3-1-1 མཚལ་མིན་པ་བསོད་ནམས་བཟང་པོའི་ གསུང་འབུམ། པོད་གསུམ་པ། 3-1-2 དཀར་ཆག ཐོག་མའི་གླེང་བརྗོད།.........................................................................(1) མཚལ་མིན་པ་བསོད་ནམས་བཟང་པོའི་རྣམ་ཐར་ཉུང་བསྡུས།.....................(1) བླ་མའི་རྣལ་འབྱོར་བྱིན་བརླབས་ཀྱི་མཇུག་ངོགས་མདོར་བསྡུས་པ་ ཞེས་བྱ་བ་བཞུགས་སོ།།.....................................................................(88) སྦྱོར་བ་ཡན་ལག་དྲུག་གི་རིང་བརྒྱུད་ཉེ་བརྒྱུད་ཀྱི་ གསོལ་འདེབས་བཞུགས་སོ།།......................................................(95) སྦྱོར་བ་ཡན་ལག་དྲུག་གི་ངོ་སྤྲོད་རབ་གསལ་ཟླ་བ་བཞུགས་སོ།།...................(97) སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་ཐོག་མཐའ་བར་ གསུམ་བཞུགས་སོ།།................................................................(118) དཔལ་དུས་ཀྱི་འཁོར་ལོའི་ཡོངས་རྫོགས་ཀྱི་སྒྲུབ་ཐབས་ དཔག་བསམ་གྱི་འབྲས་བུ།..........................................................(1) དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་ དབང་བསྐུར་བའི་ཆོ་ག་བདུད་རྩིའི་རྒྱ་མཚོ་བཞུགས།།...................(117) གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་པ་བགྲོད་བྱེད།..........................(193) སྦྱིན་སྲེག་གི་ཆོ་ག་ཡེ་ཤེས་ཀྱི་མེ་རབ་ཏུ་གསལ་བ།................................(219) དུས་འཁོར་ལུགས་ཀྱི་རབ་ཏུ་གནས་པའི་ཆོ་ག་བཀྲ་ཤིས་རྒྱ་མཚོ།............(240) རྣམ་འཇོམས་མཐིང་ནག་གི་མངོན་རྟོགས་ཁྲུས་ཆོག་དང་བཅས་པ།..........(284) 3-1-3 རྒྱལ་པོ་རྣམ་ཐོས་སྲས་དཔོན་གཡོག་རྣམས་ཀྱི་ཕྱི་སྒྲུབ་ནང་གསང་སྒྲུབ།....(298) སངས་རྒྱས་ཀྱི་དུས་ཆེན་བཞི་དང་བརྒྱད་ཀྱི་ངོས་འཛིན་བཞུགས།།...............(256) སྙན་ངག་གི་བསྟན་བཅོས་དགེ་ལེགས་ཀུན་འབྱུང་བཞུགས།........................(169) དོན་རྒྱན་ཨུཔྟ་ལའི་ཕྲེང་བ།..........................................................................(248) པར་བྱང་སྨོན་ཚིག.........................................................................(517) གསང་འདུས་གཉིས་མེད་རྣམ་རྒྱལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བདུད་རྩིའི་ རྒྱ་མཚོ་ཞེས་བྱ་བ་བཞུགས།.................(38) མཇུག་མི་ཚང་། མ་ཡིག་ཀྱང་མི་འདུག 3-1-4 ༄༅། །བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་འཇུག་ངོགས་ མདོར་བསྡུས་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མོ་གུ་ར་ཝེ། སྐྱབས་འགྲོ་སེམས་བསྐྱེད་དང༌། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ སྔོན་དུ་བཏང་ནས། རང་གི་མདུན་གྱི་ནམ་མཁར། རིན་པོ་ཆེ་ལས་གྲུབ་པའི་ཁྲི། སེང་གེ་ བརྒྱད་ཀྱིས་བཏེགས་པའི་སྟེང་དུ། པད་མ། ཟླ་བ། ཉི་མ། སྒྲ་གཅན་གྱི་གདན་ལ། རྩ་བའི་ བླ་མ་དུས་ཀྱི་འཁོར་ལོ། རྡོ་རྗེ་འཆང་ཆེན་པོའི་ངོ་བོ། སྐུ་མདོག་སྔོན་པོ་བཻཌཱུརྱའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་བསྣམས་ པ། ཞབས་རྡོ་རྗེའི་དཀྱིལ་ཀྲུང་གིས་བཞུགས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་ པ། ཐུགས་ཤེས་བྱ་ཇི་སྙེད་པ་མཐའ་དག་མངོན་སུམ་དུ་མཁྱེན་པ་ཅན། དེའི་དཔྲལ་བར་ༀ་ དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་ནག་པོ། ལྟེ་བར་ཧོཿསེར་པོ། ཐུགས་ ཀའི་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་ རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སྐྱབས་དཀོན་མཆོག་གསུམ། སངས་ རྒྱས། བྱང་སེམས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་འོད་ཀྱི་རྣམ་པས་སྤྱན་དྲངས། ཛཿཧཱུཾ་ བཾ་ཧོཿབླ་མ་ལ་དབྱེར་མེད་དུ་ཐིམ་པས། བླ་མ་དེ་བླ་མ་ཀུན་འདུས་ཀྱི་བདག་ཉིད། དུས་གསུམ་ སངས་རྒྱས་ཀུན་གྱི་ངོ་བོ། དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས་དམ་པར་དམིགས་ལ། 3-1-5 མཎྜལ་དང་ཕྱི་ནང་གསང་གསུམ་གྱི་མཆོད་པ་དང༌། ཀུ་སུ་ལུའི་ཚོགས་སོག་ཡང་བྱའོ། ། དེ་ནས་མོས་གུས་དྲག་པོས་གསོལ་བ་གདབ་པར་བྱ་སྟེ། སྐུ་འཕོ་མེད་བདེ་བ་ཆེན་པོ་ ཅན། །གསུང་གཞོམ་མེད་སྒྲ་སྐད་ཐམས་ཅད་པ། །ཐུགས་ཟག་མེད་དཔལ་ལྡན་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཆོས་ཀྱི་རྗེ། །ཡབ་མཚུངས་མེད་བླ་མས་བྱིན་གྱིས་རློབས། །ཚིག་འོག་མ་གཉིས་འགྲེའོ། །ཕ་དྲིན་ཅན་ཆོས་རྗེ་བླ་མ་དང༌། །ལྷ་ཡི་དམ་རྒྱལ་བ་དཀྱིལ་ འཁོར་དང༌། །དཔལ་དམ་ཅན་མཁའ་འགྲོ་ཆོས་སྐྱོང་ལ། །྾ ྾དབྱིངས་དག་པ་གཉིས་ལྡན་ ཆོས་སྐུ་དང༌། །རྒྱན་མཚན་དཔེས་སྤྲས་པའི་ལོངས་སྐུ་དང༌། །སྐུ་ཅིར་ཡང་སྟོན་མཛད་སྤྲུལ་ སྐུ་ལ། །྾ ྾ སྐྱབས་བླ་མེད་སངས་རྒྱས་དཀོན་མཆོག་དང༌། །ལམ་བླ་མེད་དམ་ཆོས་དཀོན་ མཆོག་དང༌། །གྲོགས་བླ་མེད་འཕགས་པའི་དགེ་འདུན་ལ། །྾ ྾ ལུས་སྣང་སྟོང་སྙིང་པོ་ ལོངས་པ་དང༌། །ངག་གྲག་སྟོང་དོན་དང་ལྡན་པ་དང༌། །སེམས་བདེ་སྟོང་ཟུང་འཇུག་ཆེན་པོ་ རུ། །྾ ྾གཞི་བདེན་གཉིས་གནས་ལུགས་རྟོགས་པ་དང༌། །ལམ་རིམ་གཉིས་ཟུང་དུ་འཇུག་ པ་དང༌། །འབྲས་བུ་སྐུ་གཉིས་འབད་མེད་ལྷུན་གྲུབ་ཏུ། །྾ ྾ཡུལ་མཐའ་བྲལ་ལྟ་བ་རྟོགས་ པ་དང༌། །བློ་མ་བཅོམ་སྒོམ་པ་ལྷུན་གྲུབ་དང༌། །ལྷས་མ་ཁྲེལ་སྤྱོད་པ་རྣམ་དག་ཏུ། །྾ ྾ཕྱི་ སྣང་བ་སེམས་སུ་རྟོགས་པ་དང༌། །ནང་སེམས་ཉིད་སྟོང་པར་རྟོགས་པ་དང༌། །དབྱིངས་རྣམ་ ཀུན་མཆོག་ལྡན་མངོན་གྱུར་དུ། །྾ ྾ཡིད་རྣམ་རྟོག་ཆོམ་རྐུན་དྲག་པོ་འདི། །རང་ཅི་དགར་ ཡལ་བར་མི་འཆོར་བར། །སྒོམ་རྟོག་མེད་ངང་དུ་རང་ཡལ་དུ། །྾ ྾དུག་ཉོན་མོངས་ཆགས་ སྡང་རྨོངས་གསུམ་འདི། །ཐབས་བླ་མའི་མན་ངག་ཟབ་མོའི་མཐུས། །སྨན་ཐར་ལམ་བདུད་ རྩི་ཆེན་པོ་རུ། །྾ ྾སྔོན་བསགས་པའི་ལས་འབྲས་སྡུག་བསྔལ་འདི། །ལྟས་ངན་པ་གཡང་ དུ་ལེགས་ཁུགས་ནས། །རྐྱེན་སྣ་ཚོགས་ལམ་དུ་སློངས་པ་རུ། །྾ ྾འགྲོ་ཀུན་གྱི་སྡུག་ བསྔལ་བདག་སྨིན་ཅིང༌། །བདག་བདེ་དང་དགེ་བ་ཇི་སྙེད་པ། །ཁམས་གསུམ་གྱི་འགྲོ་ལ་ 3-1-6 སྨིན་པ་རུ། །྾ ྾ ལྷག་བསམ་གྱིས་ཟིན་པའི་སྦྱོར་བ་དང༌། །དམིགས་མེད་ཀྱིས་ཟིན་པའི་ དངོས་གཞི་དང༌། །རྗེས་དགེ་རྩ་བསྔོ་བས་ཟིན་པ་རུ། །྾ ྾ བདག་འཛིན་གྱི་འཁྲི་བ་ཆོད་པ་ དང༌། །གཞན་འཛིན་གྱི་ཁྲོ་བ་ཞི་བ་དང༌། །གཉིས་འཛིན་གྱི་འཁྲུལ་པ་ཞིག་པ་རུ། །྾ ྾ ཆོས་ མིན་གྱི་བྱ་བ་གཏན་བྲལ་ཞིང༌། །ཆོས་བརྒྱད་ཀྱི་འདུ་འཛིས་དབེན་པ་དང༌། །ཆོས་ཕྱོགས་སུ་ ལུས་སྲོག་འདོར་ནུས་སུ། །྾ ྾འཆི་བ་ལ་སྐྱོན་དུ་མི་ལྟ་བར། །འཆི་སྲིད་དུ་ཆོས་སྐུའི་ཞིང་ ཁམས་སུ། །འོད་གསལ་གྱི་མ་བུ་འཕྲོད་པ་རུ། །྾ ྾ བར་དོ་ལ་སྐྱོན་དུ་མི་ལྟ་བར། །བར་ སྲིད་དུ་ལོངས་སྐུའི་ཞིང་ཁམས་སུ། །འཁྲུལ་སྣང་གི་གཞི་རྩ་ཆོད་པ་རུ། །྾ ྾ སྐྱེ་བ་ལ་སྐྱོན་ དུ་མི་ལྟ་བར། །སྐྱེ་སྲིད་དུ་སྤྲུལ་སྐུའི་ཞིང་ཁམས་སུ། །གཞན་དོན་དུ་བསམ་བཞིན་སྐྱེ་བ་རུ། །྾ ྾ ལུས་སྤྲུལ་པས་གཞན་དོན་བྱེད་པ་དང༌། །ངག་ཟབ་ཡངས་ཆོས་འཁོར་བསྐོར་བ་དང༌། །སེམས་གནས་གྱུར་ཟག་མེད་ཡེ་ཤེས་སུ། །྾ ྾ ཐུགས་མཁྱེན་བརྩེར་ལྡན་པའི་བླ་མ་དང༌། །ལྷ་ཡི་དམ་དཀོན་མཆོག་ཆོས་སྐྱོང་ལ། །བློ་ཡིད་གཉིས་མེད་པར་རྩེ་གཅིག་ཏུ། །བདག་ གསོལ་བ་འདེབས་སོ་ཆོས་ཀྱི་རྗེ། །ཡབ་མཚུངས་མེད་བླ་མས་བྱིན་གྱིས་རློབས། ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །བླ་ མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ བླ་མ་འོད་གསལ་ཆོས་ ཀྱི་སྐུ་ལ༴ བླ་མ་ངོ་བོ་ཉིད་ཀྱི་སྐུ༴ སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་ལ༴ སངས་རྒྱས་ ཀུན་དངོས་དཔལ་ལྡན་བླ་མ་ལ༴ དམ་ཆོས་འབྱུང་གནས་དཔལ་ལྡན་བླ་མ་ལ༴ འདུས་པའི་ གཙོ་བོ་དཔལ་ལྡན་བླ་མ་ལ༴ སྐྱབས་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ༴ མཆོག་གསུམ་ངོ་བོ་ དཔལ་ལྡན་བླ་མ་ལ༴ མཁྱེན་རབ་རྣམ་དག་དཔལ་ལྡན་བླ་མ་ལ༴ ཐུགས་རྗེའི་མངའ་བདག་ དཔལ་ལྡན་བླ་མ་ལ༴ འཕྲིན་ལས་ལྷུན་གྲུབ་དཔལ་ལྡན་བླ་མ་ལ༴ མཁྱེན་བརྩེའི་ནུས་མངའ་ དཔལ་ལྡན་བླ་མ་ལ༴ མ་རིག་མུན་སེལ་དཔལ་ལྡན་བླ་མ་ལ༴ ཐར་པའི་ལམ་སྟོན་དཔལ་ 3-1-7 ལྡན་བླ་མ་ལ༴ འགྲོ་བའི་འདྲེན་མཆོག་དཔལ་ལྡན་བླ་མ་ལ༴ སྨན་པའི་རྒྱལ་པོ་དཔལ་ལྡན་བླ་ མ་ལ༴ ཉོན་མོངས་ནད་སེལ་དཔལ་ལྡན་བླ་མ་ལ༴ དཔག་བསམ་ལྗོན་ཤིང་དཔལ་ལྡན་བླ་ མ་ལ༴ ཅི་བསམས་ལྷུན་གྲུབ་དཔལ་ལྡན་བླ་མ་ལ༴ ཡིད་བཞིན་ནོར་མཆོག་དཔལ་ལྡན་བླ་མ་ ལ༴ འདོད་དགུའི་འབྱུང་གནས་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ ཏུ་གསོལ། །འོད་གསལ་ཆེན་པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདེ་བ་ཆེན་ པོའི་དབྱིངས་ནས་བྱིན་གྱིས་བརླབ་ཏུ་གསོལ། །བདེ་སྟོང་ཟུང་འཇུག་དབྱིངས༴ ཕྱག་རྒྱ་ཆེན་ པོའི༴ འདུས་མ་བྱས་པའི༴ ལྷུན་གྱིས་གྲུབ་པའི༴ རང་བྱུང་ཡེ་ཤེས༴ དོན་དམ་བདེན་པའི་ དབྱིངས་ནས༴ འགོག་བདེན་ཟབ་མོའི༴ རྣམ་དག་ཆོས་ཀྱི༴ འགྱུར་མེད་ཡོངས་གྲུབ༴ དུས་ཀྱི་ འཁོར་ལོའི༴ བདེ་གཤེགས་སྙིང་པོའི༴ མཁའ་ལྟར་ཁྱབ་པའི་དབྱིངས་ནས་བྱིན་གྱིས་བརླབ་ ཏུ་གསོལ། །མཁའ་མཉམ་སེམས་ཅན་རྣམས་ལ༴ ཁམས་གསུམ་སེམས་ཅན་རྣམས་ལ་༴ འཁོར་བར་འཁྱམ་པ་རྣམས་ལ༴ ཉོན་མོངས་དབང་གྱུར་རྣམས་ལ༴ ལས་ཀྱིས་བཅིངས་པ་ རྣམས་ལ༴ སྡུག་བསྔལ་མྱོང་པ་རྣམས་ལ༴ སྐྱབས་མེད་མགོན་མེད་རྣམས་ལ༴ ཅི་བྱ་གཏོལ་ མེད་རྣམས་ལ༴ ངན་སོང་སེམས་ཅན་རྣམས་ལ༴ བར་དོའི་སེམས་ཅན་རྣམས་ལ༴ སྙིགས་ དུས་སེམས་ཅན་རྣམས་ལ༴ དྲིན་ཅན་ཕ་མ་རྣམས་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་ སྐུ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །ངག་ལ་གསུང་གིས་བྱིན་གྱིས་བརླབ་ཏུ་གསོལ། །ཡིད་ ལ་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་ཨཱཿཧཱུཾ་ཧོ། མཚན་ལྡན་བླ་མ་མཆོག་ལ་གསོལ་ བ་འདེབས་སོ། །བདག་ལ་རྣམ་དག་དབང་བཞིས་མངོན་པར་དབང་བསྐུར་བྱིན་གྱིས་བརླབ་ ཏུ་གསོལ། །དགའ་བ་རྣམ་བཞི་རྒྱུད་ལ་སྐྱེ་བར༴ གནས་སྐབས་རིགས་བཞིའི་སྒྲིབ་པ་འདག་ པར༴ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ་བར༴ བསྡུ་བ་རྣམ་བཞིས་གཞན་དོན་ནུས་པར༴ རྣམ་ ཐར་སྒོ་བཞིར་མྱུར་དུ་ཆུད་པར༴ བསྙེན་བསྒྲུབ་རྣམ་བཞི་ཉམས་སུ་ལོངས་པར༴ ཟག་མེད་ 3-1-8 སྐུ་བཞི་མྱུར་དུ་ཐོབ་པར༴ རྡོ་རྗེ་རྣམ་བཞི་མངོན་དུ་འགྱུར་བར༴ བྱང་ཆུབ་རྣམ་བཞི་མྱུར་དུ་ རྫོགས་པར༴ འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར༴ མདོར་ན་ཚོགས་གཉིས་མྱུར་དུ་ རྫོགས་པར༴ སྒྲིབ་གཉིས་མྱུར་དུ་བྱང་བར༴ སྐུ་གཉིས་མྱུར་དུ་ཐོབ་པར༴ དོན་གཉིས་མྱུར་ དུ་འགྲུབ་པར༴ མ་རིག་མུན་པ་སངས་པར༴ ཐར་པའི་ལམ་སྣ་ཟིན་པར༴ ཉོན་མོངས་རྣམ་ རྟོག་འགག་པར༴ མི་རྟོག་ཏིང་འཛིན་སྐྱེ་བར༴ ཚེ་འདི་བློ་ཡིས་ཐོངས་པར༴ འཆི་བ་རྗེས་སུ་ དྲན་པར༴ འདོད་ཡོན་འཁྲི་བ་ཆོད་པར༴ དགོས་མེད་རྒྱུད་ལ་སྐྱེ་བར༴ བདག་འཛིན་རྩད་ ནས་ཆོད་པར༴ ཆོས་བརྒྱད་མགོ་བོ་སྙོ མས་པར༴ རྐྱེན་ངན་ལམ་དུ་སློངས་པར༴ བྱམས་དང་ སྙིང་རྗེ་འབྱོངས་པར༴ བདག་པས་གཞན་གཅེས་འབྱོངས་པར༴ ཆོས་མིན་རྣམ་རྟོག་འགག་ པར༴ ཅི་བྱས་ཆོས་སུ་འགྱུར་བར༴ བྱ་རྒྱུ་ཆོས་ལས་མེད་པར༴ ཉིན་མཚན་ཆོས་ཀྱིས་འདའ་ བར༴ ཆོས་མིན་སྤྱོད་པ་འདོར་བར༴ བདག་བློ་ཆོས་སུ་འགྱུར་བར༴ དམ་ཆོས་ལམ་དུ་འགྱུར་ བར༴ ལམ་ལ་འཁྲུལ་པ་མེད་པར༴ འཁྲུལ་སྣང་རྩད་ནས་ཆོད་པར༴ ཞི་ལྷག་ཟུང་དུ་འབྲེལ་ པར༴ ཉམས་དང་རྟོགས་པ་འཕེལ་བར༴ རླུང་སེམས་དབུ་མར་ཚུད་པར༴ གནས་ལུགས་ ཟབ་མོ་རྟོགས་པར༴ རང་སྣང་དབང་དུ་འདུ་བར༴ གཞན་སྣང་ཟིལ་གྱིས་གནོན་པར༴ སྣང་ བ་རྒྱ་ཡིས་ཐེབས་པར༴ སེམས་ལ་རང་དབང་ཐོབ་པར༴ རང་དོན་ཆོས་སྐུ་ཐོབ་པར༴ གཞན་ དོན་གཟུགས་སྐུ་ཐོབ་པར༴ འགལ་རྐྱེན་བར་ཆད་ཞི་བར༴ མཐུན་རྐྱེན་ཆོས་བཞིན་འགྲུབ་ པར༴ རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དཔལ་ལྡན་རྩ་བའི་བླ་མ་ རིན་པོ་ཆེ། །ཞེས་སོགས་བརྗོད་ནས། བླ་མ་རང་གི་སྤྱི་བོ་ནས་ཐིམ་པས། རང་གི་སྒོ་གསུམ་ གྱི་སྡིག་སྒྲིབ་ཐམས་ཅད་དག་ནས། བླ་མའི་སྐུ་གསུང་ཐུགས་དང༌། རང་གི་ལུས་ངག་ཡིད་ གསུམ་དབྱེར་མེད་དུ་གྱུར་པའི་ངང་དུ་ལྷོད་ཀྱིས་གློད་ནས། སེམས་གསལ་ལ་རྟོག་པ་མེད་ པའི་ངང་དུ་ལྷན་ནེ་འཇོག །རྗེས་བསྔོ་བས་རྒྱས་གདབ་བོ། །བླ་མའི་རྣལ་འབྱོར་བྱིན་རླབས་ཀྱི་ 3-1-9 འཇུག་ངོགས་མདོར་བསྡུས་པ་འདི་ནི། དགེ་སློང་གཉག་ཕུ་པས་ཡི་གེར་བཀོད་པའོ། ། མཾགལཾབྷཾཝཏུ། མ་ཡིག་འབྲས་དཔེ་རྙིང་༼ཕྱི་ཀ༢༨༨༽ 3-1-10 ༄༅། །སྦྱོར་བ་ཡན་ལག་དྲུག་གི་རིང་བརྒྱུད་ཉེ་བརྒྱུད་ཀྱི་གསོལ་འདེབས་ བཞུགས་སོ། ། ༄༅། །ན་མོ་ཤྲཱི་ཀཱ་ལ་ཙཀྲ་ཡེ། དངོས་གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་ དང་ཞི་བའི་གདུང་བ་སེལ་བའི་སྨན། །ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དཔལ་ ལྡན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང༌། །གཟི་ བརྗིད་ཟླས་སྦྱིན་ལྷ་ཡི་དབང་ཕྱུག་དང༌། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་དང༌། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་གསོལ་བ་འདེབས། །འཇམ་དབྱངས་གྲགས་པ་པད་མ་དཀར་ པོ་དང༌། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་པོ་དང༌། །ཕྱག་ན་རིན་ཆེན་ཁྱབ་འཇུག་ སྦས་པ་དང༌། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོར་འདུད། །རྒྱ་མཚོ་རྣམ་རྒྱལ་རྒྱལ་ཀ་ཉི་མ་ དང༌། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་དང༌། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་ གནོན་དང༌། །སྟོབས་ཆེན་མ་འགགས་མི་ཡི་སེང་གེར་འདུད། །དབང་ཕྱུག་ཆེན་པོ་མཐའ་ ཡས་རྣམ་རྒྱལ་དང༌། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོ། །ས་ཡི་འཁོར་ལོ་རྫོགས་པ་སྐྱོང་པ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོང་ལ་འདུད། །འོད་སྲུང་ལ་སོགས་དུམ་བུར་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་གཅིག་ཏུ་མཛད་ཕྱིར་གསང་སྔགས་ཀྱི། །རིག་ ལྡན་སྤྲུལ་པ་རྣམས་ལ་གསོལ་བ་འདེབས། །དུས་ཞབས་གཉིས་དང་ནཱ་ལེནྡྲ་པ་དང༌། །ཟླ་བ་ མགོན་པོ་འབྲོ་སྟོན་ལོཙྪ་དང༌། །ལྷ་རྗེ་སྒོམ་པ་སྒྲོ་སྟོན་གནམ་བརྩེགས་དང༌། །གྲུབ་ཐོབ་ཡུ་མོ་ རྣམས་ལ་གསོལ་བ་འདེབས། །ཆོས་ཀྱི་དབང་ཕྱུག་ནམ་མཁའ་འོད་ཟེར་དང༌། །སྤྲུལ་སྐུ་ཇོ་ 3-1-11 འབུམ་གྲུབ་ཐོབ་སེ་ཆེན་དང༌། །ཆོས་རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་ ཆོས་རྗེ་རྣམས་ལ་གསོལ་བ་འདེབས། །བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་ མཁྱེན་ཆེན་པོ་ཕྱོགས་ལས་རྣམ་རྒྱལ་དང༌། །ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོ་ སོགས། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པ། །རིགས་ལྡན་བརྒྱུད་པའི་ཚོགས་ལ་ གསོལ་བ་འདེབས། ། ༈ རྡོ་རྗེ་འཆང་དབང་ཤ་བ་རི་པ་དང༌། །དཔལ་ལྡན་ཟླ་བ་དོན་ཡོད་བཟང་པོ་དང༌། །ཆོས་སྐུ་འོད་ཟེར་མར་སྟོན་གཡང་འབར་དང། །རྣལ་འབྱོར་སེང་འབུམ་ཀུན་སྤངས་ཆོས་ རྗེ་དང༌། །བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆེན་པོ་ཕྱོགས་ལས་རྣམ་ རྒྱལ་དང། །ཐམས་ཅད་མཁྱེན་པ་བསོད་ནམས་བཟང་པོ་སོགས། །མན་ངག་བརྒྱུད་པའི་བླ་ མ་རྣམས་ལ་གསོལ་བ་འདེབས། །སྦྱོར་བ་ཡན་ལག་དྲུག་གི་ཉེ་བརྒྱུད་རིང་བརྒྱུད་ཀྱི་གསོལ་ འདེབས། ཤུབྷཾ། གཅིག་ཞུས། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༢༨༨) 3-1-12 ༄༅། །སྦྱོར་བ་ཡན་ལག་དྲུག་གི་ངོ་སྤྲོད་རབ་གསལ་ཟླ་བ་ བཞུགས་སོ། ། ཁྲིད་མ་ཐོབ་པ་ལ་གསང་ངོ༌།། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཟླ་བ་གཙུག་ཏོར་དབུས་སུ་ཉ། །ཉི་མ་རྡོ་རྗེའི་བུམ་ པར་སྟོང༌། །ཨེ་ཝཾ་བདེ་སྟོང་དབྱེར་མེད་པའི། །དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །འདིར་ རྒྱུད་ཐམས་ཅད་ཀྱི་རྫོགས་རིམ། མཐར་ཐུག་ཡིད་ཆེས་པ་གསུམ་ལྡན་ཟབ་ལམ་རྡོ་རྗེའི་རྣལ་ འབྱོར་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཉམས་སུ་མྱོང་བའི་དོན་ངོ་སྤྲོད་པ་ལ་གསུམ་ སྟེ། བསྒོམ་བྱ་གཞི་རྡོ་རྗེའི་རྣལ་འབྱོར། དེ་བསྒོམ་པ་ལམ་རྡོ་རྗེའི་རྣལ་འབྱོར། དེ་བསྒོམས་ པའི་འབྲས་བུ་རྡོ་རྗེའི་རྣལ་འབྱོར་རོ། ། དང་པོ་ནི། རྣལ་འབྱོར་པས་གསེང་མེད་པའི་མུན་པ་དང༌། སྤྲིན་མེད་པའི་ནམ་མཁའ་ ལ། མ་བརྟགས། མ་དཔྱད། སེམས་མ་ཡེངས་པར་རྩེ་གཅིག་ཏུ་མཉམ་པར་བཞག་པ་ ན། དུ་བ་ལྟ་བུ། སྨིག་རྒྱུ་ལྟ་བུ། སྲིན་བུ་མེ་ཁྱེར་ལྟ་བུ། མར་མེ་འབར་བ་ལྟ་བུ་དང༌། སེར་ པོ། དཀར་པོ། དམར་པོ། ནག་པོ། གློག་འཁྱུག་པ་ལྟ་བུ་དང༌། ཐིག་ལེ་སྔོན་པོ་ལྗང་ཁུ་ ལ་སོགས་པའི་གཟུགས་བརྙན་སྣ་ཚོགས་པའི་རྣམ་པར་སྣང་བ་དག་ལ་རང་གི་སེམས་ཀྱི་ འོད་གསལ་ཞེས་ཀྱང་བྱ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་ཀྱང་བྱ། ཕྱག་རྒྱ་ཆེན་ མོ་ཞེས་ཀྱང་བྱ། ཆོས་ཀྱི་སྐུ་ཞེས་ཀྱང་བྱ་བ་ཡིན་ཞིང༌། དེ་རང་གི་སེམས་ཀྱི་གནས་ལུགས་སུ་ ལྷུན་གྲུབ་ཏུ་བཞུགས་ཀྱང༌། མ་རིག་པའི་ལིང་ཏོག་གིས་བསྒྲིབས་པས་སྔར་མ་མཐོང་བ་ཡིན་ 3-1-13 ལ། གོང་དུ་བསྟན་པ་བཞིན་ཡོད་མེད་སོགས་ཀྱི་རྟོག་དཔྱོད་ཀྱིས་མ་བསླད་པར་རྩེ་གཅིག་ ཏུ་མཉམ་པར་བཞག་པས་རང་གི་སེམས་ཀྱི་འོད་གསལ་སྤྲིན་མེད་ནམ་མཁའི་དབྱིངས་སུ་ མངོན་སུམ་དུ་མཐོང་བ་ཡིན་ནོ། །དེ་ལ་དུ་བ་ལྟ་བུ་ལ་སོགས་པ་སྟོང་གཟུགས་སྣ་ཚོགས་དེ་ དག་རང་གི་སེམས་ཀྱི་འོད་གསལ་ཡིན་ཏེ། དབང་མདོར་བསྟན་པར། དུ་བ་སྨིག་རྒྱུ་མཁའ་ སྣང་དང༌། །སྒྲོན་མ་འབར་དང་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ བརྙན་འོད་གསལ་བ། །ཞེས་དང༌། དྲི་མེད་འོད་ལས། གང་དོན་དམ་པའི་བདེན་པས་བསྟན་ པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་ པོའི་དངོས་གྲུབ་བསྒྲུབ་པའི་སླད་དུ་རང་གི་སེམས་ཀྱིས་ཡོངས་སུ་བཏགས་པའི་ཆོས་དང་ བྲལ་བ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་སོགས་པ་ལ་པྲ་ཕབ་པ་བཞིན་དུ་རྣལ་འབྱོར་པ་ རྣམས་ཀྱིས་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་དུ་ནམ་མཁའ་ལ་སྣང་བ་འདོད་པའི་ དོན་གྱི་འབྲས་བུ་སྟེར་བ་སྟེ། འབྲས་བུ་ནི། འགྱུར་བ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་སེམས་ སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྡོ་རྗེའི་རྣལ་ འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་རིས་མེད་པ་དུས་ཀྱི་འཁོར་ལོ་ བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་དུ་རབ་ཏུ་གྲགས་སོ། །བཅོམ་ ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། དེ་སྐད་དུ་ཡང༌། མངོན་པར་རྟོགས་པའི་རྒྱན་གྱི་ ཚིག་ལེའུར་བྱས་པ་ལས་མཛད་པ་བཞིར་ངེས་པར་བྱམས་པས་གསུངས་པ། ངོ་བོ་ཉིད་ལོངས་ རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པར། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །ཞེས་པྲ་ཕབ་པ་དང་མཚུངས་པའི་འོད་གསལ་ རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་དང་རང་བཞིན་འགྱུར་མེད་ཀྱི་བདེ་བ་གཉིས་དབྱེར་ 3-1-14 མེད་པ་དེ་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་སེམས་དཔའ་ངོ་བོ་ཉིད་ཀྱི་སྐུ་ཡིན་པར་གསུངས་སོ། །ཡང་དེ་ཉིད་ལས། རྣལ་འབྱོར་པ་རྣམས་ཀྱིས་ཕྱོགས་སུ་འཛིན་པ་ཐམས་ཅད་ཉམས་པར་ བྱ་བའི་སླད་དུ། རྡོ་རྗེའི་རྣལ་འབྱོར་རིས་མེད་པ་རྟག་པ་དང་ཆད་པ་སྤངས་པ། འཇིག་རྟེན་ པའི་བློ་ལས་འདས་པ་ཡོད་པ་དང་མེད་པའི་བློ་ཡོངས་སུ་སྤངས་པ་གཞོན་ནུ་མས་མེ་ལོང་ལ་ པྲ་ཕབ་པ་བཞིན་དུ་རང་གི་སེམས་ཀྱིས་མ་བཏགས་པ་མངོན་སུམ་དུ་མཐོང་བ་ཡིད་ཆེས་པའི་ དོན་ཅན་རྣམ་པ་ཐམས་ཅད་པ་ནམ་མཁའ་ལས་བྱུང་བ་ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་ པ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ ཚིགས་དང་དཔེ་སྤངས་པ། ཞེས་དང༌། ཡང་དེ་ཉིད་ལས། འདིར་ཡང་སྟོང་པ་ཉིད་དང་སྙིང་ རྗེའི་བདག་ཉིད་ཀྱི་གཟུགས་རྣམ་པར་དག་པའི་སེམས་གཞོན་ནུ་མས་པྲ་ཕབ་པ་ལྟ་བུ་ནི་ གཟུགས་ཀྱི་མཚན་ཉིད་མ་ཡིན་ཏེ་རྡུལ་ཕྲ་རབ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ ཉིད་མ་ཡིན་ཏེ། སྟོང་པའི་གཟུགས་ཡོད་པའི་ཕྱིར་རོ། །ཞེས་དང༌། ཡང་དེ་ཉིད་ལས། འདིར་ དེ་བཞིན་གཤེགས་པའི་ཡེ་ཤེས་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ཉིད་རྟོགས་པར་བྱེད་ པ་ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་སེམས་ ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ་ཡང་སེམས་གང་ཞིག་ཡོད་ པའི་སེམས་དེ་ནི་སེམས་མ་ཡིན་ནོ། །ཞེས་པ་སྟེ། སེམས་ནི་རང་བཞིན་གྱིས་འོད་གསལ་བ་ ཞེས་བྱའོ། །ཞེས་དང༌། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་པ་སྟེ་སེམས་ཀྱི་རང་ བཞིན་འོད་གསལ་བའོ། །ཞེས་དང༌། ལང་ཀར་གཤེགས་པ་ལས། སེམས་ནི་རང་བཞིན་ འོད་གསལ་བ། །ཡིད་ལ་སོགས་པའི་ཉོན་མོངས་དང༌། །བདག་དང་ལྷན་ཅིག་ལྡན་པར་ནི། །སྨྲ་བའི་མཆོག་གིས་རབ་ཏུ་བསྟན། །ཞེས་པ་དང༌། རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་ གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་ 3-1-15 འདོད་ཆགས་གང༌། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སོགས་སེམས་ཀྱི་རང་ བཞིན་འོད་གསལ་ཞེས་གསུངས་པ་ཐམས་ཅད་ཀྱི་དོན་དེ་ཉིད་ཡིན་ནོ། །དུ་བ་ལྟ་བུ་སོགས་ ཀྱི་འོད་གསལ་དེ་ཉིད་ཕྱི་རོལ་གྱི་དངོས་པོ་མིན་པ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ ཡིན་པ་དང༌། ཕྱག་རྒྱ་ཆེན་མོ་ཡིན་པར་དྲི་མེད་འོད་ལས། ཕྱག་རྒྱ་ཆེན་མོ་ནི་རྣམ་པར་རྟོག་པ་ དང་བྲལ་བ་པྲ་ཕབ་པའི་རང་བཞིན་ཅན་ནོ། །ཞེས་དང༌། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། ། པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཕྱག་རྒྱ་ཆེན་མོ་དེ་ལ་ འདུད། །དཔལ་ལྡན་རྒྱུད་ལས། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་རབ་བཅོམ་ཡུལ་ནི་པྲ་ ཕབ་བརྒྱད་ལྟ་བུ། །ཀུན་མཁྱེན་བདེ་སྟེར་དེ་ཉིད་གཅིག་པུ་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་མོ་ སྟེ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་དེ་སེམས་ཅན་གྱི་ རྒྱུད་ལ་ཡོད་པའི་ཆ་ནས་དྲི་བཅས་ཞེས་བྱ་བར་བཞག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་ གཉེན་པོ་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་བསྲེགས་པས་དག་ཀྱང་འོད་གསལ་ཡེ་ཤེས་དེ་ནི་ ཚིག་པ་སྟེ་མེད་པར་འགྱུར་བ་མ་ཡིན་ནོ། །ཞེས་དང༌། ས་ཡི་དཀྱིལ་ན་གནས་པའི་ཆུ། །དྲི་མ་ མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་པའི་དོན་ཡེ་ཤེས་འོད་གསལ་དེ་ཉོན་མོངས་པའི་ནང་ན་གནས་ཀྱང་ཉོན་མོངས་ཀྱི་དྲི་ མས་མ་གོས་པར་གནས་ཞེས་པའི་དོན་ནོ། །དུ་སོགས་རྟགས་བཅུས་མཚོན་པའི་རྣམ་ཀུན་ མཆོག་ལྡན་གྱི་སྟོང་པ་ཉིད་ནི། གཟུགས་སོགས་ལ་བརྟགས་ཤིང་དཔྱད་ན་ཅིར་ཡང་མ་གྲུབ་ ཙམ་གྱི་དཔྱད་པའི་སྟོང་པ་ཉིད་ཀྱང་མ་ཡིན་ལ། ཆོས་གང་ཡང་ཀུན་རྫོབ་དོན་དམ་གང་དུ་ 3-1-16 ཡང་ཡོད་པ་མ་ཡིན་ཞེས་པའི་ཆད་པའི་སྟོང་པ་ཉིད་ཀྱང་མ་ཡིན་པར་གསུངས་པ། འཕགས་ པ་འཇིག་རྟེན་དབང་ཕྱུག་གིས། ནམ་མཁའི་ཁམས་ལ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ མེ་ལོང་གི་པྲ་ཕབ་པ་བཞིན་དུ། སྐྱེ་བ་མེད་པའི་ཆོས་ངེས་པར་མཐོང་བ་རང་གི་སེམས་ཀྱིས་ སྤྲོས་པའི་རབ་ཏུ་སྣང་བ་རྨི་ལམ་དང་མཚུངས་པའི་དོན་དུ་སེམས་པ། རྡུལ་ཕྲ་རབ་ཚོགས་ པའི་བདག་ཉིད་ཀྱི་ཆོས་རྣམ་པར་དཔྱད་པའི་སྟོང་པ་ཆད་པའི་སྟོང་པ་ལས་རིང་དུ་བྱས་པ་ ཞེས་གསུངས་པ་དང༌། འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་ པར། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་སྙིང་པོ་མེད། །རྣམ་པ་ཐམས་ཅད་ མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེས་པ་མེད་པ་འགག་མེད་པའི། །ཤེས་ བྱ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་ པ་མིན། །ཞེས་དང༌། འཕགས་པ་སྡུད་པར་ཡང༌། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་ སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་གསུངས། འོ་ན་ དེ་ཇི་ལྟར་བསྒོམ་ན། དེ་ལྟར་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ངང་ལ་ཅུང་ཟད་ཀྱང་ ཡེངས་པ་མེད་པ་ནི་བསྒོམ་པའི་མཆོག་ཡིན་གྱིས་རྟོག་བསྒོམ་གྱིས་རང་གི་སེམས་ཀྱི་འོད་ གསལ་མི་མཐོང་སྟེ། འཕགས་པ་འཇིག་རྟེན་དབང་ཕྱུག་གིས། ཇི་ལྟར་མེ་ནི་ཤིང་ལ་རྟག་ གནས་ཀྱང༌། །དཔྱད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །རྩུབ་ཤིང་རྩུབ་བསྟན་ལག་ པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་འོད་ གསལ་རྟོག་པ་ཡི། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་འདི་རྐྱང་ མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར། །ཞེས་དང༌། སྣ་ཚོགས་རྣམ་ རྟོག་ལ་སོགས་ལམ་གྱིས་ནི། །དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། །བཅུ་དྲུག་ བཞི་ཡི་རབ་ཏུ་དབྱེ་བ་ཅན། །ལམ་དང་བྲལ་བས་ཐོབ་པ་མ་ཡིན་ནོ། །ཞེས་དང༌། གཟུགས་ 3-1-17 ལ་སོགས་པར་རྟོག་པའི་དཀྱིལ་འཁོར་གྱིས། །འཁོར་ལོ་བསྒོམས་པས་གོམས་པར་གྱུར་པ་ ནི། །གྲུབ་པ་འཇིག་རྟེན་པ་དག་གྲུབ་འགྱུར་གྱི། །འདོད་པས་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་གསུངས་པས་རྣམ་རྟོག་གི་བསྒོམ་པས་མཐར་ཐུག་གི་གོ་འཕང་ཐོབ་མི་ནུས་ཀྱི། འཇིག་ རྟེན་པའི་དངོས་གྲུབ་ཙམ་ཐོབ་པ་དང༌། བ རྟགས་ཤིང་དཔྱད་པས་བདེན་པའི་དངོས་པོ་མེད་ པར་གོ་བས། བདེན་འཛིན་རགས་པ་ལྡོག་པ་ཙམ་ནུས་པས། ཕན་ཡོན་ཀྱང་ཡོད་དོ། །སངས་ རྒྱས་ཀྱི་ཡེ་ཤེས་ཀྱང་དོན་ལ་མི་གནས་ཞེས་སྨྲ་བའི་དབུ་མ་པར་རློམ་པ་དག་ཡོད་ན་དེ་ནི་ ལྟ་བ་ཡང་དག་མ་ཡིན་ཞེས། དཔལ་ལྡན་རྒྱུད་ལས། སྲིད་གསུམ་ཕྲ་རབ་རྡུལ་མིན་འདིར་ ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་ དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་ས་རྣམས་སྟོན་པར་འགྱུར། །གང་གིས་ འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་ལྟ་བྱེད་པ། །དེས་ ན་གཙོ་བོ་གང་ཞིག་འཕོ་མེད་ལྷན་སྐྱེས་སྐུ་ཡི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་གསུངས། །ཞེས་གསུངས་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དོན་ལ་མི་གནས་སོ་ཞེས་པ་དང༌། འཕགས་ པའི་མཉམ་གཞག་ན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱང་མེད་པར་འདོད་པ་རྣམས་རིང་དུ་དོར་ན་ ལེགས་སོ། །གཞི་རྡོ་རྗེའི་རྣལ་འབྱོར་བཤད་ཟིན་ཏོ། ། གཉིས་པ་དེ་སྒོམ་བྱེད་ལམ་རྡོ་རྗེའི་རྣལ་འབྱོར་ལ། སྤྱིར་སྔགས་ཀྱི་ཐེག་པ་ལ་ལམ་རིམ་ པ་གཉིས་གསུངས་ཏེ། དྲི་མེད་འོད་དུ་ལུང་དྲངས་པ། རྡོ་རྗེ་ཅན་བདག་བསྟན་པ་ནི། །རིམ་ པ་གཉིས་ལ་ཡང་དག་བསྟེན། །གཅིག་ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་ རིམ་པའོ། །བདེ་མཆོག་སྟོད་འགྲེལ་དུ་ལུང་དྲངས་པ། འཇིག་རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་དང༌། །རྣམ་རྟོག་ བསྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་གསུང་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ 3-1-18 ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །བསྒོམ་པ་དེ་བཞིན་གཤེགས་པས་གསུངས། །ཞེས་པ་ལྟར། ལམ་བསྐྱེད་རྫོགས་རྣམ་པ་གཉིས་ལས། འདིར་རྫོགས་པའི་བྱང་ཆུབ་ཀྱི་ཉེ་ རྒྱུ། རྣལ་འབྱོར་བླ་མེད་ཀྱི་རྣལ་འབྱོར་ལ། སངས་རྒྱས་ཉིད་ཀྱིས་གསུངས་པ(༡)། དེ་བྱང་ སེམས་ཆེན་པོ་རྣམས་ཀྱིས་བཀྲལ་བ(༢)། དེ་ལས་བརྒྱུད་པ་བར་མ་ཆད་པ(༣)། བླ་མ་རྣམས་ ཀྱིས་ཉམས་སུ་བླངས་པའི་ཉམས་སུ་མྱོང་བ་ཁྱད་པར་ཅན་དང་ལྡན་པ་(༤)སྟེ་ཆོས་བཞི་པོ་དེ་ ཚང་བ་གཅིག་དགོས་པ་ལ། དེ་དག་ཚང་བའི་མན་ངག་སྦྱོར་བ་ཡན་ལག་དྲུག་ནི། རྩ་བའི་ རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །དེ་བཞིན་སྲོག་རྩོལ་འཛིན་པ་དང༌། །རྗེས་སུ་ དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་ཡན་ལག་དྲུག དེ་ཡང་རྡོ་རྗེའི་ རྣལ་འབྱོར་བཞི་དང༌། བསྙེན་བསྒྲུབ་ཡན་ལག་བཞི། དེ་ཡང་ཐོག་མཐའ་བར་གསུམ་དུ་དགེ་ བའི་ཁྲིད་རིམ་གསུམ་དུ་བསྡུས་ཏེ་ཉམས་སུ་ལེན་པར་གསུངས་པ་ལས། དང་པོར་སོར་སྡུད་ བསམ་གཏན་སྐུ་རྡོ་རྗེའི་རྣལ་འབྱོར་བསྙེན་པའི་ཡན་ལག་ཐོག་མར་དགེ་བའི་འཁྲིད་ངོ་སྤྲོད་ པ་ལ། དང་པོ་སོར་སྡུད་ཅེས་པའི་མཚན་གྱི་དོན་ནི། དབང་ཤེས་ལྔ་གཟུགས་སོགས་ཕྱི་རོལ་ གྱི་ཡུལ་ལ་འཇུག་པ་བསྡུས་པའམ་བཀག་ནས། ཤའི་མིག་སོགས་དབང་པོ་གཞན། སྟོང་ གཟུགས་སོགས་ཡུལ་གཞན་ལ་འཇུག་པར་བྱེད་པས་ན་སོར་སྡུད་དོ། །དེ་ཡང་དུས་འཁོར་ དུ་གསུངས་པའི་ཚུལ་དང༌། རྒྱུད་གཞན་དུ་གསུངས་པའི་ཚུལ་གཉིས་སོ། །དང་པོ་ནི། ནམ་ མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ་རྡོ་རྗེའི་ལམ་དུ་ཞུགས་པ་ཡི། །ཞེས་ གསུངས་པ་ལྟར། ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ཚུལ་ཁྲིད་ཡིག་ཏུ་གསལ་བ་ལྟར། གསེང་མེད་པའི་མུན་པ་ལ་མི་གཡོ་བ་གསུམ་ལྡན་དུ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལམ་ རིམ་གྱིས་རླུང་སེམས་དབུ་མའི་ནང་དུ་ཆུད་པ་ལས་འོད་གསལ་མཚན་མོའི་རྟགས་རྣམས་ 3-1-19 མངོན་གསུམ་དུ་མཐོང་བར་འགྱུར་ཏེ། མཐོང་ཚུལ། དང་པོ་དུ་བ་ལྟ་བུ། གཉིས་པ་སྨིག་རྒྱུ་ལྟ་ བུ། དེ་ནས་མཁའ་སྣང་སྟེ་སྲིན་བུ་མེ་ཁྱེར་ལྟ་བུ། དེ་ནས་མར་མེ་ལྟ་བུ་མཐོང་སྟེ་མཐོང་བའི་ རིམ་པ་ཡིན་ནོ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡི་བགྲད་པའི་མིག་ གིས་ལྟ་བར་བྱ་བ་སྟེ། །ཞེས་གསུངས་པ་ལྟར། ཉིན་མོ་སྤྲིན་མེད་ནམ་མཁའ་དྭངས་པ་ལ། སྔར་བཞིན་རྩེ་གཅིག་ཏུ་བཞག་པས་ཉིན་མོའི་རྟགས་རྣམས་འཆར་ཏེ། དང་པོ་སེར་པོ་འབར་ བའི་རྣམ་པ་དང༌། དེ་ནས་ཟླ་བའི་རྣམ་པ་དཀར་པོ་འབར་བ་དང༌། ཉི་མའི་རྣམ་པ་དམར་པོ་ འབར་བ་དང༌། རྡོ་རྗེ་སྟེ་སྒྲ་གཅན་གྱི་རྣམ་པ་ནག་པོ་འབར་བ་རྣམས་མཐོང་བ་ནི་ཉིན་རྟགས་ བཞི། དེ་ནས་མཆོག་གི་ཆ་སྟེ་གློག་འགྱུ་བའི་རྣམ་པ་དང༌། ཐིག་ལེ་སྔོན་པོ་མཐོང་ལ། དེ་ གཉིས་སྔ་མ་བརྒྱད་ཀྱི་ཁྱབ་བྱེད་དུ་བཞེད་ལ། ནཱ་རོ་པས་དེ་གཉིས་ཀྱང་ཉིན་རྟགས་སུ་བཞེད་ དོ། །དེ་ནས་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་རྡུལ་དུ་མ་གྲུབ་པས་ཡུལ་དང་བྲལ་ ཞིང་བློ ས་མ་བཏགས་པས་རྣམ་པ་དང་བྲལ་བའི་ལོངས་སྐུ་དང༌། སྤྲུལ་སྐུ་དུ་མ་མཐོང་ཞིང༌། དེ་ནས་གཞོམ་མེད་ཀྱི་སྒྲ་བརྙན་ཡང་ཐོས་པ་འབྱུང་ལ། དེ་ཡང་ཇི་སྲིད་ཀྱི་བར་དུ་བསྒོམ་ན། རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ་རི་མོ་ནག་པོ་སྦོམ་ཕྲ་སྐྲའི་ཚད་ཙམ་པ་མཐོང་ཞིང་དེའི་ནང་དུ་ཡང་ འོད་གསལ་ཁ་དོག་སྣ་ཚོགས་པ་དང༌། ཀུན་མཁྱེན་གྱི་གཟུགས་མཐོང་གི་བར་དུ་བསྒོམ་ པར་བྱའོ། །དེ་ལ་རླུང་དབུ་མའི་ནང་དུ་འཇུག་ཚུལ་ནི། གཡོན་རྩ་རྐྱང་མར་ནམ་མཁའ་རླུང་ མེ་ཆུ་སའི་རླུང་ལྔ་བསྐྱེད་རིམ་གྱིས་རྒྱུ། གཡས་རོ་མའི་ནང་དུ་རྩར་ས་ཆུ་མེ་རླུང་ནམ་མཁའི་ རླུང་ལྔ་སྡུད་རིམ་གྱིས་རྒྱུ་བ་རྣམས། བྱེད་པ་བཅིང་བའི་ཐབས་ཀྱིས་རོ་རྐྱང་ནས་རྒྱུ་བ་བཀག་ ནས་དབུ་མའི་ནང་དུ་ཆུད་པ་ལས། རིམ་གྱིས་འོད་གསལ་རྣམས་མངོན་དུ་འགྱུར་བ་ཡིན་གྱི། རྟགས་རྣམས་སྔ་མ་འགགས་ནས་ཕྱི་མ་སྐྱེ་བའམ། སྔ་མ་རྣམས་འགྱུར་ནས་ཕྱི་མར་འགྱུར་ བ་མ་ཡིན་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ་ཡིན་པའི་ཕྱིར། ཞེས་གསུངས་སོ། །དེ་ལྟར་ 3-1-20 བསྒོམས་པས་ཡེ་ཤེས་ཀྱི་སྐུ་དེ་ཐོབ་པ་ལས་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་ལ་སོགས་པའི་ དངོས་གྲུབ་རབ་ཀྱིས་སྐྱེ་བ་འདི། འབྲིང་གིས་སྐྱེ་བ་གཉིས་པ། ཐ་མས་སྐྱེ་བ་དྲུག་ན་ཐོབ་པར་ གསུངས་སོ། །བླ་མ་གོང་མ་རྣམས་ཀྱིས་རྟགས་བཅུ་པོ་ངེས་པའི་རྟགས་དང༌། རི་ཁང་ཁྱིམ་ལ་ སོགས་པ་སྣ་ཚོགས་པའི་རྣམ་པར་སྣང་བ། མ་ངེས་པའི་རྟགས་སོ། །ཞེས་བཞེད་དོ། །ཉམས་ ཀྱི་འཆར་ཚུལ་ལ། ལུས་ཉམས་ནི། ས་རླུང་ཟིན་པས་ལུས་ལྕི་བ་ལ་སྦོམ་པ་འབྱུང༌། ཆུ་རླུང་ ཟིན་པས་ལུས་གྲང་ལ་འཇམ། མེ་རླུང་ཟིན་པས་ལུས་དྲོད་ཆེ་ལ་རྔུལ་བ་འབྱུང༌། རླུང་གི་རླུང་ ཟིན་པས་བདེ་སིངས་པ་འབྱུང༌། ནམ་མཁའི་རླུང་ཟིན་པས་ལུས་མེད་པ་སྙམ་བྱེད་པ་འབྱུང་ ངོ༌། །སེམས་ཉམས་ནི། ས་རླུང་ཟིན་པས་སེམས་བྱིང་བའམ་ས་གཏིང་དུ་སོང་བ་སྙམ་བྱེད་པ་ འབྱུང༌། ཆུ་རླུང་ཟིན་པས་སེམས་གསལ་དྭངས། མེ་རླུང་ཟིན་པས་ཅུང་ཟད་འཕྲོ་ཞིང་ཚིག་པ་ ཟ་བ་འབྱུང་སྟེ། དེ་དུས་སུ་ངལ་བསོ། རླུང་གི་རླུང་ཟིན་པས་སེམས་གསལ་ཞིང་འཕྲོ་རྒོད་དུ་ ཤོར་བ་འབྱུང༌། ནམ་མཁའི་རླུང་ཟིན་པས་སེམས་གསལ་ལ་མི་རྟོག་པར་གནས་པ་འབྱུང་ངོ༌། །རྨི་ཉམས་ནི། ས་རླུང་ཟིན་པས་རྨི་ལམ་དུ་དུ་བའམ་ས་ཚུབ་བམ། ཁུར་པོས་ནོན་པ་སོགས་ འབྱུང༌། ཆུ་རླུང་ཟིན་པས་ཆུ་རྨི། མེ་རླུང་ཟིན་པས་མེ་དང༌། རླུང་གི་རླུང་ཟིན་པས་ནམ་མཁའ་ ལ་འཕུར་བ་དང༌། ནམ་མཁའི་རླུང་ཟིན་པས་རྨི་ལམ་དུ་ལུང་པ་ཡངས་པོ་མཐོང་བ་སོགས་ འབྱུང་ངོ༌། །ལས་དང་པོ་པ་ལ་ཏིང་ངེ་འཛིན་སྐྱེ་ཚུལ་ནི། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ ལྔ། །བསམ་གཏན་ལམ་གྱི་སྐྱེ་ཚུལ་ཡིན། །རི་གཟར་ཆུ་དང་ཏི་ཏི་མོ། །རྒན་པོ་སྦུབས་ཀྱི་ཆུ་ དང་ནི། །རི་བོ་ལྟ་བུའི་དཔེ་ལྔས་བསྟན། །དེ་ལ་དང་པོ་གཡོ་བའི་ཏིང་ངེ་འཛིན་ནི། བསྒོམས་ པས་རྟོག་པ་མང་དུ་སོང་བ་སྙམ་བྱེད་པ་འབྱུང་སྟེ། དཔེར་ན་རི་གཟར་གྱི་ཆུ་བཞིན་ནོ། །དེ་ནི་ སྒོམ་སྐྱེ་སྙིང་འདོད་པ་རྟོག་པ་ངོས་ཟིན་པ་ཡིན་ནོ། །དེ་ནས་ཐོབ་པའི་ཏིང་ངེ་འཛིན་ནི། ཅུང་ ཟད་རྟོག་མེད་དུ་གནས་པ་སྟེ། དཔེར་ན་བྱ་ཏི་ཏི་མོ་བཞིན་ནོ། །དེ་ནས་གོམས་པའི་ཏིང་ 3-1-21 ངེ་འཛིན་ནི། ཕལ་ཆེར་རྟོག་མེད་དུ་གནས་ལ་རེས་འགའ་རྟོག་པ་སྤན་སྤུན་ཙམ་རེ་འགྱུ་བ་ སྟེ། དཔེར་ན་རྒན་པོའམ་མཁར་གཞོང་གི་རུས་སྦལ་བཞིན་ནོ། །གསུམ་པོ་དེའི་དུས་སུ་རྐྱེན་ གྱིས་བསྒོམ་ལ་གནོད་དོ། །དེ་ནས་བརྟན་པའི་ཏིང་ངེ་འཛིན་ནི། རྟོག་མེད་དུ་རྒྱ་འཇམ་པ་སྟེ། དཔེར་ན་སྦུབས་ཀྱི་ཆུ་བཞིན་ནོ། །དེའི་དུས་སུ་རྐྱེན་གྱིས་མི་གནོད་དོ། །མཐར་ཕྱིན་པའི་ཏིང་ ངེ་འཛིན་ནི། བསྒོམ་པ་ལ་གང་ཡང་མི་གནོད་ཅིང་སླར་རྐྱེན་གྱིས་བོགས་འབྱིན་པའོ། །དཔེར་ ན། རི་བོ་ལྟ་བུའོ། །རྣལ་འབྱོར་པའི་རྩའི་འཆགས་ཚུལ་མི་འདྲ་བས་ཉམས་ཀྱང་སྣ་ཚོགས་སུ་ འབྱུང་བར་ཤེས་པར་བྱའོ། ། གཉིས་པ་རྒྱུད་གཞན་ལས་གསུངས་པའི་ཚུལ་ནི། གསང་འདུས་ཀྱི་རྒྱུད་ཕྱི་མར། དང་ པོ་སྨིག་རྒྱུའི་རྣམ་པ་སྟེ། །གཉིས་པ་དུ་བའི་རྣམ་པ་ཡིན། །ཞེས་སྨིག་རྒྱུའི་རྣམ་པ་རྟགས་དང་ པོ་དང༌། སྤྲིན་མེད་ནམ་མཁའ་ལྟ་བུ་རྟགས་ལྔ་པར་གསུངས་པ་དང༌། རྡོ་རྗེ་གུར་དུ། དང་པོ་ སྤྲིན་དང་འདྲ་བ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །ཞེས་གསུངས་པ་ནི་ནཱ་རོ་པས་བླ་མའི་ཞལ་ ལས་རག་ལས་པར་བྱ་བའི་དོན་དུ་དཀྲུགས་ཏེ་གསུངས་པ་ཡིན་པར་བཤད། ཕྱག་ན་རྡོ་ རྗེས་བདེ་མཆོག་སྟོད་འགྲེལ་དུ། དང་པོར་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ཡིན་ནོ། །ཞེས་རང་ གིས་ཉམས་སུ་མྱོང་བས་ཤེས་པར་བྱའོ། །ཞེས་སྨིག་རྒྱུ་ལྟ་བུ་རྟགས་དང་པོར་གསུངས་པ་ནི་ དགོངས་པ་ཅན་དུ་བཞེད་དོ། །མཚན་བརྗོད་ལས། ཉིན་མོའི་རྣལ་འབྱོར་གསུངས་ཏེ། ཇི་ སྐད་དུ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་པས་འབར་ བའི་རྣམ་པར་སྣང་བ་བསྟན་ཞིང༌། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་ མེ་བ། །ཞེས་པས་ཟླ་བ་དང༌། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་པས་ཉི་མ་དང༌། སྒྲ་ གཅན་གཉིས་རིམ་པ་ལྟར་བསྟན་ལ། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པས་གློག་ དང༌། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པས་ཐིག་ལེའི་རྣམ་པ་བསྟན་ 3-1-22 ཞིང༌། དེ་ནས། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་པས་རྣམ་པ་ཐམས་ཅད་པའི་ གཟུགས་བརྙན་བསྟན་པར་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་སོ། །དེ་ལྟར་ སོར་སྡུད་བསྒོམ་པའི་རྣལ་འབྱོར་པ། ལས་དང་པོ་པས་མཉམ་བཞག་ཏུ་དུ་སོགས་ཀྱི་རྟགས་ མཐོང་བ་ནི། སྒོམ་བྱུང་གི་ཤའི་སྤྱན་གྱིས་མཐོང་བ་ཡིན་ཏེ། དྲི་མེད་འོད་ལས། འདིར་དང་ པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་མེད་པར་ཤའི་མིག་གིས་སྣ་ཚོགས་ མཐོང་ངོ༌། །ཞེས་གསུངས་ཤིང༌། དེ་རྣལ་འབྱོར་མངོན་སུམ་ཡིན་པར་ཡང༌། རྡོ་རྗེ་སྙིང་པོས། རྣལ་འབྱོར་པ་ཡི་མངོན་སུམ་གང༌། །རང་རིག་བྱེད་པ་གང་ཡིན་པ། །རྫོགས་པའི་རིམ་པའི་ ཡེ་ཤེས་ནི། །སངས་རྒྱས་བྱ་བ་བྱེད་པའི་མཆོག །དེ་ཉིད་ཐ་དད་རྣམ་པ་ལྔ། །ཐོག་མ་བར་དང་ ཐ་མར་ནི། །ཆོས་སྡུད་པ་ལས་སྐྱོབ་པ་ཡི། །སྤྱན་ལྔ་རྣམས་ནི་གསུངས་པ་ཡིན། །ཤ་ཡི་མིག་ དང་དེ་ནས་ལྷའི། །དེ་ནས་སངས་རྒྱས་སྤྱན་དུ་འགྱུར། །ཤེས་རབ་སྤྱན་དང་དེ་ནས་སླར། །ཡེ་ ཤེས་སྤྱན་ནི་ལྔ་པའོ། །ལས་དང་པོ་པའི་རྣལ་འབྱོར་པའི། །དང་པོར་ཤ་ཡི་སྤྱན་དུ་འགྱུར། །ཞེས་གསུངས་པས་སོ། །སོ་སོར་སྡུད་པས་སྟོང་གཟུགས་མཐོང་བའི་བློ་མངོན་སུམ་ཚད་མ་ ཡིན་པར། འཇམ་དཔལ། སྤྱན་རས་གཟིགས། ཕྱག་རྡོར། རྡོ་རྗེ་སྙིང་པོ། ནཱ་རོ་པ་སོགས་ ཀྱིས་གསུངས་པས་ཡིད་ཆེས་པར་བྱའོ། །རྣལ་འབྱོར་པས་མཉམ་གཞག་རྣམ་པར་མི་རྟོག་པ་ ལ་རྩེ་གཅིག་ཏུ་གནས་པ་ན་སྟོང་གཟུགས་སྣ་ཚོགས་མཐོང་བའི་ཚུལ། དབང་མདོར་བསྟན་ གྱི་འགྲེལ་པར་ནཱ་རོ་པས་གྲུབ་ཐོབ་མང་པོའི་ལུང་དྲངས་ནས་རྒྱས་པར་བཤད་པའི་ནང་ནས། ས་ར་ཧ་པས། མང་པོ་སྨྲས་པའི་ཅི་ཞིག་བྱ། །ཆོས་ཀྱི་ཚད་ནི་འདི་ཡིས་ཆོག །མིག་ཕྱེད་གྱེན་ དུ་ཕྱོགས་པ་ན། །མཐོང་བ་བརྟན་པ་ཉིད་ཀྱིས་ཤེས། །རྨད་བྱུང་ནམ་མཁའི་དཀྱིལ་ཤར་བྷུ་ སུ་ཀུ། །སྟོང་པའི་གཟུགས་མཛེས་ལྟོས་ཤིག་བྷུ་སུ་ཀུ། །དཔེ་མེད་མེ་ཏོག་རྒྱས་སོ་བྷུ་སུ་ཀུ། །རིན་ཆེན་རིན་ཐང་མེད་པའི་མེ་ཏོག་ལོང༌། །མེ་ཏོག་འདི་ནི་ཁ་དོག་སྣ་ཚོགས་ཅན། །མེ་ཏོག་ 3-1-23 འདི་ནི་སྟོང་ཉིད་དགོན་པར་རྒྱས། །ཞེས་སོགས་(ནཱ་རོ་པས་)ལུང་མང་པོ་དྲངས་ནས། དེའི་ཕྱིར་ སངས་རྒྱས་ཉིད་དོན་དུ་གཉེར་བས་ཐེ་ཚོམ་མེད་པར་དུ་བ་ལ་སོགས་པའི་ལམ་བསྒོམ་པར་ བྱའོ། །ཞེས་གསུངས་སོ། །སོར་སྡུད་ཀྱི་ཏིང་ངེ་འཛིན་འདི་རྒྱལ་བའི་ཡུམ་ནས་ཀྱང་གསུངས་ པ་འདི་ལྟ་སྟེ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་ སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་འདིར་གང་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཀཽའུ་ཤི་ཀ་གང་ནམ་མཁའ་ ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བྱེད་དོ། །ཀཽའུ་ཤི་ ཀ་གང་བླ་གབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་ པར་བྱ་བར་སེམས་པའོ། །ཞེས་གསུངས་ཏེ། ནམ་མཁའ་ལ་རྣལ་འབྱོར་དུ་བྱེད་པ་ནི་མཚན་ མོའི་རྣལ་འབྱོར་དང༌། བླ་ཁབ་མེད་པ་ལ་རྣལ་འབྱོར་དུ་བྱེད་པ་ཉིན་མོའི་རྣལ་འབྱོར་ཡིན་ པར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང༌། ཕྱག་ན་རྡོ་རྗེ་དང༌། ཕྱག་རྒྱ་ཆེན་པོ་ གྲུབ་པའི་སློབ་དཔོན་དཔལ་ནཱ་རོ་པའི་ཞབས་ཀྱིས་གསུངས་ཤིང༌། དེ་བཞིན་དུ། རིན་ཆེན་ སྣང་བ་(སྣང་ཚུལ་གྱི་སྒོ་ནས་)ཞེས་བྱ་བའི་ཏིང་ངེ་འཛིན་དང༌། རིན་ཆེན་སྒྲོན་(སྣང་ཚུལ་གྱི་སྒོ་ནས་) མ། ཟླ་བ་སྣང་བ། སྤྱི་གཙུག་(ལྟ་སྟངས་ཀྱི་སྒོ་ནས་)རྣམ་པར་ལྟ་བ། འོད་ཟེར་(བྱེད་ལས་ཀྱི་སྒོ་ནས་)རབ་ཏུ་ འགྱེད་པ། (ཡོན་ཏན་གྱི་སྒོ་ནས་)ལྟ་བས་ཆོག་མི་ཤེས། (གཟིགས་སྟངས་ཀྱི་སྒོ་ནས་)ཕྱོགས་རྣམ་པར་ལྟ་ བ། (བྱེད་ལས་ཀྱི་སྒོ་ནས་)ནམ་མཁའ་རྒྱས་པར་འགེངས་པ། (སྣང་ཚུལ་གྱི་སྒོ་ནས་)རྒྱལ་མཚན་རྩེ་མོའི་ དཔུང་རྒྱན། (དག་པའི་སྒོ་ནས་)དྲི་མ་མེད་པའི་སྒྲོན་མ། (བྱེད་ལས་ཀྱི་སྒོ་ནས་)འོད་མཐའ་ཡས་པ། (བྱེད་ ལས་ཀྱི་)འོད་བྱེད་པ། (དག་པའི་སྒོ་ནས་)འོད་དྲི་མ་མེད་པ། (སྣང་ཚུལ་གྱི་)ཉི་མའི་སྒྲོན་མ། (སྣང་ཚུལ་གྱི་ སྒོ་ནས་)ཟླ་བ་དྲི་མ་མེད་པ། སྣང་བ་(བྱེད་ལས་)གསལ་བ།སྣང་བ་(བྱེད་ལས་)བྱེད་པ། དགེ་བའི་མེ་ ཏོག་(བྱེད་ལས་ཀྱི་)རྒྱས་ཤིང་གསལ་བ། བརྡ་དང་(བྱེད་ལས་)སྒྲ་ལ་འཇུག་པ། སྒྲ་དབྱངས་(ཡོན་ཏན་ 3-1-24 གྱི་)དང་ལྡན་པ། (སྣང་ཚུལ་གྱི་)སྒྲོན་མ་འབར་བ། (ངོ་བོའི་སྒོ་ནས་)རྣམ་པའི་མཆོག་ཐམས་ཅད་དང་ ལྡན་པ། (དཔེའི་སྒོ་ནས་)ནམ་མཁའ་འདྲ་བ། (སྣང་ཚུལ་གྱི་སྒོ་ནས་)གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་དཔྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ། །ཞེས་གསུངས་ཏེ། (ཡུམ་གྱི་མདོར་)ཏིང་འཛིན་འདི་རྣམས་སོར་སྡུད་བསམ་གཏན་གྱི་ཏིང་ ངེ་འཛིན་དང་དོན་གཅིག་པར་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སོགས་པས་གསུངས་ པའི་ཕྱིར་ཡིད་ཆེས་པར་བྱའོ། །སོར་སྡུད་བསམ་གཏན་གྱི་བསྒོམ་བྱ་འམ་མྱོང་བྱ་ཐོབ་བྱ་དུ་ སོགས་རྟགས་རྣམ་པ་བཅུ་པོས་མཚོན་པའི་སྟོང་གཟུགས་མེ་ལོང་ལ་པྲ་ཕབ་པ་ལྟ་བུ་འདི་དག་ ཐོབ་བྱ་ཡིན་ཏེ། དྲི་མེད་འོད་ལས། དངོས་པོ་དང་དངོས་པོ་མེད་པ་དང་བྲལ་བ་རྣམ་པ་ཀུན་ གྱི་མཆོག་དང་ལྡན་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ཞེས་གསུངས་པས་སོ། ། དབང་བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ཡིན་པར་ཡང༌། དཔལ་དུས་ཀྱི་འཁོར་ལོར་ གསུངས་པ། ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་ དུ་འགྱུར། །དབང་བསྐུར་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་ མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་ཐུགས་དང་ཞལ་ལ་གནས་པར་གྱུར་ པ་དེ་ནི་དཔལ་ལྡན་བསམ་གཏན་གྱི་ཡན་ལག་ངོ་སྤྲད་པ་ནི། དཔལ་ལྡན་རྒྱུད་ལས། བསམ་ གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་རྩེ་གཅིག་སེམས་དཔའོ། །ཞེས་ཡན་ལག་ལྔ་ལྡན་དུ་གསུངས་པའི་ཤེས་རབ་ནི་སྟོང་གཟུགས་ལ་ལྟ་བ། རྟོག་པ་ནི་སྟོང་ གཟུགས་རགས་པ་མཐོང་བ། དཔྱོད་པ་ནི་སྟོང་གཟུགས་གཏན་གཡོའི་རྣམ་པ་ཞིབ་ཏུ་ངེས་ པར་བྱེད་པ། དགའ་བ་ནི་སྟོང་གཟུགས་མཐོང་བས་ཡིད་བདེ་བ། གཡོ་མེད་བདེ་བ་རྩེ་ 3-1-25 གཅིག་སེམས་པ་ནི། སེམས་སྟོང་གཟུགས་དང་འདྲེས་པ་ལྟ་བུར་གྱུར་པས་ལུས་ཤིན་ཏུ་སྦྱངས་ པའི་བདེ་བ་ཐོབ་པ་སྟེ། དེ་ལྟར་ཡན་ལག་ལྔ་ཡིན་ལ། དེ་ཡང་སོར་སྡུད་ཀྱིས་སྟོང་གཟུགས་ དང་པོར་མཐོང་བ་དེ་བསམ་གཏན་གྱིས་བརྟན་པར་བྱེད་པའོ། །(སོར་སྡུད་བསམ་གཏན་གཉིས་ཐོག་ མར་དགེ་བའི་ཁྲིད་དོ།།) སྲོག་རྩོལ་གྱི་ཡན་ལག་ནི། སྲོག་རླུང་རྩ་རོ་རྐྱང་གཉིས་ནས་རྒྱུ་བ་བཀག་ནས། དབུ་མ་ ཨ་ཝ་དྷཱུ་ཏཱིའི་ནང་དུ་རྩོལ་བར་བྱེད་ཅིང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྒོམ་པའོ། ། འཛིན་པའི་ཡན་ལག་ནི། སྲོག་རྩོལ་གྱི་རྣལ་འབྱོར་གྱིས་ཞུགས་པར་བྱས་ནས་དེ་ལྟེ་ བ་ནས་དཔྲལ་བའི་བར་དུ་ཞུགས་པ། དེ་ཉིད་ཕྱི་ནང་དུ་འགྲོ་འོང་མེད་པར་འཛིན་པའི་ཚུལ་ གྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བསྒོམ་པའོ། །(སྲོག་རྩོལ་འཛིན་པ་གཉིས་བར་དུ་དགེ་བའི་ཁྲིད་དོ།།) རྗེས་དྲན་གྱི་ཡན་ལག་ནི། འཛིན་པའི་ཡན་ལག་གིས་སྲོག་དབུ་མའི་ནང་དུ་བརྟན་པར་ གྱུར་པ་ལས། ལྟེ་བའི་གཏུམ་མོ་ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་མེས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས། ཐིག་ལེའི་རྒྱུན་འཁོར་ལོ་བཞིར་བབས་པའི་དགའ་བ་བཞི་ཉམས་སུ་མྱོང་ཞིང་རྡོ་རྗེ་ནོར་བུ་ ལས་ཕྱིར་མི་འཕོ་བར་འཛིན་ཅིང་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པ་ཐིག་ལེའི་རྣལ་ འབྱོར་རོ། ། ཏིང་ངེ་འཛིན་གྱི་ཡན་ལག་ནི། བྱང་སེམས་རྡོ་རྗེ་ནོར་བུའི་བར་དུ་བབས་པ་སླར་སྟེང་ དུ་གཤེགས་པར་བྱེད་ཅིང༌། འགྱུར་མེད་ཀྱི་བདེ་བ་ཐོབ་པའི་དབང་གིས་བདེ་སྟོང་དབྱེར་མེད་ པའི་ངང་ནས་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པ་ཕྲ་མོའི་རྣལ་འབྱོར་རོ། །(རྗེས་དྲན་དང་ཏིང་ ངེ་འཛིན་གཉིས་ཐ་མར་དགེ་བའི་ཁྲིད་དོ།།) དེ་ལྟར་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཐབས་མཉམ་བཞག་ ཏུ་རྫོགས་རིམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱ་ཞིང༌། 3-1-26 རྗེས་ཐོབ་ལ་ཕན་པའི་དོན་དུ་བསོད་ནམས་ཀྱི་ཚོགས་བསག་པར་བྱ་སྟེ། དེ་ལྟར་ཉམས་སུ་ ལེན་པ་ཡང༌། དང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང༌། རྗེས་དགེ་བའི་རྩ་བ་ རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་ཟིན་པར་བྱའོ།། །། གསུམ་པ་དེ་བསྒོམས་པའི་འབྲས་བུ་རྡོ་རྗེའི་རྣལ་འབྱོར་ལ། གནས་སྐབས་དང་མཐར་ ཐུག་གཉིས་ལས། དང་པོ་ནི། སོར་སྡུད་ཀྱི་སྟོང་གཟུགས་བརྟན་པར་གྱུར་ཅིང་སེམས་དག་ པར་གྱུར་པ་ན། ཚིག་གིས་མཆོག་སྦྱིན་ནུས་པ་ལ་སོགས་པ་འཐོབ་བོ། །བསམ་གཏན་གྱིས་ མངོན་ཤེས་ལྔ་དང༌། སྲོག་རྩོལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང་བསྔགས་ པ་དང༌། འཛིན་པའི་ཡན་ལག་གིས་སྟོབས་བཅུའི་རང་བཞིན་གྱི་སྟོང་གཟུགས་དང་སེམས་རྩེ་ གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ཅིང་བདུད་དང་ཉོན་མོངས་པ་སོགས་ཉམས་པ་དང༌། རྗེས་ དྲན་གྱི་ཡན་ལག་གིས་རང་གི་ལུས་འོད་ཀྱི་དཀྱིལ་འཁོར་དུ་སྣང་ཞིང༌། བ་སྤུའི་ཁུང་བུ་ནས་ ཡེ་ཤེས་ལྔའི་འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོ་བ་དང༌། ཏིང་ངེ་འཛིན་གྱི་ཡན་ལག་གིས་ བདེ་སྟོང་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཐོབ་ཅིང༌། ལོ་གསུམ་ཕྱོགས་གསུམ་གྱིས་ཡེ་ཤེས་ ཀྱི་སྐུ་དབང་བཅུ་སོགས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་བའོ། ། གཉིས་པ་མཐར་ཐུག་གི་འབྲས་བུ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། དུ་བ་ལ་སོགས་ ལམ་གྱི་ལྷན་ཅིག་སྐྱེས་པའི་བདེ་བའི་གོ་འཕང་བསྒོམས་པ་དེ་ནི་འདིར། །འགྲོ་བའི་བླ་མ་ སུམ་ཅུ་རྩ་གཉིས་མཚན་ལྡན་སྐུ་ནི་ཆོས་ཀྱི་འཁོར་ལོར་ཡང་དག་གནས། །ལྷ་རྣམས་མགོ་ བོའི་གཙུག་གི་ནོར་བུའི་འོད་ཟེར་ཚོགས་ཀྱི་ཞབས་ཀྱི་པད་མ་ལ་གཏུགས་ཤིང༌། །དམ་པའི་ ལམ་ནི་སྟོན་མཛད་ཉིན་བྱེད་བཞིན་དུ་མུན་པ་ཀུན་འཇོམས་དུས་ཀྱི་འཁོར་ལོར་འགྱུར། །ཞེས་ གསུངས་པས། མཐར་ཐུག་གི་འབྲས་བུ་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་རྡོ་རྗེ་འཆང་ཆེན་པོ་ དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ཐོབ་པའི་དུས་ཀྱང༌། འཇིག་རྟེན་དབང་ 3-1-27 ཕྱུག་གིས་དྲི་མ་མེད་པའི་འོད་ལས། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་རྣམས་ཀྱིས་ སྐྱེ་བ་འདི་ལ་སྟེར་བར་བྱེད་དོ། །ཅི་སྟེ་གང་གི་ཚེ་ལམ་དུ་རབ་ཏུ་ཞུགས་པར་གྱུར་པ། རྣལ་ འབྱོར་མ་ཐོབ་པར་ཤི་བར་གྱུར་ན་དེའི་ཚེ་དེའི་འཛིན་པ་སྟེ་དེའི་བག་ཆགས་ཀྱི་སྟོབས་ཀྱིས་ སླར་ཡང་མིའི་སྐྱེ་བ་གཞན་ལ་ཐམས་ཅད་ཐོབ་པར་འགྱུར་ཏེ། བརྩོན་འགྲུས་དང་མི་ལྡན་ པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ཀྱང་སྐྱེ་བ་བདུན་གྱིས་མཐར་ཐུག་པས་སོ། །ཞེས་པ་ངེས་ པའོ། །ཞེས་དང༌། སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །ཅེས་པས་རྣལ་འབྱོར་པ་རྩོལ་བ་རབ་དང་ལྡན་པས་སྐྱེ་བ་འདི་ལ། འབྲིང་གིས་སྐྱེ་བ་ཕྱི་ མ་ལ། ཐ་མས་རྣལ་འབྱོར་ཉམས་སུ་ལེན་པ་ལ་ཞུགས་རྗེས་མི་དགེ་བ་མ་བསགས་ན་རྣལ་ འབྱོར་པ་བསྒོམ་པ་རྩོལ་བ་ཞན་པ་ཡང་སྐྱེ་བ་བདུན་གྱིས་མཆོག་འགྲུབ་པར་ངེས་པའི་དོན་དུ་ གསུངས་པས་ཚེ་འདི་ཡི་བདེ་བ་ལ་མ་ཞེན་པར་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་བསྒོམ་ པ་ལ་བརྩོན་པར་བྱའོ། །དེ་དག་གི་ལུང་སྦྱོར་ལ་སོགས་པ་ནི་འདིར་མང་པོ་མ་བཀོད་ལ། རྒྱས་པར་ཤེས་པར་འདོད་ན། དུས་ཀྱི་འཁོར་ལོའི་རྒྱུད་དང༌། སེམས་འགྲེལ་སྐོར་གསུམ་ལ་ ནན་ཏན་དུ་བྱས་ནས་ལྟ་བར་བྱ་ཞིང༌། དེ་ཙམ་མ་གྲུབ་ན་ཡང༌། དཔལ་དུས་ཀྱི་འཁོར་ལོའི་ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཕྱོགས་ལས་རྣམ་པར་རྒྱལ་བས་མཛད་པའི་ཁྲིད་ཡིག་དང༌། ངོ་སྤྲོད་ཆེ་ཆུང་རྣམས་ལས་ཤེས་པར་བྱའོ། ། རྒྱུད་སྡེ་ཀུན་གྱི་ཟབ་ལམ་མཐར་ཐུག་པ། །རྫོགས་རིམ་རྣམ་དག་སྦྱོར་བ་ཡན་ལག་དྲུག །ཉམས་སུ་ལེན་ཚུལ་གསལ་ཤིང་མདོར་བསྡུས་པ། །དོན་གཉེར་སློབ་མས་བསྐུལ་བའི་དོན་ དུ་བཀོད། །འདི་ལས་ཐོབ་པའི་རྣམ་དཀར་དགེ་བ་དེས། །མཁའ་མཉམ་སེམས་ཅན་ཀུན་ལ་ མཉམ་དུ་སྦྱིན། །ཀུན་ཀྱང་འཁོར་བའི་འདམ་ལས་མྱུར་དུ་སྒྲོལ། །ཀུན་མཁྱེན་རྒྱལ་བའི་གོ་ འཕང་ཐོབ་གྱུར་ཅིག ། 3-1-28 སྦྱོར་བ་ཡན་ལག་དྲུག་གི་ངོ་སྤྲོད་རབ་གསལ་ཟླ་བ་ཞེས་བྱ་བ་འདི་ནི། བླ་ན་མེད་པའི་ རྣལ་འབྱོར་ལ་སྒྲུབ་པ་ལྷུར་ལེན་པ་སྨོན་ལམ་མཐའ་ཡས་རྒྱ་མཚོས་གསོལ་བ་བཏབ་པའི་ ངོར། ཇོ་གདན་གཉག་ཕུ་པ་བསོད་ནམས་བཟང་པོས་སྣ་ཚོགས་དབྱིག་ཅེས་བྱ་བ་ཤིང་མོ་ སྦྲུལ་གྱི་ལོ། ནག་པས་ཉ་བ་ཕྱོགས་གཉིས་པའི་ཉི་མ་ལ་དཔལ་མཚལ་མིན་གྱི་གཙུག་ལག་ ཁང་དུ་བཀོད་པའི་ཡི་གེ་པ་ནི་རཏྣ་དྷྭ་ཛས་སོ།། །།མངྒ་ལཾ། གཅིག་ཞུས། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༣༡༦) 3-1-29 ༄༅། །སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་ཐོག་མཐའ་ བར་གསུམ་བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཕྲ་ཕབ་ཚུལ་ཅན་འོད་གསལ་སྟོང་པ་ཉིད། །མཆོག་ཏུ་ མི་འགྱུར་ཟག་མེད་བདེ་བ་ཆེ། །ཟུང་འཇུག་བདེ་བ་ཆེན་པོའི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་ ཞབས་རྡུལ་སྤྱི་བོས་མཆོད། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་སོགས་པ། །རྒྱུད་རྒྱལ་ཀུན་གྱི་ རྫོགས་རིམ་ཡན་ལག་དྲུག །ཉམས་སུ་ལེན་ཚུལ་ཁྲིད་རིམ་གོ་བདེ་བར། །དོན་གཉེར་སློབ་ མས་བསྐུལ་ཕྱིར་བྲི་བར་བྱ། ། དང་པོ་ཡང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། སོ་སོར་སྡུད་དང་བསམ་གཏན་དང་ ། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ ལག་དྲུག་ཏུ་འདོད། །ཅེས་དང་། དགྱེས་པ་རྡོ་རྗེ་ལས་ཀྱང་། ཡན་ལག་དྲུག་བསྒོམས་རྣལ་ འབྱོར་པས། །དགའ་བྲལ་མཐར་ཡང་དེ་བཞིན་ནོ། །ཞེས་དང་། བདེ་མཆོག་ལས། སྔགས་ བཟླས་དེ་བཞིན་བསམ་གཏན་དང་། །བདེ་བ་ཡིས་ཀྱང་འགྲུབ་པར་འགྱུར། །ཞེས་སོགས། རྒྱུད་སྡེ་ཐམས་ཅད་ཀྱི་ངེས་དོན་མཐར་ཐུག་དབང་བཅུ་གཅིག་པ་ཕྱག་རྒྱ་ཆེན་མོའི་དབང་གི་ དོན་རྒྱུད་གཞན་དུ་ཅུང་ཟད་སྦས་ཀྱང་དང་པོའི་སངས་རྒྱས་སུ་གསལ་བར་གསུངས་པ་ས་ བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལེགས་པར་བཀྲོལ་བ་བཞིན། གྲུབ་པ་ཐོབ་ པའི་བླ་མ་རྣམས་ཀྱིས་སྐུ་ཉམས་སུ་བཞེས་པའི་མན་ངག་སྦྱོར་བ་ཡན་ལག་དྲུག་གིས་སློབ་མ་ སྐལ་ལྡན་སངས་རྒྱས་ཀྱི་སར་འཁྲིད་པ་ལ། 3-1-30 སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་ འགྲོ་གཉིས་ཀྱི་ཐུན་མོང་གི་སྔོན་འགྲོ་ལ་གསུམ་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། རང་འདུག་སའི་གནས་བདེ་བ་ཅན་ལྟ་བུ་དག་ པའི་ཞིང་ཁམས་སུ་མོས་པའི་མདུན་གྱི་ནམ་མཁར་སངས་རྒྱས་དཀོན་མཆོག རང་གི་རྒྱབ་ ཕྱོགས་སུ་ཆོས་དཀོན་མཆོག་པུ་ཏི་གླེགས་བམ་གྱི་རྣམ་པ་ལྟ་བུ་དང་། སངས་རྒྱས་དཀོན་ མཆོག་གི་གཡས་གྲལ་ལ། འཕགས་པ་འཇམ་དཔལ། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་ སོགས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། གཡོན་གྲལ་ལ་ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའ་རབ་བྱུང་གི་ཆ་ལུགས་ཅན་རྣམས་དང་། དེ་དག་གི་དབུས་སུ་དཔག་ བསམ་ཤིང་གི་རྩེར། རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་ གྱི་ལྷ་ཚོགས་རྣམས་དང་། དཔག་བསམ་ཤིང་གི་རྩ་བ་རྡོ་རྗེའི་ས་གཞི་ལ་མཁའ་འགྲོ་ཆོས་ སྐྱོང་སྲུང་མའི་ཚོགས་ཀྱིས་གང་བར་བསམས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མོས་ གུས་རྩེ་གཅིག་པས། བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་དཔལ་ལྡན་བླ་མ་ དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་ མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྐྱབས་སུ་ མཆིའོ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ་ཞེས་སྐྱབས་འགྲོ་ མང་དུ་བྱ། དེ་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་ བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་བསྒྲུབ་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །ཞེས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བྱམས་ སོགས་ཚད་མེད་བཞི་བསྒོམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླང་ཞེས་སེམས་བསྐྱེད་དོ། ། 3-1-31 གཉིས་པ་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ནི། རང་ གཞན་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་དར་དང་ རིན་པོ་ཆེས་བརྒྱན་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཞིང་། གཡོན་པ་དྲིལ་བུ་དཀུར་ འཛིན་པ། ཞབས་གཡས་ཅུང་ཟད་བརྐྱང་བའི་མཐེ་བོང་རང་གི་སྤྱི་བོའི་ཚངས་བུག་ལ་གཏད་ པ། གཡོན་པ་སྐུམ་པ་རོལ་པའི་སྟོབས་ཅན། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ལ་ཡི་གེ་བརྒྱ་ བས་བསྐོར་བ་ལ་དམིགས་ནས། ༀ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ ཏིཥྛ། ཌི་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོ་ཥྱ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མེ་ པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟིཾ་ཤྲཱ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་ མ་མེ་མུཉྩ། བཛྲ་བྷཱ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ཞེས་སྡིག་སྒྲིབ་དག་པའི་རྟགས་བྱུང་གི་བར་དུ་ བཟླས་པས་རྡོ་རྗེ་སེམས་དཔའི་ཞལ་ནས་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ཡོད་དོ་ཞེས་ གསུངས་ནས་རང་ལ་ཐིམ་པས་རང་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ། ། གསུམ་པ་བླ་མའི་རྣལ་འབྱོར་དང་མཎྜལ་གྱི་ཁྲིད་ནི། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ བསྐྱེད་ནས་མོས་གུས་རྩེ་གཅིག་ཏུ་བྱེད་པ་བླ་མའི་རྣལ་འབྱོར་ཡིན་པས། མདུན་གྱི་ནམ་ མཁར་རིན་པོ་ཆེའི་ཁྲིའི་སྟེང་དུ། པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ངོ་བོ་དར་ དང་རིན་པོ་ཆེས་བརྒྱན་པ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་བསྣམས་པ། ཞབས་རྡོ་རྗེའི་དཀྱིལ་དཀྲུང་གིས་བཞུགས་པ། དེའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུྃ། ལྟེ་བར་ཧོཿ ཧཱུྃ་ལས་འོད་འཕྲོས་པས་རང་གི་རྩ་བའི་བླ་མ་དང་། གཞན་ཡང་དུས་ གསུམ་གྱི་བླ་མ་ཐམས་ཅད་དང་། སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ སྤྱན་དྲངས་གཉིས་སུ་མེད་པར་ཐིམ་པས། བླ་མ་ཡི་དམ་དཀོན་མཆོག་ཀུན་འདུས་ཀྱི་བདག་ ཉིད་རང་ཡིན་སྙམ་དུ་མོས་པས་མཎྜལ་ལན་མང་དུ་ཕུལ། གང་གི་དྲིན་གྱིས་བདེ་ཆེན་ཉིད་ 3-1-32 ཅེས་སོགས་བླ་མའི་བསྟོད་པ་ཅི་ཤེས་པས་བསྟོད་དོ། །དེ་ནས་གསོལ་བ་དྲག་ཏུ་གདབ་པར་ བྱ་སྟེ། སྐུ་བཞིའི་བདག་ཉིད་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། སྐྱབས་གསུམ་ངོ་བོ་དཔལ་ལྡན་བླ་མ་ལ༴ འདྲེན་མཆོག་མཚུངས་མེད༴ ཐར་བའི་ ལམ་སྟོན༴ མ་རིག་མུན་སེལ་དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། རྩེ་གཅིག་གིས་སྒྲུབ་པ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། སྒྲུབ་པ་ལ་བར་ཆད་ མེད་པར༴ བསྒྲུབ་པ་མཐར་ཕྱིན་པར༴ བསྒྲུབ་ལ་སྙིང་པོ་ལོངས་པར༴ ཞི་ལྷག་ཟུང་དུ་འབྲེལ་ བར༴ ཉམས་དང་རྟོགས་པ་འཆར་བར༴ གནས་ལུགས་ཟབ་མོ་རྟོགས་པར༴ མཆོག་གི་ དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ༀ་ཨཱཿཧཱུྃ་ཧོཿ བདག་ལ་རྣམ་དག་དབང་བཞིས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ་ ཞེས་གསོལ་བ་བཏབ་པས་བླ་མའི་གནས་བཞིའི་ༀ་ཨཱཿཧཱུྃ་ཧོཿལས་འོད་ཟེར་དཀར་དམར་ མཐིང་སེར་བཞི་འཕྲོས། རང་གི་གནས་བཞིར་ཐིམ་པས་དབང་བཞི་ཐོབ། བླ་མ་འོད་དུ་ཞུ་ ནས་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ རྡོ་རྗེའི་སྐུར་གྱུར་པར་བསམ་མོ། ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བསྐྱེད་རིམ་བསྒོམ་པ་དང་། དབེན་གསུམ་[] ལུས་ངག་སེམས་གསུམ་སྦྱང་བ་གཉིས་ཀྱི་དང་པོ་ནི། རྫོགས་རིམ་ཡེ་ཤེས་ཀྱི་ཚོགས་ཀྱི་སྔོན་ དུ། བསྐྱེད་རིམ་བསོད་ནམས་ཀྱི་ཚོགས་བསྒོམ་དགོས་ཤིང་དེ་ཡང་རང་ཐ་མལ་དུ་འཛིན་པའི་ གཉེན་པོར་བསྒོམ་པར་གསུངས་པས། འདིར་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་མདོར་བསྡུས་ ཙམ་བསྒོམ་པར་བྱ་སྟེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས་ཆོས་ཐམས་ཅད་རང་ གི་ངོ་བོ་སྟོང་པའི་ངང་ལས། པད་མ། ཟླ་བ། ཉི་མ། སྒྲ་གཅན་བརྩེགས་པའི་སྟེང་དུ། རང་ སྐད་ཅིག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་པ་ཕྱག་ 3-1-33 གཉིས་ཀྱིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་པ་དམར་པོ་བརྐྱང་ བས་འདོད་ལྷ་དམར་པོ་མནན་ཅིང་། གཡོན་པ་དཀར་པོ་སྐུམ་པས་དྲག་པོ་དཀར་པོ་མནན་ པ། རལ་བའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་། རྡོ་རྗེ་སེམས་དཔས་སྤྲས་ ཤིང་རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཡུམ་སྐུ་མདོག་སེར་ མོ་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པ་ཡབ་ལ་འཁྱུད། རྡོ་རྗེ་སེམས་ དཔའི་ཅོད་པན་ཅན། རུས་པའི་རྒྱན་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་ ཡབ་ཀྱི་ཞབས་དང་མཉམ་པར་གནས་པ་སྟེ། ཡབ་ཐབས་བདེ་བ་ཆེན་པོ། ཡུམ་ཤེས་རབ་ སྟོང་པ་ཉིད་དོ། །ཡབ་ཀྱི་ཐུགས་ཀ་ནས་འོད་འཕྲོས་པས་ཕྱི་སྣོད་ཐམས་ཅད་གཞལ་ཡས་ ཁང་ནང་བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར་པར་བསམ། དེ་ལྟར་ཐུན་ ཐམས་ཅད་ཀྱི་མགོར་གསལ་ལ་ཡུན་ཐུང་བ་རེ་བསྒོམ་པར་བྱའོ། ། གཉིས་པ་ལ། དབེན་པ་བརྟེན་པའི་གནས་དང་། དབེན་པ་བརྟེན་པའི་ཚུལ་གཉིས་ལས། དང་པོ་ནི། སྤྱིར་རྒྱལ་པོ་ཆོས་ལྡན་གྱིས་སྐྱོང་བའི་གནས། རྣལ་འབྱོར་དང་རྗེས་སུ་མཐུན་ཞིང་ ཡིད་ཆགས་པ། ཁྱད་པར་དུ་བསམ་གཏན་ཁང་བུ་ནི། བསྒོམ་དུས་ཕྱི་ནས་སྣང་བ་འབྱུང་བའི་ བུ་ག་རྟ་རྔ་ཤོང་བ་ཙམ་ཡང་མེད་པ། ནང་དུ་ས་དུག་དང་དྲི་ང་བ་སོགས་མེད་ཅིང་ཁམས་བདེ་ བ་སྒོ་ཚགས་ལེགས་པར་བསྡམས་པའི་མུན་ཁང་དུ་བསྒོམ་པར་བྱའོ། ། གཉིས་པ་ནི། ཏིང་ངེ་འཛིན་གཅིག་སྐྱེས་ནས་བརྟན་པ་མ་ཐོབ་བར་དུ། ལུས་དགེ་མི་དགེ་ ལུང་མ་བསྟན་གྱི་བྱ་བྱེད་ཏིང་ངེ་འཛིན་གྱི་གེགས་སུ་འགྱུར་བ་ཐམས་ཅད་སྤངས་ནས་བཅའ་ བ་ལུས་གནད་གལ་ཆེ་བས། རྒབ་སྟེགས་བཅུག་པའི་སྟེང་དུ། རྐང་པ་རྡོ་རྗེ་དཀྱིལ་དཀྲུངས་ བཅའ། དེ་བཅའ་བར་མ་ནུས་ནའང་དཀྱིལ་དཀྲུངས་ཕལ་པ་བཅའ། ལག་པ་གཉིས་རྡོ་རྗེའི་ ཁུ་ཚུར་བཅིངས་པ་བརླའི་སྟེང་དུ་བཞག་སྟེ་ལག་པ་དང་རྒལ་ཚིགས་དྲང་པོར་སྲང་། ལག་ 3-1-34 ངར་རྩིབ་ལོགས་ལ་སྦྱར། དཔུང་མགོ་རྒྱབ་ཏུ་ཅུང་ཟད་རང་ཡོད་པ་བྱ། མགྲིན་པ་དྲང་ལ་ དགུག་པ་ཨོ་སྐོས་ཨོལ་མདུད་ནོན་ཙམ་དུ་བྱའོ། །དེ་ནས་ངག་སྨྲ་བརྗོད་མང་པོ་ཏིང་ངེ་འཛིན་ གྱི་གེགས་ཡིན་པས། བསྒོམ་དུས་དེས་དབེན་པར་བྱས་ཏེ་ངག་སྦྱང་བ་ནི། སྣ་བུག་གཡས་ གཡོན་དབུས་གསུམ་ནས་རླུང་དལ་བུས་བུས་ཏེ་རླུང་རོ་ཕྱུང་ནས་དབུགས་དང་པོར་བློད་ལ་ བཞག ལྕེ་ཡ་རྐན་ལ་སྦྱར། དབུགས་ཁ་ནས་མི་འཆོར་བར་མཆུ་སྟེང་འོག་སྦྱར་བ་ཙམ་བྱའོ། །སེམས་འདས་པའི་རྗེས་དཔྱོད། མ་འོངས་པའི་སྔོན་བསུ། ད་ལྟར་བའི་རྩི་བགྲང་ལ་སོགས་ པ་རྟོག་པའི་སྤྲོ་བསྡུ་ཐམས་ཅད་སད་བཅད་ནས་སེམས་སྦྱང་བ་ནི། མདུན་གྱི་མུན་ནག་ནམ་ མཁའ་ལ། སྨིན་མཚམས་ནས་སོར་བཅུ་དྲུག་ཙམ་གྱི་སྟེང་གི་ཕྱོགས་སུ་ལྟ་སྟངས་གཏད་ནས། མིག་འབྱེད་འཛུམས་དང་གཡོ་འགུལ་མེད་པར་ས་གཅིག་ཏུ་ཧྲིག་གེ་ལྟ་ཞིང་། སེམས་རིག་ པ་ཡང་ལྟ་སྟངས་ཀྱི་གཏད་ས་དེ་ཉིད་དུ་རེ་དོགས་དགག་སྒྲུབ་དང་བྲལ་བའི་ངང་ནས་སྐད་ ཅིག་ཀྱང་མ་ཡེངས་པར་ཅིར་ཡང་མི་རྟོག་ཅིང་ཡིད་ལ་མི་བྱེད་པའི་ཚུལ་གྱིས་སལ་ལེ་ཧྲིག་གེ་ བཞག་གོ །དེའི་ངང་ལ་རྣམ་རྟོག་སྐྱེས་ན་ངོས་ཟིན་པར་བྱས་ནས་ཐོལ་སྐྱེས་རྦད་ཆོད་དུ་བྱའོ། །རྟོག་པ་དེའི་རྗེས་སུ་མི་འབྲང་ཞིང་མ་ཡེངས་པར་སལ་ལེ་ཧྲིག་གེ་བཞག་གོ །དེ་ལྟར་སྦྱང་བ་ གསུམ་མཚམས་ཤིན་ཏུ་དམ་པར་བཅད་ནས་འབྱོངས་པའི་ཉམས་རྟགས་མ་བྱུང་གི་བར་དུ་ བསྒོམ་དུ་གཞུག་གོ ། འབྱོངས་པའི་རྟགས། ལུས་འཕར་གཡོ་དང་། རེས་འགའ་ཡང་བ་དང་། རེས་འགའ་ ལྕི་བ་དང་། ལུས་མོད་པ་སྙམ་བྱེད་པ་དང་། རེས་འགའ་དྲོ། རེས་འགའ་གྲང་བ་སྙམ་བྱེད་པ་ སོགས་སྣ་ཚོགས་འབྱུང་སྲིད། ངག་ཉམས་རང་དབང་མེད་པར་རྒོད་པ་དང་། ངུ་བ་དང་། གླུ་ ལེན་པ་དང་། རེས་འགའ་སྨྲ་སྙིང་མི་འདོད་པ་དང་། རྔམ་པ་དབུགས་ཤུགས་རིང་ནར་བ་དང་ ། རྔམ་པ་འདར་བ་དང་། རེས་འགའ་དབུགས་ཤིན་ཏུ་དལ་བར་རྒྱུ་བ་དང་། རྒྱུ་བ་མི་ཚོར་བ་ 3-1-35 སྙམ་བྱེད་པ་སོགས་སྣ་ཚོགས་འབྱུང་སྲིད། སེམས་ཉམས་རྟོག་པ་འཕྲོ་བ་དེ་མི་འཕྲོ་བར་ལྷན་ ནེ་གནས་པ་དང་། རེས་འགའ་སེམས་སྤུན་ཞིང་། ཚིག་པ་ཟ་བ་དང་། རང་དབང་མེད་པར་ འཕྲོ་རྒོད་དུ་འཆོར་བ་དང་། དགའ་མི་དགའི་སྣང་བ་འཆར་བ་སོགས་ཅི་རིགས་པ་འབྱུང་སྲིད་ པས། གཞན་ཡང་སྒོམ་ཁང་གི་མུན་པའི་རྣམ་པ་མེད་པར་ནམ་ལངས་པ་ལྟར་སྐྱ་ཧོད་པར་ སྣང་བ་དང་། དུ་བ་དང་། སྤྲིན་ལ་སོགས། སྣང་བ་དང་། སྨིག་རྒྱུ་དང་། མཚོ་དང་། འབབ་ ཆུ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་དང་མར་མེ་ལྟ་བུ་དང་། སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལྟ་ བུ་སྣང་བ་དང་། གཟའ་སྐར་དང་། འཇའ་ཚོན་ལ་སོགས་པ་མཐོང་སྣང་ཅི་རིགས་པ་འཆར་ སྲིད། དེ་ལུས་ངག་སེམས་གསུམ་འབྱོངས་པའི་རྟགས་ཡིན་ནོ། །དེ་དུས་གཉིད་ཆུང་བ་དང་། ཁམས་ལྡོག་པའི་རྣམ་པ་བྱུང་ན་འཕྲོད་པའི་ཟས་དང་སྨན་བསྟེན་པ་དང་སྐུ་མཉེ་བ་ལ་སོགས་ པས་ཁམས་བསོས་ལ་བསྒོམ་པར་བྱའོ། ། ཉིན་མོའི་གཉིད་སྤངས་ནས་མཚན་མོའི་གུང་ལ་གཉིད་རྫོགས་པར་ལོག སྲོད་ཐོ་རངས་ ནམ་གྱི་བཞི་ཆ་ཙམ་རེ་ལ་དགེ་སྦྱོར་ལ་འབད་པར་བྱ་ཞིང་། བླ་མའམ་ཁྲིད་སྐོར་བ་ཉམས་ ཅན་གྱིས་གནངས་དུས་བཞིན་ཁམས་དྲི་བ་དང་ལུས་གནད་མ་ཆུན་ན་བཅོས་ཤིང་ཉམས་ རྟགས་འདྲི་ཚུལ་བྱ་མ་ཤོར་བ་ཐབས་མཁས་པོས་དྲི་བ་དང་། ཁ་ཅིག་ཉམས་འུར་ལངས་པ་ སྐྱེས་ནས། བློ་མ་བདེ་བ་ལྟ་བུ་འདུག་སྲིད་ན་སྐྱོན་མེད་དུ་ངོ་སྤྲོད་པ་སོགས་སྐྱོང་མཁས་པ་ གལ་ཆེའོ། །ཐུན་མོ་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་གོ། །འདི་རྣམས་ཀྱི་ཤེས་ བྱེད་དང་ལུང་། ཁྲིད་ཡིག་ཆེན་མོ་རྣམས་དང་། ངོ་སྤྲོད་ཡང་དག་དོན་གསལ་དང་། གསང་ དོན་རབ་གསལ་སོགས་རྣམས་ནས་ཤེས་པར་བྱའི་འདིར་མ་བཀོད་དོ། ། གཉིས་པ་དངོས་གཞི་ལ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་རྣམས་ ཐོག་མ་དང་བར་དང་ཐ་མར་དགེ་བའི་ཁྲིད་རིམ་གསུམ་གྱི་ཉམས་སུ་བླང་བར་བྱ་སྟེ། སོར་ 3-1-36 སྡུད་བསམ་གཏན་གཉིས་ཐོག་མར་དགེ་བའི་ཁྲིད། སྲོག་རྩོལ་འཛིན་པ་གཉིས་བར་དུ་དགེ་ བའི་ཁྲིད། རྗེས་དྲན་ཏིང་ངེ་འཛིན་གཉིས་ཐ་མར་དགེ་བའི་ཁྲིད་དོ། ། དང་པོ་ལ་སོར་སྡུད་དང་བསམ་གཏན་གཉིས་ལས། དང་པོ་ལ་དྲུག སོ་སོར་སྡུད་ཅེས་ པའི་མཚན་གྱི་དོན་མིག་སོགས་ཀྱི་དབང་པོའི་ཤེས་པ་གཟུགས་སོགས་ཡུལ་ལྔ་ལ་འཇུག་ པ་སོ་སོར་བསྡུས་ནས་ཤའི་སྤྱན་སོགས་སྟོང་གཟུགས་སོགས་ལ་འཇུག་པས་སོར་སྡུད་ཅེས་ བྱ་ལ། བསྡུད་དགོས་པའི་རྒྱུ་མཚན། དབང་ཤེས་ལྔས་གཟུགས་སོགས་ཡུལ་ལྔ་འཛིན་པ་ནི་ འཁོར་བའི་རྒྱུ་ཡིན་པས་སོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། སོར་བསྡུད་བསྒོམ་པའི་ཐོག་མར་སྣ་བུག་ གཡས་ནས་རླུང་རྒྱུ་བ་དང་བསྟུན་ནས་བསྒོམ་ཞིང་། གཞན་དུ་དེ་དང་བསྟུན་མི་དགོས་སོ། ། གསུམ་པ་སོར་བསྡུད་སྒོམ་ཚུལ་ལ་གསུམ་སྟེ། ཉིན་མཚན་གྱི་རྣལ་འབྱོར་བསྒོམ་པ་དང་། སྤོག་པའི་ཆོ་ག བསྒོམ་འཕྲོ་ལ་ཤི་ཡང་གོམས་སྟོབས་འཇུག་པའོ། ། དང་པོ་ལ་ཡང་མཚན་མོ་གསེང་མེད་ནམ་མཁའི་རྣལ་འབྱོར་དང་། ཉིན་མོ་སྤྲིན་མེད་ ནམ་མཁའི་རྣལ་འབྱོར་རོ། ། དང་པོ་ལ་བསྒོམ་པའི་གནས་ནི། སྔར་བསྟན་པའི་དབེན་གསུམ་བརྟེན་པའི་ས་དེ་ཉིད་ དུ། བསྒོམ་ཚུལ་ཤ་བ་རི་པའི་གཞུང་ལས། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱི་ཏིར་རླུང་ བཅུ་ཆུད་གྱུར་པས། །ཕྱི་ནང་རླུང་འགགས་རྟགས་འབྱུང་བ། །སོ་སོར་གཅོད་པའི་ཡན་ལག་ ཡིན། །ཞེས་གསུངས་པ་ལྟར་མི་གཡོ་བ་གསུམ་ལྡན་དུ་ཉམས་སུ་ལེན་པ་ལ། ལུས་རྩ་མི་གཡོ་ བར་གནས་པ་ནི། ཐུན་རེའི་མགོ་ལ་ཐུན་མོང་གི་སྔོན་འགྲོ་དང་། ཡི་དམ་ལྷ་བསྒོམ་པ་གསལ་ ལ་ཡུན་ཐུང་རེ་སྔོན་དུ་བཏང་ནས། ལུས་གནད་དབེན་གསུམ་གྱི་སྐབས་སུ་བསྟན་པ་དེ་ཉིད་ བཅའ་བར་བྱ་ཞིང་། ངག་རླུང་མི་གཡོ་བར་གནས་པ་ཡང་། དབེན་གསུམ་གྱི་ངག་དབེན་པར་ 3-1-37 གནས་པས་ངག་སྦྱང་བ་དེ་ཉིད་ཉམས་སུ་བླང་ངོ་། །གསུམ་པ་རིག་པ་མི་གཡོ་བར་བཞག་པ་ ནི། སེམས་རིག་པ་རྣམ་རྟོག་གི་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པར་བྱ་སྟེ། དེ་ལ་སེམས་ཀྱི་བཞག་ཐབས་བཞི་ལས། དང་པོ་སེམས་རིག་པ་ཅིར་ཡང་མི་སེམས་བཞག་ པ་ནི། སེམས་མ་བཅོས་གཉུག་མའི་ངང་དུ་བཞག་ནས་ཡོད་མེད་སོགས་ཅིར་ཡང་མི་བསམ་ ཞིང་ཡིད་ལ་མི་བྱེད་པར་མཉམ་པར་བཞག་གོ། ། གཉིས་པ་སེམས་རིག་པ་རྩེ་གཅིག་ཏུ་བཞག་པ་ནི། ལུས་ངག་མི་གཡོ་བར་གནས་ པའི་ངང་ནས་ལྟ་སྟངས་ཀྱིས་རིག་པ་གཅུན་ཏེ། ལྟ་སྟངས་གཏད་པའི་བར་སྣང་སྟོང་པ་དེ་ ལ་སེམས་རྩེ་གཅིག་ཏུ་མི་གཡོ་བར་བཞག་གོ། །གསུམ་པ་སེམས་རིག་པ་ད་ལྟར་བ་འཛིན་ མེད་དུ་བཞག་པ་ནི། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔོན་མི་བསུ། ད་ལྟ་བ་ལ་ རྩི་བགྲང་མི་བྱ་བར་ཤེས་པ་ད་ལྟར་བ་གསལ་ལ་མི་རྟོག་པ་མ་བཅོས་གཉུག་མའི་ངང་དུ་མ་ ཡེངས་པར་བཞག་གོ། ། བཞི་པ་སེམས་རིག་པ་གློད་ནས་རང་གྲོལ་དུ་བཞག་པ་ནི། གྲིམས་དྲག་ནས་ཤེས་པ་ གཡེར་གཡེར་དུ་སོང་ནས་མི་གནས་ན། ཤེས་པ་ཁོང་གྲིམ་ལ་ཕྱི་ལྷོད་པ་མ་ཡེངས་དྲན་པའི་ བྱ་ར་དང་ལྷན་པས་མཉམ་པར་བཞག་སྟེ་དེ་ལྟར་རྟོག་པ་གཅོད་པའི་མན་ངག་སེམས་ཀྱི་ བཞག་ཐབས་བཞི་པོ་དེ་དག་ཀྱང་སེམས་འཇོག་ཚུལ་གཅིག་ལ་ཚང་བར་བྱས་ནས། སྐད་ ཅིག་ཀྱང་མ་ཡེངས་པར་བསྒོམ་པར་བྱ་སྟེ། སེམས་ཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ ན་གཞན་གྱི་དོན་ལྟ་སྨོས་ཀྱང་ཅི་དགོས། སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི་དུས་གསུམ་ གྱི་སངས་རྒྱས་ཐམས་ཅད་ཀྱི་ལམ་མོ་ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །དེ་ ལྟར་བསྒོམས་པའི་ཚེ། བྱིང་པའི་གེགས་བྱུང་ན། དཀྱིལ་དཀྲུང་བཅས་ལག་པ་པུས་མོ་ལ་ འཇུས་ནས། རླུང་ཁ་སྣ་གསུམ་ནས་ཡར་དྲངས་ཏེ་ཐུབ་ཚད་བཟུང་། མི་ཐུབ་པ་དང་ཁ་སྣ་ 3-1-38 གསུམ་ཀ་ནས་ཤུགས་བསྐྱེད་ལ་བུ། དེ་ལྟར་ཡང་ཡང་བྱས་ཏེ་ལྟ་སྟངས་སྟོད་ལ་བསྒོམ་མོ། །གལ་ཏེ་རྒོད་ནས་རིག་པ་མི་གནས་ན། རང་སྐད་ཅིག་གིས་ཡི་དམ་ལྷར་བསྒོམས་ལ་དེའི་ ཐུགས་ཀའི་ས་བོན་ལས་འོད་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་འོད་དུ་གྱུར། འོད་ དེ་ཚུར་འདུས་རང་ལ་ཐིམ་པས་རང་ཡང་འོད་དུ་ཞུ་སྟེ་ཇེ་ཆུང་ཇེ་ཆུང་ལ་རིམ་གྱིས་བསྡུས་ནས་ སྟོང་པར་བསམ་སྟེ། ལྟ་སྟངས་ཅུང་ཟད་སྨད་ལ་བསྒོམ་མོ། །དེ་ལྟར་ཡང་ཡང་བྱས་པས་བྱིང་ རྒོད་ངེས་པར་སེལ་ལོ། །དེ་ལྟར་རྩེ་གཅིག་ཏུ་བསྒོམས་པས་རང་གི་སེམས་ཀྱི་འོད་གསལ་དུ་ བ་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་ལ་སོགས་པ་སྟོང་གཟུགས་ཀྱི་རྣམ་པ་དུ་མ་འཆར་བས་ཁྲིད་སྐོར་ བས་དྲི་བརྟགས་ལེགས་པོ་བྱས་ལ་ཉམས་རིམ་ཅན་དང་རིམ་མིན་གང་སྐྱེས་ཐམས་ཅད་སྐྱོན་ མེད་དུ་ངོ་སྤྲད་ནས་སྣང་བ་གང་ཤར་ལ་དགག་སྒྲུབ་མེད་པར་སྒོམ་དུ་གཞུག་གོ ། དང་པོ་བསྒོམ་འདེབས་པ་ལ་མཁས་པ། བར་དུ་ཉམས་སྐྱོང་བ་ལ་མཁས་པ། མཐར་ ཉམས་ཡོན་ཏན་དུ་ངོ་སྤྲོད་པ་ལ་མཁས་པས་སློབ་མའི་རྒྱུད་ལེགས་པར་འཁྲིད་པར་བྱའོ། །རྗེས་ཐུན་མཚམས་ཀྱི་སྐབས་སུ་དགེ་བ་བྱང་ཆུབ་ཏུ་བསྔོ་བར་རྒྱས་གདབ་ནས་ལུས་བྱ་སྤྱོད་ ཀྱིས་དབེན་པ། ངག་སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གི་སྤྲོ་བསྡུས་དབེན་པར་ གནས་ཏེ་སྒོ་གསུམ་རང་ལུགས་སུ་ལྷོད་ཀྱིས་གློད་ལ་ངལ་བ་དང་སྐྱོ་བ་དང་ཡིད་སུན་པ་ལྟ་བུ་ བྱུང་ན་ངལ་བསོ་ཞིང་འཕྲོད་པའི་འདོད་ཡོན་བརྟེན་ནས་ཁམས་བསོས་ཏེ་བསྒོམ་པར་བྱའོ། ། གཉིས་པ་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་ལ། བསྒོམ་པའི་གནས་ནི། ནམ་ མཁའ་རྒྱ་ཆེན་པོ་མཐོང་བའི་ས་རིའི་རྩེའམ་ཐང་ཡངས་པ་ལྟ་བུར་མིག་སྔར་གངས་དང་ཆུ་ལ་ སོགས་པའི་འོད་འཚེར་བ་ཡོད་ན་མིག་ལ་གནོད་པས་དེ་འདྲ་མེད་པའི་གནས་སུ་རང་ཕྱི་ནས་ མི་མཐོང་ཙམ་དུ་སྐྱོར་པའམ། ཁང་པའི་གཡབས་ལྟ་བུར་སྤྲིན་དང་སེར་བུ་མེད་པའི་དུས་སུ་ བསྒོམ་པའི་ཚུལ་ནི། སྔ་དྲོ་ཉི་མ་ལ་རྒྱབ་ཕྱོགས་ནས་ཁ་ནུབ་ཏུ་ལྟ། ཕྱི་དྲོ་ཤར་དུ་ལྟ། ཉིན་གུང་ 3-1-39 མི་བསྒོམ་གསུང་ཡང་བྱང་ཕྱོགས་སུ་སྤྲིན་མེད་ནམ་མཁའ་རྒྱ་ཆེན་པོ་འདུག་ན་བྱང་དུ་བལྟས་ ཏེ་བསྒོམ་དུ་རུང་གསུང་། ལུས་གནད་ལྟ་སྟངས་ནི་གོང་བཞིན་ཡིན་ལ། སེམས་ཀྱི་འཇོག་ ཚུལ་ནི། རང་འདི་ན་ཡོད་པ་ལ་མི་ལྟ། མེ་སེམས། ཡུལ་ཕ་གི་ན་འདུག་པ་ལ་མི་ལྟ་མི་སེམས་ པར་སྤྲིན་མེད་ནམ་མཁའ་ཤིན་ཏུ་དྭངས་པའི་དབྱིངས་སུ་རིག་པ་བཞག་ནས་གསལ་ལ་རྟོག་ པ་མེད་པར་བསྒོམ་མོ། །དེའི་ཚེ་ཡང་ནམ་མཁའ་སྟོང་པ་ལ་སེར་པོ་འབར་བ་དང་དཀར་པོ་ འབར་བ་ཟླ་བ་ལྟ་བུ་ལ་སོགས་པ་འོད་གསལ་སྟོང་གཟུགས་ཀྱི་རྣམ་པ་དུ་མ་འཆར་བ་རྣམས་ ལ་དངོས་པོའི་མཚན་མ་དང་དགའ་བ་དང་མི་དགའ་བ་ལ་སོགས་ཀྱི་རྣམ་རྟོག་མི་བྱ་བར་གང་ སྣང་གི་རྣམ་པ་ལ་རྩེ་གཅིག་པའི་སེམས་ཀྱིས་ལྟ་བར་བྱའོ། ། གཉིས་པ་སྤོག་པའི་ཆོ་ག་ནི། དེ་ལྟར་འབད་ནས་བསྒོམས་ཀྱང་འཆར་སྒོ་ལ་སོགས་པ་ གང་ཡང་མ་བྱུང་ན། དུས་ཞབས་སྙན་རྒྱུད་ལས། སོ་སོར་སྡུད་པའི་སྤོགས་པ་ནི། །བྱེད་ཅིང་ དྲག་ཏུ་བརྩམ་པར་བྱ། །ཞེས་པ་ལྟར་ལུས་གནད་ལེགས་པར་བསྒྲིམས། ལྟ་སྟངས་སྟོད་ནས་ ལྟ་ས་རྒྱ་ཆེན་པོ་མ་ཡིན་པ་ལ་ཕུར་ཚུགས་སུ་བལྟས་པས་ལས་རླུང་རྒྱུ་བའི་རྩ་རོ་རྐྱང་གཉིས་ འཆིངས། དེ་འཆིངས་པས་བྱེད་པ་དབང་པོ་གཞན་རྣམས་ཀྱང་འཆིངས་པས་སེམས་ལ་འོད་ གསལ་འཆར་བར་འགྱུར་རོ། ། གསུམ་པ་རྣལ་འབྱོར་བསྒོམ་འཕྲོ་ལ་ཤི་ཡང་གོམས་སྟོབས་འཇུག་པ་ནི། སྤྱིར་འཇིག་ རྟེན་གྱི་བྱ་བ་སྤངས་ནས་བརྩོན་འགྲུས་ཆེན་པོས་འབད་ནས་བསྒོམས་ན། ཚེ་དེ་ཉིད་ལ་ མཆོག་ཐོབ་པར་འགྱུར་ཏེ། དྲི་མེད་འོད་ལས། རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་ རྣམས་ཀྱིས་སྐྱེ་བ་འདི་ལ་སྟེར་བར་བྱེད་དོ་ཞེས་སོ། །རྩོལ་བ་འབྲིང་དུ་གྱུར་ན་ཡང་དེ་ཉིད་ ལས། ཅི་སྟེ་གང་གི་ཚེ་ལམ་དུ་ཞུགས་པར་གྱུར་པ་རྣལ་འབྱོར་མ་ཐོབ་པར་ཤི་བར་གྱུར་ན་ དེའི་ཚེ་དེའི་འཛིན་པ་ཏེ་བག་ཆགས་ཀྱི་སྟབས་ཀྱིས་སླར་ཡང་མིའི་སྐྱེ་བ་གཞན་ལ་ཐོབ་པར་ 3-1-40 གྱུར་ཏེ། ཞེས་གསུངས་པས་སྐྱེ་བ་ཕྱི་མར་འགྲུབ་པོ། །རྣལ་འབྱོར་པ་བསྒོམས་ཤིང་ངོ་འཕྲོད་ ཀྱང་བརྩོན་འགྲུས་ཤིན་ཏུ་ཞན་པར་གྱུར་པས་མི་དགེ་བ་མ་བསགས་ན་སྐྱེ་བ་བདུན་ཚུན་ཆད་ དུ་མཆོག་འགྲུབ་པར་འགྱུར་ཏེ། ཡང་དེ་ཉིད་ལས། བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ ཡེ་ཤེས་མ་བསྒོམས་ཀྱང་སྐྱེ་བ་བདུན་གྱི་མཐར་ཐུག་པས་སོ་ཞེས་པ་ངེས་པའོ་ཞེས་དང་། སྙན་རྒྱུད་ལས། སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །ཞེས་ སོ། ། བཞི་པ་བསྒོམས་པས་རྟགས་ཚད་ལ། དུས་འཁོར་ནས་གསུང་ཚུལ་དང་། རྒྱུད་གཞན་ ནས་གསུང་ཚུལ་གཉིས་ལས། དང་པོ་ལ། མཚན་རྟགས་འཆར་བའི་ཚུལ་ནི། སྟོང་པ་ལ་ནི་ དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་ཞེས་གསུངས་པས། མུན་ཁང་དུ་ལུས་གནད་ལྟ་སྟངས་སེམས་ཀྱི་འཇོག་ཚུལ་ཁྱད་པར་ཅན་ལ་བརྟེན་ནས་རླུང་ སེམས་དབུ་མར་ཚུད་པས་སེམས་ཀྱི་འོད་གསལ་མངོན་སུམ་དུ་མཐོང་བར་འགྱུར་ལ། དེ་ མཐོང་ཚུལ་ལ། དང་པོ་དུ་བ་ལྟ་བུ། དེ་ནས་སྨིག་རྒྱུ་ལྟ་བུ། དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ། དེ་ ནས་མར་མེ་ལྟ་བུའི་འོད་གསལ་འཆར་རོ། ། ཉིན་མོའི་རྣལ་འབྱོར་བསྒོམས་པར་འཆར་ཚུལ་ནི། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་ རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། དང་པོ་སེར་ པོ་འབར་བ་དང་། དེ་ནས་ཟླ་བ་ལྟ་བུ་དཀར་པོ་འབར་བ་དང་། དེ་ནས་ཉི་མ་ལྟ་བུ་དམར་པོ་ འབར་བ་དང་། རྡོ་རྗེ་སྟེ་སྒྲ་གཅན་ལྟ་བུ་ནག་པོ་འབར་བ་དང་། གློག་འགྱུ་བ་ལྟ་བུ་མཆོག་གི་ ཆ་དང་། ཐིག་ལེ་སྔོན་པོའི་རྣམ་པ་མཐོང་བར་འགྱུར་རོ། །དེ་ལྟར་ཉིན་མཚན་གྱི་རྣལ་འབྱོར་ འབད་ནས་བསྒོམས་པས་ཐིག་ལེའི་དབུས་སུ་སངས་རྒྱས་ཀྱི་གཟུགས་རྫས་སུ་མེད་ཅིང་བློ་ གྲོས་བཏགས་པའི་རྣམ་པ་དང་བྲལ་བའི་སྲིད་པ་གསུམ་དང་དུས་གསུམ་གྱི་རྣམ་པའི་འོད་ 3-1-41 གསལ་དུ་མ་མཐོང་བར་འགྱུར་ལ། དེ་ནས་རྩ་དབུ་མའི་ནང་དུ་རེ་ཁཱ་ནག་པོ་མཐོང་ཞིང་དེའི་ ནང་དུ་ཀུན་མཁྱེན་གཟུགས་ཞེས་པ་ཆོས་སྐུའི་ངོ་བོ་ཁམས་གསུམ་དང་དུས་གསུམ་གྱི་རྣམ་པ་ ཆུ་ནང་དུ་ཉི་མའི་གཟུགས་བརྙན་ཤར་བ་ལྟ་བུ་ཤིན་ཏུ་གསལ་བ་མཐོང་བར་འགྱུར་རོ། །དེ་ ཉིད་ལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཅེས་ཀྱང་བྱ། སེམས་ཀྱི་འོད་གསལ་ཞེས་ཀྱང་ བྱ། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱའོ། །དེ་དག ལས་དང་པོའི་རྣལ་འབྱོར་པས་ཤའི་སྤྱན་གྱིས་ མངོན་སུམ་དུ་མཐོང་བར་འགྱུར་རོ། ། གཉིས་པ་རྒྱུད་གཞན་ནས་གསུང་ཚུལ་ལ། གསང་འདུས་ལས་མཚན་རྟགས་ལྔ་ གསུངས། དེ་ལ་དང་པོ་སྨིག་རྒྱུ་ལྟ་བུ། གཉིས་པ་དུ་བ་ལྟ་བུ། གསུམ་པ་སྲིན་བུ་མེ་ཁྱེར་ལྟ་བུ། བཞི་པ་མར་མེ་ལྟ་བུ། ལྔ་པ་སྤྲིན་མེད་ནམ་མཁའ་ལྟ་བུ་ཞེས་གསུངས་ལ། གཉིས་པ་དུ་བ་ལྟ་ བུ་ཞེས་གསུངས་པ་ནི། བླ་མའི་ཞལ་ལ་རག་ལས་པར་བྱ་བའི་ཕྱིར་དཀྲུགས་ཏེ་གསུངས་པར་ ནཱ་རོ་པས་བཤད་ཅིང་། བདེ་མཆོག་སྟོད་འགྲེལ་དུ་ཡང་། དང་པོ་དུ་བ་མཐོང་སྟེ་སྨིག་རྒྱུ་ནི་མ་ ཡིན་ནོ། །ཞེས་རང་གི་ཉམས་སུ་མྱོང་བས་ཤེས་པར་བྱའོ། །ཞེས་གསུངས་པས། སྨིག་རྒྱུ་ལྟ་ བུ་རྟགས་དང་པོ་དང་། རྡོ་རྗེ་གུར་ལས། སྤྲིན་ལྟ་བུ་རྟགས་དང་པོ་དང་། དུ་བ་ལྟ་བུ་གཉིས་ པར་གསུངས་པ་ཐམས་ཅད་དགོངས་པ་ཅན་དུ་ཤེས་པར་བྱའོ། །མཚན་བརྗོད་ལས་ཉིན་ མོའི་རྣལ་འབྱོར་གྱི་རྟགས་རྣམས་གསུངས་ཏེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ ཡེ་ཤེས་མེ་བོ་ཆེ(ཞེས་པ་སེར་པོ་འབར་བ་མཐོང་བའོ།།)། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་ སྣང་བ་ལམ་མེ་བ(ཟླ་བ་སྣང་བའོ།།)། །འགྲོ་བའི་མར་མེ་(ནི་ཉི་མ་བའོ།།)ཡེ་ཤེས་སྒྲོན(ནི་རྡོ་རྗེ་ཅན་ནོ)། །གཟི་བརྗིད་ཆེན་པོ་འོད་གསལ་བ(ནི་གློག་ལྟ་བུ་སྟེ་མཆོག་གི་ཆའོ)། །སྔགས་མཆོག་མངའ་བདག་ རིག་སྔགས་རྒྱལ(ནི་ཐིག་ལེའོ)། །(དེ་ནས་)གསང་སྔགས་རྒྱལ་པོ་དོན་ཆེན་བྱེད(ནི་རྣམ་པ་ཐམས་ཅད་ པའི་སྟོང་གཟུགས་མཐོང་བའོ)། །ཅེས་གསུངས་སོ། །དེ་ལྟར་གསང་འདུས་ནས་མཚན་རྟགས་ལྔ་དང་ 3-1-42 ། མཚན་བརྗོད་ནས་ཉིན་རྟགས་ལྔ་གསུངས་སོ། །དེ་ལྟར་རྟགས་བཅུ་སོགས་སྟོང་གཟུགས་ མངོན་སུམ་དུ་མཐོང་བའི་བློ་རྣལ་འབྱོར་མངོན་སུམ་ཡིན་ཞིང་ཡིན་ཡང་འཕགས་པའི་མངོན་ སུམ་ཡིན་པས་མ་ཁྱབ་པོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ་དག་པར་བྱ་བའི་གཞི་ནི། སེམས་ཅན་ཀུན་ལ་ གདོད་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་ཕུང་པོ་གཞན། རྡོ་རྗེ་སེམས་ དཔའ་སོགས་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི་མ་དག་པ་འཁོར་བ་ པའི་ཡེ་ཤེས་ཀྱི་ཕུང་པོ་སོགས་དྲུག་ཚན་གཅིག་ཡིན་ཞིང་། དག་བྱེད་ནི་རྡོ་རྗེ་སེམས་དཔའི་ རིགས་ཀྱི་ཏིང་ངེ་འཛིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ། སོ་སོར་སྡུད་པའི་ཡན་ལག་ དུ་སོགས་རྟགས་བཅུ་མཐོང་བའི་དབྱེ་བས་བཅུའོ། ། དྲུག་པ་བསྒོམས་པའི་འབྲས་བུ་ནི། གོམས་པ་བརྟན་པར་གྱུར་པས་གནས་སྐབས་ ཀྱི་འབྲས་བུ་བདེན་པའི་ཚིག་འགྲུབ་པ་དང་། མཐར་ཐུག་གི་འབྲས་བུ་རྡོ་རྗེ་སེམས་དཔའ་ སོགས་ཡེ་ཤེས་ཀྱི་ཁམས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བའི་འབྲས་བུ་ཐོབ་པའོ།། །། གཉིས་པ་བསམ་གཏན་གྱི་ཡན་ལག་ལ། མཚན་དོན། བསྒོམ་པའི་དུས་མཚམས། བསྒོམ་ཚུལ་གྱི་ཡན་ལག བསྒོམ་པའི་རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་ པས་ཐོབ་པའི་འབྲས་བུ་དང་དྲུག་ལས། དང་པོ་ནི། སོ་སོར་སྡུད་པས་མཐོང་པའི་སྟོང་གཟུགས་ལ་ཡིད་རྩེ་གཅིག་ཏུ་གནས་པས་ ན་བསམ་གཏན་ནོ། ། གཉིས་པ་ནི། དང་པོ་སྣ་བུག་གཡོན་ནས་རླུང་རྒྱུ་བ་དང་བསྟུན་ནས་བསྒོམ། གསུམ་པ་ལ། བསམ་གཏན་གྱི་ངོ་བོ་ཡན་ལག་ལྔ་ལྡན་དུ་བསྒོམ་པ་དང༌། བོགས་འདོན་ 3-1-43 སྤོགས་པའི་ཆོ་ག་དང༌། ཉམས་རྟོགས་ཇི་ལྟར་འཆར་བའི་ཚུལ་ལོ། ། དང་པོ་ནི། དགོས་པ་ནི་སྔར་མཐོང་བའི་སྟོང་གཟུགས་ལ་བརྟན་པ་ཐོབ་པའི་ཕྱིར་དུ་ བསྒོམ་བྱ་སྔར་མཐོང་བའི་སྟོང་གཟུགས་ལ། བསྒོམ་ཚུལ་མི་གཡོ་བ་གསུམ་ལྡན་གྱིས་ནམ་ མཁའི་དབྱིངས་སུ་རྩེ་གཅིག་ཏུ་ལྟ་ཞིང་བསྒོམས་པའི་ལུས་གནད་སྤྱིར་སོར་སྡུད་བཞིན་ལ་ ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱའོ། །དེ་ཡང་བསམ་གཏན་ཡན་ལག་ལྔ་ལྡན་དུ་བསྒོམ་སྟེ། སྟོང་གཟུགས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་བློ་ཤེས་རབ་སྟོང་གཟུགས་རགས་པའི་ རྣམ་པ་ཙམ་གསལ་བར་འཛིན་པས་རྟོག་པ། དེ་ཉིད་ཞིབ་ཏུ་ངེས་པས་སྤྱོད་པ། དེ་ཉིད་ལ་ སེམས་ཆགས་པ་དེར་དེ་མཐོང་བས་ཡིད་བདེ་བ་ནི་དགའ་བ། སེམས་དང་གཅིག་ཏུ་འདྲེས་ པ་ལྟ་བུར་གྱུར་པས་ལུས་ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ་པ་ནི་བདེ་བ་སྟེ་དེ་ལྟ་བུའི་ཉམས་ མྱོང་དང་པོར་རིམ་ཅན་དང་། བརྟན་པར་གྱུར་ན་གཅིག་ཆར་དུ་འབྱུང་ཡང་བསྒོམ་ཚུལ་མི་ འདྲ་བའི་ཁྱད་པར་མེད་དེ་སྟོང་གཟུགས་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཡན་ལག་ཡིན་ པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་པའི་སེམས་སྟོང་གཟུགས་དང་འདྲེས་པ་ལྟ་བུར་གྱུར་ན་རྩེ་ གཅིག་ཏུ་གནས་པ་ན། སེམས་གསལ་ལ་མི་རྟོག་པ་སྟོན་ཀའི་ནམ་མཁའ་དྭངས་པ་ལྟ་བུར་ རང་རིག་པའི་ཚུལ་གྱིས་རྟོགས་པར་འགྱུར་རོ། ། གཉིས་པ་བོགས་འདོན་སྤོགས་པའི་ཆོ་ག་ལ། ཉིན་མོ་བསྒོམ་ཚུལ་གྱི་ཡན་ལག་སྣ་ ཚོགས་ལ་བསླབ་པ་དང༌། མཚན་མོ་གཉིད་ཀྱི་འོད་གསལ་བཟུང་བ་དང་ཐུན་བསྒོམ་གྱིས་ མཉམ་རྗེས་བསྲེ་བ་དང་གསུམ་མོ། ། དང་པོ་ནི། སོར་སྡུད་ཀྱི་སྤོགས་པའི་ཆོ་ག་ལྟར་སྟོང་གཟུགས་དྲག་ཏུ་བསྒོམ་མོ། །བོགས་ འདོན་གཞན་ཡང་། ཡེ་ཤེས་སྤྱན་སྒྲུབ་ལས། སྣང་བའི་སྟེང་དུ་འོད་གསལ་བཟུང་། །ཕྲ་བའི་ འོད་ལ་བརྟེན་ནས་ནི། །རགས་པའི་འོད་མིན་ངོ་སྤྲད་པས། །རྟོག་མེད་འོད་ལས་སྲིད་འདས་ 3-1-44 འཆར། །ཞེས་གསུངས་པ་ལྟར། ཉིན་མོའི་རྣལ་འབྱོར་གྱིས་ནམ་མཁར་སྟོང་གཟུགས་མཐོང་ བ་ན། ལྟ་སྟངས་རིམ་ཀྱིས་ཕབ་སྟེ། ལས་སྣང་གང་རུང་གཅིག་གི་སྟེང་དུ་སེམས་བཟུང་བས་ ཕྲ་བའི་འོད་སྟོང་གཟུགས་ལ་བརྟེན་ནས་རགས་པའི་འོད་ལས་སྣང་དེའང་སྟོང་གཟུགས་ལྟ་ བུར་འཆར་ལ། དེ་ལ་སེམས་བཟུང་བས་ལས་སྣང་རྣམས་ཀྱང་མ་དག་པར་སྣང་བ་འགགས་ ནས། སྲིད་པ་ལས་འདས་པ་སྟོང་གཟུགས་སུ་སྣང་ཞིང་འདི་ལ་བརྟེན་ནས་ལྷའི་མིག་གི་ མངོན་ཤེས་གྲུབ་པོ། །ཡང་དེ་ཉིད་ལས། དྷཱུ་ཏིའི་ནང་དུ་འོད་གསལ་བཟུང་། །རྟོག་མེད་ སེམས་ཀྱི་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང་། །གསང་སྔགས་ཆོས་ལ་མཁས་པར་ འགྱུར། །ཞེས་གསུངས་པ་ལྟར་མིག་བཙུམ་པའམ། ལྟ་སྟངས་སྨད་ནས་ལྟེ་བའི་ནང་གི་རྩ་ ཨ་བ་དྷཱུ་ཏིའི་ནང་དུ་སེམས་གཏད་དེ་འོད་གསལ་བཟུང་པས། སེམས་རྟོག་མེད་གསལ་སྟོང་ གི་དེ་ཉིད་ཤེས། རྡོ་རྗེ་ལུས་ཀྱི་རྩའི་གནས་ཚུལ་རྣམས་མཐོང་བས་གསང་སྔགས་ཀྱི་ཆོས་ལ་ མ་བསླབ་པར་ཡང་མཁས་པར་འགྱུར་རོ། །ཡང་དེ་ཉིད་ལས། སྲོག་རྩོལ་སྒོ་རུ་འོད་གསལ་ གཟུང་། །རྒྱུ་བ་རླུང་གི་དེ་ཉིད་ཤེས། །རླུང་ལྔའི་ལ་དགོ་མཐོང་བར་འགྱུར། །ཞི་རྒྱས་ལ་ སོགས་དབང་དུ་འགྱུར། །ཞེས་གསུངས་པ་ལྟར། སྲོག་རྩོལ་སྒོ་ཏེ་སྣམ་བུག་གི་སྒོར་སེམས་ གཏད་དེ་འོད་གསལ་བཟུང་བས། རྒྱུ་བ་རླུང་གི་དེ་ཉིད་དེ་རླུང་གི་རིང་ཐུང་དང་གནས་ཚུལ་ ཤེས། རླུང་ལྔའི་ཁ་དོག་མཐོང་བས་ཞི་རྒྱས་སོགས་ལས་རབ་འབྱམས་འགྲུབ་པར་འགྱུར་རོ། །གཞན་ཡང་། ནམ་མཁའ་སྤྲིན་མེད་དངས་པོ་འདུག་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ལུས་གནད་ བཅས་ནས་རང་གི་གྲིབ་མ་ལ་ལྟ་སྟངས་གཡོ་བ་མེད་པར་ཡུན་རིང་དུ་ལྟ་ཞིང་། དེ་ནས་སྤྲིན་ མེད་ནམ་མཁའ་ལ་ལྟས་པ་ན་རང་གི་གྲིབ་གཟུགས་དུ་བའི་མདོག་ཅན་་་མཐོང་ལ། དེ་ལ་ རྩེ་གཅིག་ཏུ་ལྟ་ཞིང་བསྒོམས་པས་ཀྱང་བསམ་གཏན་གྱི་བོགས་ཐོན་ནོ། །ཡང་ན་ལྗོན་ཤིང་ གི་དྲུང་དུ་བསྡད་ནས། ཤིང་གི་གྲིབ་མ་ལ་ལྟ་ཞིང་ལྟ་སྟངས་གཡོ་མེད་དུ་བཞག་སྟེ་དེ་ནས་ 3-1-45 སྤྲིན་མེད་ནམ་མཁའ་ལ་ལྟས་ན་ཡང་དེའི་གྲིབ་གཟུགས་མཐོང་ལ་དེ་ལ་རྩེ་གཅིག་ཏུ་བསྒོམ་ མོ། །དེ་ལྟར་ཟླ་བ་དྲུག་ཏུ་བསྒོམས་ན་ས་འོག་གི་གཏེར་མཐོང་བར་འགྱུར་རོ། །དེ་ལྟར་སོར་ བསྡུད་བསམ་གཏན་གྱི་རྣལ་འབྱོར་བསྒོམ་པའི་ཚེ། སེམས་ཅན་ཀུན་གྱི་སྙིང་ལ་གནས་པའི་ གཞོམ་མེད་ཀྱི་སྒྲ་ཐོས་པ་འབྱུང་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་བསྒོམས་པས་ལྷའི་རྣ་ བའི་མངོན་ཤེས་ཐོབ་པར་འགྱུར་རོ། ། གཉིས་པ་མཚན་མོ་གཉིད་ཀྱི་འོད་གསལ་བཟུང་བ་ནི། མི་ཚེའི་ཕྱེད་གཉིད་ལོག་པ་ལྟ་ བུ་ཡིན་ཅིང་། དེ་ཡང་ལམ་དུ་སློང་དགོས་པས། ལམ་བདེ་བ་ལ་རྔས་མཐོ་བར་བྱས་ཏེ། མིག་ བཙུམ་པའི་ངང་ནས་ལྟ་སྟངས་བཅས། གཉིད་ལོག་ཁར་སེམས་རྟོག་མེད་དུ་བཞག་པས་ གཉིད་འཐུག་ན། རྨི་ལམ་མེད་པའི་སེམས་གསལ་སྟོང་གནས་པ་འབྱུང་སྟེ། འོད་གསལ་ཟིན་ མ་ཟིན། གཉིད་སད་རྗེས་ནམ་མཁའ་ལ་ལྟས་པས་སེམས་གསལ་ལ་རྟོག་མེད་དུ་གནས་པ་ དང་། སྟོང་གཟུགས་རྣམས་ཀྱང་སལ་ལེ་སྣང་བ་འབྱུང་ངོ་། །གཉིས་སྲབ་ན་སྲབ་མོའི་འོད་ གསལ་ནི། ཐོ་རངས་དང་ནམ་ལངས་དུས་སུ་ཟིན་ཏེ། དེ་དུས་གཉིད་དུ་མ་སོང་ངམ་སྙམ་ པ་ལས་སད་རྒྱུ་ཡང་ཡོད་པ་སྣང་བ་འོད་དུ་ལམ་མེ་བ་དང་། སྟོང་གཟུགས་གསལ་བར་སྣང་ བས་བྱུང་ངོ་། །དེ་ལ་བརྟེན་ནས་འཆི་ཁར་འོད་གསལ་བསྒོམས་པས་རྣལ་འབྱོར་པའི་རིག་ པས་འོད་གསལ་ཟིན་ཅིང་གནས་པ་འབྱུང་། རིག་པ་འོད་གསལ་དབྱིངས་སུ་བརྒྱལ་བ་ལས་ སངས་ཏེ་བར་དོའི་སྣང་བ་ཤར་ན། ཡང་བར་དོའི་མན་ངག་དགོས་པ་ནི་ཟུར་དུ་བཀོད་པ་ ལས་ཤེས་པར་བྱའོ། ། གསུམ་པ་ཐུན་བསྒོམ་གྱིས་མཉམ་རྗེས་བསྲེ་བ་ནི། སོར་བསྡུད་བསམ་གཏན་བསྒོམ་ པའི་རྣལ་འབྱོར་པས་རྣམ་གཡེང་ཅན་གྱི་གནས་སུ་འདུག་དགོས་པ་བྱུང་ནའང་མུན་ཁང་བར་ པ་(མགོ་གོས་ཀྱིས་གཡོགས་པ་)བསྒྲུབས་ནས་ཀྱང་བསྒོམ་མོ། །དེ་ཡང་མ་གྲུབ་ན་མུན་ཁང་ཆུང་ངུ་ 3-1-46 (མིག་ཅུང་ཟད་བཙུམ་པ་)བསྒྲུབས་དེ་ཡང་བསྒོམ་ཞིང་མདོར་ན་འགྲོ་འཆག་ཉལ་འདུག་ལ་སོགས་ པའི་སྤྱོད་ལམ་ཐམས་ཅད་དུ་ཡང་བསྒོམ་གྱི་ཏིང་ངེ་འཛིན་དྲན་འཛིན་གྱིས་ཟིན་པར་བྱེད་ པ་དང་། སྣང་བ་གང་ཤར་གྱི་སྟེང་དུ་ལྟ་སྟངས་གཏད་ནས་སེམས་རྟོག་མེད་དུ་བཞག་པས་ འོད་གསལ་གྱི་ངང་དུ་ཕྱལ་གྱིས་འགྲོ། ལུས་སེམས་ལ་བདེ་སྡུག་ལ་སོགས་པའི་རྐྱེན་སྣང་ གང་བྱུང་ཡང་དེ་ཉིད་ཀྱི་སྟེང་དུ་སེམས་མི་གཡོ་བར་བཞག་ཅིང་བསྒོམས་པས་རྐྱེན་ངན་ལམ་ དུ་སློངས་པར་འགྱུར། དེ་ལྟར་རྗེས་ཐོབ་ཐམས་ཅད་དུ་ཡང་མཉམ་བཞག་གི་སེམས་ཀྱིས་ ཟིམས་པར་བྱས་པས་རིམ་གྱིས་མཉམ་རྗེས་འདྲེས་པར་འགྱུར་རོ། ། གསུམ་པ་ཉམས་རྟགས་པ་ཇི་ལྟར་སྐྱེ་བའི་ཚུལ་ནི། དེ་ལྟར་བསམ་གཏན་བསྒོམས་པས་ སྟོང་གཟུགས་ཀྱི་སྣང་བ་རྣམས་ཤིན་ཏུ་བསྟན་པ་དང་། སོར་བསྡུད་ཀྱི་དུས་ལས་ཀྱང་ཆེས་ དྭངས་པ་དང་། གསལ་བ་དང་། རྒྱ་ཆེ་བར་སྣང་ཞིང་འོད་གསལ་གྱི་ངོ་བོར་གྱུར་པའི་སངས་ རྒྱས་ཀྱི་ཞིང་ཁམས་དང་། འགྲོ་བ་རིགས་དྲུག་གི་སྣང་བ་སོགས་རབ་འབྱམས་ཚད་མེད་པའི་ འོད་གསལ་གྱི་སྣང་བ་འཆར་ལ། ཐིག་ལེའི་རྣམ་པ་ཡང་། འོད་ཟེར་འཕྲོ་བ། ཆ་ཕྲ་བ། འཚེར་ བ། འདར་བ། གཞིག་པར་དཀའ་བ་སྟེ། ཆོས་ལྔ་ལྡན་མཐོང་བ་དང་། ཡུལ་ངེས་པ་ཐིག་ལེའི་ དབུས་སུ་དང་། དུས་ངེས་པ་མཉམ་རྗེས་ཀུན་ཏུ་དང་། རང་བཞིན་ངེས་པ་མཚན་དཔེ་ཡོངས་ སུ་རྫོགས་པའི་ལོངས་སྐུ་དང་། སྤྲུལ་སྐུ་དཔག་ཏུ་མེད་པ་མཐོང་བ་སྟེ་ངེས་པ་གསུམ་ལྡན་ དང་། རྩ་ཨ་བ་དྷཱུ་ཏིའི་ནང་དུ་རེ་ཁཱ་ནག་པོ་སྐྲའི་ཚད་ཙམ་ལ་འོད་ཟེར་འཕྲོ་བའི་ནང་དུ་སངས་ རྒྱས་ཀྱི་སྐུ་ཤིན་ཏུ་གསལ་བ་མཐོང་བ་འབྱུང་ངོ་། །ལས་དང་པོ་པས་དེ་ལྟར་མཐོང་ཡང་ས་ ཐོབ་པ་ནི་མ་ཡིན་ནོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ་རྟགས་ནི། བཤད་མ་ཐག་པའི་ཆོས་ལྔ་ལྡན་དང་ ངེས་པ་གསུམ་ལྡན་ཡིན་ལ། ཚད་མ་ཡང་། སོར་བསྡུད་སྐབས་དང་མཚུངས་སོ། ། 3-1-47 ལྔ་པ་དག་བྱ་དང་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ ཅད་ལ་གདོད་ནས་བཞུགས་པའི་རྣམ་ཤེས་ཀྱི་ཕུང་པོ་གཞན་རྒྱལ་བ་མི་བསྐྱོད་པ་ལ་སོགས་ པ་ནམ་མཁའི་ཁམས་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་དག་པ་འཁོར་བ་པའི་རྣམ་ ཤེས་ཀྱི་ཕུང།།་པོ་སོགས་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་ཡིན་ཞིང་། དག་བྱེད་ནི་མི་ བསྐྱོད་པའི་རིགས་ཀྱི་ཏིང་ངེ་འཛིན་བསམ་གཏན་གྱི་ཕར་ཕྱིན་གྱི་བསམ་གཏན་གྱི་ཡན་ལག་ ཡིན་ལ། དག་བྱེད་ལ་དབྱེ་ན་ཤེས་རབ་ལ་སོགས་པའི་ཡན་ལག་ལྔ་པོ་རང་རང་གི་ཡུལ་དང་ བཅས་པ་བཅུའོ། ། དྲུག་པ་བསྒོམས་པས་ཐོབ་པའི་འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ་ལྷའི་མིག་ ལ་སོགས་པ་མངོན་ཤེས་ལྔ་ཐོབ་ཅིང་། མཐར་ཐུག་གི་འབྲས་བུ་སྒྲིབ་བཅས་ཀྱི་རྣམ་ཤེས་ཀྱི་ ཕུང་པོ་སོགས་མ་དག་པའི་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་འགགས་ནས་རྣམ་ཤེས་ཀྱི་ ཕུང་པོ་གཞན་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་ནམ་མཁའི་ཁམས་པ་དྲུག་ཚན་གཅིག་སྒྲིབ་ པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། ། ལམ་གྱི་རིམ་པ་མི་ཉམས་ཤིང་་་་་་་ཤེས་པ་དང་སྟོན་པར་སྤྲོ་ན་ཡང་དག་དོན་གསལ་དང་ གསང་དོན་རབ་གསལ་དུ་ཤེས་པར་བྱ་སྟེ། འདིར་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་ སོ། །སོར་བསྡུད་དང་བསམ་གཏན་གྱི་ཡན་ལག་རིག་པ་མཁའ་ལྡི ང་གི་མན་ངག་གིས་རིག་ པ་འོད་གསལ་གྱི་དབྱིངས་སུ་བསྲེ་བ་སྐུ་རྡོ་རྗེའི་རྣལ་འབྱོར་ཐོག་མར་དགེ་བའི་ཁྲིད་ཡིག་ རྫོགས་སོ། །ཁྲིད་མ་ཐོབ་པ་ལ་ཤིན་ཏུ་གསང་བ་གལ་ཆེའོ།། །། གཉིས་པ་སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་ བར་དུ་དགེ་བའི་ཁྲིད་ལ་གཉིས་ཏེ། སྲོག་རླུང་དབུ་མར་འཇུག་བྱེད་སྲོག་རྩོལ་གྱི་ཡན་ལག་ དང༌། སྲོག་རླུང་དབུ་མར་བརྟན་བྱེད་འཛིན་པའི་ཡན་ལག་གོ། ། 3-1-48 དང་པོ་ལ་དྲུག་སྟེ། སྲོག་རྩོལ་གྱི་མཚན་དོན། བསྒོམ་པའི་དུས་མཚམས། བསྒོམ་ཚུལ་ གྱི་ཡན་ལག བསྒོམ་པའི་རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་ པའི་འབྲས་བུའོ། ། དང་པོ་ནི། ལམ་འབྲས་པ། སྣ་བུག་གཡོན་ནས་རྒྱུ་བའི་རླུང་ལ་སྲོག་དང་། གཡས་ནས་ རྒྱུ་བ་རྩོལ་བ་ཞེས་གསུང་། རིམ་ལྔ་པའི་ལུང་ལ། རླུང་སྣ་བུག་ནས་ནང་དུ་འཇུག་པ་སྲོག་ དང་། ཕྱིར་བོས་པ་རྩོལ་བ་ཞེས་འདོད་ཀྱང་། འདིར་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུ་ ལས། སྲོག་རྩོལ་དག་ཀྱང་ལམ་ནི་གཉིས་པོ་དག་ནི་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་ དག་ཏུ་འགྱུར། །ཞེས་གསུངས་པས། སྲོག་ནི་རྩ་གཡས་གཡོན་རྒྱུ་བའི་རླུང་ཡིན་ཞིང་། དེ་ལ་ རྩ་གཡས་གཡོན་ནས་རྒྱུ་བ་བཀག་ནས་ལྟེ་བའི་དབུས་ནས་རྩ་དབུ་མའི་ནང་དུ་འཇུག་པར་ བྱེད་པར་ནི་རྩོལ་བ་ཡིན་ལ། དེའི་སྟོབས་ཀྱིས་འོག་ཐུར་སེལ་གྱི་རླུང་་་ར་ལྕིའི་རྩ་ལ་རྒྱུ་བ་དེ་ གསང་གནས་ཀྱི་འཁོར་ལོ་ནས་དབུ་མའི་མར་སྣ་དུང་ཅན་མའི་ནང་དུ་འཇུག་པར་འགྱུར་རོ། །དེ་ལྟར་དབུ་མར་ཞུགས་པའི་རླུང་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་སྣ་བུག་ནས་འབྱུང་། འཇུག གནས་གསུམ་ལས་ཡེངས་པར་དམིགས་པ་ནི། ཐུགས་རྡོ་རྗེའི་བཟླས་པའོ། ། གཉིས་པ་ནི། དུས་ཀྱི་འཁོར་ལོའི་ནང་གི་ལེའུ་ལས། སྟོང་པ་ལས་ནི་དུ་བ་སོགས་ལས་ བླ་མའི་ངེས་པའི་དབང་གིས་གཟུགས་བརྙན་འཚམས་སུ་བསྒོམ་པར་བྱ། ཞེས་གསུངས་ པས། སོར་བསྡུད་བསམ་གཏན་བསྒོམས་པས་རྟགས་བཅུ་མཐོང་ཞིང་བརྟན་པར་གྱུར་པའི་ ཚེ། ཐུན་དང་པོ་ལ། སྣ་བུག་གཡོན་ནས་རླུང་རྒྱུ་དུས་བསྒོམ་སྟེ། དེ་ཡང་སྣ་བུག་ནས་རླུང་ཡར་ གྱེན་ལ་རྒྱུ་བའི་རླུང་གི་རླུང་ཡིན་ནོ། ། གསུམ་པ་བསྒོམ་ཚུལ་ལ་བཞི་ལས་དང་པོ་ཡུལ་ནི། སྙན་རྒྱུད་ལས། ཡུལ་ནི་རྩ་གསུམ་ རླུང་ཡིན་ནོ། །ཞེས་པས་རོ་རྐྱང་དབུ་མ་གསུམ་ནས་རྒྱུ་བའི་རླུང་ཡིན་ནོ། ། 3-1-49 གཉིས་པ་དགོས་པ་ནི། ཡང་དེ་ཉིད་ལས། དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་ འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ལག་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་སྲོག་རྩོལ་དུས་ཇི་ཙམ་བར་དུ་སྒོམ་པ་ནི། རླུང་རྩ་གཡས་གཡོན་ནས་རྒྱུ་བ་ མེད་པར་རྟག་ཏུ་དབུ་མ་ནས་རྒྱུ་ཞིང་། འཛག་མེད་ཀྱི་བདེ་བ་ཐོབ་ཀྱི་བར་དུ་བསྒོམ་མོ། ། བཞི་པ་སྲོག་རྩོལ་ཇི་ལྟར་བསྒོམ་པའི་ཚུལ་ལ། བསྒོམ་པའི་གནས་ནི། ཉིན་མཚན་གྱི་ རྣལ་འབྱོར་བསྒོམ་པའི་གནས་སུ་ལུས་གནད་དཀྱིལ་དཀྲུངས་ཕལ་པ་བཅའ། ལྟ་སྟངས་སྨིན་ མཚམས་ཀྱི་ཐད་ཀའི་ནམ་མཁའ་ལ་ལྟ་ཞིང་། བསྒོམ་ཚུལ་ལ་ལུགས་མང་ཡང་། བསྒོམ་པའི་གནས་ཀྱི་ངེས་པ་དང༌། ལུས་གནད་འདུག་སྟངས་ཀྱི་ངེས་པ་དང༌། ལྟ་སྟངས་ ཀྱི་ངེས་པ་དང༌། བསྒོམ་ཚུལ་གྱི་དབྱེ་བའི་ངེས་པ་དང༌། བསྒོམ་པའི་ཚད་ངེས་པ་དང༌། སྲོག་ རྩོལ་ཉིད་ཀྱི་སྒོ་ནས་གེགས་བསལ་བ་དང་དྲུག་ལས་དང་པོ་ནི།་་་་་་ལུས་གནད་ལྟ་སྟངས་ གོང་དུ་བཤད་པ་བཞིན་ལ། གྲང་དུས་ཙོག་དཀྲུངས་ཡང་རུང་ངོ་། །ངག་རླུང་གི་སྦྱོར་བ་ནི། བརྗོད་དང་དམིགས་པར་བྱ་བ་དང་། །བརྡར་གྱུར་དང་ནི་དོན་དམ་བོ། །ཞེས་གསུངས་པའི་ དང་པོ་ནི་འདིར་མི་མི་བྱེད་ལ གཉིས་པ་མིག་རྡོ་རྗེའི་བཟླས་པ་ནི། རླུང་རོ་བསལ་ནས། རླུང་གང་ནས་རྒྱུ་བ་བརྟགས་ ཏེ། སྣ་བུག་གཡས་ནས་རྒྱུ་ན་དམར་པོ། གཡོན་ནས་རྒྱུ་ན་དཀར་པོ། གཉིས་ཀ་ནས་རྒྱུ་ན་ ལྗང་ཁུ་དམིགས་ཏེ། ནང་དུ་འཇུག་པ་དང་། ལྟེ་བར་གནས་པ་དང་། སྣ་བུག་ནས་ཕྱིར་ལྡང་ བ་ལ་སེམས་གཏད་དེ་བསྒོམ་པ་དམིགས་པ་དང་པོའོ། །ཡང་འཇུག་དང་གནས་དང་འབྱུང་ བ་གསུམ། །ཡི་གེ་གསུམ་གྱིས་རྩ་ལམ་སྦྱང་། །ཞེས་གསུངས་པ་ལྟར། རླུང་སྣ་བུག་གང་ནས་ རྒྱུ་ཡང་། ནང་དུ་འཇུག་པ་ༀ་དཀར་པོ། ལྟེ་བར་གནས་པ་ཧཱུྃ་སྔོན་པོ། ཕྱིར་ལྡང་བ་ཨཱཿདམར་ 3-1-50 པོ་བསམས་ཏེ་བསྒོམ་པ་རིམ་པ་བཞིན། སྐུ་དང་ཐུགས་དང་གསུང་རྡོ་རྗེའི་བཟླས་པ་གསུམ་ གསུམ་སྟེ་དགུ་ནི། དམིགས་པ་གཉིས་པའོ། ། གསུམ་པ་ལྟ་སྟངས་རྡོ་རྗེའི་བཟླས་པ་ནི། རླུང་སྣ་བུག་གང་ན་རྒྱུ་ཡང་ཁ་དོག་དང་ཡི་ འབྲུར་མི་དམིགས་པར་རླུང་སེམས་དབྱེར་མེད་ལྟ་བུར་འཇུག་ནས་ལྡང་གསུམ་ལ་སེམས་ གཏད་ནས་རྩེ་གཅིག་ཏུ་སྒོམ་པའོ། །དེ་ལྟར་འབད་ནས་བསྒོམས་ན་འཆི་བ་སླུ་བའི་ཡང་ མཆོག་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། རྣལ་འབྱོར་པ་ནི་མཉམ་བཞག་པས། །འཇུག་ པའི་རླུང་ནི་བགྲང་བར་བྱ། །ཇི་སྲིད་འབུམ་ལ་སོགས་པའི་གྲངས། །སྒྲ་དང་བྲལ་བས་རྟག་ཏུ་ བཟླ། །སྒྲུབ་པོས་སྒྲ་དང་བྲལ་བར་ནི། །འབུམ་བཟླས་ཡོངས་སུ་རྫོགས་པས་ནི། །ཚེ་ཉམས་ པ་ཡང་ལོ་ལྔ་རུ། །འཚོ་བ་འདི་ལ་ཐེ་ཚོམ་མེད། །རྟག་ཏུ་ནང་པར་ལངས་ནས་རླུང་། །སྟོང་ ཕྲག་གཅིག་ཏུ་བགྲང་བྱ་སྟེ། །དེ་བས་རླུང་གི་རྣལ་འབྱོར་ལ། །རྟག་ཏུ་མཉམ་བཞག་གནས་ པར་བྱ། །ཞེས་དང་། ཉི་ཟླ་བསྒྲུབ་པ་ལས། འཇུག་དང་གནས་དང་འབྱུང་བ་གསུམ། །ཡི་ གེ་གསུམ་གྱིས་རྩ་ལམ་སྦྱང་། །རྡོ་རྗེ་དཀྱིལ་དཀྲུངས་བཅས་གནས་པའི། །རྡོ་རྗེ་བཟླས་པའི་ རིམ་པ་ཡིས། །རླུང་ནི་ལམ་དུ་བྱེད་པར་འགྱུར། །ཞེས་པ་ལྟར་རོ། ། དོན་དམ་རྡོ་རྗེའི་བཟླས་པ་ནི། མཚན་བརྗོད་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་ འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ ཡི་གེ་དམ་པ་ཡིན། །ཞེས་གསུངས་པའི་ཨ་ཡིག་གི་དོན་ཆོས་ཀྱི་དབྱིངས་གདོད་མ་ནས་སྐྱེ་བ་ མེད་ཅིང་རང་བཞིན་གྱིས་འོད་གསལ་བ་བསྒོམ་པ་སྟེ། སོར་བསྡུད་བསམ་གཏན་ཉམས་སུ་ ལེན་པ་དེ་ཉིད་ཡིན་ནོ། །གསུམ་པ་སེམས་ཀྱི་བཞག་ཐབས་ཀྱང་དེ་ཉིད་དོ། ། གཉིས་པ་སྦྱོང་དུས་ཀྱི་ཉམས་རྟགས་ལྔ་ནི། ལུས་ཉམས་དབུ་མའི་སྒོ་གྲོལ། རོ་རྐྱང་གི་ གོ་སྒོ་འགགས་པས་བདེ་མི་བདེར་སྣང་བ་དང་། རླུང་སྣ་སྒོ་གང་ནས་རྒྱུ་ངེས་པ་དང་། སེམས་ 3-1-51 ཉམས་རིག་པ་གསལ་སྟོང་དུ་འཆར་བ་དང་། མཐོང་ཉམས་རླུང་ལྔའི་ཁ་དོག་མཐོང་བ་དང་། རྨི་ཉམས་རྡོ་རྗེར་བཟླས་མང་ཉུང་གིས་རྨི་ལམ་འཇམ་རྩུབ་ལ་སོགས་པ་ངེས་པའོ། ། ་་་་་་་་་་རྐང་པ་གཡོན་རྐྱང་། གཡས་སྐུམ། གཡས་ནས་རྒྱུ་ན་དེ་ལས་ཟློག་པའམ། ཡང་ ན་དཀྱིལ་དཀྲུངས་ཉིད་བཅའ། དགང་རླུང་གི་སྦྱོར་བ་ནི་རླུང་གང་ན་རྒྱུ་རྟགས་ནས། གཡོན་ ནས་རྒྱུ་ན་ལག་པ་གཡས་པས་དབུ་མ་གཡོན་པ་མནན་ནས་མཆན་ཁུང་དུ་བཅུག་པ་དཔུང་ པ་གཡོན་པས་མནན། གདོང་དང་མིག་གཡས་སུ་ལྟས་ཏེ། འགོ་སྒོ་ཅུང་ཟད་བསྡམས་ནས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་འཛུབ་མོས་སྣ་བུག་གཡས་པ་མནན་ལ། རླུང་སྣ་བུག་གཡོན་ནས་ རྔུབས་ཏེ། དེ་ནས་འཇིང་པ་གཅུས་ཏེ་གཡོན་དུ་ལྟས་ནས་གཡོན་པའི་རྡོ་རྗེ་ཁུ་ཚར་གྱི་འཛུབ་ མོས་སྣ་བུག་གཡས་པ་མནན་པ་དེ་བཏང་ནས་སྣ་བུག་གཡོན་པ་མནན་ནས་རླུང་བཟུང་སྟེ་མ་ བདེ་བ་མེད་ཙམ་ན་སྣ་བུག་གཡོན་མནན་པའི་ངང་ནས་གཡས་ནས་རླུང་དལ་བུས་བུས་ལ་ བཏང་ངོ་། །རླུང་སྣ་བུག་གཡས་ནས་རྒྱུ་ན་སྔ་མ་དེ་གོ་བཟློག་ནས་སྣ་བུག་གཡོན་ནས་རླུང་ བུས་ནས་བཏང་ངོ་། །དེ་ལྟར་རླུང་གང་ནས་རྒྱུ་བ་དེ་ནས་མི་རྒྱུ་བ་དངོས་སུ་བསྒྱུར་བ་རེས་ འཇོག་ཏུ་བྱས་པའི་བསྒྱུར་ཐོབ་བདུན་ཙམ་ལ་ཐུན་རེར་བྱས་ཏེ་ཟླ་བ་གཅིག་གི་བར་དུ་ཐུན་ མ་ཆག་པ་ནང་རེ་བཞིན་བྱ་ཞིང་། དེ་ནས་ཐུན་གཉིས་དང་གསུམ་ལ་སོགས་པ་བསྣན་ཏེ་རླུང་ དབུ་མར་རྟག་ཏུ་རྒྱུ་བར་འགྱུར་གྱི་བར་དུ་བྱའོ། །དེ་ལྟར་ཟླ་བ་ཕྱེད་ཀྱི་བར་དུ་ནང་རེ་བཞིན་ མ་ཆག་པར་བསྒོམས་ན་འཆི་བ་བསླུ་བར་གསུངས་སོ། །གནས་པ་སེམས་ཀྱི་བཞག་ཐབས་ ནི། འོད་གསལ་གྱི་སྣང་བ་ལ་ལྟ་ཞིང་རྩེ་གཅིག་ཏུ་བསྒོམ་མོ། ། གཉིས་པ་རླུང་དབུ་མར་ཆུད་པའི་ཉམས་རྟགས་ནི། ལུས་ཉམས་རྨིན་མཚམས་སུ་རླུང་ འདུས་ཤིང་སྤྱི་གཙུག་ཏུ་ཟ་བ་དང་འཕྲིག་པ་ལ་སོགས་པ་དང་། རླུང་ཉམས་རླུང་རྒྱུ་བ་མི་ ཚོར་ཞིང་བརྟགས་ན་གཉིས་ཀ་ནས་དལ་བུར་རྒྱུ་བ་དང་། སེམས་ཉམས་ཤེས་པ་གསལ་སྟོང་ 3-1-52 རྟོག་མེད་ལ་གནས་པ་དང་། མཐོང་ཉམས་དུ་སོགས་རྟགས་བཅུ་བརྟན་པར་སྣང་བ་དང་། རྨི་ཉམས་ལ་འཕུར་བ་དང་རྟ་རྒྱུག་པ་སོགས་རྨི་ན་སོགས་བ་དང་། དག་པའི་སྣང་བ་འཆར་ གསུང་། རྡོ་རྗེའི་ཚིག་གསུམ་པ་ཆུད་ནས་ཆུས་རླུང་གསུམ་པ་ཅན་གྱི་སྦྱོར་བས་ཤེས་རབ་ ནི། རྐང་པ་དཀྱིལ་དཀྲུངས་ཕལ་པ་བཅའ་ཞིང་ལུས་གནད་གཞན་རྣམས་སྔར་བཞིན་ལ་ལྟ་ སྟངས་སྨིན་མཚམས་ཀྱི་ཐད་ཀར་ལྟ། ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་སྙིང་ཁར་བསྣོལ་བ་ཡིན་ནོ། ། ངག་རླུང་གི་སྦྱོར་བ་ནི་སྙན་རྒྱུད་ལས། ཕྱི་རྒྱུད་དང་པོར་རླུང་གཏོར་ནས། །ནང་དུ་མྱུར་ དང་རྣམ་བསྲུང་དང་། །རེངས་དང་སྔགས་སྦྱོར་བརྡ་ཡིས་ནི། །བུམ་པ་ཅན་དང་རྡུལ་མཐའ་ ཡིས། །རླུང་གཉིས་དབུས་སུ་བཅུག་བཅིངས་པས། །རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་རྗེ་མེ་ ལ་སྲོག་ཞུགས་པས། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར། སྣ་བུག་ ནས་རླུང་ཕྱིར་དྲག་ཏུ་བུས་ཏེ། དེ་ནས་ནང་དུ་མྱུར་དུ་རྔུབས་ལ་འཆིལ་མ་མིད་ལྟེ་བའི་འོག་ཏུ་ མནན། ཁ་བཙུམ་ནས་འོག་སྒོ་དྲག་ཏུ་རྣམ་པར་བསྡུས་པས་བསྡམས་ཏེ། སྟེང་འོག་གི་རླུང་ལྟེ་ བར་ཁ་སྦྱར་ནས་ཇི་ཙམ་ཐུབ་ཀྱི་བར་དུ་རེངས་སུ་བཅུག་ལ་མི་ཐུབ་པ་འདྲ་བ་དང་སླར་ཡང་ རྔུབ་ཅིང་ནམ་མི་ཐུབ་པ་ན། སྣ་བུག་གཉིས་ནས་སྣ་སྒོར་རྡུལ་བཞག་པ་མི་ལྡེག་པའི་ཚད་ཙམ་ དུ་དལ་བུས་གཏོང་བའམ། ཡང་ན་སུད་ཙམ་སུད་ཙམ་བཅད་ཅིང་གཏོང་བ་རྡུལ་མཐའ་ཅན་ གྱི་དོན་ནོ། །དུས་གཅིག་ལ་བཏངས་ན་རླུང་འབྱོངས་པ་དཀའ་གསུང་། ཐོག་མའི་རླུང་འབུད་ ཐེངས་གཅིག་མ་གཏོགས་པ་ཡང་ཡང་མི་འབུད་དོ། ། སེམས་ཀྱི་བཞག་ཐབས་ནི། ལྟ་སྟངས་ཀྱི་གཏད་ས་དེ་ཉིད་དུ་སྟོང་གཟུགས་ལ་རྩེ་གཅིག་ ཏུ་ལྟ་བའོ། །དེ་ལྟར་ཐུན་བཞི་ལ་སོགས་པར་བསྒོམ་ཞིང་། དེ་དག་གི་བར་བར་དུ་ཡང་རྡོ་ རྗེའི་བཟླས་པ་དང་། སོར་བསྡུད་བསམ་གཏན་བསྒོམ་པར་བྱའོ། །ཡང་ན། བླ་མ་མན་ལུང་ གུ་རུའི་བཞེད་པ་བཞིན་ཉམས་སུ་ལེན་ན་་་་་་གཡས་ནས་འགུགས་པ་ཡིན། གཡས་ཀྱི་ཆ་ལ་ 3-1-53 ལྟ་བ་ཡིན། ནར་ཐེན་ནས་ཐུབ་ཚད་བསྡམ་པ་ཡིན། མི་ཐུབ་ན་སུད་ཙམ་སུད་ཙམ་བཅད་ནས་ གཏོང་བ་ཡིན། དུས་གཅིག་ལ་བཏང་ན་འབྱོངས་པའི་དུས་མི་འོང་གསུང་། དེ་འབྱོངས་ནས་་་ ་གཡོན་གྱི་ཆ་ལ་ལྟ་བ་ཡིན་རླུང་ལེར་འགེངས་པ་ཡིན། ཡུབ་ན་གཏོང་བ་གོང་དང་འདྲའོ། །དེ་ འབྱོངས་ནས་་་་་རྟིང་པ་གཡས་པས་གསེར་གླིང་དགག བརླ་གཡས་པ་དང་བྱིན་པའི་བར་དུ་ རྡོ་རྗེ་གཞུག ལག་པ་གཡས་པ་འབོལ་བ་བརྟེན། གཡོན་པ་མཐེ་བོང་དང་འཛུབ་མོ་སྤྲད་ལ་ གཉིད་ལོག་ཆུང་ངུར་བཞག་ལ། ལྟ་སྟངས་བདུད་རྩི་འཁྱིལ་བའི་ལྟ་སྟངས་བྱ། དབུགས་ཕྱིར་ བཏང་ནས་ནང་དུ་འཐེན་པ་བདེའམ། ནང་དུ་དྲངས་ནས་ཕྱིར་སུད་ཙམ་བཏང་ན་བདེའམ། དེ་གཉིས་གང་རུང་གཅིག་ལ་ཐུབ་ཚད་བསྡམ་པ་ཡིན། མི་ཐུབ་ན་བཏང་གོང་དང་མཐུན་ཞེས་ འབྱུང་། བུམ་པ་ཅན་འབྱོངས་པའི་ཚད་ནི། པུས་མོ་ལ་ཐལ་མོ་ལན་རེ་བསྐོར་ནས་སེ་གོལ་ ཏོག་པའི་ཡུན་ཙམ་སུམ་ཅུ་རྩ་དྲུག་གམ། བདུན་ཅུ་རྩ་གཉིས་དང་། བརྒྱ་རྩ་རྒྱ་ཐུབ་པ་བུམ་ པ་ཅན་ཆུང་འབྲིང་རབ་ཀྱི་ཚད་ཡིན་ཡིན་ལ། འབྱོངས་ནས་རིང་ཚད་ལ་ངེས་པ་མེད་དོ་ཞེས་ གསུང་ངོ་། །དེ་ལྟར་འབྱོངས་ནས་རླུང་སྣ་བུག་གཡས་གཡོན་ལ་མི་འཕོ་བར་རྟག་ཏུ་སྣ་བུག་ གཉིས་ག་ནས་འབབ་པ་དང་། ལུས་ཀྱི་རྩ་གནས་སུ་ཐིག་ལེ་དང་རླུང་རྒྱུ་བ་མཐོང་བ་དང་ ། མངོན་ཤེས་འཆར་བ་ལ་སོགས་པ་འབྱུང་གསུང་། རྡོ་རྗེའི་ཚིག་བཞི་པ་་་འཆིང་དང་། དྲག་ རླུང་བཙན་ཐབས་ཀྱི་སྦྱོར་བས་ཉི་ཟླའི་ལམ་དགག་པ་ལ། ཉི་ཟླའི་ལམ་དགག་པ་དངོས་ དང་། དེ་ལ་བརྟེན་པས་འཕོ་བའི་མན་ངག་གཉིས་ལས། དང་པོ་ལ་ལུས་རྩའི་འདུག་སྟངས་ ནི། ཀྱེའི་རྡོ་རྗེ་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་ལག་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །ཞེས་དང་། དེ་ལས་ ཡེ་ཤེས་སྐྱེ་བར་འགྱུར། །དེ་ལ་ཅི་ཞིག་སྐྱེ་ཞེས་ན། །གཞོན་བུའི་དགའ་བ་ཇི་ལྟ་བ། །ལྐུགས་ པའི་རྨི་ལམ་ཇི་ལྟ་བུའོ། །མཆོག་གི་དགའ་བ་བགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ 3-1-54 །ཞེས་པའི་དོན། ལུས་དཀྱིལ་དཀྲུངས་བཅས་ནས་རྒལ་ཚིག་སྲང་ངོ་། ། ངག་རླུང་གི་སྦྱོར་བ་ནི། དབུགས་རང་སོར་བཞག་གོ །དེའི་ལག་ལེན་ལ། མདུན་གྱི་ ཕྱོགས་ནས། རྩེ་ཆུང་གི་ཐད་ཀའི་འཕར་རྩ་གཉིས་ལག་པ་གཡས་གཡོན་གྱི་མཐེ་བོང་གཉིས་ ཀྱིས་མནན། སོར་མོ་གཞན་རྣམས་ཀྱིས་འཇིགས་པའི་རྒྱབ་ནས་མནན་ཅིང་། དེ་ཡང་ཧ་ཅང་ དྲག་པོ་མ་ཡིན་པ་གྲངས་མང་བ་བྱ་སྟེ། སྙན་རྒྱུད་ལས། བཙན་ཐབས་སྦྱོར་བས་རླུང་བཟུང་ བ། །མགོ་བོ་མི་ནའི་བར་དུ་བྱ། །ཞེས་དང་། སྦས་པ་མིག་འབྱེད་ལས། དེ་ལྟར་ཡང་ནས་ཡང་ དུ་མི་དྲག་པ་གྲངས་མང་བར་བྱས་ལ། རོ་སྟོད་དང་སྤྱི་བོ་མི་ན་བ་དེ་ཙམ་དུ་བྱས་ན། རྩ་དབུ་ མར་སྲོག་གི་རླུང་རྒྱུ་བ་ཉིད་ཀྱིས་མི་འགྱུར་བའི་བདེ་བ་ཆེན་པོ་སྐྱེ་བར་བཤད་དོ། །འདི་ནི་ སྲོག་རྩོལ་གྱི་སྤོགས་པའི་ཆོ་གའོ། །་་་་་་་་་དེའི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགགས་པ་ན་ནི་གཙུག་ཏོར་ ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་ པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །སླར་ཡང་འདིས་ནི་རྣལ་འབྱོར་པ་ རྣམས་མངོན་ཤེས་ལྔའི་རང་བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། །ཞེས་གསུང་པའི་དོན། བཙན་ཐབས་སུ་སྦྱོར་བས་ཐུར་སེལ་གྱི་རླུང་སྟེང་དུ་དྲག་ཏུ་འཐེན་ནས། དབུ་མའི་ལམ་དུ་ བཅུག་པས་གཡས་གཡོན་གྱི་རླུང་འགགས་ནས་དབུ་མའི་རླུང་སྟབས་དང་ལྡན་པས་གཙུག་ ཏོར་གྱིས་ལྤགས་པ་ཕུག་ནས་རྣལ་འབྱོར་པའི་སེམས་མཆོག་གི་གནས་སུ་འགྲོ་ཞིང་། མཁའ་ ལ་སྤྱོད་པ་དང་སྣ་ཚོགས་ཡུམ་ཆེན་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཐོབ་པར་འགྱུར་མོད། དེ་ལྟ་ ན་ཡང་། རྣལ་འབྱོར་པ་བསྒོམ་གྱི་གེགས་ཀྱིས་ཤིའོ་ཞེས་མི་སྙན་པ་འབྱུང་བར་འགྱུར་བས་ བཙན་ཐབས་ཀྱི་སྦྱོར་བ་བསྒོམས་པས་མགོ་བོ་ན་ན་ཡང་རེ་ཤིག་ངལ་བསོས་ནས། གེགས་ གྲོལ་བ་དང་ཡང་བསྒོམ་པར་བྱའོ། །ལས་དང་པོ་པས་འཕོ་བའི་མན་ངག་ཉམས་སུ་ལེན་པའི་ 3-1-55 ཚུལ་ནི། སྙན་རྒྱུད་ལས། བར་དོར་སངས་རྒྱ་བའི་གདམ་ངག་ནི། འོག་རླུང་སྟེང་གི་བུ་གར་ འདོན། །ཞེས་པའི་དོན། ཆོས་རྗེ་ཀུན་སྤངས་ཆེན་པོའི་ཞལ་གྱིས་གདམས་པ་ལས། དབུས་ ནང་ཕ་མ་རང་སེམས་ས་བོན་ཧྃ་ཨ་ཧཱུྃ། ཟླ་ཉི་ནམ་མཁའི་མདོག་ཅན་གཙུག་གསང་སྙིང་ གནས་བཞུགས། སྲོག་རྩོལ་བསུ་སྐྱེལ་བཙན་ཐབས་གཅིག་ཏུ་བསྡུས་བྱས་ལ། མདུན་པ་རྩེ་ གཅིག་གང་འདོད་གནས་སུ་འཕོས་པས་ཐོབ། །ཞེས་པ་ལྟར་ཉམས་སུ་ལེན་པ་ལ་འཕོ་བ་ སྦྱོང་བའི་ཚུལ་དང་། ལས་ལ་སྦྱོར་བའི་ཚུལ་གཉིས་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །རྡོ་ རྗེའི་ཚིག་ལྔ་པ་བཀག་པས་འོག་སྒོ་བཙན་ཐབས་སུ་འགགས་ནས། སྟེང་སྲོག་བཏང་པའི་ སྦྱོར་བས་དགྲོལ་པ་ནི། དེ་ལྟར་བསྒོམས་པས་འོག་སྒོ་འགགས་ནས་ཐུར་སེལ་ལས་མི་བྱེད་ ན། སྟེང་སྲོག་གི་རླུང་འོག་ཐུར་སེལ་གྱི་རླུང་དང་འབྲེལ་བར་རྔུབས་ནས། སྣ་སྒོ་ནས་ཕྱིར་རིང་ དུ་བཏང་བ་དང་། ཁ་ནས་ཧ་ཐུང་ཧ་རིང་ལ་སོགས་པ་བཏོན་པས་གྲོལ་ལོ། །དེ་ཡང་གཡོན་ ནས་བུས་པས་དྲི་ཆེན་འགགས་པ་སེལ། གཡས་ནས་བུས་པས་དྲི་ཆུ་འགགས་པ་སེལ་གསུང་ ངོ་། ། རྡོ་རྗེའི་ཚིག་དྲུག་པ་ལ། ལྕེ་གསུམ་བསྐྱོད་པའི་སྦྱོར་བས་ནང་གི་བདུད་རྩིའི་བཅུད་མྱང་ ཞིང་བཏུང་བ་ནི། རླུང་རོ་བསལ་དཀྱིལ་དཀྲུངས་བཅས། ཁ་ཅུང་ཟད་གདངས་པའི་ལྕེ་ཐོག་ ནས་ཤིད་ཀྱི་སྒྲ་དང་བཅས་པས་ཕྱིའི་རླུང་དྲག་ཏུ་རྔུབས་ཏེ། མཆིལ་མ་མིད་ནས་ལྟེ་བའི་ དབུས་སུ་རླུང་བཟུང་ཞིང་། ཐུར་སེལ་ཡང་དྲངས་ནས་རླུང་སྟེང་འོག་ཁ་སྦྱར་ལ། ལྕེའི་རྩེ་ མོ་ནང་དུ་བཀུག་སྟེ་ལྕེའུ་ཆུང་སྦྱར་ནས། ལྕེའུ་ཆུང་ནས་འབབ་པའི་བདུད་རྩི་མཆིལ་མ་དང་ བཅས་པ་འཐུངས་ཏེ། དམིགས་པ་དཔྲལ་བའི་འཁོར་ལོ་ཐིག་ལེ་ས་བོན་ཧཾ་ཡིག་དཀར་པོ་ ལ་དབྱངས་ཡིག་བཅུ་དྲུག་གིས་བསྐོར་བ་ལས། བདུད་རྩི་དཀར་པོ་བབས་པ་ལྕེའུ་ཆུང་ནས་ འཛག་པར་བསྒོམ་མོ། །དེའི་ཕན་ཡོན་ནི། ཚ་བའི་རིམས་དང་བཀྲེ་སྐོམ་དང་། དུག་ནད་སེལ་ 3-1-56 ཞིང་དུས་མིན་འཆི་བ་ཡང་འགོག་གོ །བདུད་རྩི་ལྕེ་སྦྱོར་འདི་ཀུན་སྤངས་ཆེན་པོ་འཛིན་པའི་ ཡན་ལག་ཏུ་ཡང་བཞེད་དོ། ། བསྒོམ་པའི་ཚད་ངེས་པ་ལ། ལུས་ཉམས་ཀྱི་ཚད་ནི། བུམ་པ་ཅན་དང་བཙན་ཐབས་ཀྱི་ རླུང་སྦྱོར་བསྒོམས་པས་སྙིང་ཁ་ཚ་བ་དང་མགོ་ན་བ་ལ་སོགས་བྱུང་ན། རེ་ཤིག་ངལ་སོ་ནས་ རྡོར་བཟླས་དང་། གེགས་སེལ་གྱི་རླུང་སྦྱོར་དང་འཁྲུལ་འཁོར་སོགས་བྱ་ཞིང་། སོར་བསྡུད་ བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམ་མོ། །སླར་ཡང་ལུས་ཉམས་དེ་ཡལ་ན། ཡང་བུམ་པ་ ཅན་དང་བཙན་ཐབས་བསྒོམ་པར་བྱ་སྟེ། པྲ་རྩི་མཆོད་པའི་དཔེ་བཞིན་ནོ། །ལུས་ཉམས་དེ་ ལྟ་བུ་བྱུང་བཞིན་དུ་ཡང་བུམ་པ་ཅན་ནར་མ་ཆད་པར་བསྒོམས་ན་དབུ་མའི་རླུང་སྟོབས་ལྡན་ གྱི་གཙུག་ཏོར་ཕུག་ནས་རྣམ་ཤེས་སྟེང་དུ་འཕོས་ན་མཆོག་ཐོབ་པའམ། མཁའ་ལ་སྤྱོད་པ་ ལ་སོགས་པ་ཐོབ་ནས་ལམ་སྤྱོད་ཆེན་པོར་འགྱུར་རོ། །དེ་ལྟ་ནའང་རྣལ་འབྱོར་པ་བསྒོམ་ གྱི་གེགས་ཀྱིས་ཤིའོ་ཞེས་གྲགས་ན་འབྱུང་བས་བུན་པ་ཅན་བར་མ་ཆད་དུ་བསྒོམ་པར་མི་ བྱའོ། །མཐོང་སྣང་གི་ཚད་ནི། རྣལ་འབྱོར་པ་རང་གི་ལུས་འོད་ཀྱི་འཁོར་ལོ་ཨ་ལོང་བཅུག་ པ་ལྟར་སྐོར་ཞིང་། འཁོར་བ་དེ་ཇེ་མཐོ་ཇེ་མཐོར་འགྲོ་བར་མཐོང་ན་ཡང་གོང་བཞིན་རེ་ཤིག་ བཞག་པར་བྱའོ། །རླུང་སྦྱོར་གྱི་སྲོག་གེགས་བསལ་བ་ནི། རྣལ་འབྱོར་པ་ལ་རླུང་གནད་སྟོད་ དུ་འཚང་བ་དང་གཟེར་བ་ལ་སོགས་པ་བྱུང་ན་ལུས་དཀྱིལ་དཀྲུངས་སམ་གཙུག་དཀྲུངས་བྱ། རྒལ་ཚིག་བསྲང་། ལག་མཐིལ་པུས་མོ་ལ་དགབ། གཙོག་དཀྲུངས་པ་ལ་པུས་འཁྱུད་བྱས་ ཏེ། རླུང་རོ་བསལ་ནས་སྟེང་སྲོག་བཏང་སྙོ མས་སུ་བཞག་ཅིང་འོག་སྒོ་དྲག་ཏུ་བསྡམས་ནས་ ཐུར་སེལ་སྟེང་དུ་དྲག་ཏུ་འཐོན་ཐུབ་ཚད་བཟུང་། མི་ཐུབ་པ་ན་རླུང་དལ་བུས་གློད་ལ་བཞག་ གོ། །དེ་ལྟར་ཡང་ཡང་བྱས་པས་རླུང་ནད་སེལ་ལོ། །བད་ཀན་ལས་བྱུང་བའི་ནད་བྱུང་བ་ན། ལུས་གནད་གོང་བཞིན་བཅས་ལ། རླུང་རོ་བུས་ཏེ། རླུང་སྣ་བུག་གཉིས་ཀ་ནས་དྲག་ཏུ་རྔུབས་ 3-1-57 ནས་ལྟེ་བའི་འོག་ཏུ་ཐུབ་ཚད་མནན་ཅིང་ཐུར་སེལ་བཏང་སྙོ མས་སུ་བཞག། དེ་ལྟར་ཡང་ཡང་ བྱས་པས་བད་ཀན་གྱི་ནད་སེལ་ལོ། །མཁྲིས་པའི་ནད་བྱུང་ན། གོང་དུ་བཤད་པའི་བདུད་རྩི་ ལྕེ་སྦྱོར་བཞིན་བྱས་ནས་སྲོག་ཐུར་གྱི་རླུང་ཕྱི་རོལ་ཏུ་དྲག་ཏུ་བཏང་བས་མཁྲིས་ནད་སེལ་ལོ། །འདུས་པ་དང་རིམས་ནད་ལ་རླུང་་་་་། གཞང་འབྲུམ་དང་། གཏན་གཡོ་བཅོས་མའི་དུག་དང་། མིག་ནད་དང་མགོ་ནད་ལ་སོགས་པ་བྱུང་ན། སྔར་བསྟན་པའི་བུམ་པ་ཅན་གྱི་སྦྱོར་བས་སྲོག་ ཐུར་སེལ་གྱི་རླུང་ལྟེ་བར་ཕྲད་ཅིང་། ལྟེ་བའི་མེ་སྟོབས་དང་ལྡན་པས་ལུས་ཐམས་ཅད་ལ་ ཁྱབ་པས་ནད་དེ་རྣམས་སེལ་བར་འགྱུར་ཏེ། སྲོག་རྩོལ་འབྱོངས་པའི་རྣལ་འབྱོར་པ་ལ་ཤིན་ ཏུ་ཕན་ཞིང་། ལས་དང་པོ་པ་ལ་ཡང་ཅུང་ཟད་ཕན་པར་འགྱུར་རོ། །གཞན་ཡང་(གྲུབ་ཆེན་ཅུ་རྒྱན་ པའི་མན་ངག་)བར་རླུང་ཞེས་པ་སྟེང་འོག་གི་རླུང་དང་པོར་བཞག་ནས་ལྟེ་བ་ཕྱིར་དྲག་ཏུ་འཕུལ་ ཞིང་། བསུས་པ་ལྡི ར་བྱས་ནས། རླུང་ཐུབ་ཚད་བཟུང་བས་ནད་གཞི་ཐམས་ཅད་མེད་པར་ བྱེད་ཅེས་ཀྱང་གསུང་ངོ་། །ཡང་དམིགས་པ་དང་འཁྲུལ་འཁོར་གྱི་སྒོ་ནས་གེགས་བསལ་བའི་ ཚུལ་ནི་ལོགས་སུ་ཤེས་པར་བྱའོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ། རྟགས་ནི་གོང་དུ་བཤད་ཟིན་ལ། སྲོག་རྩོལ་གྱི་ ཏིང་ངེ་འཛིན་འདི་ཚད་མ་གང་ཡིན་པའི་ཚུལ་ནི་སྙན་རྒྱུད་ལས། ཡིད་ཀྱི་མངོན་སུམ་ཞེས་ བྱའོ། །ཞེས་པ་ལྟར། ཡིད་དབུ་མའི་ནང་དུ་ཚུད་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བར་བཤད་ པ་དེ་ཡང་རྣལ་འབྱོར་མངོན་སུམ་ཡིན་པར་རིག་པར་བྱའོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ ཅད་ལ་གདོད་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་འདུ་བྱེད་ཀྱི་ཕུང་པོ་ གཞན་རྒྱལ་བ་དོན་ཡོད་གྲུབ་པ་སོགས་རླུང་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་དག་པ་འཁོར་བ་པའི་དྲི་བཅས་ཀྱི་འདུ་བྱེད་ཀྱི་ཕུང་པོ་ལ་སོགས་པ་རླུང་ཁམས་པ་དྲུག་ 3-1-58 ཚན་གཅིག་ཡིན་ཞིང་། དག་བྱེད་ནི། དོན་ཡོད་གྲུབ་པའི་རིགས་ཀྱི་ཏིང་ངེ་འཛིན་ནི། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་སྲོག་རྩོལ་གྱི་ཡན་ལག་གོ །དག་བྱེད་ལ་དབྱེ་ན། རྩ་ གཡས་གཡོན་གྱི་རླུང་དབུ་མར་གཅིག་ཏུ་འདྲེས་པར་གྱུར་པའི་དབྱེ་བས་རྣམ་པ་བཅུའོ། ། དྲུག་པ་བསྒོམས་པའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་རླུང་དབུ་མ་འབའ་ཞིག་ ནས་རྒྱུ་བའི་མཐུ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་ཅིང་སངས་རྒྱས་རྣམས་ ཀྱིས་ལུང་སྟོན་པ་ལ་སོགས་པ་ཐོབ་ཅིང་མཐར་ཐུག་གི་འབྲས་བུ། རྣལ་འབྱོར་པའི་དྲི་བཅས་ ཀྱི་འདུ་བྱེད་ཀྱི་ཕུང་པོ་སོགས་རླུང་ཁམས་པ་དྲུག་ཚན་གཅིག་འགགས་ནས་གཞི་ལ་གདོད་ ནས་བཞུགས་པའི་འདུ་བྱེད་ཀྱི་ཕུང་པོ་གཞན་རྒྱལ་པ་དོན་ཡོད་གྲུབ་པ་ལ་སོགས་པ་རླུང་ ཁམས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་འཐོབ་པོ། ། གཉིས་པ་འཛིན་པའི་ཡན་ལག་ལ་སྔར་བཞིན་དྲུག་ལས། དང་པོ་འཛིན་པའི་མཚན་དོན་ ནི། སྲོག་རླུང་དབུ་མར་འཛིན་པས་འཛིན་པའོ། ། གཉིས་པ་བསྒོམས་པའི་དུས་མཚམས་ནི། རླུང་རྩ་གཡས་གཡོན་དུ་རྒྱུ་བ་འགགས་ནས། སྲོག་རླུང་དབུ་མར་རྟག་ཏུ་འབབ་པར་གྱུར་པའི་ཚེ་བསྒོམ་མོ། ། སྒོམ་ཚུལ་ལ། འཛིན་པའི་ཡུལ་ནི། ལྟེ་བར་སྲོག་ཐུར་གཅིག་ཏུ་འདྲེས་པས་ཐིག་ལེ་མི་ འཕོ་བའི་བདེ་བའི་རླུང་ནི་བསྒོམ་བྱ་ཡིན་ནོ། །དགོས་པ། མི་འགྱུར་བའི་བདེ་བ་ཆེན་པོ་གོང་ ནས་གོང་དུ་འཕེལ་བའི་དོན་དུ་བསྒོམ་མོ། །དུས་ཇི་ཙམ་གྱི་བར་དུ་བསྒོམ་ན། རླུང་ལ་དབང་ ཐོབ་ཐོབ་ཀྱི་བར་དུ་བསྒོམ་མོ། ། ཇི་ལྟར་བསྒོམ་པའི་ཚུལ་དངོས་ལ། སྒོམ་པའི་གནས་དང་། ལུས་གནད་ལྟ་སྟངས་རྣམས་ སྲོག་རྩོལ་གྱི་སྐབས་བཞིན་ནོ། །བསྒོམ་ཚུལ་དངོས་ལ། སྲོག་ཐུར་བསྲེ་བ་ནི་རླུང་གང་ནས་ རྒྱུ་རྟག མཉམ་དུ་རྒྱུ་ན་དཀྱིལ་དཀྲུངས་བཅའ། གཡས་ནས་རྒྱུ་ན་རྐང་པ་གཡས་བརྐྱང་། 3-1-59 སྒོམ་སྟེགས་ཅུང་ཟད་བཅུག་སྟེ། རྐང་པ་གཡོན་པའི་རྟིང་པས་འོག་སྒོ་དམ་དུ་བཀག ལག་ པ་གཉིས་ཁུ་ཚུར་སྙིང་ཁར་སྣོལ་ནས་དམ་དུ་བཅིང་། གཡོན་པའི་བརླ་དང་བྱིན་པའི་བར་དུ་ རྡོ་རྗེ་ནོར་བུ་བཅིར། གཡོན་ནས་རྒྱུ་ན་དེ་ལས་བཟློག འོག་རླུང་ཅུང་ཟད་ཡར་འཐེན་ཏེ། ཧཱུཾ་ རིང་གིས་ཕྱིར་འབུད། ཧཱུྃ་ཐུང་གིས་དྲག་ཏུ་རྔུབས་ལ་ལྟེ་བར་མནན་ཧཱུྃ་རིངས་ཀྱིས་ཡར་དྲག་ ཏུ་ཐེན་ལ་ལྟེ་བར་བསྲེ། རླུང་ཐུབ་ཚད་བཟུང་། ལྟོ་བ་རྒལ་ཚིགས་ལ་བཅར་སྟེ་བཅང་། ལྕེ་ རྩེ་རྐན་ལ་སྦྱར། ལྟ་སྟངས་གྱེན་དུ་བཟློག་ལ་ཐུབ་ཚད་ཀྱི་རླུང་བཟུང་ནས་སྟོང་གཟུགས་ལ་ སེམས་གཏད། བཟུང་མ་ཐུབ་པ་དང་རླུང་ཅུང་ཟད་ཅིག་རྔུབས་ལ་ཕཊ་གཅིག་གིས་མར་ མནན་པར་བསམ་ལ་ལྟ་སྟངས་སྨད། ལྕེ་རང་སོར་བཞག གསུས་པ་འཁྱིལ་པ་བྱས་པའི་ངང་ ལ་ཕུལ་བ་གསུམ་མམ་གཉིས་ཙམ་གྱིས་བསྲེའོ། །འོག་རླུང་ཅུང་ཟད་ཐེན་ནས་ཧཱུྃ་རིང་གིས་ ཕྱིར་བུས་གསུང་ངོ་། །དེ་རྣམས་རླུང་འཛིན་ཐེབས་གཅིག་ལ་ཚང་བར་བྱའོ། །དེ་སྲོག་ཐུར་ མ་འདྲེས་ན་སྤོགས་ཆོག་ནི། གཞན་ཐམས་ཅད་གོང་དང་མཐུན་ཞིང་། ལུས་གཙོག་དཀྲུངས་ བཅས་ལ། ཧཱུྃ་ཐུང་གིས་འོག་རླུང་ཐེན་པ་དང་། རང་ཐད་སོ་ལ་ཧར་གྱིས་ལངས་ལྟོ་བ་རྒལ་ ཚིགས་ལ་བཅར་བ་དང་། ལྕེ་རྐན་ལ་སྦྱར་བ་དང་། ལྟ་སྟངས་གྱེན་ལ་ཟློག་པ་རྣམས་དུས་ མཉམ་དུ་བྱའོ། །ཡང་སྔ་མ་བཞིན་དུ་ཕཊ་ཀྱིས་མར་འབེབས་པ་དང་། རང་ཐང་ལ་སྡོད་པ་ལ་ སོགས་པ་དུས་མཉམ་དུ་བྱ་གསུང་། གཞན་གོང་དང་མཐུན་ནོ། །ལྕེ་གསུམ་བསྐྱོད་པའི་སྦྱོར་ བས་བདུད་རྩི་བཏུང་ཞིང་ནད་མེད་པ་བསྒྲུབ་པ་ནི། སྲོག་རྩོལ་གྱི་སྐབས་སུ་བཤད་པ་བཞིན་ ཤེས་པར་བྱའོ། ། བཞི་པ་རྟགས་ཚད་ལ། རྟགས་ཚད་ནི་འཛིན་པ་ལ་བརྟན་པ་ཐོབ་པ་ན། སྟེང་དུ་སྲོག་རླུང་ ཟིན་པས་འོག་ཏུ་ཐུར་སེལ་གྱི་རླུང་ཟིན་ཏེ། རིལ་བ་ཞབས་ཚགས་ཅན་དང་འདྲ། སྲོག་ཐུར་ གྱི་རླུང་ལྟེ་བར་འཐབས་པས་ཙན་ཌ་ལིའི་མེ་འབར་བས་ཟོས་འཐུངས་ཇི་ཙམ་བྱས་ཀྱང་དྲི་ 3-1-60 ཆེན་དྲི་ཆུ་མི་འཛག་ཅིང་ཉད་དུ་མི་འགྱུར་བ་དང་། དྭངས་མ་ཟིན་པས་ལུས་སྟོབས་དང་དྭངས་ མ་འཕེལ། དུས་མིན་འཆི་བའི་འཇིགས་པ་ལས་ཀྱང་གྲོལ་བར་འགྱུར་རོ། །འཛིན་པའི་ཡན་ ལག་ནི། སྲོག་རྩོལ་དང་འདྲའོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ཅད་ ལ་གདོད་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་ཚོར་བའི་ཕུང་པོ་གཞན་ རྒྱལ་བ་རིན་ཆེན་འབྱུང་ལྡན་སོགས་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི། མ་ དག་པ་འཁོར་བ་པའི་ཚོར་བའི་ཕུང་པོ་དྲི་བཅས་ཀྱི་མེ་ཁམས་པ་དྲུག་ཚན་གཅིག་ཡིན་ཞིང་ ། དག་བྱེད་ནི། རྒྱལ་བ་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ཏིང་ངེ་འཛིན་བཟོད་པའི་ཕ་རོལ་ ཏུ་ཕྱིན་པའི་ལམ་འཛིན་པའི་ཡན་ལག་གོ །དག་བྱེད་ལ་དབྱེ་ན། སྲོག་འཛིན་ལྟེ་བ་ལ་སོགས་ འཁོར་ལོ་ལྔའི་པད་མའི་ལྟེ་བར་ཡེ་ཤེས་ཀྱི་རླུང་འགྲོ་བ་དང་འོང་བའི་དབྱེ་བས་རྣམ་པ་ བཅུའོ། ། དྲུག་པ་བསྒོམས་པའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་རྣལ་འབྱོར་པའི་སེམས་ སྟོང་གཟུགས་དང་གཅིག་ཏུ་འདྲེས་པ་ལྟ་བུར་འགྱུར་ཞིང་། བདུད་དང་ཉོན་མོངས་པ་ཉམས། མངོན་ཤེས་ལ་སོགས་པའི་ཡོན་ཏན་དུ་མ་ཐོབ་པོ། །མཐར་ཐུག་གི་འབྲས་བུ་སྒྲིབ་བཅས་ཀྱི་ ཚོར་བའི་ཕུང་པོ་སོགས་མེ་ཁམས་པ་དྲུག་ཚན་གཅིག་འགགས་ནས། གདོད་ནས་བཞུགས་ པའི་ཚོར་བའི་ཕུང་པོ་གཞན་རྒྱལ་བ་རིན་ཆེན་འབྱུང་ལྡན་སོགས་མེ་ཁམས་པ་དྲུག་ཚན་ གཅིག་སྒྲིབ་པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་འཐོབ་པོ། །སྲོག་འཛིན་གྱི་ཡན་ལག་ འདི་པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པའི་མན་ངག ཆོས་རྗེ་ཀུན་སྤངས་ཆེན་པོ་ཡབ་སྲས་ཀྱི་ ཐུགས་ཉམས་སུ་བཞེས་པའི་མན་ངག་བཞིན་བཀོད་པའོ། །སྲོག་རྩོལ་དང་འཛིན་པ་ཉེ་བར་ བསྒྲུབ་པའི་ཡན་ལག་བར་དུ་དགེ་བའི་ཁྲིད་ཡིག་གོ།། །། 3-1-61 ༈ ཐ་མར་དགེ་བའི་ཁྲིད་ལ་གཉིས། རྗེས་སུ་དྲན་པ་སྒྲུབ་པའི་ཡན་ལག་གཏུམ་མོ་དང་ ཐིག་ལེའི་རྣལ་འབྱོར་ཐུགས་རྡོ་རྗེའི་རྣལ་འབྱོར་དང༌། ཏིང་ངེ་འཛིན་སྒྲུབ་པ་ཆེན་པོའི་ཡན་ ལག་བྱང་སེམས་ཐིག་ལེ་ཇི་ལྟར་བྱོན་པ་དེ་བཞིན་སྟེང་དུ་གཤེགས་པར་བྱེད་པ་ཡེ་ཤེས་རྡོ་རྗེ་ ཕྲ་མོའི་རྣལ་འབྱོར་རོ། ། དང་པོ་ལ་དྲུག་སྟེ། རྗེས་དྲན་གྱི་མཚན་དོན། བསྒོམ་པའི་དུས་མཚམས། སྒོམ་ཚུལ་གྱི་ ཡན་ལག སྒོམ་པའི་རྟགས་ཚད། དག་བྱ་དང་དག་བྱེད་ཀྱི་དབྱེ་བ། བསྒོམས་པས་ཐོབ་པའི་ འབྲས་བུའོ། ། དང་པོ་ནི། འཛིན་པ་ཐོབ་ནས་ཆགས་པའི་སྟོབས་ཀྱིས་ཕྱག་རྒྱ་རྗེས་སུ་དྲན་པའོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། འཛིན་པ་བརྟན་པར་གྱུར་ཅིང་རླུང་སེམས་ལ་ དབང་ཐོབ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་སུ་བསྒོམ་མོ། ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ། བསྒོམ་པའི་གནས་ནི་གྲོང་དང་འབྲོ ག་དགོན་ སོགས་ཤིན་ཏུ་དགའ་བའི་གནས་སུ། བསྒོམ་པའི་ཡུལ་ནི་ཐིག་ལེ་ཞུ་བའི་རྒྱུན་འཁོར་ལོ་ བཞིར་བབས་པའི་བདེ་བ་དགའ་བ་བཞིའོ། །དགོས་པ་ནི། དེ་ནས་བདེ་བ་སྤེལ་སྦྱང་ཕྱིར། །རྗེས་སུ་དྲན་པའི་ཡན་ལག་བསྒོམ། །ཞེས་པ་ལྟར་རོ། །དུས་ཇི་ཙམ་གྱི་བར་དུ་བསྒོམས་ན། གཏུམ་མོ་བསྒོམས་པས་ཧཾ་ཡིག་ཞུ་བའི་ཐིག་ལེ་སླ་བའི་ངོ་བོ་རྡོ་རྗེ་ནོར་བུའི་བར་དུ་འཛག་ མེད་དེ་ཅུང་ཟས་སྐ་བའི་ངོ་བོར་གྱུར་པ་གཡོ་བའི་བགྲོད་པར་གྱུར་གྱི་བར་དུ་བསྒོམ། ཅུང་ ཟད་སྐ་བའི་ངོ་བོར་གྱུར་པ་དེ་ཡང་ཤིན་ཏུ་སྐ་བའི་ངོ་བོར་གྱུར་པའི་བར་དུ་བསྒོམ་མོ། ། བསྒོམ་ཚུལ་དངོས་ལ། སྤྱིར་ཕྱག་རྒྱ་གསུམ་ལ་བརྟེན་ནས་བདེ་བ་ཆེན་པོ་བསྒྲུབ་པའི་ ཚུལ་དང༌། བྱེ་བྲག་ཏུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་རྗེས་དྲན་བསྒོམ་པའི་ཚུལ་དང༌། ལས་ ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་བསྒྲུབ་པ་གསང་ཆེན་གྱི་ལམ་དུ་བསྟན་པའོ། ། 3-1-62 དང་པོ་ནི་འདིར་མ་བཀོད་ལ། གཉིས་པ་་་་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསྟེན་ནས་མི་འཕོ་ བའི་བདེ་བ་སྒྲུབ་པ་དང་། ལུས་རྩའི་འདུག་སྟངས་ནི། དཀྱིལ་དཀྲུངས་བཅས་ནས་རྡོ་རྗེ་ཁུ་ ཚུར་སྙིང་ཁར་བསྣོལ། ངག་རླུང་གི་སྦྱོར་བ་ནི། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་ གཤེགས་པ་ལྔ་སྲེགས་ཤིང་། །སྤྱན་མ་མིག་ལ་སོགས་པ་ཡིས། །བསྲེགས་པས་རི་བོང་ཅན་ ཧཾ་འཛག །ཅེས་པ་ལྟར་ཉམས་སུ་ལེན་པ་ལ། རང་ལྷག་པའི་ལྷ་ཡབ་ཡུམ་དུ་གསལ་བའི་ གནས་དྲུག་ཏུ་ༀ་ཨཱཿཧཱུྃ་ཧོཿསྭཱཧཱ་བསྒོམ་ཞིང་མཁའ་གསང་བྱིན་གྱིས་བརླབས་ཏེ། སྙོ མས་པར་ འཇུག་པར་བསམས་ནས། སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར། རྩ་དབུ་མར་ཡེ་ཤེས་ཀྱི་རླུང་ གཡོ་མེད་དུ་བཟུང་། ཧོ་ཡིག་གཏུམ་མོའི་མེ་འབར་བས་གཡོན་ཕུང་པོ་ལྔའི་རླུང་དང་གཡས་ ཁམས་ལྔའི་རླུང་དང་། མིག་སོགས་དབང་པོའི་ཤེས་པ་ལྔ་ཡུལ་ལ་འཇུག་པ་ཡང་བསྲེགས་པ་ སྟེ་འགགས་པས་སྤྱི་བོའི་ཧཾ་ཡིག་ཟླ་བ་ཞུ་བ་ལས་བདུད་རྩིའི་རྒྱུན་དཔྲལ་བ་ནས་མགྲིན་པར་ བྱོན་པ་དགའ་བའི་དགའ་བ་དང་། དེ་ནས་སྙིང་ཁར་བྱོན་པ་མཆོག་དགའ་དང་། སྙིང་ཁ་ནས་ ལྟེ་བར་བྱོན་པ་ཁྱད་པར་གྱི་དགའ་བ་དང་། ལྟེ་བ་ནས་གསང་གནས་སུ་རྡོ་རྗེ་ནོར་བུའི་བར་ དུ་བྱོན་པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དགའ་བ་བཞི་ཉམས་སུ་མྱོང་ཞིང་རྡོ་རྗེ་ནོར་བུ་ ནས་བྱང་སེམས་ཕྱི་རོལ་ཏུ་མི་འཕོ་བར་འཛིན་པ་ནི་རྗེས་དྲན་གྱི་རྣལ་འབྱོར་ཏེ། གཏུམ་མོའི་ རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་ཞེས་ཀྱང་བྱའོ། ། བྱང་སེམས་ཐིག་ལེ་འཛིན་པའི་་་ནི། སྙན་རྒྱུད་ལས། མཆོག་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་བཟུང་དང་བཟློག་པ་དང་། །གནས་སུ་སྐྱེལ་དང་རྩ་དམིགས་གདབ། །རླུང་བོ་་་ སྦྱོར་བ་དྲུག་པོ་བྱ། །ཞེས་པའི་སྦྱོར་བ་དྲུག་ནི། དབབ། བཟུང་། བཟློག གནས་སུ་བསྐྱལ་་་་་། དང་པོ་ནི། དབབ་པ་ལ། མཁས་པ་དལ་བུས་དབབ། གཉིས་པ་བཟུང་བ་ལ། སྲིན་ཞལ་ བཙུམ་པ། རྒྱ་མཚོ་རི་རབ་ལ་སྦྱར་བ། གླིང་བཞི་ལ་བཙུད་དེ། དར་བོ་ཆེ་འཕྱར། བྱ་རྒོད་ཟུང་ 3-1-63 གཅིག་གནམ་དུ་སྤུར་བ། ཤེས་པ་དཔྲལ་བར་གཏད་པ་དྲུག་གོ། ། གསུམ་པ་བཟློག་པ་ལ། སྟག་མོའི་སྐྱུག་སྟངས། གླང་པོའི་འགྱིང་སྟངས་ནི། ཐུར་སེལ་ གྱི་རླུང་གསུམ་དང་། ཧཱུྃ་ཧ་ཕཊ་ཅེས་པའི་ཡི་གེ་གསུམ་གྱིས་གྱེན་ལ་བཟློག གནས་སུ་བསྐྱལ་ བ་ནི། ཝའི་སྣོམ་ཚུལ་གྱིས་སྤྱི་བོའི་ཧཾ་ཡིག་ཏུ་བསྐྱལ། སེང་གེ་རྣམ་རོལ། གཡང་མོའི་ཁོགས་ སྤྲུགས། པྲེ་ཏ་ཀ་ཡི་དྭགས་ཀྱི་འདུག་སྟངས་ཀྱིས་རྩ་མིག་ཏུ་དགྲམ། རླུང་བུམ་པ་ཅན་བཟུང་ བས་རླུང་དང་བསྲེ་བ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ། །མན་ངག་གཞན་ནས་འབྱུང་ བ་དང་རིམ་པ་ཅུང་མི་འདྲ་བར་སྣང་ངོ་། །ཡང་ན་ཀུན་སྤངས་ཀྱི་རྣལ་འབྱོར་པའི་ཉམས་སུ་ ལེན་ཚུལ་ལྟར་བྱའོ། ། གསུམ་པ་ཕྱག་རྒྱ་ཆེན་མོ་ནི། འོད་གསལ་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ ཉིད་དང་བདེ་བ་ཆེན་པོ་མཚུངས་ལྡན་དུ་བསྒོམ་པའོ། ། བཞི་པ་བསྒོམས་པའི་རྟགས་ཚད་ལ། རྟགས་ནི་བྱང་སེམས་རྡོ་རྗེ་ནོར་བུ་ལས་ཕྱིར་མི་ འཕོ་བའི་བདེ་བ་ཁྱད་པར་ཅན་ཉམས་སུ་མྱོང་ཞིང་། རང་གི་ལུས་ཀྱང་སྟོང་གཟུགས་འོད་ ཀྱི་དཀྱིལ་འཁོར་དུ་སྣང་བ་དང་། བ་སྤུའི་གོང་བུ་རྣམས་ནས་ཡེ་ཤེས་ཀྱི་འོད་ཟེར་ལྔ་མཁའ་ ཁྱབ་དུ་འཕྲོ་བར་སྣང་བ་དང་། དག་མ་དག་ཞིང་ཁམས་ལྟ་བུའི་འོད་གསལ་གྱི་སྣང་བ་རབ་ འབྱམས་འཆར་བ་དང་། དག་མ་དག་ཞིང་ཁམས་དངོས་ཀྱང་དུ་མ་མཐོང་བ་འབྱུང་ངོ་། །དེའི་ ཚད་མ་ནི། སྙན་རྒྱུད་ལས། རང་རིག་མངོན་སུམ་དུ་ནི་འདོད། །ཅེས་གསུངས་པས། རང་ རིག་པའི་རྣལ་འབྱོར་མངོན་སུམ་མོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཀུན་ལ་ གདོད་ནས་བཞུགས་པའི་དང་པོའི་སངས་རྒྱས་ཡེ་ཤེས་ཀྱི་སྐུའི་འདུ་ཤེས་ཀྱི་ཕུང་པོ་གཞན་ རྒྱལ་བ་སྣང་བ་མཐའ་ཡས་སོགས་ཆུ་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་བྱ་ནི་འཁོར་ 3-1-64 བ་པའི་སྒྲིབ་བཅས་ཀྱི་འདུ་ཤེས་ཀྱི་ཕུང་པོ་སོགས་ཆུ་ཁམས་པ་དྲུག་ཚན་གཅིག་ཡིན་ཞིང་ ། དག་བྱེད་ནི་རྒྱལ་བ་སྣང་བ་མཐའ་ཡས་ཀྱི་རིགས་ཀྱི་ཏིང་ངེ་འཛིན་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་ལམ་རྗེས་དྲན་གྱི་ཏིང་ངེ་འཛིན་ཡིན་ལ་དེ་ལ་དབྱེ་ན། འདོད་པའི་གནས་སྐབས་ བཅུ་དག་བྱེད་རྣམ་པ་བཅུའོ། ། དྲུག་པ་བསྒོམས་པའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་གོང་དུ་བསྟན་པའི་ ཉམས་རྟགས་རྣམས་ཀྱང་ཡིན་ལ། རྫུ་འཕྲུལ་དང་མངོན་ཤེས་ལ་སོགས་པ་ཡོན་ཏན་དུ་མ་ ཐོབ་ཅིང་། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་འདུ་ཤེས་ཀྱི་ཕུང་པོ་ སོགས་ཆུ་ཁམས་པ་དྲུག་ཚན་གཅིག་འགགས་ནས། གདོད་མ་ནས་བཞུགས་པའི་འདུ་ཤེས་ ཀྱི་ཕུང་པོ་གཞན་སྣང་བ་མཐའ་ཡས་སོགས་ཆུ་ཁམས་པ་དྲུག་ཚན་གཅིག་སྒྲིབ་པ་དང་བྲལ་ བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ།། །། གཉིས་པ་ཏིང་ངེ་འཛིན་སྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་ལ་དྲུག་ལས། དང་པོ་མཚན་དོན་ནི། ཤེས་བྱ་སྟོང་གཟུགས་དང་། ཤེས་པ་རྣལ་འབྱོར་པའི་བདེ་བའི་ཕུང་ པོར་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་པས་ཐིག་ལེ་འཕོ་བ་མེད་པའི་བདེ་བ་ཐོབ་ཅིང་། འོད་ གསལ་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པས་ཏིང་ངེ་འཛིན་ཅེས་བྱའོ། ། གཉིས་པ་བསྒོམ་པའི་དུས་མཚམས་ནི། གཏུམ་མོའི་མེས་སྤྱི་བོའི་ཐིག་ལེ་ཞུ་བའི་རྒྱུན་ འཁོར་ལོ་བཞིར་འབབ་པའི་བདེ་བ་བཞི་རྟོགས་པ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དུས་ནས་བསྒོམ་ མོ། ། གསུམ་པ་བསྒོམ་ཚུལ་གྱི་ཡན་ལག་ལ་ལྔ་ལས། བསྒོམ་པའི་གནས། སོར་བསྡུད་རྗེས་ དྲན་བསྒོམ་པའི་གནས་སུ། བསྒོམ་པ་ནི། སྙན་རྒྱུད་ལས། ངོ་བོ་བདེ་སྟོང་གཉིས་མེད་དེ། །དེ་ ལ་རྩེ་གཅིག་གནས་པའོ། །ཞེས་གསུངས་པ་ལྟར་ཡིན་ལ། དགོས་པ་ནི་ཡང་དེ་ཉིད་ལས། དེ་ 3-1-65 ནས་མི་འགྱུར་བདེ་སྒྲུབ་ཕྱིར། །ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ཞེས་པ་ལྟར་རོ། །དུས་ཇི་ ཙམ་བར་དུ་བསྒོམ་པ་ནི། ཐོག་མ་ཐིག་ལེ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་གཅིག་ཐོབ་ པ་ནས་བདེ་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ཀྱི་བར་དུ་བསྒོམ་མོ། ། ་་་་་་་་་་་གཙོ་བོའི་རྡོ་རྗེ་དཀྱིལ་དཀྲུང་ངམ་ཕལ་པས་དཀྱིལ་དཀྲུངས་བཅའ། རྒལ་ཚིགས་ སྲང་། ལག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། ལྟ་སྟངས་མིག་སྣ་རྩེར་ཕབ། ངག་རླུང་གི་སྦྱོར་ བ་ནི། རྡོ་རྗེའི་བཟླས་པ་དང་། ལྕེ་གསུམ་གྱི་རླུང་སྦྱོར་དང་། བར་རླུང་འཛིན་པ་མ་ནིང་གི་རླུང་ སྦྱོར་ཙམ་ལས་གཞན་མི་བྱ་གསུང་། སེམས་ཀྱི་བཞག་ཐབས་ནི། སོར་བསྡུད་དུས་སུ་མཐོང་ བའི་ཡུལ་འོད་གསལ་སྣང་སྟོང་དང་། སྲོག་རྩོལ་དུས་སུ་ཤར་བའི་ཤེས་པ་གསལ་སྟོང་དང་། རྗེས་དྲན་དུས་སུ་མྱོང་བའི་ཉམས་མྱོང་བདེ་སྟོང་། དབྱེར་མེད་ཟུང་འཇུག་ཉིན་དང་མཚན་དུ་ མཉམ་བཞག་རྗེས་ཐོབ་མེད་པར་རྟོག་མེད་ཀྱི་ཏིང་ངེ་འཛིན་མི་གཡོ་ཞིང་བརྟན་པར་གནས་ པས་རྩེ་གཅིག་ཏུ་བསྒོམ་པར་བྱ་སྟེ། སྙན་རྒྱུད་ལས། བསྒོམ་པ་དམིགས་བཅས་སྟོང་གཟུགས་ དང་། །དམིགས་མེད་བདེ་བར་རོ་མཉམ་པ། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་ པོ་ཐམས་ཅད་བདེ་བར་འཆར། །ཞེས་གསུངས་སོ། ། གཉིས་པ་སྤོགས་པའི་ཆོ་ག་ནི། ཕྱག་རྒྱ་བཞི་སྦྱོར་རམ་སུམ་སྦྱོར་གི་སྒོ་ནས་ཐིག་ལེ་སྤྱི་ བོ་ནས་རྡོ་རྗེ་ནོར་བུའི་བར་དུ་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པར་བྱེད་པ་མི་ འགྱུར་བའི་བདེ་བ་ཆེན་པོ་མྱུར་དུ་འཕེལ་བར་བྱའོ། ། བཞི་པ་བསྒོམ་པའི་རྟགས་ཚད་ལ། རྟགས་ནི་དེ་ལྟར་བསྒོམ་པས་ལྟེ་བའི་གཏུམ་མོའི་ མེས་སྤྱི་བོའི་ཧཾ་ཡིག་ཞུ་བའི་ཐིག་ལེ་རྡོ་རྗེ་ནོར་བུར་བྱོན་ནས་ཕྱིར་མ་འཕོས་པར་རྡོ་རྗེ་ནོར་ བུའི་རྩེར་བསྟན་པའི་སྐད་ཅིག་དང་པོ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་དང་པོ་ 3-1-66 ཡིན་ལ། དེའི་ཚེ་ཏིང་ངེ་འཛིན་གྱི་ཐོག་མ་ཐོབ་པ་ཡིན་ཞིང་དེ་དུས་ལས་རླུང་དབུགས་འབྱུང་ འཇུག་གཅིག་འགག་གོ །དེ་ལྟར་དབུགས་སྟོང་དང་བརྒྱད་བརྒྱ་དུས་སྦྱོར་གཅིག་གི་རླུང་ འགགས་པ་ན་བདེ་བ་ཆེན་པོའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་པ་གཅིག་འཕེལ་ཞིང་རྡོ་རྗེ་ནོར་ བུར་ཐིག་ལེ་བརྟན་པས་ས་དང་པོ་ཐོབ་པོ། །དེ་ནས་དུས་སྦྱོར་གཉིས་པའི་རླུང་འགགས་ཤིང་ བདེ་བའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་བ་གཉིས་འཕེལ་ཏེ་ཐིག་ལེ་གསང་གནས་ཀྱི་འཁོར་ ལོ་བརྟན་པས་ས་གཉིས་པ་ཐོབ་པོ། །དེ་ལྟ་བུའི་ཚུལ་གྱིས་ལྟེ་བར་ས་གསུམ་པ་དང་བཞི་པ། སྙིང་ཁར་དྲུག་པ་དང་། མགྲིན་པར་བརྒྱད་པ་དང་། དཔྲལ་བར་བཅུ་པ་དང་། དེ་ནས་དུས་ སྦྱོར་བཅུ་གཅིག་དང་བཅུ་གཉིས་པའི་རླུང་དབུགས་སྟོང་བརྒྱད་བརྒྱ་བ་གཉིས་འགགས་ཤིང་ ཞུ་བདེ་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་མ་སྟོང་བརྒྱད་བརྒྱ་བ་གཉིས་རྫོགས་ཏེ་ཐུག་ལེ་ གཙུག་ཏོར་གྱི་འཁོར་ལོ་བརྟན་པ་ཐོབ་པ་ན། ཞུ་བདེ་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་མ་ ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས། རང་བཞིན་འགྱུར་མེད་ཀྱི་བདེ་བའི་སྐད་ཅིག་མ་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་དྲི་མ་བྲལ་བ་མཐར་ཐུག་པ་ཐོབ་པས་ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པ་ སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ས་བཅུ་གཉིས་ཀྱི་དབང་ཕྱུག་རྡོ་ རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ཞེས་བྱའོ། །ཡན་ལག་ནི། སྙན་རྒྱུད་ལས། རྣལ་འབྱོར་ མངོན་སུམ་ཡིན་པར་འདོད། །ཅེས་གསུངས་པས་རྣལ་འབྱོར་མངོན་སུམ་ཡིན་ལ། དེ་ཡང་ ས་མ་ཐོབ་པར་ཏིང་ངེ་འཛིན་གྱི་ཡན་ལག་ནི་མངོན་སུམ་ཡིན་ཡང་འཕགས་པའི་རྣལ་འབྱོར་ མངོན་སུམ་ནི་མ་ཡིན་ནོ། ། ལྔ་པ་དག་བྱ་དག་བྱེད་ཀྱི་དབྱེ་བ་ལ། དག་པར་བྱ་བའི་གཞི་ནི། སེམས་ཅན་ཐམས་ཅད་ ལ་གདོད་ནས་བཞུགས་པའི་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུའི་གཟུགས་ཀྱི་ཕུང་པོ་ གཞན་རྒྱལ་པ་རྣམ་པར་སྣང་མཛད་ལ་སོགས་པ་ས་ཁམས་པ་དྲུག་ཚན་གཅིག་ཡིན་ལ། དག་ 3-1-67 བྱ་ནི་མ་དག་པ་འཁོར་བ་པའི་སྒྲིབ་བཅས་ཀྱི་གཟུགས་ཕུང་སོགས་ས་ཁམས་པ་དྲུག་ཚན་ གཅིག་ཡིན་ཞིང་། དག་བྱེད་ནི། རྒྱལ་བ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཏིང་ངེ་འཛིན་སྦྱིན་ པའི་ཕར་ཕྱིན་གྱི་ལམ་ཏིང་ངེ་འཛིན་གྱི་ཡན་ལག་གོ །དག་པའི་དབྱེ་བ། སྲོག་དང་ཐུར་སེལ་ གྱི་རླུང་བཅུ་འགོག་པའི་དབྱེ་བས་རྣམ་པ་བཅུའོ། ། དྲུག་པ་བསྒོམས་པའི་འབྲས་བུ་ལ། གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ ས་བཅུ་འཐོབ་ཅིང་། མཐར་ཐུག་གི་འབྲས་བུ་རྣལ་འབྱོར་པའི་སྒྲིབ་བཅས་ཀྱི་གཟུགས་ཕུང་ སོགས་ས་ཁམས་པ་དྲུག་ཚན་གཅིག་འགགས་ནས། གཞི་ལ་གདོད་མ་ནས་བཞུགས་པའི་ གཟུགས་ཕུང་གཞན་རྒྱལ་བ་རྣམ་པར་སྣང་མཛད་སོགས་ས་ཁམས་པ་དྲུག་ཚན་གཅིག་སྒྲིབ་ པ་དང་བྲལ་བར་གནས་གྱུར་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཡན་ལག་ འདི་ལ་སྒྲུབ་པ་ཆེན་པོ་ཞེས་ཀྱང་བྱ། བྱང་སེམས་ཐིག་ལེ་ཇི་ལྟར་བྱོན་པ་བཞིན་དུ་སྟེང་དུ་ གཤེགས་པས་ཕྲ་མོའི་རྣལ་འབྱོར་ཅེས་ཀྱང་བྱའོ། །རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ཀ་ལ་ ཐ་མར་དགེ་བའི་ཁྲིད་ཅེས་བྱའོ། ། གྲུབ་ཆེན་མན་ལུང་གུ་རུས་བསྙེན་པ་དང་ཉེ་བར་བསྒྲུབ་པ་ལོ་ཕྱེད་དང་གཉིས། རྗེས་ དྲན་ཏིང་ངེ་འཛིན་ལ་ལོ་གསུམ་ཕྱོགས་གསུམ་ཡིན་པར་སྒྲུབ་ཐབས་ལེའུ་རྩ་འགྲེལ་ནས་ དྲངས་པའི་ལུང་གི་ཤེས་བྱེད་དང་བཅས་པ་མཛད་དོ། །དེ་ལྟར་སོ་བསྡུད་བསམ་གཏན་ གཉིས་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ཐོག་མར་དགེ་བའི་ཁྲིད་དང་། སྲོག་རྩོལ་ དང་འཛིན་པ་གཉིས་ཉེ་བར་བསྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་བར་དུ་དགེ་ བའི་ཁྲིད་དང་། རྗེས་དྲན་སྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་དང་། ཏིང་ངེ་འཛིན་ བསྒྲུབ་པ་ཆེན་པོའི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་ཁྲིད་ཀྱི་རིམ་པ་ རྣམས་ཉམས་སུ་བླང་བདེ་བར་བླ་ན་མེད་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བསྒྲུབ་པ་ལྷུར་ལེན་ 3-1-68 པ་སྨོན་ལམ་མཐའ་ཡས་རྒྱ་མཚོས་གསོལ་བ་བཏབ་པའི་ངོར། ཁྲིད་ཡིག་བདུད་རྩིའི་རྒྱ་མཚོ་ ཞེས་བྱ་བ་འདི་ཉིད། ཇོ་གདན་གཉག་ཕུ་པ་བསོད་ནམས་བཟང་པོས་སྣ་ཚོགས་དབྱིགས་ ཞེས་བྱ་བ་ཤིང་མོ་སྦྲུལ་གྱི་ལོ། ནག་པ་ཉ་བའི་བཟང་པོའི་ཉི་མ་ལ། དཔལ་མཚལ་མིན་གྱི་ གཙུག་ལག་ཁང་དུ་བཀོད་པའོ།། །། དོན་གཉེར་སློབ་མས་ཡང་ཡང་དུ། ། བསྐུལ་བའི་ཆེད་དུ་སྦྱོར་བ་ཡན་ལག་དྲུག ། ཉམས་སུ་ལེན་ཚུལ་གསལ་རྫོགས་འཁྲུལ་མེད་འདི། ། ཇོ་གདན་བསོད་ནམས་བཟང་པོས་ལེགས་པར་སྦྱར། ། འདི་ཡིས་དགེ་བས་མཁའ་མཉམ་སེམས་ཅན་རྣམས། ། ཟབ་ལམ་ནམ་མཁའི་རྣལ་འབྱོར་འདི་བསྒོམས་པས། ། མཆོག་གི་གོ་འཕང་སྐྱེ་བ་འདི་ཉིད་དོ། ། ཕྱི་མའམ་བདུན་གྱི་ནང་དུ་ཐོབ་གྱུར་ཅིག ། ཁྲིད་མ་ཐོབ་ལ་ཤིན་ཏུ་གསང་བ་གལ་ཆེའོ།། །།གཅིག་ཞུས། པོ་ཏཱ་ལའི་དཔེ་རྙིང་གདོང་རྟགས་མི་གསལ་བའི་དབུ་མེད་བྲིས་མ་ཡིག་འབྲུ་ཡང་མང་པོ་མི་གསལ་བ་གཅིག་ལས་ལག་ སོན་མ་བྱུང་། མ་ཡིག་འདི་ནི་ཧ་ཅང་ཞན་ནའང་སྤོབ་པ་བསྐྱེད་དེ་འདིར་བཀོད་ཡོད་པས། ཀློག་པ་པོས་ཡོ་བསྲང་དང་དག་སེལ་ ཞུ། 3-1-69 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཡོངས་རྫོགས་ཀྱི་ སྒྲུབ་ཐབས་དཔག་བསམ་གྱི་ འབྲས་བུ་བཞུགས། བདག་བསྐྱེད། བདག་འཇུག ལྷོ་སྒོ། སྦྱིན་སྲེག རབ་གནས་བཅས་དག་པར་ཡོད་པས་ཞུ་དག་མ་བྱས་ཀྱང་ཆོག ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། དཔལ་ལྡན་དུས་ཀྱི་འཁོར་ལོ་དང༌། །དབྱེར་མེད་རྗེ་ བཙུན་བླ་མ་ཡི། །ཞབས་ཀྱི་པདྨོ་དྲི་མེད་ལ། །སྤྱི་བོས་གཏུགས་ཏེ་ཕྱག་འཚལ་ལོ། །འདིར་གང་ རྒྱུད་འགྲེལ་ཆེན་པོ་དང༌། །བླ་མའི་ཞལ་གྱི་གདམས་པ་བཞིན། ། དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །སྒྲུབ་ཐབས་ཡོངས་རྫོགས་གསལ་བར་བྲི། ། དེ་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ལས། དང་པོ་ལ་སྔོན་འགྲོའི་བསྒོམ་པ། དངོས་གཞིའི་རྣལ་འབྱོར། ཐུན་མཚམས་ཀྱི་བྱ་བ་དང་གསུམ་གྱི་དང་པོ་ལ་བཅུ་སྟེ། རྡོ་རྗེའི་ ཞལ་དག་རིགས་དྲུག་དགོད་པ་དང༌། །རྡོ་རྗེ་བཞི་དག་ཡན་ལག་དྲུག་རྣམས་དགོད། །བདུད་ ཚོགས་གཞོམ་ཞིང་བསྲུང་བའི་འཁོར་ལོ་བསྒོམ། །མཁའ་ལ་རྒྱལ་བའི་ཚོགས་རྣམས་རྟོགས་བྱ་ སྟེ། །བླ་མེད་མཆོད་པ་རྣམ་པ་བདུན་གྱིས་མཆོད། །ལམ་རྟེན་སྟོང་པ་ཉིད་ལ་དམིགས་པའོ། ། དེ་ལ་དང་པོར། རྣལ་འབྱོར་དང་མཐུན་པའི་གནས་སུ་ཁྲུས་བྱས་འཇམ་པའི་སྟན་ལ། ཤར་དུ་ཕྱོགས་པས་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་སེམས་དཔའི་སྒོམ་བཟླས་རྣམས་ སྤྱི་དང་མཐུན་པར་སྔོན་དུ་བཏང་ནས། བདུད་རྩི་རིལ་བུས་ཁ་དག་པར་བཀྲུས་ཏེ། ༀ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ པྲཛྙཱ་ཨུ་པཱ་ཡ(ཤེས་རབ་དང་ཐབས་ཀྱི་)། ཨཱཏྨ་ཀ(བདག་ཉིད)། ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་ (ཐུགས་)ཛྙཱ་ན་(ཡེ་ཤེས་ཀྱི་)ཨ་དྷི་པ་ཏེ་(མངའ་བདག་)མཱ་མ་(བདག་གི་)ཀཱ་ཡ་(ལུས་)ཝཱཀ་(ངག་)ཙིཏྟ་(སེམས་) 3-1-70 ཛྙཱ་ན་(ཡེ་ཤེས་)བཛྲཾ་(རྡོ་རྗེ་)བཛྲ་(རྡོ་རྗེ་)ཨ་མྲྀ་ཏ་(བདུད་རྩི་)སྭ་བྷཱ་ཝཾ་(རང་བཞིན་དུ་)ཀུ་རུ་(མཛོད་)ཀུ་རུ་ (མཛོད་)སྐན་དྷ་(ཕུང་པོ་)དྷཱ་ཏུ་(ཁམས་)ཨཱ་ཡ་ཏ་ནཾ་ནིཿ(བསྐྱེད་མཆེད་རྣམས་)སྭ་བྷཱ་ཝཾ་(རང་བཞིན་མེད་པར་) སྭཱཧཱ། (ཞེས་བརྗོད་པས།) གཙུག་ཏོར་གྱི་སྟེང་དུ་ཝཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཟླ་བའི་དཀྱིལ་ འཁོར་ཆ་བཅུ་དྲུག་རྫོགས་པ(ར་བསྒོམ་སྟེ་)དེ་ཞུ་བ་ལུས་ལ་ཞུགས་པས། གཙུག་ཏོར་ནས་རྐང་ སེན་གྱི་མཐར་ཐུག་པ་མ་དག་པའི་ལུས་སྦྲུལ་གྱི་ཤུན་པ་ལྟར་ལན་གསུམ་དུ་དོར་ཏེ། ལུས་དང་ ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པ་རྡོ་རྗེ་བདུད་རྩིའི་རང་བཞིན་ཟླ་བ་དྲི་མ་མེད་པ་ ལྟར་གྱུར།(པར་བསམས་ལ།) ༀ་སྭ་བྷཱ་ཝ་ཤུད་དྷ་(རང་བཞིན་གྱིས་དག་པ་)སརྦ་(ཐམས་ཅད་)དྷརྨཱཿ(ཆོས་)སྭ་ བྷཱ་ཝ་ཤུད་དྷོ྅(རང་བཞིན་ཀྱི་དག་པ་)ཧཾ(རྡོ་རྗེ་ཞལ་དག་པའོ)། (དེ་ནས་རིགས་དྲུག་དགོད་པ་ནི།)དཔྲལ་བར་ༀ་ དཀར་པོ་(ལས་པད་དཀར་)ལ་(དེ་ཡོངས་སུ་གྱུར་པ་)སྣང་བ་མཐའ་ཡས། མགྲིན་པར་ཨཱཿདམར་པོ་(ལས་ རིན་པོ་ཆེ་རྩེ་དགུ་པ་)ལས་རིན་ཆེན་འབྱུང་ལྡན། སྙིང་ཁར་ཧཱུཾ་ནག་པོ་(ལས་རྡོ་རྗེ་ནག་པོ་)ལས་དོན་ཡོད་ གྲུབ་པ། ལྟེ་བར་ཧོཿསེར་པོ་(ལས་འཁོར་ལོ་སེར་པོ་)ལས་རྣམ་པར་སྣང་མཛད། གཙུག་ཏོར་དུ་ཧཾ་ ལྗང་ཁུ་(ལས་རྡོ་རྗེ་ལྗང་གུ་)ལས་མི་བསྐྱོད་པ། གསང་བར་ཀྵཿསྔོན་པོ་(ལས་རྡོ་རྗེ་སྔོན་པོ་)ལས་རྡོ་རྗེ་ སེམས་དཔའ་རྣམས་ཀྱིས་མཚན་པར་གྱུར(མཚོན་ཆ་སོགས་འོག་ནས་བྱུང་བ་བཞིན་ནོ)། (དེ་ནས་ལག་པ་ ཕན་ཚུན་མཉེ་ཞིང༌།) ༀ་ཧཿསརྦ་(ཐམས་ཅད་)ཨསྟྲ་རཱ་ཛ་མཱ་ར(མཚོན་ཆའི་རྒྱལ་པོ)། ཀླེ་(བདུད་)ཤ་(ཉོན་མོངས་པ་) ཨནྟ་(མཐར་)ཀ་ར་(བྱེར་པ་)བཛྲ་(རྡོ་རྗེ་)ཏཱིཀྵྞ་(རྣོན་པོ་)དུཿཁ་(སྡུག་བསྔལ་)ཙྪེ་ད་(གཅོད་པ་)མ་མ་(བདག་ནི་) ཀ་རཾ་(ལག་པ་)བི་ཤོ་དྷ་ཡ་(རྣམ་པར་སྦྱོངས།)སྭཱཧཱ། (ཞེས་པས་ལག་པ་དྲུག་སྟེ།) དེ་ལྟར་དག་པར་བྱས་པའི་ ལག་པ་གཡོན་གྱི་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་ལ་ཨ་ཨི་རྀ་ཨུཾ་ལྀ། དབུས་ ཀྱི་ཚིགས་རྣམས་ལ་ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་རྣམས་ལ་ཧ་ཡ་ར་ཝ་ལ་རྣམས་དང༌། གཡས་པའི་མཐེ་བོ་ལ་སོགས་པའི་སྟེང་གི་ཚིགས་རྣམས་ལ་ལཱ་ཝཱ་རཱ་ཡཱ་ཧཱ། དབུས་ཀྱི་ཚིགས་ རྣམས་ལ་ཨཱལ་ཨཽ་ཨཱར་ཨཻ་ཨཱ། རྩ་བའི་ཚིགས་རྣམས་ལ་ལཱྀ་ཨཱུ་རཱྀ་ཨཱི་ཨཱ་རྣམས་དང༌། དེ་ནས་ 3-1-71 ལག་པ་གཉིས་ཀ་སྦྱར་བའི་དབུས་སུ་ཧཱུཾ་ཡིག་མཐོན་མཐིང་(རྣམ་པར་བསྒོམ་)སྟེ། ཟླ་བ་ཉི་མ་སྒྲ་ གཅན་གྱི་ས་བོན་དེ་དག་ལས་བྱུང་བའི་ལག་པ་རྡོ་རྗེ་རྩེ་ལྔ(འི་ཕྱག་རྒྱས་གཙུག་ཏོར་ནས་རྐང་སེན་གྱི་བར་ ལ་རེག་ཅིང་)པར་གྱུར། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་(ཐུགས་)ཛྙཱ་ན་(ཡེ་ཤེས་)ཨ་དྷི་ པ་ཏི་(མངའ་བདག་)བཛྲ་(རྡོ་རྗེ་)ཀཱ་ཡ་(སྐུ་)མ་མ་(བདག་གི་)ཀཱ་ཡ་(ལུས་)ཝཱཀ་(ངག་)ཙིཏྟ་(སེམས་)ཛྙཱ་ན་(ཡེ་ ཤེས་)བཛྲཾ་(རྡོ་རྗེ་)བཛྲ་(རྡོ་རྗེ་)ཀཱ་ཡ་(སྐུ་)སྭ་བྷཱ་བ་(རང་བཞིན་དུ་)ཀུ་རུ་(མཛོད་)ཀུ་རུ་(མཛོད་)སྭཱཧཱ། (ཞེས་ བརྗོད་པས།) བདག་ཉིད་རྡོ་རྗེའི་སྐུར་གྱུར(པར་བལྟས་ནས)། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུའི་རང་བཞིན་གྱི་བདག་ཉིད་ང༌།) (ཞེས་ང་རྒྱལ་བཟུང༌། ལུས་ ངག་སེམས་དང་ཡེ་ཤེས་རྡོ་རྗེ་རྣམ་པར་དག །ལག་པ་ཐལ་མོ་སྦྱར་བའི་མཐེ་བོ་ཟུང༌། སྙིང་ཁར་རེག་ཅིང༌།) ༀ་ཧྲླཱྀ་ཧྲི་ད་ཡཱ་ ཡ་ན་མཿ (དཔྲལ་བར་རེག་ཅིང༌།)ༀ་ཧྲཱུཾ་སི་ར་སེ་སྭཱཧཱ། (གཙུག་ཏོར་དུ་རེག་ཅིང༌།) ༀ་ཧྲྀཾ་ཤི་ཁ་ཡཻ་བཽ་ཥཊ། (ཡན་ལག་ཐམས་ཅད་ལ་རེག་ཅིང༌།) ༀ་ཧྲཱིཾཿཀ་བ་ཙཱ་ཡ་ཧཱུཾ། (མིག་གཡོན་དང་གཡས་ལ་རེག་ཅིང༌།) ༀ་ཧྲཾ་ནཻ་ཏྲཱ་ཡ་ ཝ་ཥཊ། (གཡོན་པའི་མཐེབ་མཛུབ་ཀྱིས་སེ་གོལ་ཕྱོགས་ཐམས་ཅད་དུ་གདབ་ཅིང༌།) ༀ་ཧྲཿཨསྟྲ་ཡ་ཕཊ། (ཅེས་ མཚོན་ཆ་དགོད་དོ།།) (དེ་ནས་)ༀ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་སི་རཿ ཤི་ཁཱ་ཀ་བ་ཙ་ནཻ་ཏྲ་ཨསྟྲ་བཛྲ་ཁཊ་ ཨཾ་ག་སྭ་བྷཱ་བ་ཨཏྨ་ཀོ྅(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་སྤྱི་བོ་གཙུག་ཏོར་གོ་ཆ་ཅན་མཚོན་ཆ་སྟེ་རྡོ་རྗེ་ ཡན་ལག་དྲུག་གི་རང་བཞིན་གྱི་བདག་ཉིད་ང༌།)ཧཾ།(ཞེས་ང་རྒྱལ་བཟུང་སྟེ་ཡན་ལག་དྲུག་དགོད་པའོ། །དེ་ནས་གཏོར་མ་འོག་ ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ནས། འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱས་ཡུལ་གྱི་བདག་པོ་སྤྱན་དྲངས་ཏེ།) ༀ་ཨཱཿཧཱུཾ། ཆེ་གེ་མོ་(མིང་གི་ཡི་གེ་མཉམ་ན་ཐོག་མཐའ་གཉིས་སམ་མི་མཉམ་ན་དབུས་དང་གསུམ་ནས་སྨོས་ཏེ།)ས་པ་རི་ཝཱ་རཱ་ ཡ(འཁོར་དང་བཅས་པ)། ཨི་དཾ(འདི)། བ་ལིཾ་(གཏོར་མ)། གནྡྷཾ་(དྲི)། པུཥྤཾ(མེ་ཏོག)། དྷཱུ་པཾ(བདུག་སྤོས)། པྲ་ དཱི་པ(སྒྲོན་མེ)། ཨ་ཀྵ་ཏཾ(མ་ཉམས་པ)། ད་དཱ་མ་ཧེ(བདག་ཅག་གིས་སྦྱིན་གྱིས)། ས་པ་རི་ཝཱ་རཿ ཤི་གྷྲཾ་ཨཱ་ གཙྪ་ཏུ་(མྱུར་དུ་བྱོན་པར་མཛོད།)ཛཿཧཱུཾ་བཾ་ཧོཿ ཨི་དཾ(འདི)། བ་ལིཾ(གཏོར་མ)། གྲིཧྣ་ཏུ(བཟུང་བར་མཛོད)། ཁཱ་ ད་ཏུ(གསོལ་བར་མཛོད)། པི་ཝ་ཏུ(བཏུང་བར་མཛོད)། ས་པ་རི་ཝཱ་ར་ཀཿ སརྦ་(ཐམས་ཅད་)སཏྭ་ནཱཾ(སེམས་ 3-1-72 ཅན་རྣམས་)། ཤཱནྟིཾ་(ཞི་བ་)པུཥྚིཾ་(རྒྱས་པ་)རཀྵ་(བསྲུང་བ་)ཨཱ་ཝ་ར་ཎ་(བསྐྱབ་པ་)གུཔྟིཾ་(སྦ་བར་)ཀ་རོ་ཏུ(མཛད་ དུ་གསོལ)། ཨི་དཾ(འདི)། སྠ་ནཾ་(གནས་)ཏྱཀ་ཏྭ(དོར་ནས་)། བཱ་ཧྱེ་(ཕྱི་རོལ་ཏུ་)མཎྜལ་བྷཱུ་མྱཾ་(དཀྱིལ་འཁོར་གྱི་ ས་ལ་)ཏིཥྛ་ཏུ་(གནས་པར་མཛོད་)ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་(རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད)སྭཱཧཱ། (ཞེས་དང༌།) (ཁྱིའི་ཕྱག་རྒྱས་གྲོང་གི་བདག་པོ་སྤྱན་དྲངས་ཏེ།) ༀ་ཨཱཿཧཱུཾ། ཆེ་གེ་མོ་(མིང་གི་ཡི་གེ་མཉམ་ན་ཐོག་མཐའ་ གཉིས་སམ་མི་མཉམ་ན་དབུས་དང་གསུམ་ནས་སྨོས་ཏེ།) ཨཱ་གཙྪ་(བྱོན་)ཨཱ་གཙྪ་(བྱོན་)ཤཱི་གྷྲཾ(མྱུར་དུ)། ཨི་དཾ(འདི)། བ་ལིཾ(གཏོར་མ)། གྲིཧྣ་གྲིཧྣ(ཟུང་ཟུང་)། བྷཱུག་ཏྭ་(གསོལ་ཞིང་)པི་ཏྭ་(མཐུངས་ཏེ་)ཏྲིཔྟིཾ་ཀྲི་ཏྭ་(ཚིམ་པར་བྱས་ནས་) སརྦ་(ཐམས་ཅད་)སཏྭ་ནཱཾ་(སེམས་ཅན་རྣམས་)ཤཱནྟིཾ་ཙིཏྟཾ་ཀྲྀ་ཏྭ་(ཞི་བའི་སེམས་སུ་བྱས་ནས་)ཨ་པ་ར་སྠ་ནཾ་ གཙྪ་གཙྪ་(གཞན་གྱི་གནས་སུ་བྱོན་བྱོན།)སྭཱཧཱ། (ཞེས་པས་གཏོར་མ་ཕུལ་ཏེ། ཡུལ་དང་གྲོང་གི་བདག་པོ་རེ་ཤིག་གནས་ གཞན་དུ་གཤེགས་སུ་གསོལ། དེ་ནས་བདུད་གཞོམ་པ་ནི།) དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་ པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་པ་དང༌། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ ལས་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པ་དང༌། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་ པོ་ལས་རྡོ་རྗེ་རྩེ་མོ་དགུ་པ་དང༌། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ལས་རྡོ་རྗེ་ རྩེ་མོ་དྲུག་ཅུ་རྩ་ལྔ་པ་དང༌། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་ལྗང་ཁུ་ལས་རྡོ་རྗེ་ རྩེ་མོ་ལྔ་པ་དང༌། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿསྔོན་པོ་ལས་རྡོ་རྗེ་རྩེ་མོ་སུམ་ཅུ་ རྩ་གསུམ་པ་རྣམས་དང༌། དེ་བཞིན་དུ་གཡོན་གྱི་ཕྲག་པ་དང༌། མཐེའུ་ཆུང་ལ་སོགས་པའི་རྩ་ བའི་ཚིགས་རྣམས་སུ་ང་ངི་ངྼི་ངུ་ངླི་ངཾ་(མཐེའུ་ཆུང་གི)། གྷ་གྷི་གྷྀ་གྷུ་གྷླྀ་གྷཾ(མིང་མེད་ཀྱི)། ག་གི་གྼྀ་གུ་ གླྀ་གཾ(གུང་མོའི)། ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ(མཛུབ་མོའི)། ཀ་ཀི་ཀྼྀ་ཀུ་ཀླ་ཀཾ་(མཐེ་བོའི་)རྣམས་དང༌། གཡས་ ཀྱི་ཕྲག་པ་དང་མཐེ་བོ་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། ཀྐཱཿ ཀྐླཱྀ་ཀྐཱུ་ཀྐྀ་ཀྐཱི་ཀྐཱ(མཐེ་ བོའི)། ཁྑཱཿ ཁྑླཱྀ་ཁྑཱུ་ཁྑྀ་ཁྑཱི་ཁྑཱ(མཛུབ་མོའི)། གྒཱཿ གྒླཱྀ་གྒཱུ་གྒྀ་གྒཱི་གྒཱ(གུང་མོའི)། གྷྒྷཱཿ གྷྒྷླཱྀ་གྷྒྷཱུ་གྷྒྷྀ་གྷྒྷཱི་ གྷྒྷཱ(མིང་མེད་ཀྱི)། ངྔཱཿ ངྔླཱྀ་ངྔཱུ་ངྔྀ་ངྔཱི་ངྔཱ(མཐེའུ་ཆུང་གི)། རྣམས་དང་གཡོན་གྱི་གྲུ་མོ་དང་མཐེའུ་ཆུང་ 3-1-73 ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཉ་ཛྷ་ཛ་ཚ་ཙ་རྣམས་དང༌། གཡས་ཀྱི་གྲུ་མོ་དང་ མཐེ་བོ་ལ་སོགས་པའི་དབུས་ཀྱི་ཚིགས་རྣམས་སུ། ཙཱ་ཚཱ་ཛཱ་ཛྷཱ་ཉཱ་(སྔ་མ་བཞིན་དུ་དབྱངས་རིང་དུ་སྡུད་ པའི་རིམ་པས་བསྒྱུར་བ་)རྣམས་དང༌། གཡོན་གྱི་མཁྲིག་མ་དང་མཐེའུ་ཆུང་ལ་སོགས་པའི་སྟེང་གི་ ཚིགས་རྣམས་སུ། ཎ་ཌྷ་ཌ་ཋ་ཊ་(སྔ་མ་བཞིན་དུ་དབྱངས་ཐུང་ངུ་སྤྲོ་བའི་རིམ་པས་བསྒྱུར་བ་)རྣམས་དང༌། གཡས་ཀྱི་མཁྲིག་མ་དང་མཐེ་བོ་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། ཊཱ་ཋཱ་ཌཱ་ཌྷཱ་ཎཱ་ རྣམས་དང༌། རྐང་པ་གཡོན་གྱི་དཔྱི་དང་མཐེའུ་ཆུང་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། མ་བྷ་བ་ཕ་པ་རྐང་པ་གཡས་ཀྱི་དཔྱི་དང་མཐེ་བོ་ལ་སོགས་པའི་རྩ་བའི་ཚིགས་རྣམས་སུ། པཱ་ ཕཱ་བཱ་བྷཱ་མཱ་རྣམས་དང༌། གཡོན་གྱི་དཔུས་མོ་དང༌། མཐེའུ་ཆུང་ལ་སོགས་པའི་དབུས་ཀྱི་ ཚིགས་རྣམས་སུ། ན་དྷ་ད་ཐ་ཏ་རྣམས་དང༌། གཡས་ཀྱི་དཔུས་མོ་དང་མཐེ་བོ་ལ་སོགས་པའི་ དབུས་ཀྱི་ཚིགས་རྣམས་སུ། ཏཱ་ཐཱ་དཱ་དྷཱ་ནཱ་རྣམས་དང༌། གཡོན་གྱི་ལོང་བུ་དང་མཐེའུ་ཆུང་ལ་ སོགས་པའི་སྟེང་གི་ཚིགས་རྣམས་སུ། ྈྐ་ཤ་ཥ་ྉྤ་ས་རྣམས་དང༌། གཡས་ཀྱི་ལོང་བུ་དང་ མཐེའོ་ལ་སོགས་པའི་སྟེང་གི་ཚིགས་རྣམས་སུ། སཱ་ྉྤ་ཥཱ་ཤཱ་ྈྐཱ་རྣམས་ཏེ་དེ་རྣམས་ལས། ལས་ཀྱི་འཁོར་ལོ་ཚིགས་ཆེན་བཅུ་གཉིས་ལ་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གཅིག་པ་རྣམས་དང༌། བྱ་ བའི་འཁོར་ལོ་སོར་མོའི་ཚིགས་དྲུག་ཅུ་པོ་རྣམས་ལ། རྡོ་རྗེ་རྩེ་མོ་བདུན་པ་ཁམས་ཀྱི་མདོག་ ཅན་རྣམས་དང༌། དེ་བཞིན་དུ་གཡོན་དང་གཡས་ཀྱི་རྣ་བ་དག་ལ་ཨ་ཨཱ། སྣ་དག་ལ་ཨེ་ཨཻ། མིག་དག་ལ་ཨར་ཨཱར། ལྕེ་དང་ལྕེའུ་ཆུང་དག་ལ་ཨོ་ཨཽ། རྡོ་རྗེ་དང་གསང་བ་དག་ལ་ཨལ་ ཨཱལ། ཡིད་དང་ཁུ་བའི་རྩ་དག་ལ་ཨཾ་ཨཿརྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་གསུམ་པ་རྣམས་ དང༌། གཙུག་ཏོར་དང་མགོ་བོར་ཧ་ཧཱ། ལྕེ་དང་རྐན་དག་ལ་ཡ་ཡཱ། གཡོན་དང་གཡས་ཀྱི་ལག་ མཐིལ་དག་ལ་ར་རཱ། རྐང་མཐིལ་དག་ཝ་ཝཱ། གཤང་ལམ་གྱི་གཡོན་དང་གཡས་སུ་ལ་ལཱ། རྣམས་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་རྣམས་ཏེ། དེ་ལྟར་བདག་ཉིད་རྡོ་རྗེའི་སྐུར་གྱུར་པ་ལས་ 3-1-74 འཕྲོས་པའི་རྡོ་རྗེ་མེ་དཔུང་ཕྱོགས་ཀྱི་མདོག་ཅན་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་རྣམས་ ཀྱིས། སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པའི་བདུད་ཀྱི་ཚོགས་ཕྱོགས་བཅུ་ན་ གནས་པ་མཐའ་དག་ངེས་པར་བསྲེགས་ནས་བདེ་བ་ཆེན་པོ་ལ་དགོད་པར(བསམ་སྟེ)། ༀ་ ཨཱཿཧཱུཾཿཧོཿཧཾ་ཀྵཿ ཧྲཱཿཧྲཱཿཧྲཱཿཧྲཱཿ ར་ར་ར་ར། བཛྲ་(རྡོ་རྗེ་)ཨ་ན་ལ་(མེ་)སརྦ་(ཐམས་ཅད་)ཨཱ་ཝ་ར་ཎ་ (སྒྲིབ་པའི་)དྷརྨྨ་(ཆོས་)པྲ་ལ་ཡ(ཉམས་པའི)། སྭ་བྷཱ་ཝ་(རང་བཞིན་)སརྦ་(ཐམས་ཅད་)མཱ་ར་(བདུད་)ཀཱ་ཡི་ཀ་ (རིམས་དང་)བིགྷྣ་(བགེགས་དང་)བི་ནཱ་ཡ་ཀ་(ལོག་འདྲེན་)ཨཱ་དཱི་ནཾ་(ལ་སོགས་པ་)ད་ཤ་དིག་(བཅུའི་)ག་ཏཱ་ནཱཾ་ (ཕྱོགས་ན་གནས་པ་རྣམས་ཀྱི་)ཀཱ་ཡ་(ལུས་)ཝཱཀ་(ངག་)ཙིཏྟ་ནི་(སེམས་རྣམས་)ད་ཧ་ད་ཧ་(བསྲེགས་བསྲེགས་)པ་ ཙ་པ་ཙ་(ཚོས་ཚོས་)བྷསྨཱི་(ཐལ་བ་)ཀུ་རུ་ཀུ་རུ་(གྱིས་གྱིས་)ཧུཾ་ཧཱུཾ་ཕཊ་ཕཊ། (ཅེས་དྲག་ཏུ་འདོན་པས་བདུད་གཞོམ་ མོ། །དེ་ནས་སླར་མི་འཇུག་པའི་དོན་དང༌། བདུད་བགེགས་ལོག་འདྲེན་མ་ཚིག་པ་རྣམས་ལ་ཕུར་བུས་གདབ་པའི་དོན་དང༌། གནས་བསྲུང་བའི་དོན་དུ་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་གས་བསྲུང་བ་ནི། དེ་ནས་བསྲུང་བའི་འཁོར་ལོ་ནི།) ཧཾ་ལས་བྱུང་བའི་ ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་ དབུས་སུ་གཞུའི་རྣམ་པ་ཅན་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་ འཁོར་དམར་པོ་དབུས་སུ་གྲུ་གསུམ་གྱི་རྣམ་པ་ཅན་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཝཾ་ ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་ཅན་པདྨས་མཚན་པ། དེའི་སྟེང་ དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་སུ་གྲུ་བཞིའི་རྣམ་པ་ཅན་རྡོ་རྗེས་མཚན་པ། དེ་ ཐམས་ཅད་ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཁ་སྦྱར་བས་མཚན་པ། ༀ་ཧཱཾ་ཡཱཾ་རཱཾ་ཝཱཾ་ ལཱཾ། བཛྲ་(རྡོ་རྗེ་)ཨཱ་ཀཱ་ཤ་(ནམ་མཁའ་)བཱ་ཡུ་(རླུང་)ཏེ་ཛ་(མེ་)ཨུ་ད་ཀ་(ཆུ་)པྲི་ཐི་ཝཱི་(ས་)བཛྲ་(རྡོ་རྗེ་)སྭ་བྷཱ་ ཝ་(རང་བཞིན་)པཉྩ་(ལྔ་)དྷཱ་ཏ་བོ་(ཁམས་རྣམས་)བཛྲ་(རྡོ་རྗེ་)མཎྜ་ལཱ་ནི་(དཀྱིལ་འཁོར་རྣམས་ལ་)ཀུ་རུ་ཀུ་རུ་ སྭཱཧཱ། དཀྱིལ་འཁོར་བཞི་པོ་གཅིག་ཏུ་འདྲེས་པར་གྱུར་པ་ལས། རྡོ་རྗེའི་རྭ་བ་དང༌། རྡོ་རྗེའི་ ཁང་པ་བརྩེགས་པ་ལ་སོགས་པ་ཡོངས་སུ་གྲུབ་པར་གྱུར(པར་བསམ་ལ)། ༀ་ཨཱཿཧཱུཾ་རཿབཛྲ་(རྡོ་རྗེ་) 3-1-75 ཙནྡྲ་(ཟླ་བ་)སུཪྻ་(ཉི་མ་)རཱ་ཧུ་(སྒྲ་གཅན་)ཀཱ་ལ་ཨགྣ་ཡཿ(དུས་མེ་རྣམས)ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་ (ཐུགས་)ཛྙཱ་ན་(ཡེ་ཤེས་)བཛྲ་(རྡོ་རྗེ་)པྲཱ་ཀཱ་རཱ་ན་(ར་བ་རྣམས་)ཀུ་རུ་ཀུ་རུ་སྭཱཧཱ། (ཞེས་པས།) ས་དང་ནམ་ མཁའ་འབྱར་བར་སྣང་བའི་མཚམས་སུ། རྡོ་རྗེའི་རང་བཞིན་གྱི་ར་བ་གསུམ་དང༌། ཡུལ་ འཁོར་བསྲུང་བའི་དོན་དུ། ཡུལ་འཁོར་གྱི་མཚམས་སུ། རྡོ་རྗེའི་རང་བཞིན་གྱི་ར་བ་ལྔ་སྟེ། ཐམས་ཅད་ཀྱང་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་བཟླུམ་པོའི་རྣམ་པར་གྱུར་པའི་དབུས་སུ། ར་བ་ལྔའི་ཁྱོན་དང་མཉམ་པའི་རྡོ་རྗེའི་ས་གཞི་དང་ར་བ་རྣམས་ཀྱི་འོག་ཏུ་མདུང་དང༌། སྟེང་ དུ་མདའི་དྲ་བ་རྣོན་པོའོ། །དེ་བཞིན་དུ་ༀ་ཧཱུཾ་བི་ཤྭ་(སྣ་ཚོགས་)ཀཱ་ཡ་(སྐུ་)བཛྲཾ་(རྡོ་རྗེ་)བཛྲ་(རྡོ་རྗེ་)ཀཱུ་ ཊཱ་(བརྩེགས་པ་)ག་རཾ་(ཁང་པ་)ཀུ་རུ་ཀུ་རུ་སྭཱཧཱ། (ཞེས་པས།) ར་བའི་དབུས་སུ་རྡོ་རྗེའི་ས་གཞི་ལ་སྐུ་ གསུང་ཐུགས་རྣམ་པར་དག་པ་རྡོ་རྗེའི་ཁང་པ་གསུམ་བརྩེགས་པ་ཁྲུས་ཉིས་བརྒྱ་པ་དབུས་སུ་ འཁོར་ལོ་རྩིབས་བཅུ་པ་དང་བཅས་པའོ། །ༀ་པཾ་བི་ཤྭ་བཛྲ་(སྣ་ཚོགས་རྡོ་རྗེ་)པདྨཾ་ཀུ་རུ་ཀུ་རུ་སྭཱཧཱ། (ཞེས་པས།) འཁོར་ལོའི་ལྟེ་བའི་ནང་དུ་ཁྲུ་བཅུ་གཉིས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའོ། །ༀ་རཿབཛྲ་(རྡོ་རྗེ་)སཱུཪྻ་(ཉི་མ་)བཛྲ་(རྡོ་རྗེ་)སཱུཪྻ་(ཉི་མ་)ཨཱ་ས་ནཾ་(གདན་རྣམས་)ཀུ་རུ་ཀུ་རུ་སྭཱཧཱ། (ཞེས་ པས།) པདྨའི་ལྟེ་བ་ཁྲུ་བཞི་པའི་སྟེང་དུ་དེ་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ ལས་རྡོ་རྗེ་རྩེ་ལྔ་པ་དང༌། དེ་ཡོངས་སུ་གྱུར་པ་ལས། བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་ སྐུ་མདོག་ནག་པོ་དུས་མཐའི་སྤྲིན་དང་མཚུངས་ཤིང༌། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་ པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། ལྷག་པའི་ཕྱག་གཉིས་ཏེ་ཉི་ཤུ་རྩ་དྲུག་དང་ ལྡན་པ། ཞབས་གཡས་པ་དམར་པོ་བརྐྱང་ཞིང༌། གཡོན་པ་དཀར་པོ་བསྐུམ་པའི་སྟབས་ ཀྱིས་ཡི་དྭགས་ཀྱི་གདན་ལ་རྣམ་པར་གནས་པ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ དམར་པོ་དང༌། དཀར་པོ་དང༌། ནག་པོའི་མདོག་ཅན། མདུན་ཞལ་ནག་པོ། གཡས་ཞལ་ དམར་པོ། གཡོན་ཞལ་དཀར་པོ། རྒྱབ་ཞལ་སེར་པོ། མཆེ་བ་གཙིགས་པ། རབ་ཏུ་ཁྲོས་ཤིང་ 3-1-76 འཇིགས་སུ་རུང་བ་ཅན། སྤྱན་དམར་སེར་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་ གྱེན་དུ་བརྫེས་པ། མི་བསྐྱོད་པས་དབུ་བརྒྱན་པའོ། །གཡས་དང་གཡོན་གྱི་ཕྲག་པ་དང་པོ་ ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། དཔུང་པ་གཉིས་ནག་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ངར་བཞི་ནག་པོ། བཞི་དམར་པོ། བཞི་དཀར་པོའོ། །སོར་གདུབ་ རྣམས་ཀྱིས་སྤྲས་པའི་མཐེ་བོ་སེར་པོ། མཛུབ་མོ་དཀར་པོ། གུང་པོ་དམར་པོ། སྲིན་ལག་ནག་ པོ། མཐེའུ་ཆུང་ལྗང་ཁུ། ཕྱག་གི་མཐིལ་ནས་བརྩམས་ཏེ། ཚིགས་ཀྱི་ཕྲེང་བ་དང་པོ་རྣམས་ ནག་པོ། གཉིས་པ་རྣམས་དམར་པོ། གསུམ་པ་རྣམས་དཀར་པོའོ། །གཡས་ཀྱི་ཕྱག་བཅུ་ གཉིས་རྣམས་ན་མདུན་ནས་བརྩམས་ཏེ། ཁྲོ་བོའི་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག །མདའ། ལྕགས་ཀྱུ། ཌ་མ་རུ། ཐོ་བ། འཁོར་ལོ། མདུང༌། དབྱུག་པ། དགྲ་སྟ་བསྣམས་པ། གཡོན་གྱི་ཕྱག་བཅུ་གཉིས་རྣམས་ན། རྡོ་རྗེ་དྲིལ་བུ། ཕུབ། ཁ་ཊྭཱཾ་ཁ། ཐོད་པ། གཞུ། ཞགས་ པ། རིན་པོ་ཆེ། པདྨ། དུང༌། མེ་ལོང༌། ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པ་ བསྣམས་པ། ཕྱག་དང་པོ་གཉིས་ཐུགས་ཁར་བསྣོལ་ཞིང༌། ལྷག་པའི་ཕྱག་གཉིས་ཀྱི་གཡས་ པ་ནག་པོ་དང༌། གཡོན་པ་སེར་པོས་སྡིགས་མཛུབ་དང་བཅས་ཏེ། གླང་པོ་ཆེའི་ལྤགས་པ་ རློན་པ་ཁྲག་དང་བཅས་པ་མགོ་བོ་གཡས་སུ་བསྟན་པའི་རྐང་ལག་གཉིས་ནས་བཟུང་སྟེ་གྱོན་ ཞིང༌། བདུད་ཀྱི་མགོ་བོ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ། །རུས་པའི་ཕྱག་རྒྱ་ལྔ་ དང་ལྡན་པ། དབུ་ལ་རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་རྡོ་རྗེ་ཟླ་བ་ཕྱེད་པ་དང༌། རྐེད་པར་སྟག་གི་ ལྤགས་པའི་ཤམ་ཐབས་ཅན། ཕྲག་པར་བདུད་རིགས་བརྒྱའི་མགོ་བོའི་ཕྲེང་བ་འཕྱང་བ། སྤྱི་ བོར་ཐོད་པ་ལྔའི་ཕྲེང་བས་བརྒྱན་པ་སྟེ། དེ་བཞིན་དུ་ཀླུའི་དབང་པོ་རྒྱལ་བ་རལ་པའི་ཅོད་ པན་ལ་བཅིངས་ཤིང༌། རྣམ་པར་རྒྱལ་བ་དར་དཔྱངས་ལ་བཅིངས་པས་གནས་པ། སྟོབས་ཀྱི་ རྒྱུ་དང་པདྨ་རྣ་རྒྱན་ལ་གནས་པ། ནོར་རྒྱས་དང་དུང་སྐྱོང་ཕྱག་གདུབ་ལ་གནས་པ། མཐའ་ 3-1-77 ཡས་དང་རིགས་ལྡན་འོག་པག་དང་མགུལ་རྒྱན་ལ་གནས་པ། འཇོག་པོ་དང་པདྨ་ཆེན་པོ་ ཞབས་གདུབ་ལ་གནས་པའོ། ། དེ་ལྟར་བདག་ཉིད་ཁྲོ་བོའི་དབང་པོ་དུས་མཐའི་སྤྲིན་དང་མཚུངས་པ་རབ་ཏུ་འཇིགས་ པའི་སྐུར་གྱུར་(པར་བསམ་ལ)། ༀ་ཧཱུཾ་ཀྲོ་དྷཱ་(ཁྲོ་བོའི་)ཨིན་ཏྲོ་ཧཾ་(དབང་པོ་)ཀྲོ་དྷཱ་ནཱཾ་(ཁྲོ་བོ་རྣམས་)ཨཱཛྙཱ་དཱ་ ཡ་ཀ་(བཀའ་བསྒོ་བའོ)སྭཱཧཱ། (ཞེས་ང་རྒྱལ་བཟུང་ངོ༌།།)ཁང་བརྩེགས་ནང་གི་འཁོར་ལོའི་རྩིབས་རྣམས་ ཀྱི་ནང་དུ་རཿཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར(རེ་རེ)། བདག་ཉིད་ཀྱི་ཐུགས་ཁར་ཡང་ ཉི་མའི་སྟེང་དུ་ཧ་ཡ་ར་ཝ་ལ་བརྩེགས་པའི་རང་བཞིན་ཡི་གེའི་གོང་བུ་ལས། ཧ་ཧཱ་ཡོངས་སུ་ གྱུར་པ་ལས། རྡོ་རྗེ་ལྗང་ཁུ་དང་སྔོན་པོ་དག་དང་དེ་དག་ཡོངས་སུ་གྱུར་པ་ལས། གཙུག་ཏོར་ འཁོར་ལོ་བསྒྱུར་བ་དང༌། གནོད་མཛེས་རྒྱལ་པོ་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་ མདོག་ལྗང་ཁུ་དང་སྔོན་པོ། གཡས་ཞལ་དམར་ཞིང༌། གཡོན་ཞལ་དཀར་བ། ཕྱག་གཡས་པ་ གསུམ་གྱིས་རྡོ་རྗེ་དང༌། གྲི་གུག དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་ པའི་མགོ་བོ་འཛིན་པ་དག་ཞལ་གྱི་གཙོ་བོའི་གཡོན་དང་གཡས་ཀྱི་རྣ་བ་དག་ལས་སྤྲོས་ཏེ། སྟེང་འོག་གི་ཁང་བརྩེགས་ནང་གི་འཁོར་ལོའི་རྩིབས་ལ་ཉི་མའི་གདན་ལ་གནས་པའོ། །ཡི་ ཡཱི་ལས་བྱུང་བའི་རལ་གྲི་ནག་པོ་དག་དང༌། དེ་ལས་བགེགས་མཐར་བྱེད་དང༌། དབྱུག་སྔོན་ ཅན་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང༌། སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་ གཡོན་ཞལ་དཀར་བ། ཕྱག་གཡས་པ་གསུམ་གྱིས་རལ་གྲི་དང་གྲི་གུག་དང་རྩེ་གསུམ་དང་། གཡོན་པ་གསུམ་གྱིས་ཕུབ་དང་ཐོད་པ་དང་། ཁ་ཊྭཱཾ་ཁ་འཛིན་པ་དག གཡོན་དང་གཡས་ཀྱི་སྣ་ བུག་དག་ནས་སྤྲོས་ཏེ། ཤར་དང་མེའི་རྩིབས་སུ་གནས་པ་དང༌། ཪྼྀ་ཪྼཱྀ་ལས་བྱུང་བའི་རིན་ པོ་ཆེ་དམར་པོ་དག་དང༌། དེ་ལས་ཤེས་རབ་མཐར་བྱེད་དང༌། ཊཀྐི་ཞལ་གསུམ་ཕྱག་དྲུག་ པ། རྩ་བའི་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་དཀར་ཞིང༌། གཡོན་ཞལ་ནག་པ། 3-1-78 ཕྱག་གཡས་པ་གསུམ་གྱིས་མེའི་མདའ་དང་རྡོ་རྗེ་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌ་ མ་རུ་དང་། གཡོན་པ་གསུམ་གྱིས་གཞུ་དང་ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འོད་འཕྲོ་བ་ འཛིན་པ་དག གཡོན་དང་གཡས་ཀྱི་མིག་དག་ལས་སྤྲོས་ཏེ། ལྷོ་དང་བདེན་བྲལ་གྱི་རྩིབས་ སུ་གནས་པ་དང༌། ཝུ་ཝཱུ་ལས་བྱུང་བའི་པདྨ་དཀར་པོ་དག་དང༌། དེ་དག་ལས་པདྨ་མཐར་ བྱེད་དང་མི་གཡོ་བ་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ་གྱིས་ཐོ་བ་དང༌། མདུང་དང༌། རྩེ་གསུམ་དང༌། གཡོན་པ་གསུམ་གྱིས་པདྨ་དཀར་པོ་དང༌། མེ་ལོང་དང༌། བགྲང་ཕྲེང་འཛིན་ པ་དག་ལྕེ་དང་ཆུ་ལམ་དག་ནས་སྤྲོས་ཏེ། བྱང་དང་དབང་ལྡན་གྱི་རྩིབས་སུ་གནས་པ་དང༌། ལླྀ་ལླཱྀ་ལས་བྱུང་བའི་འཁོར་ལོ་སེར་པོ་དག་དང༌། དེ་ལས་གཤིན་རྗེ་མཐར་བྱེད་དང༌། སྟོབས་ པོ་ཆེ་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར་ཞིང་ གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ་གྱིས་འཁོར་ལོ་དང་དབྱུག་པ་དང༌། ཁྲོ་བོའི་རྡོ་ རྗེ་དང༌། གཡོན་པ་གསུམ་གྱིས་དུང་དང་ལྕགས་སྒྲོག་དང༌། སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་ བུ་འཛིན་པ་དག བཤང་ལམ་དང་གཙུག་ཏོར་དག་ནས་སྤྲོས་ཏེ། ནུབ་དང་རླུང་གི་རྩིབས་སུ་ གནས་པ་སྟེ། ཐམས་ཅད་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་གི་གར་གྱིས་གནས་ཤིང༌། སྤྱན་དམར་སེར་གསུམ་གསུམ་དང་ལྡན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རབ་ཏུ་ ཁྲོ་ཞིང་འཇིགས་སུ་རུང་བ་ཅན། ཀླུའི་དབང་པོ་རྣམས་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ ཞིང༌། སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཁྲོ་བོའི་དབང་པོ་ལྟ་བུ་སྟེ་ཁང་བརྩེགས་ཀྱི་ནང་ བསྲུང་བའོ། །(ཟད་པར་ལ་སོགས་པའང་གོང་བཞིན་སྒོ་སོ་སོ་ནས་སྤྲོ་བར་བྱ་སྟེ།)སླར་ཡང་ཐུགས་ཁར་ཉི་མའི་ དཀྱིལ་འཁོར་གྱི་སྟེང་དུ། ང་ཉ་ཎ་མ་ན་བརྩེགས་པ་རྣམ་པར་བསྒོམས་ནས། ང་ངཱ་ལས་ཟད་ པར་སྟོང་པ་གཉིས། ཁང་པ་བརྩེགས་པའི་ཕྱི་རོལ་གྱི་སྟེང་དུ་ནམ་མཁའི་དཀྱིལ་འཁོར་དང༌། 3-1-79 གནོད་མཛེས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གནས་པ་དང༌། ཉི་ཉཱི་ལས་ཤར་དང་ མེར་ཟད་པར་རླུང་གཉིས་དང༌། ཎྼྀ་ཎྼཱྀ་ལས་ལྷོ་དང་བདེན་བྲལ་དུ་ཟད་པར་མེ་གཉིས་དང༌། མུ་མཱུ་ལས་བྱང་དང་དབང་ལྡན་དུ་ཟད་པར་ཆུ་གཉིས་དང༌། ཎླྀ་ཎླཱྀ་ལས་ནུབ་དང་རླུང་དུ་ ཟད་པར་ས་གཉིས་ཏེ། རང་རང་གི་འབྱུང་བའི་དཀྱིལ་འཁོར་ལ་གནས་པ་ཕྱོགས་ཀྱི་མདོག་ ཅན་མཉམ་གཞག་གི་ཕྱག་རྒྱས་ཏིང་ངེ་འཛིན་ལ་གནས་པ་ཁང་པ་བརྩེགས་པའི་ཕྱིར་རོལ་ ཏུ་བསྲུང་ཞིང་སྐྱོང་བ་སྟེ། ཟད་པར་དང༌། ཁྲོ་བོ་ནམ་མཁའ་དང་ཡེ་ཤེས་ཡང་དག་པར་སྦྱོར་ བས་སེམས་ཀྱི་ཁམས་བསྲུང་བར་མཛད་པའོ། ། དེ་བཞིན་དུ་གྷ་ཛྷ་ཌྷ་བྷ་དྷ། བརྩེགས་པ་ལས་གྷ་གྷཱ་ཛྷི་ཛྷཱི་ཌྷྀ་ཌྷྀ་བྷུ་བྷཱུ་དྷླྀ་དྷླཱྀ་རྣམས་ ལས་བྱུང་བའི་ཕྱོགས་སྐྱོང་བཅུ། ར་བ་གསུམ་པའི་ནང་གི་ཆའི་ཕྱོགས་བཅུ་རྣམས་སུ་སྤྲོ་བར་ བྱ་སྟེ། ངང་པ་ལ་གནས་ཚངས་པ་ལྗང་ཁུ་རིག་བྱེད་ཞལ། །ཕྱག་བཞིས་ཁབ་དང་བགྲེང་ཕྲེང་ པདྨ་སྤྱི་བླུགས་འཛིན། །མཁའ་ལྡི ང་ལ་གནས་ཁྱབ་འཇུག་སྔོན་པོ་རྒྱ་མཚོའི་ཕྱག །འཁོར་ལོ་ དབྱུག་ཐོ་པདྨ་སྐྱེ་ལྔའི་དུང་གིས་མཚན། །ཡི་དྭགས་ལ་གནས་བདེན་བྲལ་མིག་སྨན་ལྟ་བུའི་ མདོག །ཕྱག་བཞུ་རལ་གྲི་གྲི་གུག་ཕུབ་དང་ཐོད་པས་བརྒྱན། །རི་དྭགས་ལ་གནས་རླུང་ལྷ་ ནག་པོ་ཕྱག་བཞི་ཡིས། །དཔག་བསམ་ཡོངས་འདུའི་མེ་ཏོག་ནོར་བུ་ཨུཏྤལ་འཛིན། །མ་ཧེ་ ལ་གནས་གཤིན་རྗེ་ཤིན་ཏུ་དམར་པའི་མདངས། །ཕྱག་བཞི་དབྱུག་པ་རལ་གྲི་ལྕགས་སྒྲོག་ ཞགས་པས་མཚན། །ལུག་ལ་ཉེར་གནས་མེ་ལྷ་དམར་པོ་རིག་བྱེད་ཕྱག །ཤག་ཏི་དབྱུག་པ་ཆུ་ སྐྱེས་སྤྱི་བླུགས་མཚན་མས་སྤྲས། །ཆུ་སྲིན་ལ་གནས་རྒྱ་མཚོ་དཀར་པོ་ཕྱག་བཞི་པ། །ཞགས་ པ་རིན་ཆེན་སྦྲུལ་ཞགས་ཟླ་བ་ཆུ་ཤེལ་འཛིན། །ཁྱུ་མཆོག་ལ་གནས་བདེ་བྱེད་དཀར་པོ་དུས་ ཀྱི་ཕྱག །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊྭཱཾ་གཞུ་ཡིས་མཚན། །གླང་ཆེན་ལ་གནས་དབང་ པོ་གསེར་མདོག་རིག་བྱེད་ཕྱག །རྡོ་རྗེ་མེ་མདའ་རྡོ་རྗེ་དྲིལ་བུ་གཞུ་ཡིས་བརྒྱན། །འཁོར་ལོའི་ 3-1-80 ཁང་བརྩེགས་གདན་ལ་རབ་གནས་གནོད་སྦྱིན་སེར། །ཕྱག་བཞིས་ནོར་བུ་བེ་ཅོན་ནེའུ་ལེ་ པདྨའོ། ། དེ་ལྟར་ཕྱོགས་སྐྱོང་བཅུ་ནི་ར་བ་གསུམ་པའི་ནང་དུ་བསྲུང་ཞིང་སྐྱོང་བའོ། །ག་ཛ་ཌ་བ་ ད་བརྩེགས་པ་ལས། ག་གཱ་ཛི་ཛཱི་ཌྼྀ་ཌྻཱྀ་བུ་བཱུ་དླྀ་དླཱྀ་རྣམས་ལས་བྱུང་བའི་གཟའ་བཅུ་ར་བ་ གསུམ་པའི་ཕྱི་རོལ་གྱི་ཆ་ལ་སྤྲོ་བར་བྱ་སྟེ། སྟེང་དང་འོག་ཏུ་སྒྲ་གཅན་དང་དུས་མེ། ཤར་དང་ མེར་ཟླ་བ་དང་ཉི་མ། ལྷོ་དང་བདེན་བྲལ་དུ་གཟའ་ལྷག་དང་བཀྲ་ཤིས། བྱང་དང་དབང་ལྷན་ དུ་པ་སངས་དང་ཕུར་བུ། ནུབ་དང་རླུང་དུ་མཇུག་རིང་དང་སྤེན་པ་དག་རང་རང་གི་འབྱུང་ བའི་དཀྱིལ་འཁོར་ལ་གནས་པ་ཕྱོགས་ཀྱི་མདོག་ཅན། ར་བ་གསུམ་པའི་ཕྱི་རོལ་ཏུ་བསྲུང་ ཞིང་སྐྱོང་བ་སྟེ། གཟའ་དང་ཕྱོགས་སྐྱོང་མེ་དང་རླུང་དག་ཡང་དག་པར་སྦྱོར་བས་ངག་གི་ ཁམས་བསྲུང་བར་མཛད་པའོ། །(གཟའ་རྣམས་ཀྱི་རང་རང་གི་ཕྱོགས་ཀྱི་མེ་ལྷའི་ཕྱག་མཚན། ཕྱག་མཚན་དུ་བཞེད་ པ་ནི་མ་འབྲེལ་ཏེ་ཟླ་ཉི་ཞི་རྒྱས་ཀྱི་ལས་དང་འབྲེལ་བ་ལ། གསད་སྐྲད་ཀྱི་མེ་ལྷའི་ཕྱག་མཚན་མི་རིགས་པའི་ཕྱིར་རོ། །དེས་ན་ འཇིག་རྟེན་ཁམས་ལེར། ཉི་ཟླ་ནི་ཟླུམ་པོའི་རྣམ་པ་དང༌། སྐར་མ་གཟའི་ཚོགས་ཞེས་པ་ནི། དེ་བཞིན་ཉིད་དུ་སྐར་མའི་རྣམ་པ་ ཅན་བཀྲ་ཤིས་ལ་སོགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར། ཉི་ཟླ་ནི་ཟླུམ་པོ་རང་གི་རྣམ་པ་དང་བཀྲ་ཤིས་ལ་སོགས་པ་ རྣམས་སྐར་མའི་རྣམ་པ་ཉིད་ལ་ཕྱོགས་མདོག་གི་འོད་ཀྱི་རྣམ་པ་ཅན་དུ་རིགས་སོ། །གསུང་བ་ལ། སྒྲ་གཅན་དུས་མེ་གཉིས་ གདུང་མཇུག་གི་རྣམ་པ་ཅན་རིགས་སོ།།) ཁ་ཚ་ཋ་ཕ་ཐ་བརྩེགས་པ་ལས་ཁ་ཁཱ་ཚི་ཚཱི་ཋྼྀ་ཋྼཱྀ་ཕུ་ཕཱུ་ཐླྀ་ ཐླཱྀ་རྣམས་ལས་བྱུང་བའི་ཀླུ་བཅུ་པོ་ར་བ་ལྔ་པའི་ནང་གི་ཆ་ལ་སྤྲོ་བར་བྱ་སྟེ། སྟེང་དང་འོག་ ཏུ་རྒྱལ་བ་དང་རྣམ་པར་རྒྱལ་བ། ཤར་དང་མེར་སྟོབས་ཀྱི་རྒྱུ་དང་པདྨ། ལྷོ་དང་བདེན་བྲལ་ དུ་ནོར་རྒྱས་དང་དུང་སྐྱོང༌། བྱང་དང་དབང་ལྡན་དུ་མཐའ་ཡས་དང་རིགས་ལྡན། ནུབ་དང་ རླུང་དུ་འཇོག་པོ་དང༌། པདྨ་ཆེན་པོ་དག་སྟེ། ཐམས་ཅད་རང་རང་གི་འབྱུང་བའི་དཀྱིལ་འཁོར་ ལ་རྡོ་རྗེའི་གདན་གྱིས་གནས་པ། ཕྱོགས་ཀྱི་མདོག་ཅན་ཕྱག་བཞི་པ་གཡས་གཉིས་ཀྱིས་ 3-1-81 བདུད་རྩིའི་བུམ་པ་དང༌། རྡོ་རྗེ། གཡོན་གཉིས་ཀྱིས་པདྨ་དང༌། རིན་པོ་ཆེ་འཛིན་པ་ར་བ་ལྔ་ པའི་ནང་དུ་བསྲུང་ཞིང་སྐྱོང་བའོ། །ཀ་ཙ་ཊ་པ་ཏ་བརྩེགས་པ་ལས་ཀ་ཀཱ་ཙི་ཙཱི་ཊྼྀ་ཊྼཱྀ་པུ་པཱུ་ཏླྀ་ ཏླཱྀ་རྣམས་ལས་བྱུང་པའི་འབྱུང་པོ་བཅུ་ར་བ་ལྔ་པའི་ཕྱི་རོལ་གྱི་ཆ་ལ་སྤྲོ་བར་བྱ་སྟེ། སྟེང་དང་ འོག་ཏུ་རོལ་བ་དང་གྲུལ་བུམ། ཤར་དང་མེར་མིའམ་ཅི་ཁྱིའི་གདོང་ཅན་དང༌། སྐྱེས་ བུའམ་ཅི་བྱ་རོགས་གི་གདོང་ཅན། ལྷོ་དང་བདེན་བྲལ་དུ་དྲི་ཟ་ཕག་གི་གདོང་པ་ཅན་དང༌། འབྱུང་པོ་བྱ་རྒོད་ཀྱི་གདོང་པ་ཅན། བྱང་དང་དབང་ལྡན་དུ་སྲིན་པོ་སྟག་གི་གདོང་པ་ཅན་དང༌། ཡི་དྭགས་འུག་པའི་གདོང་པ་ཅན། ནུབ་དང་རླུང་དུ་བརྗེད་བྱེད་ལྕེ་སྤྱང་གི་གདོང་པ་ཅན་དང༌། ནམ་མཁའ་ལྡི ང་དག་སྟེ། ཐམས་ཅད་རང་རང་གི་ཕྱོགས་ཀྱི་འབྱུང་བའི་དཀྱིལ་འཁོར་ལ་ ཟླུམ་པོའི་སྟབས་ཀྱིས་གནས་པ། ཕྱོགས་ཀྱི་མདོག་ཅན་མི་མགོའི་ཕྲེང་བ་མགུལ་དུ་འཕྱང་བ་ སྤྱན་གསུམ་པ་ཕྱག་གཉིས་ཀྱི། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པ། ར་བ་ལྔ་པའི་ཕྱི་ རོལ་ཏུ་བསྲུང་ཞིང་སྐྱོང་བ་སྟེ། ཀླུ་དང་འབྱུང་པོ་ཆུ་དང་ས་དག་ཡང་དག་པར་སྦྱོར་བས། ལུས་ ཀྱི་ཁམས་བསྲུང་བར་མཛད་པའོ། །ༀ་སརྦ་ཏ་ཐཱ་ག་ཏ་རཀྵ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། (ཞེས་ང་ རྒྱལ་བཟུང་ནས།) བཀའ་བསྩལ་སྦྱིན་པར་བྱ་སྟེ། ༀ་ཧཾ་བཛྲ་ཀྲོ་དྷ་རཱ་ཛ་(རྡོ་རྗེ་ཁྲོ་བོ་རྣམས་)མཧཱ་ཨུཥྞཱི་ཥ་ (གཙུག་ཏོར་ཆེན་པོ་)ཨཱུར་དྷ་(སྟེང་)དི་ཤི་(ཕྱོགས་)རཀྵཱཾ་(བསྲུང་བར་)ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཡཾ་བཛྲ་ཀྲོ་དྷ་རཱ་ ཛ་ཨ་ཏི་བ་ལ་སརྦ་(ཤིན་ཏུ་སྟོབས་)བིགྷྣ་ཨནྟ་ཀ་(བགེགས་མཐར་བྱེད་)པཱུར་བ་(ཤར་)དི་ཤི་(ཕྱོགས་)རཀྵཱཾ་ (བསྲུང་བར་)ཀུ་རུ་ཀུ་རུ་སྭཱཧཱ། ༀ་རཾ་བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་(རྨུགས་བྱེད་)དུཥྚཾ་པྲཛྙཱ་ཨཱནྟ་ཀ་(གདུག་ པའི་ཤེས་རབ་མཐར་བྱེད་པ་)ད་ཀྵི་ཎ་(ལྷོ་)དི་ཤི་(ཕྱོགས་)རཀྵཱཾ་(བསྲུང་)ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཝཾ་བཛྲ་ཀྲོ་དྷ་ རཱ་ཛ་མཱ་ན་ཀི་(ང་རྒྱལ་)བི་རཱ་ག་པདྨ་ཨནྟ་ཀ་(རྣམ་པར་ཆགས་པའི་པད་མ་མཐར་བྱེད་)ཨུད་ཏ་ར་(བྱང་)དི་ ཤི་(ཕྱོགས་)རཀྵཱཾ་(བསྲུང་)ཀུ་རུ་ཀུ་རུ་སྭཱཧཱ། ༀ་ལཾ་བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་(རེངས་བྱེད་)ཡ་མ་ཨནྟ་ཀ་ (གཤིན་རྗེ་མཐར་བྱེད་)པཥྩི་མ་(ནུབ་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ལཱཿབཛྲ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་ 3-1-82 (སྟོབས་པོ་ཆེ་)བཱ་ཡ་བྱཱཾ་(རླུང་གི་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཝཱཿབཛྲ་ཀྲོ་དྷ་རཱ་ཛ་ཨ་ཙ་ལ་(མི་གཡོ་ བ་)ཨཱི་ཤ་ན་(དབང་ལྡན་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་རཱཿབཛྲ་ཀྲོ་དྷ་རཱ་ཛ་ཊཀྐི་(འདོད་པའི་)ནཻ་རྀ་ཏྱཱཾ་ (བདེན་བྲལ་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཡཱཿབཛྲ་ཀྲོ་དྷ་རཱ་ཛ་ནི་ལ་དཎྜ་(དབྱུག་པ་སྔོན་པོ་)ཨགྣེ་ཡྻཱཾ་ (མེའི་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཧཿབཛྲ་(རྡོ་རྗེ་)ཀྲོ་དྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)སུམྦྷ་(གནོད་མཛེས་)ཨ་ དྷོ་(འོག་)དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། (ཞེས་བཟླས་པས། འདིར་སྤྲོ་ན། བསྲུངས་མ་རྣམས་ཀྱི་གནས་དྲུག་ཏུ་ༀ་ཨཱཿཧཱུཾ་ ཧོ་སྭཱཧཱ་ལས་འཕྲོས་པའི་འོད་ཀྱི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿཞེས་རོ་གཅིག་ཏུ་བྱས་པ་ལ། གཙོ་བོ་དང་ལྗང་ཁུ་རྣམས་ལ་མི་ བསྐྱོད་པ། སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔའ། ནག་པོ་རྣམས་ལ་དོན་གྲུབ། དམར་པོ་རྣམས་ལ་རིན་འབྱུང༌། དཀར་པོ་རྣམས་ ལ་སྣང་མཐའ། སེར་པོ་རྣམས་ལ་རྣམ་པར་སྣང་མཛད་རྣམས་ཀྱིས་རྒྱས་བཏབ་པ་ལ་མཆོད་སྟོད་གཏོར་མ་ཕུལ་ནས།) ཁྲོ་བོ་ དེ་དག་གིས་ཀྱང་བགེགས་དང་ལོག་འདྲེན་རྣམས་ལ་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང༌། ཞགས་ པས་བཅིངས་པའི་སྟེང་དུ་རྡོ་རྗེ་ཕུར་བུ་རྣོ་ཞིང་འབར་བ། སྟོད་ཁྲོ་བོའི་གཟིགས་ཅན་རྣམས་ ཀྱིས་བཏབ་(པར་བསྒོམ་)སྟེ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་བཛྲ་ཀཱི་ལ་(རྡོ་རྗེ་ཕུར་བུ་)ཀཱ་ ཡ་(སྐུ་)ཝཀ་(གསུང་)ཙིཏྟ་(ཐུགས་)ཛྙཱ་ན་(ཡེ་ཤེས་)ཨ་དྷི་པ་ཏེ་ཥཊ་(མངའ་བདག་)མུ་ཁ་ཥཊ་(ཞལ་དྲུག་པ་)བྷུ་ ཛ་ཥཊ་(ཕྱག་དྲུག་པ་)ཙ་ར་ཎ་(ཞབས་དྲུག་པ་)སརྦ་བིགྷྣ་(བགེགས་ཐམས་ཅད་)བི་ནཱ་ཡ་ཀཱ་(ལོག་འདྲེན་)ཨཱ་དཱི་ (སོགས་)དུཥྚ་ནཱཾ་(གདུག་པ་རྣམས་ཀྱི་)ཀཱ་ཡ་(ལུས་)བཱཀ་(ངག་)ཙིཏྟ་(སེམས་དང་)ཛྙཱ་ནཱ་ནི་ཀཱི་ལི་ཡ་(ཡེ་ཤེས་ལྔ་ ཕུར་བུ་ཐོབ་)ཧཱུཾ་ཧཱུཾ་ཕཊ་ཕཊ། (ཅེས་དྲག་ཏུ་གདོན་ནོ། །དེ་ནས།) ༀ་ལླི ཿབཛྲ་མུདྒ་ར་(རྡོ་རྗེ་ཐོ་བས་)མཱ་ར་ཨཱ་དཱི་ ནཱཾ་(བདུད་ལ་སོགས་པ་རྣམས་ཀྱི་)སི་ར་སི་(མགོ་བོ་དང་)ཀན་ཐེ་(མགྲིན་པ་)ཧྲི་ད་ཡ་(སྙིང་ཁ་)ནཱ་བྷཽ་(ལྟེ་བ་)གུ་ཧྱེ་ (གསང་བ་)ཨན་ཏེ་(མཐར་ཐུག་པ་)བཛྲ་ཀཱི་ལ་ཀཱན་(རྡོ་རྗེ་ཕུར་བུ་རྣམས་)ཨཱ་ཀོ་ཊ་ཡ་(བརྡུངས་)ཨཱ་ཀོ་ཊ་ཡ་ (བརྡུངས་)ཀྵཾ་ཀྵཱཾ་ཀྵིཾ་ཀྵཱིཾ་ཀྵྼྀཾ་ཀྵྼཱྀཾ་ཀྵུཾ་ཀྵཱུཾ་ཀྵླྀཾ་ཀྵླཱྀཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ།(ཅེས་པས་)རྡོ་རྗེ་ཐོ་བས་བརྡུངས་ ཏེ་བགེགས་ཀྱི་ཚོགས་བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར་ ཅིང༌། ལྷག་མ་རྣམས་ཀྱང་རིང་དུ་བྲོ ས།(པར་བསམ་མོ། །ཕུར་བུ་གདབ་པ་དང་བརྡུང་བའི་རིམ་པ་ནི། སྟེང་དང༌། 3-1-83 ཤར་དང༌། ལྷོ་དང༌། བྱང་དང༌། ནུབ་དང༌། རླུང་དང༌། དབང་ལྡན་དང༌། བདེན་བྲལ་དང༌། མེ་མཚམས་དང༌། འོག་རྣམས་སུ་ རེ་རེ་རིམ་པ་ལྟར་བྱའོ།།) དེ་ནས་(རྐང་པ་བཅུ་དྲུག་པ་དང་བདུན་བཅུ་རྩ་གཉིས་པ་གཉིས་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་ ཡིན་ཞིང༌། མཚན་མ་ངན་ན་དེ་བསལ་བ་ལ་གསུངས་ཀྱི། བསྲུང་འཁོར་གྱི་སྐབས་སུ་ངེས་པར་བཟླ་དགོས་པ་ནི་མ་ཡིན། རྡོ་རྗེ་ འཇིགས་བྱེད་དང༌། རྡོ་རྗེ་ཤུགས་ལ་ཁྱད་པར་ཆེན་པོ་ཡོད་པར་བཞེད་པའི་ལུགས་སོ། །ཡི་གེ་ཀྵ་དང་ལག་པ་ཕྱིར་བསྟན་པའི་སེ་ གོལ་གྱིས།) གསང་བར་ཧཾ་ཡིག་ལ་ཁྲོ་བོའི་འཁོར་ལོ་གཤེགས་སུ་གསོལ་ཞིང༌། གཙུག་ཏོར་དུ་ ཨ་ཡིག་ལ་ཟད་པར་རྣམས་དང༌། དཔྲལ་བར་ཨི་ཡིག་ལ་ཕྱོགས་སྐྱོང་རྣམས་དང༌། མགྲིན་ པར་རྀ་ཡིག་ལ་གཟའ་རྣམས་དང༌། སྙིང་ཁར་ཨུ་ཡིག་ལ་ཀླུ་རྣམས་དང༌། ལྟེ་བར་ལྀ་ཡིག་ལ་ འབྱུང་པོའི་འཁོར་ལོ་གཤེགས་སུ་གསོལ་ལོ། །(བསྲུང་བའི་འཁོར་ལོའི་ཆོ་གའོ།།) (བདུན་པ་ནི།) བདག་ཉིད་སྐད་ཅིག་གིས་དུས་ཀྱི་འཁོར་ལོའི་སྐུར་གསལ་བར་དམིགས་ པའི་སྙིང་ཁར་པཾ་ལས་བྱུང་པའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཾ་ཡིག་ཡོངས་སུ་ གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། དེ་ལས་རྡོ་རྗེ་ ཉི་མ་བཞིན་དུ་འོད་ཟེར་ཁ་དོག་ལྔ་རྣམས་འཕྲོས་པས། བླ་མ་དང་དེ་བཞིན་གཤེགས་པ་སྲས་ དང་བཅས་པ་ཐམས་ཅད་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་རྣམ་པས་ནམ་མཁའི་མཐིལ་ དུ་རྟོགས་པར་བྱས་ནས། འོད་ཟེར་གྱི་ཚོགས་རྣམས་རང་གི་སྙིང་ཁའི་རྡོ་རྗེ་ལ་ཞུགས་པར་གྱུར་ (པར་བསམ།) (བརྒྱད་པ་ནི། ཐལ་མོ་སྦྱར། ལུས་དཔག་ཏུ་མེད་པར་སྤྲུལ་ནས་ཕྱག་འཚལ་བ་ནི།) གང་གི་དྲིན་གྱིས་བདེ་ ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་ པད་ལ་འདུད། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པའི་ དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །(དེ་ནས།) རང་གི་སྙིང་ཁའི་ཟླ་བ་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་ཡི་གེའི་གོང་བུ་རྣམས་ལས་ 3-1-84 བྱུང་བའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པ་རྣམས་ཀྱིས་མཆོད་པ(ར་བསམ་ཏེ)། ༀ་ཙྪྫྫྷྙ་ བཛྲ་གན་དྷེ་(རྡོ་རྗེ་དྲི་ཆབ་མས་)གན་དྷ་ཨར་ཙྪ་ནཱཾ་(དྲི་ཆབ་ཀྱི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་ ཙྪྫྫྷྙཱ་བཛྲ་མཱ་ལེ་(རྡོ་རྗེ་ཕྲེང་བ་མས་)མཱ་ལ་ཨར་ཙྪ་ནཱཾ་(ཕྲེང་བའི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་ ཊྛྜྜྷྞ་བཛྲ་དྷཱུ་པེ་(རྡོ་རྗེ་བདུག་སྤོས་མས་)དྷཱུ་པ་ཨར་ཙྪ་ནཱཾ་(བདུག་སྤོས་ཀྱི་མཆོད་པ་)ཀུ་རུ་ཀུ་རུ་ (མཛོད་ མཛོད།)སྭཱཧཱ། ༀ་ཊྛྜྜྷྞཱ་བཛྲ་པྲ་དཱི་པེ་(རྡོ་རྗེ་མར་མེ་མས་)པྲ་དཱི་པ་ཨར་ཙྪ་ནཱཾ་(མར་མེའི་མཆོད་པ་)ཀུ་རུ་ཀུ་རུ་ (མཛོད་ མཛོད།)སྭཱཧཱ། ༀ་པྥྦྦྷྨ་བཛྲ་ཨ་མྲྀ་ཏེ་(རྡོ་རྗེ་བདུད་རྩི་མས་)ནཻ་ཝེ་དྱཾ་པཱུ་ཛཱཾ་(ཞལ་ཟས་ཀྱི་མཆོད་པ་)ཀུ་ རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་པྥྦྦྷྨཱ་བཛྲ་ཨ་ཀྵ་ཏེ་(འབྲས་བུ་མས་)ཨ་ཀྵ་ཏ་ཕ་ལ་ཨར་ཙྪ་ནཱཾ་(འབྲས་བུ་མ་ ཉམས་པའི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་ཏྠྡྡྷྣ་བཛྲ་ལཱ་སྱེ་(རྡོ་རྗེ་སྒེག་མོས་)བསྟྲ་(གོས་དང་)ཨ་ བྷ་ར་ཎ་པཱུ་ཛཱཾ་(རྒྱན་གྱི་མཆོད་པ་)ཀུ་རུ་ཀུ་ རུ་(མཛོད་མཛོད།)སྭཱཧཱ། ༀ་ཏྠྡྡྷྣཱ་བཛྲ་ཧ་སྱེ་(རྡོ་རྗེ་བཞད་མས་) གནྜེ་(དྲིལ་བུ་དང་)ཨཱ་དར་ཤ་པཱུ་ཛཱཾ་(མེ་ལོང་གི་མཆོད་པ་)ཀུ་རུ་ ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་ཀྑྒྒྷྔ་བཛྲ་ བཱ་དྱེ་(རྡོ་རྗེ་སིལ་སྙན་མས་)བཱ་དྱ་པཱུ་ཛཱཾ་(སིལ་སྙན་གྱི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་མཛོད།) སྭཱཧཱ། ༀ་ཀྑྒྒྷྔཱ་ བཛྲ་ནྲྀ་ཏྱེ་(རྡོ་རྗེ་གར་མས་)ནྲྀ་ཏྱ་པཱུ་ཛཱཾ་(གར་གྱི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་སྉྤྵྴྈྐ་ བཛྲ་གཱི་ཏེ་(རྡོ་རྗེ་གླུ་མས་)གཱི་ཏ་པཱུ་ཛཱཾ་(གླུའི་མཆོད་པ་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། ༀ་སྉྤྵྴྈྐཱ་ བཛྲ་ཀཱ་མེ་(རྡོ་རྗེ་འདོད་མས་)སརྦ་བུདྡྷ་(ཐམས་ཅད་སངས་རྒྱས་དང་)བོ་དྷི་ སཏྭ་ནཾ་(བྱང་ཆུབ་སེམས་ དཔའ་རྣམས་དང་)ཀྲོ་དྷ་(ཁྲོ་བོ་)ཨཱ་དཱི་ནཾ་(ཤིན་ཏུ་)བཛྲ་སུ་ར་ཏ་པཱུ་ཛཱཾ་(རྡོ་རྗེ་བདེ་བའི་མཆོད་པ་)ཀུ་རུ་ཀུ་རུ་ (མཛོད་མཛོད།)སྭཱཧཱ། (སྡིག་པ་བཤགས་པ་སོགས།) སྲིདའགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། ། ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །(ལན་གསུམ།) རྫོགས་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་རྣམས་དང་འཕགས་པའི་ཚོགས་ཀྱིས་རྣམ་མང་དགེ་བ་གང་མཛད་པ། །དེ་ རྣམས་མཐའ་དག་ལ་ནི་སྡིག་པ་རྣམ་བྲལ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པས་རྗེས་ཡི་རང༌། ། 3-1-85 སངས་རྒྱས་ཆོས་དང་དགེ་འདུན་སྲིད་བའི་འཇིགས་འཕྲོག་ལ་ཡང་བྱང་ཆུབ་བར་དུ་བདག་ ནི་སྐྱབས་སུ་མཆི། །དག་པ་གསུམ་གྱིས་བདག་གི་དངོས་འབུལ་ཆོས་ཀྱི་འཁོར་ལོ་བསྐོར་ ཞིང་མྱ་ངན་མི་འདའ་བཞུགས་སུ་གསོལ། །རྫོགས་སངས་རྒྱས་སུ་བདག་གྱུར་ཅིག་ཅེས་ འདིར་ནི་སྨོན་ལམ་སེམས་ཅན་དོན་གྱི་སླད་དུ་བདག་བགྱིད་དོ། ། (དགུ་པ་ལམ་བརྟེན་པ་ནི།) བྱང་ཆུབ་མཆོག་གི་སེམས་དང་ནི། །ལྷག་བསམ་རྣམ་པར་དག་ པ་དང༌། །བདག་དང་བདག་གིར་འཛིན་སྤོང་བའི། །རྩ་བ་བསྟེན་བགྱི་ཚོགས་གསུམ་ཕྱིར། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཐབས་དང་ནི། །སྨོན་ ལམ་སྟོབས་དང་ཡེ་ཤེས་ཀྱི། །ཕ་རོལ་ཕྱིན་བཅུ་རྫོགས་པར་བགྱི། །བྱམས་དང་སྙིང་རྗེ་ དགའ་བ་དང༌། །བཏང་སྙོ མས་རྣམས་ལ་གནས་བགྱི་ཞིང༌། །སྦྱིན་དང་སྙན་པར་སྨྲ་བ་དང༌། །དོན་སྤྱོད་པ་དང་དོན་མཐུན་སྤྱད། །སྲོག་གཅོད་མ་བྱིན་གཞན་གྱི་བུད་མེད་དང༌། །བརྫུན་ དང་ཚིག་རྩུབ་རྣམས་དང་ཕྲ་མ་དང༌། །འཁྱལ་པར་གྱུར་པའི་ཚིག་དང་བརྣབ་སེམས་དང༌། །གནོད་སེམས་ལྟ་བ་ངན་པ་རྣམ་པར་སྤང༌། །འགྱོད་དང་གཉིད་རྨུགས་རྒོད་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་ཡོངས་སུ་སྤང་བགྱི་ཞིང༌། །འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་གྱི། །ཉོན་ མོངས་བཞི་རྣམས་བདག་གིས་ཀུན་ཏུ་སྤང༌། །འདོད་དང་སྲེད་པ་མ་རིག་ལྟ་བ་ཡི། །ཟག་པ་ བཞི་ཡང་ཡོངས་སུ་སྤང་བར་བགྱི། ། (བཅུ་པ་སྟོང་པ་ཉིད་ལ་དམིགས་པ་ནི།) དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་སྒོམ་པ་ཉིད་མ་ ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ཁམས་ གསུམ་པོ་རྣམ་པར་དཔྱད་ན་ཅིར་ཡང་མི་དམིགས་པ་དང༌། བདག་ཉིད་ཀྱི་ལུས་ཀྱི་ཆུའི་ ཁམས་ཀྱིས་མེ་རྣམ་པར་ཉམས་ཤིང༌། མེ་མེད་པས་ས་ཡང་སྲ་བ་ཉིད་དོར་ནས་ལན་ཚྭ་བཞིན་ དུ་ཞུ་བར་གྱུར་ཏེ་ཆུ་ལ་ཐིམ་ཞིང༌། ཆུ་ཡང་རླུང་གིས་སྐམ་པར་བྱས་ནས། རླུང་གི་ཚོགས་ 3-1-86 རྣམས་ནམ་མཁའ་ལ་མི་སྣང་བར་གྱུར་ཏེ། (ཁམས་གསུམ་རྡུལ་ཕྲན་གྱི་ཆོས་ལས་འདས་པའི་)རྣམ་པ་ ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད། ཡུལ་དང་རྣམ་པར་བྲལ་བ་ལ་མཉམ་པར་ བཞག་ནས། ༀ་ཤཱུ་ནྱ་ཏ་(སྟོང་པ་ཉིད་)ཛྙཱ་ན་བཛྲ་སྭ་བྷཱ་ཝ་(ཡེ་ཤེས་རྡོ་རྗེའི་རང་བཞིན་)ཨཱཏྨ་ཀོ྅ཧཾ(བདག་ ཉིད་ང་ཡིན)། ༀ་ཨ་ནི་མིཏྟ་(མཚན་མ་མེད་པ་)ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་ཨ་པྲ་ཎི་ཧི་ཏ་(སྨོན་པ་ མེད་པ་)ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་ཨ་ན་བྷི་སཾ་སྐ་ར་(མངོན་པར་འདུས་མ་བྱས་པ་)ཛྙཱ་ན་བཛྲ་སྭ་ བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གཉིས་པ་དངོས་གཞིའི་རྣལ་འབྱོར་ལ། (སྐུ་རྫོགས་པ་བསྙེན་པའི་ཡན་ལག་དཀྱིལ་འཁོར་རྒྱལ་མཆོག །གསུང་རྫོགས་པ་ཉེ་བར་བསྒྲུབ་པའི་ཡན་ལག་ལས་རྒྱལ་མཆོག །ཐིག་ལེ་རྫོགས་པ་བསྒྲུབ་པའི་ཡན་ལག་ཐིག་ལའེ ི་རྣལ་འབྱོར། བདེ་བ་རྫོགས་པ་བསྒྲུབ་པ་ཆེན་པོའི་ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། །དང་པོ་ནི།) རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ནམ་མཁའི་ཁམས་ལ་ ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་ བཞི་པ་རྒྱལ་མཚན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་དབུས་ སུ་གྲུ་གསུམ་གྱི་རྣམ་པ། རྒྱར་དཔག་ཚད་འབུམ་ཕྲག་གསུམ་པ་བཀྲ་ཤིས་ཀྱིས་མཚན་པ། དེའི་སྟེང་དུ་ཝཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་དབུས་སུ་ཟླུམ་པོའི་རྣམ་པ་རྒྱར་དཔག་ཚད་ འབུམ་ཕྲག་གཉིས་པ་པདྨས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་དབུས་ སུ་གྲུ་བཞིའི་རྣམ་པ་རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་རྡོ་རྗེས་མཚན་པ་སྟེ། ཐམས་ཅད་ ཀྱི་སྟེང་དང་འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གཉིས་གཉིས་དང་ལྡན་པའོ། །སའི་སྟེང་ དུ་མཾ་ལས་རི་རབ་ལྷུན་པོ་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་དང༌། སྟེང་ལ་སྟོང་ཕྲག་ ལྔ་བཅུའོ། །དེའི་དབུས་སུ་ཀྵཾ་ལས་སྣ་ཚོགས་ཆུ་སྐྱེས་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་ལྟེ་ བ་པདྨའི་སུམ་ཆའི་ཚད་དང་ལྡན་པ་དང༌། དེའི་སྟེང་དུ་ཧཾ་ལས་ཟླ་བའི་དཀྱིལ་འཁོར་པདྨའི་ 3-1-87 ལྟེ་བ་དང་མཉམ་པ་དང༌། དེའི་སྟེང་དུ་རྣམ་པར་དཔྱད་པ་ལས་ཉི་མའི་དཀྱིལ་འཁོར་ཟླ་བ་དང་ མཉམ་པ་དང༌། དེའི་སྟེང་དུ་ཐིག་ལེ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་མཐོན་མཐིང་ཉི་མ་དང་ མཉམ་པ། དེ་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཧྐྵྨླྺྼྻྂ་ཞེས་པ་ས་བོན་གྱི་ཡི་གེ་ཡོངས་སུ་ གྱུར་པ་ལས། འཇིག་རྟེན་གྱི་ཁམས་རླུང་ མེ་ཆུ་དང་སའི་དཀྱིལ་འཁོར་ལྷུན་པོའི་བར་ སྔ་མ་བཞིན་དུ་གྲུབ་པའི་ལྷུན་པོའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་གུར་རབ་ཏུ་ཡངས་པའི་ དབུས་སུ། རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ་བྷྲུཾ་ཡིག་ཡོངས་སུ་གྱུར་པ་ལས་ཡེ་ ཤེས་རིན་པོ་ཆེ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རིམ་པ་གསུམ་ལས། ཕྱི་རོལ་ཏུ་སྐུའི་དཀྱིལ་ འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་བཞི་པ་དང༌། དེའི་ནང་གི་ཕྱེད་དུ་གསུང་གི་ དཀྱིལ་འཁོར་གྲུ་བཞི་པ་རྒྱར་དཔག་ཚད་འབུམ་ཕྲག་གཉིས་པ་དང༌། དེའི་ཡང་ནང་གི་ཕྱེད་ དུ་ཐུགས་ཀྱི་དཀྱིལ་འཁོར་གྲུ་བཞི་པ། རྒྱར་དཔག་ཚད་འབུམ་ཕྲག་གཅིག་པ་སྟེ། འཁོར་ལོ་ སོ་སོའི་བརྒྱད་ཆའི་ཚད་དང་ལྡན་པའི་སྒོ་བཞི་བཞི་དང་ལྡན་པའོ། །དཀྱིལ་འཁོར་སོ་སོའི་ སྒོའི་བཞི་ཆའི་ཚད་ཀྱི་ཁྱོན་ལ་ནང་ནས་རིམ་པ་བཞིན་ཐུགས་ཀྱི་དཀྱིལ་འཁོར་ལ་རིན་པོ་ཆེ་ ནག་པོ་དང་དམར་པོ་དང་དཀར་པོའི་ར་བ་རིམ་པ་གསུམ་དང༌། གསུང་དང་སྐུའི་དཀྱིལ་ འཁོར་ལ་རིན་པོ་ཆེ་ལྗང་ཁུ་དང་ནག་པོ་དམར་དཀར་སེར་པོའི་ར་བ་རིམ་པ་ལྔ་ལྔ་དང་ལྡན་ པ་སྟེ། སྒོ་དང་མཉམ་པའི་སྒོ་ཁྱུད་དང༌། སྒོ་འགྲམ་དང༌། སྒོ་ལོགས་ཏེ་གློ་བུར་གྱི་རྣམ་པར་ གྲུབ་པའི་སྒོ་ཁང་ཉིད་དོ། །ར་བ་རྣམས་ཀྱི་ཕྱི་རོལ་ཏུ་སྟེགས་བུ་དཀར་པོ་འགྲམ་སྟེགས་ཀྱི་ རྣམ་པ་སྒོ་སོ་སོའི་ཕྱེད་ཀྱི་ཚད་དང་ལྡན་པ་ཁོར་ཡུག་ཏུ་ཡོངས་སུ་བསྐོར་བ་དང༌། དཀྱིལ་ འཁོར་གསུམ་ཆར་ལ་མཚུངས་པར་ར་བའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དམར་པོ་ཁ་བད་ཀྱི་ རྣམ་པ་སྒོའི་བཞི་ཆའི་ཚད་ཅན་ལ་རིན་པོ་ཆེ་དུ་མས་མཛེས་པར་སྤྲས་པ་དང༌། དེའི་སྟེང་དུ་ ཐོག་ཕུབས་ཀྱི་གདུང་འདེགས་བའི་ཀ་ཐུང་རྣམས་ཀྱི་བར་བར་དུ་ཆུ་སྲིན་མ་ཀ་རའི་ཁ་ནས་ 3-1-88 འཕྱང་བའི་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀར་པོ་མེ་ལོང་དང་རྔ་ཡབ་དག་དང་བཅས་པ་ དཔངས་སུ་སྒོའི་ཕྱེད་པ་དང༌། དེའི་སྟེང་དུ་བྱ་འདབ་ལས་ཐུར་དུ་འཕྱང་བའི་བ་ཀུ་ལཱི་དང༌། སྟེང་དུ་མཛེས་པར་མཚར་དུ་མངའ་བའི་ཀྲ་མ་ཤཱིར་ཥ་དཀར་པོ་སོ་སོར་སྒོའི་བཞི་ཆའི་ཚད་ ཅན་ར་བ་དང་བཅས་པ་སྤྱིའི་དཔངས་སུ་(ར་བ་དང་རྟ་བབས་ཀྱི་ཀ་བའི་སྤངས་སྒོ་ཚད་གཅིག་དང་བཞི་ཆ་དང་ བཅས་པ།)སྒོ་ལས་སུམ་འགྱུར་གྱི་ཚད་དང་ལྡན་པའོ། །སྒོ་ཁང་རྣམས་ཀྱི་སྟེང་དུ་སྒོ་ལས་སུམ་ འགྱུར་གྱི་རྟ་བབས་ནོར་བུ་གསེར་གྱི་རང་བཞིན་རྩེག་མ་གསུམ་པ་སྒོ་ལོགས་ཀྱི་གཡས་དང་ གཡོན་གྱི་སྟེགས་བུའི་སྟེང་དུ་བཙུགས་པའི་ཀ་བ་སེར་པོ་བཞི་བཞིས་བཏེག་པ་རྣམས་ཏེ། རྩེག་མ་རེ་རེ་ལའང་གདུང་དང་མྱོས་པ་བསྲུང་བ་དང་ཀ་ཐུང་རྣམས་ཀྱི་བར་བར་དུ་མཆོད་ པའི་ལྷ་མོའི་གནས་གསུམ་གསུམ་དང་བཅས་པ། འོག་གཞི་ཁ་དོག་སྣ་ཚོགས་པ་ཤིན་ཏུ་ མཛེས་པའོ། །དེ་ལ་རྩེག་མ་དང་པོའི་ལོགས་གཉིས་ནས་གླང་པོ་ཆེ་མནན་པའི་སེང་གེ་དག་ དང༌། རྩེག་མ་གཉིས་པ་དང་གསུམ་པའི་ལོགས་གཉིས་ནས་མཆོད་པའི་ལྷ་མོ་དག་གིས་ གདུང་འདེགས་བཞིན་པ་དང༌། སྟེང་དུ་ཧར་མི་མཛེས་པ་བུམ་པའི་ཏོག་དང་བཅས་པ། བུམ་ པའི་གཡས་དང་གཡོན་དུ་རྒྱལ་མཚན་དང་སྣམ་བུ་རྣམས་ལས། དྲིལ་བུ་དང༌། མེ་ལོང་དང༌། བ་དན་དང༌། རྔ་ཡབ་ལ་སོགས་པའི་མཆོད་རྫས་དུ་མ་དཔྱངས་པ་སྟེ། གཞལ་ཡས་ཁང་གི་ ཟུར་རྣམས་ལ་སྣ་ཚོགས་རྡོ་རྗེ་དང༌། སྒོ་དང་སྒོ་ཁྱུད་ཀྱི་མཚམས་ཀྱི་ཟུར་ལ་རིན་པོ་ཆེས་སྤྲས་ པའོ། །སྙིང་པོའི་དཀྱིལ་འཁོར་གྱི་ནང་གི་ཕྱེད་དུ་བདེ་བ་ཆེན་པོའི་འཁོར་ལོ་རྒྱར་དཔག་ཚད་ འབུམ་ཕྲག་ཕྱེད་པ་དང༌། དེའི་ནང་གི་ཕྱེད་དུ་ལྷུན་པོའི་སྟེང་གི་གཙོ་བོའི་པདྨ་རྡོ་རྗེའི་ས་གཞི་ ལས་སྟེང་དུ་ཐོན་པ་རྒྱར་དཔག་ཚད་སྟོང་ཕྲག་ཉི་ཤུ་རྩ་ལྔ་པ་དང༌། དེའི་ལྟེ་བ་ལ་ཟླ་བ་དང༌། ཉི་མ་དང༌། སྒྲ་གཅན་གྱི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བརྩེགས་པ་སྟེ། གནམ་སྟོང་ གི་མཐར་ཉི་ཟླ་གཉིས་ཁ་འཛིན་པ་དང་རྩ་གསུམ་གཅིག་ཏུ་གྱུར་པའི་རྣམ་པར་དག་པའོ། 3-1-89 །བདེ་བ་ཆེན་པོའི་འཁོར་ལོ་ལ་བུང་བའི་མདོག་ཅན་གྱི་ཀ་བ་བཅུ་དྲུག་སྟེ། ཤར་དུ་རལ་གྲིའི་ ཕྲེང་བས་མཚན་པ་བཞི་དང༌། ལྷོར་རིན་པོ་ཆེའི་ཕྲེང་བས་མཚན་པ་བཞི་དང༌། བྱང་དུ་ པདྨའི་ཕྲེང་བས་མཚན་པ་བཞི་དང༌། ནུབ་ཏུ་འཁོར་ལོའི་ཕྲེང་བས་མཚན་པ་བཞིའོ། །ཀ་བ་ དེ་རྣམས་ཀྱི་ནང་གི་ཐད་སོར་ཡང་གཙོ་བོའི་པདྨ་ལ་གྲུ་བཞིར་བསྐོར་བའི་ཀ་བ་(རྡོ་རྗེ་ཕྲེང་བ་ནག་ པོས་བསྐོར་བའི་གཙོ་བོའི་པད་མ། ཞེས་ནང་གི་ཀ་བའི་གསལ་ཁ་མ་གསུངས་)བཅུ་གཉིས་ཏེ། ཕྱི་ནང་གི་ཀ་བ་དེ་ དག་གིས་བཏེག་པའི་རྡོ་རྗེའི་གདུང་སྒོའི་དྲུག་ཆའི་ཚད་ཅན་རིམ་པ་གཉིས་ཀྱི་ནང་མ་ནག་པོ་ དང་ཕྱི་མ་ལྗང་ཁུའོ། །ནང་གི་ཀ་བ་རྡོ་རྗེའི་གདུང་དང་བཅས་པའི་སྟེང་དུ་ཡང་ཀ་བ་རྣམས་ ཀྱིས་བཏེག་པའི་གཙོ་བོའི་གནས་ཀྱི་ཐོག་ཕུབས་ཕྱུར་བུའི་རྣམ་པ་མཛེས་པ་རྡོ་རྗེ་རིན་པོ་ཆེའི་ ཏོག་གིས་ཉེ་བར་སྤྲས་པའོ། །ར་བ་རྣམས་ཀྱི་ནང་དུ་སྙིང་པོའི་སྒོའི་དྲུག་ཆ་སྤངས་པར་ལྷ་ སྣམ་དཀར་པོ་སྟེགས་ཀྱི་རྣམ་པ་ཅན་ཏེ། ཐུགས་ལ་སྒོའི་སུམ་གཉིས་དང༌། གསུང་ལ་སྒོའི་ སུམ་ཆ་དང༌། སྐུ་ལ་སྒོའི་ཕྱེད་ཀྱི་ཚད་ཅན་ནོ། །གཙོ་བོའི་པདྨའི་འོག་གཞི་སྔོན་པོ་དང༌། དེ་ ནས་མཆོད་པའི་སའི་མཐར་ཐུག་པའི་འོག་གཞི་རྡོ་རྗེའི་ས་དང༌། སྟེང་གི་ཐོག་རྣམས་ཀྱི་ མདོག་ནི་གཙོ་བོའི་ཞལ་གྱི་དབྱེ་བས། ཤར་ནག་པོ། ལྷོ་དམར་པོ། བྱང་དཀར་པོ། ནུབ་སེར་ པོའོ། །སྐུའི་དཀྱིལ་འཁོར་གྱི་ཕྱི་རོལ་མཆོད་པའི་ས་གཞི་ལ་པདྨ་དང་བུམ་པ་བཟང་པོ་ལ་ སོགས་པ་མཆོད་པ་སྤྲིན་ཕུང་དུ་མ་ཉེ་བར་འཁྲིགས་པ་དང༌། དེའི་ཕྱི་རོལ་ཏུ་སའི་འཁོར་ཡུག་ སྐུའི་སྒོའི་ཕྱེད་ཀྱི་ཚད་ཅན་གྱི་སྟེང་གི་ནམ་མཁའ་ལ་དབང་ལྡན་ནས་ཟླ་བ་ཉ་གང་བ་འཆར་ བཞིན་པ་དང༌། བདེན་བྲལ་དུ་ཉི་མའི་དཀྱིལ་འཁོར་ནུབ་བཞིན་པའོ། །དེའི་ཡང་ཕྱི་རོལ་ཏུ་ཆུ་ དང་མེ་དང་རླུང་གི་ཁོར་ཡུག་རྣམས་སྐུའི་སྒོའི་ཚད་ཅན་དང༌། ནམ་མཁའི་ཁོར་ཡུག་སྐུའི་སྒོའི་ ཕྱེད་ཀྱི་ཚད་ལ་དབུས་སུ་རྡོ་རྗེའི་ཕྲེང་བ་དང་བཅས་པས་ཡོངས་སུ་བསྐོར་བ་སྟེ། དཀྱིལ་ འཁོར་ཆེན་པོའི་ཕྱི་རོལ་ཕྱོགས་ཀུན་ནས་རྡོ་རྗེའི་མེ་ལྕེ་ཡེ་ཤེས་ཀྱི་འོད་ཟེར་ཀུན་ཏུ་འཕྲོ་བའོ། 3-1-90 །ཐུགས་དང་གསུང་གི་རྟ་བབས་ཀྱི་རེ་མིག་གི་གཞི་ཁ་དོག་སྣ་ཚོགས་པ་ལ། མཆོད་པའི་ལྷ་མོ་ སྣ་ཚོགས་པ་དག་གནས་ཤིང༌། སྐུའི་རྟ་བབས་ཀྱི་རྩེག་མ་འོག་མའི་རེ་མིག་དབུས་མའི་ གནས་ལ་ཤར་དུ་ཆོས་ཀྱི་འཁོར་ལོ་ནག་པོ། གཡས་དང་གཡོན་དུ་རི་དྭགས་དང་རི་དྭགས་ མོ། ལྷོར་བུམ་པ་བཟང་པོ་དམར་པོ། གཡས་དང་གཡོན་དུ་དུང་དང་པདྨ། བྱང་དུ་རྔ་བོ་ཆེ་ དཀར་པོ། གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ། ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ། གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་མོ་གནས་ཤིང༌། རེ་མིག་གི་གནས་གཞན་ རྣམས་རྣམས་སུ་མཆོད་པའི་ལྷ་མོ་སྣ་ཚོགས་གནས་པའོ། །བདེ་གཤེགས་འཕར་མའི་ཀ་བ་ རྣམས་ཀྱི་བར་བར་དུ། ༀ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ་ལྷའི་གདན་རྣམ་པ་ བརྒྱད་དེ། ཕྱོགས་བཞིར་དཀར་པོ་དང༌། མཚམས་བཞིར་དམར་པོའོ། །དེ་དག་གི་བར་བར་ དུ་ཡང་བདུད་རྩིའི་བུམ་པ་བརྒྱད་ཀྱི་གནས་སོ། །ཐུགས་ཀྱི་ལྷ་སྣམ་ལ་ཤར་དང༌། ལྷོའི་ གཡས་དང་གཡོན་དང༌། བྱང་དང་ནུབ་ཀྱི་གཡས་རྣམས་སུ་ༀ་ཡིག་ཡོངས་སུ་གྱུར་པ་ལས་ པདྨ་དཀར་པོ་འདབ་མ་བརྒྱད་པ་དང༌། མཚམས་རྣམས་དང་བྱང་དང་ནུབ་ཀྱི་ཡོན་དག་ཏུ་ༀ་ ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་དང༌། ཤར་དང་བྱང་གི་སྒོར་ པདྨ་དཀར་པོ་དང༌། ལྷོ་དང་ནུབ་ཀྱི་སྒོར་པདྨ་དམར་པོའོ། །པདྨ་དམར་པོ་བཅུ་གཉིས་ཀྱི་ལྟེ་ བར་ལོའི་ཕྱོགས་ཉི་ཤུ་རྩ་བཞིའི་ཉ་བཅུ་གཉིས་རྣམ་པར་དག་པ་མ་ཡིག་ལས་བྱུང་བའི་ཟླ་ བའི་དཀྱིལ་འཁོར་བཅུ་གཉིས་དང༌། དཀར་པོ་བཅུ་གཉིས་ཀྱི་ལྟེ་བར་གནམ་སྟོང་བཅུ་གཉིས་ རྣམ་པར་དག་པ་ར་ཡིག་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བཅུ་གཉིས་སོ། །གསུང་གི་ལྷ་ སྣམ་ལ་ཕྱོགས་བཞིར་ༀ་ཡིག་ལས་བྱུང་བའི་པདྨ་དམར་པོ་དང༌། མཚམས་བཞིར་ༀ་ཡིག་ ལས་བྱུང་པའི་པདྨ་དཀར་པོ་འདབ་མ་བརྒྱད་པ་དང༌། སྐུའི་ལྷ་སྣམ་ལ་ཕྱོགས་བཞིའི་གཡས་ དང་གཡོན་རྣམས་སུ་ༀ་ཡིག་ལས་བྱུང་བའི་པདྨ་དམར་པོ་འདབ་མ་ཉེར་བརྒྱད་པ་བརྒྱད་ 3-1-91 དང༌། མཚམས་བཞིར་ༀ་ཡིག་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་ཉེར་བརྒྱད་པ་བཞི་སྟེ། རིམ་པ་དང་པོ་ལ་འདབ་མ་བཞི་དང༌། གཉིས་པ་ལ་བརྒྱད་དང༌། གསུམ་པ་ལ་བཅུ་དྲུག་དང་ བཅས་པའི་ལྟེ་བ་ལ་ལྷ་རྣམས་ཀྱི་བཞོན་པ་དང་བཅས་པའོ། །སྐུའི་ཤར་སྒོར་ཕག་བདུན་ གྱིས་དྲངས་པའི་ཤིང་རྟ་ནག་པོ། ལྷོ་སྒོར་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་དམར་པོ། བྱང་ སྒོར་སེང་གེ་བདུན་གྱིས་དྲངས་པའི་ཤིང་རྟ་དཀར་པོ། ནུབ་སྒོར་གླང་པོ་ཆེ་བདུན་གྱིས་དྲངས་ པའི་ཤིང་རྟ་སེར་པོ། སྟེང་དུ་ནམ་མཁའ་ལྡི ང་མིག་གསུམ་པ། ཁ་དོག་ལྔ་པ་བདུན་གྱིས་ དྲངས་པའི་ཤིང་རྟ་ལྗང་ཁུ། འོག་ཏུ་སེང་གེ་རྐང་པ་བརྒྱད་པ་བདུན་གྱིས་དྲངས་པའི་ཤིང་རྟ་ སྔོན་པོ་སྟེ། ཐམས་ཅད་སྒོའི་ཕྱེད་ཀྱི་ཚད་ཅན་ནོ། ། མེ་དང་རླུང་གི་ཁོར་ཡུག་གི་མཚམས་ལ་ ཕྱོགས་བཞིར་རྩིབས་བརྒྱད་པའི་འཁོར་ལོ་དམར་པོ་དང༌། མཚམས་བཞིར་རྩིབས་བརྒྱད་ པའི་འཁོར་ལོ་དཀར་པོ་རྣམས་དང༌། སྟེང་དང་འོག་ཏུ་ཡང་ཤིང་རྟ་ལྗང་ཁུ་དང་སྔོན་པོ་གཉིས་ ཏེ་སྔ་མ་ལྟ་བུའོ། ། དེ་ལྟར་དཀྱིལ་འཁོར་ཆེན་པོ་ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ་ཕྱི་ནང་ ཀུན་ཏུ་འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང༌། རྒྱན་གྱི་རྣམ་པ་མཆོག་ ཏུ་བཀྲ་བ་དུ་མས་མཛེས་པར་བརྒྱན་པའོ། །དེ་ནས་དཀྱིལ་འཁོར་གྱི་རྣམ་དག་ལ། (ལུས་ཀྱི་ ཁམས་ཀྱི་རྣམ་པར་དག་པ་ནི།) ཀ་བ་རྣམས་དང་རྡོ་རྗེའི་ཕྲེང་བ་ས་ཡི་དཀྱིལ་འཁོར་རྩིག་པ་ཉིད་ནི་ རུས་པ་རྣམས་ཀྱིས་མཛོད། །ཤ་ཁྲག་ཆུ་དང་བཤང་པ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་ གཞན་དུ་རྡུལ་ཚོན་གདབ་པ་སྟེ། །(ཁུ་བ་རྣམ་པར་དག་པས་མི་བསྐྱོད་པས་དབུས་སུ་རྡུལ་ཚོན་གདབ་པའོ། །གང་དུ་ རྡུལ་ཚོན་དྲུག་པ་དེར་རྡོ་རྗེ་སེམས་དཔའ་རྡུལ་རྣམ་པར་དག་པས་སོ།།) མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་ བོང་ཅན་ཡང་དེ་བཞིན་ཆུ་རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས། །ར་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་ བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་ གཡོ་བ་མེ་ཡི་དཀྱིལ་འཁོར་ལ་སོགས་ལྤགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་ 3-1-92 རྣམས་ཀྱིས་ནོར་བུའི་རང་བཞིན་བཀོད་པ་སོ་ཡི་ཕྲེང་བས་དེ་བཞིན་ཉིད། །གཡོ་བའི་དཀྱིལ་ འཁོར་ལ་གནས་དུར་ཁྲོད་བརྒྱད་དུ་འཁོར་ལོ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་ སྤུ་རྣམས་ཀྱིས་དཀྱིལ་འཁོར་མཐར་ནི་ཕྱོགས་དང་ཕྱོགས་བྲལ་དག་ཏུ་གནས་པའི་རྡོ་རྗེ་མེ་ ལྕེ་སྟེ། །དེ་ལྟར་མཆོག་གི་ཡོན་ཏན་རྣམ་མང་སྐུ་ཡི་རྡོ་རྗེ་ངེས་པར་དཀྱིལ་འཁོར་གྱི་ནི་རྣམ་ པར་གསུངས། ། (ཆོས་ཀྱི་དག་པ་ནི།) སངས་རྒྱས་ཆོས་དང་དགེ་འདུན་ཆེས། །ཐུགས་གསུང་སྐུ་ ཡི་དཀྱིལ་འཁོར་རོ། །ཚངས་པའི་གནས་བཞི་རྣམས་ཀྱིས་ནི། །རྡོ་རྗེའི་ཐིག་ནི་བཞི་པོ་སྟེ། །དྲན་པ་ཉེར་བཞག་བཞི་རྣམས་ཀྱིས། །གྲུ་བཞི་མཉམ་པ་དེ་ཉིད་དོ། །ཡན་ལག་བཅུ་གཉིས་ འགགས་པ་ཡིས། །སྒོ་ནི་བཅུ་གཉིས་པོ་རྣམས་ཏེ། །དེ་བཞིན་ས་ནི་བཅུ་གཉིས་ཀྱིས། །རྟ་ བབས་དག་ནི་མཛེས་པ་རྣམས། །འཕགས་ལམ་ཡན་ལག་བརྒྱད་རྣམས་ཀྱིས། །ཕྱོགས་ བརྒྱད་དུ་ནི་དུར་ཁྲོད་རྣམས། །སྟོང་ཉིད་བཅུ་དྲུག་ཀ་བ་རྣམས། ཁམས་རྣམས་ཀྱིས་ཀྱང་ཁང་ པ་བརྩེགས། །རྣམ་ཐར་བརྒྱད་ཀྱིས་སྒོ་ཁྱུད་རྣམས། །གཟུགས་ཅན་ཡོན་ཏན་བརྒྱད་རྣམས་ ཀྱིས། །འགྲམ་རྣམས་དང་ནི་ལོགས་རྣམས་ཉིད། །ཐུགས་གསུང་སྐུ་ཡི་དབྱེ་བས་སོ། །ཚུལ་ ཁྲིམས་ལ་སོགས་ཕུང་པོ་ལྔས། ཁ་དོག་ལྔ་ནི་རྣམ་པར་དག །ཐེག་པ་གསུམ་གྱིས་ར་བ་ གསུམ། །དད་པའི་དབང་པོ་སོགས་ཀྱིས་ལྔ། །དད་སོགས་སྟོབས་རྣམས་དག་གིས་ལྔ། །ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལའོ། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱིས། །དཀྱིལ་ འཁོར་གསུམ་ལ་སྟེགས་བུ་སྟེ། །ཕ་རོལ་ཕྱིན་བཅུ་རྫོགས་པ་ཡིས། །རིན་ཆེན་སྣམ་བུ་རྣམ་ པར་བཀྲ། །མ་འདྲེས་ཆོས་ནི་བཅོ་བརྒྱད་ཀྱིས། །དོ་ཤལ་དོ་ཤལ་ཕྱེད་པ་རྣམས། །དབང་ རྣམས་ཀྱིས་ཀྱང་བཱ་ཀུ་ལཱི ། །དགེ་བས་ཀྲ་མ་ཤཱིར་ཥའོ། །སྟོང་ཉིད་ལ་སོགས་རྣམ་ཐར་གྱིས། །དྲིལ་བུའི་སྒྲས་ནི་གང་བ་སྟེ། །རྫུ་འཕྲུལ་རྐང་པས་རྒྱལ་མཚན་གཏམས། །སྤོང་བས་མེ་ ལོང་རབ་ཏུ་འབར། །བྱང་ཆུབ་ཡན་ལག་རྔ་ཡབ་གཡོ། །ཡན་ལག་དགུ་ཡི་ཕྲེང་བས་བརྒྱན། 3-1-93 །བསྡུ་བ་བཞི་པོ་རྣམས་ཀྱིས་ནི། །ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན། །བདེན་བཞིས་རིན་པོ་ཆེ་ རྣམས་ཀྱི། །སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས། །མངོན་ཤེས་ལྔ་ཡིས་རྟག་ཏུ་ནི། ཁོར་ཡུག་ཆེན་ པོ་ལྔ་ཡིས་བསྐོར། །རྣམ་པ་ཀུན་མཁྱེན་བྱང་ཆུབ་པས། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །བདེ་བ་གཅིག་པུའི་ཁོར་ཡུག་གིས། །དེ་བཞིན་ཡེ་ཤེས་རྡོ་རྗེ་འབར། །ཐབས་དང་ཤེས་རབ་ ཆ་ཡིས་ནི། །ཟླ་བ་ཉི་མ་རྟག་ཏུ་ཤར། །ཐུགས་གསུང་སྐུ་དང་དག་པ་ཡིས། །ཆོས་ཀྱི་འཁོར་ལོ་ བུམ་པ་ཆེ། །རྔ་བོ་ཆེ་དང་བྱང་ཆུབ་ཤིང༌། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །འདི་ནི་ དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །(ཞེས་དྲན་པར་བྱའོ། །དེ་ནས་ བརྟེན་པ་ལྷ་བསྐྱེད་པ་ནི།) གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་ཟླ་བ་ དང་ཉི་མ་དང་སྒྲ་གཅན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་མཚན་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ། ཨ་ཨི་རྀཾ་ཨུཾ་ལྀཾ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ་ཞེས་པ་རྣམས་གཡོན་བསྐོར་དང༌། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ་ཨཿཞེས་པ་རྣམས་གཡས་བསྐོར་དུ་གནས་ པ་ཟླ་བའི་དཀྱིལ་འཁོར་དབྱངས་དང་ལྡན་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེའི་འོག་ཏུ་ཉི་ མའི་དཀྱིལ་འཁོར་ལ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ། ལླ་ཝྺ་ཡྻ་ཌྜ་ཌྷྜྷ། ལླ་ཝྺ་ཪྼ་ཡྻ་ ཧྷ། སྶ་ྉྤ་ཥྵ་ཤྴ་ྈྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ༌། ཞེས་པ་རྣམས་གཡས་བསྐོར་དང༌། ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་དྷ་ད་ཐ་ཏ། ྈྐ་ཤ་ཥ་ྉྤ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་རྣམས་གཡོན་བསྐོར་དུ་གནས་པ་ཉི་མའི་དཀྱིལ་འཁོར་གསལ་བྱེད་དང་ལྡན་པ་ མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཟླ་བའི་དབུས་སུ་ཧཱུཾ་ཡིག་ཟླ་བའི་མཚན་མ་ལྟ་བུ་སོ་སོར་ཀུན་ ཏུ་རྟོག་པའི་ཡེ་ཤེས་སོ། །དེ་རྣམས་གཅིག་ཏུ་གྱུར་པ་ཧི་ཡིག་དང་བཅས་པ་བྱ་བ་གྲུབ་པའི་ཡེ་ ཤེས་སོ། །དེ་ལས་ལྷའི་སྐུ་ཡོངས་སུ་རྫོགས་པ་ཧཾ་ཡིག་དང་བཅས་པ་ཤིན་ཏུ་རྣམ་པར་དག་ 3-1-94 པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བྱང་ཆུབ་པ་ནི། བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་ འཁོར་ལོ་དྲི་མ་མེད་པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང༌། བདུད་དང་ཉོན་མོངས་པའི་སྙིང་ ཁར་མནན་པའི་ཞབས་གཉིས་པ། མགྲིན་པ་གསུམ་པ། ཞལ་བཞི་པ། ཕྲག་པ་དྲུག་པ། དཔུང་པ་བཅུ་གཉིས་པ། ཕྱག་གི་པདྨ་ཉི་ཤུ་རྩ་བཞི་པ། མཚོན་ཆ་རྣམས་དང་རྡོ་རྗེའི་རྒྱན་གྱིས་ རྣམ་པར་བརྒྱན་པ་སྟེ། ཞབས་གཡས་པ་དམར་པོ་བརྐྱང་བས་འདོད་ལྷ་དམར་པོ་གདོང་ གཅིག་པ་ལག་པ་བཞིའི་གཡས་གཉིས་ཀྱི་མེ་ཏོག་གི་མདའ་ལྔ་དང་ལྕགས་ཀྱུ་འཛིན་ཞིང༌། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་ཁར་མནན་པ། གཡོན་དཀར་པོ་ བསྐུམ་པས་དྲག་པོ་དཀར་པོ་གདོང་གཅིག་པ། མིག་གསུམ་པ་ལག་པ་བཞིའི་གཡས་གཉིས་ ཀྱིས་རྩེ་གསུམ་དང་ཌ་མ་རུ་དང༌། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ཁ་དང་ཐོད་པ་འཛིན་པའི་སྙིང་ ཁར་མནན་པ་ལ། བདུད་ཀྱི་དགའ་མ་དང་དྲག་པོའི་དབུ་མ་དག་ནི་དམན་པའི་གདོང་གིས། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པར་བྱེད་ཀྱང་གཡོ་བ་མེད་པར་གནས་པ། སྐུ་མདོག་སྔོན་པོ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་ མདོག་ཅན། མདུན་ཞལ་ནག་པོ་མཆེ་བ་ཕྱེད་གཙིགས་པ། གཡས་ཞལ་དམར་པོ་ཆགས་པ་ དང་བཅས་པ། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ། རྒྱབ་ཞལ་སེར་པོ་ཏིང་ངེ་འཛིན་ལ་གནས་ པ་སྟེ། ཞལ་རེ་རེ་ལ་སྤྱན་གསུམ་དང་ལྡན་པའོ། །རལ་པའི་ཅོད་པན་ལ་སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ་དང༌། རྡོ་རྗེ་ རྣ་རྒྱན་དང༌། རྡོ་རྗེ་མགུལ་རྒྱན་དང༌། རྡོ་རྗེ་གདུབ་བུ་དང༌། རྡོ་རྗེ་སྐ་རགས་དང༌། རྡོ་རྗེ་རྐང་ གདུབ་དང༌། རྡོ་རྗེ་དར་དཔྱངས་དང༌། རྡོ་རྗེ་ཕྲེང་བ་དང༌། སྟག་གི་ལྤགས་པའི་ན་བཟའ་དང་ ལྡན་པ། གཡས་དང་གཡོན་གྱི་ཕྲག་པ་དང་པོ་ནག་པོ་དང༌། གཉིས་པ་དམར་པོ་དང༌། གསུམ་ པ་དཀར་པོ་སྟེ། དེ་བཞིན་དུ་དཔུང་བ་གཉིས་ནག་པོ་དང༌། གཉིས་དམར་པོ་དང༌། གཉིས་ 3-1-95 དཀར་པོ་དང༌། ཕྱག་བཞི་ནག་པོ་དང༌། བཞི་དམར་པོ་དང༌། བཞི་དཀར་པོའོ། །དེ་དག་ རེ་རེ་ལའང་སོར་གདུབ་རྣམས་ཀྱིས་སྤྲས་པའི་མཐེ་བོ་སེར་པོ། མཛུབ་མོ་དཀར་པོ། གུང་མོ་ དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཕྱག་གི་མཐིལ་ ནས་བརྩམས་ནས་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་ པོའོ། །དེ་ལྟ་བུའི་ཕྱག་གཡས་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ་དང༌། རལ་གྲི་དང༌། རྩེ་གསུམ་ དང༌། གྲི་གུག་དང༌། དམར་པོ་བཞིས་མདའ་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ ཌ་མ་རུ་དང༌། ཐོ་བ་དང༌། དཀར་པོ་བཞིས་འཁོར་ལོ་དང༌། མདུང་དང༌། དབྱུག་པ་དང༌། དགྲ་སྟ་རྣམས་འཛིན་ཅིང༌། གཡོན་པ་རྣམས་ཀྱི་ནག་པོ་བཞིས་རྡོ་རྗེ་དྲིལ་བུ་དང༌། ཕུབ་དང༌། ཁ་ཊྭཱཾ་ག་ཁ་བྱེ་བ་དང༌། ཁྲག་གིས་གང་པའི་ཐོད་པ་དང༌། དམར་པོ་བཞིས་གཞུ་དང༌། ཞགས་ པ་དང༌། རིན་པོ་ཆེ་དང༌། པདྨ་དཀར་པོ་དང༌། དཀར་པོ་བཞིས་དུང་དང༌། མེ་ལོང་དང་རྡོ་རྗེ་ ལྕགས་སྒྲོག་དང༌། ཚངས་པ་གདོང་བཞིའི་མགོ་བོ་རྣམས་འཛིན་ཅིང༌། ཕྱག་དང་པོ་གཉིས་ཡུམ་ ལ་འཁྱུད་པ་སྟེ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ། མཆོག་ཏུ་ མི་འགྱུར་བའི་ཡེ་ཤེས་དོན་དམ་པའི་བདེ་བའོ། །དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སེར་མོ་ ཞལ་བཞི་ཕྱག་བརྒྱད་མ་སྟེ། བཅོམ་ལྡན་འདས་ཀྱི་ནུབ་ཞལ་གཙོ་བོ་བཞག་པ་ལྟ་བུར་མདུན་ ཞལ་སེར་པོ། གཡས་ཞལ་དཀར་པོ། རྒྱབ་ཞལ་ནག་པོ། གཡོན་ཞལ་དམར་པོ། ཞལ་རེ་རེ་ལ་ སྤྱན་གསུམ་གསུམ་དང་ལྡན་པའོ། །ཕྱག་གཡས་པ་རྣམས་ཀྱིས་གྲི་གུག་དང༌། ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌ་མ་རུ་དང༌། བགྲེང་ཕྲེང་རྣམས་དང༌། གཡོན་པ་རྣམས་ཀྱིས་ཐོད་པ་དང་ ཞགས་པ་དང༌། འདབ་མ་བརྒྱ་པའི་པདྨ་དཀར་པོ་དང༌། རིན་པོ་ཆེ་འཛིན་པ། རྡོ་རྗེ་སེམས་ དཔའི་ཅོད་པན་ཅན། རུས་པའི་ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གིས་བཅོམ་ལྡན་ འདས་ལ་འཁྲིལ་ཞིང༌། དེས་ཀྱང་སྙོ མས་པར་ཞུགས་པ་སྟེ། ཤེས་རབ་དང་ཡེ་ཤེས་ཀྱི་ཕ་རོལ་ 3-1-96 ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ ཉིད་དོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་གཞན་བརྒྱད་ནི་འདབ་མ་བརྒྱད་ལ་གནས་ པ་སྟེ། ཤར་དང་ནུབ་ཏུ་ཨ་ཨཱ། བྱང་དང་ལྷོར་ཨཾ་ཨཱཿརྣམས་ཡོངས་སུ་གྱུར་པ་ལས། རིམ་པ་ བཞིན་དུ་བདུག་སྤོས་ཀྱི་སྣོད་དང༌། དྲིའི་དུང་དང་ལྷ་བཤོས་དང༌། མར་མེ་ཕྱོགས་ཀྱི་མདོག་ ཅན་རྣམས་དང༌། མེ་དང་རླུང་དུ་ཧ་ཧཱ། དབང་ལྡན་དང་བདེན་བྲལ་དུ་ཧཾ་ཧཱཿརྣམས་ཡོངས་སུ་ གྱུར་པ་ལས། རྔ་ཡབ་ཕྱོགས་ཀྱི་མདོག་ཅན་རྣམས་སོ། །དེ་རྣམས་ཡོངས་སུ་གྱུར་པ་ལས། ཤར་དུ་ནག་མོ་འབར་མ། ལྷོར་དམར་མོ་འབར་མ། བྱང་དུ་དཀར་མོ་འབར་མ། ནུབ་ཏུ་སེར་ མོ་འབར་མ། མེར་དུ་བ་མ། བདེན་བྲལ་དུ་སྨིག་རྒྱུ་མ། དབང་ལྡན་དུ་མེ་ཁྱེར་མ། རླུང་དུ་མར་ མེ་མའོ། །ཐམས་ཅད་ཞལ་བཞི་ཕྱག་བརྒྱད་དང༌། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ པ། ཞལ་གྱི་མདོག་ནི་རང་རང་གི་ཕྱོགས་ཀྱི་གཙོ་བོའི་ཞལ་རྩ་ཞལ་དུ་གྱུར་པ་ལྟ་བུ་སྟེ། མདུན་ ནས་གཡས་བསྐོར་གྱིས། བུང་བའི་མདོག་ཅན་ཉིན་བྱེད་ལྟ་བུ་སེར་དང་རྣམ་པར་དཀར་བའི་ མདོག །པདྨ་རཱ་ག་གསེར་གྱི་མདོག་མཚུངས་རབ་དཀར་ཨིནྡྲ་ནཱི་ལའི་མདངས། །ཀུནྡའི་འོད་ ཅན་ཤིན་ཏུ་དཀར་མིན་དམར་པོ་མཆོག་གི་གསེར་དང་མཚུངས། །ཀར་ཀེ་ཏ་འདྲ་ཟླ་བའི་ དཔལ་འཛིན་ནག་དང་ཉི་མ་འཆར་ཁའི་འོད། །ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་ གུམ་དང་ནི་ག་བུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་ རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་ མཆོག་ཆང་གི་སྣོད་བསྣམས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་ བུ་འབྲས་ཆན་སྣོད། །སེར་མོ་འབར་བ་དུང་དང་གླིང་བུ་ནོར་བུ་དང་ནི་ཌ་མ་རུ། །པི་ཝཾ་རྔ་ དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོའི་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་ 3-1-97 རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་ རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་འགག་ལ་འདུད། །འདི་དག་གི་རྒྱབ་ཏུ་ ཡང༌། དབང་ལྡན་དུ་ༀ་ལས་བྱུང་བའི་ཆོས་ཀྱི་དུང་དཀར་པོ་དང༌། བདེན་བྲལ་དུ་ཨཱཿལས་ བྱུང་བའི་ཆོས་ཀྱི་གཎྜཱི་དམར་པོ་དང༌། མེར་ཧཱུཾ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་ནག་པོ་ དང༌། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་གྱི་ཤིང་སེར་པོ་སྟེ། དེ་ལྟར་ན་གཙོ་བོ་ཡབ་ཡུམ་ བསྐྱེད་པའོ། །དེ་ནས་དཀྱིལ་འཁོར་པ་རྣམས་སྤྲོ་བ་ནི། འདོད་ཆགས་ཆེན་པོ་གདུལ་བར་བྱ་ བའི་སེམས་ཅན་རྣམས། དང་པོའི་སངས་རྒྱས་བསྟན་པའི་སྣོད་དུ་མངོན་པར་གཟིགས་ནས་ ཡུམ་ལ་སྙོ མས་པར་ཞུགས་པ་ལས་བྱུང་བའི་ཤིན་ཏུ་དགའ་བའི་སྒྲས། ནམ་མཁའ་གང་བར་ བཞུགས་པའི་རྣམ་པར་དག་པའི་ཕུང་པོ་ཁམས་དང་སྐྱེ་མཆེད། ལས་དབང་ཡུལ་དང་བཅས་ པའི་རང་བཞིན། དེ་བཞིན་གཤེགས་པ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ། ཁྲོ་བོ་ཡབ་ཡུམ་ ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པས་རང་གི་ལུས་ལ་ཞུགས་པ། སླར་ཡང་རང་ ཉིད་ལས་འཕྲོས་ཏེ་སྣ་ཚོགས་ཡུམ་ལ་ཞུགས་པར་གྱུར་ལ། དེ་ལས་ཀྱང་ལོག་ནས་སླར་རང་ ཉིད་ལ་ཞུགས་ཏེ། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་ཞུ་བ་རྣམས་རྡོ་རྗེའི་ལམ་ནས་ཡུམ་ གྱི་པདྨར་སྤྲོས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་ལྷ་དང་ལྷ་མོའི་ཚོགས་སྤྲོ་བ་ནི། དང་པོར་ ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང༌། དེ་ལས་བྱུང་བའི་མི་བསྐྱོད་པ་ཞལ་གསུམ་ཕྱག་ དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་ལྗང་ཁུ་གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང༌། གྲི་གུག་དང༌། དགྲ་སྟ་དང༌། གཡོན་པ་རྣམས་ཀྱིས་རྡོ་ རྗེ་དྲིལ་བུ་དང་ཐོད་པ་དང་ཚངས་པའི་མགོ་བོ་འཛིན་ཅིང༌། རང་དང་འདྲ་བའི་རྡོ་རྗེ་དབྱིངས་ ཀྱི་དབང་ཕྱུག་མས་འཁྱུད་པ་ནམ་མཁར་སྤྲོས་ནས། སེམས་ཅན་གྱི་དོན་བྱས་ཏེ། སླར་ཡང་ 3-1-98 རང་ཉིད་ལ་བདག་པོར་ཞུགས་པར་གྱུར། དེ་ནས་རིམ་པ་གཉིས་པ་ཨི་ཡིག་ལས་བྱུང་བའི་ རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། དོན་ཡོད་གྲུབ་པ་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ། ཕྱག་གཡས་པ་ རྣམས་ཀྱིས་རལ་གྲི་དང༌། གྲི་གུག་དང༌། རྩེ་གསུམ་དང༌། གཡོན་པ་རྣམས་ཀྱིས་ཕུབ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ཁ་དཀར་པོ་འཛིན་ཅིང༌། སྤྱན་མས་འཁྱུད་པ་ཤར་དུ་པད་ཉིའི་སྟེང་དུ་ སྤྲོས། རྀ་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། རིན་ཆེན་ འབྱུང་ལྡན་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་དམར་པོ་གཡས་ཞལ་དཀར་ ཞིང་གཡོན་ཞལ་ནག་པ་ཕྱག་གཡས་པ་རྣམས་ཀྱིས་མེའི་མདའ་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌ་མ་རུ་དང༌། གཡོན་པ་རྣམས་ཀྱིས་གཞུ་དང༌། ཞགས་པ་དང༌། རིན་པོ་ ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་ཅིང༌། མཱ་མ་ཀཱིས་འཁྱུད་པ་ལྷོ་དང༌། ཨུ་ཡིག་ལས་བྱུང་ བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། སྣང་བ་མཐའ་ཡས་ཞལ་གསུམ་ཕྱག་དྲུག་པ། རྩ་ བའི་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་ པ་རྣམས་ཀྱིས་ཐོ་བ་དང་མདུང་དང་རྩེ་གསུམ་དང༌། གཡོན་པ་རྣམས་ཀྱིས་འདབ་མ་བརྒྱ་ པའི་པདྨ་དཀར་པོ་དང༌། མེ་ལོང་དང་བགྲེང་ཕྲེང་འཛིན་ཅིང༌། གོས་དཀར་མོས་འཁྱུད་ པ་བྱང་དང༌། ལྀ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། རྣམ་པར་སྣང་ མཛད་ཞལ་གསུམ་ཕྱག་དྲུག་པ་རྩ་བའི་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར་ཞིང་ གཡོན་ཞལ་ནག་པ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་དང་དབྱུག་པ་དང༌། ཁྲོ་བོའི་རྡོ་རྗེ་ དང༌། གཡོན་པ་རྣམས་ཀྱིས་དུང་དང༌། རྡོ་རྗེ་ལྕགས་སྒྲོག་དང༌། སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་ བུ་འཛིན་ཅིང༌། སྒྲོལ་མས་འཁྱུད་པ་ནུབ་ཏུ་སྤྲོས་ཏེ། ལྔ་ཅར་ཡང་ཞལ་རེ་རེ་ལ་སྤྱན་གསུམ་ གསུམ་དང་ལྡན་པ། པདྨ་དཀར་པོ་དང་ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེའི་གདན་གྱིས་གནས་ 3-1-99 ཤིང༌། ཐབས་གཙོ་བོར་གྱུར་པའོ། །དེ་བཞིན་དུ་ཨཱི་ཡིག་ལས་བྱུང་བའི་རལ་གྲི་ནག་པོའམ་ ཨུཏྤ་ལ་ཡོངས་སུ་གྱུར་པ་ལས། སྒྲོལ་མ་དོན་ཡོད་གྲུབ་པ་ལྟ་བུ་ལ་རྣམ་པར་སྣང་མཛད་ཀྱིས་ འཁྱུད་པ་མེ་མཚམས་དང༌། རཱྀ་ཡིག་ལས་བྱུང་བའི་པདྨ་དམར་པོ་ཡོངས་སུ་གྱུར་པ་ལས། གོས་དཀར་མོ་རིན་ཆེན་དབང་པོ་ལྟ་བུ་ལ། སྣང་བ་མཐའ་ཡས་ཀྱིས་འཁྱུད་པ་བདེན་བྲལ་ དང༌། ཨཱུ་ཡིག་ལས་བྱུང་བའི་ཨུཏྤལ་དཀར་པོ་ཡོངས་སུ་གྱུར་པ་ལས། མཱ་མ་ཀཱི་སྣང་བ་ མཐའ་ཡས་ལྟ་བུ་ལ་རིན་ཆེན་དབང་པོས་འཁྱུད་པ་དབང་ལྡན་དང༌། ལཱྀ་ཡིག་ལས་བྱུང་ བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སྤྱན་མ་རྣམ་པར་སྣང་མཛད་ལྟ་བུ་ལ་དོན་ཡོད་ གྲུབ་པས་འཁྱུད་པ། རླུང་དུ་སྤྲོས་ཏེ། ཐམས་ཅད་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་ པདྨའི་གདན་གྱིས་གནས་ཤིང༌། ཤེས་རབ་གཙོ་མོར་གྱུར་པའོ། །དེ་དག་གི་གཡོན་དང་ གཡས་སུ་ཡང༌། ཧི་ཧཱི་ཧྲྀ་ཧྲཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་རྣམས་ལས་བྱུང་བའི་བདུད་རྩིའི་བུམ་པ་དཀར་པོ་པདྨ་ ལ་གནས་ཤིང༌། པདྨས་ཁ་བརྒྱན་པའམ་ཐོད་པ་བརྒྱད་དེ། ཤར་དུ་རྐང་འགགས་པའི་བུམ་ པ་གཉིས་དང༌། ལྷོར་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་ བུམ་པ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པའི་བུམ་པ་གཉིས་སོ། །ཧཾ་ཧཿལས་སྟེང་དུ་ ཁུ་བ་འགགས་པའི་བུམ་པ་དང༌། འོག་ཏུ་རྡུལ་འགགས་པའི་བུམ་པའོ། །དེ་ནས་ཡཾ་ཡིག་ལས་ བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད་དོན་ཡོད་གྲུབ་པ་ལྟ་ བུ་ལ་རེངས་བྱེད་མ་སྤྱན་མ་ལྟ་བུས་འཁྱུད་པ་ཤར་སྒོ་དང༌། རཾ་ཡིག་ལས་བྱུང་བའི་དབྱུག་པ་ དམར་པོ་ཡོངས་སུ་གྱུར་པ་ལས། ཤེས་རབ་མཐར་བྱེད་རིན་ཆེན་འབྱུང་ལྡན་ལྟ་བུ་ལ་ཁེངས་ བྱེད་མ། མཱ་མ་ཀཱི་ལྟ་བུས་འཁྱུད་པ་ལྷོ་སྒོ་དང༌། ཝཾ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་ སུ་གྱུར་པ་ལས། པདྨ་མཐར་བྱེད་འོད་དཔག་མེད་ལྟ་བུ་ལ། རྨུགས་བྱེད་མ་གོས་དཀར་མོ་ལྟ་ བུས་འཁྱུད་པ་ལ་བྱང་སྒོ་དང༌། ལཾ་ཡིག་ལས་བྱུང་བའི་ཐོ་བ་སེར་པོ་ཡོངས་སུ་གྱུར་པ་ལས། 3-1-100 གཤིན་རྗེ་མཐར་བྱེད་རྣམ་པར་སྣང་མཛད་ལྟ་བུ་ལ། ཤིན་ཏུ་བརྩོན་འགྲུས་མ་སྒྲོལ་མ་ལྟ་བུས་ འཁྱུད་པ་ནུབ་སྒོར་སྤྲོ་བར་བྱ་སྟེ། ཤར་དང་བྱང་དུ་པདྨ་དཀར་པོ་དང༌། ཉི་མའི་དཀྱིལ་འཁོར་ དང༌། ལྷོ་དང་ནུབ་ཏུ་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་ཁྲོ་བོ་རྣམས་གཡས་བརྐྱང་ དང་ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གིས་གནང་ཤིང་ཐབས་གཙོ་བོར་གྱུར་པའོ། །དེ་ནས་ ར་བའི་ནང་དུ་ལྷ་སྣམ་ལ་སེམས་དཔའ་དྲུག་སྟེ། དེ་ཡང་ཨ་ཡིག་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་ ཡོངས་སུ་གྱུར་པ་ལས། ཕྱག་ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ་ལྷོའི་གཡོན་ དང༌། ཨེ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་སུ་གྱུར་པ་ལས། ནམ་མཁའི་སྙིང་པོ་ དོན་ཡོད་གྲུབ་པ་ལྟ་བུ་ལ་དྲི་རྡོ་རྗེ་མས་འཁྱུད་པ་ཤར་གྱི་གཡས་དང༌། ཨར་ཡིག་ལས་བྱུང་ བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པ་ལས། སའི་སྙིང་པོ་རིན་ཆེན་འབྱུང་ལྡན་ལྟ་བུ་ལ། གཟུགས་རྡོ་རྗེ་མས་འཁྱུད་པ་ལྷོའི་གཡས་དང༌། ཨོ་ཡིག་ལས་བྱུང་བའི་པདྨ་དཀར་པོ་ཡོངས་ སུ་གྱུར་པ་ལས། འཇིག་རྟེན་དབང་ཕྱུག་སྣང་བ་མཐའ་ཡས་ལྟ་བུ་ལ་རོ་རྡོ་རྗེ་མས་འཁྱུད་ པ་བྱང་གི་གཡས་དང༌། ཨལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་གྱུར་པ་ལས། སྒྲིབ་པ་རྣམ་པར་སེལ་བ་རྣམ་པར་སྣང་མཛད་ལྟ་བུ་ལ་རེག་བྱ་རྡོ་རྗེ་མས་འཁྱུད་པ་ནུབ་ཀྱི་ གཡས་དང༌། ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། ཀུན་ཏུ་བཟང་ པོ་རྡོ་རྗེ་སེམས་དཔའ་(སྔོན་པོ་གཡས་གཡོན་གྱི་ཞལ་དང་ཕྱག་མཚན་མི་བསྐྱོད་པ་ལྟ་བུའོ།།)ལྟ་བུ་ལ་ཆོས་ཀྱི་ ཁམས་ཀྱི་རྡོ་རྗེ་མས་འཁྱུད་པ་ཤར་གྱི་གཡོན་དུ་སྤྲོ་བར་བྱ་སྟེ། ཐམས་ཅད་པདྨ་དཀར་པོ་དང་ ཉི་མ་ལ་རྡོ་རྗེའི་གདན་གྱིས་གནས་ཤིང༌། ཐབས་གཙོ་བོར་གྱུར་པའོ། །(གཡོན་དང་གཡས་ནི་གཙོ་ བོའི་ཞལ་བཞི་ལ་ལྟོས་སོ།།)དེ་བཞིན་དུ་སེམས་མ་དྲུག་ཀྱང་ལྷ་སྣམ་ལ་སྟེ། ཨཱ་ཡིག་ལས་བྱུང་བའི་ རྡོ་རྗེ་ལྗང་ཁུ་ཡོངས་སུ་གྱུར་པ་ལས། ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ལྟ་བུ་ལ་ཀུན་ ཏུ་བཟང་པོས་འཁྱུད་པ་ནུབ་ཀྱི་གཡོན་དང༌། ཨཻ་ཡིག་ལས་བྱུང་བའི་རལ་གྲི་ནག་པོ་ཡོངས་ 3-1-101 སུ་གྱུར་པ་ལས། རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་རྣམ་པར་སེལ་བས་འཁྱུད་པས་མེ་ མཚམས་དང༌། ཨཱར་ཡིག་ལས་བྱུང་བའི་རིན་པོ་ཆེ་དམར་པོ་ཡོངས་སུ་གྱུར་པས། རོ་རྡོ་རྗེ་མ་ གོས་དཀར་མོ་ལྟ་བུ་ལ་འཇིགས་རྟེན་དབང་ཕྱུག་གིས་འཁྱུད་པ་བདེན་བྲལ་དང༌། ཨཽ་ཡིག་ ལས་བྱུང་བའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། གཟུགས་རྡོ་རྗེ་མ་མཱ་མ་ཀཱི་ལྟ་བུ་ལ་སའི་ སྙིང་པོས་འཁྱུད་པ་དབང་ལྡན་དང༌། ཨཱལ་ཡིག་ལས་བྱུང་བའི་འཁོར་ལོ་སེར་པོ་ཡོངས་སུ་ གྱུར་པ་ལས། དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པ་རླུང་དང༌། ཨཿཡིག་ ལས་བྱུང་བའི་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། སྒྲ་རྡོ་རྗེ་མ་ཀུན་ཏུ་བཟང་པོ་ལྟ་བུ་ལ་ཕྱག་ ན་རྡོ་རྗེས་འཁྱུད་པ་བྱང་གི་གཡོན་དུ་སྤྲོ་བར་བྱ་སྟེ། ཐམས་ཅད་པདྨ་དམར་པོ་དང༌། ཟླ་བའི་ དཀྱིལ་འཁོར་ལ་པདྨའི་གདན་གྱིས་གནས་ཤིང་ཤེས་རབ་གཙོ་མོར་གྱུར་པའོ། །(དེ་ལ་གང་དང་ གང་གཙོ་བོར་གྱུར་པ་ནི། དཀྱིལ་འཁོར་གྱི་དབང་པོ་ལ་མངོན་དུ་ཕྱོགས་པ་སྟེ། དེ་ལ་འཁྱུད་པ་ནི། དེའི་གནས་སུ་ཕྱིན་པའི་ ཕྱིར། དེ་ལས་མངོན་དུ་ཕྱོགས་པའོ།།)ཐུགས་ཀྱི་སྟེགས་བུ་དང་སྟེང་འོག་ཏུ་ཙྪྫྫྷྙ་སོགས་ལས་མཆོད་པའི་ ལྷ་མོ་རྣམས་སྤྲོ་བ་ནི། སྒོའི་གཡོན་དང་གཡས་ཀྱི་ ཤར་དུ་དྲི་མ་དང་ཕྲེང་བ་མ་ ནག་མོ། ལྷོར་བདུག་སྤོས་མ་དང་སྣང་གསལ་མ་དམར་མོ། བྱང་དུ་བདུད་རྩི་མ་དང་འབྲས་ བུ་མ་དཀར་མོ། ནུབ་ཏུ་སྒེག་མོ་དང་བཞད་མ་སེར་མོ་དང༌། སྟེང་དུ་སྒྲ་མ་དང་གར་མ་ལྗང་ཁུ། འོག་ཏུ་གླུ་མ་དང་འདོད་མ་སྔོན་མོ་སྟེ། རང་རང་གི་མིང་དང་རྗེས་སུ་མཐུན་པའི་མཆོད་རྫས་ དུ་མ་ཐོགས་ཤིང༌། གཟུངས་མ་གྲངས་མེད་པ་དང་བཅས་པའོ། ། དེ་ནས་གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་རྣལ་འབྱོར་མ་རྣམས་སྤྲོ་བར་བྱ་སྟེ། ཧ་ ཡིག་ལས་བྱུང་བའི་གྲི་གུག་ནག་པོ་ཡོངས་སུ་གྱུར་པ་ལ། ཙར་ཙི་ཀཱ་ནག་མོ་ཕྱག་བཞིའི་ གཡས་གཉིས་ཀྱིས་གྲི་གུག་དང་རྩེ་གསུམ་དང༌། གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ཁ་ འཛིན་ཅིང་དབང་པོས་འཁྱུད་པ། ཤར་གྱི་པདྨའི་ལྟེ་བར་ཡི་དྭགས་དམར་པོ་ལ་གནས་པ་ 3-1-102 དང༌། ཧི་ཧཱི། ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ་རྣམས་ལས་བྱུང་བའི་གྲི་གུག་ནག་པོ་བརྒྱད་ཡོངས་སུ་ གྱུར་པ་ལས། འཇིགས་མ་དང༌། རླུང་ཤུགས་མ་དང༌། དྲག་མོ་དང༌། དུས་ཀྱི་མཆེ་བ་མ་དང༌། མེ་འབར་གདོང་མ་དང༌། རབ་གཏུམ་མ་དང༌། དྲག་མིག་མ་དང༌། སྣ་ཆེན་མ་རྣམས་ཀྱིས་ཀྱང་ ཙར་ཙི་ཀཱ་ལྟ་བུ་སྟེ། མདུན་དང་རྒྱབ་ཀྱི་འདབ་མ་དང་གཡས་ཀྱི་འདབ་མ་གསུམ་དང་གཡོན་ གྱི་འདབ་མ་གསུམ་ལ་གནས་པའོ། །ཀྵ་ཡིག་ལས་བྱུང་བའི་འཁོར་ལོ་ནག་པོ་ཡོངས་སུ་གྱུར་ པ་ལས། ཁྱབ་འཇུག་མ་ནག་མོ་ཕྱག་བཞིས་འཁོར་ལོ་དང་བེ་ཅོན་དང་པདྨ་དང་དུང་རྣམས་ འཛིན་ཅིང༌། ཚངས་པས་འཁྱུད་པ། མེའི་པདྨས་ལྟེ་བར་མཁའ་ལྡིང་ལ་གནས་པ་དང༌། ཀྵི་ཀྵཱི། ཡཱ་ཡཱི་ཡྼཱྀ་ཡཱུ་ཡླཱྀ་ཡཿརྣམས་དང་འཁོར་ལོ་རྣམས་ཡོངས་སུ་གྱུར་པ་ལས། གཡུང་མོ་དང༌། རྣམ་ པར་རྒྱལ་མ་དང༌། སྒྱུ་མ་དང༌། གྲགས་མ་དང༌། དཔལ་མོ་དང༌། དཔལ་ལྡན་རྒྱལ་མ་དང༌། དཔལ་ལྡན་རྒྱལ་བྱེད་མ་དང༌། འཁོར་ལོ་མ་རྣམས་ཀྱང་ཁྱབ་འཇུག་མ་ལྟ་བུ་སྟེ། པདྨའི་ འདབ་མ་རྣམས་ལ་གནས་པའོ། །ཧཿཡིག་དང་དབྱུག་པ་དམར་པོ་ཡོངས་སུ་གྱུར་པ་ལས། ཕག་མོ་དམར་མོ་ཕྱག་བཞིས་དབྱུག་པ་དང༌། རལ་གྲི་དང༌། ལྕགས་སྒྲོག་དང༌། ཕུབ་རྣམས་ འཛིན་ཅིང་དྲག་པོས་འཁྱུད་པ། ལྷོའི་པདྨའི་ལྟེ་བར་མ་ཧེ་ལ་གནས་པ་དང༌། ཧྼྀ་ཧྼཱྀ། ར་རི་ ཪྼྀ་རུ་རླྀ་རཾ་རྣམས་དང་དབྱུག་པ་རྣམས་ཡོངས་སུ་གྱུར་པ་ལས། ཀེང་རུས་མ་དང༌། གཙིགས་ མ་དང༌། དུས་མཚན་མ་དང༌། རབ་ཁྲོས་གདོང་མ་དང༌། དུས་ཀྱི་ལྕེ་མ་དང༌། ནག་མོ་དང༌། འཇིགས་རུང་མ་དང༌། གཟུགས་ངན་མ་རྣམས་ཀྱང་ཕག་མོ་ལྟ་བུ་སྟེ། པདྨའི་འདབ་མ་རྣམས་ ལ་གནས་པའོ། །ཀྵཿཡིག་དང་ཤག་ཏི་དམར་པོ་ཡོངས་སུ་གྱུར་པ་ལས། གཞོན་ནུ་དམར་ མོ་ཕྱག་བཞིས་ཤག་ཏི་དང༌། ལྕགས་ཀྱུ་དང༌། རིན་པོ་ཆེ་དང༌། ཞགས་པ་འཛིན་ཅིང་ཚོགས་ བདག་གིས་འཁྱུད་པ། བདེན་བྲལ་གྱི་པདྨའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། ཀྵྼྀ་ཀྵྀ། རཱ་ རཱི་ཪྼཱྀ་རཱུ་རླཱྀ་རཿརྣམས་དང༌། ཤག་ཏི་རྣམས་ཡོངས་སུ་གྱུར་པ་ལས། པདྨ་མ་དང༌། རིན་ཆེན་ 3-1-103 ཕྲེང་བ་མ་དང༌། ལུས་མེད་མ་དང༌། གཞོན་ནུ་མ་དང༌། རི་དྭགས་བདག་པོས་འགྲོ་མ་དང༌། མིག་བཟང་མ་དང༌། རུལ་མ་དང༌། བཟང་མོ་རྣམས་ཀྱང་གཞོན་ནུ་མ་ལྟ་བུ་སྟེ་པདྨའི་འདབ་ མ་རྣམས་ལ་གནས་པའོ། །ཧཾ་ཡིག་དང་རྩེ་གསུམ་དཀར་པོ་ཡོངས་སུ་གྱུར་པ་ལས། དྲག་མོ་ དཀར་མོ། ཕྱག་བཞིས་རྩེ་གསུམ་དང༌། སྒྲ་དང་བཅས་པའི་ཌ་མ་རུ་དང༌། ཁ་ཊྭཱཾ་ཁ་དང་ལྟོས་ འགྲོ་འཛིན་ཅིང་གཤིན་རྗེས་འཁྱུད་པ། བྱང་གི་པདྨའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་དང༌། ཧུ་ཧཱུ། ཝ་ཝི་ཝྼྀ་ཝུ་ཝླྀ་ཝཾ་རྣམས་དང་རྩེ་གསུམ་རྣམས་ཡོངས་སུ་གྱུར་པ་ལས། གཽ་རཱི་དང༌། ཏོ་ཏ་ལཱ་དང༌། གཾ་གཱ་དང༌། རྟག་མ་དང༌། མྱུར་མ་དང༌། མཚོན་བྱེད་མ་དང༌། དམར་སེར་མ་ དང༌། ནག་མོ་རྣམས་ཀྱང་དྲག་མོ་ལྟ་བུ་སྟེ། པདྨའི་འདབ་མ་རྣམས་ལ་གནས་པའོ། །ཀྵཾ་ཡིག་ དང་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས། དཔལ་མོ་དཀར་མོ་ཕྱག་བཞིས་པདྨ་དང་བགྲང་ ཕྲེང་དང་ཆུ་སྐྱེས་དང་རིན་པོ་ཆེ་རྣམས་འཛིན་ཅིང༌། གདོང་དྲུག་གིས་འཁྱུད་པའོ། །དབང་ ལྡན་གྱི་པདྨའི་ལྟེ་བར་སེང་གེ་ལ་གནས་པ་དང༌། ཀྵུ་ཀྵཱུ། ཝཱ་ཝཱི་ཝྼཱྀ་ཝཱུ་ཝླཱྀ་ཝཱཿརྣམས་དང༌། པདྨ་རྣམས་ཡོངས་སུ་གྱུར་པ་ལས། དཔལ་ལྡན་དཀར་མོ་དང༌། འཛིན་མ་དང༌། ཟླ་བའི་རི་ མོ་དང༌། རི་བོང་འཛིན་མའི་གདོང་མ་དང༌། ངང་པའི་མདོག་མ་དང༌། པདྨའི་དབང་མོ་དང༌། སྐར་མིག་མ་དང༌། དྲི་མེད་རི་བོང་འཛིན་མ་རྣམས་ཀྱང་དཔལ་མོ་ལྟ་བུ་སྟེ། པདྨའི་འདབ་མ་ རྣམས་ལ་གནས་པའོ། །ཧཱ་ཡིག་དང་རྡོ་རྗེ་སེར་པོ་ཡོངས་སུ་གྱུར་པ་ལས། དབང་མོ་སེར་ མོ་ཕྱག་བཞིས་རྡོ་རྗེ་དང༌། མདའ་དང༌། སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ་དང་གཞུ་རྣམས་ འཛིན་ཅིང་བདེན་བྲལ་གྱིས་འཁྱུད་པ། ནུབ་ཀྱི་པདྨའི་ལྟེ་བར་གླང་པོ་ཆེ་ལ་གནས་པ་དང༌། ཧླྀ་ ཧླཱྀ། ལ་ལི་ལྼྀ་ལུ་ལླྀ་ལཾ་རྣམས་དང་རྡོ་རྗེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འོད་དང༌། བཀྲ་ བའི་རི་མོ་དང༌། རྡོ་རྗེ་ལུས་དང༌། གསེར་ལྡན་མ་དང༌། ཨུར་ཝ་སཱི་དང༌། རམྦྷཱ་དང༌། ཟུག་རྔུ་ མེད་དང༌། ཤིན་ཏུ་སྒྲོལ་མ་རྣམས་ཀྱང་དབང་མོ་ལྟ་བུ་སྟེ། པདྨའི་འདབ་མ་རྣམས་ལ་གནས་ 3-1-104 པའོ། །ཀྵཱ་ཡིག་དང་པར་པུ་སེར་པོ་ཡོངས་སུ་གྱུར་པ་ལས། ཚངས་མ་སེར་མོ་ཕྱག་བཞིས་ པདྨ་དང༌། ཚངས་པའི་དབྱུག་པ་དང༌། སྤྱི་བླུགས་དང་པར་པུ་འཛིན་ཞིང་ཁྱབ་འཇུག་གིས་ འཁྱུད་པ། རླུང་མཚམས་ཀྱི་པདྨའི་ལྟེ་བར་ངང་པ་ལ་གནས་པ་དང༌། ཀྵླྀ໏་ཀྵླཱྀ། ལཱ་ལཱི་ལྼཱྀ་ ལཱུ་ལླཱྀ་ལཿརྣམས་དང་པར་པུ་རྣམས་ཡོངས་སུ་གྱུར་པ་ལས། སཱ་བི་ཏྲཱི་དང༌། ངག་གི་དབང་ཕྱུག་ མ་དང༌། པདྨའི་སྤྱན་མ་དང༌། ཆུ་སྐྱེས་ལྡན་མ་དང༌། བློ་གྲོས་མ་དང༌། གཱ་ཡ་ཏྲཱི་དང༌། གློག་མ་ དང༌། དྲན་མ་རྣམས་ཀྱང་ཚངས་མ་ལྟ་བུ་སྟེ། པད་མའི་འདབ་མ་རྣམས་ལ་གནས་པའོ། །གཙོ་ མོ་བརྒྱད་པོ་རྣམས་ས་གའི་སྟབས་ཀྱིས་གནས་ཤིང༌། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་ པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་མོ་ལ་མངོན་དུ་ཕྱོགས་ཤིང་ ཐམས་ཅད་ཀྱང་ཞལ་གཅིག་མ་སྤྱན་གསུམ་མ་སྟེ། འོན་ཀྱང་ཚངས་མ་འཁོར་དང་བཅས་པ་ནི་ གདོང་བཞི་མ་དང༌། གཞོན་ནུ་མ་འཁོར་དང་བཅས་པ་ནི་གདོང་དྲུག་མར་བལྟའོ། ། དེ་ནས་སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ལ་ཚེས་ཀྱི་ལྷ་རྣམས་སྤྲོ་བར་བྱ་སྟེ། ཉ་ཉི་ཉྼྀ་ཉུ་ཉླྀ་ ཉཾ། ཛྷ་ཛྷི་ཛྷ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ་རྣམས་ཡོངས་སུ་ གྱུར་པ་ལས་རལ་གྲི་ནག་པོ་རྣམས་སུ་གྱུར་ཏེ། ཙཾ་དང་ཛྼྀ་ལས་བྱུང་བའི་རལ་གྲི་དག་ཡོངས་ སུ་གྱུར་པ་ལས། སྲིན་པོ་ནག་པོ་ལ་ཛྼྀ་རྡོ་རྗེ་མ་སྲིན་མོ་སེར་མོས་འཁྱུད་པ། གཉིས་ཀ་ཕྱག་ བཞི་པ་གཡས་གཉིས་ཀྱིས་རལ་གྲི་དང༌། གྲི་གུག་དང༌། གཡོན་གཉིས་ཀྱིས་ཕུབ་དང༌། ཐོད་ པ་འཛིན་པ། ཤར་གྱི་གཡས་སུ་པདྨའི་ལྟེ་བར་ཡི་དྭགས་ལ་གནས་པ་དང༌། ཉ་རྡོ་རྗེ་མ་ལ་ སོགས་པ་ཉེར་བརྒྱད་པོ་རྣམས་ནི་སྐུ་མདོག་དང་ཕྱག་མཚན་གཙོ་བོ་ལྟ་བུ་སྟེ། ནང་བསྐོར་ གྱི་པད་འདབ་མདུན་མ་ནས་བརྩམས་ཏེ། པད་འདབ་རྣམས་ལ་གཡས་བསྐོར་གྱི་རིམ་པས་ གནས་པ། ནག་པའི་ཟླ་བའི་གནམ་སྟོང་དང་ཉ་དང་ཚེས་གཅིག་ལ་སོགས་པ་སུམ་ཅུ་རྣམ་ པར་དག་པའོ། །(འདིར་ལྷ་མོ་རྣམས་ཀྱི་མིང་ནི། རང་རང་གི་ས་བོན་ཉིད་རྡོ་རྗེའི་མཐའ་དང་ལྡན་པ་སྟེ། འོག་མ་རྣམས་ 3-1-105 ཀྱང་དེ་བཞིན་ནོ།།) ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ ཚཱ་ཚཱི་ཚྼྀ་ཚཱུ་ཚླཱྀ་ཚཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཿ ཉཱ་ཉཱི་ ཉྼཱི་ཉཱུ་ཉླཱྀ་ཉཿརྣམས་ཡོངས་སུ་གྱུར་པ་ལས། དཔག་བསམ་གྱི་ཤིང་ནག་པོ་རྣམས་སུ་གྱུར་ཏེ། ཉཿདང་ཛྼཱྀ་ལས་བྱུང་བའི་དཔག་བསམ་གྱི་ཤིང་དག་ཡོངས་སུ་གྱུར་པ་ལས། རླུང་ལྷ་ནག་པོ་ ལ་ཛྼཱྀ་རྡོ་རྗེ་མ་རབ་གཏུམ་མ་སེར་མོས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་དཔག་བསམ་གྱི་ ཤིང་དང་ཡོངས་འདུའི་མེ་ཏོག་དང༌། ནོར་བུ་ཨིནྡྲ་ནཱི་ལ་དང༌། ཨུཏྤལ་སྔོན་པོ་འཛིན་པ་མེའི་ པདྨའི་ལྟེ་བར་རི་དྭགས་ལ་གནས་པ་དང༌། ཙཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་ སྟེ། ས་གའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་རླུང་གི་ཁམས་ གཞན་ཏེ་དཔྱིད་ཀྱི་དུས་རྣམ་པར་དག་པའོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ་ཞེས་པ་ལ་སོགས་པ་སུམ་ཅུ་ རྣམས་ཡོངས་སུ་གྱུར་པ་ལས། ཤག་ཏི་དམར་པོ་རྣམས་སུ་གྱུར་ཏེ། ཊཾ་དང་ཌྼྀ་ལས་བྱུང་ བའི་ཤག་ཏི་དག་ཡོངས་སུ་གྱུར་པ་ལས། མེ་ལྷ་དམར་པོ་ལ་ཌྼྀ་རྡོ་རྗེ་མ་ཆུ་ལྷ་མོ་དཀར་མོས་ འཁྱུད་པ། གཉིས་ཀ་ཕྱག་བཞི་པ་ཤག་ཏི་དང་དབྱུག་པ་དང་ཆུ་སྐྱེས་དང་སྤྱི་བླུགས་འཛིན་པ། ལྷོའི་གཡས་སུ་པདྨའི་ལྟེ་བར་ལུག་ལ་གནས་པ་དང༌། ཎ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་ བོ་ལྟ་བུ་སྟེ་སྣྲོན་གྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ཊཱ་ཊཱི་ཊྼཱི་ཊཱུ་ཊླཱྀ་ཊཿ ཞེས་པ་ལ་ སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་ཤཀྟི་དམར་པོ་རྣམས་སུ་གྱུར་ཏེ། ཎཿདང་ཌྼཱྀ་ ལས་བྱུང་བའི་ཤཀྟི་དག་ཡོངས་སུ་གྱུར་པ་ལས་གདོང་དྲུག་དམར་པོ་ལ་ཌྼཱྀ་རྡོ་རྗེ་མ་དཔལ་མོ་ དཀར་མོས་འཁྱུད་པ་གཉིས་ཀ་ཕྱག་བཞི་པ་ཤཀྟི་དང༌། མདུང་དང་ནོར་བུ་དང་མེ་ལོང་འཛིན་ པ། བདེན་བྲལ་གྱི་པདྨའི་ལྟེ་བར་རྨ་བྱ་ལ་གནས་པ་དང༌། ཊཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་ གཙོ་བོ་ལྟ་བུ་སྟེ། ཆུ་སྟོད་ཀྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ མེའི་ཁམས་གཞན་ཏེ་སོ་ཀའི་དུས་རྣམ་པར་དག་པའོ། །མ་མི་མྼྀ་མུ་མླྀ་མཾ་ཞེས་པ་ལ་སོགས་ པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། ཞགས་པ་དཀར་པོ་རྣམས་སུ་གྱུར་ཏེ། པཾ་དང་བྼྀ་ 3-1-106 ལས་བྱུང་བའི་ཞགས་པ་དག་ཡོངས་སུ་གྱུར་པ་ལས། རྒྱ་མཚོ་དཀར་པོ་ལ་བྼྀ་རྡོ་རྗེ་མ་ཕག་ མོ་དམར་མོས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་ཞགས་པ་དང་རིན་པོ་ཆེ་དང༌། སྤྲུལ་ཞགས་ དང་ཟླ་བ་ཆུ་ཤེལ་གྱི་ནོར་བུ་འཛིན་པ། བྱང་གི་གཡས་སུ་པདྨའི་ལྟེ་བར་ཆུ་སྲིན་ལ་གནས་ པ་དང༌། མ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། གྲོ་ཞུན་གྱི་ཟླ་བའི་ཚེས་སུམ་ཅུ་ རྣམ་པར་དག་པའོ། །པཱ་པཱི་པྼྀ་པཱུ་པླཱྀ་པཿ ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་ པ་ལས། དགྲ་སྟ་དཀར་པོ་རྣམས་སུ་གྱུར་ཏེ། མཿདང་བྼཱྀ་ལས་བྱུང་བའི་དགྲ་སྟ་དག་ཡོངས་ སུ་གྱུར་པ་ལས། ཚོགས་བདག་དཀར་པོ་ལ་བྼཱྀ་རྡོ་རྗེ་མ་གཞོན་ནུ་མ་དམར་མོས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་དགྲ་སྟ་དང༌། རྡོ་རྗེ་དང་ཞགས་པ་དང༌། ནོར་བུ་འཛིན་པ། དབང་ལྡན་ གྱི་པདྨའི་ལྟེ་བར་བྱི་བ་ལ་གནས་པ་དང༌། པཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ཆུའི་ཁམས་ གཞན་ཏེ། དབྱར་གྱི་དུས་རྣམ་པར་དག་པའོ། །ན་ནི་ནྼྀ་ནུ་ནླྀ་ནཾ། ཞེས་པ་ལ་སོགས་པ་སུམ་ ཅུ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སེར་པོ་རྣམས་སུ་གྱུར་ཏེ། ཏཾ་དང་དྼྀ་ལས་བྱུང་བའི་རྡོ་ རྗེ་དག་ཡོངས་སུ་གྱུར་པ་ལས། དབང་པོ་སེར་པོ་ལ། དྼྀ་རྡོ་རྗེ་མ་རླུང་ལྷ་མོ་ནག་མོས་འཁྱུད་ པ་གཉིས་ཀ་ཕྱག་བཞི་པ། རྡོ་རྗེ་དང་མེའི་མདའ་དང་རྡོར་དྲིལ་དང་གཞུ་འཛིན་པ། ནུབ་ཀྱི་ གཡས་སུ་པདྨའི་ལྟེ་བར་གླང་པོ་ཆེ་ལ་གནས་པ་དང༌། ན་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་ བོ་ལྟ་བུ་སྟེ། ཐ་སྐར་གྱི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ཏཱ་ཏཱི་ཏྼཱྀ་ཏཱུ་ཏླཱྀ་ཏཿ ཞེས་པ་ ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། ཁབ་སེར་པོ་རྣམས་སུ་གྱུར་ཏེ། ནཿདང་ དྼཱྀ་ལས་བྱུང་བའི་ཁབ་དག་ཡོངས་སུ་གྱུར་པ་ལས། མེས་པོ་སེར་པོ་ལ་དྼཱྀ་རྡོ་རྗེ་མ་གློག་མ་ ནག་མོས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་ཁབ་དང་བགྲེང་ཕྲེང་དང་པདྨ་དང་སྤྱི་བླུགས་ འཛིན་པ། རླུང་གི་པདྨའི་ལྟེ་བར་ངང་པ་ལ་གནས་པ་དང༌། ཏཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་ 3-1-107 གཙོ་བོ་ལྟ་བུ་སྟེ། སྨིན་དྲུག་གི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ ནི་སའི་ཁམས་གཞན་ཏེ་སྟོན་གྱི་དུས་རྣམ་པར་དག་པའོ། །ྈྐྈྐིྈྐ ྈྐུྈྐླྀྈྐཾ་ཞེས་པ་ལ་སོགས་པ་ སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས་རྩེ་གསུམ་སྔོན་པོ་རྣམས་སུ་གྱུར་ཏེ། སཾ་དང་ཥྼྀ་ལས་ བྱུང་བའི་རྩེ་གསུམ་དག་ཡོངས་སུ་གྱུར་པ་ལས། དྲག་པོ་སྔོན་པོ་ལ་ཥྼྀ་རྡོ་རྗེ་མ་རི་སྲས་མོ་ལྗང་ ཁུས་འཁྱུད་པ་གཉིས་ཀ་ཕྱག་བཞི་པ། རྩེ་གསུམ་དང་མདའ་དང་སྦྲུལ་དང་བཅས་པའི་ཁ་ཊྭཱཾ་ ག་དང་གཞུ་འཛིན་པ། བྱང་གི་གཡོན་དུ་པདྨའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་དང༌། ྈྐ་རྡོ་རྗེ་ མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ་མགོའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །སཱ་ སཱི་སྼཱྀ་སཱུ་སླཱྀ་སཿ ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། བེ་ཅོན་སྔོན་པོ་ རྣམས་སུ་གྱུར་ཏེ། ྈྐཿདང་ཥྼཱྀ་ལས་བྱུང་བའི་བེ་ཅོན་དག་ཡོངས་སུ་གྱུར་པ་ལས། ནོར་བདག་ སྔོན་པོ་ལ་ཥྼཱྀ་རྡོ་རྗེ་མ་ནོར་གྱི་དབང་ཕྱུག་མ་ལྗང་ཁུས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་ནོར་ བུ་དང་བེ་ཅོན་དང་ནེའུ་ལེ་དང་པདྨ་འཛིན་པ། ནུབ་ཀྱི་གཡོན་དུ་པདྨའི་ལྟེ་བར་གླང་པོ་ལ་ གནས་པ་དང༌། སཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། རྒྱལ་གྱི་ཟླ་བའི་ཚེས་སུམ་ ཅུ་རྣམ་པར་དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ཡེ་ཤེས་ཀྱི་ཁམས་གཞན་ཏེ་དགུན་སྟོད་ཀྱི་ དུས་རྣམ་པར་དག་པའོ། །ང་ངི་ངྼྀ་ངུ་ངླྀ་ངཾ་ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་ པ་ལས། འཁོར་ལོ་ལྗང་ཁུ་རྣམས་སུ་གྱུར་ཏེ། ཀཾ་དང་གྼྀ་ལས་བྱུང་བའི་འཁོར་ལོ་དག་ ཡོངས་སུ་གྱུར་པ་ལས། ཁྱབ་འཇུག་ལྗང་ཁུ་ལ་གྼྀ་རྡོ་རྗེ་མ་དཔལ་མོ་སྔོན་མོས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་འཁོར་ལོ་དང༌། དབྱུག་ཐོ་དང༌། པད་མ་དང༌། སྐྱེ་བ་ལྔ་པའི་དུང་འཛིན་ པ། ཤར་གྱི་གཡོན་དུ་པད་མའི་ལྟེ་བར་མཁའ་ལྡི ང་ལ་གནས་པ་དང༌། ང་རྡོ་རྗེ་མ་ལ་སོགས་ པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། མཆུའི་ཟླ་བའི་ཚེས་སུམ་ཅུ་རྣམ་པར་དག་པའོ། །ཀཱ་ཀཱི་ཀྼཱྀ་ཀཱུ་ ཀླཱྀ་ཀཿ ཞེས་པ་ལ་སོགས་པ་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། དབྱུག་པ་ལྗང་ཁུ་རྣམས་ 3-1-108 སུ་གྱུར་ཏེ། །ངཿདང་གྼཱྀ་ལས་བྱུང་བའི་དབྱུག་པ་དག་ཡོངས་སུ་གྱུར་པ་ལས། གཤིན་རྗེ་ལྗང་ ཁུ་ལ་གྼཱྀ་རྡོ་རྗེ་མ་གཤིན་རྗེ་མ་སྔོན་མོས་འཁྱུད་པ། གཉིས་ཀ་ཕྱག་བཞི་པ་དབྱུག་པ་དང་རལ་གྲི་ དང་ལྕགས་སྒྲོག་དང་ཞགས་པ་འཛིན་པ། ལྷོའི་གཡོན་དུ་པདྨའི་ལྟེ་བར་མ་ཧེ་ལ་གནས་པ་དང༌། ཀཱ་རྡོ་རྗེ་མ་ལ་སོགས་པ་རྣམས་ནི་གཙོ་བོ་ལྟ་བུ་སྟེ། དབོའི་ཟླ་བའི་ཚེས་སུ་སུམ་ཅུ་རྣམ་པར་ དག་པའོ། །དེ་ལྟར་ཟླ་བ་གཉིས་ནི་ནམ་མཁའི་ཁམས་གཞན་ཏེ་དགུན་སྨད་ཀྱི་དུས་རྣམ་ པར་དག་པའོ། །(གསུང་གི་རྣལ་འབྱོར་མ་དང༌། ཚེས་ཀྱི་ལྷ་རྣམས་ཀྱི་གདན་སྲོག་ཆགས་པདྨའི་འོག་ཏུ་བཞེད་པ་ཡོན་ ནའང༌། སྲོག་ཆགས་གཙོ་བོ་ཡབ་ཡུམ་གདན་ཡིན་པས། པདྨའི་ལྟེ་བར་འཐད་ཅིང༌། འཁོར་རྣམས་པད་འདབ་ལ་གནས་པའོ། །རབ་གཏུམ་མ་རྣམས་ཀྱི་གདན་འཁོར་ལོའི་འོག་ཏུ། བྱེད་མར་དང་མི་མཚུངས་ཏེ། རབ་གཏུམ་མ་རྣམས་ལ་འཁོར་མེད་པའོ།།) གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་གནས་ཤིང༌། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་ དང༌། འཁོར་རྣམས་ནི་(སྐུ་མདོག་ཕྱག་མཚན་གཙོ་བོ་དང་མཐུན་པར་འདོད་པ་ཡོད་ནའང༌། རིགས་མི་མཐུན་འཁྱུད་ པར་བཞེད་པའི་ལུགས་སོ།།)རོལ་པའི་སྟབས་ཅན་རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་ཤིང༌། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་སྟེ། འོན་ཀྱང་ཚངས་པ་འཁོར་དང་བཅས་པ་ནི་གདོང་བཞི་པ་དང༌། གཞོན་ནུ་འཁོར་དང་བཅས་ པ་ནི་གདོང་དྲུག་པར་བལྟ་བར་བྱའོ། ། དེ་ནས་སྒོ་སྐྱོང་སྤྲོ་བ་ནི། ཡ་ར་ཝ་ལ་རྣམས་ལས་བྱུང་བའི་དབྱུག་པ་དང་མདའ་དང་ གཏུན་ཤིང་དང་བེ་ཅོན་རྣམས་ཡོངས་སུ་གྱུར་པ་ལས། རིམ་པ་ལྟར་ཁྲོ་བོ་དབྱུག་སྔོན་ཅན་ ནག་པོ་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང༌། རྡོ་རྗེ་དང༌། གཡོན་གཉིས་ཀྱིས་ཕུབ་ དང་ལྟོས་འགྲོ་འཛིན་ཅིང༌། ལཱ་ཡིག་དང་འཁོར་ལོ་ལས་བྱུང་བའི་འོད་ཟེར་ཅན་སྟོབས་པོ་ཆེ་ ལྟ་བུས་འཁྱུད་པ། ཤར་གྱི་སྒོར་འོད་ཟེར་ཅན་གྱི་ཤིང་རྟ་ལ་གནས་པ་དང༌། འདོད་པའི་རྒྱལ་ པོ་དམར་པོ་ཕྱག་བཞིས་མདའ་དང༌། ལྕགས་ཀྱུ་དང༌། གཞུ་དང༌། ཞགས་པ་འཛིན་ཅིང༌། ཝཱ་ 3-1-109 ཡིག་དང་ཐོ་བ་ལས་བྱུང་བའི་སྐུལ་བྱེད་མ་མི་གཡོ་བ་ལྟ་བུས་འཁྱུད་པ། ལྷོ་སྒོར་ཙུན་དཱའི་ ཤིང་རྟ་ལ་གནས་པ་དང༌། མི་གཡོ་བ་དཀར་པོ་ཕྱག་བཞིས་ཐོ་བ་དང༌། མདུང་དང༌། པདྨ་ དང༌། མེ་ལོང་འཛིན་ཅིང༌། རཱ་ཡིག་དང་མདའ་ལས་བྱུང་བའི་ཁྲོ་གཉེར་ཅན་མ་འདོད་པའི་ རྒྱལ་པོ་ལྟ་བུས་འཁྱུད་པ། བྱང་གི་སྒོར་ཁྲོ་གཉེར་ཅན་གྱི་ཤིང་རྟ་ལ་གནས་པ་དང༌། སྟོབས་ པོ་ཆེ་སེར་པོ་ཕྱག་བཞིས་འཁོར་ལོ་དང༌། དབྱུག་པ་དང༌། དུང་དང་རིན་པོ་ཆེ་འཛིན་ཅིང༌། ཡཱ་ ཡིག་དང་རལ་གྲི་ལས་བྱུང་བའི་རྡོ་རྗེ་ལྕགས་སྒྲོག་མ་དབྱུག་སྔོན་ཅན་ལྟ་བུས་འཁྱུད་པ། ནུབ་ ཀྱི་སྒོར་ལྕགས་སྒྲོག་མའི་ཤིང་རྟ་ལ་གནས་པ་དང༌། ཧཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་ གྱུར་པ་ལས། གཙུག་ཏོར་འཁོར་ལོས་སྒྱུར་བ་(ནི་ཡང་ན་དྲག་ཅན་མ་བཞིན་ཞལ་གཅིག་ཕྱག་བཞི་དགྲ་སྟ། རྩེ་གསུམ། སྦྲུལ་ཞགས། ཁ་ཊྭཱཾ་འཛིན་པའོ།།དུས་ཞབས་ལུགས་སོ།།)། ལྗང་ཁུ་(འདིར་དམིགས་བསལ་མ་གསུངས་པས། ཐུགས་དཀྱིལ་དུ་ཞལ་གསུམ་ཕྱག་དྲུག་པར་གསུངས་པ་བཞིན།)ཞལ་གསུམ་ཕྱག་དྲུག་པ་གཡས་ཞལ་དམར་ ཞིང༌། གཡོན་ཞལ་དཀར་བ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང༌། གྲི་གུག་དང༌། དགྲ་སྟ་ འཛིན་ཅིང༌། གཡོན་པ་རྣམས་ཀྱིས་དྲིལ་བུ་དང༌། ཐོད་པ་དང༌། ཚངས་པའི་མགོ་བོ་འཛིན་པ། ཧཿཡིག་དང་རྡོ་རྗེ་ལས་བྱུང་བའི་ཤིན་ཏུ་སྔོན་མོ་ཕྱག་བཞི་མ། གཡས་གཉིས་ཀྱིས་གྲི་གུག་ དང་རྡོ་རྗེ་དང༌། གཡོན་གཉིས་ཀྱིས་ཐོད་པ་དང་དྲིལ་བུ་འཛིན་པས་འཁྱུད་པ། སྟེང་དུ་ཤིན་ ཏུ་སྔོན་མོའི་ཤིང་རྟ་ལ་གནས་པ་དང༌། ཧ་ཡིག་ལས་བྱུང་བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་ གནོད་མཛེས་རྒྱལ་པོ་སྔོན་པོ་ཤིན་ཏུ་སྔོན་མོ་ལྟ་བུ་ལ། ཧཱ་ཡིག་དང་རྩེ་གསུམ་ལས་བྱུང་བའི་ དྲག་སྤྱན་མ་ལྗང་ཁུ་ཕྱག་བཞིས་དགྲ་སྟ་དང་རྩེ་གསུམ་དང༌། སྤྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་ པས་འཁྱུད་པ། འོག་ཏུ་དྲག་སྤྱན་མའི་ཤིང་རྟ་ལ་གནས་པ་སྟེ། སྒོ་བཞི་དང་འོག་ཏུ་གནས་ པའི་ཁྲོ་བོ་ནི་ཞལ་གཅིག་པ་ཐམས་ཅད་ཀྱང་སྤྱན་གསུམ་པ་རབ་ཏུ་ཁྲོས་ཤིང་སྦྲུལ་གྱིས་ བརྒྱན་པ། ཁྲོ་བོ་རྣམས་གཡས་བརྐྱང་དང༌། ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་གི་སྟབས་ 3-1-110 ཀྱིས་གནས་པའོ། ། དེ་ནས་སྐུའི་སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་ནང་རོལ་ཏུ་ཀླུ་རྣམས་སྤྲོ་བར་བྱ་སྟེ། ཧྻ་ ཧྻཱ་ལས་བྱུང་བའི་རྒྱལ་མཚན་ཡོངས་སུ་གྱུར་པ་ལས་སྟོབས་ཀྱི་རྒྱུ་དང་པདྨ་ནག་པོ། མཁའ་ ལྡི ང་གདོང་མ་དང་ལྕེ་སྤྱང་གདོང་མས་འཁྱུད་པ། ཤར་སྒོའི་གཡོན་དང་གཡས་ཀྱི་སྟེགས་བུའི་ སྟེང་དུ་རླུང་གི་དཀྱིལ་འཁོར་ཟླུམ་པོ་ནག་པོ་ཐིག་ལེས་མཚན་པ་ལ་གནས་པ་དང༌། ཧྼ་ཧྼཱ་ ལས་བྱུང་བའི་བཀྲ་ཤིས་འཁྱིལ་པ་དག་ཡོངས་སུ་གྱུར་པ་ལས་ནོར་རྒྱས་དང་དུང་སྐྱོང་དམར་ པོ། འུག་གདོང་མ་དང་སྟག་གདོང་མས་འཁྱུད་པ། ལྷོ་སྒོའི་གཡོན་དང་གཡས་སུ་མེའི་དཀྱིལ་ འཁོར་གྲུ་གསུམ་དམར་པོ་བཀྲ་ཤིས་ཀྱིས་མཚན་པ་ལ་གནས་པ་དང༌། ཧྺ་ཧྺཱ་ལས་བྱུང་ བའི་པདྨ་དག་ཡོངས་སུ་གྱུར་པ་ལས། མཐའ་ཡས་དང་རིགས་ལྡན་དཀར་པོ། བྱ་རྒོད་གདོང་ མ་དང་ཕག་གདོང་མས་འཁྱུད་པ། བྱང་སྒོའི་གཡོན་དང་གཡས་སུ་ཆུའི་དཀྱིལ་འཁོར་ཟླུམ་པོ་ དཀར་པོ་པདྨས་མཚན་པ་ལ་གནས་པ་དང༌། ཧླ་ཧླཱ་བས་བྱུང་པའི་རྡོ་རྗེ་དག་ཡོངས་སུ་གྱུར་ པ་ལས། འཇོག་པོ་དང་པདྨ་ཆེན་པོ་སེར་པོ། ཁྭ་གདོང་མ་དང་ཁྱི་གདོང་མས་འཁྱུད་པ། ནུབ་ སྒོའི་གཡོན་དང་གཡས་སུ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེས་མཚན་པ་ལ་གནས་པ་ དང༌། སྟེང་དུ་ནམ་མཁའི་དཀྱིལ་འཁོར་ལྗང་ཁུ་ལ་ཧཱུཾ་དང་བུམ་པ་ལས་བྱུང་བའི་རྒྱལ་བ་ལྗང་ ཁུ་རྡོ་རྗེའི་མིག་མས་འཁྱུད་པ་དང༌། འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་ལ་ཀྵཱུཾ་དང་བུམ་ པ་ལས་བྱུང་བའི་རྣམ་པར་རྒྱལ་བ་སྔོན་པོ་ལ་སྔོན་མོས་འཁྱུད་པས་གནས་པ་སྟེ། ཐམས་ཅད་ ཀྱང་རྡོ་རྗེའི་གདན་གྱིས་གནས་ཤིང་རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་ བཞིས་བདུད་རྩིའི་བུམ་པ་དང་རྡོ་རྗེ་དང་པདྨ་དང་རིན་པོ་ཆེ་འཛིན་པའོ། །དེ་བཞིན་དུ་ཀྑྒྒྷྔ་ དང་གྲི་གུག་ལས་བྱུང་བའི་ཁྱི་གདོང་མ་ནག་མོ་པདྨ་ཆེན་པོས་འཁྱུད་པ། ཤར་གྱི་ དུར་ཁྲོད་རྩེ་མོས་འབིགས་པར་བསེའི་སྟེང་དུ་འཁོར་ལོའི་གདན་ལ་གནས་པ་དང་ཉྫྷྫྪྩ་དང་གྲི་ 3-1-111 གུག་ལས་བྱུང་བའི་ཁྭ་གདོང་མ་ནག་མོ་འཇོག་པོས་འཁྱུད་པ། ཤར་ལྷོའི་དུར་ཁྲོད་ ལྷག་མ་ཅན་དུ་བྷེ་རུཎྜ་ཡི་སྟེང་དང༌། ཀྵྻྼྺླ་དང་གྲི་གུག་ལས་བྱུང་བའི་ཕག་གདོང་མ་དམར་མོ་ རིགས་ལྡན་གྱིས་འཁྱུད་པ། ལྷོའི་དུར་ཁྲོད་རོ་བསྲེགས་པ་དོམ་གྱི་སྟེང་དང༌། ཎྜྜྷྜྛྚ་དང་གྲི་ གུག་ལས་བྱུང་བའི་བྱ་རྒོད་གདོང་མ་དམར་མོ་མཐའ་ཡས་ ཀྱིས་འཁྱུད་པ། བདེན་བྲལ་གྱི་ དུར་ཁྲོད་དྲག་པོའི་གཡུལ་དུ་ཁྲུང་ཁྲུང་གི་སྟེང་དང༌། ཧྻྼྺླ་དང་གྲི་གུག་ལས་བྱུང་བའི་སྟག་ གདོང་མ་དཀར་མོ་དུང་སྐྱོང་གིས་འཁྱུད་པ། བྱང་གི་དུར་ཁྲོད་རུལ་པར་འབྲིའི་སྟེང་དང་མྦྷྦྥྤ་ དང་གྲི་གུག་ལས་བྱུང་བའི་འུག་གདོང་མ་དཀར་མོ་ནོར་རྒྱས་ཀྱིས་འཁྱུད་པ། དབང་ལྡན་གྱི་ དུར་ཁྲོད་བྱིས་པ་ཤི་བར་བྱ་མ་བྱིའི་སྟེང་དང༌། ྈྐྵྴསྉྤ་དང་གྲི་གུག་ལས་བྱུང་བའི་ལྕེ་སྤྱང་གདོང་ མ་སེར་མོ་པདྨས་འཁྱུད་པ། ནུབ་ཀྱི་དུར་ཁྲོད་ རྣག་གི་དྲིར་སེང་གེའི་སྟེང་དང༌། ནྡྷྡྠྟ་དང་ གྲི་གུག་ལས་བྱུང་བའི་མཁའ་ལྡིང་གདོང་མ་ སེར་མོ་སྟོབས་ཀྱི་རྒྱུས་འཁྱུད་པ། རླུང་ གི་དུར་ཁྲོད་སྦྲུལ་གྱིས་བཟུང་བར་མིག་སྔོན་གྱི་སྟེང་དུ་འཁོར་ལོའི་གདན་ལ་གནས་པའོ། །སྟེང་དང་འོག་ཏུ་ཧཾ་ཧཿདང་གྲི་གུག་ལས་བྱུང་བའི་སྔོན་མོ་དང༌། རྡོ་རྗེའི་མིག་མ་ལྗང་ཁུ་དང༌། སྔོན་མོ་རྣམ་པར་རྒྱལ་བ་དང་རྒྱལ་བ་དག་གིས་འཁྱུད་པ། ཤིང་རྟ་ལྗང་ཁུ་དང༌། སྔོན་པོ་དག་ ལ་གནས་པ་སྟེ། ཐམས་ཅད་ཟླུམ་པོའི་སྟབས་ཀྱིས་གནས་ཤིང་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ པ། མི་འགོའི་ཕྲེང་བ་མགུལ་དུ་འཕྱང་བ། ཞལ་གཅིག་མ་སྤྱན་གསུམ་མ་ཕྱག་གཉིས་ཀྱིས་གྲི་ གུག་དང་ཐོད་པ་འཛིན་པའོ། །(འདིར་ལྷ་ཡབ་ཡུམ་གཡས་བརྐྱང་དང༌། གཡོན་བརྐྱང་གིས། རྡོ་རྗེ་གདན་གྱིས་གནས་ པ་ལ། པད་མའི་གདན་གྱིས་པད་མའི་གདན་གྱིས་གནས་པ་ལ། རྡོ་རྗེའི་གདན་གྱིས་ས་ག་ལ་ས་གས། ཟླུམ་པོ་ལ་ཟླུམ་པོས་ འཁྱུད་པ་ནི་ངེས་པའོ།།) དེ་ནས་གསུང་གི་སྟེགས་བུ་ལ་འདོད་མ་རྣམས་ཏེ། ཙཿཚཿཛཿཛྷཿཉཿརྣམས་ཡོངས་སུ་ གྱུར་པ་ལས། སྒྲོལ་མ་ལས་བྱུང་བ་དབྱེ་བར་འདོད་མ་དང༌། རེག་བྱ་རྡོ་རྗེ་མ་ལས་བྱུང་བ་ 3-1-112 གོས་འདོད་མ་དང༌། ཁྱབ་འཇུག་མ་ལས་བྱུང་བ་མཆིལ་མ་འདོར་བར་འདོད་མ་དང༌། ལྕགས་ སྒྲོག་མ་ལས་བྱུང་བ་རེག་བྱ་འདོད་མ་དང༌། ཁྭ་གདོང་མ་ལས་བྱུང་བ་ལྷག་མ་ཟ་བར་འདོད་ མ་རྣམས། ཤར་གྱི་སྒོའི་གཡས་སུ་རིམ་པས་གནས་པ་དང༌། ཊཿཋཿཌཿཌྷ་ཎཿརྣམས་ཡོངས་ སུ་གྱུར་པ་ལས། གོས་དཀར་མོ་ལས་བྱུང་བ་བསྐྱོད་པར་འདོད་མ་དང༌། རོ་རྡོ་རྗེ་མ་ལས་བྱུང་ བ་ཟས་འདོད་མ་དང༌། གཞོན་ནུ་མ་ལས་བྱུང་བ་གར་འདོད་མ་དང༌། ཁྲོ་གཉེར་ཅན་མ་ལས་ བྱུང་བ་དགུག་པར་འདོད་མ་དང༌། བྱ་རྒོད་གདོང་མ་ལས་བྱུང་བ་གཡུལ་འདོད་མ་རྣམས་ ལྷོ་སྒོའི་གཡས་དང༌། པཿཕཿབཿབྷཿམཿརྣམས་ཡོངས་སུ་གྱུར་པ་ལས། མཱ་མ་ཀཱི་ལས་བྱུང་བ་ རྒྱས་པར་འདོད་མ་དང༌། གཟུགས་རྡོ་རྗེ་མ་ལས་བྱུང་བ་རྒྱན་འདོད་མ་དང༌། དཔལ་མོ་ལས་ བྱུང་བ་རྒྱལ་སྲིད་འདོད་མ་དང༌། ཙུན་དཱ་ལས་བྱུང་བ་འཆིང་བར་འདོད་མ་དང༌། འུག་གདོང་ མ་ལས་བྱུང་བ་བྱིས་པ་ཁྲོ་བར་འདོད་མ་རྣམས་བྱང་སྒོའི་གཡས་དང༌། ཏཿཐཿདཿདྷ་ནཿརྣམས་ ཡོངས་སུ་གྱུར་པ་ལས། སྤྱན་མ་ལས་བྱུང་བ་རེངས་པར་འདོད་མ་དང༌། དྲི་རྡོ་རྗེ་མ་ལས་ བྱུང་བ་དྲི་འདོད་མ་དང༌། ཚངས་མ་ལས་བྱུང་བ་ཆུ་ལ་བརྐྱལ་བར་འདོད་མ་དང༌། འོད་ཟེར་ ཅན་མ་ལས་བྱུང་བ་ཕུར་བུས་འདེབས་པར་འདོད་མ་དང༌། མཁའ་ལྡི ང་གདོང་མ་ལས་བྱུང་ བ་སྦྲུལ་འཆིང་བར་འདོད་མ་རྣམས་ནུབ་སྒོའི་གཡས་སུ་སྟེ། ལྔ་པ་རྣམས་ནི་སྟེགས་བུའི་ཟུར་ དུ་གནས་པའོ། །སཿྉྤཿཥཿཤཿ རྣམས་ལས་ཤིན་ཏུ་སྔོན་མོ་ལས་བྱུང་བར་ཀུན་ཏུ་གདུང་ བར་འདོད་མ་དང༌། ཤིན་ཏུ་བརྩོན་འགྲུས་མ་ལས་བྱུང་བ་སྐྲོད་པར་འདོད་མ་དང༌། ཙར་ཙི་ ཀཱ་ལས་བྱུང་བ་ལུས་འཁྲུག་པར་འདོད་མ་དང༌། ཁྱི་གདོང་མ་ལས་བྱུང་བ་ཡན་ལག་བསྐྱོད་ པར་འདོད་མ་རྣམས་ཤར་སྒོའི་གཡོན་དང༌། ྈྐཿཀཿཁཿགཿརྣམས་ལས་དྲག་ཅན་མ་ལས་བྱུང་ བ་རྒྱུག་པར་འདོད་མ་དང༌། རྨུགས་བྱེད་མ་ལས་བྱུང་པ་སྐེམས་པར་འདོད་མ་དང༌། ཕག་མོ་ ལས་བྱུང་བ་ལུས་ཀྱི་དྲི་མ་འདོད་མ་དང༌། ཕག་གདོང་མ་ལས་བྱུང་བ་བཤང་གཅི་ཟག་པར་ 3-1-113 འདོད་མ་རྣམས་ལྷོ་སྒོའི་གཡོན་དང༌། གྷཿངཿལཿཝཿརྣམས་ལས་སྒྲ་རྡོ་རྗེ་མ་ལས་བྱུང་བ་རོལ་ མོ་འདོད་མ་དང༌། ཁེངས་བྱེད་མ་ལས་འཇམ་པར་སྨྲ་འདོད་མ་དང༌། དྲག་མོ་ལས་བྱུང་བ་ མལ་སྟན་འདོད་མ་དང༌། སྟག་གདོང་མ་ལས་བྱུང་བ་རྩོད་པ་མང་པོ་འདོད་མ་རྣམས་བྱང་ སྒོའི་གཡོན་དང༌། རཿཡཿཧཿཀྵཿརྣམས་ལས་ཆོས་ཀྱི་ཁམས་མ་ལས་བྱུང་པ་འཁྲིག་པ་འདོད་ མ་དང༌། རེངས་བྱེད་མ་ལས་བྱུང་བ་གཉེན་འདོད་མ་དང༌། དབང་མོ་ལས་བྱུང་བ་མལ་སྟན་ ལ་བསྙེས་པར་འདོད་མ་དང༌། །ལྕེ་སྤྱང་གདོང་མ་ལས་བྱུང་བ་སེམས་ཅན་བསླུ་བར་འདོད་ མ་རྣམས་ནུབ་སྒོའི་གཡོན་གྱི་སྟེགས་བུ་ལ་རིམ་པས་གནས་པའོ། །སྐུའི་སྟེགས་བུ་ལ་སྤྱིར་ འདོད་མ་རྣམས་སྤྲོ་བ་ནི། ཙཾ་ཚཾ་ཛཾ་ཛྷཾ་ཉཾ་རྣམས་ཡོངས་སུ་གྱུར་པ་ལས་སྒྲོལ་མ་ལས་བྱུང་བ་ དབྱེ་བར་མི་འདོད་མ་དང༌། ཞེས་སོགས་རིགས་པ་(ལྷ་མོ་དེ་རྣམས་ཀྱི་ཕྱག་མཚན་དབྱིབས་སོགས་ནི། གང་ ནས་བྱུང་བ་དེ་དང་མཐུན་པར་)(ཨ་བྷ་ཡ་དང༌། བི་བྷཱུ་ཏ་ཙནྡྲ་བཞེད་ལ། དུས་ཞབས་པ་དང༌། སཱ་དྷུ་པུ་ཏྲ་གཉིས་པར་བཞེད།) སྦྱར་རོ། ། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཏུ་གཟའ་དང་དྷྲུ་བ་ལ་སོགས་པ་འཇིག་རྟེན་པའི་ལྷ་ དཀྱིལ་འཁོར་ཆེན་པོ་ལ་མངོན་པར་དད་པ་རྣམས་ཀྱང་འཁོད་པར་གྱུར་ཏེ། དེ་ལྟར་ཡེ་ཤེས་ ལྔའི་བདག་ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའི་ཅོད་པན་ཅན་ཤིན་ ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ༀ་སུ་བི་ཤུདྡྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། (ཞེས་བརྗོད།) དེ་ནས་སེམས་ཅན་རྣམས་ལ་སྙིང་རྗེའི་དབང་སྦྱིན་པའི་དོན་དུ། ཐུགས་ ཀ་ནས་འཕྲོས་པའི་འོད་ཟེར་དཔག་ཏུ་མེད་པ་དག་གིས། སེམས་ཅན་ཐམས་ཅད་བཀུག་ ནས་དཀྱིལ་འཁོར་དུ་བཅུག་སྟེ། ཡང་ཕྱོགས་བཅུའི་སངས་རྒྱས་ཡབ་ཡུམ་ཐམས་ཅད་བཀུག་ ནས་རང་གི་སྙིང་ཁར་བཅུག་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་གསང་བའི་རྡོ་རྗེ་ནས་སྤྲོས་ནས། སེམས་ཅན་ཐམས་ཅད་ལ་དབང་བསྐུར་བས་བྱང་སེམས་ཀྱི་འོད་ཟེར་གྱིས་རེག་པའི་སེམས་ 3-1-114 ཅན་རྣམས་མཆོག་གི་དགའ་བདེས་གང་བའི་ལྷའི་སྐུ་སྣ་ཚོགས་པར་གྱུར་ཏེ། དེ་དག་རེ་རེ་ ཞིང་ཡང་ཀྵ་ཀྵི་ཀྵྼ་ཀྵྼྀ་ཀྵཱུ་ཀྵླྀ་ཞེས་པ་ཕུང་པོ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔ་དང༌། ཀྵཱ་ཀྵཱི་ཀྵྼཱྀ་ ཀྵཱུ་ཀྵླཱྀ་ཞེས་པ་ཁམས་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༌། ཀྵ་ཀྵེ་ཀྵྼ་ཀྵོ་ཀྵླ་ཀྵཾ་ཞེས་པ་དབང་ པོ་དྲུག་རྣམ་པར་དག་པ་སེམས་དཔའ་དྲུག་དང༌། ཀྵཱ་ཀྵཱཻ་ཀྵྼཱ་ཀྵཱཽ་ཀྵླཱ་ཀྵཱཿ ཞེས་པ་ཡུལ་དྲུག་ རྣམ་པར་དག་པ་སེམས་མ་དྲུག་དང༌། ཀྵྷ་ཀྵྻ་ཀྵ་ཀྵྺ་ཀྵླ་ཞེས་པ་ལས་ཀྱི་དབང་པོ་ལྔ་རྣམ་པར་ དག་པ་ཁྲོ་བོ་ལྔ་དང༌། ཀྵྷཱ་ཀྵྻ་ཀྵ་ཀྵྺ་ཀྵླཱ་ཞེས་པ་ལས་ཀྱི་དབང་པོ་ཡུལ་ལྔ་རྣམ་པར་དག་པ་ ཁྲོ་མོ་ལྔ་སྟེ། མཚན་སུམ་བཅུ་རྩ་གཉིས་ཀྱི་རང་བཞིན་གྱི་ལྷར་གྱུར་ཏེ། སངས་རྒྱས་ཞིང་ན་ སེམས་ཅན་གང༌། །སྐུ་གསུམ་དམ་ཚིག་བདུད་རྩི་ཡིས། །བསྐྱེད་ཅིང་རྡོ་རྗེའི་དཔལ་གྱིས་རེག །ཐམས་ཅད་དེར་ནི་དེ་བཞིན་གཤེགས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐོབ། །འདིར་ནི་རྫོགས་ སངས་རྒྱས་སུ་གྱུར། །ཅེས་པ་ལྟར་གྱུར་ནས། དེ་དག་རང་རང་གི་ཞིང་དུ་གཤེགས་སུ་གསོལ་ ལོ། །དེ་ནས་(ལས་རྒྱལ་མཆོག་ནི་དང་པོར་)གཙོ་བོ་ཡབ་ཡུམ་གྱི་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ ཏཱིའི་ལམ་དུ་ཧོཿཡིག་དག་དང༌། (དེ་གཉིས་ཀྱི་བར་དུ་)དཔྲལ་བར་ༀ། མགྲིན་པ་ཨཱཿ སྙིང་ཁར་ཧཱུཾ། སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོ་ཟླ་ཉི་སྒྲ་གཅན་རྣམས་གནས་པ་ལ། ཧོཿཡིག་དུས་ཀྱི་མེའི་འོད་ ཟེར་གྱིས། སྟེང་དང་འོག་ནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་བཞུ་སྟེ། གཏུམ་མོ་ཤེས་རབ་ ཀྱི་ཆགས་པས་ཡབ་ཡུམ་གཉིས་ཀ་ཟླ་བ་(ཤེས་རབ་དང་ལྷན་ཅིག་ཅེས་གསུངས་པའི་ཕྱིར། ནུས་མ་རྣམས་ཀྱང་ གཙོ་བོ་ཡུམ་ཡིན་པས་ཞུ་བར་ལྟའོ།།)ཞུ་བ་ལྟར་གྱུར་པ་ལ་ལྷ་མོ་རྣམས་ཀྱིས་གླུ་དག་མཛད་པ། བཅོམ་ ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་ རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། ཅེས་པའམ། ཡང་ན། བཏང་ སྙོ མས། སྙིང་རྗེ་དགའ་བ། བྱམས་པའི་རང་བཞིན་ལྷ་མོ་བཞིས། སྤྱན་མ་བདག་ནི་འགྲོ་བའི་ ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་ 3-1-115 འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་ སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་ འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུའི་གནས། །བདག་ གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་ བདག་ནི་ཚ་མོ་སྟེ། །རྣལ་འབྱོར་པ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རང་བཞིན་ གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །ཅེས་དང༌། ཐུན་མོང་དུ། སྟོང་པའི་ དཀྱིལ་འཁོར་ཉམས་མྱོང་ནས། །འགྲོ་བ་བསྒྲལ་བའི་བསམ་པ་ཡིས། །སྐུ་གསུང་ཐུགས་ཀྱི་ དཀྱིལ་འཁོར་ནི། །འགྲོ་བའི་མགོན་པོས་སྤྲོ་བར་མཛོད། །ཅེས་པའི་གླུ་རྣམས་ཀྱིས་བསྐུལ་ བས། བཅོམ་ལྡན་འདས་སྟོང་པ་ཉིད་ལ་བཞུགས་པ་སད་དེ། འགྲོ་བ་མཐའ་དག་སྒྱུ་མ་ལྟ་ བུར་གཟིགས་ཏེ། གཞན་གྱི་དོན་དུ་སླར་ཡང་བསྐྱེད་པ་ནི། (ཟླ་བ་ཞུ་བ་དེ་)ཧཱུཾ་(དུ་གྱུར་ཏེ་)ལས་རྡོ་རྗེ་ རྩེ་ལྔ་པ་དང༌། དེ་ལས་བྱུང་བའི་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་མི་བསྐྱོད་ པའི་ཅོད་པན་ཅན་སྣ་ཚོགས་ཡུམ་(གཙོ་བོ་དང་མཉམ་དུ་ཕྲེཾ་དང༌། གྲི་གུག་ལས་སྣ་ཚོགས་ཡུམ་ཞེས་པ་ནས། དཔག་ བསམ་ཤིང་གི་བར་དུས་གཅིག་ཏུ་བསྐྱེད་པར་བྱ་སྟེ། སྔར་ནུས་མ་དང་མཚན་མ་བཞི་མངལ་ནས་སྤྲོ་བ་མེད་པའི་ཕྱིར་རོ།།) གྱིས་འཁྱུད་པའི་སྐུར་གྱུར་པ་ནི། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་ མེད་པའི་དངོས། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང༌། །ཟླ་ཉི་དུས་མེའི་སྟེང་དུ་དབང་ཕྱུག་ དང་ནི་བདུད་ཀྱི་མགོར། །ཞབས་ནི་སྲིད་པའི་ཡུམ་གྱི་ཞབས་དང་ལྷན་ཅིག་བཀོད་གྱུར་པ། །ལྷ་ཡི་དབང་པོས་བཏུད་པའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཟླ་བའི་སྐུ་དང་ཟུང་གི་ཞབས་ཏེ་ མེ་ཡི་མགྲིན་པ་ཆུ་གཏེར་དཔལ་ལྡན་ཞལ་ནི་སྣ་ཚོགས་མདོག །ཕྲག་པ་དྲུག་དང་ཉི་མའི་ དཔུང་པ་རྒྱལ་བའི་ཕྱག་གི་པདྨ་སྟོང་པ་དྲུག་དང་མི་ཡི་ཚིགས། །ཞབས་དག་གིས་ནི་ཟླ་བ་ཉི་ 3-1-116 མ་བསྲེག་ཟའི་དཀྱིལ་འཁོར་དག་ལ་བདུད་དང་དྲག་པོ་སྐྲག་བཞིན་པ། །རོལ་པས་མནན་པ་ སྲིད་མེད་སྲིད་པ་མཉམ་པ་དུས་ཀྱི་འཁོར་ལོ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རལ་གྲི་ རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟ་ གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་ རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །སྟག་ལྤགས་དང་ནི་རྡོ་རྗེའི་རྒྱན་ལྡན་རྡོ་རྗེའི་སྐུ་ཆེན་བདེ་བ་ཆེ། །འོད་གསལ་སྟོང་ཉིད་སྣ་ ཚོགས་ཡུམ་གྱིས་ཀུན་ནས་རབ་འཁྱུད་གསེར་མདོག་མ། །ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ ཀྱུ་ཌ་མ་རུ་དང་བགྲེང་ཕྲེང་དང༌། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ ལ་འདུད། །དེ་ནས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་བརྒྱད་ནི། འདབ་མ་བརྒྱད་ལ་ གནས་པ་སྟེ། ཞེས་པ་ནས། དཀྱིལ་འཁོར་འགགས་ལ་འདུད། །ཅེས་པའི་བར་གོང་བཞིན་ནོ། །དེ་དག་གི་རྒྱབ་ཏུ་ཡང་ༀ་ཨཱཿཧཱུཾ་ཧོཿལས། ཚད་མེད་རྣམ་ཐར་རྡོ་རྗེའི་རྣལ་འབྱོར་དབང་དང་ བསྙེན་སྒྲུབ་དགའ་བ་བཞིས། །ལུས་ངག་སེམས་དང་ཆགས་པའི་ཐིག་ལེ་གནས་སྐབས་རྣམ་ བཞི་རྣམ་དག་པས། །སྐད་ཅིག་མཁྱེན་པ་སྐུ་དང་རྡོ་རྗེ་བྱང་ཆུབ་རྣམ་བཞི་སེམས་དཔའ་ བཞི། །ཆོས་ཀྱི་དུང་དང་གཎྜི་ནོར་བུ་དཔག་བསམ་ཤིང་ལ་ཕྱག་འཚལ་ལོ། །དེ་ནས་སྟེང་འོག་ དང་བདེ་གཤེགས་འཕར་མའི་སངས་རྒྱས་ཡབ་ཡུམ་གྱི་བར་བར་དུ་ཡང༌། ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ ཧྼཱྀཾ་ཧུཾ་ཧཱུཾ་ཧླྀ་ཧླཱྀ་རྣམས་ལས་བདུད་རྩིའི་བུམ་པ་རྣམས་སྤྲོ་བ་ནི། ཁུ་ཁྲག་རྐང་དང་ཁྲག་གི་ ཚོགས་ཆེན་དྲི་ཆུ་དྲིན་ཆེན་རབ་འགགས་པས། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་ མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་ བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ཀྱིས་རབ་ཏུ་གང་བ་རྣམས་ལ་ འདུད། །དེ་ནས་ཡབ་ཡུམ་སྙོ མས་པར་ཞུགས་པའི་དགའ་བའི་སྒྲས་ནམ་མཁར་གནས་པའི་ 3-1-117 སངས་རྒྱས་སྲས་དང་བཙུན་མོར་བཅས་པ་རྣམས་དང༌། །དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ ལུས་ལ་བཅུག་ནས། བྱང་ཆུབ་སེམས་སུ་ཞུ་བ་རྣམས་ཡུམ་གྱི་པདྨར་ལྷ་སོ་སོའི་ས་བོན་དང༌། མཚན་མ་ལས་ལྷའི་སྐུར་གྱུར་པ་རྣམས་ཡུམ་གྱི་པད་མ་ནས་ཕྱུང་ནས་རང་རང་གི་གནས་སུ་ སྤྲོ་བ་ནི། དང་པོར་ཨཾ་ཡིག་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་སྔོན་པོ་ཞལ་ཕྱག་མི་བསྐྱོད་པ་ལྟ་ བུ་ལ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་འཁྱུད་པ། ནམ་མཁར་སྤྲོས་དོན་བྱས་སླར་ཡུམ་ ལ་བདག་པོར་ཞུགས་པར་གྱུར། དེ་བཞིན་དུ་ཨི་ཨཱི་རི་རཱི་ཨུ་ཨཱུ་ལི་ལཱི་རྣམས་ལས་བྱུང་བའི་ རལ་གྲི་ནག་པོ་གཉིས་དང༌། རིན་པོ་ཆེ་དམར་པོ་གཉིས་དང༌། པདྨ་དཀར་པོ་གཉིས་དང༌། འཁོར་ལོ་སེར་པོ་གཉིས་རྣམ་དང༌། ཡཾ་རཾ་ཝཾ་ལཾ་རྣམས་ལས་བྱུང་བའི་རལ་གྲི་ནག་པོ་དང༌། དབྱུག་པ་དམར་པོ་དང༌། པདྨ་དཀར་པོ་དང༌། ཐོ་བ་སེར་པོ་རྣམས་དང༌། ཨ་ཨཱ་ཨེ་ཨཻ་ཨར་ ཨཱར་ཨོ་ཨཽ་ཨ་ཨཱལ་ཨཾ་ཨཿརྣམས་ལས་བྱུང་བའི་རྡོ་རྗེ་ལྗང་ཁུ་དང་སྔོན་པོ་གཉིས་དང༌། རལ་ གྲི་ནག་པོ་གཉིས་དང༌། རིན་པོ་ཆེ་དམར་པོ་གཉིས་དང༌། པདྨ་དཀར་པོ་གཉིས་དང༌། འཁོར་ ལོ་སེར་པོ་གཉིས་དང༌། རྡོ་རྗེ་ལྗང་ཁུ་དང་སྔོན་པོ་གཉིས་རྣམས་ཡོངས་སུ་གྱུར་པ་ལས། འདུ་ བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་ བགེགས་ཀྱི་དགྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་ དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་ འཁྱུད་ལ་འདུད། །ཚོར་བ་མེ་དང་ལས་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌ་མ་རུ་ དང་གཞུ་དང་ཞགས་པ་རིན་པོ་ཆེ། །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་ སྐུ། །སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོ་གཟུགས། །ཐོ་བ་ 3-1-118 མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲེང་ཕྲེང་ཅན། །ནག་དང་དམར་བའི་ གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་ དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། ། རྣ་བ་ཆོས་ཁམས་ ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་ སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། །རྡོ་རྗེའི་གདན་དང་ གཡས་བརྐྱང་སྟབས་བཞུགས་རྒྱལ་དང་རྒྱལ་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་ སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །གཡས་གཡོན་བརྐྱང་དང་པདྨའི་གདན་ བཞུགས་ཁྲོ་རྒྱལ་རིག་མར་བཅས་ལ་འདུད། །དེ་ནས་ཙ་སྡེ། ཊ་སྡེ། པ་སྟེ། ཏ་སྡེ། ཀ་སྡེ། ས་ སྡེ་རྣམས་ཐུང་རིང་ལས་ཐུགས་ཀྱི་སྟེགས་བུ་ལ་མཆོད་པའི་ལྷ་མོ་རྣམས་སྤྲོ་བ་ནི། དེ་ལྟར་ལྷ་ ཡི་འཁོར་ལོ་ལེགས་མཆོད་དྲི་དང་ཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲས་བུ་ མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་ རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་ལ་འདུད། །དེ་ ནས་གསུང་གི་ལྷ་སྣམ་ལ་གསུང་གི་རྣལ་འབྱོར་མ་རྣམས་སྤྲོ་བ་ནི། ཕྱོགས་དང་མཚམས་སུ་ཆུ་ སྐྱེས་དམར་དང་དཀར་པོ་ལ་གནས་རྣལ་འབྱོར་མ། །ལྟེ་བའི་རྩ་བརྒྱད་དྲུག་ཅུ་རྩ་བཞི་རྣམ་ པར་དག་པའི་ཆོས་ཅན་མ། །ཐུན་ཚོད་དང་ནི་དབྱུག་གུ་རྣམ་དག་ཀུན་ནས་བདེ་ལ་སྙོ མས་ འཇུག་མ། །སྤྱན་གསུམ་ཕྱག་བཞི་རོལ་པས་ཡོངས་བསྐོར་ས་གའི་སྟབས་ཀྱིས་ལེགས་ 3-1-119 གནས་མ། །ཧ་ཧི་ཧཱི་ཡ་ཡི་ཡྼྀ་ཡུ་ཡླྀ་ཡཾ་རྣམས་ལས་བྱུང་བའི་གྲི་གུག་ནག་པོ་དགུ་ཡོངས་སུ་ གྱུར་པ་དང༌། ཀྵ་ཀྵི་ཀྵཱི་ཡཱ་ཡཱི་ཡྼཱྀ་ཡཱུ་ཡླཱྀ་ཡཿརྣམས་དང་འཁོར་ལོ་ནག་པོ་དགུ་ཡོངས་སུ་གྱུར་པ་ ལས། ཡི་དྭགས་ལ་གནས་ཙར་ཙི་ཀཱ་ནི་དབང་པོས་འཁྱུད་ཅིང་འཇིགས་མ་དང༌། །རླུང་ ཤུགས་མ་དང་དྲག་མོ་དུས་ཀྱི་མཆེ་བ་མ་དང་མེ་འབར་གདོང༌། །རབ་གཏུམ་དྲག་མིག་སྣ་ ཆེན་མས་བསྐོར་དུས་མཐའི་སྤྲིན་མཚུངས་ཟླ་ཞལ་མ། །ཐམས་ཅད་གྲི་གུག་རྩེ་གསུམ་ཐོད་ པ་ཁ་ཊྭཱཾ་ག་ཡིས་བརྒྱན་ལ་འདུད། །མཁའ་ལྡིང་ལ་གནས་ཁྱབ་འཇུག་མ་ནི་ཚངས་པས་འཁྱུད་ ཅིང་དཔལ་མོ་དང༌། །རྣམ་པར་རྒྱལ་མ་སྒྱུ་མ་གྲགས་མ་བཀྲ་ཤིས་མ་དང་དཔལ་རྒྱལ་མ། །དཔལ་རྒྱལ་བྱེད་མ་འཁོར་ལོ་མས་བསྐོར་འཁོར་ལོ་དབྱུག་པ་པདྨ་དང༌། །དུང་གི་ཕྱག་ལྡན་ སྤྲིན་ནག་དང་མཚུངས་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །ཧཿ ཧྼྀ་ཧྼྀ་ར་རི་ཪྼྀ་རུ་རླྀ་རཾ་རྣམས་ དང་དབྱུག་པ་དགུ་ཡོངས་སུ་གྱུར་པ་རྣམས་དང༌། ཀྵཿཀྵ་ཀྵ་རཱ་རཱི་ཪྼཱྀ་རཱུ་ཪླཱྀ་རཱཿརྣམས་དང་ཤཀྟི་ དགུ་ཡོངས་སུ་གྱུར་པ་ལས། མ་ཧེ་ལ་གནས་ཕག་མོ་ལ་ནི་དྲག་པོས་འཁྱུད་ཅིང་ཀེང་རུས་མ། །གཙིགས་མ་དུས་མཚན་རབ་ཁྲོས་གདོང་མ་དུས་ཀྱི་ལྕེ་མ་ནག་མོ་དང༌། །དྲག་མོ་དང་ནི་ གཟུགས་ངན་མས་བསྐོར་མེ་ཡི་མདོག་ཅན་ཟླ་ཞལ་མ། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཕུབ་ ཀྱིས་རྣམ་བརྒྱན་རྣམས་ལ་ཕྱག་འཚལ་ལོ། །རྨ་བྱར་གནས་པའི་གཞོན་ནུ་མ་ནི་ཚོགས་བདག་ གིས་འཁྱུད་པདྨ་མ། །རིན་ཆེན་ཕྲེང་མ་ལུས་མེད་གཞོན་ནུ་རི་དྭགས་བདག་པོས་འགྲོས་མ་ དང༌། །མིག་མཛེས་རུལ་མ་བཟང་མོས་ཡོངས་བསྐོར་བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཤཀྟི་ ལྕགས་ཀྱུ་རིན་ཆེན་ཞགས་པས་ཉེ་བར་མཛེས་ལ་ཕྱག་འཚལ་ལོ། །ཧཾ་ཧུ་ཧཱུ་ཝ་ཝི་ཝྼྀ་ཝུ་ཝླྀ་ཝཾ་ རྣམས་དང་རྩེ་(གསུམ་དཀར་པོ་)དགུ་ཡོངས་སུ་གྱུར་པ་དང༌། ཀྵཾ་ཀྵུ་ཀྵཱུ་ཝཱ་ཝཱི་ཝྼཱྀ་ཝཱུ་ཝླཱྀ་ཝཿརྣམས་ དང་པདྨ་(དཀར་པོ་)དགུ་ཡོངས་སུ་གྱུར་པ་ལས། ཁྱུ་མཆོག་ལ་གནས་དྲག་མོ་ལ་ནི་གཤིན་རྗེས་ འཁྱུད་ཅིང་ཕྱོགས་ཀུན་ནས། །གཽ་རི་འདེགས་མ་གཾ་ག་མ་དང་རྟག་མ་མྱུར་མ་མཚོན་བྱེད་མ། 3-1-120 །དམར་སེར་མ་དང་ནག་མོས་ཡོངས་བསྐོར་ཟླ་བའི་མདོག་ཅན་ཟླ་ཞལ་མ། །རྩེ་གསུམ་ཅང་ ཏེའུ་ཁ་ཊྭཱཾ་ག་དང་ལྟོས་འགྲོས་མཚན་ལ་ཕྱག་འཚལ་ལོ། །སེང་གེར་གནས་པའི་དཔལ་མོ་ལ་ ནི་གཞོན་ནུས་འཁྱུད་ཅིང་དཔལ་དཀར་མོ། །འཛིན་མ་ཟླ་བའི་རི་མོ་ཅན་དང་རི་བོང་འཛིན་ ཞལ་ངང་པའི་མདོག །པདྨའི་དབང་མོ་སྐར་མིག་མ་དང་དྲི་མེད་རི་བོང་འཛིན་མས་བསྐོར། །ཟླ་ འོད་ཟླ་ཞལ་པདྨ་བགྲང་ཕྲེང་ཆུ་སྐྱེས་རིན་ཆེན་འཛིན་ལ་འདུད། །ཧཱ་ཧླྀ་ཧླཱྀ་ལ་ལི་ལྼྀ་ལུ་ལླྀ་ལཾ་ རྣམས་དང༌། རྡོ་རྗེ་(སེར་པོ)དགུ་ཡོངས་སུ་གྱུར་པ་དང༌། ཀྵཱ་ཀྵླྀ་ཀྵླཱྀ་ལཱ་ལཱི་ལྼྀ་ལཱུ་ལླཱྀ་ལཿརྣམས་ དང་པར་པུ་(སེར་པོ)དགུ་ཡོངས་སུ་གྱུར་པ་ལས། གླང་པོར་གནས་པའི་དབང་མོ་ལ་ནི་སྲིན་ པོས་འཁྱུད་ཅིང་རྡོ་རྗེ་འོད། །བཀྲ་བའི་རི་མོ་རྡོ་རྗེ་ལུས་མ་གསེར་ལྡན་མ་དང་ཨུར་བ་སཱི། །རམྦྷ་ཟུག་རྔུ་མེད་མ་དང་ནི་ཤིན་ཏུ་སྒྲོལ་མས་ཡོངས་བསྐོར་མ། །གསེར་མདོག་ཟླ་ཞལ་རྡོ་རྗེ་ མདའ་དང་དྲིལ་བུ་གཞུ་ཡིས་མཚན་ལ་འདུད། །ངང་པར་གནས་པའི་ཚངས་མ་ལ་ནི་ནོར་ ལྷས་འཁྱུད་ཅིང་མཆོད་སྦྱིན་འདོན། །ངག་གི་དབང་ཕྱུག་པདྨའི་སྤྱན་མ་ཆུ་སྐྱེས་ལྡན་མ་བློ་ གྲོས་མ། །གླུ་མ་གློག་མ་དྲན་མས་ཡོངས་བསྐོར་རིག་བྱེད་གདོང་མ་གསེར་མདོག་མ། །ཕྱག་ གི་པདྨ་པདྨ་ཚངས་དབྱུག་སྤྱི་བླུགས་པར་པུས་མཚན་ལ་འདུད། །དེ་ནས་སྐུའི་ལྷ་སྣམ་ལ་ཚེས་ ཀྱི་ལྷ་རྣམས་སྤྲོ་བ་ནི། ཟླ་བ་ཚིགས་ཆེན་ཉི་མའི་ཚེས་དང་རྩ། །རྣམ་དག་ལྷ་ཆེན་བཅུ་གཉིས་ འཁོར་དང་བཅས། །སྤྱན་གསུམ་ཉི་ཟླའི་མདོག་ཅན་པདྨའི་སྟེང༌། །རོལ་པས་ཡོངས་བསྐོར་ རྡོ་རྗེའི་གདན་བཞུགས་པ། །ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼི་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ་རྣམས་ཡོངས་སུ་གྱུར་པ་ལས། རལ་གྲི་ནག་པོ་རྣམས་སུ་གྱུར་ཏེ། ཙཾ་དང་ ཛ་ལས་བྱུང་བའི་རལ་གྲི་དག་ཡོངས་སུ་གྱུར་པ་དང༌། ཙཱ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཱཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཱཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཱཿ ཛྷཱ་ཛྷཱི་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཱཿ ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀ་ཉཱཿརྣམས་ཡོངས་སུ་གྱུར་པ་ལས། དཔག་ བསམ་གྱི་ཤིང་ནག་པོ་རྣམས་སུ་གྱུར་ཏེ། ཉཿདང་ཛ་ལས་བྱུང་བའི་དཔག་བསམ་གྱི་ཤིང་དག་ 3-1-121 ཡོངས་སུ་གྱུར་པ་ལས། སྲིན་མོས་འཁྱུད་ཅིང་ཡི་དྭགས་ལ་གནས་པའི། །བདེན་བྲལ་ལ་ སོགས་ནག་པའི་ཚེས་རྣམས་གཞན། །རལ་གྲི་གྲི་གུག་ཕུབ་དང་ཐོད་པ་ཅན། །དུས་མཐའི་ སྤྲིན་མཚུངས་ཟླ་བའི་ཞལ་ལ་འདུད། །གཏུམ་མོས་འཁྱུད་ཅིང་རི་དྭགས་ལ་གནས་པའི། །རླུང་སོགས་ས་གའི་ཚེས་གཞན་དཔག་བསམ་ཤིང༌། །ཡོངས་འདུའི་མེ་ཏོག་ནོར་བུ་ཨུཏྤལ་ འཛིན། །ཟླ་ཞལ་མིག་སྨན་མདོག་ལ་ཕྱག་འཚལ་ལོ། །ཎ་ཎི་ཎྼྀ་ཎུ་ཎླྀ་ཎཾ་ཞེས་སོགས་སུམ་ ཅུ་རྣམས་ཡོངས་སུ་གྱུར་པ་ལས། ཤཀྟི་དམར་པོ་རྣམས་སུ་གྱུར་ཏེ། ཊཾ་དང་ཌྼྀ་ ལས་བྱུང་བའི་ ཤཀྟི་དག་ཡོངས་སུ་གྱུར་པ་དང༌། ཊཱ་ཊཱི་ཏྼཱྀ་ཊཱུ་ཊླཱྀ་ཊཿ ཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་ གྱུར་པ་ལས་མདུང་དམར་པོ་རྣམས་སུ་གྱུར་ཏེ། ཎཿདང་ཌྼཱྀ་ལས་བྱུང་བའི་མདུང་དག་ཡོངས་ སུ་གྱུར་པ་ལས། ལུག་ལ་གནས་ཤིང་ཆུ་བདག་མོས་འཁྱུད་པའི། །མེ་ལྷ་ལ་སོགས་སྣྲོན་གྱི་ ཚེས་རྣམས་གཞན། །མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞལ་གཅིག་པདྨ་རཱ་ གའི་མདོག་ལ་འདུད། །དཔལ་མོས་འཁྱུད་ཅིང་རྨ་བྱ་ལ་གནས་པའི། །གདོང་དྲུག་ལ་སོགས་ ཆུ་སྟོད་ཚེས་རྣམས་གཞན། །ཤཀྟི་མདུང་དང་ནོར་བུ་མེ་ལོང་འཛིན། །བྱི་རུའི་འོད་འཕྲོ་གདོང་ དྲུག་ལྡན་པས་སྐྱོངས། །མ་མི་མྼྀ་མུ་མླྀ་མཾ་ཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། ཞགས་པ་དཀར་པོ་རྣམས་སུ་གྱུར་ཏེ། པཾ་དང་བྼ་ལས་བྱུང་བའི་ཞགས་པ་དག་ཡོངས་སུ་གྱུར་ པ་དང༌། པཱ་པཱི་པྼཱྀ་པཱུ་པླཱྀ་པཿ ཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། དགྲ་སྟ་ དཀར་པོ་རྣམས་སུ་གྱུར་ཏེ། མཿདང་བྼ་ལས་བྱུང་པའི་དགྲ་སྟ་དག་ཡོངས་སུ་གྱུར་པ་ལས། ཕག་མོས་འཁྱུད་ཅིང་ཆུ་སྲིན་ལ་གནས་པའི། །རྒྱ་མཚོ་ལ་སོགས་གྲོ་ཞུན་ཚེས་རྣམས་གཞན། །ཞགས་པ་རིན་ཆེན་སྦྲུལ་ཞགས་ཆུ་ཤེལ་འཛིན། །ཟླ་བའི་མདོག་ཅན་ཟླ་བའི་ཞལ་མཆོད་ དོ། །བྱི་བར་གནས་ཤིང་གཞོན་ནུ་མས་འཁྱུད་པའི། །ཚོགས་བདག་ལ་སོགས་ཁྲུམས་སྟོད་ ཚེས་རྣམས་གཞན། །དགྲ་སྟ་རྡོ་རྗེ་ཞགས་པ་ནོར་བུའི་ཕྱག །ཟླ་ཞལ་ཟླ་འོད་ལྟ་བུར་དཀར་ 3-1-122 ལ་འདུད། །ན་ནི་ནྼྀ་ནུ་ནླྀ་ནཾ་ཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེསེར་ པོ་རྣམས་སུ་གྱུར་ཏེ། ཏཾ་དང་དྼྀ་ ལས་བྱུང་བའི་རྡོ་རྗེདག་ཡོངས་སུ་གྱུར་པ་དང༌། ཏཱ་ཏཱི་ཏྼཱྀ་ཏཱུ་ ཏླཱྀ་ཏཿཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། ཁབ་སེར་པོ་རྣམས་སུ་གྱུར་ཏེ། ནཿདང་དྼཱྀ་ལས་བྱུང་བའི་ཁབ་དག་ཡོངས་སུ་གྱུར་པ་ལས། གླང་ཆེན་ལ་གནས་རླུང་ལྷ་མས་ འཁྱུད་པའི། །བརྒྱ་བྱིན་ལ་སོགས་ཐ་སྐར་ཚེས་རྣམས་གཞན། །རྡོ་རྗེ་མདའ་དང་དྲིལ་བུ་གཞུ་ ཡིས་མཚན། ། གསེར་མདོག་ཟླ་བའི་ཞལ་ལ་ཕྱག་འཚལ་ལོ། །གློག་མས་འཁྱུད་ཅིང་ངང་པ་ ལ་གནས་པའི། །ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། ཁབ་དང་བགྲང་ཕྲེང་ཆུ་ སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་གྱིས་སྐྱོངས། །ྈྐ་ྈྐི་ྈྐྼྀ་ྈྐུ་ྈྐླྀ་ྈྐཾ། ཞེས་ སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། རྩེ་གསུམ་སྔོན་པོ་རྣམས་སུ་གྱུར་ཏེ། སཾ་དང་ཥྼྀ་ ལས་བྱུང་བའི་རྩེ་གསུམ་དག་ཡོངས་སུ་གྱུར་པ་དང༌། སཱ་སཱི་སྼཱྀ་སཱུ་སླཱྀ་སཿ ཞེས་སུམ་ཅུ་རྣམས་ ཡོངས་སུ་གྱུར་པ་ལས། བེ་ཅོན་སྔོན་པོ་རྣམས་སུ་གྱུར་ཏེ། ྈྐཿདང་ཥྼཱྀ་ལས་བྱུང་བའི་བེ་ཅོན་ དག་ཡོངས་སུ་གྱུར་པ་ལས། ཨུ་མས་འཁྱུད་ཅིང་ཁྱུ་མཆོག་ལ་གནས་པའི། །དྲག་པོ་ལ་སོགས་ མགོ་ཡི་ཚེས་རྣམས་གཞན། །རྩེ་གསུམ་མདའ་དང་སྦྲུལ་ལྡན་ཁ་ཊྭཱཾ་གཞུ། །རི་བོང་འཛིན་ཞལ་ མཁའ་ལྟར་སྔོ་ལ་འདུད། །གླང་པོར་གནས་ཤིང་གནོད་སྦྱིན་མས་འཁྱུད་པའི། །ནོར་བདག་ ལ་སོགས་རྒྱལ་གྱི་ཚེས་རྣམས་གཞན། །ནོར་བུ་བེ་ཅོན་ནེའུ་ལེ་པདྨའི་ཕྱག །སྔོན་པོ་རི་དྭགས་ མཚན་པའི་ཞལ་མཆོད་བགྱི། །ང་ངི་ངྼྀ་ངུ་ངླྀ་ངཾ་ཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ ལས། འཁོར་ལོ་ལྗང་ཁུ་རྣམས་སུ་གྱུར་ཏེ། ཀཾ་དང་གྼྀ་ལས་བྱུང་བའི་འཁོར་ལོ་དག་ཡོངས་སུ་ གྱུར་པ་དང༌། ཀཱ་ཀཱི་ཀྼཱྀ་ཀཱུ་ཀླཱྀ་ཀཿ ཞེས་སོགས་སུམ་ཅུ་རྣམས་ཡོངས་སུ་གྱུར་པ་ལས། དབྱུག་ པ་ལྗང་ཁུ་རྣམས་སུ་གྱུར་ཏེ། ངཿདང་གྼཱྀ་ལས་བྱུང་བའི་དབྱུག་པ་དག་ཡོངས་སུ་གྱུར་པ་ལས། དཔལ་མོས་འཁྱུད་ཅིང་མཁའ་ལྡིང་ལ་གནས་པའི། ཁྱབ་འཇུག་ལ་སོགས་མཆུ་ཡི་ཚེས་རྣམས་ 3-1-123 གཞན། །འཁོར་ལོ་དབྱུག་ཐོ་པདྨ་དུང་གིས་བརྒྱན། །ཞལ་གཅིག་མརྒད་མདོག་ལ་ཕྱག་ འཚལ་ལོ། །མ་ཧེར་གནས་ཤིང་གཤིན་རྗེ་མས་འཁྱུད་པའི། །གཤིན་རྗེ་ལ་སོགས་དབོ་ཡི་ ཚེས་རྣམས་གཞན། །དབྱུག་པ་རལ་གྲི་ལྕགས་སྒྲོག་ཞགས་པས་མཚན། ། ལྗང་ཁུ་རི་དྭགས་ ཅན་ཞལ་ལ་ཕྱག་འཚལ། །དེ་ནས་སྒོ་སྐྱོང་རྣམས་སྤྲོ་བ་ནི། ཡ་ར་ཝ་ལ་རྣམས་ལས་བྱུང་བའི་ དབྱུག་པ་དང༌། མདའ་དང༌། གཏུན་ཤིང་དང༌། བེ་ཅོན་རྣམས་དང༌། ལཱ་ཝཱ་རཱ་ཡཱ་རྣམས་ལས་ བྱུང་བའི་འཁོར་ལོ་ཐོ་བ་མདའ་རལ་གྲི་རྣམས་དང༌། ཧཾ་ཧཱཿཧ་ཧཱ་རྣམས་ལས་བྱུང་བའི་རྡོ་རྗེ་ ལྗང་ཁུ་དང་སྔོན་པོ་གཉིས་དང༌། ཡང་རྡོ་རྗེ་དང་རྩེ་གསུམ་རྣམས་ཡོངས་སུ་གྱུར་པ་ལས། སྒོ་ སྐྱོང་ཁྲོ་བོ་ཡབ་ཡུམ་སྤྲོ་བ་ནི། འོད་ཟེར་ཅན་འཁྱུད་དབྱུག་སྔོན་ནག་པོ་རལ་གྲི་དང་ནི་རྡོ་རྗེ་ ཕུབ་དང་ལྟོས་འགྲོ་འཛིན། །ཙུན་དཱས་ལེགས་འཁྱུད་འདོད་རྒྱལ་དམར་པོ་མེ་མདའ་དང་ནི་ ལྕགས་ཀྱུ་གཞུ་དང་ཞགས་པས་མཚན། ཁྲོ་གཉེར་ཅན་འཁྱུད་མི་གཡོ་དཀར་པོ་ཐོ་བ་དང་ནི་ མདུང་དང་པདྨ་མེ་ལོང་འཛིན། །ལྕགས་སྒྲོག་མས་འཁྱུད་སྟོབས་ཆེན་སེར་པོ་འཁོར་ལོ་དང་ ནི་དབྱུག་པ་དུང་དང་ནོར་བུའི་ཕྱག །སྔོན་མོས་འཁྱུད་པའི་གཙུག་ཏོར་ལྗང་ཁུ་དགྲ་སྟ་དང་ནི་རྩེ་ གསུམ་སྦྲུལ་ཞགས་ཁ་ཊྭཱཾ་ག །དྲག་ཅན་མས་འཁྱུད་གནོད་མཛེས་སྔོན་པོ་གྲི་གུག་དང་ནི་རྡོ་ རྗེ་ཐོད་པ་དྲིལ་བུ་འཛིན། །ཕག་རྟ་སེང་གེ་གླང་ཆེན་མཁའ་ལྡི ང་རྐང་བརྒྱད་ཀྱི་ནི་ཤིང་རྟ་ལ་ གནས་གཡས་བརྐྱང་སྟབས། །མཐིལ་བཞི་གཤང་ལམ་གཙུག་གི་རྩ་དག་ཁྲོ་བོའི་ཚོགས་ནི་ ཞལ་གཅིག་ཕྱག་བཞིས་བརྗིད་ལ་འདུད། །ཤིན་ཏུ་སྟོབས་མ་རྨུགས་བྱེད་མ་དང་ང་རྒྱལ་ཅན་ མ་རེངས་བྱེད་མ། །ལྕགས་སྒྲོག་མ་དང་ཁྲོ་གཉེར་ཅན་མ་ཙུན་དཱ་དང་ནི་འོད་ཟེར་ཅན། །དྲག་ ཅན་མ་དང་ཤིན་ཏུ་སྔོན་མོ་རང་རང་རིགས་ཀྱི་ཁྲོ་བོ་ཡི། །ཞལ་ཕྱག་མཚོན་ཆ་ཁ་དོག་རྒྱན་ ལྡན་ཁྲོ་མོ་རྣམས་ལའང་ཕྱག་འཚལ་ལོ། །དེ་ལྟར་ཁྲོ་བོའི་རྣམས་གཡས་བརྐྱང་དང༌། ཁྲོ་བོའི་ ལྷ་མོ་རྣམས་གཡོན་བརྐྱང་གི་སྟབས་ཀྱིས་གནས་པའོ། །(འདིར་སྒྲུབ་ལེར། ཧཾ་དང་རྡོ་རྗེ་ལས་སྐྱེས་པའི་ 3-1-124 གཙུག་ཏོར་ཅན། ཧཿདང་རྡོ་རྗེ་ལས་སྐྱེས་པའི་ཤིན་ཏུ་སྔོན་མོས་འཁྱུད་པ། སྟེང་དུ་དགོད་པར་གསུངས་ཤིང༌། མཆོད་སྔགས་ཀྱི་ སྐབས་སུ་ཡང་གཙུག་ཏོར་ཅན་ཐུགས་ཀྱི་ལྷ་མཆོད་པའི་སྐབས་སུ་གསུངས་པས་ཐུགས་ཀྱི་ཁྲོ་བོ་ཡིན་ལ། དབང་ལེར། ཐུགས་ཀྱི་ ཁྲོ་བོ་བཞི་སྐུ་དཀྱིལ་དུ་ཁྲོ་བོ་དྲུག་འགོད་པར་གསུངས་པ་བཞིན་བྱས་ཀྱང་འགལ་བ་མེད་དོ་གསུང་ངོ་།།) དེ་ནས་སྐུའི་ སྟེགས་བུ་ལ་རྟ་བབས་ཀྱི་ཀ་བའི་ནང་རོལ་ཏུ་ཧྻཧྻཱ་ལས་བྱུང་བའི་རྒྱལ་མཚན་དག་དང༌། ཧླ་ཧླཱ་ལས་བྱུང་བའི་བཀྲ་ཤིས་འཁྱིལ་བ་དག་དང༌། ཧྺ་ཧྺཱ་ལས་བྱུང་བའི་པདྨ་དག་དང༌། ཧླ་ཧླཱ་ལས་བྱུང་བའི་རྡོ་རྗེ་དག་དང༌། ཧུཾ་དང་ཀྵཱུཾ་ལས་བྱུང་བའི་བུམ་པ་དག་ཡོངས་སུ་གྱུར་ པ་ལས། (ཀླུ་རྣམས་སྤྲོ་བ་ནི།) སྟོབས་ཀྱི་རྒྱུ་དང་པདྨ་ཆར་སྤྲིན་མདོག །ནོར་རྒྱས་དུང་སྐྱོང་བྱི་ རུའི་ཕུང་པོ་འདྲ། །མཐའ་ཡས་རིགས་ལྡན་ཀུནྡའི་འོད་ལྟར་གསལ། །འཇོག་པོ་པདྨ་ཆེན་པོ་ རབ་ཏུ་སེར། །རྒྱལ་དང་རྣམ་རྒྱལ་ལྗང་སྔོན་འབྱུང་བ་ལ། །རྡོ་རྗེའི་གདན་བཞུགས་རིན་ཆེན་ རྒྱན་གྱིས་བརྒྱན། །བུམ་པ་རྡོ་རྗེ་པདྨ་ནོར་བུའི་ཕྱག །རྐང་སོར་ཀླུ་ཆེན་གཏུམ་མོས་འཁྱུད་ ལ་འདུད། །དེ་ནས་དུར་ཁྲོད་རྣམས་སུ་རབ་གཏུམ་མ་རྣམས་སྤྲོ་བ་ནི། ཀྑྒྒྷྔ ། ཉྫྷྫྪྩ ། ཀྵྻྼྺླ། ཎྜྷྜྛྚ ། ཧྻྼྺླ། མྦྷྦྥྤ ། ྈྐྵྴསྉྤ་ ནྡྷྡྠྟ ། ཧཾ་ཧཿརྣམས་དང༌། གྲི་གུག་བཅུ་ཡོངས་སུ་གྱུར་པ་ལས། མདུང་གིས་འབིགས་ དང་ལྷག་མ་བསྲེགས་པའི་རོ། །དྲག་པོའི་གཡུལ་དང་རུལ་པ་བྱིས་པ་གསོད། །རྣག་གི་དྲི་ དང་སྦྲུལ་གྱིས་བཟུང་བ་ཡིས། །དུར་ཁྲོད་ཆེན་པོར་བསེ་དང་བྷེ་རུཎྜ། །དོམ་དང་ཁྲུང་ཁྲུང་ འབྲི་དང་བྱ་མ་བྱི། །སེང་གེ་མིག་སྔོན་ལ་གནས་འཁོར་ལོའི་སྟེང༌། །ཟླུམ་པོའི་སྟབས་ཅན་མི་ མགོའི་ཕྲེང་ལྡན་མ། །གཅེར་བུ་སྤྱན་གསུམ་གྲི་གུག་ཐོད་པ་མ། །ཕྱག་རྒྱ་ལྔ་ལྡན་ཀླུ་ཡིས་རབ་ འཁྱུད་མ། །ལུས་ལ་ལག་པའི་སོར་མོ་རྣམ་དག་མ། ཁྱི་གདོང་མ་དང་ཁྭ་གདོང་ཕག་གདོང་ མ། །བྱ་རྒོད་གདོང་མ་སྟག་གདོང་འུག་གདོང་མ། །ལྕེ་སྤྱང་གདོང་མ་ནམ་མཁའ་ལྡི ང་གདོང་ མ། །སྟེང་འོག་ཤིང་རྟར་སྔོན་མོ་རྡོ་རྗེའི་མིག །སྐྲ་དང་བ་སྤུ་རྣམ་དག་གྲུབ་པ་དང༌། །འབྱུང་ པོའི་ཚོགས་ཀྱིས་བསྐོར་ལ་ཕྱག་འཚལ་ལོ། །དེ་ནས་གསུང་གི་སྟེགས་བུ་ལ། (འདོད་མ་རྣམས་སྤྲོ་ 3-1-125 བ་ནི།) ཤར་སྒོའི་གཡས་སུ། ཙཿཚཿཛཿཛྷཿཉཿ ལྷོ་སྒོའི་གཡས་སུ། ཊཿཋཿཌཿཌྷཿཎཿ བྱང་སྒོའི་ གཡས་སུ། པཿཕཿབཿབྷཿམཿ ནུབ་སྒོའི་གཡས་སུ། ཏཿཐཿདཿདྷཿནཿ ཤར་སྒོའི་གཡོན་དུ། སཿྉྤཿཥཿཤཿ ལྷོ་སྒོའི་གཡོན་དུ། ྈྐཿཀཿཁཿགཿ བྱང་སྒོའི་གཡོན་དུ། གྷཿངཿལཿཝཿ ནུབ་ སྒོའི་གཡོན་དུ། རཿཡཿཧཿཀྵཿརྣམས་ལས་བྱུང་བའི་འདོད་མ་རྣམས་དང༌། སྐུའི་སྟེགས་བུ་ལ་ ཤར་སྒོའི་གཡས་སུ་ཙཾ་ཚཾ་ཛཾ་ཛྷཾ་ཉཾ་སོགས་ལས་བྱུང་བའི་ཕྱིར། འདོད་མ་རྣམས་སྤྲོ་བ་ནི། དེ་ བཞིན་སྒྲོལ་མ་རེག་བྱ་མ་དང་ཁྱབ་འཇུག་ལྕགས་སྒྲོག་ཁྭ་གདོང་མ། །རབ་སྔོན་རབ་བརྩོན་ ཙར་ཙི་ཀཱ་དང་ཁྱི་གདོང་མས་བསྐྱེད་བརྒྱ་བྱིན་དུ། །དབྱེ་བ་གོས་དང་མཆིལ་འདོར་རེག་བྱ་ ལྷག་མ་ཟ་བ་ཀུན་ཏུ་གདུང༌། །བསྐྲོད་དང་ལུས་འཕྲུག་ཡན་ལག་བསྐྱོད་པར་འདོད་དང་ཕྱིར་ འདོད་མ་ལ་འདུད། །གོས་དཀར་རོ་མ་གཞོན་ནུ་མ་དང་ཁྲོ་གཉེར་ཅན་མ་བྱ་རྒོད་མ། །དྲག་ ཅན་རྨུགས་མ་ཕག་མོ་དང་ནི་ཕག་གདོང་མས་བསྐྱེད་ལྷོ་ཕྱོགས་སུ། །བསྐྱོད་པ་ཟས་དང་ གར་དགུག་གཡུལ་དང་རྒྱུག་པ་དང་ནི་སྐེམས་མ་དང༌། །ལུས་ཀྱི་དྲི་མ་གཤང་གཅི་ཟག་པར་ འདོད་དང་ཕྱིར་འདོད་མ་རྣམས་མཆོད། །མཱ་མ་ཀཱི་དང་གཟུགས་མ་དཔལ་མོ་ཙུན་དཱ་དང་ ནི་འུག་གདོང་མ། །སྒྲ་མ་ཁེངས་མ་དྲག་མོ་དང་ནི་སྟག་གདོང་མས་བསྐྱེད་ནོར་སྦྱིན་དུ། །རྒྱས་པ་ རྒྱན་དང་རྒྱལ་སྲིད་འཆིང་བ་བྱིས་པ་བསྡིགས་དང་རོལ་མོའི་སྒྲ། །འཇམ་པར་སྨྲ་དང་མལ་ སྟན་རྩོད་མང་འདོད་དང་ཕྱིར་འདོད་མ་རྣམས་རྒྱལ། །སྤྱན་མ་དྲི་མ་ཚངས་མ་དང་ནི་འོད་ཟེར་ ཅན་མ་མཁའ་ལྡི ང་མ། །ཆོས་ཀྱི་ཁམས་མ་རེངས་མ་དབང་མོ་ལྕེ་སྤྱང་མས་སྐྱེས་ཆུ་བདག་ཏུ། །རེངས་པ་དྲི་དང་ཆུ་ལ་རྐྱལ་བ་ཕུར་བུས་འདེབས་དང་སྦྲུལ་འཆིང་འཁྲིག །གཉེན་འདུན་ མལ་བསྙེས་སེམས་ཅན་བསླུ་འདོད་ཕྱིར་འདོད་མ་རྣམས་གཞན་ལ་འདུད། །དེ་ནས་དཀྱིལ་ འཁོར་ཆེན་པོའི་ཕྱིར་རོལ་ཏུ་ཡང༌། གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གཎྜ་ཀརྞ་དགའ་བྱེད་ནག་པོ་ཆེ། །འབྲིང་གི་རི་སོགས་འཁོར་ 3-1-126 མང་རྒྱལ་གྱུར་ཅིག །ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམགྱི་རྣམ་པ་ཅན། །ཕྲ་ རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། །ལུས་དང་དབང་པོའི་ སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། །བསམ་གྱིས་མི་ཁྱབ་རྟག་པར་དཀའ་བ་ དུས་ཀྱི་འཁོར་ལོས་བདག་སྐྱོངས་ཤིག ། དེ་ནས་དཀྱིལ་འཁོར་དང་ལྷའི་དག་པ་ནི། ལྷ་མོ་(ནུས་མ་རྣམས་དང་)སངས་རྒྱས་(དོན་ཡོད་གྲུབ་ པ་ལ་སོགས་)རིག་མ་(བཞི་དང་དཔག་བསམ་གྱི་)ཤིང་དང་བཅས་ཤིང་(ལ་སོགས་མཚན་མ་བཞི་)བུམ་(རྣམས་) པ་དང་བཅས་རྒྱལ་བ་ཡི་ནི་དག་པའི་སྐུ། །ཁྲོ་བོའི་(གཙུག་ཏོར་དང་སྒོ་བཞི་)དབང་པོ་(ལྔ་དང་)བྱང་ ཆུབ་སེམས་དཔའ་(དྲུག་དང་)ངེས་པར་རོ་ཡི་རྡོ་རྗེ་མ་(སྟེ་སེམས་མ་དྲུག་པོ་རྣམས་)ནི་ཆོས་ཀྱི་སྐུ་དེ་ཉིད། ། (གསུང་གི་)རྣལ་འབྱོར་མ་(བདུན་ཅུ་དོན་གཉིས་པོ་)རྣམས་ལོངས་སྤྱོད་(རྫོགས་པའི་)སྐུ་དེ་(དེ་བཞིན་དུ་)རབ་ མཆོག་ཤིང་(སྐུའི་)རྟ་ལ་གནས་(པའི་ཁྲོ་བོ་ལྷ་མོར་བཅས་པ་དང་བདེན་བྲལ་ལ་སོགས་པ་)ལྷ་ནི་ཉི་མར་རབ་ གྲགས་པ(སྟེ་བཅུ་གཉིས་པ་འཁོར་དང་བཅས་པ)། །ཀླུ་ནི་བརྒྱད་པོ་རྣམས་དང་རབ་གཏུམ་མ་རྣམས་ འཁོར་དང་བཅས་པ་སངས་རྒྱས་ཀྱི་ནི་སྤྲུལ་པའི་སྐུ(མངལ་དུ་ཕྱི་རོལ་འདུས་པར་སྐུ་བཞིའི་དག་པའོ)། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་(གཉིས་པོ་ནང་ན་མངལ་གྱི་)ཕྱི་རོལ་ དག་དང་(མངལ་གྱི་)ནང་ལ་ཡང༌། །མངལ་ནས་སྐྱེས་པ་(ལ་མངལ་དུ་སྐུ་བཞི་དང་ཕྱི་རོལ་ཏུ་སྐུ་བཞིར་བསྟན་) ཇི་ལྟ་བ་ཉིད་དེ་བཞིན་ཁོ་ནར་དཀྱིལ་འཁོར་ལ་ནི་ངེས་པར་(སྐུ་བཞི་བཞིར་)རབ་ཏུ་འགྱུར་རོ། །(དེ་ལ་མངལ་གྱི་སྐུ་བཞི་ནི་)སྟོན་པ་ལྷ་མོ་སོགས་(པའི་སྒྲས་ཆོས་ཀྱི་དུང་ལ་སོགས་པ་)དང་བུམ་པ་(བརྒྱད་དེ་ འདི་རྣམས་)ལྷན་སྐྱེས་རྒྱལ་བའི་སྐུ་སྟེ་དཀྱིལ་འཁོར་སྙིང་པོའི་དབུས་སུའོ། །སངས་རྒྱས་(བཞི་ དང་)ལ་སོགས་(པའི་སྒྲས་ཡུམ་བཞི་པོ་རྣམས་)ཆོས་ཀྱི་སྐུ་སྟེ་ངེས་པར་རོའི་རྡོ་རྗེ་མ་(སྟེ་སེམས་མ་དྲུག་དང་) སོགས་(པའི་སྒྲས་སེམས་དཔའ་དྲུག་རྣམས་)ལོངས་སྤྱོད་རྫོགས་པའི་སྐུ། །(སྒོ་བཞི་)ཁྲོ་བོ་སྤྲུལ་པའི་སྐུ་ རུ་འགྱུར་ཏེ་(ཐུགས་ཀྱི་)རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས(ཏེ་ 3-1-127 མངལ་དུ་སྐུ་བཞི་དག་པའོ)། །(ཕྱི་རོལ་ཏུ་སྐུ་བཞི་ནི་ཐུགས་ཀྱི་)ཕྱི་རོལ་ཏུ་ནི་ཙཱ་མུཎྜཱ་(གསུང་གི་)ལ་སོགས་པ་ལྷ་ མོ་བརྒྱད་པོ་འཁོར་དང་བཅས་པ་དག་པའི་སྐུ(འོ)། །(སྒོ་བཞིའི་)ལྷ་(བཅུ་གཉིས་འཁོར་དང་བཅས་པ་དང་) ལ་སོགས་པ་ཆོས་(ཤིང་རྟར་གནས་པ་དྲུག་པོ་རྣམས་)ཀྱི་སྐུ་སྟེ་མཐའ་དག་གདེངས་ཅན་རིགས་(ཀླུ་རྣམས་ )ཀྱང་འདིར་ནི་ལོངས་སྤྱོད་རྫོགས་པའི་སྐུ(འོ)། །(དུར་ཁྲོད་ཀྱི་)གཏུམ་མོ་རྣམས་(འཁོར་དང་བཅས་པ་ )ནི་སྤྲུལ་པའི་སྐུར་འགྱུར་(ཏེ་དེ་ཡང་)མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུ(ཕྱི་རོལ་ གྱི་སྐུ་དག་པ)འོ། །ཞེས་དང༌། དུས་ཀྱི་དག་པས་དཔལ་ལྡན་རྡོ་རྗེ་ཅན་འགྱུར་མི་བདག་ལོ་དང་ ཟླ་བ་ལ་སོགས་དབྱེ་བས་སོ། །སེམས་ཀྱི་རྣམ་པ་ཉི་མ་མ་ཡིན་ཉིན་ཞག་སོ་སོའི་དབང་གིས་ སྣ་ཚོགས་ཡུམ་ནི་རྣམ་པར་དག །རླུང་(བཅུ་)གི་དག་པས་དུ་བ་ལ་(ནུས་མ་བཅུ་ནི་)སོགས་རང་གི་ སྙིང་ཁའི་པདྨར་(མཉམ་གནས་སོགས་ཀྱི་རྟེན་)རྩ་ཡི་འཁོར་ལོ་ལ་གནས་(པ་)རྣམས(དག་ལ)། །(བཞི་པ་ )ཉོན་མོངས་རྣམས་(ཟད་པ་ཉིད་)ཀྱིས་དྲག་པོ་ཆུང་མར་བཅས་པ་ཁྱབ་བདག་(གི་)ཞབས་(གཡོན་) ཀྱི་འོག་ཏུ་(མནན་ཅིང་)བདུད་ཀྱི་ཚོགས་(ཟད་པ་)ཀྱིས་བདུད(ཞབས་གཡས་ཀྱི་འོག་ཏུ་མནན་པའོ)། །དུང་ དང་གཎྜི་ནོར་བུ་(དང་)ལྗོན་པ་ཞེས་པ་དག་ཀྱང་དེ་བཞིན་སྐུ་ཡི་རྡོ་རྗེ་(དང་)ལ་སོགས་ཀྱིས་(རིམ་ པ་བཞིན་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་ཀྱི)། །(བུམ་པ་)བུམ་པ་(ཕྱོགས་བཞི་) བརྒྱད་ནི་བདུད་ རྩིའི་ཡན་ལག་(ས་བཅུ་གཉིས་ནི་)གིས་ཏེ་རྒྱལ་དང་རྣམ་རྒྱལ་བུམ་པ་བྱང་ཆུབ་སེམས་(དང་)སོགས་ (པ་རྡུལ་འགགས་པ་ཉིད་)ཀྱིས། །(གཞན་དྲུག་དང་)འདུ་བྱེད་དོན་ཡོད་གྲུབ་པ་(དང་)ཚོར་བ་དྲི་མེད་ནོར་ བུའི་ཕྱག་དང་(རིན་ཆེན་འབྱུང་ལྡན་)འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གཟུགས་ནི་འཁོར་ལོ་ ཅན་ནོ་(རྣམ་པར་སྣང་མཛད་)རི་བོང་ཅན་(ཁུ་བ་དག་པ་མི་བསྐྱོད་པ་)དང་སྟོབས་(ཏེ་དག་པ་དོན་གྲུབ་དང་)ཁྲག་ གཤང་བ་(དང་དག་པ་རྣམ་སྣང་)གཅི་བ་རྣམ་པར་དག་(འོད་དཔག་མེད་)པའོ། །(སྣ་ཚོགས་ཡུམ་རྡོ་རྗེ་དབྱིངས་ ཕྱུག་མ་སྒྲོལ་མ་གོས་དཀར་མཱ་མ་ཀཱི་སྤྱན་མ་སྟེ་)ལྷ་མོ་དྲུག་ནི་(རིམ་པ་ལྟར་ཡེ་ཤེས་དང་ནམ་མཁའ་དང་རླུང་མེ་ཆུ་དང་ས་ )ཁམས་རྣམས་ཀྱིས་ཏེ་(དེ་བཞིན་)ཡུལ་(དྲུག་)དང་ཡུལ་ཅན་རྣམས་(འགགས་པས་གཞན་ཁམས་དེ་རྣམས་ 3-1-128 )ཀྱིས་ནི་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་(མ་སྟེ་སེམས་མ་དྲུག་དང་)བཅས(པའོ)། །ཁྲོ་བོ་(ཐུགས་ཀྱི་) ལྔ་ནི་སྟོབས་(ལྔ་)རྣམས་ཀྱིས་ཏེ་ངེས་པར་སླར་ཡང་གཞན་པ་(སྐུའི་ཁྲོ་བོ་གནོད་མཛེས་དབྱུག་སྔོན་ཊཀྐི། མི་གཡོ་བ་སྟོབས་ཆེན་)ལྔ་ནི་དབང་པོ་གཞན་རྣམས་(བྷ་ག་ངག་ལག་པ་རྐང་པ་གཤང་ལམ་)ཀྱིས། །ཙཱ་མུཎྜཱ་ སོགས་ཐུན་བརྒྱད་ཀྱིས་ཏེ་པདྨའི་འདབ་མར་གནས་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་ཀྱིས། །ལྷ་མིན་(ཏེ་བདེན་བྲན་)ལ་སོགས་ཉི་མ(ས་བཅུ་གཉིས་ནི)འི་ཟླ་བ(སྟེ་ཟླ་བ་བཅུ་གཉིས་པོ)ས་པདྨའི་(དེ་བཞིན་ དུ་དེ་དག་གི་)འདབ་མར་གནས་རྣམས་(མཆོད་པའི་ལྷ་མོ་བཅུ་གཉིས་པོ་དང་ལྷན་ཅིག་སུམ་བརྒྱ་དྲུག་ཅུ་ནི་ཕྱི་རོལ་ ཏུ་ཉིན་ཞག་དང་ནང་དུ་)ཆུ་ཚོད་དབུགས་(གཅིག་ནི་)ཀྱི་གྲངས་ཀྱིས་སོ། །གསང་བར་མི་བདག་ཉིས་ འགྱུར་(སོར་མོ་)རྩ་(བཅུ་)རྣམས་ཀྱིས་ཀྱང་ཀླུ་རྣམས་དང་ནི་གཏུམ་མོ་(བཅུ་)རྣམས་ཀྱང་རྣམ་པར་ དག །དེ་བཞིན་(དུ་)འདོད་མ་ལ་སོགས་(སུམ་ཅུ་སོ་དྲུག་)དེ་དག་རང་བཞིན་(གྱི་)ཡོན་ཏན་(དྲི་ལ་ སོགས་པའི་)དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག །སྤུ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་(དེ་ བཞིན་དུ་)བ་སྤུ་རྣམས་ཀྱིས་དུར་ཁྲོད་ས་གཞི་ལ་གནས་འབྱུང་པོའི་ཚོགས། །དེ་(སྟེ་གཙོ་བོ་ཉེར་བཞི་ )ཉིད་རྣམས་(འགགས་པ་)ཀྱིས་གཙོ་བོའི་མཚོན་ཆ་(ཉེར་བཞི་པོ་སྟེ་དེ་བཞིན་དུ་ལ་སོགས་པའི་)རང་བཞིན་ ཡོན་ཏན་དབང་གིས་ཁམས་ཀྱིས་ཕྱི་ཡི་ཕྱག་རྒྱའོ། །(དྲུག་པོ་)རྡོ་རྗེས་(སྐུ་གསུང་ཐུགས་ཡེ་ཤེས་)ནང་ གི་ཕྱག་རྒྱ་རྡོ་རྗེ་འཛིན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡང་དག་གནས་པའོ། ། དཔལ་ ལྡན་རྡོ་རྗེ་ཅན་དང་སྣ་ཚོགས་ཡུམ་(རིམ་པ་ལྟར་)ནི་རྣམ་གསུམ་སྲིད་གནས་(ལྷན་ཅིག་སྐྱེས་པའི་ དགའ་བ་མཆོག་ཏུ་)འགྱུར་(བ་)མེད་(པའི་བདེ་བ་དང༌། སྟོང་པ་ཉིད་ཀྱི་)ཡེ་ཤེས་སྦྱོར་བ་ལས(སོ)། །ཞེས་ དང༌། དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ནི་རྣམ་པར་ གསུངས། །གསུང་གི་རྡོ་རྗེ་ཨ་སོགས་ཀ་སོགས་ལྷ་ཡི་རྣམ་པ་ཉིད་ནི་མཐའ་དག་རྒྱལ་བའི་ རིགས་རྣམས་ཀྱིས། །སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་པ་གཙོ་ བོའི་རྣམ་པ་གཅིག་པུའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་ངེས་པར་སྲིད་པའི་འཇིགས་འཇོམས་ 3-1-129 སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། །ཞེས་དང༌། རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ ཀྱིས་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་ སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །དྲི་མེད་ནོར་བུ་ལྟ་བུར་དངོས་ པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །སྦྱིན་པ་ལ་སོགས་བདེ་མཉམ་ འབྲས་སྟེར་དྲུག་དང་བཞི་རྣམས་ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས། །དེ་དག་རྣམས་ ཀྱི་ཐབས་ནི་དག་པ་མཆོག་གི་སེམས་ཀྱིས་གང་བའི་བུམ་པ་རྣམ་བཅུ་དེ་རྣམས་སོ། །བདུད་ དང་ཉོན་མོངས་ཉམས་པ་འདོད་པ་ཞེས་དང་འཕྲོག་བྱེད་རྡོ་རྗེའི་ཚོགས་ནི་ལྗོན་པ་ལ་སོགས་ རྣམས། །ཕྱག་རྒྱ་དྲུག་རྣམས་སྟོང་པ་དྲུག་སྟེ་སྲིད་གསུམ་བསྐྱེད་པར་མཛད་པ་ཡེ་ཤེས་རྣམ་ ཤེས་གཅིག་པའོ། །འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པའོ་བདེ་བ་རིན་ཆེན་འདི་ ཡི་ཆགས་པ་ཉིད་དག་ནི། །པདྨའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་ རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་དག་ རྣམས་ཀྱི་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་བཞིན་རོ་ མཉམ་དེ་དག་རྣམས་ཀྱང་དེ་བཞིན་རིག་པར་(ཞེས་ཇི་ལྟར་ནུས་པ་བཞིན་དྲན་པར་)བྱ། ། དེ་ནས་རང་གི་ཐུགས་ཀར་ཧཱུཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང༌། དེ་ ལས་བྱུང་བའི་རྡོ་རྗེ་ཤུགས་སྐུ་མདོག་སྔོན་པོ་ཞལ་བཞི་པ། འཇིགས་པའི་སྐུ་ཅན་རབ་ཏུ་ བཞད་ཅིང་མཆེ་བ་ཕྱེད་གཙིགས་པ། སྒྲ་དྲག་པོ་སྒྲོགས་པ། སྤྱན་བཅུ་གཉིས་པ། ཕྱག་ཉི་ཤུ་རྩ་ དྲུག་པ། ཤེས་རབ་དང་ཐབས་ལས་བྱུང་བ་གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ། གླང་པོ་ཆེའི་ལྤགས་པའི་གོས་ཅན་ཕྱག་རྒྱ་ལྔ་དང་ལྡན་ཞིང་མི་བསྐྱོད་པའི་དབུ་བརྒྱན་ཅན། དཔྲལ་བར་ཐོད་པ་ལྔའི་ཕྲེང་བས་བརྒྱན་ཞིང་བདུད་རིགས་བརྒྱའི་མགོ་བོའི་ཕྲེང་བ་ཕྲག་པ་ 3-1-130 ལ་འཕྱང་བ། ཀླུའི་དབང་པོ་རྣམས་ཀྱིས་རྣམ་པར་བརྒྱན་ཞིང༌། རྐང་པ་བརྒྱད་པའི་ཤིང་རྟ་ ལ་གནས་པ་དབུགས་ཕྱིར་འབྱུང་བ་དང་ལྷན་ཅིག་ནམ་མཁར་སྤྲོས་ཏེ། འཁོར་ལོའི་དབང་ ཕྱུག་གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་ཅིང༌། ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་རྡོ་རྗེ་ཞགས་པས་ བཅིངས་ནས་མཚོན་ཆ་རྣམས་ཀྱིས་བསྡིགས་བཞིན་པ་དང༌། (རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་) ཛཿཞེས་ པས་ཡེ་ཤེས་ཀྱི་འཁོར་ལོ་མཐའ་དག་མདུན་གྱི་ནམ་མཁའ་བཀུག་པ་ལ་(མཆོད་པ་བཅུ་གཉིས་ཀྱིས་ )མཆོད་ནས(ཁྲོ་བོའི་དབང་པོ་རང་ལ་ཞུགས་པར་བསམ)། (རྡོ་རྗེ་ཕྱག་རྒྱ་དང་)ཧཱུཾ་ཞེས་པས་རྨུགས་བྱེད་ཀྱིས་ ཡེ་ཤེས་པ་དམ་ཚིག་པ་ལ་གཞུག་པ་དང༌། (རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང་)ཝཾ་ཞེས་པས་རེངས་བྱེད་ཀྱིས་ བཅིང་བ་དང༌། ཧོཿ(དྲིལ་བུའི་ཕྱག་རྒྱ་དང་)ཞེས་པས་ཁེངས་བྱེད་ཀྱིས་མཉེས་པ་དང༌། (རྡོ་རྗེ་དབྱུག་པའི་ ཕྱག་རྒྱ་དང་)ཧི་ཞེས་པས་ཤིན་ཏུ་སྟོབས་ཀྱིས་རོ་མཉམ་པར་བྱས་ནས་ལྷ་ཐམས་ཅད་ཀྱི་དཔྲལ་ བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ་རྣམས་ བཀོད་ནས་བྱིན་གྱིས་བརླབས་ཏེ། དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ༀ་ལས་ བྱུང་བའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ཡོངས་སུ་གྱུར་པ་ལས། སྐུ་རྡོ་རྗེ་ཞལ་གསུམ་ ཕྱག་དྲུག་པ། རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་དང༌། རྡོ་རྗེ་དང༌པདྨ། གཡོན་པ་རྣམས་ཀྱིས་རལ་གྲི་ དང༌། དྲིལ་བུ་དང༌། ནོར་བུ་འཛིན་ཅིང༌། རང་དང་འདྲ་བའི་ཡུམ་དང་བཅས་པ་དང༌། མགྲིན་ པར་ར་ལས་ཉི་མའི་དཀྱིལ་འཁོར་ལ་ཨཱཿལས་བྱུང་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་ ལས། གསུང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་དང་སྐུ་མདོག་དམར་པོ། གཡས་དཀར་ གཡོན་ནག ཕྱག་གཡས་རྣམས་ཀྱིས་པདྨ་དང༌། རྡོ་རྗེ་དང༌། འཁོར་ལོ། གཡོན་རྣམས་ཀྱིས་ ནོར་བུ་དང༌། དྲིལ་བུ་དང༌། རལ་གྲི་འཛིན་ཅིང་ཡུམ་དང་བཅས་པ་དང༌། སྙིང་ཁར་ཨཾ་ལས་ སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་ལས། ཐུགས་རྡོ་རྗེ་ཞལ་ 3-1-131 གསུམ་ཕྱག་དྲུག་པ། རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་ དཀར་བ། ཕྱག་གཡས་པ་རྣམས་ཀྱིས་རྡོ་རྗེ་དང༌། འཁོར་ལོ་དང༌པདྨ། གཡོན་རྣམས་ཀྱིས་ དྲིལ་བུ་དང༌། རལ་གྲི་དང༌། ནོར་བུ་འཛིན་ཅིང༌། ཡུམ་དང་བཅས་པ་རྣམས་ནམ་མཁར་སྤྲོས་ ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་ནས། སླར་ ཡང་མདུན་གྱི་ནམ་མཁར་བྱོན་པ་ལ། སྐུའི་རྡོ་རྗེ་འཛིན་པ་དང༌། གསུང་གི་རྡོ་རྗེ་འཛིན་པ་ དང༌། ཐུགས་ཀྱི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་ བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱི་བདུད་རྩིའི་བུམ་པས། བདག་ལ་དབང་བསྐུར་བས། ལུས་ངག་སེམས་ཀྱི་དྲི་མ་དག་ནས། དཔྲལ་བར་ཟླ་བ་ལ་སྐུ་རྡོ་ རྗེ། མགྲིན་པར་ཉི་མ་ལ་གསུང་རྡོ་རྗེ། སྙིང་ཁར་སྒྲ་གཅན་ལ་ཐུགས་རྡོ་རྗེ་བཀོད་ནས། དཔལ་ ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་ རླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པ། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་རླབས་གནས་སུ་དིང་བདག་ མཛོད། །དེ་བཞིན་དུ། དཔལ་ལྡན་གསུང་གི་ཞེས་སོགས་དང༌། དཔལ་ལྡན་ཐུགས་ཀྱི་ཞེས་ སོགས་འདོན་པ་བསྒྱུར་ཏེ་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱིས་ལུས་ ངག་ཡིད་གསུམ་བྱིན་གྱིས་བརླབས་ནས། རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་(པར་ལྟ་ཞིང་)། ༀ་ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀ་ཙིཏྟ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཤེས་རབ་ཀྱི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་ ནས་(རྒྱས་པར་བྱེད་ན་འོག་ནས་འབྱུང་བ་བཞིན། དབང་བདུན་གྱིས་དབང་བསྐུར་བར་གསོལ་བ་བཏབ་ནས་དབང་བསྐུར་ ཏེ)། རྒྱས་གདབ་པ་ནི། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྡོ་རྗེ་སེམས་དཔའ། རྡོར་སེམས་དང་ མི་བསྐྱོད་པ་ལ་ཐུགས་རྡོ་རྗེ། གཙུག་ཏོར་དང་ཆོས་གོས་འཛིན་པ། ཕྱག་གཡས་པ་ལ་རེག་ 3-1-132 ཅིང༌། ཞབས་དཀྱིལ་ཀྲུང་གིས་གནས་པས་རྒྱས་གདབ། (དེ་བཞིན་དུ་)རྣམ་སྣང་ལ་མི་བསྐྱོད་པ། སྣང་མཐའ་ལ་རྣམ་སྣང༌། རིན་འབྱུང་ལ་སྣང་མཐའ། དོན་གྲུབ་ལ་རིན་འབྱུང་རྣམས། གཙུག་ ཏོར་དང་ཆོས་གོས་ཅན། གཞན་ཡང་ལྷ་དང་ལྷ་མོ་ནག་པོ་རྣམས་ལ་དོན་གྲུབ། དམར་པོ་རྣམ་ ལ་རིན་འབྱུང༌། དཀར་པོ་རྣམས་ལ་སྣང་མཐའ། སེར་པོ་རྣམས་ལ་རྣམ་སྣང༌། ལྗང་ཁུ་རྣམས་ ལ་མི་བསྐྱོད་པ། སྔོན་པོ་རྣམས་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ་བོ། །ཡང་ན་ལྷ་ཐམས་ ཅད་ཀྱི་གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཨ་ཡིག་མི་བསྐྱོད་པ། སྙིང་ཁར་སྒྲ་གཅན་ གྱི་དཀྱིལ་འཁོར་ལ་ཨི་ཡིག་དོན་ཡོད་གྲུབ་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ར་ཡིག་ རིན་ཆེན་འབྱུང་ལྡན། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨུ་ཡིག་སྣང་བ་མཐའ་ཡས། ལྟེ་ བར་དུས་མེའི་དཀྱིལ་འཁོར་ལ་ལ་ཡིག་རྣམ་པར་སྣང་མཛད། གསང་བར་ཡེ་ཤེས་ཀྱི་ དཀྱིལ་འཁོར་ལ་ཨཾ་ཡིག་རྡོ་རྗེ་སེམས་དཔའ་སྟེ་སྐུའི་རྒྱས་གདབ་བོ། །གསུང་གི་རྒྱས་གདབ་ པ་ནི། ལྟེ་བ། སྙིང་ཁ། མགྲིན་པ་དཔྲལ་བ། གཙུག་ཏོར་རྣམས་སུ་ས་ཆུ་མེ་རླུང་ནམ་མཁའི་ དཀྱིལ་འཁོར་ལ་ལ་ཨུ་ར་ཨི་ཨའོ། །ཐུགས་ཀྱི་རྒྱས་གདབ་པ་ནི། (ལས་རྒྱལ་མཆོག་གོ།) དཔྲལ་ བ་མགྲིན་པ་སྙིང་ཁ་ལྟེ་བར་རྣམས་སུ། ཟླ་བ་ཉི་མ་སྒྲ་གཅན་དུས་མེའི་དཀྱིལ་འཁོར་རྣམས་ ལ་ༀ་ཨཱཿཧཱུཾ་ཧོཿའོ། །ཡེ་ཤེས་ཀྱི་རྒྱས་གདབ་པ་ནི། རྡོ་རྗེ་ནོར་བུར་གཞོན་དུ་མེད་པའི་(གདོད་མ་ ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོམ་ཞེས་པའི་དོན་ནོ་)ཨ་ཡིག་(རྣམ་པ་ཉི་ཤུ་བྱང་ཆུབ་པ་)གོ །(རྣམ་པ་ཉི་ཤུ་བྱང་ ཆུབ་པ་ནི། དེ་ལ་བུ་སྟོན་རིན་པོ་ཆེས་ཞུ་བ་གླུས་བསྐུལ་གྱི་ལྷ་མོ་བཞིས་སོ་སོ་དང༌། སྤྱི་ཁྱབ་གཅིག་སྟེ། བསྐུལ་བ་ལྔ། ཐེག་ལེ་ དང༌། ས་བོན་དང༌། མཚན་མ་དང༌། གཙོ་བོའི་སྐུ་རྫོགས་པ་དང༌། ཡུམ་གྱིས་འཁྱུད་པ་སྟེ། བསྐུལ་བའི་ངོར་བཞེངས་པ་ལྔ་ལས་ དབང་ཁྲོ་བོ་ལྔ་སྤྲོས་ཏེ། བྱ་བ་དགུག་གཞུག་བཅིང༌། མཉེས། རོ་མཉམ་པས་ཏེ་ཉི་ཤུའོ། །ཞེས་གསུངས་སོ།།)དེ་ནས་(ཐིག་ལེ་ དང་ཕྲ་མོའི་རྣལ་འབྱོར་ནི།) ཡབ་ཡུམ་གཉིས་ཀའི་གནས་དྲུག་ཏུ་ༀ་ཨཱཿཧཱུཾ་ཧོཿསྭཱཧཱ་རྣམས་དང༌། ཡུམ་ གྱི་མཁའ་ལས་པདྨ་དམར་པོ་འདབ་བརྒྱད་ཧཱུཾ་ལས་བྱུང་བའི་རྡོ་རྗེས་མཚན་པ་དང༌། ཡབ་ཀྱི་ 3-1-133 གསང་གནས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ཨཿལས་བྱུང་བའི་པདྨས་མཚན་པ་སྙོམས་པར་ཞུགས་པ་ ལས། ལྟེ་བར་ཧོཿཡིག་གློག་དང་མཚུངས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་དེ་ བཞིན་གཤེགས་པ་ལྔའི་རང་བཞིན་གཡོན་གྱི་དཀྱིལ་འཁོར་ཕུང་པོ་ལྔའི་རླུང་དང༌། སྤྱན་ མ་ལ་སོགས་པའི་རང་བཞིན་གཡས་ཀྱི་དཀྱིལ་འཁོར་ཁམས་ལྔའི་རླུང་རྣམས་བསྲེགས་ཤིང་ མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་འཇུག་པ་ བསྲེགས་ནས་སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་གློ་བུར་དུ་ཐིག་ལེའི་རྒྱུན་བབས་པས། མགྲིན་པར་ སླེབ་པ་དགའ་བ། སྙིང་ཁར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། གསང་བར་ལྷན་ ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་ཏེ། ༀ་ཛྙཱ་ན་པཱུ་ཛཱ་ཨ་ནུ་རཀྟ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སླར་ ཡང་ཇི་ལྟར་བྱོན་པ་དེ་བཞིན་དུ་སྟེང་དུ་གཤེགས་པས། ལྟེ་བར་རྒྱུ་མཐུན་པའི་འབྲས་བུ་ལྷན་ ཅིག་སྐྱེས་པའི་སྐུ་དང༌། སྙིང་ཁར་རྣམ་པར་སྨིན་པའི་འབྲས་བུ་ཆོས་ཀྱི་སྐུ་དང༌། མགྲིན་པར་ སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དཔྲལ་བར་དྲི་མ་དང་བྲལ་བའི་ འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་(པར་བསམ་ལ)། ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་བཛྲ་སཏྭཱ་ཧཾ་ དུར་དཱན་ཏ་ད་མ་ཀ་ཧུཾ་ཧཱུཾ་ཕཊ་སྭཱཧཱ།(ཞེས་ང་རྒྱལ་བཟུང་ངོ༌།།) དེ་ནས་བཟླས་པ་བྱ་བ་ནི། གཙོ་བོ་ཤེས་རབ་དང་བཅས་པའི་སྔགས། ༀ་ཧྐྵྨླྺྼྻྂ་ཞེས་པ་ དང༌། སྙིང་པོ་ༀ་ཨཱཿཧཱུཾ་ཧོཿཧྐྵྨླྺྼྻྂ་ཞེས་པ་དང༌། ཉེ་བའི་སྙིང་པོ་ༀ་ཧྲཱཾ་ཧྲཱིཾ་ཧྲུ་ཧྲཱུཾ་ཧྲླཱྀ་ཧྲཿཞེས་པ་རྣམས་ ཀྱི་མཐར་ཞི་བ་ལ་ན་མཿ རྒྱས་པ་ལ་སྭཱཧཱ་ཞེས་པ་སྦྱར་རོ། །དེ་བཞིན་གཤེགས་པ་ཡབ་ཡུམ་ རྣམས་ཀྱི་སྔགས་ནི། ༀ་ཨ་ཨཱ། ཨི་ཨཱི ། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨཾ་ཨཿ སེམས་དཔའ་ཡབ་ ཡུམ་གྱི་ནི། ༀ་ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཿ ཞེས་པ་དང༌། ཁྲོ་བོ་ཡབ་ ཡུམ་གྱི་ནི། ༀ་ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཧཾ་ཧཿ ཞེས་པ་རྣམས་ཀྱི་མཐར་ན་མཿའམ་ སྭཱཧཱ་སྦྱར། གསུང་གི་ལྷ་རྣམས་ཀྱི། ཧ་ཧཱ། ཧི་ཧཱི། ཧྼྀ་ཧྼཱྀ། ཧུ་ཧཱུ། ཧླྀ་ཧླཱྀ། ཧཾ་ཧཿ ཀྵ་ཀྵཱ། ཀྵི་ཀྵཱི། 3-1-134 ཀྵྼྀ་ཀྵྼཱྀ། ཀྵུ་ཀྵཱུ། ཀྵླྀ་ཀྵླཱྀ། ཀྵཾ་ཀྵཿ ཡ་ཡཱ(ཡི་ཡི་ཞེས་སོགས་དང་)། ར་རཱ(ཞེས་སོགས་དང་)། ཝ་ཝཱ(ཞེས་སོགས་ དང་)། ལ་ལཱ(ཞེས་སོགས་སྦྱར་རོ)། སྐུའི་ལྷ་རྣམས་ཀྱི། ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ། ཛྷ་ཛྷི་ཛྷྼྀ་ཛྷུ་ཛྷླྀ་ཛྷཾ། ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། ཙ་ཙི་ཙྼྀ་ཙུ་ཙླྀ་ཙཾ། ཞེས་དང༌། ཙཱ་ཙཱི་ ཙྼཱྀ་ཙཱུ་ཙླཱྀ་ཙཿ ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཾཿ ཛཱ་ཛཱི་ཛྼཱྀ་ཛཱུ་ཛླཱྀ་ཛཿ ཛྷཱ་ཛྷཱི་ཛྷྀ་ཛྷཱུ་ཛྷླྼྀ་ ཛྷཾཿ ཉཱ་ ཉཱི་ཉྼཱྀ་ཉཱུ་ཉླཱྀ་ཉཿ དེ་བཞིན་དུ། ཊ་སྡེ་དང༌། པ་སྡེ་དང༌། ཏ་སྡེ་དང༌། ས་སྡེ་དང༌། ཀ་སྡེ་རྣམས་ ལ་སྦྱར་བ་དང༌། སྐུའི་ཁྲོ་བོ་དྲུག་གི་ཡ་ར་ཝ་ལ་ཧཾ་ཧཿ ཞེས་པ་དང༌། ཀླུ་བཅུའི་ཧྻ་ཧྻཱ་ཧྼ་ཧྼཱ། ཧྺ་ཧྺཱ་ཧླ་ཧླཱ། ཧུཾ་ཀྵཱུཾ། ཞེས་སོགས་དང༌། རབ་གཏུམ་མ་རྣམས་ཀྱི་ཀྑྒྒྷྔ་ཞེས་སོགས་སྡེ་ཚན་སོ་ སོའི་ཐོག་མར་ༀ་ཡིག་དང་མཐར་ན་མཿའམ་སྭཱཧཱ་ཞེས་པ་སྦྱར་ཏེ་བཟླས་པ་བྱའོ། ། མཚན་ངན་བསལ་བ་སོགས་ཀྱི་དོན་དུ་ཡིན་ན། དུས་འཁོར་ཁྲོས་པ་(རྡོ་རྗེ་འཇིགས་བྱེད་)ཕྱག་ ཉི་ཤུ་རྩ་དྲུག་པ(ཟླ་ལྷག་གི་ཕྱོགས་གཉིས་དག་པའི་ཕྱག་ལྷག་པ་གཉིས་ཏེ)། སྣ་ཚོགས་ཡུམ་སེར་མོ། ཕྱག་ གཉིས་མས་འཁྱུད་པ་ལ་ཕྱག་རྒྱ་འགོད་པ་ནི། ༀ་ཧཾ་ཧཿ བཱ་མ་དཱཀྵི་ཎ་(གཡོན་པ་དང་གཡས་པའི་) ཀརྞྞ་ཡོར་(རྣ་བ་དག་ལ་)བཛྲ་ཀུན་ཊ་ལེ་(རྡོ་རྗེ་རྣ་རྒྱན་དུ་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཨཾ་ཨཱཿཀ་ཊྱཱཾ་ཀནྛེ་(རྐེད་པ་ དང་མགྲིན་པ་)བཛྲ་མེ་ཁ་ལཱ་(རྡོ་རྗེའི་འོག་པག་དང་)བཛྲ་ཀཎྛི་ཀེ་(རྡོ་རྗེ་མགུལ་རྒྱན་དུ་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ ཨ་ཨཱ་བཱ་མ་དཀྵི་ཎ་ཀ་ར་ཡོར་(གཡོན་པ་དང་གཡས་པའི་ལག་པ་དག་ལ་)བཛྲ་རུ་ཙ་ཀཽ་(རྡོ་རྗེ་ལག་གདུབ་ཏུ་)ཧུཾ་ ཧཱུཾ་ཕཊ་ཕཊ། ༀ་ཧ་ཧཱ་བཱ་མ་དཀྵི་ཎ་པཱ་ད་ཡོར་(གཡོན་དང་གཡས་པའི་རྐང་པ་དག་ལ་)བཛྲ་ནཱུ་པུ་རེ་(རྡོ་རྗེ་ རྐང་གདུབ་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧཾ་བཾ་པཉྩ་ཨ་ཀཱ་ར་མཧཱ་ཤཱུ་ནྱ་སྭ་བྷཱ་ཝ་(དབྱངས་ཐམས་ཅད་ལ་སྟོང་པ་ཆེན་ པོ་རྣམ་པ་ལྔའི་རང་བཞིན་)བཛྲ་ཤི་རོ་མ་ཎི་ཤི་ར་སི་(སྤྱི་བོ་ལ་རྡོ་རྗེ་ནོར་བུ་སྤྱི་བོར་དང་)སརྦ་ཨཾ་གེ་བྷསྨ་(ཡན་ ལག་ཐམས་ཅད་ཐལ་བ་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཨཾ་ཨར་དྷ་ནཱ་རཱི་ཤྭ་ར་(མི་མོའི་དབང་ཕྱུག་)བཛྲ་ཨར་དྷ་ཙནྡྲ་ (རྡོ་རྗེ་ཕྱེད་པའི་ཟླ་བ་)བཛྲ་པཊྚ་ཨཱུར་དྷེ་(རྡོ་རྗེ་དར་དཔྱངས་ཀྱི་སྟེང་དུ་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཨ་ཨཿཨཾ་སརྦ་ (བཛྲ་ཞེས་པ་རྒྱ་དཔེ་ལ་སྣང་)སྭ་ར་ཨེ་ཀ་ཏྲི་སྭ་ར་སྭ་བྷཱ་ཝ་(དབྱངས་ཐམས་ཅད་དཀྱིལ་འཁོར་དབྱངས་གསུམ་གྱི་རང་ 3-1-135 བཞིན་)བཛྲ་ཡཛྙོ་པ་བཱི་ཏ་སྐན་དྷེ་(རྡོ་རྗེ་མཆོད་ཕྱིར་ཐོགས་ཕྲག་པ་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཀྵཿདུར་དཱནྟ་ཨ་བྷི་ མཱ་ན་ཀྵ་ཡཾ་ཀ་ར་(གདུལ་དཀའ་པ་མངོན་པའི་ང་རྒྱལ་བཟུང་བར་བྱེད་པ་)བྱཱ་གྷྲ་ཙར་མ་ཀ་ཊཽ་(སྟག་གི་ལྤགས་པ་རྐེད་ པར་)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧཾ་ཀྵཿཏྲིཾ་ཤཏ་སྭ་ར་(སུམ་ཅུའི་དབྱངས་)སཔྟ་ཏི་(བདུན་ཅུ་)ཧྲ་སྭ་(ཐུང་ངུ་)དཱིརྒྷ་ (རིང་པོ་)བྱཉྫ་ན་སྭ་བྷཱ་ཝ་(གསལ་བྱེད་ཀྱི་རང་བཞིན་)དཻ་ཏྱ་ཀུ་ལ་(ལྷ་མིན་རིགས་)ཤ་ཏ་སི་རོ་བྷིར་(བརྒྱ་མགོ་བོ་ རྣམས་ཀྱིས་)མུཎྜ་མཱ་ལེ་(མགོ་ཕྲེང་)སྐན་དྷཱ་(ཕྲག་པར་)བ་ལཾ་བི་ནི་(འཕྱང་བ་)སྐན་དྷེ་(ཕྲག་པར་)ཧུཾ་ཧཱུཾ་ཕཊ་ ཕཊ། ༀ་ཧ་ཧི་ཧྼྀ་ཧུ་ཧླྀ་པཉྩ་སྐན་དྷ་(ཕུང་པོ་ལྔ་)བི་ཤུདྡྷ་སྭ་བྷཱ་ཝ་(རྣམ་པར་དག་པའི་རང་བཞིན་)ཤི་ར་སི་ (སྤྱི་བོར་)ཀ་པཱ་ལ་མཱ་ལེ་(ཐོད་པའི་ཕྲེང་བ་)ཧུཾ་ཧཱུཾ་ཕཊ་ཕཊ། (ཅེས་པ་རྡོ་རྗེའི་སྙན་རྒྱན། སྐ་རགས། མགུལ་རྒྱན། ཕྱག་ གདུབ། ཞབས་གདུབ། ནོར་བུ། དར་དཔྱངས། ཟླ་བ་ཕྱེད་པ། མཆོད་ཕྱིར་ཐོགས། སྟག་ལྤགས་ཀྱི་ཤམ་ཐབས། མགོ་བོའི་དོ་ ཤལ། ཐོད་པའི་ཕྲེང་བ་རྣམས་ཀྱིས་བརྒྱན་པར་བསམ་མོ།།) གཡས་ཀྱི་མཚོན་ཆ་རྣམས་དགོད་པ་ནི། (རིང་པ་ དང་ཐུང་ངུའི་དབྱངས་སུམ་ཅུ་དང་། གསལ་བྱེད་བདུན་ཅུའི་རང་བཞིན་ལྷ་མིན་རིགས་བརྒྱའི་མགོ་བོ་རྣམས་ཀྱིས་མགོ་ཕྲེང་ ཕྲག་པར་འཕྱང་བ་ལ།) (གཡས་ཀྱི་ནག་པོ་བཞིར།)ༀ་ཀྵྼཿཀྲོ་དྷ་བཛྲ་(ཁྲོ་བོའི་རྡོ་རྗེ་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་ཁད་ ག་(རྡོ་རྗེ་རལ་གྲི་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་ཏྲི་ཤུ་ལ་(རྡོ་རྗེ་རྩེ་གསུམ་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་ཀརྟཱ་རི་(རྡོ་རྗེ་གྲི་གུག་) ཧཱུཾ་ཕཊ། (དམར་པོ་བཞིར།)ༀ་ཀྵྼཿབཛྲ་བཱ་ཎ་(རྡོ་རྗེ་མདའ་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་ཨཾ་ཀུ་ཤ་(རྡོ་རྗེ་ལྕགས་ཀྱུ་)ཧཱུཾ་ ཕཊ། ༀ་ཀྵྼཿབཛྲ་ཌ་མ་རུ་ཀ་(རྡོ་རྗེ་ཅང་ཏེའུ་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་མུད་ག་ར་(རྡོ་རྗེ་ཐོ་བ་)ཧཱུཾ་ཕཊ། (དཀར་ པོ་བཞིར།) ༀ་ཀྵྼཿབཛྲ་ཙཀྲ་(རྡོ་རྗེ་འཁོར་ལོ་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་ཀུནྟ་(རྡོ་རྗེ་མདུང་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་ དཎྜ་(རྡོ་རྗེ་དབྱུག་པ་)ཧཱུཾ་ཕཊ། ༀ་ཀྵྼཿབཛྲ་པཪྴུ་(རྡོ་རྗེ་དགྲ་སྟ་)ཧཱུཾ་ཕཊ། གཡོན་གྱི་མཚོན་ཆ་འགོད་པ་ ནི། (འདིར་གཡོན་པ་ཐབས་ཀྱི་ཡན་ལག་ལ་ས་བོན་རིང་པོ་དང༌། གཡས་པ་ཤེས་རབ་ཀྱི་ཡན་ལག་ལ་ས་བོན་ཐུང་ངུར་གསུངས་ པ་ནི། ཐབས་ཤེས་ཀྱི་ཕྱོགས་ལྷུང་དགག་བའི་དོན་དུའོ།།) (ནག་པོ་བཞིར།) ༀ་ཧྭཱཾ་བཛྲ་གཎྜེ་(རྡོ་རྗེ་དྲིལ་བུ་)ཧོཿཕཊ། ༀ་ཧྭཱཾ་བཛྲ་ཁེ་ཊ་ཀ་(རྡོ་རྗེ་ཕུབ་)ཧོཿཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཁ་ཊྭཱཾ་ག་(རྡོ་རྗེ་ཁ་ཊྭཱཾ་ག་)ཧོཿཕྲེཾ་ཕཊ། ༀ་ཧྭཱཾ་ བཛྲ་ཀ་པཱ་ལ་(རྡོ་རྗེ་ཐོད་པ་)ཧོཿཕྲེཾ་ཕཊ། (དམར་པོ་བཞིར།) ༀ་ཧྭཱཾ་བཛྲ་ཙ་པ་(རྡོ་རྗེ་གཞུ་)ཧོཿཕྲེཾ་ཕཊ། ༀ་ 3-1-136 ཧྭཱཾ་བཛྲ་པཱ་ཤ་(རྡོ་རྗེ་ཞགས་པ་)ཧོཿཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་རཏྣ་(རྡོ་རྗེ་རིན་པོ་ཆེ་)ཧོཿཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ པདྨ་(རྡོ་རྗེ་པད་མ་)ཧོཿཕྲེཾ་ཕཊ། (དཀར་པོ་བཞིར།) ༀ་ཧྭཱཾ་བཛྲ་ཤཾ་ཁ་(རྡོ་རྗེ་དུང་)ཧོཿཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ ཨ་དར་ཤ་(རྡོ་རྗེ་མེ་ལོང་)ཧོཿ ཕྲེཾ་ཕཊ། ༀ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་(རྡོ་རྗེ་ལྕགས་སྒྲོག་)ཧོཿཕྲེཾ་ཕཊ། ༀ་ཧྭཱཾ་ཙ་ ཏུར་བེ་ཏ་སྭ་བྷཱ་ཝ་པྲཧྨ་ཤི་རཾ་(རིགས་བྱེད་བཞིའི་རང་བཞིན་གྱི་གདོང་ཅན་ཚངས་པའི་མགོ་བོ་)ཧོཿཕྲེཾ་ཕཊ། གླང་པོའི་ལྤགས་པ་བགོ་བ་ནི། ༀ་ཀྵ་ཀྵཱ་ཀྵི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཿ ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧཱུ་ཧཱུ་ཧླྀ་ ཧླཱྀ་ཧཾ་ཧཿ སརྦ་(ཐམས་ཅད་)བིགྷྣ་བི་དཱ་(བགེགས་རྣམ་པར་འཇོམས་པའི་)རི་ཏ་ག་ཛ་ཙར་མ་པཊ་ཨར་ཏྲ་ (གླང་པོ་གསད་པའི་ཀོ་བ་རློན་པ་)རཀྟ་ཤྲ་བ་ཏ་(ཁྲག་འཛག་པ་)ཧཱུཾ་ཕྲེཾ།(ཞེས་པས་གླང་ལྤགས་ཕྱག་ལྷག་པོ་གཉིས་ཀྱིས་ བཟུང་སྟེ་གྱོན་པར་བསམ།) ཀླུའི་རྒྱལ་པོ་རྣམས་འགོད་པ་ནི། ༀ་ཧཱུཾ་བཛྲ་ཛ་ཡ་(རྡོ་རྗེ་རྒྱལ་བ་)ནཱ་ག་ཨིནྟྲ་ (ཀླུའི་དབང་པོ་)བཛྲ་ཛ་ཊཱ་མུ་ཀུ་ཊ་(རྡོ་རྗེ་རལ་པའི་ཅོད་པན་)བནྡྷེ་(ཆིངས་)ཏིཥྛ་ཏིཥྛ་(གནས་པར་གྱིས་གནས་པར་ གྱིས།)ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཀྵཱུཾ་བཛྲ་བི་ཛ་ཡ་(རྡོ་རྗེ་རྣམ་པར་རྒྱལ་པ་)ནཱ་ག་ཨིནྟྲ་(ཀླུའི་དབང་པོ་)བཛྲ་པཊྚ་ བན་དྷེ་(རྡོ་རྗེ་དར་དཔྱངས་ཆིངས་ལ།)ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧྻཾ་ཧྻཱཾ་ཀར་ཀོ་ཊ་ཀ་(སྟོབས་ཀྱི་རྒྱུ་དང་) བཛྲ་པདྨཽ་(རྡོ་རྗེ་པད་མོ་དག་)བཱ་མ་དཀྵི་ཎ་ཀུནྚ་ལ་ཡོཿ(གཡོན་དང་གཡས་ཀྱི་རྣ་རྒྱན་དག་ལ།)ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ ཕཊ་ཕཊ། ༀ་ཧྼཾ་ཧྼཱཾ་བཛྲ་བ་སུ་ཀི་(རྡོ་རྗེ་ནོར་རྒྱས་དང་)ཤཾ་ཥ་པཱ་ལཽ་(དུང་སྐྱོང་དང་)བཱ་མ་དཀྵི་ཎ་རུ་ཙ་ཀ་ ཡོཿ(གཡོན་དང་གཡས་ཀྱི་ལག་གདུབ་དག་ལ།)ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ཧྺཾ་ཧྺཱཾ་བཛྲ་ཨ་ནནྟ་(རྡོ་རྗེ་མཐའ་ ཡས་དང་)ཀུ་ལི་ཀཽ་(རིགས་ལྡན་དག་)མེ་ཁ་ལཱ་ཀནྛི་ཀ་ཡོཿ(སྐ་རགས་དང་མགུལ་རྒྱན་དག་ལ།)ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ ཕཊ་ཕཊ། ༀ་ཧླཾ་ཧླཱཾ་ བཛྲ་ཏཀྵ་ཀ་(རྡོ་རྗེ་འཇོག་པོ་དང་)མ་ཧཱ་པདྨོ་(པདྨ་ཆེན་མོ་དག་)བཱ་མ་དཀྵི་ཎ་པཱ་ད་ནཱུ་ པུ་ར་ཡོཿ(གཡོན་དང་གཡས་ཀྱི་རྐང་གདུབ་དག་ལ།)ཏིཥྛ་ཏིཥྛ་ཧུཾ་ཧཱུཾ་ཕཊ་ཕཊ། (ཅེས་པས་ཀླུ་ཆེན་རྣམས་ཀྱིས་བརྒྱན་ པར་བསམ།) རང་གི་སྙིང་ཁའི་ཧཱུཾ་ལས་འཕྲོས་པའི་ཁྲོ་བོའི་དབང་པོས་ཡེ་ཤེས་པ་ཛཿབཀུག་པ་ ལ་མཆོད་ནས་ཧཱུཾ་བཾ་ཧོཿདང༌། རྨུགས་བྱེད་རེངས་བྱེད་ཁེངས་བྱེད་རྣམས་ཀྱིས་གཞུག་པ་དང་ བཅིང་བ་དང་དབང་དུ་བྱས་ཏེ། ༀ་ཨཱཿཧཱུཾ་ཧོཿསྭཱཧཱ། གནས་དྲུག་དང་སྐུ་(ༀ)གསུང་(ཨཱཿ)ཐུགས་ 3-1-137 (ཧཱུཾ་)བྱིན་གྱིས་བརླབས་ནས(དབང་བསྐུར་བའི་དོན་དུ)། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་ཨཱ་ཨཱི་རཱྀ་ཨཱུ་ ལཱྀ། བཛྲ་ཌཱ་ཀི་ནྱོ་(རྡོ་རྗེམཁའ་འགྲོ་མ་རྣམས་)བཛྲ་ཨ་མྲྀ་ཏ་གྷ་ཏྲཻ་ར་(རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་ཀྱིས་)ཨ་བྷི་ ཥིཉྩན་ཏུ་མཱཾ་(མངོན་པར་དབང་བསྐུར་དུ་གསོལ་བདག་ལ།)སྭཱཧཱ། (ཞེས་གསོལ་བ་བཏབ་པས།) ༀ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ པཉྩ་དྷཱ་ཏུ་(ལྔའི་ཁམས་)བི་ཤོ་དྷ་ནི་(རྣམ་པར་སྦྱོངས།)སྭཱཧཱ། (ཞེས་པས་ཡུམ་ལྔའི་ཆུའི་དབང་དང༌།) ༀ་ཨཾ་ཨིཾ་རྀཾ་ ཨུཾ་ལྀཾ་སརྦ་བུདྡྷ་(སངས་རྒྱས་ཐམས་ཅད་)བཛྲ་མུ་ཀུ་ཊཾ་(རྡོ་རྗེ་ཅོད་པན་)མ་མ་པཉྩ་བུདྡྷ(བདག་ལ་སངས་རྒྱས་ ལྔའི་)ཨཱཏྨ་ཀཾ་(བདག་ཉིད་ཅན་)བན་དྷ་ཡན་ཏུ་(བཅིང་དུ་གསོལ།)ཧུཾ་ཧཱུཾ་ཕཊཕཊ། ༀ་ཨ་ཨི་རྀ་ཨུ་ལྀ་པཉྩ་ ཏ་ཐཱ་ག་ཏ་(ལྔའི་དེ་བཞིན་གཤེགས་པ་)པ་རི་ཤུདྡྷ(ཡོངས་སུ་དག་པ་)སྭཱཧཱ། (ཞེས་པས་ཡབ་ལྔའི་ཅོད་པན་གྱི་དབང་ དང༌།) ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱཿཧཾ་ཧཱཿཕྲེཾ་ཧོཿསརྦ་(ཐམས་ཅད་)པཱ་ར་མི་ཏཱ་(ཕ་རོལ་ཏུ་ཕྱིན་པ་)མ་མ་(བདག་ལ་ )བཛྲ་པཊྚཾ་(རྡོ་རྗེ་དར་དཔྱངས་)བན་དྷ་ཡན་ཏུ་(བཅིང་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཞེས་གསོལ་བ་བཏབ་པས།) ༀ་ ཨ་ཨཱ་ཨཾ་ཨཿ་ཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿ ད་ཤཿ(བཅུའི་)པཱ་ར་མི་ཏཱ་པ་རི་པཱུ་ར་ཎི་(ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ རྫོགས་པ།)སྭཱཧཱ། (ཞེས་པས་ནུས་མ་བཅུའི་དར་དཔྱངས་ཀྱི་དབང་དང༌།) ༀ་ཧཱུཾ་ཧོཿབི་ཛྙཱ་ན་(རྣམ་ཤེས་དང་)ཛྙཱ་ན་(ཡེ་ ཤེས་དང་)སྭ་བྷཱ་བཻ་ཀ་རུ་ཎཱ་(སྙིང་རྗེ་དང་)པྲཛྙཱ་(ཤེས་རབ་ཀྱི་)ཨཱཏྨ་ཀཾ་(བདག་ཉིད་ཅན་)བཛྲ་(རྡོ་རྗེ་)བཛྲ་གྷན་ ཌེ་(རྡོ་རྗེ་དྲིལ་བུ་)ས་བྱེ་ཏ་ར་ཀ་ར་ཡོར་(གཡས་པ་དང་ཅིག་ཤོས་ཀྱི་ལག་པ་དག་ལ་)མ་མ་བཛྲ་སཏྭཿ(བདག་ལ་རྡོ་ རྗེ་སེམས་དཔའ་)པྲཛྙོ་ད་དཱ་ཏུ་(ཤེས་རབ་དང་བཅས་པ་སྩལ་ཏུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་གསོལ་བ་བཏབ་པས།) ༀ་ ཧཱུཾ་ཧོཿསཱུཪྻ་(ཉི་མ་)ཙནྡྲ་(ཟླ་བ་)བི་ཤོ་དྷ་ཀ་(རྣམ་པར་སྦྱོངས།)སྭཱཧཱ། (ཞེས་པས་གཙོ་བོ་ཡབ་ཡུམ་གྱི་རྡོ་རྗེ་དྲིལ་བུའི་ དབང་དང༌།) ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨལཱ་ཨཾ་ཨཿསརྦ་(ཐམས་ཅད་)བོ་དྷི་ས་ཏྭཱཿ(བྱང་ ཆུབ་སེམས་དཔའ་) སབྷཱཪྻཿ(བཙུན་མོ་དང་བཅས་པ་)སརྦ་དཱ་(ཐམས་ཅད་ཀྱི་ཚེ་)སརྦ་ཀ་མ་(འདོད་པ་ཐམས་ཅད་) ཨུ་པ་བྷོ་ག་(ཉེ་བར་ལོངས་སྤྱོད་པ་)བཛྲ་པྲ་ཏཾ་མ་མ་ད་དཱན་ཏུ་(རྡོ་རྗེ་བརྟུལ་ཞུགས་བདག་ལ་སྩལ་དུ་སྩོལ།)སྭཱཧཱ། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཾཿ(འདིར་ཨཾ་ཨ་ཞེས་འཐོབ་ཀྱང་དིང་སང་ནི་དཔེ་ལ་མི་སྣང་) བི་ཥ་ཡ་(ཡུམ་དང་)ཨིནྟྲ་ཡ་(དབང་པོ་)བི་ཤྭོ་དྷ་ནི་སྭཱཧཱ། (ཞེས་པ་སེམས་དཔའ་ཡབ་ཡུམ་གྱི་བརྟུལ་ཞུགས་ཀྱི་དབང་ 3-1-138 དང༌།) ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ། སརྦ་ཀྲོ་དྷ་རཱ་ཛཱཿ(ཐམས་ཅད་ཁྲོ་བོའི་རྒྱལ་པོ་)སབྷཱཪྻ་(བཙུན་མོ་ དང་བཅས་པ་)མཻ་ཏྲི་(བྱམས་པ་)ཀཱ་རུ་ཎ་(སྙིང་རྗེ་)མུ་དི་ཏ་(དགའ་)ཨུ་པེཀྵ་སརྦ་(བཏང་སྙོམས་ཐམས་ཅད་)ས་མ་ ཏ་(མཉམ་པ་ཉིད་ཀྱི་)སྭ་བྷཱ་བཾ་(རང་བཞིན་)བཛྲ་(རྡོ་རྗེ་)པཱུརྦཾ་(སྔོན་དུ་)ག་མཾ་(འགྲོ་བའི་)ནཱ་མ་(མིང་)མེ་ད་དཱན་ ཏུ་(བདག་ལ་སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ།(ཅེས་གསོལ་བ་བཏབ་པས།) ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ། ཙ་ ཏུར་པྲཧྨ་བི་ཧཱ་ར་བི་ཤུད་དྷ(ཚངས་པའི་གནས་བཞི་རྣམ་པར་དག་པ།)སྭཱཧཱ། (ཞེས་པས་ཁྲོ་བོ་ཡབ་ཡུམ་གྱི་མིང་གི་ དབང་དང༌།) ༀ་ཨེ་ཝཾ་པདྨ་བཛྲ་(པད་མ་རྡོ་རྗེའི་)ཙིཧྣོ་(མཚན་མ་)པྲཛྙཱ་(ཤེས་རབ་)ཨུ་པ་ཡཽ་(ཐབས་དག་གི་) མཎྜ་ལ་(དཀྱིལ་འཁོར་གྱི་)ཨ་དྷི་པ་ཏི་(མངའ་བདག་)བཛྲ་སུ་ཁ་(རྡོ་རྗེ་བདེ་བ་)ཛྙཱ་ན་ཨཾ་ག་(ཡེ་ཤེས་ཀྱི་ཡན་ལག་ )མ་མ་ད་དཱ་ཏཱཾ་(བདག་ལ་སྩལ་དུ་གསོལ།)ཧཾ་ཧཿཧཱུཾ་ཕཊ། (ཅེས་གསོལ་བ་བཏབ་པས།) ༀ་ཧཾ་ཀྵཿདྷརྨྨ་(ཆོས་ཀྱི་) ཙཀྲ་(འཁོར་ལོ་)པྲ་བར་ཏ་ཀ་(རབ་ཏུ་སྐོར་བར་བྱེད་པ།)སྭཱཧཱ། (ཞེས་པས་ཡེ་ཤེས་རྡོ་རྗེས་རྗེས་གནང་གི་དབང་བསྐུར་ བར་བསམ་ཞིང༌།) ༀ་སརྦ་(ཐམས་ཅད་)ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་)སཔྟ་ཨ་བྷི་ཥེ་ཀ་(བདུན་གྱིས་མངོན་ པར་དབང་བསྐུར་)སཔྟ་(བདུན་གྱི་)བྷཱུ་མི་(ས་)པྲཱཔྟོ་ཧཾ(ཐོབ་པ་ང་ཡིན)། (ཞེས་དབང་བདུན་ཐོབ་པའི་ང་རྒྱལ་བཟུང༌། དེ་ ནས་དབང་གོང་མའི་དོན་དུ།) ༀ་ༀ་པྲཛྙཱ་(ཤེས་རབ་)ཨུ་པ་ཡཽ་(ཐབས་དག་གི་)ཀ་ལ་ཤ་(བུམ་པའི་)ཨ་བྷི་ཥེ་ ཀཾ་མེ་ད་དཱ་ཏཾ་(མངོན་པར་དབང་བསྐུར་བ་བདག་ལ་བསྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་གསོལ་བ་བཏབ་པས།) ༀ་ ༀ་བཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའ་)བཛྲ་ཀ་ལ་ཤ་(རྡོ་རྗེ་བུམ་པས་)ཨ་བྷི་ཥེ་ཀེ་ན་(མངོན་པར་དབང་བསྐུར་ བས་)ཨ་བྷི་ཥེཀ་ཏོ་(མངོན་པར་དབང་བསྐུར་ཏེ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའི་)པུ་ཏྲོ་(སྲས་)ཨ་ཙ་ལ་(མི་གཡོ་ བ་)བྷཱུ་མི་(ས་)ལཔྟོ་ཧཾ(ཐོབ་པ་ང་ཡིན)། (ཞེས་པས་བུམ་དབང་ཐོབ་པའི་ང་རྒྱལ་བཟུང༌།) ༀ་ཨཱཿཔྲ་ཛྙཱ་(ཤེས་རབ་ དང་)ཨུ་པཱ་ཡཽ་(ཐབས་དག་གི་)གུ་ཧྱེ་(གསང་བའི་)ཨ་བྷི་ཥེ་ཀཾ་(མངོན་པར་དབང་བསྐུར་བ་)མེ་ད་དཱ་ཏཱཾ་(བདག་ལ་ སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་གསོལ་བ་བཏབ་པས།) ༀ་ཨཱཿབཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའ་)གུ་ཧྱེ་(གསང་ བའི་)ཨ་བྷི་ཥེ་ཀེ་ན་(མངོན་པར་དབང་བསྐུར་བས་)ཨ་བྷི་ཥེཀ་ཏོ་(མངོན་པར་དབང་བསྐུར་ཏེ་)བཛྲ་སཏྭ་(རྡོ་རྗེ་ སེམས་དཔའི་)ཡུ་བ་རཱ་ཛོ་(རྒྱལ་ཚབ་)ན་བ་(དགུ་)བྷུ་མི་ལཔྟོ་ཧཾ(སའི་ས་ཐོབ་པ་ང་ཡིན)། (ཞེས་པས་གསང་དབང་ 3-1-139 ཐོབ།) ༀ་ཧཱུཾ་པྲཛྙཱ་(ཤེས་རབ་དང་)ཨུ་པ་ཡཽ་(ཐབས་དག་གི་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)བི་ཤྭ་མ་ཏཱ་རཽ་(སྣ་ ཚོགས་ཡུམ་དག་ནི་)པྲཛྙཱ་(ཤེས་རབ་)ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་དཱ་ཏཱཾ་(ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་ སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ།(ཅེས་གསོལ་བ་བཏབ་པས།) ༀ་ཧཱུཾ་བཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའ་)པྲཛྙཱ་ཛྙཱ་ནེ་ན་ (ཤེས་རབ་དང་ཡེ་ཤེས་ཀྱིས་)ཨ་བྷི་ཥིཀ་ཏོ་(མངོན་པར་དབང་བསྐུར་ཏེ་)དྭི་ཏཱི་ཡ་(གཉིས་པས་)བཛྲ་དྷ་རོ་ཧཾ(རྡོ་རྗེ་ འཆང་ང་ཡིན)། དྷརྨྨ་མེ་གྷཱ་བྷཱུ་མི་ལཔྟོ་ཧཾ(ཆོས་ཀྱི་སྤྲིན་གྱི་ས་ཐོབ་པ་ང་ཡིན)། (ཞེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ ཐོབ།) ༀ་ཧོཿཔྲཛྙཱ་ཨུ་པཱ་ཡཽ་ཨཱཏྨ་ཀཾ་(ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)མ་ ཧཱ་མུ་ཏྲ་(ཆེན་པོའི་ཕྱག་རྒྱ་)ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་པྲ་ཡཙྪ་(ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩོལ།)ༀ་ ཨཱཿཧཱུཾ་ཧོཿཕཊ། (ཅེས་གསོལ་བ་བཏབ་པས།) ༀ་ཧོཿདྷརྨྨ་དྷཱ་ཏུ་ཨ་ཀྵ་ར་(ཆོས་ཀྱི་དབྱིངས་འགྱུར་བ་མེད་ པ་)ཙ་ཏུར་ཐ་(བཞི་པས་)ཨ་བྷི་ཥེ་ཀེ་ན་(མངོན་པར་དབང་བསྐུར་བས་)ཨ་བྷི་ཥེཀ་ཏོ་(མངོན་པར་དབང་བསྐུར་ཏེ་ )བཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའི་)ཨཱཏྨ་ནཱ་ཧཾ་(བདག་ཉིད་ང་)དྭི་ཏི་ཡོ་(གཉིས་པ་དང་)དྭཱ་ད་ཤ་བྷཱུ་མི་ལཔྟོ(བཅུ་ གཉིས་ཀྱི་ས་ཐོབ་པ་ང་)། བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)མ་ཧཱ་ཨརྠཿ(དོན་ཆེན་པོ་)པ་ར་མ་ཨ་ཀྵ་རཿ(མཆོག་ཏུ་ མི་འགྱུར་བ་)ཏྲཻ་ལོ་ཀྱ་བི་ཛ་ཡཿ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་)ཀ་ལ་ཙཀྲོ་བྷ་ག་བཱན་(དུས་ཀྱི་འཁོར་ ལོ་བཅོམ་ལྡན་འདས་)ཨེ་ཝཾ་ཀ་ར(ཨེ་ཝཾ་ཡི་གེ)ཿ(ཞེས་པའི་དབང་བཞི་པ་ཐོབ་པའི་ང་རྒྱལ་བཟུང་ངོ༌། །(དེ་ལྟར་དབང་བཅུ་ གཅིག་བསྐུར་བས་དྲི་མ་དག་ནས་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་པར་བསམ་མོ།།) (དེ་ནས། བཟླས་པ་བྱ་བ་ནི། བཅོམ་ལྡན་འདས་ཀྱི་སྔགས་རྐང་པ་བཅུ་དྲུག་པ་ནི།) ༀ་ན་མོ་(ཕྱག་འཚལ་ལོ་)བཛྲ་ (རྡོ་རྗེ་)སཏྭཱ་ཡ(སེམས་དཔའ)། ན་མོ་བུདྡྷ་(སངས་རྒྱས་དང་)བོ་དྷི་སཏྭེ་བྷྱཿ(བྱང་ཆུབ་སེམས་དཔའ་རྣམས་ལ།) ན་ མོ་བཛྲ་ཀྲོ་དྷ་(རྡོ་རྗེ་ཁྲོ་བོའི་)ཨིནྡྲ་(དབང་པོའི་)རཱ་ཛེ་བྷྱཿ(རྒྱལ་པོ་རྣམས་ལ།) ན་མོ་(ཕྱག་འཚལ་ལོ་)བི་ཤྭ་མཱ་ ཏྲེ(སྣ་ཚོགས་ཡུམ་ལ)། ན་མོ་(ཕྱག་འཚལ་ལོ་)བུདྡྷ་བོ་དྷི་སཏྭ་(སངས་རྒྱས་དང་བྱང་ཆུབ་སེམས་དཔའ་)དེ་བཱི་བྷྱཿ(ལྷ་ མོ་རྣམས་ལ།) ན་མོ་(ཕྱག་འཚལ་ལོ་)བཛྲ་ཌཱ་ཀི་ནཱི་བྷྱཿ(རྡོ་རྗེ་མཁའ་འགྲོ་མ་རྣམས་ལ།) ༀ་ན་མོ་(ཕྱག་འཚལ་ལོ་)བྷ་ ག་ཝ་ཏེ་(བཅོམ་ལྡན་འདས་)ཀཱ་ལ་ཙཀྲཱ་ཡ(དུས་ཀྱི་འཁོར་ལོ། (༡) བཛྲ་བྷེ་ར་བ་(རྡོ་རྗེ་འཇིགས་བྱེད་)བྷེ་ཀ་རཱ་ 3-1-140 ཡ(འཇིགས་པར་བྱེད་པ་ལ)། (༢) མ་ཧཱ་(ཆེན་པོ་)ཨིནྡྲ་(དབང་པོ་)ནཱི་ལ་(སྔོན་པོ་)ཝརྞྞ་ཤ་རཱི་རཱ་ཡ(མདོག་ཅན་ གྱི་སྐུ་ལ)། (༣) མཱ་ར་(བདུད་དང་)གླཻ་ཤ་(ཉོན་མོངས་པའི་)ཧྲི་ད་ཡཱ་(སྙིང་ཁར་)ཀྲཱནྟ་(མནན་པའི་)སི་ཏ་(དཀར་པོ་ དང་)རཀྟ་(དམར་པོ་)ཙ་ར་ཎཱ་ཡ་(ཞབས་ཅན་ལ)། (༤) ཀྲྀཥྞ་(ནག་པོ་)རཀྟ་(དམར་པོ་)སི་ཏ་(དཀར་པོའི་)ཀནྛཱ་ ཡ(མགྲིན་པ་ལ)། (༥) ནཱི་ལ་(མཐོན་མཐིང་)སི་ཏ་(དཀར་པོ་)པཱི་ཏ་(སེར་པོ་)རཀྟ་(དམར་པོ་)དཾཥྚཱ་(མཆེ་བ་)ཀ་རཱ་ (གཙིགས་པ་)ལོ་གྲ་(དྲག་ཅིང་)བྷཱི་ཥ་ཎ་མུ་ཁ་ཡ(འཇིགས་སུ་རུང་བའི་ཞལ་ལ)། (༦) ཀྲྀཥྞ་(ནག་པོ་)རཀྟ་(དམར་ པོ་)སི་ཏ་(དཀར་པོའི་)ས་བྱ་ཏ་ར་སྐནྡྷཱ་ཡ(གཡས་པ་དང༌། ཅིག་ཤོས་ཀྱི་ཕྲག་པ་ལ)། (༧) དྭ་ད་ཤ་བྷཱུ་ཛཱ་ཡ(བཅུ་ གཉིས་ཀྱི་དཔུང་པ་ལ)། (༨) ཥཊ་བིཾ་ཤ་ཏི་(དྲུག་དང་ཉི་ཤུའི་)ཀ་རཱ་ཡ(ཕྱག་ལ)། (༩) བཛྲ་(རྡོ་རྗེ་)ཁཊ་ག་(རལ་ གྲི་)ཏྲི་ཤཱུ་ལ་(རྩེ་གསུམ་)ཀརྟི་ཀཱ་(གྲི་གུག་)བཱ་ཎ་(མདའ་)ཨཾ་ཀུ་ཤ(ལྕགས་ཀྱུ)། ཌ་མ་རུ་ཀ(ཅང་ཏེའུ)། མུད་ ག་ར(ཐོ་བ)། ཙཀྲ(འཁོར་ལོ)། ཀུན་ཏ(མདུང་)། དན་ཌ(དབྱུག་པ)། པར་ཤུ(དགྲ་སྟ)། བཛྲ་(རྡོ་རྗེ་)གྷན་ ཌེ(དྲིལ་བུ)། ཁེ་ཊ(ཕུབ)། ཁ་ཊྭཱཾ་ག(ཁ་ཊྭཱཾ་ག) །ཀ་པཱ་ལ(ཐོད་པ)། ཙ་པ(གཞུ)། པཱ་ཤ(ཞགས་པ)། རཏྣ(རིན་ པོ་ཆེ)། ཀ་མ་ལ(པད་མ)། ཤཾ་ཁ(དུང་)། ཨཱ་དར་ཤ(མེ་ལོང་)། ཤྲིཾ་ཁ་ལཱ(ལྕགས་སྒྲོག)། པྲཧྨ་ཤི་རོ(ཚངས་ པའི་མགོ་བོ)། ག་ཛ་ཙར་མ་དྷྲྀ་ཏ་ཀ་རཱ་ཡ(གླང་པོ་ཆེའི་ལྤགས་པ་འཛིན་པའི་ཕྱག་ལ)། (༡༠) བྱཱ་གྷྲ་(སྟག་གི་)ཙར་ མ་ནི་(ལྤགས་པའི་)ཝ་ས་ནཱ་ཡ(ཤམ་ཐབས་ལ)། (༡༡) སྐན་དྷེ་(ཕྲག་པ་ལ་)མུན་ཌ་མཱ་ལཱ་བ་ལཾ་བི་ནེ(མགོའི་ ཕྲེང་བ་འཕྱང་བ་ཅན་ལ)། (༡༢) ཤི་ར་སི་(སྤྱི་བོར་)བཛྲ་པཊྚ་(རྡོ་རྗེ་དར་དཔྱངས་)མུ་ཀུ་ཊེ་(ཅོད་པན་)བཛྲ་(རྡོ་རྗེ་) ཀ་པཱ་ལ་མཱ་ལཱ(ཐོད་པའི་ཕྲེང་བ)། ཨར་དྷ་(ཕྱེད་པའི་)ཙནྡྲ་(ཟླ་བ་)དྷ་རཱ་ཡ(འཛིན་པ་ལ)། (༡༣) ཀུཎྜ་ལ(རྣ་རྒྱན)། རུ་ཙ་ཀ(ཕྱག་གདུབ)། ཀཎྛི་ཀཱ(མགུལ་རྒྱན)། མེ་ཁ་ལཱ་(འོག་པག་)ནཱུ་པཱུ་ར(ཞབས་གདུབ)། བྷསྨ(ཐལ་བ)། ཡ་ཛྙོ་པ་བཱི་ཏ་(མཆོད་ཕྱིར་ཐོགས་)ཤི་རོ་(སྤྱི་བོར་)མ་ཎི་(ནོར་བུ་)མ་ཧཱ་(ཆེན་པོ་) མུ་ཏྲ་(ཕྱག་རྒྱ་)ནཱ་ག་(ཀླུའི་) ཨིནྡྲ་(དབང་པོ་)བི་བྷཱུ་ཥ་ཎཱ་ཡ(རྣམ་པར་རྒྱན་པ་ལ)།(༡༤) བཛྲ་(རྡོ་རྗེ་)ཌཱ་ཀི་ནཱི་(མཁའ་འགྲོ་མས་)སནྟོ་ཥྟི་(ཡང་ དག་པར་མཉེས་པའི་)ཧྲི་ད་ཡཱ་ཡ(ཐུགས་ལ)། (༡༥) ཨིནྡྲ(དབང་པོ)། ཨགྣི་(མེ་ལྷ)། ཡ་མ(གཤིན་རྗེ)། ནཻཪྼྀ་ ཏྱ(བདེན་བྲལ)། བ་རུ་ཎ་(ཆུ་ལྷ)། བཱ་ཡུ(རླུང་ལྷ)། ཀུ་བེ་ར(ལུས་ངན)། ཨཱི་ཤཱ་ན(དབང་ལྡན)། པྲཧྨ(ཚངས་ 3-1-141 པ)། བིཥྞུ(ཁྱབ་འཇུག)། བི་ན་ཡ་ཀ(ལོག་འདྲེན)། ཀཱཪྟི་ཀེ(སྨིན་དྲུག་གི་བུ)། ཡ་ནནྡི་(དགའ་བྱེད)། མ་ཧཱ་ ཀཱ་ལ(ནག་པོ་ཆེན་པོ)། གྲ་ཧ(གཟའ)། ན་ཀྵ་ཏྲ(སྐར་མ)། ཀྵེ་ཏྲ་པཱ་ལ(ཞིང་སྐྱོང་)། སུ་ར་ཨིནྡྲ(ལྷའི་དབང་པོ)། ཨ་སུ་ར་ཨིནྡྲ(ལྷ་མིན་དབང་པོ)། ཕ་ནི་ཨིནྡྲ(གདེངས་ཀའི་དབང་པོ)། བྷཱུ་ཏ་ཨིནྡྲ(འབྱུང་པོའི་དབང་པོ)། ན་ར་ ཨིནྡྲ(མིའི་དབང་པོས)། སཾསྟུ་ཏ་ཙ་ར་ཎ་ཡ(ཡང་དག་པར་བསྟོད་པའི་ཞབས་ལ)། (༡༦)ཧ་ཧཱ་ཀྵ་ཀྵཱ་ང་ངཱ་ྈྐ་ྈྐཱྀ་ ན་ནཱ་མ་མཱ་ཎ་ཎཱ་ཉ་ཉཱ་ཧུཾ་ཧཱུཾ་ཕྲེཾ་ཕྲཱེཾ་ཕཊ་ཕཊ། ཀླྀ་ཀླཱྀ་ཁུ་ཁཱུ་གྼྀ་གྼཱྀ་གྷི་གྷཱི་ཧ་ཧཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཙླྀ་ ཙླཱྀ་ཚུ་ཚཱུ་ཛྼྀ་ཛྼཱྀ་ཛྷི་ཛྷཱི་ཡ་ཡཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཊླྀ་ཊླཱྀ་ཋུ་ཋཱུ་ཌྼྀ་ཌྼཱྀ་ཌྷི་ཌྷཱི་ར་རཱ་ཧུཾ་ཧཱུཾ་ཕཊ་ཕཊ། པླྀ་པླཱྀ་ ཕུ་ཕཱུ་བྼྀ་བྼཱྀ་བྷི་བྷཱི་ཝ་ཝཱ་ཧུཾ་ཧཱུཾ་ཕཊ་ཕཊ། ཏླྀ་ཏླཱྀ་ཐུ་ཐཱུ་དྼྀ་དྼཱྀ་དྷི་དྷཱི་ལ་ལཱ་ཧུཾ་ཧཱུཾ་ཕཊ་ཕཊ། སླྀ་སླཱྀ་ ྉྤུ་ྉྤཱུ་ཥྼྀ་ཥྼཱྀ་ཤི་ཤཱི་ཧཾ་ཧཿཧུཾ་ཧཱུཾ་ཕཊ་ཕཊ། ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཨ་ཨཱ་ཨཾ་ཨཿ ཧཾ་ཧཱ་ཧ་ ཧཿཕྲེཾ་ཧོཿ (ཞེས་པ་དང༌།) (དེ་བཞིན་དུ་རྐང་པ་བདུན་ཅུ་རྩ་གཉིས་པ་ནི།) ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཧྐྵྨླྺྼྻྂ་ཀཱ་ལ་ཙཀྲ(དུས་ཀྱི་འཁོར་ལོ)། (༡) དུར་དཱན་ཏ་(གདུལ་དཀའ་བ་)ད་མ་ཀ་(འདུལ་བ་པོ་)ཛཱ་ ཏི་(སྐྱེ་བ་)ཛཱ་རཱ་(རྒ་བ་)མ་ར་ཎ་(འཆི་བ་)ཨནྟ་ ཀ(མཐར་བྱེད་པ)། (༢) ཏྲཻ་ལོ་ཀྱ་བི་ཛ་ཡ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ)། (༣) མ་ཧཱ་(ཆེན་པོ་)བི་ར་ (དཔའ་བོའི་)ཨཱི་ཤྭ་ར(དབང་ཕྱུག)། (༤) བཛྲ་བྷེ་ར་ཝ(རྡོ་རྗེ་འཇིགས་བྱེད)། (༥) བཛྲ་ཀཱ་ཡ(རྡོ་རྗེའི་སྐུ)། (༦) བཛྲ་གཱ་ཏྲ(རྡོ་རྗེའི་ལུས་སམ་གོང་བུ)། (༧) བཛྲ་ནཻ་ཏྲ(རྡོ་རྗེའི་སྤྱན)། (༨) བཛྲ་ཤྲོ་ཏྲ(རྡོ་རྗེའི་སྙན)། (༩) བཛྲ་གྷྲཱ་ ཎ(རྡོ་རྗེའི་ཤངས)། (༡༠) བཛྲ་ཛི་ཧྭ(རྡོ་རྗེའི་ལྗགས)། (༡༡) བཛྲ་དན་ཏ་(རྡོ་རྗེ་ཚེམས)། (༡༢) བཛྲ་ན་ཁ་(རྡོ་རྗེ་ སེན་མོ)། (༡༣) བཛྲ་ཀེ་ཤ(རྡོ་རྗེའི་སྐྲ)། (༡༤) བཛྲ་ལོ་མ(རྡོ་རྗེའི་བ་སྤུ)། (༡༥) བཛྲ་ཨཱ་བྷ་ར་ཎ(རྡོ་རྗེའི་རྒྱན)། (༡༦) བཛྲ་ཧཱ་ས(རྡོ་རྗེའི་བཞད་པ)། (༡༧) བཛྲ་གཱི་ཏ(རྡོ་རྗེའི་གླུ)། (༡༨) བཛྲ་ནྲྀ་ཏྱ(རྡོ་རྗེ་གར)། (༡༩) བཛྲ་ཨཱ་ ཡུ་དྷ་ཀ་ར(རྡོ་རྗེའི་མཚོན་ཆ)། (༢༠) བཛྲ་ཀྲོ་དྷ་རཱ་ཛ་(ཁྲོ་བོའི་རྒྱལ་པོ་)ཨཱ་ཏི་པ་ཏི(མངའ་བདག)། (༢༡) བཛྲ་ ཌཱ་ཀ(རྡོ་རྗེའི་མཁའ་འགྲོ་དང་)།(༢༢) བཛྲ་ཌཱ་ཀི་ནཱི་(རྡོ་རྗེའི་མཁའ་འགྲོ་མའི་)ཛཱ་ལ་པཱ་རི་བྲི་ཏ(དྲ་བས་ཡོངས་སུ་ བསྐོར་བ)། (༢༣) ཤཱི་གྷྲཾ་(མྱུར་དུ་)ཨཱ་གཙྪ་(བྱོན་)ཨ་གཙྪ(བྱོན)། (༢༤) བཛྲ་ས་ཏྭ་(རྡོ་རྗེ་སེམས་དཔའ་)ཨཱ་ཛྙཱ་ 3-1-142 ཡཱ(བཀའ་ཡིས)། སརྦ་(ཐམས་ཅད་)མཱ་ར་(བདུད་)བིགྷྣ(བགེགས)། བི་ནཱ་ཡ་ཀ་(ལོག་འདྲེན་)ཀིཾ་ན་ར་(མིའམ་ཅི་ )ཀིཾ་པུ་རུ་ཥ་(སྐྱེས་བུའམ་ཅི་)ག་རུ་ཌ(ནམ་མཁའ་ལྡི ང་)། གནྡྷཪྦ(དྲི་ཟ)། ཡཀྵ་(གནོད་སྦྱིན་)རཀྵ་ས་(སྲིན་པོ་)བྷཱུ་ ཏ་(འབྱུང་པོ་)མ་ཧཱ་པྲེ་ཏ་(ཡི་དྭགས་ཆེན་པོ་)ཀུཾ་བྷཱཎ་ཌ(གྲུལ་བུམ)། ཨ་པ་སྨཱ་ར(བརྗོད་བྱེད)། ཀྵེ་ཏྲ་པཱ་ལ(ཞིང་ སྐྱོང་)། བེ་ཏ་ཌ(རོ་ལངས)། པཱུ་ཏ་ནཱ(སྲུལ་པོ)། དུཥྚཾ་(གདུག་པའི་)ནཱ་ག་(ཀླུ་དང་)གྲ་ཧ། ཨཱ་ཏ(གཟའ་ལ་སོགས་ པ་)ཡཽ་ཡེ(གང་དག་གི་གང་ཞིག)། སརྦ་ཛྭ་ར(ཐམས་ཅད་རིམས)། སརྦ་(ཐམས་ཅད་)བྱཱ་དྷི་(ནད་)ཀྵུ་ཏྲ(ཕྲ་མོའི)། ཨུ་པ་(ཉེ་བར་)དྲ་བ་(འཚེ་བ)། ཀཱ་རི་ཎཿ(བྱེད་པ་པོ་) སརྦ་སཏྭ་ནཾ(ཐམས་ཅད་སེམས་ཅན་རྣམས་ལ)། སརྦ་ (ཐམས་ཅད་)ཨ་པ་(གནོད་པ་)ཀ་ར(བྱེད་པར)། ར་ཏཱསྟཱན(དགའ་བ)། སརྦཱན་ཛཿ(དེ་རྣམས་ཐམས་ཅད) ཤཱི་གྷྲཾ་ (མྱུར་དུ་)བཛྲ་ཨཾ་ཀུ་ཤེ་ན་(རྡོ་རྗེ་ལྕགས་ཀྱུ་)ཨཱ་ཀྲྀ་ཥྱཱ་ཨ་ཀྲྀ་ཥྱ(ཁུག་ཅིག་ཁུག་ཅིག)། (༢༥) ཨཱུར་དྷ་(སྟེང་གི་)དི་ ཤི་ག་ཏཱ་ནཱ་(ཕྱོགས་སུ་གནས་པ་རྣམས་)ཀྲྀ་ཥྱཱ་ཀྲྀ་ཥྱ། (༢༦)པཱུརྦ་(ཤར་)དི་ཤི་ག་ཏཱ་ནཱ་(ཕྱོགས་སུ་གནས་པ་རྣམས་) ཀྲྀ་ཥྱཱ་ཀྲྀ་ཥྱ། (༢༧) དཀྵི་ཎ་(ལྷོ་)དི་ཤི་ག་ཏཱ་ནཱ་(ཕྱོགས་སུ་གནས་པ་རྣམས་)ཀྲྀ་ཥྱཱ་ཀྲྀ་ཥྱ། (༢༨) ཨུད་ཏ་ར་ (བྱང་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༢༩) པཥྩི་མ་(ནུབ་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༠) བ་ཡ་བྱ་ (རླུང་གི་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༡) ཨཱི་ཤཱ་ན་(དབང་ལྡན་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༢) ནཻཪྼ་ ཏྱ་(བདེན་བྲལ་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༣) ཨགྣེ་ཡ་(མེའི་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༤) ཨ་ དྷོ་(འོག་གི་)དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༥) ཨཱ་ཀཱ་ཤ་(ནམ་མཁའི་) མཎྜ་ལ་(དཀྱིལ་ལ་)དི་ཤི་ག་ཏཱ་ནཱ་ ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༦) བ་ཡུ་ (རླུང་གི་)མཎྜ་ལ་དི་ཤི་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༧) ཏེ་ཛོ་(མེའི་) མཎྜ་ལ་ ག་ཏཱ་ནཱ་ཀྲྀ་ཤྱཱ་ཀྲྀ་ཥྱ། (༣༨) ཏོ་ཡ་(ཆུའི་)མཎྜ་ལ་ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༣༩) པྲི་ཐི་བཱི་མཎྜ་ལ་(སའི་ དཀྱིལ་འཁོར་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༠) ཀཱ་མ་དྷཱ་ཏུ་(འདོད་པའི་ཁམས་ན་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༡) རཱུ་པ་དྷ་ཏུ་(གཟུགས་ཀྱི་ཁམས་ན་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༢) ཨ་རཱུ་པ་དྷ་ཏུ་(གཟུགས་མེད་པའི་ཁམས་ན་)ག་ ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༣) ཀཱ་ཡ་དྷ་ཏུ་(ལུས་ཀྱི་ཁམས་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༤) བཱག་དྷ་ཏུ་(ངག་གི་ ཁམས་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༥) ཙིཏྟ་དྷ་ཏུ་(སེམས་ཀྱི་ཁམས་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༦) པཉྩ་ 3-1-143 སྐན་དྷ་(ཕུང་པོ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༧) པཉྩ་དྷ་ཏུ་(ཁམས་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༨) པཉྩ་ ཨིནྡྲ་ཡ་(དབང་པོ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༤༩) པཉྩ་བི་ཥ་ཡ་(ཡུལ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༥༠) པཉྩ་ཀརྨ་ཨིནྡྲི་ཡ་(ལས་ཀྱི་དབང་པོ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༥༡) པཉྩ་ཀརྨ་ཨིནྡྲི་ཡ་བི་ཥ་ཡ་(ལས་ཀྱི་ དབང་པོའི་ཡུལ་ལྔ་ལ་)ག་ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ། (༥༢) སརྦ་ཏོ་ཡ་ཏྲ་ཀུ་ཏྲ་ཙིཏྟ་(ཐམས་ཅད་གང་སུ་ཡང་རུང་བ་)ག་ ཏཱ་ནཱ་ཀྲྀ་ཥྱཱ་ཀྲྀ་ཥྱ།(གནས་པ་ཐམས་ཅད་ཁུག་ཅིག་ཁུག་ཅིག) (༥༣) མ་ཧཱ་ཤྨ་ཤཱ་ན་(དུར་ཁྲོད་ཆེན་པོའི་)བཛྲ་(རྡོ་རྗེ་) ཨགྣི་(མེ་)ཛྭ་ལི་ཏ་(འབར་བའི་)བྷཱུ་མྱཾ་(ས་གཞི་ལ་)ནི་པཱ་ཏ་ཡ་ནི་པཱ་ཏ་ཡ(ངེས་པར་སྟོབས་གཉིས)། (༥༤) བཛྲ་ (རྡོ་རྗེ་)པཱ་ཤེ་ན་(ཞགས་པས་)སརྦ་(ཐམས་ཅད་)བྷུ་ཛེ་ཥུ་(ལག་པ་རྣམས་)བན་དྷ་ཡ་བན་དྷ་ཡ(ཆིངས་ཆིངས)། (༥༥) བཛྲ་ཤྲིཾ་ཁ་ལ་ཡཱ་(རྡོ་རྗེ་ལྕགས་སྒྲོག་གིས་)སརྦ་པ་དེ་ཥུ་(ཐམས་ཅད་ཀྱི་རྐང་པ་རྣམས་)ནི་རོ་དྷ་ཡ་ནི་རོ་ དྷ་ཡ(ངེས་པར་སྡོམས་གཉིས)། (༥༦) སརྦ་(ཐམས་ཅད་)སཏྭེ་ཥུ་(སེམས་ཅན་རྣམས་ཀྱི་)ཀཱ་ཡ་(ལུས་)བཱཀ་(ངག་) ཙིཏྟ་(སེམས་)ཨུ་པ་ཏྲ་བ་(ཉེ་བར་འཚེ་བ་)ཀཱ་ར་(བྱེད་པ་)ར་ཏཱ་ཏཱན་(དགའ་བ་དེ་རྣམས་)མཧཱ་ཀྲོ་དྷ་བཛྲེ་ཎ་(ཁྲོ་ བོ་ཆེན་པོའི་རྡོ་རྗེས་)ཙུརྞྞ་ཡ་ཙུརྞྞ་ཡ(ཕྱེ་མར་གྱིས་ཕྱེ་མར་གྱིས)། (༥༧) བཛྲ་ཁཌ་གེ་ན་(རྡོ་རྗེ་རལ་གྲིས་)ནི་ཀྲྀནྟ་ ཡ་ནི་ཀྲྀནྟ་ཡ(ངེས་པར་གཤོགས་ངེས་པར་གཤོགས)། (༥༨) བཛྲ་(རྡོ་རྗེ་)ཏྲི་ཤཱུ་ལེ་ན་(རྩེ་གསུམ་པས་)བྷེ་ད་ཡ་བྷེ་ ད་ཡ(ཕྱེ་ཅིག་ཕྱེ་ཅིག)། (༥༩) བཛྲ་ཀརྟྟི་ཀ་ཡཱ་(རྡོ་རྗེ་གྲི་གུག་གིས་)ཧ་ན་ཧ་ན(ཆོམས་ཆོམས)། (༦༠) བཛྲ་བཱ་ ཎེ་ན་(རྡོ་རྗེ་མདའ་ཡིས་)བིནྡྷ་བིནྡྷ(ཕུག་གཉིས)། (༦༡) བཛྲ་ཀཱི་ལ་ཀཻཿ(རྡོ་རྗེ་ཕུར་པ་རྣམས་ཀྱིས)ཀཱི་ལ་ཡ་ཀཱི་ ལ་ཡ(ཕུར་བུས་ཐོབ་གཉིས)། (༦༢) བཛྲ་མུདྒ་རེ་ཎ་(རྡོ་རྗེ་ཐོ་བས་)ཨཱ་ཀོ་ཊ་ཡ་ཨཱ་ཀོ་ཊ་ཡ(བརྡུངས་གཉིས)། (༦༣) བཛྲ་ཙཀྲེ་ཎ(རྡོ་རྗེ་འཁོར་ལོས་)ཙྪེ་ད་ཡཙྪེ་ད་ཡ(ཆོད་ཆོད)། (༦༤) བཛྲ་ཀུན་ཏེ་ན་(རྡོ་རྗེ་མདུང་གིས་) བྷི ནྡྷ་བྷི ནྡྷ(ཕུག་གཉིས)། (༦༥) བཛྲ་དཎྜེ་ཎ་(རྡོ་རྗེ་དབྱུག་པས་)ཏཱ་ཌ་ཡ་ཏཱ་ཌ་ཡ(རྒྱོབ་གཉིས)། (༦༦) བཛྲ་ པར་ཤུ་ནཱ་(རྡོ་རྗེ་དགྲ་སྟས་)ཙྪིན་ད་ཙྪིན་ད་(གཏུབས་གཏུབས)། (༦༧) ས་ཨར་དྷ་ཏྲྀ་ཀོ་ཊི་(ཕྱེད་དང་བཅས་པའི་ བྱེ་བ་གསུམ་གྱིས་)ཁཎ་ཌཾ་ཀྲྀ་ཏྭཱ་(དུས་བུར་བྱས་ནས་)ཤྨ་ཤཱ་ན་བྷཱུ་མྱཾ་(དུར་ཁྲོད་ཀྱི་ས་གཞིར་)སརྦ་(ཐམས་ཅད་)བྷཱུ་ ཏེ་བྷྱོ་(འབྱུང་པོ་རྣམས་ཀྱི་)བ་ལིཾ་(གཏོར་མ་)ཀུ་རུ་ཀུ་རུ(མཛོད་གཉིས)། (༦༨) བཛྲ་ཌ་མ་རུ་ཀེ་ན་(རྡོ་རྗེ་ཅང་ 3-1-144 ཏེའུས་)བཛྲ་ཌཱ་ཀི་ནཱི་རཱ་(རྡོ་རྗེ་མཁའ་འགྲོ་མ་རྣམས་)བཱ་ཧ་ཡ་བཱ་ཧ་ཡ(བོས་བོས)། (༦༩) བཛྲ་ཌཱ་ཀི་ནཱི་བྷྱོ་(རྡོ་ རྗེ་མཁའ་འགྲོ་མ་རྣམས་)མཱ་ར་ཀཱ་ཡི་ཀཱ་ནཱཾ་(བདུད་ཀྱི་རིས་རྣམས་ཀྱི་)རུ་དྷི་རཾ་(ཁྲག་)ནི་བེ་ད་ཡ་ནི་བེ་ད་ཡ(ངེས་ པར་གསོལ་དུ་ཆུག་གཉིས)། (༧༠) པཉྩ་ཨ་མྲྀ་ཏ་(བདུད་རྩི་ལྔ་)ཨཱ་ཧཱ་རི་ཎི་བྷྱཿ(འཕྲོག་མ་རྣམས་ཀྱིས) པཉྩ་ཨ་ མྲྀ་ཏཾ་(བདུད་རྩི་ལྔ་)ནེ་བེ་ད་ཡ་ནི་བེ་ད་ཡ(ངེས་པར་གསོལ་དུ་ཆུག་གཉིས)། (༧༡) སརྦ་བཛྲ་ཌཱ་ཀི་ནཱི་ས་ཧི་ ཏཿ(རྡོ་རྗེ་མཁའ་འགྲོ་མ་འབྲེལ་པ་དང་བཅས་པ་ཐམས་ཅད་ཀྱིས།) སརྦ་སཏྭ་ནཾ་(སེམས་ཅན་ཐམས་ཅད་ལ་)ཤཱནྟིཾ་ཀཾ་ (ཞི་བ་དང་)པཽཥྚཾ་ཀཾ་(རྒྱས་པ་)རཀྵ་(བསྲུང་བ་དང་)ཨཱ་བ་ར་ཎ་(བསྐྱབ་པ་དང་)གུཔྟིཾ་(སྦ་བ་)ཀུ་རུ་ཀུ་རུ་(མཛོད་ མཛོད་)ཧུཾ་ཧཱུཾ་ཕཊ། (༧༢) (ཅེས་ཅི་ནུས་ཀྱིས་བཟླས་ཏེ་དངོས་གཞིའོ།།) (གསུམ་པ་ཐུན་མཚམས་ཀྱི་བྱ་བ་ལ་ལྔ་སྟེ། མཆོད་པའི་ཆོ་ག བསྟོད་པའི་ཆོ་ག གཏོར་མའི་ཆོ་ག ཁ་ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར་སོགས་སོ། །དང་པོ་ལ། ཕྱིའི་མཆོད་པ་དང༌། ནང་གི་མཆོད་པའོ། །དང་པོ་ནི། མཆོད་པའི་ཡོ་བྱད་ རྣམས་ལ།) ༀ་ཨཱཿཧཱུཾ་ཧྲཿཕཊ། (ཅེས་པས་བསངས།) ༀ་སྭ་བྷཱ་ཝ་ཤུདྡྷཱྀསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། (ཞེས་པས་སྦྱངས།) ༀ་ཨཱཿཧཱུཾ་ཧོཿརྣམས་ལས་བྱུང་བའི་ཆུ་དང་མཆོད་ཡོན་དང་དྲི་དང་མེ་ཏོག་དང་ བདུག་པ་དང་སྣང་གསལ་དང༌། ཞལ་ཟས་དམ་པ་དག་དང༌། རྣམ་པ་མང་པོའི་འབྲས་བུ་མ་ ཉམས་པ་དང༌། གོས་དང་རྒྱན་དང་བ་དན་དང༌། བླ་རེ་ལ་སོགས་པ་དང༌། གླུ་དང་གར་དང་ མེ་ལོང་དང༌། དྲིལ་བུ་ལ་སོགས་པ་སིལ་སྙན་གྱི་ཚོགས་དུ་མ་དང༌། །ཨིནྡྲ་ནཱི་ལ་ལ་སོགས་པ་ རྣམ་པ་མང་པོའི་རིན་པོ་ཆེ་དང༌། ནང་གི་དམ་ཚིག་རྣམ་དང༌། དམ་ཚིག་རྣམ་པ་བཞིའི་རྫས་ ལ་སོགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ། དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར།(པར་བསམ།) ༀ་བཛྲ་གནྡྷཾ་སྭཱཧཱ། སོགས་ཀྱིས་བྱིན་ གྱིས་བརླབས་ནས། མདུན་གྱི་ནམ་མཁར་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ ཐམས་ཅད་ༀ་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ (ཞེས་པས་སྤྱན་དྲངས་པ་ལ། ཕྱིའི་མཆོད་པ་ནི།) ༀ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ཤྭ་ར་(ཁམས་གསུམ་གྱི་བདག་ཉིད་)ཀཱ་ལ་ཙཀྲ་(དུས་ཀྱི་འཁོར་ལོ་)ཨརྒྷཾ་(མཆོད་ཡོན་)པྲ་ཏཱིཙྪ་(སོ་སོར་ 3-1-145 བཞེས་)ས་པ་རི་ཝཱ་རཿ(འཁོར་དང་བཅས་པ་རྣམས་)ཏྭཾ་(ཁྱོད་)བྷ་ག་ཝན་(བཅོམ་ལྡན་འདས་)མེ་བ་ར་དོ་བྷ་བ་ ཤི་ཥྱ་ནཱཾ་ཙ(བདག་ལ་མཆོག་ཀུན་སྩོལ་བར་མཛོད)། ཞེས་པས་མཆོད་ཡོན་ཕུལ་ནས་གསོལ་བ་གདབ། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿ པཱ་དྱཾ་པྲ་ཏཱིཙྪ་ན་མཿ ཞེས་པས་ཞབས་བསིལ་དང༌། དེ་ བཞིན་དུ་ཨཉྩ་མ་ནཾ་པྲ་ཏཱིཙྪ་ན་མཿ ཞེས་པས་ཞལ་བསིལ་དང༌། པྲོ་ཀྵ་ཎཾ་པྲ་ཏཱིཙྪ་ན་མཿ ཞེས་ པས་བསང་གཏོར་དབུལ་བར་བྱའོ། །དེ་ནས། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང༌། །ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་ (ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་དོལ་པོ་བས་མཛད།)དབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་ སུ་གསོལ། །ཞེས་པའམ། རྒྱས་པར་བྱེད་ན། ཁམས་གསུམ་དབང་ཕྱུག་བཅོམ་ལྡན་འདས། །དུས་ཀྱི་འཁོར་ལོ་འཁོར་བཅས་རྣམས། །རྣམ་དག་རྡོ་རྗེ་དྲི་མཆོག་འདི། །བཞེས་ནས་བདག་ ལ་མཆོག་སྩོལ་མཛོད། །ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝཱ་རི་བྷྱཿ ཞེས་ཀུན་ལ་སྦྱར་ཏེ། བཛྲ་(རྡོ་རྗེ་ )གནྡྷཾ་(དྲི་མ་)པྲ་ཏཱིཙྪ་ན་མཿ(སོ་སོར་བཞེས) རྐང་པ་གསུམ་སྔ་མ་བཞིན་ཀུན་ལ་སྦྱར་ཞིང༌། རྡོ་རྗེ་ མེ་ཏོག་རྣམ་བཀྲའི་ཚོགས། །བཛྲ་པུཥྤཾ་(རྡོ་རྗེ་མེ་ཏོག་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་བདུག་སྤོས་བླ་ན་མེད། །བཛྲ་དྷཱུ་པཾ་(རྡོ་རྗེ་བདུག་སྤོས་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒྲོན་མ་འོད་རབ་གསལ། །བཛྲ་དཱི་པཾ་(རྡོ་རྗེ་སྒྲོན་མ་ )པྲ་ཏཱིཙྪ་ན་མཿ རྡོ་རྗེ་ཞལ་ཟས་རོ་མཆོག་ལྡན། །བཛྲ་ནཱཻ་བེ་ཏྱ་(རྡོ་རྗེ་ཞལ་ཟས་)པྲ་ཏཱིཙྪ་ན་མཿ རྡོ་ རྗེ་མ་ཉམས་འབྲས་བུའི་ཚོགས། །བཛྲ་ཨ་ཀྵ་ཏཱཾ་(རྡོ་རྗེ་མ་ཉམས་པ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་སྒེག་མོའི་ མཆོད་པ་འདི། །བཛྲ་ལ་སྱཾ་(རྡོ་རྗེ་སྒེག་མོ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་བཞད་མའི་མཆོད་པ་འདི། །བཛྲ་ཧ་ སྱཾ་(རྡོ་རྗེ་བཞད་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་སིལ་སྙན་རྣམ་མང་པོ། །བཛྲ་བཱ་དྱཾ་(རྡོ་རྗེ་སིལ་སྙན་མ་)པྲ་ཏཱིཙྪ་ན་ མཿ རྡོ་རྗེ་གར་གྱི་མཆོད་པ་འདི། །བཛྲ་ནྲྀ་ཏྱཾ་(རྡོ་རྗེ་གར་མ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་གླུ་དབྱངས་ཡིད་ འཕྲོག་ལྡན། །བཛྲ་གཱི་ཏཾ་(རྡོ་རྗེ་གླུ་)པྲ་ཏཱིཙྪ་ན་མཿ རྡོ་རྗེ་འདོད་མའི་མཆོད་པ་མཆོག །བཛྲ་ཀཱ་མཾ་ (རྡོ་རྗེ་འདོད་མ་)པྲ་ཏཱིཙྪ་ན་མཿ (ཞེས་མཆོད་དོ།།) 3-1-146 (དེ་ནས་གཉིས་པ།) ནང་མཆོད་གོང་བཞིན་(ༀ་ཨཱཿ)བསངས་(སྭ་བྷཱ་ཝས་)སྦྱངས། སྟོང་པའི་ངང་ ལས་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། ཨ་ལས་བུམ་པའི་སྒྱེད་པུའི་ སྟེང་དུ། ཀཾ་ལས་ཀ་པཱ་ལ་ཡངས་པའི་ནང་དུ་པད་མ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་ བཞིར། ཨ་ཨི་ར་ཨུ་ལ་ལས་བྱུང་བའི་ཁུ་བ་རྐང་ཁྲག་དྲི་ཆུ་དྲི་ཆེན་མཚམས་བཞི་དང་དབུས་ སུ། ལཱྀ་ཨཱུ་རཱྀ་ལཱྀ་ཨཱ་ལས་བྱུང་བའི་གླང་པོ་ཆེ། བ་ལང༌། ཁྱི། རྟ། མིའི་ཤ་དེ་རྣམས་ཀྱི་སྟེང་ དུ། ༀ་ཨཱཿཧཱུཾ་ཧོཿ (ལག་པ་གཡོན་པ་བསྟན་ནས། དེར་ཟླ་བ་ལ་གནས་པའི་ༀ་ཡིག་སྐུ་རྡོ་རྗེའི་འོད་ཟེར་དང༌།) ༀ་ ༀ་བཛྲ་(རྡོ་རྗེ་)ཙནྡྲ་(ཟླ་བ་) སརྦ་དྷརྨྨ་སུ་བི་ཤུདྡྷ་སྭ་བྷཱ་ཝ་(ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ )སརྦ་དྷརྨྨཱན་བི་ཤོ་དྷ་ཡ་(ཆོས་ཐམས་ཅད་རྣམ་པར་སྦྱོངས།)སྭཱཧཱ། (ལག་པ་གཡས་པ་བསྟན་ནས། ཉི་མ་ལ་གནས་ པའི་ཨཱཿཡིག་གསུང་རྡོ་རྗེའི་འོད་ཟེར་དང༌།) ༀ་ཨཱཿབཛྲ་(རྡོ་རྗེ་)སཱུཪྻ་(ཉི་མ་)སརྦ་དྷརྨྨ་པྲ་བོ་དྷ་ཀ་(ཆོས་རྣམས་ ཐམས་ཅད་རབ་ཏུ་སད་པར་བྱེད་པས་)སརྦ་དྷརྨྨཱན་པྲ་བོ་དྷ་ཡ་(ཆོས་རྣམས་ཐམས་ཅད་རབ་ཏུ་སད་པར་མཛོད།)སྭཱཧཱ། (ཞེས་པས་སྤེལ། གཉིས་ཀ་བསྟན་ཅིང་བཀབ་ནས། དེར་སྒྲ་གཅན་ལ་གནས་པའི་ཧཱུཾ་ཡིག་ཐུགས་རྡོ་རྗེ་འོད་ཟེར་དང༌།) ༀ་ཧཱུཾ་ བཛྲ་(རྡོ་རྗེ་)ཨ་ན་ལ་(མེ་)སརྦ་དྷརྨྨ་པྲ་དཱི་པ་ཀ་(ཆོས་རྣམས་ཐམས་ཅད་རབ་ཏུ་འབར་བར་བྱེད་པ་)སརྦ་དྷརྨྨན་ པྲ་དཱི་པ་ཡ་(ཆོས་རྣམས་ཐམས་ཅད་རབ་ཏུ་འབར་བར་མཛོད།)སྭཱཧཱ། (ཞེས་པས་མེ་སྦར། མཁའ་ལྡི ང་གི་ཕྱག་རྒྱ་བསྟན་ ནས། དེར་དུས་མེ་ལ་གནས་པའི་ཧོཿཡིག་ཡེ་ཤེས་རྡོ་རྗེའི་འོད་ཟེར་དང༌།) ༀ་ཧོཿསརྦ་དྷརྨྨ་བཛྲ་ཨ་མྲྀ་ཏ་ཀ་ར་(ཆོས་ རྣམས་ཐམས་ཅད་རྡོ་རྗེའི་བདུད་རྩིར་བྱེད་པ་)སརྦ་དྷརྨྨན་བཛྲ་ཨ་མྲྀ་ཏཾ་ཀུ་རུ་ཀུ་རུ་(ཆོས་ཐམས་ཅད་རྡོ་རྗེ་བདུད་ རྩིར་མཛོད་མཛོད།)སྭཱཧཱ། (ཞེས་པས་བདུད་རྩིར་བྱིན་གྱིས་བརླབས་ཏེ། དང་པོར་རྩ་བའི་བླ་མ་ལ་འབུལ། དེ་ནས།) དངོས་ གྲུབ་རྒྱ་མཚོ་ཡོན་ཏན་རིན་ཆེན་གཏེར། །སྲིད་དང་ཞི་བའི་གདུང་བ་སེལ་བའི་སྨན། །ལྷ་ དང་བཅས་པའི་འགྲོ་བ་ཀུན་གྱི་སྐྱབས། །དཔལ་ལྡན་རྡོ་རྗེ་འཆང་ལ་མཆོད་པར་འབུལ། །ཉི་མའི་འོད་དང་ཟླ་བཟང་ལྷ་དབང་དང༌། །གཟི་བརྗིད་ཟླས་བྱིན་ལྷ་ཡི་དབང་ཕྱུག་དང༌། །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ཏེ། །ཆོས་རྒྱལ་ཆེན་པོ་བརྒྱད་ལ་མཆོད་པར་འབུལ། 3-1-147 །འཇམ་དབྱངས་གྲགས་པ་པདྨ་དཀར་པོ་དང༌། །བཟང་པོ་རྣམ་རྒྱལ་བཤེས་གཉེན་བཟང་ པོ་དང༌། །ཕྱག་ན་རིན་ཆེན་ཁྱབ་འཇུག་སྦས་པ་དང༌། །ཉི་མ་གྲགས་དང་ཤིན་ཏུ་བཟང་པོར་ མཆོད། །རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང༌། །སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ ཡས་དང༌། །ས་སྐྱོང་དཔལ་སྐྱོང་སེང་གེ་རྣམ་གནོན་དང༌། །སྟོབས་ཆེན་མ་འགགས་མི་ཡི་སེང་ གེར་མཆོད། །དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ་དང༌། །དྲག་པོ་ཞེས་བྱ་ཉི་ཤུ་རྩ་ལྔ་པོ། །ས་ཡི་འཁོར་ལོ་རྫོགས་པར་སྐྱོང་བ་སྟེ། །ཚངས་པ་ལྷ་དབང་ཕྱེད་ཕྱེད་སྐྱོང་ལ་མཆོད། །འོད་ སྲུངས་ལ་སོགས་དུམ་བུར་སྐྱོང་བ་བརྒྱད། །དེ་ལྟར་ས་སྐྱོང་སུམ་ཅུ་རྩ་ལྔ་ནི། །རིགས་ཀུན་ གཅིག་ཏུ་མཛད་ཕྱིར་གསང་སྔགས་ཀྱི། །རིགས་ལྡན་སྤྲུལ་པ་རྣམས་ལ་མཆོད་པར་འབུལ། ། དུས་ཞབས་གཉིས་དང་ནཱ་ལེནྡྲ་པ་དང༌། །ཟླ་བ་མགོན་པོ་འབྲོ་སྟོན་ལོ་ཙཱ་དང༌། །ལྷ་རྗེ་བསྒོམ་ པ་སྒྲོ་སྟོན་གནམ་བརྩེགས་དང༌། །གྲུབ་ཆེན་ཡུ་མོ་རྣམས་ལ་མཆོད་པར་འབུལ། །ཆོས་ཀྱི་ དབང་ཕྱུག་ནམ་མཁའ་འོད་ཟེར་དང༌། །སྤྲུལ་སྐུ་ཇོ་འབུམ་གྲུབ་ཐོབ་སེ་ཆེན་དང༌། །ཆོས་ རྗེ་འཇམ་གསར་ཆོས་སྐུ་འོད་ཟེར་དང༌། །ཀུན་སྤངས་ཆོས་རྗེ་རྣམས་ལ་མཆོད་པར་འབུལ། །བྱང་སེམས་ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆོས་རྗེ་མ་ཏི་པཎ་ཆེན་དང༌། །ཆོས་ ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་རྒྱལ་སོགས། །རྡོ་རྗེའི་རྣལ་འབྱོར་མངོན་སུམ་སྟོན་མཛད་པའི། །རིགས་ལྡན་བརྒྱུད་པའི་ཚོགས་ལ་མཆོད་པར་འབུལ། །ཞེས་དང༌། དེ་བཞིན་དུ། རྡོ་རྗེ་འཆང་ དང་ཤ་བ་རི་པ་དང༌། །དཔལ་ལྡན་ཟླ་བ་དོན་ཡོད་བཟང་པོ་དང༌། །ཆོས་སྐུ་འོད་ཟེར་མར་ སྟོན་གཡང་འབར་དང༌། །རྣལ་འབྱོར་སེང་འབུམ་ཀུན་སྤངས་ཆོས་རྗེ་དང༌། །བྱང་སེམས་ ཆེན་པོ་ཡོན་ཏན་རྒྱ་མཚོ་དང༌། །ཀུན་མཁྱེན་ཆོས་རྗེ་མ་ཏི་པཎ་ཆེན་དང༌། །ཕྱོགས་ལས་ རྣམ་རྒྱལ་སོགས་ལ་མཆོད་པར་འབུལ། །(དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པ་ནི།) ༀ་བུདྡྷཱ་ཡ་ ན་མཿ (སངས་རྒྱས་ལ་མཆོད་དོ།།) ༀ་དྷརྨཱ་ཡ་ན་མཿ (ཆོས་ལ་མཆོད་དོ།།) ༀ་སཾ་གྷཱ་ཡ་ན་མཿ (དགེ་འདུན་ལ་ 3-1-148 མཆོད་དོ།།) ༀ་བཛྲ་སཏྭཱ་ཡ་ན་མཿ (རྡོ་རྗེ་སེམས་དཔའ་ལ་མཆོད་དོ།།) ༀ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ (ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་མཆོད་དོ།།) ༀ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ (རང་བཞིན་པའམ་ངོ་བོ་ཉིད་ཀྱི་སྐུ་ལ་མཆོད་ དོ།།) ༀ་དྷརྨྨ་ཀཱ་ཡཱ་ཡ་ན་མཿ (ཆོས་ཀྱི་སྐུ་ལ་མཆོད་དོ།།) ༀ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ (ལོངས་སྤྱོད་རྫོགས་ པའི་སྐུ་ལ་མཆོད་དོ།།) ༀ་ནིར་མ་ཎ་ཀཱ་ཡཱ་ཡ་ན་མཿ (སྤྲུལ་པའི་སྐུ་ལ་མཆོད་དོ།།) ༀ་ཛྙཱ་ན་བཛྲཱ་ཡ་ན་མཿ (ཡེ་ ཤེས་རྡོ་རྗེ་ལ་མཆོད་དོ།།) ༀ་ཙིཏྟ་བཛྲཱ་ཡ་ན་མཿ (ཐུགས་རྡོ་རྗེ་ལ་མཆོད་དོ།།) ༀ་བཱཀ་བཛྲཱ་ཡ་ན་མཿ (གསུང་རྡོ་ རྗེ་ལ་མཆོད་དོ།།) ༀ་ཀཱ་ཡ་བཛྲཱ་ཡ་ན་མཿ (སྐུ་རྡོ་རྗེ་ལ་མཆོད་དོ།།) ༀ་ཙ་ཏུར་བི་མོ་ཀྵེ་བྷྱོ་ན་མཿ(རྣམ་པར་ཐར་ པ་བཞི་རྣམས་ལ་མཆོད་དོ།།) ༀ་ཙ་ཏུར་པྲཧྨ་བི་ཧ་རེ་བྷྱོ་ན་མཿ (ཚངས་པའི་གནས་པ་བཞི་རྣམས་ལ་མཆོད་དོ།།) ༀ་སཔྟ་ཏྲིཾ་ཤད་བོ་དྷི་པཀྵི་ཀ་དྷརྨྨེ་བྷྱོ་ན་མཿ (བདུན་དང་སུམ་ཅུའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་མཆོད་ དོ།།) ༀ་ཙ་ཏུར་ཤཱི་ཏི་སཱ་ཧ་སྲ་དྷརྨྨ་སྐན་དྷེ་བྷྱོ་ན་མཿ (བཞི་དང་བརྒྱད་ཅུའི་སྟོང་ཕྲག་གི་ཆོས་ཀྱི་ཕུང་པོ་རྣམས་ ལ་མཆོད་དོ།།) ༀ་སརྦ་དྷརྨྨ་དེ་ཤ་ཀེ་བྷྱོ་ན་མཿ (ཐམས་ཅད་ཆོས་སྟོན་པ་པོ་རྣམས་ལ་མཆོད་དོ།།) ༀ་རཏྣ་ཏྲ་ཡཱ་ ཡ་ན་མཿ (དཀོན་མཆོག་གསུམ་ལ་མཆོད་དོ།།) ༀ་ཤཱཀྱ་མུ་ན་ཡེ་ན་མཿ (ཤཱཀྱ་ཐུབ་པ་ལ་མཆོད་དོ།།) ༀ་ཀཱ་ལ་ ཙཀྲ་ཡ་ན་མཿ (དུས་ཀྱི་འཁོར་ལོ་ལ་མཆོད་དོ།།) ༀ་དཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ (སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ མཆོད་དོ།།) ༀ་ཤི་ལ་པཱ་ར་མི་ཏཱ་ཡཻ་ན་མཿ (ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་ཀྵཱན་ཏི་པཱ་ར་ མི་ཏཱ་ཡཻ་ན་མཿ (བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་བིཪ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ (བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་དྷྱཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ (བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་ཨུ་པཱ་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ (ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་པྲ་ཎི་དྷ་ན་པཱ་ར་མི་ཏཱ་ཡཻ་ན་མཿ (སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ མཆོད་དོ།།) ༀ་བཱ་ལ་པཱ་ར་མི་ཏཱ་ཡཻ་ན་མཿ (སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་ཛྙཱ་ན་པཱ་ར་མི་ཏཱ་ ཡཻ་ན་མཿ (ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་དོ།།) ༀ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ (རྒྱལ་བའི་བུམ་པ་རྣམས་ལ་མཆོད་ དོ།།) ༀ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ (རྣམ་པར་རྒྱལ་བའི་བུམ་པ་རྣམས་ལ་མཆོད་དོ།།) ༀ་སརྦ་ཙིཧྣེ་བྷྱོ་ན་མཿ 3-1-149 (ཐམས་ཅད་མཚན་མ་རྣམས་ལ་མཆོད་དོ།།) ༀ་སརྦ་མུ་དྲ་བྷྱོ་ན་མཿ (ཐམས་ཅད་ཕྱག་རྒྱ་རྣམས་ལ་མཆོད་དོ།།) ༀ་ ཙིནྟཱ་མ་ཎ་ཡེ་ན་མཿ (ཡིད་བཞིན་གྱི་ནོར་བུ་ལ་མཆོད་དོ།།) ༀ་དྷརྨྨ་གན་ཌྱཻ་ན་མཿ (ཆོས་ཀྱི་གཎྜེ་ལ་མཆོད་དོ།།) ༀ་དྷརྨྨ་ཤཾ་ཁཱ་ཡ་ན་མཿ (ཆོས་ཀྱི་དུང་ལ་མཆོད་དོ།།) ༀ་ཀལྤ་བྲྀ་ཀྵཱ་ཡ་ན་མཿ (དཔག་བསམ་གྱི་ཤིང་ལ་མཆོད་ དོ།།) ༀ་ཨཀྵོ་བྷྱཱ་ན་མཿ (མི་བསྐྱོད་པ་ལ་མཆོད་དོ།།) ༀ་ཨ་མོ་གྷ་སིདྡྷ་ཡེ་ན་མཿ (དོན་ཡོད་གྲུབ་པ་ལ་མཆོད་ དོ།།) ༀ་རཏྣ་སཾ་བྷ་བཱ་ཡ་ན་མཿ (རིན་ཆེན་འབྱུང་ལྡན་ལ་མཆོད་དོ།།) ༀ་ཨ་མི་ཏཱ་བྷཱ་ཡ་ན་མཿ (འོད་དཔག་ མེད་ལ་མཆོད་དོ།།) ༀ་བཻ་རོ་ཙ་ནཱ་ཡ་ན་མཿ (རྣམ་པར་སྣང་མཛད་ལ་མཆོད་དོ།།) ༀ་ལོ་ཙ་ནཱ་ཡཻ་ན་མཿ (སྤྱན་ མ་ལ་མཆོད་དོ།།) ༀ་མཱ་མ་ཀྱཻ་ན་མཿ (བདག་གི་མ་ལ་མཆོད་དོ།།) ༀ་པཎ་ཌ་རཱ་ཡཻ་ན་མཿ (གོས་དཀར་མོ་ལ་ མཆོད་དོ།།) ༀ་ཏཱ་རཱ་ཡཻ་ན་མཿ (སྒྲོལ་མ་ལ་མཆོད་དོ།།) ༀ་བཛྲ་དྷཱ་ཏྭཱི་ཤྭ་རཱ་ཡེ་ན་མཿ (རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ མ་ལ་མཆོད་དོ།།) ༀ་བཛྲ་པཱ་ཎ་ཡཻ་ན་མཿ (ཕྱག་ན་རྡོ་རྗེ་ལ་མཆོད་དོ།།) ༀ་ཁ་གར་བྷཱ་ཡ་ན་མཿ (ནམ་མཁའི་སྙིང་ པོ་ལ་མཆོད་དོ།།) ༀ་ཀྵི་ཏི་གརྦྷཱ་ཡ་ན་མཿ (སའི་སྙིང་པོ་ལ་མཆོད་དོ།།) ༀ་ལོ་ཀེ་ཤྭ་རཱ་ཡ་ན་མཿ (འཇིག་རྟེན་ དབང་ཕྱུག་ལ་མཆོད་དོ།།) ༀ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནེ་ན་མཿ (ཐམས་ཅད་སྒྲིབ་པ་རྣམ་པར་སེལ་མ་ལ་མཆོད་ དོ།།) ༀ་ས་མནྟ་བྷ་དྲ་ན་མཿ (ཀུན་ཏུ་བཟང་པོ་ལ་མཆོད་དོ།།) ༀ་གན་དྷ་བཛྲཱ་ཡཻ་ན་མཿ (དྲི་རྡོ་རྗེ་མ་ལ་མཆོད་ དོ།།) ༀ་རཱུ་པ་བཛྲཱ་ཡཻ་ན་མཿ (གཟུགས་རྡོ་རྗེ་མ་ལ་མཆོད་དོ།།) ༀ་ར་ས་བཛྲཱ་ཡཻ་ན་མཿ (རོ་རྡོ་རྗེ་མ་ལ་མཆོད་ དོ།།) ༀ་པཪྴ་བཛྲཱ་ཡཻ་ན་མཿ (རེག་བྱ་རྡོ་རྗེ་མ་ལ་མཆོད་དོ།།) ༀ་ཤཔྟ་བཛྲཱ་ཡཻ་ན་མཿ (སྒྲ་རྡོ་རྗེ་མ་ལ་མཆོད་དོ།།) ༀ་དྷརྨ་དྷཱ་ཏུ་བཛྲཱ་ཡཻ་ན་མཿ (ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལ་མཆོད་དོ།།) ༀ་ཨུཥྞཱི་ཥཱ་ཡ་ན་མཿ (གཙུག་ཏོར་ལ་ མཆོད་དོ།།) ༀ་བིགྷྣཱན་ཨནྟ་ཀཱ་ཡ་ན་མཿ (བགེགས་མཐར་བྱེད་ལ་མཆོད་དོ།།) ༀ་པྲཛྙཱ་ཨནྟ་ཀཱ་ཡ་ན་མཿ (ཤེས་རབ་མཐར་བྱེད་ལ་མཆོད་དོ།།) ༀ་པདྨ་ཨནྟ་ཀཱ་ན་མཿ (པདྨ་མཐར་བྱེད་ལ་མཆོད་དོ།།) ༀ་ཡ་མ་ཨནྟ་ཀཱ་ཡ་ ན་མཿ (གཤིན་རྗེ་མཐར་བྱེད་ལ་མཆོད་དོ།།) ༀ་སྟཾ་བྷི་ནྱཻ་ན་མཿ (རེངས་བྱེད་མ་ལ་མཆོད་དོ།།) ༀ་མཱ་ཎི་ནྱཻ་ན་ མཿ (ང་རྒྱལ་བྱེད་མ་ལ་མཆོད་དོ།།) ༀ་སྟོ་བྷི་ནྱཻ་ན་མཿ (རྨུགས་བྱེད་མ་ལ་མཆོད་དོ།།) ༀ་ཨ་ཏི་བཱིཪྻ་ཡཻ་ན་ མཿ (ཤིན་ཏུ་བརྩོན་འགྲུས་མ་ལ་མཆོད་དོ།།) ༀ་ཨ་ཏི་ནཱི་ལཱ་ཡཻ་ན་མཿ (ཤིན་ཏུ་སྔོན་མོ་ལ་མཆོད་དོ།།) ༀ་སརྦ་དྷ་ 3-1-150 ར་ཎཱི་བྷྱོ་ན་མཿ (ཐམས་ཅད་གཟུགས་མ་རྣམས་ལ་མཆོད་དོ།།) ༀ་ཥཊ་ཨཾ་གཱ་ཡ་ན་མཿ (དྲུག་ཡན་ལག་ལ་མཆོད་ དོ། །ཞེས་པ་ནི་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའོ།།) ༀ་བཛྲ་ཙར་ཙི་ཀཱ་ཡཻ་ན་མཿ (རྡོ་རྗེ་ཙར་ཙི་ཀ་ལ་མཆོད་དོ།།) ༀ་བཛྲ་བཱ་ར་ཧྱཻ་ན་མཿ (རྡོ་རྗེ་ཕག་མོ་ལ་ མཆོད་དོ།།) ༀ་བཛྲ་མ་ཧཱ་ཨཱི་ཤྭ་རཱ་ཡཻ་ན་མཿ (རྡོ་རྗེ་དབང་ཕྱུག་ཆེན་མོ་ལ་མཆོད་དོ།།) ༀ་བཛྲ་ཨིནྡྲཱི་ཡཻ་ན་མཿ (རྡོ་རྗེ་དབང་མོ་ལ་མཆོད་དོ།།) ༀ་བཛྲ་པྲཧྨ་ཎྱཻ་ཡ་ན་མཿ (རྡོ་རྗེ་ཚངས་མ་ལ་མཆོད་དོ།།) ༀ་བཛྲ་མཧཱ་ལཀྵྨྱཻ་ན་མཿ (དཔལ་ཆེན་མོའམ་ཕུན་སུམ་ཚོགས་མ་ལ་མཆོད་དོ།།) ༀ་བཛྲ་ཀཽ་མཱཪྻཻ་ན་མཿ (རྡོ་ རྗེ་གཞོན་ནུ་མ་ལ་མཆོད་དོ།།) ༀ་བཛྲ་བེཥྞ་བྱཻ་ན་མཿ (རྡོ་རྗེ་ཁྱབ་འཇུག་མ་ལ་མཆོད་དོ།།) ༀ་ཨཥྚ་ཨཥྚ་ཀེ་ན་ཙ་ ཏུཿཥཥྛི་བཛྲ་ཡོ་གི་ནཱི་བྷྱོ་ན་མཿ (བརྒྱད་པ་བརྒྱད་ཀྱི་བཞི་དང་དྲུག་ཅུའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་མཆོད་དོ།།) ༀ་ ཥཊ་ཏྲིཾ་ཤད་ཨི་ཙྪ་བྷྱོ་ན་མཿ (དྲུག་དང་སུམ་ཅུའི་འདོད་མ་རྣམས་ལ་མཆོད་དོ། །ཞེས་པ་ནི་གསུང་གི་དཀྱིལ་འཁོར་ལ་ མཆོད་པའོ།།) ༀ་བཛྲ་བིཥྞ་བེ་ན་མཿ (རྡོ་རྗེ་ཁྱབ་འཇུག་ལ་མཆོད་དོ།།) ༀ་བཛྲ་ནྲཻ་རི་ཏྱཱ་ཡ་ན་མཿ (བདེན་བྲལ་ལ་ མཆོད་དོ།།) ༀ་བཛྲ་ཨགྣ་ཡེ་ན་མཿ (མེ་ལྷ་ལ་མཆོད་དོ།།) ༀ་བཛྲ་ཨུད་དྷ་ཡེ་ན་མཿ (རྡོ་རྗེ་ཆུ་ལ་མཆོད་དོ།།) ༀ་བཛྲ་ཨིནྡྲཱ་ཡ་ན་མཿ (རྡོ་རྗེ་དབང་པོ་ལ་མཆོད་དོ།།) ༀ་བཛྲ་ཨཱི་ཤྭ་ར་ཡ་ན་མཿ (རྡོ་རྗེ་དབང་ཕྱུག་མ་ལ་ མཆོད་དོ།།) ༀ་བཛྲ་པྲཧྨ་ཎེ་ན་མཿ (རྡོ་རྗེ་ཚངས་མ་ལ་མཆོད་དོ།།) ༀ་བཛྲ་བི་ནཱ་ཡ་ཀཱ་ཡ་ན་མཿ (རྡོ་རྗེ་ལོག་ འདྲེན་ལ་མཆོད་དོ།།) ༀ་བཛྲ་ཀཱརྟི་ཀེ་ཡཱ་ཡ་ན་མཿ (རྡོ་རྗེ་གདོང་དྲུག་ལ་མཆོད་དོ།།) ༀ་བཛྲ་བཱ་ཡ་བེ་ན་ མཿ (རྡོ་རྗེ་རླུང་ལ་མཆོད་དོ།།) ༀ་བཛྲ་ཡ་མཱ་ཡ་ན་མཿ (རྡོ་རྗེ་གཤིན་རྗེ་ལ་མཆོད་དོ།།) ༀ་བཛྲ་ཡཀྵེ་བྷྱོ་ན་ མཿ (རྡོ་རྗེ་གནོད་སྦྱིན་ལ་མཆོད་དོ།།) ༀ་བ་རུ་ཎྱེ་ན་མཿ (ཆུ་ལྷ་མོ་ལ་མཆོད་དོ།།) ༀ་བཱ་ཡ་བྱཻ་ན་མཿ (རླུང་ལྷ་མོ་ ལ་མཆོད་དོ།།) ༀ་ཡཱ་མི་ཎྱ་ན་མཿ (གཤིན་རྗེ་མོ་ལ་མཆོད་དོ།།) ༀ་ཡ་ཀྵི་ཎྱཻ་ན་མཿ (གནོད་སྦྱིན་མོ་ལ་མཆོད་དོ།།) ༀ་མཧཱ་བ་ལཱ་ཡ་ན་མཿ (སྟོབས་པོ་ཆེ་ལ་མཆོད་དོ།།) ༀ་ཨ་ཙ་ལཱ་ཡ་ན་མཿ (མི་གཡོ་བ་ལ་མཆོད་དོ།།) ༀ་ ཊཀྐི་རཱ་ཛ་ཡ་ན་མཿ (འདོད་པའི་རྒྱལ་པོ་ལ་མཆོད་དོ།།) ༀ་ནཱི་ལ་དཎྜཱ་ཡ་ན་མཿ (དབྱུག་པ་སྔོན་པོ་ལ་མཆོད་ 3-1-151 དོ།།) ༀ་སུམ་བྷ་རཱ་ཛ་ཡ་ན་མཿ (གནོད་མཛེས་རྒྱལ་པོ་ལ་མཆོད་དོ།།) ༀ་རཽ་ཏྲ་ཨཀྵྱཻ་ན་མཿ (དྲག་ཅན་མ་ལ་ མཆོད་དོ།།) ༀ་བཛྲ་ཤྲིཾ་ཁ་ལ་ཡེ་ན་མཿ (རྡོ་རྗེ་ལྕགས་སྒྲོག་མ་ལ་མཆོད་དོ།།) ༀ་ཙུན་དཱ་ཡཻ་ན་མཿ (བསྐུལ་ བྱེད་མ་ལ་མཆོད་དོ།།) ༀ་བྲྀ་ཀུ་ཊྱཻ་ན་མཿ (ཁྲོ་གཉེར་ཅན་མ་ལ་མཆོད་དོ།།) ༀ་མཱ་རཱི་ཙྱཻ་ན་མཿ (འོད་ཟེར་ཅན་མ་ ལ་མཆོད་དོ།།) ༀ་པྲ་ཏྱེ་ཀ་མཱ་ས་བྷེ་དེ་ན་(སོ་སོར་ཟླ་བའི་དབྱེ་བས་)ཥཥྛི་ཨུཏྟ་ར་ཏྲི་ཤད་(དྲུག་བཅུའི་ལྷག་པའི་ སུམ་བརྒྱའི་)བཛྲ་ཏི་ཤི་དེ་ཝཱི་བྷྱོ་ན་མཿ (རྡོ་རྗེ་ཚེས་ཀྱི་ལྷ་མོ་རྣམས་ལ་མཆོད་དོ།།) ༀ་ཁཊ་ཏྲིཾ་ཤད་(དྲུག་དང་སུམ་ བཅུའི་)པྲ་ཏཱིཙྪ་བྷྱོ་ན་མཿ (ཕྱིར་འདོད་མ་རྣམས་མ་མཆོད་དོ།།) ༀ་བཛྲ་ཛ་ཡཱ་ཡ་ན་མཿ (རྡོ་རྗེ་རྒྱལ་བ་ལ་མཆོད་དོ།།) ༀ་བཛྲ་ཀར་ཀོ་ཊ་ཀཱ་ཡ་ན་མཿ (རྡོ་རྗེ་སྟོབས་ཀྱི་རྒྱུ་ལ་མཆོད་དོ།།) ༀ་བཛྲ་བཱ་སུ་ཀཱ་ཡེ་ན་མཿ (རྡོ་རྗེ་ནོར་ རྒྱས་ལ་མཆོད་དོ།།) ༀ་བཛྲ་ཨ་ནནྟཱ་ཡ་ན་མཿ (རྡོ་རྗེ་མཐའ་ཡས་ལ་མཆོད་དོ།།) ༀ་བཛྲ་ཏཀྵ་ཀཱ་ཡ་ན་མཿ (རྡོ་རྗེ་འཇོག་པོ་ལ་མཆོད་དོ།།) ༀ་བཛྲ་མཧཱ་པདྨཱ་ཡ་ན་མཿ (རྡོ་རྗེ་ཆེན་པོ་པད་མ་ལ་མཆོད་དོ།།) ༀ་བཛྲ་ཀུ་ལི་ ཀཱ་ཡ་སྭཱཧཱ། (རྡོ་རྗེ་རིགས་ལྡན་ལ་མཆོད་དོ།།) ༀ་བཛྲ་ཤཾ་ཁ་པཱ་ལཱ་ཡ་ན་མཿ (རྡོ་རྗེ་དུང་སྐྱོང་ལ་མཆོད་དོ།།) ༀ་ བཛྲ་པདྨཱ་ཡ་ན་མཿ (རྡོ་རྗེ་པད་མ་ལ་མཆོད་དོ།།) ༀ་བཛྲ་བི་ཛ་ཡཱ་ཡ་ན་མཿ (རྡོ་རྗེ་རྣམ་པར་རྒྱལ་བ་ལ་མཆོད་ དོ།། ཞེས་པ་ནི་སྐུའི་དཀྱིལ་འཁོར་ལ་མཆོད་པའོ།།) ༀ་ཤྭཱ་ནཱ་སྱཱ་ཡཻ་ན་མཿ (ཁྱི་གདོང་མ་ལ་མཆོད་དོ།།) ༀ་སཱུ་ཀཱ་རཱ་སྱཱ་ཡཻ་ན་མཿ (ཕག་གདོང་མ་ལ་མཆོད་ དོ།།) ༀ་བྱཱ་གྷྲཱ་སྱཱ་ཡཻ་ན་མཿ (སྟག་གདོང་མ་ལ་མཆོད་དོ།།) ༀ་ཛཾ་བུ་ཀཱ་སྱཱ་ཡཻ་ན་མཿ (ལྕེ་སྤྱང་གདོང་མ་ལ་མཆོད་ དོ།།) ༀ་ག་རུ་ཌཱ་སྱཱ་ཡཻ་ན་མཿ (མཁའ་ལྡི ང་གདོང་མ་ལ་མཆོད་དོ།།) ༀ་ཨུ་ལཱུ་ཀཱ་སྱཱ་ཡཻ་ན་མཿ (འུག་གདོང་མ་ ལ་མཆོད་དོ།།) ༀ་གྲི་དྷཱ་སྱཱ་ཡཻ་ན་མཿ (བྱ་རྒོད་གདོང་མ་ལ་མཆོད་དོ།།) ༀ་ཀཱ་ཀཱ་སྱཱ་ཡཻ་ན་མཿ (བྱ་རོག་གདོང་ མ་ལ་མཆོད་དོ།།) ༀ་སརྦ་བྷཱུ་ཏེ་བྷྱོ་ན་མཿ(ཐམས་ཅད་འབྱུང་པོ་རྣམས་ལ་མཆོད་དོ།། དུར་ཁྲོད་བརྒྱད་ཀྱི་རབ་གཏུམ་མ་ རྣམས་ལ་མཆོད་པའོ།།) (དེ་ནས་ཕྱི་རོལ་ཏུ་འཇིག་རྟེན་པ་རྣམས་ལ་མཆོད་པ་ནི།) ༀ་བཛྲ་ཙནྡྲཱ་ཡ་ན་མཿ (རྡོ་རྗེ་ཟླ་བ་ལ་མཆོད་དོ།།) ༀ་ བཛྲ་སཱུཪྻ་ཡ་ན་མཿ (རྡོ་རྗེ་ཉི་མ་ལ་མཆོད་དོ།།) ༀ་བཛྲ་མཾ་ག་ལཱ་ཡ་ན་མཿ (རྡོ་རྗེ་བཀྲ་ཤིས་ལ་མཆོད་དོ།།) 3-1-152 ༀ་བཛྲ་བུ་དྷཱ་ཡ་ན་མཿ (རྡོ་རྗེ་གཟའ་ལག་པ་ལ་མཆོད་དོ།།) ༀ་བཛྲ་བྲྀ་ཧསྤ་ཏ་ཡ་ན་མཿ (རྡོ་རྗེ་ཕུར་བུ་ལ་ མཆོད་དོ།།) ༀ་བཛྲ་ཤུ་ཀྲཱ་ཡ་ན་མཿ (རྡོ་རྗེ་ཁུ་བ་སྟེ་པ་ཝ་སངས་ལ་མཆོད་དོ།།) ༀ་བཛྲ་ཤ་ནཻཤྩ་རཱི་ཡ་ན་མཿ (རྡོ་རྗེ་དལ་འགྲོ་སྟེ་སྤེན་པ་ལ་མཆོད་དོ།།) ༀ་བཛྲ་ཀེ་ཏ་བེ་ན་མཿ (རྡོ་རྗེ་འཇུག་རིངས་ལ་མཆོད་དོ།།) ༀ་བཛྲ་རཱ་ ཧུ་བེ་ན་མཿ (རྡོ་རྗེ་སྒྲ་གཅན་ལ་མཆོད་དོ།།) ༀ་བཛྲ་ཀཱ་ལ་ཨགྣ་ཡེ་ན་མཿ (རྡོ་རྗེ་དུས་མེ་ལ་མཆོད་དོ།།) ༀ་ བཛྲ་དྷྲུ་བེ་ན་མཿ (རྡོ་རྗེ་བརྟན་པ་ལ་མཆོད་དོ།།) ༀ་བཛྲ་ཨ་གསྟྱཱ་ཡ་ན་མཿ (རྡོ་རྗེ་རི་བྱི་ལ་མཆོད་དོ།།) ༀ་ སརྦ་ན་ཀྵ་ཏྲེ་བྷྱོ་ན་མཿ (ཐམས་ཅད་སྐར་མ་རྣམས་ལ་མཆོད་དོ།།) ༀ་དྭཱ་ད་ཤ་རཱ་སི་བྷྱོ་ན་མཿ (བཅུ་གཉིས་ཀྱི་ ཁྱིམ་རྣམས་ལ་མཆོད་དོ།།) ༀ་ཥོ་ཊ་ཤ་ཀཱ་ལཱ་བྷྱོ་ན་མཿ (བཅུ་དྲུག་གི་ཆ་རྣམས་ལ་མཆོད་དོ།།) ༀ་ད་ཤ་དིག་པཱ་ ལེ་བྷྱོ་ན་མཿ (བཅུའི་ཕྱོགས་སྐྱོང་བ་རྣམས་ལ་མཆོད་དོ།།) ༀ་བཛྲ་ནན་ཏི་ཀེ་ཤྭ་རཱ་ཡ་ན་མཿ (རྡོ་རྗེ་དགའ་བྱེད་ དབང་ཕྱུག་ལ་མཆོད་དོ།།) ༀ་བཛྲ་མཧཱ་ཀཱ་ལཱ་ན་མཿ (རྡོ་རྗེ་ནག་པོ་ཆེན་པོ་ལ་མཆོད་དོ།།) ༀ་བཛྲ་གཎྜ་ཀརྞྞ་ཡ་ ན་མཿ (རྡོ་རྗེ་དྲིལ་བུའི་རྣ་བ་ཅན་ལ་མཆོད་དོ།།) ༀ་བཛྲ་བྷྲིཾ་གི་ཎེ་ན་མཿ (རྡོ་རྗེ་བྷྲིཾ་གི་ཎེ་ལ་མཆོད་དོ།།) ༀ་སརྦ་ ཀྵེ་ཏྲ་པ་ལེ་བྷྱོ་ན་མཿ (ཐམས་ཅད་ཞིང་སྐྱོང་རྣམས་ལ་མཆོད་དོ།།) ༀ་སརྦ་དཱུ་ཏཱི་བྷྱོ་ན་མཿ (ཐམས་ཅད་ཕོ་ཉ་མོ་ རྣམས་ལ་མཆོད་དོ།།) ༀ་ཧཱ་རི་ཏྱཻ་ན་མཿ (འཕྲོག་མ་རྣམས་ལ་མཆོད་དོ།།) ༀ་སརྦ་སིད་དྷི་བྷྱཻ་ན་མཿ (ཐམས་ ཅད་གྲུབ་པ་རྣམས་ལ་མཆོད་དོ།།) ༀ་དྷརྨྨ་ཙཀྲཱ་ཡ་ན་མཿ (ཆོས་ཀྱི་འཁོར་ལོ་ལ་མཆོད་དོ།།) ༀ་བྷ་དྲ་གྷ་ཊཱ་ཡ་ན་མཿ (བུམ་པ་བཟང་པོ་ལ་ མཆོད་དོ།།) ༀ་བཛྲ་དུན་དུ་བྷྱཻ་ན་མཿ (རྡོ་རྗེ་རྔ་བོ་ཆེ་ལ་མཆོད་དོ།།) ༀ་བོ་དྷི་བྲྀཀྵཱ་ཡ་ན་མཿ (བྱང་ཆུབ་ཀྱི་ཤིང་ ལ་མཆོད་དོ།།) ༀ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ (བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ལ་མཆོད་ཅིང་ཕྱག་མཚལ་ལོ།། ཞེས་པ་ནི་ཕྱི་རོལ་ཏུ་འཇིག་རྟེན་པ་རྣམས་ལ་མཆོད་པའོ།།) གཞན་ཡང་ཡི་དམ་ཆོས་ སྐྱོང་སོགས་ལ་ཡང་ཕུལ་ནས། (གཉིས་པ་བསྟོད་པ་ནི།) མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །སོགས་སམ། གང་ལ་ཐོག་ མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་དང་ནི་སྒྲ་དང་དྲི་དང་རོ་དག་དང༌། །རེག་བྱ་ 3-1-153 གཟུགས་དང་སེམས་མེད་རང་བཞིན་དང་ནི་སྐྱེས་བུ་མེད་ཅིང་འཆིང་དང་གྲོལ་དང་བྱེད་པོ་ མེད། །ས་བོན་དང་ནི་གསལ་བར་དུས་མེད་མཐའ་དག་སྲིད་པའི་སྡུག་བསྔལ་བདེ་བ་ཉིད་ ཀྱི་རང་བཞིན་མེད། །མྱ་ངན་འདས་པ་མཚན་མ་མེད་ཅིང་བྱེད་པ་རྣམ་བྲལ་ཡོན་ཏན་མེད་ པ་དེ་ལ་ཕྱག་འཚལ་ལོ། །དུས་དང་སྣ་ཚོགས་ལ་སོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་ འགྲོ་སྤྲོས་པ་མེད་པ་སྟེ། །ཐེར་ཟུག་ཏུ་གནས་སྙན་དང་ཤངས་དང་ཞལ་དང་སྤྱན་དང་དབུ་ དང་ཕྱག་དང་ཞབས་ནི་ཐམས་ཅད་པ། །འབྱུང་པོའི་མཐའ་སྟེ་འབྱུང་པོའི་མགོན་པོ་མཆོག་ གི་སྲིད་པ་གསུམ་འཛིན་རྒྱུ་རྣམས་དག་གི་རྒྱུར་གྱུར་པ། །རིག་པ་ལ་སོགས་རྣལ་འབྱོར་དག་ གིས་རྟོགས་བྱ་མཆོག་སྡེའི་གོ་འཕང་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །སྤྲོ་བྱེད་ནུས་མའི་ གཟུགས་ཅན་གློག་གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ ཤེས་རྡོ་རྗེའི་སྣང་བ་མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོར་ ཡང་དག་གནས། ། བདུད་རྩིའི་འཆི་བ་སེལ་ཞིང་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་ ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཙམ་སྔགས་ཀྱི་ངོ་བོ་ལྷ་ཡིས་ཡོངས་སུ་བསྐོར་ བ་སྡུག་བསྔལ་དང་ནི་བདེ་བའི་རང་བཞིན་ཏེ། །དམ་པ་རྣམས་ལ་ཞི་བའི་གཟུགས་ནི་རང་ གིས་བྱས་པའི་ཉམས་མྱོང་མི་བཟད་རྣམས་ལ་མི་བཟད་པ། །གང་གིས་ལས་གང་རབ་བྱས་ རང་གི་སེམས་ལ་ཆོ་ག་བཞིན་དུ་དེ་ཡི་འབྲས་བུ་དེ་བསྐྱེད་པ། །འཇིག་རྟེན་དབང་པོ་སྣ་ཚོགས་ གཟུགས་ཅན་སྲིད་་གསུམ་བསྐྱེད་མཛད་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །གཅིག་ དང་དུ་མ་དག་ཀྱང་གཅིག་ཅིང་མཉམ་དང་མི་མཉམ་པ་ཡང་མཉམ་པ་གཡས་གཡོན་མདུན་ རྒྱབ་དང༌། །སྟེང་འོག་ཀུན་ནས་དཀར་ལྗང་སྣ་ཚོགས་ཁ་དོག་ཆེན་པོ་གཅིག་གི་གཟུགས་ཏེ་ ཐུང་ངུ་རིང་པོ་དང༌། །ཤིན་ཏུ་རིང་པོ་ཡོན་ཏན་མེད་ཅེས་ཡོན་ཏན་དང་བཅས་བུད་མེད་སྐྱེས་ 3-1-154 པའང་སྐྱེས་པ་བུད་མེད་མིན། །གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ག་བཟང་མོ་མཆོག་གི་བྷ་ག་ ཁྱོད་ལ་འདུད་དེ་ཁྱོད་ལ་འདུད། །(ཅེས་སོགས་ཀྱིས་བསྟོད་པར་བྱ་སྟེ་བདག་བསྐྱེད་དོ།།) དེ་ནས་གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་དང༌། སྙིང་ ཁར་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ནུས་མ་རྣམས་དང༌། དཔྲལ་བར་རྡོ་རྗེ་རྩེ་མོ་བཅུ་བདུན་པའི་ ལྟེ་བར་ཕུང་པོ་བཞི་དང་ཁམས་བཞིའི་ལྷ་དང༌། མགྲིན་པར་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པའི་ ལྟེ་བར་སྐྱེ་མཆེད་བཅུ་གཉིས། ཁྲོ་བོ་བཞི་དང་བཅས་པ་ལུས་དང་བསམ་པས་རབ་ཏུ་ཕྱེ་བ་ རྣམས་དང༌། ལྟེ་བར་རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པའི་ལྟེ་བར་གསུང་གི་རྣལ་འབྱོར་མ་བརྒྱད་པོ་ དྲུག་བཅུ་རྩ་བཞིའི་འཁོར་དང་བཅས་པ་དང༌། གསང་བར་རྡོ་རྗེ་རྩེ་མོ་སུམ་ཅུ་རྩ་གསུམ་པའི་ ལྟེ་བར་སྐུའི་སྒོ་སྐྱོང་རྣམས་དང༌། ལས་ཀྱི་འཁོར་ལོ་ཚིགས་བཅུ་གཉིས་པོར་རྡོ་རྗེ་རྩེ་མོ་སུམ་ ཅུ་རྩ་གཅིག་པ་རྣམས་ཀྱི་ལྟེ་བར་ལྷ་ཆེན་པོ་བཅུ་གཉིས་འཁོར་དང་བཅས་པ་རྣམས་དང༌། རྐང་པ་དང་ལག་པའི་སོར་མོའི་ཚིགས་རྣམས་སུ་ཀླུ་དང་རབ་གཏུམ་མ་རྣམས་གཤེགས་སུ་ གསོལ་བར་བྱའོ། །(མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་ཚེ་ནི། སྐབས་འདིར་དཀྱིལ་འཁོར་བསྒྲུབ་པ་དང་ མཆོད་བསྟོད་བྱའོ།།) (དེ་ནས་གསུམ་པ།) གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། སངས་རྒྱས་ཡབ་ ཡུམ་བཅས་སྲས་བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་ བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་ སེམས་དཔའ་དག་ནི་གཤེགས་སུ་གསོལ། ། (ཞེས་པས། དེ་དག་རང་གི་ལུས་ཀྱི་ཁམས་རྣམས་ལ་བཀོད་ནས། ལྕགས་ཀྱུའི་ཕྱག་རྒྱ་དང༌།) ༀ་ཧ་ཧཱ་ཧི་ཧཱི་བཛྲ་བྷཻ་ར་བ་(རྡོ་རྗེ་འཇིགས་བྱེད་)ཨཱ་ཀར་ཥ་ཡ་ཨཱ་ཀར་ཥ་ཡ(དགུག་ པར་མཛོད་དགུག་པར་མཛོད)། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ(རབ་ཏུ་བཞུགས་པར་མཛོད་གཉིས)། བན་དྷ་ཡ་བན་དྷ་ ཡ(བཅིངས་པར་མཛོད་བཅིངས་པར་མཛོད)། ཏོ་ཥ་ཡ་ཏོ་ཥ་ཡ(མཉེས་པར་མཛོད་མཉེས་པར་མཛོད)། ཛཿཧཱུཾ་བཾ་ཧོཿ 3-1-155 བཛྲ་ཌཱ་ཀི་ནཱི་ནཱཾ་(རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་)ཧྲི་ད་ཡཾ་(ཐུགས་)ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། (ཅེས་པས། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱང་སྤྱན་དྲངས་པ་ལ་གཏོར་མ་འབུལ་བ་ནི།) ༀ་ཨཱཿཧཱུཾ་ཧོཿ ཤྲཱི་ཀཱ་ལ་ཙཀྲ (དཔལ་དུས་ཀྱི་འཁོར་ལོ)། བཛྲ་བྷེ་ར་ཝ(རྡོ་རྗེ་འཇིགས་བྱེད)། བྷི་ཀ་རཱ་ཡ(འཇིགས་པར་བྱེད)། ས་པ་རི་ཝཱ་རེ་ བྷྱེཿ (འཁོར་དང་བཅས་པ་རྣམས།)ༀ་ཨཱཿཧཱུཾ། བཛྲ་ཌཱ་ཀི་ནཱི་བྷྱཿ (རྡོ་རྗེ་མཁའ་འགྲོ་མ་རྣམས།) ས་པ་རི་བཱ་རེ་ བྷྱཿ (འཁོར་དང་བཅས་པ་རྣམས།) ཨི་དཾ་(འདི་)བ་ལིཾ(གཏོར་མ)། གན་དྷཾ(དྲི)། པུཥྤཾ(མེ་ཏོག)། དྷུ་པཾ(བདུག་ སྤོས)། དཱི་པཾ(མར་མེ)། ཨ་ཀྵ་ཏཾ(མ་ཉམས་པ)། ད་དཱ་མ་ཧེ(བདག་གིས་འབུལ་གྱིས)། ཏེ་ཙ་ཨཱ་ག་ཏྱ(རྣམས་བྱོན་ ནས)། ས་པ་རི་ཝཱ་རཱཿ (འཁོར་དང་བཅས་པ་)། ཤཱི་གྷྲཾ(མྱུར་དུ)། ཨི་དཾ(འདི)། བ་ལིཾ(གཏོར་མ)། གྲྀཧྣ་ཏུ(བཟུང་ བར་མཛོད)། ཁ་དན་ཏུ(གསོལ་བར་མཛོད)། པི་བན་ཏུ(བཏུང་བར་མཛོད)། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིཔྟཿ(ཡང་དག་ པར་མཉེས་ནས།) སརྦ་ས་ཏྭཱ་ནཱཾ(སེམས་ཅན་ཐམས་ཅད་ལ)། ཤཱནྟིཾ(ཞི་བ་དང་)། པུཥྚིཾ(རྒྱས་པ་དང་)། རཀྵ(བསྲུང་ བ་དང་)། ཨཱ་བ་ར་ཎ(བསྐྱབ་པ་དང་)། གུཔྟིཾ(སྦ་བ་དང་)། ཀུརྦན་ཏུ་(མཛད་དུ་གསོལ།)ཧུཾ་ཧཱུཾ་ཕཊ་བཛྲ་དྷ་ར་ ཨཱཛྙཱ་པ་ཡ་ཏི་སྭཱཧཱ།(རྡོ་རྗེ་འཛིན་པའི་བཀའ་བཞིན་མཛོད།) ཞེས་པས་སོ། །དེ་བཞིན་དུ་རྡོ་རྗེར་ྩེལྔ་པའི་ ཕྱག་རྒྱས་ཁྲོ་བོ་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོཿ ཨུཥྞཱི་ཥ(གཙུག་ཏོར)། སུམྦྷ་ནི་སུམྦྷ(གནོད་ མཛེས་ངེས་པར་གནོད་མཛེས)། བིགྷྣ་ཨནྟ་ཀ(བགེགས་མཐར་བྱེད)། ནཱི་ལ་དཎྜ(དབྱུག་པ་སྔོན་པོ)། པྲཛྙཱ་ཨན་ཏ་ ཀ(ཤེས་རབ་མཐར་བྱེད)། ཊཀྐི་རཱ་ཛ(འདོད་པའི་རྒྱལ་པོ)། པདྨ་ཨནྟ་ཀ(པད་མ་མཐར་བྱེད)། ཨ་ཙ་ལ(མི་གཡོ་ བ)། ཡ་མ་ཨནྟ་ཀ(གཤིན་རྗེ་མཐར་བྱེད)། མ་ཧཱ་བ་ལ་བྷྱཿ (སྟོབས་པོ་ཆེ་རྣམས།) ཞེས་པ་དང༌། གྲི་གུག་ གི་ཕྱག་རྒྱས་ཟད་པར་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོཿ ཨཱ་ཀཱ་ཤ(ནམ་མཁའ)། བཱ་ཡུ(རླུང་)། ཏེ་ཛ(མེ)། ཨུ་ད་ཀཱ(ཆུ)། པྲྀ་ཐ་བཱི(ས)། སཱ་དྷི་ཏེ་བྷྱཿ (གྲུབ་པ་རྣམས།) ཞེས་པ་དང༌། རལ་གྲིའི་ཕྱག་ རྒྱས་ཕྱོགས་སྐྱོང་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོཿ པྲཧྨ(ཚངས་པ)། བིཥྞུ(ཁྱབ་འཇུག)། ནི་ རི་ཏྱ(བདེན་བྲལ)། བཱ་ཡུ(རླུང་)། ཡ་མ(གཤིན་རྗེ)། ཨགྣི (མེ་)། ས་མུ་ཏྲ(རྒྱ་མཚོ)། ཨཱི་ཤྭ་ར(དབང་ཕྱུག)། ཨིནྡྲ(དབང་པོ)། ཡཀྵེ་བྷྱཿ (གནོད་སྦྱིན་རྣམས།) ཞེས་པ་དང༌། རིན་པོ་ཆེའི་ཕྱག་རྒྱས་གཟའ་རྣམས་ 3-1-156 སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོཿ རཱ་ཧུ(སྒྲ་གཅན)། ཀཱ་ལ་ཨགྣི (དུས་མེ)། ཙནྡྲ(ཟླ་བ)། སཱུཪྻ(ཉི་མ)། བུ་ དྷ(གཟའ་ལག)། མཾ་ག་ལ(བཀྲ་ཤིས)། ཤུ་ཀྲ(ཁུ་བ་སྟེ་པ་སངས)། བྲི་ཧསྤ་ཏ(ཕུར་བུ)། ཀེ་ཏུ་ཤ་ནི་བྷྱཿ (དལ་འགྲོ་སྟེ་སྤེན་པ་) ཞེས་པ་དང༌། པདྨའི་ཕྱག་རྒྱས་ཀླུ་རྣམས་སྤྱན་དྲངས་ནས། ༀ་ཨཱཿཧཱུཾ་ཧོཿ ཛ་ ཡ(རྒྱལ་བ)། བི་ཛ་ཡ(རྣམ་པར་རྒྱལ་བ)། པདྨ(པད་མ)། ཀརྐོ་ཊ་ཀ(སྟོབས་ཀྱི་རྒྱུ)། བཱ་སུ་ཀི(ནོར་རྒྱས)། ཤཾ་ ཁ་པཱ་ལ(དུང་སྐྱོང་)། ཀུ་ལི་ཀ(རིགས་ལྡན)། ཨ་ནན་ཏ(མཐའ་ཡས)། ཏ་ཀྵ་ཀ(འཇོག་པོ)། མ་ཧཱ་པདྨེ་བྷྱཿ (པདྨ་ཆེན་པོ་རྣམས།) ཞེས་པ་དང༌། འཁོར་ལོའི་ཕྱག་རྒྱས་འབྱུང་པོ་རྣམས་སྤྱན་དྲངས་ནས། ༀ་ ཨཱཿཧཱུཾ་ཧོཿ བེ་ཏཱ་ཌ(རོ་ལངས)། བི་ཀྲྀ་ཏ་མུ་ཁ(གྲུལ་བུམ)། ཤྭ(ཁྱི)། ཀཱ་ཀ(བྱ་རོག)། སཱུ་ཀ་ར(ཕག་པ)། གྲྀ་ དྷྲ(བྱ་རྒོད)། བྱཱ་གྷྲ(སྟག)། ཨུ་ལཱུ་ཀ(འུག་པ)། ཛམ་བུ་ཀ(ལྕེ་སྤྱང་)། ག་རུ་ཌ(མཁའ་ལྡི ང་)། མུ་ཁེ་བྷྱཿ (གདོང་ མ་རྣམས།) ཞེས་པ་རྣམས་ཀྱི་མཐར། ས་པ་རི་ཝཱ་རེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨ་ཀྵ་ཏཾ། ད་དཱ་མ་ཧེ། ཏེ་ཙཱ་ཨཱ་ག་ཏྱ། ས་པ་རི་ཝཱ་རཿ ཤཱི་གྷྲཾ། ཨི་དཾ། བ་ལིཾ། གྲིཧྣ་ཏུ། ཁཱ་དན་ཏུ། པི་ཝན་ཏུ། ཛཿཧཱུཾ་བཾ་ཧོཿ སཾ་ཏྲིཔྟཿ སརྦ་སཏྭ་ནཱཾ། ཤཱནྟིཾ། པུཥྚིཾ། རཀྵཱ། ཨ་བ་ར་ཎ། གུཔྟིཾ། ཀུརྦནྟུ་ ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། (ཞེས་པ་འདི་སོ་སོར་སྦྱར་ནས་གཏོར་མ་ཕུལ་ལ།) མཆོག་སྦྱིན་རྡོ་ རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་དང༌། རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། ཁམས་གསུམ་རྣམ་ རྒྱལ་ལ་ཕྱག་འཚལ། །རྗེ་བོ་སྣ་ཚོགས་རྡོ་རྗེ་འཛིན། །ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་གཙོ། །དུས་ མཐའི་སྤྲིན་མཚུངས་ཧེ་རུ་ཀ །རྡོ་རྗེ་ཤུགས་ལ་ཕྱག་འཚལ་ལོ། ཁྲོ་རྒྱལ་གྲུབ་ཆེན་ཕྱོགས་ སྐྱོང་ཆེ་རྣམས་དང༌། ། གཟའ་མཆོག་ཀླུ་རྒྱལ་འབྱུང་པོ་ཆེན་པོའི་ཚོགས། །ལུས་ངག་སེམས་ ཀྱི་ཁམས་རྣམས་བསྲུང་མཛད་པའི། །བསྲུངས་མ་དྲུག་ཅུའི་ཚོགས་ལ་ཕྱག་འཚལ་ལོ། །སྡེ་ དྲུག་བསྲུངས་མའི་ཚོགས་རྣམས་འཁོར་བཅས་ལ། །འདིར་ནི་གཏོར་མ་དྲི་དང་མེ་ཏོག་དང༌། །སྤོས་དང་སྣང་གསལ་འབྲས་བུ་བདག་འབུལ་གྱིས། །དེ་རྣམས་འཁོར་དང་བཅས་པ་མྱུར་ 3-1-157 བྱོན་ནས། །གཏོར་མ་འདི་རྣམས་བཞེས་ཤིང་གསོལ་བ་དང༌། །བཏུང་བར་མཛད་དེ་ཤིན་ ཏུ་མཉེས་པ་ཡིས། །འགྲོ་ལ་ཞི་རྒྱས་སྲུང་སྐྱོབ་སྦ་བ་རྣམས། །རྡོ་རྗེ་འཛིན་པའི་བཀའ་བཞིན་ མཛད་དུ་གསོལ། །ཞེས་བསྟོད་ཅིང་ཕྲིན་ལས་བཅོས་ལ། གཞན་ཡང་ཡི་དམ་དང༌། མ་ཧཱ་ཀཱ་ ལཱ་ལ་སོགས་པའི་ཆོས་སྐྱོང་གི་གཏོར་མ་དང༌། མཁའ་འགྲོ་སྤྱི་གཏོར་རྣམས་རང་རང་གི་ཆོ་ གས་དབུལ་ཞིང༌། ཞིང་སྐྱོང་དང་གྲོང་བདག་རྣམས་ལའང་སྔར་བཞིན་གཏོར་མ་དབུལ་ཞིང་ ། འོན་ཀྱང༌ཨ་པ་རསྠཱ་ནཱཾ་གཙྪ་གཙྪ་ཞེས་པའི་གནས་སུ་སྭ་སྠཱ་ནཾ་གཙྪ་ཞེས་གཞུག་པར་བྱའོ། །(གཏོར་མའི་ཆོ་གའོ།།) (བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི།) དེ་ནས་དམ་ཚིག་གི་རྫས་རྣམས་ནང་མཆོད་ལྟར་བྱིན་གྱིས་ བརླབས་པའི་ཕུད་ཀྱིས་བླ་མ་དཀོན་མཆོག་ལ། ༀ་ཨཱཿགུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ ༀ་བཛྲ་ནཻ་བེ་ ཏྱེ་ཧཱུཾ། (ཞེས་བླ་མ་སངས་རྒྱས་བྱང་སེམས་རྣམས་ལ་རྡོ་རྗེ་ཞལ་ཟས།) ཞེས་མཆོད་ཅིང༌། ༀ་ཧ་རི་ཏེ་པཎྜི་ཀེ་པྲ་ ཏཱིཙྪ་སྭཱཧཱ། (ཞེས་འཕྲོག་མ་ཆང་བུ་སོ་སོར་བཞེས།) ཞེས་པས་འཕྲོག་མའི་ཆང་བུ་དང༌། ༀ་ཨཎྜ་པིཎྜ་ཨ་ ཤི་བྷྱཿསྭཱཧཱ། ཞེས་ཕུད་ལ་དབང་བའི་ཆང་བུ་དང༌། ༀ་སརྦ་དྷཱུ་ཏི་ཀེ་ཨཀྲ་ཨ་གྲ་སཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་ཕོ་ཉ་རྣམས་ལ་ཆང་བུ་གཅིག་སྟེ་ཆང་བུ་གསུམ་བྱིན། བདག་ཉིད་ལྷར་གསལ་བ་ ལ་མཆོད་པའི་བསམ་པས་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་རན་པ་ཙམ་དུ་ལོངས་སྤྱད་པའི་ མཐར། ༀ་ཁ་ཁ་(ཟོ་ཟོ་)ཁཱ་ཧི་ཁཱ་ཧི་(ཟ་བར་གྱིས་ཟ་བར་གྱིས་)ཨུཙྪིཥྚ་བ་ལིཾ་(གཏོར་མའི་ལྷག་མ་)ཨུཙྪིཥྚ་བྷཀྵ་ བྷཀྵ་ཀ་(ལྷག་མ་ཟ་བ་ཟ་བར་གྱིས།)སྭཱཧཱ། ཞེས་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ཚིམ་པར་ བྱས་ནས། ཀཽལླ་ཨི་རེཥྛི་ཨ་བོལླ(ཀོལླ་གི་རི་གནས་ཏེ་རྡོ་རྗེ་དང་)། མུམྨུ་ཎི་རེ་ཀཀྐོ་ལ(ཞིང་ནི་མུམྨུ་ནི་པདྨའོ)། གྷ་ཎ་ཀྲྀ་པི་ཊ་ཧོ་བཛྫ་ཨི(ཚོགས་སུ་ཅང་ཏེའུ་དཀྲོལ་ཞིང་བརྡུང་པ་དང་)། ཀ་རུ་ཎི་ཀ་ཨ་ཨི་ཎ་རོ་ལཱ(སྙིང་རྗེས་ གནས་པས་ཅ་ཅོ་མི་བྱའོ)། ཏ་ཧིཾ་བ་ལ་ཁཛྫ་ཨ་ཨཱི (དུས་དེར་སྟོབས་ཏེ་ཤ་ཆེན་ཟ་བར་བྱ)། གཱ་ཌེཾ་མ་ཨ་ཎཱ་པིཛྫ་ ཨ་ཨི(འབད་པས་ཆང་ཡང་བཏུང་བར་བྱ་བ་ཡིན)། ཧ་ལེ་ཀ་ལིཉྫ་ར་པ་ཎི་ཨ་ཨི(ཀ་ཡེ་གྲོགས་པོ་སྐལ་ལྡན་ཡོང་དུ་ 3-1-158 གཞུག)། དུ་དྷཱུ་ར་བཛྫ་ཨ་ཨི(སྐལ་མེད་རྣམས་ནི་འོང་དུ་མི་གཞུག་གོ)། ཙ་ཨུ་ས་མ་ཀཙྪུ་རི་སིཧླ(གཞི་སྐམ་བླ་རྩི་ དང་ནི་སི་ལ་དང་)། ཀ་པུ་ར་ལཱ་ཨི་ཨ་ཨི(ག་བུར་རྣམས་ནི་ལུས་ལ་བྱུག་པར་བྱ)། མ་ལ་ཨིནྡ་ན་སཱ་ལིཾ་ཛ(ཚོད་མ་ ཤ་ཆེན་ལ་ནི་བྱ་བ་སྟེ)། ཏ་ཧིཾ་བྷ་རུ་ཁ་ཨི་ཨ་ཨི(དུས་དེར་མང་དུ་བཟའ་ཞིང་བཏུང་བར་བྱ)། ཕྲེཾ་ཁ་ཎ་ཁེ་ཊ་ཀ་ རནྟེ་(འོང་པ་དང་ནི་འགྲོ་བའི་དུས་རྣམས་སུ)། ཤུད་དྷ་ཨ་ཤུད་དྷཎྞ་མ་ནི་ཨ་ཨི(དག་དང་མ་དག་པར་ནི་མི་ལྟའོ)། ནི་རཾ་སུ་ཨཾ་ག་ཙ་ཌ་ཝི(ལུས་ལ་རུས་པའི་རྒྱན་ནི་གདགས་བྱ་ཞིང་)། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི(དུས་དེར་ དཔའ་བོའི་རོ་ལ་སྤྱད་པར་བྱ)། མ་ལ་ཨ་ཙེ་ཀུན་དུ་རུ་བ་ཌ་ཨི(ཚོགས་སུ་འདུས་ཏེ་སྙོ མས་འཇུག་བྱེད་པ་ན)། ཌིཎྜི་ མ་ཏ་ཧིཾནྣ་བིཛྫ་ཨ་ཨི(རེག་མིན་གཡུང་མོ་ལ་ནི་སྙོ མས་འཇུག་བྱ)། ཞེས་རྡོ་རྗེའི་གླུ་བླང་ཞིང༌། (ཆོ་ག་གཞན་ དང་བསྟུན་པའོ།།) སྟེང་ན་བྱང་ཆུབ་སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་ རྣམས་མཆོག་ཏུ་འཇིགས་བྱེད་དང༌། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་ གནས་ཁྲོ་བོའི་རྒྱལ་པོ་བཙུན་མོར་བཅས་རྣམས་དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་ གང་དག་གདོན་ཚོགས་མི་དགེ་དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་ སོ་སོའི་དུས་སུ་མི་ཤེས་འཇིག་རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་སོགས་བཀྲ་ཤིས་ རྒྱས་པར་བྱའོ། ། དགེ་བ་འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་གྲུབ་གྱུར་ནས། །(འགྲོ་ བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་རྡོ་རྗེའི་རྣལ་འབྱོར་སྟོན། །བླ་ མ་ལ་གུས་སྙིང་བརྩེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །)ཅེས་སོགས་དང༌། བསོད་ནམས་འདི་ཡིས་ རྣམ་གསུམ་སྲིད་་པར་གནས་པའི་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་ སོགས་བསྔོ་བ་སྨོན་ལམ་རྒྱས་པར་བྱས་ནས། མདུན་བསྐྱེད་ཀྱི་ལྷ་ལ་མཆོད་ཅིང་བསྟོད་དེ་ དངོས་གྲུབ་བླངས། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ་ཞིང༌། བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་བྱ། མེད་ན་མདུན་བསྐྱེད་ཀྱི་ཡེ་ཤེས་པ་སྔར་བཞིན་ 3-1-159 རང་གི་གནས་སོ་སོར་གཤེགས་སུ་གསོལ། འཇིག་རྟེན་པའི་གཏོར་མ་ཕྱོགས་གཙང་སར་ བཏང་ནས། རང་གི་གནས་དྲུག་ཏུ་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་པ་བཀོད་ནས་བསྲུང་པ་བྱ་སྟེ། ཁ་ ཟས་ཀྱི་རྣལ་འབྱོར་རོ། ། (ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི།) དེ་ནས་སྲོད་ཐུན་ལ། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ ཏུ་འདོད། །ཅེས་གསུངས་པ་ལྟར་གྱི་རྫོགས་རིམ་བསྒོམས་ཏེ་གུང་ཐུན་ལ་སྔར་བཞིན་སྲུང་བ་ བྱས་ནས། འོད་གསལ་གྱི་ངང་དུ་གཉིད་ལོག་པར་བྱ་སྟེ་ཉལ་བའི་རྣལ་འབྱོར་རོ། །ཐོ་རངས་ འོད་གསལ་ལས་ཟུང་འཇུག་ཏུ་ལྷའི་སྐུར་དྲན་པར་བྱ་སྟེ་ལངས་ནས། བདུད་རྩིའི་ཆུས་དབང་ བསྐུར་བར་མོས་པས་ཁྲུས་བྱ་སྟེ་ལྡང་བ་དང་ཁྲུས་ཀྱི་རྣལ་འབྱོར་རོ། །དེ་ནས་བདུད་རྩིའི་ རིལ་བུས་ཁ་དག་པར་བྱ་སྟེ། བདེ་བའི་སྟན་ལ་འདུག་ནས། (བདེ་མཆོག་སྟོད་འགྲེལ་ལས།) འཇིག་ རྟེན་ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་ བཞིན་ཆོ་ག་དང༌། །རྣམ་རྟོག་སྒོམ་པ་རབ་ཏུ་གསུངས། །དོན་དམ་བདེན་པས་གསུངས་པ་ནི། །ཡེ་ཤེས་སྐུ་ནི་རབ་བསྒྲུབ་ཕྱིར། །ཀུན་རྟོག་ཐམས་ཅད་སྤངས་པ་ཡི། །བསྒོམ་པ་དེ་བཞིན་ གཤེགས་པས་གསུངས། །ཞེས་པ་ལྟར་རིམ་གཉིས་ཀྱི་སྒོ་ནས་ཚོགས་གཉིས་ལ་འབད་པར་ བྱ་ཞིང༌། གཙོ་བོར་ཡན་ལག་དྲུག་གི་རྣལ་འབྱོར་ལ་བསྒྲུབ་པ་སྙིང་པོར་བྱའོ། །དུས་ཐམས་ ཅད་དུ་ཡང་སྣང་བ་ལྷའི་སྐུ་སྒྱུ་མ་ལྟ་བུ། གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་བྲག་ཆ་ལྟ་བུ། སེམས་ཀྱི་དྲན་རྟོག་ཐམས་ཅད་སྟོང་ཉིད་དུ་ཤེས་པར་བྱས་ནས། སྤྱོད་ལམ་ལ་འཇུག་པར་བྱ་ སྟེ། སྤྱོད་ལམ་གྱི་རྣལ་འབྱོར་རོ། ། དཔལ་ལྡན་དུས་འཁོར་སྒྲུབ་པའི་ཐབས། །ཡོངས་རྫོགས་དཔག་བསམ་སྙེ་མ་ལས། །ཚིག་དོན་གསལ་རྫོགས་འབྲུ་ཕྱུང་ནས། །བློ་ལྡན་གདུལ་བྱའི་བློ་གྲོས་ལུས། །མྱུར་དུ་རྒྱས་ 3-1-160 བྱེད་བདུད་རྩིའི་ཟས། །ཇོ་གདན་དུས་ཀྱི་འཁོར་ལོ་པ། །བསོད་ནམས་བཟང་པོས་ལེགས་ པར་སྦྱར། །ནོངས་ན་མཁྱེན་ལྡན་རྣམས་ལ་བཤགས། །འདི་ཡི་དགེ་བས་འགྲོ་བ་ཀུན། །རྣམ་ དག་ལེགས་ལམ་འདིར་ཞུགས་ཏེ། །སྐུ་བཞི་ཡེ་ཤེས་ལྔ་ལྡན་པའི། །ཀུན་མཁྱེན་རྒྱལ་བའི་ སར་ཕྱིན་ཤོག ། དཔལ་དུས་ཀྱི་འཁོར་ལོ་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དཔག་བསམ་གྱི་འབྲས་བུ་ཞེས་ བྱ་བ་འདི་དགའ་བའི་ལོ་ཆུ་ཕོ་འབྲུག་གི་མཆུའི་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོའི་ཉི་མ་ལ་ དཔལ་མཚལ་མིན་གྱི་གཙུག་ལག་ཁང་དུ་རིགས་ལྡན་ཆོས་ཀྱི་རྒྱལ་པོ་ཕྱོགས་ལས་རྣམ་རྒྱལ་ གྱི་གསུང་གི་འོད་ཟེར་གྱིས་བློ་གྲོས་ཀྱི་པད་མོ་རྒྱས་པར་བྱེད་པ་ཇོ་གདན་གཉག་ཕུ་པ་བསོད་ ནམས་བཟང་པོས་སྦྱར་བའོ། །འདིར་བསྟན་པ་རིན་པོ་ཆེ་དང་སེམས་ཅན་ཐམས་ཅད་ལ་ ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །གཅིག་ཞུས་སོ།། (མ་དཔེ་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༤༧ དང་ཤིང་པར་གཉིས་ཡིན།) དཔེ་རྙིང་ཕྱི་ཀ༤༧ ཁོ་ལ་མཆན་ཡོད། དེའི་ནང་ན་མཆན་རིགས་གཉིས་ཡོད། རེ་རེ་རྟགས་འདི་གཉིས་ནང་དུ་བཞག་ཡོད། ( ) () 3-1-161 ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བདག་ཉིད་ འཇུག་ཅིང་དབང་བསྐུར་བའི་ཆོ་ག་བདུད་རྩིའི་ རྒྱ་མཚོ་བཞུགས། ༄༅། །དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་ བསྐུར་བའི་ཆོ་ག་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། །འདིར་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ ཆེན་པོར་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་ལ་གནས་པའི་རྣལ་འབྱོར་པས། རང་གཞན་གྱི་དོན་དུ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་ བསྐུར་བ་ལ། (ནོར་ལྡན་གྱི་དབང༌། ཀུན་སྤངས་ཀྱི་དབང༌། སྙིང་རྗེའི་དབང་དང་གསུམ་གྱི། དང་པོ་ལ། སྦྱོར་དངོས་ རྗེས་གསུམ་གྱི་དང་པོ་ལ། ས་ཆོག ལྷག་གནས་གཉིས་ལས། དང་པོ་ནི། ས་བརྟག བླང༌། སྦྱང༌། བཟུང་ངོ༌། །འདིར་ཞི་རྒྱས་ ཀྱི་དབང་དུ་བྱས་ཏེ། ས་ཕྱོགས་དཀར་པོ། ཙན་དན་སོགས་ཀྱི་དྲི་དང༌། ཁ་བ་དང༌། བསྐ་བའི་རོ་བྲོ་བར།) དུས་སྦྱོར་ལ་ སོགས་པ་བཟང་པོ་དང་ལྡན་པའི་ཚེས་ལྔའམ་བཅུའམ་བཅོ་ལྔའམ། གཞན་ལ་ཡང་རུང་ བས། ཡོངས་སུ་བརྟགས་པའི་སར་དབུས་སུ། ཤར་དུ་མངོན་པར་ཕྱོགས་པས་འདུག་སྟེ། སྐྱབས་འགྲོ་ནས་ཐུགས་དཀྱིལ་ལམ་ཡོངས་རྫོགས་ཀྱི་བདག་བསྐྱེད་བཟླས་པའི་བར་སྔོན་ དུ་བཏང་ནས། ས་བླང་བའི་དོན་དུ་ཡུལ་དང་གྲོང་གི་བདག་པོ་ལ་སྒྲུབ་ཐབས་བཞིན་གཏོར་ མ་ཕུལ་ནས་རྡོ་རྗེ་དྲིལ་བུ་འཛིན་བཞིན་པས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་ སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བླང་བར་བགྱི། །དཀྱིལ་འཁོར་དོན་དུ་ 3-1-162 ཁྱེད་ཀྱིས་གསོལ། །(ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་མདུན་དུ་དྲི་བཟང་གི་དཀྱིལ་འཁོར་ལ་མེ་ཏོག་གི་ ཚོམ་བུ་བཀོད་ནས།) རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལཾ་ལས་འཁོར་ལོ་སེར་པོ་ ཡོངས་སུ་གྱུར་པ་ལས་སའི་ལྷ་མོ་ཞལ་གསུམ་ཕྱག་དྲུག་མ། རྩ་བའི་ཞལ་དང་སྐུ་མདོག་སེར་ མོ། གཡས་ཞལ་དཀར་ཞིང་གཡོན་ཞལ་ནག་པ། པད་མའི་འདུག་སྟངས་ཀྱིས་བཞུགས་པ། ཕྱག་གཡས་པ་རྣམས་ཀྱིས་འཁོར་ལོ་དང་དབྱུག་པ་དང་རྡོ་རྗེ། གཡོན་པ་རྣམས་ཀྱིས་དུང་དང་ ལྕགས་སྒྲོག་དང་དྲིལ་བུ་འཛིན་པ། ན་བཟའ་སེར་པོ་ཅན་རིན་པོ་ཆེའི་རྒྱན་སེར་པོས་བརྒྱན་ (པར་བསྒོམས་)པའི་ཐུགས་ཀ་ནས་འོད་འཕྲོས། (རྡོ་རྗེ་ལྕགས་ཀྱུ་སོགས་ཀྱི་ཕྱག་རྒྱ་དང༌།) ཛཿཧཱུཾ་བཾ་ཧོཿས་ཡེ་ ཤེས་པ་སྤྱན་དྲངས། དམ་ཚིག་སེམས་དཔའ་དང་རོ་གཅིག་ཏུ་གྱུར་(པར་བསམ)། ༀ་ལཾ་ཨཱཿཧཱུཾ། བ་སུན་དྷ་རི་(ནོར་འཛིན་མ)། སརྦ་(ཐམས་ཅད་)བུདྡྷ་ཛ་ན་ནི་(སངས་རྒྱས་སྐྱེད་པ་)སརྦ་སཏྭ་(སེམས་ཅན་ ཐམས་ཅད་)ཨུ་པ་ཀཱ་རི་ཎི་(ཉེ་བར་མཛད་མ)། བཛྲ་སཏྭ་(རྡོ་རྗེ་སེམས་དཔའ)། ཨཛྙཱ་པ་ཡ་ཏི་(བཀའ་བཞིན)། ཤཱི་གྷྲཾ་(མྱུར་དུ་)ཨཱ་གཙྪ་ཨཱ་གཱཙྪ་(བྱོན་བྱོན)། ཨི་དཾ་(འདི)། གནྡྷཾ(དྲི)། པུཥྤཾ་(མེ་ཏོག)། དྷཱུ་པཾ་(བདུག་སྤོས)། དི་པཾ་(སྒྲོན་མེ)། ནཻ་བེ་ཏྱཾ་(ཞལ་ཟས)། ཕ་ལ་ཨཀྵ་ཏཾ་(འབྲས་བུ་མ་ཉམས་པ)། ད་དཱ་མི་ཏ་བ་ཏྭ་མེ་བ་(དབུལ་ གྱིས་ཁྱེད་ལ་)གྲིཧྣ་གྲིཧྣ་(ཁྱེད་ཀྱིས་བཟུང་ཁྱེད་ཀྱིས་བཟུང་)མཎྜལ་(དཀྱིལ་འཁོར་གྱི་དོན་དུ་)ཨཪྠཾ་མ་མསྠ་ནཾ་ད་ ད(ཅེས་པས་བདག་གནས་སྩོལ)། སྙིང་ཁ་ནས་སའི་ལྷ་མོ་དེ་ཉིད་ཕྱིའི་མཎྜལ་གྱི་སྟེང་དུ་སྤྱན་དྲངས་ པ་ལ། ༀ་བ་སུན་དྷ་ར་(ནོར་འཛིན་མ་)ས་པ་རི་བཱ་རེ་བྷྱཿ(འཁོར་དང་བཅས་པ་རྣམས་)ཨརྒྷཾ་པྲ་ཏཱིཙྪ་ན་ མཿ (བཟེད་ཞལ་གསུམ་དུ་རིམ་བཞིན་མཆོད་ཡོན།) པཱ་ཏྱཾ་(ཞབས་བསིལ)། ཨཉྩ་མ་ནཾ་(ཞལ་བསིལ)། པྲོཀྵ་ནཾ་ (གསང་གཏོར)། གནྡྷཾ་(དྲི)། པུཥྤཾ་(མེ་ཏོག)། དྷཱུ་པཾ་(བདུག་སྤོས)། དི་པཾ་(མར་མེ)། ནཻ་བེ་ཏྱཾ་(ཞལ་ཟས)། ཕ་ ལ་ཨཀྵ་ཏཾ་(འབྲས་བུ་མ་ཉམས་པ)། པྲ་ཏཱིཙྪ་ན་མཿ (རྣམས་སོ་སོར་བཞེས།) ༀ་ཨཱཿཧཱུཾ། (དག་གིས་གཏོར་མ་བྱིན་ གྱིས་བརླབས་ནས་འབུལ་བ་ནི།) ༀ་བ་སུན་དྷ་རི་ས་པ་རི་ཝ་རེ་བྷྱཿ ཨི་དཾ། བ་ལིཾ། གནྡྷཾ་སོགས་ནས། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ(ཞེས་པས་གཏོར་མ་ཕུལ་ནས་རྡོ་རྗེ་དྲིལ་བུ་འཛིན་པས)། ༀ་ཚུར་བྱོན་ཚུར་བྱོན་ 3-1-163 ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་ རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་ མ། །མཆོད་ཡོན་འདི་ནི་བཞེས་ནས་སུ། །དཀྱིལ་འཁོར་ལས་ནི་ལེགས་གྲུབ་མཛད། །(བསྡུ་ ན་འདི་མན་གྱིས་ཆོག།) རྒྱལ་བ་ལྷ་ཡི་བདག་པོ་དང་བཅས་བདུད་ནི་བཅོམ་པ་དག་ལ་ལྷ་མོ་ཁྱོད་ནི་ དཔང་དུ་གྱུར། །དེ་ཕྱིར་ཁྱོད་ནི་མཆོད་པར་བྱ་ཡིས་ལྷ་མཆོག་གིས་བཏུད་བཞེས་ཤིག་བཞེས་ ཤིག་བདག་གི་མཆོད་ཡོན་ནོ། །ཇི་ལྟར་རྒྱལ་བས་བྱང་ཆུབ་སླད་དུ་བདུད་ཀྱི་སྡེ་ནི་སྟོབས་ ལྡན་དག་ཀྱང་རབ་ཏུ་བཅོམ་གྱུར་པ། །དེ་བཞིན་བདག་གིས་ཀྱང་ནི་སློབ་མ་རྣམས་ལ་དབང་ བསྐུར་སླད་དུ་བདུད་རྣམས་ཉམས་པ་དག་ཏུ་བྱ། །ཁྱོད་དཔང་དུ་གྱུར་པའོ། །(ཞེས་ལན་གསུམ་ གྱིས་གསོལ་བ་བདབ་པའོ།།) ༀ་སརྦ་སཏྭ་ནཾ་(སེམས་ཅན་རྣམས་ཀྱི་) ཤནྟིཾ་(ཞི་བ་དང་)། པུཥྚིཾ་(རྒྱས་པ)། ཀྲྀ་ཏྭཱ་ཤུ་ བྷ་ཙིཏྟེན་(མཛད་ནས་དགེ་བའི་སེམས)། ཨི་དཾསྠ་ནཾ(གནས་འདི)། (ས་མི་སྐོ་ན་སྭ་སསྠ་ནཾ་ཞེས་པ་གཞུག།) ཏྱཀ་ཏྭ་ (དོར་ནས་)ཨ་པ་རསྠ་ནཾ། གཙྪ་གཙྪ་(གཞན་གྱི་གནས་སུ་བྱོན་བྱོན།)སྭཱཧཱ། (ཞེས་པས་ཡེ་ཤེས་པ་གཤེགས། དམ་ཚིག་ པ་རང་ལ་བསྡུ། ས་སྦྱང་བ་ནི། ས་རྐོ་དགོས་ན་ལྟོ་འཕྱེའི་ལྟོ་པའི་མདུན་ནས་ཆུའམ་རྡོ་ལ་ཐུག་པར་བརྐོས་ནས། ལས་དང་རྗེས་སུ་ མཐུན་པའི་སས་དགང་ཚུལ་གཞན་དུ་ཤེས་པར་བྱ་ཞིང༌། ཁང་བཟང་བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་ དང༌། །སྔོན་འདུས་བྱས་པའི་གནས་དག་ཏུ། །མ་རྐོ ས་ན་ཡང་དག་པ་ཡིན། །ཞེས་པ་ལྟར། ས་རྐོ་མི་དགོས་ན་གནས་དེར།) (ས་ བཟུང་བ་ནི།) ༀ་ཨཿབིགྷྣ་ཨན་ཏ་ཀྲི ཏ་ཧཱུཾ། (ཞེས་བཟླ་ཞིང་ཡུངས་ཀར་དང་དྲིའི་ཆུ་དང་ཐལ་བ་རྣམས་ཀྱིས་བསང༌།) ༀ་བྷུ་ཁཾ། (ཞེས་རྡོ་རྗེ་དང་བཅས་པའི་ལག་པས་ས་ལ་རེག་སྟེ་ནམ་མཁའི་རང་བཞིན་དུ་བསམ།) ཧཱུཾ་ལཾ་ཧཱུཾ། (ཞེས་པས་ རྡོ་རྗེའི་རང་བཞིན་དུ་གྱུར།) ༀ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བན་དྷ་ཧཱུཾ། (ཞེས་དང༌།) ༀ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ ཧཱུཾ་ཕཊ། (ཅེས་དང༌།) ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ། རཀྵ་རཀྵ་ཧུཾ་ཧཱུཾ་ཕཊ། (ཅེས་པས་བྱིན་གྱིས་བརླབས་ཏེ། མཎྜལ་གྱི་ས་གཞི་ལ་དྲིས་བྱུགས་མེ་ཏོག་བཀྲམ་པའི་དབུས་སུ་ཤར་དུ་ཕྱོགས་པས་འདུག་སྟེ། སངས་རྒྱས་སྲས་དང་བཙུན་མོར་ བཅས་པ་ལ་མཆོད་ནས། པུས་མོ་བཙུགས་རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་པས།) མ་ལུས་ཕྱོགས་ན་བཞུགས་པ་ཡི། 3-1-164 །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་ འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདིར་ནི་ཡང་ དག་སྩོལ། །(ཞེས་པ་དང༌།)གང་དག་ཕྱོགས་རྣམས་ཀུན་ན་སངས་རྒྱས་བྱང་ཆུབ་སེམས་དཔའ་ ཉེས་པ་རྣམ་བྲལ་བཙུན་མོ་དང་བཅས་པ། །དེ་དག་རྣམས་ཀྱི་མཆོག་གི་ཐུགས་རྗེས་དཀྱིལ་ འཁོར་དུ་ནི་དབང་བསྐུར་སླང་དུ་བདག་ལ་བསྐྱང་དུ་གསོལ། །(ཞེས་ལན་གསུམ་གསོལ་བ་བཏབ་ནས། རྒྱས་པར་སྤྲོ་ན་རང་དབུས་སུ་མི་བསྐྱོད་པ་དང༌། སློབ་མ་རྣམས་ཕྱོགས་ཀྱི་རིགས་སོ་སོའི་ང་རྒྱལ་འཛིན་པས། གསོལ་བ་འདེབས་ པར་བསམས་ཏེ། ཤར་ནས།) སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །(ལྷོ་ནས།) ཞི་བའི་ཆོས་མཆོག་ལས་བྱུང་པ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་ཏུ་བཟང་པོ་གསུང་ གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །(ནུབ་ནས།) དེ་བཞིན་གཤེགས་པ་ཀུན་ ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་ འཁོར་དམ་པ་བཤད་དུ་གསོལ། །(བྱང་ནས།) མཚན་ཉིད་ཐམས་ཅད་ཡང་དག་རྫོགས། ། མཚན་ཉིད་མིན་པ་ཐམས་ཅད་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་ བཤད་དུ་གསོལ། །(ཞེས་ལན་གསུམ།) (དེ་ནས་བསྲུང་འཁོར་བསྒོམ་པ་ནི།) ཧཾ་ལས་ནམ་མཁའི་རང་བཞིན་ཆོས་འབྱུང་གྲུ་གསུམ་གྱི་སྟེང་ དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་ པ་(ཞེས་པ་ནས།) ཀླུ་དང་འབྱུང་པོ་ཆུ་དང་ས་ཡང་དག་པར་སྦྱོར་བས་ལུས་ཀྱི་ཁམས་བསྲུང་ བའོ། །ༀ་སརྦ་ཏ་ཐཱ་ག་ཏཱ་རཀྵ་ཙཀྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། (ཅེས་པའི་བར་སྒྲུབ་ཐབས་བཞིན་དོན་དྲན་ བཞིན་པས་ཚང་བར་བརྗོད། དེ་ནས་སེང་ལྡན་ལ་སོགས་པའི་ཕུར་བུ་བཅུ།) སྟོང་པའི་ངང་ལས། ཧཾ་ཡཾ་རཾ་ཝཾ་ལཾ། ཧཱཿཡཱཿརཱཿཝཱཿལཱཿརྣམས་ལས་བྱུང་བའི་ཕུར་བུ་ཞལ་དྲུག་ཕྱག་དྲུག ཞབས་དྲུག་པ། ལྟེ་བ་མར་ 3-1-165 བཅད་ཕུར་བུའི་དབལ་ཤིན་ཏུ་རྣོ་ཞིང་འབར་བ། (བསྐྱེད་པའི་ནང་ནས་ཕུར་བུ་ཅིག་གིས།) སྟེང་ཕྱོགས་ ཀྱི་བགེགས་དང་ལོག་འདྲེན་རྣམས་ཀྱི་སྤྱི་བོ་ནས་འདེབས་ཤིང༌། ༀ་ཨཱཿ་ཧཱུཾ་ཧོཿ་ཧཾ་ཀྵཿ ཧཱུཾ་ཧཱུཾ་ ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ་ཡ། ཞེས་པ་ནས། ཀཱི་ལ་ཡ་ཧུཾ་ཧཱུཾ་ཕཊ་ཕཊ། ༀ་ལླཱྀཿ བཛྲ་མུདྒ་ར་ ནས། ཀྵླྀ་ཀྵླཱྀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སྟེང་ཕྱོགས་ཀྱི་བགེགས་དང་ལོག་འདྲེན་རྣམས་ལ་རྡོ་རྗེ་ ཕུར་བུས་བཏབ། རྡོ་རྗེ་ཐོ་བས་བརྡུངས་པས་རྡོ་རྗེའི་ས་གཞི་ལ་སྦྲགས་ཏེ་གཡོ་བ་མེད་ཅིང༌། བདེ་བ་ཆེན་པོར་རོ་གཅིག་པའི་དེ་བཞིན་ཉིད་རྣམ་པར་དག་པར་གྱུར་(པར་བསམ)། ༀ་ཧཾ་བཛྲ་ ཀྲོ་དྷ་རཱ་ཛ་མ་ཧཱ་ཨུཥྞི་ཥ་ཨཱུར་དྷ་དི་ཤི་རཀྵཾ་ཀུ་རུ་ཀུ་རུ་སྭཱཧཱ། (ཞེས་པ་གཙུག་ཏོར་འཁོར་ལོ་སྒྱུར་བ་སྟེང་གི་ཕུར་ བུ་བསྲུང་ལ།) ཨརྒྷཾ།(སོགས་ཀྱིས་མཆོད།) ཤར་ཕྱོགས་ཀྱི་བགེགས་དང༌། ལོག་འདྲེན་རྣམས་ཀྱི་སྤྱི་ བོ་ནས་(ཕུར་བུས་)འདེབས་ཤིང༌། ༀ་ཨཱཿ་ཧཱུཾ། ནས། རྣམ་པར་དག་པར་གྱུར། ༀ་ཡཾ་བཛྲ་རཱ་ ཛ་ཨ་དྷི་བ་ལ་(ཞེས་པ་ནས།) ཨརྒྷཾ་(སོགས།) (སྟེང་ཞེས་པའི་གནས་སུ།) ལྷོ་དང་བྱང་དང་ནུབ་དང་རླུང་ དང༌། དབང་ལྡན་དང་བདེན་བྲལ་དང་མེ་དང་འོག་རྣམས་ལ་འདོན་པ་བསྒྱུར་ཞིང༌། སྟེང་གི་ ཕུར་བུ་ཤར་གྱི་ཤར་དང༌། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང༌། ཕུར་བུ་བསྲུང་བའི་ ཁྲོ་བོ་འགོད་ཚུལ་ཡང་དེས་ཤེས་པར་བྱའོ། ། རང་ཁྲོ་བོའི་དབང་པོར་གསལ་བས་རྡོ་རྗེ་རྩེ་ ལྔ་པའི་ཕྱག་རྒྱ་གཡོན་དང་གཡས་ཀྱི་རྐང་མཐིལ་དག་ལ་རེག་ཅིང༌། ཧུཾ་ཧཱུཾ་ཞེས་པ་དག་བཀོད་ ནས། དབུས་སུ་གཡས་བརྐྱང་དང༌། གཡོན་བརྐྱང་དང་མཉམ་པའི་སྟབས་དང༌། རལ་གྲིའི་ ཕྱག་རྒྱས་རེག་ཅིང༌། ཡཾ་ཡཿབཀོད་ནས་ཤར་དུ་ཟླུམ་པོའི་སྟབས་དང༌། རིན་པོ་ཆེའི་ཕྱག་རྒྱས་ རེག་ཅིང༌། རཾ་རཿདང༌། ལྷོར་རོལ་པའི་སྟབས་དང༌། འཁོར་ལོའི་ཕྱག་རྒྱས། ལཾ་ལཿ ནུབ་ཏུ་ ས་གའི་སྟབས་དང༌། པད་མའི་ཕྱག་རྒྱས། ཝཾ་ཝཿ བྱང་དུ་ཏཎྜ་པའི་སྟབས་ཀྱིས་བཅག་པར་ བྱའོ། །(བསྡུ་ན་ཕུར་བུས་བཏབ་རྗེས་རྐང་སྟབས་ཀྱིས་བཅག་པ་དོར་ནས།) དཀྱིལ་འཁོར་གྱི་ས་གཞི་བཛྲ་གནྡྷཾ་ པྲ་ཏཱིཙྪ་ན་མཿ (སོགས་ཀྱིས་མཆོད་ནས།) ༀ་ཨཱཿལཾ་ཧཱུཾ་བཛྲ་བྷཱུ་མི་ཏིཥྛཾ་ཨ་ཙ་ལ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ 3-1-166 ཨཛྙཱ་པ་ཡ་ཏི་སྭཱཧཱ། རྡོ་རྗེའི་ས་སྤྱན་དྲངས་ནས་དཀྱིལ་འཁོར་གྱི་ས་གཞི་དང༌རོ་གཅིག་ཏུ་གྱུར། ཨརྒྷཾ་པྲ་ཏཱིཙྪ་ན་མཿ (ཞེས་སོགས་ཀྱིས་མཆོད།)ས་ཆོག་གོ ། (གཉིས་པ་ལྷག་གནས་ལ་དགུ་ལས། འདིར་སའི་ལྷ་མོའི་ལྷག་གནས་མ་གསུངས་པས་མ་བྱས་ཀྱང་ཆོག་ལ། བྱེད་ན་ སའི་ལྷ་མོ་བསྐྱེད་པ་ནས་གཤེགས་གསོལ་གྱི་བར་གོང་བཞིན་བྱའོ། །གཉིས་པ་ལྷ་ལྷག་གནས་ནི། རྒྱལ་བ་སྲས་བཅས་མཆོད་ནས་ གསོལ་བ་གདབ་པ་ཙམ་ལས་འདིར་མ་གསུངས་མོད། དཀྱིལ་འཁོར་ཆོ་ག་གཞན་དང་བསྟུན་ནས་བྱེད་ན།) དཀྱིལ་འཁོར་ གྱི་ས་གཞི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོའི་ཆུས་བྱུག་ཚད་ཀྱི་དོན་དུ་ཐིག་གདབ། འཁོར་ཡུག་ཏུ་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པས་བསྐོར། གོས་ཟུང༌། ནང་མཆོད། རྡོར་ དྲིལ། རོལ་མོ་སོགས་ཡོ་བྱད་རྣམས་སྟ་གོན་བྱའོ། །ས་ཆོག་དང་ལྷག་གནས་རྣམས་ཉིན་ཞག་ གཅིག་ལ་སྦྲེལ་ན། སྔོན་འགྲོའི་གཏོར་མ་ནས་བདག་བསྐྱེད་བཟླས་པའི་བར་སྔ་མ་དེས་ཆོག་ ལ། སོ་སོར་བྱེད་ན་སྔོན་འགྲོའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོས་ནས། གནས་ དང་ཡོ་བྱད་བྱིན་བརླབས་སྒྲུབ་ཐབས་བཞིན་བྱས་ཏེ་རོལ་མོས་བྱིན་དབབ་བོ། ། དེ་ནས་སློབ་མས་མེ་ཏོག་བཀྲམ། མཎྜལ་སྟ་གོན་བྱས་ནས་གསོལ་བ་འདེབས་པ་ནི། ཀུན་ བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་ དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་ དག་ལ་གནས་པར་མཛོད། །ཅེས་གསོལ་བ་བཏབ་ནས། (བདག་བསྐྱེད་ཀྱི་)ལྷའི་རྣལ་འབྱོར་ བཟླས་པའི་བར་གྲུབ་པར་བྱས་ཏེ། སྒྲུབ་ཐབས་བཞིན་མཆོད་པ་བྱིན་གྱིས་བརླབས་ནས། མདུན་གྱི་དཀྱིལ་འཁོར་གྱི་ས་གཞིར་ལྷའི་གནས་རྣམས་སུ་དྲིའི་མཎྜལ་ལ་མེ་ཏོག་གི་ཚོམ་ བུ་བཀོད་ནས། (དཀྱིལ་འཁོར་དང་ཚོམ་བུ་རྣམས་དཀྱིལ་འཁོར་དང་ལྷར་བསྐྱེད་པ་ནི།) ༀ་ཨཱཿབིགྷྣནྟ་ཀྲྀཏ་ ཧཱུཾ་ཕཊ། ༀ་ཨཱཿཧཱུཾ་ཧྲ་ཕཊ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། (སོགས་བཞིས།) སྟོང་ པའི་ངང་ལས་རྡོ་རྗེའི་རང་བཞིན་གྱི་འཁོར་ལོ་རྩིབས་བཅུ་པ་ཟླུམ་པོའི་དབུས་སུ་ཆོས་འབྱུང་ 3-1-167 ནམ་མཁའི་ཁམས་ལ། ལས་རླུང་གི་དཀྱིལ་འཁོར་ནག་པོ་དབུས་སུ་གཞུའི་རྣམ་པ། རྒྱར་ དཔག་ཚད་འབུམ་ཕྲག་བཞི་པ་རྒྱལ་མཚན་གྱིས་མཚན་པ། ཞེས་པ་ནས། དེ་རྣམས་གཅིག་ ཏུ་འདྲེས་པ་ལས་ཧྐྵྨླྺྼྻྂ་ཞེས་པ་ས་བོན་གྱི་ཡི་གེ། དེ་ཡོངས་སུ་གྱུར་པ་ལས། རླུང་མེ་ཆུ་དང་སའི་ དཀྱིལ་འཁོར་སྔ་མ་བཞིན་དུ་གྲུབ་པར་གྱུར་པའི། ལྷུན་པོའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ གུར་རབ་ཏུ་ཡངས་པའི་དབུས་སུ། རྡོ་རྗེའི་ས་གཞི་ཕྱོགས་ཀྱི་མདོག་ཅན་གྱི་གཞི་ལ། ཞེས་ པ་ནས། དེ་ལྟར་དཀྱིལ་འཁོར་ཆེན་པོ་ཀུན་ནས་དྭངས་ཤིང་སྒྲིབ་པ་མེད་ལ། ཕྱི་ནང་ཀུན་ཏུ་ འོད་གསལ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱན་གྱིས་རྣམ་པ་མཆོག་ཏུ་བཀྲ་ བ་དུ་མས་མཛེས་པར་བརྒྱན་པ། དེའི་དབུས་སུ་སྣ་ཚོགས་པད་མའི་ལྟེ་བ་ལ་གནས་པའི་ཟླ་ བ་དང་ཉི་མ་དང་སྒྲ་གཅན་གྱི་(བར་གཞལ་ཡས་ཁང་གདན་དང་བཅས་པ་རྫོགས་པར་བསྒོམ་སྟེ་དེའི་)སྟེང་དུ། ཧཱུཾ་ ལས་རྡོ་རྗེསྔོན་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་ འོད་ཟེར་ལྔ་རྣམས་འགྱེད་ཅིང༌། ཞེས་པ་ནས། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་གྱི་ ཤིང་སེར་པོ་སྟེ། དེ་ལྟར་གཙོ་བོ་ཡབ་ཡུམ་བསྐྱེད་པའོ། །(འཁོར་བསྐྱེད་པ།)ཨ་ལས་རྡོ་རྗེ་ལྗང་ཁུ་ དང༌། དེ་ལས་བྱུང་བའི་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། ཞེས་པ་ནས། འོག་ཏུ་གླུ་མ་ དང་འདོད་མ་སྔོན་མོ་སྟེ། རང་རང་གི་མིང་དང་རྗེས་སུ་མཐུན་པའི་མཆོད་རྫས་ཐོགས་ཤིང་ གཟུངས་མ་གྲངས་མེད་དང་བཅས་པའོ། །(ཞེས་པའི་བར་གྱིས་ཐུགས་དཀྱིལ་གྱི་ལྷ་རྣམས་ས་བོན་དང་ཕྱག་ མཚན་ལས་རྫོགས་པར་བསྐྱེད།) གསུང་གི་ལྷ་སྣམ་ལ། (གསུང་གི་རྣལ་འབྱོར་མ་རྣམས་བསྐྱེད་པ་ནི།) ཧ་ཡིག་ ལས་བྱུང་བའི་གྲི་གུག་ནག་པོ་ཡོངས་སུ་གྱུར་པ་ལས། ཙར་ཙི་ཀ་ནག་མོ། ཞེས་པ་ནས། གཙོ་ མོ་བརྒྱད་པོ་རྣམས་ས་གའི་སྟབས་ཀྱིས་གནས་ཤིང༌། བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་ པ་དང༌། འཁོར་རྣམས་ནི་རོལ་པའི་སྟབས་ཅན་རང་རང་གི་གཙོ་མོ་ལ་མངོན་དུ་ཕྱོགས་ཤིང་ ཐམས་ཅད་ཞལ་གཅིག་སྤྱན་གསུམ་མ་སྟེ། འོན་ཀྱང་ཚངས་མ་འཁོར་དང་བཅས་པ་གདོང་ 3-1-168 བཞི་མ་དང༌། གཞོན་ནུ་མ་འཁོར་དང་བཅས་པ་གདོང་དྲུག་མར་ལྟ་བར་བྱའོ། །སྐུའི་དཀྱིལ་ འཁོར་གྱི་ལྷ་སྣམ་ལ། (ཚེས་ཀྱི་ལྷ་རྣམས་བསྐྱེད་པ་ནི།) ཉ་ཉི་ཉྼྀ་ཉུ་ཉླྀ་ཉཾ་ཞེས་པ་ནས། ཕྱིར་འདོད་མ་ རྣམས་སྐུའི་སྟེགས་བུ་ལ་འཁོད་པར་གྱུར་ཏེ། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཏུ་གཟའ་དང་ དྷྲུ་བ་ལ་སོགས་པ་འཇིག་རྟེན་པའི་ལྷ་དཀྱིལ་འཁོར་ཆེན་པོ་ལ་མངོན་པར་དད་པ་རྣམས་ཀྱང་ འཁོད་པར་གྱུར། གཙོ་བོའི་ཐུགས་ཀ་ནས་འཕྲོས་པའི་རྡོ་རྗེ་ཤུགས་ཞལ་བཞི་ཕྱག་ཉི་ཤུ་རྩ་ དྲུག་པ། རྐང་པ་བརྒྱད་པའི་ཤིང་རྟ་ལ་གནས་པ་ནམ་མཁར་སྤྲོས་ཏེ་འཁོར་ལོའི་དབང་ཕྱུག་ གི་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བཏབ་སྟེ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། (བདག་བསྐྱེད་བཞིན།) ཛཿཧཱུཾ་བཾ་ཧོཿས་དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་བྱས་ནས། ལྷ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གསང་བར་སྭཱ། གཙུག་ཏོར་དུ་ཧཱ། དཔྲལ་བར་ ༀ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྙིང་ཁར་ཧཱུཾ་ལས་ཐུགས་རྡོ་རྗེ་རྣམས་ ཡུམ་དང་བཅས་པ་ནམ་མཁར་འཕྲོས་ཏེ་སེམས་ཅན་གྱི་དོན་མཛད་ནས་ནམ་མཁར་བཞུགས་ པ་ལ། དབང་བསྐུར་བར་གསོལ་བ་བཏབ་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་ཀྱི་ལྷ་མོ་ རྣམས་ཀྱི་བདུད་རྩིའི་བུམ་པས་དབང་བསྐུར་ནས། རྡོ་རྗེ་གསུམ་གནས་གསུམ་དུ་འཁོད་ཅིང་ བྱིན་གྱིས་བརླབས་ནས། ཤེས་རབ་ཀྱི་ལྟེ་བར་ཧོཿལས་སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་ རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་ཏེ། གཙོ་བོ་ལ་མི་བསྐྱོད་པས། ཡུམ་ལ་རྡོ་རྗེ་སེམས་དཔས། རྡོར་སེམས་ལ་མི་བསྐྱོད་པས། མི་བསྐྱོད་པ་ལ་རྡོར་སེམས་ ཀྱིས། རྣམ་སྣང་ལ་མི་བསྐྱོད་པ། འོད་དཔག་མེད་ལ་རྣམ་སྣང༌། རིན་འབྱུང་ལ་འོད་དཔག་ མེད། དོན་གྲུབ་ལ་རིན་འབྱུང་གིས་རྒྱས་གདབ། གཞན་ཡང་ལྷ་དང་ལྷ་མོའི་ཚོགས་ལྗང་ཁུ་ རྣམས་ལ་མི་བསྐྱོད་པ། ནག་པོ་རྣམས་ལ་དོན་གྲུབ། དམར་པོ་རྣམས་ལ་རིན་འབྱུང༌། དཀར་ པོ་རྣམས་ལ་འོད་དཔག་མེད། སེར་པོ་རྣམས་ལ་རྣམ་སྣང༌། སྔོན་པོ་རྣམས་ལ་རྡོར་སེམས་ 3-1-169 ཀྱིས་རྒྱས་གདབ་བོ། ། (དེ་ནས་ཕྱི་མཆོད་འབུལ་བ།) བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ མདུན་གྱི་ནམ་མཁར་མཆོད་པའི་ཡུལ་དུ་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་ཨཱཿཧཱུཾ་ཧོཿ ཏྲཻ་དྷཱ་ཏུ་ཀེ་ ཤྭ་ར་ཀཱ་ལ་ཙཀྲ་ཨརྒྷཾ་(མཆོད་ཡོན་)པྲ་ཏཱིཙྪ་ས་པ་རི་ཝཱ་རཿཏྭཾ་བྷ་ག་ཝན་མེ་བ་ར་དོ་བྷ་བ་ཤི་ཥྱ་ནཱཾ་ ཙ། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ པཱ་དྱཾ་(ཞབས་བསིལ་)པྲ་ཏཱིཙྪ་ན་མཿ ཨཉྩ་མ་ནཾ་(ཞལ་བསིས་ )པྲ་ཏཱིཙྪ་ན་མཿ པྲོཀྵ་ནཾ་(གསང་གཏོར་)པྲ་ཏཱིཙྪ་ན་མཿ བཛྲ་གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་ཝེ་ཏྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧ་སྱཾ། བཱ་དྱཾ། ནྲྀ་ཏྱཾ། གི་ཏཾ། བཛྲ་ཀཱ་མཾ་པྲ་ཏཱིཙྪ་ན་མཿ (གོས་ཟུང་འབུལ་བ་ནི།) སྲབ་ འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ ༀ་བཛྲ་ཝསྟྲ་ཨཱཿཧཱུཾ། སྒྲུབ་ཐབས་བཞིན་ནང་མཆོད་ཀྱིས་མཆོད། བསྟོད་པས་བསྟོད་ནས། (རྡོ་རྗེ་དྲིལ་བུ་དང་སྤོས་འཛིན་ པས་གསོལ་བ་འདེབས་པ།) བཅོམ་ལྡན་དུས་ཀྱི་འཁོར་ལོ་མཆོག ། རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་ཕྱིར་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་ རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་ གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་ཕྱིར་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་ དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་གཏན་གནས་དང༌། །སེམས་ཅན་བསྟན་ལ་ མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་སྔ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཆེ་གེ་ཅན། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྦྱོར་ བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བ་ཉེར་ བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། 3-1-170 །(ཞེས་ལན་གསུམ་བྱ། ལྷ་ལྷག་གནས་སོ། །འདིར་ཞི་བའི་སྦྱིན་སྲེག་བྱའོ།།) (གསུམ་པ་བུམ་པ་ལྷག་གནས་ལ།) འདིར་ཞི་རྒྱས་ཀྱི་དབང་དུ་བྱས་ཏེ། ཞི་བ་ལ་ཤེལ། རྒྱས་པ་ལ་དངུལ། མ་གྲུབ་ན་ས་ལ་བྱས་པ། (རྩ་བ་དང་ནག་ནོག་མེད་པ་བཅུའམ་ལྔ།)ལྟེ་བ་ཟླུམ་པོའི་ ནང་གི་རྒྱར་སོར་བཅུ་དྲུག སྤངས་སུ་སོར་བཅུ་བཞི། མགྲིན་པ་སོར་དྲུག་སྟེ། སོར་ཉི་ཤུ་པ་ ཁའི་རྒྱར་སོར་བརྒྱད་པའི་སུམ་གཉིས་མགུལ་པའི་སྦུབས། (མ་སོར་ལྔ་དང་སུམ་ཆ་ཅིག།) གཡས་ གཡོན་དུ་སོར་རེ་དང་སོར་གྱི་སུམ་ཆ་རེ་རེ། མཆུ་སོར་གཉིས་མཐུར་དུ་འཕྱང་བ། ཙན་དན་ དཀར་པོ་དང་སཱ་ལི་བཏགས་པས་དཀར་པོར་བྱས་ཏེ། མགྲིན་པར་གོས་དཀར་གཙང་མ་དང་ སྲད་བུ་དཀར་པོས་དཀྲི ས། ཡལ་ག་ཅན་གྱི་ཤིང་གིས་ཁ་བརྒྱན། གུ་གུལ་གྱི་དུད་པས་བསང༌། ལྷའི་དལ་འགྲོའི་ཆུས་སུམ་གཉིས་ཙམ་དགང༌། (ཨིནྡྲ་ནཱི་ལ། པདྨ་རཱ་ག །ཟླ་བ་ཆུ་ཤེལ། ཀརྐེ་ཏ་ན། མ་ར་ཀ་ ཏ་སྟེ་)རིན་པོ་ཆེ་ལྔ། མ་རྙེད་ན་མེ་ཏོག་ཁ་དོག་ལྔ་(སྔོ། ནག དམར། དཀར། སེར།)དང༌། ཁབ་ལེན(ཆ་ ༡)། ལྕགས(ཆ་༢)།ཟངས(༣)། དངུལ(༤)། གསེར་(༥)ཏེ་ལྕགས་ལྔ། གླ་རྩི(༡)། ཛཱ་ཏི(༢)། ཙན་དན་ དཀར་པོ(༣)། གུར་གུམ(༤)། རུ་རྟ་(༥)སྟེ་དྲི་ལྔ། ཀནྟ་ཀ་རི(༡)། ཤིང་མངར(༢)། ཏིཀྟ(༣)། དབང་ ལག(༤)། དེ་བ་(བླ་ཏྲེས་འདྲ་བ་ཟེར་)ད་ལི(༥)སྟེ་སྨན་ལྔ། གྲོ(༡)། ཏིལ་དཀར་ནག(༢)། ནས(༣)། ཟར་ མ(༤)། སྲན་མ་(༥)སྟེ། འབྲུ་ལྔ་རྣམས་ཀྱི་ལྔ་ཚན་རེ་རེའི་ཡང་དང་པོ་རྣམས་(གཅིག་ཚན་)རྒྱལ་བ་ དང་རྣམ་རྒྱལ་བུམ་པར། གཉིས་པ་རྣམས་(གཉིས་ཚན་)ཤར་དང་ཤར་ལྷོའི། གསུམ་པ་རྣམས་ (གསུམ་ཚན་)ལྷོ་དང་ལྷོ་ནུབ་ཀྱི། བཞི་པ་རྣམས་(བཞི་ཚན་)བྱང་དང་བྱང་ཤར་གྱི། ལྔ་པ་རྣམས་(ལྔ་ ཚན་)ནུབ་དང་ནུབ་བྱང་གི་བུམ་པར་གཞུག ཉེར་ལྔ་པོ་ཐམས་ཅད་ཐུམ་བུ་དུང་ཆོས་སུ་གཞུག བུམ་པ་ལྔ་ཡིན་ན། གཅིག་རྒྱལ་བའི་བུམ་པ། བཞི་ཕྱོགས་ཀྱི་བུམ་པ། དུང་ཆོས་ནི་རྣམ་རྒྱལ་ ཡིན་ལ། བུམ་པ་བཅུ་ཡིན་ན་དེའི་སྟེང་དུ་བཞི་མཚམས་ཀྱི་བུམ་པ། དུང་ཆོས་རྣམ་རྒྱལ་ཆེན་ པོ་ཡིན་པས། རྒྱལ་བའི་བུམ་པའི་སྟེང་དུ་བཞག་ནས། གཞི་གཙང་མའི་སྟེང་དུ། དབུས་སུ་ 3-1-171 རྒྱལ་བ་དང་རྣམ་རྒྱལ་བུམ་པ། གཞན་རྣམས་ཕྱོགས་མཚམས་སོ་སོར་བཀོད་དེ། ༀ་ཨཱཿཧཱུཾ་ ཧྲཿཕཊ།(བསངས།) ༀ་སྭ་བྷཱ་ཝ(ས་སྦྱངས)། ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་རྣམས་ཡོངས་སུ་གྱུར་པ་ ལས། དབུས་སུ་ཁུ་བ་དང་རྡུལ་འགགས་པའི། ཤར་དང་མེར་རྐང་འགགས་པའི། ལྷོ་དང་ བདེན་བྲལ་དུ་ཁྲག་འགགས་པའི། བྱང་དང་དབང་ལྡན་དུ་གཅི་བ་འགགས་པའི། ནུབ་དང་ རླུང་དུ་གཤང་བ་འགགས་པའི་བུམ་པ་གཉིས་གཉིས་ཏེ། བདུད་རྩིའི་བུམ་པ་དཀར་པོ་པད་ མ་ལ་གནས་ཤིང༌། པད་མས་ཁ་བརྒྱན་པ་རྣམས་སུ་གྱུར། རང་གི་སྙིང་ཁར་ཟླ་ཉི་སྒྲ་གཅན་ གྱི་སྟེང་དུ་དུས་འཁོར་ཡབ་ཡུམ་གྱི་ཐུགས་ཀར། (ཡབ་ལ་)ཟླ་བ་དང་ཉི་མ་(ཡུམ་ལ་)ཁ་སྦྱར་བ་ ལས་རྡོ་རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྤྲོས་པས། སངས་རྒྱས་ཐམས་ཅད་ ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཛཿཧཱུཾ་བཾ་ཧོཿས་སྤྱན་དྲངས། རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་དང་རོ་ གཅིག་ཏུ་གྱུར(པར་བསམ)། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧཱིཾ་ཧྼྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་བཛྲ་པད་མ་(རྡོ་རྗེ་པད་མ་)ཨ་མྲྀ་ཏ་(བདུད་ རྩིའི་)གྷ་ཊ་(བུམ་པ་)སུ་བི་ཤུདྡྷ་(ཤིན་ཏུ་རྣམ་པར་དག་པ་)དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝ་(ཆོས་ཀྱི་དབྱིངས་ཀྱི་རང་བཞིན་)སརྦ་ དྷརྨྨཱན་(ཐམས་ཅད་ཆོས་རྣམས་)སུ་བི་ཤུདྡྷ་(ཤིན་ཏུ་རྣམ་པར་དག་པ་)དྷརྨྨ་དྷཱ་ཏུ་སྭ་བྷཱ་ཝཱན་(ཆོས་ཀྱི་དབྱིངས་ཀྱི་རང་ བཞིན་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། (ཞེས་པ་མང་དུ་བཟླས།) གནྡྷཾ་(སོགས་ཀྱིས་མཆོད་ནས་དཀྱིལ་འཁོར་གྱི་ དབུས་དང་ཕྱོགས་མཚམས་སོ་སོར་གོང་བཞིན་དགོད།) (བཞི་པ་ཐིག་སྐུད་ལྷག་གནས་ནི།) ༀ་ཨཱཿ(བསངས།) ༀ་སྭ(སྦྱངས)། ཐིག་སྐུད་(ནི་གཞོན་ནུ་མས་བཀལ་བའི་ སྲད་བུ་དུ་མ་སུམ་སྒྲིལ་དུ་བྱས་པ། སྦོ མས་སུ་སློབ་དཔོན་གྱི་མཐེ་བོའི་བརྒྱད་ཆ། སྲིད་དུ་འཛིན་པའི་ཆ་མ་གཏོགས། དཀྱིལ་ འཁོར་ཉིས་འགྱུར་སྣོད་གཙང་མར་བཀོད་ནས།) ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་རྣམས་ཡོངས་སུ་གྱུར་པ་ལས། ཡུམ་ལྔའི་ ངོ་བོར་གྱུར་པའི་རྡོ་རྗེའི་སྲད་བུ་གྱུར་ཅིང༌། རང་གི་སྙིང་ཁའི་དུས་འཁོར་ཡབ་ཡུམ་གྱི། ཡུམ་གྱི་ ཐུགས་ཀའི་ཉི་མ་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས། ཡུམ་ལྔ་སྤྱན་དྲངས་ཏེ། ཐིག་སྐུད་ཀྱི་རྣམ་པར་ གྱུར་པ། ཛཿཧཱུཾ་བཾ་ཧོཿས་རྡོ་རྗེའི་སྲད་བུ་དང་རོ་གཅིག་ཏུ་བྱས(པར་བསམ)། ༀ་ཨཱཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ་བཛྲ་ 3-1-172 (རྡོ་རྗེ་)སཱུ་ཏྲ་(སྲད་བུ་)སརྦ་(ཐམས་ཅད་)དྷརྨྨ་(ཆོས་)ཨེ་ཀ་སྭ་བྷཱ་ཝ་(གཅིག་པའི་རང་བཞིན་)སརྦ་(ཐམས་ཅད་) དྷརྨྨཱན་(ཆོས་རྣམས་)ཨེ་ཀ་(གཅིག་པའི་)ཨཱ་ཀཱ་རཱ་(རྣམ་པ་)སྭ་བྷཱ་ཝན་(རང་བཞིན་དུ་)ཀུ་རུ་ཀུ་རུ་(མཛོད་མཛོད།) སྭཱཧཱ། (ཞེས་མང་དུ་བཟླས།) གནྡྷཾ་(སོགས་ཀྱིས་མཆོད།) (དཀྱིལ་འཁོར་གྱི་ཤར་དུ་བཀོད་དེ་ཐིག་སྐུད་ལྷག་གནས་སོ།།) (ལྔ་པ་རྡུལ་ཚོན་ལྷག་གནས་ནི།) ༀ་ཨཱཿ(བསངས།) ༀ་སྭ(སྦྱངས)། རྡུལ་ཚོན་(སྣོད་སོ་སོར། ལྗང་སྔོ། ནག །དམར། དཀར། སེར། རྣམས་རིམ་བཞིན། ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་བྲིས་པ་སྣོད་ཆེ་བ་ཅིག་ཏུ་ལྗང་སྔོན་དབུས་སུ་སྟེང་འོག་ཏུ་བཀོད། གཞན་རྣམས་ཕྱོགས་སོ་སོར་བཀོད་ནས།)ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་རྣམས་ཡོངས་སུ་གྱུར་པ་ལས་སངས་རྒྱས་ལྔའི་ ངོ་བོར་གྱུར་པའི་རྡོ་རྗེ་རྡུལ་ཚོན་དུ་གྱུར་ཅིང༌། རང་གི་སྙིང་ཁའི་དུས་འཁོར་གྱི་ཐུགས་ཀའི་ ཟླ་བ་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས། སངས་རྒྱས་ལྔ་སྤྱན་དྲངས་རྡུལ་ཚོན་གྱི་རྣམ་པར་གྱུར་(པར་ བསམ)། ཛཿཧཱུཾ་བཾ་ཧོཿས་རྡུལ་ཚོན་དང་རོ་གཅིག་ཏུ་བྱས(པར་བསམ)། ༀ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ་སུ་བི་ ཤུདྡྷ་(ཤིན་ཏུ་རྣམ་པར་དག་པར་དག་པ་)པཉྩ་(ལྔ་)སྐན་དྷཱ་(ཕུང་པོ་)སྭ་བྷཱ་ཝ་(རང་བཞིན་)པཉྩ་(ལྔ་)སྐན་དྷཱན་(ཕུང་ པོ་རྣམས་)སུ་བི་ཤུདྡྷ་(ཤིན་ཏུ་རྣམ་པར་དག་པའི་)དྷརྨྨན་(ཆོས་རྣམས་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། (ཞེས་མང་ དུ་བཟླས།) གནྡྷཾ་(སོགས་ཀྱིས་མཆོད་ནས་དཀྱིལ་འཁོར་གྱི་ནུབ་ཏུ་བཀོད་དེ་རྡུལ་ཚོན་ལྷག་གནས་སོ།།) (དྲུག་པ་རྡོ་རྗེ་ལྷག་གནས་ནི།)ༀ་ཨཱཿ(བསངས།) ༀ་སྭ(སྦྱངས)། རྡོ་རྗེ་ཧཱུཾ་(སོར་བཅུ་གཉིས་པ་ཚད་ལྡན་) ལས་དུས་ཀྱི་འཁོར་ལོའི་ངོ་བོར་གྱུར་པའི་རྡོ་རྗེར་གྱུར་ཅིང༌། རང་གི་སྙིང་ཁའི་དུས་འཁོར་ གྱི་ཐུགས་ཀའི་ཟླ་བ་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས། གཙོ་བོའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་རྡོ་རྗེ་དང་རོ་གཅིག་ཏུ་བྱས་(པར་བསམ)། ༀ་ཧཱུཾ་ཀྲོ་དྷ་བཛྲ་(ཁྲོ་བོའི་རྡོ་རྗེ་)སརྦ་(ཐམས་ ཅད་)སཏྭ་(སེམས་ཅན་)ཀ་རུ་ཎ་(སྙིང་རྗེའི་)ཨཱཏྨ་ཀ་(བདག་ཉིད་)སརྦ་(ཐམས་ཅད་)དྷརྨྨ་(ཆོས་)ཨེ་ཀ་(གཅིག་པ་) སུ་ཁ་(བདེ་བའི་)སྭ་བྷཱ་བ་(རང་བཞིན་)སརྦ་(ཐམས་ཅད་)དྷརྨྨན་(ཆོས་རྣམས་)བཛྲ་སུ་ཁ་(རྡོ་རྗེ་བདེ་བའི་)སྭ་བྷཱ་ ཝན་(རང་བཞིན་དུ་)ཀུ་རུ་ཀུ་རུ་(མཛོད་མཛོད།)སྭཱཧཱ། (ཞེས་མང་དུ་བཟླས།) གནྡྷཾ། (སོགས་ཀྱིས་མཆོད་ནས་དཀྱིལ་ འཁོར་གྱི་ལྷོར་དགོད། རྡོ་རྗེ་ལྷག་གནས་སོ།།) 3-1-173 (བདུན་པ་དྲིལ་བུ་ལྷག་གནས་ནི།) ༀ་ཨཱཿ(བསངས།) ༀ་སྭ(སྦྱངས)། དྲིལ་བུ་ཧོཿ(སོར་བཅུ་གཉིས་ཚད་ལྡན་ )ལས་སྣ་ཚོགས་ཡུམ་གྱི་ངོ་བོར་གྱུར་པའི་དྲིལ་བུར་གྱུར་ཅིང༌། རང་གི་སྙིང་ཁའི་སྣ་ཚོགས་ ཡུམ་གྱི་ཐུགས་ཀའི་ཉི་མ་ལས་རྡོ་རྗེ་ལྕགས་ཀྱུ་སྤྲོས། གཙོ་མོ་ཡེ་ཤེས་སེམས་དཔའ་སྤྱན་ དྲངས། ཛཿཧཱུཾ་བཾ་ཧོཿས་དྲིལ་བུ་དང་རོ་གཅིག་ཏུ་བྱས་(པར་བསམ)། ༀ་ཧོཿབཛྲ་གཎྜེ་(རྡོ་རྗེ་དྲིལ་བུ་ )སརྦ་(ཐམས་ཅད་)དྷརྨྨ་(ཆོས་)ཨེ་ཀ་(གཅིག་པ་)པྲཛྙཱ་(ཤེས་རབ་ཀྱི་)དྷྭ་ནི་(སྒྲའི་)སྭ་བྷཱ་ཝཻ་(རང་བཞིན་)སརྦ་ (ཐམས་ཅད་)ཨ་ཀཱ་རེ་(རྣམ་པ་)སརྦ་(ཐམ་ཅད་)དྷརྨྨ་(ཆོས་)པྲ་བོ་དྷ་ནི་(རབ་ཏུ་སད་པར་བྱེད་པ་)སརྦ་(ཐམས་ཅད་ )དྷརྨྨན་ནིཿ(ཆོས་རྣམས་)སྭ་བྷཱ་ཝཻ་ན་(རང་བཞིན་མེད་པར་)པྲ་བོ་དྷ་ཡ་པྲ་བོ་དྷ་ཡ་(རབ་ཏུ་རྟོགས་པར་མཛོད་ རབ་ཏུ་རྟོགས་པར་མཛོད།)སྭཱཧཱ། (ཞེས་མང་དུ་བཟླས་སོ།།) གནྡྷཾ། (ཞེས་སོགས་ཀྱིས་མཆོད་དེ་དཀྱིལ་འཁོར་གྱི་བྱང་དུ་ བཀོད་དྲིལ་བུ་ལྷག་གནས་སོ།།) (བརྒྱད་པ་སློབ་མ་ལྷག་གནས་ནི། བླ་མ་དང་དུས་ཀྱི་འཁོར་ལོ་གཉིས་སུ་མེད་པ་མདུན་དུ་བཞུགས་པར་བསམས་ཏེ་ མཎྜལ་ཕུལ་ནས།) སྐྱེ་རྒ་འཆི་དང་ན་དགྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བའི། །སྲིད་པའི་ མཚོ་ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་ སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སངས་རྒྱས་ ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་གསོལ། །(ཞེས་ལན་གསུམ། དེ་ནས་བླ་མས།) བུ་ཚུར་ ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་ བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་ སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ 3-1-174 ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་ གྲོས་འདི་གྱིས་ཤིག །(ཅེས་བརྗོད། སེམས་བསྐྱེད་པ་ནི།) དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་(ལན་གསུམ།) དང༌། (སྡོམ་བཟུང་ནི།) སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ (ལན་གསུམ།)བརྗོད་དོ། །(དེ་ནས།) མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙའ་བའི་དུས་ དང་བྱིས་པའི་དངོས་པོ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་ལང་ཚོ་དག་ལ་བུད་མེད་དང་བྲལ་ ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོས་གང༌། །རྒན་པོ་ཉིད་ལ་འཆི་བའི་ སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་སྟེར་ངུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་ པར་བྱེད་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་སྡུག་བསྔལ་འཛིན་པར་བྱེད། །འཁོར་བར་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་ན་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་ ལས་དགེ་བའི་དབང་གིས་སངས་རྒྱས་ལ་ནི་རྗེས་ཆགས་གྱུར་ཀྱང་དང་པོའི་ཐེག་པར་རབ་ཏུ་ འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་ འཇུག །དེ་ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ ཤིན་ཏུ་དཀའ། །(ཞེས་སྤྲོ་བ་བསྐྱེད། སོ་ཤིང་སོར་བཅུ་གཉིས་པའི་མགོར་མེ་ཏོག་བཅིངས་པ།) ༀ་ཨཱཿཧཱུཾ། (ཞེས་པ་ བདུན་གྱིས་སྔགས་ཏེ།) ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ བཛྲ་(རྡོ་རྗེ་)དན་ཏ་ཀཱཥྛ་(སོ་ཤིང་)ཙ་ཏུར་བི་མོཀྵ་མུ་ཁཱ་(རྣམ་ པར་ཐར་པའི་སྒོ་བཞི་)བི་ཤུད་དྷི་(རྣམ་པར་དག་པའི་)སྭ་བྷཱ་ཝཾ་(རང་བཞིན་)ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་(ཐུགས་ )ཛྙཱ་ན་(ཡེ་ཤེས་)མུ་ཁ་དན་ཏ་ཨ་དི་(ཞལ་དང་པོ་ལ་སོགས་པའི་)མ་ལཾ་(དྲི་མའི་)བི་ཤོ་དྷ་ཡ་བི་ཤོ་དྷ་ཡ་(རྣམ་ པར་སྦྱོངས་རྣམ་པར་སྦྱོངས།)སྭཱཧཱ། (ཞེས་བརྗོད་ཅིང་སོ་ཤིང་དེས་ཁའི་དྲི་མ་དག་པར་བྱས་ནས། མདུན་དུ་མཎྜལ་གྱི་སྟེང་དུ་ ཤར་དུ་ཕྱོགས་པས་དོར་རོ།།) སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གཙུག་ཏོར་ དུ་ཧཾ། གསང་བར་ཀྵཿ (རྣམས་ཀྱིས་བསྲུང་བར་བྱའོ།།) ༀ་ཧྲིཿབི་ཤུདྡྷ་སརྦ་དྷརྨྨ་སརྦ་པཱ་པཾ་ནིཉྩ་ཨ་སྱ་ ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། (ཞེས་བཟླས་པའི་ཆུ་ཁྱོར་བ་གསུམ་གྱིས་ཁ་དག་པར་བྱའོ། །འཁྱིལ་བའི་ 3-1-175 སྔགས།) ༀ་ཨཱཿབིགྷྣན་ཏ་ཀྲི ཏ་ཧཱུཾ། (ཞེས་བཟླས་ནས། ཧཱུཾ་ལས་བྱུང་བའི་བསྲུང་སྐུད་དམར་པོ་ལུས་ཚད་དང་མཉམ་ པ་སུམ་བཏབ་མདུད་པ་བྱས་པ་སྐྱེས་པའི་དཔུང་མགོ་གཡོན་དང་བུད་མེད་ཀྱི་གཡས་པར།) ༀ་ཤུད་དྷ་མཻ་ཏྲི་རཀྵ་རཀྵ་ སརྦན་སྭཱཧཱ། (ཞེས་བརྗོད་དེ་བཅིངས་པས་བསྲུང་ངོ༌།།) ཧཱུཾ(ལས་བྱུང་བའི་ཀུ་ཤ་ཆེ་བ་དང་)། དྷིཿ(ལས་བྱུང་བའི་ཀུ་ཤ་ ཆུང་བ།) ༀ་བཛྲ་ཏཱིཀྵན་བཾ། (ཆོས་བཤད་པ་ནི།) འཇིག་རྟེན་དུ་ནི་ཀུན་མཁྱེན་དག ། ཨུ་དུཾ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་ འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་ གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པ་ནུས་ཡིན་ན། །བསྐལ་པ་བྱེ་བ་དུ་མར་ ནི། །སྔོན་ཆད་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་ པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་ དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་ སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་ མེད་དི་རིང་རྙེད། །གང་གིས་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །དེ་ཕྱིར་ཁྱེད་རྣམས་ ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། ། ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་ མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་ པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ༀ་ཨ་ཨཱ་ ཨཾ་ཨཿབཛྲ་ས་ཏྭ་(རྡོ་རྗེ་སེམས་དཔའ་)མ་ཧཱ་(ཆེན་པོ་)སུ་ཁ་(བདེ་བ་)བཛྲ་(རྡོ་རྗེ་)ཀཱ་ལ་ཙཀྲ་(དུས་ཀྱི་འཁོར་ལོ་) ཤི་ཥྱ་སྱ་(སློབ་མའི་)ཨ་བྷི་(མངོན་དུ་)མུ་ཁོ་བྷ་ཝ་(ཕྱོགས་པར་མཛོད་)སན་ཏུཥྚོ་བྷ་ཝ་(ཡང་དག་པར་མཉེས་པར་ མཛོད་)བ་ར་དོ་བྷ་ཝ་(མཆོག་སྩོལ་བར་མཛོད)། ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་(ཐུགས་)ཨ་དྷིཥྛ་ནཾ་ཀུ་རུ་ཀུ་ 3-1-176 རུ་(གནས་པར་མཛོད།)སྭཱཧཱ། (ཞེས་རོལ་མོ་དང་བཅས་པས་སློབ་མ་ལ་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབ་བོ། །རྨི་ལམ་ བརྟག་པ་ནི།) བུ་ཀྱེ་སང་ནི་དཀྱིལ་འཁོར་དག །མཐོང་བར་འགྱུར་རོ་ཉོལ་ཅིག་དང༌། །རྨི་ལམ་ མཐོང་བ་གང་ཡིན་པ། །དེ་ཀུན་ཐོག་མར་ང་ལ་སྨྲོས། །(ཞེས་བརྗོད་དེ། བུམ་པའི་ལྷོར་རམ། ཡང་ན་རང་ གི་གནས་མལ་དུ་ཀུ་ཤའི་གདན་དང་སྔས་ལ་ཉོན་མོངས་ཀྱི་རྣམ་རྟོག་སྤངས་ཏེ། མགོ་ནུབ་ཏུ་བསྟན་ནས་ཉོལ་ལ། རྨི་ལམ་མཐོང་ བ་ང་ལ་སྨྲོས་ཤིག་ཅེས་བྱའོ། །སློབ་མ་ལྷག་གནས་སོ། །དེ་ནས་གཏོར་མ་ཕུལ་ཏེ། སྟ་གོན་གྱི་ལྷ་ལ་མཆོད་བསྟོད། ཉེས་པ་བཟོད་ པར་གསོལ་ནས།) ༀ་བཛྲོད་ཏིཥྛ། (ཞེས་པའི་སྔགས་དང་ཕྱག་རྒྱས་ལྷ་ནམ་མཁའ་ལ་བཏེག་ནས་བཞུགས་པ་ལ་མཆོད་པ་ རྒྱུན་མི་འཆད་པ་བྱའོ།།) (དགུ་པ་བསམ་གཏན་ལྷག་གནས་ནི་ཉལ་བའི་ཚེ།) ༀ་ཧོཿབཛྲ་ཀ་མ་ལ་(རྡོ་རྗེ་པདྨ་མའི་)ད་ལ་གརྦེ་(འདབ་ མའི་སྙིང་པོར་)ཤ་ཡྻེ་(མངལ་དུ་)བཛྲ་(རྡོ་རྗེ་)སུ་ཁ་(བདེ་བ་)མ་ཧཱ་(ཆེན་པོ་)ནི་ཏྲཾ་(གཉིད་དུ)། ཀ་རོ་མི་ཡ་ཐཱ་(ཇི་ ལྟ་བར་བགྱིའོ)། ཏ་ཐཱ་ག་ཏེ་ན་(དེ་བཞིན་གཤེགས་པས་)ཀྲི་ཏཱ་(མཛད་པ་)ཧཿཧཿསྭཱཧཱ། ཞེས་པ་བཟླས་ནས་ གཉིད་ལོག་སྟེ་བཟང་ངན་བརྟགས་ལ། ངན་ན་དེ་བསལ་བའི་དོན་དུ་སློབ་དཔོན་གྱིས་མལ་ བསྟན་སྤངས་ནས། དཀྱིལ་འཁོར་གྱི་ཤར་དུ་བསྲུང་འཁོར་བསྒོམས་ཏེ་གཏོར་མ་ཆེན་པོ། ༀ་ ཕྲེཾ་བཛྲ་ཌ་ཀི་ནཱི་བཛྲ་དྷཱ་ཏྭཱི་ཤྭ་རི་ག་ག་ན་སྭ་བྷཱ་ཝ་སརྦ་ཏྲ་བྱ་བི་ཤོ་དྷ་ནི་སརྦ་ཏྲ་བྱ་ནི་བི་ཤྭ་དྷ་ཡ་ ཧཱུཾ་ཕྲེཾ་ཕཊ། ཅེས་པས་སྦྱངས་ཏེ། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་བཅས་གཡོག་འཁོར་ དང༌། །ཞེས་སོགས་ཤླཽ་ཀས་སངས་རྒྱས་ཐམས་ཅད་རང་གི་ལུས་ལ་གཞུག་གོ །ༀ་ཧ་ཧཱ་ཧི་ཧཱི་ བཛྲ་བྷཻ་ར་ཝ་ཨ་ཀརྵ་ཡ་ཨ་ཀརྵ་ཡ། པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། ཏོ་ཥ་ཡ་ ཏོ་ཥ་ཡ། ཛཿཧཱུཾ་བཾ་ཧོཿབཛྲ་ཌཱ་ཀི་ནཱི་ནཱཾ་ཧྲི་ད་ཡཾ་ཧུཾ་ཧཱུཾ་ཕྲེཾ་ཕྲེཾ་ཕཊ། ཅེས་པས་རྡོ་རྗེ་མཁའ་འགྲོ་ མ་རྣམས་སྤྱན་དྲངས། ༀ་ཨཱཿཧཱུཾ་བཛྲ་ཌཱ་ཀི་ནཱི་བྷྱཿ ས་པ་རི་ཝཱ་རེ་བྷྱཿ ཨི་དཾ་བ་ལིཾ་སོགས་ནས། ཨཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པའི་བར་གྱིས་གཏོར་མ་ཕུལ་ནས། ཕྱི་རོལ་དུར་ཁྲོད་ཀྱི་ས་ལ་བཟའ་ བ་དང་བཏུང་བ་བྱེད་དུ་གཞུག་གོ །དེ་ནས་བསྲུང་འཁོར་སྔོན་དུ་འགྲོ་བའི་དུས་ཀྱི་འཁོར་ལོ་ 3-1-177 རྡོ་ རྗེ་འཇིགས་བྱེད། ཞལ་བཞི་ཕྱག་ཉི་ཤུ་རྩ་དྲུག་པ་བསྒོམས་ནས། རྐང་པ་བཅུ་དྲུག་ པ་དང༌། བདུན་བཅུ་རྩ་གཉིས་པ་བཟླས་ཏེ་མཚན་མ་ངན་པ་བསལ་བར་བྱའོ།། །། (གཉིས་པ་དངོས་གཞི་ལ་གསུམ་སྟེ། ལམ་ལ་འཇུག་པའི་དབང༌། བདག་པོའི་དབང༌། བདག་པོ་ཆེན་ པོའི་དབང་དང་གསུམ་ལས། དང་པོ་ལ། བྲི་ཞིང་རྒྱན་དགོད། བསྒྲུབ་ཅིང་མཆོད་པ། འཇུག་ཅིང་དབང་བསྐུར་བ་དང་གསུམ་གྱི། དང་པོ་ལ། ཐིག་གདབ་པ། ཚོན་དགྱེ་བ། རྒྱན་དགོད་པ་གསུམ་གྱི་དང་པོ་ནི།) དེ་ནས་མཚན་མ་བཟང་པོ་རྙེད་ནས་ གོང་དུ་བྱིན་གྱིས་བརླབས་པའི་ཐིག་སྐུད་དྲི་ལ་སོགས་པས་མཆོད་དེ། སློབ་དཔོན་གཙོ་བོའི་ ང་རྒྱལ་དང་ལྡན་པས། རྐང་པ་གཡོན་དཀྱིལ་ཀྲུང་དང༌། གཡས་པའི་རྐང་མཐིལ་ས་ལ་བཞག པུས་མོ་སྟེང་དུ་སོན་པའི་འདུག་སྟངས་ཀྱིས་ནུབ་ཏུ་གནས་ཏེ། ཁ་ཤར་དུ་ཕྱོགས་ནས། ཁུ་ཚུར་ གཡོན་པས་ཐིག་སྐུད་བཟུང༌། ཐིག་གཡོག་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་ཅན། དེ་ལས་བཟློག་པའི་ འདུག་སྟངས་ཀྱིས་ནུབ་ཏུ་ཕྱོགས་པས། གཡས་པའི་ཁུ་ཚུར་གྱིས་ཐིག་སྐུད་བཟུང་ནས། ཤར་ ནུབ་ཀྱི་ས་ལ་ཐིག་སྐུད་བརྐྱང་སྟེ། ༀ་ཨཱཿཧཱུཾ་ཀཱ་ཡ་(སྐུ་)ཝཱཀ་(གསུང་)ཙིཏྟ་(ཐུགས་)ཨེ་ཀ་བྷུ་ཏཿ(ཅིག་ ཏུ་གྱུར་པ་)སརྦ་(ཐམས་ཅད་)དྷརྨྨ་(ཆོས་)ཨེ་ཀཱ་ཀ་རེ་ཎ་(ཅིག་པའི་རྣམ་པས་)སརྦ་སཏྭ་ཧཾ(རྡོ་རྗེ་སེམས་དཔའ་ང་)། བཛྲ་བྷུ་མི་སཱུ་ཏྲ་ཡ་མི་ཧཱུཾ་ཨཿ(རྡོ་རྗེ་ས་ལ་ཐིག་གདབ་པར་བྱའོ།།)ཕཊ། (ཅེས་བརྗོད་ནས་སློབ་མ་ལ་གཏད་དོ། །དེ་ ནས།) ༀ་བཛྲ་སཱུ་ཏྲ་ཨེ་ཀཱ་ཀཱ་ར་སྭ་རུ་པེ་ཎ་ཛཿཛཿཛཿ (རྡོ་རྗེ་ཐིག་སྐུད་གཅིག་པའི་རྣམ་པའི་)སརྦ་དྷརྨྨན་ སཱུ་ཏྲ་ཡ(ཆོས་ཐམས་ཅད་རྣམས་ལ་ཐིག་གདབ་བོ) ། ༀ་ཨཱཿཧཱུཾ་ཧོཿ ཧཾ་ཀྵཿཕཊ། ཅེས་བརྗོད་ཅིང་ཚངས་ཐིག་ དང་པོ་གདབ། དེ་བཞིན་དུ་སློབ་དཔོན་ལྷོ་དང་རླུང་དང་བདེན་བྲལ་དུ་གནས་པས་ཚངས་ཐིག་ གཉིས་པ་དང༌། ཟུར་ཐིག་གཉིས་དང༌། ནུབ་ཏུ་གནས་པས་ལྷོ་དང་བྱང་གི་དང༌། ལྷོར་གནས་ ནས་ནུབ་དང་ཤར་གྱི་རྩ་ཐིག་གདབ་ཅིང༌། ཐིག་ཕྲན་རྣམས་ཀྱང་རིམ་པ་དེ་བཞིན་གདབ་ བོ། །ཡེ་ཐིག་ལས་ཐིག་གཉིས་ཀ་ལ་སློབ་དཔོན་ལྷོ་དང་ནུབ་ཏུ་གནས། ཐིག་གཡོག་ཤར་ 3-1-178 དང་བྱང་དུ་གནས་ནས། ཕན་ཚུན་མེ་རླུང་གི་མཚམས་ལས་མི་འདའ་བར་ཡོངས་འཇོམས་ སྤང་བ་གཅེས་སོ། །དེ་ལྟར་ཐིག་གདབ་ཚུལ་ལ། ཚངས་ཐིག་ཁྲུ་བརྒྱད་པའི་དབང་དུ་བྱས་ ཏེ། ཤར་ནུབ་ཚངས་ཐིག་ཁྲུ་བརྒྱད་མ་ནོར་གདབ། །དེ་ཡི་དབུས་ནས་ཁྲུ་བཞིའི་མཐའ་ནས་ བསྐོར། །དེ་ཡི་ཕྱི་ནས་སོར་དྲུག་ཟླུམ་པོར་བསྐོར། །ཚངས་ཟུར་བྱ་རྗེས་འཆུག་མེད་བཙལ་ བར་བྱ། །ཟུར་ཐིག་ཟླུམ་སྐོར་ཕྱི་མར་རེག་པར་གདབ། །ཟླུམ་སྐོར་ནང་མ་ཚངས་ཐིག་ཕྲད་ མཚམས་ནས། །ཚངས་ཐིག་སྣ་མོ་སྦྲེལ་བའི་ལོགས་གཏུབས་ཀྱི། །བྱ་རྗེས་ཟུར་ཐིག་སྟེང་ འབྱུང་བྱ་རྗེས་དེའི། །རྩེ་མོ་སྦྲེལ་བས་སྐུ་ཡི་རྩ་ཐིག་འབྱུང༌། །(དེའི་ནང་དུ་)ཚངས་ཐིག་བྱ་རྗེས་ སྦྲེལ་བས་ཟུར་ཐིག་སྟེང༌། །བྱ་རྗེས་འབྱུང་(པ་)སྦྲེལ་(བས་)གསུང་གི་རྩ་ཐིག་ཡིན། །(དེའི་ནང་དུ་) ཚངས་ཐིག་བྱ་རྗེས་སྦྲེལ་བས་ཟུར་ཐིག་སྟེང༌། །བྱ་རྗེས་འབྱུང་བ་སྦྲེལ་བས་ཐུགས་རྩ་ཐིག །སླར་ཡང་ཚངས་ཐིག་སྦྲེལ་བས་ཟུར་ཐིག་གི །བྱ་རྗེས་(འབྱུང་བ་)སྦྲེལ་བས་བདེ་ཆེན་འཁོར་ལོ་ དང༌། །རྡོར་གདུང་ཕྱི་མའི་ཕྱི་ཐིག་འབྱུང་འགྱུར་ཞིང༌། །ཚངས་ཐིག་གཡས་གཡོན་རྡོར་གདུང་ ཕྱི་ཐིག་བར། །ཕྱེད་མར་བཏབ་པས་ནང་གི་རྡོར་གདུང་འབྱུང༌། །སྒོ་ཚད་གཉིས་པ་ཞེང་དུ་སྒོ་ ཚད་གཉིས། །སྒོ་ཚད་ནང་མ་ཕྱེད་མར་བགོས་པ་ཡིས། །ཆ་བྲན་གསུམ་འབྱུང་དེ་ནང་སུམ་ཆ་ གདབ། །དེས་ནི་ཕྱོགས་བཞིའི་ཀ་བ་འབྱུང་བར་འགྱུར། །རྡོར་གདུང་ཆ་བྲལ་ནང་མ་ཕྱི་ནས་ གདབ། །ཕྱི་མ་ནང་ནས་བཏབས་པས་དེ་དབུས་སུ། །ཕྱོགས་དང་མཚམས་སུ་ཆ་བྲན་བཞི་ བཞི་དང༌། །བར་བར་གསུམ་གསུམ་འབྱུང་ཞིང་རྡོ་རྗེའི་གདུང༌། །ནང་མ་ལ་རེག་གཙོ་བོའི་པད་ མ་བསྐོར། །སུམ་ཆ་ལྟེ་བ་སུམ་གཉིས་འདབ་མར་བྱ། །རྡོར་གདུང་ཕྱི་མ་ཐུགས་ཀྱི་རྩ་ཐིག་བར། །སྒོ་ཚད་གཉིས་ཡོད་ཕྱི་མའི་ཆ་ཆུང་ཞིག །ནང་དུ་བསྣན་པའི་ཆ་བདུན་ཚོན་ས་ཡིན། །དེ་ཡི་ཕྱི་ མ་ཆ་བཞི་ལྷ་སྣམ་སྟེ། །རྩ་ཐིག་འགྲམ་དུ་ཆ་གཅིག་སྤངས་ཆུང་ངོ༌། ། ཐུགས་ཀྱི་རྩ་ཐིག་(དང་ )གསུང་གི་རྩ་ཐིག་བར། །ཕྱེད་དུ་བགོས་པས་ཐུགས་ཀྱི་མདའ་ཡབ་འབྱུང༌། །ཐུགས་ཀྱི་རྩ་ 3-1-179 ཐིག་(དང་)མདའ་ཡབ་ཕྱེད་(པར་)མར་བགོ །ནང་མ་དབུས་དོར་མཐའ་གཉིས་བཞི་ཆ་རེ། །ཕྱི་ མ་ཕྱེད་གདབ་ཕྱི་མའང་ཕྱེད་མར་བགོ །ནང་ནས་རིམ་བཞིན་རྩིག་པ་སྟེགས་བུ་དང༌། །རིན་ ཆེན་སྣམ་བུ་དོ་ཤལ་དོ་ཤལ་ཕྱེད། །བཱ་གུ་ལི་དང་ཀྲ་མ་ཥིརྐའོ། །གསུང་གི་རྩ་ཐིག་(དང་)སྐུ་ཡི་ རྩ་ཐིག་བར། །ཕྱེད་མར་བཏབ་པས་གསུང་གི་མདའ་ཡབ་འབྱུང༌། །གསུང་གི་རྩ་ཐིག་(དང་) མདའ་ཡབ་ཕྱེད་(པར་)མར་གདབ། །ནང་མ་དབུས་དོར་མཐའ་གཉིས་བཞི་ཆ་རེ། །ཕྱི་མ་ཕྱེད་ གདབ་ཕྱི་མའང་ཕྱེད་དུ་བགོ། །རྩིག་པ་སྟེགས་བུ་ལ་སོགས་གོང་དང་མཚུངས། །གསུང་གི་རྩ་ ཐིག་(དང་)ཐུགས་ཀྱི་མདའ་ཡབ་བར། །ཚོན་ས་ལྷ་སྣམ་སྤངས་ཆུང་རྣམས་ཀྱི་ཚད། །རི་(བདུན་ )མཚོ་(བཞི་)ཟླ་བ་(གཅིག་)ཡིན་ཏེ་ཐུགས་དཀྱིལ་བཞིན། །སྐུ་ཡི་རྩ་ཐིག་(དང་)མདའ་ཡབ་(གཉིས་ )ཕྱེད་མར་བགོ །ནང་མ་དབུས་དོར་མཐའ་གཉིས་བཞི་ཆ་རེ། །ཕྱི་མ་ཕྱེད་གདབ་ཕྱི་མའང་ ཕྱེད་མར་བགོ །རྩིག་པ་སྟེགས་བུ་ལ་སོགས་གོང་དང་མཚུངས། །སྐུ་ཡི་རྩ་ཐིག་(དང་)གསུང་གི་ མངའ་ཡབ་བར། །ཕྱེད་མར་བཏབ་ལ་ནང་མའི་ཆ་བྲན་ཅིག །ལྷ་སྣམ་ལ་སྦྱར་སྤངས་ཆུང་ཆ་ བྲན་ཅིག །བཅད་པས་ལྷ་སྣམ་ཆ་བྲན་བཅུ་གཉིས་དང༌། །ཚོན་ས་ཆ་བྲན་བཅུ་གཅིག་འབྱུང་ བར་འགྱུར། །ཚངས་ཐིག་གཡས་གཡོན་སྒོ་ཚད་གཉིས་མཚམས་ནས། །རྩ་ཐིག་མདའ་ ཡབ་སྦྲེལ་ཏེ་དེ་ཡང་ནི། །ཕྱེད་མར་བགོ་ཞིང་དེ་དག་གཉིས་ཀ་ལ། །ཕྱེད་གདབ་ཕྱི་མའང་ ཕྱེད་མར་གདབ་པར་མཚུངས། །དཀྱིལ་འཁོར་གསུམ་གའི་ཀ་བའི་སྟེང་སླེབ་པའི། །སོ་སོར་ སྒོ་ཚད་གསུམ་སྤངས་གྲུ་བཞིར་གདབ། །སྟེང་འོག་སྦྲེལ་བའི་ཆ་བྲན་ཉེར་བཞིར་དབྱེ། །སྒོ་ ཚད་འོག་མའི་མ་མཐར་སུམ་ཆ་ཕྱེ། །སུམ་ཆ་དེ་ཡང་ཕྱེད་མར་བཏབ་པ་ལས། །རིམ་པ་འོག་ མའི་གདུང་དང་མྱོས་བསྲུངས་འབྱུང༌། །བར་མ་དབུས་དོར་མཐའ་གཉིས་བཞི་ཆ་རེ། །བཞི་ ཆ་དེ་གཉིས་འོག་ཏུ་སུམ་ཆ་རེ། །ཕྱེ་བས་བར་མའི་གདུང་དང་མྱོས་བསྲུངས་དང༌། །ལྷ་གནས་ སྟེང་གི་གདུང་དང་མྱོས་བསྲུང་འབྱུང༌། །སྒོ་ཚད་གསུམ་པ་གསུམ་དུ་ཕྱེ་བའི་དབུས། །མ་མཐར་ 3-1-180 བཞི་ཆ་ཕྱེ་བས་ལྷ་གནས་དང༌། །གདུང་དང་ཧར་མི་བུམ་པའི་གནས་རྣམས་འབྱུང༌། །རིམ་ པ་གསུམ་པོའི་ལྷ་གནས་(འོག་ནས་)རིམ་བཞིན་དུ། །བཞི་གསུམ་(དང་)གཉིས་(དང་རྣམས་)ཀྱི་གྲུ་ བཞི་སོ་སོར་མཉམ། །རིམ་པ་རེ་ལའང་ལྷ་གནས་གསུམ་གསུམ་མཉམ། །དེ་སླད་ཀ་བ་འོག་མ་ ཆ་བྲན་གཅིག།བར་མ་བཞི་གསུམ་སྟེང་མ་ཆ་བྲན་ཕྱེད། །ཀ་བ་རྣམས་ཀྱི་སྦོམས་ཀྱི་ཚད་ཡིན་ ནོ། །གདུང་གི་རིང་ཚད་འོག་ནས་རིམ་པ་བཞིན། །ཉེར་བཞི་བཅོ་བརྒྱད་བཅོ་ལྔ་བཅུ་གཉིས་ སོ། །མྱོས་བསྲུངས་རིང་ཚད་བཅུ་དྲུག་བཅུ་གཉིས་དང༌། །བརྒྱད་ཡིན་ཧར་མིའང་རིང་ཚད་ བརྒྱད་ཡིན་ནོ། །རྩེ་མོར་བུམ་པའི་ཏོག་དང་རྒྱལ་མཚན་བཅས། །ས་ཡི་ཁོར་ཡུག་སྐུ་ཡི་སྒོ་ ཚད་ཕྱེད། །ཆུ་མེ་རླུང་གསུམ་སྒོ་ཚད་རེ་རེ་ལ། །ནམ་མཁའ་སྒོ་ཕྱེད་འོད་ཕྲེང་སྒོ་ཚད་ཅིག །དེ་ དག་རིམ་བཞིན་ཟླུམ་པོར་སྐོར་ཐིག་བྱ། །སྐུ་དཀྱིལ་ལྷ་སྣམ་ཕྱོགས་བཞིར་པད་དམར་གཉིས། །མཚམས་བཞིར་པད་དཀར་རེ་རེ་སྒོ་ཚད་ཕྱེད། །ནང་ནས་རིམ་བཞིན་འདབ་བཞི་འདབ་ བརྒྱད་དང༌། །བཅུ་དྲུག་པ་སྟེ་འདབ་མ་ཉེར་བརྒྱད་དོ། །སྐུ་དཀྱིལ་སྟེགས་བུར་རྟ་བབས་ཀ་བའི་ ནང༌། །ཤར་ཟླུམ་(གཉིས་)གྲུ་གསུམ་(གཉིས་)ལྷོར་བྱ་བྱང་དུ་ནི། །ཟླ་གམ་(གཉིས་)བྱ་ཞིང་ནུབ་ཏུ་ གྲུ་བཞིའོ། །ཐམས་ཅད་སོ་སོར་སྒོ་ཚད་ཕྱེད་ཡིན་ནོ། །སྐུ་ཡི་སྒོ་བཞིར་ཤིང་རྟ་སྒོ་ཚད་ཕྱེད། །སྟེང་འོག་ཤིང་རྟ་ཆུ་ཡི་འཁོར་ཡུག་སྟེང༌། །མེ་རླུང་མཚམས་ཀྱི་ཕྱོགས་དང་མཚམས་རྣམས་ ཀྱི། །དུར་ཁྲོད་གནས་སུ་འཁོར་ལོ་རྩིབས་བརྒྱད་པ། །ཤར་ནུབ་གཉིས་སུ་ཉིས་རིམ་དགོད་ པར་བྱ། །ས་(ཡི་ཁོར་ཡུག་)ལ་དབང་ལྡན་(དུ་)ཟླ་བ་བདེན་བྲལ་(དུ་)ཉི(མ)། །སྐུ་ཡི་རྟ་བབས་རྩེག་ མ་འོག་མའི་དབུས། །ཤར་དུ་ཆོས་འཁོར་གཡས་གཡོན་རི་དྭགས་ཅན། །ལྷོར་ནི་བུམ་པ་ དུང་དང་པདྨས་བརྒྱན། ། བྱང་དུ་རྔ་ཆེན་དབྱུག་པ་ཐོ་བས་མཚན། །ནུབ་ཏུ་ལྗོན་ཤིང་མིའམ་ ཅི་ཕོ་མོ། །རེ་མིག་གཞན་ཀུན་མཛེས་ཚོན་ལྷ་མོའི་གནས། །དེ་ལྟར་སྐམ་ཐིག་ཐེབས་ནས་མི་ དགོས་པ་རྣམས་ཕྱིས་ཏེ། དགོས་པ་རྣམས་ལ་རློན་ཐིག་གདབ་བོ། །དེ་ནས་གཙོ་བོའི་ང་རྒྱལ་ 3-1-181 གྱིས་མིག་གཉིས་ལ་ཧིཿཡིག་བཀོད་ནས་ཉི་ཟླར་བསམས་ཏེ་ཐར་པའི་སྒོའི་གེགས་བསལ་ བར་བསམས་ཏེ་སྒོའི་རྩ་ཐིག་རྣམས་དབྱིའོ། །སླར་ཡང་ཐིག་དང་ཐིག་སྐུད་རྣམས་ལ་མཆོད་ པ་དང་གཏོར་མ་ཕུལ་ནས་ཐིག་ལ་བསྲུང་བ་བྱ་ཞིང༌། ཐིག་སྐུད་ཀྱི་ཡེ་ཤེས་པ་ཐུགས་ཁར་ གཤེགས་སུ་གསོལ་ནས། ཐིག་སྐུད་དབེན་པར་བཞག་གོ ། (གཉིས་པ་ཚོན་དགྱེ་བ་ནི།) འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་རྣམས་རབ་ སྒྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་ པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོའི་ནང་དུ་ཡང་དག་གནས། །ༀ་བཛྲ་རེ་ཁཱ་ས་མ་ཡ་ༀ་ ཨཱཿཧཱུཾ། ཞེས་པའམ། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་འདོན་ཞིང༌། སློབ་དཔོན་གྱི་གཡོན་པའི་ ཁུ་ཚུར་གྱིས་ཐུགས་དཀྱིལ་གྱི་རྩིག་པ་དབང་ལྡན་ནས་གཡས་བསྐོར་དུ་བྲི། གཙོ་བོའི་པད་ མའི་འོག་གཞི་སྔོན་པོ། པད་མ་ལྗང་ཁུ། རྡོར་ཕྲེང་ནང་མ་ནག་པོ། ཕྱི་མ་ལྗང་ཁུ། རྡོར་ཕྲེང་ ནང་མའི་ཕྱི་ཕན་ཆད་ཀྱི་གཞི་ཤར་ནག་ལྷོ་དམར་བྱང་དཀར་ནུབ་སེར། ཀ་བ་བཅུ་དྲུག་ནག་ པོ་ལ། ཤར་དུ་རལ་གྲི། ལྷོར་རིན་པོ་ཆེ། བྱང་དུ་པད་མ། ནུབ་ཏུ་འཁོར་ལོ་ཕྱོགས་མདོག་ཅན་ གྱིས་སྤྲས་པའོ། །སངས་རྒྱས་དང་བྱང་སེམས་རྣམས་ཀྱི་གདན་དང༌། ཤར་དང་བྱང་གི་སྒོར་ པད་དཀར་དང་ཉི་མ། ལྷོ་དང་ནུབ་རྣམས་ཀྱི་སྒོ་དང༌། ཡུམ་རྣམས་ཀྱི་གདན་པད་དམར་དང་ ཟླ་བ། དཀྱིལ་འཁོར་གསུམ་གའི་ལྷ་སྣམ་དང་སྟེགས་བུ་དཀར་པོ། རིན་ཆེན་སྣམ་བུ་དམར་ པོ་ལ་རིན་པོ་ཆེས་སྤྲསས་པ། དོ་ཤལ་མེ་ལོང་རྔ་ཡབ་བཱ་གུ་ལི། ཀྲ་མ་ཥིརྐ་རྣམས་དཀར་པོ། དེ་ རྣམས་ཀྱི་གཞི་ནག་པོ། རྟ་བབས་འདེགས་པའི་ཀ་བ་དང༌། རྟ་བབས་ཀྱི་ཀ་གདུང་རྣམས་ སེར་པོ། ནང་མཛེས་ཚོན། ཐུགས་ཀྱི་ར་བ་ནང་ནས་ནག དམར། དཀར་བ་དང་བཅས་པ། གསུང་དང་སྐུ་ཡི་ར་བ་ནང་ནས། ལྗང༌། ནག དམར། དཀར། སེར་པོ། བར་དང་བཅས་ པ། དེ་དག་གི་ཟུར་ལ་སྣ་ཚོགས་རྡོ་རྗེས་སྤྲས་པ། གསུང་དང་སྐུའི་སྣམ་བུའི་ཕྱོགས་ཀྱི་པད་མ་ 3-1-182 རྣམས་དམར་པོ། མཚམས་ཀྱི་རྣམས་དཀར་པོ། ཉི་ཟླའི་གདན་མེད་པ། ཁོར་ཡུག་གི་ས་སེར་ པོ་ལ་ཟླ་བ་དཀར། ཉི་མ་དམར། ཆུའི་ཁོར་ཡུག་དཀར་པོ་ལ་ཤིང་རྟ་ཤར་དུ་ལྗང་ཁུ། ནུབ་ཏུ་ སྔོན་པོ། ཆུ་དཀར་པོ། མེ་དམར་པོ། རླུང་ནག་པོ། མེ་རླུང་མཚམས་ཀྱི་དུར་ཁྲོད་ཀྱི་ཕྱོགས་ བཞིའི་འཁོར་ལོ་དམར་པོ། མཚམས་ཀྱི་དཀར་པོ་ཆ་བྲན་བཅུ་གཉིས་པའོ། །རྟ་བབས་ཀྱི་ ཆོས་འཁོར་ནག་པོ། བུམ་པ་དམར་པོ། རྔ་ཆེན་དཀར་པོ། བྱང་ཆུབ་ཤིང་སེར་པོ། རྟ་བབས་ ཀྱི་སྣམ་བུ་ལ་འཕྱང་བའི་དྲིལ་བུ། མེ་ལོང༌། བ་དན་རྣམས་དཀར་པོ། ནམ་མཁའི་ཁོར་ཡུག་ ལྗང་ཁུའི་དབུས་སུ་རྡོ་རྗེ་ཕྲེང་བ། དེའི་ཕྱི་རོལ་གྱི་འོད་ཟེར་ཕྲེང་བ་ཁ་དོག་ལྔ་པའོ། །སྐུ་དང་ སའི་བར་དུ་པད་མ་བུམ་པ་སོགས་མཆོད་རྫས་སྣ་ཚོགས་པའོ། །རྡུལ་ཚོན་རླུང་གིས་ཁྱེར་སྲིད་ ན། །བླ་མ་རྒྱལ་པོ་འཇིགས་པར་བཅས། །རེ་ཁཱ་སྦོ མ་ན་སློབ་དཔོན་དང༌། །སྦྱིན་བདག་དག་ ལ་ནད་འབྱུང་ཞིང༌། །ངན་པས་རྫས་འགྲིབ་ཆད་པས་འཆི། །འཁྱོག་པོས་གྲོང་བསྐྱོད་མཚན་ མ་དང༌། །ཉི་ཟླའི་གདན་ཆད་དངོས་གྲུབ་མེད། །རྡུལ་ཚོན་འདྲེས་ན་རིགས་རྒྱུད་འཆད། །དེ་ ལྟའི་སྐྱོན་དང་བྲལ་བར་བྲི། །མཚན་མ་ངན་ན་སྔར་བཞིན་བཟློག །རྡུལ་ཚོན་ནག་པོ་ནས་ཀྱི་ རྐང་པ་གཅིག་གི་སྤངས། དམར་པོ་གཉིས། དཀར་པོ་གསུམ། སེར་པོ་བཞི། སེར་པོའི་སུམ་ འགྱུར་རྩིག་པ། སྣམ་བུ་ཉི་ཟླ་པད་མ་རྣམས་སེར་པོ་ཉིས་འགྱུར་སོགས་མ་ནོར་བར་བྱའོ། ། མཚན་མ་འགོད་པ་ནི། ཐུགས་ཀྱི་རྩིག་པ་ཡན་བྲིས་ནས། ཐུགས་དཀྱིལ་གྱི་ལྷ་མཚན་ རྣམས་འགོད། གསུང་དང་སྐུ་ལའང་དེ་ལྟར་བྱ་ཞིང༌། རྒྱུད་ལས་མ་གསུངས་པའི་མཚན་མ་ ནི་བདུད་ཀྱི་མཚན་མ་ཡིན་པས་མི་བྱའོ། །མཚན་མ་ལ་ས་བོན་དང༌། དེ་ལས་བྱུང་བའི་ཕྱག་ མཚན་གཉིས་མཚན་མ་ཕྲ་མོ་ཞེས་བྱ། དེ་གྱུར་པའི་ལྷའི་གཟུགས་རགས་པ་དང་གསུམ་ལས། རགས་པ་ནི་བླ་མེད་ཀྱི་དཀྱིལ་འཁོར་ལ་འཇིག་རྟེན་གྱི་སྨོད་པ་སྤང་བའི་ཕྱིར་མི་བྲི་ཞིང༌། འདིར་ཕྲ་མོའི་རིགས་པས་གཙོ་བོའི་པད་མའི་ལྟེ་བར་ཟླ་ཉི་སྒྲ་གཅན་གྱི་གདན་ལ་རྡོ་རྗེ་སྔོན་ 3-1-183 པོ་རྩེ་གསུམ་པ། འདབ་མ་ལ་ཤར་དུ་སྤོས་སྣོད། ལྷོར་མར་མེ། བྱང་དུ་ལྷ་བཤོས། ནུབ་ཏུ་ དྲིའི་དུང༌། མཚམས་སུ་རྔ་གཡབ་ཕྱོགས་མདོག །དེའི་ཕྱིར་མེར་ཡིད་བཞིན་གྱི་ནོར་བུ་ནག་པོ། བདེན་བྲལ་དུ་གཎྜི་དམར་པོ། དབང་ལྷན་དུ་དུང་དཀར་པོ། རླུང་དུ་དཔག་བསམ་ཤིང་སེར་ པོའོ། །བུམ་པ་བཅུ་དཀར་པོ་པད་མ་ལ་གནས་ཤིང་པད་མས་ཁ་བརྒྱན་པའི་(བརྒྱད་བདེ་གཤེགས་ འཕར་མའི་སངས་རྒྱས་ཡབ་ཡུམ་གྱི་བར་དང་)གཉིས་ཤར་ནུབ་ཀྱི་ཁྲོ་བོའི་སྟེང་དུ་དགོད། (བདེ་ཆེན་དང་ཐུགས་ ཀྱི་)པད་མ་ཉེར་བཞི་ལ། ཤར་དང་མེར་རལ་གྲི། ལྷོ་དང་བདེན་བྲལ་དུ་རིན་པོ་ཆེ། བྱང་དང་ དབང་ལྡན་དུ་པད་མ། ནུབ་དང་རླུང་དུ་འཁོར་ལོ། སྒོ་བཞིའི་གཡོན་དུ་རྡོ་རྗེ། དམིགས་གསལ་ ནི། བདེ་གཤེགས་འཕར་མའི་བདེན་བྲལ་དུ་པད་མ་དམར་པོ། དབང་ལྡན་དུ་ཨུཏྤལ་དཀར་ པོ། ལྷོ་སྒོར་དབྱུག་པ་དམར་པོ། ནུབ་སྒོར་ཐོ་བ་སེར་པོའོ། །སྟེགས་བུ་ལ་ཤར་དུ་དུང་དང་མེ་ ཏོག་གི་ཕྲེང་བ། ལྷོར་སྤོས་སྣོད་དང་མར་མེ། བྱང་དུ་ཞལ་ཟས་དང་འབྲས་བུའི་སྣོད། ནུབ་ ཏུ་དབུ་རྒྱན་དང་དོ་ཤལ། སྒོའི་གཡོན་དང་གཡས་སུ་ཕྱོགས་མདོག་གོ །རྟ་བབས་ཀྱི་སྟེང་ དུ་ཤར་དུ་གོས། ནུབ་ཏུ་རྔ་པ་ཧ་ཧ་གཉིས་ལྗང་ཁུ། བྱང་དུ་རྡོ་རྗེ། ལྷོར་པད་མ་གཉིས་སྔོན་ པོའོ། །གསུང་གི་ལྷ་སྣམ་གྱི་པད་མ་ལ། ཤར་དུ་གྲི་གུག མེར་འཁོར་ལོ་གཉིས་ནག་པོ། ལྷོར་ དབྱུག་པ། བདེན་བྲལ་དུ། ཤག་ཏི་གཉིས་དམར་པོ། བྱང་དུ་རྩེ་གསུམ། དབང་ལྡན་དུ་པད་ མ་གཉིས་དཀར་པོ། ནུབ་ཏུ་རྡོ་རྗེ། རླུང་དུ་པར་བུ་གཉིས་སེར་པོ་རྣམས་རང་རང་གི་བཞོན་ པའི་སྟེང་དུ་བཀོད་དོ། །གསུང་གི་སྟེགས་བུ་ལ་ཤར་ལྷོ་བྱང༌། ནུབ་རྣམས་ཀྱི་སྒོའི་གཡས་ སུ་རིམ་བཞིན་ཙཿཊཿཔཿཏཿསྡེ་ཚེག་དྲག་ཅན་དང༌། གཡོན་རྣམས་སུ་རིམ་བཞིན། (ཤར་) སཿྉྤཿཥཿཤཿྈྐཿ (ལྷོ་)ཀཿཁཿགཿགྷཿངཿ (བྱང་)ལཿཝཿརཿཡཿཧཿ (ནུབ་ཀྱི་)ཀྵཿརྣམས་དགོད་ དོ། །སྐུའི་སྟེགས་བུ་ལ་ཡི་གེ་དེ་རྣམས་ཚེག་དྲག་དོར་ནས་ཐིག་ལེས་བརྒྱན་པའོ། །སྐུའི་ལྷ་ སྣམ་གྱི་པདྨ་ལ། ཤར་གྱི་གཡས་སུ་རལ་གྲི། མེར་ལྗོན་ཤིང་གཉིས་ནག་པོ། ལྷོའི་གཡས་ 3-1-184 སུ་ཤག་ཏི། བདེན་བྲལ་དུ་མདུང་གཉིས་དམར་པོ། བྱང་གི་གཡས་སུ་ཞགས་པ། དབང་ ལྡན་དུ་དགྲ་སྟ་གཉིས་དཀར་པོ། ནུབ་ཀྱི་གཡས་སུ་རྡོ་རྗེ། རླུང་དུ་ཁབ་གཉིས་སེར་པོ། བྱང་ གི་གཡོན་དུ་རྩེ་གསུམ། ནུབ་ཀྱི་གཡོན་དུ་བེ་ཅོན་གཉིས་སྔོན་པོ། ཤར་གྱི་གཡོན་དུ་འཁོར་ ལོ། ལྷོའི་གཡོན་དུ་དབྱུག་པ་གཉིས་ལྗང་ཁུ་སྟེ། པད་མའི་ལྟེ་བ་ལ་གཉིས་དང༌། འདབ་མ་ རྣམས་ལ་རེ་རེའོ། །སྒོ་བཞི་དང་སྟེང་འོག་གི་ཤིང་རྟ་ལ། ཡཾ་ལཱཿརཾ་ཝཱཿཝཾ་རཱཿལཾ་ཡཱཿ ཧཾ་ཧཱཿཧ་ ཧཱཿསྐུའི་སྟེགས་བུའི་ཀླུའི་གནས་རྣམས་སུ། (ཤར་)ཧྻ་ཧྻཱ། (ལྷོ་)ཧྼ་ཧྼཱ། (བྱང་)ཧྺ་ཧྺཱ། (ནུབ་)ཧླ་ ཧླཱ་རྣམས་ཕྱོགས་བཟློག་གོ །མེ་རླུང་མཚམས་ཀྱི་དུར་ཁྲོད་ཀྱི་འཁོར་ལོ་རྣམས་ལ་རང་རང་གི་ བཞོན་པའི་སྟེང་དུ་མཚན་མ་གྲི་གུག་ཕྱོགས་མདོག་ཅན་འབའ་ཞིག་བྲིའོ། །རླུང་གི་ཁོར་ཡུག་ ལ་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞིའི་མཚན་མ་སྣ་ཚོགས་བྲིའོ། །དེ་ལྟར་མཚན་མ་རྣམས་ ཀྱི་མདོག་ནི་(ཕལ་ཆེར་)གཙོ་བོའི་ཞལ་གྱི་དབྱེ་བས་ཕྱོགས་བཞི་ཕྱོགས་མདོག་དང༌། སྟེང་འོག་ ལྗང་སྔོན་དུ་རིགས་པའོ། །དེ་ནས་ཚོན་ལྷག་མ་རྣམས་མཆོད་དེ། ཡེ་ཤེས་པ་རང་གི་སྙིང་ཁར་ གཤེགས་ནས་གནས་དབེན་པར་བཞག ། (གསུམ་པ་བརྒྱན་དགོད་པ་ནི།) སྒོ་བསྲུང་བའི་སློབ་མ་མཚན་ཉིད་དང་ལྡན་པ་སྒོ་རྣམས་སུ་ དགོད་པ་དང༌། དེ་ཉིད་བཅུ་ཤེས་པའི་སློབ་མ་ལས་ཀྱི་རྡོ་རྗེ་ཅན་དུ་བྱས་ཏེ་སྦྱིན་སྲེག་ལ་ སོགས་པའི་ལས་རྣམས་བྱ་ཞིང༌། མེད་ན་རང་གིས་བྱའོ། །དེ་ནས་བུམ་པ་རྣམས་ཕྱོགས་ བཞིའམ་བརྒྱད་དུ་དགོད་ཅིང༌། རྒྱལ་རྣམ་རྒྱལ་གཉིས་ཤར་ནུབ་ཀྱི་བུམ་པ་ལས་སོར་གཉིས་ སྤངས་པའི་ཕྱི་རོལ་ཏུ་དགོད་དོ། །བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡང༌། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་ པ་བདུན་གྱིས་མངོན་པར་བསྔགས་ནས་ཉ་ཕྱིས་སམ་དུང་ཆོས་སུ་བཞག་པར་བྱའོ། །བུམ་ པ་དགོད་པའི་ངེས་པའོ། །དེ་ནས་མཆོད་པ་དང་གཏོར་མ་དང་མཁོ་བའི་ཡོ་བྱད་ཐམས་ཅད་ ལེགས་པར་བཤམ་པར་བྱའོ། ། 3-1-185 (གཉིས་པ་བསྒྲུབ་ཅིང་མཆོད་པ་ནི།) སློབ་དཔོན་གྲོགས་དང་བཅས་པ་དཀྱིལ་འཁོར་ལ་མངོན་དུ་ ཕྱོགས་པས། སྔོན་འགྲོའི་གཏོར་མ་ནས་བདག་བསྐྱེད་བཟླས་པའི་བར་སྔོན་དུ་བཏང་ནས། མདུན་བསྐྱེད་བསྒྲུབ་པ་ནི། སྟོང་པའི་ངང་ལས་རྡོ་རྗེའི་རང་བཞིན་རྩིབས་བཅུ་པ་ཟླུམ་པོའི་ དབུས་སུ། ཞེས་པ་ནས། རྒྱན་གྱི་རྣམ་པ་མཆོག་ཏུ་བཀྲ་བ་དུ་མས་མཛེས་པར་བརྒྱན་པ། དེའི་ དབུས་སུ་གཙོ་བོའི་པད་མའི་རྩ་བ་དང༌། སྡོང་བུ་དང༌། འདབ་མ་དང༌། གེ་སར་དང་ལྟེ་བ་ རྣམས། སཱཾ་ྉྤཱཾ་ཥཱཾ་ཤཱཾ་ྈྐཾ་ལས་བྱུང་བའི་ལྟེ་བར། ཨཾ་ཨཿཨ་ལས་ཟླ་ཉི་སྒྲ་གཅན་གྱི་སྟེང་དུ་ ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དྲི་མ་མེད་ པའི་འོད་ཟེར་ལྔ་རྣམས་འགྱེད་ཅིང༌། ཞེས་པ་ནས། རླུང་དུ་ཧོཿལས་བྱུང་བའི་དཔག་བསམ་ གྱི་ཤིང་སེར་པོ་སྟེ། དེ་ལྟར་གཙོ་བོ་ཡབ་ཡུམ་བསྐྱེད་པའོ། །དེ་བཞིན་དུ་དཀྱིལ་འཁོར་ལ་ བཀོད་པའི་ས་བོན་དང༌། ལྷ་མཚན་རྣམས་སོ་སོའི་ས་བོན་ལས་བྱུང་བའི་ཕྱག་མཚན་སོ་སོར་ གྱུར་ཅིང༌། དེ་ལས་བྱུང་བའི་ལྷ་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི། ཨ་ལས་རྡོ་རྗེ་ ལྗང་ཁུ་དང༌། དེ་ལས་བྱུང་བའི་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ། ཞེས་པ་ནས། འཇིག་ རྟེན་པའི་ལྷ་དཀྱིལ་འཁོར་ཆེན་པོ་ལ་མངོན་པར་དད་པ་རྣམས་ཀྱང་འཁོར་པར་གྱུར། (ཅེས་ པའི་བར་སྟ་གོན་བཞིན་ལྷ་རྣམས་ས་བོན་དང་ཕྱག་མཚན་ལས་བསྐྱེད་པར་བྱའོ།།) གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ འོད་འཕྲོས། སྟ་གོན་གྱི་ལྷ་རྣམས་མདུན་དུ་སྤྱན་དྲངས་པ་ལ། གནྡྷཾ་སོགས་ཀྱིས་མཆོད(ནས)། ཛཿཧཱུཾ་ཝཾ་ཧོཿས་མདུན་བསྐྱེད་ཀྱི་ལྷ་ལ་ལྷ་དང་དཀྱིལ་འཁོར་ལ་དཀྱིལ་འཁོར་གཉིས་སུ་མེད་ པར་གྱུར། (དེ་ནས་ཡེ་ཤེས་པ་དགུག་པ་ནི།) རང་གཙོ་བོ་ཡབ་ཡུམ་དུ་གསལ་བ་སྙོ མས་པར་ཞུགས་ པའི་བདེ་བའི་སྒྲས་བསྐྱེད་པའི་ཁྲོ་བོའི་དབང་པོ་རྣམས་ནམ་མཁར་འཕྲོས་པས་ཡེ་ཤེས་ཀྱི་ འཁོར་ལོ་ཛཿ(ལྕགས་ཀྱུའི་ཕྱག་རྒྱ་དང་)ཡིག་གིས་བཀུག་པ་ལ་གནྡྷཾ་སོགས་(ཀྱིས་མཆོད་)ཧཱུཾ་བཾ་ཧོཿས་ གཞུག་པ་དང་བཅིང་བ་དང་མཉེས་པར་བྱས་པས། དེ་དག་ཐམས་ཅད་ཆགས་པ་ཆེན་པོས་ 3-1-186 ཞུ་ནས་རྡོ་རྗེའི་ལམ་ནས་ལྷ་མོའི་པད་མར་བྱུང་བ་རྣམས་ཡེ་ཤེས་ཀྱི་འཁོར་ལོར་སྤྲོས་པ་ལས། རིམ་པ་བཞིན་དམ་ཚིག་གི་དཀྱིལ་འཁོར་ལ་ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར(པར་བསམས་ ནས)། ལྷ་རྣམས་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ གསང་བར་ སྭཱ། གཙུག་ཏོར་དུ་ཧཱ། དཔྲལ་བར་ༀ་ལས་སྐུ་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྙིང་ ཁར་ཧཱུཾ་ལས་ཐུགས་རྡོ་རྗེ་རྣམས་ཡུམ་དང་བཅས་པ་ནམ་མཁར་འཕྲོས་ཏེ་སེམས་ཅན་གྱི་དོན་ མཛད་ནས་ནམ་མཁར་བཞུགས་པ་ལ། དབང་བསྐུར་བར་གསོལ་བ་བཏབ་པས། སྐུ་གསུང་ ཐུགས་ཀྱི་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར་ཏེ། རྡོ་རྗེ་ གསུམ་གནས་གསུམ་དུ་འཁོད་ཅིང་བྱིན་གྱིས་བརླབས་ནས། ཤེས་རབ་ཀྱི་ལྟེ་བར་ཧོཿལས་ སྐུ་རྡོ་རྗེ། གསང་བར་སྭཱ་ལས་གསུང་རྡོ་རྗེ། གཙུག་ཏོར་དུ་ཧཱ་ལས་ཐུགས་རྡོ་རྗེས་བྱིན་གྱིས་ བརླབས་ཏེ། (དབང་བསྐུར་ནས་རྒྱས་གཏབ་པ་ནི།) གཙོ་བོ་ལ་མི་བསྐྱོད་པས། ཡུམ་ལ་རྡོ་རྗེ་སེམས་ དཔས། རྡོར་སེམས་ལ་མི་བསྐྱོད་པས། མི་བསྐྱོད་པ་ལ་རྡོར་སེམས་ཀྱིས། རྣམ་སྣང་ལ་མི་ བསྐྱོད་པས། འོད་དཔག་མེད་ལ་རྣམ་སྣང་གིས། རིན་འབྱུང་ལ་འོད་དཔག་མེད་ཀྱིས། དོན་ གྲུབ་ལ་རིན་འབྱུང་གིས་རྒྱས་གདབ། གཞན་ཡང་ལྷ་དང་ལྷ་མོའི་ཚོགས་ལྗང་ཁུ་རྣམས་ལ་མི་ བསྐྱོད་པ། ནག་པོ་རྣམས་ལ་དོན་གྲུབ། དམར་པོ་རྣམས་ལ་རིན་འབྱུང༌། དཀར་པོ་རྣམས་ལ་ འོད་དཔག་མེད། སེར་པོ་རྣམས་ལ་རྣམ་སྣང༌། སྔོན་པོ་རྣམས་ལ་རྡོར་སེམས་ཀྱིས་རྒྱས་གདབ་ བོ། །དེ་ནས་སྒྲུབ་ཐབས་ནས་འབྱུང་བ་ལྟར། (མཆོད་པ་བྱིན་གྱིས་བརླབས་ཏེ།) ཕྱིའི་མཆོད་(རྒྱས་)པ་ དང༌། (སྲབ་འཇམ་ཡང་བ་སོགས་ཀྱིས་)གོས་ཟུང་དང་ནང་མཆོད་ཀྱིས་(རྒྱས་པར་)མཆོད། མཆོག་སྦྱིན་ རྡོ་རྗེ་མཆོག་ཁྱོད་འདུད། །སོགས་དང༌། གང་ལ་ཐོག་མཐའ་དབུས་མེད་སོགས་ཀྱི་བསྟོད་པས་ བསྟོད་ནས། གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་དང༌། འཁོར་གྱི་བཟླས་པའང་བྱའོ། །དེ་ནས་ (དཀྱིལ་འཁོར་གྱི་ཁང་པའི་)ཕྱི་རོལ་ཏུ་མཁའ་འགྲོ་སྤྱི་གཏོར་རམ། ཁྲོ་བོ་ལ་སོགས་(བསྲུང་མ་དྲུག་ཅུ་)ལ་ 3-1-187 གཏོར་མ་ཕུལ་ནས་(ཧྲིཿབི་ཤུདྡྷ་སོགས་ཀྱིས་མཐོར་འཐུང་བྱིན་ནས)། དཀྱིལ་འཁོར་ཆེན་པོ་ལ་མངོན་པར་ དད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་འཕྲིན་ལས་མཛོད་ཅིག །དཀྱིལ་ འཁོར་ལྟ་བ་ལ་མི་དབང་པའི་འབྱུང་པོ་རྣམས་རང་རང་གི་གནས་སུ་དེངས་ཤིག །(ཅེས་བརྗོད་ཅིང་ ལག་པ་ས་ལ་གཏུག་ཅིང༌།) སརྦ་བྷཱུ་ཏ་གཙྪ། སརྦ་དུཥྚན་གཙྪ། (ཞེས་བརྗོད་ནས་གཏོར་མ་རོལ་མོ་དང་བཅས་པས་ བཞི་མདོ་འམ། ཆུ་བོར་བསྐྱལ་ལོ།།) (གསུམ་པ་འཇུག་ཅིང་དབང་བསྐུར་བ་ལ་གཉིས། བདག་ཉིད་འཇུག་པ་དང་སློབ་མ་དབང་བསྐུར་བ། དང་པོ་ནི།) རང་ གི་གནས་དྲུག་ཏུ་ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿབཀོད་ནས་ནང་དུ་བཞུགས་ཏེ། ཡིག་བརྒྱས་ལྷག་ཆད་ཁ་ བསྐང༌། དཀྱིལ་འཁོར་ལ་བསྐོར་ནས་མེ་ཏོག་ཕུལ་ཏེ། ༀ་བཛྲ་ཨུད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ ཧཱུཾ། (ཞེས་བརྗོད་དེ།) སྒོ་དབྱེ(བར་བསམ་ཞིང་)། ༀ་ས་མ་ཡ་པྲ་བེ་ཤ་ཡཱ་མི། (ཞེས་བརྗོད་ཅིང་མེ་ཏོག་བླངས་ཏེ་ མགོར་བཞག་ནས་ཕྱག་བྱ་སྟེ།) སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་སྩོལ་ཅིག །(ཅེས་ གསོལ་བ་བཏབ་ནས་སློབ་མ་ལ་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ། བདག་ཉིད་ཀྱིས་ཀྱང་བླང་བར་བྱའོ།།) (གཉིས་པ་དབང་བསྐུར་བ་ལ། བྱིས་པ་འཇུག་པའི་དབང་དང༌། དབང་གོང་མ་གཉིས་ཀྱི་དང་པོ་ལ། དཀྱིལ་འཁོར་དུ་ འཇུག་པ་དང༌། དབང་བསྐུར་བ་གཉིས་ཀྱི་དང་པོ་ལ། ཕྱི་འཇུག ནང་འཇུག་གཉིས་ལས་དང་པོ་ནི།) དེ་ནས་བླ་མ་དང་ དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་མོས་པ་ལ་དབང་ལེན་པར་བསམས་ནས་མཎྜལ་ཕུལ་ ལ། (སྟ་གོན་གྱི་སྐབས་ན་ཡོད་པ་བཞིན།) སྐྱེ་རྒ་འཆི་དང་ན་དགྲ་ཡི། །ཞེས་སོགས། (གསུམ་དང༌།) མི་ བཟད་འཁོར་བས་འཇིགས་པ་བདག་ནི་དི་རིང་ཉིད་ནས་རྒྱལ་བ་རྣམས་ལ་སྐྱབས་སུ་ལྷག་ པར་མཆི། །ཁྱེད་ཀྱི་ཞབས་ཀྱི་ཆུ་སྐྱེས་ངེས་པར་སྲིད་པའི་འཇིགས་འཕྲོག་དག་ལ་ལུས་ངག་ སེམས་ནི་དག་པས་སོ། །(ཞེས་ལན་གསུམ་གྱིས་གསོལ་བ་བཏབ།) འདོད་པའི་རྡོ་རྗེ་ལ་ནི་རྡོ་རྗེ་དྲིལ་ བུ་ཕྱག་རྒྱ་བླ་མ་དག་ཀྱང་སྤྱི་བོས་བཟུང་བར་བགྱི། །རིན་ཆེན་ལ་ནི་སྦྱིན་པ་སྦྱིན་བགྱི་འཁོར་ ལོ་འདི་ལ་རྒྱལ་བ་མཆོག་གི་དམ་ཚིག་བསྐྱང་བར་བགྱི། །རལ་གྲི་ལ་ནི་མཆོད་པ་བགྱི་སྟེ་ 3-1-188 གསལ་བར་ཆུ་སྐྱེས་རིགས་ལ་སྡོམ་པ་རྣམས་ནི་བསྐྱང་བར་བགྱི། །སེམས་ཅན་རྣམས་ནི་ཐར་ པའི་སླད་དུ་རྒྱལ་བ་བསྐྱེད་མཛད་རིགས་ལ་བྱང་ཆུབ་བདག་གིས་བསྐྱེད་པར་བགྱི། །(ཞེས་ལན་ གསུམ་གྱིས་སྡོམ་པ་བཟུང་ཞིང་སྨོན་ལམ་གདབ་བོ། །སོ་ཤིང༌།) ༀ་ཨཱཿཧཱུཾ།(གསུམ་གྱིས་བརླབས་ནས།) ༀ་ཨཱཿཧཱུཾ་ཧོཿཧཾ་ ཀྵཿ བཛྲ་དན་ཏ་ཀཱཥྛ་ཙ་ཏུར་བི་མོཀྵ་མུ་ཁ་བི་ཤུད་དྷི་སྭ་བྷཱ་ཝཾ་ཀཱ་ཡ་ཝཱཀྩིཏྟ་སོགས་ཀྱིས་སོ་ ཤིང་དང༌། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ(ས་བསྲུང་བ་དང༌།) ༀ་ཧྲིཿབི་ཤུད་དྷའི་སྔགས་ཀྱིས་ཁ་དག་པར་བྱས་ ཏེ། ལྕེ་ལ་བདུད་རྩི་བཞག །(སོ་ཤིང་དང༌། བསྲུང་བ་དང༌། ཁ་དག་པ་གསུམ་སྟ་གོན་གྱི་སྐབས་ལྟར་རོ། །བླ་མས།) དགའ་བ་ལ་དགའ་ཁྱོད་སུ་ཀྱེ། (ཞེས་དྲི། སློབ་མས།) བདེ་ཆེན་བདག་ནི་སྐལ་བ་བཟང༌།(ཞེས་ལན་ གདབ་བོ།།) སྙིང་ཁར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་ སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ(ས་མཚན་པར་མོས་ཏེ)། ༀ་སརྦ་ཡོ་ ག་ཙིཏྟཾ་ཨུ་པ་ཏ་ཡ་མི། (ཞེས་སློབ་མས་བརྗོད། བླ་མས། རྡོ་རྗེ་མེ་ཏོག་དང་བཅས་པ་དེའི་སྙིང་ཁར་བཟུང་ནས།) ༀ་ སུ་ར་ཏེ་ས་མ་ཡ་ཏྭཾ་ཧོཿསི་དྷྱ་བཛྲ་ཡ་ཐཱ་སུ་ཁཾ། (ཞེས་པས་བྱང་ཆུབ་ཀྱི་སེམས་བརྟན་པར་བསམ། རྡོ་རྗེ་སྤྱི་བོར་ བཞག་ནས།) དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་ གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་གསང་བའི་དཀྱིལ་ འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པར་ཡང་མི་ བྱའོ། །(ཞེས་གསང་བར་གདམས།) ༀ་ཡ་མཱན་ཏ་ཀྲྀཏ་ཧཱུཾ། (ཞེས་པས་རྡོ་རྗེས་ཁྲིད་དེ།) ཨཱ་ཁཾ་བི་ར་ཧཱུཾ། (ཞེས་ པས་ཡོལ་བའི་ནང་དུ་གཞུག་གོ།། ཕྱི་འཇུག་གོ།།) (གཉིས་པ་ནང་གི་འཇུག་པ་ནི།) མ་ཧཱ་ར་ཏ་སུ་ཌྼ་དྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨ་དྷྱ་སིད་དྷི་མཱཾ། (ཞེས་བརྗོད་ཅིང་བསྐོར་བ་བྱས་པར་བསམ། ཐལ་མོ་སྦྱར་ནས་དཀྱིལ་འཁོར་གྱི།) ཤར་སྒོ་ནས། ༀ་སརྦ་ཏ་ཐཱ་ག་ ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)པཱུ་ཛོ་(མཆོད་པ་)པསྠཱནཱ་ཡ་(གནས་པ་)ཨཱཏྨ་ནཾ་(བདག་ཉིད་)ནཱིཪྻ་ཏ་ཡ་མི་ (དབུལ་བར་བགྱིའོ་)སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)བཛྲ་ས་ཏྭ་(རྡོ་རྗེ་སེམས་དཔའ་)ཨ་དྷི་ཏིཥྛ་ 3-1-189 མཱཾ(བདག་ལ་བྱིན་གྱིས་རློབས་ཤིག)། (ཅེས་དང༌།) ཡང་དེ་ཉིད་ནས། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ ཐམས་ཅད་)པཱུ་ཛོ་ཀརྨ་ཎེ་(མཆོད་པའི་ལས་ལ)། ཨཱཏྨཱ་ནཱཾ་(བདག་ཉིད་)ནཱིཪྻ་ཏ་ཡཱ་མི་(དབུལ་བར་བགྱིའོ་)སརྦ་ ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)བཛྲ་ཀརྨ་ཀུ་རུ་མཱཾ་(བདག་ལ་རྡོ་རྗེའི་ལས་མཛོད)། (ཞེས་པ་དང༌།) ལྷོ་ནས། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)པཱུ་ཛོ་(མཆོད་པ་)ཨ་བྷི་ཥེ་ཀཱ་ཏ་(མངོན་པར་ དབང་བསྐུར་བའི་ཕྱིར་)ཨཱཏྨ་ནཾ་(བདག་ཉིད་)ནཱིཪྻ་ཏ་ཡཱ་མི་(དབུལ་བར་བགྱིའོ་)སརྦ་ཏ་ཐཱ་ག་ཏ་(དེ་བཞིན་ གཤེགས་པ་ཐམས་ཅད་)བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ(རྡོ་རྗེ་རིན་ཆེན་བདག་ལ་དབང་བསྐུར་དུ་གསོལ)། ནུབ་ནས། ༀ་ སརྦ་བུདྡྷ་པཱུ་ཛོ་པསྠཱ་ནཱ་ཡ་(སངས་རྒྱས་ཐམས་ཅད་ཀྱི་མཆོད་པའི་གནས་ལ་)ཨཱཏྨ་ནཱཾ་(བདག་ཉིད་)ནཱིཪྻ་ཏ་ཡ་ མི་(དབུལ་བར་བགྱིའོ་)སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་)བཛྲ་བཻ་རོ་ཙ་ན་(རྡོ་རྗེ་རྣམ་པར་སྣང་མཛད་)ཨ་དྷི་ ཏིཥྛ་མཱཾ(གྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ)། བྱང་ནས། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ ཅད་)པཱུ་ཛ་(མཆོད་པ་)པྲ་བརྟ་ན་ཡ(མཆོད་པ་རབ་ཏུ་སྐོར་བ་ལ་)ཨཱཏྨ་མ་ནཾ་(བདག་ཉིད་)ནཱིཪྻ་ཏ་ཡ་མི(དབུལ་ བར་བགྱིའོ)། སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)བཛྲ་དྷརྨྨ་པྲ་བརྟ་ཡ་མཱཾ(རྡོ་རྗེ་ཆོས་བདག་ལ་རབ་ ཏུ་སྐོར་ཅིག)། (ཅེས་པས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་བྱས་ནས།) ཡང་ཤར་སྒོ་ནས། ༀ་གུ་རུ་ཙ་ར་ཎོ་(བླ་མའི་ ཞབས་)པསྠཱ་ནཱ་ཡ་(ཉེ་བར་གནས་པའི་)ཨཱཏྨ་ནཱཾ་(བདག་ཉིད་)ནཱིཪྻ་ཏ་ཡ་མི(དབུལ་བར་བགྱིའོ)། ༀ་སརྦ་ སཏྭ་(སེམས་ཅན་ཐམས་ཅད་)པ་རི་ཏྲཱ་ནཾ་(ཡོངས་སུ་བསྒྲོལ་བ་ལ་)ཨརྠཾ་(དོན་དུ་)ཨཱཏྨ་ནཾ་(བདག་ཉིད་)ནཱིཪྻ་ཏ་ ཡ་མི(དབུལ་བར་བགྱིའོ)། (ཞེས་པས་བླ་མ་ལ་ཕྱག་བྱའོ། །སྤྱི་བོར་རྡོ་རྗེ་བཞག་ནས།) དེང་ཁྱོད་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་ བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་ འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། (ཞེས་བརྗོད་དེ། མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང༌།)འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱི་དམ་ཚིག་ 3-1-190 རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདིར་སྨྲས་ན་ནི་མགོ་བོ་འགེམས། །(ཞེས་ བརྗོད་ནས་སྙིང་ཁར་རྡོ་རྗེ་བཟུང་ལ།) ༀ་དི་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ཡང༌། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །(ཞེས་བཀའ་བགོས་ ནས་མཐེབ་སྲིན་གྱིས་བཟུང་བའི་དུང་གིས་ཆུ་བླུད་ཅིང༌།) འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་མཐུང་ཞིག །ༀ་པཉྩ་ཨ་མྲྀ་ཏ་ཨུསྟ་ཀ་ཋཿ(བདུད་རྩི་ལྔའི་ཆུ) (ཞེས་མནའི་བཏུང་བ་བྱས་ནས། སྤྱི་བོར་རྡོ་རྗེ་བཟུང་ནས།) དེང་ ནས་བརྩམས་ནས་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་ དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་ པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། (ཞེས་བླ་མའི་བཀའ་ཉན་པའི་ སྒོ་ནས་དམ་ལ་བཞག་གོ།།) མཎྜལ་ཕུལ་ནས། རང་སྐད་ཅིག་གིས་སྟོང་པའི་ངང་ལས། ཨུ་ཡིག་ལས་བྱུང་བའི་སྣང་ བ་མཐའ་ཡས་སུ་གསལ་བས། (ལྷ་དབབ་པའི་དོན་དུ་གསོལ་བ་འདེབས་པ་ནི།) དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛད་ དུ་གསོལ། རང་གི་སྙིང་ཁར་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་ མཚན་པར་ཉི་མ་ལ་ཧཱུཾ་སྔོན་པོ་དང༌། མགོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ ཟླུམ་པོ་བུམ་པས་མཚན་པར་ཟླ་བ་ལ་ཧཿདཀར་པོ་དང༌། མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་ དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿདམར་ པོ་དང༌། རྐང་པ་དག་གི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱིས་སྦར་ཞིང༌། རཾ་ལས་བྱུང་བའི་ མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རཾ་གྱིས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ ཛྷིཿདམར་པོས་བདག་ཉིད་འདེགས་བཞིན་པའི་འོད་ཟེར་རྐང་པའི་བུ་ག་ནས་ཞུགས་(པར་ 3-1-191 བསམ་)པ་དང༌། བླ་མའི་ཐུགས་ཀ་ནས་འོད་འཕྲོས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མཐའ་དག་ བཀུག(ནས)། རང་གི་ཧཱུཾ་ཧཿཨཱཿརྣམས་ལ་ཐིམ་པའི་འོད་ཟེར་གྱིས་ལུས་གང༌། དཀྱིལ་འཁོར་གྱི་ ལྷ་ཚོགས་ཐམས་ཅད་ཆར་བཞིན་དུ་བབ་(པར་བསམ་ཞིང༌། སྔར་བསྒྲུབས་པའི་བདུད་རྩི་ལྔ་དང་སྒྲོན་མ་ལྔའི་ སྤོས་སྲེག །རོལ་མོ་དྲག་ཏུ་བྱས་ཏེ་བླ་མས།) ༀ་ཨཿར་ར་ར་ར་ལ་ལ་ལ་ལ་བཛྲ་ཨ་བེ་ཤ་ཡ་ཧཱུཾ། (ཞེས་བརྒྱ་ རྩ་བརྒྱད་བཟླས་ཡེ་ཤེས་ཕབ་ནས། མགོ་བོར་རྡོ་རྗེ་བཞག།)ཏིཥྛ་བཛྲ། (ཞེས་པས་བརྟན་པར་བྱ།) དཔྲལ་བར་ༀ། སྙིང་ཁར་ཧཱུཾ། གཙུག་ཏོར་དུ་ཧཾ། ལྟེ་བར་ཧོཿ མགྲིན་པར་ཨཱཿ གསང་བར་ཀྵཿཡིག (རྣམས་བཀོད་ ནས་བསྲུང་བ་བྱའོ། །དེ་ནས་བླ་མས།) འཚེ་(བ་སྲོག་གཅོད་)དང་མི་བདེན་(པའི་ངག་དང་)གཞན་གྱི་བུད་མེད་ (ལ་འདོད་ལོག་)སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད(དུ་སྤང་ངོ་)། །(མ་སྤངས་ན་ )འཁོར་བར་(འཆིང་བས་)རྡོ་རྗེའི་ཞགས་པ་དག་སྟེ་རང་གི་དགེ་བ་འཇོམས་བྱེད་སྡིག་པ་ལྔ་པོ་ འདི་རྣམས་སོ། །གང་ཞིག་གང་གི་དུས་སུ་བྱུང་བ་ལྷ་དང་མི་ཡི་བླ་མ་དེ་ཡི་མཚན་གྱིས་རབ་ སྦྱིན་བྱ། །སྣ་ཚོགས་(རྒྱལ་བའི་)གཙོ་བོའི་(བསླབ་པའི་གནས་ལྔ་པོ་)བཀའ་འདི་སྲིད་པའི་འཇིགས་པ་ འཇོམས་པ་དག་སྟེ་ཁྱོད་ཀྱིས་ཀྱང་ནི་བསྐྱང་བར་བྱ། །ཆོ་ལོ་(དང་)ཁ་ན་མ་ཐོ་བཅས་པའི་ཟས་ (བཟའ་བའི་དོན་དུ་བསད་པའི་ཤ་)དང་ཚིག་ངན་ཀློག་(པ་)དང་འབྱུང་པོ(འི་ཆོས་ཕ་མེས་སམ་མཆོད་སྦྱིན་གྱི་བྱ་བ་ རིག་བྱེད་ལ་བརྗོད་པ་དང་)ལྷ་མིན་དབང་པོའི་(ཀླ་ཀློ་)ཆོས(ཏེ་ཉེ་བའི་སྡིག་པ་སྔར་མི་བྱའོ)། །བ་ལང་(དང་)བྱིས་ པ་(དང་)བུད་མེད་(དང་)སྐྱེས་པ་རྣམས་(གསོད་པ་)དང་ལྷ་མིའི་བླ་མ་གསོད་པ་(སྟེ་སྐུ་གཟུགས་དང་མཆོད་ རྟེན་ལ་སོགས་པ་བཤིག་པ་)ལྔ་ནི་མི་བྱའོ། །གྲོགས་པོ་(དང་)རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་(སངས་ རྒྱས་དང་)དགེ་འདུན་(དང་)ཡིད་བརྟན་(པ་)རྣམས་ལ་འཁུ་བ་(སྟེ་འཁུ་བ་ལྔ་)ཡང་(མི་བྱའོ)། །དབང་ པོ་(ལྔ་)རྣམས་ནི་ཀུན་ནས་(ཡུལ་ལྔ་ལ་)ཆགས་པ་དག་(སྤང་བ་)སྟེ་དེ་ལྟར་སྲིད་པའི་བདག་པོའི་ བརྟུལ་ཞུགས་ཉི་ཤུ་ལྔ། །(ཞེས་བཤད་པས་བརྟུལ་ཞུགས་བྱིན་ནས།) ༀ་དྭ་ད་ཤ་(བཅུ་གཉིས་)ཨཾ་ག་(ཡན་ ལག་)ནི་རོ་དྷ་(འགོག་པར་)ཀཱ་རི་ཎེ་(བྱེད་པ་)ཧཱུཾ་ཕཊ། (ཅེས་མིག་དར་སེར་པོའམ་དམར་པོས་བཅིང་ངོ༌། །གྲོགས་དང་ 3-1-192 བཅས་ཏེ་དཀྱིལ་འཁོར་ལ་བསྐོར་ནས་ཤར་སྒོར་བླ་མ་གཙོ་བོའི་རྣམ་པས་མགོ་བོར་དུང་གི་ཆུས་གསང་གཏོར་བྱས་ནས།) ༀ་ ཨཱཿཧཱུཾ། (ཞེས་པ་ལན་བདུན་གྱིས་སྔགས་པའི་མེ་ཏོག་སྙིམ་པ་ཁ་སྦྱར་བར་སྦྱིན་ནོ། །དེ་ནས་བླ་མས།) ཡང་དག་པ་ཡི་ དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་ གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ ཅིག །(ཅེས་བདེན་པ་བརྗོད་དོ། །ལྷའི་རིགས་བརྟག་པའི་ཕྱིར་བུམ་པ་སྟེང་གི་དུང་ཆོས་ཀྱི་སྟེང་དུ་རིགས་ལྔའི་མཚན་མ་བཀོད་ པ་ལ།) ༀ་སརྦ་ཏ་ཐཱ་ག་ཏ་ཀུ་ལ་བི་ཤོ་དྷ་ནི་(དེ་བཞིན་གཤེགས་པ་རིགས་རྣམ་པར་སྦྱོངས།)སྭཱཧཱ། ༀ་པྲ་ཏི་ གྲྀཧྣ་ཏྭཾ་ཨི་མཾ་སཏྭཾ་མ་ཧཱ་བ་ལ། (ཞེས་པས་མེ་ཏོག་མགོ་བོར་བཅིང༌།)མིག་གཉིས་ལ། ༀ་ༀ་(རེ་རེ་བསམས་ ནས)། ༀ་དི་རིང་རྡོ་རྗེ་སེམས་དཔའ་རང༌། ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ ནི་བླ་མེད་པ། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ༀ་དི་བྱེན་དྲི་ཡཱ་ཎུཊ་གྷ་ཊ་ཡཱ་(ལྷའི་དབང་ པོ་རབ་ཏུ་དབྱེ་བར་མཛོད།)སྭཱཧཱ། (ཞེས་གསོལ་ནས།) ༀ་དི་བྱ་ན་ཡ་ན་མུད་གྷ་ཊ་ཡཱ་མི་(ལྷའི་སྤྱན་རབ་ཏུ་དབྱེ་བར་ མཛོད།)སྭཱཧཱ། (ཞེས་མིག་དར་དཀྲོལ་ཏེ་རིགས་ཀྱི་ལྷ་དང་གཙོ་བོ་དང་པོར་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་བསྟན་ཞིང༌།) ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། ཁྱོད་ནི་སངས་རྒྱས་རིགས་ སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། ། དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པད་མ་རྩེ་རོལ་བས། །གསང་སྔགས་རྣམས་ལ་ སྒྲུབ་པ་གྱིས། །(ཞེས་བརྗོད་དོ། །སློབ་མས།) རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་ བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཧོཿཧོཿཧོཿ (ཞེས་སྤྲོ་བ་བསྐྱེད་ དོ།།) (གཉིས་པ་ལ་ཐུན་མོང་དུ་གསོལ་བ་གདབ་པ། དབང་བདུན་སོ་སོར་བསྐུར་བ། མཇུག་གི་བྱ་བ་དང་གསུམ་གྱི་དང་པོ་ 3-1-193 ནི། བླ་མ་གཙོ་བོ་དང་ཐ་མི་དད་པ་གཡས་བསྐྱང་གིས་བཞེངས་པ་ལ། དབང་བླང་བར་མོས་ཏེ། དང་པོར།) བྱང་ཆུབ་རྡོ་ རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །(ཞེས་ལན་གསུམ་གྱིས་སྤྱིར་གསོལ་བ་གདབ་བོ།།) (གཉིས་པ་ནི། བླ་མའི་ཕྱག་གཡས་པས་སློབ་མའི་ལག་པ་གཡོན་པ་ནས་ཁྲིད་དེ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པས་ བྱང་སྒོར་ཁྲིད་དེ་བླ་མ་དུས་འཁོར་གྱི་གཡོན་ཞལ་སྐུ་རྡོ་རྗེར་མོས་པ་ལ་ཆུ་དང་ཅོད་པན་གྱི་དབང་གི་དོན་དུ་མཎྜལ་ཕུལ་ལ་ཆུ་ དབང་གི་དོན་དུ་གསོལ་བ་འདེབས་པ་ནི།) ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་བཛྲ་ཌཱ་ཀི་ ནྱཽ་(རྡོ་རྗེ་མཁའ་འགྲོ་མ་རྣམས་)བཛྲ་ཨ་མྲྀ་ཏཱ་གྷ་ཊཻ་རཱ་(རྡོ་རྗེ་བདུད་རྩིའི་བུམ་པ་རྣམས་ཀྱིས་)ཨ་བྷི་ཥིཉྩན་ཏུ་མཾ་ (མངོན་པར་དབང་བསྐུར་དུ་གསོལ་བདག་ལ།)སྭཱཧཱ། (ཞེས་པ་གསུམ་གྱིས་གསོལ་བ་གདབ། དབང་གཞན་ལའང་དེ་བཞིན་ ནོ། །དེ་ནས་བུམ་པ་ནམ་མཁར་བཏེག་པའམ་སྟེག་པར་བསམས་ཏེ། སངས་རྒྱས་སྲས་བཅས་ནམ་མཁའ་གང་བས་མེ་ཏོག་དང་ གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པས། བཀྲ་ཤིས་བརྗོད་པར་བསམས་ཏེ། བདག་ཉིད་སྒྲུབ་པའི་གྲོགས་དང་བཅས་ པས།) བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ཡིས་དེང་ ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །(ཅེས་སོགས་ཀྱིས་ཤིས་པ་བརྗོད། དེ་ནས།) སྒྲོལ་མ་ལ་ སོགས་པ་ལྷ་མོ་ལྔ་རྣམས་ཀྱིས་བུམ་ཆུ་བསྡུས་པ་དུང་ཆོས་སུ་བླུག་པ་དང་སློབ་མའི་ལུས་ཀྱི་ ཁམས་ལྔ། ཨཱ་ཨཱི་རཱྀ་ཨཱུ་ལཱྀ་རྣམས་ལས་བྱུང་བའི་ཡུམ་ལྔའི་ངོ་བོར་གྱུར་ཅིང༌། དེ་ལས་འོད་ འཕྲོས་ཡུམ་ལྔའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་ཐིམ་ནས་དབང་ རྫས་ཀྱི་ཡུམ་ལྔ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར། བླ་མ་དང་གཙོ་བོའི་ཐུགས་ཀ་ནས་འོད་ འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས་པ་ལ་དབང་བསྐུར་བར་གསོལ་བ་བཏབ་པས། (ཞེས་ པ་འོག་མ་རྣམས་ལའང་ཤེས་པར་བྱའོ། །) ཡུམ་ལྔ་པོ་རྣམས་ཀྱིས། ༀ་ཨཱ་ཨཱི་རཱྀ་ ཨཱུ་ལཱྀ། པཉྩ་(ལྔ་)དྷཱ་ཏུ་བི་ཤོ་དྷ་ 3-1-194 ནི་(ཁམས་རྣམ་པར་སྦྱོངས།)སྭཱཧཱ། ཞེས་གསུང་ཞིང༌། (རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ།) དུང་གི་ཆུས་སྐྱེ་བའི་ གནས་(སྤྱི་བོ་དང་དཔུང་མགོ་གཉིས་དཔྱི་མགོ་གཉིས་ཏེ་)ལྔར་དབང་བསྐུར་བས། ཡུམ་ལྔའི་སྒོ་ནས་ཆུའི་ དབང་བསྐུར་བ་ཐོབ། མ་དག་པའི་རླུང་སོགས་ཁམས་ལྔ་རྣམ་པར་དག་ཅིང༌། སྒྲིབ་པ་དང་ བྲལ་བར་གྱུར་ནས། དག་པ་ཆོས་ཀྱི་ཁམས་ལྔ་མངོན་དུ་གྱུར་(པར་བསམ་མོ། །ཅོན་པན་གྱི་དབང་གི་དོན་ དུ།) ༀ་ཨཾ་ཨིཾ་རྀཾ་ཨུཾ་ལྀཾ། སརྦ་བུདྡྷ་(སངས་རྒྱས་ཐམས་ཅད་ཀྱི་)བཛྲ་མུ་གུ་ཊཾ་(རྡོ་རྗེ་ཅོད་པན་)མ་མཱ་(བདག་ལ་ )པཉྩ་བུདྡྷ་ཨཱཏྨ་ཀཾ་(སངས་རྒྱས་ལྔའི་བདག་ཉིད་ཅན་)བན་དྷ་ཡན་ཏུ་(བཅིང་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་གསོལ་ བ་གདབ། མེ་ཏོག་ལྷུང་བའི་སངས་རྒྱས་དེ་ཉིད་གཙོ་བོར་གྱུར་པའི།) ཅོད་པན་དང་སློབ་མའི་ཕུང་པོ་ལྔ། ཨ་ ཨི་རྀ་ཨུཾ་ལྀ་ལས་བྱུང་པའི་སངས་རྒྱས་ལྔའི་ངོ་བོར་གྱུར་པ་ལས་འོད་འཕྲོས། སངས་རྒྱས་ ལྔའི་ཡེ་ཤེས་པ་སྤྱན་དྲངས། ཛཿསོགས་ཀྱིས་གཉིས་སུ་མེད་པར་ཐིམ་ནས། དབང་རྫས་ཀྱི་ སངས་རྒྱས་ལྔ་འོད་དུ་ཞུ་བ་ཅོད་པན་དུ་གྱུར་(པ་རིགས་ལྔས་ཐོགས་ཏེ)། ༀ་ཨ་ཨི་རྀ་ཨུཾ་ལྀ། པཉྩ་(ལྔ་) ཏ་ཐཱ་ག་ཏ་པ་རི་ཤུདྡྷ་(དེ་བཞིན་གཤེགས་པ་ཡོངས་སུ་སྦྱོངས།)སྭཱཧཱ། ཞེས་གསུང་ཞིང༌། སངས་རྒྱས་ལྔས། ཅོད་པན་གྱི་དབང་བསྐུར་(ཞིང༌། ཅོད་པན་མགོ་བོར་བཅིངས། དུང་གི་ཆུས་གནས་ལྔར་དབང་བསྐུར་)བས་སངས་ རྒྱས་ལྔའི་སྒོ་ནས་ཅོད་པན་གྱི་དབང་བསྐུར་བ་ཐོབ། མ་དག་པའི་ཕུང་པོ་ལྔ་རྣམ་པར་དག་ ཅིང༌། སྒྲིབ་པ་དང་བྲལ་ནས་དག་པ་ཆོས་ཉིད་ཀྱི་ཕུང་པོ་ལྔ་མངོན་དུ་གྱུར། (དེ་བཞིན་གཤེགས་པ་ རྣམས་ཀྱིས་བྱིན་གྱིས་བརླབས་རིགས་ལྔ་ཡུམ་དང་བཅས་པ་རྣམས་སུ། རིམ་པ་ལྟར་བསྐྱེད་པར་བྱ་སྟེ། ཅོད་པན་གྱི་དབང་ངོ༌། །སླར་ཡང་གཡས་སྐོར་གྱིས་ལྷོ་སྒོར་ཁྲིད་ནས། དར་དཔྱངས་དང༌། རྡོ་རྗེ་དྲིལ་བུའི་དབང་གི་དོན་དུ་མཎྜལ་ཕུལ་ཏེ།) དེ་ལྟར་ ན་བྱང་སྒོར། སྐུའི་ཞལ་གྱི་ས་ལ་ཆུ་དང༌། ཅོད་པན་གྱི་དབང་བསྐུར་བ་ཐོབ་པས། སྐུ་རྡོ་རྗེ་དྲི་ མ་དང་བྲལ་བ་མངོན་དུ་གྱུར་(པར་བསམ)། (དར་དཔྱངས་ཀྱི་དབང་གི་དོན་དུ།) ༀ་ཨ་ཨཱ་ཨཾ་ཨཿཧ་ཧཱཿཧཾ་ ཧཿ་ཕྲེཾ་ཧོཿ སརྦ་(ཐམས་ཅད་)པཱ་ར་མི་ཏཱ་(ཕ་རོལ་ཏུ་ཕྱིན་པ་)མ་མཱ་(བདག་ལ་)བཛྲ་པཊྚཾ་(རྡོ་རྗེ་དར་དཔྱངས་) 3-1-195 བན་དྷ་ཡན་ཏུ་(བཅིང་དུ་གསོལ།)ཧུཾ་ཧཱུཾ་ཕཊ། དར་དཔྱངས་དང༌། སློབ་མའི་མཉམ་གནས་སོགས་ རླུང་བཅུ། ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿལས་བྱུང་བའི་ནུས་མ་བཅུའི་ངོ་བོར་གྱུར་པ་ལས་ འོད་འཕྲོས། ནུས་མ་བཅུའི་ཡེ་ཤེས་པ་སྤྱན་དྲངས། ཛཿསོགས་ཀྱིས་གཉིས་སུ་མེད་པར་ཐིམ་ ནས་དབང་རྫས་ཀྱི་ནུས་མ་བཅུ་འོད་དུ་ཞུ་བ་དར་དཔྱངས་སུ་གྱུར(པ་ལྷ་མོ་རྣམས་ཀྱིས་ཐོགས་ཏེ)། ༀ་ ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོཿ ད་ཤ་(བཅུ་)པཱ་ར་མི་ཏ་པ་རི་པཱུ་ར་ཎི་(ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པ)སྭཱཧཱ། ཞེས་གསུང་ཞིང༌། (དུང་གི་ཆུས་ཀྱང་གནས་ལྔར་)དབང་བསྐུར་(དཔྲལ་བར་དར་དཔྱངས་བཅིངས་) བས་ནུས་མ་བཅུའི་སྒོ་ནས། ཅོད་པན་གྱི་དབང་བསྐུར་བ་ཐོབ། (རྩ་བཅུ་དང་)ཕ་རོལ་ཏུ་ཕྱིན་པ་ བཅུ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བར་མངོན་དུ་གྱུར་(པར་བསམ། དར་དཔྱངས་ཀྱི་དབང་ངོ༌། །རྡོ་ རྗེ་དྲིལ་བུའི་དབང་གི་དོན་དུ།) ༀ་ཧཱུཾ་ཧོཿབི་ཛྙཱ་ན་(རྣམ་ཤེས་དང་)ཛྙཱ་ན་(ཡེ་ཤེས་ཀྱི་)སྭ་བྷཱ་ཝ་(རང་བཞིན་དང་)ཀ་ རུ་ཎ་(སྙིང་རྗེ་དང་)པྲཛྙཱ་(ཤེས་རབ་ཀྱི་)ཨཱཏྨ་ཀཾ་(བདག་ཉིད་ཅན་)བཛྲ་(རྡོ་རྗེ་)བཛྲ་གྷན་ཌེ་(རྡོ་རྗེ་དྲིལ་བུ་)ས་བྱེ་ (གཡས་དང་)ཏ་ར་(ཅིག་ཤོས་ཀྱི་)ཀ་ར་ཡོར་(ལག་པ་དག་ལ་)མ་མཱ་བཛྲ་སཏྭཿས་(བདག་ལ་རྡོ་རྗེ་སེམས་དཔའ་) པྲཛྙོ་ད་དཱན་ཏུ་(ཤེས་རབ་དང་བཅས་པ་སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་གསོལ་བ་གདབ།) རྡོ་རྗེ་དྲིལ་བུ་དང་ སློབ་མའི་རྩ་རོ་རྐྱང་གཉིས་ཧཱུཾ་ཧོཿལས་བྱུང་བའི་གཙོ་བོ་ཡབ་ཡུམ་གྱི་ངོ་བོར་གྱུར་པ་ལས་འོད་ འཕྲོས། གཙོ་བོ་ཡབ་ཡུམ་གྱི་ཡེ་ཤེས་པ་སྤྱན་དྲངས། ཛཿསོགས་ཀྱིས་གཉིས་སུ་མེད་པར་ཐིམ་ ནས། དབང་རྫས་ཀྱི་གཙོ་བོ་ཡབ་ཡུམ་འོད་དུ་ཞུ་བ་རྡོ་རྗེ་དྲིལ་བུར་གྱུར་(པར་བསམ་ཞིང༌། གཙོ་བོ་ ཡབ་ཡུམ་གྱིས་རྡོ་རྗེ་དྲིལ་བུ་ཐོགས་ཏེ།) ༀ་ཧཱུཾ་ཧོཿསུཪྻ་(ཉི་མ་)ཙནྡྲ་(ཟླ་བ་)བི་ཤོ་དྷ་ཀ་(རྣམ་པར་སྦྱོངས།)སྭཱཧཱ། (ཞེས་དང༌། དུང་གི་ཆུས་ཀྱང་སྐྱེ་བའི་གནས་ལྔར་དབང་བསྐུར་རྡོར་དྲིལ་སྤྱི་བོར་བཞག་ལག་ཏུ་གཏད་དོ།།) ཞེས་གསུང་ ཞིང་དབང་བསྐུར་བས་གཙོ་བོ་ཡབ་ཡུམ་གྱི་སྒོ་ནས་རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ཐོབ། ཉི་ མ་དང་ཟླ་བའི་རྩ་རྣམ་པར་དག་ཅིང་སྒྲིབ་པ་དང་བྲལ་བ་མངོན་དུ་གྱུར(པར་བསམ)། དེ་ལྟར་ ན་ལྷོ་སྒོར་གསུང་གི་ཞལ་གྱི་ས་ལ་དར་དཔྱངས་དང༌། རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ཐོབ་ 3-1-196 པས་རླུང་དང་རྩ་རྣམ་པར་དག་ཅིང༌། གསུང་རྡོ་རྗེ་དྲི་མ་དང་བྲལ་བ་མངོན་དུ་གྱུར། (དེ་ནས་རྡོ་རྗེའི་ མཐེ་བོ་བྱིན་ནས་གཡས་བསྐོར་གྱིས་ཤར་སྒོར་ཁྲིད་ནས་བླ་མ་དུས་འཁོར་གྱི་མདུན་ཞལ་ཐུགས་རྡོ་རྗེ་ཆོས་སྐུར་མོས་པ་ལ་བརྟུལ་ ཞུགས་དང་མིང་གི་དབང་གཉིས་ཀྱི་དོན་དུ་མཎྜལ་ཕུལ་ནས། དང་པོར་བརྟུལ་ཞུགས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས།) ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ སརྦ་བོ་དྷི་སཏྭ་(ཐམས་ཅད་བྱང་ཆུབ་སེམས་དཔའ་ )ས་བྷཱཪྻ་(བཙུན་མོ་དང་བཅས་པ་)སརྦ་དཱ་(ཐམས་ཅད་ཀྱི་ཚེ་)སརྦ་ཀཱ་མ་ཨུ་པ་བྷོ་གཾ་(འདོད་པ་ཐམས་ཅད་ཉེ་ བར་ལོངས་སྤྱོད་པ་)བཛྲ་པྲ་ཏཱཾ་མཱ་མ་ད་དཱན་ཏུ་(རྡོ་རྗེ་བརྟུལ་ཞུགས་བདག་ལ་སྩལ་དུ་གསོལ།)སྭཱཧཱ། (ཞེས་ལན་ གསུམ།) མེ་ཏོག་སིལ་མ་དང་སློབ་མའི་དབང་པོ་དྲུག་ཡུལ་དང་བཅས་པ། ཨ་ཨཱ་ཨེ་ཨཻ་ཨར་ ཨར་ཨོ་ཨཽ་ཨལ་ཨལ་ཨཾ་ཨཿལས་བྱུང་བའི་སེམས་དཔའ་ཡབ་ཡུམ་དུ་གྱུར་པ་ལས་འོད་ འཕྲོས། སེམས་དཔའ་ཡབ་ཡུམ་གྱི་ཡེ་ཤེས་པ་སྤྱན་དྲངས། ཛཿསོགས་ཀྱིས་གཉིས་སུ་མེད་ པར་ཐིམ་ནས། དབང་རྫས་ཀྱི་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་བ་མེ་ཏོག་ཏུ་གྱུར་པ་སེམས་ དཔའ་ཡབ་ཡུམ་གྱིས་བཟུང་ནས། ༀ་ཨ་ཨཱ་ཨེ་ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཨཾ་ཨཿ བི་ ཥ་ཡ་(ཡུལ་ལྔ་དང་)ཨིནྡྲི་ཡ་(དབང་པོ་)བི་ཤོ་དྷ་ནི་(རྣམ་པར་སྦྱོངས།)སྭཱཧཱ། ཞེས་གསུང་ཞིང་(དུང་གི་ཆུས་ཀྱང་ )གནས་ལྔར་དབང་བསྐུར(ནས་རྣ་བ་ལ་སོགས་པར་མེ་ཏོག་དགོད་པར་བྱའོ)། སེམས་དཔའ་ཡབ་ཡུམ་གྱི་ སྒོ་ནས་བརྟུལ་ཞུགས་ཀྱི་དབང་བསྐུར་བ་ཐོབ། དབང་པོ་དྲུག་ཡུལ་དང་བཅས་པ་རྣམ་པར་ དག་ཅིང༌། ལྷའི་མིག་སོགས་སྒྲིབ་པ་དང་བྲལ་བ་མངོན་དུ་གྱུར(པར་བསམ)། (སེམས་དཔའ་ཡབ་ ཡུམ་གྱིས་བྱིན་གྱིས་བརླབས་པར་བསམ། བརྟུལ་ཞུགས་ཀྱི་དབང་ངོ༌། །མིང་དབང་གི་དོན་དུ།) ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ ཝཱ་ལ་ལཱ་སརྦ་ཀྲོ་དྷ་རཱ་ཛ་(ཐམས་ཅད་ཁྲོ་བོའི་རྒྱལ་པོ་)ས་བྷཱཪྻ་(བཙུན་མོ་དང་བཅས་པ་)མཻ་ཏྲི་(བྱམས་པ་)ཀ་ རུ་ཎཱ་(སྙིང་རྗེ་)མཱུ་དི་ཏ་(དགའ་བ་)ཨུ་པེཀྵཱ་(བཏང་སྙོམས་)སརྦ་ས་མ་ཏཱ་(མཉམ་པ་ཉིད་ཀྱི་)སྭ་བྷཱ་ཝཾ་(རང་བཞིན་ )བཛྲ་(རྡོ་རྗེ་)པཱུརྦཾ་(སྔོན་དུ་)ག་མཾ་(འགྲོ་བའི་)ནཱ་མ་(མིང་)མེ་ད་དཱན་ཏུ་(བདག་ལ་སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་གསོལ་བ་ལན་གསུམ་གདབ།) གདུབ་བུ་དང༌། རྐང་གདུབ་(སོགས་མེད་ན་མེ་ཏོག་ཕྲེང་བ་)དང༌། སློབ་ 3-1-197 མའི་ལས་དབང་ལྔ་ཡུལ་དང་བཅས་པ། ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ལས་བྱུང་བའི་ཁྲོ་བོ་ཡབ་ ཡུམ་དུ་གྱུར་པ་ལས་འོད་འཕྲོས། ཁྲོ་བོ་ཡབ་ཡུམ་གྱི་ཡེ་ཤེས་པ་སྤྱན་དྲངས། ཛཿསོགས་ཀྱིས་ གཉིས་སུ་མེད་པར་ཐིམ་ནས། དབང་རྫས་ཀྱི་ཁྲོ་བོ་ཡབ་ཡུམ་འོད་དུ་ཞུ་བ། གདུབ་བུ་དང་ རྐང་གདུབ་(བམ་མེ་ཏོག་གི་ཕྲེང་བར་)ཏུ་གྱུར་པ་ཁྲོ་བོ་ཡབ་ཡུམ་གྱིས་བཟུང་ནས། ༀ་ཧ་ཧཱ་ཡ་ཡཱ་ར་ རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་པྲཧྨ་བི་ཧཱ་ར་བི་ཤུད་དྷ་(ཚངས་པའི་གནས་བཞི་རྣམ་པར་དག་པ།)སྭཱཧཱ། ཞེས་གསུང་ ཞིང༌། (དུང་གི་ཆུས་ཀྱང༌།) གནས་ལྔར་དབང་བསྐུར་ནས(ལག་པ་ལ་གདུབ་བུ་དང་རྐང་པ་ལ་རྐང་གདུབ་བམ་མེ་ ཏོག་གི་ཕྲེང་བ་བཅིང་ངོ་)། ཁྱོད་ནི་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །(ཞེས་རྡོ་རྗེ་དྲིལ་ བུ་མགོའི་སྟེང་དུ་དཀྲོལ་ཞིང་མེ་ཏོག་ལྷུང་བ་དེ་ཡི་མིང་གིས་ལུང་བསྟན་ནོ།།) དེ་ལྟར་ན་ཁྲོ་བོ་ཡབ་ཡུམ་གྱི་སྒོ་ ནས་མིང་གི་དབང་བསྐུར་བ་ཐོབ། ལས་དབང་ཡུལ་དང་བཅས་པ་རྣམ་པར་དག་ཅིང༌། བྱམས་སོགས་ཚངས་པའི་གནས་བཞི་སྒྲིབ་པ་དང་བྲལ་བ་མངོན་དུ་གྱུར(པར་བསམ)། (ཁྲོ་བོ་ཡབ་ ཡུམ་གྱིས་བྱིན་གྱིས་བརླབས་པར་མོས་མིང་གི་དབང་ངོ༌།།)དེ་ལྟར་ན་ཤར་སྒོ་ཐུགས་ཀྱི་ཞལ་གྱི་ས་ལ་བརྟུལ་ ཞུགས་དང་མིང་གི་དབང་བསྐུར་བ་ཐོབ་པས། ཐུགས་རྡོ་རྗེ་དྲི་མ་དང་བྲལ་བ་མངོན་དུ་ གྱུར(པར་བསམ་མོ)། (ཡང་གཡས་སྐོར་གྱིས་ནུབ་སྒོར་ཁྲིད་ནས་བླ་མ་དུས་འཁོར་གྱི་རྒྱབ་ཞལ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུར་ མོས་པ་ལ་རྗེས་གནང་གི་དབང་གི་དོན་དུ་མཎྜལ་ཕུལ་ནས།) ༀ་ཨེ་ཝཾ་པདྨ་བཛྲ་(པདྨའི་རྡོ་རྗེ་)ཙིཧྣོ་(མཚན་མ་)པྲཛྙཱ་ (ཤེས་རབ་)ཨུ་པཱ་ཡོ་(ཐབས་དག་)མཎྜལ་(དཀྱིལ་འཁོར་གྱི་)ཨ་དྷི་པ་ཏཱི་(མངའ་བདག་)བཛྲ་སུ་ཁ་(རྡོ་རྗེ་བདེ་བ་ )ཛྙཱ་ན་ཨཾ་ག་(ཡེ་ཤེས་ཀྱི་ཡན་ལག་)མ་མཱ་ད་དཱ་ཏཾ་ཧཾ་ཧཿ(བདག་ལ་སྩལ་དུ་གསོལ།)ཧཱུཾ་ཕཊ། (ཅེས་གསུམ་གསོལ་ བ་གདབ་བོ། །རྗེས་གནང་དངོས་དང༌། འདོགས་གཉིས་ཀྱི་དང་པོ་ནི།) རིགས་ལྔའི་ཕྱག་མཚན་རྣམས་དང་སློབ་ མའི་ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཁམས་རྣམས་ཧཾ་ཀྵཿལས་རྡོ་རྗེ་སེམས་དཔའ་ཡབ་ ཡུམ་དུ་གྱུར་པ་ལས་འོད་འཕྲོས། རྡོར་སེམས་ཡབ་ཡུམ་གྱི་ཡེ་ཤེས་པ་སྤྱན་དྲངས། ཛཿསོགས་ ཀྱིས་གཉིས་སུ་མེད་པར་ཐིམ་ནས། དབང་རྫས་ཀྱི་རྡོར་སེམས་ཡབ་ཡུམ་འོད་དུ་ཞུ་བ་ཕྱག་ 3-1-198 མཚན་དུ་གྱུར་པ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས་བཟུང་ནས། ༀ་ཧཾ་ཀྵཿ དྷརྨཱ་ཙཀྲ་པྲ་བརྟ་ ཀ་(ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བྱེད་པ།)སྭཱཧཱ། ཞེས་གསུང་ཞིང༌། འཁོར་ལོས་གནས་ལྔར་དབང་ བསྐུར་ནས། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སྣ་ ཚོགས་ཇི་ལྟར་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད། དྷརྨ འི་ སར་བཛྲ། ཁཌྒ། རཏྣ། པདྨ། ཙཀྲ། རྣམས་བཅུག ཆོས་ཀྱི་སར་རྡོ་རྗེ། རལ་གྲི། རིན་ཆེན། པདྨ། འཁོར་ལོ་རྣམས་བཅུག་ལ་འདོན་པ་བསྒྱུར་(ལ་ཕྱག་མཚན་རྡོ་རྗེ་སོགས་རིམ་བཞིན་གཏད)། ༀ་ བཛྲ་ཧེ་ཏུ་མཾ། (ཞེས་སློབ་མའི་མདུན་དུ་འཁོར་ལོ།) ༀ་བཛྲ་བྷ་ཤ་རཾ།(ལག་གཡས་སུ་དུང༌།) ༀ་བཛྲ་གཎྜེ་ ཨ།(གཡོན་དུ་དྲིལ་བུ།) ཨཱ། (ཞེས་བརྗོད་ཅིང་པུ་ཏི་གཏད་ནས།) ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཐམས་ཅད་ མཆོག་གི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་དམ་བཅས་པའི། །སེམས་ནི་བསྐྱེད་པ་ ཙམ་གྱིས་ནི། །དི་རིང་ཕན་ཆད་འཇིག་རྟེན་ལ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་ སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོང་ནས། །སྐྱོན་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ ཅན་དོན་གྱིས་ཤིག །(སློབ་མས་ཕྱག་བྱས་ནས་མངའ་བར་གསུང་བ་དེ་ལྟར་བགྱི། གཉིས་པ་འདོགས་ལ་སྔགས་དང་ མིག་སྨན། མེ་ལོང༌། མདའ་གཞུའི་རྗེས་གནང་བཞི་རིམ་བཞིན་བླ་མས།) བཅོམ་ལྡན་བདག་གིས་སྦྱིན་ལགས་ ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །བླ་མ་དང་ལྷ་ཡི་ཐུགས་ཀ་ནས་རང་གི་སྙིང་ཁར་ ཐིམ་པར་བསམས་ནས། རྩ་སྔགས་སྙིང་པོ་ཉེ་སྙིང་རྣམས་ཀྱི་རྗེས་བཟློས་བྱས་ཏེ། (སློབ་མས།) བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །(ཞེས་ བརྗོད།) པྲཾ། (མར་དང་སྦྲང་རྩིའི་མིག་སྨན་གསེར་གྱི་ཐུར་མས་བླངས་ཏེ་སློབ་མའི་མིག་ཏུ།) (བསམས་པ་ལ་བྱུག་ཅིང༌།)ༀ་ བཛྲ་ནཻ་ཏྲ་ཨ་པ་ཧ་ར་པྲ་ཊ་ལཾ་ཧྲིཿ ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་ 3-1-199 རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ༀ་དེ་བྱེན་ ཡཱ་ན་མུད་གྷཱ་ཊ་ཡཱ་མི་སྭཱཧཱ། (ཞེས་བརྗོད་དེ་མི་ཤེས་པའི་ལིང་ཐོག་བསལ་བའི་ལྷ་ཡི་མིག་གི་མངོན་ཤེས་ཐོབ་པར་བྱེད་ དོ་ཞེས་བརྡ་སྤྲད།) ཨཿ(ཡིས་སྔགས་པའི་མེ་ལོང་སློབ་མ་ལ་བསྟན་ཞིང༌།) ཆོས་རྣམས་གཟུགས་བརྙན་ལྟ་བུ་ སྟེ། །གསལ་ཞིང་དག་ལ་སྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ ལས་ཡང་དག་བྱུང༌། །དུས་ཀྱི་འཁོར་ལོ་མེ་ལོང་ལྟར། །འདིར་ནི་གསལ་དག་སྙོ ག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་གནས། །རང་བཞིན་མེད་ཅིང་ གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །(ཞེས་བརྗོད་ལ་དོན་བཤད་དོ།།) ཧོཿ (ལས་བྱུང་བའི་མདའ་གཞུ་གཏད་ཅིང༌།) སརྦ་ཏ་ཐཱ་ག་ཏཱ་ཨ་ནུ་རཱ་ག་ཡ་སྭཱཧཱ། (ཞེས་བརྗོད། སློབ་མས།) སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི། (ཞེས་བརྗོད་ཅིང་ཕྱོགས་བཞི་སྟེང་འོག་ཀུན་ཏུ་བགེགས་ལ་འཕངས་ནས་བཅོམ་པར་བསམ་མོ།།) དེ་ལྟར་ན་ནུབ་སྒོར་ ཡེ་ཤེས་རྡོ་རྗེའི་ཞལ་གྱི་ས་ལ་རྗེས་སུ་གནང་བའི་དབང་བསྐུར་བ་ཐོབ་པས། ཆོས་ཀྱི་འཁོར་ ལོ་བསྐོར་བར་ནུས་ཤིང༌། ཡེ་ཤེས་རྡོ་རྗེ་དྲི་མ་དང་བྲལ་བ་མངོན་དུ་གྱུར། (གསུམ་པ་མཇུག་གི་ཆོ་ག་ལ། ང་རྒྱལ་བཟུང་བ། སློབ་དཔོན་དུ་བྱ་བ། དུས་བསྒོ་བ། དག་པ། འབྲས་བུ། རྩ་ལྟུང་བཤད་པ་ དང་དྲུག་གི་དང་པོ་ནི།) དེ་ལྟར་དཀྱིལ་འཁོར་ཆེན་པོར་དབང་བདུན་གྱིས་མངོན་པར་དབང་བསྐུར་ བས། ས་བདུན་གྱི་དབང་ཕྱུག་ཏུ་ལུང་བསྟན་པ་ཐོབ་ཅིང༌། སྔགས་ཀྱི་ཚུལ་ལ་དགེ་བསྙེན་དུ་ གྱུར། ༀ་སརྦ་ཏ་ཐཱ་ག་ཏ་སཔྟ་ཨ་བྷི་ཥེ་ཀ་སཔྟ་བྷུ་མི་པྲཔྟོ་ཧཾ། (ཞེས་དབང་བདུན་ཐོབ་པའི་ང་རྒྱལ་བཟུང༌།) (གཉིས་པ་ལ་སློབ་དཔོན་གྱི་དབང་དང༌། དག་པའི་ཆོས་བསྟན་པ་གཉིས་ལས་དང་པོ་ནི།) རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་ སེམས་དཔའ་དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ(གཏད་ཅིང་)། ཐོག་མཐའ་མེད་པའི་སེམས་དཔའ་ ནི། །དུས་ཀྱི་འཁོར་ལོ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །སྣ་ཚོགས་ཡུམ་ གྱི་བདག་པོ་མཆོག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །(ཞེས་བརྗོད་ཅིང༌། 3-1-200 སློབ་མས་དེ་ཁོ་ན་ཉིད་དྲན་པས། ལན་གསུམ་གསོར་ནས་སྙིང་ཁར་བཟུང༌།) དྲིལ་བུ་ཨ་ལས་སྣ་ཚོགས་ཡུམ་དུ་ གྱུར། དེ་ཞུ་བ་ལས་བྱུང་བའི་དྲིལ་བུ(གཏད་ཅིང་)། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་ རབ་དབྱངས་ཀྱི་རྗེས་འགྲོགས་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ཁྱོད་ཀྱིས་ཀྱང་ ནི་རྟག་ཏུ་བཟུང༌། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་ བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དམ་པ་བྱེད་པར་འགྱུར། །(ཞེས་བརྗོད་ནས་དྲིལ་བུ་ དཀྲོལ་ནས་དེ་ཉིད་དྲན་པར་བྱའོ། །དེ་ནས་སློབ་མ།)རང་ཉིད་རྡོར་སེམས་སུ་གསལ་བས། སྣ་ཚོགས་ཡུམ་ལ་ འཁྱུད་པ(འི་ཚུལ་དུ་བྱེད་དུ་བཅུག་ལ)། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །(ཞེས་ཕྱག་རྒྱ་ བྱིན་གྱིས་བརླབས་ནས་གཏད་ཅིང༌།) རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེ་བྱིན་གྱིས་བརླབས། །དི་ རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །(ཞེས་བརྗོད།) དེས་རྣལ་ འབྱོར་རྒྱུད་མན་ཆད་མཉན་པ་དང༌། བཤད་པ་དང༌། སྔགས་བསྒྲུབ་པ་ལ་དབང་བའི་སློབ་ དཔོན་དུ་གྱུར། (ཞེས་བརྗོད།) (གཉིས་པ་དག་པའི་ཆོས་བསྟན་པ་ནི།) ངེས་པར་རྡོ་རྗེའི་རིགས་(གཙུག་ཏོར་གྱི་པད་མ་ས་བཅུ་གཉིས་པ་) དག་ལ་ནི་སྲོག་(གི་རླུང་)གཅོད་(པར་)བྱ་སྟེ་རལ་གྲི(འི་རིགས་སྙིང་ཁ་ས་དྲུག་པ་)ལ་ཡང་བདེན་པ་མིན་ པ(རབ་ཏུ་མི་གནས་པ)འི་ཚིག །རིན་ཆེན་(མགྲིན་པ་ས་བརྒྱད་པ་)ལ་ནི་གཞན་ནོར་(བདེ་སྟོང་གི་ཡེ་ཤེས་) དབྲོག་(པར་)བྱ་མཆོག་གི་པད་མའི་རིགས་(དཔྲལ་བ་ས་བཅུ་པ་)ཉིད་ལ་ཡང་གཞན་གྱི་བུད་མེད་ དབྲོ ག(ཕྱག་རྒྱ་ཆེན་མོ)། །ཆང་(ལྷན་ཅིག་སྐྱེས་པའི་དགའ་བ་)དང་སྒྲོན་མ་(དབང་པོ་ལྔ་)སངས་རྒྱས་(བདུད་རྩི་ ལྔ་)རྣམས་དང་བཟང་པོའི་ཡུལ་རྣམས་མཐའ་དག་འཁོར་ལོ་(ཡི་རིགས་ཏེ་ས་བཞི་པ་)ལ་ནི་བརྟེན་ པར་བྱ(སྟེ་གཤང་གཅི་ཁུ་བ་མི་འཛག་པར་བྱའོ)། །གཡུང་མོ་ལ་སོགས་མཐའ་དག་བུད་མེད་རྣམས་ནི་ གྲི་གུག་(གི་རིགས་གསང་གནས་ས་གཉིས་པ་)ལ་ཡང་མཁའ་ཡི་པད་མར་སྨད་མི་བྱ(སྟེ་མི་འཕོ་བའི་ཚངས་ 3-1-201 སྤྱོད་ཀྱི་དོན་དུ)། །སེམས་ཅན་དོན་གྱི་སླད་དུ་ནོར་དང་བཅས་པའི་ལུས་འདི་(བསོད་ནམས་ཀྱི་ཚོགས་ཀྱི་ དོན་དུ་)སྦྱིན་པར་བྱ་སྟེ་ཁྱོད་ཀྱིས་ཀྱང་ནི་བསྲུང་མི་བྱ། །རིགས་ཀྱི་བུ་ཀྱེ་(དེ་ལྟར་བསོད་ནམས་དང་ཚུལ་ ཁྲིམས་དང༌། ཡེ་ཤེས་ཀྱི་ཚོགས་ལས་)སངས་རྒྱས་ཉིད་དུ་འགྱུར་བ་གཞན་དུ་མཐའ་ཡས་བསྐལ་པས་ མིན་པར་རྒྱལ་བས་གསུངས། ། (གསུམ་པ་དུས་བགོ་བ་ནི།) དབང་གི་རྒན་གཞོན་ཤེས་པའི་ཆེད་དུ་དུས་བགོ་བར་བྱས་ཏེ། ལོ་ ཆེ་གེ་མོ་དང༌། རིགས་ལྡན་གྱི་རྒྱལ་པོ་ཆེ་གེས་ཆོས་སྟོན་པ་དང༌། ཟླ་བ། ཉ། གཟའ། ཚེས། སྐར་མ། སྦྱོར་བ། བྱེད་པ་ཆེ་གེ་མོ་ལ་སློབ་དཔོན་ཆེ་གེ་མོ་བདག་གིས་སློབ་མ་ཆེ་གེ་མོ་དཔལ་ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བདུན་གྱིས་མངོན་པར་དབང་བསྐུར་ཏེ། སྔགས་ བཟླས་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དབང་བར་འགྱུར་ཞིང༌། འོག་མིན་ གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དང༌། སེམས་ཅན་ཐམས་ཅད་ ཀྱི་འདྲེན་པ་ཉིད་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པའི་སླད་དུ། བདག་གིས་ ལུང་བསྟན་ཞིང་རྗེས་སུ་གནང་ངོ༌། ། (ཞེས་བརྗོད་ཅིང༌། བླ་མ་དེ་བཞིན་གཤེགས་པའི་སྤྱོད་ལམ་དུ་མཛད་ནས།) སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་ བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་བགྱི། །ཀྱཻ་ཁྱོད་ནི་རྡོ་རྗེ་ཆེ་གེ་མོ། །ཏ་ཐཱ་ག་ ཏ་ཤི་ཥྱ་ས་མ་ཡ་བྷུར་བྷཱུ་ཝཿསྭ། གང་ཡང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། (ཞེས་བརྗོད།) (བཞི་པ་དག་པ་ལ་དཀྱིལ་འཁོར་དང་ལྷའི་དག་པ་སྒྲུབ་ཐབས་བཞིན་བརྗོད། དབང་གི་དག་པ་ནི།) དང་པོའི་ སངས་རྒྱས་ལས། དང་པོར་དབང་བསྐུར་བདུན་པོ་གང༌། །བྱིས་པ་རྣམས་ནི་གཞུག་པའི་ ཕྱིར། །(ཞེས་དང༌།) ཆུ་དང་ཅོད་པན་དར་དཔྱངས་དང༌། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་ དང་རྗེས་གནང་ཡང་དག་ལྡན། །དབང་བསྐུར་རྣམ་བདུན་མི་ཡི་བདག །ལུས་ངག་སེམས་ནི་ 3-1-202 ལེགས་དག་པ། །མངོན་པར་དབང་བསྐུར་གཉིས་གཉིས་སོ། །རྗེས་གནང་ཡེ་ཤེས་ཡང་དག་ དག །གཞན་པ་ཁམས་སོགས་དག་པ་ལས། །ཆུ་ནི་ཁམས་ཀྱི་དག་པ་སྟེ། །ཅོད་པན་ཕུང་པོ་ རྣམ་སྦྱོང་བྱེད། །དར་དཔྱངས་ཕ་རོལ་ཕྱིན་པ་དག །རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ། །སངས་རྒྱས་ གསུང་རྒྱུན་མི་འཆད་པ། །ཉི་ཟླ་གཅིག་ཏུ་དག་པར་བྱེད། །ཡུལ་དང་དབང་པོ་ལེགས་དག་ པ། །འཕོ་མེད་རྡོ་རྗེ་བརྟུལ་ཞུགས་འགྱུར། །མིང་ནི་བྱམས་སོགས་ཡང་དག་ལྡན། །རྗེས་ གནང་སངས་རྒྱས་ཉིད་དག་བྱེད། །དབང་བསྐུར་བདུན་པོ་འདི་རྣམས་ཡིན། །དཀྱིལ་འཁོར་ བཞེངས་ནས་སྦྱིན་པར་བྱ། །(ཞེས་བརྗོད་ཅིང་དོན་དྲན་དུ་གཞུག་གོ།།) (ལྔ་པ་དབང་བདུན་ཐོབ་པའི་འབྲས་བུ་ནི།) དབང་བདུན་གྱིས་ནི་མངོན་པར་དབང་བསྐུར་དགེ་བའི་ དབང་གིས་ས་བདུན་གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །ཞེས་དབང་ བདུན་བསྐུར་བས་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་བྱེད་ན། སྐྱེ་བ་འདི་ཉིད་ལ་ས་བདུན་ གྱི་དབང་ཕྱུག་ཏུ་འགྱུར་ཞིང༌། མངོན་དུ་མི་བྱེད་ཅིང༌། མི་དགེ་བ་བཅུ་དང་བྲལ་ན་སྐྱེ་བ་བདུན་ གྱིས་ས་བདུན་ཐོབ་བོ། །(ཞེས་བརྗོད།) (དྲུག་པ་རྩ་ལྟུང་སྤང་བར་གདམས་པ་ནི།) གལ་ལྟེ་གཡོ་རྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་ དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ། ། (ཞེས་དང༌།) དཔལ་ལྡན་བླ་མའི་(མངོན་གསུམ་ དུ་མི་དགེ་ལ་ཞུགས་པས་)ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་(༡)འཛིན་ པར་འགྱུར། །(བླ་མ་)དེ་ཡི་བཀའ་ལ་དགོངས་(ནས་ལྐོག་ཏུ་མི་དགེ་བ་བྱས་)པས་གཞན་(གཉིས་པ་ཉིད་ )དུ་འགྱུར་ཏེ་ངེས་པར་དེ་བཞིན་(རྡོ་རྗེ་)སྤུན་ལ་ཁྲོས་པ་གསུམ་པའོ། །(སེམས་ཅན་ལ་)བྱམས་པ་ བཏང་བས་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་(དཀར་པོ་)ནི་ཉམས་པ་ལས་ཀྱང་མདའ་རུ་(སྟེ་ལྔ་ པ་)འགྱུར། །དྲུག་པ་གྲུབ་པའི་མཐའ་(སྔགས་དང་ཕར་ཕྱིན་)ལ་སྨོད་པའོ་རི་བོ་(སྟེ་བདུན་པ་)དག་ཀྱང་ མ་སྨིན་མི་(ཉན་ཐོས་)ལ་གསང་བ་(བདེ་བ་ཆེན་པོ་)བྱིན་ལས་སོ། །(ལུས་གཅོད་པ་དང༌། སྨྱུང་གནས་སོགས་ 3-1-203 ཀྱིས་)ཕུང་པོ་ཉོན་མོངས་པ་ལས་གླུ་(སྟེ་བརྒྱད་པ་)རུ་འགྱུར་ཏེ་སླར་ཡང་དགུ་པ་དག་པའི་ཆོས་(སྟོང་ ཉིད་)ལ་མ་དད་(པ་)གང་(ཡིན་ནོ)། །རྒྱུ་ཡི་བྱམས་པ་(ཁ་ནས་ཚིག་གཞན་དང་སྙིང་ལ་གཞན་སེམས་པ་)དང་ནི་ མིང་སོགས་བྲལ་བ་བདེ་བ་སྟེར་(བ་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་)ལ་རྟོག་པ་(ནི་རིམ་པ་ལྟར་)ཕྱོགས་(༡༠) དང་དྲག་པོའ(ོ༡༡)། །དག་པའི་སེམས་ཅན་(རྣལ་འབྱོར་པ་)རྣམས་ལ་སྐྱོན་བརྗོད་པ་ལས་ཉི་མ་ (བཅུ་གཉིས་པ་ཚོགས་ཀྱི་འཁོར་ལོར་)དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན(༡༣པའོ)། །བུད་མེད་ ཐམས་ཅད་ལ་སྨོད་ངེས་པར་མ་ནུར་(༡༤པ་)འགྱུར་ཏེ་རྡོ་རྗེ་ཐེག་པར་(དབང་བསྐུར་ནས་)གནས་པ་ རྣམས་ལའོ། །(ཞེས་བརྗོད།) དབང་བདུན་གྱི་ཆོ་གའོ། །དེས་ཡིད་ཚིམ་པར་འགྱུར་ན་རྗེས་ཀྱི་ཆོ་ ག་རྣམས་བྱའོ། ། (དེ་ནས་གཉིས་པ་དབང་གོང་མ་རྣམས་ཞུ་བའི་དོན་དུ།) མཎྜལ་དང༌། སྐྲག་པ་དང་འཁྲུལ་བ་ལ་ སོགས་པའི་སྐྱོན་དང་བྲལ་བའི་བུ་མོ་མཛེས་མ་ལོ་བཅུ་གཉིས་ནས་ཉི་ཤུའི་བར་གང་ཡང་ རུང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡུལ་དང་བཅས་ཤིང༌། དབང་དང་བསླབ་པས་ ཡོངས་སུ་སྨིན་པ་ཅིག་ཀྱང་ཕུལ་བར་བསམ་མོ། ། (བླ་མས།) ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ ལྡན་པ་མིན། །ཞེས་དབང་གོང་མ་བཞིའི་འཇིག་རྟེན་པའི་དབང་གསུམ་ནི་ལུས་ཀྱི་དབང་པོ་ དཀར་འཛིན་དང༌། གསང་བའི་བྷ་ག་དང༌། ཀུན་རྫོབ་བྱང་ཆུབ་སེམས་ཏེ་སྐུ་གསུང་ཐུགས་ ཀྱི་རྡོ་རྗེའི་དཀྱིལ་འཁོར་གསུམ་དུ་བསྐུར་བར་བྱ་བ་ཡིན་ཞིང༌། བཞི་པ་འཇིག་རྟེན་ལས་འདས་པའི་དབང་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་ འཁོར་དུ་བསྐུར་བར་བྱ་བ་ཡིན་(གྱི་རྡུལ་མཚོན་གྱི་དཀྱིལ་འཁོར་དུ་བསྐུར་བར་བྱ་བ་མ་ཡིན་)ལ། དབང་བླང་ བའི་ཡུལ་ནི། བླ་མ་དུས་ཀྱི་འཁོར་ལོའི་ཞལ་བཞི་སྐུ་བཞི(དང་རྡོ་རྗེ་བཞི)ར་མོས་པ་ལས་ལེན་པ་ ཡིན་པས་དེ་ལྟར་ཤེས་པར་བྱའོ། །(ཞེས་བརྡ་སྤྲད་ནས། སློབ་མས།) གསོལ་བ་འདེབས་པ་ནི། སྒྲིབ་ 3-1-204 པ་ཐམས་ཅད་བཅོམ་པ་ཡི། །དུས་ཀྱི་འཁོར་ལོ་ཁྱོད་ལ་འདུད། །མཆོག་ཏུ་མི་འགྱུར་བདེས་ གང་བ། །ཡེ་ཤེས་སྐུ་ཁྱོད་ལ་ཕྱག་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་ སེམས་ནི་འགྱུར་མེད་གང༌། །དབང་བསྐུར་དེ་ཡིས་བདག་ལ་ནི། །མགོན་པོ་ད་ནི་བཀའ་དྲིན་ མཛོད། །བུ་དང་ཆུང་མ་(རབ་བྱུང་ཡིན་ན་གཉེན་དང་སློབ་མ་)སོགས་བཅས་པ། །བདག་ནི་དུས་ཀུན་ ཁྱོད་ཀྱི་འབངས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་ལ་སྐྱབས་གཞན་ཡོད་མ་ཡིན། །ཞེས་ཐུན་མོང་དུ་གསོལ་བ་བཏབ་(པའི་རྗེས་བཟློས་བྱ་)ནས། ཁྱད་པར་དུ་བླ་མ་དུས་ཀྱི་འཁོར་ ལོའི་གཡོན་ཞལ་དཀར་པོ་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་མོས་པ་(འདི་འོག་མ་གསུམ་ལ་རིགས་པ་སྒྲེའོ་)ལས། བུམ་དབང་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་ནི། ༀ་ༀ་པྲཛྙཱ་(ཤེས་རབ་དང་) ཨཱུ་པཱ་ཡོ་(ཐབས་དག་གི་)ཀཱ་ལ་ཤ་(བུམ་པའི་)ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་(བདག་ལ་སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ། (ཅེས་ལན་གསུམ།) ལུས་ལ་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པའི་དོན་དུ(གསོལ་བ་གདབ་པ་ནི)། དཔལ་ ལྡན་སྐུ་ཡི་རྡོ་རྗེ་འཛིན། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་ བརླབས་གནས་སུ་དིང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །མི་ཕྱེད་རྡོ་རྗེ་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱིས་ནི། །བྱིན་བརླབས་གནས་སུ་ དིང་བདག་མཛོད། །ཅེས་པས་ལན་གསུམ་གསོལ་བ་བཏབ་པས། (བླ་མས་)ཕྱོགས་བཅུའི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱིས། སློབ་མ་འདིའི་ལུས་ཀྱི་ཐིག་ལེ་དང༌། སད་པའི་གནས་ སྐབས་འགགས་ཤིང༌། དགའ་བའི་དགའ་བ་རྫོགས་ནས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲྭ་ བས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་ བ་གདབ་ཅིང༌། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་ གཤེགས་པ་ནམ་མཁའ་གང་བར་བཞུགས་པ་ཐམས་ཅད་ཀྱི་དཔྲལ་བའི་ༀ་ཡིག་དཀར་པོ་ ལས་འོད་དཀར་པོ་དཔག་ཏུ་མེད་པ་འཕྲོས་པ། སློབ་མའི་དཔྲལ་བ་ནས་ཞུགས་ཏེ། ལུས་ 3-1-205 ཐམས་ཅད་གང་བས་ལུས་ཀྱི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེས་བྱིན་གྱིས་ བརླབས།(པར་བསམ་མོ། །དེ་ནས་བླ་མས།) ཕྱག་རྒྱ་དེ་ཉིད་སྣ་ཚོགས་ཡུམ་དུ་བྱིན་གྱིས་བརླབས་(ཏེ་ གཏད་)པའི་ནུ་མ་ལ་རེག་ཏུ་བཅུག་(པར་བསམ་ཞིང་)། དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ དེ་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བའི་དགའ་བ་ཡིན་ལ། དེ་ཉིད་བུམ་པའི་དབང་གི་དོན་ ནོ། །དེ་ལྟར་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་པས། སྔགས་ཀྱི་ཚུལ་ ལ་དགེ་ཚུལ་དུ་(འ)གྱུར(ཞིང་)། ས་བརྒྱད་པ་མི་གཡོ་བར་ལུང་བསྟན་པ་ཐོབ་པས། སངས་རྒྱས་ ཀྱི་སྲས་སུ་གྱུར་པར་ང་རྒྱལ་འཛིན་པའི་རྗེས་ཟློས་གྱིས། ༀ་ༀ་བཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའ་) བཛྲ་ཀཱ་ལ་ཤ་ཨ་བྷི་ཥེ་ཀེ་ན(རྡོ་རྗེ་བུམ་པའི་མངོན་པར་དབང་བསྐུར་བས)། ཨ་བྷི་ཥིཀ་ཏོ་(མངོན་པར་དབང་ བསྐུར་ཏེ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)པཱུ་ཏྲོ་(སྲས་)ཨ་ཙ་ལཱ་(མི་གཡོ་བ་)བྷཱུ་མི་(ས་)ལབ་དྷོ་(ཐོབ་པ་ང་)ཧཾ། ཞེས་ང་རྒྱལ་བཟུང་བར་བྱ་སྟེ། བུམ་པའི་དབང་ངོ༌། །(བླ་མ་དུས་འཁོར་གྱི་གཡས་ཞལ་དམར་པོ་གསུང་རྡོ་ རྗེ་ལོངས་སྐུར་མོས་པ་ལ།) གསང་དབང་གི་དོན་དུ། (མཎྜལ་ཕུལ་གསོལ་བ་འདེབས་པ་ནི།) ༀ་ཨཱཿ པྲཛྙཱ་(ཤེས་ རབ་དང་)ཨུ་པཱ་ཡཽ་(ཐབས་དག་གི་)གུ་ཧྱ་ཨ་བྷི་ཥེ་ཀཾ་(གསང་བའི་མངོན་པར་དབང་བསྐུར་)མེ་ད་ད་ཏཱཾ་(བདག་ ལ་སྩལ་དུ་གསོལ།)ཧུཾ་ཧཱུཾ་ཕཊ། སླར་ཡང་ངག་ལ་གསུང་རྡོ་རྗེས་བྱིན་གྱིས་བརླབ་པའི་དོན་དུ། དཔལ་ ལྡན་གསུང་གི་རྡོ་རྗེ་འཛིན། །ཞེས་སོགས་དང༌། (བླ་མས་)ཕྱོགས་བཅུའི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་སློབ་མ་འདིའི་ངག་གི་ཐིག་ལེ་དང༌། རྨི་ལམ་གྱི་གནས་སྐབས་འགགས་ ཤིང་མཆོག་དགའི་དགའ་བ་རྫོགས་ནས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། (ཞེས་གསོལ་བ་ བཏབ་པས།) དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མགྲིན་པའི་ཨཱཿཡིག་དམར་པོ་ལས་འོད་ཟེར་ དམར་པོ་འཕྲོས་པ་སློབ་མའི་མགྲིན་པ་ནས་ཞུགས་ཏེ། ངག་གི་དྲི་མ་དག སངས་རྒྱས་ཐམས་ ཅད་ཀྱི་གསུང་རྡོ་རྗེས་བྱིན་གྱིས་བརླབས(པར་བསམ)། བླ་མ་དུས་འཁོར་ཡབ་ཡུམ་སྙོ མས་པར་ 3-1-206 ཞུགས་པའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་ཐམས་ཅད་སྤྱན་ དྲངས་ཏེ་སྐུ་ལ་ཞུགས་ཆགས་པ་ཆེན་པོས་ཞུ་བ་ཨ་བ་དྷཱུ་ཏཱིའི་ལམ་ནས་ནོར་བུར་བྱོན་པའི་ བདུད་རྩིར་བསམས་ཏེ། མཐེབ་སྲིན་གྱིས་ནང་མཆོད་ཀྱི་ཐིགས་པ་ལྕེ་ལ་བཞག་ནས། འདས་ པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། ། (ཞེས་དང༌།) བླ་མེད་དེ་ནི་འདི་ཉིད་ དེ། །གཉིས་སུ་མེད་ཅིང་མི་འགྱུར་བ། །ཆོས་ཀྱི་དབྱིངས་ནི་དམ་པ་ཡི། །དམ་པའི་བདེ་བ་ མྱང་བར་གྱིས། །(ཞེས་བྱིན། སློབ་མས།) ཨ་ཧོ་མ་ཧཱ་སུ་ཁཾ། (ཞེས་བརྗོད།) ཕྱག་རྒྱའི་བྷ་ག་གསལ་ བར་བྱས་པ་ཡང་བལྟས་ཏེ། དེ་ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་འཇིག་རྟེན་ཀུན་རྫོབ་ ཀྱི་མཆོག་དགའི་དགའ་བ་སྟེ། དེ་ཉིད་གསང་དབང་གི་དོན་ནོ། །དེ་ལྟར་ཕྱག་རྒྱའི་བྷ་གའི་ དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ་པས་སྔགས་ཀྱི་ཚུལ་ལ་དགེ་སློང་དུ་གྱུར་ ཅིང༌། ས་དགུ་པ་ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་ཐོབ་པ། སངས་རྒྱས་ཀྱི་རྒྱལ་ཚབ་ཏུ་ གྱུར་(པར་ང་རྒྱལ་འཛིན་པའི་རྗེས་ཟློས་གྱིས)། ༀ་ཨཱཿ བཛྲ་སཏྭ་ན་(རྡོ་རྗེ་སེམས་དཔའ་)གུ་ཧྱ་ཨ་བྷི་ཥེ་ཀེ་ན་ (གསང་བའི་མངོན་པར་དབང་བསྐུར་བས་)ཨ་བྷི་ཥིཀ་ཏོ་(མངོན་པར་དབང་བསྐུར་ཏེ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་ )ཡུ་བ་རཱ་ཛོ་ན་བ་(རྒྱལ་ཚབ་)བྷཱུ་མི་ལབ་དྷོ་ཧཾ(དགུ་པའི་ས་ཐོབ་པ་ང་)། (བླ་མ་དུས་འཁོར་གྱི་མདུན་ཞལ་ནག་པོ་ ཐུགས་རྡོ་རྗེ་ཆོས་སྐུར་མོས་པ་ལ།) ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། (མཎྜལ་ཕུལ་གསོལ་བ་འདེབས་པ་ ནི།) ༀ་ཧཱུཾ་པྲཛྙཱ་(ཤེས་རབ་)ཨུ་པཱ་ཡཽ་(ཐབས་དག་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)བི་ཤྭ་མཱ་ཏཱ་རོ་(སྣ་ཚོགས་ཡུམ་ དག་)པྲཛྙཱ་(ཤེས་རབ་)ཛྙཱ་ན་ཨ་བྷི་ཥེ་ཀཾ་མེ་ད་ད་ཏཱཾ་(ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ།)ཧུཾ་ཧཱུཾ་ ཕཊ། (ཅེས་གསོལ་བ་གདབ།) སླར་ཡང་སེམས་ལ་ཐུགས་རྡོ་རྗེས་བྱིན་གྱིས་བརླབ་པའི་དོན་དུ། དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །(ཞེས་སོགས་བརྗོད། བླ་མས།)ཕྱོགས་བཅུའི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་སློབ་མ་འདིའི་སེམས་ཀྱི་ཐིག་ལེ་དང༌། གཉིད་སྟུག་གི་གནས་སྐབས་ 3-1-207 འགགས་ཤིང༌། ཁྱད་པར་གྱི་དགའ་བ་རྫོགས་ནས། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་ མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། (ཞེས་བསྐུལ་ལོ།།) དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་ནག་འཕྲོས་པ། སློབ་ མའི་སྙིང་ཁ་ནས་ཞུགས་ཏེ་ཡིད་ཀྱི་དྲི་མ་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེས་བྱིན་ གྱིས་བརླབས་(པར་བསམ)། འདིར་ནི་ཁྱེད་རྣམས་དཔང་པོ་ལགས། །བདག་གིས་འདི་ལ་འདི་ གཏད་དོ། །གཟུངས་མ་ཡིད་འོང་འདི་ཁྱོད་ཀྱི། །བརྟེན་བྱར་སངས་རྒྱས་རྣམས་ཀྱིས་བཏགས། །འཁོར་ལོའི་རིམ་པའི་སྦྱོར་བ་ཡི། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེའི་དཀྱིལ་ཀྲུང་གིས་ སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་བས། །ཞེས་རྡོ་རྗེ་སེམས་དཔའ་དཔང་པོར་བྱས་ ནས། ཕྱག་རྒྱ་སྣ་ཚོགས་ཡུམ་དུ་བསྐྱེད་པ་གཏད་(པར་བསམ་)པའི་དཔྲལ་བ་སོགས་སུ་ༀ་ཨཱཿཧཱུཾ་ ཧོཿསྭཱཧཱ། (ཕྱག་རྒྱ་)དེས་ཆུ་སྐྱེས་དྲི་ཞིམ་པོས་བསྒོམ་པ་སྟོན་ཞིང༌། ཨེ་མ་བདག་གི་པད་མ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བརྟེན་བྱེད་པ། །དེ་ཡི་མདུན་ན་བདག་ གནས་ཏེ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པད་མར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་ རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །བྷ་ཛ་མོཀྵ་ཧོཿ (ཞེས་བརྗོད་ནས་པང་དུ་བྱོན།) སློབ་མ་དུས་ཀྱི་འཁོར་ལོར་བསྐྱེད་པའི་དཔྲལ་བ་ལ་སོགས་པར་ཡི་གེ་དྲུག་བཀོད་ནས། ཤེས་རབ་ཀྱི་པད་མ་ཨཱཿལས་པད་མ་འདབ་མ་བརྒྱད་པ་ཟེ་འབྲུ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེས་ མཚན་པ་དང༌། ཐབས་ཀྱི་རྡོ་རྗེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དབུས་སུ་ཨཱཿལས་བྱུང་བའི་པད་མ་ འདབ་བརྒྱད་ཀྱིས་མཚན་པ་སྙོ མས་པར་ཞུགས་(པར་བསམ)། ༀ་ཛྙཱ་ན་(ཡེ་ཤེས་)པཱུ་ཛ་(མཆོད་པ་) ཨ་ནུ་རག་ཏ་(རྗེས་སུ་ཆགས་པ་)སྭ་བྷཱ་བ་(རང་བཞིན་གྱིས་)ཨཱཏྨཀོ྅(བདག་ཉིད་ང་)ཧཾ། (ཞེས་བརྗོད།) སྦྱོར་ བ་དེ་ལས་འཁོར་ལོའི་རིམ་པར་བྱང་ཆུབ་ཀྱི་སེམས་བབས་ཤིང༌། སླར་སྟེང་དུ་གཤེགས་པ་ ལས་བྱུང་བའི་བདེ་བ་ཉམས་སུ་མྱོང་བ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བྲལ་གྱི་དགའ་བ་ 3-1-208 དང་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་ཏེ། དགའ་བ་ བཞིའི་དབྱེ་བས་འཇིག་རྟེན་ཀུན་རྫོབ་ཀྱི་དབང་རྣམ་པ་བཞིའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་ སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། སྔགས་ཀྱི་ཚུལ་ ལ་གནས་བརྟན་དུ་གྱུར་ཅིང༌། ས་བཅུ་པ་ཆོས་ཀྱི་སྤྲིན་ལ་གནས་པར་ལུང་བསྟན་པ་ཐོབ་པ་ རྡོ་རྗེ་འཆང་གཉིས་པར་གྱུར་པའི་ང་རྒྱལ་འཛིན་པའི་རྗེས་ཟློས་གྱིས། ༀ་ཧཱུཾ་བཛྲ་སཏྭེ་ན་(རྡོ་ རྗེ་སེམས་དཔའ་)པྲཛྙཱ་ཛྙཱ་ནེ་ན(ཤེས་རབ་ཡེ་ཤེས)། ཨ་བྷི་ཥིཀ་ཏོ་(མངོན་པར་དབང་བསྐུར་ཏེ་)དྭི་ཏཱི་ཡ་(གཉིས་ པ་)བཛྲ་དྷ་རོ་ཧཾ་(རྡོ་རྗེ་འཆང་)དྷརྨཱ་མེ་གྷཱ་བྷཱུ་མི་ལབ་དྷོ་ཧཾ(ཆོས་ཀྱི་སྤྲིན་གྱི་ས་ཐོབ་པ་ང་)། (དེ་ནས་བླ་མས་དམ་ ཚིག་ངེས་པ་སྦྱིན་པ་ནི།) འཇིག་རྟེན་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་དོན་དམ་པ་མ་ ཡིན་གྱི། དོན་དམ་པར་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ནི་ཐིག་ལེ་འཕོ་བ་མེད་པ་ཡིན་པས། བདེ་བ་ཆེན་པོའི་རྟེན་ཐིག་ལེ་འདི་ནི་ཁྱོད་ཀྱིས་བསྲུང་བར་བྱའོ་ཞེས་གདམས་པ། ལས་ཀྱི་ ཕྱག་རྒྱའི་རབ་སྦྱོར་དང༌། །ཡེ་ཤེས་ཕྱག་རྒྱའི་རྗེས་ཆགས་ལའང༌། །བདེ་བ་ཆེན་པོ་བྱང་ཆུབ་ སེམས། །བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ། །བྷ་གར་ལིང་ག་རབ་བཞག་ནས། །བྱང་ ཆུབ་སེམས་ནི་སྤ་ྲོམི་བྱ། །ཁམས་གསུམ་པོ་ནི་མ་ལུས་པའི། །སངས་རྒྱས་གཟུགས་ནི་བསྒོམ་ པར་བྱ། ། བསྲུང་བ་འདི་ཉིད་ཁོ་ན་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ ཚོགས་ནི་ཡང་དག་རྫོགས། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་བཅུ་ཐོབ་ པ་ཡི། །རྫོགས་པའི་སངས་རྒྱས་དུས་གསུམ་འཇུག །འདི་ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །རང་དང་གཞན་དོན་བསྒྲུབ་པའི་སླད། །སྟོང་ཉིད་སྙིང་རྗེ་ དབྱེར་མེད་པ། ཁམས་སུམ་དབང་ཕྱུག་ཡེ་ཤེས་ནི། །འདི་ལས་གཞན་པ་ཡོད་མ་ཡིན། །སྐྱོབ་ པ་ཀུན་གྱི་སྡོམ་པ་ནི། །གལ་ཏེ་ཁྱོད་བསྲུངས་བདག་གི་བུ། །དེ་ཚེ་སངས་རྒྱས་ཐམས་ཅད་ ཀྱིས། །བྱིན་བརླབས་རྫོགས་བྱང་ཆུབ་ཐོབ་འགྱུར། །ཅི་སྟེ་ཆགས་པས་ཟིན་མནན་བདག 3-1-209 །གཙོ་བོའི་མདུན་དུ་བླངས་ནས་ནི། །སྡོམ་པ་བསྐྱང་བར་མི་བྱེད་ན། །དེ་ཚེ་ངུ་འབོད་དུ་འགྲོ་ འགྱུར། །དམན་པའི་སེམས་ལ་སྐྱེ་གནས་སུ། །གང་ཚེ་བྱང་ཆུབ་སེམས་ལྷུང་འགྱུར། །དེ་ཚེ་ ཕྱག་རྒྱར་ཤེས་ནས་ནི། །པད་མའི་ཕྱི་རོལ་རང་ལྕེས་བླང༌། ། (ཞེས་ཡིད་དོན་བཤད་པར་བྱའོ།།) (དབང་གི་རབ་བྱེད་ཞུ་བའི་ཡོན་དུ་མཎྜལ་ཕུལ་ནས།) བཅོམ་ལྡན་འདས་བདག་ལ་དབང་བསྐུར་བའི་ རབ་ཏུ་བྱེད་པའི་བཀའ་དྲིན་གནང་བར་མཛད་དུ་གསོལ། (ཞེས་ལན་གསུམ་གསོལ་བ་གདབ། བླ་མས།) བུ་ཁྱོད་ཉོན་ཅིག་ཀུན་རྫོབ་ཇི་ལྟ་བ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་བདེ་ བ་དགའ་བ་བཅུ་དྲུག་གི་མཚན་ཉིད་ནི། འདོད་པ་བསྐྱོད་པར་བྱེད་པ་འགྲོ་བ་རང་གི་ཡིད་ ལའོ་གང་བ་དག་ནི་གང་བ་ཉིད་དུ་འགྱུར། །གང་བ་ཡན་ལག་མཆོག་ལས་རི་བོང་འཛིན་པ་ ཁུ་བར་བྱས་ནས་འབར་བའི་ཐིག་ལེ་བཟང་པོ་འཛག །ཨོཌྜས་བཀུག་པ་མཆོག་གི་བདེ་བ་ རང་བཞིན་གྱིས་སྟེར་ཐིག་ལེ་གྲོལ་བ་དག་ནི་གསུམ་གྱི་མཐར། །བལྟ་དང་རེག་དང་འགྲོགས་ ལ་འཛག་པའི་བདེ་བ་འདི་དག་གིས་ནི་དགའ་བ་ལ་སོགས་དབྱེ་བ་སྟེ། །འདོད་པ་དགའ་བར་ བྱེད་དེ་དང་པོ་དག་ཀྱང་མི་རྣམས་ཀྱི་ནི་མིག་གིས་ལྟ་བ་རྣམས་ཀྱིས་སོ། །ཕྱི་ནས་གང་བ་རབ་ ཏུ་སྦྱར་བ་ཡིས་ཏེ་སླར་ཡང་མཆོག་གི་དགའ་བ་ཉིད་དེ་རང་ལུས་ལ། །འབར་བ་ཉིད་ལས་ ཐིག་ལེ་འཛག་པའི་དགའ་བ་ཡིས་ཀྱང་ཁྱད་པར་དགའ་བ་རྡོ་རྗེས་པད་མ་ལ། །ཨོཌྜ་ཐིག་ ལེ་གསུམ་གྱི་མཐའ་རུ་འགྱུར་བ་ལ་གནས་ལྷན་ཅིག་སྐྱེས་པའི་དགའ་བ་རྡོ་རྗེ་བྱེད། །ཅེས་ ཁམས་འཕོ་བ་དང་བཅས་པའི་དགའ་བ་བཞི་དང༌། དེ་དག་རེ་རེ་ཡང་ལུས་དང་ངག་དང་ སེམས་དང་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བའི་དགའ་བ་བཅུ་དྲུག་ནི། དཔེའི་ཤེས་རབ་ཡེ་ཤེས་ཙམ་ ཡིན་གྱི། སྤང་བར་བྱ་བ་ཡིན་ལ། ཆགས་བྲལ་དང་པོ་ཆགས་པ་ཆེ། ཁ་དོག་སྣ་ཚོགས་འབར་ བའི་འོད། །རྡོ་རྗེ་རྫོགས་སངས་རྒྱས་པའི་གདན། །སངས་རྒྱས་བརྗོད་པའི་ཚུལ་འཛིན་པ། །(ཞེས་དང༌།) རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཆ་མེད་ཆ་ 3-1-210 ལས་འདས་པ་པོ། །བསམ་གཏན་བཞི་ཡི་རྩེ་མོ་འཆང༌། །ཞེས་པའི་དོན་ཐིག་ལེ་འཕོ་བ་མེད་ པ་ཞུ་བདེ་འགྱུར་མེད་ཀྱི་དགའ་བ་བཞི་ཡང༌། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དབྱེ་བས་ཕྱེ་བ་དེ་ ཉིད་བཅུ་དྲུག་ནི་རྫོགས་པར་བྱ་ཞིང༌། རང་བཞིན་འགྱུར་མེད་ཀྱི་དགའ་བ་བཞི་དང་བཅུ་དྲུག་ གི་དེ་ཁོ་ན་ཉིད་ནི་སྔོན་དུ་བྱ་བ་ཡིན་པས། དེ་གཉིས་དོན་གྱི་ཤེས་རབ་ཡེ་ཤེས་སོ། །(ཞེས་བཤད་ པར་བྱའོ། །བླ་མ་དུས་འཁོར་གྱི་རྒྱབ་ཞལ་སེར་པོ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུར་མོས་པ་ལ།) འཇིག་རྟེན་ལས་འདས་ པའི་དབང་བཞི་པའི་དོན་དུ། (མཎྜལ་ཕུལ་གསོལ་བ་གདབ་པ་ནི།) ༀ་ཧོཿ པྲཛྙཱ་ཨུ་པ་ཡཽ་ཨཱཏྨ་ཀཾ་(ཤེས་ རབ་དང་ཐབས་ཀྱི་བདག་ཉིད་ཅན་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)མ་ཧཱ་མུ་དྲ་(ཆེན་པོའི་ཕྱག་རྒྱ་)ཛྙཱ་ན་ཨ་བྷི་ཥེ་ཀཾ་ མེ་པྲ་ཡཙྪ་(ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་བདག་ལ་སྩལ་དུ་གསོལ།)ༀ་ཨཱཿཧཱུཾ་ཧོཿཕཊ། སླར་ཡང་ཡེ་ ཤེས་ལ་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབ་པའི་དོན་དུ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་འཛིན། །མི་ ཕྱེད་རྡོ་རྗེ་བཞི་བསྒོམས་པས། །ཡེ་ཤེས་རྡོ་རྗེ་ཅན་གྱིས་ནི། །ཞེས་སོགས་འདོན་པ་བསྒྱུར། (བླ་མས།) ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདིའི་ཆགས་པའི་ཐིག་ལེ་ དང༌། བཞི་པའི་གནས་སྐབས་འགགས་ཤིང་ལྷན་ཅིག་སྐྱེས་པའི་དགའ་བ་རྫོགས་ནས། ཡེ་ ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་ པར་བྱིན་གྱིས་བརླབ་ཏུ་གསོལ། (ཞེས་གསོལ་བ་བཏབ་པས།) དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ལྟེ་བའི་ཧོཿཡིག་སེར་པོ་ལས་འོད་ཟེར་སེར་པོ་འཕྲོས། སློབ་མའི་ལྟེ་བ་ནས་ཞུགས་ཏེ་ཆགས་ རྟོག་གི་དྲི་མ་དག སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེས་བྱིན་གྱིས་བརླབས(པར་བསམ)། (བླ་མས།) ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་ཆེན་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུད་དབང་བསྐུར་རོ། ། (ཞེས་བརྗོད་ ནས། སློབ་མ་མཉམ་གཞག་གི་སྤྱོད་ལམ་དང་ལྡན་པར་བྱས་ལ།) དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པ་ བསྒོམ་པ་ཉིད་མ་ཡིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། 3-1-211 །(ཞེས་དང༌།) ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་འཁོར་ལྟ་བུ། །རྡུལ་བྲལ་ མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པའི་དོན་ཆོས་ཐམས་ཅད་ཀྱི་གནས་ ལུགས་སྤྲོས་པ་དང་བྲལ་བའི་ངང་དུ་ཅིར་ཡང་རྣམ་པར་མི་རྟོག་པར་མཉམ་པར་ཞོག་ཅིག །དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་ བཞི་པའི་དབང་བསྐུར་བ་ཐོབ་པས། སྐྱེ་དགུའི་བདག་པོ་ས་བཅུ་གཉིས་པ་རྡོ་རྗེ་འཛིན་པའི་ གོ་འཕང་ཐོབ་པར་འགྱུར་(མཉམ་དུ་ང་རྒྱལ་འཛིན་པའི་རྗེས་ཟློས་གྱིས)། ༀ་ཧོཿདྷརྨྨ་དྷཱ་ཏུ་ཨ་ཀྵ་ར་(ཆོས་ ཀྱི་དབྱིངས་འགྱུར་བ་མེད་པ་)ཙ་ཏུར་ཐ་ཨ་བྷི་ཥེ་ཀེ་ཎ་(བཞི་པའི་མངོན་པར་དབང་བསྐུར་བས་)ཨ་བྷི་ཥིཀ་ཏོ་ (མངོན་པར་དབང་བསྐུར་ཏེ་)བཛྲ་སཏྭེ་ན་(རྡོ་རྗེ་སེམས་དཔའ་)ཨཱཏྨ་ནཱ་ཧཾ་(བདག་ཉིད་ང་)དྭི་ཏཱི་ཡོ་(གཉིས་པ་)དྭ་ད་ ཤ་བྷཱུ་མི་ལབ་དྷོ་(བཅུ་གཉིས་ཀྱི་ས་ཐོབ་པ་)བཛྲ་སཏྭོ་(རྡོ་རྗེ་སེམས་དཔའ་)མ་ཧཱ་ཨརྠཿ(དོན་ཆེན་པོ་)པ་ར་མ་ ཨ་ཀྵ་རཿ(མཆོག་ཏུ་མི་འགྱུར་བ་)ཏྲཻ་ལོཀྱ་བི་ཛ་ཡཿ(འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་)ཀཱ་ལ་ཙཀྲོ་བྷ་ག་ བཱན་(དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་)ཨེ་ཝཾ་ཀ་རཿ(ཨེ་ཝཾ་ཡི་གེ།) (ཞེས་བརྗོད། དབང་གོང་མ་བཞིའི་དག་པ་ནི།) འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་གཞན་ནི་མི་འཛག་པའོ། །(དམ་ཚིག་)མངོན་པར་ དབང་བསྐུར་རིམ་གསུམ་གྱིས། །ལུས་ངག་ཡིད་ནི་ཡང་དག་དག །བཞི་པ་ཡེ་ཤེས་དག་པ་སྟེ། ། (ཞེས་དང༌།) བྱིས་པ་དར་མ་དེ་ནས་རྒན། །བཞི་པ་དག་ནི་སྐྱེ་དགུའི་བདག ། (ཅེས་པའི་དོན་བཤད་དོ། །འབྲས་བུ་ནི།) བུམ་པ་གསང་བས་མངོན་པར་དབང་བསྐུར་སླར་ཡང་ཕྱིར་མི་བཟློག་པ་སོགས་ སུ་ངེས་པར་རབ་ཏུ་འཇུག །ཡེ་ཤེས་དག་གིས་མངོན་པར་དབང་བསྐུར་སྲིད་པའི་འཇིགས་པ་ འཇོམས་པའི་འཇམ་དབྱངས་ཉིད་དུ་འགྱུར། །ཞེས་སོགས་སོ། །གལ་ཏེ་དབང་དེ་ཙམ་ལས་ མི་བསྐུར་ན་ཕན་ཡོན་བཤད་པ་སོགས་(ཡོན་འབུལ་དཔའ་བོའི་སྟོན་མོ་གཏང་རག་གི་མཆོད་བསྟོད། བསྔོ་བ་ སྨོན་ལམ། ཡིག་བརྒྱ། བཟོད་གསོལ། གཤེགས་གསོལ། བདག་བསྲུང༌། ཤིས་བརྗོད།) རྗེས་ཀྱི་བྱ་བ་རྣམས་སྐབས་ འདིར་བྱའོ། ། 3-1-212 (གཉིས་པ་བདག་པོའི་དབང་ནི། སློབ་དཔོན་དུ་དབང་བསྐུར་ན།) མཁས་པ་སྙིང་རྗེ་ཅན་ལ་སྟེ་རབ་ཏུ་ གནས་པའི་ཆོ་གས་སོ། ། (གསུམ་པ་བདག་པོ་ཆེན་པོའི་དབང་ནི།) སྨིན་བྱེད་སློབ་མའི་དབང་བཅུ་གཅིག་ཐོབ་སྟེ། རྒྱུད་ཐམས་ཅད་ཤེས་ཤིང་དེ་ཁོ་ན་ཉིད་ཀྱིས་གཞན་གྱི་དོན་དུ་དམ་བཅའ་བ་ལ་གནས་པའི་ སློབ་མས་དང་པོར་འདི་སྐད་དུ། (བླ་མས་དམ་བཅའ་བ་ནི།) ཀྱཻ་དཔལ་ལྡན་བླ་མ་ཁྱོད་ཀྱི་བཀའ་ དྲིན་ལས། །ད་ནི་བདག་གིས་བདེ་བར་གཤེགས་པའི་ལམ་ཐམས་ཅད་ཤེས་སོ། །དུས་འདི་ ནས་བརྩམས་ཏེ་ཁྱོད་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤངས་ནས། བླ་མ་ གཞན་བསྟེན་པར་མི་བགྱིའོ་ཞེས་དམ་བཅའ་འོ། །(དེ་ནས་མཎྜལ་ཕུལ་ཏེ།) གང་གིས་བདག་ནི་ ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་ རྗེའི་གཏེར་གྱིས་བདག་ལ་སྩོལ། །(ཞེས་ལན་གསུམ། འདིར་དབང་གོང་མ་བཞི་བསྐུར་བའང་ཡོད།) དེ་ནས་ དཀྱིལ་འཁོར་གྱི་ཁང་བའི་ཕྱི་རོལ་ལམ། ངོས་གཅིག་ཏུ་སྟེང་དུ་གདུགས་རྒྱལ་མཚན་བ་དན་ ལ་སོགས་པས་བརྒྱན་(ཏེ་མཆོད་པ་ཅི་འབྱོར་པ་འཤམས་)པར་ས་ལ་ར་བ་ལྔའི་རེ་ཁཱ་གྲུ་བཞི་པ་ཁྲུ་བཞི་ པའི་དབུས་སུ། ཤིང་སྟན་ལ་ཁྲུ་དོ་པའི་པད་མ་འདབ་བརྒྱད་མཚན་མ་ལྔ་དང་བྲལ་བ་ཚོན་སྣ་ ལྔས་བྲིས་པའི་སྟེང་དུ་དགེ་སློང་དགོད། ར་བ་ལྔའི་རེ་ཁཱ་ཁྲུ་དོ་པའི་དབུས་སུ་པད་མ་མེད་པའི་ ཤིང་སྟན་ལ་དགེ་ཚུལ་དགོད། ར་བ་གསུམ་གྱི་རེ་ཁཱ་ཁྲུ་གང་པའི་དབུས་སུ་ཕལ་པའི་གདན་ ལ་དགེ་བསྙེན་དགོད། དེ་ནས་དགེ་སློང་ལ་བུ་མོ་མཛེས་ཤིང་བུ་མ་སྐྱེས་པ་རྒྱན་གྱིས་བརྒྱན་ པ་བརྒྱད་ཀྱིས་བུམ་པ་བརྒྱད་བཟུང༌། གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཀྱིས་རྒྱལ་ རྣམ་རྒྱལ་གཉིས་བཟུང་ནས་དབང་བསྐུར་ཞིང་ཁྲུས་བྱ། ཅོད་པན་དང་དར་དཔྱངས་སྔར་གྱི་ དབང་ཆོག་བཞིན་བཅིང༌། དེ་ནས་སློབ་མ་དུས་འཁོར་དུ་བསྐྱེད་པ་ལ་ཕྱག་རྒྱ་དྲུག་བཅིང་ བ་ནི། (རུས་པའི་)རྒྱན་དྲུག་ལས་སྤྱི་བོའི་འཁོར་ལོ་ཧཾ་ལས་བྱུང་བའི་མི་བསྐྱོད་པར་བསྐྱེད། དེ་ 3-1-213 ཞུ་བ་ལས་བྱུང་བའི་འཁོར་ལོ་འམ་ནོར་བུ། ༀ་ཧཾ་པཉྩ་ཨ་ཀ་ར་མ་ཧཱ་ཤཱུ་ནྱ་ཏ། ཞེས་སོགས་ བརྗོད་ནས། མི་བསྐྱོད་འཁོར་ལོའི་གཟུགས་ཉིད་ཀྱིས། །ལུས་མཆོག་ལ་གནས་ཆུ་རྒྱུན་ གྱིས། །གཅིག་ཆར་ཆོས་ཀྱི་འཁོར་ལོ་བསྐོར། །འགྲོ་བའི་དོན་ཆེན་བྱེད་པར་འགྱུར། ། ཞེས་བརྗོད་དེ་སྤྱི་བོར་སྦྱིན། རྣ་རྒྱན་གཉིས་ཧཾ་ཧཿལས་བྱུང་བའི་འོད་དཔག་མེད། དེ་ཞུ་བ་ ལས་བྱུང་བའི་རྣ་རྒྱན་ༀ་ཧཾ་ཧཿབཱ་མ་དཀྵི་ཎ་ཀརྞ། ཞེས་སོགས་ཀྱིས་རྣ་བ་གཉིས་ལ་བཀོད་ ལ། དཔག་མེད་རྣ་ཆའི་གཟུགས་ཉིད་ཀྱིས། །རྣ་བ་དག་ལ་རྣམ་བརྒྱན་ཏེ། །སྲིད་པ་གསུམ་ ལ་ཆགས་པར་བྱ། །དེ་འདིས་འགྲོ་བའི་དོན་བྱེད་འགྱུར། །ཞེས་བརྗོད། མགུལ་རྒྱན་ཨཾ་ལས་ བྱུང་བའི་རིན་འབྱུང༌། དེ་ཞུ་བ་ལས་བྱུང་བའི་མགུལ་རྒྱན། ༀ་ཨཾ་ཀཎྛེ་བཛྲ་ཀཎྛེ་ཀ་ཧུཾ་ཧཱུཾ་ ཕཊ། ཅེས་པས་མགུལ་པར་བཀོད་ལ། རིན་ཆེན་མགུལ་རྒྱན་གཟུགས་ཉིད་ཀྱིས། །བདག་གི་ མགུལ་པ་རྣམ་བརྒྱན་ཏེ། །འགྲོ་འདི་རོ་ཡིས་བརྟུལ་བྱས་ནས། །འགྲོ་བ་ཆུ་བཞིན་འཇུག་པར་ འགྱུར། །ཞེས་བརྗོད། ལག་གདུབ་ཨ་ཨཱཿདང༌། རྐང་གདུབ་ཧ་ཧཱཿལས་བྱུང་བའི་རྣམ་སྣང༌། དེ་ཞུ་བ་ལས་བྱུང་བའི་ལག་གདུབ་རྐང་གདུབ། ༀ་ཨ་ཨཱཿབཱ་མ་དཀྵི་ཎ་སོགས་ཀྱིས་ལག་པ་ དང༌། ༀ་ཧ་ཧཱཿབཱ་མ་སོགས་ཀྱིས་རྐང་པ་ལ་བཀོད་ནས། རྣམ་སྣང་ལག་གདུབ་གཟུགས་ཉིད་ ཀྱིས། །ལག་པ་དག་ལ་རྣམ་བརྒྱན་ཏེ། །འགྲོ་བའི་དོན་ལ་འཇུག་བྱས་ནས། །སྐྱེ་བ་ས་ལྟར་ བརྟན་པར་འགྱུར། །ཞེས་བརྗོད། སྐ་རགས་ཨཱཿལས་བྱུང་བའི་དོན་གྲུབ། དེ་ཞུ་བ་ལས་བྱུང་ བའི་སྐ་རགས། ༀ་ཨཱཿཀ་ཊྱཾ་བཛྲ་མེ་ཁ་ལ་ཧཱུཾ་ཕཊ། ཀྱིས་རྐེད་པར་བཀོད་ནས། དོན་ཡོད་སྐ་ རགས་གཟུགས་ཉིད་ཀྱིས། །རྐེད་པ་ལ་ནི་རྣམ་བརྒྱན་པ། །འགྲོ་འདི་རླུང་གིས་བརྟུལ་བྱས་ ནས། །ཐོགས་མེད་རླུང་གིས་འགྲོ་བ་འདུལ། །ཞེས་བརྗོད། ཐལ་ཆེན་(སྟོང་ཆེན་ལྔ་འདུས་པའི་) ཝཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ། དེ་ཞུ་བའི་ཐལ་ཆེན། ༀ་ཝཾ་སརྦ་ཨཾ་གེ་བྷསྨ་ཧུཾ་ཧཱུཾ་ཕཊ། ཀྱིས་ལུས་ལ་བྱུག་ཅིང༌། བྱང་ཆུབ་སེམས་ཀྱི་རང་བཞིན་གྱི། །ཐལ་བས་ལུས་ལ་རྣམ་བརྒྱན་ 3-1-214 ཏེ། །མཆོག་གི་སྤྱོད་པ་རབ་སྤྱད་ནས། །བདེ་བའི་ཡིད་ཀྱིས་འགྲོ་བ་འདུལ། །ཞེས་བརྗོད། གདུག་པ་བསྡིགས་པར་བྱེད་པའི་མཆོག །གང་གིས་ངུར་སྨྲིག་མཐོང་བ་ཡིས། །ལྷ་མིན་ས་ ཡི་འོག་ཏུ་འབྲོ ས། །དགེ་སློང་རྡོ་རྗེ་འཛིན་པ་བྱ། །(ཞེས་བརྗོད།) དགེ་ཚུལ་ལ་བུ་མོ་བཞི་དང༌། གཞོན་ནུ་མ་གཉིས་ཀྱིས་བུམ་པ་བཞི་དང༌། རྒྱལ་རྣམ་རྒྱལ་གཉིས་ཏེ། དྲུག་གིས་ཆུ་དང་དར་ དཔྱངས་དང་ཕྱག་རྒྱ་བྱིན་ནས་ཁྲུས་བྱ། (ཞེས་བརྗོད།) དགེ་བསྙེན་ལ་བུ་མོ་གཅིག་དང༌། གཞོན་ ནུ་མ་གཅིག་གིས་བུམ་པ་གཅིག་དང༌། རྣམ་རྒྱལ་བུམ་པ་གཉིས་ཀྱིས་ཁྲུས་བྱ་ཞིང༌། མཐེའུའི་ རྡོ་རྗེ་སོར་གདུབ་སྦྱིན་ནོ། །(ཁྲུས་བྱ། ཆུ་དང༌། ཅོད་པན། དར་དཔྱངས། དབང་བདུན་གྱི་སྐབས་བཞིན་ནོ།།) དེ་ ནས་རྗེས་གནང་ལ་(ལུང་བསྟན། དབུགས་དབྱུང༌། མིག་ཐུར། མེ་ལོང༌། ཆོས་བཤད། ཕྲིན་ལས། སློབ་དཔོན། དམ་ཚིག་ སྟེ། བརྒྱད་ཀྱི་དང་པོ།) ལུང་བསྟན་སྔར་བཞིན་ནོ། །དབུགས་དབྱུང་ནི། སློབ་མའི་སྟེང་དུ་གདུགས་ བཟུང་ཐལ་མོ་སྦྱར་བསྐོར་བ་བྱས། ཤར་སྒོ་ནས་བླ་མ་དང་ལྷ་ལ་འབུལ་བར་བསམ་ཞིང༌། སྔགས་དང་རྒྱུད་རྣམས་འཛིན་འགྱུར་བས། །སློབ་མ་འདི་ནི་འབུལ་བ་ལགས། ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་རྣམས་ལ་སྙིང་བརྩེ་བས། །དཀྱིལ་འཁོར་ཆོ་ག་ བཞིན་དུ་བྲི། ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །སྔགས་ བཤད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕམ་བཏགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱེད་ལ་རྟག་ཏུ་བསྲུང་ བར་མཛད། །མིག་ཐུར། མེ་ལོང༌། ཆོས་བཤད་རྣམས་སྔར་བཞིན། འཕྲིན་ལས་ནི་སྣ་ཚོགས་ རྡོ་རྗེ་(ལག་ཏུ་)གཏད་ལ། ཞི་བའི་སེམས་ཀྱིས་ཞི་བ་སྟེ། །ནད་ལ་སོགས་པ་ཞི་བར་གྱིས། །རྒྱས་ པའི་སེམས་ཀྱིས་རྒྱས་པ་སྟེ། །ཚེ་དང་བསོད་ནམས་རྒྱས་པར་གྱིས། །དབང་གི་སེམས་ཀྱིས་ དབང་བསྡུས་ཏེ། །མོས་པ་རྣམ་བཞི་དབང་དུ་བསྡུས། །དྲག་པོའི་སེམས་ཀྱིས་དྲག་པོ་སྟེ། །མེ་ 3-1-215 ཡི་ཆར་སྤྲིན་དབབ་པར་གྱིས། །ཞེས་པས་སོ། །སློབ་དཔོན་གྱི་ལས་ནི། དབང་གི་དོན་དུ་ས་ ནི་ཡོངས་བརྟགས་ནགས་དང་གྲོང་ཁྱེར་གྲོང་བརྡལ་གྲོང་གི་ཕྱོགས་ཀྱི་ཆ་དག་དང༌། །ཐབ་ ཁུང་རྣམས་ཀྱི་མཚན་ཉིད་དང་ནི་བུམ་པ་དང་བཅས་རྡུལ་ཚོན་སྦྱིན་སྲེག་ཕུར་བུ་ལ་སོགས་ དང༌། །སློབ་མ་རྣམས་ནི་བསྡུ་བ་དག་དང་གང་ཡང་རྒྱལ་བའི་བདག་པོས་མཆོག་གི་དཀྱིལ་ འཁོར་བྲི་བ་དག །ཤེས་ནས་སློབ་དཔོན་གྱིས་ནི་དགེ་དང་མི་དགེའི་འབྲས་སླད་ཞི་བ་ལ་ སོགས་མཐའ་དག་རབ་ཏུ་བྱ། །(ཞེས་པའི་དོན་བཤད་དོ།།)ཞེས་དང༌། འཇིག་རྟེན་གསུམ་གཅིག་ གཞོན་ནུའི་སྐུ། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་མཛེས་པ། །(ཞེས་དང༌།) ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །འདྲེན་པ་ རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་ པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་ རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པས་རྙོག་པ་མེད། །(ཅེས་དང༌།) མགོ་བཟླུམ་ བརྟུལ་ཞུགས་ཆེན་པོ་འཆང༌། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏ་མ། །བྲམ་ཟེ་ཚངས་པ་ཚངས་པའི་རིགས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་པ་རྣམ་གྲོལ་སྐུ། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །(ཅེས་བརྗོད། སློབ་དཔོན་གྱི་དབང་ངོ༌།།) སྐུ་(ཚངས་པ་བྱེད་པའི་སླད་དུ་སྟེ།)གསུང་(དབང་ཕྱུག་ཆེན་པོ་བྱེད་པའི་སླད་དུ།) ཐུགས་(ཁྱབ་འཇུག་བྱེད་པའི་སླད་དུ།) རྡོ་རྗེ་བྱེད་པའི་དང་པོ་ནི། མཆོད་ཕྱིར་ཐོགས། ཨ་ཨཱཿ ཨཾ་ལས་ བྱུང་བའི་སྐུ་རྡོ་རྗེར་བསྐྱེད། དེ་ཞུ་བ་ལས་བྱུང་བའི་མཆོད་ཕྱིར་ཐོགས། ༀ་ཨ་ཨཱཿཨཾ་སརྦ་སྭ་ ར་ཨེ་ཀ་ཏྲི་སོགས་ཀྱིས་ཕྲག་པར་བཀོད་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །སོགས་ཀྱིས་ སྐུ་རྡོ་རྗེར་བྱིན་བརླབས་བྱའོ། ། གཉིས་པ་ནི། མེ་ཏོག་ཕོག་པའི་ལྷའི་ཕྱག་མཚན་རྡོ་རྗེ་སོགས་དེའི་ས་བོན་ནམ། ཨཱཿལས་ 3-1-216 གསུང་རྡོ་རྗེར་བསྐྱེད། དེ་ཞུ་བ་ལས་བྱུང་བའི་ཕྱག་མཚན་དེའི་སྙིང་པོས་བྱིན་ལ། དཔལ་ལྡན་ གསུང་གི་རྡོ་རྗེ་འཛིན། །སོགས་ཀྱིས་གསུང་རྡོ་རྗེར་བྱིན་བརླབས་བྱའོ། ། གསུམ་པ་ནི། དར་དཔྱངས་ཨཾ་དང༌། ཅོད་པན་(སྟོང་ཆེན་ཡིག་ལྔ་འདུས་པའི།)ཧཾ་ལས་ཐུགས་རྡོ་ རྗེར་བསྐྱེད། དེ་ཞུ་བ་ལས་བྱུང་བའི་དར་དཔྱངས་དང་ཅོད་པན། ༀ་ཨཾ་ཨར་དྷ་ནཱ་རཱི་ཤྭ་ར་ སོགས་དང༌། ༀ་ཧཾ་ཝཾ་པཉྩ་ཨ་ཀ་ར་སོགས་ཀྱིས་བྱིན་ནས། དཔལ་ལྡན་ཐུགས་ཀྱི་རྡོ་རྗེའཛིན། །སོགས་ཀྱིས་ཐུགས་རྡོ་རྗེ་བྱིན་བརླབས་བྱའོ། །མཇུག་ཏུ་སྐུ་གསུང་ཐུགས་རྡོ་རྗེའི་ང་རྒྱལ་ བཟུང་ལ། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །རྒྱལ་པོ་ཐུགས་ཀྱི་ རྡོ་རྗེ་འཛིན། །དེ་ཡང་ཁྱབ་འཇུག་རྫུ་འཕྲུལ་ཆེ། །རྡོ་རྗེ་སློབ་དཔོན་ཞེས་བརྗོད་དོ། །ཤིས་པ་ བརྗོད་ཅིང༌། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་གཏོར། རབ་གནས་བྱ། དམ་ཚིག་ནི། དེ་ལྟར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་རྣམས་ཀྱིས། གཡོག་ལ་སོགས་པ་དང༌། ཁྱིམ་ པའི་ཆོས་མི་བྱའོ། །གལ་ཏེ་རལ་གྲི་དང་སྣག་ཚ་དང་ཚོང་ལ་སོགས་པ་བྱེད་ན་དེའི་བཀའ་ བཅག་པར་འགྱུར་ཞིང༌། བཀའ་བཅག་པ་ལས་མནར་མེད་པར་འགྲོ་བར་འགྱུར་ཏེ། སློབ་ དཔོན་གྱི་ཆོས་རྣམ་པར་བཤིག་པའི་ཕྱིར་རོ། །ཕན་ཡོན་ནི། འདིར་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་ འཁོར་ལོའི་དབང་བསྐུར་བ་ནི་དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར་བ་སྟེ། མུ་སྟེགས་ པ་རྣམས་ཀྱི་ལྷ་དང་ལྷ་མོ་ཁྱབ་འཇུག་དང་དྲག་པོ་ལ་སོགས་པ་རྣམས་དང༌། ཙར་ཙི་ཀ་ལ་ སོགས་པ་རྣམ་པར་སྦྱངས་པ་རྣམས་ཀྱི་དཀྱིལ་འཁོར་ཡང་སྒྲུབ་པའོ། །དེ་ལྟར་དུས་ཀྱི་འཁོར་ ལོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ དུ་དབང་བསྐུར་བར་འགྱུར་ཞིང༌། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང༌། སྔགས་ཐམས་ཅད་ ཀྱི་རྗེས་སུ་གནང་བ་པོ་དང༌། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོ་སྟེ། དུས་ཀྱི་འཁོར་ལོའི་ རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་ 3-1-217 འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་ལྟ་ བར་བྱའོ། །མཎྜལ་དབུལ། དེ་ལྟར་བདག་ཉིད་འཇུག་ཅིང་དབང་ལེན་པ་ཡིན་ན། དངོས་གྲུབ་ ཞུ་ཞིང་བདེན་པའི་བྱིན་བརླབས་འདི། བདག་འཇུག་གི་ཐོག་མར་བྱ་ཞིང༌། སློབ་མ་དབང་ བསྐུར་ན་བདག་འཇུག་བླངས་རྗེས་བྱའོ། །རྡོ་རྗེ་དྲིལ་བུ་འཛིན་པས། ནམ་མཁའ་སྐྱེ་བ་མཚན་ མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་ རྗེ་དིང་བདག་བསྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབས་མཛོད། །ཉེས་པ་ མེད་པ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །བཅོམ་ལྡན་ཆགས་ཆེན་དགའ་ བ་ཆེ། །དེ་ཉིད་དུ་ནི་བདག་བསྒྲུབས་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་ གྲོལ་བའི་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་ བདག་བསྒྲུབས་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ ཡིས། །རྡོ་རྗེ་ཆེན་པོ་གསལ་བ་ལས། །རྡོ་རྗེ་སྙེམས་བདག་བདག་བསྒྲུབས་མཛོད། །སེམས་ ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་ རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་མཆོག །འདོད་པ་བདག་ལ་ ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་སྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །དེ་ཉིད་དེ་བཞིན་ ཉིད་ངེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་ རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག ། (གསུམ་པ་མཇུག་གི་ཆོ་ག་ནི་ཡོན་དང་མཎྜལ་ཕུལ་ལ།) དེ་ནས་གཏོར་མ་ཕུལ། དཔའ་བོའི་སྟོན་མོ་ 3-1-218 ལྷའི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད། ལྷག་གཏོར་དང་(རྡོ་རྗེའི་གླུ་བཀྲ་ཤིས་བསྔོ་བ་རྣམས་བྱ། དེ་ནས།) དཀྱིལ་འཁོར་ཆེན་པོ་ལ་མཆོད་བསྟོད་བསྔོ་བ་སྨོན་ལམ་རྒྱས་པར་བྱ། ཡིག་བརྒྱས་ ལྷག་ཆད་ཁ་བསྐང༌། མ་འབྱོར་བ་དང་ཉམས་པ་དང༌། །སོགས་ཀྱིས་ནོངས་པ་བཟོད་པར་ གསོལ། སྔར་གྱི་སྔགས་རྒྱས་ཕུར་པ་བཏོན། ༀ་རུ་རུ་པུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི། སརྦ་ ཨར་དྷ་སཏྟ་ནི་སྭཱཧཱ། ཞེས་པ་བརྒྱ་རྩ་བཟླས་པའི་འོ་མས་བཀྲུ། ཕུར་པའི་ཡེ་ཤེས་པ་བརྟན་ བཞུགས་སམ་གཤེགས་གསོལ་བྱ། ཕུར་ཤུལ་དགང༌། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་ མཛད། །ཅེས་སོགས་ཀྱིས་ཡེ་ཤེས་པ་རང་གི་སྙིང་ཁར་གཤེགས། འཇིག་རྟེན་པའི་འཁོར་ རྣམས་རང་རང་གི་གནས་སུ་བཏང༌། མཚན་མ་རྣམས་བསྡུ། ཨ་ཀཱ་རོའི་སྔགས་བཟླས་ ཤིང༌། ཤར་གྱི་ཚངས་ཐིག་ནས་དབུས་ཀྱི་རྡོ་རྗེའི་བར་བསུབས་ནས། རྡུལ་ཚོན་ཅུང་ཟད་རང་ གི་མགོ་བོར་བླང༌། དེ་ནས་ཅི་བདེར་དབྱི་ཞིང༌། རྡུལ་ཚོན་སློང་བ་ལ་ཅུང་ཟད་སྦྱིན། ལྷག་མ་ རྣམས་དང་བུམ་ཆུ་བཀུར་སྟི་ཆེན་པོས་རྒྱ་མཚོར་འབབ་པའི་ཆུ་ལ་གདན་དྲངས། དེར་ཀླུ་ཆེན་ བརྒྱད་བསྐྱེད་མཆོད་ནས། དེ་དག་གིས་སྤྱན་དྲངས་པར་བསམ། བུམ་པ་ཆུས་བཀང་སྟེ་ཁྱེར་ འོངས་ནས། དཀྱིལ་འཁོར་གྱི་གཞི་ལ་བསང་གཏོར་བྱ། ལས་ཀྱི་རྗེས་མི་མངོན་པ་དང༌། རྡོ་ རྗེ་དྲུག་གིས་བསྲུང་བ་དགོད། རྒྱས་པའི་སྦྱིན་སྲེག་བྱའོ། ། (གཉིས་པ།) ཀུན་སྤངས་ཀྱི་དབང་ནི་འབྱོར་བ་དང་མི་ལྡན་པའི་རྣལ་འབྱོར་པ་སྐལ་ལྡན་ལ་ ཚིག་གིས་སྦྱིན་པར་བྱ་ཞིང༌། (གསུམ་པ།) སྙིང་རྗེའི་དབང་གི་སྒྲུབ་ཐབས་སུ་རྒྱས་པར་གསུངས་ པ་ལྟར་བསྐུར་བར་བྱའོ། ། དཔལ་ལྡན་དུས་འཁོར་གོ་འཕང་མཆོག །མྱུར་དུ་ཐོབ་འདོད་བསྒྲུབ་པ་པོས། །རྫོགས་རིམ་ ཟབ་མོའི་ཉམས་ལེན་འཚལ། །དེ་ཡང་བསྐྱེད་རིམ་སྔོན་འགྲོ་ཅན། །དེ་ལའང་སྨིན་བྱེད་ དབང་སྔོན་འགྲོ། །དེ་ཕྱིར་རྒྱུད་འགྲེལ་དགོངས་དོན་བཞིན། །ཐུགས་ཆུད་ཡང་དག་དོན་ 3-1-219 གཟིགས་ཤིང༌། །མཆོག་མཉེས་བླ་མའི་མན་ངག་ལྟར། །བཅུ་གཅིག་དབང་གི་རོ་བཅུད་ལྡན། །དབང་ཆོག་བདུད་རྩིའི་རྒྱ་མཚོ་འདི། །བློ་ལྡན་དོན་གཉེར་སློབ་མའི་ངོར། །ཇོ་གདན་དུས་ ཀྱི་འཁོར་ལོ་པ། །བསོད་ནམས་བཟང་པོས་གསལ་བར་བཀོད། །འདི་ལ་འགལ་འཁྲུལ་མེད་ པར་བསམས། །གལ་ཏེ་ལྷག་ཆད་ནོར་སྲིད་ན། །ནོངས་པ་མཁྱེན་ལྡན་རྣམས་ལ་བཤགས། །དགེ་འདིས་ཁམས་གསུམ་འགྲོ་བ་རྣམས། །རྣམ་དག་དབང་གིས་རྒྱུད་སྨིན་ནས། །གྲོལ་བྱེད་ ལེགས་ལམ་འདིར་ཞུགས་ཏེ། །འབྲས་བུ་སྐུ་བཞི་མྱུར་ཐོབ་ཤོག །ཡི་གེ་པ་ནི་ཤཱཀྱ་སངས་ རྒྱས་སོ། །གཅིག་ཞུས་སོ།། ༀ་སྭསྟི་སིདྷཾ། དོན་དམ་སྲིད་གསུམ་སྐྱེ་འཇིག་མེད་པའི་དངོས། །བདེ་ཆེན་འགྱུར་མེད་ བདེ་བ་ཆེན་པོའི་དངོས། །ཨེ་ཝྃ་དབྱེར་མེད་ཟུང་དུ་འཇུག་པའི་དངོས། །དཔལ་ལྡན་དུས་ ཀྱི་འཁོར་ལོ་ལ་ཕྱག་འཚལ། །དག་པའི་མཁའ་ལ་མཁའ་འགྲོའི་དབང་པོ་ཡིས། །ཟླ་སྐར་ འོད་རྣམས་ཟིལ་མནན་ཁྱོད་ཀྱི་སྐུ། །ཡོན་ཏན་རྒྱས་པས་སྲིད་གསུམ་ལྷ་མེར་མཛད། །བསོད་ ནམས་བཟང་པོའི་ཞབས་རྡུལ་སྤྱི་བོས་མཆོད། །གང་དེས་ལེགས་པར་བཤད་པའི་སྒྲ་བརྒྱ་པ། །སྐལ་ལྡན་ལྷ་ཡི་ལམ་ལ་སྒྲོགས་པ་ན། །བློ་གསལ་ཆར་འདོད་དགའ་བའི་ཅ་ཅོ་སྒྲོག །དབང་ ཆོག་བདུད་རྩིའི་རྒྱ་མཚོའི་ཟེགས་མས་འཐོར། །གནས་སྐབས་བཞི་ཡི་དྲི་མ་མཐའ་དག་ བཀྲུས། །སྐུ་བཞིའི་ལོ་འབྲས་མཐའ་དག་གོང་དུ་སྤེལ། །དབང་བཞིས་སེམས་ལ་སྐུར་བའི་ ཆོས་ཀྱི་རྗེས། །དག་པ་བཞི་ཡི་འབྱོར་པ་རྒྱས་པར་མཛོད། །དེ་འདྲའི་དབང་མཆོག་མཛེས་ པའི་གཟུགས་འཆང་བ། །རྐང་འཐུང་གངས་རིའི་ངོས་སུ་བཀོད་པ་ན། །སྐྱེ་འགྲོའི་ཡིད་ལ་ཡ་ མཚན་རི་མོ་བྲིས། །མཚུངས་མེད་ཆོས་རྗེའི་དགོངས་པ་ཡོངས་སུ་རྫོགས། །དེ་ཡི་དགེ་བ་ནམ་ 3-1-220 མཁའི་ནོར་བུ་ཡིས། །དགེ་ལེགས་ལོ་ཐོག་མཐའ་དག་སྨིན་པ་དང་། །མཉམ་དུ་ཕན་དང་བདེ་ བའི་འབྲས་བུ་ཡིས། །མ་རྣམས་མཐའ་དག་སྡུག་བསྔལ་མེད་པ་དང་། །རྒྱལ་བ་རྣམས་ཀྱིས་ ཆོས་འཁོར་བསྐོར་བ་དང་། །མཚུངས་མེད་ཆོས་རྗེའི་ཕྲིན་ལས་རྒྱས་པའི་ཕྱིར། །རྒྱལ་བའི་ བསྟན་པ་གུས་པ་ལྷུར་ལེན་པ། །རྡོ་རྗེ་འཛིན་པ་རིན་ཆེན་བཟང་པོ་དང་། །བསོད་ནམས་ རྡོ་རྗེ་གཉིས་ཀྱིས་བརྩོན་པས་བསྐུལ། །སྙུག་ཐོགས་རྒྱལ་བོ་དགེ་བ་འོད་ཟེར་དང་། །བརྐོས་ མཁན་མཁས་པ་བཟོད་པ་འཕེལ་གཉིས་ཀྱིས། །རྣམ་དཔྱོད་སོར་མོའི་འདུ་བྱེད་རབ་སྐྱོང་ ནས། །བློ་གྲོས་མཛེས་པའི་གཟུགས་སུ་བཀོད་པ་ཡིན། །དེ་ཡི་དགེ་བ་བདུད་རྩིའི་འོད་ཅན་ གྱིས། །ལོག་ལྟ་པད་མོའི་ཚལ་རྣམས་ཟུམ་པ་དང་། །མཉམ་དུ་རྣམ་དཀར་དགེ་བའི་ཀུ་མུད་ ཚལ། །མཐའ་དག་འཛུམ་པས་འགྲོ་བ་ཀུན་མཁྱེན་ཤོག །ཤིང་བཟོ་མཁས་པ་ཡེ་ཤེས་རྡོ་རྗེ་ ཡིན། །མཾགལཾ། དགེ་ལེགས་འཕེལ་བར་གྱུར། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༤༧ དང་ཤིང་པར་ཕྱི་ཀ་༡༡ལགས།) དཔེ་རྙིང་ཕྱི་ཀ༤༧ ཁོ་ལ་མཆན་ཡོད། དེའི་ནང་ན་མཆན་རིགས་གཉིས་ཡོད། རེ་རེ་རྟགས་འདི་གཉིས་ནང་དུ་བཞག་ཡོད། ( ) () 3-1-221 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་གཤིན་པོ་རྗེས་སུ་ འཛིན་པའི་ཆོ་ག་ཐར་པ་བགྲོད་བྱེད་ཅེས་བྱ་བ་ བཞུགས་སོ། ། ༄༅། །ནམཿཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་ལྡན་བླ་མ་དང་དུས་ཀྱི་འཁོར་ལོ་དབྱེར་མེད་ པ་ལ་ཕྱག་འཚལ་ལོ། །སྐུ་ལ་འཁྲུལ་སྤྱོད་མི་མངའ་ཞིང༌། །གསུང་ལ་ཅ་ཅོའི་ཉེས་མི་མངའ། །ཐུགས་ལ་སྒྲིབ་གཉིས་དྲི་མས་དབེན། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ལོ། ། འདིར་དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་མདོར་ བསྡུས་བྲི་བར་བྱ་སྟེ། དེ་ཡང་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས། རྡུལ་ཚོན་དཀྱིལ་འཁོར་ བྲིས་བྱས་ལ། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གནས་སུ་སྐྱེས་ན་ ཡང༌། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །འོན་ཏེ་མིང་ངམ་གཟུགས་བརྙན་ལ། །དེ་ལྟར་རབ་ ཏུ་གནས་བྱ་སྟེ། །མཆོད་རྟེན་ནང་དུ་བཞུགས་བྱས་ན། །དེ་ཡི་བསོད་ནམས་བསམ་མི་ཁྱབ། །ཅེས་དང༌། སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །སྔགས་ཀྱི་མཚན་མ་བསྡུས་བྱས་ལ། །ཐལ་ བ་རུས་པ་དྲི་བཅས་རྣམས། །རྒྱ་མཚོར་འབབ་པའི་ཆུ་བོར་དོར། །ཡང་ན་རང་མིང་ལྡན་པ་ཡི། །སྔགས་བཟླས་ལྷ་ཡི་གཟུགས་ཉིད་དམ། །མཆོད་རྟེན་དབྱིབས་སུ་བྱས་ན་ནི། །དེ་ཉིད་སྡིག་ པ་རྣམས་ལས་གྲོལ། །ཞེས་གསུངས་པ་ལྟར། དབང་བསྐུར་ཏེ་དང༌། མཆོད་རྟེན་གྱི་ནང་དུ་ བཞག་སྟེ་དང༌། རོ་བསྲེགས་པའི་ཐལ་བ་དང༌། རུས་པ་སྔགས་ཀྱིས་བསྡུས་ནས་ཆུ་བོར་ བསྐུར་ཏེ་དང༌། རུས་པ་ལ་ལྷའི་སྐུའམ། སྐུ་གདུང་བཏབ་སྟེ་སྡིག་པ་སྦྱང་བ་དང་བཞི། དེའི་ 3-1-222 སྟེང་དུ། ཕྱིར་ལྡོག་གིས་དང༌། དྲིའི་གཙང་ཁང་དུ་བཞག་སྟེ་དང༌། མཆོད་རྟེན་བཏབ་སྟེ་དང༌། བཟླས་པ་བྱས་ཏེ་དང༌། སྦྱིན་བསྲེགས་བྱས་ཏེ་སྡིག་པ་སྦྱང་བ་རྣམས་བསྣན་ནས། སྡིག་པ་ སྦྱང་བ་སྒོ་དགུའོ། ། དེ་ལ་དམན་པ་དང་མཆོག་གི་དབང་དུ་བྱས་པ་གཉིས་ལས། དང་པོ་ལ། རོ་དངོས་སུ་ ཡོད་མེད་ཀྱི་ཆོ་ག་གཉིས་ཀྱི་དང་པོ་ལ། བསྙེན་པ་སྔོན་དུ་སོང་ནས་ས་ཆོག་དང༌། སྟ་གོན། གཞན་རྣམས་སློབ་མ་དབང་བསྐུར་བ་བཞིན་ལ། རོ་ལྷག་གནས་ནི། རོ་དེའི་མིང་ཡིག་དང་པོ་ ཐིག་ལེས་བརྒྱན་པའམ། ཎི་ལས་སྔར་གྱི་གསོན་དུས་ཇི་ལྟ་བ་བཞིན་བསྐྱེད་པ་ལ། རང་ལྷའི་ ང་རྒྱལ་དང་ལྡན་པས། ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ༀ་བཛྲ་སཏྭ་ཧཱུཾ་ཛཿཛཿ དཔལ་ལྡན་བླ་ མ་དམ་པ་རྣམས་ཀྱི༴ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ དཔལ་དུས་ཀྱི་འཁོར་ལོའི་ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི༴ གསང་སྔགས་དང༌། རིག་སྔགས་དང༌། གཟུངས་ སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱིས་ བརླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་ཚེ་འདས་པ་ཆེ་གེ་ཞེས་བྱ་བའི་རྣམ་ པར་ཤེས་པ་སྲིད་པ་བར་མ་དོའམ། ཁམས་གསུམ་འགྲོ་བ་རིགས་དྲུག སྐྱེ་གནས་བཞིས་ བསྡུས་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆ་གང་ན་གནས་ཀྱང༌། སྐད་ཅིག་ཐང་ཅིག་ ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག ཅེས་བརྗོད་དེ། ཛཿཧཱུཾ་བཾ་ཧོཿས་རྣམ་ཤེས་རྟེན་ལ་ དགུག་གཞུག བཅིང༌། མཉེས་པར་བྱའོ། །དེ་ནས་ལྟུང་བ་སློང་བའི་ཕྱག་རྒྱ་(རྡོ་རྗེ་ཁུ་ཚུར་གྱི་ནང་ དུ་མཛུབ་མོ་གཉིས་ལྕགས་སྒྲོག་ལྟར་བཅིངས་ནས་ལེགས་པར་གྱེན་དུ་འཕང་པ་)དང༌། ༀ་སརྦ་ཨ་པཱ་ཡ་ཨ་ཀརྵ་ ཎ་བི་ཤོ་དྷ་ན་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་པས་ངན་སོང་གསུམ་པོ་ཐམས་ཅད་དཀྱིལ་འཁོར་ གྱི་ཕྱི་རོལ་ཏུ་བཀུག་པར་བསམ། (དེ་ནས་རྡོ་རྗེའི་བསྡམས་པ་ལས། གུང་མོ་གཉིས་བསྒྲེངས་ཏེ་རྩེ་སྦྱར། མཐེ་བོང་ གཉིས་དང་མཐེའུ་ཆུང་གཉིས་རྩེ་མོ་གཅིག་ལ་གཅིག་ངོས་སྦྱར་ཏེ་ཕན་ཚུན་ཡང་ཡང་འདྲུད་པའི་སྡིག་པ་བྲལ་བའི་ཕྱག་རྒྱ་དང༌།) 3-1-223 ༀ་བཛྲ་པཱ་ཎི་བི་སྥོ་ཊ་ཡ་སརྦ་ཨ་པཱ་ཡ་བན་དྷ་ནི་པྲ་མོ་ཀྵ་ཡ། སརྦ་ཨ་པཱ་ཡ་ག་ཏི་བྷྱཿ སརྦ་སཏྭན་ སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ། ཅེས་བཟླས། དེ་ནས་སྟོང་པའི་ངང་ལས། ཕོ་ཡིན་ན་ལྀ་ལས་ རྣམ་སྣང༌། མོ་ཡིན་ན་ལཱྀ་ལས་སྤྱན་མར་བསྐྱེད། གནས་དྲུག་ཏུ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ རྣམས་ བཀོད་ནས། (སྙིང་ཁར་)ༀ་ཧྲླྀཾ་ན་མཿལ་སོགས་པས་(མགོ་བོར་ༀ་ཧྲུཾ་སྭཱཧཱ། གཙུག་གཏོར་དུ་ༀ་ཧྲྀཾ་བཽ་ཥཊ། གོ་ཆར་ ༀ་ཧྲྀཾ་ཧཱུཾ། མིག་ལ་ༀ་ཧྲཾ་ཝ་ཥཊ། མཚོན་ཆར་ༀ་ཧྲཿཕཊ།) གོ་བཀོན་ལ་བསྲུང་ངོ༌། ། དེ་ནས་བགེགས་སྦྱང་བ་བྱ་སྟེ། གྲུབ་ན་དྲག་པོའི་སྦྱིན་བསྲེག་བྱ། མ་གྲུབ་ན་བགེགས་ ལ་ཨ་ཀཱ་རོ་ལན་གསུམ་གྱིས་གཏོར་མ་བྱིན་ལ། གོང་བཞིན་བདེན་བདར་བྱས་པའི་རྗེས་ སུ། ཚེ་འདས་ཆེ་གེ་ལ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང༌། གཤིན་གྱི་དུས་སུ་སྡིག་ པ་སྦྱོང་བ་ལ་བར་དུ་གཅོད་པར་བྱེད་ལ། ཚེ་འདས་པའི་ཆ་བྱད་བཟུང་ནས། དེའི་ཉེ་འབྲེལ་ དང༌། འཇིག་རྟེན་པ་ལ་གནོད་པར་བྱེད་པ་དང༌། བར་དོ་དང་སྐྱེ་བ་ཕྱི་མ་ཕན་ཆད་དུ། ལུས་ སྲོག་དང༌། དགེ་བ་དང་བདེ་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཀྱི་རིགས་ཐམས་ཅད་ གཏོར་མ་འདིས་ཚིམ་པར་གྱིས་ལ་མ་གནོད་མ་འཚེ་བར་བསམ་པ་བྱང་ཆུབ་ཀྱི་སེམས་དང་ ལྡན་པར་གྱིས་ལ། རང་རང་གི་གནས་སུ་དེངས་ཤིག །ཅེས་བརྗོད་ནས། ཡི་གེ་དྲུག་པ(ༀ་ཨཱཿཧཱུཾ་ ཧོཿཧཾ་ཀྵཿ)འི་རྗེས་སུ། ཆེ་གེའི་བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ན་མཿ ཞེས་བརྗོད་ཅིང༌། བུམ་པ་ བརྒྱད་ཀྱིས་བཀྲུ། ཕྱིའི་བདུད་རྩི་ལྔ་(ཞོ། འོ་མ། མར། ཀ་ར། སྦྲང་རྩི།)དང༌། ཁམ་ཕོར་སོ་མ་བཏང་ པ་ཆུས་བཀང་བ་བདུན་གྱིས་དང༌། ཡང་བུམ་པ་བརྒྱད་ཀྱིས་དང༌། རྒྱལ་རྣམ་རྒྱལ་གྱིས་བཀྲུ། བ་ལྕིའི་ཆང་བུ་དུར་བའི་སྨྱུ་གུ་དང་བཅས་པ་དང༌། ཡུངས་ཀར་དང༌། ཟན་གྱི་ཆང་བུ་རྣམས་ ཀྱིས་བྱབས་ལ། ཁྲོ་བོ་སྤྱན་འདྲེན་བསྟོད་པ་དང་བཅས་པ་བྱ། མ་གྲུབ་ན། རང་རྡོ་རྗེ་ཤུགས་ སུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་ མཁར་སྤྱན་དྲངས་ནས། ཚེ་འདས་ཆེ་གེ་ལ་གསོན་གྱི་དུས་སུ། ཞེས་པ་ནས། རང་གི་གནས་ 3-1-224 སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་ཁྲོ་བོའི་རྡོ་རྗེ་མེ་རབ་ཏུ་འབར་བ་རྣམས་ཀྱིས་ བསྲེག་ཅིང་འཇོམས་པར་གདོན་མི་ཟའོ། །ཞེས་བརྗོད་ལ། རང་གི་ལུས་ཀྱི་རྡོ་རྗེ་རྣམས་ལས་ འཕྲོས་པའི་མེས་བགེགས་ཐམས་ཅད་བསྲེག་པར་བསམ་ཞིང༌། སྲེག་སྔགས་བཟླ། གུ་གུལ་ གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོ་དྲག་ཏུ་བྱའོ། །དེ་ནས་(རྫས་གཅིག་པས་)སྡིག་པ་སྦྱང་ བ་ནི། ཚེ་འདས་ཀྱི་རྐང་པ་གཉིས་སུ་རླུང་གི་དཀྱིལ་འཁོར། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་ འབར་བས། སྙིང་གར་སྡིག་པའི་ས་བོན་པཾ་ནག་པོ་ལ། ལུས་ངག་ཡིད་གསུམ་ཀྱི་སྡིག་སྒྲིབ་ ཐམས་ཅད་འདུས་པར་བསམས་ལ། ལྟེ་བའི་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་འོད་ཟེར་ གྱིས་སྙིང་ཁའི་པཾ་དེད་ནས་སྣ་སྒོ་ནས་འཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ནས། ཏིལ་ལ་ ཐིམ་པར་བསམས་ལ། མེ་བསངས་ཏེ་བསྐྱེད་པའི་ནང་དུ། ཧཱུཾ་ལས་ཟ་བྱེད་རྡོ་རྗེ་མཁའ་འགྲོ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། རྡོ་རྗེ་དྲིལ་བུ་བསྣམས་པ། ཞལ་གདངས་པ། མཆེ་བ་གཙིགས་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་པ། སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་ཞལ་དུ་ཕུལ་ བས། གསོལ་བར་བསམ་ཞིང༌། ༀ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ཀུ་རུ་ སྭཱཧཱ། ཞེས་བརྗོད་ཅིང་ཏིལ་བསྲེག ། (ཡང་བླངས་ཏེ།) ཕྱིར་ལྡོག་གིས་སྡིག་པ་སྦྱང་བ་ནི། དེ་ནས་དུས་འཁོར་གྱི་རྩ་སྔགས། སྙིང་ པོ། ཉེ་སྙིང༌། ཡིག་བརྒྱ། དུར་ག་ནི། ཀཱཾ་ཀ་ནི། རྣམ་རྒྱལ་གྱི་གཟུངས། དྲི་མེད་ཀྱི་གཟུངས་ རྣམས་དང༌། ༀ་པདྨཽ་ཥྞཱི་བི་མ་ལེ་ཧཱུཾ་ཕཊ། ཅེས་སོགས་བཟླས་ནས་བྱེ་མའམ་ཡུངས་ཀར་ལ་ བཏབ་སྟེ། རོ་(དང་མིང་བྱང་)ལ་སོགས་པ་ལ་བྲབ་ཅིང༌། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུཾ་ཕཊ། ༀ་ སརྦ་པཱ་པཾ་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ། ༀ་སརྦ་ཀརྨ་ཨ་ཝ་ར་ཎཱ་ནི་བྷསྨིཾ་ཀུ་རུ་ཧཱུཾ་ཕཊ། ༀ་བྷྲུཾ་བཱི་ན་ ཤ་ཡ་ཨ་ཝ་ར་ཎཱ་ནི་བཛྲ་ཧཱུཾ་ཕཊ། ༀ་དྲུཾ་བི་ཤོ་དྷ་ཡ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་ 3-1-225 དྷ་ཀ་ཧ་ན་ཧ་ན་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཧ་ར་ཧ་ར་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སརྦ་ཨ་ཝ་ར་ཎཱ་ནི་བིསྥོ་ཊ་ཡ་ཧཱུཾ་ཕཊ། ༀ་བྲྀ་ཏ་བྲྀ་ཏ་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ཚིནྡྷ་ ཚིནྡྷ་སརྦ་ཨ་ཝ་ར་ཎཱ་ནི་ཧཱུཾ་ཕཊ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་པ་ཙ་པ་ཙ་ སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ༀ་མ་ཐཱ་མ་ཐཱ་སརྦ་ཏིཪྻ་ཀ་ག་ཏི་ཧེ་ཏུཾ་ཧཱུཾ་ཕཊ། ཅེས་བཟླས་ ཤིང་བྲབ་བོ། ། དེ་ནས་ཁྲུས་ཀྱིས་སྡིག་པ་སྦྱང་བ་ནི། དཀྱིལ་འཁོར་རམ་རས་བྲིས་སོགས་ལ་མེ་ལོང་ བསྟན་པ་ལ་ཁྲུས་གསོལ་བའི་ཆུ་བུམ་པར་བླུག མེ་ལོང་ལ་གཟུགས་བརྙན་ཤར་བ་ལ། འདི་ ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །སྦྱིན་པ་དྲི་ཡིས་ལེགས་ བགོས་ཆུ། ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །(ཞེས་པའི་ཚིགས་བཅད་འདི་འོག་མ་ཀུན་ལའང་རིགས་ འགྲེའོ།།) ཡིག་བརྒྱའམ། དུར་ག་ནི་བཟླས་ནས། ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ ན་མཿ འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་སོང་ཞིང༌། ཚེ་འདས་པ་ཆེ་གེ་མོ་ཞེས་བྱ་ བའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང༌། སྒྲིབ་པ་ཐམས་ཅད་དང༌། ཁྱད་པར་དུ་ཉོན་མོངས་པ་སེར་སྣའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་ཏེ། མྱུར་དུ་མངོན་པར་རྫོགས་པར་འཚང་བརྒྱ་བར་གྱུར་ཅིག (ཅེས་ པ་འདི་འོག་མ་ཀུན་ལའང་རིགས་པས་བསྒྲེའོ།།) དེ་བཞིན་དུ། སྦྱིན་པའི་གནས་སུ་ཚུལ་ཁྲིམས། བཟོད་ པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་བཅུག །སེར་སྣའི་གནས་སུ་ཁྲིམས་ འཆལ། ཁོང་ཁྲོ། ལེ་ལོ། རྣམ་གཡེང༌། ཤེས་འཆལ་རྣམས་བཅུག་སྟེ་བརྗོད་དོ། །མཐར། ཆུ་ བོ་དྲུག་གིས་ཁྲུས་བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ ཞིང༌། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་ 3-1-226 དྲུག་སྦྱོང་མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པ། ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་དང་ལྡན་པ། །སངས་རྒྱས་ཐམས་ཅད་ མཆོད་དོན་དུ། །དད་པས་བདག་གིས་ཁྲུས་བགྱིའོ། །འདོད་ཆགས་ཞེ་སྡང་གཏི་མུག་ གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །དེ་བཞིན་དུ། ཆོས་དང༌། དགེ་འདུན་ལ་ཡང་རིགས་ བསྒྲེའོ། །དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་ཀྱིས་འཇིག་རྟེན་འདི་ནས་ཕ་རོལ་ ཏུ་ཚེ་འདས་པ་ཆེ་གེ་མོའི་ལས་དང༌། ཉོན་མོངས་པའི་དུག་ཐམས་ཅད་ཞི་བར་གྱུར་ཅིག ས་ ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གིས། །དུག་གསུམ་ས་ཡི་ནང་དུ་སོང༌། །དེ་བཞིན་དུ། ཆུ། མེ། རླུང་རྣམས་ལའང་རེ་རེ་བཞིན་སྦྱར་ ཏེ་ཚང་བར་བརྗོད་ནས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་ཚེ་འདས་པ་ཆེ་གེ་མོས་ གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དུག་ལྔ་དུག་གསུམ་ལ་སོགས་ པའི་སྡིག་སྒྲིབ་ཐམས་ཅད། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་བརླབས་ཀྱིས་འབྱུང་བ་ ལྔའི་ནང་དུ་ཞི་བར་གྱུར་ཅིག འབྱུང་བ་ལྔའི་བག་ལ་ཞ་བར་གྱུར་ཅིག དེ་ནས་གསོན་གཤིན་ ཐམས་ཅད་བཀྲ་ཤིས་པའི་ཕྱིར། གང་ལ་སེར་སྣ་རྣམས་ཆགས་པ། །སོགས་ཀྱིས་བཀྲ་ཤིས་རྒྱས་ པར་བརྗོད་དོ། ། དེ་ནས་སྐྱབས་སུ་འགྲོ་བས་སྡིག་པ་སྦྱང་བ་ནི། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་ བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་ སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་ སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་བདག་ནི་སྐྱབས་སུ་མཆི། །བདག་ནི་འཇིགས་པས་ རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ 3-1-227 ཀྱི། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བའི། །སྤྱན་རས་ གཟིགས་མགོན་དེ་ལ་ཡང༌། །ཉམས་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་ མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་ རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པ། །རྡོ་རྗེ་ ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ ནས། ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །རྩ་བ་དང་ བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཁྱད་ པར་དུ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་དང༌། སྐྱབས་ དཀོན་མཆོག་རིན་པོ་ཆེ་གསུམ། སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། བྱང་སེམས་ཉེ་ བའི་སྲས་བརྒྱད་དང་བཅས་པ་ཕྱག་འོས་ཀུན་ལ་ཚེ་འདས་ཆེ་གེ་ལ་སོགས་པའི་སེམས་ཅན་ ཐམས་ཅད་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་སྦྱང་དུ་གསོལ། དབང་བསྐུར་དུ་ གསོལ། ལམ་བསྟན་དུ་གསོལ། མྱུར་དུ་སངས་རྒྱ་བར་མཛད་དུ་གསོལ། (བར་དོའི་ཆོས་བཤད་བྱེད་ན།) དེ་ནས་ཆེ་གེ་མོ་ཞེས་བྱ་བ་ཁྱོད། ད་ལྟ་ཕལ་ཆེར་བར་དོ་ན་ཡོད་ པས། བར་དོ་ལ་བར་དོར་ངོ་ཤེས་པར་བྱེད་དགོས། བར་དོ་ན་ཡོད་པའི་རྒྱུ་མཚན་ཡང༌། དེ་ ནི་འཕེན་པ་གཅིག་པའི་ཕྱིར། །འབྱུང་འགྱུར་སྔོན་དུས་སྲིད་དབྱིབས་ཅན། །རིགས་མཐུན་ ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་ མེད་རྒྱུ། །མི་བཟློག་དེ་ནི་དྲི་ཟའོ། །ཞེས་གསུངས་པའི་དོན་ཁྱེད་ལ་ཚང་ནས་བདོག་སྟེ། གང་ དུ་སྐྱེ་བར་འགྱུར་བ་དེའི་བྱད་གཟུགས་ཡོད་ཅིང། བར་དོ་རིགས་མཐུན་དང་ལྷ་མིག་དག་པ་ དང་ལྡན་པས་མཐོང་གིས་སྔར་གྱི་རང་དང་སྐལ་བ་མཉམ་པའི་ཉེ་དུ་ལ་སོགས་ཕར་མཐོང་ 3-1-228 ཡང༌། ཚུར་མི་མཐོང་པ་དང༌། སྔར་རྫུ་འཕྲུལ་དང་མི་ལྡན་པ་ལ། ད་ལྟ་ལས་ཀྱིས་ཐོབ་པའི་ རྫུ་འཕྲུལ་དང་མངོན་ཤེས་དང་ལྡན་པ་དང༌། ཡོན་ཏན་དང་བྱིན་བརླབས་དང་ལས་ཀྱིས་ཆེ་ བའི་རྡོ་རྗེ་གདན་དང༌། དེ་བཞིན་གཤེགས་པའི་སྐུ་དང༌། སྐྱེ་གནས་མ་གཏོགས་པའི་ས་རྡོ་རི་ བྲག་ལ་སོགས་པ་ཐོགས་བཅས་ཀྱི་དངོས་པོ་ཐམས་ཅད་ལ་ཐོགས་མེད་དུ་འཇུག་པ་དང༌། བྱེ་ བྲག་ཏུ་སྨྲ་བ་ལྟར་ན། གང་དུ་སྐྱེ་བར་འགྱུར་བའི་བར་དོ་གྲུབ་ན། དེ་ལས་མི་ལྡོག་པར་འདོད་ ཀྱང༌། མདོ་སྡེ་བ་ཡན་ཆད་ལྟར་ན། ཅི་སྟེ་ན་བཟློག་གོ །ཞེས་འདོད་པས། འགྲོ་བ་གཞན་གྱི་ བར་དོ་བཟློག་སྲིད་པས། བར་དོའི་སྐབས་སུ་དགེ་བ་སྟོབས་ཆེ་བ་ལགས། ཡིད་ལས་བྱུང་ དང་སྲིད་ཚོལ་དང༌། །དྲི་ཟ་སྲིད་པ་བར་མ་དང༌། །འགྲུབ་བའོ། །ཞེས་པ་ལྟར། ཡིད་ཙམ་ལས་ འབྱུང་ཞིང་སྐྱེ་སྲིད་ཚོལ་བ་དང༌། ཟས་སུ་དྲི་ཟ་བ་དང༌། འཆི་སྲིད་དང་སྐྱེ་སྲིད་ཀྱི་བར་གྱི་སྲིད་ པ་ཡིན་པས་བར་དོ་ན་ཡོད་པ་ལགས། གཞན་ཡང་ལུས་ལ་གྲིབ་མ་མེད་པ་དང༌། ཡུད་ཙམ་ གྱིས་མང་དུ་འཁོར་བ་དང༌། ཉི་ཟླ་གཟའ་སྐར་གྱི་སྣང་བ་མེད་ཅིང༌། ལྷན་ཅིག་སྐྱེས་པའི་ལྷས་ དགེ་སྡིག་རྩི་བ་དང༌། ཟས་མཐོང་ཡང་མ་བསྔོས་པར་བཟའ་བར་མི་དབང་པ་ལ་སོགས་པ་ བར་དོའི་རྟགས་རྣམས་ཚང་བར་ཡོད་པས། བར་དོ་ལ་བར་དོར་ངོ་ཤེས་པར་གྱིས་ལ་དྲན་ པས་ཟིན་པ་མཛོད་ཅིག གཞན་ཡང་གནས་དང༌། རྟེན་ས་དང༌། སྤྱོད་ལམ་དང༌། ཁ་ཟས་ དང༌། གྲོགས་དང༌། ཡིད་ལུས་མ་ངེས་པ་ལ་སོགས་པ་མ་ངེས་པའི་རྟགས་དྲུག་འཆར་བས་ ཡིད་དུ་འོང་བ་ལ་ཆགས་པ་དང༌། མི་འོང་པ་ལ་སྡང་པ་མ་བྱུང་པ་མཛད་འཚལ། གཞན་ཡང་ རླུང་བཞིའི་རང་གཟུགས་འཇིག་པའི་སྒྲ་བཞི་འབྱུང་སྟེ། རི་ཉིལ་བའི་སྒྲ་དང༌། ནགས་ཚལ་ ཚིག་པའི་སྒྲ་དང༌། རྒྱ་མཚོ་འཆོལ་བའི་སྒྲ་དང༌། དུས་ཀྱི་རླུང་ཆེན་པོའི་སྒྲ་ལྟ་བུ་འབྱུང་བ་དང༌། གཞན་ཡང་འཇིགས་པའི་སྣང་བ་ཡ་ང་བའི་གནས། དཀར་བ་དང༌། དམར་བ་དང༌། གནག་ པའི་གཡང་ཆེན་པོ་ལ་ལྷུང་ལ་ཁད་པའི་འཇིགས་སྐྲག་བྱུང་ཡང༌། བར་དོ་ན་ཤ་ཁྲག་གི་ལུས་ 3-1-229 ནི་མེད། ཅིར་སྣང་སེམས་ལས་ལོགས་ན་གྲུབ་པ་མེད་ཅིང༌། འཇིགས་སྣང་ཐམས་ཅད་རྨི་ ལམ་དང་འདྲ་བ་འཁྲུལ་བའི་སྣང་བ་ཡིན་པས། ངོ་ཤེས་པར་མཛོད་ལ། ཁ་ཕྱིར་བལྟས་ཀྱི་ རྟོག་པའི་རྗེས་སུ་མ་ཤོར་བར་ཡི་དམ་གྱི་ལྷ་དང་བླ་མའི་གདམས་ངག་དྲན་པར་མཛོད་ཅིག །བར་དོ་བཟང་ངན་ཡང༌། ཕྱ་ར་ནག་པོའམ། མུན་ནག་གི་སྣང་བ་ཤར་ན་མི་དགེ་བའི་བར་ དོ། སྣམ་བུ་དཀར་པོའམ། ཟླ་བའི་འོད་དང་བཅས་པ་ལྟ་བུའི་སྣང་བ་ཤར་ན་དགེ་བའི་བར་ དོ་གསུངས་ཤིང༌། ཚེ་ཚད་ནི། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་ གནས། །ཞེས་གསུངས་པ་ལྟར་ལགས། དེ་ན་གནས་པ་ན་ཡང་ལས་སོག་གོ །ཞེས་གསུངས་ པས། བར་དོ་ན་དགེ་སྡིག་གི་ལས་སོག་པ་ཡང་ཡོད་ལ། ལས་ཀྱི་དབང་གིས་འཁོར་བ་ངན་ སོང་གང་དུ་སྐྱེས་ཀྱང༌། མི་གཙང་པ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་ གསུངས་པ་ལྟར། བདེ་བའི་གོ་སྐབས་གཅིག་ཀྱང་མེད་པས་སྡུག་བསྔལ་ཅན་གྱི་འཁོར་བ་འདི་ ལས་ཐར་པའི་རྣམ་གྲོལ་གཏན་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་དུས་ད་ལན་རང་ཐོབ་པར་ བགྱིད་འཚལ་ཞིང༌། བར་དོའི་ཤེས་པ་སྨིན་སླ་བས། མ་ཡེངས་བར་མཛོད་ལ། བླ་མ་དང་ དཀོན་མཆོག་གསུམ་ལ་བློ་གཏད་ནས། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་སློབ་མ་ སྟ་གོན་གྱི་ཆོ་ག་རྣམས་ཞུ་སྙམ་པ་གྱིས་ལ། མཎྜལ་འབུལ་བའི་རྗེས་ཟློས་མཛོད། བྱས་ལ། (མཎྜལ་འབུལ་དུ་བཅུག་ལ།) སློབ་མ་སྟ་གོན་གྱི་ཆོ་ག་རྣམས་གསོན་པོ་ལ་བྱ་བ་དང་འདྲ་ལ། ཆོ་ག་ ལྷག་མ་རྣམས་ཀྱང་དེ་དང་འདྲ་ཞིང་སྟ་གོན་ནོ། ། དེ་ནས་གཉིས་པ་དངོས་གཞི་ལ། ཐིག་གདབ། ཚོན་དགྱེ། དཀྱིལ་འཁོར་སྒྲུབ་མཆོད་ ནས། བདག་འཇུག་གི་བར་བྱས་ལ། སློབ་མ་འཇུག་པའི་སྔོན་དུ་རོ་ལ་རྟེན་བསྐྱེད། རྣམ་ཤེས་ དགུག བགེགས་དང་སྡིག་པ་སྦྱངས་ཏེ། སྐྱབས་འགྲོའི་བར་སྔོན་དུ་བཏང་ནས། གསོལ་བ་ གདབ་པ་ནས་བརྩམས་ཏེ། བྱིས་པ་འཇུག་པའི་དབང་བདུན། རྗེས་ཆོག་དང་བཅས་པ་གསོན་ 3-1-230 པོ་ལ་བསྐུར་བ་ལྟར་བསྐུར་རོ། །སྔར་(དབང་)མ་ཐོབ་པ་ལ་དབང་བདུན་ལན་འགའ་བསྐུར་ ནས། (ཕྱིས་)བཞི་པོ་ཡང་བསྐུར་ཞིང༌། སྔར་དབང་བཞི་ཐོབ་པ་ཡིན་ན། དབང་རྫོགས་པར་ ཡང་བསྐུར་གསུང་ངོ༌། །དེ་ནས་དབང་གི་མཇུག་ཆོག་ཟིན་ནས། ཚོགས་འཁོར་བྱ་ཞིང༌། ཚེ་ འདས་ཀྱང་ལྷར་བསྐྱེད་ཡོད་པས་ཚོགས་འཁོར་དྲང༌། ནུབ་ཐ་མ་ལ་ཟས་གཏད་བྱེད་ན། ཚེ་ འདས་ལྷར་བསྐྱེད་ལ། བཟའ་བཏུང་བདུད་རྩིར་བྱིན་གྱིས་བརླབས་པ། འདོད་ཡོན་འབུལ་ བའི་ཚིག་གིས་ཕུལ་ལ། མཆོད་བསྟོད་བྱས་ནས། ལམ་སྦྱང་པ་ནི། ཚོགས་ལམ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུའོ། །གསུམ་པ་ གློག་ཏུ་ཁྱོད་ཀྱིས་མཐོང༌། །བཞི་པ་མར་མེ་ལྟ་བུ་སྟེ། །ལྔ་བ་ཐམས་ཅད་སྟོང་པ་ནི། །སངས་ རྒྱས་ས་ནི་འདི་ཉིད་དེ། །སྲིད་པ་བར་དོ་འདི་ཉིད་དུ། ཁྱོད་ཀྱིས་ལམ་ལྔ་མཐར་ཕྱིན་ཤོག །ༀ་ པདྨེ་པདྨེ་པདྨ་སམྦྷ་ཝེ་མ་ཧཱ་སུ་ཁཱ་ཝ་ཏཱི་གཙྪན་ཏུ་སྭཱཧཱ། ཞེས་བརྗོད་དོ། །དེ་ནས་ལམ་བསྟན་ ཏེ། ཁྱོད་ཀྱིས་ལམ་ལྔ་མཐར་ཕྱིན་པས། །ཕུང་པོ་ལྔ་ཉིད་སངས་རྒྱས་ལྔ། །ཉོན་མོངས་ལྔ་ནི་ མཁའ་འགྲོ་ལྔ། །རྣམ་ཤེས་བརྒྱད་ནི་ཡེ་ཤེས་བརྒྱད། །འབྱུང་བ་བཞི་ནི་ལྷ་མོ་བཞི། །སྲིད་ པའི་འཁོར་ལོ་རྒྱུན་བཅད་ནས། །ཆོས་ཀྱི་འཁོར་ལོ་ཡོངས་བསྐོར་ཏེ། །འཁོར་བ་བྱ་བའི་མིང་ ཡང་མེད། །ༀ་རཏྣེ་རཏྣེ་མ་ཧཱ་རཏྣེ། རཏྣ་སཾ་བྷ་ཝེ། རཏྣ་ཀི་རཏྣེ་མ་ལཱ་བི་ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་ པཾ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་མེ་ཏོག་གཏོར། ཚེ་འདས་ཀྱི་རྣམ་ཤེས་དང༌། ལྷ་ཡེ་ཤེས་པ་དབྱེར་ མེད་དུ་འདྲེས་ནས་སྤྱི་གཙུག་ནས་འཐོན་ཏེ། བདེ་བ་ཅན་དུ་པདྨོ་ལ་རྫུས་ཏེ་སྐྱེས། སངས་རྒྱས་ འོད་དཔག་མེད་ཀྱི་ཞལ་མཐོང༌། ཆོས་ཐོས། དེར་གནས་པའི་བྱང་ཆུབ་སེམས་དཔའ་རྙིང་པ་ རྣམས་ཀྱིས་མཆོད། དེར་སྐྱེ་བའི་རྒྱུ་བརྟགས་པས། བདག་གིས་ཆོ་ག་བྱས་པའི་མཐུར་ཤེས་ ནས། སྐད་ཅིག་དེ་ཉིད་ལ་འདིར་འོངས་ཏེ། བདག་དང་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད་ བྱས་ནས། ཨེ་མ་སངས་རྒྱས་ཨེ་སངས་རྒྱས། །ཨེ་མ་སངས་རྒྱས་མཛད་པ་ལེགས། ། 3-1-231 གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །སླར་དེ་ལ་སྐྱེ་ལན་ གྱི་ཚུལ་དུ་མཆོད་ནས། ༀ་སརྦ་བུདྡྷ་ཀྵེ་ཏྲ་གཙྪན་ཏུ་སྭཱཧཱ། ཞེས་བརྗོད་ཅིང༌། མེ་ཏོག་གཏོར་ བས་སླར་བདེ་བ་ཅན་དུ་སོང་བར་བསམ་མོ། ། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད། ནོངས་པ་བཟོད་པར་གསོལ། འདོད་དོན་ ལ་གསོལ་བ་གདབ། དགེ་རྩ་ཚེ་འདས་ཀྱི་དོན་དུ་བསྔོ་ཞིང༌། ཤིས་པ་བརྗོད་པར་བྱ་སྟེ། རྒྱས་ པར་བྱ་བའོ། །དེ་ཙམ་མི་ནུས་ན། སྟ་གོན་གྱི་སྐབས་སུ་རྟེན་བསྐྱེད། རྣམ་ཤེས་བཀུག རྟེན་ སྦྱང་བ་ཙམ་བྱས་ལ། སྟ་གོན་ལ་འཇུག དངོས་གཞི་རྫོགས་པར་བྱ་སྟེ་འབྲིང་དུ་བྱ་བའོ། ། དེ་ཡང་མ་གྲུབ་ན་རོ་ཡི་སྟ་གོན་བཞག་ནས། དངོས་གཞིའི་སྐབས་སུ་རྟེན་བསྐྱེད། རྣམ་ ཤེས་དགུག བསྲེག་པའི་སྔགས་ཀྱིས་བགེགས་སྦྱང༌། བྲབ་པ་དང༌། བཀྲུ་བ་གཉིས་ཀ་སྔགས་ ཙམ་གྱིས་བྱས་ལ། དབང་རྒྱས་བསྡུས་ཅི་རིགས་པ་བསྐུར། མཇུག་ཏུ་ལམ་སྦྱང་བསྟན་སྔགས་ ཙམ་གྱིས་བྱ། གཞན་སྔར་དང་འདྲ་སྟེ། བསྡུས་ཏེ་བྱ་བའོ། །དབང་བསྐུར་ཏེ་སྡིག་པ་སྦྱང་བའོ། ། དེ་ནས་རོ་བསྲེགས་ཏེ་སྡིག་པ་སྦྱང་བ་ནི། དབང་བསྐུར་བའི་འཕྲོ་ཉིད་ནས་རོ་བསྲེག་ པ་ཡིན་ན། ལམ་སྦྱང་བསྟན་ཟིན་ནས་གདགས་ཡིག་རྣམས་བཏགས་ཏེ་རོལ་མོ་དང་བཅས་ པས་བགེགས་བསྐྲད་བཞིན་པས། ཐབ་ཏུ་བཞག་ནས་ཆོ་གའི་རིམ་པ་རྣམས་གཞན་དང་ མཚུངས་སོ། །དུས་གཞན་གྱི་ཚེ་ཡིན་ན། རོ་ལ་རྣམ་ཤེས་དགུག་པ་ནས་སྦྱང་ཁྲུས་ཡན་བྱས། གྲུབ་ན་དབང་བསྐུར། མ་གྲུབ་ན་རིགས་དྲུག་གི་སྡོམ་པ་དང། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བྱིན། སྐྱེ་མཆེད་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ལམ་སྦྱང་བསྟན་བྱས་ནས། གཙོ་བོའི་ སྔགས་དང་ཀུན་རིག་གི་སྔགས་བཟླས་པའི་དྲིའི་ཆུས་བྱུག མེ་ཏོག་སོགས་ཀྱིས་མཆོད། དྲི་ བཟང་གིས་བདུག ཡི་གེ་འདོགས་ན་སྙིང་གར་གཙོ་བོ་ཡབ་ཡུམ་དང༌། ནུས་མའི་སྔགས། 3-1-232 འཁོར་ལོ་དྲུག་གི་ལྟེ་བར། གཤེགས་པ་གཤེགས་མའི་སྔགས། དབང་པོ་དྲུག་ལ་སེམས་ དཔའ་སེམས་མའི་སྔགས། ལས་དབང་དྲུག་ལ་ཁྲོ་བོ་ཁྲོ་མོའི་སྔགས། ལྟེ་བར་གསུང་གི་རྣལ་ འབྱོར་མའི་སྔགས། ཚིགས་ཆེན་བཅུ་གཉིས་ལ་སྐུའི་ལྷ་སུམ་བརྒྱ་དྲུག་ཅུའི་སྔགས། རྐང་ སོར་རྣམས་ལ་ཀླུ་དང༌། ལག་སོར་རྣམས་ལ་རབ་གཏུམ་མའི་སྔགས། གཙུག་ཏོར་དུ་མཚན་མ་ བཞིའི་སྔགས་རྣམས་གནས་མ་འཆོལ་བར་དགོད། ཡིག་བརྒྱས་ལྷག་ཆད་ཁ་བསྐང༌། དགེ་བ་ བྱང་ཆུབ་ཏུ་བསྔོ། རོ་ཐག་རིང་དུ་འཁྱེར་ན། འཁྱེར་མི་རྣམས་ལ་བསྲུང་སྐུད་གདགས། རང་ གཙོ་བོའི་ང་རྒྱལ་གྱིས་སྔགས་བཟླ་ཞིང་འགྲོ། རོ་དང་རོལ་ཆ་སོགས་འཁྱེར་མི་རྣམས་ཕྱོགས་ སྐྱོང་དུ་མོས་ཏེ། རོལ་མོ་དང་བཅས་པས་རོ་འཁྱེར་བར་གསུངས་སོ། ། དེ་ནས་བསྲེག་པའི་གནས་སུ་ས་ཆོག་རྒྱས་བསྡུས་གང་གྲུབ་བྱ། ལས་སོ་སོ་བའི་ཞི་ཐབ་ དཀྱིལ་འཁོར་དང་མ་འབྲེལ་ན། གྲོང་ལ་སོགས་པའི་དབང་ལྡན་དང༌། འབྲེལ་ནའང་དཀྱིལ་ འཁོར་གྱི་དབང་ལྡན་དུ་སྦྱིན་བསྲེག་གི་ཆོ་ག་བཞིན་ཐབ་བྲི། དེའི་ཕྱི་རོལ་ཏུ་ཁ་ཁྱེར། དེའི་ཕྱི་ རོལ་ཏུ་ཁ་ཁྱེར་གྱི་མཚམས་ནས། ཁྲུ་དོའི་མཐར་ར་བ་གྲུ་བཞི་པ། ནང་ནས་རེ་ཁཱ་ནག དམར། དཀར། འཁོར་ལོའི་བརྒྱད་ཆའི་སྒོ་གཅིག་དང༌། རྟ་བབས་དང་བཅས་པ་བྱང་དུ་བྲི། ཐབ་ ཀྱི་དབུས་སུ་པདྨ་འདབ་བརྒྱད་དཀར་པོའི་ལྟེ་བ་ལ་པད་དཀར། འདབ་མ་ལ་ཤར་དང་ཤར་ ལྷོར་རལ་གྲི་ནག་པོ། ལྷོ་དང་ལྷོ་ནུབ་ཏུ་རིན་པོ་ཆེ་དམར་པོ། བྱང་དུ་རྡོ་རྗེ་སྔོན་པོ། དབང་ ལྡན་དུ་པདྨ་དཀར་པོ། ནུབ་དང་རླུང་དུ་འཁོར་ལོ་སེར་པོ། ཁ་ཁྱེར་གྱི་དབུས་ཀྱི་ཆ་ལ་པདྨ་ རྣམས་བྲིའོ། །མེ་ལྷ་སྒོ་ལ་རྒྱབ་བསྟན་པ་ལ་ལྟོས་ཏེ། སྒོའི་ཕྱོགས་སེར་པོ་ནུབ། ཤར་ནག ལྷོ་ དམར། བྱང་དཀར་པོ། ཤར་ནག་པོའི་དབུས་སུ་སློབ་དཔོན་གྱི་གདན། དེའི་གཡས་སུ་སྲེག་ རྫས་ཀྱི་གདན། གཡོན་དུ་མཆོད་ཡོན་གྱི་གདན། ཐབས་ཀྱི་དབྱིབས་དང༌། ཚད་དང༌། ཁ་ དོག་ཅན་གྱི་དབུས་སུ་པད་དཀར་གྱི་ལྟེ་བར་སྣ་ཚོགས་རྡོ་རྗེ་བྲི། ཐབ་བྲིས་པའི་ཁ་ཁྱེར་མུ་རན་ 3-1-233 གྱི་སྟེང་དུ་ཐབ་བརྩིགས་ལ། ཁྲི་འདེགས་སུ་བྱེད་ན་ཀ་བ་བཞིས་བཏེགས་པའི་ཤིང་ཁྲིའི་སྟེང་ དུ། བསེག་མ་ཤས་ཆེ་བའི་ས་བུལ་ཆུས་སྦགས་པ་སོར་དྲུག་གི་ཚད་དུ་བྱ། དེའི་སྟེང་དུ་རས་ བུལ་ཆུས་སྦངས་པ་དགབ། ཡང་དེའི་སྟེང་དུ་ས་དེ་ལྟ་བུས་དགབ། ས་སྟེགས་སུ་བྱེད་ནའང༌། གོང་བཞིན་བསེག་མ་བཀྲམ་ནས་ནང་གི་ཞེང་དང་དཔངས་ཁྲུ་གང་པ་བད་ཆུང་དང་བཅས་ པ་རྩིག དེའི་ནང་དུ་ཤུག་པ་འཁྲེགས་པ་ཀ་བ་ལྟ་བུ། རྒྱབ་ཏུ་ཁྲུ་རེ་བ་གཉིས། མདུན་དུ་སོར་ ཉི་ཤུ་པ་གཉིས། དབུས་སུ་སོར་བཅུ་དྲུག་པ་གཅིག་རྣམས་ལྔ་ཚོམས་སུ་བླང་ལ་དྲི་བཟང་དང་ སྣུམ་གྱིས་བྱུག བར་ཐམས་ཅད་ཤིང་ཤག་གིས་དམ་པར་དགང༌། མེ་འོག་འཛུད་ལ་དཔལ་ འབར་བུངས་ཆེ་བ་དབུས་སུ་མགོ་ཐུར་དུ་བསྟན་ལ་གཞུག དེའི་སྟེང་གཡས་གཡོན་དུ་ཤུག་ པ་ཁྲུ་གང་པ་ལག་ངར་ཙམ་རེ་མདུན་རྒྱབ་ཏུ་འཕྲེད་ལ་བཞག་པའི་བར་བར་དུ་ཤུག་ཤག་ གིས་དགང༌། དབུས་སུ་ཤིང་འཛུབ་མོའི་སྦོ མ་ཙམ་དཀྱུས་སུ་སོར་བཅོ་བརྒྱད་པ་རས་ཀྱིས་ དཀྲིས་པའི་རྩེ་དཔལ་འབར་དུ་བྱས་པ་གཉིས་མར་གྱིས་བྱུག་པའི་རྩ་བ་རྒྱབ་ཀྱི་ཀ་བའི་ཤིང་ ཐོན་པར་འཕྲེད་ལ་བཞག་པའི་དཔལ་འབར་མེ་བུག་གི་ཐད་དུ་ཡོང་བ་བྱ་ཞིང༌། མདུན་གྱི་ཀ་ བའི་སྟེངས་སུ་ཤུག་པའི་སིལ་བུ་མང་པོ་སྣུམ་གྱིས་བྱུག་ལ་དགྲམ། དཔལ་འབར་ཕྲ་མོ་མང་ པོ་རྩེ་མོ་ཐུར་དུ་བསྟན་པ། མདུན་གྱི་ཀ་བ་གཉིས་ཀྱི་བར་ཐམས་ཅད་དུ་གཅེར། རྒས་པ། རྨུ་ ཆུ། དུག་ཅན་ལ་སོགས་ཡིན་ན་འཚིག་པ་དཀའ་བས། ལ་ཆ། སྤོས་དཀར་མུ་ཟི་གསུམ་གྱི་ ཕྱེ་མ་སྣུམ་ལ་སྦྱར་བའི་མར་མེ་རྒྱུ་ལྟོའི་འོག་ཏུ་བཞག དུག་གིས་ཤི་བ་ལ་ཟངས་སྡེར་དགབ་ བོ། །ཤིང་གི་སྟེང་དུ་རས་སམ། ཤོག་བུ་ལ་འཁོར་ལོ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ལ་པདྨ་བྲིས་ པ་གདིང༌། དེ་ནས་རོལ་མོ་དང་བཅས་པས་བགེགས་བསྐྲོད་བཞིན་པས། ཐབ་ཀྱི་དབུས་སུ་ སློབ་དཔོན་ལ་ཁ་བསྟན་ལ་བཞག ཤིང་མཐོ་སར་འཕོངས། དམའ་སར་རྐང་པ་ཡོང་བ་བྱ། ལྟོ་བ་མེ་ལྕེ་ཡོང་བ་བྱ། འོག་མེ་ཁང་གི་སྟེང་དུ་པུར་ཁང་བཟླུམ་པོ་དྲིལ་བུ་ཕྱེད་པའི་དབྱིབས་ལྟ་ 3-1-234 བུ། རྒྱ་སྔ་མ་དང་མཉམ་པ། ནང་དུ་ལོགས་གཉིས་ནས་རོ་མདུན་དུ་མི་འབུབ་པའི་རྡོ་ཟུར་རིང་ བ་ཡོད་པ་དང་བཅས་པས་བརྩིགས་པའི་ཕྱི་རྩ་ཐག་ཆུར་སྦངས་པས་དམ་དུ་བཅིང༌། སྟེང་དུ་ བྲེ་ཆོས་འཁོར་སོགས་གྲུབ་ན་མན་ངག་བཞིན་བྱས་ལ་ཞལ་བ་བྱ། ས་དཀར་བྱུག མེ་ཁང་ དང་སྟེང་ཟླུམ་པོའི་མཚམས་དང༌། རྐེད་གཉིས་སུ་བུ་ག་རེ་ཕྱོགས་ཀུན་ནས་བཞག་པ་བཀག་ ལ་གཟོད་རླུང་གང་དགོས་ནས་དབྱེ། དར་ཁང་སོགས་ཡོད་ན་ཕྱི་ནས་དགབ། རྨུ་ཆུ་ཅན་ཡིན་ ན་སྙུག་ཐུར་གྱིས་བཙག དགུན་དུས་ཀྱི་རོ་དར་མ་སོ་མ་ཡིན་ན། སྔོན་ཆུང་དེ་བས་ལྟག་པ་ དང༌། སྒྱིད་ཁུང་གི་རྩ་རྒྱུས་གཉིས་བཅད་དོ། །ཡང་ཚོན་པོའི་ཞུན་དང༌། ཆུ་རྡོལ་དོགས་ པ་ལ་ཁྲི་འདེགས་ལ། དཀྱིལ་དུ་བུག་པ་ཁྲོལ་ཚགས་ལྟ་བུ་བྱས་ལ་འོག་ཏུ་སྣོད་བཟེད། ས་ སྟེགས་ཡིན་ན་དཀྱིལ་བྲུས་ཏེ། ཡུར་བའམ་བུག་པ་བྱའོ། །སློབ་དཔོན་གྱི་གཡས་སུ་སྲེག་ རྫས། ཡམ་ཤིང༌། སྦྱིན་བསྲེག་གི་ཆོ་ག་བཞིན་དང༌། ཞུན་མར། ཏིལ་མར། ཞོ་ཟན། ནས། འབྲས། གྲོ། སོ་བ། སྲན་མ། ཀུ་ཤ །རའི་འོ་མ། ཡུངས་ཀར། འབྲས་ཆན། འབྲས་ཡོས། སྨན། སྤོས། མེ་ཏོག །མངར་གསུམ། ལ་དུ་རྣམས། ག་བུར། གུར་གུམ། ཙན་དན་དཀར་པོ་སོགས་ དྲི་ཞིམ་པོས་གདབ། དུར་བ་འོ་མ་དང་ཀུ་ཤ་ལ་ཏིལ་མར་དང་འབྲུ་རྣམས་མར་གྱིས་སྦགས་ ལ་བཞག ཡམ་ཤིང་ལ་སྦྲང་རྩི་དང་མར་འོ་མ། དྲི་ཡི་ཆུ་རྣམས་བཏབ་ལ་གཙོ་བོའི་སྔགས་ དང༌། ངན་སོང་སྦྱོང་བའི་སྔགས་བཟླས་ཏེ་བཏབ་ལ་བཞག གཡོན་དུ་མཆོད་རྫས་སོགས། གཞན་ཤོམས་དང་མཆོད་རྫས་སྲེག་རྫས་རྣམས་སྦྱིན་སྲེག་བཞིན་ནོ། །རོའི་སྟེང་ནས་སྔགས་ དེ་གཉིས་ཀྱིས་བཏབ་པའི་དར་རམ་རས་ཀྱིས་གཡོག རོའི་ལྷ་ལ་མཆོད་བསྟོད་སྔོན་དུ་འགྲོ་ བས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་སུ་གསོལ། དེ་ནས་ བདག་བསྐྱེད་སྔོན་དུ་སོང་བས། ཁྲོ་བོ་བཅུ་སྤྲོ་ཞིང༌། ཕུར་བུ་གདབ་པ་ནས། ཞུན་མར་གྱི་ མར་མེ་སྦར་ཏེ། ཀུ་ཤའི་ཆུས་བསང་གཏོར་བྱ་བའི་བར། སྦྱིན་སྲེག་བཞིན་བྱས་ཏེ། ཐབ་ཏུ་མེ་ 3-1-235 སྤོར་བའི་དུས་སུ། ཐ་མལ་པ་སྔར་དབང་མ་ཐོབ་པའམ། ཐོབ་ཀྱང་ཉམས་པའི་སྡིག་ཅན་ཡིན་ ན། རོ་མཆོད་རྫས་ཀྱི་ཚུལ་དུ་སྦྱང་བ་ནི། གསོན་ཅིག་དགོངས་ཅིག་རིགས་ཀྱི་བུ། །ཕུང་པོ་ ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །ཉོན་མོངས་ལྔ་ཡི་བུད་ཤིང་ལ། །མཁའ་ འགྲོ་ལྔ་ཡི་མེ་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །འབྱུང་ བ་བཞི་ཡི་བུད་ཤིང་ལ། །ལྷ་མོ་བཞི་ཡི་མེ་སྦར་རོ། །ༀ་ཀན་དྷ་དྷཱ་ཏུ་ཨཱ་ཡ་ཏཱ་ནཱཾ་ནི་སྭ་བྷཱ་ཝ་ཛྭ་ ལ་ཛྭ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་དང༌། ༀ་ཛྭ་ལ་ཛྭ་ལ་ཞེས་བརྗོད་དེ། མེ་སྦར་ལ་གསོའོ། །དེ་ནས་ མེ་བསངས་ལ། མེ་དང་མེ་ལྷ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག མཆོད་བསྟོད། དམ་ ལ་བཞག བསྲེག་རྫས་རྣམས་རིམ་པ་བཞིན་འབུལ་བའི་བར་སྦྱིན་བསྲེག་བཞིན་བྱས་ནས། ཆེ་གེ་མོའི་སརྦ་པཱ་པཾ་ཨ་ཝ་ར་ཎཱ་ཤཱནྟིཾ་ཀུ་རུ་ན་མཿ ཞེས་བཏགས་ལ་དབུལ། དེ་ནས་མཆོད་ བསྟོད་ཀྱི་རྗེས་སུ། མེ་ལྷ་རྡོ་རྗེ་ལས་ཀྱི་གཙོ། །ཚེ་འདས་སེམས་ཅན་སྦྱང་བ་དང༌། །ལྷ་རྣམས་ ཚིམ་པར་བྱ་བའི་ཕྱིར། །འདི་ཉིད་དུ་ནི་འཕྲིན་ལས་མཛོད། །ཅེས་གསོལ་བ་བཏབ་པས། མེ་ ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱིས་མེ་ཕྱུང་སྟེ། ཚེ་འདས་ཀྱི་སྡིག་སྒྲིབ་དང༌། མི་མཐུན་ཕྱོགས་ ཐམས་ཅད་བསྲེགས་པར་བསམས་ནས། དྲང་སྲོང་ཆེན་པོ་མེ་ཡི་ལྷ། །སྔོན་གྱི་དམ་བཅས་ མནའ་བོར་བ། །ལྷ་རྣམས་ཞལ་ནི་མེ་ཡིན་ཏེ། །སྦྱིན་སྲེག་དེ་ནི་མེ་ལ་གནས། །ཞེས་བརྗོད་ དེ། མེ་འབར་བའི་རྣམ་པར་ཐིམ་པར་བསམས་ལ། སྦྱིན་སྲེག་བཞིན་མེ་བསངས་ནས་ཡེ་ ཤེས་ཀྱི་མེ་ལྷ་བསྐྱེད་ལ། མཆོད་བསྟོད་ཀྱི་བར་བྱ། དེ་ནས་འབུལ་ཚན་ལྔ་པོ་རེ་རེའི་མཇུག་ ཏུ། དམིགས་ཡུལ་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདུད་རྩིར་བསྒྱུར་ནས་འབུལ་བར་ བསམས་ཏེ་དབུལ་བ་ནི། ༀ་ཤྲཱི་ཀཱ་ལ་ཙཀྲཱ་ས་པ་རི་ཝ་རེ་བྷྱཿ ཀན་དྷ་དྷཱ་ཏུ་ཨཱ་ཡ་ཏཱ་ནཱཾ་ནི་པྲ་ ཏཱིཙྪ་ཡེ་ན་མཿ ཆེ་གེ་མོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ དག་ནས། མཐོ་རིས་དང་ཐར་པའི་བདེ་བ་རྣམ་པར་དག་པ་ཐོབ་སྟེ། མྱུར་དུ་མངོན་པར་ 3-1-236 རྫོགས་པར་འཚང་རྒྱ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་རོ་མཆོད་རྫས་ཀྱི་ཚུལ་དུ་བསྲེག་གོ ། དེ་ནས་ཉི་མ་དག་ནི་གསུམ་པ་ལ། །རུས་པའི་ཕྲེང་བ་བསྡུ་བར་བྱ། །འོ་མ་དྲི་བཟང་ བསང་གཏོར་ནས། །དེ་ཡིས་མཆོད་རྟེན་ཡང་དག་བརྩམ། །ཞེས་པ་ལྟར། ཚ་ཚ་གདབ་པ་ དང༌། མཆོད་རྟེན་བཏབ་སྟེ་སྡིག་པ་སྦྱང་བ་ནི་ལོགས་སུ་ཤེས་པར་བྱའོ། །གལ་ཏེ་ཚ་ཚ་ཕྱེད་ པར་མི་ནུས་ན། རུས་བུ་ཐལ་བ་སོགས་ལ་རྟེན་བསྐྱེད། རྣམ་ཤེས་བཀུག་ནས་ཕྱིར་ལྡོག་གིས་ སྡིག་པ་སྦྱངས། ལམ་སྦྱང་བསྟན་བྱས་ནས་རུས་བུ་དང་ཐལ་བ་སོགས་དྲི་ཞིམ་པོས་བགོས། རྡུལ་ཚོན་དང་སྔར་སྔགས་བཏབ་པའི་ཡུངས་ཀར་རམ། བྱེ་མ་སོགས་དང་བཅས་ནས་རྒྱ་ མཚོར་འབབ་པའི་ཆུ་བོར་དོར་ན་དེས་གང་ལ་རེག་པའི་སེམས་ཅན་རྣམས་དང༌། ཚེ་འདས་ ཀྱང་ངན་སོང་ལས་གྲོལ་བར་འགྱུར་རོ། །ཡང་རུས་ཆོག་སྔར་བཞིན་བྱས་པའི་རྗེས་སུ་ཞིབ་ བར་བཏགས་ནས་རི་རྩེར་རླུང་ལ་བསྐུར་ནའང་ཕན་ཡོན་ཆེན་པོར་གསུངས་སོ། ། གཉིས་པ་རོ་བསྲེག་པར་མི་འདོད་ན། མཆོད་རྟེན་དུ་བཞག་པ་ནི། དང་པོ་རོ་ལ་དབང་ བསྐུར་ནས། མཆོད་རྟེན་གྱི་རྨང་ཞབས་སུ་ཚེ་འདས་ལ་གནོད་བྱེད་ཐམས་ཅད་ཀྱི་མིང་སྤེལ་ ཚིག་དང་བཅས་པ་བྲིས་ནས། རྫ་གསར་བའི་བུམ་པར་བཅུག་ལ་བཞག རོའམ་རུས་པ་ སོགས་བཀྲུས་པའི་ཆུས་འདམ་གྱི་ཆུ་བྱས་ཏེ་མཆོད་རྟེན་བརྩིགས་ལ། བུམ་པའི་ནང་དུ་ཁྲི་སྟེང་ དུ་རོ་བཞག་ལ། རྟེན་བསྐྱེད་པ་ནས་སྡིག་པ་སྦྱང་བའི་བར་སྔོན་དུ་འགྲོ་བས། རོ་དེ་དཔའ་ བོ་གཅིག་པའམ། དཀྱིལ་འཁོར་ཡོངས་རྫོགས་སུ་བསྐྱེད། ཡེ་ཤེས་པ་དགུག གཞུག་བཅིང༌། མཉེས་པར་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར། མཆོད་པས་མཆོད་ལ་ བཞག མཆོད་རྟེན་རྫོགས་པར་གྲུབ་ནས་རབ་གནས་དང་དགའ་སྟོན་བྱ། ཞེས་གསུངས་ཏེ། མཆོད་རྟེན་དུ་བཞག་སྟེ་སྡིག་པ་སྦྱང་བའོ། ། 3-1-237 གསུམ་པ་ནི། དེ་ཙམ་ཡང་མི་ནུས་ན། སྔར་དབང་བསྐུར་རྗེས། ཚེ་འདས་རང་གི་ཡི་ དམ་མམ། ལྷ་གཞན་གྱི་སྙིང་པོ་གསེར་དངུལ་ལམ་གུར་གུམ་གྱིས་བྲིས་ལ་རོའི་སྙིང་གར་ གདགས། གནས་གཞན་རྣམས་སུའང་ཡི་གེ་རྒྱས་པར་གདགས། རྒྱན་གྱིས་བརྒྱན། དྲི་བཟང་ གིས་བྱུག །རབ་བྱུང་ཡིན་ན་ཆོས་གོས། གཞན་ལ་གོས་དཀར་པོ་བཀོན། རང་གི་གནས་ཀྱི་ དབེན་པའི་ཕྱོགས་སམ། དུར་རམ། ཆད་པའི་ནང་དུ་སྒྲོམ་མམ་ས་ལ་བྱས་པའི་བང་བུ་རབ་ བྱུང་ཡིན་ན། མཆོད་རྟེན་གྱི་དབྱིབས་དཀར་པོ། གཞན་ལ་དབྱིབས་སོ་སོར་གསུངས་པ་ ལྟར་འཇམ་ཞིང་དབྱིབས་ལེགས་པའི་བཟོ་བྱས་ལ། དེའི་ནང་དུ་གདན་གྱི་སྟེང་དུ། རོའི་ཁ་ལྷོ་ དང༌། མགོ་ནུབ་ཏུ་བསྟན་ལ་ཅུང་ཟད་བསླང་སྟེ། སྤྱི་བོར་ཐལ་མོ་སྦྱར་ལ་བཞག །སྤྱི་བོའམ་ སྙིང་ཁ་ནས་སྲད་བུ་དམར་པོ་བཏགས་ལ་ཕྱིར་བཏོན་ནས་ནུབ་ཕྱོགས་སུ་དྲངས་ནས་ཐོག་ལ་ བཏགས་ཏེ། རོ་ལྷར་བསྐྱེད་ལ་དབང་བསྐུར། སྣོད་དེའི་སྟེང་དུ་གདུགས་ཁྲ་བོ་དང༌། ཕྱོགས་ བཞིར། རིན་ཆེན་སྣ་བདུན་གྱི་གཟུགས་དང༌། མཆོད་རྫས་སོགས་དང༌། བཟའ་བཏུང་སྣ་ ཚོགས་ཀྱིས་བསྐོར་ལ། དེ་རྣམས་མཆོད་རྫས་སུ་བྱིན་གྱིས་བརླབས་ནས། མཆོད་བསྟོད་བྱ་ བ་སྟེ། དྲིའི་གཙང་ཁང་ངམ་ཆད་པར་བཞག་སྟེ་སྡིག་པ་སྦྱང་བ་སྟེ། རོ་དང་འབྲེལ་བའི་སྡིག་ སྦྱོང་བསྟན་ཟིན་ཏོ། ། གཉིས་པ་ནི། རོ་མེད་ནའང༌། ཤིང་ངམ། རས་སམ། ཤོག་གུ་ལ་གཟུགས་བརྙན་བྲིས་ པའམ། གོས་སོགས་ལ་གུར་གུམ་གྱི་ཡི་གེ་བྲིས་པ་ལ་རྣམ་ཤེས་དགུག་པ་སོགས་བྱས་ནས། དབང་བསྐུར་བ་སོགས་སྡིག་པ་སྦྱང་ཚུལ་རྣམས་སྔར་བཞིན་བྱས་ཏེ། སྦྱོང་རྒྱུད་ལས། དེ་ཡི་ གཟུགས་བརྙན་བྲིས་པའམ། །གུར་གུམ་གྱིས་ནི་མིང་ཡང་རུང༌། །ངན་སོང་གསུམ་གྱི་སྡུག་ བསྔལ་ལས། །སེམས་ཅན་རྣམས་ནི་གྲོལ་བྱའི་ཕྱིར། །སྔགས་མཁན་གཞན་ལ་ཕན་བརྩོན་ ཞིང༌། །སྙིང་རྗེ་ཅན་གྱིས་ 3-1-238 དབང་བསྐུར་རོ། །ཞེས་དང༌། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་རྣམས་གང་ཡིན་པ་ དག་གི་མིང་ལ་དབང་བསྐུར་ཅིག གཟུགས་བརྙན་ལ་ཡང་དབང་བསྐུར་ཅིག མཆོད་རྟེན་ ལའང་དབང་བསྐུར་བར་བྱོས་ཤིག ཆུང་ངུ་ན་དེ་དང་རིགས་མཐུན་པ་དང༌། དེའི་མིང་འཛིན་ པ་དང༌། བྲན་ལ་ཡང་དབང་བསྐུར་ཅིག ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་ བསྐུར་ན་གདོན་མི་ཟ་བར་ཞག་བདུན་གྱིས་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་ འགྱུར་རོ། །ཞེས་གསུངས་པས་སོ། །དེ་ནས་ལམ་སྦྱང་བསྟན་བྱས་པའི་རྗེས་སུ། གཤིན་པོ་ཡེ་ ཤེས་ཀྱི་ལྷར་བསྐྱེད་པ་གཤེགས་སུ་གསོལ་ནས། བྱང་བུ་བསྲེག་པ་ནི། གསོན་ཅིག་དགོངས་ ཅིག །ཅེས་པ་ནས། ལྷ་མོ་བཞིའི་མེ་སྦར་རོ། །ཞེས་པ་སྔགས་དང་བཅས་པ་བརྗོད་ཅིང་བསྲེགས་ ནས་ཐལ་བ་རུས་བུ་སོགས་དང་ལྷན་ཅིག་ཚ་ཚར་གདབ་བོ། ། བཟླས་པས་སྡིག་པ་སྦྱང་བ་ནི། སྦྱོང་རྒྱུད་ལས། དེ་ཡི་མིང་ནས་བརྗོད་ནས་ནི། །ཇི་ལྟར་ གསུངས་པའི་སྔགས་བཟླས་ཤིང༌། །འབུམ་ཕྲག་སྟོང་ངམ་ཡང་ན་ནི། ། བརྒྱ་ཕྲག་སྟོང་དུ་ཚང་བ་དང༌། །བྱེ་བ་སྟོང་དུ་རབ་བཟླས་ན། །ལྷ་ཡི་གནས་སུ་ངེས་པར་སྐྱེ། །ཞེས་གསུངས་པས་སྔགས་མིང་སྤེལ་དང་བཅས་པ་བཟླས་ན་ངན་སོང་ལས་གྲོལ་ཏེ་བཟླས་ པས་སྡིག་པ་སྦྱང་བའོ། །ཡང༌། དེ་ཡི་མིང་ནས་སྨོས་ནས་ཀྱང༌། །སྔགས་པས་འབུམ་ཕྲག་ བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང་ཉིད་དུ། །སྦྱིན་སྲེག་བྱས་པར་གྱུར་ན་ནི། །དམྱལ་བ་ ཆེན་པོ་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་གསུངས་པས། དེའི་དོན་དུ་མིང་ ནས་སྨོས་པའི་སྤེལ་ཚིག་དང་བཅས་པས་ཞི་བའི་སྦྱིན་སྲེག་འབུམ་མམ་བྱེ་བ་བྱས་ན། དམྱལ་བ་ ལས་ཐར་ཏེ། བདེ་འགྲོར་སྐྱེ་བར་གསུངས་ཏེ། སྦྱིན་སྲེག་གིས་སྡིག་པ་སྦྱང་བ་སྟེ། གང་ཟག་ དམན་པའི་དབང་དུ་བྱས་པའི་སྡིག་པ་སྦྱང་བ་བསྟན་ཟིན་ཏོ།། །། གཉིས་པ་གང་ཟག་མཆོག་གི་དབང་དུ་བྱས་པ་ལ། དབང་བསྐུར་ནས་དང༌། 3-1-239 གདུང་བཞུ་བའི་སྒོ་ནས་དང༌། རྟེན་བཞེངས་པའི་སྒོ་ནས་དང༌། མཆོད་ཅིང་གསོལ་བ་གདབ་ པའོ། །དང་པོ་ནི། སྤུར་ལ་ཁྲུས་བྱ་བ་དང༌། ཡི་གེ་གདགས་པ་ལ་སོགས་པ་གོང་དང་འདྲ་བར་ བྱས་ནས། ཆོས་གོས་དང༌། རྒྱན་དྲུག་དང༌། དབུ་རྒྱན་ལ་སོགས་པས་བརྒྱན་ཏེ། ཁྲི་བཟང་ པོ་ལ་བཞག་ལ། དེ་བསང་སྦྱང་སྔོན་དུ་འགྲོ་བས་གཙོ་བོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་ ལ་སོགས་པ་ནས། མཆོད་བསྟོད་བདུད་རྩི་མྱང་བའི་བར་བྱས་ལ། གཙོ་བོའི་སྙིང་པོའམ། ཉེ་ བའི་སྙིང་པོ་མང་དུ་བཟླས་ཏེ་བསྙེན་པའོ། །དེ་ནས་ས་ཆོག་སྟ་གོན་སྔར་དང་འདྲ་བ་ལས། སྤུར་ སྟོང་པའི་ངང་ལས། སྔར་གྱི་བླ་མར་བསྐྱེད། དེ་ནས་ཡེ་ཤེས་པ་གཞུག སྤྱན་དྲངས་པའི་ སྔགས་དང༌། ཕྱག་རྒྱ་དང་ཚིགས་བཅད་ཀྱིས་སྤྱན་དྲངས། དགུག་གཞུག བཅིང༌། མཉེས་པར་བྱ། སྲེག་པའི་སྔགས་ཀྱིས་ཕྱི་འབྲེང་གི་བགེགས་སྦྱང༌། དེ་ནས་གཙོ་བོར་ བསྐྱེད། ཡེ་ཤེས་པ་དགུག རྒྱས་གདབ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་ བ་རྣམས་བྱས་ལ། བྲབ་པ་དང་དུག་གསལ་བ་རྣམས་བཞག་ལ། རབ་གནས་ཀྱི་སྐབས་ལྟར། ཕར་ཕྱིན་དྲུག་དང་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པས་ཁྲུས་གསོལ། དེ་ནས་དེ་ལ་མཆོད་ པ་རྒྱས་པར་དབུལ། བླ་མའི་བསྟོད་པ་མང་པོས་བསྟོད། བདུན་རྣམ་དག་དང༌། གསོལ་བ་ འདེབས་པ་དྲག་ཏུ་བྱས་ལ། དེ་ནས་སྟ་གོན་ལ་འཇུག དངོས་གཞིའི་སྐབས་སུ་རྟེན་བསྐྱེད་ པ་ནས། མཆོད་བསྟོད་ཀྱི་བར་སྔར་དང་འདྲ་བར་བྱས་ལ། དེ་ནས་བླ་མའི་བྱ་བ་རྣམས་དཀྱིལ་ འཁོར་གྱི་གཙོ་བོས་མཛད། བླ་མའི་བྱ་བ་རྣམས་བླ་མ་དེ་ཉིད་ཀྱིས་མཛད། བདག་དེའི་མཆོད་ གཡོག་བྱེད་པའི་ཚུལ་དུ་བསམས་ལ། དབང་བསྐུར་ཏེ། རྗེས་མཆོད་བསྟོད་རྒྱས་པར་བྱས་ ལ། ལམ་སྦྱང་བསྟན་མི་དགོས་ཤིང༌། གལ་ཏེ་བྱེད་ནའང་སྔགས་ཙམ་གྱིས་བྱས་ལ། ཡེ་ཤེས་ པ་གཤེགས་སུ་གསོལ་བའི་སྔགས་དང༌། ཚིགས་བཅད་ཀྱིས་གཤེགས་སུ་གསོལ། རང་གི་བླ་མ་ དངོས་མ་ཡིན་ནའང༌། གང་ཟག་ཁྱད་པར་ཅན་རྣམས་ལ་ཆོ་ག་འདི་ལྟར་བྱའོ། །ཞེས་གསུངས་ 3-1-240 སོ། །དབང་བསྐུར་བའོ། ། གཉིས་པ་སྤུར་སྦྱང་བ་ནི། སྤུར་ཆས་སུ་གཞུག་པ། ལྷར་བསྐྱེད་པ་ནས། བཟླས་པའི་ བར་སྔར་བཞིན་བྱས་ལ། ལས་སོ་སོ་བའམ། ཐམས་ཅད་པའི་ཐབ་མཚན་ཉིད་དང་ལྡན་ པ་བཤམས་ལ། དེར་རོལ་མོ་དང་བཅས་པས་སྤུར་གདན་དྲངས་ཏེ། དེའི་ཐུགས་ཀར་ལྷ་ དཔའ་བོ་གཅིག་པའམ། དཀྱིལ་འཁོར་ཡོངས་རྫོགས་བསྐྱེད་ནས། དེ་དང་སྤུར་གྱི་ཡེ་ཤེས་ པ་གཅིག་ཏུ་བསྲེས་ལ་མཆོད་བསྟོད་སྔོན་དུ་འགྲོ་བས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་ མཛད། །ཅེས་སོགས་ཀྱིས་ཡེ་ཤེས་པ་གཤེགས་སུ་གསོལ་ལ། དམ་ཚིག་པ་ལ་མཆོད་པ་ འབུལ་བར་བསམས་ཏེ། ཆོས་འབྲེལ་མེད་པ་ཅིག་ཐབ་ཏུ་མེ་སྦར་དུ་བཅུག་ལ། གསོན་ཅིག་ དགོངས་ཅིག་སོགས་འདྲ་ལ། སྲེག་རྫས་འབུལ་སྔགས་ཀྱི་བཤམ་དུ། ༀ་བཛྲ་སཏྭ་ཆེ་གེ་མོ་ བཛྲ་ཙརྱ་སུ་ཁ་ཝ་ཏི་པྲ་བྷ་ཡ་སྭཱཧཱ། ཞེས་བཟླ། གཞན་ཐམས་ཅད་གོང་བཞིན་དང༌། ཞི་བའི་ སྦྱིན་སྲེག་བཞིན་དུ་བསྲེག་ཅིང༌། དཔལ་ལྡན་བླ་མ་དམ་པ་སངས་རྒྱས་ཀྱི་ཞིང་ཁམས་གང་ན་ བཞུགས་པའི་སྐུ་གསུང་ཐུགས་ཀྱི་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ན་མཿ ཞེས་པའི་སྤེལ་ཚིག་ དང་བཅས་པར་བྱའོ། །དེ་ནས་ཉི་མ་གསུམ་པའམ་བདུན་པ་སོགས་ལ། མེ་མ་ཤི་ན། འོ་མས་ མེ་ཞི་བར་བྱས་ལ། སྣོད་གཙང་མར་གདུང་དང་ཐལ་པ་རྣམས་བསྡུས་ཏེ། ཐབ་ཀྱི་རྗེས་མི་ མངོན་པར་བྱའོ། །སྤུར་སྦྱང་བའོ། ། གསུམ་པ་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ཚུལ་ལ་སོགས་པ་གཞན་ནས་ཤེས་པར་ བྱའོ། །གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ཐར་པ་བགྲོད་བྱེད་ཅེས་བྱ་བ་འདི་ནི། དུས་ཀྱི་ འཁོར་ལོའི་ལུགས་གཞིར་བཞག་པ་ལ། སྦྱོང་རྒྱུད་ལ་སོགས་པའི་ལེགས་པར་བཤད་པ་དུ་ མས་བརྒྱན་ཏེ། བླ་མ་གོང་མ་མཁས་གྲུབ་དུ་མའི་རྗེས་སུ་འབྲངས་ནས། ལག་ཏུ་བླང་བདེ་ བར་དོན་དུ་གཉེར་བ་དུ་མས་ཡང་ཡང་བསྐུལ་བའི་ངོར། ཇོ་གདན་དུས་ཀྱི་འཁོར་ལོ་པ་ 3-1-241 བསོད་ནམས་བཟང་པོས། རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ་དགུན་ཟླ་ར་བའི་རྫོགས་པ་དང་ པོའི་ཉིན་རྫོགས་པར་བྲིས་བའི་ཡི་གེ་པ་ནི། དུས་འཁོར་བ་ཤཱཀྱ་སངས་རྒྱས་ཀྱིས་སོ། །འདིས་ བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།གཅིག་ཞུས། གུ་རུ་ཛ་ཡ་བྷ་ཝནྟུ། སྐྱེ་རྒ་ན་འཆིའི་ཆུ་གཏེར་གཏིང་ཟབ་ཅིང༌། །ལས་དང་ཉོན་མོངས་ རླབས་ཕྲེང་ཆལ་ཆིལ་གཡོ། །སྲིད་མཚོ་དེ་ལས་སྒྲོལ་བའི་དེད་དཔོན་མཆོག །ཐབས་དང་ ཤེས་རབ་གྲུ་སྐྱ་རབ་བཟུང་ནས། །ཐར་པ་མཆོག་གི་གནས་སུ་འདྲེན་བྱེད་པའི། །ཐ་མའི་ཆོ་ ག་ཐར་ལམ་བགྲོད་བྱེད་འདི། །སྤར་དུ་བརྐོ ས་པའི་དགེ་བས་འགྲོ་བ་ཀུན། །ཀུན་མཁྱེན་ མཆོག་གི་གོ་འཕང་མྱུར་ཐོབ་ཤོག ། སྤྲུལ་སྐུ་བཟོད་པ་འཕེལ་གྱིས་བརྐོས། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༤༧ དང་ཤིང་པར་ཕྱི་ཀ་༣༠༧ལགས།) 3-1-242 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཞི་རྒྱས་ཀྱི་སྦྱིན་སྲེག་གི་ཆོ་ག་ ཡེ་ཤེས་ཀྱི་མེ་རབ་ཏུ་གསལ་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། ཕུང་པོ་སོགས་ཀྱི་ཡམ་ཤིང་སོགས། ། བསྲེགས་པ་ཐམས་ཅད་གསོལ་བ་གང༌། །རྡོ་རྗེ་མེ་འོད་ལ་བཏུད་ནས། །ཞི་རྒྱས་སྦྱིན་བསྲེག་ ཆོ་ག་བྲི། ། དེ་ལ་འདིར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང༌། རྒྱས་འགྲེལ་ཆེན་པོར། ཀུན་རྫོབ་ དང་དོན་དམ་པའི་བདེན་པ་ལ་བརྟེན་ནས། དྲང་བ་དང་ངེས་པའི་དོན་གྱི་སྦྱིན་སྲེག་གསུངས་ པ་ལས། འདིར་རེ་ཤིག་ཀུན་རྫོབ་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་ཞི་རྒྱས་ཀྱི་སྦྱིན་སྲེག་ གསུངས་པའི་ཐབ་བརྩིག་པ་དང༌། འབྲུ་བ་སོགས་ནི་གཞན་དུ་ཤེས་པར་བྱ་ཞིང༌། འདིར་བྲིས་ ཐབ་ཀྱི་དབང་དུ་བྱས་པའི་སྦྱིན་སྲེག་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ ནི། གཟའ་སྐར་དུས་སྦྱོར་བཟང་པོ་ལ། །སོ་སོ་བ་ཡི་ཞི་རྒྱས་གཉིས། །དཀྱིལ་འཁོར་དང་ནི་ མ་འབྲེལ་ན། །གྲོང་ལ་སོགས་པའི་དབང་ལྡན་དང༌། །བྱང་གི་ཕྱོགས་སུ་བྲི་བར་བྱ། །འབྲེལ་ ནའང་དེ་དང་དེ་ཡི་སར། །ཚངས་ཐིག་ཟུར་ཐིག་མ་ནོར་གདབ། །ཞི་ཐབ་དབུས་སུ་ཕུར་བུ་ གཟུགས། །དེ་ནས་བཅུ་གཉིས་སོར་གྱི་མཐར། །ཟླུམ་པོའི་ཐིག་བསྐོར་པདྨ་དང༌། །ཐབ་ཀྱི་ ཚད་ཡིན་སོར་གཉིས་དང༌། །སོར་བཞིའི་མཐའ་ནས་ལེགས་པར་བསྐོར། །རིམ་བཞིན་ མཆུ་དང་ཁ་ཁྱེར་ཚད། །སོ་སོ་བ་ཡི་རྒྱས་པའི་ཐབ། །ཚངས་ཐིག་དབུས་ནས་གཡས་གཡོན་ 3-1-243 དུ། །ཁྲུ་རེ་སྤངས་པར་གྲུ་བཞིར་གདབ། །པདྨའི་མཐའ་དང་རྩ་ཐིག་ཡིན། །དེ་ཡི་ཕྱི་ནས་ སོར་བཞི་དང༌། །སོར་བརྒྱད་མཆུ་དང་ཁ་ཁྱེར་ཚད། །སོ་སོ་བ་ཡི་ཐབ་གཉིས་ཀྱི། །ཁ་ཁྱེར་ མཚམས་ནས་ཁྲུ་དོའི་མཐར། །ར་བའི་ནང་ཐིག་གྲུ་བཞིར་གདབ། །ཞི་བའི་སྒོ་གཅིག་བྱང་ དུ་སྟེ། །རྒྱས་པའི་སྒོ་གཅིག་དབང་ལྡན་ཕྱོགས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །རྟ་བབས་ དང་བཅས་བྲི་བར་བྱ། །ལས་ཀུན་པ་ཡི་ཞི་རྒྱས་ཀྱི། །ཐབ་གཉིས་རྒྱལ་བས་གསུངས་པ་ ལས། །ཞི་བའི་ཐབ་ཀྱི་མཚན་ཉིད་ནི། ཁྲུ་དོ་པ་ཡི་དཀྱིལ་འཁོར་ཚད། །ཚངས་ཟུར་ཐིག་རྣམས་ ལེགས་པར་གདབ། །ཚངས་ཐིག་དབུས་ནས་ཁྲུ་གང་མཐར། །ཟླུམ་པོར་བསྐོར་བ་རྩ་ བའི་ཐིག །དེ་ནང་ཕྱེད་དུ་ཟླུམ་པོའི་ཐིག །བསྐོར་བ་བདེ་གཤེགས་འཕར་མའི་མཐའ། །དེའི་ ཡང་ཕྱེད་དུ་བསྐོར་བ་ནི། །གཙོ་བོའི་པདྨར་ཤེས་པར་བྱ། །འཕར་མའི་ནང་དུ་མཐའ་གཉིས་ ནས། །བསྐོར་བ་ཕྱི་ནང་རྡོ་རྗེའི་གདུང༌། །གདུང་གཉིས་བར་གྱི་ཚངས་ཐིག་གིས། །གཡས་ གཡོན་ཆ་གཉིས་གཅིག་དང་གསུམ། །གཅིག་དང་བཞི་རྣམས་སངས་རྒྱས་དང༌། །ཀ་བ་ བུམ་པ་ལྷ་མོའི་གནས། །རྡོར་གདུང་མཐའ་ནས་རྩ་ཐིག་བར། །ཚོན་ས་ལྷ་སྣམ་སྤངས་ཆུང་ རྣམས། །རི་མཚོ་ཟླ་བའི་ཚད་དུ་བསྐོར། །རྩ་ཐིག་མཐའ་ནས་ཆ་ཆེན་གཉིས། །རེ་རེ་འང་ཆ་ བཞིར་བགོས་པ་ཡི། །ཆ་གཉིས་གཅིག་དང་བཞི་དང་གཅིག །རིམ་བཞིན་བསྐོར་བ་མཆུ་དང་ ནི། །རེ་ཁཱའི་དཀྱིལ་འཁོར་ཁ་ཁྱེར་དང༌། །སླར་ཡང་རེ་ཁཱའི་དཀྱིལ་འཁོར་གྱི། །ཚད་རྣམས་ སོ་སོར་གསལ་བར་འགྱུར། །ལས་ཀུན་པ་ཡི་རྒྱས་པའི་ཐབ། །ཞི་བའི་ཐབ་ལས་ཉིས་འགྱུར་ ཏེ། ཁྲུ་བཞི་པ་ལ་གྲུ་བཞི་པ། །ནང་ཐིག་ཐུགས་ཀྱི་དཀྱིལ་འཁོར་བཞིན། །མཆུ་དང་ཁ་ཁྱེར་ རེ་ཁཱ་རྣམས། །ཞི་བའི་ཉིས་འགྱུར་གྲུ་བཞིར་བྱ། །ལས་ཀུན་པ་ཡི་ཐབ་གཉིས་ཀྱི། །རེ་ཁཱའི་ མཚམས་ནས་ཁྲུ་དོའི་མཐར། །ར་བའི་ནང་ཐིག་གྲུ་བཞིར་གདབ། །དེ་ནས་སྒོ་ཚད་བཞི་ཆའི་ མཐར། །ར་བའི་ཕྱི་ཐིག་བར་དུ་གཉིས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་དང༌། །རྟ་བབས་སྒོ་ཡི་ 3-1-244 སུམ་འགྱུར་ཏེ། །སྒོ་དང་རྟ་བབས་ནུབ་ཏུའོ། ། དེ་ལྟར་ཐིག་གདབ་པའི་ལས་སོ་སོ་བ་གཉིས་ཀྱི་ཐབ་ཁུང་དང༌། པདྨ་འདབ་བརྒྱད་པ་ དཀར་པོའི་ལྟེ་བ་ལ་པདྨ་དཀར་པོ། རྒྱས་པ་ལ་འཁོར་ལོ་དཀར་པོ། འདབ་མ་ལ་ཤར་དང་ ཤར་ལྷོར་རལ་གྲི། ལྷོ་དང་ལྷོ་ནུབ་ཏུ་རིན་པོ་ཆེ། བྱང་དུ་རྡོ་རྗེ་སྔོན་པོ། དབང་ལྡན་དུ་པདྨ་ དཀར་པོ། ནུབ་དང་རླུང་དུ་འཁོར་ལོ་རྣམས། བྱང་གི་མ་གཏོགས་པ་ཕྱོགས་མདོག་གོ །ཁ་ ཁྱེར་ལ་ཆ་ལྔར་བྱས་པའི་དབུས་ཀྱི་ཆ་ལ་པདྨ་དང་འཁོར་ལོ་དབུས་བཞིན་བྲིའོ། །ལས་ ཐམས་ཅད་པ་གཉིས་ཀྱི་ཐབ་ཀྱི་ནང་ལྗང་ཁུ། ར་བའི་མཐར་ཐུག་པར་ཟླུམ་པོ་དང༌། གྲུ་ བཞིའི་ཁྱད་པར་མ་གཏོགས་པ་ཐུགས་དཀྱིལ་བཞིན་ལ། སྒོ་སྐྱོང་བཞིའི་མཚན་མ་ལྷ་སྣམ་ལ་ རང་རང་གི་ཕྱོགས་སུ་དགོད་ཅིང༌། ཁ་ཁྱེར་ལ་རྡོ་རྗེ་བྲིའོ། །ཐིག་ཚོན་གྱི་ཁུ་བ་ཤྲཱི་ཁ་ད་དང༌། སཱ་ལི་བཏགས་པས་བྱའོ། །ཐབ་བཞི་ཀའི་ར་བ་རིམ་པ་གསུམ་གྱི་ནང་མ་ནག་པོ། བར་མ་ དམར་པོ། ཕྱི་མ་དཀར་པོར་བྱ། སྒོ་རྟ་བབས་སྤྱི་དང་མཐུན་ལ། མེ་ལྷ་སྒོ་ལ་རྒྱབ་བསྟན་པ་ལ་ ལྟོས་ཏེ། སྒོའི་ཕྱོགས་སེར་པོ་ནུབ། ཤར་ནག ལྷོ་དམར། བྱང་དཀར་པོ། ནག་པོའི་དབུས་སུ་ སློབ་དཔོན་གྱི་གདན། ལས་སོ་སོ་བ་གཉིས་ལ་ཁྲུ་གང་པ་ཐབ་ཀྱི་དབྱིབས་དང་ཁ་དོག་ཅན་ དང༌། པདྨ་འདབ་མ་བརྒྱད་པའི་ལྟེ་བར་སྣ་ཚོགས་རྡོ་རྗེ་འམ་ཆོས་འབྱུང་བྲི། ལས་ཐམས་ཅད་ པའི་ཞི་ལ་ཁྲུ་གང་པ། རྒྱས་པ་ལ་ཁྲུ་དོ་པ། ཐབ་སོ་སོའི་དབྱིབས་དང་ཁ་དོག་ཅན། པདྨ་དང་ མཚན་མ་ནི་གོང་བཞིན་ནོ། །ལས་སོ་སོ་བ་གཉིས་ལ་རེ་ཁཱའི་དཀྱིལ་འཁོར་མེད་དོ། །བྲིས་ ཐབ་ལ་ཕྱི་རོལ་ཏུ། དཔངས་དང༌། པདྨའི་འདབ་མས་སྤྲས་པ་དངོས་སུ་མེད་ཀྱང༌། སྒོམ་དོན་ ལ་དགོས་སོ། །སློབ་དཔོན་གྱི་གཡས་སུ་སྲེག་རྫས་དང༌། གཡོན་དུ་མཆོད་ཡོན་གྱི་གདན། སློབ་དཔོན་གྱི་གདན་གྱི་ཚད་དང༌། དབྱིབས་དང༌། ཁ་དོག་ཅན་བྲི། གཡོན་མཆོད་ཡོན་གྱི་ གནས་སུ་ཞི་བ་གཉིས་ལ་ཤེལ་དང༌། རྒྱས་པ་གཉིས་ལ་དངུལ་གྱི་སྣོད་སོར་བཅུ་གཉིས་པ། 3-1-245 པདྨ་འདབ་མ་བརྒྱད་པའི་དབྱིབས་ཅན་གྱི་ནང་དུ། དྲི་བཟང་པོའི་ཆུ། མེ་ཏོག་དཀར་པོ་ཅན་ གྱི་མཆོད་ཡོན་ཀུ་ཤ་དང་བཅས་པ་དང༌། ཞབས་བསིལ་དང༌། ཞལ་བསིལ་ཡང་སྣོད་དེ་ལྟ་ བུར་བཤམ། གཞན་ཡང་མཆོད་རྫས་ཙན་དན་དཀར་པོ་སྦྱར་བའི་དྲི་ཆབ། མེ་ཏོག་དཀར་པོ་ དྲི་ཞིམ་པོ་དང༌། ཙན་དན། ཨ་ཀ་རུ། སིཧླ། ག་བུར་ཏེ་བསིལ་བའི་སྤོས་སྦྲང་རྩི་དང༌། ཤ་ཁ་ ར་དང་སྦྱར་བ་དང༌། མར་དཀར་གྱི་མར་མེ་དང༌། ཞི་བ་ལ། འོ་ཟན་གྱི་ལྷ་བཤོས། རྒྱས་པ་ ལ་ཞོ་ཟན་གྱི་ཞལ་ཟས། འབྲས་སཱ་ལི་མ་ཆག་པའི་འབྲུ། ཆས་གོས་ལས་སོ་སོ་བ་ལ་དཀར་ པོ། ཐམས་ཅད་པ་ལ་ལྗང་ཁུ་བཤམ། གདན་གཡས་པའི་སྟེང་དུ་དགང་བླུགས་མཚན་ཉིད་ དང་ལྡན་པ། ཁ་སྦྱར་བ་དང༌། ཡམ་ཤིང་ཨུ་དུམ་ཝ་ར་དང༌། ཨ་ཤྭད་ཐ། ནྱ་གྲོ་ཏ་ལ་སོགས་ པ་འོ་མ་ཅན་གྱི་ཤིང་ངམ། མ་རྙེད་ན་ཚེར་མ་ཅན་མ་ཡིན་པའི་ཤུག་པ་དང་ཐང་ཤིང་ལ་སོགས་ པ། དེ་དག་ཏུ་བསམས་པ་ལྔ་བརྒྱ་བཞི་བཅུ། མེ་ལྷའི་ཆས་ཀྱི་ལྷག་པོ་དང་བཅས་པ། སྲིད་དུ་ མཐོ་གང༌། སྦོ མས་སུ་མཐེ་པོ་ལས་མི་སྦོ མ། མཐེའུ་ཆུང་ལས་མི་འཕྲ་བ་དང༌། ཞི་བ་གཉིས་ ལ་དུར་བ་འོ་མས་སྦགས་བ་དང་ཏིལ། རྒྱས་པ་གཉིས་ལ། སོ་བ། ནས། འབྲས། གྲོ། མ་ ཤ་རྣམས་མར་གྱིས་སྦགས་པ་དང༌། ཀུ་ཤ་དང་དུར་བ་གཙང་མ་མ་འཁྲུགས་པ། རྩེ་མོ་མ་ མཉམ་པ་མང་པོ་དང༌། མདུན་དུ་སྣོད་བཟང་པོ་ཞུན་མར་གྱིས་བཀང་བ་དང༌། སྤར་ཤིང་རས་ ལྡེ་དང་བཅས་པ་བཤམ། བུད་ཤིང་ནི་ལས་སོ་སོ་བ་གཉིས་ལ་འོ་མ་ཅན་གྱི་ཤིང་ངམ། མ་རྙེད་ ན་དགོན་པའི་ལྕི་བ་འབུ་སྲིན་མེད་པ་ལ་བྱ། ལས་ཐམས་ཅད་པ་གཉིས་ལ་ཙན་དན། ཨ་ཀ་རུ། ཐང་ཤིང་སོགས་དྲི་ཞིམ་པོའི་ཤིང་རྣམས་སམ། འོ་མ་ཅན་གྱི་བུད་ཤིང་རྣམས་ཀྱིས་ཐབ་ནང་དུ་ ཚགས་དམ་པར་བརྩིག་གོ །གདན་དབུས་མ་དང་ཉེ་བར། ནང་མཆོད། རྡོ་རྗེ་དྲིལ་བུ། ཕུར་བུ་ ཞི་བ་ལ། ནྱ་གྲོ་ཏ་དང༌། རྒྱས་པ་ལ་ཨ་ཤྭད་ཐ་དང༌། ལས་ཐམས་ཅད་པ་ལ་ཨུ་དུམ་ཝ་ར་ལས་ བྱས་པའམ། མ་རྙེད་ན་ཤིང་གཞན་ལས་བྱས་པ་ལ་དེ་དང་དེར་མོས་པ། སོར་བཅུ་གཉིས་པ། 3-1-246 མེ་ཏོག་གི་ཕྲེང་བ་དང༌། ཡུངས་དཀར་གྱི་ཐུམ་བུས་བརྒྱན་པ་བཅུ། རྡོ་རྗེ་ཐོ་བ་དང་བཅས་པ་ དང༌། བཀྲ་ཤིས་ཀྱི་ཟས་མར་དང་བུ་རམ་ལ་སོགས་པས་བརྒྱན་པ་ཆུ་དང་བཅས་པ་དང༌། གཞན་ཡང་དགོས་ཆ་ཐམས་ཅད་ཚོགས་པར་བཤམ་མོ། ། གཉིས་པ་དངོས་གཞིའི་ཆོ་ག་ནི། དང་པོར་སྒྲུབ་ཐབས་བཞིན། བདག་བསྐྱེད། བཟླས་ པ། མཆོད་བསྟོད་ཡན་རྫོགས་པར་བྱས་ནས། ཁྱད་པར་ལས་སོ་སོ་བ་གཉིས་མདུན་བསྐྱེད་ དང་འབྲེལ་ན། ཕྱི་རོལ་པའི་གཏོར་མ་བཏང་མ་ཐག་སྦྱིན་སྲེག་ལ་འཇུག་པར་བྱ་སྟེ། ཐུན་ མཚམས་བཞིའི་སྔ་དྲོ་དང༌། ཐུན་བརྒྱད་ཀྱི་སྔ་དྲོ་དང་པོའི་ཐུན་ལ་ཞི་བ་དང༌། ཐུན་གཉིས་པ་ ལ་རྒྱས་པའམ། ཡང་ན་ཉིན་མཚན་གཉིས་ཀ་ལ་ཐུན་བརྒྱད་བརྒྱད་དུ་ཕྱེ་བའི་དང་པོ་དག་ ལ་ཞི་བ་དང༌། གཉིས་པ་དག་ལ་རྒྱས་པའི་ལས་བྱ་ཞིང༌། ཞིང་དང་ཁྱིམ་དང་དུས་སྦྱོར་དག་ ཀྱང་རིག་པར་བྱས་ལ། (ཞི་བ་ལ། ཀརྐ་ཊའི་ཁྱིམ་ན་ཟླ་བ་དང༌། སེང་གེའི་ཁྱིམ་ན་ཉི་མ་ཡོད་པ་ལ་བྱ་ཞིང༌། རྒྱས་པ་ ལ། གཟའ་ལྷག་གི་ཞིང་དུ་སྟེ། འཁྲིག་པ་དང་བུ་མོའི་ཁྱིམ་དུ་བྱའོ། །བིཥྚི་དང༌། སྲེག་ཚེས་དང༌། འཆར་བ་དང༌། མུན་པའི་དུས་ སྦྱོར་ལ། མིག་དམར་དང༌། སྤེན་པ་དང༌། དུས་མེ་མེད་པའི་དུས་སུ་བྱའོ།།) རྡོ་རྗེ་སློབ་དཔོན་ནམ། ལས་ཀྱི་རྡོ་རྗེ་ སྔར་བཤད་པ་ལྟར་ལས་ཐམས་ཅད་པ་གཉིས་ལ་ཆས་གོས་ལྗང་ཁུ་དང༌། སོ་སོ་བ་གཉིས་ལ་ དཀར་པོ་དང༌། རྒྱན་དྲུག་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐོག་མར་རང་ཉིད་ རྡོ་རྗེ་ཤུགས་སུ་བསྒྱུར་ལ། དེའི་ཐུགས་ཀ་ནས་ཁྲོ་བོ་བཅུ་ཡུམ་དང་བཅས་པ་སྤྲོས་ཏེ། ར་བའི་ ནང་ཐབ་ཀྱི་ཕྱི་རོལ་ཏུ་ཕྱོགས་བཅུར་དགོད། ཡེ་ཤེས་པ་གཞུག རྒྱས་གདབ། དབང་བསྐུར། མཆོད་བསྟོད། གཏོར་མ་ཕུལ། བར་ཆད་བསྲུང་བའི་ཕྱིར་བཀའ་བགོ་བའི་སྔགས་ བཟླས་སོ། །དེ་ནས་གོང་དུ་སྡོགས་པའི་ཕུར་བུ་རྣམས་བསྐྱེད་ཆོག་ལ་སོགས་དཀྱིལ་ ཆོག་བཞིན་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་གཞུག རྒྱས་གདབ། དབང་བསྐུར་སོགས་བྱས་ ནས། ཐབ་ཀྱི་ཕྱིའི་ཕྱོགས་བཅུར་མ་འཆོལ་བར་གདབ་པ་དང༌། ཐོ་བས་བརྡུང་བ་སོགས་ 3-1-247 སྒྲུབ་ཐབས་བཞིན་བྱའོ། །དེ་ནས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་རྐང་པ་གཉིས་ལ་རེག་ཅིང༌། ཧུཾ་ ཧཱུཾ། ཞེས་བརྗོད་ནས། རྡོ་རྗེར་བྱིན་གྱིས་བརླབས་ཏེ། རང་རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས། སྒོའི་ ནང་ནས་ཞུགས་པར་བསམ་ལ། སྒོ་དང་ཉེ་བ་ནས་ར་བའི་ནང་དུ་ཞུགས་ཏེ། ཐབ་ལ་གཡས་ བསྐོར་གྱིས། གདན་དབུས་མའི་སྟེང་དུ། ཞི་བ་ལ་པུས་མོ་གཡོན་པའི་སྟེང་དུ་རྐང་པ་གཡས་ པ་གན་རྐྱལ་དུ་བཞག་པའི་དཀྱིལ་ཀྲུང་དང༌། རྒྱས་པ་ལ་རྡོ་རྗེའི་གདན་གྱིས་འདུག་སྟེ། ཞི་བ་ལ་ མི་མཐུན་ཕྱོགས་ཞི་བ་དང༌། རྒྱས་པ་ལ་དགེ་ལེགས་རྒྱས་པར་འདོད་པའི་བསམ་པས། སྨྲ་བ་ གཞན་བཅད་ལ། རང་རྡོ་རྗེ་ཤུགས། གཙོ་བོའི་སྐུར་གྱུར་པ་ནི། བཅོམ་ལྡན་འདས་དུས་ཀྱི་ འཁོར་ལོ་དཔའ་བོ་གཅིག་པ། ལས་སོ་སོ་བའི་ཞི་བ་ལ་ཞི་བའི་ཉམས་ཅན། རྒྱས་པ་ལ་རྒྱས་ པའི་ཉམས་ཅན། སྐུ་མདོག་དཀར་པོ། ལས་ཐམས་ཅད་པ་གཉིས་ལ། རྩ་ཞལ་དང་སྐུ་མདོག་ ལྗང་ཁུ། དེ་རྣམས་ཀྱི་གཙུག་ཏོར་དུ། ཨ་ལས་མི་བསྐྱོད་པ། སྙིང་ཁར་ཨི་ལས་དོན་གྲུབ། མགྲིན་པར་རྀ་ལས་རིན་འབྱུང༌། དཔྲལ་བར་ཨུ་ལས་སྣང་མཐའ། ལྟེ་བར་ལྀ་ལས་རྣམ་སྣང༌། གསང་བར་ཨཾ་ལས་རྡོར་སེམས་རྣམས་བསྒོམས་ཏེ། བཟླས་པ་ཅུང་ཟད་བྱས་ནས། བྲིས་པའི་ ར་བ་གསུམ། ཤཱུ་ནྱ་ཏས་སྟོང་པར་སྦྱངས་པའི་ངང་ལས། འབྱུང་བ་རིམ་བརྩེགས། རི་རབ་ དང་བཅས་པའི་སྟེང་དུ། བྷྲཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་པ། སྒོ་གཅིག་པ། རྟ་བབས་དང་ བཅས་པར་གྱུར་ཅིང༌། (སློབ་དཔོན་མཆོད་རྫས་སྲེག་རྫས།) གདན་གསུམ་པོ་ཡང༌། པཾ་ལས་པདྨ་པཾ་ གྱིས་མཚན་པར་གྱུར། དེ་ནས་མཆོད་ཡོན་གྱི་སྣོད་ནས་ཀུ་ཤའི་རྩེས་དྲིའི་ཆུ་བླངས་ཏེ། ཐབ་ དང༌། སྲེག་རྫས། མཆོད་རྫས། དགང་བླུགས། རྡོར་དྲིལ་ལ་སོགས་ཡོ་བྱད་ཐམས་ཅད་དང༌། བདག་ཉིད་ལ་ཡང་འཐོར་བཞིན་པས། ༀ་ཨཱཿཧཱུཾ་ཧྲཿཕཊ། (ཅེས་པས་བསངས།) ཤཱུ་ནྱ་ཏས། སྟོང་ བའི་ངང་ལས། མཆོད་རྫས། སྲེག་རྫས་རྣམས། ༀ་ཨཱཿཧཱུཾ་ཧོཿལས་བྱུང་བའི་ལྷ་རྫས་ལས་གྲུབ་ པའི་མཆོད་རྫས་དང་སྲེག་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་ 3-1-248 བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་ཅིང་དྲི་མ་དང་བྲལ་བར་གྱུར(པར་ བསམ)། མཆོད་རྫས་རྣམས་རང་རང་གི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ་བོ། །སྲེག་རྫས་ ༀ་ཨ་སྭཱཧཱས་བཀྲུས། ༀ་ཨཱཿསྭཱཧཱས་ཡམ་ཤིང༌། ༀ་ཤྲཱིཾ་སྭཱཧཱས་ཞུན་མར། ༀ་ཛྲིཾ་སྭཱཧཱས་འབྲུ། ༀ་ཀུ་རུ་ཀུ་རུ་སྭཱཧཱས་དེ་ལས་གཞན་པའི་རྫས་རྣམས་སྦྱངས་ཏེ། ༀ་ཨཱཿཧཱུཾ་གིས་ལྷ་རྫས་ཀྱི་ཡོ་ བྱད་ཁྱད་པར་ཅན་དང༌། ཞལ་དུ་འབུལ་རྒྱུ་རྣམས་ཟག་མེད་ཀྱི་བདུད་རྩིར་བྱིན་གྱིས་བརླབ་ བོ། །དེ་ནས་ཐབ་ཤཱུ་ནྱ་ཏས་སྟོང་པའི་ངང་ལས་ཧཱུཾ་ལས་ལས་སོ་སོ་བའི་ཞི་བའི་ཐབ་རྒྱར་ཁྲུ་ གང་པ་དཀར་པོ་ཟླུམ་པོ། རྒྱས་པའི་ཐབ་ཁྲུ་དོ་པ་གྲུ་བཞི་དཀར་པོ། ཐབ་གཉིས་ཀ་རྒྱ་ཕྱེད་ཀྱི་ དཔངས་དང༌། དེའི་སྟེང་དུ་ཐབ་ཀྱི་བཅུ་གཉིས་ཆའི་མཆུ་དང༌། དེའི་སྟེང་དུ་ཐབ་ཀྱི་དྲུག་ཆའི་ ཁ་ཁྱེར་དང་བཅས་པ། ཁ་ཁྱེར་ལ་(ཞི་བ་ལ་)པདྨ་དང༌། (རྒྱས་པ་ལ་)འཁོར་ལོའི་ཕྲེང་བས་བསྐོར་ བ། (སྒོམ་དོན་ལ་)ཁ་ཁྱེར་གྱི་འོག་ཕྱི་རོལ་ཏུ་པདྨའི་འདབ་མས་ཀུན་ནས་བསྐོར་བ། དྭངས་ཤིང་ ཐོགས་པ་མེད་པར་གྱུར་(པར་བསམ)། ཧཱུཾ་ལས་ཞི་བ་ལས་ཐམས་ཅད་པའི་ཐབ་ཁུང་ཁྲུ་དོ་པ་ ཟླུམ་པོའོ། །ཧཱུཾ་ལས་རྒྱས་པ་ལས་ཐམས་ཅད་པའི་ཐབ་ཁུང་ཁྲུ་བཞི་པ་གྲུ་བཞི་པ། ཐབ་གཉིས་ ག་རྒྱ་ཕྱེད་ཀྱི་དཔངས་དང༌། དེའི་སྟེང་དུ་བཅུ་{དྲུག་}གཉིས་}ཆའི་མཆུ་དང༌། དེའི་སྟེང་དུ་དེའི་ ཕྱེད་ཀྱི་རེ་ཁཱའི་དཀྱིལ་འཁོར། དེའི་སྟེང་དུ་མཆུ་ཉེས་འགྱུར་གྱི་ཁ་ཁྱེར། དེའི་སྟེང་དུ་(སྔ་མའི་ ཚད་ཀྱི་)རེ་ཁཱའི་དཀྱིལ་འཁོར་རོ། །གཉིས་ཀའི་ནང་གི་ཁ་དོག་ལྗང་ཁུ། (སྒོམ་དོན་ལ་)ཁ་ཁྱེར་ གྱི་འོག་ཕྱི་རོལ་ཏུ་པདྨའི་འདབ་མས་སྤྲས་པའོ། །དེ་ནས་ༀ་བཛྲ་སཏྭ་ཨ། ཀུ་ཤ་འདི་ནི་གཙང་ ཞིང་དགེ །ས་ལ་སྐྱེས་པའི་སྙིང་པོ་མཆོག །ཚངས་པ་ཡི་ནི་དག་བྱེད་དེ། །དཀོན་མཆོག་གསུམ་ གྱིའང་དག་བྱེད་ཡིན། །དེས་བདག་ཅག་ལ་བགེགས་མེད་པར་མཛོད་ཅིག །ཅེས་བརྗོད་ཅིང༌། ཀུ་ཤ་མ་ཉམས་པ་རྩེ་མོ་གཡས་སྐོར་དུ་བསྟན་ཏེ། ཐབ་ཀྱི་ཕྱི་རོལ་ཕྱོགས་མདོག་གི་གཞི་ལ་ དགྲམ་མོ། །ཞི་བ་ལ་བྲམ་ཟེའི་ཁྱིམ་དང༌། རྒྱས་པ་ལ་ལྷ་ཁང་ནས་བླངས་པའི་མེ་ལ་སྔར་གྱི་ 3-1-249 སྦར་ཤིང་ལ་མེ་སྦར་ཏེ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ ཞེས་བརྗོད་ལ། གཙང་ཞིང་སྐམ་པའི་རྩྭའི་ཆུན་པོ་ དང་ལྷན་ཅིག་ཐབ་ཏུ་བཅུག་ལ། ༀ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་བརྗོད་ཅིང༌། རླུང་གཡབ་ལ་སོགས་ པས་མེ་སྦར་གྱི། ཁའི་དབུགས་ཀྱིས་ནི་མ་ཡིན་ནོ། །དེ་ནས་ༀ་ཨཱཿཧཱུཾ་ཧོཿ ཧྐྵྨླྺྼྻྂ་སྭཱཧཱ། ཞེས་ བརྗོད་ཅིང༌། བླུགས་གཟར་གྱིས་ཞུན་མར་ལན་བདུན་ཕུལ་ལ་མེ་གསོའོ། །མེ་དེ་སྟོང་པའི་ ངང་ལས། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་བཀྲ་ཤིས་ཀྱིས་མཚན་པར་བསམ། དེ་ནས་རང་གི་སྙིང་ཁ་དང་ཐབ་གཉིས་ཀར་པད་ཟླའི་སྟེང་དུ་མེ་ལྷ་བསྐྱེད་པར་བྱ་སྟེ། ཞི་བ་ལ་ རཾ་ལས་སྐྱེས་པའི་པདྨ་དཀར་པོ་ཡོངས་སུ་གྱུར་པ་ལས་མེ་ལྷ་དཀར་པོ་ཟླ་བའི་ལྕེ་དང༌། ཞི་ བའི་ཉམས་ཅན། ཕྱག་བཞིའི་གཡས་གཉིས་ཀྱིས་པདྨ་དང་ཤེལ་ཕྲེང༌། གཡོན་གཉིས་ཀྱིས་ རིལ་བ་དང་དུང་འཛིན་པ། གོས་དང་རྒྱན་དཀར་པོ་ཅན་པདྨའི་འདུག་སྟངས་ཀྱིས་གནས་ པ། རྒྱས་པ་ལ་དཀར་པོ་ཉི་མའི་ལྕེ་དང་བཞད་པའི་ཉམས་ཅན། གཡས་གཉིས་ཀྱིས་འཁོར་ ལོ་དང་མུ་ཏིག་གི་བགྲང་ཕྲེང༌། གཡོན་གཉིས་ཀྱིས་པདྨ་དང་སྤྱི་བླུགས་འཛིན་པ། གོས་དང་ རྒྱན་དཀར་པོ་ཅན། རྡོ་རྗེའི་གདན་གྱིས་བཞུགས་པ། གཉིས་ཀ་ཡང་སྣང་བ་མཐའ་ཡས་ཀྱི་ དབུ་རྒྱན་ཅན་ནོ། །ལས་ཐམས་ཅད་པ་གཉིས་ཀྱང་རང་གི་སྙིང་ཁ་དང་ཐབ་གཉིས་ཀར་པད་ ཟླའི་སྟེང་དུ། ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལྗང་ཁུ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས། མེ་ལྷ་ལྗང་ ཁུ་ཞལ་གཅིག་ཕྱག་གཞིའི་གཡས་གཉིས་ཀྱིས་རྡོ་རྗེ་དང་བགྲང་ཕྲེང༌། གཡོན་གཉིས་ཀྱིས་ དྲིལ་བུ་དང་པདྨ་འཛིན་པ། ལྟོ་བ་འཕྱང་བ། ཤ་རྒྱས་པ། སྐུ་བོང་ཐུང་བ། རེས་གཟའ་དག་ པས་ཞལ་གཅིག་པ། ཐུན་མཚམས་བཞི་དག་པས། ཕྱག་བཞི་པ། ཉིན་མཚན་གཉིས་དག་ པས་ཞབས་གཉིས་པ། རལ་བ་སེར་སྐྱ་མིག་དམར་སེར་དང༌། གོས་དམར་སེར་ཅན། ཞི་ བ་ལ་ཟླ་བའི་ལྕེ་དང༌། ཞི་བའི་ཉམས་ཅན། རྒྱས་པ་ལ་ཉི་མའི་ལྕེ་དང༌། བཞད་པའི་ཉམས་ ཅན། མི་བསྐྱོད་པས་དབུ་བརྒྱན་ཅིང༌། ཞི་བ་ལ་དཀྱིལ་ཀྲུང་དང༌། རྒྱས་པ་ལ་རྡོ་རྗེའི་གདན་ 3-1-250 གྱིས་བཞུགས་པའོ། །དེ་ནས་རང་གི་སྙིང་ཁའི་མེ་ལྷའི་ཐུགས་ཁར། ཛཿཡིག་ལས་བྱུང་བའི་རྡོ་ རྗེ་ལྕགས་ཀྱུ་དྲི་མ་མེད་པའི་འོད་ཟེར་འཕྲོ་བར་བསམས་ལ། ཛཿདང་ལྕགས་ཀྱུའི་ཕྱག་རྒྱས་ རང་གི་སྙིང་ཁའི་མེ་ལྷ་དམ་ཚིག་པ་ལ། མེ་ལྷ་ཡེ་ཤེས་པ་དགུག་པ་དང་། ཧཱུཾ་དང་རྡོ་རྗེའི་ཕྱག་ རྒྱས་གཞུག བཾ་དང་ཞགས་པའི་ཕྱག་རྒྱས་བཅིང༌། ཧོཿདང་དྲིལ་བུའི་ཕྱག་རྒྱས་མཉེས། ཧི་ དང་དབྱུག་པའི་ཕྱག་རྒྱས་རོ་མཉམ་དུ་བྱེད་པར་བསམ། དེ་ནས་རང་གི་དབུགས་ཕྱིར་འབྱུང་ བ་དང༌། ལྷན་ཅིག་ནང་གི་མེ་ལྷ་ལྕགས་ཀྱུའི་ཕྱག་རྒྱས་ཐབ་ཏུ་སྤྱན་དྲངས་ཏེ། ༀ་ཨགྣེ་ཡེ་མ་ ཧཱ་ཏེ་ཛ་སརྦ་ཀརྨཱརྠ་སཱ་དྷ་ཀ་ཀཱ་རུ་ཎྱ་ཀྲི་ཏྭ་སཏྭཱརྠཾ་ཨསྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་བརྗོད་ཅིང༌། རྡོ་ རྗེ་ཁུ་ཚུར་གྱི་སྟེང་དུ་མཐེ་བོས་མནན་པའི་ཕྱག་རྒྱས། སྙིང་ཁའི་མེ་ལྷ་ཐབ་ཀྱི་མེ་ལྷ་ལ་བསྟིམ་ མོ། །དེ་ནས་འཇུག་ངོགས་པ་དག་སྤྱན་དྲང་བ་དག་དང༌། ཞེས་གསུངས་པས། ཕྱིའི་མེ་ལྷ་སྤྱན་ དྲང་བར་བྱ་སྟེ། (ༀ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་གཉིས་སྐྱེས་མཆོག །འོད་ཟེར་ཆེན་པོ་མཚོན་ཆ་འཛིན། །འདིར་ནི་ཡང་དག་མཉེས་པར་མཛོད། །ཅེས་དང༌།) ༀ་ཨེ་ཧཱི་ཨེ་ཧི་མ་ཧཱ་བྷཱུ་ཏ་དེ་ཝ་རི་ཝི་དྭི་ཛ་སཏྭ་མ་གྲི་ཧཱི་ ཏྭཱ་ཡུ་དྷཾ་མ་ཧཱ་རསྨི་སནྣི་ཧི་ཏོ་བྷ་ཝ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སྭཱཧཱ། རི་རབ་ཀྱི་ཤར་ལྷོ་ནས་མེ་ལྷ་ དྲང་སྲོང་གི་ཚོགས་དང་བཅས་པ་སྤྱན་དྲངས་ནས་ཐབ་ཀྱི་ཁ་ཁྱེར་ལ་བཞུགས་པ་ལ། བསང་ གཏོར་དང་མཆོད་ཡོན་ཕུལ་ནས། ཐབ་ཀྱི་མེ་ལྷ་ལ་སྔར་བཞིན་དགུག་གཞུག་བཅིང་མཉེས་ རོ་མཉམ་པར་བྱས་པ་ལ། རྒྱས་གདབ། དབང་བསྐུར་ནས། ལས་སོ་སོ་བ་གཉིས་ལ་སྣང་ བ་མཐའ་ཡས། ཐམས་ཅད་པ་གཉིས་ལ་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ཏེ། དྲིལ་ བུ་དཀྲོལ་ལ་དབང་དུ་བྱའོ། །དེ་ནས་མདུན་དུ་བཟེད་ཞལ་གསུམ་བཞག་ནས། ༀ་པྲ་བ་ར་ སད་ཀཱ་རཾ་མ་ཧཱ་རསྨཱིན་པྲ་ཏཱིཙྪ་སྭཱཧཱ། ཞེས་པས་བཟེད་ཞལ་དང་པོར་མཆོད་ཡོན་ལན་གསུམ་ དབུལ། ༀ་མ་ཧཱ་རསྨཱིན་པཱ་དྱཾ་པྲ་ཏཱིཙྪ་སྭཱཧཱས། བཟེད་ཞལ་གཉིས་པར་ཞབས་བསིལ། ༀ་མ་ ཧཱ་རསྨཱིན་ཞེས་པ་འོག་མ་ཀུན་ལ་སྦྱར་ཏེ། ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱཧཱས། སྣོད་གསུམ་པར་ཞལ་ 3-1-251 བསིལ། པྲོཀྵ་ནཾ་པྲ་ཏཱིཙྪ་སྭཱཧཱས། ཀུ་ཤའི་རྩེ་མོས་ཆུ་བཞི་པ་ནས་བླངས་ཏེ་འཐོར་ཞིང༌། འཐོར་ འཐུང་དབུལ། བཛྲ་གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནཻ་བེ་ཏྱཾ། ཨཀྵ་ཏཾ། ལཱ་སྱཾ། ཧཱ་སྱཾ།བཱ་དྱཾ། ནཱྲྀ??