱུྃ་(ཧཱུཾ་ མཛད་ཀྱི་ཕྱག་རྒྱ་དང་།)དེའི་ནང་དུ་ཡང༌། རྡོ་རྗེའི་ར་བ་ཉིས་རིམ། ༀ་བཛྲ་བན་དྷ་བཾ། ཕྱི་རོལ་ཐམས་ ཅད་རྡོ་རྗེའི་ར་བར་གྱུར། ༀ་བཛྲ་ཀརྨཱ་ཀཾ། ༀ་བཛྲ་རཀྵ་ནཾ། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་སནྟི་བཾ། ༀ་(རིགས་ལྔའི་སྐུར་ཁས་ལེན་ཕྱག་འཚལ་ལོ།།)བཛྲ་སཏཱ་(རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་ཅིག།)ས་མ་ཡ། (སེམས་ཅན་ ཟིལ་གྱིས་གནན་ལོ་རྗེས་སུ་སྐྱོངས་)མ་ནུ་པཱ་(སེམས་ཅན་རྗེས་སུ་སྐྱོངས།)ལ། བཛྲ་(རྡོ་རྗེ་སེམས་དཔའ།)སཏྭ་ཏྭེ་ནོ་(རྡོ་ རྗེ་སེམས་དཔའ་ཉིད་དུ་ཉེ་བར་གནས་པར་མཛོད།)པ་ཏིཥྛ། ཌི་ཌྷོ་མེ་བྷ་(གོང་མའི་ཐབས་ཀྱི་བདག་དང་མཉམ་པར་གྱུར་ ཅིག)ཝ། (ཆོས་སྐུའི་བདག་)སུ་ཏོ་ཥྱོ་མེ་བྷ་(བདག་བློ་གསོ་བར་གྱུར་ཅིག།)ཝ། ཨ་ནུ་(བདག་ལ་རྗེས་སུ་ཆགས་ པར་གྱུར་ཅིག)ར་ཀྟོ་མེ་བྷ་(གཉིས་མེད་ཀྱི་ངང་དུ་བདག་དགེ་བར་གྱུར་ཅིག)ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་ (མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག)མེ་པྲ་(ཚད་མེད་པ་གང་ཞེ་ན།)ཡཙྪ།(དེས་ཟླ་བའི་ཚད་མེད་ པ་སྟེ།) (བདག་གི་ལས་ཐམས་ཅད་དག་པར་གྱུར་ཅིག)སརྦ་ཀརྨ་(ལས་ཀྱི་དངོས་གྲུབ་དག་ལ།)སུ་(བདག་ལ་འཕྲིན་ལས།) ཙ་མེ།(དེས་ཟླ་ཚད་མེད་པའི་ཡེ་ཤེས་གསལ།) ཙིཏྟཾ་(རྡོ་རྗེ་སེམས་དཔའ་དང་སྟན་པར་གྱུར་ཅིག)ཤྲི་ཡཾཿཀུ་རུ་ ཧཱུྃ།(བདག་ལ་ཆགས་པར་གྱུར་ཅིག ཉོན་མོངས་པ་དགྲའི་གཉེན་པོ་ཡེ་ཤེས་མི་རྟོག་པ་སྐུའི་ངང་དུ་གནས།) (ཡང་ན་རིགས་ ལྔའི་) ཧ་ཧ་(གཉིས་སུ་མེད་པའི་དོན་དེ་ལ་ཤིན་ཏུ་བྱེད་དོ།།)ཧ་ཧ་ཧོ། བྷ་ག་(བདག་གི་བློ་བཅོམ་ལྡན་འདས་དང་ཐ་མི་ དད་པའོ།།)ཝན། (དེ་བཞིན་གཤེགས་པ་ཐམས་ཅད།)སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བདག་ 4-1-148 ལ་གསོལ་ཅིག རྡོ་རྗེ་ཅན་དུ་གྱུར་ཅིག)བཛྲ་མཱ་(བདག་རྡོ་རྗེ་སེམས་དཔའ་ཆེན་པོའི་དམ་ཚིག་སྙིང་པོར་གྱུར་ཅིག།)མེ་མུཉྩ། (བདག་རྡོ་རྗེ་)བཛྲི་བྷ་(རྡོ་རྗེས་བདག་གྲོལ་བར་གྱུར་ཅིག)ཝ་མཧཱ་ས་མ་ཡ་(དམ་ཚིག་སེམས་དཔར་གྱུར་ཅིག)སཏྭ་ ཨ།(འཁོར་བ་དང་ངན་སོང་གི་ཉེས་པ་ཐམས་ཅད་ཨ་སྟོང་པ་འདིས་ཉིད་མིན་བཀག་པའོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག ཁོང་ ནས་འབྱུང་བ་སྐྱེ་བ་མེད་ཅེས་པའོ།།) ༀ་སརྦ་བདི་བཛྲ་ཙཀྲ་ཧཱུྃ། རང་གི་མདུན་དུ་ཀུན་རིག་རྩ་བའི་ དཀྱིལ་འཁོར་ཆེན་པོ་སྤྲུལ་ཏེ། ༀ་སརྦ་བིད་བཛྲ་ཙཀྲ་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝཱཀ་ཙིཏྟ་ པྲ་ན་མེ་ན། བཛྲ་བྷན་དྷ་ནཾ། ཀ་རོ་མི། ༀ་སརྦ་བིདྱ་མཎྜལ་ས་(འཁོར་དང་བཅས་པ་ཟེར་རྒྱུ།)པ་རི་ཝ་ ར་ཨརྒྷཾ་སོགས་ཀྱིས་མཆོད། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་ མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང༌། །སེམས་ཅན་སྡུག་ བསྔལ་མང་གཟིགས་མྱུར་སྒྲོལ་ཤོག །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་དུ་ ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་ བསྡུད་པ་དང༌། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གི་བསྟན་པོར་བཟུང་བར་ བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ནས་ བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་ བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་པ་ལས། །ཉིན་རེ་ བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་ བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ 4-1-149 ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་བགྱི་ཕྱིར། །བདག་གིས་བསྡོམ་པ་མ་ལུས་བཟུང༌། །མ་གྲོལ་བ་རྣམས་གྲོལ་བར་བགྱིས། །མ་སྒྲལ་བ་ནི་ བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་ དགོད། །ༀ་སརྦ་བིདྱ་མཎྜལ་ས་པ་རི་ཝ་ར་བཛྲ་མུ། ཅེས་དང༌།(བསྡུ་བའི་ཕྱག་རྒྱས་ཚོགས་རྟེན་རང་གི་ སྙིང་གར་བསྡུ།) སྭ་བྷ་ཝས་སྟོང་པའི་ངང་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་གྱི་སྟེང་དུ་ཧཱུྃ་ལས་རྡོ་ རྗེ་དཀར་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་ འདུས་ཡོངས་སུ་གྱུར་པ་ལས། (བདག་བསྐྱེད་ལ་རྡོ་རྗེ་སེམས་དཔའ་བསྒོམ་པའི་ལུང་ནི། སྦྱོང་རྒྱུད་ལས། ཐམས་ཅད་ ཟོས་འཐུངས་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེ་ལྡན་པ་སྨོས་ཅི་དགོས། །ཞེས་པས། རྡོ་རྗེ་སེམས་ དཔའ་གཞུང་བཞིན་དུ་བསྒོམ་པའི་ལག་པ་གཉིས་ཟླ་བའི་དཀྱིལ་འཁོར་གཉིས་སུ་བསམ་ལ་གཡས་ཀྱི་ཟླ་བའི་སྟེང་དུ་ཧཱུཾ་ཡིག་ སྔོན་པོ། གཡོན་གྱི་ཟླ་བའི་སྟེང་དུ་ཨ་ཡིག་དམར་པོ་རང་ཉིད་རྡོ་རྗེ་སེམས་དཔར་སྒོམ་དེ་ཉིད་སྐུ་རྡོ་རྗེ་མཚོན་ལ། ཨ་ཡིག་དམར་ པོ་དེས་གསུང་རྡོ་རྗེ་མཚོན་ལ། ཧཱུཾ་ཡིག་སྔོན་པོ་དེ་ཐུགས་རྡོ་རྗེ་མཚོན། ཨ་ལི་ཐམས་ཅད་ཁ་དོག་དཀར་པོ་མུ་ཏིག་གི་རྡོག་པོ་ལྟ་བུ་ སྒོམ་པ་ཡིན་ལ། ངོ་བོ་རྡོ་རྗེ་སེམས་དཔའ་བཅུ་དྲུག་ཡིན་ཞིང་རྣམ་པ་ཨ་ཡིག་བཅུ་དྲུག་གི་རྣམ་པར་གནས།) རང་ཉིད་རྡོ་རྗེ་ སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་དགྱེས་པའི་སྤྱན་གདངས་པ། ཞལ་གཅིག་ཕྱག་གཉིས་ པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་དེ་འཛིན་པ། གཡོན་དྲིལ་བུ་དཀུར་བསྟེན་ པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་ བཞུགས་པ་ཟླ་བའི་རྒྱབ་ཡོལ་ཅན། ལག་པ་གཉིས་སུ་ཨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་ཧཱུྃ་ཨ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ར་རཱ། ལ་ལཱ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ(རྣམས་ཀྱིས་ཐལ་མོ་ གང་བ་ལས་འོད་འཕྲོས་པར་བསམ།) གཡས་གཡོན་གྱི་སོར་མོ་རྣམས་མཐེ་བོང་ནས་བརྩམས་ཏེ་རིམ་ པར། ༀ་ཧཱུྃ་ཏྲཾ་ཧྲཱིཿཨ་ལས་གཡས་ལྔ་ལ་རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ། གཡོན་ལྔ་ལ་རྡོ་རྗེ་(ཐེ་བོང་ནས་རིམ་བཞིན་)དབྱིངས་ཀྱི་ 4-1-150 དབང་ཕྱུག་མ། རྡོ་རྗེ་ཐུགས་(ཡབ་ཡུམ་གཅིག་ཏུ་འདྲེས་པར་བསམ་)མ། རྡོ་རྗེ་དབང་བསྐུར་མ། རྡོ་རྗེ་ མཚོན་ཆ་མ། རྡོ་རྗེ་ཀུན་མ། ༀ་(མཉམ་པའི་ཐལ་མོ་སྦྱར་ཏེ་རིགས་ལྔ་ཡབ་ཡུམ་ཕན་ཚུན་ཞལ་ཕྱོགས་པར་བསམ་) ཨ་ནྱོ་ཨ་ནུ་ག་ཏ་སརྦ་དྷརྨཱ་(རྡོ་རྗེ་ཐལ་མོ་སྦྱར་ཏེ་)སྥ་ར་ས་སྥ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ བཛྲ་ཨཉྫ་ (ཡུམ་དེ་དག་རྗེས་སུ་ཞུགས་པར་བསམ།)ལི། (རྡོ་རྗེ་སྡམ་པ་དང་)ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨ། བཛྲ་བན་ དྷ། བཛྲ་བན་ཏྲཊ། བཛྲ་ཨ་བེ་ཤ་ཨཿ ཨཿཨཿ(ལན་གསུམ་གྱི་ཡེ་ཤེས་ཕབ་པ་སྟེ་ཆོ་ག་ཚར་རེ་མ་ཟིན་གྱི་བར་ལ་ བརྟན་པར་བྱེད། བཛྲ་བྷན་དྷ་ནི་ཁམས་གསུམ་གྱི་ཉོན་མོངས་པའི་བག་ཆགས་གྱི་འཆིང་བ་གཞིག་པར་དཀའ་བ་དེ་ལ་བཛྲ་ཞེས་ བྱའོ། །) ཏིཥྛཱ་བཛྲ། ཌི་ཌྷོ་མེ་བྷ་ཝ། ཤ་ཤྭ་མེ་བྷ་ཝ། ཧྲི་ད་ཡ་མེ། ཨ་དྷི་ཏིཥྛ། སརྦ་སིད་དྷི་མེ་པྲ་ ཡཙྪ་ཧཱུྃ། (ཅེས་པས་ཡེ་ཤེས་བརྟན་པར་བསམ་)ཧ་ཧ་ཧ་ཧ་ཧོཿ བཛྲ་མུཥྚི། ༀ་བཛྲ་(ཕྱག་རྒྱ་དགྲོལ་ཞིང་སེ་གོལ་ གདབ་པ་ལན་གསུམ་བྱ་)མུཥྚི་བཾ། (དེ་བཞིན་གཤེགས་པའི་ཕྱག་རྒྱ་སྤྱི་བོར་བཞག་སྟེ་)ༀ་བྲི་ཏ་བྲི་ཏ་སརྦ་ཨ་ཝ་ར་ ཎི་ཧཱུྃ་ཕཊ། ༀ་(པདྨའི་རིགས་ཀྱིས་ཕྱག་རྒྱ་མགྲིན་པར་བཞག་སྟེ་)ཏྲ་ཊ་ཏྲ་ཊ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་ (རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་སྙིང་གར་བཞག་སྟེ་)ཙྪིན་དྷ་ཙྪིན་དྷ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་(རྡོ་རྗེ་བསྡམས་པས་ གུང་མོ་རྣམས་འདྲ་བར་བསྡམས་པ་ལ་མཐེ་བོང་དང་ཐེབ་ཆུང་བརྐྱང་པ་སྤྱི་བོར་བཞག་)བཛྲ་ཨ་བྷི་ཥིཉྩ་ཧཱུྃ། (དེ་ག་གི་ ལས་མཐེ་བོང་ཐེབ་ཆུང་དེ་བཞིན་དུ་བྱས་ལ་མཛུབ་མོ་དང་པདྨ་འདྲ་བར་བཀུག་)ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། (དེ་ཉིད་ལས་ མཛུབ་མོ་དང་སྲིན་ལག་གཉིས་རིན་ཆེན་འདྲ་བར་བྱས་ལ་)ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ༀ་(དེ་ཉིད་ལས་མཐེ་བོང་ཐེབ་ཆུང་ སོ་སོར་མཉམ་པ་ལྟག་པར་བཞག་)པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨ། མི་བསྐྱོད་པ། རྣམ་པར་ སྣང་མཛད། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་ཀྱི་དབུ་བརྒྱན་ པར་བསམ། (གླེང་བཞི་ལས་འབྱུང་བ་ལྟར།)དེ་ནས་བཅོམ་ལྡན་འདས་ཚངས་པ་ཆེན་པོ་པདྨའི་གདན་ ལ་བཞུགས་ནས་ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཏེ། ངན་སོང་གི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་བྱ་བའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱི་འོད་ཟེར་འཕྲོ་བ་སྡུད་པ་མང་པོའི་ཕྲེང་བ་ཉིད་ 4-1-151 ཀྱི་དཔྲལ་བའི་མཛོད་སྤུ་ནས་བྱུང་ནས། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་འདི་དག་ཐམས་ཅད་ཀུན་ཏུ་སྣང་བར་བྱས་སོ། །ཀུན་ཏུ་སྣང་བར་བྱས་ནས་སེམས་ ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་འཆིང་བ་ལས་སྒྲོལ་ཏེ། བདེ་བ་སོ་སོར་ཐོབ་ནས་དགའ་ བའི་ཚལ་ཐམས་ཅད་ཀུན་ཏུ་སྣང་བར་བྱས་ཏེ། མཆོད་པའི་སྤྲིན་སྣ་ཚོགས་ཀྱིས་མངོན་པར་ མཆོད་དེ་ལན་བརྒྱ་ཕྲག་སྟོང་དུ་སྐོར་བ་བྱས། མགོ་བོས་ལན་བརྒྱ་ཕྱག་སྟོང་དུ་ཕྱག་འཚལ་ ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ། འདི་སྐད་ཅེས་ གསོལ་ཏོ། །(ངན་སོང་ནས་ཐར་བ་རྣམས་ཀྱིས་དྲིན་ལན་གྱི་)ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་ སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ ལ་བཀོད། །ༀ་ན་མོ་(ཕྱག་འཚལ་ལོ་)བྷ་ག་ཝ་ཏེ་(བཅོམ་ལྡན་འདས་)སརྦ་དུར་ག་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ ཡ(ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ)། ཏ་ཐཱ་(དེ་བཞིན་གཤེགས་པ་)ག་ཏ་ཡ། ཨརྷ་ཏེ་(དགྲ་བཅོམ་པ་) སམྱཀ་(ཡང་དག་པར་རྫོགས་པའི་སངས་རྒྱས་)སཾ་བུད་དྷཱ་ཡ། ཏདྱ་ཐཱ།(འདི་ལྟ་སྟེ།) ༀ་ཤོ་དྷ་ནི་(སྦྱོངས་)ཤོ་དྷ་ ནི་(སྦྱོངས་)སརྦ་(རྣམ་པར་དག་པ་)པཱ་པཾ་བི་ཤོ་དྷ་ནི། ཤུདྡྷེ་(དག་པ་)བི་ཤུདྡྷེ།(རྣམ་པར་དག་པ་) སརྦ་(མ་དག་ པ་ལས་དང་སྒྲིབ་པ་ཐམས་ཅད་)ཀརྨཱ་ཨ་ཝ་ར་ཎ་བི་(ཞེས་བསམ་ཞིང་ཆེད་དུ་གཏད་པའི་བཟླས་པའི་དཀྱིལ་འཁོར་གྱི་ ལྷ་སྔགས་རྩ་རིགས་ལ་སོགས་པ་ཇི་ལྟར་སྤྲོ་བ་བཟླས། རབ་གནས་ཀྱི་དུས་སུ་ནི་བཛྲ་སཏྭ་བཟླས་ཏེ། དེ་དག་ནི་བདག་བསྐྱེད་ བཟླས་པ་མཆོད་བསྟོད་དང་བཅས་པའོ།།)ཤོ་དྷ་ནི་སྭཱཧཱ། ༀ་བཛྲ་སཏྭ་ཧཱུྃ། (ཅེས་མང་དུ་བཟླས། གནས་བྱིན་བརླབས་ མ་གཏོགས་མཆོད་པ་བྱིན་དབབ་ཀྱི་སྐབས་བཞིན་བྱིན་གྱིས་བརླབས་ནས་བདག་བསྐྱེད་ལ་ངན་སོང་ནས་ཐར་བ་རྣམས་ཀྱི་དྲིན་ ལན་གྱི་མཆོད་པ་འབུལ་བར་བསམ།) འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་ པ་དང༌། །བདག་གིས་གུས་པར་བཤམས་པ་འདི། །སངས་རྒྱས་སྲས་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་(དེ་པ་ཐམས་ཅད་)ཨརྒྷཾ་(མཆོད་ཡོན་)པྲ་ཏཱིཙྪ་པཱུ་(རབ་ཏུ་བཞེས་)ཛ་མེ་གྷ་ས་མུ་(སྤྲིན་གྱི་ རྒྱ་མཚོ་)ཏྲ་སྥ་ར་ཎ་ས་མ་(དམ་ཚིག་)ཡེ་ཧཱུྃ། པུཥྤེ། དྷུ་པཾ། ཨ་ལོ་ཀེ། གྷན་དྷེ། ནེ་ཝེ་ཏི། པཱུ་ཛ་མེ་ 4-1-152 ག་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། (འདི་སྤྱོད་འཇུག་ན་གསུངས་)དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམ་བྱེད་པའི། །སྤྲིན་རྣམས་ སོ་སོར་གནས་གྱུར་ཅིག །ༀ་སརྦ་ཏ་ཐཱ་ག་ཏ་ཤཔྟ་(རོལ་མོ་དཀྲོལ་)པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་ མ་ཡེ་ཧཱུྃ། བཛྲ་གྷཎ་ཌེ་ར་ཎི་སོགས་བརྗོད། ༈ མཚན་བརྒྱ་ནི། རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའི་ གདང་སྙན་པས། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །མི་ཤེས་དྲི་མ་ཀུན་བཅོམ་པ། །རྡོ་རྗེ་རྡོ་ རྗེ་འཛིན་རྒྱལ་པོ། །རྡོ་རྗེ་རྡོ་རྗེ་རྡོ་རྗེ་འཛིན། །རྡོ་རྗེ་སྐུ་སྟེ་སྐུ་ཆེ་བ། །ཕྱག་ན་རྡོ་རྗེ་ཕྱག་འཚལ་ བསྟོད། །རྡོ་རྗེ་ཡན་ལག་རྡོ་རྗེ་མཆོག །རྡོ་རྗེ་འབར་བ་ཆེར་འབར་བ། །རྡོ་རྗེ་ཤུགས་ཏེ་ཤུགས་ ཆེ་བ། །རྡོ་རྗེ་མཚོན་ཆ་རྡོ་རྗེ་ཆེ། །ཕྱག་ན་རྡོ་རྗེ་ཕྱག་ཆེན་པོ། །རྡོ་རྗེ་མདའ་སྟེ་རབ་འབིགས་པ། །རྡོ་རྗེ་རྣོན་པོ་རྣོ་བ་ཆེ། །ཆེ་བའི་ཆེ་བ་རྒྱ་མཚོ་ཆེ། །རྡོ་རྗེ་པདྨ་བྱང་ཆུབ་ཆེ། །བྱང་ཆུབ་སངས་ རྒྱས་རང་བྱུང་བ། །རྡོ་རྗེ་རྒྱ་ཆེན་རྒྱ་ཆེན་ཏེ། །རྡོ་རྗེ་སྒྱུ་མ་རྣམ་སྦྱོང་པ། །རྡོ་རྗེ་རྒྱུ་སྟེ་གནོད་སྦྱིན་ ཆེ། །རྡོ་རྗེ་པདྨ་རྣམ་སྦྱོང་བ། །རྡོ་རྗེ་ཁྲོ་བོ་མ་རུང་ཆེ། །རྡོ་རྗེ་དགྲ་སྡང་འཇོམས་པའི་གཙོ། །རྡོ་ རྗེ་འཇིགས་པ་བསྲུང་བ་ཆེ། །རྡོ་རྗེ་ལྕགས་ཀྱུ་དོན་ཡོད་བྱེད། །རྡོ་རྗེ་རོ་ལངས་རོ་ལངས་ཆེ། །རྡོ་རྗེ་སྲིན་པོ་ཟ་བ་ཆེ། །རྡོ་རྗེ་གནོད་སྦྱིན་གནོད་སྦྱིན་ཆེ། །རྡོ་རྗེ་གདོན་དེ་གདོན་གྱི་མཆོག །འཇིགས་བྱེད་དགྲ་བྱེད་དྲག་པོ་ཆེ། །རྡོ་རྗེ་འཇིགས་བྱེད་རྔམ་བྱེད་པ། སྒྲུབ་དཀའ་གྲུབ་པ་ ལེགས་པ་སྟེ། །རྡོ་རྗེ་ལེགས་པ་དགྱེས་མཛད་པ། །རྡོ་རྗེ་དགའ་བ་དགའ་བ་ཆེ། །དགའ་བའི་ རྡོ་རྗེ་དབང་བྱེད་པ། །རྡོ་རྗེ་གཟི་བརྗིད་གཟི་བརྗིད་ཆེ། །འོད་འབར་གཤིན་རྗེ་མཐར་བྱེད་ པ། །རྡོ་རྗེ་དྲག་པོ་དྲག་པོ་ཆེ། །འོད་སྡུག་པས་ནི་སྡུག་པ་ཆེ། །ནམ་མཁའ་དང་ནི་མཉམ་པའོ། །རེ་བ་ཐམས་ཅད་རྫོགས་མཛད་པ། །རྡོ་རྗེ་དབང་བསྐུར་རིན་ཆེན་མཆོག །རྡོ་རྗེ་རྒྱལ་མཚན་ ཡོན་ཏན་མཚོ། །རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ། །རིགས་སྔགས་བྱེ་བའི་ཚོགས་ཀྱིས་བསྐོར། །ཧ་ ལ་ཧ་ལ་ནག་པོ་ཆེ། །དགྲ་ཆེན་ཞིང་ནི་འཇོམས་པ་ཅན། །རྡོ་རྗེ་འདོད་པ་འདོད་པ་ཆེ། །སྙིགས་ 4-1-153 མའི་ལུས་ངན་རྣམ་སྦྱོང་བ། །སྐད་ཅིག་གཡོ་བའི་ཐེ་ཚོམ་གཅོད། །གློག་བཞིན་ཞལ་གྱི་ལྗགས་ ལ་འཕྲོ། །རྡོ་རྗེ་མེ་སྟེ་མ་རུངས་འདུལ། །དྲག་པོ་རབ་སྣང་སྣང་མཛད་པ། །ཉི་མ་སྟོང་གིས་ གདུངས་པའི་ཞལ། །སྤྱན་དམར་འཇིགས་པར་མཛད་པའོ། །ཁྲོ་བོ་དུ་མའི་འོད་བཞིན་འཕྲོ། །ཕྱག་རྣམས་དུ་མ་མཚོན་ཆ་བརྒྱ། །དུ་མའི་ཞལ་ཏེ་སྐུ་ཡང་སྟོང༌། །འཁྱིལ་ཞིང་རྒྱན་ཡང་ འཁྱིལ་བ་སྟེ། །སེམས་ཀྱི་ཆོས་པས་སྐུ་མི་མངའ། །རྣམ་པར་རྟོག་པ་མ་ལུས་འདུལ། །མ་ རིག་འཇོམས་པའི་ཚངས་པ་སྟེ། །འདོད་ཆགས་ཞེ་སྡང་དྲི་མཐར་མཛད། །སྒྱུ་མ་ཁྱབ་འཇུག་རྡོ་ རྗེ་ཅན། །ར་ྩེགསུམ་ར་ྩེགསུམ་འཆང་འཕྲོག་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །སྲིད་དང་ སྲིད་མིན་རྣམ་སྦྱོང་བ། །ཞི་ཞིང་དུལ་ལ་དགའ་བ་སྟེ། །སངས་རྒྱས་སངས་རྒྱས་རབ་རྫོགས་ པ། །སངས་རྒྱས་བདག་ཉིད་སངས་རྒྱས་སྐུ། །རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །ཀུན་ཏུ་བཟང་ པོ་ཆེར་བཟང་པོ། །མཚན་རྣམས་དམ་པས་རབ་བརྒྱན་པ། །ཁམས་གསུམ་བདག་ཉིད་ཁྱབ་ པའོ། །ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ། ། ༈ བུམ་བསྐྱེད་རྒྱས་པར་བྱེད་ན་རྣམ་རྒྱལ་དུ་རྩ་བའི་ལྷ་སོ་བདུན་འོག་ནས་འབྱུང་བ་བཞིན་བསྐྱེད། དབང་ ན་ཡོད་ན་རིགས་ལྔ་བསྐྱེད། བསྡུ་ན་ལྷ་མ་བསྐྱེད་པར་རང་རང་གི་སྔགས་བཟླས་པས་ཆུ་ནུས་པ་དང་ལྡན་པར་བསམ། འབྲིང་དུ་ བྱེད་ན། ༀ་ཡཀྵ་(བསང་)ཛྭ་ལ། སྭ་བྷ་ཝས་སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་གཉིས་ལྟོ་བ་ཡངས་ཤིང་མགྲིན་པ་ ཕྲ་བ། ལྷའི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ཕྱི་ བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པ་ཅན། རྣམ་རྒྱལ་བུམ་པར་པཾ་ལས་པདྨ་རཾ་ལས་ཉི་ མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེ་ ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ སེམས་དཔའ་སྐུ་མདོག་དཀར་པོ་བདག་བསྐྱེད་བཞིན་(རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རབ་ཏུ་ 4-1-154 དགྱེས་པའི་སྤྱན་གདངས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་བསྟོད་དེ་འཛིན་པ། གཡོན་དྲིལ་བུ་ དཀུར་བསྟེན་པ། དེ་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་དཀྲུང་གིས་བཞུགས་པ། ཟླ་བའི་རྒྱབ་ ཡོལ་ཅན། )བསྐྱེད། ལས་(རྣམ་རྒྱལ་དུ་བསྐྱེད་པར་བྱའོ།།)ཐམས་ཅད་པའི་བུམ་པར་པཾ་ལས་པདྨ་རཾ་ལས་ ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཀྵིཾ་ལས་རྡོ་རྗེ་གནོད་སྦྱིན་སྐུ་མདོག་ནག་པོ། ཕྱག་གཉིས་ཀྱི་ ཞལ་གྱི་མཐའ་གཉིས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའི་མཆེ་བ་འཛིན་པ། ༈ མ་ལུས་(རྡོ་རྗེ་སེམས་ དཔའ་དང་རྡོ་རྗེ་གནོདསྦྱིན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་)སེམས་ཅན་ཀུན་ གྱི་མགོན་གྱུར་ཅིང༌། །ཞེས་སོགས་ཀྱིས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་ནས། ༀ་བཛྲ་(སྒོ་བཞིའི་ཕྱག་རྒྱ་ དང་)ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུྃ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་ཨ་བེ་ཤ་ཨ། ༀ་བྲི་ཏ་སོགས་ ཀྱིས་བྱིན་གྱིས་བརླབ། ༀ་བཛྲ་ཨ་བྷི་ཥིཉྩ་སོགས་ཀྱིས་དབང་བསྐུར་ཏེ་རིགས་ལྔས་དབུ་རྒྱན། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ། བཛྲ་ཡཀྵ་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྡོ་རྗེ་སེམས་ དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་འཇིགས་པ་ ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྩ་རིག ༀ་ན་མོ་བྷ་ ག་(ཟླ་བའི་སྟེང་དུ་རྩ་རིག་དང་། ནང་སྐོར་དུ་ལྷ་སོ་སོའི་སྔགས་བཀོད་པ་དེ་ལ་སྙིང་པོ་བསྐྱེད་པའི་སྒོ་དེ་ལས་འོད་ཟེར་འཕྲོས་ འོད་ཟེར་སྤྲོ་བའི་སྒོ། སངས་རྒྱས་མཆོད་སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་པ་མཛད་པ་མཛད་པའི་སྒོ་ཚུར་ འདུས་སླར་ཡང་བསྡུ་བའི་སྒོ། ཡོངས་སུ་གྱུར་པ་ལས་ལྷ་སོ་སོའི་སྐུར་བསྐྱེད་པ་སྟེ་ལྷར་གྱུར་པའི་སྒོ། དེ་ལ་སྒོ་ལྔ་ལས་བསྐྱེད་པ་ ཟེར་སྟེ་ཐམས་ཅད་ལ་འདྲེ་བར་ཤེས་པར་བྱའོ།། ཡང་སྒོ་དྲུག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ་རྩ་རིག ནང་བསྐོར་དུ་སརྦ་བིད་ཧཱུཾ། དེ་ལ་སྙིང་པོ་བསྐྱེད་པའི་སྒོ། དེ་ལས་དཔག་ཏུ་མེད་པའི་འོད་ཟེར་སྤྲོས། འོད་ཟེར་འཕྲོས་ པའི་སྒོ། སངས་རྒྱས་མཆོད། སེམས་ཅན་གྱི་དོན་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས། མཛད་པ་མཛད་པའི་སྒོ། ཚུར་འདུས་སླར་ བསྡུ་བའི་སྒོ། ཡོངས་སུ་གྱུར་པ་ལས་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་བཅོམ་ལྡན་འདས་ཀྱི་ཐུགས་ 4-1-155 ཁ་ནས་བྱུངས། ཞལ་ནས་འཐོན་སྟེ་ལྷར་གྱུར་པའམ་ཞལ་ནས་འཐོན་པའི་སྒོ། ལྷར་གྱུར་པ་དང་ཞལ་ནས་འཐོན་པ་གཉིས་གཅིག་ ཏུ་བྱས་ནས་སྒོ་དྲུག་ཡིན་ལ། སོ་སོར་བྱས་ནས་སྒོ་མདུན་བསྐྱེད་ཡིན། ཤར་ཕྱོགས་སུ་གླང་པོའི་ཁྲི་དང་པད་ཟླའི་སྟེང་དུ་རྡོ་རྗེ་སྐྱིལ་ མོ་ཀྲུང་གིས་འཁོད་པར་གྱུར། དེ་ནི་གདན་ལ་འཁོད་པའི་སྒོ། སྒོ་དྲུག་བསྐྱེད་པ་དེའང་ཐམས་ཅད་ལ་འདྲེ་བར་ཤེས་པར་བྱའོ། །ལྷ་རྣམས་དཀྱིལ་འཁོར་ལ་འཁོད་པའི་ལུགས་ནི་སྦྱོང་རྒྱུད་ལས། དེའི་མདུན་དུ་ངན་སོང་ཀུན། །སྦྱོང་བའི་རྒྱལ་པོ་བྲི་བྱ་སྟེ། །ཟླ་ བ་རྒྱས་དང་པདྨོའི་མདོག །རྒྱལ་མཆོག་སྐྱེས་བུ་གང་བ་བྲི། །རྒྱབ་ཏུ་ཤཱཀྱ་རི་དབང་པོ། །གཙོ་བོ་ཐུབ་པ་བྲི་བར་བྱ། །)ཝ་ཏི་ (བརྒྱ་རྩ་)དང༌། ༀ་བཛྲ་སཏྭ་ཧཱུྃ། ༀ་བཛྲ་ཡཀྵ་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་(ཉེར་གཅིག་བཟླས་ ནས་བསྟོད།)ཏ་ས་མ་ཡེ་ཤྲཱི་ཧཱུྃ། ༀ་སརྦ་ཏ་ཐཱ་ག་(མཆོད་པ་ནི་)ཏ་བཛྲ་སཏྭ། བཛྲ་ཡཀྵ་ས་པ་རི་ཝ་ར་ ཨརྒྷཾ་སོགས་ཀྱི་གོང་བཞིན་མཆོད་(རྡོ་རྗེ་སེམས་དཔའ་སོགས་ཀྱིས་བསྟོད་)བསྟོད། ཡིག་བརྒྱས་ལྷག་ ཆད་ཁ་བཀང་ལ། མ་འབྱོར་བ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བརྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །སེམས་ཅན་ ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། བཛྲ་མུཿ ཡེ་ ཤེས་པ་གཤེགས། དམ་ཚིག་པ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པ་ནི། སྔགས་འཆང་འཁྲུས་བྱས་འཁོར་ལོས་བསྒྱུར་བའི་ཆས་སུ་ཞུགས་ཏེ། དྲི་ཞིམ་པོས་ ཁ་བསྐང་ནས་དཀྱིལ་འཁོར་གྱི་ཤར་དུ་སྟན་བདེ་བ་ལ་འདུག་སྟེ། ༈ ༀ་བཛྲ་ཡཀྵ་ཧཱུྃ། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་ བྷ་ཝ་ཨཏྨ་ཀོ་ཧཾ། སྟོང་པའི་ངང་ལས་ཧཱུྃ་ཡཾ་ཧཱུྃ་ལས་རླུང་གི་དཀྱིལ་འཁོར་གཞུ་བརྡུངས་པའི་ དབྱིབས་ལྟ་བུ་ལྗང་ཁུ་ཆང་བཟུང་ལ་ཡཾ་གྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་རཾ་ཧཱུྃ་ལས་མེའི་དཀྱིལ་ འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་བཾ་ཧཱུྃ་ལས་ཆུའི་དཀྱིལ་འཁོར་ ཟླུམ་བུ་དཀར་པོ་བཾ་གྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་ལཾ་ཧཱུྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་ སེར་པོ་ལཾ་གྱིས་མཚན་པ། དེའི་སྟེང་དུ་ཧཱུྃ་སུཾ་ཧཱུྃ་ལས་རི་ཡི་རྒྱལ་པོ་རི་རབ། ཤར་ཤེལ་ལས་ གྲུབ་པ་དཀར་པོ། ལྷོ་བཻ་ཌཱུརྱ་ལས་གྲུབ་པ་སྔོན་པོ། ནུབ་པདྨ་རཱ་ག་ལས་གྲུབ་པ་དམར་པོ། 4-1-156 བྱང་གསེར་ལས་གྲུབ་པ་སེར་པོ། བང་རིམ་བཞི་དང་ལྡན་པ། ཁ་ཁྱེར་ལ་རིན་པོ་ཆེའི་ཅོག་ བརྒྱད་ཀྱིས་མཚན་པ། ༀ་བཛྲ་ཌི་ཌྷོ་མེ་(རྡོ་རྗེ་སྡམས་པ་བརྐྱང་པ་ལ་ཁ་བུབ་པ་བཞག རྡོ་རྗེ་ཁུ་ཚུར་གཉིས་མཛུབ་ མོ་དང་མཐེ་ཆུང་མདུད་པ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་གཡས་ཕྱོགས་སུ་བསྐོར་བ་དང་།)བྷ་ཝ་བྷན་དྷ་རཀྵ་སརྦ་སྭཱཧཱ། ༀ་བཛྲ་(ༀ་བཛྲ་ཙཀྲ་ཧཱུཾ་བྷྲུཾ་ཧཱུཾ་ཞེས་པའི་སྔས་རྒྱས་འདི་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དཀྱིལ་འཁོར་ཐམས་ཅད་སྤྲུལ་པ་ བྱས་པར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར། དེ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱས་ཏེ། ཞེས་དེ་ཉིད་འདུས་པའི་རྒྱུད་ལས་གསུངས།)ཙཀྲ་ཧཱུྃ་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། ནང་ནས་རིམ་པ་བཞིན་དུ་དཀར་པོ། ལྗང་གུ། དམར་པོ། སེར་པོ། སྔོན་པོའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་སེར་པོ་ལ་ རེག་པའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་བྱ་འདབས་ལ་ཐུར་དུ་འཕྱང་བའི་རིན་ པོ་ཆེའི་ཤར་བུ་དང་གྱེན་དུ་ཕྱོགས་པའི་མདའ་ཡབ་མཛེས་པས་བསྐོར་བ། སྒོ་དང་རྩིག་པ་ ཉིས་རིམ་གྱི་སྒོ་ཕྱི་མ་རྣམས་ཀྱི་སྟེང་དུ་ཀ་བ་བརྒྱན་དང་བཅས་པས་བཏེག་པའི་རྟ་བབས་ བང་རིམ་བཞི་དང་ལྡན་པ། ཆོས་ཀྱི་འཁོར་ལོ་དང་གདུགས་དང་རི་དྭགས་དང་གོས་དང་ འཕན་ལ་སོགས་པ་རྒྱན་དུ་མས་བརྒྱན་པ། ནང་ཀ་བ་བརྒྱད་དང་ལྡན་པ། རྡོ་རྗེའི་གདུང་ བཞིས་མིག་མངས་རིས་སུ་བྲིས་ནས་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་སྟེང་དུ་ རིན་པོ་ཆེའི་ཏོག་གི་མཚོན་པ། གཞལ་ཡས་ཁང་གི་ཕྱི་རོལ་ན་འདོད་ཡོན་གྱི་སྣམ་བུ་དམར་ པོ་ལ་གནས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་རྫས་དུ་མ་ཐོགས་ནས་བསྐོར་བ། དེའི་ཕྱི་རོལ་ ན་ཁྱམས། ཟླ་བ། འཁོར་ཡུག རྡོ་རྗེའི་ར་བ་མེ་རི་དང་བཅས་པ། གཞལ་ཡས་ཁང་གི་ནང་ དབུས་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང༌། མཚམས་ན་ཇི་ལྟར་མཛེས་པ་དང་ བཅས་པའི་ལེ་ཚེ་དགུ། དེའི་ཕྱི་རོལ་ཏུ་འཁོར་ལོ་སྔོན་པོ་རྩིབས་བཅུ་དྲུག་པ་གྲུ་ཆད་དང་ བཅས་པའི་ལྷའི་གནས་རྣམས་སུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་དང༌། ཁྱད་ 4-1-157 པར་དུ་དབུས་སུ་ཨཱ་སིང༌། ཨཱ་ལས་སེང་གེ་བསྣོལ་བས་བཏེག་པ་རིན་པོ་ཆེའི་ཁྲིའི་སྟེང་དུ་ པདྨ་དང་ཟླ་བའི་གདན། འདིས་འོག་མ་རྣམས་ལའང་འགྲེ། ཤར་དུ་ཧཱུྃ་ག་ཧཱུྃ་ལས་གླང་པོ། ལྷོ ར་ཏྲ་བཱ་ཏྲ་ལ་ཏྲ། ནུབ་ཏུ་ཧྲཱིཿམི་ཧྲཱིཿལས་རྨ་བྱ། བྱང་དུ་ཨ་ག་ཨེ་ལས་ནམ་མཁའ་ལྡི ང་གི་ གདན། དབུས་ཀྱི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་རྩ་རིག་དང༌། ནང་བསྐོར་དུ་ༀ་སརྦ་བིད་སརྦ་ཨ་ཝཱ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། དེ་ལས་འོད་ཟེར་འཕྲོས། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡིག་འབྲུ་ལ་ཐིམ་པ་ ལས། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་པ། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་ རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་མཐའ་བསྐོར་དུ་རྩ་ རིག་དང༌། ནང་བསྐོར་དུ་ༀ་སརྦ་བིད་(དེ་དག་ལས་འོད་འཕྲོས་དོན་བྱས་ཚུར་འདུས་ཡིག་འབྲུ་ལ་ཐིམས་པས་སྐུ་ ཡོངས་སུ་རྫོགས་པར་གྱུར་ནས་སྐད་དོན་དུ་སྤྲོས་དེ་རང་གནས་སུ་གདན་ལ་དགོད་པར་བསམ་པ་ནི། )ཧཱུྃ།(ལ་སོགས་པ་ལྷ་སོ་ སོའི་སྐྱེད་ལྔ་རྣམ་པ་བསམས་ཏེ།) ཤར་དུ་སྦྱོང་བའི་རྒྱལ་པོ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་ མདངས་ཅན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ༀ་སརྦ་བིད་ཕཊ། ལྷོ ར་རྒྱལ་མཆོག་རིན་ ཆེན་སྔོན་པོ་གཡས་པས་མཆོག་སྦྱིན་དང་གཡོན་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ༀ་ སརྦ་བིད་ཨ། ནུབ་ཏུ་ཤཱཀྱ་རི་དབང་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ༀ་སརྦ་བིད་ ཏྲཊ། བྱང་དུ་མེ་ཏོག་ཆེར་རྒྱས་ལྗང་གུ་གཡས་པ་སྐྱབས་སྦྱིན། གཡོན་པ་ཏིང་ངེ་འཛིན་གྱི་ཕྱག་ རྒྱ་མཛད་པ། དེ་ཐམས་ཅད་ཀྱང་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ ཆེའི་རྒྱན་གྱིས་བརྒྱན་པ། མཛེས་ཤིང་ཞི་བའི་ཉམས་དང་ལྡན་པ། ཉི་མའི་རྒྱབ་ཡོལ་ཅན། ༀ་ བུདྡྷ་ལོ་ཙཱ་ནི་ཧཱུྃ། ཤར་ལྷོ ར་སྤྱན་མ་དཀར་མོ་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པ། ༀ་ བཛྲ་མཱ་མ་ཀི་ཏྲཾ། ལྷོ་ནུབ་ཏུ་མཱ་མ་ཀི་སྔོན་མོ་རྡོ་རྗེ་འཛིན་པ། ༀ་བཛྲ་པཎྜ་རེ་དེ་ཧི་དི་ཧི་སིད་དྷི་ 4-1-158 བོ་དྷི་ལོ་ཀོ་ཏཱ་རིམ་པ་སྭཱཧཱ། ནུབ་ཏུ་གོས་དཀར་མོ་དམར་མོ་པདྨ་འཛིན་པ། ༀ་བཛྲ་ཏཱ་རེ་ཏུཏྟཱ་ རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭཱཧཱ། བྱང་ཤར་དུ་སྒྲོལ་མ་ལྗང་གུ་ཨུཏྤལ་འཛིན་པ། ལྷ་མོ་དེ་རྣམས་ཀྱི་ ཕྱག་གཡས་པས་རང་རང་གི་ཕྱག་མཚན་འཛིན་ཞིང་གཡོན་པ་རྣམས་གདན་ལ་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། མཛེས་ཤིང་ཞི་བའི་ཉམས་དང་ལྡན་པ། ཟླ་བའི་རྒྱན་ཡོལ་ཅན། དེའི་ཕྱི་རོལ་གྱི་འཁོར་ལོ་ལ། ༀ་བཛྲ་སཏྭ་ཧཱུྃ། རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང༌། དྲིལ་བུ་འཛིན་པ་ༀ་བཛྲ་རཱ་ཛཱ་ཛ། རྡོ་རྗེ་རྒྱལ་པོ་སེར་པོ་ལྕགས་ཀྱུ་འཛིན་པ། ༀ་བཛྲ་རཱ་ག་ཧོ། རྡོ་རྗེ་ཆགས་པ་དམར་པོ་མདའ་ གཞུ་འཛིན་པ། ༀ་བཛྲ་སཏྭ་དྷུ། རྡོ་རྗེ་ལེགས་པ་ལྗང་ཁུ་རྡོ་རྗེ་སེ་གོལ་གྱིས་ལེགས་སོ་སྟེར་བ་ བཞི་དབང་ལྡན་ནས་བརྩམས་ནས་འཁོར་ལོའི་ཤར་གྱི་རྩིབས་བཞི་ལ་བཞུགས། ༀ་བཛྲ་ རཏྣ་ཏྲཾ། རྡོ་རྗེ་རིན་ཆེན་སེར་པོ་གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་གཡོན་དྲིལ་བུ་ དཀུར་བསྟེན་པ། ༀ་བཛྲ་ཏེ་ཛ་དྱ། རྡོ་རྗེ་གཟི་བརྗིད་དམར་སེར་ཉི་མ་འཛིན་པ། ༀ་བཛྲ་ཀེ་ དུ་བྷི ། རྡོ་རྗེ་རྒྱལ་མཚན་ནམ་མཁའི་མདོག་ཅན་ཡིད་བཞིན་གྱི་རྒྱལ་མཚན་འཛིན་པ། ༀ་ བཛྲ་ཧ་སེ་ཧ། རྡོ་རྗེ་གཞད་པ་དཀར་པོ་སོའི་ཕྲེང་བ་འཛིན་པ་བཞི་ལྷོ འི་རྩིབས་བཞི་ལ་ བཞུགས། ༀ་བཛྲ་དྷརྨཱ་ཧྲཱིཿ རྡོ་རྗེ་ཆོས་དཀར་ཅུང་ཟད་དམར་བ། གཡོན་པ་པདྨ་འཛིན་ཅིང་ གཡས་པ་ཁ་འབྱེད་པ། ༀ་བཛྲ་ཏིཀྞ་དྷི། རྡོ་རྗེ་རྣོན་པོ་སྔོན་པོ་གཡས་རལ་གྲི་དང་གཡོན་པོ་ཏི་ འཛིན་པ། ༀ་བཛྲ་ཧེ་ཏུ་ཀྲུཾ། རྡོ་རྗེ་རྒྱུ་སེར་པོ་གཡས་པའི་གུང་མོ་ལ་འཁོར་ལོ་རྩིབས་བརྒྱད་པ་ བསྐོར་བའི་ཚུལ་གྱིས་འཛིན་པ། ༀ་བཛྲ་བྷ་ཥ་བྷ། རྡོ་རྗེ་སྨྲ་བ་དམར་པོ་རྡོ་རྗེའི་ལྗགས་འཛིན་ པ་བཞི་ནུབ་ཀྱི་རྩིབས་བཞི་ལ་བཞུགས། ༀ་བཛྲ་ཀརྨཱ་ཀཾ། རྡོ་རྗེ་ལས་ལྗང་གུ་གཡས་སྣ་ ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བསྟེན་པ། ༀ་བཛྲ་རཀྵ་ཧཾ། རྡོ་རྗེ་ བསྲུང་བ་སེར་པོ་རྡོ་རྗེའི་ཁྲབ་འཛིན་པ། ༀ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་གནོད་སྦྱིན་ནག་པོ་ཕྱག་ 4-1-159 གཉིས་ཀྱིས་ཞལ་གྱི་གཡས་གཡོན་གྱི་ཐད་ཁ་གཉིས་ནས་མཆེ་བ་འཛིན་པ། ༀ་བཛྲ་སནྟི་བཾ། རྡོ་རྗེ་ཁུ་ཚུར་སེར་པོ་རྡོ་རྗེ་རྩེ་ལྔ་པ་གཉིས་དམ་ཚིག་གི་ཁུ་ཚུར་གྱིས་འཛིན་པ་བཞིན་བྱང་གི་ རྩིབས་བཞི་ལ་བཞུགས། ༀ་བཛྲ་ལཱ་སྱ་ཧཱུྃ། ཤར་ལྷོ ར་སྒེག་མོ་དཀར་མོ་སྙེམས་པའི་ཚུལ་གྱི་ རྡོ་རྗེ་དང་དྲིལ་བུ་འཛིན་པ། ༀ་བཛྲ་མཱ་ལེ་ཏྲཾ། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་ཕྲེང་བ་འཛིན་པ། ༀ་བཛྲ་གིརྟི་ཧྲཱི། ནུབ་བྱང་དུ་གླུ་མ་དམར་མོ་པི་ཝང་འཛིན་པ། ༀ་བཛྲ་ནིརྟི་ཨ། བྱང་ཤར་དུ་ གར་མ་ལྗང་གུ་རྡོ་རྗེ་རྩེ་ལྔ་པ་འཛིན་པས་གར་བྱེད་པ་བཞི་ནང་གི་གྲ་བཞིར་བཞུགས། (རྩ་རིག་) ༀ་བཛྲ་དྷུ་པེ་ཧཱུྃ། ཤར་ལྷོ ར་བདུག་སྤོས་མ་དཀར་མོ་བདུག་སྤོས་འཛིན་པ། ༀ་བཛྲ་པུཥྤེ་ཏྲཾ། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མེ་མེ་ཏོག་གི་ཟ་མ་ཏོག་འཛིན་པ། ༀ་བཛྲ་ཨཱ་ལོ་ཀེ་ཧྲིཿ ནུབ་བྱང་ དུ་མར་མེ་མ་དམར་སྐྱ་མར་མེའི་སྡོང་བུ་འཛིན་པ། ༀ་བཛྲ་གནྡྷེ་ཨ། བྱང་ཤར་དུ་དྲི་ཆབ་མ་ ལྗང་གུ་དྲིའི་དུང་ཆོས་འཛིན་པ་བཞི་ཕྱིའི་གྲ་བཞིར་བཞུགས། (རྩ་རིག་)ༀ་བཛྲ་ཨཾ་ཀུ་ཤ་ཛཿ ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དཀར་པོ་ལྕགས་ཀྱུ་འཛིན་པ། ༀ་བཛྲ་པཱ་ཤ་ཧཱུྃ། ལྷོ་སྒོར་རྡོ་རྗེ་ཞགས་ པ་སེར་པོ་ཞགས་པ་འཛིན་པ། ༀ་བཛྲ་སྥོ་ཊ་བཾ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དམར་པོ་ལྕགས་ སྒྲོག་འཛིན་པ། ༀ་བཛྲ་ཨ་བེ་ཤ་ཨ། བྱང་སྒོར་རྡོ་རྗེ་དྲིལ་བུ་ལྗང་གུ་དྲིལ་བུ་འཛིན་པ་བཞི་ ནང་གི་སྒོ་བཞིར་བཞུགས། དེ་ཐམས་ཅད་ཀྱང་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེ་གནོད་སྦྱིན་མ་གཏོགས་པ་ཐམས་ཅད་ མཛེས་ཤིང་ཞི་བའི་ཉམས་དང་ལྡན་པ། ཟླ་བའི་རྒྱབ་ཡོལ་ཅན། རྡོ་རྗེ་གནོད་སྦྱིན་ནི་ཁྲོ་བོའི་ རྣམ་པ་ཅན་ནོ། །བྱང་ཆུབ་སེམས་དཔའ་བྱམས་པ། མཐོང་བ་དོན་ཡོད། ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་བཞི། (སྐུ་མདོག་དཀར་པོ་རྡོ་རྗེ་ དང་དྲིལ་བུ་འཛིན་པ་)རྡོ་རྗེ་སེམས་དཔའ་འདྲ་བ། སྒོ་ཕྱི་མའི་ཤར་གྱི་ཁྱམས་ནང་མ་ལ་བཞུགས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག་དང་བཞི། (སྐུ་མདོག་ 4-1-160 སེར་པོ། གཡས་རིན་པོ་ཆེ་དཔྲལ་བར་འཇོག་ཅིང་། གཡོན་དྲིལ་བུ་དཀུར་བསྟེན་པ།)རྡོ་རྗེ་རིན་ཆེན་འདྲ་བ་ལྷོ འི་ ཁྱམས་ནང་མ་ལ་བཞུགས། འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲ་བ་ཅན་གྱི་འོད་(སྐུ་ མདོག་ཅུང་ཟད་དམར་བ། གཡོན་པདྨ་འཛིན་ཅིང་གཡས་པས་ཁ་འབྱེད་པ་)བཞི་རྡོ་རྗེ་ཆོས་འདྲ་བ་ནུབ་ཀྱི་ཁྱམས་ ནང་མ་ལ་བཞུགས། རྡོ་རྗེ་སྙིང་པོ། བློ་གྲོས་མི་བཟད་པ། སྤོབས་པ་རྩེགས་པ། ཀུན་ཏུ་བཟང་ པོ་དང་བཞི། (སྐུ་མདོག་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བསྟེན་པ་)རྡོ་རྗེ་ལས་ འདྲ་བ་བྱང་གི་ཁྱམས་ནང་མ་ལ་བཞུགས། འཕགས་པ་དགའ་བོ། སྒྲ་ཅན་འཛིན། ཤཱ་རིའི་བུ། མོའུ་འགལ་གྱི་བུ་དང་བཞི་སྒོ་ཕྱི་མའི་ཤར་གྱི་ཁྱམས་ཕྱི་མ་ལ་བཞུགས། རབ་འབྱོར། འཆར་ ཀ མ་འགག་པ། ཀོའུ་དི་ནྱ་དང་བཞི་ལྷོ འི་ཁྱམས་ཕྱི་མ་ལ་བཞུགས། ཉེ་བ་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ་དང་བཞི་ནུབ་ཀྱི་ཁྱམས་ཕྱི་མ་ལ་བཞུགས། མིང་ཆེན། ནོར་ སྦྱིན་འཛིན། གང་པོ། འོད་སྲུང་དང་བཞི་བྱང་གི་ཁྱམས་ཕྱི་མ་ལ་བཞུགས། རང་རྒྱལ། གདུང་ བ་སེལ་བ། སྣང་བ་རྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ་བ། ཤེས་རབ་འགྱོགས་ བྱེད། རི་བོ་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེངྒེ་སྒྲ། ཡིད་མྱུར་རྣམས་ཕྱོགས་རེ་རེར་གཉིས་གཉིས་དང་མཚམས་སུ་རེ་རེ། དབུ་གཙུག་ ཏོར་འབུར་བ་དང་བཅས་པ། ཉན་རང་རྣམས་སྐུ་མདོག་མ་ངེས་པ། ཕྱག་ན་ལྷུང་བཟེད་དང་ མཁར་བསིལ་དང་པོ་ཏི་འཛིན་པ། ཆོས་གོས་ངུར་སྨྲིག་གསོལ་བའོ། ཁྱམས་ཕྱི་མའི་ཤར་ སྒོར། ཁྲོ་བོ་འཇིག་རྟེན་གསུམ་སྣང༌། དེའི་གཡས་སུ་བདུད་རྩི་འཁྱིལ་པ། གཡོན་དུ་དུས་ཀྱི་ སྲིན་པོ། རྒྱབ་ཏུ་དུས་ཀྱི་ལྕགས་ཀྱུ་མ། ལྷོ་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འདུལ། དེའི་གཡས་ སུ་དབྱུག་སྔོན་ཅན། གཡོན་དུ་དུས་ཀྱི་དབྱུག་པ་ཅན། རྒྱབ་ཏུ་དུས་ཀྱི་ཞགས་པ་མ། ནུབ་སྒོར་ ཁྲོ་བོ་འཇིག་རྟེན་གསུམ་འཆིང་། དེའི་གཡས་སུ་མི་གཡོ་བ། གཡོན་དུ་དུས་ཀྱི་མཚན་མོ། རྒྱབ་ དུ་དུས་ཀྱི་ལྕགས་སྒྲོག་མ། བྱང་སྒོར་ཁྲོ་བོ་འཇིག་རྟེན་གསུམ་འཇིགས། དེའི་གཡས་སུ་རྟ་ 4-1-161 མགྲིན། གཡོན་དུ་དུས་ཀྱི་གནོད་སྦྱིན། རྒྱབ་ཏུ་དུས་ཀྱི་དྲིལ་བུ་མ། ཐམས་ཅད་ཀྱང་སྐུ་མདོག་ མ་ངེས་པ། དབུ་དང་ཕྱག་མཐའ་ཡས་པ། མཚོན་ཆ་སྣ་ཚོགས་པ་འཛིན་པ། སྦྲུལ་དང་མི་སྡུག་ པའི་རྒྱན་གྱིས་བརྒྱན་པ། ཕྱིའི་འཇིག་རྟེན་པའི་འཁོར་ཡུག་དཀར་པོའི་གླིང་བཞི་གླིང་ཕྲན་ དང་བཅས་པ་ལ་གནས་པའི་དཔལ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་སྟེ་ཕྱོགས་སྐྱོང་བ་ བཅུ་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་ཆེན་པོ་བརྒྱད་དང༌། མཐའ་ཡས་དང་འཇོག་པོ་ ལ་སོགས་པ་ཀླུ་ཆེན་པོ་བརྒྱད་དང༌། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད་དང༌། ཡུལ་འཁོར་བསྲུང་དང་འཕགས་སྐྱེས་པོ་ལ་སོགས་ཏེ་རྒྱལ་པོ་ཆེན་པོ་བཞི་དང༌། སྨིན་དྲུག་ དང་སྣར་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། གང་བ་བཟང་པོ་དང་ནོར་བུ་བཟང་པོ་ ལ་སོགས་ཏེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང༌། དྲག་པོ་དབང་ཕྱུག་ལ་སོགས་ཏེ་ འཇིགས་བྱེད་ཆེན་པོ་དགུ་ཆུང་མ་དང་བཅས་པ་དང༌། ལང་ཀ་མགྲིན་བཅུ་ལ་སོགས་ཏེ་སྲིན་ པོའི་ཚོགས་རྣམས་དང༌། བཙུན་མོ་སྒྱུ་འཕྲུལ་ཅན་དང་དགེ་བསྙེན་མ་ཕུལ་བྱུང་མ་ལ་སོགས་ ཏེ་བུད་མེད་ཀྱི་ཚོགས་རྣམས་དང༌། མ་ཏཾ་ཀེ་དེ་བ་དང་བེ་ཏ་ལི་ལ་སོགས་ཏེ་ཕྲ་མིན་མའི་ཚོགས་ དང༌། རྡོ་རྗེ་རྣལ་འབྱོར་མ་དང་མཁའ་འགྲོ་མ་དང་བུད་མེད་ཀྱི་ཚོགས་དང༌། སྲིང་མོ་དག་དང་ བཙུན་མོ་པཉྩི་ཀ་ལ་སོགས་ཏེ་རྣལ་འབྱོར་མ་རྣམས་དང༌། རྒྱས་པ་དང་གྲོག་མཁར་ལ་སོགས་ ཏེ་དྲང་སྲོང་སྐལ་པ་ཆེན་པོ་རྣམས་དང༌། འབྱུང་བ་ཆེན་པོ་བཞིའི་ལྷ་དང༌། ཁྱིམ་དང་རི་ལ་ གནས་པ་དང༌། ཤིང་དང་ཀུན་དགའ་ར་བ་དང༌། དུར་ཁྲོད་དང་གྲོང་ཁྱེར་ལ་གནས་པ་ལ་ སོགས་ཏེ་འཇིག་རྟེན་པའི་འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་རང་རང་གི་རྒྱན་དང་ཆ་ ལུགས་དང་ལྡན་ཞིང་རང་རང་གིས་འཁོར་གྱིས་བསྐོར་བའོ། །ༀ་བཛྲ་ས་མ་ཛཿཛཿ རྡོ་རྗེ་དྲིལ་བུ་ འཛིན་པ་སྤོས་ཐོགས་ཏེ་དབྱངས་དང་བཅས་པའམ། མེད་ཀྱང་རུང་། ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ སྤྱན་འདྲེན་པར་བསམ་ལ། (མ་ག་ཏ་བཟང་མོས་ཞུས་པའི་མདོ་ནས་བླངས་པ་ཡིན་པ་འདྲ།)མ་ལུས་སེམས་ཅན་ཀུན་ 4-1-162 གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མ་ལུས་འཇོམས་མཛད་ལྷ། །དངོས་རྣམས་མ་ ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་ཀུན་རིག་འཁོར་བཅས་གཤེགས་སུ་གསོལ། །བཅོམ་ལྡན་སྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་ སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་ འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་ གསེར་གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་ བགྱི། །ཞི་ཞིང་ཐུགས་རྗེ་ཆེར་ལྡན་པ། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ ཡེ་ཤེས་ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་ཞི་དག་ལྷ། །ཐུབ་པ་སྐྱེ་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་ འདིར་ནི་གཤེགས་སུ་གསོལ། །ཀུན་རིག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་བྱོན་ པར་བསམ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང༌། །ནད་ མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཛཿཧཱུྃ་བཾ་ཧོཿ བྷ་ ག་ཝན་ཨེ་ཧྱེ་ཧི་མཧཱ་ཀུ་རུ་ཎི་ཀ་ཏྲི་ཤྱ་ཧོ་ས་མ་ཡ་སྟྭཾ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་ ལ་དགོངས་ཤིང་གནང་བར་མཛོད། །བདེ་བར་གཤེགས་སུ་བཅོམ་ལྡན་འདས། །ཚུར་ གཤེགས་འདིར་ནི་བཞུགས་སུ་གསོལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་ དུ་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་(མཆོད་ཡོན་གྱིས་རྒྱས་མཆོད་ཡོན་འབུར་ བར་དམིགས་)ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ 4-1-163 ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་(ལས་བུམ་གྱི་ ཆུ་ཀུ་ཤས་གཏོར་)ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་ སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་པདྨ་ཀ་མ་ལ་ཡེ་སྟྭཾ། ཞིང་འདིར་རྒྱ་ཆེན་ཞིང་གཞན་ན། །ལྷ་ རྫས་མེ་ཏོག་ཡིད་འོང་བ། །ཆུ་དང་ཐང་སྐྱེས་ཡིད་བྱུང་འདི། །ཐུབ་དབང་སྲས་དང་བཅས་ལ་ འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པུ་ཙ་མེ་གྷ་པ་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཕྱོགས་དུས་ཀུན་ན་ བདུག་སྤོས་ནི། །ལྷ་རྫས་སྤོས་ཀྱི་ཤིང་ལ་སོགས། །དྲི་ཞིམ་ཡིད་འོང་གང་ཡོད་པ། །ཐུབ་ དབང༌༴ དྷུ་པེ། འཇིག་རྟེན་འདིའམ་ཕྱོགས་བཅུ་ཡི། །རིན་ཆེན་མར་མེ་ལ་སོགས་པ། །སྣང་ བའི་ཁྱད་པར་གང་ཡོད་དེ། །ཐུབ་དབང༴ ཨཱ་ལོ་ཀེ། ལྷ་ལ་སོགས་པ་དྲི་ཡི་རྫས། །ཕྱོགས་ རྣམས་ཀུན་ཏུ་གང་ཡོད་པ། །ཚིམ་བྱེད་ཡིད་འོང་ལྡན་པ་འདི། །ཐུབ་དབང༴ གྷནྡྷེ། འཇིག་ རྟེན་འདིའམ་ཕྱོགས་རྣམས་ན། ལྷ་དང་མི་ལ་སོགས་པའི་ཟས། །ཡོན་ཏན་ཀུན་ལྡན་གང་ ཡིན་ཏེ། །ཐུབ་དབང༴ ནེ་ཝེ་ཏེ། དེ་ལས་གཞན་ཡང་མཆོད་པའི་ཚོགས། །ཞེས་སོགས་ཤཔྟ། བསྟོད་པ་ནི། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་འདིར། །སྡུག་བསྔལ་འཁྲུལ་འཁོར་གྱིས་ གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་འཁོར་འཇོམས་མཛད་པ། །ཐུགས་རྗེའི་བདག་ཉིད་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་སྨིན་ཅིང་གྲོལ་བར་མཛད་ པའི་ཕྱིར། །སེམས་ཅན་ཁམས་ན་བཞུགས་ཤིང་སྤྱོད་གྱུར་ཀྱང༌། །ཆགས་པས་མ་གོས་པདྨ་ ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེད་ལ་འདུད། །སེམས་ཅན་བཀྲེན་པ་ཆོས་ ཀྱི་འཕོངས་གྱུར་པ། །མ་རིག་འཐིབས་པོའི་ནང་དུ་སོང་བ་རྣམས། །འཕགས་པའི་ནོར་བདུན་ དག་གིས་ཚིམ་མཛད་པ། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་ རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེ་ཐབས་དང་ཤེས་རབ་གྲུར་བཞུགས་ནས། །ཞི་བ་རིན་ཆེན་ 4-1-164 གླིང་མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་དེ་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ ཆུ་བོ་གྲུ་ནུབ་རྣམས། །དམ་ཆོས་བདུད་རྩིའི་ཟམ་པས་སྒྲོལ་མཛད་ཅིང༌། ། འཕགས་ལམ་ ཡན་ལག་བརྒྱད་ལ་སྦྱོར་མཛད་པ། །གསུང་གི་མངའ་བདག་དེ་ལ་ཕྱག་འཚལ་ལོ། །སུམ་(ཡེ་ ཤེས་པའི་ཕྱི་ལ་འབྲེང་བའི་བགེགས་བསྐྲད་པར་བསམ་ལ་རོལ་མོ་དྲག་ཏུ་བྱ་)བྷ་ནིས་བགེགས་སྐྲད། ༀ་བཛྲ་ (མཛུབ་གཉིས་ལྕགས་ཀྱུའི་ཚུལ་དུ་)ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་(ཞགས་པ་བཞིན་དུ་སྦྱར་ནས་ཀྱང་)ཧཱུྃ། ༀ་བཛྲ་ སྥོ་ཊ་(དེ་ཉིད་ལྕགས་སྒྲོག་ཚུལ་དུ་བྱ་)བཾ། ༀ་བཛྲ་ཨ་བེ་ཤ་(མཐེབ་གཉིས་ནང་དུ་བཅུག་ནས་བསྐྱོད་པར་གྱུར་ན་དབང་ དུ་འགྱུར་ཅེས་པ་ལྟར་སྒོ་བ་བཞིའི་གས་སྦྱངས་དགུག་གཞུག་བཅིང་མཉེས་པར་བསམ།)ཨ། ༀ་བྲི་ཏ་བྲི་ཏ་སརྦ་ཨཱ་ཝ་ ར་ཎ་ནི་ཧཱུྃ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཚིན་དྷ་ཚིན་དྷ་སརྦ་ཨཱ་ཝ་ར་ཎ་ནི་ ཧཱུྃ་ཕཊ།(ཕྱག་རྒྱ་བཞིའི་རྒྱས་འདེབས་བྱེད་ན་སྐབས་འདིར་བྱེད་ཅིང་འཕྲིན་ལས་་་གཞོལ་) ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་(ཅེས་པས་དབང་བསྐུར་ བ་བསམ་)ཨ་བྷི་ཥིཉྩ་ཨ། (ཕྱག་རྒྱ་བཞིའི་རྒྱས་འདེབས་མ་གྲུབ་ན། དམ་རྒྱས་ལས་འཆོལ་བས་རྩ་རིག་བརྗོད་པ་དང་ མཉམ་དུ་རྡོ་རྗེ་ཁུ་ཚུར་གཡོན་དུ་བཅིངས་ཏེ་གཡས་པའི་མཐེབ་ཆུང་དང་གཡོན་པའི་མཛུབ་མོ་ནས་རིམ་པར་བསྐོར་ལ་གཡས་ དང་གཡོན་བསྐོར་ཞིང་རིམ་གྱི་གནས་ལྔར་བསྐོར་ནས་རང་རང་གི་དམ་རྒྱས་སྔགས་བརྗོད་དེ།) རྣམ་པར་སྣང་མཛད། མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་ཀྱི་དབུ་རྒྱན། རྩ་རིག་དང༌། (འཕྲིན་ལས་འཆོལ་བ་ནི་མཉམ་བཞག་གི་ཕྱག་རྒྱ་ཏེ་)ༀ་(སྡིག་པ་ཐམས་ཅད་རྣམ་པར་སྦྱོངས་)སརྦ་བིད་ སརྦ་ཨ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་ སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་ཆེ་གེ་མོ་ལ་སོགས་པའི་ སེམས་ཅན་ཐམས་ཅད་འཁོར་བ་ངན་སོང་གསུམ་ནས་འདོན་པ་དང་མྱུར་དུ་མངོན་པར་ རྫོགས་པར་སངས་རྒྱ་བའི་འཕྲིན་ལས་མཛོད་ཅིག ༀ་སརྦ་(རྡོ་རྗེ་བསྡམས་པ་ལས་མཐེ་བོང་དང་མཐེའུ་ཆུང་ གཉིས་བརྐྱང་ལ་གུང་མོ་རྡོ་རྗེ་འདྲ་བར་བསྡམས་ནས་མཛུབ་མོ་དང་སྲིན་ལག་པདྨ་འདྲ་བར་དགུགས་པས་སྦྱོང་རྒྱལ་གྱི་ཕྱག་རྒྱ་ 4-1-165 དང་དེ་བཞིན་གཤེགས་པ་བཞི་ལ་གོང་གིས་དབང་བསྐུར་བའི་ཕྱག་རྒྱ་བཞིན་བཅས་ཏེ།)བིད་ཧཱུྃ། སྦྱོང་བའི་རྒྱལ་པོ་ དང༌། ༀ་སརྦ་བིད་ཕཊ།(དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་གཉིས་རིན་པོ་ཆེ་འདྲ་བར་བྱས་ལ་དབང་བསྐུར་) རྒྱལ་ མཆོག་རིན་ཆེན་དང༌། ༀ་སརྦ་བིད་ཨ།(དེ་ཉིད་ལས་མཐེ་བོང་དང་མཐེའུ་ཆུང་གཉིས་སོ་སོར་མཉམ་པ་ལྷག་མ་ བརྐྱང་བ་སྡིག་པ་བསྲེགས་པ་ཤཱཀྱ་རི་དབང་གི་) ཤཱཀྱ་རི་དབང་དང༌། ༀ་སརྦ་བིད་ཏྲཊ།(ལག་པ་གཡོན་པ་དེ་ བཞིན་དུ་བསྒྱུར་ཞིང་ལས་ཐམས་ཅད་པའི་མེ་ཏོག་ཆེར་རྒྱས་ཀྱི་དང་།) མེ་ཏོག་ཆེར་རྒྱས་ཏེ་དེ་བཞིན་གཤེགས་ པ་བཞིས་ཀྱང༌། ༀ་བུདྡྷ་ལོ་ཙ་ནི་ཧཱུྃ་(རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་མཛུབ་མོ་གཉིས་གུང་མོའི་ཚིག་དང་ པོར་མིག་འདྲ་བར་བྱས་སྲིན་ལག་མཐེའུ་ཆུང་ནང་དུ་བཅུག་པའི་སྟེང་ལ་མཐེ་བོང་གིས་མནན།)ཕཊ། སངས་རྒྱས་སྤྱན་ མ་དང༌། ༀ་བཛྲ་མཱ་མ་ཀི་ཏྲཾ། རྡོ་རྗེ་མཱ་མ་(མཛུབ་མོ་གཉིས་རྡོ་རྗེའི་ར་འདྲ་བ་ལྟར་གྲུ་མོ་གཉིས་རྩེ་སྤྲད་པའི་མཱ་མ་ཀི།) ཀི་དང༌། ༀ་བཛྲ་པཎྜ་(ཐལ་མོ་སྦྱར་བ་གུང་མོ་གཉིས་པདྨ་ལྟར་བྱས་མཐེའུ་སོ་སོར་ཕྲལ་བ་)རེ་དེ་ཧི་སིད་དྷི་བྷོ་དྷི་ ལོ་ཀོརྟ་རི་མ་སྭཱཧཱ། རྡོ་རྗེ་གོས་དཀར་མོ་དང༌། ༀ་(ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ནས་ དཀྲིས་ཏེ་མཐེ་བོང་གུང་མོ་ལ་སྦྱར་ལ་ལྷག་སྣོལ་)བཛྲ་ཏཱ་རེ་ཏུཏྟ་རེ་ཧཱུྃ་ཧཱུྃ་ཧཱུྃ་སྭ་སྭ་སྭ་སྭཱཧཱ། རྡོ་རྗེ་སྒྲོལ་མ་ རྣམས་ཏེ་ཡུམ་བཞི་ཡིས་ཀྱང༌། ༀ་བཛྲ་སཏྭ་(རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་བརྐྱང་བ་བཤིབས་པ་རྡོ་རྗེ་ འདྲ་བར་བྱའོ།།)ཧཱུྃ། རྡོ་རྗེ་སེམས་དཔའ་དང༌། ༀ་བཛྲ་རཱ་ཛཱ་ཛ། རྡོ་རྗེ་(རྡོ་རྗེ་བསྡམས་པ་དེ་ཉིད་ལས་གཡས་ པ་བཀུག་པ་)རྒྱལ་པོ་དང༌། ༀ་བཛྲ་རཱ་ག་(དེ་ཉིད་ལས་མདའ་འདྲ་བར་བྱ་)ཧོ། རྡོ་རྗེ་ཆགས་པ་དང༌། ༀ་ བཛྲ་སཏྭ་(དེ་ཉིད་ལས་སླར་བཀུག་དེ་མཐེ་བོང་དང་གཉིས་དང་མཛུབ་མོ་གཉིས་རྩེ་སྤྲད་པ་)ཧཱུྃ། རྡོ་རྗེ་ལེགས་པ་སྟེ་ ཤར་གྱི་སེམས་དཔའ་བཞི་ཡིས་ཀྱང༌། ༀ་བཛྲ་རཏྣ་(དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་ཚིགས་པར་མ་བཅག་པ་ )ཏྲཾ། རྡོ་རྗེ་རིན་ཆེན་དང༌། ༀ་བཛྲ་ཏེ་(དེ་ཉིད་ལས་སོར་མོ་ལྷག་མ་འོད་ཟེར་འབར་བ་ལྟར་བྱས་ལ་)ཛ་དྱ། རྡོ་རྗེ་ གཟི་བརྗིད་དང༌། ༀ་བཛྲ་ཀེ་དུ་(དེ་ཉིད་སྤྱི་བོར་བཞག་)བྷྲི། རྡོ་རྗེ་རྒྱལ་མཚན་དང༌། ༀ་བཛྲ་ཧཱ་(དེ་ ཉིད་ཁའི་ཐད་ཁ་བ་)སེ་ཧ། རྡོ་རྗེ་གཞད་པ་སྟེ་ལྷོ་ཡིས་སེམས་དཔའ་བཞི། ༀ་བཛྲ་དྷརྨཱ་(ལས་མཛུབ་མོ་ སྔ་མ་འདྲ་བར་བྱས་)ཧྲི། རྡོ་རྗེ་ཆོས་དང༌། ༀ་བཛྲ་ཏིཀྵྞ་(དེ་ཉིད་ལས་མཛུབ་མོ་བཀུག་པ་)དྷི། རྡོ་རྗེ་རྣོན་པོ་ 4-1-166 དང༌། ༀ་བཛྲ་ཧེ་དུ་(དེ་ཉིད་ལས་གདུབ་བུ་འདྲ་བར་བྱས་)བྷ། རྡོ་རྗེ་རྒྱུ་དང༌། ༀ་བཛྲ་བྷ་ཥ་(དེ་ཉིད་ལས་རྩེ་ མོ་པདྨ་འདྲ་བར་བྱས་ནས་ཅུང་ཟད་ཁ་ཕྱེ་བ་)བྷ། རྡོ་རྗེ་སྨྲ་བ་སྟེ་ནུབ་ཀྱི་སེམས་དཔའ་བཞི་ཡིས་ཀྱང༌། ༀ་ (དེ་ཉིད་ལས་མཛུབ་མོ་ཡིད་ཙམ་བསྐྱེད་པ་)བཛྲ་ཀརྨ་ཀཾ། རྡོ་རྗེ་ར་བ་དང༌། ༀ་བཛྲ་(དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་ )རཀྵ་ཧཾ། རྡོ་རྗེ་བསྲུང་བ་དང༌། ༀ་བཛྲ་ཡཀྵ་(དེ་ཉིད་ལས་རྩེ་མོ་སླད་བཀུག་པ་)ཧཱུྃ། རྡོ་རྗེ་གནོད་སྦྱིན་ དང༌། ༀབཛྲ་སནྟི་(དེ་ཉིད་ལས་མདུན་དུ་དམ་དུ་བཅུག་པ་)བཾ། རྡོ་རྗེ་ཁུ་ཚུར་ཏེ་བྱང་གི་སེམས་དཔའ་ བཞི་ཡིས་ཀྱང༌། ༀ་བཛྲ་ལཱ་སྱ་ཧཱུྃ།(རྡོ་རྗེ་ཐལ་མོ་སྙིང་གར་བཞག) རྡོ་རྗེ་སྒེག་མོ་དང༌། ༀ་བཛྲ་(དེ་ཉིད་ ལས་ཕྲེང་བའོ།།)མཱ་ལེ་ཏྲཾ། རྡོ་རྗེ་ཕྲེང་བ་མ་དང༌། ༀ་བཛྲ་གིར་ཏི་(རྡོ་རྗེ་ཐལ་མོ་ཁ་ནས་བྱུང་ལ་)ཧྲཱིཿ རྡོ་རྗེ་གླུ་ མ་དང༌། ༀ་བཛྲ་ནིར་ཏི་ཨ།(གར་ལ་་་སྦྱར་སྤྱི་བོར་བཞག་) རྡོ་རྗེ་གར་མ་སྟེ་ནང་གི་ལྷ་མོ་བཞི་ཡིས་ ཀྱང༌། ༀ་བཛྲ་(རྡོ་རྗེ་བསྡམས་ཉིད་འཐུར་དུ་འདུག་པའི་ཚུལ་གྱིས་མདུན་དུ་བཞག་ལ་)དྷུ་པེ་ཧཱུྃ། རྡོ་རྗེ་བདུག་སྤོས་ མ་དང༌། ༀ་བཛྲ་(དེ་ཉིད་ལས་གྱེན་དུ་འཐོར་བ་)པུཥྤེ་ཏྲཾ། རྡོ་རྗེ་མེ་ཏོག་མ་དང༌། ༀ་བཛྲ་(མདུན་དུ་མེ་མཐོང་ མཉམ་སྟེ་བསྐོར་བ་)ཨ་ལོ་ཀེ་ཧྲཱིཿ རྡོ་རྗེ་མར་མེ་དང༌། ༀ་བཛྲ་གན་དྷེ་(དེ་ཉིད་ལས་བྱུག་པ་ལྟར་བྱས་པ་)ཨ། རྡོ་རྗེ་དྲི་ཆབ་མ་སྟེ་ཕྱིའི་ལྷ་མོ་བཞི་ཡིས་ཀྱང༌། ༀ་བཛྲ་ཨཾ་ཀུ་ཤ་(དེ་ཉིད་ལས་མཛུབ་མོ་གཉིས་རྩེ་མདུད་) ཛཿ རྡོ་རྗེ་ལྕགས་ཀྱུ་དང༌། ༀ་བཛྲ་(དེ་ཉིད་ལས་མཛུབ་མོ་གཉིས་རྩེ་སྤྲད་པ་)པཱ་ཤ་ཧཱུྃ། རྡོ་རྗེ་ཞགས་པ་ དང༌། ༀ་བཛྲ་སྥོ་ཊ་(དེ་ཉིད་ཅིག་ལ་ཅིག་མདུད་པ་)བཾ། རྡོ་རྗེ་ལྕགས་སྒྲོག་དང༌། ༀ་བཛྲ་ཨ་བེ་ཤ་ཨ། རྡོ་རྗེ་དྲིལ་བུ་སྟེ་ནང་གི་སྒོ་བ་བཞི་ཡིས་ཀྱང་། རྩ་རིག་བཟླས་ནས། བྱང་ཆུབ་སེམས་དཔའ་ བྱམས་པ། མཐོང་བ་དོན་ཡོད།(མཉམ་པའི་ཐལ་མོ་སྦྱར་བ་མཐེའུ་ཆུང་ནང་དུ་བཅུག་མཛུབ་མོ་གཉིས་བཀུག་པའི་རྩེ་ མོ་དང་མཐེ་བོང་གཉིས་བཤིབས་པའི་རྩེ་མོ་སྦྱར་བ་) ངན་སོང་ཀུན་འདྲེན། མྱ་ངན་དང་མུན་པ་ཐམས་ཅད་ ངེས་པར་འཇོམས་པའི་བློ་གྲོས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲ་བ་ཅན་གྱི་འོད། རྡོ་རྗེ་སྙིང་པོ། བློ་ གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ། སྐལ་པ་བཟང་པོའི་བྱང་ཆུབ་ 4-1-167 སེམས་དཔའ་བཅུ་དྲུག་གིས་ཀྱང༌། (མཉམ་པའི་ཐལ་མོ་)འཕགས་པ་དགའ་བོ། སྒྲ་ཅན་(སྙིང་གར་སྦྱར་ བ་)འཛིན། ཤཱ་རིའི་བུ། མོའུ་འགལ་གྱི་བུ། རབ་འབྱོར། འཆར་ཀ། མ་འགས་པ། ཀོའུ་དི་ནྱ། ཉེ་བ་འཁོར། རྟ་ཐུལ། བ་ལང་བདག ཀུན་དགའ་བོ། མིང་ཆེན། ནོར་སྦྱིན་འཛིན། གང་པོ། འོད་བསྲུངས་ཏེ་ཉན་ཐོས་ཆེན་པོ་བཅུ་དྲུག་གིས་ཀྱང༌། (གཡོན་པའི་ཁུ་ཚུར་ནང་དུ་བསྟན་ཏེ་མཐེབ་མཛུབ་ རྩེ་སྦྱར་བ་སྒྲེང་ཞིང་གཡས་པའི་མཐེབ་སྲིན་སྦྱར་བ་བསྒྲེང་བ་གཡོན་པ་ལ་སྤྲད་པ་)རང་སངས་རྒྱས། གདུང་བ་སེལ་ བ། སྣང་བ་བརྩེགས་པ། འཇིགས་པ་མེད་པ། དཔའ་བོ་འདུལ། ཤེས་རབ་མགྱོགས་བྱེད། རི་ བོ་རྒྱལ། སྨྲ་བའི་སྒྲ་ཆེན། བསེ་རུ་ལྟ་བུ། དུག་ཆེན་འཇོམས། རྫུ་འཕྲུལ་ཆེར་སྟོན། སེང་གེ་སྒྲ། ཡིད་མྱུར་སྟེ་རང་རྒྱལ་བ་བཅུ་གཉིས་པོ་རྣམས་ཀྱིས་ཀྱང༌། ཁྲོ་བོ་(རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལ་ གུང་མོ་རྩེ་སྤྲད་དེ་བརྐྱང་ལ་ཐ་བ་བཞི་སོ་སོར་བརྐྱང་པ་)འཇིགས་རྟེན་གསུམ་སྣང༌། འཇིག་རྟེན་གསུམ་ འདུལ། འཇིག་རྟེན་གསུམ་འཆིང༌། འཇིག་རྟེན་གསུམ་འཇིག་སྟེ་ཁྲོ་བོ་བཞི། བྲན་བཞི། ཕོ་ ཉ་བཞི། བསྔགས་པ་བཞི་དང་བཅས་པ་རྣམས་ཀྱིས་ཀྱང༌བགེགས་དང་ལོག་པར་འདྲེན་པ་ ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་མཛོད་ཅིག ཕྱིའི་འཁོར་ཡུག་ལ་གནས་པའི་དཔལ་ ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ཕྱོགས་སྐྱོང་བ་བཅུ་དང་། དབང་ཕྱུག་ཆེན་པོ་ལ་ སོགས་པ་ལྷ་ཆེན་པོ་བརྒྱད་དང༌། མཐའ་ཡས་དང་འཇོག་པོ་ལ་སོགས་ཏེ་ཀླུ་ཆེན་པོ་བརྒྱད་ དང༌། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད་དང༌། ཡུལ་འཁོར་བསྲུང་དང་ འཕགས་སྐྱེས་པོ་ལ་སོགས་ཏེ་རྒྱལ་པོ་ཆེན་པོ་སྡེ་བཞི་དང༌། སྨིན་དྲུག་དང་སྣར་མ་ལ་སོགས་ ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། གང་བ་བཟང་པོ་དང་ནོར་བུ་བཟང་པོ་ལ་སོགས་ཏེ་གནོད་ སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་དང༌། དྲག་པོ་དབང་ཕྱུག་ལ་སོགས་ཏེ་འཇིགས་བྱེད་ཆེན་པོ་ དགུ་ཆུང་མ་དང་བཅས་པ་དང༌། ལང་ཀ་མགྲིན་བཅུ་ལ་སོགས་ཏེ་སྲིན་པོའི་ཚོགས་རྣམས་ དང༌། བཙུན་མོ་སྒྱུ་འཕྲུལ་ཅན་དང་དགེ་བསྙེན་མ་ཕུལ་བྱུང་མ་ལ་སོགས་ཏེ་བུད་མེད་ཀྱི་ 4-1-168 ཚོགས་དང༌། མ་ཏཾ་གི་དེ་བ་དང་བེ་ཏ་ལི་ལ་སོགས་ཏེ་ཕྲ་མེན་མའི་ཚོགས་དང༌། རྡོ་རྗེ་རྣལ་ འབྱོང་མ་དང་མཁའ་འགྲོ་མ་དང་བུད་མེད་ཀྱི་ཚོགས་དང༌། སྲིང་མོ་དག་དང་བཙུན་མོ་པཉྩི་ཀ་ ལ་སོགས་ཏེ་རྣལ་འབྱོར་མ་རྣམས་དང༌། རྒྱས་པ་དང་གྲོག་མཁར་ལ་སོགས་ཏེ་དྲང་སྲོང་སྐལ་ པ་ཆེན་པོ་རྣམས་དང༌། འབྱུང་བ་ཆེན་པོ་བཞིའི་ལྷ་དང༌། ཁྱིམ་དང་རི་ལ་གནས་པ་དང༌། ཤིང་ དང་ཀུན་དགའ་ར་བ་དང་དུར་ཁྲོད་གྲོང་ཁྱེར་ལ་གནས་པ་ལ་སོགས་ཏེ་འཇིག་རྟེན་པའི་ འཁོར་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ཀྱང༌། ཚེ་འདས་པའི་ས་ལམ་གྱི་བར་ཆད་ཞི་བ་ དང༌། འབྲེལ་པ་ཤུལ་ན་མཆིས་པ་རྣམས་དང༌། ཡུལ་ཕྱོགས་པ་དང་འཇིག་རྟེན་པ་ཐམས་ཅད་ དགེ་ཞིང་བཀྲ་ཤིས་པའི་འཕྲིན་ལས་མཛད་དུ་གསོལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། ། བདག་གིས་ རྒྱས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་ འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེར་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པུ་ཛ་མེ་ག་ས་མུ་ཏྲ་ སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཞལ་ཟས་ཀྱི་བར་དུ་བསྒྱུར་ཏེ། བླ་མེད་རྡོ་རྗེ་ཐེག་པའི་དོན་ སྟོན་ཅིང༌། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་ དབུལ་བར་བགྱི། །དོན་གྱི་དབྱིངས་ལ་མངའ་བསྙེས་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ ཤཔྟ་སོགས་དང༌། ༀ་བཛྲ་གྷཎྜེ་ར་ཎི་སོགས་བརྗོད། དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དོ་ཤལ་ དང༌། །དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་སོར་གདུབ་སྟེ། །རིན་ཆེན་རྒྱན་གྱི་ཁྱད་པར་ རྣམ་པ་བརྒྱད། །རྒྱལ་བ་སྲས་དང་བཅས་ལ་མཆོད་པར་འབུལ། །རིན་ཆེན་གདུགས་དང་ མཛེས་པའི་རྒྱལ་མཚན་དང༌། །འཕན་དང་ལྡ་ལྡི་རྔ་ཡབ་བླ་རེ་སོགས། །མཛེས་པའི་ཡོ་བྱད་ ཁྱད་པར་རྣམ་པ་དྲུག །རྒྱལ་བ་སྲས་དང་བཅས་ལ་མཆོད་པར་འབུལ། །སེང་ཁྲི་གཟིམས་ 4-1-169 ཆས་ཕོ་བྲང་ཟླུམ་པོ་དང༌། །གྲུ་བཞི་པ་དང་ཁང་བརྩེགས་ཟླ་བའི་གདན། །ཡིད་འོང་གནས་ མལ་ཁྱད་པར་རྣམ་པ་དྲུག །རྒྱལ་བ་སྲས་དང་བཅས་ལ་མཆོད་པར་འབུལ། །མཛེས་པའི་མེ་ ཏོག་སྙན་པའི་རོལ་མོ་དང༌། །བྱུག་པའི་དྲི་བཟང་ཞལ་ཟས་ན་བཟའ་སྟེ། །ལེགས་བཤམས་ མཆོད་པའི་ཁྱད་པར་རྣམ་པ་ལྔ། །རྒྱལ་བ་སྲས་དང་བཅས་ལ་མཆོད་པར་འབུལ། །(ཐལ་མོ་སྦྱར་ ལ།)རྡོ་རྗེ་སེམས་དཔའ་བསྡུས་པ་ལས། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་ པས། རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། །(པད་སྐོར་བྱ་)ༀ་བཛྲ་སཏྭ་སུ་སཾ་གྲ་ཧྭད། ༀ་བཛྲ་རཏྣ་ མ་ནུཏྟ་རཾ། ༀ་བཛྲ་དྷརྨཱ་ཀཱ་ཡ་ནི། ༀ་བཛྲ་ཀརྨཱ་ཀ་རོད་བྷ་ཝི། (པད་སྐོར་བྱས་ལ་ཁུ་ཚུར་གཉིས་སྐུར་ གཟུང་མགོ་བོ་ཅུང་ཟད་གཡོན་དུ་ཡོ་བ་)ༀ་བཛྲ་ལཱ་སྱེ་ཧཱུྃ། ༀ་བཛྲ་མཱ་ལེ་(ལག་པ་གཉིས་ཕྲེང་བ་འཛིན་པའི་ཚུལ་དུ་ བྱ་)ཏྲཾ། (པི་ཝཾ་འཛིན་པའི་ཚུལ་)ༀ་བཛྲ་གིརྟི་ཧྲི། (གར་ལ་ཐལ་སྦྱར་སྤྱི་བོར་བཞག)ༀ་བཛྲ་ནིར་ཏི་ཨ། (རྡོ་རྗེ་ཁུ་ ཚུར་མདུན་དུ་ཁ་སྦུབ་)ༀ་བཛྲ་དྷུ་པེ་ཧཱུྃ། (དེ་ཉིད་ཁ་གྱེན་དུ་བསྟན་པ་མེ་ཏོག་འཐོར་བའི་ཚུལ་)ༀ་བཛྲ་པུཥྤེ་ཏྲཾ། (དེ་ ཉིད་ལས་མཐེ་བོང་སྒྲེངས་པ་མཉམ་སྟེ་)ༀ་བཛྲ་ཨཱ་ལོ་ཀི་ཧྲི། ༀ་(རྡོ་རྗེ་ཁུ་ཚུར་བྱུག་པ་བྱེད་པ་ལྟར་བྱ་)བཛྲ་གནྡྷེ་ཨ། (ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་)ༀ་སརྦ་བིད་པུ་ར་(རྫོགས་པ་)པུ་ར་(རྫོགས་པ་)སུ་ར་(ངེས་པར་འཇུག་ པ་གཉིས་)སུ་ར་ཨ་བརྟ་ཡཱ་བརྟ་ཡ་ཧོ། བདེ་བར་གཤེགས་པ་ཐམས་ཅད་ལ། །(པད་སྐོར་བྱས་ལ་ ལག་པ་རྒྱབ་སྦྱར་བ་སོར་མོ་རྣམས་བསྒོལ་ཞིང་མཐེ་བོང་གཉིས་ལག་མཐིལ་དུ་བཀུག)འཁོར་ལོ་རིན་ཆེན་འདི་ཕུལ་ བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ༀ་སརྦ་ ཏ་ཐཱ་ག་ཏ་ཙཀྲ་རཏྣ་བཛྲ་པུ་ཛི་ཏེ་ཨཱཿཧཱུྃ། རྒྱལ་བ་སྲས་དང་བཅས་པ་ལ། །(ཁུ་ཚུར་གཉིས་ཀྱི་མཛུབ་ མོ་གཉིས་ཚིགས་བཅད་སྟེ་མཐེ་བོང་གཉིས་དང་རྩེ་སྤྲད་པ་)ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་ འཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ ཎི་རཏྣ་བཛྲ་པུ་ཛི་ཏེ་ཨཱ་ཧཱུྃ། (རྡོ་རྗེ་བསྡམས་པའི་གུང་མོ་སྒྲེང་བའི་ཚིགས་དང་པོར་མཛུབ་མོ་བཅར་བ་བྱས་པའི་ཕྱག་ རྒྱ་)བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་ 4-1-170 དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཝསྟི་རཏྣ་བཛྲ་ པུ་ཛི་ཏེ་ཨ་ཧཱུྃ། (རྡོ་རྗེ་བསྡམས་པའི་གུང་མོ་བཞིབས་ཏེ་མཐའ་བཞི་བསྒྲེང་བ་བྱས་པའི་ཕྱག་རྒྱ་)བློན་པོ་རིན་ཆེན་ འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཏྣ་པུ་ཛི་ཏེ་ཨ་ཧཱུྃ། (ལག་ པ་གཡོན་པའི་མཐིལ་དུ་གཡས་པའི་གྲུ་མོ་བཞག་སྟེ་བསྒྲེང་བ་གཡས་པའི་ཁུ་ཚུར་འོག་ཏུ་གླང་པོའི་རྣ་བ་ལྟར་བྱས་པའི་གུང་མོ་ གླང་པོའི་སྣ་ལྟར་བྱས་པའི་ཕྱག་རྒྱ་བྱ་)གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་མགྲོད་པར་ཤོག །ༀ་སརྦ་ཏ་ཐཱ་ ག་ཏ་ཧསྟི་རཏྣ་བཛྲ་པུ་ཛི་ཏེ་ཨ་ཧཱུྃ། (རྡོ་རྗེ་བསྡམས་པའི་གུང་མོ་བཞིབས་ཏེ་མཐའ་བཞི་བསྒྲེང་བ་བྱས་པའི་ཕྱག་རྒྱ་) རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་ གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་འགྲོད་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཏུ་རཾ་ག་ཨ་ཤྭ་ ཏ་རཏྣ་བཛྲ་པུ་ཛི་ཏེ་ཨ་ཧཱུྃ། (གཡོན་གོ་ཆ་འཛིན་པ་དང་གཡས་མཆོག་སྦྱིན་པ་ལྟར་བྱས་པ་)དམག་དཔོན་རིན་ ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ཏེ། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཁཏྒ་རཏྣ་བཛྲ་པུ་ཛི་ཏེ་ཨ་ཧཱུྃ། ཁ་ དོག་(འདོད་ཡོན་ལྔ་འབུལ་བ་ནི་མེ་ལོང་བཟུང་ལ་)དབྱིབས་ལེགས་ཡིད་འོངས་རྒྱན་འཕྲེང་ལྡན། །ཕྱོགས་ དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་ གྱིས། །བཞེས་ཤིང་བླ་མེད་སྒྲུབ་མཆོག་རྩལ་དུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རུ་པ་ཀཱ་མ་གུ་ ན་བཛྲ་པུ་ཛི་ཏེ་ཨ་ཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་ སྙན་ཡིད་འོང་ལྡན། །མོས་བློས་དཀྱིལ་འཁོར་ལྷ་ལ༴ བཞེས་ཤིང་བླ་མེད་༴ ཤབྟ་(རོལ་མོ་འབུལ་ ) ཕྱོགས་དུས་ཀུན་ན་ཙནྡ་སྦྲུལ་སྙིང་དང༌། །ཨ་ཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིང་༴ གནྡྷེ༴(དྲིའི་དུང་ཆོས་ཀྱི་ཕྱག་རྒྱ) ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་ 4-1-171 པའི། །ལུས་སེམས་རྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས༴ བཞེས་ཤིང་༴ ར་ས༴(ཞལ་ ཟས་ཀྱི་ཕྱག་རྒྱ།) ཕྱོགས་དུས་ཀུན་ནས་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ ལུས་སེམས་ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིང་༴ ༀ་སརྦ་ཏ་ཐཱ་ག་ཏ་པར་ཤེ་ཀཱ་མ་གུ་ ཎ་(གོས་ཟུང་བཟུང་ལ་)བཛྲ་པུ་ཛི་ཏེ་ཨ་ཧཱུྃ། (སྨྲི་ཏིས་མཛད་པའི་སྦྱོང་རྒྱུད་ཀྱི་སྒྲུབ་ཐབས་ལས། རྡོ་རྗེ་དྲིལ་བུ་འཛིན་པས་དབྱངས་དང་བཅས་པའམ། མགྲིན་ཅིག་ པས་ཕྱག་ཆེན་གྱི་ཕྱག་རྒྱ་བཅའ་ཞིང་བསྟོད་པ་བྱའོ།།) ཆོས་དབྱིངས་ཡེ་ཤེས་རྣམ་པར་དག །རྣམ་པར་སྣང་ མཛད་བཅོམ་ལྡན་འདས། །ཏིང་ངེ་འཛིན་ལྡན་ཕྱག་རྒྱ་ཅན། །ཕྱག་འཚལ་བཅོམ་ལྡན་ཀུན་ རིག་ལ། །མེ་ལོང་ཡེ་ཤེས་རང་བཞིན་ལས། །སེམས་མ་ལུས་ཐམས་ཅད་ཀྱི། །ངན་སོང་ ཐམས་ཅད་སྦྱོང་མཛད་པའི། །ཕྱག་འཚལ་སྦྱོང་བའི་རྒྱལ་པོ་ལ། །མཉམ་མེད་ཡེ་ཤེས་ཡོན་ ཏན་བདག །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །སེམས་ཅན་བསམ་པ་སྐོང་མཛད་པ། །རྒྱལ་ མཆོག་རིན་ཆེན་ཁྱོད་ཕྱག་འཚལ། །སོ་སོར་ཀུན་རྟོག་གསུང་གི་བདག །གསུང་རབ་པདྨོ་ཁ་ རྒྱས་པ། །ཁམས་གསུམ་དབུགས་དབྱུང་མཛད་པ་པོ། །ཤཱཀྱ་རི་དབང་ཁྱོད་ཕྱག་འཚལ། ། ནན་ཏན་ཡེ་ཤེས་འཕྲིན་ལས་བདག །སྣ་ཚོགས་སེམས་ཅན་སྡུག་བསྔལ་ཀུན། །མ་ལུས་ པར་ནི་ཞི་མཛད་པ། །མེ་ཏོག་ཆེར་རྒྱས་ཁྱོད་ཕྱག་འཚལ། །སྟོད་པ་ཉིད་ཀྱི་རྡོ་རྗེ་ལས། །རྡོ་ རྗེའི་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་སེམས་མཆོག་རྣམ་པར་དག །ཕྱག་འཚལ་རྡོ་རྗེ་ སྤྱན་མ་ལ། །མཚན་མ་མེད་པའི་རྡོ་རྗེ་ལས། །རིན་ཆེན་རིགས་རྣམས་ཀུན་གྱི་ཡུམ། །རྡོ་རྗེ་ རིན་ཆེན་དབང་བསྐུར་མཆོག །ཕྱག་འཚལ་རྡོ་རྗེ་དབང་ཉིད་ལ། །སྨོན་པ་མེད་པའི་རྡོ་རྗེ་ ལས། །པདྨའི་རིགས་རྣམས་བསྐྱེད་མཛད་པ། །རྡོ་རྗེ་པདྨ་གསང་བའི་མཆོག །ཕྱག་འཚལ་ རྡོ་རྗེ་དཀར་མོ་ལ། །རྡོ་རྗེ་མངོན་འདུ་མི་བྱེད་པས། །ལས་ཀྱི་རིགས་རྣམས་བསྐྱེད་མཛད་ པ། །རྡོ་རྗེ་མཆོད་ལ་རབ་ཏུ་བརྩོན། །ཕྱག་འཚལ་རྡོ་རྗེ་སྒྲོལ་མ་ལ། །གྲྭ་ཡི་ཕྱོགས་ནི་ཀུན་ 4-1-172 ཏུ་ཡང༌། །རིགས་ཀྱི་ཡུམ་བཞིའི་སྐུར་སྟོན་པ། །ལྷ་མོ་སྤྱན་དང་མཱ་མ་ཀཱི། །དཀར་མོ་སྒྲོལ་ མ་ཁྱོད་ཕྱག་འཚལ། །རྩིབས་ཀྱི་ནང་ནི་ཐམས་ཅད་ན། །བཞུགས་པའི་རྡོ་རྗེ་སེམས་དཔའ་ སོགས། །རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས། །རྒྱུད་བཞིན་བདག་གིས་བསྟོད་པར་བགྱི། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ ཏུ་བཟང༌། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་ དེ་བཞིན་གཤེགས། །དོན་ཡོད་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལ། །རྡོ་ རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་ འཚལ་རྡོ་རྗེ་གཞུ་ཁྱོད་ལ། །རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་འགུ་བ་དགའ་བ་ཆེ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་དགྱེས་ཁྱོད་ལ། །རྡོ་རྗེ་རིན་ཆེན་རྡོ་རྗེ་ དོན། །རྡོ་རྗེ་ནམ་མཁའི་ནོར་བུ་ཆེ། །ནམ་མཁའི་སྙིང་པོ་རྡོ་རྗེ་ཕྱུག །ཕྱག་འཚལ་རྡོ་རྗེ་སྙིང་ ཁྱོད་ལ། །རྡོ་རྗེ་གཟི་བརྗིད་ཆེར་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་འོད་ཟེར་གཟི་ བརྗིད་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལ། །སེམས་ཅན་དོན་རབ་རྡོ་རྗེ་དཔལ། །རྡོ་རྗེ་རྒྱལ་ མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལ། །རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཆར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་ སྟོན། །ཕྱག་འཚལ་རྡོ་རྗེ་དགའ་བ་ལ། །རྡོ་རྗེ་ཆོས་རབ་དེ་ཉིད་དོན། །རྡོ་རྗེ་པདྨ་རབ་དགའ་ བྱེད། །འཇིག་རྟེན་དབང་རབ་རྡོ་རྗེ་ཅན། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལ། །རྡོ་རྗེ་རྣོ་བ་ཐེག་པ་ ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་ཟབ། །ཕྱག་འཚལ་རྡོ་རྗེ་བློ་ ཁྱོད་ལ། །རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་སྐོར་རྡོ་རྗེ་ལས་བྱུང་ བ། །ཕྱག་འཚལ་རྡོ་རྗེ་སྙིང་ཁྱོད་ལ། །རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་ཟློ་པ་རབ་གྲུབ་ བྱེད། །མི་གསུང་རྡོ་རྗེ་མཆོག་གྲུབ་པ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལ། །རྡོ་རྗེ་ལས་རབ་རྡོ་ 4-1-173 རྗེ་དཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ ལ། ། རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་མཆོག་ནི་ཐུབ་པར་ དཀའ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལ། །རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་ བ་འཇིགས་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་ཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལ། །རྡོ་ རྗེ་མཚམས་སྦྱོར་བསྡུས་པ་ཉིད། །རྡོ་རྗེ་འཆིང་བ་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་ མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལ། །རྣམ་དག་རྡོ་རྗེ་ཐུགས་འཛིན་མ། །མི་དམིགས་རྡོ་རྗེ་ ཏིང་འཛིན་གནས། །རྡོ་རྗེ་སྒེག་མོའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་འགྱིང་མ་ལ། །རྣམ་ དག་ཡོན་ཏན་རྡོ་རྗེ་སྟེ། །ཡིད་བཞིན་རྡོ་རྗེ་རེ་བ་སྐོང༌། །རྡོ་རྗེ་གཟུགས་ཀྱི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་ཕྲེང་བ་ལ། །རྣམ་དག་རྡོ་རྗེ་གསུམ་མཆོག་མ། །རྡོ་རྗེ་པི་ཝང་འཛིན་པའི་ ཚུལ། །རྡོ་རྗེ་གསུང་མཆོག་སྒྲོག་པའི་དོན། །ཕྱག་འཚལ་རྡོ་རྗེ་དབྱངས་མཁན་ལ། །རྣམ་དག་ རྡོ་རྗེ་ལས་རབ་སྟེར། །ལས་ཀྱི་རྡོ་རྗེ་འགྲོ་དོན་མཛད། །བདུད་འདུལ་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་གར་མཁན་ལ། །སྤྲིན་བཞིན་རྡོ་རྗེ་བདུག་པ་མ། །ཚིམ་བྱེད་རྡོ་རྗེ་དང་ལྡན་ པས། །རྡོ་རྗེ་འཕྲེང་བའི་ཚུལ་འཛིན་མ། །ཕྱག་འཚལ་རྡོ་རྗེ་བདུག་པ་ལ། །རྡོ་རྗེ་མཛེས་པའི་ གཟུགས་འཛིན་ཅིང༌། །རྡོ་རྗེ་མེ་ཏོག་འཐོར་བའི་ཚུལ། །བྱང་ཆུབ་ཡན་ལག་མེ་ཏོག་སྟེ། །ཕྱག་ འཚལ་རྡོ་རྗེ་མེ་ཏོག་ལ། །འོད་གསལ་རྡོ་རྗེ་འབར་བའི་མེ། །རྡོ་རྗེ་ཅན་གྱིས་མ་རིག་སེལ། །རྡོ་ རྗེ་གསལ་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་སྣང་བྱེད་ལ། །རྡོ་རྗེ་ཙན་དན་བདུད་རྩིའི་ ཆུ། །རྡོ་རྗེ་དྲི་ཡིས་རྣམ་རྟོག་འཇོམས། །རྡོ་རྗེ་དག་བྱེད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་དྲི་ མཆོག་ལ། །རྣམ་དག་སྐུལ་བྱེད་རྡོ་རྗེ་དོན། །རྡོ་རྗེ་སྡུད་མཛད་རྡོ་རྗེ་དོན། །རྡོ་རྗེ་འགུགས་ མཛད་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་ཀྱུ་ལ། །མི་སྟོང་རྡོ་རྗེ་ཆོས་ཀྱི་དོན། །རྡོ་རྗེ་ 4-1-174 འདྲེན་པ་མི་འགྱུར་དོན། །འཆིང་མཛད་རྡོ་རྗེའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ཞགས་པ་ ལ། །མི་འགྱུར་རྡོ་རྗེ་བསྟན་པའི་བདག །རྡོ་རྗེ་མགྱོགས་བྱེད་གློག་བཞིན་མྱུར། །སྒྲོག་མཛད་ རྡོ་རྗེ་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་ལྕགས་སྒྲོག་ལ། །རྡོ་རྗེ་དབབ་པ་བརྟན་པའི་བདག །བསྐྱོད་མཛད་རྡོ་རྗེ་ཀུན་གྱི་ལས། །རྡོ་རྗེ་དབབ་པའི་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་འབེབ་ ཁྱོད་ལ། ། སྒོ་ཡི་ཁྱམས་ན་བཞུགས་པ་ཡི། །བྱམས་པ་ལ་སོགས་བཅུ་དྲུག་ནི། །རབ་དགའ་ལ་སོགས་ གནས་མཛད་པའི། །བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །སྟོན་པའི་རྟག་འཆང་ཉན་ཐོས་ མཆོག །ལྷུང་བཟེད་མཁར་སིལ་པོ་ཏི་ཕྱག །སྦྱངས་སྟོབས་ཡོན་ཏན་ཀུན་ལྡན་པའི། །ཉན་ ཐོས་རྣམས་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་དོན་ལ་རྟེན་གནས་པའི། །འཕགས་པ་རང་རྒྱལ་ བཅུ་གཉིས་ནི། །འབྱུང་དང་བཟློག་ལ་རབ་ཞུགས་པའི། །རང་རྒྱལ་གཙོ་ལ་ཕྱག་འཚལ་ལོ། །ཁྲོ་བོ་སྲིན་པོའི་ཆ་ལུགས་ཅན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་ རྣམ་དཀྲིས་པའི། །འཇིག་རྟེན་གསུམ་སྣང་སོགས་ཕྱག་འཚལ། །ཕྱི་ཡི་ཁོར་ཡུག་ལ་གནས་ པའི། །འཇིགས་བྱེད་ལྷ་ཀླུ་གཟའ་སྐར་དང༌། །ཕྱོགས་སྐྱོང་རྒྱལ་ཆེན་ཕྱག་འཚལ་ཞིང༌། །འཇིག་རྟེན་པ་ཀུན་བསྟོད་པར་བགྱི། ། (གཏོར་མ་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པ་ནི།) ༀ་བཛྲ་ཡཀྵ་ཧཱུྃ།(གཏོར་མ་བསང་) ༀ་བཛྲ་ ཛྭ་ལ།(བསྲེགས་) ༀ་སྭ་བྷཱ་ཝས་སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ རྣམས་ཀྱིས་ནང་དུ་ཁཾ་ལས་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ། ༀ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ ཎཾ་ཨཱ་དྱཱ་ནུཏྤནྣཱ་ཏྭད་ༀ་ཨཱཿཧཱུྃ་ཕཊ་སྭཱཧཱ། (ཞེས་པ་ལན་གསུམ་གྱི་བྱིན་གྱིས་བརླབས་ནས་གཏོར་མ་དང་པོ་ཡི་དམ་ ལ་དབུལ་བར་བྱ་སྟེ།) ༀ་སརྦ་ཏ་ཐཱ་ག་ཏ་བིདྱཱ་མཎྜ་ལ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཀཾ་གྲྀཧྣ་དཾ་བ་ལིཾ་ཏ་ཡེ་སྭཱཧཱ། ཨརྒྷཾ་སོགས་ 4-1-175 བརྗོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་ སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིག་ལྔ་བདེ་བར་ གཤེགས་ལ་ཕྱག་འཚལ་ལོ། ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཁ་དོག་དྲི་རོ་རེག་བྱ་ནུས་པ་དང་ལྡན་པ་འདི། བཅོམ་ ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ ཚོགས་རྣམས་ལ་འབུལ་ལོ། །མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། (གཉིས་པ་ཕྱོགས་སྐྱོང་བཅུ་ལ་དབུལ་བར་བྱ་སྟེ།) ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཐུགས་དམ་དཀྱིལ་པོ་ཆེ། །ལྷ་དང་དྲང་སྲོང་གཤིན་རྗེ་སྲིན་པོ་ཀླུ། །རླུང་ལྷ་གནོད་སྦྱིན་འབྱུང་པོའི་བདག་པོ་དང༌། །སྟེང་གི་ལྷ་དང་འོག་གི་ཀླུ་རྣམས་དང༌། །དེ་ དག་སོ་སོའི་དབང་པོའི་སྐུར་སྟོན་ཅིང༌། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་ཆོས་ཀྱིས་གཤེགས་སུ་གསོལ། །ༀ་ད་ཤ་དིག་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མ་ཛཿཛཿག་ག་ན་ས་མ་ཡེ་ཧཱུྃ། ཨ་ བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། པདྨ་ཀ་མ་ལ་ཡེ་སྟྭཾ། ཨརྒྷཾ་སོགས་ཀྱིས་མཆོད། དབང་པོ་རྡོ་ རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་ གྱི་བདག །ཤར་ལྷོ༴ མཆོད་ཅིང༌༴ གཤིན་རྗེ་བོ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་ བདག །ལྷོ་ཕྱོགས༴ མཆོད་ཅིང༌༴ བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་ གདོན་གྱི་བདག །ལྷོ་ནུབ༴ མཆོད་ཅིང་༴ ཞགས་པ་ཐོགས་པ་ཆུ་ཡི་ལྷ། །ཀླུའི་རྒྱལ་པོ་གདོན་ གྱི་བདག །ནུབ་ཕྱོགས༴ མཆོད་ཅིང་༴ རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །རིག་འཛིན་རྒྱལ་པོ་ གདོན་གྱི་བདག །ནུབ་བྱང་༴ མཆོད་ཅིང༌༴ གནོད་སྦྱིན་ལག་ན་དབྱུག་ཐོ་འཛིན། །ནོར་སྐྱེས་ 4-1-176 རྒྱལ་པོ་གདོན་གྱི་བདག །བྱང་ཕྱོགས་གདོན་གྱི༴ མཆོད་ཅིང་༴ དབང་དང་ལྡན་པ་འདྲེན་པའི་ ལྷ། །འབྱུང་པོའི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་གྱི༴ མཆོད་ཅིང་༴ སྟེང་གི་ཚགས་ པ་ཆེན་པོ་དང༌། །ཉི་མ་ཟླ་བ་གཟའ་ཆེན་པོ། །གཟལ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ ཅིང་བསྟོད་དེ༴ འོག་གི་ཀླུ་སྟེ་ས་ཡི་བདག །ས་འཛིན་ལག་པ་ཆེན་པོ་སྟེ། །དམ་ཚིག་ཤེས་ པའི་ཚོགས་བཅས་ལ། །མཆོད་ཅིང་༴ ༀ་(དབང་པོ་)ཨིནྟྲ་ཡེ། ཨག་(མེ་ལྷ་)ནེ་ཡེ། ཡ་(གཤིན་རྗེ་)མཱ་ ཡེ། ནཻ་རི་ཏྱ་(སྲིན་པོ་)ཡེ། ཝ་རུ་(ཆུ་བདག་)ཎཱ་ཡ། ཝ་ཡ་(རླུང་ལྷ་)ཝེ། ཀུ་(གནོད་སྦྱིན་)བེ་རཱ་ཡ། ཨི་ཤྭ་ (དབང་ལྡན་)རཱ་ཡ། ཨུར་དྷཾ་(སྟེང་གི་ཚངས་པ་ཆེན་པོ་)བྲཧྨ། སུརྱ་(ཉི་མ་གཟའི་)གྲ་ཧ། ཨ་དྷི་པ་(མངའ་བདག་ )ཏ་ཡེ། ཙནྡྲ་(ཟླ་བ་སྐར་མ་)ནཀྵ་ཏྲ་ཨ་དྷི་པ་ཏ་ཡེ། ས་པ་རི་ཝ་(འཁོར་དང་བཅས་པ་)ར། ན་མཿ སརྦ་ ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཀཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་ སྭཱཧཱ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་ལྷ་ཚོགས་འཁོར་དང་བཅས། །གཏོར་མ་ཕུལ་བ་འདི་དག་ བཞེས་སུ་གསོལ། །མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག །ཆུ་བདག་རླུང་བདག་ ནོར་གྱི་བདག་པོ་དང༌། །དབང་ལྡན་ལྷ་སྟེ་འབྱུང་པོའི་བདག་པོ་དང༌། །སྟེང་གི་ཉི་ཟླ་ཚངས་ པ་ཆེན་པོ་དང༌། །ལྷ་རྣམས་ཀུན་དང་གང་དག་ས་སྟེང་ཀླུ། །རི་ཡི་ལྷ་དང་གཙང་མའི་ཚོགས་ བཅས་ལ། །ས་ས་སོ་སོར་གཏོར་མ་ཕུལ་བ་འདི། །རབ་ཏུ་དགྱེས་པའི་ཡིད་ཀྱིས་བཞེས་ནས་ སུ། །རང་རང་ཕྱོགས་སུ་ལེགས་པར་ཞུགས་ནས་ཀྱང༌། །རང་གི་བུ་སྨད་མཛའ་བཤེས་གཉེན་ འདུན་དང༌། །ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་ པར་བཅས། །བསྟོད་དང་གཏོར་མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་ པར་བསྣམས་ནས་ཀྱང༌། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །(གསུམ་པ་འབྱུང་པོ་ལ་ འབུལ་བ་ནི) ལྷ་དང་ཀླུ་དང་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡི ང་དང་འདབ་བཟང་ལུས་ སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ 4-1-177 ཅན། །བུ་སྨད་བཅས་ཤིང་གཡོག་འཁོར་བཅས་རྣམས་ལ། །བདག་གི་པུས་མོ་ས་ལ་བཙུགས་ ནས་ནི། །ཐལ་སྦྱར་ཁྱེད་རྣམས་ལ་ནི་གསོལ་འདེབས་ཀྱིས། །གསན་ནས་ཕན་གདགས་སླད་ དུ་འདིར་གཤེགས་ཤིག །ༀ་སརྦ་བྷཱུ་ཏ་ས་པཱ་རི་ཝ་ར་ཨེ་ཧྱེ་ཧི། བཛྲ་ས་མ་ཛཿཛཿག་ག་ན་ས་ མ་ཡེ་ཧཱུྃ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། པདྨ་ཀ་མ་ལ་ཡེ་སྟྭཾ། ཨརྒྷཾ་སོགས་ཀྱིས་མཆོད། ལྷ་ཡི་རྒྱལ་པོ་རབ་དགའ་དང༌། །བཙུན་མོ་ཨུ་མ་ལ་སོགས་པའི། །འཇིག་རྟེན་དྲེགས་པའི་ ལྷ་ཚོགས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཀླུ་རྒྱལ་དགའ་བོ་ཉེ་དགའ་འོ། །འབྱུང་བ་བཞི་ལས་གྱུར་པ་ཡི། །རིགས་བཞི་གདུག་པའི་ཀླུ་རྣམས་ལ། །མཆོད་ཅིང་བསྟོད༴ རྡོ་རྗེ་གནོད་སྦྱིན་ལུས་ངན་པོ། །ཡཀྵ་མེ་འབར་ལ་སོགས་པའི། །གནོད་སྦྱིན༴ མཆོད་ཅིང་༴ འཇིག་རྟེན་དྲི་ཟའི་གཟུགས་འཆང་ཞིང༌། །ཟུར་ཕུད་ལྔ་པ་ལ་སོགས་པའི། །དྲི་ཟ་གདོན་གྱི༴ མཆོད་ཅིང་༴ ལྷ་མིན་རྒྱལ་པོ་ཐག་བཟངས་རིས། །ལས་ཀྱི་དབང་གི་རྩོད་པ་ཆེ། །ལྷ་མིན་ གདོན་གྱི༴ མཆོད་ཅིང་༴ ནམ་མཁའ་ལྡིང་གི་རྒྱལ་པོ་ནི། །གསེར་གྱི་མདོག་ཅན་དྲག་ཤུལ་ཆེ། ། མཁའ་ལྡི ང་གདོན་གྱི༴ མཆོད་ཅིང་༴ མི་འམ་ཅི་ཡི་རྒྱལ་པོ་ནི། །དཔག་བསམ་ཤིང་ལ་ལོངས་ སྤྱོད་པའི། །མིའམ་ཅི་ཡི་ཚོགས་བཅས་ལ། །མཆོད་ཅིང་༴ ལྟོ་ཕྱེ་ཆེན་པོའི་རྒྱལ་པོ་ནི། །སྦྲུལ་ གྱི་མགོ་ཅན་འཇིགས་པའི་གཟུགས། །ལྟོ་འཕྱེ་གདོན་གྱི༴ མཆོད་ཅིང་༴ ༀ་དེ་བ།(ལྷ) ན་ ག།(ཀླུ) ཡཀྵ།(གནོད་སྦྱིན) གནྡྷར་བྷ།(དྲིལ་) ཨ་སུ་ར།(ལྷ་མ་ཡིན) ག་རུ་ཌ།(ནམ་མཁའ་ལྡི ང་) ཀིཾ་ན་ ར།(མིའམ་ཅི།) མ་ཧཱོ་ར་ག(ལྟོ་འཕྱེ།) མ་ནུ་ཥྱ།(མི།) ཨ་མ་ནུ་ཥྱ།(མི་མ་ཡིན།) ས་པ་རི་ཝ་ར་(འཁོར་དང་ བཅས་པ་)ན་མཿ སརྦ་ཏ་ཐཱ་ག་ཏེ་(དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།།)བྷྱོ་བི་ཤྭ་མུ་(སྣ་ཚོགས་པའི་ ཞལ་ཅན་རྣམས་ལ་)ཁེ་བྷྱཿ སརྦ་ཐ་(མཁའ་་ཐམས་ཅད་དུ་དེངས་པར་འགྲོ་བ་)ཁཾ། ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་(ནམ་ མཁེ་འགྲོ་བ་འདི་)ག་ག་ན་ཀཾ་གྲྀཧྣེ་དཾ་བ་ལིཾ་(གཏོར་མ་འདི་གཟུང་)ཏ་ཡེ་སྭཱཧཱ། འབྱུང་པོ་གང་དག་རི་རབ་ སྟེང་གནས་དང༌། །དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང༌། །ཤར་ནུབ་རི་དང་ཉི་ཟླའི་ 4-1-178 ཁྱིམ་རྣམས་དང༌། །རི་བོ་ཀུན་ལ་གང་དག་གནས་པ་དང༌། །རིན་ཆེན་གླིང་ན་ལྷག་པར་ གང་གནས་དང༌། །ཆུ་བོ་ཀུན་དང་ཆུ་ཡི་མདོ་རྣམས་དང༌། །མཚོ་དང་རྫིང་བུ་ལྟེང་ཀ་ཆུ་ངོགས་ དང༌། །གཡའ་ཆུ་བསིལ་མ་དག་ན་གནས་པ་དང༌། །གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་ པ་དང༌། །ཁང་སྟོང་དག་དང་ལྷ་ཡི་གནས་རྣམས་དང༌། །གཙུག་ལག་ཁང་དང་མཆོད་རྟེན་ གནས་རྣམས་དང༌། །དཀའ་ཐུབ་གནས་དང་གླང་ཆེན་བྲེས་གནས་དང༌། །རྒྱལ་པོའི་དཀོར་ ཁང་དག་ན་གང་གནས་དང༌། །ལམ་སྲང་སུམ་མདོ་དང་ནི་བཞི་མདོ་དང༌། །གང་དག་ལམ་པོ་ ཆེ་དང་ཤིང་ཅིག་དྲུང༌། །དུར་ཁྲོད་ཆེན་པོ་ནགས་ཚལ་ཆེན་པོ་དང༌། །སེང་གེ་དྲེད་དང་གཅན་ གཟན་གནས་རྣམས་དང༌། །འབྲོག་ཆེན་འཇིགས་སུ་རུང་ན་གང་གནས་དང༌། །གང་དག་གླིང་ མཆོག་དག་ལ་གནས་པ་དང༌། །ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས། །རབ་ཏུ་དགྱེས་ ཤིང་མགུ་བར་གྱུར་ནས་སུ། །ཕྲེང་བ་མེ་ཏོག་དྲི་དང་བདུག་པར་བཅས། །བསྟོད་དང་གཏོར་ མ་མར་མེ་གུས་འབུལ་ན། །འདི་དག་གསོལ་ཞིང་ལེགས་པར་བཞེས་ནས་ཀྱང༌། །བདག་གི་ ལས་འདི་འབྲས་བུ་མཆིས་པར་མཛོད། །ཡི་དམ་ཆོས་སྐྱོང་སྡེ་བརྒྱད་འཁོར་བཅས་རྣམས། ། མཆོད་སྦྱིན་གཏོར་མ་འདི་བཞེས་ཅིག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། ། ལོངས་སྤྱོད་རྒྱ་ཆེན་ཀུན་ ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ ཅན་གྱིས་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་གཏོང་གྲོགས་མཛོད། །དུས་མིན་འཆི་དང་ ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་ འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་ འགྲུབ་ཤོག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་སོགས་ནས། འོན་ཀྱང་ 4-1-179 སྐྱོབ་པའི་སྲས་སུ་སྐྱེའི་བར་བྱ། (བཞི་པ་གཞི་བདག་ལ་འབུལ་བ་ནི།) གཞི་བདག་དང་རིགས་(ལྔ་པ་)དྲུག་ལ་ཨ་ཀཱ་རོས་གཏོར་མ་ བྱིན་གྱིས་བརླབས་ལ་སྦྱིན་ནོ། །(དྲུག་པ་བགེགས་ལ་གཏོར་མ་སྦྱིན་པ་ནི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅས་ཏེ། བདེན་པ་ཡང་དག་པ་དང་བདེན་པ་ཆེན་པོས་བྱིན་གྱིས་བརླབས་པ་ལ་བརྟེན་ནས། དེང་འདིར་ཡང་མཅོམ་ལྡན་འདས་ངན་སོང་ ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་ཟབ་མོ་ལེན་པ་ལ་ བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་གང་།)ན་མོ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་ མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་ སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་ རྣམས་ཀྱི༴ བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་ མཛད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་ བྱིན་གྱིས་བརླབས་པ་ལ་བརྟེན་ནས། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ ཅད་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཀྱི་རིགས་སུ་གྱུར་པ་གང་ཡིན་པ་དེ་ དག་ཐམས་ཅད་སྐད་ཅིག་ཡུད་ཙམ་ཐང་གཅིག་ལ་གཏོར་མ་འདིའི་མགྲོན་དུ་མཆིས་པར་ གྱུར་ཅིག བཛྲ་ཊཀྐི་ཧཱུྃ་ཛཿ ༀ་གུང་ཀ་རེ་གུང་ཀ་རེ། པི་ཙི་པ་ཙི། གུང་གུང༌། ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པཾ། དཱི་པཾ། གནྡྷཾ། ནཻ་ཝི་དྱ། ཤཔྟ་སྭཱཧཱ། ༀ་སརྦ་བིག་ནན། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ བརྗོད།(གཏོར་མ་ཕུལ།) གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ ཤ་རྗེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་པ། །ལྗོ ན་ནི་གེལ་པ་སོགས་གནས་པ། དེ་ དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོ་ཡི། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་ 4-1-180 སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་ པ་ནི། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་མཛེས། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་ བྱེད་ཅིག །ༀ་ཆེན་པོའམ་ཆུང་ངུ་གང་དག་གི། །ལུས་ལ་མངོན་པར་གནོད་གྱུར་པའི། །གནོད་ པ་མྱུར་དུ་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །ༀ་སརྦ་བིག་ནན་གཙྪ།(རོལ་ མོ་དྲག་ཏུ་བྱས་ཏེ་བགེགས་བསྐྲད།) ༀ་དེ་བ་སོགས་ཀྱི་མཐར་ཨརྒྷཾ་སོགས་ཀྱིས་མཆོད་ནས་གཙྪ།(འབྱུང་ པོ་རྣམས་གཤེགས་སུ་གསོལ།) ༀ་ཨིནྡྲ་ཡ་སོགས་ཀྱིས་མཐར་ཨརྒྷཾ་སོགས་ཀྱིས་མཆོད་ནས་གཙྪ།(སྦྱིན་ སྲེག་འགྲུབ་ན་འདིའི་སྐབས་སུ་བྱ།) (ཕྱོགས་སྐྱོང་རྣམས་གཤེགས་སུ་གསོལ།) མཎྜལ་ཕུལ་ཏེ། (བདག་ཉིད་འཇུག་ཅིང་དབང་བླང་བའི་ཐོག་མར་མཎྜལ་ཕུལ་ནས་རྒྱུན་བཤགས་སྔོན་དུ་འགྲོ་ བའི་སྡོམ་པ་བཟུང་བ་ནི།) དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །རྗེས་སུ་ཡི་རང་ཡང་ ན་བགྱིད་རྩལ་གང༌། །དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི། །སྤྱན་སྔར་ད་ལྟ་མ་ལུས་ སོ་སོར་བཤགས། །བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང༌། །རྒྱ་ཆེན་འགྲོ་བ་མ་ ལུས་པ་ཡི་དོན། །སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལ། །རྟག་ཏུ་བདག་ནི་རྗེས་སུ་ཡི་རང་ ངོ༌། །ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང༌། བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ ཀུན་བཅོམ། །མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པའི། །བདེ་བར་གཤེགས་པ་རྣམས་ལ་ སྐྱབས་སུ་མཆི། །བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། །དམན་པས་འཇིགས་པ་ཉིད་ཀྱི་ རྒྱལ་བྱེད་ཚལ། །སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག །གསུང་མཆོག་ཆོས་ལའང་ བདག་ནི་སྐྱབས་སུ་མཆི། །འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང༌། །བློ་གྲོས་ རྣམས་རྒྱལ་ཐུགས་རྗེ་ཆེན་ལྡན་པའི། །བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབས་མཆི་ཞིང༌། །སྲིད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ། །རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད། 4-1-181 །འབྲས་བུའི་སྟོབས་ཀྱིས་དགྲ་ལས་རྒྱལ་གྱུར་པ། །སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བཟུང་བར་བགྱི། །སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་ འམ། །ཡང་ན་ཡོངས་སུ་སྐྱོབ་པར་བྱ་ཕྱིར་རམ། །རང་གི་སེམས་ནི་ཡོངས་སུ་དག་བྱའི་ཕྱིར། །འདི་དག་ཐམས་ཅད་རྩ་སོགས་བཞིན་དུ་བཏང༌། །དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་ འགྲུས་དང༌། །བསམ་གཏན་ཤེས་རབ་བླ་ན་མེད་པ་འདི། །བདག་དང་གཞན་ལ་ཕན་པར་ བྱ་བའི་ཕྱིར། །སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི། །བདེ་བར་གཤེགས་པ་སྔགས་ལ་ མཁས་པ་ཡིས། །ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི། །འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ ཕྱིར། །ཁྱད་འཕགས་གནས་ལ་བདག་གིས་གནས་པར་བགྱི། །(ལན་གསུམ།) ས་མ་(སེམས་བསྐྱེད་ པ་ནི།)ཡ་ཨ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་ སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ། ཧོ་ སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། (གནས་གསུམ་བྱིན་གྱིས་བརླབ་པ་ནི།) ༀ་བྲི་ཏ་བྲི་ཏ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། (རྡོ་རྗེ་ཁུ་ཚུར་ གཉིས་སྙིང་ག་ལྐོག་མ་ཁ་ཕྱོགས་གཉིས། མཛོད་སྤུ་རྣ་བ་གཉིས་མགོ་བོ་གཙུག་ཕུད་དཔུང་པ་གཉིས་སྣ་དང་སྐེད་པ་པུས་མོ་བོལ། ལོང་བུ་སྣ་ཡི་རྩེ་མོ་དང་། མིག་གཉིས་དང་ནི་གསང་བ་ཡི་ཞེས་པའི་གནས་ཉེར་གཉིས་སུ་བཏུབ་ཅིང་། བསྡུ་ན་སྙིང་ག་ལྐོག་མ་ ཁ་དཔྲལ་བ་སྤྱི་བོ་རྣམས་སུ་བཏུག་པར་བྱ།)ༀ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ། བདག་གི་དགེ་ བའི་ལས་རྣམས་འདི་དག་གིས། །འཇིགས་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ ཕྱིར་ཆོས་རྣམས་སྟོན་བྱེད་ཅིང༌། །སེམས་ཅན་སྡུག་བསྔལ་མང་གཟིར་མྱུར་སྒྲོལ་ཤོག །འཇིག་ རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། 4-1-182 །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་ གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་ འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ ཅད་འབྱུང་བ་ཡི། །ངན་འགྲོ་ཐམས་ཅད་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ ཆེན་པོ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་ དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་པས་ན། །རང་འབྱུང་སྐལ་བ་ཆེན་པོ་པ། །འཇིག་ རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །(དབང་གི་བར་ཆད་བསྲུང་བ།) ༀ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱཪྐ་མ་ཧཱ་བཛྲ་ཀྲོ་དྷ་ཏྲ་བ་ཏྲ་བ། བི་ཏྲ་བ་བི་ཏྲ་བ། སརྦ་ཨ་པ་ཡ་ནཱ་ཤ་ ཡ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ཎ་ཎ་ཧཱུྃ་ཕཊ། ༀ་བཛྲ་(གདོང་གཡོགས་བཅིང་བ།)ཙཀྵུར་བནྡྷི་ཝ་ར་མ་ཎ་ ཡ་ཧཱུྃ། ༀ་བཛྲ་(མེ་ཏོག་བཟང་བ།)ཨ་དྷི་ཏིཥྛ་ཧཱུྃ། ༀ་བཛྲ་(དཀྱིལ་འཁོར་དུ་འཇུག་པ།)ས་མ་ཡ་ཧཱུྃ། (ཡེ་ཤེས་ དབབ་པ།)དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིག རྡོ་རྗེ་སེམས་དཔའ་ བདག་ལ་དབབ་ཏུ་གསོལ།(རོལ་མོ་དྲག་ཏུ་བཀྲོལ་ཞིང་སྔགས་མང་དུ་བཟླས།) ༀ་བཛྲ་པྲ་བེ་ཤ་ཡ་ཧཱུྃ་(ཡེ་ ཤེས་པ་དངོས་ཕེབས་པར་བྱ་བ།)ཨ་ས་མེ། ཏྲ་ས་མེ། མ་ཧཱ་ས་མ་ཡེ་ཧཱུྃ། སངས་རྒྱས་དངོས་གྲུབ་ཐོབ་ བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ཀྱང༌། །འགྲོ་ལ་ཕན་ཕྱིར་གཙོ་ཆེན་གྱིས། །དམན་པར་དགོངས་ཏེ་བཞེས་སུ་གསོལ། །ༀ་པྲ་ཏིཙྪ་(དཀྱིལ་འཁོར་ལ་མེ་ཏོག་གཏོར་བ།)བཛྲ་ས་མ་ ཡ་ཧཱུྃ། (མེ་ཏོག་རང་གི་སྤྱི་བོར་བཞག)ༀ་པྲ་ཏི་གྷྲིཧྣ་ཧཱུྃ། ༀ་(གདོང་གཡོག་བསལ།)བཛྲ་ཧ་སྱ་ཨུད་གྷ་ཏྲ་ཡ་ཧཱུྃ། ༀ་བཛྲ་(དཀྱིལ་འཁོར་བསྟན།)པ་ཤྱ་ཧོཿ (དམ་ཚིག་པ་བསྐྱེད།)ༀ་བཛྲ་ས་མ་ཡ་ཧཱུྃ་ཕཊ། (བརྟན་པར་བྱའོ།།)ༀ་ 4-1-183 བཛྲ་ས་མ་ཡ་ཧྲཱི་ད་ཡཱ་མི་པྲ་བེ་ཤ་ཡ་ཌི་ཌྷོ་ཏིཥྛ་ཧཱུྃ། (ལས་བུམ་ནས་ཆུ་བཏུང་ཞིང་དམ་ཚིག་བསྒྲག)འདི་ནི་ ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་ གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅི་སྟེ་དམ་ཚིག་འདས་ན་ནི། །དེ་མ་ཐག་ཏུ་ བཀས་ནས་གཤེགས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་བརྒྱུད་རིགས་ནི་བརླག་པར་ མཛད། །དེ་བས་རྟག་ཏུ་བུ་ཁྱོད་ཀྱིས། །རྒྱལ་བས་གསུངས་པའི་དམ་ཚིག་དང༌། །སྡོམ་པ་ དང་ནི་བླ་མའི་བཀའ། །ཤིན་ཏུ་མོས་པས་བསྲུང་བར་བྱ། །ཁྱེད་ཀྱིས་སྲོག་ཆགས་བསད་མི་ བྱ། །མ་བྱིན་པར་ཡང་བླང་མི་བྱ། །བརྫུན་དང་འདོད་ལ་སྤྱོད་པ་རྣམས། །དངོས་གྲུབ་འདོད་ པས་བྱ་བ་མིན། །ཆང་ནི་བཏུང་བར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ནོ། །དཀོན་མཆོག་གསུམ་ནི་ཡོངས་མི་ སྤངས། །དུས་ཀུན་དུ་ནི་བྱང་ཆུབ་སེམས། །སྙིང་པོ་སྔགས་དང་ཕྱག་རྒྱ་དང༌། །ལྷ་དང་བླ་མ་ དེ་བཞིན་ནོ། །སྡིག་པ་ལ་སོགས་གང་ཡིན་དང༌། །བླ་མའི་བཀའ་ལས་འདའ་མི་བྱ། །ལྷ་ལ་ ཕུལ་བའི་རྙིང་པ་དང༌། །དེ་ཡི་གྲིབ་ལའང་འགོང་མི་བྱ། །ཕྱག་རྒྱའི་གཟུགས་ལའང་དེ་བཞིན་ ནོ། །སྔགས་དང་ལྷ་ལ་སྨད་མི་བྱ། །གདོན་གྱི་ལས་སོགས་བྱ་བ་མིན། །མུ་སྟེགས་ཅན་ལ་ སྨད་མི་བྱ། །མདོར་ན་ཡིད་གཉིས་ཐེ་ཚོམ་མི་བྱ་སྟེ། །བདག་གི་དེ་ཉིད་དང་ནི་སྔགས་སོགས་ དེ་བཞིན་ནོ། །རྩ་རིག་བཟླས་ནས། ༀ་(འཇུག་ཆོས་སོང་ནས་དངོས་གཞི་དབང་བསྐུར་བ་ནི་སྤྱི་བོར་རྡོ་རྗེ་བཟུང་ ནས།)སརྦ་བིད་སརྦ་ཨ་ཝ་ར་ཎ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ༀ་སརྦ་བིད་ཧཱུྃ། ༀ་སརྦ་བིད་ཕཊ། ༀ་སརྦ་བིད་ཨ། ༀ་སརྦ་བིད་ཏྲཊ། ༀ་སརྦ་བིད་ༀ། ༀ་སརྦ་བིད་སྭ། ༀ་སརྦ་བིད་ཨ། ༀ་ སརྦ་བིད་ཧཱུྃ། ༀ་སརྦ་བིད་ཏྲཊ། ༀ་ཤ། ༀ་བྷ། (རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ནས།)ༀ་བུདྡྷ་ཀ་ལ་ཤ་ ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ཀ་ལ་ཤ་ ཨ་བྷི་ཥིཉྩ་ཧྲཱི། ༀ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ།(ཀུ་ཤས་ཆུ་གཏོར།) (དབུ་རྒྱན་གྱོན་ཅིང་།)ༀ་བུདྡྷ་མུ་ཀུ་ཏྲཾ་ 4-1-184 ཨ་བྷི་ཥིཉྩ་ༀ། ༀ་བཛྲ་མུ་ཀུ་ཏྲཾ་ཨ་བྷི་ཥི་ཉྩ་ཧཱུྃ། ༀ་རཏྣ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་མུ་ཀུ་ཏྲཾ་ ཨ་བྷི་ཥིཉྩ་ཧྲི། ༀ་ཀརྨཱ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་ཨ། ༀ་རཏྣ་མཱ་ལ་ཨ་བྷི་(ཕྲེང་བ་བཟུང་ནས་)ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ ཏྲཾ། (དར་གྱི་ཅོད་པཎ་བཟུང་ནས་)ༀ་བཛྲ་བཊྚ་ཨ་བ་ལཾ་བ་ན་ཨ་བྷི་ཥིཉྩ་ཏྲཾ། ༀ་(རིགས་ལྔའི་ཕྱག་རྒྱས་)བུདྡྷ་ མུ་ཏྲ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་མུ་ཏྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་མུ་ཏྲ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་མུ་ཏྲ་ཨ་བྷི་ ཥིཉྩ་ཧྲི། ༀ་ཀརྨ་མུ་ཏྲ་ཨ་བྷི་ཥིཉྩ་ཨ། ༀ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ། ༀ་ རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲི། ༀ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨ། ༀ་(རྡོ་རྗེ་རྒྱ་གྲམ་ བཟུང་སྟེ་འཕྲིན་ལས་ཀྱི་དབང་།)བཛྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ་ཨ། ༀ་(འཁོར་ལོ་བཟུང་སྟེ་)བཛྲ་ཙཀྲ་ཨ་བྷི་ཥཉྩ་ཧཱུྃ་ བྷྲུཾ། ༀ་(བདག་པོའི་དབང་)བུདྡྷ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ༀ་ༀ་ༀ། ༀ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ༀ་རཏྣ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ། ༀ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ ཨ་བྷི་ཥིཉྩ་ཧྲཱིཿཧྲཱིཿཧྲཱིཿ ༀ་ཀརྨཱ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨཿཨཿཨཿ (ཡུམ་ལྔའི་ཕྱག་རྒྱས་དབང་ བསྐུར།)ༀ་བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་དྷ་ར་ཎ་ཨ་བྷི་ཥིཉྩ་ ཏྲཾ། ༀ་པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨ། ༀ་(གསང་བའི་དབང་རིགས་ལྔའི་ ཕྱག་རྒྱས་སྙིང་གར་བཏུག)སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་ གུ་ཧྱ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨ། (རྡོ་རྗེ་དྲིལ་བུ་བཟུང་ སྟེ།)ༀ་པྲཛྙཱ་ཨུ་པཱ་ཡ་ས་མ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨ། ༀ་(རིན་ཆེན་བདུན་གྱི་ཕྱག་རྒྱ་རིམ་པ་ལྟར་བཅའ།)ཙཀྲ་ རཏྣ་ཨ་བྷི་ཥིཉྩ་མཾ། ༀ་(ནོར་བུ་)མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ། ༀ་(བཙུན་མོ་)ཝསྟི་རཏྣ་ཨ་བྷི་ཥིཉྩ་མཾ། ༀ་ (བློན་པོ་)མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་མཾ། ༀ་(གླང་པོ་)ཧསྟི་རཏྣ་ཨ་བྷི་ཥིཉྩ་མཾ། ༀ་(རྟ་མཆོག)ཏུ་རཾ་ག་ཨ་ཤྭ་ རཏྣ་ཨ་བྷི་ཥིཉྩ་མི། ༀ་(དམག་དཔོན་)ཁཏྒ་རཏྣ་ཨ་བྷི་ཥིཉྩ་མཾ། (ལྷའི་དབང་ནི།) ཚེ་འདིའི་བདེ་བ་མ་ ལུས་དང༌། །འཇིག་རྟེན་ཕྱི་མའི་བདེ་མཆོག་དང༌། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་ ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མར་མཉམ། ། 4-1-185 རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་བས། །སློབ་དཔོན་ལ་ནི་ བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང༌། །རྡོ་རྗེ་མ་རྣམས་ཉིད་ལ་ཡང༌། །རྣལ་འབྱོར་ཅན་ གྱིས་བརྙས་མི་བྱ། །རྟག་ཏུ་འཁོན་དང་བཅུགས་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་བརྩོན་མ་རུངས་དང༌། །དམ་ཚིག་ལས་ནི་ འདའ་བ་དང༌། །དེ་སོགས་བྱེད་པ་ཚར་བཅད་ནས། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང༌། སེམས་ཅན་ཀུན་ལ་སྙིང་བརྩེས་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །གཏང་ རག་གི་མཎྜལ་ཕུལ་ཏེ། (ལག་པ་གཡོན་པ་ཁ་སྦུབས་སུ་བཞག་པའི་སྟེང་དུ་གཡད་པ་གན་རྐྱལ་དུ་བཞག་ལ་གཡས་ པའི་མཐེ་བོང་དང་གཡོན་པའི་མཐེབ་ཆུང་སྦྲེལ་གཡོན་གྱི་མཐེ་བོང་དང་གགཡས་པའི་མཐེབ་ཆུང་སྦྲེལ་བ་རྡོ་རྗེ་འཛིན་པའི་ཕྱག་ རྒྱའོ།།)ༀ་བཛྲ་དྷ་ར། རཏྣ་དྷ་ར། པདྨ་དྷ་ར། བི་ཤྭ་དྷ་ར། ཏ་ཐཱ་ག་ཏ་ས་མ་ཡ་མ་ཏི་ཀྲ་མ་ཏི། ཏ་ ཐཱ་ག་ཏ་དྷ་ར། ས་མ་ཀོ྅ཧཾ། (རྟེན་བསྐྱེད་པ་ནི་དེའི་མིང་བྱང་ལ་སོགས་པའི་རྟེན་དེ།)ༀ་བཛྲ་ཡཀྵ་ཧཱུྃ།(གིས་བསང་དབང་ཐོབ་ན་རྡོར་སེམས་ བསྐྱེད་) ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅(སྦྱངས་)ཧཾ། སྟོང་པའི་ངང་ལས་ཎི་ཡིག་སྔོན་པོ་ ཡོངས་སུ་གྱུར་པ་ལས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་འདས་པའི་ཆེ་གེ་མོ་ཞེས་བྱ་བའི་ ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པའི་རྣམ་པ་ཅན་དུ་གྱུར། ༀ་བཛྲ་ སཏྭ་ཧཱུྃ། (རང་དང་རྟེན་་གྱི་སྙིང་གའི་ས་བོན་ལས་འོད་འཕྲོས། ཚེ་འདས་ཀྱི་རྣམ་ཤེས་བཀུག་པར་བསམས་ལ་ཁམས་གསུམ་ རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ།) ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིགས་ སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་ ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་རྣམས་ཀྱི་ བདེན་པ་དང༌། བདེན་པ་ཡང་དག་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་འཇིག་ 4-1-186 རྟེན་འདི་ནས་ཕ་རོལ་ཏུ་ཚེ་འདས་པ་ཆེ་གེ་མོ་ཞེས་བྱ་བའི་རྣམ་པར་ཤེས་པ་ལས་ཀྱི་དབང་ གིས་ཁམས་གསུམ་རིགས་དྲུག་སྲིད་པ་བར་མ་དོ་སྐྱེ་གནས་བཞི་གང་ན་གནས་ཀྱང་སྐད་ ཅིག་འདི་ཉིད་ལ་འདིར་མཆིས་ནས་རྟེན་འདི་ལ་འཇུག་པར་གྱུར་ཅིག(ལན་གསུམ།) ༀ་བཛྲ་ཊཀྐི་ ཧཱུྃ་ཛཿ (སྒོ་བ་བཞིའི་ལས་རྒྱ།)བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་ཨ་བེ་ཤ་ཨ། (རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་བརྐྱང་བའི་རྩེ་མོ་སྤྲད་པའི་ལོག་མཉེ་ཞིང་། )ༀ་སརྦ་བིད་སརྦ་པཱ་པཾ་ བི་ཤོ་དྷ་ན་ཧཱུྃ་ཕཊ་སྭཧཱ། (དེའི་སྡིག་པ་འགུགས་པར་བསམ་རྡོ་རྗེ་ཁུ་ཚུར་གཉིས་གྱེན་དུ་མཛུབ་མོ་གཉིས་སྒྲོག་ལྟར་ བཅིངས་ནས་མཛུབ་མོ་གཉིས་ལེགས་པར་གྱེན་དུ་འཕང་བ་ལྟུང་བ་སློང་བའི་ཕྱག་རྒྱ་བཅིངས་ནས།)ༀ་ཤོ་དྷ་ནེ་ཤོ་དྷ་ནེ་ སརྦ་པཱ་པཾ་ཨ་པ་ན་ཡ་ཧཱུྃ། ༀ་སརྦ་ཨ་པཱ་ན་ཡ་ཨ་ཀརྵ་ནི་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུྃ་ཕཊ། ༀ་ སརྦ་བིད་སརྦ་པཱ་པཾ་བི་ཤོ་དྷ་ནི་ཧཱུྃ་ཕཊ།(རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྒྲེང་སྟེ་རྩེ་མོ་སྦྱར་མཐེ་བོང་དང་ མཐེབ་ཆུང་གཉིས་གཅིག་ལ་གཅིག་ངོས་སྦྱར་ཏེ་ཕན་ཚུན་ཡང་ཡང་དྲུད་ཅིང་སྡིག་སྒྲིབ་ཐམས་ཅད་དང་བྲལ་བར་བསམ།) ༀ་ སརྦ་བིད་ཏྲཊ། ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པ་ཡ་བནྡྷ་ནི་པྲ་མོ་ཀྵ་ཡ་སརྦ་ཨ་པ་ཡ་ག་ཏི་ བྷྱཿསརྦ་སཏྭན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ༀ་བཛྲ་(རྡོ་རྗེ་བསྡམས་པ་དྲལ་ཅིང་།)བྷནྡྷ་ཏྲཊ། (རྡོ་རྗེ་ཁུ་ཚུར་སྙིང་ག་ལ་སོགས་པ་གནས་ཉེར་གཉིས་སུ་བཏུག) ༀ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ ཧཱུྃ།(ཞེས་བྱིན་གྱིས་བརླབས།) ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཨ་དཀར་པོ་དྲི་མ་མེད་པར་གྱུར། (ཞི་བས་བགེགས་སྦྱང་བའི་ཕྱིར་གཏོར་མ་རྟེན་ལ་བསྐོར་ཞིང་།) སརྦ་བིག་ནན། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྣེ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། (ཞི་དྲག་ཕྱེད་མས་ སྦྱང་བའི་ཕྱིར་ཏིང་ལོ་ཆང་བུ་རྟེན་ལ་སྐོར་ཞིང་རྡོ་རྗེ་གསོར་ཏེ།) ༀ་སུམྦྷ་ནི་སུམྦྷ་ཧཱུྃ། གྲིཧྣ་གྲིཧྣ་ཧཱུྃ། གྲིཧྣ་པ་ཡ་ གྲིཧྣ་པ་ཡ་ཧཱུྃ། ཨ་ན་ཡ་ཧོ། བྷ་ག་ཝན་བཛྲ་ཧཱུྃ་ཕཊ། ཚེ་འདས་པ་ཆེ་གེ་མོ་ལ་གསོན་གྱི་དུས་སུ་ ཚེ་ལ་བར་དུ་གཅོད་པར་བྱེད་ཅིང༌། གཤིན་གྱི་དུས་སུ་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པར་ བྱེད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་བརྔན་སྔགས་དང༌། ཏིང་ལོ་འདིས་ 4-1-187 ལམ་སྒྲོན། ཆང་བུ་འདི་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ། དཔག་ཚད་དང་རྒྱང་གྲགས་སུ་མ་ གནས་པར་སོང་ཅིག (དྲག་པོས་སྦྱང་བའི་ཕྱིར།) དེ་ནས་ཁྲོ་བོ་སྤྱན་དྲངས་མཆོད་བསྟོད་སྔར་ལྟར་ བྱས་ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ ཀྱིས་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི་བཀའ་བདེན་པ་ནས་ བདེན་པ་ཡང་དག་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི་བར་དུ་བྱས་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་འདས་པ་ཆེ་གེ་ཞེས་བྱ་བ་ལ་གསོན་གྱི་དུས་སུ་ ཚེ་གནས་པ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་ཡང་སྡིག་པ་སྦྱོང་ཞིང་དབང་བསྐུར་བ་ དང༌། གར་སྐྱེ་གང་དུ་གནས་པའི་ལུས་དང་སྲོག་དང་མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་ པའི་བགེགས་ཀྱི་རིགས་ཐམས་ཅད་དང༌། ཚེ་འདས་པའི་ཆ་བྱད་བཟུང་ནས་ཚེ་འདས་པའི་ཉེ་ འབྲེལ་རྣམས་དང་འཇིག་རྟེན་པ་རྣམས་བསླུ་ཞིང་གནོད་པར་བྱེད་པའི་གནོད་སྦྱིན་དང་ཤ་ཟ་ དང་འབྱུང་པོ་ལ་སོགས་པ་དྲི་ཟ་འཆི་ཁ་མའི་སེམས་ལ་ཉེ་བར་འཇུག་པ་ཞེས་བྱ་བའི་རིགས་ དང༌། དྲི་ཟ་ཁྱབ་བྱེད་ཅེས་པའི་རིགས་དང༌། དྲི་ཟ་པི་ཙ་ན་ཞེས་པའི་རིགས་དང༌། གནོད་སྦྱིན་ སྨྲ་འདོད་ཀྱི་རིགས་དང༌། གནོད་སྦྱིན་ཝརྟི་ན་ཀུན་ཏུ་རྟོགས་འདོད་ཅེས་བྱ་བའི་རིགས་སུ་ གཏོགས་པ་ཐམས་ཅད་རྒྱུད་སྡེ་ཆེན་པོ་དང་མཐུན་པར་བརྔན་པ་བྱིན་ནས་སྦྱང་བ་བྱས་པ་ ཡིན་པས་མ་གནོད་མ་འཚེ་བར་བསམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བགྱིས་ལ་རང་ རང་གི་གནས་སུ་སོང་ཤིག གལ་ཏེ་དེ་ལྟར་མི་བྱེད་པར་གྱུར་ན་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་ འདིས་མགོ་བོ་ཚལ་པ་བརྒྱར་འགས་ཤིང་ལུས་དུམ་བུ་སྟོང་དུ་འགས་པར་བགྱིའོ། །(རོལ་མོ་དྲག་ ཏུ་བྱ་རྟེན་ལ་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་བྲབས།)སུམྦྷ་ནི་བརྗོད་ནས། ༀསརྦ་བིགྣཾ་གཙྪ། སརྦ་ དུཥྚན་གཙྪ། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྙིང་ཁར་ཡི་གེ་པཾ་ནག་པོ་ལ་འདུས། དེ་སྣ་སྒོ་ 4-1-188 ནས་ཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས་ཏིལ་ལ་ཐིམ་པས་གཡས་སུ་ཡེ་ཤེས་ཀྱི་མེ་ལ་ བསྲེགས། གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བར་དམིགས་པ་མཛོད་ཅིག ༀ་སརྦ་པཱ་པཾ་(སྡིག་པ་) ད་ཧ་ན་(བསྲེགས་)བཛྲ་(བཛྲ་)ཡེ་སྭཱཧཱ། (སྐབས་འདིར་རང་གི་སྙིང་གའི་རྩ་རིག་ལས་འོད་འཕྲོས་ངན་སོང་ཐམས་ཅད་ སྦྱངས་སླར་སྙིང་གའི་རྩ་རིག་ལ་ཐིམ་པར་བསམ་ཞིང་། གཞན་ཡང་གསང་སྔགས་བྱིན་རློབས་ཅན་མང་དུ་བཟླས་པའི་སྡིག་པ་ བྱང་།)རྩ་རིག་དང༌། ༀ་སརྦ་པ་པཱཾ་ད་ཧཱ་ན་བཛྲ་ཧཱུྃ་ཕཊ།(ཕྱིར་བཟློག་གི་སྡིག་ནས་སྦྱང་པའི་ཕྱིར་བྱེ་མའམ་ཉུང་ དཀར་ལ་སྔགས་བཏབ་པས་རྟེན་ལ་བྲབ་ཅིང་།) ༀ་སརྦ་(ཐམས་ཅད་)པཱ་པཾ་(སྡིག་པ་)བི་ཤོ་དྷ་ན་(རྣམ་པར་སྦྱོངས་) བཛྲ་ཧཱུྃ་ཕཊ། ༀ་སརྦ་(ཐམས་ཅད་)ཀརྨ་ཨཱ་ཝ་ར་ཎཱ་ནི་བྷསྨི་(སྒྲིབ་པ་ཐལ་བར་མཛོད་)ཀུ་རུ་ཧཱུྃ་ཕཊ༔ ༀ་ བྷྲུཾ་(རྣམ་པར་ཉམས་)བི་ནཱ་ཤ་ཡ་ཨ་(སྒྲིབ་པ་ཐམས་ཅད་ངེས་པར་)ཝ་ར་ཎཱ་ནི་བཛྲ་ཧཱུྃ་ཕཊཿ ༀ་བྷྲུཾ་(རྣམ་པར་ སྦྱོངས་)བི་ཤོ་དྷ་ཡ་ཨཱ་(སྒྲིབ་པ་ངེས་པར་སྦྱོངས་)ཝ་ར་ཎཱ་ནི་ཧཱུྃ་ཕཊ༔ ༀ་ཛྭ་ལ་(འབར་བ་)ཛྭ་ལ་(འབར་བ་)དྷ་ ཀ་དྷ་ཀ་(བསྲེགས་བསྲེགས་)ཧ་ན་(སྣུན་)ཧ་ན་(སྣུན་)ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊཿ ༀ་སྲུཾ་(སོང་སོང་)ས་ར་(རབ་ཏུ་ སོང་)ས་ར་(རབ་ཏུ་སོང་)པྲ་ས་ར་པྲ་ས་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊཿ ༀ་ཧཱུྃ་ཧ་ར་(ཕྲོགས་)ཧ་ར་(ཕྲོགས་ )སརྦ་(ཐམས་ཅད་)ཨཱ་ཝ་(སྒྲིབ་པ་ངེས་པར་)ར་ཎཱ་ནི་ཧཱུྃ་ཕཊཿ ༀ་ཧཱུྃ་ཕཊ་སརྦ་(ཐམས་ཅད་)ཨཱ་ཝ་ར་ཎཱ་ (སྒྲིབ་པ་)ནི་བི་སྥོ་(ངེས་པར་རྣམ་པར་ཁྲོལ་)ཊ་ཡ་ཧཱུྃ་ཕཊཿ ༀ་བྲི་ཏ་(ཐོར་)བྲི་ཏ་(ཐོར་)སརྦ་(ཐམས་ཅད་)ཨཱ་ ཝ་ར་ཎ་(རྣམ་པར་ངེས་པར་)ནི་ཧཱུྃ་ཕཊ༔ ༀ་ཏྲ་ཊ་(བྲལ་)ཏྲ་ཊ་(བྲལ་)སརྦ་ཨཱ་ཝ་ཎཱ་ནི་ཧཱུྃ་ཕཊཿ ༀ་ཙྪིནྡྷ་ (ཆོད་)ཙྪིནྡྷ་(ཆོད་)སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊཿ ༀ་ད་ཧ་(བསྲེགས་)ད་ཧ་(བསྲེགས་)སརྦ་(ཐམས་ཅད་)ན་ར་ ཀ་ག་ཏེ་ཧེ་(དམྱལ་བར་འགྲོ་བའི་རྒྱུ་)ཏུཾ་ཧཱུྃ་ཕཊཿ ༀ་པ་ཙ་(ཚོས་)པ་ཙ་(ཚོས་)སརྦ་(ཐམས་ཅད་)པྲེ་ཏ་ཀ་(ཡི་ དྭགས་སུ་འགྲོ་བའི་རྒྱུ་)ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ༀ་མ་ཐ་(ཐུལ་)མ་ཐ་(ཐུལ་)སརྦ་(ཐམས་ཅད་)ཏིརྱ་ཀ་(དུད་འགྲོར་ འགྲོ་བའི་རྒྱུ་)ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། (གོས་ཟུང་ཕྲག་པར་བཀལ། མེ་ལོང་ལ་རས་བྲིས་སོགས་ཀྱི་གཟུགས་བརྙན་ཤར་བ་ལ་ ལས་བུམ་ནས་བླུག་ཅིང་།) ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་ 4-1-189 དང་ལྡན། །ཐུགས་རྗེའི་ཆུ་ནི་དྲི་མ་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་ གྲུབ་སྩོལ་བར་མཛོད། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་ པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། (གོས་ཟུང་གིས་སྐུ་ཕྱི་ཞིང་།) དེ་ དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ༀ་ཧཱུྃ་ཏྲཾ་ཧྲཱི་ཨཿ ཀ་ཡ་བི་ཤོ་དྷ་ནི་སྭཱཧཱ། (ལྷ་བུམ་ནས་ཆུས་ཅུང་ཟད་དང་ཁྲུས་ཆུ་དེ་སླར་བུམ་པར་བླུག་སྟེ་ལུས་པོའམ་རོ་ལ་དངོས་སུ་མིང་ བྱང་ལ་ནུབ་དང་པོ་རྣམས་ལ་མེ་ལོང་ལ་གཟུགས་བརྙན་ཤར་བ་དང་ནུབ་ཐ་མ་ལ་དངོས་སུ་བཀྲུས་ཤིང་།) འདི་ནི་སྦྱིན་ པའི་རང་བཞིན་ཆུ། །སེར་སྣའི་དྲི་ལ་སྦྱོང་མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །རྩ་རིག་བཟླས་ནས། ཚེ་འདས་ཆེ་གེ་མོ་ལ་སོགས་ པའི་སེམས་ཅན་ཐམས་ཅད་ཀྱི་སེར་སྣའི་དྲི་མ་ཐམས་ཅད་དག་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པའི་ཡོན་ཏན་ཐམས་ཅད་རྫོགས་པར་གྱུར་ཅིག །དེ་བཞིན་དུ་ཚུལ་ཁྲིམས། བཟོད་པ། བརྩོན་ འགྲུས། བསམ་གཏན། ཤེས་རབ། ཞེས་དང༌། ཁྲིམས་འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ་ཞེས་འདོན་པ་བསྒྱུར་ཞིང༌། མཐར། ཆུ་བོ་དྲུག་གི་ཁྲུས་བྱས་པས། །བག་ཆགས་ རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བ། །ཁྲུས་ལེགས་མཛད་ལ་ཕྱག་འཚལ་ འདུད། །དྲི་ཆུ་དྲུག་གི་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་ དྲུག་ལྡན་པ། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམས་དྲུག་དག་པ་ཡིས། །ཡོན་ ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་མཆོད་དོན་དུ། །དད་པ་བདག་གིས་ ཁྲུས་བགྱིའོ། །ཚེ་འདས་པ་ཆེ་གེ་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་ལམ་ཕ་རོལ་ཏུ་ཕྱིན་ པ་དྲུག་གི་མི་མཐུན་ཕྱོགས་ལ་སོགས་པའི་དྲི་མ་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ ཐམས་ཅད་རྫོགས་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་ 4-1-190 རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་ བཅོམ་མོ། །རྐང་པ་གཉིས་པ་འདྲེ་བར་བྱ་བས། སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ ཆོས་བདེན་པས་དུག་བཅོམ་མོ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་ བདེན་པས་དུག་བཅོམ་མོ། །དཀོན་མཆོག་གསུམ་གྱི་བདེན་པས་བྱིན་བརླབས་ཀྱིས་ཆེ་གེ་ལ་ སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པའི་དུག་ཐམས་ཅད་བྱང་བར་ གྱུར་ཅིག །(རྩ་རིག་)ས་ནི་(སངས་རྒྱས་སྤྱན་མ་)དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང༌། །དེ་བཞིན་དུ་ཆུ།(མ་ མ་ཀི།) མེ།(གོས་དཀར་མོ།) རླུང་(དམ་ཚིག་སྒྲོལ་མ་)ལ་སྦྱར་ཏེ་རྩ་རིག་བརྗོད་ནས། ཚེ་འདས་ཆེ་གེ་ལ་ སོགས་པ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་ལྔ་དུག་གསུམ་ལ་སོགས་པའི་སྡིག་ སྒྲིབ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱི་འབྱུང་བ་ལྔའི་ནང་དུ་ཞི་ བར་གྱུར་ཅིག འབྱུང་བའི་བག་ལ་ཞ་བར་གྱུར་ཅིག འབྱུང་བའི་བག་ལ་ཞ་བར་གྱུར་ཅིག (གསོན་གཤིན་ཐམས་ཅད་བཀྲ་ཤིས་པའི་ཕྱིར་མེ་ཏོག་དང་ཀུ་ཤས་བུམ་ཆུ་འཐོར་ཞིང་།) གང་ལ་སེར་སྣ་རྣམ་ཆགས་ པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། ། ཐུགས་ཞི་གནོད་པ་མི་མངའ་དེས། །ཁྱེད་ལ་བདེ་ ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་ལ་འཛུད་ མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་ མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཞེས་སོགས་བསྒྲེའོ། །སྐྱོབ་པ་ གང་ཞིག་བྱམས་པ་ཡིས། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་ བརྐྱངས་དེས། །ཁྱེད་ལ༴ བདག་གི་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་ གྱུར་ཅིག །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴ གང་ཞིག་ཆོས་རྣམས་མངོན་སུམ་ 4-1-191 གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུང་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་གྲུབ་ ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ གང་གི་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་ རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ བྱང་ཆུབ་སྙིང་པོར་ གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ཞིང༌། །ཐུབ་ པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ ཆོས་ཀྱིས་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ སངས་རྒྱས་ ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷ་བཅས་བདེ་ལེགས་དང༌། །འབྱུང་པོ་ཀུན་གྱི་བདེ་ ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་ རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ ཅག་ལམ་འགྲོ་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་ལེགས་གྱུར། །ཉིན་མོ་བདེ་ལེགས་ མཚན་བདེ་ལེགས། །ཉི་མའི་གུང་ལའང་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་ཏུ་བདེ་ལེགས་ ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །སངས་རྒྱས་ལྷ་ནི་སྟོང་རྣམས་ཀྱིས། །ཡོངས་སུ་ བསྐོར་ཏེ་གཤེགས་མཛད་ཀྱིས། །སྡང་སེམས་ཅན་རྣམས་བྱེད་གྱུར་ཅིག །སྙིང་རྗེའི་བདག་ ཉིད་ཅན་རྣམས་འཁོད། །སངས་རྒྱས་རང་སངས་རྒྱས་རྣམས་དང༌། །དགྲ་བཅོམ་སློབ་པའི་ བདེན་ཚིག་གིས། །འཇིག་རྟེན་མི་ཕན་བྱེད་པ་རྣམས། །གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ ཞིག་ལྡན་གྱུར་ཅིག །ཐམས་ཅད་ནས་ནི་མེད་པ་དང༌། །ཀུན་གྱིས་བཟང་པོར་མཐོང་བར་ 4-1-192 ཤོག །གང་ཡང་སྡིག་པར་མ་གྱུར་ཅིག །འབྱུང་པོ་གང་དག་འདིར་ན་ལྷགས་གྱུར་ཏེ། །ས་འམ་ འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་ཀུན་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་ དུ་ཆོས་ལ་སྤྱོད་གྱུར་ཅིག །ཚེ་འདས་པ་ཆེ་གེས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་སྡིག་པ་ དང་སྤང་བྱ་མི་མཐུན་པའི་ཚོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །གཙོ་བོ་རྒྱལ་བ་འགྲོ་ བའི་མགོན། །(བུམ་སོགས་མིང་བྱང་འཛིན་པས་ཕྱག་བྱེད་དུ་བཅུག་ལ། ཚེ་འདས་ཉིད་རྗེས་བཟློས་དང་ཕྱག་བྱེད་པར་ བསམས་ཏེ།) འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་ མཛད་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡངས། །དེ་བཞིན་བདག་ནི་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །(བྱང་ཅུབ་སེམས་ དཔའི་སྤྱོད་འཇུག་་གི་སྨོན་ལམ་ལས་འབྱུང་བ་ལྟར་བྱ་བ་ཡིན།)འཇམ་དཔལ་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་ གཟིགས་མགོན་དེ་ལ་ཡང༌། །ཉམས་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་སྐྱབས་ སུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་ བདག་ཉིད་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་ གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་ རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །རྩ་བ་ དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཁྱད་པར་དུ་ཡང་བཅོམ་ལྡན་འདས་ཀུན་རིག་གི་དཀྱིལ་འཁོར་ཆེན་པོ་དང༌། སྐྱབས་དཀོན་ མཆོག་རིན་པོ་ཆེ་གསུམ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཚོགས། བྱང་སེམས་ཉེ་བའི་ 4-1-193 སྲས་བརྒྱད་དང་བཅས་པ་ཕྱག་འོས་ཀུན་ལ་ཚེ་འདས་པ་ཆེ་གེ་ལ་སོགས་པའི་སེམས་ཅན་ ཐམས་ཅད་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་སྦྱང་དུ་གསོལ། དབང་བསྐུར་དུ་ གསོལ། ལམ་བསྟན་དུ་གསོལ། མྱུར་དུ་སངས་རྒྱ་བར་མཛད་དུ་གསོལ།(ཞེས་བྲབ་པ་བཀྲུ་བ་སྐྱབས་ འགྲོ་གསུམ་གྱི་སྒོ་ནས་ཕྱིར་བཟློག་གི་སྡིག་པ་སྦྱངས་) ཆེ་(དབང་བསྐུར་བས་སྡིག་པ་སྦྱངས་བའི་ཕྱིར་དེ་མདུན་ན་ཡོད་པར་ བསམ།)གེ་མོ་ཞེས་བྱ་བ་ཁྱོད་ད་ལྟ་ཕལ་ཆེར་བར་དོ་ན་ཡོད་པས་བར་དོ་ལ་བར་དོར་ཤེས་པ་ བྱེད་དགོས། བར་དོ་ན་ཡོད་པའི་རྒྱུ་མཚན་ཡང༌། དེ་ནི་འཕེན་པ་གཅིག་པའི་ཕྱིར། །འབྱུང་ འགྱུར་སྔོན་དུས་སྲིད་དབྱིབས་ཅན། །རིགས་མཐུན་ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་ འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོག་མེད་ལྡན། །མི་བཟློག་དེ་ནི་དྲི་ཟའོ། །ཞེས་ གསུངས་པའི་དོན་ཁྱེད་ལ་ཚང་ནས་བདོག་སྟེ། གང་དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་ སུ་ཡོད་ཅིང་བར་དོ་རིག་མཐུན་དང་ལྷ་མིག་དག་པ་དང་ལྡན་པས་མཐོང་གི། སྔར་གྱི་རང་ དང་སྐལ་བ་མཉམ་པའི་ཉེ་དུ་ལ་སོགས་ཕར་མཐོང་ཡང་ཚུར་མི་མཐོང་བ་དང༌། སྔར་རྫུ་ འཕྲུལ་དང་མི་ལྡན་པ་ལ་ད་ལྟ་ལས་ཀྱི་ཐོབ་པའི་རྫུ་འཕྲུལ་དང་མངོན་ཤེས་དང་ལྡན་པ་དང༌། ཡོན་ཏན་དང་བྱིན་བརླབས་དང་ལས་ཀྱི་ཆེ་བའི་རྡོ་རྗེ་གདན་དང་། དེ་བཞིན་གཤེགས་པའི་སྐུ་ དང༌། སྐྱེ་གནས་མ་གཏོགས་པའི་ས་རྡོ་རི་བྲག་ལ་སོགས་ཐོགས་བཅས་ཀྱི་དངོས་པོ་ཐམས་ ཅད་ལ་ཐོག་མེད་དུ་འཇུག་པ་དང༌། བྱེ་བྲག་ཏུ་སྨྲ་བ་ལྟར་ན་གང་དུ་སྐྱེ་བར་འགྱུར་བའི་བར་ དོ་གྲུབ་ན་དེ་ལས་མི་ལྡོ ག་པར་འདོད་ཀྱང༌། མདོ་སྡེ་པ་ཡན་ཆད་ལྟར་ན་ཅི་སྟེ་ན་བཟློག་གོ་ ཞེས་འདོད་པས། འགྲོ་བ་གཞན་གྱི་བར་དོར་བཟློག་སྲིད་པས་བར་དོའི་སྐབས་སུ་དགེ་བ་ སྟོབས་ཆེ་བ་ལགས། ཡིད་ལས་བྱུང་དང་སྲིད་འཚོལ་དང༌། །དྲི་ཟ་སྲིད་པ་བར་མ་དང༌། །འགྲུབ་པའོ་ཞེས་པ་ལྟར་ཡིད་ཙམ་ལས་འབྱུང་ཞིང་སྐྱེ་སྲིད་འཚོལ་བ་དང༌། ཟས་སུ་དྲི་ཟ་བ་ དང༌། འཆི་སྲིད་དང་སྐྱེ་སྲིད་ཀྱི་བར་གྱི་སྲིད་པ་ཡིན་པས་བར་དོ་ན་ཡོད་པ་ལགས། གཞན་ 4-1-194 ཡང་ལུས་ལ་གྲིབ་མ་མེད་པ་དང༌། ཡུད་ཙམ་གྱི་མང་དུ་འཁོར་བ་དང༌། ཉི་ཟླ་གཟའ་སྐར་གྱི་ སྣང་བ་མེད་ཅིང་ལྷན་ཅིག་སྐྱེས་པའི་ལྷ་འདྲེས་དགེ་སྡིག་བརྩི་བ་དང༌། ཟས་མཐོང་ཡང་མ་ བསྔོས་པར་བཟའ་བར་མི་དབང་བ་ལ་སོགས་པ་བར་དོའི་རྟགས་རྣམས་ཚང་བར་ཡོད་པས་ བར་དོ་ཤེས་པར་གྱིས་ལ་དྲན་པས་ཟིན་པ་མཛོད་ཅིག གཞན་ཡང་གནས་དང་རྟེན་པ་དང་ སྤྱོད་ལམ་དང་ཁ་ཟས་དང་གྲོགས་དང༌། ཡིད་ལུས་ལ་ངེས་པ་ལ་སོགས་པ་མ་ངེས་པའི་རྟག་ དྲུག་འཆར་བས་ཡིད་དུ་འོང་བ་ལ་ཆགས་པ་དང༌། མི་འོང་བ་ལ་སྡང་བ་མ་བྱུང་བ་མཛད་ འཚལ། གཞན་ཡང་རླུང་བཞིའི་རང་གཟུགས་འཇིགས་པའི་སྒྲ་བཞི་འབྱུང་སྟེ། རི་ཉིལ་བའི་ སྒྲ་དང༌། ནགས་ཚལ་ཚིགས་པའི་སྒྲ་དང༌། རྒྱ་མཚོ་འཆོལ་བའི་སྒྲ་དང༌། དུས་ཀྱི་རླུང་ཆེན་པོ་ སྒྲ་ལྟ་བུ་འབྱུང་བ་དང༌། གཞན་ཡང་འཇིགས་པའི་སྣང་བ་ཡ་ང་བའི་གནས་དཀར་བ་དང་ དམར་བ་དང་གནག་པའི་གཡང་ཆེན་པོ་ལ་ལྷུང་ལ་ཁད་པའི་འཇིགས་སྐྲག་བྱུང་ཀྱང་བར་དོ་ ན་ཤ་ཁྲག་གི་ལུས་ནི་མེད། ཅི་སྣང་སེམས་ལས་ལོགས་སུ་ནི་གྲུབ་པ་མེད་ཅིང༌། འཇིགས་ སྣང་ཐམས་ཅད་རྨི་ལམ་དང་འདྲ་བ་འཁྲུལ་བའི་སྣང་བ་ཡིན་པས་ངོ་ཤེས་པར་མཛོད་ལ་ཁ་ཕྱི་ བལྟས་ཀྱི་རྟོག་པའི་རྗེས་སུ་མ་ཤོར་བར་ཡི་དམ་གྱི་ལྷ་དང་བླ་མའི་འདམས་ངག་དྲན་པར་ མཛོད་ཅིག བར་དོ་བཟང་ངན་ཡང༌། ཕྱ་ར་ནག་པོའི་མུན་ནག་གི་སྣང་བ་ཤར་ན་མི་དགེ་བའི་ བར་དོ། སྣམ་བུ་དཀར་པོའམ་ཟླ་བའི་འོད་དང་བཅས་པ་ལྟ་བུའི་སྣང་བ་ཤར་ན་དགེ་བའི་ བར་དོ་གསུངས་ཤིང༌། ཚེ་ཚད་ནི། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་ པར་གནས། །ཞེས་གསུངས་པ་ལྟར་ལགས། དེ་ན་གནས་པ་ན་ཡང་ལ་སོགས་གོ་ཞེས་ གསུངས་པས་བར་དོ་ན་དགེ་སྡིག་གི་ལ་སོགས་པ་ཡོད་ལ། ལས་ཀྱི་དབང་གིས་འཁོར་བ་ ངན་སོང་གང་དུ་སྐྱེས་པ་དང་། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད་ ཅེས་གསུངས་པ་ལྟར་བདེ་བའི་གོ་སྐབས་གཅིག་ཀྱང་མེད་པས་སྡུག་བསྔལ་ཅན་གྱི་འཁོར་བ་ 4-1-195 འདི་ལས་ཐར་བའི་རྣམ་གྲོལ་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་དུས་ལན་རང༌་་འགྱིད་ འཚལ་ཞིང༌། བར་དོའི་ཤེས་པ་སྨིན་སླ་བས་མ་ཡེངས་པ་མཛོད། བླ་མ་དང་དཀོན་མཆོག་ གསུམ་ལ་བློ་གཏད་ནས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཞུས་ལ་ བར་དོར་མཆོག་བསྒྲུབ་པར་བྱ་སྙམ་པའི་སྒོ་ནས་མཎྜལ་འབུལ་བའི་དམིགས་པ་མཛོད་ཅིག ༀ་བཛྲ་བྷུ་མི་ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ལྕགས་རི་འཁོར་ ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ།(གིས་བར་ཆད་བསྲུང་ཞིང་)རིའི་རྒྱལ་པོ་རི་རབ། ཤར་ལུས་ འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་ མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ནི་བླ་མ་དང་ཀུན་རིག་གི་ལྷ་ ཚོགས་ལ་བདག་ཉིད་འཇུག་ཅིང་དབང་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །གསོལ་བ་ འདེབས་པ་འདིའི་རྗེས་བཟློས་མཛོད་ཅིག (ཅེས་བྱས་ལ་བྱེད་པར་བསམ་སྟེ།) དགའ་ཆེན་ཁྱོད་བདག་ སྟོན་པ་སྟེ། །སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། བྱང་ཆུབ་སེམས་ཀྱང་ བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་ སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །འདི་ གསན་པས་ཁྱབ་པར་གདའ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་སུ། །ཤིན་ཏུ་ བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་ གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །དེ་ཉན་པར་གདམས་པ་ལགས། ད་རྒྱུན་བཤགས་ སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་བཟུང་སྙམ་པའི་སྒོ་ནས་རྗེས་བཟློས་མཛོད་ཅིག (འདི་རྡོ་རྗེ་འབྱུང་བ་ནས་བཤད།) དབང་མེད་བདག་གི་མི་དགེ་བགྱིས་པ་དང༌། །ཞེས་པ་ནས། ཁྱད་ འཕགས་གནས་ལ་བདག་གིས་གནས་པར་བགྱིས། །ཞེས་པའི་བར་གོང་བཞིན་ནོ། །(རིགས་ 4-1-196 ལྔའི་སྡོམ་བཟུང་བྱེད་པར་སྤྲོ་ན་ཚོགས་ཞིང་གི་སྐབས་བཞིན་བྱ།) ཡང་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཕྱིར་འདི་སྐད་གསུངས་ཤིག ས་མ་ཡ་ཨཱ། ཁྱེད་ རང་གི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གཅིག་བསྒོམས་མཛོད། ༀསུ་ར་སྟེ་ ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ནས་སྐུ་གསུང་ ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརློབ་པ་ནི། ༀ་བྲི་ཏ་བྲི་ཏ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཙྪིནྡྷ་ཙྪིནྡྷ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། གནས་ཉི་ཤུ་ རྩ་གཉིས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་རློབ་པ་ནི། ༀ་སརྦ་བིད་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ ཡེ་ཧཱུྃ། སྨོན་ལམ་གདབ་པ་འདི་ཡི་རྗེས་བཟློས་མཛོད་ཅིག བདག་གིས་དགེ་བའི་ལས་རྣམས་ འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་ བྱེད་ཅིང༌། །སེམས་ཅན་སྡུག་བསྔལ་མང་གཟིར་མྱུར་སྒྲོལ་ཤོག །ཟབ་མོ་ཆོས་བཤད་པ་འདི་ གསན་པས་ཁྱབ་པར་གདའ། དེ་ཡང་རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དུ་ནི་ཀུན་ མཁྱེན་དག །ཅེས་པ་ནས་དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པའི་བར་གོང་བཞིན་ ནོ། །དེས་ཟབ་མོ་ཆོས་བཤད་པ་ཐལ། ད་དབང་བསྐུར་བ་ལ་བར་དུ་གཅོད་པ་རྣམས་བསྲུང་ བར་མོས་པ་མཛོད་ཅིག ༀ་(ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ་)བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཪྐ་མ་ཧཱ་ བཛྲ་ཀྲོ་དྷ་ཏྲ་བ་ཏྲ་བ་བི་ཏྲ་བ་བི་ཏྲ་བ། སརྦ་ཨ་པཱ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ཎན་ཧཱུྃ་ཕཊ། ཀུན་རིག་གི་དཀྱིལ་འཁོར་མ་མཐོང་བའི་བརྡར་གདོང་གཡོགས་བཅིང་བའི་མོས་པ་མཛོད་ ཅིག (རྟེན་ལ་མིག་དར་གཡོག་ཅིང་།) ༀ་ཙཀྵུར་བན་དྷ་ཝ་ར་མ་ཎ་ཡ་ཧཱུྃ། རིགས་ཀྱིས་ལྷ་དང་དངོས་ གྲུབ་ཀྱི་མཚན་མ་ཤེས་པའི་ཕྱིར་དང་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་མེ་ཏོག་ཕྲེང་བ་འདི་ བཟུང་ཅིག (མེ་ཏོག་ཕྲེང་བ་གཏད་ལ།) ༀ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། (དཀྱིལ་འཁོར་གྱི་ཤར་སྒོར་)ཁྱོད་རང་རྡོར་ 4-1-197 སེམས་སུ་བསྒོམས་ལ་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་ཕྱིར་འདི་སྐད་གསུངས་ཤིག ༀ་ བཛྲ་ས་མ་ཡ་ཧཱུྃ། དེ་སྐད་བརྗོད་པས་དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་(རྡོ་རྗེ་ལྕགས་ཀྱུས་ནང་དུ་ ཁྲིད་)ཏེ། གཙོ་བོའི་དྲུང་དུ་ཕྱིན་ཅིང་ཤར་གྱི་སྒོར་ལྷ་(མི་སྤྱོད་པ་རྣམ་པར་དག་)སྣམ་ལ་གནས་པར་ མོས་པ་མཛོད་ལ་གསོལ་བ་འདེབས་པ་འདིའི་ཡང་རྗེས་བཟློས་མཛོད་ཅིག དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་ གསོལ། དེ་ལྟར་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ ཡེ་ཤེས་ཧཱུྃ་གི་རྣམ་(གསང་སྔགས་པ་རྣམ་པ་ལམ་དུ་བྱེད་པས་)པས་ཆར་བཞིན་བབས་(ཁྱེད་རང་གི་ལུས་ངག་ ཡིད་གསུམ་ལ་ཐིམ་པ་)པས་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་ དུ་གྱུར་པས་མོས་པ་མཛོད་ཅིག (རོལ་མོ་དྲག་ཏུ་བྱ་གུ་གུལ་གྱི་དུད་པ་བདུག་)ༀ་བཛྲ་པྲ་བེ་ཤ་ཡ་ཧཱུྃ།(ཅེས་ མང་དུ་བཟླ།) ཡེ་ཤེས་པ་དེ་ཉིད་བརྟན་པར་བྱས་སྙམ་དུ་མོས་པ་མཛོད་ཅིང༌། ཨ་ས་མེ། ཏྲི་ས་མེ། མ་ཧཱ་ས་མ་ཡེ་ཧཱུྃ། ཡི་དམ་གྱི་ལྷ་ཐམས་ཅད་ཡེ་ཤེས་ཀྱི་སྣང་བ་ཅིག་ལས་གྲུབ་པས་བཟང་ངན་ ཁྱད་པར་མེད་དོ། །འོན་ཀྱང་རང་གི་ལས་བསགས་པའི་ཡི་དམ་གྱི་ལྷ་གཅིག་ལ་མེ་ཏོག་གི་ འཕྲེང་བ་འདི་འབབ་པར་གྱུར་ཅིག་སྙམ་དུ་མོས་པ་གྱིས་ལ་རྗེས་བཟློས་མཛོད་ཅིག སངས་ རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་བརྩེར་དགོངས་ནས་ཀྱང༌། །འགྲོ་ལ་ཕན་ ཕྱིར་གཙོ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞེས་སུ་གསོལ། །(ཅེས་པས་དཀྱིལ་འཁོར་ལ་མེ་ཏོག་ དོར།)ༀ་པྲ་ཏིཙྪ་བཛྲ་ས་མ་ཡེ་སྟྭཾ། མེ་ཏོག་རྡོ་རྗེ་སེམས་དཔའི་དབུ་ལ་ཕོག་པ་སླར་དེ་ཉིད་ཀྱིས་ དངོས་གྲུབ་ཀྱི་ཚུལ་དུ་སྣང་བར་མོས་པ་མཛོད། (བརྗོད་ལ་མེ་ཏོག་མགོ་ལ་བཅིང་)ༀ་པྲ་ཏི་གྲིཧྣ་ཧཱུྃ། རྡོ་ རྗེ་སེམས་དཔས་མ་རིག་པའི་ལིང་ཏོག་དང་གདོང་གཡོགས་ལྷན་ཅིག་ཏུ་གསལ་བར་མོས་པ་ མཛོད་ཅིག (གདོང་གཡོགས་གསལ།)ༀ་བཛྲ་ཧ་སྱ་ཨུད་གྷ་ཊ་ཡ་ཧཱུྃ། ད་དཀྱིལ་འཁོར་བསྟན་པ་ནི། (དཀྱིལ་འཁོར་བརྟེན་)ༀ་བཛྲ་པཱ་ཤྱ་ཧོ། འདི་ན་ཀུན་རིག་རྩ་བའི་དཀྱིལ་འཁོར་གཞལ་ཡས་ཁང་གྲུ་ 4-1-198 བཞི་སྒོ་བཞི་རྟ་བབས་དང་བཅས་པ། དེའི་ནང་སྒོའི་ཁྱམས་ན་མགྲོན་ཐབས་ཀྱི་ལྷ་དྲུག་ཅུ་ དེའི་ཡང་ནང་ན་རྩ་བའི་ལྷ་སུམ་ཅུ་རྩ་བདུན་བཞུགས་པའི་རྟེན་དང་བརྟེན་པར་བཅས་པའི་ དཀྱིལ་འཁོར་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག དེས་དཀྱིལ་འཁོར་བསྟན་པ་ ཐལ། ད་དམ་ཚིག་དང་སྡོམ་པ་བསྐྱེད་པར་ཡང་མོས་པ་མཛོད་ཅིག ༀ་བཛྲ་ས་མ་ཡ་ཧཱུྃ་ཕཊ། དེ་ཉིད་བརྟན་པར་བྱེད་པ་ནི། ༀ་བཛྲ་ས་མ་ཡ་ཧྲི་ད་ཡཱ་མེ་པྲ་བེ་ཤཱ་ཡ་ཌི་ཌྷ་ཏིཥྛ་ཧཱུྃ། དེས་དམ་ ཚིག་བརྟན་པར་བྱས་པ་ལགས། ད་དམ་ཚིག་བསྒྲག་པས་གསོན་ཅིག (བུམ་ཆུ་གཏོར་ལ།) འདི་ནི་ ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་པ་ནས་ཤིན་ཏུ་མོས་པས་བསྲུང་བར་བྱ། །ཞེས་པའི་བར་གོང་ བཞིན་ནོ། །དེས་དམ་ཚིག་བསྒྲག་པ་ཐལ། ད་སྡོམ་པ་སྦྱིན་པ་ལྔ་གསན་པར་ཞུ། ཁྱོད་ཀྱི་སྲོག་ ཆགས་བསད་མི་བྱ། །ཞེས་པ་ནས། བདག་གིས་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པའི་བར་གོང་བཞིན་ནོ། །དེ་རྣམས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ ལགས། ད་དངོས་གཞི་དབང་བསྐུར་བ་ལས་སརྦ་བིད་ཀྱིས་ཇི་ལྟར་དབང་བསྐུར་བ་ཞེས་ གསུངས་པ་བཞིན་དང་པོ་སྔགས་ཀྱིས་དབང་བསྐུར་བས་ཁྱེད་རང་དང་བླ་མ་ཀུན་རིག་ཏུ་ སྒོམས་ལ་དབང་བསྐུར་བའི་མོས་པ་མཛོད་ཅིག (བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ་སོགས་) རྩ་རིག་དང༌། ༀ་སརྦ་བིད་སརྦ་ཨཱ་ཝ་ར་ཎཱ་བི་ཤོ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ༀ་སརྦ་བིད་ཧཱུྃ། ༀ་སརྦ་བིད་ཕཊ། ༀ་ སརྦ་བིད་ཨ། ༀ་སརྦ་བིད་ཏྲད། ༀ་སརྦ་བིད་ༀ། ༀ་སརྦ་བིད་སྭ། ༀ་སརྦ་བིད་ཨ། ༀ་སརྦ་ བིད་ཧཱུྃ། ༀ་སརྦ་བིད་ཏྲཊ། ༀ་ཤ། ༀ་བྷ། ད་བུམ་པའི་དབང་བསྐུར་བས་ཁྱེད་རང་སྦྱོང་བའི་ རྒྱལ་པོར་མོས་པ་མཛོད་ཅིག (བུམ་པ་རྟེན་གྱི་མགོ་ཐོག་བཞག་ལ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ ལ་བུམ་པའི་དབང་བསྐུར་བས་ལས་དང་ཉོན་མོངས་པའི་སྒྲིབ་པ་དག་ནས་བྱང་ཆུབ་སེམས་ ཀྱི་རླན་གྱིས་བརླན་པའི་དབང་དང་ལྡན་པར་གྱུར་ཅིག རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་ 4-1-199 པ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ལས་དང་ཉོན་མོངས་སྒྲིབ་པ་ དག་གྱུར་ཏེ། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ༀ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ ༀ། ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ཀ་ལ་ཤ་ཨ་བྷི་ ཥིཉྩ་ཧྲིཿ ༀ་ཀརྨཱ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ། དེས་མི་བསྐྱོད་པ་ཆུའི་དབང་ངོ༌། །ད་དབུ་རྒྱན་གྱི་ དབང་བསྐུར་བས་ཁྱེད་རང་རྒྱལ་མཆོག་རིན་ཆེན་དུ་མོས་པ་མཛོད་ཅིག (ཅོད་པན་ཐོགས་ཏེ།) རྡོ་ རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས། རིགས་ ལྔའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཏོགས་ཤིང་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག དེ་ བཞིན་གཤེགས་པའི་དབུ་རྒྱན་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱེད་ལ་དབང་བསྐུར་ བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་ པར་ཤོག །(རིགས་ལྔའི་དབུ་རྒྱན་བཀོན།) ༀ་བུདྡྷ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་ ཧཱུྃ། ༀ་རཏྣ་མུ་ཀུ་ཏྲཾ་ཨ་བྷི་ཉིཉྩ་ཏྲཾ། ༀ་པདྨ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་མུ་ཀུ་ཏྲཾ་ཨ་བྷི་ཥིཉྩ་ ཨ། (མེ་ཏོག་ཕྲེང་བའི་ཙཀྐ་ལི་ཐོགས་ཏེ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིན་པོ་ཆེའི་ཕྲེང་བའི་ དབང་བསྐུར་བས་བསམ་པ་མྱ་ངན་ལས་འདས་ཀྱང་སྦྱོར་བ་ཁམས་གསུམ་ན་འགྲོ་བའི་དོན་ བྱེད་པ་ལ་མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག རིན་ཆེན་མཛེས་ པའི་མེ་ཏོག་ཕྲེང་བ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བསམ་པ་མྱང་ འདས་སྦྱོར་བ་ཕུན་སུམ་ཚོགས། །མཛེས་པའི་ཡོན་ཏན་ཕུན་སུམ་ཚོགས་གྱུར་ཅིག །(རིན་པོ་ ཆེའི་ཙཀ་ལི་བཀོན།) ༀ་རཏྣ་མ་ལ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ། (དར་གྱི་ཅོད་པན་གྱི་ཙཀ་ལི་ཐོགས་ལ།) རྡོ་རྗེ་སློབ་ དཔོན་ངས་སློབ་མ་ཁྱོད་ལ་དར་གྱི་ཅོད་པན་གྱིས་དབང་བསྐུར་བས་ཤེས་བྱ་ཀུན་ལ་ཐོགས་ པ་མེད་པ་དང་སེམས་ཅན་གྱི་དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་དང་ལྡན་པར་ གྱུར་ཅིག མཛེས་ཤིང་ཡིད་འོང་དར་གྱི་ཅོད་པན་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་ 4-1-200 བསྐུར་བས། །ཤེས་བྱ་ཀུན་ལ་ཐོག་པ་མེད་པ་དང༌། །འགྲོ་བའི་དོན་ལ་མཐུ་དང་དབང་ཐོབ་ ཤོག །(ཙཀ་ལི་བཀོན།) ༀ་བཛྲ་པཊྚ་ཨ་བ་ལཾ་བྷ་ན་ཨ་བྷི་ཥིཉྩ་(དེ་གསུམ་ཅོད་པཎ་གྱི་དབང་ཡིན།)ཏྲཾ། དེས་ རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བ་ཐལ། ད་ཕྱག་མཚན་གྱི་དབང་བསྐུར་བས་ ཁྱེད་རང་ཤཱཀྱ་རི་དབང་དུ་མོས་པ་མཛོད་ཅིག (རིགས་ལྔའི་ཕྱག་མཚན་གྱི་ཙཀ་ལི་ཐོགས་ཏེ།) རྡོ་རྗེ་སློབ་ དཔོན་ངས་སློབ་མ་ཁྱོད་ལ་རིགས་ལྔའི་ཕྱག་རྒྱས་དབང་བསྐུར་བས། རིགས་ལྔའི་ཡེ་ཤེས་ ལྔའི་དབང་ཐོབ་པར་གྱུར་ཅིག རིགས་ལྔའི་ཕྱག་རྒྱ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་ བུ་ཁྱོད་ལ་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཏེ། །ཡེ་ཤེས་ལྔ་ནི་ མྱུར་དུ་རྟོགས་པར་ཤོག །(ཙཀ་ལི་བཀོན།) ༀ་བུདྡྷ་མུ་དྲ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་མུ་དྲ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་མུ་དྲ་ཨ་བྷི་ཥིཉྩ་ཧྲཱིཿ། ༀ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨ། དེས་འོད་དཔག་མེད་རྡོ་རྗེའི་དབང་གི་དོད་དུ་གྱུར་པའི་ཕྱག་མཚན་གྱིས་དབང་བསྐུར་བ་ ཐལ། ད་མིང་གིས་དབང་བསྐུར་བས་ཁྱེད་རང་རྣམ་པར་སྣང་མཛད་དུ་མོས་པ་མཛོད་ཅིག (རྡོར་དྲིལ་ཐོགས་ཏེ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་མིང་གིས་དབང་བསྐུར་བས་མ་འོངས་ པའི་དུས་ན་སངས་རྒྱས་ཀྱི་མཚན་ངེས་པ་ཅན་རྟོགས་ཤིང་ཐོབ་པའི་དབང་དང་ལྡན་པར་གྱུར་ ཅིག །ཀུན་རྫོབ་མཚན་ཉིད་མཚོན་པ་མིང་གི་དབང༌། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་ བསྐུར་བས། །མ་འོངས་འཇིག་རྟེན་སངས་རྒྱས་ཞིང་ཁམས་སུ། །དེ་བཞིན་གཤེགས་པའི་ མཚན་གྱི་མིང་ཐོབ་ཤོག །(རྡོར་དྲིལ་དཀྲོལ།) ༀ་བུདྡྷ་ནཱ་མ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ནཱ་མ་ཨ་བྷི་ཥིཉྩ་ ཧཱུྃ། ༀ་རཏྣ་ནཱ་མ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ནཱ་མ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ནཱ་མ་ཨ་བྷི་ཥིཉྩ་ཨ། ཀྱེ་ དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །དེས་རྣམ་པར་སྣང་མཛད་ མིང་གི་དབང་བསྐུར་བ་ཐལ། ད་ཕྲིན་ལས་ཀྱི་དབང་བསྐུར་བས། ཁྱེད་རང་མེ་ཏོག་ཆེར་རྒྱས་ སུ་མོས་པ་མཛོད་ཅིག (རྡོ་རྗེ་རྒྱ་གྲམ་ཐོགས་ཏེ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་ཕྲིན་ལས་ 4-1-201 རྣམ་པ་བཞིས་དབང་བསྐུར་བས་ཕྲིན་ལས་རྣམ་པ་བཞིས་བདག་དང་གཞན་གྱི་དོན་བྱེད་པ་ ལ་མཐུ་ཐོགས་པ་མེད་པའི་དབང་ཐོབ་པར་གྱུར་ཅིག རྡོ་རྗེ་རྒྱ་གྲམ་ལག་ཏུ་གཏད་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཐར་ཕྱིན་ ནས། །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པར་ཤོག །(རྡོ་རྗེ་རྒྱ་གྲམ་སྤྱི་བོར་བཞག) ༀ་བཛྲ་ཀརྨ་ཨ་ བྷི་ཥིཉྩ་ཧཱུྃ་ཨ། དེས་དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་དོད་དུ་གྱུར་པ་འཕྲིན་ལས་ཀྱི་དབང་ བསྐུར་བ་ཐལ། ད་འཁོར་ལོའི་དབང་བསྐུར་བས་ཁྱེད་རང་རྣམ་སྣང་དུ་མོས་པ་མཛོད་ཅིག (འཁོར་ལོའི་ཙཀ་ལི་ཐོགས།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་འཁོར་ལོ་ལག་ཏུ་བྱིན་ནས་སློབ་ དཔོན་དུ་དབང་བསྐུར་བས་རྣམ་པར་སྣང་མཛད་ཀྱི་སྐུ་ཐོབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བར་ ནུས་པའི་དབང་དང་ལྡན་པར་གྱུར་ཅིག ཡོན་ཏན་རབ་རྫོགས་གསེར་གྱི་འཁོར་ལོ་འདིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་སྐུ་མཆོག་རབ་ཐོབ་སྟེ། །ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་ཤོག །ༀ་བཛྲ་ཙཀྲ་ཨ་བྷི་ཥིཉྩ་བྷྲུཾ། དེས་ཆོས་འཆད་ པའི་རྗེས་གནང་སོང༌། འདི་མན་ཆད་རྡོ་རྗེ་སེམས་དཔར་སྒོམས་པས་ཁྱབ་ཅིང༌། ད་བདག་ པོའི་དབང་བསྐུར་བའི་མོས་པ་མཛོད་ཅིག (རྡོར་དྲིལ་ཐོགས་ཏེ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ ཁྱོད་ལ་བདག་པོའི་དབང་བསྐུར་བས་རིགས་ཐམས་ཅད་དང་དཀྱིལ་འཁོར་ཐམས་ཅད་ཀྱི་ བདག་པོའི་དབང་དང་ལྡན་པར་གྱུར་ཅིག རིག་ལྔའི་བདག་པོ་ཡི་ནི་རང་བཞིན་གྱི། །སྐལ་ ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །རྡོ་རྗེ་སེམས་དཔའ་རིག་རྣམས་ཀུན་གྱི་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་ཤོག །(རྡོར་དྲིལ་སྤྱི་བོར་བཞག) ༀ་བུདྡྷ་ཙཀྲ་ཨ་དྷི་ པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ༀ་ༀ་ༀ། ༀ་བཛྲ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ། ༀ་རཏྣ་ཙཀྲ་ཨ་ དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ། ༀ་པདྨ་ཙཀྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧྲཱི་ཧྲཱི་ཧྲཱིཿ ༀ་ཀརྨ་ཙཀྲ་ཨ་ དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཨ་ཨ་ཨ། དེས་རྡོ་རྗེ་སློབ་དཔོན་གྱིས་དབང་བའི་དོད་དུ་གྱུར་པ་བདག་ 4-1-202 པོའི་དབང་བསྐུར་བ་ཐལ། ད་ཡུམ་ལྔའི་ཕྱག་རྒྱའི་དབང་བསྐུར་བ་ནི། (ཡུམ་ལྔའི་ཙཁ་ལི་ཐོགས་ཏེ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་ཡུམ་ལྔའི་ཕྱག་རྒྱས་དབང་བསྐུར་བས་གསང་རྒྱུད་ མཐའ་དག་འཆད་ཅིང་སྟོན་པའི་དབང་དང་ལྡན་པར་གྱུར་ཅིག ཡུམ་ལྔའི་ཕྱག་རྒྱ་སྤྱི་བོར་ བཞག་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །གསང་རྒྱུད་མཐའ་དག་ཤེས་ ཤིང་རྟོག་ནས་ཀྱང༌། །འཆད་ཅིང་སྟོན་པའི་དབང་དང་ལྡན་པར་ཤོག །(ཙཀ་ལི་སྤྱི་བོར་བཞག) ༀ་ བུདྡྷ་དྷ་ར་ཎ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ པདྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་དྷ་ར་ཎ་ཨ་བྷི་ཥིཉྩ་ཨ། དེས་ཡུམ་ལྔའི་ཕྱག་མཚན་གྱིས་ དབང་བསྐུར་བ་ཐལ། ད་རིགས་ལྔའི་ཕྱག་མཚན་གྱི་དབང་བསྐུར་བ་ནི། (རིགས་ལྔའི་ཕྱག་མཚན་ གྱི་ཙཀ་ལི་ཐོགས་ཏེ།) རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རིགས་ལྔའི་ཕྱག་རྒྱ་སྤྱི་བོ་ལ་སོགས་ པའི་གནས་ལྔར་གཏུགས་ཏེ་ཐུགས་གསང་བའི་དབང་བསྐུར་བས་སངས་རྒྱས་རིགས་ལྔའི་ ཐུགས་གསང་བ་བྱང་ཆུབ་ཀྱི་སེམས་རྟོགས་པའི་དབང་དང་ལྡན་པར་གྱུར་ཅིག རིགས་ལྔའི་ ཕྱག་རྒྱ་གནས་ལྔར་བཅིངས་ནས་ནི། །སྐལ་ལྡན་སྐྱེས་བུ་ཁྱེད་ལ་དབང་བསྐུར་བས། །ཡེ་ ཤེས་ལྔ་ཡི་ཡོན་ཏན་རབ་རྫོགས་ཏེ། །བྱང་སེམས་གསང་བའི་དབང་དང་ལྡན་པར་ཤོག །ༀ་ སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ༀ་རཏྣ་གུ་ཧྱ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་གུ་ཧྱ་ཨ་བྷི་ཥིཉྩ་ཧྲིཿ ༀ་ཀརྨ་གུ་ཧྱ་ཨ་བྷི་ཥིཉྩ་ཨ། དེས་ཐུགས་གསང་བའི་དབང་བསྐུར་ ཞིང་གསང་བར་གདམས་པ་ཐལ། ད་ཐབས་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་དང་དྲིལ་བུའི་ དབང་བསྐུར་བ་ནི། རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་རྡོ་རྗེ་དྲིལ་བུ་བྱིན་ནས་ཐབས་ཤེས་ རབ་ཀྱི་དབང་བསྐུར་བས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བས་བདག་དང་གཞན་གྱི་ དོན་བྱེད་པ་ལ་མཐུ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག དེ་རིང་ཕྱིན་ཆད་བུ་ ཁྱོད་ཀྱི། །ཕྱག་ན་རྡོ་རྗེ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བསྒོས་པ་བཞིན། །ཁྱེད་ཀྱིས་དེ་ལྟར་བྱ་ 4-1-203 དགོས་སོ། །ༀ་པྲཛྙཱ་ཨུ་པ་ཡ་སྨ་ཡོ་ག་ཨ་བྷི་ཥིཉྩ་ཧཱུྃ་ཨ། དེས་དབང་གི་དངོས་གཞི་སོང་ནས། འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ཏེ། །ཞེས་གསུངས་པ་ལྟར་རིན་ཆེན་བདུན་གྱི་ དབང་བསྐུར་བ་ལགས། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞི་མུ་ཁྱུད་ རབ་ཉམས་བཟང༌། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དམ་ པས་དབང་བསྐུར་རོ། །ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་མཾ། དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ ལོ་འདི། །མི་ཁོམ་རྒྱུན་གཅོད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོ་བསྒྱུར་བའི་དབང་ཕྱུག་རིན་ པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །བདུད་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་ འཁོར་ལོ་ནམ་མཁའི་མཐས་གཏུགས་པ་བསྐོར་བར་གྱུར་ཅིག རིན་ཆེན་ལྷ་རྫས་ངོ་བོ་བཻ་ ཌཱུརྱ། ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང༌། ། དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ། དཀོན་མཆོག་ གསུམ་གྱི་ཡོན་ཏན་རིན་པོ་ཆེ། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང༌། །དགོས་པ་ མཆོག་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །ཚེ་ དཔག་ཏུ་མེད་པའི་འོད་དང་ལྡན་ཞིང་ལྷ་དང་བཅས་པའི་འཇིག་རྟེན་རང་གི་གཟི་བརྗིད་ཀྱི་ ཟིལ་གྱིས་གནོན་པའི་དབང་དང་ལྡན་པར་གྱུར་ཅིག གཟུགས་མཛེས་ལྟ་ན་སྡུག་པའི་ཚུལ་ བཟང་བ། །པགས་པའི་མདོག་ལེགས་ཤིན་ཏུ་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་ རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་ཝསྟི་རཏྣ་ཨ་བྷི་ ཥིཉྩ་མཾ། །ཕ་རོལ་ཕྱིན་བཅུས་སེམས་ཅན་སྐྱོབས་པའི་ཕྱིར། །ཤེས་རབ་གཟུགས་མཛེས་ བཙུན་མོ་རིན་པོ་ཆེ། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡིས། །ཚེ་དང་ལོངས་སྤྱོད་གཏེར་ལ་ སྤྱོད་པར་ཤོག །སེམས་ཅན་ཐམས་ཅད་ལ་ཏིང་ངེ་འཛིན་ཞི་བའི་ཚུལ་གྱིས་འཇིག་རྟེན་ལས་ འདས་པའི་སྤྱོད་ཡུལ་ཡོངས་སུ་དག་པས་བདག་དང་གཞན་གྱི་དོན་བདེ་བར་བསྒྲུབ་པ་ལ་ 4-1-204 ཡིད་བཞིན་དུ་འབྱོར་བའི་དབང་དང་ལྡན་པར་གྱུར་ཅིག གང་ཡང་རྒྱལ་བ་མུ་ཏིག་མདངས་ ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་ བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པས་དབང་བསྐུར་རོ། །ༀ་མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་ མཾ། གང་ལ་ཅི་དགོས་དཔག་བསམ་ཤིང་ལྟ་བུས། །འགྲོ་ལ་སྙིང་བརྩེས་ཚོགས་གཉིས་རྫོགས་ པ་དང༌། །དབང་ཕྱུག་བཙུན་པ་བློན་པོ་རིན་པ་ཆེ། །འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཐོབ་ པར་ཤོག །ལྷའི་མིག་རྣམ་པར་དག་པ་ཐོབ་སྟེ་འཕགས་པའི་ནོར་བདུན་དང་ལྡན་ཞིང་རང་ གཞན་གྱི་དགོས་པ་མཐར་ཕྱིན་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་མེད་པའི་དབང་དང་ལྡན་ པར་གྱུར་ཅིག ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་རི་འདྲ་གངས་ཆེན་ གླང་པོ་ཆེ། །རྒྱལ་བ་ལ་མོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པས་དབང་ བསྐུར་རོ། །ༀ་ཧསྟི་རཏྣ་ཨ་བྷི་ཥིཉྩ་མཾ། ཐེག་པ་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་ བདུན་མཛེས་ཀུ་མུ་ཏ་ཡི་མདོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་ རླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་བཅུ་དང་ལྡན་ཞིང་བདུད་བཞིའི་སྟོབས་ཚར་ བཅད་ནས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་པར་ནུས་པའི་དབང་དང་ལྡན་པ་ གྱུར་ཅིག ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་བཟློག་ གྱུར་པའི། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་པའི། །རྟ་མཆོག་རིན་ཆེན་དམ་པས་དབང་ བསྐུར་རོ། །ༀ་ཏུ་རཾ་ག་ཨ་ཤྭ་རཏྣ་ཨ་བྷི་ཥིཉྩ་མཾ། འཁོར་བའི་ཆུ་བོ་འཇིགས་པ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད། །ཅང་ཞེས་སྤྲིན་གྱི་ཤུགས་འཆང་རིན་ པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །སོ་སོ་ཡང་དག་པར་རིག་པ་བཞིས་ འགྲོ་བ་རྣམས་མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་སྐྱེལ་ནུས་པའི་དབང་དང་ལྡན་ པར་གྱུར་ཅིག འགྲོ་དང་བཟློག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇིག་ 4-1-205 པར་བྱེད་པ་སྟེ། །དཔལ་ལྡན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་ དམ་པས་དབང་བསྐུར་རོ། །ༀ་ཁཏྒ་རཏྣ་ཨ་བྷི་ཥིཉྩ་མཾ། གནོད་པའི་དཔུང་འཇོམས་བརྩོན་ འགྲུས་གོ་བགོས་ཤིང༌། །འཇིགས་པའི་སྐྱབས་བྱེད་འགྲོ་ལ་མི་འཇིགས་སྦྱིན། །ཐབས་དང་ ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་བསྲུང་བར་ཤོག །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་མཐར་ཕྱིན་ནས་འཇིགས་ཚོགས་ལ་ལྟ་ བའི་རི་བོ་འཐོན་པོ་ཉི་ཤུ་འཇོམས་ཤིང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་ གྱུར་ཅིག དེས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར་བ་ཐལ། དེ་བཀའི་དབང་ བསྐུར་བ་ལ་གསན་པས་ཁྱབ་པར་གདའ། ཚེ་འདིའི་བདེ་བ་མ་ལུས་དང༌། །འཇིག་རྟེན་ཕྱི་མའི་ བདེ་མཆོག་དང༌། །སངས་རྒྱས་ཉིད་ཀྱང་ཐོབ་འགྱུར་ན། །ལྷ་ཡི་བདེ་བ་སྨོས་ཅི་དགོས། །སངས་རྒྱས་ཀུན་དང་བླ་མ་མཉམ། །རྡོ་རྗེ་སློབ་དཔོན་བརྙས་ན་ནི། །རྟག་ཏུ་སྡུག་བསྔལ་ ཐོབ་འགྱུར་བས། །སློབ་དཔོན་ལ་ནི་བརྙས་མི་བྱ། །རྡོ་རྗེ་སྤུན་དང་སྲིང་མོ་དང༌། །རྡོ་རྗེ་མ་ རྣམས་ཉིད་ལ་ཡང༌། །རྣལ་འབྱོར་ཅན་གྱི་བརྙས་མི་བྱ། །རྟག་ཏུ་འཁོན་དང་བཅུག་མི་བྱ། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱ་སྟེ། །བླ་མ་སྨོད་ བརྩོན་མ་རུངས་དང༌། །དམ་ཚིག་ལས་ནི་འདའ་བ་དང༌། །དེ་སོགས་བྱེད་པ་ཚར་གཅོད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང༌། །སེམས་ཅན་ཀུན་ལ་སྙིང་བརྩེར་ཆགས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །དེ་དག་གིས་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་ དབང་བསྐུར་བ་ལེགས་པར་ཐོབ་པ་ལགས། ད་དེའི་དམ་ཚིག་དང་སྡོམ་པ་མ་ལུས་པར་ བསྲུང་སྙམ་པའི་སྒོ་ནས་འདིའི་རྗེས་བཟློས་མཛོད་ཅིག གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ དག་ཐམས་ཅད་བདག་གིས་བགྱི། །དེ་ལྟར་དབང་བསྐུར་རྫོགས་པར་ཐོབ་པའི་ཡོན་དུ་ མཎྜལ་དང་ལུས་ལོངས་སྤྱད་དགེ་བའི་རྩ་བ་དང་བཅས་པ་འབུལ་བའི་མོས་པ་མཛོད་ཅིག 4-1-206 དེང་ནས་བརྩམས་ནས་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་ མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་ལྟར་ཀུན་རིག་གི་དཀྱིལ་འཁོར་དུ་ དབང་བསྐུར་བ་ཐོབ་སྟེ། འཁོར་ལོས་སྒྱུར་བ་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་དབང་བ་ཡིན་ པས་ཁྱེད་རང་མོས་པ་འདི་བཞིན་དུ་མཛོད་ཅིག པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་སྐུ་ མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་བསྒོམས་ལ། མཆོད་པ་འདི་རྣམས་བཞེས་པར་ ཞུ། བཛྲ་སཏྭ་ཨརྒྷཾ་སྭཱཧཱ་སོགས་དང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་ གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལ། །ཁ་དོག་ དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་ རྣམས། །མོས་བློས་རྟེན་གྱི་ལྷ་ལ་བདག་འབུལ་ན། །བཞེས་ཤིང་བླ་མེད་བསྒྲུབ་མཆོག་ཐོབ་ པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་རུ་པ་ཀཱ་མ་གུ་ཎ་བཛྲ་པུ་ཛི་ཏེ་ཧཱུྃ། (ནུབ་ཐ་ཟས་གཏད་ལྟ་བུ་བྱེད་ན་ སྐབས་འདིར་བྱེད། ཇི་ལྟར་འབྱོར་པའི་བཟའ་བཏུང་རྣམས་ལ། སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབ་ཅིང་། ཁྲོ་བོ་སྤྱན་ འདྲེན་མཆོད་བཀའ་བསྒོ་བདེན་པ་བདར། བགེགས་བསྐྲད་སོགས་གོང་བཞིན་བྱས་ནས། འདོད་ཡོན་ལྔ་འབུལ་བའི་ཚིགས་ བཅད།) ཕྱོགས་དུ་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་རྟེན་གྱི༴ བཞེས་ཤིང༌༴ ༀ་སརྦ་ཏ་ཐཱ་ག་ཏ་ཤཔྟ་ཀཱ་མ་གུ་ཎ་བཛྲ་པུ་ཇི་ཏེ་ཧཱུྃ། ཕྱོགས་ དུ་ཀུན་ན་ཙན་དན་སྦྲུལ་སྙིང་དང་། །ཨ་དཀར་ལ་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་ བློས་རྟེན་གྱི༴ བཞེས་ཤིང༌༴ ༀ་སརྦ་ཏ་ཐཱ་ག་ཏ་གནྡྷེ་ཀཱ་མ་གུ་ཎ་བཛྲ་པུ་ཇི་ཏེ་ཧཱུྃ། ཕྱོགས་དུ་ ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བསྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་ བློས་རྟེན་གྱི༴ བཞེས་ཤིང༌༴ ༀ་སརྦ་ཏ་ཐཱ་ག་ཏ་ར་ས་ཀཱ་མ་གུ་ཎ་བཛྲ་པུ་ཇི་ཏེ་ཧཱུྃ། ཕྱོགས་དུ་ ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། 4-1-207 །མོས་བློས་རྟེན་གྱི༴ བཞེས་ཤིང༌༴ ༀ་སརྦ་ཏ་ཐཱ་ག་ཏ་སྥར་ཤེ་ཀཱ་མ་གུ་ཎ་བཛྲ་པུ་ཇི་ཏེ་ཧཱུྃ། ཚེ་ འདས་པ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་མ་ཆགས་མ་ཞེན་པའི་སྒོ་ནས་འདོད་པའི་ཡོན་ ཏན་ལྔ་ལ་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག རྡོ་རྗེ་ སེམས་དཔའ་སེམས་དཔའ་སོགས་ཀྱིས་བསྟོད་ཅིང་ཡིག་བརྒྱ་བཟླས་ནས། ལས་དང་པོ་ པའི་གང་ཟག་ཏུ་གྱུར་པས་ཏིང་ངེ་འཛིན་མི་གསལ་བ་དང་སྔགས་དང་ཕྱག་རྒྱ་མ་དག་པ་དང༌། ཆོ་ག་ལྷག་ཆད་འགལ་འཁྲུལ་དུ་གྱུར་པ་དང༌། སེམས་ཉོན་མོངས་པ་དང་འདྲེས་པ་ལ་སོགས་ ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་བར་དོའི་སེམས་ཤིན་ཏུ་གསལ་བའི་རང་བཞིན་ཅན་ལ་ བཟོད་པར་གསོལ་བས་བཟོད་པ་ཆེན་པོ་མཛད་དུ་གསོལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །(ཚེ་འདས་ ཀྱི་རྣམ་ཤེས་ཨ་ཡིག་གི་རྣམ་པས་ཡི་དམ་རྡོ་ར་སེམས་དང་དབྱེར་མེད་དུ་གནས་པ་དེ་བཛྲ་སཏྭ་མུཿ ཞེས་བརྗོད་པས་ཚངས་བུག་ནས་ ཐོན་ནས་མདུན་མཁར་གནས་པར་བསམས་ལ་བྱང་བུ་བསྲེག་ལམ་སྣ་སྟན་ནས་བདག་བསྐྱེད་མདུན་བསྐྱེད་ཀྱི་ཐུགས་གའི་ཧཱུཾ་ ལས་འོད་ཟེར་འཕྲོས་དེ་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱི་ནམ་མཁར་གནས་པ་ཕྱག་འཚལ་བས་སེམས་བསྐྱེད་པར་བསམས་ཏེ་ མཆོད་པ་ལ་སོགས་བྱས་ནས་ལེགས་པ་ཉིད། ཡང་ན་ལམ་བསྟན་པ་ནི།) དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་ སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་ པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་ འགྲོ་བར་ཤོག །ༀ་རཏྣེ་རཏྣེ་མཧཱ་རཏྣེ་རཏྣ་སཾ་བྷ་ཝེ་རཏྣ་ཀི་རཏྣེ་རཏྣ་མཱ་ལ་བི་ཤུདྡྷེ་ཤོ་དྷ་ཡ་སརྦ་ པཱ་པཾ་ཧཱུྃ་ཕཊ། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་ པདྨ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ་པདྨ་སམ་བྷ་ཝེ་མ་ཧཱ་སུ་ཁ་ཝ་ ཏི་གཙྪན་ཏུ་སྭཱཧཱ། (ཚེ་དཔག་མེད་སྙིང་པོའི་མདོ་ལས་གསུངས།)འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །འོད་ 4-1-208 དཔག་མེད་པའི་ཞིང་ཁམས་ཡོད། །སུ་ཞིག་དེ་ཡི་མཚན་འཛིན་པ། །དེ་ནི་དེ་རུ་སྐྱེ་བར་ཤོག །ཅེས་བརྗོད་(མེ་ཏོག་གཏོར་ནས་ལམ་སྦྱངས།)པས་ཚེ་འདས་ཀྱི་རྣམ་ཤེས་དང་ལྷ་ཡེ་ཤེས་དབྱེར་མེད་ དུ་འདྲེས་པ་སྤྱི་གཙུག་ནས་འཐོན་ཏེ་བདེ་བ་ཅན་དུ་གཤེགས་པས་དེར་པདྨ་ལ་བརྫུས་ཏེ་ སྐྱེས་(སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་)པ་ལ་དེ་ན་གནས་པའི་བྱང་སེམས་རྙིང་པ་རྣམས་ཀྱིས་ མཆོད་པ། ཨརྒྷཾ་སོགས་བརྗོད། སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་ དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་འདྲ་བའི་འདྲེན་པ་མེད། །ཅེས་ ཆེད་དུ་བརྗོད་པ་མཛད་དོ། །དེས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་དང་བཅས་པ་ལ་ མཆོད་པ་འབུལ་བ་ཨརྒྷཾ་སོགས་བརྗོད། དེས་དེར་སྐྱེ་བའི་རྒྱུ་རྟགས་པས་བླ་མ་དང་དཀྱིལ་ འཁོར་གྱི་ལྷའི་མཐུར་ཤེས་ཏེ་རྫུ་འཕྲུལ་གྱིས་འདིར་འོངས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ ལ་དྲི་ལན་གྱི་ཚུལ་དུ་མཆོད་པ་འབུལ་བ། ཨརྒྷཾ་སོགས་བརྗོད། ཆེད་དུ་བརྗོད་པ། ཨེ་མ་ སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ཕྱིར་ངན་སོང་བདག་ ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །དེ་བཞིན་གཤེགས་པའི་ཆོས་ནི་བསམ་མི་ ཁྱབ། །སྔགས་ཀྱི་ཡོན་ཏན་སྣ་ཚོགས་བསམ་མི་ཁྱབ། །བྱང་ཆུབ་འདྲེན་པ་རྣམས་ཀྱང་བསམ་ མི་ཁྱབ། །ཚངས་སྤྱོད་ཚུལ་ཁྲིམས་དྲི་ཡང་བསམ་ཡས་ཤིང༌། །སངས་རྒྱས་འདྲ་བའི་སྟོན་པ་ མེད། །ཆོས་དང་འདྲ་བའི་དགེ་བ་མེད། །དགེ་འདུན་འདྲ་བའི་སྣོད་མེད་དེ། །སྔགས་དང་ འདྲ་བའི་འདྲེན་པ་མེད། །གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་ བཞག །སླར་ཡང་དེ་ལ་སྐྱེས་ལན་གྱི་ཚུལ་དུ་མཆོད་པ་འབུལ། ཨརྒྷཾ་སོགས་བརྗོད། ༀ་སརྦ་ བུདྡྷ་ཀྵེ་ཏྲ་གཙྪནྟུ་སྭཱཧཱ།(ཅེས་བརྗོད་མེ་ཏོག་དོར།) སླར་ཡང་བྱང་ཆུབ་སེམས་དཔའ་དེ་ཉིད་བདེ་བ་ ཅན་གྱི་འཇིག་རྟེན་གྱི་ཁམས་སུ་གཤེགས་པར་གྱུར་པར་བསམ། རྒྱལ་བའི་དཀྱིལ་འཁོར་བཟང་ ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བའི་ 4-1-209 མངོན་སུམ་དུ། །ལུང་བསྟན་པ་ཡང་ཁྱེད་ཀྱིས་དེར་ཐོབ་ཤོག །དེར་ནི་ཁྱེད་ཀྱི་ལུང་བསྟན་ རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡི། །བློ་ཡི་སྟོབས་ཀྱི་ཕྱོགས་བཅུ་རྣམས་སུ་ ཡང༌། །སེམས་ཅན་རྣམས་ལ་ཕན་པ་བྱེད་པར་ཤོག །དེ་ལྟར་ལྷ་དང་རྣམ་ཤེས་གཤེགས་པའི་ ཕུང་པོའི་ལྷག་མ་རོ་ལྟ་བུའི་བྱང་བུ་དང་སྡིག་སྒྲིབ་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་མེས་བསྲེགས་པར་ མོས་པ་མཛོད་ཅིག (ནུབ་སྔ་མ་རྣམས་འདོད་ཡོན་འབུལ་བ་དང་ལམ་བསྟན་གཏང་རག་མཆོད་བསྟོད་གསོལ་བ་གདབ་ པ་དང་། དབང་བླང་པ་དང་བསྲུང་བ་བྱ་བ་དང་དགེ་བ་བསྔོ་བ་དང་། བཀྲ་ཤིས་བརྗོད་པ་རྣམས་ཁ་ཚང་རེ་ཙམ་བྱ་ཞིང་། ཟས་ གཏད་བྱང་བུ་བསྲེག་པ་རྣམས་ནུབ་ཐ་མ་ལ་བྱེད་པ་ཡིན། མཇུག་གི་ཆོས་རྣམས་རྒྱས་པར་བྱའོ།།) གསོན་ཅིག་དགོངས་ ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །འབྱུང་བ་བཞི་ཡི་ བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། བྱང་ཆུབ་སེམས་ཀྱི་ མེ་སྦར་རོ། །ཡུལ་རྣམ་དྲུག་གི་བུད་ཤིང་ལ། །ལྷ་མོ་དྲུག་གི་སྦར་རོ། །ལུས་ངག་ཡིད་གསུམ་ བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་ དོན་དུ་འགྲུབ་པར་ཤོག །ཨག་ནི་ཛྭ་ལ་རཾ། གཟུགས་སྟོང་པའོ་ནས་མངོན་པར་རྫོགས་པར་ སངས་རྒྱས་སོའི་བར་གྱི་མདོ་གདོན་ནོ། ། (མཆོད་པ་བསང་སྦྱངས་བྱིན་རླབས་སྔར་བཞིན་བྱས་ལ་དཀྱིལ་འཁོར་གྱི་ལྷ་ལ་གཏང་རག་གིས་མཆོད་པ་ནི།) གཙང་ ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། ། མཆོག་ཏུ་དད་པས་ འབུལ་ལགས་ཀྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པུ་ ཙ་མེ་གྷ་ས་མུ་ཏྲ་སྥ་ར་ན་ས་མ་ཡེ་ཧཱུྃ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ ནི། །མཆོག་ཏུ༴ ཅི་བདེ་བར་ནི༴ པུཥྤེ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་ འདི་དག་ནི། །མཆོག་ཏུ༴ ཅི་བདེ་བར་ནི༴ དྷུ་པཾ། མུན་པའི་ཚོགས་ཀུན་འཇོམས་མཛད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་བདེ་བར་ 4-1-210 ནི༴ དྷི་པཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་ འབུལ་བར་བགྱི། །ཀུན་བཟང་བདེ་ཆེན་བཞེས་སུ་གསོལ། །གྷན་དྷཾ། ཁ་དོག་དྲི་དང་རོ་ལྡན་ པའི། །བཟའ་བ་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །ཆོས་ དབྱིངས་ཡེ་ཤེས་བརྙེས་ལ་འབུལ། །ནེ་ཝེ་ཏེ། བླ་མེད་ཐེག་པ་སོགས་དང༌། ཤཔྟ། ༀ་བཛྲ་ གྷཎྜེ་ར་ཎི་སོགས་བརྗོད། ཧཱུྃ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་ རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །ཕྱག་འཚལ་རྣམ་པར་སྣང་མཛད་ལ། །གཟུང་ འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །རིན་ཆེན་རྡོ་རྗེ་འབར་བའི་མེ། །མཉམ་ཉིད་ཡེ་ཤེས་ རྡོ་རྗེའི་སྐུ། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་རིན་ཆེན་རྡོ་རྗེ་ལ། །འདོད་ ཆགས་རྡོ་རྗེ་ཆོས་ཀྱི་ཆུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཕྲག་དོག་རྡོ་རྗེ་བསྐྱོད་པའི་རླུང༌། །བྱ་གྲུབ་ཡེ་ཤེས་རྡོ་ རྗེའི་སྐུ། །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་དོན་ཡོད་གྲུབ་པ་ལ། །བཅོམ་ ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་མཆོག་དང༌ཐུན་མོང་གི་དངོས་གྲུབ་ མ་ལུས་པ་བསྩལ་དུ་གསོལ། (ཚེ་འདས་ཀྱི་རྣམ་ཤེས་ཨ་ཡིག་གི་རྣམ་པས་ཡི་དམ་དང་རྡོར་སེམས་དབྱེར་མེད་དུ་གནས་ པ་དེ། བཛྲ་སཏྭ་བཛྲ་མུཿ་ཞེས་བརྗོད་པས་ཚངས་བུག་ནས་འཐོན་པ་མདུན་གྱི་ནམ་མཁར་གནས་པར་བསམས་ཏེ། བྱང་བུ་བསྲེག་ རྗེས་ལམ་སྦྱངས་བསྟན་བྱས་ནས་བདག་བསྐྱེད་མདུན་བསྐྱེད་ཀྱི་ཐུགས་གའི་ཧཱུཾ་ལས་འོད་ཟེར་འཕྲོས་ཏེ། རྣམ་ཤེས་ཨ་ཡིག་གི་ གཟུགས་ཀྱི་ནམ་མཁར་སྒེག་མོ་ཕྲེང་བ་དེ་བཞིན་ཀླུ། གར་མ་མཆོད་པའི་ལྷ་མོ་དང་། སྤོས་མ་མེ་ཏོག་མར་མེ་མ། དྲིའི་ལྷ་མོ་ཁྱོད་ ཕྱག་འཚལ། སྒོ་བཞིའི་དབུས་ན་ལེགས་བཞུགས་པའི། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། སྒོ་བསྲུང་རྣམས་ལ་ཕྱག་འཚལ་ ལོ། །) ཡིག་བརྒྱ་བརྗོད། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་པ་ 4-1-211 གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ནི་མགོན་པོས་བཟོད་པར་མཛོད། །གཙོ་བོས་ ནུས་པ་མ་མཆིས་པས། །མ་འབྱོར་མ་རྙེད་མ་ཚང་བ། །འདིར་ནི་བགྱི་བ་གང་བགྱིས་པ། ། དེ་དག་ཐམས་ཅད་བཟོད་པར་གསོལ། །བདག་ཅག་ལས་དང་པོ་པའི་གང་ཟག་ཏུ་གྱུར་པས་ ཏིང་ངེ་འཛིན་མི་གསལ་བ་དང་སྔགས་དང་ཕྱག་རྒྱ་མ་དག་པ་དང༌། ཆོ་ག་ལྷག་ཆད་འགལ་ འཁྲུལ་དུ་གྱུར་པ་དང༌། སེམས་ཉོན་མོངས་པ་དང་འདྲེས་པ་ལ་སོགས་པ་ཉེས་ལྟུང་ཅི་མཆིས་ པ་ཐམས་ཅད་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་བས་བཟོད་པ་ ཆེན་པོ་མཛད་དུ་གསོལ། ཕྱོགས་བཅུ་ན་བཞུགས་པའི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་ དགོངས་སུ་གསོལ། ཆེ་གེ་མོ་ཞེས་བགྱི་བས་སྤྱིར་དགེ་བའི་རྩ་བ་ཅི་བགྱིས་པ་རྣམས་དང༌། དེའི་དོན་དུ་བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ་བ་དང༌། འབྱུང་པོ་ལ་གཏོར་མ་བྱིན་པ་དང༌། དབང་བསྐུར་བ་ལ་སོགས་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་ཆེ་གེ་མོ་ལ་སོགས་པའི་ སེམས་ཅན་ཐམས་ཅད་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག དེ་མ་ཐོབ་ ཀྱི་བར་དུ་དལ་བ་དང་འབྱོར་བ་མིའི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག དེ་ལྟར་གྱུར་ནས་ རིགས་བཟང་བ་རྣམས་ཀྱིས་ནང་ནས་མཆོག་ཏུ་གྱུར་ཅིག ཚེ་རིང་བ། ནད་མེད་པ། ལོངས་ སྤྱོད་ཆེ་བ། སྐལ་བ་བཟང་བ། ཤེས་རབ་ཆེ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཚེ་ རབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག དམ་པའི་ཆོས་ཐོས་ པ་དང་མི་འབྲལ་བར་གྱུར་ཅིག འཕགས་པའི་དགེ་འདུན་ལ་རིམ་གྲོ་བྱེད་པ་དང་མི་འབྲལ་ བར་གྱུར་ཅིག ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་གྱུར་ཅིག ཟག་པ་མེད་པའི་ཕུང་ པོ་ལྔ། འཕགས་པའི་ནོར་བདུན། ས་བཅུའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ ཅིག གཞན་ཡང་། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཞེས་སོགས་ཇི་ལྟར་ 4-1-212 རིགས་པའི་ཚིག་གིས་བསྔོ་བར་བྱའོ། །ༀ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་ མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་ པར་མཛད་དུ་གསོལ། ༀ་བཛྲ་མུཿ ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎི་ཨ་དྱ་ནུད་པན་ན་ཏྭད། བཛྲ་ སཏྭ། ༀ་བཛྲ་སཏྭ་མུཿ ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། བུདྡྷ། རཏྣ། པདྨ། ཀརྨཱ། ༀ་བྲི་ཏ་བྲི་ཏ་སརྦ་ཨཱ་ ཝ་ར་ཎ་ནི་ཧཱུྃ་ཕཊ། ༀ་ཏྲ་ཊ་ཏྲ་ཊ༴ ༀ་ཙྪིནྡ་ཙྪིནྡ༴ ༀ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལཱཪྐ་མ་ཧཱ་ཀྲོ་དྷ་ཏྲ་བ་ ཏྲ་བ། བི་ཏྲ་བ་བི་ཏྲ་བ། སརྦ་ཨཱ་པཱ་ཡཱ་ནཱ་ཤ་ཡ། ཧ་ར་ཧ་ར་པྲ་ཎན་ཧཱུྃ་ཕཊ། ༀ་བཛྲ་ཀརྨཱ་ཀཾ། ༀ་ བཛྲ་རཀྵ་ཧི། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་སནྟི་བཾ། ཕུན་སུམ་ཚོགས་པ་མ་དང༌། ཆེ་བའི་ཆེ་མཆོག་ སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརློབས་ཀྱིས། །བདུད་དང་བགེགས་ རིགས་གནོད་པའི་དགྲ་ཞི་ནས། །རྟག་ཏུ་དཔལ་ལྡན་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་ བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་བརླབས་ཀྱིས། །ཉོན་ མོངས་དུག་ལྔ་གདུང་བའི་དགྲ་ཞི་ནས། །རྟག་ཏུ་དཔལ་ལྡན་ཉིན་མཚན་བཀྲ་ཤིས་ཤོག །དགེ་ འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་བརླབས་ ཀྱིས། །ཉེས་པའི་སྐྱོན་སྤངས་དགེ་ཚོགས་རྣམས་འཕེལ་བ། །རྟག་ཏུ་དཔལ་ལྡན་ཉིན་མཚན་ བཀྲ་ཤིས་ཤོག ། ཚངས་དང་ལྷ་དབང་བསྲུངས་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་ བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ཚེ་རིང་ནད་ མེད་བདེ་སྐྱིད་ལྡན་པར་ཤོག །གཞན་ཡང་སྟོན་མཆོག་དམ་པ་མ་ལ་སོགས་པ་དང༌། ཉིན་ མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་ བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་དེང་འདིར་བརྩོལ། །བདག་ཅག་ཡོན་མཆོད་འཁོར་ བཅས་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་ཅན་ལས་གྲོལ་བ་བཞིན་དུ་མི་མཐུན་པའི་ཕྱོགས་ ཐམས་ཅད་ལས་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཛ་ཡ་བི་ཛ་ཡ། སྭ་སྟི་པྲ་ཛཿབྷྱཿ 4-1-213 ཚུལ་འདི་ནི་ལས་དང་པོ་པ་དག་འཇུག་པ་བདེ་བའི་ཕྱིར་ངག་ཏུ་བརྗོད་རྒྱུ་རྣམས་དཀྱུས་སུ་ ཕྱོགས་གཅིག་ཏུ་བཀོད་པ་ཡིན་ལ། གོ་དོན་ཕྱག་རྒྱ་དང་བཅས་པ་ནི། མཆན་བུར་གསལ་ བར་བྲིས་པ་ལས་རྟོགས་པར་བྱ་ཞིང༌། སྟ་གོན་དང་སྤེལ་ན་སྟ་གོན་ཇི་ལྟར་བྱ་བའི་ཚུལ་དང༌། སྦྱིན་སྲེག་རོ་བསྲེགས་ལ་སོགས་པ་རྣམས་ཟུར་དུ་བཀོད་པ་ལས་ཤེས་པར་བྱའོ། ། དོན་གཉེར་སློབ་མའི་རྟ་བདུན་གྱིས་བསྐུལ་གཞན་ཕན་ཉི་མའི་དཀྱིལ་འཁོར་འདི། །དགེ་སློང་བསོད་ནམས་བཟང་པོ་བདག་གི་ལྷག་བསམ་ཤར་གྱི་ནམ་མཁའ་ལས། །ལེགས་ པར་འོངས་སོ་སྲིད་དང་ཞི་བའི་སྡུག་བསྔལ་མུན་རུམ་དྲུངས་ཕྱུངས་ནས། །མཐོ་རིས་ཐར་ པའི་སྣང་བ་རབ་རྒྱས་ཀུན་མཁྱེན་ཉིན་མོའི་དཔལ་ཐོབ་ཤོག ། ངན་སོང་སྦྱོང་བ་རྩ་བའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་དང་ གཞན་རྗེས་སུ་འཛིན་པའི་ཆོ་ག་གཞན་ལ་ཕན་པའི་ཉི་མ་ཞེས་བྱ་བ་དགེ་སློང་གཉག་ཕུ་པས་ ཡི་གེར་བཀོད་པའོ། །འདིས་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་ འབྱུང་བར་གྱུར་ཅིག །མངྒ་ལཾ། ༈ རྒྱ་གར་སྐད་དུ། མཾག་ལ་ག་ཏ། བཀྲ་ཤིས་ཚིགས་སུ་བཅད་པ། རྣམ་པར་སྣང་མཛད་ དང་ནི་རྒྱལ་བ་མི་བསྐྱོད་པ། །རིན་ཆེན་འབྱུང་ལྡན་དང་ནི་སྣང་བ་མཐའ་ཡས་དང༌། །དོན་ ཡོད་གྲུབ་བཅས་རིགས་ལྔའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་ བདེ་ལེགས་ཤོག །རྡོ་རྗེ་སེམས་མ་དང་ནི་རིན་ཆེན་སེམས་མ་དང༌། །ཆོས་ཀྱི་སེམས་མ་དང་ ནི་ལས་ཀྱི་སེམས་མར་བཅས། །བཅོམ་ལྡན་ཡུམ་མཆོག་རྣམས་ཀྱིས་བཀྲ་ཤིས་གང་ཡོད་ པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །རྡོ་རྗེ་སེམས་དཔའ་དང་ནི་ རྡོ་རྗེ་རྒྱལ་པོ་དང༌། །རྡོ་རྗེ་ཆགས་པ་དང་ནི་རྡོ་རྗེ་ལེགས་པར་བཅས། །བཅོམ་ལྡན་མི་བསྐྱོད་ འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས༴ རྡོ་རྗེ་རིན་ཆེན་དང་ནི་རྡོ་རྗེ་གཟི་བརྗིད་དང༌། 4-1-214 །རྡོ་རྗེ་རྒྱལ་མཚན་དང་ནི་རྡོ་རྗེ་བཞད་པར་བཅས། །རིན་ཆེན་འབྱུང་ལྡན་འཁོར་གྱི་བཀྲ་ཤིས་ གང་ཡོད་པ། །བཀྲ་ཤིས༴ རྡོ་རྗེ་ཆོས་རབ་དང་ནི་རྡོ་རྗེ་རྣོན་པོ་དང༌། །རྡོ་རྗེ་འཁོར་ལོ་དང་ནི་ རྡོ་རྗེ་སྨྲ་བར་བཅས། །སྣང་བ་མཐའ་ཡས་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས༴ རྡོ་ རྗེ་ལས་རབ་དང་ནི་རྡོ་རྗེ་བསྲུངས་པ་དང༌། །རྡོ་རྗེ་གནོད་སྦྱིན་དང་ནི་རྡོ་རྗེ་ཁུ་ཚུར་བཅས། །དོན་ཡོད་གྲུབ་པ་འཁོར་གྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས༴ ལྷ་མོ་སྒེག་མོ་དང་ནི་ལྷ་མོ་ ཕྲེང་བ་མ། །ལྷ་མོ་གླུ་མ་དང་ནི་ལྷ་མོ་གར་མར་བཅས། །ནང་གི་མཆོད་པའི་ལྷ་མོ་རྣམས་ཀྱིས་ བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས༴ ལྷ་མོ་གདུག་པ་མ་དང་ལྷ་མོ་མེ་ཏོག་མ། །ལྷ་མོ་མར་ མེ་མ་དང་ལྷ་མོ་དྲི་མར་བཅས། །ཕྱི་ཡི་མཆོད་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས༴ སྒོ་བ་ལྕགས་ཀྱུ་དང་ནི་སྒོ་བ་ཞགས་པ་སྟེ། །སྒོ་བ་ལྕགས་སྒྲོག་དང་ནི་སྒོ་བ་དྲིལ་ བུར་བཅས། །བཅོམ་ལྡན་སྒོ་བསྲུངས་རྣམས་ཀྱི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་ དེས་ཀྱང་འདིར་བདེ་ལེགས་ཤོག ། ཀུན་རིག་རྩ་བའི་ལྷ་སུམ་ཅུ་རྩ་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དགུ་པ། དགེ་ བསྙེན་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ། ། ཀུན་རིག་ཕྱག་རྡོར་རབ་གསལ་ཟླ་བ་དང༌། །སྒྲ་གཅན་འཛིན་དང་ཀུན་དགའ་སྙིང་པོ་ དང༌། །པྲཛྙཱ་བ་ལི་ཏ་དང་པྲཛྙཱ་བོ་དྷི་དང༌། །མུག་ཏི་ཤོ་ཀ་དྷརྨཱ་པ་ལ་དང༌། །ཇོ་བོ་ཆེན་པོ་གོ་མི་ སྒོམ་ཆེན་དང༌། །སྐྱི་ནོར་ཛྙཱ་ན་གཉལ་པ་ཉི་ཤེ་དང༌། །གནུར་ཉི་གཤིན་དྷོར་ཀླན་ཆོས་ལྷན་ སྟོན་དང༌། །བླ་མ་རིན་སེང་བུ་སྟོན་རིན་པོ་ཆེ། །སྡོམ་བརྩོན་དཔར་པ་ཡོན་ཏན་རྒྱལ་མཚན་ སོགས། །ཀུན་རིག་བརྒྱུད་པའི་བླ་མ་རྣམས་ལ་འདུད། །ཡང་ན་ཀླ་ན་ཆོས་འབྱུང་ནས། རྩ་སྐྱ་ སྟོན་འབུམ། བླ་མ་ཤེར་མཚོ། བླ་མ་སེང་གེ་འབུམ། ཆོས་རྗེ་དཀོན་རྒྱལ། ས་སྐྱ་བུ་སྟོན། དེ་ དང་མཁན་ཆེན་ཡོན་ཏན་གཉིས་ལ་བདག་བསོད་ནམས་བཟང་པོས་ཞུས་པའོ། ། 4-1-215 སྭསྟི། གང་གིས་མཁྱེན་པ་རབ་ཡངས་པ། །ས་གསུམ་འགྲོ་བའི་རེ་བསྐོང་དངོས་གྲུབ་ སྟེར། །ལེགས་བཤད་འོད་སྟོང་འཕྲོ་བའི་ཉིན་མོར་བྱེད། །ཡོན་ཏན་ཆ་ཤས་ཀུན་རྫོགས་ འོད་དཀར་ཅན། །བསོད་ནམས་བཟང་པོ་འགྲོ་བའི་གཙུག་ན་རྒྱལ། །གང་རྩེ་ལེགས་བཤད་ འོད་སྟོང་འཕྲོས་པ་ཡིས། །ངན་སོང་མུན་རུམ་དྲུངས་ནས་འབྱིན་བྱེད་པ། །ཀུན་རིག་རྩ་བའི་ དཀྱིལ་འཁོར་ཆོ་ག་འདི། །ཁྲི་ཕྲག་པར་དུ་བསྒྲུབ་པའི་དགེ་བ་ཡིས། །མཚུངས་མེད་ཆོས་རྗེའི་ དགོངས་པ་ཡོངས་རྫོགས་ཤིང༌། །རྒྱལ་ཚབ་ངག་དབང་བཟང་པོའི་སྐུ་ཚེ་དང༌། །འཕྲིན་ལས་ ཕྱོགས་བཅུར་དར་རྒྱས་རབ་འབྱུང་ཞིང༌། །རྒྱལ་བའི་བསྟན་པ་ཡུན་དུ་གནས་པའི་ཕྱིར། ། དད་གུས་སྤྲོ་བས་དོ་དམ་དགའ་སྤྱད་པ། །ཆོས་གྲགས་བཟང་པོ་བསོད་ནམས་བཀྲ་ཤིས་ དང༌། །འཕྲུལ་ཡིག་མཁན་པོ་བཀྲ་ཤིས་དོན་གྲུབ་སྟེ། །བསྐོས་ཀྱི་འདུ་བྱེད་མཁས་པ་རཏྣ་ ཤྲཱི། །པར་ཤིང་མཁན་པོ་ཀུན་དགའ་རྒྱ་མཚོ་ཡིན། །ཕྱོགས་འདིར་དད་པས་ཆ་རྐྱེན་བསྒྲུབས་ པ་དང༌། །འབད་རྩོལ་མཐུན་རྐྱེན་ཅུང་ཟད་བགྱིས་པ་རྣམས། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ མྱུར་ཐོབ་ཤོག །ལྕགས་མོ་སྦྲུལ་གྱི་ལོ་ཚལ་མིན་དགོན་པར་རྒྱལ་ཕུར་འཛོམས་པའི་ཉིན་ བསྒྲུབས། ན་མཿས་མནྟ་པྲ་བྷ་ར་ཛ་ཡ་ཏ་ཐཱ་ག་ཏ་ཡ། ཨར་ཧ་ཏེ་སམྱཀ་སཾ་བུདྡྷ་ཡ། ན་མོ་མཉྫུ་ ཤྲི་ཡེ་ཀུ་མ་ར་བུད་དྷཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ནི་ར་ ལཾ་བྷ། ནི་ར་བྷ་སེ། ཛ་ཡེ་ཛ་ཡ་ལབ་དྷེ་མཧཱ་མ་ཏེ། དཀྵེ་དཀྵེ་ནཾ་པ་རི་ཤོ་དྷ་ཡ་སྭཱཧཱ། ཡེ་དྷརྨཱ་ཧེ་ ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ། ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ ཤྲ་མ་ཎཿ མ་ལྟར་ལེགས་པ་གཅིག་ཞུས་དག། མ་ཡིག་པོ་ཏ་ལའི་དཔེ་རྙིང་བསྐྱར་པར་མ་གཅིག་ཡིན། 4-1-216 ༄༅། །ཕྱག་རྒྱ་བཞིའི་རྒྱས་གདབ་བཞུགས་སོ། ། ཇོ་གདན་པ་བསོད་ནམས་བཟང་པོས་མཛད། ༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་ཀུན་རིག་རྩ་བའི་དཀྱིལ་ འཁོར་གྱི་ཆོ་གའི་སྐབས་སུ་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱ་སྟེ། དེ་ཡང་དམ་ཚིག་པ་རྐྱང་ པ་དང༌། ཡེ་ཤེས་པ་རྐྱང་པ་ལ་རྒྱས་གདབ་པ་མིན་གྱི། ལྷ་དམ་ཚིག་པ་བསྐྱེད་ནས། ཡེ་ཤེས་ པ་བཅུག་པ་དེ་ལ་རྒྱས་འདེབས། ཕན་ཡོན་ནི། ཕྱག་རྒྱ་བཞིའི་རྒྱས་བཏབ་པས། དམ་ཚིག་པ་དེ་ཡེ་ཤེས་པ་དེའི་རང་བཞིན་དུ་འགྱུར་བ་སྟེ། གང་ལ་གང་གིས་རྒྱས་གདབ་པ། །དེ་ནི་དེ་ཡི་རང་བཞིན་འགྱུར། ། ཞེས་གསུངས་པ་ལྟར་རོ། ། རྒྱས་འདེབས་པ་ལ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ། དེ་བཞིན་གཤེགས་པ་ལྔ་ཆར་ གྱི་སྙིང་པོའོ། །ༀ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ནི་ཧ་ན་ཧཱུྃ་ཕཊ། ༀ་སརྦ་བིད་ཧཱུྃ། ༀ་སརྦ་ བིད་ཕཊ། ༀ་སརྦ་བིད་ཨ། ༀ་སརྦ་བིད་ཏྲཊ། ཞེས་པ་སོ་སོའི་སྔགས་སོ། ། བུདྡྷ་ལོ་ཙ་ནི། བཛྲ་མཱ་མ་ཀི། བཛྲ་པཎ་ཌ་རེ། བཛྲ་ཏཱ་རེ་རྣམས་ཡུམ་བཞིའི་སྙིང་པོའོ། །སྔ་མ་གཉིས་ལ་མགོར་ༀ། མཇུག་ཏུ་ཧཱུྃ་ཏྲཾ། ཕྱི་མ་གཉིས་ལ། ༀ་བཛྲ་པཎ་ཌ་རེ། དེ་ཧི་དེ་ ཧི་སིད་དྷི་བོ་དྷི་ལོ་ཀོཏྟ་རིམ་པ་སྭཱཧཱ། ༀ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ། སྭ་སྭ་སྭ་སྭཱཧཱ་རྣམས་ ཡུམ་བཞིའི་སྔགས་སོ། ། བྱང་སེམས་བཅུ་དྲུག་གི་སྙིང་པོ་ནི། བཛྲ་སཏྭ་བཅུ་དྲུག་ཡིན་ལ། དེ་རྣམས་ཀྱི་མགོར་ༀ་ དང༌། མཇུག་ཏུ་ཧཱུྃ། ཛ། ཧོ། དྷུ། ཏྲཾ། དྷྱ། བྷྲི། ཧ། ཧྲཱིཿ དྷི། ཀྲུཾ། བྷ། ཀཾ། རཾ། ཀྵཾ། ཥྚཾ། མཇུག་ 4-1-217 ཏུ་སྦྱར་བ་རྣམས་སྔགས་སོ། ། ལཱ་སྱ། མཱ་ལེ། གིརྟི། ནིར་ཏི་རྣམས་ལ་མགོར་བཛྲ་སྦྱར་བ་ནི། སྒེག་སོགས་བཞིའི་སྙིང་ པོ་ཡིན་ལ། དེ་ཉིད་ལ་མགོར་ༀ་དང༌། མཇུག་ཏུ་ཧཱུྃ་ཏྲཾ་ཧྲཱིཿཨ་རྣམས་སྦྱར་བ་ནི་སྔགས་ཡིན་ནོ། །ཕྱི་སྒེག་བཞིའི། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷུ་པ་ཡ་ཧཱུྃ་ཕཊ། ༀ་སརྦ་དུར་ག་ཏི་བི་ ཤོ་དྷ་ནི་པུཥྤ་བི་ལོ་ཀ་ནི་ཧཱུྃ་ཕཊ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ལོ་ཀ་ཀ་རི་ཧཱུྃ་ཕཊ། ༀ་སརྦ་ ཨ་པཱ་ཡ་ག་ཏི་གན་དྷ་ནཱ་ཤ་ནི་གན་དྷ་བ་དྷི་ཧཱུྃ་ཕཊ། རྣམས་ནི་བདུག་པ་མ་སོགས་ཀྱི་སྙིང་པོ་ དང་སྔགས་བཞི་མཐུན་པའོ། ། སྒོ་བ་བཞིའི་སྙིང་པོ་དང༌། སྔགས་ཐུན་མོང་བ་ནི། ༀ་སརྦ་ན་ར་ཀ་ག་ཏི་ཨ་ཀརྵ་ནི་ཧཱུྃ་ ཕཊ། ༀ་སརྦ་ན་ར་ཀ་ག་ཏི་ཨ་བྷི་ཨུད་དྷ་ར་ཎི་ཧཱུྃ་ཕཊ། ༀ་སརྦ་ཨ་པཱ་ཡ་བན་དྷ་ནི་བི་ཤོ་དྷ་ ནི་མོ་ཙ་ནི་ཧཱུྃ་ཕཊ། ༀ་སརྦ་ཨ་པཱ་ཡ་ག་ཏ་ག་ཧ་ནི་བི་ན་ཤ་ནི་ཧཱུྃ་ཕཊ། ཅེས་པའོ། །མགྲོན་ ཐབས་དང་འཇིག་རྟེན་པ་རྣམས་ཀྱི་སྔགས་དང་སྙིང་པོ་ཐུན་མོང་པ་ནི་རྩ་རིགས་གོ། །དེ་དག་ གི་སྔགས་དང་སྙིང་པོ་ཐུན་མོང་པ་རྣམས་ནི་དེ་ལན་གསུམ་བརྗོད་པས་ཆོག་གོ། ། རྒྱས་གདབ་ཚུལ་བཞི་ལས་དང་པོ་དམ་རྒྱ་ནི། རྒྱུད་ཤཱག་ཐུབ་དང༌། འཁོར་ལོ་བསྒྱུར་བའི་ སྐབས་ནས་འབྱུང་བ། རྗེ་བཙུན་ཆེན་པོས་ཕྱོགས་གཅིག་ཏུ་བསྡེབས་པ་ལྟར་བརྗོད་ན། ཕྱག་རྒྱ་ ནི་འོག་ནས་འབྱུང་ཞིང༌། ངག་འདོན་ནི། དང་པོར་ལྷ་རྣམས་ལ་མཆོད་ཡོན་ཕུལ་ལ། བཛྲ་ ཌིཥྚི་མ་ཊས་བྱིན་གྱིས་བརླབ། དེ་བཞིན་གཤེགས་པ་རྣམས་ལ་ས་མ་ཡ་སྟྭཾ་དང༌། དེ་བཞིན་ གཤེགས་པའི་རིགས་ལ། སུ་ར་ཏ་སྟྭཾ། ཞེས་པ་ལྷ་འགྲུབ་བྱེད་ཀྱི་སྔགས་དེ། ཕྱག་རྒྱ་བཅིང་ བ་ཐམས་ཅད་ཀྱི་ཐོག་མར་སྦྱར་ཏེ། སོ་སོའི་དམ་རྒྱ་བཅིངས་ནས། རང་རང་གི་སྙིང་པོ་ལ་དྲི་ ཤྱ། བཏགས་པས་ཡེ་ཤེས་པ་ལ་མཐོང་བ་དང༌། ཛཿཧཱུྃ་བཾ་ཧོཿས་དགུག་གཞུག་བཅིང་དབང་ དུ་བྱས། ས་མ་ཡ་སྟྭཾ་གིས་དེ་བཞིན་གཤེགས་པ་རྣམས་ལ་ཉི་མའི་རྒྱབ་ཡོལ། གཞན་རྣམས་ལ་ 4-1-218 ཟླ་བའི་རྒྱབ་ཡོལ་བསམ། ས་མ་ཡ་སྟྭཾ། ཨ་ཧཾ་གིས། དམ་ཚིག་པ་ཡེ་ཤེས་པའི་སྐུར་སྒོམ། དེ་ ནས་སྙིང་པོ་གསུམ་དང་སྔགས་གསུམ་གྱིས་བརྟན་པར་བྱ་བ་ནི། ཀུན་ལ་འདྲེ་བར་ཤེས་པར་ བྱའོ། ། དེ་ལ་དམ་རྒྱའི་ངག་འདོན་ནི། བཛྲ་ཌིཥྚི་མ་ཊ། ས་མ་ཡ་སྟྭཾ། སརྦ་བིད་དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ། ༀ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤོ་དྷ་ ནི་ཧ་ན་ཧཱུྃ་ཕཊ། ༀ་སརྦ་བིད་ཧཱུྃ། ༀ་སརྦ་བིད་ཕཊ། ༀ་སརྦ་བིད་ཨ། ༀ་སརྦ་བིད་ཏྲཊ། ཞེས་ པ་སོ་སོའི་སྔགས་སོ། ། སུ་ར་ཏ་སྟྭཾ། བུདྡྷ་ལོ་ཙ་ནི་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བུདྡྷ་ལོ་ཙ་ནི། ༀ་བུདྡྷ་ ལོ་ཙ་ནི་ཧཱུྃ། བཛྲ་མཱ་མ་ཀི་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་མཱ་མ་ཀི། ༀ་བཛྲ་མཱ་ མ་ཀི་ཏྲཾ། བཛྲ་པཎྜ་རེ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་པཎ་ཌ་རེ། ༀ་བཛྲ་པཎ་ ཌ་རེ། དེ་ཧི་དེ་ཧི་སིད་དྷི་བོ་དྷི་ལོ་ཀོཏྟ་རིམ་པ་སྭཱཧཱ། བཛྲ་ཏཱ་རེ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་ཏཱ་རེ། ༀ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཱུྃ། སྭ་སྭ་སྭ་སྭཱཧཱ། སུ་ར་ཏ་སྟྭཾ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ ཧཱུྃ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཛ། བཛྲ་སཏྭ་ དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཧོ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་ བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་དྷུ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཏྲཾ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་དྱ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་ བཛྲ་སཏྭ་བྷྲི། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཧ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཧྲཱིཿ བཛྲ་སཏྭ་དྲི་ཤྱ། 4-1-219 ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་དྷི། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་ མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཀྲུཾ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་བྷ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཀཾ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ རཾ། བཛྲ་སཏྭ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཀྵཾ། བཛྲ་སཏྭ་ དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་སཏྭ། ༀ་བཛྲ་སཏྭ་ཥྚཾ། བཛྲ་ལཱ་སྱ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་ལཱ་སྱ། ༀ་བཛྲ་ལཱ་སྱ་ཧཱུྃ། བཛྲ་ མཱ་ལེ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་མཱ་ལེ། ༀ་བཛྲ་མཱ་ལེ་ཏྲཾ། བཛྲ་གིརྟི་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། བཛྲ་གིརྟི། ༀ་བཛྲ་གིརྟི་ཧྲཱིཿ བཛྲ་ནྲི་ཏྱ་དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་ མ་ཡ་སྟྭཾ། ཨ་ཧཾ། བཛྲ་ནྲི་ཏྱ། ༀ་བཛྲ་ནྲི་ཏྱ་ཨ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན། དྷ་མ་དྷ་མ་དྷུ་པ་ ཡ་ཧཱུྃ་ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན། དྷ་མ་དྷ་མ་ དྷུ་པ་ཡ་ཧཱུྃ་ཕཊ། ༀ་སརྦ་དུརྒ་ཏི་བི་ཤོ་དྷ་ནི། པུཥྤ་བི་ལོ་ཀི་ནི་ཧཱུྃ་ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་ མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་དུརྒ་ཏི་སོགས་སོ། །ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ལོ་ཀ་ཀ་རི་ཧཱུྃ་ ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་སོགས་དང༌། ༀ་སརྦ་ཨ་པཱ་ཡ་ག་ཏི་གན་དྷ་ནཱ་ཤ་ནི་གན་དྷ་བ་དྷི་ཧཱུྃ་ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ཨ་པཱ་ཡ་ག་ཏི་གན་དྷ་ནཱ་ཤ་ནི་སོགས་དང༌། ༀ་སརྦ་ན་ར་ཀ་ག་ཏི་ཨ་ཀརྵ་ཎི་ཧཱུྃ་ ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ན་ར་ཀ་ག་ཏི་སོགས་དང༌། ༀ་སརྦ་ ན་ར་ཀ་ཨ་བྷི་ཨུད་དྷ་ར་ཎི་ཧཱུྃ་ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ན་ར་ཀ་ ཨ་བྷི་སོགས་དང༌། ༀ་སརྦ་ཨ་པཱ་ཡ་བན་དྷ་ནི་བི་ཤོ་དྷ་ནི་མོ་ཙ་ནི་ཧཱུྃ་ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ཨ་པཱ་ཡ་བན་དྷ་སོགས་དང༌། ༀ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་བི་ན་ 4-1-220 ཤ་ནི་ཧཱུྃ་ཕཊ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ༀ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ན་སོགས་ དང༌། ན་མོ་བྷ་ག་ཝ་ཏི་སརྦ་དུརྒ་ཏི་པ་རི་ཤོ་དྷ་ན་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་ བུདྡྷ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུད་དྷེ་བི་ཤུད་དྷེ་སརྦ་ཀརྨཱ་ཨ་བ་ ར་ཎ་བི་ཤོ་དྷ་ནི་སྭཱཧཱ། དྲི་ཤྱ། ཛཿཧཱུྃ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ། ན་མོ་བྷ་ཝ་ཏི་སོགས་དང༌། དེ་བཞིན་དུ། ཉན་ཐོས་རྣམས་དང་། རང་རྒྱལ་སོགས་དང༌། ཕྱིའི་སྒོ་བ་དང༌། ཁོར་ཡུག་གི་ འཇིག་རྟེན་པ་རྣམས་ལ་རིགས་བསྒྲེས་པས་ཤེས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱི་ཐུགས་ ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དང་པོའི་རྡོ་རྗེ་རྩེ་ལྔ་པས་རྒྱས་བཏབ། དང་པོའི་རྡོ་རྗེ་ རྩེ་ལྔ་པ་དེ་ནི་ཐོག་མཐའ་མེད་པའི་ཆོས་ཉིད་ཀྱི་ངོ་བོར་མོས་པར་བྱས་ཏེ། དང་པོ་དམ་རྒྱས་ བསྒྲུབ་པའོ། ། གཉིས་པ་ཆོས་རྒྱ་འགོད་པ་ནི། ལྷ་ཐམས་ཅད་ཀྱི་ལྐོག་མའི་ཕྱོགས་སུ་ཧྲིཿ ལས་པདྨ་ དམར་པོ་འདབ་མ་བརྒྱད་པ་མདུན་གྱི་འདབ་མ་ཅིག་ལྕེར་གྱུར་པའི་སྟེང་དུ་ཨ་ལས་ཟླ་བའི་ དཀྱིལ་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འཆུར་ཉལ་བ་དེའི་ལྟེ་བ་ལ། ༀ་སརྦ་བིད་ སརྦ་ཨ་བཱ་ར་ཎ་བི་ཤོ་དྷ་ནི་ཧ་ན་ཧཱུྃ་ཕཊ། ཅེས་པ་ལན་ལྔ། ཡུམ་བཞི་ལ། བུདྡྷ་ལོ་ཙ་ནི། བཛྲ་ མཱ་མ་ཀི། བཛྲ་པཎྜ་རེ། བཛྲ་ཏཱ་རེ། སེམས་དཔའ་བཅུ་དྲུག་ལ། བཛྲ་སཏྭ་བཅུ་དྲུག ནང་སྒེག་ བཞི་ལ་བཛྲ་ལཱ་སེ། བཛྲ་མཱ་ལེ། བཛྲ་གིརྟི། བཛྲ་ནྲི་ཏྱ། ཕྱི་སྒེག་བཞི་ལ། ༀ་སརྦ་ཨ་པཱ་ཡ་ བི་ཤོ་དྷ་ན། དྷ་མ་དྷ་མ་དྷུ་པ་ཡ་ཧཱུྃ་ཕཊ། ༀ་སརྦ་དུརྒ་ཏི་བི་ཤོ་དྷ་ནི་པུཥྤ་བི་ལོ་ཀ་ནི་ཧཱུཾ་ཕཊ། ༀ་ སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཛྙཱ་ན་ལོ་ཀ་ཀ་རི་ཧཱུྃ་ཕཊ། ༀ་སརྦ་ཨ་པཱ་ཡ་ག་ཏི་གན་དྷ་ན་ཤ་ནི་གན་ དྷ་བ་ཏི་ཧཱུྃ་ཕཊ། སྒོ་བ་བཞིའི་སྔགས་དང་སྙིང་པོ་གཞི་མཐུན་པ་ནི། ༀ་སརྦ་ན་ར་ཀ་ག་ཏི་ཨ་ ཀརྵ་ནི་ཧཱུྃ་ཕཊ། ༀ་སརྦ་ན་ར་ཀ་ག་ཏི་ཨ་བྷི་ཨུད་དྷ་ར་ནི་ཧཱུྃ་ཕཊ། ༀ་སརྦ་ཨ་པཱ་ཡ་བན་དྷ་ནི་ བི་ཤོ་དྷ་ནི་མོ་ཙ་ནི་ཧཱུྃ་ཕཊ། ༀ་སརྦ་ཨ་པཱ་ཡ་ག་ཏི་ག་ཧ་ནི་བི་ནཱ་ཤ་ནི་ཧཱུྃ་ཕཊ། མགྲོན་ཐབས་ 4-1-221 ཀྱི་བྱང་སེམས་རང་རྒྱལ། འཇིག་རྟེན་པ་རྣམས་ལ། རྩ་རིག་རེ་རེ་བཟླས་སོ། །ལག་ ལེན་ལ་སྔགས་བཟླས་ཀྱི་འདུག་ནའང་སྙིང་པོ་བཟླས་པར་གསུངས་པས། ལུགས་འདི་དག་པ་ ཡིན་ནོ། །ཆོས་རྒྱ་འགོད་པའོ། ། གསུམ་པ་ལས་རྒྱས་ལས་སྦྱར་བ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་ཕྱོགས་ཀྱི་མདོག་ཅན་གྱིས་རྒྱས་གདབ། ངག་ཏུ་ༀ་གླུར་བླང་བ་སྔོན་དུ་འགྲོ་བས། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ། ཅེས་པའི་ རིགས་ལྔ་སྤྱིའི་སྙིང་པོ་ཚར་ལྔ་དང༌། བུདྡྷ་ལོ་ཙ་ནི། བཛྲ་མཱ་མ་ཀི། བཛྲ་པཎ་ཌ་རེ། བཛྲ་ཏཱ་རེ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་སཏྭ། བཛྲ་ལཱ་སྱ། བཛྲ་མཱ་ལེ། བཛྲ་གཱིརྟི ། བཛྲ་ནྲི་ཏྱ། ཕྱི་སྒེག་བཞི་དང༌། སྒོ་བ་བཞི་ལ། ཆོས་རྒྱར་ བསྟན་པའི་སྔགས་རྣམས་དང༌། བསྐལ་བཟང་གི་བྱང་སེམས་ནས་གཟུང་སྟེ། འཇིག་རྟེན་ པའི་འཁོར་ཡུག་གི་བར་ལ། རྩ་རིག་ཚང་མར་བརྗོད་པ་ལས་རྒྱས་ལས་ལ་སྦྱར་བའོ། ། བཞི་པ་ཕྱག་ཆེན་གྱིས་བརྟན་པར་བྱ་བ་ནི། ལུས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་ དེའི་ཁུ་ཚུར་དང༌། སངས་རྒྱས་སྤྱན་མ་ནས། བྱང་སེམས་བཅུ་དྲུག་དང༌། མགྲོན་ཐབས་ཡན་ ཆད་ལ། རྡོ་རྗེ་ཁུ་ཚུར་དང༌། འཇིག་རྟེན་པ་ལ་དེའི་ཁུ་ཚུར་ལས་བྱུང་བའི་ཕྱག་ཆེན་བྲིས་པ་ ལྟར་བཅིང་ཞིང༌། ངག་ཏུ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་རྩེལྔ་ པ་རེ་རེས་རྒྱས་གདབ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་ཧཱུྃ་ཕཊ། བུདྡྷ་ལོ་ཙ་ནི་སོགས་དང༌། བཛྲ་ སཏྭ། སོགས་དང༌། བཛྲ་ལཱ་སྱ་སོགས་དང༌། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷུ་པ་ཧཱུྃ་ ཕཊ་སོགས། རྩ་རིག་སོགས། སོ་སོའི་སྙིང་པོ་བརྗོད། ཡིད་ཀྱིས་ལྷ་དེ་དང་དེར་མོས་པར་ བྱས་ཏེ། ཕྱག་ཆེན་གྱིས་བརྟན་པར་བྱའོ། ། 4-1-222 ཕྱག་རྒྱ་རྣམས་ནི་འདི་ལྟ་སྟེ། བཅའ་བའི་ཚུལ་ཐོག་མར་མཐོང་བ་བརྒྱུད་པ་ལས་ཤེས་ དགོས་ལ། དེ་ལ་ཐོག་མར། དམ་ཚིག་གི་ཕྱག་རྒྱ་ནི། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་ ཤཱཀ་ཐུབ་ནས་འབྱུང་བ་བཞིན། ལག་པ་གཡོན་པ་འཕང་དུ་གན་རྐྱལ་དུ་བཞག དེའི་སྟེང་ དུ་གཡས་པ་གན་རྐྱལ་མཐེ་བོང་གཉིས་ལྟོ་སྤྲད་པ་རྣམ་སྣང་གིའོ། །གུང་མོ་གཉིས་རྡོ་རྗེ་འདྲ་ བར་གཤིབས་ལ། མཐེ་ཆུང་དེ་བཞིན་དུ་བྱས་ལ། མཛུབ་མོ་གཉིས་དང་སྲིན་ལག་པདྨ་འདྲ་ བར་བྱས་པ་ནི་སྦྱོང་རྒྱལ་གྱིའོ། །དེ་ཉིད་ལས་མཛུབ་མོ་དང་སྲིན་ལག་རིན་པོ་ཆེ་འདྲ་བར་ བྱས་པ་ནི། དབང་བསྐུར་བ་རྒྱལ་མཆོག་རིན་པོ་ཆེའོ། །དེ་ཉིད་ལས་མཐེ་བོང་དང༌། མཐེ་ཆུང་ སོ་སོར་མཉམ་ལ་ལྷག་མ་བརྐྱང་བ་སྡིག་པ་སྲེག་པ་ཤཱཀྱ་རི་དབང་གི་དང༌། ལག་པ་གཡོན་ པ་དེ་བཞིན་དུ་བསྒྱུར་བ་ནི། མེ་ཏོག་ཆེར་རྒྱས་ཀྱི་དང༌། ཡུམ་བཞིའི་ནི། ཕྱག་ན་རྡོ་རྗེ་འཁོར་ ལོ་བསྒྱུར་བའི་སྐབས་ནས། སྤྱན་ནི་མིག་དང་འདྲ་བར་བཤད། །མཱ་མ་ཀི་ནི་རྡོ་རྗེར་བཤད། །དཀར་མོ་པདྨ་ཉིད་དུ་བཤད། །ཨུཏྤལ་ནི་སྒྲོལ་མར་གསུངས། །ཞེས་པ་ཙམ་ལས་གསལ་བར་ མ་གསུང་པ་ལ། རྗེ་བཙུན་པས་འདི་ལྟར་མཛད་དེ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་ བསྒྲེང་བའི་ཚིགས་དང་པོར་མཛུབ་མོ་གཉིས་མིག་འདྲ་བར་བྱས་ལ། སྲིན་ལག་དང་མཐེ་ ཆུང་ནང་དུ་བཅུག་པའི་སྟེང་ནས་མཐེ་བོས་མནན་པ་ནི་སྤྱན་གྱི་མིག་དང་འདྲ་བར་བཤད་དོ། །ཐལ་མོ་སྦྱར་བ་ལས་སྲིན་ལག་དང་མཐེ་ཆུང་ནང་དུ་བཅུག་ཀྱང་རུང་སྟེ། མཛུབ་མོ་གཉིས་ རྡོ་རྗེའི་རྭ་ལྟར་གུང་མོ་ལ་ལྟ་བ་ནི། མཱ་མ་ཀིའི་རྡོ་རྗེར་བཤད་དོ། །ཐལ་མོ་སྦྱར་བ་ལས་གུང་ མོ་པདྨ་འདྲ་བར་བྱས་ལ། མཐེ་བོ་དང་མཐེ་ཆུང་སོ་སོར་སྦྲེལ་བ་ནི། གོས་དཀར་མོའི་པདྨར་ བཤད་དོ། །ཐལ་མོ་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་རྒྱབ་ལ་དཀྲིས་ཏེ། མཐེ་ཆུང་ གུང་མོ་ལ་སྦྱར་ལ་ལྷག་མ་བསྣོལ་བ་ནི་སྒྲོལ་མའི་ཨུཏྤ་ལར་དགོངས་སོ། །ཞེས་དང༌། ཡུམ་ བཞི་པོ་འདིའི་ཕྱག་རྒྱ་ནི། རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལས་གསུང་པ་ནི། ལག་པ་གཉིས་ཐལ་མོ་ 4-1-223 ཁོང་སྟོང་དུ་སྦྱར་བ་ལས་མཛུབ་མོ་གཉིས་གུང་མོའི་་་་་་་་་། མཐེ་བོང་་་་་་་་་་ཚུལ་དུ་བྱས་པ་ནི། སངས་རྒྱས་སྤྱན་གྱི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་ལས་གུང་མོ་སྒྲེང་བའི་ཚིགས་གསུམ་པར་ མཛུབ་མོ་གཉིས་རྡོ་རྗེའི་ཚུལ་དུ་བཟུང་བ་ནི་མཱ་མ་ཀིའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་ ཁོང་སྟོང་དུ་སྦྱར་་་་བྱས་པ་ནི་གོས་དཀར་མོའི་ཕྱག་རྒྱའོ། །ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ བ་ལས་མཛུབ་མོ་གཉིས་བཀུག་པས་གུང་མོའི་སེན་མོ་གཉིས་མནན་ཏེ། མཐེ་བོང་གཉིས་ ནང་དུ་བཞག་ནས། ཅུང་ཟད་བཀུག་པ་ནི་སྒྲོལ་མའི་ཨུཏྤ་ལའི་ཕྱག་རྒྱའོ། ། སེམས་དཔའ་བཅུ་དྲུག་གི་ཕྱག༌རྒྱ་ནི། ཤཱཀ་ཐུབ་ཀྱི་་་་་་་འབྱུང་བ་ན། རྡོ་རྗེ་བསྡམས་པ་ ལས་མཛུབ་མོ་གཉིས་བརྐྱང་སྟེ། རྡོ་རྗེ་འདྲ་བར་བྱས་པ་ནི་རྡོ་རྗེ་སེམས་དཔའི་འོ། །དེ་ཉིད་ ལས་མཛུབ་མོ་གཡས་པ་བཀུག་པ་ནི་ལྕགས་ཀྱུའི་འོ། །དེ་ཉིད་ལས་མེ་ཏོག་གི་མདའ་འདྲ་ བར་བྱས་པ་ནི་ཆགས་པའི་དང་། དེ་ཉིད་ལས་་མཛུབ་མོ་གཉིས་རྩེ་སྤྲད་པ་ལེགས་པའི་དང༌། དེ་ཉིད་ལས་ཚིགས་བར་མ་བཅག་པ་རིན་ཆེན་གྱི་དང༌། དེ་ཉིད་ལས་སོར་མོ་ལྷག་མ་རྣམས་ འོད་ཟེར་འདྲ་བར་བསྐྱེད་པ་གཟི་བརྗིད་ཀྱི་དང༌། དེ་ཉིད་སྤྱི་བོར་བཞག་པ་རྒྱན་མཚན་གྱི་ དང༌། དེ་ཉིད་ཁའི་མདུན་དུ་བཞག་པ་ནི་བཞད་པའི་དང༌། དེ་ཉིད་པདྨ་འདྲ་བར་བྱས་པ་ཆོས་ ཀྱི་དང༌། དེ་ཉིད་ལས་རྩེ་མོ་ཡིད་ཙམ་བཀུག་པ་རྣོན་པོའི་དང༌། དེ་ཉིད་ལས་གདུ་བུ་འདྲ་བར་ བྱས་པ་རྒྱུའི་དང༌། དེ་ཉིད་ལས་པདྨའི་འདབ་མ་འདྲ་བྱས་པ་སྨྲ་བའི་དང༌། དེ་ཉིད་ལས་རྩེ་ མོ་ཡིད་ཙམ་བསྐྱེད་པ་ལས་ཀྱི་དང༌། དེ་ཉིད་ལས་ཤིན་ཏུ་བསྐྱེད་པ་བསྲུང་བའི་དང༌། དེ་ཉིད་ ལས་རྩེ་མོ་གཉིས་སླར་བཀུག་པ་གནོད་སྦྱིན་གྱི་དང༌། དེ་ཉིད་ལས་དམ་དུ་བཀུག་པ་ནི་ཁུ་ ཚུར་གྱིའོ། ། ནང་སྒེག་བཞིའི་རྒྱུད་འདིར་མ་གསུང་པ་ལས། རྗེ་བཙུན་པ་ལ་སོགས་པ། དེ་ཉིད་བསྡུས་པ་ལྟར་བྱ་བར་བཞེད་པས། བསྡམས་པ་མཐེ་བོང་མཉམས་ཏེ་བཞག །དེ་ 4-1-224 ཉིད་བརྐྱང་པ་ཕྲེང་བ་མའི་འོ། །རྡོ་རྗེ་ཐལ་མཆོག་ཁ་ནས་དབྱུང་། །གར་ལ་ཐལ་སྦྱར་སྤྱི་བོར་ བཞག །ཅེས་སོ། ། ཕྱི་སྒེག་བཞི་ནི་ཤཱཀ་ཐུབ་ཀྱི་སྐབས་ལས། བསྡམས་པ་ཉིད་མདུན་དུ་བཞག་པ་ནི་བདུག་ པ་མའི་འོ། །དེ་ཉིད་གྱེན་དུ་འཐོར་བ་ནི་མེ་ཏོག་མའི་འོ། །མཐེ་བོང་གཉིས་མཉམ་སྟེ་བསྐོར་ བ་ནི་མར་མེའི་འོ། །དེ་ཉིད་ལས་བྱུག་པ་ལྟར་བྱ་བ་ནི་དྲིའི་འོ། །དེ་ཉིད་ལས་མཛུབ་མོ་གཉིས་ ཀའི་རྩེ་མོ་བཀུག་པ་ནི་ལྕགས་ཀྱུའོ། །དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་སྤྲད་པ་ནི་ཞགས་ པའི་འོ། །དེ་ཉིད་ལས་གཅིག་ལ་གཅིག་མདུད་པ་ནི་ལྕགས་སྒྲོག་གིའོ། །དེ་ཉིད་ལས་བསྐྱོད་ པ་ནི་མཉེས་པའི་འོ། །བྱང་སེམས་ཉན་རང་རྣམས་ལ་རྒྱུད་འདི་ནས་ཕྱག་རྒྱ་མ་བཤད་པས། རིགས་གསུམ་སྤྱིའི་ཕྱག་རྒྱ་ཚར་གསུམ་བསྟན་པར་བླ་མ་གོང་མ་བཞེད་གསུང་ངོ༌། །སློབ་ དཔོན་ཆེན་པོ་ཀུན་སྙིང་གིས་མཛད་ཟེར་བའི་ཀུན་རིག་གི་དཀྱིལ་ཆོག སྨྲི་ཏིས་བསྒྱུར་བ་ ལས། ལག་པ་ཐལ་མོ་སྦྱར་བ་ལས། །གུང་མོ་སྲིན་ལག་རྩེ་མཉམ་བསྒྲེང་། །མཐེ་ཆུང་གཉིས་ ནི་ནང་དུ་གཞུག །མཛུབ་མོ་གཉིས་ནི་བཀུག་བྱས་ལ། །མཐེ་བོང་གཉིས་ཀྱི་ངོས་ལ་ནི། །སྦྱར་ བ་བྱང་སེམས་སྤྱིའི་འོ། །ཐལ་མོ་མཉམ་དུ་སྦྱར་བ་ལས། །སྙིང་ཁར་བཞག་པ་ཉན་ཐོས་ཀྱི། །གཡོན་པའི་ཁུ་ཚུར་ནང་བསྟན་ཏེ། །མཛུབ་མོ་མཐེ་བོང་རྩེད་སྤྲད་བསྒྲེང༌། །གཡས་པའི་ མཐེབ་སྲིན་སྦྱར་བསྒྲེང་སྤྲད། །རང་རྒྱལ་རྣམས་ཀྱི་ཕྱག་རྒྱའོ། །ཞེས་པ་ལྟར་རྗེ་བཙུན་པ་ བཞེད། མཁན་ཆེན་བུ་སྟོན་ཐམས་ཅད་མཁྱེན་པ་ནི། བྱང་སེམས་ཀྱི་ཕྱག་རྒྱ། དེ་ཉིད་བསྡུས་ པ་ནས་གསུང་པ་ལྟར་བཞེད་དེ། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། གཡས་ པའི་མཐེབ་མཛུབ་ཀྱིས་མཐེ་ཆུང་ནས་བརྩམས་ཏེ་ཕྱེ་ལ། ཐལ་མོ་ཁོང་སྟོང་དུ་སྦྱ་བ་ནི། བྱང་ སེམས་ཀྱིའོ། །ཉན་རང་འཇམ་དཔལ་རྩ་རྒྱུད་ནས་བྱུང་བ་བཞིན་མཛད་དེ། ལག་པ་གཉིས་ ཐལ་མོ་སྦྱར་ལ། སོར་མོ་ཀུན་ནས་གང་བའི་མཛོད་ལྟར་གནས་པ་ལ་ལག་པ་གཉིས་བསྐྱེད་ 4-1-225 ནས་མཐེ་བོང་མཐེ་ཆུང་རྩེ་སྤྲད་དེ། སོར་མོ་རྣམས་བརྐྱང་བ་ཉན་ཐོས་ཀྱིའོ། །ལག་པ་གཉིས་ ཐལ་མོ་སྦྱར་ལ་སོར་མོའི་རྩེ་མོ་རིམ་པ་བཞིན་མཚན་མར་བསྡུས་ནས་ཐལ་མོ་ཁ་སྦྱོར་དུ་བྱས་ ཏེ། མཐེ་བོང་གཉིས་བསྒྲེངས་ནས་བསྐུམ་པ་རང་རྒྱལ་གྱིའོ། ། ཁྲོ་བོ་ཕོ་ཉ་སོགས་ལ་ཕྱག་རྒྱ་སོ་སོར་བསྟན་པ་ནི། འདིར་མི་དགོས་ལ། ཕྱག་རྒྱ་སྤྱིར་ བསྟན་པ་ནི་འདིར་མཁོ་བས། རྡོ་རྗེ་བསྡམས་པ་ནང་དུ་བཅིངས། གུང་མོ་གཉིས་ཕྱིར་རྩེ་སྤྲད་ དེ་བརྐྱང༌། མཐའ་བཞི་སོ་སོར་བསྒྲེང་བ་སྟེ། འཁོར་ལོ་བསྒྱུར་བ་ནས། དེ་ཉིད་ལས་ནང་དུ་ བཅུག་པ་ནི་ཁྲོ་བོ་སྣ་ཚོགས་ཀྱིའོ། །ཞེས་སོ། ། འཇིག་རྟེན་པ་རྣམས་ལ་ཕྱག་རྒྱ་སོ་སོར་བསྟན་པ་རྣམས་ནི་རང་རང་གི་དཀྱིལ་འཁོར་དུ་ དགོས་ཀྱི་འདིར་མི་མཁོ་ལ། སྤྱིར་བསྟན་པ་ནི། འཁོར་ལོ་བསྒྱུར་བའི་སྐབས་ནས། ལྷ་རྣམས་ ཀུན་ལ་ཐུན་མོང་དུ། །པདྨའི་ཕྱག་རྒྱ་རབ་ཀྲིས་ཏེ། །ཀླུ་རྣམས་ཞེས་བྱ་ཨུད་པ་ལ། །དེ་ལྟར་སོ་ ནི་གནོད་སྦྱིན་དང༌། །སྲིན་པོ་རྣམས་ཀྱི་མགོ་ཚལ་བ། །བུད་མེད་རྣམས་ལ་སོར་བཅུ་བསྣོལ། །གཟའ་རྣམས་ལ་ནི་དབྱུག་པ་སྟེ། །ཨརྒ་འབུལ་བ་རྒྱུ་སྐར་གྱི། །མགོ་བོའི་ཐོད་པ་ཁར་ བཞག་པའི། །ཕྱག་རྒྱ་འདི་ནི་ཕྲ་མེན་མ། །མགོ་ཐོད་ལྕེ་ཡི་ཕྱག་རྒྱ་ཆེ། །དེ་ལྟར་རྣལ་འབྱོར་ མ་ཡི་བཤད། །ཞེས་འབྱུང་བས། དེ་དག་གི་འཆིང་ཚུལ་རྗེ་བཙུན་པས་གསུང་པ་ལྟར་དུ་རྡོ་རྗེ་ བསྡམས་པ་ནང་དུ་བཅིངས་ལ། གུང་མོ་རྩེ་སྤྲད་དེ་བརྐྱང༌། ཐ་མ་བཞི་སོ་སོར་བརྐྱང་བ་ཁྲོ་ བོ་བཞིའོ། །རྡོ་རྗེ་ཁུ་ཚུར་བཅིངས་ཏེ། མཐེ་བོང་དང་མཐེའུ་ཆུང་སོ་སོར་མཉམ་པ་ལ་ལྷག་མ་ ཐམས་ཅད་བརྐྱང་པ་པདྨའི་ཕྱག་རྒྱ་ནི། ཕྱོགས་སྐྱོང་བཅུའི་འོ། །ཐལ་མོ་སྦྱར་བ་ལས། དབུས་ མ་གསུམ་བཀུག་སྟེ་རྩེ་སྤྲད། མཐེ་བོང་དང་མཐེ་ཆུང་སོ་སོར་བསྐྱེད་པ་ནི་ལྷ་ཆེན་བརྒྱད་ཀྱིའོ། །སྒྲོལ་མའི་བཞིན། ཨུད་པ་ལའི་ཕྱག་རྒྱ་ནི། ཀླུ་ཆེན་བརྒྱད་ཀྱིའོ། །གཡོན་སྙིང་ཁར་བསྡུས་ཏེ། གཡས་དབྱུག་པ་འཛིན་པ་ལྟ་བུ་ནི། གཟའ་ཆེན་བརྒྱད་ཀྱིའོ། །གོང་གི་པད་མའི་ཕྱག་རྒྱ་ནི། 4-1-226 རྒྱལ་ཆེན་བཞིའོ། །ཐལ་མོ་གཉིས་མདུན་དུ་བཀན་པའི་སྲིན་ལག་ནང་དུ་བཀུག་པ་ཨརྒ་ འབུལ་བའི་ཕྱག་རྒྱ་ནི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིའོ། །ལག་པ་གཉིས་བཤིབས་པའི་སོར་ མོ་རྣམས་བཤིབས་ལ་མཛུབ་མོ་མཆེ་བ་ལྟར་བྱས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱིའོ། །གཡས་པའི་སྙིམ་པ་མགོ་ཚལ་གྱི་རྣམ་པར་སྟོན་པས་འཇིགས་བྱེད་ཆེན་པོ་དགུའི་འོ། །གོང་ བཞིན་མགོ་ཚལ་ལྟར་བྱས་པ་ནི་སྲིན་པོའི་ཚོགས་ཀྱིའོ། །སོར་མོ་བཅུ་སྣོལ་བ་ནི་བུ་མེད་ཀྱི་ ཚོགས་ཀྱིའོ། །ལག་པ་གཉིས་ཀྱི་སོར་མོ་བཅུའི་རྩེ་སྤྲད་པ་བཀུག་པའི་སྙིམ་པ་ནི་ཕྲ་མེན་ མའི་འོ། །དེ་ཉིད་ལས་མཐེ་བོང་གཉིས་ནང་དུ་ལྕེ་ལྟར་བྱས་པ་མགོ་ཐོད་ལྕེའི་ཕྱག་རྒྱ་ནི་རྡོ་རྗེ་ རྣལ་འབྱོར་མ་སོགས་ཀྱིའོ། །པད་སྐོར་བྱས་ཏེ་ཐལ་མོ་སྦྱར་བ་ནི། དྲང་སྲོང་ཆེན་པོ་རྣམས་ ཀྱིའོ། །པད་སྐོར་བྱས་ཏེ་ཐལ་མོ་སྦྱར་བ་ཁ་ཕྱེ་བ་ནི་འབྱུང་བ་ཆེན་པོ་བཞིའི་ལྷ་སོགས་འཇིག་ རྟེན་པ་ཐམས་ཅད་ཀྱི་ཕྱག་རྒྱའོ། །ཐལ་མོ་ཁ་སྦྱར་བ་ཕྱེ་སྟེ་པད་མའི་རྣམ་པར་བྱས་པ་བསྟན་ ཏེ། འཁོར་ལོ་བསྒྱུར་བ་ལས། དེ་དག་ཀུན་གྱི་ཐུན་མོང་དུ། །ཕྱག་རྒྱ་ཆེན་པོ་བཤད་པར་བྱ། །ཐལ་མོ་བརྐྱང་བར་བཤད་པ་སྟེ། །ཡང་ན་ཐལ་མོ་པད་མར་བྱ། །ཞེས་སོ། །འཇིག་རྟེན་པ་ སྤྱིའི་དམ་རྒྱའོ། །དམ་ཚིག་གི་ཕྱག་རྒྱ་བསྟན་ཟིན་ཏོ། ། ཆོས་ཀྱི་ཕྱག་རྒྱ་ནི། ལུས་རྣམ་སྣང་གི་ཆོས་བདུན་ལྡན་བྱའོ། །ལས་རྒྱ་ནི། རྡོ་རྗེ་ཁུ་ཚུར་ གཉིས་ཀྱི་དམ་རྒྱ་གཉིས་སུ་བྱས་ཏེ། རྡོ་རྗེ་ཁུ་ཚུར་ལས་མཐའ་མ་ནས་རིམ་བཞིན་བཀྲོལ་ཏེ། གར་སྔོན་དུ་འགྲོ་བས། ཕྱག་མཚན་མེད་པའི་ཕྱག་ཆེན་ལྟར་བཅིང་ངོ༌། །ཁྱད་པར་དུ། གཡོན་ པ་རྡོ་རྗེ་ཁུ་ཚུར་ཁ་ནང་དུ་བལྟས་ལ་དཀུར་བཞག གཡས་པའི་ཁུ་ཚུར་བཀན་ཏེ་གྱེན་དུ་སྟོང་ པའི་ཚུལ་གྱིས་སྙིང་ཁར་བཞག་པ་རྡོར་སེམས་ཀྱི་ལས་རྒྱ་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་ མདུན་དུ་བཞག དེའི་ཡང་མདུན་དུ་གཡོན་པའི་རྡོ་རྗེ་ཁུ་ཚུར་ལྕགས་ཀྱུ་འཛིན་པ་ལྟར་བྱས་པ་ རྒྱལ་པོའི་དང༌། གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག་སྟེ་བཀན་པའི་སྟེང་དུ། གཡས་ཁ་པུག་ 4-1-227 ཏུ་བཞག་ནས་གཡས་མདའ་འཛིན་པའི་ཚུལ་གྱིས་རྣ་བ་ལ་ཐུག་གི་བར་དུ་བཀང་ནས་མདའ་ འཕེན་པ་ལྟར་བྱེད་པ་ཆགས་པའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་སྙིང་ཁར་བཞག་ནས་མཐེབ་ མཛུབ་གཉིས་སེ་གོལ་སྡེབས་པ་ལེགས་པའི་དང་། རྡོ་རྗེ་ཁུ་ཚུར་གཉིས་མཛོད་པུའི་གནས་ སུ་བཞག་པ་རིན་ཆེན་གྱི་དང༌། རྡོ་རྗེ་ཁུ་ཚུར་གཉིས་སྙིང་ཁར་གཡས་ནས་བསྐོར་བར་བྱ་བ་ གཟི་བརྗིད་ཀྱི་དང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་ལག་གཡས་རྡོ་རྗེ་ཁུ་ཚུར་གྱི་གྲུ་མོ་བཙུགས་ པ་རྒྱན་མཚན་གྱི་དང༌། རྡོ་རྗེ་ཁུ་ཚུར་གཉིས་སྙིང་ཁར་གཡས་ནས་དགོད་པའི་ཚུལ་དུ་སྒེག་པ་ དང་བཅས་པས་ཡོངས་སུ་བསྐོར་ནས་ཁའི་གྲྭ་གཉིས་སུ་བཞག་པ་བཞད་པའི་དང༌། གཡས་ པའི་རྡོ་རྗེ་ཁུ་ཚུར་གྱི་མཐེབ་མཛུབ་ཀྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་མཐེ་ཆུང་ནས་རིམ་ པ་བཞིན་ཁ་འབྱེད་པའི་ཚུལ་བྱེད་པ་ཆོས་ཀྱི་དང༌། གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག གཡས་རྡོ་རྗེ་ཁུ་ཚུར་གྱིས་རལ་གྲི་འདེབས་ཚུལ་བྱེད་པ་རྣོན་པོའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ འགལ་མེའི་འཁོར་ལོ་ལྟར་གཡས་ཕྱོགས་ནས་ལུས་ཀྱི་ཕྱི་རོལ་ནས་བསྐོར་བ་རྒྱུའི་དང༌། རྡོ་ རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་བཏེག་པ་སྨྲ་བའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་དཀྲོལ་བ་ལས་ བྱུང་བའི་ཐལ་མོ་སྦྱར་བ་འགྲམ་པ་གཉིས་ཀ་དང་སྤྱིར་བོར་བཞག་པ་ལས་ཀྱི་དང༌། རྡོ་རྗེ་ཁུ་ ཚུར་གཉིས་སྔར་གོ་བགོ་བར་བཤད་པ་ལྟར་བྱས་ནས་མཐར་གོ་བཀོན་པའི་ཚུལ་དུ་བྱས་པ་ ནི་བསྲུང་བའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་མཐེ་ཆུང་གཉིས་བརྐྱང་ནས་བཀུག་པ་མཆེ་བའི་ ཚུལ་དུ་བྱས་ནས་ཁའི་གྲྭ་གཉིས་སུ་བཞག་པ་གནོད་སྦྱིན་གྱི་དང་། རྡོ་རྗེ་ཁུ་ཚུར་གཉིས་གཅིག་ ལ་ཅིག་བཙིར་བ་ཁུ་ཚུར་གྱི་དང༌། རྡོ་རྗེ་ཁུ་ཚུར་གཉིས་དཀུར་གཉིས་སུ་བཞག་ནས་བསམ་པ་ གཡོས་པས་གཡོན་དུ་འདུད་པ་སྒེག་མོའི་དང༌། རྡོ་རྗེ་ཁུ་ཚུར་ཕྲེང་བ་འཛིན་པའི་ཚུལ་བྱེད་པ་ ཕྲེང་བ་མའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་ཚིག་དབྱུང་བའི་ཚུལ་དུ་འདྲེན་པ་གླུ་མའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བསྐོར་བ་གར་མའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྤོས་ཐུར་ 4-1-228 དུ་བདུག་པའི་ཚུལ་ནི་བདུག་པ་མའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མེ་ཏོག་འབུལ་བའི་ཚུལ་ གྱིས་གྱེན་དུ་མཐོ་བ་མེ་ཏོག་མའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་བོང་བཤིབས་ཏེ་བསྒྲེང་ བ་མར་མེ་མའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་བརྐྱང་ནས་རང་གི་སྙིང་ཁར་དྲི་བྱུག་པའི་ཚུལ་བྱེད་ པ་དྲི་མའི་དང༌། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་ལྕགས་ཀྱུ་ལྟ་བུ་གཡོན་པའི་རྡོ་རྗེ་ ཁུ་ཚུར་ལྕགས་ཀྱུ་ལྟར་བྱས་ནས་བཅིངས་པ་ལྕགས་ཀྱུའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་འཁྲིག་ མའི་རྒྱབ་སྦྱར་བ་ཞགས་པའི་དང༌། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་གཉིས་ལྕགས་ཀྱུ་འདྲ་ བར་བྱས་ནས། ཁུ་ཚུར་ཁ་ནང་དུ་བསྟན་ནས་ཐད་ཀར་བཞག་སྟེ་ཕན་ཚུན་མདུད་ཅིང་མཐེ་ ཆུང་སྦྲེལ་བ་ལྕགས་སྒྲོག་གི་དང༌། རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ་བརྩིར་བ་འབེབས་པའི་ སྟེ། རང་རང་གི་སྙིང་པོ་གླུར་བླང་ཞིང༌། བཅིང་བ་ལས་རྒྱའོ། ། ཕྱག་ཆེན་ནི་ལྷ་དེ་དང་དེར་བདག་ཉིད་བསམས་ལ་སྙིང་པོ་བཟླ་ཞིང་བསྐྱེད་པའམ། བྲིས་པ་ཇི་ལྟ་བ་བཞིན་དུ་ཕྱག་རྒྱ་བཅིངས་ལ། སྙིང་ཁར་ཟླ་བ་ལ་སེམས་པའི་རྡོ་རྗེ་བསམ་མོ། །དེའི་རྗེས་སུ་དཀྱིལ་ཆོག་བཞིན་དབང་བསྐུར་ནས་ལྷ་སོ་སོའི་ཕྱག་རྒྱ་ཆེན་པོ་བཅིང་ཞིང༌། རྩ་རིག་དང༌། རང་རང་གི་སྔགས་བརྗོད་ལ། བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་ སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་སངས་རྒྱས་ཐམས་ ཅད་གཅིག་ཏུ་བསྡུ་བ་དང༌། སློབ་མ་རྣམས་ལ་དབང་བསྐུར་བའི་ཕྲིན་ལས་མཛད་དུ་གསོལ། ཅེས་པ་ལྟ་བུ་དང༌། དེ་བཞིན་དུ་རབ་གནས་བྱེད་ན་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ ཀྱི་རྟེན་ལ་རབ་ཏུ་གནས་པའི་ཕྲིན་ལས་མཛད་དུ་གསོལ། གཤིན་ཆོག་ཡིན་ན་ངན་སོང་ཐམས་ ཅད་ཡོངས་སུ་སྦྱོང་བའི་འཕྲིན་ལས་མཛད་དུ་གསོལ། ཞེས་འདོན་པ་སྒྱུར་ཞིང་སྦྱར་རོ། །བྱང་ སེམས་ཉན་ཐོས་རང་རྒྱལ་རྣམས་ལ་རྩ་རིག་གི་མཐར་དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྐྱང་བའི་ ཕྲིན་ལས་མཛད་དུ་གསོལ། ཁྲོ་བོ་རྣམས་ལ་རྩ་རིག་གི་མཐར། བདུད་དང་མི་མཐུན་ཕྱོགས་ 4-1-229 ཐམས་ཅད་ཚར་བཅད་པའི་ཕྲིན་ལས་མཛད་དུ་གསོལ་ཞེས་སྦྱར། འཇིག་རྟེན་པ་རྣམས་ལ་ རྩ་རིག་གི་མཐར། འཇིག་རྟེན་པ་ཐམས་ཅད་དར་ཞིང་རྒྱས་པ་དང༌། ཡུལ་ཕྱོགས་ཐམས་ཅད་ བདེ་ལེགས་འཕེལ་བའི་ཕྲིན་ལས་མཛད་དུ་གསོལ་ཞེས་སྦྱར་རོ། ། མཆོད་པའི་ཕྱག་རྒྱ་ནི། དཔུང་བཟངས་དང༌། རིག་པ་མཆོག་ལས། ལོག་འདྲེན་ཆུ་ལྟར་ གཡོ་བ་ཞེས་པ་དང༌། འཇིག་རྟེན་མེ་ཏོག་ཅེས་པ་དང༌། ནག་པོ་ལུས་ཅན་ཞེས་པ་དང༌། ཙུག་ ཕུད་གཅིག་པ་ཞེས་པའི་བགེགས་དང༌། གཙུག་ཏོར་ལས། ཟས་སུ་དྲི་ཟ་བ་དང༌། ཟས་སུ་ གཏོར་མ་ཟ་བ་དང༌། ཞེས་བཤད་པས། མཆོད་པའི་བགེགས་རྣམས་བསལ་བའི་ཕྱིར། རྡོ་རྗེ་ ཁུ་ཚུར་གཉིས་ཀྱི་མཐེ་ཆུང་མཆེ་བ་ལྟར་བརྐྱང་བ་ཁ་འགྲམ་གཉིས་སུ་བཞག་པ་རྡོ་རྗེ་གནོད་ སྦྱིན་གྱི་ལས་རྒྱ་དང༌། སྔགས་ཀྱིས་བགེགས་བསང༌། སྔར་བཤད་པའི་རྡོ་རྗེ་མེའི་ཕྱག་རྒྱས་ གཟི་བརྗིད་བསྐྱེད། སྭ་བྷ་ཝས་སྟོང་པར་བསམ། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་ སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ༀ་ལས་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དྭངས་ ཤིང་ཐོག་པ་མེད་པ་ཞེས་སོགས་བྱིན་གྱིས་བརླབས་ནས་འབུལ་བ་ལ་ཉེར་སྤྱོད་ལྔའི་ཕྱག་རྒྱ་ ནི། ཤཱཀ་ཐུབ་ལས། སྙིམ་པ་གཟེད་ལ་གྱེན་དུ་འཐོར་བ་ནི་མེ་ཏོག་གིའོ། །དེ་ཉིད་ལས་ཐུར་ དུ་ལྟུགས་པ་ནི་བདུག་པའི་འོ། །དེ་ཉིད་ལས་མཐེ་བོང་གཉིས་གྱེན་དུ་མཉམས་ཏེ་མདུན་དུ་ འཛིན་པ་ནི་མར་མེའི་འོ། །དེ་ཉིད་ལས་དུང་འདྲ་བར་བྱས་པ་ནི་དྲིའི་འོ། །དེ་ཉིད་ལས་རབ་ ཏུ་བརྐྱང་སྟེ་འཛིན་པ་ནི་གཏོར་མའི་འོ། དེ་ཉིད་ལས་སྲིན་ལག་བཀུག་པ་ནི་ཨརྐའི་འོ། །ཞེས་ སོ། །ཡོ་གའི་འགྲེལ་ཆེན་དག་ལས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་མཐེ་བོང་གཉིས་མཛུབ་ མོའི་གཞོགས་ལ་བརྟེན་པའི་ཕྱག་རྒྱ་དང༌། རང་གི་འཁོར་ལོ་བསྒྱུར་བའི་སྔགས་ཀྱིས་མཆོད་ ཡོན་དང༌། རྡོ་རྗེ་བསྡམས་པ་རལ་གྲི་འདེབས་པའི་ཚུལ་དུ་བྱས་པའི་ཕྱག་རྒྱ་དང༌། ཨ་ཀ་རོས་ ལྷ་བཤོས་འབུལ་བར་བཤད་དོ། ། 4-1-230 མཆོད་པ་ཉི་ཤུ་རྩ་ལྔ་པ་ནི། རྒྱུ་རིན་པོ་ཆེ་ལས་ལས་བྱས་པར་བསམས་ལ། ངག་ཏུ་ༀ་ གླུར་བླངས་སྔོན་དུ་འགྲོ་བས། དེ་རྣམས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་གར་ སྔོན་དུ་འགྲོ་བས། རྡོ་རྗེ་ཁུ་ཚུར་གཉིས་རང་གི་མགོ་བོར་དབང་བསྐུར་བའི་ཚུལ་དུ་འཇོག་ ཅིང༌། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་རིན་པོ་ཆེའི་ཅོད་པན་ཕུལ་བར་བསམ་མོ། །དེ་ལྟར་ ཐམས་ཅད་ལ་འདྲེ་བར་ཤེས་པར་བྱས་ལ། དངོས་སུ་རང་ལ་བཅིང་ཞིང༌། ཡིད་ཀྱིས་ལྷ་རྣམས་ ལ་བཅིང་ཞིང་རྒྱན་པར་བསམས་ལ། ལག་པ་གཉིས་ཀྱིས་རྣ་བ་ལ་རྣ་རྒྱན་འདོགས་པའི་ཚུལ། མགུལ་པ་ལ་མགུལ་རྒྱན། བྲང་ལ་དོ་ཤལ། ལག་པ་གཡོན་གྱི་གཡས་པའི་དཔུང་པ་ལ་དཔུང་ རྒྱན། མཁྲིག་མ་ལ་གདུབ་བུ། སོར་མོ་ལ་སོར་གདུབ། རྐང་པ་ལ་རྐང་གདུབ་འབུལ་བའི་ ཚུལ་དུ་བྱེད་པ་སྟེ་རྒྱན་གྱི་ཁྱད་པར་བརྒྱད་དོ། །གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་ བྱས་པའི་མཐེ་བོང་སྟེང་དུ་གཡས་པའི་ཐལ་མོ་གདུགས་ཕུབ་པའི་ཚུལ་དུ་བྱས་པས་གདུགས། རྡོ་རྗེ་ཁུ་ཚུར་གཉིས་གཡོན་ཕྱོགས་སུ་རྩེགས་པ་རྒྱན་མཚན་ཕྲག་པ་ལ་ཁུར་བའི་ཚུལ་དུ་བྱས་ པས་རྒྱལ་མཚན། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནམ་མཁའ་ལ་འཕན་འདོགས་པའི་ཚུལ། ཁུ་ཚུར་ གཡོན་སྙིང་ཁར་བཞག གཡས་ཀྱི་གུང་མཛུབ་བརྐྱང་བས་བར་སྣང་ལ་ལྡ་ལྡི་འགྱེལ་བའི་ ཚུལ། ལག་པ་གཉིས་ཀྱི་ཐལ་མོ་རྔ་ཡབ་གཡོབ་པའི་ཚུལ། ལག་པ་གཡོན་བསམ་གཏན་བྱ་ བ་ལྟར་བྱས་ལ། གཡས་བླ་རེ་ཕུབ་པའི་ཚུལ་དུ་བྱས་པས་བླ་རེ་དབུལ་ཏེ་ཡོ་བྱད་ཀྱི་ཁྱང་པར་ དྲུག་གོ། །རྡོ་རྗེ་ཁུ་ཚུར་གཉིས་བཤིབས་ཏེ་སེང་གེའི་གདན་དབུལ་པའི་ཚུལ། རྡོ་རྗེ་ཁུ་ཚུར་ གཉིས་གཡས་གཡོན་དུ་དྲང་ཞིང་གཟིམས་ཆས་གཡོག་པའི་ཚུལ། གཡོན་ཁུ་ཚུར་སྙིང་ཁར་ བཞག་ལ་གཡས་གུང་་་་་་་་་་་་་་གྱིས་ཕོ་བྲང་ཟླུམ་པོ་འབུལ་བའི་ཚུལ། ཕྱག་རྒྱ་དེ་ཉིད་ཀྱིས་ གཞལ་ཡས་ཁང་གྲུ་བཞི་པའི་ཚུལ། དེ་ཉིད་ཀྱིས་ཁང་བུ་གྲུ་བཞི་ཉིས་རྩེགས་འབུལ་བའི་ ཚུལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཟླ་བའི་གདན་འབུལ་བའི་ཚུལ་བྱས་ཏེ་གནས་ཀྱི་ཁྱད་པར་ 4-1-231 དྲུག་གོ། །རྡོ་རྗེ་ཁུ་ཚུར་གཉིས་མེ་ཏོག་འཐོར་བའི་ཚུལ། དེ་ཉིད་ཀྱིས་པི་ཝང་སྒྲེང་བའི་ཚུལ། གཡོན་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཞག གཡས་རྡོ་རྗེ་ཁུ་ཚུར་གྱིས་དྲིའི་ཕྱེ་མ་འགྱེད་པའི་ཚུལ། རྡོ་ རྗེ་ཁུ་ཚུར་གཉིས་ཀྱིས་བཤོས་འབུལ་བའི་ཚུལ། དེ་ཉིད་ཀྱིས་གོས་འབུལ་བའི་ཚུལ་ཏེ་ཉེར་ སྤྱོད་ཀྱི་ཁྱད་པར་ལྔའོ། །ཕྱག་རྒྱ་དེ་དག་རྗེ་བཙུན་པའི་ལུགས་བཞིན་ཡིན་ལ། བུ་སྟོན་རིན་པོ་ ཆེ་ལ་ཕལ་ཆེར་་་་་་་་ནོ། ། སྒེག་སོགས་བརྒྱད་ཀྱི་མཆོད་པའི་ལས་ཀྱི་ཕྱག་རྒྱ་ནི། དེ་ཉིད་བསྡུས་པ་ལས། རྡོ་རྗེ་ སྒྱིངས་པའི་ཚུལ་གྱིས་སུ། །བསམ་པ་གཡོས་པས་མདུད་པར་བྱ། །ཕྲེང་བ་བཅིང་དང་ཁ་ ནས་དབྱུང༌། །གར་ལ་ཐལ་སྦྱར་སྤྱི་བོར་བཞག །འོག་ཏུ་བླུགས་དང་གྱེན་དུ་འཐོར། །མཐེ་ བོང་བཤིབས་དང་སྒྲེང་བ་ཉིད། །དྲིས་བྱུག་པ་ཡི་ཚུལ་དུ་ནི། །མཆོད་པའི་ཕྱག་རྒྱ་རབ་ཏུ་ བརྟག །ཅེས་སོ། ། རིན་ཆེན་སྣ་བདུན་གྱི་ཕྱག་རྒྱ་ནི། ལག་པ་གཉིས་ཀྱི་མཁྲིག་མ་བསྣོལ་ཏེ། རྒྱབ་སྦྱར་ ལ། སོར་མོ་རྣམས་གཅིག་ལ་གཅིག་མཁྱུད་ལ། མཐེ་བོང་ལག་མཐིལ་དུ་བཀུག་པ་ནི་འཁོར་ ལོའོ། །ཁུ་ཚུར་གཉིས་གཤིབས་ནས་མཛུབ་མོ་གཉིས་ཀྱི་ཚིགས་དབུས་མ་བཅག་སྟེ་བཀུག་ ནས་མཐེ་བོང་དང་རྩེ་སྤྲད་པ་ནི་རིན་པོ་ཆེའི་འོ། །རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་སྒྲེང་ བའི་ལོགས་ལ་མཛུབ་མོ་གཉིས་གཅེར་བ་ནི་བཙུན་མོའི་འོ། །རྡོ་རྗེ་བསྡམས་པ་ལས་གུང་ མོ་དང་མཐའ་བཞི་སྒྲེང་བ་ནི་བློན་པོའི་འོ། །ལག་པ་གཡས་པ་གླང་པོའི་སྣ་ལྟར་བརྐྱང་ལ་ གཡོན་པ་གྲུ་མོ་ནས་བཟུང་བ་ནི་གླང་པོའི་འོ། །ཁུ་ཚུར་གཉིས་གཅེར་ལ། གུང་མོ་དང་སྲིན་ ལག་བརྐྱང༌། མཐེ་བོང་གཉིས་རྣ་བ་ལྟར་བྱས་པ་ནི་རྟའི་འོ། །གཡོན་གོ་ཆ་འཛིན་པ་ལྟར་ བྱས། གཡས་མཆོག་སྦྱིན་ནམ། རལ་གྲི་འཕྱར་བ་ལྟར་བྱས་པ་ནི་དམག་དཔོན་གྱིའོ། ། འདོད་ཡོན་ལྔ་འབུལ་བའི་ཕྱག་རྒྱ་ནི། གཡོན་ཁུ་ཚུར་གྱི་སྟེང་དུ་གཡས་པ་མེ་ལོང་འཛིན། 4-1-232 པི་ཝང་འཛིན་པའི་ཚུལ་ལམ་རོལ་མོ། གཡོན་པ་ཁུ་ཚུར་སྙིང་གི་ཐད། གཡས་པས་དེ་སྟངས་ ནས་དྲི་དབྱུག་པའི་ཚུལ། རྡོ་རྗེ་ཁུ་ཚུར་གཉིས་བཤོས་འབུལ་བའི་ཚུལ། དེ་ཉིད་ཀྱིས་གོས་ འབུལ་བའི་ཚུལ་དུ་བྱའོ། ། ངན་སོང་སྦྱོང་བའི་ཆོ་ག་ལ། །ཡན་ལག་མེད་དུ་མི་རུང་བ། །ཕྱག་རྒྱ་བཞི་ཡི་རྒྱས་གདབ་ དང་། །མཆོད་པའི་ཕྱག་རྒྱ་ནོར་འཁྲུལ་མེད། །བླ་མ་གོང་མའི་རྗེས་འབྲངས་ནས། །ཇོ་གདན་ བསོད་ནམས་བཟང་པོས་བཀོད། ། ༈ ཊཀྐི་ཧཱུྃ་ཛཱ། ཊཀྐི་ཛ་ཧོ། ཧཱུཾ་ལས་རྡོ་རྗེ་འདི་ནི། རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ པོ་ཞལ་གཅིག་ཕྱག་གཉིས་གཡས་པ་དང་པོའི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་སྟོད་དེ་འཛིན་པ། གཡོན་པ་དེས་ཡུ་བ་བྱས་པའི་དྲིལ་བུ་སྙེམས་པའི་ཚུལ་གྱིས་སྐུར་བརྟེན་པ། དེ་ལྟེམ་ཞུ་བ་ ལས་བྱུང་པའི་རྡོ་རྗེར་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ཉིད། །རྡོ་རྗེ་སེམས་དཔའ་ དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་མའི་བདག་པོ་མཆོག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ༀ་བཛྲ་སཏྭ་ཧཱུྃ། ཨ་ཨ་ལས་དྲིལ་ བུ་འདི་ནི། རྡོ་རྗེ་བསྙེམས་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཉིས་ ཀྱི་དང་པོའི་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་ནས། དཀུར་བརྟེན་པ་བསྒེགས་དང་བཅས་པ་ བསམ་པ། གཡོན་པས་གཡོན་དུ་ཅུང་ཟད་འདུད་པ། དེ་ལྟེམ་ཞུ་བ་ལས་བྱུང་བའི་དྲིལ་བུར་ གྱུར། ཨ་སྲིད་པ་ངོ་བོ་ཉིད་ཀྱི་བདག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་པས་ སེམས་ལྡན་པ། །སྲིད་པའི་དམ་པ་བྱེད་པར་འགྱུར། །ༀ་བཛྲ་དྷརྨ་ཨ། ཨ་ལི་ཀ་ལའི་སྙམ་ སྦྱོར་པས། །མཉམ་པར་བཞག་པ་ཧཱུྃ་གི་ལུས། །ཕྱོགས་བཅུ་ཀུན་ཏུ་སྒྲོགས་བྱས་ཏེ། །ཤེས་ རབ་ཐབས་ཀྱི་ལག་པ་ཡི། །ཤེས་རབ་ཐབས་ཀྱི་སྒྲ་སྒྲོག་བྱ། །ཨ་བཛྲ་དྷརྨ་གྷན་དྷ་ཨཱ། དགེ་ དེས་ངན་སོང་རྒྱུན་བཅད་ནས། །འགྲོ་ཀུན་མཐོ་རིས་ཐར་པ་ཡི། །གོ་འཕང་མཆོག་ལ་འགོད་ 4-1-233 པར་ཤོག ། འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་པར་གྱུར་ཅིག། པར་ ནི་ཆོས་གྲྭ་ཆེན་པོ་ཚལ་མིན་དུ། རྗེ་ངག་དབང་བཟང་པོའི་སྐུ་ཚེ་བརྟན་ཕྱིར། བསོད་ནམས་ བཀྲ་ཤིས་དད་པས་ལེགས་པར་བསྒྲུབ། འགྲོ་དྲུག་ངན་སོང་གནས་ནས་འདྲེན་པར་ཤོག ། མ་ཡིག་ཚལ་མིན་ཤིང་པར་དེང་སང་པོ་ཏ་ལར་བཞུགས། 4-1-234 ༄༅། །སྨན་བླའི་མཆོད་ཕྲེང་བཞུགས་སོ། ། ༄༅༅། །དེ་བཞིན་གཤེགས་པ་བརྒྱད་ཀྱི་ཐུགས་དམ་བསྐུལ་བའི་མཆོད་ ཕྲེང༌། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོ་གནས་ཡིད་དུ་འོང་བར། ཆོ་ག་ནས་འབྱུང་བ་ལྟར། རྟེན་དང་མཆོད་པ་བཤམ་པའམ། རྒྱས་པར་བྱེད་ན། འདི་ཉིད་ལས། རིན་པོ་ཆེ་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་ བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ་ཞེས་གསུངས་པས། གཞལ་ཡས་ ཁང་གི་གདན་པདྨ་དང༌། མཐའ་རིན་པོ་ཆེའི་ཕ་གུས་རྩིགས་ཞེས་གསུང་པས། མཐའ་སྐོར་ དུ་རིན་པོ་ཆེའི་ཕ་གུ་ཡང་བྲི་ཞིང༌། རྡོར་ ར་རྡོར་ཕྲེང་མེ་རི་སོགས་མི་བྲི་ལ། མཁན་པོ་བོ་དྷི་སཏྭས་སྨན་ཆོག་ཆེན་མོ་ལས། རིན་པོ་ཆེ་ སྣ་ལྔའི་ཕོ་བྲང་དང་རྟ་བབས་མུ་ཏིག་གི་ཕྲེང་བ་དང་ཞེས་པ་ལྟར། གཞལ་ ཡས་ཁང་གྲུ་བཞི། སྒོ་བཞི། རྟ་བབས་བཞི་པ། རྩིག་པ་རིམ་པ་ལྔ་དང་ལྡན་པའི་དབུས་སུ་ པདྨ་འདབ་བརྒྱད། དེའི་ཕྱི་རིམ་ལ་པདྨ་འདབ་མ་བཅུ་དྲུག་པ། དེའི་ཕྱི་རིམ་ལ་པད་འདབ་ ཉེར་གཉིས་པ་དང༌། སྒོ་བཞིར་རྒྱལ་ཆེན་བཞིའི་གདན་དང༌། ཐམས་ཅད་ལ་ལྷའི་མཚན་མ་ དགོད་ཅིང༌། རྟེན་ལུགས་མའམ། རས་བྲིས་སམ། ཙ་ཀ་ལི་ལ་སོགས་པ་བཞུགས་སུ་གསོལ། མཆོད་པ་ཅི་འབྱོར་པ་བཤམས་ཏེ། དགེ་འདུན་རྣམས་གྲལ་ལ་འཁོད་ནས། དཀོན་མཆོག་ ལ་དང་བའི་དད་པ་དང༌། སེམས་ཅན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ ནས་རོལ་མོས་བྱིན་ཕབ་སྟེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། ཚད་མེད་པ་ བཞི་དང༌། སྟོང་པ་ཉིད་ཀྱི་དོན་བསྒོམ་པ་རྣམས་སྔོན་དུ་བཏང་ནས་མགྲིན་གཅིག་ཏུ། དཀོན་ 4-1-235 མཆོག་གསུམ་གྱི་བདེན་པ་དང་ཞེས་པ་ནས། ས་གཞི་ལ་ཞེས་པའི་བར་གྱིས་ས་གཞི་བྱིན་ གྱིས་བརླབ་པ་དང༌། གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་ནས། གཞལ་ཡས་ཁང་ ཆེན་པོར་གྱུར་པའི་དབུས་སུ་ཞེས་པའི་བར་གྱིས། གཞལ་ཡས་ཁང་བྱིན་གྱིས་བརླབ་པ་དང༌། པདྨའི་གདན་རིན་པོ་ཆེ་སེང་གེའི་ཁྲིའི་གདན་ལ་ནས་མཛེས་པ་ཤ་སྟག་འབྱུང་བར་གྱུར་ཅིག །ཅེས་པའི་བར་གྱིས་གདན་བྱིན་གྱིས་བརླབ་པ་དང༌། ཕྱི་ནང་ཀུན་ཏུ་ཡང་ཞེས་པ་ནས། རྒྱན་ ཀླུབས་པ་དང་ལྡན་པར་གྱུར་ཅིག་གི་བར་གྱིས་མཆོད་པ་བྱིན་གྱིས་བརླབས་ནས། དབྱངས་ དང་བཅས་པའམ། མེད་ཀྱང་རུང་བས། ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་ མེད་པ་དང༌། །ལག་མཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་བཟང་པོར་གནས་གྱུར་ཅིག །བདེ་ལྡན་འཇིག་རྟེན་བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོན་ཤིང་ཆུ་མཚོ་ མ་ཚང་མེད། །ཆོས་སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང༌། །རིན་ ཆེན་བདུན་ལས་ལེགས་གྲུབ་ཅིང༌། །ཚད་མེད་འོད་ཟེར་འགྱེད་པའི་མཐའ། །རྒྱལ་བ་སྲས་ བཅས་བཞུགས་གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ གྱིས་བཀབ་བྱས་འདི། །རྒྱལ་བ་སྲས་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ ལ་འཁོད་པར་ཤོག །མཆོད་ཡོན་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་ དང༌། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་ཀྱིས་གང་བར་ཤོག །ཅེས་པས་ ཀྱང་བྱིན་གྱིས་བརླབས་ནས། ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་ཞེས་ལན་གསུམ་ གྱིས་ནན་ཏན་དུ་གསོལ་བར་བྱའོ། ། དེ་ནས་སྤྱན་འདྲེན་པའི་བསམ་པས་པུས་མོ་བཙུགས། སྤོས་དང་མེ་ཏོག་ཐོགས་ཏེ། ཆོ་ ག་བཞིན་སྤྱན་དྲངས་ནས། སྐབས་འདིར་སྤྱན་འདྲེན་པའི་ཚིགས་བཅད་བཀླག ཅེས་པའི་ སྐབས་སུ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་སྤྱན་གྱིས་བགྲོ་ 4-1-236 ལ་ཕྱོགས་བཅུར་གཟིགས། །རྒྱལ་བ་ཀུན་གྱི་ཕྲིན་ལས་རྫོགས་མཛད་པའི། །དུས་གསུམ་ བླ་མ་ཐམས་ཅད་གཤེགས་སུ་གསོལ། །གཤེགས་བྱོན་སྐྱེ་འབྲི་མེད་པའི་སྐུ། །ཇི་ལྟར་སྨོན་ བཞིན་ཡོད་པ་དག །དཀར་པོ་འཆར་བའི་ཚུལ་བཞིན་དུ། །འཇིག་རྟེན་སྐྱབས་སུ་གཤེགས་སུ་ གསོལ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་བའི་ དཀོན་མཆོག་གསུམ། །ཡིད་ཀྱི་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་སྲས་བཅས་ མ་ལུས་གཤེགས་གྱུར་ཅིག །ཅེས་པའམ། ཤར་ཕྱོགས་གཞན་གྱིས་མི་ཐུབ་ཞིང་ཁམས་ནས། །བདེ་བར་གཤེགས་པ་མཚན་ལེགས་ཡོངས་བསྒྲགས་ནི། །རྒྱལ་སྲས་སེམས་དཔའི་འཁོར་ དང་ལྷན་ཅིག་ཏུ། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཤར་ཕྱོགས་ རིན་ཆེན་ལྡན་པའི་ཞིང་ཁམས་ནས། །བདེ་བར་གཤེགས་པ་སྒྲ་དབྱངས་རྒྱལ་པོ་ནི། །རྒྱལ་ སྲས༴ སྤྱན་འདྲེན༴ ཤར་ཕྱོགས་སྤོས་ཀྱིས་ཡོང་གང་ཞིང་ཁམས་ནས། །བདེ་བར་གཤེགས་པ་ གསེར་བཟང་དྲི་མེད་ནི། །རྒྱལ་སྲས༴ སྤྱན་འདྲེན༴ ཤར་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ ནས། །བདེ་བར་གཤེགས་པ་མྱ་ངན་མེད་མཆོག་དཔལ། །རྒྱལ་སྲས༴ སྤྱན་འདྲེན༴ ཤར་ ཕྱོགས་ཆོས་ཀྱི་རྒྱལ་མཚན་ཞིང་ཁམས་ནས། །བདེ་བར་གཤེགས་པ་ཆོས་བསྒྲགས་རྒྱ་མཚོ་ ནི། །རྒྱལ་སྲས༴ སྤྱན་འདྲེན༴ ཤར་ཕྱོགས་རྒྱ་མཚོ་ལེགས་གནས་ཞིང་ཁམས་ནས། །བདེ་ བར་གཤེགས་པ་མངོན་མཁྱེན་རྒྱལ་པོ་ནི། །རྒྱལ་སྲས༴ སྤྱན་འདྲེན༴ ཤར་ཕྱོགས་བཻཌཱུརྱ་ སྣང་ཞིང་ཁམས་ནས། །བདེ་བར་གཤེགས་པ་སྨན་པའི་རྒྱལ་པོ་ནི། །རྒྱལ་སྲས༴ སྤྱན་ འདྲེན༴ འཕགས་ཡུལ་ཡངས་པ་ཅན་གྱི་གྲོང་ཁྱེར་ནས། །བདེ་བར་གཤེགས་པ་ཤཱཀྱ་སེང་ གེ་ནི། །རྒྱལ་སྲས་སེམས་དཔའ་སུམ་ཁྲི་དྲུག་སྟོང་བཅས། །སྤྱན་འདྲེན་མཆོད་པའི་གནས་ འདིར་གཤེགས་སུ་གསོལ། །གཞན་ཡང་རྒྱལ་དང་དམ་ཆོས་འཕགས་པའི་ཚོགས། །སྟོན་ པའི་སྤྱན་སྔར་ཐུགས་དམ་ཞལ་བཞེས་པའི། །ཕྱོགས་སྐྱོང་རྒྱལ་ཆེན་གནོད་སྦྱིན་འཁོར་དང་ 4-1-237 བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཞེས་སྤྱན་དྲངས་ནས། སོ་ སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་མདུན་གྱི་ནམ་མཁར་བྱོན་ པར་བསམས་ལ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་འདིར་ནི་གཤེགས་སུ་གསོལ། །བདག་ལ་ མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །བདེ་བར་གཤེགས་སོ་ བཅོམ་ལྡན་འདས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ ནས་ཀྱང༌། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ ཁྲུས་གསོལ། །འགྲོ་བ་ཉོན་མོངས་སྐོམ་གྱིས་གདུངས་པ་ལ། །ཆོས་ཀྱི་ཆུ་ཡིས་ཚིམ་པར་བྱ་ བའི་ཕྱིར། །ཉེས་བྲལ་བསྒྲུབ་པའི་དོན་ལ་དམིགས་ནས་ནི། །དེ་ཕྱིར་ཁྱེད་ལ་བུམ་ཆུ་དབུལ་ བར་བགྱི། །ཁྱེད་ནི་རང་བཞིན་ཡོངས་དག་པས། །སྲིད་སོགས་ཉེས་པ་མི་མངའ་ཡང༌། །སེམས་ ཅན་སྒྲིབ་པ་སྦྱང་སླང་དུ། །གཙང་མ་ཆབ་ཀྱི་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་ལ་ཉོན་མོངས་མི་ མངའ་ཡང༌། །ཁམས་གསུམ་གནས་པའི་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ ཆབ་འདི་གསོལ་བས། །ཁམས་གསུམ་གནས་པའི་བག་ཆགས་དག་གྱུར་ཅིག །དེ་བཞིན་ གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་ པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་ མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དབུལ། །གོས་བཟང་སྲབ་ལ་འཇམ་པ་ སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །མི་ཕམ་ཀུན་ཏུ་བཟང་དང་ འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །ཞེས་པས་སྐུ་ 4-1-238 ཁྲུས་གསོལ་ནས། སེང་གེ་གླང་ཆེན་རྟ་དང་ནི། །རྡོ་རྗེ་རིན་ཆེན་ཉི་ཟླར་བཅས། །དྲི་མེད་ པདྨའི་གདན་སྟེངས་སུ། །མི་གནས་ཚུལ་གྱིས་བཞུགས་སུ་གསོལ། །ཆོས་དོན་དག་པའི་ དཀྱིལ་འཁོར་འདིར། །གཙང་དང་དག་པའི་གདན་བཤམས་པར། །ཏིང་འཛིན་མི་གཡོ་ མཉམ་གཞག་པས། །བདེ་བར་དགོངས་ལ་གདན་ལ་བཞུགས། །གཙང་དང་གདན་ཁྲི་ཡངས་ པ་ལ། །ཐོགས་དང་དོག་པ་མེད་པའི་སྐུ། །མཉམ་ཉིད་ཚུལ་གྱིས་འདིར་བཞུགས་ལ། །བདེ་ བར་སྦྱར་བ་བཞེས་སུ་གསོལ། །ཞེས་པས་གདན་ཕུལ་ལ་བཞུགས་པར་བསམ་པ་ནི། པདྨའི་ དབུས་ཀྱི་ལྟེ་བ་ལ། སྨན་པའི་རྒྱལ་པོ་མཐིང་ཁ་གཡས་མཆོག་སྦྱིན་གྱིས་ཨ་རུ་ར་དང༌། གཡོན་མཉམ་གཞག་གི་སྟེང་ན་ལྷུང་བཟེད་བསྣམས་པའོ། །པད་འདབ་ནང་མ་བརྒྱད་ལ་ ཤར་ལྷོ ར། ཤཱཀ་ཐུབ་སེར་པོ་གཡས་ས་གནོན། གཡོན་མཉམ་གཞག་མཛད་པ། ལྷོ ར་མཚན་ ལེགས་སེར་པོ། གཡས་སྐྱབས་སྦྱིན། གཡོན་མཉམ་གཞག ལྷོ་ནུབ་ཏུ་སྒྲ་དབྱངས་སེར་པོ། གཡས་མཆོག་སྦྱིན། གཡོན་མཉམ་གཞག ནུབ་ཏུ་གསེར་བཟང་སེར་པོ། ཆོས་འཆད། ནུབ་ བྱང་དུ་མྱ་ངན་མེད་མཆོག་དམར་སྐྱ། ཏིང་ངེ་འཛིན། བྱང་དུ་ཆོས་བསྒྲགས་དཀར་ལ་དམར་ བའི་མདངས་ཅན། ཆོས་འཆད། བྱང་ཤར་(འདིར་མ་ཡིག་ལྡེབ་བཞི་པ་ཆད་) རྣམ་ཐོས་སྲས་སེར་པོ། རྒྱལ་མཚན་དང་ནེའུ་ལེ་འཛིན་པ། རང་རང་གི་སྲས་བཙུན་མོ་གཡོག་འཁོར་མང་པོས་བསྐོར་ བ་དང་བཅས་པའོ། །ཞེས་པའམ། གཞལ་མེད་ཁང་ཆེན་པོར་གྱུར་བའི་དབུས་སུ་ཞེས་སོགས་ བརྗོད་ནས། ན་མོ་བྷ་ག་ཝ་ཏེ་རཏྣ་ཀེ་དུ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་བི་ཛ་ཡེ་སྭཱཧཱ། ཞེས་བརྗོད་ཅིང་རོལ་མོ་དང་བཅས་པས་ བསྐོར་བའི་སྐབས་ཡོད་ན་བསྐོར་བ་བྱ་ཞིང་མེད་ན་དམིགས་པས་བྱ། གཤིན་ཆོག་ཏུ་བྱེད་ན་ མཁན་པོ་བོ་དྷི་སཏྭས་མཛད་པར་གྲགས་པའི་རིགས་དྲུག་གནས་འདྲེན་ཞེས་པ་སྣང་མོད། འདིར་རྒྱུད་སྡེ་ནས་འབྱུང་བ་དང་བསྟུན་ཏེ་བྱེད་ན། མིང་བྱང་ༀ་བཛྲ་ཡཀྵ་ཧཱུྃ་གིས་བགེགས་ 4-1-239 བསང༌། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་ཧཾ་གིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ ཎི་ལས་ཚེ་འདས་དེའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཇི་ལྟ་བའི་རྣམ་པ་ཅན་དུ་བསྐྱེད་ ནས། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་་པ་ དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་ བོ་རྣམས་ཀྱི༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་བདེ་བར་ གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་ སྤྱན་དང་ལྡན་པ་རྣམས་ཀྱི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། འཇིག་རྟེན་འདི་ནས་ཕ་རོལ་ཏུ་ཚེ་འདས་པ་མིང་འདི་ཞེས་བྱ་བའི་རྣམ་པར་ཤེས་པ། ལས་ཀྱི་ དབང་གིས་ཁམས་གསུམ་རིགས་དྲུག སྲིད་པ་བར་མ༌དོ། སྐྱེ་གནས་རྣམ་པ་བཞི་གང་ན་ གནས་ཀྱང་སྐད་ཅིག་འདི་ཉིད་ལ་འདིར་མཆིས་ནས་རྟེན་འདི་ལ་འཇུག་པར་གྱུར་ཅིག ༀ་ བཛྲ་ཊཀྐི་ཧཱུཾ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་ཨ་བེ་ཤ་ཨ། ཅེས་པ་ལན་གསུམ་གྱིས་ རྣམ་ཤེས་བཀུག་ནས་རྟེན་ལ་ཐིམ་པར་བསམ་མོ། །སྡིག་པ་དྲལ་བའི་ཕྱག་རྒྱ་བྱས་ལ། ༀ་ སརྦ་བིཏ་སརྦ་པཱ་པཾ་བི་ཤོ་དྷ་ན་ཧཱུྃ་ཕཊ་སྭཱཧཱ། ༀ་སརྦ་བིཏ་ཏྲཊ་ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ ཨ་པཱ་ཡ་བནྡྷ་ནི། པྲ་མོ་ཀྵ་སརྦ་ཨ་པཱ་ཡ་ག་ཏི་བྷྱཿ སརྦ་སཏྭཱ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ ཏྲཊ། ༀ་བཛྲ་བནྡྷ་ཏྲཊ། ༀ་སརྦ་བིཏ་བཛྲ་ཨ་དྷི་ཏིཥྛ་ཛྙཱ་ནས་མ་ཡེ་ཧཱུྃ། ཚེ་འདས་ཀྱི་རྣམ་པར་ ཤེས་པ་ཡི་གེ་ཨ་དཀར་པོ་དྲི་མ་མེད་པར་བསམས་ནས། ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོས་སྦྱང་བ་བྱ་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང༌། སརྦ་བིགྷཱན། ནམཿསརྦ་ཏ་ཐཱ་ག་ཏེ་ བྷྱོ་སོགས་ཞི་བས་སྦྱང་བ་དང༌། ཏིང་ལོ་དང་ཆང་བུས་བསྐོར་ཞིང༌། ༀ་སུམྦྷ་ནི་སུམྦྷ་ཧཱུྃ་ཞེས་ སོགས་ཞི་དྲག་བྱེད་མས་སྦྱང་བ་དང༌། ཁྲོ་བོ་སྤྱན་དྲངས་ཏེ་བདེན་སྟོབས་བརྗོད་ནས། ཆེ་གེ་ མོ་ལ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང༌། གཤིན་གྱི་དུས་སུ་སྡིག་པ་སྦྱོང་བ་ལ་བར་ 4-1-240 དུ་གཅོད་པའི་གདོན་འགེགས་ཐམས་ཅད་གཏོར་མ་འདིས་རྔན་རྟགས། ཏིང་ལོ་འདིས་ལམ་ སྒྲོན། ཆང་བུ་འདི་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ལ་དཔག་ཚད་དུ་དེངས་ཤིག་ཅེས་དྲག་པོས་ སྦྱངས་ནས། སྡིག་པ་སྦྱང་བ་ནི། སྨན་བླའི་སྙིང་པོ་དང༌། གཞན་ཡང་གཟུངས་སྔགས་བྱིན་ རླབས་ཅན་མང་དུ་བཟླས་ཏེ། བྱེ་མའམ་ཏིལ་ལ་བཏབ་པ་རྟེན་ལ་བྲབ་ཅིང༌། ༀ་ན་མོ་བྷ་ག་ ཝ་ཏེ་བྷཻ་ཥ་ཛྱེ། གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱཐཱ། ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱཧཱ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ ཕཊ། ༀ་སརྦ་ཨ་པཱ་ཡ་བི་ཤོ་དྷ་ན་བཛྲ་ཧཱུྃ་ཕཊ། ༀ་སརྦ་ཀརྨཱ་ཨ་ཝ་ར་ཎཱ་ནི་བྷསྨི་ཀུ་རུ་ཧཱུྃ་ཕཊ། ༀ་བྷྲུཾ་བི་ན་ཤ་ཡ་ཨཱ་ཝ་ར་ཎཱ་ནི་བཛྲ་ཧཱུྃ་ཕཊ། ༀ་དྲུཾ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཛྭ་ལ་ ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར། པྲ་ས་ར་པྲ་ས་ར་སརྦ་ཨཱ་ ཝ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཧཱུྃ་ཕཊ་སརྦ་ཨཱ་ཝ་ར་ཎ་ནི་ བི་སྥོ་ཊ་ཡ་ཧཱུྃ་ཕཊ། ༀ་བྷྲི་ཏ་བྷྲི་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་སརྦ་ཨཱ་ཝ་ར་ ཎཱ་ནི་ཧཱུྃ་ཕཊ། ༀ་ཚིནྡྷ་ཚིནྡྷ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུན་ ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུན་ཧཱུཾ་ཕཊ། ༀ་མ་ཐཱ་མ་ཐཱ་སརྦ་ཏིརྱ་ཀ་ག་ཏི་ཧེ་ ཏུན་ཧཱུཾ་ཕཊ། ཅེས་བཟླས་ཤིང་བྲབས་ནས་གོང་དུ་སྐུ་ཁྲུས་གསོལ་བའི་ཆུ་དེས། རྟེན་གྱི་ གཟུགས་བརྙན་མེ་ལོང་དུ་ཤར་བ་བཀྲུ་ཞིང་། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་ མ་སྦྱོང་མཛད་ཅིང༌། སྦྱིན་པ་དྲི་ཡིས་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །བྷཻ་ཥ་ཛྱེ་བཟླས་ནས། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སེར་སྣའི་དྲི་མ་དག་ ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཐམས་ཅད་རྫོགས་པར་གྱུར་ཅིག དེ་བཞིན་དུ་ ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཅེས་པ་དང༌། ཁྲིམས་ འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ་ཞེས་འདོན་པ་བསྒྱུར་ཞིང༌། མཐར། ཆུ་བོ་ 4-1-241 དྲུག་གིས་ཁྲུས་བྱས་པས། བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་བ། ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་ སྦྱོང་མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པས། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པའི། །སངས་རྒྱས་ཐམས་ཅད་ མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སོར་སྣ་ལ་སོགས་པའི་དྲི་མ་ དག་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་ཐམས་ཅད་རྫོགས་པར་གྱུར་ཅིག །བྷཻ་ཥ་ཛྱེ་ བཟླས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་ནི་འཇིག་རྟེན་དུག་གསུམ་སྟེ། ། སངས་ རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །རྐང་པ་གཉིས་པོ་ འདྲེ་བས། སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །དཀོན་ མཆོག་གསུམ་གྱི་བདེན་པའི་བྱིན་བརླབས་ཀྱིས་ཆེ་གེ་མོ་ལ་སོགས། སེམས་ཅན་ཐམས་ཅད་ ཀྱི་ལས་དང་ཉོན་མོངས་པའི་དུག་ཐམས་ཅད་ཞི་བར་གྱུར་ཅིག གཟུངས་བཟླས། ས་ནི་དུག་ གི་ཕ་ཡིན་ཏེ། །ས་མི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཆེག་འདི་དག་གིས། །དུས་ གསུམ་ས་ཡི་ནང་དུ་སོང༌། །དེ་བཞིན་དུ་ཆུ་མེ་རླུང་། མཁའ་ནི་ཞེས་སྦྱར་ཏེ། གཟུངས་བཟླས། ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་གསུམ་དུག་ལྔ་ལ་ སོགས་པའི་སྡིག་སྒྲིབ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་བརླབས་ཀྱིས་ འབྱུང་བ་ལྔའི་ནང་དུ་ཞི་བར་གྱུར་ཅིག འབྱུང་བ་ལྔའི་བག་ལ་ཞ་བར་གྱུར་ཅིག །གསོན་ གཤིན་ཐམས་ཅད་བཀྲ་ཤིས་པའི་ཕྱིར་མེ་ཏོག་དང་ཀུ་ཤས་བུམ་ཆུ་གཏོར་ཞིང༌། གང་ལ་སེར་ སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་དག་མཛད་ཅིང༌། །ཐུགས་ཞི་གནོད་པ་མི་མངའ་དེས། 4-1-242 །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །འདྲེན་པ་གང་ཞིག་འགྲོ་བ་རྣམས། ཐམས་ཅད་ཐར་ པར་འཛུད་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ལ༴ སྟོན་པ་འགྲོ་བ་ རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ༴ སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན། །བུ་གཅིག་ བཞིན་དུ་རྟག་བསྐྱངས་དེས། །ཁྱེད་ལ༴ གང་ཞིག་འཁོར་བར་འགྲོ་བ་ཡི། །སེམས་ཅན་ཀུན་ གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ༴ གང་ཞིག་ཆོས་རྣམས་ མངོན་སུམ་གྱུར། །གཙང་ཞིང་བཀྲུ་བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་ དེས། །ཁྱེད་ལ༴ དཔའ་བོ་ཆེན་པོ་གང་སྐྱེས་པ། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ༴ གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་དེས། །ཁྱེད་ལ༴ བྱང་ ཆུབ་སྙིང་པོར་གཤེགས་པ་ན། །ས་དག་རྣམ་དྲུག་གཡོས་གྱུར་ཅིང༌། །བདུད་ཡིད་མི་བདེར་ གྱུར་པ་དེས། །ཁྱེད་ལ༴ ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་ ཞིང༌། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ༴ ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང༌། ། ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ༴ སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང༌། །འབྱུང་བོ་ ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་ དག་དང༌། །ལྷ་རྣམས་ཀུན་གྱི་བསམ་པ་ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་ རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ ལེགས་གྱུར། །ཁྱེད་ཅག་ལམ་འགྲོ་བདེ་གྱུར་ཅིག །ཕྱིར་འོང་དག་ཀྱང་བདེ་གྱུར་ཅིག །ཉིན་ མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཁྱེད་ཅག་ཀུན་ཏུ་ 4-1-243 བདེ་ལེགས་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ ཐམས་ཅད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་ཅེས་བརྗོད་ ནས། འདིར་བཅོམ་ལྡན་འདས་བདེ་བར་གཤེགས་པ་བརྒྱད་འཁོར་དང་བཅས་པ་ལ། བསྐོར་ བ་བྱེད་པ་དང་ཕྱག་འཚལ་བར་མོས་པ་མཛོད་ཅིག་བྱས་ལ། ཉེ་དུ་སོགས་བྱང་བུ་འཛིན་དུ་ བཅུག་ནས། བསྐོར་བ་དང་ཕྱག་འཚལ་བ་ནི། ཆོ་གའི་གཞུང་བཞིན་ནམ། ཡང་ན། སངས་ རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་ སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་ མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །བླ་མའི་སྐུ་ལ༴ བླ་མའི་གསུང་ནི་ཚངས་ པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ༴ བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་སྟོང་པའི་ ངང༌། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ཐུགས་ལ༴ ཟབ་མོ་ལྟ་བའི་རྒྱུད་ལ་ ཕྱག་འཚལ་ལོ། །ཉམས་ལེན་བྱིན་རླབས་རྒྱུད་ལ༴ རྒྱ་ཆེན་སྤྱོད་པའི་རྒྱུད་ལ༴ དཔལ་ལྡན་ཨ་ ཏི་ཤ་ལ་ཕྱག་འཚལ་ལོ། །རྐང་གཉིས་གཙོ་བོ་འདྲེན་མཆོག་ཤཱཀྱའི་ཏོག །བློ་ལྡན་མཆོག་གྱུར་ གནས་བརྟན་ཤཱ་རིའི་བུ། །ཐམས་ཅད་ཡོད་སྨྲའི་མཁན་པོ་སྒྲ་གཅན་ཟིན། ། རྒྱལ་བ་ཡབ་ སྲས་རྣམས་ལ༴ གྲུབ་པའི་གཙོ་བོ་བྲམ་ཟེ་སྒྲ་གཅན་ཟིན། །མཐའ་བྲལ་དོན་གཟིགས་ འཕགས་ཆེན་ཀླུ་སྒྲུབ་ཞབས། །འཕགས་ནོར་མཛོད་འཛིན་ཡོན་ཏན་བློ་གྲོས་ཏེ། །འཕགས་ པ་ཡབ་སྲས་རྣམས་ལ༴ གཞན་ཕན་ལྷུར་མཛད་རིན་ཆེན་བཤེས་གཉེན་ཞབས། །བདུད་རྩི་ མཆོག་བརྙེས་ཆོས་ཀྱི་བཟང་པོ་དང༌། །ཉོན་མོངས་རྙོག་བྲལ་ཡོན་ཏན་རྒྱ་མཚོ་སྟེ། །རྒྱལ་བའི་ རྒྱལ་ཚབ་རྣམས་ལ༴ ལུང་དང་རྟོགས་པའི་ཆོས་ཀྱི་ཕྲེང་བ་མཆོག །སྲིད་པའི་འཇིགས་མེད་ འབྱུང་གནས་སྦས་པའི་ཞབས། །སངས་རྒྱས་བདུན་པ་པཎ་ཆེན་ཆོས་ཀྱི་རྗེ། །རྒྱ་གར་མཁས་ 4-1-244 གྲུབ་རྣམས་ལ༴ དེ་སྲས་ཐུ་བོ་མཉམ་མེད་བྱང་ཆུབ་དཔལ། །གྲུབ་པ་མཆོག་ཐོབ་གཙང་བ་ དབང་ཕྱུག་གྲགས། །ཡན་ལག་འབྱུང་སྤྲུལ་དགྲ་བཅོམ་གཞོན་ནུའི་མཚན། །ཐུབ་བསྟན་ རྩ་ལག་རྣམས་ལ༴ རྒྱལ་བས་བྱིན་བརླབས་རྒྱལ་སྲས་འདུལ་ཚད་པ། །སེམས་དཔའ་ཆེན་པོ་ འཇམ་དབྱངས་དོན་གྲུབ་དཔལ། །མཁྱེན་བརྩེའི་མངའ་བདག་ཡོན་ཏན་རྒྱལ་མཚན་ཏེ། །སྡོམ་བརྩོན་དབང་པོ་རྣམས་ལ༴ ཟག་མེད་དགའ་བདེ་དཔལ་ལྡན་མཁས་གྲུབ་ཆེ། །མང་ ཐོས་མཁས་པའི་མཆོག་གྱུར་བསོད་ནམས་བཟང༌། །མཁན་བརྒྱུད་དྲི་མེད་གསེར་གྱི་ཕྲེང་བ་ ལྟར། །ལེགས་བརྒྱུད་བསྟན་སྲོག་རྣམས་ལ༴ ཟ་ཧོར་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང༌། ། ཐམས་ཅད་ཡོད་སྨྲའི་སྡེ་ལ་རབ་ཏུ་བྱུང༌། །ཉེས་ལྟུང་དྲི་མས་མ་གོས་བཙུན་པའི་མཆོག །བོ་དྷི་ ས་ཏྭའི་ཞབས་ལ༴ དེའི་ཐུགས་སྲས་ཁྲི་སྲོང་བསོད་ནམས་དཔལ། །བླ་མ་དེ་ཉིད་གཙུག་གི་ དཔལ་དུ་བསྟེན། །འཇམ་དབྱངས་རྣམ་འཕྲུལ་འགྲོ་བའི་དཔལ་དུ་ཤར། །ཆོས་རྒྱལ་ཁྲི་སྲོང་ ཞབས་ལ༴ འགྲོ་བ་ཀུན་ལ་བུ་གཅིག་ལྟར་བརྩེ་བས། །བདེ་གཤེགས་བདུན་གྱི་ཐུགས་དམ་ རྨད་བྱུང་འདི། །འཛམ་བུའི་གླིང་དུ་རྒྱས་མཛད་ཕྲིན་ལས་ཅན། །བརྒྱུད་པའི་བླ་མ་རྣམས་ལ༴ དཀོན་མཆོག་བླ་མེད་དཔལ་མགོན་རིན་པོ་ཆེ། །དད་མོས་རྣམས་ལ་ཡོན་ཏན་བསམ་མི་ ཁྱབ། །མཐོ་དམན་ཡོངས་ཀྱི་སྐྱབས་མཛད་འགྲོ་བའི་མགོན། །སྐྱབས་ཆེན་དཀོན་མཆོག་ གསུམ་ལ༴ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་ དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་ གཤེགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །སངས་ རྒྱས་དཔའ་བོ་བདུན་ལ༴ མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་པས། །སྤྱད་པ་སྤྱོད་ཚེ་ ན་ཡང་མཆེད་གྱུར་ཅིང༌། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་ 4-1-245 སངས་རྒྱས་སྟོང་ལ༴ འགྲོ་བ་ཉོན་མོངས་དུག་གིས་གཟིར་བ་ལ། །ཐུགས་རྗེས་དུག་སེལ་ སྨན་མཆོག་བདུད་རྩི་ནི། །སྨོན་ལམ་ཆེན་པོ་གྲུབ་པར་གྱུར་པ་ཡི། ། བདེ་གཤེགས་འཁོར་ དང་བཅས་ལ༴ མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། ། དཔེ་བྱད་བཟང་པོས་འབྲུ་ཆགས་ མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་ དཔལ་ལ༴ རིན་ཆེན་ཟླ་དང་པད་མས་རབ་བརྒྱན་ཞིང༌། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་ པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་ཐུགས་མངའ་བ། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ༴ འཛམ་བུ་ ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་ གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟངས་དྲི་མེད་སྣང་ལ༴ མྱ་ངན་འདས་ཤིང་བདེ་བའི་ མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་མ་ལུས་སེལ་མཛད་ཅིང༌། །འགྲོ་དྲུག་མགོན་དང་ དཔལ་དུ་གྱུར་པ་པོ། །མྱ་ངན་མེད་མཆོག་དཔལ་ལ༴ ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་ འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང༌། །འགྲོ་བའི་སྡུག་བསྔལ་མ་ལུས་སེལ་ མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ༴ ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང༌། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་ པ་པོ། །མངོན་མཁྱེན་རྒྱལ་བོ་ཁྱེད་ལ༴ ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་ སྨན་གྱི་བླ། །བཻ་ཌཱུརྱའི་འོད་ལ༴ ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་ གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་ རྒྱལ་པོ་ཁྱེད་ལ༴ ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་ཡི་བུ་བཟང་ པོ། །གསེར་བེའུ་བ་ར་དྷྭ་ཛ་གསེར་ཅན་ཏེ། །འཕགས་པ་གནས་བརྟན་རྣམས་ལ༴ འཕགས་པ་ བ་ཀུ་ལ་དང་སྒྲ་གཅན་ཟིན། །ལཾ་ཕྲན་བ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་སྟན་ཀླུའི་སྡེ་སྦེད་ 4-1-246 བྱེད་མི་ཕྱེད་པ། །དགྲ་བཅོམ་གནས་བརྟན་རྣམས་ལ༴ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་ རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ༴ གཞོན་ནུའི་ཆ་ལུགས་འཆང་པ་པོ། །ཡེ་ཤེས་སྒྲོན་མེས་རབ་ བརྒྱན་ཞིང༌། །འཇིག་རྟེན་གསུམ་གྱི་མུན་སེལ་པ། །འཇམ་པའི་དབྱངས་ལ༴ འགྲོ་དྲུག་ འཇིགས་པ་བརྒྱད་ལས་སྐྱོབ་མཛད་ཅིང༌། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །མྱ་ ངན་འདས་པར་ཕྱིན་པའི་དེད་དཔོན་མཆོག །སེམས་དཔའ་སྐྱབས་གྲོལ་མཛད་ལ༴ ལྕང་ལོ་ ཅན་གྱི་གནས་མཆོག་དམ་པ་ན། གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་ འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པའི། །བཅོམ་ལྡན་རྡོ་རྗེ་བསྣམས་ལ༴ བསོད་ནམས་ཡེ་ཤེས་ཚོགས་རབ་སྟོབས་གཉིས་ལས། །ས་བཅུའི་ཡོན་ཏན་མ་ལུས་མངོན་ གྱུར་ཅིང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་རབ་བརྙེས་པའི། །བྱང་སེམས་འཕགས་པའི་ཚོགས་ལ༴ ཚངས་པ་ལ་སོགས་ཕྱོགས་བསྐྱོང་བཅུ། །ཡུལ་འཁོར་བསྲུང་དང་འཕགས་སྐྱེས་པོ། །སྤྱན་མི་ བཟང་དང་རྣམ་ཐོས་སྲས། །མགོན་པོ་ལྕམ་དྲལ་ལ་སོགས་པའི། །ཆོས་སྐྱོང་རྣམས་ལ༴ མཐུ་ དཔལ་ལྡན་པའི་དགེ་བསྙེན་མཆོག །ཇི་འཇིགས་ལ་སོགས་གནོད་སྦྱིན་རྣམས། །བདུན་ འབུམ་འཁོར་བཅས་བཅུ་གཉིས་པོ། །གནོད་སྦྱིན་རྣམས་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་ བསྟོད། །ཅེས་པའི་བར་གྱིས་ཕྱག་བཙལ་ནས། མཆོད་པ་འབུལ་བ་ནི། སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །ལྷ་རྫས་དགེ་ བའི་མཆོད་རྫས་ཡོད་པ་ཀུན། །བླ་མའི་ཚོགས་དང་དཀོན་མཆོག་གསུམ་ལ་འབུལ། །ཐུགས་ རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་པའམ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་ བླ་རེ་དང༌། །ཞེས་སོགས་སམ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །ཞེས་སོགས་ཤོ་ལོ་ཀ་ 4-1-247 གསུམ་ལ་སོགས་པ་གང་རུང་གིས་མཆོད་ནས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ ན། །ཞེས་སོགས་སོ། །བསྡུ་ན་སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་ རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཅེས་སོགས་ཡན་ལག་བདུན་པ་བྱས་ནས། ཐུགས་དམ་བསྐུལ་ཏེ། གསོལ་བ་གདབ་པ་ནི། མདོ་ལས་གསུངས་པའི་ཕན་ཡོན་རྣམས། དམིགས་ཡུལ་དང་ནི་འགྲོ་ཀུན་ལ། །བདེ་གཤེགས་ བརྒྱད་པོ་འཁོར་བཅས་ཀྱིས། །འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའམ། བདེ་ གཤེགས་རྣམས་ཀྱིས་སྨོན་ལམ་གང་བཏབ་དང༌། །རྒྱལ་སྲས་ཚད་མ་རྣམས་ཀྱི་ཞལ་བཞེས་ དང༌། །ཕྱོགས་སྐྱོང་རྣམས་ཀྱི་ཐུགས་དམ་གང་བཅས་པ། །སེམས་ཅན་རྣམས་ལ་འགྲུབ་པར་ མཛད་དུ་གསོལ། །ཞེས་གསོལ་བ་གདབ་པོ། །མཚན་ལེགས་ཀྱི་སྐབས་སུ། རྒྱལ་སྲས་གྱུར་ཚེ་ སྨོན་ལམ་བརྒྱད་མཛད་ནས། །ཞེས་སོགས་དང༌། མཚན་གྱི་མེ་ཏོག སོགས་དང༌། མཚན་དང་ དཔེ་བྱད་བཟང་པོས་བརྒྱན་པའི་སྐུ། །ཐུགས་ཀྱི་དགོངས་པ་ཤིན་ཏུ་རྨད་བྱུང་ཞིང༌། །གསུང་ གིས་འཇིག་རྟེན་ཁམས་ཀུན་འགེངས་མཛད་པའི། །མཚན་ལེགས་རྒྱལ་པོ་ཁྱེད་ལ་མཆོད་ པ་འབུལ། །སྟོན་པ་མཚན་ལེགས་ཡོངས་བསྒྲགས་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །མཐའ་ཡས་ འགྲོ་བ་མ་ལུས་ཐམས་ཅད་ཀྱི། །འདོད་ཆགས་ལ་སོགས་དྲི་མ་སྤང་ཕྱིར་དང༌། །ཆོས་སྐུ་དྲི་ མེད་རྣམ་དག་ཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་མཆོད་ཡོན་དབུལ་བར་གྱི། །སྔོན་གྱི་ བདེ་བར་གཤེགས་པ་ལ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །མཆོད་ཡོན་ཕུལ་བ་ཇི་བཞིན་ དུ། །བདག་ཀྱང་ཁྱེད་ལ་མཆོད་ཡོན་འབུལ། །ཐུགས་དམ་བསྐུལ་ནས། གསོལ་བ་གདབ་ པ་ནི། །མཚན་གྱི་རྒྱལ་པོས་སྨོན་ལམ་གང་བཏབ་དང༌། །རྒྱལ་སྲས་ཚད་མ་རྣམས་ཀྱི་ཞེས་ སོགས་གསོལ་བ་གདབ་བོ། །སྒྲ་དབྱངས་ཀྱི་སྐབས་སུ། རྒྱལ་སྲས་ཞེས་སོགས་དང༌། རིན་ 4-1-248 ཆེན་ཟླ་དང༌། ཞེས་སོགས་དང༌། རིན་པོ་ཆེ་ལྟར་དྭངས་ཤིང་མཛེས་པའི་སྐུ། །ཟླ་བ་ལྟ་བུར་ ཉོན་མོངས་གདུང་བ་སེལ། །པདྨ་ལྟ་བུར་ཀུན་ནས་ཆགས་མེད་པའི། །རབ་མཛེས་སྐུ་མངའ་ ཁྱེད་ལ་མཆོད་པར་དབུལ། །སྟོན་པ་སྒྲ་དབྱངས་རྒྱལ་པོ་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་བཅད་ནས། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །མཐའ་ཡས༴ ཁ་དོག་མདངས་དང་མི་ལྡན་སྤང་ཕྱིར་དང༌། མཚན་དང་དཔེ་བྱད་འོད་འབར་ཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་མེ་ཏོག་དབུལ་བར་བགྱི། །སྔོན་གྱི༴ སྲིང་མོ་གང་གཱའི་ལྷ་མོ་ཡིས། །མེ་ ཏོག་ཕུལ་བ་ཇི་བཞིན་དུ། །བདག་ཀྱང་ཁྱེད་ལ་མེ་ཏོག་དབུལ། །ཐུགས་དམ་བསྐུལ་ནས། སྒྲ་དབྱངས་རྒྱལ་པོས་སྨོན་ལམ་གང་བཏབ་དང༌། །རྒྱལ་སྲས་ཞེས་སོ། །གསེར་བཟངས་ཀྱི་ སྐབས་སུ། རྒྱལ་སྲས་གྱུར་ཚེ་དང༌། འཛམ་བུ་ཆུ་བོ་ཞེས་སོགས་དང༌། འཛམ་བུའི་གསེར་ ལྟར་དྭངས་པའི་སྐུ་མངའ་ཞིང༌། །དྲི་མ་མེད་པའི་ཞལ་རས་མཛེས་གྱུར་པ། །རིན་པོ་ཆེ་ལྟར་ སྣང་ཞིང་གསལ་བ་ཡི། །སྐུ་མཆོག་སྟོན་པ་ཁྱེད་ལ་མཆོད་པར་དབུལ། །སྟོན་པ་གསེར་ བཟངས་དྲི་མེད་ལ། །བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །མཐའ་ ཡས༴ འཆལ་བའི་དྲི་མ་མཐའ་དག་སྤང་ཕྱིར་དང༌། །ཚུལ་ཁྲིམས་རྣམ་པར་དག་པ་ཐོབ་བྱའི་ ཕྱིར། །བདག་གིས་ཁྱེད་ལ་བདུག་སྤོས་དབུལ་བར་བགྱི། །སྔོན་གྱིས༴ སྤོས་འཚོང་བུ་ཡི་ཁྱེའུ་ ཡིས། །བདུག་སྤོས་ཕུལ་བ་ཇི་བཞིན་དུ། །བདག་ཀྱང་ཁྱེད་ལ་བདུག་སྤོས་དབུལ། །ཐུགས་ དམ་བསྐུལ་ནས། གསེར་བཟངས་རྒྱལ་པོས་སྨོན་ལམ་གང་བཏབ་དང༌། །རྒྱལ་སྲས་ཞེས་ སོགས། མྱ་ངན་མེད་མཆོག་གི་སྐབས་སུ། རྒྱལ་སྲས་གྱུར་ཚེ་སོགས། མྱ་ངན་འདས་ཤིང་ སོགས། སྲིད་པའི་ཆུ་བོ་ཆེ་ལས་རབ་བརྒལ་ཞིང༌། །མྱ་ངན་འདས་པའི་བདེ་བ་མཆོག་བརྙེས་ ནས། །མི་འགྱུར་དབྱིངས་ན་བཞུགས་པ་མཆོག་གི་སྐུ། །སྲིད་མཚོ་རྒལ་བ་ཁྱེད་ལ་མཆོད་པ་ 4-1-249 དབུལ། །སྟོན་པ་མྱ་ངན་མེད་མཆོག་ལ། །བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་ གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཞིང༌། །ཡོན་ཏན་ཐམས་ཅད་ ལྡན་པར་ཤོག །མཐའ་ཡས༴ མ་རིག་མུན་པའི་ཚོགས་རྣམས་སྤང་ཕྱིར་དང༌། ཟག་མེད་སྣང་ བའི་ཤེས་རབ་ཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ལ་སྣང་གསལ་དབུལ་བར་བགྱི། །སྔོན་གྱི༴ རྒྱལ་པོ་གསེར་གྱི་ལག་པ་ཡིས། །སྣང་གསལ་ཕུལ་བ་ཇི་བཞིན་དུ། །བདག་ཀྱང་ཁྱེད་ལ་སྣང་ གསལ་དབུལ། །ཐུགས་དམ་བསྐུལ་ནས། མྱ་ངན་མེད་མཆོག་དཔལ་གྱིས་སྨོན་ལམ་གང་ བཏབ་དང༌། རྒྱལ་སྲས་ཚད་མ་ཞེས་སོགས། ཆོས་བསྒྲགས་ཀྱི་སྐབས་སུ། རྒྱལ་སྲས་གྱུར་ཚེ་ སོགས་དང༌། ཆོས་སྒྲ་ཆེན་པོས་སོགས། ཆོས་ཀྱི་བསྒྲགས་པ་སྟོང་གསུམ་ཁྱབ་མཛད་ཅིང༌། །གསུང་དབྱངས་དྲུག་ཅུས་འགྲོ་ཀུན་སྒྲོལ་ལ་མཁས། །ཐུགས་ཀྱི་དགོངས་པ་རྒྱ་མཚོ་ལྟར་ ཟབ་པའི། །བཅོམ་ལྡན་གསུང་མཆོག་ཁྱེད་ལ་མཆོད་པ་དབུལ། །སྟོན་པ་ཆོས་བསྒྲགས་རྒྱ་ མཚོ་ལ། །གླང་པོ་རིན་ཆེན་འདི་འབུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །མཐའ་ཡས༴ གཟུང་འཛིན་ རྟོག་པའི་དྲི་མ་སྤང་ཕྱིར་དང་། །མི་རྟོག་ཏིང་འཛིན་རྣམ་དག་ཐོབ་བྱའི་ཕྱིར། །བདག་གིས་ ཁྱེད་ལ་དྲི་མཆོག་དབུལ་བར་བགྱི། །སྔོན་གྱི༴ དྲི་ཟའི་རྒྱལ་པོ་རབ་དགའ་ཡིས། །དྲི་མཆོག་ ཕུལ་བ་ཇི་བཞིན་དུ། །བདག་ཀྱང་ཁྱེད་ལ་དྲི་མཆོག་འབུལ། །ཐུགས་དམ་བསྐུལ་ནས། ཆོས་ བསྒྲགས་རྒྱ་མཚོས་སྨོན་ལམ་གང་བཏབ་དང་སོགས། མངོན་མཁྱེན་གྱི་སྐབས་སུ། རྒྱལ་སྲས་ གྱུར་ཚེ་སོགས་དང༌། ཆོས་ཀྱི་བློ་གྲོས་སོགས་དང༌། མངོན་པར་ཤེས་པ་དྲུག་པོ་རབ་བརྙེས་ ནས། །སྐུ་ཡིས་འགྲོ་བ་མ་ལུས་ཡོངས་སྐྱོབ་ཅིང༌། །བློ་མཆོག་རྣམ་པར་རོལ་བས་འགྲོ་དོན་ མཛད། །མངོན་མཁྱེན་རྒྱལ་པོ་ཁྱེད་ལ་མཆོད་པ་དབུལ། །སྟོན་པ་མངོན་མཁྱེན་རྒྱལ་པོ་ལ། །རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་ 4-1-250 གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་ཀུན་བགྲོད་པར་ཤོག །མཐའ་ཡས༴ ལོག་འཚོ་དམན་ པའི་ཟས་རྣམས་སྤང་ཕྱིར་དང༌། །འཚོ་བ་རྣམ་པར་དག་པ་ཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ ལ་ཞལ་ཟས་དབུལ་བར་བགྱི། །སྔོན་གྱི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། །ཞལ་ ཟས་ཕུལ་བ་ཇི་བཞིན་དུ། །བདག་ཀྱང་ཁྱེད་ལ་ཞལ་ཟས་དབུལ། །ཐུགས་དམ་བསྐུལ་ནས། མངོན་མཁྱེན་རྒྱལ་པོས་སོགས། །སྨན་བླའི་སྐབས་སུ། རྒྱལ་སྲས་གྱུར་ཚེ་སོགས་དང༌། འགྲོ་ བའི་ནད་གསོ་མཛད་པ་སྨན་པའི་མཆོག །བཻ་ཌཱུརྱ་ལྟར་དྭངས་པའི་སྐུ་མངའ་ཞིང༌། །སྐུ་ཡི་ འོད་ཀྱིས་འགྲོ་བ་གསོ་མཛད་པའི། །སྨན་པའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་ བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་ སངས་རྒྱས་སྨན་གྱི་བླ། །བཻ་ཌཱུརྱའི་འོད་ལ༴ ལྷ་མིའི་སྟོན་པ་སྨན་པའི་རྒྱལ་བོ་སྟེ། །བཅོམ་ ལྡན་འཇིག་རྟེན་གསུམ་གྱི་སྐྱབས་མཛད་ཅིང༌། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ བླ། །བཻ་ཌཱུརྱའི་འོད་ལ༴ ཁྱོད་ནི་འཇིག་རྟེན་གསུམ་གྱི་སྨན་པ་སྟེ། །འདོད་ཆགས་ཞེ་སྡང་གཏི་ མུག་རྩད་ནས་གཅོད། །སེམས་ཅན་ཐམས་ཅད་ཞི་བདེའི་ལམ་ལ་འགོད། །བཻཌཱུརྱའི་འོད་ལ༴ ཡེ་ཤེས་སྤྱན་གྱིས་འགྲོ་བ་ཡོངས་ལ་གཟིགས། །ཐུགས་རྗེའི་ཕྱག་གིས་འགྲོ་བ་ཀུན་ལ་ཁྱབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱའི་འོད་ལ༴ རླུང་དང་མཁྲིས་པ་བད་ ཀན་འདུས་ལ་སོགས། །འབྱུང་བ་བཞི་པོ་འཁྲུགས་པར་གྱུར་པ་ལ། །ནད་ཀྱི་གཉེན་པོ་ཕྱག་ གཡས་ཨ་རུ་ར། །སྨན་པའི་རྒྱལ་པོ་ཁྱེད་ལ༴ སྐུ་མདོག་མཐིང་ཁ་ཨཏྤལ་སྔོན་པོ་འདྲ། །ཕྱག་ གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ བླ། །བཻཌཱུརྱའི་འོད་ལ༴ ཉེས་པའི་རྒྱ་མཚོ་དག་ནི་ཞར་སྤངས་ཤིང༌། །ཡོན་ཏན་རྒྱ་མཚོ་ངག་ གི་ཕ་རོལ་སོན། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །བཻཌཱུརྱའི་འོད་ལ༴ སྨོན་ལམ་རྒྱ་ ཆེན་ཡོངས་སུ་དག་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ 4-1-251 ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱའི་འོད་ལ༴ སྨན་པའི་རྒྱལ་པོ་ལྟ་བུར་འགྲོ་བ་ ཡི། །ཉོན་མོངས་ནད་ཀུན་རབ་ཏུ་ཞི་མཛད་ཅིང༌། །རིན་ཆེན་བཻ་ཌཱུརྱའི་འདྲའི་སྐུ་མངའ་བའི། །དུག་གསུམ་ནད་སེལ་ཁྱེད་ལ་མཆོད་པ་དབུལ། །སྟོན་པ་སྨན་པའི་རྒྱལ་པོ་ལ། །དམག་ དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ཏེ། །ཕས་ཀྱིས་རྒོལ་བ་ འཚར་བཅད་ནས། །བསྙེངས་བྲལ་མཆོག་ནི་ཐོབ་པར་ཤོག །མཐའ་ཡས༴ ངན་འགྲོ་ལོག་ པའི་སྒྲ་རྣམས་སྤང་ཕྱིར་དང༌། །ཆོས་ཀྱི་སྒྲ་དབྱངས་སྙན་པོ་ཐོབ་བྱའི་ཕྱིར། །བདག་གིས་ཁྱེད་ ལ་སིལ་སྙན་དབུལ་བར་བགྱི། །སྔོན་གྱི༴ མགར་བ་ལྷ་སྙན་ཀླུ་སྙན་གྱིས། །སིལ་སྙན་ཕུལ་བ་ ཇི་བཞིན་དུ། །བདག་ཀྱང་ཁྱེད་ལ་སིལ་སྙན་དབུལ། །ཐུགས་དམ་བསྐུལ་ནས། སྨན་པའི་ རྒྱལ་པོས་ཞེས་སོགས། གསོལ་བ་གདབ། བསྟོད་པ་རྒྱས་པར་བྱེད་ན། གང་གི་སྐུ་ནི་ཨིནྡྲ་ནཱི་ལའི་མདོག །མཚན་དཔེ་ཉི་མའི་ འོད་སྟོང་འབར་བའི་མཁའ། །ཀུན་ལ་ཞི་བདེའི་གོ་སྐབས་འབྱེད་པའི་དབྱིངས། །བཅོམ་ ལྡན་སྨན་བླའི་སྐུ་ལ༴ གང་གི་གསུང་ནི་དྲི་ཟའི་རྒྱུད་སྟོང་ལྟར། །ཚངས་པའི་དབྱངས་ཀྱིས་སྣ་ ཚོགས་གདུལ་བྱའི་ཡིད། །ཀུན་ཏུ་ཚིམ་བྱེད་གསུང་རབ་རྒྱ་མཚོའི་གཏེར། །བཅོམ་ལྡན་སྨན་ བླའི་གསུང་ལ༴ གང་གི་ཐུགས་ནི་ཡེ་ཤེས་རྒྱ་མཚོའི་ངང༌། །དམིགས་མེད་ཐུགས་རྗེའི་དབའ་ རླབས་ཆེར་གཡོས་པས། །སྨོན་ལམ་རྒྱ་མཚོའི་མཛད་པ་ལྷུན་གྲུབ་པའི། །བཅོམ་ལྡན་སྨན་ བླའི་ཐུགས་ལ༴ གང་གི་མཚན་ནི་ཐོས་པའི་ཕན་ཡོན་གྱིས། །སྡུག་བསྔལ་ཐམས་ཅད་ལས་ནི་ ཐར་མཛད་ཅིང༌། །ཉོན་མོངས་ཆུ་ཀླུང་ཡོངས་སུ་སྐེམས་མཛད་པའི། །སྨན་པའི་རྒྱལ་པོ་ཁྱེད་ ལ༴ འགྲོ་བ་འཆི་བདག་བདུད་ཀྱིས་ཟིན་གྱུར་ཞིང༌། །མ་རིག་ལ་སོགས་ནད་ཀྱིས་གདུངས་ པ་ལ། །ཞི་མཛད་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས། ། སྨན་པའི་རྒྱལ་པོ་ཁྱེད་ལ༴ ཚུལ་ བཞིན་མ་ཡིན་ཡིད་ལ་བྱེད་ལས་སོགས། །མ་རིག་གོམས་པར་གྱུར་པའི་ཐ་མ་ལ། །ཡེ་ཤེས་ 4-1-252 