2-1-1 མཚལ་མིན་པ་བསོད་ནམས་བཟང་པོའི་ གསུང་འབུམ། པོད་གཉིས་པ། 2-1-2 དཀར་ཆག ཐོག་མའི་གླེང་བརྗོད།.....................................................(1) མཚལ་མིན་པ་བསོད་ནམས་བཟང་པོའི་རྣམ་ཐར་ཉུང་བསྡུས།........................(1) ༄༅། །གཏན་ཚིགས་རིགས་པའི་དོན་བསྡུས་པ་རིན་པོའི་ ཕྲེང་བ་བཞུགས་སོ།།..............................................(229) ༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་བཞག་གི་ བསྡུས་དོན་བཞུགས།........................................(259) ༄༅། །དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་པར་བཤད་པ་སྙིང་པོ་ རབ་གསལ་ཞེས་བྱ་བ་བཞུགས།.......................................(179) ༄༅། །ཆོས་ཀྱི་དྲིས་ལན་ལེགས་བཤད་རྒྱ་མཚོ་བཞུགས་སོ།།..............(179) ༄༅། །ཆོས་འབྱུང་རིན་པོ་ཆེའི་གཏེར་ཞེས་ བྱ་བ་བཞུགས།........................................(275) ༄༅། །འདུལ་བ་བདུད་རྩིའི་ཉིང་ཁུ་ཞེས་ བྱ་བ་བཞུགས།།.........................................(1) ༄༅། །འདུལ་བའི་ལག་ལེན་རིན་པོ་ཆེའི་གཏེར་བཞུགས།.....................(125) པར་བྱང་སྨོན་ཚིག.................................................................(357) 2-1-3 ༄༅། །གཏན་ཚིགས་རིགས་པའི་དོན་བསྡུས་པ་ རིན་པོ་ཆེའི་ཕྲེང་བ་ བཞུགས་སོ། ། ༄༅། །ན་མཿསརྦ་བུད་དྷ་བོ་དྷི་སཏྭ་བྷྱཿ ཡང་དག་ལྟ་བའི་ཚ་ཟེར་སྟོང་འབར་ཞིང༌། །ལོག་པར་ལྟ་བའི་མུན་ནག་མཐར་བྱེད་པ། །ཕྱོགས་གླང་གྲགས་པའི་གཞུང་ལུགས་ཉི་མའི་ འོད། །ཐུབ་པའི་བསྟན་དང་ལྷན་ཅིག་རྒྱས་གྱུར་ཅིག །ཡང་དག་པའི་རིགས་པའི་ལམ་ལ་ ཞུགས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་བསྒྲོད་པར་འདོད་པའི་བློ་གསལ་ དོན་དུ་གཉེར་བ་དག་ལ་ཕན་པའི་ཕྱིར་གཏན་ཚིགས་རིགས་པའི་དོན་བསྡུས་ཏེ་ཅུང་ཟད་ བརྗོད་པར་བྱའོ། ། དེ་ལ་གཏན་ལ་དབབ་པར་བྱ་བའི་ཡུལ་ཤེས་བྱ་ལ་མཚན་ཉིད་དང་དབྱེ་བ་གཉིས་སོ། །མཚན་ཉིད་ནི་བློ་ཡི་ཡུལ་དུ་བྱ་རུང༌། དེ་དང་ཁྱབ་མཉམ་དོན་གཅིག་པ་ནི། ཡུལ་དང་གཞལ་ བྱ་བདག་མེད་ དང་གཞི་གྲུབ་གཞན་སེལ་ཡོད་སོགས་སོ། །ཤེས་བྱ་ལ་དབྱེ་ན་འདུས་བྱས་དང་འདུས་ མ་བྱས། དངོས་མེད་དངོས་པོ་ཡུལ་ཡུལ་ཅན། །བརྗོད་བྱ་རྗོད་བྱེད་དགག་བསྒྲུབ་དང༌། །འགལ་འབྲེལ་གཅིག་དང་ཐ་དད་དང༌། །རྫས་ཆོས་ལྡོག་ཆོས་མཚན་མཚོན་དང༌། །རྫས་ ལྡོག་རང་སྤྱི་སྤྱི་བྱེ་བྲག །བདེན་པ་གཉིས་དང་མཚན་ཉིད་གསུམ། །དགེ་སོགས་གསུམ་དང་ 2-1-4 བདེན་པ་བཞི། །ཕུང་ཁམས་སྐྱེ་མཆེད་ལ་སོགས་པའོ། ། དང་པོ་འདུས་བྱས་དང་འདུས་མ་བྱས་ལ་མཚན་ཉིད་རིམ་པ་ལྟར། རྒྱུ་རྐྱེན་ལས་སྐྱེས་མ་ སྐྱེས་གཉིས་སོ། །འདུས་མ་བྱས་ལ་དབྱེ་ན། འདུས་(སྤྱིར་ནམ་མཁའ་ལ་བུ་ག་ནམ་མཁའ། རྒྱན་ནམ་མཁའ། འདུས་མ་བྱས་ནམ་མཁའ་སྟེ་གསུམ་དུ་དབྱེར་རུང་ངོ་)མ་བྱས་ཀྱི་ནམ་མཁའ་དང༌། སོ་སོར་བརྟགས་འགོག་ དང༌། སོ་སོར་བརྟགས་མིན་གྱི་འགོག་པ་སྟེ་གསུམ་མོ། །མཚན་ཉིད་རིམ་པ་ལྟར། བསྒྲིབ་བྱ་ སྒྲིབ་བྱེད་དང་བྲལ་བའི་འདུས་མ་བྱས་གང་ཞིག གཟུགས་ཅན་སྐྱེ་བའི་གོ་འབྱེད་པ་དང༌། སོ་ སོར་རྟོག་པའི་ཤེས་རབ་ཀྱིས་རང་གི་སྤངས་པའི་ཆར་གྱུར་པའི་འདུས་མ་བྱས་དང༌། འདུས་ བྱས་སྐྱེ་བའི་གེགས་བྱེད་པའི་འདུས་མ་བྱས་གང་ཞིག སོ་སོར་བརྟགས་འགོག་ལས་གཞན་ དུ་གྱུར་པའོ། ། གཉིས་པ་དངོས་པོ་ལ་དབྱེ་ན། དངོས་མེད་དང་དངོས་པོ་ལ་མཚན་ཉིད་རིམ་པ་ལྟར། དོན་བྱེད་ནུས་སྟོང་དང་དོན་བྱེད་ནུས་པའོ། །ངོ་བོའི་སྒོ་ནས། བྱ་བྱེད་ཀྱི་སྒོ་ནས། སྔ་ཕྱིའི་སྒོ་ ནས། སྐྱེད་བྱེད་ཀྱི་སྒོ་ནས་དབྱེ་བ་སྟེ་བཞིའོ། །དང་པོ་ལ་བེམ་རིག་གཉིས་སོ། །མཚན་ཉིད་ ནི་རིམ་པ་ལྟར་རྡུལ་དུ་གྲུབ་པ་དང༌། མྱོང་བར་སྐྱེས་པའོ། །དབྱེ་ན། བེམ་པོ་ལ་ཕྱི་ནང་གི། རྒྱུ་ འབྲས་ཀྱི། ཕྲ་རགས་ཀྱི་སྒོ་ནས་དབྱེ་བ་དང་གསུམ་མོ། །དང་པོ་ལ་ཕྱི་ཡི་བེམ་པོ་དང་ནང་གི་ བེམ་པོ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཕྱི་ཡི་རྡུལ་དུ་གྲུབ་པ་དང༌། ནང་གི་རྡུལ་དུ་ གྲུབ་པའོ། །དབྱེ་ན། དང་པོ་ལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔའོ། །མཚན་ཉིད་ནི་རིམ་པ་ལྟར། འབྱུང་བའི་ཉེར་ལེན་གང་ཞིག་མིག་ཤེས་ཀྱི་ཡུལ་དུ་རུང་བ་དེ་བཞིན་དུ་འདོན་པ་བསྒྱུར་རོ། །དབྱེ་ན། གཟུགས་རྣམ་གཉིས་སམ་རྣམ་ཉི་ཤུ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །རོ་ནི་རྣམ་དྲུག་ དྲི་རྣམ་བཞི། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པ་ལྟར་རོ། །བསྡུ་ན། གཟུགས་ལ་ ཁ་དོག་དང་དབྱིབས་གཉིས་སོ། །སྒྲ་ལ་ལུང་དུ་སྟོན་མི་སྟོན་གཉིས་སོ། །དྲི་དང་རོ་ལ་ཞིམ་མི་ 2-1-5 ཞིམ་གཉིས་གཉིས་སོ། །རེག་བྱ་ལ་རྒྱུ་འབྱུང་པའི་རེག་བྱ་དང༌། འབྲས་བུ་འབྱུང་འགྱུར་གྱི་ རེག་བྱ་གཉིས་སུ་འདུའོ། ། གཉིས་པ་ནང་གི་བེམ་པོ་ལ་དབྱེ་ན། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་དང་ལྔའོ། །མཚན་ཉིད་ནི་རིམ་པ་ལྟར། ནང་གི་རྡུལ་དྭངས་པ་གང་ཞིག མིག་ཤེས་ཡུལ་འཛིན་ནུས་ སུ་བསྐྱེད་པ་ཞེས་འདོན་པ་བསྒྱུར་རོ། །དཔེར་བརྗོད་ནི་རིམ་པ་ལྟར། ཟར་མའི་མེ་ཏོག་དང༌། གྲོ་གའི་འཛེར་བུ་དང༌། ཟངས་ཀྱི་མོ་ཁབ་གཞིབས་པ་དང༌། ཟླ་བ་ཕྱེད་ཀས་དང༌། བྱ་རེག་ འཇམ་གྱི་ལྤགས་པ་ལྟ་བུའོ། ། གཉིས་པ་རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་ན། འབྱུང་པ་ས་ཆུ་མེ་རླུང་བཞི་དང་འབྱུང་འགྱུར་ གཟུགས་སོགས་ལྔའོ། །དང་པོ་བཞི་ཡི་མཚན་ཉིད་རིམ་པ་ལྟར། འབྱུང་བ་གང་ཞིག་སྲ་ཞིང་ འཐས་པ། བརླན་ཞིང་གཤེར་བ། ཚ་ཞིང་བསྲེག་པ། ཡང་ཞིང་གཡོ་བའོ། ། གསུམ་པ་ཕྲ་རགས་ཀྱི་སྒོ་ནས་དབྱེ་ན། རྩོམ་བྱེད་རྡུལ་ཕྲ་རབ་དང་དེས་རྩམས་པ་རྡུལ་ རགས་པའོ། །གཉིས་པ་རིག་པའི་དབྱེ་བ་ནི་ཡུལ་ཅན་གྱི་སྐབས་སུ་སྟོན་ནོ། །གཉིས་པ་བྱ་ བྱེད་ཀྱི་སྒོ་ནས་དབྱེ་ན། རྒྱུ་འབྲས་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། དེ་ལ་ཕན་ནས་དེ་ ཡི་རྗེས་སུ་བྱས་པ། དེས་ཕན་ནས་དེ་ཡི་རྗེས་སུ་བྱེད་པའོ། །(མཛོད་ལས། གཟུགས་མིང་རྡུལ་མཐའ་དུས་ ཡིན་དང༌། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་ མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་ གང་ངོ༌། །དེ་དག་ལྔ་བརྒྱ་རྣམས་ལས་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ།།)དབྱེ་ན། དང་པོ་རྒྱུ་ལ་གཉིས། ངོ་བོའི་སྒོ་ནས་དང་ནུས་པའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ་དབྱེ་ ན། ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། དེ་ཡི་རྐྱེན་ རྣམས་ལ་ལྟོས་ནས། དེ་ཡི་རྫས་ཀྱི་ངོ་བོ་ལ་ཕན་བྱེད་ཀྱི་གཙོ་བོ་དང༌། ཉེར་ལེན་གྱི་རྒྱུ་འབྲས་ 2-1-6 བུ་བསྐྱེད་པའི་གྲོགས་གང་ཞིག དེ་ཡི་གནས་སྐབས་ཀྱི་ཆ་ལ་ཕན་བྱེད་ཀྱི་གཙོ་བོ་ཡིན་པའོ། །དབྱེ་ན། དངོས་བརྒྱུད་ཀྱི་ཉེར་ལེན་དང༌། རྐྱེན་གཉིས་སོ། །ཡང་རྐྱེན་ལ་དབྱེ་ན་བདག་རྐྱེན། དམིགས་རྐྱེན། དེ་མ་ཐག་རྐྱེན། རྒྱུའི་རྐྱེན་བཞིའམ། གསལ་བྱེད་ཀྱི་རྐྱེན་དང་ལྔའོ། །མཚན་ ཉིད་རིམ་པ་ལྟར། བྱེད་རྒྱུའི་ཡན་ལག་གང་ཞིག བདག་འབྲས་རང་དབང་དུ་སྐྱེད་བྱེད་དང༌། དེ་ཡི་རྒྱུ་གང་ཞིག དེ་ཡི་ཡུལ་ཡིན་པ། རིག་པ་གང་ཞིག རང་འགགས་ནས་རིག་པ་གཞན་ གྱིས་བར་མ་ཆོད་པར་རིག་པ་ཕྱི་མ་བསྐྱེད་པ་དང༌། རིགས་མཐུན་སྔ་མ་གང་ས་བོན་གྱི་ཆར་ གྱུར་པ་དང༌། ཡུལ་ཅན་གྱི་ཡུལ་མཐོང་བའི་གྲོགས་གང་ཞིག སྣང་བཏུལ་ཡིན་པའོ། ། གཉིས་པ་ནུས་པའི་སྒོ་ནས་དབྱེ་ན། དངོས་རྒྱུ་དང་བརྒྱུད་རྒྱུ་གཉིས་སོ། །འབྲས་བུ་ལ་ དབྱེ་ན། དངོས་འབྲས་བརྒྱུད་འབྲས་གཉིས་སོ། །གསུམ་པ་སྔ་ཕྱིའི་སྒོ་ནས་དབྱེ་ན། འདས་ མ་འོངས་ད་ལྟར་བྱུང་པ་སྟེ་གསུམ་མོ། །མཚན་ཉིད་ནི་རིམ་པ་ལྟར། སྔོན་བྱུང་པའི་སྟོབས་ ཀྱིས་འགགས་པ་དང༌། ས་བོན་ཡོད་སྟོབས་ཀྱིས་ཕྱིས་འབྱུང་འགྱུར་ཡིན་པ་དང༌། སྐྱེས་ལ་མ་ འགགས་པའོ། །སྐྱེད་བྱེད་ཀྱི་སྒོ་ནས་དབྱེ་ན། རྩོལ་བྱུང་རྩོལ་མ་བྱུང་གི་དངོས་པོ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། བྱའོ་སྙམ་ནས་བྱས་པ་དང༌། དེ་མིན་པའི་རྫས་སོ། ། གཉིས་པ་ཡུལ་དང་ཡུལ་ཅན་དུ་དབྱེ་བ་ལ། མཚན་ཉིད་ནི་རིམ་པ་ལྟར། རིག་པར་བྱ་བ་ དང༌། རིག་བྱེད་དམ་སྟོན་བྱེད་ཡིན་པའོ། །དང་པོ་ཡུལ་ལ་གཉིས་ལས། ཡུལ་དུ་བྱས་ཚུལ་མི་ འདྲ་བའི་སྒོ་ནས་དང༌། རྟོགས་དཀའ་སླའི་སྒོ་ནས་དབྱེ་བ་གཉིས། དང་པོ་ལ་དབྱེ་ན། སྣང་ ཡུལ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ་དང་བཞིའོ། །མཚན་ཉིད་ནི་རིམ་པ་ལྟར། སྣང་ ནས་རིག་པར་བྱ་བ་དང༌། རང་འཛིན་ཤེས་པ་མ་འཁྲུལ་བ་ལ་རང་འདྲ་བའི་རྣམ་པ་དངོས་སུ་ སྐྱེད་བྱེད་ཀྱི་བེམ་པོ་དང༌། ཞེན་ནས་རིག་པར་བྱ་བ་དང༌། ཚད་མས་གཞལ་བ་ལས་བླང་དོར་ བྱར་རུང་པའོ། །སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །གཟུང་ཡུལ་དོན་རིག་གཉིས་ཀྱིས་འཛིན། 2-1-7 །ཞེན་ཡུལ་རྟོག་པ་ཁོ་ནས་ཞེན། །འཇུག་ཡུལ་ནི་ཚད་མ་དང༌། དཔྱད་ཤེས་སྐྱེས་བུ་གསུམ་ གྱིས་འཇུག །ཅེས་བྱའོ། །རྟོགས་དཀའ་སླའི་སྒོ་ནས་དབྱེ་ན། གཞལ་བྱ་མངོན་གྱུར་ལྐོག་གྱུར་ ཤིན་ཏུ་ལྐོག་གྱུར་གསུམ་མོ། །མཚན་ཉིད་ནི་རིམ་པ་ལྟར། རྟོགས་པ་པོའི་མངོན་སུམ་དང༌། རྗེས་དཔག་མཚན་ཉིད་པས་དང༌། ལུང་ཙམ་གྱིས་གྲུབ་པའི་དོན་ཞེས་པའོ། ། གཉིས་པ་ཡུལ་ཅན་ལ་བློ་མིན་པ་དང་ཡིན་པའི་ཡུལ་ཅན་གཉིས་སོ། །དང་པོ་ལ་གང་ ཟག་དང་རྗོད་བྱེད་གཉིས་སོ། །གང་ཟག་གི་མཚན་ཉིད། ཕུང་པོ་བཞིའམ་ལྔའི་རྒྱུན་དུ་གྱུར་ པའོ། །ཀུན་གཞི་ཁས་ལེན་ན། ཀུན་གཞིའི་རྣམ་ཤེས་སམ་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པ་ཞེས་ པའོ། །དབྱེ་ན། སོ་སྐྱེ་དང་འཕགས་པ་གཉིས་སོ། ། གཉིས་པ་རྗོད་བྱེད་ནི་འོག་དུ་སྟོན་ནོ། །གཉིས་པ་བློ་ཡིན་པའི་ཡུལ་ཅན་ལ་རྟོག་པ་དང་ རྟོག་མེད་དུ་དབྱེ་བ། ཚད་མ་དང་ཚད་མིན་དུ་དབྱེ་བ། སེམས་དང་སེམས་བྱུང་དུ་དབྱེ་བ། སྣང་འཇུག་དང་སེལ་འཇུག་ཏུ་དབྱེ་བའོ། །དང་པོ་ལ་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་ སོ། །མཚན་ཉིད་ནི་རིམ་པ་ལྟར། བརྗོད་བྱ་རྗོད་བྱེད་འདྲེར་རུང་སྣང་བའི་(ཤེས་གང་གང་ལ་སྒྲ་དོན་ འཛིན། །དེ་ནི་དེ་ལ་རྟོག་པར་བརྗོད། །ཅེས་པ་ལྟར)བློ་དང༌། །རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་ (གསལ་བར་སྣང་བ་ཅན་བློ་གང་དེ་ནི་རྟོག་མེད་ཅེས་པ་ལྟར)བློའོ། །དབྱེ་ན། དང་པོ་རྟོག་པ་ལ་དོན་སྦྱོར་ རྟོག་པ་དང་སྒྲ་སྦྱོར་རྟོག་པ་གཉིས་སོ། །མཚན་ཉིད་རིམ་པ་ལྟར། ཁྱད་པར་ཅན་ལ་ཁྱད་པར་ གྱི་དོན་ལྡན་པར་ཞེན་པའི་བློ་དང༌། མིང་དོན་བསྲེས་འཛིན་གྱི་ཞེན་བློའོ། ། གཉིས་པ་རྟོག་མེད་ཤེས་པ་ལ་ཚད་མ་དང༌། ཚད་མིན་གྱི་དབང་གིས་གཉིས་ཏེ། དང་པོ་ ནི་མངོན་སུམ་ཉིད་དོ། །ཚད་མིན་རྟོག་མེད་ཤེས་པ་ལ། རྨི་ལམ་གསལ་སྣང་གི་བློ་ལྟ་བུ་ཡིད་ ཤེས་རྟོག་མེད་འཁྲུལ་ཤེས་དང༌། ཟླ་བ་གཉིས་སུ་སྣང་བ་ལྟ་བུ་དབང་ཤེས་རྟོག་མེད་འཁྲུལ་ ཤེས་གཉིས་སོ། ། 2-1-8 གཉིས་པ་ཚད་མ་དང་ཚད་མིན་གྱི་བློར་དབྱེ་བ་ལ། མཚན་ཉིད་རིམ་པ་ལྟར། རང་གི་ གཞལ་བྱ་ལ་གསར་དུ་མི་སླུ་བའི་ཤེས་པ་དང༌། མི་སླུ་བ་མིན་པའི་ཤེས་པའོ། །དབྱེ་ན། དང་ པོ་ཚད་མ་ལ་རྟེན་དང་བྱེད་ལས་དང་གྲངས་ངེས་ཀྱི་སྒོ་ནས་དབྱེ་བ་སྟེ་གསུམ་མོ། །དང་པོ་ ལ་ཐ་སྙད་པའི་ཚད་མ་དང༌། དོན་དམ་པའི་ཚད་མ་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། གནས་མ་གྱུར་གྱི་བར་དུ་མི་སླུ་བའི་ཡང་དག་ཤེས་པ་དང༌། གཏན་དུ་མི་སླུ་བའི་ཡང་དག་ ཤེས་པའོ། ། གཉིས་པ་ལ་རང་ལས་ངེས་ཀྱི་ཚད་མ་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཚད་མ་གང་ཞིག་ཡུལ་དེ་རང་ཉིད་ཀྱིས་སམ། རང་སྟོབས་ཀྱིས་ དངོས་སུ་ངེས་ཤེས་འདྲེན་ནུས་གང་རུང་ཡིན་པ་དང༌། གང་ཞིག་རང་ཉིད་ཀྱིས་ཀྱང་མ་ངེས་ རང་སྟོབས་ཀྱིས་ཀྱང་དངོས་སུ་ངེས་པ་འདྲེན་པ་མི་ནུས་པ(རིགས་གཏེར་དུ། དོན་རིག་གཉིས་དང་རང་ རིག་དང༌། །རྗེས་སུ་དཔག་པར་རང་ལས་ངེས། །དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་དང་གཞན་ལས་ངེས། །ཞེས་ གསུངས་པ་ལྟར)འོ། །དབྱེ་བ་ནི། རྗེས་དཔག་ཀུན་དང༌། རྣལ་འབྱོར་མངོན་སུམ། རང་རིག་ མངོན་སུམ། ཡུལ་གྱིས་དོན་བྱེད་བཞིན་པར་སྣང་བའི་མངོན་སུམ། གོམས་པ་ཅན་གྱི་མངོན་ སུམ་རྣམས་རང་ལས་ངེས་པ་ཡིན་ནོ། །དོན་སྔར་མ་མཐོང་དང་པོར་མཐོང་བའི་དང་པོ་པ་ དང༌། ཡིད་མ་གཏད་པ་དང༌། འཁྲུལ་རྒྱུ་ཅན་གྱི་མངོན་སུམ་རྣམས་གཞན་ལས་ངེས་སོ། ། གསུམ་པ་གྲངས་ངེས་ཀྱི་སྒོ་ནས་དབྱེ་བ་ལ་མངོན་སུམ་དང་རྗེས་དཔག་(ཚད་མ་མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་ཞེས་པ་ལྟར)སྟེ། མཚན་ཉིད་ནི་རིམ་པ་ལྟར། རྟོག་པ་དང་བྲལ་ ཞིང་མ་འཁྲུལ་བའི་ཡང་དག་ཤེས་པ་དང༌། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པའོ། །དབྱེ་ན། དང་པོ་ལ། མངོན་སུམ་ངོ་བོ་དང་ མངོན་སུམ་ལྟར་སྣང་དང་མངོན་སུམ་ཚད་མའི་འབྲས་བུ་སྟེ། གསུམ་གྱིས་རིག་པར་བྱའོ། 2-1-9 །དང་པོ་ལ་དབང་པོ་དང༌། ཡིད་དང༌། རང་རིག་དང༌། རྣལ་འབྱོར་མངོན་སུམ་སྟེ་བཞིའོ། །མཚན་ཉིད་ནི་རིམ་པ་ལྟར། དབང་ཤེས་རྟོག་བྲལ་མ་འཁྲུལ་བ་དང༌། ཡིད་ཤེས་ཀྱི་དང༌། ཁ་ ནང་ལྟས་ཀྱི་ཤེས་པ་དང༌། སྒོམ་བྱུང་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞེས་པའོ། །དབྱེ་ན། དང་པོ་ལ། མིག་གི རྣ་བའི། སྣའི། ལྕེའི། ལུས་ཀྱི་དབང་པོའི་མངོན་སུམ་སྟེ་ལྔའོ། །མཚན་ཉིད་ནི་རིམ་པ་ལྟར། རང་གི་བདག་རྐྱེན་མིག་དབང་གཟུགས་ཅན་ལས་དངོས་སུ་ སྐྱེས་པའི་གཞན་རིག་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཞེས་སོགས་འདོན་པ་བསྒྱུར་རོ། ། གཉིས་པ་ཡིད་ཀྱི་མངོན་སུམ་ལ་དབྱེ་ན། གཟུགས་སྒྲ་དྲི་རོ་རེག་འཛིན་ཡིད་ཀྱི་མངོན་ སུམ་སྟེ་ལྔའོ། །མཚན་ཉིད་ནི་རིམ་པ་ལྟར། དེ་མ་ཐག་རྐྱེན་མིག་གི་དབང་པོའི་མངོན་སུམ་ དང༌། དམིགས་རྐྱེན་གཟུགས་རང་མཚན་ལས་དངོས་སུ་སྐྱེས་པའི་ཡིད་ཤེས་རྟོག་བྲལ་མ་ འཁྲུལ་བ་ཞེས་སོགས་འདོན་པ་བསྒྱུར་རོ། ། གསུམ་པ་རང་རིག་མངོན་སུམ་ལ་དབྱེ་ན། སེམས་སེམས་བྱུང་མྱོང་བྱེད་གཉིས་སམ། སོ་སྐྱེ་དང་འཕགས་པའི་གཉིས་སོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ་དབྱེ་ན། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་རྣལ་འབྱོར་མངོན་སུམ་སྟེ་གསུམ་མོ། །མཚན་ཉིད་ནི་རིམ་པ་ལྟར། ཉན་ཐོས་འཕགས་པའི་རྒྱུད་ཀྱི་སྒོམ་བྱུང་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞེས་སོགས་འདོན་ པ་བསྒྱུར་རོ། །དབྱེ་ན་རེ་རེ་ལ་མཐོང་སྒོམ་མི་སློབ་ལམ་གསུམ་གསུམ་མོ། ། གཉིས་པ་མངོན་སུམ་ལྟར་སྣང་ལ་མཚན་ཉིད་རང་གི་སྣང་ཡུལ་ལ་འཁྲུལ་པའི་བློ། དབྱེ་ ན་རྟོག་པ་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། རང་ གི་སྣང་ཡུལ་ལ་འཁྲུལ་པའི་ཞེན་བློ་དང་རང་གི་བདག་རྐྱེན་དབང་པོ་སླད་པ་ལས་སྐྱེས་པའི་ ཞེན་བྲལ་གྱི་བློའོ། །དབྱེ་ན་དང་པོ་ལ། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་དཔག་ རྗེས་སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །ཞེས་པ་ལྟར་དྲུག་གོ། 2-1-10 གཉིས་པ་ལ་ཡིད་ཤེས་དང་དབང་ཤེས་ཀྱི་དབང་གིས་གཉིས་སོ། །གསུམ་པ་མངོན་ སུམ་ཚད་མའི་འབྲས་བུ་ལ་འབྲས་ཏོག་[རྟོགས]གསུམ་གྱི་དང་པོ་ནི། ཕྱི་རོལ་གྱི་དོན་གཞལ་ བྱ། བློ་རང་ཉིད་དོན་གྱི་རྣམ་པར་སྣང་བ་ཚད་མ། དོན་རྟོགས་པ་འབྲས་བུའོ། ། གཉིས་པ་ནི་གཟུང་རྣམ་གཞལ་བྱ་འཛིན་རྣམ་ཚད་མ། རང་རིག་འབྲས་བུའོ། །གསུམ་ པ་ནི་ཕྱི་རོལ་གྱི་དོན་གཞལ་བྱ། གཟུང་རྣམ་ཚད་མ་རང་རིག་པའི་རང་བཞིན་དུ་གྱུར་པའི་ དོན་རིག་འབྲས་བུའོ། །དང་པོ་དང་ཕྱི་མ་གཉིས་མདོ་སྡེ་པའི་ལུགས། བར་པ་རྣམ་རིག་པའི་ ཚད་འབྲས་ཀྱི་རྣམ་བཞག་གོ།ཞར་ལ་རྗེས་དཔག་ཚད་མའི་ཚད་འབྲས་ནི། སྒྲ་དང་མི་རྟག་ པའི་ཚོགས་དོན་གཞལ་བྱ། སྒྲ་མི་རྟག་པའི་རྣམ་པར་ཤར་བ་ཚད་མ། སྒྲ་མི་རྟག་པར་རྟོགས་ པ་འབྲས་བུའོ། ། གཉིས་པ་རྗེས་དཔག་ལ་དབྱེ་(ཚད་མ་མདོར། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ ལས་དོན་མཐོང་ཡིན། །ཞེས་པ་ལྟར)ན། རང་དོན་དང་གཞན་དོན་རྗེས་དཔག་གཉིས་སོ། །དང་པོ་ལ་ གཉིས་ལས། དང་པོ་ངོ་བོའི་རབ་དབྱེ་ནི། དངོས་པོ་སྟོབས་ཞུགས་དང་གྲགས་པ་དང༌། ཡིད་ ཆེས་པའི་རྗེས་དཔག་གོ།མཚན་ཉིད་ནི་རིམ་པ་ལྟར། དངོས་པོ་སྟོབས་ཞུགས་ཀྱི་ཚུལ་གསུམ་ པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་དང༌། གྲགས་ པའི་ཚུལ་གསུམ་པའི་རྟགས་ལས་ཤེས་པ་དང༌། ཡིད་ཆེས་པའི་ཚུལ་གསུམ་པའི་རྟགས་ལས་ རང་གི་གཞལ་བྱ་ལ་མི་སླུ་བའི་ཤེས་པའོ། ། གཉིས་པ་རྟགས་དཔེ་བྱེ་བྲག་ཏུ་བཤད་པ་ལ། རྟགས་དང་དཔེ་གཉིས་ལས། དང་པོའི་ མཚན་ཉིད་གཏན་ཚིགས་སུ་བཀོད་པ། དབྱེ་ན་རྟགས་ཡང་དག་དང་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དང༌། རྟགས་སུ་བཀོད་ཅིང་ཚུལ་གསུམ་མ་ཚང་པའོ། །དང་པོ་ལ་གསུམ་ལས། དང་པོ་མཚན་ཉིད་ 2-1-11 ཚུལ་གསུམ་ནི། ཕྱོགས་ཆོས་རྗེས་ཁྱབ་ལྡོག་ཁྱབ་གསུམ་མོ། །མཚན་ཉིད་ནི་རིམ་པ་ལྟར། རང་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་ཚད་མའི་སྟོབས་ཀྱིས་གྲུབ་ པའི་རྟགས་དང༌། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་པར་ངེས་པ་གང་ཞིག རང་གི་མཐུན་ ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དང༌། གང་ཞིག་རང་གི་མི་འཐུན་ཕྱོགས་ལ་མེད་པ་ཁོ་ནར་ ངེས་པའོ། །དབྱེ་ན། དང་པོ་ལ་ཡང་དག་གི་ཕྱོགས་ཆོས། མ་ངེས་པའི་ཕྱོགས་ཆོས། འགལ་ བའི་ཕྱོགས་ཆོས་ཏེ་གསུམ་མོ། །ཡང་ན་ཕྱོགས་ཆོས་ཅན་དགུ་(མདོར། ཕྱོགས་ཆོས་མཐུན་ཕྱོགས་ཡོད་ མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་དང༌། གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་སྙན་བྱ་རྩོལ་བྱུང་དང༌། །མི་རྟག་རྩོལ་བྱུང་རེག་མིན་ཏེ། །དགུ་པོ་འདི་ནི་རྟག་སོགས་ལའོ། །རྒྱན་གྱིས། རྟག་དང་མི་ རྟག་རྩོལ་བྱུང་དང༌། །བར་དུ་རྟག་པ་གསུམ་དག་དང༌། །རྩོལ་བྱུང་མིན་དང་མི་རྟག་རྟག །སྒྲུབ་བྱེད་གཞལ་བྱ་ཉིད་སོགས་ཡིན། །ཞེས་པ་ལྟར)སྟེ། དགུ་པོ་རིམ་པ་བཞིན་དཔེར་བརྗོད་ན། སྒྲ་ཆོས་ཅན་རྟག་སྟེ་གཞལ་བྱ་ཡིན་ པའི་ཕྱིར། མི་རྟག་སྟེ་བྱས་པ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན་རྩོལ་བ་ལས་བྱུང་སྟེ་མི་རྟག་ པའི་ཕྱིར། རྟག་སྟེ་བྱས་པའི་ཕྱིར། རྟག་སྟེ་སྙན་[མཉན]བྱ་ཡིན་པའི་ཕྱིར། དུང་སྒྲ་ཆོས་ཅན། རྟག་སྟེ་རྩོལ་བ་ལས་བྱུང་བའི་ཕྱིར། རྩོལ་བ་ལས་མ་བྱུང་སྟེ་མི་རྟག་པའི་ཕྱིར། དུང་སྒྲ་ཆོས་ ཅན། མི་རྟག་སྟེ་རྩོལ་བ་ལས་བྱུང་པའི་ཕྱིར། རྟག་སྟེ་རེག་བྱ་ཅན་མིན་པའི་ཕྱིར། ཞེས་པ་ རྣམས་ཏེ་དང་པོ་གསུམ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པར་མཚུངས་པ་ལ། མི་མཐུན་ ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་གཏན་ནས་མེད་པ། ཆ་གཉིས་པ་གསུམ་མོ། །བར་པ་གསུམ་ མཐུན་ཕྱོགས་ལ་གཏན་ནས་མེད་པར་མཚུངས་པ་ལ་མི་མཐུན་ཕྱོགས་ལ་ཡོད་མེད་ཆ་གཉིས་ པ་གསུམ་མོ། །ཕྱི་མ་གསུམ་མཐུན་ཕྱོགས་ལ་ཆ་གཉིས་པ་མཚུངས་པ་མི་མཐུན་ཕྱོགས་ ལའང་ཡོད་མེད་ཆ་གཉིས་པ་གསུམ་ཏེ་དགུའོ། ། གཉིས་པ་དང་གསུམ་པ་ལ་རང་དོན་གཞན་དོན་གྱི་དབང་གིས་གཉིས་གཉིས་སོ། 2-1-12 །གཉིས་པ་ལྟོས་གཞི་ཕྱོགས་གསུམ་ནི། ཚུལ་དང་པོའི་ལྟོས་གཞི་ཕྱོགས་ཤེས་འདོད་ཆོས་ ཅན། གཉིས་པའི་ལྟོས་གཞི་མཐུན་ཕྱོགས། གསུམ་པའི་ལྟོས་གཞི་མི་མཐུན་ཕྱོགས་སོ། །མཚན་ཉིད་ནི་རིམ་པ་ལྟར། བསྒྲུབ་བྱ་སྤྱི་ཡི་ཕྱོགས་ཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་ དཔག་གཞིར་བཟུང་བ་དང༌། སྒྲུབ་ཚུལ་ལྟར་བསྒྲུབ་བྱའི་ཆོས་ཀྱིས་སྤྱིས་དོན་མཐུན་པ་དང༌། དེ་མ་ཡིན་པ་ཞེས་པའོ། །དང་པོ་ལ་དབྱེ་ན། རྟགས་ཡང་དག་དང༌། འགལ་མ་ངེས། མ་གྲུབ་ པའི་ཆོས་ཅན་བཞིའོ། ། གཉིས་པ་དང་གསུམ་པ་ལ་དབྱེ་ན། འདོད་པས་བཞག་པ་དང་དོན་ལ་གནས་པའི་མཐུན་ ཕྱོགས་མི་མཐུན་ཕྱོགས་གཉིས་གཉིས་སོ། །ཡང་ན་གཉིས་པ་ལ་འགལ་རྟགས་ཀྱི་མཐུན་ ཕྱོགས་ལྟ་བུ་རྟགས་ལ་གཏན་མེད་པ། འབྲས་རྟགས་ཀྱི་མཐུན་ཕྱོགས་ལྟ་བུ་རྟགས་ཀྱི་ཕྱོགས་ ཅིག་ལ་ཡོད་པ་དང༌། སྒྲ་མི་རྟག་སྒྲུབ་ལ་བྱས་པ་བཀོད་པའི་མཐུན་ཕྱོགས་ལྟ་བུ་རྟགས་ལ་ ཁྱབ་བྱེད་དུ་ཡོད་པ་སྟེ་གསུམ་མོ། ། གསུམ་པ་ལ་དབྱེ་ན་མེས་གཞི་འགར་གྲང་རེག་འགོག་པ་ན་ཆུ་ཀླུང་ལྟ་བུ་མེད་པའི་མི་ མཐུན་ཕྱོགས་རེག་བྱ་བཏང་སྙོམས་པ་ལྟ་བུ་གཞན་པའི་མི་མཐུན་ཕྱོགས། གྲང་རེག་ལྟ་བུ་ འགལ་བའི་མི་མཐུན་ཕྱོགས་ཏེ་གསུམ་མོ། །འདོད་པས་བཞག་པའི་ཕྱོགས་གཉིས་ནི། དེ་ དང་དེར་བློས་བཟུང་ཞིང་ངག་གིས་བརྗོད་པ་སྟེ་ཐུན་མོང་མ་ཡིན་པའི་རྟགས་ཀྱི་ཕྱོགས་ གཉིས་ལྟ་བུ་ཕུང་གསུམ་ཡོད་པ་ཅན་ནོ། །དོན་ལ་གནས་པའི་ཕྱོགས་གཉིས་ནི། ཕུང་གསུམ་ མེད་པའི་འགལ་བ་སྟེ་མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་དོན་མཐུན་པའོ། །དེ་མེད་པ་ནི་མི་མཐུན་པའི་ཕྱོགས་སོ་ཞེས་གསུངས་པས་སོ། །བསྒྲུབ་བྱའི་ཆོས་ཀྱི་མཚན་ ཉིད། རང་གི་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་པའི་དཔག་བྱའི་ཆོས་སོ། །དབྱེ་ན་བཞི་ སྟེ། ཆོས་ཅན་བཞིན་ནོ། ། 2-1-13 གསུམ་པ་མཚན་བཞི་རྟགས་ཀྱི་རབ་དབྱེ་ལ་དབྱེ་སྒོ་དྲུག་སྟེ། འབྲེལ་ཚུལ་གྱི་སྒོ་ནས། བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས། སྒྲུབ་ཚུལ་གྱི་སྒོ་ནས། ཆེད་དུ་བྱ་བའི་སྒོ་ནས། མཐུན་ཕྱོགས་ལ་ འཇུག་ཚུལ་གྱི་སྒོ་ནས། གྲངས་ངེས་ཀྱི་སྒོ་ནས་དབྱེ་བ་སྟེ་དྲུག་གོ།དང་པོ་ལ་དངོས་པོ་སྟོབས་ ཞུགས་དང་གྲགས་པ་དང་ཡིད་ཆེས་པའི་རྟགས་གསུམ་སྟེ། མཚན་ཉིད་ནི་རིམ་པ་ལྟར། ཚུལ་ གསུམ་དངོས་པོའི་སྟོབས་ཀྱིས་གྲུབ་པའི་གཏན་ཚིགས་དང༌། ཚུལ་གསུམ་གྲགས་པས་གྲུབ་ པའི་གཏན་ཚིགས་དང༌། ཚུལ་གསུམ་ཡིད་ཆེས་པས་གྲུབ་པའི་གཏན་ཚིགས་རྣམས་སོ། །དབྱེ་ ན་དང་པོ་ལ་དོན་སྒྲུབ་ཐ་སྙད་སྒྲུབ་གཉིས་སམ། འབྲས་རང་མ་དམིགས་པ་གསུམ་མོ། ། གཉིས་པ་ལ་འདོད་རྒྱལ་བ་དང་རྒྱུ་མཚན་ཅན་གྱི་གྲགས་རྟགས་གཉིས་ཏེ། དཔེར་ན་རི་ བོང་ཅན་ཆོས་ཅན། ཟླ་བའི་སྒྲས་བརྗོད་རུང་སྟེ། རྟོག་ཡུལ་ན་ཡོད་པའི་ཕྱིར་ཞེས་པ་དང༌། མེ་ ཆོས་ཅན། འཚེད་བྱེད་ཅེས་པའི་སྒྲ་བཤད་པའི་རྒྱུ་མཚན་གྱིས་འཇུག་རུང་སྟེ། ཚ་ཞིང་བསྲེག་ པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །མཚན་ཉིད་ཀྱིས་མཚོན་བྱ་སྒྲུབ་པ་ལ་རྒྱུ་མཚན་ཅན་གྱི་ གྲགས་རྟགས་སུ་བཞེད་པའང་ཡོད་དོ། ། གསུམ་པ་ལ་ཁ་བླངས་དང་རང་ཚིག་གཉིས་ཏེ། དཔེར་ན་ཆོས་སྤྱོད་པ་ནི་བདེ་བར་ འགྲོ། །ཞེས་པའི་ལུང་ཆོས་ཅན། རང་གི་དོན་ལ་སྐྱེས་བུ་མི་སླུ་སྟེ། ཉེས་ཟད་ཀྱི་ཚིག་ཁྱད་པར་ གསུམ་ལྡན་ཡིན་པའི་ཕྱིར་ཞེས་པ་དང༌། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པར་སྔ་རྒོལ་ཡང་ དག་གིས་དོན་མཐུན་དུ་སྨྲས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཡིད་ཆེས་འབྲས་རྟགས་ནི་མཚོན་ པ་སྟེ་འབྲས་རང་མ་དམིགས་པ་གསུམ་དུ་དབྱེར་རུང་ངོ༌། ། གཉིས་པ་ལ་སྒྲུབ་རྟགས་དང་དགག་རྟགས་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ ལྟར། ཚུལ་གསུམ་གང་ཞིག་བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པ་དང༌། གང་ཞིག་བསྒྲུབ་བྱའི་ ཆོས་དགག་པ་ཡིན་པའོ། །དབྱེ་ན་དང་པོ་ལ་འབྲས་རང་གཉིས་སོ། །གཉིས་པ་ལ་སྣང་རུང་ 2-1-14 མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པ་གཉིས་སོ། ། གསུམ་པ་ལ་དོན་སྒྲུབ་དང་ཐ་སྙད་སྒྲུབ་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། རང་གི་ ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་ཀྱི་དོན་འགོག་ཅིང་བསྒྲུབ་བྱའི་ཆོས་ཀྱི་དོན་སྒྲུབ་ པ་ལ་ཚུལ་གསུམ་པའི་རྟགས་དང༌། རང་གི་ཆོས་ཅན་ལ་དགག་བྱའི་ཆོས་ཀྱི་ཐ་སྙད་འགོག་ ཅིང༌། བསྒྲུབ་བྱའི་ཆོས་ཀྱི་ཐ་སྙད་འཇུག་རུང་སྒྲུབ་པའི་ཚུལ་གསུམ་མོ། །དབྱེ་ན་རེ་རེ་ལའང་ འབྲས་རང་མ་དམིགས་པ་གསུམ་གསུམ་མོ། ། བཞི་པ་ལ་རང་དོན་དང་གཞན་དོན་གྱི་རྟགས་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་ པ་ལྟར། སྔར་རྒོལ་གྱིས་ཕྱིར་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་ པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དང༌། ལྟོས་ནས་ཚུལ་གསུམ་པའི་རྟགས་སུ་གྲུབ་ པའོ། །དབྱེ་ན་རེ་རེ་ལའང་འབྲས་རང་མ་དམིགས་པ་གསུམ་གསུམ་མོ། ། ལྔ་པ་ལ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང༌། ཆ་གཉིས་སུ་འཇུག་པའི་རྟགས་ ཡང་དག་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། སྒྲུབ་ཚུལ་ལྟར་གྱི་བསྒྲུབ་བྱའི་ཆོས་སུ་གཟུང་ བྱ་དེ་ཡིན་པ་ལ། འགོད་ཚུལ་ལྟར་གྱི་རྟགས་སུ་གཟུང་བྱ་དེ་ཡིན་པས་ཁྱབ་པའི་ཚུལ་གསུམ་ དང༌། དེ་ཡིན་པས་མ་ཁྱབ་པའི་ཚུལ་གསུམ་ཞེས་པའོ། །དྲུག་པ་ལ་འབྲས་རང་མ་དམིགས་ པའི་རྟགས་གསུམ་སྟེ། མཚན་ཉིད་རིམ་པ་ལྟར། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་པའི་དང༌། གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ ཏུ་འབྲེལ་པའི་དང༌། དེ་སྒྲུབ་གྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་ མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་ གསུམ་རྣམས་སོ། །དབྱེ་ན། དང་པོ་ལ། དང་པོ་ལ་དུ་ལྡན་གྱི་ལ་ཆོས་ཅན། མེ་ཡོད་དེ། དུ་བ་ ཡོད་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་དངོས་སྒྲུབ་པ་དང༌། ནམ་མཁའི་དུ་བ་ཆོས་ཅན། མེ་སྔོན་དུ་ 2-1-15 སོང་ཏེ། དུ་བ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་སྔོན་སོང་སྒྲུབ་པ་དང༌། ཁ་ནང་བུར་རྡོག་ཆོས་ ཅན། གཟུགས་ད་ལྟར་བ་ཡོད་དེ། རོ་ད་ལྟར་བ་ཡོད་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་ཆོས་དཔོག་ པ་དང༌། སྡུག་བསྔལ་ཆོས་ཅན། རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བ་ཡིན་པས་སོ། །ཞེས་པ་ལྟ་བུ་རྒྱུ་ཡི་རང་ལྡོག་སྒྲུབ་པ་དང༌། མིག་ཤེས་ཆོས་ཅན་དབང་ཡིད་ལས་གཞན་པའི་ རྒྱུ་གཅིག་ཡོད་དེ། རྒྱུ་གཞན་དབང་ཡིད་ཡོད་ཀྱང་དབང་ཡིད་ལས་གཞན་པའི་རྒྱུ་མེད་ན་མི་ སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར་ཞེས་པ་ལྟ་བུ་རྒྱུ་ཁ་ཡར་བ་སྒྲུབ་པའི་འབྲས་རྟགས་ཏེ་ལྔའོ། ། གཉིས་པ་ལ་དབྱེ་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང༌། ཆ་གཉིས་སུ་འཇུག་ པའི་རང་བཞིན་གྱི་རྟགས་གཉིས་སམ། རང་བཞིན་དག་པ་བ་དང། ཁྱད་པར་ལྟོས་པ་བའི་ རང་བཞིན་གྱི་རྟགས་གཉིས་ཏེ། ཕྱི་མ་གཉིས་ཀྱི་མཚན་ཉིད་ནི་རིམ་པ་ལྟར། རང་བཞིན་ རྟགས་གང་ཞིག་ཁྱོད་ཅེས་པའི་སྒྲས་རང་གི་ལྟོས་ས་བྱེད་ཆོས་མ་འཕངས་པ་དང་འཕངས་ པའོ། །དང་པོ་ནི། སྒྲ་མི་རྟག་སྟེ་དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། ། གཉིས་པ་ལ་ཐ་མི་དད་ལྟོས་པ་བ་དང༌། ཐ་དད་ལྟོས་པ་བ་གཉིས་ཏེ། དང་པོ་ནི་སྐྱེས་ ལྡན་ཡིན་པས་སོ་ཞེས་པ་ལྟ་བུའོ། ། གཉིས་པ་ལ་ལྟོས་པ་དངོས་སུ་འཕངས་པ་དང༌། ཤུགས་ལ་འཕངས་པ་གཉིས་ཏེ། རྐྱེན་ གྱི་བྱེ་བྲག་གིས་ཐ་དད་པ་དང་བྱས་པ་བཀོད་པ་ལྟ་བུའོ། །ལྟོས་པ་དག་གི་དབྱེ་བ་འདི་འབྲས་ རྟགས་དང་མ་དམིགས་པའི་རྟགས་ལའང་ཡོད་མོད། རང་བཞིན་གྱི་རྟགས་ཉིད་ལ་སྦྱར་བ་ནི་ དགོས་པའི་དབང་གིས་སོ། ། གསུམ་པ་ལ་དབྱེ་ན་མི་སྣང་བ་མ་དམིགས་པ་དང༌། སྣང་རུང་མ་དམིགས་པའི་རྟགས་ གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དོན་ཡོད་ངེས་ཀྱི་ཐ་ སྙད་དོན་མཐུན་འགོག་པའི་ཚུལ་གསུམ་གང་ཞིག དགག་བྱའི་ཆོས་ཀྱི་དོན་ཡོད་ཀྱང་ལྟར་ 2-1-16 མི་རུང་བ་དང༌། དེ་སྒྲུབ་གྱི་དགག་བྱའི་ཆོས་མེད་པའམ། མེད་པའི་ཐ་སྙད་འཇུག་རུང་མ་ ཡིན་པའི་ཚུལ་གསུམ་མོ། །དང་པོ་ནི། དཔེར་ན་གཞི་འདིར་ཆོས་ཅན། ཐ་མལ་ལྷས་སྦྱིན་གྱི་ བློ་ངོར། ལྐལ་དོན་ཤ་ཟའི་བུམ་པ་ཡོད་ངེས་མིན་པའི་ཐ་སྙད་བྱར་རུང་སྟེ། ལྐལ་དོན་ཤ་ཟའི་ བུམ་པ་ཐ་མལ་ལྷས་སྦྱིན་གྱི་ཚད་མས་མ་དམིགས་པས་སོ། །ཞེས་པ་ལྟ་བུའོ། ། གཉིས་པ་ལ་འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་དབང་གིས་གཉིས་ ཏེ། མཚན་ཉིད་ནི་རིམ་པ་ལྟར། མ་དམིགས་པའི་ཚུལ་གསུམ་གང་ཞིག རྣམ་གཅད་དུ་གྲུབ་ པ་དང༌། ཡོངས་གཅོད་དུ་གྲུབ་པའོ། །དབྱེ་ན། དང་པོ་ལ། རང་བཞིན། རྒྱུ། ཁྱབ་བྱེད། དངོས་ འབྲས་མ་དམིགས་པའི་གཏན་ཚིགས་བཞི་སྟེ། མཚན་ཉིད་ནི་རིམ་པ་ལྟར། དགག་བྱའི་ཆོས་ ཀྱི་རང་བཞིན་བཀག་པའི་དངོས་པོ་རྟགས་ཀྱི་གཙོ་བོར་རྣམ་པ་གསལ་བ་བཀོད་པའི་མ་ དམིགས་པའི་ཚུལ་གསུམ་གང་ཞིག ཐ་སྙད་འབའ་ཞིག་པ་ཡིན་པ་དང༌། དགག་བྱའི་ཆོས་ ཀྱི་རྒྱུ་དང་ཁྱབ་བྱེད་དངོས་འབྲས་བཀག་པ་རྟགས་ཀྱི་གཙོ་བོར་རྣམ་པ་གསལ་བར་བཀོད་ པའི་མ་དམིགས་པའི་ཚུལ་གསུམ་ཞེས་པའོ། །དབྱེ་ན། དང་པོ་ལ་བྱེད་པ་པོ་ལ་ཡོད་པ་ཡུལ་ ཅན་གྱི་མ་དམིགས་པ་དང༌། བྱ་བ་ལས་ལ་ཡོད་པ་ཡུལ་གྱི་མ་དམིགས་པ་གཉིས་ཏེ། རིམ་ པ་བཞིན། དཔེར་ན་ལྟར་རུང་བུམ་པས་དག་པའི་ས་ཕྱོགས་འཛིན་པའི་དབང་པོའི་མངོན་ སུམ་ཆོས་ཅན། བལྟར་རུང་བུམ་པས་དག་པའི་ས་ཕྱོགས་ལ་ལྟར་རུང་བུམ་པ་མེད་ངེས་པའི་ ཐ་སྙད་བྱར་རུང་སྟེ། བལྟར་རུང་བུམ་པས་དག་པའི་ས་ཕྱོགས་ལ་ལྟར་རུང་བུམ་པ་ཡོད་ན་ ཁྱོད་ཀྱིས་དམིགས་དགོས་པ་ལས་དེ་ལ་ཁྱོད་ཀྱི་དེ་མ་དམིགས་པའི་དབང་པོའི་མངོན་སུམ་ ཡིན་པས་སོ་ཞེས་པ་དང༌། ལྟར་རུང་བུམ་པས་དག་པའི་མདུན་གྱི་གཞི་འདི་ཆོས་ཅན། ལྟར་ རུང་བུམ་པ་མེད་ངེས་པའི་ཐ་སྙད་བྱར་རུང་སྟེ། ཁྱོད་ལ་ལྟར་རུང་བུམ་པ་ཡོད་ན། རང་འཛིན་ མངོན་སུམ་གྱིས་ཁྱོད་ལ་དེ་དམིགས་དགོས་པ་ལ་དེས་ཁྱོད་ལ་དེ་མ་དམིགས་པའི་ས་ཕྱོགས་ 2-1-17 ཡིན་པས་སོ། །ཞེས་པ་ལྟ་བུའོ། ། གཉིས་པ་ནི། དཔེར་ན་མེ་མེད་མཚན་མོ་རྒྱ་མཚོའི་རླངས་ལྡན་ན་ཆོས་ཅན། དུ་བ་མེད་ དེ། དུ་བ་ཡོད་ན་མེ་དམིགས་སུ་རུང་བ་ལ་མེ་མ་དམིགས་པས་སོ་ཞེས་པ་དང༌། གསུམ་པ་ནི། དཔེར་ན་ཤིང་མེད་ཀྱི་ཤར་ཕྱོགས་ཀྱི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་ དེ། ཤ་པ་ཡོད་ན་ཤིང་དམིགས་སུ་རུང་བ་ལས་ཤིང་མ་དམིགས་པའི་ཕྱིར་ཞེས་པ་དང༌། བཞི་ པ་ནི། དཔེར་ན། མཐའ་བཞི་ཀུན་ནས་བསྐོར་བའི་དང་ར་བླ་གབ་མེད་པ་དེར་ཆོས་ཅན། སྔ་ལོགས་ན་དུ་རྒྱུ་ནུས་པ་ཐོགས་མེད་མེད་དེ། སྔ་ལོགས་ན་དེ་ཡོད་ན་ཕྱི་ལོགས་སུ་དུ་བ་ དམིགས་སུ་རུང་བ་ལས་དུ་བ་མ་དམིགས་པས་སོ་ཞེས་པ་ལྟ་བུའོ། ། གཉིས་པ་འགལ་ཟླ་དམིགས་པའི་རྟགས་ལ་ལྷན་ཅིག་མི་གནས་འགལ་ལ་རྟེན་པ་དང༌། ཕན་ཚུན་སྤངས་འགལ་ལ་རྟེན་པ་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། དགག་བྱའི་ཆོས་ དང་ལྷན་ཅིག་མི་གནས་འགལ་དུ་གྲུབ་པའི་ཚུལ་གསུམ་ཞེས་པ་དང༌། དགག་བྱའི་ཆོས་དང་ ཕན་ཚུན་སྤངས་འགལ་དུ་གྲུབ་པའི་དགག་པའི་ཚུལ་གསུམ་མོ། །དབྱེ་ན་དང་པོ་ལ་འགལ་ བའི་རང་བཞིན་དང༌། ཁྱབ་བྱ་དང༌། འབྲས་བུ་དམིགས་པ་གསུམ་ལ་རང་བཞིན་དང་རྒྱུ་ དང་ཁྱབ་བྱེད་དང་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པ་བཞི། ཁྱབ་བྱ་དམིགས་ པ་བཞི། འབྲས་བུ་དམིགས་པ་བཞི་སྟཻ་བཅུ་གཉིས་སོ། །དེ་དག་གི་དཔེར་བརྗོད་པ་ནི། མེ་ དང་དུ་བ་དྲག་འཕྱུར་བ་དང་ཙན་དན་གྱི་མེ་སྟོབས་ཆེན་རྒྱུན་ཆགས་ཀྱིས་ཁྱབ་པར་ནོན་པའི་ གཞིར་གྲང་རེག་དང༌། གྲང་འབྲས་སྤུ་ལོང་བྱེད་དང༌། བ་རེག་དང་གྲང་རྒྱུ་ནུས་པ་ཐོགས་ མེད་འགོག་པ་ལ་མེ་དང་དུ་བ་དང་ཙན་དན་གྱི་མེ་རྟགས་སུ་བཀོད་པ་ལྟ་བུའོ། ། གཉིས་པ་སྤངས་འགལ་ལ་རྟེན་པ་ལ་གསུམ་སྟེ། སྒྲ་རྟག་དངོས་ཀྱིས་སྟོང་སྟཻ་བྱས་པ་ ཡིན་པའི་ཕྱིར། ཞེས་པ་ལྟ་བུ་ཁྱབ་བྱེད་འགལ་བའི་རང་བཞིན་དམིགས་པ་དང༌། མྱུ་གུའི་རྒྱུད་ 2-1-18 རྒྱུ་ཚོགས་པ་གྲངས་ཚང་ཆོས་ཅན། མྱུ་གུ་སྐྱེད་ངེས་མ་ཡིན་ཏེ། མྱུ་གུ་བསྐྱེད་པ་རང་ལས་ཕྱིས་ འབྱུང་གི་རྒྱུ་ལ་ལྟོས་བཅས་ཡིན་པས་སོ། །ཞེས་པ་ལྟ་བུ་ལྟོས་པས་ངེས་པ་འགོག་པ་དང༌། བུམ་པ་ཆོས་ཅན། རང་འཇིག་པ་རང་གི་རྒྱུད་ལས་རྒྱུ་དོན་གཞན་ལ་ལྟོས་པ་མ་ཡིན་རང་གྲུབ་ ཙམ་ནས་འཇིག་ངེས་ཡིན་ནོ། །ཞེས་པ་ལྟ་བུ་ངེས་པས་ལྟོས་པ་འགོག་པ་དང་གསུམ་མོ། ། གཉིས་པ་རྟགས་ལྟར་སྣང་ལ་དབྱེ་ན། འགལ་མ་ངེས་མ་གྲུབ་གསུམ་སྟེ། མཚན་ཉིད་ནི་ རིམ་པ་ལྟར། ཕྱོགས་ཆོས་གང་ཞིག་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་དང༌། ཕྱོགས་ ཆོས་གང་ཞིག་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང༌། རྟགས་སུ་བཀོད་ཅིང་ཕྱོགས་ཆོས་མ་གྲུབ་པའོ། །དབྱེ་ན་དང་པོ་ལ་རང་བཞིན་འགལ་བ་དང༌། འབྲས་བུ་འགལ་བ་གཉིས་སམ། ཆོས་ཀྱི་ངོ་ བོ་དང༌། ཁྱད་པར་དང༌། ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་འགོག་པའི་འགལ་རྟགས་བཞི་ སྟེ། མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་ཆོས་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་ངོ་བོ་བཀག་ སྟོབས་ཀྱིས་འདོད་ཡུལ་གྱི་ཚོགས་དོན་ལ་གནོད་པ་དང༌། གང་ཞིག་བསྒྲུབ་བྱའི་ཆོས་ཀྱི་ཁྱད་ པར་དང༌། ཆོས་ཅན་གྱི་ངོ་བོ་དང༌། ཆོས་ཅན་གྱི་ཁྱད་པར་བཀག་སྟོབས་ཀྱིས་འདོད་ཡུལ་ གྱི་ཚོགས་དོན་ལ་གནོད་པའི་རྟགས་ཞེས་པའོ། །སྔ་མ་གཉིས་མཚན་ཉིད་པ། ཕྱི་མ་གཉིས་ ཕྱོགས་ཆོས་མེད་པས་བཏགས་པ་བར་བཞེད་དོ། །དཔེར་བརྗོད་ནི་རིམ་པ་ལྟར། སྒྲ་རྟག་ སྟེ་བྱས་པའི་ཕྱིར་དང༌། མིག་སོགས་ཆོས་ཅན། བདག་རྟག་པ་གཞན་དོན་བྱེད་དེ་འདུས་ བསགས་ཡིན་པས་སོ་ཞེས་དང༌། མིག་སོགས་འདུས་པ་མ་ཡིན་པའི་དོན་ཆེད་ཆོས་ཅན། གཞན་དོན་བྱེད་དེ་འདུས་བསགས་ཡིན་པས་སོ། །ཞེས་དང༌། དངོས་གྱུར་གྱི་ནམ་མཁའ་ ཆོས་ཅན། རྟག་སྟེ་མ་བྱས་པས་སོ་ཞེས་པ་ལྟ་བུའོ། ། གཉིས་པ་མ་ངེས་པའི་རྟགས་ལ་ཐུན་མོང་མིན་པ་དང༌། ཐུན་མོང་གི་མ་ངེས་པའི་རྟགས་ གཉིས་ཏེ། མཚན་ཉིད་རིམ་པ་ལྟར། ཕྱོགས་གང་ཞིག་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ 2-1-19 ཀ་ལ་མ་མཐོང་ནས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང༌། གང་ཞིག་མཐུན་ཕྱོགས་མི་མཐུན་ཕྱོགས་ གང་རུང་ལ་མཐོང་ནས་ཁྱབ་པ་ལ་ཐེ་ཚོམ་ཟ་བའོ། །དབྱེ་ན། དང་པོ་ལ་མཐུན་ཕྱོགས་ལ་ ཡོད་ཀྱང༌། མ་མཐོང༌། མེད་ནས་མ་འཐོང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ ནས་མ་མཐོང་པ་བཞི་སྟེ། རིམ་པ་བཞིན། དཔེར་ན་སྒྲ་མི་རྟག་སྟེ་སྙན་[མཉན]བྱ་ཡིན་པས་ སོ། །རྟག་སྟེ་སྙན་[མཉན]བྱ་ཡིན་པས་སོ། །གསོན་ལུས་ཆོས་ཅན། བདག་ཡོད་དེ་སྲོག་ཡོད་ པས་སོ། །བདག་མེད་དེ་སྲོག་ཡོད་པས་སོ་ཞེས་པ་ལྟ་བུའོ། ། གཉིས་པ་ལ་ཐུན་མོང་གི་དངོས་ཀྱི་མ་ངེས་པ་དང༌། ལྷག་ལྡན་གྱི་མ་ངེས་པ་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་ཆོས་གང་ཞིག་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ ཀ་ལ་མཐོང་ནས་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་རྟགས་དང༌། གང་ཞིག་མཐུན་ཕྱོགས་མི་མཐུན་ ཕྱོགས་གང་རུང་ལ་མཐོང༌། གང་རུང་ལ་མ་མཐོང་ནས་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་རྟགས་སོ། །དབྱེ་ན་དང་པོ་ལ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད། མཐུན་ཕྱོགས་ལ་ ཁྱབ་བྱེད། མི་མཐུན་ཕྱོགས་ལ་ཆ་གཉིས། མི་མཐུན་ཕྱོགས་ལ་ཁྱབ་བྱེད། མཐུན་ཕྱོགས་ ལ་ཆ་གཉིས། ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་སྟེ་བཞིའོ། །དཔེར་བརྗོད་ནི་རིམ་ བཞིན། ཕྱོགས་ཆོས་ཅན་དགུ་ཡི་གསུམ་པ་དང་བདུན་པ་དང་དགུ་པ་ལྟ་བུའོ། ། གཉིས་པ་ལྷག་ལྡན་ལ་ཡང་དག་ལྷག་ལྡན་དང་འགལ་བའི་ལྷག་ལྡན་དང་འགལ་བའི་ ལྷག་ལྡན་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་ཆོས་གང་ཞིག་མཐུན་ཕྱོགས་འགའ་ལ་ མཐོང༌། མི་མཐུན་ཕྱོགས་འགའ་ལ་མ་མཐོང་པ་ཙམ་གྲུབ་སྟོབས་ཀྱིས་ཁྱབ་པ་ལ་ཐེ་ཚོམ་ ཟ་བའི་རྟགས་དང༌། གང་ཞིག་མཐུན་ཕྱོགས་འགའ་ལ་མཐོང༌། མཐུན་ཕྱོགས་འགའ་ལ་མ་ མཐོང་ཙམ་གྲུབ་སྟོབས་ཀྱིས་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་རྟགས་ཞེས་པའོ། །དཔེར་ན་ངག་སྨྲ་ བའི་སྐྱེས་བུ་ཕ་རོལ་པོ་ཆོས་ཅན་ཆགས་ལྡན་ཡིན་ཏེ། ཆགས་བྲལ་ཡིན་ཏེ་ངག་སྨྲ་བས་སོ། 2-1-20 །ཞེས་པ་ལྟ་བུའོ། །འགལ་བ་ལ་མི་འཁྲུལ་བའི་མ་ངེས་པའི་རྟགས་ལ་མཚན་ཉིད། ལུང་ལ་ རྟེན་ཏེ་ཕན་ཚུན་འགལ་བའི་དོན་ཆོས་ཅན་གཅིག་ལ་བསྒྲུབས་ནས་ཐེ་ཚོམ་བསྐྱེད་པའི་མ་ ངེས་པའི་རྟགས་སོ། །དཔེར་ན། དྲང་སྲོང་གཟེགས་ཟན་གྱིས་སྤྱི་ནི་ཐམས་ཅད་དུ་སོང་པའོ་ ཞེས་བཤད་པས་དེ་ཡི་དངོས་སློབ་དཔེ་ལུ་ཀས། བ་ལང་གི་སྤྱི་ཆོས་ཅན། གསལ་བ་མེད་པའི་ བར་སྟོངས་ན་ཡོད་དེ། ཡུལ་དུས་མཐའ་ཡས་པའི་བ་ལང་གི་གསལ་བ་ཐམས་ཅད་དང་རེ་རེ་ ཞིང་འཕྲོད་འདུས་ཚང་བ་འབྲེལ་བས་སོ་ཞེས་བཀོད་ཅིང༌། པེ་ཐ་རས། བ་ལང་གི་སྤྱི་ཆོས་ ཅན། གསལ་བ་མེད་པའི་བར་སྟོངས་ན་མེད་དེ། དེར་མ་དམིགས་པས་སོ། །ཞེས་བཀོད་ པ་གཉིས་ཀའང་གཟེགས་ཟན་གྱི་ལུང་ལ་རྟེན་པའི་རྟགས་ཡང་དག་དུ་མཐོང་ནས་དེ་གཉིས་ ཀྱིས་སྤང་དུ་མ་བཏུབ་པ་ལྟ་བུའོ། ། གསུམ་པ་མ་གྲུབ་པའི་རྟགས་ལ། རྒོལ་དང་ཕྱིར་རྒོལ་གཉིས་ཀ་ལ། །མ་གྲུབ་པ་དང་ རྣམ་པ་གསུམ། །རྟགས་དང་ཆོས་ཅན་གཞི་མ་གྲུབ། །རྟགས་དང་ཆོས་ཅན་འབྲེལ་པ་ལ། །ཐེ་ ཚོམ་ཟ་བ་རྣམ་པ་གསུམ། །གཞི་ཆོས་རྟགས་ཐ་དད་མེད་གསུམ། །རྟགས་ཀྱི་ཕྱོགས་གཅིག་ ཆོས་ཅན་ལ། །མ་གྲུབ་པ་དང་ཆོས་ཅན་གྱི། །ཕྱོགས་གཅིག་ལ་ནི་རྟགས་མ་གྲུབ། །ཤེས་ འདོད་མེད་དང་བཅུ་བཞིའོ། ། དང་པོ་སྔར་རྒོལ་ལ་མ་གྲུབ་པ་ནི། དཔེར་ན་གྲངས་ཅན་གྱིས་སངས་རྒྱས་པ་ལ། བློ་བདེ་ ཆོས་ཅན། སེམས་མེད་དེ་སྐྱེ་འཇིག་ཅན་ཡིན་པས་སོ་ཞེས་པ་ལྟ་བུའོ། །ཕྱིར་རྒོལ་ལ་མ་གྲུབ་ པ་ནི། གཅེར་བུ་པས་སངས་རྒྱས་པ་ལ། ཤིང་ཆོས་ཅན། སེམས་ཡོད་དེ། ཤུན་ལྤགས་བཤུས་ ན་འཆི་བའི་ཕྱིར། ཞེས་པ་ལྟ་བུའོ། །གཉིས་ཀ་ལ་མ་གྲུབ་པ་ནི། སྒྲ་ཆོས་ཅན་རྟག་སྟེ་མིག་ ཤེས་ཀྱི་གཟུང་བྱ་ཡིན་པས་སོ། །ཞེས་པ་ལྟ་བུའོ། །རྟགས་ཀྱི་ངོ་བོ་མི་སྲི ད་པ་ནི། སྐྱེས་བུ་འདི་ ཆོས་ཅན། ཆགས་བྲལ་ཡིན་ཏེ་མོ་ཤམ་གྱི་བུ་ཡིན་པས་སོ་ཞེས་པ་ལྟ་བུའོ། །ཆོས་ཅན་གཞི་མ་ 2-1-21 གྲུབ་པ་ནི། གང་ཟག་གི་བདག་ཆོས་ཅན། ཐམས་ཅད་དུ་སོང་སྟེ་ཡོན་ཏན་བདེ་སོགས་ཐམས་ ཅད་དུ་དམིགས་པས་སོ། །ཞེས་པ་ལྟ་བུའོ། །རྟགས་ལ་ཐེ་ཚོམ་ཟ་བ་ནི་ཁུག་སྣ་དང་དུ་བ་ གང་ཡིན་ཐེ་ཚོམ་ཟ་བཞིན་དུ་ནམ་མཁའི་སྔོ་ལོང་བ་ཆོས་ཅན། མེ་སྔོན་དུ་སོང་སྟེ་དུ་བ་ཡིན་ པས་སོ། །ཞེས་པ་ལྟ་བུས་སོ། །ཆོས་ཅན་ལ་ཐེ་ཚོམ་ཟ་བ་ནི་ལྐལ་དོན་ཤ་ཟའི་བུམ་པ་ཆོས་ ཅན། གཟུགས་ཡིན་ཏེ་གཏན་དུ་ཡོད་པས་སོ། །ཞེས་པ་ལྟ་བུའོ། །གཞི་རྟགས་ཀྱིས་འབྲེལ་ པ་ལ་ཐེ་ཚོམ་ཟ་བ་ནི། རི་སུལ་དབུས་མ་ན་རྨ་བྱའི་སྒྲ་གྲག་མི་གྲག་ཐེ་ཚོམ་ཟ་བཞིན་དུ། རི་ སུལ་གསུམ་གྱི་དབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ་རྨ་བྱའི་སྒྲ་གྲག་པའི་ཕྱིར། ཞེས་པ་ལྟ་ བུའོ། གཞི་རྟགས་ཐ་དད་མེད་པ་ནི། སྒྲ་ཆོས་ཅན་མི་རྟག་སྟེ་སྒྲ་ཡིན་པས་སོ་ཞེས་པ་ལྟ་བུའོ། །རྟགས་ཀྱི་ཕྱོགས་གཅིག་ཆོས་ཅན་ལ་མ་གྲུབ་པ་ནི། ཟླ་བ་གཉིས་སྣང་ཆོས་ཅན། མངོན་ སུམ་ཡིན་ཏེ་རྟོག་བྲལ་མ་འཁྲུལ་བ་ཡིན་པས་སོ། །ཞེས་པ་ལྟ་བུའོ། །ཆོས་ཅན་གྱི་ཐ་དད་མེད་ པ་ནི་ཕྱོགས་གཅིག་ལ་རྟགས་མ་གྲུབ་པ་ནི། ཤིང་ཆོས་ཅན། སྲོག་ལྡན་ཡིན་ཏེ། མཚན་མོ་ ཉལ་བའམ་ལོ་མ་འཁུམས་པས་སོ། །ཞེས་པ་ལྟ་བུའོ། །ཤེས་འདོད་མེད་ནས་མ་གྲུབ་པ་ནི། མིག་སོགས་ཆོས་ཅན། གཞན་དོན་ཙམ་ཞིག་བྱེད་དེ་འདུས་བསགས་ཡིན་པས་སོ་ཞེས་པ་ལྟ་ བུའོ། ། གཉིས་པ་དཔེ་ལ་མཚན་ཉིད་དེའི་འདྲ་ཆོས་སུ་སྦྱར་ཞིང༌། དེ་ཡི་སྒྲུབ་བྱེད་ཀྱི་ཡན་ལག་ ཏུ་སྣང་བའོ། །དབྱེ་ན། དཔེ་ཡང་དག་དང་ལྟར་སྣང་གཉིས་སམ་མཐུན་དཔེ་དང་མི་མཐུན་ དཔེ་གཉིས་སོ། ། ཕྱི་མ་གཉིས་ཀྱི་མཚན་ཉིད་ནི་རིམ་པ་ལྟར། རྗེས་ཁྱབ་དངོས་སུ་ངེས་པའི་གཞི་ཡི་དཔེར་ བཀོད་པ་དང༌། ལྡོག་ཁྱབ་དངོས་སུ་ངེས་པའི་གཞིའི་དཔེར་བཀོད་པའོ། །དབྱེ་ན་དང་པོ་ལ་ མཐུན་དཔེ་ཡང་དག་དང་ལྟར་སྣང་གཉིས། མཚན་ཉིད་ནི་རིམ་པ་ལྟར། རྗེས་ཁྱབ་དངོས་སུ་ 2-1-22 ངེས་གཞིའི་དཔེར་གྱུར་ཅིང༌། སྐྱོན་གསུམ་དང་བྲལ་བ་དང༌། རྗེས་ཁྱབ་དངོས་སུ་ངེས་གཞིའི་ དཔེར་བཀོད་ཅིང་སྐྱོན་གསུམ་གང་རུང་དང་ལྡན་པའོ། །དབྱེ་ན། དང་པོ་ལ། དང་པོར་གཏན་ ལ་འབེབས་པ་དང༌། ཕྱི་རྗེས་སུ་དྲན་པའི་དཔེ་ནི། དོན་སྒྲུབ་དང་ཐ་སྙད་འབའ་ཞིག་སྒྲུབ་པའི་ དཔེ་ལྟ་བུའོ། །དངོས་ཀྱི་དཔེ་དང་རིགས་འདྲའམ། ཆ་མཐུན་གྱི་དཔེ་ནི། འཇིག་ལ་འབྲས་ དང་ཡོད་ཉིད་བཞིན། །ཞེས་དང༌། མེ་དང་ཤིང་གི་རིགས་པ་བཞིན་ཞེས་པ་ལྟ་བུའོ། །རྣམ་ པ་གསལ་བ་དང་ཕྱོགས་ཙམ་མཚོན་པའི་དཔེ་ནི། གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་ ཅེས་པ་རང་ཚིག་འགལ་བ་དང་བསྟན་བཅོས་འགལ་བའི་དཔེར་བཞག་པ་ལྟ་བུའོ། །གཞན་ ཡང་བསྟན་བཅོས་ལ་གྲགས་པ་དང༌། འཇིག་རྟེན་ལ་གྲགས་པའི་དཔེ་དང༌། ཚད་མས་གྲུབ་ པའི་དཔེ་དང༌། ཁས་བླངས་ཀྱི་དབང་གིས་གྲུབ་པའི་དཔེ་ལ་སོགས་པ་ཡོད་དོ། ། གཉིས་པ་ལྟར་སྣང་ལ་དབྱེ་ན། དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་གསུམ་མོ། །དང་པོ་ལ་བསྒྲུབ་བྱའི་ཆོས་མེད་པ་དང༌། རྟགས་མེད་པ་དང༌། གཉིས་ཀ་མེད་པ་དང་གསུམ་ སྟེ། རིམ་བཞིན། སྒྲ་རྟག་སྟེ་ལུས་ཅན་མིན་པའི་ཕྱིར། ལས་བཞིན། རྡུལ་ཕྲ་རབ་བཞིན། བུམ་ པ་བཞིན་ཞེས་པ་ལྟ་བུའོ། ། གཉིས་པ་ཆོས་དང་རྟགས་དང་གཉིས་ཀ་ལ་ཐེ་ཚོམ་ཟ་བའི་བློ་སྐྱོན་ཅན་གསུམ་སྟེ། རིམ་ བཞིན། དྲང་སྲོང་སེར་སྐྱ་ཆགས་ཅན་ཡིན་ཏེ་སྨྲ་བའི་ཕྱིར་དང༌། མི་འདི་འཆི་བའི་ཆོས་ཅན་ ཡིན་ཏེ་ཞེས་པ་དང༌། ཐམས་ཅད་མཁྱེན་པ་མིན་ཏེ་ཆགས་སོགས་དང་ལྡན་པས་སོ། །ལམ་པོ་ ཆེའི་མི་བཞིན་ཞེས་གསུམ་ཀའི་དཔེར་བཀོད་པ་ལྟ་བུའོ། ། གསུམ་པ་ལ་རྗེས་འགྲོ་མེད་པ་དང༌། རྗེས་འགྲོ་མ་བསྟན་པ་དང་ལོག་པར་སྟོན་པའི་སྒྲ་ སྐྱོན་ཅན་གསུམ་སྟེ། རིམ་བཞིན། ཕ་རོལ་པོ་འདི་ཆགས་ཅན་ཡིན་ཏེ་སྨྲ་བས་སོ། །འདོད་ པའི་མི་བཞིན་ཞེས་པ་དང༌། སྒྲ་མི་རྟག་སྟེ་བྱས་པས་སོ་བུམ་པ་བཞིན། ཞེས་པ་དང༌། བྱས་ 2-1-23 པས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། སྒྲ་བྱས་ཏེ་མི་རྟགས་པས་སོ་བུམ་པ་ཞེས་པ་ལྟ་བུའོ། ། གཉིས་པ་མི་མཐུན་དཔེ་ལ་ཡང་དག་དང་ལྟར་སྣང་གཉིས་ཏེ། མཚན་ཉིད་ནི་རིམ་པ་ ལྟར། ལྡོག་ཁྱབ་དངོས་སུ་ངེས་གཞིའི་དཔེར་གྱུར་ཅིང་སྐྱོན་གསུམ་དང་བྲལ་བ་དང༌། ལྡོག་ ཁྱབ་དངོས་སུ་ངེས་གཞིའི་དཔེར་བཟུང་ཞིང་སྐྱོན་གསུམ་གང་རུང་དང་ལྡན་པའོ། །དབྱེ་ ན། དང་པོ་ལ། དང་པོར་གཏན་ལ་འབེབས་པ་དང༌། ཕྱིས་རྗེས་སུ་དྲན་པའི་དཔེ་གཉིས་སོ། །གཉིས་པ་ལ་དོན་སྐྱོན་ཅན། བློ་སྐྱོན་ཅན། སྒྲ་སྐྱོན་ཅན་དང་གསུམ་མོ། །དང་པོ་ལ་ཆོས་དང་ རྟགས་དང་དེ་གཉིས་ཀ་མི་ལྡོག་པའི་དོན་སྐྱོན་གསུམ་ཏེ། རིམ་བཞིན་སྒྲ་རྟག་སྟེ་ལུས་ཅན་ མིན་པས་སོ། །ཞེས་པའི་མི་མཐུན་དཔེར་རྡུལ་ཕྲ་རབ་བཞིན། ལས་བཞིན། ནམ་མཁའ་ བཞིན་ཞེས་བཀོད་པ་ལྟ་བུའོ། ། གཉིས་པ་ལ་ཆོས་མེད་དང་རྟགས་མེད་དང༌། དེ་གཉིས་ཀ་མེད་པ་ལ་ཐེ་ཚོམ་ཟ་བའི་ བློ་སྐྱོན་ཅན་གསུམ་ཏེ། རིམ་པ་བཞིན་སེར་སྐྱ་ནི་ཀུན་མཁྱེན་མིན་ཏེ་སྐར་མའི་དཔྱད་ཀྱིས་ བསྟན་བཅོས་མི་ཤེས་པས་སོ། །ཞེས་པའི་མི་མཐུན་དཔེར། ཁྱུ་མཆོག་དང་ལྡོང་རིམས་ [རིས]བཞིན་ཞེས་གཅེར་བུ་པས་བཀོད་པ་དང་སེར་སྐྱ་ནི་གསུམ་རིག་པའི་བྲམ་ཟེས་གཟུང་ བྱའི་ཚིག་མི་ལྡན་ཏེ། ཆགས་ལྡན་ཡིན་པས་སོ། །ཞེས་པའི་མི་མཐུན་དཔེར། དྲང་སྲོང་གོའུ་ཏ་ མ་དང་ཡིད་ལས་སྐྱེས་ལྟ་བུའོ། །ཞེས་བྲམ་ཟེ་རྣམས་ཀྱིས་བཀོད་པ་དང༌། སེར་སྐྱ་ནི་ཆགས་ བྲལ་མིན་ཏེ། ཡོངས་འཛིན་ཀུན་འཛིན་དང་ལྡན་པས་སོ། །ཞེས་པའི་མི་མཐུན་དཔེར་ཁྱུ་ མཆོག་དང་ལྡོང་རིས་བཞིན་ཞེས་གཅེར་བུ་པས་བཀོད་པ་ལྟ་བུའོ། ། གསུམ་པ་ལ་ལྡོག་པ་མེད་པ་དང༌། ལྡོག་པ་མ་བསྟན་པ་དང༌། ལྡོག་པ་ཕྱིན་ཅི་ལོག་ཏུ་ བསྟན་པའི་སྒྲ་སྐྱོན་ཅན་གསུམ་སྟེ། རིམ་བཞིན་ཐུབ་པ་ནི་ཆགས་བྲལ་མིན་ཏེ་ངག་སྨྲ་བས་ སོ། ། 2-1-24 ཞེས་པའི་མི་མཐུན་དཔེར་རྡོའི་དུམ་བུ་བཞིན། ཞེས་དཔྱོད་པ་བས་བཀོད་པ་དང༌། སྒྲ་མི་ རྟག་སྟེ་བྱས་པའི་ཕྱིར། ཞེས་པའི་མི་མཐུན་དཔེར། ནམ་མཁའ་བཞིན་ཞེས་བཀོད་པ་དང༌། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་གང་མ་བྱས་ན་རྟག་ནམ་མཁའ་བཞིན་ཞེས་བཀོད་པ་ལྟ་ བུ་སྟེ་དཔེ་ལྟར་སྣང་བཅྭ་བརྒྱད་དོ། ། གཉིས་པ་གཞན་དོན་རྗེས་དཔག་ལ་མཚན་ཉིད་འགོད་བྱེད་རང་གི་ཚད་མས་མཐོང་ བའི་རྟགས་ཀྱི་ཚུལ་གསུམ་བསྟན་བྱའི་སྐྱེས་བུ་ལ་སྟོན་པའི་སྒྲུབ་ངག་ཡན་ལག་གཉིས་ལྡན་ ནོ། ། གཉིས་པ་རབ་དབྱེ་ནི། སྟོན་བྱེད་གང་ཞིག རྗོད་བྱེད་ངག་གི བརྗོད་བྱ་ཡུལ་གྱི་རང་ བཞིན་དང་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི་རྒོལ་བ་སྟེ། དེ་ཡི་མཚན་ཉིད་གྲུབ་མཐའ་ ལ་རྩོད་པར་བྱེད་པའི་གང་ཟག དེ་ལ་དབྱེ་ན། སྔ་རྒོལ་ཕྱི་རྒོལ་དཔང་པོ་དང་གསུམ་མོ། །མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་སྔ་མ་ཁས་ལེན་པའི་གང་ཟག་དང༌། ཕྱོགས་ཕྱི་མ་ཁས་ ལེན་པའི་གང་ཟག་དང༌། རྒོལ་ཕྱི་རྒོལ་གྱི་རྒྱལ་ཕམ་ཤན་འབྱེད་པར་ཁས་ལེན་པའི་གང་ ཟག་གོ།དང་པོ་ལ་སྔ་རྒོལ་ཡང་དག་དང་ལྟར་སྣང་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། ཕྱོགས་སྔ་མ་བཞག་པས་རྩོད་ཟླ་ཕྱི་རོལ་གྱི་སྤོབས་པ་འཇོམས་ནུས་ཀྱི་གང་ཟག་དང༌། དེ་མི་ ནུས་པའི་གང་ཟག་གོ། གཉིས་པ་ལ་ཕྱི་རྒོལ་ཡང་{དག}དང་ལྟར་སྣང་གཉིས་ཏེ། མཚན་ཉིད་རིམ་པ་ལྟར། ཕྱོགས་ཕྱི་མ་ཁས་བླངས་ཏེ་སུན་འབྱིན་ཡང་དག་བརྗོད་པས་སྔ་རྒོལ་གྱི་སྤོབས་པ་འཇོམས་ ནུས་ཀྱི་གང་ཟག་དང༌། ཕྱོགས་ཕྱི་མ་ཁས་ལེན་ཅིང་སྔ་རྒོལ་གྱི་སྤོབས་པ་འཇོམས་མི་ནུས་ པའི་གང་ཟག་གོ། གསུམ་པ་ལ་དཔང་པོ་ཡང་དག་དང་ལྟར་སྣང་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། 2-1-25 རྒོལ་ཕྱི་རྒོལ་རྩོད་པའི་རྒྱལ་ཕམ་རིག་ནས་དེ་བརྡ་སྤྲོད་ནུས་ཀྱི་གང་ཟག་དང༌། དཔང་པོར་ རློམ་ཞིང་རྒོལ་ཕྱི་རྒོལ་གྱི་རྒྱལ་འཕམ་ཤན་འབྱེད་མི་ནུས་པའོ། །དཔང་པོ་ཡང་དག་ལ་རྗེས་ སུ་བརྗོད་པའི་དཔང་པོ། ཤན་འབྱེད་པའི་དཔང་པོ། ཚར་གཅོད་པའི་དཔང་པོ་གསུམ་མོ། ། གཉིས་པ་ངག་གི་རང་བཞིན་ལ་སྒྲུབ་ངག་དང༌། ཐལ་འགྱུར་གཉིས་སོ། །དང་པོ་ལ་ ཆོས་མཐུན་སྦྱོར་དང༌། མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་ པ་ལྟར། དེ་སྒྲུབ་གྱི་ཕྱོགས་དང་རྗེས་ཁྱབ་དངོས་སུ་བརྗོད་ཅིང༌། ལྡོག་ཁྱབ་ཤུགས་ལ་བརྗོད་ པའི་སྒྲུབ་ངག་ཡང་དག་དང༌། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང༌། ལྡོག་ཁྱབ་དངོས་སུ་བརྗོད་ཅིང་ རྗེས་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་གོ།དཔེར་ན་རིམ་བཞིན། གང་བྱས་ན་ མི་རྟག་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པ་དང༌། གང་རྟག་ན་མ་བྱས་འདུས་མ་བྱས་ཀྱི་ ནམ་མཁའ་བཞིན། སྒྲ་ནི་བྱས་སོ་ཞེས་པ་ལྟ་བུ་དང༌། གཉིས་པ་ཐལ་འགྱུར་ལ། ཐལ་འགྱུར་ཡང་དག་དང་ཐལ་འགྱུར་ལྟར་སྣང་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ལན་གྱི་ལྡོག་[བཟློག]པར་མི་ནུས་པའི་ཐལ་འགྱུར་དང༌། ལན་ གྱིས་བཟློག་པར་ནུས་པའི་ཐལ་འགྱུར་རོ། །དབྱེ་ན་དང་པོ་ལ་འབྲས་རང་མ་དམིགས་པའི་ ཐལ་འགྱུར་གསུམ་དང༌། དོན་སྐྱོན་བློ་སྐྱོན་སྒྲ་སྐྱོན་བརྗོད་པའི་ཐལ་འགྱུར་གསུམ་དང༌། འཁོར་གསུམ་དང་གཉིས་དང་གཅིག་ཁས་བླངས་པའི་ཐལ་འགྱུར་གསུམ་མམ་སྒྲུབ་བྱེད་ འཕེན་པ་དང༌། མི་འཕེན་པའི་ཐལ་འགྱུར་གཉིས་ཏེ། ཕྱི་མ་གཉིས་ཀྱི་མཚན་ཉིད་ནི་རིམ་པ་ ལྟར། ཐལ་འགྱུར་ཡང་དག་གང་ཞིག་དོན་ལྡོག་[བཟློག]ན་ཚུལ་གསུམ་ཚང་པ་དང༌། གང་ ཞིག་མ་ཚང་པའོ། །དང་པོ་ལ་རང་རིག་འཕེན་པ་དང་གཞན་རིག་འཕེན་པ་གཉིས་ཏེ། མཚན་ ཉིད་ནི་རིམ་པ་ལྟར། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་གང་ཞིག རང་གིས་འཕངས་པའི་རང་ རྒྱུད་ཀྱི་རྟགས་དང༌། རང་གི་རྟགས་རང་གི་བསྒྲུབ་བྱའི་ཆོས་དང་འབྲེལ་ཚུལ་དང༌། དགག་ 2-1-26 བྱ་དང་འགལ་ཚུལ་གྱི་ཆ་ནས་བཏགས་པའི་དགོས་མིང་མཐུན་པར་གྱུར་པ་དང་མི་མཐུན་ པར་གྱུར་པའོ། །དབྱེ་ན་དང་པོ་ལ། མེ་དང་ཙན་དན་མེ་དང་ནི། །དུ་བ་ལྟོས་བཅས་རྣམ་བཞི་ ཡིས། །གྲང་རེག་བ་མོ་སྤུ་ལོང་དང༌། །ངེས་པ་འགོག་ན་རིམ་པ་བཞིན། །རང་བཞིན་འགལ་ བ་དམིགས་པ་དང༌། །ཁྱབ་བྱེད་འགལ་བའི་ཁྱབ་བྱ་དམིགས། །རྒྱུ་དང་འགལ་བའི་འབྲས་ དམིགས་དང༌། །རང་བཞིན་འགལ་བའི་ཁྱབ་བྱ་གཞི། །ཞེས་པ་ལྟར་བཞིའོ། ། གཉིས་པ་ལ། མེ་དང་དུ་བ་དེ་བཞིན་མེ། །ཤིང་མེད་པ་དང་མེ་མེད་པས། །བ་མོ་བ་ མོའི་རེག་པ་གཉིས། །སྤུ་ལོང་ཤ་པ་དུ་བ་འགོག །ཁྱབ་བྱེད་འགལ་བ་དམིགས་པ་དང༌། །ཁྱབ་བྱེད་འགལ་བའི་འབྲས་བུ་དང༌། །རྒྱུ་དང་འགལ་བའི་རང་བཞིན་དང༌། །ཁྱབ་བྱེད་མ་ དམིགས་རྒྱུ་མ་དམིགས། །རྣམས་ཀྱི་འགལ་ཁྱབ་དམིགས་པ་དང༌། །རྒྱུ་དང་འགལ་བའི་ཁྱབ་ བྱ་དང༌། །འགལ་འབྲས་དམིགས་དང་རང་བཞིན་རྟགས། །འབྲས་རྟགས་རང་རྒྱུད་འཕེན་པ་ ཡིན། །ཞེས་པ་ལྟར་ལྔའོ། །སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ལ། །ཆོས་ཅན་ལྡོག་ཁྱབ་ཚད་ མས་གྲུབ། །བསལ་པ་ཚད་བསལ་རྟགས་ཁས་བླངས། །དགོས་ཀྱི་གཞན་ལ་མ་ཡིན་ནོ། ། གཉིས་པ་སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ལ། རང་བཞིན་འབྲས་བུ་མཚན་ཉིད་ དེ། །མ་དམིགས་གསུམ་གྱིས་སྒྲུབ་མི་འཕེན། །ཞེས་པ་ལྟར་གསུམ་མོ། །དེ་ལྟར་ན་རྩོད་ངག་ རྣམས་ནི་སུན་འབྱིན་ཞེས་བྱ་ལ། དེ་ལ་སུན་འབྱིན་ཡང་དག་དང་ལྟར་སྣང་གཉིས་ཏེ། མཚན་ ཉིད་ནི་རིམ་པ་ལྟར། སྐྱོན་ལ་སྐྱོན་དུ་བརྗོད་པའི་ངག་སྐྱོན་མེད་གང་ཞིག རྩོད་ཟླའི་འདོད་ དོན་བྱེད་པའི་གེགས་བྱེད་ནུས་པ་དང༌། སྐྱོན་མིན་ལ་སྐྱོན་དུ་བརྗོད་པའི་ལྟག་ཆོད་དུ་གྱུར་ པའོ། ། གསུམ་པ་ཡུལ་གྱི་རང་བཞིན་ལ་གཉིས་ལས། དང་པོ་དངོས་བསྟན་རྟགས་ཀྱི་རང་ བཞིན། ཕྱོགས་ཆོས་ཅན་དགུ་ཡི་དབྱེ་བ་གོང་དུ་བསྟན་པ་ལྟར་རོ། ། 2-1-27 གཉིས་པ་ཤུགས་བསྟན་བསྒྲུབ་བྱའི་རང་བཞིན་ལ། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྣམ་པར་ བཞག་འཇོག་གི ཐོབ་བྱ་ཐོབ་བྱེད་ཀྱི། གཞལ་བྱ་འཇལ་བྱེད་ཀྱི། རྟགས་དང་རྟགས་ཅན་གྱི་ བསྒྲུབ་བྱ་སྒྲུབ་བྱེད་ལྔ་ལས། འདིར་ཐ་མ་རྟགས་དང་རྟགས་ཅན་གྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ དབང་དུ་བྱས་པའི་བསྒྲུབ་བྱ་ལ་མཚན་ཉིད་རྟགས་ཀྱི་དཔག་བྱར་གྱུར་པའོ། །དབྱེ་ན། རང་ དོན་བསྒྲུབ་བྱ་དང་གཞན་དོན་བསྒྲུབ་བྱ་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཆོས་དང་ ཆོས་ཅན་གྱི་ཚོགས་དོན་གང་ཞིག རང་དོན་རྟགས་ཀྱི་དཔག་བྱར་གྱུར་པ་དང༌། གང་ཞིག་ངོ་ བོ་ལ་སོགས་ཆོས་ལྔ་ཚང་པའོ། །ཆོས་ལྔ་ནི། ཚད་མ་མདོར། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ ཉིད་འདོད་དང་མ་གསལ་བ། །ཞེས་གསུངས་པ་ལྟར་ཏེ། དང་པོ་ངོ་བོའི་དོན་ནི། གཞན་དོན་ བསྒྲུབ་བྱ་ཡིན་ན། དེ་དུས་ན་ཕྱིར་རྒོལ་གྱི་བླང་ངོར་གྲུབ་ཟིན་མ་བརྗེད་པ་མིན་པ་གཅིག་ དགོས་ཞེས་བསྟན་ནོ། །འདོད་པའི་དོན་ནི་དེ་ཡིན་ན་དེ་དང་དེར་ཞེ་བས་འདོད་པ་གཅིག་ དགོས་ཞེས་བསྟན་ནོ། །མ་གསལ་བའི་དོན་ནི་དེ་ཡིན་ན་དེ་ཡི་ཚད་མས་མ་བཀག་པ་གཅིག་ དགོས་ཞེས་བསྟན་ནོ། །འདིར་མ་བསལ་བའི་ལྡོག་ཕྱོགས་བསལ་བའི་དོན་ནི། །རང་གི་ སེལ་བྱེད་དེས་བཀག་པ་ཞིག་སྟེ། དབྱེ་ན་མངོན་སུམ་བསལ་པ། དངོས་པོ་སྟོབས་ཞུགས་ཀྱི་ རྗེས་དཔག་གི་བསལ་པ། གྲགས་པས་བསལ་པ། ཡིད་ཆེས་བསལ་པ་དང་བཞི་སྟེ། དཔེར་ ན། སྒྲ་སྙན་[མཉན]བྱ་མིན་ནོ། །བུམ་པ་རྟག་གོ།རི་བོང་ཅན་ཟླ་བ་མིན་ནོ། །རྗེས་སུ་དཔག་ པ་ཚད་མ་མིན་ནོ་ཞེས་དམ་བཅས་པའི་དོན་ལྟ་བུའོ། ། གཉིས་པ་ཚད་མིན་བློ་ལ། མ་རྟོགས་པའི་བློ་དང༌། ལོག་རྟོག་ཐེ་ཚོམ་དཔྱད་ཤེས་དང་ བཞི་སྟེ། མཚན་ཉིད་ནི་རིམ་པ་ལྟར། ཡུལ་གྱི་གནས་ལུགས་ལ་རྨོངས་པའི་བློ་དང༌། དེ་མ་ ཡིན་ལ་དེར་འཛིན་གྱི་བློ་དང༌། ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་པའི་བློ་ དང༌། རང་གི་ཚད་མ་སྔ་མས་གཟུང་འཛིན་གྱི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་ཞེས་ 2-1-28 པའོ། །དབྱེ་ན་དང་པོ་ལ་ལས་རྒྱུ་འབྲས་ལྟ་བུ་ཀུན་རྫོབ་ཀྱི་གནས་ལུགས་ལ་རྨོངས་པ་དང༌། དེ་ཁོ་ན་ཉིད་ལྟ་བུ་དོན་དམ་ལ་རྨོངས་པ་གཉིས་སོ། ། གཉིས་པ་ལ་རྟོག་པ་དང་རྟོག་མེད་གཉིས་སོ། །གསུམ་པ་ལ་མངོན་དུ་རྒྱུ་(གློ་བུར་བའི་རྟགས་ འཇུག་པའི་ཡུལ)དང༌། བག་ལ་(གཞན་དོན་གྱི་རྟགས་འཇུག་པའི་ཡུལ)ཉལ་གཉིས་སམ། དོན་འགྱུར་དོན་ མི་འགྱུར་གཉིས་སམ། ཆ་མཉམ་དང་ཤས་ཆེར་འཛིན་པ་གཉིས་སོ། ། བཞི་པ་ལ་མངོན་སུམ་དང་རྗེས་དཔག་གིས་དྲངས་པའི་དཔྱད་ཤེས་གཉིས་སོ། །གསུམ་ པ་ལ་སེམས་སེམས་བྱུང་དུ་དབྱེ་བ་ལ། སེམས་དང་སེམས་བྱུང་གི་མཚན་ཉིད་ནི། རིམ་པ་ ལྟར་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང༌། དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་པའི་ བློ་དང༌། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་ཅིང་དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་རིག་ པའི་བློ་ཞེས་པའོ། །དབྱེ་ན་དང་པོ་སེམས་ལ་མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་ རྣམ་ཤེས་ཚོགས་དྲུག་ཀུན་གཞི་ཉོན་ཡིད་དེ་རྣམ་ཤེས་ཚོགས་བརྒྱད་དོ། །མཚན་ཉིད་ནི་རིམ་ པ་ལྟར། གཙོ་བོ་སེམས་གང་ཞིག་བདག་རྐྱེན་མིག་དབང་གཟུགས་ཅན་ལས་དངོས་སུ་སྐྱེས་ པའི་གཞན་རིག་ཅེས་སོགས་འདོན་པ་བསྒྱུར་ཏེ། དབང་ཤེས་ལྔ་ཡི་མཚན་ཉིད་དོ། །གང་ཞིག་ རང་གི་བདག་རྐྱེན་ཡིད་དབང་ལས་སྐྱེས་པའི་འཇུག་ཤེས་དང༌། མ་བསྒྲིབས་ལུང་མ་བསྟན་ དུ་གྱུར་པའི་གཙོ་བོ་སེམས་གང་ཞིག བག་ཆགས་བགོ་བའི་གཞིར་གྱུར་པ་དང༌། བསྒྲིབས་ ལ་ལུང་མ་བསྟན་དུ་གྱུར་པའི་གཙོ་བོ་སེམས་གང་ཞིག ཀུན་གཞི་ལ་དམིགས་ནས་བདག་ ཏུ་རློམ་སེམས་པའོ། །ཀུན་གཞི་ལ་དབྱེ་ན། རྣམ་སྨིན་དང་ས་བོན་གྱི་ཆ་གཉིས་ཡོད་ཅིང་ཟག་ བཅས་དགེ་མི་དགེའི་འབྲས་བུ་མྱོང་བཞིན་པའི་སྐབས་ཀྱི་ཀུན་གཞི་དང་འཇུག་ཤེས་ཕྱི་མའི་ རྒྱུ་བྱེད་པའི་ཆ་ནས་བཞག་པའོ། ། གཉིས་པ་སེམས་བྱུང་ལ་དབྱེ་(མདོ་སྡེ་པའི་ལུགས་ཀུན་ལས་བཏུས་ལྟར་ན)ན། ལྔ་(བྱེ་བྲག་སྨྲ་བ་ལྟར་ 2-1-29 ན། སེམས་ཀྱི་ས་མང་པོ་པ་བཅུ། དགེ་བའི་ས་མང་པོ་པ་བཅུ། ཉོན་མོངས་པའི་ས་མང་པོ་པ་དྲུག མི་དགེ་བའི་ས་ཆེན་པོ་པ་ བཅུ། ཆུང་ངུའི་ས་པ་བཅུ། མ་ངེས་པ་བརྒྱད། ལྟ་བ་དང་བཅས་པ་བསྣན་པས་ཞེ་བདུན། ངེས་པ་བརྒྱད། ལྟ་བ་དང་བཅས་པ་ བསྣན་པས་ཞེ་བདུན། མཛོད་རྩ་བར་བཤད་དོ།།)བཅུ་རྩ་གཅིག་སྟེ། ཚོར་བ་འདུ་ཤེས་སེམས་དཔའ་[པ] དང༌། རེག་པ་ཡིད་བྱེད་ཀུན་འགྲོ་ལྔའོ། །འདུན་མོས་དྲན་དང་ཏིང་འཛིན་དང༌། །ཤེས་རབ་ ཅེས་བྱ་ཡུལ་ངེས་ལྔའོ། །དད་དང་ཁྲེལ་ཡོད་ངོ་ཚ་ཤེས། །བརྩོན་འགྲུས་ཤིན་ཏུ་སྦྱངས་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །བག་ཡོད་བཏང་སྙོམས་རྣམས་མི་འཚེ། །དེ་རྣམས་ བཅུ་གཅིག་དགེ་བའོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །དེ་ དྲུག་རྩ་བའི་ཉོན་མོངས་སོ། །ཁྲོ་བ་ཁོན་འཛིན་འཆབ་པ་དང༌། །འཚིག་པ་ཕྲག་དོག་སེར་སྣ་ དང༌། །གཡོ་སྒྱུ་རྒྱགས་པ་རྣམ་འཚེ་དང༌། །ངོ་ཚ་མེད་དང་ཁྲེལ་མེད་དང༌། །རྨུགས་དང་རྒོད་ དང་མ་དད་དང༌། །ལེ་ལོ་བག་མེད་རྗེད་ངས་དང༌། །ཤེས་བཞིན་མ་ཡིན་རྣམ་གཡེང་སྟེ། །ཉི་ ཤུ་ཉེ་བའི་ཉོན་མོངས་སོ། །གཉིད་དང་འགྱོད་དང་རྟོག་སྤྱོད་དེ། །བཞི་ནི་གཞན་དུ་གྱུར་པའོ། །དེ་ལྟར་སེམས་བྱུང་ལྔ་བཅུ་གཅིག །དམིགས་རྣམ་རྫས་དུས་སྟེན་དང་ལྔས། །སེམས་དང་ སེམས་བྱུང་མཚུངས་ལྡན་ནོ། ། བཞི་པ་སྣང་འཇུག་དང་སེལ་འཇུག་ཏུ་དབྱེ་བ་ལ་མཚན་ཉིད་ནི་རིམ་པ་ལྟར། ཆ་ཤས་སུ་ མ་ཕྱེ་བར་ཡུལ་གསལ་བར་སྣང་བའི་རིག་པ་དང༌། ཡུལ་ལ་ཡུལ་ཅན་འཇུག་པའི་ཚུལ་གང་ ཞིག ཆ་ཤས་སུ་ཕྱེ་ནས་སྒྲ་དོན་ལ་འཇུག་པའོ། །དབྱེ་ན་གཉིས་ཀ་ལ་ཕྱིན་ཅི་ལོག་མ་ལོག་ གཉིས་གཉིས་སོ། །རྟོག་མེད་ཤེས་པ་སྣང་བས་འཇུག །སྒྲ་རྟགས་རྟོག་པ་སེལ་པས་འཇུག །ཅེས་བྱའོ། ། གསུམ་པ་བརྗོད་བྱ་དང་རྗོད་བྱེད་ལ་མཚན་ཉིད་ནི་རིམ་པ་ལྟར། བརྡ་ལས་རང་མིང་གི་ གོ་བྱ་དང༌། བརྗོད་བྱ་བློ་ཡུལ་དུ་སྟོན་བྱེད། ཅེས་པའོ། །དབྱེ་ན། དང་པོ་ལ་དངོས་དང་ཞེན་ 2-1-30 པའི་བརྗོད་བྱ་གཉིས་སོ། ། གཉིས་པ་རྗོད་བྱེད་ལ་ཕྱི་ནང་གི་རྗོད་བྱེད་དམ། དངོས་ཤུགས་ཀྱི་རྗོད་བྱེད་དམ། མིང་ གི་ཚོགས། ཚིག་གི་ཚོགས། ངག་གི་ཚོགས་དང་གསུམ་མོ། །ཕྱི་མ་གསུམ་གྱི་མཚན་ཉིད་ནི་ རིམ་པ་ལྟར། ཡི་གེ་དུ་མ་འདུས་ནས་དོན་གྱི་ངོ་བོ་ཙམ་རྗོད་བྱེད་དང༌། དོན་འགའ་ཞིག་ཁྱད་ པར་དུ་མ་དང་བཅས་ཏེ་རྗོད་བྱེད་དུ་གྲུབ་པ་དང༌། ཁྱད་པར་དུ་མའང་གཞི་དུ་མ་དང་སྦྱར་ཏེ་ རྗོད་བྱེད་དུ་གྲུབ་པའོ། །དབྱེ་ན། དང་པོ་མིང་ལ། དངོས་མིང་བཏགས་མིང་གཉིས་ཏེ། མཚན་ ཉིད་ནི་རིམ་པ་ལྟར། དོན་དེ་ལ་ཐོག་མར་བརྡ་སྦྱར་བའི་སྒོ་ནས་དོན་དེ་དྲང་པོར་གོ་བྱེད་ཀྱི་ མིང་དང་འདྲ་བའམ་འབྲེལ་པའི་དབང་གིས་དོན་དེའི་དངོས་མིང་གི་རྗེས་གྲུབ་ཏུ་སྦྱར་བའི་ མིང་ཞེས་པའོ། ། གཉིས་པ་ཚིག་ལ་དབྱེ་སྒོ་གཉིས་ཏེ། དང་པོ་རིགས་བརྗོད་དང་ཚོགས་བརྗོད་ལ་མཚན་ ཉིད་རིམ་པ་ལྟར། རང་གི་ཞེན་པའི་བརྗོད་བྱ་བྱེ་བྲག་གྲུབ་པ་བརྗོད་པའི་ཚིག་དང༌། རང་ གི་ཞེན་པའི་བརྗོད་བྱ་རྡུལ་རྫས་བརྒྱད་ཚོགས་བརྗོད་པའི་ཚིག་ཅེས་པའོ། །དེ་གཉིས་ལ་མུ་ བཞིར་ཡོད་དོ། ། གཉིས་པ་ཆོས་དང་ཆོས་ཅན་བརྗོད་པའི་ཚིག་གཉིས་ཀྱི་མཚན་ཉིད་ནི་རིམ་པ་ལྟར། རང་གི་བརྗོད་བྱ་ཁྱད་པར་གཞན་སྤོང་གི་ཚིག་དང༌། རང་གི་བརྗོད་བྱར་ཁྱད་པར་གཞན་མི་ སྤོང་བའི་ཚིག་ཅེས་པའོ། །དཔེར་ན། བ་ལང་ཉིད་ཅེས་པ་དང༌། བ་ལང་ཞེས་པ་ལྟ་བུའོ། ། གསུམ་པ་ངག་ལ་སྒྲུབ་ངག་དང་ཐལ་ངག་ལ་སོགས་པ་དུ་མར་ཡོད་དེ། སྔར་གཞན་དོན་ རྗེས་དཔག་ཏུ་བསྟན་ཟིན་ཏོ། ། བཞི་པ་དགག་པ་དང་སྒྲུབ་པ་ལ་མཚན་ཉིད་ནི་རིམ་པ་ལྟར། བློས་རྣམ་བཅད་དུ་གྲུབ་པ་ དང་ཡོངས་གཅོད་དུ་གྲུབ་པ་ཞེས་པའོ། །དབྱེ་ན། དང་པོ་ལ་མེད་དགག་དང་མ་ཡིན་དགག་ 2-1-31 གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་མ་བསྒྲུབ་པར་ རྣམ་བཅད་ཙམ་དུ་གྲུབ་པ་དང༌། དགག་བྱ་བཀག་ཤུལ་དུ་སྒྲུབ་ཆོས་སུ་བསྟན་བྱ་ཡིན་པའོ། ། གཉིས་པ་སྒྲུབ་པ་ལ་དངོས་པོར་ཡོད་པའི་སྒྲུབ་པ་དང་དངོས་པོར་མེད་པའི་སྒྲུབ་པ་ གཉིས་སོ། ། ལྔ་པ་འགལ་བ་དང་འབྲེལ་བ་ལ། མཚན་ཉིད་ནི་རིམ་པ་ལྟར། མི་མཐུན་པར་གནས་ པ་དང༌། ཕན་ཚུན་ཐ་དད་ཅིང་དེ་བཀག་ནས་དེ་ཁེགས་པའོ། །དབྱེ་ན། དང་པོ་ལ་ཕན་ཚུན་ སྤངས་འགལ་དང་ལྷན་ཅིག་མི་གནས་འགལ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། རྒྱུན་ གཅད་བྱ་གཅོད་བྱེད་མིན་བཞིན་དུ་མཚན་ཉིད་མི་མཐུན་ཙམ་གྱི་འགལ་བར་གྲུབ་པ་དང༌། རྒྱུན་གཅད་བྱ་གཅོད་བྱེད་དུ་གྱུར་པའི་སྒོ་ནས་མི་མཐུན་པར་གནས་པའོ། །དབྱེ་ན་དང་པོ་ལ་ བྱས་མ་བྱས་ལྟ་བུ། དངོས་འགལ་དང་བུམ་པ་དང༌། མ་བྱས་པ་ལྟ་བུ་བརྒྱུད་འགལ་གཉིས་ སོ། ། གཉིས་པ་ལ་ཡང་ཚ་གྲང་ལྟ་བུ་དངོས་འགལ་དང༌། དུ་བ་དྲག་འཕྱུར་བ་དང་གྲང་རེག་ ལྟ་བུ་རྒྱུད་འགལ་དུ་དབྱེར་རུང་ཞིང༌། སྣང་མིན་ལྟ་བུ་བེམ་པོར་གྱུར་པ་དང༌། ངེས་ཤེས་དང་ སྒྲོ་འདོགས་ལྟ་བུ་ཤེས་པར་གྱུར་པའི་དང༌། བྱ་རོག་དང་འུག་པ་ལྟ་བུ་སྲོག་ཆགས་སུ་གྱུར་ པའི་ལྷན་ཅིག་མི་གནས་འགལ་གསུམ་མམ་མུན་པ་ལ་སྣང་བ་ལྟ་བུ་ནུས་པ་ཉམས་པར་བྱེད་ པའི་དང༌། སྣང་བ་ལ་མུན་པ་ལྟ་བུ་ནུས་པ་མི་འཇོམས་ཀྱང་སྐབས་མི་འབྱེད་པའི་ལྷན་ཅིག་ མི་གནས་གསུམ་མོ། །ཡང་ན་ཚད་མས་གནོད་འགལ་དང་འགལ་བ་གསུམ་དུ་འགྱུར་ཞིང༌། རྟག་མི་རྟག་ལྟ་བུ་ཚད་མས་གནོད་པ་དངོས་དང༌། བྱས་པ་དང་རྟག་པ་ལྟ་བུ་ཚད་མས་གནོད་ པའི་སྟོབས་ཀྱིས་འགལ་བ་སྟེ་རྒྱུད་འགལ་ལོ་ཞེས་བྱ་བ་ནི་མཁས་པ་ཉ་ཡི་བཞེད་པ་སྟེ། གཞུང་ལུགས་ཀྱི་གནད་ཀྱི་དོན་ཡིན་ནོ། ། 2-1-32 གཉིས་པ་འབྲེལ་པ་ལ། བདག་གཅིག་འབྲེལ་པ་དང་དེ་བྱུང་འབྲེལ་པ་སྟེ་དེ་དང་རྫས་ཐ་ དད་མ་ཡིན་ཞིང་དེ་ཡི་ཁྱབ་བྱ་ཡིན་པ་དང༌། དེ་དང་རྫས་ཐ་དད་ཅིང་དེ་ཡི་ཁྱབ་བྱ་ཡིན་པའོ། །དབྱེ་ན། དང་པོ་ལ་དངོས་པོའི་དབང་གིས་དང༌། བརྡ་དབང་གིས་བདག་གཅིག་འབྲེལ་པ་ གཉིས་ཏེ། བྱས་མི་རྟག་དང་གྲགས་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ལྟ་བུའོ། ། གཉིས་པ་དེ་བྱུང་འབྲེལ་པ་ལ་དངོས་པོའི་དབང་གིས་དང༌། ཁས་བླངས་ཀྱི་དབང་གིས་ དེ་བྱུང་འབྲེལ་པ་གཉིས་ཏེ། མེ་དུ་དང་ཡིད་ཆེས་འབྲས་རྟགས་ཀྱི་རྟགས་ཆོས་ཀྱི་འབྲེལ་པ་ལྟ་ བུའོ། །དང་པོ་ལ་ཡང་རྒྱུ་འབྲས་མཚན་ཉིད་པ་དང༌། རྒྱུ་ཚོགས་གཅིག་པའི་དེ་བྱུང་འབྲེལ་པ་ གཉིས་སོ། ། དྲུག་པ་གཅིག་དང་ཐ་དད་ལ། མཚན་ཉིད་ནི་རིམ་པ་ལྟར། ཆོས་གང་མིང་གཅིག་ལ་ བརྟེན་ནས། དོན་སྤྱི་གཅིག་ཏུ་འཆར་དུ་རུང་བ་དང༌། མིང་སོ་སོ་ལ་བརྟེན་ནས་དོན་སྤྱི་སོ་ སོར་འཆར་དུ་རུང་བའོ། །དབྱེ་ན་དང་པོ་ལ་རྫས་གཅིག་པ་དང་ལྡོག་པ་གཅིག་པ་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ངོ་བོ་གཅིག་ཏུ་སྐྱེས་པ་དང༌། ལོག་པ་གཅིག་པའི་ཚུལ་གྱིས་རྣམ་ དཔྱོད་སོ་སོ་མ་ཡིན་པར་གྲུབ་པའོ། ། གཉིས་པ་ལ་རྫས་ཐ་དད་དང་ལྡོག་པ་ཐ་དད་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ངོ་བོ་ཐ་དད་དུ་སྐྱེས་པ་དང༌། ལོག་པ་ཐ་དད་པའི་ཚུལ་གྱིས་རྣམ་གཅོད་སོ་སོར་གྲུབ་པའོ། །བདུན་པ་རྫས་ཆོས་དང་ལྡོག་ཆོས་ལ་མཚན་ཉིད་ནི་རིམ་པ་ལྟར། གཞི་གྲུབ་ཁྱོད་ཁྱོད་རང་ ཡིན་ཁྱོད་མིན་ཁྱོད་མ་ཡིན་པ་དང༌། གཞི་གྲུབ་ཁྱོད་ཁྱོད་མ་ཡིན་པའམ་ཁྱོད་མ་ཡིན་ཁྱོད་ཡིན་ དུ་གྲུབ་པ་གང་རུང་ཡིན་པའོ། །དབྱེ་ན་དང་པོ་ལ་དངོས་ཀྱི་འགལ་ཟླ་སྲི ད་པ་དང་མི་སྲི ད་ པའི་རྫས་ཆོས་གཉིས་སོ། ། གཉིས་པ་ལ་རང་ཉིད་ཡིན་པ་དང་མིན་པའི་ལྡོག་ཆོས་གཉིས་སོ། །བརྒྱད་པ་མཚན་ 2-1-33 ཉིད་དང་མཚོན་བྱ་ལ། མཚན་ཉིད་ནི་རིམ་པ་ལྟར། རྣམ་འཇོག་ཆོས་གསུམ་ཚང་བ་དང་རྣམ་ བཞག་ཆོས་གསུམ་ཆོས་གསུམ་ཚང་བའོ། །མཚན་ཉིད་མ་ཡིན་པ་དང་མཚོན་བྱ་མ་ཡིན་ པ་ལའང༌། མཚན་ཉིད་རིམ་པ་ལྟར། རྣམ་འཇོག་ཆོས་གསུམ་མ་ཚང་དང་རྣམ་བཞག་ཆོས་ གསུམ་མ་ཚང་བ་ཞེས་པའོ། །རྣམ་འཇོག་ཆོས་གསུམ་ནི། སྤྱིར་མཚན་ཉིད་ཡིན་པ་རང་གི་ མཚོན་བྱ་མིན་པའི་མཚན་ཉིད་མིན་པ་རང་གི་མཚན་གཞི་ལ་གྲུབ་པའོ། །རྣམ་བཞག་ཆོས་ གསུམ་ནི། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་ཉིད་ལས་གཞན་པའི་མཚོན་བྱ་མིན་པ་རང་ གི་མཚན་གཞི་ལས་གྲུབ་པའོ། །མཚན་གཞིའི་མཚན་ཉིད་ནི། རང་གི་མཚན་མཚོན་སྐྱོན་མེད་ ཟུང་གཅིག་གི་རྟེན་བྱེད་པའོ། །དགུ་པ་རྫས་དང་ལྡོག་པའི་མཚན་ཉིད་ནི་རིམ་པ་ལྟར། ངོ་ བོ་སྐྱེས་པ་དང་རང་མ་ཡིན་ལས་ལོག་པར་གནས་པའོ། །དེ་དང་གཞན་སེལ་དོན་གཅིག་གོ །དབྱེ་ན། དང་པོ་རྫས་ལ་རྫས་གཅིག་དང་ཐ་དད་གཉིས་སོ། ། གཉིས་པ་ལྡོག་པའམ་གཞན་སེལ་ལ་ཤིང་རང་མཚན་ལྟ་བུ་དོན་གྱི་གཞན་སེལ། ཤིང་ འཛིན་རྟོག་པ་ལ་སྣང་བའི་ཤིང་གི་རྣམ་པ་ཕྱི་རོལ་ཤིང་དུ་སྒྲོ་བཏགས་ཆ་ལྟ་བུ་བློ་ལ་སྣང་བའི་ གཞན་སེལ། ཤིང་མིན་ལས་ལོག་པ་ལྟ་བུ་ལྡོག་པ་མེད་དགག་གི་གཞན་སེལ་དང་གསུམ་མོ། །བཅུ་པ་རང་མཚན་དང་སྤྱི་མཚན་ལ་མཚན་ཉིད་རིམ་པ་ལྟར། དོན་དམ་པར་དོན་བྱེད་ནུས་ པ་དང༌། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཞེས་པའོ། །དབྱེ་ན་དང་པོ་ལ་བེམ་པོ་དང་ ཤེས་པ་རང་མཚན་གཉིས་སོ། ། གཉིས་པ་ལ་དངོས་པོ་ཡིན་མིན་གྱི་དབང་གིས་གཉིས་སམ། སྤྱི་ཡིན་མིན་གྱི་དབང་གིས་ སྤྱི་མཚན་གཉིས་སོ། །སྤྱི་དང་སྤྱི་མཚན་ལ་ཁྱད་པར་ཡོད་པར་ཟད་དེ། ཤིང་གི་དོན་སྤྱི་ལྟ་བུ་ ཤིང་གི་སྤྱི་ཡིན་ཡང་ཤིང་གི་སྤྱི་མཚན་མིན་པ་དང༌། ཤིང་གི་མཚན་ཉིད་ལྟ་བུ་སྤྱི་མཚན་ཡིན་ ཡང་སྤྱི་མིན་པ་ཡོད་པས་སོ། ། 2-1-34 བཅུ་གཅིག་པ་སྤྱི་དང་བྱེ་བྲག་ལ་མཚན་ཉིད་རིམ་པ་ལྟར། རང་གི་བསལ་པ་ལ་ཐུན་མོང་ དུ་རྗེས་འགྲོ་བྱེད་པ་དང༌། རིགས་ལྡན་གང་ཞིག་ལྡོག་པ་གཉིས་ཀྱིས་ཟིན་པའོ། །དབྱེ་ན། དང་པོ་ལ། དངོས་དང་དངོས་མེད་གཉིས་ཀ་ལ། བརྟེན་ཕྱིར་སྤྱི་དེའང་རྣམ་པ་གསུམ། །ཞེས་ པ་ལྟར་གསུམ་མམ། ཡང་ན་ཤིང་མིན་ལས་ལྡོག་པ་ལྟ་བུ་རིགས་སྤྱི་དང༌། ཤིང་འཛིན་རྟོག་ པ་ལ་སྣང་བའི་ཤིང་གི་རྟོག་པ་ཕྱི་རོལ་ཤིང་དུ་སྒྲོ་བཏགས་ཆ་ལྟ་བུ་སྤྱི་དང་ཤིང་གི་རྡུལ་དུ་མ་ བསགས་པའི་ཤིང་ལྟ་བུ་ཚོགས་སྤྱི་དང༌། བ་ལང་བ་མེན་གང་རུང་དུ་ཐེ་ཚོམ་ཟ་བའི་གཞི་ལྟ་ བུ་ཐེ་ཚོམ་རྣམ་བཏགས་ཀྱི་སྤྱི་དང༌། ཨུད་པ་ལ་ཡང་མིན་སྔོན་པོ་ཡང་ཡིན་པའི་ཆ་ལྟ་བུ་བསྡུ་ བའི་སྤྱི་སྟེ་ལྔའོ། ། གཉིས་པ་བྱེ་བྲག་ལ་དབྱེ་ན། དངོས་པོ་དང་དངོས་མེད་ཀྱི་དབང་གིས་གཉིས་སོ། །བསལ་པ་དང་བྱེ་བྲག་དོན་ལ་ཁྱད་པར་ལ་བྱེ་བྲག་མིན་པ་ཡོད་པ་རིག་པར་བྱའོ། ། བཅུ་གཉིས་པ་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་ལ་མཚན་ཉིད་ནི་རིམ་པ་ལྟར། རང་བཞིན་སྤྲོས་བྲལ་གང་ཞིག་ཡོངས་བརྗོད་དུ་ཤེས་བརྗོད་གཞལ་བྱ་ལས་འདས་པ་དང༌། རྟེན་འབྲེལ་སྣ་ཚོགས་སུ་སྣང་བའོ། ། བཅུ་གསུམ་པ་མཚན་ཉིད་གསུམ་ནི། ཀུན་བཏགས། གཞན་དབང༌། ཡོངས་གྲུབ་སྟེ། མཚན་ཉིད་རིམ་པ་ལྟར། དོན་ལ་མེད་བཞིན་དུ་རྟོག་པས་སྒྲོ་བཏགས་པའི་རྟགས་[བརྟགས] ཆ་དང༌། རྒྱུ་རྐྱེན་ལས་བརྟེན་ནས་གཟུང་འཛིན་དུ་སྣང་བའི་རྟེན་འབྲེལ་དང༌། མི་རྟོག་ཡེ་ཤེས་ ཀྱི་ཡུལ་དུ་གྲུབ་པའི་དོན་དམ་ཞེས་པའོ། །དབྱེ་ན། ཀུན་བཏགས་ལ་མཚན་ཉིད་ཡོངས་སུ་ ཆད་པའི་དང༌། རྣམ་གྲངས་པའི་ཀུན་བཏགས་གཉིས་སོ། །གཞན་དབང་ལ་དག་པ་དང་མ་ དག་པ་གཞན་དབང་གཉིས་སོ། །དག་པ་གཞན་དབང་ནི་གཟུང་འཛིན་དུ་སྣང་བའི་འཕགས་ པའི་ལམ་རྣམས་སོ། ། 2-1-35 ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་འཕགས་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམས་སོ། ། བཅུ་བཞི་པ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་མཚན་ཉིད་ནི་རིམ་པ་ལྟར། ལུང་དུ་ བསྟན་པའི་ཆོས་གང་ཞིག དམ་པ་རྣམས་ཀྱིས་བསྔགས་པར་འོས་པ་དང༌། གང་ཞིག་དམ་ པ་རྣམས་ཀྱིས་སྨད་པར་འོས་པ་དང༌། དགེ་མི་དགེ་གང་ཡང་མིན་པའི་ཆོས་ཞེས་པའོ། ། བཅྭ་ལྔ་པ་བདེན་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་གྱི་བདེན་པ་ སྟེ་བཞི་ཡི་མཚན་ཉིད་ནི་རིམ་པ་ལྟར། ཉོན་མོངས་པའི་ཟག་བཅས་འབྲས་བསྡུས་དང༌། ཉོན་ མོངས་པའི་ཟག་བཅས་རྒྱུས་བསྡུས་དང༌། ལམ་བདེན་གྱི་བྲལ་འབྲས་འདུས་མ་བྱས་དང༌། ཉོན་མོངས་པའི་ཟག་མེད་འདུས་བྱས་ཞེས་པའོ། ། བཅུ་དྲུག་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཚན་ཉིད་ནི་རིམ་པ་ལྟར། དུ་མ་ སྤུངས་པའི་དངོས་པོ་དང༌། རིགས་ཀྱི་དོན་བྱེད་པ། རྣམ་ཤེས་སྐྱེ་བའི་སྒོར་གྱུར་པ་ཞེས་པའོ། །དབྱེ་ན་དང་པོ་ཕུང་པོ་ནི་ལྔ་སྟེ། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་དང༌། འདུ་ཤེས་ཀྱི་དང༌། འདུ་བྱེད་ཀྱི་དང༌། རྣམ་པར་ཤེས་པའི་ཕུང་པོ་དང་སྟེ་ལྔའོ། །མཚན་ཉིད་ནི་རིམ་པ་ལྟར། དུ་ མ་སྤུངས་པ་གང་ཞིག འབྱུང་པ་བཞིའམ་འབྱུང་བཞི་རྒྱུར་བྱས་པའི་བེམ་དངོས་དང༌། གང་ ཞིག་རང་ཡུལ་ཉམས་སུ་མྱོང་བའི་སེམས་བྱུང་དང༌། གང་ཞིག་ཡུལ་ལ་མཚན་མར་འཛིན་ པའི་སེམས་བྱུང་དང༌། གང་ཞིག་གཟུགས་སེམས་ཚོར་འདུ་བཞི་ལས་གཞན་དུ་གྱུར་པའི་ འདུས་བྱས་དང༌། གང་ཞིག་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ཞེས་པའོ། །དབྱེ་ན་དང་པོ་ ལ་དབང་པོ་ལྔ་དང་དོན་ལྔ་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་བཅུ་གཅིག་གོ། གཉིས་པ་ལ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མོ། །གསུམ་པ་ཆུང་ངུ་དང་རྒྱ་ཆེན་ པོར་གྱུར་པ་དང་ཚད་མེད་པ་གསུམ་མོ། །བཞི་པ་ལ་ལྡན་པའི་འདུ་བྱེད་རྣམས་དང༌། ལྡན་པ་ 2-1-36 མིན་པའི་འདུ་བྱེད་གཉིས་སོ། །ལྔ་པ་རྣམ་ཤེས་ཚོགས་དྲུག་གམ་བརྒྱད་དེ་སྔ་མ་བཞིན་ནོ། ། གཉིས་པ་ཁམས་ལ་དབྱེ་ན། གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་ཡུལ་དྲུག་ དང༌། མིག་གི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་དབང་པོ་དྲུག་དང༌། མིག་གི་རྣམ་པར་ཤེས་ པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་རྣམ་པར་ཤེས་པ་སྟེ་ཁམས་བཅྭ་ བརྒྱད་དོ། ། གསུམ་པ་སྐྱེ་མཆེད་ལ་གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ཕྱིའི་སྐྱེ་ མཆེད་དྲུག་དང༌། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་ནང་གི་སྐྱེ་མཆེད་དྲུག་སྟེ་ སྐྱེ་མཆེད་བཅུ་གཉིས་སོ། །དེ་དག་ནི་མདོར་བསྡུས་ཏེ་རྒྱས་པར་ནི་ཆོས་མངོན་པ་ལ་སོགས་ པ་ལས་ཤེས་པར་བྱའོ།། །། ༈ ཚུལ་འདི་ཕྱོགས་གླང་གྲགས་པའི་ལེགས་བཤད་ཀྱི། །བདུད་རྩི་འཐུངས་པས་བློ་གྲོས་ ལུས་རྒྱས་པ། །ཇོ་གདན་དཀའ་བཞི་འཛིན་པ་གཉག་ཕུ་པས། །ལེགས་སྦྱར་དགེ་བས་ཀུན་ མཁྱེན་མྱུར་ཐོབ་ཤོག །གཏན་ཚིགས་རིགས་པའི་དོན་བསྡུས་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་ བ་འདི་ནི། མཁས་པའི་དབང་པོ་དགེ་དགོངས་པ་ཡེ་ཤེས་སེང་གེ་དང༌། ཉ་དབོན་པོ་ཀུན་ དགའ་དཔལ་གྱི་སྐུ་དྲིན་ལས་བརྟེན་ནས་ལུང་དང་རིགས་པའི་དེ་ཁོ་ན་ཉིད་རིག་པ་དཀའ་ བཞི་པ་བསོད་ནམས་བཟང་པོས་དཔལ་ཟུར་ཁང་གི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་ བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། མཛོད་ལས། མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་༡མ་ཐོབ་༢སྐལ་མཉམ་དང་༣། །འདུ་ཤེས་མེད་དང་༤སྙོམས་འཇུག་དག༥༦ །སྲོག་དང་༧མཚན་ཉིད་རྣམས་༨༩༠༠༡དང་ནི། །མིང་གི་ཚོགས་༠༢༠༣༠༤ལ་སོགས་པ་ཡང༌། །ཞེས་བཅུ་བཞི་དང༌། ཡང་ཞེས་པ་དེ་དག་ ལས་གཞན་ཡང་ཡོད་པར་སྟོན་པའོ། །ཐོབ་༡པ་སྙེད་དང་ལྡན་པའོ་ཞེས་དང༌། མ་ཐོབ་ཐོབ་ 2-1-37 བསྒྲིབས་ལུང་མ་བསྟན། །འདས་མ་སྐྱེས་ཀྱི་དེ་རྣམས་གསུམ། །འདོད་སོགས་རྟོག་དང་དྲི་ མེད་ཀྱིའང༌། །ལམ་མ་ཐོབ་༢པ་སོ་སོ་ཡི། །སྐྱེ་བར་འདོད་དོ་ཞེས་དང༌། སྐལ་༣མཉམ་སེམས་ ཅན་འདྲ་བའོ། །ཞེས་དང༌། འདུ་ཤེས་མེད་པ་༤པ་འདུ་ཤེས། །མེད་པར་སེམས་དང་སེམས་ བྱུང་རྣམས། །འགོག་པའོ་ཞེས་དང༌། དེ་བཞིན་འདུ་ཤེས་༥མེད་སྙོམས་འཇུག །བསམ་གཏན་ ཐ་མར་འབྱུང་འདོད་པས། །དགེ་བའོ་སྐྱེས་ནས་མྱོང་འགྱུར་ཉིད། །འཕགས་པའི་མ་ཡིན་དུས་ ཅིག་ཐོབ། །ཅེས་དང༌། འགོག་༦པ་ཞེས་བྱ་དེ་བཞིན་ཉིད། །འདི་གནས་དོན་དུ་སྲི ད་རྩེ་སྐྱེས། །དགེ་བའོ་ཞེས་པ་ནས། གཉིས་ཀ་འདོད་དང་གཟུགས་རྟེན་ཅན། །འགོག་པ་དང་པོ་མི་ནང་ དུ། །ཞེས་དང༌། སྲོག་༧ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་དང༌། མཚན་ཉིད་དག་ནི་སྐྱེ་༨བ་དང༌། །རྒ་༩དང་གནས་༠དང་མི་དྲག་༠༡ཉིད། །ཅེས་དང༌། མིང་གི་ ཚོགས་ལ་སོགས་པ་ནི། མིང་དང་༠༢ཚིག་དང་༠༣ཡི་གེའི་༠༤ཚོགས། །ཞེས་སོ། ། མ་ཡིག་འབྲས་སྤུངས་དཔེ་རྙིང། ཕྱི་ཞ་༡༩ 2-1-38 ༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་བཞག་གི་ བསྡུས་དོན་རིན་ཆེན་ཕྲེང་བ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ན་མཿསརྦ་བུད་དྷ་བོ་དྷི་སཏྭ་བྷྱཿ བཅོམ་ལྡན་འདས་མ་མོས་པ་ལ་བྱམས་མ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཚོགས་གཉིས་ཆུ་གཏེར་ལས་ འོངས་ཤིང༌། །ཡེ་ཤེས་བདུད་རྩིའི་བདག་ཉིད་ཅན། །ཐར་འདོད་ཀུ་མུ་ཏ་ཡི་གཉེན། །ཐུབ་ དབང་ཟླ་བ་ལ་བཏུད་ནས། །འདིར་ནི་བློ་གསལ་དང་པོ་པའི། །ལས་ཅན་རྣམས་ལ་ཕན་པའི་ ཕྱིར། །མ་ནོར་མཁས་པའི་གཞུང་བཞིན་དུ། །བདག་གིས་ལེགས་པར་བཤད་པར་བྱ། ། འདིར་གཞུང་ལུགས་ཀྱི་དོན་རྟོགས་པར་འདོད་པའི་བློ་གསལ། ལས་དང་པོ་པ་རྣམས་ ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་བཞག་པའི་དོན་གྱི་ངོ་བོ་ངོས་ གཟུང་བར་བྱ་སྟེ། (མདོ་སྡེ་རྒྱན་)དེའང་ཤེར་ཕྱིན་གྱི་(ཤེས་རབ་ཕ་རོལ་ཕྱིན་པ་ནི་)མཚན་ཉིད་ཆོས་ རབ་ཏུ་(མདོ་སྡེ་རྒྱན་)རྣམ་འབྱེད་ཆོས་བཞི་ལྡན། དབྱེ་ན་གསུམ། ས་མཚམས་ཐེག་ཆེན་འཕགས་ པ་རྣམས་ཀྱི་རྒྱུད་ལ་ཡོད་དོ། །འབྲས་བུ་ཤེར་ཕྱིན་གྱི་མཚན་ཉིད་ཆོས་རབ་ཏུ་རྣམ་འབྱེད་གང་ ཞིག་སྲི ད་ཞིའི་ཕ་རོལ་ཏུ་སོན་པ་མཐར་ཐུག་པ། དབྱེ་ན་ཇི་ལྟ་ཇི་སྙེད་པ་མཁྱེན་པའི་ཤེར་ཕྱིན་ གཉིས་སོ། །ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནའོ། །དེ་ཡང་མངོན་པར་རྟོགས་པ་(དངོས་པོ་ བརྒྱད་ཀྱིས་ཡང་དག་བཤད་)བརྒྱད་ཀྱིས་བཤད་ལ། བརྒྱད་གང་ཞེ་ན། མཁྱེན་གསུམ། སྦྱོར་བཞི། ཆོས་སྐུའོ། །དེ་ལ་མཁྱེན་གསུམ་གྱི་ནང་ནས། རྣམ་མཁྱེན་དངོས་ཀྱི་མཚན་ཉིད། རྣམ་པ་ 2-1-39 བདེན་པའི་རང་བཞིན་མེད་པར་མངོན་སུམ་གྱིས་རྟོགས་ཤིང་དོན་གཉིས་མཐར་ཐུག དབྱེ་ ན་ཇི་ལྟ་ཇི་སྙེད་མཁྱེན་པ་གཉིས་སོ། །ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནའོ། །(ལམ་ཤེས་ཉིད་) ལམ་ཤེས་དངོས་ཀྱི་མཚན་ཉིད། ལམ་གསུམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་ ཤེས་ཤིང་སྨིན་རྫོགས་མ་སྦྱངས་པར་ཡང་དག་པའི་མཐའ་མཐར་ཐུག་མངོན་དུ་མི་བྱེད་པར་ གཞན་དོན་བྱེད་པའི་སློབ་ལམ། དབྱེ་ན་ཇི་ལྟ་ཇི་སྙེད་མཁྱེན་པ་གཉིས། ས་མཚམས་བྱང་ སེམས་འཕགས་པའི་རྒྱུད་ན་ཡོད། གཞི་ཤེས་དངོས་ཀྱི་མཚན་ཉིད(དེ་ནས་ཐམས་ཅད་ཤེས་པ་ཉིད)། གཞི་བདག་མེད་པར་མངོན་སུམ་གྱིས་རྟོགས་ཤིང་སྤངས་རྟོགས་ཉི་ཚེ་བར་གྱུར་པའི་རྟོགས་ པ། དབྱེ་ན། ཉན་རང་གི་གཉིས་སོ། །ས་མཚམས་ཉན་རང་འཕགས་པ་ཁོ་ན་ལའོ། །སྦྱོར་ བ་བཞིའི་རྣམ་རྫོགས་སྦྱོར་བའི་མཚན་ཉིད(རྣམ་ཀུན་མངོན་རྫོགས་རྟོགས་པ་དང་)། མཁྱེན་གསུམ་ བསྡུས་སྒོམ་གང་ཞིག་དབང་དུ་བྱ་བའི་ཕྱིར་སྒོམ་པའི་སློབ་ལམ། དབྱེ་ན་སློབ་ལམ་༤༢སྦྱོར་ བ་ཉི་ཤུ། ས་མཚམས་ཚོགས་ལམ་ནས་ས་བཅུ་རྒྱུན་མཐའི་བར་ནའོ། །རྩེ་སྦྱོར་(རྩེ་མོར་ཕྱིན་དང་ )གྱི་མཚན་ཉིད། མཁྱེན་གསུམ་བསྡུས་སྒོམ་རབ་གྱུར་གྱི་སློབ་ལམ། དབྱེ་ན་རྩེ་མོ་བདུན། ས་ མཚམས་དྲོད་ནས་རྒྱུན་མཐའི་བར་ནའོ། །མཐར་གྱིས་པ(མཐར་གྱིས་པ)འི་མཚན་ཉིད། མཁྱེན་ གསུམ་བསྡུས་ནས་རིམ་གྱིས་སྒོམ་པའི་སློབ་ལམ། དབྱེ་ན་བཅུ་གསུམ། ས་མཚམས་ཚོགས་ ལམ་ནས་རྒྱུན་མཐའི་སྔ་ལོགས་ཚུན་ཆད་ནའོ། །(སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ་)སྐད་ཅིག་ སྦྱོར་གྱི་མཚན་ཉིད། མཁྱེན་གསུམ་བསྡུས་ནས་སྒོམ་པའི་སློབ་ལམ་མཐར་ཐུག དབྱེ་ན་ བཞི། ས་མཚམས་རྒྱུན་མཐའ་ནའོ། །འབྲས་བུ་(ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད་)ཆོས་སྐུའི་མཚན་ ཉིད་སྦྱོར་བ་བཞི། བསྒོམས་པའི་འབྲས་བུ་མཐར་ཐུག་ཟག་མེད་ཆོས་ཀྱི་ཡན་ལག་དང་ལྡན་ པ། ས་མཚམས་སངས་རྒྱས་ཁོ་ན་ལའོ། །རྣམ་མཁྱེན་ལའང་མཚོན་པའི་ཆོས་བཅུ་ལས། དང་པོ་ཐེག་ཆེན་སེམས་བསྐྱེད་ཀྱི་(སེམས་བསྐྱེད་པ་དང་)མཚན་ཉིད། གཞན་དོན་དུ་རྫོགས་པའི་ 2-1-40 བྱང་ཆུབ་ཐོབ་པར་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན། དབྱེ་ན་སྨོན་འཇུག་ གཉིས་སམ་ཉེར་གཉིས། ས་མཚམས་ཚོགས་ལམ་ནས་སངས་རྒྱས་སའི་བར་ནའོ། །སྨོན་ པ་སེམས་བསྐྱེད་ཀྱི་མཚན་ཉིད། གང་ཞིག་ལམ་དུ་འགྲོ་འདོད་ལྟར་བླ་མེད་བྱང་ཆུབ་ཐོབ་ འདོད་དང་མཚུངས་ལྡན་གྱི་སེམས་འཇུག་སེམས་ཀྱི་མཚན་ཉིད། གང་ཞིག་འགྲོ་བཞིན་པ་ ལྟར་སྒྲུབ་པ་ཉམས་སུ་ལེན་པའི་སེམས་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་སོ། །ཡང་ དག་པར་བླངས་པ་བརྡ་ལས་བྱུང་པའི་བྱང་སེམས་སྡོམ་པའི་མཚན་ཉིད། བྱང་སེམས་ཀྱི་སྤང་ བྱ་བཞི་དང་བཅས་པ་སྤོང་བའི་སེམས་དཔའ། དབང་རྒྱུན་ཆགས་པ་རྣམ་པར་རིག་བྱེད་ལས་ ཐོབ་པ། དབྱེ་ན་གསུམ། ས་མཚམས་འཇུག་སེམས་གང་ཡོད་ནའོ། །སྐབས་འདིའི་ཐེག་ཆེན་ གདམ་ངག་གི་མཚན་ཉིད། (གདམ་ངག་)ཐེག་ཆེན་སེམས་བསྐྱེད་ཀྱིས་དོན་དུ་གཉེར་བྱའི་དོན་ རྟོགས་ཤིང་ཐོབ་པར་བྱེད་པའི་ཐབས་སངས་རྒྱས་ཀྱིས་དངོས་སུ་འདོམས་པའི་ངག དབྱེ་ ན་བཅུའམ་གཉིས་ལས་གདམས་པ་ནི། གང་ཞིག་ཐོབ་ཟིན་གྱི་ཡོན་ཏན་མི་ཉམས་པའི་དོན་ དུ་འདོམས་པ། རྗེས་བསྟན་ནི། མ་ཐོབ་པའི་ཡོན་ཏན་ཐོབ་པའི་ཕྱིར་དུ་འདོམས་པ། ས་ མཚམས་ཚོགས་ལམ་ཆེན་པོ་ཡན་ཆད་ནའོ། ། དེའི་རྒྱུ་ཆོས་རྒྱུན་ཏིང་ངེ་འཛིན་གྱི་མཚན་ཉིད། བརྟགས་པའི་དངོས་པོ་ལ་སེམས་རྩེ་ གཅིག་པ། ཆོས་འཛིན་པའི་དྲན་པ་དང་མཚུངས་ལྡན། ས་མཚམས་ཚོགས་ལམ་ཆེན་པོ་ཡན་ ཆད་ནའོ། །གདམས་ཡུལ་སྡུག་བདེན་ནི། ཉོན་མོངས་པའི་ཟག་བཅས་གང་ཞིག་རང་རྒྱུད་ ཀུན་འབྱུང་གི་འབྲས་བུ་ཀུན་འབྱུང་ནི་ཉོན་མོངས་པའི་ཟག་བཅས་རྒྱུས་བསྡུས་པ་འགོག་ བདེན་ནི། ལམ་བདེན་གྱི་བྲལ་འབྲས་འདུས་མ་བྱས་ལམ་བདེན་ནི། ཉོན་མོངས་པའི་ཟག་ མེད་འདུས་བྱས་སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ནི། སྐྱབས་གནས་གང་ཞིག དོན་ གཉིས་མཐར་ཕྱིན་པ་ཆོས་དཀོན་མཆོག་ནི་གང་ཞིག་འགོག་ལམ་གང་རུང་གིས་བསྡུས་པ་ 2-1-41 སྐབས་འདིའི་དགེ་འདུན་དཀོན་མཆོག་ནི་གང་ཞིག་བྱང་སེམས་འཕགས་པ། སྤྱིར་ནི་གང་ ཞིག་རིགས་གྲོལ་གཉིས་དང་ལྡན་པའི་སྐྱེས་བུ་སྤྱན་གྱི་མཚན་ཉིད། བདག་རྐྱེན་རྫུ་འཕྲུལ་ རྐང་པ་ལ་བརྟེན་ནས་ཡུལ་མཐོང་པའི་མིག དབྱེ་ན་ལྔ། ས་མཚམས་ཚོགས་ལམ་ཆེན་པོ་ ནས་ཅི་རིགས་པར་ཡོད་དོ། །མངོན་ཤེས་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ ཡུལ་མངོན་སུམ་དུ་གྱུར་པའི་རིག་པ། དབྱེ་ན་དྲུག ས་མཚམས་ལམ་དུ་ཞུགས་པའི་བསམ་ གཏན་གྱི་དངོས་གཞི་ཐོབ་པ་ཡན་ཆད་བསམ་གཏན་གྱི་དངོས་གཞི་རྒྱུད་ལ་ཡོད་པ་ཀུན་ལ་ དང་པོ་ལྔ་ཡོད་ཅིང༌། དྲུག་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་ཉན་ཐོས་དང༌། རང་རྒྱལ་དགྲ་ བཅོམ་དང༌། ཐེག་ཆེན་གྱི་ས་བརྒྱད་པ་ཡན་ཆད་ནའོ། །མཐོང་སྒོམ་གཉིས་ནི་འོག་ཏུ་སྟོན་ནོ། །ངེས་འབྱེད་ཡན་ལག་གི་མཚན་ཉིད། (ངེས་འབྱེད་ཡན་ལག་རྣམ་བཞི་དང་)ཐར་པ་ཆ་མཐུན་གྱི་རྗེས་ ཀྱི་སོ་སྐྱེས་སྒོམ་བྱུང་གི་རྟོགས་པ་གང་ཞིག་བདེན་པ་མངོན་སུམ་དུ་རྟོགས་པ་དང་རྗེས་སུ་ མཐུན་པ། དབྱེ་ན་བཞི། ས་མཚམས་ཐེག་པ་གསུམ་གྱི་སྦྱོར་ལམ་པ་ཀུན་ལ་ཡོད་དོ། །ཐེག་ ཆེན་ངེས་འབྱེད་ཆ་མཐུན་ནི། གང་ཞིག་བདེན་བཞིའི་ཆོས་ཉིད་མངོན་སུམ་གྱིས་རྟོགས་པ་ དང་རྗེས་སུ་མཐུན་པའོ། །དེའི་ཁྱད་ཆོས་ཀུན་ནས་ཉོན་མོངས་གཟུང་རྟོག་གི་མཚན་ཉིད། སྦྱོར་ལམ་དྲོད་ལ་མཚུངས་ལྡན་གྱི་ཡུལ་ཇི་ལྟ་བ་བཞིན་མིན་པར་འཛིན་པ་གང་ཞིག ཀུན་ ནས་ཉོན་མོངས་ལ་རང་བཞིན་མེད་པར་འཛིན་པའི་བློ། དེའི་ཁྱད་ཆོས་རྣམ་བྱང་གཟུང་རྟོག་ གི་མཚན་ཉིད། རྩེ་མོ་ལ་མཚུངས་ལྡན་གྱི་དེ་གང་ཞིག རྣམ་བྱང་ལ་དེར་འཛིན་པའི་བློ། དེའི་ ཁྱད་ཆོས་རྫས་འཛིན་རྟོག་པ་ནི། བཟོད་པ་ལ་མཚུངས་ལྡན་གྱི་ཡུལ་ཇི་ལྟ་བ་བཞིན་མིན་ པར་འཛིན་པ་གང་ཞིག་རྫས་འཛིན་ལ་དེར་འཛིན་པའི་བློ། དེའི་ཁྱད་ཆོས་བརྟགས་འཛིན་ རྟོགས་པ་ནི། ཆོས་མཆོག་ལ་མཚུངས་ལྡན་གྱི་དེ་གང་ཞིག་བརྟགས་འཛིན་ལ་དེར་འཛིན་ པའི་བློ། སྒྲུབ་པའི་(སྒྲུབ་པ་ཡི་ནི་རྟེན་གྱུར་པ་)རྟེན་རང་བཞིན་དུ་གནས་རིགས་ཀྱི་མཚན་ཉིད་ཆོས་ 2-1-42 ཀྱི་དབྱིངས་ཀྱི་རང་བཞིན་གང་ཞིག སྒྲུབ་པ་པོའི་ཉེ་བར་སྟོན་པར་གྱུར་པ། དབྱེ་ན་བཅུའམ། ས་མཚམས་དྲོད་ནས་རྒྱུན་མཐའི་བར་ནའོ། །སྤྱིར་(ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་)རང་བཞིན་ དུ་གནས་པའི་རིགས་ཀྱི་མཚན་ཉིད། འདུས་མ་བྱས་ཀྱི་དགེ་བ་གང་ཞིག སྦྱངས་ནས་ཆོས་ ཉིད་ཀྱི་སྐུར་འགྱུར་བ། ཐེག་ཆེན་གྱི་རྒྱས་འགྱུར་རིགས་ནི། འདུས་བྱས་ཀྱི་དགེ་བ་གང་ཞིག རང་འབྲས་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པ། སྒྲུབ་པའི་(དམིགས་པ་དག་དང་)དམིགས་པའི་ མཚན་ཉིད། སྒྲུབ་པ་པོའི་ཤེས་བྱར་གྱུར་པ། དབྱེ་ན་བཅུ་གཅིག་ས་མཚམས་ཆོས་ཐམས་ ཅད་དོ། །དགེ་བའི་ལས་ཀྱི་མཚན་ཉིད། རྣམ་པར་དཀར་བའི་ཆོས་གང་ཞིག རང་སྟོབས་ ཀྱིས་རང་འབྲས་བདེ་བ་སྐྱེད་བྱེད། མི་དགེ་བ་ནི། རྣམ་པར་གནག་པའི་ཆོས་གང་ཞིག རང་ སྟོབས་ཀྱིས་རང་འབྲས་སྡུག་བསྔལ་སྐྱེད་བྱེད། ལུང་མ་བསྟན་ནི། དགེ་མི་དགེ་གང་ཡང་མ་ ཡིན་ཅིང་བཏང་སྙོམས་སུ་བཞག་བྱའོ། ། སྒྲུབ་པའི་ཆེད་དུ་བྱ་བའི་(ཆེད་དང་)མཚན་ཉིད། སྒྲུབ་པ་པོའི་ཐོབ་བྱ་མཐར་ཐུག དབྱེ་ན་ གསུམ། ས་མཚམས་སངས་རྒྱས་ཀྱི་ས་ནའོ། །ཐེག་ཆེན་སྒྲུབ་པའི་མཚན་ཉིད། རྣམ་མཁྱེན་ གྱི་ཆེད་དུ་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་ལེན་པའི་བྱ་བ། དབྱེ་ན་བཞི་ལས། (གོ་ཆ་) གོ་སྒྲུབ་ནི། གང་ཞིག་བསམ་པའི་བརྩོན་འགྲུས་ཀྱི་བྱ་བ། དབྱེ་ན་དྲུག ས་མཚམས་ཚོགས་ ལམ་ནས་རྒྱུན་མཐའི་བར་ནའོ། །དེའི་ཡུལ། སྦྱིན་པའི་ཕར་ཕྱིན་ནི། གཏོང་པ་ཆོས་བཞི་ལྡན། དེ་བཞིན་དུ་སྤོང་བའི་སེམས་དཔའ་ཆོས་བཞི་ལྡན། རྣམ་པར་མི་འཁྲུགས་པ་ཆོས་བཞི་ལྡན། དགེ་བའི་རྩ་བ་ལ་སྤྲོ་བ་ཆོས་བཞི་ལྡན། སེམས་རྩེ་གཅིག་པ་ཆོས་བཞི་ལྡན། ཆོས་རབ་ཏུ་རྣམ་ འབྱེད་ཆོས་བཞི་ལྡན། ཚུལ་ཁྲིམས་ཀྱི་ཕར་ཕྱིན་སོགས་ཀྱི་མཚན་ཉིད། འཇུག་སྒྲུབ་(མཇུག་གི་ བྱ་བ་དང་)ཀྱི་མཚན་ཉིད། གང་ཞིག་སྦྱོར་བའི་བརྩོན་འགྲུས་ཅན་གྱི་བྱ་བ། དབྱེ་ན་དགུ། ས་ མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད་དོ། །འཇུག་བྱ་ཐེག་ཆེན་ནི། བགྲོད་པ་གང་ཞིག་ 2-1-43 ཆེན་པོ་བདུན་ལྡན། འཇུག་སྒྲུབ་ཀྱི་ཡུལ། བྱམས་པ་ཚད་མེད་པའི་མཚན་ཉིད། བདག་རྐྱེན་ བསམ་གཏན་ལ་བརྟེན་ནས། སེམས་ཅན་ཚད་མེད་པ་བདེ་བ་དང་ཕྲད་པར་འདོད་པའི་ཏིང་ ངེ་འཛིན་དང༌། ཤེས་རབ། དེ་བཞིན་དུ་སྡུག་བསྔལ་དང་བྲལ་བར་འདོད་པ། བདེ་བ་དང་མི་ འབྲལ་བར་འདོད་པ། ཆགས་སྡང་གི་ཉོན་མོངས་མེད་པར་འདོད་པའི་ཤེས་རབ་དང་ཏིང་ངེ་ འཛིན་རྣམས། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཚད་མེད་རྣམས་ཀྱི་མཚན་ཉིད། ཚོགས་སྒྲུབ་ཀྱི་མཚན་ཉིད(ཚོགས་ནི)། གང་ཞིག་འབྲས་བུ་བྱང་ཆུབ་ཆེན་པོ་དངོས་སུ་བསྐྱེད་ པའི་བརྩོན་འགྲུས་ཅན་གྱི་བྱ་བ། དབྱེ་ན་བཅུ་བདུན། ས་མཚམས་ཆོས་མཆོག་ཆེན་པོ་ནས་ རྒྱུན་མཐའི་བར་ན་ཡོད་དོ། །དེའི་ཡུལ་གཟུངས་ཀྱི་མཚན་ཉིད། ཆོས་མི་བརྗེད་པར་འཛིན་ པའི་དྲན་པ་ཤེས་རབ་དང་མཚུངས་ལྡན། དབྱེ་ན་བཞི། ཚིག་གི་གཟུངས་ནི་གཟུངས་བཞིའི་ ནང་ཚན་གང་ཞིག ཆོས་ཀྱི་ཚིག་མི་བརྗེད་པར་འཛིན་པའི་དྲན་པ་ཤེས་རབ་དང་མཚུངས་ ལྡན། དོན་གྱི་གཟུངས་ནི། གང་ཞིག་ཆོས་ཀྱི་དོན་མི་བརྗེད་པར་འཛིན་པའི་དྲན་པ་དང་ཤེས་ རབ་མཚུངས་ལྡན། གསང་སྔགས་ཀྱི་གཟུངས་ནི། གང་ཞིག་སེམས་ཅན་གྱི་སྡུག་བསྔལ་སྐྱོབ་ ནུས། ཆོས་ཟབ་མོ་བཟོད་པ་རྒྱུར་གྱུར་གྱི་གཟུངས་ནི། ཆོས་མི་བརྗེད་པར་འཛིན་པའི་དྲན་ པ་ཤེས་རབ་དང་མཚུངས་ལྡན་གང་ཞིག རང་འབྲས་འཇིག་རྟེན་ལས་འདས་པའི་བཟོད་ པ་བསྐྱེད་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པ། ངེས་འབྱུང་སྒྲུབ་པའི་(ངེས་པར་འབྱུང་བཅས་རྣམས་) མཚན་ཉིད་ནི། གང་ཞིག་རང་གི་ངེས་པར་འབྱུང་ས་བརྒྱད་པོ་གང་རུང་དུ་གདོན་མི་ཟ་བར་ ངེས་པར་འབྱིན་པའི་བརྩོན་འགྲུས། དབྱེ་ན་བརྒྱད། ས་མཚམས་སྐྱེ་བ་གཅིག་གིས་ཐོགས་པ་ ནས་རྒྱུན་མཐའི་བར་ན་ཡོད་དོ། །ལམ་ཤེས་ཀྱི་ཆོས་བཅུ་གཅིག་ལ། (མོག་མོག་པོར་བྱེད་པ་སོགས་ དང་)ལམ་ཤེས་ཀྱི་ཡན་ལག་གི་མཚན་ཉིད་ལམ་ཤེས་སྐྱེ་བའི་རྒྱུ་མཚན། ལམ་ཤེས་ཀྱི་གཞི་ ལ་ཕན་པའི་ཐབས། དབྱེ་ན་ལྔ། ས་མཚམས་ཚོགས་ལམ་ཡན་ཆད་ནའོ། །(སློབ་མ་)ཉན་ཐོས་ 2-1-44 ཀྱི་ལམ་ཤེས་ཀྱི་མཚན་ཉིད། སེམས་བསྐྱེད་ཀྱིས་ཀུན་ནས་བླངས་ནས་ཉན་ཐོས་ཀྱི་རྟོགས་པ་ ཤེས་རབ་ཡོན་ཏན་ཡར་ལྡན་དུ་བསྡུས་ནས་དོན་དམ་པར་མི་དམིགས་པར་མངོན་སུམ་གྱིས་ རྟོགས་ཤིང༌། ཉན་ཐོས་ཀྱི་ལམ་གྱི་འབྲས་བུ་མངོན་དུ་མི་བྱེད་པའི་སློབ་ལམ། (བསེ་རུ་ལམ་གང་ དང་)རང་རྒྱལ་གྱི་ལམ་ཤེས་ནི། སེམས་བསྐྱེད་ཀྱིས་ཀུན་ནས་བླངས་ནས་རང་རྒྱལ་གྱི་ཞེས་ སོགས་འདོན་པ་བསྒྱུར་རོ། །དབྱེ་ན། རྒྱུ། ངོ་བོ་གཉིས་གཉིས་ཀྱིས་སྟོན་ཅིང༌། ས་མཚམས་ བྱང་སེམས་འཕགས་པའི་རྒྱུད་ལ་ཡོད་དོ། །དེའི་ཡུལ་ཉན་ཐོས་ཀྱི་ལམ་ནི། ཉན་ཐོས་ཀྱི་བྱང་ ཆུབ་ཏུ་བགྲོད་པའི་གོ་སྐབས་ཆེ་ཤུལ། རང་རྒྱལ་གྱི་ལམ་ནི། རང་རྒྱལ་གྱི་བྱང་ཆུབ་ཏུ་བགྲོད་ པའི་གོ་སྐབས་ཆེ་ཤུལ་ལོ། །(འདི་དང་གཞན་པའི་ཡོན་ཏན་གྱིས་)ཐེག་ཆེན་མཐོང་ལམ་གྱི་མཚན་ ཉིད(ཕན་ཡོན་ཆེ་བ་མཐོང་པའི་ལམ)། ཐེག་ཆེན་གྱི་སྒོམ་ལམ་ཟག་མེད་མ་སྐྱེས་གོང་གི་ཐེག་ཆེན་ གྱི་འཇིག་རྟེན་ལས་འདས་པའི་རྟོགས་པ་རྫོགས་པའི་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཆེ་ ཤུལ། དབྱེ་ན་སྐད་ཅིག་བཅུ་དྲུག་གོ།སྒོམ་ལམ་བྱེད་པའི་(བྱེད་པ་དང་ནི་)མཚན་ཉིད། རང་རྒྱུད་ སྒོམ་ལམ་ལས་བྱུང་ཞིང༌། བྱང་སེམས་སྒོམ་ལམ་པའི་ཉོན་མོངས་པ་སེལ་ཞིང༌། ཡོན་ཏན་ སྒྲུབ་པ། དབྱེ་ན་དྲུག ས་མཚམས་ས་གཉིས་པ་ནས་སངས་རྒྱས་ཀྱི་བར་ན་ཡོད་དོ། །ཐེག་ ཆེན་འཕགས་པའི་སྒོམ་ལམ་གྱི་མཚན་ཉིད། བདག་མེད་གཉིས་མངོན་སུམ་གྱིས་མཐོང་ཟིན་ གོམས་པར་བྱེད་པའི་ཐེག་ཆེན་འཕགས་པའི་སློབ་ལམ་གང་ཞིག་མཐོང་ལམ་ལས་རྫས་ཐ་ དད་པ། དབྱེ་ན་གཉིས་ལས། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ནི། ཐེག་ཆེན་གྱི་སྒོམ་ལམ་ རྗེས་ཐོབ་གང་ཞིག གཉིས་སྣང་གི་རྟོག་པ་དང་བཅས་པ་གཙོ་བོར་གྱུར་པ། དབྱེ་ན་གསུམ་ ལས། སྒོམ་ལམ་མོས་པའི་(མོས་པ་དང་)མཚན་ཉིད། གང་ཞིག་ཡུམ་ཡོན་ཏན་ཅན་དུ་ངེས་ནས། ངེས་པར་ལྟར་བསྒོམ་པ། དེ་ལ་ཉེར་བདུན། དེའི་ཕན་(བསྟོད་དང་བསྐུར་དང་བསྔགས་པ་དང་)ཡོན་ ནི། མོས་པའི་ཡོན་ཏན་གྱི་ཆེ་བ་ཇི་ལྟ་བ་བཞིན་རྟོགས་པའམ། རྟོགས་ནས་བརྗོད་པའི་ངག་ 2-1-45 དེ་ལ་ཡང་ཉེར་བདུན། ས་མཚམས་གཉིས་པ་ཡན་ཆད་ནའོ། །(བསྔོ་དང་)སྒོམ་ལམ་བསྔོ་བ་ ནི། སྒོམ་ལམ་རྗེས་ཐོབ་གང་ཞིག་དགེ་བ་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ ཏུ་བྱེད་པ། དབྱེ་ན་བཅུ་གཉིས་སོ། །སྒོམ་ལམ་རྗེས་སུ་(རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་མེད་དག་)ཡི་ རང་ནི། གང་ཞིག་རང་གི་དགེ་བ་ལ་དགའ་བ་ཡང་དག་པར་སྒོམ་པ། དབྱེ་ན་གཉིས། མོས་ པ། བསྔོ་བ། ཡི་རང་གསུམ་ག་ས་དགུའི་རྗེས་ཐོབ་ན་ཡོད་དོ། །ཐེག་ཆེན་གྱི་ཟག་མེད་སྒོམ་ ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་གང་ཞིག གཉིས་སྣང་གི་རྟོགས་ པ་དང་བྲལ་བ་གཙོ་བོར་གྱུར་པ། དབྱེ་ན་གཉིས་ལས། སྒྲུབ་པ་(སྒྲུབ་དང་)སྒོམ་ལམ་ནི། གང་ ཞིག་བར་ཆད་མེད་པའི་ལམ་ཡིན་ལ། དབྱེ་ན་ལྔ། (ཤིན་ཏུ་དག་པ་ཞེས་)ཐེག་ཆེན་གྱི་རྣམ་དག་ སྒོམ་ལམ་ནི། གང་ཞིག་རྣམ་གྲོལ་གྱི་ལམ་ཡིན་ལ། དབྱེ་ན་དགུ། གཉིས་ཀའང་སྒོམ་ལམ་ མཉམ་བཞག་ས་དགུ་ན་ཡོད་དོ། ། གཞི་ཤེས་ཀྱི་ཆོས་དགུ་ལས། དང་པོ་སྲི ད་པ་ལ་(ཤེས་པས་སྲི ད་ལ་མི་གནས་ཤིང་)མི་གནས་ པའི་གཞི་ཤེས་ཀྱི་མཚན་ཉིད། དུས་གསུམ་དོན་དམ་པར་མཉམ་པ་ཉིད་དུ་མངོན་སུམ་གྱིས་ རྟོགས་པས་འཁོར་བའི་མཐར་མི་གནས་པའི་གཞི་ཤེས། ཞི་བ་(སྙིང་རྗེས་ཞི་ལ་མི་གནས་དང་)མི་ གནས་པའི་གཞི་ཤེས་ནི། བདག་གཞན་མཉམ་པ་ཉིད་དུ་མངོན་སུམ་གྱིས་རྟོགས་པའི་སྙིང་ རྗེས་ཆད་པའི་མྱང་འདས་ཀྱི་མཐར་མི་གནས་པའི་གཞི་ཤེས་ཐབས་(ཐབས་མ་ཡིན་པས་རིང་བ་ ཉིད་)མིན་པའི་རང་བཞིན་གྱི་གཞི་ཤེས་ནི། མིང་དོན་ལ་མཚན་མར་འཛིན་པའི་གཞི་ཤེས། ཐབས་(ཐབས་ཀྱིས་རིང་བ་མ་ཡིན་ཉིད་)ཀྱིས་རིང་བ་མ་ཡིན་པའི་གཞི་ཤེས་ནི། ཐབས་ཤེས་ཁྱད་ པར་ཅན་དང་ལྡན་པའི་གཞི་ཤེས། མི་མཐུན་ཕྱོགས་ཀྱི་(མི་མཐུན་)གཞི་ཤེས་ནི། གཞི་བདག་ མེད་པར་རྟོགས་ཤིང་གཞི་ལམ་འབྲས་བུ་གསུམ་ལ་མཚན་མར་འཛིན་པའི་གཞི་ཤེས། དབྱེ་ ན་གསུམ་མོ། །གཉེན་(གཉེན་པོའི་ཕྱོགས་དག་དང་)པོའི་གཞི་ཤེས་ནི། གཞི་རང་བཞིན་མེད་ 2-1-46 པར་མངོན་སུམ་གྱིས་རྟོགས་ཤིང༌། ཆགས་པའི་མཐའ་མ་ལུས་པར་འགོག་པའི་གཞི་ཤེས། གཞི་ཤེས་དང་པོ་གསུམ། བཞི་པ་དྲུག་པ་རྣམས་ཐེག་ཆེན་འཕགས་པའི་རྒྱུད་ལ་ཡོད་ཅིང༌། གསུམ་པ་ལྔ་པ་རྣམས་ཐེག་དམན་འཕགས་པའི་རྒྱུད་ལ་ཡོད། གཞི་ཤེས་(སྦྱོར་དང་)དངོས་ བསྟན་གྱི་སྦྱོར་བའི་མཚན་ཉིད། གཟུགས་ལ་སོགས་པ་ལ་ཞེན་ནས་སྤྱོད་པ་བཀག་ནས་སྒོམ་ པའི་སྦྱོར་ལམ། དབྱེ་ན་བཅུ། ས་མཚམས་བྱང་སེམས་ཀྱི་སྦྱོར་ལམ་ན་ཡོད་དོ། །དེའི་ཡུལ་ གཟུགས་རྫོགས་མ་རྫོགས་ལ། ཡོངས་གྲུབ་ནི། མ་འཁྲུལ་བའི་ངོ་བོར་གྱུར་པའི་དོན་དམ་པ། ཀུན་བཏགས་ནི། དོན་ལ་མེད་བཞིན་དུ་རྟོགས་པས་སྒྲོ་བཏགས་པའི་ཆ། དེ་གཉིས་ཀྱི་ཞར་ ལ། གཞན་དབང་ནི། རྒྱུ་རྐྱེན་ལ་བརྟེན་ནས་གཟུང་འཛིན་གཉིས་སུ་སྣང་པའི་རྟེན་འབྲེལ། སྦྱོར་བའི་(དེའི་མཉམ་ཉིད་)མཉམ་པ་ཉིད་ཀྱི་མཚན་ཉིད། དེའི་ཡུལ་ཡུན་ཅན་གང་ལ་ཡང་རློམ་ སེམས་མེད་པར་སྒོམ་པའི་ཆ་གང་ཞིག སྦྱོར་བ་དེ་དག་ལ་མཚུངས་པར་ལྡན་པ། དབྱེ་ན་ བཞི། ས་མཚམས་སྦྱོར་བ་དེ་དག གང་ཡོད་ན་ཡོད། མཐོང་ལམ་(ཉན་ཐོས་ལ་སོགས་པའི་མཐོང་ ལམ་)གྱི་མཚན་ཉིད། སྒོམ་ལམ་ཟག་མེད་མ་སྐྱེས་གོང་གི་འཇིག་རྟེན་ལས་འདས་པའི་ཡེ་ ཤེས་གང་ཞིག་བྱང་ཆུབ་ཏུ་བགྲོད་པའི་གོ་སྐབས་ཕྱེ་ཤུལ་དབྱེ་ན་སྐད་ཅིག་བཅུ་དྲུག ཐེག་ ཆེན་གསུམ་གའི་མཐོང་ལམ་པ་ལ་ཡོད་ཅིང༌། དངོས་བསྟན་ཐེག་ཆེན་མཐོང་ལམ་ཡིན་ནོ། །རྣམ་ཀུན་གྱི་ཆོས་བཅུ་གཅིག་ལས་དང་པོ་རྣམ་པའི་(རྣམ་པ་)མཚན་ཉིད། གཞིའམ་ཡེ་ཤེས་ ཀྱི་བྱེ་བྲག་གང་ཞིག སྦྱོར་བའི་སྒོམ་བྱར་གྱུར་པ། དབྱེ་ན། དོན་རྣམ་ཤེས་རྣམ་གཉིས་སམ། བརྒྱ་བདུན་ཅུ་རྩ་གསུམ། དོན་རྣམ་བདེན་པ་བཞི་ལ། ཤེས་རྣམ་ཐེག་གསུམ་གྱི་ལམ་ལྔ་ཆར་ ན་ཡོད། དེའི་ནང་ནས་ཕྱོགས་མཐུན་སུམ་ཅུ་རྩ་བདུན་ལས། དྲན་པ་ཉེར་བཞག་ནི། བདེན་ པ་བཞི་ལ་འཇུག་པར་བྱ་བའི་ཕྱིར། ལུས་ལ་སོགས་པའི་དངོས་པོ་ལ། ལེགས་པར་རྟོགས་ པའི་ཤེས་རབ་དྲན་པ་དང་མཚུངས་ལྡན། དབྱེ་ན་བཞི། ས་མཚམས་ཚོགས་ལམ་ཆུང་ངུ་ན་ 2-1-47 ཡོད། ཡང་དག་སྤོང་བའི་ནི། དྲན་པ་ཉེར་བཞག་བསྒོམས་པས་སྤང་གཉེན་ཤེས་ནས། སྤང་ གཉེན་ལ་བླང་དོར་བྱ་བའི་ཕྱིར་ཉེས་པའི་གཉེན་པོར་སྒོམ་པའི་བརྩོན་འགྲུས། དབྱེ་ན་བཞི། ས་མཚམས་ཚོགས་ལམ་འབྲིང་ན་ཡོད་དོ། ། རྫུ་འཕྲུལ་རྐང་པའི་ནི། བདག་རྐྱེན་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པ་ལས་བྱུང་པའི་ སེམས་གནས་པ་ལས་སུ་རུང་བ། དབྱེ་ན་བཞི། ས་མཚམས་ཚོགས་ལམ་ཆེན་པོ་ན་ཡོད། རྣམ་ བྱང་དབང་པོ་ནི། སྒོམ་བྱུང་གི་ཡེ་ཤེས་གང་ཞིག རང་འབྲས་རྣམ་བྱང་བསྐྱེད་པ་ལ་བདག་ པོར་གྱུར་པ། དབྱེ་ན་ལྔ། ས་མཚམས་དྲོད་ན་ཡོད། སྟོབས་ནི། རང་རྒྱུད་དབང་པོ་ལས་བྱུང་ ཞིང༌། མི་མཐུན་ཕྱོགས་འཇོམས་པ་ལ་ནུས་པ་མཐུ་ཆེན་དུ་གྱུར་པ། དབྱེ་ན་ལྔ། ས་མཚམས་ བཟོད་པ་ནས་ཐོབ་པོ། །བྱང་ཆུབ་ཡན་ལག་ནི། རང་རྒྱུད་སྦྱོར་ལམ་ཆོས་མཆོག་ལས་བྱུང་ པའི་དགེ་བ་གང་ཞིག་བྱང་ཆུབ་ཀྱི་གྲོགས་སུ་གྱུར་པ་དབྱེ་ན་བདུན། ས་མཚམས་མཐོང་ལམ་ ནས་ཡོད། འཕགས་ལམ་ཡན་ལག་ནི། གང་ཞིག་འཕགས་ལམ་གྱི་གྲོགས་སུ་གྱུར་པ། དབྱེ་ ན་བརྒྱད། ས་མཚམས་མཐོང་ལམ་ན་ཡོད། རྣམ་ཐར་བརྒྱད་ལ། གཟུགས་ཅན་གཟུགས་ལ་ ལྟ་བའི་རྣམ་ཐར་ནི། བསམ་གཏན་དངོས་གཞི་ལ་བརྟེན་ནས་རང་གི་ལུས་ལ་གཟུགས་སུ་ སྣང་བ་དོར་ནས་ཕྱི་རོལ་ལྟར་སྣང་པའི་གཟུགས་ལ་སྣ་ཚོགས་སུ་ལྟ་བས། སྤྲུལ་པའི་སྒྲིབ་ པའི་གཉེན་པོར་བྱེད་པའི་རྣམ་ཐར། གཟུགས་ཅན་མིན་པར་གཟུགས་ལ་ལྟ་བའི་རྣམ་ཐར་ ནི། གཟུགས་མེད་ཀྱི་སེམས་ལ་བརྟེན་ནས་རང་གི་ལུས་ལ་གཟུགས་སུ་སྣང་བ་དོར་ནས་ བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། ཕྱི་རོལ་ལྟར་སྣང་བའི་གཟུགས་ལ་སྣ་ཚོགས་སུ་ ལྟ་བས། སྤྲུལ་པའི་སྒྲིབ་པའི་གཉེན་པོར་བྱེད་པའི་རྣམ་ཐར། སྡུག་པའི་རྣམ་ཐར་ནི། བསམ་ གཏན་བཞིའི་དངོས་གཞི་ལ་བརྟེན་ནས་རང་གི་སྤྲུལ་པའི་གཟུགས་གསུམ་ལ་འདུ་ཤེས་ གསུམ་ལྡན་དུ་བལྟས་པས། གཟུགས་སྡུག་མི་སྡུག་ཏུ་སྤྲུལ་པ་ལ་འབད་མི་འབད་ཀྱི་ཉོན་ 2-1-48 མོངས་ཀྱི་གཉེན་པོ་བྱེད་པའི་རྣམ་ཐར། ནམ་མཁའི་རྣམ་ཐར་རྣམས་ནི། གཟུགས་མེད་ཀྱི་ རྣམ་ཐར་བཞིའི་ནང་ཚན་གང་ཞིག་གཟུགས་ཀྱི་མཚན་མ་རྣམ་པར་བཤིག་པའི་ནམ་མཁའ་ མཐའ་ཡས་པའི་མོས་པ་ལ་བརྟེན་ནས། རང་གི་དམིགས་པ་ལ་རྩེ་གཅིག་པའི་རྣམ་ཐར། རྣམ་ ཤེས་མཐའ་ཡས་ཀྱི་རྣམ་ཐར་ནི། གང་ཞིག་རྣམ་ཤེས་མཐའ་ཡས་པའི་མོས་པ་ལ་བརྟེན་ནས་ རང་གི་དམིགས་པ་ལ་རྩེ་གཅིག་པའི་རྣམ་ཐར། ཅི་ཡང་མེད་པའི་རྣམ་ཐར་ནི། གང་ཞིག་ཅི་ ཡང་མེད་པའི་མོས་པ་ལ་བརྟེན་ནས། རང་གི་དམིགས་པ་ལ་རྩེ་གཅིག་པ་འདུ་ཤེས་མེད་མིན་ གྱི་རྣམ་ཐར་ནི། གང་ཞིག་འདུ་ཤེས་རགས་པ་ཡོད་པ་མ་ཡིན་པར་ཕྲ་མོ་མེད་པ་མ་ཡིན་པའི་ མོས་པ་ལ་བརྟེན་ནས། རང་གི་དམིགས་པ་ལ་རྩེ་གཅིག་པའི་རྣམ་ཐར། འདུ་ཤེས་དང་ཚོར་ བ་འགོག་པའི་རྣམ་ཐར་ནི། རྣམ་ཐར་བརྒྱད་ཀྱི་ནང་ཚན་གང་ཞིག ཚོགས་བདུན་གྱི་འཁོར་ དུ་གྱུར་པའི་འདུ་ཤེས་དང་ཚོར་བ་བཀག་པའི་རྣམ་ཐར། སྙོམས་འཇུག་དགུ་ལ་བསམ་གཏན་ བཞི། གཟུགས་མེད་བཞི། འགོག་པའི་སྙོམས་འཇུག་གོ།དེ་ལ་བསམ་གཏན་དང་པོའི་ སྙོམས་འཇུག་ནི། བསམ་གཏན་བཞིའི་ནང་ཚན་དུ་གྱུར་པའི་ཏིང་ངེ་འཛིན་གང་ཞིག རྟོག་ དཔྱོད་གང་རུང་གི་ཁྱད་པར་དུ་བྱས་པ། གཉིས་པའི་སྙོམས་འཇུག་ནི། དེ་གང་ཞིག་དང་པོ་ལ་ ཆགས་པ་དང་བྲལ་ཞིང༌། ཉེར་རྟོགས་ཚོར་བ་བཏང་སྙོམས་དང༌། དངོས་གཞི་ཡིད་བདེས་ ཁྱད་པར་དུ་བྱས་པ་གསུམ་པའི་སྙོམས་འཇུག་ནི། དེ་གང་ཞིག་གཉིས་པ་ཡན་ཆད་ལ་ཆགས་ པ་དང་བྲལ་ཞིང་ཉེར་བསྡོགས་ཚོར་བ་བཏང་སྙོམས་དང༌། དངོས་གཞི་ཚོར་བ་བདེ་བས་ཁྱད་ པར་དུ་བྱས་པ། བཞི་པའི་སྙོམས་འཇུག་ནི། དེ་གང་ཞིག་གསུམ་པ་མན་ཆད་ལ་ཆགས་པ་ དང་བྲལ་ཞིང་ཚོར་བ་བཏང་སྙོམས་ཀྱི་ཁྱད་པར་དུ་བྱས་པ། ནམ་མཁའ་མཐའ་ཡས་སྐྱེ་ མཆེད་ཀྱི་སྙོམས་འཇུག་ནི། གཟུགས་མེད་བཞིའི་ནང་ཚན་གང་ཞིག གཟུགས་ཀྱི་མཚན་མ་ རྣམ་པར་བཤིག་པའི་ནམ་མཁའ་མཐའ་ཡས་པའི་མོས་པ་ལ་བསྟེན་ནས། དམིགས་པ་ལ་རྩེ་ 2-1-49 གཅིག་པའི་ཏིང་ངེ་འཛིན། རྣམ་ཤེས་མཐའ་ཡས་ཀྱི་སྙོམས་འཇུག་ནི། དེ་གང་ཞིག་ནམ་ མཁའ་ལ་ཆགས་པ་བྲལ་ཞིང་རྣམ་ཤེས་མཐའ་ཡས་མོས་པ་ལ་བརྟེན་ནས། རང་གི་དམིགས་ པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན། ཅི་ཡང་མེད་པའི་སྙོམས་འཇུག་ནི། དེ་གང་ཞིག་རྣམ་ཤེས་ ལ་ཆགས་པ་དང་བྲལ་ཞིང་ཅི་ཡང་མེད་པའི་མོས་པ་ལ་བརྟེན་ནས། རང་གི་དམིགས་པ་ལ་ རྩེ་གཅིག་པའི་ཏིང་ངེ་འཛིན། འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་འཇུག་ནི། དེ་གང་ཞིག་ ཅི་ཡང་མེད་པ་ལ་ཆགས་པ་དང་བྲལ་ཞིང༌། འདུ་ཤེས་རགས་པ་ཡོད་པ་མ་ཡིན། ཕྲ་བ་མེད་ པའང་མིན་པའི་མོས་པ་ལ་བརྟེན་ནས་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ བསམ་གཏན་གཟུགས་མེད་ཀྱི་ཉེར་བསྡོགས་ནི། བསམ་གཏན་གཟུགས་མེད་ཀྱིས་བསྡུས་ པའི་ཏིང་ངེ་འཛིན་གང་ཞིག བསམ་གཏན་གཟུགས་མེད་གང་རུང་གི་དངོས་གཞི་སྒྲུབ་བྱེད་ ཀྱི་ཐབས། བསམ་གཏན་དང་པོའི་ཉེར་བསྡོགས་ནི། བསམ་གཏན་དང་པོས་བསྡུས་པའི་ ཏིང་ངེ་འཛིན། གང་ཞིག་བསམ་གཏན་དང་པོའི་དངོས་གཞི་སྒྲུབ་བྱེད་ཀྱི་ཐབས། དེས་གཞན་ བདུན་ལའང་འགྲེའོ། །དབྱེ་ན་དྲུག་དྲུག་གོ།བསམ་གཏན་གཟུགས་མེད་ཀྱི་དངོས་གཞིའི་ མཚན་ཉིད། བསམ་གཏན་གཟུགས་མེད་ཀྱིས་བསྡུས་པ་གང་ཞིག རང་གི་ཉེར་རྟོགས་ལས་ སྐྱེས་པ། བསམ་གཏན་དང་པོའི་དངོས་གཞི་ནི། བསམ་གཏན་དང་པོས་བསྡུས་པ་གང་ཞིག རང་གི་ཉེར་བསྡོགས་ལས་སྐྱེས་པ། དེས་གཞན་བདུན་ལའང་མཚོན་ནོ། །དབྱེ་ན་རོ་མྱངས་ མཚུངས་ལྡན། དག་པ་ཟག་མེད་གསུམ་གསུམ་དུ་ཡོད་ཅིང༌། རོ་མྱངས་མཚུངས་ལྡན་གྱི་ བསམ་གཏན་གཟུགས་མེད་ནི། བསམ་གཏན་གཟུགས་མེད་ཀྱི་ནང་ཚན་དུ་གྱུར་པའི་ལུང་མ་ བསྟན་གྱི་ཏིང་ངེ་འཛིན་གང་ཞིག རང་གི་དག་པ་ལ་སྲེད་པ་ལ་སོགས་ཉོན་མོངས་ཤས་ཆེ། དེས་གཞན་བདུན་ལ་ཡང་མཚོན་ནོ། །དང་པོ་རོ་མྱང་མཚུངས་ལྡན་ནི། དང་པོའི་དག་པ་ལ་ སྲེད་པ་ཡིན་ལ། དེས་གཞན་ལའང་མཚོན་ནོ། །བསམ་གཏན་གཟུགས་མེད་དག་པ་ནི་ 2-1-50 བསམ་གཏན་གཟུགས་མེད་ཀྱིས་བསྡུས་པའི་དགེ་བར་གྱུར་པའི་མཚན་ཉིད། འཇིག་རྟེན་ པའི་མ་ཆགས་པ་ལ་སོགས་པ་ཆོས་དཀར་པོ་མཚུངས་ལྡན་ནམ། ཞི་རགས་ཀྱི་རྣམ་པ་ཅན། བསམ་གཏན་དང་པོའི་དག་པའི་མཚན་ཉིད། བསམ་གཏན་དང་པོས་བསྡུས་པའི་དགེ་བར་ གྱུར་པའི་ཏིང་ངེ་འཛིན་གང་ཞིག ལམ་མ་ཆགས་པ་ལ་སོགས་པ་ཆོས་དཀར་པོ་དང་མཚུངས་ ལྡན་ནམ། ཞི་རགས་ཀྱི་རྣམ་པ་ཅན། བསམ་གཏན་གཟུགས་མེད་ཟག་མེད་ནི། བསམ་ གཏན་གཟུག་མེད་ཀྱི་ནང་ཚན་དུ་གྱུར་པའི་འཇིག་རྟེན་ལས་འདས་པ་གང་ཞིག སྒྲིབ་པའི་ ས་བོན་སྤོང་ནུས་པ། ཟག་མེད་ཀྱི་བསམ་གཏན་དང་པོ་ནི། འཇིག་རྟེན་ལས་འདས་པའི་ བསམ་གཏན་དང་པོ་གང་ཞིག