་ ཏཾ། གཱི་ཏཾ། ཀཱ་མཾ། པྲ་ཏཱིཙྪ་སྭཱཧཱ། ཞེས་པས་ཕྱི་མཆོད་ཕུལ་ནས། བདུད་རྩིས་ཀྱང་མཆོད་དེ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་ བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་ པར་འདུད། །ཅེས་བསྟོད་ཅིང༌། འདོད་དོན་ལ་གསོལ་བ་གདབ་བོ། །རྡོ་རྗེ་ཁུ་ཚུར་བཅིངས་ པའི་ཕྱག་རྒྱ་བསྟན་ནས། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་སརྦ་བྷསྨཱིན་ཀུ་རུ་ཀུ་རུ་སརྦ་ དུཥྚན་ཧཱུཾ་ཕཊ། ཏྲི་ཤྱ་ཛཿཧཱུཾ་བཾ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧཾ། ཅེས་པས་དམ་ལ་བཞག་པར་ བསམ། ལག་པ་གཉིས་པུས་མོ་ལས་ཕྱིར་མི་འདའ་བས། གཡོན་པས་དགང་གཟར་མར་ གྱིས་བཀང་བའི་སྟེང་དུ་གཡས་པས་བླུགས་གཟར་བཟུང་སྟེ་དགང་བླུགས་ཀྱི་ཁ་ལ་ༀ་ཨཱཿཧཱུཾ་ ཧོཿༀ་ཧྐྵྨླྺྼྻྂ་འོད་ཟེར་དང་བཅས་པ་དང༌། མེ་ལྷའི་ལྕེ་ལ་རཾ་བསམས་ནས། ༀ་བཛྲ་ཨ་ན་ལ་སརྦ་ བྷཱུ་ཏཱན་ཛྭ་ལ་ཡ་སརྦན་བྷསྨཱིན་ཀུ་རུ་ཀུ་རུ་སརྦ་ཛ་ན་དུཥྚན་ཧཱུཾ་ཕཊ་སྭཱཧཱ། ཞེས་པའི་སྔགས་ཀྱིས་ མར་ལན་བདུན་མེ་ལྷའི་ཞལ་དུ་ཕུལ་བས་མཉེས་པར་བསམ་ཞིང༌། མེའི་མཚན་མ་བརྟགས་ ཏེ། ངན་ན་བདུད་བསྲེག་པའི་སྔགས་དང་དམིགས་པས་བསལ་ལོ། །དེ་ནས་ཞི་བ་གཉིས་ལ་ ཞི་བའི་ཏིང་ངེ་འཛིན་དང༌། རྒྱས་པ་གཉིས་ལ་རྒྱས་པའི་ཏིང་ངེ་འཛིན་ལ་གནས་པས། ཡམ་ ཤིང་དང༌། སྲེག་རྫས་རྣམས་ལ་བསང་གཏོར་བྱས་ཏེ། ༀ་པྲིཀྵཱ་ཡ་སྭཱཧཱ། ༀ་ཨ་སྭཱཧཱ། ༀ་ ཨཱཿསྭཱཧཱ། ༀ་ཤྲཱིཾ་སྭཱཧཱ། ༀ་ཛྲིཾ་སྭཱཧཱ། ༀ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་རྫས་རྣམས་སྦྱངས། བྱིན་ གྱིས་བརླབས་ནས། རིམ་པ་ལྟར་དབུལ་ཏེ། ༀ་བཛྲ་ཨ་ན་ལ། སོགས་ཀྱི་བཤམ་དུ་སྤེལ་ཚིག་ བཏགས་ཏེ་འབུལ་བའམ། ཡང་ན་རྫས་སོ་སོའི་སྔགས་ཀྱིས་ཉི་ཤུ་རྩ་རེ་འབུལ་བ་ལ། ལག་ པ་གཡས་པ་ཁ་འོག་ཏུ་བསྟན་པའི་མཐེབ་སྲིན་གྱིས་ཡམ་ཤིང་བླངས་ཏེ་ཁ་སྟེང་དུ་བསྟན་པ་ 3-1-252 མཆོག་སྦྱིན་པའི་ཚུལ་གྱིས། ཞི་བ་གཉིས་ལ། སྡིག་སྒྲིབ་སོགས་ཤཱནྟིཾ་ཀུ་རུ་ན་མཿ ཞེས་པ་ དང༌། རྒྱས་པ་གཉིས་ལ། ཚེ་དང་བསོད་ནམས་སོགས་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པའི་སྤེལ་ཚིག་ སྦྱར་ཏེ། དཔེར་ན། ༀ་བོ་དྷི་པྲིཀྵཱ་ཡ། སརྦ་པཱ་པཾ་ཨ་ཝ་ར་ཎ་ཤཱནྟིཾ་ཀུ་རུ་ན་མཿ ཞེས་པ་དང༌། ༀ་བོ་དྷི་པྲིཀྵཱ་ཡ་ཚེ་དང་བསོད་ནམས་སོགས་པུཥྚིཾ་ཀུ་རུ་སྭཱཧཱ། ཞེས་པ་ལྟ་བུ་འོག་མ་རྣམས་ ལའང་ཤེས་པར་བྱའོ། །དེ་བཞིན་དུ། ཨགྣེ་ཡེས་མར། བཛྲ་བི་ཛ་ཡེས་སོ་བ། བཛྲ་པུཥྚ་ཡེས་ འབྲས། མ་ཧཱ་བེ་གཱ་ཡེས་ནས། མ་ཧཱ་བ་ལཱ་ཡེས་སྲན་མ། བཛྲ་གྷསྨ་རིས་གྲོ་སྟེ། སྔགས་དེ་ རྣམས་ཀྱི་མགོར་ༀ་དང༌། མཇུག་ཏུ་སྤེལ་ཚིག་སྦྱར་ནས། བླུགས་གཟར་གྱིས་དབུལ་ཞིང༌། བླུགས་གཟར་མེད་ན། ལག་པ་གཡོན་པ་གན་རྐྱལ་དུ་བྱས་པའི་སྟེང་དུ་སྲེག་རྫས་བཞག་ལ། གཡས་པ་མཆོག་སྦྱིན་གྱི་ཕྱག་གི་མཐེ་བོས་སྲེག་རྫས་བསྐྱོད་ལ་དབུལ་ལོ། །ཞི་བ་ལ་ཏིལ། སརྦ་པཱ་པཾ་ད་ཧཱ་ན་ཤཱནྟིཾ་ཀུ་རུ་ན་མཿ ཞེས་པ་དང༌། རྒྱས་པ་ལ་དུར་བ། ༀ་བཛྲ་ཨཱ་ཡུཿཤེ་པུཥྚིཾ་ ཀུ་རུ་སྭཱཧཱ། དེ་ནས་དགང་བླུགས་ཀྱིས་སྲེག་བླུགས་ལན་བདུན་ཕུལ། བསང་གཏོར་དང༌། མཆོད་པས་མཆོད། གོང་བཞིན་བསྟོད་ནས། སླར་ཡང་བསང་གཏོར་དང༌། ཞལ་བསིལ་ཕུལ་ བས། མེ་ལྷ་མཉེས་ནས། འབར་བའི་རྣམ་པར་གྱུར(པར་བསམ)། (འདིར་འཕྲིན་ལས་ཀུན་འབྱུང་ལས། ཁྱིམ་བདག་གི་མེ་ཉི་མ། བསྲེག་བྱ་ཟ་བའི་མེ་མཆོད་སྦྱིན་གྱི་མེ། འདོད་པའི་མེ་འདོད་པའི་ལྷ་རང་གི་ཡི་དམ་གང་ཡིན་ཡིན་ཞིང༌། ཀུན་ཏུ་དགའ་བའི་ཆོས་ནི་མེ་བཞི་པ་ཡེ་ཤེས་ཀྱི་མེ་ཡིན་པས་འདོད་པའི་མེ་དང་མི་གཅིག །དེས་ན་འདོད་པའི་མེ་མཆོད་པའི་ཆོ་ ག་ལོགས་སུ་དགོས་གསུང༌། ཆོས་རྗེ་བླ་མ་དམ་པས། འདོད་པའི་མེ་ཡེ་ཤེས་ཀྱི་མེར་བཞེད་དོ། །ཀུན་མཁྱེན་ཆེན་པོ་ཡབ་སྲས་ ནི། ཁྱིམ་བདག་གི་མེ་དང་མཆོད་སྦྱིན་གྱི་མེ་ནི་འཇིག་རྟེན་པ། དེ་དག་ལ་ཁྱབ་པར་བྱེད་པ་འཇིག་རྟེན་ལས་འདས་པ་དོན་དམ་པ་ ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་ནི་འདོད་པའི་མེར་བཞེད་ཅིང༌། དེ་དག་ལྷན་ཅིག་ཏུ་འདུས་པར་གྱུར་པ་ལ། མཆོད་པ་དང་ སྦྱིན་སྲེག་འབུལ་བར་བཞེད་པ་ཤིན་ཏུ་ལེགས་ནའང༌། དུས་ཞབས་པས། དེ་ལྟར་མེ་ལྷ་མཆོད་ནས་ནི། །མེ་ནི་བསངས་ལ་འོད་དུ་ ཞུ། །དེ་ཡི་དབུས་སུ་ཡེ་ཤེས་ཀྱི། །འཁོར་ལོ་ཆོ་ག་བཞིན་དུ་བསྐྱེད། །ཅེས་གསུངས་པའི་རྗེས་སུ་འབྲངས་ནས། དང་པོར་འཇིག་ 3-1-253 རྟེན་པའི་མེ་ལྷ་བསྐྱེད་ཅིང་མཆོད་ནས། དེ་འབར་བའི་རྣམ་པར་གྱུར་པའི་དབུས་སུ་འདོད་པའི་ལྷ། དུས་ཀྱི་འཁོར་ལོ། རྟེན་དང་ བརྟེན་པར་བཅས་པ་བསྐྱེད་པ་ལ། དོན་དམ་ཡེ་ཤེས་ཀྱི་མེ་ཀུན་ཏུ་དགའ་བའི་ཆོས་དེ་ཐོབ་པའི་དོན་དུ། སྦྱིན་སྲེག་བྱེད་པའི་ ལུགས་སོ།།) དེ་ནས་སྔར་བཞིན་ཐབ་དང་ཡོ་བྱད་ལ་བསང་གཏོར་བྱས་ནས། མེ་འབར་བའི་དབུས་ སུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ། གཞལ་ཡས་ཁང་ཟླུམ་པོ་གདན་ དང་བཅས་པ་སྒྲུབ་ཐབས་བཞིན་བསྐྱེད། མདུན་བསྐྱེད་དང་འབྲེལ་ན། ལྷ་ཐམས་ཅད་ཀྱི་ སྔགས་བཟླ་ཞིང༌། མེ་ཏོག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ནས་སྤྱན་དྲངས་ཏེ། མེ་ཏོག་མེའི་ དབུས་སུ་དོར་བས། ལྷ་རྣམས་རྡུལ་ཚོན་གྱི་དཀྱིལ་འཁོར་ནས་བྱོན་ནས། མེའི་ནང་གི་ དཀྱིལ་འཁོར་དུ་རིམ་པ་བཞིན་འཁོད་པར་གྱུར(པར་བསམ)། མ་འབྲེལ་ན། རང་གི་སྙིང་ཁ་དང༌། ཐབ་གཉིས་ཀར། ལས་སོ་སོ་བ་གཉིས་ལ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྐུའི་ཞལ་ གཙོ་བོར་གྱུར་པའི་རྩ་བའི་ཞལ་དང༌། སྐུ་མདོག་དཀར་པོར་བྱས་པའི་དེ་བཞིན་གཤེགས་པ་ ཡབ་ཡུམ་ཡན་ཆད་བསྐྱེད། ལས་ཐམས་ཅད་པ་གཉིས་ལ། གཙོ་བོ་རྩ་ཞལ་དང་སྐུ་མདོག་ ལྗང་ཁུ། ཡབ་ཡུམ་མངོན་བྱང་ལྔ་དང༌། འཁོར་རྣམས་མངལ་འབྱིན་གྱི་ཚུལ་དུ་བསྐྱེད་ནས། རང་གི་སྙིང་ཁའི་གཙོ་བོའི་ཐུགས་ཁ་ནས། ཛཿལས་རྡོ་རྗེ་ལྕགས་ཀྱུ་འོད་ཟེར་འཕྲོ་བ་སྤྲོས་ཏེ། ཡེ་ཤེས་པ་དགུག་པ་སོགས། སྒྲུབ་ཐབས་བཞིན་བྱས་ནས་རང་གི་སྙིང་ཁའི་ལྷ་ལ་བསྟིམ། དེ་ ནས་དབུགས་ཕྱིར་འབྱུང་བ་དང་བསྟུན་ཏེ། ལྕགས་ཀྱུའི་ཕྱག་རྒྱས་སྙིང་ཁའི་ལྷ་རྣམས་ཕྱིར་ སྤྱན་དྲངས་ནས། ཐབ་ཀྱི་ལྷ་ལ་དགུག་པ་སོགས་སྔར་བཞིན་བྱ། རྒྱས་བཏབ། བྱིན་གྱིས་ བརླབ། དབང་བསྐུར་ནས། ༀ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་ར། ཞེས་པ་སྔོན་དུ་འགྲོ་བས་སྒྲུབ་ ཐབས་བཞིན་མཆོད། འདུད་ཉི་ཤུས་བསྟོད་ལ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨགྣི་བཛྲ་སཏྭ་ སརྦ་པཱ་པཾ་ད་ཧ་ད་ཧ་སྭཱཧཱ། ཞེས་པས་སྲེག་བླུགས་ལན་བདུན་ཕུལ་བས་མཉེས་པར་གྱུར། དེ་ 3-1-254 ནས་སྔར་བཞིན་རྫས་རྣམས་བསངས་སྦྱངས་བྱས་ནས། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿལ་ཞི་བ་ལ་ན་ མཿདང༌། རྒྱས་པ་ལ་སྭཱཧཱ་སྦྱར་ཏེ། འོག་མ་རྣམས་ལའང་འདྲེའོ། །དེ་ནས་ཡམ་ཤིང་བརྒྱ་རྩ་ བརྒྱད་འབུལ། བླུགས་གཟར་གྱིས་མར་ལ་སོགས་པའི་རྫས་གཞན་(སོ་བ། འབྲས། ནས། སྲན་མ། གྲོ། ཞི་བ་ལ་ཏིལ། རྒྱས་པ་ལ་དུར་བ།)རྣམས་ཀྱང་བརྒྱ་རྩ་རེ་སྔར་བཞིན་ཕུལ་བའི་རྗེས་ལ། ༀ་ཨཱཿཧཱུཾ་ཧོཿ ཧྐྵྨླྺྼྻྃ་གི་རྗེས་སུ་སྤེལ་ཚིག་བཏགས་པས་སྲེག་བླུགས་བརྒྱ་རྩ་(འབུལ་ཚན་དང་པོ་)དབུལ། དེ་བཞིན་ དུ། མགོར་ༀ་དང༌། མཇུག་ཏུ་སྤེལ་ཚིག་སྦྱར་ཏེ། ཧྲཱཾ་ཧྲཱིཾ་ཧྲྀཾ་ཧྲཱུཾ་ཧྲླཱྀ་ཧྲཿ ཡམ་ཤིང་ཚན་གཅིག་ དང༌། བླུགས་གཟར་གྱི་རྫས་གཞན་རྣམས་དང༌། སྲེག་བླུགས་(འབུལ་ཚན་གཉིས་པ་)འབུལ་བ་གོང་ བཞིན། ཡང༌། ཨ་ཨཱ། ཨི་ཨཱི ། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨཾ་ཨཿས་ཡམ་ཤིང་ཚན་གཅིག་དབུལ་ ཞིང༌། ཡང་སྲེག་རྫས་སྲེག་བླུགས་སྔར་བཞིན་(འབུལ་ཚན་གསུམ་པ་)དབུལ། ཡང༌། ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱལ། ཨཾ་ཨཿས་ཡམ་ཤིང་ཚན་གཅིག་དང༌། ཡང་སྲེག་རྫས། སྲེག་ བླུགས་སྔར་བཞིན་(འབུལ་ཚན་བཞི་པ་)དབུལ། ཡང༌། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཧཾ་ཧཿས་ ཡཾ་ཤིང་ཚན་གཅིག་(འབུལ་ཚན་ལྔ་པ་)འབུལ་ཞིང༌། སྡེ་ཚན་(ལྔ་པོ་)རེ་རེའི་མཐར་སྙིང་པོའི་སྔགས་ ཀྱིས་སྲེག་བླུགས་(བརྒྱ་རྩ་)རེ་རེ་དབུལ། སླར་ཡང་ཕྱི་ནང་གི་མཆོད་པས་མཆོད་ནས། གང་ལ་ ཐོག་མཐའ་དབུས་མེད། ཅེས་སོགས་སམ། བསྡུ་ན། སྤྲོ་བྱེད་ནུས་མའི་གཟུགས་ཅན་གློག་ གི་མེ་དང་མཚུངས་ཤིང་ཉི་མ་བཅུ་གཉིས་དག་གི་གཟི་བརྗིད་ཅན། །ཡེ་ཤེས་རྡོ་རྗེའི་སྣང་བ་ མཆོག་གི་གོ་འཕང་བགྲོད་བྱེད་རྣམ་པར་བཅད་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཕུང་པོ་ སོགས་ཀྱི་ཡམ་ཤིང་སོགས། །བསྲེགས་པ་ཐམས་ཅད་གསོལ་བ་གང༌། །ཡེ་ཤེས་མེ་ལྕེ་འོད་ རབ་གསལ། །འདོད་པའི་དོན་གྲུབ་ལ་ཕྱག་འཚལ། །ཞེས་པས་བསྟོད་དོ། ། གསུམ་པ་མཇུག་གི་ཆོ་ག་ལ། དེ་ནས་ཟན་དང་ཆུ་བཟུང་ནས། དཀྱིལ་འཁོར་ཁང་བའི་ ཕྱི་རོལ་ཏུ་ཕྱིན་ཏེ། ༀ་བྷཱུར་བྷུ་ཝ་སྭཱཧཱ། (ས་འོག་དང་ས་སྟེང་དུ་གཞི་ཚུགས།) 3-1-255 ན་མོ་དེ་བེ་བྷྱཿ (མཆོད་པ་ལྷ་རྣམས་ལ།) སྭསྟི་པྲ་ཛཱ་བྷྱཿ (བདེ་ལེགས་སྐྱེ་དགུ་རྣམས་ལ།) སྭཱཧཱ་རཱ་ཛཱ་བྷྱཿ (གཞི་ ཚུགས་རྒྱལ་པོ་རྣམས་ལ།) སྭ་དྷ་པི་ཏྲི་བྷྱཿ (གཞི་བསྲུང་པ་མི་མོ་རྣམས་ལ།) ཨ་ལཾ་བྷཱུ་ཏེ་བྷྱཿ (ཚིམ་པ་འབྱུང་པོ་ རྣམས་ལ།) བ་ཥ་ཌིཎ་དྲཱ་ཡ། (གཞི་མི་འགྲིབ་པ་དབང་པོ་རྣམས་ལ།) ཞེས་པའི་བཀྲ་ཤིས་བརྗོད་ཅིང༌། ཟན་དང་ཆུ་ཕྱི་རོལ་ཏུ་གཏོར་ནས། དེར་བསང་གཏོར་བྱས་ཏེ། སླར་ཡང་དཀྱིལ་འཁོར་གྱི་ ཁང་པར་ཞུགས་ཏེ། ༀ་ཨཱཿཧཱུཾ་ཀཱ་ཡ་ཝཱཀ་ཙིཏྟ་སྭ་བྷཱ་ཝ་ཤུདྡྷ་སྭཱཧཱ། ཞེས་པ་འདིས་མེ་ལ་ཡང༌། ཀུ་ཤའི་ཆུས་བསང་གཏོར་བྱའོ། ། དེ་ནས་སླར་ཡང་དྲི་དང༌། སྤོས་དང༌། གོས་ཟུང་ལ་སོགས་པས་ཡང་དག་པར་མཆོད་ ཅིང་བསྟོད་དེ། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས། བདག་ དང་སེམས་ཅན་ཐམས་ཅད་ཀྱི། ནད་གདོན་དང༌། སྡིག་སྒྲིབ་སོགས་མི་མཐུན་ཕྱོགས་ཐམས་ ཅད་ཞི་བ་དང༌། གནས་སྐབས་སུ་ཚེ་དང་བསོད་ནམས་སོགས་འོག་མིན་གྱི་མཐར་ཐུག་པའི་ འཇིག་རྟེན་པའི་དངོས་གྲུབ་མཐའ་དག་འགྲུབ་པ་དང༌། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་ གི་དངོས་གྲུབ། དཔལ་དུས་ཀྱི་འཁོར་ལོའི་གོ་འཕང་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་ གསོལ། ཞེས་གསོལ་བ་གདབ་བོ། །དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ ནས། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྤྱད་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ ལུས་ཅན་སྐྱབས་གྱུར་པ། །མགོན་ཁྱོད་དེ་ཀུན་བཟོད་པར་མཛོད། །མ་འབྱོར་བ་དང་ཉམས་ པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་ མགོན་པོས་བཟོད་པར་གསོལ། །ཞེས་ཉེས་པ་བཟོད་པར་གསོལ་ནས། ཡིག་བརྒྱས་ལྷག་ ཆད་ཁ་བཀང་སྟེ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་ གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་ གསོལ། །ཞེས་པས་བསྐུལ་ནས། སྔར་རྡུལ་ཚོན་ནས་གདན་དྲངས་པ་ཡིན་ན། ལྷ་རྣམས་ཀྱི་ 3-1-256 སྔགས་བརྗོད་ཅིང༌། མེ་ཏོག་གིས་སྤྱན་དྲངས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཞུགས་སུ་ གསོལ། དེ་ལྟར་མ་ཡིན་ན་བཛྲ་མུཿ ཞེས་བརྗོད་ཅིང༌། དབུགས་ནང་དུ་འཇུག་པ་དང་བསྟུན་ ནས་རང་གི་སྙིང་ཁར་གཤེགས་སུ་གསོལ་ལོ། ། དེ་ནས་འཇིག་རྟེན་པའི་མེ་ལྷ་གསལ་བཏབ། སྔར་བཞིན་མཆོད། བསང་གཏོར་དང༌། ཞབས་བསིལ་དབུལ། སྲེག་རྫས་ལྷག་མ་རྣམས་ཀྱང་སྔར་བཞིན་ཕུལ་ལ། མཆོད་པས་མཆོད་ ནས། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ ཡོངས་སུ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་བ། །རིགས་སྔགས་གྲུབ་པའི་ དྲང་སྲོང་ཚུལ། །ཉོན་མོངས་བསྲེག་པའི་ཤེས་རབ་འོད། །བསྐལ་པའི་མེ་ལྟར་གཟི་བརྗིད་ འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱིས་སྤྲུལ་པའི་ཐེག་པ་ལྕིབས། །རིག་སྔགས་གསུང་གི་བགྲང་ཕྲེང་འཛིན། །བདུད་རྩིའི་བཅུད་ལྡན་གྷུནྡྷེ་བསྣམས། །ཆོས་ ཀྱི་བདུད་རྩིས་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ ཀྱང་མྱ་ངན་འདས། །ཞི་བ་མཉེས་ཀྱང་ཐུགས་རྗེ་ཆེ། །དེ་བས་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད་དེ། མཆོད་ཡོན་ཕུལ། གོང་བཞིན་ཉེས་པ་བཟོད་པར་གསོལ། འདོད་དོན་ ལ་གསོལ་བ་གདབ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་ནས། བདག་གི་དོན་དང་གཞན་གྱི་ དོན། །ཕྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ཏེ། །བདག་ གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ༀ་ཛཿགཙྪ་གཙྪ་མ་ཧཱ་རསྨཱི་སྭསྠཱ་ནཾ་སཾ་ཏྲིཔྟོ་ཧོཿ པུ་ན་རཱ་ གཱ་མི་ཥྱུ་སི་དེ་ཝཱ་སྱ་ཡ་ད་ཨཱ་ཧྭཱ་ན་ཡཱ་མི་སྭཱཧཱ། (ཞེས་བརྗོད་ནས།) དབུགས་ནང་དུ་འཇུག་པ་དང༌། ལྷན་ཅིག་ཡེ་ཤེས་ཀྱི་མེ་ལྷ་རང་གི་སྙིང་གར་གཤེགས། འཇིག་རྟེན་པའི་མེ་ལྷ་རང་གི་གནས་ སུ་གཤེགས་པར་བསམ་མོ། །བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པར་གནས་པའི་ སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བསྔོ་བ་དང༌། སྟེང་ན་བྱང་ཆུབ་ 3-1-257 སེམས་དཔའ་གང་དག་བདུད་ཀྱི་ཕྱོགས་གནས་ལྷ་མ་ཡིན་རྣམས་མཆོག་ཏུ་འཇིགས་བྱེད་ དང༌། །མི་ཡི་འཇིག་རྟེན་དག་ན་ཕྱོགས་དང་ཕྱོགས་བྲལ་དུ་གནས་ཁྲོ་བོ་རྒྱལ་པོ་བཙུན་མོར་ བཅས་རྣམས་དང༌། །ས་འོག་དག་ན་གདེངས་ཅན་དབང་པོ་གང་དག་གདོན་ཚོགས་མི་དགེ་ དུས་ཀུན་ཏུ་ནི་འཆིང་བྱེད་པ། །དེ་རྣམས་ཐམས་ཅད་ཉིན་ཞག་སོ་སོའི་དུས་སུ་མི་ཤེས་འཇིག་ རྟེན་ཀུན་ནས་སྐྱོང་བར་བྱེད་གྱུར་ཅིག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར། དེ་ནས་ ལོང་ཡོད་ན་མེ་མ་ཤིའི་བར་དུ་མི་རེག མི་འགོང་བར་བཞག ལོང་མེད་ན་མེ་འོ་མས་གཞིལ། ཐལ་བ་རྣམས་བུམ་པར་བླུག རྒྱ་མཚོར་འབབ་པའི་ཆུ་བོར་དོར་ནས། བུམ་པར་ཆུ་ཁྱེར་འོངས་ ཏེ། ཐབ་ལ་སོགས་པ་རྗེས་མི་མངོན་པར་བྱས་པ་ལ། བསང་གཏོར་བྱ་ཞིང༌། སླར་ཡང་བཀྲ་ ཤིས་རྒྱས་པར་བརྗོད་དོ། །འདི་ནི་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ། ཞི་རྒྱས་ཀྱི་ཕྱིའི་སྦྱིན་ སྲེག་ཙམ་བཀོད་པ་ཡིན་ལ། ནང་དང་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་ཡི་གེ་མངས་སུ་དོགས་པས་ མ་བྲིས་ཤིང༌། བསད་བསྐྲད་ལ་སོགས་པའི་སྦྱིན་བསྲེག་ནི། མངོན་ཤེས་མ་ཐོབ་པས་བྱ་བ་ མ་ཡིན་པས་མ་བྲིས་སོ། །དཔལ་ལྡན་དུས་འཁོར་ལས་གསུངས་པའི། །ཞི་རྒྱས་སྦྱིན་སྲེག་ ཆོ་ག་བཞི། །དུས་ཞབས་ཆེན་པོའི་རྗེས་འབྲངས་ནས། །ཇོ་གདན་བསོད་ནམས་བཟང་པོས་ བཀོད། །དེས་བསྐྱེད་དགེ་བའི་ཡེ་ཤེས་མེས། །འགྲོ་བའི་སྒྲིབ་གཉིས་བུད་ཤིང་བསྲེགས། །མཆོག་གི་བདེ་བ་མཐར་ཕྱིན་ཏེ། །སེམས་ཅན་ཀུན་གྱིས་མྱུར་ཐོབ་ཤོག །ལས་སོ་སོ་བ་དང༌། ཐམས་ཅད་པའི་ཞི་རྒྱས་ཀྱི་སྦྱིན་སྲེག་གི་ཆོ་ག ཡེ་ཤེས་ཀྱི་མེ་རབ་ཏུ་གསལ་བ་ཞེས་བྱ་བ་ འདི་ནི། དོན་དུ་གཉེར་བ་དུ་མས་ཡང་ཡང་བསྐུལ་བའི་ངོར། ཇོ་གདན་དུས་ཀྱི་འཁོར་ལོ་བ་ བསོད་ནམས་བཟང་པོས། རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ། དབྱར་ཟླ་འབྲིང་པོའི་ཚེས་གསུམ་ གྱི་ཉནི ། མཚལ་མིན་གྱི་གཙུག་ལག་ཁང་དུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི། དུས་ཀྱི་འཁོར་ ལོ་པ་ཤཱཀྱ་སངས་རྒྱས་སོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་ 3-1-258 གྱུར་ཅིག། །།སརྦ་སྭསྟི་པྲ་ཛཱ་བྷྱཿ གཅིག་ཞུས་སོ།། སྭསྟི། རང་བཞིན་རྣམ་དག་མེ་འོད་རབ་གསལ་བས། །གནས་སྐབས་གློ་བུར་བུད་ཤིང་ རབ་བསྲེགས་ནས། །མེ་ལྷའི་རྒྱལ་པོ་མཉེས་བྱེད་རབ་མཆོད་འདི། །རྐང་འཐུང་དབང་པོའི་ ངོས་ལ་རབ་བཀྲ་བའི། །སྤར་དུ་བསྒྲུབས་པའི་རྣམ་དཀར་དགེ་བ་ཡིས། །མཚུངས་མེད་ ཆོས་རྗེའི་དགོངས་པ་ཡོངས་རྫོགས་ནས། །རང་གཞན་ཀུན་ལ་ཕན་བདེའི་དཔལ་སྩོལ་བའི། །དགེ་ལེགས་རབ་ཏུ་རྒྱས་པའི་བཀྲ་ཤིས་ཤོག །སྤར་མཁན་བཟོད་པ་འཕེལ་ལོ། ། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༤༧ དང༌། ཤིང་པར་ཕྱི་ཀ་༣༠༧ལགས།) 3-1-259 ༄༅། །དུས་འཁོར་ལུགས་ཀྱི་རབ་ཏུ་གནས་པའི་ཆོ་ག་ བཀྲ་ཤིས་རྒྱ་མཚོ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་དུས་ཀྱི་འཁོར་ལོ་དང་གཉིས་སུ་མ་མཆིས་པའི་ ཆོས་རྗེ་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་ རྒྱུད་དུ། རབ་གནས་སྟོན་པའི་ཚིགས་བཅད་བཅུ་གཉིས་གསུངས་པ། བླ་མ་དམ་པའི་མན་ ངག་གིས་བཀྲོལ་བ་དང༌། རབ་གནས་ཀྱི་དོན། ལོ་ཆེན་རིན་ཆེན་བཟང་པོས་སྡོམ་དུ་མཛད་ པའི་རྗེས་སུ་འབྲངས་ཏེ། རབ་ཏུ་གནས་པའི་ཆོ་ག་བྲི་བར་བྱའོ། ། དེ་ཡང་རབ་གནས་ཀྱི་རྒྱུད་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་ གནས་པ་གང་ཡང་མེད། །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པར་རབ་ཏུ་ བཏགས། །ཞེས་གསུངས་པས། དོན་དམ་པར་མི་དགོས་ཀྱང༌། ཀུན་རྫོབ་ཏུ་སེམས་ཅན་གྱི་ དོན་དུ་རབ་ཏུ་གནས་པར་བྱའོ། །དེ་ལ་བདུན། རབ་ཏུ་གནས་བྱའི་རྟེན། སློབ་དཔོན། གནས། དུས། ཡོ་བྱད། ཆོ་ག དགོས་པ་དང་བདུན་ལས། དང་པོ་རྟེན་ནི། རྒྱུད་ལས། ལྷ་དང༌། ལྷ་ མོའམ། མཆོད་རྟེན་སོགས་དང༌། གླེགས་བམ་རྣམས་སམ། ཞེས་སོགས་གསུངས་པའི་དོན། སྐུ་གསུང་ཐུགས་ཀྱི་རྟེན་མཚན་ཉིད་དང་ལྡན་པ་དང༌། གཙུག་ལག་ཁང་ངམ། རྒྱན་དྲུག་གམ། བགྲང་ཕྲེང༌། རྡོར་དྲིལ། རྫིང་དང༌། སྐྱེད་མོས་ཚལ་ལ་སོགས་པའོ། ། གཉིས་པ་སློབ་དཔོན་ནི། (དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟང་སྟབས་གདན་དང་ནི། །བཟླས་ 3-1-260 བརྗོད་སྦྱིན་སྲེག་མཆོད་པ་དང༌། །ལས་ལ་སྦྱར་དང་སླར་བསྡུའོ། །ཞེས་པ་ལྟར།) དེ་ཉིད་བཅུ་ཤེས་ཤིང་ཆོ་ག་ལ་ མཁས་པ། རབ་དགེ་སློང༌། འབྲིང་དགེ་ཚུལ། དེ་དག་མེད་ན་དགེ་བསྙེན་རྡོ་རྗེ་འཛིན་པ་ མཚན་ཉིད་དང་ལྡན་པས་སོ། ། གསུམ་པ་གནས་ནི། ཞི་རྒྱས་ལ་གསུངས་པའི་གནས་དང༌། བཀྲ་ཤིས་ཤིང་ཉམས་ དགའ་བའི་གནས་སུ་བྱའོ། ། བཞི་པ་དུས་ནི། ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་ཀྱི་གཟའ། ཚེས། སྐར། སྦྱོར། བྱེད་པ་ བཟང་པོ་ལ་བརྩམ་པར་བྱ་ཞིང༌། གང་ཚེ་གཟའ་དང་ཚེས་མཐུན་ན། །ནག་པོའི་ཕྱོགས་ལའང་ བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་བཀྲ་ཤིས་འཕེལ་བར་བྱེད། །གནམ་སྟོང་དང་ནི་དེ་བཞིན་དུ། །ཉི་ཤུ་དགུ་ལ་བྱ་བ་མིན། །ཞེས་པ་ལྟར་རོ། །སྐར་མ་ཤིས་ པ་ནི། ཆུ་སྟོད། སྣར་མ། གྲོ་ཞུན། དབོ། ལག སྣྲོན། སྣྲུམས། རྒྱལ། ཆུ་སྨད། ཁྲུམས་སྨད། མེ་ བཞི། མགོ། ལྷ་མཚམས་རྣམས་སོ། །ཕུར་བུ་གཟའ་ལྷག་པ་སངས་ཟླ། །རྣམ་བཞི་ཤིས་པའི་ གཟའ་ཡིན་ནོ། །ཉི་མ་སྤེན་པ་མིག་དམར་གསུམ། །ནོར་རྣམས་འཇོམས་པས་སྤང་བར་བྱ། །མདོར་ན་འཆི་སྦྱོར་སྲེག་ཚེས་བིཥྚི་སྤངས་པའི་དུས་སྦྱོར་བཟང་པོ་ལ་བྱའོ། ། ལྔ་པ་ཡོ་བྱད་ནི། འོག་ནས་འབྱུང་བ་ལྟར་གྱི་ཡོ་བྱད་གྱ་ནོམ་ཞིང༌། མ་ཚང་བ་དང་བྲེལ་ བ་མེད་པ་དགོས་ཏེ། རབ་གནས་ནི། བཀྲ་ཤིས་པའི་ཡན་ལག་ཡིན་པའི་ཕྱིར་རོ། ། དྲུག་པ་ཆོ་ག་ལ་རྒྱས་འབྲིང༌། བསྡུས་པ་གསུམ་ལས། དང་པོ་ལ་ཡང་སྟ་གོན། དངོས་གཞི། མཇུག་གསུམ་ལས། དང་པོ་ནི། དཔལ་ལྡན་རྒྱུད་དུ། སྟེང་དུ་བླ་རེ་བཀོད་ཅིང་ས་ཡི་མཐིལ་ གྱི་གནས་དག་ཏུ་ཡང་རི་མོ་གསུམ་ནི་ཀུན་ནས་སོ། །ཞེས་པ་ནས། དེ་ཡི་གནས་ནས་བསྐྱོད་ པར་བྱ་སྟེ་སྐུ་ཡང་དམར་པོའི་གོས་དག་གིས་ནི་ཡང་དག་གཡོགས་པའོ། །ཞེས་པའི་བར་ ཚིགས་བཅད་གཉིས་ཀྱིས་བསྟན་པ། ལོ་ཆེན་རིན་བཟང་གི་སྡོམ་དང་སྦྱར་བ་ནི། ལེགས་ 3-1-261 བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱང་དཀྲུ་ཞིང་ཕྱི་བ་དང༌། །རྟེན་བསྐྱེད་ཡེ་ ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་བསྟོད་དགུག་གཞུག་བྱ། །རྒྱས་གདབ་མཆོད་ བསྟོད་གཏོར་མ་གཏང༌། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་ གཤེགས་སུ་གསོལ། །རྟེན་དགབ་བདག་བསྲུང་སྟ་གོན་ནོ། །ཞེས་པ་ལྟར་བཅུ་གསུམ་གྱི་དང་ པོ་ནི། སྔར་ས་ཆོག་བྱས་པ་དང༌། ཕྱུགས་ལྷས། ཡང་ཐོག་སོགས་སུ་ས་ཆོག་མི་དགོས་ལ། སྔར་ས་མ་སྦྱངས་པའི་གཞིར། ས་ཆོག་དཀྱིལ་ཆོག་བཞིན་བྱའོ། །དེ་ནས་གནས་ཁང་བྱི་དོར་ བྱས། སྟེང་དུ་བླ་རེ་བཀོད་ཅིང་ཕྱོགས་མཚམས་སུ་གདུགས་དང་རྒྱལ་མཚན་སོགས་མཆོད་ རྫས་ཡིད་དུ་འོང་བ་དུ་མ་བཤམ་མོ། ། གཉིས་པ་བདག་བསྐྱེད་ནི། ཡོངས་རྫོགས་སམ་ཐུགས་དཀྱིལ་གང་རུང་རྫོགས་པར་ བསྒོམས་ནས། དཀྱིལ་འཁོར་དང་འབྲེལ་ན། ས་ལྷག་གནས་ནས། སློབ་མ་དབང་བསྐུར་ན། དེའི་ལྷག་གནས་ཡན་ཆད་བྱ། དེའི་ནུབ་མོ་རབ་ཏུ་གནས་བྱའི་རྟེན་སྤྱན་དྲངས་བཏུབ་ན། སྤྱན་ དྲངས་ནས། དམ་ཚིག་པ་བསྐྱེད་དེ། གཙུག་ཏོར། དཔྲལ་བ། མགྲིན་པ། སྙིང་ཁ། ལྟེ་བ་རྣམས་ སུ། ཨ་ཨི་ར་ཨུ་ལ་རྣམས་རིམ་པ་བཞིན་བཀོད་ནས་བསྲུངས་ཏེ། ན་བཟས་བསྒྲིབས་ནས་ བཞུགས་སུ་གསོལ་ཞིང༌། དེ་ཉིན་ཐིག་གདབ་གྲུབ་ན་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ ནང་པར་བདག་བསྐྱེད་བསྒོམས་ཏེ་མཆོད་བསྟོད་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་ ཅིང༌། བདག་འཇུག་བླང་བ་དང༌། སློབ་མ་ཡོད་ནའང་དབང་བསྐུར་བར་བྱའོ། །དེ་ནས་རྟེན་ གྱི་སྟ་གོན་ལ་འཇུག་པར་བྱ་སྟེ། དཀྱིལ་འཁོར་གྱི་ཕྱི་རོལ། ཤར་རམ། བྱང་ཤར་གྱི་ས་གཞི་ བྱི་དོར་བྱས་པར། ཁྲུས་སྟེགས་ཐུགས་དཀྱིལ་གྱི་ཚད་གྲུ་བཞི་པ་ལ་བདུད་རྩི་ལྔ་དང༌། བ་བྱུང་ ལྔས་བྱུགས་ཏེ། ཕྱི་ནས་དཀར་དམར་ནག་པའི་རི་མོ་གསུམ། གྲུ་བཞི་པས་ཀུན་ནས་བསྐོར་ བ་ནུབ་ཀྱི་སྒོ་དང་ལྡན་པ། རྟ་བབས་མེད་པའི་དབུས་སུ་པད་མ་འདབ་བརྒྱད་ལ། རིགས་ལྔ། 3-1-262 ཡུམ་བཞིའི་མཚན་མ་བྲི། རྟེན་སྤྱན་དྲང་དུ་མི་བཏུབ་པ་དང༌། བྲིས་སྐུ་མཆོད་རྟེན་སོགས་ལ་ ཁྲུས་སྟེགས་མི་དགོས་ལ། སྤྱན་དྲང་དུ་རུང་བ་རྣམས་ཁྲུས་སྟེགས་དབུས་ཀྱི་པད་མའི་ལྟེ་བ་ལ་ བཞུགས་སུ་གསོལ། གསུམ་པ་བུམ་བཟླས་ལ། ལྷ་བུམ་ལྷག་གནས་སྐབས་སུ་བསྒྲུབས་ཟིན་ལ། ཁྲུས་བུམ་ ནི་སྟེགས་བུའི་ཟུར་དུ་ནོར་བུ་གསེར་གྱི་རང་བཞིན་གྱི་བུམ་པ་དྲི་བཟང་གི་ཆུ་དང་བཅས་ པ། མགུལ་ཆིངས་སྐུད་པ་དཀར་པོས་དཀྲི ས་པ། ཁ་བརྒྱན་དང་བཅས་པའི་ཁྲུས་ཀྱི་བུམ་པ་ བརྒྱད་དུ། རིམ་པ་བཞིན་དྲི་སྣ་ཚོགས་དང༌། མངར་(འོ་མ་སོགས།)གསུམ་དང༌། ཞོ་དང་ཏར་ཀ་ ལ་སོགས་འབྲས་བུ་སྣ་ཚོགས་དང༌། ནས་སོགས་འབྲུ་སྣ་ཚོགས་དང༌། འབྲས་ཡོས་དང༌། སྨན་སྣ་ཚོགས་དང༌། རིན་པོ་ཆེ་སྣ་ཚོགས་བླུག་པར་བྱའོ། །བུམ་པ་གཅིག་ལས་མེད་ན། དེ་ རྣམས་བརྒྱད་ཀ་དེར་བླུག་ལ། དྲི་ལ་གན་དྷ། མངར་ལ་ཏྲི་མ་དྷུ། ཞོ་ལ་ད་དྷི། འབྲས་བུ་ལ་ ཕ་ལ། འབྲུ་ལ་འབྲུ་ཧི། འབྲས་ཡོས་ལ་ལརྫ། སྨན་ལ་ཨཽ་ཥ་ཏི། རིན་པོ་ཆེའི་བུམ་པ་ལ་མ་ཎི་ རྣམས་ཀྱི་མགོར་ༀ་དང༌། མཇུག་ཏུ་སྣ་ན་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་ སྦྱར་ལ་ཉེར་གཅིག་རེ་བཟླས་སོ། །གཞན་ཡང་འོག་ཏུ་དགོས་པའི་དུར་བའི་པིར་དང༌། ཏིལ་ མར་དྲི་བཟང་ཅན་དང་ཕྱིའི་བདུད་རྩི་(ཞོ། འོ་མ། མར། སྦྲང་རྩི། ཀ་ར།)ལྔ་དང༌། བ་བྱུང་ལྔ། ཆུ་གཙང་ དང༌། དྲི་ཞིམ་པོ་དང༌། འོ་མ་ཅན་གྱི་ཤིང་ཤུན་ལྔའི་འདག་ཆལ། སྐྱུ་རུ་རའི་ཕྱེ་མ། ཡུང་བའི་ ཕྱེ་མ། དྲི་ལྔའི་ཕྱེ་མ་རྣམས་སྣོད་སོ་སོར་བུམ་པ་བརྒྱད་ཀྱི་ཐད་ཀར་རིམ་པ་བཞིན་དགོད་དོ། ། བཞི་པ་རྟེན་སྦྱང་བ་ལ། བགེགས་སྦྱང་བ། མི་ཤིས་པ་སྦྱང་བ། སྡིག་པ་སྦྱང་བ་གསུམ་ གྱི་དང་པོ་ལ། ཞི་བས་སྦྱང་བ་ནི། མཐེབ་ཀྱུའི་གཏོར་མ་རྟེན་ལ་ལན་གསུམ་བསྐོར་ཞིང༌། ན་ མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་གེ་བྷྱཿ སརྦ་ཐ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ། ག་ག་ན་ཁཾ་གྲིཧྣ་ དཾ། བ་ལིཾ་ཏ་ཡེ་སྭཱཧཱ། ཞེས་བརྗོད་དེ། རྔན་པ་བྱིན་ལ་བགེགས་བསྐྲད་དོ། །ཞི་དྲག་ཕྱེད་མས་ 3-1-263 སྦྱང་བ་ནི། ཏིང་ལོ་དང་ཆང་བུ་རྟེན་ལ་སྐོར་ཞིང༌། སུམྦྷ་ནི་བཟླས་ལ་ཕྱིར་དོར་རོ། །དྲག་པོས་ སྦྱང་བ་ནི། རང་ཉིད་རྡོ་རྗེ་ཤུགས་སུ་བསྒོམས་པའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། ཁྲོ་བོའི་ ཚོགས་སྤྱན་དྲངས་པར་བསམས་ལ། ཧཱུཾ། ཡེ་ཤེས་བསྐལ་པའི་མེ་ལྟར་འབར་བའི་འོད། །མ་ རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་ འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་ གནོན་དགྲ་འདུལ་བའི། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སུ་འཚལ། །ལོག་འདྲེན་འདུལ་ བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། །ཞེས་བརྗོད་ དེ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ལ། མཆོད་པ་བཅུ་གཉིས་ཀྱིས་མཆོད་དེ། ཧཱུཾ། ཆོས་ཉིད་ སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང༌། །ཐབས་ལ་ མཁས་པས་འཇིགས་བྱེད་སྐུར་སྟོན་པའི། ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་ལོ། །ཡེ་ ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང༌། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་ གི་ང་རོ་འབྲུག་སྟོང་ལྡི ར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་ པའི་ཡེ་ཤེས་རོལ་བ་སྟོན་མཛད་ཅིང༌། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པའི། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་ འཚལ་བསྟོད། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོའི་སྟང་སྟབས་ བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་ བསྲེག་པར་མཛད་ལ་ཕྱག་འཚལ་ལོ། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། །གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་ སྒྲོགས། ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །འཇིགས་པའི་ཧཱུཾ་སྒྲ་ངེས་ སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འདུལ་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། 3-1-264 །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ལ། རྩ་བ་དང་བརྒྱུད་པར་བཅས་ པའི་བླ་མ་རྣམས་ཀྱི༴ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ དུས་ཀྱི་འཁོར་ལོའི་ལྷ་ཚོགས་ རྣམས་ཀ༴ྱི དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུངས་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་བརླབས་ཀྱིས། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རབ་ ཏུ་གནས་པར་བྱེད་པ་ལ། བར་དུ་གཅོད་པ་རྩོམ་པའི་བགེགས་ཚོགས་གང་ཡིན་པ་དེ་ཐམས་ ཅད། མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ། ཞི་བའི་སེམས་དང་ལྡན་པར་རང་གི་ གནས་སུ་སོང་ཤིག གལ་ཏེ་མི་འགྲོ་ན། ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེམེ་འབར་བ་འདསི ། མགོ་བོ་ རྣམ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་དང༌། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ ཐམས་ཅད་བདག་ལ་དགོངས། །སོགས་ཀྱིས་བཀའ་བསྒོ་སྟེ། ཁྲོ་བོའི་ང་རྒྱལ་བསྙེམས་པ་ དང་བཅས་པས་བསྲེག་པའི་སྔགས་བཟླ། རྡོ་རྗེ་མེ་འོད་འཕྲོས་ཏེ་བགེགས་རྣམས་བསྲེགས་ པར་བསམ། གུ་གུལ་གྱིས་བདུག ཚམ་རྔམ་དང་རོལ་མོ་དྲག་ཏུ་བྱ། རྐང་པ་བཅུ་དྲུག་པ་དང༌། བདུན་ཅུ་རྩ་གཉིས་པའང་གྲུབ་ན་བཟླའོ། ། གཉིས་པ་མི་ཤིས་པ་སྦྱང་བ་ནི། བདག་ཉིད་རྟེན་ལ་ཕྱོགས་ཏེ། མཆོད་ཡོན། ཞབས་ བསིལ་སོགས་སྔོན་དུ་སོང་བས། ཡི་གེ་དྲུག་པ་བཟླས་ཏེ། ཡུངས་ཀར་ལག་པ་གཡས་གཡོན་ དུ་བཟུང་ལ་སོ་སོར་ལན་གཉིས་སུ་གཡས་གཡོན་ཏུ་བསྐོར་ཞིང༌། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ ཡ་བཛྲ་སཏྭ་སྱེ་སརྦ་པཱ་པཾ་ད་ཧ་ན་སྭཱཧཱ། ཞེས་སམ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཞེས་ བཟླས་ཏེ། ཡུངས་ཀར་མེར་དོར། དེ་བཞིན་དུ་གཡས་གཡོན་དུ་བསྐོར་ནས་ཀྱང་བྱའོ། །དེ་ བཞིན་དུ། ཆུ་ཁམ་ཕོར་དཀར་པོ་དུར་བ་དང་བཅས་པའི་བ་ལྕིའི་ཆང་བུ། ཟན་ཆངས། སེང་ རས་རྣམས་ཀྱིས་བྱབས་ཏེ། འོན་ཀྱང་ཁམ་ཕོར་སོགས་མེར་མི་དོར་རོ། །དེ་ནས་ལག་པས་ སྐུ་གཟུགས་ལ་ཉེ་རེག་བྱ། གཙོ་བོའི་སྔགས་དང་བཅས་པས་དངོས་སུའམ། མེ་ལོང་དུ་ཤར་ 3-1-265 བའི་ཐུགས་ཀར་དྲིས་བྱུག མེ་ཏོག་དབུ་ལ་དབུལ། ཡོན་ཆབ་མདུན་དུ། མར་མེ་དག་གིས་ བསྐོར་བཞིན་པ་དང༌། བིལ་བ་ལ་སོགས་པའི་རྣམ་མང་འབྲས་བུ་མཆོག་གིས་བརྟེན་འདི་ལ་ ངེས་པར་བྱབས་ནས་ནི། མར་དང་སྤོས་དཀར་བསྲེས་པ་ལ་ཡི་གེ་(ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ)དྲུག་པ་ལན་ བདུན་བཟླས་པས་བདུག་པར་བྱའོ། །འདི་ནི་མི་ཤིས་པ་བསལ་བའི་སྦྱང་བའི་རིམ་པའོ། ། གསུམ་པ་སྡིག་པ་སྦྱང་བ་ནི། སློབ་དཔོན་དང་ཡོན་བདག་གི་དོན་ཏེ། དེ་ཡང་རྐང་པ་ གཉིས་སུ་རླུང་གི་དཀྱིལ་འཁོར། ལྟེ་བར་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བ། སྙིང་ཁར་སྡིག་ པའི་ས་བོན་པཾ་ནག་པོ་ལ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམ་ཅད་འདུས་པར་བསམས་ ལ། ལྟེ་བའི་གཏུམ་མོ་འབར་བའི་འོད་ཟེར་གྱིས་སྙིང་ཁའི་པཾ་དེད་ནས་སྣ་སྒོ་ནས་འཐོན། སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་པ་ཏིལ་ལ་ཐིམ་པར་མོས་ལ། མེ་བསངས་ཏེ་བསྐྱེད་པའི་ནང་ དུ། ཁྲོ་བོ་རྡོ་རྗེ་མཁའ་འགྲོ་རྡོར་དྲིལ་འཛིན་ཞིང༌། ཞལ་གདངས་པ་བསྐྱེད་པའི་ཞལ་དུ་ ཕུལ་བས་གསོལ་བར་བསམ་ཞིང༌། ༀ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ ཀུ་རུ་སྭཱཧཱ། ཞེས་བརྗོད་དེ། ཏིལ་བསྲེག་གོ ། བཞི་པ་ཁྲུས་ནི། རྟེན་གྱི་སྟེང་དུ་གདུགས་དཀར་པོ་བཟུང་ནས། བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་ བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་ལ་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་ གསོལ་ལོ། །ཞེས་སྙན་གསན་མནན་ལ། གོང་དུ་རྫས་དང་བུམ་པ་བཤམས་པ་རྣམས་རིམ་པ་ བཞིན་བླངས་ཏེ། དངོས་སུ་བཀྲུར་རུང་བ་རྣམས་དངོས་དང༌། མི་རུང་བ་རྣམས་མེ་ལོང་ལ་ གཟུགས་བརྙན་འཆར་དུ་བཅུག་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བརྗོད་ ཅིང༌། ཐོག་མར་ཏིལ་མར་ལ་དྲི་བཟང་བཏབ་པས་བྱུག་ཅིང་ཤིང་ཤུན་ཕྱེ་མས་དྲིལ་ཕྱིས་བྱས། 3-1-266 དུར་བའི་པིར་གྱིས་དྲུད། བུམ་པ་དང་པོ་དྲི་སྣ་ཚོགས་ཀྱི་བུམ་པས། འདི་ནི་ཁྲུས་མཆོག་ དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིན་ཏེ། ཅི་འདོད་ དངོས་གྲུབ་སྩོལ་བར་མཛོད། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ༀ་གན་ དྷ་སྣ་ན་སོགས་བརྗོད་ཅིང་བཀྲུ། རས་དཀར་གཙང་མ་ལ། ༀ་ཧཱུཾ་ཏྲཾ་ཧྲིཿཨཿ ཞེས་བརྗོད་ཅིང་ དྲི་ཡི་ཐིག་ལེ་ལྔ་བྱས་པས་སྐུ་ཕྱི་ཞིང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་ དྲི་རབ་བགོས་པས་སྐུ་དབྱིའོ། །ༀ་ཨཿཧཱུཾ་ཧོཿཧཾ་ཀྵཿ ཞེས་དང༌། ༀ་ཧཱུཾ་ཏྲཾ་ཧྲིཿཨཿ ཞེས་བཟླས་ ཤིང་ཕྱིའི་བདུད་རྩི་ལྔས་བྱུག པིར་གྱིས་དྲུད། མངར་གསུམ་གྱི་བུམ་པས། ཇི་ལྟར་བལྟམས་ པ་ཙམ་གྱིས་ནི། །ལྷ་རྣམས་ཀྱི་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་ བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་སོགས་དང༌། ༀ་ཏྲི་མ་དྷུ་སྣ་ན་ སོགས་བརྗོད་ཅིང་བཀྲུ་ཕྱིའོ། །དེ་ནས་ཡི་གེ་དྲུག་པ་དང༌། ༀ་ཧཱུཾ་ཏྲཾ་ཧྲིཿཨཿ བརྗོད་ཅིང་རྫས་ སོ་སོ་བྱུག་པ་དང༌། ཁྲུས་ཀྱི་རྗེས་སུ་སྐུ་ཕྱི་བ་རྣམས་འོག་མ་དྲུག་ལའང་ཤེས་པར་བྱས་ལ། བ་ བྱུང་ལྔས་བྱུག་ཅིང༌། ཞོའི་བུམ་པས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་ མཛད་ཅིང༌། །གཏོང་བ་དྲི་ཡིས་ལེགས་བསྒོས་པ། ཁྲུས་ལེགས་མཛད་ལ་ཕྱག་འཚལ་འདུད། །ༀ་ད་དྷི་སྣ་ན་སོགས་ཀྱིས་བཀྲུ་ཞིང་ཕྱིའོ། །དེ་ནས་ཆུ་གཙང་དང༌། དྲི་ཞིམ་པོས་བྱུག་ཅིང༌། འབྲས་བུ་སྣ་ཚོགས་ཀྱི་བུམ་པས། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། ཁྲིམས་འཆལ་དྲི་མ་ སོགས་དང༌། ༀ་ཕ་ལ་སྣ་ན་སོགས་ཀྱིས་བཀྲུ་ཞིང་ཕྱིའོ། །ཤིང་ཤུན་ལྔའི་འདག་ཆལ་གྱིས་བྱུག ཀཱ་ཡ་བི་ཤོ་དྷ་ན་སོགས། འབྲུ་སྣ་ཚོགས་ཀྱི་བུམ་པས། འདི་ནི་བཟོད་པའི། ཁོང་ཁྲོའི་དྲི་མ་ སོགས། ༀ་འབྲུ་ཧི་སྣ་ན་སོགས་ཀྱིས་བཀྲུ་ཞིང་ཕྱིའོ། །ཀྱུ་རུ་རའི་ཕྱེ་མས་བྱུག །འབྲས་ཡོས་ ཀྱི་བུམ་པས། འདི་ནི་བརྩོན་འགྲུས། ལེ་ལོའི་དྲི་མ་སོགས། ༀ་ལརྫ་སྣ་ན་སོགས་ཀྱིས་བཀྲུ་ ཞིང་ཕྱིའོ། །ཡུང་བའི་ཕྱེ་མས་བྱུག སྨན་སྣ་ཚོགས་ཀྱི་བུམ་པས། འདི་ནི་བསམ་གཏན། རྣམ་ 3-1-267 གཡེང་དྲི་མ་སོགས། ༀ་ཨོ་ཥ་དྷི་སྣ་ན་སོགས་ཀྱིས་བཀྲུ་ཞིང་ཕྱིའོ། །དྲི་སྣ་ཚོགས་ཀྱི་ཕྱེ་མས་ བྱུག རིན་པོ་ཆེ་སྣ་ཚོགས་ཀྱི་བུམ་པས། འདི་ནི་ཤེས་རབ། ཤེས་འཆལ་དྲི་མ་སོགས། ༀ་མ་ ཎི་སྣ་ན་སོགས་ཀྱིས་བཀྲུ་ཞིང་ཕྱིའོ། །དེ་ནས་དྲི་སྣ་ཚོགས་ཀྱི་བུམ་པས། ཆུ་བོ་དྲུག་གིས་ཁྲུས་ བྱས་པས། །བག་ཆགས་རྣམ་དྲུག་སྦྱངས་ནས་ནི། །གང་ལ་ཉེས་པ་མི་མངའ་ཞིང༌། །ཁྲུས་ ལེགས་མཛད་ལ་ཕྱག་འཚལ་འདུད། །དྲི་ཆུ་དྲུག་གིས་ཁྲུས་བྱས་པས། །དྲི་མ་རྣམ་དྲུག་སྦྱོང་ མཛད་ཅིང༌། །རྒྱ་ཆེན་ཡོན་ཏན་དྲུག་ལྡན་པས། །ཁྲུས་ལེགས་མཛད་ལ་ཉེས་མི་མངའ། །དྲི་མ་ རྣམ་དྲུག་དག་པ་ཡིས། །ཡོན་ཏན་ཐམས་ཅད་ལྡན་པ་ཡི། །སངས་རྒྱས་ཐམས་ཅད་མཆོད་དོན་ དུ། །དད་པས་བདག་གིས་ཁྲུས་བགྱིའོ། །ཞེས་བརྗོད་ཅིང་བཀྲུ་ཞིང་ཕྱིའོ། །(བཀྲ་ཤིས་པར་བྱ་བའི་ ཕྱིར།) གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་མེད་མཛད་ཅིང༌། །ཐུགས་ཞི་གནོད་ པ་མི་མངའ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། ། འདྲེན་པ་གང་ཞིག་འགྲོ་བ་ རྣམས། །ཐར་པའི་ལམ་ལ་འཇུག་མཛད་ཅིང༌། །ཆོས་རྣམས་ཐམས་ཅད་སྟོན་པ་དེས། །ཁྱེད་ ལ་བདེ་ལེགས་མཛད་པར་འགྱུར། །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན། །སེམས་ཅན་ཀུན་གྱི་ དོན་གྱི་ཕྱིར། །གང་ཞིག་བདེ་བ་མངའ་མཛད་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །བུ་གཅིག་བཞིན་དུ་རྟག་ བསྐྱངས་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་འཁོར་བར་འཁོར་བ་ ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང༌། །གླིང་དང་དཔུང་གཉེན་གྱུར་པ་དེས། །ཁྱེད་ལ་ བདེ་ལེགས་མཛད་པར་འགྱུར། །གང་གིས་ཆོས་རྣམས་མངོན་སུམ་གྱུར། །གཙང་ཞིང་བཀྲུ་ བ་མི་མངའ་ལ། །གསུམ་གཙང་གཙང་མར་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་ འགྱུར། །དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་གྱུར་ཅིང༌། །དོན་ གྲུབ་ཚོགས་ཀྱང་གྲུབ་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །གང་ཞིག་སྐྱེས་པས་ 3-1-268 ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང༌། །སེམས་ཅན་ཐམས་ཅད་རབ་དགའ་ དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་ དག་རྣམ་དྲུག་གཡོས་གྱུར་ཞིང༌། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་ མཛད་པར་འགྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམ་གསུང་བ། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཡིད་འཕྲོག་གང་ ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱི་ཕམ་མཛད་ཅིང༌། །ཚོགས་ཀུན་དབང་དུ་མཛད་ པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང༌། །འབྱུང་པོ་ཀུན་གྱི་བདེ་ལེགས་ནི། །ཁྱེད་ལ་རྟག་ཏུ་ སྦྱིན་གྱུར་ཅིག །སངས་རྒྱས་བསོད་ནམས་མཐུ་དག་དང༌། །ལྷ་རྣམས་ཀུན་གྱིས་བསམས་པ་ ཡིས། །ཁྱེད་ཀྱི་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །རྐང་གཉིས་ཁྱེད་ ཅག་བདེ་ལེགས་གྱུར། །རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། །ཁྱེད་ཅག་ལམ་འགྲོ་བདེ་གྱུར་ ཅིག །ཕྱིར་འོང་རྣམས་ཀྱང་བདེ་ལེགས་གྱུར། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་ མའི་གུང་ལའང་བདེ་ལེགས་ཤིང༌། །ཁྱེད་ལ་ཀུན་ཏུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་ མ་གྱུར་ཅིག །དེ་ནས་དྲི་བཟང་མར་དང་བཅས་པས་བྱུག་ཅིང༌། སྟོང་གསུམ་ཀུན་ཏུ་དྲི་མཆོག་ འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་བཟང་བཙོ་ མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་བཛྲ་གྷནྡྷེ་སྭཱཧཱ། ཞེས་དང༌། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བའི། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ༀ་ཨ་བཛྲ་ཝ་ས་སེ་སྭཱཧཱ། དྲུག་པ་རྟེན་བསྐྱེད་པ་ནི། འོག་ནས་དངོས་གཞིའི་སྐབས་ནས་སྟོན་པ་ཡིན་ནའང༌། 3-1-269 འདིར་བླངས་ན་འཇུག་བདེ་བས། འདིར་བཀོད་པ་ནི། རྣམ་ཐར་སྒོ་བཞིའི་སྔགས་ཀྱིས་རྟེན་ སྟོང་པར་སྦྱངས་པའི་ངང་ལས། པད་ཟླ་ཉི་མ་སྒྲ་གཅན་གྱི་སྟེང་དུ། ཨཱ་ལི་སོ་གཉིས་ལས་ ཟླ་བ། ཀཱ་ལི་བརྒྱད་ཅུ་ལས་ཉི་མ། བར་དུ་ཧཱུཾ་ཡིག་རྣམས་གཅིག་ཏུ་འདྲེས་ཡོངས་སུ་གྱུར་ པ་ལས། དུས་ཀྱི་འཁོར་ལོར་བསྐྱེད་ནས། ལྷ་གང་ཡིན་དུ་བསྒྱུར། སངས་རྒྱས་ཡབ་ཡུམ། ཁྲོ་བོ། བྱང་སེམས་རྣམས་ཨཱ་ལི་ཀཱ་ལི་ལས་སྐྱེས་པའི་ས་བོན་དང༌། ཕྱག་མཚན་ལས་ལྷ་དེ་ དང་དེར་བསྐྱེད། གླེགས་བམ་ནི། ཨ་ལས་འོད་དཔག་མེད་དུ་བསྐྱེད། རིགས་དྲུག་བཀོད་ ནས། (གླེགས་བམ་དུ་གྱུར་པ་ལ།) རང་དུས་འཁོར་དུ་གསལ་བའི་སྙིང་ཁ་ནས་མཚན་དང་དཔེ་བྱད་ རྣམས་དབྱངས་གསལ་བྱེད་ཀྱི་རྣམ་པས་ཕྱུང་སྟེ། ཤོག་བུའི་ངོས་ཀྱི་ཡི་གེ་རྣམས་ལ་ཞུགས་ པར་བསམ། མཆོད་རྟེན། ལྷ་ཁང༌། དྲིའི་གཙང་ཁང་སོགས་རྣམ་སྣང་ཡབ་ཡུམ་དུ་བསྐྱེད། དེ་ ཞུ་ནས་མཆོད་རྟེན་དང་ལྷ་ཁང་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། དེའི་ནང་དུ་རིགས་ལྔ་སོ་སོའི་ གདན་གྱི་སྟེང་དུ། ༀ་ཧཱུཾ་ཏྲཾ་ཧྲིཿཨཿལས་རིགས་ལྔར་བསྐྱེད་ལ། རང་གི་སྙིང་ཁ་ནས་འཕྲོས་ པའི་རིགས་ལྔ་ཡེ་ཤེས་པ་བཅུག་ནས། སངས་རྒྱས། ཆོས། བྱང་སེམས། ཉན་ཐོས་རྣམས་ ཀྱིས་གང་བར་བསྒོམ། བླ་མའི་སྐུ་འདྲ་རྣམས་རྡོ་རྗེ་འཆང་ཆེན་པོར་བསྐྱེད། ལྷ་ངོ་མི་ཤེས་པ་ རྣམས་རྡོ་རྗེ་སེམས་དཔར་བསྐྱེད། ཕྲེང་བ་རྣམས་ཧཱུཾ་ལས་མི་བསྐྱོད་པར་བསྐྱེད། དེ་ཞུ་ནས་ ཕྲེང་རྡོག་རྣམས་ཨཱ་ལི་ཀཱ་ལི་ཞུ་བ་ལས་བྱུང་བའི་མཚན་དཔེ་བརྒྱ་དང་བཅུ་གཉིས་ཀྱི་གཞི་ ནི། འདུ་འཛིན་རྡོ་རྗེ་བཞི། བརྒྱ་རྩ་བརྒྱད་ནི། ཕྲེང་རྡོག་བརྒྱ་རྩ་བརྒྱད་དུ་བསྒོམ། རྡོ་རྗེ་དྲིལ་ བུ་ཧུཾ་ཧོཿལས་རྡོ་རྗེ་སེམས་དཔའ་དང༌། སྣ་ཚོགས་ཡུམ་དུ་བསྐྱེད། ཡེ་ཤེས་པ་བཅུག རྡོ་རྗེ་ ལ་གསལ་བྱེད་བརྒྱད་ཅུ་དང༌། དྲིལ་བུ་ལ་དབྱངས་ཡིག་སུམ་ཅུ་བཅུག རྒྱས་གདབ། དབང་ བསྐུར། དེ་ཞུ་བ་ལས་བྱུང་བའི་རྡོར་དྲིལ་དུ་བསམ། མཆོད་ཕྱིར་ཐོགས། སྟོད་གཡོགས། རྒྱན་དྲུག །དབུས་འཁྱུད་སོགས་བསྐྱེད་པ་གཞན་དུ་ཤེས་པར་བྱ་ཞིང༌། ཁྲོན་པ། རྫིང༌། 3-1-270 མཚེའུ་རྣམས་ལ་རང་རྣམ་སྣང་དུ་བསྐྱེད་ནས། ཆུའི་ཕྱོགས་མཚམས་སུ་གཏོར་མ་བཏང༌། ཆུ་དེ་སྟོང་པའི་ངང་ལས། བྷཱུཾ་ལས་འཁོར་ལོ་ལས་སྐྱེས་པའི་རྣམ་སྣང་ཡབ་ཡུམ་དུ་བསྐྱེད། སྙོ མས་པར་ཞུགས་པ་ལས་བྱུང་བའི་རྡོ་རྗེ་ཆུ་བདག་དཀར་པོ་མིའི་གདོང་ཅན། གདེངས་ཁ་ བདུན་དང་ལྡན་པ། ཕྱག་གཡོན་སྦྲུལ་ཞགས་དང་བཅས་པས་ཡུམ་ལ་འཁྱུད་པ། གཡས་ཨུཏྤ་ ལ་སྔོན་པོ་བསྣམས་པས། ལྟེ་བ་མན་ཆད་སྤྲུལ་གྱི་རྣམ་པ་ཅན་དུ་བསྐྱེད་ལ། རང་གི་སྙིང་ཁ་ ནས་འཕྲོས་པའི་འོད་ཀྱིས་རྣམ་སྣང་སྤྱན་དྲངས། ༀ་བཛྲ་ས་མ་ཡ་སྟྭཾ། ཞེས་པས་བཅུག རྒྱས་ གདབ། དབང་བསྐུར། དེ་ཡོངས་སུ་གྱུར་པ་ལས། ཡན་ལག་བརྒྱད་ལྡན་གྱི་ཆུ། དབུས་སུ་ ཆུ་ལྷ། ཕྱོགས་བཞིར་ཀླུ་ཆེན་བརྒྱད་བཞུགས་པར་བསམ་མོ། །སྐྱེད་མོས་ཚལ་ལ་ཐོག་མར་ གཏོར་མ་བྱིན་ནས། ཤིང་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཤིང་གི་གཙོ་བོ་གཅིག་ རྣམ་སྣང་དུ་བསྐྱེད། ཡེ་ཤེས་པ་བཅུག རྒྱས་གདབ། དབང་བསྐུར། མཆོད་བསྟོད། དེ་ཡོངས་ སུ་གྱུར་པ་ལས། ཤིང་གི་ཚོགས་སུ་གྱུར་ནས། དཔག་བསམ་ཤིང་མཐའ་དག་ཤིང་དེ་དག་ ལ་གནས་པར་བསམ་མོ། །ཤིང་གི་གཙོ་བོ་ལ་མེ་ཏོག་ལ་སོགས་པས་མཆོད། འབྲས་བུ་ལ་ སོགས་པས་ཕན་ཐོགས་པའི་སྐྱེད་མོས་ཚལ་ཡུན་རིང་དུ་གནས་པར་གསོལ་བ་གདབ། བཀྲ་ ཤིས་བརྗོད་དོ། ། བདུན་པ་ཡེ་ཤེས་པ་སྤྱན་དྲང་ཞིང་དགུག་པ་ནི། སངས་རྒྱས་ཡབ་ཡུམ་བཅས་པ་སྲས་ བཅས་གཡོག་འཁོར་དང༌། །གྲོགས་བཅས་གཉེན་རྣམས་དག་གིས་བསྐོར་བའི་ཚོགས་པ་ནི། །ལྷ་དང་ལྷ་མོ་དག་གིས་མཉེས་པར་བྱེད་རྣམས་དང༌། །མཆོག་གི་རྡོ་རྗེ་སེམས་དཔའ་དག་ ནིགཤེགས་སུ་གསོལ། །ཞེས་དང༌། ཆོས་རྣམས་ཀུན་གྱི་དབང་ཕྱུག་གཙོ། །བཙོ་མ་གསེར་ གྱི་མདོག་འདྲ་ཞིང༌། །ཉི་མ་ལས་ལྷག་གཟི་བརྗིད་ཆེ། །དད་པས་སྤྱན་ནི་དྲང་བར་བགྱི། །ཞི་ ཞིང་ཐུགས་རྗེ་ཆེར་ལྡན་པས། །དུལ་ཞིང་བསམ་གཏན་ས་ལ་བཞུགས། །ཆོས་དང་ཡེ་ཤེས་ 3-1-271 ཆགས་བྲལ་བ། །ཀུན་ཏུ་མི་བཟད་ནུས་པར་ལྡན། །ཚུར་བྱོན་ཚུར་བྱོན་གཞི་བདག་ལྷ། །ཐུབ་ པའི་སྐྱེས་མཆོག་ཐམས་ཅད་མཁྱེན། །ཤིན་ཏུ་ལེགས་བྱས་གཟུགས་བརྙན་ནི། །མཆོད་པས་ འདིར་ནི་གཤེགས་སུ་གསོལ། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་ བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་ གསོལ། །ཞེས་བརྗོད་ཅིང༌། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང༌། ༀ་བཛྲ་ས་མ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་ བརྗོད་ལ། དམ་ཚིག་པ་འདྲ་བའི་ཡེ་ཤེས་པ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ བསྐོར་བ་སྤྱན་དྲངས་ལ། ཡེ་ཤེས་སེམས་དཔའི་ཕྱི་བཞིན་འབྲེངས་པའི་བགེགས་བསལ་ བའི་ཕྱིར། གུ་གུལ་གྱིས་བདུག བདུད་སྲེག་པའི་སྔགས་བཟླ། རོལ་མོ་དྲག་ཏུ་བྱའོ། །(དེ་ནས།) བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་ གི་མཆོད་ཡོན་བཞེས་ནས་ཀྱང༌། །ཐུགས་རྗེས་དགོངས་ཤིང་གནང་བར་མཛོད། །ༀ་བཛྲ་ག་ ག་ན་ས་མ་ཡེ་ཧཱུཾ། ཞེས་བརྗོད་ཅིང་མཆོད་ཡོན་དབུལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་ གསོལ། །{ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ས་མ་ཡེ་ཧཱུཾ།} ཞེས་ཁྲུས་གསོལ་ཞིང༌། བདག་ དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་ བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡ་སྟྭཾ། ཞེས་པས་གདན་ དབུལ། མེ་ཏོག་ལ་སོགས་པས་མཆོད་ནས། ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་དང༌། ཛཿཧཱུཾ་ བཾ་ཧོཿ ཡེ་ཤེས་པ་དགུག་གཞུག་བཅིང་མཉེས་པར་བྱའོ། །སླར་ཡང་ཕྱོགས་བཅུའི་སངས་ རྒྱས་བྱང་སེམས་དཔག་མེད་སྤྱན་འདྲེན་པར་བསམས་ཏེ། ཇི་ལྟར་སངས་རྒྱས་ཐམས་ཅད་ནི། །དགའ་ལྡན་དུ་ནི་གནས་པ་ལས། །ལྷ་མོ་སྒྱུ་མའི་ལྷུམས་ཞུགས་ལྟར། །དེ་བཞིན་གཟུགས་ བརྙན་ལྷན་ཅིག་ཏུ། །འདི་རུ་མགོན་པོ་རྟག་བཞུགས་ནས། །བྱང་ཆུབ་སེམས་ནི་བསྐྱེད་པ་ 3-1-272 དང༌། །ཡོན་གྱི་བདག་པོའི་དོན་སླད་དུ། །བདག་གིས་འབྱོར་པ་ཉིད་ཀྱིས་ནི། །ཅི་འབྱོར་པ་ ཡི་མཆོད་པ་དང༌། །མེ་ཏོག་ལ་སོགས་འདི་བཞེས་ཤིག །བདག་དང་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་ཉེར་དགོངས་ནས། །ཀུན་གྱིས་འདི་ལ་བྱིན་རློབ་ཅིང༌། །འདི་ཉིད་དུ་ནི་ བཞུགས་པར་རིགས། །ཞེས་ལན་གསུམ་གསོལ་བ་བཏབ་ལ། བགེགས་བསྐྲད་དེ། དགུག་ གཞུག་སྔར་བཞིན་བྱའོ། ། བརྒྱད་པ་རྒྱས་གདབ་པ་ནི། བྱ་སྤྱོད་ཀྱི་ལུགས་ལ་རིགས་གསུམ་སྤྱིའི་ཕྱག་རྒྱ་དང༌། རྣལ་ འབྱོར་གྱི་ལུགས་ལ་ཕྱག་རྒྱ་བཞིས་རྒྱས་གདབ་ཅིང༌། འདིར་ༀ་ཨཱཿཧཱུཾ་ཧོཿས་རྒྱས་འདེབས། ཡང་དབང་བསྐུར་དང་རྒྱས་གདབ་བྱེད་ན། དངོས་གཞིའི་སྐབས་ལྟར་བྱའོ། ། དགུ་པ་མཆོད་བསྟོད་དང་གཏོར་མ་བྱ་བ་ནི། མཆོད་པ་བྱིན་གྱིས་བརླབས། སོ་སོའི་ཕྱག་ རྒྱ་དང་བཅས་པས། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། །མཆོག་ཏུ་ དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ལྷན་ཅིག་ སྐྱེས་དང་སྦྱར་བ་ཡི། །བདུག་སྤོས་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་ཁྱེད་ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་བཛྲ་དྷཱུ་པེ་ཨཱཿཧཱུཾ། མུན་པའི་ཚོགས་ཀུན་འཇོམས་ བྱེད་ཅིང༌། །ཕྱོགས་ཀུན་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཅི་ བདེ་བར་ནི་བཞེས་སུ་གསོལ། །ༀ་བཛྲ་དཱི་པེ་ཨཱཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །དྲི་ཡི་ མཆོད་པ་འདི་དག་ནི། །རང་བྱུང་ཉིད་ལ་འབུལ་བར་བགྱི། །ཀུན་བཟང་བདེ་ཆེན་བཞེས་སུ་ གསོལ། །ༀ་བཛྲ་གནྡྷེ་ཨཱཿཧཱུཾ། ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་བ་མཆོག་དང་ཡང་དག་ ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་ནི། །ཆོས་དབྱིངས་ཡེ་ཤེས་མཉེས་ལ་འབུལ། །ༀ་ 3-1-273 བཛྲ་ནཻ་ཝེ་ཏྱེ་ཨཱཿཧཱུཾ། བླ་མེད་རྡོ་རྗེ་ཐེག་པའི་དོན་སྟོན་ཞིང༌། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོ་ རོལ་མོའི་སྒྲ། །བདུད་ཀྱི་དཀྱིལ་འཁོར་གཞོམ་ཕྱིར་དབུལ་བར་བགྱི། །དོན་གྱི་དབྱིངས་ལ་ མངའ་བརྙེས་བཞེས་སུ་གསོལ། །ༀ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་ བུད་དྷ་ཀྵེ་ཏྲ་པྲ་ཙ་ལི་ནེ། པྲཛྙཱ་པཱ་ར་མི་ཏ་ནཱ་ཏཱ་སྭ་བྷཱ་ཝེ་ཏེ། བཛྲ་དྷརྨཱ་ཧྲི་ད་ཡ། སནྟོ་ཥ་ནི། ཧཱུཾ་ ཧཱུཾ་ཧཱུཾ། ཧོཿཧོཿཧོཿ ཨ་ཁཾ་སྭཱཧཱ། ཞེས་སོགས་ཀྱིས་མཆོད། བསྟོད་པ་ནི། ལྷ་རང་རང་གི་བསྟོད་ པ་དང༌། འདུད་ཉི་ཤུའམ། ཡང་ན། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །སྡུག་ བསྔལ་འཁྲུལ་འཁོར་གྱིས་གཟིར་འགྲོ་གཟིགས་ནས། །ཐུགས་རྗེས་སྡུག་བསྔལ་འཁྲུལ་ འཁོར་འཇོམས་མཛད་པའི། །ཐུགས་རྗེའི་མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །སེམས་ ཅན་སྨིན་ཞིང་གྲོལ་བར་བྱ་བའི་ཕྱིར། །སེམས་ཅན་ཁམས་ནའང་བཞུགས་ཤིང་སྤྱོད་གྱུར་ ཀྱང༌། །ཆགས་པས་མ་གོས་པདྨ་ལྟར་དག་པ། །འདོད་ཆགས་དག་པའི་བདག་ཉིད་ཁྱེད་ལ་ འདུད། །སེམས་ཅན་བཀྲེན་པ་ཆོས་ཀྱིས་ཕོངས་གྱུར་པ། །མ་རིག་ཐིབས་པོའི་ནང་དུ་སོང་ བ་རྣམས། །འཕགས་པའི་ནོར་བདུན་དག་གིས་ཚིམ་མཛད་པའི། །ཡེ་ཤེས་སྒྲོན་མེ་ཁྱེད་ལ་ ཕྱག་འཚལ་ལོ། །སེམས་ཅན་འཁོར་བའི་རྒྱ་མཚོར་ནུབ་པ་ལ། །ཐུགས་རྗེས་ཐབས་དང་ཤེས་ རབ་གྲུར་བཅུག་ནས། །ཞི་བ་རིན་ཆེན་གླིང་མཆོག་སྐྱེལ་མཛད་པ། །ཀུན་གྱི་དེད་དཔོན་ ཁྱེད་ལ་ཀུན་ནས་འདུད། །སེམས་ཅན་ལས་ཀྱི་ཆུ་བོར་གྲུ་ནུབ་རྣམས། །དམ་ཆོས་བདུད་རའྩི ི་ ཟམ་པས་སྒྲོལ་མཛད་ཅིང༌། །འཕགས་ལམ་ཡན་ལག་བརྒྱད་ལ་སྦྱོར་མཛད་པའི། །གསུང་གི་ མངའ་བདག་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོགས་བསྟོད་པ་ཅི་ཤེས་ཀྱིས་བསྟོད་དོ། །དེ་ ནས། ཡི་དམ། བསྲུངས་མ་དྲུག་ཅུ། རང་གི་སྒོས་ཀྱི་ཆོས་སྐྱོང་རྣམས་ལ་གཏོར་མ་ཕུལ་ནས། གྲུབ་ན་རྒྱས་པའི་སྦྱིན་སྲེག་བྱའོ། ། བཅུ་པ་སྙན་གསན་དབབ་པ་ནི། རྡོར་དྲིལ་འཛིན་པས། བཅོམ་ལྡན་དུས་ཀྱི་འཁོར་ལོ་ 3-1-274 མཆོག །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་སྤྱན་དབྱེ་བ། །ཀུན་ གྱིས་བྱིན་གྱིས་བརླབ་པའི་ཕྱིར། །བདག་ནི་རྡོ་རྗེ་ཆེ་གེ་མོས། །སློབ་མ་རྣམས་ལ་བརྩེ་བ་དང༌། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །རབ་གནས་ནང་པར་ བགྱིད་པར་འཚལ། །ཚོགས་པ་ཐམས་ཅད་རབ་གནས་པར། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་ གསོལ། །ཞེས་ལན་གསུམ་མོ། །དེ་ནས་ལྷ་རྣམས་དགྱེས་བཞིན་དུ་གནང་བ་བྱིན་པར་བསམ་ ཏེ། བདག་ཉིད་གཟེངས་བསྟོད་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །བདག་གི་གསོན་ པའང་འབྲས་བུར་བཅས། །ལྷ་དང་དམ་ཚིག་གིས་མཉམ་པར། །གྱུར་པར་བདག་ནི་སོམ་ ཉི་མེད། །བྱང་ཆུབ་སེམས་དང་སེམས་གཅིག་ལས། །མི་ལྡོག་པར་ནི་བདག་འགྱུར་ཏེ། །དེ་ བཞིན་གཤེགས་པའི་རིགས་སུ་ནི། །དེང་བདག་སྐྱེ་བར་ཐེ་ཚོམ་མེད། །དེང་བདག་ཉི་མ་ དམ་པ་སྟེ། །བདག་གི་མཆོད་སྦྱིན་བླ་ན་མེད། །སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས། །དེང་བདག་འདུས་པའི་མཆོག་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་ལྷ་དེ་ལ་མཆོད་ཅིང་བསྟོད་ ལ། འདོད་དོན་ལ་གསོལ་བ་གདབ་བོ། ། བཅུ་གཅིག་པ་ནི། ཡིག་བརྒྱས་ལྷག་ཆད་ཁ་བཀང༌། མ་འབྱོར་བ་དང་ཉམས་པ་དང༌། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ལ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང༌། བཛྲ་མུཿ ཞེས་པས་གཤེགས་སུ་གསོལ་བའམ། ནམ་མཁར་བཏེག་སྟེ་ བཞུགས་སུ་གསོལ་བ་གང་རུང་བྱའོ། ། བཅུ་གཉིས་པ་ནི། རྟེན་དམ་ཚིག་པར་གསལ་བའི་ཐུགས་ཀ་དང༌། དབུ་དང༌། མགུལ་དང༌། ཕྱག་གཉིས་དང༌། སྤྱི་གཙུག་ཏུ་དྲིས་བྱུགས་ལ། མཆོད་བསྟོད་བསྡུས་པ་བྱ་སྟེ། རྡོ་རྗེ་དང་ བཅས་པའི་ལག་པ་གཡས་པས་རྟེན་ལ་ལན་གསུམ་རེག་ལ། ལྷ་དེའི་སྔགས་དང་ཡིག་དྲུག་ བཟླས། ཨ་ཨི་རྀ་ཨུཾ་ལྀས་གནས་ལྔ་བསྲུང༌། ༀ་ཨ་བཛྲ་ཝ་ས་སྱེ་སྭཱཧཱས། རྟེན་ལ་ན་བཟའ་ 3-1-275 དམར་པོ་བཀབ་ལ་བཞག་གོ ། བཅུ་གསུམ་པ་ནི། དགེ་བ་བསྔོ་ཞིང་ཡིག་དྲུག་བཟླས་ཏེ། ཡན་ལག་དྲུག་གི་གོ་གྱོན་ལ། ཉལ་བའི་རྣལ་འབྱོར་ལ་གནས་པར་བྱ་སྟེ། སྟ་གོན་ནོ།། །། གཉིས་པ་དངོས་གཞི་ལ། དཔལ་ལྡན་རྒྱུད་དུ། དཔལ་ལྡན་དཀྱིལ་འཁོར་མཐར་ནི་ མཉམ་པའི་ས་གཞིའི་གནས་ལ་རྒྱལ་བའི་ཆ་ཡིས་རེ་ཁཱ་ལྔ་བྱས་ཏེ། །ཞེས་པ་ནས། གར་དང་ རྣམ་མང་མཆོག་གི་གོས་དང་རྔ་ཡབ་དང་ནི་གདུགས་རྣམས་དག་གིས་ལྷ་ལ་མཆོད་པར་བྱ། །ཞེས་པའི་བར་ཚིགས་བཅད་བདུན་དང༌། རྐང་པ་གསུམ་གྱིས་བསྟན་པ། ལོ་ཆེན་རིན་བཟང་ གི་སྡོམ་དང་སྦྱར་བ་ནི། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱང་བཀྲུ་ཞིང་ ཕྱི་བ་དང༌། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲང་དགུག་རྒྱས་ གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་བཏབ་མངའ་དབུལ་རྒྱས་པར་ བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང༌། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་པ་ལྟར་ བཅུ་གསུམ་གྱི་དང་པོ་ནི། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་གསལ་བཏབ་ནས། མཆོད་ པ་དང༌། གཏོར་མ་སོ་མ་རྒྱས་པར་བཤམས་ཏེ། མཆོད་བསྟོད་ཅི་རིགས་པར་བྱ། གཉིས་པ་རྟེན་སྦྱང་བ་དང༌། གསུམ་པ་བཀྲུ་ཞིང་དབྱི་བ་སྟ་གོན་བཞིན་ནོ། ། བཞི་པ་རིང་བསྲེལ་གཞུག་པ་ནི་ཟུར་དུ་བལྟའོ། ། ལྔ་པ་གསོལ་གདབ་ལ། དཀྱིལ་འཁོར་གྱི་ཤར་དུ་ཁྲུ་གང་བའི་དཀྱིལ་འཁོར་ ནང་ནས་ལྗང༌། ནག དམར། དཀར། སེར་བའི་རེ་ཁཱ་ལྔ་དང་ལྡན་པ། གྲུ་བཞི་པ། སྒོ་བཞི་པ། དབུས་སུ་པད་མ་འདབ་བརྒྱད་ལ་རིགས་ལྔ་ཡུམ་བཞིའི་མཚན་མ་བྲིས་པ་ལ། རབ་ཏུ་གནས་བྱའི་རྟེན་བཞུགས་པ་ལ། ཡོན་ཏན་དྲན་པའི་སྒོ་ནས་སོ་སོའི་ལག་ཏུ་མེ་ཏོག་ ཐོགས་ཏེ་གསོལ་བ་འདེབས་པ་ནི། གང་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ 3-1-276 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་ དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཏེ། རྒྱུ་དང་འབྲས་བུའི་དགོས་པ་ཕུན་ སུམ་ཚོགས་པ་དང་ལྡན་པ། ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་སངས་རྒྱས་བཅོམ་ལྡན་ འདས་འདི་བདག་གིས་རབ་ཏུ་གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དང་ཡང་དག་པར་ལྡན་པ། སྟོབས་བཅུ་དང༌། མི་ འཇིགས་པ་བཞི་དང༌། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང༌། ཐུགས་རྗེ་ཆེན་ པོ་ལ་སོགས་པ། མདོར་ན་སློབ་པ་དང་མི་སློབ་པའི་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་དང་ ལྡན་པ། དེའི་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ་ཞིང༌། བདེ་བར་གཤེགས་པའི་ཡོན་ཏན་ གྱི་ཆོས་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་གནས་པར་ བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ ལྔ་དང་ཡང་དག་པར་ལྡན་པ་ཆོ་འཕྲུལ་གསུམ་དང༌། {བསླབ་པ་{ཏིང་ངེ་འཛིན་}གསུམ་ དང༌། ཚངས་པའི་གནས་བཞི་དང༌། བསམ་གཏན་བཞི་དང༌། འཕགས་པའི་བདེན་པ་བཞི་ དང་ཡང་དག་པར་ལྡན་པ། དེའི་ཡང་དག་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང༌། ཤེས་བྱའི་ ཡུལ་ཐམས་ཅད་བརྙེས་པས་ཉོན་མོངས་པ་ལ་སོགས་པ་རྣམས་མ་ལུས་པར་སྤངས་པ་དང༌། བདུད་བཞི་ལས་རབ་ཏུ་རྒྱལ་བའི་སངས་རྒྱས་བཅོམ་ལྡན་འདས་འདི་བདག་གིས་རབ་ཏུ་ གནས་པར་བགྱིའོ། །གང་འདི་བཅོམ་ལྡན་འདས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ པ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསགས་པ་དང༌། སྐྱེས་བུ་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ་དང༌། དཔེ་བྱད་བཟང་པོ་བརྒྱད་ ཅུས་ཡང་དག་པར་མཛེས་པ་དང༌། སྐྱེས་བུ་ཆེན་པོའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། 3-1-277 མཐོང་ན་མི་མཐུན་པ་མེད་པ་སྟེ། དེའི་གཟུགས་ཀྱི་སྐུའི་འབྱོར་པ་མཐར་ཐུག་པ། འགྲོ་བ་ མ་ལུས་པའི་རྩ་ལག་ཏུ་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་འདི་དག་བདག་གིས་རབ་ ཏུ་གནས་པར་བགྱིའོ། །ཞེས་ཐམས་ཅད་ཀྱིས་བརྗོད་ལ་མེ་ཏོག་གི་ཆར་དབབ། སྤོས་ཀྱིས་ བདུག རོལ་མོ་དབུལ་ཞིང༌། ༀ་ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱཧཱ། ཞེས་དང༌། ལྷ་གང་ཡིན་གྱི་སྔགས་ ཀྱང་བཟླའོ། །དེ་ནས་དམིགས་ཡུལ་དང༌། སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ནས། ངོ་མཚར་ཆེན་པོ་གྲངས་མེད་པ་བསམ་གྱིས་མི་ ཁྱབ་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་ སུ་མཆིའོ། །དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་དཀོན་མཆོག་ གསུམ་གྱི་རྟེན་རབ་ཏུ་གནས་པར་བགྱིས་པས། དེའི་མཐུས། བདག་གིས་སེམས་ཅན་ཐམས་ ཅད་ཀྱི་དབུགས་དབྱུང་ངོ༌། །འཁོར་བའི་གཅོང་རོང་ཆེན་པོ་ལས་བསྒྲལ་བར་བགྱིའོ། །ཕས་ ཀྱི་རྒོལ་བ་བདུད་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཀྱི་བག་ ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་ཐམས་ཅད་བསལ་བར་བགྱིའོ། ། སེམས་ཅན་རྣམས་ཀྱི་ང་རྒྱལ་གྱི་རི་བོ་བརྙིལ་བར་བགྱིའོ། །སེམས་ཅན་རྣམས་ཀྱི་སྐྱེ་བའི་ ལྗོན་ཤིང་རྩད་ནས་བཅད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་ པ་བསལ་བར་བགྱིའོ། །མ་དད་པ་དང༌། ཕྱི་རོལ་པ་དག་དང༌། ལྟ་བ་ཕྱིན་ཅི་ལོག་པ་དག་ ཡང་དག་པའི་ལྟ་བ་ལ་བཟུང་ཅིང་དད་པར་བསྒྱུར་རོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་སྐེམས་པར་བགྱིའོ། །ཆོས་ཀྱི་སྒྲོན་མེ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་ བསྟན་པར་བགྱིའོ། །བཟོད་པ་དང་དེས་པ་ལ་བཙུད་དོ། །བསམ་གཏན་གྱི་བདེ་བ་ལ་རྩེར་ བསྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་གཞིལ་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་པོ་གཞོམ་ 3-1-278 པར་བགྱིའོ། །བདེན་པ་ལ་བཟུད་དོ། །ཕྲག་དོག་གི་ཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་ པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པ་ དང༌། བདེ་བ་ཆེན་པོའི་གྲོང་ཁྱེར་དུ་འཇུག་ཅིང་གནས་པར་བགྱིའོ། །དེ་བས་ན་ལས་ཀྱི་དངོས་ གྲུབ་ཀྱི་མཆོག་བསྩལ་ཞིང་གནང་བར་མཛད་དུ་གསོལ། ཞེས་པའི་སྐབས་སུ་ཐམས་ཅད་ ཀྱིས་དེ་སྐད་བརྗོད་དེ་མེ་ཏོག་གཏོར་རོ། ། དྲུག་པ་རྟེན་བསྐྱེད་པ་ནི། སྟ་གོན་བཞིན་ནོ། །དེ་ནས་ལྷ་དེ་རྣམས་ཀྱི་ཐུགས་ཀར་སྒྲ་ གཅན་ལ་ཧཱུཾ། མགྲིན་པར་ཉི་མ་ལ་ཨཱཿ ལྟེ་བར་དུས་མེ་ལ་ཧོཿ གསང་བར་ཡེ་ཤེས་ལ་ཀྵཿ དཔྲལ་བར་ཟླ་བ་ལ་ༀ། གཙུག་ཏོར་དུ་ནམ་མཁའ་ལ་ཧཾ་གིས་མཚན་ པར་བསམས་ཏེ། དམ་ཚིག་པ་བསྐྱེད་པའོ། ། བདུན་པ་ཡེ་ཤེས་པ་སྤྱན་དྲང་བ་ནི། དམ་ཚིག་པ་རང་རང་གི་ཐུགས་ཀའི་ཟླ་བའི་སྟེང་ དུ་ཛཿཧཱུཾ་བཾ་ཧོཿཧི་ལས་བྱུང་བའི་ཁྲོ་བོ་ལྔ་པོ་དག་གིས་རིམ་བཞིན་དུ། བཛྲ་ཨཾ་གུ་ཤ་ཛཿདང་ ལྕགས་ཀྱུའི་ཕྱག་རྒྱས། རྡོ་རྗེ་ཤུགས་ཀྱི་ཡེ་ཤེས་པ་མདུན་གྱི་ ནམ་མཁར་སྤྱན་དྲང་ཞིང། སངས་རྒྱས་ཡབ་ཡུམ་བཅས་པ་ཞེས་སོགས་ནས། མཆོད་ པའི་བར་སྟ་གོན་བཞིན་བྱས་ལ། ༀ་བཛྲ་ཧཱུཾ་དང༌། རྡོ་རྗེའི་ཕྱག་རྒྱས། རྨུགས་བྱེད་ཀྱིས་ གཞུག །ༀ་བཛྲ་པ་ཤ་བཾ་དང༌། ཞགས་པའི་ཕྱག་རྒྱས། རེངས་བྱེད་ཀྱིས་བཅིང༌། ༀ་བཛྲ་གྷཎྜེ་ ཧོཿདང༌། དྲིལ་བུའི་ཕྱག་རྒྱས་ཁེངས་བྱེད་ཀྱིས་མཉེས། ༀ་བཛྲ་དཎྜ་ཧི་དང་དབྱུག་པའི་ཕྱག་ རྒྱས་ཤིན་ཏུ་སྟོབས་ཀྱིས། ཡེ་ཤེས་པ་དང་དམ་ཚིག་པ་རོ་མཉམ་མོ། །སངས་རྒྱས་ཐམས་ཅད་ གཞུག་པ་ཡང་སྔར་བཞིན་ནོ། །དེ་ནས་དེ་རྣམས་ཀྱི་ཐུགས་ཀར་པདྨ་ཟླ་ཉིའི་དབུས་སུ་རང་རང་ གི་ས་བོན་དགོད་དོ། ། བརྒྱད་པ་རྒྱས་གདབ་པ་ནི་སྔར་བཞིན་ནོ། །དགུ་པ་དབང་བསྐུར་བ་ནི། ༀ་ཧཾ་ཧཱཾ་ཧིཾ་ཧཱིཾ་ 3-1-279 ཧྼྀཾ་ཧྼཱྀཾ་ཧུཾ་ཧཱུཾ་ཧླྀཾ་ཧླཱྀཾ། ཨཱ་ཨཱི་རཱྀ་ཨཱུ་ལཱྀ། བཛྲ་ཌཱ་ཀི་ནྱཽ་བཛྲ་ཨ་མྲྀ་ཏ་གྷ་ཊེ་ར་ཨ་བྷི་ཥིཉྩ་ཏུ་མཾ་སྭཱཧཱ། ཞེས་གསོལ་བ་གདབ། ཡུམ་ལྔས་བུམ་པ་ལྔའི་ཆུ་བསྡུས་ཏེ་དུང་ཆོས་སུ་བླུགས་པས། ཨཱ་ཨཱི་ རཱྀ་ཨཱུ་ལཱྀ་རྣམས་ལས་བྱུང་བའི་ཡུམ་ལྔའི་ངོ་བོར་གྱུར་པ་ཞུ་བ་ལས་བྱུང་བའི་དུང་གི་ཆུ། ཡུམ་ ལྔས་ཐོགས་ཏེ། ༀ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཞེས་གསུང་ཞིང༌། ཆུ་ དབང་བསྐུར་བར་བསམ། དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཅོད་པན། ནུས་ མ་རྣམས་ཀྱིས་དར་དཔྱངས། གཙོ་བོ་ཡབ་ཡུམ་གྱིས་རྡོར་དྲིལ། སེམས་དཔའ་ཡབ་ཡུམ་གྱིས་ བརྟུལ་ཞུགས། ཁྲོ་བོ་ཡབ་ཡུམ་གྱིས་མིང༌། རྡོར་སེམས་ཡབ་ཡུམ་གྱིས་རྗེས་གནང་སྟེ། བྱིས་ པ་འཇུག་པའི་དབང་བདུན་དང༌། སྐུ་རྡོ་རྗེ་ལས་བུམ་དབང༌། གསུང་རྡོ་རྗེ་ལས་གསང་དབང༌། ཐུགས་རྡོ་རྗེ་ལས་ཤེས་རབ་ཡེ་ཤེས་ཀྱི་དབང༌། ཡེ་ཤེས་རྡོ་རྗེ་ལས་བཞི་པ་སྟེ། དབང་གོང་མ་ བཞི་དང་བཅུ་གཅིག སློབ་དཔོན་གྱི་དབང་རྣམས་རྒྱས་བསྡུས་ཇི་ལྟར་རིགས་པས། རྟེན་ལ་ བདག་འཇུག་བཞིན་དབང་བསྐུར་ནས། གཙོ་བོ་དང༌། རྡོ་རྗེའི་རིགས་ལ་མི་བསྐྱོད་པ། ཡུམ་ དང་ཡེ་ཤེས་ཀྱི་རིགས་ལ་རྡོར་སེམས། ལས་ཀྱི་རིགས་ལ་དོན་གྲུབ། རིན་ཆེན་རིགས་ལ་རིན་ འབྱུང༌། པདྨའི་རིགས་ལ་སྣང་མཐའ། འཁོར་ལོའི་རིགས་ལ་རྣམ་སྣང་རྣམས་ཀྱིས་རྒྱབ་གདབ་ བོ། བཅུ་པ་མཆོད་བསྟོད་ནི། སྟ་གོན་གྱི་སྐབས་བཞིན་ནམ། དམ་ཚིག་གི་རྫས་དང༌། ཆུ་བཞི་ སྔོན་དུ་སོང་བའི་མཆོད་པ་བཅུ་གཉིས། ཉེར་སྤྱོད་ལྔ། རིན་ཆེན་བདུན། འདོད་ཡོན་ལྔ་སོགས་ གང་གྲུབ་ཀྱིས་མཆོད། བསྟོད་པ་ཅི་ཤེས་ཀྱིས་བསྟོད་དོ། ། བཅུ་གཅིག་པ་སྤྱན་དབྱེ་བ་ནི། གསེར་གྱི་ཐུར་མའི་རྩེས། མར་དང་སྦྲང་རྩིའི་མིག་སྨན་ བླངས་ཏེ། རྟེན་གྱི་སྤྱན་ལ་བྱུག་པའི་ཚུལ་གྱིས། ཇི་ལྟར་མིག་མཁན་ རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །རྒྱལ་བ་རྣམས་ཀྱིས་ཁྱོད་ 3-1-280 ཀྱི་ནི། །མི་ཤེས་པ་ཡི་རབ་རིབ་བསལ། །ༀ་ཙཀྵུཿཙཀྵུཿས་མནྟ་ཙཀྵུཿབི་ཤོ་དྷ་ཡེ་སྭཱཧཱ། ཞེས་ དང༌། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་ བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་ སྤྱན་ནི་ཐོབ་པར་ཤོག །ཅེས་བརྗོད་ལ་སྤྱན་དབྱེའོ། ། བཅུ་གཉིས་པ་བརྟན་བཞུགས་ནི། མངའ་དབུལ་གྱི་མཇུག་ཏུ་མཛད་པ་ཕྱག་ལེན་ནོ། ། བཅུ་གསུམ་པ་མངའ་དབུལ་བ་ལ་བཞི་སྟེ། མཆོད་བསྟོད་རྒྱས་པ་དང༌། བྱེ་བྲག་ཏུ་ཉེ་ བར་འཁོ་བ་དང༌། སྦྱིན་སྲེག་དང༌། བཙའ་རུའི་བཟའ་བ་དང༌། བཀྲ་ཤིས་དང་རབ་གནས་ཀྱི་ སྔགས་ཀྱིས་མངའ་དབུལ་བ་དང་བཞིའི། དང་པོ་ནི། ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་བཅུ་ གཉིས་དང༌། ནང་གི་དམ་ཚིག་དང༌། དམ་ཚིག་གི་རྫས་དང༌། ཕྱི་ནང་གི་ལྷ་མོ་བརྒྱད་དང༌། རིན་ཆེན་བདུན་ནམ། འདོད་ཡོན་ལྔའམ། མཆོད་པ་ཉི་ཤུ་པ་འམ། མཆོད་པ་ཉི་ཤུ་རྩ་ལྔ་པ་ ལ་སོགས་པ་དང༌། བསྟོད་པའི་མཆོད་པ། རབ་ཏུ་གནས་བྱ་དང་མཐུན་པ་ནི་བསྟོད་པས་བསྟོད། དགོས་བསྟོད་མི་ཤེས་ན། མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། ། ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད། །ཡོན་ཏན་མཐའ་ཡས་དངོས་ གྲུབ་མཆོག་རྣམས་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ནི་བསྐྲུན་དུ་ཡོད་མ་ ཡིན། །དངོས་གྲུབ་མཐའ་ལས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་ དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པས་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་རབ་ཏུ་བརྩོན་ པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་ བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། 3-1-281 །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་ འགག་པར་ཡོང་མི་འགྱུར། །ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་ སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་ གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་ མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་ དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་ འགྲུབ་པར་འགྱུར། །ཞེས་པས་བསྟོད་དོ། །དེ་ཙམ་མི་ནུས་ན་སྟ་གོན་དུ་བསྟན་པ་ལྟར་བྱའོ། ། གཉིས་པ་ཉེ་བར་འཁོ་བས་མངའ་དབུལ་བ་ལ་གཉིས། སྤྱི་དང་བྱེ་བྲག་གི་མངའ་དབུལ་ བའོ། །དང་པོ་སྤྱིའི་སྡོམ་ནི། དཀྱིལ་འཁོར་ཁྲུས་དང་ན་བཟའ་རྒྱན། །རྣམ་ལྔ་རིན་ཆེན་བདུན་ དང་བཅུད། །གདུགས་སོགས་དག་ནི་སྤྱི་ཡིའོ། །དེ་ལ་དང་པོ་གླིང་བཞི་རི་རབ་དང་བཅས་ པའི་རི་མོ་དབུལ་ཏེ། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་གཏོར། །རི་རབ་གླིང་བཞི་ལེགས་ པར་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ ལ་སྤྱོད་པར་ཤོག །ༀ་བཛྲ་རེ་ཁེ་ཨཱཿཧཱུཾ་སྭཱཧཱ། དེ་ནས་དྲི་ཞིམ་པོའི་ཆུས་བཀྲུ་ཞིང༌། སྟོང་གསུམ་ ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། ། གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ༀ་ བཛྲ་གནྡྷེ་ཨཱཿཧཱུཾ་སྭཱཧཱ། ན་བཟའ་ནི། མཆོད་རྟེན་དང་གླེགས་བམ་ལ་སྣ་ཚོགས་པའི་ན་བཟའ་ དང༌། སངས་རྒྱས་ལོངས་སྐུ་དང༌། བྱམས་སེམས་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་ན་བཟའ་ མཛེས་པ་དབུལ་ཏེ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་མཉེས་ལ། །མི་ ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །སངས་རྒྱས་སྤྲུལ་སྐུ་དང༌། ཉན་ཐོས་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་དབུལ་བ་ 3-1-282 ནི། དྲི་མེད་མཚན་ལ་སྒྲིབ་གསལ་མི་མངའ་ཡང༌། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་ བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརྟུལ་ཞུགས་ མཆོག་ལ་སྤྱོད་པར་ཤོག །ༀ་བཛྲ་ཝསྟྲ་ཡེ་སྭཱཧཱ། དེ་ནས་རྒྱན་གྱི་ཁྱད་པར་འབུལ་བ་ནི། རྒྱལ་ བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ ཡང༌། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ ཐོབ་པར་ཤོག །ༀ་བཛྲ་ཨ་ལང་ཀ་ར་ཝ་པུ་ཥ་ནི་ཨཱཿཧཱུཾ་སྭཱཧཱ། དེ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ སོགས་ཅི་འབྱོར་པ་དབུལ་ཞིང༌། རྒྱལ་བ་ཟག་མེད་འབྱོར་ལ་མངའ་བསྒྱུར་ཡང༌། །འགྲོ་བའི་ དོན་དུ་འདོད་ཡོན་རྣམ་ལྔ་ཡིས། །མཆོད་པས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །བསོད་ནམས་མི་ཟད་གཏེར་ལ་སྤྱོད་པར་ཤོག །ༀ་བཛྲ་ས་མནྟ་བྷ་དྲ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། དེ་ནས་རིན་ཆེན་སྣ་བདུན་བྲིས་པའི་གཟུགས་སམ། ཡིད་ཀྱིས་དབུལ་ཞིང༌། མི་དབང་རིན་ ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །ༀ་སཔྟ་མཧཱ་རཏྣ་ པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། དེ་ནས་སྣོད་མཛེས་པ་གཅིག་གམ་ལྔའི་ནང་དུ། སྨན་ལྔ། འབྲུ་ལྔ། རིན་ཆེན་ལྔ། དྲི་ལྔ། སྙིང་པོ་ལྔ་སོགས་བླུག་ལ་དབུལ་ཞིང༌། རྒྱལ་བ་མགོན་པོ་དཔལ་གྱི་ལྷ་ མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་ འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ༀ་བཛྲ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་ གྷ་ཨཱཿཧཱུཾ་སྭཱཧཱ། དེ་ནས་གདུགས་དང༌། བ་དན། བླ་བྲེ། རོལ་མོ་སོགས་དབུལ་ཞིང༌། བརྩེ་ བའི་ཁོར་ཡུག་སྙན་པའི་བ་དན་དང༌། །ཏིང་འཛིན་བླ་རེ་སྤོབས་པའི་འོད་གསལ་བ། །མཆོག་ རྐྱེན་འོས་པའི་ཉེར་མཁོ་འདི་དག་འབུལ། །སྐྱེ་བོས་རྣམ་དག་ཡེ་ཤེས་ཐོབ་པར་ཤོག །ༀ་བཛྲ་ མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུཾ་སྭཱཧཱ། དེ་དག་ནི་ཐུན་མོང་གི་མངའ་དབུལ་བ་བརྒྱད་དོ། ། 3-1-283 གཉིས་པ་ལ། སྐུ་གཟུགས། གླེགས་བམ། མཆོད་རྟེན་ལ་མངའ་དབུལ་བ་གསུམ་ གྱི། དང་པོའི་སྡོམ་ནི། སྤུ་གྲི་འདྲེག་སྤྱད་སོ་མངས་དང༌། །རྨང་གཟེར་ཚེམས་ཤིང་སྤ་བཞར་ རོ། །དང་པོ་ནི། སངས་རྒྱས་སྤྲུལ་སྐུ་དང༌། བྱང་སེམས་རབ་བྱུང་གི་ཆ་ལུགས་ཅན་རྣམས་ ལ། གསེར་གྱི་སྤུ་གྲིས་དབུ་སྐྲ་དང་ཞལ་སྤུ་འདྲེག་པའི་ཚུལ་བྱ་ཞིང༌། རྒྱལ་བའི་དབུ་སྐྲ་ མཐོན་མཐིང་སྐྱོན་བྲལ་ཡང༌། །གཞན་དོན་བསྒྲུབ་ཕྱིར་ཁྱིམ་པའི་རྟགས་སྤང་ཕྱིར། །དད་ པས་གསེར་གྱི་འདྲེགས་སྤྱད་ཕུལ་བ་ཡིས། །འགྲོ་ཀུན་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ༀ་བཛྲ་ཀ་ཙ་མུ་ཁ་ཨཱཿཧཱུཾ་སྭཱཧཱ། ཡང་འདྲེག་སྤྱད་ཀྱིས་ཐུན་མོང་དུ་སེན་མོ་འདྲེག་པའི་ཚུལ་བྱ་ ཞིང༌། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང༌། །བདག་ཅག་དད་པས་ཕྱག་དང་ ཞབས་རྣམས་ཀྱི། །སེན་མོའི་འདྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་ བཟང་པོ་ཐོབ་པར་ཤོག །ༀ་བཛྲ་ན་ག་ཚེ་ད་ཛ་ན་ཨཱཿཧཱུཾ་སྭཱཧཱ། དེ་ནས་སངས་རྒྱས་ལོངས་སྐུ་ དང༌། བྱང་སེམས་ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ། གསེར་གྱི་སོ་མངས་ཀྱིས་དབུ་སྐྲ་ཤད་ པའི་ཚུལ་བྱ་ཞིང༌། དབུ་སྐྲ་རིན་ཆེན་ལྕང་ལོ་མ་འཁྲུགས་ཤིང༌། །མཛེས་ཤིང་བལྟ་བས་མི་ ངོམས་སྐྱོན་བྲལ་ཡང༌། །བདག་བློ་སྦྱང་ཕྱིར་རྐྱེན་དང་འཚམ་པ་འདི། །ཕུལ་བས་འགྲོ་ ཀུན་དུག་གསུམ་བྲལ་བར་ཤོག །ༀ་བཛྲ་བ་ལེ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱཧཱ། དེ་ནས་རྨང་གཟེར་གྱིས། ཤངས་སྤུ་འཐོག་པའི་ཚུལ་དུ་བྱ་ཞིང༌། དྲི་འཛིན་རྣམ་དག་ཚུལ་ཁྲིམས་ལས་འཁྲུངས་པ། ། དགེ་བ་བསྒྲུབ་ཕྱིར་སྐྱོན་ལས་ངེས་གྲོལ་ཡང༌། །མོས་པས་འཛིན་སྤྱད་དམ་པ་ཕུལ་བ་ཡིས། །འགྲོ་བས་ཡེ་ཤེས་བླ་མེད་ཐོབ་པར་ཤོག །ༀ་བཛྲ་རོ་མ་དྷ་ར་ཨཱཿཧཱུཾ་སྭཱཧཱ། དེ་ནས་གསེར་ དངུལ་ལས་བྱས་པའི་ཚེམས་ཤིང་གིས་ཚེམས་འབྲུད་པའི་ཚུལ་བྱ་ཞིང༌། དཀར་ལ་ཐགས་ བཟང་བཞི་བཅུ་ཚང་བའི་ཚེམས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་དབང་བསྒྱུར་ཡང༌། །བདག་ ཅག་དད་པས་ཚེམས་ཤིང་འབུལ་ལགས་ཀྱིས། །འགྲོ་བས་སངས་རྒྱས་གསུང་དབྱངས་ཐོབ་ 3-1-284 པར་ཤོག །ༀ་བཛྲ་དནྡ་ཤོ་དྷ་ཡ་ཨཱཿཧཱུཾ་སྭཱཧཱ། དེ་ནས་གསེར་གྱི་སྤ་བཞར་དབུལ་བ་ནི། གཉེན་ སྲིང་མི་མངའ་ཀུན་ཏུ་གསལ་བར་ལྡན། །ཐུབ་པའི་སྒྲ་འཛིན་ངོ་བོ་དག་ན་ཡང༌། །དག་བྱེད་ འདི་ནི་བདག་གིས་འབུལ་ལགས་ཀྱིས། །སྐྱེ་བོས་རྟག་ཏུ་དམ་ཆོས་ཐོས་པར་ཤོག །ༀ་བཛྲ་ ཀརྞ་ཤོདྷ་ཡ་ཨཿཧཱུཾ་སྭཱཧཱ། དེ་རྣམས་སྐུ་གཟུགས་ཀྱི་མངའ་དབུལ་ལྔ་ཡིན་ནོ། །སྐུའི་རྗེས་སུ་ གསུང་འབྲེལ་བས། གཉིས་པ་གླེགས་བམ་ལ་མངའ་དབུལ་བའི་སྡོམ་ནི། བཞུགས་ཁྲི་དང་ནི་ན་བཟའ་ དང༌། །གླེགས་ཤིང་དང་ནི་གླེག་ཐག་གོ །དེ་ལ་དང་པོ་བཞུགས་ཁྲི་ཕུལ་ཏེ། རིན་ཆེན་དུ་མ་ ལས་གྲུབ་སེང་གེའི་ཁྲི། །ཡིད་འོང་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་གསུང་ རབ་མཆོག་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་འདུག་པར་ཤོག །ༀ་བཛྲ་ཨཱ་ས་ ན་ཨཱཿཧཱུཾ་སྭཱཧཱ། ན་བཟའ་ཕུལ་ཏེ། སྣ་ཚོགས་དབང་པོའི་གཞུ་བཞིན་རབ་བཀྲ་ཡང༌། །གང་ལ་ རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་ པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ༀ་བཛྲ་ཝསྟྲ་ཡེ་ཨཿཧཱུཾ་སྭཱཧཱ། གླེགས་ཤིང་ཕུལ་ཏེ། ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ཡང༌། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་ པ། །ཉི་ཟླ་ལྟ་བུར་རྟེན་འབྲེལ་དབབ་བྱ་འདི། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ ཤོག །ༀ་བཛྲ་པྲཛྙཱ་ཨུ་པཱ་ཡེ་ཨ་དྭཱ་ཡ་ཨཱཿཧཱུཾ་སྭཱཧཱ། གླེགས་ཐག་ཕུལ་ཏེ། སྤྲོས་པ་དུ་མ་རབ་ཏུ་ རྒྱས་གྱུར་ཀྱང༌། །ཡེ་ཤེས་ཆེན་པོར་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་ བྱད་མཆོག་ཕུལ་བས། །འགྲོ་བས་ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ༀ་བཛྲ་པོསྟ་ཀ་བནྡྷ་ ཨཿཧཱུཾ་སྭཱཧཱ། (གསུམ་པ།) ཐུགས་ཀྱི་རྟེན་མཆོད་རྟེན་ལ་དབུལ་བ་ལ་བརྒྱད་ཀྱི། སྡོམ་ནི། སྲོག་ཤིང་ འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། ། 3-1-285 དེ་ལ་སྲོག་ཤིང་ཕུལ་ཏེ། ༀ་བཛྲ་ཨཱ་ཡུཿཤེ་སྭཱཧཱ། སེམས་ཅན་ཐམས་ཅད་ཤེས་པ་བཅུ་དང་ ལྡན་པར་གྱུར་ཅིག བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཡུན་རིང་དུ་མི་ནུབ་ཅིང་ གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ཏུ་ བཟང་པོའི་སྨོན་ལམ་ལ་འཇུག་པར་གྱུར་ཅིག འཁོར་ལོ་ཕུལ་ཏེ། ༀ་པྲ་མར་ད་ནཱ་ཡ་སྭཱཧཱ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། མ་འདྲེས་པའི་དྲན་པ་ཉེ་ བར་བཞག་པ་གསུམ་ཐོབ་པར་གྱུར་ཅིག ཡེ་ཤེས་ལྔ་དང་ལྡན་པར་གྱུར་ཅིག ཅོད་པན་ཕུལ་ ཏེ། ༀ་པ་ཊཾ་ཀ་ལཾ་བཱ་ཡ་སྭཱཧཱ། སེམས་ཅན་ཐམས་ཅད་དུས་ཐམས་ཅད་དུ་དར་གྱི་ཅོད་པན་ དང༌། ལྷབ་ལྷུབ་ལ་སོགས་པས་མཆོད་པ་དང་བསྙེན་བཀུར་གྱི་རྣམ་པ་མང་པོས་དེ་བཞིན་ གཤེགས་པ་འཁོར་དང་བཅས་པ་ཐམས་ཅད་དང༌། དེ་དག་གི་མཆོད་རྟེན་དང༌། སྐུ་གཟུགས་ དང༌། གསུང་རབ་ལ་སོགས་པ་ཐམས་ཅད་ལ་མཆོད་པ་བྱེད་པར་གྱུར་ཅིག འཕན་ཕུལ་ ཏེ། ༀ་བཛྲ་པ་ཏཾ་ཀེ་སྭཱཧཱ། སེམས་ཅན་ཐམས་ཅད་ཆོས་ཀྱི་གྲགས་པའི་སྙན་པ་བསམ་གྱིས་ མི་ཁྱབ་པ་ཐོབ་པར་གྱུར་ཅིག རྒྱལ་མཚན་ཕུལ་ཏེ། ༀ་ཀུམ་བི་ར་དྷྭ་ཛ་ཡ་སྭཱཧཱ། སེམས་ཅན་ ཐམས་ཅད་འཁོར་བ་མི་གཏོང་མི་འཛིན་པས། བདུད་བཞི་ལས་རྒྱལ་ཞིང༌། ཆོས་མི་ནུབ་པའི་ རྒྱལ་མཚན་དུ་གྱུར་ཅིག གདུགས་ཕུལ་ཏེ། ༀ་བྷྲ་མ་ན་ཡེ་སྭཱཧཱ། སེམས་ཅན་ཐམས་ཅད་བླ་ ན་མེད་པའི་སྐྱབས་དང་ལྡན་ཞིང༌། ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག ཕྲེང་བ་ཕུལ་ཏེ། ༀ་ རཏྣ་མཱ་ལེ་ཏྲཾ། ན་མསྟྲཻ་ཡ་དྷ་ཨ་ནུ་ར་ཀ་ཏི་པྲ་ཏིཥྛི་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ ཧ་ཏེ། སམྱཀྶཾ་བུད་དྷ་ཡ། ཏདྱ་ཐཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱཧཱ། སེམས་ཅན་ཐམས་ཅད་མཚན་ དང་དཔེ་བྱད་དང་ལྡན་ཏེ། སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པར་གྱུར་ཅིག གདན་ཕུལ་ཏེ། ༀ་པུ་ཎྱཱ་དྷ་རི་ཛ་ཡེ་སྭཱཧཱ། སེམས་ཅན་ཐམས་ཅད་གདན་གྱི་ཁྱད་པར་སྟོབས་བཅུ་དང་ལྡན་པ་ གླང་པོ་ཆེའི་གདན་དང༌། མི་འཇིགས་པ་བཞི་དང་ལྡན་པ་སེང་གེའི་གདན་དང༌། རྫུ་འཕྲུལ་ 3-1-286 གྱི་རྐང་བ་བཞི་དང་ལྡན་པ་རྟའི་གདན་དང༌། དབང་བཅུ་དང་ལྡན་པ་རྨ་བྱའི་གདན་དང༌། ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཀྱི་ཤུགས་དང་ལྡན་པ་ནམ་མཁའ་ལྡིང་གི་གདན་ དང༌། འགྲོ་བའི་རེ་འདོད་ཡིད་བཞིན་དུ་བསྐོང་བ་རིན་པོ་ཆེའི་གདན་དང༌། ཆགས་པའི་སྐྱོན་ ཐམས་ཅད་སྤངས་པ་པདྨའི་གདན་དང༌། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་གདན་ཐོབ་ པར་གྱུར་ཅིག ཅེས་པ་མཆོད་རྟེན་གྱི་མངའ་དབུལ་བརྒྱད་དོ། ། གསུམ་པ་སྦྱིན་སྲེག་གམ། བཙའ་རུའི་བཟའ་བས་མངའ་དབུལ་བ་ནི། གྲུབ་ན་རྒྱས་པའི་ སྦྱིན་སྲེག་གི་ཆོ་ག་བྱ། མ་གྲུབ་ན་སྣོད་བཟང་པོའི་ནང་དུ་ལྷ་བཤོས་ཆེན་པོ་རྒྱན་དང་བཟའ་ བཏུང་སྣ་ཚོགས་ཀྱིས་བརྒྱན་ཞིང་བསྐོར་བ་བཞག་ལ། བྱིན་གྱིས་བརླབས་ཏེ། གཟུགས་སྒྲ་དྲི་ རོ་རེག་བྱ་དག །མཆོག་ཏུ་གྱུར་པའི་ཟས་མཆོག་འདི། །བདག་གིས་དད་པས་འབུལ་ལགས་ ཀྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞལ་ཟས་རོ་བརྒྱ་ལྡན་པ་ཡིད་འཕྲོག་པ། །ལེགས་ སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ༀ་དི་བྱ་ཨ་ན་ནེ་ས་མཱ་དྷི་དྷྱཱ་ན་པྲ་ཎ་ནེ་སྭཱཧཱ། ཞེས་ པས་དབུལ་ལོ། ། བཞི་པ་རབ་གནས་ཀྱི་སྔགས་དང༌། བཀྲ་ཤིས་ཀྱི་མངའ་དབུལ་བ་ནི། ཡེ་དྷརྨ་མང་དུ་ བཟླས་པ་དང༌། ༀ་ཧཱུཾ་ཏྲཾ་ཧྲིཿཨཿ ཞེས་དང༌། ༀ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཞེས་མང་དུ་བཟླས་ཏེ། རྟེན་ལ་མེ་ཏོག་གི་ཆར་དབབ་ཅིང༌། མཆོད་བསྟོད་བསྡུས་པ་ཅིག་ཀྱང་བྱའོ། །དེ་ནས་རྟེན་ ཞལ་བསྒྱུར་དགོས་པ་ལྷ་གང་དང་གང་དུ་བསྐྱེད་པ་རྣམས་འོད་དུ་ཞུ་བ་ལས། རྟེན་དེ་དང་ དེར་གྱུར་པར་བསམས་ནས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་ དཔའ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་ དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་ 3-1-287 མ་བཞག་གི་བར་དུ་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་ སྐུ་གསུང་ཐུགས་ཀྱི་རྟེན་འདི་དག་ལ་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དེ་སྲིད་དུ། བདག་དང་ཡོན་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཕྱག་གི་གནས་མཆོད་པའི་རྟེན་ བསོད་ནམས་ཀྱི་དཔལ་ཞིང་དུ་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དཔག་ཏུ་མེད་པ་ མཛད་ཅིང་བརྟན་པར་བཞུགས་སུ་གསོལ། (ཞེས་བརྗོད་དོ།།) དངོས་གཞིའི་ཆོ་གའོ།། །། གསུམ་པ་མཇུག་གི་ཆོ་ག་ལ། དེ་ལྟར་རབ་གནས་བྱས་ནས་རྣམ་མང་མཆོག་གི་རོ་རྣམས་ དག་གིས་དགེ་འདུན་མཆོད་སྟོན་རབ་ཏུ་སྦྱིན། །ཞེས་པ་ནས། བསོད་ནམས་འདི་ཡིས་སེམས་ ཅན་རྣམས་ནི་རྣམ་གསུམ་སྲིད་པར་གནས་པའི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཅེས་པའི་ བར་ཚིགས་བཅད་གཉིས་དང་རྐང་པ་གཅིག་གིས་བསྟན་པ། ལོ་ཆེན་རིན་བཟང་གི་སྡོམ་ དང་སྦྱར་བ་ནི། གཏོར་མ་སྦྱིན་དང་ཆོས་སྐྱོང་བགོ །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླང༌། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །ཡོན་བདག་བགོ་ཞིང་ཤིས་པ་བརྗོད། །རྟེན་ མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་ པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་བསྲེག་འཇུག་དོན་ནོ། །ཞེས་པ་ལྟར་བཅུ་གསུམ་གྱི་དང་ པོ་ནི། སྒྲུབ་ཐབས་བཞིན་ཡི་དམ་དང༌། བསྲུངས་མ་དྲུག་ཅུ་དང༌། རང་གི་ཆོས་སྐྱོང་གང་ཡིན་ དང༌། གཞི་བདག་སོགས་ལ་གཏོར་མ་དབུལ་ལོ། ། གཉིས་པ་ཆོས་སྐྱོང་བགོ་བ་ནི། རྟེན་འདིའི་ཆོས་སྐྱོང་དུ་འོས་པ་ལ། རྡོ་རྗེ་བསྲུང་བའི་ ཕྱག་རྒྱ་དང༌། ༀ་བཛྲ་རཀྵ་ཧཾ་གིས་གོ་བཀོན་ཏེ། རྡོ་རྗེ་ཐོགས་ལ། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །དམ་ཚིག་འདི་ལས་འདས་ན་ནི། །རིགས་རྣམས་ མྱུར་དུ་ཐལ་བར་རློག །ༀ་ཧ་ན་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བསྲུངས་ལ། རབ་ཏུ་གནས་ པར་བྱས་པའི་རྟེན་འདི་ལ། ཁྱོད་ཀྱིས་བསྲུང་བ་དང༌། བསྐྱབ་པ་དང༌། མཆོད་པ་བསམ་གྱིས་ 3-1-288 མི་ཁྱབ་པ་རྒྱུན་མི་འཆད་པར་གྱིས་ཤིག བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས་ ལ་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བ་དང༌། ཆོས་དང་མཐུན་པའི་བསམ་པ་ ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག ཅེས་པ་བགོའོ། ། གསུམ་པ་དཀྱིལ་འཁོར་མཆོད་དེ། དངོས་གྲུབ་བླང་བ་ནི། དཀྱིལ་འཁོར་གྱི་ལྷ་ལ་ མཆོད་དེ། བདུད་རྩི་མྱང་བ་སྔོན་དུ་འགྲོ་བས། འདོད་པའི་དོན་ལ་གསོལ་བ་གདབ་བོ། ། བཞི་པ་བཟོད་པར་གསོལ་ཏེ་གཤེགས་སུ་གསོལ་བ་ནི། ཡིག་བརྒྱ་ལན་གསུམ་བཟླས་ ཏེ། རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་དག །གང་ དག་ཆོ་གའི་བྱ་བ་ལ། །ནོངས་གྱུར་དེ་དག་བཟོད་པར་རིགས། །ཀུན་ཏུ་ཞི་དང་རྒྱས་པ་རུ། །ཡོན་མཆོད་རྣམས་ལ་རབ་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་དེ་དཀྱིལ་འཁོར་གྱི་ཡེ་ཤེས་པ་རང་གི་ལུས་ ལ་བསྡུ། འཇིག་རྟེན་པ་རྣམས་རང་རང་གི་གནས་སུ་གཤེགས་སུ་གསོལ་ལོ། ། ལྔ་པ་ཡོན་བདག་བགོ་བ་ནི། ཡོན་བདག་བོས་ལ། ཁྱོད་ཀྱིས་ང་ལ་གསོལ་བ་ཡི། །སྐུ་ གཟུགས་དག་ནི་ཁྱད་པར་དུ། །ཇི་ལྟར་གསུངས་པ་རབ་གནས་པར། ། དེ་དག་དོན་ནི་ངས་བྱས་པས། །དེ་རྣམས་དོན་ནི་གྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་ གྱིས། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པའི་རབ་ཏུ་གནས་པ་ལེགས་པར་ཚར་བར་བྱས་ ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་མཆོད་པ་ཆེན་པོ་རྒྱུན་མི་འཆད་པ་ཞག་བདུན་གྱི་བར་དུ་གྱིས་ ཤིག དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མི་འཆད་པ་གྱིས་ཤིག ཅེས་པ་བགོའོ། ། དྲུག་པ་ཤིས་པ་བརྗོད་པ་ནི། ཡོན་བདག་ལ་བསང་གཏོར་བྱས་ལ། ཕྱག་བྱེད་དུ་བཅུག བཀྲ་ཤིས་ཀྱི་རྫས་རྣམས་གྲུབ་པའི་བཀྲ་ཤིས་ཀྱི་རྫས་སུ་བསམས་ལ། མེ་ལོང་ཡེ་ཤེས་རྒྱ་མཚོ་ ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། ། རྣམ་དག་ཆོས་ལ་ཐོགས་མེད་ལོངས་ 3-1-289 སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་ པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་དག་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། ། བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་ སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་ དེས་ནི་ཚེ་ཡང་འཕེལ་བར་ཤོག །བིལ་པ་རྒྱུ་རྐྱེན་འབྲས་བུར་བཅས་པ་ཡི། །འཇིག་རྟེན་ འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་དག་གྱུར་པའི། །བཀྲ་ཤིས་ དེས་ཀྱང་དོན་དེ་གྲུབ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ ཉིད་དུ་དག་གྱུར་ཏེ། ། ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ དབང་ཐོབ་པར་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་ དུ་འདུས་ནས་ཀྱང༌། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཁྱོད་ སྲིད་བརྟན་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པ། །བཀྲ་ཤིས་ དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཅེས་བརྗོད་ཅིང་རྫས་རྣམས་རྟེན་ལ་ཕུལ་ནས། སློབ་ དཔོན་སོགས་ཀུན་ལ་བཀྱེ་བས་བཀྲ་ཤིས་སོ། ། བདུན་པ་རྟེན་མཆོད་པ་ནི། རྟེན་གསར་པ་ལ་ཅི་འབྱོར་པའི་མཆོད་བསྟོད་བསྡུས་པ་ཅིག་ བྱའོ། ། བརྒྱད་པ་བསྔོ་བ་ནི། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པར་གནས་པའི་སེམས་ ཅན་རྣམས་ནི་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་གང་ཤེས་སམ། 3-1-290 རྒྱས་བསྡུས་ཅི་རིགས་པར་བྱའོ། ། དགུ་པ་སློབ་དཔོན་མཆོད་པ་དང༌། བཅུ་པ་དགའ་སྟོན་བྱ་བ་ནི། གལ་ཏེ་ལྷ་ཉིད་དགྱེས་ འདོད་ན། །བླ་མ་གུས་པས་དགྱེས་པར་བྱ། །དེ་ལྟར་རྣམ་པ་ཐམས་ཅད་དུ། །བླ་མ་ཡང་དག་ མཉེས་པར་བྱ། །ཞེས་པ་ལྟར། བླ་མ། དགེ་འདུན། བཟོ་བོ་རྣམས་ལ་བསྙེན་བཀུར་དང༌། ཅི་ འབྱོར་པའི་ཡོན་དབུལ་ཞིང༌། སྐྱེ་བོའི་ཚོགས་རྣམས་ཀྱང་སྟོན་མོས་ཚིམ་པར་བྱའོ། །བཙའ་ རུའི་བཟའ་བ་ལྷ་ལ་ཕུལ་བའི་ལྷག་མ་ཡང༌། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་ སྡིག་པ་བྱང་བར་འགྱུར། །ཞེས་བརྗོད་དེ། ཐམས་ཅད་ལ་དྲངས་པས་བཀྲ་ཤིས་པར་འགྱུར་ རོ། ། བཅུ་གཅིག་པ་སླར་ཡང་ཤིས་པ་རྒྱས་པར་བརྗོད་པ་ནི། བཀྲ་ཤིས་མང་དུ་བརྗོད་ཅིང༌། ཡོན་བདག་འཁོར་དང་བཅས་པས། གླུ་དང་གར་ལ་སོགས་པས་རྟེན་ལ་མཆོད་པ་བྱའོ། ། བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་བ་ནི། རྒྱུད་ལས། དེ་ནས་དཀྱིལ་འཁོར་དབྱི་བྱ་ཞིང༌། །བ་ཡི་ལྕི་བས་བྱུག་པར་བྱ། །རྡུལ་ཚོན་ཆུ་བོ་ཆེན་པོར་དོར། །དེ་ཡིས་ཡང་དག་ལེགས་པར་ འགྱུར། །ཞེས་དང༌། སྤྱི་རྒྱུད་ལས། དཀྱིལ་འཁོར་མཆོད་པའི་ཡོ་བྱད་ཀུན། །སློབ་དཔོན་ འབའ་ཞིག་དབང་བར་བཤད། །ཅེས་དང༌། གདུགས་དང་རྒྱལ་མཚན་འཕན་ལ་སོགས། །དེ་ བཞིན་གཤེགས་པའི་རྟེན་ལ་དབུལ། །དཀྱིལ་འཁོར་མཆོད་པའི་ཡོ་བྱད་གཞན། །ཅི་དགར་ ཕོངས་པ་རྣམས་ལ་སྦྱིན། །ཁྱི་དང་བྱ་རོགས་ལ་སོགས་ལ། །ཅུང་ཟད་ཙམ་ཡང་མི་སྦྱིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། ། བཅུ་གསུམ་པ་ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་གྲུབ་ན་ཞི་བའི་སྦྱིན་བསྲེག་བྱ། མ་ གྲུབ་ན་ཡི་གེ་བརྒྱ་པ་མང་དུ་བཟླས་པར་བྱའོ། །ཡོན་བདག་གིས་ཀྱང་རྟེན་ལ་མཆོད་པ་རྒྱ་ ཆེན་པོས་མཆོད་པར་བྱའོ། །མཇུག་གི་ཆོ་ག་སྟེ། རབ་ཏུ་གནས་པའི་ཆོ་ག་རྒྱས་པར་བྱ་བ་ 3-1-291 བསྟན་ཟིན་ཏོ།། །། གཉིས་པ་འབྲིང་དུ་བྱ་བ་ནི། ནང་པར་གཟའ་སྐར་བཟང་པོ་འབྱུང་བའི་དགོང་མོ་མཆོད་ པ་གཏོར་མ་བུམ་པ་སོགས་ཡོ་བྱད་དགོས་པ་རྣམས་བསག་ཅིང༌། མངའ་དབུལ་གྱི་གླིང་གཞི་ རི་རབ་དང་བཅས་པའི་ཐིག་གདབ་བོ། །དེའི་ཕྱོགས་རེ་རེ་ལ་ཆ་ལྔ་ལྔ་སྟེ་བཅུ་པར་བྱས། དབུས་ཀྱི་ཆ་གཉིས་ལ་པདྨ་བྱ། ཕྱི་རོལ་གྱི་ཟུར་ལ་ཀུན་ཏུ་བསྐོར་བ་ལ་ལྕགས་རི་བྱ། ཕྱོགས་ བཞི་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ལྟར། ནང་ནས་ཇེ་ཆུང་ཇེ་ཆུང་བྱས་པས་ཟུར་ཐིག་གིས་ བཅད་པའི་གྲུ་བཞི་པ་བཞིར་བྱས་པའི་ཟུར་ཐིག་དབྱེ། རྡུལ་ཚོན་སྣ་ཚོགས་ཀྱི་དབུས་སུ་པདྨ་ འདབ་མ་བརྒྱད་པ་བྲི། ཕྱོགས་བཞིར་རིའི་རྒྱལ་པོ་རི་རབ་བང་རིམ་བཞི་པ། ཤར་དཀར། ལྷོ་ སྔོ། ནུབ་དམར། བྱང་སེར་པོ། ཟུར་བཞི་ན་མར་སྔོན་པོ་གྲུ་བཞིའི་ཕྲེང་བ་བྱའོ། །དེའི་ཕྱི་རོལ་ཏུ་ གླིང་བཞི་གླིང་ཕྲན་བརྒྱད། ཤར་ཟླ་གམ། ལྷོ་སོགས་ཁ། ནུབ་ཟླུམ་པོ། བྱང་གྲུ་བཞི། དེ་དག་ གི་གཡས་དང་གཡོན་དུ། ཤར་དུ་དཔལ་བེའུ་དང་འཁོར་ལོ། །ལྷོར་པདྨ་དང་རྒྱལ་མཚན། ནུབ་ཏུ་གདུགས་དང་བུམ་པ། བྱང་དུ་དུང་དང་ཉ་རྣམས་བྲིའོ། །དེའི་ཕྱི་རོལ་ཏུ་ལྕགས་ རིས་ཀུན་ནས་བསྐོར་བར་བྱའོ། །ནང་པར་ཐོ་རངས་ནས་རྟེན་གྱི་སྤྱན་སྔར་ལེགས་པར་ བཤམས་ནས། བདག་བསྐྱེད་བཟླས་པའི་བར་དང༌། བུམ་བཟླས་ཡན་བྱ་སྟེ། སྟ་གོན་དོར་ ནས། དངོས་གཞིའི་སྐབས་བཞིན་རྟེན་སྦྱང་བ་ནས། ལས་ཀྱི་རྗེས་བསྡུ་བའི་བར་ཚང་མར་བྱའོ། །འབྲིང་དུ་བྱ་བ་བསྟན་ཟིན་ཏོ། ། བསྡུས་པར་བྱེད་ན། རྟེན་གྱི་སྤྱན་སྔར་མཆོད་གཏོར་ཅི་འབྱོར་པ་དང༌། བུམ་པ་ཅིག་ བཤམ། བདག་བསྐྱེད་བུམ་བཟླས་ཀྱི་བར་གང་གྲུབ་བྱ། རྟེན་སྦྱང་བཀྲུ། རྟེན་བསྐྱེད། ཡེ་ ཤེས་པ་གཞུག རྒྱས་གདབ། དབང་བསྐུར། རིགས་བདག་གིས་དབུ་རྒྱན་པ་ལ་མཆོད་པ་ ཅི་འབྱོར་བ་དང༌། བསྟོད་པ་གང་ཤེས་ཀྱིས་བསྟོད། རབ་གནས་ཀྱི་སྔགས་བཟླ། བཀྲ་ཤིས་ 3-1-292 བརྗོད། མེ་ཏོག་གི་ཆར་དབབ། ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་བསྲུངས་མ་བགོ། རྟེན་ལ་ བརྟན་བཞུགས་བྱ། རྟེན་ལ་མ་བཅུག་པའི་རྒྱལ་བ་སྲས་བཅས་ལ་མཆོད་ནས། དངོས་གྲུབ་ བླངས་ལ། བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་རྣམ་དག་བྱ། ལས་ཀྱི་རྗེས་བསྡུ་དགའ་སྟོན་བྱའོ། །བསྡུས་ཏེ་བྱ་བ་བསྟན་ཟིན་ཏོ། ། སྤྱིའི་བདུན་པ་ལ། རབ་གནས་མ་བྱས་པའི་ཉེས་པ་ནི། རྒྱུད་ལས། གང་དུ་སྐུ་གཟུགས་ རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང༌། །དེ་ སྲིད་མཆོད་པར་དེ་མི་འོས། །ཞེས་སོགས་དང༌། ཆོ་ག་དང་ཡོ་བྱད་དམན་པ་ལ་ཉེས་པ་ཡོད་ དེ། ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིག་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་སོ། །རབ་གནས་ལེགས་པར་བྱས་པའི་ ཕན་ཡོན་ནི། ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟག་པ་ལས་གསུངས་ཚུལ་ལེགས་པས། །དེ་ བྱས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་སྐྱེ། །སྐུ་གཟུགས་ཀྱི་ནི་མཚན་ ཉིད་ཀྱི། །དེ་ལ་བྱིན་བརླབས་འཇུག་པར་འགྱུར། །ཞེས་གསུངས་སོ། །དཔལ་ལྡན་རྒྱུད་དུ། རབ་ཏུ་གནས་པའི་ཚིགས་བཅད་བཅུ་གཉིས་གསུངས་པའི་དོན། དཔལ་ལྡན་བླ་མ་དམ་པ་ གོང་མ་རྣམས་ཀྱིས་ལེགས་པར་དཀྲོལ་ཞིང་གཏན་ལ་ཕབ་པའི་རྗེས་སུ་འབྲངས་ཤིང༌། དོན་ གསལ་ལ་སོགས་པ་རྣམས་ནས་ཀྱང༌། སྐབས་སུ་བབ་པ་རྣམས་ཀྱིས་ཀྱང་བརྒྱན་ཏེ། དུས་ འཁོར་ལུགས་ཀྱི་རབ་ཏུ་གནས་པའི་ཆོ་ག བཀྲ་ཤིས་རྒྱ་མཚོ་ཞེས་བྱ་བ་འདི་ནི། ཇོ་གདན་ དུས་ཀྱི་འཁོར་ལོ་པ་བསོད་ནམས་བཟང་པོས། རྣམ་འཕྱང་ཞེས་བྱ་བ་ས་ཕོ་ཁྱིའི་ལོ། སྨིན་ དྲུག་ཟླ་བའི་བཟང་པོའི་ཉི་མ་ལ། དཔལ་མཚལ་མིན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་ པ་ནི། དུས་འཁོར་བ་ཤཱཀྱ་སངས་རྒྱས་ཀྱིས་བགྱིས་སོ། །འདིས་བསྟན་པ་དང་སེམས་ཅན་ 3-1-293 དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག ། འདིའི་རྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ནས། རིགས་ལྡན་ཆོས་ཀྱི་རྗེ་ ཕྱོགས་ལས་རྣམ་རྒྱལ་གྱི་བར་དུ། དུས་འཁོར་འབྲོ་འགྱུར་གྱི་བརྒྱུད་པ་ཇི་ལྟ་བ་བཞིན་ཡིན་ ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཉིད་ཀྱི་ཞལ་སྔ་ནས་བདག་གིས་མནོས་པའོ།། །། སྭསྟི་པྲ་ཛཱ་བྷྱཿ གཅིག་ཞུས་སོ།། ན་མོ་བུདྡྷ་བོ་དྷི་སཏྭ་བྷྱཿ དཔལ་ལྡན་རྒྱུད་རྒྱལ་ཀུན་གྱི་རྒྱལ་པོ་མཆོག ། དཔལ་ལྡན་དུས་ཀྱི་འཁོར་ལོའི་གངས་རི་ལས། །རབ་ཏུ་གནས་པ་ལེགས་པར་འོངས་པའི་ རྒྱུན། །བཀྲ་ཤིས་རྒྱ་མཚོ་རྒྱ་མཚོར་འཁྱིལ་བ་འདི། །སྤར་དུ་བརྐོ ས་པའི་དགེ་བ་ཙན་དན་དྲི། །འཕྲིན་ལས་བཞི་ཡི་དྲི་བཞོན་གྱིས་སྐྱོང་སྟེ། །མཁའ་མཉམ་འགྲོ་བའི་འཛིན་མ་ཀུན་ཁྱབ་ ནས། །འགྲོ་རྣམས་དོན་ཀུན་འཛིན་པ་མཐར་ཐུག་ཤོག །ལག་པའི་འདུ་བྱེད་གློག་ཕྲན་ལྟར་ འཁྱུག་ཅིང༌། །མཐོ་རིགས་གཟོ་བོའི་རྣམ་འཕྲུལ་བཟོད་པ་འཕེལ། །ཤེས་བྱ་འདི་ལ་འདྲན་གྱི་ དོ་མེད་ཡིན། །ཕྱི་མ་རྣམ་མཁྱེན་ཐོབ་ཕྱིར་ལེགས་པར་བརྐོས། ། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༤༧ དང༌། ཤིང་པར་ཕྱི་ཀ་༣༡༧ལགས།) 3-1-294 ༄༅། །རྡོ་རྗེ་རྣམ་འཇོམས་མཐིང་ནག་གི་མངོན་རྟོགས་ ཁྲུས་ཆོག་གཟུངས་མདོ་དང་བཅས་པ་ བཞུགས་སོ། ། ༄༅། །ༀ་སྭསྟི་སིདྷཾ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྒོམ་ཞིང་དེའི་སྒོ་ ནས་གཞན་དོན་བྱེད་པར་འདོད་པས། པདྨ་འདབ་བརྒྱད་རྡོ་ར་མེ་རི་དང་བཅས་པ་རྡུལ་ཚོན་ གྱིས་བྲིས་པའི་དབུས་སུ། བུམ་པ་ལེགས་པར་བཤམས། མཐའ་མཆོད་པས་བསྐོར། ཡི་དམ་ དང་ཆ་གསུམ་གྱི་གཏོར་མ་བཤམས་ནས། རང་སྟན་བདེ་བ་ལ་འདུག་སྟེ། མཆོད་པ་བྱིན་ རླབས་དང༌། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། རང་ཉིད་རྡོ་རྗེ་རྣམ་འཇོམས་ སུ་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ལས་འོད་འཕྲོས། ཚོགས་ཞིང་སྤྱན་དྲངས་ པ་ལ། ཕྱག་དང་མཆོད་པ་བདུན་རྣམ་དག་བྱ། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པ་ ཉིད་དུ་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ ཧཱུཾ་ལས་འོད་ཟེར་སྟེང་དུ་འཕྲོས་པས་སྟེང་རྡོ་རྗེའི་གུར་དང་བླ་རེ། འོག་ཏུ་འཕྲོས་པས་འོག་རྡོ་ རྗེའི་ས་གཞི། ཕྱོགས་མཚམས་སུ་འཕྲོས་པས། ཕྱོགས་མཚམས་རྡོ་རྗེའི་བརྩིག་པ་དང་ར་ བས་བསྐོར་བ། དེའི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པ། བསྲུང་པའི་འཁོར་ ལོ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། དོན་བྱས། ཚུར་འདུས་ཡོངས་ སུ་གྱུར་པ་ལས། བདག་ཉིད་རྡོ་རྗེ་རྣམ་པར་འཇོམས་པ། སྐུ་མདོག་མཐིང་ནག་ཞལ་གཅིག་ 3-1-295 ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཡོན་པ་དྲིལ་བུ་སྐུ་ལ་བརྟེན་པ། སྐུ་སྟོད་ ལ་དར་སྔོན་པོའི་ནབ་བཟའ་གསོལ་བ། སྐུ་སྨད་ལ་སྟག་གི་ལྤགས་པའི་ཤམ་ཐབས་གསོལ་ བ། སྦྲུལ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དབུ་ལ་རྡོ་རྗེའི་ཐོད་ཉིས་རིམ་དུ་ ཡོད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་པ། སྤྱན་རྩ་དམར་བ། སྤྱན་ཧྲིག་པ། སྨིན་ མ་དང་སྨ་ར་དམར་སེར་གྱེན་ལ་འཁྱུག་པ། ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་འབར་བའི་དབུས་ ན་ཁྲོ་བོའི་སྟངས་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་རྣམ་འཇོམས་འཁོར་བཅས་སྤྱན་འདྲེན་པར་ བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པ་ཏྱཾ་པྲ་ཏཱིཙྪ་ ཡེ་སྭཱཧཱ། བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝེ་ཏེ། ཤཔྟ་ཨཱཿཧཱུཾ་གིས་མཆོད་ཅིང༌། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ནི། །རྡོ་རྗེའི་ཁྲོ་བོའི་སྐུར་སྟོན་ པ། །རྣམ་པར་འཇོམས་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་ནས། ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ བི་དྷ་ར་ས་པཱ་རི་ཝ་ར་བཛྲ་ཨངྐུ་ཤ་ཛཿ པཱ་ཤ་ཧཱུཾ། སྥོ་ཊ་བཾ། ཨ་བེ་ཤ་ཨ། ཛཿཧཱུཾ་བཾ་ཧོཿས་དགུག་ གཞུག་མཉེས་པར་བྱས་ནས། སླར་ཡང་ཧཱུཾ་གིས་འོད་ཀྱིས་རིགས་ལྔ་འཁོར་དང་བཅས་སྤྱན་ དྲངས་པ་ལ་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་མངོན་པར་དབང་ སྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་རྣམས་ཀྱིས། ཇི་ལྟར་ བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཤེ་ཀ་ཏ་ས་མ་ཡེ་ཤྲི་ ཧཱུཾ། ཞེས་གསུངས་ཞིང་དབང་བསྐུར་བ། ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་གང༌། དྲི་མ་ ཐམས་ཅད་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་བསམ་ནས། ཐུགས་ཀའི་ཧཱུཾ་ལ་སྔགས་ཕྲེང་གིས་བསྐོར་བར་དམིགས་ལ། གཟུངས་བཟླས། སླར་ཡང་སྔར་ བཞིན་མཆོད་ཅིང་བསྟོད་ནས། འདོད་དོན་ལ་གསོལ་བ་གདབ་པ་ནི། བདག་བསྐྱེད་དོ། ། 3-1-296 དེ་ནས་མདུན་བསྐྱེད་ཀྱི་དམིགས་པ་བུམ་པ་ལ་གཏད་པ་ནི། ༀ་བཛྲ་ཡཀྵ་ཧཱུཾ་དང༌། ༀ་ བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་རཏྣ་ཧཱུཾ་ཕཊ་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་སྣ་ཚོགས་ཀྱིས་བསྐོར་བའི་དབུས་སུ། པཾ་ལས་པདྨ། ཨ་ལས་ ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲུཾ་ལས་རིན་པོ་ཆེའི་བུམ་པ་ཟླུམ་པོ་ཡངས་ཤིང༌། རྒྱ་ཆེ་བ། ལྟོ་བ་ལྡི ར་བ། ཞབས་ཞུམ་པ། ཁ་གཡེར་བ། མཆུ་འཕྱང་བ། མགྲིན་པ་ཕྲ་བ། ལྷའི་དཔག་ བསམ་གྱིས་ཤིང་གིས་ཁ་བརྒྱན་པ། ལྷའི་ནབ་བཟས་མགུལ་པ་བཅིངས་པ། དྭངས་ཤིང་ ཐོགས་པ་མེད་པའི་དབུས་སུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡོངས་ སུ་གྱུར་པ་ལས། རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འཕགས་ པ་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་མཐིང་ནག་ ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་འཕྱར་བ། གཡོན་དྲིལ་བུ་སྐུ་ལ་བརྟེན་པ། སྐུ་སྟོད་ལ་དར་སྔོན་པོའི་ནབ་བཟའ་གསོལ་བ། སྐུ་སྨད་ལ་སྟག་གི་ལྤགས་པའི་ཤམ་ཐབས་ གསོལ་བ། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབུ་ལ་རྡོ་རྗེའི་ཐོད་ཉིས་རིམ་དུ་ཡོད་ པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་པ། སྤྱན་རྩ་དམར་བ། སྤྱན་ཧྲིག་པ། སྨིན་མ་ དང་སྨ་ར་དམར་སེར་འཁྱུག་པ། ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་འབར་བའི་དབུས་ན་ཁྲོ་བོའི་ སྟངས་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ ཀའི་ཧཱུཾ་ལས་འོད་འཕྲོས་པས། རང་བཞིན་གྱི་གནས་ནས། རྣམ་འཇོམས་འཁོར་བཅས་སྤྱན་ འདྲེན་པ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་ འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་ བཅས་གནས་འདིར་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་བཛྲ་ས་ 3-1-297 མ་ཛཿ ཛཿཧཱུཾ་བཾ་ཧོཿ བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའི་ཚོགས་ཀྱི་བསྐོར་བ་མདུན་ཀྱི་ནམ་མཁར་བྱོན། བཅོམ་ལྡན་ཐུགས་རྗེས་བྱོན་ པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ ཀྱང༌། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་ ག་ག་ན་ས་མ་ཡེ་ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་ བི་དྷ་ར་ས་པཱ་རི་ཝ་ར་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲི་ཧཱུཾ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་ བཞུགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་པདྨ་ཀ་མ་ལ་ཡ་སྟྭཾ། མཆོད་ རྫས་དམ་པ་འདི་དག་དང༌། །འཇིག་རྟེན་ཁམས་ཀྱི་མཆོད་རྫས་ཀུན། །ཐམས་ཅད་བློ་ཡིས་ བླངས་ནས་ནི། །རྣམ་འཇོམས་འཁོར་དང་བཅས་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ ས་པཱ་རི་ཝ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། པ་ཏྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནེ་ཝེ་ཏེ། ཤཔྟ་ ཨཱཿཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་སོགས་ཀྱིས་བསྟོད་ནས། བཅོམ་ལྡན་ འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། སངས་རྒྱས་ ཀྱི་བསྟན་པ་དར་བ་དང༌། སེམས་ཅན་ལ་བདེ་སྐྱིད་དཔག་ཏུ་མེད་པ་འབྱུང་བ་དང༌། ཁྱད་པར་ དུ་ཡང་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི། ཕྱི་ནང་གི་འགལ་རྐྱེན་བར་དུ་གཅོད་ པ་ཐམས་ཅད་ཞི་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་བསྩལ་དུ་གསོལ། ༀ་སརྦ་ ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་བཛྲ་ཨངྐུ་ཤ་ཛཿ ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་ རི་ཝ་ར་བཛྲ་པཱ་ཤ་ཧྲི། ༀ་སརྦ་ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་བཛྲ་སྥོ་ཊ་བཾ། ༀ་སརྦ་ ཏ་ཐཱ་ག་ཏཱ་བཛྲ་བི་དྷ་ར་ས་པཱ་རི་ཝ་ར་བཛྲ་ཨ་བེ་ཤ་ཨ། ཛཿཧཱུཾ་བཾ་ཧོཿ དེའི་ཐུགས་ཀར་པཾ་ལས་ 3-1-298 པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་འོད་འཕྲོས། རང་བཞིན་གྱིས་གནས་ ནས་དབང་གི་ལྷ་རིགས་ལྔ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ སྔགས་དང་བཅས་པས་དབང་བསྐུར། སྐུ་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཆུའི་ལྷག་པ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན་པར་བསམ། དེའི་ཐུགས་ཀར་པད་ ཉིའི་སྟེང་དུ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་ མཐིང་ཁ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཧཱུཾ་གི་མཐའ་བསྐོར་ལ་བསྲུང་ཆ་བཀོད་ནས། ན་ མཿཙནྚ་བཛྲ་ཀྲོ་དྷ་ཡ། ཧཱུ་ལུ་ཧཱུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། བདག་ ཅག་འཁོར་དང་བཅས་པ་ཐམས་ཅད་ལ་རཀྵ་རཀྵ་སྭཱཧཱ། (སྔགས་འདི་ཇོ་གདན་པའི་མཆན་ལ་འདུག་པར་ བྲིས་པ་ཡིན་ཞིང༌། འདི་རྣམ་འཇོམས་དཀར་པོའི་ཆོ་གའི་ཚིག་ཤོར་བར་འདུག་པས་མེད་ཀྱང་རུང་གསུང་ངོ༌།།) ༀ་ཧཱུཾ་དྷི་ཏྲི་རཾ་ ཏཾ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་རཀྵ་རཀྵ་སྭཱཧཱ། ལན་གསུམ་བརྗོད་ དོ། །སླར་ཡང་མཆོད་ཅིང་བསྟོད་ནས། བུམ་པའི་ཆུ་ལ་དམིགས་ཏེ་གཟུངས་བཟླས་པས་སྔགས་ ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས། ལྷའི་ཐུགས་རྒྱུད་བསྐུལ་ནས། སྐུ་ལས་བདུད་ རྩིའི་རྒྱུན་བབ་པས་བུམ་པ་བདུད་རྩིས་གང་པར་བསམས་ལ། གཟུངས་བཟླས་སོ། །དེ་ནས་ གོང་བཞིན་ཨརྒྷཾ་སོགས་ཀྱིས་མཆོད་ནས། བསྟོད་པ་ནི། བཅོམ་ལྡན་རྡོ་རྗེ་རྣམ་འཇོམས་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དྲག་པོའི་འཕྲིན་ལས་མ་ལུས་ཀུན། །སྒྲུབ་པར་ མཛད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མེ་དཔུང་འབར་བའི་ཀློང༌། །མི་ཕྱེད་རྡོ་རྗེའི་གུར་དབུས་ སུ། །པདྨ་ཉི་མའི་གདན་སྟེང་དུ། །སྟངས་སྟབས་གར་གྱིས་བཞུགས་ལ་བསྟོད། །ཞལ་གཅིག་ ཕྱག་གཉིས་སྐུ་མདོག་མཐིང༌། །གཡས་པ་རྡོ་རྗེ་འབར་བ་བསྣམས། །གཡོན་པ་དྲིལ་ 3-1-299 བུ་དཀུར་བརྟེན་པའི། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །སྟག་དང་སྦྲུལ་གྱིས་རྣམ་ པར་བརྒྱན། །སྐུ་སྟོད་དར་གྱི་ནབ་བཟའ་གསོལ། །རྡོ་རྗེ་ཐོད་ཀྱིས་རབ་ཏུ་མཛེས། །རྣམ་པར་ འཇོམས་ལ་ཕྱག་འཚལ་བསྟོད། །བཞད་པའི་ཞལ་གདངས་མཆེ་བ་གཙིགས། །སྨ་ར་དམར་ སེར་གྱེན་ལ་འཁྱུག །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས། །རྣམ་པར་འཇོམས་ ལ་ཕྱག་འཚལ་བསྟོད། །གསུང་གི་ང་རོ་སྟོང་གསུམ་གྱི། །བདུད་དཔུང་མ་ལུས་སྐྲག་མཛད་ ཅིང༌། །དུག་གསུམ་མ་ལུས་འཇོམས་མཛད་པའི། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། ། རང་བཞིན་ཞི་བའི་ངང་ཉིད་ལས། །ཐུགས་རྗེས་རབ་ཏུ་འཁྲོས་པ་ཡིས། །རྡོ་རྗེ་ཁྲོ་བོའི་སྐུར་ སྟོན་པའི། །གདུག་པའི་ཚོགས་རྣམས་འཇོམས་ལ་བསྟོད། ཁྲོ་རྒྱལ་རྡོ་རྗེ་འཛིན་པ་ལ། །རྣམ་ པ་ཀུན་ཏུ་གུས་པ་ཡིས། །དུས་རྣམས་རྟག་ཏུ་གསོལ་བ་འདེབས། །ཐུགས་རྗེས་བྱིན་གྱིས་ བརླབ་ཏུ་གསོལ། །ཕྱི་ནང་བར་ཆད་རྐྱེན་རྣམས་ཀུན། །མ་ལུས་ཐམས་ཅད་ཞི་ནས་ཀྱང༌། །ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །མ་ལུས་མྱུར་དུ་བསྩལ་དུ་གསོལ། ཁྱེད་ལ་བསྟོད་ ཅིང་གསོལ་བ་ཡི། །བཅོམ་ལྡན་ཁྱེད་དང་མི་འབྲལ་ཞིང༌། །ཁྱོད་ཀྱི་གོ་འཕང་མྱུར་ཐོབ་ནས། །ཁྱེད་བཞིན་འགྲོ་བ་འདུལ་བར་ཤོག །ཅེས་བསྟོད་ནས། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་ འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་དཔག་ཏུ་མེད་པ་འབྱུང་བ། ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་ འཁོར་དང་བཅས་པ་རྣམས་ཀྱི་ཕྱི་ནང་གི་འགལ་རྐྱེན་བར་དུ་གཅོད་པ་ཐམས་ཅད་ཞི་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་བསྩལ་དུ་གསོལ། ཞེས་གསོལ་བ་ གདབ་བོ། ། དེ་ནས་གཏོར་མ་འབུལ་བ་ལ། ཡི་དམ་དང་ཆ་གསུམ་གྱི་གཏོར་མ་སྤྱི་དང་མཐུན་པར་ གཞན་དུ་ཤེས་པར་བྱའོ། །དེ་ནས་ཡང་བུམ་པའི་ལྷ་མཆོད་ཅིང་བསྟོད། གསོལ་བ་གདབ། ཡི་ 3-1-300 གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། ནོངས་པ་བཟོད་པར་གསོལ། དགེ་བ་བསྔོ། བཀྲ་ཤིས་ བརྗོད་ནས། བུམ་པའི་ཡེ་ཤེས་པ། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ ཀྱིས་གཤེགས་སུ་གསོལ། དམ་ཚིག་པ་ཞུ་བ་ལས་བྱུང་བའི་ཆུར་བསམ་མོ།། །། དེ་ནས་ཁྲུས་ཆོག་བྱེད་ན། བསྒྲུབ་བྱ་དེ་དང་པོར་ཆུ་གཙང་གིས་བཀྲུས་ནས། ཁྲུས་ཀྱི་ སྟེགས་བུ་ལ་བཞག་སྟེ། རང་ཉིད་རྡོར་དྲིལ་ཐོགས་ནས། སྔོན་ཚེ་བདེ་གཤེགས་ཕོ་བྲང་སྤྱན་ མངའ་རུ། །གདུག་པ་འདུལ་ཕྱིར་རྡོ་རྗེ་ཅན་གྱིས་ནི། །རྗེས་མཐུན་འཕྲིན་ལས་ཁྱད་པར་གང་ བསྒོ་བ། །དམ་བཅའ་འཕྲིན་ལས་འདི་ལྟར་རྗེས་དགོངས་ལ། །བགེགས་དང་ལོག་འདྲེན་འདི་ ནི་ཚར་གཅོད་ཅིང༌། །འགྲོ་བ་འདི་དག་རྗེས་སུ་བཟུང་པའི་ཕྱིར། །སྡུག་བསྔལ་ངེས་སེལ་བདེ་ མཆོག་འབྱོར་པ་པོ། །ཁྲོ་རྒྱལ་ཁྱོད་ཀྱི་དེང་འདིར་བྱིན་རླབས་མཛོད། །ཅེས་གསོལ་བ་བཏབ་ པས། རྣམ་འཇོམས་འཁོར་བཅས་མདུན་གྱི་ནམ་མཁར་བྱོན། བགེགས་བསྐྲད། ཁྲུས་བྱས་ བསྲུང་མཛད་པར་མོས་པ་མཛོད་ཅིག ཅེས་བརྗོད་ཅིང༌། རང་གིས་ཀྱང་བསམས་ལ། བསྒྲུབ་ བྱ་ལ་གུ་གུལ་གྱི་དུད་པས་གདུགས། རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། ཡང་སྙིང་བཟླས་ནས་ བགེགས་བསྐྲད་ལ། ཁྲུས་བྱ་བ་ནི། བསྒྲུབ་བྱ་དངོས་སམ། མེ་ལོང་ལ་གཟུགས་སྙན་ཤར་བ་ ལས་གཟུངས་ཆུས་བཀྲུ་ཞིང༌། གཟུངས་བཟླས་པའི་རྗེས་ལ། སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱཧཱ། དེ་ བཞིན་དུ། སརྦ་བིག་ནན། སརྦ་རོ་ཥ་ཎ། སརྦ་དུཥྚན། སརྦ་ཛྭ་ར། སརྦ་ཨུ་པ་ཏྲ་བེ། སརྦ་གྲ་ཧེ། སརྦ་ཨ་ཀ་ལ་མྲི་ཏུ། སརྦ་དུར་སོབ་ནན། སརྦ་དུར་མྲི་ཏེ། སརྦ་ཀུ་ལེ་བྷེ་ཤནྟིཾ་ཀུ་རུ་སྭཱཧཱ། ཆེ་ གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། ནད་ཐམས་ཅད། རིམས་ཐམས་ཅད། གདོན་ ཐམས་ཅད། ཉེ་བར་འཚེ་བ་ཐམས་ཅད། དུས་མིན་པར་འཆི་བ་ཐམས་ཅད། འཁོན་ཐམས་ ཅད། གྲིབ་ཐམས་ཅད། བྱད་དང་སྐལ་བ་ངན་པ་ཐམས་ཅད། བྱུར་ཐམས་ཅད། ལྟས་ངན་ པ་ཐམས་ཅད། མཚན་མ་ངན་པ་ཐམས་ཅད། རྨི་ལམ་ངན་པ་ཐམས་ཅད། བཀྲ་མི་ཤིས་པ་ 3-1-301 ཐམས་ཅད། བགེགས་དང་ལོག་འདྲེན་ཐམས་ཅད་ཅེས་པ་རེ་རེའི་མཐར་ཤནྟིཾ་ཀུ་རུ་སྭཱཧཱ། ཞེས་བརྗོད་ཅིང་ལན་མང་དུ་བཀྲུའོ། ། སྤྲོ་ན་དུག་དབྱུང་(ས་ནི་དུག་གི་ཕ་ཡང་ཡིན། །ཅེས་སོགས་)བྱའོ། །དེ་ནས་བྱབས་པ་ནི། སྔར་གྱི་ ཤནྟིཾ་ཀུ་རུ་ཞེས་པའི་སར་ཨ་པ་ན་ཡེ་སྭཱཧཱ། ཞེས་བརྗོད་ཅིང་རྨ་བྱའི་སྒྲོས་བྱབས་པས་སྡིག་ སྒྲིབ་རྣམས། དུག་གི་རྒྱ་མཚོར་དོར་བར་བསམ་མོ། །དེ་ནས་བསྲུང་བ་བྱ་བ་ནི། སྤྱི་བོ་ལ་ སོགས་པའི་གནས་ལྔར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཤནྟིཾ་ཀུ་རུའི་སར་རཀྵ་རཀྵ། ཞེས་བརྗོད་ ནས། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། གསང་སྔགས་དང༌། རིགས་སྔགས་ དང༌། ཕྱག་རྒྱ་ལ་སོགས་པའི་བཀའ་བདེན་པ་དང༌། ཁྱད་པར་དུ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་ པར་འཇོམས་པའི་བྱིན་རླབས་ཀྱིས་ཆེ་གེ་མོའི་ནད་གདོན་ལ་སོགས་པ་མི་མཐུན་པའི་ཕྱོགས་ ཐམས་ཅད་ལས་རཀྵ་རཀྵ་སྭཱཧཱ། རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་དང༌། །གསང་ སྔགས་རིག་སྔགས་རྣམས་ཀྱི་མཐུ་སྟོབས་དང༌། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གིས། །འགྲོ་བ་འདི་ལ་བདག་གིས་བསྲུང་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད་ལ་བསྲུང་བ་བྱའོ། །དེ་ནས་བསྒྲུབ་བྱ་དེ་རྡོ་རྗེ་འཛིན་དུ་བཅུག་ནས། བདག་དང་ སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ ལ་རྣམ་པར་ཐར། །ཅེས་པའི་བར་བརྗོད་ལ། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་བརྗོད་ པ་དང་མཉམ་དུ་བསྒྲུབ་བྱ་དེ་ཁྲུས་ཀྱི་ས་ནས་བླངས་ནས། སྟན་གཙང་མ་ལ་བཞག་ལ། ཕུན་ སུམ་ཚོགས་པ་ཞེས་སོགས་ཀྱིས་བཀྲ་ཤིས་བརྗོད་དོ། །དེ་ནས་ཡོན་འབུལ། དགེ་བ་བསྔོའོ། །རྣམ་འཇོམས་མཐིང་ནག་གི་སྒྲུབ་ཐབས། བུམ་བཟླས་ཁྲུས་ཆོག་དང་བཅས་པ་ཤིན་ཏུ་དག་ པར་ ༧ དགེ་སློང་བསོད་ནམས་བཟང་པོས་བཀོད་པའི་དགེ་བ་འདིས། སེམས་ཅན་ཐམས་ ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་གོ་འཕང་ཐོབ་པར་གྱུར་ཅིག། །།མཾ་ 3-1-302 གྷ་ལ་བྷ་ཝནྟུ།། །། ༄༅། །རྒྱ་གར་སྐད་དུ། བཛྲ་བི་དྷ་ར་ནཱ་མ་དྷ་ནི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་ པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱིས་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་ རྗེའི་ཏིང་ངེ་འཛིན་ལ་སྙོ མས་པར་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་ དང༌། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེའི་ཁྲོ་བོ་ལས་བྱུང་བ། རྡོ་རྗེའི་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་ འཇིལ་བར་བྱེད་པ། རིགས་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིགས་སྔགས་ཐམས་ ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་ འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་ བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིགས་སྔགས་ཀྱིས་ལས་ཐམས་ ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་ པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་ པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ ཆེན་པོ་འདི། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་ མཿཙནྚ་བཛྲ་པ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ༀ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་ སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གུརྞ་གུརྞ། གུརྞ་པ་ཡ་གུརྞ་པ་ཡ། སརྦ་སཏྭ་ནི། བོ་དྷ་བོ་དྷ། སཾ་བོ་དྷ་ཡ་ 3-1-303 སཾ་བོ་དྷ་ཡ། [དྲ་ས་དྲ་ས། དྲཱ་ས་ཡ། དྲཱ་ས་ཡ།] བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བྷུ་ ཏ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲུཾ་ནཾ། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བིདྱ་བཛྲ་བཛྲ། སྤོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨ་ཊ་ ཧ་ས་ནི་ལ་བཛྲ། སུ་བཛྲ་ཡེ་སྭཱཧཱ། ཧེ་ཕུ་ལུ། ཎི་རུ་ཕུ་ལུ། གྲིཧྣ་ཕུ་ལུ། མི་ལི་ཙུ་ལུ། [གྷུ་ནུ། ཕུ་ ལུ།] ཀུ་རུ་ཀུ་ལུ། བཛྲ་བི་ཛ་ཡ་སྭཱཧཱ། ཀི་ལི་ཀི་ལཱ་ཡ་སྭཱཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ ར་ན་ཡ་སྭཱཧཱ། ཙྪིནྡྷ་ཙྪིནྡྷ། བྷི ནྡྷ་བྷི ནྡྷ། མ་ཧཱ་ཀི་ལི་ཀི་ལཱ་ཡ་སྭཱཧཱ། བྷནྡྷ་བྷནྡྷ། ཀྲོ་དྷ་ཀྲོ་དྷ། བཛྲ་ ཀི་ལི་ཀི་ལཱ་ཡ་སྭཱཧཱ། ཙུ་རུ་ཙུ་རུ། ཙནྚ་ཀི་ལི་ཀི་ལཱ་ཡ་སྭཱཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀི་ལི་ཀི་ལཱ་ ཡ་སྭཱཧཱ། ཧ་ར་ཧ་ར། བཛྲ་དྷ་ར་ཡ་སྭཱཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷན་ཛ་ན་ཡེ་སྭཱཧཱ། མ་ཏི་སྠི་ ར་བཛྲ། ཤུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ ཧྱེ་བཛྲ། ཤཱི་གྷྲཾ་བཛྲ་ཡེ་སྭཱཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལན་ཨ་བརྟ་ཡེ་ སྭཱཧཱ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། ན་མ་ས་མནྟ་བཛྲ་ཎཾ། སརྦ་བ་ལ་ཨཱ་བར་ཏ་ཡ། མ་ཧཱ་བཛྲ་མ་ཧཱ་ བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལ་མཱ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ཀ་ར་ཎ། ཨ་ ཛི་ཏི། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། ཏིང་ག་ལེ། ད་ཧ་ད་ཧ། ཏེ་ཛ་བ་ཏི། ཏི་ལི་ཏི་ལི། བྷནྡྷ་བྷནྡྷ། མ་ ཧཱ་བ་ལེ། བཛྲ་ཨཾ་གུ་ཤ་ཛྭ་ལ་ཡ་སྭཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྚ་བཛྲ་པཱ་ན་ཡེ། མ་ཧཱ་ཡཀྵ་ སེ་ན་པ་ཏ་ཡེ། ཏདྱ་ཐཱ། ༀ་ཧཱ་ར་ཧཱ་ར་བཛྲ། མ་ཐཱ་མ་ཐཱ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷ་ར་ཡ་དྷ་ར་ཡ་བཛྲ། དྷ་རུ་ན་དྷ་རུ་ན་བཛྲ། ཙྪིནྡྷ་ཙྪིནྡྷ་བཛྲ། བྷི ནྡྷ་བྷི ནྡྷ་བཛྲ་ཧཱུཾ་ཕཊ། ན་མཿཙནྚ་བཛྲ་ཀྲོ་དྷ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ ན། ཨ་མྲི་ཏེ་ཧཱུཾ་ཕཊ། བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་བྱང་བྱས་ ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ 3-1-304 ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཕུན་སུམ་ཚོགས་མིན་གང་ཆགས་དང༌། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང༌། ། མཛའ་སྡུག་ སྐྱེ་བོ་སྡང་བ་དང༌། །བྲམ་ཟེ་ལ་སོགས་གཙེས་པ་དང༌། །ཕན་ཚུན་མཐུན་པ་མ་ཡིན་དང༌། །ནོར་འགྲིབས་པས་ནི་གནོད་པ་དང༌། །མྱ་ངན་ངལ་དང་གནོད་པ་དང༌། །འཇིགས་པ་དང་ ནི་ཕོངས་པ་དང༌། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང༌། །མི་ཟད་གདོན་གྱིས་ཉེན་པ་དང༌། །མྱ་ངན་མངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང༌། །དེ་ནི་རབ་བཀྲུས་གཙང་མ་ ཡིས། །མདོ་སྡེ་དམ་པ་མཉམ་པར་བྱ། །གང་དག་ཡི་གེ་སེམས་དང་ཞིང༌། །གཙང་མའི་གོས་ ཀྱི་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་ འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ དང༌། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ ཀུན་ལས་རྣམ་པར་ཐར། །གཟུངས་ཟུར་དུ་བྱེད་ན། འདིའི་འོག་ཏུ། བཅོམ་ལྡན་རྡོ་རྗེ་རྣམ་ འཇོམས་ནི། །ཞེས་པའི་བསྟོད་པ་གོང་བཞིན་མཛོད་ཅིག །དགེའོ།། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་བ༡༡) མ་ཡིག་གཅིག་པུ་ཁོ་ན་ཡིན། 3-1-305 ༄༅། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མཆོད་པའི་ཆོ་ག་ རིན་པོ་ཆེའི་གཏེར་ཞེས་བྱ་བ་ བཞུགས། ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་བཅས་བཞུགས། ༄༅༅། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་མཆོད་པའི་ཆོ་ག་རིན་པོ་ཆེའི་གཏེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ། །གསང་བའི་བདག་པོའི་ཞབས་ལ་གུས་བཏུད་ནས། །བསྟན་སྐྱོང་གཏེར་བདག་ནམ་མཁའི་མཛོད་བརྙེས་པ། །རྣམ་མང་ཐོས་སྲས་མཆོད་པའི་ཆོ་ ག་བྲི། ། དང་པོར་ཕྱག་ན་རྡོ་རྗེའི་དབང་ངམ་རྗེས་གནང་དང༌། ཆོས་སྐྱོང་གི་བཀའ་ལུང་ཐོབ་ པར་བྱ་སྟེ། བསྙེན་བསྒྲུབ་སྔོན་དུ་བཏང་ནས། རྣམ་སྲས་ཀྱི་རྟོག་པ་བདེ་བྱེད་ཆོ་ག་སྣ་ཚོགས་ མཛོད་ལས། རྟག་ཏུ་སྔོན་པོའི་གོས་འཆང་ཞིང༌། །ལུང་ཐང་འབྲས་བུའི་བགྲང་འཕྲེང་བགྲེང༌། །མྱུར་འགྲོ་ཤ་ཡི་བཟའ་བ་སྤང༌། །ཉམས་ཤིང་ཆག་པའི་སྣོད་མི་བཟའ། །རྩུབ་ཤིང་ནག་ པོའི་སྟན་མི་འདུག །གཟའ་བྲལ་མས་བཏབ་བཟའ་བཏུང་རྣམས། །རྣམ་པ་ཀུན་ཏུ་མི་སྤྱོད་ དོ། །སྲོག་བྲལ་བ་ལ་རག་པ་སྤངས། །ཅེས་པ་ལྟར་གྱི་དམ་ཚིག་བདུན་དང་ལྡན་པས། རྒྱལ་ པོའི་རྟེན་གསུམ་གཟུགས་པར་བྱ། །ཞེས་པ་ལྟར།(འགྲོ་བཟངས།) ཕྱི་རྟེན་རྟ་སྔོན་པོ་དངོས་སམ། 3-1-306 །གཟུགས་མཛེས་པ་རྒྱན་གྱིས་བརྒྱན་པ་དང༌། ནང་རྟེན་རྒྱལ་པོའི་བྲིས་སྐུ། གསང་རྟེན་བཀྲ་ ཤིས་ཤིང་སྣུམ་པའི་སའམ། གསེར་སོགས་རིན་པོ་ཆེ་ལས་བྱས་པའི་རིན་པོ་ཆེ་འབར་བའི་ གཟུགས་ཀྱི་ནང་དུ། རྣམ་སྲས་ཀྱི་སྲོག་འཁོར་བཅུག རབ་གནས་བྱས་པ་གཏོར་མའི་སྟེང་ དུ་བཞག ཁྱད་པར་གྱི་རྟེན་གའུ་བླ་རྡོ་མན་ངག་བཞིན་བཅང་ཞིང༌། བླ་མ་ཡི་དམ་ཆོས་སྐྱོང་ རྣམས་ཀྱི་རྟེན་བཞུགས་པའི་དྲུང་དུ། མཆོད་པ་དང༌། ཡི་དམ་གྱི་གཏོར་མ་དང༌། ཆོས་སྐྱོང་གི་ གཏོར་མ། རྣམ་སྲས་གང་མཆོད་པའི་གཏོར་མ་ཕྱག་ལེན་བཞིན་བཤམ་ཞིང་། དེ་ཡང་རྡོ་རྗེ་ས་ འོག་གི་རྒྱུད་ལས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང༌། གནོད་སྦྱིན་རྣམས་ལ་དཀར་གསུམ་ གྱིས་མཆོད་པར་བྱའོ། །ཆང་ཀུན་ཏུ་སྤང་བར་བྱའོ། །ཤ་རྣམས་ནི་ངེས་པ་དང༌ཤིས་པ་དྲང་ བར་བྱའོ། །ཞེས་པ་དང༌། རྣམ་སྲས་ཀྱི་རྟོག་པ་བདེ་བྱེད་ཆོ་ག་ལས། ཆང་རྣམས་དབུལ་བར་ མི་བྱ་སྟེ། །ཤ་ནི་རྟག་ཏུ་དབུལ་བར་བྱ། །ཞེས་གསུངས་པས། ཡི་དམ་དང༌རྣམ་སྲས་ཞི་བའི་ གཏོར་མ་ལ་ཆང་གིས་མི་བྲན་ཞིང༌། རྟ་བོང་དང་རབ་ཆད་ལ་སོགས་པ་མི་རུང་བ་སྤངས་པའི་ ཤ་དབུལ་དུ་རུང་ངོ༌། །ཁྱད་པར་མདུང་དམར་ཅན་གྱི་གཏོར་མ་ནི། སློབ་དཔོན་དགའ་རབ་ རྡོ་རྗེས་ལྷ་བཤོས་ཁྲུ་གང་པ་ལ། སྙུག་མ་གཙང་མའི་རྩེ་མོར། ཙི་ཏྲ་ཀ་དང༌། སྙིང་ཞོ་ཤ་དང་ ། དེའི་འོག་ཏུ་ཆུ་སྲིན་གྱི་རྒྱལ་མཚན། དེའི་འོག་ཏུ་རིན་པོ་ཆེ་ལྔ། སྤོས་ལྔ། ཟ་འོག དར་སྣ། སྟག་རས། བསེའི་མེ་ལོང༌། དེའི་སྟེང་དུ་བུ་རམ་སྦྲང་། སྨན་སྣ་ཚོགས། མར་ཐུད། ལུག་དང་ གཡག་གི་སྙིང་སྐོར་རྣམས་ཀྱིས་བརྒྱན་པ་གཟུགས། དེའི་རྩར་ཆང་ལ་རིན་པོ་ཆེ་དང་ལྡན་ པར་བཞག་གོ །ཞེས་གསུང་པར་ལྟར་བཤམས། རྒྱལ་མཚན་དང༌། བ་དན་དང༌། མདའ་དར་ གཙང་མ་བཙུགས། སྤྱན་གཟིགས་སྣ་ཚོགས་དང་གཞན་ཡང་རིན་པོ་ཆེ་བདུན་དང་། བཀྲ་ ཤིས་ཀྱི་རྫས་བརྒྱད་དང་། རྟ་དང་གླང་པོ་ཆེ་ལ་སོགས་པ་གང་འདོད་པའི་བཀོད་པ་བཤམ་ མོ། །དེ་ནས་རང་ཉིད་སྒྲུབ་གྲོགས་དང་བཅས་པ་ཁྲུས་དང་གཙང་སྦྲ་ལ་གནས་པས། གོས་ 3-1-307 གསར་པ་གྱོན་ཏེ། སྟན་བདེ་བ་ལ་འདུག་ནས། གནས་དང་ཡོ་བྱད་བྱིན་གྱིས་བརླབས་ཏེ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་ཉིད་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཕྱག་ན་རྡོ་རྗེ་ལ་བླ་མ་མི་བསྐྱོད་པའི་རྣམ་ པས་དབུ་བརྒྱན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ ནམ་མཁར་སྤྱན་དྲངས་ནས། ན་མོ་གུ་རུ་བྷྱཿ (བླ་མ་ལ་ཕྱག་འཚལ་ལོ།) ན་མོ་བཛྲ་པཱ་ཎི་བྷྱཿ(ཕྱག་ན་ རྡོ་རྗེ་ལ་ཕྱག་འཚལ་ལོ།} ༀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་ནས། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །ལ་སོགས་པའི་བདུན་རྣམས་དག་བྱ། ཚད་མེད་པ་བཞི་སྒོམ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། འོད་ཟེར་དཔག་ཏུ་མེད་པ་ འཕྲོས་པས། འོག་རྡོ་རྗེའི་ས་བཞི། ཕྱོགས་མཚམས་རྡོ་རྗེའི་ར་བ་དང་དྲ་བ། སྟེང་རྡོ་རྗེའི་གུར་ དང་བླ་བྲེས། ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་འབར་བས་བསྐོར་བའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་ བའི་དབུས་སུ། པཾ་ལས་པད་མ། (རྡོ་རྗེ་ས་འོག་ལས། ནམ་མཁའི་ཁམས་སུ་ཨ་དང་ནི། །ཟླ་བ་དང་པོ་ཡི་གེ་ཧཱུཾ། །འོད་ཟེར་ཀུན་ཏུ་འབར་བ་སྒོམ། །ཅེས་དང་། འགྲོ་བཟངས་སུའང་། ཨ་དང་ཟླ་བ་བཤད། ) ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་རང་གི་ཤེས་པ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་(ས་འོག་ཏུ། སྐུ་མདོག་སྔོན་ པོ་ཆེར་འབར་བ།) བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པ་རྡོ་རྗེ་རྩེ་ལྔ་པ་བགེགས་ལ་བསྣུན་པ། གཡོན་པ་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དང་ལྡན་ཞིང༌། ཞལ་ནས་ཧ་ཧའི་སྒྲ་སྒྲོག་པ། དབུ་སྐྲ་ དང་། སྨིན་མ་དང་། སྨ་ར་དམར་སེར་གྱེན་དུ་འཁྱུག་པ། (འགྲོ་བཟངས་སུ། ས་འོག་ན་བཟའ་སྔོན་པོའི་ ཟེ་འཇོལ་གསོལ་ཅེས་སོ།།)ནམ་བཟའ་སྔོན་པོ་འཕྱང་བ་བསྣམས་པ། ཀླུ་ཆེན་པོ་བརྒྱད་ཀྱི་བརྒྱན་དུ་ 3-1-308 བྱས་ཤིང༌། སྟག་གི་ལྤགས་པའི་ཤམ་ཐབས་གསོལ་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ ཞབས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱི་བཞུགས་པ། དེའི་ཐུགས་ཀར་ཟླ་བ་ལ་ གནས་པའི་ཧཱུཾ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས་མཆོད་ནས། ཛཿཧཱུཾ་བཾ་ཧོཿགཉིས་སུ་ མེད་པར་བསྟིམ། གནས་གསུམ་དུ་ༀ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས། སླར་ཡང༌ཧཱུཾ་ལས་འོད་ འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས་པ་ལ། མཆོད་ནས་དབང་བསྐུར་བར་གསོལ་བ་ བཏབ་པས། དེ་རྣམས་ཀྱི་ཇི་ལྟར་བལྟམས་པ་སོགས་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ ཏ་ས་མ་ཡེ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང་། བུམ་པའི་ཆུས་དབང་བསྐུར། དྲི་མ་དག་ཆུ་ལྷག་མ་ ཡར་ལུད་པ་ལས། མི་བསྐྱོད་པས་དབུས་བརྒྱན་པར་བསམ། དེ་ནས་ཐུགས་ཀའི་ཧཱུཾ་གི་མཐའ་ བསྐོར་དུ། ༀ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། ཅེས་(རྡོ་རྗེ་ས་འོག་ནས་འབྱུང་བ་ལྟར་)ཅི་ནུས་པ་ འཕྲིན་ལས་དྲུག་གི་དམིགས་པ་དང་ལྡན་པའི་སྒོ་ནས། མྱུར་བ་དང༌། དལ་བ་དང༌། གསལ་ བ་དང༌། མི་གསལ་བའི་སྐྱོན་སྤངས་ནས་བཟླས་པ་བྱའོ། །དེ་ནས་མཆོད་བསྟོད་དང་། འདོད་ དོན་ལ་གསོལ་བ་གདབ་བོ། ། དེ་ནས་དཔུང་བཟངས་ནས་བྱུང་བའི་ཆོ་ག་བཞིན་སྐབས་འདིར་བགེགས་གཏོར་བཏང་ ནས། ཕྱག་ལེན་ལྟར་བཀའ་བསྒོ་མཚམས་གཅོད་བྱེད་པའམ། ཡང་ན་སློབ་དཔོན་འགྲོ་ བཟངས་སྙིང་པོས། ཕྱག་རྡོར་གྱི་གཏོར་མའི་སྐབས་སུ་བསྲུང་འཁོར་གསུངས་པ་ལྟར། བསྲུང་འཁོར་སྒོམ་པ་ནི། རང་ཕྱག་རྡོར་དུ་གསལ་བའི་མིག་གཉིས། མ་དང་ར་ལས་ཉི་ཟླར་ བསམ། དེའི་སྟེང་དུ་ཧཱུཾ་བསམ་སྟེ། ཕྱོགས་ཐམས་ཅད་དུ་བལྟས་པས་བགེགས་དང་ལོག་ འདྲེན་ཐམས་ཅད་བསྲེགས་པར་དམིགས་ལ། ངག་ཏུ་ༀ་སུམ་བྷ་ནི་སུམ་བྷ་ཧཱུཾ་ཧཱུཾ་ཕཊ། ཤར་གྱི་ ཕྱོགས་སུ་རབ་འཕྲོས་པས། །རྡོ་རྗེ་རིགས་ཀྱི་ཁྲོ་བོ་སྟེ། །སྐུ་མདོག་དཀར་ལ་འཇིགས་པའི་ གཟུགས། །ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས། །དཔག་ཏུ་མེད་པས་ཕྱོགས་མཚམས་གང༌། 3-1-309 །བགེགས་རྣམས་རྡུལ་ཕྲན་བཞིན་དུ་འཇོམས། །ༀ་གྲིཧྣ་གྲིཧྣ་ཧཱུཾ་ཧཱུཾ་ཕཊ། ལྷོ་ཡི་ཕྱོགས་སུ༴ རིན་ཆེན་རིགས༴ སྐུ་མདོག་སེར༴ ཕྱག་ན༴ དཔག་ཏུ་མེད༴ བགེགས་རྣམས༴ ༀ་གྲིཧྣ་པ་ཡ་ གྲིཧྣ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ནུབ་ཀྱི་ཕྱོགས་སུ༴ པད་མ་རིགས༴ སྐུ་མདོག་དམར༴ ཕྱག་ན༴ དཔག་ ཏུ༴ བགེགས་རྣམས༴ ༀ་ཨཱ་ན་ཡ་ཧོ་བྷ་ག་ཝན་བཱིརྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། བྱང་གི་ཕྱོགས༴ ལས་ ཀྱི་རིགས༴ སྐུ་མདོག་སྔོ༴ ཕྱག་ན༴ དཔག་ཏུ༴ བགེགས་རྣམས་རྡུལ་ཕྲན་བཞིན་དུ་འཇོམས། །ༀ་སུམ་བྷ་ནི་སུམ་བྷ་ཧཱུཾ་ཧཱུཾ་ཕཊ། ༀ་གྲིཧྣ་གྲིཧྣ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ། བྷ་ག་ཝན་བིརྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་གསུམ་བཟླས་པས། ནང་ཐམས་ ཅད་ཁྲོ་བོའི་གུར། དེའི་ཕྱི་ནས་རྡོ་རྗེའི་གུར་དང་ར་བ། ཕྱི་རོལ་ཡེ་ཤེས་ཀྱི་མེ་བསྐལ་པའི་ མེ་ལྟར་འབར་བས་བསྐོར་བར་བསམ་པ་ནི། མཚམས་གཅོད་བསྲུང་འཁོར་འགྲོ་བཟངས་ ལུགས་སོ། ། དེ་ནས་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས། ཧཱུཾ་ལས་འོད་ཟེར་འཕྲོས་བྱང་ཕྱོགས་ ནས་རྒྱལ་ཆེན་(འགྲོ་བཟངས་)རྣམ་ཐོས་སྲས་གནོད་སྦྱིན་བྱེ་བའི་འཁོར་དང་བཅས་པ་སྤྱན་དྲངས་ པ་ལ། ༀ་ཨཱ་མྲི་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་བཻ་ཤྲ་བ་ཎ་ས་པཱ་རི་ཝ་ར་པྲོཀྵ་ཎཾ་པྲ་ཏཱིཙྪ་ཡེ་ༀ་ ཨཱཿཧཱུཾ། ཞེས་པས་བསང་གཏོར་(འགྲོ་བཟངས་)དབུལ། དེ་བཞིན་དུ། པྲོཀྵ་ཎཾ་གི་གནས་སུ་ཨརྒྷཾ་ གྱིས་མཆོད་ཡོན། པ་དྱཾ་གིས་ཞབས་བསིལ། ཨཉྩ་མ་ཎཾ་གིས་ཞལ་བསིལ། པུཥྤེས་མེ་ཏོག དྷུ་ པེས་བདུག་སྤོས། ཨ་ལོ་ཀེས་མར་མེ། གྷན་དྷེས་དྲི་ཆབ། ནེ་ཝེ་ཏེས་ཞལ་ཟས། ཤཔྟས་རོལ་ མོ་ཕུལ་ཏེ། ཡན་ལག་བདུན་པ་བྱ་བ་ནི། (ཁྲོ་ཕུ་ལོ་ཙཱ་བས།) རྒྱལ་ཆེན་རྣམ་ཐོས་སྲས་ནི་ནོར་མང་ ལྡན། །གསེར་རི་ལྷུན་པོ་ལྟ་བུར་བརྗིད་ཆགས་ཤིང༌། །སྤྲིན་བྲལ་ཉི་འོད་སྟོང་གི་གཟི་ལྡན་པ། །འདོད་དགུའི་ཆར་འབེབས་ཁྱེད་ལ་ཕྱག་འཚལ་ལོ། །མཁའ་ཁྱབ་ཡིད་འོང་ལྷ་རྫས་དངོས་ ཀུན་དང༌། །བཀའ་འབངས་བྲན་སླད་རང་ལུས་ཉེར་སྡོགས་བཅས། །མ་ཆགས་མི་ཞུམ་ཟབ་ 3-1-310 ཅིང་རྒྱ་ཆེ་བའི། །དགོངས་ཆེན་བསྒྲུབ་ཕྱིར་དགེ་ཚོགས་རྒྱ་མཚོས་མཆོད། །རང་གི་རྒྱུ་སྔོན་མ་ བསགས་འབྲས་འདོད་དང༌། །དོན་མེད་དོན་ལོག་ཅུང་ཟད་དོན་གྱི་ཕྱིར། །ཧ་ཅང་འདོད་ཆེན་ བསྐྱེད་དང་ཆོག་མི་ཤེས། །བསམ་སྦྱོར་ནོངས་པ་ཐམས་ཅད་མཐོལ་ལོ་བཤགས། །ལྷ་ཀླུ་མི་ རྣམས་འཇིགས་ཤིང་འཕོངས་པ་ལས། །མྱུར་སྐྱོབས་འཇིག་རྟེན་སྐྱོང་རྒྱལ་འཇིག་རྟེན་ལས། །ཀུན་གྲོལ་ཀུན་ལ་ཕན་དང་བདེ་སྟེར་བ། །ཕྲིན་ལས་རྒྱུན་ཆད་མེད་ལ་རྗེས་ཡི་རང༌། །སྣ་ ཚོགས་ཡ་ང་འཇིགས་དང་མགོན་མེད་དང༌། །སྡིག་སྡུག་བྲེལ་འཕོང་བརྒྱས་གཟིར་བསྐལ་ངན་ རྣམས། །དབུགས་དབྱུང་སླད་དུ་ཐུགས་ གསུང་སྐུ་དང་འོད། །ཉི་ཟླ་རྒྱལ་མཚན་ནེའུ་ལེས་རྣམ་རོལ་བསྐུལ། །ཁྱེད་སྐུ་ཁྲོ་དང་འཛུམ་ དང་བརྗིད་མཛེས་འགྱིང༌། །སྒེག་འདུལ་བརྟན་འཇིགས་དཔའ་བོའི་གར་དགུ་ཡི། །མི་སྲུན་ ཚར་གཅོད་སྐལ་ལྡན་རྗེས་བཟུང་ཕྱིར། །བསྐལ་བརྒྱར་མྱ་ངན་མི་འདའ་བཞུགས་གསོལ་ འདེབས། །དེ་ལྟར་འགྲོ་སྐྱོབ་ཁྱེད་ལ་འགྲོ་རྟེན་སླད། །ལྷ་མཆོག་ལྷག་པའི་ལྷར་བཟུང་བསྙེན་ བཀུར་བས། །བདག་སོགས་མགོན་མེད་མགོན་མཛོད་རྟག་ཏུ་ཡང༌། །ཤེས་རབ་ཐུགས་རྗེས་ མི་བསྙེལ་མི་གཏོང་ཤོག །ཅེས་དོན་དྲན་བཞིན་པས་བརྗོད་དེ། བསོད་ནམས་ཀྱི་ཚོགས་ བསགས། (འགྲོ་བཟངས་) དེ་ནས་རང་གི་གནས་གསུམ་གྱི་ༀ་ཨཱཿཧཱུཾ་ལས་འོད་འཕྲོས། རྒྱལ་པོ་ འཁོར་བཅས་ཀྱི་གནས་གསུམ་དུ་ཕོག་པས། ཐམས་ཅད་འོད་དུ་ཞུ་ནས་སྟོང་པར་བསམ་པ་ ནི། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །(འགྲོ་བཟངས་)སྟོང་པའི་ངང་ལས་མདུན་དུ་བྷྲུཾ་ལས་རིན་ པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། འཁོར་ས་རིམ་པ་གསུམ་ དང་ལྡན་པའི་དབུས་ན། ཁང་པ་བརྩེགས་པ་དགུ་ཡོད་པ། དབུས་མའི་ཕོ་བྲང་བརྩེགས་སུ་ གནས་པའི་རྩེ་མོ་(འགྲོ་བཟངས་ཀྱི། དེ་ནས་མདུན་དུ་བྷྲུཾ་ལས་ནི། །རིན་ཆེན་ཁང་བ་བརྩེགས་པར་སྒོམ། །ཞེས་པ་ལས། འབྱུང་བ་རིམ་བརྩེགས་མ་གསུངས་པས་མ་བྲིས།) ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། ལོགས་རྣམས་ 3-1-311 སུ་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། མདའ་ཡབ་པུ་ཤུ་དང་ལྡན་པ། ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པའི་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་ཕྱོགས་རེ་རེ་ནས་ བརྒྱན་པ།(ཤར་ཕྱོགས་ཤེལ་དང་བཻ་ཌཱུརྱ། །པདྨ་རཱ་ག་གསེར་གྱི་ནི། །ཀ་བ་སྟོང་ཕྲག་བཅུ་ཡིས་བརྒྱན། །) གཏེར་གྱི་ ཁང་པ་བཅོ་ལྔས་སྤྲས་པ། དེའི་ཕྱིར་རོལ་གྱི་ཕྱག་མཚམས་(འགྲོ་བཟངས་སུ། བརྒྱད་བརྒྱད་ལྔ་ཡིས་རབ་ ཏུ་མཛེས། ཞེས་པ་ལྟར་རོ།།)བརྒྱད་དུ། བུམ་པ་བཟང་པོ་བརྒྱད། དཔག་བསམ་གྱི་ཤིང་བརྒྱད། རིན་ པོ་ཆེའི་ལྗོན་ཤིང་བརྒྱད། རྫིང་བུ་བཟང་པོ་བརྒྱད། འདོད་འཇོའི་བ་བརྒྱད། ཅང་ཤེས་ཀྱི་རྟ་ བརྒྱད་རྣམས་སྤེལ་མར་གནས་པའི་ཕྱི་ནས། རིན་པོ་ཆེའི་ར་བ་གྲུ་བཞི་པས་སྐོར་བའི་ཕོ་བྲང་ ཆེན་པོའི་དབུས་སུ། ཧྲཱིཿལས་པད་མ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ། བཻ་ལས་རིན་པོ་ཆེའི་རྒྱལ་མཚན་བཻས་མཚན་པ་ལས་འོད་འཕྲོས། འཕགས་ པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་ཀྱི་སྡུག་བསྔལ་མཐའ་དག་སེལ། འཇིག་ རྟེན་གྱི་ཁམས་ཀྱི་དཔལ་དང༌ཕུན་སུམ་ཚོགས་པ་ཐམས་ཅད་བསྡུས། ཚུར་འདུས་བཻ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་ གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེའི་(འཕྱར་སྟབས་སུ་)རྒྱལ་མཚན་འཛིན་པ། གཡོན་ གཏེར་གྱི་ནེའུ་ལེ་རིན་པོ་ཆེ་(བསྐུར་སྟོན་པ་)སྐྱུག་པ་འཛིན་པ། འཕྲག་གོང་གཡས་གཡོན་ཉི་མ་ དང་ཟླ་བས་མཚན་པ། ཞལ་ནས་རིན་པོ་ཆེའི་ཆར་འབེབས་ཤིང༌། སྐྱེ་དགུ་ཕོངས་པ་ལས་ སྒྲོལ་བ། དབུ་ལ་རིན་པོ་ཆེའི་དབུ་རྒྱན་གསོལ་བ། སྐུ་ལ་རིན་པོ་ཆེ་དུ་མ་དང་། དར་སྣ་ཚོགས་ པའི་ན་བཟས་སྤྲས་པ། ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་། ཉི་མ་འབུམ་གྱི་གཟི་བརྗིད་ དང་ལྡན་པ། སེང་གེ་དཀར་པོ་ཁ་དེ་ཉིད་ལ་ལྟ་བའི་སྟེང་ན་རྒྱལ་པོ་རོལ་པའི་འདུག་སྟངས་ ཀྱིས་བཞུགས་པའོ། །ཤར་གྱི་ཁང་བརྩེགས་ཀྱི་ནང་(པདྨའི་གདན་)དུ། ཛཾ་ལས་ཛམྦྷ་ལ་(སྨུག་འཛིན་ )སེར་པོ་རིན་པོ་ཆེ་འཛིན་པ། ལྷོའི་ཁང་བརྩེགས་སུ་གཾ་ལས་གང་བ་བཟང་པོ་སེར་པོ་བུམ་པ་ 3-1-312 འཛིན་པ། དེ་བཞི་དུ་ནུབ་ཏུ་མཾ་ལས་ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། བྱང་དུ་ཀུཾ་ ལས་ཀུ་བེ་ར་ནག་པོ་རལ་གྲི་འཛིན་པ། ཤར་ལྷོར་སཾ་ལས་ཡང་དག་ཤེས་སེར་པོ་གསེར་གྲི་ འཛིན་པ། ལྷོ་ནུབ་ཏུ་གཾ་ལས་འབྲོ ག་གནས་ནག་པོ་མདུང་འཛིན་པ། ནུབ་བྱང་དུ་ཁཾ་ལས་ལྔ་ རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། བྱང་ཤར་དུ་པཾ་ལས་པི་ཙི་ཀུནྚ་ལི་(འཛམ་བུ་འཁྱིལ་པ་)དཀར་ པོ་གྲི་ཕུབ་འཛིན་པ། ཐམས་ཅད་ཀྱང་གཡོན་གཏེར་གྱི་ནེའུ་ལེ་བསྣམས་པ། རང་རང་གི་སྐུ་ མདོག་དང་མཐུན་པའི་རྟ་ལ་ཆིབས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དཔའ་ཞིང་བརྗིད་ ལ་མི་སྡུག་པའི་ཆ་བྱད་ཅན་ནོ། །འཁོར་ས་བར་བ་ན་ཀླུ་ཆེན་པོ་བརྒྱད་གནས་པ་ནི། མཐའ་ ཡས་དང་། འཇོག་པོ་དང་། ཀར་ཀོ་ཊ་དང་། ཨུ་ལི་ཀ་དང་། ནོར་རྒྱས་དང་། དུང་སྐྱོང་དང་ ། པད་མ་དང༌། ཆུ་བདག་སྟེ་ཐམས་ཅད་ཀྱང་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ཐལ་ མོ་སྦྱར་བའི་བར་ན་རིན་པོ་ཆེ་འཛིན་པ། སྦྲུལ་མགོ་བདུན་གྱི་གདེངས་ཀས་མཛེས་ཤིང་། སྐུ་ སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་བའོ། །འཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་གནས་པ་ནི། ལྷའི་རྒྱལ་པོ་དཀར་པོ་རྡོ་རྗེ་འཛིན་པ། ཀླུ་ཡི་རྒྱལ་པོ་དཀར་པོ་སྦྲུལ་ཞགས་འཛིན་པ། གནོད་ སྦྱིན་གྱི་རྒྱལ་པོ་སེར་པོ་ནེའུ་ལེའི་སྐྱལ་པ་འཛིན་པ། དྲི་ཟའི་རྒྱལ་པོ་དམར་པོ་གོའུ་རྒྱུད་མངས་ འཛིན་པ། ལྷ་མ་ཡིན་གྱི་རྒྱལ་པོ་སྔོན་པོ་གོ་ཁྲབ་འཛིན་པ། ནམ་མཁའ་ལྡི ང་གི་རྒྱལ་པོ་གསེར་ གྱི་མདོག་ཅན་རྡོ་རྗེའི་མཆུ་འཕྱང་བ་འདབ་ཤོག་རྒྱས་པ། མིའམ་ཅིའི་རྒྱལ་པོ་རྟའི་མགོ་ཅན་ ལྗང་ཁུ། ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་སྦྲུལ་གྱི་མགོ་ཅན་སྔོན་པོ་རྣམས་རང་རང་གི་འཁོར་གྱིས་ བསྐོར་བ་རྣམས་དང༌། གཞན་ཡང་སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས་ རང་རང་གི་རྒྱན་དང་ཆ་ལུགས་དང་ལྡན་པ་དང་། གནོད་སྦྱིན་དང༌། སྲིན་པོའི་གཟུགས་ཅན་ ཁ་དོག་སྣ་ཚོགས་པ། མི་སྡུག་ཅིང་རྔམ་པ། ཕྱག་གཡས་ན་མཚོན་ཆ་སྣ་ཚོགས་དང༌། གཡོན་ པ་ཐམས་ཅད་གཏེར་གྱི་ནེའུ་ལེ་འཛིན་པ། སྤྲིན་འཐིབས་པ་བཞིན་བཞུགས་པར་བསམ་མོ། 3-1-313 །ཞི་བ་ནོར་དུ་སྒྲུབ་པ་བདེ་བྱེད་མའི་མངོན་རྟོགས་སོ།། །། གསང་བསྒྲུབ་ཡབ་ཡུམ་སྒོམ་པར་འདོད་ན། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཏྲཾ་ལས་རིན་པོ་ཆེའི་ཁྲིའི་སྟེང་དུ། བཻ་ཡིག་ལྗང་ཁུ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་ འདུས་ཡོངས་སུ་གྱུར་པ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་ལྗང་ཁུ་ཞལ་གཅིག་ ཕྱག་གཉིས་པ། གཡས་ན་དབུལ་བ་འཇོམས་པའི་བེ་ཅོན། གཡོན་ན་དངོས་གྲུབ་གཏེར་བའི་ ནེའུ་ལེ་འཛིན་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། གསུས་ཁྱིམ་ཆེ་བ། ལྟོ་བ་ཡངས་པ། དར་གྱི་ནམ་བཟའ་དང༌། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཕྲག་གོང་གཡས་གཡོན་གཉིས་ ཉི་ཟླས་མཚན་པ། གཏེར་གྱི་བུམ་པའི་སྟེང་དུ་སེམས་དཔའི་དཀྱིལ་ཀྲུང་གིས་བཞུགས་པའོ། །དེའི་གཡོན་དུ་ཕུ་ལས་ཡུམ་གཙུག་ཕུད་མ་སྐུ་མདོག་དམར་མོ་ཕྱག་གཡས་ནོར་བུ་བསམ་ འཕེལ་དང༌། གཡོན་གཏེར་གྱི་བུམ་པ་བསྣམས་པ། དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ ཀ་དང༌། སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་བ། དབུའི་གཙུག་ན་ནོར་བུ་རིན་པོ་ཆེ་འོད་འཕྲོ་ བས་འཇིག་རྟེན་གྱི་དབུལ་བ་འཇོམས་པར་བསམ་མོ། །གསང་སྒྲུབ་ཡབ་ཡུམ་གྱི་མངོན་ རྟོགས་སོ། ། མགོན་པོ་དྲག་བྱེད་བསྒོམ་པར་འདོད་ན། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། མདུན་གྱི་ནམ་མཁར་པཾ་ལས་པད་མ། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་མཐིང་ནག་སྔོན་པོ་ལས། མགོ་པོ་དྲག་བྱེད་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་ན་རྡོ་རྗེ་རྩེ་ལྔས་མཚན་ པའི་དབྱུག་པ་བ་དན་དང་བཅས་པ་བསྣམས་པ། གཡོན་པ་མཆོད་རྟེན་ནག་པོ་བསྣམས་ པ། མཆེ་བ་ཅུང་ཟད་གཙིགས་ཤིང༌། དབུ་ལ་ཅོད་པན་སྦྲུལ་གྱི་ཆུན་འཕྱང་ལྡིང་པ། ཕྲག་གོང་ གཡས་གཡོན་ཉི་ཟླས་མཚན་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། འདབ་མ་བརྒྱད་ལ་མཐའ་ ཡས་ལ་སོགས་པའི་ཀླུ་ཆེན་པོ་བརྒྱད་པོ་ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག་ཕྱག་གཉིས་ 3-1-314 ཐལ་མོ་སྦྱར་བའི་བར་ན་རིན་པོ་ཆེ་འཛིན་པ། སྦྲུལ་མགོ་བདུན་གྱི་གདེངས་ཀ་དང༌། སྐུ་སྨད་ ཐམས་ཅད་སྦྲུལ་མཇུག་གཡས་སུ་འཁྱིལ་བ། ཐམས་ཅད་ཀྱི་དབུའི་གཙུག་ཕུད་ན་ནོར་བུ་ ལས་འོད་འཕྲོ་བའི་ཞལ་ནས་ཕུ་ཞེས་སྒྲ་སྒྲོག་པས་བསྐོར་བ་བསྐྱེད་དེ། དེའི་འཁོར་གྱི་དབུས་ སུ་སྒྲོལ་བྱེད་རྟ་སྔོན་པོ་ཆིབས་པ། ཕྱག་གཡས་འཁོར་ལོ་བསྣམས་པ། སྐྱེས་པ་བརྒྱའི་སྲོག་ གཅོད་པ། གཡོན་པ་གསེར་གྱི་ལྕག་འབྲས་གཡུའི་ཟ་རུ་འཛག་པས། ན་ཆུང་བརྒྱའི་སྲིད་ འཕྲོག་པ། སྐུ་ལ་གསེར་གྱི་ཁྲབ་གསོལ་བ། ཕྱག་དང་ཞབས་ལ་གསེར་གྱི་ལ་བས་གསོལ་བ། དབུ་ལ་གསེར་གྱི་རྨོག་ལ་དར་དཀར་གྱི་འགྱིང་ཐོད་འཚལ་གྱིས་ཐིག་ལེ་ཅན་གསོལ་བ། བ་ དན་སྔོན་པོ་འཕུར་ཞིང་ལྡི ང་བ། དེའི་གཡས་ན་ར་ལས་ར་ཧུ་ལ་མགོ་དགུ་པ་རོ་སྟོད་མི་ལ་རོ་ སྨད་སྦྲུལ་དུ་འཁྱིལ་བ་ལུས་ཐམས་ཅད་མིག་གིས་གང་བ། གཡས་སུ་ཆུ་སྲིན་གྱི་རྒྱལ་མཚན་ དང༌། གཡོན་མདའ་གཞུ་དང་སྦྲུལ་ཞགས་འཛིན་པ། གཡོན་དུ་དཔལ་རྩུན་བཟང་མོ་རྟ་ལ་ ཞོན་པ་དར་དཀར་གྱི་གོ་ཟུ་གསོལ་བ། དབུ་ལ་གཡུ་ཡི་ཟ་རུ་ཡོད་པ། ཕྱག་གཡས་ན་མདའ་ རྒོད་སྒྲོ་མ་བསྣམས་པ། སྐྱེས་པའི་སྲོག་གཅོད་པ་གཡོན་ན་ནད་ཀྱི་ཟ་མ་ཏོག་བསྣམས་པ། ན་ ཆུང་གི་སྲིད་གཅོད་པར་བསམ་མོ། །དྲག་བྱེད་སྙིང་མའི་ལུགས་གཞན་དུ་ཤེས་པར་བྱའོ། ། ནང་མ་མོ་ལྟར་བསྒྲུབ་པའི་མངོན་རྟོགས་བསྒོམ་པར་མདོར་པས། སྭ་བྷཱ་ཝས་སྟོང་པར་ སྦྱངས་པའི་ངང་ལས། ཧཱུཾ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་ ནང་དུ། འཁོར་ལོ་རྩིབས་བཞི་པའི་ལྟེ་བ་ལ། ཏྲ་ལས་རྟ་སྔོན་པོའི་སྟེང་དུ། བཻ་ཡིག་བྱི་རུའི་ མདོག་ཅན་ལྟ་བུ་ལས་འོད་འཕྲོས། གདུག་པ་ཅན་ཐམས་ཅད་ཚད་བཅད། མི་དང་མི་མ་ ཡིན་པ་ཐམས་ཅད་དབང་དུ་བསྡུས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་ རྣམ་ཐོས་སྲས། སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ན་རལ་གྲི་འཕྱར་ ཞིང༌། གཡོན་ན་མདའ་དར་དམར་པོ་བསྣམས་པ། སྐུ་ལ་བསེ་ཁྲབ་སེར་པོ་གསོལ་བ། དབུ་ 3-1-315 ལ་བསེའི་རྨོག་ཞུ་ལ་ཁྱུང་ལྡེམ་གྱིས་བརྒྱན་པ་གསོལ་བ། ཞལ་རབ་ཏུ་གདངས་པ། མཆེ་བ་ གཙིགས་པ། སྤྱན་རྩ་དམར་པོ་ཁྱུག་པ། སྨིན་མ་དང་སྨ་ར་དམར་སེར་གྱེན་ལ་རྫེས་པ་རབ་ ཏུ་ཁྲོས་པའོ། །རྩིབས་བཞིའི་ཤར་དུ། ཏྲག་ལས་བདུད་མོ་མགོ་དགུ་མ་མཐིང་ནག་མཛོ་མོ་ རུ་ཡོན་མ་ལ་ཆིབས་པ། ལག་ན་དུང་གི་སྤུ་གྲི་འཛིན་པ། ན་བཟའ་ཕྱི་དཀར་ལ་ནང་ནག་པ་ གསོལ་བ། ལྷོར་རག་ལས་བདུད་མོ་ལག་རིང་མ་མ་ཧེ་སྔོན་པོ་ལ་ཆིབས་པ། ཕྱག་ན་གསེར་ གྱི་སྤུ་གྲི་བསྣམས་པ། ནུབ་ཏུ་ཤ་ལས་བདུད་མོ་ཕུང་ཁྲོལ་མ་ལྗང་ཁུ་གཡག་གུ་འཚལ་ལུ་ལ་ ཆིབས་པ། ལྕགས་ཀྱི་ཟོར་བ་ཕྱག་ན་བསྣམས་པ། བྱང་དུ་བྷྱོ་ལས་བདུད་མོ་ལག་བརྒྱ་མ། རྐྱང་བུ་ཁ་དཀར་ལ་ཆིབས་པ། ཕྱག་ན་ཟངས་ཀྱི་གྲི་བསྣམས་པ། ཤར་སྒོར་ཡུལ་འཁོར་སྲུངས་ དཀར་པོ་པི་ཝང་འཛིན་པ། ལྷོ་སྒོར་ཕག་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་སྤྱན་མི་ བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་ལྗང་སེར་རྒྱལ་མཚན་འཛིན་ པ། ཐམས་ཅད་ཀྱང་ཞལ་མཆེ་བ་གཙིགས་ཤིང་རབ་ཏུ་གཏུམ་པའི་ཆ་བྱད་ཅན་ནོ། །ནང་མ་ མོ་ལྟར་བསྒྲུབ་པའི་མངོན་རྟོགས་སོ། ། གསང་བ་གཤིན་རྗེ་ལྟར་བསྒྲུབ་པ་བསྒོམ་པར་འདོད་པས། སྭ་བྷཱ་ཝས་སྟོང་པར་སྦྱང་ པའི་ངང་ལས། བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་ དང་བཅས་པའི་ནང་དུ། འཁོར་ལོ་རྩིབས་བཞི་པའི་ལྟེ་བ་ལ། ཊ་ལས་རྟ་སྔོན་པོའི་སྟེང་དུ་ བཻ་ཡིག་མཚལ་གྱི་མདོག་ལྟ་བུ་ལས་འོད་འཕྲོས། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་ བསྡུས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་མདུང་དམར་ཅན་སྐུ་མདོག་ དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་མདུང་དམར་པོ། གཡོན་ན་ནེའུ་ལེ་ཡི་སྐྱལ་ པ་འཛིན་པ། སྐུ་ལ་བསེ་ཁྲབ་དང་། དབུ་ལ་བསེའི་རྨོག་ཞུ་གསོལ་བ། གཤིན་རྗེའི་ཆ་ལུགས་ ཅན། མཆེ་བ་རབ་ཏུ་གཙིགས་པ། འཁོར་ལོའི་རྩིབས་བཞིའི་ཤར་དུ་ར་ལས་ར་ཧཱུ་ལ་སྐུ་ 3-1-316 མདོག་དུད་ཁ། མགོ་དགུ་བྱ་རོག་གི་མགོ་དང་བཅུ་ཡོད་པ། རོ་སྟོད་མི་ལ་རོ་སྨད་སྦྲུལ་མཇུག་ གཡས་སུ་འཁྱིལ་བ། མགོ་ལུས་ཐམས་ཅད་མིག་གིས་གང་བ། གཡས་སུ་ཆུ་སྲིན་གྱི་རྒྱལ་ མཚན་འཛིན་པ། གཡོན་ན་སྦྲུལ་ནག་གི་ཞགས་པའོ། །ལྷོར་ར་ལས་གནོད་སྦྱིན་རྟ་ན་སེར་ ནག་འཇིགས་པའི་བཞིན་ཅན། གཡས་ན་རྩེ་གསུམ་གཡོན་ན་ཐོད་ཁྲག་འཛིན་པའོ། །ནུབ་ ཏུ་མ་ལས་ནག་པོ་ཀ་ལ་གཡས་བེ་ཅོན་གཡོན་ཐོད་ཁྲག་འཛིན་པའོ། །བྱང་དུ་ན་ལས་ཀུ་བེ་ ར་ལྗང་ནག གཡས་དབྱུག་ཐོ་དང༌གཡོན་ཐོད་ཁྲག་འཛིན་པ། ཁྱམས་ཀྱི་ཤར་དུ་ཤ་ལས་ གནོད་སྦྱིན་འབུམ་རྣ་དམར་ལྗང༌། གཡས་རྒྱལ་མཚན་ལྷོར་པ་ལས་དུག་སྣ་སེར་ལྗང་གཡས་ མདུང་དམར། ནུབ་ཏུ་ཧ་ལས་སྣ་སུལ་ལྗང་ནག་གཡས་མདུང་དམར་པོ། བྱང་དུ་ༀ་ལས་སྣ་ བོ་ཆེ་དཀར་ལྗང་གཡས་དབྱུག་ཐོ་འཛིན་ཅིང་། གཡོན་ཐམས་ཅད་ནེའུ་ལེ་འཛིན་པ། ཤར་ སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་སེར་ མོ་ཞགས་པ་འཛིན་པ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། བྱང་སྒོར་ཧོ་ལས་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་འཛིན་པ། ཕྱིའི་འཁོར་ཡུག་ཏུགནོད་སྦྱིན་བྱེ་བས་ བསྐོར་བའོ། །གསང་བ་གཤིན་རྗེ་ལྟར་བསྒྲུབ་པའི་མངོན་རྟོགས་སོ། ། ལས་བྱེད་རྣམ་སྲས་སྒོམ་པ་ནི། རང་ཕྱག་རྡོར་དུ་བསྐྱེད་པའི་མདུན་དུ་བླ་མ་སྒོམ། གཡས་ སེང་གེ་དང་པད་མའི་སྟེང་དུ། ཧཱུཾ་ལས་རྣམ་ཐོས་སྲས་སྐུ་མདོག་དམར་སེར། རྒྱན་ཐམས་ཅད་ དང་ལྡན་པ་བཞེངས་པའི་ཚུལ་ཅན། ཕྱག་གཡས་བེ་ཅོན། གཡོན་ནེའུ་ལེའི་སྐྱལ་པ་རིན་པོ་ཆེ་ སྐྱུག་པ་འཛིན་པ། རིན་པོ་ཆེའི་དབུ་རྒྱན་ཅན། སྐུ་ཆེ་ལ་ཡན་ལག་རགས་པ། ཐུགས་ཀར་ཟླ་ བ་ལ་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་གིས་མཚན་པ་བསམ་མོ། །གཡོན་དུ་ཟླ་བའི་སྟེང་དུ་ཧཱུཾ་དམར་ པོ་ལས་གནོད་སྦྱིན་ལས་མཁན་མདུང་དམར་ཅན་སྐུ་མདོག་དམར་པོ། ཕྱག་གཡས་མདུང་ དམར་པོ་ཅན། གཡོན་ཤེལ་གྱི་མཆོད་རྟེན་བསྣམས་པ། བསེ་རྨོག་དང་བསེ་ཁྲབ་གསོལ་བ། 3-1-317 ཐུགས་ཀར་ཟླ་བ་ལ་ཧཱུཾ་གིས་མཚན་པ་བསྒོམ་པར་བྱའོ། །ཡང་ན། (ཐང་དཀར་གྱིས་མཛད།) ཧཱུཾ་ ཆོས་ཀྱི་ངོ་བོ་སྟོང་པའི་བདག་ཉིད་ལ། །ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནི། །ལྗང་སྔོན་ གཡོ་བའི་བ་དན་མཚན་པའི་སྟེང༌། །རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་པ། །དམར་ པོ་གྱུར་པའི་སྟེང་དུ་བཾ་ལས་ནི། །དཀར་པོ་ཟླུམ་པ་ཆུ་ཡི་དཀྱིལ་འཁོར་བསམ། །དེ་སྟེང་ལཾ་ ལས་ས་ཡི་དཀྱིལ་འཁོར་ནི། །སེར་པོ་གྲུ་བཞི་བརྗིད་རབ་སྟེང་དུ་ནི། །སུཾ་ལས་རི་ཡི་རྒྱལ་ པོ་རི་རབ་ནི། །ཤར་ཤེལ་ལས་གྲུབ་ལྷོ་ནི་བཻ་ཌཱུརྱ། །ནུབ་ནི་པད་མ་རཱ་གས་མཛེས་པར་ བྱས། །ཨིནྡྲ་ནི་ལ་ལས་ནི་བྱང་ཕྱོགས་གྲུབ། །འཁོར་ས་རིམ་པ་གསུམ་གྱིས་མཛེས་པར་ བྱས། །དཔའ་བསམ་ཤིང་བརྒྱད་རིན་ཆེན་ཤིང་སྡོང་བརྒྱད། །རྫིང་བུ་བཟང་བརྒྱད་འདོད་ འཇོའི་བ་མོ་བརྒྱད། །ཅང་ཤེས་རྟ་བརྒྱད་གཏེར་གྱི་བུམ་པ་བརྒྱད། །འདོད་ཡོན་སྣ་ཚོགས་དར་ གྱིས་ཀུན་ནས་བསྐོར། །རྒྱ་ཕུབས་རིམ་པ་གསུམ་གྱིས་མཛེས་པར་ཕུབ། །པད་མ་དང་ནི་པད་ མ་ཆེན་པོ་དང༌། །དུང་དང་དུང་ཆེན་བཞི་ཡི་རྣམ་པར་བརྒྱན། །གྲུ་བཞི་ལྡན་ཞིང་སྒོ་ཁྱུད་བཞི་ ཡིས་མཛེས། །རྟ་བབས་བཞི་ལྡན་དྲ་བ་དྲ་ཕྱེད་འཕྱང༌། །དྲིལ་བུ་དར་འཕན་རྣམས་ཀྱིས་ ལེགས་པར་བརྒྱན། །རིན་ཆེན་ཏོག་གིས་མཛེས་པར་བྱས་པའི་དབུས། །རྣམ་པར་རྒྱལ་བའི་ ཁང་བཟང་ཕྱོགས་རེ་བཞིན། །ཉིས་སྟོང་ལྔ་བརྒྱའི་ཀ་བས་མཛེས་པར་བྱས། །ཀ་ཤུ་རྣམས་ལ་ རིན་ཆེན་འབར་བ་དང༌། །གསལ་བའི་ཉི་ཟླས་ལེགས་པར་བརྒྱན་པའོ། །དེ་དབུས་ཡི་གེ་ཧྲི་ ལས་པད་མ་ནི། །ལྟེ་བ་ལྗང་ཁུ་ཟེ་འབྲུ་དམར་སེར་ལྡན། །དེ་སྟེང་སཾ་ལས་སེང་གེ་དཀར་ པོ་ནི། །གངས་ལྟར་དཀར་ཞིང་གཡུ་ཡི་རལ་པ་ཅན། །མཆེ་བ་བཞི་ལྡན་དྲིལ་བུ་གཡེར་ ཁ་འཁྲོལ། །ཁ་གདངས་དམར་བའི་མིག་ནི་ཕྱོགས་བཅུར་ལྟ། །དེ་སྟེང་བཻ་ཡིག་གསེར་གྱི་ མདོག་འདྲ་ལས། །འཕགས་པ་མཆོད་ཅིང་དབུལ་བའི་སྡུག་བསྔལ་སེལ། །ཚུར་འདུས་ཡོངས་ སུ་གྱུར་པའི་རྒྱལ་མཚན་ནི། །གསེར་གྱི་མདོག་ཅན་ཞལ་གཅིག་གཉིས་པ། །གཡས་པ་རྒྱལ་ 3-1-318 མཚན་འཁོར་གྱི་འཁུ་ལྡོག་འཇོམས། །གཡོན་པ་ནེའུ་ལེས་བསྒྲུབ་ལ་དངོས་གྲུབ་སྟེར། །ཅུང་ ཟད་མཆེ་གཙིགས་བསྟན་ལ་གནོད་བྱེད་སྒྲོལ། །སེམས་པའི་དཀྱིལ་ཀྲུང་སྒྲུབ་མཆོག་དཔལ་ ལྡན་བསྐྱེད། །རིན་ཆེན་གྱིས་བརྒྱན་འཁོར་གཡོག་རྒྱས་པར་མཛད། །དར་གྱི་ཅོད་པན་སྟོང་ གསུམ་ཟིལ་གྱིས་གནོན། །འཕྲག་གོང་ཉི་ཟླས་བསྒྲུབ་ལ་ཚེ་དཔལ་སྟེར། །རྣམ་མང་ཐོས་ པའི་སྲས་ཁྱོད་དབུས་ནས་བཞེངས། །དབང་བསྡུད་ཟས་ནོར་སྡུད་ལ་དམག་དྲང་ཕྱིར། ། སྨུག་འཛིན་སེར་པོ་མདུན་ནས་སྐུ་བཞེངས་ཤིག །སྡང་པ་དགྲ་ཡི་དམག་དཔུང་ཟློག་པའི་ ཕྱིར། །གང་བ་བཟང་པོ་གཡས་ནས་སྐུ་བཞེངས་ཤིག །བདག་ཕོངས་བསལ་ཕྱིར་གཞན་ལ་ སྦྱིན་གཏོང་ཕྱིར། །ནོར་བུ་བཟང་པོ་རྒྱབ་ནས་སྐུ་བཞེངས་ཤིག །བདག་གཞན་ཆོམ་རྐུན་སྲུང་ ཞིང་ཅིང་བའི་ཕྱིར། །རྟ་བདག་ནག་པོ་གཡོན་ནས་སྐུ་བཞེངས་ཤིག །དབང་ཕྱུག་དང་ནི་ མངོན་ཤེས་བསྒྲུབ་བྱའི་ཕྱིར། །མེ་ཡི་མཚམས་ནས་ཡང་དག་སྐུ་བཞེངས་ཤིག །བསྒྲལ་བའི་ ཞིང་བཅུ་བསད་ཕྱིར་འབྲོག་གནས་ཀྱང༌། །སྲིན་པོའི་མཚམས་ནས་འཇིགས་རུང་སྐུ་བཞེངས་ ཤིག །ཉི་ཟླ་དང་མཉམ་ཚེ་དཔལ་སྟེར་བྱེད་པའི། །ལྔ་བརྩེགས་རླུང་གི་མཚམས་ནས་སྐུ་ བཞེངས་ཤིག །ཆུ་ཁྱག་སྲུང་ཞིང་ལོ་ཐོག་སྤེལ་བྱའི་ཕྱིར། །ཀུནྜ་ལི་དཀར་འབྱུང་པོའི་མཚམས་ ནས་བཞེངས། །འཁོར་ས་བར་པར་གནས་པའི་ཀླུ་ཆེན་བརྒྱད། །མཐའ་ཡས་འཇོག་པོ་ཀར་ ཀོ་ཊ་དང་ནི། །ཨུ་ལུ་ཀ་དང་ནོར་རྒྱས་དུང་སྐྱོང་བུ། །པད་མ་ཆུ་བདག་ལ་སོགས་ཀླུ་ཆེན་ བརྒྱད། །མདོག་སེར་ཐལ་སྦྱར་བར་ན་རིན་ཆེན་འཛིན། །སྦྲུལ་མཇུག་གཡས་འཁྱིལ་སྦྲུལ་ མགོ་བདུན་གྱིས་མཛེས། །ཀླུ་ཕྲན་འབུམ་དང་བྱས་པ་སྐུ་བཞེངས་ཤིག །འཁོར་ས་ཐ་མར་ གནོད་སྦྱིན་བྱེ་བ་དང༌། །ལྷ་སྲིན་སྡེ་བརྒྱད་ལ་སོགས་ཕོ་ཉའི་ཚོགས། །གཡོན་པའི་ཕྱག་གིས་ ནེའུ་ལེ་གཡས་པ་ན། །མཚོན་ཆ་དུ་མ་ཐོགས་རྣམས་སྐུ་བཞེངས་ཤིག །བསྒྲུབ་མཆོག་དབུལ་ འཕོངས་བསལ་བའི་དོན་སླད་དུ། །གཞལ་མེད་ཕོ་བྲང་གནས་མཆོག་དམ་པ་ནས། ། 3-1-319 བདག་གིས་མོས་བློ ས་སྐྱེད་པའི་གནས་འདི་རུ། །འཁོར་བཅས་རྟག་པར་འདིར་ནི་གཤེགས་ སུ་གསོལ། །གཤེགས་ནས་བསྒྲུབ་མཆོག་བསམ་པ་བསྒྲུབ་ཏུ་གསོལ། ། དེ་ནས་བླ་མ་ཡི་དམ་དང་ཆོས་སྐྱོང་སྤྱན་འདྲེན་པ་ལ། ཐོག་མར་འཁོར་གནོད་སྦྱིན་གདུག་ པ་ཅན་རྣམས་ཀྱི་འཁུ་ལྡོག་མི་འབྱུང་ཞིང་། བར་ཆད་བསྲུང་བའི་ཕྱིར། དང་པོར་མན་ངག་ བཞིན་སྔགས་འདིའི་སྲུང་སྐུད་བཏགས་ཤིང༌། འཕྲིན་ལས་ཀྱི་སྔགས་སྐབས་འདིར་བདུན་ བདུན་བཟླས་པར་བྱའོ། །ན་མོ་བཻ་ཤྲ་བ་ཎཱ་ཡེ་མ་ཧཱ་རཱ་ཛ་ཡ། ཏདྱ་ཐཱ། ར་ར་ར་ར། ཀུ་ནོ་ཀུ་ནོ། ཁུ་ནོ་ཁུ་ནོ། རུ་ནོ་རུ་ནོ། ས་བ་ས་བ། ཀ་ར་ཀ་ར། མ་ཧཱ་བི་ཀ་ར། མ་ཧཱ་ཀ་ལོ། མ་ཧཱ་རཱ་ཛ། རཀྵ་ རཀྵ། དུ་པ་ནི་སརྦ་སཏྭ་ནཉྩ་སྭཱ་ཧཱ། ཞེས་པས་སྲུང་བ་བྱས་ནས། མྱུར་དུ་འགྲུབ་པ་ལ་གཅེས་ པ་སྤྱན་འདྲེན་གནད་ཀྱི་མན་ངག་ནི། སྔགས་འདི་ལན་བདུན་བདུན་བཟླས་པར་བྱའོ། །ༀ་ ན་མོ་བཻ་ཤྲ་བ་ཎ་ཡེ་མ་ཧཱ་དན་ཏ་ཙཎྜེ་ཤྭ་ར་ཡ། ཨ་ཀརྵ་ཡ། ཨ་པ་ར་མི་ཏ་ཙཎྜེ་ཤྭ་ར་པ་ར་མི། ཀ་ར་ནི་ཀ་རུ་ནི་ཀ་སརྦ་སཏྭ། ཧི་ཏ་ར་བོན་ཙཎྜ་མ་མ་དྷ་ན་བར་དྷོ་པར་ཏྱ་ཤ་ཨ་ཀརྵ་ཡ་ས་ཡཾ། ཞེས་བདུན་ཟླས་ནས། སྦྱོར་བ་སྤོས་ཀྱི་མན་ངག་ལ། གུ་གུལ་དཀར་པོ། ཙན་དན་དཀར་པོ། ག་པུར། དུ་རུ་ཀ་རྣམས་སྦྱར་བའི་རིལ་བུ་ཡིན། དེ་སྤྱན་འདྲེན་པ་དང་། བསྒྲུབ་པ་དང་མཆོད་ པའི་དུས་སུ་བག་རོ་བསྲེག སྤྱན་འདྲེན་སོགས་ཀྱི་སྐབས་མ་གཏོགས་དུས་མིན་དུ་བསྲེག་ན་ བར་ཆད་དུ་འགྱུར་རོ། །དེ་མ་འབྱོར་ན་འབྲས་ཕྱེ་དང་སྤོས་དཀར་གྱི་དུད་པ་བཏང་ཞིང༌། རྔ་ ལ་སོགས་པའི་རོལ་མོ་སྣ་ཚོགས་དང་བཅས་ཏེ། རང་ཕྱག་རྡོར་དུ་བསལ་བའི་ཐུགས་ཀའི་ཧཱུཾ་ ལས་འོད་ཟེར་འཕྲོས། དང་པོར་བླ་མ་ཡི་དམ་ཕྱག་རྡོར་སྤྱན་འདྲེན་པར་བསམ་ནས། (བླ་མ་ སངས་རྒྱས་སྟོན་གྱི་མཛད་པ་དང་མཐུན་ནོ།།) ཧཱུཾ་ཆོས་དབྱིངས་བདེ་ཆེན་གཞལ་ཡས་ནས། །སངས་རྒྱས་ ཀུན་གྱི་རང་བཞིན་སྐུ། །དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །གྲུབ་ཐོབ་བླ་མ་གཤེགས་ སུ་གསོལ། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ། །ཡུལ་ 3-1-320 གྱི་མིང་ནི་རྒྱ་གར་ཡུལ། །སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་དང༌། །ཀུན་ཏུ་བཟང་པོ་བྱང་ཆུབ་སེམས། །འགྲོ་བཟང་རྡོ་རྗེ་གཤེགས་སུ་གསོལ། །ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། །དགོན་པ་པ་དང་ཀརྣ་ པ། །ཀ་མ་རུ་པ་གཤེགས་སུ་གསོལ། །ཆུ་མིག་རིང་མོའི་གཙུག་ལག་ནས། །ཟངས་ དཀར་ལོ་ཙཱ་གཤེགས་སུ་གསོལ། །དེ་ཡི་སྲས་ཀྱི་ཐུ་བོར་གྱུར། །གཡོར་པོ་ཇོ་སྟོན་གཤེགས་ སུ་གསོལ། །དེ་འི་ཐུགས་དམ་རྒྱུད་འཛིན་པ། །བཅུར་སྟོན་བསོད་རིན་གཤེགས་སུ་གསོལ། །འབྱིད་ཕུ་དགེ་བའི་གཙུག་ལག་ནས། །པད་མ་བཛྲ་གཤེགས་སུ་གསོལ། །ཐང་ཕུག་མིང་ གི་དགོན་པ་ནས། །ལྷ་རྗེ་ཇོ་བཟང་གཤེགས་སུ་གསོལ། །ཁྲོ་ཕུ་དཔལ་གྱི་དགོན་པ་ནས། །སྣུབ་སྟོན་ལ་ཙཱ་གཤེགས་སུ་གསོལ། །བཟད་ཀྱི་མཁར་ཕུག་དགོན་པ་ནས། །མཁན་ཆེན་ བྱང་དཔལ་གཤེགས་སུ་གསོལ། །གཤག་རམ་དཔལ་གྱི་དགོན་པ་ནས། །གྲུབ་ཐོབ་གཙང་ པ་གཤེགས་སུ་གསོལ། །དགེ་འདུན་སྒང་གི་གནས་མཆོག་ནས། །མཁན་ཆེན་(དགྲ་བཅོམ་པ་ གཞོན་ནུ་བྱང་ཆུབ་)ཁུ་དབོན་(མཁན་ཆེན་འདུལ་ཚད་པ་)གཤེགས་སུ་གསོལ། །དགོན་གསར་དཔལ་གྱི་ རི་ཁྲོད་ནས། །འཇམ་དབྱངས་(དོན་གྲུབ་དཔལ་)ཆོས་རྗེ་གཤེགས་སུ་གསོལ། །ལྷ་ཕུ་དཔལ་གྱི་ གནས་མཆོག་ནས། །མཁན་ཆེན་ཡོན་རྒྱལ་གཤེགས་སུ་གསོལ། །མཚལ་མིན་ཆོས་ཀྱི་ཕོ་ བྲང་ནས། །མཚུངས་མེད་ཆོས་རྗེ་གཤེགས་སུ་གསོལ། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྩ་བའི་བླ་མ་བཀའ་དྲིན་ཅན། །བརྒྱུད་པའི་བླ་མ་བྱིན་རླབས་ཅན། །བགེགས་དང་ལོག་འདྲེན་ འདུལ་ཕྱིར་གཤེགས། །བདུད་དང་བར་ཆད་སེལ་ཕྱིར་གཤེགས། །ཆོས་སྐྱོང་བྲན་དུ་བཀོལ་ཕྱིར་ གཤེགས། །སྒྲུབ་གནས་བྱིན་གྱིས་རླབས་ཕྱིར་གཤེགས། །ལྷ་སྲིན་དམ་ལ་འདོགས་ཕྱིར་ གཤེགས། །རྣལ་འབྱོར་རྗེས་སུ་འཛིན་ཕྱིར་གཤེགས། །འདོད་དགུ་ཡིད་བཞིན་སྩོལ་ཕྱིར་ གཤེགས། །བརྩེ་བས་གནས་འདིར་གཤེགས་སུ་གསོལ། ། དེ་ནས་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པའི་སྣ་ལ་ཁྲོ་བོ་ 3-1-321 འདོད་པའི་རྒྱལ་པོ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས།(བྱང་ཕྱོགས་ནས་ ཐུགས་ཀ་ནས་ལྕགས་ཀྱུས་བཀུག་པར་བསམ་མོ།།) ལྕང་ལོ་ཅན་ནས་རྒྱལ་ཆེན་འཁོར་དང་བཅས་པ་སྤྱན་ འདྲེན་པར་བསམས་ཏེ། (འགྲོ་བཟངས་)བཻ་མགོན་པོ་སྐུ་གཤེགས་ཐུགས་དམ་ཅན། །ད་ལྟ་ སྙིགས་མ་ལྔ་ཡི་དུས། །མ་དག་འབྱོར་པ་ཆུང་པས་དམན། །མཚམས་མེད་ལྔ་ནི་ཀུན་སྤྱོད་ ཅིང༌། །ཐམས་ཅད་ཉོན་མོངས་འདམ་བྱིང་བར། །གཟིགས་ཤིང་གཤེགས་པའི་གནས་ངན་ ཡང༌། །ཤཱཀྱ་སེང་གེའི་སྤྱན་སྔར་ཁྱོད། །ཐུགས་དམ་གང་བཞེས་དེ་དགོངས་ལ། །འདྲེན་པའི་ བསྟན་པ་བསྲུང་བ་དང༌། །སེམས་ཅན་ཀུན་ལ་ཕན་སླད་དུ། །བྱང་ཕྱོགས་གནས་ན་བཞུགས་ པ་རྣམས། །བརྩེ་བས་གནས་ཕྱིར་གཤེགས་སུ་གསོལ། ། ༀ་བཻ་ཤྲ་བ་ཎ་ས་པཱ་རི་ཝ་ར་ས་མ་ ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ༀ་བཻ་སྭཱཧཱ། (སྤྱན་འདྲེན་པའི་སྔགས་འདི་རྡོ་རྗེ་ས་འོག་ནས་འབྱུང༌ངོ་།།) ༀ་བཱེ་ཤྲ་བ་ཎ་ཡེ་ ཨ་ཀརྵ་ཡ་ཛཿ ཞེས་བརྗོད་ཅིང༌། བཻ་རིང་པོ་བརྗིད་དང་བཅས་པ་མིག་འཛུམས་སུམ་ཅུ་སོ་ གཉིས་ཀྱི་ཚད་དུ་བརྗོད་པས། རྒྱལ་པོའི་ཐུགས་ཀའི་པད་མ་འདབ་བརྒྱད་ཀྱི་འདབ་མ་རེ་རེ་ ལ། བཻ་བཞི་བཞི་བསམ་ཞིང༌། དམ་ཚིག་པ་དང་ཡེ་ཤེས་པའི་ཐུགས་ཀའི་འོད་ཀྱི་ལྕགས་ཀྱུས་ སྦྲེལ་ཏེ་དབྱེར་མེད་དུ་གྱུར་པར་བསམ་མོ། །བྱོན་པའི་རྟགས་སྙིང་འདར་བ་དང༌། མགོ་སྦྲིད་ པ་དང༌། ཀྱི་བུང་བྱེད་པ་དང༌། གྲོགས་ལ་འབབ་པ་དང༌། མཐོང་པ་ལ་སོགས་པ་འབྱུང་ངོ༌། ། དེ་ནས་དེ་བཞིན་གཤེགས་(རིན་པོ་ཆེའི་རིགས་གང་ཡིན་པ་)པ་རྣམས་ཀྱི། རིན་པོ་ཆེའི་དབུ་རྒྱན་གྱིས་ དབང་བསྐུར་བར་བསམ་ཞིང༌། ༀ་རཏྣ་མུ་ཀ་ཊ་ཨ་བྷི་ཥིཉྩ་མཾ། ཞེས་དབང་བསྐུར་ནས། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་ སྔོན་པོ་བསམ་མོ། །དེ་ནས་ཨརྒྷཾ་སོགས་ཀྱིས་མཆོད་ནས། བྱང་ཆུབ་སེམས་དཔའ་རིན་ཆེན་ མང༌། །འགྲོ་བ་ཀུན་གྱི་དོན་གཟགིས་ནས། །རྣམ་མང་ཐོས་པའི་སྲས་སུ་སྤྲུལ། །གཏེར་བདག་ ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ནས། རྒྱལ་པོའི་ཐུགས་ཀའི་པད་མའི་ལྟེ་བ་ལ་ཟླ་བའི་ 3-1-322 དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ། དེའི་ལྟེ་བ་ལ་བཻ་གསེར་གྱི་མདོག་ཅན། དེའི་མཐའ་ནས་ སྙིང་པོ་དང༌། གཟུངས་ཀྱིས་བསྐོར་བར་བསམ་ཞིང༌། འཁོར་རྣམས་ཀྱི་ཐུགས་ཀར་ཡང་ཟླ་ བའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་མིང་གི་ཡི་གེ་དང་པོ་ཐིག་ལེས་བརྒྱན་པ་ ལ། རང་རང་གི་སྔགས་ཀྱིས་བསྐོར་བར་བསམ། རང་གི་ཐུགས་ཀའི་ས་བོན་དང་སྔགས་ཀྱང་ གསལ་གདབ། ཀྱེ་རྡོ་རྗེའི་སྦུ་གུར་བསམས་ཏེ། སྔགས་བཟླས་པས་རང་གི་ཐུགས་ཀ་ནས་འོད་ འཕྲོས། འོད་ཀྱི་རྩེ་ལ་མཆོད་པའི་ཚོགས་དཔག་མེད་སྤྲོས་ཏེ། རྒྱལ་པོ་འཁོར་བཅས་མཆོད། རྒྱལ་པོ་འཁོར་བཅས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་མཐུ་ སྟོབས་དང༌དབང་ཕྱུག་དང༌། དཔལ་དང་གཟི་བརྗིད་དང་ལོངས་སྤྱོད་ལ་སོགས་པ་ཕུན་སུམ་ ཚོགས་པའི་བྱེ་བྲག་ཅི་ཡོད་པ་ཐམས་ཅད་བསྡུས་ཏེ་རང་གི་ཐུགས་ཀར་ཐིམ་པར་བསམ་ཞིང་ བཟླས་སོ། །གཟུངས་ནི། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎིབྷ་དྲ། ཀི་ལི་མ་ཎི་བྷ་ དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་ རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ ཎི་བྷ་དྲ། ༀ་ཨེ་ཧྱ་ཧི་ཏིཥྛ་ཏིཥྛ་སརྦ་ཨ་ཐིཾ་མེ་ས་དྷ་ཡ། ཏདྱ་ཐཱ། སུ་དྷ་ནི། སུ་ར་སེ། སུ་པུ་ཥེ་ ཧི་ལི་མི་ལི་སྭཱཧཱ། སྙིང་པོ་ནི། ༀ་བཻ་ཤྲ་བ་ཎ་ཡེ་སྭཱཧཱ། འཁོར་རྣམས་ཀྱི་སྙིང་པོ་ནི། ༀ་ཛམ་བྷ་ ལ་ཡེ་སྭཱཧཱ། ༀ་པུརྞ་བྷ་དྲ་ཡེ་སྭཱཧཱ། །ༀ་མ་ཎི་བྷ་དྲ་ཡེ་སྭཱཧཱ། ༀ་ཀུ་བེ་ར་ཡེ་སྭཱཧཱ། ༀ་སཾ་པྲ་ཛ་ན་ ཡེ་སྭཱཧཱ། ༀ་གུ་ཧ་ཏ་ན་མེ་སྭཱཧཱ། ༀ་པཉྩི་ཀ་ཡེ་སྭཱཧཱ། ༀ་པི་ཙི་ཀུནྚ་ལི་ཡེ་སྭཱཧཱ། ཞེས་པའོ། །ༀ་ ན་ག་རཱ་ཛ་ཡེ་སྭཱཧཱ། ཀླུ་ཆེན་བརྒྱད་ཀྱི་སྙིང་པོའོ། །ༀ་ཡཀྵ་ཤྭ་ར་ཡེ་སྭཱཧཱ། གནོད་སྦྱིན་བྱེ་བའི་ སྙིང་པོའོ། །ༀ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། གསང་སྒྲུབ་ཀྱི་སྙིང་པོའོ། །ༀ་ནི་ལཾ་བྷ་ར་དྷ་ར་བཛྲ་པ་ཎི་ མཧཱ་ཡཀྵ་རཱ་ཛ་ཀུ་བེ་ར་རུ་ཊ་ཀ་སིདྡྷི་མེ་པྲ་ཡ་ཙྪ་དུ་ཧཱུཾ་ཧཱུཾ་ཕཊ། དྲག་བྱེད་ཀྱི་སྙིང་པོའོ། །ཧཱུཾ་བཻ་ དྲག་རག་ཤ་བྷྱོ། ནང་མ་མོ་ལྟར་སྒྲུབ་པའི་སྙིང་པོའོ། །ༀ་བཻ་ཤྲ་མ་ན་ཡེ་ཧཱུཾ་ཕཊ། གསང་བ་ 3-1-323 གཤིན་རྗེ་ལྟར་སྒྲུབ་པའི་སྙིང་པོའོ། །ༀ་མཧཱ་ཡཀྵ་ར་ཛ་ས་མ་ཡ་བཻ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་ཎ་ཧྲིཾ་ ཛ། མདུང་དམར་ཅན་ཡང་གསང་གི་སྙིང་པོའོ། །ན་མོ་བཻ་ཤྲ་མ་ཎ་ཡེ་སྭཱཧཱ། དྷ་ན་ད་ཡེ་སྭཱཧཱ། ན་མོ་ར་ཐ་པ་རི་པུ་ར་ཡ་སྭཱཧཱ། ལས་བྱེད་མདུང་དམར་ཅན་གྱི་སྙིང་པོའོ། །དེ་ལྟར་ཆོས་སྐྱོང་ གང་སྒོམ་པའི་སྙིང་པོ་དེ་དང་དེ་ཅི་ནུས་པ་བཟླས་ཏེ། མཆོད་ཅིང་བསྟོད་པར་སྤྲོ་ན། བདུན་ རྣམ་དག་གོང་བཞིན་ཕུལ་ནས་གཏོར་མ་ལ་འཇུག་པར་བྱ་སྟེ། གཏོར་མ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་སེར་པོ་ལས་གཏོར་སྣོད་རིན་པོ་ཆེའི་ཁང་བརྩེགས་ རི་རབ་ཙམ་གྱི་ནང་དུ། གཏོར་མ་ཁཾ་ལྗང་ཁུ་(གཏོར་མ་བྱིན་རླབས་འགྲོ་བཟངས་བཞིན་)ལས་ཞལ་ཟས་ རོ་བརྒྱ་པ་ནམ་མཁའི་ཚད་ཙམ་བསམ་སྟེ། ༀ་ཨཱཿཧཱུཾ་དང༌། ༀ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ནཾ། ཨཏྱ་ནུཏ་པནྣ་ཏྭད་ༀ་ཨཱཿཧཱུཾ། ཞེས་པ་ལན་གསུམ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས། སངས་རྒྱས་སྤྱན་གྱི་སྔགས། ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙྪ་ནི་སརྦ་ཨརྠ་ས་དྷ་ནི་སྭཱཧཱ། ཞེས་པ་ལན་གསུམ་དང༌། ནམ་མཁའ་མཛོད་ཀྱི་སྔགས། ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་ མུ་ཥེ་བྷྱ། སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་པ་ལན་གསུམ་གྱིས་ཡེ་ ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་སྤེལ་ནས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ༀ་མ་ཧ་གུ་ ར་ཝེ་བྷྱ་ཨི་དཾ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་པས་བླ་མ་རྣམས་ལ་དབུལ། ༀ་ནི་ལཾ་བྷ་ར་ དྷ་ར་བཛྲ་པཱ་ཎི་ཨད་ཛྙ་པ་ཡ་ཏི་ཨི་དཾ་བ་ལིཾ་གྲིཧྣ་དུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མེ་པྲ་ ཡ་ཙྪ་དུ་མ་མ་སརྦ་ཀརྨ་ས་དྷ་སྭཱཧཱ། ཞེས་པས་ཡི་དམ་ལ་དབུལ། ༀ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ ན་ཧཱུྃ་ཕཊ། ༀ་བཻ་ཤྲ་བ་ན་ཡེ་ཨི་དཾ་བ་ལིཾ་གྲིཧྣ་ཏུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མེ་པྲ་ཡ་ ཙྪ། མ་མ་སརྦ་ཀརྨ། ས་དྷ་ཨ་མོ་གྷ་ཡེ་སྭཱཧཱ། ཨི་དཾ་གྱི་གོང་དུ་ས་པཱ་རི་ཝ་ར་ཞེས་པ་བཅུག་ཀྱང་ ཉེས་པ་མེད་དོ། ། འཁོར་རྣམས་ལ་རང་རང་གི་སྔགས་ལ་སྭཱཧཱའི་གོང་དུ་ཨི་དཾ་མན་ཆད་བཏགས་ལ་ 3-1-324 དབུལ། ༀ་ཨཥྚ་ན་ག་ཤ་ཏ་ས་ཧ་པྲ་ཀོ་ཊི། ཡཀྵ་རཀྵ་སེ་ཞེས་པ་ལ་ཨི་དཾ་མན་ཆད་བཏགས་ ལ། ཀླུ་བརྒྱད་དང་། གནོད་སྦྱིན་དང་སྲིན་པོ་བྱེ་བའི་ཚོགས་ལ་དབུལ་ལོ། །ཡང་ན་ཨ་ཀ་རོས་ དབུལ། ༀ་བཻ་ཤྲ་མ་ན་ཡེ་སྭཱཧཱ། ༀ་བཻ་ཤྲ་མ་ན་ཡེ་ཕུ། ཨི་དཾ་བ་ལིཾ་ཞེས་བཏགས་ལ་གསང་ སྒྲུབ་ཡབ་ཡུམ་ལ་དབུལ། དེ་བཞིན་དུ་དྲག་བྱེད་སོགས་ཐམས་ཅད་ལ་རང་རང་གི་སྙིང་པོའི་ མཐར་ཨི་དཾ་མན་ཆད་བཏགས་པའི་གོང་བཞིན་ཕུལ་བའམ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ ཞེས་བཏགས་ལ་དབུལ་ཞིང༌། ༀ་བཻ་ཤྲ་མ་ཎ་ཡེ་ས་པཱ་རི་ཝ་ར་ཨི་དཾ་ཞེས་སོགས་ཀྱི་རྒྱལ་ཆེན་ འཁོར་དང་བཅས་པ་ཐམས་ཅད་ལ་དབུལ་ལོ། ། དེ་ནས་མཆོད་པ་འབུལ་བ་ནི། ལྷ་དང་མི་ཡི་མཆོད་རྫས་བསམ་གྱིས་མི་ཁྱབ་པས། ས་དང་བར་སྣང་ཐམས་ཅད་གང་བས་མཆོད་པར་བསམས་ཏེ། མགོན་པོ་གནས་བསྲུངས་ འཁོར་བཅས་ལ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །སྔགས་དང་ཏིང་འཛིན་ལས་ བྱུང་པའི། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་ རྫས་མཆོག་གི་མཆོད་པ་རྣམས། །བསྟན་སྲུང་འཁོར་དང་བཅས་ལ་འབུལ། །གང་བསམ་ འགྲུབ་པའི་དངོས་གྲུབ་སྩོལ། །འཁོར་ལོ་རིན་ཆེན་ནོར་བུ་དང༌། །བཙུན་མོ་རིན་ཆེན་བློ ན་ པོ་དང༌། །གླང་པོ་རིན་ཆེན་རྟ་མཆོག་དང༌། །དམག་དཔོན་རིན་ཆེན་འདི་བདུན་འབུལ། །རིན་ ཆེན་གདུགས་དང་གསེར་གྱི་ཉ། །དུང་དཀར་གཡས་འཁྱིལ་པདྨ་བཟང༌། །གཏེར་གྱི་བུམ་ པ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སྟེ། །བཀྲ་ཤིས་བརྒྱད་ཀྱིས་ཐུགས་དམ་ བསྐང༌། །འདོད་དགུ་ཡིད་བཞིན་འགྲུབ་པར་མཛོད། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །ཡིད་འོང་དྲི་དང་མངར་བའི་རོ། །འཇམ་པའི་རེག་བྱ་སྣ་ཚོགས་ཆོས། །འདོད་ཡོན་རྣམས་ ཀྱིས་ཐུགས་དམ་བསྐང༌། །དཀར་གསུམ་འོ་མའི་རྒྱ་མཚོ་དང༌། །མངར་གསུམ་བུ་རམ་བདུད་ རྩི་དང་། །གཙང་མའི་གསེར་སྐྱེམས་མཆོད་ཡོན་འབུལ། །ཐུགས་རྗེས་བརྩེར་དགོངས་ 3-1-325 དངོས་གྲུབ་སྩོལ། །དར་དང་ཟ་འོག་མོན་དར་གོས། །རས་དང་སྣམ་བུ་པཉྩ་ལི། །ན་བཟའ་ སྣ་ཚོགས་སྐུ་ལ་འབུལ། །ཐུགས་རྗེས༴ མན་ད་ར་བ་ཨུཏྤ་ལ། །པ་རུ་ཤ་ཀ་ཙམ་པ་ཀ །མཉྫུ་ ཀ་དང་ལི་ཤི་ཡི། །མེ་ཏོག་སྣ་ཚོགས་དབུ་ལ་འབུལ། །ཐུགས་རྗེས༴ ཙན་དན་དཀར་དམར་ ཨ་ཀ་རུ། །ག་བུར་འབྲས་དཀར་ཕྱེ་མ་རྣམས། །ར་དཀར་འོ་མས་སྦྲས་པ་ཡི། །བདུག་སྤོས་ སྣ་ཚོགས་ཤངས་ལ་དབུལ། །ཐུགས་རྗེས༴ གསེར་ལ་སོགས་པའི་སྣོད་ནང་དུ། །འབྲུ་མར་ རྩི་མར་ལ་སོགས་པའི། །སྣང་གསལ་ཉི་ཟླའི་བཀྲག་ལ་སོགས། །སྣང་གསལ་སྣ་ཚོགས་ སྤྱན་ལ་དབུལ། །ཐུགས་རྗེས༴ རིན་ཆེན་དུང་གི་སྣོད་ནང་དུ། །ག་བུར་གུར་གུམ་བཟང་ལ་ སོགས། །ཡིད་འོང་ཆུ་གཙང་དང་སྦྱར་བའི། །སྣ་ཚོགས་དྲི་མཆོག་ཐུགས་ལ་དབུལ། །ཐུགས་ རྗེས༴ ཀུ་ཤུ་ཁམ་བུ་ལྟར་ཁ་དང༌། །ཅོ་ལེ་ཉོ་ལེ་རྒུན་འབྲུམ་སོགས། །ཤིང་ཐོག་སྣ་ཚོགས་ ཞལ་དུ་འབུལ། །ཐུགས་རྗེས༴ ནས་དང་གྲོ་དང་སོ་བ་དང༌། །འབྲས་དང་ཁྲེ་དང་ཁྲ་མ་སོགས། །འབྲས་སྣ་སྣ་ཚོགས་ཞལ་དུ་འབུལ། །ཐུགས་རྗེས༴ གསེར་དང་དངུལ་དང་མུ་ཏིག་དང༌། །མུ་ མེན་བཻ་ཌཱུརྱ་ལ་སོགས། །རིན་ཆེན་སྣ་ཚོགས་ཕྱག་ཏུ་འབུལ། །ཐུགས་རྗེས༴ བྷྲུཾ་ལས་སྐྱེད་པའི་ སྣོད་ནང་དུ། །ཁཾ་ལས་བསྐྱེད་པའི་ཞལ་ཟས་འདི། །ༀ་གྱིས་བསྲེགས་ཤིང་ཨཱཿཡིས་སྤེལ། །ཧཱུཾ་ གི་བདུད་རྩིར་བསྒྱུར་པ་ཡིས། །གཏོར་མ་རྒྱ་མཚོའི་མཆོད་པ་བཞེས། །ཐུགས་རྗེས༴ རྔ་ཆེན་ ཀུན་ནས་བརྗིད་པའི་སྒྲ། །དྲིལ་བུ་དམ་ཚིག་སྐུལ་བའི་སྒྲ། །ཅང་ཏེའུ་ནི་དབང་བསྡུད་སྒྲ། ། དུང་དང་གླིང་བུ་སྙན་པའི་སྒྲ། །རྣལ་འབྱོར་གདུང་བ་འབོད་པའི་སྒྲ། །རོལ་མོ་སྣ་ཚོགས་སྙན་ ལ་དབུལ། །ཐུགས་རྗེས༴ དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །རྫིང་བུ་བཟང་བརྒྱད་ མདོད་འཇོའི་བ། །ཅང་ཤེས་རྟ་བརྒྱད་གཏེར་བུམ་བརྒྱད། །བརྒྱད་ཚན་དྲུག་གིས་མཆོད་ པར་འབུལ། །ཐུགས་རྗེས༴ ལྷ་མིན་གཡུལ་ལས་རྒྱལ་བྱེད་པའི། །ནོར་བུའི་ཏོག་འབར་བ་ དན་གཡོ། །རྒྱལ་མཚན་འདི་འབུལ་བདུད་དཔུང་གི། །དགྲ་ལས་རྒྱལ་བར་མཛད་དུ་གསོལ། 3-1-326 །རིན་ཆེན་བདུན་ལས་ལེགས་གྲུབ་ཅིང༌། །དབྱིབས་ལེགས་བཀོད་མཛེས་རྒྱན་གྱིས་སྤྲས། །ལྕང་ལོ་ཅན་མཚུངས་ཁང་བརྩེགས་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཐུགས་ རྗེས༴ ཕྱི་ནང་དར་ཟབ་བར་དུ་སྤྲིན་བལ་ཅན། །གོང་ཐོད་སྟོད་ཆོད་རབ་མཛེས་རིན་ཆེན་ གྱི། །སྲད་བུས་ཟུང་བཏབ་བཤམ་དཀྲི ས་སུག་མས་བསྐོར། །བེར་ཆེན་བཟང་འདི་རྒྱལ་པོའི་ ན་བཟར་འབུལ། །རྟ་མཆོག་རྒྱན་གྱིས་བརྒྱན་པ་འདི། །གསེར་སྲབ་གཡུ་མཐུར་བཅས་ པ་འདི། །ཁྲ་བོའི་སྟན་གྱི་སྟད་པ་འདི། །གསེར་རྒ་གཡུ་ཡིས་སྤྲས་པ་འདི། །རིན་ཆེན་དགོས་ དགུ་བཀལ་བ་འདི། །སྔོན་པོ་བཻ་ཌཱུར་མདོག་མཚུངས་འདི། །གསལ་བ་ཉི་ཟླ་དང་མཚུངས་ འདི། །མགྱོགས་པ་གློག་དང་མཚུངས་པ་འདི། །རྒྱལ་ཆེན་ཁྱེད་ཀྱི་རྟེན་དུ་འཛུགས། །རྟེན་ མཆོག་བདག་གི་ད་ཚུར་བྱོན། ། (བུ་སྟོན་རིན་པོ་ཆེས་མཛད།) རྨ་བྱའི་མགྲིན་པའི་སྤུ་ལྟར་སྔོ་ཞིང་ མཛེས། །ཉི་ཟླ་ལྟ་བུའི་མིག་འབུར་མཐོ་ལ་རྒྱས། །ཕྲུཾ་ཕྲུཾ་ཡིད་འོང་ཆར་སྤྲིན་ལྟ་བུར་སྟིབས། །ན་ བུན་ལྟ་བུའི་ཟེ་རྔོག་རབ་གཞོལ་ཞིང༌། །ཆར་ཆུའི་རྒྱུན་ལྟར་རྔ་མའི་རྒྱུན་རིང་ལ། །བར་སྣང་ལྟ་ བུར་རྐང་ལག་ཁོང་ཡངས་ཤིང༌། །གློག་འཕྲེང་ལྟ་བུའི་རྨིག་བཞི་རབ་འཁྱུག་པ། །ཅང་ཤེས་ སྤྲིན་གྱི་ཤུགས་འཆང་ལྟ་བུའི་རྟ། །གླང་པོའི་དབང་པོ་ལྟ་བུའི་ཉམས་སྟོབས་ལྡན། །མཁའ་ ལྡི ང་ལྟ་བུར་རྩོལ་མེད་གོམས་པའི་ཤུགས། ། རྩོལ་བས་ཆུང་འབྲིང་རབ་ཏུ་ཆེར་བགྲོད་པའི། །འགྲོས་གསར་འགམ་དང་བང་གི་མྱུར་བར་འགྲོད། །མགྱོགས་ཚད་བགྲོ་བ་མི་མངོན་ལྟ་ བུར་ལྡན། །རྟ་མཆོག་རིན་ཆེན་ལྟ་བུ་འདི་དག་ནི། །དཀར་སེར་དམར་དང་མཚལ་ལུ་ཞུར་ པོ་དང༌། །ངང་པ་འོལ་བ་ལ་སོགས་སྣ་ཚོགས་པའི། །རྟ་མཆོག་གསེར་གྱི་གཡེར་ཁས་མགྲིན་ པར་སྤྲས། །སྲབ་འཇམ་ཡང་ལ་མཛེས་པའི་ཤ་སྟན་དང༌། །ཨར་མོ་ལི་ཀའི་ཐགས་མ་སྟན་དུ་ གཏད། །རིན་ཆེན་ཤེལ་ལ་གསེར་གྱིས་སྤྲས་པའི་སྒ། །གསེར་ལ་དངུལ་གྱིས་བསྡམས་པའི་ སྒ་གླེག་ཅན། །རིན་ཆེན་ཀར་ཀེ་ཏ་ནའི་ཡོབ་སྟན་ལ། །ཨིནྡྲ་ནི་ལའི་ཡོབ་ཆེན་མཛེས་པ་ཅན། 3-1-327 །པདྨ་རཱ་གའི་ཕྲེང་དམར་མཛེས་པ་ལ། །རིན་ཆེན་མརྒད་རྒྱུན་གྱི་ཤར་བུ་བཏབ། །གོང་ཐག་ སྨེད་དང་སྨེད་ཆུང་རབ་སྒེག་ཅན། །བཻ་ཌཱརྱ་ཡི་གློ་ཐག་མཛེས་པ་ནི། །རྡོ་རྗེ་ཕ་ལམ་ཕོ་ལོང་ དམ་པོས་བསྡམས། །རིན་ཆེན་བདུན་གྱིས་ཀུན་ནས་སྤུད་པ་ཡི། །སྲབ་མགོ་ཁ་ལོ་བསྒྱུར་ བའི་སྲབ་སྐྱོགས་དང༌། །མུ་ཏིག་འབུར་གྱིས་བསྡམས་པའི་མཐུར་མགོ་བཅིངས། །ལྷ་རྫས་ དར་གྱིས་བྱས་པའི་མཐུར་མདའ་དང༌། །མྱུར་དུ་བསྐུལ་བྱེད་ཤེལ་གྱི་ལྕག་འབྲས་ཅན། །རྟ་ མཆོག་རྒྱན་དང་ཆས་ཀྱི་སྤྲས་འདི་རྣམས། །རྒྱལ་ཆེན་འཁོར་དང་བཅས་ལ་དབུལ་བར་བགྱི། །མགོན་པོ་བཞོན་པས་ཕོངས་པ་མི་མངའ་ཡང༌། །བདག་སོགས་བསྟན་འཛིན་རྣམས་ཀྱི་དོན་ སླད་བཞེས། །ཕྱོགས་བཅུར་འཕྲིན་ལས་སྣ་ཚོགས་བསྒྲུབ་ཏུ་གསོལ།། །། བསོད་ནམས་སྟོབས་ལས་འཁྲུངས་པའི་འདོད་འཇོའི་བ། །ཡིད་ལ་ཅི་བསམ་ནུ་མ་ལས་ འབྱུང་པ། །མཛེས་ཤིང་ཡིད་འོང་དོན་ཀུན་འགྲུབ་པ་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་ དབུལ་བར་བགྱི། །དེ་བཞིན་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །བུམ་བཟང་མ་སྨོས་ འཁྲུངས་པའི་ལོ་ཏོག་དང་། །ཁྲུས་རྫིང་སྨན་ལྗོངས་སྐྱེད་མོས་ཚལ་ལ་སོགས། །མཆོད་རྫས་ ཡིད་འོང་ཐམས་ཅད་དབུལ་བར་བགྱི། །རྨིག་བཞི་རབ་བརྟན་རྭ་ནི་རྣོ་ལ་རིང་། །རྩིད་པའི་ ཞོལ་རིངས་རྔ་མ་ཀུན་ཏུ་གཡོ། །དར་གྱིས་ཕུད་སྤུས་མཛེས་པར་བརྒྱན་པ་ཡི། །ཞོལ་ཆེན་ གཡག་འདི་ཁྱེད་ལ་དབུལ་བར་བགྱི། །དཀར་ལ་འཇམ་པ་སྤུ་ཡི་གོས་གྱོན་ཞིང་། །འཁྱིལ་ པའི་རྭ་ལ་ཆུ་རིགས་མཛེས་པས་བརྒྱན། །གངས་ཅན་རྣམས་ཀྱི་འདོད་པའི་དོན་སྒྲུབ་པའི། ། ལུག་གི་ཁྱུ་འདི་ཁྱེད་ཀྱིས་འབྲོ ག་ཏུ་འབུལ། །གངས་རི་ལྟར་དཀར་བཅུ་དྲུག་གླིང་ཅན་རྨོག །པྲ་མཛེས་བྱང་བུ་རིན་ཆེན་རྒྱུན་གྱིས་སྦྲེལ། །སྲ་བརྟན་སྤབས་དང་བཅས་པའི་ཁྲབ་འདི་དང་ ། །ཕུབ་ཞོལ་སྤང་ལེབ་བཅས་པའི་གོ་འདི་འབུལ། །རིན་ཆེན་རྒྱུ་ལ་མཁས་པས་ལེགས་སྦྱངས་ ཤིང་། །རྣོ་ཚད་ངར་དང་ལྡན་པའི་རལ་གྲི་འདི། །རྒྱལ་ཆེན་འཁོར་དང་བཅས་ལ་དབུལ་བར་ 3-1-328 བགྱི། །བསྟན་པའི་དགྲ་རྣམས་གཞོམ་ཕྱིར་བཞེས་སུ་གསོལ། །གསེར་དངུལ་གོས་དང་ཇ་རས་ སྟག་གཟིག་དང་། །སྣམ་བུ་ཤ་མར་ཀ་ར་བུ་རམ་སོགས། །སྤྱན་གཟིགས་ཡོ་བྱད་རྣམ་པ་སྣ་ ཚོགས་ཀྱང་། །མགོན་པོ་འཁོར་དང་བཅས་ལ་དབུལ་བར་བགྱི། །མགོན་པོ་ཁྱེད་ལ་འཕོངས་ པ་མི་མངའ་ཡང་། །བདག་སོགས་སེམས་ཅན་རྣམས་ཀྱི་དོན་སླད་དུ། །བཞེས་ནས་འགྲོ་ བའི་འདོད་དོན་སྒྲུབ་པ་དང་། །སངས་རྒྱས་བསྟན་པ་བསྲུང་བར་མཛད་དུ་གསོལ།། །། རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟག་གཏོར་གཉན་པོས་ཐུགས་དམ་བསྐང༌། །རྒྱུན་དུ་མི་འབྲལ་འགྲོགས་པའི་ཕྱིར། །རྒྱུན་གཏོར་ཆེན་པོས་ཐུགས་དམ་བསྐང༌། །འབོད་ པའི་དམ་རྫས་ཡིན་པའི་ཕྱིར། །མདའ་དར་དམར་པོས་ཐུགས་དམ་བསྐང༌། །རྟེན་པའི་དམ་ རྫས་ཡིན་པའི་ཕྱིར། །འུག་པའི་རྒྱལ་མཚན་ཐུགས་དམ་བསྐང༌། །དགྱེས་པའི་དམ་རྫས་ཡིན་ པའི་ཕྱིར། །གྲི་སྒོད་སྙིང་གི་ཐུགས་དམ་བསྐང༌། །གསང་བའི་དམ་རྫས་ཡིན་པའི་ཕྱིར། །གའུ་ བླ་རྡོས་ཐུགས་དམ་བསྐང༌། །དངོས་གྲུབ་རྣམ་བཞི་སྩོལ་བའི་ཕྱིར། །རིན་ཆེན་རྒྱལ་མཚན༴ རྟག་ཏུ་གསུར་ལ་དགྱེས་པའི་ཕྱིར། །ཚིལ་ཆེན་དུད་པས༴ བདུད་མོའི་དམ་རྫས་ཡིན་པའི་ ཕྱིར། །རཀྟ་དམར་གྱི་ཐུགས་དམ་བསྐང༌། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྣམ་ ཐོས་སྲས་ཀྱི་ཐུགས་དམ་བསྐང༌། །བདུད་བཞི་དགྲ་ལ་བསྒྱུར་བའི་ཕྱིར། །རྒྱལ་ཆེན་བཞི་ ཡི༴ འཕྲིན་ལས་རྣམ་བཞི་འཆོལ་བའི་ཕྱིར། །མཁར་བཞི་རྒྱལ་པོའི༴ རང་རང་འཕྲིན་ལས་ འཆོལ་བའི་ཕྱིར། །རྟ་པ་བརྒྱད་ཀྱི༴ དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །བཀའ་ འཁོར་ཕོ་ཉའི༴ དགྲ་བགེགས་སྲོག་རྩ་གཅོད་པའི་ཕྱིར། །བདུད་མོ་བཞི་ཡི༴ དགྲ་བོ་གཉན་ ལ་འབེབས་པའི་ཕྱིར། །ཀླུ་ཆེན་བརྒྱད་ཀྱི༴ དགྲ་ལ་ཆོ་འཕྲུལ་སྟོན་པའི་ཕྱིར། །ལྷ་སྲིན་སྡེ་ བརྒྱད༴ སྣ་ཚོགས་ལས་ལ་བསྐུལ་བའི་ཕྱིར། །གནོད་སྦྱིན་བྱེ་བའི༴ ཐུགས་དམ་གཉན་པོ་ སྐོང་གྱུར་ཅིག ། 3-1-329 དེ་ནས་བསྟོད་པ་བྱ་བ་ནི། དང་པོ་བླ་མ་དང་ཡི་དམ་ལ་བསྟོད་པ་ནི། གང་གི་དྲིན་གྱིས་ བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ ཞབས་པད་ལ་འདུད། །ཅེས་སོགས་བླ་མའི་བསྟོད་པ་ཅི་ནུས་དང༌། ཧཱུཾ། བཅོམ་ལྡན་ཕྱག་ན་ རྡོ་རྗེནི། །སྐུ་མདོག་འབར་བའི་འོད་ཟེར་ཅན། །གདུག་པ་སྣ་ཚོགས་མཇོམས་མཛད་པའི། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན༴ གསུང་མཆོག༴ ངག་གི་ཉེས་པ༴ སྔགས་ རྣམས་གསུང་ལ༴ བཅོམ་ལྡན༴ ཐུགས་མཆོ༴ རྣས་རྟོག་མ་ལུས༴ རྡོ་རྗེ་ཐུགས་ལ་ཕྱག་འཚལ་ ལོ། །ཞེས་སོགས་ཀྱིས་བསྟོད་ནས། དེ་ནས་མཁར་བསྟོད་བྱེད་ན། (ཟངསམདཀར་ལོ་ཙཱ་བས།)ཧཱུཾ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཁྱེད་ཀྱི་མཁར་ལ་བསྟོད་པར་བགྱི། །ཁྱེད་ཀྱི་མཁར་ལ་མ་ བསྟོད་ན། །སངས་རྒྱས་བསྟན་པའི་སྤྱི་དགྲ་དར། །རྣལ་འབྱོར་བདག་ལ་དགོས་དགྲ་དར། །དེ་ཕྱིར་མཁར་ལ་བསྟོད་པར་བགྱི། །ཁྱོད་ཀྱི་མཁར་ལ་བསྟོད་པ་ནི། །ཤར་ནི་ཤེལ་ལས་བྱས་ པའི་མཁར། །ལྷོ་ནི་གསེར་ལས་བྱས་པའི་མཁར། །ནུབ་ནི་བྱི་རུ་ལས་བྱས་མཁར། །བྱང་ནི་ ཨིནྡྲ་ནི་ལས་མཁར། །རྨང་རྡོ་ནག་པོའི་ལྕགས་ལ་བྱས། །དམའ་སྟེ་དེ་ལ་བྱི་མི་འཛུལ། །ཟུར་ བཞི་སྨུག་པོའི་མཆོང་ལ་བྱས། །གཉན་ཏེ་དེ་ལ་སྦྲུལ་མི་འཁྲིལ། །བ་གམ་སྔོན་པོའི་གཡུ་ལས་ བྱས། །མཐོ་སྟེ་དེ་ལ་བྱ་མི་ལྡིང་། །རྩེ་ལ་གཡུ་ཡིས་ན་བུན་འཐུལ། །རིན་ཆེན་ཆར་བ་སིལ་ལི་ ལི། །ཀ་གདན་ནག་པོའི་ལྕགས་ལ་བྱས། །ཀ་བ་སེར་པོ་གསེར་ལ་བྱས། །ཀ་གཞུ་སྨུག་པོ་ མཆོང་ལ་བྱས། །གདུང་མ་སྔོན་པོའི་གཡུ་ལ་བྱས། །ལྕམ་ནི་དཀར་པོ་དུང་ལ་བྱས། །གཟི་ ཡི་གྲལ་མ་ཁྲ་བོ་ལ། །ཟངས་ཀྱི་ཐོག་ས་ཁོད་རེ་སྙོ མས། །དེ་འདྲའི་རིན་ཆེན་མཁར་སྟེང་ན། །རིན་ཆེན་གསེར་གྱི་གན་འཛི་ར། །སྟོང་དང་ལྔ་བརྒྱ་ལྷག་ཙམ་བརྒྱན། །དེ་ཡི་ཤར་སྒོ་གང་ལ་ བགྱི། །དུང་གི་སྒོ་མོ་ལྔ་བརྒྱ་ལ། །གསེར་གྱི་ཨ་ལོང་ཁྲོལ་ལོ་ལོ། །ཤར་གྱི་སྒོ་བསྲུངས་གང་ ལ་བགྱི། །སྟག་སྒོ་གཡས་ལ་གཟིག་སྒོ་གཡོན། །དུང་གི་ཐག་པ་ཁྲོལ་ལོ་ལོ། །ལྷོ་ཡི་སྒོ་དེ་ 3-1-330 གང་ལ་བགྱི། །གསེར་གྱི་སྒོ་མོ་ལྔ་བརྒྱ་ལ། །དུང་གི༴ ལྷོ་ཡི་སྒོ་བསྲུངས་༴ དོམ་ནག་མང་པོ་ ཁྱུགས་སེ་ཁྱུག །གསེར་གྱི་ཐག་པ༴ ནུབ་ཀྱི་༴ སེང་ལྡེང་སྒོ་༴ གསེར་གྱི་ཨ་ལོང༴ ནུབ་ཀྱི་སྒོ་ བསྲུངས༴ སྤྲ་དང་སྤྲེའུ་རྩེ་ཞིང་དགའ། །དངུལ་གྱི་ཐག་པ༴ བྱང་གི་སྒོ༴ ལྕགས་ཀྱི་སྒོ༴ དངུལ་ གྱི༴ བྱང་གི་སྒོ་བསྲུངས༴ ལྕེ་སྤྱང་སྔོན་པོ་འདུར་ཞིང་རྒྱུག །ལྕགས་ཀྱི་ཐག་པ་ཁྲོལ་ལོ་ལོ། །དེ་ འདྲའི་མཁར་གྱི་ཤར་ཕྱོགས་ན། །དཔག་བསམ་ཤིང་ཆེན་བརྒྱད་གནས་པ། །མཐོ་ཞིང་ལྷུན་ སྡུག་འཛེས་པ་ལ། །གང་འདོད་ཐམས་ཅད་འབྱུང་བ་ཡི། །གཉིས་ཚན་བཞི་ཡི་ཤིང་སྡོང་ཡོད། །དེ་འདྲའི་མཁར་གྱི་ལྷོ་ཕྱོགས་ན། །རིན་ཆེན་ཤིང་སྡོང་བརྒྱད་གནས་པ། །སྡོང་པོ་གསེར་གྱི་ རང་བཞིན་ལ། །དུང་གི་ཡལ་ག་རྣམ་པར་བརྒྱས། །འདབ་མ་དངུལ་གྱིས་རྣམ་པར་མཛེས། །མར་གད་ཨིནྡྲ་ནི་ལ་དང༌། །བཻ་ཌཱུརྱ་ཡི་འབྲས་བུ་སྨིན། །གཉིས་ཚན་བཞི་ཡི་ཤིང་སྡོང་ཡོད། །དེ་འདྲའི་མཁར་གྱི་ནུབ་ཕྱོགས་ན། །རྫིང་བུ་བཟང་པོ་བརྒྱད་གནས་པ། །གསེར་གྱི་བྱེ་མའི་ ས་གཞི་ལ། །བེཌཱུརྱ་ཡི་རྩིག་པ་བྱས། །ཡན་ལག་བརྒྱད་ལྡན་ཆུ་འབབས་པ། །རྒྱལ་པོ་སྐུ་ ཁྲུས་དེ་རུ་གསོལ། །བཞི་ཚན་གཉིས་ཀྱི་རྫིང་བུ་ཡོད། །དེའི་འདྲའི་མཁར་གྱི་བྱང་ཕྱོགས་ ན། །འདོད་འཇོའི་བ་མོ་བརྒྱད་གནས་པ། །ཟངས་གྱི་བ་མོ་དམར་ཟལ་ལ། །སྔོན་པོ་གཡུ་ ཡི་རྨིག་པ་ཅན། །དུང་གི་ར་ཅོ་གཉིས་དང་ལྡན། །གསེར་གྱི་ནུ་མ་བཞི་པོ་ལ། །གང་འདོད་ ཐམས་ཅད་དེ་ལས་འབྱུང༌། །བཞི་ཚན་གཉིས་ཀྱི་བ་མོ་ཡོད། །དེ་འདྲའི་མཁར་གྱི་མཚམས་ བཞི་ན། །ཅང་ཤེས་རྟ་ཕོ་བརྒྱད་གནས་པ། །སྔོན་པོ་བེ་ཌཱུར་མདོག་འདྲ་དང༌། །སྔོན་པོ་དེ་ནི་ སྒམ་ནག་དང༌། །གྲོ་དཀར་དང་ནི་གྲོ་སྔོན་དང༌། །ངང་པ་དེ་ནི་ཕུག་དམར་དང༌། །རྟ་ཕོ་དེ་ ནི་ངང་སྐྱ་དང༌། །གྲོ་བོ་དེ་ནི་སྒམ་ནག་དང༌། །ཁྲ་བོ་སྣ་ཚོགས་མདངས་དང་ལྡན། །གཉིས་ གཉིས་མཚམས་ན་ཡོད་པར་བཤད། །དེ་འདྲའི་མཁར་གྱི་མཚམས་བཞི་ན། །གཏེར་གྱི་བུམ་ པ་བརྒྱད་གནས་པ། །གསེར་དངུལ་མུ་ཏིག་མུ་མེན་དང༌། །བྱི་རུ་དུང་དང་མན་ཤེལ་སྤུག །དེ་ 3-1-331 རྣམས་ཀྱིས་གང་བུམ་པ་ཡོད། །པད་མ་པད་མ་ཆེན་པོ་དང༌། །དུང་དང་དུང་ཆེན་བཞི་ཡི་ལྕོག །རི་རབ་ཀྱི་ནི་སྟེང་ན་ཡོད། །དེ་འདྲའི་མཁར་གྱི་ནང་ཤེས་ན། །གསེར་ཁྲི་སེར་པོའི་ཁྲི་སྟེང་ན། །སེང་གེ་དཀར་མོའི་ཁྲི་སྟེང་ན། །མིང་སྨོས་དཀའ་བའི་ལྷ་ཅིག་ཡོད། །དེ་ཡི་མཚན་ནས་སྨོས་ པ་ནི། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །དེས་ཀྱང་མཚན་ལ་མ་ཕོག་གམ། །དེས་ཀྱང་མཚན་ ལ་མ་ཕོག་ཅིང༌། །དེས་ཀྱང་གནད་ལ་མ་བསྐུལ་ན། །ད་ཡང་ཁྱེད་ཀྱི་ཆོ་ལ་སྨོས། །ཁྱོད་ཀྱི་ཆོ་ ལ་ང་རེ་བཟོ། །ཁྱོད་ཀྱི་འབྲང་ལ་ང་རེ་མཁས། །ཁྱོད་ཀྱི་ཆོ་འབྲང་སྨོས་པ་ནི། །ཡབ་ནི་རྣམ་ མང་ཐོས་པ་སྟེ། །ཡུམ་ནི་དཔལ་བཙུན་བཟང་མོ་ཡིན། །ཡབ་ཡུམ་གཉིས་ཀྱི་མཚན་བཏགས་ པ། །ཨ་པ་ར་ཙིཏྟ་ཁྱོད་ཀྱི་མཚན། །ཤཱཀྱ་སེང་གེས་མཚན་བཏགས་པ། །རྣམ་ཐོས་བུ་ཞེས་ ཁྱོད་ཀྱི་མཚན། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །ཀུ་བེ་ར་ནག་ཁྱོད་ཀྱི་མཚན། ། བདུད་ མོ་བཞི་ཡིས་མཚན་བཏགས་པ། །ར་ཛཱ་བདུད་འདུལ་ཁྱོད་ཀྱི་མཚན། །ལྷ་ཆེན་བརྒྱད་ཀྱིས་ མཚན་བཏགས་པ། །མཧཱ་རཱ་ཛ་ཁྱོད་ཀྱིས་མཚན། །གསང་བའི་དེ་ནི་མཚན་བཏགས་པ། །ཛཾ་ བྷ་ལ་ཞེས་ཁྱོད་ཀྱི་མཚན། །བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། །རིན་ཆེན་མང་ཞེས་ཁྱོད་ཀྱི་ མཚན། །ཐ་མར་བྱང་ཆུབ་བརྙེས་པའི་མིང༌། །ཞིང་ཁམས་རྣམ་པར་བརྒྱན་པ་རུ། །རིན་ཆེན་ གདུགས་ཞེས་ཁྱོད་ཀྱི་མཚན། །མིང་བརྒྱ་པོ་ལ་མཚན་སྟོང་པོ། །རྣལ་འབྱོར་བསམ་པ་བསྒྲུབ་ ཏུ་གསོལ། །ལས་རྣམ་བཞི་ཡི་དངོས་གྲུབ་སྩོལ། །རིན་ཆེན་མཁར་གྱི་ཤར་ཕྱོགས་ན། །དུང་གི་ མཁར་པོ་ལྡེམས་སེ་ལྡེམ། །གསེར་གྱི་བད་ཆེན་ཆོ་རོ་རོ། །དེ་འདྲའི་མཁར་གྱི་དབུས་ཤེད་ན། །དུང་ཁྲི་དཀར་པོའི་ཁྲི་སྟེང་ན། །བཞུགས་པའི་རྒྱལ་པོ་རྣམ་ཐོས་སྲས། །སྐུ་མདོག་དཀར་པོ་ མཛེས་པ་ལ། །ཕྱག་སེན་ཞབས་སེན་དམར་ལ་དྭངས། །དབུ་སྐྲ་རལ་པ་སྐེད་པར་སླེབ། །རིན་ ཆེན་རྒྱན་ཆ་སི་ལི་ལི། །མཚན་ཡང་ཤེས་པ་དཀར་པོ་ཟེར། །འདིར་གཤེགས་རྒྱན་གྱི་གཏོར་ མ་བཞེས། །རྣལ་འབྱོར་བདག་གི་ནད་དང་གདོན། །མི་མཐུན་ཕྱོགས་རྣམས་ཞི་བར་མཛོད། 3-1-332 །རིན་ཆེན་མཁར་གྱི་ལྷོ་ཕྱོགས་ན། །གསེར་གྱི་མཁར༴ དུང་གི༴ དེ་འདྲའི༴ གསེར་ཁྲི་སེར་ པོའི༴ བཞུགས་པའི༴ སྐུ་མདོག་སེར་པོ༴ ཕྱག་སེན༴ དབུ་སྐྲ༴ རིན་ཆེན་རྒྱན༴ མཚན་ཡང་ ཛམྦྷ་ལ་ཞེས་བྱ། །འདིར་གཤེགས་རྒྱན༴ རྣལ་འབྱོར་བདག་གི་ཚེ་དང་ནི། །བསོད་ནམས་ དབང་ཐང་རྒྱས་པར་མཛོད། །རིན་ཆེན་མཁར་གྱི་ནུབ་ཕྱོགས་ན། །བྱི་རུའི་མཁར༴ ཨིནྡྲའི༴ དེ་འདྲའི༴ བྱི་རུ་དམར་པོའི༴ བཞུགས་པའི༴ སྐུ་མདོག་དམར་པོ༴ ཕྱག་སེན༴ དབུ་སྐྲ༴ རིན་ ཆེན་རྒྱན༴ མཚན་ཡང་མདུང་དམར་འཛིན་པ་ཞེས། །འདིར་གཤེགས༴ རྣལ་འབྱོར་བདག་ བཅག་འཁོར་བཅས་ཀྱི། །མི་དང་མི་མིན་དབང་དུ་བསྡུས། །རིན་ཆེན་མཁར་གྱི་བྱང་ཕྱོགས་ ན། །ཨིནྡྲའི༴ བྱི་རུའི༴ དེ་འདྲའི༴ ཨིནྡྲ་ནི་ལའི༴ བཞུགས་པའི༴ སྐུ་མདོག་ལྗང་ཁུ༴ ཕྱག་ སེན༴ དབུ་སྐྲ༴ རིན་ཆེན་རྒྱལ༴ མཚན་ཡང་ཀུ་བེ་ར་ནག་ཞེས། །འདིར་གཤེགས་རྒྱན༴ རྣལ་ འབྱོར་བདག་ལ་སྡང་པའི་དགྲ། །གནོད་པར་བྱེད་པའི་བགེགས་རྣམས་ཆོམ། ། ཞེས་མཁར་ ལ་བསྟོད་དོ། ། དེ་ནས་ཆོས་སྐྱོང་ལ་བསྟོད་པ་བྱ་སྟེ། (ཟངས་དཀར་) བཻ། མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་སོས་དགེ་བའི་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ ཁྱོད་ལ་བསྟོད། །བཙུན་མོ་བཞི་དང་སྲས་བཞི་དང༌། །གནོད་སྦྱིན་བརྒྱད་དང་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་ མ་ལུས་གཞོམ་པ་དང༌། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤིང༌། །འདོད་དགུའི་ཡིད་ བཞིན་འགྲུབ་པར་དང་། །གཞན་དོན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པའམ། (ཟངས་དཀར་ ) རིན་ཆེན་ཕོ་བྲང་དམ་པ་ནས། །མི་འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་ པོ་ནི། །ངལ་སོས་དགེ་བའི་སྟོབས་པོ་ཆེ། །སེམས་པའི་དཀྱིལ་དཀྲུང་བཞུགས་ལ་བསྟོད། །གཡས་ན་རིན་ཆེན་རྒྱལ་མཚན་འཛིན། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ནི་གསེར་ 3-1-333 གྱི་འོད་པས་མཛེས། །ཞལ་ནས་རིན་ཆེ་ཆར་པ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་ མཛོད། །སྐུ་ནི་རིན་ཆེན་རྒྱན་གྱིས་བརྒྱས། །བྱང་ཕྱོགས་རྒྱལ་པོར་སྐུ་ཡང་སྤྲུལ། །རྣམ་ཐོས་ སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །དབུ་ལ་རིན་ཆེན་ཅོད་ པན་གསོལ། །ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར། །སྡེ་བོ་ཆེ་ལ་ཕྱག་འཚལ་ལོ། །གཞན་གྱི་དཔུང་རྣམས་འཇོམས་མཛད་པ། །སྟོབས་པོ་ཆེ་ལ་ ཕྱག་འཚལ་ལོ། །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམ་ཤིང་དང་རིན་ཆེན་ ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཛཾ་བྷ་ ལ་ནི་གསེར་གྱི་མདོག །རྫུལ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་ རྟ་ཡི་སྟེང་ན་བཞུགས། །གཡོན་པ་ནེའུ་ལེ་གཡས་པ་ན། །བུམ་པ་བསྣམས་ལ་ཕྱག་འཚལ་ ལོ། །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ༴ གཡོན་པ༴ ནོར་བུ་བསྣམས་ལ་ཕྱག་ འཚལ་ལོ། །ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ༴ གཡོན་པ༴ རལ་གྲི་བསྣམས་ལ་ཕྱག་ འཚལ་ལོ། །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ༴ གཡོན་པ༴ གསེར་གྲི་བསྣམས༴ འབྲོ ག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུ༴ གཡོན་པ༴ མདུང་དམར་བསྣམས༴ ལྔ་རྩེན་སྐུ་ མདོག་སེར་སྐྱ་ལ། །རྫུ་འཕྲུལ༴ གཡོན་པ༴ ཁང་བརྩེགས་བསྣམས༴ པི་ཙི་ཀུཎྜ་ལི་ནི་དཀར། །རྫུའཕྲུལ༴ གཡོན་པ༴ གྲི་ཕུབ་བསྣམས༴ གནོད་སྦྱིན་བྱེ་བའི་ཚོགས་ཀྱིས་བསྐོར། །མདོག་ མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་ལ། །གཡས་པ་མཚོན་ཆ་སྣ་ཚོགས་ འཛིན། །གཞན་གྱི་དཔུང་རྣམས་འཇོམས་མཛད་པ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་འཁོར་བཅས་ཐམས་ཅད་ཀྱིས། །ཁམས་གསུམ་མ་ལུས་དབང་དུ་བསྡུད། །ཁྱོད་ནི་ ནོར་བདག་ཆེན་པོ་སྟེ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའམ། (ཁྲོ་ཕུ་ལོ་ཙཱ།) 3-1-334 འཇིག་རྟེན་དབང་ཕྱུག་འཇིག་རྟེན་འདས། །སེང་གེ་དཀར་ཆིབས་རི་དབང་ལྟར། །རབ་བརྗིད་ གསེར་མདོག་ཉི་ཟླས་མཚན། །རྒྱལ་མཚན་ནེའུ་ལེ་འཛིན་ལ་བསྟོད། །རྒྱལ་སྲས་རིན་ཆེན་ མང་སྤྲུལ་གྱི། །བྱང་ཕྱོགས་རྒྱལ་པོར་སྐུ་རབ་སྤྲུལ། །རྣམ་ཐོས་སྲས་སུ་མཚན་ཡང་གྲགས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཛམྦྷ་ལ་སེར་རིན་ཆེན་འཛིན། །གང་བ་བཟང་སེར་ བུམ་པ་འཛིན། །ནོར་བུ་བཟང་དཀར་ནོར་བུ་འཛིན། །ཀུ་བེ་ར་ནག་རལ་གྲི་འཛིན། །ཡང་ དག་ཤེས་སེར་རལ་གྲི་འཛིན། །འབྲོ ག་གནས་ནག་པོ་མདུང་དམར་འཛིན། །ལྔ་རྩེན་སེར་སྐྱ་ ཁང་བརྩེགས་འཛིན། །ཀུཎྜ་ལི་དཀར་གྲི་ཕུབ་འཛིན། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་དང༌། །མེ་དང་སྲིན་པོ་རླུང་དང་ནི། །དབང་ལྡན་མཚམས་བཞུགས་རང་རང་གི། །མདོག་མཚུངས་རྟ་ མཆོག་ཆིབས་ལ་བསྟོད། །ཀླུ་བརྒྱད་ལྷ་སྲིན་སྡེ་བརྒྱད་བཅས། །སྣ་ཚོགས་དཔའ་བའི་འཁོར་ མངའ་བ། །སྡེ་ཆེན་དཔུང་ཆེན་མཐུ་ཆེ་བ། ཕྱོགས་བཅུར་འཕྲིན་ལས་མཛད་ལ་བསྟོད། །ཅེས་ པ་རྣམས་གང་རུང་གི་བསྟོད་ཅིང༌། གཞན་ཡང༌། ཐུགས་རྗེ་བ་འཇོ་བ་ལ་སོགས་ཅི་ཤེས་པས་ བདེ་བྱེད་ལ་བསྟོད། གསང་སྒྲུབ་ལ་བསྟོད་པ་ནི། (ཁྲོ་ལོས།) རིན་ཆེན་གཏེར་གྱི་གདན་སྟེང་ནས། ། བཻ་ལས་བྱོན་པའི་མགོན་པོ་ནི། །བྱང་ཕྱོགས་རྒྱལ་པོར་སྐུ་འཁྲུངས་པ། །རྣམ་ཐོས་སྲས་ ལ་ཕྱག་འཚལ་ལོ། །སྐུ་མདོག་ལྗང་ཁུ་མཛེས་པ་ལ། །སེམས་དཔའི་དཀྱིལ་དཀྲུང་འཕྲིན་ ལས་སྒྲུབ། །ཡོན་ཏན་མ་ལུས་རྫོགས་མཛད་པའི། །ལས་རྣམས་བསྒྲུབ་ལ་ཕྱག་འཚལ་ ལོ། །གཡས་ན་རིན་ཆེན་བེ་ཅོན་དང་། །གཡོན་ན་ནེའུ་ལེའི་སྐྱལ་པ་བསྣམས། །ནམ་མཁའ་ མཛོད་ལ་ལོངས་སྤྱོད་པ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ལ་རིན་ཆེན་རྒྱན་གྱིས་ སྤྲས། །ཞལ་ནས་རིན་ཆེ་ཆར་བ་འབེབས། །ཐུགས་རྗེས་ཕོངས་པ་ལས་སྒྲོལ་མཛད། །དངོས་ གྲུབ་མཆོག་སྩོལ་མཛད་ལ་བསྟོད། །གནོད་སྦྱིན་དཔག་མེད་འཁོར་གྱིས་བསྐོར། །ངལ་སོས་ 3-1-335 སྟོབས་ཆེན་དགྲ་དཔུང་འཇོམས། །སྟོབས་ཆེན་བདེ་ཆེན་མི་སེམས་སྐུལ། །རྒྱལ་པོ་ཆེ་ལ་ ཕྱག་འཚལ་ལོ། །བུམ་པ་བཟང་པོས་རྣམ་པར་བརྒྱན། །དཔག་བསམས་ཤིང་དང་རིན་ཆེན་ ཤིང༌། །རྫིང་བུ་བཟང་པོ་འདོད་འཇོའི་བ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཕུ་ལས་ བྱུང་བའི་ནོར་བདག་མོ། །སྐུ་མདོག་དམར་མོ་དབང་གི་ལྷ། །མཚན་ཡང་པདྨ་གཙུག་ཕུད་ ཅེས། །ཀླུ་མོ་ཁྱོད་ལ་ཕྱག་འཚལ་ལོ། །གཡས་ན་ནོར་བུ་བསམ་འཕེལ་བསྣམས། །གཡོན་ ན་གཏེར་གྱི་ནེའུ་ལེ་བསྣམས། །སྐུ་ལ་རིན་ཆེན་རྒྱན་གྱིས་སྤྲས། །གཏེར་བདག་མོ་ལ་ཕྱག་ འཚལ་ལོ། །དབུ་ལ་རིན་ཆེན་ཅོད་པན་གསོལ། །དབུ་ཡི་གཙུག་ནས་རིན་ཆེན་འཛིན། །འགྲོ་ བའི་དབུལ་ཕོངས་སེལ་མཛད་མ། །གཞན་དོན་མཛད་ལ་ཕྱག་འཚལ་ལོ། །སྐུ་སྨད་སྦྲུལ་ མཇུག་གཡས་སུ་འཁྱིལ། །སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། །ཞལ་ནས་རིན་ཆེན་ཆར་ པ་འབེབས། །དཔལ་ལྡན་མ་ལ་ཕྱག་འཚལ་ལོ། །ཞེས་པའམ། (ཟངས་དཀར་) བྱང་ཕྱོགས་དེ་ ནི་ཕ་གི་ན། །ལྕང་ལོ་ཅན་གྱི་གནས་མཆོག་ན། །གསེར་ཁྲི་མཐོན་པོའི་ཁྲི་སྟེང་ན། །བཞུགས་ པའི་རྒྱལ་པོ་རྣམ་ཐོས་སྲས། །སྐུ་མདོག་ལྗང་ཁུ་ཨིནྡྲའི་མདོག །གཡས་ན་དགྲ་བགེགས་ བརྡུང་པ་ཡིས། །བེ་ཅོན་འབར་བ་གདེངས་ཀ་འཛིན། །དབུལ་བའི་སྡུག་བསྔལ་འཇོམས་ མཛད་པ། །གཡོན་པ་ནེའུ་ལེ་སྐུ་ལ་རྟེན། །འཇིག་རྟེན་ཕྱུག་པོའི་སྙིང་རྒུལ་ཞིང༌། །དར་གྱི་ ཅོད་པན་རྣམ་པར་འཕུར། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །ཡུམ་མཆོག་པདྨ་གཙུག་ ཕུད་ཅན། །རིན་ཆེན་རྒྱན་ཆ་སིལ་ལི་ལི། །དར་གྱི་ཅོད་པན་པུ་རུ་རུ། །དངུལ་གྱི་རྣ་སྒོར་ཝང་ སེ་ཝང༌། །གསེར་གྱི་གདུབ་བུ་ཁྲོ་ལོ་ལོ། །དངུལ་དཀར་ལེ་མོང་བཀོར་ཞིང་ལྟ། །ཞལ་ ནས་ཧ་ཧའི་བཞད་གད་སྒྲོག །གཙོ་བོའི་སྐུ་ལ་དགེས་པར་འཁྲིལ། །ཆགས་པའི་སྐྱོན་གྱི་དུས་ འདར་འཇུག །སྒེག་བཅས་འགྱིང་པའི་ཚུལ་གྱིས་བཞུགས། ། རྒྱལ་ཆེན་ཡབ་ཡུམ་འཁོར་ དང་བཅས། །འདི་གཤེགས་རྒྱན་གྱི་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་ 3-1-336 མཛོད། །ཅེས་སོགས་ཀྱིས་གསང་སྒྲུབ་ལ་བསྟོད་དོ། ། (འགྲོ་བཟངས་)དྲག་བྱེད་ལ་བསྟོད་པ་ནི། ཧཱུཾ། ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །སྲིན་པོའི་ གཟུགས་འཆང་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་ལྡན་པ། །ཉི་མ་འབུམ་གྱི་གཟི་ བརྗིད་ཅན། །གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྲོ་གཉེར་ལྡན་ཞིང་མཆེ་བ་གཙིགས། །ཅོད་ པན་སྦྲུལ་གྱི་ཆུན་འཕྱང་ལྡི ང༌། །དབུ་སྐྲ་ཉི་མའི་འོད་ཟེར་ཅན། །འཇིགས་པའི་གཟུགས་ ཅན་ཁྱོད་ལ་བསྟོད། །སྤྱན་གསུམ་ལྗགས་འདྲིལ་གདོན་ཚོགས་འཇོམས། །ཕྲག་གོང་གཡས་ གཡོན་ཉི་ཟླས་མཚན། །གཡས་ན་བ་དན་རྩེ་ལྔ་བསྣམས། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །གཡོན་ན་མཆོད་རྟེན་ནག་པོ་བསྣམས། །ཀླུ་དང་གནོད་སྦྱིན་ཚོགས་ཀྱིས་སྐོར། །ཤ་དང་ཁྲག་ ལ་དགྱེས་པར་རོལ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་སྐུ་སྟོད་ནས། །ཁྲ་དང་འུག་པ་བྱ་ཡི་ཚོགས། །སྤྲུལ་ནས་དགྲ་བགེགས་སྒྲོལ་བར་མཛོད། །གནོད་སྦྱིན་ཁྱེད་ ཀྱི་སྐུ་སྐེད་ནས། །གནོད་སྦྱིན་མཚོན་ཆ་སྣ་ཚོགས་འཛིན། །སྤྲུལ་ནས་དགྲ་བགེགས་སྒྲོལ་ བར་འཛོད། །གནོད་སྦྱིན་ཁྱེད་ཀྱི་སྐུ་སྨད་ནས། །སེང་གེ་གཅན་གཟན་འཇིགས་པའི་ཚོགས། །སྤྲུལ་ནས་ལས་རྣམས་འགྲུབ་པར་མཛོད། །བདག་གི་གཏོར་མ་འདི་བཞེས་ལ། །བཅོལ་ བའི་འཕྲིན་ལས་འགྲུབ་པར་མཛོད། །གནོད་སྦྱིན་བྱེ་བའི་འཁོར་དང་བྱས། །གཞན་གྱི་མི་ མཐུན་དྲག་ཤུལ་ཅན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །དམ་ཚིག་ལྡན་ལ་བདག་ བསྟོད་དོ། །བླ་མ་ལ་ནི་སྨོད་པ་དང༌། །རྣལ་འབྱོར་བདག་གི་དགྲ་རྣམས་ནི། །མགོན་པོ་ཁྱེད་ ཀྱི་བཞེས་སུ་གསོལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །དྲག་པོའི་ལས་རྣམས་ མཐར་འབྱུང་ལ། །བདེ་གཤེགས་བཀའ་ནི་བསྲུང་བར་མཛོད། །ཀླུ་དང་གནོད་སྦྱིན་ཚོགས་ བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་ འབྱོར་བཅོལ་བའི་འཕྲིན་ལས་མཛོད། །ཅེས་སོགས་ཀྱིས་དྲག་བྱེད་ལ་བསྟོད་དོ། ། 3-1-337 ནང་མ་མོ་ལྟར་སྒྲུབ་པ་ལ་བསྟོད་པ་ནི། བཻ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །ལྕང་ལོ་ཅན་ གྱི་གནས་མཆོག་ན། །རིན་པོ་ཆེ་ཡི་ཕོ་བྲང་ན། །དེ་ན་ཆོས་སྐྱོང་རྒྱལ་པོ་བཞུགས། །བཅོམ་ ལྡན་འདས་ཀྱི་ཞལ་ཡང་གཟིགས། །སྐུ་མཁར་དེ་ཡི་ཕྱོགས་བཞི་ན། །མཐིང་གི་མ་མོ་ཆེན་ མོ་བཞི། །དེ་ནི་ཁྱོད་ཀྱི་ལྕམ་མོ་ལགས། །རྒྱལ་ཆེན་འཁོར་དང་བཅས་པ་ལ། །བཤོས་བཟང་ གྲུ་བཞིའི་མཆོད་པ་འབུལ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ཆིབས་སུ་སྔོན་པོ་འགབ་ནག་ ཆིབས། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །བསེ་ཡི་བྲག་ རྡོག་ཡེ་རེ་རེ། །ཕྱག་གཡས་གསོད་པའི་རལ་གྲི་བསྣམས། །གཡོན་པ་མདའ་དར་དམར་ པོ་བསྣམས། །འཛམ་བུ་གླིང་དུ་བྱོན་ཙ་ན། །ཆོས་སྐྱོང་རྒྱལ་པོ་སུ་ཡི་མགོན། །རྒྱ་རྗེ་མང་པོ་ དར་ཅན་མགོན། །དེ་ནས་གྲུ་གུའི་ཡུལ་དུ་བྱོན། །གྲུ་གུའི་རྒྱལ་པོའི་མགོན་སྐྱབས་མཛད། །གྲུ་གུའི་མི་དང་ཆུ་ཟད་འཕྲུལ། །དེ་ནས་ཆོས་སྐྱོང་སུ་ཡི་མགོན། །ཆོས་ལ་དགའ་བའི་དད་ པ་ཅན། །ད་ལྟ་རྟག་ཏུ་བྱམས་པར་མཛད། །རྣལ་འབྱོར་བདག་གི་དགྲ་ལྷ་བྱེད། །རྒྱལ་པོ་ ཆེན་པོ་རྣམ་ཐོས་སྲས། །ཕུད་གཏོར་མཆོད་པ་འདི་བཞེས་ལ། །ནོར་གྱི་དངོས་གྲུབ་བདག་ ལ་སྩོལ། །འབྲུ་དང་རིན་ཆེན་སྣ་བདུན་གྱིས། །རྒྱལ་པོ་ཆེན་པོ་མཆོད་པར་བཞེས། །ཆོས་སྐྱོང་ རྒྱལ་པོ་ཆེན་པོ་ནི། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་ལགས། །གནོད་སྦྱིན་ཀུན་གྱི་དམག་དཔོན་ ལགས། །སྔགས་མཁན་ཀུན་གྱི་བདག་པོ་ལགས། །མི་ཡུལ་ཀུན་གྱི་སྲུང་མ་ལགས། །ཆོས་ སྐྱོང་རྒྱལ་པོ་རྣམ་ཐོས་སྲས། །རྨང་པོ་བུད་མེད་རྣམས་ལ་བུ་ཡི་དངོས་གྲུབ་སྩོལ། །དབུལ་པོ་ ནོར་མེད་རྣམས་ལ་ནོར་གྱི་དངོས་གྲུབ་སྩོལ། །ཁ་ཟུངས་ཤགས་ཐོབ་ཅིག །བསམ་པ་བསྒྲུབ་ ལ་རེ་བ་སྐོང་ཅིག །ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས། ། བདུད་མོ་བཞིའི་བསྐུལ་བ། ཧཱུཾ། མཐིང་ནག་འབར་བའི་ཤར་ཕྱོགས་ན། །གཤིན་རྗེ་ཁྲོས་པའི་ གཙོ་མོ་ཆེ། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཆིབས་སུ་མཛོ་མོ་རུ་མོ་ཆིབས། །ན་ 3-1-338 བཟའ་དཀར་ནག་འབར་བ་ལ། །ཕྱག་ན་དུང་གི་སྤུ་གྲི་བསྣམས། །དགྲ་བོའི་ཤན་པ་བདུད་ ཀྱི་མ། །བདུད་མོ་གཤིན་རྗེ་མགོ་དགུ་མ། །མགོ་གཅིག་ཕུགས་ཀྱི་ནོར་ལ་རྒྱུག །མགོ་གཅིག་ སྟེང་གི་ལྷ་ལ་རྒྱུག །མགོ་གཅིག་སྟེང་གི་ཁྱོ་ལ་རྒྱུག །མགོ་གཅིག་མཆན་གྱི་བུ་ལ་རྒྱུག །མགོ་ གཅིག་འོག་གི་རྟ་ལ་རྒྱུག །མགོ་གཅིག་ར་བའི་ཕྱུགས་ལ་རྒྱུག །མགོ་གཅིག་སྒོ་ཡི་ཁྱི་ལ་ རྒྱུག །མགོ་གཅིག་འུར་མོའི་ཞིང་ལ་རྒྱུག །གཅིག་གི་འབྲོ ག་གི་གཤེད་དམར་གྱིས། །ཤེད་ དམར་ཁུག་ལ་ཆོ་ངེས་ཐོབ། །དམ་ཚིག་ཉམས་པའི་དགྲ་བོ་འདི། །མགོ་དགུ་མ་ཡིས་མྱུར་དུ་ སྒྲོལ། །མ་ར་ཡ་བྷྱོ་བྷྱོ། ཧཱུཾ། འཁོར་ལོ་འབར་བའི་ལྷོ་ཕྱོགས་ན། །རག་ཤ་ཁྲོས་པའི་སྙིང་ཟ་ མ། །བདུད་མོ་གཤིན་རྗེ་ལག་རིང་མ། །གཡས་པ་ལྔ་བརྒྱའི་ཕྱག་གིས་ནི། །བར་སྣང་ཡུག་ གཅིག་དགྲ་བོ་འཛིན། །གཡོན་པ་ལྔ་བརྒྱས་སྲོག་རྩ་གཅོད། །དྲོངས་ཤིག་དགྲ་ཡི་སྙིང་ནས་ དྲོངས། །བདུད་མོ་ཆེན་མོ་ལག་སྟོང་མ། །དམ་ཉམས་མ་ཐོགས་མྱུར་དུ་སྒྲོལ། །དགྲ་བོའི་ ཙིཏྟ་ཁ་རཾ་ཁ་ཧི། ཧཱུཾ། འཁོར་ལོ་འབར་བའི་ནུབ་ཕྱོགས་ན། །བདུད་མོ་གཤིན་རྗེ་ཕུང་ཁྲོལ་ མ། །མི་ཡི་པགས་པ་གོས་སུ་གྱོན། །རྒྱུ་མའི་འཕྲེང་བ་ཐོད་དུ་བཅིངས། །མགོ་ནས་གཤིན་ རྗེའི་སྤྲུལ་པ་འགྱེད། །གཡས་པ་ལྕགས་ཀྱི་ཟོར་བ་ཐོགས། །བསྟན་པ་བཤིག་པའི་མགོ་ལུས་ གཏུབ། །བདུད་མོ་ཆེན་མོ་ཕུང་ཁྲོལ་མ། །ཆེ་གེ་མོ་མ་ར་ཡ་ཛ་ཛ། ཧཱུཾ། འཁོར་ལོ་འབར་བའི་ བྱང་ཕྱོགས་ན། །བདུད་མོ་གཤིན་རྗེ་ལག་བརྒྱ་མ། །གཡས་པ་ལྔ་བཅུས་ཞགས་པ་ཐོགས། །གཡོན་པ་ལྔ་བཅུས་སྤུ་གྲི་ཐོགས། །ཁྱོད་ནི་ཀླུ་ཡི་ལྕམ་མོ་ལགས། །དགྲ་བོ་ཀླུ་དང་གཉན་ ལ་གཏོད། །ཚལ་པ་ཚལ་པ་རྦད། མ་ར་ཡ་ཛ་ཛ། རྒྱལ་ཆེན་བཞི་ཡི་སྐུལ། ཧཱུཾ། རི་རྒྱལ་ལྷུན་པོའི་ ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་དང་ལྡན། །རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུངས། །དྲི་ ཟ་འབུམ་གྱི་དམག་དང་བཅས། །ཁྱོད་ནི་དམག་དཔོན་ཆེན་པོ་སྟེ། །དམག་དཔུང་སྐྱེད་ལ་རུ་ མཚོན་ཕྱོར། །ཐུ་བ་རྫེས་ལ་ཕྲག་པ་ཕུད། །ཆོས་ཅིག་རྒྱལ་ཆེན་དམག་ལ་ཆོས། །དེ་བཞིན་དུ་ 3-1-339 ལྷོ་དང༌། ནུབ་དང༌། བྱང་རྣམས་སུ། ཕོ་བྲང་ཆེན་པོ་ཆོས་ཀྱི་འཕགས། །རྒྱ་མཚོའི་གླིང་དང༌། ལྕང་ལོ་ཅན་དང༌། རྒྱལ་ཆེན་འཕགས་སྐྱེས་པོ་དང༌། སྤྱན་མི་བཟང་དང༌། རྣམ་ཐོས་སྲས་ཞེས་ པ་རྣམས་ཚིག་གི་དབུ་ཞབས་སུ་བཅུག་ལ། དམག་ལ་སྐུལ་ཞིང་ཐུན་མོང་དུ། ཧཱུཾ། རྒྱལ་པོ་ ཆེན་པོ་ཁྱེད་བཞི་ཡང༌། །སངས་རྒྱས་བསྟན་ལ་དགྲ་བྱུང་གི། །རྣལ་འབྱོར་བདག་ལ་དགྲ་བྱུང་ གི། །དགྲ་བོའི་ཡུལ་དུ་དམག་སྣ་དྲོངས། །ཆོས་ཅིག་རྒྱལ་ཆེན་དམག་ལ་ཆོས། །ཆོས་ཅིག་ལྷ་ ཆེན་དམག་ལ་ཆོས། ། རྟགས་དང་མཚན་མ་ཁྱེར་ལ་ཤོག །ཅེས་སྐུལ་ལོ། ། གསང་བ་མདུང་དམར་ཅན་སྒོམ་པར་འདོད་ན། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ ལས། བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྟ་བབས་དང་ བཅས་པའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་ལ་ཏྲ་ལས་རྟ་སྔོན་པོའི་སྟེང་དུ། བཻ་ཡིག་ མཚལ་གྱི་མདོག་ལྟ་བུ་ལས་འོད་འཕྲོས། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་བསྡུས་ ཚུར་འདུས་ཡོངས་སུ་གྱུར་པ་ལས། རྒྱལ་པོ་ཆེན་པོ་མདུང་དམར་ཅན་སྐུ་མདོག་དམར་པོ་ ཞལ་གཅིག་ཕྱག་གཉིས་པ། གཡས་ན་མདུང་དམར་པོ། གཡོན་ན་ནེའུ་ལེའི་རྐྱལ་པ་འཛིན་ པ། སྐུ་ལ་བསེ་ཁྲབ། དབུ་ལ་བསེའི་རྨོག་ཞུ། ཞབས་ལ་བསེའི་ལོ་ཁྲོམ་གསོལ་བ། གཤིན་ རྗེའི་ཆ་ལུགས་ཅན་མཆེ་བ་རབ་ཏུ་གཙིགས་པ། འཁོར་ལོ་རྩིབས་བཞི་པའི་ཤར་དུ་ཤ་ལས་ ར་ཧུ་ལ་སྐུ་མདོག་དུད་ཁ་མགོ་དགུ་པ་བྱ་རོག་གི་མགོ་དང་བཅུ་ཡོད་པ། རོ་སྟོད་མི་ལ་རོ་ སྨད་སྦྲུལ་མཇུག་གཡས་སུ་འཁྱིལ་བ། མགོ་ལུས་ཐམས་ཅད་མིག་གིས་གང་བ། གཡས་ན་ ཆུ་སྲིན་གྱི་རྒྱལ་མཚན། གཡོན་ན་སྦྲུལ་ནག་གི་ཞགས་པའོ། །ལྷོར་ར་ལས་གནོད་སྦྱིན་དྷ་ན་ སེར་ནག་འཇིགས་པའི་བཞིན་ཅན། གཡས་ན་རྩེ་གསུམ། གཡོན་ན་ཐོད་ཁྲག་འཛིན་པ། ནུབ་ ཏུ་མ་ལས་ནག་པོ་ཀ་ལ་གཡས་བེ་ཅོན། གཡོན་ཐོད་ཁྲག་འཛིན་པ། བྱང་དུ་ན་ལས་ཀུ་བེ་ 3-1-340 ར་ལྗང་ནག་གཡས་དབྱུག་ཐོ་དང་། གཡོན་ཐོད་ཁྲག་འཛིན་པ། ཁྱམས་ཀྱི་ཤར་དུ། ཤ་ལས་ གནོད་སྦྱིན་བུམ་སྣ་དམར་ལྗང་གཡས་རྒྱལ་མཚན། ལྷོར་སྭ་ལས་དུང་སྣ་སེར་ལྗང་། གཡས་ མདུང་དམར། ནུབ་ཏུ་ཧ་ལས་སྣ་གསུམ་ལྗང་ནག་གཡས་མདུང་དམར་པོ། བྱང་དུ་ཨཾ་ལས་ སྣ་བོ་ཆེ་དཀར་ལྗང་། གཡས་དབྱུག་ཐོ་འཛིན་ཞིང་། གཡོན་ཐམས་ཅད་ནེའུ་ལེ་འཛིན་པ། ཤར་སྒོར་ཛཿལས་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ལྷོ་སྒོར་ཧཱུཾ་ལས་ཞགས་པ་མ་ སེར་མོ་ཞགས་པ་འཛིན་པ། ནུབ་སྒོར་བཾ་ལས་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་ པ། བྱང་སྒོར་ཧོ་ལས་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་འཛིན་པ། ཕྱིའི་འཁོར་ཡུག་ལ་གནོད་སྦྱིན་བྱེ་ བས་བསྐོར་བའོ། ། གསང་བ་གཤིན་རྗེ་ལྟར་བསྒྲུབ་པའི་བསྟོད་པ་ནི། (མཁན་ཆེན་ལྷོ་བྲག་པས།) བཻ། རི་རྒྱལ་ལྷུན་ པོའི་བྱང་ཕྱོགས་ན། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །སྡང་བ་དགྲ་ལ་སྦད་པའི་ཚེ། །བདུད་ཀྱི་རྒྱལ་ པོར་སྐུ་སྤྲུལ་ནས། །སྡང་བ་དགྲ་བོའི་གཤེད་མ་མཛོད། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཧཱུཾ། སྲས་མཆོག་དམ་པ་ར་ཧུ་ལ། །འཇིགས་ བྱེད་དྲེགས་པ་མཆེ་བ་ཅན། །གསོད་པའི་ལས་ལ་རབ་ཏུ་རྩོན། །སྐུ་མདོག་འཇིགས་པ་དུད་ ཁ་ལ། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །མགོ་ལུས་ཐམས་ཅད་མིག་གིས་གང༌། །གཡས་ན་ཆུ་ སྲིན་རྒྱལ་མཚན་བསྣམས། །གཡོན་ན་སྦྲུལ་གྱི་ཞགས་པ་འཛིན། །བདག་གི་དགྲ་བོ་དབང་དུ་ བསྡུས། ཁྱེད་ཀྱིས༴ བཅོལ་བའི༴ ཧཱུཾ། གནོད་སྦྱིན་དྷ་ན་སྲོག་གི་གཤེད། དྲེགས་པ་ཆེན་པོ་ རྩ་བརྒྱུད་འདྲེན། །སྐུ་མདོག་སེར་ནག་འབར་བ་ལ། །ཕྱག་ན་རྩེ་གསུམ་འབར་བ་བསྣམས། གང་ནས་གང་དུ་སྦད་ཙ་ན། །དགྲ་བོའི་སྲོག་རྩ་དམར་པོར་དྲོངས། །ཁྱེད་ཀྱི་ཐུགས་དམ༴ བཅོལ་བའི་འཕྲིན་ལས༴ ཧཱུཾ། ནག་པོ་ཀ་ལ་སྲོག་གི་གཤེད། །བདུད་འདུལ་ནག་པོ་མཆེ་བ་ 3-1-341 ཅན། །ལག་ན་བེ་ཅོན་འབར་བ་ཐོགས། །ཁྱོད་ཀྱི༴ བཅོལ་བའི༴ ཧཱུཾ། དྲེགས་པ་བདུད་འདུལ་ ཀུ་བེ་ར། །ལག་ན་དབྱུག་ཐོ་འབར་བ་ཐོགས། །འདུལ་ནི་བསྟན་པ་འཇིག་པ་འདུལ། །ཁྱེད་ ཀྱི༴ བཅོལ་བའི༴ དེ་ཡི་ཁ་བློ ན་བདུད་འདུལ་གཤེད་མ་བཞི། །དྲེགས་པ་བུམ་སྣ་བ་དན་ འཛིན། །བསྟན་པ་འཇིག་པའི་སྙིང་ནས་དྲོངས། །དྲེགས་པ་དུང་རྣ་མདུང་དམར་ཐོགས། ། བསྟན་པ་འཇིག་པའི་སྙིང་ནས་དྲོངས། །དྲེགས་པ་དགྲ་འདུལ་སྣ་བོ་ཆེ། །ལག་ན་མདུང་ དམར་ཟངས་སེ་ཟང་། །བསྟན་པ་འཇིག་པའི་སྙིང་ནས་དྲོངས། །དྲེགས་པ་ཁ་བློན་བགེགས་ འདུལ་གཙོ། །བདག་གི་དགྲ་བོ་རྡུལ་དུ་རློག །ཕྱག་རྒྱ་བདུད་འདུལ་བཀའ་ཉན་ཕོ་ཉ་སྟེ། །སྒོ་སྲུང་དམ་ཅན་ཕྱོགས་བཞིའི་དགྲ་འདུལ་བ། ། ལྕགས་ཀྱུ་འབར་བས་སྙིང་ནས་དྲོངས། །ཞགས་པ་འབར་བས་མཐའ་ནས་ཁུག །ལྕགས་སྒྲོག་འབར་བས་ཡན་ལག་སྡོམས། །དྲིལ་བུ་ འབར་བས་རྡུལ་དུ་རློག །(ཅེས་པ་རྒྱ་གཞུང་ནས་འབྱུང་ངོ་། །) མདུང་དམར་ཅན་གྱི་བསྟོད་པ་ནི། (ཟངས་དཀར་) བཻ། བྱང་ཕྱོགས་རྒྱལ་པོ་མདུང་དམར་ ཅན། ཆིབས་སུ་སྔོན་པོ་སྒབ་ནག་ཆིབས། །རོལ་དུ་ངང་པ་ཕུབ་དམར་རོལ། །སྔ་ལོག་གཡས་ ནས་སྲས་ཚོགས་བཞེངས། །ཕྱི་ལོག་གཡོན་ནས་བཙུན་མོ་བཞེངས། །དབུས་ནས་རྒྱལ་ཆེན་ བཞེངས་པ་ནི། །སྐུ་ལ་བསེ་ཁྲབ་ཁྲ་བོ་གསོལ། །ཕྱག་ན་བསེ་མདུང་དམར་པོ་བསྣམས། །དབུ་ལ་བསེ་ཡི་རྨོག་ཞུ་གསོལ། །ཞབས་ལ་བསེའི་ལོ་ཁྲོམ་གསོལ། །བསེ་ཁྲབ་དམར་པོ་ སིལ་ལི་ལི། །གཡུ་མཐུར་སྔོན་པོ་ཁྱུགས་སེ་ཁྱུག །བསེ་ཡི་རྨོག་ཞུ་ཆེན་པོ་ལ། །ཁྱུང་གི་དང་ རུ་ལྡེམས་སེ་ལྡེམ། །དར་དམར་ཅོད་པན་པུ་རུ་རུ། །རྟ་པའི་ཚོགས་ཀྱི་ས་གཞི་གང༌། །གནོད་ སྦྱིན་ཚོགས་ཀྱི་བར་སྣང་གང༌། །མགོན་པོ་དམག་ལ་ཆས་ཙ་ན། །བཙན་གྱི་རྟ་པ་ཆས་པ་འདྲ། །སྟག་རལ་གཡས་ལ་གཟིག་ཤུབ་གཡོན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །རྣལ་ འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། ། 3-1-342 མདུང་དམར་ཅན་ཡང་གསང་གི་བསྟོད་པ་ནི། ཧཱུཾ། རི་རབ་ལྷུན་པོའི་བྱང་ཕྱོགས་ན། །རྒྱལ་པོ་ཆེན་པོ་ལུས་ངན་པོ། །གླིང་བཞི་བྱང་ཕྱོགས་སྐྱོང་ཙ་ན། །ཨིནྡྲ་ནཱི་ལའི་མདོག་དང་ ལྡན། །ས་བརྒྱད་སེམས་དཔར་བཞུགས་པ་འོ། །གནོད་སྦྱིན་ཕོ་མོ་མང་པོ་དང༌། །ཀླུ་ཡི་ དེད་དཔོན་མཛད་ཙ་ན། །རིན་ཆེན་གསེར་གྱི་སྐུ་མདོག་ཅན། །མཁའ་འགྲོ་མ་དང་ཀླུ་མོ་ དང༌། །བདུད་མོའི་དེད་དཔོན་མཛད་ཙ་ན། །བཻ་ཌཱུར་མཐིང་ཁའི་སྐུ་མདོག་ཅན། །གསང་ བའི་གནསནས་སྐུལ་ཙ་ན། །པད་མ་རཱ་གའི་མདོག་འདྲ་བ། །མི་ཐུང་བཞེངས་པའི་ཆ་ལུགས་ ལ། །ལེབ་རྒན་དར་གྱི་ཅོད་ཅན་ཅན། །སྐུ་ལ་བསེ་ཁྲབ་དམར་པོ་གསོལ། །ཕྱག་གཡས་རྒྱ་ མདུང་དམར་པོ་ཐོགས། །ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་འཛིན། །དགྲ་བོའི་རྣམ་ཤེས་དབང་ དུ་བསྡུས། །སྐུ་ལ་འོད་ཟེར་དམར་པོ་འཕྲོ། །སྲིད་པ་གསུམ་ཡང་དབང་དུ་བསྡུས། །འགྲོ་བ་ ཡི་ནི་རྣམ་ཤེས་འགུགས། །སྦྱིན་བདག་རྣམས་ཀྱི་ལག་པ་དགུལ། །བདག་ལ་ཟས་ནོར་དངོས་ གྲུབ་སྩོལ། །ཁྱོད་ཀྱི་སྤྲུལ་པ་རྒྱལ་ཕྲན་རྣམས། །འགྲོ་བ་རྣམས་ཀྱི་སྙིང་དུ་ཞུགས། །རྣམ་ཤེས་ བསྒྱུར་ལ་དབང་དུ་བསྡུས། །སྒྲུབ་པ་པོ་ལ་དངོལ་གྲུབ་སྩོལ། །ཞེས་བསྐུལ་ལོ། ། ལས་བྱེད་རྣམ་སྲས་འཁོར་དང་བཅས་པ་ལ་བསྟོད་པ་ནི། ཁྱོད་ནི་ཐུགས་རྗེ་ཆགས་པའི་ སྐུ་མདོག་དམར། །ཕྱག་གཡས་རིན་ཆེན་བེ་ཅོན་རབ་ཏུ་འབར། །གཡོན་པ་རིན་ཆེན་སྐྱུག་པའི་ ནེའུ་ལེ་འཛིན། །ཁམས་གསུམ་དབང་དུ་བསྡུད་ལ་ཕྱག་འཚལ་ལོ། །མི་འཇིགས་སེང་གེ་པད་ མ་ཟླ་གདན་ལ། །བརྗིད་མཛེས་འགྱིང་བས་བཞེངས་པའི་ཚུལ་དུ་མཛད། །རིན་ཆེན་དབུ་ རྒྱན་ལ་སོགས་རྒྱན་རྣམས་ཀྱིས། །མཛེས་པར་བརྒྱན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ གཡོན་དུ་ལས་མཁན་མདུང་དམར་ཅན། །མདུང་དམར་བསེ་རྨོག་བསེ་ཁྲབ་ལུས་ལ་གསོལ། ། (བུ་སྟོན)ཕྱག་གཡས་མདུང་དམར་ཤེལ་གྱི་མཆོད་རྟེན་གཡོན། །སྲིད་གསུམ་དབང་དུ་བསྡུད་ལ་ ཕྱག་འཚལ་ལོ། ། (ཟངས་དཀར་) མཐུ་སྟོབས་ཀུན་རྫོགས་བསྟན་སྲུང་མདུང་དམར་ཅན། །ཐུབ་ 3-1-343 བསྟན་ཕྱོགས་རྣམས་ཀུན་ཏུ་རྒྱས་པ་དང༌། །བདུད་དང་དགྲ་བགེགས་མ་ལུས་གཞོམ་པ་དང༌། །ཅི་བསམ་ཡིད་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །ན་མོ་བཻ་ཤྲ་མ་ཎ་ཡེ་དྲག་རཀྴ་བྷྱོ། ཧཱུཾ། རི་རབ་ལྷུན་པོའི་བྱང་ཕྱོགས་ན། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་ཡེ་ནས་ དམར་གསལ་བ། །གསེར་གྱི་ཡ་ལ་རྣམ་ལྔས་སྤྲས། །གཡས་པ་བ་དན་འབར་བ་བསྣམས། །གཡོན་པ་ཤེལ་གྱི་མཆོད་རྟེན་བསྣམས། །རྣམ་སྣང་སྐུ་ལ་དཔལ་འཕྲེང་ཅན། །མངོན་པར་ རྫོགས་པ་སངས་རྒྱས་ཀྱང༌། །སྔོན་གྱི་ཐུགས་དམ་རྗེས་དྲན་ཏེ། །འགྲོ་བའི་དོན་དུ་རྒྱལ་པོར་ སྤྲུལ། །གསེར་རི་གཡུ་རི་ཤེལ་གྱི་རི། །མུ་མེན་བཻ་ཌཱུརྱ་ཡི་རི། །ལྕགས་རི་ཟངས་རི་འཁོར་ ཡུག་ནས། །རིན་ཆེན་སྣ་ལྔའི་རི་དབུས་ནས། །ཕོ་བྲང་དགྱེས་པའི་ལྕང་ལོ་ཅན། །གསེར་གྱི་ བྱེ་མའི་གདན་སྟེང་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །དཔལ་གྱི་ལྷ་མོ་ཡུམ་དང་བཅས། །སྲས་མཆོག་དང་ནི་ཕོ་ཉར་བཅས། །བློ ན་པོ་དང་ནི་དམག་མིར་བཅས། །གཡོག་འཁོར་བྱེ་བ་ སྟོང་དང་བཅས། །ཉི་ཁྲི་ཆིག་སྟོང་གོ་ཁྲབ་ཅན། །ལྷ་དང་ལྷ་མིན་འཐབ་ཙ་ན། །ལྷ་ཡི་གཡུལ་ ངོ་རྒྱལ་བར་བྱས། །ལྷ་མ་ཡིན་རྣམས་ཕམ་པར་བྱས། །སུམ་ཅུ་རྩ་གསུམ་ལྷ་ཡུལ་ན། །བཅོམ་ ལྡན་ལྷ་ཡི་ལྷ་ཞེས་གྲགས། །ངལ་གསོ་པོ་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པ་འདི་སྔོན་ ལྷ་བཟང་ཀླུ་དཔལ་གྱིས། རྒྱ་དང་གྱེན་པོ་བྱས་ནས་འཐབ་པའི་དུས་སུ། རྒྱའི་བསེའི་སྒྲོམ་བུ་ ཐོབ་ནས། དེའི་ནང་ན་བསྟོད་པ་འདི་བསེ་ཤོག་ལ་བྲིས་པའི་ཤོག་རིལ་ཅིག་དང༌། སྒྲུབ་སྐོར་ དང་བཅས་པ་བྱུང་ནས་མཆོད་ཅིང་བསྒྲུབས་པས། ཇི་ལྟར་བསམ་པ་རྣམས་འགྲུབ་པར་གྱུར་ ནས་ཡི་དམ་དུ་བྱས་སོ། །ༀ་བཻ་ཏྲག་རཀྴ་བྷྱོ། སརྦ་ཤ་ཏྲུཾ་མཱ་ར་ཡ། མཱ་ར་ཡ། ན་ཤ་ཡ་ན་ཤ་ཡ། ཨུ་ཙཊ་ཡ་ཨུ་ཙཊ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ས་པཱ་རི་ཝ་ར། སརྦ་སཏྭ་ནི། ཤནྟིཾ་ཀིཾ ། པུཥྚིཾ་ཀཾ། རཀྵ་ཨ་ཝ་ར་ཎ། གུཔྟིཾ། ཀུརྦན་ཏུ། བཛྲ་པཱ་ཎ། ཨཛྙ་པ་ཡ་ཏི་ཀུ་རུ་སྭཱཧཱ། འཕྲིན་ལས་བཅོལ་ བའི་སྔགས་སོ། ། 3-1-344 རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ནས། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་ཡེ་ ནས་དམར་སེར་ལ། །གསེར་གྱི་མེ་ཏོག་རྣམ་ལྔས་བརྒྱན། །བསྐལ་པ་བཟང་པོའི་དུས་ཙ་ན། །མངོན་པར་རྫོགས་པ་སངས་རྒྱས་ཀྱང༌། །ད་ལྟ་མགོན་པོའི་ཚུལ་དུ་བྱོན། །གསེར་རི་གཡུ་རི་ ཤེལ་གྱི་རི། །མུ་མེན་བཻ་ཌཱུརྱ་ཡི་རི། །ལྕགས་རི་ཟངས་རི་འཁོར་སར་བཅས། །གསེར་གྱི་བྱེ་ མ་གདན་སྟེང་ན། །མཛེས་མའི་ལྷ་མོ་ཨུ་དུམ་མ། །དཔལ་གྱི་ལྷ་མོ་ཡུམ་དང་བཅས། །སྲས་ མཆོག་དམ་པ་ར་ཧུ་ལ། །བློན་པོ་རྣམ་གསུམ་སྣ་བོ་ཆེ། །སྣ་ལོག་འཁྱིལ་དང་བུམ་དང་སྒ། །གཡོག་འཁོར་བྱེ་བ་ས་ཡར་བྱས། །སྔོན་ཚེ་ཆོས་སྐྱོང་སུ་ཡི་མགོན། །གྲུ་གུ་རྟ་མང་རྒྱལ་པོའི་ མགོན། །གྲུ་གུ་མི་དར་ཆུ་རུ་འཕྲུལ། །དེ་ནས་ཆོས་སྐྱོང་སུ་ཡི་མགོན། །རྒྱ་རྗེ་མང་པོ་དར་ཙན་ མགོན། །རྒྱ་གར་ལེ་ཆུང་དཔེ་ཆུང་དུ། །རྒྱ་འཕྲུ་དེ་ནི་བྲག་ལ་རྡབས། །རྒྱ་ཁྲི་དེ་ནི་སྟོང་ལ་རྒྱུས། །དེ་ནས་ཆོས་སྐྱོང་སུ་ཡི་མགོན། །སྐྱེས་བུ་བཟང་པོ་དཔལ་གྱི་མགོན། །དེ་ནས་ཆོས་སྐྱོང་སུ་ ཡི་མགོན། །ནང་གི་དེ་ནི་གྲོ་ཚལ་བ། །ཉང་རོ་ཤ་རོ་སྒང་ནས་བྱོན། །ནུབ་ཀྱི་དེ་ནི་དགོངས་ ཚལ་གཉིས། །སྔར་གྱི་དེ་ནི་གསེར་གླིང་འཚལ། །བྱ་རྒོད་ཤོངས་ཀྱི་མདུང་དམར་ཅན། །ད་ ལྟ་བདག་གི་མགོན་མཛོད་ཅིག །དྲི་མེད་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་གཏོར་མ་ འདི། །ཆོས་སྐྱོང་རྒྱལ་པོ་ཁྱེད་ལ་འབུལ། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་ པས་ཀྱང་བསྟོད་ནས། དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ། མཇུག་གི་ཆོ་ག་ལ་སླར་ཡང་གོང་བཞིན་ཡན་ལག་བདུན་པ་ཕུལ། ཡི་གེ་བརྒྱ་པས་ལྷག་ ཆད་ཁ་བསྐང་། །ནོངས་པ་བཟོད་པར་གསོལ་བ་ནི། །(ཟངས་དཀར་) བྱང་ཕྱོགས་སྐྱོང་པ་གསེར་ ལྟར་དྭངས་པའི་བསྐུ། །དྲི་མེད་ཉི་ཟླ་ལྟ་བུར་འོད་ཟེར་འབར། །བསྒྲུབ་མཆོག་སྐྱོང་ཕྱིར་རྒྱl་ མཚན་ནེའུ་ལེ་འཛིན། །བསྟན་སྲུང་གནོད་སྦྱིན་འཁོར་དང་བཅས་ལ་བསྟོད། །རྒྱལ་ཆེན་ཁྱེད་ ཀྱི་སྐུ་གསུང་ཐུགས་ཀྱི་ནི། ། སྤང་ཞིང་བླང་བའི་དམ་ཚིག་སྲུང་མཚམས་ལས། །རྣལ་འབྱོར་ 3-1-345 མི་བརྩོན་དབང་གིས་ཉམས་སྲིད་ན། །བཟོད་པ་བཞེས་ཤིང་བསྒྲུབ་མཆོག་བུ་བཞིན་སྐྱོངས། །དང་པོ་སྤང་པར་བྱ་བའི་དམ་ཚིག་ལས། །རོ་ལ་འཇུས་ཤིང་རོ་གོས་གྱོན་པ་དང༌། །རྟ་ནག་ ཞོན་ཅིང་རེ་ནག་བཏང་པ་དང༌། །ཞྭ་ནག་གོས་ནག་གྱོན་པ་མཐོ་ལོ་བཤགས། །རྟ་བོང་ཤ་ཁྲག་ ཟོས་ཤིང་འཐུང་བ་དང༌། །ཡུག་མོས་བྱིན་པའི་ཁ་ཟས་ཟོས་པ་དང༌། །གས་ཤིང་ཉམས་པའི་ སྣོད་དུ་ཟས་ཟོས་པ། །རྒྱལ་ཆེན་ཁྱེད་ཀྱི་སྐུ་ལ་བཟོད་པར་གསོལ། །དང་དུ་བླངས་པའི་དམ་ ཚིག་ལས་འདས་ཏེ། །བསྙེན་པ་མ་ཐེམས་གནད་ལ་བོར་བ་དང༌། །སྦྱིན་པ་མ་བཏང་འདོད་ ཆེན་ནོར་བླངས་དང༌། །དུས་སུ་མཆོད་བསྟོད་མ་བྱས་བཟོད་པར་གསོལ། །ཁྱེད་ཀྱི་རྟེན་ མཆོག་འཆང་པར་དམ་བཅས་ནས། །ཕྱི་ནང་གསང་བའི་རྟེན་གསུམ་མ་རྙེད་དང༌། །རྙེད་ཀྱང་ ལུས་ལ་མ་བཅངས་བྲལ་བ་དང༌། །ལུང་ཐང་འཕྲེང་བ་མ་བགྲང་བཟོད་པར་གསོལ། །མདོར་ ན་ཆོས་སྐྱོང་ཁྱེད་ཀྱི་དམ་ཚིག་ལས། །འགལ་ཞིང་ཉམས་པར་གྱུར་པ་ཅི་མཆིས་པ། །བསྟན་ བསྲུངས་ཁྱེད་ལ་བཟོད་པར་གསོལ་ལགས་ན། །ཚངས་པར་སྩལ་ནས་བསྒྲུབ་མཆོག་བསྐྱང་ དུ་གསོལ། །ཞེས་པ་དང༌། བསམ་པ་སྔ་ལ་སྦྱོར་བ་མཆིས་པ་དང༌། །ཏིང་ངེ་འཛིན་བྱིང་རྒོད་ གྱུར་པ་དང༌། །ཡོ་བྱད་སྔོན་མ་ཐོགས་པ་དང༌། འབགས་རྩོག་ལག་ཉ་ལ་སོགས་པ་ཉེས་སྐྱོན་ ཅི་མཆིས་པ་ཐམས་ཅད་བཟོད་པར་གསོལ་ལོ། ། དེ་ནས་གཏོར་རྫོངསང་བཏབ་ཅིང་འཕྲིན་ལས་བཅོལ་བ་ནི། (ཟངས་དཀར་) རི་རབ་བྱང་ གི་ཕྱོགས་ན་གནས་མཛད་པ། །སྐུ་མདོག་སེར་པོ་གསེར་ལྟར་བརྗིད་པའི་སྐུ། །རྒྱལ་མཚན་ ནེའུ་ལེ་འཛིན་པའི་གནོད་སྦྱིན་དཔལ། །སྣང་བ་དབང་དུ་བསྡུད་མཛད་རྒྱལ་པོ་ཆེ། །གསེར་ ལྟར་བརྗིད་པའི་སྐུ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་སྐྱོང་པའི་རྒྱལ་པོ་རྣམ་ཐོས་སྲས། །རི་ རབ་དཔངས་མཐོའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་ པར་མཛོད། །བདག་ཅག་འཁོར་བཅས་མ་ལུས་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་ 3-1-346 བསྐྱང་བ་དང༌། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་མྱུར་དུ་བསྒྲུབས། །བདག་ལ་གནོད་ པར་སེམས་པ་དང༌། །ལོག་པར་ཞུགས་པའི་དགྲ་དང་བགེགས། །དེ་ཡི་ཕྲུ་མ་གཞོམ་པ་དང༌། །གཏན་ནས་རླག་པའི་འཕྲིན་ལས་མཛོད། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་ དངོས་གྲུབ་བདག་ལ་སྩོལ། །ཞེས་པ་དང༌། གོང་གི་བདུད་མོ་བཞི་དང༌། རྒྱལ་པོ་བཞི་བསྐུལ་ བྱ། ནད་ཞི་བའམ། གདོན་བཟློག་པའམ། ཕ་རོལ་གྱི་མཐུ་དང་ངན་སྔགས། བྱད་ཁ་རྦོད་ གཏོང༌བཟློག་ན། བྱད་མའི་སྙིང་ལ་འཕངས་པར་བསམས་ལ། གཏོར་མ་བཅད་ཅིང་འཕངས་ ཏེ། ཡས་ཀྱི་སྲི་ལངས་གཏོར་མས་བཟློག །མས་ཀྱི་བདུད་བབ་གཏོར་མས་བཟློག །ཕ་ཚན་ རྒྱ་འདྲེ༴ མ་ཚན་བྱུར་འདྲེ༴ ཉེ་བའི་བྱོལ་སོང༴ ལྟས་ངན་མཚན་ངན༴ མོ་ངན་རྩིས་ངན༴ ལོ་ སྐག་དང་ཟླ་སྐག༴ ཞག་སྐག་ཟ་སྐག༴ ཕ་བུའི་རྒན་སྲི༴ བུ་ཚའི་ཆུང་སྲི༴ རྣལ་འབྱོར་དམ་ སྲི༴ ཀཾ་ཀ་སྲིད་ཞོ༴ སྲིད་ཞི་བྱད་ཟློག༴ བན་བོན་ཕུར་ཁ༴ སྔགས་པའི་རྦོད་སྟོང༴ སྲོད་ཀྱི་བྱ་ འཛེར༴ ནམ་གུང་རྟ་མཆེར༴ ཐོ་རངས་ཁྱི་ངུ༴ དུར་ཁྲོད་ཝ་རྒྱལ༴ གོང་གསུམ་ཙན་འདར༴ ཤ་ ཕོའི་རུ་འཛིངས༴ ཉ་མོའི་རྒྱགས་འཛིངས༴ ནག་མོའི་སྡེར་འཛིངས༴ རའི་སྐར་མ༴ ལུག་གི་རོ་ ཉལ༴ ཞིང་གི་ཤུལ་པ༴ ཁྱི་ཡི་རྩེ་ས༴ ལྟས་ངན་སྤྱོད་ལྡོག༴ རྒྱ་གར་གྱི་ངན་སྔགས༴ རྒྱ་ནག་གི་ རྩིས་མཁན༴ ཞང་ཞུང་གི་བོན་འཕེན༴ བུ་སྡུག་ཡར་སོད༴ ཤིན་རྗེའི་ཁྲམ་འདེབས༴ ཡུངས་ དཀར་གྱི་སྦད་འབྲུལ༴ ཕུར་པའི་རྩེ་སྟོད༴ དྲག་པོའི་ཕོ་ཉ༴ ཁ་འཇམ་སྙིང་རྩུབ༴ ཡུལ་པའི་མི་ ཁ༴ མི་མཐུན་གནོད་པ་ཐམས་ཅད་གཏོར་མས་བཟློག །བྱས་ལ་དུལ་གདབ་བོ། ། ཕུད་གཏོར། མདའ་དར་གཡབ་ཅིང༌། དངོས་གྲུབ་བླང་བ་ནི། བདག་ཅག་དཔོན་སློབ་ ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་བར་དུ་གཅོད་པ་མི་མཐུན་པའི་ཐམས་ ཅད་ཞི་བ་དང༌། ཚེ་དང་བསོད་ནམས་དང༌། དཔལ་དང་འབྱོར་པ་ཐམས་ཅད་རྒྱས་ཤིང་ འཕེལ་བ་དང༌། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་བསྡུ་བ་དང༌། སྡང་བའི་དགྲ་གནོད་ 3-1-347 པའི་བགེགས་ཐམས་ཅད་ཚར་བཅད་པའི་འཕྲིན་ལས་དམ་པ་མཛད་དུ་གསོལ། མཐུན་རྐྱེན་ བསྒྲུབས། འགའ་རྐྱེན་སྤོངས། ལེགས་པ་བརྒྱ་དང་སྤྲོད། ཉེས་པ་སྟོང་དུ་བསྣོལ། བསམ་པའི་ དོན་ཐམས་ཅད་ཆོས་བཞིན་འགྲུབ་པའི་འཕྲིན་ལས་དམ་པ་མཛད་དུ་བསོལ། ཞེས་པ་དང༌། ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག རྒྱུན་གྱི་ ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་བཀྲག དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྐུ་གསུང་ཐུགས། ཡོན་ཏན་འཕྲིན་ལས་ཐམས་ཅད་ཚེ་སྔ་མ་བས་ལྷག་པ། དུས་ཕྱི་མ་མ་ ལགས་པ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་སྩལ་དུ་གསོལ། ཞེས་གསོལ་ བ་བཏབ་པས། མཆོག་ཐུན་མོང་གི་དངོས་གྲུབ་ཅི་འདོད་པ་ཐམས་ཅད་གནང་བར་བསམས་ ནས། ཆོས་སྐྱོང་ཡེ་ཤེས་པ་འཁོར་བཅས་གཤེགས་སུ་གསོལ་བ་ནི། ངག་ཏུ་(འགྲོ་བཟངས་)བཻ་ རིང་པོ་མིག་འཛུམས་སུམ་ཅུ་སོ་གཉིས་ཀྱི་ཚད་ཙམ་དུ་བརྗོད་ཅིང༌། ཡིད་ཀྱིས་པད་འདབ་ཀྱི་ བཻ་རྣམས་གཤེགས། སྙིང་ཁའི་འོད་ཟེར་གྱིས་ལྕགས་ཀྱུས་སྐྲོལ་བར་བསམས་ལ། (འགྲོ་བཟངས་ ) ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །བྱང་ ཕྱོགས་གནས་སུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པས། ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ་བའམ། མི་དམིགས་ པར་བསམ་མོ། ། (བསྟན་སྐྱོང་སོགས་བྱེད་ན་གཏོར་ཆོག་ཆེན་མོ་ལས་འབྱུང་བ་ལྟར་སྐབས་འདིར་བྱའོ།།) བསྟན་སྐྱོང་བྱེད་ན་སྐབས་འདིར་བྱ་སྟེ། སྤྲོ་ན་རྒྱལ་ཆེན་བཞི་སྐུལ་བྱ། དེ་ནས་ཧོ་ནག་ པོ་བཞིན་མི་སྡུག་གི་བུ་མོ་བཞི་དང་། དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མ་ཆེན་མོ་ བཞི། དཀར་མོ་བཞིན་བཟང་མའི་བུ་མོ་སྨན་བཙུན་མ་ཆེན་མོ་བཞི་སྟེ། བོད་ཁམས་སྐྱོང་བའི་ བསྟན་མ་བཅུ་གཉིས། འཁོར་ཞིང་གི་རྡུལ་རྙེད་དང་བཅས་པ། སྒྲུབ་པ་པོའི་སྡོང་གྲོགས་དང་། གཏོར་མ་བཞེས་པའི་སླད་དུ་འདིར་གཤེགས་ཅིག ཛཿཧཱུཾ་བཾ་ཧོཿ ཨེ་ཧ་ར་ལི་ཧྲིཾ་ཧྲིཾ། ཞེས་བོད་ 3-1-348 དོ། །བྷྱོཿ བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་ གཤེགས་ཚུར་གཤེགས་སྐྱོངས་མ་རྣམས། །འདིར་གཤེགས་དམ་བསྐོང་འཕྲིན་ལས་མཛོད། ། བདག་ཉིད་ཆེན་པོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོངས། །གསང་ བའི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །སྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ། །འགྲོགས་ ཆེན་ཀུན་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱེད་བཞི་ཡང་། །བྲན་གཡོག་ མང་པོའི་ཚོགས་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་མང་པོའི་ སྒྲ་དང་བཅས། །འདིར་གཤེགས་དམ་བསྐོང་འཕྲིན་ལས་མཛོད། །གངས་དཀར་ཤ་མེད་རྡོ་ རྗེ་དཔལ་ལྡན་དང་། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །སིལ་ཆེན་མཁའ་ལྡི ང་རྡོ་རྗེ་ ཀུན་ཏུ་བཟང་། །སྨ་རི་རབ་འབྱམས་རྡོ་རྗེ་སྒེག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང་། །འདྲེ། ཀོང་བཙུན་དེས་མོ་རྡོ་རྗེ་བོད་ཁམས་སྐྱོངས། །ཙན་ལ་ལྷ་རི་རྡོ་རྗེ་སྨན་གཅིག་མ། །གཡུ་ ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡའ་མོ་སིལ། །སྨན་བཙུན་ཆེན་མོ་ ཁྱེད་བཞི་ཡང་། །སློབ་དཔོན་པདྨ་ཐོད་འཕྲེང་རྩལ། །དགེ་བསྙེན་ལམ་ཀ་དཔལ་བརྩེགས་ ཀྱིས། །རྒྱ་ཡུལ་རྡོ་རྗེ་གདན་བཟངས་སུ། །ཞིང་ཆེན་འཁྲིགས་པའི་གདན་སྟེང་དུ། །རྣམ་ལྔ་ ཞིང་གི་མཆོག་བཀྲམ་ནས། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །རྣལ་འབྱོར་བསྒྲུབ་པའི་དམ་ལ་ བཏགས། །རྡོ་རྗེ་འཆང་གི་གྲལ་དུ་བཞག །ཐར་པ་ཐོབ་ཕྱིར་མིང་ཡང་བཏགས། །ཇི་ལྟར་ ཁས་བླངས་དམ་བཅས་བཞིན། །དམ་ཚིག་བཞིན་ལས་མ་འདའ་ཅིག །བོད་ཁམས་བསྲུངས་ ཤིང་བསྐྱང་བ་དང་། །སྒྲུབ་པ་པོ་ཡི་སྡོང་གྲོགས་མཛོད། །བཀའ་ཡི་གཏོར་མ་འདི་བཞེས་ལ། ། རྣལ་འབྱོར་བཅོལ་བའི་འཕྲིན་ལས་མཛོད། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ འཁོར་དང་བཅས་པའི་ཞལ་དུ་མ་ཧཱ་བ་ལིཾ་ཏ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཞེས་བསྟན་མ་བཅུ་གཉིས་ ལ་གཏོར་མ་ཕུལ་ནས། ནང་དུ་འོང་སྟེ། བཻ། སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་ 3-1-349 གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣས་ ། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་མཛོད། །བདག་ཅག་དཔོན་སློབ་ཡོན་ མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །བསམ་པའི་དོན་ རྣམས་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་མཛོད། །ཅེས་པའི་ བཀྲ་ཤིས་བརྗོད་ནས། སླར་ཡང་ཡི་དམ་ལ་མཆོད་ཅིང་བསྟོད། འདོད་པའི་དོན་ལ་གསོལ་བ་ གདབ། དངོས་གྲུབ་བླང་། ཡིག་བརྒྱས་ལྷག་ཆད་ཁ་བསྐངས། ནོངས་པ་བཟོད་པར་གསོལ། དགེ་བ་བསྔོས་ནས། རྟེན་མེད་ན་གཤེགས་གསོལ་བྱའོ། །དེ་ནས། ཕུན་སུམ་ཚོགས་པ་མངའ་ བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་དང་། བཅོམ་ལྡན་འདས་ཀྱི་སྤྱན་མངའ་རུ། །སྒྲུབ་ པ་མཛད་པའི་གང་ཟག་ལ། །བར་ཆད་བསྲུང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ཀྱི་ བཀྲ་ཤིས་ཤོག །གསེར་གྱི་མདོག་ཅན་ནོར་བུའི་མདོག །ཕོངས་པ་སྒྲོལ་མཛད་ཉི་མའི་རྗེ། །དབུལ་བའི་ཉེས་འཇོམས་ཆོས་སྐྱོང་ཆེ། །ནམ་མཁའ་མཛོད་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་ བཀྲ་ཤིས་རྒྱས་པར་བརྗོད་དོ། ། ཆོས་སྐྱོང་གི་གཏོར་དབང་བྱེད་ན། གཏོར་མ་རིན་པོ་ཆེའི་གཞལ་ཡས་ཁང་དུ་བསམ། དེའི་ནང་ན་ཆོས་སྐྱོང་འཁོར་བཅས་བཞུགས་པར་བསམ་ཞིང༌། སློབ་མ་མེ་ཏོག་འཐོར་དུ་ བཅུག་ལ། གཏོར་མ་མགོ་ཐོག་ཏུ་བཞག་སྟེ། བཀྲ་ཤིས་ཀྱི་ཚིགས་བཅད་མང་དུ་བརྗོད། ཆོས་སྐྱོང་གི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བར་བསམ་མོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ སྲས་མཆོད་པའི་ཆོ་ག་རིན་པོ་ཆེའི་གཏེར་ཞེས་བྱ་བ་འདི་ནི་རྒྱུད་རྡོ་རྗེ་ས་འོག་དང༌། སློབ་ དཔོན་འགྲོ་བཟང་སྙིང་པོས་མཛད་པའི་ཕྱག་རྡོར་གྱི་སྒྲུབ་ཐབས་དང༌། གཏོར་ཆོག་དང་། དེས་མཛད་པའི་ཆོས་སྐྱོང་གི་ཞི་བ་ནོར་བསྒྲུབ་དང༌། དྲག་པོ་མཐུ་སྒྲུབ་པའི་སྒྲུབ་ཐབས་དང་ གཉིས། ཁ་ཆེ་སྒོམ་པས་མཛད་པའི་གསང་བསྒྲུབ་ཀྱི་སྒྲུབ་ཐབས་དང༌། པཎྜི་ཏ་ཤྲི་བྷ་དྲས་ 3-1-350 མཛད་པའི་རྣམ་སྲས་རྟ་སྔོན་ཅན་གྱི་སྒྲུབ་ཐབས་དང༌། གསང་བ་གཤིན་རྗེ་ལྟར་བསྒྲུབ་པ་ལ། གཤིན་རྗེ་ཁྲམ་ཐོགས་ནག་པོའི་རྒྱུད་དང་། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་སྒྲུབ་ ཐབས་དང་། ཡང་གསང་མདུང་དམར་ཅན་ལ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་ པའི་སྒྲུབ་ཐབ་དང༌། གཞན་ཡང༌། ཟངས་དཀར་འཕགས་པ་ཤེས་རབ་དང༌། མཁན་ཆེན་ལྷོ་ བྲག་པ་དང༌། ཆོས་རྗེ་ཁུ་དབོན་ཡབ་སྲས་དང༌། བླ་མ་རྒྱ་སྟོན་ལ་སོགས་མཁས་གྲུབ་ཆེན་ པོ་རྣམས་ཀྱིས་གསུང་ཚད་མར་བྱས་ཏེ། དོན་དུ་གཉེར་བའི་སློབ་མ་དུ་མས་ཡང་ཡང་སྐུལ་ བའི་ངོར། འབྲུ་མང་པོའི་ལོ་ཆུ་སྟོད་ཀྱི་ཟླ་བའི་ཡར་གྱི་ངོའི་ཚེས་གསུམ་ལ་ཤཱཀྱའི་དགེ་སློང་ ཇོ་གདན་བསོད་ནམས་བཟང་པོས་སྦྱར་བ་འདིས་བསྟན་པ་དང༌སེམས་ཅན་མང་པོ་ལ་ཕན་ ཐོག་པར་གྱུར་ཅིག །མངྒ་ལཾ་ཤུབྷཾ། མ་ཡིག འབྲས་དཔེ་རྙིང་། ཕྱི་མཱྀ༡༧ པོ་ཏ་ལའི་དཔེ་རྙིང་། ཡང་འབྲས་དཔེ་རྙིང་ཕྱི་མཱྀ༡༧ བཅས་དཔེ་གསུམ་ལ་གཏུག་ཡོད། 3-1-351 ༄༅། །སངས་རྒྱས་ཀྱི་དུས་ཆེན་བཞི་དང་བརྒྱད་ཀྱི་ངོས་ འཛིན་སྙག་ཕུ་པས་མཛད་པའོ། ། ༄༅། །ན་མོ་མཉྫུ་གྷོ་ཥ་ཡ་བྷཻ ། འགྲོ་རྣམས་བསྒྲལ་ཕྱིར་དང་པོར་ཐུགས་བསྐྱེད་ནས། གྲངས་མེད་བསྐལ་པར་དཀའ་སྤྱད་ཁུར་བླངས་ཏེ། །བདག་སོགས་དོན་དུ་མངོན་པར་སངས་ རྒྱས་པའི། །ཐུབ་དབང་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །དེ་ཡི་དུས་མཆོད་ཆེན་པོ་བཞིར་ གྲགས་ཀྱང༌། །ལྷག་པར་བཀའ་དྲིན་གསོབ་པ་དང༌། །དུས་མཆོད་བརྒྱད་གསུང་འདིར་མཆོད་ བྱ། །དང་པོ་ཡར་ངོ་ཆོ་འཕྲུལ་ཆེ། །གཉིས་པའི་བཅོ་ལྔར་ལྷུམས་སུ་ཞུགས། །བཞི་པའི་བཅོ་ ལྔར་མངོན་བྱང་ཆུབ། །དྲུག་པའི་ཚེས་བཞིར་ཆོས་འཁོར་བསྐོར། །བརྒྱད་པའི་བཅོ་ལྔར་ལྷ་ ལས་བབས། །དགུ་པའི་ཚེས་བཞི་ཆོ་འཕྲུལ་ཆུང༌། །བཅུ་པའི་ཚེས་བརྒྱད་མྱ་ངན་འདས། །བཅུ་གཉིས་ཉ་ལ་སྐུ་བལྟམས་སོ། །དགེ་བ་ཅི་བསགས་ས་ཡའི་འགྱུར། །དུས་མཆོད་བརྒྱད་ བཤད་རྒྱལ་བའི་སྐུ་ཐོབ་ཤོག། །། ༈ ན་མོ་བུདྡྷ་བུ་དྷི་སཏྭ་བྷཻ། བྱང་ཆུབ་ཡན་ལག་རིན་ཆེན་བདུན་གྱིས་འཁོར། །མཚན་ དཔེས་རབ་འབར་མི་འཇིགས་དཔུང་ཚོགས་བཞི། །གདུལ་བྱ་གླིང་བཞི་འདུལ་བར་མཛད་ པ་ཡི། །ཐུབ་དབང་འཁོར་ལོས་སྒྱུར་ལ་ཕྱག་འཚལ་ལོ། །ཐུབ་པ་ཆེན་པོའི་བསྟན་པ་འདས་ པ་དང༌། །མ་འོངས་པ་དང་ཇི་སྲིད་གནས་ཚད་དང༌། །རྒྱལ་བའི་དུས་མཆོད་ཆེན་པོ་བཞི་པོ་ཡི། །དུས་ཚིགས་རྣམ་དག་མདོར་བསྡུས་བྲི་བར་བྱ། །སྟོན་པ་ཆོས་ཀྱི་སྒྲོན་མེ་འདས་པའི་རྗེས། །བསྟན་པ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལ། །དང་པོ་ཤིང་ཕོ་ཁྱི་ལོ་ཡན་ཆོད་ལ། ཁ་ཆེ་ 3-1-352 པཎ་ཆེན་སོགས་ཀྱིས་རྗེས་འབྲངས་རྣམས། །ཆིག་སྟོང་དགུ་བརྒྱ་སོ་བདུན་སྔར་འདས་ནས། །སུམ་སྟོང་དྲུག་ཅུ་རྩ་གསུམ་ལྷག་པར་འདོད། །ཇོ་བོ་ཆེན་པོའི་རྗེས་སུ་འབྲངས་པ་རྣམས། །སུམ་སྟོང་ལྔ་བརྒྱ་སུམ་བཅུ་སྔར་འདས་ནས། །ཆིག་སྟོང་བཞི་བརྒྱ་བདུན་བཅུ་ལྷག་པར་ འདོད། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྗེས་འབྲངས་རྣམས། །ཉིས་སྟོང་ཉིས་བརྒྱ་ཉེར་ བརྒྱད་སྔར་འདས་ནས། །ཉིས་སྟོང་བདུན་བརྒྱ་དོན་གཉིས་ལྷག་པར་འདོད། །བསྟན་པའི་ བདག་པོ་དཔལ་ལྡན་ས་སྐྱ་པའི། །རྗེས་སུ་འབྲངས་ཏེ་ལེགས་པར་བརྩི་བ་ནི། །མེ་མོ་ཡོས་ ལ་རྒྱལ་བ་ལྷུམས་སུ་ཞུགས། །ས་ཕོ་འབྲུག་ལ་ལུམ་བིའི་ཚལ་དུ་བལྟམས། །ཆུ་ཕོ་སྟག་ལ་ མངོན་པར་སངས་རྒྱས་ནས། །བརྒྱད་ཅུ་བཞེས་ཚེ་མེ་མོ་ཕག་ལོ་ཡི། །དཔྱིད་ཟླའི་ཉའམ་སྟོན་ ཟླའི་ཚེས་བརྒྱད་ལ། །ཐུབ་དབང་མྱ་ངན་འདའ་ཚུལ་བསྟན་པ་ནས། །འབྲས་བུའི་དུས་ཀྱི་ ལྔ་བརྒྱ་ཕྲག་གསུམ་དང༌། །མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་དང༌། །མདོ་སྡེའི་ལུགས་ ཀྱི་ཉི་ཤུ་རྩ་བདུན་ཏེ། །མདོར་ན་སྔོན་ཆད་ཐུབ་པའི་བསྟན་པ་ལོ། །སུམ་སྟོང་ལྔ་བརྒྱ་དང་ ནི་ཉེར་བདུན་འདས། །མདོ་སྡེའི་བཞི་བརྒྱ་བདུན་ཅུ་རྩ་གསུམ་དང༌། །འདུལ་བའི་དུས་ཀྱི་ ལྔ་བརྒྱ་ཕྲག་གཅིག་དང༌། །རྟགས་ཙམ་འཛིན་པ་ལྔ་བརྒྱ་ཕྲག་གཅིག་སྟེ། །ལོ་གྲངས་སྟོང་ དང་བཞི་བརྒྱ་དོན་གསུམ་ནི། །མ་འོངས་བསྟན་པའི་ལྷག་མར་གནས་པ་ལ། །རྒྱལ་བ་དེ་ཡི་ དུས་མཆོད་བཞི་ཡི་དུས། །རྟ་ཟླ་ཞེས་གྲགས་ཧོར་ཟླ་དང་པོ་ཡི། །ཚེས་པ་གཅིག་ནས་བཅོ་ ལྔའི་བར་དག་ཏུ། །ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཡོད་པར་གསུངས། །ས་ག་ཞེས་གྲགས་ ཧོར་ཟླ་བཞི་པ་ཡི། །དཀར་པོའི་ཕྱོགས་ཀྱིས་ཚེས་པ་བཅོ་ལྔ་ལ། །ཐུབ་དབང་བལྟམས་དང་ མངོན་པར་བྱང་ཆུབ་དང༌། །མྱ་ངན་འདས་པའི་དུས་མཆོད་ཡོད་པར་གསུངས། །ཆུ་སྟོད་ཞེས་ བྱ་ཧོར་ཟླ་དྲུག་པ་ཡི། །དཀར་པོའི་ཕྱོགས་ཀྱིས་ཚེས་པ་བཞི་དག་ལ། །རྒྱལ་བས་ཆོས་འཁོར་ བསྐོར་བའི་དུས་མཆོད་ཡོད། །དབྱུག་པ་ཞེས་གྲགས་ཧོར་ཟླ་དགུ་པ་ཡི། །དཀར་པོའི་ཕྱོགས་ 3-1-353 ཀྱིས་ཚེས་པ་བཅོ་ལྔ་ལ། །ལྷ་ལས་བབས་པའི་དུས་མཆོད་ཡོད་པར་གསུངས། །དེ་ལྟར་དུས་ མཆོད་ཆེན་པོ་བཞི་ཡི་དུས། །དགེ་བའི་རྩ་བ་ཇི་སྙེད་བགྱིས་པ་ཀུན། །ས་ཡ་ཕྲག་བརྒྱའི་ འགྱུར་དུ་རྒྱལ་བས་གསུངས། །དེའང་ཞིབ་པར་རྩིས་ནས་དེ་ཡི་ཚེ། །ནས་ཕུལ་གང་དག་ལྷག་ བསམ་རྣམ་དག་གིས། །གཞན་ལ་སྦྱིན་པར་བཏང་ཏེ་ཕུལ་ན་ནི། །ས་ཡ་ཕྲག་བརྒྱ་སྦྱིན་པར་ འགྱུར་བའི་ཕྱིར། ཁལ་ནི་འབུམ་ཕྲག་བརྒྱ་དང་སུམ་ཁྲི་དང༌། །སུམ་སྟོང་སུམ་བརྒྱ་སུམ་ཅུ་རྩ་ གསུམ་དང༌། །བྲེ་དྲུག་ཕུལ་བཞི་སྦྱིན་པའི་སྦྱིན་པར་འགྱུར། །ཉི་མ་གཟས་བཟུང་ཚེ་ན་དགེ་ བའི་ལས། །གང་བགྱིས་བྱེ་བ་ཕྲག་ནི་འབུམ་འགྱུར་ཏེ། །ཟླ་བ་བྱེ་བ་བདུན་འགྱུར་ཡིན་པར་ གསུངས། །དུས་བཟང་ཕལ་གྱི་དགེ་བ་བརྒྱ་འགྱུར་རོ། །དེས་ན་དགེ་བའི་ས་བོན་ཅུང་ཟད་ ལས། །ཐར་པའི་མྱུ་གུ་མཐའ་མེད་འཕེལ་བའི་དུས། །དེ་ཚེ་རྣམ་པར་དཀར་བའི་དགེ་བ་ལ། །འབད་པ་མཛོད་ཅེས་དགེ་བའི་བསྐུལ་མར་སྨྲས། །དགེ་སློང་སྟན་གཅིག་བརྟུལ་ཞུགས་ལ་ གནས་པ། །བསོད་ནམས་བཟང་པོའི་བློ་གྲོས་ཆུ་གཏེར་ལས། །བྱུང་པའི་དགེ་ལེགས་རི་བོང་ འཛིན་པ་འདི། །འགྲོ་བློ འི་གཏི་མུག་རབ་རིབ་སེལ་བར་ཤོག །གོང་གི་ཕུལ་གང་པོ་འདི། ཁལ་ལྔ་མའི་ཐང་གི་ཞོར་དྲིལ་བས། ཞོ་འབུམ་ཚོ་གཅིག །ཁྲི་ཚོ་དྲུག་སྟོང་དྲུག་བརྒྱ་དྲུག་བཅུ་ རེ་དྲུག །ཁལ་གསུམ་ཡོང༌། ཞོ་སྲང་དུ་དྲིལ་བས། སྲང་ཁྲི་ཚོ་གཉིས། བརྒྱད་བརྒྱ་སུམ་ཅུ་སོ་ གསུམ། ཞོ་དོ་ཡོང༌། སྲང་འདི་ལ། དངུལ་བྲེ་རེ་རེ་ལ་ཞོ་ལྔ་བཅུ་མ་བྱས་པའི་དངུལ་བྲེ་སུམ་ སྟོང་སུམ་བརྒྱ་སུམ་ཅུ་སོ་གསུམ་དང་སྲང་དོ་ཡོང་ངོ༌།། །། (མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་མ༩༨) 3-1-354 ༄༅། །སྙན་ངག་གི་བསྟན་བཅོས་དགེ་ལེགས་ ཀུན་འབྱུང་བཞུགས། ༄༅། །བཅོམ་ལྡན་འདས་མ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གསང་སྔགས་རྒྱ་ མཚོའི་ནང་ནས་བཅུད་ཕྱུང་སྟེ། །ཟབ་དོན་བདུད་རྩི་འདི་ནི་འཆི་མེད་བརྗོད། །གང་གི་མཉེས་ པ་རྡོ་རྗེ་འཛིན་པའི་གཙོ། །སྙན་གྲགས་རྒྱལ་མཚན་འཕྱར་བ་གང་གི་དཔལ། །རྩེ་གཅིག་ཟོལ་ མེད་བློ་ཡིས་གསོལ་བ་འདེབས། །ཚེ་འདིའི་ལོངས་སྤྱོད་དུག་ལྔའི་སྦྲང་རྩི་ལ། །ལྷག་པར་ཞེན་ པས་བདེ་ཆེན་རོ་མི་མྱོང༌། །མི་རྟག་འཆི་བ་སོམས་དང་རྐང་དྲུག་ཚོ། །སྙིང་ནས་འཆི་བ་དྲན་པར་ བྱིན་གྱིས་རློབས། །བློ་གྲོས་ཆོས་ཀྱིས་ཚིམ་པར་བྱིན་གྱིས་རློབས། །ཁམས་གསུམ་འཁོར་ བའི་ཕུན་ཚོགས་མཐར་ཕྱིན་པའི། །འཇིག་རྟེན་མེས་པོ་བརྒྱ་བྱིན་འཁོར་ལོའི་བདག། །གང་ གི་དཔལ་འབྱོར་ཉམས་ཤིང་སྡུག་བསྔལ་སྤྱོད། །འཁོར་བའི་ཉེས་དམིགས་དྲན་པར་བྱིན་ གྱིས་རློབས། །ཐར་པའི་ལམ་མཆོག་བསྙེགས་པར་བྱིན་གྱིས་རློབས། །རང་དོན་འབའ་ཞིག་ སྒྲུབ་པའི་དགྲ་བཅོམ་ཡང༌། །ཀུན་རྫོབ་དོན་དམ་སེམས་དང་མི་ལྡན་པས། །ཐེག་ཆེན་ལམ་ ཡང་བགྲོད་པར་ག་ལ་ནུས། །བྱང་ཆུབ་སེམས་མཆོག་འབྱོང་པར་བྱིན་གྱིས་རློབས། །བདག་ ཏུ་འཛིན་པ་ལོག་པར་བྱིན་གྱིས་རློབས། །རྟག་ཆད་མཚན་མར་འཛིན་པའི་ལྟ་བ་དེས། །རྡོ་ རྗེ་ཐེག་པའི་གོ་འཕང་རྙེད་མི་ནུས། །སྒྱུ་ལུས་རྨི་ལམ་སྦྱོངས་དང་རིགས་ལྡན་ཚོ། །ཆོས་ཉིད་ མངོན་སུམ་མཐོང་བར་བྱིན་གྱིས་རློབས། །འཁྲུལ་པ་ཡེ་ཤེས་ཆེན་པོར་བྱིན་གྱིས་རློབས། །མ་བཅོས་གཉུག་མ་སེམས་ཀྱི་བཞུགས་ཚུལ་ཏེ། །ཐ་སྙད་ཚིག་གི་རི་མོས་མཚོན་པ་མེད། 3-1-355 །མན་ངག་གནད་དུ་བསྣུན་དང་སྐལ་ལྡན་ཀུན། །གདོད་ནས་སྐྱེ་མེད་རྟོགས་པར་བྱིན་གྱིས་ རློབས། །མཐོང་མེད་སེམས་ངོ་འཕྲོད་པར་བྱིན་གྱིས་རློབས། །ནམ་མཁའི་མཐའ་ཀླས་གྱུར་ པའི་སེམས་ཅན་རྣམས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །སྐྱོ་ངལ་མེད་ པར་མྱུར་དུ་བསྒྲལ་འདོད་པས། །བྱམས་དང་སྙིང་རྗེ་འབྱོང་པར་བྱིན་གྱིས་རློབས། །ཚོགས་ གཉིས་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའི་ཚིགས་སུ་བཅད་པ་འདི་ནི། ཡོས་བུའི་ ལོ་ཟླ་བ་བརྒྱད་པའི་ཚེས་བཅུའི་སྔ་དྲོ། ཉི་མའི་བརྒྱད་ཆ་ཤར་བའི་ཚེ། གཟད་བདེ་བ་ཅན་ གྱི་དབེན་གནས་འོད་གསལ་སྦུག་ཏུ་མང་དུ་ཐོས་པའི་བྱ་བྲལ་བ་དད་པ་ལ་ནོར་དུ་བྱེད་པའི་ བསོད་ནམས་བཟང་པོས་དགེ་བའི་སེམས་ཀྱིས་སྦྱར་བའོ། །བཀྲ་ཤིས་སོ།། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག གང་གི་དཔལ་མོའི་སྐུ་གསུང་ཐུགས་ལ་ནི། །གང་ ཞིག་གུས་པའི་ཡིད་ཀྱིས་ཉེར་མཆོད་ནས། །གང་ལ་རབ་ཡངས་མཁྱེན་པ་སྩོལ་མཛད་པའི། །གང་སྐུ་མཛེས་པ་འཕྲོ་ལ་ཕྱག་འཚལ་ནས། །རང་བཞིན་འཕགས་ཡུལ་མཁས་པའི་བཤེས་ གཉེན་ལ། །གསང་བ་ཚིག་འདི་སྙིང་གི་གཏམ་དུ་ཆེ། །རེ་ཞིག་བཞེད་པའི་དོན་ལ་གནོད་ སྲིད་ཀྱང༌། །ཐེག་མཆོག་ལམ་བཟང་བསྒྲུབ་རྣམས་དགོངས་འཚལ་ལོ། །ལེགས་བཤད་མི་ ཟད་ཆུ་གཏེར་བསྡུད་པའི་གནས། །མཁས་མང་ཡིད་བཞིན་ནོར་བུའི་ཕྲེང་བའི་མཛོད། །བློ་ གསལ་པད་དཀར་འདྲ་བས་རྣམ་མཛེས་ཤིང༌། །ཡོངས་འཛིན་མཁས་པའི་དེད་དཔོན་འདུ་ བྱེད་པའི། །ཆོས་གྲྭ་ཆེན་པོའི་ཆོས་ཀྱི་རྒྱ་མཚོའི་དབུས། །རབ་གནས་ལང་ཚོའི་གསེར་མིག་ ལྡན་པ་ཡི། །གཞོན་ནུ་གཤོག་དྲུག་རྒྱས་རྣམས་འདི་ལྟར་གསོན། །ཐུབ་བསྟན་གངས་རིའི་ཆུ་ རྒྱུན་སྙེག་བྱེད་ཅིང༌། །ལེགས་བཤད་གསེར་གྱི་མིག་འབྲས་གཡོ་མཛད་ལ། །ལུང་རིགས་ གཤོག་པ་ཀུན་ནས་སྐྱོང་བྱེད་པའི། །སྐྱེས་བུ་དེ་ནི་སྡེ་སྣོད་ཆུ་མཚོས་བརྒྱན། །ཚུལ་ཁྲིམས་ གསེར་མིག་གྲོང་པའི་འདམ་མ་གོས། །རྒྱ་ཆེན་ཐོས་པའི་ཆུ་གཏེར་མི་གནས་པར། །སོས་དལ་ 3-1-356 སྐྱིད་ཆོས་རྫིང་བུར་གནས་བྱེད་པ། །དོན་ཆུང་འབྲིང་པོར་གནས་པའི་བཤེས་གཉེན་ཡིན། །གསུང་རབ་པད་མཚོ་མཁས་པའི་ལེགས་བཤད་སྤངས། །གྲོགས་ངན་སྲེད་པའི་འདམ་གྱི་རོ་ ལ་ཆགས། །ཐུབ་བསྟན་ནོར་བུའི་མཛོད་དེར་མི་འཇུག་པར། །དུག་གསུམ་རྒྱ་མཚོར་སྤྱོད་པ་ ཐ་མ་ཡིན། །ཤེས་ལྡན་རྣམས་ཀྱང་འདི་ལྟར་གསན་པར་རིགས། །ངེས་པར་འབྱུང་བའི་ཚུལ་ ཁྲིམས་མཁན་སློབ་ཀྱི། །སྤྱན་སྔར་ལེགས་པར་བཟུང་ནས་མིག་འབྲས་བཞིན། །གཅེས་པར་ འཛིན་ཞེས་དམ་བཅའ་བགྱིས་ནའང༌། །ཉོན་མོངས་ལྷ་ལམ་དྲན་པའི་སྤྲིན་བྲལ་ལ། །ཕམ་ པའི་རྟ་བདུན་ཉེས་བྱས་སྣང་བ་རྒྱས། །གཉིས་སྐྱེས་གཞོན་ནུའི་བཞོན་པས་རབ་སྐུལ་ནས། །ཚུལ་མིན་དྲི་ལྡན་འདབ་སྟོང་རྒྱས་པར་བྱེད། །རྨོངས་པའི་གཏམ་གྱི་ཟློས་གར་རྣམ་རོལ་ལ། །ངོ་མཚར་དོན་གྱི་ཚུལ་ཁྲིམས་མིག་བསླད་ནས། །ཚེ་ལྡན་གཞོན་ནུའི་མུན་པ་ཆེན་པོ་འཇུག །དེ་བས་འཇིག་རྟེན་ཚུལ་ལུགས་རྟེན་ན་ལེགས། །ཐུབ་བསྟན་འདི་ལ་སྔོན་དང་ཕྱི་མཐའ་རུ། །བྱུང་པའི་ཚུལ་ལ་འདི་ལས་གནོད་པ་མེད། །ཆོས་ཚུལ་ཟབ་མོ་འདི་ནའང་སྨོད་པའི་གནས། །འཇིག་རྟེན་ཉོན་མོངས་དབང་དུ་སོང་རྣམས་ཀྱང༌། །ཚུལ་ལུགས་འདི་ལ་ཁྲེལ་བའི་གནས་སུ་ འཛིན། །ལེགས་པར་བསམ་ན་ཡིད་ཀྱི་གདུང་བ་འཕེལ། །བཤེས་གཉེན་རྣམས་ཀྱང་ཚུལ་ འདི་སེམས་མཛོད་ཅིག །མཁས་པའི་བྱ་བ་ཐོས་ཤིང་རྩོད་པ་དང༌། །སེམས་ཤིང་གཞན་ལ་ ལེགས་པར་སྒྲོག་པ་ལ། །བར་དུ་གཅོད་ཅིང་མི་སྙན་གྲགས་པ་འཕེལ། །གཞོན་ནུའི་ལུགས་ འདི་བསྟན་པའི་དགྲ་བོ་ཡིན། །བཙུན་པའི་བྱ་བ་ཚུལ་ལྡན་ལྟུང་པ་མེད། །གཞན་གྱི་མཁན་ སོགས་གསུམ་ལ་བརྩོན་བྱེད་ཅིང༌། །གནས་སྐབས་ལྷ་མི་མཐར་ཐུག་བྱང་ཆེན་ལ། །སྒྲིབ་བྱེད་ གཞོན་ནུ་འདི་དག་ཆོམ་རྐུན་ཡིན། །བཟང་པོའི་བྱ་བ་འགྲོ་ལ་སྙིང་རྗེས་ཁྱབ། །ལུས་ཀྱང་ གཏོང་ཞིང་ལོག་པར་འཚེ་བའང་བཟོད། །གཞན་དོན་འགྱུར་ན་དམྱལ་བར་འཇུག་ངེས་ལ། །སྒྲིབ་བྱེད་གཞོན་ནུ་འདི་ནི་བསྟན་པའི་དགྲ། ། གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ 3-1-357 དུ། །དབང་བཞི་རྫོགས་པར་ཐོབ་པའི་དམ་ཚིག་སྤུན། །རྩོད་ཅིང་བཟོད་དཀའི་གཡང་སར་ ལྟུང་བྱེད་པའི། །གཞོན་ནུ་འདི་ནི་བསྟན་པའི་དགྲ་བོ་ཡིན། །ཇ་སོགས་འདོད་ཡོན་ཀུན་ལ་ ཐུན་མོང་སྤྱོད། །རང་གཞན་གསང་པའི་གཏམ་རྣམས་ཀུན་སྨྲ་ཞིང༌། །ཚེ་སྲོག་སྣ་ཡིས་སྦྲེལ་ བའི་སྙིང་གྲོགས་ཀྱང༌། །འབྲེལ་བྱེད་གཞོན་ནུ་འདི་དག་འབྱུང་པོ་ཡིན། །སྔོན་དུ་བཞིན་རས་ གསལ་བར་སྟོན་པ་དང༌། །ངང་དཀར་སོ་ཡི་འཕྲེང་བས་རབ་བསླུས་ཤིང༌། །མིག་གི་ཞགས་ པས་ཀུན་ཏུ་འཆིང་བྱེད་ནའང༌། །ལྐོག་གྱུར་གྲོགས་གཞན་བརྟེན་པར་གྱུར་པའི་ཚེ། །ལུས་ཀྱི་ གཡོ་འགུལ་ངག་གི་སྨྲ་བརྗོད་སོགས། །ཀུན་ཏུ་རྟོག་པའི་རྒྱུ་བ་འདི་འདྲ་ཞེས། །གཞི་མེད་སྔོན་ གྲོགས་དེ་དག་གསོན་པོར་གསོད། །གཞོན་ནུའི་གྲོགས་འདི་བསྟན་པའི་དགྲ་བོ་ཡིན། །ཕན་ པར་བསྒྲུབ་པ་ཆགས་པའི་སེམས་སུ་ལྟ། །སྙན་པར་སྨྲས་པ་འདོད་པའི་ཚིག་ཏུ་འཛིན། །རང་ ལ་དགོས་ན་བླ་མའི་མགོ་ཡང་གཅོད། །གཞོན་ནུའི་གྲོགས་འདི་རང་ཉིད་བདུད་ཀྱིས་བསླུས། ། ཚེ་འདིར་མི་སྙན་གྲགས་པས་ཕྱོགས་ཀུན་ཁྱབ། །ཡོངས་སུ་འཛིན་པ་རྣམས་ཀྱང་ཐུགས་ ཀྱིས་ཁྲེལ། །ཐ་མར་དགྲ་བོར་བལྟས་ནས་ངན་སོང་འགྲོ། །གཞོན་ནུའི་གགྲོ ས་འདི་དམྱལ་ བའི་གཏིང་རྡོ་ཡིན། །དང་པོར་མཐུན་པར་འགྲོགས་ཀྱང་མཐར་མི་འཁྱོལ། །བར་དུ་གཅེས་ པར་བཟུང་ཀྱང་དགྲ་རུ་ལྟ། །ཐ་མར་ཕན་ཚུན་སོ་སོར་སྨོད་བྱེད་པའི། །གཞོན་ནུའི་འགྲོགས་ ལུགས་འདི་དག་ཀུན་གྱིས་སྤོངས། །ཐུབ་བསྟན་གཅེས་པར་འཛིན་པའི་མིག་འབྲས་ལྡན། །འགྱུར་མེད་དགའ་བའི་གསེར་གྱི་བཞིན་རས་ཅན། །ཤེས་རབ་ཚེམས་དཀར་དད་པའི་ མདངས་གསལ་བའི། ། བཤེས་གཉེན་དེ་དག་སྙིང་གི་གྲོགས་སུ་བསྟེན། །མཁྱེན་པའི་ དཔལ་འབྱོར་ལེགས་བཤད་ཚ་ཟེར་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །བློ་གསལ་པད་མོའི་སྐྱེད་ཚལ་རྒྱས་བྱེད་པ། །མཚུངས་མེད་སྨྲ་བའི་ཉི་མས་བདག་སྐྱོངས་ ཤིག །ཅེས་པ་འདི་ནི་གསང་ནེའུ་ཐོག་པ་སངས་རྒྱས་ཆོས་སྐྱོང་གི་དབོན་པོ་ཤེས་བྱ་གཅིག་མ་ 3-1-358 གཏོགས་པ་ཡུལ་གང་ལ་ཡང་རྣམ་ཤེས་གཡོ་བ་མེད། མགྲིན་བཟང་ཀྱི་མཚན་མ་དང་ལྡན་པ་ དུག་བྱའི་ཆུ་སངས་རྒྱས་དཔལ་ལྡན་གྱི་སྐུལ་བའི་ངོར། མང་དུ་ཐོས་པ་སྙན་ངག་མཁན་རྒྱལ་ ཁམས་པ་ཐེག་པ་མཆོག་གི་ཉམས་ལེན་ལ་གནས་པའི་རྣལ་འབྱོར་པ་བསོད་ནམས་བཟང་ པོས་སྦྱར་བའོ། །དགེ་ལེགས་འཕེལ་བར་གྱུར་ཅིག ། ༄༅། །ཟློས་གར་གྱི་བསྟན་བཅོས་ཟབ་ཡངས་གསལ་བ་ ཞེས་བྱ་བཞུགས་སོ།། ༀ་བདེ་ལེགས་སུ་གྱུར་ཅིག གང་ཞིག་རྒྱལ་བ་རྣམས་ཀྱི་ཕྱག་བྱའི་གནས། ། མཚན་དཔེའི་མེ་ཏོག་ཕྲེང་བ་འཛིན་མཛད་ཅིང༌། །མཁྱེན་བརྩེའི་དྲི་བསུང་གཡོས་པའི་དཔལ་ མོ་དགྱེས། །འཕྲིན་ལས་ཟེ་འབྲུ་རྒྱས་པ་དེ་ལ་འདུད། །འཇིག་ཚོགས་ལྟ་བའི་གངས་རི་ལས་ འོངས་ཤིང༌། །རྣམ་གསུམ་སྡུག་བསྔལ་ཆུ་ཆེན་བཞི་ཡིས་གང༌། །མ་རིག་ཆུ་སྲིན་ཆེ་དེ་རྒྱུ་བའི་ ས། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་ལགས། །མཚན་མེད་གྲུ་རྫིངས་ཕན་བདེའི་ དེད་དཔོན་ཅན། །སྙིང་རྗེའི་དར་ཆེན་རྣམ་དཀར་སྤྲིན་ཕུང་ལྟར། །བརྩོན་གང་རླུང་གིས་ བགྲོད་པའི་འགྲོས་ལྡན་ཞིང༌། །ཐེག་མཆོག་རིན་ཆེན་གླིང་དེར་ཕྱིན་འཚལ་ལོ། །མ་གྱུར་འགྲོ་ རྣམས་དམུས་ལོང་མིག་ལྡན་གྱི། །ས་མཁན་སྐྱེས་བུ་དམ་པ་མེད་པར་ནི། །འཁོར་བའི་གཡང་ ས་ཉམ་ངར་འཇུག་པ་ལ། །རེ་གནས་མཆོག་དེ་བུ་ལས་གཞན་རྣམས་སུ། །ཇི་ལྟ་ཇི་སྙེད་ མངོན་སུམ་གཟིགས་པ་ཅན། །གང་གིས་འཁོར་བ་ཇི་སྲིད་གནས་ཀྱི་བར། །རྒྱུན་ཆད་མེད་ པར་ཞི་བའི་ལམ་སྟོན་པའི། །མཉམ་མེད་སྟོན་པ་དེ་ཡིས་འགྲོ་སྐྱོངས་ཤིག །ཅེས་དེ་ལྟར། བདག་ཅག་འཁོར་བའི་ཉེས་དམིགས། ཐར་པའི་ཕན་ཡོན། ཐུབ་པ་རིན་པོ་ཆེའི་བཀའ་དྲིན་ དྲན་བཞིན་དུ། ངོ་མཚར་རྨད་དུ་བྱུང་བའི་ཡུལ་ལྗོངས་ཆེན་པོ། བཟད་མོ་དུང་ལོའི་བཤོང་ 3-1-359 ཞེས་བྱ་བ། ཡུལ་དེའི་སྟོད་ཀྱི་ཆ་ཐམས་ཅད་ནི་པད་མའི་འདབ་མ་ཁ་དུས་སུ་ཕྱེ་བ་ལྟ་བུར་ ཡངས་པ། ལུང་བྲན་རེ་རེའི་ནང་ནང་ནས་ཆུ་བྲན་མུ་ཏིག་གི་ཕྲེང་པ་ལྟར་འབབ་པ་བརྒྱ་ཕྲག་ གིས་གང་བ། དེར་གནས་པའི་ལྗོན་པ་ཀུན་ཀྱང་ཨིནྟྲ་ནི་ལའི་སྤྲིན་ཕུང་འཁྲིགས་པ་ལྟར་ ཉམས་བྱེད་པ། དེའི་རྩེར་འཁོད་པའི་འདབ་ཆགས་གཞོན་ནུ་ཀུན་ཀྱང་ཀ་ལ་པིང་ཀའི་སྐད་ སྙན་པ་མགྲིན་པར་སྒྲོག་ཅིང་གླུ་དབྱངས་སུ་ལེན་པ་ཉིན་མཚན་གྱི་ཐུན་ཚོད་བཞིན་དུ་སྨྲ་བར་ བྱེད་དོ། །ཟློས་གར་དང༌། རྩེད་འཇོ་ལ་མཁས་པ། སྤོང་པ་རྣམས་ཀྱི་ཏིང་ངེ་འཛིན་རིང་དུ་ དོར་བ་ལྟ་བུར་གནས་པ། སྒྲོ་ཆེན་སྒྲོ་ཆུང་ཐམས་ཅད་ཀྱང་འཇའ་ཚོན་ལུས་ལ་གྱོན་པ་ལྟར་ བཀྲ་བ་རྣམས། ཕན་ཚུན་དུ་བདེ་བར་འཁོད་ཅིང༌། དགེ་བ་བཅུའི་གཏམ་ངོ་མཚར་བ་མང་དུ་ སྤྲིང་ངོ༌། །རི་དྭགས་ཕོ་མོ་རྣམས་ཀྱང་ལྗོན་པའི་བསིལ་གཡབ་ལ་འཇིགས་པ་མེད་པའི་ངང་ ཚུལ་འཛིན་ཅིང༌། ཕན་ཚུན་གཅིག་གིས་གཅིག་སྲུང་པ་ལྟ་བུར་བདེ་བ་འབའ་ཞིག་གིས་གནས་ པ། དེ་དག་ཀྱང༌ལ་ལ་ནི་ཁ་དོག་གསེར་གཙོ་སྦྱངས་བགྱིས་པ་འདྲ་བ། འགའ་ཞིག་ནི་དངུལ་ དཀར་གྱི་མེ་ལོང་གཡའ་དག་པ་འདྲ་བ། ལ་ལ་ནི་བཻཌཱུརྱའི་བུམ་པའི་ཁ་དོག་འདྲ་བ། ལ་ལ་ ནི་པདྨ་རཱ་གའི་ལྷུན་པོ་བས་ཁ་དོག་ཆེས་གསལ་བ། གཟུགས་མཛེས་པ། ཡིད་དུ་འཐད་པ། སྤུ་ཐམས་ཅད་ཀྱང་དགེ་བའི་སྟོབས་ཀྱིས་གཡས་སུ་འཁྱིལ་བ་ཤ་སྟག་སྟེ། ཀུན་གྱིས་དེས་ པའི་ངང་ཚུལ་འཛིན་ཅིང༌། དལ་འབྱོར་རྙེད་དཀའ་བའི་འབྲེལ་བའི་གཏམ་ཡང་གླེང་ངོ༌། །ལྟེང་ཀ་ཆེ་ཆུང་རྣམས་ཀྱང་འོ་མ་དང༌། བུ་རམ་དང་ཆང་དང༌། མར་གྱི་ཁུ་བས་གང་བ་འདྲ་བ། དེ་དག་གི་ནང་ན་ངང་བ་ཕོ་མོ་དང༌། དེའི་བུ་ཐུ་བོ་རྣམས་རེས་འགའ་ནི་མཁའ་ལ་འཕུར་བ་ ཉམས་བྱེད། རེ་འགའ་ནི་གཏིང་མཐའ་འཚོལ་བ་ཉམས་བྱེད་པར་གནས་སོ། །དེ་ན་བསམ་ གཏན་པ་རྣམས་ཀུན་ཏུ་སྤྱོད་པའི་ཏིང་ནས་རི་བོ་རིན་པོ་ཆེ་སྤུངས་པ་འདྲ་བ། ནོར་བུ་འབར་ བ་འདྲ་བ། གླེགས་བམ་བརྩེགས་པ་འདྲ་བ། ངོས་ཁུངས་དང་བཅས་པ་རྣམས་ན་བསམ་ 3-1-360 གཏན་པ་རྣམས་མིག་གཡོ་བ་མེད་པར་དཀྱིལ་མོ་ཀྲུང་གིས་འཁོད་པ་ཤ་སྟག་གོ །དེའི་ལྗོན་ པའི་ཆ་ཤས་འགའ་ཞིག་གིས། གྲོང་ཁྱེར་བརྒྱ་ཕྲག་བཞི་བཅུ་ཙམ་གྱི་གྲང་བའི་གདུང་བ་སེལ་ ཞིང༌། དེ་ལས་བྱུང་བའི་སྣང་བས་མུན་པ་ཆེན་པོ་ཡང་འཇོམས་པར་བྱེད་དོ། །ཡུལ་དེའི་སྨད་ ནི་ཤེལ་གྱི་རིའོ། །འོད་འཚེར་བས་ཀུན་ནས་སྐོར་ཞིང༌། རི་ཕྲན་རྣམས་ཀྱང་མུ་ཏིག་གི་གླང་པོ་ ཁྱིམ་དུ་འཇུག་པ་འདྲ་བ་དང༌། དར་དཀར་པོའི་ཡོལ་བས་བྲིས་པ་འདྲ་བ་དང༌། གངས་ཀྱི་ སེང་གེ་མཁའ་ལ་སྙེག་པ་འདྲ་བས་གང་ཞིང༌། རི་བོ་རྒྱུད་དུ་མ་འབྲེལ་བ་སྣུམ་ཞིང་ཟླུམ་པ་ལྟོ་ བ་རྒྱས་པ། ཉ་བོ་ཆེ་ནོར་བུའི་མཛོད་དུ་འཇུག་པ་ལྟ་བུ་ཞིག་ནི། ཡུལ་དེའི་དཔལ་འབྱོར་ཕྱ་ གཡང་ཐམས་ཅད་གྲུབ་པ་ཞིག་གོ །གྲོང་ཁྱེར་རྣམས་ནི་འཁོར་ཡུག་ཏུ་བཙུན་མོ་རྒྱལ་པོ་ལ་ ཞེས་པ་འབུལ་བའི་ཚུལ་དུ་འཁོད་ལ། དེར་གནས་པའི་ཁྱིམ་བདག་ཀུན་ཀྱང་དགེ་མཚན་ དཔག་ཏུ་མེད་པས་འབྱོར་ཞིང༌། རྟ་དང་གླང་དང་དུད་འགྲོ་སྟོབས་ཆེ་བ་ས་ལ་རྩེ་བ་དང༌། དུད་ འགྲོ་རྐང་བྲན་གྱི་ཁྱུ་ལྔ་སྟོང་ཙམ་ལ་ལོངས་སྤྱོད་ཅིང༌། ལོངས་སྤྱད་དུ་འོས་པའི་རྩ་བ་དང༌། ལོ་མ་དང་ལྡོང་བུ་དང༌། གྱེལ་བ་ཀུན་ཀྱང་ཕན་ཚུན་འགྲན་པ་ལྟར་ཉམས་བྱེད་པ། འབྲས་བུ་ རྣམས་དུས་དུས་སུ་སྨིན་ཅིང༌། ཤིང་ཐོག་རོ་བརྒྱ་པས་གང་བ། འབྲས་བུའི་ཡུལ་ལྗོངས་དང་ ནའོ་ཆེ་རྣམས་ཁོར་ཡུག་ཏུ་རྒྱང་གྲགས་ཕྱེད་དང་བདུན་གྱིས་ཀྱང་འཁྱུད་པར་མི་ནུས་པ། ལྗོན་ པའི་ཕྲེང་བ་ཚར་དུ་དངར་པ། ཉི་མའི་འོད་ཀྱང་མི་སྣང་བར་བྱེད་པ་སྟེ། བལ་ཡུལ་སྐྱིད་པའི་ ལྗོངས་འཕོས་པ་འདྲ་བ། དེར་སྐྱེས་པའི། ཕོ་ཐམས་ཅད་ནི་ལུས་བོངས་ཆེ་བ། སྒྱུ་རྩལ་དྲུག་ཅུ་ ལ་མཁས་པ། འཕོངས་རྐྱེན་སྙིང་སྟོབས་ལྡན། རྒྱལ་པོའི་བློ་འཛིན་པར་འོས་པའི་རིགས་ཀྱང་ ངོ༌། །མོ་སྐྱེས་རྣམས། ལུས་མཛེས་སྐད་སྙན། མཛངས་མའི་ཡོན་ཏན་བཅུ་གཉིས་དང་ལྡན་པ། ཁྱད་པར་གླུ་གར་ལ་མཁས། རིགས་ཀྱང་མཐོ། རྒྱལ་པོའི་རྒྱུད་འཛིན་པར་འོས་པ། དད་པ་དང་ ལྡན་རང་གི་ཁྱིམ་ཟླའི་བསམ་པ་ཤེས་པ་འབའ་ཞིག་གོ །ཀུན་ཀྱང་སྦྱིན་པ་ལ་དཔའ་བ་རིགས་ 3-1-361 སད་པ་འབའ་ཞིག་གོ །གྲོང་དེའི་ཤར་ཕྱོགས་རི་བོ་ཤེལ་གྱི་རྒྱལ་མཚན་འདྲ་བའི་ལོགས་ ཞིག་ན། ཚངས་སྤྱོད་པའི་དབེན་གནས་སྤྱོད་ལམ་བཞི་བཤམ་གྱི་སྤྱིལ་པོ་བཅུ་ཕྲག་ལྔ་ཙམ་ ལ། དབུས་ན་འཕགས་པ་འཇིག་རྟེན་དབང་ཕྱུག་བཞུགས་པ་འཁོར་རྣམ་པ་བཞི་རྒྱུ་བ་བཞིན་ དུ་ཆོས་ཀྱི་སྦྱིན་པ་ལ་གནས་སོ། །དེའི་ཚེ་ལྗོན་པ་ཆུ་ཞེང་དུ་དཔག་ཚད་བཞི་ཁྲི་བཞི་ཁྲི་ཡོད་ པ། ཁ་དོག་ཨུཏྤལ་ལྟར་དྭངས་པ་ཡལ་ཆེན་ལྔ། དེ་ལས་གྱེས་པའི་ཡལ་ག་བཅོ་བརྒྱད། ལོ་མ་ ཉི་ཁྲི་གཅིག་སྟོང་འབྲས་བུ་དང་མེ་ཏོག་བཟང་པོ་སྲིད་ཞིའི་བར་སྩོལ་བ། དམ་པ་ཆོས་ཀྱི་སྒྲ་ རིག་གནས་ལྔར་སྒྲོག་པ། རྫི་ཕྱོགས་དང་རྫི་ཕྱོགས་མ་ཡིན་པར་སྙིང་རྗེའི་དྲི་བཟང་པོ་འཐུལ་ བ། ཤིང་ཐོག་དེ་དག་ཀྱང་དཀར་ལ་དམར་བའི་མདངས་འཛིན་ཅིང༌། དམར་ལ་སེར་བའི་རི་ མོ་བྲིས་པ། དབྱར་དུས་བསིལ་བའི་རླུང་འཛིན་དགུན་དུས་དྲོད་ཀྱི་ལྗོན་པ་ཀུན་ཁྱབ་པ། གཙོ་ བོ་ཡི་ཆོས་བརྒྱད། ཁྱད་པར་ཅན་གྱི་ཆོས་བརྒྱད་ཀྱི་ཡོན་ཏན་དང་ལྡན་ཞིང༌། ཕྱོགས་ཀུན་ ནས་བལྟས་ཀྱང་མཛེས་པ་ཤ་སྟག་གོ །ལྗོན་པ་དེའི་རྩེར་དགེ་བའི་བློ་སྤྱན་ཞེས་བྱ་བའི་བྱ་ གསེར་གྱི་མདོག་ཅན་ལུས་ཐམས་ཅད་འོད་ཟེར་གྱིས་ཁྱབ་པ། གཟུགས་མཛེས་ཤིང་ཡིད་དུ་ འཐད་པ། ཚངས་པར་སྤྱོད་པ་ལ་གནས་པ་ཞིག་དང༌། ཟབ་མོའི་བློ་ཅན་ཞེས་བྱ་བ། པདྨ་རཱ་ གའི་མདངས་དང་ལྡན་ཞིང་ལུས་ཟབ་པ། དྭངས་པ། རང་བཞིན་གྱིས་འོད་གསལ་བ། བརྗོད་ པའི་ཡུལ་ལས་འདས་པ། སྔར་དབང་པོའི་ཡུལ་དུ་ཆེས་ཆེར་མ་གྱུར་པ་གཉིས་ནི་ཕན་ཚུན་དུ་ མཐུན་པར་གནས་ཏེ། བདག་ལ་བཟང་པོའི་གཏམ་འདི་དག་སྨྲའོ། །དེའང་གསེར་མདོག་ སྤྱན་ན་རེ། ཚེ་འདི་མི་རྟག་རྩ་རྩེའི་ཟིལ་པ་དང༌། །སྟོན་ཟླའི་སྤྲིན་དང་དུས་མཐའི་འཇའ་ཚོན་ འདྲ། །གློག་འགྱུ་ཆུ་བུར་བས་ཀྱང་མི་རྟག་ན། །ཤིན་ཏུ་ཉམ་ཆུང་གནོད་པ་ཀུན་གྱི་གཞི། །མང་ ཐོས་ཁྱོད་ཀྱང་ལེ་ལོས་མ་འདའ་བར། །ཐོས་པའི་དོན་རྣམས་རྩེ་གཅིག་དབེན་པ་ཡི། །རི་ཁྲོད་ བས་མཐར་སྒྲུབ་པའི་རྒྱལ་མཚན་ཟུངས། །རང་གཞན་ཕན་མེད་བཤད་པས་ཕྱི་མར་བསླུ། 3-1-362 །ཞེས་ཟེར་ཞིང་མིག་གཉིས་ནམ་མཁའ་ལ་བལྟས་ཏེ་དབྱིངས་ཀྱི་སྒྲོན་མེ་ལ་ཨང༌། ནམ་ མཁའི་རྣལ་འབྱོར་ལ་ཨང༌། ཞེས་ཟེར་ཞིང་རེ་ཞིག་མིག་མི་གཡོ་བར་གནས་སོ། །ཟབ་མོའི་ བློ་ཅན་ན་རེ། རབ་ཏུ་ཚ་དང་གྲང་བས་ཉེན་པ་དང༌། །བཀྲེས་སྐོམ་གྲང་དྲོས་རིད་ཅིང་ཉམ་ ཐག་པ། །བླུན་དམིགས་དཔལ་ལ་གདུང་པའི་སྡུག་བསྔལ་ཆེ། །འཆི་འཕོ་ཁྱབ་པ་མི་ལ་སྡུག་ བསྔལ་བརྒྱད། །ཐར་མེད་བཟོད་ལས་འདས་པ་མཁྱེན་མོད་ཀྱེ། །བརྩོན་འགྲུས་མཆོག་གི་ སྙིང་རྗེའི་གོ་གྱོན་ལ། ། ཤེས་རབ་རལ་གྲིས་བདག་འཛིན་དགྲ་བོ་ཐུལ། །གཞན་སྐྱོན་སེམས་ ན་དམ་པའི་ངང་ཚུལ་མིན། །ཅེས་ཟེར་ཞིང༌། བདག་གཞན་གོ་བརྗེས་ཤིག དེ་ལན་གཅིག་ལ་ ཟློས་ཤིག་ཅེས་འདབ་གཤོག་ཟུང་དུ་སྦྲེལ་ཏེ་ལུས་རིན་པོ་ཆེའི་རི་བོ་ལྟར་གཡོ་བ་མེད་དུ་འདུག་ གོ །ཡང་གསེར་མདོག་ཅན་རྣལ་འབྱོར་དེ་ལས་ལངས་ཏེ་སྨྲས་པ། རྣམ་དཀར་དད་པའི་ཆུ་ འཛིན་རབ་རྒྱས་ལ། །ཁམས་གསུམ་འགྲོ་བ་སྙིང་རྗེའི་ཆར་རྒྱུན་ཕོབས། །གཞན་གྱི་དོན་དུ་ སྲོག་ཀྱང་ལྟོས་མེད་ཐོང༌། །འགྲོ་བའི་ཁུར་ཆེན་འཁྱེར་བའི་སེམས་མཆོག་བསྐྱེད། །བསྟོད་ སྨད་སྙན་གྲགས་དྲི་ཟའི་གླུ་དབྱངས་འདྲ། །ཚེ་འདིའི་ལོངས་སྤྱོད་མིག་འཕྲུལ་གཟུགས་བརྙན་ མཚུངས། །འཁོར་ཚོགས་འདི་དག་ཆུ་ཤིང་སྡོང་པོ་ཡིན། །ཞེན་པའི་སྣང་བ་གང་ཤར་འཆིང་ བྱེད་ལགས། ། ཞེས་ཟེར་ཞིང༌ལུས་བྱིན་སིལ་སིལ་སྤྲུགས་ཏེ་རྒྱུ་ལུས་སུ་འདུག རྨི་ལམ་ཡིན་ རྨི་ལམ་ཡིན་ཞེས་མགྲིན་པ་གཟེངས་བསྟོད་དེ་ལུས་ནྱ་གྲོ་ཏའི་སྡོང་པོ་ལྟར་གཡོ་བ་མེད་དུ་ གནས་སོ། །ཡང་ཟབ་མོའི་བློ་ཅན་ཏིང་ངེ་འཛིན་ལས་ལངས་ཏེ། འདི་སྐད་ཅེས་སྨྲས་སོ། །ཐོས་པ་ཟབ་ཡང་སྙིང་པོའི་དོན་མི་རྙེད་། །བརྗོད་བྲལ་བློ་འདས་རྟོག་གེའི་ཡུལ་མ་ཡིན། །རིགས་པས་དཔྱད་བཟོད་དེ་སྲིད་གནས་ལུགས་གོལ། །གཉིས་མེད་ཞི་བའི་བློ་ཡི་རང་ཞལ་ མཐོང་། །ཐ་སྙད་གྲངས་ལ་རྟོག་པ་བྱིས་པའི་བློ ། །རྗེས་དཔག་རྟགས་ཀྱིས་འཚོལ་བ་དམུས་ ལོང་བཞིན། །ཆོས་སྐུ་རང་ལ་ཡོད་པ་གཞན་དུ་འཚོལ། །རང་གསལ་རང་སར་འདི་ལ་ནན་ 3-1-363 ཏན་མཛོད། །ཅེས་ཟེར་ཞིང་མིག་གཉིས་རང་གི་སྙིང་ཁར་བལྟས་ནས། ལྷན་སྐྱེས་རང་རིག་ ཡེ་ཤེས། ལྷན་སྐྱེས་གཉུག་མའི་གནས་ལུགས་ཞེས་གཤོག་པ་རྒྱབ་ཏུ་འཁོད་དེ་མིག་གཡེངས་ བག་ཏུ་མི་བལྟ་བ། ཚོགས་དྲུག་ཡུལ་ཕྱིར་འབྲང་པ་རྣམས་རང་ས་རུ་ལྷུག་གེ་བཞག་སྟེ་བརྟན་ པར་གནས་སོ། །ཡང་གསེར་མདོག་ཅན་ཡེ་ཤེས་མཉམ་བཞག་དེ་{ལས}ལངས་ཏེ། བདག་ལ་ མིག་གཉིས་ཞི་བའི་ངང་ཚུལ་ཀྱིས་བལྟས་ཏེ། འདི་སྐད་ཅེས་སྙན་པའི་ང་རོ་དང་བཅས་ཏེ་ སྨྲས་སོ། །བྱིས་པའི་ངང་ཚུལ་འཛིན་ཚེ་བསྟན་ལ་དད། །བཤེས་གཉེན་དམ་པ་རྐྱེན་ཀྱིས་རབ་ ཏུ་བྱུང༌། །སྡེ་སྣོད་གསུམ་ལ་ཐོས་པ་མཐའ་རུ་རྒྱས། །ལེགས་པར་བཤད་པའི་གཏམ་གྱིས་ གཞན་རྒྱུད་ཚིམ། །ཟབ་མོའི་དོན་འཚོལ་གདམ་པ་ཁྱོད་ལ་མངའ། །རྡོ་རྗེའི་ཐུགས་ལྡན་བླ་ མའི་བྱིན་རླབས་ཞུགས། །སྙིགས་མའི་དུས་འདིར་དགོན་གཞིས་མ་འཛིན་པར། །རང་གི་ བསམ་པ་མཐའ་དེར་ཕྱིན་ན་ལེགས། །ཟེར་ཞིང༌། ལྗོན་པའི་ཡལ་ག་གཅིག་སྐྱེས་སུ་ཡོད་པ་ གཅིག་གི་སྟེང་དུ་འཕོས་ཏེ། ཐབས་ལམ་ལ་འབོད། ཞེན་པ་སྐྱུངས་ཞེན་པ་སྐྱུངས། ཞེས་ཡང་ ཏིང་ངེ་འཛིན་ལ་བཞག་སོང་ངོ༌། །ཤིང་ཡལ་ག་གཅིག་སྐྱེས་དེ་གཅིག་པོར་སྡོད་ཅེས་པའི་ བརྡ། འཕོ་བ་དེ་གནས་གཅིག་ཏུ་ཡུན་མ་རིང་ཟེར་བའི་བརྡར་སྣང་སྟེ། གསེར་མདོག་ཅན་དེ་ བདག་ཅག་གི་ཡོངས་འཛིན་ཆེན་པོ་གཅིག་ཏུ་གོ །ཡང་པདྨ་རཱ་གའི་མདོག་ཅན་ཏིང་ངེ་འཛིན་ ལས་ལངས་ཏེ། བདག་ལ་དགའ་བར་བགྱིས་ཤིག་དཔའ་བོ་ཀྱེ་ཟེར་ཞིང་ཚིགས་སུ་བཅད་དེ་ སྨྲས་པ། རང་གཞན་འཛིན་པ་བྱུང་ན་ཕན་བདེ་སྒོམས། །ཀུན་རྟོག་རྒྱུ་བ་མང་ན་སྒྲོན་མེར་བསྡུས། །བྱིང་རྒོད་དགྲ་རུ་མང་ན་ངོ་བོ་ལྟོས། །མཉམ་བཞག་མཆོག་འཛིན་བྱུང་ན་དབྱིངས་རིག་ བསྲེས། །སྤང་བླང་བཟང་ངན་འཛིན་ན་ཆོས་སྐུར་གསལ། །རྣམ་རྟོག་འདྲེར་འཛིན་ཤར་ན་ དམར་འགྱེད་ཐོང༌། །དག་དང་མ་དག་སྣང་བ་ལྷ་སྐུར་སྦྱོངས། །རྐྱེན་ངན་ཐོག་ཏུ་བྱུང་ཚེ་རོ་སྙོམ་ གྱིས། །ཟེར་ཞིང༌། ཤིང་གི་ཡལ་ག་སྐམ་པོ་གཅིག་གི་སྟེང་དུ་བབས་ཏེ་མ་ཆགས་པའི་ཚུལ་ 3-1-364 སྟོན་ཅིང༌། མཐའ་བཞི་དང་བྲལ། དབུས་ཀྱང་མེད་དབུས་ཀྱང་མེད་ཞེས་ཡང་ཏིང་ངེ་འཛིན་ ལ་གནས་སོ། །ཤིང་གི་ཡལ་ག་སྐམ་པོ་དེ་དོན་ལ་སྐྱེ་བ་མེད་ཟེར་བར་བརྡ། མ་ཆགས་པ་ ཉམས་བྱེད་པ་དེ་རྟོག་བྱེད་དོན་དམ་དུ་གྲུབ་པ་མེད་པའི་བརྡར་འདུག་སྟེ། མཆོག་གི་དོན་ སྟོན་པའི་བླ་མར་གོར་མ་ཆགས། གོང་གི་དགའ་བར་གྱིས་ཤིག་ཅེས་པ་ནི་དོན་བཟང་པོ་སྟོན་ པས་ན་ཞེས་པའི་ཚིག་འཕྲད་དུ་འདུག དཔའ་བོ་ཞེས་པ་ཟབ་མོའི་དོན་ལ་མི་སྐྲག་པའི་དོན་ བགྱིས་སོ། །ཞེས་པའི་བརྡའོ། །ཀྱེ་བྱིས་པ་འབོད་པའི་ཚིག་གོ །ཡང་གསེར་མདོག་ཅན་ མཉམ་བཞག་ཟབ་མོ་སྣང་བ་ཞེས་བྱ་བ་དེ་ལས་ལངས་ཏེ་སྨྲས་པ། ཉོན་མོངས་ཡོད་ན་སྡུག་ བསྔལ་འབྱུང༌། །ཐབས་ལམ་རྒྱུད་ལ་བརྟེན་ན་འགོག་པ་ཐོབ། །ཡང་དག་ལྟ་བ་འདོད་ན་དགེ་ ལ་འབོད། །རྣམ་སྨིན་སྡིག་ལ་འཛེམས་ན་ལས་འབྲས་སོམས། །རང་གཞན་དོན་དུ་སྡིག་པའི་ ལས་མ་བྱེད། །བྱས་ཤེས་དྲིན་དུ་གཟོ་བ་དམ་པའི་ཚུལ། །འགྲོ་དྲུག་སེམས་ཅན་ཀུན་ཀྱང་ སྙིང་རྗེའི་ཡུལ། །ལྷག་པའི་བསམ་པ་ཐེག་པ་ཆེན་པོའི་ཆོས། །ཞེས་ཟེར་ཞིང༌། འཁོར་ལོ་དང་ པོའི་དོན། འཁོར་ལོ་དང་པོའི་དོན། ཞེས་སྨྲས་ཏེ། གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་བཅོམ་ ལྡན་འདས་ཁ་སར་པ་ཎི་བཞུགས་པའི་གནས། འདབ་སྟོང་པད་མ་དཀར་པོའི་སྟེང༌། རྩ་ འཁོར་ལོ་འབར་བའི་སྟེང་དེར་སོང་ངོ༌། །ཡང་པདྨ་རཱ་གའི་མདོག་ཅན་ནམ་མཁའ་ཁྱབ་པའི་ ཏིང་ངེ་འཛིན་ལས་ལངས་ཏེ། ཀྱེ་ཀུན་ཏུ་སྤྱོད་དམ། ཕུང་པོ་ཚངས་པའི་ཡུལ་དུ་སྐྱོལ། ཀུན་གྱི་ ཞབས་ཕྲིན་གྱིས། ཀུན་གྱི་གཙུག་རྒྱན་མཆོག ཅེས་ཟེར་ཞིང༌། ཚིགས་སུ་བཅད་དེ་སྨྲས་པ། ཐུན་མོང་ཐེག་པའི་ལམ་གྱིས་བདག་རྒྱུད་སྦྱོངས། །བྱིན་རླབས་དབང་བཞི་སྟེར་བའི་རྣལ་ འབྱོར་སྒོམས། །སྣང་གྲགས་སྟོང་བའི་གཟུགས་སུ་རང་ཤར་སྐྱོངས། །རྩ་བ་ཡན་ལག་ལྟུང་པ་ སྲུང་སྡོམ་མཛོད། །དཔང་པོའི་གཙོ་བོར་རང་གི་སེམས་ཉིད་ཆེ། །ཐབས་ཀྱི་དམ་པ་གཏོང་ ལེན་སྤེལ་བ་མཆོག །ཡུལ་སྣང་གང་ཤར་སེམས་ཉིད་ངོ་བོར་ལྟོས། །རང་དོན་གཉེར་བའི་ 3-1-365 བསམ་པ་དོར་བ་གཅེས། །ཞེས་ཟེར་ཞིང༌། དེ་བི་ཀོ་ཊའི་གནས་དེར་ཡུལ་གཞན་ལ་ལྟོས་པ་ མི་མངའ་བར་འདབ་གཤོག་ཟུང་འདེགས་ཏེ་འཕུར་སོང་ངོ༌། །ཀྱེ་ཞེས་པ་འབོད་པར་སྣང་ ཞིང༌། ཀུན་ཏུ་སྤྱོད་དམ་ཞེས་པ་དགེ་བ་ལ་ཞེས་པར་བརྡ། ཕུང་པོ་ཚངས་པའི་ཡུལ་དུ་སྐྱོལ་ ཞེས་པ། ཚངས་པའི་གནས་གཞི་རྟེན་ཞེས་པར་གོ་ཞིང་ཀུན་གྱི་ཞབས་ཕྲིན་བགྱིས་ཞེས་པ་ བྱང་ཆུབ་ཀྱི་སེམས་དང་མ་བྲལ་ཞེས་པར་གདའ། ཀུན་གྱི་གཙུག་རྒྱན་མཆོག་ཅེས་པ་དེ་ལྟར་ འབད་ན། ཀུན་གྱི་གཙུག་རྒྱན་སངས་རྒྱས་སུ་འགྱུར། ཞེས་པར་གོར་མ་ཆགས་སོ། ། དེ་ལྟར་འདབ་ཆགས་གཉིས་པོ་དེ་ཡང་ཡིད་དུ་འཐད་ཅིང༌། གཞན་གྱི་སེམས་ཀྱི་འཇུག་ པ་ལ་མཁས་པ། གཏམ་ཀུན་ཀྱང་ཆོས་ལྡན་དུ་སྨྲ་བ། རང་བཞིན་གྱིས་ཀུན་ཏུ་སྤྱོད་པ་དུལ་ ཞིང༌། འཕགས་པ་དགྱེས་པའི་ཏིང་ངེ་འཛིན་ལ་ཡུན་དུ་སེམས་ལུགས་དེས། དགེ་བའི་བཤེས་ གཉེན་དམ་པར་ཡིད་ཆེས་ནས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ཏེ་སྨྲས་པ། ཡོངས་ འཛིན་དམ་པ་ཁྱེད་ཀྱིས་རྗེས་བཟུང་ཞིང༌། །ཐབས་དང་ཤེས་རབ་མཆོག་གི་དྲི་མའི་ཚོགས། །དྲུང་ཕྱུང་རྒྱལ་བའི་གོ་འཕང་མཆོག་བརྙེས་ཏེ། །སྲིད་མཚོའི་བར་དུ་འགྲོ་ཀུན་སྐྱབ་གྱུར་ ཅིག །ཇི་ལྟར་ཐུབ་དབང་ཕྱིན་བཅུའི་སྤྱོད་པ་ལ། །རླབས་ཆེན་སྤྱོད་པས་སྙིང་རྗེའི་དབང་གྱུར་ ལྟར། །བདག་ཀྱང་ལུས་དང་སྲོག་ལ་ལྟོས་མེད་པར། །འགྲོ་ཀུན་དོན་དུ་གཞན་ཕན་བགྱིད་ པར་ཤོག །ཀུན་ཀྱང་ཐེག་པ་ཆེ་ལ་རབ་ཞུགས་ཏེ། །རླབས་ཆེན་སྤྱོད་པས་ཉིན་མཚན་དུས་ འདའ་ཞིང༌། །དག་པའི་ས་དེར་འོད་ཟེར་དབང་ཐོབ་ནས། །ཀུན་མཁྱེན་རྒྱལ་བའི་རྒྱལ་ཚབ་ བགྱིད་པར་ཤོག །སྐྱེ་ནས་སྐྱེ་བར་བརྩོན་འགྲུས་སྟོབས་ལྡན་ཞིང༌། །སྤྱན་མངའ་མངོན་ཤེས་ དྲུག་དང་ཡན་ལག་བརྒྱད། །ཟག་མེད་མཁྱེན་པའི་ནོར་ལ་དབང་འབྱོར་ཞིང༌། །འཁོར་ལོ་ གསུམ་གྱིས་འགྲོ་རྣམས་སྨིན་གྲོལ་ཤོག །ཅེས་ཚིགས་སུ་བཅད་པའི་སྨོན་ལམ་རྣམ་པར་དག་ པ་བཏབ་ཅིང༌། ཁྱད་པར་ཡང་སྔར་ལས་ཆེས་ཆེར་འཕེལ་བའི་དད་པའི་མེ་ཏོག་གསར་པ་ 3-1-366 གསར་པ་རྒྱས་པས། ཐུབ་བསྟན་གྱི་ཆུ་གཏེར་ཆེན་པོ་འདི་མཛེས་པར་བྱས་སོགས་སྙམ་བྱེད་ པ་བྱུང་ངོ༌། །ཆོས་གཤའ་མ་ཅིག་བྱེད་ན་ལུས་དང་ལོངས་སྤྱོད་གཉེན་བཤེས་འབྲེལ་པ་རྣམས་ མཆིལ་མའི་ཐལ་བ་བཞིན་དུ་དོར་ལ། དབེན་པའི་ནགས་སུ་དཀའ་ཐུབ་ཀྱིས་འཚོ་ཞིང༌། དམ་ པ་མངའ་བ་རྣམས་ཀྱི་ངོ་མཚར་བའི་གླེགས་བམ་ལ་ལེགས་པར་ལྟོས། མི་རྟག་པའི་འདུ་ཤེས་ བརྟེན། རིགས་དྲུག་གི་ཉེས་དམིགས་སེམས། སྒྱུ་མ་རྨི་ལམ་གྱི་དྲན་འདུན་གྱིས་ཟིན་པར་བྱས་ ཏེ། ལམ་མཆོག་ཐ་སྙད་ཀྱི་རྟོག་པས་མ་བསླད་པར་འབད་ན། སངས་རྒྱས་ཞེས་པའི་དོན་ཆེན་ པོ་དེ་ཡང་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་དེ་ག་ན་བཞུགས་ཡོད་པར་གདའ། གཞན་མ་ང་ མཁས། ང་གྲུབ་ཐོབ་ཡིན་ཅེས་འུད་སྒྲོག་ཆེན་མོ་མཛད་ཅིང༌། གཙུག་ལག་ཁང་ཆེན་དང༌། སྡེ་ དགོན་གྲོང་འདས་ལས་ཀྱང་ཆེ་བ་བཟུང་ཞིང༌། འཇིག་རྟེན་གྱི་བྱ་བཞག་མ་གྲུབ་པའི་གཏམ་ སྣ་ཚོགས་ཀྱི་དུས་འདའ། གཞན་གྱི་ལོངས་སྤྱོད་རང་ཕྱོགས་སུ་ཁ་འདྲེན། ཀུན་བརྟགས་ལྷན་ སྐྱེས་ཀྱི་ལྟ་བས་རང་རྒྱུད་བལྟམས་པས། ཡང་དག་ལྟ་བ་བསྐྱེད་པའི་གོ་སྐབས་མི་རྙེད། ཚོར་ བ་འདུ་ཤེས་གཉིས་ཀ་ལ་རྩོད་པས་ཕུང་པོ་ཁྲོ་བ་རྒྱུན་མར་སྐྱེ། རང་ཕྱོགས་མིན་པ། གཞན་ ཕྱོགས་པ་རྣམས་འགྲོ་བ་བཞིས་འགྲོ་བ། མུ་སྟེགས་པ་ངུར་སྨིག་གི་རྒྱལ་མཚན་འཆང་པ་ ཞིག་གོ །ཞེས་ཡིད་དམ་དུ་མཛད་པ་རྣམས་བདེ་བ་ནས་བདེ་བར་འགྲོ་དེ་མཆིའོ། །གང་ལྟར་ ཡང་ཁྱོད་གཟོབས་ཁྱོད་གཟོབས་ཟེར་ཞིང༌། འདབ་ཆགས་གཉིས་ཀྱི་ལུས་མི་སྣང་བ་གསུང་ སྙན་པ་རྣ་བར་ལྷུང་ངོ༌། །བདེན་བདེན་བགྱིད་འཚལ་ལོ། །ཞེས་ཐལ་མོ་ཡིད་བཞིན་གྱི་ནོར་བུ་ བཞུགས་པའི་གནས་དེར་སྦྱར་ནས། ཚིག་འདི་སྐད་བརྗོད་དོ། །གང་ཞིག་གང་ལ་ཕན་པའི་ བཀའ་མཆིད་དཀོན། །དེར་རྗེས་གྲུབ་པ་རྒྱ་ལམ་ཨུཏྤལ་ལྟར། །དམ་པའི་གསུང་མཆོག་རི་ དབང་ལྷུན་པོ་ལ། །ཉམ་ཆུང་ཤེས་ལྡན་བདག་གིས་རྟོགས་མི་ནུས། །དྲག་པོའི་རླུང་གིས་ བསྐུལ་བའི་ཆུ་འཛིན་ལྟར། །ཕུང་པོ་འདི་དག་མྱུར་དུ་འཇིག་པར་ངེས། །ལོངས་སྤྱོད་རྣམ་ 3-1-367 མང་དུས་མཐའ་དབང་པོའི་གཞུ། །འཇིག་རྟེན་བྱ་བ་མི་གཙང་རི་མོ་ཡིན། །ཕ་རོལ་བདེ་བའི་ འདུན་མ་བགྱིད་ལགས་སོ། །དུས་གསུམ་རྒྱལ་བའི་སྟོབས་བཅུའི་མཐུ་དཔལ་ལས། །འཇིག་ རྟེན་ཁམས་འདིར་བཀྲ་ཤིས་བདེ་ལེགས་ཤོག །བཅོམ་ལྡན་འོད་དཔག་མེད་པའི་ཕྱག་སོར་ ལས། །སྲིད་གསུམ་འགྲོ་ལ་ཚེ་རིང་དཔལ་འབྱོར་ཤོག །གསང་སྔགས་མཛོད་ཀྱི་བདག་པོའི་ མཐུ་སྟོབས་ལས། །འགྲོ་བ་ཀུན་ལ་སྟོབས་ལྡན་བཀྲ་ཤིས་ཤོག །གཏེར་བདག་དབང་པོ་རྣམ་ ཐོས་དཔལ་ལས་ནི། །ཡུལ་ཕྱོགས་འདི་དག་ནོར་གྱི་ཆར་འབེབ་ཤོག །ཅེས་བཀྲ་ཤིས་པའི་ ཚིགས་སུ་བཅད་པས་ཞབས་ལེགས་པར་བརྒྱན་པ། ཟློས་གར་གྱི་བསྟན་བཅོས་ཟབ་ཡངས་ གསལ་བ་ཞེས་བྱ་བ་འདི་ནི། རྒྱལ་ཁམས་ཀྱི་བྱ་བྲལ་བ་སྡེ་སྣོད་གསུམ་པ། སྙན་ངག་མཁན་ ཀུན་གྱིས་ཕྱག་བྱར་འོས་ཤིང་ལུང་རིགས་ཀྱི་འབྱུང་ཁུངས། བསོད་ནམས་བཟང་པོས་གླང་ ལོ་ཟླ་བ་བཞི་པའི་ཡར་ཚེས་བཟང་པོ་ལ། བཟད་བདེ་བ་ཅན་གྱི་ཆོས་གྲྭ་ཆེན་མོ་མཁས་མང་ གི་བསྟི་གནས་སུ་སྦྱར་བའོ། །འདིས་ཀྱང་ཐུབ་པའི་བསྟན་པ་ལ་ཡུན་རིང་དུ་གནས་པར་གྱུར་ ཅིག །མངྒ་ལཾ། བྷཝནྟུ། ཤུབྷཾ། ༄༅། །རྣལ་འབྱོར་གྱི་དབང་ཕྱུག་ཤ་བ་རི་ལ་ཕྱག་བཙལ་ནས། དམ་བཅའ་གསུམ་ཚན་ ལྔ་པའི་ཞུ་ལན་ཟུར་ན་གནས་པའི། སྙོ མ་ལས་པས་གསོལ་བ། ཕ་རྗེ་བཙུན་གྱི་ཞབས་པད་ འདུད་པ་ཡི། །ཚིགས་བཅད་དོན་བཟང་འབྲས་བུར་ལྡན། །དུག་གསུམ་དབང་གྱུར་དྲེད་པོ་ མི། །རྟེན་སྒོ་གསུམ་བླ་མར་མ་ཤེས་ན། །བྱིན་རླབས་འཇུག་པ་དཀའ་བར་མཆིས། །དུག་ གསུམ་བླ་མར་སྒོམས་མཛོད་ཨང༌། །རྣལ་འབྱོར་དྲུག་གི་རྫོགས་རིམ་ནང༌། །སྣ་ཚོགས་ ཐིག་ལེ་མངོན་གསུམ་རྩལ། །ན་ཐཱ་སངས་རྒྱས་ཞལ་ཡང་བསྟན། །ཁམས་སུམ་འགྲོ་བ་སྤྱིའི་ དཔལ། །ཆོས་ཆུད་ཟོས་མི་གཏོང་སྒྲུབ་མཛད་པའི། །མཁས་གྲུབ་རྒྱལ་སྲས་གཙུག་གི་རྒྱན། །སངས་རྒྱས་མངོན་སུམ་སྟེར་མཛད་པ། །སྐུ་བསྟེན་བསམ་ཤིང་གུས་པ་འཕེལ། །ལུས་ལ་ 3-1-368 སངས་རྒྱས་ཆེན་པོ་གནས། །ཡུལ་ཉི་ཤུ་རྩ་ལྔའི་ལྷ་ཚོགས་བཞུགས། །འཁོར་ལོ་བཞིའི་ཕོ་ བྲང་ན། །བླ་མ་ཡི་དམ་འོད་གསལ་དང༌། །རྣམ་རྟོག་སྲེག་བྱེད་གཏུམ་མོ་བཞུགས། །ལུས་ འཇུར་བུར་བཅིངས་པའི་འདག་འབྱར་མེད། །ངག་གི་རང་བཞིན་ཡིག་དྲུག་སྒྲ། །སྨྲ་བརྗོད་ སྟོང་པའི་གཟུགས་སུ་ལྟ། །བརྗོད་བྲལ་གྱི་རྗོད་པ་གླེང་མཁས་པ། །སྨྲ་བཅད་ཀུན་རང་སར་ ཡལ་ནས་ཐལ། །སེམས་སྒྱུ་མ་འོད་གསལ་ཟུང་འཇུག་ཏུ། །སྒོམ་པའི་དམ་བཅས་བཅིངས་ ལགས་པའི། །རྒྱུར་འཛིན་རྣམ་རྟོག་སྤྲིན་ཚོགས་ཆེ། །འོད་གསལ་གྱི་ནམ་མཁའ་སྒྲིབ་སྒྲིབ་ འདྲ། །ང་དམ་བཅའ་མེད་པའི་སེམས་ཉིད་གསལ། །བསྲུང་བྱ་སྲུང་བྱེད་གཉིས་འཛིན་གྱིས། །ཚུལ་ཁྲིམས་རྣམ་པར་དག་མི་ནུས། །སྲོག་ཕངས་མེད་དོ་སྦྱིན་པར་གཏོང༌། །གང་ཤར་གཞན་ དོན་དུ་ཁྱེར་བ་ལ། །ཐབས་བཟང་ངན་གྱི་སྒོམ་རྒྱུ་མ་རྙེད་པས། །ཆོས་ཀུན་སྟོང་པར་སྒོམ་མི་ དགོས། །སེམས་ཉིད་འོད་གསལ་རང་རིག་གཟིགས། །སེམས་དམ་བཅའ་དང་བྲལ་ཏེ་ དམ་བཅའ་མེད། །མོས་གུས་ལ་རྒྱུན་ཆད་མེད་པ་དང༌། །སྣང་གྲགས་བླ་མར་མཐོང་ལགས་ པས། །སྙིང་ཕུར་གྱི་འདེབས་པ་བདག་ལ་མེད། །སེམས་སངས་རྒྱས་སུ་ཤེས་ན་གཟེར་ གསུམ་ཐེབས། །དྲན་པའི་སྟོད་ཕུར་འདེབས་མི་དགོས། །ཆོས་ཀུན་རྟོགས་པའི་རྣལ་འབྱོར་ ཁྱེད། །འདོད་ཡོན་གྲོགས་སུ་ཁྱེར་བ་ལ། །ཞེན་ལོག་གི་སྟོད་ཕུར་འདེབས་པ་མེད། །རྟོགས་ པའི་རང་ཞལ་ཆོས་སྐུར་མཇལ། །དུག་ཡེ་ཤེས་ལྔ་རུ་གཟིགས་པ་ལ། །ཆོས་བརྒྱད་ལ་རྫི་རྒྱུ་ མེད་ལགས་མོད། །སྤངས་ཀྱང་སྤངས་མེད་ཡིན་མོད་ཨང༌། །སྣང་སྲིད་བརྒྱ་བའི་ཞིང་ཁམས་ སུ། །ངོ་ཤེས་འདག་འབྱར་གྱི་སྤྲོས་པ་ཤོལ། །གང་ཤར་ཁ་ཡན་དུ་བསྐྱངས་ལགས་ན། །སྒོམ་ གོལ་སའི་ཉེས་པ་མ་མཆིས་པས། །ལྟ་ལོག་གི་ཉེས་པ་གཟིགས་ཏེ་མཆི། །ཕ་རྗེ་བཙུན་དུས་ གསུམ་རྡོ་རྗེ་འཆང༌། །སྨོན་ལམ་མཐར་ཕྱིན་བསམ་མི་ཁྱབ། །དམ་པ་ཁྱེད་ཀྱིས་བཀའ་དྲིན་ ལས། །ངོ་མཚར་ཅན་གྱི་སངས་རྒྱས་ཐོབ། །དགེ་དེས་འགྲོ་ཀུན་བྱང་ཆུབ་བར། །མི་དགེ་རྒྱུད་ 3-1-369 ལ་མི་སྐྱེ་ཞིང༌། །བདག་ལས་གཞན་གཅེས་ཀྱི་ཐབས་མཁས་ཀྱིས། །གསང་ཆེན་རྡོ་རྗེའི་ལམ་ ལ་བརྟེན་པ་ཡི། །ཚེ་གཅིག་སངས་རྒྱས་ཐོབ་ཕྱིར་བསྔོ། །ཞེས་པ་འདི་ཡང་བྱ་བྲལ་བ་བསོད་ ནམས་བཟང་པོས་སྦྱར་བའོ། །དགེའོ། ། ༄༅། །དམར་ཁྲིད་གསོལ་འདེབས་ བཞུགས་སོ།། ༄༅། །ཤེས་བྱ་མ་ལུས་མཁྱེན་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་བུ་གཅིག་ལྟ་ བུར་བརྩེ། །ལྷུན་གྲུབ་རྒྱུན་མི་འཆད་པའི་འཕྲིན་ལས་ཅན། །མགོན་པོ་རྫོགས་སངས་རྒྱས་ ལ་གསོལ་བ་འདེབས། །ཚོགས་གཉིས་མཐར་ཕྱིན་ཡོན་ཏན་བསམ་མི་ཁྱབ། །བདེ་སྟོང་ཟུང་ འཇུག་ཟག་པ་མེད་པའི་སྐུ། །སྣང་སྟོང་དབྱེར་མེད་རྒྱུ་མའི་རང་བཞིན་ཅན། །རྡོ་རྗེ་རྣལ་འབྱོར་ མ་ལ་གསོལ་བ་འདེབས། །འཇིག་རྟེན་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ལྟོས་མེད་ དབེན་པའི་གནས་སུ་ཟབ་མོའི་ལམ། །རྩེ་གཅིག་བསྒྲུབས་པས་གོ་འཕངས་མཆོག་བརྙེས་ པའི། །གྲུབ་ཐོབ་ཚེམ་བུ་པ་ལ་གསོལ་བ་འདེབས། །ཚོགས་གཉིས་དཔལ་དང་ལྡན་པའི་རིན་ པོ་ཆེ། །ཡི་དམ་ལྷ་ཡིས་རྗེས་བཟུང་དངོས་གྲུབ་བརྙེས། །སྐལ་ལྡན་འགྲོ་བའི་འདྲེན་མཆོག་ ཆོས་ཀྱི་རྗེ། །སྤྱི་ལྷས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །བླ་མེད་བྱང་ཆུབ་ལམ་ལ་རབ་ བརྩོན་ཞིང༌། །ཐེག་མཆོག་ཚུལ་ཁྲིམས་ཡིད་བཞིན་ནོར་བུ་ཡིས། །འགྲོ་ཀུན་དགོས་འདོད་མ་ ལུས་བསྒྲུབ་མཛད་པའི། །མགོན་པོ་བྲག་དམར་བ་ལ་གསོལ་བ་འདེབས། །བསླབ་གསུམ་ རྣམ་པར་དག་པ་བསྟན་པའི་དཔལ། །སྲིད་གསུམ་སྡུག་བསྔལ་སྐྱོབ་མཛད་འགྲོ་བའི་མགོན། 3-1-370 །དུས་གསུམ་རྒྱལ་བའི་དགོངས་པ་ཐུགས་ཆུད་པའི། །ལྷ་བཙུན་དགོན་གསར་བ་ལ་གསོལ་ བ་འདེབས། །ཐུགས་རྗེ་ཆེན་པོས་དཔག་མེད་འགྲོ་དོན་མཛད། །བརྩོན་འགྲུས་ཆེན་པོས་ ཉམས་མྱོང་རྒྱུན་ཆད་མེད། །འཕྲིན་ལས་ཆེན་པོས་སྒྲུབ་བརྒྱུད་དར་མཛད་པའི། །ཆོས་རྗེ་ ཀུན་སྤངས་ཞང་ལ་གསོལ་བ་འདེབས། །རྟག་ཏུ་སྟོང་ཉིད་ཏིང་འཛིན་བསྒོམས་པའི་མཐུས། །འབད་རྩོལ་མེད་པར་ཐུགས་རྗེའི་སྟོབས་རྒྱས་ནས། །རྒྱུན་ཆད་མེད་པར་འགྲོ་བའི་དོན་ མཛད་པའི། །སངས་རྒྱས་དཔལ་བའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཤེས་བྱ་ མཁྱེན་ཅིང་གསལ་བར་སྟོན། །བསླབ་གསུམ་རྣམ་པར་དག་ཅིང་དྲི་མ་མེད། །ཁམས་གསུམ་ འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །རྒྱལ་སྲས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་ཀུན་གྱི་འཕྲིན་ལས་ལས། །ལེགས་འཁྲུངས་བསྟན་པའི་མངའ་བདག་ ཆོས་ཀྱི་རྗེ། །འགྲོ་བའི་ཁུར་ཆེན་ཁྱེར་བའི་དཔའ་བོ་མཆོག །སངས་རྒྱས་ཤེས་རབ་ཞབས་ ལ་གསོལ་བ་འདེབས། །གཞོན་ནུ་སྟོབས་ལྡན་མི་ཡིས་སེང་གེ་གང༌། །བློ་གྲོས་མཁའ་ལྟར་ ཡངས་པའི་ཀ་བཞི་པ། །རྡོ་རྗེའི་སྐུ་བརྙེས་རྒྱལ་བ་མི་ཕམ་མགོན། །གཞོན་ནུ་བློ་གྲོས་ཞབས་ ལ་གསོལ་བ་འདེབས། །བསོད་ནམ་དཔལ་ལ་འབྱོར་བའི་བློ་གྲོས་ཅན། །ལེགས་བཤད་ ངག་གི་ཚངས་དབྱངས་སྒྲོགས་པའི་གཙོ། །ཟབ་དབྱངས་མཁྱེན་པའི་ནོར་བཟང་མངའ་བའི་ ཐུགས། །བསོད་ནམས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཟབ་མོའི་ལམ་ལ་རྩེ་ གཅིག་བསྒོམས་པའི་མཐུས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་གཟིགས། །རྣལ་འབྱོར་ དབང་ཕྱུག་གདུལ་བྱའི་གཙུག་གི་རྒྱན། །མཚུངས་བྲལ་བླ་མའི་ཞབས་ལ་གསོལ་བ་འདེབས། །བཀྲ་ཤིས་སོ།། ༄༅། །རྗེ་བཙུན་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་ཀྱི་ 3-1-371 བསྟོད་པ་འཕགས་པའི་དབྱངས་ ཞེས་བྱ་བ་བཞུགས། ༀ་བདེ་ལེགས་སུ་གྱུར་ཅིག བཅོམ་ལྡན་འདས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རྣམ་མང་ཤེས་བྱའི་དཀྱིལ་འཁོར་རབ་འབྱམས་ལ། །རྣམ་དག་མཁྱེན་པའི་འོད་དཀར་འཕྲོ་ བ་ཅན། །རྣམ་ཀུན་སྟོང་པའི་གཟུགས་བརྙན་སྒྲོན་མེར་གསལ། །དབྱིངས་དང་ཡེ་ཤེས་ཟུང་ འཇུག་ཆོས་ཀྱི་རྗེ། །རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད། །རྡོ་རྗེ་སྐུ་ཡི་བཀོད་པ་ འཁོར་ལོ་བཞི། །གསལ་རྫོགས་དྷུ་ཏིའི་དབུས་ན་རྣམ་དག་དཀར། །ཙནྚ་ལི་གནས་སྤྲུལ་ པའི་ཙཀྲ་དེར། །ཁ་སྦྱོར་རླུང་གི་སྦྱོར་བས་དུས་འདའ་བའི། །རྣལ་འབྱོར་དབང་ཕྱུག་བླ་མའི་ ཞབས་ལ་འདུད། །དྲི་མེད་མཁའ་ལ་ལྕགས་སྒྲོགས་དཔལ་བེའུ། །རྟ་རྔའི་མདུད་པ་ཤེལ་ཕྲེང་ བཀོད་ལེགས་པ། །མི་བརྟན་མྱུར་བ་ལས་རླུང་རྣམ་ཤེས་ལྔ། །དབྱིངས་ཀྱི་སྒྲོན་མེ་ཐིག་ལེ་སྔོན་ པོར་བསྡུས། །རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད། །སྒྲ་འོད་ཟེར་གསུམ་ཆོས་ཉིད་ རང་སྒྲར་སྟོན། །ལམ་དང་འབྲས་བུའི་ཕྱག་རྒྱ་ཆེན་པོར་གཟིགས། །འཕོ་ཆེན་ཞུགས་གནས་ ཐིམ་སོགས་ཆོས་སྐུར་གསལ། །བར་དོའི་འཇིགས་བྲལ་བྱང་ཆུབ་མངོན་སུམ་མཛད། །རྣལ་ འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད། །པད་མ་སཾ་བྷས་ཏིང་འཛིན་དབང་བཞི་སྐུར། །སྒྲ་བསྒྱུར་ལོ་ཙྪས་ཀ་ལ་ཙནྟྲ་གསུངས། །རྗེ་བཙུན་གྲགས་པས་མན་དྲའི་རྒྱལ་སྲིད་གཏད། །ཆོས་རྗེ་པ་ལ་གནས་ལྔའི་བཤད་པ་གསན། །རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་ འདུད། །བསོད་ནམས་རྒྱལ་མཚན་ཧ་རི་དྷོ་ཚ་དང༌། །རྒྱལ་བ་མཆོག་དབྱངས་ཆོས་ཀྱི་དབང་ ཕྱུག་གིས། །ཟབ་ཡངས་རྒྱུད་སྡེའི་སྙིང་གི་བཅུད་ཕྱུང་ནས། །རྒྱུན་མི་འཆད་དུ་མངོན་གསུམ་ འདོམས་མཛད་པ། །རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད། །ཐོགས་མེད་སྦྱངས་ པའི་མཁྱེན་པ་ཀུན་དའི་གཉེན། །ཕན་བདེ་རླུང་གི་བཞོན་པས་རབ་བསྐུལ་ནས། །འོད་ 3-1-372 གསལ་ལྷ་ལམ་ཡངས་པར་རྣམ་རྒྱལ་ཞིང༌། །གདུལ་བྱའི་བློའི་སྦྲང་རྩི་རྒྱས་མཛད་པའི། །རྣལ་ འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད། །ཤེས་བྱའི་གནས་ལ་ཐེ་ཚོམ་དྲ་བའི་ཚོགས། །མ་ ལུས་ལུས་པ་མེད་པར་འཕགས་རྣམས་ཀྱིས། །སྐུའི་དཀྱིལ་འཁོར་རང་བཞིན་དབང་སྐུར་ཚེ། །མངོན་པར་གསལ་ནས་ཆོས་ཀྱི་སྤྱན་མངའ་བའི། །རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་ འདུད། །དམ་པ་ཁྱེད་ཀྱི་གསུང་གི་ནོར་བུ་གང༌། །བློ་ལྡན་བདག་གི་གཙུག་ན་རྒྱན་གྱུར་པས། །ཕུན་ཚོགས་རྟོགས་པའི་དཔལ་ལ་འབྱོར་བ་དང༌། །དྭངས་པའི་དངོས་གྲུབ་མཐའ་དག་སྩོལ་ མཛད་པའི། །རྣལ་འབྱོར་དབང་ཕྱུག་བླ་མའི་ཞབས་ལ་འདུད། །འདི་ལྟར་གསོལ་བ་བགྱིས་ པའི་དགེ་བ་གང༌། །ནམ་མཁའི་ཁྱོན་ཡངས་རྣམ་མང་གདུལ་བྱ་ལ། །ཕྱག་རྒྱ་ཆེ་ཡི་རྟོགས་ པས་རྒྱུད་གང་ནས། །དྲིན་ཅན་རྣམ་གཉིས་ཆོས་སྐུ་མངོན་གྱུར་ཤོག །ཁྱོད་སྐུའི་དཔལ་ལྡན་ ཡིད་ལ་དྲན་པའི་མོད། །གདུངས་པའི་ཤུགས་དྲག་མཆི་མས་མིག་བརླན་ཏེ། །བསྟོད་ཚིག་དོན་ ལྡན་ཇི་བཞིན་སྟོན་པའི་མཐུས། །བདག་བློ འི་སྒྲོན་མེ་མཁའ་ལ་གསལ་བར་ཤོག །ཅེས་པའི་ བསྟོད་པ་འཕགས་པའི་དབྱངས་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་རྒྱལ་ཁམས་པ་བསོད་ ནམས་བཟང་པོས། ཟུར་ཁང་ཆོས་ཀྱི་བང་མཛོད་མཁས་མང་གི་བསྟི་གནས་སུ་སྦྱར་བ་དགེ་ ལེགས་འཕེལ་བར་གྱུར་ཅིག། ༄༅། །དཔལ་ལྡན་ལྷ་མོ་དབྱངས་ཅན་མ་ངག་གི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ལུག་གི་ལོ་ཟླ་བ་བཅུ་གཅིག་གི་གནམ་གང་གི་ཉིན། སྤྲང་བན་ཉིད་དབེན་གནས་མཁའ་སྤྱོད་ ཆོས་རྫོང་གི་ཉེ་ཕུག་ལ་འདུག་པའི་ཚེ། དཔལ་སྤྱང་ལུང་པ་ཆེན་པོ་ཞིང་གཞན་དུ་གཤེགས་ པའི་སྐད་ཆ་ཐོས་པའི་དུས་སུ། བྱ་བྲལ་བ་རང་ཉིད་སེམས་ཤིན་ཏུ་ནང་དུ་འཁུམས་པ་གཅིག་ བྱུང་དུས། སྤྲང་བན་རང་གི་སྤྱོད་ཚུལ་དང་བསྟུན་ཏེ། བླ་མ་ལ་གསོལ་བ་འདེབས་པ་འདི་བྱས་ སོ། ། 3-1-373 སྤྲང་གསོལ་བ་འདེབས་སོ་བཀའ་དྲིན་ཅན། །མཉམ་པ་མེད་དོ་ཤ་ཝ་ར། །ཆོས་ཀྱི་སྐུ་ ལས་གཟུགས་སྐུར་སྟོན། །དཔལ་སྤྱང་ལུང་ཆེན་པོའི་ཞབས་ལ་འདུད། །སྤྲང་ཆོས་སྒོར་ཞུགས་ ནས་ཡུན་རིང་ལོན་ལགས་ཀྱང༌། །ཕར་ཡེངས་ཚུར་ཡེངས་ཚེ་འདིའི་སྒྲུབ་བརྡར་སོང༌། །བྱ་ བཞག་ཕལ་ཆེར་ཆགས་སྡང་དབང་དུ་ཐལ། ། གཤིན་རྗེའི་མདུན་དུ་ཁྲིད་ཚེ་ལས་འབྲས་དྲན། །ངན་སོང་གནས་ནས་བླ་མས་ཐུགས་རྗེས་ཟུངས། །སྔོན་བསགས་ལས་ལ་ཟད་པ་མི་མངའ་ ཞིང༌། །གཉིས་སྣང་འཁྲུལ་པས་ཆོས་མིན་བྱ་བ་རྩོམ། །སྒོ་གསུམ་ཉེས་སྤྱོད་ལས་ལ་འབད་ལུགས་ འདི། །ངན་སོང་གསུམ་གྱི་བསྡུ་བསྔལ་མྱོང་ཉེན་གདའ། །གཞན་དོན་གནས་ནས་བླ་མས་ ཐུགས་རྗེས་ཟུངས། །ཐོས་པས་བཙལ་ཀྱང་སྙིང་པོའི་དོན་མ་རྙེད། །བཤེས་གཉེན་བསྟེན་ཡང་ མོས་གུས་གདུང་ཤུགས་ཆུང༌། །རི་ཁྲོད་འགྲིམས་ཀྱང་བྱིང་རྒོད་དགྲ་རུ་ལངས། །འཁོར་བའི་ གནས་ནས་བླ་མས་ཐུགས་རྗེས་ཟུངས། ། གདམས་པ་ཐོས་པ་རྣ་བའི་ཡུལ་དུ་ལུས། །མྱོང་བ་ མ་སྐྱེས་རྐྱེན་ངན་བཟོད་པ་ཆུང༌། །ཁ་ལྟ་འདིས་ཀྱང་ལྷན་སྐྱེས་དོན་མ་རྟོགས། །རང་མ་སྨིན་ པར་གཞན་ལ་འཆད་བྱེད་པའི། །གཞན་དོན་གནས་ནས་བླ་མས་ཐུགས་རྗེས་ཟུངས། །ཐེག་ ཆེན་ཆོས་རྣམས་སྟོང་ཉིད་སྙིང་རྗེར་འདུས། །བཅོས་མའི་སྟོང་དང་ཆད་སྟོང་མེད་པོ་འདིས། །དཀར་པོའི་ཆོས་སྤྱོད་ཁྱད་དུ་བསད་ལགས་མོད། །ལམ་གོལ་གཟུགས་མེད་གནས་སུ་སྐྱེ་ ཉེན་གདའ། །ལོག་ལྟའི་གནས་ནས་བླ་མས་ཐུགས་རྗེས་ཟུངས། །གསང་སྔགས་ལམ་གྱི་རྩ་བ་ སྨིན་གྲོལ་གཉིས། །བཞི་པའི་དབང་གི་ཉམས་ལེན་ལྷན་སྐྱེས་དགའ། །རིག་མ་མཆོག་ཀྱང་ ལྷན་སྐྱེས་མཛེས་མ་ལགས། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་དེ་ལ་བྱ། །འཛག་བདེའི་གནས་ནས་ བླ་མས་ཐུགས་རྗེས་ཟུངས། །ཚེ་འདི་མི་རྟག་སྣུམ་ཟད་མར་མེ་འདྲ། །འཁོར་བའི་གནས་ན་ བདེ་བའི་སྐབས་མ་མཆིས། །ཕན་དང་བདེ་བའི་ལམ་ལ་མི་བརྩོན་པའི། །ལེ་ལོ་ཅན་གྱི་སྤྲང་ བན་སྙིང་རྗེའི་གནས། །རྟག་ཏུ་བརྩེ་བས་སྐྱོངས་མཛོད་ཆོས་ཀྱི་རྗེ། །སྲིད་པའི་བཙོན་རར་ 3-1-374 ཐར་མེད་འཇིགས་རུང་འདིར། །འདོད་སྲེད་ཞགས་པས་དམ་དུ་རབ་བཅིངས་ནས། །བཟོད་ མེད་སྡུག་བསྔལ་ཁུར་ཆེན་གྱིས་ནོན་པའི། །སྤྲང་བན་འདི་དག་རྒྱལ་སྲས་སྙིང་རྗེའི་གནས། །བརྩེ་བས་སྐྱོངས་མཛོད་བྱམས་ཆེན་ཆོས་ཀྱི་རྗེ། །ཕྱི་ནང་ཆོས་ཀུན་ཡེ་ནས་རྣམ་དག་ཅིང༌། །སེམས་ཉིད་ངོ་བོ་སྤྲིན་བྲལ་ནམ་མཁའ་ཞེས། །ཆོས་ཀྱི་སྐུ་གཅིག་རང་ལ་བཞུགས་གྱུར་ ཀྱང༌། །མིག་ཅན་ལོང་པ་འདི་དག་ཐུགས་རྗེས་གནས། །བླ་མས་བརྩེ་བས་ཟུངས་ཤིག་ཆོས་ ཀྱི་རྗེ། །སྤྲང་བན་བདག་གི་སྤྱོད་ཚུལ་འདི་གཟིགས་ནས། །སྣོད་ལྡན་གདུལ་བྱ་འདུལ་བའི་ ཞིང་གཞན་དག། །བྱང་ཕྱོགས་དགེ་བ་ཅན་ཞེས་བྱ་བ་རུ། །སྨིན་གྲོལ་མཛད་པར་ཆོས་ཀྱི་ དབྱིངས་སུ་གཤེགས། །མགོན་མེད་བདག་ལ་བླ་མས་ཐུགས་རྗེས་ཟུངས། །རྣམ་དག་ལམ་ བཟང་སྟོན་མཛད་བཤེས་གཉེན་མེད། །ཐར་པའི་གྲོང་དུ་འཇུག་པའི་མིག་བུ་མེད། །ཆུ་ཆེན་ བཞི་ལས་སྒྲོལ་བའི་གྲུ་ཆེན་མེད། །དགོས་འདོད་ཀུན་འབྱུང་ནོར་བུ་རིན་ཆེན་མེད། །སྤྲང་ བན་བདག་ལ་ཐུགས་རྗེས་མི་གཟིགས་སམ། །འགྲོ་མགོན་མེད་པའི་འགྲོ་བ་འདི་རྣམས་ལ། །བརྩེ་བས་མི་གཟིགས་ཞི་བའི་དབྱིངས་སུ་གཤེགས། །སྙན་རྒྱུད་བདུད་རྩིའི་ཉིང་ཁུ་སུ་ལ་ ཞུ། །ཉམས་དང་རྟོགས་པའི་མགུར་དབྱངས་སུ་ལ་འབུལ། །སྤྲན་བན་བདག་ལ་ཐུགས་རྗེས་ མི་གཟིགས་སམ། །ཐུབ་བསྟན་བསྟན་པའི་རྒྱལ་མཚན་མཁའ་ལ་ཡལ། །རྡོ་རྗེ་འཆང་དབང་ དགོངས་པའི་ལུང་སྟོན་མེད། །གྲུབ་ཆེན་རྣམས་ཀྱི་རྣམ་ཐར་སུ་ཡིས་སྐྱོང༌། །ཤེས་བྱའི་གནས་ ལ་ཐེ་ཚོམ་སུ་ལ་གཅོད། །སྤྲང་བན་བདག་ལ་ཐུགས་རྗེས་མི་གཟིགས་སམ། །འོད་གསལ་ ཆོས་སྐུ་མངོན་སུམ་མཛད་པ་ཁྱེད། །གནས་ཚུལ་དོན་ལ་འཁྲུལ་པ་མི་མངའ་ཡང༌། །སྣོད་ལྡན་ གདུལ་བྱ་སྐད་ཅིག་སྨིན་གྲོལ་མཛད། །ཡིད་སྤྱོད་འཛིན་པའི་ལྟ་བ་ཁྱེད་མི་མངའ། །སྤྲང་བན་ བདག་ལ་ཐུགས་རྗེས་མི་གཟིགས་སམ། །རྗེ་བཙུན་མངོན་པར་བྱང་ཆུབ་མཉེས་པའི་གནས། །རྒྱལ་བ་སྲས་བཅས་འཇུག་ངོགས་དམ་པ་ཆེ། །ཐེག་ཆེན་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ 3-1-375 པའི། །བདེ་བའི་གནས་དེར་བདག་ཀྱང་འཁྲིད་པར་ཤོག །ཤུབྷཾ། དེ་ལྟར་གསོལ་བ་བཏབ་ པའི་དགེ་ཚོགས་དེས། །སྐུ་དྲིན་འཁོར་མེད་མ་གྱུར་སེམས་ཅན་རྣམས། །ལྷན་སྐྱེས་ཡེ་ཤེས་ མངོན་གྱུར་ལམ་རྙེད་ནས། །མཁའ་ལ་སྤྱོད་པའི་གནས་སུ་བགྲོད་པར་ཤོག ། ༈ བདག་ནི་དད་པའི་རྐང་དྲུག་ལྡན། །ཤེས་རབ་གཤོག་རྩེ་འཐོར་འདེགས་ཤིང༌། །གསོལ་འདེབས་རྒྱང་གླུ་ལེན་བཞིན་དུ། །བྱང་ཕྱོགས་པད་མཚོ་ཡངས་པར་འཕུར། །སྙིང་ རྗེས་སྨྱོས་པའི་གླང་ཆེན་དག །རང་དོན་ཞེན་པའི་འདམ་བུར་འཇོམས། །ཐོས་པའི་རྒྱན་ཕྲེང་ འཛིན་བཞིན་དུ། །གཞན་ཕན་རྒྱ་མཚོར་ཁྲུས་བགྱིད་དོ། །ཟབ་ལམ་རྒྱས་པའི་གདོང་ལྔ་པ། །ཉམས་རྟོགས་རལ་པ་དམར་སེར་གཡོ། །ལྟ་བའི་གངས་རི་ལ་གནས་ཤིང༌། །བླུན་སྒོམ་རི་ དྭགས་རྣམས་སྐྲག་བྱེད། །ལུང་རིགས་ནོར་བུས་གང་བའི་མཛོད། །ལེགས་བཤད་ཆུ་རྒྱུན་ སྡུད་པའི་གཞི། །མཁས་མང་མེ་ཏོག་རྣམས་བཀྲ་བ། །བསྟན་འཛིན་དེད་དཔོན་དགེ་ལེགས་ སྐྱེད། །འདོད་ཡོན་ན་ཆུང་གདོང་མཛེས་མ། །འདོད་ཆེན་མིག་གི་ཞགས་པ་འཕེན། །དགེ་ ཆོས་ཉམས་པའི་བསྐལ་ཐག་མཁན། །རིང་ནས་དོར་བའི་ཕོ་རང་པོ། །བྱ་བྲལ་བསོད་ནམས་ བཟང་པོས་བྲིས། །དགེའོ། ། ༈ གང་ལ་སྐྱབས་སུ་བཟུང་ན་སྲིད་ཞི་ཡི། །དཔལ་འབྱོར་ཕུན་སུམ་ཚོགས་པ་སྩོལ་ མཛད་པ། །བླ་མེད་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཀུན་ལ་ཕན་པའི་གཏམ་འདི་བརྗོད་པར་ བྱ། །ཆོས་དང་འཇིག་རྟེན་གཉིས་ལ་གཅེས་པ། །བརྩོན་འགྲུས་མཆོག་ཏུ་རྒྱལ་བས་གསུངས་ སོ། །དད་དང་ལྡན་པའི་མི་ཆོས་འཚལ་ལོ། །ཆོས་པ་ཅན་ལ་ཆོས་ཀྱི་གཡང་མ་བདོ། །དཀའ་ བའི་གནས་དེ་མཁས་པས་ཐག་ཆོད། །སྒོམ་ཚུགས་ཅན་དེ་རྟོགས་པའི་ཞིང་ས། །ཤེས་རབ་ ལྡན་པ་ཆོས་ཀྱི་སྲོག་ཡིན། །ཐོས་པའི་མིག་ལ་གཅེས་སྤྲས་མཛོད་ཅིག། །བླ་མའི་གསུང་ལ་ རྟེན་པ་ལེགས་མོད། །འོན་ཀྱང་རྟོག་དཔྱོད་མཁས་པས་བྱ་འཚལ། །རྨོངས་པའི་གཏམ་ལ་ 3-1-376 ལེགས་ཆ་ཉུང་ཡང༌། །བདེན་པ་སྣ་རེ་ཡོང་པས་གསན་རིགས། །རང་གཞན་བྱ་བ་ཀུན་ལ་ འཁྱོག་སྲིད། །ཞལ་ལྕེ་གཅོད་པས་དྲང་པོ་མཛད་དགོས། །རྗེས་ཀྱི་དམ་པས་ཁྲེལ་བ་འདི་ འཇིགས། །འཇིག་རྟེན་བྱ་བ་ཡུན་དུ་བསྲིངས་ན། །འཕྲལ་དུ་ཉེན་ཡང་ཕུགས་སུ་དོན་འགྲུབ། །རང་འདོད་ཆེ་ན་འཕྲལ་དུ་གྲུབ་ཀྱང༌། །རང་ཉིད་འཇོམས་པ་དངོས་པོའི་གཤིས་སོ། །ཕན་ ཐོགས་ཅན་གྱིས་མི་དེ་ཕ་ཡིན། །དེ་ལ་ལོག་པའི་བྱ་བ་མ་མཛད། །འཕྲལ་དུ་གྲོས་ལ་དགའ་ བའི་མི་དེ། །ཕུགས་སུ་ངན་པས་སྣ་ལ་མི་མཛེམ། །བྱ་བ་ཐམས་ཅད་ངན་པའི་སར་སྐྱེལ། །རྒན་གཞོན་ཀུན་ཀྱང་གྲོས་ལ་འཛེམ་དགོས། །རྒན་པ་རྣམས་ལ་ཚིག་གིས་བརྗིད་བསྐུར། །གཞོན་ནུ་ལ་ཡང་བརྙས་པ་མ་མཛད། །དོན་གྱི་རྒྱལ་ས་རང་གིས་ཟུངས་ལ། །གློད་ཡངས་ གྲོས་ཁོག་ཆེ་བར་བསྐྱེད་ཅིག །བཞིན་ལེགས་བུ་མོའི་གྲོས་ཕུགས་མ་བྱེད། །བསྟན་གྲོགས་ ཡིན་མིན་རིང་དུ་མ་འདོར། །ཤ་ཚའི་གྲོས་འདེབས་སེམས་ལ་གཟན་ཀྱང༌། །ཚིག་སྣ་ཁྲིད་ན་ ཕུགས་སུ་བདེན་ཐོབ། །འགྱོད་པ་མེད་པ་བྱ་བའི་མཆོག་ཡིན། །ཀུན་ལ་གཅེས་པ་ཁྲེལ་དང་ གཞུང་ལགས། །བྱས་པ་དྲིན་དུ་བཟོ་བ་ཉུང་ཡང༌། །རང་གི་ཕྱོགས་ལ་ཉེས་མེད་མཛད་འཚལ། །སེམས་ལ་སེམས་ཀྱིས་བལྟ་བ་སྒོམ་ཡིན། །རང་ངོ་རང་གིས་རིག་ན་རྟོགས་པ། །ཆོས་ཀུན་ སྟོང་པར་མཐོང་ན་སངས་རྒྱས། །ལུས་ངག་དལ་བར་མི་ལུས་སྤྱོད་པ། །ཞེས་པ་འདི་ནི། རྟག་ པ་མིང་གི་རྒྱལ་མཚན་བསོད་ནམ་བཟང་པོས་སྦྱར་ཏེ་དགེའོ། ། ༄༅། །བྱ་བྲལ་བ་བསོད་ནམས་བཟང་པོའི་ཡི་གེ་ བཞུགས་སོ་ལགས། ར་པ་མདོ་པ་རིན་ཆེན་དཔལ་བཟང་པོ་ལ་གནང་བའི་བཀའ་ཤོག་བཞུགས། 3-1-377 ཚོགས་གཉིས་ཆུ་གཏེར་རྒྱས་པའི་དཀྱིལ་འཁོར་ལ། །རྣམ་མང་ཤེས་བྱའི་རྒྱུ་སྐར་རྣམ་བཀྲ་ ཞིང༌། །འཕྲིན་ལས་ནོར་བུས་བསྐྲུན་ནས་མཛེས་བྱས་པའི། །ལུང་རྟོགས་པད་མོ་རྒྱས་ པ་གང་དེ་ལ། །མང་ཐོས་ལྷ་ལམ་ཡངས་པའི་ཤེས་བྱ་ལ། །སྙིང་རྗེའི་རི་བོང་འཛིན་པའི་འོད་ དཀར་ཅན། །ལེགས་བཤད་ཀུན་ཏུ་འབྱེད་པའི་གཉེན་གཅིག་པུ། །བློ་གསལ་རྒྱུ་སྐར་བདག་ པོས་འདི་གསོལ་ལོ། །ཁྱེད་སྐུའི་ཆུ་འཛིན་དཀར་པོའི་རོལ་རྩེད་ལས། །བསྐྱེད་རྫོགས་སྤྲིན་ གྱི་བཅུད་ནི་འཛིན་མཛད་ཅིང༌། །ཕན་བདེའི་ལོ་ཐོག་རྒྱས་པར་བྱེད་དོ་ཞེས། །སྙན་གྲགས་ ཟེགས་མ་འཐོར་བས་དགའ་བ་འཕེལ། །བརྩེ་བའི་མཛོད་ནས་མངག་པའི་རྐང་དྲུག་ཅན། །འཕྲིན་ཡིག་སྡེབ་ལེགས་གཤོག་རྩེ་མཐོར་འདེགས་པ། །སྐྱེས་བཟང་རྟེན་གྱིས་རྒྱང་གླུ་ལེན་ བཞིན་དུ། །ཕྱོགས་འདིར་ངལ་བ་དང་བཅས་ལེགས་པར་སོན། ། ༈ ལྷ་མིའི་སྟོན་པ་སྨྲ་བའི་ཉི་མ་(ཆོས་རྗེ་རིན་ཆེན་བློ་གྲོས་པ་)གང༌། །མཁས་མང་པདྨོའི་ཚལ་ ལ་དཔལ་བསྐྲུན་ཏེ། །ངོ་མཚར་ལྟས་ཀྱིས་ནུབ་རིའི་རྩེར་སོན་ནས། །དག་པའི་མཁའ་ལ་ གཤེགས་པའི་མྱ་ངན་གྱིས། །བདག་ཡིད་མུན་པའི་ཁུང་ན་ཟླ་མེད་པར། །སྨྲེ་སྔགས་གདུངས་ པའི་དབྱངས་ལ་བརྟེན་པར་ཟད། །བླ་མེད་བླ་མ་དེ་ཡི་མཁྱེན་པ་ཡི། །ཆ་ཙམ་གྱིས་ཀྱང་མཁས་ རློམ་བརྒྱ་ཕྲག་གི། །ང་རྒྱལ་དྲེགས་པ་ཀུན་ནས་ཞི་མཛད་ན། །ཡོངས་རྫོགས་མཁྱེན་པའི་ ཕ་མཐའ་སུ་ཡིས་མངོན། །བསམས་ཤིང་བསམ་ཀྱང་དད་པའི་མཆི་མ་འཁྲུག། །འོན་ཀྱང་ འདབ་སྟོང་སྤྱི་བོའི་ཁྲི་སྟེང་ན། །མཚན་དཔེའི་གཟི་འོད་འཁྲུག་པའི་རྗེ་བཙུན་དང༌། །འབྲས་ མེད་སེམས་ལ་གནས་པའི་གདེང་ཡང་མཆིས། །ཏིང་འཛིན་དབང་གིས་འཁོར་ལོ་བཞི་ཡང་ ཚིམ། །དམ་པ་དེ་ཡི་བཅག་པའི་སེང་གེའི་ཁྲི། །མཛེས་པར་བྱེད་ལ་མི་སྨོན་སུ་ཡི་འཚལ། །བདག་ནི་ཞི་བདེ་དོན་གཉེར་སྨན་སེམས་ལྡན། །རི་ཁྲོད་དབེན་པའི་བས་མཐའ་དོན་གཉེར་ བའི། །འདུན་པ་ཡུན་དུ་མཆིས་པས་ཕྱོགས་དེ་རུ། །ཕྱིན་པའི་ནུས་མཐུ་བདག་ལ་མི་བདོག་ 3-1-378 ན། །མཐུ་སྟོབས་དབང་ཕྱུག་བདག་ལ་མི་བས་མཛོད། །ཁྱེད་ཀྱིས་བཞེད་དོན་རྟེན་བཞེངས་ མང་སྐོལ་སོགས། །ལེགས་པར་གྲུབ་པ་སོ་སོའི་རི་མོར་གསལ། །ཁྱེད་ཀྱི་འཕྲིན་ལས་ ཕྱོགས་དེར་རྒྱས་ན་ཡང༌། །དྲིན་ཅན་ཡུམ་འདི་འཕྲད་བཞེད་ཐུགས་འདུན་དྲག །ཉེ་དུ་ཀུན་གྱི་ བཞུགས་ཚུལ་བལྟ་བ་ལ། །མི་འགྱངས་འབྱོན་པའི་བརྩོན་པ་བགྱིད་པར་མཛོད། །སྙོ མ་ལས་ མཁན་གྱི་བྱ་བྲལ་མ་ཎི་བ། །བདག་ཀྱང་འཆི་བདག་དགྲ་ཡིས་མ་བཅོམ་ན། །མྱུར་དུ་ཞལ་ མཇལ་སྨོན་ལམ་བགྱིད་པ་ལགས། །བྱ་བཞག་སྤྱི་དང་ཕྱི་ནང་གནས་ཚོད་ཀུན། །ཡོན་ཏན་ བློ་གྲོས་མཆེད་གྲོགས་ཀུན་ལ་ཡོད། །འགྲོ་བའི་འདྲེན་པ་ཁྱོད་ཉིད་ཅིག་པུར་སོན། །ཀུན་ལ་ གང་ཚིམ་ཆོས་དང་འཇིག་རྟེན་གྱི། །སྔར་ལས་ཆེས་ཆེར་ལྷག་པའི་ཁུར་ཆེན་ཁྱེར། །ལོངས་ སྤྱོད་ཕལ་ཆེར་གཡེང་པའི་རྒྱུར་མཐོང་བས། །རིམ་གཉིས་རྣལ་འབྱོར་རྣམས་ལ་ནན་ཏན་ མཛོད། །སྙིགས་དུས་འདུལ་དཀའ་སེམས་ཅན་སྨྲ་བ་མང༌། །རང་གིས་རང་སེམས་དག་ལ་ བཀའ་གྲོས་མཛོད། །དུས་ངན་ཆོས་མཛད་རྣམས་ཀྱང་བར་ཆད་གདང༌། །དབང་བསྐུར་ལུང་ ཁྲིད་ཀུན་ཀྱང་ཚེ་ལ་གནོད། །སྒྲུབ་རྒྱལ་ཉམས་ལེན་ཀུན་ལ་ཆག་མེད་མཛོད། །ཆོས་དང་ མཐུན་ན་ཀུན་ཀྱང་ཆོས་ཀྱི་གྲོགས། །རྣལ་འབྱོར་པ་ལ་གང་སྣང་ལྷ་རུ་གསལ། །སེམས་ཉིད་ འོད་གསལ་འདི་ལ་སངས་རྒྱས་ཟེར། །གདོད་མའི་སེམས་ཉིད་འདི་ལ་ལོངས་སྤྱོད་མཛོད། །ད་ལན་ཡི་གེའི་རྟེན་དུ་ནམ་བཟའ་ལ། །མཆིང་དམར་ཅིག་དང་འཇམ་ཕྲུག་ཟླ་གམ་ཅིག །སྲབ་ཆེན་ལྔ་རྣམས་ཁ་བྱང་རྒྱ་ཡིག་བཏབ། །ཕོ་ཉ་བ་ལ་སྐུར་བ་རྩིས་བཞེས་མཛོད། །སྒྲ་ལྡན་ འབྲུག་གི་ལོ་ཡི་ཟླ་བ་ནི། །བདུན་པའི་ཚེས་གྲངས་བཟང་ལ་དགེ་ལྡན་གླིང༌། །མཁས་པའི་ བསྟི་གནས་དག་ནས་ཕུལ་བ་དགེ། །ར་ས་མདོ་ཆོས་འཁོར་གླིང་དུ་རྗེ་ཉིད་ཀྱི་གཅུང་མཐུ་སྟོབས་ དབང་ཕྱུག་པ་ལ་གནང་བའོ། ། 3-1-379 ༄༅། །རྗེ་བསམ་གཏན་གླིང་པ་ནམ་མཁའ་ བསོད་ནམས་ཀྱི་བསྟོད་པ་ བཞུགས་སོ།། ༄༅། །ༀ་སྭ་སྟི། དབྱངས་ཅན་ལྷ་མོ་དེ་ལ་འདུད་དོ། །ཇི་ལྟ་ཇི་སྙེད་མཁྱེན་པའི་ནམ་ མཁའ་ལ། །བསླབ་གསུམ་རི་བོང་འཛིན་པའི་བསོད་ནམས་ཀྱིས། ། གཉིས་འཛིན་མུན་ པའི་ཚིག་ཀུན་གསལ་མཛད་པ། །མི་ཕམ་སྨྲ་བའི་ཟླ་བ་དེ་ལ་འདུད། །ནམ་མཁའི་དབྱིངས་ ལྟར་སྲིད་གསུམ་སྣང་བའི་ཆོས། །བསོད་ནམས་ཡེ་ཤེས་ཚོགས་ཀྱིས་སྟོང་པར་ནི། །མངོན་ སུམ་གསལ་བར་རྟོགས་པའི་བླ་མ་གང༌། །བརྩེ་ལྡན་རྣལ་འབྱོར་དབང་ཕྱུག་དེ་ལ་འདུད། །ཆོས་དབྱིངས་ནམ་མཁའི་དཀྱིལ་ལས་མ་གཡོས་ཤིང༌། །རྣམ་དག་བསོད་ནམས་བསྐྱེད་རིམ་ གཟུགས་སྐུར་གསལ། །དགའ་བཞིའི་དབང་གི་དཔལ་ལ་རོལ་བྱེད་པའི། །འཆི་མེད་བདག་ པོར་གྱུར་པ་དེ་ལ་འདུད། །ཐེག་མཆོག་ལམ་བཟང་བཤད་པའི་ནམ་མཁའ་ལ། །བསྐྱེད་ རྫོགས་དཀྱིལ་འཁོར་རྒྱས་པའི་བསོད་ནམས་ཀྱི། །དབང་བཞི་རླུང་གིས་རྟ་བདུན་ལེགས་ དྲངས་ནས། །སྐུ་བཞིའི་ལོ་ཐོག་རྒྱས་མཛད་དེ་ལ་འདུད། །མཁས་མང་ལེགས་བཤད་རྒྱུ་སྐར་ ནམ་མཁའ་ཡི། །ཁྱོན་ཀུན་གང་བས་ཁྱེད་ཐུགས་བསོད་ནམས་ཀྱི། །ཤེས་བྱའི་དཀྱིལ་འཁོར་ རྫོགས་པའི་རི་བོང་ཅན། །འགྲན་ཟླའི་སྤྲིན་དང་བྲལ་བ་དེ་ལ་འདུད། །ནམ་མཁའ་ལས་ཀྱང་ ཐེག་ཆེན་ཆོས་རྔའི་སྒྲ། །རྒྱལ་སྲས་དབང་པོ་རྣམས་ལ་སྒྲོག་བྱེད་ལྟར། །བསོད་ནམས་ཚོགས་ ལས་གྲུབ་པའི་རྒྱལ་བའི་བཀའ། །སྙིགས་དུས་འགྲོ་མང་སྒྲོག་བྱེད་དེ་ལ་འདུད། །ནམ་མཁའི་ མཐས་ཀླས་གྱུར་པའི་དགེ་བ་གང༌། །བསོད་ནམས་ཡོངས་སུ་རྫོགས་ལས་གྲུབ་པའི་དཔལ། །གཟུགས་ཀྱི་སྐུ་རུ་མངོན་པར་སངས་རྒྱས་ནས། །འགྲོ་དོན་དཔག་མེད་མཛད་པ་དེ་ལ་འདུད། 3-1-380 །བརྗོད་མེད་བརྗོད་པའི་ཡུལ་ལས་འདས་པ་ཡི། །བླ་མེད་བླ་མ་དམ་པ་གང་དེ་ལ། །ཚིགས་ བཅད་ཚིག་གི་སྒོ་ནས་བསྟོད་པ་ཡི། །དགེ་བས་དགེ་ཆོས་དཔག་མེད་འཕེལ་བར་ཤོག །ཅེས་པ་ འདི་བླ་མ་དམ་པ་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ། བསོད་སྙོམས་པ་ཆེན་པོ་པུཎྱཻ་བྷ་ཏྲས་སྦྱར། བཀྲ་ཤིས། ༄༅། །རྗེ་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་ ཀྱི་བསྟོད་པའོ།། ༄༅། །ༀ་སྭ་སྟི། དཔག་མེད་ཟབ་ཡངས་མཁྱེན་པའི་ཆུ་གཏེར་དུ། །ངེས་དོན་སྦྲང་རྩིའི་ དཔལ་འཛིན་ཆུ་སྐྱེས་དག །གསར་བ་གསར་པའི་བཀྲ་བ་ཡང་ཡང་བཞད། །ཐེག་མཆོག་ཟླ་ བས་འཕེལ་བ་ཁྱོད་(ནམ་མཁའ་བསོད་ནམས་ཉིད་)ཉིད་དོ། །ཐར་འདོད་དེད་དཔོན་ལུང་རིགས་གྲུ་ རྫིངས་ཅན། །གཞན་ཕན་བཟང་པོའི་དར་ཆེན་ལེགས་བསྐྱོད་ནས། །སྐྱོན་བྲལ་སྙིང་པོའི་ནོར་ བུ་ལེན་འདོད་རྣམས། །རྒྱུད་སྡེ་ནོར་བུའི་(ཨ་ཏིའི་)འཛོད་འདིར་འཇུག་པར་རིགས། །ལོག་(ངེས་ དོན་ལ་རྨོངས་པ་ཕལ་ཆེར་)བློ འི་ཆུ་མཚོ་ཆེ་ལས་འོངས་པ་ཡི། །མཁས་རྣམས་བཞད་གད་ཚིག་གི་ ནོར་བུ་ནི། །བཤེས་གཉེན་དམན་པའི་དེད་དཔོན་གྱིས་དྲངས་ཏེ། །དམུས་ལོང་སྐྱེ་བོའི་དབུས་ སུ་བྱི་དོར་བྱེད། །བསོད་ནམས་(གྲུབ་མཐས་བསླད་པ་)ཆུ་འཛིན་བྲལ་བའི་ལྷ་ལམ་ལ། །ངན་ཞེན་ གྲུབ་མཐའི་རྟ་བདུན་དབང་པོ་ནི། །ཆགས་སྡང་རླུང་གི་བཞོན་པས་རབ་བསྐྱོད་ནས། །ཐོས་ མེད་གླིང་བཞིའི་དབུས་ན་ལྷང་ངེ་འོ། །ལྐོག་(ཐོས་པ་ལྷུར་ལེན་པ་རྣམས་)གྱུར་བླང་དོར་ཟབ་མོའི་རྒྱུ་ སྐར་ལ། །ཐོས་(ཐེག་པ་མཆོག་གི་)བསམ་མིག་བྲལ་སྐྱེ་བོའི་ཚོགས་འདུས་ཏེ། །ཟབ་ལམ་སྐར་ ཚོགས་མཐོང་མེད་ཁོ་བོ་བཞིན། །སྨྲ་བ་འདི་དག་རང་གི་དེ་ཉིད་གསལ། །ལེགས་པར་(ཨ་ཏིའི་) བཤད་པའི་གཞོན་ནུ་མཛེས་མ་གང༌། །གདམས་པ་རིན་ཆེན་རྒྱན་མང་རྣམ་པར་རོལ། །མན་ ངག་རྣམ་དཔྱོད་དེས་པས་གཞན་ཡིད་འཕྲོག །ཟབ་ལམ་དངུལ་དཀར་མེ་ལོང་ལྟད་མོ་མཁན། 3-1-381 །གསང་སྤྱོད་རྣལ་འབྱོར་ཀུན་གྱི་ཡུམ་གཅིག་མ། །ལྷན་སྐྱེས་ཡིད་ཀྱི་མཛེས་མ་ལྟ་འདོད་ རྣམས། །ལོག་ལྟའི་མིག་གཉིས་དད་པའི་མིག་ཐུར་གྱིས། །གྲོགས་བཟང་མིག་མཁན་རྒྱལ་ པོས་རབ་དབྱེ་ནས། །བརྩོན་གང་དགེ་ལ་སྤྲོ་བའི་ལམ་ཞུགས་ཏེ། །བསམ་གཏན་གླིང་འདིར་ སྒྲོན་མེའི་དགེ་ལེགས་མཛོད། །སྙིགས་དུས་སྐྱེ་བོ་ཕལ་ཆེར་ཚུལ་ངན་འཛིན། །ཡང་དག་ལྟ་ བའི་སྣོད་ལས་ཕྱི་རོལ་གྱུར། །ལྷན་སྐྱེས་རིག་པའི་དོན་ལ་ཀུན་ཏུ་རྨོངས། །གཉིས་སྐྱེས་འབྱུང་ པོའི་བྱ་བཞིན་མུན་པར་འཁྱམ། །རང་གཞན་ལྟ་བའི་ཞེན་པས་གོས་པ་མེད། །འགྲོ་ཀུན་ཐེག་ མཆོག་འགོད་པའི་ལྷག་བསམ་དཀར། །སྙིང་པོའི་དོན་ལ་ཡིད་ཆེས་གཏིང་ནས་ཐོབ། །བླ་ མའི་གསུང་གི་གསལ་བྱེད་མདོར་བསྡུས་བཀོད། །འདི་སྦྱར་བྱེད་པའི་བཤེས་གཉེན་མང་ ཐོས་ཀྱི། །ཀུ་སཱ་ལི་པའི་བྱ་བྲལ་རྒྱལ་ཁམས་པ། །བསོད་ནམས་བཟང་པོས་བསམ་གཏན་ གླིང་དུ་བྲིས། །མ་གྱུར་འགྲོ་བས་ཐིག་ལེ་ཆེན་པོ་རྟོགས། །ཐིག་ཕྲན་སྦུབས་སུ་ཆོས་ཀུན་ གསལ་བར་ཤོག །ཅེས་པ་འདི་རྗེ་བཙུན་བསམ་གཏན་གླིང་པས་རང་གི་གྲུབ་པའི་མཐའ་ལ་ ལོག་རྟོག་དང་ལྡན་པ་དག་བྱུང་དུས་གནང་བའི་ཐུགས་རྩོམ་གྱི་གསལ་བྱེད་དུ་མཛད་པའོ། །ཨི་ཏི། ༄༅། །ལྕང་ལུང་རིན་པོ་ཆེ་གཞོན་ནུ་བློ་གྲོས་ཀྱི་ བསྟོད་པ་ཟླ་བའི་ཕྲེང་བ། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག བཅོམ་ལྡན་འདས་མ་ངག་གི་དབང་ཕྱུག་ལ་ཕྱུག་ འཚལ་ལོ། །རྣམ་དག་མཁྱེན་པའི་གཏེར་ལ་དབང་འབྱོར་ཞིང༌། །རྣམ་གྲོལ་སྐུ་བཞིའི་ས་བོན་ སྐྲུན་མཛད་པ། །རྣམ་མང་ཤེས་བྱའི་དཀྱིལ་འཁོར་མངོན་སུམ་ཅན། །རྣམ་རྒྱལ་དཔལ་མོ་ ངག་དབང་ལ་ཕྱག་འཚལ། །གསུམ་ལྡན་མི་གཡོའི་རྟ་ལྗང་བགྲོད་པ་ལས། །དྷུ་ཏིའི་ལྷ་ལམ་ 3-1-382 ཡངས་པར་རླུང་བཅུ་ཡི། །དཀྱིལ་འཁོར་ཡོངས་སུ་རྫོགས་པའི་འོད་སྟོང་ཅན། །སོར་སྡུད་ མཐར་ཕྱིན་མཚུངས་མེད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །ཕྱི་ནང་ རྟགས་བཅུའི་མཚན་མ་མངོན་གྱུར་པའི། །ཤེས་རབ་རྟོགས་དཔྱོད་དགའ་བདེའི་དཔལ་ འབྱོར་ལ། །རྩེ་གཅིག་མི་གཡོ་རྟོག་མེད་མཁྱེན་པ་འཕྲོ། །བསམ་གཏན་མཐར་ཕྱིན་མཚུངས་ མེད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །རླུང་བཅུ་དབུ་མའི་ཆུ་གཏེར་ ཆེར་ཞུགས་ཤིང༌། །འཁོར་ལོ་བཞི་ཡི་འདབ་སྟོང་ལྡི ང་ཁང་དབུས། །རྐང་དྲུག་རླུང་གི་འགྲོ་ འོང་འཕུར་ལྡི ང་ཅན། །སྲོག་རྩོལ་མཐར་ཕྱིན་མཚུངས་མེད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ ཞབས་ལ་ཕྱག་འཚལ་ལོ། །ཐིག་ལེའི་ཆུ་ཤེལ་སྲོག་རླུང་རི་བོང་འཛིན། །རླུང་སེམས་བདེ་ ཆེན་འོད་དཀར་དཀྱིལ་འཁོར་གྱི། །ཧཾ་གི་ཐིག་ལེ་འགྲོ་བའི་དཔལ་དུ་ཤར། །འཛིན་པ་མཐར་ ཕྱིན་མཚུངས་མེད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །རླུང་སེམས་ ཐིག་ལེར་ཞུགས་པའི་ཆུ་འཛིན་ལས། །གཏུམ་མོའི་མེ་འོད་གློག་གི་རོལ་རྩེད་མཁན། །བདེ་ དྲོད་ཁྱད་པར་སྤྲིན་གྱི་དབྱངས་སྒྲོག་པ། །རྗེས་དྲན་མཐར་ཕྱིན་མཚུངས་མེད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །རྟགས་བཅུ་མཐར་སོན་སྣ་ཚོགས་ཐིག་ལེའི་ དབུས། །འགྱུར་མེད་རེ་ཁཱ་ནག་པོའི་རི་མོའི་ནང༌། །སྣ་མང་ལོངས་སྐུ་གསལ་བར་མངོན་ སུམ་གཟིགས། །ཏིང་འཛིན་མཐར་ཕྱིན་མཚུངས་མེད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ ལ་ཕྱག་འཚལ་ལོ། །དཔག་ཡས་འགྲོ་བའི་དོན་དུ་བརྒྱ་ཕྲག་གི། །སྐུ་ཡི་བཀོད་པ་ཞིང་ཁམས་ བྱེ་བ་བགྲོད། །གྲུབ་པའི་དབང་ཕྱུག་དཔལ་ལྡན་ཤ་བ་རིས། །རྗེས་བཟུང་རྡོ་རྗེའི་སྐུ་བརྙེས་ ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ལོ་ འདབ་གཡོ། །དབང་བཞིའི་མེ་ཏོག་དཀར་པོའི་ཅོད་པན་འཛིན། །ཕན་བདེ་འབྲས་བཟང་ སྩོལ་བའི་གཉེན་གཅིག་པོ། །བསླབ་གསུམ་དྲི་བསིལ་ལྡན་པ་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ 3-1-383 ཞབས་ལ་ཕྱག་འཚལ་ལོ། །སྨོན་ལམ་སྤྱན་སྟོང་མངའ་བའི་དབང་པོ་མཆོག །འཆི་མེད་བདུད་ རྩིའི་ནོར་ལ་དབང་བསྒྱུར་ཞིང༌། །མི་རྟོག་རིན་ཆེན་ཕྲེང་བའི་དོ་ཤལ་ཅན། །མཁས་མང་ ཉེ་དབང་གཙུག་རྒྱན་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །ཟག་མེད་ མཁྱེན་པའི་ལུས་རྒྱས་གདོང་ལྔ་པ། །རྩེ་བའི་རལ་ཚོགས་གཡོ་བའི་ཟློས་གར་མཁན། །རྣམ་ དག་རིགས་པའི་ངར་སྒྲས་གཞན་བདེ་ཡི། །གཉིས་འཐུང་གླད་པ་འགེམས་མཛད་ཆོས་ཀྱི་རྗེ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །སྐུ་གསུམ་རི་དབང་ཡོངས་རྫོགས་འཕྲིན་ལས་ ཀྱི། །དྲི་མེད་བང་རིམ་ཟུང་འཇུག་ཉི་ཟླས་མཛེས། །རབ་གུས་གདུལ་བྱའི་ཡིད་མཚོ་ཡངས་ པ་དེར། །མངོན་པར་གསལ་མཛད་རྒྱལ་བ་ཆོས་ཀྱི་རྗེ། ། གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་ འཚལ་ལོ། །སྐྱེས་ཆེན་དམ་པའི་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་པའི་དགེ་ བ་ཡིས། །དཔལ་ལྡན་བླ་མས་བདག་སོགས་རྗེས་བཟུང་སྟེ། །མ་གྱུར་འགྲོ་བས་ཐེག་མཆོག་ ཐོབ་པ་དང༌། །དམ་པ་ཁྱེད་ཀྱི་ཞབས་པད་བསྟེན་པར་ཤོག །ཅེས་པའི་ཚིགས་སུ་བཅད་པ་ (རྣལ་འབྱོར་ཡན་ལག་དྲུག་གི་སྒོ་ནས་བསྟོད་པ་)ཟླ་བའི་ཕྲེང་བ་ཞེས་བྱ་བ་འདི། དཔལ་ལྡན་བླ་མ་ལ་མི་ ཕྱེད་པའི་དད་པ་རྙེད་ཅིང༌། ཟབ་ལམ་མང་དུ་ཐོས་པའི་རྒྱལ་ཁམས་པ་བསོད་ནམས་བཟང་ པོས་ཆོས་སྡིངས་བདེ་ལྡན་གྱི་ཆོས་གྲྭ་ཆེན་པོར་ཐ་སྐར་གྱི་ཟླ་བ་ལ་སྦྱར་བ་འདིས་ཀྱང་ཐུབ་ པའི་བསྟན་པ་ཡུན་དུ་གནས་པར་གྱུར་ཅིག། ༄༅། །ཆེན་པོ་དཔལ་འབྱོར་རྒྱ་མཚོའི་བསྟོད་པ་གཞུང་བཟང་ གངས་རི་མ་སྨོན་ལམ་དང་བཅས་པ་ བཞུགས་སོ། ། 3-1-384 ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག། ཆུ་སྐྱེས་གེ་སར་ཉ་གང་སྟོན་ཟླའི་དབུས། །ཧྲཱིཾ་ དམར་ལས་བྱུང་དཔལ་མོ་འཛུམ་པའི་ཞལ། །ཕྱག་གཉིས་ཡིད་བཞིན་ནོར་བུ་སྣང་གསལ་ གྱིས། །མཛེས་བྱེད་སྒྲ་དབྱངས་ལྷ་མོ་གང་དེ་རྒྱལ། །འདིར་བདག་ཅག་གི་བླ་མ། འགྲོ་བ་རིས་ མ་བཅད་པ་རྣམས་ཀྱི་ཡོངས་སུ་འཛིན་པ་དཔལ་ལྡན་མཁས་པ་ཀུན་གྱི་དབུས་ན་མཚུངས་པ་ མེད་པའི་ལུང་དང་རིགས་པ་མངོན་པར་རྟོགས་པའི་གཟི་བྱིན་རབ་ཏུ་རྒྱས་པས་གསེར་གྱི་ ལྷུན་པོ་ལྟར་མངོན་པར་འཕགས་ཤིང༌། ལེགས་པར་སྦྱངས་པའི་ཐུགས་ཀྱི་མེ་ལོང་ཡོངས་ སུ་དག་པ་ལ་ཤེས་བྱ་མ་ལུས་པའི་དཀྱིལ་འཁོར་གསལ་བར་གཟིགས་པ་ཅན། ཐེག་པ་ མཆོག་གི་དགེ་བའི་བཤེས་གཉེན་མཚུངས་པ་མེད་པའི་བླ་མ་དཔལ་འབྱོར་རྒྱ་མཚོའི་ཞབས་ ཀྱི་པད་མོ་དྲི་མ་མེད་པ་ལ་འདུད་ཅིང་གསོལ་བ་འདེབས་པའི་ཚིག་འདི་བསྙད་པར་བགྱིའོ། །དཔལ་འབྱོར་འབུམ་ཕྲག་གཞུང་བཟང་གངས་རི་ལས། ། ལེགས་པར་འོངས་པའི་ལེགས་ བཤད་ཆུ་རྒྱུན་ནི། །བསླབ་གསུམ་རྒྱ་(སྡེ་བདུན་) མཚོ་ཆེ་དེར་འདུ་མཛད་པའི། །དཔལ་འབྱོར་ རྒྱ་མཚོའི་ཞབས་པད་ལ་ཕྱག་འཚལ། །སྙིང་རྗེའི་ཆུ་འཛིན་དཀར་པོའི་དཔལ་འབྱོར་ལས། །སྡེ་ སྣོད་ཆུ་ཆར་འབེབས་པའི་སྤྲིན་དབྱངས་ཅན། །ཐུབ་བསྟན་རྒྱ་མཚོ་མཐའ་དག་གང་བྱེད་པའི། །མི་ཕམ་བླ་མའི་ཞབས་པད་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་དྲི་མེད་(འོད་ཟེར་)ཆུ་ཤེལ་ ཅན། །ཆོས་མངོན་ཤེས་བྱའི་མཁའ་ལ་དཔལ་འབྱོར་ཞིང༌། །ཆོས་མངོན་པད་མཚོའི་པད་ མོ་ཁ་འབྱེད་པའི། །མཉམ་མེད་བླ་མའི་ཞབས་པད་ལ་ཕྱག་འཚལ། །ལེགས་པར་བཤད་ པའི་བློ་གྲོས་མིག་སྟོང་ཅན། །མཁས་གཞུང་བྱེ་བའི་དོ་ཤལ་རིང་དུ་འཆང༌། །སྨྲ་ངན་ལྷ་མིན་ དབང་པོའི་ཚོགས་འཇོམས་པ། །ཆོས་ཀྱི་སྤྱན་ལྡན་ཞབས་པད་ལ་ཕྱག་འཚལ། །མཁྱེན་པས་ ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས། །བརྩེ་བས་ཆོས་ཀྱི་དགའ་སྟོན་འགྲོ་ལ་སྩོལ། །མཛད་པས་ རིགས་གསུམ་གདུལ་བྱ་སྨིན་མཛད་པ། །སེམས་དཔའ་ཆེན་པོའི་ཞབས་པད་ལ་ཕྱག་འཚལ། 3-1-385 །ཁྱོད་ནི་སྐུ་ཚེ་དུ་མའི་སྔ་རོལ་ནས། །དཔལ་འབྱོར་ཚོགས་གཉིས་ཡོངས་སུ་རྫོགས་པ་ ཡིས། །མཁས་མང་རྒྱ་མཚོའི་དབུས་ན་མངོན་མཐོ་བ། །དཔལ་ལྡན་བླ་མའི་ཞབས་པད་ལ་ ཕྱག་འཚལ། །མཚན་དང་དཔེ་བྱད་གསལ་བར་རྫོགས་པའི་སྐུ། །ཐེག་ཆེན་སྒྲ་དབྱངས་ མ་ལུས་སྒྲོག་པའི་གསུང༌། །ཟག་མེད་མཁྱེན་པའི་བང་མཛོད་མངའ་བའི་ཐུགས། །མཚུངས་ མེད་ཆོས་རྗེའི་ཞབས་པད་ལ་ཕྱག་འཚལ། །བདག་བདེའི་དཔལ་འབྱོར་ཕུན་ཚོགས་མཐའ་ ཡས་གང༌། །སྲིད་གསུམ་འགྲོ་ལ་གཞན་དོན་སྦྱིན་པ་ཡིས། །འཁོར་བའི་རྒྱ་མཚོ་ཆེ་དེ་སྐེམས་ མཛད་པའི། །དཔལ་འབྱོར་རྒྱ་མཚོའི་ཞབས་པད་ལ་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་ལྗོན་ པ་རྒྱས་པ་ལ། །ཟག་མེད་མཁྱེན་པའི་མེ་ཏོག་རྣམ་བཀྲ་ཞིང༌། །སྐུ་བཞིའི་འབྲས་བུ་ཡོངས་སུ་ སྨིན་མཛད་པའི། །དཔལ་འབྱོར་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །དབང་བཞིའི་བང་ རིམ་མངོན་པར་རབ་འཕགས་པས། །སྐུ་བཞིའི་རིན་ཆེན་དཔལ་འབྱོར་ལས་གྲུབ་ཅིང༌། །རྒྱུད་ སྡེ་རྒྱ་མཚོའི་རིམ་གཉིས་དབུས་གནས་པ། །དཔལ་འབྱོར་རྒྱ་མཚོའི་ཞབས་ལ་གསོལ་བ་ འདེབས། །ཁྱོད་ཀྱི་ལྷག་བསམ་ཆུ་ཡིས་མ་བསྐྲུན་པའི། །ལུས་ཅན་ཕན་བདེ་ལྗོན་ཤིང་ཅང་མ་ མཆིས། །རླབས་ཆེན་དཔྱོད་པའི་ཆུ་གཏེར་ཆེན་པོ་ཅན། །དཔལ་འབྱོར་རྒྱ་མཚོའི་ཞབས་ལ་ གསོལ་བ་འདེབས། །ཇི་ལྟར་ཤེས་བྱ་ནམ་མཁའི་སྐྱེད་ཚལ་དུ། །འབུམ་ཕྲག་མཁས་པའི་སྣང་ བ་ཚོགས་ན་ཡང༌། །དཔལ་ལྡན་ཉིན་མོར་བྱེད་པའི་ཆར་མི་ཕོད། །དཔལ་འབྱོར་རྒྱ་མཚོའི་ ཞབས་ལ་གསོལ་བ་འདེབས། །དེ་ལྟར་བསྔགས་ཤིང་རབ་ཏུ་བསྟོད་པའི་མཐུས། །མཐའ་ཡས་ འགྲོ་བས་བྱང་ཆུབ་མཆོག་བརྙེས་ཤིང༌། །ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་མཆོག །མ་ ལུས་ལུས་པ་མེད་པར་བསྐོར་བར་ཤོག །དཔལ་ལྡན་བླ་མ་གང་གི་བཀའ་དྲིན་ལས། །ཤེས་ བྱའི་ཆ་ཤས་ཙམ་ལའང་མ་རྨོངས་ཤིང༌། །ལུས་ཅན་ཀུན་གྱི་ཁུར་ཆེན་འཁྱེར་བ་ཡི། །བྱང་ ཆུབ་སེམས་མཆོག་འགྲོ་ཀུན་ཐོབ་པར་ཤོག །སྐྱེ་བ་ཀུན་ཏུ་རྗེ་བཙུན་བླ་མ་ཡིས། །སྐུ་གསུང་ 3-1-386 ཐུགས་ཀྱིས་གཅེས་པར་རབ་བཟུང་ནས། །ཇི་ལྟ་ཇི་སྙེད་རྟོགས་པའི་བློ་གྲོས་རྣམས། །བདག་ གཞན་འགྲོ་བའི་རྒྱུད་ལ་སྐྱེ་བར་ཤོག །ཅེས་པའི་བསྟོད་པ་གཞུང་བཟང་གངས་རི་མ་ཞེས་བྱ་ བ་འདི་ནི། མཚུངས་མེད་བླ་མ་དམ་པ་དེ་ཉིད་ཀྱི་གསུང་གི་བདུད་རྩི་ཡུན་རིང་དུ་མྱངས་ཤིང༌། ཤེས་བྱའི་གནས་རགས་པ་ལ་བློ་གྲོས་ཀྱི་སྣང་བ་ཅུང་ཞིག་ཐོབ་པས་དམ་པ་དེ་དག་ལ་མི་ ཕྱེད་པའི་དད་པ་རྙེད་པ་རྒྱལ་ཁམས་ཀྱི་བྱ་བྲལ་བ། ཐེག་པ་མཆོག་གི་ཉམས་ལེན་ལ་གནས་ པ་བསོད་ནམས་བཟང་པོས། མཁས་མང་སྔོན་བྱོན་གྱི་བསྟི་གནས་དཔུག་གུ་རྡོའི་རྣམ་པར་ རྒྱལ་བའི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ ཆེན་པོ་འབྱུང་བར་གྱུར་ཅིག། དགེའོ།། ཤུ་བྷཾ། ༄༅། །འགྲོ་བའི་ཕན་བདེ་ཀུན་གྱི་འབྱུང་གནས་གཏེར། །ཐུབ་བསྟན་ཡུན་དུ་གནས་ ཕྱིར་བཤེས་གཉེན་ཁྱེད། །ཡུན་རིང་ཞབས་བརྟན་མི་མཐུན་འཚེ་མེད་པར། །ཐེག་ཆེན་སྒྲ་ དབྱངས་མི་ཟད་སྒྲོག་པར་ཤོག །བསྟན་གནས་གཙོར་མཛད་སྐྱེས་བུ་དམ་པ་རྣམས། །ཕན་ ཚུན་བསྔགས་ཤིང་རྟག་ཏུ་མཐུན་པ་དང༌། །འདོད་ཡོན་འདུ་འཛི་དག་ལ་ལྟོས་མེད་པར། །ཐོས་བསམ་བསྒོམས་པས་དོན་གཉིས་མཐར་ཕྱིན་ཤོག །དྲག་ཤུལ་སྤྱོད་རྣམས་དེ་དག་དད་ པ་དང༌། །དང་བས་མཐུན་པའི་རྐྱེན་རྣམས་ཉེར་བསྒྲུབས་ཤིང། །འགལ་བར་བགྱིད་རྣམས་ དེས་པས་སུན་འབྱིན་ལ། །མཐུ་དམན་རྣམས་ཀྱང་བསྔགས་ཤིང་དད་པར་ཤོག །དེ་ལྟར་ བསྟོད་པའི་དགེ་བ་དྲི་མེད་འདིས། །བདག་གཞན་སེམས་ཅན་མ་གྱུར་འགྲོ་བ་ཀུན། ། ཐམས་ ཅད་མཁྱེན་པའི་གོ་འཕང་རབ་བརྙེས་ནས། །རིགས་གསུམ་འགྲོ་ལ་ཆོས་(དག་པའི་ཞིང་འདིར་) འཁོར་བསྐོར་བར་ཤོག །དགེ་བར་གྱུར་ཅིག། 3-1-387 ༄༅། །གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་ བསྟོད་པ་ཟླ་བའི་འོད་ཟེར། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག ངག་གི་དབང་ཕྱུག་དབྱངས་ཅན་མ་ལ་ཕྱག་འཚལ་ ལོ། །ཨ་མཱ་རའི་དཔལ་ཞེས་བྱ་བའི་བསྟོད་པ་གྲགས་པའི་འོད་སྟོང་མ་འདི་བརྗོད་པར་བྱའོ། །དགེ་ལེགས་ཕུན་ཚོགས་བྱེ་བའི་མཚོ་སྐྱེས་དབུས། །དྲི་མེད་ཉ་རྒྱས་རི་བོང་འཛིན་པའི་སྟེང་། །པདྨ་རཱ་གའི་མདོག་མཚུངས་བཅོམ་ལྡན་མས། །སྲིད་ཞིའི་བར་དུ་ཚེ་ཡི་དངོས་གྲུབ་སྩོལ། །གློ་ བུར་རང་བཞིན་དྲི་མས་རྣམ་དག་པས། །སྣ་ཚོགས་དར་དང་རིན་ཆེན་རྒྱན་མང་ཚོགས། །རིང་ དུ་སྤངས་ཤིང་ཕྱག་གཉིས་ཐུགས་ཀའི་དབུས། །འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་ བསྣམས། །ལྔ་ལྡན་ཟུར་ཕུད་དབུ་སྐྲའི་ཐོར་ཚུགས་ཅན། །མིག་སྨན་མདོག་མཚུངས་ལྕང་ལོ་ དལ་གྱིས་གཡོ། །དྲི་ཞིམ་དཔག་ཚད་འོད་ཀྱི་དྲ་བ་འགྱེད། །འཇམ་མཉེན་མ་འདྲེས་ལི་བས་ མཛེས་པར་བརྒྱན། །རྣམ་གསུམ་སྙིང་རྗེའི་རྩ་བ་ལེགས་འཁྲུངས་ཤིང༌། །འགྲོ་མང་ཁུར་ཆེན་ འཁྱེར་བའི་བྱང་ཆུབ་སེམས། །དྲི་བྲལ་ཆོས་དབྱིངས་མངོན་གྱུར་ཡེ་ཤེས་གང༌། །ཟུང་འཇུག་ ཞབས་གཉིས་མཉམ་པར་བཞེངས་པས་མཛེས། །རྣམ་དག་རབ་འབྱམས་གདུལ་བྱ་དཔག་ ཡས་ཀྱི། །དང་བའི་ཡིད་ཀྱི་རིན་ཆེན་འབྱུང་གནས་ལ། །ཁྱེད་སྐུའི་འདབ་སྟོང་པད་དཀར་བཀྲ་ བས་གཏམས། །ཕུན་ཚོགས་གཟུགས་སྐུའི་ངང་པའི་དེད་དཔོན་འདུད། །མཚན་དཔེ་གསལ་ རྫོགས་རྗེ་བཙུན་དང་བའི་སྐུ། །དྲན་པའི་མོད་ལ་བདེ་གསལ་སྟོང་པ་ཡི། །རང་བཞིན་མངོན་ དུ་འགྱུར་ཞིང་རྣམ་དག་པའི། །ཞིང་དེར་འཕགས་མཆོག་དཔག་མེད་གསལ་བར་མཐོང༌། །ཁྱེད་གསུང་ཡོན་ཏན་ཕུན་ཚོགས་སེམས་བྱེད་ན། །ཡན་ལག་དྲུག་ཅུའི་དབྱངས་ཀྱིས་སྣང་ བ་དང༌། །བདེན་བཞི་སྟོན་མཛད་ལྷ་རྫས་རྔ་བོ་ཆེ། །རབ་བསྒྲགས་ཚིག་གཟུངས་དྲི་མེད་ཐོབ་ པར་འགྱུར། །ཁྱེད་ཐུགས་མཉམ་བཞག་ནམ་མཁའི་དཀྱིལ་ལྟ་བུར། །གཡོ་མེད་ཡིད་བཞིན་ 3-1-388 ནོར་ལྟར་གདུལ་བྱའི་དོན། །འབད་པ་མི་མངའ་འགྲོ་དོན་སྤྱོད་ཚུལ་ལས། །བསམ་ཡས་དོན་ རྟོགས་ཀུན་རྟོག་སྤོང་བར་འགྱུར། །བཅོམ་ལྡན་ཁྱོད་ཀྱིས་མཐའ་ཡས་འགྲོ་བ་ལ། །བྱང་ཆུབ་ ཆེན་པོའི་བར་དུ་འཆི་མེད་པའི། །ཚེ་ཡི་དངོས་གྲུབ་སྩོལ་བའི་མཛད་པ་ཅན། །འཕྲིན་ལས་ རྣམ་བཞིས་འགྲོ་ལ་དགེ་ལེགས་མཛོད། །འདི་སྦྱར་དགེ་བས་མཁའ་ཁྱབ་སེམས་ཅན་རྣམས། །འཆི་མེད་དབང་པོའི་གོ་འཕང་མཆོག་བརྙེས་ཏེ། །ཐེག་མཆོག་ལམ་བཟང་མ་ལུས་གསལ་བ་ དང༌། །ཆོས་སྐུའི་ངང་དུ་འགྲོ་ཕན་སྤྱོད་པར་ཤོག །ཅེས་མགོན་པོ་ཚེ་དཔག་མེད་ལ་བསྟོད་ པ་ཟླ་བའི་འོད་ཟེར་མ་ཞེས་བྱ་བ་འདི་ནི། རྒྱལ་ཁམས་པས་དཔལ་རྩེ་ཐང་དུ་ཡི་གེར་བཀོད་ པའོ། །ཤུ་བྷཾ། ༄༅། །སློབ་དཔོན་པདྨ་འབྱུང་གནས་ཀྱི་ བསྟོད་པ་བཞུགས་སོ། ། ༄༅། །སྭ་སྟི། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་གཅིག་བསྡུས་མི་ཡི་ཁྱུ་མཆོག་འགྲོ་བའི་ དཔལ། །སྲིད་གསུམ་འདི་ན་སྐྱབས་གསུམ་བླ་མ་ཉིད་ལས་ཕུལ་བྱུང་གང་ཞིག་སུ་ལ་མཆིས། །རྡོ་རྗེ་ཐེག་པའི་ལམ་བཟང་རྙེད་པར་དཀའ་བ་མངོན་སུམ་ཉིད་ནི་སྐལ་ལྡན་ལ། །སྨིན་གྲོལ་ མཛད་པས་མཛད་པ་མཐའ་ཡས་སྐྱོབ་པ་ཁྱེད་ལ་མི་གུས་རིགས་ནུས་མེད། །སྣ་ཚོགས་སྐུ་ཡི་ བཀོད་པས་གདུལ་བྱ་འདུལ་བ་དང༌། །སྣ་མང་གསུང་གིས་ལོག་འདྲེན་བདུད་རིགས་བསྐྲོད་ ལ་བརྩོན། །རྣམ་རྟོག་མེད་པའི་ཐུགས་ཀྱིས་ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །བཀའ་ དྲིན་མཚུངས་མེད་པདྨ་རྒྱལ་པོ་དེ་ལ་འདུད། །ཚོགས་གཉིས་རྨད་བྱུང་གེ་སར་སྡོང་པོའི་ སྟེངས། །མཚན་དཔེ་ལྡན་པ་འཇིགས་མེད་རྒྱལ་པོའི་ཚུལ། །མི་འགྱུར་རྡོ་རྗེ་དངོས་གྲུབ་ཐོད་ 3-1-389 པ་ཡིས། །ཕྱག་གཉིས་ཟུང་བརྗིད་ཐུགས་ཀྱི་པདྨོ་མཛེས། །རིགས་བཞི་མཁའ་འགྲོ་ཀུན་གྱིས་ ཁྱོད་མཆོད་པས། །ལས་བཞི་སྩོལ་སླད་དར་ལྔ་མེ་ལོང་ཅན། །དབུ་ཞྭ་རྒོད་ཀྱི་ཐིལ་ཆུང་གྱིས་ མཛེས་པ། །བདུད་འདུལ་དཔའ་མཚན་སྟག་གི་གོང་པ་ཅན། །ཟབ་དོན་མ་ལུས་རྫོགས་པ་ ཟ་འོག་བེར། །ཧེ་རུ་ཀ་དཔལ་ཁ་ཊཾ་གྱིས་མཚན་ཞིང༌། །རྫུ་འཕྲུལ་རྐང་ལྡན་ཞབས་པད་ལྷམ་ གྱིས་མཛེས། །སྔགས་འཆང་ཆེན་པོ་པདྨའི་ཞབས་ལ་འདུད། །ཅེས་བསྟོད་པ་འདི་ནི་སྦྲུལ་གྱི་ ལོ་ཟླ་བ་བརྒྱད་པའི་ཚེས་དགུ་ལ་དབེན་གནས་ལྕམ་གྲལ་ལྷ་ཡི་ཁུག་མར། ཉི་མའི་སྔ་ཆ་ལ་ བསོད་ནམས་བཟང་པོས་བཀོད་པའོ། ། ༄༅། །དབྱངས་ཅན་མའི་བསྟོད་པའོ།། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག སྒྲ་དབྱངས་ལྷ་མོ་བདག་གི་གཙུག་ན་རྒྱལ། །ཤེས་ བྱའི་གནས་ལ་བློ་གྲོས་སྩལ་དུ་གསོལ། །དཔལ་མོ་ཁྱོད་ཀྱིས་རྗེས་སུ་རབ་བཟུང་ནས། །མི་ གནས་བྱང་ཆུབ་མྱུར་བར་སྩོལ་མཛོད་ཅིག །རང་བཞིན་གྱི་རྒྱན་ནི། འཆི་མེད་གནས་ན་རབ་ མཛེས་ཤིང༌། །རྒྱན་ཕྲེང་གདུ་བུས་ཀུན་ནས་སྤྲས། །སྒེག་ལྡན་ཡིད་འཕྲོག་ལྷ་མོ་ཉིད། །ཀུན་ གྱི་ཡིད་འོང་མཁས་མ་ལགས། །དཔེ་རྒྱན་ནི། མཛེས་མ་ཉིད་ཀྱི་ཞལ་རས་འདི། །སྟོན་དུས་ཀུ་ མུད་གཉེན་ལྟར་དཀར། །པདྨའི་མཛེས་པ་ལ་འགྲན་པའི། །ཆུ་ཤེལ་དང་འདྲ་དབྱངས་ཅན་ མ། །གཟུགས་བརྙན་གྱི་རྒྱན་ནི། རབ་མཛེས་དབྱངས་ཅན་ཉིད་ཀྱི་ཞལ། །སྟོན་ཟླའི་དཀྱིལ་ འཁོར་རྒྱས་པ་སྟེ། །སྤྱན་ནི་ཨུཏྤལ་སྔོན་པོ་དང༌། །ཚེམས་ནི་ཀུ་མུད་ཕྲེང་མཛེས་ལགས། །གསལ་བྱེད་ཀྱི་རྒྱན་ནི། གང་སྐུ་མཛེས་པས་འགྲོ་བ་ཡི། །རེ་བ་མ་ལུས་བསྒྲུབ་པར་མཛད། །འདོད་ལྷའི་མཛེས་པའི་དྲེགས་འཇོམས་པ། །འགྲོ་བའི་མིག་གི་དགའ་སྟོན་ལགས། །སྐོར་ བའི་རྒྱན་ནི། ངང་པ་པད་མཚོར་གསུང་སྙན་སྒྲོག །བུང་བ་པད་ནང་གསུང་སྙན་སྒྲོག །བྱེད་ པོ་པད་འཁྲུངས་གསུང་སྙན་སྒྲོག །ལྷ་མོ་པད་སྟེང་གསུང་སྙན་སྒྲོག །འགོག་པའི་རྒྱན་ནི། 3-1-390 ཀུན་གྱི་ཡིད་འཕྲོག་དབྱངས་ཅན་མ། །མཚན་དཔེས་ཀུན་ཏུ་མཛེས་གྱུར་པས། །རྒྱན་གཞན་ ཀུན་གྱི་མདངས་འཕྲོག་ན། །ནོར་བུའི་ཕྲེང་བས་ཅི་ཞིག་བགྱི། །དོན་གཞན་བཀོད་པའི་རྒྱན་ ནི། བློ་གྲོས་ལྷ་མོ་དབྱངས་ཅན་ཀྱེ། །འཇིག་རྟེན་བདག་པོ་ཚངས་པ་ཡང༌། །བདག་པོ་མེད་ དེ་དེ་མ་ཟད། །ཆོས་ཀུན་བདག་མེད་རང་བཞིན་ལགས། །ལྡོག་པ་ཅན་གྱི་རྒྱན་ནི། དཔལ་ ལྡན་ལྷ་མོ་དབྱངས་ཅན་དང༌། །དཔག་བསམ་དགོས་འདོད་འབྱུང་བར་མཚུངས། །དཔག་ བསམ་ཤིང་ནི་ཡལ་ག་ལྗང༌། །ལྷ་མོ་ཟླ་བའི་འོད་ལས་དཀར། །སྲིད་པ་ཅན་གྱི་རྒྱན་ནི། ཆ་ ཤས་བྲལ་ཡང་ཟླ་བའི་ཞལ། །མ་བྲིས་དྲི་མེད་དྭངས་པའི་སྐུ། །འབད་པ་མེད་པར་ལྷུན་གྱིས་ གྲུབ། །བགོས་པ་མེད་པར་དྲི་བསུང་འཕྲོ། །བསྡུས་པ་བརྗོད་པའི་རྒྱན་ནི། གླིང་བཞི་ཀུན་ལ་ མཚུངས་པར་རབ་འཇུག་པ། །མུན་པའི་ཚོགས་རྣམས་གནས་ནས་འབྱིན་མཛད་པ། །ཉི་མ་ ཉིད་ཀྱིས་བདག་གི་གནས་དེ་ཡང༌། །འོད་ཀྱིས་བཀྲ་མེ་གང་བར་མཛད་དུ་གསོལ། །དགེའོ། ། ༄༅། །ནི་གུ་བརྒྱུད་པའི་གསོལ་འདེབས་སོ།། ༄༅། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་དུ། །སངས་རྒྱས་རྡོ་རྗེ་འཆང་ལ་གསོལ་བ་ འདེབས། །རང་སེམས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །སེང་ལྡེང་སྟུག་པོའི་ནགས་ ཁྲོད་དུ། །ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །ཕུང་པོ་ཟག་མེད་འབྱོངས་པར་ བྱིན་གྱིས་རློབས། །ནུབ་བདེ་བ་ཆེན་པོའི་ཞིང་ཁམས་སུ། །མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ་ གསོལ་བ་འདེབས། །སྣང་བ་བདེན་མེད་རྟོགས་པར་བྱིན་གྱིས་རློབས། །ཤར་འོད་འཕྲོ་ཅན་ གྱི་ཞིང་ཁམས་སུ། །མཉམ་མེད་རིན་ཆེན་བརྩོན་འགྲུས་ལ་གསོལ་བ་འདེབས། །སྒྱུ་ལུས་རྨི་ ལམ་འབྱོངས་པར་བྱིན་གྱིས་རློབས། །ཤར་ཕྱོགས་མངོན་དགའི་ཞིང་ཁམས་སུ། ། དབོན་ 3-1-391 སྟོན་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས། །བྱམས་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ཤར་མེ་ཏོག་བཀྲམ་པའི་ཞིང་ཁམས་སུ། །གཉན་སྟོན་སྦས་པའི་རྣལ་འབྱོར་ལ་གསོལ་བ་ འདེབས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དག་པ་འོད་གསལ་གྱི་གཞལ་ ཡས་སུ། །མཁན་ཆེན་བྷུ་ཏི་ཤྲཱི་ལ་གསོལ་བ་འདེབས། །སྐྱེ་མེད་རང་སར་གྲོལ་བར་བྱིན་ གྱིས་རློབས། །གང་ཤར་ཆོས་སྐུར་རོལ་པའི་ཕོ་བྲང་དེར། །འཛིམ་པ་རྒྱལ་མཚན་བཟང་པོ་ ལ་གསོལ་བ་འདེབས། །སྣང་གྲགས་ལྷ་སྐུར་འཆར་བར་བྱིན་གྱིས་རློབས། །དབུ་མར་རླུང་ བཅུ་འདུས་པའི་ཕོ་བྲང་དུ། །ཀུན་མཁྱེན་གངས་ཁྲོད་པ་ལ་གསོལ་བ་འདེབས། །ཀུན་རྟོག་ འགྱུ་བ་ཆོད་པར་བྱིན་གྱིས་རློབས། །འཇའ་ལུས་རྡོ་རྗེ་སྤྲུལ་པའི་གནས་མཆོག་ཏུ། །ཐེག་ ཆེན་ཀུན་དགའ་བཀྲ་ཤིས་ལ་གསོལ་བ་འདེབས། །རྟག་འཛིན་འཁྲུལ་པ་ཞིག་པར་བྱིན་གྱིས་ རློབས། །རྒྱུད་སྡེ་བཞི་ཡི་གཙུག་ལག་ཁང་ཆེན་དུ། །མཁས་བཙུན་གཞོན་ནུ་འོད་ལ་གསོལ་བ་ འདེབས། །བསྐྱེད་རྫོགས་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །ཆོས་སྡིངས་ཟག་མེད་ ཀྱི་གནས་མཆོག་ཏུ། །རྗེ་བཙུན་གཞོན་ནུ་བློ་གྲོས་ལ་གསོལ་བ་འདེབས། །བདེན་འཛིན་རྩད་ ནས་ཆོད་པར་བྱིན་གྱིས་རློབས། །ངེས་འབྱུང་སྐྱོ་ཤས་ཀྱི་དཀྱིལ་འཁོར་དུ། །བྱ་བྲལ་བསོད་ ནམས་བཟང་པོ་ལ་གསོལ་བ་འདེབས། །ཞེན་ལོག་གཏིང་ནས་སྐྱེ་བར་བྱིན་གྱིས་རློབས། །འབྲལ་མེད་རྣམ་དག་གི་ཞིང་ཁམས་སུ། །ཙནྚ་ཡིད་བཞིན་ནོར་བུ་ལ་གསོལ་བ་འདེབས། །དོན་གཉིས་སྐད་གཅིག་འགྲུབ་པར་བྱིན་གྱིས་རློབས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ དུ། །ཡིད་དམ་བདེ་མཆོག་འཁོར་ལོ་ལ་གསོལ་བ་འདེབས། །རང་ལུས་ལྷ་སྐུ་རུ་འཆར་བར་ བྱིན་རློབས། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཕྱག་དྲུག་ཡེ་ཤེས་མགོན་པོ་ལ་གསོལ་བ་ འདེབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཉི་ཤུ་རྩ་བཞིའི་གནས་མཆོག་ཏུ། །གནས་གསུམ་ཡེ་ཤེས་མཁའ་འགྲོ་ལ་གསོལ་བ་འདེབས། །ཅི་བསམ་ཆོས་བཞིན་འགྲུབ་ 3-1-392 པར་བྱིན་གྱིས་རློབས། །རང་རང་སོ་སོའི་བཞུགས་གནས་སུ། །མཆེད་གྲོགས་ཆོས་མཛད་ ཡོངས་ལ་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་འབྱོངས་པར་བྱིན་གྱིས་རློབས། །རྒྱལ་ ཁམས་ངེས་མེད་ཀྱི་རི་ཁྲོད་དུ། །རྟོགས་ལྡན་གྲུབ་ཐོབ་ཕོ་མོ་ལ་གསོལ་བ་འདེབས། །སྒྲུབ་ པའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབས། །ཞེས་མོས་གུས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་ གདབ་བོ། །དགེའོ། ། ༄༅། །མཁའ་སྤྱོད་ཆོས་རྫོང་གི་གནས་བསྟོད་ རང་ལ་བསྐུལ་པའི་གཏམ་དང་ བཅས་པའོ།། ༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གྲུབ་པའི་དབང་ཕྱུག་བྲམ་ཆེན་ས་ར་ ཧ། །རྟོགས་པའི་མངའ་བདག་ཤ་བ་རི་པ་དང༌། །སྙིགས་དུས་འགྲོ་བའི་སྐྱབས་གཅིག་གཞོན་ ནུའི་མཚན། །རྣམ་གསུམ་བླ་མ་མཆོག་ལ་གུས་ཕྱག་འཚལ། །རི་བོ་བྱིན་རླབས་ཅན་ནོ་སྨན་རིའི་ རྒྱུད། །རིན་ཆེན་དུ་མ་སྤུངས་པའི་སྟེང་ཞིག་ན། །རིག་པ་འཛིན་པའི་གནས་མཆོག་ལྷ་རི་ཁ། །མནྡྷ་ར་བའི་མེ་ཏོག་ས་གཞི་ལ། །མྱ་ངན་མེད་པའི་ཤིང་གིས་སྒོ་བཞི་མཛེས། །ཡོངས་འདུའི་ ཚལ་གྱིས་ཟུར་བཞི་བརྒྱན་པར་བྱས། །གཙུག་ལག་ཁང་ཆེན་ལྷུན་པོ་ལྟར་བརྟན་པ། །ལྕོག་ ཟུར་བརྒྱད་ལྡན་ཕྱོགས་བཞི་རིན་ཆེན་བཞི། །མཁའ་ལ་སྤྱོད་པའི་གནས་མཆོག་དམ་པ་ན། །གདན་གསུམ་ཚང་བའི་ལྷ་ཚོགས་རྣམ་པར་བཀོད། །དྷེ་བའི་མཚན་ཅན་ལྔ་རིག་པཎ་ཆེན་ 3-1-393 དང༌། །སངས་རྒྱས་རྒྱུད་པར་བྱོན་པའི་བླ་མ་བཞུགས། །རྩེ་གཅིག་ཟག་མེད་བསམ་གཏན་ བདེ་བ་ཡིས། །ཇི་སྲིད་འཚོ་བར་གནས་པའི་སྤོང་བ་པ། །བརྒྱ་ཕྲག་ལྔ་ཡང་མྱ་ངན་མེད་པ་ཡི། །ཤིང་གི་ཕུག་ལ་བརྟེན་ཏེ་དུས་ཀུན་གནས། །ཕུན་ཚོགས་དགེ་མཚན་དུ་མས་རྣམ་བཀྲ་ཞིང༌། །གཏོང་བའི་བློ་ཅན་སྒོ་གསུམ་ཁྲིམས་ཀྱིས་བསྡམས། །མན་ངག་བདུད་རྩིའི་ཉིང་ཁུ་སྟེར་ མཛད་པའི། །བཤེས་གཉེན་དམ་པས་གླིང་ཆེན་ཀུན་ཏུ་གང༌། །དེ་ཡི་ཆ་ཤས་ཌ་ཀི་བཞུགས་ པའི་གནས། །དབུ་རྒྱན་དང་མཚུངས་མཁའ་སྤྱོད་ཆོས་རྫོང་ནི། །ཐར་འདོད་ཟབ་ལམ་བསྒོམ་ པའི་གནས་མཆོག་ཡིན། །སྟེང་གི་མཁའ་ལ་ཐང་དཀར་གཤོག་རྩེ་འདར། །ཕྱོགས་མཚམས་ རི་ལ་ལྷ་བྱ་རྒྱང་གླུ་ལེན། །བསམ་གཏན་ཁང་བུར་རི་དྭགས་ཕོ་མོ་རྒྱུ། །རྣལ་འབྱོར་སྒོ་ཁྱི་ ལྕེ་སྤྱང་སྔོན་མོ་བཟང༌། །ཐུན་བཞིའི་བསྐུལ་མ་མ་དང་མཁའ་འགྲོས་བྱེད། །ཉི་ཟླ་གཟའ་སྐར་ མགོ་ཡི་ཐོད་བཞིན་འཁོར། །ཆུ་རླུང་སྒྲ་ཡང་དགེ་བའི་བཤེས་སུ་འཆར། །ལྷན་སྐྱེས་ཡེ་ཤེས་ ངང་གིས་སྐྱེ་བའི་གཞི། །ཏིང་འཛིན་ཚེར་མ་རིང་དུ་སྤངས་པའི་གནས། །མཁའ་ལ་བརྟེན་པའི་ གཞལ་མེད་ཁང་ལྟ་བུ། །དེ་འདྲའི་དབེན་གནས་མཐུན་རྐྱེན་འཛོམ་ས་འདིར། །མི་རྟག་འཆི་ བས་གཏིང་ནས་སེམས་གཡོས་ཤིང༌། །རྙེད་དཀའ་འཇིག་སླའི་དལ་འབྱོར་དོན་ཡོད་ཕྱིར། །བླ་མའི་གདམས་པས་ཉིན་མཚན་མི་གདའམ། །སྙིང་མེད་ཁྱོད་ལ་བདག་གིས་གྲོས་ཞིག་ འདེབས། །ཆོས་སྒོར་ཞུགས་ནས་ལོ་མང་ལོན་གྱུར་ཀྱང༌། །ཐོས་བསམ་སྒོམ་ལ་འབད་པ་མ་ ཐོན་ཞིང༌། །ཆོས་བྱས་ཚེ་འདིའི་བྱ་བར་སོང་ལགས་སོ། །ངན་སོང་སྣང་བ་ཤར་ཚེ་མཆི་ མ་འཁྲུག །སྒོམ་བློ་ཡོད་ནས་ཡུན་རིང་ལོན་ན་ཡང༌། །འདི་བྱ་འདི་བྱེད་རྣམ་གཡེང་གྱིས་བྲེལ་ བས། །བླ་མའི་གདམས་པ་ཉམས་སུ་མ་ལོན་སོ། །གཤིན་རྗེས་ཁྲིད་ཚེ་མིག་ནས་མཆི་མ་ འཁྲུག །ཡོངས་འཛིན་བླ་མ་མང་དུ་བསྟེན་ལགས་ཀྱང༌། །སྙིང་ནས་མོས་གུས་གདུང་ཤུགས་ མ་སྐྱེས་པས། །དད་པའི་གསོལ་འདེབས་ཚིག་ཏུ་སོང་ལགས་སོ། །འབྱུང་པ་ཐིམ་ཚེ་མིག་ནས་ 3-1-394 མཆི་མ་འཁྲུག །མ་ལ་སྐྱེས་ནས་ཡུན་རིང་ལོན་ལགས་ཀྱང༌། །རྟག་པར་འཛིན་པའི་འཁྲུལ་པས་ བསྒྲིབས་པས་ན། །འཆི་བློ་གཏིང་ནས་རྙེད་པ་མ་ལགས་སོ། །ཕ་རོལ་སྣང་བ་ཤར་ཚེ་མཆི་ མ་འཁྲུག །ལྟ་བ་བསྒོམས་ནས་ཡུན་རིང་ལོན་ན་ཡང༌། །རང་ལྟའི་ཞེན་པ་འདི་ཡིས་བཅིངས་ ལགས་པས། །མཐའ་བྲལ་ལྟ་བ་རྙེད་པ་མ་ལགས་སོ། །འོད་གསལ་སྟོང་པར་ཐིམ་ཚེ་མཆི་ མ་འཁྲུག །ཉེ་འབྲེལ་ཞེན་པས་ཡུན་རིང་ལོན་ལགས་ཀྱང༌། །ཞེན་ཡུལ་ཐམས་ཅད་སོང་པ་ མ་ཚོར་བས། །རང་ཉིད་གཅིག་པུར་འགྲོ་དགོས་བྱུང་ལགས་སོ། །བར་དོའི་ཕྲེང་སྣང་ཤར་ཚེ་ མཆི་མ་འཁྲུག །རི་ཁྲོད་བརྟེན་ནས་ཡུན་རིང་ལོན་ལགས་ཀྱང༌། །རྙེད་དང་བཀུར་སྟིའི་རྗེས་ འབྲང་སླུ་རུ་ལུས། །གཉུག་མའི་གཏན་ཡུལ་འདི་ལ་ཟིན་པ་མེད། །ཆོས་བརྒྱད་དགྲ་རུ་ལངས་ ཚེ་མཆི་མ་འཁྲུག །དོན་འདི་ཡིད་ལ་ཆོངས་ལ་བསྒྲུབ་པ་མཛོད། །ལུས་སེམས་ཐེད་ལ་བོར་ལ་ བརྩོན་འགྲུས་བསྐྱེད། །ལོངས་སྤྱོད་ཁྱད་དུ་སོད་ལ་དཀའ་ཐུབ་གྱིས། །དལ་དལ་མ་མཛད་ཁོ་ པ་མྱུར་དུ་འོང༌།། །།ཞེས་པ་འདི་རྗེ་བཙུན་བསོད་ནམས་བཟང་པོའི་ཞལ་སྔ་ནས་མཁའ་སྤྱོད་ ཆོས་རྫོང་དུ་མཛད་པའོ། ། 3-1-395 ༄༅། །ཚིགས་སུ་བཅད་པ་ཨུཏྤ་ལ་སྔོན་ པོའི་ཕྲེང་བའོ།། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག། ཆུ་སྐྱེས་འདབ་སྟོང་རྒོད་པའི་ལྡི ང་ཁང་ན། །ཟླ་ ཟེར་གཞོན་ནུ་འཕྲོ་བའི་ཆུ་ཤེལ་དབུས། །སྒྲ་དབྱངས་ལྷ་མོ་ཟུར་ཕུད་ལྔ་པ་ཅན། །རྣམ་བཀྲའི་ གོ་མང་གཡོ་བ་དེ་ལ་འདུད། །བསོད་ནམས་དབྱར་དུས་འདི་ན་གྲགས་པའི་དབྱངས། །ཕུན་ ཚོགས་སྤྲིན་གྱི་ཁང་བཟང་རྩེ་ན་སྒྲོག །སྐལ་བཟང་ལེགས་བཤད་ཆུ་འཛིན་བཅུད་འབེབས་ པ། །བློ་གསལ་པད་མོའི་ཟེ་འབྲུ་རྒྱས་པར་བྱེད། །རང་གཞན་གཞུང་བརྒྱའི་རིན་ཆེན་མཛོད་ ཡངས་པར། །རྣམ་དཔྱོད་གྲུ་རྫིངས་ལྡན་པའི་དེད་དེ་དཔོན་གྱིས། །རིགས་མཆོག་མི་འདྲ་ ནོར་གྱི་དཔལ་བླངས་ནས། །རིགས་ཚུལ་འཕོངས་པའི་སྐྱེ་དགུ་དབུལ་ལས་སྐྱབས། །ཚུལ་ ཁྲིམས་གཉིས་འཐུང་དབང་པོ་རོལ་སྒེག་ཅིང༌། །ཟབ་ཡངས་ལྟ་བའི་ཁུར་གྱིས་མི་ངལ་ཞིང༌། །རྣམ་དཀར་རྩེ་བའི་རྒྱན་གྱི་དོ་ཤལ་ལྡན། །མཁས་མང་ཁྱུ་ཡི་དབུས་ན་འཇིགས་མེད་རྒྱུ། །རྩོད་ལྡན་པད་གཞོན་འཛུམ་པའི་ཆུ་གཏེར་ན། །ཐོས་ལྡན་གདེངས་ཅན་དད་པའི་ནོར་འཛིན་ བདག །སྙིང་རྩེའི་ཆུ་ཀླུང་དཀར་པོ་འདྲེན་བཞིན་དུ། །སྐྱབས་གསུམ་དབང་གི་རྒྱལ་པོ་གཙུག་ ན་མཛེས། །གནས་ལྔའི་མཁའ་ལ་བདག་བློ འི་རི་བོང་འཛིན། །ཟབ་དོན་འོད་ཀྱི་དྲ་བ་འགྱེད་ བཞིན་དུ། །རྟོགས་པའི་རྒྱུ་སྐར་དབུས་ན་ལྷང་ངེ་བ། །དབེན་གནས་ཀུན་ད་རྒྱས་པའི་གཉེན་ གཅིག་པོ། །སྡེ་སྣོད་འདབ་གཤོག་རྫོགས་པའི་ངང་མོ་བདག །གསེར་མདོག་གོས་མཛེས་ བཟོད་པའི་གཡང་ལུགས་ཅན། །སྙན་ངག་མགྲིན་པའི་རྒྱང་གླུ་མཐོར་འདེགས་ཤིང༌། །ཐར་ འདོད་པད་མཚོ་རྒྱས་པར་འཕུར་ལྡི ང་མཁན། །སྔོན་སྦྱངས་རླུང་གི་བཞོན་པས་ལེགས་དྲངས་ 3-1-396 ཏེ། །ཕུལ་བྱུང་ཡོན་ཏན་རབ་བྱེད་ཚ་ཟེར་བདག །བརྩོན་གང་གདུལ་བྱའི་གླིང་དུ་ཤར་བའི་ཚེ། །ཕྲག་དོག་མུན་པའི་ཚོགས་ཀུན་བྲེས་པ་མཉམ། །བཤེས་གཉེན་ཕལ་ཆེར་མི་དབུལ་རྐུན་ པོ་ལྟར། །ཐོས་དང་བསམ་པ་ཕྱོགས་རེའི་ནོར་ལ་སྤྱོད། །གཞན་གྱི་ལུང་རིགས་འཇབ་བུས་ བདག་གིར་འཛིན། ། ལོག་བློ་མུན་པའི་གླིང་དུ་རྒྱུ་བར་བྱེད། །གཞུང་ལུགས་གསེར་གྱི་འཁོར་ལོའི་དཔལ་ལ་ འབྱོར། །ཤེས་བྱ་ཀུན་ལ་གཟིགས་པའི་སྤྱན་སྟོང་ལྡན། །ཚོགས་གཉིས་གླིང་བཞི་མཛེས་ པའི་རྒྱན་གྱུར་བདག །འཆད་རྩོད་རྩོམ་པའི་ཉེ་དབང་དབུས་ན་ལྷམ། །འགྲན་འདོད་མུན་ པའི་ཁང་བཟང་ལེགས་གནས་ཤིང༌། །མི་སྙན་སྙན་པར་སྒྲོག་པ་འབྱུང་པོའི་བྱ། །མཁས་ མཆོག་སྣང་བའི་ཉི་མ་ནུབ་ལ་དགའ། །དུས་མཐའ་འདི་ན་གཉིས་སྐྱེས་འདབ་ཆགས་མང༌། །གཞན་ཕན་འོད་ཀྱི་འཁོར་ཡུག་རི་མོ་འགོད། །ཐེག་ཆེན་སེམས་ཀྱི་དཀྱིལ་འཁོར་ཡོངས་སུ་ རྫོགས། །གཞན་ལ་ཕན་བདེ་འབྱིན་པའི་འོད་མངའ་བ། །དཀར་པོ་ཡིད་ཀྱི་བདག་བློ་ཤར་ བ་ན། །སྐྱེས་བུ་དེ་དག་མིག་གཉིས་ནམ་མཁའ་ཡི། །པདྨོ་བཞིན་དུ་ཐམས་ཅད་མཁྱེན་པས་ སྤྱན། །ལམ་མཆོག་ཡུལ་ལས་འདས་པར་གཟིགས་པ་དག །དཀར་ནག་མ་འདྲེས་གསལ་ བས་ཐམས་ཅད་མཁྱེན། །འདོད་པའི་ཡོན་ཏན་འབྱོར་བྱེད་དང་བའི་ནང༌། །སྲེད་པའི་གསེར་ མིག་གཤོག་དྲུག་ལྡན་ལ་དམིགས། །དེས་པའི་ངང་ཚུལ་དུལ་བའི་འདབ་བཟང་སྐྱོང༌། །སྙན་ ངག་མགྲིན་རྔ་སྒྲོག་བྱེད་ཆུ་སྐྱར་རྣམས། །ཐོས་པའི་ལུས་ལ་རིག་པའི་གཤོག་ཡངས་རྒྱས། །སྡེབ་སྦྱོར་སྔོ་ལྗང་སྤུ་སྡུག་གཡས་སུ་འཁྱིལ། །སྐད་གཉིས་གླུ་དབྱངས་ལེན་པའི་སྨྲ་མཁན་ལ། །འགྲན་འདོད་འཕུར་ལྡི ང་རྒྱུ་བ་ཨེ་མ་མཚར། །དུས་མཐའ་འདི་ན་སྐལ་བཟང་ཨུ་དམ་བདག །བཤེས་གཉེན་དམ་པའི་ནོར་བུའི་མཛོད་ལས་འཁྲུངས། །ཕུལ་ཕྱིན་མཁྱེན་པའི་ཟེ་འབྲུ་ མཛེས་པ་ཡང༌། །ངན་རྟོག་རྐང་དྲུག་ཚོགས་ཀྱིས་སྤྱོད་ཡུལ་མིན། །དེ་ལྟར་བསྔགས་པའི་སྙན་ 3-1-397 ཚིག་ནོར་བུའི་ཕྲེང༌། །བག་ཙམ་ཚིགས་བཅད་སྲད་བུ་ལ་བརྒྱུས་ཏེ། །ཉམས་དགའི་ན་ཆུང་ མཛེས་མ་མཛེས་པའི་རྒྱན། །གངས་རིའི་ཁྲོད་ཀྱི་དབྱངས་ཅན་དགའ་བས་བསྲིངས། །ཞེས་ པའི་ཚིགས་སུ་བཅད་པ་ཨུཏྤལ་སྔོན་པོའི་ཕྲེང་བ་ཞེས་བྱ་བ་འདི་ནི། མང་ཐོས་བསོད་ནམས་ བཟང་པོས་སྦྱར་བའོ། ། ༄༅། །ཕྱིས་འབྱུང་གི་དམ་པ་རྣམས་ལ་གཏམ་དུ་ ཆེ་བའི་ཕྲེང་བའོ།། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག གང་གི་ཞབས་པད་བརྩེ་བའི་ཟེ་འབྲུ་ཅན། །གང་ ཞིག་མཆོད་བྱེད་བདག་གི་གཙུག་ན་རྒྱལ། །གང་ལ་ཕུན་ཚོགས་བློ་གྲོས་སྩོལ་མཛད་པའི། །གང་གསུང་ཡན་ལག་དྲུག་ཅུ་ལྡན་ལ་འདུད། །རང་ལ་ཉེས་པ་རྡུལ་ཙམ་མི་མངའ་ཞིང༌། །རང་ རྒྱུད་ཡོན་ཏན་དཔལ་གྱིས་མཛེས་བྱས་ཀྱང༌། །སྐྱོན་ལྡན་གཞན་གྲོགས་འབྱུང་པོའི་བྱ་ཚོགས་ ཀུན། །མི་སྙན་མུན་པའི་ཁུང་བུར་གླུ་དབྱངས་ལེན། །ཐུབ་བསྟན་འོད་སྟོང་འཕྲོ་བའི་རྟ་ལྗང་ ཅན། །མཁས་མང་ཆུ་གཏེར་པད་མཚོ་རྒྱས་པའི་གཉེན། །འཕྲིན་ལས་ཐེག་ཆེན་གསལ་བར་ བྱེད་པའི་རྒྱན། །དྲི་མེད་ལེགས་བཤད་མཁའ་ལ་རབ་ཤར་བས། །བཤེས་གཉེན་མུན་པའི་ གྲོགས་ལྡན་ཕལ་ཆེར་ལོང༌། །གཞུང་མང་ཤེས་བྱའི་ནམ་མཁའ་རབ་ཡངས་པར། །ཡོངས་ འཛིན་རྒྱུ་སྐར་བདག་པོའི་དཀྱིལ་འཁོར་རྫོགས། །བློ་གསལ་ཀུ་མུད་ད་ཀ་ཁ་འབྱེད་ཚེ། །ལེ་ ལོའི་འདམ་གྱི་སྦུབས་སུ་གནས་པར་བྱེད། །ཕན་བདེའི་ཆུ་རྒྱུན་བརྩེ་བའི་རྒྱ་མཚོར་བརྟེན། །འབྲེལ་བཟང་རྩ་བ་སྡེ་སྣོད་འདམ་གྱིས་བསྐྱེད། །སྐྱོ་ངལ་ཚ་ཟེར་རིང་དུ་རབ་སྤངས་ནས། །བཤེས་གྲོགས་ཀུན་དའི་ཚལ་རྣམས་རྒྱས་བྱས་ཀྱང༌། །ཁྲེལ་མེད་དབྱར་དུས་ཐ་མའི་སེར་བུ་ ཡིས། །རབ་བསྐྱོད་དགའ་བའི་སྦྲང་རྩི་ཉམས་བྱེད་ཅིང༌། །སྨྲ་ངན་ལོ་འདབ་མི་སྙན་དགུན་ 3-1-398 དུས་སྤྱོད། །སྙིགས་དུས་སྐྱེ་བོའི་འགྲོགས་ལུགས་རིང་དུ་དོར། །རང་གི་ཉེས་པ་ངན་སྐྱུགས་ དྲི་མའི་ཚོགས། །ཚུལ་འཆལ་འདབ་ཆགས་མུན་མདོག་མཆུར་བཟུང་ནས། །སྐྱོན་མེད་བཤེས་ གཉེན་གསེར་བཟང་ས་འཛིན་ལ། །འབད་པས་བགོས་ནས་དེ་དག་དྲི་ ལྡན་ཞེས། །ངན་བྱེད་ལྷ་ལམ་ཡངས་པར་འདབ་གཤོག་སྐྱོང༌། །བཤེས་གཉེན་ཁྭ་ཏའི་ཚོགས་ རྣམས་མཁས་པས་དོར། །མཁས་གཞུང་གསུང་གི་བདུད་རྩིའི་རྒྱ་མཚོ་གང༌། །རྣམ་དཔྱོད་ རིགས་པས་བསྲུབས་པའི་སྙིང་པོའི་བཅུད། །མ་ནོར་རོ་བརྒྱའི་དཔལ་ལྡན་མཁས་པའི་ཟས། །ལྟོས་མེད་ཕན་པས་གྲོགས་ལ་སྦྱིན་ན་ཡང༌། ། བཅུད་བཟང་གདོང་ལྔ་རྒྱལ་པོའི་འོ་མ་ལྟར། །བཤེས་གཉེན་སྣོད་ངན་སྤྱོད་ཡུལ་མ་མཆིས་པས། །སྣོད་མིན་གྲོགས་དེ་མཁས་པས་དོར་ བར་རིགས། །མཁས་མང་འདུན་སར་ཡུན་རིང་གནས་བྱས་ཀྱང༌། །ཤེས་རབ་བརྩོན་པ་ དོར་བས་ལེགས་བཤད་བྲལ། །ཡིད་དབང་འབྱུང་པོས་བསྐྱོད་པས་ཕྱོགས་བཅུར་འཁྱམས། །རང་གི་ཉེས་པ་ཡོངས་འཛིན་རྣམས་ལ་དཀྲི། །མཐའ་མར་ལྕེ་སྤྱང་གསེར་མདོག་བསྟན་པའི་ དགྲ། །སློབ་བུ་དེ་དག་ཤེས་ལྡན་ཀུན་གྱིས་དོར། །ཞེས་པ་འདི་བཤེས་གྲོགས་ངན་པ་འགའ་ ཞིག་གི་སྤྱོད་ཚུལ་མཐོང་བས། ཕྱིས་འབྱུང་གི་དམ་པ་རྣམས་ལ་གཏམ་དུ་ཆེ་བ། མང་དུ་ཐོས་ པའི་རྒྱལ་ཁམས་པས་དགེ་ལྡན་གླིང་མཁས་པའི་བསྟི་གནས་སུ་ཡི་གེར་བཀོད་པའོ། །དགེ་ ལེགས་འཕེལ་བར་ཤོག ། ༄༅། །ཚིགས་སུ་བཅད་པ་རབ་དཀར་ ཕྲེང་འཛིན་བཞུགས། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག བཅོམ་ལྡན་འདས་མ་ངག་གི་དབང་ཕྱུག་ལ་ཕྱག་ འཚལ་ལོ། །སྣང་བ་སྒྱུ་མའི་གཟུགས་བརྙན་ལ། །རྣམ་རྟོག་བྱིས་པ་ལྟད་མོ་ཆེ། །བསླུ་བར་ 3-1-399 ངེས་ཏེ་ངོ་མ་ཤེས། །གསལ་སྟོང་སེམས་ཉིད་སྐྱེས་ན་གོ ། ཚོགས་དྲུག་ཤེས་པ་བློ་བྲིད་མཁན། །ཡུལ་ཕྱིར་འབྲངས་པས་འཛིན་པ་འཕེལ། །གཉིས་སྣང་ཞེན་པ་འཁོར་བའི་རྒྱུ། །ཡེ་ཤེས་ལྔ་ ལྡན་གྱི་ཉམས་རྩལ་སྦྱོངས། ། འགྱུ་བ་རླུང་གི་རྟ་ཕོ་ལ། །འཁྲུལ་པའི་རྣམ་རྟོག་ཆགས་རྩལ་ཆེ། །དུག་ལྔའི་ཐང་ལ་རྒྱུག་ཐོག་ཆོད། །འཁོར་བའི་དཔའ་རྟགས་ལེན་པར་གདའ། །ནང་སེམས་ ཉིད་སྐྱེ་མེད་ཆོས་ཀྱི་སྐུ། །འགག་མེད་དུ་གསལ་བ་རིག་པའི་མདངས། །སྒོམ་བྱེད་དང་བྲལ་བ་ གཤིས་ཀྱི་ལུགས། །ཡེངས་མེད་དུ་སྐྱོང་ན་རིག་སྟེ་མཆི། །ཆུ་བོ་བཞི་ལས་སྒྲོལ་བའི་གྲུ། །རྙེད་ པ་བརྒྱ་ན་ལན་གཅིག་ལ། །རྣམ་གཡེང་རླུང་གིས་མ་བསྐྱོད་པར། །ཟབ་དོན་ནོར་བུ་བླངས་ ན་ལེགས། །མི་རྟག་ངེས་མེད་སྐྱེས་བུའི་ཚེ། །ཟད་དུ་ཕངས་ཀྱང་རང་དབང་མེད། །རྐྱེན་ངན་ ཉེར་འཚེ་མེད་དུས་འདིར། །གཏན་གྱི་རྒྱལ་ས་འཛིན་རེ་རན། །དཔྱད་པའི་སྟོང་ཉིད་རྟོག་པའི་ ཡུལ། །གོ་ཡུལ་ལུས་པ་གནས་ཚུལ་མིན། །བརྗོད་མེད་དོན་དེ་རྟོགས་འདོད་ན། །གདོད་མའི་ སེམས་ལ་གཟིགས་མོ་འཚལ། །ཀུན་གཞི་ཟག་མེད་ས་བོན་ཅན། །ཀུན་ཁྱབ་བདེ་གཤེགས་ སྙིང་པོ་དེ། །འགྲོ་བའི་རེ་གནས་དམ་པ་ལ། །དམོད་པ་བདེན་ཏེ་རྟོགས་པར་དཀའ། །བཟོད་ མེད་འཁོར་བའི་རྒྱ་མཚོ་དེར། །སྡུག་བསྔལ་གསུམ་གྱི་ཆུ་སྲིན་རྒྱུ། །སྡིག་སྤྱོད་སྐྱེས་བུའི་གཤེད་ མར་ཆེ། །ད་དུས་སྐྱབས་ཆེན་འཚོལ་རེ་རན། །སྙིང་རྗེ་འགྲོ་བ་ཀུན་ལ་སྐྱོངས། །བདག་འཛིན་ འགོང་པོ་དགྲ་རུ་ལྟོས། །འཁོར་བའི་ཆོས་ལ་རྒྱབ་ཀྱིས་ཕྱོགས། །ཞེན་པའི་རྩ་བ་བཅད་ཀྱང་ འཚལ། །ཚོགས་གཉིས་དགེ་བ་ཅི་མཆིས་པ། །མ་གྱུར་དུས་གསུམ་སེམས་ཅན་རྣམས། །སྐུ་ གསུམ་རྫོགས་པའི་བྱང་ཆུབ་ཆེ། །ཐོབ་ཕྱིར་བླ་ན་མེད་པར་བསྔོ། །ཞེས་པའི་ཚིགས་སུ་བཅད་ པ་རབ་དཀར་འཕྲེང་འཛིན་ཞེས་བྱ་བ་འདི་ནི་མང་དུ་ཐོས་པའི་བྱ་བྲལ་བ་བསོད་ནམས་ བཟང་པོས། ཨེ་ཝཾ་ཆོས་འཁོར་གྱི་དབེན་གནས་སུ་སྦྱར་བ་དགེ་ལེགས་འཕེལ། མཾ་གྷ་ལཾ་བྷ་ ཝནྟུ། 3-1-400 ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག ངག་གི་དབང་ཕྱུག་དབྱངས་ཅན་མ་ལ་ཕྱག་འཚལ་ ལོ། །ཁྱེད་སྐུ་མཛེས་པ་འབུམ་ཕྲག་ཉི་མའི་འོད། །འཕྲོག་བྱེད་མཚན་དཔའེ ི་གར་གྱིས་རྣམ་ རོལ་ཞིང༌། །ཁྱོད་གསུང་སྙན་པ་ཡན་ལག་དྲུག་ཅུ་ཡིས། །རྒྱུད་མང་དྲི་ཟ་པང་ཀའི་སྒྲ་ལས་ རྒྱལ། །ཁྱེད་ཐུགས་གསལ་བ་རྣམ་ཀུན་མཆོག་ལྡན་པས། །ཤེས་བྱའི་དཀྱིལ་འཁོར་ཡོངས་ སུ་རྫོགས་པ་ལ། །སྨན་པར་མོས་དང་བག་ཆགས་དྲི་མ་ཅན། །དབང་ཕྱུག་རལ་པའི་བརྟུལ་ ཞུགས་འཛིན་པ་སོགས། །རང་གཞན་གནས་གསུམ་གཞལ་བྱ་ལ་སྤྱོད་པའི། །ཟག་མེད་ཡེ་ ཤེས་ཀུན་རྟོག་རྣམ་རིག་གིས། །ཆ་ཤས་ཙམ་ཡང་བསྒྲུན་པའི་སྐབས་མ་མཆིས། །དཔལ་ལྡན་ མ་དེས་བདག་ལ་བློ་གྲོས་སྩོལ། །བཀའ་དྲིན་གཞལ་དུ་མེད་པའི་དཀོན་མཆོག་ལ། །དད་ པའི་མཆོད་ཚོགས་དཔག་མེད་མ་མཆིས་པར། །ཞེན་ཆགས་འཁར་བའི་མེ་ལོང་ཕུལ་བ་ཡིས། །ཐར་པའི་ས་བོན་བརྟས་པར་ག་ལ་འགྱུར། །དབང་བཞི་ལུས་ལ་བསྒྲིག་པའི་བླ་མ་ལ། །རྩེ་ གཅིག་མོས་གུས་སྙིང་ནས་མ་སྐྱེས་པར། །གྲགས་འདོད་མཚན་མོ་འོ་དོད་བཏབ་པ་ཡིས། །ཆོས་སྐུའི་ས་བོན་བརྟས་པར་ག་ལ་འགྱུར། །རྣམ་དག་བསླབ་གསུམ་ཐུབ་བསྟན་རྩ་བ་ལ། །བྱང་ཆུབ་དོན་གཉེར་བླང་བའི་སེམས་མེད་པར། །རློམ་སེམས་ཆེ་ཐབས་སྒྲུབ་པའི་དགེ་སྦྱོང་ གིས། །ལེགས་སྤྱད་ས་བོན་བརྟས་པར་ག་ལ་འགྱུར། །དལ་འབྱོར་རིན་ཆེན་སྟེར་བའི་ཕ་མ་ ལ། ། དམ་པའི་ཆོས་ཀྱི་དྲིན་ལན་མ་མཆིས་པར། །ཁ་ལན་ཟས་གོས་ཅུང་ཟད་སྦྱིན་པ་ཡིས། །གཏོང་བའི་ས་བོན་བརྟས་པར་ག་ལ་འགྱུར། །སངས་རྒྱས་ངོ་བོ་རང་སེམས་འོད་གསལ་ ལ། །ལམ་གཞན་བསྒྲུབ་ཏུ་མེད་པར་མ་ཤེས་པར། །ཐོས་པའི་གོ་ཡུལ་ཙམ་གྱི་སྤྱོད་པ་ཡིས། །འབྲས་བུའི་འོད་གསལ་རྟོགས་པར་ག་ལ་འགྱུར། །ཡོད་མེད་སྤྲོས་དང་བྲལ་བའི་ལྟ་བ་ལ། །སྒོམ་མེད་ཡེངས་པ་མེད་པར་མ་ཤེས་པར། །རྟག་ཆད་རིགས་པས་འགོག་པའི་མངོན་ཞེན་ གྱིས། །ནམ་མཁའི་རང་བཞིན་གསལ་བར་ག་ལ་འགྱུར། །ཕུང་པོ་ཁམས་སོགས་ལྷ་སྐུའི་རང་ 3-1-401 བཞིན་ལ། །བཟའ་བཏུང་ཚོགས་ཀྱི་འཁོར་ལོ་མ་ཤེས་པར། །ཟས་སྐོམ་དར་གྱིས་སྤྲས་པའི་ གཏོར་མ་ཡིས། །བདེ་མཆོག་འཁོར་ལོའི་མཆོད་པར་ག་ལ་འགྱུར། །རང་ལུས་ཡུལ་ཆེན་ཉུ་ ཤི་རྩ་བཞི་ལ། །གནས་ཀྱི་ལྷ་ཚོགས་བཞུགས་པར་མ་ཤེས་པར། །ནགས་དང་གངས་རི་རྒྱ་ མཚོ་བསྐོར་བ་ཡིས། །རྡོར་འཛིན་གོ་འཕང་ཐོབ་པར་ག་ལ་འགྱུར། །སྣང་གྲགས་ཐམས་ཅད་ རྡོ་རྗེ་སེམས་དཔའ་ལ། །བཟང་ངན་དགྲ་བོ་ཕྱི་རོལ་མ་མཆིས་པར། །དག་དང་མ་དག་ཡུལ་ ལ་ཞེན་པ་ཡིས། །སྣང་བ་ལྷ་རུ་བཞེངས་པར་ག་ལ་འགྱུར། །དོན་ལ་གྲུབ་པ་ནམ་མཁའི་པད་ མོ་བཞིན། །ཀུན་རྫོབ་རྒྱུ་འབྲས་མཁའ་ལ་སྐར་ཚོགས་ལྟར། །ཐ་སྙད་ལས་འབྲས་འགོག་ན་ སངས་རྒྱས་མེད། །བྱམས་དང་སྙིང་རྗེ་བྲལ་ན་གཞན་དོན་མེད། །རྣལ་འབྱོར་མན་ངག་བྲལ་ ན་ལམ་ཟབ་མེད། །བླ་མའི་དམ་ཚིག་བྲལ་ན་དངོས་གྲུབ་མེད། །མང་ཐོས་ཤེས་རབ་བྲལ་ ན་ཀུན་མཁྱེན་མེད། །འདི་ལ་མཚན་མར་འཛིན་ན་དགོས་པ་མེད། །འདི་སྦྱར་དགེ་བ་འདི་ ལ་འགལ་རྐྱེན་མེད། །ཅེས་པའི་ཚིགས་སུ་བཅད་པ་འདི་ནི་རྒྱལ་ཁམས་པས་ཡི་གེར་བཀོད་ པའོ། ། ༄༅། །ཆེན་པོ་དཔལ་འབྱོར་བ་ལ་ ཕུལ་བའི་ཞུ་ཡིག ༄༅། །རྗེ་བཙུན་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགེ་ལེགས་ཕུན་ཚོགས་ ཕྱོགས་ཀུན་ཁྱབ་གྱུར་ཅིག །བསོད་ནམས་ལེགས་བཤད་ཆུ་གཏེར་ཆེན་པོའི་དབུས། །བསླབ་ གསུམ་ལྷུན་སྟུག་དྲི་མེད་འོད་ཟེར་ཅན། །མཁས་མང་གསེར་ཕྲེང་དབུས་ན་མངོན་མཐོ་ཞིང༌། །བློ་གསལ་གླིང་བཞིའི་དཔལ་དུ་ལྷམ་མེ་བ། །གང་དེ་བཤེས་གཉེན་དམ་པ་ཁྱེད་གསུང་གི 3-1-402 །འཕྲེང་བ་དཀར་པོ་བརྩེ་བའི་སྲད་བུ་ལ། །ལེགས་པར་བརྒྱུས་པ་བདག་གི་མགྲིན་པའི་རྒྱན། །རིན་ཆེན་རིགས་པའི་ངར་སྒྲ་འབྱིན་བྱེད་ཅིང༌། །ལུང་གི་རལ་ཚོགས་འོད་ཟེར་འགྱེད་པའི་ དཔལ། །མཆེད་གྲོགས་རྣམ་པ་གསུམ་གྱིས་འདིར་ཕྱིན་ལགས། །དུས་ངན་སེམས་ཅན་བློ་ དམན་ཉོན་མོངས་མང༌། །སྔོན་བྱས་ཕན་པའི་ལས་ནི་རིང་སྤངས་ཤིང༌། །ཉེས་བྱེད་སྒོ་གསུམ་ མི་དགེའི་ལས་ལ་བརྩོན། །རང་བྱས་ཉེས་པ་དམ་པའི་བཤེས་ལ་དཀྲི ། །ཕན་པར་བསྒྲུབས་ ཀྱང་ལོག་པར་འཚེ་བ་མང༌། །སྐྱེས་བུ་གཅིག་གི་དོན་ཡང་བསྒྲུབ་དཀའ་ན། །སྣ་མང་འགྲོ་ བའི་བཞེད་དོན་འགྲུབ་བམ་ཅི། །གཞུང་ལུགས་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས་ཤིང༌། །ལེགས་བཤད་ངག་གི་འོད་ཟེར་འབུམ་འགྱེད་ལ། །ཐེག་མཆོག་ལྷ་ལམ་ཡངས་པ་གསལ་ བྱས་ནས། །བློ་གསལ་པད་མཚོ་རྒྱས་པར་བྱེད་པ་ཡི། །བཤེས་གཉེན་ནམ་མཁའི་ནོར་བུ་ བདག་མ་ཡིན། །འཕགས་མཆོག་ཀུན་གྱིས་བསྔགས་པ་རྡོ་རྗེའི་ཐེག །སྙིང་པོའི་བཅུད་བསྡུས་ སྐྱེས་བུ་གསུམ་གྱི་རིམ། །གཏུམ་མོ་སྒྱུ་ལུས་རྨི་ལམ་འོད་གསལ་དང༌། །བར་དོ་འཕོ་བའི་ གནད་རྣམས་མ་ལུས་པ། །མ་ཧཱ་གུ་རའི་ཞལ་ནས་ལེགས་པར་ཐོབ། །ཟབ་མོའི་ལམ་མཆོག་ རྣམས་ཀྱང་རྙེད་དཀའ་ཞིང༌། །ལམ་བཟང་བསྒྲུབ་པའི་རྟེན་ཡང་ད་ལན་ཙམ། །འདུ་འཛིའི་ གནས་སུ་རྟོག་པ་མི་འཕེལ་བས། ། བསྒྲུབ་པ་མཆོག་གིས་བཅགས་པའི་དབེན་གནས་སུ། །ངང་མོ་ཟླ་མེད་བཞིན་དུ་འཕུར་བར་སེམས། །སྟོབས་ལྡན་དབང་མེད་དཔོན་སའི་བཀའ་ མཆིད་དང༌། །ཉེ་དུ་རྩ་ལག་རྣམས་ཀྱི་དྲོས་འདེབས་ཚུལ། །མང་དུ་ཁྱེར་ནས་དཔལ་ལྡན་པ་ རྣམས་བྱོན། །མི་དབང་ཆེན་པོའི་སྙན་དུ་བདེ་སྐྱོང་བའི། །གྲྭ་སའི་བཤད་ཉན་བདག་གིས་ བསྒྲུབ་མི་ནུས། །ཐོས་པ་འཚོལ་ཞིང་སྐྱེས་བུ་དམ་པ་བསྟེན། །རང་དབང་བགྲོད་པའི་གནས་ མཆོག་ཀུན་ཏུ་རྒྱུ། །ཐར་བ་དོན་གཉེར་ཆོག་ཤེས་སྐྱེ་བོ་རེ། ། འདུག་ན་ཚིག་བཤད་རེ་ཙམ་ བརྗོད་པ་དང༌། །ཁྱེད་སྐུ་བརྟན་བགྱིད་སྨོན་ལམ་བགྱིད་པ་ལགས། །ཞེས་སོགས་ཞུ་བ་མང་ 3-1-403 དུ་ཕུལ་ཡོད་པས། །ད་ལན་ཞབས་དྲུང་སླེབ་པ་མ་བྱུང་ཞིང༌། །ཞིབ་པའི་རྒྱུ་མཚན་མཇལ་དུས་ འབུལ་བ་ལགས། །དུས་ཚེས་བཟང་ལ་བྱམས་པ་གླིང་ནས་ཕུལ། ། ༄༅། །ཀ་མད་སུམ་ཅུའི་སྒོ་ནས་ ཚིགས་སུ་བཅད་པ། ༄༅། །བླ་མ་དམ་པ་ཐུགས་རྗེ་ཅན་རྣམས་ལ་ཕྱག་འཚལ་ལོ། །ཀ་དག་སེམས་ཀྱི་ བཞུགས་ཚུལ་འདི། །ཁ་ལྟ་ཚིག་ཏུ་བརྗོད་མི་ནུས། །ག་བདར་སེམས་ལ་མ་བྱས་ན། །ང་ འཛིན་དགྲ་བོ་མི་ཐུལ་ཨང༌། །ཅ་རེ་སྟན་ལ་མ་ཟུག་ན། །ཆ་ལུགས་ཙམ་གྱིས་དོན་མི་རྟོགས། །ཇ་ཆང་ཞེན་པ་མ་ཆེ་བར། །ཉ་བཞིན་གོས་མེད་ཐབས་ལམ་སྒོམས། །ཏ་ལའི་ལྗོན་ཤིང་ བདུན་འཁྲིགས་རྩེར། །ཐ་མལ་ཡུལ་འདས་རྒྱན་དྲུག་སྲས། །ད་ལྟ་སྐལ་ལྡན་འགྲོ་བ་འདྲེན། །ན་རོ་ཏ་བཞིན་མཛོད་ཅིག་ཨང༌། །པ་སྤར་ཏ་སོགས་གནས་ཆེན་རྣམས། །ཕ་རོལ་ཡུལ་དུ་མ་ ལུས་པར། །བ་མོ་ཁ་བའི་ལ་འཕྲེང་རྒོལ། །མ་ཅིག་ལྷན་སྐྱེས་མཇལ་མཛོད་ཨང༌། །ཙ་ཁམས་ བྱང་སེམས་ལྷ་རུ་བཞུགས། །ཚ་བའི་བདེ་བ་གཏུམ་མོས་བསྐྱེད། །ཛ་ལ་སྡུག་བསྔལ་འཇོམས་ བྱའི་ཕྱིར། །ཝ་ལེར་འཕགས་པའི་ངང་ཚུལ་བརྟེན། །ཞ་གོས་གང་བྱུང་ཙམ་གྱིས་འཚོ། །ཟ་ མ་བཅུད་ལེན་བདུད་རྩི་བཟང༌། །འ་འུར་གཏམ་གྱི་སྨྲ་བ་གཅོད། །ཡ་མ་གཤིན་རྗེའི་དགྲ་ཆེ་ ཨང༌། །ར་བས་བསྐོར་བའི་ཁང་བཟང་དོར། །ལ་ལའི་ཞལ་ཆེ་ཆེ་ཐབས་ཤོལ། །ཤ་ཡིས་འཚོ་ བར་མ་མཛད་པར། །ས་གནད་བཟང་པོར་སྒྲུབས་མཛོད་ཨང༌། །ཧ་ལའི་དུག་ལྟར་འཁོར་བ་ སྤོངས། །ཨ་ཐུང་སྐྱེ་མེད་དོན་ལ་གཟིགས། །རང་སྣང་རིག་པ་དྲིན་པོ་ཆེ། །སྣང་གྲགས་ཆོས་ སྐུར་ཁྱེར་མཛོད་ཨང༌། །ཞེས་པའི་ཀ་མད་སུམ་ཅུའི་སྒོ་ནས་ཚིགས་སུ་བཅད་པ་འདི་ནི། མང་ 3-1-404 དུ་ཐོས་པའི་བྱ་བྲལ་བ་བསོད་ནམས་བཟང་པོས། །ལུག་གི་ལོ་ཟླ་བ་བདུན་པའི་ཚེས་བཅུའི་ སྔ་ཆ་ལ་བསམ་གླིང་ཆོས་འཁོར་གྱི་རྩེར་བཀོད་པའོ། ། ༄༅། །དབོན་པོ་ལྷ་དབང་རིན་ཆེན་ལ་གདམས་པ། དབོན་པོ་ལྷ་དབང་རིན་ཆེན་ལ་གཏམ་དུ་ཆེ་ བ་སྙིང་གི་མེ་ལོང་ཞེས་བྱ་བ། རང་རིག་རྡོ་རྗེ་སེམས་དཔའ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཕྱག་འཚལ་ ལོ། །མཐོ་རིས་ཡོན་ཏན་བདུན་ལྡན་མི་ལུས་འདི། །རྙེད་པར་དཀའ་བ་ཁྱེད་ཀྱིས་རྙེད་ པའི་དུས། །ངེས་པར་འབྱུང་བའི་བསམ་པས་ཀུན་བླངས་ཏེ། །ཐུབ་བསྟན་རྒྱལ་མཚན་འཛིན་ པ་མཛད་པ་ལེགས། །དིང་སང་སྐྱེ་བོ་ཕལ་ཆེར་ཉོན་མོངས་མང༌། །སྟོབས་ལྡན་གཉེན་པོ་བསྟེན་ པ་ཉིན་སྐར་ཙམ། །ཕལ་ཆེར་ཉེས་པའི་སྤྱོད་པ་བྱེད་འདོད་པས། །གསང་སྔགས་ལམ་ཟབ་ འདི་ལ་ཁག་བསྐུར་ནས། །འཛག་བདེ་ལྷུར་ལེན་ཐར་པའི་སྲོག་གཅོད་པའི། །རིག་མ་བསྟེན་ པའི་དགེ་སློང་ཚུལ་འཛིན་མང༌། །ཐུབ་དབང་བསྟན་པ་འདི་ལ་སྙིགས་དུས་འདིར། །འདི་ ལས་གནོད་པ་མེད་ཅེས་རྒྱལ་བ་ཡིས། །མདོ་རྒྱུད་ལུང་བསྟན་ལྷ་གཅིག་ཇོ་བོས་གསུངས། །དེ་ཕྱིར་ཁྱེད་ཉིད་འདུལ་བའི་བསླབ་བྱ་རྣམས། །མ་ནོར་ཚུལ་བཞིན་བསྲུང་པའི་དམ་བཅའ་ འཚལ། །མཁན་པོའི་རྟགས་འཆང་ལྷུང་བཟེད་བླ་གོས་དང༌། །མཐང་གོས་ཆུ་ཚགས་གདིང་ བ་མེད་མི་རུང༌། །སྔོན་གྱི་དགྲ་བཅོམ་བསླབ་པའི་རྗེས་སློབ་ཞེས། །མཁན་སློབ་སྤྱན་སྔར་ ཁས་བླངས་དམ་བཅས་མོད། །དིང་སང་ཟབ་མོའི་ལམ་ལ་བརྟེན་ནོ་ཞེས། །ཆོས་གོས་དང་ བྲལ་སྦུ་གུ་ཅན་གྱི་གོས། །སྨད་ལ་དཀྲི ས་དང་མི་རུང་ལྤགས་པ་གྱོན། །ཤ་ཆང་སྤྱོད་ཅིང་ལག་ ན་མི་ཐོད་ཐོགས། །ད་ལྟ་ཕལ་ཆེར་ཆོས་པ་སྲིན་པོ་འདྲ། །གྲོང་ཡུལ་འཁྲིས་ཀྱི་དགོན་ཆུང་ ཁྲ་མོ་འཛིན། །རང་མ་སྨིན་པར་དབང་བསྐུར་ལུང་ཁྲིད་བྱེད། །གཤིན་པོའི་ཟས་དང་དཀོར་ ལ་སྤྱད་ལགས་པས། །རྒས་ཁར་ཁྱིམ་བདག་བྱེད་པ་གཟིགས་ལགས་སམ། །ལང་ཚོ་གཞོན་ དུས་ཡོངས་འཛིན་མ་བསྟེན་པར། །གྲོགས་ངན་གྱིས་བསྐུལ་ཕྱོགས་མེད་རྒྱལ་ཁམས་འགྲིམ། 3-1-405 །མྱོང་བ་མེད་པས་ཉོན་མོངས་རྐྱེན་ཁར་ཤོར། །ཆང་མའི་ཁོལ་པོ་བྱེད་པ་གཟིགས་ལགས་ སམ། །ཐོས་པ་མ་བཙལ་དྲོད་རྟགས་མྱུར་དུ་འདོད། །བརྩོན་འགྲུས་མེད་པས་མན་ངག་དྲེད་ ལ་ཤོར། །བླ་མ་བསྟེན་ཚུལ་ཉམས་སུ་མ་བླངས་པས། །ཟོག་ཆོས་སྐྱུར་ལ་དོན་གཉེར་བྱེད་ གཟིགས་སམ། །ཞེན་བྲལ་ལྟ་བ་རྒྱུན་འབབ་ཆུ་བོ་བཞིན། །གཡེལ་བ་མེད་པར་བདག་གིས་ ལེགས་པར་སྒོམས། །ཆོས་ལུགས་གཞན་ལ་མཐའ་བྲལ་ལྟ་བ་མེད། །ཟེར་ཞིང་ཞེན་ཆགས་ བྱེད་པ་གཟིགས་ལགས་སམ། །ཆོས་མིན་རྩ་བ་ཆང་དང་བུད་མེད་ཡིན། །འདི་ལ་ལས་དང་ སྐྱོན་དུ་མི་ལྟ་བའི། །ལམ་མཆོག་དེ་ལ་ཐུབ་པས་སྨད་པ་མཛད། །ད་ལྟ་རྒྱུད་ལ་དད་པ་ཡོད་ དུས་འདིར། །ལོག་པའི་འཚོ་བ་ཤ་ཆང་ཅིས་ཀྱང་སྤོངས། །ཚེ་འདི་ལོང་མེད་ན་བུན་བཞིན་ དུ་ཡལ། །ལུས་འདི་མི་རྟག་ཆུ་བུར་ལྟ་བུར་མཆིས། །ལང་ཚོ་འདི་ལ་ཡིད་བརྟན་མི་འདུག་ན། །ཁྱེད་ཀྱང་རྩེ་གཅིག་བསྒྲུབ་པ་མཛད་ན་ལེགས། །ཉེ་འབྲེལ་ཕལ་ཆེར་སྡུག་གི་གཉའ་ཤིང་ ཡིན། །ཕ་ཡུལ་ས་ཞིང་ངན་སོང་ས་བོན་ཡིན། །སྡེ་དགོན་འཛིན་པ་ཁྲལ་འཇལ་སེར་པོ་ཡིན། །ཁྱེད་ཀྱང་རང་ཡུལ་མ་འཛིན་རི་ཁྲོད་འགྲིམས། །སྙིང་གི་དཀྱིལ་ནས་ཐོན་པའི་ཚིག་འཕྲེང་ འདི། །ཁྱེད་ཀྱིས་ཡང་ཡང་བསྐུལ་བས་སྨྲས་པ་ཡིན། །ཐུགས་ལ་འཕྲོད་ན་ཉམས་སུ་བཞེས་ པ་མཛོད། །མི་འདོད་གྱུར་ན་ནམ་མཁའི་དབྱིངས་ལ་ཆོལ། །ཞེས་པའི་ཚིགས་སུ་བཅད་པ་ འདི་ནི་བྱ་བྲལ་བ་བསོད་ནམས་བཟང་པོས་བསམ་གླིང་ཆོས་འཁོར་གྱི་རྩེར་བཀོད་པའོ། ། ༄༅། །ལམ་འབྲས་བརྒྱུད་པའི་གསོལ་འདེབས་བཞུགས། ༄༅། །ཟུང་འཇུག་མཐར་ཕྱིན་སངས་རྒྱས་རྡོ་རྗེ་ འཆང༌། །རྒྱལ་བའི་ཡུམ་མཆོག་རྡོ་རྗེ་བདག་མེད་མ། །སྙན་རྒྱུད་བཞིས་གདམས་རྗེ་བཙུན་ བིརྺ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེའི་ཚིག་རྐང་དོན་ རྟོགས་ནག་པོ་པ། །དོན་དམ་གཟིགས་པའི་ཌཱ་མ་རུ་པ་དང༌། །དམིགས་མེད་སྤྱོད་མཛད་ཨ་ ཝ་དྷཱུ་ཏིའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གངས་ཅན་འདུལ་ 3-1-406 མཛད་ག་ཡ་དྷ་ར་དང༌། ། གསུང་ངག་བསྟན་པ་རྒྱས་མཛད་བླ་ཆེན་འབྲོ ག །གུས་པས་བླ་མ་ ཉེར་བསྟེན་བླ་མ་སེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྫུ་འཕྲུལ་མངོན་ ཤེས་ཐོགས་མེད་དགོན་པ་པ། །རྡོ་རྗེ་འཆང་དང་དབྱེར་མེད་ས་ཆེན་པ། །མདོ་རྒྱུད་ཀུན་ལ་ ཐོགས་མེད་བསོད་ནམས་རྩེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གསང་ སྔགས་རྒྱ་མཚོའི་མཐར་སོན་རྗེ་བཙུན་པ། །གནས་ལྔ་རིག་པའི་ཆོས་རྗེ་པཎྜི་ཏ། །སྔགས་ འཆང་གྲུབ་ཆེན་ཆོས་རྒྱལ་འཕགས་པ་ལ། ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བླ་མ་དམ་པས་རྗེས་བཟུང་དཀོན་ མཆོག་དཔལ། །རང་གཞན་དོན་གཉིས་མཐར་ཕྱིན་ནམ་བཟའ་པ། །སྐུ་བཞིའི་ངོ་བོ་ཆོས་རྗེ་ ཡེ་ཤེས་དཔལ། །གསོལ་བ་འདེབ་སོ་བདག་རྒྱུད་བྱིན་གྱིས་རློབས། །ཉམས་རྟོགས་མཐར་ ཕྱིན་བློ་གྲོས་བཟང་པོ་དང༌། །མཚུངས་མེད་རྗེ་བཙུན་དཀོན་མཆོག་ཐུགས་རྗེ་དང༌། །མཐུ་ སྟོབས་དབང་ཕྱུག་དགེ་བ་རྒྱལ་མཚན་སོགས། །བྱིན་རླབས་བརྒྱུད་འཛིན་བླ་མ་དམ་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདི་བྲིས་དགེ་བས་སེམས་ཅན་དོན་ བྱེད་ཤོག ། ཤུ་བྷཾ། ཞེས་པ་མཁས་གྲུབ་བསོད་ནམས་བཟང་པོས་མཛད་པའོ། ། ༄༅། །རྗེ་སེམས་དཔའ་ཆེན་པོའི་རྣམ་ཐར་ལ་ཡི་རང་བའི་ཚིགས་བཅད་བཞུགས།། རྒྱལ་སྲས་སེམས་དཔའ་ ཆེ་ཞེས་འགྲོ་ལ་གྲགས། །གཏིང་དཔག་མཁྱེན་པའི་ཆུ་གཏེར་ཆེ་ལས་འོངས། །དགེ་མཚན་ པདྨ་དཀར་པོའི་འཛུམ་འཕྲེང་འདིས། །བདག་བློ འི་བུང་བ་དགའ་བས་མྱོས་པར་གྱུར། །འོན་ ཀྱང་རྒྱལ་བ་ཉིད་ནི་ཡིན་ན་འང༌། །ཐ་མལ་གདུལ་བྱའི་དོན་ཆེད་དུ། །དགེ་སློང་ཀུན་བཟང་རྡོ་ རྗེ་འཛིན། །གང་དེ་ལྷ་མིའི་སྟོན་པ་མཆོག །གཞན་ཕན་ནོར་བུའི་ཁུར་གྱིས་བརྗིད། །ལེགས་ བཤད་དྲིལ་བུའི་འཕྲེང་བ་འཁྲོལ། །བདེན་གཉིས་མཆེ་བ་རྣམ་པར་དཀར། །སྙིང་རྗེའི་ གཟིགས་སྟངས་ཅན་དེ་མཆོག །དམ་པ་དམ་པའི་དབུས་ན་བརྗིད། །མཁས་པས་མཁས་པ་ 3-1-407 ཀུན་ཏུ་བསྟོད། །ལེགས་བཤད་ལེགས་པར་གསུང་བ་པོ། །འཇིགས་མེད་འཇིག་རྟེན་སྟོན་ པ་རྒྱལ། །བརྗོད་མེད་བརྗོད་པར་སྤྲོ་བ་བླ་མའི་གསུང༌། ། གསུང་རབ་ཀུན་གྱི་སྙིང་པོ་གཅིག་ གྱུར་པ། །གཅིག་ཏུ་གཞན་ཕན་བཟང་པོའི་མཛད་པ་ཅན། །མཛད་པ་མཐར་ཕྱིན་བླ་མ་མཆོག་ དེ་རྒྱལ། །ཤུབྷཾ། ཞེས་པ་རྗེ་སེམས་དཔའ་ཆེན་པོ་ཀུན་བཟང་པའི་རྣམ་ཐར་སློབ་དཔོན་ ལེགས་པ་བས་མཛད་པའི་གཤམ་དུ་མཁས་གྲུབ་བསོད་ནམས་བཟང་པོས་ཕྱག་བྲིས་འབྱར་ བར་མཛད་པ་ལས་བྲིས་སོ། ། ༄༅། །སྒྲོལ་མ་དཀར་མོ་ལ་རྒྱ་གཞུང་དང་མཐུན་པར་བསྟོད་པ་བཞུགས། རྒྱ་གར་སྐད་དུ། བྷཱ་ག་ཝ་ཏི་ཨཱརྱ་ ཏ་རེ་སྟྭད་ཏྲ་ན་མ། བོད་སྐད་དུ། བཅོམ་ལྡན་འདས་མ་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བ། ཕུལ་ དུ་བྱུང་བའི་ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། ། སྣ་ཚོགས་ཆོས་ཀུན་སྟོང་པའི་རང་བཞིན་ལས། །ཆུ་སྐྱེས་ན་ཆུང་རྒོད་པའི་དཀྱིལ་ཁོར་སྟེངས། །ཆུ་ཤེལ་ནམ་མཁའི་ནོར་བུ་རྒྱས་པའི་དབུས། །ཏཾ་ལས་འཁྲུངས་པའི་ལྷ་མོ་ཀུན་དའི་མདོག །བཅུ་དྲུག་ལང་ཚོས་སྤུད་པའི་གདོང་མཛེས་མ། ། དབྱིབས་ལེགས་མཚར་སྡུག་ཆགས་པའི་ ལུས་འཕྲ་ཞིང༌། །འཇམ་མཉེན་སྟ་ཟུར་རྒྱས་པའི་འཁྲིལ་བག་ཅན། །ཟླ་ཟེར་གཞོན་ནུས་རེག་ པའི་མཚོ་སྐྱེས་ལས། །རབ་གསལ་བཞིན་རས་སྤྱན་གསུམ་ཟུར་གྱིས་གཟིགས། །མིག་སྨན་ དང་མཚུངས་དབུ་སྐྲ་ཐོར་གཙུག་ནི། །ཟུར་ཕུད་ལྔ་ལྡན་རིན་ཆེན་རྒྱན་གྱིས་མཛེས། །འཁྲི་ ཤིང་ལང་ཚོ་ལྡན་པའི་ཕྱག་གཡས་ནི། །མཆོག་གི་དངོས་གྲུབ་སྩོལ་བའི་ཕྱག་རྒྱ་མཛད། ། གཡོན་པ་ཨུཏྤལ་སྟོང་གསུམ་ངད་ལྡང་ལ། །མཐེབ་སྲིན་སྦྱོར་བའི་དཔལ་ནི་ཐུགས་ཀར་འཛིན། །རང་གཞན་དོན་གཉིས་ཕུལ་དུ་ཕྱིན་ནོ་ཞེས། །རྒྱན་མང་སྤྲས་པའི་ཞབས་གཉིས་སྐྱིལ་དཀྲུང་ མཛེས། །ཉི་ཟེར་གྲགས་གྱུར་ཤེལ་དཀར་མཆོད་སྡོང་ལྟའི། །རབ་གསལ་ཁྱེད་སྐུ་རི་བོང་ འཛིན་པ་ནི། །རིན་ཆེན་རྒྱུ་སྐར་འཕྲེང་བས་ཡོངས་བསྐོར་ཏེ། །རྣམ་བཀྲའི་གོས་ཀྱི་འཇའ་ 3-1-408 ཚོན་ཁོར་ཡུག་བྲེས། །དྲི་ཞིམ་ཕྱག་ཞབས་པདྨའི་འཛུམ་ལྡན་དབུས། །དཀར་དམར་མཛེས་ པའི་སྤྱན་གྱི་ཟེ་འབྲུ་གཡོ། །འཁོར་བའི་ཆུ་གཏེར་ཆེ་ལས་སྒྲོལ་མཛད་མ། །ཏཱ་རེ་དོན་ཀུན་གྲུབ་ པའི་ལྷ་མོ་ནི། །ཏུཏྟ་ར་ཡིས་འཇིགས་བརྒྱད་ལས་སྒྲོལ་ཞེས། །རྒྱལ་བ་རྣམས་ཀྱིས་བསྔགས་ འོས་ཁྱོད་ཉིད་ལས། །སྐྱབས་གཞན་མ་མཆིས་འགྲོ་བའི་གཉེན་གྱུར་མ། །སྲིད་གསུམ་ཉེ་བར་ འཚེ་བའི་ནད་དང་གདོན། །སྭཱ་ཧཱས་ཞི་མཛད་ཚེ་ཡི་དཔལ་སྟེར་མ། །རྩིབས་བརྒྱད་འཁོར་ལོ་ དཀར་པོའི་ལྟེ་བའི་དབུས། །བཅོམ་ལྡན་མ་དེའི་ཐུགས་ཀར་ཡེ་ཤེས་ཀྱི། །ཐིག་ལེ་ཆེན་པོ་ དཀར་དམར་ཡི་གེས་མཚན། །རྩིབས་བརྒྱད་ཐད་སོ་ཐད་སོའི་སྦུབས་ཀྱི་ནང༌། །ཡིག་བརྒྱད་ ལངས་པ་གཡས་བསྐོར་གངས་རིའི་མདོག །རླུང་ལ་བསྐྱོན་པའི་བཟླས་པས་སྲོག་རྩོལ་གྱི། །རླུང་འགགས་བྱེད་པས་སྲོག་ནི་རབ་བརྟན་གྱུར། །བདག་གི་སྙིང་དབུས་ཆོས་ཀྱི་འཁོར་ལོའི་ སྟེངས། ། མཚན་དཔེས་སྤྲས་པའི་ཁྱེད་སྐུ་བརྟན་གྱུར་ནས། །ལུས་སེམས་བདེ་བ་ཆེན་པོས་ ཡོངས་གང་སྟེ། །མཁའ་ལ་སྤྱོད་པའི་གནས་དེར་འཁྲིད་པར་འཚལ། །དེ་ལྟར་བསྟོད་པའི་དགེ་ བ་ནོར་བུའི་འཕྲེང༌། །འགྲོ་བ་ཀུན་གྱི་རེ་བ་སྐོང་བ་དང༌། །ཐུབ་བསྟན་ཉིན་མོར་བྱེད་པའི་སྒོ་ དབྱེ་ནས། །ཕྱོགས་འདིར་དགེ་མཚན་དཔག་མེད་འགྲུབ་གྱུར་ཅིག །ཕན་བདེའི་འབྱུང་གནས་ དཀོན་མཆོག་རིན་ཆེན་གཏེར། །སྤྱི་བོའི་རྒྱན་དུ་ཐོད་བཞིན་ལྡན་པ་ཅན། །བསྐྱེད་མཛད་ཡུམ་ ཆེན་ཡུན་རིང་ཞབས་བརྟན་ཏེ། །ཕ་རོལ་གཤེགས་ཚེ་མངོན་དགའི་ས་བསྒྲོད་ཤོག །ཅེས་པའི་ བསྟོད་པ་ཚིགས་སུ་བཅད་པ་འཆི་མེད་མཛོད་ཅེས་བྱ་བ་རྒྱ་གཞུང་སོར་བཞག་པ་འདི་ནི། དད་པ་དང་ལྡན་པའི་སྐྱེས་བུ་ཆོས་རྗེ་བློ་གྲོས་དཔལ་གྱིས་ཡང་ཡང་དུ་བསྐུལ་བའི་ངོར། ཆོས་ སྨྲ་བའི་བཙུན་པ་བསོད་ནམས་བཟང་པོས་རྟའི་ལོ་ཆོ་འཕྲུལ་ཆེན་པོའི་བཅྭ་ལྔའི་ཉིན། དགེ་ ལྡན་ཆོས་སྡིངས་ཀྱི་རི་ཁྲོད་བྲག་དམར་ཁྱུང་གཤོག་གི་དབེན་གནས་ཉི་མ་སྦུག་ཏུ་སྦྱར་བ་ འདིས་ཀྱང་སྐྱེ་རྒུ་རྣམས་ཡང་དག་པའི་ལམ་ལ་འབྱོར་བར་གྱུར་ཅིག། ཤུབྷཾ། 3-1-409 ༄༅། །ཨ་ཏིའི་ཉམས་ལེན་ཀ་མད་སུམ་ཅུ་དང་སྦྱར་བ་བཞུགས། ༀ་བདེ་ལེགས་སུ་གྱུར་ཅིག བཅོམ་ལྡན་ འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀི་ཀི་རུ་ལྟར་དཀར་བའི་སེམས་ཉིད་ལ། །ཁ་ དོག་དབྱིབས་སོགས་གསལ་བའི་སྒྲོན་མེ་འདི། །གོ་ཡུལ་མིན་པར་མངོན་སུམ་སྣང་བྱེད་པ། །ངོ་མཚར་རྨད་བྱུང་རྗེ་བཙུན་དམ་པའི་གནད། །ཙོག་བུའི་ལུས་ལ་འདུག་སྟངས་གསུམ་ཚང་ བ། །ཚོགས་ཀྱི་ལམ་ལ་ཞུགས་པའི་དང་པོ་ཡིན། །ཛྭ་ལ་འབར་འཛག་གཏུམ་མོའི་དམིགས་ པ་སོགས། །ཉོན་མོངས་ལམ་དུ་སྒྱུར་ཀྱང་འདིར་མི་བསྒོམ། །ཏིལ་ལ་མར་ཁུས་ཁྱབ་པ་ཇི་ ལྟར་བར། །ཐ་མལ་ལུས་ལ་སེམས་ཉིད་ཆེན་པོས་ཁྱབ། །ད་ལྟ་མངོན་སུམ་སྟོན་པའི་ལམ་ མཆོག་འདི། །ན་ག་ཛུ་ན་པདྨ་འབྱུང་གནས་ལུགས། །པ་རུ་ལྟ་བུའི་རྩི་ལྟར་སྒྲོན་མེ་གནས། །ཕ་ རོལ་ཡུལ་གྱི་སྟེང་ན་གྲུབ་པ་མེད། །བ་འཇོ་བདུད་རྩི་ལྕེ་ཆུང་ཟས་ཀྱང་རྙེད། །མ་རིག་འཁྲུལ་ པར་འཁྱམས་རྣམས་འདི་ལ་དམོད། །ཝ་སྐྱེས་ཇི་བཞིན་ཡང་དག་དོན་ལ་རྨོངས། །ཞི་གནས་ ཏིང་འཛིན་བསྒོམ་པའི་རྣལ་འབྱོར་པས། །ཟ་འོག་རི་མོ་ལས་ཀྱང་ཆེས་བཀྲ་བ། །འ་འུར་བྲལ་ བའི་ཡེ་ཤེས་རླུང་གིས་བསྐུལ། །ཡ་མཚན་གཡས་བསྐོར་སེམས་ཀྱི་ངང་ཚུལ་རིག །ར་བ་དང་ མཚུངས་སྲིད་པའི་འཆིང་ལས་གྲོལ། །ལ་ལར་ཐུགས་རྗེས་རྩོལ་མེད་འགྲོ་དོན་མཛད། །ཤ་ཟ་ འཇིགས་ཚུལ་ཁྲོ་བོའི་ཚུལ་ཡང་འཛིན། །ས་དང་ཡེ་ཤེས་ཚེ་གཅིག་སངས་རྒྱས་ཡིན། །ཧེ་རུ་ ཀ་དང་ཚོགས་ལ་མཉམ་རོལ་ཞིང༌། །ཨེ་མ་ཆོས་འབྱུང་གསང་བའི་དབང་བསྐུར་ཤོག །ཅེས་ པ་ཀ་མད་སུམ་ཅུའི་སྒོ་ནས་ཐིག་ལེ་ཆེན་པོའི་ཉམས་ལེན་རགས་པ་བཀོད་པ་འདི་ནི། ལུག་ གི་ལོ་ཟླ་བ་དང་པོའི་ཚེས་ལྔ་ལ་བསམ་གླིང་ཆོས་སྡིངས་སུ་བྱ་བྲལ་བ་བསོད་ནམ་བཟང་པོས་ བཀོད་པའོ། ། ༄༅། །སེང་གེ་སྒང་དུ་བརྒྱད་སྟོང་པ་བཞེངས་པའི་དཀར་ཆག་དགེ་ལེགས་ཀུན་འབྱུང་བཞུགས། ༀ་སྭ་སྟི་སིདྷཾ། ཆུ་སྐྱེས་འདབ་སྟོང་དགོད་པའི་ལྡི ང་ཁང་ན། །རི་དྭགས་མཚན་མའི་དཔལ་འཛིན་འོད་བརྒྱ་ 3-1-410 པ། །དཀྱིལ་འཁོར་རྫོགས་པའི་སྟེང་ན་བཅོམ་ལྡན་མ། །མཁྱེན་པའི་གཟི་འོད་འཁྱུག་པ་ དེ་ལ་འདུད། །པད་དཀར་མིག་དང་གསེར་གྱི་མངལ་ལྡན་པ། །གཞུ་རྒྱལ་མཁའ་ལྡི ང་རྒྱལ་ མཚན་འཛིན་པ་ཡི། །གཙུག་གི་ནོར་བུས་ཞབས་སེན་བརྟེན་གྱུར་པའི། །མངོན་ཤེས་དྲུག་ ལྡན་གསེར་གྱི་མདོག་ཅན་རྒྱལ། །ཡོན་ཏན་ཀུན་གྱི་འབྱུང་གནས་རྫོགས་སངས་རྒྱས། །ཉེས་ པའི་སྐྱོན་ཚོགས་མ་ལུས་ཀུན་ནས་བྱང༌། །མཁའ་ཡི་མཐའ་ལ་འཁྱུད་པའི་སྤྱན་མངའ་བ། ། ཆོས་ཀྱི་རྒྱལ་པོ་དེ་ཡིས་རྟག་སྐྱོངས་ཤིག །སྟོབས་དང་མི་འཇིགས་མ་འདྲེས་ཆོས་ཀུན་གྱི། །ཡོན་ཏན་ནོར་བུའི་ཚོགས་ཀུན་གཅིག་བསྡུས་པ། །ཁྱེད་ཀྱིས་ཡིད་བཞིན་བྱ་བ་ཀུན་བསྒྲུབ་ མཛད། །དམ་ཆོས་རིན་ཆེན་གང་དེས་འགྲོ་སྐྱབས་འཚལ། །སྟོབས་བཅུའི་ཏིང་འཛིན་ཡེ་ཤེས་ རྒྱ་ཆེ་ཞིང༌། །འོད་ཀྱི་དྲ་བ་ཆེས་ཆེར་རབ་གསལ་བ། །སྲིད་གསུམ་ཀུན་གྱི་སྣང་བྱེད་ཚོགས་ རྣམས་ཀྱི། །མཆོག་གི་མཆོག་གྱུར་དགེ་འདུན་ལ་ཕྱག་འཚལ། །གཏིང་དཔག་དཀའ་བའི་ལྟ་ བ་བརྗོད་པའི་གཞུང༌། །ས་བཅུ་ལམ་ཡངས་བསྒྲོད་པ་ཕན་བདེའི་གཞི། །འབྲས་བཟང་ཆོས་ སྐུ་སྟོབས་བཅུའི་རང་བཞིན་ཅན། །རྣམ་གསུམ་ཤེར་ཕྱིན་གང་དེ་རྟག་ཏུ་རྒྱལ། །ཐུབ་བསྟན་ ལྷ་ལམ་ཡངས་པའི་དཔལ་གྱུར་པ། །ཆོས་ཀྱི་རྒྱལ་པོ་ས་གསུམ་ཉི་མ་གང༌། །སྙིང་བརྩེའི་ རྟ་ལྗང་ཁྲི་ལ་ལེགས་བཞུགས་ནས། །ཚོགས་གཉིས་འོད་སྟོང་དྲ་བས་ཡོངས་བསྐོར་ཏེ། །དྲི་ མེད་ཐར་པའི་པད་མཚོ་རྒྱས་པར་མཛད། །རབ་དཀར་འཕྲིན་ལས་གཞིར་གྱུར་གདུལ་བྱའི་ རྒྱུད། །རབ་དྭངས་དཀར་གསལ་ཀ་ཤིའི་རས་མཆོག་ལ། །བཅུ་གཉིས་མཛད་པའི་རི་མོ་རྣམ་ པར་བཀོད། །རིགས་ལྡན་གསུམ་གྱི་སྣ་ཚོགས་ཚོན་བཀྲ་བ། །ཐེག་མཆོག་ཚོན་གཅིག་གསེར་ བཟང་ལྷམ་མེ་འོ། །ཐུབ་དབང་སྨྲ་བའི་རྒྱུ་སྐར་བདག་པོ་གང༌། །རྒྱལ་སྲས་ཀུན་དའི་ཚལ་ལ་ དཔལ་བསྐྲུན་ཏེ། །ཕྲིན་ལས་གཟུགས་སྐུའི་འོད་དཀར་རབ་རྫོགས་ནས། །ཞི་བའི་དབྱིངས་ ཀྱི་ནུབ་རིའི་ཡོལ་བས་བསྒྲིབས། །བློ་ལྡན་དགྲ་བཅོམ་གཉིས་འཐུང་དབང་པོ་རྣམས། །སྤྱན་ 3-1-411 ལྔ་མངོན་ཤེས་རྒྱན་མང་གཡོ་བྱེད་ཅིང༌། །གསུང་མཆོག་རིན་ཆེན་བཀའ་བསྡུའི་ཁུར་ཁྱེར་ ནས། །གཞན་ཕན་པད་མཚོ་ཡངས་དེར་ཞུགས་པར་གྱུར། །བསླབ་གསུམ་རྫིངས་ལ་བརྟེན་ པའི་དེད་དཔོན་མཆོག །རྣམ་དག་ལྟ་བའི་དར་ཆེན་མཐོར་འདེགས་ཤིང༌། །སྙིང་རྗེའི་རླུང་ གིས་བསྐུལ་བའི་བཞོན་པ་ཅན། །ལེགས་བཤད་ནོར་བུའི་གླིང་ལ་དབང་བསྒྱུར་ཏེ། །འགྲོ་ ཀུན་དབུལ་བའི་འཇིགས་ལས་སྐྱོབ་མཛད་པ། །བྱམས་ཆེན་ཀླུ་སྒྲུབ་རྣམ་གཉིས་ཤེར་ཕྱིན་ དོན། །ཇི་བཞིན་རྒྱས་པར་མཛད་པའི་འཕགས་པ་མཆོག །རྣམ་དག་གངས་རིའི་ལྗོངས་ན་ གདོང་ལྔ་པ། །ལུང་རིགས་ལུས་སྟོབས་བརྩེ་བའི་མཆེ་བ་ཅན། །སྐད་གཉིས་རལ་པའི་ཁུར་ གྱིས་རབ་བརྗིད་པའི། །བློ་ལྡན་ཤེས་རབ་མི་ཡི་སེང་གེ་དེས། ། ལོག་བློ་འདམ་བུའི་ཚལ་ ན་གར་བསྒྱུར་ཞིང༌། །གཞུང་ངན་སྣ་ཞགས་ལྡན་པ་རྒོལ་བའི་ཚོགས། །རིགས་མིན་ལྟ་བའི་ ཁུར་ཆེན་ཁྱེར་བ་རྣམས། །སྤྱི་བོ་འགེམས་ཤིང་བསྟན་པ་རྒྱས་པར་བྱོས། །སྐལ་བཟང་ཆོས་ རྒྱལ་གྲགས་མཆོག་འཁོར་ལོའི་བདག །རིན་ཆེན་བདུན་གྱིས་ཕྱུག་པའི་དམ་པ་ཀུན། །ལུང་ རྟོགས་བསྟན་པའི་སྲོལ་ཁ་རྒྱས་མཛད་ནས། །ལོ་པཎ་སྐད་གཉིས་སྨྲ་བས་འགྱུར་མཐར་ ཕྱིན། །གང་ཞིག་རིང་ནས་རྣ་བའི་མགྲོན་གྱུར་པའི། །ཤཱཀྱ་སེང་གེ་ཆོས་ཀྱི་སྤྱན་ཡངས་པས། །འཁོར་ལོ་གསུམ་དུ་གསུངས་པ་བར་པའི་དོན། །ཕུལ་བྱུང་དར་བར་མཛད་པ་འཛམ་བུ་ ཤིང༌། །བྷྲིཀྵས་མཚོན་པའི་གླིང་མཆོག་འདི་ཉིད་ལས། །བརྩེ་ལྡན་སངས་རྒྱས་འབྲིང་པོ་ནོར་ བུའི་མཛོད། །ཐོས་སྒྲོག་ངང་པའི་དེད་དཔོན་རྒྱུ་བའི་གནས། །སྤྲུལ་སྐུ་གདེངས་ཅན་དབང་པོ་ མཆོད་པའི་གཞི། །ར་པ་ཞེས་བྱ་རྒྱ་མཚོ་ཆེན་པོ་ལས། །རྒྱང་གྲགས་གསུམ་གྱིས་ལྷོ་ཕྱོགས་ བསྒྲོད་པའི་ཡུལ། །སྔགས་འཆང་མཆོག་གིས་བྱིན་གྱིས་བརླབས་པའི་ས། །ཆོས་ཟབ་ནོར་གྱི་ གཏེར་ཁ་མངའ་བའི་དཔལ། །ས་ཡི་ཐིག་ལེ་རྒྱས་པའི་ལྗོངས་ཡངས་པ། །ལྗོན་པའི་ཕྲེང་བ་ ལོ་མའི་གོས་བཟང་ཅན། །ཕྱོགས་ཀུན་བཀྲ་ཤིས་བོད་པའི་ཡལ་ཁ་གཡོ། །དགེ་ལེགས་མེ་ 3-1-412 ཏོག་འབྲས་བུའི་ཐོར་གཙུག་རྩེར། །འདབ་བཟང་མགྲིན་དབྱངས་སྒྲོག་པས་ཁོར་ཡུག་གང༌། །ཤེལ་གྱི་འོད་མངའ་རི་བོ་ཆེན་པོ་རྣམས། །ཕན་ཚུན་འགྲན་པ་ལྟ་བུའི་རིན་ཆེན་གཟུགས། །ཕུན་ཚོགས་ཁ་བའི་ཅོད་པན་མཛེས་པ་ཅན། ། རིན་ཆེན་རྣམ་ལྔའི་བྱར་དགའ་སྐྱེས་སུ་ འབྱིན། །ཁོ་ར་ཁོར་ཡུག་དག་པའི་ངོས་ཁུང་ན། །གཡོ་མེད་སྐྱིལ་དཀྲུང་གནས་པའི་བསམ་ གཏན་པ། །འདོད་ཡོན་རིང་དུ་འདོར་བ་བརྒྱ་ཕྲག་ལྔ། །ཀུན་ཀྱང་ཉེར་འཚེ་མེད་པ་བདེ་བར་ གནས། །འབྲུ་བཟང་བསྐྱེད་ཚལ་ལྡན་པའི་ཡུལ་དབུས་སུ། །རྒྱུ་སྐར་དཔུང་ལས་དར་བའི་ གྲོང་ཁྱེར་ཚོགས། །ཨིནྟྲ་ནི་ལའི་དཔལ་ལྡན་ནེ་སིང་རྣམས། །ཆུ་སྐྱེས་གསར་པའི་གཡུར་ཟ་ འདེམ་པ་དང༌། །རྐང་དྲུག་འཕུར་ལྡི ང་རྒྱས་པ་གླུ་དབྱངས་ལེན། །ཆུ་རྒྱུན་ཟེགས་མ་འཐོར་ བའི་མཆོད་པས་གང༌། །དགེ་བཅུའི་ནོར་གྱིས་ཕྱུག་པ་འཕྲེང་ཕུའི་གཞི། །འཁོན་མེད་རི་དྭགས་ རྒྱུ་བའི་གནས་ནང་དུ། །རྒྱལ་བའི་ཏིང་འཛིན་ཟབ་མོར་མཉམ་བཞག་པ། །བདེ་གསལ་མི་ རྟོག་མངོན་སུམ་གཟིགས་པ་ཅན། ། སྤོངས་བའི་དགེ་སྦྱོང་ལྔ་སྟོང་བཞུགས་པའི་གནས། །ལྷ་ ལས་ཕུལ་བྱུང་ལྷ་རིའི་གཙུག་ལག་ཞོལ། །བདེ་གནས་མཆོག་གི་ཁང་བརྩེགས་ལྟར་བཀྲ་བ། །འཆི་བ་མེད་པའི་གྲོང་ཁྱེར་རབ་བསྟེན་ཞིང༌། །ཕུན་ཚོགས་བཞེད་དགུའི་དཔལ་གྱིས་མངོན་ པར་འབྱོར། །ཕོ་བྲང་ནོར་བུའི་བང་མཛོད་སེང་སྒང་པ། །སུམ་རྩེན་བདག་པོའི་རིགས་ལས་ རྣམ་རྒྱལ་བའི། །ལྔ་རིག་མཁས་པ་རྣལ་འབྱོར་ཆེན་པོའི་གཏེར། །ས་བདག་དཔའ་བོ་བཞིན་ ལེགས་བསྐྱེད་པའི་རྒྱུས། །གངས་ཅན་མཆོག་གྱུར་ལྕེ་ཞེས་རབ་གྲགས་པ། །དྲི་མེད་ཁྱེད་ སྐུའི་འོད་རབ་གཡོ་གྱུར་ན། །བཅུ་གཉིས་བདག་པོ་ཅི་ཕྱིར་འོད་མི་འཕྲོག །ཁྱེད་ཀྱིས་ཕྱོགས་ ཀུན་སྣང་བར་བྱེད་པས་ན། །འོད་སྟོང་རྒྱལ་པོ་ཟིལ་གནོན་སངས་རྒྱས་པ། །བཞིན་རས་ལྷ་ ལམ་ཡངས་པར་ཉི་ཟླ་ཡི། །སྨིན་མའི་དབུས་སུ་ཁྲོ་གཉེར་མཚམས་སྤྲིན་གཡོ། །གྲགས་པའི་ སྤྲིན་དབྱངས་དྲག་པོའི་མཚོན་ཆ་འདེབས། །གཞན་སྡེའི་གཡུལ་འཇོམས་འཇམ་དཔལ་རྡོ་རྗེ་ 3-1-413 དཔལ། །འཇམ་ཞིང་སྙིང་རྗེས་རབ་ཏུ་རྒྱས་པ་ཡི། །སྤྱན་གྱིས་འགྲོ་ལ་སྙོ མས་པར་གཟིགས་ པས་ཀྱང༌། །མེ་ཏོག་གཞུ་ཅན་གདུང་བ་སྐྱེད་བྱེད་པའི། །དད་པའི་ནོར་འཛིན་རིགས་མཐོ་ དཔལ་ལྡན་མཚོ། །རྩེ་གཅིག་རབ་དཀར་དགེ་བའི་བློ་གྲོས་ཤར། །ཐུན་མོང་མཆོག་གི་ཕན་ བདེ་ཇི་སྙེད་པ། །ཐུབ་དབང་བསྟན་པ་འདི་ལས་བྱུང་མཁྱེན་ནས། །བཀའ་ཡི་སྙིང་པོ་བཞེངས་ ལ་དགོངས་པ་མཐུན། །ཐུབ་རྣམས་གཤེགས་ཤིང་གཤེགས་པའི་ལམ་བཟང་མཆོག །རྒྱལ་ བ་ཀུན་གྱིས་རབ་ཏུ་བསྔགས་པའི་གནས། །ཤེར་ཕྱིན་ཟབ་མོའི་ལམ་མཆོག་གསལ་མཛད་ པ། །བརྒྱད་སྟོང་ཆེན་པོའི་གཞུང་མང་ཕྲེང་བ་ཅན། །བཻཌཱུར་ས་གཞི་གཙང་མ་ལས་རྒྱལ་ཞིང༌། །ཨུཏྤལ་སྔོན་པོའི་འོད་ཀུན་འཕྲོག་བྱེད་པ། །གན་པའི་ནོར་མཆོག་རིན་མང་རྒྱ་ཆེ་ལ། །བཙོ་ སྦྱངས་བྱི་དོར་བགྱིས་པའི་འོད་སྟོང་ཅན། །དག་གསལ་དྲི་བྲལ་ཕུན་ཚོགས་དངོས་པོ་མཆོག །རིན་ཆེན་འབྱོར་པའི་ཕུད་གྱུར་གསེར་ལས་བཞེངས། །ལུང་དང་རྟོགས་པའི་བདག་ཉིད་རི་ བོང་ཅན། །ཕྲིན་ལས་འོད་དཀར་འཕྲོ་བའི་དཔལ་ཡོན་གང༌། །འཕགས་ལམ་ཀུན་ད་འབྱེད་ པའི་འོད་བརྒྱ་པ། །ཐུབ་བསྟན་ཟླ་བ་གོང་དུ་འཕེལ་ཕྱིར་དང༌། །དཔལ་ལྡན་གྲགས་པའི་ རྩིབས་སྟོང་འཁོར་ལོ་འཛིན། །མི་དབང་འབྱོར་པའི་ནོར་འཛིན་སྤྱི་བོས་མཆོད། །རྒྱལ་སྲིད་ ཆོས་ཚུལ་ཁྲིམས་ཀྱིས་སྐྱོང་མཛད་པའི། །ས་སྐྱོང་མི་ཡི་བདག་པོ་ཆེན་པོ་དང༌། ། ཕུན་ཚོགས་ སྐབས་གསུམ་གནས་ལ་མངའ་བསྒྱུར་ཞིང༌། །ཡིད་བཞིན་ནོར་གྱི་འོད་ལྡན་མཛེས་སྐུའི་ དཔལ། །རྒྱན་མང་ཕྲེང་བས་བསྐོར་བ་བདུད་རྩིའི་ཟས། ། ལོངས་སྤྱོད་ཕན་བདེའི་མཛོད་ འཛིན་རིན་ཆེན་མཚན། །བཀྲ་ཤིས་སྤྱན་སྟོང་ལྡན་པ་ལྷ་བརྒྱའི་གཙོ། །སྙན་གྲགས་གསེར་གྱི་ རྣ་ཆ་གཡོ་བྱེད་ཅིང༌། །མངའ་རིགས་ཉེ་དབང་དབུས་ན་མངོན་འཐོ་བ། །མཐོ་རིས་བདག་པོའི་ རྒྱལ་བརྒྱུད་དྲི་མེད་རྣམས། །སྐུ་ཚེ་ས་འཛིན་དབང་པོ་ལྟར་བརྟན་ཞིང༌། །འཁོར་ཚོགས་དཔལ་ འབྱོར་ཡར་ཚེས་ཟླ་བ་ལྟར། །གོང་ནས་གོང་དུ་བསྒྲོད་པའི་ཆ་རྐྱེན་དང༌། །བརྩེ་བའི་བསམ་ 3-1-414 པས་ཡུན་དུ་སྐྱོང་བྱེད་ཅིང༌། །བྱམས་པའི་ནུ་ཞོས་ལུས་ཀྱི་བསྐྱེད་བསྲིངས་ཏེ། །རང་གི་ཕན་ བདེ་སྟེར་བའི་སྙིང་རྗེ་ཅན། །ས་གསུམ་ཕ་མ་ཆོས་སྐུ་ཐོབ་ཕྱིར་བསྒྲུབས། །ཞུ་ཞིང་དག་པར་ མཛད་པའི་ཞལ་ཆེ་བ། །མཁས་ཤིང་མཁས་པའི་མཆོག་གྱུར་བསོད་ནམས་མཚན། །ལུང་ རིགས་བཟང་པོའི་བདུད་རྩིའི་ཟས་ལ་སྤྱོད། །ཡང་དག་ལྟ་བ་རྒྱས་པའི་སྐྱེས་མཆོག་ཡིན། །བསྟན་སྲུང་ཆོས་སྐྱོང་རྣམས་ཀྱིས་བར་ཆད་སོལ། །ནོར་ལྷ་གཏེར་བདག་རྣམས་ཀྱིས་མཐུན་ རྐྱེན་སྒྲུབས། །ཡི་དམ་དཀྱིལ་འཁོར་ལྷ་ཡིས་དངོས་གྲུབ་སྩོལ། །རྒྱལ་དང་རྒྱལ་སྲས་རྣམས་ ཀྱིས་བཀྲ་ཤིས་བརྗོད། །ཅེས་གསུང་རབས་ཆེན་པོ་ཞབས་སུ་ལེགས་པར་བྱོན་པའི་མཚར་ དགའི་ཚིགས་བཅད། བརྗོད་བྱའི་དོན་ཟབ་ཅིང་རྒྱ་ཆེ་བའི་ལུས་ལ། སྙན་ངག་གི་རྒྱན་དུ་མ་ དང་ལྡན་པ་གཅིག་བགྱིས་གསུངས། ནང་པ་སངས་རྒྱས་བཀྲ་ཤིས་པའི་བཀའ་ཡིས་བསྐུལ་ བ་ལས། སྙན་ངགས་ཀྱི་བསྟན་བཅོས་དགེ་ལེགས་ཀུན་འབྱུང་ཞེས་བྱ་བ་འདི་ནི། མང་དུ་ཐོས་ པའི་བྱ་བྲལ་བ་དབྱངས་ཅན་དགའ་བ་བསོད་ནམས་བཟང་པོས་མཁས་མང་གི་བསྟི་གནས་ ཆོས་གྲྭ་ཆེན་པོ་དགའ་ལྡན་གླིང་རྣམ་པར་རྒྱལ་བའི་གཙུག་ལག་ཁང་གི་ཤར་ཕྱོགས། ཟུར་ ཁང་ཆོས་ཀྱི་བང་མཛོད་དུ། རྣམ་འགྱུར་ཅེས་བྱ་བ་སྟག་གི་ལོ་ཟླ་བ་བརྒྱད་པའི་དྲག་པོའི་ཚེས་ ལ་བཀོད་པ་དགེ་ལེགས་འཕེལ་ཞིང་ཐུབ་བསྟན་རྒྱས་པར་གྱུར་ཅིག། ༄༅། །རྗེ་བསམ་གཏན་གླིང་པའི་མན་ངག་ཕྲ་མེན་མའི་བསྒོམ་བཟླས་བསྟོད་པ་དང་བཅས་པ་བཞུགས། ཕྲ་མེན་མ་བསྒོམ་པར་འདོད་པའི་རྣམ་འབྱོར་པས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བྱས་ ལ། སྟན་བདེ་བ་ལ་འདུག་ནས་ཁ་ནུབ་ཏུ་ཕྱོགས་པས། དཀྱིལ་འཁོར་ཟླ་གམ་གྱི་ལྟེ་བར་པདྨ་ འདབ་བརྒྱད་བསྐྱེད་པའི་དབུས་སུ་ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་ལས་འོད་འཕྲོས། སེམས་ཅན་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། གདུག་པ་ཅན་ཐམས་ཅད་དབང་དུ་བསྡུས། སླར་འདུས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཕྲ་མེན་མ་སྐུ་མདོག་དམར་མོ་ཞལ་གཅིག་ 3-1-415 ཕྱག་གཉིས་ཀྱི་གཡས་ལྕགས་ཀྱུ་དམར་པོ་དང༌། གཡོན་ཞགས་པས་དགྲ་བགེགས་ཀྱི་སྐེ་ ནས་འཆིང་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཤིན་ཏུ་ཆགས་པའི་ཉམས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བ་བརླ་ལ་བརྡེག་པ། འཁོར་རྣམས་ཀྱང་སྐུ་མདོག་དམར་ པོ་ཕོ་མོ་དུ་མས་བསྐོར་བའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ ཧྲཱིཿལས་འོད་འཕྲོས་པས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཕྲ་མེན་མའི་རྣམ་པར་སྤྱན་དྲངས་ཏེ། བཛྲ་ས་མ་ཛཱཿ། ཞེས་བརྗོད་ཅིང༌། ཨརྒྷཾ་པྲཏིཙྪ་ ཡེ་སྭཱཧཱ། ཞེས་སོགས་ཀྱིས་མཆོད་ལ། བསྟོད་པས་བསྟོད། བཛྲ་ཨངྒུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་ ས་ྥོཊ་བཾ། བཛྲ་ཨ་བེ་ཤ་ཨཿ རིགས་ལྔའི་ལྷ་སྤྱན་དྲངས། མཆོད་པས་མཆོད་ནས། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དུ་གསོལ། ཞེས་གསོལ་བ་གདབ་ལ། སངས་ རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་ གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །བུམ་པའི་ཆུས་དབང་བསྐུར་དྲི་མ་ ཐམས་ཅད་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན། ཐུགས་ ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐའ་བསྐོར་དུ། ༀ་ཧྲཱིཿས་ཕྲ་ མེན་མ་ཀུ་རུ་ནི་ལྷ་འདྲེ་མི་གསུམ་ཐམས་ཅད་བདག་ལ་ཧྲིཾ་ཧྲིཾ། མཁའ་འགྲོ་མ་ཧྲཱིཿས་མཁའ་ འགྲོ་མ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་དཔལ་འབྱོར་ ཟས་ནོར་ཐམས་ཅད་དབང་དུ་བསྡུས་བསྡུས་ཁུག་ཁུག་ཧྲིཾ་ཧྲིཾ་ཞེས་ཅི་ནུས་བཟླས་སོ། །ལྷ་འདྲེ་ མི་གསུམ་ཐ་དད་དུ་བྱེད་ན་ཕྲལ་ནས་འདོན་པ་སྒྱུར་ལ་བྱའོ། །ཧྲཱིཿཡིག་ལས་བྱུང་དཔལ་མོ་ ཆགས་པའི་ཚུལ། །འགྲོ་རྣམས་འགུགས་བྱེད་མཐུ་ལྡན་དམར་བའི་མདོག །ལྕགས་ཀྱུ་ཞགས་ པས་ཕྱག་གཉིས་རྣམ་མཛེས་ཤིང༌། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན་ལ་འདུད། །ཅེས་ པས་བསྟོད། ཡང་ན། མཚོ་སྐྱེས་འདབ་བརྒྱད་དབུས་ན་བསིལ་ཟེར་ཅན། །ཉ་གང་དཀྱིལ་ 3-1-416 འཁོར་རྒྱས་པའི་སྟེང་ཞིག་ན། །ཧྲཱིཿདམར་ལས་འཁྲུངས་དཔལ་མོ་འཛུམ་པའི་ཞལ། །ལྕགས་ ཀྱུ་ཞགས་པས་ཕྱག་གཉིས་རབ་མཛེས་ཤིང༌། །གཡས་བསྐུམ་གཡོན་བརྐྱང་ཞབས་ནི་རོལ་ རྩེད་མཁན། །རིན་ཆེན་རྒྱན་མང་རྣམ་བཀྲའི་གོས་བཟང་གཡོ། །ཕུལ་བྱུང་དབང་གི་དཔལ་ འབྱོར་སྩོལ་ལ་མཁས། །པད་གཞོན་མིག་འབྲས་གཡོ་བའི་དགའ་སྟེར་མ། །ཚངས་པའི་བུ་ མོ་འབུམ་གྱིས་མཛེས་པ་ཡང༌། །ཁྱེད་སྐུའི་རྒྱུ་སྐར་བདག་པོ་ཤར་བའི་ཚེ། །རེ་ཤིག་ངལ་ གསོའི་སྟེགས་ལ་བརྟེན་པ་མཉམ། །གཟི་འོད་འཁྱུག་པའི་ལྷ་མོས་འགྲོ་སྐྱོངས་ཤིག །བདེ་ ལེགས་ཀུན་འཛིན་ཁྱེད་ཀྱི་ལྗོན་པ་ལས། །མི་ཟད་འདོད་དགུའི་འབྲས་བཟང་སྩོལ་བྱེད་ཅིང༌། །དབུལ་འཕོངས་གདུང་བ་སྐྱོབ་པའི་ལོ་འདབ་གཡོས། །ཞིང་འདིར་དགེ་མཚན་དྲི་བསུང་ རྒྱས་པར་མཛོད། །གང་གི་སྐྱབས་སུ་བཟུང་ན་སྲིད་པ་ཡི། །གུད་པ་རྒྱ་མཚོའི་འཁོར་ཡུག་ཕ་ མཐར་བསྐྲོད། །ཆོས་ལྡན་མཐུན་པའི་ལོངས་སྤྱོད་ནོར་བུ་ཡིས། །འགྲོ་བའི་རེ་བ་སྐོང་མཛད་ དཔལ་མོས་སྐྱོངས། །ཞེས་པའི་ཚིགས་སུ་བཅད་པ་འདི་ནི། སྡེ་སྣོད་གསུམ་པ་བསོད་ནམས་ བཟང་པོས་སྦྱར་བའོ། །ཅིག་ཞུས། མ་ཡིག་འབྲས་དཔེ་རྙིང་༼ཕྱི་ཟ་༣༥༽ཅན་དབུ་མེད་བྲིས་མ་གཅིག་ལས་ལག་སོན་མ་བྱུང་། མ་ཡིག་འདི་ནི་དག་ཆ་ཧ་ཅང་ཞན་ ནའང་ཡིག་ནོར་ཡིན་སྙམ་སྐོར་རྟགས་གྱིས་མ་སྐོར་བར་སྤོབ་པ་བསྐྱེད་དེ་དག་བཅོས་བྱས་ཡོད་པས། ཀློག་པ་པོས་ཡོ་བསྲང་དང་ དག་སེལ་ཞུ། 3-1-417 དོན་རྒྱན་ཨུཔྟ་ལའི་ཕྲེང་བ། དོན་རྒྱན་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ། དྲི་ཟའི་བུ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། རང་བཞིན་བརྗོད་པའི་རྒྱན། དགའ་མ་དགའ་བའི་ངང་ལས་སྐྱེས་པའི་མིག་ཟུར་གཡོ། །དྲི་མ་ མེད་པའི་དཀར་པ་དམར་བའི་བཞིན་རས་མཚར། སྐྱེ་ལེགས་ཞོ་ཤའི་ལང་ཚོ་དང་ལྡན་ན་ཆུང་ མ། །དགྲ་ལས་རྣམ་རྒྱལ་སྨྲ་མཁས་འདོད་པས་གཙུག་གིས་བསྟེན། དཔེ་རྒྱན། བུ་མོ་ཁྱོད་ཀྱི་ བཞིན་རས་ནི། ཀུ་མུད་བཞིན་ཤིན་ཏུ་དཀར། མཛེས་མ་ཁྱོད་ཀྱི་འཁུར་ཚོས་ནི། །པདྨ་བཞིན་ དུ་དམར་མདངས་གསལ། གཟུགས་ཅན་གྱི་རྒྱན། གཟུགས་ཀྱི་ལྗོན་པ་ཀུན་ཏུ་ཏེམ། བཞིན་ གྱི་པདྨ་མདངས་བཀྲ་བ། མིག་འབྲས་འོད་ཀྱི་བུང་བ་བཀྲ། སྐྲ་ཡི་འཁྲིལ་ཤིང་རིང་དུ་འཛིན། །གསལ་བྱེད་ཀྱི་རྒྱན། ཀྭ་ཡེ་བཞིན་བཟང་བུ་མོ་འགའི། །ལུས་དང་བཞིན་ནི་སྙིང་པར་བྱེད། ནགས་ན་གནས་པའི་དཀའ་ཐུབ་དེའི། །ཁོངས་པ་གསར་དུ་འཛོམས་པར་ནུས། །སྐོར་བའི་ རྒྱན། གདོང་སྐྱེས་མ་ནི་ནུ་མ་རྒྱས། །ཚངས་པའི་བུ་མོ་གླུ་དབྱངས་སྙན། །བྲམ་ཟེ་ལ་དགའ་ ཡིད་བཟངས་མ། །དབྱངས་ཅན་མ་ནི་དགའ་བའི་མཆོག །འགོག་པའི་རྒྱན། རས་ལྷན་མ་ཡི་ སྐོར་སྐབས་ཀྱིས། །འདོད་ཆགས་བྲལ་བ་མིག་གསོས་གྱུར། །དེ་ལྟ་མི་སྲིད་ཡངན་ནི། །ཡིད་ འཕྲོག་ནུས་པ་ངོ་མཚར་ཆེ། །དོན་གཞན་བཀོད་པ། འདི་ན་འགྲོ་བ་རྣམས་ཀྱི་བླ་མའི། །སྣང་ བྱེད་བུ་མོ་གསར་པ་ནི། །ཚལ་ལས་འཁྲུངས་པ་ཉིད་ལ་བལྟོས། །མངོན་སུམ་ལ་ནི་སུ་ཡིས་ འགལ། །ལྡོག་པ་ཅན་གྱི་རྒྱན། རབ་དཀར་མདངས་ལྡན་པདྨ་དང༌། །མཛེས་ལྡན་བཞིན་འདི་ མཚུངས་པར་གྱུར། །མཚོ་སྐྱེས་ཆུ་དང་ཁྱོད་གདོང་ལུས། ། མཚུངས་པ་ཉིད་ཀྱང་མ་ལགས་སོ། 3-1-418 །སྲིད་པ་ཅན་གྱི་རྒྱན། མ་ཕྱིས་དྲི་མ་མེད་པའི་མཁའ། །དངས་པར་མ་བྱས་གཟུགས་བརྙན་ གསལ། །མངལ་ལས་མ་སྐྱེས་བུ་མོ་ནི། །འཕྲོག་བྱེད་འགྲོ་གྲོགས་སུ་གྱུར། །བསྡུས་པའི་རྒྱན། འགྲོ་བའི་བླ་མ་ཡི་རྗེས་འགྲོ་བ། །ཀུ་མུད་རབ་རྒྱས་རལ་པའི་རྒྱན། །དཀར་ཞིང་དྲི་ཞིམ་མ་ ཡིན་ཀྱང༌། །རྩམ་པ་ཀ་ཡི་མཛེས་བྱེད་བལྟོས། །ཕུལ་བྱུང་གི་རྒྱན། ཨུཏྤལ་ཟུང་ནི་རྣ་བར་ གསར། །དཔྲལ་བར་ཙ་ཏན་ཐིག་ལེས་གཤེར། །ཡིད་འཕྲོག་སྙན་པའི་གླུ་ལེན་མ། །འཇིག་ རྟེན་དིར་ནི་མཚོན་མ་ཡིན། །རབ་རྟགས་ཀྱི་རྒྱན། གོ་ཏམ་འདོད་པས་གདུངས་པ་ཡིད། །ཉན་ ཐོས་རྣམས་ནི་ཚངས་སྤྱོད་གནས། །ཁྱོད་ཀྱི་ཕྱོགས་གྱུར་དགའ་མ་རྣམས། །གཞིལ་བར་ འདོད་པ་ཡིན་ནམ་སྙམ། །རྒྱུའི་རྒྱན། ཁྱོད་ཀྱི་ཁ་ཡི་དྲི་བཞོན་གྱིས། །གུང་གི་ཚད་པ་སེལ་བྱེད་ ཅིང༌། །དང་བའི་བློ་གྲོས་གསལ་བར་བྱེད། །དགའ་བའི་བདེ་བ་བསྐྱེད་ལ་བལྟོས། །ཕྲ་མོའི་ རྒྱན། ལག་པའི་པདྨོ་ཟུམ་པ་ཡི། །ལྟེ་བར་འདུད་པས་ཐལ་མོ་སྦྱར། །དད་པའི་ང་རོ་སྒྲ་ ལྡན་གྱི། །མཆིལ་མ་གྱེན་གྱི་ཕྱོགས་སུ་འཐོར། །ཆའི་རྒྱན། ཉི་བཞོན་གུང་གི་འོ་མར་གྱིས། །བདག་གི་བཞིན་ཀྱང་དམར་བར་བྱས། །དངོས་པོའི་ནུས་པ་རྣམ་པར་བཀྲ། །བདག་གི་ལུས་ནི་ རྣམ་པར་ཚད། །རིམ་པའི་རྒྱན། རབ་དཀར་འཛུམ་ལེགས་སྨིན་ནག་མ། །ཟླ་བ་དཀར་དང་ པདྨ་ཡི། །མྱུ་གུ་ཁ་ཟུམ་ལུཏྤ་ལས། །ནགས་ཚལ་འདི་ནི་བརྐུས་སམ་སྙམ། །དགའ་བའི་རྒྱན། ལྷ་གཅིག་ཕྱག་གི་རྒྱུད་ལངས་ཀྱི། །བདག་གི་རྣ་བའི་བུ་གར་གསལ། །ཡིད་བདེ་དགའ་བའི་ འོད་དཀར་གྱིས། །ཚིག་གི་ཕྲེང་བ་ལན་དུ་བྱས། ཉམས་ལྡན་གྱི་རྒྱན། སྐྱེ་འགྲོ་མིག་ཏོད་ལྷན་ པ་ཡི། །ལན་དུ་བལྟས་ཀྱང་ཚིམ་མེད་མ། །འདོད་པས་གཟུགས་ཏེ་དྲངས་གྱུར་པ། སེམས་ ཅན་དབང་བྱས་དཔལ་ལྡན་མ། གཟི་བརྗིད་ཀྱི་རྒྱན། སྒྲུབ་པ་སེམས་ཅན་ནི་གདུང་མ་བྱེད། །འདོད་པའི་ཞགས་པ་ཕྱིར་ཕྱོགས་ན། བརྩེ་བས་གཟིར་བར་འདོད་པ་མིན། ལན་གྱི་ཚིག་ གིས་དབུགས་དབྱུང་མཛད། །རྣམ་གྲངས་བརྗོད་པའི་རྒྱན། ཤཱཀྱ་སེམས་དཔའ་མཆོད་པའི་ 3-1-419 སླད། ནོར་གྱི་རྒྱུན་ནི་དབབ་པར་བགྱི། །དཔལ་ལྡན་མ་ནི་མྱུར་གཤེགས་རྗེས། །བདག་ལ་ སྤྱན་རས་གཟིགས་སུ་གསོལ། ། སྒྲ་རྒྱན་པདྨ་དམར་པོའི་ཆུན་པོ། སྒྲ་རྒྱན་པདྨ་དམར་པོའི་ཆུན་པོ་ཞེས་བྱ་བ། དྲི་ཟའི་བུ་མོ་དབྱངས་ཅན་མ་ལ་ཕྱག་འཚལ། དང་པོའི་ཐོག་མའི་ཟུང་ལྡན། ཚངས་པའི་བུ་མོ་ཚངས་པའི་བུ་མོ་དབྱངས་ཅན་མ། །སྒྲ་ ལས་རྣམ་རྒྱལ་སྨྲ་མཁས་འདོད་པས་ལྷ་མོ་ལ། །ལག་པའི་པདྨོ་སྤྱི་བོར་ཟུམ་ནས་ཧྲིང་ཡི་གེ། །དགའ་བའི་སེམས་ཀྱིས་བསྟོད་པའི་དགའ་སྟོན་ལན་དུ་བྱད། །སྐད་པ་གཉིས་པའི་ཐོག་མའི་ ཟུང་ལྡན། ཨུཏྣལ་འདབ་མ་འདྲ་བ་ཡི། །སྤྱན་ཟུར་མཛེས་སྤྱན་སྤྱན་ཟུར་གྱིས། །བདག་ལ་ ལན་དང་རིང་དུ་ནི། །དང་བའི་རས་ཀྱིས་འཚོ་བར་མཛོད། །རྐད་པ་གསུམ་པའི་ཐོག་མའི་ ཟུང་ལྡན། གནམ་སྔོན་ཞུ་བ་འདྲ་བ་ཡི། །སམ་ཝང་སེན་ལོའི་བཟློས་གར་གྱིས། །གླུ་མཁས་ གླུ་མཁས་དབྱངས་མཁན་མས། །བདག་གི་རྣ་བའི་དགའ་སྟོན་བྱེད། །རྐང་པ་བཞི་པའི་ཐོག་ མའི་ཟུང་ལྡན། གངས་རིའི་ལྗོངས་ཀྱི་པནྚིཏ། །དགྲ་ལས་རྣམ་རྒྱལ་སྨྲ་མཁས་ཅན། །མིང་ གཞན་དབྱངས་ཅན་དགའ་མའི་ལྷ། །ལན་དུ་ལན་དུ་གུས་པས་བསྟེན། །སྐད་པ་དེང་གཉིས་ པའི་ཟུང་ལྡན། །ཧིང་ཞེས་ཧྲིང་ཞེས་སྒྲ་དབྱངས་ཀྱིས། །མཛའ་བོ་མཛའ་བོ་བུ་མོ་འབོད། །ཁྱོད་ ཀྱི་སྨིན་མ་སྐྱོག་པོ་ནི། །སྙིང་སྡུག་འགུགས་པའི་ལྕགས་ཀྱུ་ཡིན། །རྐང་པ་དང་པོ་དང་གསུམ་ པའི་ཟུང་ལྡན། ཀུན་དགའ་ཀུན་དགའ་ལེགས་པའི་མཆོག །དགེ་བའི་དབང་པོ་གཉིས་པ་དེ། །ལྷ་དང་ལྷ་མོའི་ཞབས་པད་ནི།རལ་པའི་ཅོད་པན་རྩོལ་ལ་བསྟེན། །ཀུ་མུད་ཀུ་མུད་འདབ་མ་ ཡི། །མིག་སྨན་བསིལ་སྒྲ་ནག་ཏུ་བྱས། །ཁྱོད་ཀྱི་ནུ་མའི་ཁུར་ལྕི་བ། །ཨུཏྤལ་ཨུཏྤལ་ཕྲེང་བས་ བསྟེན། །ཁྱེད་ཞལ་བཞིན་གྱི་ཆུ་སྐྱེས་ན། །ཟུང་དག་ཟུང་དག་བུང་བ་འཁོར། །རིང་ཐུང་རིང་ ཐུང་སྨད་གཡོགས་ཀྱི། །ཚང་རའི་ཁུར་གྱིས་ལ་མའོ། །ཁྱེད་ཀྱི་སྐ་རགས་དྲིལ་ཆུང་གི། །སིལ་ 3-1-420 ཁྲོལ་སིལ་ཁྲོལ་སྒྲ་སྒྲོག་ཕག །རྐེད་པ་ཡོད་མེད་ཐེ་ཚོམ་ཟད། །རྒྱུད་མངས་རྒྱུད་མངས་བརྒྱུད་ མཁས་མ། །ཁྱོད་ཀྱི་བཞིན་གྱི་ཟླ་བ་ཡི། །ཀུ་མུཏ་དགའ་བོའི་དགའ་སྟོན་བྱེད། །སྐེ་ལེགས་ རྐེད་ལེགས་རྐེད་ཕྲ་མ། །གཟིགས་ཅིག་གཟིགས་ཅིག་སྒྲུབ་པོ་ལ། །མེ་ཏོག་མེ་ཏོག་དྲི་ཞིམ་ ལྷན། །སྣང་གསལ་སྣང་གསལ་ནོར་བུའི་འོད། །འབྲས་བུ་འབྲས་བུ་སྨིན་པའི་རོང༌། །དྲི་ ཆུས་ལྷ་མོ་ལན་དུ་མཆོད། །ཀྭེ་ཀྭེ་བཞིན་བཟང་མ། །ཁྱོད་ཀྱི་ཁྱོད་ཀྱི་རྣང་བ་ཡིད་ཨུཏྤལ་ཟུང་ གི་མིག་ཟུར་ལ། །ལན་དང་ལན་དུ་སྡང་བ་བསྒོམས། །འཁྱོག་ཅིང་འཁྱོག་ཅིང་སྨིན་མ་ཡིས། །འདོད་ཆགས་བྲལ་བ་སྤྱན་གཡོ་ཞིང༌། །དགའ་མ་དགའ་མའི་ཚོགས་རྣམས་ཀྱི། །ཁེངས་པ་ ཁེངས་པ་གསར་པ་བཅོམ་ལྡན། །བདག་ནི་ཐེ་ཚོམ་རྒྱར་ཆུད་པས། །ལྷ་མོ་ལྷ་མོ་མ་ཡིན་མི། །བུ་མོ་བུ་མོ་མ་ཡིན་ཏེ། །གདོངས་ཅན་གདོངས་ཅན་དགའ་མ་མིན། །སྐྱེ་ལེགས་སྐྱེ་ལེགས་ ལུས་ཕྲ་མ། །ངག་སྙན་ངག་སྙན་འཇམ་པོ་ཚིག །དགའ་མ་དགའ་མ་ཡིད་བདེ་བསྐྱེད། །བདག་ ནི་བདག་ནི་གུས་ཤིང་དད། །གྲུབ་རིགས་ཚངས་པའི་ཞལ་ལས་སྐྱེས། །གྲུབ་རིགས་བུ་ མོ་ཡིད་འཕྲོག་མ། །གུས་པས་གཟུང་བའི་སེན་མོའི་རྗེས། །སྟོད་གཡོགས་ངེས་ནི་སྒྲིབ་པར་ མཛོད། །སྙན་དང་ཤེས་ནས་སྨྲ་བ་ཀུན་དགའི་གཉེན། །སྙན་དངགས་ཚིག་གིས་གསོལ་བའི་ འདོད་པའི་དོན། །བཟང་ལ་བཏང་སྙོ མས་བྱ་བར་མི་རིགས་ཤེས། །སྤྱན་ཟུར་རྩོལ་ཅིག་ དབྱངས་ཅན་མ་མ་ཁྱོད་ཀྱི། །མ་ལ་ཡ་ཡི་རླུང་དང་མཚུངས། །ཁྱེད་ཀྱི་ཁ་ཡི་དྲི་བཞོན་གྱིས། །མངའ་ལྔ་པ་ཡི་གྲོགས་སུ་གྱུར། །མ་ལ་ཡར་མཚུངས་རླུང་འདིས་གཟིར། །བླ་མས་འཛིན་ མའི་ངོས་ཡངས་ནས། །སྙེ་མ་སྙེ་མ་གསར་པ་ཡི། །སྙན་ངག་སྙན་ངགས་སྒྲ་རྒྱན་གྱིས། །གུས་ པས་ལན་དང་ལན་དུ་མཆོད། །ཁྱོད་ཀྱི་བཞིན་རས་ཟླ་བ་ལ། །ཡོད་ཅེས་ང་རྒྱལ་མི་འཚལ་ཏེ། །ཀུ་མུད་པད་དཀར་ཀུན་ཏ་སོགས། །ཡོད་ཅེས་ང་རྒྱལ་གཞཉ་ཡོད་ཕྱིར། །ཟླ་བ་སྐྱེངས་སར་ གྱུར་དོགས་ནས། །དཔྲལ་བར་དྲི་བཟང་ཐིག་ལེས་མཚན། །བཞིན་བཟང་མཛེས་པའི་དཀྱིལ་ 3-1-421 འཁོར་གྱི། །བཞིན་བཟང་ཁྱོད་ནི་ཀུན་གྱི་རྟེན། །ཡིད་འཕྲོག་ཁྱེད་ཀྱི་འདོད་ཁམས་ནི། །ཡིད་ འཕྲོག་ལས་ནི་གཟུགས་ཁམས་དང༌། །ཡིད་འཕྲོག་ཉིད་ཀྱིས་གཟུགས་མེད་ཁམས། །བཞིན་ གྱི་དཔལ་གྱིས་དབང་དུ་བྱས། །དགའ་མའི་རིན་སྣ་ཆ་ཡི། །འགྲམ་པའི་སྤུ་ལོང་བརྟེན་བྱེད་ ཅིང༌། །དགའ་མ་དག་ལ་བརྩེ་བ་ཡི། །དགའ་མའི་དགའ་སྟོན་བྱས་པར་གྱུར། །དགྲ་ལས་ རྣམ་རྒྱལ་རལ་པ་ཡིས། །པདྨའི་གཙུག་སུད་རྩེ་མོ་ཅན །པདྨའི་ཞབས་མཐིལ་དམར་བ་ཡིས། །པདྨས་ཙུལྦྷ་ན་བྱས་སོ། །མཛེས་པའི་ལྷས་མ་རིང་དུ་གནས། །མཛེས་པའི་རྣ་ཆས་འགྲམ་པ་ སྐྱོར། །མཛེས་པའི་མིག་ཟུར་འཕེན་ལེན་གྱིས། །མཛེས་པའི་མཛའ་བོ་འགུགས་པར་བྱེད། ། དོན་རྒྱན་ཨུཔྟ་ལའི་ཕྲེང་བ། དོན་རྒྱན་ཨུཏྤ་ལའི་ཕྲེང་བ་ཞེས་བྱ་བ། དྲི་ཟའི་བུ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། རང་བཞིན་བརྗོད་པའི་རྒྱན། དགའ་མ་དགའ་བའི་ངང་ལས་སྐྱེས་པའི་མིག་ཟུར་གཡོ། །དྲི་ མ་མེད་པའི་དཀར་པ་དམར་བའི་བཞིན་རས་མཚར། །སྐྱེ་ལེགས་ཞོ་ཤའི་ལང་ཚོ་དང་ལྷན་ ན་ཆུང་མ། །དགྲ་ལས་རྣམ་རྒྱལ་སྨྲ་མཁས་འདོད་པས་གཙུག་གིས་བསྟེན། །དཔེ་རྒྱན། བུ་ མོ་ཁྱོད་ཀྱི་བཞིན་རས་ནི། །ཀུ་མུད་བཞིན་ཤིན་ཏུ་དཀར། མཛེས་མ་ཁྱོད་ཀྱི་འཁུར་ཚོས་ ནི། །པདྨ་བཞིན་དུ་དམར་མདངས་གསལ། །གཟུགས་ཅན་གྱི་རྒྱན། གཟུགས་ཀྱི་ལྗོན་ པ་ཀུན་ཏུ་ཏེམ། །བཞིན་གྱི་པདྨ་མདངས་བཀྲ་བ། །མིག་འབྲས་འོད་ཀྱི་བུང་བ་བཀྲ། །སྐྲ་ ཡི་འཁྲིལ་ཤིང་རིང་དུ་འཛིན། །གསལ་བྱེད་ཀྱི་རྒྱན། ཀྭ་ཡེ་བཞིན་བཟང་བུ་མོ་འགའི། །ལུས་དང་བཞིན་ནི་སྙིང་པར་བྱེད། །ནགས་ན་གནས་པའི་དཀའ་ཐུབ་དེའི། །ཁོངས་པ་གསར་ དུ་འཛོམས་པར་ནུས། །སྐོར་བའི་རྒྱན། གདོང་སྐྱེས་མ་ནི་ནུ་མ་རྒྱས། །ཚངས་པའི་བུ་མོ་གླུ་ དབྱངས་སྙན། །བྲམ་ཟེ་ལ་དགའ་ཡིད་བཟངས་མ། །དབྱངས་ཅན་མ་ནི་དགའ་བའི་མཆོག །འགོག་པའི་རྒྱན།རས་ལྷན་མ་ཡི་སྐོར་སྐབས་ཀྱིས། །འདོད་ཆགས་བྲལ་བ་མིག་གསོས་གྱུར། 3-1-422 །དེ་ལྟ་མི་སྲིད་ཡང་ན་ནི། །ཡིད་འཕྲོག་ནུས་པ་ངོ་མཚར་ཆེ། །དོན་གཞན་བཀོད་པ། འདི་ ན་འགྲོ་བ་རྣམས་ཀྱི་བླ་མའི། །སྣང་བྱེད་བུ་མོ་གསར་པ་ནི། །ཚལ་ལས་འཁྲུངས་པ་ཉིད་ལ་ བལྟོས། །མངོན་སུམ་ལ་ནི་སུ་ཡིས་འགལ། །ལྡོག་པ་ཅན་གྱི་རྒྱན། རབ་དཀར་མདངས་ལྡན་ པདྨ་དང༌། །མཛེས་ལྡན་བཞིན་འདི་མཚུངས་པར་གྱུར། །མཚོ་སྐྱེས་ཆུ་དང་ཁྱོད་གདོང་ལུས། །མཚུངས་པ་ཉིད་ཀྱང་མ་ལགས་སོ། །སྲིད་པ་ཅན་གྱི་རྒྱན། མ་ཕྱིས་དྲི་མ་མེད་པའི་མཁའ། །དངས་པར་མ་བྱས་གཟུགས་བརྙན་གསལ། །མངལ་ལས་མ་སྐྱེས་བུ་མོ་ནི། །འཕྲོག་བྱེད་ འགྲོ་གྲོགས་སུ་གྱུར། །བསྡུས་པའི་རྒྱན། འགྲོ་བའི་བླ་མ་ཡི་རྗེས་འགྲོ་བ། །ཀུ་མུད་རབ་རྒྱས་ རལ་པའི་རྒྱན། །དཀར་ཞིང་དྲི་ཞིམ་མ་ཡིན་ཀྱང༌། །རྩམ་པ་ཀ་ཡི་མཛེས་བྱེད་བལྟོས། །ཕུལ་ བྱུང་གི་རྒྱན། ཨུཏྤལ་ཟུང་ནི་རྣ་བར་གསར། །དཔྲལ་བར་ཙ་ཏན་ཐིག་ལེས་གཤེར། །ཡིད་ འཕྲོག་སྙན་པའི་གླུ་ལེན་མ། །འཇིག་རྟེན་དིར་ནི་མཚོན་མ་ཡིན། །རབ་རྟགས་ཀྱི་རྒྱན། གོ་ ཏམ་འདོད་པས་གདུངས་པ་ཡིད། །ཉན་ཐོས་རྣམས་ནི་ཚངས་སྤྱོད་གནས། །ཁྱོད་ཀྱི་ཕྱོགས་ གྱུར་དགའ་མ་རྣམས། །གཞིལ་བར་འདོད་པ་ཡིན་ནམ་སྙམ། །རྒྱུའི་རྒྱན། ཁྱོད་ཀྱི་ཁ་ཡི་དྲི་ བཞོན་གྱིས། །གུང་གི་ཚད་པ་སེལ་བྱེད་ཅིང༌། །དང་བའི་བློ་གྲོས་གསལ་བར་བྱེད། །དགའ་ བའི་བདེ་བ་བསྐྱེད་ལ་བལྟོས། །ཕྲ་མོའི་རྒྱན། ལག་པའི་པདྨོ་ཟུམ་པ་ཡི། །ལྟེ་བར་འདུད་པས་ ཐལ་མོ་སྦྱར། །དད་པའི་ང་རོ་སྒྲ་ལྡན་གྱི། །མཆིལ་མ་གྱེན་གྱི་ཕྱོགས་སུ་འཐོར། །ཆའི་རྒྱན། ཉི་ བཞོན་གུང་གི་འོ་མར་གྱིས། །བདག་གི་བཞིན་ཀྱང་དམར་བར་བྱས། དངོས་པོའི་ནུས་པ་རྣམ་ པར་བཀྲ། །བདག་གི་ལུས་ནི་རྣམ་པར་ཚད། །རིམ་པའི་རྒྱན། རབ་དཀར་འཛུམ་ལེགས་སྨིན་ ནག་མ། །ཟླ་བ་དཀར་དང་པདྨ་ཡི། །མྱུ་གུ་ཁ་ཟུམ་ལུཏྤ་ལས། །ནགས་ཚལ་འདི་ནི་བརྐུས་ སམ་སྙམ། །དགའ་བའི་རྒྱན། །ལྷ་གཅིག་ཕྱག་གི་རྒྱུད་ལངས་ཀྱི། །བདག་གི་རྣ་བའི་བུ་གར་ གསལ། །ཡིད་བདེ་དགའ་བའི་འོད་དཀར་གྱིས། །ཚིག་གི་ཕྲེང་བ་ལན་དུ་བྱས།ཉམས་ལྡན་ 3-1-423 གྱི་རྒྱན། །སྐྱེ་འགྲོ་མིག་ཏོད་ལྷན་པ་ཡི། །ལན་དུ་བལྟས་ཀྱང་ཚིམ་མེད་མ། །འདོད་པས་ གཟུགས་ཏེ་དྲངས་གྱུར་པ། །སེམས་ཅན་དབང་བྱས་དཔལ་ལྡན་མ། །གཟི་བརྗིད་ཀྱི་རྒྱན། །སྒྲུབ་པ་སེམས་ཅན་ནི་གདུང་མ་བྱེད། །འདོད་པའི་ཞགས་པ་ཕྱིར་ཕྱོགས་ན། །བརྩེ་བས་ གཟིར་བར་འདོད་པ་མིན། །ལན་གྱི་ཚིག་གིས་དབུགས་དབྱུང་མཛད། །རྣམ་གྲངས་བརྗོད་ པའི་རྒྱན། ཤཱཀྱ་སེམས་དཔའ་མཆོད་པའི་སླད། །ནོར་གྱི་རྒྱུན་ནི་དབབ་པར་བགྱི། །དཔལ་ ལྡན་མ་ནི་མྱུར་གཤེགས་རྗེས། །བདག་ལ་སྤྱན་རས་གཟིགས་སུ་གསོལ། །