བདུད་རྩིའི་ཆར་གྱིས་བརླན་མཛད་དེ། །བྱང་ཆུབ་མྱུ་གུ་བསྐྱེད་ལ༴ དངོས་པོ་མཚན་མར་ འཛིན་པའི་དུག་འཐུངས་ཤིང༌། །མ་རིག་ནད་ཀྱིས་གདུངས་པའི་སེམས་ཅན་ལ། །གཉིས་ མེད་རང་བཞིན་མྱ་ངན་འདས་སྟོན་པའི། །བདུད་རྩི་སྨན་བླ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ སོགས་བསྟོད་པ་མང་དུ་བྱའོ། །ཐུབ་པའི་སྐབས་སུ། རྒྱལ་སྲས་གྱུར་ཚེ་སོགས། ཐབས་ མཁས་ཐུགས་རྗེས་སོགས་དང༌། ཉི་མའི་གཉེན་གྱུར་བདེ་གཤེགས་འགྲོ་བའི་མགོན། །སྲིད་ གསུམ་གྱིས་མཆོད་བཅོམ་ལྡན་ལྷ་ཡི༌ལྷ། །ཤཱཀྱའི་རྒྱལ་པོ་བཅོམ་ལྡན་མི་གཡོ་མགོན། །ཐུབ་པ་ རབ་མཛེས་ཁྱེད་ལ་མཆོད་པ་དབུལ། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡི། །རྟག་ཏུ་ ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ས་གཞི་སྤོས་ཀྱིས་བྱུགས་ཤིང་སོགས་དང༌། མཐའ་ ཡས༴ མ་དག་དམན་པའི་ཞིང་རྣམས་སྤང་ཕྱིར་དང༌། །ཞིང་ཁམས་རྣམ་པར་དག་པ་ཐོབ་ བྱའི་ཕྱིར། །བདག་གིས་ཁྱེད་ལ་མཎྜལ་འབུལ་བར་བགྱི། །ཐུགས་དམ་བསྐུལ་ནས། ཤཱཀྱའི་ རྒྱལ་པོ་ཞེས་སོགས་གསོལ་བ་གདབ། བསྟོད་པ་མང་དུ་བྱེད་ན། སེམས་ཅན་རྣམས་ལ་བརྩེ་ བ་ཅན། །ཕུང་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་ དགོངས་ཁྱེད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ ཟིལ་གྱིས་གནོན། །ཁྱེད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱེད་ལ༴ ལྷུན་གྱིས་ གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང༌། །མཉམ་པར་གཞག་ཅིང་ འདྲི་ཀུན་གྱི། །ལན་སྟོན་ཁྱོད་ལ༴ སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེར་བཅས་ཁྱོད་ལ༴ རྟེན་དུ་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་ མི་མངའ་བའི། །ལེགས་སྟོན་ཁྱོད་ལ༴ གཤེགས་ནས་སྟོང་པ་མཁྱེན་མཛད་དེ། །དེ་དག་སྐད་ 4-1-253 ཅིག་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ༴ ལུས་ ཅན་རྣམས་ཀྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་ རབ་དང་བར། །མཛད་པ་ཁྱོད་ལ༴ ལན་དང་གནས་དང་གཏོང་པ་དང༌། །སྤྲུལ་དང་ཡོངས་སུ་ བསྒྱུར་པ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ༴ ཐབས་དང་སྐྱབས་ དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ནི་རབ་བསླུ་པའི། །བདུད་འཇོམས་ཁྱོད་ལ༴ རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གགས་ མཛད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་རྫི་ཁྱེད་ལ༴ བསྲུང་མེད་བསྙེལ་ བ་མི་མངའ་བས། འཁོར་གྱི་ནང་དུ་བག་རྐྱང་བསྲུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་ པས། །ཚོགས་བསྲུང་ཁྱོད་ལ༴ ཀུན་མཁྱེན་ཁྱེད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་རྟག་པར་ ཡང༌། །ཀུན་མཁྱེན་མི་སྤྱོད་མི་མངའ་བའི། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །ལུས་ ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་ཞིང༌། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ༴ འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པའི། །ཕན་དགོངས་ཁྱོད་ལ༴ སྦྱོང་བ་དང་ནི་རྟགས་པ་དང༌། །ཡེ་ ཤེས་དང་ནི་ཕྲིན་ལས་ཀྱི། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱི། །བླ་མ་ཁྱོད་ལ༴ སྐུ་གསུམ་ དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་ཐེ་ཚོམ་ དག །གཅོད་པ་ཁྱོད་ལ༴ འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ༴ གྲགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་རྒལ་པ་པོ། །ཉོན་མོངས་རྒལ་ལ༴ ཐམས་ ཅད་དུ་ནི་ས་ལེ་སྟེ། །ཀུན་ནས་རབ་ཏུ་ལྷང་ངེར་བཞུགས། །ཀུན་ནས་རྣམ་པར་གྲོལ་པ་པོ། །ཕྱག་འཚལ་མི་མཚུངས་མཚུངས་མེད་ལ། །རབ་ཏུ་མི་སྒྲལ་རི་བོ་འདྲ། །གཏིང་མཐའ་ཡངས་ 4-1-254 པ་རྒྱ་མཚོ་འདྲ། །མུ་སྟེགས་ཀུན་གྱིས་མི་བསྐྱོད་པའི། །ཆོས་རྒྱལ་ཁྱོད་ལ༴ ལུམ་པའི་ཚལ་རབ་ མཆོག་ཏུ་གང་སྐྱེས་པ། །མཉམ་མེད་གཞན་ཡང་ཉོན་མོངས་དབང་མི་འགྱུར། །ནམ་མཁའ་ མཚུངས་མེད་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་དེ་ལ་བདག་ཅག་ལྷགས། །བྱང་ཆུབ་ མཆོག་བཞུགས་བྱང་ཆུབ་ཤིང་དབང་དྲུང་། །བདུད་ཀྱི་སྡེ་སྟོབས་བཅོམ་ནས་སངས་རྒྱས་པ། །དྲི་མེད་གཟི་ལྡན་དེ་ལ་ཕྱག་འཚལ་དུ། །རི་བོ་མཆོག་རབ་དེ་ལ་བདག་ཅག་ལྷགས། །ཆོས་ ཚུལ་འདི་དག་སྒྱུ་མ་མིག་རྒྱུ་འདྲ། །ཆུ་ཟླ་འདྲ་བར་གང་གིས་རྟོགས་གྱུར་པ། ། བསོད་ནམས་ ཞིང་རབ་དེ་ལ་ཕྱག་འཚལ་དུ། །རི་བོ༴ ཆོས་རྣམས་སྣ་ཚོགས་འཇའ་དང་འདྲ་བ་དང༌། །གར་ མཁན་མཚན་འདྲར་གང་གིས་རྟོགས་གྱུར་པ། ། དྲི་མེད་ཟླ་ཞལ་དེ་ལ་ཕྱག་འཚལ་དུ། །རི་བོ༴ གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། ས་ཆེན་འདི་ལ་གོམ་པ་བདུན་གཞུད་ནས། །ང་ ནི་འཇིག་རྟེན་འདི་མ་མཆོག་ཅེས་གསུང༌། །དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ། །གང་ཚེ་ ཐུབ་ཆེན་ཞིང་པའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་བཞུགས་པ་མ་བཏང་ཞིང༌། །ལྷ་བུ་ གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ༴ གང་ཚེ་ཁྱོད་བལྟམས་དོག་ས་ རབ་གཡོས་དང༌། །འཛམ་བུའི་གྲིབ་མས་ཁྱོད་སྐུ་མ་བཏང་དང༌། །འདི་དང་ལན་གསུམ་ཀུན་ གཟིགས་མཁྱེན་ལྡན་པ། །སངས་རྒྱས་ཁྱོད་ཀྱི་ཞབས་བདག་ཕྱག་འཚལ། །ང་ཡང་འདི་ནས་ ཁྱོད་ལ་ལན་གསུམ་དུ། །ཐུབ་པ་ཁྱོད་ཀྱི་ཞབས་ལ་མགོས་ཕྱག་འཚལ། །ཐུགས་རྗེ་མངའ་བ་ ལྷ་མིས་མཆོད་པའི་གཙོ། །ཁྱེད་འདྲ་འཇིག་རྟེན་མ་མཆིས་ལྟ་ཅི་སྨོས། །མཚན་ནི་དོན་གྲུབ་ ལགས་པར་མངོན་བརྗོད་པ། །ཕ་དང་མ་ཡིས་བསམས་ཏེ་བཏགས་པ་ཡི། །ཁྱོད་ཀྱི་བསམ་ རྫོགས་བདུད་རྩི་བརྙེས་པ་ན། །དོན་གྲུབ་ལགས་པར་བདག་གིས་ད་གདོད་འཚལ། །མི་ མཆོག་ཁྱོད་ལ༴ མི་ཕུལ་ཁྱོད་ལ༴ ཡེ་ཤེས་མཚོ་ལ༴ རྐང་གཉིས་གཙོ་ལ༴ ཁྱེད་ལ་དོ་ཟླ་ཡོང་ མ་མཆིས། །འཇིག་རྟེན་གསལ་ལ་ཕྱག་འཚལ༴ དཔལ་དང་ལྡན་ལ༴ རྒྱལ་བ་འོད་ལ༴ མཚན་ 4-1-255 མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ༴ རྡུལ་བྲལ་ཁྱོད་འདྲ་སྲིད་ པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ༴ ལྗགས་ཡངས་སྲབ་ལ་ཟངས་ཀྱི་ མདོག་འདྲ་བ། །དེ་ཡིས་རང་གི་ཞལ་གྱི་གདོང་ཡང་ཁེབས། །ཆོས་གསུངས་པས་ནི་འགྲོ་ བ་འདུལ་བར་མཛད། །འཇམ་མཉེན་གསུང་མངའ་ཁྱོད་ལ༴ ཁྱོད་སྔོན་བསྐལ་པ་བརྒྱར་ཡང་ དཀའ་ཐུབ་སྤྱད། །ཁྱོད་སྔོན་དུལ་དང་སྦྱིན་པ་རྟག་ཏུ་བགྱིད། །སེམས་ཅན་ཀུན་ལ་ཐུགས་ རྗེས་བྱམས་ཐུགས་ལྡན། །མཆོག་ཏུ་ཐུགས་རྗེ་ཅན་ལ༴ ཁྱོད་ནི་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་ བགྱིད། །ཁྱོད་ནི་བཟོད་དང་བརྩོན་འགྲུས་དག་རབ་བརྟན། །ཁྱོད་ནི་བསམ་གཏམ་ཤེས་རབ་ འོད་གཟི་མངའ། །མཚུངས་མེད་ཡེ་ཤེས་མངའ་ལ༴ རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་ བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་ བ། །མགོན་པོ་མཆོག་གྱུར་ཁྱོད་ལ༴ ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང༌། །མཚན་ རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པའི། །བཅོམ་ ལྡན་ལྷ་ཡི་ལྷ་ལ༴ མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་ མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་ དེ་ལ༴ ཉི་མའི་འོད་ཟེར་དག་གིས་པད་མའི་ཚལ་འབྱེད་ལྟར། །གསུང་གི་འོད་ཟེར་དག་གིས་ འཇིག་རྟེན་སད་པར་མཛད། །སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །མྱ་ངན་འདས་ སྟོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད། འདིར་གོང་གི་ཡན་ལག་ འབྱུང་དང་མ་ཕམ་ནགས་ན་གནས། །སོགས་ཤོ་ལོ་ཀ་གཉིས་བརྗོད། །ཆོས་དཀོན་མཆོག་གི་ སྐབས་སུ། །མ་རིག་མུན་སེལ་སོགས་དང༌། ལས་སྒྲིབ་སྦྱོང་ཞིང་རེ་བསྐོང་བའི་ཆོས། །ལག་ ན་རྡོ་རྗེ་སྡེ་དཔོན་བཅུ་གཉིས་ཀྱིས། །དམ་བཅས་ཁྱད་པར་རྒྱས་པ་སྨན་གྱི་མདོ། །མདོ་སྡེ་ རིན་པོ་ཆེ་ལ༴ ཆོས་ཉིད་རྒྱུ་མཐུན་གསུང་རབ་བཅུ་གཉིས་དང༌། །ཆོས་ལ་སྐྱེ་འགག་མེད་ཅིང་ 4-1-256 སྤྲོས་ལ་དབེན། །དེ་ལ་དམིགས་ཏེ་ཡོན་ཏན་ཀུན་འགྲུབ་པའི། །ལེགས་རྒྱུ་དམ་པའི་ཆོས་ལ༴ དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་ མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག །མི་ཤེས་འཇོམས་བྱེད་ཉི་མའི་ རྗེ། །འཁོར་བའི་ནད་སེལ་སྨན་གྱི་མཆོག །ཉོན་མོངས་གདུང་སེལ་བདུད་རྩིའི་རྒྱུན། །དམ་ པའི་ཆོས་ལ་མཆོད་པ་དབུལ། ། གསོལ་བ་འདེབས་དུས་སུ། ཆོས་ཉིད་རྣམ་པར་དག་པའི་བྱིན་བརླབས་དང༌། །ཞེས་ སོགས། འཇམ་དབྱངས་ཀྱི་སྐབས་སུ། གཞོན་ནུའི་ཆ་ལུགས་སོགས་དང༌། དུས་གསུམ་ སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སྐུ་ཡི་ངོ་བོ་ཉིད། །ངག་གི་དབང་ཕྱུག་གཟུགས་མཛེས་ ལྡན། །འཇམ་པའི་དབྱངས་ལ༴ ཐུགས་ཀྱི་དྲི་མ་ཀུན་སྤངས་ཤིང་། །འོད་ཟེར་ཡོན་ཏན་དྲི་མེད་ བརྒྱན། །ཞབས་ལ་ལྷ་མིའི་སྤྱི་བོས་བཏུད། །འཇམ་པའི་དབྱངས་ལ་མཆོད་པ་དབུལ། །ཇི་ལྟར་ འཇམ་དབྱངས་ལ་སོགས་པས། །རྒྱས་པ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་ དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཐུགས་དམ་བསྐུལ་ནས་ མགོན་པོ་འཇམ་པའི་དབྱངས་ཀྱི་ཤེས་རབ་དང༌། ཞེས་སོགས་གསོལ་བ་གདབ། སྐྱབས་གྲོལ་གྱི་སྐབས་སུ། འགྲོ་དྲུག་འཇིགས་པ་བརྒྱད་ལས་སྐྱོབ་མཛད་ཅིང༌། །སོགས་ དང༌། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ཞེས་སོགས་དང༌། བྱང་ཆུབ་སེམས་ དཔའ་སྐྱབས་གྲོལ་ནི། །སྐུ་མདོག་དཀར་པོ་པད་མའི་གདན། །ཕྱག་གཡས་ཆོས་ཀྱི་མཛོད་ འཛིན་ཅིང༌། །གཡོན་པ་དཀུར་བརྟེན་མཆོད་པ་དབུལ། །ཐུགས་དམ་བསྐུལ། འཕགས་པ་ སྐྱབས་གྲོལ་མཛད་ཀྱི་ཐུགས་རྗེ་དང༌། །ཞེས་སོགས་གསོལ་བ་གདབ། །ཕྱག་རྡོར་གྱི་སྐབས་ སུ། ལྕང་ལོ་ཅན་གྱི་སོགས་དང༌། སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིགས་སྔགས་རྒྱལ་པོ་དགེ་ བ་པོ། ། 4-1-257 གདུལ་དཀའ་མཐའ་དག་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཧཱུྃ་ཕྱག་ན་ རྡོ་རྗེ་སྟོབས་པོ་ཆེ། །མི་ཟད་ནམ་མཁའི་མདོག་འདྲ་ཞིང༌། །གཏུམ་པོ་དྲག་པོ་རྡོ་རྗེ་འཇིན། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དམ་པའི་ ཆོས་ཀྱི་མཛོད་འཛིན་ཅིང༌། །མ་རུངས་འདུལ་ཕྱིར་རིག་སྔགས་འཆང༌། །རྡོ་རྗེ་ཅན་ལ་ཕྱག་ འཚལ་ལོ། །ཆོས་ཀྱི་གཉིས་མཐར་ཕྱིན་སངས་རྒྱས་ཀྱི། །ཡོན་ཏན་མངའ་ཡང་གཞན་དོན་དུ། །ཐེག་ཆེན་དགེ་འདུན་ཚུལ་འཛིན་པའི། །བྱང་སེམས་རྣམས་ལ༴ འདོད་ཁམས་འདི་ན་རབ་ ཏུ་ཚངས། །གཟུགས་ཁམས་ཚངས་པའི་གནས་ན་བཞུགས། །ཚངས་ཆེན་རྒྱལ་པོ་མི་མཛད་ གཙོ། །ཚངས་ཆེན་འཁོར་བཅས་ཕྱག་འཚལ་ལོ། །ལྷ་མིན་གཉེན་པོ་ལྷ་ཡི་རྗེ། །སྤྱན་གསུམ་ མངའ་བ་དུས་གསུམ་གྱི། །སངས་རྒྱས་བསྟན་པའི་འཁོར་ལ་གཟིགས། །ལྷ་དབང་བརྒྱ་བྱིན་ལ་ ཕྱག་འཚལ། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐམས་མཁས་ཐུགས་རྗེས་གཞན་ དོན་མཛད། །སེ་སོའི་བགེགས་རིགས་འདུལ་མཛད་པའི། །ཕྱོགས་སྐྱོང་རྣམས་ལ༴ ཟབ་ ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་བསྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་ རྣམ་ཐོས་སྲས། །མགོན་པོ་ལྕམ་དྲལ་སོགས་ཕྱག་འཚལ། །ཡོན་ཏན་ལྡན་ཞིང་ཉོན་མོངས་ བྲལ། །འགྲོ་བའི་མགོན་ལ་བདག་གིས་ནི། །མུ་ཏིག་ལྟར་མཛེས་རྣམ་འཕྲུལ་གྱི། །རིན་ཐང་ མེད་པའི་མཆོད་པ་དབུལ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཡི། །ལྷ་རྫས་དམ་པའི་གཏོར་ མ་འདི། །ཕྱོགས་སྐྱོང་རྒྱལ་ཆེན་རྣམས་ལ་དབུལ། །བསྟན་པ་རྒྱས་ཕྱིར་བཞེས་སུ་གསོལ། །རྒྱས་པར་བྱེད་ན། ལྷ་དབང་གི་སྐབས་སུ། ཤར་ཕྱོགས་ལྷ་ཡི་རྒྱལ་པོ་ནི། །སྐུ་མདོག་དཀར་ པོ་རྡོ་རྗེ་འཛིན། །གླང་ཆེན་བལྟམས་པའི་ཁྲི་ལ་བཞུགས། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །ཤར་ལྷོ་མེ་ལྷའི་དྲང་སྲོང་ནི། །སྐུ་མདོག་དམར་བོ་གུནྡྷེ་བསྣམས། །ར་སྐྱེས་བལྟམས་པའི༴ དེ་ ལ༴ ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ནི། །སྐུ་མདོག་སྔོན་པོ་བེ་ཅོན་བསྣམས། །མ་ཧེ་བལྟམས་ 4-1-258 པའི༴ དེ་ལ༴ ལྷོ་ནུབ་མཚམས་ཀྱི་སྲིན་པོ་ནི། །སྐུ་མདོག་དམར་ནག་རལ་གྲི་འཛིན། ། སྐྱེས་ བུ་གྱད་ཀྱི་༴ དེ་ལ༴ ནུབ་ཕྱོགས་ཆུ་ལྷའི་རྒྱལ་པོ་ནི། །སྐུ་མདོག་དཀར་པོ་སྤྲུལ་ཞགས་འཛིན། །ཆུ་སྲིན་བལྟམས་པའི༴ དེ་ལ༴ ནུབ་བྱང་མཚམས་ཀྱི་རླུང་ལྷ་ནི། །སྐུ་མདོག་དུད་ཁ་བ་དན་ འཛིན། །ཤ་བ་བལྟམས་པའི༴ དེ་ལ༴ བྱང་ཕྱོགས་གནོད་སྦྱིན་རྒྱལ་པོ་ནི། །སྐུ་མདོག་སེར་པོ་ ནེའུ་ལེ་འཛིན། །རྟ་མཆོག་བལྟམས་པའི༴ དེ་ལ༴ བྱང་ཤར་མཚམས་ཀྱི་དབང་ལྡན་ནི། །སྐུ་ མདོག་དཀར་པོ་རྩེ་གསུམ་འཛིན། །ཁྱུ་མཆོག་བལྟམས་པའི༴ དེ་ལ༴ སྟེང་གི་ཚངས་པ་ཆེན་ པོ་ནི། །སྐུ་མདོག་སེར་པོ་འཁོར་ལོ་འཛིན། །འདབ་ཆགས་ངང་པའི༴ དེ་ལ༴ ས་ཡི་ལྷ་མོ་ བརྟན་མ་ནི། །སྐུ་མདོག་སེར་མོ་བུམ་པ་འཛིན། །དུ་ར་ཕག་པའི༴ དེ་ལ༴ ཤར་ཕྱོགས་རྒྱལ་ པོ་ཡུལ་འཁོར་བསྲུང༌། །སྐུ་མདོག་དཀར་པོ་པི་ཝང་འཛིན། །བདེ་གཤེགས་བརྒྱད་ ཀྱི་ཤར་སྒོ་བསྲུང༌། །དེ་ལ༴ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །སྐུ་མདོག་སྔོན་པོ་རལ་གྲི་ འཛིན། །བདེ་གཤེགས་བརྒྱད་ཀྱི་ལྷོ་སྒོ་བསྲུང༌། །དེ་ལ༴ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༌། །སྐུ་མདོག་དམར་པོ་སྦྲུལ་ཞགས་འཛིན། །བདེ་གཤེགས་བརྒྱད་ཀྱི་ནུབ་སྒོ་བསྲུང༌། །དེ་ལ༴ བྱང་ཕྱོགས་རྒྱས་པོ་རྣམ་ཐོས་སྲས། །སྐུ་མདོག་སེར་པོ་རྒྱལ་མཚན་འཛིན། །བདེ་གཤེགས་ བརྒྱད་ཀྱི་བྱང་སྒོ་བསྲུང༌། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །གང་གི་ཐུགས་ནི་དབྱིངས་ ལས་མི་གཡོས་ཀྱང༌། །རྒྱལ་བ་ཀུན་གྱི་ཕྲིན་ལས་སྒྲུབ་པའི་ཕྱིར། །སྣ་ཚོགས་སྤྲུལ་པས་འགྲོ་ བའི་དོན་མཛད་པའི། །དཔལ་ཆེན་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་གི་སྐུ་གསུང་ ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་ བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཅེས་སོགས་ཀྱིས་བསྟོད། ཐུགས་དམ་ བསྐུལ་ནས། གསང་བདག་ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༌། །ཞེས་སོགས་ཀྱིས་གསོལ་བ་ གདབ། མཆོད་སྦྱིན་གྱི་སྐབས་སུ། མཐུ་དཔལ་ལྡན་པའི་དགེ་བསྙེན་མཆོག །ཇི་འཇིགས་ལ་ 4-1-259 སོགས་གནོད་སྦྱིན་རྣམས། །བདུན་འབུམ་འཁོར་བཅས་བཅུ་གཉིས་པོ། །གནོད་སྦྱིན་རྣམས་ ལ༴ སངས་རྒྱས་བསྟན་པ་བསྲུང་པའི་དགེ་བསྙེན་མཆོག །འཇིགས་པའི་གཟུགས་ཅན་རྔམ་ པའི་ཆ་ལུགས་ཅན། །བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་ དཔོན་རྣམས་ལ་ཕྱག་འཚལ་ལོ། །བྷྲུཾ་ལས་སྐྱེས་པའི་སྣོད་ནང་དུ། །ཁཾ་ལས་སྐྱེས་པའི་ཞལ་ ཟས་ནི། །ༀ་གྱིས་བསྲེགས་ཤིང་ཨཱཿཡིས་སྤེལ། །ཧཱུྃ་གིས་བདུད་རྩིར་བསྒྱུར་བ་ཡི། །གཏོར་ མ་རྒྱ་མཚོ་མཆོད་པ་བཞེས། །རྒྱས་པར་བྱེད་ན། མཐུ་དཔལ་ལྡན་པའི་དགེ་བསྙེན་མཆོག །ཇི་ འཇིགས་སེར་པོ་རྡོ་རྗེ་འཛིན། །རྡོ་རྗེ་དམར་པོ་རལ་གྲི་འཛིན། །བདུན་འབུམ་བཅས་ལ་ཕྱག་ འཚལ་ལོ། །མཐུ་དཔལ༴ རྒྱན་འཛིན་སེར་པོ་དབྱུག་ཏོ་འཛིན། །གཟའ་འཛིན་སྔོ་སྐྱ་དབྱུག་ ཏོ་འཛིན། །བདུན༴ མཐུ༴ གནད་སྦྱིན་རླུང་དམར་རྩེ་གསུམ་འཛིན། །གནས་བཅས་དུད་ཁ་ རལ་གྲི་འཛིན། །བདུན༴ མཐུ༴ དབང་འཛིན་དམར་པོ་དབྱུག་ཏོ་འཛིན། །བལྟུང་འཛིན་སེར་ པོ་དབྱུག་ཏོ་འཛིན། །བདུན༴ མཐུ༴ སྨྲ་འཛིན་ཐལ་སྐྱ་སྟ་རི་འཛིན། །བསམ་འཛིན་སེར་པོ་ ཞགས་པ་འཛིན། །བདུན༴ མཐུ༴ གཡོ་འཛིན་སྔོན་པོ་དབྱུག་ཏོ་འཛིན། །རྫོགས་བྱེད་དམར་ པོ་འཁོར་ལོ་འཛིན། །བདུན་འབུམ་བཅས་ལ་ཕྱག་འཚལ་ལོ། །ཐུགས་དམ་བསྐུལ་ནས། གནོད་སྦྱིན་སྡེ་དཔོན་རྣམས་ཀྱི་བདེན་ཚིག་དང༌། །རྒྱལ་སྲས་ཚང་མ་རྣམས་ཀྱི་ཞེས་སོགས་ གསོལ་བ་གདབ་བོ། ། ཆོ་ག་རྣམས་རེ་རེ་ནས་མཆོད་པ་ཕུལ། སྨོན་ལམ་གདབ་པ་རྫོགས་པའི་སྐབས་འདིར་ གཟུངས་བཟླས་ལ་ཁྲུས་བྱ། ཞེས་གསུང་པ་ལྟར། སྨན་བླའི་གཟུངས་དང༌། བཻ་ཌཱུརྱའི་ གཟུངས་བཟླས་ཤིང༌། སྐུ་ཁྲུས་གསོལ་ནས། ཁྲུས་བྱ། གཤིན་པོ་རྗེས་སུ་འཛིན་ན། གོང་ བཞིན་ཁྲུས་བྱས་ལ། འདོད་ཡོན་ལྔ་འབུལ་བ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ ཕྲེད་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་རྟེན་གྱི་ལྷ་ལ་ 4-1-260 བདག་འབུལ་གྱིས། །བཞེས་ཤིང་བླ་མེད་སྒྲུབ་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ རཱུ་པ་ཀཱ་མ་གུ་ཎ་བཛྲ་པུ་ཛ་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ ཚིག་མཆོག་སྐུ་སྙན་ཡིད་འོང་ལྡན། །མོས་བློས༴ བཞེས་ཤིང་༴ རཱུ་པའི་གནས་སུ་ཤབྟ་ཞེས་ འདོན་པ་བསྒྱུར་རོ། །ཕྱོགས་དུས་ཀུན་ཙན་དན་སྦྲུལ་སྙིང་དང༌། ཨ་ཀར་ལ་སོགས་དབང་པོ་ ཚིམ་བྱེད་རྣམས། མོས་བློས༴ བཞེས་ཤིང་༴ གནྡྷེ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་ པའི། །ལུས་སེམས་བལྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས༴ བཞེས་ཤིང་༴ ར་ ས། ཕྱོགས་དུས་ཀུན་ན་འཇམ་གཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ ཚིམ་བྱེད་རྣམས། །མོས་བློས༴ བཞེས་ཤིང་༴ ༀ་སརྦ་ཏ་ཐཱ་ག་ཏ་པརྴ་ཀཱ་མ་གུ་ཎ་བཛྲ་པུ་ཛི་ ཏེ་ཨཱཿཧཱུྃ། དུས་ལས་འདས་པ་ཆེ་གེ་མོ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་མ་ཆགས་མ་ ཞེན་པར་འདོད་ཡོན་ལྔ་ལ་ཇི་ལྟར་འདོད་པ་བཞིན་ལོངས་སྤྱོད་པའི་སྐལ་བ་དང་ལྡན་བར་ གྱུར་ཅིག ཡིག་བརྒྱ་བཟླས། ཏིང་ངེ་འཛིན་མི་གསལ་བ་དང༌། ཆོ་ག་ལྷག་ཆད་གྱུར་པ་དང༌། སེམས་ཉོན་མོངས་པ་དང་འདྲེས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་བར་དོའི་ སེམས་གསལ་པའི་རང་བཞིན་ཅན་ལ་བཟོད་པར་གསོལ་བས། བཟོད་པ་ཆེན་པོ་མཛད་དུ་ གསོལ་ཞེས་བརྗོད་ནས། ཚེ་འདས་ཀྱི་རྣམ་ཤེས་སྨན་པའི་རྒྱལ་པོ་དང་དབྱེར་མེད་དུ་གནས་ པ་དེ། བཛྲ་མུཿཞེས་བརྗོད་པས། རྟེན་གྱི་ཚངས་བུག་ནས་ཐོན་ནས་མདུན་གྱི་ནམ་མཁར་ གནས་པར་བསམ་ཞིང༌། ཕུང་པོ་ཡོན་འབུལ་བྱ། བྱང་བུ་དང་སྡིག་སྒྲིབ་ལྷན་ཅིག་ཏུ་ཡེ་ཤེས་ ཀྱི་མེ་སྦར་བས་སྲེག་པར་བསམས་ལ། གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། ཕུང་པོ་ལྔ་ ཡི་བུད་ཤིང་ལ། །རྒྱལ་བ་ལྔ་ཡི་མེ་སྦར་རོ། །འབྱུང་བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་ སྦར་རོ། །དབང་པོ་དྲུག་གི་བུད་ཤིང་ལ། །སེམས་དཔའ་དྲུག་གི་མེ་སྦར་རོ། །ཡུལ་རྣམ་དྲུག་ གི་བུད་ཤིང་ལ། ལྷ་མོ་དྲུག་གི་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་པའི་ 4-1-261 སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ༀ་ ཨགྣ་ཡེ་ཛྭ་ལ་རཾ། ཞེས་མེ་སྦར་ཞིང་བསྲེགས་ཏེ། གཟུགས་སྟོང་པའོ་ནས། མངོན་པར་རྫོགས་ པར་སངས་རྒྱས་ཀྱི་བར་གྱི་མདོ་འདོན་ནོ། ། ལམ་བསྟན་པ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་ བྱུང་པའི། །དཀོན་མཆོག་རིན་ཆེན་འོད་ཟེར་གྱིས། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་ སྔིག་པ་ཀུན་སྦྱངས་པས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ་ རཏྣ་སཾ་བྷ་ཝ་རཏྣ་ཀུ་ར་ཎེ་རཏྣ་མཱ་ལ་བི་ཤུདྡྷེ་བོ་ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲཊ། ཞེས་ལམ་བསྟན་ ནས། ལམ་སྦྱང་བ་ནི། པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པའི། །སྲིད་པའི་པདྨ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །ༀ་པདྨེ་པདྨེ་པདྨ་སཾ་བྷ་ཝ་མ་ཧཱ་ སུ་ཁ་ཝ་ཏི་ག་ཙྪནྟུཿསྭཱཧཱ་ཞེས་བརྗོད་ཅིང་མེ་ཏོག་གཏོར་ནས། རྣམ་ཤེས་ནམ་མཁར་གནས་ པ་དེ་བདེ་བ་ཅན་དུ་གཤེགས་ཤིང་པདྨ་ལ་རྫུས་ཏེ་སྐྱེས་པ་ལ། བྱང་སེམས་སྔ་མ་རྣམས་ཀྱིས་ མཆོད་པར་བསམ་ཏེ། ཨརྒྷཾ་སོགས་བརྗོད། དེས་ཀྱང་སངས་རྒྱས་འོད་དཔག་མེད་འཁོར་ དང་བཅས་པ་ལ་མཆོད་པར་བསམ་ཞིང༌། ཨརྒྷཾ་སོགས་བརྗོད། དེས་དེར་སྐྱེ་བའི་རྒྱུ་བརྟགས་ པས། བླ་མ་དང་དཀྱིལ་འཁོར་གྱི་ལྷའི་མཐུར་ཤེས་ཏེ། རྫུ་འཕྲུལ་གྱིས་འདིར་འོངས་ནས་བླ་ མ་དང་དཀྱིལ་འཁོར་གྱི་ལྷ་ལ་དྲིན་ལན་གྱི་ཚུལ་དུ་མཆོད་པ་འབུལ་བ་ནི། ཨརྒྷཾ་སོགས་དང༌། ཆེད་དུ་བརྗོད་པ། ཨེམ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། །གང་ ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་བརྗོད། སླར་ཡང་ དེ་ལ་སྐྱེས་ལན་གྱི་ཚུལ་དུ། ཨརྒྷཾ་སོགས་བརྗོད་དེ། བྱང་ཆུབ་སེམས་དཔའ་དེ་ཉིད་བདེ་བ་ 4-1-262 ཅན་དུ་གཤེགས་པར་བསམས་ལ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་ མོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་ བསྟན་པ་ཡང་ཁྱེད་ཀྱིས་དེར་ཐོབ་ཤོག །དེར་ནི་ཁྱེད་ཀྱིས་ལུང་བསྟན་རབ་ཐོབ་ནས། །ཞེས་ སོགས་སྨོན་ལམ་གདབ་ཅིང་མེ་ཏོག་གཏོར་རོ། ། གཏང་རག་གི་ཕྱག་བྱ་བ་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་ གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པའི། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྐྱོབ་པ་བདེ་གཤེགས་བདུན་དང་གཉིས་ སུ་མེད། །ལེགས་གསུངས་སྒྲོན་མེ་སྟོན་པ་ཆོས་ཀྱི་གསུང་། །སྟོན་པའི་བསྟན་པ་འཛིན་པའི་ གང་ཟག་མཆོག །རིན་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་རྒྱལ་པོ་བཅོམ་ ལྡན་ཤཱཀྱ་ཐུབ། །མཁྱེན་རབ་དབང་ཕྱུག་རྒྱལ་སྲས་འཇམ་པའི་དབྱངས། །ཐུགས་རྗེའི་མངའ་ བདག་དཔལ་ལྡན་ཞི་བ་མཚོ། །རྒྱལ་བ་ཡབ་སྲས་རྣམས་ལ༴ འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ ལྡེ་བཙན་དཔལ། །མི་མཆོག་རྩོད་བྲལ་མཚུངས་མེད་སད་ན་ལགས། །མི་དབང་ཁྱུ་མཆོག་ མངའ་བདག་རལ་པ་ཅན། །ཆོས་རྒྱལ་ཡབ་སྲས་རྣམས་ལ༴ ལྷ་ལུང་དཔལ་དང་འོད་བསྲུང་ དཔལ་འཁོར་བཙན། །སྐྱིད་ལྡེ་བཀྲ་ཤིས་ལྡེ་དང་ཡེ་ཤེས་འོད། །སྲོང་ངེ་ལྷ་ལྡེ་འོད་དང་ཞི་བ་ འོད། །བློ་ལྡན་དམ་པ་རྣམས་ལ༴ བཙུན་པ་བྱང་ཆུབ་འོད་དང་བརྩེ་བའི་ལྡེ། །མངའ་རིགས་ དགྲ་བཅོམ་བློ་ལྡན་ཤེས་རབ་གྲགས། །བརྩེ་ལྡན་དྷརྨ་རྒྱལ་མཚན་དཔལ་ལྡན་སྒྲོ། །བསྟན་ པའི་སྒྲོན་མེ་རྣམས་ལ༴ སངས་རྒྱས་བསྒོམ་པ་མཉམ་མེད་ནམ་མཁའ་གྲགས། །དགྲ་ བཅོམ་གཞོན་ནུའི་མཚན་ཅན་འདུལ་ཚང་པ། །འཇམ་དབྱངས་ཆེན་པོ་ཡོན་ཏན་རྒྱལ་མཚན་ དཔལ། །བརྒྱུད་པའི་བླ་མ་རྣམས་ལ༴ གང་གི་མཚན་ལ་བཀྲ་ཤིས་དཔལ་འབར་བ། །ཡི་གེ་ གཉིས་འབྲེལ་དཀོན་མཆོག་གསུམ་གྱི་མཚན། །ཡོན་ཏན་རིན་ཆེན་དཔག་ཡས་ཕུན་ཚོགས་ 4-1-263 པའི། །མཆོད་གནས་དཀོན་མཆོག་གསུམ་ལ༴ བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་རྒྱུ་་་་་མཐའ་དག་རྗེས་གཟུང་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་ཡོངས་རྫོགས་ པའི། །བདེ་གཤེགས་འཁོར་དང་བཅས་ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བརྒྱད་མཛད་ ནས། །གཞན་གྱིས་མི་ཐུབ་ཞིང་དུ་མངོན་སངས་རྒྱས། །སྐུ་མདོགས་སེར་པོ་་་་ཕྱག་རྒྱ་ཅན། །མཚན་གྱི་རྒྱལ་པོ་ཁྱེད་ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བརྒྱད་མཛད་ནས། །རིན་ཆེན་ལྡན་ པའི་ཞིང་དུ་མངོན་སངས་རྒྱས། །སྐུ་མདོག་སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྒྲ་དབྱངས་ རྒྱལ་པོ་ཁྱེད་ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བཞི་མཛད་ནས། །སྤོས་ཀྱིས་ཡོངས་གང་ཞིང་ དུ་མངོན་སངས་རྒྱས། །སྐུ་མདོག་སེར་པོ་ཆོས་འཆད་ཕྱག་རྒྱ་ཅན། །གསེར་བཟང་དྲི་མེད་ སྣང་ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བཞི་མཛད་ནས། །མྱ་ངན་བྲལ་བའི་ཞིང་དུ་མངོན་ སངས་རྒྱས། །སྐུ་མདོག་དམར་སྐྱ་མཉམ་གཞག་ཕྱག་རྒྱ་ཅན། །མྱ་ངན་མེད་མཆོག་དཔལ་ ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བཞི་མཛད་ནས། །ཆོས་ཀྱི་རྒྱལ་མཚན་ཞིང་དུ་མངོན་སངས་ རྒྱས། །སྐུ་མདོག་དཀར་དམར་ཆོས་འཆད་ཕྱག་རྒྱ་ཅན། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བཞི་མཛད་ནས། །རྒྱ་མཚོ་ལེགས་གནས་ཞིང་དུ་མངོན་ སངས་རྒྱས། །སྐུ་མདོག་དམར་སྨུག་མཆོག་སྦྱིན་ཕྱག་རྒྱ་ཅན། །མངོན་མཁྱེན་རྒྱལ་པོ་ཁྱེད་ ལ༴ རྒྱལ་སྲས་གྱུར་ཚེ་སྨོན་ལམ་བཅུ་གཉིས་མཛད། །བཻ་ཌཱུརྱ་སྣང་ཞིང་དུ་མངོན་སངས་རྒྱས། །སྐུ་མདོག་མཐིང་ཁ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨན་པའི་རྒྱལ་པོ་ཁྱེད་ལ༴ རྒྱལ་སྲས་གྱུར་ཚེ་ སྨོན་ལམ་དཔག་མེད་མཛད། །མི་མཇེད་འཇིག་རྟེན་ཞིང་དུ་མངོན་སངས་རྒྱས། །སྐུ་མདོག་ སེར་པོ་ས་གནོན་ཕྱག་རྒྱ་ཅན། །ཤཱཀྱའི་རྒྱལ་པོ་ཁྱེད་ལ༴ རྒྱལ་བའི་བསྟན་པ་མཁའ་ལྟར་ ཡངས་པའི་ལམ། །དོན་དམ་དམིགས་མེད་སྤྲོས་པ་ཀུན་ལས་འདས། །དབྱངས་ཀྱི་མཚན་ ཙམ་ཀུན་མཁྱེན་ངོ་བོ་ཉིད། །དུས་གསུམ་རྒྱལ་བའི་ཡུམ་ལ༴ སྟོང་ཉིད་དབྱིངས་ལ་གོམས་ 4-1-264 པའི་བདག་ཉིད་ཅན། །སྟོང་པའི་ཆོས་རྣམས་སྒྲོགས་པར་མཛད་པ་པོ། །རྟགས་དང་དོན་གྱིས་ གཞོན་པའི་ངོ་བོ་ཉིད། །འཇམ་དཔལ་རྣོན་པོ་དེ་ལ༴ འགྲོ་ཀུན་སྡུག་བསྔལ་ལས་སྐྱོབ་ཅིང༌། །སྲིད་པའི་འཆིང་བ་ཀུན་ལས་སྒྲོལ། །ཐར་པའི་ལམ་མཆོག་སྟོན་མཛད་པའི། །སྐྱབས་གྲོལ་ མཛད་ལ༴ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ༴ མི་གཡོ་བསྐྱོང་པར་མི་ ནུས་རྡོ་རྗེའི་སྐུ། །གསང་སྔགས་རིགས་སྔགས་རྒྱལ་པོ་མཐུ་ཆེན་ལྡན། །སེམས་ཅན་གདུལ་ དཀའ་མཐའ་དག་འདུལ་མཛད་པའི། །སེམས་དཔའ་རྡོ་རྗེ་བསྣམས་ལ༴ རྒྱལ་བའི་སྲས་ པོ་ཉི་ཟླ་སྣང་བྱེད་ནི། །ཉི་ཟླའི་མདོག་ཅན་ཉི་ཟླས་རྣམ་པར་བརྒྱན། བཅོམ་ལྡན་སྨན་པའི་ རྒྱལ་པོའི་ཆོས་མཛོད་འཛིན། །བློ་ལྡན་སེམས་དཔའ་གཉིས་ལ༴ རྒྱལ་བའི་སྲས་པོ་བློ་ཆེན་ བྱམས་པ་མགོན། །གསེར་བཟང་གུར་གུམ་མདོག་ཅན་ཕྱག་གཉིས་པ། །པདྨ་མིག་གིས་སྤྲས་ དང་ཀླུ་ཤིང་བསྣམས། །བློ་ལྡན་སེམས་དཔའ་གཉིས་ལ༴ རྒྱལ་བའི་སྲས་པོ་སྤོབས་བརྩེགས་ རྣམ་པར་གནོན། །དུང་དང་ནམ་མཁའི་མདོག་ཅན་ཕྱག་གཉིས་པ། །སྤོས་ཕོར་དང་ནི་ཤེས་ རབ་རལ་གྲི་བསྣམས། །བློ་ལྡན༴ རྒྱལ་སྲས་ལྟ་ན་སྡུག་དང་མུན་ནག་འཇོམས། །ཁ་བའི་ མདོག་ཅན་དཀར་སེར་ཕྱག་གཉིས་པ། །པད་སྟེངས་པོ་ཏི་རིན་ཆེན་དབྱུག་པ་བསྣམས། །བློ་ ལྡན༴ རྒྱལ་བའི་སྲས་པོ་བསམ་ལེགས་ལྷུན་པོ་བརྩེགས། །ཀུ་མུད་ཀུ་མུད་གཉེན་མདོག་ ཕྱག་གཉིས་པོ། །བདུད་རྩིའི་བུམ་པ་པད་སྟེངས་ཟླ་ཕྱེད་བསྣམས། །བློ་ལྡན༴ རྒྱལ་སྲས་སང་ དབྱངས་ལྷུན་པོ་རྩེ་འཛིན་ནི། །ཨུཏྤལ་ཁ་བའི་མདངས་ལྡན་ཕྱག་གཉིས་པ། །ཨུཏྤལ་རྡོ་རྗེས་ མཚན་དང་བུམ་པ་བསྣམས། །བློ་ལྡན་སེམས་དཔའ་གཉིས་ལ་ཕྱག་འཚལ་ལོ། །ལ་ལར་ བདེ་གཤེགས་གཙོ་བོར་མངོན་སངས་རྒྱས། །ལ་ལར་ས་བཅུའི་དབང་ཕྱུག་ཆོས་ཀྱི་རྗེ། །ལ་ ལར་གཞོན་ནུའི་གཟུགས་སུ་ཀུན་ནས་སྟོན། །བྱང་སེམས་འཕགས་པའི་ཚོགས་ལ༴ མངོན་ 4-1-265 ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་མཁས་ཐུགས་རྗེས་གཞན་དོན་མཛད། །སོ་སོའི་ བགེགས་རིགས་འདུལ་མཛད་པའི། །ཕྱོགས་སྐྱོང་རྣམས་ལ༴ ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། ། སོགས་དང༌། མཐུ་དཔལ་ལྡན་པའི་དགེ་བསྙེན་མཆོག །ཇི་འཇིགས་རྡོ་རྗེ་ལ་སོགས་པའི། །རྔམ་ཞིང་དྲག་པོའི་ཆ་ལུགས་ཅན། །གནོད་སྦྱིན་རྣམས་ལ༴ ཅེས་པའམ། གོང་གི་གནོད་སྦྱིན་ གྱི་བསྟོད་པ་རྣམས་བྱའོ། ། བཀའ་གདམས་བརྒྱུད་པ་ལ་ཕྱག་འཚལ་ན། །ཁྱེད་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་ ཏེ། །ཡོན་ཏན་རྒྱ་མཚོ་ལྟར་ཟབ་ཐུགས་རྗེ་ཅན། །མཁས་པ་ཆེན་པོ་ཁྱེད་ཀྱི་ཡོན་ཏན་ལ། །དོན་དང་མཐུན་པར་བདག་གིས་བསྟོད་པར་བགྱི། །རིག་པའི་གནས་ལྔ་དག་ལ་མཁྱེན་པ་ རྒྱས། །སྒྲོལ་མས་ལུང་བསྟན་ཁ་བ་ཅན་དུ་བྱོན། །ལྔ་བརྒྱའི་ཐམས་ཅད་མཁྱེན་པ་ཉིད་གྱུར་ པའི། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་ ། །ཁ་བ་ཅན་ན་དཔལ་ལྡན་མར་མེ་མཛད། །མི་ཕམ་དྲུང་ན་ནམ་མཁའ་དྲི་མ་མེད། །དཔལ་ ལྡན་ཨི་ཏ་ཤ་ལ་ཕྱག་འཚལ་ལོ། །ཁྱེད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་ གཡག་རྔ་བཞིན་དུ་བསྲུང་མཛད་ཅིང༌། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་པ་འཛིན་ལ༴ ཁྱེད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་ བསམ་པ་རྣམ་པར་དག་པ་ཡི། །བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་མི་གཏོང་བའི། །བློ་ལྡན་ སྙིང་རྗེ་ཅན་ལ༴ ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལུས་ལྷར་གཟིགས་ རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་བ་དྷཱ་ཏཱི་པ། །སྦས་པའི་བརྟུལ་ཞུགས་ མཆོག་ལ༴ དཔལ་དང་དཔལ་གྱི་འབྱུང་གནས་རིན་པོ་ཆེ། །མར་མེ་ལྟ་བུར་འགྲོ་བའི་མུན་ པ་སེལ། །མཛད་པ་གཞན་གྱི་དོན་ལ་རྟག་ཏུ་གཞོལ། །ཇོ་བོ་ཨ་ཏི་ཤ་ལ༴ ཡོངས་ཀྱི་དགེ་ བའི་བཤེས་གཉེན་ཡོངས་ཀྱི་མགོན། །རྒྱལ་བའི་གདུང་གསོབ་གྱུར་པ་རྒྱལ་བའི་སྲས། །རང་ 4-1-266 བཞིན་ཡོན་ཏན་འབྱུང་གནས་རིན་པོ་ཆེ། །དགེ་བཤེས་སྟོན་པའི་སྐུ་ལ༴ རྣམ་རྟོག་རླུང་གིས་ མ་གཡོས་རྣལ་འབྱོར་པ། །སེམས་དཔའ་ཆེན་པོ་བྱམས་དང་ཐུགས་རྗེ་ཅན། །བྱང་ཆུབ་དམ་ པ་དོན་གཉེར་རིན་པོ་ཆེ། །དགེ་བཤེས་རྣལ་འབྱོར་པ་ལ༴ འདུལ་བར་དཀའ་བའི་སེམས་ལ་ དབང་བསྒྱུར་ཞིང༌། །ཡོན་ཏན་རྫས་ཀྱིས་ཕྱུག་པའི་རིན་པོ་ཆེ། །རྣམ་རྟོག་བདུད་ལས་རྒྱལ་བའི་ རྒྱལ་མཚན་ཅན། །དགེ་བཤེས་དགོན་པ་པ་ལ༴ དགེ་བས་དྲི་མེད་ཀུན་ལ་སྙོམས་པའི་ཐུགས། །ཡོན་ཏན་རིན་ཆེན་འབྱུང་གནས་འགྲོ་བའི་མགོན། །དེ་ཉིད་དོན་ཀུན་མཁྱེན་པའི་རིན་ཆེན་ གསལ། །དགེ་བཤེས་པོ་ཏོ་བ་ལ༴ ཡོན་ཏན་དམ་པའི་གཞིར་གྱུར་ཚུལ་ཁྲིམས་གཙང༌། །འགྲོ་ ལ་བྱམས་པས་སྙོམས་པའི་རྣལ་འབྱོར་པ། །འགྲོ་བའི་མུན་སེལ་མཁྱེན་པ་རིན་པོ་ཆེ། །སྤྱན་ མངའ་རིན་པོ་ཆེ་ལ༴ གཞོན་ནུའི་ཚུལ་མཛེས་བསླབ་པ་བཟང་དང་ལྡན། །རང་ཉིད་བསྒྲུབ་ པ་ལྷུར་ལེན་རྒྱལ་མཚན་འཛིན། ། འགྲོ་ལ་བུ་ལྟར་གཟིགས་པའི་ཐུགས་རྗེ་ཅན། །དགེ་ བཤེས་ཕུ་ཆུང་པ་ལ༴ མཚན་ནས་བརྗོད་པར་དཀའ་བའི་རིན་པོ་ཆེ། །སྟོང་ཉིད་སྙིང་རྗེ་དབྱེར་ མེད་རྣལ་འབྱོར་པ། །དེ་ཕྱིར་ཁྱོད་ཀྱི་མཚན་ཡང་དོན་དང་ལྡན། །དགེ་བཤེས་བྱ་ཡུལ་བ་ལ༴ སྐྱེ་བ་ཐོབ་པའི་བླ་མ་རིན་པོ་ཆེ། །རྒྱལ་སྲས་གཞོན་ནུ་ཡོན་ཏན་ཀུན་གྱིས་མཛེས། །སྙན་པའི་ བ་དན་འཇིག་རྟེན་ཕྱོགས་བཅུར་གྲགས། །རིན་ཆེན་སྒང་པའི་ཞབས་ལ༴ ཞེས་པའམ་ཡང་ ན། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །སོགས་དང༌། སྲས་ཀྱི་ཐུ་བོ་ཡོན་ཏན་ རྒྱ་མཚོའི་ངང༌། །སྙིགས་མའི་དུས་སུ་དམ་ཆོས་རྒྱས་མཛད་པའི། །རྒྱལ་བའི་འབྱུང་གནས་ རང་དུ་གཟིགས་པ་ཡི། །སྟོན་པ་རིན་པོ་ཆེ་ལ༴ སྣ་ཚོགས་ཚུལ་གྱིས་བླ་མ་མཉེས་མཛད་ཅིང༌། །མཆོག་དང་ཐུན་མོང་ཡིད་བཞིན་ནོར་བུ་བརྙེས། །ཕན་བདེའི་འབྱུང་གནས་བྱང་ཆུབ་རིན་པོ་ ཆེ། །རིག་པ་འཛིན་པའི་རྣལ་འབྱོར་པ་ལ་བསྟོད། །མ་བཅོས་གཉུག་མའི་ངང་ལས་གསང་ཕུ་ བ། །རྒྱལ་སྲས་འདྲེན་པ་ཤེས་རབ་རྡོ་རྗེ་དང༌། །བསྐལ་ལྡན་བསྒྲུབ་པ་གཙོར་མཛད་ཁྲི་མཆོག་ 4-1-267 དཔལ། །ཡོན་ཏན་གཞན་ཕན་གསུམ་ལ༴ བློ་ལྡན་བསྟན་པ་རྒྱས་མཛད་པོ་ཏོ་བ། ། ཡོན་ཏན་གཏེར་གྱུར་སྤྱན་མངའ་རིན་པོ་ཆེ། །གཞོན་ནུའི་ཚུལ་འཛིན་དགེ་བཤེས་ཕུ་ཆུང་པ། །ཡོན་ཏན་སྐུ་མཆེད་གསུམ་ལ༴ བྱམས་པའི་དབང་ཕྱུག་ཐུགས་རྗེ་ཁམས་ལུང་པ། །ཡོན་ཏན་ རིན་ཆེན་མཐའ་བཞི་བརྩོན་འགྲུས་འབར། །དེ་ཉིད་ཐུགས་ཆུད་མཉམ་མེད་སྟོད་ལུངས་པ། །ཡོན་ཏན་མཆོག་ལྡན་གསུམ་ལ༴ དགེ་བསམ་མཐར་ཕྱིན་རྒྱལ་སྲས་གཉུག་རུམ་པ། །འགྲོ་ བའི་མགོན་སྐྱབས་རིན་ཆེན་སྣེ་ཟུར་བ། །འཁོར་ལོ་བཞི་ལྡན་དགེ་བཤེས་ཀ་མ་པ། །ཡོན་ ཏན་ཡར་ལྡན་གསུམ་ལ༴ བྱམས་དང་ཐུགས་རྗེའི་རང་བཞིན་གླང་ཐང་པ། །སྡེ་སྣོད་ཆོས་ཀྱི་ སྤྱན་ལྡན་ཤ་ར་བ། །བླ་མ་མཉེས་མཛད་དགེ་བཤེས་བྱ་ཡུལ་བ། །བཀའ་བརྒྱུད་རྣམ་དག་ གསུམ་ལ༴ བྱམས་པ་ནས་བརྒྱུད་བརྒྱུད་པ་རིན་པོ་ཆེ། །ཇོ་བོ་ཡབ་སྲས་ཡོན་ཏན་རིན་པོ་ཆེ། །སྐུ་མཆེད་ལ་སོགས་བཀའ་བརྒྱུད་རིན་པོ་ཆེ། །བརྒྱུད་པའི་བླ་མ་རྣམས་ལ༴ སྡོམ་བརྩོན་ ལྡན་པ་དཔལ་ལྡན་ཞི་བ་མཚོ། །བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་དཔལ། །བློ་གསལ་ དབང་པོ་པདྨའི་ངང་ཚུལ་སོགས། །སགྙི ས་མའི་དུས་ཀྱི་རྒྱལ་བརྣམས་ལ་འདུད། །བདེ་བར་ གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ཆེན་བསྒྱུར་མཛད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། །ལོ་ཙྭ་བྱང་སེམས་རྣམས་ལ༴ བདེ་བར་གཤེགས་ པའི་གསུང་རབ་རྒྱ་མཚོ་ལས། །འདོད་དགུ་འབྱུང་པའི་མཆོད་པ་རིན་ཆེན་འདི། །དེད་དཔོན་ ཁྱེད་ཀྱི་མཐུ་ལས་སྣང་མཛད་པའི། །བོ་དྷི་ས་ཏྭའི་ཞབས་ལ༴ བྱང་ཆུབ་སེམས་དཔའ་ཆོས་ རྒྱལ་ཚུལ་འཛིན་ཅིང༌། །གངས་ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་ འདུལ་བར་མཛད་པ་པོ། །ཁྲི་སྲོང་ལྡེ་བཙན་ཞབས་ལ༴ མི་ཡི་བདག་པོ་ཆོས་བཞིན་ས་སྐྱོང་ བ། །རྣམ་དཔྱོད་བློ་ཆེན་ངེས་པས་འགྲོ་བ་འདུལ། །དཔའ་འཛངས་བློན་པོའི་ཚོགས་ཀྱིས་ ཡོངས་བསྐོར་བའི། །རྒྱལ་བློན་བྱང་སེམས་རྣམས་ལ༴ ཞེས་སོགས་ཀྱིས་ཕྱག་བཙལ་ནས། 4-1-268 དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་ སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །སོགས་དང༌། གཞན་ཡང་ ཡན་ལག་བདུན་པ་རྒྱས་བསྡུས་ཅི་རིགས་པ་བྱས་ཏེ། །བསྔོ་བ་ལན་གསུམ་བརྗོད་ནས། ཕྱག་ འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །སོགས་དང༌། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་ འདྲ་དང་། །སོགས་དང༌། །བདེ་གཤེགས་རྣམས་ཀྱིས་སྨོན་ལམ་གང་བཏབ་དང༌། །སོགས་ དང༌། ཁྲོ་དང་སེར་སྣ་ཉོན་མོངས་གཞན་གྱི་དབང༌། །འདུ་བྱེད་ལས་ཀྱིས་སྲིད་པའི་རྒྱ་མཚོར་ ལྷུང༌། །སྡུག་བསྔལ་དབའ་ཀློང་འཁྲུགས་པའི་སྐྱེ་བོ་ལ། །བདེ་བ་དཔག་ཏུ་མེད་པ་བསྐྱེད་དུ་ གསོལ། །འགྲོ་བ་ཀུན་ལ་རྨི་ལམ་དག་ཏུ་ཡང༌། །སྡུག་བསྔལ་སྐད་ཅིག་ཙམ་ཡང་མི་འབྱུང་ ཞིང༌། །ལྷ་དང་མི་ཡི་ལོངས་སྤྱོད་ཐམས་ཅད་ཀྱིས། །དགའ་བདེ་རྒྱུན་ཆད་མེད་པ་བསྐྱེད་དུ་ གསོལ། །རྩོད་བཅས་རྨི་ལམ་ངན་དང་མཚན་མ་ངན། །སྡུག་བསྔལ་ཡིད་མི་བདེ་བ་ཇི་སྙེད་ པ། །ཏིང་འཛིན་ཐབས་དང་ལྡན་པའི་བྱིན་བརླབས་ཀྱིས། །སྐད་ཅིག་ཉིད་ལ་ཞི་བར་མཛད་དུ་ གསོལ། །ཉིན་གཅིག་པ་དང་གཉིས་དང་གསུམ་པ་དང༌། །ལྡང་དུབ་པ་དང་རྟག་པའི་རིམས་ རྣམས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མི་འགྱུར་ཞིང༌། །ཉམ་ང་འཚེ་བ་མེད་པར་མཛད་ དུ་གསོལ། །འགོ་བའི་ནད་རྣམས་གང་དང་གང་དུ་ཡང༌། །ཅུང་ཟད་ཙམ་ཡང་འབྱུང་བར་ མི་འགྱུར་ཞིང༌། །འཐབ་རྩོད་དབུལ་ཕོངས་ཐམས་ཅད་ཞི་བ་དང༌། །ཕན་ཚུན་དགའ་ཞིང་ མཐུན་པར་མཛད་དུ་གསོལ། །དབང་པོ་འཁྲུགས་དང་ཡིད་མི་བདེ་བ་དང༌། ། མྱོས་ཤིང་ འཐིབས་དང་དྲན་པ་མི་གསལ་དང༌། །འགྲོ་བའི་ཡིད་ཀྱི་མུན་པ་ཀུན་གསལ་ནས། །མ་ནོར་ རྟོགས་པའི་ཤེས་རབ་བསྐྱེད་དུ་གསོལ། །རླུང་མཁྲིས་པད་ཀན་འདུས་པའི་ནད་རྣམས་དང༌། །གདོན་དང་མཁའ་འགྲོ་ཤ་ཟའི་ཚོགས་རྣམས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མི་འགྱུར་ ཞིང༌། །མདངས་སྟོབས་ལྡན་པའི་ལུས་སུ་མཛད་དུ་གསོལ། །ལོ་དང་ཟླ་བ་ཞག་དང་ཟ་མ་ 4-1-269 དང༌། །གཟའ་དང་རྒྱ་སྐར་ལེགས་པར་རྒྱུ་བ་དང༌། །ཕྱོགས་རྣམས་ཐམས་ཅད་རྟག་ཏུ་དགེ་བ་ ཡི། །ལོ་ཐོག་ཐམས་ཅད་འཕེལ་བར་མཛད་དུ་གསོལ། །བདག་ཅག་གང་དུ་གནས་པ་དེ་དག་ ཏུ། །བཅོམ་ལྡན་འཁོར་བཅས་མཆོད་པའི་བྱིན་བརླབས་ཀྱིས། །ནད་དང་འཐབ་རྩོད་དབུལ་ ཕོངས་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཁྱེད་ལ་མཆོད་ཅིང་ གསོལ་བ་བཏབ་པའི་མཐུས། །བདེ་བར་གཤེགས་པའི་ཞབས་དྲུང་དེར་སྐྱེས་ནས། །མཆོད་ པ་རྒྱ་ཆེན་རྟག་ཏུ་མཆོད་བྱེད་ཅིང༌། །ཁྱེད་བཞིན་འགྲོ་བ་མ་ལུས་སྨིན་བྱེད་ཤོག ། དེ་ནས་བཟོད་པར་གསོལ་བའི་ཆོ་ག་བཀླགས་ནས། གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ཀུན་བཟོད་ པར་མཛད་དུ་གསོལ། །དུས་ངན་སེམས་ཅན་བསོད་ནམས་དམན། །མ་རིག་ཉོན་མོངས་དང་ འདྲེས་ཤིང༌། །འཕགས་པའི་ཐུགས་དགོངས་མ་རྫོགས་པ། །དེ་ཡང་བཟོད་པར་མཛད་དུ་ གསོལ། །སེར་སྣའི་དབང་གྱུར་མི་མཁས་པས། །མཆོད་པ་ངན་ཞིང་བཤམ་ཉེས་པ། །མགོན་ པོ་ཐུགས་རྗེ་ཆེ་ལྡན་པས། །དེ་ཡང་བཟོད་པར་མཛད་དུ་གསོལ། །བག་མེད་སྤྱོད་པ་མ་དག་ པས། །མདོ་ལས་བྱུང་པའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ཡང་བཟོད་ པར་མཛད་དུ་གསོལ། །དེང་ནས་བཟུང་སྟེ་ཆོས་སྐུ་དང༌། །གཅིག་ཏུ་མ་གྱུར་བར་དུ་ནི། །བདེ་ གཤེགས་བརྒྱད་དང་མི་འབྲལ་ཞིང༌། །བསྒྲུབ་པའི་སྒོ་ནས་མཉེས་བྱེད་ཤོག ། གཤིན་པོའི་དོན་ཡིན་ན། ཤར་གྱི་རྡོ་རྗེ་སེམས་དཔའ་ལ། །རྣམ་ཤེས་ཕུང་པོ་ཡོན་དུ་ འབུལ། །ཡོན་འདི་བཞེས་ལ་ལམ་འདི་སྟོན། །སེམས་འདི་དགའ་ལྡན་གནས་སུ་དྲོངས། །དེ་ བཞིན་དུ་འདོན་པ་བསྒྱུར་ལ་བྱའོ། །བཻ་ཌཱུརྱ་སྣང་ཞིང་ཁམས་ན། །བཅོམ་ལྡན་སྨན་པའི་རྒྱལ་ པོ་བཞུགས། །དུག་གསུམ་སྤངས་པའི་སྐྱེ་ས་ཡིན། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །བྱ་རྒོད་ ཕུང་པོའི་རི་བོ་ལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་བཞུགས། །ཚོགས་གཉིས་བསགས་པའི་སྐྱེས་ 4-1-270 ས་ཡིན། །ཞིང་མཆོག༴ བདེ་བ་ཅན་གྱི་ཞིང་ཁམས་ན། །བཅོམ་ལྡན་སྣང་བ་མཐའ་ཡས་ བཞུགས། །སྨོན་ལམ་དག་པའི་སྐྱེ་ས་ཡིན། །ཞིང་མཆོག༴ དགའ་ལྡན་ཆོས་ཀྱི་ཕོ་བྲང་ན། །རྗེ་བཙུན་བྱམས་པ་མགོན་པོབཞུགས། །ས་བཅུ་ནོན་པའི་སྐྱེ་ས་ཡིན། །ཞིང་མཆོག༴ རྒྱ་ ནག་རི་བོའི་རྩེ་ལྔ་ན། །རྒྱལ་སྲས་འཕགས་པ་འཇམ་དཔལ་བཞུགས། །ཤེས་རབ་ཅན་གྱི་སྐྱེ་ ས་ཡིན། །ཞིང་མཆོག༴ པོ་ཏ་ལ་ཡི་ཞིང་ཁམས་ན། །རྒྱལ་སྲས་ཐུགས་རྗེ་ཆེན་པོ་བཞུགས། །སྙིང་རྗེ་ཅན་གྱི་སྐྱེ་ས་ཡིན། །ཞིང་མཆོག༴ ལྕང་ལོ་ཅན་གྱི་གནས་མཆོག་ན། །རྒྱལ་སྲས་ཕྱག་ ན་རྡོ་རྗེ་བཞུསག། །མཐུ་སྟོབས་ཅན་གྱི་སྐྱེ་ས་ཡིན། །ཞིང་མཆོག༴ གཡུ་ལོ་བཀོད་པའི་ཞིང་ ཁམས་ན། །རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །ཆགས་སྡང་སྤངས་པའི་སྐྱེ་ས་ཡིན། །ཞིང་མཆོག༴ སྤོས་ངད་ལྡན་པའི་རི་བོ་ན། །བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞུགས། །དཀའ་བ་སྤྱད་པའི་སྐྱེ་ས་ཡིན། །ཞིང༴ ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །སློབ་དཔོན་ཀླུ་སྒྲུབ་ ཡབ་སྲས་བཞུགས། །མཐའ་གཉིས་སྤངས་བའི་སྐྱེ་ས་ཡིན། །ཞིང་༴ རྣམ་པར་རྒྱལ་བའི་ཁང་ བཟངས་ན། །ལྷ་ཡི་དབང་པོ་བརྒྱ་བྱིན་བཞུགས། །བསོད་ནམས་བསགས་པའི་སྐྱེ་ས་ཡིན། །ཞིང་༴ ལྷ་དང་མི་ཡི་འཇིག་རྟེན་ན། །གནས་བརྟན་ཆེན་པོ་བཅུ་དྲུག་བཞུགས། །བསྟན་པ་ འཛིན་པའི་སྐྱེ་ས་ཡིན། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག ། དགའ་སྟོན་བཏང་རག་གི་ཚེ། སྤྲོ་བ་བསྐྱེད་པའི་ཚིགས་བཅད་བརྗོད་དེ། བདག་ཅག་མི་ ཁོམ་འཕྲང་ལས་རྒལ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ། །དམ་ཆོས་སྤྱོད་པའི་སྐལ་བར་ ལྡན། །ཨེ་མ་སྔོན་ཆད་བསོད་ནམས་བསགས། །སངས་རྒྱས་དངོས་ནས་བརྒྱུད་པ་ཡི། །བླ་ མ་རིན་པོ་ཆེ་དང་མཇལ། །ཐ་བའི་གྲོང་མཆོག་ལམ་ཡང་བསྟན། །འདི་ཡང་བསོད་ནམས་ བསགས་པ་ཡིན། །སྙིགས་མ་ལྔ་ཡི་དུས་འདི་རུ། །ལས་ངན་རྣམས་ལ་རྒྱབ་གྱིས་ཕྱོགས། །ཉིན་དང་མཚན་དུ་ཆོས་ལ་སྤྱོད༌། །འདི་ཡང༴ དམིགས་རྐྱེན་བླ་མ་དཀོན་མཆོག་ཤར། །ནང་ 4-1-271 གི་ཉེར་ལེན་སྐལ་བར་ལྡན། །དཀར་པོའི་ཆོས་ལ་ཡིད་ཆེས་སྐྱེས། །འདི་ཡང་བསོད་ནམས་ བསགས་པ་ཡིན། །སྡུག་བསྔལ་སེལ་བའི་སྨན་གཅིག་པོ། །རེ་འདོད་སྐོང་པའི་རིན་པོ་ཆེ། །སངས་རྒྱས་བདུན་ལ་མཆོད་པ་འབུལ། །འདི་ཡང་༴ སྔོན་གྱི་བསོད་ནམས་རྨད་བྱུང་པས། །ད་ལྟ་དགེ་བ་ངང་གིས་འཕེལ། །དེ་ཡང་བདེ་ནས་བདེ་བར་འགྲོ། །འདི་ཡང་༴ འདུན་པའི་ས་ གཞི་བཟང་པོ་ལ། །དཀར་པོ་དགེ་པའི་ལོ་ཐོག་བསྐྱེད། །འགྲོ་བ་ཚིམ་པའི་འབྲས་བུ་འབྱུང༌། །འདི་ཡང་༴ བླ་མ་དཀོན་མཆོག་རིན་པོ་ཆེ། །སྔར་ཡང་ཐུགས་རྗེས་རབ་ཏུ་གཟུང༌། །ང་ཡང་ ཐུགས་རྗེས་གཟུང་མཛོད་ལ། །འགྲོ་དོན་མྱུར་དུ་འཕེལ་བར་མཛོད། །དཔལ་གྱི་ཤིང་དྲུང་དེ་ ན་ནི། །ཐམས་ཅད་བྱང་ཆུབ་ལམ་ཞུགས་པས། །རྒྱུ་དྲུག་འཁོར་བའི་མིང་ཡང་མེད། །ཞིང་ མཆོག་དེ་རུ་སྐྱེ་བར་ཤོག །དཔལ་གྱི༴ པདྨའི་སྟེང་དུ་རྫུས་ཏེ་སྐྱེ། །སྐྱེ་བ་རྣམ་གསུམ་མིང་ཡང་ མེད། །ཞིང་༴ དཔལ་གྱི༴ ཐམས་ཅད་གཏོང་བའི་བློ་དང་ལྡན། །སེར་སྣ་འཇུར་གེགས་མིང་ ཡང་མེད། །ཞིང་༴ དཔལ་གྱི༴ ཚུལ་ཁྲིམས་གཙང་མའི་གོས་གྱོན་པས། །འཇིག་རྟེན་གོས་ཀྱི་ མིང་ཡང་མེད། །ཞིང་༴ དཔལ་གྱི༴ ཐམས་ཅད་བཟོད་པའི་བློ་དང་ལྡན། །འཐབ་ཅིང་རྩོད་ པའི་མིང་ཡང་མེད། །ཞིང༴ དཔལ་གྱི༴ ཏིང་ངེ་འཛིན་གྱི་ཟས་ཟ་བས། །ཁམ་གྱི་ཟས་ཀྱི་མིང་ ཡང་མེད། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག ། དེ་ནས་ཤིས་པ་བརྗོད་པ་ནི། །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་པ་ཡི། །ཕྲིན་ ལས་སྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་བ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་སོགས་དང༌། ཐུབ་ཆེན་ རྒྱལ་བ་གསེར་མདོག་ཅན། །བསྐལ་བཟང་སངས་རྒྱས་སྟོང་གི་དབུས། །རྣམ་འཕྲུལ་བསམ་ མི་ཁྱབ་སྟོན་པའི། །སྤྲུལ་སྐུ་མཆོག་གི་བཀྲ་ཤིས་ཤོག །ཤིན་ཏུ་ལེགས་སོ་ཆོས་ཀྱི་རྗེ། །ཏིང་ངེ་ འཛིན་ལ་སྙོམས་པར་ཞུགས། །འཁོར་གྱི་དཀྱིལ་འཁོར་མང་པོ་ཡང༌། །ཐམས་ཅད་ངོ་མཚར་ 4-1-272 སྐྱེས་པར་གྱུར། །ཤིན་ཏུ་ལེགས་སོ་ཉི་ཟླའི་འོད། །ཅང་མི་གསུང་བས་སྣང་བར་མཛད། །ཤིན་ཏུ་ ལེགས་སོ་རིན་ཆེན་གཏེར། །དབུལ་ཕོངས་རྣམས་ལ་སྦྱིན་པར་མཛད། ། ཤིན་ཏུ་ལེགས་སོ་ ལྷ་ཡི་རྒྱལ། །ཏིང་ངེ་འཛིན་ལས་བཞེངས་སུ་གསོལ། །ཤིན་ཏུ་ལེགས་སོ་ཀླུ་ཡི་རྒྱལ། །བདུད་ རྩིའི་ཆར་པ་དབབ་དུ་གསོལ། །ཤིན་ཏུ་ལེགས་སོ་མི་ཡི་མཆོག །མྱུར་དུ་ཆོས་རྣམས་བསྟན་དུ་ གསོལ། །ཤིན་ཏུ་ལེགས་སོ་སེམས་ཅན་ལ། །ཐེག་པ་གཅིག་དོན་བསྟན་དུ་གསོལ། །བཅོམ་ ལྡན་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་སུ་གྲོང་ཁྱེར་ གཉེན་ལྡན་དུ། །པོ་ཏ་ལ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ ཚོགས་པས་དེང་འདིར་བདེ་ལེགས་ཤོག །བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་ རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནའི་གྲོང་ཁྱེར་དུ། །ཕུན་ཏ་རི་ཀའི་ཤིང་དྲུང་ མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས༴ རྒྱལ་བ་ཐམས་ཅད་སྐྱོབ་ནི་ རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་གཉེན་ལྡན་དུ། །ཤིང་མཆོག་ས་ ལའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས༴ ཐུབ་པ་འཁོར་ པ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་གྲོང་ཁྱེར་བདེ་ལྡན་དུ། །ཤི་རི་ཤ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས༴ འདྲེན་ པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་ མཛེས་ལྡན་དུ། །ཨུ་དུམ་ཝ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས༴ སྐྱོབ་པ་ འོད་བསྲུངས་རྒྱལ་རིགས་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་ཝ་ར་ཎ་སེར་ནི། །ནྱ་གྲོ་ཏ་ ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས༴ འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་ བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་ན་སེར་སྐྱའི་གྲོང་ཁྱེར་དུ། །ཨ་ཤད་ཏ་ཡི་ཤིང་དྲུང་ མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག 4-1-273 །བཀྲ་ཤིས་སངས་རྒྱས་བདུན་གྱི་གང་ལགས་པ། །ཕྱོགས་དུས་ཀུན་གྱི་བྱིན་བརླབས་རྨད་ བྱུང་བ། །ཆོས་ཉིད་རྣམ་དག་རྟེན་འབྲེལ་མི་འགྱུར་བས། །དེང་འདིར་བཀྲ་ཤིས་ཕུན་སུམ་ ཚོགས་པར་ཤོག །རྒྱལ་བ་མ་ཕམ་པ་ནི་གཙང་མ་བྲམ་ཟེའི་རིགས། །ཚེ་ལོ་བརྒྱད་ཁྲིའི་དུས་ སུ་གྲོང་ཁྱེར་བླ་མ་རུ། །ན་ག་གེ་སར་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་ཕུན་ སུམ་ཚོགས་པས་དེང་འདིར་བདེ་ལེགས་ཤོག །གངས་མངོན་བྱང་ཆུབ་མཆོག་ལ་ཞུགས་པའི་ ཚེ། །འགྲོ་ལ་བརྩེ་བས་སྨོན་ལམ་རྒྱ་ཆེན་མཛད། །དེ་ཉིད་ཡོངས་རྫོགས་སྐྱེ་དགུའི་དཔལ་ གྱུར་པའི། །བདེ་གཤེགས་འཁོར་དང་བཅས་པའི་བཀྲ་ཤིས་ཤོག །ཤེས་རབ་བདག་ཉིད་འཇམ་ པའི་དབྱངས། །ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །མཐུ་སྟོབས་བདག་ཉིད་རྡོ་རྗེ་ འཛིན། །རིགས་གསུམ་མགོན་པོའི་བཀྲ་ཤིས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ ཏམ། །ས་འམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་བརླབས་ དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབས་དང༌། །དགེ་འདུན་མི་བྱེད་འཐུན་པའི་ བྱིན་བརླབས་ཀྱིས། །བདག་གི་སྨོན་ལམ་བཏབ་པ་འགྲུབ་གྱུར་ཅིག །ཅེས་བདེན་སྟོབས་ བརྗོད། རྟེན་མེད་ན་ཆོ་ག་བཞིན་གཤེགས་སུ་གསོལ། །ཡོད་ན་བརྟན་བཞུགས་བྱའོ། ། བདེ་བར་གཤེགས་པ་བརྒྱད་ཀྱི་ཐུགས་དམ་བསྐུལ་བའི་མཆོད་ཕྲེང༌། མཁན་པོ་བོ་དྷི་ སཏྭ་དང༌། ཇོ་བོ་ཆེན་པོས་མཛད་པར་གྲགས་པའི་མཆོད་ཕྲེང་དང༌། བླ་མ་གོང་མ་རྣམས་ཀྱི་ ཕྱག་ལེན་དང་མཐུན་པར། དོན་དུ་གཉེར་བ་རྣམས་ཀྱིས་བསྐུལ་བའི་དོར། དགེ་སློང་བསོད་ ནམས་བཟང་པོས་ཡི་གེར་བཀོད་པའོ། ། སྭསྟི། སྨོན་ལམ་རྒྱ་ཆེན་མཛད་པ་ལྷུན་གྲུབ་ཅན། །བདེ་གཤེགས་རྣམས་ཀྱི་ ཐུགས་དམ་བསྐུལ་བ་ཡི། །མཆོད་པའི་ཕྲེང་བ་རབ་རྒྱས་ཟླ་བ་འདི། །དཔལ་ལྡན་བླ་མའི་ 4-1-274 ཐུགས་རྗེའི་མཁའ་ལས་བྱོན། །འགྲོ་ཀུན་ལས་སྒྲིབ་མུན་པ་སེལ་བྱེད་ཅིང༌། །དགེ་བློའི་ཀུ་མུད་ ཀུན་ཏུ་རྒྱས་བྱའི་ཕྱིར། །སྤར་ཡིག་མྱུར་མགྱོགས་རླུང་གི་འཁོར་ལོས་དྲངས། །ཕྲིན་ལས་ བསིལ་ཟེར་ཕྱོགས་བཅུར་ཁྱབ་གྱུར་ཅིག །སྤར་གྱི་རིག་བྱེད་བློ་གྲོས་དཔལ་འབྱོར་དང༌། །ཡི་གེའི་མཁས་ཆ་བསོད་ནམས་ལེགས་གྲུབ་ཡིན། །དོ་དམ་པ་ནི་འཕགས་པ་དཔལ་ལྡན་ གྲགས། །འདི་ཡི་དགེ་བས་འགྲོ་ཀུན་ཀུན་མཁྱེན་ཤོག །ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱན་ ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དཱི་མཧཱ་ཤྲ་མ་ཎཿ མངྒ་ལཾ་བྷ་ཝ་ཏུ།། མ་ཡིག དེང་སང་པོ་ཏ་ལར་བཞུགས་པའི་ཤིང་པར་ཞིག་ཡིན། 4-1-275 ༄༅། །འཕགས་པ་གནས་བརྟན་བཅུ་དྲུག་ལ་གསོལ་བ་ གདབ་པའི་ཆོ་ག་བཀླགས་པ་ཙམ་གྱིས་ དོན་འགྲུབ་པ་བཞུགས་སོ། ། ༄༅། །སངས་རྒྱས་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་རྣམས་ལ་ཕྱག་ འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་བཅོམ་ལྡན་འདས་ཐུབ་པའི་དབང་པོ་དང་། གནས་ བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་ལ་མཆོད་ཅིང་གསོལ་བ་འདེབས་པར་འདོད་པས། ཁྲུས་དང་གཙང་སྦྲ་དང་ལྡན་པར་བྱ་སྟེ། འཕགས་པ་རྣམས་འབྱོན་པར་རུང་པའི་གནས་ གཙང་ཞིང་ཡིད་དང་མཐུན་པ་བྱི་དོར་བྱས་པར། ཐུབ་པ་གནས་བརྟན་དང་བཅས་པའི་སྐུ་ བཞུགས་སུ་གསོལ། རྟ་བབས་སྤངས་པའི་དཀྱིལ་འཁོར་སྒོ་རྐྱང་སྤྱི་དང་མཐུན་པའི་ཐིག་ བཏབ་པའི་དབུས་སུ། པད་མ་འདབ་མ་བཅུ་དྲུག་པ་མཛེས་ཚོན་དང་ཕྱོགས་ཚོན། རྩིག་པ་ ནང་ནས་རིམ་པ་བཞིན། སྔོན་པོ། དམར་པོ། དཀར་པོར་བྱ། གཞན་སྤྱི་དང་མཐུན་པ་ལ། རྟ་ བབས་མེད་པས། མུན་པ་རྟ་བབས་ཀྱི་ཀ་བ་ཀ་རྒྱན་མི་དགོས་པའི་ཕྱིར། འདོད་ཡོན་ཕ་གུ་དྲ་ བ་དྲ་ཕྱེད་ཤར་བུ་རྣམས་རྩིག་པ་ལ་ཐིག་པར་བྱི་ཞིང་། མདའ་ཡབ་སྒོའི་སྟེང་དུ་འབྲེལ་བར་ ཁོར་ཡུག་ཏུ་བྱའོ། །པད་མའི་ལྟེ་བ་དང་འདབ་མ་རྣམས་ལ་མེ་ཏོག་གི་ཚོམ་བུ་བཀོད་ཅིང་། དེ་ ཡི་ལོགས་ཞིག་ཏུ་ཡང་མེ་ཏོག་གི་ཚོམ་བུ་གཅིག་དང་། སྒོ་བཞིར་ཡང་མེ་ཏོག་གི་ཚོམ་བུ་རེ་རེ་ བཀོད་དོ། །དེའི་ཕྱི་རོལ་དུ་མཆོད་པའི་བྱེ་བྲག་ཅི་འབྱོར་པ་དང་། གཏོར་མ་དྲུག་གམ་གསུམ་ བཤམ་མོ། །དེ་ནས་ཉེ་བཏུང་རྣམས་བཤགས་བསྡམ་གྱི་སྒོ་ནས་ཕྱིར་བཅོས་པ་དང་། སྐྱབས་ 4-1-276 འགྲོ་སེམས་བསྐྱེད་ཚད་མེད་བཞི་སྟོང་པ་ཉིད་སྒོམ་པ་རྣམས་སྔོན་དུ་བཏང་ནས། གནས་དང་ གཞལ་ཡས་ཁང་དང་། གདན་དང་མཆོད་པ་རྣམས་བྱིན་གྱིས་བརླབ་པར་བྱ་སྟེ། ༈ ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ ལྟར་མཇམ་བེཌཱུརྱའི། །རང་བཞིན་བཟང་པོར་གནས་གྱུར་ཅིག ། བདེ་ལྡན་འཇིག་རྟེན་ བཀོད་པ་ལྟར། །རིན་ཆེན་ས་གཞི་མེ་ཏོག་བཅས། །ལྗོ ན་ཤིང་ཆུ་མཚོ་མ་ཚང་མེད། །ཆོས་ སྒྲ་རྒྱ་ཆེན་ལྡན་པར་ཤོག །འཇིག་རྟེན་འདས་པའི་དགེ་ལས་བྱུང་། །རིན་ཆེན་བདུན་ལས་ ལེགས་གྲུབ་ཅིང་། །ཚད་མེད་འོད་ཟེར་འགྱེད་པའི་གནས། །རྒྱལ་བ་འཁོར་བཅས་བཞུགས་ གྱུར་ཅིག །རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་བྱས་ ཏེ། །རྒྱལ་བ་འཁོར་དང་བཅས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་འཁོད་པར་ ཤོག །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་མཆོག་ཞལ་ཟས་དང་། །འདོད་ ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྫས་ཀྱིས་གང་བར་ཤོག །ཅེས་པ་ལན་གསུམ་མམ་ གཅིག་གིས་ལོང་སྐབས་དང་སྦྱར་ཏེ། བྱིན་གྱིས་བརླབ་པར་བྱའོ།། །། ༈ ཡང་དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་ པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་ གྱུར་ཅིག། ཅེས་ཀྱང་ལན་གསུམ་བཟླས་སོ། །དེ་ནས་སྤྱན་འདྲེན་པ་ནི་པུས་མོ་བཙུགས། སྤོས་ དང་མེ་ཏོག་ཐོགས་ཏེ། ཐལ་མོ་སྦྱར་ནས། ༈ སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་ལ་སོགས་པ། ཕྱོགས་བཅུ་དུས་གསུམ་ དུ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་ བདག་ཅག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ 4-1-277 ཀྱིས། སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་། ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་ དང་བདེ་བའི་སླད་དུ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་ གྱི་སྨོན་ལམ་ཁྱད་པར་རྒྱས་པ་བཟང་ཞིང་བརླབས་ཆེ་བ། མཐུ་དང་བྱིན་གྱིས་བརླབས་པ་ དཔག་ཏུ་མ་མཆིས་པ་མངའ་བ་ལ་བསྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་སྐྱབ་པའི་ སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་ སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་ བྱིན་གྱིས་བརླབ་པར་ཅི་གནང་། ༈ སྔོན་བཅོམ་ལྡན་འདས་ཐུབ་པ་ཆེན་པོའི་སྤྱན་སྔར་གནས་བརྟན་ཆེན་པོ་རྣམས་ འདུས་ཤིང་འཁོད་པའི་ཚེ་བཅོམ་ལྡན་འདས་ཀྱིས། གནས་བརྟན་ཆེན་པོ་ཁྱེད་རྣམས་ཇི་ སྲིད་དུ། མགོན་པོ་མ་ཕམ་པ་རྡོ་རྗེ་གདན་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ སྲིད་དུ། མྱ་ངན་ལས་མི་འདའ་བར། ཉན་ཐོས་ཀྱི་ཆ་ལུགས་འདིས་སེམས་ཅན་གྱི་དོན་དུ། སངས་རྒྱས་ཀྱི་བསྟན་པ་སྐྱོངས་ཤིག་ཞེས་བཀའ་བསྒོ་ནས། གནས་བརྟན་ཆེན་པོ་བཅུ་དྲུག་ ལུང་བསྟན་པའི་མདོ་གསུངས་ཤིང་བྱིན་གྱིས་བརླབས་པ་དང་། གནས་བརྟན་ཆེན་པོ་རྣམས་ སངས་རྒྱས་ཀྱི་བཀའ་རྗེས་སུ་སྒྲུབ་པའི་སླད་དུ། ཡང་དག་པའི་མཐའ་མངོན་དུ་མི་མཛད་ པར། ལུས་འཕགས་པོའི་གླིང་ལ་སོགས་པར་གནས་དང་འཁོར་ངེས་པར་མཛད་ནས་འཇིག་ རྟེན་གྱི་ཁམས་གང་ན་སེམས་ཅན་གང་དར་བ་དང་། རྒུད་པ་ལ་སོགས་པ་གཟིགས་ཤིང་ དགོངས་ནས། ཉིན་མཚན་དུས་དྲུག་ཏུ་ཉུལ་བར་མཛད་ཅིང་འགྲོ་བའི་དོན་མཛད་པར་ཞལ་ གྱིས་བཞེས་པ་དང་། འཕགས་པ་དགའ་བའི་བཤེས་གཉེན་ཞེས་བྱ་བ་དགྲ་བཅོམ་པ་རྣམ་ པར་ཐར་པ་བརྒྱད་པ་བསམ་གཏན་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཞིག་མྱ་ངན་ལས་ འདའ་བའི་ཚེ་དགེ་སློང་འདུས་པ་རྣམས་ཀྱིས་འདི་སྐད་དུ། ཁྱོད་ལྟ་བུ་མྱ་ངན་ལས་འདས་ན། 4-1-278 སངས་རྒྱས་ཀྱི་བསྟན་པ་ནུབ་པར་མི་འགྱུར་རམ་ཞེས་སྨྲས་པ་དང་། བཞིན་བཟང་དག་དོགས་ པ་མེད་ཀྱིས་མྱ་ངན་སྨྲེ་སྔགས་མ་འདོན་ཅིག དེ་ཅི་ཡི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཡོངས་སུ་ མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ། གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་ཏུ་བསྟན་པ་དམ་ པའི་ཆོས་གཏད་པར་གྱུར་ཏེ། སྦྱིན་བདག་དང་སྦྱིན་པ་པོའི་སྦྱིན་པ་ཡོངས་སུ་དག་པའི་ཕྱིར་ རོ། །གནས་བརྟན་དེ་དག་གིས་མི་ཤེས་པའམ། མ་མཐོང་བའམ། མ་ཐོས་པའམ། མངོན་དུ་ མ་བྱས་པ་ནི་ཅུང་ཟད་ཀྱང་མེད་དོ། །དགེ་འདུན་གྱི་བཞེས་པའམ། སྤྱན་དྲངས་པའམ། བཅོ་ ལྔ་སྟོན་ནམ། གཙུག་ལག་ཁང་འབུལ་བའམ། གནྜེའི་རབ་གནས་སམ། གང་ཅུང་ཟད་ཀྱང་ མི་ཤེས་པ་མེད་དེ། དེ་དག་དུ་གནས་བརྟན་བཅུ་དྲུག་པོ་དེ་དག་འཁོར་དུ་མ་དང་བཅས་པ་ གཞན་དང་གཞན་གྱིས་དེ་དང་དེར་འབྱོན་ཞིང་གནས་ཏེ་དེ་ལྟར་སྦྱིན་པ་ཡོངས་སུ་དག་པར་ བྱེད་དོ། །ཞེས་འབྱུང་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ ཞིང་། ལྷ་མི་ཀུན་གྱི་བསོད་ནམས་ཀྱི་དཔལ་ཞིང་དུ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ བཀའ་བསྒོ་སྟེ། མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོནསུམ་དུ་བཞུགས་ཤིང་བཀའ་ ལུང་གི་རྗེས་སུ་བསྒྲུབ་པར་འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ། གནས་བརྟན་ ཆེན་པོ་བཅུ་དྲུག་སོ་སོར་ངེས་པའི་འཁོར་ཕྱི་བཞིན་འབྲངས་པའི་དགེ་སྦྱོང་དགྲ་བཅོམ་པ་ཇི་ སྙེད་པ་རྣམས་དང་། ཐུན་མོང་གི་ཞབས་འབྲིང་པ་འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏ་ ལ་དགེ་བསྙེན་གྱི་ཚོགས་དང་བཅས་པ་ཐམས་ཅད། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་ སྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམམ་པ་ཆེན་པོ་ མཛད་དེ། བྱིན་གྱིས་བརླབ་པར་ཅི་གནང་། ༈ སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་ 4-1-279 བདེན་པས། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་ཞིང་སྐྱོང་པར་ཞལ་གྱིས་བཞེས་པ། རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུངས་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ ཐོས་སྲས་ལ་སོགས་པ་འཕགས་པ་ཆོས་སྐྱོང་པ་ཐམས་ཅད་ཀྱང་ཆེ་གེ་མོ་ལ་སོགས་པ་འགྲོ་ བ་མང་པོ་སྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན་ མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ ཆེན་པོ་མཛད་དེ། བྱིན་གྱིས་བརླབ་པར་ཅི་གནང་། ལག་མཐིལ་ལྟར་མཉམ་རིན་ཆེན་གྱིས་སྤྲས་པ། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞི་ དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པད་མ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་ མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་ འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་ རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པ། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སུ་འཚལ། །ཡོན་སྦྱར་མཆོད་པའི་གནས་འདིར་ སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་ པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་ སྒྲོམ་གྱི་ཁ་འབྱེད་པ། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སུ་འཚལ། །དམ་ཆོས་སྤེལ་བའི་ སླད་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་ བཀའ་བསྒོ་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་ཡི་བུ་བཟང་པོ། །གསེར་བེའུ་བ་ར་དྷྭ་ཛ་གསེར་ཅན་དང་། །འཕགས་པ་ བ་ཀུ་ལ་དང་སྒྲ་ཅན་ཟིན། །ལན་ཕྲན་བ་ར་དྷྭ་ཛ་བསོད་སྙོམས་ལེན། །ལན་བསྟན་ཀླུའི་སྡེ་ 4-1-280 སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱི་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ ཕུན་ཚོགས་སངས་རྒྱས་ཏེ། །གདུལ་བྱའི་དབང་གིས་ཉན་ཐོས་སྐུར་འཛིན་པ། །ཁྱད་པར་ ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་བསྲུང་། །རང་དོན་དོར་ནས་འཁོར་བའི་ ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་ རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་ པ། ། དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་ དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། ། ཞེས་པའི་ཚིག་ལོང་དང་སྦྱར་ཏེ་ལན་གསུམ་མམ་ཅིག་གང་ཡང་རུང་པས་སྤྱན་དྲང་ཞིང་ རོལ་མོ་དང་བཅས་པ་བྱའོ། །དེ་ལྟར་སྤྱན་དྲངས་ནས། སོ་སོའི་བཞུགས་གནས་ནས་རྫུ་ འཕྲུལ་གྱི་ནམ་མཁའ་ལ་བྱོན་ཏེ། གཞལ་ཡས་ཁང་གི་དབུས་ཀྱི་པད་མའི་ལྟེ་བ་ལ། བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཕྱག་གཡས་ས་གནོན། གཡོན་ མཉམ་བཞག ཞབས་རྡོ་རྗེའིདཀྱིལ་དཀྲུངས་དུ་བཞུགས་པ། ནམ་བཟའ་ཆོས་གོས་དམར་པོ་ གསོལ་བ། ཞལ་འཛུམ་པ་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་ལྟ་བས་ཆོག་ མི་ཤེས་པ། དབུའི་གཙུག་ཏོར་ལྟར་མི་མངོན་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་ བ། འོད་དེས་གང་ལ་རེག་པ་ཐམས་ཅད་བྱང་ཆུབ་ཆེན་པོར་འགྱུར་བ། སྐུ་དེ་གང་གིས་མཐོང་ བ་དང་། རེག་པ་དང་། ཡིད་ལ་བྱས་པ་དང་། མཚན་ཐོས་པ་ཐམས་ཅད་བླ་ན་མེད་པའི་བྱང་ ཆུབ་ཏུ་ངེས་པར་འགྱུར་བ་ལ་སོགས་པ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕུང་པོ་གྱུར་པ་དེ་ བཞུགས་པའོ། ། ཤར་གྱི་པད་འདབ་མ་བཞི་ལ། གནས་བརྟན་ཆེན་པོ་སྒྲ་ཅན་ཟིན་ཕྱག་ན་རིན་པོ་ཆེའི་ 4-1-281 པྲོག་ཞུ་བསྣམས་པ་དང་། ལམ་ཕྲན་བསྟན་ཕྱག་གཉིས་མཉམ་པར་བཞག་པ་དང་། བ་ར་དྷྭ་ ཛ་བསོད་སྙོམས་ལེན་ཕྱག་གཡས་གླེགས་བམ། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་ བསྣམས་པ་དང་། ལམ་བསྟན་ཕྱག་གཡས་གླེགས་བམ། གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་ མཛད་པའོ། ། ལྷོ འི་པད་འདབ་བཞི་ལ་ཀླུའི་སྡེ་ཕྱག་གཡས་བུམ་པ། གཡོན་མཁར་སིལ་བསྣམས་པ་ དང་། སྦེད་བྱེད་ཕྱག་ན་གླེགས་བམ་བསྣམས་པ་དང་། མི་ཕྱེད་པ་ཕྱག་གཉིས་ཐལ་མོ་སྦྱར་ བའི་བར་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བསྣམས་པ་དང་། ཡན་ལག་འབྱུང་ཕྱག་གཉིས་ ཐལ་མོ་སྦྱར་བའི་བར་ན་སྤོས་པོར་བསྣམས་ཤིང་། མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་ པའོ། ། ནུབ་ཀྱི་པད་འདབ་བཞི་ལ། མ་ཕམ་པ་ཕྱག་གཉིས་མཉམ་པར་བཞག་པ་དང་། ནགས་ ན་གནས་ཕྱག་གཡས་ཞི་བའི་སྡིགས་མཛུབ་མཛད་ཅིང་། གཡོན་རྔ་ཡབ་བསྣམས་པའོ། །དུས་ལྡན་ཕྱག་ན་གསེར་གྱི་སྣ་སྐོར་བསྣམས་པ་དང་། རྡོ་རྗེ་མོའི་བུ་ཕྱག་གཡས་ཞི་བའི་ སྡིགས་མཛུབ་མཛད་ཅིང་གཡོན་རྔ་ཡབ་བསྣམས་པའོ། ། བྱང་གི་པད་འདབ་བཞི་ལ། བཟང་པོ་ཕྱག་གཡས་ཆོས་འཆད། གཡོན་མཉམ་བཞག་ མཛད་པ་དང་། གསེར་བེའུ་ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ་དང་། བ་ར་དྷྭ་ཛ་ གསེར་ཅན་ཕྱག་གཉིས་མཉམ་པར་བཞག་པ་དང་། བ་ཀུ་ལ་ཕྱག་ན་ནེའུ་ལེ་བསྣམས་པ་སྟེ། དགྲ་བཅོམ་པའི་ཚོགས་དང་བཅས་པ་དང་། ཕྱོགས་གཅིག་ཏུ་འཕགས་པའི་དགེ་བསྙེན་དྷརྨ་ ཏ་ལ་ཕྱག་ན་རྔ་ཡབ་དང་བུམ་པ་བསྣམས་པ། རལ་པའི་ཐོད་བཅིངས་པ། སྡེ་སྣོད་ཀྱི་གླེགས་ བམ་མང་པོ་ཁུར་བ། མདུན་གྱི་ནམ་མཁའ་ལ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ། དར་གྱི་ནམ་བཟའ་ལྷབ་ལྷུབ་དུ་ཡོད་པ་སྤུས་མོར་རྫེས་པ། སྤུས་མོ་གཡས་པ་ལས་སྟག་གི་ 4-1-282 ཚོགས་སྤྲུལ་བ། དགེ་བསྙེན་གྱི་ཚོགས་དང་བཅས་པ་བཞུགས་པར་བསམ་ཞིང་། སྒོ་བཞི་ ལ། རྒྱལ་པོ་ཆེན་པོ་བཞི་དང་། མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ཚོགས་དཔག་ཏུ་མེད་པ་བཞུགས་པར་བསམ་མོ། །དཀོན་མཆོག་གསུམ་རྗེས་ དྲན་འདོན། བདག་གཞན་གྱི་དོན་དུ་སྡིག་པ་སྦྱང་བའི་ཆེད་དུ་གསོལ་བ་འདེབས་ན། ཐམས་ ཅད་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་གང་པ་བསྣམས་པས། བདག་ལ་ཁྲུས་ གསོལ་བར་བསམ་པ་དང་། འཇིག་རྟེན་དུ་ཆོས་ཀྱི་འཆད་ཉན་འཕེལ་བར་འདོད་ན་ཐམས་ ཅད་ཕྱག་ན་སྡེ་སྣོད་ཀྱི་གླེགས་བམ་བསྣམས་ཤིང་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ། ཐེག་ ཆེན་གྱི་ཆོས་སྒྲ་སྒྲོགས་པའི་བསམ་པ་དང་། ནོར་འདོད་པས་ཐམས་ཅད་ཀྱི་ཕྱག་ན་ནེའུ་ལེ་ བསྣམས་པ་ལས་རིན་པོ་ཆེ་དུ་མ་འབྱུང་སྟེ་གནས་ཁང་ཐམས་ཅད་གང་བར་བསམ་པ་ལ་ སོགས་པ་དང་། གསོལ་བ་འདེབས་པའི་གོ་རིམ་ཀྱང་ཆེད་དུ་བྱ་བའི་ཁྱད་པར་གྱིས་ཅི་རིགས་ པར་གསུངས་སོ། །དེ་ནས་སྤྱིའི་ཕྱག་འཚལ་བ་ནི། ༈ སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་ གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་ དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་ འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ ཐུགས་ལ་ཕྱག་འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་ པོ། །བསོད་ནམས་ཡོན་ཏན་རྒྱ་མཚོ་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་ པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་ 4-1-283 མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་ འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱེད་ལ་ཕྱག་ འཚལ་ལོ། །རྡུལ་བྲལ་ཁྱེད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱེད་ ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་མང་པའི་ཚོགས་མངའ་ཞིང་། །མཚན་རབ་ཡེ་ཤེས་ ཡོངས་སུ་རྫོགས་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པའི། །བཅོམ་ལྡན་ལྷ་ ཡི་ལྷ་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང་། །ཀུན་སྦྱོར་འཆིང་བ་ སྤྱོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་ པ་དེ་ལ་ཕྱག་འཚལ་ལོ། །ངོ་བོ་སངས་རྒྱས་སྤངས་རྟོགས་ཡོངས་སུ་རྫོགས། །མཛད་པ་བྱང་ སེམས་གཞན་དོན་རྒྱུན་མི་འཆད། །རྣམ་པ་ཉན་ཐོས་དགྲ་བཅོམ་ཆ་ལུགས་ཅན། །འཕགས་ པ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་སློང་དགྲ་བཅོམ་ཡོན་ཏན་ ཕྱུག །འཁྲུགས་པ་མེད་པས་བློ་གྲོས་རྒྱ་མཚོ་འདྲ། །ཤེས་རབ་ཆེན་པོའི་འོད་ནི་ཟླ་ཟེར་འཕྲོ། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་ འཁོར་བསྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་བསྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་ཕྱག་བྱས་ནས་ མཆོད་པ་ནི། ༈ འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ། མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་ དང་བ་དན་ལ་སོགས་པ། དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ 4-1-284 ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ། བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་། མོས་པའི་སྟོབས་ཀྱིས་སྐྱེད་པའི་བཟང་ པོ་སྤྱོད་པའི་སྨོན་ལམ་ལས་བྱུང་པ་མཆོད་པའི་སྤྲིན། རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ མཐས་ཀླས་པ་ཐམས་ཅད་རྒྱས་པར་བཀང་སྟེ་འབུལ་ལོ་མཆོད་དོ། །ཞེས་རོལ་མོ་དང་བཅས་ པ་བྱའོ། ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་བའི་ཚེ་ རབས་ཐམས་ཅད་དུ། སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་ བགྱིས། བགྱིད་པར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་ གིས་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡིད་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ ངན་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་མྱ་ངན་ལས་མི་འདའ་བར་འཇིག་ རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །ཞེས་ཡན་ལག་ ལྷག་མ་རྣམས་བྱ་ཞིང་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་འདི་དག དྷརྨ་ཏ་ལའི་ བར་མཚུངས་པར་བྱའོ། ། ཕྱོགས་བཅུ་དུས་གསུམ་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་བྱིན་གྱིས་ བརླབས་ཀྱིས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་ཤིང་སྒོ་ཐམས་ཅད་ ནས་དར་ཞིང་རྒྱས་པ། བླ་མ་གོང་མ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་རྣམས་ ཡོངས་སུ་རྫོགས་པར། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་རྣམ་པར་ དཀར་བའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པ། དགེ་འདུན་ཐམས་ཅད་ཀྱི་ཆོས་སྤྱོད་བཅུའི་སྒྲུབ་ 4-1-285 པ་འཕེལ་བ། སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་པ། བདག་ཅག་རྣམས་ཀྱི་ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་ཉེ་བར་ཞི་ནས། མཐུན་རྐྱེན་ཐམས་ ཅད་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པ་དང་། མདོར་ན་སེམས་ཅན་ཐམས་ཅད་ཚོགས་རྫོགས། སྒྲིབ་པ་བྱང་། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ གསོལ་བ་གདབ་པོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ་ལོ། །ཞེས་ལན་བདུན་བརྗོད། ཐུགས་རྗེའི་བདག་ཉིད་བརྩོན་འགྲུས་སྟོབས་ལྡན་པ། །འགྲོ་བའི་བླ་མ་གཞན་གྱིས་མ་ ཐུལ་བའི། །སྐལ་ལྡན་གདུལ་ཕྱིར་ཤཱཀྱའི་རིགས་འཁྲུངས་པ། །ཐུབ་དབང་གཙོ་བོ་མཆོག་ ལ་ཕྱག་འཚལ་ལོ། །ཐབས་མཁའ་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་ པོ་ཁྱེད་ལ་ཕྱལ་འཚལ་ལོ། །མཆོད་པ་འབུལ་བ་སྡིག་པ་བཤགས་པ་སོགས་གོང་བཞིན་བྱ། བཅོམ་ལྡན་ཤཱཀྱའི་རྒྱལ་པོའི་བྱིན་བརླབས་ཀྱིས། །སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་ རིང་དུ་གནས་ཤིང་ཞེས་སོགས་ཀྱིས་གསོལ་བ་གདབ་པའོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱི་བསོད་ ནམས་ཀྱི་དཔལ་གྱི་ཞིང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ་མྱ་ངན་ ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབ་ པར་འཕགས་པའི་ཚིག་ངེས་པར་ཞལ་གྱིས་བཞེས་པ། གངས་རི་ཆེན་པོ་ཏི་སེ་ལ་འཕགས་ པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་ 4-1-286 བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་བདུན་དང་། ཏི་སེའི་གངས་ལ་གནས་བརྟན་ཡན་ ལགའབྱུང་། །མཐོང་རེག་དྲི་ཡིས་ཚུལ་ཁྲིམས་རྣམ་དག་ཅིང་། །ཉོན་མོངས་ཀུན་སེལ་སྤོས་ སྤོར་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་དང་སུམ་བརྒྱར་བཅས་ལ་འདུད། །འཕགས་ཆེན་ གནས་བརྟན་རྒྱལ་པོ་ཡན་ལག་འབྱུང་། །ཟག་ཟད་དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་འཕྲིན་ལས་སྐྱོང་། །ཆོས་བསྲུང་འགྲོ་དོན་མཛད་པས་ལེགས་ སྐྱོབ་མཛོད། །མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་དགོངས་སུ་གསོལ། དེའང་བྱམས་ པ་ལུང་བསྟན་པའི་མདོར། ཇི་སྐད་དུ། གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས། གདུལ་ བྱའི་དབང་གིས་སྤོས་ངད་ལྡན་གྱི་རི་ལ་བསམ་གཏན་ལ་མཉམ་པར་འཇོག་ཏུ་བྱོན་པའི་ཚེ། དེའི་ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་ཆེན་པོ་དཔག་ཏུ་མེད་པ་ཐར་པ་ལ་བཀོད་པས་ལྷ་ རྣམས་ཀྱིས་བསིལ་ཡབ་ཀྱི་རྔ་ཡབ་ཕུལ། ལྷ་མ་ཡིན་དང་གནོད་སྦྱིན་གྱིས་སྤོས་དྲི་ཞིམ་པོ་ སྣོད་དང་བཅས་པ་ཕུལ་ཏེ། འཕགས་པའི་སྤོས་ཕོར་དེ། གང་གིས་མཐོང་པ་དང་། རེག་པ་ དང་དྲི་ཚོར་བ་དང་ཐམས་ཅད་ལ་ཚུལ་ཁྲིམས་ཀྱི་དྲི་བསུང་གིས་ཕྱོགས་བཅུ་ཁྱབ་པ་འབྱུང་ བ་དང་། ལྷ་དང་མི་ཐམས་ཅད་ཀྱི་ཡིད་དུ་འོང་པ་དང་། ཡིད་འཕྲོག་པ་དང་། ནད་དང་སྡུག་ བསྔལ་ཞི་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། རྔ་ཡབ་ལས་ཕྱོགས་བཅུའི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་སྣ་ཚོགས་དཔག་ཏུ་མེད་ པས་མཆོད་པ་འབྱུང་བ་དང་། སེམས་ཅན་གང་ལ་རེག་པ་དང་གང་གིས་མཐོང་པ་ཐམས་ཅད་ ཀྱི་དྲུག་རྩ་བའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་པ་ས་བོན་དང་བཅས་པ་ཞི་བ་ དང་། ལུས་དང་སེམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་ལས་ཐར་བ་ལ་སོགས་པའི་ཡོན་ 4-1-287 ཏན་དུ་མ་དང་ལྡན་པར་གསུངས་ཤིང་། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ། མཆོད་པ་སྣ་ཚོགས་རྒྱ་ཆེ་ལ་ཡུན་རིང་པར་མཆོད་པར་ འདོད་པ་དང་། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འཕེལ་བར་འདོད་པ་དང་། ལྷག་པ་སེམས་ ཀྱི་བསླབ་པ་བརྟན་པར་བྱ་བ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་རྟོགས་པར་འགྱུར་བ་དང་ ། དེ་བཞིན་གཤེགས་པ་རྣམས་ཀྱིས་རྨི་ལམ་དུ་ལུང་བསྟན་པ་ཐོབ་པར་འདོད་པས། འཕགས་ པ་གནས་བརྟན་ཆེན་པོ་ཡན་ལག་འབྱུང་གིས་ཐོག་དྲངས་ཏེ། གསོལ་བ་གདབ་པར་གསུངས་པ་ ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་བ། ཀུན་ནས་རྨོངས་པ་མ་རིག་ པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་སུམ་དུ་མཐོང་བ་དང་ ། རེག་པ་དང་། དྲི་ཚོར་བར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་ དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་། སྨོན་ལམ་དང་། བྱིན་གྱིས་ བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ཅད་བདག་སོགས་ སེམས་ཅན་གྱི་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་རྩལ་བར་ཅི་གནང་། དྲང་སྲོང་རིའི་ངོགས་ཤེལ་ནགས་ན་འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པ་འཁོར་ དགྲ་བཅོམ་པ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བདུན་དང་། དྲང་སྲོང་རི་ངོགས་གནས་བརྟན་མ་ཕམ་པ། །མཐོང་ཐོས་དྲན་པས་ཚུལ་ཁྲིམས་ལ་ སོགས་པའི། །ཡོན་ཏན་འཕེལ་འགྱུར་མཉམ་བཞག་ཕྱག་རྒྱ་ཅན། ། དགྲ་བཅོམ་བརྒྱ་ཕྲག་ ཅིག་དང་བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་མ་ཕམ་པ། །ཟག་ཟད་ དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཕྲིན་ལས་སྐྱོང་། །སོགས་མཆོད་འབུལ་སོགས་བྱ། 4-1-288 འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་མ་ཕམ་པའི་ཕྱག་མཉམ་པར་བཞག་པའི་ ཡོན་ཏན་ནི། གདུལ་བྱ་གང་གིས་མཐོང་པ་དང་རེག་པ་དང་། ཡིད་ལ་བྱས་པ་དེའི་ཚུལ་ཁྲིམས་ ཀྱི་ཕུང་པོ་རྣམ་པར་དག་པ་འཕེལ་བ་དང་། དཔལ་ཆེན་པོ་དཔག་ཏུ་མེད་པ་འཐོབ་པ་དང་། གྲགས་པ་དང་སྙན་པ་ཕྱོགས་བཅུར་གྲགས་པ་དང་། ཏིང་ངེ་འཛིན་བརྒྱ་སྟོང་གྲངས་མེད་པ་ དང་ལྡན་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་ཤིང་། དེ་བཞིན་ དུ་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་གང་ཟག་དང་ཆོས་ཐམས་ཅད་ལ་མི་ཕྱེད་པའི་ དད་པ་དང་། ཕྱིར་མི་ལྡོ ག་པའི་བརྩོན་འགྲུས་དང་། མི་ཞུམ་པའི་སྟོབས་དང་རྗེས་སུ་འཇུག་ པའི་བསྒྲུབ་པ་དང་ལྡན་པར་འདོད་པ་དང་། ཡུལ་ཕྱོགས་གང་དུ་བདག་ཉིད་འདུག་ཀྱང་ཡུལ་ ཕྱོགས་དེའི་རིའི་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ཤིང་ གི་ལྷ་དང་། ནགས་ཀྱི་ལྷ་དང་། ཚལ་གྱི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། འབྱུང་པོ་གདུག་ པ་ཅན་དང་། ཡི་དྭགས་ལ་སོགས་ནག་པོ་གདུག་པ་ཅན་ཐམས་ཅད་ཀྱང་རང་བཞིན་གྱིས་ དུལ་བ་དང་ཞི་བར་འདོད་པ་དང་། རྨི་ལམ་ངན་པ་དང་མཚན་མ་ངན་པ་དང་། ལྟས་ངན་པ་ དང་། ལྕེ་བབས་པ་དང་། བྱུར་བབས་པ་དང་། སྤྲ་ངན་པ་དང་། བྲམ་ཟེའི་སྨོད་པ་བྱུང་ པ་དང་། སྔགས་ཀྱི་མངོན་སྤྱོད་ལ་སོགས་པ་བཟློག་པར་འདོད་པ། གཟའ་དང་སྐར་མ་ངན་ པ་དང་། ཀེག་དང་མ་མོའི་བྱ་དང་། གཤིན་རྗེའི་འཁྲུལ་འཁོར་དང་། ལྷ་མ་སྲིན་སྡེ་བརྒྱད་ཀྱི་ གདུག་རྩུབ་དང་། གདོན་ཆེན་པོ་བཅོ་བརྒྱད་ལ་སོགས་པ་ནག་པོའི་ཕྱོགས་ཐམས་ཅད་རང་ བཞིན་གྱིས་ཞི་སྟེ། ཡུལ་ཕྱོགས་བཀྲ་ཤིས་པ་དང་། གཟི་བྱིན་ཆགས་པ་དང་། ལོ་ཐོག་རྒྱས་ པ་དང་། གཏམ་སྙན་པ་ཐོས་པར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་མ་ཕམ་པས་ཐོག་དྲངས་ཏེ། གསོལ་བ་གདབ་པར་གསུངས་ 4-1-289 པ་ལྟར་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་རྒྱ་མངོན་སུམ་དུ་མཐོང་པ་དང་། རེག་པར་ མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་ པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་ དུ་བཀའ་བསྩལ་པ་དེ་དག་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་འཕྲལ་དུ་ འཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། རི་ནགས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན། འཕགས་པ་གནས་བརྟན་ ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བདུན་དང་། ལོ་མ་བདུན་རིར་གནས་བརྟན་ནགས་ན་གནས། །གང་ལ་གཏད་པས་གནོད་པ་ཀུན་ཞི་ ཞིང་། །སེར་བུས་སྡིག་སེལ་སྡིགས་མཛུབ་རྔ་ཡབ་ཅན། །དགྲ་བཅོམ་སྟོང་དང་བཞི་བརྒྱར་ བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་ནགས་ན་གནས། །ཟག་ཟད་དགྲ་ བཅོམ་སྟོང་དང་བཞི་བརྒྱས་སྐོར། །ཉན་ཐོས་ཚུལ་འཛིན་ཞེས་སོགས་སྦྱར་རོ། །མཆོད་ འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་ནགས་ན་གནས་དགོངས་སུ་གསོལ། དེའང་བྱམས་ པ་ལུང་བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་ནགས་ན་གནས་ཀྱི་ཕྱག་གཡས་ པ་ཞི་བའི་སྡིགས་མཛུབ་དེ་གང་ལ་གཏད་པ་དེའི་འབྱུང་བ་ཆེན་པོ་བཞིའི་གནོད་པ་ཞི་བ་དང་ ། འདྲེ་དང་། སྲིན་པོ་མ་རུངས་པ་དང་། ཀླུ་གདུག་པ་ཅན་དང་། གནོད་སྦྱིན་གཏུམ་པོ་དང་། གཞན་ཡང་ལྷ་སྲིན་གཏུམ་པོ་ཐམས་ཅད་ཀྱི་གདུག་པ་ཞི་བ་དང་། དུལ་བ་དང་བཀའ་བཞིན་ ཉན་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། རྔ་ཡབ་ཀྱིས་གདུལ་བྱ་གང་ལ་ 4-1-290 གཡབས་པའི་བསིལ་བ་ཕོག་པ་ལ་སོགས་པས་སྒོ་གསུམ་གྱི་སྡིག་པ་དག་པར་འགྱུར་བ་དང་ ། ཉོན་མོངས་པ་ཐམས་ཅད་དང་། གང་ཟག་གི་བདག་ཏུ་འཛིན་པའི་ལོག་པར་རྟོག་པ་དང་། ཆོས་ཀྱི་བདག་ཏུ་འཛིན་པའི་ལོག་པར་རྟོག་པ་ཞི་བར་འགྱུར་བ་དང་། ཀུན་རྫོབ་ཀྱི་བདེན་པ་ དང་། དོན་དམ་པའི་བདེན་པ་རྟོགས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་ ཤིང་། དེ་བཞིན་དུ། ཡུལ་ཁྱད་པར་ཅན་ལ་སྡིག་པ་བསགས་པ་དང་། ཉོན་མོངས་པའི་ཀུན་ སློང་དྲག་པོས་སྡིག་པ་བསགས་པ་དང་། ཡུན་སྐལ་པར་སྡིག་པ་བསགས་པ་དང་། དངོས་པོ་ལྕི་ བ་དཀོན་མཆོག་གསུམ་དང་། དགེ་འདུན་གྱི་དཀོར་ལ་འབགས་པ་དང་། སོ་སོར་ཐར་པའི། བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་ཉམས་པ་བཤགས་ཏེ་སྡོམ་པར་འདོད་པས། འཕགས་ པ་གནས་བརྟན་ཆེན་པོ་ནགས་ན་གནས་ཀྱི་ཐོག་དྲངས་ཏེ། གསོལ་བ་གདབ་པར་གསུངས་ པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་ རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་རྒྱ་དང་ཕྱག་མཚན་མངོན་སུམ་ དུ་མཐོང་པ་དང་། རེག་པར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་ དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་བྱིན་བརླབས་ཀྱི་ མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། ཟངས་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ གཅིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཟངས་ གླིང་ཡུལ་ན་གནས་བརྟན་དུས་ལྡན་ནི། །མཐོང་དང་རེག་པས་སྤངས་རྟོགས་ཀུན་འཐོབ་ ཅིང་། །སྐལ་ལྡན་འཁོར་འདུས་གསེར་གྱི་རྣ་བསྐོར་བསྣམས། །དགྲ་བཅོམ་སྟོང་དང་གཅིག་ བརྒྱར་བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་དུས་ལྡན་ནི། །ཟག་ཟད་དགྲ་ 4-1-291 བཅོམ་སྟོང་དང་གཅིག་བརྒྱས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས་དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་དུས་ལྡན་གྱིས་འདོད་ཁམས་ལྷའི་ཡུལ་ དུ་བྱོན་པའི་ཚེ། ལྷའི་བུ་དང་བུ་མོ་ལ་སོགས་པ་ཐམས་ཅད་ཐར་པ་ལ་བཀོད་པས། རིན་པོ་ ཆེའི་རྣ་རྒྱན་ལ་སོགས་པའི་རྒྱན་མང་པོ་ཕུལ་ཏེ། དེ་བྱིན་གྱིས་བརླབས་པའི་རྣ་སྐོར་དེ་གང་ལ་ རེག་པ་དང། མཐོང་པའི་གང་ཟག་དེ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འབྱུང་པར་འགྱུར་བ་དང་། བྱང་ཆུབ་སེམས་ དཔའ་ས་ལ་གནས་པ་དང་། ཕྱིར་མི་ལྡོ ག་པ་ཐམས་ཅད་འདུ་བར་འགྱུར་བ་དང་། གཞན་ ཡང་བསྐལ་པ་ཆེན་པོ་དང་ལྡན་པའི་ཞི་གནས་དང་། ལྷག་མཐོང་དང་། བློ་གྲོས་དང་། དད་ པ་དང་། ཤེས་རབ་དང་ལྡན་པའི་འཁོར་མང་པོ་འདུ་བར་འགྱུར་བ་ལ་སོགས་པའི་ཡོན་ཏན་ དུ་མ་ལྡན་པར་གསུངས་ཤིང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བརྩེ་བ་ཆེན་པོ་དང་ བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞིང་ སྦྱོང་པར་འདོད་པ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་དམ་པའི་ ཆོས་ཐམས་ཅད་བཟུང་པར་འདོད་པ་དང་། སེམས་ཅན་མཐའ་ཡས་པ་ཐམས་ཅད་བྱང་ཆུབ་ སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཀྱི་ཐེག་པ་ལ་དགོད་པར་འདོད་པ་དང་། བདག་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱིས་དགོངས་པར་འདོད་པ་དང་། རྟག་ཏུ་མཁན་པོ་ དང་། སློབ་དཔོན་དང་། དགེ་འདུན་ཐམས་ཅད་ཀྱི་ཡིད་དུ་འོང་པས་ཐུགས་ཀྱིས་འཛིན་པར་ འདོད་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ལྷན་ཅིག་ཏུ་འགྲོགས་པར་འདོད་ པས། འཕགས་པ་གནས་བརྟན་ཆེན་པོ་དུས་ལྡན་གྱིས་ཐོག་དྲངས་ཏེ། གསོལ་བ་གདབ་ 4-1-292 པར་གསུངས་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་ རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་ སུམ་དུ་མཐོང་པ་དང་། རེག་པར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་ བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་བྱིན་གྱི་ བརླབས་ཀྱི་མཐུས། ཕན་ཡོན་ནི་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ཅད་བདག་སོགས་ སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། སིང་ག་ལའི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་འཁོར་དགྲ་བཅོམ་པ་ སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །སིང་གར་ གནས་བརྟན་རྡོ་རྗེ་མོ་ཡི་བུ། །གཏད་པས་ཞི་ཞིང་འདུན་འགྱུར་སྡིག ས་མཛུབ་མཛད། །མཐོང་ རེག་དྲི་ཡི་དོན་གྲུབ་རྔ་ཡབ་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྡོ་རྗེ་མོ་ཡི་བུ། །ཟག་ཟད་དགྲ་བཅོམ་སྟོང་ཕྲག་གཅིག་གིས་ བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་འཕྲིན་ལས་སོགས། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུ་ཕྱག་གཡས་ཀྱི་སྡིགས་ མཛུབ་ཀྱིས་གདུལ་བྱ་གང་ལ་གཏད་པ་དེ་ལ། བདག་མཐོང་པ་དང་རེག་པ་དང་། ཐོས་པ་ དང་། དྲི་ཚོར་བ་དང། ཡིད་ལ་བྱེད་པ་དང་། བསྙེན་བཀུར་བ་དང་། རིམ་གྲོ་བྱེད་པ་དང་ ། མ་དད་པས་ཕྱིར་རྒོལ་བ་ལ་སོགས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ངེས་ པར་བྱེད་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། དྲི་ཟའི་ཡུལ་དུ་བསོད་སྙོམས་ ལ་བྱོན་པའི་ཚེ། དྲི་ཟ་ཕོ་མོ་དང་བུ་དང་བུ་མོ་ལ་སོགས་པ་དུ་མ་ཐར་པ་ལ་བཀོད་པས་སྨན་ དྲི་ཞིམ་པོ་དུ་མས་བསྒོས་པའི་རྔ་ཡབ་མང་པོས་མཆོད་ཅིང་ཕུལ་ཏེ། འཕགས་པས་བྱིན་གྱིས་ 4-1-293 བརླབས་ཏེ། གདལ་བྱ་གང་གིས་མཐོང་པ་དང་། རེག་པ་དང་དྲི་ཚོར་བས་ཡེ་ཤེས་ཐམས་ ཅད་དང་ལྡན་པ་དང་། དབང་ཕྱུག་ཐམས་ཅད་ཀྱིས་ཕྱུག་པ་དང་། ལུས་མཚན་བཟང་པོ་དང་ དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པ་བརྒྱན་པ་ཐོབ་པ་དང་། ལུས་ལ་འོད་དང་འོད་ཟེར་ མཐའ་ཡས་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱིས་བརྒྱན་པའི་འོད་ཀྱིས་གང་ལ་རེག་པ་ཐམས་ ཅད་བླ་ན་མེད་པའི་བྱང་ཆུབ་ངེས་པར་འཐོབ་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་ གསུང་ཞིང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རྟེན་དང་། དཔུང་གཉེན་དང་། སྐྱབས་ བྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་རྟག་ཏུ་སངས་རྒྱས་དང་འགྲོགས་པ་ཐོབ་པར་ འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་སྡིག་པ་སྤོང་བ་དང་། ཆོས་དགེ་བ་བཅུ་ སྤྱོད་པ་དང་། ལྷ་དང་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་བསམ་པ་དང་ ། སྨོན་པ་འཕེལ་བར་འདོད་པ་དང་། དགྲ་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཞི་བར་འདོད་ པས། འཕགས་པ་གནས་བརྟན་ཆེན་པོ་རྡོ་རྗེ་མོའི་བུས་ཐོགས་དྲངས་ཏེ། གསོལ་བ་གདབ་ པར་གསུངས་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་ རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་དང་ཕྱག་ རྒྱ་མངོན་སུམ་དུ་མཐོང་པ་དང་། རེག་པ་དང་། དྲི་ཚོར་བར་མི་དབང་མོད་ཀྱི། མོས་པ་ཡིད་ ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་ སྨོན་ལམ་དང་། བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་ བསྩལ་བར་ཅི་གནང་། ཆུ་བོ་ཡ་མུན་ནའི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་བཟང་པོ་འཁོར་དགྲ་བཅོམ་པ་ སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཡ་ 4-1-294 མུན་ན་གླིང་གནས་བརྟན་བཟང་པོ་ནི། །ཆོས་འཆད་ཕྱག་རྒྱས་ཆོས་ཀུན་དོན་རྟོགས་ཤིང་། །ཏིང་ འཛིན་འབྲས་བཅས་འགྲུབ་པའི་མཉམ་བཞག་མཛད། །དགྲ་བཅོམ་སྟོང་ཉིས་བརྒྱར་བཅས་ ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་བཟང་པོ་ནི། །ཟག་ཟད་དགྲ་བཅོམ་སྟོང་ དང་ཉིས་བརྒྱས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས་དང་། །མཆོད་འབུལ་ སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་བཟང་པོ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་བཟང་པོའི་ཕྱག་གཡས་ཆོས་འཆད་ཀྱི་ ཕྱག་རྒྱའི་ཡོན་ཏན་ནི། གདུལ་བྱ་གང་གིས་མཐོང་པ་དང་། རེག་པ་དེས། ཐེག་པ་ཆེ་ཆུང་ ཐམས་ཅད་ཀྱི་ཚིག་དང་དོན་མ་ལུས་པར་རྒྱུད་ལ་སྐྱེས་ཏེ་རྟོགས་པ་དང་། སེམས་ཅན་ཐམས་ ཅད་ཀྱི་དོན་ཅི་བསམ་པ་འགྲུབ་པར་འགྱུར་བ་དང་། ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ སྟོང་པ་ཉིད་ཟབ་མོའི་དོན་ཁོང་དུ་ཆུད་པར་འགྱུར་བ་དང་། གཡོན་མཉམ་བཞག་གི་ཡོན་ཏན་ ནི་ཏིང་ངེ་འཛིན་དུ་མ་ལ་གདུལ་བྱ་མང་པོ་འཁོད་ཅིང་། མངོན་ཤེས་དང་རྫུ་འཕྲུལ་དུ་མ་དང་ ལྡན་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ལམ་ལོག་པ་ཐམས་ཅད་ལས་ བཟློག་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བར་འགྱུར་བ་དང་ ། ཉོན་མོངས་པའི་དགྲ་ཆོམས་པ་དང་། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཆོས་དང་མཐུན་པར་ ཚར་གཅོད་ཅིང་གདུལ་བྱར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་ ཤིང་། དེ་བཞིན་དུ་འདོད་པ་ཆུང་པ་དང་། ཆོག་ཤེས་པ་དང་། ཚུལ་བཟང་ཞིང་གཉེན་པའི་ འཁོར་ཐོབ་པར་འདོད་པ་དང་། བདག་དང་གཞན་གྱི་ཤེས་རབ་འཕེལ་བར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་སྤྱི་དང་བྱེ་བྲག་ལ་མ་རྨོངས་པར་ཤེས་པ་དང་། མཉམ་པར་བཞག་པ་ལ་ སྒྲིབ་པ་མེད་པ་དང་། མཁན་པོ་དང་སློབ་དཔོན་དང་། རྒྱུན་དུ་ཞུགས་པ་དང་། ཕྱིར་འོང་པ་ 4-1-295 དང་། ཕྱིར་མི་འོང་པ་དང་། དགྲ་བཅོམ་པ་དང་། སློབ་པ་དང་། མི་སློབ་པ་དང་། སོ་སོའི་སྐྱེ་ བོའི་དགེ་འདུན་ཐམས་ཅད་ལ་གུས་པ་ཐོབ་པར་འདོད་པ་དང་། ལྷ་དང་བཅས་པའི་མཆོད་ པའི་གནས་སུ་བདག་འགྱུར་བར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་བཟང་པོས་ ཐོག་དྲངས་ཏེ། གསོལ་བ་གདབ་པར་གསུངས་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་ བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་ པས། ཁྱེད་ཀྱི་ཕྱག་རྒྱ་མངོན་སུམ་དུ་མཐོང་པ་དང་རེག་པར་མི་དབང་མོད་ཀྱིས། མོས་པ་ཡིད་ ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་ སྨོན་ལམ་དང་བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་འཐོབ་པར་བྱིན་གྱིས་བརླབས་ཏེ་ བསྩལ་བར་ཅི་གནང་། ཁ་ཆེའི་ཡུལ་ན་འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་ བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཁ་ཆེའི་ཡུལ་ ན་གནས་བརྟན་གསེར་བེའུ། །མཐོང་ཐོས་རེག་པས་གཟུངས་དང་སྤོབས་པ་སོགས། །ཡོན་ ཏན་ཀུན་སྩོལ་གསེར་གྱི་ཞགས་པ་བསྣམས། །དགྲ་བཅོམ་ལྔ་བརྒྱའི་ཚོགས་དང་བཅས་ལ་ འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་གསེར་བེའུ། །ཟག་ཟད་དགྲ་བཅོམ་ལྔ་བརྒྱས་ ཚོགས་ཀྱིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་སོགས། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་གསེར་བེའུས་ཀླུའི་ཡུལ་དུ་བསོད་སྙོམས་ ལ་བྱོན་ཏེ། ཀླུ་དཔག་ཏུ་མེད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དུ་བཅུག་པས། ཀླུ་རྣམས་ ཀྱིས་རིན་པོ་ཆེའི་ཞགས་པ་ཅི་དགོས་པ་འབྱུང་པ་ཕུལ་ཏེ། འཕགས་པས་བྱིན་གྱིས་བརླབས་ 4-1-296 པས་གདུལ་བྱ་གང་ལ་རེག་པ་དང་། མཐོང་པ་ཐམས་ཅད་ཀྱིས་དྲན་པ་མི་རྗེད་པ་ཐོབ་པ་དང་ ། དེ་བཞིན་དུ་བདག་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུངས་ པའི་ཆོས་ཐམས་ཅད་ཐོས་པ་དང་། གཟུགས་ཀྱི་སྒོ་མང་པོ་འཐོབ་པ་དང་། སྤོབས་པ་རྒྱ་ཆེན་ པོ་འཐོབ་པ་དང་། ཤེས་རབ་ཆེན་པོ་འཐོབ་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་ གསུང་ཤིང་། དེ་བཞིན་དུ་བདག་ཉིད་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་མི་འབྲལ་ བ་དང་། འཁོར་རྣམ་པ་བཞི་བདག་ལ་གུས་པས་ཉན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ དང་། འབྱུང་པོ་དང་། ས་སླ་བའི་གནོད་སྦྱིན་ལ་སོགས་པ་ཐམས་ཅད་བདག་ལ་གུས་པས་ བཀའ་བཞིན་དུ་རྗེས་སུ་བསྒྲུབ་པར་འདོད་པ་དང་། རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། རྒྱལ་ པོའི་སྲས་ཕོ་དང་། བཙུན་མོ་དང་། འབངས་དང་། ཁྱེའུ་དང་། བུ་མོ་དང་། སྐྱེས་པ་དང་། བུད་ མེད་དང་། བྲམ་ཟེའི་རིགས་སྔགས་འཆང་དང་། དྲང་སྲོང་སྨོན་ལམ་གྲུབ་པ་ལ་སོགས་པ་ ཐམས་ཅད་བདག་ལ་གུས་པས་འགྲོགས་པ་དང་། གཏམ་བྱ་བ་དང་། བཀའ་བཞིན་རྗེས་ སུ་བསྒྲུབ་པར་འདོད་པ་དང་། ཚེ་རིང་པ་དང་། ནད་མེད་པ་དང་། ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། འབྱུང་པོ་དཀར་པོ་ལ་དགའ་བ་གཟི་བརྗིད་ཆེ་བ་རྣམས་ཀྱིས་བདག་གི་ལུས་ཀྱི་ གཟི་བརྗིད་བསྐྱེད་པ་དང་། སེམས་ཀྱི་མཐུ་བསྐྱེད་པར་འདོད་པ་དང་། གཞན་ཡང་གང་ཟག་ གི་རྒྱུད་འཇམ་པ་དང་། ཞི་བ་དང་། དད་པ་དང་། བརྩོན་འགྲུས་དང་ཤེས་རབ་རྒྱས་པར་ འདོད་པས། འཕགས་པ་གནས་བརྟན་ཆེན་པོ་གསེར་བེའུས་ཐོག་དྲངས་ཏེ་གསོལ་བ་གདབ་ པར་གསུངས་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་ རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་སུམ་ དུ་མཐོང་པ་དང་རེག་པར་མི་དབང་མོད་ཀྱིས། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་ དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་། བྱིན་བརླབས་ 4-1-297 ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ཅད། བདག་སོགས་སེམས་ཅན་ ཐམས་ཅད་ཀྱིས་འཕྲལ་དུ་འཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། ནུབ་ཀྱི་བ་ལང་སྤྱོད་ན་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་གསེར་ཅན་འཁོར་ དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་ འཚལ་ལོ། །ནུབ་གླིང་བ་ར་དྷྭ་ཛ་གསེར་ཅན་ནི། །གང་གིས་མདུན་བཅས་ངན་འགྲོ་ལས་ གྲོལ་ཞིང་། །དགའ་བདེ་ཡེ་ཤེས་རྒྱས་མཛད་མཉམ་བཞག་བཅས། །དགྲ་བཅོམ་བདུན་ བརྒྱའི་ཚོགས་དང་བཅས་ལ་འདུད། །འཕགས་ཆེན་བ་ར་དྷྭ་ཛ་གསེར་ཅན་ནི། །ཟག་ཟད་དགྲ་ བཅོམ་བདུན་བརྒྱས་ཚོགས་ཀྱིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས་དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་གསེར་ཅན་དགོངས་སུ་གསོལ། དེའང་ བྱམས་པ་ལུང་བསྟན་པའི་མདོར། ཇི་སྐད་དུ། གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་གསེར་ཅན་ གྱི་ཕྱག་གཉིས་མཉམ་པར་བཞག་པའི་ཡོན་ཏན་ནི། གདུལ་བྱ་གང་གི་མདུན་དུ་ཕྱག་རྒྱ་ དེ་བཅས་པའི་གདུལ་བྱ་དེ་ངན་འགྲོ་ལས་ཐར་ཏེ། རབ་ཏུ་དགའ་བ་དང་བདེ་བ་རྒྱས་པར་ འགྱུར་བ་དང་། རིག་པའི་ཡེ་ཤེས་རྒྱས་པར་འགྱུར་བ་དང་། ནམ་མཁའ་རྣམ་པར་དག་པ་ལྟར་ དཀར་པོའི་ཡོན་ཏན་རྒྱུད་ལ་རྒྱས་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་ གསུངས་ཤིང་། དེ་བཞིན་དུ་གྲགས་པ་སྙན་པ་ཐོབ་པར་འདོད་པ་དང་། བུད་མེད་སྐྱེ་བ་ཕྱི་ མ་ལ་སྐྱེས་པའི་ལུས་ཐོབ་པར་འདོད་པ་དང་། ཁྱེའུ་དང་བུ་མོ་ཡིད་དུ་འོང་པ་ཐོབ་པར་འདོད་ པ་དང་། གྲོགས་དང་གཉེན་བཤེས་ལ་སོགས་པ་ཡིད་དུ་འོང་པ་དང་འགྲོགས་པར་འདོད་པ་ དང་། བློན་པོ་དང་རྒྱལ་པོའི་བུ་དང་བཙུན་མོ་དམ་པ་ལ་སོགས་པ་དང་དགའ་བས་འགྲོགས་ པ་དང་། གཏམ་བྱ་བར་འདོད་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཞལ་མཐོང་པར་འདོད་པ་ 4-1-298 དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཐེག་པར་ཆེན་པོའི་ཆོས་ཀྱི་བགྲོ་བ་མཛད་པ་བལྟ་ བར་འདོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་རླབས་ པོ་ཆེ་མཛད་པ་བལྟ་བར་འདོད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྲས་ཀྱི་ཐུ་བོར་ བདག་སྐྱེ་བར་འདོད་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ཕན་ཡོན་ཐོབ་པར་འདོད་པ་དང་ ། གྲོགས་པོ་དམ་པ་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་ཤིང་མི་འབྲལ་བར་འདོད་ པས་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་གསེར་ཅན་གྱིས་ཐོགས་དྲངས་ཏེ། གསོལ་ བ་གདབ་པར་གསུངས་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་རྒྱ་མངོན་ སུམ་དུ་མཐོང་པར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་ བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་། བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ ཀྱིས་འཕྲལ་དུ་འཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། བྱང་གི་སྒྲ་མི་སྙན་ན་འཕགས་པ་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་ དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །སྒྲ་མི་ སྙན་ན་གནས་བརྟན་བ་ཀུ་ལ། །མཐོང་ཞིང་རེག་པས་དཔལ་འབྱོར་ཀུན་སྩོལ་ཞིང་། །ཕ་ རོལ་ཕྱིན་དྲུག་མྱུར་རྫོགས་ནེའུ་ལེ་བསྣམས། །དགྲ་བཅོམ་དགུ་བརྒྱའི་ཚོགས་དང་བཅས་ལ་ འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་བ་ཀུ་ལ། །ཟག་ཟད་དགྲ་བཅོམ་དགུ་བརྒྱས་ ཚོགས་ཀྱིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་བ་ཀུ་ལ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར། ཇི་སྐད་དུ། གནས་བརྟན་ཆེན་པོ་བ་ཀུ་ལའི་ནེའུ་ལེའི་ཡོན་ཏན་ནི། 4-1-299 གདུལ་བྱ་གང་གིས་རེག་པ་དང་། མཐོང་པ་ལ་སོགས་པ་ལ་འདོད་པའི་ཡོན་ཏན་ལྔ་ཕུན་ སུམ་ཚོགས་པ་འབྱུང་བར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་མྱུར་དུ་རྫོགས་པར་འགྱུར་ བ་དང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་དང་། བྱམས་པ་དང་སྙིང་ རྗེ་ཆེན་པོ་རྒྱས་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་ཤིང་ ། དེ་བཞིན་དུ་ངན་སོང་གསུམ་དང་མི་ཁོམ་པའི་གནས་བརྒྱད་ལས་ཐར་བར་འདོད་པ་དང་ ། སེམས་ཅན་བཀྲེས་པ་དང་སྐོམ་པ་དང་གཅེར་བུ་དང་འོན་པ་དང་། ལོང་པ་དང་། དབང་ ཆུང་བ་དང་། ལྐུག་པ་དང་། དིག་པ་དང་། རྨོངས་པ་དང་། གླེན་པ་ལས་ཐར་བར་འདོད་པ་ དང་། ལྷ་དབུལ་པོ་དང་། མི་དབུལ་པོ་ལས་ཐར་བར་འདོད་པས། འཕགས་པ་གནས་བརྟན་ ཆེན་པོ་བ་ཀུ་ལས་ཐོག་དྲངས་ཏེ། གསོལ་བ་གདབ་པར་གསུངས་པ་ལྟར་གསོལ་བ་བཏབ་ ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་ དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་སུམ་དུ་མཐོང་པ་དང་རེག་པར་མི་དབང་ མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ ཐུགས་རྗེ་དང་སྨོན་ལམ་དང་། བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་ དག་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་འཐོབ་པར་བྱིན་གྱིས་ བརླབས་ཏེ་བསྩལ་བར་ཅི་གནང་། པྲི་ཡང་ཀུའི་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་སྒྲ་ཅན་ཟིན་འཁོར་དགྲ་བཅོམ་པ་ སྟོང་ཅིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །པྲི་ ཡང་ཀུ་ན་གནས་བརྟན་སྒྲ་ཅན་ཟིན། །རེག་ཅིང་མཐོང་ན་ཉེས་པ་ཀུན་སེལ་ཞིང་། །ཆོས་ཀྱི་ ཚིག་དོན་རྟོགས་གྱུར་པྲོག་ཞུ་བསྣམས། །དགྲ་བཅོམ་སྟོང་དང་ཅིག་བརྒྱར་བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་སྒྲ་ཅན་ཟིན། །ཟག་ཟད་དགྲ་བཅོམ་སྟོང་དང་ཅིག་ 4-1-300 བརྒྱས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས་དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་སྒྲ་ཅན་ཟིན་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར། ཇི་སྐད་དུ། གནས་བརྟན་ཆེན་པོ་སྒྲ་ཅན་ཟིན་གྱིས། གདུལ་བྱའི་དབང་ གིས་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་བསོད་སྙོམས་ལ་བྱོན་པའི་ཚེ། ལྷའི་བུ་དང་བུ་མོ་མང་ པོ་དད་ནས། འཕགས་པའི་རྣམ་ཐར་ལ་བཀོད་པས། ལྷའི་བུ་དང་བུ་མོ་མང་པོ་དག་གིས་རང་ རང་གི་དབུ་བརྒྱན་དང་ཟེ་པྲོག་ཕུད་དེ་ཕུལ་བས་འཕགས་པས་དེ་བྱིན་གྱིས་བརླབས་ནས་ པྲོག་ཞུ་གདུལ་བྱ་གང་གི་མགོ་ལ་བཞག་པ་དང་། གང་གིས་མཐོང་པ་དེའི་དགྲ་ཆོམས་པ་དང་ ། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཀྱི་ཚིག་དང་དོན་རྟོགས་པ་དང་། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརློབ་པ་ལ་སོགས་པའི་ཡོན་ ཏན་དུ་མ་དང་ལྡན་པའི་པྲོག་ཞུ་ཕྱག་ན་ཡོད་པར་གསུངས་ཤིང་། དེ་བཞིན་དུ་སངས་རྒྱས་ ཐམས་ཅད་སྐལ་པ་བསམ་གྱིས་མི་ཁྱབ་པར་འཇིག་རྟེན་དུ་བཞུགས་ཏེ་ཆོས་སྟོན་པར་འདོད་ པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དུག་གསུམ་ལ་སོགས་པ་ཐམས་ཅད་ཞི་ བར་འདོད་པ་དང་། མི་ཁོམ་པའི་གནས་ལ་སོགས་པ་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་ སྒྲ་གྲགས་པས་དེ་དག་གི་སྡུག་བསྔལ་ཞི་བར་འདོད་པ་དང་། བྱང་ཆུབ་སེམས་དཔའི་དགེ་ སློང་གི་དགེ་འདུན་གྱི་འཁོར་འདུ་བར་འདོད་པ་དང་། རང་དང་གཞན་ཐམས་ཅད་ཀྱིས་ཐེག་ པ་ཆེན་པོའི་ཆོས་ལ་ཐེ་ཚོམ་དང་སོམ་ཉི་དང་ཡིད་གཉིས་མེད་པར་སེམས་རྩེ་གཅིག་ཏུ་མོས་ ཤིང་སྤྱོད་པར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་སྒྲ་ཅན་ཟིན་གྱིས་ཐོག་དྲངས་ ཏེ། གསོལ་བ་གདབ་པར་གསུངས་པ་ལྟར་གསོལ་བ་བཏང་ཅིང་། བདག་ཅག་བྱིས་པ་ཚུ་ རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ ཀྱི་ཕྱག་མཚན་མངོན་སུམ་དུ་མཐོང་པར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ 4-1-301 ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་། བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་ དང་། བྱིན་གྱིས་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་འཐོབ་པར་བྱིན་གྱིས་བརླབས་ཏེ་ བསྩལ་བར་ཅི་གནང་། བྱ་རྒོད་ཕུང་པོའི་རི་བོ་ལ་འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་ བཅོམ་པ་སྟོང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ ལོ། །བྱ་རྒོད་ཕུང་པོར་གནས་བརྟན་ལམ་ཕྲན་བརྟན། །མཉམ་བཞག་ཕྱག་རྒྱས་ཕྱོགས་དེའི་ སེམས་ཅན་ཀུན། །ཉོན་མོངས་སྡུག་བསྔལ་མེ་དཔུང་ཞི་བར་མཛད། །དགྲ་བཅོམ་སྟོང་དང་ དྲུག་བརྒྱར་བཅས་ལ་འདུད། ། འཕགས་ཆེན་གནས་བརྟན་རྒྱལ་པོ་ལམ་ཕྲན་བརྟན། །ཟག་ ཟད་དགྲ་བཅོམ་སྟོང་དང་དྲུག་་བརྒྱས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས་ དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་དགོངས་སུ་གསོལ། དེའང་བྱམས་པ་ ལུང་བསྟན་པའི་མདོར། ཇི་སྐད་དུ། འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་གྱིས་ ཕྱག་གཉིས་མཉམ་པར་བཞག་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ། གང་དུ་མཉམ་པར་བཞག་ པའི་ས་ཕྱོགས་དེར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ཀྱི་མེ་དང་། ཞེ་སྡང་གི་མེ་དང་ ། གཏི་མུག་གི་མེ་དང་། ཀུན་ནས་མནར་སེམས་པའི་མེ་དང་། མི་ཤེས་པའི་མེ་དང་། སྡུག་ བསྔལ་གྱིས་གདུངས་པའི་མེ་དང་། སེམས་འཁྲུགས་པའི་མེ་དང་། ལོག་པར་ལྟ་བའི་མེ་དང་། ངན་པར་སོམ་པའི་མེ་ཞི་བ་དང་། དབང་པོ་དུལ་བ་དང་། རྐྱེན་ངན་པའི་གདོན་ཉེ་བར་ཞི་བ་ ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་ཤིང་། དེ་བཞིན་དུ་ཏིང་ངེ་འཛིན་དཔའ་ བར་འགྲོ་བ་ལ་སོགས་པ་བརྒྱ་སྟོང་ཕྲག་དུ་མ་ལ་མཉམ་པར་བཞག་པར་འདོད་པ་དང་། དེ་ 4-1-302 བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་འདོད་པ་དང་། མངོན་པར་ཤེས་པ་ལྔ་དང་། སྤྱན་ ལྔ་དང་། སོ་སོར་ཡང་དག་པར་རིག་པ་དང་། མི་འཇིགས་པ་ཐོབ་པར་འདོད་པ་དང་། སྐྱེ་ བའི་སྡུག་བསྔལ་གྱིས་ཉམ་ང་བ་དང་། སྲིད་པའི་སྡུག་བསྔལ་གྱིས་ཉམ་ང་བ་དང་། སྒོ་གསུམ་ སྡིག་པ་སྤྱོད་པས་ཉམ་ང་བ་དང་། དྲུག་རྩ་བའི་ཉོན་མོངས་པ་དང་། ཉི་ཤུ་ཉེ་བའི་ཉོན་མོངས་ པས་ཉམ་ང་བ་དང་། བྱིས་པ་བླུན་པའི་སྤྱོད་པས་མི་ཤེས་པས་ཉམ་ང་བ་དང་། སྡིག་པའི་ གྲོགས་པོའི་དབང་དུ་སོང་པས་ཉམ་ང་བ་དང་། ངལ་བ་དོན་མེད་པའི་སྤྱོད་པས་དུས་འདའ་ བས་ཉམ་ང་བ་དང་། དུས་ངན་འཇིགས་ཤིང་བསོད་ནམས་ལོག་པར་བསྔོས་པའི་ཉམ་ང་བ་ སྟེ། ཉམ་ང་བ་བརྒྱད་དང་བྲལ་བར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་ལམ་ཕྲན་ བརྟན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་གསུངས་པ་ལྟར། གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་ པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་སུམ་དུ་མཐོང་པར་མི་དབང་མོད་ཀྱིས། མོས་པ་ ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་ རྗེ་དང་སྨོན་ལམ་དང་། བྱིན་གྱིས་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་ དག་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་ཅིང་བྱིན་གྱིས་ བརླབ་ཅིང་བསྩལ་བར་ཅི་གནང་། ཤར་གྱི་ལུས་འཕགས་གླིང་ན་འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ ལེན་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ ཕྱག་འཚལ་ལོ། །ཤར་གླིང་བ་ར་དྷྭ་ཛ་བསོད་སྙོམས་ལེན། །མཐོང་རེག་སྡུག་བསྔལ་ཞི་ མཛད་གཡས་གླེགས་བམ། །ཕྱག་གཡོན་ལྷུང་བཟེད་དང་བཅས་མཉམ་བཞག་ཅན། །དགྲ་ བཅོམ་སྟོང་གི་ཚོགས་དང་བཅས་ལ་འདུད། །འཕགས་ཆེན་ར་དྷྭ་ཛ་བསོད་སྙོམས་ལེན། 4-1-303 །ཟག་ཟད་དགྲ་བཅོམ་སྟོང་གི་ཚོགས་ཀྱིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་ སོགས་དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་དགོངས་སུ་གསོལ། དེའང་བྱམས་པ་ལུང་བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་ སྙོམས་ལེན་ནི། སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་མི་ཁོམ་པའི་གནས་དང་། ངན་ འགྲོ་ལོག་པར་ལྟུང་པའི་གང་ཟག་ཐམས་ཅད་ལ་སྡེ་སྣོད་ཀྱི་གླེགས་བམ་བསྟན་པ་དང་རེག་ པ་དང་མཐོང་པས་དེ་དག་གི་སྡུག་བསྔལ་ཞི་སྟེ། འོན་པ་དང་། ལོང་པ་དང་། ལྐུགས་པ་དང་ ། དྲན་པ་ཉམས་པ་དང་། འཁྲུལ་པའི་སྡུག་བསྔལ་ཐམས་ཅད་ཞི་ཞིང་རང་རང་གི་འདོད་པའི་ དོན་དབང་པོ་ཚང་པ་དང་། དད་པ་དང་ཤེས་རབ་དང་། ངོ་ཚ་ཁྲེལ་ཡོད་དང་ལྡན་པར་བྱེད་ པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། མཉམ་བཞག་ནི་མྱུར་བ་དང་། ཡངས་པ་དང་། ཟབ་པ་དང་། ཕྲ་བ་དང་། གསལ་བའི་ཤེས་རབ་ལ་སོགས་ཡོན་ཏན་དང་ལྡན་པ་དང་། ལྷུང་ བཟེད་ནི་བུམ་པ་བཟང་པོའི་ཡོན་ཏན་ཏེ། ནོར་བུ་རིན་པོ་ཆེ་ལ་སོགས་པའི་འབྱུང་གནས་ ཡིན་པ་དང་། འཕགས་པའི་ནོར་བདུན་གྱི་འབྱུང་གནས་དང་། འདོད་ཡོན་ལྷ་མིའི་བདེ་བ་ ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུང་ ཤིང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཉེན་པ་དང་། སྡུག་བསྔལ་གྱིས་ཉེན་པ་དང་། རྒྱལ་པོའི་ཆད་པས་ཉེན་པ་དང་། ཆོམ་རྐུན་གྱིས་ཉེན་པ་དང་། སྡིགས་པ་དང་གསོད་པས་ཉེན་ པ་དང་། ལུས་སེམས་སྟོབས་དང་ཉམས་ཆུང་པས་ཉེན་པ་དང་། འཚོ་བ་དང་གནས་མེད་པས་ ཉེན་པ་དང་། ལྕེ་བབས་པས་འཇིགས་ཏེ་ཉེན་པ་དང་། ལྷའི་གདོན་ལ་སོགས་པའི་གདོན་ དྲག་པོས་མནར་ཏེ་ཉེན་པ་དང་། ཕོངས་པ་སྣ་ཚོགས་ཀྱིས་ཉེན་པ་དང་། ཉེན་པ་བཅུ་ལས་ ཐར་བར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་བ་ར་དྷྭ་ཛ་བསོད་སྙོམས་ལེན་གྱིས་ 4-1-304 ཐོག་དྲངས་ཏེ་གསོལ་བ་གདབ་པར་གསུང་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་ པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་དང་ཕྱག་རྒྱ་མངོན་སུམ་དུ་མཐོང་པར་མི་དབང་མོད་ཀྱི། མོས་པ་ཡིད་ ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་ སྨོན་ལམ་དང་། བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་ བསྩལ་བར་ཅི་གནང་། ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་འཁོར་ དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ ལོ། །སུམ་ཅུ་རྩ་གསུམ་གནས་བརྟན་ལམ་བསྟན་ནི། །སྤོབས་པ་རྒྱ་ཆེན་བསྐྱེད་མཛད་གླེགས་ བམ་བསྣམས། །བློ་གྲོས་སྣང་བ་འཕེལ་བའི་ཆོས་འཆད་མཛད། །དགྲ་བཅོམ་དགུ་བརྒྱའི་ ཚོགས་དང་བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་ལམ་བསྟན་ནི། །ཟག་ ཟད་དགྲ་བཅོམ་དགུ་བརྒྱའི་ཚོགས་ཀྱིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་ སོགས་དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་ལམ་བསྟན་གྱིས་གླེགས་བམ་དེ། སུས་ མཐོང་བ་དང་རེག་པ་དང་། འཆང་པའི་གང་ཟག་དེས་སྤོབས་པ་རྒྱ་ཆེན་པོ་འཐོབ་པ་དང་། ཤེས་རབ་རྒྱ་ཆེན་པོ་འཐོབ་པ་དང་། མ་རིག་པའི་མུན་པ་སྟུགས་པོ་འཇོམས་པ་དང་། ཆོས་ལ་ བརྟེན་པའི་ལས་ཀྱི་སྒྲིབ་པ་མ་ལུས་པར་འདག་པ་དང་། ཁོམ་པ་དང་། དལ་བ་འཐོབ་པ་དང་ ། ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པ་དང་། ཆོས་ 4-1-305 འཆད་ཀྱི་ཕྱག་རྒྱ་དེ་སུས་མཐོང་བ་དང་། རེག་པ་དང་། ཡིད་ལ་བྱེད་པ་དེ་དག་བློ་གྲོས་ཀྱི་ སྣང་བ་ཆེན་པོ་འཐོབ་པ་དང་། དཀོན་མཆོག་གསུམ་གྱི་སྒྲ་ཐོས་པ་དང་། ཡང་དག་པའི་ལྟ་བ་དང་ལྡན་པ་དང་། ལོག་པའི་ལྟ་བ་ཐམས་ཅད་ཟིལ་གྱིས་ནོན་པ་དང་། སངས་རྒྱས་མཐོང་པ་དང་མི་འབྲལ་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུངས་ ཤིང་། དེ་བཞིན་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་གཞོན་ནུ་ལ་རབ་ཏུ་འབྱུང་ པར་འདོད་པ་དང་། རབ་ཏུ་བྱུང་བའི་བར་ཆད་ཐམས་ཅད་དང་བྲལ་བར་འདོད་པ་དང་། ལྷ་ དང་མི་ཐམས་ཅད་ཀྱིས་རབ་ཏུ་འབྱུང་པའི་གྲོགས་བྱེད་པར་འདོད་པ་དང་། ངེས་པར་འབྱུང་ པའི་སེམས་རྟག་ཏུ་འཐོབ་པ་དང་། རབ་ཏུ་འབྱུང་པ་ལ་བརྩོན་པ་དང་། གུས་པར་འདོད་པ་ དང་། རྟག་ཏུ་ཚངས་པར་སྤྱོད་པ་སྡེ་སྣོད་བཟུང་པར་འདོད་པ་དང་། རྟག་ཏུ་ཚངས་པར་སྤྱོད་ པ་ལྷུར་ལེན་པ་གཙང་བའི་འཁོར་ཐོབ་པར་འདོད་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ མདོ་སྡེ་བཅུ་གཉིས་འཆད་པ་དང་། ཉན་པ་དང་། བྲི་བ་དང་། འཆང་བ་དང་། ཀུན་ཆུབ་པར་ བྱ་བར་འདོད་པ་དང་། མ་འདྲེས་པ་དང་། མ་གོད་པ་དང་། ས་སྦགས་པ་དང་། སྐྱོན་མེད་ པ་དང་། མ་རལ་བ་དང་། མཁས་པས་སྔགས་པའི་ཚུལ་ཁྲིམས་ལ་གནས་པར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་ལམ་བསྟན་གྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་ གསུང་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་ པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ཕྱག་རྒྱ་དང་ཕྱག་མཚན་མངོན་ སུམ་དུ་མཐོང་པར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་ བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་། བྱིན་གྱིས་བརླབས་ཀྱི་ མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ཅད། བདག་སོགས་སེམས་ཅན་ ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། 4-1-306 རིའི་རྒྱལ་པོ་ངོས་ཡངས་ལ་འཕགས་པ་གནས་བརྟན་ཆེན་པོ་ཀླུའི་སྡེ་འཁོར་དགྲ་བཅོམ་ པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ངོས་ཡངས་ལ་བཞུགས་གནས་བརྟན་ཀླུ་ཡི་སྡེ། ། དགོས་འདོད་འབྱུང་པའི་བུམ་པ་བཟང་པོ་དང་། །སྒྲ་ཐོས་སྡུག་བསྔལ་ཀུན་སེལ་མཁར་སིལ་ བསྣམས། །དགྲ་བཅོམ་སྟོང་དང་ཉིས་བརྒྱར་བཅས་ལ་འདུད། ། འཕགས་ཆེན་གནས་བརྟན་ རྒྱལ་པོ་ཀླུའི་སྡེ། །ཟག་ཟད་དགྲ་བཅོམ་སྟོང་དང་ཉིས་བརྒྱའི་བསྐོར། །ཉན་ཐོས་ཚུལ་འཛིན་ རྒྱལ་སྲས་ཞེས་སོགས་དང་། མཆོད་འབུལ་སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་ཀླུའི་སྡེ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་ཀླུའི་སྡེའི་བུམ་པ་དེ། རྒྱལ་པོ་ཆེན་པོ་ བཞིའི་སྲས་རྣམས་ཀྱིས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བསླབ་པ་ཞུས་ཏེ། རིན་པོ་ཆེའི་བུམ་པ་མང་པོ་ཕུལ་བས། དེ་སེམས་ཅན་གྱི་དོན་བུམ་པ་བཟང་པོར་བསྒྲུབས་པ་ དང་། ལྷའི་བདུད་རྩིའི་ཆུས་ལས་ཀྱི་སྒྲིབ་པ་ཐམས་ཅད་འཁྲུལ་བ་ལ་སོགས་པའི་ཡོན་ཏན་དུ་ མ་དང་ལྡན་པ་དང་། མཁར་སིལ་གྱི་སྒྲ་བསྒྲགས་པས་གང་གིས་ཐོས་པའི་ནད་ཀྱི་རིགས་ སུ་གཏོགས་པ་མ་ལུས་པར་ཞི་བ་དང་། སྡུག་བསྔལ་གྱི་རིགས་ཐམས་ཅད་ལས་གྲོལ་བ་དང་། ཉོན་མོངས་པའི་ཟུག་ངུ་ཐམས་ཅད་ཞི་བ་དང་། དཀོན་མཆོག་གསུམ་ལ་དད་པ་ཐོབ་པར་འགྱུར་ བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་གསུང་ཤིང་། དེ་བཞིན་དུ། སྡོམ་པ་གསུམ་ ཡོངས་སུ་དག་པར་འདོད་པ་དང་། ཐེག་པ་ཆེན་པོའི་སེམས་ཡོངས་སུ་འབྱོངས་པར་འདོད་པ་ དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་རོལ་པར་ངོམས་པ་མེད་པ་དང་། ཕ་རོལ་ཏུ་ ཕྱིན་པ་དྲུག་མྱུར་དུ་རྫོགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ཆོས་ ཀྱི་སྣོད་དུ་འགྱུར་བར་འདོད་པ་དང་། ཐོས་པའི་དོན་ལ་སེམས་པ་ལས་སུ་རུང་པར་འདོད་པ་ 4-1-307 དང་། བྱང་ཆུས་སེམས་དཔའི་རབ་ཏུ་བྱུང་པའི་དགེ་སློང་པ་ཞིག་དང་འགྲོགས་པར་འདོད་པ་ དང་། སྐྱེ་བ་ཐམས་ཅད་དུ་མངལ་གྱི་དྲི་མས་མ་གོས་པར་མེ་ཏོག་པད་མ་ལས་རྫུས་ཏེ་སྐྱེ་བར་ འདོད་པ་དང་། སངས་རྒྱས་ཀྱི་ཞིང་དག་པར་སྐྱེ་བར་འདོད་པས། འཕགས་པ་གནས་བརྟན་ ཆེན་པོ་ཀླུའི་སྡེས་ཐོག་དྲངས་ཏེ་གསོལ་བ་གདབ་པར་གསུང་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་ པོ་ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་སུམ་དུ་མཐོང་པ་དང་རེག་པ་དང་སྒྲ་ཐོས་པར་མི་ དབང་མོད་ཀྱིས། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་ པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་སྨོན་ལམ་དང་། བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་ བཀའ་བསྩལ་པ་དེ་དག་ཐམས་ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ འཐོབ་པར་བྱིན་གྱིས་བརླབས་ཏེ་བསྩལ་བར་ཅི་གནང་། རིའི་རྒྱལ་པོ་བི་ཧུ་ལ་ན་འཕགས་པ་གནས་བརྟན་ཆེན་པོ་སྦེད་བྱེད་འཁོར་དགྲ་བཅོམ་པ་ སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །བི་ ཧུ་ལ་ན་གནས་བརྟན་སྦེད་བྱེད་ནི། །མཐོང་རེག་འཆང་ན་གནས་ལྔ་ལ་མཁས་ཤིང་། །ཉོན་ མོངས་ཐམས་ཅད་ཞི་འགྱུར་གླེགས་བམ་བསྣམས། །དགྲ་བཅོམ་སྟོང་དང་བཞི་བརྒྱར་བཅས་ ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་སྦེད་བྱེད་ནི། །ཟག་ཟད་དགྲ་བཅོམ་སྟོང་ དང་བཞི་བརྒྱའི་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཕྲིན་ལས་སོགས། །མཆོད་འབུལ་ སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་སྦེད་བྱེད་དགོངས་སུ་གསོལ། དེའང་བྱམས་ པ་ལུང་བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་སྦེད་བྱེད་ཀྱི་གླེགས་བམ་དེ་སུས་ མཐོང་པ་དང་རེག་པ་དང་འཆང་པ་དེ་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་བ་དང་། 4-1-308 ཁྱད་པར་དུ་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་བ་དང་། ཆོས་ཀྱི་རྒྱལ་པོར་ དབང་ཐོབ་པར་འགྱུར་བ་དང་། ཡང་དག་པའི་ཤེས་རབ་རྒྱས་པར་འགྱུར་བ་དང་། སངས་ རྒྱས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་ལྡན་པར་གསུངས་ཤིང་། དེ་ བཞིན་དུ་སངས་རྒྱས་དང་མྱུར་དུ་མཇལ་བར་འདོད་པ་དང་། མཆོད་པས་མཉེས་པར་འདོད་ པ་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་པའི་མཚན་ཉིད་དུ་རྟོགས་པར་འདོད་ པ་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དང་། རང་བཞིན་མེད་པ་ཉིད་དང་། མཚན་ཉིད་མེད་པ་ཉིད་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ཉིད་དུ་རྟོགས་པར་འདོད་ པ་དང་། སེམས་ཅན་མྱ་ངན་དང་། མུ་གེ་དང་། མཚོན་གྱི་བསྐལ་པ་དང་། ནད་ཀྱི་བསྐལ་པ་ དང་། གཅན་ཟན་གཏུམ་པོ་དང་། ཕ་རོལ་གྱི་དམག་ཚོགས་དང་། སྦྲུལ་དང་། མེ་དང་། ཆུ་ དང་། རིམས་དང་། བཙན་དང་། ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་ལ་སོགས་པའི་ འཇིགས་པ་ཐམས་ཅད་ལས་ཐར་བར་འདོད་པས། འཕགས་པ་གནས་བརྟན་ཆེན་པོ་སྦེད་ བྱེད་ཀྱིས་ཐོག་དྲངས་ཏེ་གསོལ་བ་གདབ་པར་གསུང་པ་ལྟར་གསོལ་བ་བཏབ་ཅིང་། བདག་ ཅག་བྱིས་པ་ཚུ་རོལ་མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ ཉམས་པས། ཁྱེད་ཀྱི་ཕྱག་མཚན་མངོན་སུམ་དུ་མཐོང་པ་དང་རེག་པར་མི་དབང་མོད་ཀྱི། མོས་པ་ཡིད་ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ ཀྱི་ཐུགས་རྗེ་དང་བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་ བསྩལ་བར་ཅི་གནང་། གངས་ཅན་རིའི་རྒྱལ་པོ་ལ་འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་དགྲ་ བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། 4-1-309 །གངས་རིའི་རྒྱལ་པོ་གནས་བརྟན་མི་ཕྱེད་པ། །མཐོང་རེག་ཐོས་པས་འདོད་དོན་ཀུན་འགྲུབ་ ཅིང་། །སྡིག་ཞི་བདེ་ལེགས་འབྱུང་པའི་མཆོད་རྟེན་བསྣམས། །དགྲ་བཅོམ་སྟོང་གི་ཚོགས་དང་ བཅས་ལ་འདུད། །འཕགས་ཆེན་གནས་བརྟན་རྒྱལ་པོ་མི་ཕྱེད་པ། །ཟག་ཟད་དགྲ་བཅོམ་སྟོང་ གི་ཚོགས་ཀྱིས་བསྐོར། །ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཞེས་སོགས་དང་། །མཆོད་འབུལ་ སོགས་བྱ། འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པ་དགོངས་སུ་གསོལ། དེའང་བྱམས་པ་ལུང་ བསྟན་པའི་མདོར་ཇི་སྐད་དུ། གནས་བརྟན་ཆེན་པོ་མི་ཕྱེད་པས་རི་རབ་ཀྱི་བྱང་ཕྱོགས་གནོད་ སྦྱིན་གྱི་གནས་སུ་བྱོན་ཏེ། གནོད་སྦྱིན་ཕོ་མོ་དང་། བུ་དང་བུ་མོ་མང་པོ་ཐར་པ་ལ་བཀོད་དེ། དེ་དག་གི་གནོད་པ་དང་། གདུག་རྩུབ་ཞི་བར་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ ཆེན་པོའི་མཆོད་རྟེན་ཅིག་གནང་ཏེ། དེ་སུས་མཐོང་པ་དང་རེག་པ་དང་ཐོས་པ་དང་ཡིད་ལ་ བྱེད་པ་དེའི་དོན་ཐམས་ཅད་འགྲུབ་པ་དང་། བསླབ་པ་གསུམ་གྱིས་མཛེས་པར་འགྱུར་བ་ དང་། བཀྲ་ཤིས་པ་དང་། བདེ་བ་དང་ལེགས་པ་ཐམས་ཅད་འབྱུང་བ་དང་། མི་དགེ་བ་བཅུ་ སྤྱད་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་ གསུངས་ཤིང་། དེ་བཞིན་དུ་མཉམ་བཞག་བསྒོམས་པའི་ཞི་གནས་དང་ལྷག་མཐོང་འཕེལ་ བར་འདོད་པ་དང་། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ ཅད་རང་གི་རྒྱུད་ལ་སྐྱེ་བ་དང་། བསྟན་པ་དར་ཞིང་འཕེལ་བར་འདོད་པ་དང་། གཞན་ཡང་ དཀོན་མཆོག་གསུམ་དང་རྟག་ཏུ་མི་འབྲལ་བར་འདོད་པ་དང་། རང་གི་འཁོར་དུ་ཆོས་ཉན་ པ་དང་། འཆད་པ་དང་། དགེ་སློང་གི་དགེ་འདུན་ཆོས་བྱེད་པ་འཕེལ་བར་འདོད་པ་དང་། སེམས་ཅན་བལྟ་ན་སྡུག་པ་དང་། གཟུགས་བཟང་པ་དང་། གཅིག་ལ་གཅིག་ཡིད་དུ་འོང་པ་ དང་། བདེ་བ་དང་འབྱོར་པ་འཕེལ་བར་འདོད་པ་དང་། ཡུལ་ཕྱོགས་ཀྱི་ལྷ་འདྲེ་གདུག་པ་ཅན་ 4-1-310 ཞི་བ་ལ་སོགས་པར་འདོད་པས་འཕགས་པ་གནས་བརྟན་ཆེན་པོ་མི་ཕྱེད་པས་ཐོག་དྲངས་ ཏེ། གསོལ་བ་གདབ་པར་གསུང་པ་ལྟར་གསོལ་བ་བཏབ་ཅིང་། བདག་ཅག་བྱིས་པ་ཚུ་རོལ་ མཐོང་པ་ཀུན་ནས་རྨོངས་པའི་མ་རིག་པས། ཤེས་རབ་ཀྱི་དབང་པོ་ཉམས་པས། ཁྱེད་ཀྱི་ ཕྱག་མཚན་མངོན་སུམ་དུ་མཐོང་པ་དང་རེག་པ་དང་ཐོས་པར་མི་དབང་མོད་ཀྱི། མོས་པ་ཡིད་ ལ་བྱེད་པའི་སྒོ་ནས་ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་བསྒོམས་པ་དང་། ཁྱེད་ཀྱི་ཐུགས་རྗེ་དང་ སྨོན་ལམ་དང་། བྱིན་བརླབས་ཀྱི་མཐུས། ཕན་ཡོན་ཇི་སྐད་བཀའ་བསྩལ་པ་དེ་དག་ཐམས་ ཅད། བདག་སོགས་སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབས་ཏེ་ བསྩལ་བར་ཅི་གནང་། འཕགས་པའི་དགེ་བསྙེན་དྷརྨ་ཏ་ལ་འཁོར་དགེ་བསྙེན་གྱི་ཚོགས་དང་བཅས་པ་ལ་དུས་ ཐམས་ཅད་དུ་ཕྱག་འཚལ་ལོ། །རྒྱལ་བ་སྣང་བ་མཐའ་ཡས་མངོན་སུམ་གཟིགས། །དམ་ ཆོས་སྡེ་སྣོད་ཀུན་གྱི་མཛོད་འཛིན་ཅིང་། །ཆོས་ཀྱི་སྣང་བས་གདུལ་བྱ་སྨིན་མཛད་པ། །དྷརྨ་ཏ་ ལའི་ཞབས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་བསྙེན་དྷརྨ་ཏ་ལ་ནི། །འཕགས་པའི་དགེ་ བསྙེན་མང་པོའི་ཚོགས་ཀྱིས་བསྐོར། ། དགེ་བསྙེན་ཚུལ་འཛིན་རྒྱལ་སྲས་ཕྲིན་ལས་སྐྱོང་། །ཆོས་སྲུང་འགྲོ་དོན་མཛད་པས་ལེགས་སྐྱོབ་མཛོད། །མཆོད་འབུལ་སོགས་བྱ་ཞིང་། གསོལ་ བ་གདབ་པོ། དེ་ནས་རང་ཉིད་ཐུབ་པར་གསལ་བས། ༀ་མུ་ནེ་མ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཞེས་ པའི་སྙིང་པོ་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླས་སོ། ། དེ་ནས་གཏོར་མ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ཏེ། དྲུག་ཡོད་ན། དང་པོ་བླ་མ་དང་ སངས་རྒྱས་བྱང་སེམས་ལ་དབུལ། གཉིས་པ་དགྲ་བཅོམ་གནས་བརྟན་རྣམས་ལ། གསུམ་པ་ དྷརྨ་ཏ་ལ་དགེ་བསྙེན་གྱི་ཚོགས་དང་བཅས་པ་ལ། བཞི་པ་རྒྱལ་ཆེན་བཞི་ལ། ལྔ་པ་གཞི་བདག་ ལ། དྲུག་པ་རིགས་དྲུག་དང་ལན་ཆགས་ཀྱི་མགྲོན་རྣམས་ལ་བསྔོའོ། ། 4-1-311 གསུམ་ཡོད་ན། དང་པོ་ཐུབ་པ་དང་གནས་བརྟན་ལ། གཉིས་པ་དགེ་བསྙེན་དང་རྒྱལ་ ཆེན་བཞི་ལ། གསུམ་པ་གཞི་བདག་ལ་དབུལ་ལོ། ། དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པ་སྤྱི་ཕྱག་གི་སྐབས་བཞིན་བྱའོ། །གཏང་ རག་ནི། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གདུམ་བདེ་གཤེགས་སྲས་བཅས་ཐམས་ ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་པའི། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་ འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་ བཞུད་ཚེ། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུང་། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ ལོ། །གང་ཚེ་ཐུབ་མཆོག་ཞིང་པའི་གྲོང་བཞུད་ཚེ། །འཛམ་བུའི་གྲིབ་མས་བཞུགས་པ་མ་ བཏང་ཅིང་། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། །དེ་ཚེ་མཆོད་འོས་ཁྱོད་ལ་ཕྱལ་འཚལ་ ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་ འདྲ། །གྲགས་པ་འཇིག་རྟེན་བཀྲམ་ནས་ལྷང་ངེ་བ། །མགོན་པོ་མཆོག་ཁྱོད་ལ་ནི་སྐྱབས་སུ་ མཆི། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་ པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡན་ ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་ཡི་བུ་བཟང་པོ། །གསེར་བེའུ་བ་ ར་དྷྭ་ཛ་གསེར་ཅན་ཏེ། །འཕགས་པ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བ་ ཀུ་ལ་དང་སྒྲ་ཅན་ཟིན། །ལམ་ཕྲན་བ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བརྟན་ཀླུའི་སྡེ་སྦེད་ བྱེད་མི་ཕྱེད་པ། ། དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་ སློང་དགྲ་བཅོམ་ཡོན་ཏན་ཕྱུག །འཁྲུགས་པ་མེད་པའི་བློགྲོས་རྒྱ་མཚོ་འདྲ། །ཤེས་རབ་ཆེན་ པོའི་འོད་ནི་ཟླ་ཟེར་འཕྲོ། །དགྲ་བཅོམ་གནས་བརྟན་རྣམས་ལ་ཕྱག་འཚལ་ལོ། ། འཕགས་ 4-1-312 ཆེན་གནས་བརྟན་རྒྱལ་པོ་བཅུ་དྲུག་པོ། །རེ་རེ་ཞིང་ཡང་དགྲ་བཅོམ་མང་པོས་བསྐོར། །ཉན་ ཐོས་ཚུལ་འཛིན་རྒྱལ་སྲས་ཕྲིན་ལས་སྐྱོང་། །ཆོས་བསྲུང་འགྲོ་དོན་མཛད་པས་ལེགས་སྐྱོབ་ མཛོད། ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །ཞེས་པ་ནས། བདེ་བར་གཤེགས་པ་ ཐམས་ཅད་བདག་གིས་བསྟོད། །ཞེས་པའི་བར་གྱིས་ཕྱག་འཚལ་ནས། མེ་ཏོག་དམ་པ་ཞེས་ པ་ནས། ཕྱག་འཚལ་མཆོད་པར་བགྱིའི་བར་འདོན་ཞིང་མཆོད་པ་འབུལ། འདོད་ཆགས་ཞེ་ སྡང་གཏི་མུག་དབང་གིས་ན། །ཞེས་སོགས་ནས། བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ སོགས་ཡན་ལག་ལྷག་མ་རྣམས་ཀྱང་བྱའོ། །བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ལ་སོགས་པ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་གནས་བརྟན་ཆེན་པོ་ བཅུ་དྲུག་འཁོར་དང་བཅས་པའི་བྱིན་གྱིས་བརླབས་ཀྱིས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་ དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པ་དང་། ཞེས་སོགས་གོང་བཞིན་གསོལ་བ་ གདབ་པོ། ། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་ མཛད་ཅིང་། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་ གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གིས། །འཁོར་ ཚོགས་སྲིད་མཚོ་ལས་རྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་བརློབས། །སེམས་ཅན་ཀུན་གྱི་གསོས་གྱུར་ དགྲ་བཅོམ་པ། །རིག་དང་ཞབས་ལྡན་སྐྱེ་དགུའི་་སྦྱིན་གནས་ཆེ། །འཕགས་པའི་གང་ཟག་ ཆེན་པོ་བརྒྱད་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་བརློབས། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། གནས་བརྟན་ཆེན་པོ་བཅུ་དྲུག་གདན་འཛོམ་པའི་ 4-1-313 ཕོ་བྲང་གི་དཀྱིལ་འཁོར་འདིར། མཚན་ནས་བརྗོད་དེ་ཕྱག་འཚལ་བ་དང་། མཆོད་ཅིང་དེ་ དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཏབ་པ་དང་། དེ་དག་ གི་སྤྱན་མངར་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡིད་རང་པ་དང་། བསྐུལ་ཞིང་ གསོལ་བ་བཏབ་པ་ལ་སོགས་པའི་བསོད་ནམས་ཅི་མཆིས་པའི་སྟོབས་དང་། དེ་དག་གི་མཐུ་ དཔལ་དང་། བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས། སྦྱིན་པའི་བདག་པོའི་ཞལ་མངའ་ནས། ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་། སྒྲིབ་པ་ཅི་མངའ་བ་ཐམས་ ཅད་བྱང་བར་གྱུར་ཅིག སྐུ་ལ་སྨྱུན་མི་མངའ་ཞིང་སྐུ་ཚེ་རིང་བ་དང་། དབུ་རྨོག་བཙན་པ་དང་ ། ཆབ་སྲིད་འབྱམ་ཆེ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག མཐར་ཡང་ཚོགས་གཉིས་ཡོངས་སུ་རྫོགས་ནས་ གཡུང་དྲུང་གི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ ཅིག ཆོ་འོག་ཏུ་རྟོགས་པའི་འབངས་ཐམས་ཅད་ཀྱང་ཕྱི་ནང་གི་གནོད་པ་ཐམས་ཅད་རབ་ ཏུ་ཞི་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ ཅིག ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང་། ཕྱུགས་ནད་དང་། ལོ་ཉེས་དང་། དགྲའི་ གནོད་པ་དང་། བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་པ་དང་། ཆར་ཆུ་དུས་སུ་བབ་ཏེ་ལོ་ ཕྱུགས་འཕེལ་ཞིང་རྒྱས་པ་དང་། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ ཅིག སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་རྣམ་པར་དག་ པ་རྣམས་སུ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞལ་མཐོང་གདམ་ངག་ཐོབ་ ནས་ཚོགས་གཉིས་རྫོགས་ཏེ་སངས་རྒྱས་པར་གྱུར་ཅིག ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་ རིང་དུ་གནས་ཤིང་སྒོ་ཐམས་ཅད་ནས་དར་ཞིང་རྒྱས་པར་གྱུར་ཅིག བདེ་གཤེགས་རྣམས་ཀྱི་སྨོན་ལམ་གང་བཏབ་པ་དང་། །རྒྱལ་སྲས་ཚད་མ་རྣམས་ཀྱི་ 4-1-314 ཞལ་བཞེས་དང་། །ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་གང་བཅས་དེ། ། བདག་ཅག་རྣམས་ལ་ འགྲུབ་པར་མཛད་དོ་གསོལ། །བདག་ཅག་གང་དུ་གནས་པ་དེ་དག་ཏུ། །བཅོམ་ལྡན་འཁོར་ བཅས་མཆོད་པའི་བྱིན་བརླབས་ཀྱིས། །ནད་དང་འཐབ་རྩོད་དབུལ་འཕོངས་ཞི་བ་དང་ ། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་ པའི་མཐུས། །བདེ་བར་གཤེགས་པའི་ཞབས་དྲུང་དེར་སྐྱེས་ནས། །མཆོད་པ་རྒྱ་ཆེན་རྟག་ཏུ་ མཆོད་བྱེད་ཅིང་། །ཁྱེད་བཞིན་འགྲོ་བ་མ་ལུས་སྨིན་བྱེད་ཤོག ། དེ་ནས་བཟོད་པར་གསོལ་བ་ནི། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་དང་། གནས་ བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་གདན་འཛོམ་པའི་སྤྱན་མངར། སྦྱིན་པའི་བདག་ པོ་ལ་སོགས་པ་བདག་ཅག་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། བག་མ་མཆིས་པའི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་ པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་ངན་པ་དང་། གཙང་སྦྲས་མ་ཕྱེད་པ་དང། མདོ་ལས་ འབྱུང་པའི་ཆོ་ག་བཞིན་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་ པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་ བར་དགོངས་ཏེ་བཟོད་པ་བཞེས་ཤིང་འཕྲལ་དང་ཡུན་དུ་ཡང་བདག་ཅག་རྣམས་ལ་སྒྲིབ་ པར་མི་འགྱུར་བར། བྱིན་གྱིས་བརླབས་པར་ཅི་གནང་། ཞེས་དང་། གང་ཡང་བདག་བློ་གཏི་ མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པས། །དེ་ ཀུན་བཟོད་པར་མཛད་དུ་གསོལ། །དུས་ངན་སེམས་ཅན་བསོད་ནམས་དམན། །མ་རིག་ ཉོན་མོངས་དང་འདྲེས་པས། །འཕགས་པའི་ཐུགས་དགོངས་མ་རྫོགས་པ། །དེ་ཡང་བཟོད་ པར་མཛད་དུ་གསལོ ། །སེར་སྣའི་དབང་གྱུར་མི་མཁས་པས། །མཆོད་པ་ངན་ཞིང་བཤམ་ཉེས་ 4-1-315 པ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དེ་ཡང་བཟོད་པར་མཛད་དུ་གསོལ། །བག་མེད་སྤྱོད་ པ་མ་དག་པས། །མདོ་ལས་འབྱུང་པའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་པ་ཅི་མཆིས་པ། །དེ་ ཡང་བཟོད་པར་མཛད་དུ་གསོལ། ། དེ་ནས་བསྔོ་བ་སྨོན་ལམ། བཀྲ་ཤིས་རྣམས་བྱ་བ་ནི། བདག་གི་དགེ་བའི་རྩ་བ་འདི་ ཡིས་ནི། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་འགྱུར་ཞིང་། །སྡུག་བསྔལ་ཀུན་འབྱུང་ མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བསོད་ནམས་རྒྱ་མཚོ་ ཡོངས་སུ་རྫོགས་གྱུར་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ ལུས་ཀུན་རྫོགས་ནས། །འཇིག་རྟེན་ཀུན་ལས་ཁྱད་པར་འཕགས་པར་ཤོག །ཚོགས་གཉིས་ མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་བསྒྲུབ་ཅིང་ཡོན་ཏན་རྣམ་དབྱེར་མེད། །སྐལ་ པ་མཉམ་པའི་གདུལ་བྱ་སྨིན་མཛད་པའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །དུས་ གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་དུ་སྲིད་པ་ཇི་སྲིད་བར། །བསྟན་ པ་བསྲུང་ཞིང་འགྲོ་བའི་དོན་མཛད་པའི། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སོགས་བརྗོད། སངས་རྒྱས་སྐུ་གསུམ་མཉེས་ པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་བརླབས་དང་། །དགེ་འདུན་མི་ ཕྱེད་མཐུན་པའི་བྱིན་བརླབས་ཀྱིས། །བསྔོ་བ་སྨོན་ལམ་ཅི་བཏབ་འགྲུབ་གྱུར་ཅིག །ཅེས་ བདེན་པའི་སྟོབས་བརྗོད། རོལ་མོ་བྱ། དེ་ནས་རྟེན་བཞུགས་ན་བརྟན་བཞུགས་བྱ་ཞིང་། རྡུལ་ཚོན་གྱི་དཀྱིལ་འཁོར་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་ གཤེགས་གསོལ་བྱས་ནས། དཀྱིལ་འཁོར་བསྡུའོ། ། ཐུབ་པ་གནས་བརྟན་ཆེན་པོ་བཅུ་དྲུག་དང་བཅས་པའི་ཐུགས་དམ་བསྐུལ་ཞིང་། གསོལ་ བ་གདབ་པའི་རིམ་པ། བྱམས་པ་ལུང་བསྟན་པའི་མདོ་དང་། འཕགས་པ་དགའ་བའི་བཤེས་ 4-1-316 གཉེན་གྱི་རྟོགས་བརྗོད་ལས་འབྱུང་བ་ལྟར་མཆིས་སམ་ཐམས་ཅད་མཁྱེན་པས། ཕྱོགས་ གཅིག་ཏུ་བསྡུ་བ་མཛད་པ་དང་མཐུན་པར། ཐར་པ་དོན་གཉེར་གྱི་དགེ་བའི་བཤེས་གཉེན་ མང་པོས་བསྐུལ་ཞིང་། ཁྱད་པར་གནས་བརྟན་བཅུ་དྲུག་ལ་མི་ཕྱེད་པའི་དད་པ་ཐོབ་པ། གྲུམ་ བུ་ལུང་པའི་མཁན་པོ་དཀོན་མཆོག་གྲགས་ཀྱིས་ཡང་ཡང་གསོལ་བ་བཏབ་པའོ་ངོར། ཇོ་ གདན་བསོད་ནམས་བཟང་པོས་ལག་ལེན་ཁྲིགས་ཆགས་བཀླགས་པ་ཙམ་གྱིས་དོན་འགྲུབ་ པར་སྦྱར་བའོ། ། འདིས་བསྟན་པ་དང་། སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག རྒྱས་པ་ལ་ མོས་པས་ཆོ་ག་ངག་ཏུ་འདོན་རྒྱུ་ཐམས་ཅད་ཚང་པར་འདོན་རྒྱུ་ཡིན་ལ། འབྲིང་ལ་མོས་ན་སེར་ དང་ཚོས་ཀྱིས་ཕྱེ་བ་རྣམས་འདོན་ཅིང་། གནས་བརྟན་རེ་རེ་ལ་ཡང་ཕྱག་བདུན་བདུན་དང་ མཆོད་པ་སོགས་ཡན་ལག་བདུན་པོ་ཚང་པ་རེ་དང་། བསྟན་པ་དར་བར་གསོལ་བ་གདབ་པོ། །བསྡུས་པ་ལ་མོས་ན་སེར་གྱིས་ཆེ་བ་ཉིད་ཕྱོགས་གཅིག་ཏུ་བསྡུས་ནས། དང་པོའི་སྤྱི་ཕྱག་ དང་། བར་དུ་ཐུབ་པ་གནས་བརྟན་དང་བཅས་པ་རྣམས་ལ་ཕྱག་ཚན་པ་གཅིག་ཕྱོག་གཅིག་ ཏུ་འཚལ་ཞིང་། རྗེས་སུ་གཏང་རག་གི་ཕྱག་མཆོད་བྱའོ།། །།མཾགལཾབྷཝཏུ།། ཤུབྷཾ། ཞུས་དག་པར་ཡོད། མ་ཡིག པོ་ཏ་ལའི་དཔེ་རྙིང་ཞིག་ཡིན། 4-1-317 ༄༅། །བཅུ་གཅིག་ཞལ་གྱི་བླ་མ་བརྒྱུད་པར་བཅས་པའི་ རྣམ་པར་ཐར་པ་བཞུགས་སོ།། གང་ཐུགས་གཡོ་མེད་ཏིང་འཛིན་བརྟན་པ་ཡི། །ཁྱོད་གསུང་གཞོམ་མེད་སྒྲ་སྐད་ཐམས་ཅད་པས། ། བསྐལ་བརྒྱར་ཆོས་སྟོན་འཛད་པའི་རྣམ་འཕྲུལ་གྱིས། །རོལ་པའི་ཆོས་སྐུ་བརྟན་པར་བཞུགས་གྱུར་ཅིག ། ༄༅། །ན་མོ་ལོ་ཀི་ཤྭ་རཱ་ཡ། ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ ལ་བུ་གཅིག་ལྟ་བུར་བརྩེ། །ལྷུན་གྲུབ་རྒྱུན་མི་འཆད་པའི་ཕྲིན་ལས་ཅན། །མགོན་པོ་སྤྱན་ རས་གཟིགས་ལ་ཕྱག་འཚལ་ལོ། །བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་འདི་སློབ་དཔོན་གང་ གིས་མཛད་ན། དགེ་སློང་མ་དཔལ་མོས་འཕགས་པ་ལ་དངོས་སུ་གསན་ནས་དེ་ཡིས་བདེ་ བླག་ཏུ་མཛད་དོ། ། དེའང་དགེ་སློང་མ་དེ་ཡོན་ཏན་དཔག་ཏུ་མེད་པ་མངའ་བ་སྟེ། ཨིན་ཏྲ་བྷུ་ཏཱིས་ལུང་བསྟན་ འཕགས་པ་བསྒྲུབས། །ཤིང་འཕེལ་གནས་སུ་མཆོག་གི་དངོས་གྲུབ་བརྙེས། །ཁ་སར་པ་ ཎིར་ཆོ་འཕྲུལ་ཆེན་པོ་བསྟན། །དཔལ་ལྡན་དཔལ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་ པ་སྟེ། དགེ་སློང་མ་དེ་རིག་པའི་གནས་ལྔ་ལ་ཤིན་ཏུ་མཁས་ཤིང་བསླབ་སྡོམ་ལ་སོགས་པ་ ཤིན་ཏུ་བཙུན་པ་སྲུང་གིན་བཞུགས་པ་ལ། སྔོན་གྱི་ལས་ཀྱི་དབང་གིས་ལུས་ལ་མཛེ་བྱུང་སྟེ། ཕྱག་གཡས་པའི་འཁྲིག་མ་ནས་ཆད་ནས་ལུས་ལ་ན་ཚ་དཔག་ཏུ་མེད་པ་བྱུང་ཞིང༌། ཞལ་གྱི་ གདོང་ལ་ནི་ཁྲོ་གཉེར་བཏབ་པ་བཞིན་དུ་གྱུར། ཤ་མདོག་ནི་སྟོན་ཀའི་མེ་ཏོག་ལ་བ་མོ་ཕོག་ 4-1-318 པ་བཞིན་དུ་གྱུར། ལུས་ལ་རྣག་ཁྲག་དཔག་ཏུ་མེད་པ་འཛག་ཅིང༌། བཟའ་བཏུང་བྱེད་པ་ ཀུན་ཕྱག་གིས་བསྙོད་མི་ཤེས་པར་ཁ་ཐུར་ལ་སྦུབ་ཅིང་དུད་འགྲོ་ཟ་བ་བཞིན་དུ་གྱུར། རིག་ པའི་གནས་ལྔ་ལ་མཁས་ཀྱང་ནད་དྲག་པོས་བཏབ་པ་ལ་བརྟེན་ནས་སྡུག་བསྔལ་སེམས་ ལ་བཞག་པ་མེད་པ་ལྟ་བུ་དཔག་ཏུ་མེད་པ་བྱུང་སྟེ། འཁོར་རྣམས་ཀྱིས་ལོགས་ཤིག་ཏུ་རྩིའི་ སྤྱིལ་པོ་གཅིག་ཏུ་བསྐྱལ་ནས་དེར་བཤུམ་གྱིན་བཞུགས་པས། ནུབ་གཅིག་གི་རྨི་ལམ་ན་རང་ གི་ཡབ་རྒྱལ་པོ་ཨིན་དྲ་བྷུ་ཏི་བྱོན་ནས། ཤེལ་གྱི་བུམ་པ་སྤྱི་བླུགས་གཅིག་བསྣམས་ནས། ཐུགས་རྗེ་ཆེན་པོ་ལ་ཞུས་པའི་ཁྲུས་ཆུ་ཡིན་གྱི་གསུང་ནས་སྤྱི་བོ་ན་མར་བླུག་པས་ལུས་ངག་ ཡིད་གསུམ་བདེ་ལྷོད་སོང༌། རྒྱལ་པོའི་ཞལ་ནས་ཁྱོད་ནད་དྲག་པོ་འདིས་རྐྱེན་བྱས་ནས་ མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་འདུག་པས་སྙིང་རུས་སྐྱེད་ལ། དུས་གསུམ་གྱི་སངས་ རྒྱས་ཐམས་ཅད་ཀྱི་ངོ་བོ་ཞལ་བཅུ་གཅིག་པ་ལ་མོས་གུས་དྲག་ཏུ་གྱིས་ཤིག་གསུང་ནས་མི་སྣང་ བར་སོང་ངོ༌། །དེའི་ནངས་མོ་ནས་མར་ལ་ཕྱག་གཡོན་པས་ཟས་གསོལ་བ་ཡོང་བ་དང༌། ནད་ ཀྱང་སྡུག་བསྔལ་དུ་མི་བྱེད་པར་ཉིན་མོ་ཡི་གེ་དྲུག་མ། མཚན་མོ་བཅུ་གཅིག་ཞལ་གྱི་གཟུངས་ ལ་ཐུགས་དམ་དུ་མཛད་ཅིང༌། ཟླ་བ་དྲུག་སོང་བའི་ཐོ་རངས་ཀྱི་ཚེ། ད་ནི་བདག་ལ་སྒྲུབ་སླ་ ལ་རྟོག་པ་ཆུང་བའི་ལྷ་གཅིག་དགོས་ཏེ་མི་འདུག ནད་དྲག་པོ་འདི་དང་བཅས། འདི་བས་ཤི་ ན་དགའ་བ་ལ་སྙམ་པའི་འཕྲོ་ལ་རྣལ་དུ་ཡོར་སོང་བ་དང་སྤྱིལ་པོའི་ནང་ཐམས་ཅད་འོད་ཀྱིས་ ཁེངས་པའི་སྣང་བ་གཅིག་བྱུང༌། དེར་ཁྱེའུ་གཞོན་ནུ་སེང་གེ་ལ་ཞོན་པ་གཅིག་བྱུང་ནས་ཁྱོད་ འདིར་མ་སྡོད་པར་ལི་ཁ་ར་ཤིང་འཕེལ་དུ་སོང་དང༌། དེ་ན་དུས་གསུམ་གྱི་སངས་རྒྱས་ཐམས་ ཅད་ཀྱི་ངོ་བོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་བཞུགས་ཀྱིས་དེའི་དྲུང་དུ་སྙིང་པོ་བཟློས་ཤིང་ གསོལ་བ་ཐོབ་བསྒྲུབ་སླ་ལ་དོན་ཆེ་བའི་ལྷ་དེ་ཡིན་གསུང་ནས་ལུང་བསྟན། ལྕེ་ཐོག་ཏུ་བདུད་ རྩི་རིལ་བུ་གཅིག་བཞག་གོ །དེ་ལ་ཉིད་སུ་ཡིན་ཞུས་པས། ང་འཇམ་དབྱངས་གཞོན་ནུ་ཡིན་ 4-1-319 གསུང༌། དངོས་གྲུབ་གཅིག་ཞུ་ཞུས་པས་ད་ལྟའི་དེ་ཀ་ཡིན་མོད་གསུང་ནས་འཇའ་ཡལ་བ་ བཞིན་སོང༌། དེ་ནས་མར་བྱམས་སྙིང་རྗེ་དྲག་པོ་རྒྱུད་ལ་སྐྱེས། འཕགས་པ་ཐུགས་རྗེ་ཆེན་ པོ་ལ་རྩེ་གཅིག་མོས་གུས་མཛད་ཅིང༌། ཤར་ཕྱོགས་ལི་ཁ་ར་ཤིང་འཕེལ་དུ་གཤེགས་ནས་ ཞག་བདུན་ལོན་པའི་ཚེ་ཤིང་སྡོང་གཅིག་གི་འགྲམ་དུ་གཟིམ་པ་དང༌། གཅན་གཟན་གདུག་ པ་ཅན་མང་པོའི་སྐད་གྲག་སྟེ་འཇིགས་པ་སྙམ་བྱེད་པ་གཅིག་བྱུང་ནས་འཕགས་པ་ལ་མོས་ གུས་དྲག་ཏུ་བྱས་པས་འཇིགས་པ་དེའང་རང་ཡལ་དུ་སོང༌། དེར་མཁའ་འགྲོ་མ་དམར་མོ་ མེ་ཏོག་གི་ཐོད་བཅིངས་བྱས་པ་བདུན་མདུན་དུ་བྱུང་ནས། ཁྱོད་ཀྱིས་མཆོག་གི་དངོས་གྲུབ་ ཐོབ་པའི་དུས་ན་ངེད་རྣམས་འཁོར་གྱི་ཐོག་མར་མཆི་དེ་བཀའ་སྲུང་བགྱིད་དོ། །ཞེས་ཟེར་རོ། །ཁྱེད་རྣམས་གང་གི་རིགས་ཀྱི་མཁའ་འགྲོ་མ་ཡིན་བྱས་པས། ངེད་པད་མ་རིགས་ཀྱི་མཁའ་ འགྲོ་མ་ཡིན། ད་ཅི་དབུ་རྒྱན་ནས་འོངས། སང་ཉིད་ཀྱང་དབུ་རྒྱན་དུ་བྱོན་ནས་མཁའ་འགྲོ་མ་ རྣམས་ཀྱི་གཙོ་མོ་མཛད་པར་གདའ་ཟེར་རོ། །བདག་ལ་ལི་ཁ་ར་ཤིང་འཕེལ་དུ་མྱུར་དུ་སླེབ་ པའི་དངོས་གྲུབ་གཅིག་བསླང་བྱས་པས། མཁའ་འགྲོ་མ་གཉིས་ཀྱིས་རས་ཁ་ཚར་མ་ཉམས་ པ་གཅིག་ཁྱེར་བྱུང་ནས་འདིའི་སྟེང་དུ་བྱོན་ཟེར་བ་དང༌། དེ་ཀའི་ནུབ་མོ་ལ་ལི་ཁ་ར་ཤིང་ འཕེལ་གྱི་འགྲམ་དུ་སླེབ་ནས་འདུག། དེར་མཁའ་འགྲོ་མ་གཅིག་གིས་རས་དཀར་པོ་གཅིག་ གི་ཁུད་དུ་འབྲས་གྲུས་མ་ཁལ་གཅིག་ཙམ་ཕུལ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཞལ་བཅུ་ གཅིག་པའི་དྲུང་དུ་བཞུགས་ནས་མཆོག་གི་དངོས་གྲུབ་མ་ཐོབ་བར་དུ་འདི་ནས་གཞན་དུ་ མི་འགྲོ་བའི་དབུ་བསྙུང་བཞེས་ནས་བཟའ་བ་དང་བཏུང་བ་ཡིད་ལ་མི་བྱེད་པར་ཉིན་མཚན་ ཁོར་ཡུག་ཏུ་ཞལ་བཅུ་གཅིག་པ་ལ་ཐུགས་དམ་དུ་མཛད་ནས་ལོ་གཅིག་ལོན་པའི་ཚེ། ལུས་ ཀྱི་ནད་ཐམས་ཅད་ནི་སྦྲུལ་གྱི་ལྐོགས་པ་བུད་པ་བཞིན་དུ་སོང༌། ཕྱག་གཡས་པའང་སོར་ཆུད་ ཅིང་སྐུ་ལུས་ནི་མཛེ་མ་བྱུང་པའི་གོང་བས་ཀྱང་མཚར་བར་གྱུར། ཏིང་ངེ་འཛིན་བསམ་གྱིས་མི་ 4-1-320 ཁྱབ་པ་རྒྱུད་ལ་སྐྱེས། ཕྱི་རོལ་ཏུ་བདུད་ལ་སོགས་པས་བར་ཆད་རྩོམ་དུ་བྱུང་བ་ལ། བྱམས་ སྙིང་རྗེ་ཅུང་ཟད་བསྒོམས་པས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར། ཕྱོགས་ སྐྱོང་བཅུ་ལ་སོགས་པའང་ཅུང་ཟད་གླགས་ལྟར་བྱུང་པ་ལ་ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་ ལ་བརྟན་པར་བཞུགས་ནས་མདུན་དུ་བཀུག་ནས་དམ་ལ་བཏག་པས། ཐུགས་རྗེ་ཆེན་པོའི་ སྒྲུབ་པ་བྱེད་པའི་ཆོས་སྐྱོང་དུ་ཁས་བླངས་ཤིང༌། ཁྱད་པར་དུ་ཀླུ་ཆེན་པོ་བརྒྱད་ཀྱིས་ཞལ་ བཅུ་གཅིག་པའི་དགོས་ཀྱི་ཆོས་སྐྱོང་དུ་ཁས་བླངས། ས་ག་ས་རི་ནམ་{མཐོངས་[སྟོང་]ཀྱི་ཟླ་ བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བཀོད། ཕྱོགས་སྐྱོང་ པ་ཐམས་ཅད་མ་ལུས་པར་དམ་ལ་བཏགས། ནད་དང་སྡིག་སྒྲིབ་མ་ལུས་པར་བྱང༌། ས་དང་ པོའི་བདེན་པ་མཐོང༌། ས་ག་ཟླ་བའི་ཚེས་གཅིག་གི་ཉིན་རྗེ་བཙུན་མ་སྒྲོལ་མའི་ཞལ་མངོན་ སུམ་དུ་གཟིགས་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཉིད་ལ་འདུས་སོ། །ཞེས་ལུང་བསྟན། ཚེས་བརྒྱད་ཀྱི་ཉིན་པར་དོན་ཡོད་ཞགས་པ་ལྷ་ལྔའི་ལ་སོགས་པ་ཀྲི་ཡའི་ ལྷ་ཕལ་ཆེ་བ་རྣམས་ཀྱི་ཞལ་གཟིགས། བཅོ་ལྔའི་ཉིན་པར་ཡང་ཞལ་བཅུ་གཅིག་པ། ཕྱག་ སྟོང་སྤྱན་སྟོང་དང་ལྡན་པ་དེ་ཉིད་ཀྱི་ཞལ་གཟིགས། བ་སྤུའི་བུ་ག་ཐམས་ཅད་ན་སངས་རྒྱས་ དཔག་ཏུ་མེད་པ་གནས་པར་གཟིགས། ཕྱག་སྟོང་ནི་སངས་རྒྱས་སྟོང་གི་ངོ་བོར་གཟིགས། ཕྱག་མཐིལ་གྱི་སྤྱན་རྣམས་ནི་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལྷ་ཚོགས་སུ་གཟིགས། འཕགས་པས་ཆོས་གསུངས་པས་ཏིང་ངེ་འཛིན་བརྒྱད་ཁྲི་བཞི་སྟོང་རྒྱུད་ལ་སྐྱེས། ས་བརྒྱད་ པའི་བདེན་པ་མཐོང༌། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྙུང་གནས་ཟླ་བ་གསུམ་ མཛད་ནས་ཡུལ་དབུས་སུ་བྱོན་པས་མི་རྣམས་ན་རེ། དགེ་སློང་མ་འདི་ནད་དྲག་འདུག་སྟེ་ བསླབ་སྡོམ་ལ་གཡོལ་དུ་སོང་འདུག་ཇི་འདྲ་ཡིན་ནམ་ཟེར་ཞིང་འདུག་པ་ལ། གཞན་མ་ རྣམས་དད་པ་སྐྱེད་པར་བྱ་བའི་ཕྱིར་དུ། ཁ་སར་པ་ཎི་དུས་མཆོད་ཀྱི་ཁྲོམ་གསེབ་དུ་ཁོང་རང་ 4-1-321 གི་དབུ་བཅད་ནས་མཁར་སིལ་གྱི་རྩེ་མོ་ལ་བཀལ་ནས་གར་མཛད་པས། གཟོད་ཐམས་ཅད་ ཀྱིས་གྲུབ་པ་ཐོབ་པར་ཤེས་ནས་ཐམས་ཅད་ཀྱིས་བྱིན་རླབས་ཞུས་པས་ཐམས་ཅད་ཀྱིས་ མཆོག་གི་དངོས་གྲུབ་ཐོབ་བོ། །ཕྱི་ལྟར་དུ་དགེ་སློང་མ་དཔལ་མོ་ཡིན་ལ། ནང་ལྟར་དུ་རྗེ་ བཙུན་མའི་རིགས་ཁོང་ཡིན་པར་འདོད། ཁྱད་པར་དུ་དབུ་བཅད་མ་དངོས་ཡིན་ནོ། །རྒྱལ་ པོ་ཨིན་དྲ་བྷུ་ཏིའི་ལྕམ་མོར་བྱེད་པའང་ཡོད། པནྜི་ཏ་ཟླ་བ་གཞོན་ནུའི་སྲས་མོ་ཡིན་གསུངས། རྒྱལ་རིགས་སྟོབས་ལྡན་གྱི་དགེ་སློང་མ་དེས་ནམ་{མཐོངས་[སྟོང་]གི་ཟླ་བ་ལ་བར་དུ་གཅོད་ པ་ཐམས་ཅད་བསལ་ནས་གྲུབ་པ་ཐོབ་པའི་དུས་ཡིན་པས་ད་ལྟ་སྒྲུབ་པ་བྱེད་པ་རྣམས་ཀྱིས་ ཀྱང་ཐོག་མར་ནམ་{མཐོངས་[སྟོང་]ཟླ་བ་ལ་བྱའི་གཞན་དུ་ན་བར་ཆོད་དུ་འགྱུར་རོ་གསུང༌། འདིའི་ལོ་རྒྱུས་ནི་རྒྱས་པར་གཞན་དུ་ཤེས་པར་བྱའོ། ། ཆོས་འདི་རྒྱུད་གང་ནས་བཤད་སྙམ་ན་རྒྱུད་སྡེ་བཞི་ཀར་ནས་བཤད་པ་ཡིན་བྱས་ཀྱང་མི་ འགལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་འདི་ཡིན། ཕྱག་དང་སྐུ་ནི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་བཞུགས། ཕྱག་མཐིལ་གྱི་སྤྱན་རྣམས་ནི་ རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་ངོ་བོ་གཅིག་པ་ཡིན། ཁྱད་པར་དུ་གང་ལ་བརྟེན་ནས་མཛད་ ན། ཀྲི་ཡའི་རྒྱུད་ལ་བརྟེན་ནས་མཛད། དགོས་སུ་ཞལ་བཅུ་གཅིག་པའི་གཟུངས་དང་ཕྱག་ སྟོང་སྤྱན་སྟོང་གི་རྒྱུད་ལས་བཏུས་པ་ཡིན། འདི་ཇི་ལྟར་སྒྲུབ་ན། གསོ་སྦྱོང་ལ་སོགས་པ་ སྦྱོར་བའི་ཆོས་རྣམས་སྔོན་དུ་བཏང་ལ་དམ་ཚིག་དང་ལྡན་པས་སྒྲུབ་པ་གལ་ཆེའོ། །བདག་དང་ སྣང་བ་ཐམས་ཅད་སྟོང་པར་བསམ་པའི་ངང་ལས་སེམས་འདི་ཐུགས་རྗེ་ཆེན་པོའི་ས་བོན་ ཧྲཱིཿདཀར་པོར་བསམས་ནས་དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས་ཁམས་གསུམ་གྱི་ སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བྱང་ནས་སེམས་ ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར་པར་བསམ་པ་ཡིན་པས་ཆོས་འདིའི་སྒོར་ 4-1-322 ཞུགས་ཕྱིན་ཆད་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་འདུ་ཤེས་བསྐྱེད་ལ་མོས་གུས་ བྱེད་དགོས། གཞན་གྱིས་ཚིག་རྩུབ་མོ་སྨྲས་པ་དང་རྡེག་པ་བྱུང་ནའང་སྤྱན་རས་གཟིགས་ཀྱི་ ཐུགས་རྗེ་ཡིན་སྙམ་པ་བྱེད་དགོས། རང་གིས་ཕར་གནོད་འཚེ་བྱས་ན་སྤྱན་རས་གཟིགས་ལ་ གནོད་འཚེ་བྱས་པར་འགྱུར་བས་དམ་ཚིག་ཉམས་འགྲོ་གསུང༌། དེ་ལྟར་མི་ནུས་ན་ཁྲོ་ཡང་ སླར་མི་ཁྲོ་བ་ལ་སོགས་པ་གཉེན་པོ་དགེ་སློང་གི་ཆོས་བཞི་དང་ལྡན་པར་བྱའོ། །དུས་རྒྱུན་དུ་ སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་གནས་དགོས། ཉིན་མཚན་ཕྲུགས་གཉིས་ལ་བསྐྱེད་རིམ་ ཐུན་གཅིག་སྒོམ་པ་དང༌། སྙིང་པོ་ཅི་ནུས་སུ་བཟླས་སོ། །སྙིང་རྗེ་ཐུན་གཅིག་སྒོམ། བདག་ དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུ་སྙིང་རྗེ་ཆེན་པོ་ལས་མི་འདའ་བར་བྱའོ་སྙམ་ དུ་ཡིད་ལ་བྱ་དེ་ནི་རྒྱུན་གྱི་དམ་ཚིག་གོ །དམ་ཚིག་དང་ལྡན་ན་སྐད་ཅིག་མ་འདས་པ་ཙམ་ གྱིས་སངས་རྒྱས་ལ་ཉེ་བར་འགྱུར་བ་ཡིན། ས་བོན་གྱི་ཡི་གེ་ཧྲཱིཿདཀར་པོ་ལས་འོད་ཟེར་ ལྕགས་སྐྱུའམ་ཞགས་པ་ལྟ་བུའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུ་དུས་གསུམ་ གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཀུག་ནས་ཧྲཱིཿདེ་ལ་ཐིམ་པས་ཧྲཱིཿདེ་ ཡོངས་སུ་གྱུར་པས་ལས། ཞལ་བཅུ་གཅིག་པར་བསྐྱེད་པ་ཡིན། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན། སྙིང་པོ་ནི། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འཁུལ་ བར་འགྱུར། འདི་ལ་ཕན་ཡོན་ཇི་ཙམ་ཡོད་ན་གཟུངས་འདི་ལན་ཅིག་བཟླས་པས་ཉན་ཐོས་ ཀྱི་རྩ་བའི་ལྟུང་པ་བཞི་པོ་དག་ཀྱང་བྱང་བར་འགྱུར་རོ། །ཚེ་གཅིག་གི་སྡིག་པ་ཡང་དག་པར་ འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་འཇོག་པར་འགྱུར་རོ། ། བསྙུང་བར་གནས་ པ་ལན་གཅིག་བྱས་པས་སྐལ་བ་བཞི་ཁྲིའི་འཁོར་བ་ཕྱིར་སྙིལ་བར་འགྱུར་རོ། །མཚམས་ མེད་པ་ལྔ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ 4-1-323 ཏན་ཡོངས་སུ་རྫོགས་པར་འགྱུར་རོ། ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་གནས་ པར་འགྱུར་རོ། །སྐྱེ་བ་དམན་པ་བུད་མེད་ཀྱིས་བསྙུང་བར་གནས་པ་ལན་གཅིག་བྱས་ན་ཤི་ འཕོས་ནས་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའི་སྐྱེས་པར་གྱུར་ནས་འཁོར་བ་ལ་ རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །དུད་འགྲོ་ཕོ་འཆི་བའི་ཚེ་གཟུངས་སྔགས་འདི་ལན་གསུམ་ བཟླས་ནས་རྣ་བར་བཏབ་ན་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དུད་འགྲོ་མོའི་རྣ་བར་བཏབ་ ན་མིའི་འཇིག་རྟེན་དུ་སྐྱེས་པའི་ལུས་བླངས་ནས་བྱང་ཆུབ་ཀྱི་སེམས་ཀྱི་བག་ཆགས་འཇོག་ པར་འགྱུར་རོ། །བསྙུང་བར་གནས་པས་ལུས་ཀྱི་སྒྲིབ་པ་འདག་ངག་སྨྲ་བཅད་བྱས་པས་ངག་ གི་སྒྲིབ་པ་འདག གཟུངས་ཡིད་ཀྱིས་བཟླས་པས་ཡིད་ཀྱི་སྒྲིབ་པ་འདག །བསྙུང་གནས་བྱས་ པས་ཡི་དྭགས་སུ་མི་སྐྱེ། སྨྲ་བཅད་བྱས་པས་དུད་འགྲོར་མི་སྐྱེ། གཟུངས་ཡིད་ཀྱིས་བཀླག་ པས་དམྱལ་བར་མི་སྐྱེ། དེས་ན་ངན་སོང་གསུམ་ལས་ཐར་བར་གསུངས་སོ། །ལུས་ངག་ཡིད་ གསུམ་སྣང་ལ་རང་བཞིན་མེད་པར་ཤེས་པས་འཁོར་བ་ལས་གྲོལ་ལོ། །ཞལ་བཅུ་གཅིག་གི་ དཀར་པོ་གསུམ་བསྒོམས་པས་ཞི་བའི་ལས་འགྲུབ་བོ། །ལྗང་ཁུས་རྒྱས་པའི་ལས་འགྲུབ་བོ། །དམར་པོས་དབང་གི་ལས་འགྲུབ། ནག་པོས་དྲག་པོའི་ལས་འགྲུབ། འོད་དཔག་མེད་ཀྱིས་ ས་བཅུའི་ཕྲིན་ལས་འགྲུབ། འདི་སྒྲུབ་པས་འཕྲིན་ལས་རྣམ་པ་ལྔ་འགྲུབ། བསྙུང་གནས་བྱས་ པའི་ནང་པར་མི་དེ་ལ་བཤོས་དྲངས་ན་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་ དྲངས་པ་དང་མཉམ་མོ། །སྦྱིན་པའི་བདག་པོ་དེ་ངན་སོང་དུ་མི་སྐྱེ་ཞིང་བྱང་ཆུབ་ཀྱིས་སེམས་ དང་ལྡན་པར་འགྱུར་རོ། །སྐྱེ་བ་ཐམས་ཅད་དུ་མི་ཟད་པའི་གཏེར་དང་ཕྲད་ཅིང་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསྙེན་པའི་ཚད་ནི་སྙིང་པོ་འབུམ་ཕྲག་དྲུག། བསྙུང་བར་གནས་པ་ལན་བདུན་གྱིས་འགྲུབ་བོ། །ཡིད་བཞིན་འཁོར་ལོའི་གཟུངས་སྟོང་ ཕྲག་གཅིག །ས་བཅུ་པའི་གཟུངས་དང་སྒོ་མཐའ་ཡས་པའི་གཟུངས་ཀྱང་ཅི་རིགས་སུ་བཟླས་ 4-1-324 སོ། །གྲངས་བསྙེན་སྒྲུབ་{བསྙེན་[པ་]ཚད་དུ་འཁྱོལ་བའི་མི་དེས་རི་མཐོན་པོའི་རྩེ་མོར་ཕྱིན་ ན་དེས་མཐོང་བའི་སེམས་ཅན་ཐམས་ཅད་ངན་སོང་དུ་མི་སྐྱེ། དེས་ཆུ་ལ་རྒལ་ན་ཆུ་དེ་སུས་ འཐུང་པ་དང༌། གྲིབ་མ་ཕོག་པ་དང་ལུས་ལ་རེག་པ་དང་མིག་གིས་མཐོང་བ་ཐམས་ཅད་ངན་ སོང་དུ་མི་འགྲོའོ། །དམ་ཚིག་དང་ལྡན་པས་བསྙེན་སྒྲུབ་ཚད་དུ་སྐྱལ་ལ་སེམས་ཅན་ཐམས་ ཅད་ལ་ཕན་གདག་པར་བྱའོ། །ཞེས་ཕྱག་སྟོང་སྤྱན་སྟོང་གི་རྒྱུད་ལས་གསུངས་སོ། ། ཆོས་འདི་ཇི་ལྟར་བརྒྱུད་ན། དགེ་སློང་མ་དཔལ་མོ་ལ་སློབ་མ་ཁྱད་པར་ཅན་གཉིས་བྱུང་ བའི་པནྜི་ཏ་ཟླ་བ་གཞོན་ནུའི་རྣམ་ཐར་ནི། སྦྱངས་པ་ཕུལ་ཕྱིན་རིག་པའི་གནས་ལྔ་མཁྱེན། །རྐང་མགྱོགས་ལ་སོགས་ཐུན་མོང་དངོས་གྲུབ་བརྙེས། ། མཁའ་འགྲོས་ལུང་བསྟན་དཔལ་ མོ་ཉིད་དང་མཇལ། །མཆོག་གི་དངོས་གྲུབ་ཐོབ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། དེའང་ པནྜི་ཏ་ཟླ་བ་གཞོན་ནུའི་འཁྲུངས་ཡུལ་ནི་རྒྱ་གར་ནུབ་ཕྱོགས་ཀྱི་གླིང་ཀུ་ཤའི་ཚལ་གྲོང་ཁྱེར་ བདེ་སྐྱོང་ཞེས་བྱ་བ་ཡིན་ལ། རིགས་བྲམ་ཟེ། ཡབ་བྲམ་ཟེ་བདེ་བའི་མཆོག་ཅེས་བྱ་བ་སྨན་ དང་བཟོ་རིག་རྣམས་ལ་མ་རྨོངས་པར་མཁྱེན་ཞིང་བྲམ་ཟེའི་སྔགས་ལ་མཁས་པ་ཡིན། ཡུམ་ བྲམ་ཟེ་མོ་{ནི[པ་ཎི་]པད་མ་ཞེས་བྱ་བ་སྤོས་སྦྱོར་དང་གཙང་སྦྲ་ལ་གནས་པ། སྐུ་མཆེད་ གསུམ་གྱི་ཆུང་བ་ཡིན་གསུང༌། དེ་འཁྲུངས་པའི་དུས་སུ་བྲམ་ཟེའི་བྱ་བའི་ལས་ལྕེ་ལ་གུར་ ཀུམ་གྱི་ཡི་གེ་དྷཱིཿའབྲི་བ་ལ་སོགས་པ་བྱས་ནས། ཡི་གེའི་སློབ་དཔོན་དཔལ་སྐྱེས་ལ་འབྲི་ཀློག་ རྣམས་བསླབས་པས་ཚེགས་ཆུང་ངུས་མཁྱེན། མཚན་ཡང་བྲམ་ཟེ་བདེ་བའི་བློ་གྲོས་ཞེས་བྱ་ བར་བཏགས་ཏེ། དགུང་ལོ་བཅུ་གསུམ་པ་ལ་རབ་ཏུ་བྱུང་པར་མཛད་ནས་མཁོར་ལོ་རིམ་པ་ གསུམ་ལ་འབད་པས་ཤེས་བྱ་མ་ལུས་པ་ཐུགས་སུ་ཆུད་ཅིང༌། རིག་པའི་གནས་རྣམ་པ་ལྔ་ ལ་མཁས་པ། ཁྱད་པར་སྒྲ་དང་ཚད་མ་ལ་མཁས་པའི་གྲགས་པས་རྒྱ་གར་གྱི་ཕྱོགས་ཐམས་ ཅད་ཁྱབ་ཅིང༌། ནང་པའི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་ལ་ལོ་ཉེར་གཅིག་པ་ལ་བསྙེན་ 4-1-325 པར་རྫོགས་ཏེ་ཐོས་པའི་དོན་ཉམས་སུ་ལེན་ཞིང༌། སྐྱེད་མོས་ཚལ་དང་བས་མཐའ་དང་དུད་ ཁྲོད་དང་ནགས་འདབ་ཀུན་ཏུ་རྒྱུ་ཞིང༌། གནས་པ་ལས་དུས་རེ་ཤིག་ན་ཁོང་རང་གི་སློབ་མ་ པཎྚི་ཏ་ཡེ་ཤེས་བཟང་པོ་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་ཤིང་བཀུར་བར་འོས་པ་ ལ་ཤིན་ཏུ་གུས་པ་ཞིག་འཁོར་དུ་མ་དང་བཅས་ནས་ཡོད་པ་ལ། སྔོན་གྱི་ལས་ཀྱི་འབྲས་བུས་ སྐུ་ལུས་ལ་སྙུང་ཟུག་དཔག་ཏུ་མེད་པ་བྱུང་ཟེར་ནས། ཁོང་གདན་འདྲེན་པའི་དགེ་སྦྱོང་རྐང་ མགྱོགས་གྲུབ་པ་ཞིག་ཕོ་ཉ་བཏང་བྱུང་པ་དང༌། དེར་ཁོང་གི་ཞལ་ནས་དགེ་སྦྱོང་ལ། བདག་ རྒྱལ་པོའི་ཕོ་བྲང་དུ་ནང་པར་དུས་ལ་བབ་པ་ན་འཚོ་བ་བསོད་སྙོམས་ལ་འགྲོ། དེ་ནས་ཟས་ ཀྱི་བྱ་བ་ཟིན་པ་དང་སློབ་མ་ན་སར་འགྲོ་བས། ནང་པར་ཁྱེད་རང་ཡང་ཟས་ཀྱི་བྱ་བ་ཤིང་ ཏོག་གམ་དགེ་སློང་གིས་ལོངས་སྤྱད་དུ་འོས་པ་ལ་ལོངས་སྤྱོད་ཅིག་གསུང་ནས། ཚལ་{མ་ ཚད་}དུ་བསམ་གཏན་ལ་གནས་སོ། །ནང་པར་ཆོས་གོས་གསུམ་གྱོན། བསིལ་བྱེད་དང་ལྷུང་ བཟེད་གདིང་བ་ཆུ་ཚགས་རྣམས་བསྣམས་ནས། ནགས་ཚལ་དེ་ལས་གྲོང་ཁྱེར་དུ་བབས་ ནས་བསོད་སྙོམས་བླངས་ཟས་ཀྱི་བྱ་བ་བྱས་ཏེ། ཕོ་ཉ་བ་ལ་ངའི་སློབ་མ་ན་སར་འགྲོ་བས་འུ་ ཅག་གཉིས་ཀ་རྐང་མགྱོགས་ཀྱིས་འགྲོ་གསུང་ནས་རྒྱ་གར་ཤར་ཕྱོགས་བྷི་ཤྲུའི་གླིང་དུ་བྱོན་ ནས་ལམ་དུ་ཅུང་ཟད་བཞུགས་པའི་སར་རྣལ་དུ་སོང་བ་དང༌། བུད་མེད་སྔོན་མོ་དར་གོས་ ཤིང་ལོ་རིས་གྱོན་པ་ལག་ན་ཨུཏྤལ་ཐོགས་པ་ཞིག་བྱུང་ནས་ཟླ་བ་གཞོན་ནུ་ཁྱོད་ཀྱིས་སློབ་མ་ ཡེ་ཤེས་བཟང་པོ་སྔོན་བླ་མ་ལ་དམ་ཚིག་དུམ་གཅིག་ཉམས་པས། ད་ལུས་ལ་ཕོལ་མིག་བྱུང་ བ་ནི་ཁྱོད་ཀྱིས་གསོ་ཐབས་མེད་པས། འགྲོན་བུ་ཟད་པའི་གཙུག་ལག་ཁང་ན་དུས་གསུམ་ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཅིག་ཏུ་འདུས་པའི་ཐུགས་རྗེ་ཆེན་པོས་དབང་ སྐུར། བྱིན་གྱིས་བརླབས། ལུང་བསྟན་ཞིང་གྲུབ་པ་ཐོབ་པའི་དགེ་སློང་མ་དཔལ་མོ་ཞེས་བྱ་ བ་བཞུགས་པས་དེ་སྤྱན་དྲོངས་དང༌། ནད་དེ་ལས་ཐུ་བ་དུག་ལའང་དྲུངས་ནས་འབྱིན་ཞིང་ 4-1-326 མཆོག་གི་དངོས་གྲུབ་ཐོབ་ཟེར་ནས་མི་སྣང་བར་གྱུར་ཏོ། །དེར་རྣལ་སད་པ་དང་ཕོ་ཉ་བ་ ལ་བདག་འགྲོན་བུ་ཟད་པའི་གཙུག་ལག་ཁང་དུ་འགྲོ་བས་ཁྱོད་སློབ་དཔོན་ཅན་དུ་བཞུད་ གསུང་ནས་ལམ་འདྲི་ཡིན་བྱོན་ཏེ། དགེ་སློང་མ་དང་མཇལ་ནས་ལོ་རྒྱུས་རྣམས་ཞིབ་པར་ བཤད་པས་སྔོན་གྱི་ལས་འབྲེལ་ཡོད་པས་འགྲོ་གསུང༌། དགེ་སློང་མ་བྱོན་ཏེ། འཚེའུ་དེའི་ཁར་ ཐུགས་རྗེ་ཆེན་པོའི་བསྐྱེད་རིམ་གཅིག་བསྒོམས་པས་ནད་ལས་གྲོལ། ཁོང་གཉིས་ཀྱིས་གྲུབ་ ཐོབ་ཡིན་པར་ཤེས་ནས་སྒྲུབ་ཐབས་རྣམས་ཞུས་ཏེ་སྒྲུབ་པས་གྲུབ་པ་ཐོབ་ནས་འཕགས་པ་དང་ དངོས་སུ་ཞལ་མཇལ། གདམས་པ་ཡང་གནང༌། ལུང་བསྟན་ནས་འགྲོ་བ་དུ་མ་སྨིན་ཅིང་གྲོལ་ བར་མཛོད་དོ། །སྐུ་གཤེགས་པའི་ཚུལ་བསྟན་ནས། སྤྱན་རས་གཟིགས་ཀྱི་འཁོར་གྱི་ཚུལ་དུ་ གནས་ཞེས་གྲག་གོ །པནྜི་ཏ་ཟླ་བ་གཞོན་ནུའི་རྣམ་པར་ཐར་པ་ཨི་ཐི།། །། གཉིས་པ་དཔལ་ཡེ་ཤེས་བཟང་པོའི་རྣམ་ཐར་ནི། མི་བཟད་སྡུག་བསྔལ་ལམ་གྱི་གྲོགས་ སུ་ཤར། །དད་པའི་སྟོབས་ཀྱིས་བླ་མ་འཕགས་པར་གཟིགས། །བརྩོན་འགྲུས་སྟོབས་ཀྱིས་ དངོས་གྲུབ་མཆོག་བརྙེས་པའི། །ཡེ་ཤེས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ སྟེ། ཡེ་ཤེས་བཟང་པོ་དེ་འཁྲུངས་པའི་ཡུལ་ནི་རྒྱ་གར་ཆུ་བོ་གང་གཱའི་འགྲམ། ཕོ་བྲང་ཀི་ཤི་ ལི་ཞེས་བྱ་བ་རིགས་ནི་རྒྱལ་རིགས། ཡབ་རྒྱལ་པོ་པར་ཤ་ཤྲི་ཞེས་བྱ་བ། ཡུམ་ནི་ཀུན་ཏུ་ སྣང་བའི་འོད་ཟེར་ཞེས་བྱ་བ་སྟེ་རྒྱལ་རིགས་སོ། །སྲས་ལྔ་ཡོད་པའི་མཐའ་ལྟག་མ་ཡིན་ནོ། །མཚན་ནི་ཛྙ་ན་སིང་ཧ་ཞེས་བྱ་བར་བཏགས་སོ་ལོ་བདུན་ལ་རབ་ཏུ་བྱུང་པ་མཛད་ནས་རིག་ པའི་གནས་རྣམ་པ་ལྔ་ལ་མཁས་ཤིང་ལྷག་པར་རྩོམ་པ་ལ་མངའ་བརྙེས་པ་ཞིག་བྱུང་པ་ལས་ སྔོན་གྱི་ལས་ཀྱིས་སྐུ་སྟོད་ལ་རྨ་གཅིག་བྱུང་པ་ལ་ལྷ་འདྲེའི་གནོད་པ་ཡིན་ནམ་སྙམ་ནས། རྒྱ་ གར་ཤར་ཕྱོགས་ན་གཤིན་རྗེ་ནག་པོའི་གྲུབ་ཐོབ་གཅིག་ཡོད་པ་དེ་སྤྱན་དྲངས་ནས་དབང་ ཞུས་བསྙེན་པ་མཛད་པས་སྐུ་ལུས་ནི་སུམ་ལོག་གིས་ཆེ་རུ་སོང༌། ཆུ་བུར་བྱུང་ཞིང་ལུས་ལ་མེ་ 4-1-327 འབར་བ་འདྲ་བའི་ཟུག་ཟེར་བྱུང་ནས་འཁོར་རྣམས་ཀྱིས་མདུན་དུ་འཚེའུ་གཅིག་སྐྱིལ་ནས་ བཅུག་པས་ལུས་ཀྱི་དྲོད་ཀྱིས་འཚེའུ་དེ་ཁོལ་བ་བྱུང༌། ཆུ་ཡང་ཡང་རྗེས་ཤིང༌། སྡུག་བསྔལ་ དཔག་ཏུ་མེད་པ་བྱུང་ཡང་འགྲོངས་སུ་ནི་མ་འདོད། གྲུབ་ཐོབ་བྱིན་རླབས་ཅན་མང་པོ་སྤྱན་ དྲངས་ཀྱང་སུས་ཀྱང་ཕན་པ་མ་བྱུང་པ་ལ། ཁོང་རང་གི་སློབ་དཔོན་པནྜི་ཏ་ཟླ་བ་གཞོན་ནུ་ བྱ་བ་དེས། དགེ་སློང་མ་དཔལ་མོ་གདན་དྲངས་ནས་འཚེའུ་དེའི་སྟེང་དུ་བྱོན་པ་དང༌། དགེ་ སློང་མས་ཞལ་བཅུ་གཅིག་པའི་བསྐྱེད་རིམ་གཅིག་མཛད་པས་འཚེའུ་ཁོལ་བ་དེའང་ཞི། དགེ་ སློང་མ་དེ་ཉིད་བཅུ་གཅིག་ཞལ་དངོས་སུ་གཟིགས། སྙུང་ཟུག་ཀྱང་ཞི་ནས་ཁང་པའི་ནང་ དུ་བཞུགས་སུ་བཏུབ་པར་བྱུང༌། ཟླ་བ་གཞོན་ནུ་དང་ཡེ་ཤེས་བཟང་པོ་གཉིས་སྤྱན་རས་ གཟིགས་ལ་དད་པ་སྐྱེས་ནས་དགེ་སློང་མ་ལ་སྒྲུབ་ཐབས་ཞུས་ཏེ་བསྙུང་གནས་ཐེངས་བདུན་ བདུན་མཛད་པས་ཡེ་ཤེས་བཟང་པོའི་ནད་ཐམས་ཅད་མ་ལུས་པར་དྲག་གཉིས་ཀས་མཆོག་ གི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དགེ་སློང་མའི་ཞལ་ནས་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་ སྒྲུབ་ཐབས་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་ཐམས་ཅད་གྱི་འབྱུང་གནས། དབང་པོ་ཡང་རབ་ཀྱི་ཆོས་ཡིན་པས་འགྲོ་བ་སེམས་ཅན་ལ་ཕན་ཐོག་གཅིག་གསུང་ནས་ དགེ་སློང་མས་པནྜི་ཏ་རྣམས་པ་གཉིས་ལ་གནང་སྟེ། དགེ་སློང་མ་མཁའ་སྤྱོད་དུ་གཤེགས་ནས་ མི་སྣང་བར་སོང༌། དེར་བླ་མ་དང་འཕགས་པའི་བྱིན་རླབས་ཞུགས་ནས་ཕྱི་རོལ་གྱི་ཡུལ་ལ་ བཟུང་བ་དང་འཛིན་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་འཇིག་རྟེན་གྱི་སྣང་བ་ཐམས་ཅད་ བདེན་མེད་དུ་རྟོགས་བྱམས་སྙིང་རྗེ་ལྡན་པས་འགྲོ་བ་དུ་མའི་མགོན་སྐྱབས་ཆེན་པོ་སེམས་ ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ་གཅིག་བྱུང་ཞེས་གྲག་ཅིང༌། ཁྱད་པར་དུ་སྤྱན་རས་ གཟིགས་དབང་ཕྱུག་ལ་གྲུབ་པ་བརྙེས་པ་གཅིག་བྱོན་ནོ།། །། བླ་མའི་དེ་གཉིས་ཀྱི་ཐུགས་ཀྱི་སྲས་དམ་པར་གྱུར་པ་བླ་མ་བལ་པོ་དཔེ་ཉ་བའི་རྣམ་ཐར་ 4-1-328 ནི། འཇམ་དཔལ་སྨྲ་བའི་སེང་གེས་ལུང་བསྟན་ནས། །ཐུགས་རྗེ་ཆེན་པོ་བསྒྲུབ་པས་དངོས་ གྲུབ་བརྙེས། །གནས་ལྔ་རིག་པའི་བལ་པོ་པཎྜི་ཏ། །དཔེ་ཉ་བ་ཡི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་ས་ྟེདའེ ང་བླ་མ་བལ་པོའི་འཁྲུང་ཡུལ་ནི། བལ་པོའི་གྲོང་ཁྱེར་ཡམ་བུ་ཡ་མཁལ་ཞེས་ བྱ་བ་བལ་པོའི་རྒྱལ་པོ་འབི་མ་ལོ་ཀེ་ཞེས་བྱ་བའི་ཕོ་བྲང་གི་འདབས་ན་གནས་པ། ཡབ་བལ་ པོ་བཟང་པོའི་དཔལ་ཞེས་བྱ་བ་དཀོན་མཆོག་མཆོད་པ་ལ་བརྩོན་པ་མཛད་པ། ཡུམ་བལ་མོ་ ཀུན་མཛེས་མ་ཞེས་བྱ་བ་རང་བཞིན་གྱིས་དེས་པ། ངང་ཚུལ་བཟང་པོ་དང་ལྡན་པ་ཡིན་ལ། ཡུན་རིང་པོའི་བར་ལ་སྲས་མ་བྱུང་པ་ལས་དུས་རེ་ཤིག་ན་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་ བརླབས་པའི་སྲས་ཞིག་བཙས་ནས་ཡུལ་ལུགས་ཀྱི་བཙས་སྟོན་བཟང་པོའང་བྱས། མིང་ ཡང་བལ་པོ་མཛེས་པའི་ཏོག་ཅེས་བྱ་བར་བཏགས་སོ། །ཀུན་གྱི་ཡིད་དུ་འོང་ཞིང་གསོ་སླ་བ། བྲིས་ཀློག་བཟོ་རིག་རྣམས་ཚེགས་མེད་པར་མཁྱེན་ནས་རིགས་མཐུན་པ་ལས་ཁྱིམ་ཐབ་ལེན་ ཞེས་བྱས་པས་འཆི་བ་མི་ཡོང་ཞིང་སེམས་ཅན་ཀུན་ལ་ཕན་ནམ་གསུང༌། དེ་ལ་མི་ཕན་ཏེ་ རིགས་འཛིན་པའོ། །ཞེས་སྨྲས་པས། འོ་ན་སེམས་ཅན་ལ་ཕན་པ་བགྱིད་རིགས་ཀུན་གྱི་ནའོ་ ཟེར་ནས་སེམས་ཅན་གང་མཐོང་ལ་འཇམ་དཔལ་གྱིས་ལུང་བསྟན་ལྟར་ཡང་སྙིང་རྗེ་གསུང་ བ་གཅིག་བྱུང༌། འཇམ་དཔལ་སྨྲ་བའི་སེང་གེ་སྒྲུབ་པས་གྲུབ་ནས། བདག་ཚེ་གཅིག་ལུས་ གཅིག་ལ་སངས་རྒྱས་པའི་དངོས་གྲུབ་ཅིག་ཞུ་བྱས་པས། རྒྱ་གར་དུ་དཔལ་ཡེ་ཤེས་བཟང་ པོ་ཅན་དུ་སོང་ལ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་ཞུས་ལ་སྒྲུབས་ཤིག །ཚེ་འདི་ཉིད་ལ་ས་ བརྒྱད་པའི་གོ་འཕང་ཐོབས་པར་འགྱུར་རོ། །གསུང་ངོ༌། །དུས་རེ་ཤིག་གཅིག་ནས་བདག་ རབ་ཏུ་བྱུང་ནས་སེམས་ཅན་གྱི་དོན་བྱེད་དགོངས་པ་ལ། འདིར་ཡབ་ཡུམ་གྱིས་མི་གནང་ བས་རྒྱ་གར་དུ་འགྲོ་སྙམ་ནས། གསེར་གྱི་རྒྱན་བཟང་པོ་ཡོད་པ་རྣམས་ཤིང་ལོ་ལ་དྲིལ་ནས་ གཡའ་ཆེ་ཁུང་དུ་བཅུག་ནས་བྲོས་ཕྱིན་ཏེ། རྒྱ་གར་དུ་སླེབ་པ་དང༌། མི་རྣམས་ལ། རྒྱ་གར་ 4-1-329 ན་མཁས་པ་སུ་མཁས། བཙུན་པ་སུ་བཙུན། བཟང་བ་སུ་བཟང༌། གྲུབ་པ་སུས་ཐོབ་སེམས་ ཅན་ལ་སྙིང་རྗེ་སུ་ཆེ་ཞེས་འདྲི་ཡིན་ཕྱིན་པ་ལས། གང་གཱའི་གྲུ་བ་ན་རེ་ཁྱོད་ཅི་ལ་འགྲོ་ཟེར། བདག་སེམས་ཅན་ལ་ཕན་པའི་ཆོས་ཟབ་པ་སྒྲུབ་སླ་བ་གཅིག་ཚོལ་དུ་འགྲོ་བྱས་པས་འདོད་ པ་དག་ཆེ། སེམས་སྐྱེད་དག་བཟང་བ་ལས། དེ་འདྲའི་བླ་མའང་དཀོན་ཏེ། འོ་ནའང་ཕྱི་པས་ བར་ཆད་མ་བྱས་ཤིང༌། པནྜི་ཏ་ཟླ་བ་གཞོན་ནུ་དང་ཡེ་ཤེས་བཟང་པོ་དང་མཇལ་ན་ཟེར་བ་ བཞིན་འགྲུབ་པའང་སྲིད་ཟེར། དེར་ཁོང་གིས་དེ་སྐད་བྱ་བ་གང་ན་ཡོད་ང་ལ་སྟོན་དང་། ཁྱོད་ ལ་བརྔན་པ་སྟེར་བྱས་པས། ཁྱོད་ཀྱིས་སེམས་ཅན་གྱི་དོན་གྲུབ་ན་ང་ལ་བརྔན་པ་མི་དགོས་ ཏེ་ཁོང་གཉིས་རེས་འགའ་ནི་རི་བོ་པོ་ཏ་ལར་འཕགས་པ་ལ་ཆོས་གསན་དུ་འགྲོ། གནས་ འདིར་སྡོད་མེད། ལས་དང་སྨོན་ལམ་དག་པ་ཀུན་ལ་གར་ཡང་མཇལ་ལོ། །ཁྱོད་རང་སྡོད་ ནུས་ན་ས་ག་ཟླ་བའི་ཚེས་བརྒྱད་ལ་ཡུལ་དབུས་འགྱུར་ཚལ་དུ་ཁ་སར་པ་ཎིའི་དུས་མཆོད་ལ་ འོང་ཟེར་བ་གསན་ནས་ཤིན་ཏུ་མཉེས་སོ། །དེར་བྱོན་པས་ས་ག་ཟླ་བ་ལ་པཎྜི་ཏ་གཉིས་པོ་ དང་མཇལ་ནས་ལོ་རྒྱུས་རྣམས་ཞུས་པས། ཕ་ལ་ཕ་ལ་རྒྱལ་བར་གྱུར་ཅིག་གསུང་ནས་རབ་ ཏུ་བྱུང་བ་མཛད། གདམས་པ་ཟབ་ལ་སྒྲུབ་སླ་བ་སེམས་ཅན་ལ་ཕན་པ་འདི་ལས་མེད་གསུང་ ནས་སྒྲུབ་ཐབས་དང་བཅས་པ་གནང༌། ལོ་ལྔ་རུ་འཚོ་བ་བསོད་སྙོམས་མཛད་ནས་བསྒྲུབས་ པས་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གིས་གཙོ་མཛད་པའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པའི་ཞལ་གཟིགས་ཤིང༌། ཐམས་ཅད་ཀྱིས་ལུང་ བསྟན་ནས་རིགས་ཀྱི་བུ་ཁྱོད་ཀྱིས་བྱ་བ་ཆེན་པོ་བྱས་པས་སེམས་ཅན་གྱི་དོན་ལ་དགོངས་ལ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པར་བསྡུས་པ་འདི་ ཁྱོད་ཀྱིས་སེམས་ཅན་ལ་སྟོན་ཅིག་ཅེས་ལུང་བསྟན་ནས་གྲུབ་པ་ཐོབ་སྟེ། ཚུར་ལ་སྔར་གྱི་གྲུ་ ལ་འོངས་པས་གྲུ་བ་མ་སྐབས་པ་ལ། ཆུ་བོ་དེའི་འགྲམ་དུ་བྱམས་པ་གཅིག་སྒོམ་པས། ཆུ་བོ་ 4-1-330 དེ་ལ་གནས་པའི་ཀླུ་སྟོབས་ཀྱི་རྒྱུ་ཞེས་བྱ་བས་ལུས་དངོས་སུ་བསྟན་ནས། ཁོས་སྦྲུལ་ཆེན་པོ་ གཅིག་ཏུ་བྱས་ནས་དེའི་སྟེང་ནས་ཕར་བྱོན་པས་ཁོས་ཆོས་ཞུས་ཏེ་བཀའ་སྲུང་དུ་ཁས་བླངས་ ནས་ཁྱོད་ཀྱིས་བལ་པོར་མ་སླེབ་བར་དུ་བར་ཆད་མི་འོང་བར་བདག་གིས་སྲུང་ཟེར་ནས་ ཁས་བླངས་སོ། །དེ་ནས་བལ་པོ་དང་རྒྱ་གར་ལ་སོགས་པ་རྣམས་སུ་སེམས་ཅན་མང་པོ་སྨིན་ ཅིང་གྲོལ་བར་མཛད་དེ་གྲུབ་རྟགས་ནི་བསམ་གྱིས་མི་ཁྱབ་པ་བསྟན་ནོ།། །། དེ་ནས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་གནང་སྟེ། ཚོགས་གཉིས་ཟླ་བའི་ དཀྱིལ་འཁོར་རབ་རྒྱས་ཏེ། །སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཅན། །ཐུགས་ རྗེ་ཆེན་པོ་དགེ་སློང་ཚུལ་འཛིན་པ། །བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་ པ་སྟེ། དེའང་རི་སྙིང་དུ་སྡུག་ན་ངད་ཁ་ན་ཞིམ་པའི་ཚུལ་དུ་བྱང་ཆུབ་སེམས་དཔའི་རྣམ་ཐར་ རགས་པ་ནི། དང་པོ་བལ་པོར་བྱོན་པའི་དུས་སུ་བལ་པོ་ན་ནང་པའི་ལྷ་ཁང་བྷེ་ཧ་ར་ཞེས་བྱ་ བ་ཞིག་ན་བདེ་མཆོག་ལྷ་བཅུ་གསུམ་མའི་ལྡེར་སོ་བཞུགས། གཞན་ཡང་གསང་སྔགས་ཀྱི་ ལྷ་མང་པོ་རི་མོར་བྲིས་པ་ཡོད་པའི་དཀོན་གཉེར་བ་ཧཾ་ངུ་རྣལ་འབྱོར་པ་བྱིན་རླབས་ཅན་ གཅིག་ཡོད་པས། ནུབ་གཅིག་མཁའ་འགྲོ་མ་མང་པོ་མཆོད་པ་ལ་བྱོན་འདུག་པ་ལ་རྣལ་ འབྱོར་པ་དེས་ཁྱེད་རྣམས་ཅི་བྱེད་གང་ནས་འོང་དྲིས་པས། ངེད་རྣམས་རྒྱ་གར་ཤར་ཕྱོགས་ཀྱི་ ལི་ཁ་ར་ཤིང་འཕེལ་བྱ་བ་ན་བཅུ་གཅིག་ཞལ་བཞུགས། དེའི་ཕ་ག་ན་ཤིང་འདམ་བུ་འདམ་ རྒྱུའི་ཚལ་བྱ་བ་ན་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་མ་བཞུགས། དེའི་སྤྲུལ་པ་བྱང་ཆུབ་སེམས་ དཔའ་ཟླ་བ་རྒྱལ་མཚན་ཡིན། དེ་ལ་མཆོད་པ་བྱེད་དུ་འོངས་ཟེར། རྣལ་འབྱོར་པས་བྱང་ སེམས་མ་ཐོས་ཏེ། དེ་སྐད་བྱ་བ་སྔར་ཐོས་པ་མེད། ད་ལྟ་ག་ན་བཞུགས་དྲིས་པས་ཐང་ཆུང་ན་ བཞུགས་ཟེར། དེར་གཡོག་གཅིག་བལྟར་བཏང་པས་བཞུགས་འདུག་ནས་གདན་དྲངས། བྱང་ སེམས་ལ་བསྙེན་སྐུར་བྱས་ནས་དབང་དང་བྱིན་རླབས་ཞུས་སོ། །ཡང་མང་ཡུལ་དུ་ཨོང་པོ་ 4-1-331 ལོ་ཙྪ་བ་བྱ་བ། འཕགས་པ་ཝ་ཏི་ལ་གསོལ་བ་འདེབས་ཀྱིན་ས་སྡེ་བཙུགས་པའི་སྐོར་བ་ ཞག་བདུན་མཛད་ཀྱིན་ཡོད་པ་ལས་སྐོར་བ་བྱེད་འཕྲོ་ལས་སྐོར་ཁང་དུ་འགྱེལ་ནས་རྣལ་དུ་ ཅུང་ཟད་སོང་པའི་རྨི་ལམ་ན། འཕགས་པའི་ཞལ་ནས་ཁྱོད་ང་ལ་མོས་ན་ང་དང་བྱང་ཆུབ་ སེམས་དཔའ་ཟླ་བ་རྒྱལ་མཚན་ཁྱད་མེད་པས་ཁོང་ལའང་མོས་པ་གྱིས་གསུང་བ་རྨི། དེ་གོང་ མཇལ་ཙ་ན་ཨ་རུ་ར་དང་རྒྱམ་ཚྭ་དུམ་རེས་ཕྱག་རྟེན་བྱེད། བཙུན་པོ་ཡིན་ནའང་ཆོས་མཁས་ རྒྱུ་ཙམ་མེད་ཟེར་ཞིང་བརྙས་སེ་བྱེད་པ་ལ། དེ་མན་ནས་ཤིན་ཏུ་གུས། དམུ་རྫིང་ན་བཞུགས་ པའི་དུས་སུ་སྐུ་ཁྲུས་མཛད་པའི་ཆུ་ཡང་འཐུང་ཞིང་འགྱེད། ཞབས་ཏོག་ཀྱང་མང་པོ་བྱས། ཐང་སྐུ་གཅིག་ལ་ཐུགས་རྗེ་ཆེན་པོ་བརྒྱ་རྩ་ཡོད་པ་གཅིག་བཞེངས་པའི་རབ་གནས་ཀྱང་ཞུས་ པ་ཡིན་གསུང༌། དེ་ནས་བཟུང་སྟེ་སྐྱིད་སྡུག་གང་བྱུང་ཡང་བླ་མ་བྱང་སེམས་ལ་གསོལ་བ་ འདེབས་ཏེ་རེ་ཤིག་ཉང་སྟོད་རྩིས་ཀྱི་ནག་པོ་ཚང་གི་སྒོ་རྩར་ཁྱི་མང་པོས་རུབ་པ་ལ་བོ་དྷི་སཏྭ་ ཟེར་ཞིང་གསོལ་བ་བཏབ་པས་ཁྱི་རྣམས་ཁྱི་འཐབ་ཏུ་སོང་ནས་མ་རྨུག་གསུང༌། ཡང་དིང་རི་ ན་ལྕགས་དགོན་པ་ཞེས་བྱ་བ། ཞལ་བཅུ་གཅིག་པ་དང་དོན་ཞགས་ལ་ལོ་ཉི་ཤུ་རྩ་ལྔ་སྒྲུབ་པ་ བྱས་པ་གཅིག་ཡོད་པའི་རྨི་ལམ་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱང་སེམས་ཟླ་བ་རྒྱལ་མཚན་ བྱོན་གྱིས་དེ་ལ་མོས་པ་གྱིས་ཤིག་ཟེར་བ་རྨིས། དེ་ལྟ་བུ་སྔར་རྒྱུས་མེད་ནས་ནངས་པར་ཉེ་ གནས་པ་འདྲིར་བཏང༌བས། ཚ་མདའ་གནས་སུ་མངའ་རིས་པ་ཇོ་གདན་བྱ་བས་གདན་ དྲངས་ནས་བཞུགས་ཡོད་བྱ་བ་ཐོས་ཏེ། དེ་ཀའི་ནུབ་མོ་ལ་མཚམས་སྟོན་ནས་ནང་པར་རས་ ཕྲུག་གཅིག་ཕྱག་རྟེན་ལ་ཁྱེར་ཏེ་མཇལ་དུ་བྱོན་པས། མི་མང་པོ་འཚོགས་འདུག་པས་འདི་ རྣམས་སུ་ལ་ལྟ་བ་ཡིན་གསུང༌། གཞན་གྱིས་དགོན་པ་བ་ལ་ལྟ་བ་ཡིན་ཞུས་པས། བྱང་ སེམས་པའི་ཞལ་ནས་དེ་ཅི་འདྲ་ཡིན་གསུང་པས། གཞན་རྣམས་ཀྱིས་ཞུས་པ། ཁོང་གིས་ལོ་ ཉུ་ཤུ་རྩ་ལྔར་དོན་ཞགས་དང་བཅུ་གཅིག་ཞལ་ལ་སྒྲུབ་པ་མཛད་པ་ལགས་ཞུས་པ་སྒྲུབ་པ་པོ་ 4-1-332 དེ་ལྟ་བུ་སྐུ་ཁམས་ལྡོ ག་པས་སང་ནངས་པར་འཕྲད་ཀྱིས་གསུང༌། སང་མཇལ་དུས་སྐུ་ཁམས་ མ་ལོག་གམ་གསུང༌། དེར་གསུང་གླེང་ཞིབ་ཏུ་མཛད། བདག་གིས་ལོ་ཉི་ཞུ་རྩ་ལྔར་སྒྲུབ་པ་ བགྱིས་པས་རྟགས་ཅིའང་མ་བྱུང༌། པོ་ཏ་ལར་ཕྱིན་པས་གཞལ་ཡས་ཁང་གི་སྒོ་མ་ཕྱེད་པ་རྨི། དེ་ལ་ཅི་ཕན་ཞུས་པས། སྒོ་མཐའ་ཡས་པའི་གཟུངས་མང་དུ་ཐོན་གསུང༌། ཞུས་པས་དེ་འདྲའི་ གཟུངས་ག་ན་ཡོད། ལྟོ་མཚེར་ན་བཞུགས་གསུང༌། དེ་ཀའི་ནངས་པར་ཉེ་གནས་པ་ལ་ཤ་ ཁོག་པ་ཕྱེད། མར་རིལ་གཅིག སྣམ་བུ་གཅིག་རྣམས་སྐུར་ནས་འཚོལ་དུ་བཏང་པས་ལྟོ་ མཚེར་ནས་མ་རྙེད་ནས། ཞང་བཙུན་བསོད་ནམས་འབར་བྱ་བ་གཉའ་ནམ་རོང་ཁུང་པ་དེས་ ཁྱེར་ཟེར་ཕྱིན་པས། སྣམ་བུ་ལ་སོགས་པའང་མི་དགོས་གསུང་ཡང་ཕུལ་ཏེ། དཔེ་བྲིས། ཡི་ དམ་ལ་ལུང་ནོད་བྱས་ནས་བཏོན་པས་གཞལ་ཡས་ཁང་གི་སྒོ་ཕྱེད་པ་རྨི་བ་བྱུང་གསུང༌། དེས་ན་ཐུགས་རྗེ་ཆེན་པོའི་སྒྲུབ་པ་བྱེད་པ་ཀུན་གྱིས་སྒོ་མཐའ་ཡས་པའི་གཟུངས་འདོན་པ་ གལ་ཆེ་གསུང༌། ཡང་རྨ་བྱ་བྱང་ཡེས། བླ་མ་བྱང་སེམས་ཀྱི་དྲུང་དུ་འགྲོ་བར་ཆས་ཏེ་ཁོང་རང་ གི་ཆོས་སྐྱོང་མོ་རིགས་གཅིག་ཡོད་པ་ལས་གཏོར་མ་བཏང་ནས་གསོལ་བ་བཏབ་པས། དེའི་ ནུབ་མོ་རྨི་ལམ་ན་ཁྱེད་ཐུགས་རྗེ་ཆེན་པོ་ཅན་འགྲོ་བ་ལ་མི་དགའ་བ་མེད་ཀྱིས་སོང་ལ་མྱུར་དུ་ འཁོར་ལ་ཤོག། ལམ་དུ་འཇིགས་པ་མི་འོང་པ་ངས་བྱ་ཡིས་ཟེར། ཐུགས་རྗེ་ཆེན་པོ་ཅན་འགྲོ་ བར་ག་ལ་ནུས། བྱང་སེམས་ཟླ་བ་རྒྱལ་མཚན་ཅན་འགྲོ་བ་ཡིན་མོད་བྱས་པས། དེ་ཀ་ཐུགས་ རྗེ་ཆེན་པོ་ཡིན་མོད་ཟེར་རོ། །ད་ལྟ་འོ་སྐོལ་ཐུགས་རྗེ་ཆེན་པོའི་ཆོས་ཉམས་སུ་ལེན་པ་ལ་བྱང་ སེམས་ཟླ་རྒྱལ་ཐུགས་རྗེ་ཆེན་པོ་ཡིན་ཙ་ན་དེ་ལས་བརྒྱུད་པ་ཐག་ཉེ་བ་མེད་གསུང་ངོ༌། །བླ་ མ་བྱང་སེམས་ཀྱིས་སྐྱི་རོང་ཇོ་བའི་དྲུང་དུ་བྱོན་ནས་རྩེ་གཅིག་ཏུ་གསོལ་བ་བཏབ་པས། ཇོ་ བོའི་ཞལ་ནས། བྱས་པ་མེད་པའི་ཡུས་མ་ཆེ་གསུང༌། འོ་ན་ཇི་ལྟར་བགྱི་ཞུས་པས། ཡང་ཇོ་ བོའི་ཞལ་ནས། ལོང་བ་བརྒྱ་ལ་མིག་བྱིན། གཙུག་ལག་ཁང་བརྒྱ་ཐམ་པ་རྩིགས། དགེ་སློང་ 4-1-333 བརྒྱ་ལ་འཚོ་བ་དྲོངས། ལམ་འཕྲང་བརྒྱ་ཆོས་གསུང༌། དེ་འདྲ་མི་འགྲུབ་ལགས་ཞུས་པས། ཕྱག་སྟོང་སྤྱན་སྟོང་ལ་གསོལ་བ་ཐོབ། རྣམ་མཁྱེན་སངས་རྒྱས་ཀྱང་མྱུར་དུ་ཐོབ་པར་གདའ་ གསུང༌། དེ་ནས་བྱང་ཆུབ་སེམས་དཔས་དགེ་སློང་བཞི་སྡེ་རེ་ཁྲིད་ཀྱིན་བསོད་སྙོམས་ མཛད་དོ། །དེ་ནས་ལྷོ་ཕྱོགས་འོམ་ལོའི་གྲོང་ཁྱེར་དུ་བསོད་སྙོམས་ལ་དགེ་སློང་གཅིག་དང་ གཉིས་བྱོན་ནོ། །བུད་མེད་གཅིག་ཉེང་བྱས་ནས་དུམ་ཙམ་བཞུགས་འཚལ་ཟེར་ནས་ལོག་ སོང༌། ཕུ་མོ་ལོ་ནད་མ་གཅིག་ཡོད་པ་དེའི་རྩར་ཕྱིར་ཏེ་སྒོ་དྲུང་ན་དགེ་སློང་གཤའ་མ་གཉིས་ བྱོན་འདུག། ནང་དུ་གདན་དྲངས་གཏོར་མ་གཅིག་ཞུས་ན་ཕན་ནམ་བྱས་པས། ཕན་ཉེན་ ཡོད་ཀྱིས་གདན་དྲོངས་ཟེར་ནས་གདན་དྲངས་པ་དང༌། བུད་མེད་རྒན་སོང་པ་སྐྲ་གཟིང་ལ་ མིག་གྱེན་ལ་འདེགས་མི་ཤེས་པ་གཅིག་ཉལ་འདུག། ཁོང་དཔོན་སློབ་གཉིས་ལ་བསྙེན་བཀུར་ ཕུན་སུམ་ཚོགས་པ་བྱས་ཏེ་ནད་ལ་ཕན་པའི་བྱིན་རླབས་གཅིག་ཞུ་ཟེར་ནས་བྱིན་རླབས་ཀྱང་ མཛད། ན་བ་འདི་སྔོན་གྱི་ལས་མི་དགེ་བ་སྔོན་དུ་སོང་བས་ན་བ་ཡིན་པས་བཟོད་པ་སྒོམས་ གསུང༌། ཆོས་བཤད་དང་བསྔོ་བ་ལ་སོགས་པ་མང་པོ་མཛད་པས་མོ་དད་པ་སྐྱེས་ནས། སྔོན་ གྱི་མི་དགེ་བར་མ་ཟད། ཚེ་འདི་རིང་ལའང་སྡིག་པ་མང་པོ་བགྱིས་པས་སྡིག་བཤགས་གཅིག་ བགྱིད་པར་ཞུ་ཟེར། དེར་བྱང་ཆུབ་སེམས་དཔའི་ཞལ་ནས་ཚེ་འདིའི་སྡིག་པ་དྲན་པ་ཐམས་ ཅད་མཐོལ་ལ་འགྱོད་སེམས་དང་བཅས་པས་བཤགས་པ་གྱིས་ཤིག་གསུངས་པ་ན། བདག་ གི་ཡུལ་ནི་སྐྱིད་གྲོང་པ་ཡིན་ལགས། ཚོང་དཔོན་ཆེན་པོ་གཅིག་གི་ཆུང་མ་བྱས༌། བུ་གཅིག་ སྐྱེས་ནས་བུ་ཡིས་ལོ་བདུན་ལོན་པ་དང་ཚོང་དཔོན་བལ་ཡུལ་དུ་ཚོང་ལ་སོང་པས་ལོ་གསུམ་ མ་འཁོར་བར། དེའི་ཤུལ་དུ་བདག་སྐྱེ་མཆེད་ལེགས་པ་དང་། ཉོན་མོངས་པའི་དབང་དུ་སོང་ ནས་སྐྱེས་པ་གཞན་དང་འགྲོགས་པས། ཚོང་དཔོན་གྱི་བུ་ན་རེ། ངའི་ཕས་སླེབ་པ་དང་ཁྱེད་ ལ་ཅི་འདྲ་གཅིག་འོང་ལྟ་ཡིས་ཟེར་བྱུང་པ་ལ། ང་ཡིས་ཅི་ལན་བྱས་ནས་རྡོག་ཐོ་གཅིག་རྒྱབ་ 4-1-334 པས་མཆིན་ཁ་ལ་ཕོག་ནས་ཤི་ཐལ། དེར་ངའི་བུ་ལ་གཟའ་གདོང་ཐུག་བྱུང་བྱས་ནས་ཟོལ་ ངུས་དང་ཁྲམ་ངུ་བྱས་ལགས། དེ་ནས་སྐྱེས་པ་གཞན་གྱི་བུ་མོ་གཅིག་ལུས་ལ་བྱུང་པའང་ཚོང་ དཔོན་སླེབ་ཡོང་གིན་འདུག་ཟེར་ནས་སྐྱེས་མ་ཐག་བསད་ལགས། ལོངས་སྤྱོད་རྣམས་ཕྱེད་ མེད་དུ་ཟད་པར་བྱས་པ་དང༌། དེར་ཚོང་དཔོན་དཔོན་གཡོག་བརྒྱད་དང་བཅས་པས་ནོར་ དཔག་ཏུ་མེད་པ་ཐོན་ནས་སླེབ་བྱུང་པ་དང༌། ཁོལ་མོ་གཅིག་ཡོད་པ་དེས། ཚོང་དཔོན་ལ་ཉིད་ ཀྱི་ཆུང་མ་འདིས་ལོངས་སྤྱོད་རྣམས་ནི་སྐྱེས་པ་གཞན་གསོ་བ་དང་སྐྱེས་པ་མང་པོ་དང་ འགྲོགས་ནས་བརླག་ཏུ་བཅུག། ཉིད་རང་གི་བུའང་རྡོག་ཐོ་རྒྱབ་ནས་བསད། ནལ་ཕྲུག་སྐྱེས་ པའང་བསད། འདི་ཡིས་ཅིའང་བྱས་སོ་ཞེས་སྨྲས་པ་དང༌། ཚོང་དཔོན་ཚིག་པ་ཟོས་ནས་སེམས་ འཁྲུགས་ཏེ་ངོ་ལ་མཆིལ་མ་བཏབ། ནང་པར་མིག་འདོན་གྱིས་ཟེར་བྱུང་པ་ལ་འཇིགས་ཆེས་ ནས། དེ་ཀའི་ནུབ་མོ་ཆང་ལ་དུག་བཏབ་ནས་དྲངས་པས་ཚོང་དཔོན་དཔོན་གཡོག་བརྒྱད། གླ་ཁོལ་གཉིས། ཁྱིམ་མཚེས་ཀྱི་སྐྱེས་པ་གཅིག་དེ་མི་བཅུ་གཅིག་ཐོ་རངས་ཁ་ནས་སྨྲ་མི་ཤེས་ པར་ཞག་གཉིས་ཀྱི་ཁོངས་སུ་ཤི་ཐལ་ལགས། དེར་ཕ་མིང་རྣམས་ཀྱང་ཕུང་དུ་བཅུག། བདག་ རང་གིས་ནོར་ཁྱད་པར་ཅན་མང་པོ་དང་བཅས་པ་ཁྱེར་ནས་མཚན་མོ་ལྷོ་བལ་དུ་བྲོས་ནས་ འོང་ལགས། གཞན་ཡང་གཡོ་རྒྱུ་དང་ཟོལ་ཟོག་བྲེ་ལོག་སྲང་ལོག་ལ་སོགས་པ་སྡིག་པ་མང་ པོ་བགྱིས་པས་ཐུགས་ད་རྗེས་བཟུང་འཚལ། བླ་མ་བྱང་སེམས་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས་ ནས་སྤྱན་ཆབ་མང་པོ་ཤོར། ད་བུད་མེད་འདིའི་སྡིག་པ་ནི་གང་གིས་འབྱོངས་ན་དགོངས་པ་ ལ། ཞལ་བཅུ་གཅིག་པས་དབུ་སྙུང་བཞེས་པ་ཡིན་པས་བསྙུང་གནས་ལན་གཅིག་བྱས་ན་ ངན་སོང་གསུམ་དུ་མི་འགྲོ་བར་གསུངས་འདུག་དགོངས་ནས། མོ་ལ་ཆོས་མང་པོ་གསུངས། སྡིག་བཤགས་བྱེད་དུ་བཅུག་བྱིན་རླབས་མཛད་པས་ནད་དེའང་ཅུང་ཟད་བདེ་བར་གྱུར་ཏོ། །དེ་ནས་ས་ག་ཟླ་བ་ལ་ལུང་ཕོག་ནས་བསྙུང་གནས་བྱེད་དུ་བཅུག་པས་ཧྲེབ་སེ་བ་ལན་ 4-1-335 གཉིས། གདན་གཅིག་ལ་བརྟེན་པ་ལན་བདུན་སྲུང་། དེ་ནས་མོ་ཚེའི་དུས་བྱས་སོ། །བྱང་ཆུབ་ སེམས་དཔའ་ལ་སྐུ་བསོད་ཆེན་པོ་བྱུང་ནས་གཙུག་ལག་ཁང་རྙིང་པ་གསོས་པ་དང༌། གསར་ པ་བཞེངས་པ་བརྒྱ་བས་ལྷག་པ་བརྩིགས། མིག་འདོན་པ་དང་གསོད་པ་སུམ་བརྒྱ་ཙམ་བླུས། དམ་པའི་ཆོས་ཀྱི་སྦྱིན་པ་དང་དགེ་བ་རླབས་ཅན་དཔག་ཏུ་མེད་པ་མཛད། དགེ་སློང་ལྔ་བརྒྱ་ ཙམ་ལའང་འཚོ་བ་དྲོངས་པ་བྱུང་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་ཉིད་ལ་ གཅུང་པའི་སྟོད་དུ་སེམས་བསྐྱེད་ཞུ་བ་གཅིག་བྱུང་ནས་ཐུགས་བསྐྱེད་གསུངས་པའི་ཚེ། མི་མ་ ཡིན་ནག་པོ་ཆེན་པོ་མགོ་གསུམ་ལག་པ་དྲུག་བྱས་པ་གཅིག་བྱུང་ནས་ཟླ་བ་རྒྱལ་མཚན་ཁྱོད་ ཐུགས་རྗེ་ཆེན་པོ་དངོས་ཡིན་ཟེར་བས་ང་ལ་གྲུབ་རྟགས་སྟོན་ཟེར་བ་ལ། བྱང་ཆུབ་སེམས་ དཔའི་ཕྱག་གཉིས་ཀྱི་མཐིལ་བསྟན་པས་སྤྱན་ཧྲིག་གེ་འདུག་པ་ཐམས་ཅད་ཀྱིས་མཐོང༌། ལ་ ལས་བཅུ་གཅིག་ཞལ་དངོས་སུ་མཐོང༌། ཁྱོད་སུ་ཡིན་གསུངས་པས། ང་རི་རབ་མཚམས་ཀྱི་ གནོད་སྦྱིན་ཡིན་གསུང༌། ཐུགས་རྗེ་ཆེན་པོའི་བཀའ་སྲུང་བགྱིད་དོ། །ཟེར་ནས་རླུང་ཚུབ་ གཅིག་ཏུ་བྱས་ནས་སོང༌། དེ་ཉིན་སྐྱེ་བོ་འདུས་པ་ཐམས་ཅད་དད་པ་སྐྱེས་ནས་སྡིག་བཤགས་ བྱེད་པ་མང་པོ་བྱུང༌། དེའི་དགོང་མོ་བྱང་སེམས་ཀྱི་དྲུང་དུ་དགེ་སློང་རྣམས་སྡིག་བཤགས་ལ་ སོགས་པའི་གསུང་གླེང་མང་པོ་བྱུང་བས། དེར་དང་པོ་དྲུང་ན་ཡོད་པའི་དགེ་སློང་དེ་ན་རེ། དང་པོ་བུད་མེད་སྡིག་པ་མང་པོ་བྱས་མི་མང་པོ་བསད་ཟེར་བ་དེ་ཀུན་ད་ལྟ་གར་སྐྱེས་བདོག་ གམ་ཞུས་པས། བྱང་སེམས་ཞལ་འཛུམ་པ་མཛད་ནས། འཕགས་པ་བཅུ་གཅིག་ཞལ་གྱི་ བསྙུང་གནས་འདི་ཕན་ཡོན་ཤིན་ཏུ་ཆེ་བ་གཅིག་གདའ་སྟེ་སྒྲུབ་པ་བྱེད་པ་ཉུང་བར་གདའ་ གསུང༌། མོ་གར་སྐྱེས་གདའ་བྱས་པས། བུད་མེད་དེ་རྒྱ་གར་ལྷོ་ཕྱོགས་ན་བྲམ་ཟེ་འབྱོར་བ་ ཅན་ཞིག་གི་བུར་སྐྱེས་ནས་ལུས་ལ་རིན་པོ་ཆེའི་རྒྱན་གྱིས་སྤྲས་ནས་གདའ། རོད་ཅུང་ཟད་ ངན་པ་ཤེས་པ་ལ་མཐོ་དམན་ཡོད་པ་གཅིག་བྱུང་གདའ་སྟེ། མོས་ཚེ་སྔ་མ་ལ་བསྙུང་གནས་ 4-1-336 བྱེད་པའི་དུས་སུ་ལྟོགས་ནས་{སྤོལ་[སོལ་]ཏ་གཅིག་ཟོས་སྐོམ་ནས་ཆང་དུམ་གཅིག་ འཐུངས་པས་བཟི། དེའི་རྐྱེན་གྱིས་རོད་ཅུང་ཟད་ངན་པ་ཤེས་པ་ལ་མཐོ་དམན་བག་ཙམ་ཡོད་ པ་གཅིག་བྱུང་འདུག། དེ་ནས་ཚེ་འཕོས་ནས་བདེ་བ་ཅན་དུ་པད་མ་ལ་རྫུས་ཏེ་ངེས་པར་སྐྱེ་ བར་གདའ་གསུང༌། བསྙུང་གནས་རྣམ་དག་ལན་གཅིག་བྱས་པས་ངེས་པར་བདེ་བ་ཅན་དུ་ སྐྱེ་བར་འདུག། ཞལ་བཅུ་གཅིག་པའི་ཆོས་འདི་ནི་རིན་པོ་ཆེའི་སྐུ་བླུ་དང་འདྲ་སྟེ། དེ་ལ་ འབགས་ན་མར་གྱི་ངན་སོང་གིའང་གྲོགས་བྱེད་པར་འདུག། དམ་པའི་ཆོས་འདི་ནི་མཐོང་པ་ དང་ཐོས་པ་དང༌། རེག་པ་དང་སྒོར་ཞུགས་པ་ཐམས་ཅད་ངན་སོང་ལས་གྲོལ་བར་འགྱུར། ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་སྒྲུབ་པ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སྒྲུབ་ཐབས་ཡིན་པས་ཐམས་ཅད་ཀྱིས་འདི་ལ་བསླབ་པར་བྱའོ། །ཞེས་བྱང་ ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གསུང་ངོ༌།། །། དེས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བའི་གདམས་ངག་འདི་གྲུབ་ཐོབ་ཉིང་ཕུག་པ་ ལ་གནང་སྟེ། གུས་པས་བླ་མ་དམ་པ་ཉེར་བསྟེན་ཞིང༌། །བསྒྲུབ་ལ་བརྩོན་པས་དངོས་གྲུབ་ མཆོག་བརྙེས་ནས། །འགྲོ་ལ་བརྩེ་བས་གཞན་དོན་ལྷུར་མཛད་པའི། །གྲུབ་ཐོབ་ཉིང་ཕུག་ པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། གྲུབ་ཐོབ་འདིའི་རྣམ་ཐར་ནི། །འཁྲུངས་ཡུལ་སྟོད་མངའ་ རིས་ཞང་ཞུང་པ་ཡིན་ལ། གྲོང་ཁྱེར་ཆུ་འབབ་ཅེས་བྱ་བ་ན་ལྷ་མོ་འོད་འཕྲོ་ཞེས་བྱ་བས་བྱིན་ གྱིས་བརླབས་པའི་གནས་ལས་རབ་འབྱམ་འགྲུབ་པའི་སའོ། །ཡབ་ཁྱིམ་བདག་འོད་ཟེར་ བཟང་པོ་ཞེས་བྱ་བ་ལས་དང་སྐལ་བར་ལྡན་པ་ཞིག་ཡིན། ཡུམ་ཁྱིམ་བདག་མོ་ལྕམ་མེ་ཞེས་ བྱ་བ་མ་ནུས་པ་དང་སྡུག་ཕོངས་ལ་ལྷག་པར་བྱམས་པ་ཞིག་ཡོད་དོ། །ཁོང་གཉིས་ལ་སྲས་ གསུམ། སྲས་མོ་གཉིས་ཡོད་པའི་ཆེ་ཤོས་ཡིན་ཞིང༌། སྐྱེས་མ་ཐག་ཏུ་ཡིད་དུ་འོང་ཞིང་ཞེ་ས་ མཁས་པས་ཡབ་ཡུམ་གཉིས་ཀྱང་ཤིན་ཏུ་བྱམས་པས་བསྐྱེད་ཆེ་ཞིང་གསོ་སླ་བ་གཅིག་བྱུང་ 4-1-337 ནས་མིང་ཡང་ཁྱིའུ་ཡིད་འཕྲོག་ཅེས་བྱ་བ་བཏགས་ནས་ལོ་དགུ་ལོན་པ་དང་འབྲི་ཀློག་རྣམས་ མཁྱེན་ཤིང་། ལུང་པའི་ཕུ་ན་དགོན་པ་བྲག་རྫོང་བྱ་བ་ན། མཁན་པོ་དྷརྨ་སེང་གེ་ཞེས་བྱ་ བ་དང༌། སློབ་དཔོན་འབྱུང་གནས་ཞེས་བྱ་བ་ལ་རབ་ཏུ་བྱུང་བ་མཛད་ནས། ད་ནི་བདག་ གིས་ལུང་རིགས་ལ་མཁས་པ་གཅིག་བགྱིད་དོ། །ཞུས་པས། ལེགས་སོ་གསུང་ནས་ལོ་ ཉི་ཤུ་ལོན་ལ་བསྙེན་པར་རྫོགས་སོ། །ཉི་ཤུ་རྩ་དྲུག་པ་ལ་མཁས་བཙུན་བཟང་གསུམ་ཕུལ་ དུ་ཕྱིན་པར་གྱུར་པ་མཛད་ནས། ནུབ་གཅིག་རྣལ་ལམ་དུ་བུད་མེད་སྔོན་མོ་གཅིག་བྱུང་ནས། ཀྱེ་རིགས་ཀྱི་བུ་འདིར་མ་སྡོད་པར་མར་ཡུལ་ཕྱུག་པོ་རྒང་ན་འཕགས་པ་སྤྱན་རས་གཟིགས་ བྱོན་ཡོད་པས་དེར་སོང་དང༌། དོན་གཉིས་འགྲུབ་ནས་སངས་རྒྱས་མྱུར་དུ་འཐོབ་པར་འགྱུར་ རོ། །ཞེས་ལུང་བསྟན་པ་དང༌། ཁོང་གིས་ཐག་རིང་ལ་འཇིགས་པ་ཆེ་བས་མི་སླེབ་བམ་བྱས་ པས། ཁོང་དང་མ་མཇལ་བར་འཇིགས་པ་མི་ཡོང་བའི་ཁག་ངས་ཁུར་བས་མྱུར་པོར་སོང་ གསུང་། དེར་ནང་པར་ཆས་ནས་མི་རྣམས་ལ་གསང་སྟེ། ཕྱག་རྟེན་གསེར་ཞོ་དོ་རས་བུབས་ གསུམ་བསྣམས་ནས་བྱོན་པས། རྨི་ལམ་དུ་བུད་མེད་སྔོན་མོ་གཅིག་གིས་ལག་པ་བཀབ་པ་ རྨིས། ལམ་ཀ་ན་མི་ངན་འདུག་པ་ཀུན་ན་རེ། ད་ཅི་བཙུན་པ་གཅིག་ཡོང་གིན་ཡོད་པ་དེ་ད་ གར་སོང་ཟེར་ནས་གམ་དུ་འོངས་ཀྱང་མི་མཐོང་པར་བྱུང་ནས་མར་ཡུལ་དུ་སླེབས་ཏེ། དེར་ བླ་མ་བྱང་སེམས་དང་མཇལ། ཕྱག་རྟེན་བཏང༌། ཞུ་བ་བྱས་པ་ནི། རང་གཞན་འཁོར་བ་ལས་ མྱུར་དུ་གྲོལ་བ་བསྒྲུབ་སླ་ལ་དོན་ཆེ་བའི་ཆོས་འཁོར་བ་ལ་ཕྱི་ཕྱག་འཚལ་ཞིང༌། ངན་སོང་ དང་གཏན་གྱེས་བྱེད་པ་གཅིག་ཞུ་བྱས་པས། བླ་མ་བྱང་སེམས་ཅིའང་མི་གསུང་པར་དར་ གཅིག་སྤྱན་ཟིམ་མེ་བཞུགས་ནས། ཧེ། འགྲོ་བའི་མགོན་སྐྱབས་ཆེན་པོ་ཞིག་འོང་བར་གནང་ གསུང༌། ནང་དུ་གདན་དྲངས་ཆོས་ཀྱི་གསུང་གླེང་མང་དུ་མཛད་དོ། །དེ་ནས་བླ་མ་བྱང་ སེམས་ཀྱི་གསུང་གིས་ཁྱེད་ཀྱིས་ཞུས་པའི་ཆོས་དེ་འདྲ་དཀའ་བ་ལགས་མོད། དུས་ངན་པའི་ 4-1-338 སེམས་ཅན་སངས་རྒྱས་ལ་མི་དགའ་བདུད་ལས་ལ་དད། མྱང་འདས་ལ་མི་དགའ་འཁོར་བ་ལ་ རྩི། བྱང་ཆུབ་མི་བསྒྲུབ་སྡུག་བསྔལ་སྤེལ་བ། ཐར་པའི་སྐམ་སར་མི་འགྲོ། འཁོར་བའི་འདམ་ རྫབ་ཏུ་འབྱིང་། བདེ་ཆེན་གྱི་ཐང་ལ་མི་འགྲོ། དམྱལ་བའི་མེ་འོབས་སུ་འཕྱོང་བའི་སེམས་ཅན་ ལས་ངན་ཅན་ཕན་པར་སྨྲས་ན་ལོག་པར་གོ་བ། ཆོས་མཛོད་བྱས་ན་ང་མི་ཁོམ། འཆི་བ་འོང་ བྱས་ན་ཁྱེད་རང་བྱས་པས་ཟེར། དཀའ་བ་ཞག་རེ་སྤྱོད་མི་ནུས་པ། སྣ་ནས་བཟུང་ན་ཕྱིར་ལ་ ལྡོག་པ། ལས་སུ་རྣམ་སྨིན་བྱེད་འབྲས༌བུ་སྡུག་བསྔལ་མྱོང་པའི་སེམས་ཅན་འདི་པ་ཉན་པར་ མི་གདའ། སངས་རྒྱས་བྱོན་ཀྱང་ཕ་ཀི་སུ་ཡིན་ཟེར། ཁོང་ཕོ་སྟག་མོ་སྟག་ཆེ་བས་ཆོས་ཡེ་རང་ མི་མཛད་པར་གདའ་བས་ཁྱེད་རང་འཁོར་བ་དང་གཏན་གྱེས་མཛད་ནས་ཞིང་ཁམས་དག་ པར་གཤེགས་ན་འདི་ལྟར་མཛོད་གསུང་ནས་སྒྲུབ་ཐབས་ལག་ལེན་དང་བཅས་པ་གནང༌། དབང་སྐུར། ལུང་བསྟན་ནས། མ་དག་པའི་ས་ཆར་མ་སྡོད་པར་རི་དང་གངས་གང་བཟང་ པ་བྱང་ཕྱོགས་སྟར་གོའི་གངས་ལ་སྒྲུབ་ཏུ་སོང་ན་ལུང་བསྟན། གཅིག་དེར་འོང་བར་འདུག་ གསུང་ནས། ཆུ་འཐུང་དང་བདེ་ཆའི་སྐོར་རྣམས་བསྣམས་ནས་བྱང་དུ་བྱོན་ནོ། །དེར་སྟར་ ཀོའི་གངས་ལ་རྩམ་པ་བྲེ་ལྔ་ལ་རླུང་ནོན་མཛད་ནས་ལོ་བདུན་དུ་བསྙུང་གནས་མཛད་པས་མི་ སུས་ཀྱང་མ་ཚོར་བར་བཞུགས། སྟར་ཀོའི་ལྷ་གཙན་དེས་སྟེང་འོག་ནས་ཐོ་འཚམས་མང་དུ་ བྱས་པ་ལས། དུས་ཕྱིས་ཉིན་གཅིག་ཙ་ན། སྤྱིལ་པོའི་སྒོ་ན་རྟ་རྐད་གཅིག་འདུག གངས་ཕྲག་ ཏུ་མི་མེད་པའི་རྟ་སྐད་ང་རང་རྩམ་པ་མེད་པའི་རླུང་གི་ཟ་ཟི་ཡིན་སྙམ། བསྐྱེད་རིམ་གཅིག་ བསྒོམས་པས་མིའི་སྐད་གཅིག་ན་རེ་མར་ཤོག་ཟེར་ནས། ཕྱིར་ཕྱིན་པ་དང༌། མི་དཀར་རྟ་ དཀར་དར་དཀར་ཐོད་དུ་བཅིངས་པ། དར་མདུང་དཀར་པོ་ལག་ན་ཁྱེར་བ། ཁྱི་དཀར་ཕྱི་ལ་ འབྲང་བ་ལྔ་འདུག ཁོ་ན་རེ་ཁྱོད་གྲུབ་པ་ཐོབ་ཅིང་སྙིང་རུས་ཆེ་བར་འདུག་པ་ལ་ཐོ་འཚམས་ དང་བར་ཆད་བརྩམ་པ་བཟོད་པར་གསོལ་ལ། ད་ངེད་སྤུན་ལྔ་པོ་ལ་ཆོས་རེ་ཞུ། བཀའ་ 4-1-339 སྲུང་དང་ཞབས་ཏོག་ངེད་རང་བྱེད་ཟེར་རོ། །དེར་ཁོང་དེ་འདྲ་སུ་ཡིན་དགོངས་ནས་གཟིགས་ པས་སྤྱན་གྱིས་ཉི་མ་མ་བཟོད་པར་ཕྱག་གིས་བསྒྲིབས་ནས་གཟིགས་པས་ཕྱག་ལ་ཉི་མ་སེར་ ཐལ་ཐལ་བྱུང་པ་དང༌། ད་ནི་སངས་རྒྱས་མ་ཐོབ་ཀྱང་མི་འགྱོད་གསུང་ནས། ཁོང་ལྔ་ལ་ལས་ རྒྱུ་འབྲས་ཀྱི་ཆོས་མང་དུ་གསུངས། ཁོང་རྣམས་ཀྱིས་བཀའ་བསྲུངས་བྱེད་པར་ཁས་བླངས་ ཏེ་སྲོག་སྙིང་རེ་རེ་ཕུལ་ལོ། །ད་ནི་དཀའ་ཐུབ་ཡང་གྲགས། རླུང་སྨན་ཡང་མེད་པས་འབྲོག་ པ་གཅིག་པ་ལ་སྤྲང་དུ་འགྲོ་བསམ་པ་དང༌། ཁོང་ཉི་མ་རེ་རེ་ཞིང་ཆོས་ཉན་དུ་འོང་བས་ཁོ་ ན་རེ་བླ་མ་ཁྱོད་ལ་ཚོད་སྡོར་ཡོད་དམ་ཟེར། མེད་བྱས་པས་ནང་པར་ངས་དབུལ་ཟེར་སོང། །སང་ནམ་ལངས་པ་དང་སྒོ་རྩ་ན་ཤ་བའི་རོ་གཅིག་འདུག ཡར་བླངས་ནས་བཤུས། བཙོས་ པས་ནམ་ཟད་པ་ན་རེ་རེ་བྱུང༌། ཁོ་ན་རེ། དགའ་ཡམ་ཟེར། དགའ་བྱས་པས་ད་དུང་སྐྱལ་ལོ་ ཟེར། ད་འདིར་བསྡད་ན་སེམས་ཅན་ལ་འཚེ་བར་འགྲོ་བ་འདུག་པས་མི་སྡོད་གསུངས་པས། འོ་ན་ཐབས་ཡོད་པས་ནང་པར་འབྲོག་པ་ཕ་གི་བའི་གདན་འདྲེན་གཅིག་འོང་པས་བྱོན་ཟེར་ ནས་སོང༌། སང་ཉི་མ་དྲོས་པ་དང་སྐྱེས་པ་རྟ་ནག་པོ་ལ་ཞོན་པ་གཅིག་བྱུང་ནས་བདག་གི་ བུད་མེད་གཅིག་ན་བས་བྱིན་རླབས་ལ་བྱོན་འཚལ་ཟེར། ང་མི་དང་འཕྲད་མ་མྱོང་མི་འགྲོ་ བྱས་པས་མ་ཉན་ཏེ་གཤེགས་པ་དང༌། སྦྲ་དེ་ན་སྟར་ཀོས་བུ་མེད་གཅིག་གི་སོགས་པ་ལ་ལྕག་ བཙུགས་ནས་མིག་ཙུམ་ཙུམ་བྱེད་དོ། །དེར་ཁོང་པས་བྱིན་རླབས་བྱས། གཏོར་མ་བཏང་བས་ ཕན་ནས་དྲིན་ལན་ལ་མར་ཐུད་མང་པོ་ཕུལ་ནས་ཡོན་བདག་གི་རྩ་བ་བདག་གིས་བགྱིད་ ཟེར་ནས་ཁོས་ཚུར་སྐྱལ་ལོ། །ནངས་པར་སྟར་ཀོ་ཆོས་ཉན་དུ་བྱུང་པ་དང༌། ཁྱོད་སེམས་ཅན་ ལ་གནོད་པ་དེ་འདྲ་མ་བྱེད་གསུངས་པས། མི་བྱེད་པར་ཁས་བླངས་སོ། །དེ་ནས་རེ་ཤིག་ན། ད་ནི་བོད་ནས་ཡོད་པར་འགྲོ་བྱས་པས། ཁོ་ན་རེ་ནས་བདག་གིས་འབུལ་ལོ་ཟེར། སང་ནམ་ ལངས་པ་དང་སྤྱིལ་པོའི་ནང་དུ་ནས་དཀར་མོ་གངས་མ་བུན་ནེ་བྱས་པས་ཁེངས་ནས་འདུག། 4-1-340 ཅི་ཡིན་གསུངས་པས། འཁྲབས་ལུང་པ་ལ་མདང་སེར་བ་ཕབ་པ་ཡིན་ཟེར། ད་འདིར་བསྡད་ ན་སེམས་ཅན་ལ་གནོད་པ་དུ་མ་འོང་བར་འདུག་པས་འགྲོ་གསུངས་པས། བླ་མ་ཁྱོད་ཀྱིས་ང་ བོར་ནས་འགྲོ་ཕོད་དམ་ཟེར། མི་ཕོད་པས་ཁྱོད་ཀྱིས་སེར་བ་ཕབ་པའི་ལུང་པ་དེར་སེམས་ ཅན་ལ་ཕན་པ་བྱེད་དུ་འགྲོ་གསུངས་པས། འོ་ན་ཉིང་ཕུག་བྱ་བ་ན་རྒྱབ་རི་རིན་ཆེན་བྲག་ལ་ བསྡད་པ། མདུན་ན་དངོས་གྲུབ་ཀྱི་ཆུ་འབབ་པ། མདུན་རི་སྐྱོར་བ་འདྲ་བ་ཡོད་པས་ང་དེར་ སྔོན་ལ་འགྲོ། ཁྱོད་རྟིང་ལ་ཤོག་ཅིག་ཟེར། ངས་ས་རྟགས་བྱས་པའི་སར་ཁྱོད་ཀྱི་དགོན་པ་ གྱིས་ཤིག་ཟེར་ཁོང་སོང༌། དེ་ནས་ཁོང་པས་ཆོས་གོས་ལ་གཤོག་པ་མཛད་ནས་འཕུར་བྱོན་ པས་འཁྲབས་བུད་དཀར་པོར་སླེབ་པ་དང༌། ནམ་མཁའ་ནས་བབས་ནས་གཟིགས་པས་ ཁོ་ཟེར་བའི་ས་ཆ་དེར་འདུག་ནས་ཕྱིན་པས་རྟ་བཏགས་ནས་ཉལ་འདུག དེར་ང་ཁྱོད་ཀྱིས་ དགོན་པ་འདིར་གྱིས་དང་འགྲོ་དོན་འཕེལ་བར་འོང་ཟེར་ཁོ་ཡར་སོང་ངོ༌། །ཁོང་པས་ས་ཆ་ ལེགས་པར་མཁྱེན་ནས་གྲོགས་པོའི་ཕུག་ན་ས་ཕུག་འདུག་པས་བསྙུང་གནས་མཛད་ཀྱིན་ བཞུགས་པའི་ཚེ། ནུབ་གཅིག་མི་དཀར་པོ་གཅིག་བྱུང་ནས་ས་ཆ་འདི་ལ་ལྷ་ཁང་གྱིས། འདི་ ལ་བླ་བྲང་དང་གཟིམ་ཁང་གྱིས། གྲོགས་ངས་བྱེད་ཟེར་ནས་སྤྲུལ་པ་དུ་མས་ལ་ལས་རྩིག་པ་ དང་གྱང་བྱས། ལ་ལས་ཤིང་རྩལ་ནས་ཤིང་བཟོ་བྱས། ལ་ལས་ལྷ་བཞེངས་ནས་དུས་གཅིག་ ལ་ཚར་བ་བྱས་ནས་རབ་གནས་ཀྱང་འཕགས་པས་མཛད་དོ། །དེ་ནས་མི་རྣམས་ཀྱིས་ གྲུབ་ཐོབ་ཡིན་པར་ཤེས་ནས་སྐལ་ལྡན་མང་པོ་འདུས་ཏེ་སྒྲུབ་མོ་ཆེ་ལ་སོགས་པའི་དགེ་ལས་ བསམ་གྱི་མི་ཁྱབ་པ་བཙུགས་ན་བཞུགས་སོ། །དུས་རེ་ཤིག་ཚེས་བརྒྱད་ཀྱི་བསྙུང་གནས་ཀྱི་ དངོས་གཞིའི་ནུབ་མོ་རྣལ་དུ་ཀྲི་སོང་བ་དང༌། ནུབ་ཕྱོགས་སུ་འཕུར་ནས་འཁོར་དགེ་སློང་ འགའ་ཞིག་དང་བཅས་ནས་གཤེགས་པས། ས་གཞི་དཀར་བ། མཉམ་པ། བདེ་བ། འཇམ་ པ། དྲི་ཞིམ་པ། ཉམས་དགའ་བ་གཅིག་ན་གཙུག་ལག་ཁང་སྟོང་པ་རིན་པོ་ཆེའི་ཁྲི་ཆེན་པོ་ 4-1-341 ཡོད་པ། སྤོས་ཀྱི་ཆག་ཆག་བཏབ་པ་ཞིག་འདུག་པས་དེ་ན། གཞན་སུ་ཡང་མི་འདུག་པ་ལ། རྩ་ན་མི་དཀར་པོ་ཞིག་འདུག་པ་ལ་འདི་ཇི་སྐད་བྱ་བ་ཡིན་བྱས་པས། དེ་ན་རེ་འདི་ནུབ་ ཕྱོགས་ཤེལ་གྱི་ཞིང་ཁམས་བྱ་བ་ཡིན། ཁྱོད་ཉིང་ཕུག་ནས་འཕོས་ནས་ཁྲིའི་སྟེངས་སུ་འོངས་ ནས་འཁོར་དུ་མ་ལ་ཆོས་སྟོན་བདག་པོ་བྱེད་པར་འདུག་གསུང༌། དེར་རྣལ་སད་པ་དང༌། ད་ ལ་མོ་ཤི་ནའང་ཞིང་ཁམས་དགའ་བར་འདུག་སྙམ་པ་གཅིག་བྱུང་གསུང་ངོ༌། །ཡང་ཚེས་བཅོ་ ལྔའི་བསྙུང་གནས་གཅིག་གི་སྦྱོར་བའི་ནུབ་མོ་རྣལ་དུ་ཡུར་སོང་བ་དང༌། ལྷ་ཁང་ཉམས་དགའ་ བ་གཅིག་གི་མཐོངས་ན་ཡར་སྐས་དཀར་པོ་གཅིག་འདུག་པ་ལ་མི་མང་པོ་མེ་ཏོག་དཀར་ པོ་རེ་ལག་ཏུ་ཐོགས་ནས་འགྲོ་ཡིན་འདུག་པ་ལས། མི་དཀར་པོ་གཅིག་ན་རེ་སྐས་འདི་ལ་ འཛེགས་ལ་ཤོག་ཟེར། འདི་ཅི་ཡིན་བྱས་པས་འདི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་གདུང་ ལ་བྱས་པ་ཡིན་ཟེར། འོ་ན་རྐང་པ་བཞག་ཏུ་མི་བཏུབ་བསམ་པ་དང་ནམ་མཁའ་ལ་འཕུར་ ནས་མི་དེ་ན་རེ། ཁྱོད་ཀྱིས་འཕགས་པ་བརྒྱད་སྟོང་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་མོས་པོ་བྱས་པས། ད་ཁྱོད་ལུས་འདི་མ་བོར་བ་ལ་གྲོང་ཁྱེར་སྤོས་ལྡན་དུ་བྱང་ཆུབ་སེམས་ དཔའ་ཆོས་འཕགས་ཅན་འགྲོ་བ་ཡིན་ཟེར། ཁོང་པའི་བསམ་པ་ལ་ང་ད་རེས་བསྡད་ན་ གནམ་གང་གི་བསྙུང་གནས་དེ་གྲུབ་ན་དགའ་བ་ལ་སྙམ་པ་དང་རྣལ་སད་དོ། །ཡང་དུས་རེ་ ཤིག་ན་བསྙུང་གནས་མཛད་པའི་དངོས་གཞིའི་ནུབ་ནམ་ཕྱེད་ཡོལ་ཙམ་ན། དོན་མེད་པར་ སྤྱན་བུད་འགྲོ་བ་འདྲ་བའི་སྙུང་ཟུག་བྱུང་ནས་མི་དཀར་པོ་གཅིག་ན་རེ་ཁྱོད་ཀྱིས་སྐྱེ་བ་ལྔ་ བརྒྱའི་གོང་རོལ་ཏུ་རྒྱ་གར་ལྷོ་ཕྱོགས་སུ་མཉན་པ་བྱས་པས་གྲུ་སྐྱས་ཉ་པྲ་བ་གཅིག་གི་མིག་ བཅར་བའི་རྣམ་སྨིན་འདིར་སྨིན་པ་ཡིན་ཟེར། ཐོང་རངས་རྣལ་དུ་ཀྲི་སོང་པ་དང་མི་དེས་ལག་ པས་ཟུལ་ཕྱིས་པ་སྙམ་བྱེད་པ་དང་ཕན་འདུག་སྐད། ཡང་རེ་ཤིག་བསྙུང་གནས་གྲོལ་བའི་ ནུབ་མོ་ནམ་ཕྱེད་ཙམ་ན་དོན་མེད་དུ་འགྲམ་པ་གཡས་པ་སྐྲངས་ནས་ཟུག་བཟོད་ཐབས་མེད་ 4-1-342 པ་བྱུང་པ་དང༌། མི་དཀར་པོ་གཅིག་ན་རེ། ཁྱེད་ཀྱིས་སྐྱེ་བ་དགུ་བརྒྱའི་སྔ་རོལ་ཏུ་བྱིས་པའི་ དུས་སུ་མ་ཧེ་རྩྭ་ཟ་བའི་འགྲམ་པ་བཅག་པའི་རྣམ་སྨིན་ཡིན་ཟེར། ནམ་ལངས་ཁར། བུད་མེད་ སྔོན་མོ་གཅིག་གི་ཐུ་བས་ཟུལ་ཕྱིས་པས་ཕན་ནས་སོང་སྐད། དེ་ནས་དགུང་ལོ་བདུན་ཅུ་དོན་ དྲུག་ཚུན་ཆོད་ལ་སྐུ་ཁམས་བཟང་ཙ་ན་བཅག་མའང་མཛད། ངན་ཡང་དུས་བཟང་གསུམ་པོ་ མི་འཆག་པར་མཛད་ཀྱིན་ཡོད། རེ་ཤིག་ཉེ་གནས་པ་དགེ་སློང་བཤའ་མ་གཅིག་ཡོད་པ་ལ་ ད་ནི་ང་རྒས་འདུག་པས་སང་ཕོད་ང་ཡང་འགྲོ། ད་ལོ་སྒྲུབ་པ་ཆེན་པོ་གྱིས་ལ་ཁྱོད་རང་ཡང་ བསྙུང་གནས་ལ་འབད་པ་ཐོན་གསུང༌། དེར་ཁོང་གིས་བུ་སློབ་ཀུན་བསགས་ནས་གྲུབ་ཐོབ་ པ་གསུང་ལུགས་མི་ལེགས་པས་ཞལ་ལྟ་ཞུས་ནས། སློབ་མ་རྣམས་མོས་གུས་བྱེད་པའི་རྟེན་ གཅིག་ད་ལྟ་ཁོང་པ་རང་བཞུགས་པ་ལ་ཞུས་པ་དྲག་གམ་བྱས་པས། རྒན་པ་ཀུན་ན་རེ་དེ་ རང་དྲག་ཟེར། ས་གའི་སྒྲུབ་པ་ཐོན་ནས་སློབ་མ་རྣམས་ཀྱིས་ཞུས་པས། དུས་ངན་གྱི་རྟེན་དང་ བྱས་ཀྱང་ཞབས་ཏོག་ཡང་མི་འོང༌། མི་ངན་ལ་ལ་སྐོར་ལའང་སྦྱོར་རམ་ཡང་ཡང་ཞུས་པས་འོ་ ན་དགོན་པའི་འོག་ཏུ་འབུམ་ཆུང་གཅིག་རྩིགས། དབུ་རྩེའི་ནང་དུ་གདུང་རྟེན་ཁྲུ་གསུམ་པ་ གཅིག་བཞེངས། ཁྱམས་ཀྱི་བྱང་ཏུ་སྐུ་འདྲ་གཅིག་བྲིས་དང་རབ་གནས་ང་རང་གི་བྱ་ནང་དུ་ བཞུགས་རྒྱུ་གཅིག་ལ་མོར་འོང་གསུང་ངོ༌། །དེ་ནས་དགུང་ལོ་བདུན་བཅུ་དོན་བདུན་སོང་ སྟེ། ཉེ་གནས་པ་ལ་ང་ཞག་གསུམ་ན་འགྲོ། ན་བ་དང་རྒས་པས་ད་རེས་ཀྱི་ཚེས་བརྒྱད་ཀྱི་ བསྙུང་གནས་དང་སྨན་བླ་འཆག་པར་འདུག་གསུང་ངོ༌། །དེའི་ནུབ་མོ་མཁའ་འགྲོ་མ་དམར་ མོ་སྐྲ་སིལ་བུ་ཅན་མཆེ་བ་ཤར་རེ་བ་ངོ་ལོ་ཀེ་བྱས་པ་ལྔ་བྱུང༌། ཁྱེད་ནུབ་ཕྱོགས་སུ་གཤེགས་ ཙ་ན་ངེད་ལམ་ཀ་ན་ཡོད་པས་ཅིས་ཀྱང་འབྱོན་པར་ཞུ་ཟེར། ཅི་ང་འཆི་བ་ལ་མ་དགའ་བ་ཡིན་ ནམ་གསུངས་པས། ཁྱོད་དག་ཞིང་ཁམས་དག་པར་འགྲོ་དོན་རྒྱ་ཆེ་སྟེ། ཡེ་རང་སེམས་ཅན་ སྐྱེ་འཆི་ལ་སྔས་བྱས་པ་སྙིང་རྗེ་ཟེར་ནས་འཇའ་ཡལ་བ་བཞིན་སོང་ངོ༌། །དེ་ནས་ཕྱི་ནུབ་རྣལ་ 4-1-343 ལམ་ན་མཚོ་ཆེན་པོ་གཅིག་གི་འགྲམ་ན་ཕར་ཕྱིན་པས་མཚོ་དེ་ལ་དར་ཆགས་འདུག་པ་ལ་ གོམ་པ་གང་མ་ཆགས་པར་འདུག་པས། སྔོན་ལ་མི་འདྲ་སོང་པའང་ལོག་བྱུང་ཙ་ན་མི་གཅིག་ འདུག་པ་ལ། འདི་ལ་དར་མ་ཆགས་པ་ཅིས་ལན་བྱས་པས། དེ་ན་རེ་ཁྱོད་ཀྱིས་ད་རེས་དུས་ བཟང་ཆགས་པས་ལན། ད་རེས་མ་ཆག་ན་སེམས་ཅན་མང་བོ་འཁོར་བ་ལས་གྲོལ་བ་ལ་ ཟེར། དེར་མ་ཕན་གསུང་ནས་ཉེ་གནས་པ་ལ་ང་སྙུང་གནས་བྱེད་པས། ང་ཤི་བ་དང༌། ངའི་ སྙིང་འདི་ཕྱིའི་འབུམ་པའི་ནང་དུ་ཆུག །ལྕེ་འདི་གདུང་རྟེན་གྱི་ནང་དུ་ཆུག་ལ། རོ་འདིའང་རི་ མཐོ་བའམ། ཡང་ན་ཆུ་མ་ཀི་ལ་སྐྱུར། ལམ་སུམ་མདོར་སྦོས། མེ་ལ་མ་སྲེག་ཅིག ཕྱི་རབས་ ཀྱི་སློབ་མ་རྣམས་ལ་མི་དགའ་བར་འདུག་གསུང་ནས་གསུང་བཅད་ལ་བཞུགས་པས། ཉི་ མ་ཕྱེད་ཡོལ་བ་དང་གཤེགས་པའི་ཚུལ་བསྟན་ནོ། །ནམ་མཁའ་ལ་མེ་ཏོག་གི་ཆར་དང་ལྷའི་ སིལ་སྙན་དང༌། མཁའ་འགྲོ་མ་མང་པོའི་ཌཱ་མ་རུའི་སྐད་དང༌། འཇའི་གུར་དང་བཅས་ཏེ་དག་ པའི་ཞིང་དུ་གཤེགས་སོ། །དེ་ལ་སོགས་པ་ནུབ་རེ་ལ་སངས་རྒྱས་ཀྱི་ཞིང་ཁམས་མི་འདྲ་བ་ བསམ་གྱིས་མི་ཁྱབ་པ་གཟིགས་པ་དང༌། ཐུགས་ཤེས་ལ་ཐོགས་པ་མེད་པ་དང༌། དཀའ་བ་ དཔག་ཏུ་མེད་པ་སྤྱད་པ་ལ་སོགས་པ་རྣམ་ཐར་ཆེན་མོ་ན་བཞུགས་པས། འདིར་མ་བྲིས་སོ། །སྟར་ཀོ་འདི་གྲུབ་ཆེན་གྱི་ཆོས་སྐྱོང་ཡིན་པས་ཆོས་འདི་ཉམས་སུ་ལེན་པ་རྣམས་ཀྱིས་འདི་ལ་ གཏོར་མ་བཏང་པར་བྱའོ། །འབུམ་རྗེ་དགེ་བསྙེན་གྱི་མིང་ཡིན་ནོ།། །། གྲུབ་ཐོབ་དེས་སྲུ་པ་རྡོ་རྗེའི་རྒྱལ་པོ་ལ་གནང་སྟེ། དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་ དང༌། །ངོ་ཚ་ཤེས་དང་ཁྲེལ་ཡོད་ཤེས་རབ་སྟེ། །འཕགས་པའི་ནོར་བདུན་ལྡན་པ་འགྲོ་བའི་ མགོན། །རྡོ་རྗེ་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བྱང་སེམས་སྲུ་པའི་རྣམ་ཐར་ ནི། འཁྲུངས་ཡུལ་སྲུ་ཡུལ་སྒང་པ་ཡིན་ཞིང༌། ཡབ་དཀོན་མཆོག་མགོན་པོ་དང༌། ཡུམ་མཐོང་ བ་ཀུན་སྐྱིད་ཀྱི་སྲས་གཅིག་པོ་ཡིན་པ་ལས། ཡུམ་གྱིས་ལྟོ་ནས་བྱུང་མ་ཐག་ཏུ་ཚུལ་ཁྲིམས་ཀྱི་ 4-1-344 དྲི་ཡོད་པ། བྱད་བཞིན་མཛེས་པས་ཚུལ་ཁྲིམས་དཀོན་མཆོག་ཞེས་བྱ་བར་བཏགས་སོ། །དེ་ སྐྱེད་ཆེ་ཞིང་གསོ་སླ་བས་དགུང་ལོ་བདུན་པ་ལ་འབྲི་ཀློག་ཀུན་ཚར་ནས། སྐྱེ་བོ་ཀུན་གྱི་ཡིད་ དུ་འོང་བར་ཡོད་པ་ལ། དུས་རེ་ཤིག་ན་སྲུ་དེའི་ཕུ་ན་དགེ་བསྙེན་བཟང་པོ་ཞིག་ཡོད་པ་དེས་ ཉིང་ཕུག་ཏུ་སྙུང་གནས་ལ་ཕྱིན་ཟེར་ནས་བླ་མ་གྲུབ་ཐོབ་ལ་ཞུས་པའི་གསོལ་རས་དང༌། སྲུང་ སྐུད་དང་ཁྲུས་ཆུ་གཅིག་བྱིན་པས་སྣང་བ་འགྱུར་ནས། བྱིས་པ་ན་རེ་ང་ཡང་འགྲོ་ཟེར་ཏེ་མ་ ཉན་པར་ཕྱིན་པས། གྲུབ་ཐོབ་ཀྱི་ཞལ་ནས། ཁྱིའུ་འདི་རྒྱལ་སྲས་རྣམས་ཀྱི་གདུང་འཛིན་པ་ གཅིག་འོང་བ་ཡིན་གསུང་ནས་པང་དུ་བླངས་བསྟོད་པ་མཛད་དོ། །དེར་སྔོན་ལ་དགེ་བསྙེན་ བྱས། དེ་ནས་དགེ་ཚུལ་མཛད། ཐེག་པ་རིམ་པ་དགུ་ལའང་མཁས་ཤིང༌། ཁྱད་པར་འདུལ་བ་ མདོ་རྩ་མཁས་པ། བཙུན་པའི་མཆོག་གཅིག་བྱུང༌། དགུང་ལོ་ཤུ་པ་ལ་བསྙེན་རྫོགས་མཛད་ དོ། །དེར་ཕྱི་སྡེ་གནོད་ལ་མཁས་པར་མཛད་ནས་ད་སྒྲུབ་པ་གཅིག་ཉམས་སུ་ལེན་པར་ཞུ་ ཞུས་པས། དེ་ལེགས་གསུང་མི་གཅིག་པོར་འདུག ཆོས་གཅིག་གིས་ཆོག་པ་གཅིག་ཡིན་ གསུང་ནས་སྤྱན་རས་གཟིགས་ཀྱིས་བསྙུང་གནས་ལག་ལེན་དང་བཅས་པ་གནང༌། སྙུང་ གནས་འདི་ནམ་ཤི་ཤིའི་བར་བགྱིད་པར་ཞུ་བྱས་པས་མཉེས་ནས། བླ་མ་བྱང་སེམས་ཟླ་ རྒྱལ་གྱི་ཐུགས་དམ་ཤེལ་གྱི་སྤྱན་རས་གཟིགས་གཅིག་ཀྱང་གནང་ནས་གྲུབ་པ་ཐོབ་པར་ ལུང་བསྟན་ནོ། །དེ་བསྙུང་གནས་བཅག་མལ་ལོ་ཧྲིལ་བ་ལྔ་མཛད་པས་དྲུག་ཏུ་འགྲོ་བའི་ཟླ་ བ་གསུམ་པའི་ཚེས་བརྒྱད་ལ། འཕགས་པ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པས་ཞལ་གཟིགས་ ཏེ་བྱིན་གྱིས་བརླབས། ལུང་བསྟན་ནས་རྫུ་འཕྲུལ་དང་ཐུགས་ཤེས་ལ་ཐོག་པ་མི་མངའ་བ། སེམས་ཅན་མང་པོ་སྨིན་གྲོལ་ལ་བཀོད་པ་ཞིག་བྱོན། ཐུགས་དམ་གྱི་མཐིལ་དུ་བསྙུང་གནས་ ལ་སོགས་པ་ཀྲི་ཡའི་ཆོས་སྐོར་དང༌། སྨན་བླ་ལ་སོགས་པ་མཛད་དེ། ནུབ་རེ་ལ་སངས་རྒྱས་ ཀྱི་ཞིང་ཁམས་དཔག་ཏུ་མེད་པ་གཟིགས། ནུབ་གཅིག་གི་རྨི་ལམ་ན་སངས་རྒྱས་འོད་དཔག་ 4-1-345 མེད་སྨན་བླ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་སྐོར་བའི་དབུས་ ན། ཁོང་རེང་བུ་གཅིག་མཛད་ཀྱིན་འདུག་པས། དེ་རྣམས་ན་རེ། ངེད་རྣམས་སུ་ཡིད་དུ་འོང་ པ་གཅིག་གི་བུ་གྱིས་གསུང་པ་ལ། འཁོར་དེའི་དབུས་ནས་ཁྱེའུ་དཀར་པོ་ལང་ཚོ་དར་ལ་བབ་ པ། བྱད་བཞིན་མཛེས་པ། འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཞིག་ན་རེ། འདིས་བདག་ལ་སྐྱེ་བ་ བཅུ་བདུན་དུ་ལས་འབྲེལ་བཞག་པ་ཡིན་པས་བདག་རང་གི་བུའོ། །གསུང་ནས་འོད་ཟེར་ ཐམས་ཅད་ཁོང་ལ་ཐིམ་སོང་པ་དང་རྣལ་སད་ནས། ནང་པར་དུང་བུས། དགེ་འདུན་འདུས་ པ་དང༌། བསྙེན་བཀུར་བཟང་པོ་གཅིག་མཛད་དོ། །ཉེ་གནས་པ་ལྷ་བཟོ་བ་འབོད་དུ་བཏང་ ནས་རྣལ་ལམ་དུ་ཞལ་གཟིགས་ཚུལ་རྣམས་བཞེངས་སོ། །དེ་ལ་སོགས་པ་གྲུབ་རྟགས་དང་ སྤྲུལ་པ་བསམ་གྱིས་མི་ཁྱབ་བོ། །དེ་ནས་ད་ནི་ང་ལ་འགྲོ་བ་སྡོད་པའི་དབང་ཡོད་ཀྱིས། ལུས་ རྒས་ཤིང་འབྱུང་བ་གྲ་ཆག་པ་འདི་འཚོ་བ་བསོད་སྙོམས་ལ་བྱས། དགེ་བསྙེན་བྱས་ནས་ དིང་སང་བར་ལ་ཤ་ཁམ་གཅིག་དང་ཆང་ཐིགས་གཅིག་ཁོག་པར་མ་སོང༌། ཟླ་བ་བྱུང་ངོ་ཅོག་ ལ། བསྙུང་གནས་བྱས་པས་ལུས་རྒས། ཆོས་མེད་པའི་སེམས་ཅན་མང་པོ་གཅིག་དམྱལ་ བར་འགྲོ་བ་ལ་སེམས་སྐྱོ། ད་ང་འགྲོ་བས་ངའི་ལུས་པོ་འདི་ལས་ངན་ཅན་རྣམས་ལ་ཕན་པའི་ ཕྱིར་དུ་སྲེགས་ལ། དགོན་པའི་ལྟག་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་གཅིག་རྩིགས་ལ་དེར་ རུས་བུ་རྣམས་བཞུགས་སུ་ཆུག གདན་ས་འདི་ཞང་སྒྲ་འཇིགས་ཀྱིས་ཟུང་ལ། སེམས་ཅན་ ལ་སྙིང་རྗེ་ལྟོས། འཁོར་རྣམས་ཀྱང་ཆོས་མཛད་ན། ཞིང་ཁམས་དག་པར་ཕ་སྤད་འཕྲད་ གསུངས་ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནས་གཤེགས་པའི་ཚུལ་བསྟན་ནོ། །སྤུར་ བཞུ་བས་ཐུགས་རྗེ་ཆེན་པོའི་སྐུ་མང་པོ་བྱོན། གདུང་རྣམས་རིང་བསྲེལ་དུ་གྱུར་ནས་འབུམ་ པར་བཞུགས་པས། ད་ལྟའང་གསོལ་བ་བཏབ་ཙ་ན་བྲེ་ནས་དུས་བཟང་ལ་རིང་བསྲེལ་འབྱོན་ པ་བྱིན་རླབས་ཅན་སྲུ་ན་བཞུགས་སོ།། །། 4-1-346 དེས་ཞང་སྟོན་དགྲ་འཇིགས་ལ་གནང༌། སྦྱིན་པས་བསྡུས་པས་འགྲོ་ལ་ཕར་ཕྱིན་དྲུག །སྙན་པར་སྨྲས་ནས་དེ་བཞིན་སྒྲུབ་འཇུག་ཅིང༌། །བདག་ཉིད་ཕར་ཕྱིན་དྲུག་ལ་རྗེས་འཇུག་ པའི། །ཞང་སྟོན་སྒྲ་འཇིགས་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བླ་མ་ཞང་སྟོན་སྒྲ་ འཇིགས་ཀྱི་རྣམ་ཐར་ནི། འཁྲུངས་ཡུལ་ནི་སྲུ་ཕུ་དགོན་པ་བ་ཡིན་ཞིང༌། ཡབ་ཞང་ཆོས་ཀྱི་ གྲགས་པ་ཞེས་བྱ་བ་བྲིས་མཁས་པ་གཅིག་ཡིན། ཡུམ་ཕྱུག་མོ་དཀོན་མཆོག་ལྡན་ཞེས་བྱ་བ་ མཁའ་འགྲོའི་མཚན་རྟགས་ཡོད་པ་ཞིག་གི་སྲས་ཡིན་པ་ལས། བཙས་མ་ཐག་ཏུ་ཕྱོགས་ཀུན་ ནས་གློག་འབྱིན་པ་དང་། འབྲུག་སྒྲོགས་པ་དང་། ས་གཡོ་བ་ལ་སོགས་པ་བྱུང་ནས། ཁོང་པའི་ དགྲ་གཅིག་ཡོད་པ་ན་རེ། འདི་འདྲ་བ་རང་འཇིགས་ཟེར་བ་ལ། མཚན་ཡང་དགྲ་འཇིགས་སུ་ བཏགས་སོ། །ཡབ་ཡུམ་གྱིས་གཅེས་པར་བརྐྱངས་པས་སྐྱེད་ཆེ་བ་ལས། དགུང་ལོ་ལྔ་པ་ལ་ འབྲི་ཀློག་བསླབས་པས། ཞང་པོ་ན་རེ། ད་དུང་སྐྱེད་འཆག་ཟེར་བས་ལོ་བདུན་པ་ལ་ལོབས་ ཏེ་བྱང་སེམས་སྲུ་པ་ལ་རབ་བྱུང་མཛད་ཅིང་ཤིན་ཏུ་བཙུན་པར་བཞུགས་སོ། །དེ་ནས་མཚན་ ཉིད་ཚད་མ་སྡེ་བདུན་ལ་སོགས་པ་ལུང་རིགས་གསན་པ་ལ་ས་སྐྱར་གཤེགས་ནས་ཕུལ་དུ་ ཕྱིན་པར་གྱུར་ཏེ། ལོ་ཉི་ཤུ་རྩ་གསུམ་པ་ལ་དབུས་གཙང་དུ་གྲྭ་སྐོར་མཛད་པས་མཁས་པའི་ གྲགས་པ་ཐོབ། དེ་ནས་ཡར་བྱོན་ནས་བྱམས་ཆོས་ལྔ་དང༌། ས་སྡེ་ལྔ་དང་། མངོན་པ་གོང་ འོག་ལ་མཁས་པར་སྦྱངས་ཤིང༌། དགེ་བཤེས་ཞང་མོ་ཆེ་བའི་དྲུང་དུ་བྱོན་པས་མཁན་པོ་ མཛོད་ལ་བསྟན་པའི་བྱ་བ་མཛོད་ཅིག་གསུང༌། ཕན་ཐོག་ཙམ་མི་འོང་མཆི་ཞུས་པས་ཀུན་ སྤྱོད་སྡེ་གསུམ་མཛད་ནས་གནང་ཞིང༌། མཁན་པོ་མཛད་པས། བསྟན་པ་ལ་ཤིན་ཏུ་ཕན་ཆེ་ བར་བྱུང་སྟེ། ཁྱད་པར་འདུལ་བ་ལ་མཁས་པས་འདུལ་བ་ལུང་ཐུགས་ལ་གསུངས་པས་གྲྭ་པ་ ལྔ་བརྒྱ་རེ་འདུས། བཀའ་གདམས་པ་གཙོར་མཛད་པས་ཐུགས་དམ་གྱི་མཐིལ་སྨན་བླ་དང་ སྒྲོལ་མ་ལ་མཛད་པས་བྱང་ཆུབ་སེམས་དཔའི་གསུང་གིས་བུ་ད་དུས་སྙིགས་མའི་སེམས་ཅན་ 4-1-347 ལ་འདི་ཕན་པས། འཕགས་པའི་ཆོས་འདི་སྒྲུབས་གསུང་བ་དང༌། སྒྲོལ་མས་ལུང་བསྟན་ནས་ བསྒྲུབས་པས་ལོ་གསུམ་དང་ཟླ་བ་བཞི་སོང་པའི་ཚེས་བཅོ་ལྔའི་སྲོད་ལ་སྒྲོལ་མ་ཕྱག་འཚལ་ ཉེར་གཅིག་གིས་སྐོར་བའི་ཞལ་གཟིགས། ནམ་ཕྱེད་ཙམ་ན་སྨན་བླ་ལ་དེ་བཞིན་གཤེགས་ པ་བརྒྱད་ཀྱིས་སྐོར་བ་གཟིགས། ནམ་ལངས་ཁར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལ་ ཀྲི་ཡའི་ལྷས་སྐོར་བའི་ཞལ་གཟིགས། དབང་སྐུར། བྱིན་གྱིས་བརླབས་ནས་ལུང་བསྟན་པ་ ནི། བས་མཐའི་རི་ཁྲོད་དབེན་པ་སྟེན་ལ། དད་རྫས་གཤིན་རྫས་མ་ཟ་བར། ནུས་ན་དཀའ་ ཐུབ་གྱིས། མི་ནུས་ན་བསོད་སྙོམས་གྱིས་ལ་སེམས་ཅན་གྱི་དོན་གྱིས་གསུང་ནས་ཡལ་ལོ། །དེར་ཁོང་པས་བྱང་སེམས་སྲུ་པའི་དྲུང་དུ་བདག་རི་ཁ་ལ་འགྲོ་བར་ཞུས་པས། ད་དུང་ལོ་ གསུམ་གདན་ས་འདི་གྱིས། གྲྭ་པ་མང་པོ་འདི་སྐྱོངས་གསུང་ནས། ཤེལ་གྱི་འཕགས་པ་གནང་ ངོ༌། །དེར་ཐུགས་དམ་གྱི་མཐིལ་དུ་བསྙུང་གནས་མཛད་པས་གཞན་སུ་མཐོང་བའི་སེམས་ ཤེས་པ་དང་མ་འོངས་པའི་སྣང་བ་མཁྱེན་ནོ། །དེ་ནས་ལོ་གསུམ་སོང་བ་དང་། ན་བཟའ་དང་ བཞུགས་གདན་ལ་སོགས་པ་ཀུན་འགྱེད་མཛད། གདན་ས་དགེ་བཤེས་བྱང་ཡེ་ལ་གཏད་ ནས་དཀོན་གཉེར་གུད་དུ་ཕོག་སྟེ་ནམ་ཐོ་རངས་གཅིག་ལུང་པའི་ཕུ་ན་རྫ་རི་ཆེན་སྤུངས་པ་ བྱ་བའི་གསེབ་ན་མི་སུས་ཀྱང་མི་རྙེད་པ་ཡོད་པར་ཟླ་བ་གསུམ་བསྙུང་གནས་མཛད་པས་ ཉིན་གཅིག་ཁོང་པའི་དཔེ་ཆ་བྱི་བས་ཁྱེར་ནས་ཚོལ་དུ་གཤེགས་པས་གསེར་མ་བྱུང་ནས་ཞག་ བདུན་དྲན་པ་མ་བྱུང༌། ཞག་བདུན་ན་དྲན་པ་དུམ་གཅིག་བྱུང་པ་དང༌། ཐབས་གཞན་མ་བྱུང་ བར། མེ་བཏོན་ནས་ཤིང་སྤེན་མ་བསྲེགས་པའི་ཐལ་བ་ཆུ་ལ་བཏབ་ནས་ལེགས་པར་སྐོལ་ བ་ཕུལ་དོ་གསོལ། ཡང་ཐེབས་གཅིག་གསེར་མ་བྱུང་པ་ལ་ཐབས་གཞན་མ་བྱུང་པར་རི་ ཁ་ནས་ལུག་རྫིའི་བྲུན་འདུག་པ་ལ་ཚོད་མ་མཛད་ནས་གསོལ་ལོ། །ཞལ་དུ་ཆུ་ཐིགས་པ་ གཅིག་མ་གསོལ་བ་ཟླ་བ་ཧྲིལ་བ་བདུན་རྒྱུན་གཅོད་མཛད་གསུང། དེ་ནས་ནམ་ཟླ་སྟོན་སེར་ 4-1-348 དུ་སོང་ནས་མདོག་སྨད་འཕྱོན་གྱི་ཕུ་རུ་བྱོན་ནས། ཟ་དང་། སྒོག་པ་དང་། རམ་བུ་དང་། རྒྱུག་ པ་གསོལ་གྱིན་བཞུགས། ནང་ན་བདེ་བ་ཤུགས་ཆེ་བས་ཉི་ཕྱེད་ཏིང་ངེ་འཛིན་ལ་བཞུགས་ པས་རྣ་བར་བཤུ་ཟེར་བ་གཅིག་བྱུང་། གཟིགས་པས་འབྲོག་པ་གཅིག་ནས་ཚུམས་གཅིག་ གཡག་ལ་བཀལ། དེའི་སྟེང་ན་ཞོན་འདུག་པ་ལ་གཡག་འགྲོགས་ནས་ཁོ་སྐྱུར། དེར་ཁོ་ཚིག་ པ་ཟོས་ནས་མི་ཡིན་ནམ་འདྲེ་ཡིན། རེ་མཚར་རེ་མཚར་ཟེར། ང་མི་ཡིན་གསུངས་པས། འོ་ ན་ཁྱོད་ནའམ་མི་ན། དཀའ་ཐུབ་བྱས་པས་སོ་གསུངས་པས་ཁོ་མོས་ནས་ནས་བྲེ་ལྔ་ཕུལ། ད་ངེད་ཐག་རིང་པས་ད་རེས་ལས་མི་འཕྲད་པས་འདིར་བསྡད་ན་ཁྱེད་འཆི་བར་འདུག འོམ་ ཕུག་བྲག་ཙ་ན། རྩས་མ་རྔ་པར་རྒྱུག་ཟེར། བདེན་དགོངས་ནས་རྩས་མ་རྔ་སར་བྱོན་པས་བྱིས་ པ་ཀུན་ན་རེ་འདྲེ་ཡིན་ནམ་ཟེར། རྒན་པ་ཀུན་ན་རེ་ན་བར་འདུག་ཟེར་རོ། །ཚར་ཕོན་བཅུ་ གཉིས་ཁུར་བས་ནས་བྲེ་བརྒྱད་བྱུང་པ་ཁུར་བྱོན་ནས་དེ་ལ་བརྟེན་ནས་ལོ་གཅིག་བཞུགས་ པའི་ཚེ། འདིར་སོང་མ་ཤེས་པ་ལ་ལུག་རྫིས་ཚོར་ནས་གདན་དྲངས་པས་མ་འདྲོངས། གྲུབ་ པ་ཐོབ་ནས་སྔ་དྲོ་ནུབ་རི་ལ་ཁ་ཕུའི་ཕུ་རུ་འཕུར་གྱིན་ཉི་མ་འདེ་རུ་གཤེགས། ཕྱི་དྲོ་ཤར་རི་ སྲུའི་རྫ་གསེབ་ལ་འཕུར་གྱིན་ཉི་མ་འདེ་རུ་བྱོན། མུས་ཆུ་ལ་ཕྱག་མཁར་རྒྱབ་ནས་ཉི་ཕྱེད་ ཙམ་བསྒྱུར་བ་ལ་སོགས་གྲུབ་རྟགས་ཡ་མ་ཟུང་བསམ་གྱིས་མི་ཁྱབ་པ་བསྟན་ནས། སྐུ་འདའ་ ཀར་ཐུགས་མི་ཚིག་པར་འབྱོན་པས་གདུང་རྟེན་མདའ་གང་མ་གཅིག་བཞེངས་པ་འགའ་རོང་ དུ་སྐྱོལ། ལྗགས་མ་ཚིག་པར་འབྱོན་པས་དོན་མོ་རིར་སྐྱོལ་གསུང༌། དེ་གཉིས་སུ་རྟེན་གཉིས་ དང་ཐང་ཀ་སྐུ་འདྲ་གཉིས་ཀྱང་བཞུགས་སོ། །དགུང་ལོ་དྲུག་ཅུ་རེ་གཅིག་པ་ལ་ངོ་མཚར་བའི་ ལྟས་དང་བཅས་ནས་གཤེགས་པའི་གཟིམ་མལ་ན་རིང་བསྲེལ་བྲེ་གང་བྱུང་བ་ད་ལྟ་སྲུའི་ འབུམ་པའི་ནང་ན་བཞུགས་སོ།། །། ཞང་སྟོན་དེས་མཁན་ཆེན་འཇད་པ་རྩི་འདུལ་ཐུགས་རྗེ་བྱང་ཆུབ་ལ་གནང༌། ཚད་མེད་ 4-1-349 ཐུགས་རྗེའི་ཤུགས་ཀྱིས་རབ་བསྐུལ་ནས། །བྱང་ཆུབ་སེམས་མཆོག་སྒོམ་ཚེ་བླ་མ་དང༌། །ཡི་ དམ་གཉིས་སུ་མེད་པར་གཟིགས་གྱུར་པའི། །རྩི་འདུལ་ཆེན་པོའི་ཞབས་ལ་ཕྱགས་འཚལ་ ལོ། །ཞེས་པ་སྟེ། མཁན་ཆེན་འཇད་པའི་རྣམ་ཐར་ནི། རིགས་རྒྱུད་ཕྱུག་ཅིང་དད་པ་ཆེ་བའི་ སྲས་གཞོན་ནུ་ལ་རབ་ཏུ་བྱུང་བ་མཛད། ཀློག་པ་ཐོས་བསམ་ལ་ནན་ཏན་མཛད་པས་མཁས་ པ་ཕུལ་དུ་ཕྱིན་ཞིང་ཁྱད་པར་བྱམས་ཆོས་ལ་མཁས་པས། ཕ་རོལ་ཏུ་ཕྱིན་པ་རྒྱལ་བ་བྱམས་ པ་མགོན་པོའི་དགོངས་པ་ཕྱིན་ཅི་མ་ལོག་པར་མཁྱེན་ནོ། །མཁས་བཙུན་བཟང་གསུམ་ གྱི་གྲགས་པས་ཁྱབ་པར་མཛད་ནས། གཙུག་ལག་ཁང་རྩིགས་པ་དང་དགེ་འདུན་གྱི་སྡེ་ འཛུགས་པ་དང༌། གྲྭ་རྒྱགས་དང་ཚུལ་འཛུགས་པ་ལ་སོགས་པ་མཛད་པས་དགེ་འདུན་སྟོང་ ཕྲག་ལྷག་འདུ་བའི་སྐུ་བསོད་དཔག་ཏུ་མེད་པ་བྱུང་ངོ༌། །དེར་མཁས་པའི་མཆོག་ཏུ་གྱུར་ཡང་ གཙོ་བོར་འདུལ་བ་ལ་མཛད་པས་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་གྲོ་ལམ་རེའི་ས་ཆ་ནས་ཚོར་བ་ ཡོད་གསུང༌། བྱམས་པ་དང་ཐུགས་རྗེས་བདག་གཞན་རྗེ་བ། ཐུགས་དམ་གྱི་མཐིལ་དུ་སྨན་ བླ་དང་སྒྲོལ་མ་ལ་མཛད་པས་ནུབ་གཅིག་གི་རྣལ་ལམ་དུ། བུ་མེད་ཤ་རྩ་སྔོ་སངས་སེ་བྱས་ པ་གཅིག་བྱུང་ནས། རིགས་ཀྱི་བུ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གྱི་ངོ་བོ་འཕགས་ པ་སྤྱན་རས་གཟིགས་ཡིན་པས། སྡོག་རིན་ཆེན་གྲོགས་སུ་ཁྲིད་ལ། ནང་པར་མདོག་ལྷོ ད་བྱ་ བར་སྤྲུལ་པའི་སྐུ་ཞང་སྟོན་སྒྲ་འཇིགས་ཐུགས་སྐྱེད་གསུང་དུ་འོང་པར་ཡོད་པས་ལུང་ཁོང་ ལ་ཞུས་དང་འགྲོ་དོན་འཕེལ་བར་འོང་གསུང་ནས་མི་སྣང་བར་གྱུར་ཏོ། །དེར་རྣལ་སད་ནས་ སྡོག་བོས་ནས་གཤེགས་གྲབས་མཛད་དེ། སྐར་ཁོངས་གཅིག་ཡོད་ཙམ་ལ་ཐེགས་པ་མཛད་ པས། ཐུགས་སྐྱེད་མ་གྲོལ་བ་ལ་ཕེབས། ཐུགས་སྐྱེད་ཡང་གསན་ནས་བཅུ་གཅིག་ཞལ་གྱི་ ལུང་ལག་ལེན་སྒྲུབ་ཐབས་བསྙེན་པའི་ཚད་དང་བཅས་པ་ནོས་ཏེ་ཤིན་ཏུ་མཉེས་ནས། འཇད་ བྱ་བ་ཡུལ་བཟང་ལ་མི་ངན་པ། ལུང་པ་གཅིག་ནས་མི་རིགས་མི་འདྲ་བ་ལྔས་སྐད་རིགས་མི་ 4-1-350 འདྲ་བ་རེ་རེ་འདོན་པ། ཀླུ་གདུག་པ་ཅན་གནས་པ། མི་དད་པ་ཆུང་བ། གསར་འགྲོགས་ཆེ་ བ། མདའ་ན་གྲ་སྨན་བྱ་བའི་ཀླུ་བདུད་ཡོད་པས། ནད་མང་ལ་ཆགས་སྡང་ཆེ་བའི་ས་ནི་ཁྱོད་ ཀྱིས་བཟུང་ནས། དུས་ཕྱིས་སེམས་ཅན་ལ་ཕན་པ་བྱེད་པ་རེ་རེ་ཙམ་ཡང་འོང་ངོ་གསུང་ནས། སྒྲུབ་ཐབས་མན་ངག་ལག་ལེན་དང་བཅས་པ་ཐམས་ཅད་གནང་ངོ༌། །དེར་མཉེས་ཚོར་དང་ བཅས་ནས་བྱོན། བསྙུང་གནས་སྟོང་ཕྲག་གཅིག་གི་དམ་བཅའ་མཛད་པས། སུམ་བརྒྱ་སོང་ པའི་ཚེ་ས་གའི་ཚེས་བཅུ་དྲུག་གི་ཉིན། ཐུགས་རྗེ་ཆེན་པོའི་འོད་ཀྱི་རྣམ་པར་ཞལ་གཟིགས་ ནས་གསུང་བྱོན་ལུང་བསྟན་ནོ། །དེ་ནས་དུས་ཡང་ཡང་ཞལ་མཇལ་གསུང་སྟེ། མདོར་ན་སྤྱན་ རས་གཟིགས་ཀྱི་གྲུབ་པ་ཐོབ་ནས་སེམས་ཅན་དུ་མ་སྨིན་ཅིང་གྲོལ་བར་མཛད་དོ། །བདེ་བར་ གཤེགས་ནས་བྱམས་པ་མགོན་པོའི་དྲུང་དུ་ཕྱིན་ནས་བདེ་བ་ཅན་དུ་འཁོད་ཞེས་ཀྱང་གྲག་གོ། །དེ་ལ་སོགས་པའི་དཀའ་སྤྱད་དང་གྲུབ་རྟགས་ངོ་མཚར་བའི་ལྟས་བསྟན་པ། སངས་རྒྱས་ཀྱི་ ཞིང་ཁམས་གཟིགས་པ། ཐུགས་ཤེས་དཔག་ཏུ་མེད་པ་མངའ་བའི་ལོ་རྒྱུས་རྣམས་འདིར་ཞིབ་ པར་མ་བྲིས་སོ།། །། དེས་ཆོས་རྒྱལ་མདོག་ལྷོད་པ་བདེ་བ་ཅན་པ་ཤཱཀྱ་བྱང་ཆུབ་ལ་གནང་། མཐུན་པའི་ཡུལ་ ན་སྐྱེས་བུ་དམ་པ་སྟེ། །བདག་གིས་ལེགས་སྨོན་སྔོན་བསགས་བསོད་ནམས་ཅན། །འཁོར་ ལོ་བཞི་དང་ལྡན་པ་ཆོས་ཀྱི་རྗེ། །བདེ་བ་ཅན་པའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། འགྲོ་བའི་མགོན་པོ་ཆོས་རྒྱལ་མདོག་ལྷོ ད་པའི་རྣམ་ཐར་ནི། འཁྲུངས་ཡུལ་མདོག་སྨད་ཡིན་ ལ། ཡབ་ཡུམ་གཉིས་ཀ་ཕྱུག་ཅིང་སྙིང་རྗེའི་སྟོབས་ཆེའོ། །སྲས་གཉིས་ཡོད་པའི་ཆེ་ཤོས་ ཡིན་ཞིང༌། དགུང་ལོ་བདུན་པ་ལ་རབ་བྱུང་མཛད་ནས་བཅོ་ལྔ་པ་ལ་ཕར་འདུལ་མཁྱེན་ནས་ སྦགས་བཤད་མཛད། ཁྱད་པར་འདུལ་བ་ལ་མཁས་ཤིང་སྨན་བླ་དང་སྒྲོལ་མ་ལ་ཐུགས་དམ་ གྱི་མཐིལ་དུ་མཛད་ནས། བསེ་ཁང་གི་ལྟག་ན། བྲག་ཕུག་གཅིག་ཡོད་པར་བཞུགས་པས་ 4-1-351 དབྱར་ཟླ་འབྲིང་པོའི་ཉི་ཤུ་བརྒྱད་ལ། སེང་ལྡེང་ནགས་སྒྲོལ་གཙོ་འཁོར་གསུམ་པའི་ཞལ་ གཟིགས། དངོས་གྲུབ་གནང་ནས་མདོག་ལྷོ ད་ཀྱི་དགོན་པ་ཐོབ། ང་རང་གིས་གྲོགས་བྱེད། གཞན་ཡང་མདོག་ལུང་ནག་མོ་བྱ་བ་རི་རོང་གཟར་བ། ས་རོང་རྩུབ་པ། མི་སེམས་སྲབ་པ། ལས་རྒྱུ་འབྲས་ལ་མི་འཛེམས་པ་འདིར་སེམས་ཅན་གྱི་འགྲོ་དོན་བྱེད་དགོས་པས། འཇད་པ་ ར་ྩིའདུལ་ཅན་བཞུད་ལ། བོད་ཁ་བ་ཅན་གྱི་ལྷ་སྐལ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ ཕྱག་སྟོང་ལྡན་པས་སེམས་ཅན་སྐྱོབས་པ། སྤྱན་སྟོང་གཟིགས་པ་འདིའི་ལུང་དང་སྒྲུབ་ཐབས་ ཞུས་གསུང་ནས་ལུང་བསྟན་ནོ། །དེར་ཁོང་པས་ནམ་ལངས་པ་དང་བྱོན་ཏེ་ཞལ་མཇལ། ལུང་ ཞུས་ནས་ཡར་འགྲོ་ཞུས་པས་གྲངས་བསྙེན་ཉེར་གཅིག་ང་རང་གི་རྩར་སྡོད་ལ་ཐོང་གསུང་ ནས་བཞུགས་སོ། །དེ་ནས་ཡར་བྱོན་ནས་མདོག་ལྷོ ད་བཏབ། སྐུ་བསོད་དང་དཔལ་འབྱོར་ ཆེན་པོ་བྱུང་ཞིང་། ལོ་རེ་ལ་ཕར་འདུལ་གྱི་བཤད་གསར་བྱེད་པ་ཉི་ཤུ་ཙམ་རེ་བྱུང༌། ཁོང་པ་ རང་བསྙུང་གནས་སྟོང་ཕྲག་ལྔའི་དམ་བཅའ་མཛད་ནས་བཞུགས་པ་ལས་སུམ་བརྒྱ་ཐོངས་ པའི་ཚེས་བརྒྱད་ཀྱི་དངོས་གཞིའི་ནུབ། འོད་ཟེར་དཀར་པོ་གཅིག་མདུན་ན་འདུག་པ་ལ་ ལག་པས་བཟུང་བས། འོད་དེས་ཁོང་ཁྱེར་ནས་སོང་བས་པོ་ཏ་ལར་སླེབ། ས་གཞི་ཐམས་ ཅད་དཀར་ལ་དྭངས་པ། མེ་ཏོག་དཀར་པོ་སྐྱ་ཅོལ་ལེ་བྱས་པ། རིན་པོ་ཆེའི་ཤིང་སྣ་ཚོགས་ ལ། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དུ་མས་ཐེག་ཆེན་གྱི་ཆོས་སྒྲ་སྒྲོགས་པ། རླུང་དལ་བུས་ གཞལ་མེད་ཁང་ལ་ཕོག་པ་ན། གསེར་གྱི་དྲིལ་བུ་གཡེར་ཁ་རྣམས་ལས་ཚད་མེད་བཞིའི་སྒྲ་ སྒྲོག་པས་རྣ་བའི་དབང་པོ་ཚིམས་པར་བྱེད་པ། སྤྲུལ་པའི་རི་དྭགས་སྤུ་སྡུག་པ་ཡིད་དུ་འོང་བ་ རྣམས་ཀྱིས་དགའ་བའི་སྤྱོད་པས་མིག་གི་དབང་པོ་ཚིམ་པར་བྱེད་པ། བར་སྣང་ལས་བདུད་ རྩིའི་རྒྱུན་བབས་པས་བཀྲེས་སྐོམ་སེལ་བ། དུས་དུས་སུ་དཔག་བསམ་གྱི་ཤིང་ལ་ལྷའི་གོས་ དང་། དར་ཟབ་བྱུང་པས་ལུས་ཀྱི་གདུང་བ་སེལ་བ། རིན་པོ་ཆེའི་རྒྱན་མང་པོས་དགའ་བ་ 4-1-352 སྐྱེད་པ། རིན་ཆེན་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་པ་ན། འཕགས་པ་ལ་འཁོར་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་སྐོར་ཏེ། གཞལ་ཡས་ཁང་གི་ཕྱོགས་ གསུམ་གྱི་སྒོ་ཕྱེ་བ་ལས། གཅིག་མ་ཕྱེ། དེར་ཕྱིན་ནས་ཕྱག་འཚལ་སྐོར་བ་བྱས་པས་འཕགས་ པའི་གསུང་གིས་རིགས་ཀྱི་བུ་འོངས་བ་ལེགས་སོ་གསུང༌། འོད་ཟེར་དཀར་པོ་གཅིག་སྙིང་ལ་ སྟིམ་པས་ལུས་ངག་ཡིད་གསུམ་བདེ་བས་གང༌། མ་ཤི་བར་ལ་སེམས་ཅན་གྱི་དོན་གྱིས། ཤི་ ནས་ངས་འབོད་དུ་བཏང་གསུང་པ་དང་རྣལ་སད་དོ། །དེར་ཉིན་མོ་ནི་སྡེ་སྣོད་ཀྱི་བཤད་པ་ དང༌། གང་ལ་གང་མོས་ཀྱི་ཆོས་ལུང་མཛད། མཚན་མོ་ནི་འཕགས་པའི་དྲུང་དུ་ཆོས་གསན་དུ་ གཤེགས། དེའི་སྟོབས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་གྲངས་མེད་པ་མངོན་དུ་གྱུར་ཏོ། །དུས་རེ་ཤིག་ན་ད་ནི་ང་ འགྲོ་བས་དྲི་རྒྱུ་ཡོད་ན་ད་ལྟ་ཤོག་གསུང་ནས་གདན་ས་བ་བསྐོ་པ་དང་། གསུང་སྐོས་རྣམས་ མཛད་ནས་སྤང་ཡུལ་བདེ་བ་ཅན་དུ་དབེན་ཁང་གཅིག་མཛད། སྐྱེད་དམན་གྱི་འཁོར་སྤངས་ ཏེ་ཐུགས་དམ་ལ་བཞུགས་སོ། །གྲུབ་རྟགས་དང་མཛད་སྤྱོད་ཞིབ་པར་འདིར་མ་བྲིས། དེ་ ནས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ནས་པོ་ཏ་ལར་གཤེགས་སོ། །སྤུར་བཞུ་བས་རིང་ བསྲེལ་དུ་མ་དང་སྐུ་རང་བྱོན་མང་པོ་བྱོན་པ་རྣམས། ཞལ་ལྟ་བཞིན་དུ་བལ་ཡུལ་ནས་སྤྱན་ དྲངས་པའི་སྒྲོལ་མ་གསུང་འབྱོན་གྱི་ནང་ན་གཞུགས་སོ།། །། དེས་མཁན་ཆེན་ཆུ་བཟང་པ་བྱང་ཆུབ་འབར་ལ་གནང་། ཉེས་ལྟུང་དྲི་མའི་སྐྱོན་གྱིས་མ་ གོས་ཤིང༌། །གཡེལ་བ་མེད་པར་དགེ་བའི་ཆོས་ལ་བརྩོན། །རྒྱུན་ཆད་མེད་པར་འགྲོ་བའི་ དོན་མཛད་པ། །བྱང་སེམས་ཆུ་བཟང་པ་ལ་འཚལ་ལོ། །ཞེས་པ་སྟེ། ཆུ་བཟང་པའི་རྣམ་ ཐར་ནི། འཁྲུངས་ཡུལ་ནི་མུས་ཀྱི་དང་དཀར་བ་ཡིན་ལ། ལྷང་ཆུང་གི་རིགས་སུ་སྐུ་འཁྲུངས། ཡབ་ཇོ་སྲས་འབར་རེ་ཞེས་བྱ་བ་སྔགས་རྙིང་མ་མ་མོའི་སྐོར་ལ་མཁས་པ་གཅིག་ཡིན། ཡུམ་ 4-1-353 དགེ་བསྙེན་མ་སྐྱིད་དཔལ་ཞེས་བྱ་བ། སྲས་གཉིས་ཡོད་པའི་གཅེན་པོའོ། །མཚན་ཇོ་སྲས་ དཔལ་འབར་ཞེས་བྱ་བར་བཏགས་སོ། །དགུང་ལོ་བཅུ་གཅིག་པ་ལ་མདོག་ལྷོ ད་པའི་དྲུང་ དུ་དགེ་བསྙེན་མཛད་དོ། །དེ་ནས་རབ་ཏུ་བྱུང་ནས་སྤྱོད་འཇུག་དང་དབུ་མ་རྣམས་ལ་སྦྱངས་ པ་མཛད་ནས་བསྟན་པའི་བྱ་བ་མཐར་ཕྱིན་པར་མཛད་དོ། །དེ་རྗེས་ཟབ་ཅིང་རྒྱ་ཆེ་བའི་མན་ ངག་དུ་མ་ཐུགས་སུ་ཆུད་པས་རི་ཁྲོད་དབེན་པ་བསྟེན་ནས་སྒྲུབ་པ་ཟབ་མོས་དུས་འདའ་ཞིང་ གདུལ་བྱ་དུ་མ་སྨིན་གྲོལ་ལ་བཀོད་དོ། །ཁྱད་པར་འདུལ་བ་ལ་མཁས་ཤིང་དགུང་ལོ་ཉི་ཤུ་ པ་ལ་བསྙེན་རྫོགས་མཛད་དེ། ནུབ་གཅིག་རྣལ་ལམ་དུ་མི་དཀར་པོ་གཅིག་བྱུང་ནས་ཁྱོད་ དང་ང་ལས་འབྲེལ་ཡོད་པས། ཁོ་དང་ང་ལ་ཁྱད་པར་མེད་པས་མདོག་ལྷོ ད་པ་ལ་ལུང་སྒྲུབ་ ཐབས་དང་བཅས་པ་ཞུས་ལ་ཉམས་སུ་ལོང་གསུང་ནས་གཤེགས་སོ། །དེར་ནང་པར་མདོག་ ལྷོ ད་དུ་གཤེགས་ནས་ལོ་རྒྱུས་རྣམས་ཞིབ་པར་ཞུས་པས། སྐྱབས་སུ་མཆི། འཕགས་པ་ཡིན་ ང་ལའང་རྨི་ལམ་ཅིག་བྱུང་གསུང་ནས་ལུང་སྒྲུབ་ཐབས་ལག་ལེན་དང་བཅས་པ་གནང༌། བདེ་ བ་ཅན་དུ་བསྙུང་གནས་བརྒྱ་རྩ་གཅིག་མཛད་ནས་འགྲོ་གསུངས་པས། ད་དུང་འཕགས་པའི་ ཞལ་གཟིགས་གཟིགས་སྡོད་གསུང་ནས། ཡུན་རིང་སོང་བས་ཡར་ལ་འགྲོ་ཞུས་པས། ཁྱོད་ དང་གཞན་མི་འདྲ་བས་རེམ་ལ་བསྒྲུབས་གསུང་ངོ༌། །དེར་བཅག་མལ་མཛད་ནས་སུམ་ བརྒྱ་སོང་པའི་ཚེ། ཚེས་བཅོ་ལྔའི་དངོས་གཞིའི་ནུབ། ནམ་ཕྱེད་ཡོལ་བ་དང་ནང་ཐམས་ཅད་ འོད་ཀྱིས་སྐྱ་མེར་གང་འདུག མར་མེའི་འོད་དམ་ཡང་ན་མིག་འཁྲུལ་བ་ཡིན་ནམ་སྙམ་ནས་ གཟིགས་པས། མདུན་གྱི་ནམ་མཁའ་ན། འཕགས་པ་ཕྱག་སྟོང་སྤྱན་སྟོང་ལ་འཁོར་བཀའ་ གདམས་བརྒྱུད་པས་སྐོར་བ། ལྷ་དུ་མ་མཆོད་པ་འབུལ་བ་དང་བཅས་པ་ནམ་མཁའ་གང་བ་ གཟིགས་སོ། །དགའ་ཆེ་ན་ངུ་བྲོ་ཟེར་བའི་ཚུལ་དུ། འཕགས་པ་ཁྱེད་རང་གི་སྤྲུལ་པ་གཅིག་ ན་རེ། སྒྲུབ་གསུང་ནས་བསྒྲུབ་པ་ལ། ད་ལྟའི་བར་དུ་ཐུགས་རྗེས་མི་འཛིན་པར་ལས་ངན་པོ་ 4-1-354 བདག་གིས་ཅིས་ལན་ལགས་ཞུས་པས། ང་དག་ཁྱོད་རང་དང་སྐད་ཅིག་ཀྱང་འབྲལ་བ་མེད་ དེ། ངས་ཁྱོད་ལ་ལུང་བསྟན་པའི་དུས་སུ་ཁྱོད་རང་གི་རྣམ་པར་རྟོག་པ་ལ། འདི་རང་བདུད་ ཀྱི་སྤྲུལ་པ་ཡིན་ནམ་མིན་ནམ་བསམ་པ་གཅིག་བྱུང་པས་ལན། ད་ང་དང་ཁྱོད་ལ་འདུ་འབྲལ་ མེད་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གྱི་ཐུགས་དགོངས་ཐམས་ཅད། ང་ལ་ གདམས་པ་འདི། ཁྱོད་ཀྱིས་སེམས་ཅན་ཆེ་བ་དང་ཕྲད་པས། ཁྱེད་ཀྱིས་སྟོན་ལ། སྒོ་གསུམ་ དོན་དང་ལྡན་པར་གྱིས་ཤིག་གསུང་ནས། འོད་དཀར་པོ་དེས་མུས་ཀྱི་ལུང་པ་ཐམས་ཅད་ སྐྱ་བྱིལ་བྱུགས་སོ། །དེར་དགེས་ནས། ནང་པར་ཆོས་རྒྱལ་ཆེན་པོའི་དྲུང་དུ་ཕྱག་འཚལ་བས། བུ་མདང་སེམས་དགའ་ཡམ་གསུང༌། བདག་ནི་སེམས་སྤྲོས་པ་ལས་རྣམ་པར་གྲོལ་ཞུས་ པས། དེ་ལྟར་ལགས་པས། ད་གང་དགེས་པར་བཞུད་ལ་སེམས་ཅན་གྱི་དོན་མཛོད་གསུང་ངོ༌། །དེར་མུས་སུ་བྱོན་ནས་སྐུ་བསོད་ཆེན་པོ་བྱུང༌། ཟླ་རེ་ལ་བསྙུང་གནས་སྒྲུབ་པ་ཆེན་པོ་རེ་མཛད། ཕྱོགས་བཞིར་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་གསུང་སྒྲོགས་བཙུགས། བསོད་སྙོམས་ལ་ བརྟེན་པའི་དགེ་འདུན་སུམ་བརྒྱ་ཙམ་རེ་འདེགས་སོ། །དེའི་དུས་ལས་མི་འདི་བསོད་ནམས་ ཆེ་གསུང༌། ཡབ་ཡུམ་གཉིས་པོས་མཛད་ནས་གཞན་ལ་སྤུ་མི་གཏོང་ངོ༌། །དེ་ནས་འཕགས་ པ་རང་དུས་རྟག་ཏུ་མི་འབྲལ་བར་ལུས་དང་གྲིབ་མ་བཞིན་དུ་བཞུགས། དེ་ལ་སོགས་པ་ངོ་ མཚར་པའི་རྟགས་དང༌། བཀའ་གདམས་ཀྱི་རྣམ་ཐར་གཙང་མ་མཛད་ཅིང་། བསྙེན་པར་ རྫོགས་ནས་ལོ་དྲུག་ཅུ་ལོན། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་བཞེས་པ་ན། ནམ་འཐོངས་ཀྱི་ཟླ་ བ་ལ་དོན་ཞགས་ཀྱི་སྒྲུབ་པ་མཛད་པས། ལྷ་རྫས་ཀྱི་མེ་ཏོག་གི་ཆར་དཀྱིལ་འཁོར་ལ་མངོན་ སུམ་དུ་བབས་ཤིང་། སྒྲ་དང་འོད་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མའང་བྱུང་། གནས་རྟན་ བཅུ་དྲུག་གི་ཕྱག་མཆོད་མཛད་པས་མཚན་མོ་འཚོ་བའི་ཡོ་བྱད་ཕྲུག་ཉི་ཤུ་རྩ་ལྔ་དང་ལྡན་པའི་ དགེ་སློང་མང་པོའང་བྱོན། སྤྲེའུ་ཟླ་བའི་ཚེས་བརྒྱད་ལ་སངས་རྒྱས་སྨན་བླའི་ཞལ་གཟིགས། 4-1-355 གནོད་སྦྱིན་གྱི་སྡེ་དཔོན་རྣམས་ཀྱིས་ལྷའི་བདུད་རྩི་དྲངས་ཏེ་སྐྱེམས་པའི་གདུང་བ་བསལ། ཉེར་དགུའི་ཉིན་མོ་རིགས་གསུམ་མགོན་པོའི་ཞལ་གཟིགས། རྗེ་བཙུན་མའི་བསྐྱེད་རིམ་ལ་ བརྟན་པ་ཐོབ་པས། རྗེ་བཙུན་མའི་སྐུ་ལ་མར་སར་གྱི་བྱུག་པའང་བྱས་གསུང་ངོ༌། །ད་བྲེ་ ཟླ་བའི་ཚེས་གཉིས་ལ་ཆོས་ཉིད་ཀྱི་དབྱིངས་སུ་མཉམ་པར་བཞག་སྟེ། རླུང་མཉམ་དུ་འཇུག་ ཅིང་མཉམ་དུ་བཏང་པའི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ་སྐུ་འདའ་ཀར་ཉིན་མཚན་སྦྲེལ་བའི་ ཁ་བ་བབས་པའང་མེ་ཏོག་པད་མ་འདབ་བརྒྱད་ཀྱི་རྣམ་པར་བྱོན། སྐུ་གཤེགས་རྗེས་སུ། ལྷ་ རྣམས་ཀྱིས་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབས། ནམ་མཁའ་ལ་ འཇའ་དང་སྒྲའི་རྣམས་མང་པོའང་བྱུང༌། མ་འོངས་པ་མཁྱེན་པ་ནི་ཆོས་གཅིག་གསུང་པའི་ དུས་སུ་སྤྱན་ཟིམ་མཛད་ནས་སྐྱོན་ཆེ་གསུང༌། ཅི་གདའ་ཞུས་པས། ཀླེ་ལུང་ཚལ་གྱི་སྐོར་ཁ་ ན་ཡར་ལ་རྐྱང་ཐེང་པོ་གཅིག་འགྲོ་བ་དང༌། མུས་ཀྱི་ལུང་པ་འདི་ལ་འཇག་མ་འཕྱོ་བ། ངའི་ དགོན་པ་འདི་ལ་བུད་མེད་ཀྱི་ཞུད་ཏ་འཛུགས་པ་གཅིག་ད་ནས་ལོ་སུམ་བརྒྱ་ན་འོང་བ་འདུག་ གསུང༌། དེ་ཙ་ན་ངའི་ཆོས་འདི་སྒྲུབ་སླ་བ་ཡིན་པས་གྱིས་ཤིག་གསུང༌། ལས་ངན་སྡིག་པའི་ ཕྱགས་ཤིང་ཡིན་ཏེ། བྱེད་པ་ནི་ཉིན་མོའི་སྐར་མ་ཙམ་ཡིན་གསུང་ངོ༌། །མདོར་ན་དགྲ་བཅོམ་ པའི་རྣམ་པ་ལ་ངོ་བོ་སྤྱན་རས་གཟིགས་སུ་བཞུགས་པའི་བདག་ཉིད་གངས་ཅན་གྱི་བསྟན་པ་ གསལ་བར་མཛད་པས་ཐུབ་དབང་གཉིས་པར་ཡང་བཞུགས་སོ། །ད་ང་ཡང་འགྲོ་བས་ཁྱེད་ སློབ་མ་རྣམས་ཀྱང་ཆོས་འཕེལ་བ་སྐྱིད་པ་གྱིས་གསུང༌། དགེ་བཤེས་ཆགས་སྡང་ཅན་རྣམས་ དང་ང་ལ་འགྲན་ནས་སེམས་ཅན་གྱི་དོན་མཛད་དོ། །ང་ཤི་བའི་རོ་འདི་ཞག་བདུན་ཞོག ལེན་ མཁན་གཅིག་འཆིས་གསུང༌། ང་རང་ལ་རྒྱགས་ལྷག་གང་ཡོད་རྣམས་གཞན་དགེ་བ་ཙམ་ བྱ་མི་དགོས་བསྙུང་གནས་ལ་འཚོགས་པའི་མི་ལ་རབ་ཏུ་འབྱོར་བ་ཙམ་བྱུང་ན་གདན་རེ་ དྲོངས། མ་འབྱོར་ན་ཐོར་ཐུག་རེ་དྲོངས་གསུང༌། དེའང་མ་འབྱོར་ན་འོ་མ་དེ་ཀའང་ཐོབ། དེའང་ 4-1-356 མ་འབྱོར་ན་ཚ་སྤར་མོ་རེ་ཀམ་ཐོབ། དེའང་མ་འབྱོར་ན་ཆུ་དང་མེ་ཤིང་དུམ་རེ་ཀའི་འང་ཀ་རུ་ མ་གྱིས་དང༌། འཕགས་པའི་འདི་བསོད་ནམས་ཆེ་བར་ང་ལ་དངོས་སུ་ལུང་བསྟན་པ་ཡིན་ནོ། །མིའི་ཟེར་ལོ་མིན་ནོ། །ཁོང་རྫུན་མི་གསུང༌། ལར་ང་ལ་དགེ་རྩ་གཞན་མི་དགོས་ཏེ། མ་ཇོ་ ཆོས་སྐྱིད་གྱིས་བསྙུང་གནས་པའི་གདན་བསྣན་པས་བྱ་རོག་གིས་དུར་ཁྲོད་ནས་རུས་པ་ཁྱེར་ བ་རིང་བསྲེལ་དུ་སོང་བ་འདི་མ་མཐོང་ངམ་གསུང༌། ངས་ལས་དགེ་སྡིག་ཤེས་ནས་དིང་སང་ བར་ལ་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་སྐྱངས་པས་ཁྱེད་ཀྱིས་ཀྱང་གྱིས་ཤིག་གསུང༌། ཡར་གཟིམ་ ཁང་དུ་སླེབ་ནས་ཉེ་གནས་ཀྱིས་དགོངས་ཇ་འདྲེན་དུ་ཕྱིན་པས་ངོ་མཚར་བའི་རྟགས་མང་པོ་ དང་བཅས་ནས་གཤེགས་སོ། །དེ་ནས་ཞག་གསུམ་ན་ཁོང་དབུ་མཛད་རྣམས་མ་གསན་པར་ ལྟས་པས་གཟིམ་མདངས་མ་ཡལ་བར་བྱིས་པ་ལོ་བདུན་པ་ཙམ་དུ་སོང་འདུག །དེ་བཞུ་བས་ རིང་བསྲེལ་དང་ལྷ་སྐུ་ཆོས་སྐུ་ངོ་མཚར་བ་གཟི་བརྗིད་འབར་བ་དུ་མ་བྱོན་ནོ། །དེ་ལ་སོགས་ པ་རྣམ་ཐར་ཆེན་མོ་ན་ཡོད་པ་རྣམས་འདིར་མ་བྲིས་སོ། །གངས་རིས་སྐོར་བའི་བྱང་ཕྱོགས་ འདིར། །ཐུབ་བསྟན་ཉིན་མོར་རྒྱས་པར་མཛད། །བདག་སོགས་འགྲོ་བའི་གཉེན་གཅིག་པོ། །ཆུ་བཟང་པ་ཞེས་མཚན་གྲགས་སོ། །མཁན་ཆེན་ཆུ་བཟང་པའི་ཆེ་བའི་ཡོན་ཏན་ཁྱད་པར་ ཅུང་ཟད་སྨོས་པ་ཨི་ཐི།། །། དེས་བདག་ཅག་གི་འདྲེན་མཆོག་དམ་པ་འདུལ་བ་འཛིན་པ་ཆོས་རྗེ་གཉག་ཕུ་པ་བསོད་ ནམས་དབང་ཕྱུག་མགོན་ལ་གནང༌། བསོད་ནམས་ཡེ་ཤེས་ཚོགས་གཉིས་དམ་པ་ཡི། །དབང་ཕྱུག་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །མགོན་པོ་སྤྱན་རས་གཟིགས་དང་དབྱེར་ མེད་པའི། །དྲིན་ཅན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། བླ་མ་དམ་པ་འདིའི་རྣམ་ ཐར་ཅུང་ཟད་ནི། འཁྲུངས་ཡུལ་མུས་ཏ་ལོ་གླིང་སྐྱ་ཡིན་ལ། ཡབ་དཔོན་དགེ་འདུན་བཟང་ པོ། ཡུམ་དགེ་བསྙེན་མ་བསོད་ནམས་འདྲེན་ཞེས་བྱ་བ་ཡིན། སྲས་མིང་སྲིང་བཞི་ཡོད་པའི་ 4-1-357 ཆུང་ཤོས་སོ། །ཡུམ་ན་རེ་ངའི་བུ་གཉིས་པོ་འདི་ལ་དགེ་བའི་བཤེས་གཉེན་འདྲ་ཡོང་བ་ཡིན་ ནམ་རྨི་ལྟས་བཟང་པོ་འདྲ་ཡང་ཡང་བྱུང་ཟེར། དགུང་ལོ་ལྔ་པ་ལ་ཁོ་བོ་སྟོན་པ་དབང་བསོད་ ཞེས་བྱ་བ་ལ་དགེ་བསྙེན་མཛད། ཀློག་ཡིག་སྦྱངས། སྔོན་གྱི་སྐྱེ་བ་དྲན་པའི་མངོན་ཤེས་ཀྱང་ ཅུང་ཟད་མངའ་སྟེ། སྒྲུབ་པ་མོ་བསམ་གཏན་འབུམ་ཞེས་བྱ་བ་ལ་འུ་ཅག་རྒྱ་གར་ནས་ཡོང་ དུས་ངའི་ཡོན་བདག་མོ་པད་མ་བི་བྷུ་ཁྱོད་ཡིན་མོད་ཅེས་གསུང༌། དགུང་ལོ་བཅུ་གཅིག་པ་ ལ་མཁན་ཆེན་ཤཱཀྱ་མགོན་དང་སློབ་དཔོན་འོད་ཟེར་རྩེ་མོ་གཉིས་ལ་རབ་ཏུ་བྱུང་སྟེ། མཚན་ ཡང་བསོད་ནམས་དབང་ཕྱུག་མགོན་ཞེས་བཏགས་སོ། །ལོ་བཅུ་གསུམ་པ་ལ་མདོག་ལྷོད་དུ་ ཆོས་སློབ་ཏུ་བྱོན་ཏེ། མཁན་ཆེན་ཀུན་རྒྱལ་བ་དང་ཟུར་ཆོས་པ་ཞང་སྟོན་འགྱུར་མེད་དཔལ་ ལ་སོགས་པ་ལ། འདུལ་བ་མདོ་རྩ་བསླབས། ལེགས་པར་མཁྱེན། མུས་ཆེན་པའི་དྲུང་དུ་ བྱམས་པའི་ཆོས་ལྔ་ལ་སོགས་པ་ལ་སྦྱངས། སློབ་དཔོན་བྱང་སེང་ཞེས་བྱ་བ་ལ་རྣམ་ངེས་ བསླབས། སློབ་དཔོན་ཤེས་རབ་རལ་གྲི་ལ་རྣམ་འགྲེལ་དང་ས་སྡེའི་སྐོར་ཡང་ཞུས་ཤིང༌། དཔྱལ་ཐར་པ་ཡར་བཅད་ཀྱི་གྲྭ་སར་གྲྭ་སྐོར་ཡང་མཛད་གསུང༌། ནུབ་གཅིག་རྨི་ལམ་ན་ བུད་མེད་གཅིག་ན་རེ་ཁྱོད་ལ་ཚེ་ཞག་བདུན་ལས་མེད་ཟེར་བ་གཅིག་བྱུང༌། བློ་མ་བདེ་བར་ མཁན་ཆེན་ཆུ་བཟང་པ་ལ་ཞུས་པས། ཚེ་སྒྲུབ་ལ་བསྙུང་གནས་བཟང་གསུང་བྱས་པས་སྐུ་ ཚེ་བསྲིངས། བྱིན་རླབས་ཆེ་བར་བྱུང༌། སློབ་གཉེར་མཛད་པའི་ཚེ༌། འཚོ་བ་འཕོང་པར་བྱུང་ བས་རྣལ་ལམ་དུ་བུད་མེད་གཅིག་ན་རེ་རིགས་ཀྱི་བུ་སེར་སྣའི་བསམ་པ་དོར་དང་ཕོངས་པར་ ག་ལ་འགྱུར་ཞེས་གསུང༌། དེ་ནས་མཁན་ཆེན་ཆུ་བཟང་པའི་དྲུང་དུ་བསྙེན་པར་རྫོགས་པར་ མཛད་ཅིང༌། བཀའ་གདམས་ཀྱི་ཆོས་དང་སེམས་བསྐྱེད་གདམས་ངག་མང་དུ་གསན། མུས་ གླེ་ལུང་དུ་ཆོས་འཆད་ཟུར་ཆོས་པ་གྲོ་མོ་ཆའི་གདན་ས་ལོ་ལྔ་མཛད། ཆོས་རྗེ་ཉན་ཆེན་པའི་ དྲུང་དུ། ལམ་འབྲས་ཀྱི་སྐོར་དང་། དམ་པའི་ཆོས་སྐོར། དབང་དང་སེམས་བསྐྱེད་ཞུས། སློབ་ 4-1-358 དཔོན་གྲགས་ཚུལ་ལ་ཕྱི་ནང་གི་དཀྱིལ་འཁོར་སྒྲུབ་ཐབས་མང་དུ་ཞུས། ས་གའི་ཟླ་བ་ལ་ བསྙུང་གནས་ལོ་གསུམ་མཛད། གཡའ་འོད་རི་རུ་ཐུགས་དམ་ལའང་བརྩོན་པར་བཞུགས་ གསུང༌། དེར་རྗེས་ཡོན་བདག་རྣམས་ཀྱིས་གཉག་ཕུའི་དགོན་པ་བརྩིགས་ནས་ཕུལ། དེར་ བཞུགས་ནས་བསྟན་པའི་ཞབས་ཏོག་དང༌། ཆོས་སྤྱོད་སྒྲུབ་པ་འཕེལ་བར་མཛད་དོ། །རྩ་ བའི་བླ་མ་ནི། ཉན་ཆེན་པ། ཆུ་བཟང་པ། མུས་ཆེན་པ་རྒྱལ་མཚན་དཔལ་བཟང་པོ་གསུམ་ ཡིན་ཞིང༌། གཞན་ཡང་བླ་མ་བཞི་བཅུ་རྩ་གཉིས་ཀྱི་ཞབས་ལ་གཏུགས་ནས་བཀའ་བསྟན་ བཅོས་ལུང་མན་ངག དབང་སེམས་བསྐྱེད། འཁྲིད། ཕྱི་ནང་གི་ལས་ཚོགས་སོགས་མང་དུ་ ཞུས་ནས། བླ་མ་རྣམས་ལའང་། ལུས་ངག་གི་ཞབས་ཏོག་དང༌། ཟང་ཟིང་གི་དངོས་པོ་གང་ མཁོ་སྐྱོ་ངས་མེད་པ་ཕུལ་ཞིང༌། མོས་གུས་ཚད་མེད་མཛད། གདུལ་བྱར་གྱུར་པ་ཐམས་ཅད་ ལའང་། གང་ལ་ཇི་ལྟར་འོས་པའི་ཆོས་ཀྱི་འཁོར་ལོ་སྐོར་ནས་བསྟན་པ་དར་རྒྱས་སུ་མཛད་ དོ། །ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྲིན་ལས་དར་བར་བཞེད་ ནས། རང་ཉིད་ཀྱིས་ཐོག་མར་བསྙུང་གནས་ཁྲི་ཚོ་གཅིག་ཐོངས་པ་བྱ་དགོས་སྙམ་ནས། བླ་ མ་མུས་ཆེན་པ་ལ་གནང་པ་ཞུས་པས། དྲུང་པའི་གསུང་གིས་བསྙུང་གནས་ཁྲི་ཚོ་ཁྱོད་པས་ང་ འབྱོར་པ་ཆེ་སྟེ། ངས་ཀྱང་མ་འབྱོར་བློ་སྣ་མང་པོ་མ་བྱེད་གསུང༌། རང་འདུན་པ་རྩེ་གཅིག་ པ་འདི་འགྲུབ་ན་ཅི་མ་རུང་སྙམ་ནས་ཕག་ཏུ་བླ་མ་དང་འཕགས་པ་ལ་མཎྜལ་ཕུལ་ནས་གསོལ་ བ་བཏབ་དངོས་སུ་བསྙུང་གནས་བཙུགས་པས་སྟོང་ཕྲག་གཉིས་ཐོངས་པ་དང༌། ཆ་རྐྱེན་ རྣམས་ཐུང་སྦུད་སོང༌། དེར་བླ་མ་མད་པ་འདྲ། འཕྲོ་ལ་འདུས་པ་འདུག་སྙམ་པའི་ཐུགས་ཁྲལ་ ཡང་བྱུང་ཞིང༌། བློ་མི་བདེ་ཆུ་སེ་བ་ཞིག་ལ་གཟིམས་པས། རྨི་ལམ་དུ་བླ་བྲང་གི་པུ་ཤུའི་ཁ་ན་ མར་གོང་གི་རགས་ལྟེམ་པ་དང༌། ཚོམས་ནས་ཀྱིས་ཁེངས་འདུག་པ་དང༌། ཛཾ་དམར་གྱི་སྐུ་ གཅིག་གིས་དྲུང་དུ་གཏོར་མ་གཅིག་ཀྱང་ཕུལ་བ་རྨིས་ནས་རྣལ་སད་པ་དང༌། ཐུགས་དགེས་ 4-1-359 པ་གཅིག་བྱུང༌། འཕགས་པ་རང་གི་ཐུགས་རྗེས་འགྲུབ་པར་འདུག་དགོངས་ནས་གསོལ་ འདེབས་དོན་མཆོག་འགྲུབ་པ་ཞེས་བྱ་བ་མཛད། ནང་པར་ནས་གདན་སྣོན་བཟང་དུ་བཏང་ པས་ཟླ་བ་གཅིག་གི་ཁོངས་སུ་རྒྱ་འབུལ་བྱེད་པ་བཞི་བྱུང༌། གཞན་ཡང་འབུལ་བ་བྱེད་པ་མང་ དུ་བྱུང་ནས། ལོ་གསུམ་གྱི་ཁོངས་སུ་བསྙུང་གནས་དངོས་གཞི་ཁྲི་ཚོ་ཁ་སྐོང་སྟོང་ཕྲག་གཅིག་ དང་བཅས་པ་བར་ཆད་མེད་པརའགྲུབ་ནས། བརྒྱ་རྩ་རེ་ལ་འབུལ་བ་ཞོ་རེ། གཞན་ཡང་གང་ ལ་གང་འོས་ཀྱི་འབུལ་བ་གྱ་ནོམ་པ་མཛད། སྟོན་ཐོན་ལ་དགེ་འདུན་སྐྱེ་བོའི་ཚོགས་སྟོང་ཙམ་ ལ་སྟོན་མོ་བསྙེན་བཀུར་བཟང་པོ་མཛད་ནས། ཐུགས་དམ་གྱི་དགོངས་པ་མཐར་སོན་པར་ མཛད་དོ། །དེའི་དུས་སུ་རྣལ་ལམ་དུ་པོ་ཏ་ལ་ཡིན་ཟེར་བའི་ལུང་པ་སྤངས་རི་སེར་གདིངས་ སེ་བ། མེ་ཏོག་སྣ་ཚོགས་སྐྱེས་པ། དགའ་དགའ་ལྟར་སྣང་པའི་དབུས་ན། དཔལ་སྒོ་མང་ རིན་པོ་ཆེ་སྣ་ཚོགས་ཀྱི་ཟ་ར་ཚགས་བྱས་པ། དེའི་ནང་ན་འཕགས་པ་སྤྱན་རས་གཟིགས་ དང༌། གཞན་ཡང་ཞི་ཁྲོའི་ལྷ་སྐུ་མང་པོ་བཞུགས་པ་དང་མཇལ་བྱ་བ། སློབ་མ་དམ་ཚིག་ཅན་ འགའ་རེ་ལ་གསུང༌། ཡང་དགུན་གཅིག་མ་ནིའི་འཁྲིད་པ་མང་པོ་བྱུང་པའི་དུས་སུ། རྣལ་ལམ་ ན་གཙུག་ལག་ཁང་ཆེན་པོ་གཅིག་ན་ཇོ་བོ་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་བཞུགས་ འདུག་པ་དང་མཇལ། ཡི་གེ་དྲུག་མ་ཀེང་རུས་གྱི་རྣམ་པ་ཅན་ལམ་པ་གཅིག་གཟིགས་གསུང༌། ཡང་ནུབ་གཅིག ནུབ་བདེ་བ་ཅན་དུ་འགྲོ་ཡིན་འདུག་པས། ལམ་དུ་དགེ་སློང་མ་དཔལ་མོ་ ཡིན་ཟེར་བའི་བུད་མེད་མཛེས་མ་མང་པོས་མེ་ཏོག་ལ་སོགས་པའི་མཆོད་རྫས་མང་པོ་ཕུལ་ གསུང༌། དེར་རྗེས་མུས་མདོག་རྩང་གསུམ་འཇད་ལ་སོགས་པ་འབྲེལ་ཡོད་ཀྱི་བུ་སློབ་ཡོན་ བདག་མང་པོ་ལ་བསྙུང་གནས་ཕོག་ནས་ཐུགས་རྗེ་ཆེན་པོའི་ཕྲིན་ལས་དར་བར་མཛོད་དོ། །ཕྱག་རྫས་ཀྱི་དངོས་པོ་འབུལ་བ་བྱུང་པ་ཐམས་ཅད་ལ་ཡང་ཇོ་གདན་ཚོགས་པ་འདེགས་པ་ ཡུམ་ལ་བརྒྱ་ཚར། འཇམ་དཔལ་དང༌། སྒྲོལ་མ་འབུམ་གཏེར། སྨན་ཞགས་སྒྲོལ་གསུམ་གྱི་ 4-1-360 སྒྲུབ་མཆོད། དགེ་འདུན་བསྙེན་སྐུར། སྐྱེ་བོའི་སྦྱིན་གཏོང༌། མཆོད་རྟེན་བཞེངས་པ། ལམ་ འཕྲང་འཆོས་པ་ལ་སོགས་པ། དགེ་བ་རླབས་ཆེན་ཡང་དང་ཡང་དུ་མཛད་ལ། ཁྱད་པར་དུ་ལོ་ རེ་ལ། ཐུགས་དམ་ཞལ་ཕོར་ཚུན་ཆད་སྤོང་དག་མཛད་པའི་དམ་བཅའ་མཛད་དོ། །མདོར་ན་ སྤྱན་རས་གཟིགས་དབང་ཕྱུག་དང་ཐ་དད་མེད་པར་བཞུགས་པའི་སྐྱེས་བུ་དམ་པ་འདི་ཉིད་ རེ་ཞིག་བོ་དོང་དུ་བྱོན་དུས་ཨེ་པའི་དབོན་མོ་ན་རེ། མདང་ཟླ་བ་གསུམ་ཤར་བ་རྨི་སྟེ་བླ་མ་ འབྱོན་པའི་སྔ་ལྟས་སུ་འདུག་བྱ་བ་དང༌། ནགས་རྒྱལ་ལྷ་ཆུའི་སྒྲུབ་པ་མོ་ཞིག་ན་རེ།ཐུ གས་ རྗེ་ཆེན་པོ་འབྱོན་པ་ལ་མཇལ་དུ་འོང་པ་ཡིན་ཟེར་སྤོས་རེང་ཁྱེར། ཌཱ་མ་རུ་འཁྲོལ་གྱིན་བྱུང་ བ་དང༌། ནགས་ཕུག་ཏུ་བྱོན་དུས། ཤིང་ཐུ་བའི་བུ་མོ་མང་པོ་གཅིག་འདུག་པའི་ནང་ནས་བུ་ མོ་གཅིག་ན་རེ། ཐུགས་རྗེ་ཆེན་པོ་བྱོན་བྱུང་། རེ་འགའ་ཐམས་ཅད་ཕྱག་འཚོལ་ཟེར་བ་དང༌། ཉན་པོར། ཆོས་རྗེ་ཉན་ཆེན་པའི་དུས་མཆོད་གཏོང་དུ་བྱོན་དུས། སྒྲུབ་པ་མོ་ཞིག་ན་རེ། བླ་ མ་གཉག་ཕུ་བ་ཡིན་ཟེར་བ་ཞལ་བཅུ་གཅིག་པ་མཁར་བསིལ་ལྷུང་བཟེད་རྣམ་པ་གཅིག་བྱོན་ པ་རྨི་ཟེར་བ་དང༌། གཉག་ཕུར་ཡང་དུས་སྒྲུབ་མཛད་པའི་དུས་སུ། གང་ཟག་ལས་སད་པ་ འགའ་རེའི་མཐོང་སྣང་ལ། བླ་མ་ཐུགས་རྗེ་ཆེན་པོར་མཐོང་པ་དང༌། མེ་ཏོག་གི་ཆར་འབེབས་ པ་དང༌། མི་མ་ཡིན་མང་པོས་སྐོར་བ་བྱེད་པ། མཆོད་པ་འབུལ་བ་ལ་སོགས་པའི་བྱུང་ཚུལ་ ལོ་རྒྱུས་མང་དུ་ཡོད་དོ། །ཡང་བླ་མ་འདི་ཉིད་ལ་མངོན་པར་རྟོགས་པའི་ཡོན་ཏན་ཕལ་ཆེར་ བུམ་ནང་གི་མར་མེ་བཞིན་རྟག་ཏུ་སྦ་བ་གཙོ་བོར་མཛད་དོ། །དབུ་རྒྱན་ནས་མཁའ་འགྲོ་མའི་ གཙོ་མོ་བཅུ་བཞི་བྱོན་ནས་དགེ་བསྙེན་མ་ཞུས། གསང་མཚན་སྒྲག་ཏུ་མི་འདོད། ཁྱེད་སློབ་ མ་འགའ་རེས་གཏོར་མ་རེ་ཙམ་ཕུལ་གསུང༌། སྐུ་འབུམ་རྣམ་རྒྱལ་དུ་དབྱར་བཞུགས་གཅིག་ བཞུགས་པས། གུར་མགོན་གྱི་ཞལ་གཟིགས་ཤིང༌། ཆོས་སྐྱོང་ཤིན་ཏུ་བགོ་བའི་གཏམ་རྒྱུད་ ཡང་ཡོད། སྐུ་ཚེའི་གཞུག་ལ་ཡང་དགེ་འདུན་མང་དུ་གདན་དྲངས་ནས་དོན་ཞགས་དང་བཅུ་ 4-1-361 གཅིག་ཞལ་གྱི་སྒྲུབ་པ་ཆེན་མོ་ཡང་མཛད། དགུང་ལོ་དྲུག་ཅུ་རེ་བརྒྱད་བཞེས་ནས་བསྙུང་ པའི་ཚུལ་བསྟན་ཏེ། ད་ནི་ང་མི་སྡོད་འགྲོ་བར་འདུག བུད་མེད་དམར་མོ་མང་པོས་ཁྲི་མཐོན་ པོ་བརྩིགས་ནས་དེ་ལ་བསྡད་པ་དང༌། སངས་རྒྱས་ཀྱི་ཞིང་ཁམས་མང་པོ་མཐོང་བ་དང༌། བླ་ བྲང་ཞིག་པ་དང༌། བུད་མེད་མང་པོ་ལ་ཉུངས་དཀར་རྩོངས་པ་དང༌། དགེ་འདུན་མང་པོས་ སེར་ཕྲེང་བྱས་ནས་བསུ་བ་བྱེད་པ་དང༌། གསེར་གྱི་སྐས་རིང་པོ་ལ་འཛེགས་པ་ལ་སོགས་ རྨིས། ཡང་སྤོང་དག་གྱིས་གསུང་ནས། སྤོང་དག་རྣམ་དག་མཛད། ང་འཆི་བའི་ཚེ་ལུས་ལ་ སྣམ་སྦྱར་སྐོན། གཡས་སུ་མཁར་བསིལ། གཡོན་དུ་ལྷུང་བཟེད་ཞོག་ལ། དབྱངས་ཀྱི་ང་རོ་ དང་བཅས་པ་གྱིས་གསུང་ནས། ཕག་ལོ་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ཐོ་རངས་བདེ་བ་ཆེན་པོའི་ དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནོ། ། དེར་དྲུང་ན་ཡོད་པའི་དགེ་བའི་བཤེས་ གཉེན་རྣམས་ཀྱིས། སྤུར་ལ་ཞག་བཅུ་དྲུག སྤུར་ཁང་ལ་ཟླ་བ་གཅིག གདུང་ཁང་ལ་ཟླ་བ་ བཞི་གསོལ་བ་བཏབ། སྤུར་འཇུ་བའི་དུས་སུ་དུད་པ་རྣམས་འཇའ་ཚོན་སྣ་ལྔ། ནམ་མཁའ་ ལ་སྤྲིན་ཐམས་ཅད་ཀྱང་འཇའ་ཚོན་སྣ་ལྔའི་རྣམ་པ་དང༌། རིན་པོ་ཆེ་འབར་བ་དང༌། གདུགས་ དང་རྒྱལ་མཚན། བ་དན་མེ་ཏོག་ཕྲེང་པ་དང༌། ཉི་མ་དང་ཟླ་བའི་རྣམ་པ་ལྟ་བུ། ངོ་མཚར་ བའི་ལྟས་ཁྱད་པར་ཅན་མང་པོ་དང༌། བྱང་ཆུབ་ཀྱི་ཐུགས་འབྱོངས་པའི་རྟགས་སུ་ཐུགས་མ་ ཚིག་པར་བྱོན། གདུལ་བྱ་ལ་ཆོས་ཕྱིན་ཅི་མ་ལོག་པར་བསྟན་པ་དང༌། བདེན་པའི་ཚིག་ཀུན་ ཏུ་སྤྱད་པ་དང༌། གཟུང་སྔགས་ཀྱི་བཟླས་པ་མཐར་ཕྱིན་པར་མཛད་པས་ལྗགས་མ་ཚིག་པར་ བྱོན། འདི་དག་ད་ལྟ་ནང་རྟེན་ན་བཞུགས་ཤིང་ཟླ་མཆོད་དུས་མཆོད་ཀྱིས་དུས་སུ་འཇའ་འོད་ སོགས་ངོ་མཚར་བའི་ལྟས་བྱུང་བས། ཚེས་གྲངས་འཇོལ་བ་བྱུང་ནའང་འཇའ་འོད་སོགས་ ཀྱིས་དུས་རྟགས་སྟོན་པ་ཡོད་ལགས། ཆོས་ཀྱི་རྗེ་དེ་ཉིད་ལ་བདག་གིས་ཐོབ་ཅིང་བླ་མ་གོང་ མ་རྣམས་ཀྱི་རྣམ་པར་ཐར་པ་མདོར་བསྡུས་པ་འདི་ནི་སྐྱེས་བུ་ཆེན་པོ་དེ་རྣམས་ཀྱི་རྣམ་པར་ 4-1-362 ཐར་པའི་ཡི་གེ་ཁ་འཐོར་བ་རྣམས་ལས་བསྡུས་ནས། ཕྱོགས་གཅིག་ཏུ་བསྡུས་ཏེ༌། ཇོ་གདན་ བསོད་ནམས་བཟང་པོས་ཡི་གེར་བཀོད་པའོ། །སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་ གྱུར་ཅིག །ཤུབྷཾ། དགེའོ། །ཞུས། མ་ཡིག་འབྲས་དཔེ་རྙིང་གདོང་རྟགས་མི་གསལ་བ་གཅིག་དང་། ཡང་གདོང་རྟགས་༼ཕྱི་ར་༤༤༽ཅན་གཉིས་བསྡུར་ཡོད། 4-1-363 ༄༅། །བསྙུང་བར་གནས་པའི་ཆོ་ག་དེ་ཉིད་བཅུ་དྲུག་དགེ་སློང་མ་དཔལ་མོའི་ ལུགས་ཇོ་གདན་བསོད་ནམས་བཟང་པོའི་ མཛད་པ་བཞུགས་སོ། ། ༄༅། །བླ་མ་དང་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་ཐབས་བསྙུང་པར་གནས་པའི་ཆོ་ག དགེ་ སློང་མ་དཔལ་མོའི་གཞུང་དང་། བླ་མའི་ཕྱག་ལེན་བཞིན་ཉམས་སུ་ལེན་པ་ལ། ཐོག་མར་ས་ གའི་ཟླ་བ་ནས་འགོ་རྩོམ་པ་བྱུང་ན་རབ། དུས་གཞན་ལ་ཡང་རུང་བས། དང་པོར་གནས་ཁང་ བྱི་དོར་བྱས་པར། རྟེན་གྱི་དྲུང་དུ། དཀྱིལ་འཁོར་པད་མ་འབད་བརྒྱད། ལྟེ་བ་དམར། ཤར་ སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་། མཚམས་མཛེས་ཚོན་དུ་བྱས་པའི་མཐར་མཆོད་ཡོན་ དང་། ཞབས་བསིལ་ལ་སོགས་པ་ཅི་འབྱོར་དང་། དཀར་གཏོར་གསུམ་བཤམས། བུམ་པ། ༀ་ ཨ་མྲྀ་ཏ་ཨུཏྦྷ་ཝ་ཨུཏྦྷ་ཝ་ཧཱུཾ་ཕཊ། ཅེས་པས་བསངས་ཆུ་གཙང་མས་སུམ་གཉིས་ཙམ་བཀང་ ལ། དྲི་ལྔ། སྨན་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ་སྟེ་བུམ་རྫས་གང་འབྱོར་གཞུག འོ་མ་ཅན་གྱི་ ཤིང་གིས་ཁ་བརྒྱན། རས་ཁ་ཚར་མ་ཉམས་པའི་མགུལ་ཆིངས་དང་བཅས་པ། དཀྱིལ་འཁོར་ གྱིས་མདུན་ངོས་སུ། མེ་ཏོག་གི་ཚོམ་བུའམ་པད་འདབ་བྲིས་པ་ལ་དགོད། དེ་ནས་དེ་ཉིད་བཅུ་ དྲུག་བཞིན་ཉམས་སུ་ལེན་པ་ལ། དེའི་སྡོམ་ནི། ཁྲུས་དང་གསོ་སྦྱོང་ཚོགས་ཤིང་མཆོད། །སྡིག་ བཤགས་ཚུལ་ཁྲིམས་རྣམ་དག་གཟུངས། །བདག་བསྐྱེད་བསྒོམ་ཞིང་སྙིང་པོ་བཟླས། །མདུན་ བསྐྱེད་བསྒོམ་ཞིང་གཟུངས་རིང་འདོན། །མཆོད་བསྟོད་གསོལ་གདབ་གཏོར་མ་གཏང་། །ཁྲུས་ 4-1-364 གསོལ་བསྔོ་བ་བཟོད་གསོལ་བྱ། །ཁྲུས་བྱས་དཀྱིལ་འཁོར་ཉེར་བསྡུས་ཏེ། །དེ་ཉིད་བཅུ་དྲུག་ བཞིན་དུ་བྱ། །ཞེས་པའི་དང་པོ་ཁྲུས་ཀྱི་དེ་ཉིད་ནི། སྔ་དྲོ་ལག་ཡིག་མཐོང་བ་ན་ཁྲུས་བྱའོ། ། གཉིས་པ་གསོ་སྦྱོང་གི་དེ་ཉིད་ནི། དང་པོ་བླ་མའི་དྲུང་དུ་ལེན། དེ་ནས་རྟེན་གྱི་དྲུང་དུ་ ལེན་པ་ན་ཡང་། ཕྱག་འཚལ་ལ། མཎྜལ་ལན་གསུམ་འབུལ་བའི་དང་པོ་ནི། ༀ་བཛྲ་བྷུ་མེ་ ཨཱཿཧཱུྃ། དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ་ཕྱི་ལྕགས་རིའི་ཁོར་ཡུག་གིས་ བསྐོར་བ། ཧཱུཾ་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་ སུམ་ཚོགས་པ་མ་ཚང་བ་མེད་པ་འདི་སངས་རྒྱས་དཀོན་མཆོག་གི་ངོ་བོ་བླ་མ་དང་འཕགས་པ་ ཐ་མི་དད་པ་ལ་འབུལ་ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་ བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་དང་། དེ་བཞིན་དུ་གཉིས་པ་ཆོས་དཀོན་མཆོག་གི་ངོ་བོ་ གཟུངས་སྔགས་རྣམས་ལ། གསུམ་པ་དགེ་འདུན་དཀོན་མཆོག་གི་ངོ་བོ་འཁོར་གྱི་ལྷ་རྣམས་ལ་ འབུལ་ལོ། །ཐུགས་རྗེས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ པ་དང་། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ལེགས་པར་ བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་ པར་ཤོག །ཅེས་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་ལ་ཕྱག་ འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ་བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། 4-1-365 ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་ དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་ཕན་པར་བྱ་བའི་ཕྱིར་དང་། གྲོལ་ བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་མཛད་པ་དེ་ བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་ ། ཕན་པར་བྱ་བའི་ཕྱིར་དང་། གྲོལ་བར་བྱ་བའི་ཕྱིར་དང་། མུ་གེ་མེད་པར་བྱ་བའི་ཕྱིར་དང་ ། ནད་མེད་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ བྱ་བའི་ཕྱིར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་ བའི་ཕྱིར། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ ཡང་དག་པར་བླང་བར་བགྱིའོ། །ཞེས་ལན་གསུམ་དང་། དེང་ནས་སྲོག་གཅོད་མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་ མི་སྤྱད་ཅིང་། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་ སུ་སྤོང་བར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་ བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་ གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་མྱུར་ ཐོབ་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་སྒྲོལ་བར་ ཤོག །ཅེས་ཀྱང་ལན་གསུམ་བརྗོད་ནས། ༀ་ཨ་མོ་གྷ་ཤཱི་ལ། སམྦྷ་ར་སམྦྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥཱི་ཏ་བྷུ་ཛ། དྷ་ར་དྷ་ར། ས་མནྟ། ཨ་ཝ་ལོ་ཀེ་ཏེ་ཧཱུྃ་ཕཊ་སྭཱཧཱ། ཞེས་པ་དང་། ༀ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ། ཨ་ 4-1-366 མོ་གྷ་པ་ཤ། ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུྃ་ཕཊ་སྭཱཧཱ། ཞེས་ཉེར་གཅིག་རེ་བཟླས་ཤིང་། སེམས་ཅན་ ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཏིང་ངེ་འཛིན་ གྱི། ཤེས་རབ་ཀྱི། རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག རྣམ་པར་ གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཁྲིམས་ཀྱི་ཚུལ་ ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་བརྗོད། དེ་ནས། ༀ་བཛྲ་ཡཀྵ་ཧཱུྃ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་ཤུདྡྷོ་ཧྃ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་ པའི་གཞལ་ཡས་ཁང་མཚན་ཉིད་དང་ལྡན་པའི་དབུས་སུ། བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ཀྱི་མཆོད་ཡོད། ཞབས་ བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་ མཆོད་རྫས་རྣམས་བཟང་ཞིང་རྒྱ་ཆེ་བ། དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་ བཟང་པོའི་རྣམ་པར་འཕྲུལ་པ་ལས་བྱུང་བའི་མཆོད་སྤྲིན་ལྟ་བུ་བསམ་གྱིས་མི་ཁྱབ་པ་དང་ ལྡན་པར་གྱུར། ༀ་ཨརྒྷཾ་སྭཱཧཱ། ༀ་པ་དྱཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་ བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནེ་ཝི་ཏྱ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་སོ་ སོའི་ཕྱག་རྒྱ་དང་བཅས་པ་བྱ། ༀ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ ཏྲ། པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སམྦྷ་ཝེ། བཛྲ་དྷརྨཱ་ཧྲི་ད་ཡ་སནྟྭ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོཿཧོཿཨ་ ཁཾ་སྭཱཧཱ། ཞེས་རོལ་མོས་བྱིན་དབབ། གསུམ་པ་ཚོགས་ཞིང་མཆོད་པའི་དེ་ཉིད་ནི། ཕ་མས་གཙོ་བྱས་མཁའ་མཉམ་སེམས་ཅན་ ཐམས་ཅད། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་ 4-1-367 སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་ སྐྱབས་སུ་མཆིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་རྣམས་ལ་སྐྱབས་ སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་ མཆིའོ། །ཞེས་ལན་གསུམ་དང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་ མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། ། འགྲོ་ལ་ཕན་ཕྱིར་སངས་ རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་དང་། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་ བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག ། སངས་རྒྱས་མདུན་དུ་གནས་བགྱིས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། དེའི་ཕྱིར་དུ་ འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་པ་ཉམས་སུ་བླངས། རང་སྐད་ཅིག་གིས་ཐུགས་རྗེ་ཆེན་ པོར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོ། དེ་ལས་འོད་འཕྲོས། མདུན་ གྱི་ནམ་མཁར་རིན་པོ་ཆེ་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། པདྨ་འདབ་མ་ འབུམ་དང་ལྡན་པའི་ལྟེ་བར་ཟླ་བའི་གདན་ལ། བླ་མ་དང་འཕགས་པ་ཐ་མི་དད་པ། ཕྱོགས་ བཞིའི་པད་འདབ་ལ། རྒྱལ་བ་རིགས་བཞི། དེ་རྣམས་ལ་འཁོར་ཤར་དུ་སེང་གེ་སྒྲ་དཀར་པོ། ༀ་ཧྲཱིཿསིང་ཧ་ན་དྷི་ཧཱུཾ་ཕཊ། ལྷོ་རུ་ཡིད་བཞིན་ནོར་བུ་གསེར་གྱི་མདོག་ཅན། ༀ་པདྨ་མཧཱ་ཌ་ དྷ་ཀེ་ཧཱུཾ་ཕཊ། ནུབ་ཏུ་པདྨ་གར་དབང་པདྨ་རཱ་གའི་མདོག་ཅན། ༀ་པདྨ་ནིརྟེ་ཤྭ་ར་ཧྲཱིཿཧཱུཾ་ཕཊ། བྱང་དུ་ཐུགས་རྗེ་མི་ཤོལ་བ་མར་གད་མདོག་ཅན། ༀ་རཏྣ་གྲ་ཨ་པྲ་ཏི་ཧ་ཏ་ཧཱུཾ་ཕཊ། བྱང་ཤར་ 4-1-368 དུ་དོན་ཡོད་ཞགས་པ་ཤེལ་གྱི་མདོག་ཅན། ༀ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པ་ཤ་ཨ་པྲ་ཏི་ཧ་ཏ་ ཧྲཱིཿཧ་ཧཱུཾ་ཕཊ་སྭཱཧཱ། ཤར་ལྷོ ར་ཧ་ལ་ཧ་ལ་བུ་ཤ་ཀ་རའི་མདོག་ཅན། ༀཧ་ལ་ཧ་ལ་ཧྲཱིཾ་པདྨ་གརྦ་ ཧཱུཾ་ཕཊ་སྭཱཧཱ། ལྷོ་ནུབ་ཏུ་པད་མ་རྒྱན་ཟངས་ཞུན་མདོག་ཅན། ༀ་པདྨ་ཨ་ལངྐ་ར་ཧཱུཾ་ཕཊ་སྭཱཧཱ། ནུབ་བྱང་དུ་རྡོ་རྗེ་ཆོས་དབང་ཕྱུག་ནོར་བུ་སྤུག་གི་མདོག་ཅན། ༀ་བཛྲ་དྷརྨཱེ་ཤ་ར་ཧཱུཾ་སྭཱཧཱ། སྟེང་དུ་ཧ་རི་ཧ་རི་ལ་ཞོན་པ་ཨིནྡྲ་ནཱི་ལའི་མདོག་ཅན། ༀ་བྷྲུཾ་ཧྲཱི་ཧ་ཧཱུཾ་སྭཱཧཱ། འོག་ཏུ་མགྲིན་པ་ སྔོན་པོ་ཨིནྡྲ་སྙིལ་གྱི་མདོག་ཅན། ༀ་མ་ཎི་པདྨེ་ཧཱུཾ། ཞེས་པ་རྣམས་དང་། གཞན་ཡང་བླ་མ་ཡི་ དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་ པས་སྤྱན་དྲངས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་ གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ བལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་རྫོགས། །བླ་མའི་སྐུ་ལ་ཕྱག་འཚལ་ ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ རི་དྭགས་སྐྲག་མཛད་པའི། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་ འདྲ། །བདེ་གསལ་མི་རྟོག་སྟོང་པའི་ངང་། །རྣམ་ཐར་གསུམ་ལ་ལེགས་གནས་པའི། །བླ་མའི་ ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་ གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བ་སྲས་བཅས་ ཐམས་ཅད་ཀྱི། །དྲི་མེད་ཐུགས་རྗེ་མཐའ་དག་གཅིག་བསྡུས་ཤིང་། །ཁམས་གསུམ་འགྲོ་བ་ ཀུན་གྱི་མགོན་གཅིག་པོ། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཌཱ་ཀའི་གཙོ་ མོ་ལཀྵྨི་ཀ་རའི་ཞབས། །ལྔ་རིག་པཎ་ཆེན་ཟླ་བ་གཞོན་ནུ་དང་། །ཡེ་ཤེས་སྤྱན་ལྡན་ཡེ་ཤེས་ བཟང་པོ་སྟེ། །འཕགས་མཆོག་གྲུབ་ཆེན་གསུམ་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ 4-1-369 ཀྱིས་རྗེས་བཟུང་པེ་ཉ་བ། །བྱང་སེམས་ཆེན་པོ་ཟླ་བ་རྒྱལ་མཚན་དང་། །གྲུབ་པ་མཆོག་ཐོབ་ རྒྱལ་སྲས་ཉིང་ཕུག་པ། །འཕགས་པའི་རྣམ་འཕྲུལ་གསུམ་ལ་ཕྱག་འཚལ་ལོ། །དངོས་འཛིན་ འཁྲུལ་ཞིག་རྡོ་རྗེ་རྒྱལ་པོ་དང་། །བདུད་བཞིའི་དགྲ་བཅོམ་ཞང་སྟོན་སྒྲ་འཇིགས་ཞབས། །བསླབ་གསུམ་དྲི་མེད་རྩི་འདུལ་ཆེན་པོ་སྟེ། །འཕགས་ནོར་བདུན་ལྡན་གསུམ་ལ་ཕྱག་འཚལ་ ལོ། །བྱམས་དང་ཐུགས་རྗེའི་བདག་ཉིད་མདོག་ལོད་པ། །ཟག་མེད་བདེ་ཆེན་དཔལ་འབར་ ཆུ་བཟང་པ། །སྲིད་ཞིའི་འཆིང་ལས་རྣམ་གྲོལ་གཉག་ཆེན་པ། །འཕགས་ལམ་མངའ་བརྙེས་ གསུམ་ལ་ཕྱག་འཚལ་ལོ། །ལེགས་སྤྱད་བསོད་ནམས་དཀར་པོའི་སྐྱེད་ཚལ་དུ། །མི་འགྱུར་ བདེ་ཆེན་སྦྲང་རྩིའི་རོས་གང་བའི། །སྟོང་ཉིད་པདྨའི་ལང་ཚོ་རྒྱས་པ་ཅན། །འཕྲིན་ལས་ བཟང་པོའི་དྲི་བསུང་འཕྲོ་ལ་འདུད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་ པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་གཞི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བའི་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་ དོན་དམ་མཆོག་གྱུར་པའི། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་ སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ ཡང་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབས། །འཁོར་བ་ འཇིགས་དང་གསེར་ཐུབ་འོད་སྲུང་དང་། །ཤཱཀྱ་ཐུབ་པ་གཽ་ཏམ་ལྷ་ཡི་ལྷ། །སངས་རྒྱས་དཔའ་ བོ་བདུན་ལ་ཕྱག་འཚལ་ལོ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ ཚེ་ན་ཡང་མཆེད་གྱུར་ལ། །སྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་ སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །འགྲོ་བ་ཉོན་མོངས་དུག་གིས་གཟིར་བ་ལ། །ཐུགས་ རྗེས་དུག་སེལ་སྨན་མཆོག་བདུད་རྩི་ནི། །སྨོན་ལམ་ཆེན་པོ་འགྲུབ་པར་གྱུར་པ་ཡི། །བདེ་ གཤེགས་འཁོར་དང་བཅས་ལ་ཕྱལ་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ 4-1-370 ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་ མཆིས། །མཉམ་མེད་མཁྱེན་ཆེན་ཁྱེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་ གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་པ་ལ་ཕྱག་འཚལ། །དུས་གསུམ་བདེ་ བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་ མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་སྐལ་པ་བཟང་པོ་སངས་རྒྱས་ སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་ རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་ མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱེ་བྲག་བཅུ་གཅིག་ཞལ། །རྩ་བའི་ཞལ་ནི་དཀར་པོ་མཛེས། །ལྗང་དང་དམར་བ་གཡས་དང་གཡོན། །ཞི་བའི་ཞལ་ལ་ ཕྱག་འཚལ་ལོ། །དབུས་ལྗང་གཡས་དམར་གཡོན་དཀར་ཞལ། །དབུས་དམར་གཡས་དཀར་ གཡོན་ཞལ་ལྗང་། །སྤྱན་དཀྱུས་རིང་ཞིང་ཞལ་ཕྲ་བ། །འཛུམ་བཅས་བཞུགས་ལ་ཕྱག་འཚལ་ ལོ། །ཁྲོ་ཞལ་ནག་པོ་སྤྱན་གསུམ་པ། །སྐྲ་བརྫེས་མཆེ་གཙིགས་སྨྲ་ར་སེར། །སྟེང་ཞལ་དམར་ པོ་གཙུག་ཏོར་ཅན། །བཅུ་གཅིག་ཞལ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ཐུགས་ཆུད་ཐུགས་ཀར་ ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་མི་ཆད་པའི་བགྲང་ཕྲེང་བསྣམས། །ཡི་དྭགས་བཀྲེས་སྐོམ་ སེལ་བའི་མཆོག་སྦྱིན་མཛད། །ཕྱག་གཡས་འཁོར་ལོ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་ བའི་འདམ་གྱིས་མ་གོས་པདྨ་བསྣམས། །རིལ་བ་སྤྱི་བླུགས་ཉོན་མོངས་དྲི་མ་འཁྲུད། །ཐབས་ 4-1-371 དང་ཤེས་རབ་གཉིས་མེད་མདའ་གཞུ་འཛིན། །རྣམ་ཐར་བརྒྱད་ལྡན་ཁྱོད་ལ་ཕྱག་འཚལ་ལོ། ། རྒྱན་ལྔས་ཀུན་ནས་རབ་ཏུ་མུན་སེལ་ཞིང་། །སྐུ་མདོག་དཀར་གསལ་རི་དྭགས་ལྤགས་པ་ འཛིན། །གཞོན་ནུ་ལང་ཚོ་ལྡན་པ་འཛུམ་བཅས་བཞུགས། །འགྲོ་བའི་སྡུག་བསྔལ་སེལ་ལ་ ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་ བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །འཕགས་པ་སེང་གེ་སྒྲ་དང་ཡིད་བཞིན་ནོར། །པདྨ་གར་དབང་ཐུགས་རྗེ་མི་ཤོལ་དང་། །དོན་ཡོད་ཞགས་དང་ཧ་ལ་ཧ་ལ་སྟེ། །སྤྱན་རས་ གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །པདྨ་རྒྱན་དང་རྡོ་རྗེ་ཆོས་དབང་ཕྱུག །ཧ་རི་ཧ་རི་ ལ་ཞོན་མགྲིན་སྔོན་ཏེ། །ཕྱོགས་བཅུར་བཞུགས་པའི་འཕགས་པ་ཐུགས་རྗེ་ཅན། །སྤྱན་རས་ གཟིགས་དབང་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་བླ་མ་འོད་ཀྱི་ཏོག །དེ་བཞིན་སྨོན་ལམ་ བློ་གྲོས་དང་། །དབང་པོ་ཞི་དང་འཇམ་དབྱངས་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་ མཁའི་སྙིང་པོ་བྱམས་པ་ཀུན་བཟང་སོགས། །བྱང་སེམས་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ཅོད་པཎ་གྱིས། ། ཞབས་ཀྱི་པདྨོ་ལ་བཏུད་ཅིང་། །ཕོངས་པ་ཀུན་ལས་སྒྲོལ་ མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །གཙང་ རིས་མགོན་པོ་འཁོར་དང་བཅས། །མགོན་པོ་ལྕམ་དྲལ་ལ་སོགས་པའི། །ཆོས་སྐྱོང་རྣམས་ལ་ ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་ བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་ བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་ དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ 4-1-372 ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་ སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་ དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་ པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་ པའི་བར་གྱི་ཕྱག་བྱས་ལ། མཆོད་པ་འབུལ་བ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་དང་། ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་པུཥྤེ་པཱུ་ ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ། ཞེས་པ་དང་། དེ་བཞིན་དུ་སྔགས་ཀྱི་འགོ་མཇུག་ གཉིས་པོ་འོག་མ་རྣམས་ལ་ཡང་སྦྱར་ལ། བཛྲ་དྷུ་པེ། བཛྲ་ཨཱ་ལོ་ཀེ། བཛྲ་གྷནྡྷེ། བཛྲ་ནེ་ཝེ་ ཏྱ། བཛྲ་ཤཔྟ། ཞེས་པའི་བར་དང་། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་ དང་བྱུགས་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་ དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་ རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་ དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གི། །རྒྱལ་བ་ཀུན་ལ་ཕྱག་འཚལ་ མཆོད་པར་བགྱི། །ཞེས་པ་དང་། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །རིན་ཆེན་ མེ་ཏོག་ལ་སོགས་མཆོད་པའི་ཚོགས། །ནམ་མཁའ་ཁྱབ་པར་སེམས་ཀྱི་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །ཅེས་བརྗོད་ལ། མཎྜལ་ལན་གསུམ་ 4-1-373 འབུལ་བ་ནི། གོང་བཞིན་ནམ། རྒྱས་པར་འབུལ་ན། མཎྜལ་དྲིའི་ཆུས་བྱུགས་ཤིང་། ༀ་བཛྲ་ བྷུ་མེ་ཨཱཿཧཱུཾ། དབང་ཆེན་གསེར་གྱི་ས་གཞི། ༀ་བཛྲ་རེ་ཁེ་ཨཱཿཧཱུཾ། ལྕགས་རིའི་འཁོར་ཡུག་ གིས་བསྐོར་བ། ཧཱུཾ་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་ ། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་ བསམ་གྱི་ཤིང་། འདོད་འཇོའི་བ། མ་སྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་ དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་ མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་ པ་མ་ཚང་བ་མེད་པ་དང་བཅས་པ་འདི། བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །ཐུགས་ རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་ དང་། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་ཀུན་བཟང་མཆོད་པའི་ སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་ མོ་རྒྱ་མཚོ་ཡིས། །རྡུལ་གྱི་གྲངས་སྙེད་རིན་ཆེན་པད་མོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་ པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་སྨད་ནི་འདོད་དགུའི་དཔལ་འབྱུང་བྱེ་བ་ཕྲག་བརྒྱ་ ལེགས་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་ སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཀུན་ནས་ཁྱབ་ ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ 4-1-374 རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་ རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གིས་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་ སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ ནས། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ གུ་རུ་ལོ་ཀེ་ཤྭ་ར་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་རཏྣ་མཎྜལ་པུ་ཛ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ ཨཱཿཧཱུཾ། ཞེས་མཎྜལ་ཕུལ་ལ། བཞི་པ་སྡིག་པ་བཤགས་པའི་དེ་ཉིད་ནི། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། ཚེ་རབས་ཐོག་མ་མེད་པ་ནས། ད་ལྟའི་ བར་དུ། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དབང་གིས་ལུས་ངག་ ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མེད་པ་ལྔ་བགྱིས་པ་ དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་ སེམས་དཔའི་བསླབ་བྱ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་དང་། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་ དཔོན་ལ་མ་གུས་པ་དང་། གྲོགས་ཚངས་པར་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དམ་པའི་ཆོས་སྤངས་པ་དང་། གསུང་རབ་ཀྱི་གླུད་ཟོས་པ་དང་། འཕགས་པའི་དགེ་འདུན་ ལ་སྐུར་བ་བཏབ་པ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་ཅིང་ ། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་བགྱིས་པ་དང་། བགྱིད་དུ་ 4-1-375 བརྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རངས་པ་དེ་དག་ཐམས་ཅད། བླ་མ་རྡོ་རྗེ་འཛིན་པ་ ཆེན་པོ་ལ་སོགས་པ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ། སླན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །ཞེས་ལན་གསུམ་དང་། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ན། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་ སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་ སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་ སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མེ་དག །བྱང་ཆུབ་རིམ་པར་ སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་ མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་ རང་སྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །དེ་དག་ཐམས་ ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པ་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སེམས་ཅན་ སྡུག་བསྔལ་ཀུན་བྲལ་ནས། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །གང་ཡང་བདག་གིས་དུས་ ཀུན་ཏུ། །སྡིག་པར་གྱུར་པ་གང་བགྱིས་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །སྐྲག་ པས་རྨི་འདྲར་འཆགས་བགྱིད་ཅིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱི། །དགེ་བ་རྣམས་ ལ་རྗེས་ཡི་རང་། །འཁོར་ལོ་བསྐོར་ཞིང་གསོལ་བ་འདེབས། །སངས་རྒྱས་བྱང་ཆུབ་ཡིད་ ཀྱིས་བཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། 4-1-376 །དམ་པ་གསུམ་ལ་བདག་སྒྲུབ་འཆི། །ཞེས་བརྗོད་དོ། ། ལྔ་པ་ཚུལ་ཁྲིམས་རྣམ་དག་གི་གཟུངས་འདོན་པའི་དེ་ཉིད་ནི། ཆོ་ག་ཕྱི་མ་གཉིས་ཀྱི་ སྐབས་འདིར་ཚུལ་ཁྲིམས་རྣམ་དག་གི་བརྟན་པའི་གཟུངས་ཉེར་གཅིག་རེ་དང་། ཚུལ་ཁྲིམས་ ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་སོགས་བརྗོད་ཅིང་། གྲུབ་ན་སྐབས་འདིར་ སེམས་བསྐྱེད་རེ་ཡང་ལེན། དེ་ནས་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་ བ་དང་བདེ་བའི་རྒྱུ་ཐམས་ཅད་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ ཐམས་ཅད་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ ཅིག །ཆགས་སྡང་མེད་པའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་བརྗོད་དེ། ཚོགས་ ཞིང་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་མོ། ། དྲུག་པ་བདག་བསྐྱེད་བསྒོམ་པའི་དེ་ཉིད་ནི། ༀ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། སྟོང་པའི་ངང་ལས་པཾ་ལྗང་སེར་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པད་མ་འདབ་མ་བརྒྱད་པའི་ ལྟེ་བར། ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་ འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཇོ་བོའི་སྐུར་གྱུར། ཚུར་འདུས་ཧྲཱིཿལ་ ཐིམ་པས། ཧྲཱིཿདེ་ཉིད་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟར་འབར་བའི་ལྟེ་བར་ཧྲཱིཿས་ མཚན་པར་གྱུར། དེ་ལས་འོད་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྱན་དྲངས། པདྨ་ཧྲཱིཿདང་བཅས་ལ་ཐིམ། དེ་ཡོངས་ སུ་གྱུར་པ་ལས། བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ། སྐུ་མདོག་ དཀར་པོ་ལང་ཚོ་ལ་བབ་ཅིང་། འོད་ཟེར་འཕྲོ་བ། ཞལ་བཅུ་གཅིག་གིས་རྩ་ཞལ་དཀར་བ། གཡས་ལྗང་གཡོན་དམར་བ། དེའི་སྟེང་མ་དབུས་ལྗང་གཡས་དམར་གཡོན་དཀར་བ། དེའི་ སྟེང་མ་དབུས་དམར་གཡས་དཀར་གཡོན་ལྗང་བ། དེ་རྣམས་འཛུམ་པའི་ཉམས་ཅན། དེའི་ 4-1-377 སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་ཤིང་ཁྲོ་གཉེར་གསུམ་དང་ལྡན་པ། སྤྱན་གསུམ་པ་ རལ་པ་དམར་སེར་གྱེན་དུ་བསྒྲེངས་པ། དེའི་སྤྱི་བོར་ཞི་བའི་ཞལ་དམར་པོ་གཙུག་ཏོར་དང་ བཅས་པ། རྒྱན་སྤངས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་འཛུམ་པ། མགུལ་བ་དང་ བཅས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་བགྲང་ཕྲེང་ ། གསུམ་པས་མཆོག་སྦྱིན། བཞི་པས་འཁོར་ལོ་འཛིན་པ། གཡོན་གཉིས་པས་གསེར་གྱི་པདྨ་ ཡུ་བ་དང་བཅས་པ། གསུམ་པས་རིལ་བ་སྤྱི་བླུགས། བཞི་པས་མདའ་གཞུ་འཛིན་པ། ཕྱག་ ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པདྨའི་འདབ་མ་ལྟར་འཇམ་ཞིང་མཆོག་སྦྱིན་མཛད་ པ། ཕྱག་ཐམས་ཅད་ཀྱི་མཐིལ་ན་སྤྱན་རེ་རེ་ཡོད་པ། ཕྱག་རྣམས་ཡར་དབུའི་གཙུག་ཏོར་དང་ ། མར་དཔུས་མོའི་ལྷ་ང་ལས་མི་འདའ་བ། རི་དྭགས་ཀྱི་ལྤགས་པས་ནུ་མ་གཡོན་པ་བཀབ་ པ། རས་བཟང་པོའི་ཤམ་ཐབས་ཅན། ནོར་བུས་སྤྲས་པའི་གསེར་གྱི་སྐ་རགས་དང་ལྡན་པ། རལ་པ་དམར་སེར་འཁྱུག་པས་མཛེས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་། འོད་ ཟེར་དཀར་པོ་འཕྲོ་བ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ། ཧྲཱིཿདཀར་པོ་དེ་ལས་འོད་འཕྲོས། པོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་ཚོགས་དང་བཅས་པ་བཛྲ་ས་མ་ཛཿ པདྨ་ཀ་མ་ལ་ཡེ་སྟྭཾ། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། པ་དྱཾ་ པྲཏཱི་ཙྪ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱཿལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་གྷནྡྷེ་ ཨཱཿཧཱུཾ། ༀ་བཛྲ་ནེ་ཝེ་ཏྱ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ སྟོང་། །ཞེས་པ་ནས། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལོ་ཀེ་ཤྭ་ར་ས་པ་རི་ ཝཱ་ར་བཛྲ་ཨངྐུ་ཤ་ཛཿ བཛྲ་པ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷནྚ་ཧོཿ དམ་ཚིག་པ་དང་གཉིས་སུ་ མེད་པར་གྱུར། དེའི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་ པོ། ༀ་ཨཱཿཧཱུཾ། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ། སླར་ཡང་ཐུགས་ཀའི་ 4-1-378 ཧྲཱིཿལས་འོད་འཕྲོས། རང་བཞིན་གྱི་གནས་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ མདུན་གྱི་ནམ་མཁར་པཉྩ་ཀུ་ལ་ས་པ་རི་ཝ་ར་བཛྲ་ས་མ་ཛཿ པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས། ༀ་བཛྲ་ཤཔྟ་ཨཱ་ཧཱུཾ། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་ ། །ཞེས་པ་ནས། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། རིགས་ལྔའི་ཐུགས་ཀ་ ནས། སངས་རྒྱས་སྤྱན། མཱ་མ་ཀཱི། གོས་དཀར་མོ། སྒྲོལ་མ་རྣམས་ཀྱིས། བདུད་རྩིའི་བུམ་ པ་བསྣམས་པ་བྱོན། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དབང་བསྐུར་བས། སྒོ་གསུམ་གྱི་དྲི་མ་དག ལུས་ཐམས་ཅད་ ཡེ་ཤེས་ཀྱི་བདུད་རྩིས་གང་། ཆུ་ལྷག་མ་ཡར་ལུད་པ་ལས། རྩ་ཞལ་གྱི་སྤྱི་བོར་བླ་མའི་ངོ་བོ་ འོད་དཔག་མེད། དཔྲལ་བར་མི་བསྐྱོད་པ། རྣ་བ་གཡས་པར་རིན་ཆེན་འབྱུང་ལྡན། ལྟག་ པར་རྣམ་པར་སྣང་མཛད། རྣ་བ་གཡོན་པར་དོན་ཡོད་གྲུབ་པ་རྣམས་ཀྱི་དབུ་བརྒྱན་པར་གྱུར། ཞེས་དེ་ལྟར་བསམ་མོ། ། བདུན་པ་སྙིང་པོ་བཟླས་པའི་དེ་ཉིད་ནི། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ། ཡེ་ཤེས་ སེམས་དཔའ་ཚོན་གང་བ་གཅིག་གི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧྲཱིཿདཀར་པོ་དེ་ ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཇོ་བོའི་གོ་འཕང་ལ་བཀོད། འོད་ཚུར་འདུས་ཐུགས་ཀའི་ཧྲཱིཿལ་ཐིམ་པས། ཧྲཱིཿལ་སྔགས་ཀྱིས་བསྐོར་བའམ། རང་གིས་ མཆུ་གླེགས་ཤིང་གི་རྣམ་པར་ཡོད་པའི་སྟེང་དུ། སྔགས་ཀྱི་དབུ་གཡོན་དུ་བསྟན་པར་དམིགས་ ནས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཪྻ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷ་བྷྱཿ ན་མ་ཨཱརྱ་ 4-1-379 ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བྷོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་དྷ་ར་དྷ་ ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ། ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ། ཀུ་སུ་མ་ ཝཱ་རེ། ཨི་ལི་མི་ལི། ཙི་ཏི་ཛྭཱ་ལ་ཨ་པ་ནཱ་ཡེ་སྭཱཧཱ། ཞེས་པ་ཚར་གཅིག་དང་། ཏདྱ་ཐཱ་མན་ཆད་ བརྒྱ་དང་བདུན་ཏེ། བརྒྱ་རྩ་བརྒྱད་བཟླས་སོ། ། བརྒྱད་པ་མདུན་བསྐྱེད་བསྒོམ་པའི་དེ་ཉིད་ནི། མདུན་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ ལ་དམིགས་ཏེ། ༀ་སྭ་བྷཱ་ཝ་ཤུདྡྷྭ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་ཧཾ། རང་གི་ཐུགས་ཀའི་ཧྲཱིཿལས། བྷྲུཾ་ དཀར་པོ་འོད་ཁ་དོག་ལྔ་དང་ལྡན་པ་གཅིག་མདུན་དུ་ཆད། དེ་ཡོངས་སུ་གྱུར་པ་ལས། རིན་ པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་ པའི་དབུས་སུ། ༀ་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ། པཾ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ ལ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཞེངས་པ་ ནས། འོད་ཟེར་དཀར་པོ་འཕྲོ་བ། ཞེས་པའི་བར་བདག་བསྐྱེད་བཞིན་བྱས་ལ། དེའི་སྤྱི་བོར་ ཧྲཱིཿལས་འོད་དཔག་མེད་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ཕྱོགས་བཞིའི་པད་འདབ་ ལ། ཤར་དུ་ཧཱུཾ་ལས་མི་བསྐྱོད་པ་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་ཅན། ལྷོ ར་དྲཾ་ལས་རིན་ཆེན་ འབྱུང་ལྡན་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ནུབ་ཏུ་ༀ་ལས་རྣམ་པར་སྣང་མཛད་དཀར་ པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བྱང་དུ་ཨཱཿལས་དོན་ཡོད་གྲུབ་པ་ལྗང་ཁུ་སྐྱབས་སྦྱིན་གྱི་ ཕྱག་རྒྱ་ཅན། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿདཀར་པོ་དེ་ལས་འོད་འཕྲོས། པོ་ཏ་ ལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ ཚོགས་དང་བཅས་པ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་ མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་ འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ 4-1-380 ར་བཛྲ་ས་མ་ཛཿ བཅོམ་ལྡན་ཐུགས་རྗེ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་ སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ག་ག་ན་ས་མ་ཡེ་སྭཱཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ ནི། །ཞེས་པ་ནས། དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་ལོ་ཀེ་ཤྭ་ར་ས་ པ་རི་ཝཱ་ར་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་ འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་ གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་པདྨ་ཀ་མ་ལ་ཡེ་སྟྭཾ། མཆོད་རྫས་དམ་ པ་འདི་དག་དང་། །འཇིག་རྟེན་ཁམས་ཀྱི་མཆོད་རྫས་ཀུན། །ཐམས་ཅད་བློ་ཡིས་བླངས་ནས་ ནི། །འཕགས་པ་འཁོར་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པ་ནས་ཤཔྟའི་བར་གྱིས་མཆོད་ལ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་ རྒྱལ་པོ་སྟོང་། །ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདི་ལ་མངོན་པར་དབང་ བསྐུར་དུ་གསོལ། རིགས་ལྔའི་ཐུགས་ཀ་ནས། ཞེས་པ་ནས། དབང་བསྐུར། སྐུ་ལུས་ཀྱི་ ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་གང་ཞེས་པ་ནས། རྣ་བ་གཡོན་པར་དོན་ཡོད་གྲུབ་པ་ རྣམས་ཀྱིས་དབུ་བརྒྱན་པར་གྱུར། ཞེས་པའི་བར། བདག་བསྐྱེད་བཞིན་བྱས་ལ། མཆོད་རྫས་ དམ་པ་འདི་དག་དང་། །ཞེས་སོགས་དང་། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །ཞེས་སོགས་བསྟོད་པ་ཤོ་ལོ་ཀ་གཅིག་དང་བཅས་པ་རྣམས་གོང་བཞིན་ནམ་མཆོད་བསྟོད་ རྒྱས་པར་བྱའོ། ། དགུ་པ་གཟུངས་རིང་འདོན་པའི་དེ་ཉིད་ནི། བདག་མདུན་གཉིས་ཀའི་ཕྱག་འཛུབ་ལས། བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་བསམ་ཞིང་། གཟུངས་རིང་བརྒྱ་རྩ་བརྒྱད་བཟླས་ ཏེ། མཆོད་རྫས་དམ་པ་འདི་དག་དང་། ཞེས་སོགས་ཀྱིས་མཆོད། དུས་གསུམ་བདེ་བར་ 4-1-381 གཤེགས་པ་ཆོས་ཀྱི་སྐུ། །ཞེས་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད་དོ། ། བཅུ་པ་མཆོད་བསྟོད་ཀྱི་དེ་ཉིད་ནི། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་བསྐྱེད་ལ་ཐིམ་པར་ དམིགས་ནས། ཕྱག་འཚལ་བ་དང་། མཆོད་པ་བསང་སྦྱང་གོང་བཞིན་བྱས་ལ། མཆོད་ཡོན་ ཕལ་ཆེར་ལ་སོགས་པས་རྒྱས་པར་མཆོད་དེ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་མཛད་ པའི། །ཞེས་སོགས་བརྗོད་ནས། མཎྜལ་ལན་གསུམ་འབུལ། སེམས་ཅན་ཐམས་ཅད་བདེ་བ་ དང་ལྡན་གྱུར་ཅིག །ཅེས་པ་ནས། དམ་པ་གསུམ་ལ་བདག་སྐྱབས་མཆིའི་བར་བརྗོད། དེ་ ནས་རང་གི་སྤྱི་བོར་པད་ཟླའི་སྟེང་དུ། དགེ་སློང་མ་དཔལ་མོ་རབ་ཏུ་བྱུང་བའི་ཆ་བྱད་ཅན། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བས་ངོ་ཆེན་མཛད་པར་བསམས་ཏེ་པོ་བསྟོད་ཚར་བདུན་ འདོན་པ་ནི། རྒྱ་གར་སྐད་དུ། ཨཱརྱ་ལོ་ཀཱི་ཤྭ་རཱ་ཡ། བིཀྵུ་ཤྲཱི་ན་རེ་སྟོད་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་ འཇིག་རྟེན་དབང་ཕྱུག་ལ་དགེ་སློང་མ་དཔལ་མོས་བསྟོད་པ་ཞེས་བྱ་བ། ༀ་འཇིག་རྟེན་མགོན་ པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་ བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་འགྲུབ་པར་མཛད་པ་ པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་ སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ། །ཕྱག་ གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་ པར་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་ རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་ འོད་ཟེར་སྐྱ་རེང་དམར་པོས་བརྒྱན་པ་པོ། །པདྨའི་ཚོགས་ལྟར་ཕྱག་ནི་དངར་བར་བྱས་པ་པོ། 4-1-382 །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་ བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་ལྤགས་ པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་ མ་མེད་པ་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་ བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒས་ནད་སེལ་ བ་པོ། །གསུམ་ཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་ནི་བདུད་ དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་ འགྲོས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་ པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་ འདི་དག་ཅིང་གསལ་བར་འདོན་བྱེད་ན། །དེ་ནི་སྐྱེས་པའམ་བུད་མེད་ཡིན་ཀྱང་རུང་། །སྐྱེ་བ་ འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་ འགྲུབ་འགྱུར། །ཨཱརྱ་ཨ་བ་ལོ་ཀཱི་ཤྭ་ར་བིཀྵུ་ཤྲཱི་ནི་རེ་ལི་ཁ་ར་ཤིང་འཕེལ་གྱི་དྲུང་དུ་བསྟོད་ པའོ། །ཞེས་བརྗོད་དོ། ། བཅུ་གཅིག་པ་གསོལ་བ་གདབ་པའི་དེ་ཉིད་ནི། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ ལ་ཕྱག་འཚལ་ལོ། །བདག་གིས་ཆོས་ཉིད་ཀུན་ཏུ་མྱུར་དུ་ཆུད་གྱུར་ཅིག །ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་ཤེས་རབ་སྤྱན་ནི་མྱུར་དུ་ཐོབ་གྱུར་ཅིག 4-1-383 །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་སེམས་ཅན་ཐམས་ཅད་ མྱུར་དུ་སྒྲོལ་གྱུར་ཅིག །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་ གིས་ཐབས་ལ་མཁས་པ་མྱུར་དུ་ཐོབ་གྱུར་ཅིག །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ ཕྱག་འཚལ་ལོ། ། བདག་ནི་ཤེས་རབ་གྲུ་རུ་མྱུར་དུ་ཞུགས་གྱུར་ཅིག །ཐུགས་རྗེ་ཆེན་པོ་སྤྱན་ རས་གཟིགས་ལ་ཕྱག་འཚལ་ལོ། །བདག་ནི་སྡུག་བསྔལ་མཚོ་ལས་མྱུར་དུ་བརྒལ་གྱུར་ཅིག །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་ནི་ཚུལ་ཁྲིམས་ལམ་ལ་ མྱུར་དུ་རྫོགས་གྱུར་ཅིག །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་ ནི་མྱང་འདས་རི་ལ་མྱུར་དུ་འཛེགས་གྱུར་ཅིག །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་ འཚལ་ལོ། །བདག་གིས་འདུས་མ་བྱས་ཀྱི་ཁང་པར་མྱུར་དུ་འདུས་གྱུར་ཅིག །ཐུགས་རྗེ་ ཆེན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བདག་གིས་མྱུར་དུ་ཆོས་ཉིད་སྐུ་དང་མཐུན་ གྱུར་ཅིག །གལ་ཏེ་བདག་གིས་མཚོན་གྱི་རི་ལ་ཕྱོགས་གྱུར་ན། །མཚོན་གྱི་རི་ནི་རབ་ཏུ་ཞིག་ ཅིང་མེད་གྱུར་ཅིག །གལ་ཏེ་བདག་གིས་ཆུ་ཚན་ཟངས་ལ་ཕྱོགས་གྱུར་ན། །མེ་དང་ཆུ་ཚན་ རབ་ཏུ་ཞི་ཞིང་མེད་གྱུར་ཅིག །གལ་ཏེ་བདག་གིས་སེམས་ཅན་དམྱར་བར་ཕྱོགས་གྱུར་ན། །སེམས་ཅན་ཞི་ཞིང་སྡུག་བསྔལ་ཞི་གྱུར་ཅིག །གལ་ཏེ་བདག་གིས་ཡི་དྭགས་བཀྲེས་ལྟོགས་ ཕྱོགས་གྱུར་ན། །ཡི་དྭགས་ལྟོགས་པ་རབ་ཏུ་འགྲངས་གྱུར་ཅིག །གལ་ཏེ་བདག་གིས་ལྷ་མ་ ཡིན་དུ་ཕྱོགས་གྱུར་ན། །ལྷ་མ་ཡིན་གྱི་ངན་སེམས་ཡོངས་སུ་ཞི་གྱུར་ཅིག །གལ་ཏེ་བདག་ གིས་བྱོལ་སོང་རྒྱུད་དུ་ཕྱོགས་གྱུར་ན། །བདག་གིས་ཤེས་རབ་ཆེན་པོའི་རང་བཞིན་ཐོབ་ གྱུར་ཅིག །ཅེས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགོངས་སུ་གསོལ། ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་དར་ཞིང་རྒྱས་པར་བྱིན་གྱིས་ བརླབ་ཏུ་གསོལ། བསྟན་པའི་རྩ་ལག་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་རིང་ཞིང་འགྲོ་དོན་འཕེལ་ 4-1-384 བར་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་བདེ་ཞིང་དམ་པའི་ཆོས་སྤྱོད་པར་ བྱིན་གྱིས་བརླབ་ཏུ་གསོལ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱོངས་པར་བྱིན་གྱིས་ བརླབ་ཏུ་གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་ བྱིན་གྱིས་བརླབ་ཏུ་གསོལ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་རྟོགས་པའི་ཤེས་རབ་ཁྱད་པར་ ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། མདོར་ན་ཚོགས་རྫོགས་སྒྲིབ་པ་བྱང་ནས་ མངོན་པར་རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ་བོ། ། བཅུ་གཉིས་པ་གཏོར་མ་བཏང་བའི་དེ་ཉིད་ནི། གཏོར་མ་རྣམས་སྭ་བྷཱ་ཝས་སྟོང་པའི་ངང་ ལས། ༀ་ཨཱཿཧཱུཾ་གིས་བདུད་རྩིའི་རྒྱ་མཚོར་གྱུར། ཏདྱ་ཐཱ། ༀ་དྷ་ར་དྷ་ར་སོགས་དང་། ༀ་ཨརྒྷཾ་ སོགས་ཀྱིས་མཆོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད། བླ་མ་རྣམས་དང་། ཐུགས་ རྗེ་ཆེན་པོའི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་འབུལ་ ལོ། །སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་པ་དང་། གཉིས་པ། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭ། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་པ་ གསུམ་མམ་བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་ པོ་འདི་ཉིད། མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ལ་འབུལ་ལོ། །དམ་པའི་ ཆོས་སྒྲུབ་པ་རྣམས་ཀྱི་འགལ་རྐྱེན་ཐམས་ཅད་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཆོས་ལྡན་ཡིད་ བཞིན་དུ་འགྲུབ་པའི་འཕྲིན་ལས་མཛད་དུ་གསོལ། ཞེས་པ་དང་། གསུམ་པ་ཡང་། ཨ་ཀ་རོ་ གསུམ་མམ་བདུན་གྱིས། མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི། གནས་བདག གཞི་བདག་ རྣམས་ལ་འབུལ་ལོ། །བདག་ཅག་འཁོར་དང་བཅས་པ་རྣམས་འགྲོ་སྡོད་ལ་རུ་ང་དང་ཕྲག་ 4-1-385 དོག་མ་མཛད། གཞི་ཐམས་ཅད་ཆོས་ལྡན་དུ་སྐྱོང་བའི་འཕྲིན་ལས་མཛད་དུ་གསོལ། བཅུ་གསུམ་པ་ཁྲུས་ཀྱི་དེ་ཉིད་ནི། མེ་ལོང་ལ་ལྷའི་གཟུགས་བརྙན་ཤར་བ་ལ། བུམ་པ་ གཞན་ཞིག་གིས་ཆུ་བླུགས་ཤིང་། འགྲོ་བའི་སྒྲོན་མེ་སྤྱན་རས་གཟིགས་དབང་ལ། །དྲི་ཞིམ་ བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས། །འགྲོ་བའི་སྒྲིབ་གཉིས་དྲི་མ་ཀུན་བསལ་ནས། །དྲི་ བྲལ་སྐུ་གསུམ་བརྙེས་པའི་བཀྲ་ཤིས་ཤོག །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་ བཅས་པ་དུ་མས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨ་བྷི་ཥེ་ཀ་ཏ་ ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་ དྲི་རབ་དགོས་པས་སྐུ་ཕྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཀཱ་ཡ་བི་ཤོ་དྷ་ན་ཡེ་ སྭཱཧཱ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་ འོང་ལྡན། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་པ། །འཇིག་རྟེན་དབང་ཕྱུག་སོགས་ལ་ འབུལ་བར་བགྱི། །ༀ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ཝཱཥྟྲ་ཨཱཿཧཱུཾ། ཞེས་གོས་ ཟུང་དབུལ་ལོ། ། བཅུ་བཞི་པ་བསྔོ་བའི་དེ་ཉིད་ནི། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་ ། །སེམས་ཅན་སྡུག་བསྔལ་མང་གཟིར་མྱུར་སྒྲོལ་ཤོག །སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད་ དུ། །རིགས་བཟང་བློ་ལྡན་ང་རྒྱལ་མེད་པ་དང་། ། སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །སྤྱན་ རས་གཟིགས་ཀྱི་དམ་ཚིག་ལ་གནས་ཤོག །སྤྱན་རས་གཟིགས་དབང་ཁྱེད་སྐུ་ཅི་འདྲ་དང་ ། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་ བ། །དེ་འདྲ་ཁོ་ནར་འགྲོ་རྣམས་འགྱུར་བར་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་ 4-1-386 པ་རྣམས་སྐྱེ་གྱུར་ཅིང་། །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་རྣམས་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་ སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་ དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་མཐུན་པའི་བྱིན་ རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་གྱུར་ཅིག །ཅེས་བསྔོ་བ་དང་སྨོན་ལམ་ བྱས་ལ། ༀ་པདྨ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟིཾ་ཤྲཱི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་པདྨ་མཱ་མེ་མུཉྩ། པདྨ་བྷ་ཝ་ མཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་ལན་གསུམ་བརྗོད་དོ། ། བཅོ་ལྔ་པ་བཟོད་པར་གསོལ་བའི་དེ་ཉིད་ནི། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ ལྡན་པ་བདག་ལ་དགོངས་སུ་གསོལ། བདག་ཅག་ལས་དང་པོ་པར་གྱུར་པས། བདག་བྱིང་ བ་དང་རྒོད་པའི་དབང་གིས། ཏིང་ངེ་འཛིན་མི་གསལ་བ་དང་། སྔགས་མ་དག་པ་དང་། ཆོ་ག་ ལྷག་ཆད་དུ་གྱུར་པ་དང་། གཙང་སྦྲ་ཆུང་བ་ལ་སོགས་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་ དང་ལྡན་པ་ཁྱེད་རྣམས་ལ་བཟོད་པར་གསོལ་གྱིས། བདག་ཅག་ལ་སྒྲིབ་པར་མི་འགྱུར་བར་ མཛད་དུ་གསོལ། ཞེས་བརྗོད་དོ། ། བཅུ་དྲུག་པ་ཁྲུས་བྱས་ཏེ་ཉེ་བར་བསྡུས་པའི་དེ་ཉིད་ནི། ༀ་མ་ཎི་པདྨེ་ཧཱུཾ། ཞེས་བརྗོད་པས། མདུན་གྱི་ནམ་མཁར་འཕགས་པ་ཡི་གེ་དྲུག་བྱོན་ཏེ། ཕྱག་ནས་བདུད་རྩིའི་རྒྱུན་རང་གི་སྤྱི་བོ་ ནས་བླུགས་པར་བསམ་ཞིང་། ཁྲུས་བྱས་པས། དང་པོས་ཉོན་སྒྲིབ་དག གཉིས་པས་ཤེས་ སྒྲིབ་དག གསུམ་པ་སྐྱེ་མེད་ཆོས་སྐུ་མངོན་དུ་གྱུར་པར་བསམ་ཞིང་། མཐར་ཡི་གེ་དྲུག་པ་ རང་ལ་བསྡུའོ། །དེ་ལྟར་སྦྱོར་དངོས་གཉིས་ལ་ཆོ་ག་ཚར་གསུམ་གསུམ་བྱ་དགོས་པའི་དང་ 4-1-387 པོ་གཉིས་ལ་ཁྲུས་བྱས། གསོ་སྦྱོང་བླངས་ནས་ཆོ་ག་ཚར་རེ་རེ་བྱེད། དེ་ནས་གསོ་སྦྱོང་མ་ གཏོགས་དང་པོའི་ཁྲུས་ནས་མཇུག་གི་ཁྲུས་ཀྱི་བར་ཆོ་ག་ཚང་བ་ཚར་གཉིས་གཉིས་བྱེད། སྦྱོར་བའི་ཉིན་དཀར་གསུམ་ལ་བརྟེན་པའི་གདན་གཅིག་བྱ། ཟས་ངན་པ་ཤ་ཆང་། སྒོག་གཙོང་ ། ཀུན་དོང་། ཀའུ། ལྷག་མ། དབགས་པ། ཏིལ། སྲན་མ། ལ་ཕུག བདེ་བྱེད་ལ་བྱིན་པའི་ལྷག་ མ། དེ་རྣམས་དང་འདྲེས་པ་དང་། རང་གིས་ཁ་འཕྲོ་རྣམས་སྤང་། སྣོད་མཁར་བ་དང་། ལོ་མ་ དང་། ལག་མཐིལ་རྣམས་སུ་མི་ཟ། ཕྱི་དྲོ་ཇ་དང་བུ་སྦྲང་ལྟ་བུ་བརྟེན་དུ་རུང་། དངོས་གཞིའི་ ཉིན། ཐོ་རངས་གཉིད་ནམ་སད་པ་ནས་སྨྲ་བཅད་བྱ། འབྲུ་ཉག་གཅིག་གམ་ཆུ་ཐིགས་གཅིག་ གཅིག་གི་ཡང་བཟའ་བཏུང་མི་བྱ། ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས། མཐང་གོས་མི་སྤང་། ཐུན་མཚམས་རྣམས་སུ་ཡང་། ལྷའི་ང་རྒྱལ་དང་ལྡན་པས་ལུས་ངག་ཡིད་གསུམ་དགེ་བ་ཁོ་ ན་ལ་བཀོད། མཚན་མོ་ཉལ་བའི་ཚེ་རང་གི་ལྷའི་རྣལ་འབྱོར་རྣམས་བསྡུས་ཏེ། བདག་བསྲུང་ བ་བྱས་ལ། སེང་གེའི་ཉལ་སྟབས་ཀྱིས་ཉལ། སང་སྐྱ་རེང་ཤར་ནས་ཐོར་ཐུག་གསོལ་བ་ཕྱག་ ལེན་ལ་ཡོད། དེ་ནས་རྗེས་ཆོག་ལ། གསོ་སྦྱོང་མ་གཏོགས་པའི་ཆོ་ག་ཚར་གཅིག་བྱ། དེ་ནས་རྟེན་ བཞུགས་ན། ལག་ཏུ་མེ་ཏོག་བཟུང་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་ རྗེ་ཆེན་པོ་དང་ལྡན་པའི་ལྷ་ཚོགས་རྣམས་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་ མཐའ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་ པའི་ས་ལ་མ་བཞག་གི་བར་དུ། བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ཡང་བདེ་བར་ གཤེགས་པའི་སྐུ་གསུང་ཐུགས་ ཀྱི་རྟེན་འདི་རྣམས། འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དུ། ཡེ་ཤེས་སེམས་ དཔའ་རྣམས་བརྟན་པར་བཞུགས་ནས། འགྲོ་བ་ལྷ་དང་མི་རྣམས་ཀྱི་ 4-1-388 མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་ འཐོར་ཞིང་བརྟན་བཞུགས་བྱ། རྟེན་མི་བཞུགས་ན། ཐུགས་རྗེའི་ཕྱག་ན་པདྨ་ཡིས། །ཡིད་ཀྱི་ པདྨ་ཁ་ཕྱེས་ནས། །རིན་པོ་ཆེ་ལྟར་གཤེགས་ནས་ཀྱང་། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུཿ ཞེས་ མདུན་བསྐྱེད་ཀྱི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ལ་བསྡུ། ༀ་ཨཱཿཧཱུཾ་གིས་གནས་གསུམ་བསྲུངས་ཤིང་། རྡུལ་ཚོན་དང་མེ་ཏོག་གི་ཚོམ་བུ་རྣམས་བསྡུས་ ཏེ། རྒྱ་མཚོར་འབབ་པའི་ཆུ་ལ་གདན་འདྲེན། བདག་བསྐྱེད་ཀྱི་ཞལ་ཕྱག་རྣམས་རྩ་བའི་ཞལ་ ཕྱག་ལ་བསྡུས་ཏེ། ཞལ་གཅིག་ཕྱག་གཉིས་པར་བསྒོམ། བུམ་ཆུས་རང་གཞན་ལ་ཁྲུས་བྱ། དེ་ ལྟར་ས་ག་ཆེན་པོ་ནས་བརྩམས་ཏེ། ཚེས་བདུན་ནམ་བཅུ་བཞི་ལ་སྦྱོར་བ། བརྒྱད་དམ་བཅོ་ ལྔ་ལ་དངོས་གཞི། དགུ་འམ་བཅུ་དྲུག་ལ་རྗེས་ཆོག་བྱ་ཞིང་། བསྙེན་པའི་སྐབས་སུ་ཟླ་བ་ བར་མ་ཆད་པར་བརྒྱད་ཡན་ཆད་ཇི་ཙམ་གྲུབ་པ་ལ་འབད་དོ། ། དེའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། འཕགས་པ་ཉིད་ཀྱིས་ཞལ་ནས། བཅོམ་ ལྡན་འདས་བདག་གི་སྙིང་པོ་འདི་ནི། དེ་ལྟར་རྫུ་འཕྲུལ་ཆེ་བ་ལགས་སོ། །ལན་གཅིག་ བརྗོད་པས་རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་འབྱང་བར་འགྱུར། མཚམས་མ་མཆིས་པ་ལྔ་པོ་ དག་ཀྱང་མ་ལུས་པར་འབྱང་བར་འགྱུར་རོ། །ཇི་སྐད་བཤད་པ་བཞིན་དུ་ནན་ཏན་བགྱིས་པ་ ལྟ་སྨོས་ཀྱང་ཅི་འཚལ། དེ་དག་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་དགེ་བའི་ རྩ་བ་བསྐྱེད་པར་འགྱུར་བ་ལགས་ན། བཟླས་བརྗོད་བགྱིས་པ་དང་། བསྒྲུབ་པ་ལྟ་སྨོས་ཀྱང་ ཅི་འཚལ་ཏེ། བསམ་པ་ཐམས་ཅད་ཡིད་བཞིན་དུ་རྫོགས་པར་བགྱིའོ། །ཞེས་པ་དང་། བསྙུང་ བར་གནས་པ་ལན་གཅིག་གིས་ཀྱང་། བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བ་ལ་ སོགས་པ་གསུངས་སོ། ། བཅུ་གཅིག་ཞལ་གྱིས་བསྙུང་པར་གནས་པའི་ཆོ་ག དགེ་སློང་མ་དཔལ་མོས་མཛད་པའི་ 4-1-389 གཞུང་དང་། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་དང་། ཆོས་ཀྱི་རྗེ་གཉག་ཆེན་པ་ ལ་སོགས་པ། བཅུ་གཅིག་ཞལ་གྱི་བསྙུང་གནས་སྐུ་ཉམས་སུ་བཞེས་ཤིང་གྲུབ་པ་བརྙེས་པ་ རྣམས་ཀྱི་ཕྱག་ལེན་བཞིན་འགལ་འཁྲུལ་མེད་པར། བཅུ་གཅིག་ཞལ་གྱི་བསྙུང་བར་གནས་ པ་ལ་ནན་ཏན་དུ་བྱེད་པ། འཕགས་པ་བསོད་ནམས་དར་གྱིས་བསྐུལ་བའི་ངརོ ། ཇོ་གདན་པ་ བསོད་ནམས་བཟང་པོས། མེ་ཕོ་རྟའི་ལོ་མགོའི་ཟླ་བའི་ཉེར་བདུན་ལ་འགྲུབ་སྦྱོར་ཡོད་པའི་ ཉིན་གྲུབ་བར་བགྱིས་པའི། ཡི་གེ་པ་ནི་འཕགས་པ་ཡེ་ཤེས་བཟང་པོའོ།། །། སྭ་སྟི། ཕུན་ཚོགས་དགེ་ལེགས་ཡོན་ཏན་ཀུན་གྱི་གཏེར། །སྲིད་པའི་འཇིགས་འཕྲོག་ དུག་གསུམ་ནད་ཀྱི་སྨན། །རྒྱལ་སྲས་དབང་པོ་འཇིག་རྟེན་དབང་ཕྱུག་ཞབས། །དེ་ཡིས་སྐྱེ་ དགུ་རྣམས་ལ་དགེ་ལེགས་མཛོད། །རྣམ་དཀར་བསོ༵ད་ན༵མས་ཚོགས་ལས་བསྒྲུབ་པའི་སྐུ། །རྣམ་མང་རྒྱལ་བའི་ལེགས་བཤད་སྒྲོག་པའི་གསུང་། །རྣམ་དག་མཁའ་ལྟར་ཡངས་པའི་ ཐུགས་མངའ་བ། །བཟ༵ང་པོ༵འི་མཛད་པ་ཡུན་དུ་གནས་གྱུར་ཅིག །དེ་ཡིས་མཁྱེན་རབ་ཆུ་མཚོ་ ལས་འོངས་པའི། །འཕགས་པའི་སྒྲུབ་ཐབས་མངོན་མེད་འདབ་བརྒྱའི་ཚལ། །རྨད་བྱུང་བྱིན་ རླབས་དྲི་བསུང་འཕྲོ་བ་ཡིས། །སྐལ་བཟང་འགྲོ་ལ་ལེགས་ལམ་སྟེར་བ་འདི། །དཔལ་གྱི་ གདན་ས་ཚལ་མིང་སྐྱེད་མོས་ཚལ། །ཆོས་ཀྱིས་མཐོ་བའི་ཁང་བཟང་དམ་པ་དེར། །འཕགས་ པས་རྗེས་བཟུང་བསོད་ནམས་དགེ་བ་ཅན། །དར་རྒུད་བར་མའི་འགྲོ་ལ་བརྩེ་བ་དེས། །སྔོན་ མེད་སྤར་དུ་བསྒྲུབས་ཏེ་ཕྱོགས་རྣམས་སུ། །རབ་འབྱམས་ཆོས་ཀྱིས་སྦྱིན་པ་རྒྱ་ཆེར་སྤེལ། །མཐུན་རྐྱེན་ཉེ་བར་འཁོར་བའི་ཡོ་བྱད་ཀྱང་། །འབྱོར་ལྡན་སྦྱིན་བདག་རྣམས་ཀྱིས་བདག་ རྐྱེན་མཛད། །སྤར་དང་ཡི་གེའི་འདུ་བྱེད་ཕུལ་ཕྱིན་འདི། །རིག་གནས་མཁས་པའི་ཤེས་རབ་ འདབ་མ་ཅན། །དགེ་ལེགས་སྦྲང་རྩིའི་རྒྱལ་མཚན་འབྱུང་གནས་ཀྱི། །སོར་མོས་བསྐྱོང་པ་ སྔོན་མེད་དྲི་བསུང་ཡིན། །དེ་ལྟར་བསྒྲུབ་པའི་དགེ་བ་རྣམ་དག་ཀྱང་། །ཕན་བདེའི་འབྱུང་ 4-1-390 གནས་བསྟན་པ་འཕེལ་ཕྱིར་དང་། །གཉག་དབོན་ཆོས་རྗེ་སྐུ་ཚེ་བརྟན་ཕྱིར་དང་། །སྦྱིན་ བདག་རྣམས་ཀྱང་ཚོགས་གཉིས་བསྒྲུབ་ཕྱིར་ཡིན། །དེ་ལས་བྱུང་བའི་རྣམ་དཀར་དགེ་བ་ གང་། །རབ་འབྱམས་བསིལ་ཟེར་འཕྲོ་བའི་ཟླ་བ་དེས། །ཐུབ་བསྟན་རིན་ཆེན་ཀུ་མུད་བཞད་ པ་དང་། །དགེ་ལེགས་ཟེའུ་འབྲུའི་ཕྲེང་བ་རྒྱས་གྱུར་ཅིག །ༀ་ༀ། ༀ་བྷུཿ ༀ་པདྨེ། ༀ་པདྨེ་ཧྲཱིཿ ༀ་པདྨ་བྷུ་ཛེ། ༀ་པདྨ་ལོ་ཀེ་ཏེ། ༀ་པདྨ་ཛྭ་ལ་ཧཱུཾ་དྷྲཱི་ཀ ༀ་ཨ་མོ་གྷ་མ་ཎི་པདྨེ། ༀ་པདྨ་ལོ་ཙ་ ནི་ཧཱུ་རུ་ཧཱུཾ་ཕཊ། ༀ་པདྨཽཥྞཱི་ཥ་བི་མ་ལེ་ཧཱུཾ་ཕཊ། ཡེ་དྷཱརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཏྱ་བད་ ཏ་ཏེ་ཥཱཉྩ་ཡོ་ཎི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲཱ་མ་ཎཿ མངྒ་ལཾ་བྷ་ཝནྟུ། དག་བྱེད་ཞུས་དག་ནི་རྒྱ་བོད་ བརྡ་སྤྲོད་ཀྱི་ཚུལ་རིག་པ་བསོད་ནམས་གྲགས་པས་བགྱིས་པའོ།། །། མ་ཡིག་ནི་བྲིས་མ་དཔེ་རྙིང་ཞིག་དང་། སྐྱ་པར་པོ་ཏ་ལའི་དཔེ་རྙིང་གཉིས་བསྡུར་ཡོད། 4-1-391 ༄༅། །ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་པ་དང་ བསྙུང་བའི་ཆོ་ག་ཞེས་བྱ་བ་ བཞུགས་སོ། ། ༄༅། །བླ་མ་དང་ཐུགས་རྗེ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ ཞལ་བཅུ་གཅིག་པའི་སྒྲུབ་པ་ཉམས་སུ་ལེན་པར་འདོད་པས། དགེ་སློང་མ་རང་གི་ཆོ་ག་ ལས། ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་སྒྲུབ་པ་དང༌། བསྙུང་བའི་ཆོ་ག དང་པོར་ས་ ག་ཆེན་པོའི་ཚེས་གཅིག་ལ།ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་རས་བྲིས་ཀྱི་མདུན་དུ། མཎྜལ་ལེགས་པར་བྱུགས་ལ་ཚོམ་བུ་ལྔ་དགོད། དབུས་སུ་ལོ་ཀེ་ཤྭ་རའི་མེ་ཏོག་གི་ཚོམ་བུ་ དགོད། དེའི་སྟེང་དུ་འོད་དཔག་མེད་ཀྱི་མེ་ཏོག་དགོད། དེ་ནས་ཤར་དུ་རྣམ་སྣང༌། ལྷོ ར་རིན་ ཆེན་འབྱུང་ལྡན། ནུབ་ཏུ་མི་བསྐྱོད་པ། བྱང་དུ་དོན་ཡོད་གྲུབ་པའི་མེ་ཏོག་གི་ཚོམ་བུ་དགོད། མཆོད་པ་ལྔ་དང་གཏོར་མ་ཡང་བཤམ། བུམ་པ་མཚན་ཉིད་དང་ལྡན་པའི་ནང་དུ། སྨན་ལྔ། དྲི་ལྔ། འབྲུ་ལྔ། རིན་པོ་ཆེ་ལྔ། རས་ཁ་ཚར་མ་ཉམས་པས་མགུལ་བ་དཀྲིའོ། །འོ་མ་ཅན་གྱི་ ཤིང་གིས་ཁ་བརྒྱན་ནོ། །དེ་ནས་བུམ་པ་དེ་མཎྜལ་དང༌། ཐང་སྐུའི་བར་དུ་གཞུག་གོ ། ཞེས་ སོགས་གསུངས་ཤིང༌། རྡུལ་ཚོན་གྱི་དཀྱིལ་འཁོར་གསལ་ཁ་མ་གསུངས་ན་ཡང༌། ཆོ་ག་ཞིབ་ མོ་དང༌། ལེགས་གྲུབ་དང༌། རིགས་གསུམ་སྤྱི་རྒྱུད་སོགས་དང་བསྟུན་ནས། བསྙེན་པ་སྔོན་དུ་ 4-1-392 སོང་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བཅས་ཏེ་ཉམས་སུ་ལེན་པ་ལ། ཆོ་ག་ཞིབ་མོ་ལས། གནས་བཟང་ས་གཞི་དགེ་བ་དང༌། །གཞི་མ་གཙང་ཞིང་ནེ་གསིང་ལ། །ལྗོ ན་ཤིང་མེ་ཏོག་ འབྲས་བུས་ཁྱབ། །ས་གཞི་མཉན་ལ་དག་པ་དང༌། །གང་དུ་ཆུ་བོ་འབབ་པའི་གནས། །གཟི་ བྱིན་ལྡན་ཞིང་ཡིད་དགའ་བ། །སེམས་ནི་དགའ་བར་འོས་པའི་ས། །ཞེས་པ་ལྟར། མཚན་ ཉིད་དང་ལྡན་པའི་གནས་སུ། སྔར་དཀྱིལ་འཁོར་གྱི་ཆོ་ག་བྱས་པ་ཡིན་ན་ས་ཆོག་མ་བྱས་ ཀྱང་རུང་ལ། ས་ཆོག་དགོས་པའི་ས་གཞིར། བའི་རྣམ་ལྔ་དང་དྲི་བཟང་གིས་བྱུག དབུས་སུ་ མེ་ཏོག་ཚོམ་བུ་དགོད། རང་གཙོ་བོར་མོས་པས། བྱེ་བྲག་གི་སའི་བདག་པོ་ལ་དཀར་གཏོར་ ཨ་ཀ་རོས་ཕུལ། གང་དག་འདིར་ནི་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་འམ་ནི་གཞན། །དེ་དག་ རྣམས་ལ་ས་འདི་ནི༑ ༑བདག་ཞུ་ཁྱེད་ཀྱིས་གནང་བར་མཛོད། །ཅེས་བཀའ་བསྒོས་ཏེ་གཏོར་ མ་གཏང༌། དེ་ནས་དྲིའི་ཐིག་ལེ་ལ་དབུས་སུ་མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་དང་གཏོར་ མ་བཤམས་ནས། པཾ་ལས་སའི་ལྷ་མོ་སེར་མོ། ཕྱག་གཡོན་གསེར་གྱི་བུམ་པ་དང༌། གཡས་ མི་འཇིགས་པའི་ཕྱག་རྒྱ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྐྱེད། གནས་གསུམ་དུ་འབྲུ་ གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ཁ་ནས་འཕྲོས་པའི་འོད་ཀྱིས་སའི་ལྷ་མོ་སྤྱན་ དྲངས་བར་བསམས་ཏེ། ཚུར་བྱོན་ཚུར་བྱོན་ས་ཡི་ནི༑ ༑ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ ཆེན་ཀུན་གྱིས་རབ་གང་བ། །བཟང་པོའི་རྒྱན་གྱིས་རབ་བརྒྱན་པ། །དོ་ཤལ་རྐང་གདུབ་དང་ ལྡན་པ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛོད། ། ཅེས་པས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པ་ལ་དབང་བསྐུར། རིན་ཆེན་ འབྱུང་ལྡན་གྱིས་དབུ་བརྒྱན་པར་བསམས་ལ། ཨོཾ་པྲྀ་ཐི་ཝི་དེ་ཝི་ཨརྒཾ་སོགས་ཀྱིས་མཆོད། གཏོར་མ་ཨ་ཀ་རོས་ཕུལ་ནས། སྤོས་དང་རྡོར་དྲིལ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་ 4-1-393 དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་ གིས་བདུད་ཀྱི་སྡེ། །བཅོམ་ནས་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་བརྗོད་པས། རིགས་ཀྱི་བུ་ཁྱོད་ཅི་དགའ་བར་སྤྱོད་ཅིག ཅེས་གནང་བ་བྱིན་ནས་ས་ལ་ཐིམ་པར་བསམ་མོ། །དེ་ནས་ས་ཕྱོགས་དེར་ཡུངས་ཀར། ཆུ། ཐལ་བས་གཏོར་དྲི་བཟང་གིས་བྱུག་ཅིང༌། ཨོཾ་ཨ་མྲྀ་ ཏ་ཨུཏྦྷ་ཝ་ཨུཏྦྷ་ཝ་ཧཱུཾ་ཕཊ། ཅེས་བཟླས་པས་ས་སྦྱངས་ནས། ལག་པ་གཡས་ས་ལ་བཞག་ སྟེ། གཙོ་བོའི་སྙིང་པོ་ལན་བདུན་བཟླས་ཏེ། སའི་ཕྱོགས་འདིར། ཐུགས་རྗེ་ཆེན་པོའི་དཀྱིལ་ འཁོར་བྲིའོ་སྙམ་དུ་བློས་ས་གཟུང་བར་བྱའོ། །ས་ཆོག་གོ ། དེ་ནས་ཚོན་དང་ཐིག་སྐུད་རིགས་ལྔར་བསྐྱེད། དེ་ཞུ་བ་ལས་ཚོན་དང་ཐིག་སྐུད་དུ་གྱུར་ པར་བསམས་ལ། དཀྱིལ་འཁོར་སྒོ་རྐྱང་གི་ཐིག་སྤྱི་དང་མཐུན་པར་གདབ། དབུས་སུ་པདྨ་ དཀར་པོ་འདབ་མ་བརྒྱད་པའི་དབུས་སུ། གཙོ་བོའི་ཚོམ་བུ་དཀར་པོའི་སྟེང་དུ། དམར་པོ་ དགེ་སློང་མའི་གཞུང་ལས། ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང་ཁུ་བཀོད། དཀྱིལ་ འཁོར་གྱི་ནང་གི་གཞི་མ། ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང༌། རྩིག་པ་ནང་ནས། དམར་ལྗང༌། སྔོ་སེར་དཀར། གཞན་གྲུ་བཞི་སྒོ་བཞི་རྟ་བབས། པདྨ། རྡོ་ར། མེ་རི་རྣམས་ སྤྱི་དང་མཐུན། མཐའ་ཕུར་པ། མདའ། རལ་གྲི་བརྒྱད་བརྒྱད་ཀྱིས་འཁོར་ཡུག་ཏུ་དྲ་བ་བྱ། ཚོན་སྐུད་སྣ་ལྔས་སྟེང་འཁོར་ལོ་རྩིབས་བརྒྱད་དང༌། ལོགས་ལའང་འཁོར་ལོ་རྩིབས་བརྒྱད་ བསྣོལ་བའི་རྣམ་པ་ཅན་གྱི་དྲ་བས་བསྐོར། མཆོད་པའི་ཡོ་བྱད་ཅི་འབྱོར་པ། དྲ་བའི་ནང་ན་ ཕར་ལ་མཛེས་པར་བཤམ་མོ། །གཏོར་མ་ལྷ་དང་ཆ་གསུམ་གཞི་བདག་རྣམས་ལ་འབུལ་རྒྱུ། ཤ་ཁྲག་ཆང་སྒོག་པ། ལ་ཕུག སྔོ་ཚོད་སྲན་མ་ལ་སོགས་ངན་པ་རྣམས་སྤངས་པའི་དཀར་ གཏོར་གཙང་མར་བཤམ། བུམ་པ་མཚན་ཉིད་དང་ལྡན་པ་གཉིས། ཙན་དན་དཀར་པོ་དང༌། ས་དཀར་གྱིས་བྱུག གཉིས་ཀ་ལ་ལྷ་མཚན་ཧྲཱིཿ རེ་བྲི། ཆུ་གཙང་མ་ལྷའི་དལ་འགྲོའི་ཆུར་ 4-1-394 དམིགས་པས་སུམ་གཉིས་ཙམ་དགང༌། བུམ་རྫས་ལ། བྱུ་རུ། དུང༌། གསེར། མུ་ཏིག མུ་མེན་ ཏེ་རིན་པོ་ཆེ་ལྔ། དབང་ལག ཀན་ཏ་ཀ་རི། ཆུ་སྲིན་སྡེར་མོ། དབྱུག་པའི་ཨུཏྤལ་དཀར་དམར། གླེ་གྲེས་ཏེ་སྨན་ལྔ། འབྲས། མོན་སྲན་གྲེའུ། ནས། གྲོ། ཏིལ་ཏེ་འབྲུ་ལྔ། ཙན་དན། གུར་གུམ། ཨ་ཀ་རུ༑ ད་རུ་ཀ་སྟེ་སིཧླ། ག་བུར་ཏེ་དྲི་ལྔ། མར། བུ་རམ། ཀ་ར། སྦྲང་རྩི། ལན་ཚྭ་སྟེ་སྙིང་ པོ་ལྔ་རྣམས་བླུག ལྷ་རྫས་ཀྱི་ན་བཟས་མགུལ་པ་དཀྲི། ཡལ་ཁ་ལོ་མ་དང་འབྲས་བུར་ལྡན་ པའི་ཤིང༌། དྲི་ཞིམ་པོས་ཁ་བརྒྱན་པ། དཀྱིལ་འཁོར་དུ་ལྷ་མ་བསྐྱེད་ན། དཀྱིལ་འཁོར་གྱི་ དབུས་སུ་བཀོད། ལྷ་བསྐྱེད་ན༑ དབུས་སུ་བཞག་པར་བསམས་ལ། ལྷ་མེད་པའི་པད་འདབ་ ལ་བཞག ལས་བུམ་བྱང་ཤར་དུ་བཞག་ཟེར་ཡང༌། མདུན་དུ་བཞག་གོ ། དངོས་གཞི་ནི་ཆོ་ག་ཞིབ་མོ་ལས། རིགས་སྔགས་འཆང་བ་གཙང་གྱུར་པས། །གཙང་ མའི་གོས་ནི་བགོ་བར་བྱ། །ལེགས་བཀྲུས་རྣམ་པར་དག་པ་དང༌། །གསོ་སྦྱོང་དག་ནི་བླངས་ པ་དང༌། ། དཀར་གསུམ་དག་ནི་འཚལ་ནས་སུ། དུས་གསུམ་དུ་ནི་ཁྲུས་བགྱིའོ། །དུས་གསུམ་དུ་ ཡང་བཟླས་བརྗོད་བགྱི། །འཕགས་པ་འཇིག་རྟེན་དབང་ཕྱུག་གི །མདུན་དུ་དཀྱིལ་མོ་དཀྲུང་ བཅས་ཏེ། །བཟླས་བརྗོད་ཕྱག་རྒྱ་བཅིངས་ནས་སུ། །བགྲང་ཕྲེང་དག་ནི་བླང་བར་བགྱི། །ཞེས་པ་ནས། ཚིག་གཞན་མི་སྨྲ་བཟླས་བརྗོད་བགྱི། །ཞེས་གསུངས་པ་ལྟར། སྒྲུབ་ཐབས་ ན་ཡོད་པ་བཞིན། དེ་ཉིད་བཅུ་དྲུག་གི་སྒོ་ནས་ཉམས་སུ་ལེན་ཅིང༌། བདག་བསྐྱེད་བཟླས་ པའི་བར་སྔོན་དུ་བཏང་ནས། མདུན་བསྐྱེད་ཀྱི་དཀྱིལ་འཁོར། གོང་གི་ལས་ཐམས་ཅད་པས་ བསང༌། ཨོཾ་ཤཱུ་ནྱ་ཏས། སྟོང་པའི་ངང་ལས། པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཤར་དཀར། ལྷོ་སེར། ནུབ་སྔོ། བྱང་ལྗང༌། ལྟེ་བ་དམར་ པོ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི། ར་བ། དྲ་བ༑ གུར། བླ་བྲེ། མཚོན་ 4-1-395 ཆའི་དྲ་བ་ཡེ་ཤེས་ཀྱི་མེ་འབར་བས་བསྐོར་བའི་བསྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བའི་ དབུས་སུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྩིག་པ་ནང་ ནས་རིམ་པ་བཞིན། དམར་པོ། ལྗང་ཁུ། སྔོན་པོ། སེར་པོ། དཀར་པོས་བསྐོར་བའི་སྟེང་ན། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཕ་གུའི་སྟེང་དུ། ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་སྲད་ བུ་དམར་པོ་ལ་བརྒྱུས་པའི་དོ་ཤལ། དབུས་སུ་ནོར་བུ་སྦོམ་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་པ་ཊས་ བཅིངས་པ། དེའི་གཡས་གཡོན་དུ། དེ་ཉིད་དབུས་ནས་བཅད་པ་ལྟ་བུའི་དོ་ཤལ་ཕྱེད་པ། དེའི་གཡས་གཡོན་དུ། རྔ་ཡབ་ནོར་བུའི་ཡུ་བ་ཅན། དྲིལ་བུ་ལ་འཕྱང་བའི་རྔ་ཡབ་ཅན་དང༌། དོ་ཤལ་རྣམས་ཀྱི་ནང་དུ། པདྨ་དང༌། ཉི་མ་དང༌། ཟླ་བ་ལ་གནས་པའི་རྡོ་རྗེ་ཟུར་བཞིར་རིན་ པོ་ཆེས་སྤྲས་པ། གོས་དང༌། མེ་ཏོག་གི་ཕྲེང་བས་མཛེས་པའི་སྟེང་ནས། བྱ་འདབ་ལས་ཐུར་ དུ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང༌། སྟེང་དུ་མཛེས་པར་མཚར་དུ་དངར་བའི་མདའ་ཡབ་ པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན། དེའི་བར་དུ། བུམ་པ་ལ་གནས་པའི་རྒྱལ་མཚན་ དང༌། བ་དན་དང༌། ཟུར་གྱི་རྩེ་ལ་གདུགས་བཞིས་སྤྲས་པ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཟླ་ བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེས་སྤྲས་ཤིང༌། ཕྱིའི་འགྲམ་ནས་འདོད་ཡོན་གྱི་སྣམ་ བུ་དམར་པོ་ལ། མཆོད་པའི་ལྷ་མོ་དུ་མས་མཆོད་པ་འབུལ་བ། ནང་ཀ་བ་བརྒྱད་དང་ལྡན་ པའི་སྟེང་དུ། རྡོ་རྗེའི་གདུང་བཞིས་མཛེས་པར་ཕུབ་པ། སྒོ་བཞིར་ཀ་བ་རྒྱན་དང་བཅས་པས་ བཏེགས་པའི་རྟ་བབས་སྣམ་བུ་བཅུ་གཅིག་པ་རྩེ་མོར་པདྨ་དང་ཟླ་བ་ལ་གནས་པའི་ཆོས་ཀྱི་ འཁོར་ལོ་དང༌། དེའི་སྟེང་དུ་གདུགས་མཛེས་པ་རིན་པོ་ཆེ་འབར་བའི་ཏོག་དང་བཅས་པ། གཡས་གཡོན་དུ་རི་དྭགས་ཕོ་མོ་མགྲིན་པ་བསྟོད་དེ་བལྟ་བ་བཅས་པ་སྣམ་བུ་རྣམས་ལ་རྒྱལ་ མཚན་དང་བ་དན་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་གཞལ་ཡས་ཁང་གི་དབུས་སུ། པཾ་ 4-1-396 ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ། བྷཱུཾ་ལས་རིན་པོ་ཆེའི་བུམ་པ་རྒྱ་མཚོ་ལྟར་གང་བ། ལྟོ་བ་ཡངས་ཤིང་མགྲིན་ པ་ཕྲ་བ། ལྷའི་ན་བཟས་མགུལ་པ་བཅིངས་ཤིང༌། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ དབུས་སུ། པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ། ཧྲཱིཿལས་པདྨ་དཀར་པོ་ཧྲཱིཿམཚན་པ་ལས། རྗེ་བཙུན་སྤྱན་རས་གཟིགས་ སྒྲུབ་ཐབས་ཀྱི་མདུན་བསྐྱེད་ལྟར་བསྒོམ། ལས་བུམ་དུ། པདྨའི་གདན་ལ་ཧྲཱིཿ ལས་ཁྲོ་རྒྱལ་རྟ་ མགྲིན་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། མཆེ་བ་གཙིགས་པ། སྤྱན་གསུམ་པ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། སྤྱི་བོར་རྟ་མགོ་ལྗང་ཁུ་རྟ་སྐད་འཚེར་བ། ཕྱག་གཡས་པ་ པདྨས་མཚན་པའི་དབྱུག་ཐོ་ནམ་མཁའ་ལ་འཕྱར་བ༑ གཡོན་པ་ཐུགས་ཁར་སྡིགས་མཛུབ་ མཛད་པ། སྦྲུལ་གྱི་རྒྱན་དང༌། སྟག་གི་ལྤགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གི་སྟབས་ ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའི་གནས་གསུམ་དུ། ཨོཾ་ཨཱཿཧཱུཾ་དང༌། ཐུགས་ ཁའི་ཧྲཱིཿལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་སྤྱན་རས་གཟིགས་ཡེ་ཤེས་པ་ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་འདྲེན་ པར་བསམས་ཏེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་སོགས་སམ། མ་ རིག་མུན་པས་བློ་གྲོས་མིག་ལྡོ ངས་ཤིང༌། །སྡུག་བསྔལ་མང་བོའི་མཚོན་གྱིས་རྨས་པ་ཡི། །སྐྱེ་ བོ་ཉམ་ཐག་ཕོངས་པར་གྱུར་རྣམས་ལ། །མིག་འབྱེད་སྨན་པའི་རྒྱལ་པོ་གཤེགས་སུ་གསོལ། །པདྨའི་ལྗགས་བཟང་གསུང་གི་འོད་ཟེར་གསལ། །ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཕྱག་རིང་ བ། །བྱམས་པའི་ལྕགས་ཀྱུས་འགྲོ་བ་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་ཐུབ་པ་ གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཅེས་པས་ སྤྱན་དྲངས། བཅོམ་ལྡན་ཐུགས་རྗེ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་[བར་ 4-1-397 ལྡན། །བདག་གིས་མཆོད་ཡོན་བཞེས་ནས་ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཨོཾ་ སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར། ཅེས་པས་མཆོད་ཡོན་དབུལ། ཇི་ལྟར་བལྟམས་ པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་ བདག་གིས་སྐུ་ཁྲུས་གསོལ། ། ཨོཾསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱིཿ ཧཱུཾ་གིས་སྐུ་ཁྲུས་ གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་ མཆོད་པ་བདག་འབུལ་ན། །དེ་སྲིད་དུ་ནི་བཞུགས་སུ་གསོལ། །པདྨ་ཙནྡྲ་ཨཱ་ས་ནཱ་ཡ་ཧཱུཾ། ཅེས་ པས་གདན་དབུལ། མཆོད་རྫས་དམ་པ་འདི་དག་དང༌། །འཇིག་རྟེན་ཁམས་ཀྱི་མཆོད་རྫས་ ཀུན། །ཐམས་ཅད་བློ་ཡིས་བླངས་ནས་སུ། །འཕགས་པ་འཁོར་དང་བཅས་ལ་འབུལ། །ཨརྒཾ་ སོགས་ཀྱིས་མཆོད་ནས། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས་ཞེས་སོགས་ཀྱིས་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར། ཨོཾ་བཛྲ་ཨངྒུ་ཤ་ཛཿ བཛྲ་པ་ཤ་ཧཱུཾ། བཛྲ་སྥོ་ཊ་ བཾ། བཛྲ་ཨ་བེ་ཤ་ཨ། ཅེས་པས་དགུག་གཞུག་བཅིང་དབང་དུ་བྱ། སླར་ཡང་ཐུགས་ཁའི་ ཧྲཱིཿ ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས་རིགས་ལྔ་འཁོར་བཅས་སྤྱན་དྲངས་ པ་ལ་མཆོད་ནས། རིགས་ལྔས་དབང་བསྐུར། ཆུ་ལྷག་པ་ཡར་ལུད་པ་ལས་རིགས་ལྔས་དབུ་ བརྒྱན་པ་སོགས་བདག་བསྐྱེད་བཞིན་བྱ། རྟ་མགྲིན་ལའང་རིགས་ལྔས་དབུ་བརྒྱན་པར་ བསམས་ནས་མཆོད་པ་འབུལ་བ་ནི། མེ་ཏོག་ཕལ་ཆེར་སོགས་སམ། རབ་འབྱམས་རྒྱ་མཚོ་ དཔག་མེད་ན་ཞེས་སོགས་རོལ་མོའི་བར་གྱིས་མཆོད་པ་དབུལ། ལྷ་རྫས་ལས་བྱས་ཁ་དོག་ ལེགས་གྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་ལྡན། །གོས་བཟང་སྲབ་ལ་འཇམ་པ་ སྣ་ཚོགས་པ། །འཇིག་རྟེན་དབང་ཕྱུག་སོགས་ལ་དབུལ་བར་བགྱི། ། ཨོཾ་བཛྲ་ཝསྟཱ་ཡེ་ཨཱཿཧཱུཾ། ཅེས་པས་གོས་ཟུང་དབུལ། གཞན་སྤྲོ་ན་སྒེག་སོགས་བརྒྱད། རིན་ཆེན་བདུན། འདོད་ཡོན་ ལྔ་རྣམས་ཀྱིས་ཀྱང་མཆོད་དོ༑ ༑དེ་ནས་རྡོ་རྗེ་དང་དྲིལ་བུ་འཛིན་པས། སྐྱོན་གྱིས་མ་གོས་སྐུ་ 4-1-398 མདོག་དཀར། །ཞེས་སོགས་དང༌། སངས་རྒྱས་བྱེ་བྲག་བཅུ་གཅིག་ཞལ་ཞེས་སོགས་སྒྲུབ་ ཐབས་བཞིན་བསྟོད་དོ། །དེ་ནས་རས་བྲིས་ཀྱི་སྤྱན་སྔར། དཀྱིལ་མོ་དཀྲུང་བཅས་ཏེ་འདུག་ ལ། དཀྱིལ་འཁོར་ཀྱི་དབུས་ཀྱི་གཙོ་བོའི་སྤྱན་སྔར་འདུག་པར་བསམས་ནས། བུམ་ནང་གི་ ལྷའི་ཐུགས་ཁའི་ཧྲཱིཿལ་སྙིང་པོ་དང༌། གཟུངས་རིངས་ཀྱིས་བསྐོར་བར་དམིགས་ནས་བཟླས་ པས། དེ་ལས་འོད་འཕྲོས། འཕགས་པ་རྣམས་ཀྱི་སྐུ་ལ་ཕོག་པས། སྤངས་རྟོགས་ཡོན་ཏན་ གོང་ནས་གོང་དུ་འཕེལ་ཞིང༌། གཞན་དོན་ལ་བསྐུལ། སེམས་ཅན་རྣམས་ལ་ཕོག་པས་སྡིག་ སྒྲིབ་དག འཕགས་ལམ་ལ་བཀོད། རང་ཉིད་ལ་ཕོག་པས་རྗེ་བཙུན་དང་མཚུངས་པར་གྱུར། འོད་ཟེར་སླར་འདུས་བུམ་པའི་ཆུ་ལ་ཐིམ་པས། ཉེས་སྒྲིབ་ཐམས་ཅད་སེལ་ཞིང༌། དགེ་ ལེགས་ཐམས་ཅད་བསྐྱེད་པའི་བདུད་རྩིར་གྱུར་པར་བསམས་ནས། སྙིང་པོ་དང་གཟུངས་ རིངས་སྒྲུབ་ཐབས་ན་ཡོད་པ་བཞིན་དུ་བཟླས། རྟ་མགྲིན་གྱི་སྙིང་པོ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅེས་དང༌། གོང་གི་ལས་སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླས། བསང་གཏོར་དགོས་པ་རྣམས་འདིས་བྱའོ། །རབ་བྱུང་བཞི་ལ་སོགས་པ་ཡོད་ན། ཐུན་བཞི་ སྨྲ་བཅད་དང་ལྡན་པས་གཟུངས་དག་པར་འདོན། ཐུན་གྱི་བར་དུ་གཏོར་མ་རྣམས་བསངས་ སྦྱངས་བྱིན་གྱིས་བརླབས་ཏེ། རོ་མཆོག་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསམས་ ནས། དང་པོ་བླ་མ་དང་འཕགས་པ། གཉིས་པ་དགོས་ཀྱི་ཆོས་སྐྱོང༌། འོག་མ་གསུམ་ཆ་ གསུམ་གྱིས་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། གཏང་རག་གི་མཆོད་བསྟོད་གསོལ་བ་ གདབ། དངོས་གྲུབ་ཞུ། སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། ནོངས་པ་ བཟོད་པར་གསོལ། བསྒྲུབ་པ་མ་གྲོལ་བར་བརྟན་བཞུགས་དང༌། བསྔོ་བ་སྨོན་ལམ་གཞན་ དང་མཐུན་པར་བྱའོ། །ཐུན་བར་དུ་ཡང་མངོན་རྟོགས་སྒོམ། ཐུན་ལ་འཇུག་དུས་ཁྲུས་དང་ མཎྜལ་ཡན་ལག་བདུན་པ་ལ་སོགས་སྔོན་དུ་བཏང་ནས། གོང་བཞིན་གཟུངས་བཟླ། ཐུན་ 4-1-399 གྲོལ་བའི་ཚེ་ཐུན་གཏོར་དབུལ། མཆོད་བསྟོད་ཡན་ལག་བདུན་པ། གསོལ་གདབ། ལྷག་ ཆད་ཁ་བསྐང༌། བཟོད་གསོལ་བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་ཅི་ཤེས་བྱ། བསྒྲུབ་པ་ གྲོལ་ནས། ཕྱག་མཆོད་སོགས་ཡན་ལག་བདུན་པ་རྒྱས་པ་བྱ། འདོད་དོན་ལ་གསོལ་བ་ དྲག་ཏུ་གདབ། གོང་བཞིན་ལྷག་ཆད་ཁ་བསྐང༌། བཟོད་གསོལ་བསྔོ་བ་སྨོན་ལམ་སོགས་ རྒྱས་པར་བྱ། ཐམས་ཅད་དུའང་གསོ་སྦྱོང་དང་ལྡན་པར་བྱ། ཕར་ཕྱིན་དྲུག་གི་གཟུངས་དང་ ས་བཅུ་པའི་གཟུངས་དང༌། སྒོ་མཐའ་ཡས་པའི་གཟུངས་ཀྱང་ཅི་ནུས་སུ་བཟླའོ། །དེ་ནས། ཐུགས་རྗེའི་ཕྱག་ན་པདྨ་ཡིས། །ཡིད་ཀྱི་པདྨ་ཁ་ཕྱེ་ནས། །རིན་པོ་ཆེ་ལྟར་གཤེགས་ནས་ ཀྱང༌། །ཚུར་བྱོན་ཐུགས་རྗེ་ཆེན་པོ་མུཿ ཞེས་པས་མདུན་བསྐྱེད་ཀྱི་ཡེ་ཤེས་པ་གཞལ་ཡས་ ཁང་དང་བཅས་པ་གཤེགས་སུ་གསོལ། དམ་ཚིག་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་ རྩིའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམ། དེ་ནས་ལྷའི་མཚན་མ་རྣམས་བསྡུས་ཏེ། ཨ་ ཀ་རོའི་སྔགས་ཀྱིས་ཤར་སྒོ་ནས་རྡུལ་ཚོན་རྣམས་ཕྱགས་ལ། བུམ་ཆུ་མཆོད་རྫས་རོལ་མོའི་ སྒྲ་དང་བཅས་པས་ལྷོ་རི་མཐོན་པོའི་རྩེར་སྤྱན་དྲངས་ནས། དེར་མཆོད་རྟེན་ནམ་མཐོ་རྩིགས་ པ། པོ་ཏ་ལར་བསམ། དེར་བཞུགས་སུ་གསོལ་བས། དེ་དག་ལ་རླུང་གིས་ཕོག་པ། ཕྱོགས་ བཅུར་འཕྲོས་པ། སེམས་ཅན་ལ་ཕོག་པས་དོན་ཆེན་པོར་འགྱུར་བར་གསུངས། སྤྲོ་ན་བུམ་པ་ གཟུངས་ཆབ་དང་བཅས་པ་སྤྱན་དྲངས་ཏེ། དགོན་པ་འམ། གྲོང་ངམ། གྲོང་ཁྱེར་གྱི་ཕྱི་རོལ་ ནས་བསྐོར་བ་བྱ། ཕྱོགས་བཞི་ནས་རྒྱལ་ཆེན་བཞི་ལ་མཆོད་གཏོར་ཕུལ། དྲི་ཟ་ལ་སོགས་ པའི་གདོན་བགེགས་དང༌། གནོད་པ་ཐམས་ཅད་ལས་བསྲུངས་ཤིག་པའི་འཕྲིན་ལས་བཅོལ་ ལོ། །སླར་དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ་བུམ་པའི་དྲུང་དུ་ཡན་ལག་བདུན་པ་ཕུལ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྒྱས་པར་བྱ། གཟུངས་ཆབ་སྐྱེ་བོའི་ཚོགས་ལ་བཀྱེ་ཞིང༌། ཨོཾ་ཨ་ མོ་གྷ་པདྨ་ཛ་ལེ་བི་ཤོ་དྷ་ཡ་ཧཱུཾ། བི་རི་བི་རི་བི་མ་ལེ་སྭཱཧཱ། ཞེས་བཟླས་ཤིང་ཁྲུས་བྱས་ན། མི་ 4-1-400 གཙང་བ་ཡང་གཙང་བར་འགྱུར། །ཚངས་པར་སྤྱོད་མིན་ཚངས་སྤྱོད་འགྱུར། །བསོད་ནམས་ ཕུང་པོ་ལྷ་བཞིན་འབར། །ཉི་མ་ཟླ་བ་བཞིན་དུ་མཛེས། །ཁྲུས་ཀྱི་རྣམ་པ་འདི་དག་ནི། །དོན་ ཡོད་ཁྲུས་ཀྱི་མཆོག་ཡིན་ནོ། །ཞེས་པའི་ཕན་ཡོན་རྣམས་འབྱུང་བར་འགྱུར་རོ། །དེ་དག་གི་ སྐབས་སུ་ཡང༌། ཉལ་བ་ཁྲུས་བྱེད་པ་མ་གཏོགས་མཐང་གོས་མི་སྤང༌། མི་དང་དུད་འགྲོ་ གཞན་ལ་རེག་པ་བསྲུང། ཉལ་པའི་ཚེ་རང་གི་རྣལ་འབྱོར་བསྡུས་ལ། བདག་བསྲུང་བ་བྱས་ ནས། སེང་གེའི་ཉལ་སྟབས་ཀྱིས་ཉལ། ལྡང་བའི་ཚེ་ལྷའི་རྣལ་འབྱོར་དང་ལྡན་པས་གོས་ གྱོན་ཏེ་ཁྲུས་བྱས་ནས་གསོ་སྦྱོང་བླང་བ་སོགས་དེ་ཉིད་ལ་འཇུག་གོ །ཟས་ལ་སྤྱོད་པའི་ཚེ་ལྷ་ མཆོད་པའི་བསམ་པས་ལོངས་སྤྱད། ཆོ་ག་ཞིབ་མོ་ནས་བཀག་པའི་ཁ་ཟས་ངན་པ་དང༌། ཤ་ དང་ཆང་དང༌། སྒོག་སྐྱ་དང༌། ཙོང་དང༌། ཀུན་དོང་དང༌། ཀེའུ་དང༌། ལྷག་མ་དང་འབགས་ པ་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་དང༌། ལ་ཕུག་རྣམས་སྤང་བར་བྱའོ། །རིགས་གསུམ་ སྤྱི་རྒྱུད་དང༌། ལེགས་གྲུབ་དང༌། ཆོ་ག་ཞིབ་མོ་དང༌། དགེ་སློང་མ་དཔལ་མོ་རང་གི་རྒྱ་གཞུང་ དང༌། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་དུ། དོན་དུ་གཉེར་བ་དག་གིས་ནན་ གྱིས་བསྐུལ་བའི་ངོར། དགེ་སློང་གཉག་ཕུ་པ་བསོད་ནམས་བཟང་པོས་དཔལ་མཚལ་མིན་ གྱི་གཙུག་ལག་ཁང་དུ་བཀོད་པའོ། ། སྭསྟི་བི་ཛ་ཡ། དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །འགྲོ་བའི་མགོན་པོ་ སྤྱན་རས་གཟིགས་དབང་དང༌། །དབྱེར་མེད་རྗེ་བཙུན་བླ་མའི་ཞབས་པད་ལ། །སྒོ་གསུམ་ དང་བས་བདག་ནི་ཕྱག་འཚལ་ལོ། །འཕགས་པའི་སྒྲུབ་པ་ཟབ་མོ་ཁྱད་པར་ཅན། །རྣམ་ དག་གཟུངས་ཀྱི་སྒོ་ནས་ཉམས་ལེན་ཚུལ། །འགྲོ་བའི་སྒྲིབ་གཉིས་བུད་ཤིང་བསྲེག་པའི་མེ། །སྔོན་མེད་དཔར་དུ་བཀོད་པ་གང་འདི་ཡང༌། །བླ་མའི་གདན་ས་མཚལ་མིན་སྐྱེད་མོས་ཚལ། །འཕགས་པས་བརྟེན་པ་པོ་ཏ་ལ་མཚུངས་འདིར། །བསོད་ནམས་དར་སོགས་འཕགས་པ་དེ་ 4-1-401 རྣམས་ཀྱིས། །བདག་རྐྱེན་དད་འབུལ་བསྡུས་ཏེ་བཞེངས་པ་ཡིན། །འདི་ཡི་དགེ་བས་སྲིད་ པར་འཁྱམས་པ་ཡི། །འགྲོ་རྣམས་རྒྱལ་བའི་ལམ་བཟང་བརྟེན་པ་དང༌། །བཤད་སྒྲུབ་བསྟན་ པ་རིང་དུ་གནས་གྱུར་ཏེ། །སྤྱན་རས་གཟིགས་ཀྱི་གོ་འཕང་མྱུར་ཐོབ་ཤོག །བརྐོས་ཀྱི་འདུ་ བྱེད་ཤེས་རབ་རྒྱལ་མཚན་བགྱིས་པའོ།། །།མངྒ་ལམྦྷ་ཝནྟུ། མ་ཡིག་གྲྭ་ས་ཆེན་པོ་ཚལ་མིན་ སྐྱིད་ཚལ་གྱི་དཔེ་རྙིང་ཤིང་དཔར། 4-1-402 ༄༅། །བསྙུང་གནས་ཀྱི་ཆོས་སྐོར་དང་ཐུགས་རྗེ་ཆེན་པོ་ ཞལ་གཅིག་ཕྱག་བཞི་པའི་སྒོམ་ བཟླས་བཞུགས་སོ། ། ༄༅། །ན་མོ་ལོ་ཀེ་ཤྭ་རཱ་ཡ། གསོ་སྦྱོང་གི་ཐོག་མར། དཀོན་མཆོག་གི་དྲུང་དུ། མཆོད་ པ་ཅི་འབྱོར་པ་བཤམ། མཆིལ་ལྷམ་ཕུད། མཚོན་ཆ་ལ་སོགས་པ་བཞག་ཅིང་ཁྲུས་དང་གཙང་ སྦྲ་སྔོན་དུ་འགྲོ་བས། ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་ འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱི། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །བཛྲ་ས་མ་ཡ་ཛ། བླ་མ་ སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་ རྣམས་ལ་ཕྱག་འཚལ་ལོ། །མདོ་རྒྱུད་བསྟན་ཆོས་མན་ངག་ཟབ་མོ་ཡི། །ཆོས་རྣམས་གང་ལ་ ཞུས་པའི་རྩ་བ་དང༌། །བརྒྱུད་པའི་བླ་མ་མ་ལུས་ཐམས་ཅད་ལ། །རྟག་ཏུ་གུས་པའི་ཡིད་ཀྱི་ ཕྱག་འཚལ་ལོ། །སྐུ་གྱུར་པ་ནི་ཐམས་ཅད་ལ། །མཚན་མཆོག་སུམ་ཅུ་གཉིས་མངའ་ཞིང༌། །རྫོགས་པའི་སངས་རྒྱས་གྲགས་ལྡན་པ། །རྒྱལ་བ་ཀུན་ལ་ཕྱག་འཚལ་ལོ། །རྫོགས་སངས་ གང་དུ་བལྟམས་པ་དང༌། །གང་དུ་བྱང་ཆུབ་ལ་རེག་དང༌། །ཞི་བའི་འཁོར་ལོ་བསྐོར་བ་ཡི། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང༌། །འཆག་པ་ དང་ནི་བཞེངས་པ་དང༌། །སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། 4-1-403 །སྟེང་དང་འོག་དང་བར་དག་དང༌། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང༌། །སྐུ་བཅས་ སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །རྐང་གཉིས་དམ་པ་ཤར་དང་ནི། །བྱང་གི་ཕྱོགས་ཆར་བཞུགས་པ་ཡིས། །རྒྱལ་བ་སྟེང་ཀ་ཞེས་བྱ་བ། །དེས་ནི་ཚིགས་བཅད་ འདི་གསུངས་སོ། །གང་གི་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་བསྟོད་བྱས་ ནས། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ཞེས་ཕྱག་བྱའོ། ། དེ་ནས་མཎྜལ་ལན་གསུམ་འབུལ་བའི་དང་པོ་ནི། ཨོཾ་བཛྲ་བྷུ་མེ་ཨཱཿཧཱུཾ། དབང་ཆེན་ གསེར་གྱི་ས་གཞིའི། ཨོཾ་བཛྲ་རེ་ཁེ་ཨཱཿ་ཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བ། ཧཱུཾ། དབུས་ སུ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་ སྒྲ་མི་སྙན། ཉི་མ། ཟླ་བ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་ མེད་པ་འདི་སངས་རྒྱས་དཀོན་མཆོག་གི་ངོ་བོ་བླ་མ་དང་འཕགས་པ་ཐ་མི་དད་པ་ལ་འབུལ་ ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །ཞེས་པ་དང༌། དེ་བཞིན་དུ་གཉིས་པ། ཆོས་དཀོན་མཆོག་གི་ངོ་བོ་གཟུངས་སྔགས་ རྣམས་ལ་འབུལ། གསུམ་པ་དགེ་འདུན་དཀོན་མཆོག་གི་ངོ་བོ་འཁོར་གྱི་ལྷ་རྣམས་ལ་འབུལ་ ལོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་ གསོལ། །ཞེས་པ་དང༌། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞིས་ ལེགས་པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་ དག་ཞིང་ལ་སྤྱོད་པར་ཤོག །ཅེས་བརྗོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་ འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་ཐུགས་རྗེ་ཆེན་པོ་ཅན་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ་བྱ་ 4-1-404 བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་ བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་ པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་ དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་ པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ ཀྱང༌། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་ བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྟོགས་པར་བྱ་བའི་ཕྱིར། དུས་འདི་ནས་གཟུང་སྟེ། ཇི་ སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་པར་བགྱིའོ། །ཞེས་ ལན་གསུམ་དང༌། དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་ པའི་ཆོས་ཀྱང་མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་པར་བྱ། །ཁྲི་སྟན་ཆེན་པོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་པར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ ཆུབ་མྱུར་ཐོག་ཤོག །སྡུག་བསྔལ་མང་འཁྲུགས་སེམས་ཅན་རྣམས། །སྲིད་པའི་མཚོ་ལས་ སྒྲོལ་བར་ཤོག །ཅེས་ཀྱང་ལན་གསུམ་བརྗོད་ནས། ཨོཾ་ཨ་མོ་གྷ་ཤི་ལ། སམྦྷ་ར་སམྦྷ་ར། བྷ་ ར། བྷ་ར། མཧཱ་ཤུདྡྷ་སཏྭ། པདྨ་བི་བྷུ་ཥཱི་ཏ་བྷུ་ཛ། དྷ་ར། དྷ་ར། ས་མནྟ། ཨ་ཝ་ལོ་ཀེ་ཏེ་ཧཱུྃ་ཕཊ་ 4-1-405 སྭཱཧཱ། ཞེས་པ་དང༌། ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཛ་ཡ། ཨ་མོ་གྷ་པ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧཿཧཱུྃ་ཕཊ་སྭཱཧཱ། ཅེས་ཉེར་གཅིག་རེ་བཟླས་ཤིང༌། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ ཡོངས་སུ་རྫོགས་པར་གྱུར་ཅིག །ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག །རྣམ་པར་གྲོལ་བའི་ཕུང་པོ་ཡོངས་སུ་ རྫོགས་པར་གྱུར་ཅིག །རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་ པར་གྱུར་ཅིག །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག ། ༄༅། །ཕ་མས་གཙོ་བྱས་མཁའ་མཉམ་སེམས་ཅན་ཐམས་ཅད། དཔལ་ལྡན་བླ་མ་དམ་ པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་ རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་འཕགས་པའི་མཆོག་རྣམས་ལ། །བྱང་ ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེ་བ་དང་ ལྡན་པར་གྱུར་ཅིག །སྡུག་བསྔལ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་ མི་འབྲལ་བར་གྱུར་ཅིག །ཆགས་སྡང་ཉེ་རིང་མེད་པའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམས་ལ། སྟོང་ པའི་ངང་ལས་པྂ་ལས་པདྨ་དང༌། ཨཱཿལས་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཧྲིཿདཀར་པོ་ ཚེག་དྲག་དང་བཅས་པ་བསམ། དེ་ལ་འོད་འཕྲོས་འཕགས་པ་རྣམས་མཆོད་སེམས་ཅན་གྱི་ དོན་བྱས། འོད་ཟེར་དེ་ཧྲིཿལ་ཐིམ་པས། རང་ཉིད་ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཁར་ཐལ་མོ་སྦྱར་བ། གཡས་གཉིས་པ་ 4-1-406 ན་ཤེལ་གྱི་ཕྲེང་བ། གཡོན་གཉིས་པ་ན་པདྨ་དཀར་པོ་བསྣམས་པ། རལ་པའི་ཐོར་ལྕོག་དང་ ལྕང་ལོས་ཉེ་བར་མཛེས་པ། རིགས་ལྔའི་དབུ་རྒྱན་ཅན། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ ཀྱི་ཤམ་ཐབས་ཅན། པད་ཟླའི་གདན་ལ་རྡོ་རྗེའི་དཀྱིལ་དཀྲུང་དུ་བཞུགས་པ། ཡེ་ཤེས་ཀྱི་ སྐུ་དྭངས་ཤིང་གསལ་བར་བསྒོམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་ པོ། ཐུགས་ཁར་ཧཱུྃ་སྔོན་པོ་བསྒོམ། དེ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ ཀྱི་ངོ་བོར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དེ་ནས་རང་གི་ཐུགས་ཁར་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་ཧྲཱིཿབསམ། དེ་ལས་འོད་འཕྲོས་པས། འཇིག་རྟེན་གྱི་ཁམས་ཐམས་ཅད་ ཁྱབ་པས། སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ ཆེན་པོར་གྱུར། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ། ཧྲཱིཿདེ་ལས་འོད་འཕྲོས་པས། ཕྱོགས་བཅུའི་ རྒྱལ་བ་སྲས་བཅས་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྣམ་པར་སྤྱན་དྲངས་ཏེ། བདག་ལ་ཐིམ་ པས་བདག་ཉིད་ཡི་དམ་ཀུན་འདུས་པའི་བདག་ཉིད་ཐུགས་རྗེ་ཆེན་པོར་སྒོམ། ཡང་ཧྲཱིཿལས་ འོད་འཕྲོས། མདུན་གྱི་ནམ་མཁར། བླ་མ་སངས་རྒྱས་འོད་དཔག་མེད་ཀྱི་རྣམ་པ། སྐུ་མདོག་ དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་སྤྱན་དྲངས་ནས། དེས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་ གང་བས་སྤྱི་བོ་ནས་མར་དབང་བསྐུར། སྒྲིབ་པ་དག སྐུ་ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཆུ་ལྷག་མ་ཡར་ལུད་པ་ལས། འོད་དཔག་ཏུ་མེད་པས་དབུ་རྒྱན་པར་བསྒོམས་ནས། རྩ་རྒྱུད་ ཀྱི་བླ་མ་ཐམས་ཅད་དང༌། དབང་སྐུར་མཁན་གྱི་བླ་མ་དེ་ཡང་སྤྱི་བོའི་འོད་དཔག་མེད་ལ་ ཐིམ་པར་བསམ། དེ་ལྟར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང༌། ནང་བཅུད་ ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ། རང་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཀུན་འདུས་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ། སྤྱི་བོར་བླ་མ་ཀུན་འདུས་ཀྱི་ངོ་བོ་འོད་དཔག་ མེད་བསྒོམས་ནས། བྱང་ཆུབ་སེམས་དཔའ་ནོར་བུའི་སྒྲོན་མ་ལ་ཕྱག་འཚལ་ལོ། །ཨོཾ་རུ་ཙི་ 4-1-407 ར་མ་ནི་པྲ་ཝར་ཏ་ཡ་ཧཱུྃ་ཕཊ། ཞེས་པ་འདི་ཕྲེང་བ་ལ་ལན་བདུན་བཏབ་ནས་བགྲངས་བས། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་བཟླས་པར་འགྱུར་བར་ གསུངས་པས། འགྱུར་ཆེ་བ་འདི་ལག་ལེན་བྱ། དེ་ནས་འཁྱེར་སོ་རྣམ་པ་གསུམ་གྱི་ངང་ནས་ བཟླས་བརྗོད་བྱ་སྟེ། སྣང་པ་སྐུའི་འཁྱེར་སོ། བྱ་བ་ཅིར་སྣང་ཐམས་ཅད་ཐུགས་རྗེ་ཆེན་པོར་ བསམ། གྲགས་པ་གསུང་གི་འཁྱེར་སོ། སྒྲ་ཅི་གྲག་ཐམས་ཅད་ཡི་གེ་དྲུག་པའི་སྒྲ། དྲན་པ་ ཐུགས་ཀྱི་འཁྱེར་སོ། དྲན་བསམ་འགྱུ་བའི་རྟོགས་པ་ཐམས་ཅད་རིག་སྟོང་ལྷའི་ཐུགས་སུ་ ཤེས་པར་བྱེད་པའོ། །རང་གིས་མ་ཎི་བགྲངས་བ་ན་སྔར་གསལ་བཏབ་པ་དེ་ཐམས་ཅད་ ཀྱིས་འུར་དིང་བགྲང་བར་བསྒོམས་ཏེ། ཐུགས་ཁའི་ཧྲཱིཿའི་མཐའ་མ་ལ་མ་ཎི་པད་མེས་བསྐོར་ བ་ལ་དམིགས་པ་གཏད་དེ། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་མ་ཡེངས་པར་བཟླས་ཞིང༌། འགྲོ་འཆག་ ཉལ་གསུམ་ཐམས་ཅད་དུ་དྲན་པས་བཟུང་སྟེ། དལ་མེད་དུ་མང་དུ་བཟླ་བར་བྱའོ། །རྗེས་ ལ་དགེ་བའི་རྩ་བ་བསྔོ་བ་སྨོན་ལམ་གྱི་ཟིན་པར་བྱ། གནས་སྐབས་ཐམས་ཅད་དུ་སྙིང་རྗེ་ བསྒོམ་ཞིང༌། སེམས་ཅན་ཐམས་ཅད་ལ་ཅི་ཕན་བྱའོ། །ཚ་ཚ་བཞེངས་ན། འཇིམ་པ་ལ་རིན་ པོ་ཆེ་དང་སྨན་བཏབ་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ་མོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ བཟླས། འབི་འབི་བྱས་པས་ཆོས་སྐུར་བསམ། སྐུ་སྤར་དུ་བཅུག་པས་ལོངས་སྐུར་བསམ་ བཏོན་པས་ཕྱི་མཆོད་རྟེན་ལ་ནང་ཐུགས་རྗེ་ཆེན་པོར་བསམ་མོ། །འདི་འབད་དགེ་བས་ཕ་ མས་གཙོ་བྱས་སེམས་ཅན་ཐམས་ཅད་སངས་རྒྱས་མྱུར་ཐོབ་ཤོག །ཐུགས་རྗེ་ཆེན་པོའི་ཞིང་ ཁམས་སྐྱེ་བར་ཤོག །ཤཱཀྱའི་བཙུན་པ་བསོད་ནམས་བཟང་པོ། ཐུགས་རྗེ་ཆེན་པོ་དང་མཇལ་ བར་ཤོག །ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུན་ཏེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ བཱ་དཱི་མཧཱ་ཤྲ་མ་ཎཿ འཕགས་ཚོགས་པའི་ཐུགས་དམ་སྤར་མ་ནས། ཞལ་ཞུས་བྱས་པ་ཡིན་ ལགས། ཞུ་དག་བྱས། མཾ་གྷ་ལཾ། 4-1-408 མ་ཡིག་འབྲས་སྤུངས་དཔེ་རྙིང༌། འབྲས། བ ༡༨ 4-1-409 ༄༅། །སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་ དབང་གི་ཆོ་ག་ཐུགས་རྗེའི་འབྱུང་གནས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་ལོ་ཀེ་ཤྭ་ར་ཡ། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ ལྡན་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང༌། སློབ་མ་རྗེས་སུ་འཛིན་པར་འདོད་པས། སློབ་དཔོན་རང་ཉིད་རིག་པ་གཏད་པ་ཐོབ་ཅིང༌། བསྙེན་པ་རྫོགས་པས། གསང་པ་སྤྱི་རྒྱུད་ ལས། རྣམས་སྤྱད་དང་པོས་ས་གཞི་བཟུང༌། །གཉིས་པ་ལ་ནི་སྟ་གོན་ནོ། །ནུབ་གསུམ་པ་ལ་ འཇུག་པ་ཤིས། །ཞེས་པ་ལྟར། ས་ཆོག སྟ་གོན། དངོས་གཞི་དཀྱིལ་འཁོར་དུ་འཇུག་པ་དང་ གསུམ་ལས། དང་པོ་ལ་ས་བརྟག་པ། བླང་པ། སྦྱང་པ། གཟུང་བའི་ཆོ་ག་རྒྱས་པ་ནི་གཞན་ དུ་བལྟའོ། །དཀྱིལ་འཁོར་གྱི་ཆོ་ག་བྱས་པའི་གནས་སུ་ས་ཆོག་མ་བྱས་ཀྱང་རུང་ལ། བྱེད་ ན་སློབ་དཔོན་གཙོ་བོའི་བསྐྱེད་རིམ་དང་ལྡན་པས། ལྷ་གནས་མི་འཆོལ་བར་བྱ་བའི་ཕྱིར། ཐིག་གིས་ཆ་ཕྱེ་བའི་དབུས་སུ་དྲིའི་ཐིག་ལེ་ལ་མེ་ཏོག་ཚོམ་བུ་དགོད། མཆོད་པ་དང་གཏོར་ མ་བཤམས་ནས། དྲིའི་ཐིག་ལེའི་དབུས་སུ། བཾ་ལས་སའི་ལྷ་མོ་སྐུ་མདོག་སེར་མོ་དར་དང་ རིན་པོ་ཆེས་བརྒྱན་པ། ཞི་བའི་ཉམས་ཅན་ཕྱག་གཡས་སྤང་པོ་ཁས་ལེན་པའི་ཕྱག་རྒྱ་དང༌། གཡོན་པ་རིན་པོ་ཆེའི་བུམ་པ་བསྣམས་པའི་གནས་གསུམ། ཨོཾ་ཨཿཧཱུཾ་གིས་བྱིན་གྱིས་བརླབ། སྙིང་ཁ་ནས་འོད་འཕྲོས། ས་འོག་ནས་སའི་ལྷ་མོ་འཁོར་བཅས་སྤྱན་འདྲེན་པར་བསམ་སྟེ། 4-1-410 ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་ས་ལ་བརྡབས་ཏེ་ཧཱུཾ་ཞེས་བརྗོད་པས་ལྷ་མོ་ཡེ་ ཤེས་པ་སྤྱན་དྲངས། མཆོད་ནས་ཛཿཧཱུཾ་བཾ་ཧོཿས་དམ་ཚིག་པ་དང༌། དབྱེར་མེད་དུ་གྱུར་པ་ལ་ དབང་གི་ལྷས་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་མོས་པ་ལ། ཨོཾ་པྲི་ཐི་ ཝི་དེ་ཝི། ཞེས་པ་སྔོན་དུ་འགྲོ་བའི་ཨརྒྷཾ་སོགས་ཀྱིས་མཆོད། གཏོར་མ་ཨོཾ་ཨཱཿཧཱུཾ་གིས་བདུད་ རྩིར་བྱིན་གྱིས་བརླབས་ནས། ཨོཾ་པྲི་ཐི་ཝི་དེ་ཝི་ཨ་ཀ་རོ་མུ་ཁཾ་ཞེས་སོགས་གསུམ་གྱིས་ཕུལ་ ལ། རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་ དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་སྤང་དུ་གྱུར། །ཤཱཀྱ་སེང་གེ་ སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་བདག་གིས་བདུད་སྡེ་རྣམས། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་གསོལ་བ་བཏབ་པས། རིགས་ཀྱི་ བུ་བདུད་ལས་རྒྱལ་བར་གྱིས་ལ་དཀྱིལ་འཁོར་གྱི་ལས་རྩོམས་ཤིག །ཅེས་གནང་བ་བྱིན་ཏེ་ ས་དེ་ཉིད་དུ་ཐིམ་པར་བསམས་ནས། ཨོཾ་ཨཱཿབིག་ནན་ཏ་ཀྲིད་ཧཱུཾ་ཞེས་བཟླ་ཞིང་དྲིའི་ཆུ་དང་ ཡུངས་དཀར་དང་ཐལ་བས་གཏོར། ལག་མཐིལ་ས་ལ་བཞག་སྟེ། ཨོཾ་བྷཱུ་ཁཾ་ཞེས་བརྗོད་པས་ ས་ཕྱོགས་ནམ་མཁར་བསམ། ཧཱུཾ་ལཾ་ཧཱུཾ་ཞེས་བརྗོད་པས་རྡོ་རྗེའི་ས་གཞི་དང༌། ཨ་ཁཾ་བྷྲཱུཾ་ཞེས་ བརྗོད་པས་རི་བོ་པོ་ཏ་ལར་གྱུར་པར་བསམ་ལ། ཨོཾ་མེ་དྷི་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ཞེས་ བསྲུང་བ་བྱས་ཏེ་ས་ཆོག གཉིས་པ་སྟ་གོན་ལ། ས་དང༌། ལྷ་དང་བུམ་པ་དང༌། སློབ་མ་སྟ་ གོན་བཞི་ལས། དང་པོ་ནི་ས་ཆོག་ཇི་ལྟ་བ་བཞིན་ནོ། ། གཉིས་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་ལྷ་སོ་བདུན་གྱི་གནས་སུ་དྲིའི་ཐིག་ལེ་ལ་མེ་ཏོག་ གི་ཚོམ་བུ་དགོད། མཐའ་མཆོད་པས་བསྐོར་བ་བསང་སྦྱང༌། ལྷ་སོ་བདུན་ཡན་ལག་བཞི་ རྫོགས་སུ་བསྐྱེད། མཆོད་ཅིང་བསྟོད་ནས། སྤོས་དང་རྡོ་རྗེ་དྲིལ་བུ་བཟུང༌། པུས་མོ་བཙུགས་ ཏེ། སྤྱན་རས་གཟིགས་དབང་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ 4-1-411 ལོ། །བདག་ལ་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ སོགས་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་ པ་ལགས། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་ དང༌། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང༌། །གསང་སྔགས་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་པའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་སུ་ལྷ་ཡི་སྤྱན་ མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་ གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་བཟང་པའི་མིང༌། །སྤྱན་ རས་གཟིགས་དབང་ཆེར་འབྱུང་བ། །ཆོ་ག་བཞིན་དུ་བྲི་ལགས་ན། །བདག་དང་སློབ་མར་ བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་ནི། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་སྙན་གསན་དབབ་པ་ནི་ལྷ་ སྟ་གོན་ནོ། ། གསུམ་པ་བུམ་པ་སྟ་གོན་ནི། བུམ་པ་མཚན་ཉིད་དང་ལྡན་པ་བདུན་དཀར་པོར་བྱས། ཁ་ རྒྱན་མགུལ་ཆིངས་དང་བཅས་པ་དྲུག་ཏུ་ཆུ་གཙང་མ་སྲོག་ཆགས་མེད་པས་སུམ་གཉིས་ཙམ་ དགང༌། རིན་པོ་ཆེ་ལྔ། འབྲུ་ལྔ། དྲི་ལྔ། སྨན་ལྔ། དཀར་གསུམ་མངར་གསུམ་དང་བཅས་པ་ བླུག རྣམ་རྒྱལ་གྱི་སྟེང་དུ་དྲིའི་དུང་ཆོས་རྡོ་རྗེ་གཟུང་ཐག་དང་བཅས་པ་བཤམས་ཏེ། བསང་ སྦྱངས་ནས། བྷྲཱུཾ་ལས་ཕྱི་བུམ་པ་ནང་གཞལ་ཡས་ཁང་གི་རྣམ་པ་ཅན་དུ་བསྐྱེད་པའི་རྣལ་རྒྱལ་ བུམ་པར་ལྷ་ཚང་མར་བསྐྱེད། ཤར་གྱི་བུམ་པར་ཧྲཱིཿལས་སྤྱན་རས་གཟིགས་དཀར་པོ་ཞལ་ གཅིག་ཕྱག་གཉིས་པད་མ་བསྣམས་པ། ལྷོ འི་བུམ་པར་ཧྲཱིཿལས་སྤྱན་རས་གཟིག་སེར་པོ་པད་ མ་བསྣམས་པ། ནུབ་ཀྱི་བུམ་པར་ཧྲཱིཿལས་སྒྲོལ་མ་ལྗང་ཁུ་ལྕགས་ཀྱུ་བསྣམས་པ། ཐམས་ ཅད་རྒྱན་ཡོངས་སུ་རྫོགས་པར་བསྐྱེད། ཡང་ན་གསུམ་ཅར་དུ་ཕྱག་སྟོང་སྤྱན་སྟོང་རྫོགས་ 4-1-412 པར་བསྐྱེད་དོ། །བྱང་གི་བུམ་པར་ཧྲཱིཿལས་རྗེ་བཙུན་སེང་གེ་སྒྲ་སྐུ་མདོག་དཀར་པོ་རལ་པའི་ ཐོར་ཚུགས་ཅན་ཞལ་གཅིག་སྤྱན་གསུམ་པ། རི་དྭགས་ཀྱི་ལྤགས་པ་བསྣམས་པ། ཕྱག་ བཞིའི་གཡས་དང་པོ་མཆོག་སྦྱིན། གཡོན་དང་པོ་པདྨའི་སྟེང་ན་རལ་གྲི་ཅན། གཡས་འོག་མ་ སྦྲུལ་གྱིས་བརྒྱན་པའི་རྩེ་གསུམ་དཀར་པོ། གཡོན་འོག་མ་ཐོད་པ་དཀར་པོ། དྲི་ཞིམ་པོ་ཅན་ གྱི་མེ་ཏོག་གིས་བཀང་པ། རྒྱལ་པོ་རོལ་པའི་འདུག་སྟངས་ཅན། ཅུང་ཟད་ཟུར་མིག་གིས་ གཟིགས་པ་བསྐྱེད་དོ། །ལས་བུམ་དུ་ཧཱུཾ་ལས་བགེགས་མཐར་བྱེད་སྔོན་པོ་ཞལ་གཅིག་ཕྱག་ གཉིས་གཡས་རྡོ་རྗེ་འཛིན་ཞིང་གཡོན་སྡིགས་མཛུབ་ཐུགས་ཁར་མཛད་པ། སྦྲུལ་དང་རིན་པོ་ ཆེས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་དགུག་ གཞུག་ཅིང་དབང་དུ་བྱ། དབང་སྐུར། བུམ་པ་ལྔའི་ལྷ་རྣམས་ལ་འོད་དཔག་མེད། བགེགས་ མཐར་བྱེད་ལ་མི་བསྐྱོད་པས་དབུ་བརྒྱན་པར་བསམས་པ་ལ་མཆོད་ནས། གཙོ་བོའི་སྙིང་པོ་ དང༌། ཞི་རྒྱས་དབང་དྲག་གི་གཟུངས་རྣམས་དབང་བསྐུར་གྱི་སྐབས་ནས་འབྱུང་པ་ལྟར་ཉེར་ གཅིག་རེ་བཟླས། ལས་ཐམས་ཅད་པ་ལ་ཨོཾ་ཨ་བིག་ནན་ཏྲི་ཀྲིད་ཧཱུཾ་ཕཊ། ཅེས་བརྒྱ་རྩ་ལ་ སོགས་བཟླས་ནས་མཆོད་ཅིང་བསྟོད་དེ་ལྷ་བུམ་ལྔའི་ལྷ་རྣམས་ཞུ་བ་ལས། ལས་སོ་སོའི་ཁ་ དོག་ཅན་གྱི་ཆུར་བསམ་ཞིང༌། བགེགས་མཐར་བྱེད་མི་བཞུ་བར་དཀྱིལ་འཁོར་གྱི་བྱ་བ་མ་ ཚར་གྱི་བར་དུ་བགེགས་བཟློག་བའི་ཕྲིན་ལས་མཛད་པར་གསོལ་བ་གདབ། བུམ་པ་བདུན་ གྱི་གཅིག་ཏུ་ཆུ་མི་བླུགས་པར་མཚན་བརྟག་པའི་བུམ་པ་བྱའོ། བུམ་པ་གསུམ་ལས། མེད་ན། རྣམ་རྒྱལ་དུ་ལྷ་ལྔ། གཅིག་ལས་བུམ། གཅིག་མཚན་བརྟག་པའི་བུམ་པ་བྱ་སྟེ་བུམ་པ་སྟ་གོན་ ནོ། ། བཞི་པ་སློབ་མ་སྟ་གོན་ནི། ཉི་ཤུ་རྩ་ལྔའི་བར་ཟུང་དུ་མ་གྱུར་པ་རྣམས་ཁྲུས་བྱས། ཡོན་ དང་མཎྜལ་ཕུལ་ནས། རང་རང་གི་མིང་བྲིས་པ་དྲི་བཟང་པོས་བགོས་པ་དང༌། མེ་ཏོག་སྙིམ་ 4-1-413 པར་བཟུང་ཏེ༑ དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ལན་གསུམ་བརྗོད་ནས། སྙིམ་པའི་མིང་མེ་ཏོག་དང་བཅས་པ་སློན་དཔོན་ལ་དབུལ། སློབ་དཔོན་གྱིས། བུ་ཚུར་ཐེག་ པ་ཆེན་པོ་ཡི། །ཚུལ་ཆེན་སྣོད་ནི་ཁྱོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་སངས་རྒྱས་ མ་བྱོན་དང༌། །ད་ལྟར་བཞུགས་པའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ ཀུན། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་ཟབ་མོ་འདི་མཁྱེན་ནས། །དཔའ་བོས་བྱང་ ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཉམ་མེད་བསྙེས། །གསང་སྔགས་སྤྱོད་པ་བླ་མེད་ དེས། །སྐྱོབས་པ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་མཁྱེན་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་དེ། སློབ་ མའི་མིང་ཡིག་རྣམས་ལྷག་པའི་ལྷར་མོས་ལ་སྔར་གྱི་མཚན་བུམ་དུ་མེ་ཏོག་དང་བཅས་པ་ གཞུག་པར་བྱའོ། །དེ་ནས་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱི་རྒྱུན་ བཤགས་དང༌། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་དང༌། །སློབ་དཔོན་བདག་ལ་དགོངས་ སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ ལ་དགོད། །ཅེས་པའི་བར་ལན་གསུམ་གྱི་སྔགས་ཀྱི་སྡོམས་པ་བཟུང་ནས། སོ་ཤིང་གིས་སོ་ བྲུད། རྩེ་མོ་སོ་ནེམ་ཙམ་བྱས་ལ། སྡིག་སྒྲིབ་སྐྱུག་པར་བསམས་ཏེ། མཎྜལ་ཚོམ་བུ་ལྔ་པའི་ དབུས་སུ། ཧ་ས་ཧ། ཞེས་བརྗོད་ཅིང་དོར་བས་དངོས་གྲུབ་ཀྱི་ལྟས་བརྟག དུང་ཆོས་ཀྱི་ཆུ་ཁྱོར་ བར་ལན་གསུམ་བྱིན་ཞིང་འཐུང་དུ་བཅུག་ནས། ཨོཾ་ཧྲིཿབི་ཤུད་དྷ་སརྦ་དྷརྨཱ། པ་པཾ་ནིཥྩ་སཾ་ཤོ་ དྷ་ཡ་སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་པས་ཁ་དག་པར་བྱའོ། །སྲུང་སྐུད་དམར་པོ་རྡོ་རྗེའི་ མདུད་པ་ཅན་ཧཱུཾ་ལས་སྐྱེས་པ་སྟ་གོན་གྱི་ལྷའི་ཐུགས་ཁ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་སྟིམ་ 4-1-414 པ། སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་ལ་བཅིང་ཞིང༌། ཨོཾ་བུད་དྷ་མཻ་ཏྲི་རཀྵ་ སརྦན་སྭཱཧཱ། ཞེས་བརྗོད་པས་བར་ཆད་བསྲུང༌། ཀུ་ཤ་ཧཱུཾ་དང་དྷི་ལས་བྱུང་པ་ཆེ་ཆུང་གཉིས། ཨོཾ་བཛྲ་ཏིཀྴཎ་བམ། ཞེས་པས་སྔས་དང་སྟན་དུ་བྱིན་ལ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་པ་ནས། དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་བརྗོད་དེ་ཆོས་བཤད་དོ། ། དེ་ནས་རྨི་ལམ་བརྟག་པ་ནི། བུ་སྐྱེ་ནང་པར་དཀྱིལ་འཁོར་ནི། །འབྲི་བར་འགྱུར་རོ་ཉོལ་ ཅིག་དང༌། །རྨི་ལམ་མཐོང་པ་གང་ཡིན་པ། །དེ་ཀུན་དང་པོར་ང་ལ་སྨྲོ། ཞེས་བརྗོད། ནང་ པར་རྨི་ལམ་དྲིས། ངན་ན་བསྲུང༌། བཟང་ན་གཟེངས་བསྟོད་དོ། །སྟ་གོན་ནོ། ། དངོས་གཞི་དཀྱིལ་འཁོར་དུ་འཇུག་པ་ལ་གསུམ་སྟེ། དཀྱིལ་འཁོར་བྲི་ཞིང་རྫས་ འགོད་པ། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པ་འབུལ་བ། བདག་ཉིད་འཇུག་ཅིང་དབང་ བསྐུར་བའོ། །དང་པོ་ལ་གཉིས་ལས། བྲི་བ་དང་རྫས་དགོད་པ། བྲི་བ་ལ། ཡེ་ཤེས་ཀྱི་ཐིག་ གཞན་དང་མཐུན་ཞིང༌། ལས་ཀྱི་ཐིག་ཀྱང་དཀྱིལ་འཁོར་སྒོ་རྐྱང་གཞན་དང་འདྲ་བར་གདབ་ ཅིང༌། ཚོན་གྱིས་བྲི་བ་ལ། ཚོན་དཀར་སྔོ༌། སེར་དམར། ལྗང་རྣམས་ལ་རིམ་པས་ཨོཾ་ཧཱུཾ་དྲཾ་ཧྲི་ ཨ། བྲིས་ལ་རིགས་ལྔར་བསྐྱེད། ཡེ་ཤེས་པ་གཞུག མཆོད་བསྟོད། འོད་དུ་ཞུ་བ་ཚོན་དུ་གྱུར་ པར་བསམས་ལ། དབུས་ཆ་ཆེན་གཅིག་ལྟེ་བ་ལྗང་ཁུ་ལ་ཟླ་གདན་དཀར་པོ། ཆ་བྲན་གཅིག་ གེ་སར་སེར་པོ། ཆ་བྲན་ལྔ་པད་འདབ་བརྒྱད། ཕྱོགས་བཞི་དམར་ལ་མེ་རླུང་སེར། སྲིན་པོ་ ནག །དབང་ལྡན་ལྗང༌། ཆ་བྲན་གཅིག་མུ་འཁྱུད་ནག་པོ། ཡང་ཆ་ཆེན་གཅིག་པད་མ་འདབ་ མ་བཅུ་དྲུག་མཛེས་མཚོན་ཡང་ཆ་ཡང་ཆ་བྲན་གཅིག་མུ་འཁྱུད། དེ་ཐམས་ཅད་ཟླུམ་པོ། རྩིག་པ་ནང་ནས་རིམ་བཞིན། དམར། ལྗང༌། དཀར། སེར། སྔོ། ནང་གི་གཞི། ཤར་སྔོ། ལྷོ་ སེར་ནུབ་དཀར། བྱང་ལྗང་དུ་རིགས་ཏེ་འདི་པད་མའི་རིགས་ཀྱི་དཀྱིལ་འཁོར་ཡིན་པས་སོ། །གཞན་ཅི་དང་མཐུན། ལྷའི་མཚན་མ་ནི། དབུས་སུ་ཧྲཱིཿའམ་པད་དཀར། ཤར་དུ་ཨུད་པལ་ 4-1-415 ལྗང་ཁུ། ལྷོ ར་ཞགས་པ་དམར་པོ། ནུབ་ཏུ་ནོར་བུ་སེར་པོ་བྱང་དུ་དབྱུག་པ་དམར་པོ། ཤར་ ལྷོ ར་པད་དཀར། ལྷོ་ནུབ་ཏུ་ཤིང་ལོ་སེར་པོ། ནུབ་བྱང་དུ་རལ་གྲི། བྱང་ཤར་དུ་རྡོ་རྗེ་ལྗང་ ཁུ། པད་འདབ་བཅུ་དྲུག་ལ་ཤར་དུ་རྡོ་རྗེ་དཀར་པོ་བཞི། ལྷོ ར་རིན་པོ་ཆེ་སེར་པོ་བཞི། ནུབ་ ཏུ་ཨུད་པལ་དམར་པོ་བཞི། བྱང་དུ་རལ་གྲི་ལྗང་ཁུ་བཞི། གྲུ་ཆད་ནང་མ་ལ་ཤར་ལྷོ ར་མེ་ཏོག་ དཀར། ལྷོ་ནུབ་ཏུ་བདུག་སྤོས་སྔོ། ནུབ་བྱང་དུ་མར་མེ་དམར། བྱང་ཤར་དུ་དྲིའི་དུང༌། ཕྱིའི་ ཤར་ལྷོ ར་རྡོ་རྗེ་དཀར། ལྷོ་ནུབ་ཏུ་ཕྲེང་པ་སེར། ནུབ་བྱང་དུ་པི་ཝཾ་དམར། བྱང་ཤར་དུ་རྡོ་རྗེ་ རྩེ་གསུམ་ལྗང་ཁུ། སྒོ་བཞིར་པི་ཝཾ། རལ་གྲི་སྦྲུལ་ཞགས་དབྱུག་ཐོ་རྣམས་དགོད་དོ། ། གཉིས་པ་རྫས་དགོད་པ་ནི། དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར། མན་ཇི་ལ་ སོགས་པའི་སྟེང་དུ། གཙོ་བུམ་དང༌། ཞི་རྒྱས་དབང་དྲག་གི་བུམ་པ་བཞི་དགོད། གཙོ་བུམ་གྱི་ སྟེང་དུ་དྲིའི་དུང་ཆོས་རྡོ་རྗེ་གཟུངས་ཐག་དང་བཅས་པ་དང༌། མཚན་བརྟག་པའི་བུམ་པ་ཤར་ ཁྱམས་སུ་བཞག ཤར་ཕྱོགས་སུ་ཁྲིའུའི་སྟེང་དུ་འདི་ཉིད་ཀྱི་གཟུངས་ཀྱང་བཞུགས་སོ། །ལས་ བུམ་བྱང་ཤར་དུ་བཤམ་མོ། །ཡང་ཤར་ཁྱམས་སུ་ཤེལ་དཀར་པོ་དང་མེ་ཏོག་དཀར་པོའི་ཟ་ མ་ཏོག ལྷོ ར་རིན་པོ་ཆེ་དང་འབྲུ་སྣ་ཚོགས་མེ་ཏོག་སེར་པོ་དང་བཅས་པའི་ཟ་མ་ཏོག ནུབ་ཏུ་ ཙནྡ་དམར་པོ་དྲི་སྣ་ཚོགས་དང་སྦྱར་བའི་སེན་རྩི་དང་བཅས་པའི་ཟ་མ་ཏོག བྱང་དུ་མེ་ཏོག་ སྔོན་པོ་སྣ་ཚོགས་དང་བཅས་པའི་ཟ་མ་ཏོག་བཞག མཐའ་ཤ་ཆང་སྒོག་བཙོང་སོགས་དང་ བྲལ་བའི་གཏོར་མ་དང༌། མཆོད་པ་མཛེས་པར་བཤམ། དེ་ནས་སྒྲུབ་ཅིང་མཆོད་པ་ནི། རྡོ་ རྗེ་སློབ་དཔོན་གྲོགས་དང་བཅས་པ་ཕྱི་ནང་གི་ཁྲུས་དང་གཙང་སྦྲ་ལ་གནས་པས་གོས་གཙང་ མ་བགོས་ཏེ། སྟན་བདེ་བ་ལ་འདུག་ནས།སྔོན་འགྲོའི་གཏོར་མ་འབྱུང་གཏོར་བཞིན་བཏང༌། མཆོད་པ་བྱིན་གྱིས་བརླབ། སྐྱབས་འགྲོ་ནས། བདག་གི་རྣལ་འབྱོར་རྫོགས་པར་བསྒོམ། བཟླས་པ་དང་མཆོད་བསྟོད་ཚར་ནས། མདུན་བསྐྱེད་ནི། སྒྲུབ་ཐབས་ཀྱི་སྐབས་ཀྱི་སྐབས་ 4-1-416 ན་ཡོད་པ་ལྟར་ཡན་ལག་བཞི་རྫོགས་སུ་བསྒོམ། མཆོད་བསྟོད་གཏོར་མ་དབུལ་ཏེ་དཀྱིལ་ འཁོར་སྒྲུབ་ཅིང་མཆོད་པའོ། ། གསུམ་པ་བདག་ཉིད་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ལས། དང་པོ་བདག་ཉིད་ འཇུག་པ་ནི། མཎྜལ་ཕུལ་ནས་འོག་སློབ་མ་དབང་བསྐུར་བའི་སྐབས་ནས་འབྱུང་བ་བཞིན་ བུམ་དབང་རྗེས་གནང་དང་བཅས་པ་བླངས་ནས། ཨོཾ་ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་ཆེན་པོ་རྡོ་རྗེ་དངོས། །སྤྱན་རས་གཟིགས་སུ་ བདག་གྲུབ་མཛོད། །ཅེས་བདག་ནུས་ལྡན་དུ་བྱ་བའི་ཕྱིར་གསོལ་བ་བཏབ་ནས། སློབ་མ་ དཀྱིལ་འཁོར་དུ་གཞུག་པའི་དོན་དུ། རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་པས། བདག་སློབ་དཔོན་ མིང་འདི་ཞེས་བགྱི་བས། སློབ་མའི་མིང་འདི་ཞེས་བགྱི་བ་ལ་དབང་བསྐུར་བར་འཚལ་བས། དེ་གནང་པར་མཛད་དུ་གསོལ། ཞེས་ལྷ་ལ་ལན་གསུམ་གསོལ་བ་གདབ་པོ། །དེ་ནས་སློབ་ མ་རྣམས་ཕྱི་ལོགས་སུ་ཁྲུས་བྱས་ནས་{ }དུ་འཁོད་པ་དང༌། བགེགས་ལ་གཏོར་མ་བྱིན་ནས་ རོལ་མོ་དང་གུ་གུལ་གྱིས་བསྐྲད། མཎྜལ་དང་ཡོན་ཕུལ། མིག་དར་བཅིང༌། མེ་ཏོག་གི་ཕྲེང་ བ་གཏད་ནས་གསོལ་བཏབ། སྤྲོ་བ་བསྐྱེད་པ། རྒྱུན་བཤགས། སྡོམ་བཟུང་རྣམས་སྟ་གོན་ ལྟར་བྱ། སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱི། །ཞེས་བརྗོད་ནས། ཨ་ཁཾ་བི་ར་ཧཱུཾ་གིས་ཡོལ་བའི་ནང་དུ་ཁྲིད་པར་བསམས་ལ་དཀྱིལ་ འཁོར་ལ་བསྐོར་བ་དང༌། སྒོ་བཞི་ནས་ཕྱག་འཚལ་ཏེ་ཤར་སྒོའི་ནང་དུ་འཁོད་པ་ལ། ཨོཾ་ སརྦ་ཡོ་ག་ཙིཏྟ་ཨུད་པ་ཏ་ཡ་མི། ཞེས་བརྗོད་དུ་བཅུག་སྟེ་རྣལ་འབྱོར་དུ་སེམས་བསྐྱེད་ནས། སུ་ར་ཏ་ས་མ་ཡ་སྟྭཾ། བོ་ངྷི་ཙིཏྟ་བཛྲ་ཡ་ཐ་སུ་ཁཾ། ཞེས་པས་སྙིང་ཁར་རྡོ་རྗེ་བཞག དོན་དམ་ དང་ཀུན་རྫོབ་ཀྱི་སེམས་བསྐྱེད་པ་བརྟན་པར་བྱས་ནས། ཨོཾ་བཛྲ་ཨ་མྲི་ཏ་ཨུད་ཏ་ཀ་ཋ་ཋ་ ཋ། ཞེས་མནའ་ཆུ་སྦྱིན། དེ་ནས་ཡེ་ཤེས་དབབ་པ་ནི། སློབ་མ་རྣམས་དད་གུས་ཆེན་{ }དང་ 4-1-417 ལྡན་པས་ཐལ་མོ་སྦྱར་ཏེ། བླ་མ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་དང༌། ཕྱོགས་བཅུ་ ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རྗེ་བཙུན་སྤྱན་རས་ གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་ བརླབས་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ ནས་སྤྱན་རས་གཟིགས་ཕྱག་བཞི་པར་བསྒོམ་དུ་བཅུག་པའི་སྙིང་ཁར་པད་མ་འདབ་བརྒྱད་ དཀར་པའི་ལྟེ་བ་ཟླ་བ་ལ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་ཚེག་དྲག་ཅན་དུ་མོས་པ་ལ་བླ་མ་ དང་གཙོ་བོ་དབྱེར་མེད་པའི་ཐུགས་ཁ་ནས། འཕྲོས་པའི་འོད་ཀྱིས། བླ་མ་སངས་རྒྱས་བྱང་ སེམས་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པས་ཆར་བཞིན་དུ་བབ། དེ་སློབ་མ་ལ་ ཐིམ་པར་བསམས་ཞིང། གུ་གུལ་བསྲེག རོལ་མོ་དྲག་པོ་དང་བཅས་པས། གཟུངས་རིངས་ སམ་སྙིང་པོ་བཟླས། ཡེ་ཤེས་ཕེབས་པ་བརྟན་པའི་དོན་དུ་ཏིཥྛ་བཛྲ། ཞེས་རྡོ་རྗེ་སྤྱི་བོར་ བཞག་བརྟན་པར་བྱའོ། ། དེ་ནས་མེ་ཏོག་འདོར་བ་ནི། སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར། །བདག་ལ་ཐུགས་ བརྩེར་དགོངས་ནས་ནི། །འགྲོ་ལ་ཕན་ཕྱིར་བརྩེ་ཆེན་གྱིས། །སྨན་པར་དགོངས་ཏེ་བཞུགས་ སུ་གསོལ། །པྲ་ཏི་ཙྪ་བཛྲ་ཧོ། ཞེས་དཀྱིལ་འཁོར་གྱི་དབུས་སུ་མེ་ཏོག་དོར། གང་ལ་བབས་ པ་དེ་ལྷག་པའི་ལྷར་བཟུང༌། མེ་ཏོག་སློབ་མའི་སྤྱི་བོར་བཞག པྲ་ཏི་གྷྲིཧྣ་ས་མི་མཾ་སཏྭ་མ་ཧཱ་ བ་ལ་ཞེས་བརྗོད། སློབ་མའི་མིག་ཏུ་ཨོཾ་རེ་བསམ་ཏེ། ཧེ་བཛྲ་པ་ཤེ ཞེས་བརྗོད་ཅིང་གདོང་ གཡོགས་དགྲོལ། མ་རིག་པ་དང་ལྷན་ཅིག་གདོང་གཡོགས་བསལ་བར་བསམ། གཙོ་བོ་ནས་ སྒོ་སྐྱོང་གི་བར་ལྷ་ངོ་བསྟན་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པས་རབ་ ཏུ་བསྐྱེད། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་ཀུན། །ད་ལྟ་ཉིད་དུ་ཁྱོད་མངོན་གྱུར། །དངོས་གྲུབ་ཐོབ་ 4-1-418 ཕྱིར་དམ་ཚིག་བསྲུངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་དེ་དཀྱིལ་ འཁོར་དུ་འཇུག་པའོ། །ད་དབང་བསྐུར་བའི་དོན་དུ་གསོལ་བ་གདབ་པར་བྱ་སྟེ། བླ་མ་དང་ གཙོ་བོ་ཐ་མི་དད་པ་ལ་མཎྜལ་ཡོན་དང་བཅས་པ་ཕུལ་ལ། སྙིམ་པ་མེ་ཏོག་དང་བཅས་པས། སློབ་དཔོན་བདག་ལ་དགོངས་སུ་གསོལ། སློབ་དཔོན་ཐུགས་རྗེ་དང་ལྡན་པས་བདག་ལ་ བཅོམ་ལྡན་འདས་ཞལ་བཅུ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་དུ་གསོལ། བྱིན་གྱིས་ བརླབ་ཏུ་གསོལ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ ཀྱང་སྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དིང་བདག་སྩོལ། །ཞེས་ལན་གསུམ་གསོལ་བ་ གདབ་པོ། །དེ་ནས་ཕྱོགས་ཀྱི་བུམ་པའི་ཆུ་རེ་གཙོ་བུམ་དུ་བསྡུས་ཏེ། བླ་མ་དང་གཙོ་བོ་དབྱེར་ མེད་དུ་གསལ་བའི། ཐུགས་ཁ་ནས་འོད་འཕྲོས་པས་རིགས་ལྔ་འཁོར་བཅས་སྤྱན་དྲངས་ པ་རྣམས་ཀྱི། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་བུམ་པའི་ཆུས་ དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། ཁྲོ་བོ་རྣམས་ཀྱིས་བགེགས་སྐྲོད་བཞིན་པ་དང་བཅས་པས། སངས་རྒྱས་རྣམས་ནི་ཐམས་ཅད་ ཀྱི། །གསང་གསུམ་གནས་ལས་བྱུང་པ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ༑ ༑རྡོ་རྗེའི་ དབང་བསྐུར་ཆེན་པོ་སྦྱིན། །ཞེས་དང༌། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང༌། ན་ མོ་རད་ན་ཏྲ་ཡཱ་ཡ། ན་མཿ ཨརྻ་ཛྙ་ན་སཱ་ག་ར་བཻ་རོ་ཙ་ནཱ་ཡ། བྷུ་ཧ་ར་ཛྭ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ ར་ཧ་ཏྱེ། སམྱཀ་སཾ་བུད་ངྷ་ཡ། ན་མཿ སརྦ་ཏ་ཐཱ་ག་ཏཱ་བྷྱོ། ཨ་ར་ཧ་ཏེ་བྷྱ། སམྱག་སཾ་བུད་དྷཱ་ བྷྱ། ན་མཿ ཨརྻ་ཨ་བ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨེཏྲེ། ཝ་ཏྲེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། ཝ་རེ། ཨི་ལི་མི་ལི། ཙིཏྲི་ཛྭ་ལཾ་ཨ་པ་ན་ཡེ་སྭཱཧཱ། ཨོཾ་བུད་དྷ་ཨ་བྷི་ཥཉྩ་ཨོཾ་ བཛྲ་ཧཱུཾ། རད་ན་ཏྲཾ། པདྨ་ཧྲཱི༑ ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨ། ཞེས་གསུང་བཞིན་པས་དབང་བསྐུར། 4-1-419 ལུས་ཡེ་ཤེས་ཀྱི་བདུད་རྩིས་གང༌། སྒྲིབ་པ་ཐམས་ཅད་དག །ཡེ་ཤེས་ལྔ་དང་ལྡན་པར་བྱས། ལྷའི་ངོ་བོར་གྱུར། དབང་གི་ཆུ་རྒྱུན་གྱིས་སྤྱི་བོ་ནས་མགྲིན་པ་ཡན་ཆད་གང་བས་བུམ་དབང༌། སྙིང་ཁ་ཡན་ཆད་གང་བས་གསང་དབང༌། ལྟེ་བ་ཡན་ཆད་གང་པས་ཤེས་རབ་ཡེ་ཤེས། རྐང་ མཐིལ་ཡན་ཆད་གང་བས་དབང་བཞི་པ་ཐོབ། ཆུ་ལྷག་མ་ཡར་ལུད་པས་སྤྱི་བོར་འོད་དཔག་ མེད་ཀྱིས་དབུ་བརྒྱན་པར་བསམས་ཏེ་མཆོད་པས་མཆོད་དོ། ། དེ་ནས་རྗེས་གནང་སྦྱིན་པ་ནི། རིགས་ཀྱི་བུ་ཁྱོད་ཀྱིས་དབང་འདི་ཐོབ་པ་ཡིན་པས། དཀྱིལ་འཁོར་འདི་སྒོམ་པ་དང་ཕྲིན་ལས་མཐའ་དག་བསྒྲུབ་པ་ལ་དབང་པ་ཡིན་པས། དཀོན་མཆོག་མཆོད་པ་དང༌། ཆོས་འཆད་པ་སོགས་སེམས་ཅན་གྱི་དོན་ལ་བརྩོན་པར་གྱིས་ ཤིག །ཅེས་གནང་བ་སྦྱིན་ནོ༑ ༑དེ་ནས་སློབ་དཔོན་གྱི་ཐུགས་ཁར་ཟླ་བའི་སྟེང་དུ་ཧྲཱིཿ ལ་ནི་ ལ་ཀན་ཐའི་གཟུངས་སམ། གོང་གི་གཟུངས་རིངས་གཡས་བསྐོར་དུ་གནས་པ་ལ་སྔགས་ ཕྲེང་སློབ་དཔོན་གྱི་ཞལ་ནས་འཐོན། སློབ་མའི་ཞལ་དུ་ཞུགས། སྙིང་ཁར་ཐིམ་པར་བསམས་ ཏེ། རྗེས་ཟློས་ལན་གསུམ་བྱ། སློབ་དཔོན་གྱིས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སློབ་མས། བཅོམ་ལྡན་བདག་གིས་བཟུང་ལགས་ ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་བརྗོད་པ་ནི་སྔགས་ཀྱི་རྗེས་གནང་ངོ༌། ། དེ་ནས་ཕྲིན་ལས་བཞིའི་དབང་བསྐུར་བར་བྱ་སྟེ། སློབ་མས་མཎྜལ་ཕུལ་ལ། བྱང་ཆུབ་ རྡོ་རྗེ་སོགས་ཀྱི་གསོལ་བ་གདབ། སློབ་དཔོན་གྱིས། ཤར་གྱི་དབང་རྫས་སློབ་མའི་ལག་ཏུ་ གཏད་ཅིང༌། ཤར་བུམ་སྤྱི་བོར་བཞག་ལ། བྷྲཱུཾ་རྣམ་པར་སྣང་མཛད་བུམ་པའི་ཆུ། །གང་ཞིག་ ལེགས་པར་ཁྲུས་བྱེད་པ། །དྲི་མ་ཐམས་ཅད་ཡོངས་དག་སྟེ། །འབྲས་བུ་བདེ་བ་ཐོབ་པར་ འགྱུར། །འཇིགས་པ་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་ཆུ་སྐྱེས་མཐོང་བར་འགྱུར། ། ན་མོ་ རད་ན་ཏྲ་ཡཱ་ཡ། ན་མ་ཨརྻ་ཛྙཱ་ན།ས་ག་ར། བཻ་རོ་ཙ་ན། བྷུ་ཧ་ར་ཛྭ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ 4-1-420 ཏེ་བྷྱཿསམྱཀ་སཾ་བུད་དྷེ་བྷྱ། ན་མ་ཨརྻ། ཨ་བ་ལོ་ཀེ་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། བྷསྨི་པ་པཾ་ཤན་ཏིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བརྗོད་དེ་ཁྲུས་བྱེད་དུ་གཞུག་གོ །ཡང་ལྷོ འི་ཟ་མ་ཏོག་དང་འབྲུ་རྣམས་གཏད་ལ་བུམ་པ་ཐོགས་ཏེ། ཨོཾ་རིན་ཆེན་འབྱུང་ལྡན་ བུམ་པའི་ཆུ། །གང་ཞིག་མན་ཆད་ཚིག་ལྔ་དང༴ ཨོཾ་ན་མོ་རད་ན་ཏྲ་ཡཱ་ཡ། ནས༴ མ་ཧཱ་ཀ་རུ་ ཎི་ཀ་ཡ། རད་ན་གུ་ན་པུཥིཾ་ྟཀུ་རུ་ཡེ་སྭཱཧཱ། ཞེས་པས་དབང་བསྐུར་རོ། །དེ་ནས་ནུབ་ཀྱི་ཟ་མ་ ཏོག་ལག་ཏུ་གཏད། ནུབ་ཀྱི་བུམ་པ་ཐོགས་ཏེ། ཛིུཾ་སྣང་བ་མཐའ་ཡས་བུམ་པའི་ཆུ། །སོགས་ དང༴ ན་མོ་ནས༴ ཎི་ཀ་ཡ། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་ཨ་མོ་ག་བྷསྨིན་ཀུ་རུ་ཡེ་སྭཱཧཱ། ཞེས་པས་ དབང་བསྐུར་རོ། །དེ་ནས། བྱང་གི་{ }གཏད་ཅིང་ཐོགས་ཏེ། ཁཾ་དོན་ཡོད་གྲུབ་པ་བུམ་པའི་ ཆུ། །ཞེས་སོགས་དང༌། ན་མོ༴ ནས། ཀ་རུ་ཎི་ཀ ཏཏྱཐཱ། ཨོཾ་ཀ་ཏེ། བི་ཀ་ཏེ། ནི་ཀ་ཏེ། ཀ་ ཏཾ་ཀ་ཏེ། ཀ་རོ་ཀ་ཏེ། ཀ་རོ་ཏ་བི་ངྷྱ་སྭཱཧཱ། ཨོཾ་ཀརྨ་ཨ་མོ་གྷ་བཛྲ་སིཾ་ཧ་ན་ད་ཧཱུཾ་ཕཊ་ཅེས་དབང་ བསྐུར་རོ། ། དེ་ནས་རྗེས་སུ་བསྟན་པའི་རྗེས་གནང་ནི། ཁྱོད་ཀྱིས་སྲོག་ཆག་བསད་མི་བྱ། །མ་བྱིན་ པར་ཡང་བླང་མི་བྱ། །རྫུན་དང་འདོད་ལོག་སྤྱོད་པ་རྣམས། །དངོས་གྲུབ་འདོད་པས་བྱ་བ་ མིན། །ཆང་ནི་བཏུང་པར་མི་བྱ་ཞིང༌། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་ པའི་སྦྱོར་བ་ནི༑ ༑ནམ་ཡང་བྱ་བ་མ་ཡིན་ནོ། །ཞེས་པས་སྦྱིན། དེ་ནས་དམ་ཚིག་སྦྱིན་པར་ བྱ་སྟེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །རིག་སྔགས་ གསང་སྔགས་ཚོགས་རྣམས་ལ། །དད་པ་རབ་ཏུ་བསྟན་པར་བྱ། །རྟག་པར་ཕྱག་རྒྱ་ཆེན་པོ་ ལ། །ཁྱད་པར་དུ་ནི་མོས་པར་བྱ། །དམ་ཚིག་ཅན་དང་མཛའ་བོ་དང༌། །བླ་མ་ལ་ཡང་གུས་ པར་བྱ། །ལྷ་རྣམས་ཀུན་ལ་ལྟ་བར་བྱ། །དུས་མཚམས་དག་ཏུ་མཆོད་པ་བྱ། །སྟོན་པ་གཞན་ གྱི་གཞུང་མི་མཆོད། །རྟག་ཏུ་གློ་བུར་འགྲོན་མཆོད་བྱ། །སྲོག་ཆགས་རྣམས་ལ་བྱམས་པའི་ 4-1-421 སེམས། རྟག་ཏུ་སྟོན་པར་ཉཻ་བར་གཞག །ཐེག་པ་ཆེ་ལ་དཔའ་རྣམས་ཀྱི། །བསོད་ནམས་ ངག་ལ་ནན་ཏན་བསྐྱེད། །བཟླས་བརྗོད་བྱེད་ལ་འབད་པ་ཡིན། །གསང་སྔགས་སྤྱོད་པ་བྱེད་ པ་ཡིན། །གསང་སྔགས་རྒྱུད་ལས་བསྟན་པ་ཡི། ། དམ་ཚིག་རྣམས་ཀྱང་བསྲུང་བར་བྱ། །དམ་ ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་ བསྲུང་ཞིང༌། །དེ་ལ་བདག་གིས་རྟོགས་པར་བྱ། །ཞེས་དོན་དང་བཅས་པ་བཤད་དོ། །སློབ་ མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་བསྡུས་ ཏེ་ཁས་བླང་ངོ༌། ། དེ་ནས་ཕྱག་མཚན་ཞེ་གཉིས་ཀྱི་རྗེས་སུ་གནང་བ་སྦྱིན་ན། དེ་དག་གི་ཙ་ཀ་ལི་རིམ་ བཞིན་གཏད་ཅིང༌། སྔགས་དང་ཚིག་རྣམས་རིམ་གྱིས་བརྗོད་པར་བྱ་སྟེ། དེ་ནས་བཅོམ་ལྡན་ འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། སུ་ནོར་བུ་དང༌། འབྲུ་དང༌། རིན་ པོ་ཆེ་དང༌། ཡོ་བྱད་འདོད་པ་དེས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་པའི་ལག་པ་ལ་ བལྟས་ཏེ་འདུག་པར་བྱའོ། །ཨོཾ་མ་ཎི་པད་མེ་ཧཱུཾ། ཤ་མ་ཏ་ཏེ་ཏུ་སུ་ཏེ། ཨཱ་ཛྙཱ་བ་ཏེ། ཨུ་ཏུ་ཏེ། ཤཾ་ཁྲི་ཏེ། པ་ར་མ་ནྱ་ཏེ། ཨ་ཏུ་ཌེ། ཀུ་ལ་ཏ་ཏེ། ཁི་མ་ཌེ་སྭཱཧཱ།(སྔགས་འདི་ཕྱག་མཚན་རེ་རེ་ ལའང་བརྗོད་པར་བྱའོ)སུ་ནད་སྣ་ཚོགས་ཀྱིས་བཏབ་སྟེ་ནད་མེད་པར་འདོད་པ་དེས། དོན་ ཡོད་པའི་ཞགས་པ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྟོ་བ་ན་བ་དེས་ རིན་པོ་ཆེའི་ལྷུང་བཟེད་ཐོག་པའི༴ །སུ་འདོད་པའི་དབང་ཕྱུག་བདུད་འདུལ་བར་འདོད་པ་ དེས་རྡོ་རྗེ་ཐོགས་པའི༴ སུ་དགྲ་ཚར་གཅོད་པར་འདོད་པ་དེས། རྡོ་རྗེ་(ཐོགས་པ་ཡང་ཟེར། བེ་ཅོན་ ཡང་ཟེར་)ཅན་གྱི་གཏུན་ཤིང་ཐོགས་པའི་ལག༴ སུ་ཐམས་ཅད་འཇིགས་པར་གྱུར་ཏེ་བདེ་བ་ མ་ཐོབ་པ་དེས། མི་འཇིགས་པ་སྦྱིན་པའི༴ སུ་མིག་ན་ཞིང་མཐོང་པ་ཉམས་པ་དེས། ནོར་བུ་ རིན་པོ་ཆེ་མེ་ཤེལ་ཐོགས་པའི༴ སུ་ཚ་བའི་ནད་ཀྱིས་བཏབ་པ་དང་དུག་འཐུང་པ་དེས། ནོར་ 4-1-422 བུ་རིན་པོ་ཆེ་ཆུ་ཤེལ་ཐོགས་པའི༴ སུ་བདག་པོ་དང་སྙེན་པ་དང་གོ་འཕང་ཐོབ་པར་འདོད་པ་ དེས། རིན་པོ་ཆེའི་གཞུ་ཐོགས་པའི་ལག་པ་ལ་བསམ་པར་བྱའོ། །སུ་གྲོགས་པོ་སྡུག་པ་དང་ མྱུར་དུ་འཕྲད་པར་འདོད་པ་དེས། རིན་པོ་ཆེའི་མདའ་ཐོགས་པའི་ལག་པ་ལ་དམིགས་པར་ བྱའོ། །སུ་ལུས་ལ་ནད་སྣོད་ཀྱིས་བཏབས་པ་དེས། མེ་ཏོག་གི་སྙེ་མ་ཐོགས་པའི་ལག༴ སུ་ ལས་ཀྱི་སྒྲིབ་པའི་སྡིག་པ་རྣམས་ཟད་པར་འདོད་པ་དེས། རྔ་ཡབ་དཀར་པོ་ཐོགས་པའི༴ སུ་ ཉེ་དུ་དང་གཉེན་འདབ་དང་བུ་དང༌། ཆུང་མ་རྣམས་དང་སེམས་མཐུན་པར་འདོད་པ་དེས། རིལ་བ་(བུམ་པ་རྫ་མ་བུམ་ཡང་ཟེར)བྷྲིང་ཀ་ར་ཐོགས་པའི༴ སུ་སྟག་དང༌། སྤྱང་ཀི་དང༌། ཁྱི་དང༌། གཅན་ཟན་མ་རུངས་པ་སྤོང་བར་འདོད་པ་དེས། དགྲ་སྟ་ཐོགས་པའི༴ སུ་ཁྱེའུ་དང༌། བུ་མོ་ (འཁོར་གཡོག་ཡང་ཟེར)དག་བསྐོལ་བར་འདོད་པ་དེས། སོར་མོ་ལ་རི་(ཤེལ་གྱི་གདུབ་འཁོར་ཡང་ཟེར) ཐོགས་པའི༴ སུ་བསོད་ནམས་དང་དགེ་བ་སྣ་ཚོགས་བྱེད་མི་ནུས་པ་དེས། པད་མ་དཀར་ པོ་ཐོགས་པའི༴ སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འདོད་པ་དེས། པད་མ་སྔོན་པོ་ ཐོགས་པའི༴ སུ་ཡེ་ཤེས་ཆེན་པོ་ཐོབ་པར་འདོད་པ་དེས། རིན་པོ་ཆེ་མེ་ལོང་ཐོགས་པའི༴ སུ་ ཕྱོགས་བཅུའི་སངས་རྒྱས་མངོན་སུམ་དུ་མཐོང་པར་འདོད་པ་དེས། པད་མ་དམར་པོ་ཐོགས་ པའི༴ སུ་སའི་གཏེར་རྣམས་ཐོབ་པར་འདོད་པ་དེས། རིན་པོ་ཆེའི་ཟ་མ་ཏོག་ཐོགས་པའི༴ སུ་ དྲང་སྲོང་གི་ལམ་ཚོལ་བར་འདོད་པ་དེས། ཚོན་སྣ་ལྔའི་སྤྲིན་ཐོག་པའི་ལག་པ༴ སུ་ཚངས་ རིས་ཀྱིས་ལྷའི་ནང་དུ་སྐྱེ་བར་འདོད་པ་དེ། རིལ་བ་སྤྱི་བླུགས་(འགུན་ཧེ་ཡང་ཟེར)ཐོགས་པའི༴ སུ་ལྷའི་ནང་དུ་སྐྱེ་བར་འདོད་པ་དེས། མེའི་མདོག་ལྟ་བུའི་པདྨ་(པདྨ་ལེབ་རྒན་ཡང་ཟེར)ཐོགས་ པའི༴ སུ་ཡུལ་གཞན་གྱི་དགྲ་ཕྱིར་ཕྱོགས་པར་འདོད་པ་དེས། རིན་པོ་ཆེའི་མདུང་རྩེ་གསུམ་པ་ ཐོགས་པའི༴སུ་ལྷ་དག་དང་ལྷ་ཡོངས་སུ་སྐྱོང་པ་ཐམས་ཅད་དགུག་པར་འདོད་པ་དེས། དུང་ (རིན་པོ་ཆེའི་དུང་གཡས་འཁྱིལ་ཡང་ཟེར)ཐོགས་པའི༴ སུ་ལྷ་རྣམས་དང་འབྱུང་པོ་རྣམས་ལ་བསྒོ་(གཡོ་ 4-1-423 བ་ཡང་ཟེར)བར་བྱེད་པར་འདོད་པ་དེས། ཁྲའི་(ཐོད་པའི་འཁར་བ་ཡང་ཟེར། ཐོད་ནག་ཡང་ཟེར)གཟུགས་ ཤིང་ལྟ་བུ་ཐོད་པའི་ལག༴ སུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མྱུར་ དུ་ལུང་བསྟན་པར་འདོད་པ་དེས། བགྲང་པའི་ནོར་བུ་ཐོགས་པའི༴ སུ་སྐད་སྙན་ཞིང་ཚངས་ པའི་དབྱངས་ལྟ་བུ་འདོད་པ་དེས། རིན་པོ་ཆེའི་དྲིལ་བུ་ཐོགས་པའི༴ སུ་དགོངས་པ་ཐམས་ ཅད་དག་པར་འདོད་པ་དང༌། ལྕེ་བདེ་བ་དངམཁས་པར་འདོད་པ་དེས། ཕྱག་རྒྱ་(རིན་པོ་ཆེའི་ཕྱག་ རྒྱ་ཐོགས་པ་ཡང་ཟེར)རིན་པོ་ཆེ་ཐོགས་པའི༴ སུ་ལྷ་རྣམས་དང་ཀླུ་རྣམས་དང་རྒྱལ་པོ་རྣམས་ཀྱིས་ ཡོངས་སུ་བསྲུང་བར་འདོད་པ་དེས། ལྕགས་ཀྱུ་ཐོགས་པའི༴ སུ་སེམས་ཅན་ཐམས་ཅད་ལ་ བྱམས་པ་དང་སྙིང་རྗེའི་ཁྱབ་པར་འདོད་པ་དེས། མཁར་གསིལ་ཐོགས་པའི༴ སུ་སེམས་ཅན་ ཐམས་ཅད་ཀྱིས་བསྟི་སྟང་བྱ་བ་དང་དྲན་པར་འདོད་པ་དེས། ཐལ་མོ་སྦྱར་བའི༴ སུ་ཚེ་རབས་ སུ་སངས་རྒྱས་དང་མི་འབྲལ་བར་འདོད་པ་དེས། སངས་རྒྱས་(སྤྲུལ་པ་ཐམས་ཅད་ཀྱང་)ཀྱི་སྤྲུལ་ པ་ཐོགས་པའི༴ སུ་སྐྱེ་ཞིང་སྐྱེ་བ་ནས་སངས་རྒྱས་རྒྱལ་བའི་གནས་དང་ཁང་བཟངས་སུ་སྐྱེ་ ཞིང་མིའི་མངལ་དུ་མི་སྐྱེ་བར་འདོད་པ་དེས། སྤྲུལ་པའི་གཞལ་མེད་ཁང་ཐོགས་(ལྡི ང་ཁང་ཡང་ ཟེར)པའི༴ སུ་མང་དུ་ཉན་པ་དང་མང་དུ་སློབ་པར་འདོད་པ་དེས། གླེགས་བམ་ཐོགས་པའི༴ སུ་ཚེ་འདི་ནས་བཟུང་སྟེ་སངས་རྒྱས་ཉིད་ཀྱི་བར་དུ་ཡིད་མི་ཟློག་པར་འདོད་པ་དེས༑(ཕྱིར་མི་ ལྡོ ག་པའི་གསེར་གྱི་འཁོར་ལོ)འཁོར་ལོ་ཐོགས་པའི་ལག༴ སུ་མི་འཇིགས་པ་ལ་སོགས་སྦྱིན་པ་རྣམ་ པ་བཞིས་འགྲོ་བ་ཚིམ་པར་འདོད་པ་དེས། མཆོག་སྦྱིན་པའི་ཕྱག་ལ་བལྟས་ཏེ་འདུག་པར་ བྱའོ། །སུ་ཕྱོགས་བཅུའི་སངས་རྒྱས་རྣམས་མྱུར་དུ་བྱོན་ཏེ་ཕྱག་གིས་མགོ་ལ་ཉུག་ཅིང་ལུང་ སྟོན་པར་འདོད་པ་དེས། མགོ་(སྤྱི་བོ་སྤྲུལ་པའི་སངས་རྒྱས་ཐོགས་པ་ཡང་ཟེར་སྣང་བ་མཐའ་ཡས་ཀྱང་ཟེར)ལ་ སངས་རྒྱས་སྤྲུལ་པ་བཞུགས་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་འབྲུ་དང་འབྲས་བུས་ལ་ སོགས་པ་བཏབ་ཅིང་བསྐྱེད་པ་རྣམས་ཕུན་སུམ་ཚོགས་པར་འདོད་པ་དེས། རྒུན་འབྲུམ་གྱི་སྙེ་ 4-1-424 མ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་ གྱིས་མཚན་ལྟས་བརྟག་པའི་བུམ་པ་བླངས་ཏེ་དར་རམ་རས་ཀར་གྱི་གདིང་བའི་སྟེང་དུ། མཚན་ནམས་རིམ་གྱིས་དབྱུང་ཞིང༌། དེ་ཉིད་ལས་ནི་སློབ་མ་རྣམས་སྔོན་དང་བར་དང་རྗེས་ སུ་འཚང་རྒྱ་བའི་དུས་ངེས་པར་རྟོགས་པར་འགྱུར་ཏེ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ རིམ་པར་འཚང་རྒྱ་བའི་ཚུལ་མཚུངས་པ་ཉིད་དོ། །དེ་དག་ནི་རྒྱས་པའི་དབང་དུ་བྱས་པ་ཡིན་ ལ། ཡང་ན་བདག་མདུན་རྒྱས་པའི་སྐབས་བཞིན་བྱས་ལ། བུམ་པ་རྣམ་རྒྱལ་དང་ལས་བུམ་ གཉིས་མ་རྟེན་ཡང་རུང་ཞིང༌། ཕྲིན་ལས་གཉིས་པའི་བུམ་པ་དང༌། མཚན་ལྟས་བརྟག་པའི་ བུམ་པ་མ་བཅས་པར། གཞན་སྟ་གོན་དང་བདག་འཇུག་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ དང༌། དབང་སྐུར་གོང་གི་བུམ་དབང་བཞིན་བྱ་ཞིང༌། ཕྲིན་ལས་བཞིའི་རྗེས་གནང༌། ཕྱག་ མཚན་ཞེ་གཉིས་ཀྱི་རྗེས་གནང༌། མཚན་ལྟས་བརྟག་པ་རྣམས་མ་བྱས་ཀྱང༌། མ་ཚང་པའི་ སྐྱོན་མེད་ཅིང་དོན་འགྲུབ་པ་ཉིད་དོ་ཞེས་ཀྱང་གསུང་ངོ༌། ། དེ་ནས་གཏོར་མ་སྒྲུབ་ཐབས་བཞིན་ཕུལ། ཙ་རུའི་སྟོན་མོས་ཐམས་ཅད་མཉེས་པར་ བྱའོ། ། སླར་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་ནས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་ པ་འཁོར་དང་བཅས་པ་དགོངས་སུ་གསོལ། བདག་ཉིད་སྡུག་བསྔལ་ལས་ཐར་ནས་བདེ་བ་ ལ་གནས་པར་འདོད་པ་མ་ལགས་ཀྱིས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཆེད་དུ། འཕགས་པ་སྒྲུབ་པ་ལ་སྐུ་གསུང་ཐུགས་ཀྱི་ དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཡི་གེ་བརྒྱ་པས་ ལྷག་ཆད་ཁ་བཀང༌། གྲུབ་ན་ཞི་བའི་སྦྱིན་སྲེག་བྱ། མ་འབྱོར་བ་དང་ཉམས་པ་དང༌། །ཞེས་ སོགས་ཀྱིས་ནོངས་པ་བཟོད་པར་གསོལ། དགེ་བ་བྱང་ཆུབ་ཏུ་བསྔོ། ཨོཾ་ཁྱེད་ཀྱིས་སེམས་ ཅན་དོན་ཀུན་མཛད། །ཅེས་སོགས་ཀྱིས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ 4-1-425 ཚིག་པ་བདག་ལ་བསྡུ། ཨོཾ་ཨཱཿཧཱུཾ་རཀྵ་རཀྵ་ཧཱུྃ་གིས་བདག་བསྲུང༌། ཨ་ཀ་རོའི་སྔགས་བཟླས་ ཞིང་རྡུལ་ཚོན་བསྡུས་ལ་མི་དམིགས་པའི་རྒྱས་གདབ། རྡུལ་ཚོན་སློང་བ་ལ་སྦྱིན་ཞིང༌། ལྷག་ མ་རྒྱ་མཚོར་འབབ་པའི་ཆུ་བོ་ལ་སྤྱན་དྲངས། ལས་ཀྱི་རྗེས་མི་མངོན་པར་བྱ་ཞིང༌། ཤིས་པ་ བརྗོད། བཀྲ་ཤིས་པར་བྱའོ།། ༈ །། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་རིག་པ་གཏད་པའི་ ཆོ་ག་ཐུགས་རྗེའི་འབྱུང་གནས་ཞེས་བྱ་བ་འདི་ནི། བཅུ་གཅིག་ཞལ་གྱི་ཆོ་ག་ཞིབ་མོ་དང༌། རྒྱུད་པད་མ་ཅོད་པན་ལ་སོགས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་ དང༌། ཙན་ཏྲ་གོ་མིས་མཛད་པའི་རྗེས་གནང་གི་ཆོ་ག་དང༌། དགེ་སློང་མ་དཔལ་མོ་དང༌། ཇོ་ བོ་ཆེན་པོ་རྗེ་ལ་སོགས་པས་མཛད་པའི་གཞུང་དང་འགྲེལ་པ་ལ་བརྟེན་ནས། བོད་ཀྱི་བླ་མ་ དམ་པ་དག་གི་ཕྱག་ལེན་དུ་མཛད་པ་རྣམས་ཀྱི་རྗེས་སུ་འབྲངས་ཏེ། སློབ་མ་སྣོད་ལྡན་དག་ གིས་བསྐུལ་བའི་ངོར། འཇུག་པ་བདེ་བར་ཀུན་འཛིན་ཞེས་བྱ་བ་ས་ཕོ་བྱི་བའི་ལོ་སྟོན་ཟླ་ར་ བའི་ཚེས་གཅིག་ལ། ཇོ་གདན་བསོད་ནམས་བཟང་པོས་མཚལ་མིན་གྱི་གཙུག་ལག་ཁང་དུ་ སྦྱར་བའོ། །ཞུས་དག་གོ །ཤུབྷཾ། འདིའི་བརྒྱུད་པ་ནི་ལུགས་གཅིག་ལ་རྒྱལ་མཚན་འོད། བླ་ མ་བཟང་པོ་ཞབས། བླ་མ་དཔལ་ལྡན་པ། རིན་པོ་ཆེ་བསོད་ནམས་བཟང་པོ། བླ་མ་འཇམ་ དབྱངས་ཁ་ཆེ་དེ་ལ་བདག་གིས་དབང་ལུང་ཚང་མར་ཐོབ་པས་བཀའ་དྲིན་ཆེའོ། ། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་བ་ ༥ 4-1-426 ༄༅། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་གཟུངས་ཀྱི་ བསྒྲུབ་པའི་ཆོ་ག་བཞུགས་སོ། ། ༄༅། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་གཟུངས་ཀྱི་བསྒྲུབ་པའི་ཆོ་ག་ཐུགས་ རྗེའི་ཆར་འབེབས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ ལོ། །འདིའི་གཟུངས་ཀྱི་བསྒྲུབ་པ་བྱེད་པར་འདོད་པའི་གང་ཟག་འཕགས་པ་ལ་དད་ཅིང༌། པདྨའི་རིགས་ཀྱི་དཀྱིལ་འཁོར་དུ་དབང་ངམ་རྗེས་གནང་ཐོབ་པ་དམ་ཚིག་དང་སྡོམ་པ་ལ་ གནས་ཤིང༌། འདིའི་བསྙེན་པ་དཀར་ཕྱོགས་བརྒྱད་ངེས་པར་སྔོན་དུ་སོང་པ་དག་གིས་དང་ པོར་དུས་ནི། ཆོ་ག་ཞིབ་མོ་ལས། ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་དང་བཅྭ་ལྔ་ལ་གཟའ་དང་ རྒྱུ་སྐར་བཟང་པོ་བདམས་ཏེ་དཀྱིལ་འཁོར་གྱི་མཆོག་བྲི་བར་བྱའོ་ཞེས་པ་ལྟར། ས་ག་ཆེན་པོ་ ལྟ་བུའི་ཚེས་བརྒྱད་དང་བཅྭ་ལྔ་སོགས་ཚེས་དང་གཟའ་དང་སྐར་མ་དང་བྱེད་པ་དང་སྦྱོར་བ་ བཟང་པོ་འཛོམ་པའི་དུས་སུ་ལེགས་པར་བརྟགས་པའི་གནས། དེ་ཉིད་ལས། གནས་བཟང་ ས་གཞི་དགེ་བ་དང༌། །གཞི་མ་གཙང་ཞིང་ནེ་གསིང་ལ། །ལྗོ ན་ཤིང་མེ་ཏོག་འབྲས་བུས་ ཁྱབ། །ས་གཞི་གཉེན་ལ་དག་པ་དང༌། །གང་དུ་ཆུ་བོ་འབབ་པའི་གནས། །གཟི་བྱིན་ལྡན་ ཞིང་ཡིད་དགའ་བ། །སེམས་ནི་དགའ་བར་འོས་པའི་ས། །ཞེས་པ་ལྟར་མཚན་ཉིད་དང་ལྡན་ པའི་གནས་སུ་སྔར་དཀྱིལ་འཁོར་ཆོ་ག་བྱས་པ་ཡིན་ན་ས་ཆོག་མ་བྱས་ཀྱང་རུང་ལ། ས་ཆོག་ དགོས་པའི་ས་གཞིར་བའི་རྣམ་ལྔ་ལ། ཨོཾ་ཨ་མོ་གྷ་པ་རི་ཤུད་དྷེ་ཤོ་དྷ་ཡ་ས་མན་ཏེ་ན་དྷི་རི་དྷི་ 4-1-427 རི་ཤུདྡྷ་སཏྭ་མཧཱ་པདྨེ་ཧཱུཾ། ཞེས་བཟླས་པས་གཡས་བསྐོར་དུ་ཁྱེ་མ་མེད་པར་བྱུགས་ལ། ན་མོ་ རད་ན་ཏྲ་ཡཱ་ཡ། ན་མོ་ཨཱརྻ་ཨ་ཝ་ལོ་ཀེ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ ཎི་ཀ་ཡ། ཏད་ཡ་ཐཱ། ཨོཾ་ཨ་མོ་གྷ་བི་མོ་ཀྵ་མཎྜལ་མ་ཧཱ་བྷུད་ཏ་བི་མ་ལེ་དྷ་ར་དྷ་ར། དྷི་རི་དྷི་རི། མ་ཧཱ་བྷུད་དྷ། ཀ་མ་ལ་ན་ཨ་མི་ཏཱ་བྷ་མ་ཀུ་ཊ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཡུངས་དཀར་དང་དྲི་ཆབ་དང་ བཅས་པའི་བུམ་པ་ལ་བཟླས་ཏེ་ཆག་ཆག་གདབ། ཨོཾ་ཨ་མྲྀ་ཏོད་བྷ་བོད་བྷ་བ་ཧཱུཾ་ཕཊ། ཅེས་ པ་ལས་ཐམས་ཅད་པ་བཟླས་པའི་དྲི་བཟངས་ཀྱི་ཆུས་བསང་གཏོར་བྱས་པས་ས་སྦྱངས་ནས། དེ་ནས་ལག་པ་གཡས་པ་ལ་ས་ལ་བཞག་ནས་གཙོ་བོའི་སྙིང་པོ་ལན་བདུན་བཟླས་ཏེ། སའི་ ཕྱོགས་འདིར་དཀྱིལ་འཁོར་བྲིའོ་སྙམ་དུ་བློས་ས་གཟུང་པར་བྱའོ། །ས་ཆོག་གོ ། དེ་ནས་བསྒྲུབ་པ་དངོས་གཞི་འཛུགས་པའི་ཞག་བདུན་གྱི་གོང་དུ་རང་ཉིད་ཁྲུས་ནས་ བརྩམས་ཏེ༑ བདག་གི་རྣལ་འབྱོར་རྫོགས་པའི་བར་དུ་བྱས་ལ། སྲོད་ཀྱི་དུས་སུ་མཆོད་པའི་ ཡོ་བྱད་ཅི་འབྱོར་པ་བཤམས། དཀྱིལ་འཁོར་གྱི་གནས་སུ་དོན་ཞགས་ལྷ་ལྔའི་དཀྱིལ་འཁོར་ བསྐྱེད་ནས་དབང་བསྐུར་བའི་བར་དུ་བྱས་ལ། གཟུངས་བདུན་ནམ་གསུམ། སྙིང་པོ་བརྒྱ་ རྩ་བརྒྱད། འཁོར་གྱི་ཉི་ཤུ་རྩ་རེ་བཟླས་ལ། མཆོད་བསྟོད་བྱས་ནས། རྡོ་རྗེ་དྲིལ་བུ་དང་སྤོས་ འཛིན་པས། དོན་ཡོད་ཞགས་པའི་རིགས་སྔགས་ལྷ། །བདག་པོ་བཅས་པ་གང་བཞུགས་ དང༌། །སྔགས་རྒྱུད་འདི་ལ་ལྷ་རྣམས་ནི། །གང་དག་ཡོངས་སུ་བསྒྲགས་པ་དང༌། །གསང་ སྔགས་ལྷ་ནི་གང་དག་ཅིང༌། །བདག་ཉིད་ཉོན་མོངས་ཆེན་པོ་ཡིས། །ཆོ་ག་འདི་བཞིན་བསྙེན་ པ་དང༌། །བཟླས་བརྗོད་སྦྱིན་སྲེག་གིས་མཉེས་པ། །ཞག་བདུན་ན་ནི་བསྒྲུབ་པའི་ཚེ། །བྱིན་ གྱིས་རློབ་ཅིང་གཤེགས་སུ་གསོལ། །འདིར་ནི་ལྷ་དང་འབྱུང་པོ་དང༌། །འཁོར་རྣམས་དང་ནི་ བཅས་པ་དག །ཅི་ནུས་པར་ནི་མཆོད་བྱས་པ། ། མཆོད་པ་ལ་གནས་ཕན་འདོགས་རྣམས། །ཡོངས་སུ་མཉེས་ཤིང་ཀུན་འདུས་ནས། །བདག་ལ་དངོས་གྲུབ་མྱུར་གནས་མཛོད། །ཨོཾ་ཨ་ 4-1-428 མོ་གྷ་ནི་མཎ་ཏྲ་བིཀྵ་མཎྜ་ལེ་མི་ལེ་མི་ལེ་སྭཱཧཱ། ཅེས་དེའི་ཕྱོགས་བཞི་ནས་རེ་རེ་བརྗོད། ཞག་ རེ་འདས་པ་དང་མཆོད་བསྟོད་སྔར་བཞིན་བྱས་ནས་ཞག་རེ་ཕྲི་སྟེ། ཞག་དྲུག་ན་ནི་བསྒྲུབ་ པའི་ཚེ་ཞེས་པ་ནས། སང་གི་དུས་སུ་བསྒྲུབ་པའི་ཚེ་ཞེས་འདོན་པ་སྤོས་ལ་བརྗོད། དེ་ནས་མཆོད་པས་མཆོད་ནས་གཤེགས་སུ་གསོལ་ཏེ་སྟ་གོན་ནོ། །དེ་ནས་དོན་ཞགས་ ཀྱི་རས་རིས་བཀྲམ། དེའི་མདུན་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ལ། དཀྱིལ་འཁོར་གྱི་ གནས་སུ་བའི་ལྕི་བ་དང་དྲི་བཟངས་བསྲེས་པས་ཁྱེ་མ་མེད་པར་བྱུག །ཐིག་སྐུད་དཀར་པོ་ ཡི་གེ་ར་ལས་ཆོས་དབྱིངས་ཡེ་ཤེས་སུ་བསམས་ནས། ཨོཾ་ཨ་མོ་གྷ་རད་ན་སུ་ཏྲ་དྷ་རེ་ཀི་ཎི་ སྭཱཧཱ། ཞེས་པས་བྱིན་གྱིས་བརླབ། གོང་གི་ལས་ཐམས་ཅད་པས་ཀྱང་བརླབ། མཆོད་པས་ མཆོད་ལ་སྔགས་དེ་ཟློས་ཤིང༌། སྒོ་རྐྱང་གི་ཐིག་སྤྱི་དང་མཐུན་པར་གདབ། ཨོཾ་བི་པུ་ལ་བ་རེ་ པྲ་པེ་ཤ་ཡ་ཨ་མོ་གྷ་པདྨེ་ཧཱུཾ་ཞེས་ཉེར་གཅིག་བཟླས་ཤིང༌། ཚངས་ཐིག་ལས་གཡས་གཡོན་ དུ་ཆ་ཕྲན་གཉིས་དབྱི་ཞིང་ཐར་པའི་སྒོའི་བར་ཆད་བཅོམ་པར་བསམས་ཏེ་དེ་ནི་འཁོར་ལོའི་ བརྒྱད་ཆའོ། །དེ་ནས་ཚོན་རྣམས་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསམས་ཤིང༌། ཨོཾ་བི་ཙི་ ཏྲོ་ཛྲཱ་ལ་ནཱ་ནཱ་རད་ག་བི་བག་ཏ་ཡ་སང་ཤོ་དྷ་ཡང་རུ་ཏྲི་སྭཱཧཱ་ཞེས་པ་དང༌། ལས་ཐམས་ཅད་ པས་བྱིན་གྱིས་བརླབས་ནས། དབུས་སུ་པདྨ་འདབ་བརྒྱད་དཀར་པོ་བྲི། དེའི་གཅོད་རྣམས་ ས་དམར་དང་གུར་གུམ་བསྲེས་པར་བྱ། དེའི་ཕྱོགས་བཞིར་ལྷའི་ཁ་དོག་དང་མཐུན་པའི་པདྨ་ བཞི་དང༌། གྲྭ་བཞིར་སྣ་ཚོགས་པདྨ་བཞི་བྲི། ར་བ་ལའི་སར་རེ་ཁ་དཀར་པོ་ཙན་དན་དཀར་ པོ་སྦགས་པས་ཆིག་རྐྱང་གིས་བྲི། གཞན་རྣམས་དཀྱིལ་འཁོར་སྤྱི་དང་མཐུན་པར་བྲི། བུམ་པ་ མཚན་ཉིད་དང་ལྡན་པ་གཅིག་གམ། ལྔའམ། དགུ། ལས་བུམ་དང་བཅས་པ་ལ་ལྷའི་མཚན་ མ་བྲི། ལྷའི་དལ་འགྲོའི་ཆུས་སུམ་གཉིས་ཙམ་ཁེངས་པར་དགང༌། དར་རམ་རས་དཀར་པོ་ གཙང་མ་ཁ་ཚར་མ་ཉམས་པས་མགུལ་པ་དཀྲི། བྱུ་རུ། དུང༌། གསེར། མུ་ཏིག མུ་མེན་ཏེ་ 4-1-429 རིན་པོ་ཆེ་ལྔ། དབང་ལག ཀན་ད་ཀ་རི། ཆུ་སྲིན་སྡེར་མོ། དབྱུག་པའི་ཨུཏྤལ་དཀར་མར། སླེ་ ཏྲེས་ཏེ་སྨན་ལྔ། འབྲས། མོན་སྲན་གྲེའུ། ནས། གྲོ། ཏིལ་ཏེ་འབྲུ་ལྔ། ཙན་དན། གུར་གུམ། ཨ་ཀ་རུ། དུ་རུས་ཀ ག་པུར་ཏེ་དྲི་ལྔ། མར། བུ་རམ། ཀ་ར། སྦྲང་རྩི། ལན་ཚྭ་སྟེ་སྙིང་པོ་ལྔ་ རྣམས་བླུགས། ཡལ་ག་ལོ་མ་དང་འབྲས་བུར་ལྡན་པའི་ཤིང་དྲི་ཞིམ་པོས་ཁ་བརྒྱན། ཟངས་ ལས་བྱས་པའི་པདྨ་ཡུངས་ཀར་དང་བཅས་པ་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག་པ་ལ་མེ་ཏོག་ གི་ཕྲེང་བ་གདགས། དར་ལ་སོགས་པའི་གདུགས་མཛེས་པར་ཕུབ་ཅིང༌། དཀྱིལ་འཁོར་གྱི་ དབུས་སུ་པདྨའི་ཟེ་བ་ལ་བཞག་སྟེ། ལྔ་ཡོད་ན་བཞི་ཕྱོགས་བཞི་དང༌། དགུ་ཡོད་ན་གཞན་ བཞི་མཚམས་བཞིར་བཞག་པར་བྱའོ། ། དེ་ནས་མཆོད་པ་བཤམས་པ་ནི། མཆོད་ཡོན་ལ་སོགས་པའི་སྣོད་རྣམས་མཆོད་རྫས་ ཀྱིས་བཀང་པས་མཐའ་བསྐོར། ཉེ་བར་སྤྱོད་པ་བརྒྱད། ཉེ་བར་འཁོར་དྲུག་ཅུ་རྩ་བཞི་དང༌། གཏོར་མ་བརྒྱད་དང༌། ཆ་གསུམ་གྱི་གཏོར་མ་རྣམས་ཤ་ཁྲག ཆང༌། སྒོག་པ་ལ་ཕུག སྔོ་ཚོད། སྲན་མ། བཏུང་བ་ངན་པ་རྣམས་སྤངས་ནས་ཕྱག་ལེན་བཞིན་བཤམ། ཕུར་པ་དང་མདའ་ དང༌། རལ་གྲིས་ཁོར་ཡུག་ཏུ་དྲ་བ་བྱ། ཚོན་སྐུད་གཙང་མ་སྣ་ལྔའི་སྟེང་འཁོར་ལོ་རྩིབས་ བརྒྱད་ཀྱི་རྣམ་པ་དང༌། ལོགས་ལ་འཁོར་ལོ་རྩིབས་བརྒྱད་བསྣོལ་མའི་རྣམ་པ་ཅན་གྱི་དྲ་བས་ བསྐོར། གཞན་ཡང་ཨ་ཀ་རུའི་བདུག་སྤོས་དང་གདུགས་དང་རྒྱལ་མཚན་བ་དན་དར་གྱི་ ལྡ་ལྡི ། རིན་པོ་ཆེའི་ཕྲེང་བ། བླ་བྲེ་ལ་སོགས་པའི་མཆོད་པའི་ཡོ་བྱད་ཅི་འབྱོར་པ་བཀོད་པ་ མཛེས་པ་བཤམ་པར་བྱའོ། ། དེ་ནས་དངོས་གཞི་ནི། ཆོ་ག་ཞིབ་མོ་ལས། རིག་སྔགས་འཆང་བ་གཙང་གྱུར་པས། །གཙང་མའི་གོས་ནི་བགོ་བར་བྱ། །ལེགས་བཀྲུས་རྣམ་པར་དག་པ་དང༌། །གསོ་སྦྱོང་དག་ནི་ བླངས་པ་དང༌། །དཀར་གསུམ་དག་ནི་འཚལ་ནས་སུ། །དུས་གསུམ་དུ་ནི་ཁྲུས་བགྱིའོ། །དུས་ 4-1-430 གསུམ་དུ་ཡང་བཟླས་བརྗོད་བགྱི། །དོན་ཡོད་ཞགས་པའི་སྙིང་པོ་དག །དུས་གསུམ་དུ་ཡང་ བརྒྱ་རྩ་བརྒྱད། །འཕགས་པ་འཇིག་རྟེན་དབང་ཕྱུག་གི །མདུན་དུ་དཀྱིལ་མོ་དཀྲུང་བཅས་ཏེ། །བཟླས་བརྗོད་ཕྱག་རྒྱ་བཅིངས་ནས་སུ། །བགྲང་ཕྲེང་དག་ནི་བླང་བར་བགྱི། །ཞེས་པ་ནས། ཚིག་གཞན་མི་སྨྲ་བཟླས་བརྗོད་བྱ། །ཞེས་གསུངས་པ་བཞིན་དེ་ཉིད་བཅུ་དྲུག་གི་སྒོ་ནས་ ཉམས་སུ་བླང་བར་བྱ་སྟེ། དེ་ལ་དེ་ཉིད་བཅུ་དྲུག་གི་སྡོམ་ནི། རྟེན་མཆོད་བཤམ་དང་ཁྲུས་ བྱ་མཎྜལ་དབུལ། །ཡན་ལག་བདུན་བྱ་གསོ་སྦྱོང་གཟུངས་གཉིས་གདོན། །ལྷ་སྒོམ་སྙིང་པོ་ གཟུངས་བཟླས་མཆོད་བསྟོད་བྱ། །གཏོར་མ་གསོལ་གདབ་གཏང་རག་བཟོད་གསོལ་དང༌། །གཤེགས་གསོལ་ཉེར་བསྡུ་སྨོན་ལམ་ཟས་སྤྱོད་དོ། ། དེ་ལ་རྟེན་མཆོད་བཤམ་པ་སྔོན་དུ་སོང་ནས། ཁྲུས་དང་མཎྜལ་ཡན་ལག་བདུན་པ་གསོ་ སྦྱོང་རྣམ་དག་གཟུངས་འདོན་པ་རྣམས་མངོན་རྟོགས་བཞིན་བྱས་ནས། ལྷ་བསྒོམས་པའི་ དེ་ཉིད་ནི། གནས་དང་མཆོད་པའི་ཡོ་བྱད་རྣམས་བསང་སྦྱངས་བྱིན་གྱིས་བརླབས་ནས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་སྟེ། རང་སྐ་ཅིག་གིས་ཐུགས་རྗེ་ཆེན་པོར་གསལ་ བའི་ཐུགས་ཁར་པདྨ་དང་ཟླ་བའི་སྟེང་དུ། ཧྲཱིཿ དཀར་པོ་ལས་འོད་འཕྲོས། འཕགས་པ་ལྷ་ ལྔ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མ་ ཛ་ཛཿ གང་གི་དྲིན་གྱི་བདེ་ཆེན་ཉིད། །ཅེས་སོགས་དང༌། སེམས་ཅན་སྡུག་བསྔལ་མེ་ཚོགས་ ཀྱིས་གདུངས་ལ། །ཐུགས་རྗེའི་ཆུ་རྒྱུན་བསིལ་བས་ཞི་མཛད་ཅིང༌། །རབ་ཞི་བདེ་ལྡན་གནས་ སུ་འདྲེན་མཛད་པའི། །ལྷ་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ ཤྭ་ར་ས་པ་རི་ཝཱ་ར་ཨརྒཾ་ནས་ཤབ་ཏ་ཨཱཿ་ཧཱུཾ་ཞེས་པའི་བར་གྱིས་མཆོད་ནས། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་བདུན་རྣམ་དག་བྱ། ཚད་མེད་བཞི་བསྒོམ། ཨོཾ་ སྭ་བྷཱ་ཝ་ཤུདྷཿ སརྦ་དྷརྨཱཿསྭ་བྷ་ཝ་ཤུད་དྷོ་ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་ 4-1-431 དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པར་གྱུར། དེ་ ལས་འོད་འཕྲོས་དོན་གཉིས་བྱས་ཚུར་འདུས་ཧྲཱི་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་གངས་རི་ལྟར་དཀར་པ། ཞལ་གཅིག་ ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པདྨ་དཀར་པོ་ཐུགས་ཁར་འཛིན་པ། རལ་པའི་ ཅོད་པན་ཅན། རི་དྭགས་ཀྱི་ལྤགས་པས་སྨད་དཀྲིས་ཤིང་ཕྱུགས་བདག་གི་ཆ་ལུགས་འཆང་ བ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་ཅུང་ཟད་བརྐྱང་ ཞིང་གཡོན་བསྐུམ་པའི་དཀྱིལ་དཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ཨོཾ མགྲིན་པར་ཨཱཿ ཐུགས་ཁར་ཧཱུཾ། ཐུགས་ཁའི་དབུས་སུ་ཟླ་བ་ལ་གནས་པའི་ཧྲཱིཿལས་འོད་འཕྲོས། རང་བཞིན་ གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདུན་གྱི་ནམ་མཁར་སྤྱན་དྲངས་ པ་ལ་སྔར་བཞིན་མཆོད་ནས། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་ འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ ཊ་བཾ། ཨོཾ་བཛྲ་གྷཎ་ཌེ་ཧོཿ སླར་ཡང་ཐུགས་ཁའི་ཧྲཱིཿལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་ བཅས་སྤྱན་དྲངས་པ་ལ་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་ པར་དབང་བསྐུར་དུ་གསོལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཚིགས་བཅད་ དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་བཞིན་པས་ཡེ་ཤེས་ ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར། དྲི་མ་ཐམས་ཅད་དག ཆུ་ལྷག་ མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། དེའི་ཐུགས་ཁར་པདྨ་དང་ཟླ་བའི་ སྟེང་དུ་ཧྲཱིཿལ་ན་མ་ས་མནྟ་བུད་དྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀཱ་རུ་ཎ་མ་ཡ་མཱུར་ཏ་ཡ་ ཧཱུཾ་ཛཿསྭཱཧཱ། ཞེས་པའི་སྙིང་པོས་བསྐོར་བ་ལ་དམིགས་ནས་བཟླས་པ་ཅུང་ཟད་བྱའོ། །དེ་ 4-1-432 ནས་ཨརྒཾ་སོགས་ཀྱིས་མཆོད་ནས། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །གཞན་ལ་ཕན་ཕྱིར་བརྩོན་པའི་གོ་ཆ་བསྣམས། །ཐུགས་རྗེའི་རང་བཞིན་དྲི་མེད་དཀྱིལ་ འཁོར་ཞལ། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་དོ། ། དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གོང་གི་ལས་ཐམས་ཅད་པས་བསང༌། ཨོཾ་ཤཱུ་ནྱ་ཏ་ ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་ གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་བ། ལྷོ་སེར་བ། ནུབ་དམར་བ། བྱང་ལྗང་བ། ལྟེ་བ་མཐིང་ཁ་ཧཱུཾ་གིས་མཚན་པ་དེ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི། ར་བ་དྲ་བ་གུར། བླ་བྲེས། མཚོན་ཆའི་དྲ་བ་དང་ཡེ་ཤེས་ཀྱི་མེ་རི་འབར་བས་བསྐོར་བའི་བསྲུང་བའི་འཁོར་ ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་ རྗེའི་སྟེགས་བུའི་སྟེང་དུ། བྷྲཱུཾ་ལས་རྒྱུ་རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་དཀར་ པོ། གྲུ་བཞི་པ་སྒོ་བཞི་པ་བརྩིག་པ་དཀར་པོ་ཆིག་རྐྱང་གི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་ སྤྲས་པའི་ཕ་གུའི་སྟེང་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་འཕྱང་བའི་སྲད་བུ་དམར་པོ་ལ་བརྒྱུས་ པའི་མུ་ཏིག་གི་དོ་ཤལ། དབུས་སུ་ནོར་བུ་སྦོམ་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་པ་ཏྲས་བཅིངས་ པ། དེའི་གཡས་གཡོན་དུ་དེ་ཉིད་དབུས་ནས་བཅད་པ་ལྟ་བུའི་དོ་ཤལ་ཕྱེད་པ། དེའི་གཡས་ གཡོན་དུ་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་དྲིལ་བུ་ལ་འཕྱང་བའི་རྔ་ཡབ་དང་དོ་ཤལ་རྣམས་ ཀྱི་ནང་དུ་པདྨ་དང་ཉི་མ་དང་ཟླ་བ་རྣམས་ལ་གནས་པའི་རྡོ་རྗེ་དང་རིན་པོ་ཆེ་ལ་སོགས་པ་ དང༌། ཟུར་བཞིར་གོས་དང་མེ་ཏོག་གི་ཆུན་འཕྱང་གིས་མཛེས་པ། སྟེང་ནས་བྱ་འདབས་ ལ་འཕྱང་བའི་རིན་པོ་ཆེའི་ཤར་བུ་དང༌། དེའི་སྟེང་དུ་མདའ་ཡབ་པདྨའི་འདབ་མ་ཕྱེད་པའི་ དབྱིབས་ཅན། དེའི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་ཟུར་རྩེ་བཞི་ ལ་གདུགས་བཞིས་སྤྲས་པ། ཕྱིའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་སྒོ་དང་སྒོ་ 4-1-433 ཁྱུད་ཀྱི་མཚམས་སུ་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེས་སྤྲས་ཤིང་མཆོད་པའི་ལྷ་མོ་ དུ་མ་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པའི་སྟེང་དུ་རྡོ་རྗེའི་གདུང་བཞིས་མཛེས་པར་ ཕུབ་པ། སྒོ་བཞིར་ཀ་བ་བརྒྱན་དང་བཅས་པས་བཏེག་པའི་རྟ་བབས་སྣམ་བུ་བཅུ་གཅིག་ པ། རྩེ་མོར་པདྨ་དང་ཟླ་བ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གཡས་གཡོན་དུ་རི་དྭགས་ ཕོ་མོས་མགྲིན་པ་བཏོང་ངེ་ལྟ་བ་དང་བཅས་པ། སྣམ་བུ་སོ་སོ་ལ་རྒྱལ་མཚན་དང་བ་དན་སྣ་ ཚོགས་ཀྱིས་མཛེས་པར་བྱས་པའི་གཞལ་ཡས་ཁང་གི་དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་ མ་བརྒྱད་པ་དང༌། ཕྱོགས་བཞི་དང་མཚམས་བཞིར་ཡང་པཾ་ལས་པདྨ་འདབ་མ་བརྒྱད་པ་དེ་ ཐམས་ཅད་ཀྱི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ རྒྱ་མཚོ་ལྟར་གང་པ། ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ། དཔག་བསམ་གྱི་ཤིང་གི་ཁ་བརྒྱན་ ཅིང༌། ལྷའི་ན་བཟས་མགུལ་པ་བཅིངས་པ། དབུས་ཀྱི་བུམ་པའི་དབུས་སུ་པཾ་ལས་པདྨ་ དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿལས་ པདྨ་དཀར་པོ་ཧྲཱིཿས་མཚན་པ་ལས་རྗེ་བཙུན་སྤྱན་རས་གཟིགས་བདག་བསྐྱེད་ལྟར་བསྒོམ། ཤར་གྱི་བུམ་པར་པདྨ་དམར་པོ་དང་ཟླ་བའི་སྟེང་དུ་ཧ་ལས་ཞགས་པ་ཧས་མཚན་པ་ལས། འཕགས་པ་དོན་ཡོད་ཞགས་པ་པདྨ་ར་ག་ལྟར་དམར་བ། ཞལ་གཅིག་ཕྱག་བཞི་པ། གཡས་ གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ན་ལྕགས་ཀྱུ་དང་བགྲང་འཕྲེང་བསྣམས་པ། ཞབས་གཉིས་བཞེངས་པའི་སྟབས་ཅན། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་པ། ལྷོ འི་ བུམ་པར་པདྨ་དམར་པོ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བེ་ཅོན་ཧཱུཾ་གིས་མཚན་པ་ལས། ཁྲོ་བོའི་ རྒྱལ་པོ་རྟ་མགྲིན་སྐུ་མདོག་བྱུ་རུ་ལྟར་དམར་བ་རྩ་ཞལ་དམར་པོའི་སྟེང་ན་རྟ་མགོ་ལྗང་ཁུ་ ཅན། ཕྱག་བཞིའི་གཡས་ཀྱི་དང་པོས་བེ་ཅོན་འཛིན་ཅིང་གཉིས་པ་སྡིགས་མཛུབ་མཛད་པ། གཡོན་པ་གཉིས་ན་འཁོར་ལོ་དང་པདྨ་བསྣམས་པ། ཞབས་གཉིས་གཡོན་བརྐྱང་གི་སྟབས་ 4-1-434 ཅན། སྟག་གི་ལྤགས་པའི་ཤམ་ཐབས་དང་སྦྲུལ་གྱིས་བརྒྱན་པ། ནུབ་ཀྱི་བུམ་པར་པདྨ་སྔོན་ པོ་དང་ཉི་མའི་སྟེང་དུ་ཕ་ལས་རལ་གྲི་ཕས་མཚན་པ་ལས། ཁྲོ་མོ་རལ་གཅིག་མ་སྐུ་མདོག་ ཨིན་ཏྲ་ནཱི་ལ་ལྟར་སྔོ་བ། ཞལ་གཅིག་ཕྱག་བརྒྱད་མ། གཡས་པ་བཞི་ན་རལ་གྲི་དང་ཞགས་ པ་དང་པདྨ་དང་མདའ། གཡོན་པ་བཞི་ན་འཁོར་ལོ་དང་དབྱུག་པ་དང་རྩེ་གསུམ་དང་གཞུ་ བསྣམས་པ། ཞབས་གཉིས་གཡས་བརྐྱང་གི་སྟབས་ཅན། སྟག་གི་ལྤགས་པའི་ཤམ་ཐབས་ དང་སྦྲུལ་གྱིས་བརྒྱན་པ། བྱང་གི་བུམ་པར་པདྨ་དཀར་པོ་དང་ཟླ་བའི་སྟེང་དུ་ཊ་ལས་དབྱུག་ ཏོ་ཊས་མཚན་པ་ལས། ལྷ་མོ་ཁྲོ་གཉེར་ཅན་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་ གཅིག་ཕྱག་བཞི་མ། གཡས་པ་གཉིས་ན་དབྱུག་ཏོ་དང་པདྨ། གཡོན་པ་གཉིས་ན་བགྲང་ ཕྲེང་དང་རིལ་བ་སྤྱི་བླུགས་བསྣམས་པ། ཞབས་གཉིས་གཡོན་པའི་བོལ་གོང་ལ་གཡས་ པའི་སོར་མོ་བརྟེན་པའི་ཚུལ་གྱིས་བཞེངས་པ། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་ པ། ཤར་ལྷོ འི་བུམ་པར་དྷི་ལས་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། ལྷོ་ནུབ་ཀྱི་བུམ་ པར་བི་ལས་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་བྱང་གི་བུམ་པར་པཾ་ལས་སྤྱན་ མི་བཟང་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ། བྱང་ཤར་གྱི་བུམ་པར་བཻ་ལས་ རྣམ་ཐོས་སྲས་སེར་པོ་བེ་ཅོན་དང་ནེའུ་ལེ་འཛིན་པ། བཞི་ཀ་ཡང་རིན་པོ་ཆེའི་ཁྲིའི་སྟེང་ན་ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ པ། ལས་བུམ་དུ་རྟ་མགྲིན་སྤྱི་དང་མཐུན་པར་བསྐྱེད་ལ། ལྷ་དེ་དག་ཐམས་ཅད་ཀྱི་དཔྲལ་ བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུཾ། ལྷ་རྣམས་ཀྱི་ཐུགས་ཁའི་ས་བོན་ལས་འོད་ཟེར་ འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་འདྲེན་པར་བསམས་ཏེ། དམིགས་པ་གསལ་པོས་ རྡོ་རྗེ་དྲིལ་བུ་འཛིན་བཞིན་པ་དབྱངས་དང་བཅས་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་ 4-1-435 གྱུར་ཅིང༌། ། བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་ དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །མ་ རིག་མུན་པས་བློ་གྲོས་མིག་ལྡོ ངས་ཤིང༌། །སྡུག་བསྔལ་མང་པོའི་མཚོན་གྱིས་རྨས་པ་ཡི། །སྐྱེ་ བོ་ཉམ་ཐག་ཕོངས་པར་གྱུར་རྣམས་ལ། །མིག་འབྱེད་སྨན་པའི་རྒྱལ་པོ་གཤེགས་སུ་གསོལ། །པདྨའི་ལྗགས་བཟང་གསུང་གི་འོད་ཟེར་གསལ། །ཡེ་ཤེས་སྤྱན་ལྡན་ཐུགས་རྗེའི་ཕྱག་རིང་ བ། །བྱམས་པའི་ལྕགས་ཀྱུས་འགྲོ་བ་འདྲེན་མཛད་པ། །སྤྱན་རས་གཟིགས་དབང་ཐུབ་པ་ གཤེགས་སུ་གསོལ། །ལས་ཀྱི་རླུང་གིས་དེད་པའི་འགྲོ་བ་ལ། །ཐུགས་རྗེའི་རླུང་འབྱིན་ཆུ་ཡི་ རྒྱུན་འབེབས་ཤིང༌། །བརྩོན་འགྲུས་བསྐལ་པའི་མེ་ལྟར་འབར་བ་ཡི། །ས་ལྟར་བརྟན་པའི་ ཐུབ་དབང་གཤེགས་སུ་གསོལ། །ཡེ་ཤེས་ཐོགས་མེད་ཐེག་པ་ཆེ་ལས་བྱུང༌། །དྲི་མེད་བྱང་ ཆུབ་སེམས་ནི་རྒྱས་པའི་སྤྱན། །ཚོགས་རྫོགས་ཆོས་ཀྱི་འཁོར་ལོ་ཡོངས་བསྐོར་བ། །དྲང་ སྲོང་ལྷ་ཡི་གཙོ་བོ་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་བཛྲ་ ས་མ་ཛ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །ཞེས་སོགས་སྔགས་དང་བཅས་པས་མཆོད་ ཡོན་ཕུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་སྔགས་དང་བཅས་པས་སྐུ་ཁྲུས་ གསོལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་སོགས་སྔགས་དང་བཅས་པས་པདྨའི་ གདན་དབུལ། མཆོད་རྫས་དམ་པ་འདི་དག་དང༌། །ཞེས་སོགས་དང་བཅས་པས་མཆོད་པ་ ཕུལ་ནས། སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་གདུངས་ལ། ཐུགས་རྗེ་ཞེས་སོགས་ལྷ་ ལྔའི་བསྟོད་པས་བསྟོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ལོ་ཀི་ཤྭ་ར་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨཾ་ཀུ་ཤ་ ཛཿ བཛྲ་པཱ་ཤ་ཧཱུཾ་བཛྲ་སྥོ་ཊ་བཾ་བཛྲ་ཨ་བེ་ཤ་ཨ། ཅེས་པས་དགུག་གཞུག་བཅིང་དབང་དུ་ བྱ། སླར་ཡང་ཐུགས་ཁའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རིགས་ ལྔ་འཁོར་བཅས་མདུན་གྱི་ནམ་མཁར་ཞེས་པ་ནས། ཆུ་ལྷག་མ་ཡར་ལུད་པ་ལས་ཞེས་པའི་ 4-1-436 བར་བདག་བསྐྱེད་བཞིན་བྱས་ནས། གཙོ་བོ་ལ་འོད་དཔག་མེད། དོན་ཞགས་ལ་རྣམ་པར་ སྣང་མཛད། རྟ་མཆོག་དཔལ་ལ་རིན་ཆེན་འབྱུང་ལྡན། རལ་གཅིག་མ་ལ་མི་བསྐྱོད་པ། ཁྲོ་ གཉེར་ཅན་ལ་དོན་ཡོད་གྲུབ་པས་དབུ་བརྒྱན། དེ་ནས་མཆོད་པ་རྣམས་བྱིན་གྱིས་བརླབས་ ཏེ། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་ཞེས་སོགས་སམ། རབ་འབྱམས་རྒྱ་མཚོ་དཔག་ མེད་ན། །ཞེས་སོགས་ཀྱིས་རོལ་མོའི་བར་གྱིས་མཆོད་པ་དབུལ། ལྷ་རྫས་ལས་བྱས་ཁ་དོག་ ལེགས་བསྒྱུར་པའི། །ན་བཟའ་ཤིན་དུ་དྲི་ཞིམ་ཡིད་འོང་ལྡན། །གོས་བཟང་སྲབ་ལ་འཇམ་པ་ སྣ་ཚོགས་པ། །འཇིག་རྟེན་དབང་ཕྱུག་སོགས་ལ་དབུལ་བར་བགྱི། །ཨོཾ་བཛྲ་ཝསྟྲ་ཡེ་ཨཱཿ་ཧཱུཾ། ཅེས་པས་གོས་ཟུང་དབུལ། གཞན་ཡང་སྤྲོ་ན་སྒེག་སོགས་བརྒྱད་དང༌། རིན་ཆེན་བདུན་དང༌། འདོད་ཡོན་ལྔ་རྣམས་ཀྱི་མཆོད་པ་ཡང་དབུལ། དེ་ནས་རྡོ་རྗེ་དྲིལ་བུ་འཛིན་པས། མཁའ་ ལྟར་རང་བཞིན་རྣམ་དག་པས། པཾ་ཡིག་ཨ་དཀར་ཡོངས་གྱུར་པའི། ། པདྨ་དཀར་པོ་ཟླ་སྟེང་ དུ། །ཧྲཱིཿཡིག་དཀར་པོ་ལས་འཁྲུངས་ཤིང༌། །གཡས་བརྐྱང་རོལ་པའི་སྟབས་ཀྱིས་བཞུགས། །གངས་རི་ལྟར་གསལ་ཀུན་དྷའི་མདོག །གཡས་པ་མཆོག་གི་དོན་སྦྱིན་མཛད། །འཁོར་བའི་ སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་གཡོན་ན་འཛིན། །འཛུམ་བཅས་ཞི་བའི་ཉམས་དང་ ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས། །མ་ཆགས་དཀྱིལ་འཁོར་གཙོ་ལ་བསྟོད། །པདྨ་ དམར་པོ་ཟླ་སྟེང་དུ། །ཧ་ཡིག་དམར་པོ་ལས་འཁྲུངས་ཤིང༌། །མཉམ་པར་བཞེངས་ནས་འགྲོ་ དོན་མཛད། །པད་མ་ར་ག་དམར་པོའི་མདོག །ཞགས་པ་དང་ནི་རྡོ་རྗེ་གཡས། །ལྕགས་ཀྱུ་ བགྲང་ཕྲེང་གཡོན་ན་འཛིན། །སྣ་ཚོགས་རྒྱན་གྱིས་མཛེས་པ་ཡི། །དོན་ཡོད་ཞགས་ལ་ཕྱག་ འཚལ་བསྟོད། །པད་ཉིའི་སྟེང་དུ་ཧཱུཾ་ལས་འཁྲུངས། །གཡོན་བརྐྱང་གྱད་ཀྱི་ཚུལ་གྱིས་ བཞུགས། །སྐུ་མདོག་དམར་པོ་བྱུ་རུའི་ཚུལ། །སྟག་དང་སྦྲུལ་གྱིས་རྣམ་བརྒྱན་ཅིང༌། །བེ་ ཅོན་དང་ནི་སྡིགས་མཛུབ་གཡས། །འཁོར་ལོ་པདྨ་དམར་པོ་གཡོན། །སྤྱི་གཙུག་རྟ་མགོ་ལྗང་ 4-1-437 ཁུ་འཚེར། །ཧ་ཡ་གྲྀ་ལ་ཕྱག་འཚལ་བསྟོད། །ཆུ་སྐྱེས་ཉི་མར་ཕ་ལས་འཁྲུངས། །ནམ་མཁའི་ མདོག་ཅན་གཡོན་བརྐྱང་ཚུལ། །མཆེ་གཙིགས་ཁྲོ་མོའི་ཆ་ལུགས་འཛིན། །སྟག་གི་ལྤགས་ པས་རྣམ་པར་དཀྲིས། །རལ་གྲི་ཞགས་པ་པདྨ་མདའ། །འཁོར་ལོ་དབྱུག་པ་རྩེ་གསུམ་གཞུ། །གཡས་དང་གཡོན་གྱི་ཕྱག་ན་བསྣམས། །རལ་གཅིག་མ་ལ་ཕྱག་འཚལ་བསྟོད། །པདྨ་ དཀར་པོ་ཟླ་སྟེང་དུ། །ཊ་ཡིག་དཀར་པོ་ལས་འཁྲུངས་ཤིང༌། །ཟླ་བ་ཆུ་ཤེལ་ནོར་བུའི་མདོག །འགྱིང་ཞིང་ལྡེམ་པའི་ཚུལ་གྱིས་བཞུགས། །དབྱུག་པ་པདྨ་དཀར་པོ་གཡས། །བགྲང་ཕྲེང་ དང་ནི་སྤྱི་བླུགས་གཡོན། །སྣ་ཚོགས་རྒྱན་གྱིས་མཛེས་པ་ཡི། །ཁྲོ་གཉེར་ཅན་ལ་ཕྱག་འཚལ་ བསྟོད། །ཅེས་སློབ་དཔོན་ཆེན་པོ་ཙན་ཏྲ་གོ་མས་མཛད་པ་དང༌། ཨེ་ར་པ་ཏིས་མཛད་པ་ ནི། སེམས་ཅན་སྡུག་བསྔལ་མེ་ཚོགས་གྱིས་གདུངས་ལ། །ཐུགས་རྗེ་ཆུ་རྒྱུན་བསིལ་བས་ ཞི་མཛད་ཅིང༌། །རང་བཞིན་བདེ་ལྡན་གནས་སུ་འདྲེན་མཛད་པ། །མགོན་པོ་སྤྱན་རས་ གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཞགས་པས་འགྲོ་ཀུན་གྱི། །གནོད་པ་དེས་ བསལ་བདེ་ལ་འགོད་མཛད་ཅིང༌། །སྣ་ཚོགས་སྤྲུལ་པས་འགྲོ་བའི་དོན་མཛད་པ། །དོན་ཡོད་ ཞགས་པར་གྲགས་ལ་ཕྱག་འཚལ་ལོ། །མ་ཆགས་པདྨ་རིགས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཚུལ་ དུ་གདུག་པ་འདུལ་མཛད་པ། །དབང་ཆེན་བསྐལ་པའི་མེ་ལྟར་རབ་བརྗིད་འབར། །ཁྲོ་རྒྱལ་ རྟ་མགྲིན་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྤྲོས་བྲལ་རོ་གཅིག་མངོན་འགྱུར་ཚུལ། །རལ་ པ་གཅིག་འཆང་ལྷ་མོའི་སྐུར་སྟོན་ཅིང༌། །བགེགས་ཚོགས་འདུལ་ཕྱིར་ཁྲོ་མོའི་སྐུར་སྟོན་པ། །རལ་པ་གཅིག་མ་ཁྱོད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཡོན་ཏན་ཞིང་གྱུར་ཅིང༌། །སྐལ་ལྡན་རྗེས་མཐུན་གཞན་དོན་བསྒྲུབ་མཛད་པ། །བཀའ་བཞིན་ཉན་པར་བྱེད་པའི་ལྷ་མོ་ སྟེ། །ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །དེ་ནས་རས་རིས་ཀྱི་སྤྱན་སྔར་དཀྱིལ་མོ་དཀྲུང་ བཅས་ཏེ་འདུག་ལ། དཀྱིལ་འཁོར་གྱི་དབུས་ཀྱི་གཙོ་བོའི་སྤྱན་སྔར་འདུག་པར་མོས་པས་ 4-1-438 བུམ་པའི་ལྷ་རྣམས་ཀྱི་ཐུགས་ཁར་ས་བོན་ལ་རང་རང་གི་སྙིང་པོ་དང་གཟུངས་ཀྱིས་བསྐོར་བ་ ལ་དམིགས་ནས་བཟླས་པས། དེ་དག་ལས་འོད་འཕྲོས། འཕགས་པ་རྣམས་ཀྱི་སྐུ་ལ་ཕོག་ པས་སྤངས་རྟོགས་གོང་ནས་གོང་དུ་འཕེལ་ཞིང་སེམས་ཅན་གྱི་དོན་ལ་བསྐུལ། སེམས་ཅན་ རྣམས་ལ་ཕོག་པས་སྡིག་སྒྲིབ་དག་ནས་འཕགས་ལམ་ལ་བཀོད། བདག་ལ་ཕོག་པས་སངས་ རྒྱས་དང་མཚུངས་པར་གྱུར། འོད་ཟེར་སླར་འདུས་བུམ་པའི་ཆུ་ལ་ཐིམ་པས་ཉེས་པ་ཐམས་ ཅད་སེལ་ཞིང༌། ལེགས་པ་ཐམས་ཅད་བསྐྱེད་པའི་བདུད་རྩིར་གྱུར་པར་བསམས་ནས་གཙོ་ བོའི་སྙིང་པོ་བདག་བསྐྱེད་དུ་བསྟན་པ་དང༌། དོན་ཞགས་ཀྱི། ཨོཾ་ཏྲཻ་ལོཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ ཤ་ཨ་པྲ་ཏི་ཧ་སྟ་ཧྲཱི་ཧ་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་དང༌། རྟ་མགྲིན་གྱི། ན་མཿས་མནྟ་བུད་དྷ་ནཾ་ཧཾ་ཁ་ ཏ་བྷུཉྫ་སཏྭ་ཡ་སྭཱཧཱ། རལ་གཅིག་མའི་ཨོཾ་ཨེ་ཀ་ཛ་ཊཱི་མ་ཧཱ་རོ་ཥ་ཎི་ཏྲཱ་ས་ཡ་ཏྲཱ་ས་ཡ་ས་མ་ས་ མ་པྲ་ཤེ་མི་ནི་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཁྲོ་གཉེར་ཅན་གྱི། ན་མཿ ས་མནྟ་བུད་དྷ་ནཾ། སརྦ་དྷ་ ཝ་སན་ཏྲ་ར་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ལ་ཇི་ཙམ་ བཟླས་པའི་ཕྱེད་དོན་ཞགས། དེའི་ཕྱེད་གཞན་རྣམས་ལ་བཟླས་ཞེས་གསུངས། ལས་བུམ་དུ་ པདྨའི་རིགས་ཀྱི་ལས་ཐམས་ཅད་པ། རྟ་མགྲིན་གྱི་སྙིང་པོ་ཡི་གེ་བཅུ་པ་ཨོཾ་ཨ་མྲྀ་ཏོད་བྷ་བོད་ བྷ་བ་ཧཱུཾ་ཕཊ་ཅེས་པ་འདི་བརྒྱ་རྩ་བཟླས་སོ། །བསང་གཏོར་དགོས་པ་ཐམས་ཅད་འདིས་བྱ། དེ་ནས་མཆོད་བསྟོད་བསྡུས་པ་བྱ་སྟེ། བུམ་པའི་བདག་པོ་སློབ་དཔོན་གྱིས་འཛུགས་པའི་ཚེ། རྒྱ་གར་སྐད་ནས་གཟུངས་ཚར་བདུན་བཏོན་ལ། དེ་ནས་ཐུན་པ་རྣམས་ཀྱིས་སྨྲ་བཅད་དང་ ལྡན་པས་གཟུངས་དག་པར་འདོན་དུ་གཞུག་གོ །དེ་ནས་གཏོར་མ་རྣམས་བསང་སྦྱངས་བྱིན་ གྱིས་བརླབས་ཏེ། རོ་མཆོག་དང་ལྡན་པའི་བདུད་རྩིའི་རྒྱ་མཚོར་བསམས་ནས། དང་པོ་བླ་ མ་དང་དཀྱིལ་འཁོར་ལྷ་ཚོགས་དང༌། གཉིས་པ་ཕྱོགས་སྐྱོང་བཅུ་དང༌། གསུམ་པ་རྒྱལ་ཆེན་ བཞི་དང༌། བཞི་པ་ནག་པོ་ཆེན་པོ་འམ། རྣམ་སྲས་ཆུ་བདག་ལ་སོགས་པའམ། སྒོས་ཀྱི་ཆོས་ 4-1-439 སྐྱོང་དང༌། ལྔ་པ་དཀར་ཕྱོགས་ལ་དགའ་བ་རྣམས་དང༌། དྲུག་པ་བསྟན་པ་སྤྱིའི་ཆོས་སྐྱོང་ རྣམས་དང༌། བདུན་པ་གཞི་བདག་དང༌། བརྒྱད་པ་རིགས་དྲུག་ལ་སྤྱི་དང་མཐུན་པར་དབུལ་ ཞིང༌། ཆ་གསུམ་ཡངགཏོར་ཆོག་བཞིན་ཕུལ་ནས་ཕྲིན་ལས་བཅོལ་ཏེ། གཏང་རག་གི་མཆོད་ བསྟོད་བྱ་ཞིང་གསོལ་བ་གདབ། སྣང་བ་མཐའ་ཡས་ཀྱི་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། སྒྲུབ་པ་མ་གྲོལ་བར་བརྟན་བཞུགས་དང༌། བསྔོ་བ་སྨོན་ལམ་ བཀྲ་ཤིས་རྣམས་གཞན་དང་མཐུན་པར་བྱའོ། །དེ་ལྟར་སྔ་དྲོ་ཕྱི་དྲོ་ཐུན་གཉིས་སམ། གུང་ ཐུན་དང་གསུམ་དུ་མངོན་རྟོགས་རྫོགས་པར་བསྒོམ། ཐུན་ལེན་པའི་ཚེ་ཁྲུས་དང་མཎྜལ།ཡན་ ལག་བདུན་པ། མངོན་རྟོགས་བསྡུས་པ་བསྒོམ་པ་ལ་སོགས་པ་སྔོན་དུ་བཏང་ནས། མཇུག ཐུན་གྲོལ་བའི་ཚེ། ཐུན་གཏོར་འབུལ་བ་ཕྱག་མཆོད་སོགས་ཡན་ལག་བདུན་པ་བྱེད། གསོལ་ གདབ། ལྷག་ཆད་ཁ་བསྐང༌། བཟོད་གསོལ། བསྔོ་བ་སྨོན་ལམ། བཀྲ་ཤིས་སོགས་ཕྱག་ལེན་ བཞིན་བྱ། ཀློག་མཁན་རྣམས་ཀྱིས། གསང་བ་སྤྱི་རྒྱུད་ལས། ཤར་དུ་ཤེར་ཕྱིན། ལྷོ ར་སྡོང་ པོ་བཀོད་པ། ནུབ་ཏུ་དེ་བཞིན་གཤེགས་པའི་གསང་བ། བྱང་དུ་གསེར་འོད་དམ་པ་སྒྲོགས་ པར་གསུངས་པ་ལྟར་རམ། ཡང་ན་ཆོ་ག་ཞིབ་མོ་ལས། ཕྱོགས་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་བཀླག་པར་བྱ་ཞིང༌། གྲྭ་བཞིར་དོན་ཡོད་ཞགས་པ་བཀླག་པར་བྱའོ་ཞེས་པ་ལྟར་བྱའོ། །གཟུངས་སྟོང་ཕྲག་རེ་སོང་པ་དང་བསྐོར་བ་དང༌། རྒྱུན་བཤགས་གསུམ་པ་འདོན་པ་ལ་ དབྱངས་ཀྱི་ང་རོ་དང་བཅས་པ་དང་ཕྱག་མཆོད་སོགས་ཡན་ལག་བདུན་པ་རྒྱས་པར་བྱ་ཞིང༌། འདོད་དོན་ལ་གསོལ་བ་དྲག་ཏུ་གདབ་པོ། །ཐམས་ཅད་ཀྱིས་ཀྱང་གསོ་སྦྱོང་དང་ལྡན་པར་ བྱའོ། །རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ་ཞེས་པ་ལྟར་རམ། རྩོད་དུས་ཀྱི་དབང་གིས་ དེ་ཉིད་བཞི་འགྱུར་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལ་སོགས་པ་གང་འདོན་པར་བརྩམས་པ་དེའི་ གཟུངས་ཀྱི་གྲངས་རྫོགས་ནས་བཀླགས་པས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་ 4-1-440 སོགས་སྨད་ལས་དང༌། ཕར་ཕྱིན་དྲུག་གི་གཟུངས་དང༌། ས་བཅུའི་གཟུངས་དང༌། སྒོ་མཐའ་ ཡས་པའི་གཟུངས་རྣམས་ཅི་ནུས་པ་བཀླགས་ནས་སྔར་བཞིན་མཆོད་བསྟོད་སོགས་བྱས་ ནས་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། དེ་བཞིན་གཤེགས་པ་བདུན་འཁོར་དང་ བཅས་པའི་ཐུགས་དམ་རྒྱས་པར་བསྐུལ། སྐྱབས་གྲོལ་གྱི་སྐབས་སུ་ལྷ་ལྔའི་བསྟོད་པ་རྒྱས་ པ་བྱ་ཞིང་མཚན་ཐོག་ཐག་ཏུ་མཆོད་པ་འབུལ་བ་ལ་བརྩོན་པར་བྱའོ། ། སླར་ཡང་མཆོད་ ཅིང་བསྟོད་པ་ནས་ལྷག་ཆད་ཁ་བཀང་པ་དང་བཟོད་པར་གསོལ་ཏེ། དེ་ནས་ཐུགས་རྗེའི་ ཕྱག་ནས་པདྨ་ཡི། །ཡིད་ཀྱི་པདྨོ་ཁ་ཕྱེ་ནས། །རིན་པོ་ཆེ་ལྟར་གཤེགས་ནས་ཀྱང༌། །ཚུར་བྱོན་ ཐུགས་རྗེ་ཆེན་པོ་མུཿ ཞེས་པས་མདུན་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་གཞལ་ཡས་ཁང་དང་བཅས་ པ་གཤེགས་སུ་གསོལ། དམ་ཚིག་པ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་ནུས་པ་ དང་ལྡན་པར་གྱུར་པར་བསམ། དེ་ནས་ལྷའི་མཚན་མ་རྣམས་བསྡུས་ཏེ་ཨ་ཀ་རོའི་སྔགས་ ཀྱིས་ཤར་སྒོ་ནས་རྡུལ་ཚོན་རྣམས་ཕྱག་ལ་བུམ་ཆུ་མཆོད་རྫས་དང་བཅས་པ་རོལ་མོའི་སྒྲ་ དང་བཅས་པས་ལྷོ་རི་མཐོན་པོའི་རྩེར་སྤྱན་དྲངས་ནས། མཆོད་རྟེན་ནམ་མཐོ་བརྩིགས་པ་ པོ་ཏ་ལར་བསམས་ནས་དེར་དེ་དག་བཞུགས་སུ་གསོལ། མཆོད་བསྟོད་རྒྱས་པར་བྱེད་པའི་ སྲོལ་ཡང་ཡོད་དོ། །དེ་ནས་བུམ་པ་གཟུངས་ཆེ་བ་དང་བཅས་པ་རོལ་མོའི་བྱེ་བྲག་མང་པོ་ དང་ལྡན་པས་སྤྱན་དྲངས་ཏེ། དགོན་པའི་གྲོང་ངམ། གྲོང་ཁྱེར་གྱི་ཕྱི་རོལ་ནས་བསྐོར་ཞིང༌། ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་བཞི་ལ་མཆོད་གཏོར་ཕུལ་ནས། དྲི་ཟ་ལ་སོགས་པ་ཕྱོགས་ བཞིའི་གདོན་དང་གནོད་པ་ཐམས་ཅད་ལས་བསྲུངས་ཤིག་པའི་འཕྲིན་ལས་བཅོལ། དོན་ ཞགས་སོགས་ཕྱོགས་ཀྱི་ལྷ་བཞི་ལའང་མཆོད་ཅིང་བསྟོད་ལ། ཕྱོགས་མཚམས་དང་སྟེང་ འོག་གི་གདོན་དང་གནོད་འཚེ་ཐམས་ཅད་ཞི་བའི་ཕྲིན་ལས་གཞོལ། སླར་ཡང་དཀྱིལ་འཁོར་ གྱི་ཁང་པར་འོངས་ཏེ་བུམ་པའི་དྲུང་དུ་ཡན་ལག་བདུན་པ་ཕུལ། བསྔོ་བ་སྨོན་ལམ། བཀྲ་ 4-1-441 ཤིས་རྒྱས་པར་བརྗོད་ནས་གཟུངས་ཆབ་སྐྱེ་བོའི་ཚོགས་ལ་བཀྱེ་ཞིང༌། ཨོཾ་ཨ་མོ་གྷ་པདྨ་ཛ་ལེ་ བི་ཤོ་དྷ་ཡ་ཧཱུཾ། བི་རི་བི་རི་བི་མ་ལེ་སྭཱཧཱ། ཅེས་བཟླས་ཤིང་ཁྲུས་བྱས་པས། མི་གཙང་བ་ཡང་ གཙང་བར་འགྱུར། །ཚངས་སྤྱོད་མ་ཡིན་ཚངས་སྤྱོད་འགྱུར། །བསོད་ནམས་ཕུང་པོ་ལྷ་བཞིན་ འབར། །ཉི་མ་ཟླ་བ་བཞིན་དུ་མཛེས། །ཞེས་པ་ནས། ཁྲུས་ཀྱི་རྣམ་པ་འདི་དག་ནི། །དོན་ཡོད་ ཁྲུས་ཀྱི་མཆོག་ཡིན་ནོ། །ཞེས་པའི་ཕན་ཡོན་རྣམས་འབྱུང་བར་འགྱུར་རོ། །དེ་དག་གི་སྐབས་ སུ་ཡང་ཉལ་བ་དང་ཁྲུས་བྱེད་པ་མ་གཏོགས་མཐའ་གོས་མི་སྤང༌། མི་དང་དུད་འགྲོ་གཞན་ ལ་རེག་པ་བསྲུང༌། །ཉལ་བའི་ཚེ་རང་གི་ལྷའི་རྣལ་འབྱོར་བསྡུས་ལ། །བདག་བསྲུང་བ་བྱས་ ནས་སེང་གེའི་ཉལ་སྟབས་ཀྱིས་ཉལ། ལྡང་པའི་ཚེ་ལྷའི་རྣལ་འབྱོར་དང་ལྡན་པས་གོས་གྱོན་ ཏེ་ཁྲུས་བྱས་ནས་གསོ་སྦྱོང་བླང་བ་སོགས་དེ་ཉིད་ལ་འཇུག་གོ །ཟས་ལ་ལོངས་སྤྱོད་པའི་ཚེ། ལྷ་མཆོད་པའི་བསམ་པས་ལོངས་སྤྱད། ཆོ་ག་ཞིབ་མོ་ནས་བཀག་པའི་ཁ་ཟས་ངན་པ། ཤ་ དང་ཆང་དང་སྒོག་སྐྱ་དང༌། ཙོང་དང༌། རྐུན་དོང་དང་ཀེའུ་དང༌། ལྷག་མ་དང་འབགས་པ་དང༌། བདེ་བྱེད་ལ་བྱིན་པའི་ལྷག་མ་དང་ལ་ཕུག་རྣམས་སྤངས་ཏེ། རྒྱུད་དང་བླ་མ་གོང་མའི་ཕྱག་ ལེན་རྣམ་དག་ཇི་ལྟ་བ་བཞིན་ཉམས་སུ་བླང་བར་བྱའོ། །འཕགས་པ་དོན་ཡོད་ཞགས་པ་ལྷ་ ལྔའི་གཟུངས་ཀྱི་བསྒྲུབ་པའི་ཆོ་ག་ཐུགས་རྗེའི་ཆར་འབེབས་ཞེས་བྱ་བ། ཆོ་ག་ཞིབ་མོ་དང༌། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པའི་མངོན་རྟོགས་དང༌། ཙནྚ་གོ་མིས་མཛད་ པའི་བསྟོད་པ་དང༌། བོད་དུ་ཆོས་འདི་དར་རྒྱས་སུ་མཛད་པ་པོ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་ལ་སོགས་པའི་ཕྱག་སྲོལ་གཞིར་བྱས་ཤིང༌། ཐམས་ ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་གཟུངས་བསྒྲུབ་རྐྱང་པའི་ཆོ་ག་བྱེད་ཚུལ་གྱིས་ ཀྱང་བརྒྱན་ཏེ། དགེ་སློང་བསོད་ནམས་བཟང་པོས་དཔལ་རྒྱ་མཁར་གྱི་གཙུག་ལག་ཁང་དུ་ སྦྱར་བའོ། ། 4-1-442 སྭསྟི། རྨད་བྱུང་ཐུགས་རྗེའི་ཚ་ཟེར་སྟོང་ལྡན་པས། །མ་རིག་རྨོངས་པའི་མུན་པ་དྲུངས་ འབྱིན་པ༑ ༑ཐུགས་རྗེའི་བདག་ཉིད་དོན་ཡོད་ཞགས་པ་དང༌། །དབྱེར་མེད་བླ་མའི་ཞབས་ པད་གུས་པས་འདུད། །མ་རིག་འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །རྣམ་གྲོལ་ ཐེག་པ་མཆོག་ལ་གཞུག་པའི་ཕྱིར། །དོན་ཞགས་ལྷ་ལྔའི་གཟུངས་བསྒྲུབ་ཆོ་ག་འདི། །གྲྭ་ ས་ཆེན་པོ་ཚལ་མིན་སྐྱིད་མོས་ཚལ། །འཕགས་པས་བརྟེན་པ་པོ་ཏ་ལར་མཚུངས་འདིར། །དཔལ་ལྡན་གྲགས་སོགས་འཕགས་པ་འདུས་རྣམས་ཀྱིས། །འབྱོར་ལྡན་སྦྱིན་བདག་རྣམས་ ལ་དད་འབུལ་གྱི། །ཡོ་བྱད་བསྡུས་ཏེ་སྔོན་མེད་སྤར་དུ་བསྒྲུབས། །འདི་ཡི་དགེ་བས་བདག་ གཞན་འགྲོ་བ་ཀུན། །ཚེ་རབས་ཀུན་ཏུ་འཕགས་པས་རྗེས་གཟུང་ཏེ། །གཉག་དབོན་ཆོས་ རྗེའི་སྐུ་ཚེ་བརྟན་པ་དང༌། །འགྲོ་བས་འཕགས་པའི་གོ་འཕང་མྱུར་ཐོབ་ཤོག །རྐང་འཐུང་ དབང་པོའི་ངོས་ལ་འབུར་དོད་འདི། །རིག་བྱེད་མཁས་པའི་དབང་པོ་ཤེར་རྒྱལ་དང༌། །ཡི་གེ་ མཁས་པ་དར་མ་ཞེས་བྱས་བགྱིས། །དེ་ཡི་དགེ་བའང་དམིགས་མེད་ཆོས་སྐུར་བསྔོ། །ཤུ་བྷཾ། མ་ཡིག་གྲྭ་ས་ཆེན་པོ་ཚལ་མིན་སྐྱིད་ཚལ་གྱི་དཔེ་རྙིང་ཤིང་དཔར། 4-1-443 ༄༅། །བཅུ་གཅིག་ཞལ་གྱི་སྦྱིན་སྲེག ༄༅། །བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་ པ་ལ་ཕྱག་འཚལ་ལོ། །བསྙེན་པ་ཁ་གསོ་བ་ལ་སོགས་པའི་ཆེད་དུ། འཕགས་པ་བཅུ་གཅིག་ ཞལ་གྱི་སྦྱིན་བསྲེག་བྱ་བར་འདོད་པས། དགེ་སློང་མ་དཔལ་མོའི་རྒྱ་གཞུང་ལས། སྦྱིན་བསྲེག་ ཆོ་ག་བྱ་བ་ནི། །ཡར་གྱི་ངོ་ཡི་ཚེས་བརྒྱད་ནས། །བརྩམས་ཏེ་སྦྱིན་བསྲེག་ཆོ་ག་བྱ། །ཐབ་ཁུང་ ཟླུམ་པོ་གཅིག་བྱས་ལ། །དབུས་སུ་པདྨ་འདབ་བརྒྱད་ལྡན། །མེ་རི་ལོགས་ལ་བཏང་བར་བྱ། །ཟླུམ་པོར་བརྩིགས་ལ་བསྲེག་རྫས་ནི། །ཡུངས་ཀར་འབྲས་དང་ཏིལ་དང་ནི། །འོ་མ་འབྲས་ བུ་བསགས་བྱས་ལ། །མཆོད་པ་རྣམ་པ་ལྔ་ཡང་བཤམ། ། དེ་ནས་ཤར་དུ་ཁ་བལྟས་ལ། །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །དེ་ནས་མེ་སྦར་ ཐབ་བསྐྱེད་ལ། །རཾ་ལས་མེ་ལྷ་བསྐྱེད་བྱས་ཏེ། །ཡེ་ཤེས་དགུག་དང་མཆོད་པ་བྱ། །དེ་ནས་ བསྲེག་རྫས་སྔགས་འདིས་འབུལ། །ༀ་ཨགྣེ་དེ་བ་རི་ཤི་སརྦ་དྷ་ཤཱནྟིཾ་ཀུ་རུ་སྭཱཧཱ། བདུན་ནམ་ ཉེར་གཅིག་དབུལ། མེ་ལྷ་མེ་ཡི་རྣམ་པར་བསམ། །ཧྲཱིཿལས་འདོད་ལྷ་བསམ་བྱས་ལ། །ཡེ་ ཤེས་དགུག་དང་མཆོད་པ་འབུལ། །བསྲེག་རྫས་དབུལ་བའི་རིམ་པ་ནི། །སྔགས་འདིས་ དབུལ་བར་བྱ་བའོ། །ༀ་སརྦ་པཱ་པཾ་ད་ཧ་ཤནྟིཾ་ཀུ་རུ་སྭཱཧཱ། བརྒྱད་དམ་བཅུ་དྲུག་དབུལ་བར་ བྱ། །མཆོད་བསྟོད་བྱས་ལ་ཡེ་ཤེས་གཤེགས། །དམ་ཚིག་སེམས་དཔའ་རང་ལ་བསྡུ། །ལས་ ཀྱི་རྗེས་ནི་མི་མངོན་བྱ། །ཞེས་གསུངས་པ་གཞིར་བཞག གཞན་ནས་ཁ་བསྐང་བར་འོས་པས་ཁ་བསྐང་སྟེ། དང་པོར་ས་ག་ཟླ་བའི་ཚེས་བརྒྱད་ལ་ སོགས་པ་གཟའ་ཚེས་སྐར་སྦྱོར་བྱེད་པ་བཟང་པོ་ལ། ཞལ་བཅུ་གཅིག་པའི་བསྙེན་པ་སྔོན་དུ་ 4-1-444 སོང་བས། བདག་བསྐྱེད་མདུན་བསྐྱེད་བསྒྲུབས། མཆོད་བསྟོད་སྒྲུབ་ཐབས་བཞིན་ཚར་ནས། སྲོག་ཆགས་མེད་པའི་ས་དཀར་པོ་ལ་རྐྱང་ནུལ་ལེགས་པོར་བྱས། ཚངས་ཟུར་གྱི་ཐིག་བཏབ་ ནས། དེའི་དབུས་ནས་སོར་བཅུ་གཉིས་བཅལ་བའི་མཐའ་ནས་ཟླུམ་པོར་བསྐོར། དེའི་ཕྱི་ ནས་ཡང་ཟླུམ་བསྐོར་སོར་བཞི་པ་གསུམ་གྱིས་བསྐོར། དབུས་སུ་པདྨ་འདབ་བརྒྱད་དཀར་ པོ་མུ་ཁྱུད་དང་བཅས་པ་བྲི། ཕྱིའི་སོར་བཞི་པ་གསུམ་ལ་མུ་རན་ཁ་ཁྱེར་འཁོར་ཡུག་རྣམས་ ཀྱང་དཀར་པོར་བྱ། དེ་དག་གི་གཅོད་ཀྱི་རེ་ཁ་དམར་པོ། ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རྣམས་ བྲི། པདྨའི་ལྟེ་བར་ཟླ་བ་ལ་པདྨ་འདབ་བརྒྱད་བྲི། དབུས་དང་ཕྱོགས་བཞིར་མདུན་བསྐྱེད་ ལྟར་ལྷ་མཚན་དགོད། ཞོ་ཅན་གྱི་བུད་ཤིང་སོར་བཅུ་གཉིས་པའམ། དགོན་པའི་བ་ལང་གི་ ལྕི་བ་སྲོག་ཆགས་མེད་པ་ལ། དྲི་བཟང་གིས་སྔགས་ཏེ། མུ་རན་གྱི་ནང་ནས་ཚགས་དམ་པོར་ སོར་བཅུ་གཉིས་ཀྱི་ཚད་དུ་བརྩིག མཐའ་མཆོད་པས་བསྐོར། སྒྲུབ་པ་པོ་ཁ་ཤར་དུ་བལྟས་ཏེ། དཀྱིལ་དཀྲུངས་སམ། ཙོག་པུར་འདུག རང་གི་གཡས་སུ་བསྲེག་རྫས། གཡོན་དུ་མཆོད་རྫས། མདུན་དུ་རྡོར་དྲིལ་དང་། དགང་གཟར་དགང་བླུགས་ཁ་སྦྱར་ལ་བཞག འདས་གཏོར་དང་། མེ་ལྷའི་དང་། ཆ་གསུམ་གྱི་དཀར་གཏོར་ཡང་བཤམ། ལྷའི་ང་རྒྱལ་དང་ལྡན་པས། དཔལ་ འབར་ལ་མེ་སྦར་བ་བཟུང་ནས། གཡས་སུ་ལན་གསུམ་བསྐོར། རྩ་སྐམ་དང་བཅས་ནས་མེ་ ཐབ་ཏུ་བཅུག་ལ། ༀ་བཛྲ་ཛྭཱ་ལ་ཧཱུཾ་ཞེས་པ་དང་། སྙིང་པོ་བཟླས་ཤིང་། དགང་བླུགས་ཀྱིས་ མར་ལན་བདུན་ཕུལ་ལ་མེ་གསོ། ༀ་ཨ་མྲྀ་ཏ་ཨུད་བྷ་ཝ་ཨུད་བྷ་ཝ་ཧཱུཾ་ཕཊ། ཅེས(ཚིག་རྡོག་ཁ་ ཤས་མི་གསལ)། སྔགས་བཟླས་པའི་ཆུས་ཡོ་བྱད་བསང་ཞིང་། ༀ་སྭ་སྭཱཧཱ། ༀ་ཨཱཿསྭཱཧཱ། ༀ་ཤྲིཾ་ སྭཱཧཱ། ༀ་ཛྲིཾ་སྭཱཧཱ། ༀ་ཀུ་རུ་ཀུ་རུ་སྭཱཧཱ། ཡང་སྔར་བཞིན་ཐབ་བསང་། སྭ་བྷ་ཝས། སྟོང་པའི་ ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་སྟེང་དུ། ཧཱུཾ་ལས་ཐབ་ཁུང་དཀར་པོ་ཡངས་ཤིང་རྒྱ་ ཆེ་བ། རྒྱར་ཁྲུ་གང་པ། དཔངས་སུ་ཁྲུ་ཕྱེད་པ། ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་བ། ཕྱིའི་གྲྭ་ 4-1-445 བཞིར་རྡོ་རྗེ་ཕྱེད་པས་མཚན་པ། ཐབ་དབྱིབས་ཟླུམ་པོ། མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པར་གྱུར། ཡང་མཆོད་རྫས་བསྲེག་རྫས་རྣམས་ཀྱང་སྟོང་པའི་ངང་ལས་བྷྲུཾ་ལས་རིན་ པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ལྷ་རྫས་ལས་གྲུབ་པའི་མཆོད་རྫས། བསྲེག་རྫས་ དྭངས་ཤིང་ཐོགས་པ་མེད་པ། ས་དང་བར་སྣང་ཐམས་ཅད་ཁྱབ་པ། ཀུན་ཏུ་བཟང་པོའི་རྣམ་ འཕྲུལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུར་བསམས་ལ། ཨརྒྷཾ་ནས་ཤབྟའི་བར་དང་ ། བསྲེག་རྫས་རྣམས་ༀ་བོ་དྷི་པྲིཀྵ་སོགས། རང་རང་གི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ ནས་ཐབ་ཀྱི་ནང་དུ། པཾ་ལས་པདྨ། རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་ལས་འོད་འཕྲོས། འདུས་གཅིག་ཏུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་པོ། འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བ། ར་སྐྱེས་ལ་ཞོན་པ། ཞལ་གཅིག་ཕྱག་གཉིས་གཡས་བགྲང་ཕྲེང་། གཡོན་སྤྱི་བླུགས་འཛིན་པ། གསུས་ཁྱིམ་ཆེ་བ། རལ་པའི་ཐོར་ཚུགས་དང་། ཨག་ཚོམས་ཅན་དྲང་སྲོང་གི་ཚོགས་ཀྱིས་ བསྐོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་བསམ། རང་གི་སྙིང་ཁའི་ས་བོན་ ལས་འོད་འཕྲོས། ཤར་ལྷོ་ནས་མེ་ལྷ་སྤྱན་འདྲེན་པར་མོས་ཏེ། དབྱུག་གུ་གསུམ་པའི་ཕྱག་ རྒྱ་རྣ་དྲུང་དུ་བཅས་ལ། ༀ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སུ་གསོལ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཅེས་ དང་། ༀ་ཨགྣེ་ཡེ་མཧཱ་ཏེ་ཛ། སརྦ་ཀརྨ་པྲ་ས་དྷ་ཀ་ཀ་རུ་ཎ་ཀྲི་ཏྭ་མཧཱ་ཏེ་ཛ་སཏྭ་ཀཾ་ཨསྨིན་ས་ ནྣི། ཧེ་ཏུ་བྷ་ཝ། ཞེས་པས་སྤྱན་དྲངས་ལ། པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་མེ་ཏོག་དོར་ལ་གདན་ལ་ བཞུགས་པར་བསམ། ༀ་ཨགྣ་ཡེ་ས་པ་རི་བཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱས་མཆོད་ཡོན། པ་ཏྱཾ་གིས་ ཞབས་བསིལ་ཕུལ་ནས། ༀ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་དང་། རིན་པོ་ཆེའི་ཅོད་པན་གྱིས་དབང་ བསྐུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་ཨ་ན་ལ་མཧཱ་བྷུ་ཏ་ཛྭཱ་ལ་ཡ་སརྦ་བྷསྨི་ཀུ་རུ་ སརྦ་དུཥྚཾ་ཧཱུཾ་ཕཊ། ཏྲི་ཤྱེ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ཨ་ཧཾ་གིས་དམ་ལ་བཞག ༀ་བཛྲ་ཨངྒུ་ཤ་ 4-1-446 ཛ་ལ་སོགས་པས་དགུག་གཞུག་བཅིང་དབང་དུ་བྱས་སྔར་ལྟར་དབང་བསྐུར། ༀ་ཀུ་ཤ་འདི་ ནི་གཙང་ཞིང་དགེ། །ས་ལ་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་སྡིག་སྒྲིབ་གདོན་བགེགས་མི་མཐུན་ཕྱོགས་ཐམས་ ཅད་ཞི་བར་གྱུར་ཅིག ༀ་བཛྲ་སཏྭ་ཨཱཿ ཞེས་ཀུ་ཤ་རྩེ་མོ་གཡས་སུ་བསྟན་ཏེ། ཐབ་ཀྱི་ཕྱོགས་ བརྒྱད་དུ་བསྐོར་ཞིང་། སྔར་གྱི་ལས་སྔགས་ཀྱི་ཆུས་བསངས་ནས། མེ་ལྷའི་ལྕེ་ཧཱུཾ་ལས་རྡོ་རྗེ་ རྩེ་ལྔ་པར་གྱུར་པའི་ཁ་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་བཀོད་དེ། ༀ་ཨགྣེ་ཡེ་སྭཱཧཱ། ལན་ བདུན་གྱིས་བཀང་སྟེ་ཁ་སྦྱར་ལ། ༀ་ཨགྣེ་ཡེ་ཨ་ཏི་བྱ། ཨ་ཏི་བྱ། ཨ་བི་ཤ ཨ་བི་ཤ མཧཱ་ཤྲཱི་ བྱ། ཧ་བྱ། ཀ་བྱ། མཧཱ་ན་ཡེ་སྭཱཧཱ། ཞེས་པའི་སྔགས་ཀྱིས་དགང་བླུགས་གསུམ་གྱིས་བྱོན་ཟན་ ཕུལ་ལ། མེ་ལྷ་ལ་ཨརྒྷཾ་སོགས་ཀྱིས་མཆོད་ནས། འཇིག་རྟེན་དབང་ཕྱུག་ཚངས་པ་མགོན་གྱི་ སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ ཅད་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་པས་བསྟོད། དེ་ནས་དགེ་སློང་ མའི་སྦྱིན་བསྲེག་ལས། བསྲེག་རྫས་ཐམས་ཅད་སྔགས་འདིས་དབུལ། ༀ་ཨགྣེ་དེ་བ་རི་ཤི་ སརྦ་དེ་བ་ཤཱནྟིཾ་ཀུ་རུ་སྭཱཧཱ། འདིས་འབུལ་བར་གསུངས་པ་ལྟར་རམ། ཡང་ན་ཞི་བའི་སྦྱིན་ བསྲེག་གཞན་དང་མཐུན་པར། ༀ་ཨགྣེ་ཡེ་སྭཱཧཱ། འབའ་ཞིག་གིས་ཕུལ་ནས། རེ་རེའི་མཇུག་ ཏུ་སྤེལ་ཚིག་བརྗོད་དེ། ཡམ་ཤིང་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། མར་ལ་འབྱོར་པ། ཏིལ་ལ་དགེ་བ། ཟས་མཆོག་ལ་བདེ་བ། འབྲས་ལ་བསོད་ནམས་རྒྱས་པ། སོ་བ་ལ་ནོར་དང་འབྲུ། ནས་ལ་ཤུགས། སྲན་མ་ལ་སྟོབས། གྲོ་ལ་ནད་མེད་པ། དུར་བ་ལ་ཚེ། ཀུ་ཤ་ལ་བསྲུང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། སྤེལ་རྫས་སོ་སོའི་སྔགས་ཀྱིས་འབུལ་ན། རིམ་བཞིན། ༀ་བོ་དྷི་ པྲིཀྵ་ཡ་སྭཱཧཱ། ༀ་ཨགྣེ་ཡེ་སྭཱཧཱ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱཧཱ། ༀ་སརྦ་སཾ་པ་དེ་སྭཱཧཱ། ༀ་ 4-1-447 བཛྲ་པུཥྚ་ཡེ་སྭཱཧཱ། ༀ་བཛྲ་བི་ཛ་ཡེ་སྭཱཧཱ། ༀ་མཧཱ་བེ་གཱ་ཡེ་སྭཱཧཱ། ༀ་མཧཱ་བ་ལཱ་ཡེ་སྭཱཧཱ། ༀ་བཛྲ་ གྷསྨ་རི་སྭཱཧཱ། ༀ་བཛྲ་ཨཱ་ཡུཿཤེ་སྭཱཧཱ། ༀ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱཧཱས་ཕུལ་ལ། སྔར་བཞིན་ མཆོད་བསྟོད་བསངས་གཏོར་དང་ཞབས་བསིལ་ཕུལ་ལ། ༀ་བཛྲ་ཛྭཱ་ལ་རཾ་གྱིས་མེ་འབར་ བའི་རྣམ་པར་གྱུར་པར་བསམ། དེ་ནས་ཐབ་ཀྱི་དབུས་སུ་བདག་བསྐྱེད་ཀྱི་སྐབས་ལྟར་དམ་ ཚིག་པ་བསྐྱེད། སྐུ་གསུང་ཐུགས་བྱིན་གྱིས་བརླབས། དམིགས་མེད་མཁའ་ལྟར་དག་ཅིང་ ཁྱབ་པའི་སྐུ། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་ ཅན་སྐུར་སྟོན་པ། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །མ་ལུས་སེམས་ ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་ རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་ གསོལ། །ཞེས་དང་། སྔར་གྱི་སྔགས་ལ་སོགས་པས་སྤྱན་དྲངས། ཡེ་ཤེས་པ་གཞུག དབང་ བསྐུར། རིགས་བདག་གིས་རྒྱས་གདབ་པ་བདག་བསྐྱེད་ལྟར་བྱས་ལ། ལྷའི་ཞལ་ཅུང་ཟད་ གདངས་པར་བསམས་ནས། སྙིང་པོའི་སྔགས་ཀྱིས་བཏབ་སྟེ། ༀ་ཨགྣེ་ཡེ་ཨ་དི་བྱ། ཨ་དི་ བྱ། ཞེས་སོགས་ཀྱི་སྔགས་བརྗོད་ཅིང་མར། མེར་བླུགས་པ་ལན་གསུམ་བྱ། སྐྱོན་གྱིས་མ་ གོས་སྐུ་མདོག་དཀར། །ཞེས་སོགས་ཀྱིས་བསྟོད། དེ་ནས་རྫས་ཐམས་ཅད། ཏདྱཐཱ། ༀ་དྷ་ ར་དྷ་ར་ཞེས་སོགས་སྙིང་པོའི་སྔགས་ཀྱིས་དབུལ། སྤེལ་ཚིག་རྣམས་མེ་ལྷའི་སྐབས་དང་འདྲ་ ལ། ཏིལ་སུམ་བརྒྱ་ལ་སོགས་པ་མང་དུ་ཕུལ། གཞན་བརྒྱ་རྩ་རེ་འབུལ། སྒྲུབ་ཐབས་བཞིན་ མཆོད་བསྟོད་གཏོར་མ་འདོད་དོན་ལ་གསོལ་བ་གདབ་པ། ཡིག་བརྒྱ་བཟླ་བ། བཟོད་པར་ གསོལ་ནས། མར་ལན་བདུན་དབུལ་བ་གོང་བཞིན་བྱས་ལ། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ། བསྲུང་པ་བྱའོ། ། སླར་ཡང་། བཛྲ་ཛྭཱ་ལའི་སྔགས་ཀྱིས་དགང་བླུགས་ལན་གསུམ་གྱིས་མར་ཐབ་ཏུ་བླུགས་ 4-1-448 ལ། མེ་ལྷའི་སྐུར་བཞེངས་པར་བསམས་ནས། སྔར་གྱི་མེ་ལྷའི་སྐབས་བཞིན། བསྲེག་རྫས་ ལྷག་མ་རྣམས་ཉི་ཤུ་རྩ་རེ་དང་། གཤེགས་སྐྱེམས་བདུན་དང་། མཆོད་པ་ཕུལ། གཏོར་མ་ ཨགྣི་ས་པ་རི་བཱ་ར་ཨ་ཀ་རོ་ཞེས་སོགས་ཀྱིས་ཆ་གསུམ་གཏོར་མ་ཆོ་ག་བཞིན་ཕུལ། ཚངས་ དབང་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་ སྐྱབ་པ་དང་། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིག་སྔགས་གྲུབ་པའི་དྲང་སྲོང་མཆོག །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །སྐལ་པའི་མེ་ལྟར་གཟི་བརྗིད་འབར། །མངོན་ཤེས་ རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་བཅིབས། །རིག་སྔགས་གསུང་ གི་བགྲང་ཕྲེང་འཛིན། །བདུད་རྩིའི་བདུད་ལྡན་གུཎྜེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་ གསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་ བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། འདོད་ དོན་ལ་གསོལ་བ་བཏབ། བསངས་གཏོར་སྔར་བཞིན་དང་། མཐོར་འཐུང་པྲོ་ཀྵ་ནཾ་པྲ་ཏཱིཙྪ་ ཡེཿསྭཱཧཱས་ཕུལ་ལ། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་ གཤེགས། །ཇི་ལྟར་གནས་སུ་སླར་གཤེགས་ཏེ། །བདག་གི་འདོད་པ་ཐམས་ཅད་བསྒྲུབས། །ༀ་ཨགྣེ་ཡེ་ཡ་ཧི། ཞེས་པས་མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཁ་བསྐང་ བའི་ཕྱིར་ཡིག་བརྒྱ་བཟླས། བཀྲ་ཤིས་བརྗོད། དེ་ནས་མདུན་བསྐྱེད་ཀྱི་ལྷ་ལ་ཕྱག་མཆོད་ གཏོར་མ་ཕུལ་ནས་འདོད་དོན་ཞུ། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་ བཟོད་པར་གསོལ། ཐུགས་རྗེའི་ཕྱག་ན་པདྨ་ཡིས། །ཞེས་སོགས་ཀྱིས་གཤེགས་སུ་གསོལ་ བ་རྣམས་སྒྲུབ་ཐབས་བཞིན་བྱའོ། །མེ་མ་ཤི་བར་མི་བརྡལ། མི་འགོམ། གལ་ཏེ་མེ་གསོད་ ན་འོ་མས་བྲན་ལ་ཐལ་བ་རི་མཐོན་པོའི་རྩེའམ། རྒྱ་མཚོར་འབབ་པའི་ཆུར་གདན་དྲངས་ན་ བསོད་ནམས་ཆེའོ། ། 4-1-449 ཐུགས་རྗེ་ཆེན་པོ་དཔལ་མོ་ལུགས་ཀྱི་སྦྱིན་བསྲེག དགེ་སློང་མ་རང་གི་གཞུང་གཙོ་བོར་ བྱས་ཏེ། བྱ་རྒྱུད་ཀྱི་སྦྱིན་བསྲེག་གཞན་གྱིས་ཀྱང་ཁ་བསྐང་བ་འདི། དོན་དུ་གཉེར་བའི་སློབ་ མ་དག་གིས་ནན་གྱིས་བསྐུལ་བའི་ངོར་དབོའི་ཟླ་བའི་དགའ་བའི་ཉི་མ་ལ། དགེ་སློང་གཉག་ ཕུ་པ་བསོད་ནམས་བཟང་པོས་དཔལ་ཚལ་མིན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་ བཀའ་བཞི་འཛིན་པ་བློ་ལྡན་བཟང་པོའོ། ། །།ཁྲུས་ཉེ་རེག་བྱེད་ན། ཁ་ཤར་རམ་བྱང་དུ་ བལྟ། ཙོག་པུར་འདུག དཔུས་མོ་གཉིས་ཀྱི་ནང་དུ། ལག་པ་གཉིས་ཀྱི་གྲུ་མོ་བཅུག་སྟེ། ལག་ པ་གཡོན་པར་ཆུ་གཙང་མ་བླུག་ལ། ༀ་ཨ་མྲྀ་ཏ་ཨ་མོ་གྷ་པདྨ་ཨ་ས་ནི་བ་ར་ཤ་ནཾ་ཙུ་རུ་ཙུ་རུ་ སྭཱཧཱ། ཞེས་ཉེར་གཅིག་བཟླས། ལག་པ་གཡས་པ་ཐལ་མོ་བརྐྱང་པའི་འཛུབ་མོ་དབུས་མ་ གཉིས་ཅུང་ཟད་བཀུག་པས་ཆུ་ལ་རེག་ནས་ཁ་ལ་བྱབ། རྣ་བ་གཉིས་དང་། མིག་གཉིས་དང་ ། སྣ་དང་། ཡང་ཁ་དང་། ལག་པ་གཉིས་དང་། མགོ་བོ་དང་། ལྟེ་བ་ལ་རེག་པ་ལན་གསུམ་ བྱ། དེ་ནས་ཁ་ལན་གསུམ་བཤལ། མཆུ་ལན་གཉིས་དབྱི་བར་བྱའོ། །ཉེ་རེག་བྱེད་ན་དེ་ལྟར་ རོ།། །།