སྒྲིབ་པའི་ས་བོན་སྤོང་ནུས་པ། དེས་གཞན་ལའང་མཚོན་ནོ། །དག་པ་དང་རོ་མྱང་མཚུངས་ལྡན་ལམ་དུ་མ་ཞུགས་པ་ལ་ཡོད་ཅིང༌། དག་པ་བ་དང་ཟག་ མེད་རྣམས་འཕགས་པ་ལ་ཕལ་ཆེ་བ་ཡོད་དོ། །འགོག་པའི་སྙོམས་འཇུག་ནི། རང་གི་དགག་ གཞིའི་སྟེང་དུ་དགག་བྱ། རྣམ་ཤེས་ཚོགས་བདུན་འཁོར་བཅས་བཀག་པའི་འཕགས་པའི་ བྱང་སེམས་ཀྱིས་ཐོབ་པའི་སྙོམས་འཇུག རྣམ་ཀུན་གྱི་དོན་བཅུ་གཅིག་ནང་གི་སྦྱོར་བའི་ (སྦྱོར་བ་)མཚན་ཉིད། མཁྱེན་པ་གསུམ་ལ་དབང་བསྒྱུར་ཐོབ་པའི་ཕྱིར་དུ། རྣམ་པ་རྣམས་ བསྡུས་ནས། སྒོམ་པའི་སློབ་ལམ་དབྱེ་ན་ཉི་ཤུ། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་ བར་ན་ཡོད། སྦྱོར་བ་སྒོམ་པའི་གང་ཟག་ནི། སྔོན་ཚོགས་བསགས་པས་ད་ལྟ་ཡུམ་ཉན་པ་ལ་ སོགས་པའི་སྣོད་དུ་རུང་པའི་སྐྱེས་བུ། དབྱེ་ན་བཞི། ས་མཚམས་ཚོགས་ལམ་ནས་རྒྱུན་མཐའི་ བར་ན་ཡོད། སྦྱོར་བའི་(ཡོན་ཏན་)ཡོན་ཏན་ནི། སྦྱོར་བའི་གནས་སྐབས་སམ། མཐར་ཐུག་ ཐོབ་པར་བྱ་བའི་ཕན་ཡོན། དབྱེ་ན་བཅུ་བཞི། ས་མཚམས་ཚོགས་ལམ་ནས་སངས་རྒྱས་ཀྱི་ བར་ན་ཡོད་དོ། །སྦྱོར་བའི་(སྐྱོན་ནི་)སྐྱོན་གྱི་མཚན་ཉིད། སྦྱོར་བ་ལ་བར་དུ་གཅོད་པའི་བདུད་ ལས། དབྱེ་ན་ཞེ་དྲུག ས་བདུན་པའི་བར་དུ་འབྱུང་སྲི ད། སྦྱོར་བའི་(མཚན་ཉིད་བཅས་)མཚན་ 2-1-51 ཉིད་ཀྱི་མཚན་ཉིད། རང་རྒྱུ་སྦྱོར་བའི་ནུས་པ། མཚོན་བྱེད་ཀྱི་འབྲས་བུ། དབྱེ་ན་གོ་གཅིག ས་མཚམས་ཚོགས་ལམ་ནས་སངས་རྒྱས་ཀྱི་བར་ན་ཡོད། དེ་ལ་ཤེས་མཚན་ཙམ་ནི། མཁྱེན་ གསུམ་གྱི་སྦྱོར་བ་ལ་བརྟེན་ནས། གཞིའམ་རྣམ་པའི་གནས་ལུགས་རྟོགས་པའི་མཁྱེན་པ། སངས་རྒྱས་ཀྱི་ཤེས་མཚན་ནི། མཁྱེན་གསུམ་གྱི་སྦྱོར་བ་ལ་བརྟེན་ནས། གཞི་ལམ་རྣམ་པའི་ གནས་ལུགས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཐར་ཐུག ཁྱད་པར་གྱི་མཚན་ཉིད། ལམ་ ཤེས་དང་རྣམ་མཁྱེན་གྱི་སྦྱོར་བ་ལ་བསྟེན་ནས་བསམ་གྱིས་མི་ཁྱབ་པ་ལ་སོགས་པས། ཐེག་ དམན་ལས་ཁྱད་པར་དུ་འཕགས་པའི་ཡོན་ཏན། བྱེད་མཚན་གྱི་མཚན་ཉིད། སྦྱོར་བའི་ མཁྱེན་པ་ལ་བརྟེན་ནས། གཞན་དོན་གྱི་ཐབས་ཕུན་ཚོགས་མཛད་པ། ངོ་བོ་ཉིད་ཀྱི་མཚན་ ཉིད་ཀྱི་མཚན་ཉིད། ཤེས་པ། ཁྱད་པར། བྱེད་པ་གསུམ་གྱིས་མཚོན་པར་བྱ་བ་གང་ཞིག སྦྱོར་བའམ་མཁྱེན་པའི་རང་བཞིན་དུ་གྱུར་པ། ཐེག་ཆེན་གྱི་(ཐར་དང་)ཐར་པ་ཆ་མཐུན་ནི། རང་འབྲས་བྱང་ཆེན་གྱི་རྒྱུར་གྱུར་པའི་དགེ་བ་དྲན་པ་ཉེར་བཞག་གིས་བསྡུས་པ་གང་ཞིག ངེས་འབྱེད་ཆ་མཐུན་མ་ཐོབ་པ། ཉན་རང་གི་ཐར་པ་ཆ་མཐུན་ཡང༌། རང་འབྲས་ཉན་ཐོས་ཀྱི་ བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཞེས་པ་དང༌། རང་སངས་རྒྱས་ཀྱི་རྒྱུར་གྱུར་པ་དང༌། ཞེས་པ་མན་ ཆད་སོགས་གོང་བཞིན་ནོ། །ཚོགས་ལམ་དང་དོན་གཅིག་གོ།ཐེག་ཆེན་(ངེས་འབྱེད་ཆ་མཐུན་དང་) ངེས་འབྱེད་ཆ་མཐུན་ནི། ཐར་པ་ཆ་མཐུན་གྱི་རྗེས་ཤེས་ཀྱི་ཐེག་ཆེན། སོ་སྐྱེས་སྒོམ་བྱུང་གི་ཡེ་ ཤེས་གང་ཞིག སེམས་ཅན་ལ་དམིགས་པའི་རྣམ་པ་ཁྱད་པར་ཅན་དང་ལྡན་པ་དབྱེ་ན་ བཞིའམ་བཅུ་གཉིས་སོ། །སློབ་པ་ཕྱིར་(སློབ་པ་ཕྱིར་མི་ལྡོག་པའི་ཚོགས་)མི་ལྡོག་པའི་དགེ་འདུན་ནི། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་སམ། དབྱེ་ན་ གསུམ། དྲོད་ནས་རྒྱུན་མཐའི་བར་ན་ཡོད། སྲི ད་ཞི་(སྲི ད་ཞི་མཉམ་ཉིད་དང་)མཉམ་ཉིད་ནི། མཁྱེན་གསུམ་བསྡུས་ནས་སྒོམ་པ་གང་ཞིག འཁོར་འདས་རང་བཞིན་མེད་པར་བསྒོམ་པ། 2-1-52 དབྱེ་ན་ངོ་བོ། ཀླན་ཀ་སྤངས་པ་གཉིས་སོ། །ཞིང་དག་(ཞིང་དག་བླ་ན་མེད་པ་ནི་)པའི་སྦྱོར་བ་ནི། གང་ཞིག་སྣོད་བཅུད་ཀྱི་ཞིང་ཉེས་པ་དང་བྲལ་ཞིང་ཡོན་ཏན་དང་ལྡན་པའི་ཕྱིར་དུ་བསྒོམ་པ། དབྱེ་ན་གཉིས་སོ། །ཐབས་(འདི་ནི་ཐབས་མཁས་བཅས་པ་ནི་)མཁས་པའི་སྦྱོར་བ་ནི། ཡུལ་བཅུ་ལ་ དུས་དང་དུས་མ་ཡིན་པ་ཤེས་ཤིང་ཕྲིན་ལས་ཕུན་ཚོགས་ཀྱི་རྒྱུར་གྱུར་པ། དབྱེ་ན་བཅུ། སྦྱོར་ བ་འདི་གསུམ་ཁྱད་པར་ཅན་དག་པ་ས་ན་ཡོད་ཅིང༌། སྲི ད་ཞི་མཉམ་ཉིད་དུ་བསྒོམ་པ་ཙམ་ ཚོགས་ལམ་ཙམ་ནས་ཀྱང་ཡོད། དེ་གསུམ་ཁྱད་པར་ཅན་གྱི་མཚན་ཉིད་ལ་མི་རྟོག་ཡེ་ཤེས་ ལ་དབང་བསྒྱུར་ཐོབ་པའི་སྦྱོར་བ་གང་ཞིག ཅེས་པས་ཟུར་དང་པོ་བྱའོ། །རྩེ་མོའི་དངོས་པོ་ བརྒྱད་ལ། རྟགས་ཀྱི་རྩེ་མོའི་མཚན་ཉིད། མཁྱེན་གསུམ་བསྡུས་སྒོམ་རབ་གྱུར་དྲོད་གང་ཞིག རྩེ་སྦྱོར་མཚོན་པར་ནུས་པ། དབྱེ་ན་བཅུ་གཉིས། དྲོད་ལ་གནས་པའི་བྱང་སེམས་དབང་རྣོན་ གྱིས་ཐོབ་ཅིང༌། འོག་མ་རྣམས་ལའང་འགྲེའོ། །རྣམ་འཕེལ་(རྣམ་འཕེལ་)གྱི་རྩེ་མོ་ནི། བསྡུས་ བསྒོམ་རབ་གྱུར་གྱི་རྩེ་མོ་གང་ཞིག བསོད་ནམས་ཕུལ་དུ་བྱུང་པ་དང་ལྡན་པ། དེ་ལ་བཅུ་ དྲུག་གོ།བརྟན་(བརྟན་དང་)པའི་རྩེ་མོ་ནི། བསྡུས་སྒོམ་རབ་ཏུ་གྱུར་པའི་བཟོད་པ་གང་ཞིག མཁྱེན་གསུམ་གྱི་ཆོས་དང༌། སེམས་ཅན་གྱི་དོན་ལ། རང་གི་ངང་གིས་འབྱུག་[འཇུག]ཅིང་ སླར་མི་ལྡོག་པ། དབྱེ་ན་གཉིས། སེམས་ཅན་(སེམས་ཅན་ཀུན་ལ་གནས་པ་དང་)ཀུན་ཏུ་གནས་པའི་ རྩེ་སྦྱོར་ནི། (དེའི་རྟགས་དང་)བསྡུས་བསྒོམ་རབ་ཏུ་གྱུར་པའི་ཆོས་མཆོག་གང་ཞིག བསོད་ ནམས་མང་པོ་དང་ལྡན་ཞིང་དེ་ཁོ་ན་སེམས་རྩེ་གཅིག་ཏུ་གནས་པ། དེ་ལ་ཆུང་འབྲིང་ཆེན་པོ་ གསུམ། མཐོང་(མཐོང་ཞེས་བྱ་བ་དང་)ལམ་རྩེ་མོ་ནི། སྒོམ་ལམ་ཟག་མེད་མ་སྐྱེས་གོང་གི་འཇིག་ རྟེན་ལས་འདས་པའི་ཡེ་ཤེས་གང་ཞིག མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པ། སྒོམ་ ལམ་རྩེ་མོ་ནི། མཁྱེན་གསུམ་{བསྡུས་}བསྒོམ་རབ་ཏུ་གྱུར་པའི་སྒོམ་ལམ་གང་ཞིག ཐོད་ རྒལ་གྱི་སྙོམས་འཇུག་ལ་དབང་ཐོབ་པ། དེ་གཉིས་ལ་སྦྱོར་བ་གཉིས་རྗེས་གཉིས་ཏེ་བཞི་ 2-1-53 བཞིའོ། །བར་ཆད་(བར་ཆད་མེད་པའི་ཏིང་ངེ་འཛིན་)མེད་པའི་རྩེ་སྦྱོར་ནི། བསྡུས་སྒོམ་རབ་ཏུ་གྱུར་ ཅིང༌། རང་འབྲས་རྣམ་མཁྱེན་གྱི་དངོས་རྒྱུར་གྱུར་པ། དབྱེ་ན་ངོ་བོ་དང་ཁྱད་པར་གཉིས། ས་ མཚམས་ས་བཅུ་རྒྱུན་མཐའ་ནའོ། །(ལོག་སྒྲུབ་དང་བཅས་པ་ནི་)གསལ་བྱ་ལོག་སྒྲུབ་ནི། བར་ཆད་ མེད་རྩེའི་དམིགས་རྣམ་ལ་དམིགས་ནས་མི་འཐད་པར་སེམས་པའི་ལོག་རྟོག་གང་ཞིག བར་ཆད་མེད་རྩེའི་སྔ་རོལ་དུ་སྤང་བར་བྱ་བ། དབྱེ་ན་བཅུ་དྲུག ས་མཚམས་བདེན་གཉིས་ ལ་མི་མཁས་པའི་གང་ཟག་རྣམས་ལ་ཡོད། དོན་དམ་བདེན་པ་ནི། རང་བཞིན་སྤྲོས་བྲལ་གང་ཞིག ཡོངས་དཔྱོད་དུ་ཤེས་བརྗོད། གཞལ་བྱ་ལས་འདས་པ། ཀུན་རྫོབ་བདེན་པ་ནི། རྟེན་འབྲེལ་སྣ་ཚོགས་སུ་སྣང་པ་མཐར་ གྱིས་པ་ལ་བཅུ་གསུམ་ནི། སྦྱིན་པའི་(མཐར་གྱིས་པ་རྣམ་གསུམ་རྣམ་བཅུ་)མཐར་གྱིས་པ་ནི། མཁྱེན་ གསུམ་གོ་རིམ་དུ་བསྒོམ་པ་གང་ཞིག འཁོར་གསུམ་རྣམ་པར་དག་པའི་སྦྱིན་པ་རིམ་གྱིས་ སྒོམ་པའི་སློབ་ལམ། དེ་བཞིན་དུ་ཤེས་རབ་ཀྱི་བར་སྦྱར་རོ། །སངས་རྒྱས་རྗེས་དྲན་གྱི་མཐར་ གྱིས་པ་ནི། གང་ཞིག་དེ་བཞིན་གཤེགས་པའི་ཡོན་ཏན། དོན་དམ་པར་མི་དམིགས་ཤིང་ཀུན་ རྫོབ་ཏུ་ཕྱིན་ཅི་མ་ལོག་པར་རྟོགས་ནས་རིམ་གྱིས་བསྒོམ་པའི་སློབ་ལམ། དེ་བཞིན་གཤེགས་ པའི་ཞེས་པའི་ཐད་ཀར། དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་དང༌། སློབ་པ་ཕྱིར་མི་ལྡོག་པའི་ ཚོགས་དང༌། སྡོམ་པ་གསུམ་དང༌། ཆོས་དང་ཟང་ཟིང་གི་སྦྱིན་པ་དང༌། ལྷའི་གནས་སུ་སྐྱེས་ པའི་འཕགས་པ། དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་ཕྱིན་ཅི་མ་ལོག་པར་རྟོགས་ ནས་རིམ་གྱིས་སྒོམ་པའི་སློབ་ལམ། ཞེས་སོགས་སྦྱར་བས། ཆོས་དང་དགེ་འདུན་དང་ཚུལ་ ཁྲིམས་དང་གཏོང་བ་དང༌། ལྷ་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བ་རྣམས་ཀྱི་མཚན་ ཉིད་དོ། །དངོས་མེད་ངོ་བོ་ཉིད་དུ་ཤེས་པའི་མཐར་གྱིས་པའི་མཚན་ཉིད། མཁྱེན་གསུམ་ གོ་རིམ་དུ་བསྒོམ་པའི་སློབ་ལམ་གང་ཞིག ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་ 2-1-54 པར་རྟོགས་ནས་རིམ་གྱིས་བསྒོམ་པའི་སློབ་ལམ། སྐ་ཅིག་མའི་ཆོས་བཞི་ལ། རྣམ་པར་སྨིན་ པ་མིན་པའི་སྐད་ཅིག་སྦྱོར་ནི། ཟག་མེད་རྣམ་པར་སྨིན་པ་མ་ཡིན་པའི་ཆོས་ཐམས་ཅད་བྱ་ རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་གཏོགས་ནས་སྒོམ་པའི་སློབ་ལམ། དེ་བཞིན་ཟག་མེད་རྣམ་ པར་སྨིན་པ་མ་ཡིན་པའི་ཆོས་ཐམས་ཅད་ཅེས་པའི་གནས་སུ། རྣམ་པར་སྨིན་པའི་དགེ་བའི་ ཆོས་ཐམས་ཅད་དང༌། ཀུན་བྱང་བདེན་པའི་མཚན་ཉིད་མེད་པར། གཟུང་འཛིན་གཉིས་སུ་ མེད་པར་ཞེས་པ་སྦྱར་བ་ནི། (སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །) རྣམ་པར་སྨིན་པའི་སྐད་ཅིག་སྦྱོར། མཚན་ཉིད་མེད་པའི་སྐད་ཅིག་སྦྱོར། གཉིས་སུ་མེད་ པའི་སྐད་ཅིག་སྦྱོར། རྣམས་ཀྱི་མཚན་ཉིད། ཆོས་སྐུའི་དངོས་པོ་བཞི་ལ། (ངོ་བོ་ཉིད་)ངོ་བོ་ཉིད་ སྐུ་ནི། སྦྱོར་བ་བཞི་བསྒོམས་པའི་འབྲས་བུ་མཐར་ཐུག་ཟག་མེད་ཆོས་ཀྱི་ཡན་ལག་དང་ལྡན་ པ་གང་ཞིག དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་ཐུག ལོངས་(ལོངས་སྤྱོད་རྫོགས་བཅས་ )སྤྱོད་རྫོགས་པའི་སྐུ་ནི། གང་ཞིག་ངེས་པ་ལྔ་ལྡན་གྱི་གཟུགས་སྐུ། རྟོགས་པ་ཡེ་ཤེས་ཆོས་ཀྱི་ སྐུ་ནི། གང་ཞིག་ཟག་བཅས་ཐམས་ཅད་གནས་གྱུར་པའི་འདུས་བྱས་ཀྱི་ཡེ་ཤེས་མཐར་ཐུག དེ་ལ་འཕྲོས་ཏེ། སྤྱིར་ཟད་པར་གྱི་ཏིང་ངེ་འཛིན། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ ནས། རང་གི་དམིགས་ཡུལ་གྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཞི་ལྷག་ཟུང་ འཇུག་གི་ཏིང་ངེ་འཛིན་ཟིལ་གནོན་གྱི་སྐྱེ་མཆེད་ནི། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ ནས། རང་གི་དམིགས་ཡུལ་ལ་དབང་བསྒྱུར་བར་ནུས་པའི་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་ འཛིན། ཉོན་མོངས་མེད་པའི་ཏིང་ངེ་འཛིན། བསམ་གཏན་གྱི་སེམས་ལ་བསྟེན་ནས། གཞན་ གྱི་ཉོན་མོངས་སྐྱེ་བ་སྤོང་པའི་སེམས་རྩེ་གཅིག་པ། སྨོན་ནས་མཁྱེན་པ་ནི། བསམ་གཏན་གྱི་ སེམས་ལ་བསྟེན་ནས། རང་གི་ཡུལ་ཤེས་པར་སྨོན་པའི་བསམ་པའི་དབང་གིས་ཤེས་པའི་ རྟོགས་པ། དེ་བཞི་འཕགས་པ་བཞི་པོ་ཕལ་ཆེ་བ་ལ་ཡོད། སྤྲུལ་(དེ་བཞིན་གཞན་པ་སྤྲུལ་པ་སྟེ་)སྐུའི་ 2-1-55 མཚན་ཉིད། གང་ཞིག་དག་མ་དག་གི་འགྲོ་བ་སྣ་ཚོགས་འདུལ་བྱེད་དུ་གྱུར་པའི་གཟུགས་སྐུ། རྟོགས་པ་ཡེ་ཤེས་ཆོས་སྐུའི་(མཛད་པ་དང་བཅས་པས་)ཕྲིན་ལས་(རྣམ་པ་བཞིར་ནི་ཡང་དག་བརྗོད་)ཀྱི་ མཚན་ཉིད། རྟོགས་པ་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལ་བརྟེན་ནས། གདུལ་བྱ་ལ་ཕན་བདེ་ སྒྲུབ་པའི་ལས་དེ་ལ་དབྱེ་ན། བྱེད་པ་པོ་ལ་ཡོད་པའི་ཕྲིན་ལས་དང༌། བྱ་བ་ལས་ལ་ཡོད་པའི་ ཕྲིན་ལས་གཉིས་སམ་ཉེར་བདུན་ནོ། །དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་ རྣམ་པར་བཞག་པའི་བསྡུས་དོན་འཕྲོས་དང་བཅས་པ་ཅུང་ཟད་ཅིག་བཤད་དོ། ། དེ་ལྟར་གཞུང་ལུགས་ཟབ་མོའི་གནད་ཀྱི་དོན། ། མཁས་མང་ལེགས་བཤད་ནོར་བུས་སྤྲས་པ་ཡི། ། རྒྱན་གྱི་བསྡུས་དོན་རིན་ཆེན་ཕྲེང་བ་འདི། ། བློ་གསལ་བློ་ཡི་མགུལ་དུ་བརྒྱན་ཕྱིར་སྤེལ། ། དེ་དགེ་རྣམ་དག་འཆི་མེད་རྔ་སྒྲ་ཡིས། ། འགྲོ་བ་བག་མེད་འཆི་མེད་ཚོགས་རྣམས་ཀུན། ། བདུད་བཞི་མངོན་ལྷའི་གཡུལ་ལས་རྣམ་རྒྱལ་ནས། ། ཀུན་མཁྱེན་ཀུན་དགའི་བདེ་བ་ཐོབ་པར་ཤོག ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུས་རྣམ་པར་བཞག་པའི་བསྡུས་དོན་རིན་པོ་ཆེའི་ ཕྲེང་བ་ཞེས་བྱ་བ་དཀའ་བཞི་འཛིན་པ་གཉག་ཕུ་བ་བསོད་ནམས་བཟང་པོས་སྦྱར་བའོ།། །།མཾགལཾབྷཝཏུ། ཤུབྷཾ། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ཞ ༡༩ 2-1-56 ༄༅། །དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་པར་ བཤད་པ་སྙིང་པོ་གསལ་བ་ ཞེས་བྱ་བ་བཞུགས། ༄༅། །ན་མོ་གུ་རུ་བུད་དྷ་བོ་དྷི་སཏྭེ་བྷྱོ་ན་མོ་ན་མཿ དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་ པའི་རྣམ་པར་བཤད་པ་སྙིང་པོ་གསལ་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ ཕྱག་འཚལ་ལོ། །འཕགས་པ་ཀླུ་སྒྲུབ་དགེ་སློང་དཔལ་ལྡན་ཞེས་གྲགས་པ་ལ་ཕྱག་འཚལ་ ལོ། །ཟླ་རྒྱས་དབུས་སུ་མུན་པ་ཇི་བཞིན་སྐུ་ལ་འཁྲུལ་གཅོད་ཉེས་མི་མངའ། །ཉིན་བྱེད་ དབུས་སུ་གྲང་རེག་ཇི་བཞིན་གསུང་ལ་ཅ་ཅོའི་ཉེས་མི་མངའ། །རྣམ་ཐོས་བུ་ལ་དབུལ་ཕོངས་ ཇི་བཞིན་མཉམ་པར་མ་བཞག་ཐུགས་མི་མངའ། །འཕགས་ནོར་འཕགས་པ་ཀུན་ལ་མངའ་ མོད་མ་འདྲེས་ཆོས་རྫོགས་ཐུབ་དབང་རྒྱལ། །རྒྱལ་བས་ལུང་བསྟན་རབ་དགའི་ས་བརྙེས་ཀླུ་ བོས་གདེངས་ཅན་བློ་མུན་རབ་ཏུ་བསལ། །དྲུག་བརྒྱར་འཚོ་ཞིང་བསྟན་པ་རྒྱས་མཛད་དོན་ དུ་གཉེར་ལ་དབུ་ཡང་རབ་ཏུ་སྦྱིན། །བདེ་བ་ཅན་བྱོན་རྒྱལ་བ་མཉེས་མཛད་སླར་ཡང་འདིར་ བྱོན་འགྲོ་བའི་དོན་མཛད་གང༌། །(སངས་རྒྱས་ཀྱི་ཞིང་)རབ་དང་འོད་དུ་(རྒྱལ་བ་)ཡེ་ཤེས་འབྱུང་ གནས་འོད་ཅེས་བྱ་བར་འཚང་རྒྱའི་ཀླུ་སྒྲུབ་ཞབས་ལ་འདུད། །སྣ་ཚོགས་ཆོས་དོན་རྒྱ་ཆེན་ འབྱེད་ལ་གཏམ་གྱི་ཚོགས། །བར་པའི་དགོངས་དོན་ཟབ་མོ་འབྱེད་ལ་རིགས་པའི་ཚོགས། །ཐ་མའི་དགོངས་དོན་ཟབ་མོ་འབྱེད་ལ་བསྟོད་པའི་ཚོགས། །དེ་ལས་ཆོས་ཀྱི་དབྱིངས་སུ་ བསྟོད་འདི་འཆད་ལ་སྤྲོ། །བདག་གི་བློ་གྲོས་ནུས་ཆུང་ཡང༌། །དཔལ་ལྡན་བླ་མའི་ལེགས་ 2-1-57 བཤད་དང༌། །རྒྱལ་བ་སྲས་བཅས་བྱིན་བརླབས་ལས། །གཞན་གྱིས་བསྐུལ་བཞིན་བྲི་བར་ བྱ། ། འདི་འཆད་པ་ལ་དོན་གསུམ་སྟེ། མཚན་གྱི་དོན་དང་གཞུང་གི་དོན་དང༌། ཇི་ལྟར་བསྒྱུར་ ཚུལ་ལོ། །དང་པོ་མཚན་གྱི་དོན་ནི། རྒྱ་གར་འཕགས་པའི་ཡུལ་དུ་གྲགས་པའི། སཾ་སྐྲྀ་ཏའི་ སྐད་དུའམ་སྐད་ལ། དྷརྨྨཱ་དྷཱ་ཏུ་སྟོ་ཏྲ་ཞེས་བྱ་བ། བོད་ཀྱི་སྐད་དུ། ཆོས་ཀྱི་དབྱིངས་སུ་བསྟོད་ པ་ཞེས་བྱ་བའོ། ། དེ་ལ་དྷརྨྨ་ནི་ཆོས་ཏེ། དེའི་ཁམས་དྷྲི་དྷ་ར་ཎ་ཞེས་པ་འཛིན་པ་སྟེ། མཚན་ཉིད་འཛིན་ པས་ན་ཆོས་སོ། །དྷཱ་ཏུ་ནི་དབྱིངས་ཏེ། དེ་ལ་སྒྲོ་མ་བཏགས་པར་ཡོན་ཏན་ཇི་ལྟར་ཡོད་པའི་ ཚུལ་གྱིས་སྟོ་པ་ནི་བསྟོད་པའོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་ པ་ཀུན་ལ་བྱམས་པས་ཁྱབ་ཅིང༌། དཔལ་གྱི་འབྱུང་གནས་སུ་གྱུར་ལ། གཞོན་ནུའི་ས་བརྙེས་ པ་དེ་ལ་ལོ་པཎ་རྗེས་འཇུག་དང་བཅས་པས་གུས་པས་འདུད་པའོ། ། གཉིས་པ་གཞུང་གི་དོན་ལ། བསྟོད་པའི་ཚུལ་གྱིས་ལུས་རྣམ་པར་བཞག་པ་དང༌། དེ་ དག་ཕྱེ་སྟེ་རྒྱས་པར་བཤད་པའོ། །དང་པོ་ནི། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲི ད་པ་གསུམ་ དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ འདུད། །ཞེས་པས་བསྡུས་པའི་དོན་བསྟན་ཏེ། རང་གིས་རང་ལ་གནས་པའི་ཆོས་ཀྱི་དབྱིངས་ རྒྱལ་བའི་སྙིང་པོ་གང་ཞིག་མ་ཤེས་ཤིང་རྨོངས་ན་མ་རིག་པ་སྟེ། དེ་ལ་བརྟེན་ནས་ཟག་པ་དང་ བཅས་པའི་བསོད་ནམས་དང༌། བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་བསགས་ པས་རང་དབང་མེད་པར་སྲི ད་པ་གསུམ་དུ་སྐྱེ་འཆིའི་རྒྱུན། འཁོར་བའི་སེམས་ཅན་ཀུན་ལ་ གནས་ཤིང༌། གནས་ཚུལ་ཡང༌། ཕྱིར་སེམས་ཅན་ལ་མ་དག་པ་དང༌། ལམ་པ་ལ་མ་དག་ དག་པ། སངས་རྒྱས་ལ་ཤིན་ཏུ་རྣམ་པར་དག་པའི་ཚུལ་གྱིས། ནམ་མཁའ་ལྟར་ཀུན་ཁྱབ་ཏུ་ 2-1-58 གནས་པའི་ཆོས་ཀྱི་དབྱིངས། རྒྱལ་བའི་སྙིང་པོ་དེ་ལ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ ཀྱིས་ཡོན་ཏན་ཇི་ལྟ་བ་བཞིན་མཐོང་བའི་སྒོ་ནས་ཕྱག་འཚལ་ཞིང་གུས་པས་འདུད་པའོ། །དེ་ ལ་འདུད་པའི་ཡུལ་རྒྱལ་བའི་སྙིང་པོ་ཉིད་ལ་ངོ་བོ་ལ་དབྱེ་བ་མེད་དེ། འགྲི བ་པ་དང་འཕེལ་ བ་མེད་པ་ཉིད་བསྟན་པའི་མདོ་ལས། ཤཱ་རིའི་བུ་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ ཡིན་ནོ། །ཤཱ་རིའི་བུ་དོན་དམ་པ་ཞེས་བྱ་བ་འདི་ནི། སེམས་ཅན་གྱི་ཁམས་ཀྱི་ཚིག་བླ་དྭགས་ སོ། །ཤཱ་རིའི་བུ་སེམས་ཅན་གྱི་ཁམས་ཞེས་བྱ་བ་འདི་ནི། དེ་བཞིན་གཤེགས་པའི་སྙིང་པོའི་ ཚིག་བླ་དྭགས་སོ། །ཤཱ་རིའི་བུ། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི། ཆོས་ཀྱི་ སྐུའི་ཚིག་བླ་དྭགས་སོ། །ཤཱ་རིའི་བུ་དེའི་ཕྱིར་ན། སེམས་ཅན་གྱི་ཁམས་ཀྱང་གཞན་ལ། ཆོས་ ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད། ཆོས་ཀྱི་སྐུ། ཆོས་ཀྱི་སྐུ་ཉིད་ སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ། ཡི་གེ་ཙམ་ཐ་དད་པ་ཡིན་ ནོ། །ཞེས་དང༌། ཆོས་ཀྱི་དབྱིངས་ཀྱང་ཅིག ཡང་དག་པའི་མཐའ་ཡང་གཅིག་ཡིན་ན། ཇི་ ལྟར་ན་སྣོད་དང་སྣོད་མ་ཡིན་པར་གདགས། ཞེས་སོགས་གསུངས་པའི་ཕྱིར་ངོ་བོ་ལ་དབྱེ་བ་ མེད་མོད་ཀྱི། གནས་སྐབས་གསུམ་དུ་ཕྱེ་ནས་གསུངས་པ་ནི། རྒྱུད་བླར། སོ་སོ་སྐྱེ་འཕགས་ རྫོགས་སངས་ཀྱི། །དེ་བཞིན་ཉིད་དབྱེའི་འཇུག་པ་ལས། །དེ་ཉིད་གཟིགས་པ་སེམས་ཅན་ ལ། །རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །ཞེས་དང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་ རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་ལ། ཆོས་ཀྱི་དབྱིངས་རྒྱལ་བའི་སྙིང་པོ་དེ་གནས་སྐབས་གསུམ་དུ་གནས་ཚུལ་ སྟོན་པ་ལ། སྦྱང་བྱ་སེམས་ཅན་གྱི་གནས་སྐབས། སྦྱོང་བྱེད་ལམ་གྱི་གནས་སྐབས། སྦྱངས་ འབྲས་ཆོས་སྐུའི་གནས་སྐབས་དང་གསུམ་ལས། དང་པོ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་ 2-1-59 དང༌། དཔེའི་སྒོ་ནས་རྒྱས་པར་བཤད་པའོ། ། དང་པོ་ནི། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་ དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་གསུང་སྟེ། གང་ཞིག་འཁོར་བའི་ རྒྱུར་གྱུར་པ། །ཞེས་པ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་གནས་ དང་གཞི་དང་རྟེན་ཡིན་པ་ལ་དགོངས་ནས། དཔལ་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་ སྙིང་པོ་ནི། འབྲེལ་པ་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། འདུས་མ་བྱས་པའི་ཆོས་ཀྱི་ གནས་དང་གཞི་དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི། མ་འབྲེལ་བ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་བྲལ་ཤེས་པ། འདུས་བྱས་ཀྱི་ཆོས་རྣམས་ ཀྱིའང༌། གནས་དང་གཞི་དང་རྟེན་ལགས་སོ། །ཞེས་གསུངས་པས། འཁོར་བའི་ཡང་རྟེན་ ཡིན་པས་རྒྱུ་ཞེས་གསུངས་ལ། དེ་ཉིད་སྦྱང་བ་བྱས་པ་ལས། ཞེས་གསུངས་པའི་སྦྱོང་ཚུལ་ནི། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་བསྟན་པའི་མདོར། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ ན། ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེས། ནོར་བུ་རིན་ པོ་ཆེའི་རིགས་ནས། ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ། ལན་ཚའི་ཆུ་རྣོན་ པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་ བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས། བལ་ གྱི་ལ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས། རས་སྲབ་མོའི་ཡོངས་ སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ། དྲི་མ་དང་བྲལ་བ་ནི། བཻ་ ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་ དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང༌། སྡུག་བསྔལ་བ་དང་བདག་མེད་ 2-1-60 དང༌། མི་གཙང་བ་དང༌། ཡིད་འབྱུང་པའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་ རྣམས་སྐྱོ་བ་བསྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་ དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་ རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་དུ་ཡོངས་སུ་དག་ པའི་གཏམ་གྱིས་རང་བཞིན་སྣ་ཚོགས་པའི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་ པའི་ཡུལ་ལ་འཇུག་པར་མཛོད་དོ། །ཞུགས་པར་གྱུར་ཅིང༌། དེ་བཞིན་གཤེགས་པའི་ཆོས་ ཉིད་རྟོགས་ན་ནི། བླ་ན་མེད་པའི་ཡོན་གནས་ཞེས་བརྗོད་དོ། །ཞེས་གསུངས་ཤིང༌། དེ་ལྟར་ སྦྱངས་པས། དྲི་མ་མཐའ་དག་པའི་དབྱིངས་དེ་ཉིད་ལ་མི་གནས་པའི་མྱ་ངན་ལས་འདས་པ་ དང༌། འབྲས་བུ་ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །འདིར་ཁ་ཅིག རྒྱན་སྟུག་པོ་བཀོད་པར། ཀུན་ གཞི་སྙིང་པོར་བསྒྲགས་པ་ནི། །རྟོག་པའི་སེམས་ཀྱི་ཡུལ་མ་ཡིན། །ཞེས་གསུངས་པས། ཀུན་གཞིའི་རྣམ་ཤེས་ཉིད་ལ་བདེ་གཤེགས་སྙིང་པོར་གསུངས་པའི་ཕྱིར། ཀུན་གཞིའི་རྣམ་ ཤེས་བདེར་གཤེགས་སྙིང་པོའ་ོཞེས་བཞེད་པ་མི་འཐད་དེ། མདོ་དེ་ཉིད་དུ། ས་རྣམས་སྣ་ ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྒྲགས་པ་ཡང༌། །བློ་ ཞན་རྣམས་ཀྱི་མི་ཤེས་སོ། །ཞེས་གསུངས་པའི་སྙིང་པོ་ཀུན་གཞིར་བསྒྲགས་པ་དང༌། ཀུན་ གཞི་སྙིང་པོར་བསྒྲགས་ཞེས་པ། ཕན་ཚུན་གཅིག་ལ་གཅིག་གི་མིང་གིས་བཏགས་པ་ཡིན་ ལ། སྙིང་པོ་ཡང་ཀུན་གཞིའི་རྣམ་ཤེས་མ་ཡིན་ཞིང༌། ཀུན་གཞིའི་རྣམ་ཤེས་ཀྱང་སྙིང་པོ་མ་ ཡིན་ཏེ། དེ་ནི་མ་བསྒྲིབས་ལུང་མ་བསྟན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ།ཞེས་གསུངས་ 2-1-61 ཤིང༌། བདེ་གཤེགས་སྙིང་པོ་དགེ་བ་ཡིན་ཏེ། གོང་དུ་དྲངས་པའི་བདེ་གཤེགས་སྙིང་པོ་དགེ་ བའང་དེ་ཞེས་དང༌། ལང་ཀར་གཤེགས་པའི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་དགེ། །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་དང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་ བཞིན་གཤེགས་པའི་སྙིང་པོ་དགེ། །ཞེས་དང༌། མྱང་འདས་ཆེན་པོའི་མདོར། རིགས་ཀྱི་བུ་ ངས་འདི་སྐད་དུ་རྩ་བ་བཞི་ཉམས་པ་དང༌། ལོག་སྲེད་ཅན་དང༌། ཤིན་ཏུ་རྒྱས་པའི་མདོ་ལ་ སྐུར་པ་དང༌། མཚམས་མེད་པའི་སྡིག་པ་བྱས་པ་ལ་ཡང༌། སངས་རྒྱས་ཀྱི་རང་བཞིན་ཡོད་ དེ། སེམས་ཅན་དེ་དག་ལ་བྱས་པའི་དགེ་བའི་ཆོས་སྤོངས་མེད་མོད་ཀྱི། སངས་རྒྱས་ཀྱི་ རང་བཞིན་ནི་དགེ་བའོ། །ཞེས་སོགས་སྒྲུབ་བྱེད་ཤིན་ཏུ་མང་ངོ༌། །ཁ་ཅིག་སློབ་དཔོན་ཟླ་བ་ གྲགས་པ་བདེ་གཤེགས་སྙིང་པོ་མི་བཞེད་ཅེས་པའང་མི་འཐད་དེ། གསང་འདུས་ཀྱི་འགྲེལ་ པ་སྒྲོན་གསལ་དུ། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། དེས་རྣལ་འབྱོར་པའི་ལུས་ མི་ཕྱེད་པའི་ལུས་བསྐྱེད་པས་ན། རྡོ་རྗེའི་ལུས་ནི་ཐོབ་བྱེད་པའོ། །ཞེས་དང༌། རྒྱལ་བ་ཀུན་གྱི་ གནས་ནི་སེམས་ཅན་ཐམས་ཅད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར། ཞེས་ སོགས་གསུངས་པའི་ཕྱིར། དེས་ན་རྒྱལ་བའི་སྙིང་པོ་ནི། རྡོ་རྗེ་རྩེ་མོའི་རྒྱུད་ལས། དེ་བཞིན་ གཤེགས་པའི་སྙིང་པོ་དག །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཆེན་ཏེ། །ཉོན་མོངས་འདམ་གྱིས་མ་ གོས་པ། །རྡོ་རྗེ་པད་མའི་དབང་བསྐུར་ཡིན། །ཞེས་དང༌། དག་པ་དེ་བཞིན་གཤེགས་སྙིང་ པོ། །སེམས་དཔའ་སྙིང་པོ་ཞེས་བྱར་བཤད། །ང་ནི་དེ་བཞིན་གཤེགས་སྙིང་པོ། །སེམས་ ཅན་ཐམས་ཅད་བདག་དང་མཚུངས། །ཞེས་སེམས་ཅན་དང༌། སངས་རྒྱས་ཐམས་ཅད་ལ་ སྙིང་པོར་བཞུགས་པར་གསུངས་སོ། །སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན། མི་ མཐོང་པ་ཅི་ཞེ་ན། མྱང་འདས་ཆེན་པོར་གསུངས་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་ཡོངས་སུ་ཁེབས་པས་མི་མཐོང་ངོ༌། །ཞེས་དང༌། 2-1-62 རྨུས་ལོང་གིས་གཟུགས་ཡོད་ཀྱང་མི་མཐོང་ལ། མིག་ཅན་གྱིས་མཐོང་བ་དཔེར་མཛད་ནས། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་མོད་ ཀྱི། བྱང་ཆུབ་སེམས་དཔའ་དང་ས་བཅུ་པས་ཕྱོགས་ཙམ་ཞིག་མཐོང་ལ། དེ་བཞིན་གཤེགས་ པས་ནི་མ་ལུས་པར་གཟིགས་སོ། །ཞེས་དང༌། ཞར་བས་གཟུགས་གསལ་བར་མི་མཐོང་བ་ ལ་སྨན་པས་བཅོས་ནས་གསལ་བར་མཐོང་བ་དཔེར་མཛད་ནས། བྱང་ཆུབ་སེམས་དཔའ་ས་ བཅུ་པ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི། མི་གསལ་ལོ། །དེ་ལ་ དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་ཏུ་གསལ་བར་མཐོང་བར་འགྱུར་རོ། །ཞེས་དང༌། གཞན་ཡང་ཤེས་ལ་མི་མཐོང་བ་ཡོད་དོ། །དེ་ལ་ཤེས་པ་ནི། སེམས་ཅན་ཐམས་ ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ནི་ཤེས་ན་ཉོན་མོངས་པས་ཟིལ་གྱིས་ནོན་ཏེ། བསྒྲིབས་ནས་མི་མཐོང་བས་ན། དེ་ནི་ཤེས་ལ་མི་མཐོང་བ། ཞེས་བྱའོ། །གཞན་ཡང་ཤེས་ལ་ ཅུང་ཟད་མཐོང་བ་ཡོད་དེ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དག་ནི་སེམས་ ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཤེས་ཀྱང་གསལ་བར་མི་མཐོང་བ་ ནི། ཟླ་བ་ཉིན་མོ་མི་གསལ་བ་དང་འདྲ་སྟེ། གཞན་ཡང་ཤེས་ཀྱང་ཤེས་ལ་མཐོང་ཀྱང་མཐོང་ བ་ནི། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ནི་གཟིགས་པ་དང་མཁྱེན་པ་ཞེས་བྱ་བའོ། །ཞེས་སོ། །ལང་ཀར་གཤེགས་པར། བློ་གྲོས་ཆེན་པོས་ཞུས་པ་ལས། བཅོམ་ལྡན་འདས་དེ་ བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི། བདག་ཏུ་སྨྲ་བ་དང་ཇི་ལྟར་མི་ འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང༌། རྟག་པ་བྱེད་པོ་ཡོན་ཏན་མེད་ པ་ཁྱབ་པ་མི་འཇིག་པའོ། །ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱི་ བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ བྱེད་ཀྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། ཞེས་པ་ནས། བློ་གྲོས་ཆེན་པོ་དེ་ལྟར་དེ་ 2-1-63 བཞིན་གཤེགས་པ་རྣམས་ནི། མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ། མངོན་པར་ཞེན་པ་རྣམས་ དྲང་བའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས། དེ་བཞིན་གཤེགས་པའི་སྙིང་ པོ་སྟོན་ཏེ། ཞེས་མུ་སྟེགས་དྲང་བའི་ཕྱིར་དུ་གསུངས་ཀྱི། དྲང་དོན་དུ་གསུངས་པ་ནི་མ་ཡིན། གདུལ་བྱ་དྲང་བའི་དོན་དུ་གསུངས་པས་དྲང་དོན་དུ་འགྱུར་ན། རྒྱལ་བའི་བཀའ་ཐམས་ཅད་ དྲང་དོན་དུ་ཐལ་བ་དང༌། མཐར་ཐུག་ཐེག་པ་གཅིག་ཏུ་གསུངས་པའང་དྲང་དོན་དུ་འགྱུར་ཏེ། ཁ་ཅིག་དག་ནི་དྲང་ཕྱིར་དང༌། ཞེས་གདུལ་བྱ་དྲང་བའི་དོན་དུ་གསུངས་པའི་ཕྱིར་རོ། །ཡང་ རྒྱུད་བླར། སྤྲིན་དང་རྨི་ལམ་རྒྱུ་བཞིན་དེ་དང་དེར། །ཆོས་རྣམས་ཐམས་ཅད་རྣམ་ཀུན་སྟོང་ པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ ཅེས་ཅི་སྟེ་གསུངས། ཞེས་པའི་ལན་དུ། ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ ཅེས་བསྟན་པ་ཡིན། །ཞེས་སོགས་གསུངས་པའི་ཕྱིར། དྲང་དོན་ཡིན་ནོ་ཞེ་ན། ཉེས་པ་ལྔ་ སྤང་བའི་དོན་དུ་གསུངས། ཞེས་པ་ནི། གསུངས་པའི་དགོས་པ་བསྟན་པ་ཡིན་གྱི། དྲང་དོན་ དུ་གསུངས་པ་ནི་མ་ཡིན་ཏེ། རྗེ་བཙུན་བྱམས་པ་སྔ་ཕྱི་འགལ་བ་ནི་མི་གསུང་ལ། དེའི་རྗེས་ སུ། ཡང་ཕྲིན་ལས་ཀྱི་སྐབས་སུ། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མེད་གཏེར། །སེམས་ཅན་ ཀུན་ལ་ཁྱད་མེད་རྣམས་གཟིགས་ནས། །ཞེས་དྲི་མ་མེད་པའི་ཡོན་ཏན་དང་ལྡན་པའི་སངས་ རྒྱས་སེམས་ཅན་ཀུན་ལ་ཁྱད་མེད་དུ་གཟིགས་ཞེས་སོགས་གསུངས་པའི་ཕྱིར། དེས་ན། དེ་ བཞིན་གཤེགས་པའི་སྙིང་པོའི་མདོར། རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་ནི་བྱུང་ཡང་རུང་མ་བྱུང་ཡང་རུང༌། སེམས་ཅན་རྣམས་ནི་རྟག་ཏུ་ དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་གསུངས་པ་ལྟར། སེམས་ཅན་ལ་བདེར་ གཤེགས་སྙིང་པོ་ཡོན་ཏན་ཅན་ཡོད་པར་གྲུབ་པོ། ། གཉིས་པ་རྒྱས་པར་བཤད་པ་ལ་བདུན་གྱི་དང་པོ། འོ་མ་དང་མར་གྱི་དཔེས། ཆོས་ཉིད་ 2-1-64 སྣང་བ་དང་མི་སྣང་བའི་ཚུལ་ནི། ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་ བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ༌། །ཞེས་ གསུངས་ཏེ། ཇི་ལྟར་འོ་མའི་དུས་ན་མར་ཡོད་ཀྱང་འོ་མ་དང་འདྲེས་པས་སྙིང་པོ་མར་དངོས་ སུ་མི་སྣང་བ་དེ་བཞིན་དུ། འཁོར་བའི་གནས་སྐབས་ན་དབྱིངས་རྒྱལ་བའི་སྙིང་པོ་བཞུགས་ ཀྱང་གཉེན་པོས་ཉོན་མོངས་མ་སྦྱངས་པའི་ཚེ་འདྲེས་པ་སྟེ་སོ་སོར་མ་ཕྱེ་བས་ཆོས་ཀྱི་དབྱིངས་ རྒྱལ་བའི་སྙིང་པོ་མ་མཐོང་གི སེམས་ཅན་ལ་མེད་ནས་མ་མཐོང་པ་ནི་མ་ཡིན་ཏེ། ཕལ་ཆེན་ ལས། གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ ཅན་དེ་ནི། སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ། །འོན་ཀྱང་འདུ་ཤེས་ཀྱི་འཛིན་པས་ དེ་བཞིན་གཤེགས་པའི་ཡེ་ཤེས་མི་མཐོང༌། འདུས་ཤེས་ཀྱི་འཛིན་པ་དང་བྲལ་བས་ནི་ཐམས་ ཅད་མཁྱེན་པའི་ཡེ་ཤེས་རང་བྱུང་གི་ཡེ་ཤེས་ཐོགས་པ་མེད་པར་རབ་ཏུ་འབྱུང་ངོ༌། །ཀྱེ་རྒྱལ་ བའི་སྲས་པོ་འདི་ལྟ་སྟེ། ཞེས་སྟོང་གསུམ་དར་ཡུག་ཆེན་པོའི་དཔེས་རྒྱས་པར་གསུངས་སོ། །མྱང་འདས་ཆེན་པོར་ཡང༌། རིགས་ཀྱི་བུ་དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི། མེད་ ཅེས་བྱ་བར་མི་རུང་ངོ༌། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། བུས་པ་མ་རབས་ ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི། དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱ་བར་མི་རུང་ ངོ༌། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་འདི་ལྟ་སྟེ། སྟོབས་བཅུ་དང་མི་འཇིགས་པ་བཞི་ དང་སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་ པ་གསུམ་པོ་ཡོད་པ་ཡང༌། ཉོན་མོངས་པ་ཡོངས་སུ་བཅོམ་ན། གདོད་མཐོང་བར་འགྱུར་ རོ། །ལོག་སྲེད་ཅན་ནི་ལོག་སྲེད་བཅོམ་ན་གདོད་སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང་ སྙིང་རྗེ་ཆེན་པོ་དང་དྲན་པ་ཉེ་བར་བཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན། ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ། སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་ 2-1-65 སོ་ཞེས་དང༌། སོར་ཕྲེང་གི་མདོར། སངས་རྒྱས་ཐམས་ཅད་ཀྱིས་ནན་ཏན་ཏུ་བསྩལ་ཀྱང་དེ་ བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པའི་བརྒྱན་པའི་དབྱིངས་ ཡོད་དོ་ཞེས་གསུངས་སོ། །དེའང་སྟོབས་སོགས་དང༌། མཚན་དཔེ་ཡོད་པར་གསུངས་པ་ནི། འདུས་མ་བྱས་པའི་སྟོབས་སོགས་ཡོད་པ་ལ་དགོངས་སོ། །ཁ་ཅིག་སྟོབས་སོགས་སོ་གཉིས་ བྲལ་འབྲས་ཡིན་པས་འདུས་མ་བྱས་ཁོ་ནར་འདོད་པའང་མི་རིགས་ཏེ། སྟོབས་སོགས་ འདུས་བྱས་ཀྱང་གསུངས་པའི་ཕྱིར། ཡུམ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་རྟག་པ་སྟེ་ གང་དང་བྲལ་བས་མ་ཡིན་ནོ། །ཞེས་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ བར་དུ་མི་རྟག་པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ། །ཞེས་སྟོབས་སོགས་(སྟོབས་སོགས་ ཀྱི་མ་རིག་པ་འཇོམས་པའང་འདི་ལ་དགོངས)མི་རྟག་པའང་གསུངས་སོ། །མཚན་སུམ་ཅུ་རྩ་ གཉིས་རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར། འདུས་བྱས་སོ་ཞེ་ན་མ་ངེས་ཏེ། དངོས་བརྒྱད་ དོན་དྲུག་ཏུ་བསྡུས་ནས་བསྟན་པའི་ཚེ་ན། ཆོས་སྐུ་སྦྱོར་བཞིའི་རྣམ་སྨིན་དུ་གསུངས་པ་བཞིན་ ནོ། །སྟོབས་སོགས་དང་མཚན་དཔེ་འདུས་བྱས་དང་འདུས་མ་བྱས་གཉིས་གཉིས་གསུངས་ པས། འདུས་མ་བྱས་ཀྱི་སྟོབས་སོགས་ཡོན་ཏན་དེ་དག་རྒྱལ་བའི་སྙིང་པོ་ལ་གདོད་མ་ནས་ ལྷུན་གྲུབ་ཏུ་ལྡན་པའོ། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་ བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་གསུངས་ཏེ། འོ་མ་བསྲུབས་པ་ལས་དྲི་མ་མེད་པའི་མར་སྣང་བ་དེ་བཞིན་དུ། ཉོན་མོངས་གཉེན་པོ་ཡེ་ཤེས་ ཀྱིས་རྣམ་པར་སྦྱངས་ཏེ་དྲི་མ་མེད་པར་བྱས་པས་ཆོས་ཀྱི་དབྱིངས་རྒྱལ་བའི་སྙིང་པོ་དྲི་མ་མེད་ པ་དེ་མངོན་དུ་འགྱུར་རོ། ། གཉིས་པ་མར་མེ་དང་བུམ་པའི་དཔེ་དོན་ནི། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ 2-1-66 ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་ མི་མཐོང་ངོ༌། །ཞེས་གསུངས་ཏེ། བུམ་ནང་གི་མར་མེ་རང་གི་ངོ་བོ་འོད་གསལ་ཡང༌། བུམ་ པས་བསྒྲིབས་པས་ཕྱི་རོལ་ཏུ་མི་མཐོང་བ་དེ་བཞིན་དུ་ཉོན་མོངས་ཀྱི་བུམ་པའི་ནང་དུ་གནས་ པའི་ཆོས་ཀྱི་དབྱིངས་ངོ་བོ་རང་བཞིན་གྱིས་འོད་གསལ་ཡང༌། འཆིང་བ་མཐའ་དག་ཅན་གྱི་ སྐྱེས་བུའི་བློ་ངོར་བློ་བུར་དྲི་མས་བསྒྲིབས་པས་མ་མཐོང་ཞིང་མངོན་དུ་མ་གྱུར་པའོ། ། ཕྱོགས་ནི་གང་དང་གང་དག་གནས། །བུམ་པ་བུ་ག་བཏོད་གྱུར་པ། །དེ་དང་དེ་ཡི་ཕྱོགས་ ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །ཞེས་གསུངས་ཏེ། བུམ་པ་ལ་བུ་ག་ཆུང་ངུ་ དང་འབྲིང་དང་ཆེན་པོ་བཏོད་པ་ལས་ཕྱི་རོལ་ཏུ་འོད་ཆུང་འབྲིང་ཆེན་པོར་སྣང་བ་ལྟར་མཐོང་ ལམ་དང་སྒོམ་ལམ་ས་བདུན་པའི་བར་དང༌། དག་པ་ས་རྣམས་སུ་སྒྲིབ་པའི་ས་བོན་རིམ་ བཞིན་སྤངས་པ་ལས་ཆོས་དབྱིངས་མངོན་སུམ་གྱིས་མཐོང་བ་ཆུང་འབྲིང་ཆེ་གསུམ་དུ་འགྱུར་ རོ། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་གསུང་སྟེ། གང་གི་ཚེ་ས་བཅུའི་རྒྱུན་གྱི་ཐ་མར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་གཉིས་ཀྱི་ལྷག་མ་བག་ཆགས་དང་བཅས་པ་མ་ལུས་ པར་བཅོམ་པ་ལས། ནམ་མཁའི་མཐར་ཐུག་པར་ཁྱབ་པའི་ཆོས་ཀྱི་དབྱིངས་དེ་ནི་རྣལ་འབྱོར་ པས་མངོན་སུམ་དུ་སྣང་བ་ཡོངས་སུ་རྫོགས་པར་བྱེད་དོ། །སྤྱོད་བསྡུས་སྒྲོན་མར། དོན་དམ་ པའི་བདེན་པ་ནི་ལུས་མེད་པ། དཔེ་མེད་པ། རྩོམ་ཐམས་ཅད་དང་བྲལ་བ། སོ་སོར་རང་གིས་ རིག་པ་སྟེ། དེ་བས་ན་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུར་རོ། །ཇི་སྐད་ དུ་གསུངས་པའི་ཚིག་ལས་ཀྱང༌། ཇི་ལྟར་མར་མེ་བུམ་ནང་གནས། །ཕྱི་རོལ་ཏུ་ནི་མི་སྣང་ འགྱུར། །བུམ་པ་དེ་ཉིད་བཅག་གྱུར་ན། །དེ་འོག་མར་མེའི་འོད་སྣང་འགྱུར། །དེ་བཞིན་བུམ་ པ་རང་ལུས་ཉིད། །དེ་ཉིད་མར་མེ་ལྟ་བུ་ཉིད། །བླ་མའི་ཁ་ཡིས་ལེགས་བཅག་ནས། །སངས་ 2-1-67 རྒྱས་ཡེ་ཤེས་གསལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། ། གསུམ་པ་ཆོས་དབྱིངས་སྐྱེ་འགག་དང་བྲལ་བའི་དོན་ནི། མཐོང་ཚུལ་དེའང་ཆོས་ཀྱི་ དབྱིངས་མཐོང་བའི་བློའི་རིམ་པ་ཡིན་གྱི། ཆོས་ཀྱི་དབྱིངས་རང་གི་ངོ་བོར་འགྱུར་བ་ནི་ མ་ཡིན་ཏེ། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་ རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཞེས་གསུངས་ཏེ། ཆོས་ ཀྱི་དབྱིངས་སྐྱེ་འགག་ཏུ་འགྱུར་བ་མེད་ཅིང་ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། གདོད་མ་ ནས་ཟད་པས་དེ་ཕྱིར་གྲོལ་ཞེས་བསྟན། ཞེས་གསུངས་པ་ལྟར། དུས་རྣམས་ཀུན་ཏུ་ངོ་བོ་ལ་ ཉོན་མོངས་མེད་ཅིང༌། ཐོག་མ་གཞིའི་དུས་དང༌། བར་ལམ་གྱི་དུས་དང༌། མཐར་འབྲས་བུའི་ དུས་ཐམས་ཅད་དུ་རང་གི་ངོ་བོ་གདོད་མ་ནས་དྲི་མ་དང་བྲལ་བ་སྟེ། རྒྱུད་བླར། ཇི་ལྟར་སྔར་ བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང༌། སེམས་ཀྱི་རང་བཞིན་ ནམ་མཁའ་ཡི། །ཁམས་ལྟར་རྒྱུ་མེད་རྐྱེན་མེད་དེ། །ཚོགས་པ་མེད་ཅིང་སྐྱེ་བ་དང༌། །འཇིག་ དང་གནས་པའང་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་ མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་ བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་པ་ལྟར་རོ། ། བཞི་པ་ནོར་བུ་འོད་གསལ་མི་གསལ་གྱི་དཔེས་བསྟན་པ་ནི། ཇི་ལྟར་རིན་ཆེན་བཻ་དུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང༌། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་ མ་ཡིན། །ཞེས་གསུངས་ཏེ། བཻ་དུརྱ་ཆེན་པོ་རྡོའི་ནང་ན་གནས་པ་དང༌། རྡོ་བསལ་ཏེ་ཕྱིས་ པ་གཉིས་ངོ་བོ་ལ་ཁྱད་པར་མེད་ཀྱང་རྡོ་ཡི་ནང་ན་གནས་པའི་ཚེ་ཕྱི་རོལ་ཏུ་འོད་མི་སྣང་བ་དེ་ བཞིན་དུ། དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང༌། །འཁོར་བར་འོད་ནི་གསལ་མ་ཡིན། །ཞེས་གསུངས་ཏེ། སེམས་ཅན་གྱི་དུས་ན་ཉོན་མོངས་ 2-1-68 བྱེ་བ་མཐའ་ཡས་པས་བསྒྲིབས་པའི་ཕྱིར་ཆོས་ཀྱི་དབྱིངས་ངོ་བོ་དྲི་མས་མ་གོས་ཀྱང་འཁོར་ བར་རྒྱུན་ལྡན་དེ་ལ་ཡོན་ཏན་གྱི་འོད་མི་གསལ་བ་ནི་སྐྱེས་བུ་དེ་ཡི་ཉེས་པའོ། །མྱ་ངན་འདས་ ན་འོད་གསལ་འགྱུར། །ཞེས་པ་ནི་སྐྱེས་བུ་དེས་སྒྲིབ་པ་སྦྱངས་ནས། མྱ་ངན་ལས་འདས་པ་ མཐར་ཕྱིན་པ་ཐོབ་པ་ན། རྒྱུད་ཀྱི་ཆོས་དབྱིངས་དེའང་ཡོན་ཏན་དང༌། ཕྲིན་ལས་ཀྱི་འོད་ གསལ་བར་འགྱུར་རོ། །འདི་ནི་རྣམ་པར་མི་རྟོག་པར་འཇུག་པའི་མདོ་ལས། བྲག་གི་དབུས་ སུ་གནས་པའི་ནོར་བུའི་དཔེས་རྒྱས་པར་གསུངས་པ་གོང་དུ་དྲངས་པ་དང༌། ནོར་བུ་སྦྱོང་བའི་ དཔེས་དྲི་མ་སྦྱོང་ཚུལ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། གསུངས་པ་ ལྟར་ཤེས་པར་བྱ་སྟེ། མང་པས་འཇིགས་ནས་མ་བྲིས་སོ། ། ལྔ་པ་ཁམས་གསེར་གྱི་དཔེས་བཤད་པ་ནི། ཁམས་ཡོད་པས་ནི་ལས་བྱས་པས། །ས་ལེ་ སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པས་ནི་ལས་བྱས་ཀྱང༌། །ཉོན་མོངས་འབའ་ཞིག་ སྐྱེ་བར་ཟད། །ཅེས་གསུངས་ཏེ། ཇི་ལྟར་ཕྱོགས་གང་ན་གསེར་གྱི་ཁམས་ཡོད་པ་དེར་ལས་ བྱས་པས་ས་ལེ་སྦྲམ་མཐོང་བར་གྱུར་གྱི། གསེར་མེད་པའི་ས་ལ་རྐོས་ཀྱང་སྡུག་བསྔལ་ལོ། །དེ་བཞིན་དུ་སེམས་ཅན་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པས་ཉོན་མོངས་བསལ་ནས་སྣང་ བར་འགྱུར་བ་ཡིན་ལ། མེད་ན་ཉོན་མོངས་བསལ་ཡང་དོན་མེད་དུ་འགྱུར། ཞེས་པ་སྟེ། མདོ་ ལས། ཇི་ལྟར་རྡོ་ཡི་བྱེ་མ་ལས། །ས་ལེ་སྦྲམ་ནི་མི་མཐོང་བ། །ཡོངས་སུ་སྦྱངས་པས་དེ་མཐོང་ བཞིན། །འཇིག་རྟེན་ལ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་དང༌། རྒྱུད་བླར། གལ་ ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང༌། །མྱ་ངན་འདས་ལ་འདོད་ པ་དང༌། །དོན་གཉེར་སྨོན་པའང་མེད་པར་འགྱུར། །སྲི ད་དང་མྱ་ངན་འདས་ལ་དེའི། །སྡུག་ བདེའི་སྐྱོན་ཡོན་མཐོང་བ་འདི། །རིགས་ཡོད་ལས་ཡིན་གང་ཕྱིར་དེ། །རིགས་མེད་དག་ལ་ མེད་ཕྱིར་རོ། །ཞེས་པ་ལྟར་རོ། ། 2-1-69 དྲུག་པ་སྦུན་པ་དང་སྙིང་པོའི་དོན་བསྟན་པ་ནི། ཇི་ལྟར་སྦུན་པས་གཡོགས་གྱུར་པས། །སོ་བ་འབྲས་བུ་མི་འདོད་ལྟར། །ཞེས་སྦུན་མ་དང་བཅས་པའི་འབྲས་ལ་འདི་ནི་འབྲས་སོ་ བའོ་ཞེས་མིང་དུ་བརྗོད་པ་ལྟར། དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་ རྒྱས་ཞེས་མི་བརྟགས། །ཞེས་གསུངས་ཏེ། སེམས་ཅན་གྱི་དུས་ན། ཉོན་མོངས་ཀྱིས་གཡོགས་ པས་རྒྱལ་བའི་སྙིང་པོ་བཞུགས་ཀྱང་སངས་རྒྱས་ཞེས་མཚན་མ་བརྟགས་ཤིང༌། སེམས་ཅན་ གྱི་ཁམས་ཞེས་འདོགས། ཇི་ལྟར་སྦུན་པ་ལས་གྲོལ་བས། །འབྲས་ཉིད་སྣང་བར་འགྱུར་ བ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ནས། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཞེས་ གསུངས་ཏེ། སྦུན་པ་ལས་གྲོལ་ནས་འབྲས་བུ་སྣང་ཞིང་དོན་བྱེད་པ་ལྟར། སྒྲིབ་གཉིས་ལས་ གྲོལ་བ་ན། འབྲས་བུ་ཆོས་སྐུ་སྟོབས་སོགས་ཡོན་ཏན་དང་བཅས་པ་གསལ་བར་འགྱུར་རོ། །རྒྱུད་བླར། སེམས་ཅན་རྣམས་ཀྱི་མ་རིག་སོགས་འབྲས་ཀྱི། །ལྤགས་སྦུབས་ནང་ཆུད་ཆོས་ ཁམས་དགེ་བ་ཡང༌། །དེ་བཞིན་དགེ་བ་དེ་དེ་ལ་བརྟེན་ནས། །རིམ་གྱིས་ཐུབ་པའི་རྒྱལ་པོའི་ དངོས་པོར་འགྱུར། །ཞེས་གསུངས་པ་དང་མཐུན་ནོ། ། བདུན་པ་ཆུ་ཤིང་གི་དཔེས་བསྟན་པ་ནི། ཆུ་ཤིང་སྙིང་པོ་མེད་དོ་ཞེས། །འཇིག་རྟེན་ན་ནི་ དཔེར་བྱེད་ཀྱང༌། །དེ་ཡི་འབྲས་བུ་སྙིང་པོ་ཉིད། །དངར་པོ་ཟ་བར་བྱེད་པ་ལྟར། །སྙིང་པོ་མེད་ པའི་འཁོར་བ་ལས། །ཉོན་མོངས་གཟེབ་དང་བྲལ་གྱུར་ན། །དེ་ཡི་འབྲས་བུ་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར། །ཞེས་གསུངས་ཏེ། ཆུ་ཤིང་སྙིང་པོ་མེད་པའི་དཔེར་ གྲགས་ཀྱང་དེའི་འབྲས་བུ་སྨིན་ནས་ཟ་བར་ལྟར། བརྟགས་ན་སྙིང་པོ་ཅུང་ཟད་ཀྱང་མེད་ པའི་འཁོར་བ་ལ་ཡང་རྒྱལ་བའི་སྙིང་པོ་བཞུགས་པ་ལས་སྒྲུབ་པ་པོས་ལམ་བསྒོམས་ཏེ་ཉོན་ མོངས་པའི་གཟེབ་དང་བྲལ་བར་གྱུར་ན། རྒྱལ་བའི་སྙིང་པོ་དྲི་བཅས་དེའི་འབྲས་བུ་སངས་ རྒྱས་ཉིད་སྒྲུབ་པ་པོ་ལུས་ཅན་ཀུན་གྱི་བདུད་རྩིར་འགྱུར་རོ། །རྗེ་བཙུན་སྤྱན་རས་གཟིགས་ 2-1-70 ཀྱི་ཞལ་སྔ་ནས། འཁོར་བ་སྙིང་པོ་མེད་དེ་ཟད་གྱུར་པ། །དེ་ལས་སྐྱེས་བུའི་སངས་རྒྱས་ཉིད་ འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ཤིང་ཉམས་པས་ཡང་དག་འབྱུང་བ་ བཞིན། །སྡིག་པ་དང་ནི་ཤིང་སྲི ན་སེམས་ཅན་རྣམས། །གང་ལས་བྱུང་པ་དེ་ལས་དེ་ཉམས་ བྱེད། །དེ་བཞིན་རྣལ་འབྱོར་རྣམས་ཀྱི་སེམས་དེ་ནི། །སྒྱུ་མ་རྣམ་པར་ཉམས་པར་བྱེད་པ་ཡིན། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་སྦྱོང་བྱེད་ལམ་གྱི་གནས་སྐབས་ལ་གསུམ་སྟེ། དྲི་མ་སྦྱོང་བའི་ཚུལ། སྒོམ་པའི་ ཚུལ། ཐོབ་པའི་རིམ་པའོ། །དང་པོ་ལ་གསུམ་ལས། དང་པོ་ཆོས་སྐུའི་ཁམས་དེ་ཉིད་རིགས་ སུ་འཐད་པའི་ཚུལ་ལ་གསུམ་ལས། སྤྱིར་རྒྱུ་དང་འབྲས་བུའི་ཚུལ་བསྟན་པ་ནི། དེ་བཞིན་ ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང༌། །ས་བོན་མེད་པར་འབྲས་ ཡོད་པར། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ཞེས་གསུངས་ཏེ། ཆུ་ཤིང་ལས་འབྲས་བུ་ མངར་པོ་འབྱུང་པ་དེ་བཞིན་དུ། རྒྱུ་ས་བོན་ཐམས་ཅད་ལས་རྒྱུ་རང་དང་འདྲ་བའི་འབྲས་བུ་ འབྱུང་ལ། རྒྱུ་ས་བོན་མེད་པར་འབྲས་བུ་ཡོད་པར་ཤེས་ལྡན་གང་གིས་ཀྱང་བསྒྲུབ་པར་ནུས་ ཏེ། མི་ནུས་སོ་ཞེས་ཁྱབ་པ་བསྒྲུབས་ནས། ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་ཐོབ་པར་ འགྱུར། །ཞེས་གསུངས་ཏེ། མྱང་འདས་ཆེན་པོར་བདག་ལ་སངས་རྒྱས་སུ་འགྱུར་བའི་ས་བོན་ བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡོད་དོ་ཞེས་གསུངས་པ་ལྟར། ས་བོན་ནམ། རྒྱུར་གྱུར་པའི་ ཁམས་དེ་ཉིད་ཟག་པ་མེད་པའི་ཡོན་ཏན་མཐར་ཕྱིན་པ་ཐམས་ཅད་ཀྱི་རྟེན་དུ་འདོད་ཅེས་ པའམ། ཡང་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་དུ་འདོད་ཅེས་གོང་དུ་བཤད་པ་ལྟར་ རོ། །དེ་ལྟར་ན་ལམ་ལ་རིམ་གྱིས་ཞུགས་ཏེ་དྲི་མ་སྦྱངས་པར་གྱུར་པ་ལས་དྲི་མ་དང་བྲལ་བའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ། ། 2-1-71 གཉིས་པ་སྒྲིབ་པ་བསལ་བ་དཔེ་དོན་གྱིས་བསྟན་པ་ནི། དྲི་མེད་ཉི་མ་ཟླ་བ་ཡང༌། །སྤྲིན་ དང་དུ་བ་ཁུག་སྣ་དང༌། །དགྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབས་ པར་འགྱུར། །ཞེས་དཔེ་བསྟན་ཅིང༌། དོན་ནི། དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ དང་གནོད་སེམས་ལེ་ལོ་དང༌། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་ གྱུར། །ཞེས་གསུངས་ཏེ། རང་བཞིན་གྱིས་འོད་གསལ་བའི་སེམས། རྒྱལ་བའི་སྙིང་པོ་ཡང་ འདོད་པའི་འདོད་ཆགས་སྲི ད་པར་རླན་པར་བྱེད་པ་སྤྲིན་ལྟ་བུ་དང༌། ཞེ་སྡང་གིས་བསྐྱེད་པའི་ གནོད་སེམས་དུ་བ་ལྟ་བུ་དང༌། གཏི་མུག་གིས་མི་གསལ་བར་བྱེད་པའི་ལེ་ལོ་ཁུག་སྣ་ལྟ་བུ་ དང༌། ཡེ་ཤེས་ཀྱི་སྣང་བ་སྒྲིབ་པའི་རྒོད་པ་དང་ང་རྒྱལ་དང་བཅས་པ་སྒྲ་གཅན་གདོང་ལྟ་བུ་ དང༌། ལྟ་བ་སྣ་ཚོགས་པས་བསྐྱེད་པའི་ཐེ་ཚོམ་རྡུལ་ལྟ་བུ་སྟེ། རྣམ་པ་ལྔ་ཡིས་བསྒྲིབས་པར་ གྱུར་པས། སེམས་ཅན་རྣམས་ཀྱི་རང་གི་འོད་གསལ་བའི་སེམས་མཐོང་བར་མ་གྱུར་ཏོ(མིག་ བཞིན)། ། གསུམ་པ་སྤང་གཉེན་གྱི་ཚུལ་ལ་ལྔ་སྟེ། དྲི་མ་སྦྱངས་པས་རང་བཞིན་དག་པ་སྟོང་ཉིད་ རྟོགས་པ་གཉེན་པོར་བསྟན་པ། ཡེ་ཤེས་རང་གིས་སྟོང་པ་མིན་པ། བདག་གཉིས་མེད་ཅིང་ བདག་འཛིན་སྤོང་ཚུལ། དེ་དག་རྒྱས་པར་བཤད་པའོ། ། དང་པོ་ནི། ཇི་ལྟར་མེ་ཡི་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ ནང་བཅུག་ན། །དྲི་མ་འཚིག་གྱུར་གོས་མིན་ལྟར། །ཞེས་གསུངས་ཏེ། རྡོ་རྒྱུས་ལ་བྱས་པའི་ གོས་དྲི་མས་གོས་པ་དེ། མེ་ཡི་ནང་དུ་བཅུག་པས་དྲི་མ་འཚིག་ཅིང་གོས་མི་འཚིག་པ་ལྟར། དེ་ བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་ བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །ཞེས་གསུངས་ཏེ། སེམས་ཅན་གྱི་འོད་གསལ་བའི་ སེམས་རྒྱལ་བའི་སྙིང་པོ་ཆགས་དྲི་མ་ཅན་དུ་གྱུར་པ་དེ་ལམ་གྱི་ཡེ་ཤེས་ཀྱི་མེས་བསྲེགས་ཏེ་ 2-1-72 སྦྱངས་པ་ལས་དྲི་མ་མེད་པར་བྱེད་ཀྱི་རང་བཞིན་འོད་གསལ་དེ་ཉིད་མེད་པར་བྱེད་པ་མ་ཡིན་ ནོ། །སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་སྔ་ནས་ཀྱང༌། ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ ནི། །མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱི་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཞེས་གསུངས་པ་དང་ཡང་མཐུན་ནོ། ། གཉིས་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྟོང་ཉིད་དུ་མདོ་ལས་ གསུངས་པས། ཁམས་རང་བཞིན་གྱིས་འོད་གསལ་བ་མི་(རང་གི་ངོ་བོས)སྟོང་བར་ཇི་ལྟར་ འགྱུར་ཞེ་ན། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང༌། །དེ་དག་ ཀུན་གྱི་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་ཏེ། གཟུགས་ ནས་རྣམ་མཁྱེན་གྱི་བར་ཐམས་ཅད་སྟོང་ཉིད་དུ་གསུངས་པའི་དགོངས་དོན་ནི། སེམས་ཅན་ རྣམས་ཀྱི་བདག་གཉིས་སུ་ལྟ་བའི་ཉོན་མོངས་ལྡོག་པའི་ཕྱིར་གསུངས་ཀྱི། རྒྱལ་བའི་སྙིང་པོ་ འོད་གསལ་བའི་ཁམས་དེ་ཉམས་པ་སྟེ་མེད་པར་བསྟན་པ་ནི་མ་ཡིན་ནོ། །འཇམ་དཔལ་གྱི་ ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་པ་རྣམས། །ཆུ་ཤིང་ཇི་བཞིན་ སྙིང་པོ་མེད། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །སྐྱེ་ བ་མེད་པ་འགག་མེད་པའི། །ཤེས་པ་གང་ཞིག་འདིར་མཐོང་བ། །སྟོང་པའི་དངོས་པོ་སྟོང་ པ་ཉིད། །ཕུང་པོ་རྣམས་རྣམ་དཔྱད་མ་ཡིན། ཞེས་དང༌། དབང་མདོར་བསྟན་ལས། ཇི་ལྟར་ ཟངས་ཀྱི་དྲི་མ་ནི། །རོ་ཡི་སྦྱོར་བས་ཉམས་པར་འགྱུར། །དེ་ཡི་ཡོད་ཉིད་ཉམས་པ་མེད། །དྲི་ མེད་ཉིད་ཀྱིས་ཡང་དག་གནས། །དེ་བཞིན་སེམས་ཀྱི་དྲི་མ་ནི། །སྟོང་ཉིད་སྦྱོར་བས་རྣམ་ ཉམས་འགྱུར། །དེ་ཡི་ཡེ་ཤེས་ཉིད་ཉམས་མེད། །དྲི་མེད་ཉིད་ཀྱི་ཡང་དག་གནས། །ཞེས་ གསུངས་ཤིང༌། དེ་ལ་སྟོང་ཚུལ་གཉིས་ཏེ། ཡུམ་བར་མར། གཟུགས་ནི་གཟུགས་ཀྱིས་སྟོང་ ཞེས་སོགས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་པ་ནི། བྱམས་ཞུས་སུ། ཀུན་བཏགས་ 2-1-73 པའི་གཟུགས། རྣམ་པར་བཏགས་པའི་གཟུགས། ཆོས་ཉིད་ཀྱི་གཟུགས་ཞེས་གཟུགས་ནས་ རྣམ་མཁྱེན་གྱི་བར་ལ་གསུམ་དུ་ཕྱེ་ནས་གསུངས་པའི་ཀུན་བཏགས་ཀྱི་གཟུགས་སོགས་ཀུན་ བཏགས་དང༌། རྣམ་པར་བཏགས་པའི་གཟུགས་སྒྱུ་མ་ལྟ་བུ་གཞན་དབང་དང༌། ཆོས་ཉིད་ཀྱི་ གཟུགས་ཡོངས་སུ་གྲུབ་པར་ཕྱེ་ནས་གསུངས་པའི་དགོངས་པ། ཕྱོགས་གླང་གིས། ཤེས་རབ་ ཕ་རོལ་ཕྱིན་པར་འདི། །བསྟན་པ་གསུམ་ལས་ཡང་དག་བརྟེན། །བཏགས་པ་དང་ནི་གཞན་ དབང་དང༌། །ཡོངས་སུ་གྲུབ་པ་ཁོ་ནའོ། །མེད་ཅེས་བྱ་ལ་སོགས་ཚིག་གིས། བཏགས་པ་ ཐམས་ཅད་འགོག་པར་བྱེད། སྒྱུ་མ་ལ་སོགས་དཔེ་རྣམས་ཀྱིས། །གཞན་གྱི་དབང་ནི་བསྟན་ པ་ཡིན། །རྣམ་པར་བྱང་བ་བཞི་(སློབ་དཔོན་དཀོན་མཆོག་འབངས་ཀྱིས། རང་བཞིན་དང༌། དྲི་བྲལ་དང༌། དམིགས་པ་དང༌། རྒྱུ་མཐུན་པའི་རྣམ་བྱང་སྟེ། བཞི་ཞེས་བཀྲལ་ལོ)ཡིས་ནི། །ཡོངས་སུ་གྲུབ་པར་རབ་ཏུ་གྲགས། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ ནི་གཞན་བསྟན་མེད། །ཅེས་གསུངས་པས། ཀུན་བཏགས་གཞན་དབང་རང་གི་ངོ་བོ་སྟོང་ ཞིང་ཆོས་ཉིད་ཡོངས་གྲུབ་ཀུན་བཏགས་གཞན་དབང་དང་གློ་བུར་དྲི་མ་སྟོང་པས་སྟོང་ཚུལ་ གཉིས་སོ། །ཡང་ཁ་ཅིག ངོ་བོ་ཉིད་གསུམ་སེམས་ཙམ་པའི་ཆོས་སྐད་ཐུན་མོང་མ་ཡིན་པར་ འདོད་པ་ནི་མི་འཐད་དེ། དབུ་མ་སྣང་བར། དབུ་མ་པ་རྣམས་ཀྱང་ངོ་བོ་ཉིད་གསུམ་རྣམ་པར་ བཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བ་ཇི་ ལྟར་སྤོང་བར་འགྱུར། ཞེས་དང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་ དབུ་མའི་ལམ་མཐའ་གཉིས་དང་བྲལ་བར་རབ་ཏུ་བསྟན་པའི་ཕྱིར། ངེས་པའི་དོན་ཁོ་ན་ གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་གསུངས་ལ། གཞན་ཡང་ཆོས་ཐམས་ཅད་ཅེས་ པ། བྱང་ཆུབ་སེམས་འགྲེལ་དུ། མདོར་ན་ཕུང་པོ་ལྔ་རྣམས་ནི། །ཆོས་ཀུན་ཞེས་ནི་བཤད་པ་ ཡིན། །ཞེས་དང༌། དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་ཝེན་ཚེག་མར། ཆོས་ཐམས་ཅད་ 2-1-74 རང་བཞིན་མེད་ཅེས་བཅོམ་ལྡན་འདས་ཀྱི་ལུང་དྲངས་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་ དུ་གསུངས་ཏེ། ངས་མཚུངས་པར་ལྡན་པའི་རང་བཞིན་ལ་དགོངས་ནས་ཆོས་ཐམས་ཅད་ རང་བཞིན་མེད་དོ་ཞེས་བཤད་དེ། གལ་ཏེ་ལ་ལ་ཞིག་དགྲ་ཇི་བཞིན་དུ་མངོན་པར་ཞེན་ནས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་ཟེར་ ན། སྟོང་པ་ཉིད་ཉེ་བར་བཟུང་བ་དེ་ནི་ལོག་པར་ལྟ་བ་ཞེས་བྱའོ། །ཞེས་གསུངས་པས། ཐམས་ ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་གསུངས་པ་ལྟ་བུ། སྤྱིར་བཏང་གི་ཚིག་དམིགས་ བསལ་གྱི་རྗེས་སུ་འཇུག་པ་ཡིན་པས། ཆོས་ཐམས་ཅད་ཅེས་པ། ཀུན་རྫོབ་རྟེན་འབྲེལ་སྣ་ ཚོགས་སུ་སྣང་བ་འདི་དག་རང་གི་ངོ་བོས་སྟོང་པ་ཡིན་གྱི། དོན་དམ་བདེན་པ་ནི། དོན་དམ་ བདེན་པས་དོན་དམ་བདེན་པ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པར། གཞན་ཡང་གསུམ་སྟེ། དོན་དམ་པར་བདེན་པས་བདེན་པ་དང༌། མི་བསླུ་བས་ཡང་དག་པ་དང༌། དེ་བཞིན་ཉིད་པས་ དེ་ཁོ་ནའོ། །ཞེས་དང༌། ཡུམ་རྒྱས་འབྲིང་སོགས་སུ། གཅིག་ཁོ་ན་དོན་དམ་པའི་བདེན་པ་སྟེ། མ་རྨོངས་པའི་ཆོས་ཅན་གྱི། མྱ་ངན་ལས་འདས་པའོ། །ཞེས་དང༌། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ ལོག་པ་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང༌། རྩ་ཤེའི་འགྲེལ་པ་ག་ལ་འཇིགས་ མེད་དུ། དོན་དམ་པའི་བདེན་པ་ནི་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ ཆུད་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་གཟིགས་པ་གང་ཡིན་པ་སྟེ། དེ་ནི་དེ་དག་ཉིད་ལ་ དོན་དམ་པར་བདེན་པ་ཉིད་པས་དོན་དམ་པའི་བདེན་པའོ་ཞེས་དང༌། དགེ་སློང་དག་འདི་ ལྟ་སྟེ། མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ།ཞེས་ལུང་དྲངས་ ཤིང༌། ལུང་དེ་ཉིད་སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་ འགྲེལ་པར་ལུང་དྲངས་པ་དང༌། དེའི་འགྲེལ་བཤད། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ 2-1-75 མཛད་པར་ཡང་དྲངས་ནས་བཤད་ཅིང༌། ཚིག་གསལ་འཇུག་ཏུ་ཡང་རང་ལུགས་སུ་བཤད་དོ་ གསུང༌། སློབ་དཔོན་གྱིས་ཀྱང་དབུ་མ་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡིས། །རང་ གི་ངོ་བོའི་དོན་དམ་ནི། །ཤིན་ཏུ་ཡང་ནི་གྲུབ་པས་ན། །བཏགས་པའི་གཞན་དངོས་འབྱུང་བ་ ཡིན། །ཞེས་གསུངས་ཤིང༌། དབུ་མ་འཇུག་པར་ཡང༌། ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་ དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་དོན་དམ་བདེན་པ་ཡང་དག་ མཐོང་བའི་ཤེས་ཡུལ་དུ་གྲུབ་པར་བཤད་པས་སོ། ། རྩ་ཤེར། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་ དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཡོད་པར་ལྟ་བ་ རྟག་པའི་ལྟ་བ་ཡིན་ནོ་ཞེ་ན། དེ་ནི་ཡོད་མེད་ཀྱི་མཐར་ལྟ་བ་ལ་དགོངས་པ་ཡིན་ལ། ཡོད་པ་ ལ་ཡོད་པར་ལྟ་བ་རྟག་པའི་ལྟ་བ་མ་ཡིན་ཞིང༌། མེད་པ་ལ་མེད་པར་ལྟ་བ་ཆད་པའི་ལྟ་བ་མ་ ཡིན་ལ། (མདོ་ལས། ཡོད་པ་ལ་ཡོད་པར། མེད་པ་ལ་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་ཤེས་སོ། །ཞེས་གསུངས་པ་ལྟར་རོ།།)མེད་པ་ལ་ཡོད་པར་ལྟ་བ་དང༌། མི་རྟག་པ་ ལ་རྟག་པར་ལྟ་བ་ལྟ་བུ་རྟག་ལྟ། ཡོད་པ་ལ་མེད་པར་ལྟ་ན་ཆད་ལྟར་འགྱུར་བ་ལ་དགོངས་ པ་ཡིན་གྱི། སྒྲ་ཇི་བཞིན་པ་ནི་མ་ཡིན་ཏེ། རང་བཞིན་མེད་ཅེས་ལྟ་བ་དེ་ཆད་ལྟར་འགྱུར་བ་ ལས། དེ་ལྟར་ཡང་མ་ཡིན་ནོ། །དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་འདི་གཉིས་ནི་ མཐར་ལྟ་བ་ཞེས་བགྱི་སྟེ། གཉིས་གང་ཞེ་ན། ཆད་པར་ལྟ་བ་དང༌། རྟག་པར་ལྟ་བ་ལགས་ སོ། །བཅོམ་ལྡན་འདས་གལ་ཏེ་འདུ་བྱེད་རྣམས་ལ་མི་རྟག་པར་ལྟ་ན་དེ་ནི་དེ་ཡི་ཆད་པར་ ལྟ་བ་མ་ལགས་ཏེ། དེ་ནི་དེའི་ཡང་དག་པའི་ལྟ་བ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་ མྱ་ངན་ལས་འདས་པ་ལ་རྟག་པར་ལྟ་ན། དེ་ནི་དེའི་རྟག་པར་ལྟ་བ་མ་ལགས་ཏེ། དེ་ནི་དེའི་ ཡང་དག་པའི་ལྟ་བ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །རྣམ་དབྱེར་བཅས་པའི་མཚན་ 2-1-76 ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང༌།དཔལ་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་ ནི་རྣམ་པར་དབྱེ་བ་ཡོད་པ། བྲལ་ཤེས་པ། ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་པ་ ཡིན་ལ། རྣམ་པར་དབྱེ་བ་མེད་པར་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ ཆོས་གང་གའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་ནི་མི་སྟོང་པའོ། །ཞེས་སོ། །དེའི་དོན་ཡང་ འཕགས་པ་ཐོགས་མེད་ཀྱིས། གང་ལ་གང་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་ སུ་མཐོང་ལ། དེ་ལ་ལྷག་མ་གང་ཡིན་པ་དེ་ནི་དེར་རྟག་ཏུ་ཡོད་དོ་ཞེས་ཡང་དག་པར་ཇི་ལྟ་བ་ བཞིན་དུ་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ནི། གློ་བུར་ དྲི་མ་སྟོང་བས་གཞན་སྟོང་ཡིན་ལ། འདུས་མ་བྱས་ཀྱི་སྟོབས་སོགས་ཀྱིས་དུས་ནམ་ཡང་མི་ སྟོང་པའོ། །གཞན་ཡང༌། ཡང་དག་ཀུན་རྫོབ་རྣམས་ཀྱང་ཀུན་རྫོབ་ཏུ་ཡོད་ཅིང༌། ཐ་སྙད་དུ་ ཡོད་ན་ཡོད་པར་འགལ་བའང་མི་འཐད་དེ། ལང་ཀར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །དེས་ན་དངོས་པོ་གཅིག་ཉིད་ལ། །ཡོད་ དང་མེད་པ་ཇི་ལྟར་འགལ། །ཞེས་དང༌། དབུ་མ་བདེན་གཉིས་ལས། རྩོད་ངག་གྲགས་པ་ཁ་ ཅིག་ནི། །ཡང་དག་པར་དངོས་མ་སྐྱེས་པ། །མོ་ཤམ་བུ་ལ་སོགས་བཞིན་དུ། །ཀུན་རྫོབ་ཏུ་ ཡང་མི་སྐྱེ་ཟེར། །ཞེས་དགག་པ་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག སེམས་གསལ་རིག་ ཏུ་སྐྱེས་པ་འདི་བདེ་གཤེགས་སྙིང་པོ་དང༌། ཆོས་ཀྱི་དབྱིངས་དང༌། དེ་བཞིན་ཉིད་སོགས་སུ་ འདོད་པའང་མི་རིགས་ཏེ། དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །ཆོས་ཀྱི་དབྱིངས་རྣམས་རྣམ་ གྲངས་སོ། །ཞེས་དང༌། སློབ་དཔོན་ཉིད་ཀྱིས། བྱང་ཆུབ་སེམས་མཆོག་དེ་ཉིད་ནི། །དེ་བཞིན་ ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང༌། །སྟོང་པ་ཉིད་ཅེས་བཤད་པ་ 2-1-77 ཡིན། །ཞེས་གསུངས་པ་དང་འགལ་ཏེ། སེམས་གསལ་རིག་ཏུ་སྐྱེས་པ་དེ་འདུས་བྱས་སུ་ཁས་ བླངས་པས་སོ། ། གསུམ་པ་ནི། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ ནང་ན་ཡེ་ཤེས་ཀྱང༌། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་ཏེ། དཔེར་ན། ས་ཡི་ དཀྱིལ་ན་ཆུ་ཡི་ངོ་བོ་དེ་རླན་པ་དང༌། དྭངས་པ་དང༌། དྲི་མ་མེད་པར་གནས་པ་ལྟར། ཉོན་ མོངས་པའི་དྲི་མ་ས་ལྟ་བུའི་ནང་ན། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དྲི་མ་མེད་པར་ གནས་ཀྱང་མ་མཐོང་ལ། དྲི་མ་དང་བྲལ་ནས་མངོན་དུ་འགྱུར་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་ཆུ་རྙོག་པ་ལས་དྭངས་མ་ནི། །དྭངས་མ་ཉིད་དེ་དེ་ལས་སྐྱེས་མིན་ཏེ། །དེ་ནི་དེ་ལས་དྲི་ མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་ འོད་གསལ་འདོད། །དེ་ནི་གློ་བུར་ཉེས་པས་མ་རུངས་བྱས། །ཞེས་གསུངས་པ་ལྟར་རོ། ། བཞི་པ་ནི། ཡེ་ཤེས་དེ་ཉིད་གང་ཞིག་བདག་མེད་པར་བསྟན་པའི་ཕྱིར། ཆོས་དབྱིངས་ གང་ཕྱིར་བདག་མ་ཡིན། །བུད་མེད་མ་ཡིན་སྐྱེས་པའང་མིན། །གཟུང་བ་ཀུན་ལས་རྣམ་པར་ གྲོལ། །ཇི་ལྟར་བདག་ཅེས་བརྟག་པར་བྱ། །ཞེས་གསུངས་ཏེ། ཆོས་དབྱིངས་རང་བཞིན་ གྱིས་འོད་གསལ་བ་ཡོད་ན། མུ་སྟེགས་པའི་བདག་དང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། ལང་ཀར་གཤེགས་པ་ལས། འདི་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང༌། ཇི་ལྟར་མི་འདྲ་ བ་ལགས། བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི། མུ་སྟེགས་ཀྱི་བདག་དང་མཚུངས་པ་མ་ཡིན་ཏེ། སངས་རྒྱས་ཀྱིས་ནི་སྟོང་ཉིད་དང་ཡང་དག་ པའི་མཐའ་ལ་སོགས་པ་དེའི་སྙིང་པོར་བསྟན་ཅིང༌། ཚིག་དང་ཡི་གེའི་རྣམ་གྲངས་སྣ་ཚོགས་ པས་སྟོན་ཏེ། ཞེས་གསུངས་པ་ལྟར། ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ། གང་ ཟག་གི་བདག་མ་ཡིན་ཞིང༌། དེ་བཞིན་དུ། དོན་ལ་བུད་མེད་ཡོད་པ་མ་ཡིན་ཞིང་སྐྱེས་པ་ཡང་ 2-1-78 ཡོད་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པ་ལས་གྲོལ་བའི་ཕྱིར། འོ་ན་བུད་མེད་དང་སྐྱེས་པ་ སོགས་འགྲོ་བ་བཟང་ངན་རྣམས་ཇི་ལྟར་སྣང་ཞེ་ན། ཆགས་པ་མེད་པའི་ཆོས་ཀུན་ལ། །བུད་ མེད་སྐྱེས་པ་དམིགས་མ་ཡིན། །ཞེས་གསུང་སྟེ། ཆགས་པ་དང་བྲལ་བའི་ཆོས་ཐམས་ཅད་ ལ། བུད་མེད་དང་སྐྱེས་པ་བདེན་པར་དམིགས་པ་མ་ཡིན་མོད་ཀྱིས། བྱིས་པ་འདུ་ཤེས་ཀྱི་ འཆིང་བས་བཅིངས་པ་རྣམས་ལ་ཐ་སྙད་དུ་ཡོད་པ་ཙམ་དུ་གསུངས་པ་ནི། འདོད་ཆགས་ ཀྱིས་མདོངས་གདུལ་བྱའི་ཕྱིར། །བུད་མེད་སྐྱེས་པ་ཞེས་རབ་བསྟན། །ཞེས་གསུང་སྟེ། འདོད་ ཆགས་ཀྱིས་ཤེས་རབ་ཀྱི་མིག་ལྡོངས་ཤིང༌། གདུངས་པ་རྣམས་གདུལ་བར་བྱ་བའི་ཕྱིར། བུད་མེད་སྐྱེས་པ་ཞེས་ཐ་སྙད་ཙམ་དུ་བསྟན་པ་ཡིན་གྱི། བདེན་པར་ཡོད་པའི་སྒོ་ནས་བསྟན་ པ་ནི་མ་ཡིན་ཏེ། དཔུང་བཟང་གིས་ཞུས་པའི་མདོ་ལས། གང་གི་རང་བཞིན་ཆགས་སྡང་རྣམ་ བྲལ་ཡང༌། །ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང༌། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་ སྟོན་པའི། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །བདག་ འཛིན་དེ་གཞོམ་པའི་ཕྱིར་དུ། མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོས་སེམས་ སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་ གསུང་སྟེ། འདུས་བྱས་ཐམས་ཅད་མི་རྟག་པའོ། །སྲེད་པར་སོང་བ་ཐམས་ཅད་སྡུག་བསྔལ་ བའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །ཞེས་བྱ་བ་གསུམ་གསུངས་པ་ལྟར། ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པ་སོགས་གང་ཞིག་བདག་ཏུ་འཛིན་པའི་སེམས་སྦྱོང་ བར་བྱེད་ཅིང༌། མི་རྟག་སྡུག་བསྔལ་སྟོང་བདག་མེད་དུ་བདེན་པར་འཛིན་པ་སོགས་ཆོས་ ཀྱི་བདག་ཏུ་འཛིན་པའི་སེམས་ནི་མཆོག་ཏུ་སྦྱོང་བར་བྱེད་པའི་ཆོས་ནི། གཟུགས་ནས་རྣམ་ མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བདེན་དངོས་ཀྱིས་སྟོང་པར་སྒོམ་པ་ཉིད་མཆོག་ཡིན་ཏེ། སྤྱོད་འཇུག་ཏུ། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་སྟོང་པ་ཉིད། །ཅེས་ 2-1-79 དང༌། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པ་ལྟར་རོ། ། ལྔ་པ་ལ་བརྒྱད་དེ། རང་ལ་ཡོད་ཀྱང་མ་མཐོང་བ། དེའི་སྒྲིབ་བྱེད་བསྟན་པ། ཡེ་ཤེས་ བརྟག་པའི་ཚུལ། ཀུན་བརྟགས་ཀྱི་དོན། གཞན་དབང་གི་དོན། རྟེན་འབྲེལ་གྱི་དོན། ཡོངས་ གྲུབ་ཀྱི་དོན། དོན་བསྡུ་བའོ། ། དང་པོ་ནི། ཇི་ལྟར་སྦྲུམ་མའི་ལྟོ་ན་བུ། །ཡོད་ཀྱང་མཐོང་བ་མ་ཡིན་པ། །དེ་བཞིན་ཉོན་ མོངས་ཀྱིས་གཡོགས་པས། །ཆོས་ཀྱི་དབྱིངས་ཀྱང་མཐོང་མ་ཡིན། །ཞེས་གསུངས་ཏེ། དེ་ བཞིན་གཤེགས་པའི་སྙིང་པོའི་མདོར། ཇི་ལྟར་དབུལ་མོ་མགོན་མེད་པའི་ལྟོ་ན། འཁོར་ལོས་ སྒྱུར་བ་ཡོད་ཀྱང་དེ་མ་ཤེས་པས་སྡུག་བསྔལ་བ་ལྟར། ཉོན་མོངས་ཀྱི་སྦུབས་ན་སངས་རྒྱས་ ཀྱི་སྙིང་པོ་ཡོད་ཀྱང་མ་མཐོང་བས་སྡུག་བསྔལ་བའོ། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་ནི། བདག་དང་བདག་གི་རྣམ་རྟོག་དང༌། །མིང་གི་འདུ་ཤེས་རྒྱུ་མཚན་གྱིས། །རྣམ་རྟོག་བཞི་པོ་འབྱུང་བ་ཡང༌། །འབྱུང་དང་འབྱུང་ལས་གྱུར་པས་སོ། །ཞེས་གསུངས་ ཏེ། དབྱིངས་ལ་གཡོགས་པའི་ཉོན་མོངས་ཏེ་གང་ཞེ་ན། རྣམ་ཤེས་ལ་བདག་ཏུ་རྟོག་པ་དང༌། གཟུགས་སོགས་ལ་བདག་གི་རྟོག་པ་དང༌། ཚོར་བ། འདུ་བྱེད་འདུ་ཤེས་རྣམ་པར་ཤེས་པ་ སྟེ་མིང་བཞིའི་ངོ་བོ་ལ་རྟོག་པ་དང༌། བདེ་སྡུག་ཏུ་སྤྱོད་པས་ཚོར་བ་འབྲས་བུ་འཕེན་པས་ འདུ་བྱེད། མཚན་མར་འཛིན་པས་འདུ་ཤེས། ཡུལ་འཛིན་པས་རྣམ་ཤེས་ཞེས་མིང་བཞི་འམ་ རྒྱུ་མཚན་ལ་རྟོག་པ་སྟེ་རྣམ་རྟོག་བཞི་པོ་ལ་བརྟེན་ནས། སྡུག་བསྔལ་ལ་བདེ་བར་འཛིན་པ་ དང༌། མི་རྟག་པ་ལ་རྟག་པར་འཛིན་པ་དང༌། བདག་གིས་སྟོང་པ་ལ་བདག་གི་བར་མཚན་ མར་འཛིན་པ་དང༌། བདག་མེད་པ་ལ་བདག་ཏུ་འཛིན་པ་སྟེ། ཕྱིན་ཅི་ལོག་གི་རྣམ་རྟོག་བཞི་ པོ་འབྱུང་བ་ཡང༌། རྒྱུའི་ཆ་ནས་ཀུན་འབྱུང་བ་དང༌། འབྲས་བུའི་ཆ་ནས་འབྱུང་བར་གྱུར་པ་ 2-1-80 སྡུག་བསྔལ་རྣམས་ཀྱིས་སྒྲིབས་པ་ལ་མ་མཐོང་བའོ། ། གསུམ་པ་ནི། སངས་རྒྱས་རྣམས་ཀྱི་སྨོན་ལམ་ཡང༌། །སྣང་བ་མེད་ཅིང་མཚན་ཉིད་མེད། །སོ་སོ་རང་རིག་སྦྱོར་ལྡན་ཉིད། །སངས་རྒྱས་རྟག་པའི་ཆོས་ཉིད་ཅན། །ཞེས་གསུངས་ཏེ། སངས་རྒྱས་ཀྱིས་སེམས་ཅན་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ ཅིག་པའི་སྨོན་ལམ་ཡང་བདག་དང་བདག་གིར་སྣང་བ་མེད་ཅིང༌། གཟུང་འཛིན་གྱི་མཚན་ ཉིད་མེད་པར་ཡོངས་སུ་རྫོགས་པས་སེམས་ཅན་གྱི་དོན་ལྷུན་གྲུབ་ཏུ་རྒྱུན་མི་འཆད་པར་ འབྱུང་བ་དང༌། མཉམ་བཞག་སོ་སོ་རང་གིས་རིག་པའི་སྒོ་ནས། ཆོས་ཀྱི་དབྱིངས་རང་བཞིན་ གྱིས་རྣམ་པར་དག་པ་ལ་རྟག་ཏུ་རྒྱུན་མི་འཆད་པར་སྦྱོར་བ་དང་ལྡན་ཞིང༌། ཆོས་ཉིད་ཀྱི་སྐུ་ འཇིག་མེད་དུ་གནས་པས་ན་སྐུ་གསུམ་དང༌། རང་བཞིན་དང་ནི་རྒྱུན་མི་འཆད། །རྒྱུན་གྱིས་ དེ་དག་རྟག་པ་ཉིད། །ཅེས་གསུངས་པ་ལྟར་རོ། ། བཞི་པ་ནི། ཇི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་ རྣམས་ཐམས་ཅད་ཀྱང༌། །བཏགས་པ་ཉིད་དེ་ཡོད་མ་ཡིན། །ཞེས་གསུངས་ཏེ། ཇི་ལྟར་རི་ བོང་གི་མགོ་ལ་རྭ་མེད་པ་ལ། རི་བོང་གི་རྭ་ཞེས་མིང་བཏགས་ཀྱང་རི་བོང་གི་རྭ་གཏན་མེད་ པ་ལྟར། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པས་ཆོས་རྣམས་ཐམས་ཅད་ཀྱང་གཟུང་བ་ དང་འཛིན་པ་དང༌། བདག་དང་བདག་གི་སོགས་སུ་སྒྲོ་བཏགས་པའི་ཀུན་བཏགས་པའི་ཀུན་ བཏགས་ནི་གཏན་ཡོད་པ་མ་ཡིན་ནོ། ། ལྔ་པ་ནི།ཕྲ་རབ་རྡུལ་གྱི་ངོ་བོ་ཡིས། །གླང་གི་རྭ་ཡང་དམིགས་མ་ཡིན། །ཞེས་གསུངས་ ཏེ། འོ་ན་བཏགས་པའི་ཆོས་མེད་ཀྱང༌། གླང་གི་རྭ་ཡོད་པ་ལྟར། སྒྲོ་གདགས་གཞི་ཕུང་པོ་ སོགས་སྣང་བ་ལྟར་ཡོད་ལ། མེད་ན་ལས་དང་འབྲས་བུ་དང་ལམ་དང༌། ལམ་གྱི་འབྲས་བུ་ མེད་པར་འགྱུར་རོ། །ཞེ་ན། དེ་ལྟར་མ་ཡིན་ཏེ། གླང་གི་རྭ་ཡང་བཏགས་ན་རགས་པ་ནི་རྫས་ 2-1-81 སུ་མེད་ལ། རྡུལ་ཕྲ་རབ་ལྟར་བྱས་ན། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་པ་ལྟར། རྡུལ་ ཕྲན་ཆ་མེད་དུ་ཡང་མ་གྲུབ་པས། བེམ་པོར་བདེན་པར་མ་གྲུབ་ལ། ཤེས་པ་རྭ་ལྟ་བུར་སྣང་ ཡང་རྭའི་དོན་དུ་མི་རུང་བས་བཏགས་ན་གླང་གི་རྭ་ཡང་བདེན་པར་གྲུབ་པ་མེད་དོ། །དེ་ བཞིན་དུ། ཤེས་པ། དབང་པོ། དམིགས་རྐྱེན་གསུམ་ལ་བརྟེན་ནས། ཡུལ་དུ་སྣང་བ་ལྟ་བུའི་ གཞན་དབང་ཡང་བདེན་པར་གྲུབ་པ་མེད་དོ། །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། ཆ་ ཤས་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །ཇི་ ལྟར་སྔོན་བཞིན་ཕྱིས་དེ་བཞིན། །དེ་ལ་ཅི་ཞིག་བརྟག་པར་བྱ། །ཞེས་གསུངས་ཏེ། གཟུགས་ སོགས་གདོད་མ་ནས་མངོན་ཏེ་སྐྱེ་བ་མེད་པ་བཞིན་དུ་ཕྱེ་སྟེ་འགག་པ་མེད་ལ། སྐྱེ་འགག་མེད་ པས་བར་དུ་གནས་པ་ཡང་མེད་དོ། །དེས་ན་སྐྱེ་འགག་ལ་སོགས་ཇི་ལྟར་བརྟག་སྟེ་བརྟགས་ ན་བདེན་པར་ཡོད་པ་མ་ཡིན་ནོ། ། དྲུག་པ་ནི། བརྟེན་ནས་འབྱུང་པར་འགྱུར་བ་དང༌། །བརྟེན་ནས་འགག་པར་འགྱུར་བས་ ན། །ཞེས་གསུངས་ཏེ། འདི་ཡོད་པའི་ཕྱིར། འདི་འབྱུང༌། དེ་སྐྱེས་པའི་ཕྱིར་འདི་སྐྱེ། ཞེས་ གསུངས་པ་ལྟར། སྐྱེ་འགག་བདེན་པར་མེད་ཀྱང་ཐ་སྙད་དུ་འཁྲུལ་ངོར་རྒྱུ་ལ་བརྟེན་ནས་ འབྲས་བུ་སྐྱེ་བ་དང་ཕྱིས་འགག་པ་ལྟ་བུར་སྣང་བ་ནི་སྨིག་རྒྱུ་ལ་ཆུར་འཁྲུལ་བ་བཞིན་ནོ། །གཅིག་ཀྱང་ཡོད་པ་མ་ཡིན་ན། །བྱིས་པ་ཇི་ལྟར་བརྟག་པར་བྱེད། །ཅེས་གསུངས་ཏེ། དོན་ལ་ སྐྱེ་འགག་གཅིག་ཀྱང་མེད་ནའང༌། བྱིས་པ་སོ་སོ་སྐྱེ་བོས་སྐྱེ་འགག་སོགས་སུ་ཇི་ལྟར་བརྟག་ པར་བྱེད་དེ་བྱེད་པར་མི་རིགས་སོ། །རི་བོང་བ་ལང་རྭ་ཡི་དཔེས། །ཇི་ལྟར་བདེ་གཤེགས་ ཆོས་རྣམས་ཉིད། །དབུ་མ་ཉིད་དུ་སྒྲུབ་པར་བྱེད། །ཅེས་གསུངས་ཏེ། བྱིས་པ་རྣམས་རི་ བོང་ལ་རྭ་མེད་པར་ཞེན་པ་དང༌། བ་ལང་ལ་རྭ་ཡོད་པར་ཞེན་པ་འདི་ནི་བདེན་གྱི་གཞན་ནི་ བརྫུན་པའོ། །ཞེས་རྟོག་ཅིང་མཚན་མར་འཛིན་ཀྱང༌། བརྟགས་ན་གཉིས་ཀའང་བདེན་པ་ 2-1-82 མེད་པར་མཚུངས་ལ། ཡོད་མེད་གཉིས་རྟོག་པ་ཙམ་དུ་སྣང་བ་ཡང་མཚུངས་ན། རྟོག་པས་ མཐར་འཛིན་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་མཁས་པས་བདེ་བར་གཤེགས་པའི་བསྟན་པའི་ ཆོས་དང་མཐུན་པར་སྨྲ་བ་རྣམས་ནི་སྐྱེ་འགག་སོགས་སུ་མཐར་འཛིན་པ་རྣམས་དོར་ནས། དབུ་མ་ཉིད་དུ་སྒྲུབ་པར་བྱེད་པར་རིགས་སོ། །འོ་ན་ཐ་སྙད་ཙམ་དུ་སྣང་བ་ཡང་མ་གྲུབ་བམ་ ཞེ་ན། ཇི་ལྟར་ཉི་ཟླ་སྐར་མའི་གཟུགས། །དྭངས་པའི་སྣོད་ཀྱི་ཆུ་ནང་དུ། །གཟུགས་བརྙན་ མཐོང་བར་འགྱུར་བ་དང༌། །མཚན་ཉིད་རྫོགས་པའང་དེ་དང་འདྲ། །ཞེས་གསུངས་ཏེ། སྣོད་ ཀྱི་ཆུ་དྭངས་པའི་ནང་དུ། ཉི་ཟླ་སྐར་མའི་གཟུགས་བརྙན་ཤར་བ་མཐོང་བ་ལྟར། གཟུགས་ སོགས་སྣང་བ་ཙམ་དུ་མེད་པ་ཡང་མ་ཡིན་ལ། དོན་དམ་པར་རང་གི་ངོ་བོས་སྟོང་པས་སྣང་ སྟོང་ཟུང་དུ་འཇུག་པའི་མཚན་ཉིད་ཡོངས་སུ་རྫོགས་པའང་སྣང་ཡང་བདེན་པས་སྟོང་བ་ཆུ་ ནང་དུ་ཉི་ཟླའི་གཟུགས་ཤར་བ་དེ་དང་འདྲའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་ སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་ མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ། བདུན་པ་ནི།ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་རྟག་པ་ཡི། །གང་ཞིག་ དེ་ལྟར་བདག་མེད་པ། །ཇི་ལྟར་བདག་དང་བདག་གིར་བརྟག །ཞེས་གསུངས་ཏེ། རྒྱལ་ བའི་སྙིང་པོ་དེ། ཐོག་མ་སེམས་ཅན་དང༌། བར་ལམ་པ་དང་མཐར་སངས་རྒྱས་པའི་སྐབས་ ཐམས་ཅད་དུ། རང་གི་ངོ་བོ་དགེ་བ་ཡིན་ཏེ། རྒྱུད་བླར། རང་བཞིན་འགྱུར་བ་མེད་པ་དང༌། །དགེ་དང་རྣམ་པར་དག་པའི་ཕྱིར། །དེ་བཞིན་ཉིད་ནི་གསེར་གྱི་ནི། །གཟུགས་དང་མཚུངས་ པར་བརྗོད་པ་ཡིན། །ཞེས་པ་ལྟར་དགེ་བ་དང༌། སྐྱབས་གནས་མཐར་ཐུག་ཡིན་པའི་ཕྱིར་ བསླུ་བ་མེད་ཅིང༌། འགྱུར་བ་མེད་པས་རྟག་པ་ཡི་རྒྱལ་བའི་སྙིང་པོ་གང་ཞིག་ཆུ་ནང་དུ་ཤར་ བའི་གཟུགས་བརྙན་དེ་ལྟར་བདག་གཉིས་མེད་པ་ཡིན་ལ་བདག་དང་བདག་གི་བར་ཇི་ལྟར་ 2-1-83 བརྟག་ཏེ། བརྟག་པར་མི་རིགས་སོ། ། བརྒྱད་པ་ནི། ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོ་འོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་ གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོགས་པས་ན། །སེམས་ཅན་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ ནི་བརྗོད་པར་བྱ། །ཞེས་གསུངས་ཏེ། དཔེར་ན་སོས་ཀའི་དུས་སུ་ཆུ་དྲོ། དགུན་གྱི་དུས་སུ་ གྲང་ཞེས་བརྗོད་པ་ལྟར། རྒྱལ་བའི་སྙིང་པོ་དེ་དྲི་བཅས་ཀྱི་དུས་སུ་སེམས་ཅན། མ་དག་དག་ པའི་སྐབས་སུ། བྱང་ཆུབ་སེམས་དཔའ། དྲི་མ་མཐའ་དག་དང་བྲལ་བའི་ཚེ་སངས་རྒྱས་ཞེས་ མིང་གསུམ་དུ་བསྟན་པ་ཡིན་ཏེ༌། རྒྱུད་བླར། ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་ གསུམ་གྱིས་ནི་བསྟན་པ་ཉིད། །ཅེས་པ་ལྟར་རོ། ། གཉིས་པ་སྒོམ་པའི་ཚུལ་ལ་གཉིས་ཏེ། ཉམས་སུ་བླང་པའི་ཚུལ་དང༌། རྐྱེན་དཀོན་ མཆོག་སྣང་བའི་ཚུལ་ལོ། །དང་པོ་ལ་བདུན་ཏེ། སྒོ་ལྔ་ལ་བརྟེན་ནས་སྒོམ་པའི་ཚུལ། ཡིད་ དང་ཆོས་ལ་བརྟེན་ནས་སྒོམ་པའི་ཚུལ། རང་ངོ་གསལ་སྟོང་དུ་རྟོགས་པའི་ཚུལ། འཁོར་ འདས་སེམས་རྟོགས་མ་རྟོགས་སུ་བསྟན་པ། གཟུགས་སྐུའི་དོན་བཤད་པ། བྱང་ཆུབ་ཀྱི་དོན་ བཤད་པ། མདོའི་དོན་བཤད་པའོ། ། དང་པོ་ནི། མིག་དང་གཟུགས་ལ་བརྟེན་ནས་ནི། །དྲི་མ་མེད་པའི་སྣང་བ་འབྱུང༌། །སྐྱེ་ མེད་འགག་པ་མེད་ཉིད་ལས། །ཆོས་ཀྱི་དབྱིངས་ཉིད་རབ་ཏུ་ཤེས། །ཞེས་གསུངས་ཏེ། རྣལ་ འབྱོར་པ་ཏིང་ངེ་འཛིན་གོམས་པ་བརྟན་པོ་ཅན་དག་ལ། མིག་དང་གཟུགས་དང༌། ཡིད་བྱེད་ ལ་བརྟེན་ནས། མིག་གི་ཤེས་པས་གཟུགས་མངོན་སུམ་དུ་མཐོང་བ་ན། མཐོང་མ་ཐག་སྣང་ སྟོང་གསལ་སྟོང༌། རིག་སྟོང་དུ་འབྱུང་ཞིང་སྐྱེ་འགག་མེད་པའི་གནས་ལུགས་མངོན་སུམ་དུ་ མཐོང་བས་ཆོས་ཀྱི་དབྱིངས་མངོན་སུམ་དུ་མཐོང་བའི་ལྷག་མཐོང་རང་ཤར་དུ་འབྱུང་ཞིང༌། 2-1-84 དེ་ལ་བརྟེན་ནས་རྗེས་ཐོབ་ཏུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་བདེན་མེད་དུ་ཤེས་པ་འབྱུང་ངོ༌། །འདི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ནས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་ པར་འགྱུར་རོ། །ཞེས་པ་ལྟར་རོ། །སྒྲ་དང་རྣ་བ་ལ་བརྟེན་ནས། །རྣམ་པར་དག་པའི་ཤེས་ པ་གསུམ། །མཚན་ཉིད་མེད་པའི་ཆོས་ཀྱི་དབྱིངས། །རྟོག་དང་བཅས་པ་ཐོས་པར་འགྱུར། །ཞེས་གསུངས་ཏེ། རྐྱེན་གསུམ་ལ་བརྟེན་ནས། རྣ་བའི་རྣམ་ཤེས་ཀྱིས་སྒྲ་ཐོས་མ་ཐག་སྒྲའི་ ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཏེ། གནས་ལུགས་རྟོགས་ནས། རྗེས་ཐོབ་ཏུ་སྒྲ་སྒྲ་བརྙན་ལྟར་ཤེས་པའི་རྟོག་པ་དང་བཅས་པ་འབྱུང༌། སྣ་དང་དྲི་ལ་བརྟེན་ ནས་སྣོམས། །དེ་ནི་གཟུགས་སུ་མེད་པའི་དཔེས། །དེ་བཞིན་སྣ་ཡི་རྣམ་ཤེས་ཀྱིས། །ཆོས་ ཀྱི་དབྱིངས་ལ་རྟོག་པར་བྱེད། །ཅེས་གསུངས་ཏེ། རྐྱེན་གསུམ་ལ་བརྟེན་ནས་སྣའི་རྣམ་ཤེས་ ཀྱིས་དྲི་ཚོར་མ་ཐག་དྲིའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཏེ། གནས་ལུགས་རྟོགས་ནས་རྗེས་ཐོབ་ཏུ་དྲི་སྒྱུ་མ་ལྟ་བུར་རྟོག་ཅིང་ཤེས་པར་བྱེད་དོ། །ལྕེ་ཡི་ རང་བཞིན་སྟོང་པ་ཉིད། །རོ་ཡི་ཁམས་ཀྱང་དབེན་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས། །རྣམ་པར་ཤེས་པ་གནས་མེད་པ། །ཞེས་གསུངས་ཏེ། རྐྱེན་གསུམ་ལ་བརྟེན་ནས་ལྕེའི་རྣམ་ ཤེས་ཀྱིས་རོ་མྱོང་མ་ཐག་རོའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་དབྱིངས་ ཏེ། གནས་ལུགས་རྟོགས་ནས་རྗེས་ཐོབ་སྔར་བཞིན། དག་པའི་ལུས་ཀྱི་ངོ་བོ་ནི། །རེག་བྱའི་ རྐྱེན་གྱིས་མཚན་ཉིད་དག །རྐྱེན་དག་ལས་ནི་གྲོལ་གྱུར་པ། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་ བྱ། །ཞེས་གསུངས་ཏེ། རྐྱེན་གསུམ་ལ་བརྟེན་ནས་ལུས་ཀྱི་རྣམ་ཤེས་ཀྱིས་རེག་བྱ་ཚོར་མ་ ཐག་རེག་བྱའི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཏེ་གནས་ལུགས་ རྟོགས་ནས་རྗེས་ཐོབ་སྔར་བཞིན་ནོ། ། གཉིས་པ་ནི། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟགས་པ་རྣམ་སྤངས་ 2-1-85 ནས། །ཆོས་རྣམས་རང་བཞིན་མེད་པ་ཉིད། །ཆོས་ཀྱི་དབྱིངས་སུ་བསྒོམ་པར་བྱ། །ཞེས་ གསུངས་ཏེ། དེ་མ་ཐག་རྐྱེན་དབང་ཤེས། བདག་རྐྱེན་ཡིད་དབང་དང༌། དམིགས་རྐྱེན་ གཟུགས་སོགས་ཏེ། རྐྱེན་གསུམ་ལས་ཡིད་ཀྱི་རྣམ་ཤེས་རྟོག་བྲལ་དུ་སྐྱེས་པ་ན། གཟུགས་ སོགས་ཆོས་རྣམས་ལ་འདིའོ་ཞེས་རྟོག་པ་དང༌། སྒྲོ་བཏགས་པ་དང་བྲལ་ནས་དེ་མ་ཐག གཟུགས་སོགས་རང་བཞིན་མེད་པའི་ཆོས་ཀྱི་དབྱིངས་སུ་ཤེས་ནས་བསྒོམ་པར་བྱ་ཞིང༌། རྗེས་ཐོབ་སྔར་བཞིན་ནོ། ། གསུམ་པ་ནི། མཐོང་དང་ཐོས་དང་སྣོམས་པ་དང༌། །མྱངས་དང་རེག་པར་གྱུར་པ་ དང༌། །ཆོས་རྣམས་དེ་ལྟར་རྣལ་འབྱོར་པས། །ཤེས་ནས་མཚན་ཉིད་རྫོགས་པ་ཡིན། །ཞེས་ གསུངས་ཏེ། རྣམ་ཤེས་ཡུལ་ལ་སྤྱོད་པའི་ཚེ། དེ་མ་ཐག་སྐྱེ་འགག་དང་བྲལ་བར་རྟོགས་པའི་ རྣལ་འབྱོར་པས་ཆོས་ཀྱི་གནས་ལུགས་ཤེས་ནས། རྟོགས་པ་ཁྱད་པར་ཅན་རྫོགས་པ་སྟེ་ཐོབ་ པའོ། །མིག་དང་རྣ་བ་སྣ་དག་དང༌། །ལྕེ་དང་ལུས་དང་དེ་བཞིན་ཡིད། །སྐྱེ་མཆེད་དྲུག་པོ་རྣམ་ དག་པ། །དེ་ཉིད་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་ཏེ། ནང་གི་སྐྱེ་མཆེད་དྲུག་ཀྱང༌། རང་ གི་ངོ་བོ་སྣང་ལ་རང་བཞིན་མེད་པ་རྨི་ལམ་ལྟ་བུ་བདེན་མེད་དུ་མངོན་སུམ་དུ་ཤེས་པ་ན་ཆོས་ ཀྱི་གནས་ལུགས་ཤེས་པ་ཞེས་བྱའོ། །རྣལ་འབྱོར་པ་རྟོགས་པ་རབ་ཏུ་གྱུར་པའི་འཆར་ཚུལ་ དང༌། སྒོམ་ཚུལ་ལོ། ། བཞི་པ་ནི། སེམས་འདི་རྣམ་པ་གཉིས་སུ་མཐོང༌། །ཇི་ལྟར་འཇིག་རྟེན་འཇིག་རྟེན་ འདས། །ཞེས་མདོར་བསྟན་ནས། བདག་ཏུ་འཛིན་པའི་འཁོར་བ་སྟེ། །སོ་སོར་རིག་ན་དེ་ ཉིད་དོ། །འདོད་ཆགས་ཟད་པས་མྱ་ངན་འདས། །ཞེ་སྡང་གཏི་མུག་ཟད་པ་དང༌། །དེ་དག་ འགགས་པས་སངས་རྒྱས་ཉིད། །ལུས་ཅན་ཀུན་གྱི་སྐྱབས་ཉིད་དོ། །ཞེས་གསུངས་ཏེ། འཇིག་ རྟེན་པ་འཁོར་བ་པའི་སེམས་ནི། ང་ཞེས་བདག་ཏུ་འཛིན་ལ། དེ་ལ་བརྟེན་ནས་བླང་དོར་དང༌། 2-1-86 བདག་གཞན་དུ་བཟུང་བ་ལས་ཉེས་པ་ཐམས་ཅད་འབྱུང་བས་འཁོར་བར་འཁོར་བ་སྟེ། རྣམ་ འགྲེལ་ལས། གང་ཞིག་བདག་མཐོང་དེ་ལས་ནི། །ང་ཞེས་བདག་ཏུ་འཛིན་པར་འགྱུར། །ཞེས་སོགས་དང༌། བདག་ཡོད་ན་ནི་གཞན་འདུ་ཤེས། །བདག་གཞན་ཆ་ལས་འཛིན་དང་ སྡང༌། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་ པ་ལྟར་རོ། །ཆོས་ཉིད་མཉམ་བཞག་སོ་སོ་རང་རིག་གིས་མངོན་སུམ་དུ་རིག་པ་ན། དེ་ཉིད་ འཇིག་རྟེན་ལས་འདས་པའི་སེམས་དེ་ཡིན་ལ་གཉེན་པོ་ཡེ་ཤེས་ཀྱིས་འདོད་ཆགས་ཞེ་སྡང་ གཏི་མུག་སོགས་ཀྱིས་མཚོན་པའི་ཉོན་སྒྲིབ་དང༌། འཁོར་གསུམ་དུ་རྟོག་པ་སོགས་ཤེས་སྒྲིབ་ དང༌། བྱིང་རྒོད་སོགས་སྙོམས་འཇུག་གི་སྒྲིབ་པ་སྟེ་སྒྲིབ་པ་གསུམ་ཟད་ཅིང་གཏན་འགགས་ པར་བྱས་པ་ལས་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཉིད་ཐོབ་ཅིང༌། དེ་ལུས་ཅན་ཀུན་གྱི་ གཏན་གྱི་སྐྱབས་གནས་ཡིན་ནོ། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ ངེས་པར་གྲོལ། །ཞེས་དང༌། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ ཡིན། །ཞེས་གསུངས་པ་དང་མཐུན་ནོ། ། ལྔ་པ་ནི། ཤེས་དང་མི་ཤེས་དག་པ་ལས། །ལུས་འདི་ཉིད་ལས་ཐམས་ཅད་དེ། །རང་ གི་རྣམ་པར་རྟོག་པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །ཞེས་གསུངས་ཏེ། ལུས་ཀྱི་གནས་ལུགས་ཡེ་ཤེས་ཀྱིས་ཤེས་པ་དང་རྣམ་ཤེས་ཀྱིས་མི་ཤེས་པའི་བྱེ་བྲག་ལས་ ལུས་འདི་ཉིད་ལ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཚང་སྟེ། རང་གི་རྣམ་པར་ རྟོག་པས་བཅིངས་པའི་དུས་དེ་སྲི ད་འཁོར་བའི་ལུས་དང༌། ལུས་ཀྱི་བདག་ཉིད་དམ། རིན་ ཆེན་གནས་ལུགས་ཡེ་ཤེས་ཀྱིས་ཤེས་པ་མཐར་ཕྱིན་པ་ན། འཁོར་བ་ལས་གྲོལ་བའི་ལུས་སུ་ འགྱུར་རོ། ། དྲུག་པ་ནི། བྱང་ཆུབ་ཉེ་མིན་རིང་བ་མིན། །འགྲོ་མིན་འོང་བ་མ་ཡིན་ཞིང༌། །ཉོན་མོངས་ 2-1-87 གཟེབ་གྱུར་འདི་ཉིད་ལ། །མཐོང་བ་དང་ནི་མ་མཐོང་ཡིན། །ཞེས་གསུངས་ཏེ། བྱང་ཆུབ་ནི་ སངས་རྒྱས་ཀྱི་གཟུགས་སྐུ་ལ་ཉེ་བ་མ་ཡིན་ཞིང༌། (གདུལ་བྱ་དག་པ་ལ་བྱང་ཆུབ་ཉེ་བ་དང༌། མ་དག་པ་ལ་རིང་བ་མིན། ཞེས་ཀྱང་)འཁོར་བ་པ་ལ་རིང་བ་ཡང་མ་ཡིན་ལ། ཉེ་རིང་མེད་ ཀྱང༌། སེམས་ཅན་ཉོན་མོངས་པའི་གཟེབ་སྟེ་དབང་དུ་གྱུར་པས་མ་མཐོང་ལ། སེམས་ཅན་ སྒྲིབ་པ་དང་བྲལ་བར་གྱུར་ནས་མཐོང་བས་ཉེ་རིང་ལྟ་བུར་སྣང་བའོ། ། བདུན་པ་ནི། ཤེས་རབ་མར་མེ་ལ་གནས་ནས། །མཆོག་ཏུ་ཞི་བར་གྱུར་པ་ཡིས། །བདག་ ལ་བརྟགས་པས་གནས་བྱ་ཞེས། །མདོ་སྡེའི་ཚོགས་ལས་གསུངས་པ་ལགས། །ཞེས་གསུངས་ ཏེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་རྨོངས་པའི་མུན་པ་བསལ་བའི་མར་མེ་ལ་གནས་ ནས་གཏི་མུག་ཉེ་བར་ཞི་བའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་ལ་བརྟགས་ཤིང་ དཔྱད་པས་སངས་རྒྱས་གདོད་ནས་གནས་པར་ཤེས་སོ། །ཞེས་མདོ་སྡེ་ཐམས་ཅད་(དེ་བཞིན་ གཤེགས་པའི་སྙིང་པོའི་མདོ་དང༌། དཔལ་ཕྲེང་གི་མདོ་སོགས་ངེས་དོན་གྱི་)ལས་གསུངས་ སོ། ། གཉིས་པ་རྐྱེན་དཀོན་མཆོག་སྣང་བའི་ཚུལ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་ པའོ། །དང་པོ་ནི། སྟོབས་བཅུའི་སྟོབས་ཀྱིས་བྱིས་པ་རྣམས། །བྱིན་རླབས་ཟླ་བ་ཚེས་པ་ བཞིན། །ཉོན་མོངས་ཅན་གྱི་སེམས་ཅན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ༌། །ཞེས་ གསུངས་པ་སྟེ། སངས་རྒྱས་ཀྱི་སྟོབས་བཅུས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་ཚོགས་ ལམ་ཆེན་པོ་པ་(ཆོས་རྒྱུན་ནི་ཏིང་ངེ་འཛིན་ཐོབ་པ་)ལྟ་བུའི་བྱིས་པ་ལས་ཅུང་ཟད་དག་པ་ རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ཟླ་བ་ཚེས་པ་ཙམ་དུ་མཐོང་ལ། ཉོན་མོངས་ཅན་ འཆིང་བ་ཐམས་ཅད་ཀྱིས་བཅིངས་པའི་སེམས་ཅན་རྣམས་ཀྱིས། སངས་རྒྱས་ཀྱི་གཟུགས་ བརྙན་ཙམ་ཡང་མི་མཐོང་སྟེ། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་ཀྱང་མི་སྣང་བ། 2-1-88 །དེ་བཞིན་སེམས་ཅན་དམན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ༌། །ཞེས་གསུངས་ པ་ལྟར་རོ། ། གཉིས་པ་ལ་བཞི་སྟེ། སངས་རྒྱས་མི་མཐོང་བའི་ཚུལ། མཐོང་བའི་ཚུལ། ཕྲིན་ལས་ བསམ་གྱིས་མི་ཁྱབ་པའི་ཚུལ། བྱང་ཆུབ་ཉེ་རིང་མེད་པའི་ཚུལ་བཤད་པའོ། །དང་པོ་ནི།ཇི་ ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམས་པར་མཐོང་བ་ལྟར། །དེ་བཞིན་མི་ཤེས་པ་ བསྒྲིབས་པའི། །སངས་རྒྱས་རྣམས་ནི་མེད་པར་བརྟགས། །ཞེས་གསུངས་ཏེ། ཡི་དྭགས་སུ་ སྐྱེས་པ་ན། བལྟས་པ་ཙམ་གྱིས་རླུང་ཡང་སྐམས་པར་འགྱུར། ཞེས་པ་ལྟར། མི་ཤེས་པ་ཉོན་ མོངས་ཀྱི་མེས་ཤེས་རྒྱུད་བསྲེགས་པའི་འཆིང་བ་ཀུན་ལྡན་རྣམས་ཀྱིས་(དང་སྣང་སེམས་ ཀྱིས་ཆོས་དང་བླ་མ་ལ་འཁུ་ཞིང་སྨོད་པར་བྱེད་པ་རྣམས་)ཡོད་པའི་སངས་རྒྱས་མེད་པར་ བརྟགས་པ་རྣམས་ལ་ནི། དམན་དང་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་ བགྱིར་མཆིས། །ཇི་ལྟར་དམུས་ལོང་ལག་པ་རུ། །རིན་ཆེན་མཆོག་ནི་བཞག་པ་འདྲ། །ཞེས་ གསུངས་ཏེ། དམན་པ་སྟེ་བླུན་པ་ངན་འགྲོ་དང༌། བདེ་འགྲོ་ཡིན་ཡང་བསོད་ནམས་དམན་ པ། ཀླ་ཀློ་སོགས་ལ་ཕྲིན་ལས་འཇུག་པའི་རྒྱུ་མ་ཚང་བ་ལ། དངོས་སུ་ཕན་པ་ཅི་བགྱིར་ མཆིས་ཏེ་མ་མཆིས་སོ། །དཔེར་ན་དམུས་ལོང་གི་ལག་པ་རུ་རིན་པོ་ཆེ་བཞག་ཀྱང་མི་མཐོང་ ཞིང་མི་ཕན་པ་བཞིན་ནོ། །ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་བྱམས་པས་ གསུངས་པ་ལྟར་རོ། །(ཆོས་འདི་ལ་སྡང་བླ་མ་སྨོད། །བོད་འདིར་བསྟན་པ་རྣལ་མ་མེད། །ཁོ་ བོ་བསྟན་འཛིན་དགེ་སློང་ལོ། །བསྟན་མེད་བསྟན་པ་འཛིན་པ་མཚར། །མཚམས་མེད་ལྔ་པོ་ བྱེད་པ་ཡང༌། །ཆོས་ཉིད་བསམས་ན་གྲོལ་གྱུར་ནའང༌། །ཡིད་ནི་ཆོས་ལ་སྡང་བ་ལ། །ཐར་པ་ མེད་ཅེས་ལུང་བསྟན་ནོ། །མཁས་དང་མི་མཁས་ཐམས་ཅད་ལ། །སྨད་པར་མི་བྱ་རྒྱལ་བས་ 2-1-89 གསུངས། །བླ་མ་སྨོད་བརྩོན་མ་རུངས་པ། །དེ་ལ་དེ་འབྲས་མི་སྨིན་ཤོག །དེ་ལྟར་ཡིན་པར་ ཡང༌། གསང་འདུས་སྒྲོན་གསལ་དུ། མཚམས་མེད་པ་ལྔ་བྱེད་པ་དང༌། རྩ་བ་བཞི་ཉམས་ པས་ཀྱང༌། འདིར་བླ་མའི་དྲིན་གྱིས་རྫོགས་པའི་རིམ་པ་འདི་ཐོབ་ནས་སངས་རྒྱས་ཉིད་ དུ་འགྱུར་བར་གསུངས་པ་ལ། འགའ་ཞིག གལ་ཏེ་སློབ་དཔོན་ལ་འཁུ་བར་བྱེད་པ་ཡང་ འགྲུབ་པར་འགྱུར་རོ་སྙམ་ན། དེ་དགག་པའི་ཕྱིར། སྙིང་ནས་སློབ་དཔོན་སྨོད་པ་དག །ཞེས་ བྱ་བ་གསུངས་ཏེ། དང་པོར་སློབ་དཔོན་ལས་ཐོས་བསམ་གྱི་རིམ་གྱིས་དེ་ཉིད་རྟོགས་ཏེ། དེ་ ནས་འདི་ཡིས་ཅི་ཞིག་བྱ། །ཞེས་བླ་མ་བརྙས་པར་བྱེད་པ་དེ་ནི་སློབ་དཔོན་ལ་སྨོད་པ་སྟེ། དེ་ དང་ལྷན་ཅིག་ཟང་ཟིང་གི་ལོངས་སྤྱོད་ཀྱིས་དགའ་བར་བྱེད་པ་ཡང་སློབ་དཔོན་ལ་སྨོད་པ་སྟེ། དེས་ཀྱང་འགྲུབ་པར་མི་འགྱུར་ན། སློབ་དཔོན་སྨོད་པ་ཉིད་ལྟ་སྨོས་ཀྱང་ཅི་དགོས་ཏེ། ནམ་ ཡང་འགྲུབ་པར་མི་འགྱུར་རོ་ཞེས་ངེས་པར་མཛོད་དོ། །དེའི་སྒྲུབ་བྱེད་དུ། སྒྱུ་འཕྲུལ་དྲ་བའི་ རྒྱུད་ལས། སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་ པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །ངན་པ་གཏུམ་པོའི་ལས་ བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་གསུངས་ཏེ། སྒྲ་ཇི་བཞིན་པའོ། །ཞེས་པའི་ སློབ་དཔོན་ཟླ་བ་གྲགས་པའི་གསུངས་འདིའི་ཕྱིར། བླ་མ་སྨོད་བརྩོན་མ་རུངས་པ། །དེ་ལ་ ཐར་པ་ག་ལ་ཡོད། །སངས་རྒྱས་བྱང་ཆུབ་སེམས་དཔས་ཀྱང༌། །གསོ་བའི་སྤྱོད་ཡུལ་མ་གྱུར་ མོད། །འོན་ཀྱང་མཁའ་མཉམ་སེམས་ཅན་ཀུན། །གྲོལ་ན་དེ་ཡང་གྲོལ་སྲི ད་དོ། །སྡང་པའི་ སེམས་ཀྱིས་བྲིས་མིན་ཏེ། །འདི་མཐོང་བླ་མ་ལ་སྡང་བ། །ལྡོག་ཕྱིར་ཕན་པའི་སེམས་ཀྱིས་སོ། །དགེ་འདིས་འགྲོ་ཀུན་སངས་རྒྱས་ཤོག) གཉིས་པ་ནི། སེམས་ཅན་བསོད་ནམས་བྱས་པ་ལ། །འོད་ཀྱི་རང་བཞིན་དཔལ་ལྡན་ པའི། །སུམ་ཅུ་རྩ་གཉིས་མཚན་འབར་བ། །སངས་རྒྱས་དེ་ཡི་མདུན་ན་གནས། །ཞེས་ 2-1-90 གསུངས་ཏེ། སངས་རྒྱས་ལ་དམིགས་པའི་དད་པ་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་ རབ་ལ་སོགས་པའི་བསོད་ནམས་བྱས་པ་རྣམས་ལ་འོད་ཀྱི་རང་བཞིན་སྐུ་མདོག་དང་གཟི་ བརྗིད་དང་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་སྐུ། ཕྱག་ཞབས་འཁོར་ལོས་མཚན་ པ་ལ་སོགས་པའི་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ་འབར་བ་སྟེ། མཛེས་པའི་སངས་རྒྱས་ རྣམས་གདུལ་བྱ་དག་པ་དེའི་མདུན་ན་(རང་སེམས་དད་པས་བསྒོམ་པ་ལ། །སྣང་བ་རྫོགས་ པའི་སངས་རྒྱས་ནི། །མཚན་དང་དཔེ་བྱད་ལྡན་པ་དང༌། །འཆག་པ་དང་ནི་བཞེངས་པ་དང༌། །བཞུགས་པ་དང་ནི་གཟིམས་པ་དང༌། །སྤྱོད་ལམ་སྣ་ཚོགས་མཛད་པ་ཅན། །ཞི་བའི་ཆོས་ ནི་གསུང་བ་དང༌། །མི་གསུང་མཉམ་པར་བཞག་གྱུར་པ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག །མཛད་པས་གཟི་མདངས་ཆེན་པོ་ཅན། །སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར། །རྒྱུད་ བླར་)གནས་ཏེ། སྤྱོད་འཇུག་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་ པ་བཞུགས། །ཞེས་གསུངས་པ་ལྟར་རོ། ། མགོན་པོ་དེ་ཡི་གཟུགས་ཀྱི་སྐུ། །བསྐལ་པ་མང་པོར་བཞུགས་ནས་ཀྱང༌། །གདུལ་བྱ་ རྣམས་ནི་འདུལ་བའི་ཕྱིར། །དབྱིངས་ཉིད་ཐ་དད་གྱུར་པ་ལགས། །ཞེས་གསུངས་ཏེ། རྒྱལ་ བའི་གཟུགས་ཀྱི་སྐུ་བསྐལ་པ་མང་པོར་བཞུགས་ནས་གདུལ་བྱ་གདུལ་བའི་ཕྱིར་དུ་ངོ་བོ་ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་དེ་ལས་ཐ་དད་པ་ལྟ་བུར་གཟུགས་སྐུའི་རྣམ་པར་སྣང་ བའོ། །རྒྱུད་བླར། དེ་བཞིན་ཐུབ་པ་ཆོས་སྐུ་ལས། །བསྐྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་གིས་སྟོན་པར་མཛད། །ཅེས་སོ། ། སེམས་ཀྱི་ཡུལ་ནི་ངེས་རྟོགས་ནས། །དེར་ནི་ཤེས་པ་འཇུག་པར་འགྱུར། །སོ་སོ་རང་ རིག་རྣམ་དག་ན། །ས་རྣམས་དེ་ཡི་བདག་ཉིད་གནས། །ཞེས་གསུངས་ཏེ། དེ་ལྟར་སྣང་བའི་ རྒྱུ་མཚན་ནི། གདུལ་བྱའི་སེམས་ཀྱི་ཡུལ་གང་ལ་གང་མོས་ངེས་པར་རྟོགས་ནས་གདུལ་བྱའི་ 2-1-91 བསམ་པ་དང་མཐུན་པར། དོན་བྱེད་པའི་ཤེས་པ་ཡེ་ཤེས་འཇུག་པར་འགྱུར་བ་སྟེ། རྒྱུ་ནི་ ཡོངས་སུ་སྨིན་གྱུར་ནས། །གང་དང་གང་ལ་གང་དང་ནི། །གང་ཚེ་བྱ་བ་ཕན་གྱུར་པ། །དེ་དང་ དེ་ལ་དེ་སྣང་ངོ༌། །ཞེས་བྱམས་པས་གསུངས་པ་ལྟར་རོ། །མཉམ་བཞག་སོ་སོ་རང་གིས་རིག་ པའི་ཡེ་ཤེས་ཀྱི་དྲི་མ་རྣམ་པར་དག་པར་བྱས་པ་ན། ས་དང་ལམ་རྣམས་ཆོས་ཉིད་དེའི་བདག་ ཉིད་དུ་གནས་པས། ངོ་བོ་ལ་དབྱིངས་རིག་དབྱེར་མེད་པ་ཡིན་ལ། གདུལ་བྱའི་ངོར་ཐ་དད་པ་ ལྟ་བུར་སྣང་བའི་དོན་ཡིན་ནོ། །དབང་ཕྱུག་ཆེན་པོའི་གནས་མཆོག་དང༌། །འོག་མིན་ཉིད་དེ་ རྣམ་མཛེས་པ། །ཤེས་པ་གསུམ་པོ་གཅིག་ཉིད་དུ། །མཛེས་པར་གྱུར་པ་བདག་སྨྲའོ། །ཞེས་ གསུངས་ཏེ། དབང་ཕྱུག་ཆེན་པོའི་གནས་མཆོག་ཆོས་ཀྱི་དབྱིངས་ན་རྣམ་པར་མཛེས་པ་ཆོས་ ཀྱི་སྐུ་དང༌། འོག་མིན་དེ་ཉིད་ན་རྣམ་པར་མཛེས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། དེ་དག་ གི་ཤུགས་ལ་བསྟན་པ་སྤྲུལ་པའི་སྐུ་སྟེ་ཤེས་པའམ། སྐུ་གསུམ་པ་སྟེ་གཅིག་ཏུ་འདྲེས་པ་སྟེ། ཡེ་ཤེས་གཅིག་གི་བདག་ཉིད་དུ་འཕགས་པ་ཀླུ་སྒྲུབ་བདག་སྨྲའོ། །ཞེས་པའོ། ། གསུམ་པ་ནི། བྱིས་པའི་ནང་ན་ཡོངས་མཁྱེན་དང༌། །འཕགས་པའི་ནང་ན་སྣ་ཚོགས་ ཉིད། །དབང་ཕྱུག་ཆེན་པོ་ཚེ་དཔག་མེད། །བསྐལ་པ་ཚེ་ཡི་རྒྱུ་གང་ཡིན། །ཕྱི་རོལ་སེམས་ ཅན་རྣམས་ཀྱི་ཡང༌། །དཔག་ཏུ་མེད་པའི་བསྐལ་པར་ནི། །ཚེ་ཡང་གང་གིས་བསྲུང་པར་ནི། །སྲོག་ཆགས་རྣམས་ཀྱི་སྲོག་གནས་པའི། །རྒྱུ་གང་མི་ཟད་པ་དེ་ཉིད། །གང་གིས་འབྲས་བུ་མི་ ཟད་གང༌། །སྣང་བ་མེད་པའི་བྱེ་བྲག་གིས། །ཤེས་རབ་དོན་དུ་རབ་ཏུ་འཇུག །ཞེས་གསུངས་ ཏེ། གདུལ་བྱའི་དོན་དུ་བསྐལ་པ་མང་པོར་བཞུགས་ཤིང་བཞུགས་པའི་རྒྱུ་མཚན་ནི། བྱིས་ པ་སོ་སྐྱེའི་འཁོར་གྱི་ནང་ན་ཡོངས་མཁྱེན་ཏེ་སྤྲུལ་སྐུ་བསྐལ་པ་མང་པོར་བཞུགས་པ་དང༌། འཁོར་འཕགས་པ་རྣམས་ཀྱི་ནང་ན་ལོངས་སྐུ་མཚན་དང་སྐུ་མདོག་སྣ་ཚོགས་སུ་བསྟན་པའི་ དབང་ཕྱུག་ཆེན་པོས་ཏེ། བདག་ཉིད་ཆེན་པོ་ཚེ་དཔག་ཏུ་མེད་པར་བཞུགས་པའི་སྐུ་ཚེའི་རྒྱུ་ 2-1-92 གང་ཡིན་ན། སྔོན་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་གྱི་ཚེ་ཡང་བསྲུངས་པ་སྟེ། སྲོག་ གཅོད་པ་སྤངས་པ་དང༌། སྲོག་ཆགས་རྣམས་ཀྱི་སྲོག་གནས་པའི་རྒྱུ། འཕྲོད་པའི་སྨན་དང་ཁ་ ཟས་བྱིན་པ་སོགས་ཟད་མི་ཤེས་པ་བྱིན་པ་ལས་འབྲས་བུ་ཚེ་བསྐལ་པར་མ་ཟད་པར་གནས་ པའི་རྒྱུ་ནི་དེ་དག་ཡིན་ནོ། །གསེར་འོད་ལས་ཚེ་རིང་བའི་རྒྱུ་ནི་གཉིས་ཏེ། སྲོག་ཆགས་རྣམས་ ལ་ཁ་ཟས་བྱིན་པ་དང༌། སྲོག་གཅོད་པ་སྤངས་པའོ། །ཞེས་གསུངས་པ་ལྟར། རྒྱུ་དེ་དག་ཀྱང་ སྣང་བ་སྟེ་དམིགས་པ་མེད་པའི་སྒོ་ནས་ཇི་ལྟ་ཇི་སྙེད་པ་རིག་པའི་ཤེས་རབ་ཐོབ་པའི་དོན་དུ་ རབ་ཏུ་འཇུག་པ་སྟེ་སྦྱོར་བའོ། ། བཞི་པ་ནི། བྱང་ཆུབ་རིང་བར་མི་བསམ་ཞིང༌། །ཉེ་བར་ཡང་ནི་བསམ་མི་བྱ། །ཡུལ་དྲུག་ སྣང་བ་མེད་པར་ནི། །ཡང་དག་ཇི་བཞིན་རིག་གྱུར་པའོ། །ཞེས་གསུངས་ཏེ། ཤེས་རབ་དེས་ བྱང་ཆུབ་རིང་བ་དང་ཉེ་བར་མི་བསམ། མི་རྟོག་ཅིང་གཟུགས་སོགས་ཡུལ་དྲུག་ཀྱང༌། དོན་ ལ་སྣང་བའམ་དམིགས་པ་མེད་ཅིང༌། ངོ་བོས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རིག་ པར་འགྱུར་རོ། ། གསུམ་པ་ཐོབ་པའི་རིམ་པ་ལ་ལྔ་སྟེ། བླང་དོར་གྱི་ཚུལ། སྲི ད་པའི་གཉེན་པོ། ཡེ་ཤེས་ ལེན་ཅིང་མི་ཤེས་པ་འདོར་བའི་རྒྱུ་མཚན། ཁམས་རྒྱས་བྱེད་ཀྱི་ཆོས། ཚུལ་ཇི་ལྟར་རྒྱས་པའི་ རིམ་པའོ། ། དང་པོ་ནི། ཇི་ལྟར་འོ་མ་དང་འདྲེས་ཆུ། །སྣོད་གཅིག་ལ་ནི་གནས་པ་ལས། །ངང་པས་ འོ་མ་འཐུང་བྱེད་ཅིང༌། །ཆུ་ནི་མ་ཡིན་དེ་བཞིན་གནས། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་ པས། །ཡེ་ཤེས་ལུས་འདི་གཅིག་གནས་ཀྱང༌། །རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན། །མི་ཤེས་ པ་ནི་འདོར་བར་བྱེད། །ཅེས་གསུངས་ཏེ། དཔེར་ན་ངང་པས་ཆུ་ལས་འོ་མ་འབྱེད་ཅིང་འཐུང་ བ་ལྟར། ཉོན་མོངས་པའི་དྲ་བས་གཡོགས་པས་ཉོན་མོངས་མི་ཤེས་པས། ཡེ་ཤེས་ལུས་ཏེ་ 2-1-93 ཆོས་སྐུ་རྒྱུད་གཅིག་ལ་ལྷན་ཅིག་ཏུ་གནས་ཀྱང༌། རྣལ་འབྱོར་པ་ཡིས་ཡེ་ཤེས་ལེན་ཅིང༌། མི་ ཤེས་པའི་དྲི་མ་འདོར་བར་བྱེད་དོ། ། གཉིས་པ་ནི། བདག་དང་བདག་གིས་ཞེས་འཛིན་པས། །ཇི་སྲི ད་ཕྱི་རོལ་རྣམ་བཏགས་ པ། །བདག་མེད་རྣམ་པ་གཉིས་མཐོང་ནས། །སྲི ད་པའི་ས་བོན་འགག་པར་འགྱུར། །ཞེས་ གསུངས་ཏེ། རྣམ་ཤེས་ལ་བདག་དང༌། ཕུང་པོ་གཞན་ལ་བདག་གི་ཞེས་འཛིན་པས་གང་ ཟག་དང༌། དེའི་ཡོད་པ་ཇི་སྲི ད་དུ། གཟུང་བ་ཕྱི་རོལ་དང༌། དེས་མཚོན་ནས་འཛིན་པ་སྟེ། གཟུང་འཛིན་བདེན་པས་སྒྲོ་བཏགས་ནས། བདག་གཉིས་སུ་རྟོགས་པས་འཁོར་བར་འཁོར་ ལ་བདག་དེ་གཉིས་མེད་པར་མངོན་སུམ་དུ་མཐོང་བས་སྲིད་པའི་ས་བོན་རིམ་གྱིས་འགག་ པར་འགྱུར་ཏེ། བློ་གྲོས་ཆེན་པོ་ཉོན་མོངས་པའི་སྒྲིབ་པ་ནི་གང་ཞིག་བདག་མེད་པར་མཐོང་ བས་རྣམ་པར་དག་པར་འགྱུར་རོ། །ཤེས་བྱའི་སྒྲིབ་པ་ནི། ཆོས་ཀྱི་བདག་མེད་པར་མཐོང་ བས་རྣམ་པར་དག་པར་འགྱུར་རོ། །ཞེས་སོ། ། གསུམ་པ་ནི། གང་ཕྱིར་སངས་རྒྱས་མྱ་ངན་འདས། །གཙང་པ་རྟག་པ་དགེ་བའི་གཞི། །གང་ཕྱིར་གཉིས་འདིར་བྱིས་པས་བཏགས། །དེ་ཡིས་གཉིས་མེད་རྣལ་འབྱོར་གནས། །ཞེས་ གསུངས་ཏེ། ཡེ་ཤེས་ལེན་ཅིང་མི་ཤེས་པ་འདོར་བའི་རྒྱུ་མཚན་སྟོན་པ་ནི། རྣལ་འབྱོར་པ་ ཡེ་ཤེས་ལེན་པ་གང་གི་ཕྱིར། ཞེ་ན་སངས་རྒྱས་ཆོས་ཀྱི་སྐུ་འདི་མྱ་ངན་ལས་འདས་པ། ཉོན་ མོངས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་གཙང་བ། འཁོར་འདས་བདེན་མེད་ མཉམ་ཉིད་དུ་རྟོགས་ཤིང་མི་འཇིག་པའི་ཕྱིར་རྟག་པ། རང་བཞིན་གྱིས་དགེ་ཞིང་རྣམ་པར་ དག་པས་དགེ་བའི་གཞི་ཡིན་པའི་ཕྱིར་ལེན་པའོ། །དཔལ་ཕྲེང་གི་མདོ་ལས། སེམས་ཅན་ རྣམས་ནི་ཟིན་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་མི་ རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་ 2-1-94 བདག་ཏུ་འདུ་ཤེས་པ། མི་གཙང་པ་ལ་གཙང་པར་འདུ་ཤེས་པ་ལགས་སོ། །ཞེས་གསུངས་ པ་ལྟར། བྱིས་པ་རྣམས་ཕུང་པོ་གཙང་བདེ་རྟག་བདག་ཏུ་འཛིན་པས་ཕྱིན་ཅི་ལོག་ཡིན་ལ། ཉན་རང་རྣམས་ཉེར་ལེན་གྱི་ཕུང་པོ་ནི་མི་རྟག་སྡུག་བསྔལ་སྟོང་བདག་མེད་དུ་འདུ་ཤེས་པ་ ནི་སྔ་མ་ལ་ལྟོས་ན་ཕྱིན་ཅི་མ་ལོག་ཀྱང༌། རྒྱལ་བའི་ཆོས་སྐུ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཏུ་འགྱུར་ ཏེ། བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་ཡེ་ ཤེས་ཀྱིས་སྔར་མ་མཐོང་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ། དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ལགས་སོ་ཞེས་གསུངས་ལ། ཆོས་སྐུ་རྟག་བདེ་ བདག་དང་གཙང་བར་འདུ་ཤེས་པ་ནི། ཕྱིན་ཅི་མ་ལོག་པར་གསུངས་ཏེ། བཅོམ་ལྡན་འདས་ རྟག་པར་འདུ་ཤེས་པ། བདེ་བར་འདུ་ཤེས་པ། བདག་ཏུ་འདུ་ཤེས་པ། གཙང་བར་འདུ་ཤེས་ པའི་སེམས་ཅན་དེ་དག་ནི། བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པའི་སྲས་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་དེ་དག་ནི་ཡང་དག་པ་མཐོང་བ་ལགས་སོ། །དེ་ཅིའི་སླད་དུ་ ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཉིད། རྟག་པའི་ཕ་རོལ་ཏུ་ཕྱིན་ པ། བདེ་བའི་ཕ་རོལ་ཏུ་ཕྱིན་པ། བདག་གི་ཕ་རོལ་ཏུ་ཕྱིན་པ། གཙང་བའི་ཕ་རོལ་ཏུ་ཕྱིན་ པའོ། །ཞེས་གསུངས་པ་ལྟར་རོ། །ཆོས་སྐུ་བདག་ཏུ་མི་འཐད་དེ། །ཆོས་ཐམས་ཅད་བདག་ མེད་དུ་གསུངས་པའི་ཕྱིར་རོ། །ཞེ་ན། ཆོས་དང་གང་ཟག་གི་བདག་མེད་པ་ལ་དགོངས་ཀྱི། བདག་ཡོད་མེད་ཀྱི་སྤྲོས་པ་དང་བྲལ་བའི་དབྱིངས་དམ་པའི་བདག་ཏུ་གསུངས་ཏེ། བདག་ དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་བ་དམ་པའི་བདག །ཅེས་རྒྱུད་བླ་མར་གསུངས་པ་ དང༌། མྱང་འདས་ཆེན་པོའི་མདོར། སངས་རྒྱས་ཀྱི་ཆོས་བདག་ཡོད་པ་ནི་སངས་རྒྱས་ཀྱི་རང་ བཞིན་ནོ་ཞེས་པ་དང༌། བདག་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་གསང་བའི་སྙིང་པོའོ། །དེ་ལྟར་གསང་བའི་སྙིང་པོ་དེ་ནི། གང་གིས་ཀྱང་འཇིག་ཅིང་མེད་པར་བྱེད་ནུས་པ་མ་ཡིན་ 2-1-95 ཏེ། ཞེས་སོགས་དང༌། མདོ་སྡེ་རྒྱན་ལས། སྟོང་པ་ཉིད་ནི་རྣམ་དག་ན། །བདག་མེད་མཆོག་ གི་བདག་ཐོབ་པས། །སངས་རྒྱས་དག་པའི་བདག་ཐོབ་ཕྱིར། །བདག་ཉིད་ཆེན་པོའི་བདག་ ཐོབ་འགྱུར། །ཞེས་གསུངས་པ་དང༌། དེ་བཞིན་ཉིད་དག་དམ་པའི་བདག །ཅེས་སོགས་ཤེས་ བྱེད་ཀྱི་ལུང་མང་ངོ༌། །མི་ཤེས་པ་འདོར་བ་གང་གི་ཕྱིར་ཞེ་ན། གང་ཟག་དང་ཆོས་ཀྱི་བདག་ གཉིས་ནི། བྱིས་པ་སོ་སོ་སྐྱེ་བོས་མེད་བཞིན་དུ་སྒྲོ་བཏགས་ནས་འཛིན་པའི་ཕྱིར། མི་ཤེས་ པ་འདོར་བའོ། །དེ་ཡི་ཕྱིར་ན། བདག་གཉིས་མེད་པར་རྟོགས་པའི་ཡེ་ཤེས་ལ་རྣལ་འབྱོར་པ་ གནས་སོ། ། བཞི་པ་ལ་གསུམ་ཏེ། ཁམས་རྒྱས་བྱེད་ཀྱི་ཆོས། དེ་ལས་བྱང་ཆུབ་འགྲུབ་ཚུལ། བྱང་ སེམས་བསྲུང་བར་གདམས་པའོ། །དང་པོ་ནི། དཀའ་སྤྱོད་སྣ་ཚོགས་བྱིན་པ་དང༌། །ཚུལ་ ཁྲིམས་སེམས་ཅན་དོན་བསྡུད་དང༌། །སེམས་ཅན་ཕན་ཕྱིར་བཟོད་པ་སྟེ། །གསུམ་པ་འདི་ ནི་ཁམས་རྒྱས་འགྱུར། །ཞེས་གསུངས་ཏེ། མགོ་དང་རྐང་ལག་སྟེར་བ་སོགས་སྦྱིན་པ་དང༌། སྡོམ་པའི་ཚུལ་ཁྲིམས། སེམས་ཅན་དོན་བྱེད། དགེ་བ་ཆོས་བསྡུད་ཀྱི་ཚུལ་ཁྲིམས་དང༌། གནོད་བྱེད་ཀྱི་སེམས་ཅན་ལ་ཕན་པར་བྱེད་པའི་བཟོད་པ་སྟེ། གསུམ་པོ་འདིས་ཁམས་ རྒྱས་པར་བྱེད་དོ། །ཁམས་ནི་རྒྱལ་བའི་སྙིང་པོ་ཡིན་ལ། དེ་རྒྱས་པར་བྱེད་པ་ནི། དཔེར་ ན་ནོར་བུ་རིན་པོ་ཆེ་འདམ་གྱིས་གཡོགས་དུས། ཡོན་ཏན་མི་གསལ་བ། འདམ་བཀྲུས་པ་ ན་གསལ་ཞིང་དོན་བྱེད་པ་ལྟར། རྒྱལ་བའི་སྙིང་པོ་ཡང་ཉོན་མོངས་ཀྱི་སྦུབས་ན་བཞུགས་ དུས། ཡོན་ཏན་གཞན་ལ་མི་གསལ་ཡང༌། ཉོན་མོངས་ཀྱི་དྲི་མ་མཐའ་དག་བསལ་བའི་ཚེ་ ཡོན་ཏན་གསལ་ཞིང་ཕན་འདོགས་པར་འགྱུར་བས་རྒྱས་པ་ཞེས་གསུངས་ཀྱི། ངོ་བོ་འཕེལ་ རྒྱས་སུ་འགྱུར་བ་ནི་མ་ཡིན་ནོ། །འོག་མ་རྣམས་ལའང་ཤེས་པར་བྱའོ། །ཆོས་རྣམས་ཀུན་གྱི་ བརྩོན་འགྲུས་དང༌། །བསམ་གཏན་སེམས་ལ་འཇུག་པ་དང༌། །རྟག་ཏུ་ཤེས་རབ་བསྟེན་པ་ 2-1-96 སྟེ། །འདིར་ཡང་བྱང་ཆུབ་རྒྱས་བྱེད་ཡིན། །ཞེས་གསུངས་ཏེ། དགེ་ལ་སྤྲོ་བའི་བརྩོན་འགྲུས་ དང༌། །རྩེ་གཅིག་པའི་བསམ་གཏན་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྟེ་ཕར་ཕྱིན་ གསུམ་པོ་འདིའང༌། བྱང་ཆུབ་ཏེ། ཁམས་རྒྱས་བྱེད་ཡིན་ནོ། །ཡང་ནི་སྔ་མར་མ་ཟད། ཅེས་ པའོ། །ཐབས་དང་བཅས་པའི་ཤེས་རབ་དང༌། །སྨོན་ལམ་རྣལ་འབྱོར་སྦྱང་བ་དང༌། །སྟོབས་ ལ་ངེས་གནས་ཡེ་ཤེས་ཏེ། །ཁམས་རྒྱས་བྱེད་པའི་ཆོས་བཞིའོ། །ཞེས་གསུངས་ཏེ། ཕར་ཕྱིན་ དང་པོ་ལྔ་དང་བཅས་པའི་ཤེས་རབ་སྟེ། ཕྱིན་དྲུག་གི་དགེ་བ་བསྔོ་བའི་ཐབས་སྐྱེ་བ་ཐམས་ ཅད་དུ་ཕྱིན་དྲུག་ལ། སྤྱོད་པར་སྐྱེ་བའི་སྨོན་ལམ་སྦྱངས་པ་དང༌། ཉིན་བཞིན་ཕྱིན་དྲུག་ལ་ སྤྱོད་པའི་སྟོབས་དང༌། དེ་ལ་གནས་ནས། དགོངས་ལྡེམ་དགོངས་ཀྱི་དོན་ཇི་བཞིན་ཤེས་པའི་ ཡེ་ཤེས་ཏེ། བཞི་པོ་དེས་ཀྱང་ཁམས་རྒྱས་པར་བྱེད་དོ། །དེ་ལྟར་ན་ཁམས་སྦྱོང་བྱེད་ཕར་ཕྱིན་ བཅུའོ། ། གཉིས་པ་ནི། བྱང་ཆུབ་སེམས་ཕྱག་མི་བྱ་ཞེས། །སྨྲ་བ་ངན་པས་སྨྲ་བ་སྟེ། །བྱང་ཆུབ་ སེམས་དཔའ་མ་བྱུང་བར། །ཆོས་ཀྱི་སྐུ་ནི་འབྱུང་མ་ཡིན། །ཞེས་གསུངས་ཏེ། བྱང་ཆུབ་ སེམས་དཔའ་ལ་མི་གུས་ཤིང་ཕྱག་མི་བྱེད་པར། བྱང་ཆུབ་ཐོབ་པར་འདོད་པས་སྨྲ་བ་ནི། ངན་ པ་འགལ་བར་སྨྲ་བ་སྟེ། བྱང་ཆུབ་སེམས་དཔའ་མ་བྱུང་ན། ཆོས་ཀྱི་སྐུའི་སངས་རྒྱས་འབྱུང་ བ་སྟེ། ཐོབ་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་མ་བྱུང་ན། ཆོས་ཀྱི་ སྐུའམ་སངས་རྒྱས་མི་འབྱུང་བ་སྟེ། མི་འཐོབ་སྟེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར། དེ་དཔེས་སྟོན་པ་ནི། བུར་ཤིང་ས་བོན་ལ་སྡང་གང༌། །ཁ་ར་སྤྱོད་པར་འདོད་པ་དེས། །བུར་ ཤིང་ས་བོན་མེད་པར་ནི། །ཁ་ར་འབྱུང་བར་འགྱུར་མ་ཡིན། །བུར་ཤིང་ས་བོན་གང་བསྲུངས་ ནས། །ཉེ་བར་གནས་ཤིང་བསྒྲུབས་པ་ལས། །བུ་རམ་ཁ་ར་ཧགས་རྣམས་ནི། །དེ་ལས་འབྱུང་ བར་འགྱུར་བ་ལྟར། །ཞེས་གསུངས་ཏེ། བུར་ཤིང་གི་ས་བོན་ལ་སྡང་ཞིང༌། ཁ་ར་ཟ་འདོད་པ་ 2-1-97 མི་རིགས་ཏེ། བུར་ཤིང་ས་བོན་མེད་པར་ཁ་ར་མི་འབྱུང་བས་སོ། །བུར་ཤིང་ས་བོན་ཆུད་མ་ ཟོས་པར་བསྲུངས་ཤིང་བསྐྱངས་པ་ལས། བུ་རམ་དང༌། ལི་ཁ་ར་དང༌། ཧགས་ལ་སོགས་ པ་འབྱུང་བ་ལྟར། བྱང་ཆུབ་སེམས་ནི་རབ་བསྲུངས་ནས། །ཉེ་བར་གནས་ཤིང་བསྒྲུབས་ པ་ལས། །དགྲ་བཅོམ་རྐྱེན་རྟོགས་སངས་རྒྱས་རྣམས། །དེ་ལས་སྐྱེ་ཞིང་འབྱུང་བར་འགྱུར། །ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་ཀྱི་སེམས་མ་ཉམས་པར་བསྲུངས་ ཤིང་བྱང་ཆུབ་ཀྱི་སེམས་ལ་གནས་ཤིང་ལམ་བསྒྲུབས་པས་ཉན་ཐོས་དགྲ་བཅོམ་དང༌། སྨོན་ ལམ་ལ་སོགས་པའི་རྐྱེན་གྱི་བྱང་ཆུབ་རྟོགས་པས་རྐྱེན་རྟོགས་རང་རྒྱལ་དང༌། རྫོགས་པའི་ སངས་རྒྱས་རྣམས་བྱང་སེམས་དེ་ལ་སྐྱེ་ཞིང་འབྱུང་བར་འགྱུར་བས་ཏེ། དབུ་མ་འཇུག་པར་ ཉན་ཐོས་རང་སངས་རྒྱས་རྣམས་ཐུབ་དབང་དབྱངས་སྐྱེས་བཅས། །རྫོགས་པའི་བྱང་སེམས་ དང་པོ་ལ་གནས་པས། །ཞེས་སོགས་གསུངས་པ་ལྟར་རོ། ། གསུམ་པ་ནི། ཇི་ལྟར་ས་ལུའི་ས་བོན་ཚོགས། །ཞིང་པས་བསྲུང་བར་བྱེད་པ་ལྟར། །དེ་ བཞིན་ཐེག་མཆོག་མོས་རྣམས་ལ། །འདྲེན་པ་རྣམས་ཀྱིས་བསྲུང་བར་མཛད། །ཅེས་གསུངས་ ཏེ། དཔེར་ན་འབྲས་ས་ལུའི་ས་བོན་སོགས་ཞིང་ལ་བཏབ་པ་ཞིང་པས་ལེགས་པར་བསྲུངས་ པ་ལས་འབྲས་བུ་འབྱུང་བ་བཞིན། ཐེག་པ་མཆོག་ལ་མོས་པ་ནི། ས་བོན་ཡིན་པས་དེ་དང་ ལྡན་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྲུང་བར་མཛད་པ་ཡིན་ནོ། ། ལྔ་པ་ལ། མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། ཇི་ལྟར་མར་ངོའི་བཅུ་བཞི་ ལ། །ཟླ་བ་ཅུང་ཟད་མཐོང་བ་ལྟར། །དེ་བཞིན་ཐེག་མཆོག་མོས་རྣམས་ལ། །སངས་རྒྱས་སྐུ་ ནི་ཅུང་ཞིག་མཐོང༌། །ཞེས་གསུངས་ཏེ། དཔེར་ན་མར་ངོའི་བཅུ་བཞི་སྟེ་ཉི་ཤུ་དགུའི་ཟླ་བ་ ཅུང་ཞིག་མཐོང་བ་ལྟར། ཐེག་པ་མཆོག་ལ་མོས་པ་སྟེ། མོས་སྤྱོད་པ་བྱང་སེམས་སྦྱོར་ལམ་པ་ 2-1-98 རྣམས་ལ། སངས་རྒྱས་ཆོས་སྐུ་ཅུང་ཟད་ཅིག་མཐོང་བ་ཡོད་དེ། ཆོས་ཉིད་ལ་གསལ་སྣང་ཅུང་ ཟད་ཡོད་པས་སོ། །རྒྱན་ལས། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང༌། །སྐུ་ཡོངས་རྫོགས་ དང་ང་རྒྱལ་མང་པ་དང༌། །ང་རྒྱལ་ཕྲ་དང་ང་རྒྱལ་མེད་པར་འདོད། །ཅེས་གསུངས་པ་དང་ རྗེས་སུ་མཐུན་པ་ཙམ་མོ། ། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་རྒྱས་པར་མཐོང༌། །དེ་བཞིན་ས་ལ་ བཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང༌། །ཞེས་གསུངས་ཏེ། དཔེར་ ན་ཟླ་བ་རང་གི་ངོ་ལ་འཕེལ་འགྲི བ་མེད་ཀྱང༌། ཡར་ངོའི་ཟླ་བ་ལ་མི་རྣམས་ཀྱིས་ཇེ་ཆེར་ མཐོང་བ་ལྟར། ས་དང་པོ་སོགས་ལ་བཞུགས་པའི་སེམས་དཔའ་རྣམས་ཀྱིས་ཀྱང༌། ཆོས་ སྐུ་རང་གི་ངོ་བོ་ལ་འཕེལ་འགྲི བ་མེད་ཀྱང༌། ཆོས་སྐུ་རིམ་གྱིས་འཕེལ་བ་ལྟ་བུར་མཐོང་སྟེ། དེའང་མཐོང་བའི་བློ་འཕེལ་བ་ཡིན་གྱི། ཆོས་སྐུ་འཕེལ་བ་ནི་མ་ཡིན་ནོ། ། ཇི་ལྟར་ཡར་ངོའི་བཅོ་ལྔ་ལ། །ཟླ་བ་རྫོགས་པར་མཐོང་བ་ལྟར། །དེ་བཞིན་ས་ཡི་མཐར་ ཐུག་ནི། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་གསུངས་པ་སྟེ། དཔེར་ན་ཡར་ངོའི་ བཅོ་ལྔ་ལ། ཟླ་བ་སྒྲིབ་པའི་རྡུལ་བསལ་བ་རྫོགས་པས་ཟླ་བ་རྫོགས་པར་སྣང་བ་ལྟར། ས་ བཅུ་རྫོགས་པ་མཐར་ཐུག་པ་ན། ཆོས་ཀྱི་སྐུ་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དག་པས། ཆོས་ སྐུ་རྫོགས་ཤིང་གསལ་བ་ཞེས་བྱ་ཞིང༌། དེ་ལས་གཟུགས་ཀྱི་སྐུའི་རྣམ་འཕྲུལ་སྣ་ཚོགས་ཀྱིས་ འགྲོ་བའི་དོན་བྱེད་པ་འབྱུང་ངོ༌། ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་མོས་(མོས་དང་ལྷག བསམ་ པ་དག་པ་དང༌། ཞེས་པ་ལྟ་བུ་ལ། ཚོགས་སྦྱོར་གཉིས་སུ་མོས་སྤྱོད་ཀྱི་སར་བཤད་པ་དང༌། དད་པའི་ས་དང༌། མོས་སྤྱོད་ཀྱི་ས། ཞེས་པ་གཉིས་སུ་ཕྱེ་བའི་ཚེ་ན། ཚོགས་ལམ་དད་པའི་ ས། སྦྱོར་ལམ་མོས་སྤྱོད་ཀྱི་ས་ཡིན་ལ། འདིར་ཚོགས་སྦྱོར་གཉིས་ཀ་མོས་སྤྱོད་ཀྱི་སའི་དམ་ 2-1-99 དུ་བྱས་པའོ།།)སྤྱོད་ཀྱི་ས་ནི། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་མོས་པ་བརྟན་ པོ་ཡིས། །སེམས་དེ་ཡང་དག་བསྐྱེད་བྱས་ནས། །ཕྱིར་མི་ལྡོག་པ་ཡང་དག་འབྱུང༌། །ཞེས་ གསུངས་ཏེ། དཀོན་མཆོག་གསུམ་ལ་མི་སླུ་བའི་སྐྱབས་གནས་སུ། མོས་པ་བརྟན་པོའི་སྒོ་ ནས། བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལམ་བསྒྲུབས་པས། རྫོགས་པའི་བྱང་ཆུབ་ལས་ཕྱིར་ མི་ལྡོག་པ་ཐོབ་པར་འགྱུར་ཏེ། ཚོགས་ལམ་དུ་དྲན་པ་ཉེར་བཞག་བཞི། ཡང་དག་སྤོང་བཞི། རྫུ་འཕྲུལ་རྐང་བཞི་དང༌། སྦྱོར་ལམ་དུ་དབང་པོ་ལྔ་དང༌། སྟོབས་ལྔ་འཐོབ་ཅིང༌། རྟོགས་པ་ གོང་ནས་གོང་དུ་འཕེལ་བར་འགྱུར་བས་སོ། ། གཉིས་པ་འཕགས་ལམ་ལ་བཅུ་ལས། དང་པོ་ས་རབ་ཏུ་དགའ་བ་ནི། ནག་པོའི་གཞི་ ནི་ཡོངས་སྤངས་ནས། །དཀར་པོའི་གཞི་ནི་རབ་བཟུང་བས། །དེ་ཚེ་དེ་ནི་ངེས་རྟོགས་པ། །དགའ་བ་ཞེས་ནི་མངོན་པར་བརྗོད། །ཅེས་གསུངས་ཏེ། ནག་པོ་མི་དགེ་བའི་གཞི་མཐོང་ སྤང་སྤངས་ནས། དཀར་པོ་དགེ་བའི་གཞི་ཚུལ་བཞིན་ཡིད་ལ་བྱེད་པ་རབ་ཏུ་བཟུང་ནས། ཆོས་ཉིད་མངོན་སུམ་དུ་མཐོང་བས་དགའ་བ་སྐྱེས་པའི་ཕྱིར། རབ་ཏུ་དགའ་བའོ། །མདོ་སྡེ་ རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལས། །རབ་ཏུ་དགའ་ བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་དང༌། སློབ་དཔོན་ཉིད་ཀྱིས། རིན་ ཆེན་ཕྲེང་བར། དེ་ལ་དང་པོ་རབ་དགའ་བ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཅིང༌། །ཀུན་ ཏུ་སྦྱོར་བ་གསུམ་སྤངས་ཤིང༌། །དེ་བཞིན་གཤེགས་པའི་རིགས་སྐྱེའི་ཕྱིར། །དེ་ཡི་རྣམ་པར་ སྨིན་པས་ནི། །སྦྱིན་པའི་ཕ་རོལ་ཕྱིན་མཆོག་འགྱུར། །འཇིག་རྟེན་ཁམས་ནི་བརྒྱ་གཡོ་ཞིང༌། །འཛམ་གླིང་དབང་ཕྱུག་ཆེན་པོར་འགྱུར། །ཞེས་གསུངས་སོ། །ས་གཉིས་པ་དྲི་མ་མེད་པ་ནི། འདོད་ཆགས་ལ་སོགས་སྣ་ཚོགས་པའི། །དྲི་མས་རྟག་ཏུ་དྲི་མ་ཅན། །དྲི་མ་མེད་པར་གང་དག་ པ། །དྲི་མ་མེད་ཅེས་བརྗོད་པ་ཡིན། །ཞེས་གསུངས་ཏེ། ཆགས་སོགས་ཉོན་མོངས་སྣ་ཚོགས་ 2-1-100 པའི་དྲི་མས་དྲི་མ་ཅན་དུ་བྱས་པའི་སེམས་དེ་དྲི་མ་ཁམས་གསུམ་གྱི་སྒོམ་སྤངས་དགུའི་ནང་ ནས་ཆེན་པོའི་ཆེན་པོ་དག་པ་དང༌། འཆལ་ཚུལ་གྱི་དྲི་མ་མེད་པས། ས་གཉིས་པ་དྲི་མ་མེད་པ་ སྟེ། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་དང༌། གཉིས་པ་ དྲི་མ་མེད་ཅེས་བྱ། །ལུས་དང་ངག་དང་སེམས་ཀྱི་ལས། །བཅུ་ཆར་དྲི་མ་མེད་པའི་ཕྱིར། །དེ་ ཡི་རྣམ་པར་སྨིན་པས་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་མཆོག་འགྱུར། །དཔལ་ལྡན་རིན་ཆེན་ བདུན་གྱི་བདག །འགྲོ་ཕན་འཁོར་ལོས་སྒྱུར་བར་འགྱུར། །ཞེས་གསུངས་སོ། །ས་གསུམ་ པ་འོད་བྱེད་པ་ནི། ཉོན་མོངས་དྲི་མ་རབ་འགགས་ནས། །དྲི་མེད་ཡེ་ཤེས་རབ་གསལ་བ། །ཚད་མེད་པ་ཡི་མུན་པ་དག །སེལ་བར་བྱེད་པས་འོད་བྱེད་པའོ། །ཞེས་གསུངས་ཏེ། སྒོམ་ སྤངས་དང་པོའི་ཉོན་མོངས་འགགས་ནས་དྲི་མ་མེད་དེ། ཟག་མེད་ཀྱི་ཡེ་ཤེས་རབ་ཏུ་གསལ་ བས། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་ཚད་མེད་པའི་སྒོམ་སྤངས་ཆེན་ པོའི་འབྲིང་དང༌། སེམས་ཅན་དཔག་ཏུ་མེད་པའི་བློའི་མུན་པ་སེལ་བར་བྱེད་པས་འོད་བྱེད་ པ་སྟེ། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་དང༌། ས་གསུམ་པ་ ནི་འོད་བྱེད་པ། །ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །བསམ་གཏན་མངོན་ཤེས་བསྐྱེད་པ་དང༌། འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །བཟོད་དང་བརྩོན་ འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་ལྡོག་པ་ ཡིན། །ཞེས་སོ། ། ས་བཞི་པ་འོད་འཕྲོ་བ་ནི། རྟག་ཏུ་ཡེ་ཤེས་འོད་ཀྱིས་གསལ། །འདི་འཛི་རྣམ་པར་སྤངས་ པ་ཡི། །ཡེ་ཤེས་འོད་ཀྱིས་རབ་བསྐོར་བས། །ས་དེ་འོད་འཕྲོ་ཅན་དུ་འདོད། །ཅེས་གསུངས་ ཏེ། སྒོམ་སྤངས་ཆེན་པོའི་འབྲིང་རྣམ་པར་དག་པའི་ཡེ་ཤེས་ཀྱི་འོད་ཀྱིས་ཤེས་བྱའི་གནས་ རྣམས་གསལ་ཞིང༌། སྒོམ་སྤངས་ཆེན་པོའི་ཆུང་ངུའི་འདུ་འཛི་རྣམ་པར་སྤངས་ཏེ་འཇོམས་ 2-1-101 པའི་ཡེ་ཤེས་ཀྱི་འོད་ཀྱིས་རབ་ཏུ་སྐོར་ཏེ། འོད་འཕྲོ་བས་འཕྲོ་བ་ཅན་ནོ། །འདི་ལྟར་བྱང་ཆུབ་ ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་ སྲེག་པས་འོད་འཕྲོ་ཅན། །ཞེས་དང༌། ཞི་བ་འོད་འཕྲོ་ཅན་ཞེས་པ། །ཡང་དག་ཡེ་ཤེས་འབྱུང་ པའི་ཕྱིར། །བྱང་ཆུབ་ཕྱོགས་མཐུན་མ་ལུས་པ། །ཁྱད་པར་དུ་ནི་སྒོམ་པའི་ལམ། །དེ་ཡི་རྣམ་ པར་སྨིན་པས་ནི། །མཐའ་བྲལ་གནས་ལྷའི་བདག་པོར་འགྱུར། །འཇིག་ཚོགས་ལྟ་བར་རབ་ འབྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། །ཞེས་སོ། ། ས་ལྔ་པ་སྦྱང་དཀའ་བ་ནི། རིག་དང་སྒྱུ་རྩལ་བཟོ་གནས་དང༌། །བསམ་གཏན་རྣམ་ པ་སྣ་ཚོགས་ཉིད། །ཉོན་མོངས་ཤིན་ཏུ་སྦྱང་དཀའ་ལས། །རྣམ་པར་རྒྱལ་བས་སྦྱང་དཀར་ གསུངས། །ཞེས་གསུངས་ཏེ། གཞན་དོན་དུ་རིག་པའི་གནས་ལྔ་དང༌། སྒྱུ་རྩལ་དང་བཟོ་ གནས་ལ་སོགས་པ་ཐམས་ཅད་ཀྱི་བྱ་བ་ཡང་བྱེད་ལ། ཟག་མེད་ཀྱི་བསམ་གཏན་སྣ་ཚོགས་ པ་སྟེ་བསམ་གཏན་བཞི་ལ་ཡང་སྙོམས་པར་འཇུག་པ་དུས་གཅིག་ཆར་འགྲུབ་ཅིང༌། སྦྱང་ དཀའ་བ་སྒོམ་སྤངས་འབྲིང་གི་ཆེན་པོ་འཇོམས་ཤིང་དེ་ལས་རྣམ་པར་རྒྱལ་བའོ། །སེམས་ ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ནི་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་དང༌། ལྔ་པ་ཤིན་ཏུ་སྦྱང་དཀའ་ བ། །བདུད་ཀྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །འཕགས་པའི་བདེན་སོགས་ཕྲ་མོའི་དོན། །ཤེས་ ལ་མཁས་པ་འབྱུང་བ་ཉིད། །དེ་ཡི་རྣམ་པར་སྨིན་པས་ནི། །དགའ་ལྡན་གནས་པའི་ལྷ་རྒྱལ་ འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱིས། །ཉོན་མོངས་ལྟ་ནས་ཟློག་བྱེད་པའོ། །ཞེས་སོ། ། ས་དྲུག་པ་མངོན་དུ་འགྱུར་བ་ནི། བྱང་ཆུབ་རྣམ་པ་གསུམ་པོ་དང༌། །ཕུན་སུམ་ཚོགས་ ཀུན་བསྡུ་བ་དང༌། །སྐྱེ་དང་འཇིག་པ་ཟབ་པ་དང༌། །ས་དེ་མངོན་དུ་གྱུར་པར་འདོད། །ཅེས་ གསུངས་ཏེ། ཤེར་ཕྱིན་ལ་བརྟེན་ནས་ཐེག་པ་གསུམ་གྱི་བྱང་ཆུབ་གསུམ་དང༌། འཇིག་རྟེན་ 2-1-102 གྱི་ཕུན་སུམ་ཚོགས་ཀུན་ཡར་ལྡན་དུ་བསྡུ་ཞིང༌། དབང་འབྱོར་བ་དང༌། དོན་ལ་སྐྱེ་འཇིག་ མེད་ཀྱང་ཀུན་རྫོབ་ཏུ་སྐྱེས་ཙམ་ནས་འཇིག་པ་སྟེ། རྟོགས་དཀའ་བས་ཟབ་པའི་དོན་མངོན་ དུ་གྱུར་ཅིང༌། སྒོམ་སྤངས་འབྲིང་གི་འབྲིང་འཇོམས་པས་དྲུག་པ་མངོན་དུ་གྱུར་པ་ཞེས་འདོད་ དོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་ མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་བྱ། །ཞེས་དང༌། དྲུག་པ་མངོན་ཕྱོགས་ ཞེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞི་གནས་ལྷག་མཐོང་གོམས་པ་ཡིས། །འགོག་པ་ཐོབ་པར་རྒྱས་པའི་ཕྱིར། །དེ་ཡིས་རྣམ་པར་སྨིན་པས་ནི། །ལྷ་ཡི་རྒྱལ་པོ་རབ་ འཕྲུལ་འགྱུར། །ཉོན་མོངས་རྣམས་ཀྱིས་མི་འཕྲོག་པས། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། །ཞེས་སོ། ། ས་བདུན་པ་རིང་དུ་སོང་བ་ནི། འཁོར་ལོའི་བཀོད་པས་རྣམ་ཀུན་ཏུ། །འོད་ཀྱི་དྲ་བས་རྩེ་ བ་དང༌། །འཁོར་བའི་མཚོ་ཡི་འདམ་རྒལ་བས། །དེ་ལ་རིང་དུ་སོང་ཞེས་བྱ། །ཞེས་གསུངས་ ཏེ། འཁོར་གྱི་དཀྱིལ་འཁོར་དུ་འོད་ཀྱི་དྲ་བའི་འཁོར་ལོའི་བཀོད་པས་ཀུན་ཏུ་རྩེ་ཞིང་རོལ་ བ་དང༌། འཁོར་བ་དུཿཁའི་མཚོ་ལས་རྒལ་དཀའ་བ་སྒོམ་སྤངས་འབྲིང་གི་འབྲིང་རྒལ་ཞིང་ འབྲིང་གི་ཆུང་ངུ་འཇོམས་པས་རིང་དུ་སོང་པ་ཞེས་བྱའོ། །སྒྲོད་གཅིག་ལམ་དང་འབྲེལ་པའི་ ཕྱིར། །རིང་དུ་སོང་པའི་སར་འདོད་དོ། །ཞེས་དང༌། བདུན་པ་རིང་དུ་སོང་བ་སྟེ། །གྲངས་ ནི་རིང་དུ་སོང་ལྡན་ཕྱིར། །དེ་ནི་འགོག་པར་སྙོམས་པར་འཇུག །དེ་ཡི་རྣམ་པར་སྨིན་པ་ནི། །དབང་བསྒྱུར་ལྷ་ཡི་བདག་པོར་འགྱུར། །འཕགས་པའི་བདེན་རྟོགས་ཤེས་པ་ཡིས། །སློབ་ དཔོན་ཁྱུ་མཆོག་ཆེན་པོར་འགྱུར། །ཞེས་སོ། ། ས་བརྒྱད་པ་མི་གཡོ་བ་ནི། སངས་རྒྱས་ཀྱིས་ངེས་འདི་བཟུང་ཞིང༌། །ཡེ་ཤེས་རྒྱ་མཚོར་ ཞུགས་པ་དང༌། །འབད་མེད་ལྷུན་གྱིས་གྲུབ་གྱུར་པས། །བདུད་ཀྱི་འཁོར་གྱིས་མི་གཡོ་བའོ། 2-1-103 །ཞེས་གསུངས་ཏེ། སངས་རྒྱས་ཀྱིས་དངོས་སུ་རྗེས་སུ་བཟུང་ཞིང༌། བྱ་བ་བསྒྲུབ་ལ་རྟག་ཏུ་ བློས། །མེ་བཞིན་དུ་ནི་འབར་བ་དང༌། །ཞི་བའི་བསམ་གཏན་སྙོམས་འཇུག་ལ། །རྟག་ཏུ་ སྙོམས་པར་ཞུགས་པའང་ཡིན། །ཞེས་པ་ལྟར། མི་རྟོགས་ཡེ་ཤེས་ཀྱི་རྒྱ་མཚོར་བཞུགས་པ་ དང༌། གཞན་དོན་དུ་འབད་མེད་ལྷུན་གྱིས་གྲུབ་པར་གྱུར་པས་བདུད་ཀྱི་འཁོར་གྱིས་ཏེ་བདུད་ སྡེ་དང་བཅས་པས་མི་གཡོ་ཞིང༌། བསྐྱོད་པར་མི་ནུས་པས་ས་བརྒྱད་པ་མི་གཡོ་བའོ། །འདུ་ ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །ཅེས་དང༌། དེ་བཞིན་ བརྒྱད་པ་གཞོན་ནུའི་ས། །མུ་སྟེགས་སོགས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་དེ་བཞིན་ལུས་ དང་ནི། །ངག་སེམས་སྤྱོད་ཡུལ་བསམ་མི་ཁྱབ། །དེ་ཡི་རྣམ་པར་སྨིན་པ་ནི། །སྟོང་གི་བདག་ པོ་ཚངས་པར་འགྱུར། །སེམས་ཅན་བསམ་པ་དྲིས་པ་ལ། །དགྲ་བཅོམ་སོགས་ཀྱིས་འཕྲོག་པ་ མེད། །ཞེས་སོ། ། ས་དགུ་པ་ལེགས་པའི་བློ་གྲོས་ནི། སོ་སོ་ཡང་དག་རིག་ཀུན་ལ། །ཆོས་སྟོན་པ་ཡི་འབེལ་ བའི་གཏམ། །རྣལ་འབྱོར་པ་དེ་མཐར་སོན་པས། །ས་དེ་ལེགས་པའི་བློ་གྲོས་འདོད། །ཅེས་ གསུངས་ཏེ། སོ་སོ་ཡང་དག་རིག་པ་བཞི་ཐོབ་པས། དམ་པའི་ཆོས་སྟོན་པའི་འབེལ་བའི་ གཏམ་མཐར་སོན་ཅིང་ཐོབ་པས། ས་དགུ་པ་ལེགས་པའི་བློ་གྲོས་ཞེས་བྱའོ། །སོ་སོ་ཡང་དག་ རིག་བློ་བཟང༌། །ས་དེ་ལེགས་པའི་བློ་གྲོས་འདོད། །ཞེས་དང༌། ས་དགུ་ལ་ནི་ལེགས་པ་ཡི། །བློ་གྲོས་ཞེས་བྱ་རྒྱལ་ཚབ་བཞིན། །གང་ཕྱིར་སོ་སོ་ཡང་དག་རིག །ཐོབ་པ་འདི་ལ་བློ་གྲོས་ བཟང༌། །དེ་ཡི་རྣམ་པར་སྨིན་པས་ནི། །སྟོང་གཉིས་བདག་བློའི་ཚངས་པར་འགྱུར། །ཞེས་ གསུངས་སོ། ། ས་བཅུ་པ་ཆོས་ཀྱི་སྤྲིན། ཡེ་ཤེས་རང་བཞིན་འདི་ཡི་སྐུ། །དྲི་མེད་ནམ་མཁའ་དང་མཉམ་ པར། །སངས་རྒྱས་རྣམས་ཀྱིས་འཛིན་པ་ལས། །ཆོས་ཀྱི་སྤྲིན་ནི་ཀུན་ཏུ་འབྱུང༌། །ཞེས་ 2-1-104 གསུངས་ཏེ། ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་དྲི་མ་མེད་ཅིང་རྣམ་པར་དག་པ། ནམ་མཁའ་ཇི་ སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་པ་ལྟར། ནམ་མཁའ་ལྟར་མཉམ་ པར་ཁྱབ་པ་སངས་རྒྱས་རྣམས་ཀྱི་བསྟན་པ་དམ་པའི་ཆོས་ཀྱི་ཆུ་འཛིན་པ་ལས། གདུལ་བྱ་ ལ་ཆོས་ཀྱི་ཆར་འབེབས་པའི་སྤྲིན་ཡིན་པས། ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱ་སྟེ། སྤྲིན་བཞིན་ གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་དང༌། བཅུ་པ་ཆོས་ཀྱི་ སྤྲིན་ཡིན་ཏེ། །དམ་པའི་ཆོས་ཀྱི་ཆར་འབེབས་ཕྱིར། །བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི། །འོད་ཟེར་དབང་གིས་དབང་བསྐུར་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །གནས་གཙང་ལྷ་ཡི་ བདག་པོར་འགྱུར། །བསམ་ཡས་ཡེ་ཤེས་ཡུལ་གྱི་བདག །དབང་ཕྱུག་ཆེན་པོའི་མཆོག་ཡིན་ ནོ། །ཞེས་གསུངས་སོ། ། གསུམ་པ་སྦྱངས་འབྲས་ཆོས་སྐུའི་གནས་སྐབས་ལ་གསུམ་སྟེ། གནས་གྱུར་ཆོས་སྐུའི་ངོ་ བོ། བསམ་གྱིས་མི་ཁྱབ་པ། ཡོན་ཏན་དང་ཕྲིན་ལས་བཤད་པའོ། །དང་པོ་ནི། སངས་རྒྱས་ རྣམས་ཀྱི་ཆོས་ཀྱི་གནས། །སྤྱོད་པའི་འབྲས་བུ་ཡོངས་འཛིན་པ། །གནས་ནི་ཡོངས་སུ་གྱུར་ པ་དེ། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་ཏེ། སངས་རྒྱས་རྣམས་ཀྱི་ཆོས་སྤངས་ རྟོགས་མཐར་ཐུག་པའི་གནས། གྲངས་མེད་གསུམ་དུ་ཚོགས་གཉིས་ཀྱི་སྤྱོད་པ་སྤྱད་ནས། རྡོ་ རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། གནས་ངན་ལེན་གྱི་དྲི་མ་ཕྲ་མོ་བཅོམ་པས། བྲལ་བ་དང་རྣམ་ པར་སྨིན་པའི་འབྲས་བུ་ཡོངས་སུ་འཛིན་ཅིང༌། དྲི་བཅས་ལ་དྲི་མེད་དུ་གནས་ཡོངས་སུ་གྱུར་ པ་མཐར་ཐུག་པ་དེ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ནོ། །གནས་གྱུར་ལ། གསེར་འོད་ལས། ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ནི་ཆོས་ཀྱི་སྐུའོ། །ཀུན་གཞི་ལ་གནས་པའི་ཡིད་ ཡོངས་སུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་ པས་ནི་སྤྲུལ་པའི་སྐུའོ་ཞེས་དང༌། ཙན་ཏྲ་གོ་མིས། ཀུན་གཞིའི་རྣམ་ཤེས་གང་ཡིན་པའང༌། །མེ་ 2-1-105 ལོང་ཡེ་ཤེས་ཉིད་གྱུར་པ། །དེའང་ཆོས་ཀྱི་དབྱིངས་ཀྱི་ནི། །ངོ་བོ་ཉིད་དུ་འགའ་ཞིག་འདོད། །ཅེས་དང༌། ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་བརྗོད་པར་བྱ། །སོ་ སོར་རྟོག་པའི་ཡེ་ཤེས་ནི། །ཡིད་ཀྱི་རྣམ་ཤེས་ཉིད་དེ་འོ། །དེ་དག་ལོངས་སྤྱོད་རྫོགས་སྐུ་ཉིད། །ཅེས་དང༌། དབང་པོ་ལྔའི་རྣམ་ཤེས་གང༌། །དེ་ནི་དོན་ཀུན་ཡོངས་འཛིན་ཕྱིར། །སེམས་ཅན་ ཀུན་གྱི་དོན་དུ་ནི། །བྱ་བ་གྲུབ་པ་ཙམ་ཉིད་ཐོབ། །ཅེས་དང༌། རྒྱུད་བླར། གཏེར་དང་འབྲས་ བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རིང་བཞིན་གནས་པ་དང༌། །ཡང་དག་བླངས་པ་མཆོག་ཉིད་དོ། །ཞེས་དང༌། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་ གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡི་ནི་ཕྱི་མ་གཉིས། །ཞེས་གསུངས་པའི་དོན། རང་བཞིན་དུ་གནས་པའི་རིགས་ལས་ཆོས་ཀྱི་སྐུ་དང༌། རྒྱས་པ་ ལས་གྱུར་པའི་རིགས་ལས་གཟུགས་ཀྱི་སྐུ་གཉིས་ཐོབ་པར་གསུངས་པའི་དོན་གྱིས་སྤངས་པ་ གནས་གྱུར་དང༌། ངོ་བོ་གནས་གྱུར་གཉིས་གསུངས་ཤིང༌། ཀུན་གཞི་སོགས་ཀྱི་གནས་གྱུར་ ནི་ངོ་བོ་གནས་གྱུར་རོ། །ཁ་ཅིག བྱང་ཆུབ་སེམས་འགྲེལ་དུ་གནས་ཡོངས་སུ་གྱུར་ནས་དག་ པའི་སེམས་སོ་སོ་རང་རིག་སྤྱོད་ཡུལ་བརྗོད། འདས་པ་གང་ཡིན་དེ་ཡོད་མིན། །མ་འོངས་ པ་ནི་ཐོབ་པ་མེད། །ད་ལྟ་བ་ནི་གནས་པའི་ཕྱིར། །གནས་ཡོངས་གྱུར་པ་ག་ལ་ཡོད། །ཅེས་ གསུངས་པས། སློབ་དཔོན་གནས་གྱུར་མི་བཞེད་དོ་ཞེ་ན་བྱང་ཆུབ་སེམས་འགྲེལ་གྱི་གཞུང་ འདི། སེམས་ཙམ་པ་འདོད་པའི་གནས་གྱུར་ལ་བརྟགས་ན་མི་འཐད་ཅེས་གསུངས་པ་ཡིན་ གྱི། གནས་གྱུར་གཏན་མི་བཞེད་པ་ནི་མ་ཡིན་ཏེ། གཞུང་འདིར། གནས་ནི་ཡོངས་སུ་གྱུར་པ་ སྟེ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པས་སོ། ། ཡང་ཁ་ཅིག དབུ་མ་ཀུན་གཞིའི་རྣམ་ཤེས་མི་བཞེད་ལ། རྣམ་ཤེས་ཚོགས་བརྒྱད་འདོད་ པ་སེམས་ཙམ་གྱི་ལུགས་ཡིན་པས་སྐབས་འདིར་ཀུན་གཞི་སོགས་ཀྱི་གནས་གྱུར་སྟོན་པ་མི་ 2-1-106 འཐད་དོ་ཞེ་ན། དེ་མི་རིགས་ཏེ། བྱང་ཆུབ་སེམས་འགྲེལ་དུ། དེ་བཞིན་ཀུན་གཞིའི་རྣམ་ཤེས་ ནི། །བརྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བ་རྣམས་གཡོ་ཞིང༌། །རྟག་ཏུ་སྲི ད་པ་ གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་མཐའ་གཏུགས་པའི། །ས་ཡང་གཡོ་བར་བྱེད་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང༌། །རྟེན་གྱི་ལུས་ནི་གཡོ་བར་བྱེད། །ཅེས་གསུངས་པས། རྣམ་རིག་པ་འདོད་པའི་ཀུན་གཞིའི་རྣམ་ཤེས་བདེན་པ་བ་བཀག་ནས། བརྫུན་པ་སྒྱུ་མ་ལྟ་ བུས་སྲི ད་པ་གསུམ་པོ་ལེན་པར་གསུངས་པའི་ཕྱིར་རོ། །དབུ་མ་འཇུག་པར་ཀུན་གཞིའི་རྣམ་ ཤེས་འདོད་པ་ནི། མུ་སྟེགས་དབང་ཕྱུག་པ་དབང་ཕྱུག་འདོད་པ་དང་འདྲ་ལ། འོན་ཀྱང་དབང་ ཕྱུག་རྟག་ལ། ཀུན་གཞིའི་རྣམ་ཤེས་མི་རྟག་གོ། ཞེས་པ་འདི་ནི་ཁྱད་པར་རོ། །ཞེས་གསུངས་ པའི་ཕྱིར། སློབ་དཔོན་ཟླ་བ་གྲགས་པ་ཀུན་གཞིའི་རྣམ་ཤེས་མི་བཞེད་དོ་ཞེས་གྲག་སྟེ། རྣམ་ རིག་པ་འདོད་པ་ལྟར་གྱི་རྣམ་ཤེས་བདེན་དངོས་མི་བཞེད་པ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་ གཏན་མེད་པར་བཞེད་པ་ནི་མ་ཡིན་ཏེ། གསང་བ་འདུས་པའི་ལྷ་གཙོ་བོ་ཡབ་ཡུམ་གྱི་འཁོར་ གྱི་དཀྱིལ་འཁོར་གྱི་ལྷ་ཕྱི་རོལ་ཏུ་སྤྲོ་བ་ན་བྱང་སེམས་བརྒྱད་སྤྲོས་སེམས་ཅན་རྣམས་ཀྱི་རྣམ་ ཤེས་ཚོགས་བརྒྱད་སྦྱངས་མངོན་ཤེས་བརྒྱད་ལ་འགོད་པར་མཛད་པའི་ནང་ནས། བྱམས་ པ་སྤྲོས་སེམས་ཅན་རྣམས་ཀྱི་རྩ་རྒྱུས་དང༌། ཉོན་མོངས་པ་ཅན་གྱི་ཡིད་སྦྱངས། རྡོ་རྗེའི་རྩ་ རྒྱུས་དང༌། ཟག་ཟད་ཀྱི་མངོན་ཤེས་ལ་འགོད་པ་དང༌། ཀུན་ཏུ་བཟང་པོ་སྤྲོས་སོ། །སེམས་ ཅན་རྣམས་ཀྱི་ཚིགས་དང༌། ཀུན་གཞིའི་རྣམ་ཤེས་སྦྱངས། རྡོ་རྗེའི་ཚིགས་དང་སྔོན་གྱི་གནས་ རྗེས་སུ་དྲན་པའི་མངོན་ཤེས་ལ་འགོད་པར་གསུངས་པའི་ཕྱིར་རོ། །གསང་འདུས་མི་བསྐྱོད་ ལུགས་འདི་ནི། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་ཐུགས་དམ་གྱི་མཐིལ་ཡིན་པའི་ཕྱིར། རྣམ་ཤེས་ཚོགས་བརྒྱད་བཞེད་པར་འདིས་འགྲུབ་པོ། །སློབ་དཔོན་སེང་གེ་བཟང་པོས་སྡུད་ འགྲེལ་དུ། ཀུན་གཞིའི་རྣམ་པར་ཤེས་པ་རྒྱུར་གྱུར་པའི་ངོ་བོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ 2-1-107 བདག་ཉིད་ཀྱི་སྐུ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། དབུ་མ་པ་ཀུན་གཞིའི་རྣམ་ཤེས་མི་འདོད་ པས་མ་ཁྱབ་པོ། །ཡང་སེམས་འགྲེལ་ཉིད་དུ། དེ་ཡི་སོ་སོ་རང་རིག་ཉིད། །ཇི་ལྟ་བུ་ཞིག་ཡིན་ པར་སྨྲོས། །ཞེས་པ་དང༌། སྤྱོད་འཇུག་ཏུ། འཇིག་རྟེན་གྱི་ནི་མགོན་པོས་ཀྱང༌། །སེམས་ཀྱིས་ སེམས་མི་མཐོང་ཞེས་གསུངས། །རལ་གྲི འི་སོ་ནི་རང་ལ་རང༌། །དེ་ལྟར་མི་གཅོད་དེ་བཞིན་ ཡིད། །ཅེས་གསུངས་པས། དབུ་མ་པའི་ལུགས་ལ་རང་རིག་མི་འདོད། ཅེས་སྨྲ་ན། དེ་ནི་རྣམ་ རིག་པ་རྣམ་ཤེས་བདེན་པ་བ་རང་གིས་རང་རིག་པར་འདོད་པ་འདི་འགོག་པ་ཡིན་གྱི། དབུ་ མ་པ་རང་རིག་གཏན་ནས་མི་འདོད་པ་ནི་མ་ཡིན་ཏེ། སློབ་དཔོན་གྱིས་གཞུང་འདིར། སེམས་ ཀྱི་ཡུལ་ནི་ངེས་རྟོགས་ན། །དེར་ནི་ཤེས་པ་འཇུག་པར་འགྱུར། །སོ་སོ་རང་རིག་རྣམ་དག་པ། །ས་རྣམས་དེ་ཡི་བདག་ཉིད་གནས། །ཞེས་པས་སོ། ། གཉིས་པ་ནི། བག་ཆགས་ལས་གྲོལ་བསམ་མི་ཁྱབ། །ཞེས་གསུངས་ཏེ། འཁོར་བའི་ རྩ་བ་བག་(ཀུན་གཞིའི་སྟེང་གི་རྣམ་སྨིན་གྱི་ཆ་དང༌། ས་བོན་གྱི་ཆའི་)ཆགས་ཡིན་པས། དེ་ ལས་གྲོལ་བ་ནི་བསམ་གྱིས་མི་ཁྱབ་པའོ། །ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་ ནི། འཁོར་བའི་བག་ཆགས་བསམ་དུ་ཡོད། །ཁྱོད་ནི་ཀུན་ཏུ་བསམ་མི་ཁྱབ། །གང་གིས་ ཁྱོད་ནི་ཤེས་པར་ནུས། །ངག་གི་སྤྱོད་ཡུལ་ཀུན་ལས་འདས། །དབང་པོ་ཀུན་གྱིས་སྤྱོད་ཡུལ་ མིན། །ཡིད་ཀྱི་ཤེས་པས་རྟོགས་བྱ་བ། །གང་ཡང་རུང་ལ་ཕྱག་འཚལ་བསྟོད། །ཞེས་གསུངས་ ཏེ། འཁོར་བར་འཕེན་པའི་རྒྱུ་བག་ཆགས་ནི་(རྒྱན་མཁན་པོས། རྣམ་ཤེས་སྔ་མས་བཞག་པ་ ཡིས། །ནུས་པ་བག་ཆགས་ཡིན་པར་འདོད། །ཅེས་གསུངས། སློབ་དཔོན་ཆོས་བཤེས། ཡང་ དང་ཡང་དུ་གོམས་པས་སེམས་དེའི་རྣམ་པར་འབྱུང་བ་ནི་བག་ཆགས་སོ་ཞེས་གསུངས་)སོ་ སོ་སྐྱེ་བོ་བློ་དང་ལྡན་པས་ཀྱང་བརྟགས་ཤིང་དཔྱད་ན་བསམ་དུ་ཡོད་མོད་ཀྱི། ཁྱོད་དེ།ཆོས་ ཀྱི་སྐུ་ནི་ཀུན་ཏུ་སྟེ། །དང་པོ་སེམས་ཅན་ལ་ཡོད་དུས་མ་དག་པ། བར་དུ་ལམ་ས་ལ་ཡོད་དུས་ 2-1-108 མ་དག་དག་པ། མཐར་དག་ཏུ་གྱུར་ཀྱང༌། མི་སྐྱེ་ཞིང་འདུས་མ་བྱས་པས་ངག་དང༌། དབང་པོ་ ལྔའི་སྤྱོད་ཡུལ་མ་ཡིན་ཞིང༌། འཇིག་རྟེན་པའི་ཐོས་བསམ་སྒོམ་གསུམ་གང་གིས་ཀྱང་རྫོགས་ པར་ཤེས་པར་མི་ནུས་པས་བསམ་གྱིས་མི་ཁྱབ་པའོ། །རྒྱུད་བླར། ཐམས་ཅད་མཁྱེན་པའི་ ཡེ་ཤེས་ཡུལ། །སངས་རྒྱས་ཤེས་གསུམ་ཡུལ་མིན་ཕྱིར། །ཡེ་ཤེས་ཡུལ་ཅན་རྣམས་ཀྱིས་ནི། །བསམ་མི་ཁྱབ་པར་ཤེས་པར་བྱ། །ཕྲ་ཕྱིར་ཐོས་པའི་ཡུལ་མིན་ཏེ། །དོན་དམ་ཕྱིར་ན་བསམ་ མི་ཁྱབ། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཇི་ལྟར་ གཟུགས་ལ་དམུས་ལོང་བཞིན། །བྱིས་པས་དེ་མངོན་མཐོང་མ་མྱོང༌། །ཞེས་གསུངས་པ་ ལྟར་རོ། །འོ་ན་གཏན་མི་རྟོགས་སམ་ཞེ་ན། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པ་ཉིད་ ཀྱིས་རྟོགས་བྱ་ཡིན། །ཞེས་པ་ལྟར། དོན་དུ་གཉེར་བའི་ལས་དང་པོ་པ་རྣམས་ཀྱིས་ལུང་ལ་ བརྟེན་ནས། ཡིད་ཀྱི་རྣམ་པར་ཤེས་པས་དད་པའམ་མོས་པས་རྟོགས་པར་བྱ་བ་ཙམ་ཡིན་གྱི་ རྟོག་པའི་དངོས་ཡུལ་ལས་འདས་པའི་ཆོས་སྐུ་གང་ཡང་རུང་སྟེ། གང་ཡིན་དེ་ལ་ཕྱག་འཚལ་ བསྟོད། །ཅེས་པའོ། ། གསུམ་པ་ལ་གསུམ་སྟེ། དབང་བསྐུར་བ་པོ་རྒྱལ་བའི་ཕྲིན་ལས་དབང་བསྐུར་ཐོབ་པའི་ ཡོན་ཏན་ཕྲིན་ལས། ཕྲིན་ལས་ཀྱི་རང་བཞིན་བཤད་པའོ། །དང་པོ་ལ། བསྐུར་བྱ་སེམས་ དག་པ་བསྒྲུབ་པ། འོད་ཟེར་ཆེན་པོའི་དབང་བསྐུར་དངོས། དང་པོ་ནི། རིམ་གྱིས་འཇུག་ པའི་ལུགས་ཉིད་ཀྱིས། །སངས་རྒྱས་སྲས་པོ་གྲགས་ཆེན་རྣམས། །ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ ཀྱིས། །ཆོས་ཉིད་སྟོང་པ་མཐོང་འགྱུར་ན། །གང་ཚེ་སེམས་ནི་རབ་བཀྲུས་པས། །འཁོར་བའི་ གཟེབ་ལས་འདས་གྱུར་ནས། །ཞེས་གསུངས་ཏེ། ས་ལམ་ལ་རིམ་གྱིས་འཇུག་པའི་ལུགས་ སྔར་བསྟན་པ་ཉིད་ཀྱི་ཚུལ་བཞིན་དུ་ཞུགས་ཤིང་ཐོབ་པའི་སངས་རྒྱས་སྲས་པོ་སངས་རྒྱས་ ཐམས་ཅད་ཀྱིས་བསྔགས་པས་གྲགས་པ་ཆེན་པོ་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་ 2-1-109 བཅུ་པ་ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཐོབ་ནས། ཡེ་ཤེས་དེ་ཉིད་ཀྱིས་ཆོས་ཉིད་སྟོང་པ་ཉིད་རྫོགས་ པར་མཐོང་བར་གྱུར་ནས། གང་གི་ཚེ་སེམས་ནི་དྲི་མ་ལྷག་མ་མ་ལུས་པར་བཀྲུས་པས་དག་ སྟེ། འཁོར་བ་སྡུག་བསྔལ་གྱི་གཟེབ་ལས་འདས་པར་གྱུར་ནས་སེམས་དག་པ་དེ་ལ། སངས་ རྒྱས་རྣམས་ཀྱིས་དབང་བསྐུར་བའོ། ། གཉིས་པ་ནི། པད་མ་ཆེན་པོའི་རང་བཞིན་གྱི། །སྟན་ལ་དེ་ནི་རབ་གནས་འགྱུར། །འདབ་མ་རིན་ཆེན་དུ་མའི་འོད། །འདོད་པར་བྱ་བའི་ཟེ་འབྲུ་ཅན། །པད་མ་བྱེ་བ་དུ་མ་ཡིས། །རྣམ་པ་ཀུན་དུ་ཡོངས་སུ་བསྐོར། །ཞེས་གསུངས་ཏེ། ས་བཅུ་པ་ཐོབ་པའི་བྱང་ཆུབ་སེམས་ དཔའ་དེས་ཏིང་ངེ་འཛིན་སྟོང་ཕྲག་བཅུའི་རྗེས་ལ། ཏིང་ངེ་འཛིན་ཐམས་ཅད་མཁྱེན་པའི་ཡེ་ ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བ་ཐོབ་མ་ཐག་ཏུ། སྟོང་ གསུམ་བྱེ་བའི་རྒྱ་དང་མཉམ་པའི་པད་མ་ཆེན་པོ་རིན་པོ་ཆེ་དུ་མས་སྤྲས་པའི་གདན་དང༌། དེའི་འཁོར་དུ་སྟོང་གསུམ་དང་མཉམ་པའི་པད་མ་བྱེ་བ་ཁྲག་ཁྲིག་གིས་གང་བར་སྣང་བའོ། །དེ་ཉིད་སྟན་དེ་ལ་འཚམ་ཞིང༌། རྐྱེན་དུ་བབ་པར་གནས་པ་ལ་འཁོར་གྱི་པད་མ་ལ་ས་དགུ་པ་ མན་གྱི་བྱང་སེམས་བཞུགས་པས་བསྐོར་དེ་མདུད་པར་སྣང་བའོ། །བྱང་སེམས་དེའི་ཞབས་ མཐིལ་གཉིས་དང༌། པུས་མོའི་ལྷ་ང་གཉིས་དང༌། ལྟེ་བ་དང༌། རྩིབས་ལོགས་དང༌། ཕྱག་ མཐིལ་གཉིས་ལས་འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་སྤྲོས་པས། རིམ་པ་བཞིན་ དུ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས། མི། ལྷ། ལྷ་མ་ཡིན་གྱི་གནས་ཐམས་ཅད་ སྣང་བར་བྱས་ནས། སྡུག་བསྔལ་རྣམས་ཞི་བར་བྱེད་དོ། །ཕྲག་པ་གཉིས་དང༌། རྒྱབ་དང༌། མགུལ་དང༌། ཞལ་ནས་འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་སྤྲོས་པས། ཕྱོགས་བཅུའི་ ཉན་ཐོས་དང༌། རང་རྒྱལ་དང༌། སེམས་དང་པོ་བསྐྱེད་པ་ནས་ས་དགུ་པའི་བར་གྱི་གནས་ རྣམས་སྣང་བར་བྱས་ཤིང༌། རིམ་པ་བཞིན་ཆོས་སྣང་བའི་སྒོ་ཞི་བའི་ཏིང་ངེ་འཛིན་གྱི་སྒོ། 2-1-110 ཐབསཤེས་རབ་ཀྱི་ཚུལ་གྱི་སྒོ་ཉེ་བར་སྒྲུབ་པོ། །བྱང་སེམས་དེའི་མཛོད་སྤུ་ནས། འོད་ཟེར་ གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་སྤྲོས་པས། ཕྱོགས་བཅུའི་བདུད་ཐམས་ཅད་ཟིལ་གྱིས་ མནན་ཏེ། དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་སྣང་བར་བྱ་སྟེ། དེ་དག་གི་ལུས་སུ་ནུབ་ པར་བྱེད་དོ། །རྒྱལ་བ་སྲས་བཅས་དེ་དག་གིས་བྱང་སེམས་དབང་བསྐུར་བའི་དུས་ལ་བབ་ པར་གཟིགས་ནས། ཕྱོགས་བཅུ་ནས། ས་དགུ་པ་མན་གྱི་བྱང་སེམས་མཐའ་ཡས་པ་འོངས་ ཏེ། བྱང་སེམས་དེ་ལ་ལྟ་ཞིང་མཆོད་ནས། ཏིང་ངེ་འཛིན་སྟོང་ཕྲག་བཅུ་བཅུ་ལ་སྙོམས་པར་ འཇུག་གོ།བྱང་སེམས་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་དཔལ་བེའུ་དང༌། རྡོ་རྗེ་དང༌། བཀྲ་ ཤིས་ལས་བདུད་ཀྱི་དགྲ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་འོད་ཟེར་གཅིག །འཁོར་འོད་ ཟེར་གྲངས་མེད་པ་བརྒྱ་སྟོང་ཕྲག་བཅུ་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་སྣང་བར་བྱས། ཆོ་ འཕྲུལ་མུ་མེད་པ་བསྟན་ཏེ། བྱང་སེམས་དེའི་དཔལ་བེའུ་དང༌། རྡོ་རྗེ་དང༌། བཀྲ་ཤིས་སུ་ནུབ་ པས་མཐུ་སྟོབས་ལྷག་པར་འཕེལ་ལོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཛོད་སྤུ་ནས་ཐམས་ ཅད་མཁྱེན་པའི་མངོན་ཤེས་དང་ལྡན་པའི་འོད་ཟེར་གཅིག་འོད་ཟེར་གྲངས་མེད་པ་བརྒྱ་སྟོང་ ཕྲག་བཅུ་དང་བཅས་པ་བྱུང་སྟེ། ཕྱོགས་བཅུ་ཐམས་ཅད་སྣང་བར་བྱས། འཇིག་རྟེན་ལན་ བཅུར་བསྐོར། ངན་སོང་ཞི་ཞིང་སྦྱངས་ཏེ། བདུད་ཟིལ་གྱིས་མནན་ནས། བྱང་སེམས་དེའི་སྤྱི་ བོར་ནུབ་ལ། འཁོར་གྱི་འོད་ཟེར་རྣམས་ནི་འཁོར་རྣམས་ཀྱི་སྤྱི་བོར་ནུབ་པའོ། ། གཉིས་པ་ལ་གཉིས་ཏེ། དབང་བསྐུར་ཐོབ་པའི་ཡོན་ཏན་དང༌། སླར་རྒྱལ་སྲས་དབང་ བསྐུར་བའོ། །དང་པོ་ནི། སྟོབས་བཅུ་པ་ཡིས་ཡོངས་སུ་གང༌། །མི་འཇིགས་པ་ཡིས་ཡང་ དག་ངོམས། །བསམ་མི་ཁྱབ་པའི་སངས་རྒྱས་ཆོས། །སྤྲོས་མེད་རྣམས་ལ་ཉམས་མི་མངའ། །ཞེས་གསུངས་ཏེ། དེ་ལྟར་དབང་བསྐུར་བ་ཐོབ་པའི་ས་བཅུ་པའི་བྱང་སེམས་དེས། མཐར་ བླ་ན་མེད་པའི་བྱང་ཆུབ་མཉེས་ཏེ། ཐབས་ལ་བསླུ་བའི་བདུད་རྩི་འཇོམས་པ་ལ་སོགས་པ་ 2-1-111 སྟོབས་བཅུ་པོ་ཡིས་རྒྱུད་ཡོངས་སུ་གང་ཞིང༌། རང་དོན་སྤངས་རྟོགས་དམ་བཅས་པ་དང༌། གཞན་དོན་ངེས་འབྱུང་གི་ལམ་དང༌། བར་ཆད་ཀྱི་ཆོས་དམ་བཅས་པ་ལ་མི་འཇིགས་པ་སྟེ། བཞི་པོ་ཐོབ་པ་ཡིས་ཚིམ་པར་གྱུར་ནས། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་སྤྲོས་ པ་དང་མཚན་མ་མེད་པ་རྣམས་ཐོབ་པས་ན། མ་ཐོབ་པའི་སྒོ་ནས་ཉམས་པ་མི་མངའ་བའོ། །ལེགས་པར་སྤྱད་པའི་ལམ་ཀུན་གྱིས། །བསོད་ནམས་ཡེ་ཤེས་རབ་རྫོགས་པའི། །ཟླ་བ་ཉ་ ལ་སྐར་མ་ཡི། །འཁོར་དུ་རྣམ་པ་ཀུན་གྱིས་བསྐོར། །ཞེས་གསུངས་ཏེ། ལུས་ངག་ཡིད་ཀྱིས་ ལེགས་པར་སྤྱད་པའི་རྣམ་པར་དཀར་བའི་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས། རབ་ ཏུ་རྫོགས་པས་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པའི་སྐུ་ཟླ་བ་ཉ་བ་ལྟ་བུ། འཁོར་རྣམ་ པར་དག་པ་སྐར་མའི་ཚོགས་ལྟ་བུས་རྣམ་པ་ཀུན་ཏུ་བསྐོར་ནས་ཆོས་སྟོན་པ་སོགས་ཀྱི་ཕྲིན་ ལས་མཛད་པའི་ཚུལ་ནི། རྒྱུད་བླར། ཇི་ལྟར་སྤྲིན་མེད་སྟོན་ཀའི་ཟླ་བའི་གཟུགས། །སྟོན་ ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱིས་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར་རོ། ། གཉིས་པ་ལ་གཉིས་ཏེ། རྒྱལ་སྲས་རྒྱལ་ཚབ་དུ་དབང་བསྐུར་བ། འཁོར་བ་ཕྲིན་ལས་ མཛད་ཚུལ་ལོ། །དང་པོ་ནི། སངས་རྒྱས་ཕྱག་གི་ཉི་མ་ལྟར། །དྲི་མེད་རིན་ཆེན་འབར་འགྱུར་ ཏེ། །སྲས་ཀྱི་ཐུ་བོར་དབང་བསྐུར་བས། །དབང་བསྐུར་བ་ནི་ཀུན་ཏུ་སྩོལ། །ཞེས་གསུངས་ ཏེ། དེ་ལྟར་མངོན་པར་སངས་རྒྱས་པ་ན། མཛད་པ་ཕྲིན་ལས་དཔག་ཏུ་མེད་མོད་ཀྱི། གཙོ་ བོར་ཆོས་ཀྱི་སྐུ་ལས་མ་གཡོས་པར། འོག་མིན་དུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ཅིང༌། དེ་ལས་སྐྱེ་བའི་སྤྲུལ་པ་དགའ་ལྡན་དུ་དམ་པ་ཏོག་དཀར་པོ་ལྟ་བུར་སྟོན་པ་དང༌། དེ་ལས་ འཕོས་ཏེ་འཛམ་བུ་གླིང་དུ་ལྷུམས་སུ་འཇུག་པ་ལ་སོགས་པའི་མཛད་པ་བསམ་གྱིས་མི་ཁྱབ་ པ་ལས། འཕོ་བའི་ཐོག་མར། གཙོ་བོར་བྱམས་པའི་སྤྱི་བོ་དེར། རྨོངས་པའི་མུན་པ་སེལ་ 2-1-112 བའི་ཕྱག་ཉི་མ་རིན་པོ་ཆེ་འོད་འབར་བ་ལྟ་བུ་དེ་བཞག་ནས་བྱམས་པ་སྲས་ཀྱི་ཐུ་བོར་དབང་ བསྐུར་བས་མངོན་པར་དབང་བསྐུར་བ་སྩོལ་བ་ལྟ་བུ་དང༌། ཀུན་ཏུ་བཟང་པོའི་སྤྱི་བོར་ཕྱག་ བཞག་སྟེ། དབང་བསྐུར་བ་སྩོལ་བར་མཛད་པ་ལྟ་བུའོ། ། གཉིས་པ་ནི། རྣལ་འབྱོར་ཆེན་པོ་དེར་གནས་ནས། །རྨོངས་པས་དམན་པའི་འཇིག་རྟེན་ རྣམས། །སྡུག་བསྔལ་གྱིས་གཡེངས་འཇིགས་པ་ལ། །ལྷ་ཡི་སྤྱན་གྱིས་གཟིགས་གྱུར་ནས། །དེ་ཡི་སྐུ་ལས་འོད་ཟེར་རྣམས། །འབད་པ་མེད་པར་འབྱུང་འགྱུར་ཏེ། །རྨོངས་པའི་མུན་པར་ ཞུགས་དེ་ཡི། །སྒོ་རྣམས་འབྱེད་པར་མཛད་པ་ཡིན། །ཞེས་གསུངས་ཏེ། ཞི་ལྷག་ཟུང་འཇུག་ མཐར་སོན་པས་རྣལ་འབྱོར་ཆེན་པོ་དེར་གནས་པའི་སངས་རྒྱས་ནི། རང་ལ་སངས་རྒྱས་ཀྱི་ སྙིང་པོ་བཞུགས་པར་མི་ཤེས་པའི་རྨོངས་པ་སྡུག་བསྔལ་གསུམ་གྱིས་གཡེངས་ཤིང་གཟིར་ བས་འཇིགས་པ་སྟེ་སྡུག་བསྔལ་བ་རྣམས་ལྷ་ཡི་སྤྱན་གྱིས་གཟིགས་ནས་སྐུ་ལས་འོད་ཟེར་བྱེ་ བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་འབད་པ་མེད་པར་འབྱུང་འགྱུར་ཏེ། བྱུང་བར་གྱུར་ནས་རྨོངས་ པར་ཞུགས་པའི་སེམས་ཅན་རྣམས་ལ་ཆོས་ཀྱི་སྡོམ་བཞི་སོགས་བསྟན་ནས་ཐར་པའི་ལམ་ གྱི་སྒོ་ཕྱེ་སྟེ། སྐལ་བ་དང་འཚམ་པར་ཞི་བའི་ལམ་དུ་འགོད་པར་མཛད་དོ། །རྒྱུད་བླར། མི་ རྟག་སྡུག་བསྔལ་བདག་མེད་དང༌། །ཞི་བའི་སྒྲ་ཡི་ཐབས་མཁྱེན་ནས། །མྱ་ངན་འདས་ལ་རབ་ འཛུད་མཛད། །ཅེས་སོགས་གསུངས་པ་ལྟར་རོ། ། གསུམ་པ་ལ་གསུམ་སྟེ། ཞི་བར་གནས་པ་བསྐུལ་ཚུལ། མྱ་ངན་ལས་འདས་པའི་དོན་ བསྟན་པ། འབད་མེད་ཕྲིན་ལས་ཀྱི་དོན་བསྟན་པའོ། །དང་པོ་ནི། ལྷག་བཅས་མྱ་ངན་འདས་ རྣམས་ལ། །ལྷག་མེད་མྱ་ངན་འདས་པར་འདོད། །ཅེས་གསུངས་ཏེ། དེ་ལ་ལྷག་བཅས་ལྷག་ མེད་ནི། ཆེད་དུ་བརྗོད་པའི་ཚོམས་ལས། མ་འགགས་པ་ཡི་ལུས་ཀྱིས་སུ། །ཚོར་བ་དང་དུ་ ལེན་པ་ན། །མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་པ་ལྟར། 2-1-113 སྐྱེ་བ་ཕྱི་མའི་ཕུང་པོ་བསྐྱེད་པའི་རྒྱུ། ལས་ཉོན་འགགས་ཀྱང༌། ཉོན་མོངས་མེད་ཀྱང་དེ་དག་ ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་པ་ལྟར། སྔ་མའི་ལས་ཉོན་གྱིས་འཕངས་པའི་ཕུང་ པོ་ལྷག་མ་དང་བཅས་པའི་དགྲ་བཅོམ་པ་དང༌། དེའི་རྒྱུད་ཀྱི་སོ་སོར་བརྟགས་པའི་འགོག་པ་ ནི། ལྷག་བཅས་ཀྱི་མྱང་འདས་ཞེས་བྱ་ལ། ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་ འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་ནི་སྡུག་བསྔལ་ མཐའ། །ཞེས་པ་ལྟར། ལྷག་བཅས་དགྲ་བཅོམ་དེ། ཚེའི་འདུ་བྱེད་བཏང་ནས་ཕུང་པོ་ལྷག་མ་ འགགས་པའི་འགོག་པ་ནི། ལྷག་མེད་ཀྱི་མྱང་འདས་སུ་འདོད་ཅིང༌། འདུས་བྱས་ཀྱི་འཇུག་པ་ རྒྱུན་ཆད་པར་འདོད་ཀྱང༌། མྱང་འདས་མཚན་ཉིད་པ་མ་ཡིན་ཏེ། རྒྱུད་བླར། ཇི་སྲི ད་སངས་ རྒྱས་མ་ཐོབ་པ། །དེ་སྲི ད་མྱང་འདས་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ ལྟ་བར་མི་ནུས་བཞིན། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་དམ་པ་གཉིས་ ཐོབ་ནས། །སྲི ད་པར་སྐྲག་ཡིད་དེ་དག་ནི། །ཚེ་ཟད་ལ་དགའ་མྱ་ངན་ལས། །འདས་ཐོབ་འདུ་ ཤེས་ཅན་དུ་གྱུར། །དེ་ལ་མྱ་ངན་འདས་ཡོད་མིན། །འོན་ཀྱང་སྲི ད་གསུམ་ཁམས་སུ་ནི། །སྐྱེ་ བའང་དེ་ལ་ཡོད་མ་ཡིན། །ཟག་མེད་དབྱིངས་གནས་དེ་དག་ཀྱང༌། །མི་ཤེས་ཉོན་མོངས་མིན་ ཡང་ཕྱིར། །ཕྱིས་ནི་སངས་རྒྱས་ཀྱིས་བསྐུལ་ནས། །བྱང་ཆུབ་ཏུ་ནི་ཚོགས་བསགས་ཏེ། །དེ་ ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་སོགས་གསུངས་པའི་དོན། ལྷག་མེད་དུ་མྱ་ངན་ ལས་འདས་ནས། ཟག་མེད་ཀྱི་དབྱིངས་ལ་གནས་པ་ན་དུས་ལ་བབ་པའི་ཚེ། སངས་རྒྱས་ཀྱི་ འོད་ཟེར་གྱིས་བསྐུལ་ནས་ཐེག་པ་ཆེན་པོ་ལ་ཞུགས་ཏེ། སེམས་ཅན་གྱི་དོན་བྱེད་པར་འགྱུར་ ཏེ། སེམས་འགྲེལ་དུ། ཇི་སྲི ད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲི ད་ཡེ་ཤེས་ལུས་མངོན་ཅན། །ཏིང་འཛིན་ཉོས་པས་བརྒྱལ་བར་འགྱུར། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ ཅན་དོན་ལ་ཆགས་གྱུར་པ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ 2-1-114 ཆུབ་ཐོབ་པར་འགྱུར། །ཞེས་སོགས་གསུངས་པ་ལྟར་རོ། ། གཉིས་པ་ནི། འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པར་གནས་གྱུར་པའི། །སེམས་ ཅན་ཀུན་གྱི་དངོས་མེད་པའི། །ངོ་བོ་དེ་ཡང་དེ་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་ པོ། །ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །ཞེས་གསུངས་ཏེ། ཉན་རང་གི་ལྷག་བཅས་ལྷག་མེད་ཀྱི་ མྱང་འདས་ཏེ་མྱང་འདས་མཚན་ཉིད་པ་མ་ཡིན་ན། མྱང་འདས་མཚན་ཉིད་པ་ཇི་ལྟ་བུ་ཞེ་ན། ཐེག་པ་ཆེན་པོ་འདིར་ནི་མྱང་འདས་མཚན་ཉིད་པ་གང་ཡིན་ན། གློ་བུར་གྱི་དྲི་མ་ཕྲ་མོ་དང་ བཅས་པ་ཐམས་ཅད། གཉེན་པོ་ཡེ་ཤེས་ཀྱིས་བཅོམ་ནས་མེད་པར་གྱུར་པའི་སེམས་སྐུ་དང༌། ཡེ་ཤེས་བདག་ཉིད་དུ་གྱུར་པ་ནི་མྱང་འདས་མཚན་ཉིད་པ་ཡིན་ལ། དེ་མངོན་དུ་གྱུར་ནས་ སེམས་ཅན་ཀུན་གྱི་བསམ་པ་དང་མཐུན་པར་ཐེག་པའི་རིམ་པ་ཇི་ལྟ་བ་བཞིན་དུ་བདག་དང་ བདག་གི་དངོས་པོ་མེད་པ་དང༌། ཕྱི་རོལ་དོན་གྱི་དངོས་པོ་བདེན་པར་མེད་པ་དང༌། གཟུང་ འཛིན་གྱི་དངོས་པོ་མེད་པས་ངོ་བོ་ཉིད་ལ་སོགས་པ་དེའང༌། དེ་དང་དེ་ཡི་སྤྱོད་ཡུལ་ཅན་གྱི་ གདུལ་བྱའི་བསམ་པ་སྣ་ཚོགས་པ་དེ་མཐོང་ནས། བསམ་པ་དང་མཐུན་པར་ཆོས་བསྟན་ པས། སྨིན་གྲོལ་ལ་འགོད་པར་མཛད་ཅིང༌། བྱང་ཆུབ་སེམས་ཀྱི་དབང་པོ་སྟེ་མཆོག དོན་ དམ་བྱང་ཆུབ་ཀྱི་སེམས་བདེན་གཉིས་ཟུང་འཇུག་ཤིན་ཏུ་དྲི་མ་མེད་པར་གྱུར་པ་ནི། ཆོས་ཀྱི་ སྐུ་སྟེ། གསེར་འོད་ལས། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ་དེ་ ནི་ཆོས་ཀྱི་སྐུའོ་ཞེས་གསུངས་པ་ལྟར་རོ། ། གསུམ་པ་ནི། དྲི་མ་མེད་པའི་ཆོས་སྐུ་ལས། །ཡེ་ཤེས་རྒྱ་མཚོར་གནས་གྱུར་ནས། །སྣ་ ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛད། །ཅེས་གསུངས་ཏེ། དྲི་ མ་མེད་པའི་ཆོས་སྐུ་ལས་ཕྲིན་ལས་འབྱུང་པའི་ཚུལ་ནི། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ རྒྱ་མཚོར་གནས་གྱུར་པའི་སྒོ་ནས། ཅིར་ཡང་རྣམ་པར་མི་རྟོག་ཅིང་འབད་རྩོལ་ལ་ལྟོས་པ་ 2-1-115 མེད་པར་ཕྲིན་ལས་སྣ་ཚོགས་པ་ཡིད་བཞིན་གྱི་ནོར་བུ་དང༌། དཔག་བསམ་གྱི་ཤིང་བཞིན་དུ། ཆོས་སྐུའི་བདག་རྐྱེན་ལས་གཟུགས་སྐུ་གཉིས་སུ་སྣང་བ་བསྐྱེད་པའི་སྒོ་ནས། སེམས་ཅན་གྱི་ དོན་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པར་མཛད་དེ། རྒྱུད་བླར། གདུལ་བྱའི་ཁམས་དང་ གདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱིས་འདུལ་བའི་བྱ་བ་དང༌། །དེ་ཡི་ཡུལ་དང་ དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་དང། གཞན་ གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲི ད་དུ་མཛད་མི་འཆད། །ཅེས་དང༌། དེ་བཞིན་འཁོར་ བ་ཇི་སྲི ད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་པ་ལྟར་རོ། ། གསུམ་པ་ནི། ཆོས་ཀྱི་དབྱིངས་སུ་བསྟོད་པ་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ མཛད་པ། ཞེས་སོགས་འགྱུར་བྱང་དང་བཅས་པའོ། །རིན་ཆེན་གླིང་ནས་བསམ་འཕེལ་ནོར་ བུ་བཞིན། །གསུང་རབ་ནང་ནས་མཐར་ཐུག་ངེས་པའི་དོན། །ལེགས་པར་སྟོན་མཛད་ཆོས་ དབྱིངས་བསྟོད་པའི་གཞུང༌། །སློབ་མས་བསྐུལ་ཕྱིར་བདག་གིས་རྣམ་བཤད་བྱས། །འདབ་ ཆགས་རྐང་དྲུག་ལྡན་པ་ཞིག །མཁའ་ལ་ལྡིང་ཞིང་བསྐོར་བ་བཤོལ། །འདབ་སྟོང་ལྡན་པའི་ ནང་ཞུགས་ནས། །ཟེ་འབྲུའི་བཅུད་ལ་རོལ་བས་སོ། །ཟླ་བས་མཚན་མོ་མུན་སེལ་ཡང༌། །ཆ་ ཤས་ཡོངས་སུ་མ་རྫོགས་དང༌། །སྤྲིན་གྱི་དྲ་བའི་ནང་ཆུད་ནས། །མུན་པའི་ཆ་ཤས་འདུག་ན་ བཤགས། །འདི་བརྩམས་དགེ་བས་འགྲོ་བ་ཀུན། །ཆོས་ལ་མི་སྐྲག་བཟོད་པ་ཐོབ། །སྲི ད་ ཞིའི་མཐའ་ལ་མི་གནས་པར། །ཀུན་མཁྱེན་རྒྱལ་བའི་སྐུ་ཐོབ་ཤོག །དབུ་མ་ཆོས་ཀྱི་དབྱིངས་ སུ་བསྟོད་པའི་རྣམ་པར་བཤད་པ་སྙིང་པོ་གསལ་བ་ཞེས་བྱ་བ་འདི་ནི། ལུང་དང་རྟོགས་པའི་ དབང་ཕྱུག་ཁ་ཆེ་པཎ་ཆེན་རི་ཁྲོད་པས་ནན་ཏན་དུ་བསྐུལ་བའི་ངོར། དགེ་སློང་བསོད་ནམས་ བཟང་པོས། རྣམ་འཕྱང་ཞེས་བྱ་བ། ས་ཕོ་ཁྱིའི་ལོ། ས་གའི་ཟླ་བ། སྟོན་པ་མངོན་པར་བྱང་ 2-1-116 ཆུབ་པའི་ཚེས་ཀྱི་ཉིན། མཚལ་མིན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི། བློ་ལྡན་ བཟང་པོའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་ གྱུར་ཅིག། །མཾགལཾབྷཝཏུ།། ཤུབྷཾ།། གཅིག་ཞུས་སོ།། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ཞ། ༡༩ ཆོས་དབྱིངས་བསྟོད་པའི་རྩ་བ་དཔེ་གཞན་དང་བསྡུར་ཚེ་འགྱུར་རམ་མི་འདྲ་ བའི་ཁྱད་པར་མང་བས་དཔྱད་གཞིའི་ལེགས་ཆ་ཆེ་བར་སྣང་ངོ༌། ། 2-1-117 ༄༅། །ཆོས་ཀྱི་དྲིས་ལན་ལེགས་བཤད་རྒྱ་མཚོ་ བཞུགས་སོ། ། ༄༅། །ན་མོ་རཏྣ་ཏྲ་ཡཱ་ཡ། མཁའ་མཉམ་གདུལ་བྱའི་དྲི་བ་ཀུན་གྱི་ལན། །གཅིག་ཆར་ འདེབས་ནུས་སྟོན་པ་ཐུགས་རྗེ་ཅན། །མཁྱེན་རབ་དབང་ཕྱུག་རྣམས་ལ་ཕྱག་བཙལ་ནས། །དྲིས་ལན་མདོར་བསྡུས་བདག་གིས་དགོད་པར་བྱ། ། ཆོས་གྲྭ་ཆེན་པོ་དཔལ་ལྡན་རྩེ་ཐང་ནས། ལུང་དང་རྟོགས་པའི་ཡོན་ཏན་དུ་མས་རྒྱུད་ མཛེས་པར་གྱུར་པ་དགེ་བའི་བཤེས་གཉེན་ཤཱཀྱ་དབང་ཕྱུག་ལ་སོགས་པས། ཆོས་ལྡན་གྱི་དྲི་ བ་ཕྱི་མཚན་ཉིད་དང་འབྲེལ་བ་ཐུན་མོང་པ་དང་། རྡོ་རྗེ་ཐེག་པ་དང་འབྲེལ་བ་ཐུན་མོང་མ་ ཡིན་པ་དང་། བདེ་གཤེགས་སྙིང་པོ་དང་འབྲེལ་པ་ཤིན་ཏུ་ཟབ་མོ་རྣམས་བཀོད་ནས། མདོ་ རྒྱུད་བསྟན་བཅོས་རྣམས་དང་མཐུན་པའི་ལན་དགོས་གསུང་བ་ལ། ཐོག་མར་མཚན་ཉིད་དང་འབྲེལ་བ་ཐུན་མོང་བའི་དྲི་བ་རྣམས་ཀྱིས་ལན་བརྗོད་པར་བྱ་སྟེ། དེ་ལ། གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་པ་གསུམ། །ལྡོག་པ་ཐ་དད་ངོ་བོ་གཅིག་ལགས་སམ། །དངོས་པོ་ཐ་དད་མ་འདྲེས་གནས་པ་ལགས། །འགའ་ཞིག་སྡོམ་པ་གསུམ་ལྡན་མི་སྲི ད་ཟེར། །ལ་ལར་སྡོམ་པ་གསུམ་གྱི་ངོ་བོ་དང་། །ཕྲ་རགས་ཐོབ་རྒྱུ་གཏོང་རྒྱུ་ལ་སོགས་གང་། །ཞེས་ གསུང་བ་ལ། འགའ་ཞིག་སྡོམ་པ་གསུམ་ལྡན་མི་སྲིད་ཟེར་བའི་ལན་དང་པོར་བརྗོད་པར་བྱ་སྟེ། དེའང་སྡོམ་པ་གསུམ་ལྡན་མི་སྲི ད་པ་ཤིན་ཏུ་ཡང་མི་རིགས་ཏེ། དཔལ་རྡོ་རྗེ་རྩེ་མོ་ལས། གལ་ ཏེ་དེ་ནི་རབ་བྱུང་ན། །སྡོམ་པ་གསུམ་དང་ཡང་དག་ལྡན། །སོ་སོ་ཐར་དང་བྱང་ཆུབ་སེམས། 2-1-118 །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་པས་སོ། ། གཞན་དུ་ན་སྡོམ་པ་གསུམ་ག་སྐྱེར་རུང་པའི་རྟེན་གྱིས་སྡོམ་གསུམ་རིམ་གྱིས་བླངས་པ་ན། སྔ་མས་ཕྱི་མ་སྐྱེ་བའི་གེགས་བྱེད་པའམ། ཕྱི་མས་སྔ་མ་གཏོང་རྒྱུ་བྱེད་དགོས་ལ་སོགས་ཧ་ ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དགེ་སློང་རྡོ་རྗེ་འཛིན་པ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་སྡོམ་པ་གསུམ་ལྡན་ཡོད་ཅིང་། གསུམ་གྱི་ཐོབ་ཚུལ་ལ། སོ་ཐར་ནི་རྟེན་གླིང་གསུམ་ གྱི་སྐྱེས་པའམ་བུད་མེད་ཀྱིས། བསམ་པ་མྱང་འདས་སོགས་གང་ཡང་རུང་བའི་ཆེད་དུ་ཡུལ་ མཁན་པོའམ། སློབ་དཔོན་ནམ། དགེ་འདུན་ལས་དུས་ཉིན་ཞག་གམ། ཇི་སྲི ད་འཚོའི་བར་ དུ་བསྲུང་པར་ཁས་བླངས་ཏེ། ངོ་བོ། གཙོ་བོར་ལུས་ངག་གི་ཉེས་སྤྱོད་ལས་ལྡོག་པ། སྤོང་བ་ བཞིའམ་བདུན་དང་ལྡན་པ་ཞིག་ཡིན་ལ། གཏོང་རྒྱུ་ནི། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་ འདུལ་བ་གཏོང་། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། ། གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པ་ལྟར་རོ། ། བྱང་སེམས་སྡོམ་པ་ནི། ལེན་པའི་རྟེན(ཁྱད་པར་ནི)། ཇོ་བོ་ཆེན་པོས། སོ་སོ་ཐར་པ་རིགས་ བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ ཡོད་ཀྱི་གཞན་དུ་མིན། །ཞེས་པ་ལྟར་སོ་ཐར་རིགས་བདུན་གང་རུང་དང་ལྡན་པས། ཡུལ་ སྡོམ་(ཙཎྚ་གོ་མིས་)པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་ པར་བྱ། །ཞེས་པ་ལྟར། བླ་མ་བྱང་སེམས་ཀྱི་སྡོམ་ལྡན། ཆོ་ག་ལ་མཁས་ཤིང་སྡོམ་པ་བསྟེན་ པའི་ནུས་པ་དང་ལྡན་པ་ལས། དུས་སངས་རྒྱས་མ་ཐོབ་ཀྱི་བར་བསྲུང་པར་ཁས་བླངས་ནས། བྱང་སེམས་ཀྱི་སྤང་བྱ་གཞི་དང་བཅས་པ་སྤོང་བའི་སེམས་དཔའ་དབང་རྒྱུན་ཆགས། དབྱེ་ན་ སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། ། 2-1-119 གཏོང་རྒྱུ་ནི། གཏན་ལ་དབབ་པ་བསྡུ་བར། དེ་གཏོང་བ་ནི་མདོར་བསྡུ་ན་རྒྱུ་བཞིས་ འགྱུར་ཏེ། ཡང་དག་པར་ལེན་པའི་སེམས་ཀྱིས་མི་འདྲ་བ་ངེས་པའི་སེམས་སྐྱེད་པར་བྱེད་པ་ དང་། མི་བརྡ་སྤྲད་པའི་དྲུང་དུ་འབུལ་བ་དང་ལྡན་པའི་ཚིག་བརྗོད་པར་བྱེད་པ་དང་། ཕམ་ པའི་ཆོས་ལྟ་བུའི་ཆོས་བཞི་པོ་དག་ལས་ཐམས་ཅད་དམ། རེ་རེའི་ཉེས་པ་འབྱིན་པ་དང་། ཕམ་ པའི་གནས་ལྟ་བུའི་ཆོས་བཞི་པོ་ཐམས་ཅད་དམ། རེ་རེ་ལ་ཀུན་ནས་དཀྲིས་པ་ཆེན་པོས་ཉེས་ པ་འབྱིན་པར་བྱེད་ན། བྱང་ཆུབ་སེམས་དཔའི་སྡོམ་པ་བཏང་པར་བརྗོད་པར་བྱའོ། །ཞེས་ བཤད་པ་ལྟར་རོ། ། རིག་འཛིན་སྔགས་ཀྱི་སྡོམ་པ་ནི། བླ་མ་ཆོ་ག་ཚད་ལྡན་ལ། །ནམ་མཁའ་ཇི་སྲི ད་གནས་ བར་དུ། །ལྷན་སྐྱེས་ཡེ་ཤེས་བརྡ་དོན་སྤྲོད། །རྣམ་རྟོག་དྲི་མ་ཀུན་ལས་སྡོམ། །རིག་འཛིན་ སྔགས་ཀྱི་སྡོམ་པའོ། །སྐུ་གསུང་ཐུགས་ཀྱི་རྒྱལ་མཚན་ལ། །རིམ་གཉིས་ཡིད་བཞིན་ནོར་ གྱིས་སྤྲས། །འདོད་ཡོན་ལྔ་ཡིས་ཀུན་ནས་མཆོད། །དགོས་འདོད་ཀུན་གྱིས་བྱུང་གནས་པ། །རིག་འཛིན་སྡོམ་པའི་གནས་ཚུལ་ཡིན། །ཞེས་པ་ལྟར་རྟེན། སློབ་མ་དད་ཅིང་རིགས་བཙུན་ པ། །དེ་ཉིད་དཀོན་མཆོག་གསུམ་ལ་དད། །བཟོ་དང་ལྡན་ཞིང་སེར་སྣ་མེད། །ཟབ་མོ་ཡི་ནི་ བློ་དང་ལྡན། །ཞེས་སོགས་ཀྱི་ཡོན་ཏན་དང་ལྡན་པའི་སློབ་མས། ཡུལ། སྔགས་དང་རྒྱུད་དང་ མན་ངག་འཛིན། །ཆོ་གའི་ལས་ལ་རབ་ཏུ་མཁས། །སྙིང་རྗེས་སློབ་མ་རྗེས་འཛིན་པ། །དབང་ བསྐུར་བ་ཡི་སློབ་དཔོན་མཆོག །ཅེས་པ་དང་ལྡན་པའི་བླ་མ་ལས། དུས་ན།ི དུས་འདི་ནས་ ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སངྙི ་པའོི་བར། །ཞེས་པ་ལྟར་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་ བར་དུ་བསྲུང་པར་ཁས་བླངས་ནས། ངོ་བོ་རང་ལ་བཞུགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་ དུ་བྱ་བའི་ཕྱིར། རྣམ་རྟོག་གི་དྲི་མ་སེལ་བའི་ཐབས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པའམ། རིམ་གཉིས་ཀྱི་མི་མཐུན་ཕྱོགས་གཞི་དང་བཅས་པ་སྤང་བའི་སེམས་རྒྱུན་ཆགས་སོ། །གཏོང་རྒྱུ་ 2-1-120 ནི། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། ། དེ་བས་ དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །ཅེས་སོགས་རྩ་ལྟུང་བཅུ་བཞི་པོ་ཐམས་ ཅད་གང་ཡང་རུང་པ་ཡན་ལག་ལྔ་དང་ལྡན་པས་སྤྱད་ན། ལྟུང་བ་བཞི་པ། ལྔ་པ། དགུ་པ། བཅུ་གཅིག་པ་རྣམས་ཀྱིས་ཉིན་མཚན་གྱི་དྲུག་ཆ་འདས་པ་དང་། གཞན་རྣམས་ཀྱི་བྱ་བ་ཟིན་ པ་ན་གཏོང་ངོ་། །སོ་ཐར་བྱང་སེམས་གཉིས་ཐོབ་པའི་དུས་གསལ་བར་གསུངས་པས་གོ་སླ་ ལ། སྔགས་ཀྱི་སྡོམ་པ་ཐོབ་པའི་དུས་ལ། ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་ཞལ་ནས། གསང་སྔགས་ ཀྱི་སྡོམ་པ་གང་དུ་སྐྱེ་བྱས་ན་ཏིག་པ་མི་འདུག རང་ལུགས་ཀྱི་ནམ་སྐྱེ་སྙམ་ན། རིགས་ལྔ་སྤྱི་ དང་ཁྱད་པར་གྱི་སྡོམ་པ་འདི་བླངས་པའི་བརྗོད་པ་གསུམ་པའི་ཆ་ཐ་མ་ལ་གསང་སྔགས་པའི་ སྡོམ་པ་སྐྱེ་བ་ཡིན་གསུང་། ཆོས་རྗེ་ཕྱོགས་ཐམས་ཅད་ལས་རྣམ་རྒྱལ་གྱི་ཞལ་མངའ་ནས། རིགས་ལྔའི་སྡོམ་བཟུང་གི་སྐབས་སུ། དམ་ཚིག་ལ་གནས་པར་སྨོན་ལམ་བཏབ་པ་ཙམ་ཡིན་ ལ། སྔགས་ཀྱི་སྡོམ་པ་ལ་དབང་ཐོབ་དགོས་པས། དབང་བཞི་སོ་སོར་ཐོབ་པ་ན་དབང་བཞི་ སོ་སོའི་སྡོམ་པ་ཐོབ་པ་ཡིན་གསུང་བ་ནི་རྒྱུད་འགྲེལ་དྲི་མེད་འོད་དང་མཐུན་པར་མངོན་ཅིང་། དབང་མ་ཐོབ་པར་རིགས་ལྔའི་སྡོམ་པ་བཟུང་བ་ཙམ་གྱིས་སྔགས་ཀྱི་སྡོམ་པ་ཐོབ་ན། དབང་ མ་ཐོབ་པའི་གང་ཟག་ལ་སློབ་དཔོན་སྨད་པ་ལ་སོགས་པའི་རྩ་ལྟུང་འབྱུང་བར་སྲིད་པར་ འགྱུར་བ་ལས། དེ་ལྟར་ཡང་མ་ཡིན་ཏེ། འགྲེལ་ཆེན་དྲི་མེད་འོད་ཀྱི་རྩ་ལྟུང་སྟོན་པའི་སྐབས་ ལས། གང་དག་རྡོ་རྗེ་ཐེག་པར་གནས་པ་རྣམས་ལ་སྟེ། དབང་བསྐུར་བ་རྣམས་ལའོ། །ཞེས་ པ་རྡོ་རྗེ་འཛིན་པའི་ངེས་པའོ། །ཞེས་འབྱུང་བའི་ཕྱིར་རོ། །གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་ གསུམ་ངོ་བོ་གཅིག་པ་དང་། དངོས་པོ་ཐ་དད་པའི་བཞེད་ལུགས་གཉིས་བྱུང་སྟེ། རྗེ་བཙུན་ གྲགས་པ་རྒྱལ་མཚན་པས། རྡོ་ཡི་རིགས་ཀྱི་བྱེ་བྲག་བཞུ། །ལྕགས་དང་ཟངས་དང་དངུལ་དུ་ འབྱུང་། །གསེར་འགྱུར་རྩི་ཡི་རྣམ་པ་ཡིས། །ཀུན་ཀྱང་གསེར་དུ་འགྱུར་བ་བཞིན། །རིགས་ 2-1-121 ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་ བྱའོ། །ཞེས་པའི་རྒྱུད་དང་འབུམ་པའི་གཞུང་ལ་བརྟེན་ནས་རིག་འཛིན་སྔགས་ཀྱི་སྡོམ་པ་ ལ། སྡོམ་པ་འོག་མ་གཉིས་གནས་གྱུར་ཏེ་ངོ་བོ་གཅིག་ཏུ་ལྡན་ལ། གོང་མའི་རྩ་ལྟུང་བྱུང་ན་ འོག་མ་ཡང་གཏོང་པར་བཞེད་དོ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། བི་བྷཱུ་ཏཱི་ཙནྟྲ་སྡོམ་གསུམ་རྫས་ཐ་ དད་དུ་བཞེད་ཅིང་། བི་བྷཱུ་ཏཱ་ཙནྟྲས། མཁྱེན་བརྩེ་དུང་ཕྱུར་དང་ལྡན་པའི། །པཎ་ཆེན་བློ་ཡི་རྒྱ་ མཚོ་ལས། །སྡོམ་གསུམ་ནོར་བུའི་ཕྲེང་བ་བླངས། །ཞེས་པཎ་ཆེན་གྱི་དགོངས་པ་ལྟར་སྡོམ་ གསུམ་རྫས་ཐ་དད་དུ་སྟོན་པའི་སྡོམ་གསུམ་འོད་ཕྲེང་མཛད་ཅིང་། དེར། དེས་ན་རིག་འཛིན་ གཅིག་པུ་ལ། །གསུམ་ལྡན་སྦྱོར་བ་འཐད་མ་ཡིན། །གལ་ཏེ་འཐད་ན་འོག་མ་གཉིས། །ཆོ་ ག་མི་དགོས་སྐྱེ་བར་འགྱུར། །སྡོམ་གསུམ་ཆོ་ག་ཐུན་མོང་དུ། །ཐུབ་པ་ཆེན་པོས་གསུངས་པ་ མེད། །རིག་འཛིན་སྡོམ་པ་ཁོ་ན་བས། །གསུམ་ལྡན་སྔགས་པའི་དགོས་པ་ནི། །འབྲས་བུའི་ སྒོ་ནས་མ་ཡིན་ཏེ། །ཡིན་ན་ཀུན་མཁྱེན་མཆོག་དམན་འགྱུར། །ཞེས་སོགས་གསུངས་སོ། །འདིར་ཕྱི་མའི་རྗེས་སུ་འབྲངས་ཏེ། སོ་སྐྱེ་གཅིག་གི་རྒྱུད་ཀྱི་སྡོམ་གསུམ་རྫས་ཐ་དད་ཡིན་ཏེ། དེའི་སྡོམ་གསུམ་ཕྱི་མ་ཕྱི་མ་སྐྱེ་བ་ལ། སྔ་མ་སྔ་མ་སྐྱེས་ཟིན་རྟེན་དུ་དགོས་པ་སྐྱེ་བའི་དུས་ཐ་ དད། སོ་ཐར་ཇི་སྲི ད་འཚོ་བ་ཡིན་ལ། ཕྱི་མ་སངས་རྒྱས་མ་ཐོབ་བར་དུ་ཡིན་པས་གནས་པའི་ དུས་ཐ་དད། སོ་ཐར་ཚེ་འཕོས་པས་གཏོང་ལ། གཞན་གཉིས་དེས་མི་གཏོང་པ་སོགས་གཏོང་ རྒྱུ་ཐ་དད་པའི་ཕྱིར་རོ། །སངས་རྒྱས་ཀྱི་དཀོར་ཀུན་ནས་དཀྲི ས་པ་ཆེན་པོས་ཕྲོགས་ན་བྱང་ སེམས་ཀྱི་སྡོམ་པ་འཇིག་ཅིང་། མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ། །ཞེས་པས་དེས་སོ་ཐར་ འཇིག་པར་མི་འགྱུར་བ་དང་། ཀུན་ནས་འཁྲུགས་པས་བུད་མེད་ལ་སྨད་ན་གསང་སྔགས་ཀྱི་ སྡོམ་པ་འཇིག་ཅིང་། དེས་སོ་ཐར་ལ་ཕམ་པར་མི་འགྱུར་བའི་ཕྱིར་དང་། དམ་ཚིག་ལས་ནི་ ཇི་བཞིན་རྙེད། །དེ་སྤོང་བ་ནི་བཅུ་གསུམ་པ། །ཞེས་ཚོགས་ཀྱི་འཁོར་ལོར་མ་ད་ན་སོགས་ 2-1-122 དམ་ཚིག་གི་རྫས་ཞེ་བས་སྤོང་ན་རྩ་ལྟུང་བཅུ་གསུམ་པར་འགྱུར་ལ། སོ་ཐར་ལ་དེ་སྤང་བྱ་ ཡིན་པའི་ཕྱིར་རོ། །གལ་ཏེ་གསུམ་ལྡན་དེའི་སྔགས་ཀྱི་སྡོམ་པ་བཏང་བས་དེའི་སོ་ཐར་ཡང་ བཏང་བར་འགྱུར་ན་རྩ་ལྟུང་བཅུ་གསུམ་པ་དང་བཅུ་བཞི་པས་སོ་ཐར་གཏོང་བར་ཐལ་ལོ། །འདོད་ན། ཆང་སྤངས་པ་དང་བུད་མེད་ལ་སྨད་པས་སོ་ཐོར་སྡོམ་པ་གཏོང་བ་ནི་ཤིན་ཏུ་ངོ་ མཚར་བར་འགྱུར་རོ། །ཕྲ་རགས་ཞེས་པ་ནི། འོད་ཕྲེང་ལས། དང་པོ་དེ་ནི་ཀུན་གཞི་ལ། །བག་ལ་ཉལ་བའི་ཚུལ་དུ་གནས། །རིག་འཛིན་སྡོམ་པ་ཐོབ་པ་ན། །འོག་མ་གཉིས་ཀ་བག་ ལ་ཉལ། །དཔེར་ན་མཁའ་ལ་སྐར་མ་ཤར། །ཅུང་ཟད་སྣང་བར་བྱས་འགྱུར་མོད། །ཟླ་བའི་ དཀྱིལ་འཁོར་ཤར་བའི་ཚེ། །སྐར་མའི་འོད་ཉམས་འཇིག་རྟེན་སྣང་། །རྟ་བདུན་ཚ་ཟེར་བྱུང་ བ་ན། །ཟླ་བའི་འོད་ཉམས་འཇིག་རྟེན་གསལ། །ཞེས་སྔ་མ་སྔ་མ་ཕྲ་ཞིང་ཕྱི་མ་ཕྱི་མ་རགས་ པར་གསུངས་པ་ལྟར་རོ། ། སེམས་བསྐྱེད་སྡོམ་པའི་ཁྱད་པར་གང་ཡིན་དང་། སེམས་བསྐྱེད་ལ་ཡང་། ཀུན་རྫོབ་ དོན་དམ་གྱི་ངོ་བོ། ས་མཚམས། དམིགས་ཚུལ་ཇི་ལྟ་བུ་ཞེས་གསུང་བ་ལ། གནས་མ་གྱུར་ བར་དུ་སེམས་བསྐྱེད། གཙོ་བོ། རྣམ་ཤེས། སྡོམ་པ་སེམས་པ། སེམས་སེམས་བྱུང་རྫས་ཐ་ དད་དུ་བཞེད་པ་ལྟར་ན་སྡོམ་སེམས་དངོས་པོ་ཐ་དད་དུ་འདོད་དགོས་ཤིང་། ཛེ་ཏཱ་རིས། བྱང་ སེམས་ཀྱི་བསླབ་བྱ་མཐའ་དག་བཟུང་བར་ཁས་ལེན་པ་སྨོན་སྡོམ། དེ་བཟུང་པ་ལྟར་སློབ་ པར་ཁས་ལེན་པ་འཇུག་སྡོམ་ཞེས་བཤད་པ་ཡང་མཛེས་པར་སྣང་ཞིང་། སྤྱོད་འཇུག་འགྲེལ་ པར། སྡོམ་པ་བཟུང་བ་ལ་འཇུག་པ་གང་ཡིན་པ་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་དེ་ཞེས་དང་ ། དེ་ནི་བདག་ཉིད་ཀྱི་སྡོམ་པ་བཟུང་བ་བརྟན་པ་ནི། དེ་བཞིན་འགྲོ་ལ་ཕན་དོན་དུ། །ཞེས་བྱ་ བ་ལ་སོགས་པ་སྨོས་ཏེ། ཞེས་པ་ལྟར་ན་འཇུག་སྡོམ་དང་འཇུག་པ་སེམས་བསྐྱེད་ཁྱད་མེད་ ཅིང་། སྨོན་སེམས་དང་སྨོན་སྡོམ་ལ་ཁྱད་ཡོད་པར་བཞེད་པར་མངོན་ལ། སྡོམ་པ་དབང་ངམ་ 2-1-123 ས་བོན་དུ་འདོད་པའི་ལུགས་འགོགས་པ་ཡིན་ཏེ། དེར། ཉིད་ཀྱི་སྒྲ་ནི་འདི་ཉིད་ཁོ་ན་ཡིན་ནོ། །གཞན་དག་ནི་འདི་ལས་གཞན་དུ་འཆད་དེ། སྡོམ་པ་ནི་དབང་ངམ་ས་བོན་རྒྱུན་ཆགས་པ་ ཡིན་པས་སེམས་བསྐྱེད་དངོས་མིན་ཞེས་གཞན་ལུགས་སུ་བཀོད་པས་སོ། །ཀུན་རྫོབ་སེམས་ བསྐྱེད། དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་ནི། ཀུན་རྫོབ་ཆོས་ཅན་གྱི་ཆ་ཡུལ་དུ་བྱས་ནས་བྱང་ ཆུབ་སྒྲུབ་པའི་སེམས་དང་། དོན་དམ་ཆོས་ཉིད་ཀྱི་ཆ་ཡུལ་དུ་བྱས་ནས་ཅིར་ཡང་རྣམ་པར་མི་ རྟོག་པའི་འཕགས་པའི་ཡེ་ཤེས་སོ། ། དེས་དམིགས་ཚུལ་ཡང་བསྟན་ལ། ས་མཚམས་ནི། དང་པོ་ཚོགས་ལམ་ནས། ཕ་ྱིམ་ས་ དང་པོ་ནས་འཇོག་པ་མདོ་སྡེ་རྒྱན་བཞིན་དུ་རྟོགས་པར་བྱའོ། ། སྐྱབས་འགྲོ་ལ་ཡང་། རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་གང་ལ་གཙོ་བོར་ མཛད་ཅེས་གསུང་བ་ལ། མྱ་ངན་ལས་འདས་པའི་བསམ་པ་དང་མི་ལྡན་ན། སུ་མི་འགྲོ་ བས། ཞེས་གསུངས་པ་ལྟར། ལས་དང་པོ་པ་ལ་ཐོག་མར་རྒྱུའི་སྐྱབས་འགྲོ་གཙོ་ཆེ་སྟེ། རང་གཞན་འཁོར་བའི་འཇིགས་པས་ཉེན་ནས། གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་ ལ་མགོན་སྐྱབས་ཞུ་བ་གཙོ་ཆེ་བའི་ཕྱིར་རོ། །ཅུང་ཟད་གོམས་ནས་འབྲས་བུའི་སྐྱབས་འགྲོ་ གཙོ་ཆེ་སྟེ་རང་རྒྱུད་ལ་སྐྱབས་གནས་ཀྱི་གོ་འཕང་དེ་ཐོབ་པར་དོན་དུ་གཉེར་བ་གཙོ་ཆེ་བའི་ ཕྱིར་རོ། ། སྐྱབས་གནས་གསུམ་གྱི་ངོ་འཛིན་གཅིག་ཀྱང་ཞུ་གསུང་བ་ལ། བྱེ་བྲག་སྨྲ་བས། ཐ་སྙད་ བརྡར་བཏགས་མངོན་འགྱུར་གྱི་དཀོན་མཆོག་གསུམ་ནི། སངས་རྒྱས་ཀྱི་སྐུ་གཟུགས་ལ་ སྟོན་པའི་འདུ་ཤེས་བསྐྱེད་དེ། ཞེས་པ་ལྟར་སྐུ་གཟུགས་ལ་སངས་རྒྱས་དང་། བསླབ་པ་ ལས་ཀྱི་ཆོ་ག གསུང་རབ་གླེགས་བམ་རྣམས་ཆོས་དང་། དགེ་སློང་བཞི་ལ་ཚགོས་དགེ་འདུན་ ཡིན་ལ། སྐྱབས་སུ་འགྲོ་ཡུལ་གསུམ་ནི། སངས་རྒྱས་དགེ་འདུན་བྱེད་པའི་ཚོགས། །མི་སློབ་པ་ 2-1-124 དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སངས་རྒྱས་ཆོས་སྐུ་དང་། དགེ་ འདུན་སློབ་མི་སློབ་ཀྱི་ལམ་བདེན་དང་། ཆོས་སངས་རྒྱས་ཀྱི་ལྷག་མེད་མྱང་འདས་ལ་འདོད་ ལ། མདོ་སྡེ་ལ་གཟུགས་སྐུའང་སངས་རྒྱས་དང་། འཕགས་པའི་གང་ཟག་ཡང་དགེ་འདུན་ དུ་འདོད་དོ། །སེམས་ཙམ་པ་སྤངས་རྟོགས་མཐར་ཐུག་གི་བྱང་ཆེན་སངས་རྒྱས། བསྟན་ པའི་ཆོས་གསུང་རབ། སྒྲུབ་པའི་ཆོས་འཕགས་ལམ་ཡན་ལག་བརྒྱད་འཁོར་བཅས། དམ་ པའི་ཆོས་མྱང་འདས། དགེ་འདུན་འཕགས་པའི་གང་ཟག་བརྒྱད་དོ་ཞེས་(བུ་)གསུང་། དབུ་མ་ པའི་ལུགས། སྐྱབས་འགྲོ་བདུན་ཅུ་པར། ཐུབ་དབང་གི་ནི་སྐུ་གསུམ་དང་། །མྱ་ངན་འདས་ དང་གང་ཟག་བརྒྱད། །ཅེས་སོགས་ལྟར་རོ། །རྒྱུད་བླར། སྤྱིར་ཐེག་པ་གསུམ་གྱི་དབང་དུ་ བྱས་པའི་དཀོན་མཆོག་གསུམ། སྟོན་པ་བསྟན་པ་སློབ་དོན་གྱི། །ཞེས་སོགས་ཀྱིས་བསྟན་ཏེ། བྱང་སེམས་དང་སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ནས་སངས་ རྒྱས་དཀོན་མཆོག་དང་། གྲོགས་དང་སྟོན་པ་ལ་མི་ལྟོས་པའི་རང་རྒྱལ་དང་། ཆོས་ལ་མཆོག་ ཏུ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ནས་ཆོས་དཀོན་མཆོག་དང་། གཞན་ལས་ཐོས་ པའི་རྗེས་སུ་ཞུགས་པ་ཉན་ཐོས་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ ཀྱི་དབང་དུ་བྱས་ནས་དགེ་འདུན་དཀོན་མཆོག་ཏུ་བཞག་པར་འགྲེལ་པའི་དོན་བསྡུར་གང་ ཟག་དྲུག་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱི་སྐྱབས་གསུམ་རབ་ཏུ་དབྱེ་བ་བསྟན་ པ་རྣམ་པར་བཞག་པ་འདི་ནི་ཀུན་རྫོབ་ཀྱི་རྟེན་ལ་གནས་པས་སེམས་ཅན་རྣམས་ཐེག་པ་ལ་ རིམ་གྱིས་གཞུག་པའི་དོན་དུ་ཡིན་ནོ་ཞེས་པས་སོ། །གང་ཞིག་ཐོག་མ་དབུས་མཐའ་མེད་ཞི། ཞེས་པ་ནས་འཕགས་པ་ཕྱིར་མི་ལྡོག་པ་ནི། ལུས་ཅན་རྣམས་ཀྱི་སྐྱབས་ཡིན་ནོ། །ཞེས་པའི་ བར་རྩ་འགྲེལ་གྱིས་ཐེག་དམན་དང་ཐུན་མོང་མ་ཡིན་པའི་ཐེག་ཆེན་ཉིད་ཀྱི་སྐྱབས་གསུམ་ གསུངས་ཤིང་། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །ཞེས་ནས། ཚོགས་ཀྱང་དེ་ཡི་མཐར་ 2-1-125 ཐུག་ཕྱིར། །ཞེས་པའི་བར་རྩ་འགྲེལ་གྱིས་མཐར་ཐུག་དོན་དམ་གྱི་སྐྱབས་གནས་གསུངས་ ཏེ། དེའི་འགྲེལ་པར། འདིས་ནི་སྔར་བཤད་པའི་ཚུལ་གྱིས། ཞེས་པ་ནས། འཇིག་རྟེན་ཕྱི་ མའི་མཐའི་མུ་དང་མཉམ་པའི་མི་ཟད་པའི་སྐྱབས། རྟག་པའི་སྐྱབས། གཡུང་དྲུང་གི་སྐྱབས། དོན་དམ་པའི་སྐྱབས་ནི་གཅིག་ཉིད་དེ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་པས་སོ། ། བསྔོ་བ་སྨོན་ལམ་སེམས་བསྐྱེད་གསུམ་པོ་ལ། །འགའ་ཞིག་ངོ་བོ་གཅིག་ཀྱང་གསུང་བར་ འདུག །འགའ་ཞིག་མི་གཅིག་ཞེས་ཀྱང་འདོད་པར་འདུག །གང་ཡིན་དམ་པ་ཁྱོད་ཀྱིས་ བསྟན་དུ་གསོལ། །ཞེས་གསུང་བ་ལ། ཁྲོ་ཕུ་ལོ་ཙཱ་བས། རྒྱུ་འདི་ལ་བརྟེན་ནས་འབྲས་བུ་འདི་ ཐོབ་པར་གྱུར་ཅིག་པ་བསྔོ་བ། རྒྱུ་དེ་འདྲ་དམིགས་ཡུལ་དུ་བྱ་རྒྱུ་མེད་ཀྱང་འབྲས་བུ་འདི་ཐོབ་ པར་གྱུར་ཅིག་པ་སྨོན་ལམ་དུ་བཞེད་པ་ལྟར་རམ། ཡང་ན་སྨོན་ལམ་ཙམ་སྤྱི། གོང་གི་བསྔོ་བ་ སྨོན་ལམ་དེ་དག་བྱེ་བྲག ངོ་བོ་སེམས་པ་འདུན་པ་དང་བཅས་པ་ཡིན་ཏེ། རྒྱན་ལས། བསྟན་ པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་པས་བསྔོ་བ་སྨོན་ལམ་ དུ་གསུངས་སོ། །སེམས་བསྐྱེད་ལ། སེམས་འགྲེལ་ལས། སྨོན་པ་སེམས་བསྐྱེད་སྨོན་ལམ་དུ་ གསུངས་པ་ལྟར་རམ། ཡང་ན་འཕགས་སེང་གི་བཞེད་པས་ཀུན་རྫོབ་སེམས་བསྐྱེད་གཙོ་བོ་ སེམས། བསྔོ་བ་སྨོན་ལམ་སེམས་བྱུང་། སེམས་སེམས་བྱུང་དངོས་པོ་ཐ་དད་དུ་བདེན་མོད་ ཀྱི། ཞེས་པས་བསྟན་ཅིང་། སྨོན་ལམ་སེམས་བསྐྱེད་ཀྱི་གྲོགས་ཡིན་པར། སྨོན་ལམ་ནི་དོན་ དུ་གཉེར་བ་སྟེ་དེ་དང་ལྷན་ཅིག་སྤྱོད་པའི་སེམས་བསྐྱེད་པ་ལ། ཞེས་སོགས་ཀྱིས་བསྟན་པ་ ལྟར་རོ། ། རྫོགས་སངས་རྒྱས་ཀྱིས་བསྐལ་པ་གྲངས་མེད་དུ། །ཚོགས་བསགས་ཆོས་གསུངས་ལ་ སོགས་གྲུབ་མཐའ་བཞིའི། །འདོད་ཚུལ་སོ་སོར་མ་འདྲེས་བསྟན་དུ་གསོལ། །ཞེས་གསུང་བ་ 2-1-126 ལ། བྱེ་བྲག་སྨྲ་བས། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། དེ་གྲངས་མེད་གསུམ་ལ་སངས་རྒྱས། འབྱུང་ངོ་ཞེས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས། བསྐལ་པ་བརྒྱ། ལུས་པ་ དག་ཏུ་འཕེན་པར་བྱེད། ཅེས་བསྐལ་པ་བརྒྱར་མཚན་གྱི་རྒྱུ་བསྒྲུབས་ཏེ། སྟོན་དང་བསེ་རུ་བྱང་ ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་ཐར་ པ་ཆ་མཐུན་རྫོགས་པའི་སོ་སྐྱེ་སྲིད་པ་ཐ་མ་པས་བསམ་གཏན་གྱི་རབ་མཐའ་ལ་བརྟེན་ནས་ དྲོད་ཡན་ཆད་ཀྱི་ལམ་ཀུན་རྫོགས་པར་བྱས་ཏེ་འཚང་རྒྱ་བར་འདོད། བྱེ་བྲག་ཏུ་སྟོན་པ་འདི་ ནི། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ ཐུབ་པ་ཡིན། །ཞེས་པ་ལྟར་ན། སྔོན་རྒྱལ་པོ་གསལ་གྲགས་སུ་གྱུར་པའི་ཚེ། ཐུབ་པ་ཆེན་པོའི་ དྲུང་དུ། སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་ཏེ། །ཡོན་ཏན་རིགས་རུས་མཉམ་པའི་སངས་ རྒྱས་ཉིད་གྱུར་ཏེ། །ཚངས་པའི་བར་གྱི་ཉམས་ཐག་འཆིང་བ་རྣམས། །ཞི་བ་རྒྱ་ཆེན་འཇིགས་ མེད་སྒྲོལ་བར་ཤོག །ཅེས་སྨོན་ལམ་བཏབ་ཅིང་སེམས་དང་པོ་བསྐྱེད་པའོ། ། དེ་ནས་རིན་ཆེན་གཙུག་ཏོར་ཅན་ཡན་ཆད་ཀྱིས་གྲངས་མེད་དང་པོ། དེ་ནས་མར་མེ་ མཛད་ཡན་ཆད་ཀྱིས་གཉིས་པ། དེ་ནས་རྣམ་གཟིགས་ཡན་གྱིས་གསུམ་པ་རྫོགས་པའོ། །ཡང་ན། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོགས་ལྟར་རོ། །དུལ་ ལྷས། ཉན་ཐོས་སྡེ་པ་ཁ་ཅིག་གི་གྲངས་མེད་བཅུར་འདོད་པར་གསུངས་ཤིང་། རྒྱ་རོལ་ལས། བསྐལ་པ་གྲངས་མེད་པ་བདུན་དུ་དགེ་བའི་རྩ་བ་རྣམས་ཡང་དག་པར་བསགས་པ་ཞེས་ བདུན་དུ་གསུངས་པ་དང་། ཀླུ་སྒྲུབ་ཀྱིས། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ ཏེ། །ཞེས་སོགས་ལྟར། དབུ་མ་པ་ཡང་གསུམ་དུ་འདོད་པ་དང་། བརྒྱད་སྟོང་འགྲེལ་ཆེན་དུ། གྲངས་མེད་གསུམ་དུ་བཤད་པ་དགོངས་པ་ཅན་ཡིན་གྱི། 2-1-127 ངེས་དོན་དུ་གྲངས་མེད་སུམ་ཅུ་རྩ་གསུམ་དུ་བཞེད་དོ་ཞེས་དབྱིག་གཉེན་གྱི་ལུང་ཚད་མ་ ཁུངས་སུ་བྱས་ཏེ། གྲངས་མེད་སུམ་ཅུ་རྩ་གསུམ་དུ་བཞེད་དོ། །དེ་ལ་གྲངས་མེད་ནི་བགྲང་ བ་ལས་འདས་པའི་གྲངས་མེད་དང་། གྲངས་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པའི་གྲངས་ མེད་གཉིས་དང་། བསྐལ་པ་ཆེན་པོ་གྲངས་མེད་པ་ཞེས་པའང་བགྲང་ཚུལ་གཉིས་ཏེ། བསྐལ་ ཆེན་རེ་རེ་ལ་ཡང་ལོ་ཟླ་སྐད་ཅིག་སོགས་གྲངས་མེད་པ་བསྐལ་པ་ཆེན་པོ་གྲངས་མེད་དང་། བསྐལ་པ་ཆེན་པོ་བགྲང་བ་ལས་འདས་པའི་བསྐལ་པ་ཆེན་པོ་གྲངས་མེད་དོ། །དེ་ལ་འཚང་ རྒྱ་བ་གྲངས་མེད་མང་པོ་དགོས་པ་ལྟར་ན། ལོ་ཟླ་སོགས་གྲངས་མེད་པའི་ལུགས་བཟུང་ཞིང་ ། གྲངས་མེད་མང་པོ་དགོས་པ་ལྟར་ན་ཕྱི་མ་འཛིན་པར་ས་སྡེར་བཤད་པ་ལྟར་རོ། །བསྐལ་ པ་གྲངས་མེད་དུ་ཚོགས་བསག་ཚུལ་ཡང་བྱང་སེམས་འགའ་ཞིག་བསྐལ་པ་དེ་དང་དེའི་བར་ དུ་ཡུན་རིང་པོར་ཚོགས་བསག་པ་དང་། འགའ་ཞིག་བརྩོན་འགྲུས་དང་ཐབས་ཀྱི་ཁྱད་པར་ གྱིས་བསྐལ་པ་མང་པོའི་ཚོགས་དུས་ཐུང་ངུར་འདུ་སྲི ད་དེ། དུས་གསུམ་རྟག་པར། རྨི་ལམ་ ན་ནི་ལོ་གཅིག་ཀུན། །ཡུད་ཙམ་གྱིས་ཀྱང་དམིགས་པ་སྟེ། །དེས་ན་དཔག་མེད་དུས་རྣམས་ ཀྱང་། །སྐད་ཅིག་ཉིད་དུ་འདུ་བར་འགྱུར། །ཞེས་པ་ལྟར་རོ། །ཆསོ་གསུངས་ཚུལ་ན།ི མཛདོ་ དུ། ཆསོ་ཀ་ྱིཕུང་པ་ོབརྒྱད་ཁ་ྲིདག །གང་དག་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་ དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་པས་སོ། ། བྱེ་བྲག་སྨྲ་བ་འདོད་པས་ཆོས་ཕུང་བརྒྱད་ཁྲི་གསུངས་ཤིང་། དེ་དག་མིང་ཡིན་པས་འདུ་ བྱེད་ཕུང་པོར་འདུ་ཟེར་རོ། །མདོ་སྡེ་པ་ཚིག་ཡིན་པས་གཟུགས་ཀྱི་ཕུང་པོར་འདུ་ཟེར་རོ། །བྱེ་བྲག་སྨྲ་བ་ཆོས་ཀྱི་འཁོར་ལོ་མཐོང་ལམ་ལ་འདོད་ཅིང་། (ཚིག་ལྡོག་གཉིས་མི་གསལ་)དབྱངས་ སྒྲོགས་འཕགས་ལམ་ཡན་ལག་བརྒྱད་ལ་འདོད་དོ། །སེམས་ཙམ་པ་བརྒྱད་ཁྲི་བཞི་སྟོང་ཉན་ པ་པོའི་རྣམ་རིགས་གིས་བསྡུས་པར་ 2-1-128 འདོད་ཅིང་། མདོ་སྡེ་པ་དེ་ལྟར་ན་མཐོང་ལམ་ཉིད་ལན་གསུམ་དུ་སྐོར་བར་འགྱུར་ ན། དེ་ནི་མ་ཡིན་ཏེ། སྒོམ་ལམ་མི་སློབ་ལམ་ཡང་ཆོས་འཁོར་ཡིན་ཞེས་འདོད་པ་ལྟར། འདི་མདོ་དགོངས་པ་ངེས་འགྲེལ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་ འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ན་ སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་ པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་ སྔོན་ལྷར་གྱུར་པའམ། མིར་གྱུར་པའམ། སུས་ཀྱང་ཆོས་དང་མཐུན་པར་ལོ་ག་རུ་མ་བསྐོར་ བ་གཅིག་རབ་ཏུ་སྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བ་དེ་ཡང་བླ་ན་མཆིས་ པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་དུས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ ཀྱིས་ཆོས་ཐམས་ཅད་ངོ་བོ་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་ པ་མ་མཆིས་པ་དང་། བཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་ འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་ པ་ཉིད་སྨོས་པའི་རྣམ་པས། ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་སྐོར་ ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་ པའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱི་ཆོས་རྣམས་ཀྱི་ ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ དང་། བཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་ བརྩམས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་ བ་དང་ལྡན། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་སྐོར་རོ། །བཅོམ་ལྡན་ འདས་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་ 2-1-129 པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་འཁོར་ལོ་རིམ་ པ་གསུམ་གྱི་དང་པོ་ གཉིས་དྲང་དོན། ཐ་མ་ངེས་དོན་དུ་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། དེ་ལྟར་གསུངས་པའི་ ཕྱིར་མདོ་འདི་སེམས་ཙམ་གྱི་མདོར་མཛད་ནས་སེམས་ཙམ་པ་དེ་ལྟར་འདོད་གསུང་སྟེ། དེ་ ལྟར་ན་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོར། ནོར་བུ་སྦྱོང་ཚུལ་རིམ་པ་གསུམ་དཔེར་ མཛད་ནས། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་ སེམས་ཅན་གྱི་ཁམས་མཁྱེན་ན་མུ་སྟེགས་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་ ། མི་གཙང་པ་ཡིད་འབྱུང་པའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་ བསྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་ དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་ །མཚན་མ་མེད་པ་དང་། སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་ པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པའི་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་ གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ ཡུལ་ལ་འཛུད་པར་མཛད་དོ། །ཞེས་ཀྱང་དེར་མཚུངས་སོ། །དབུ་མ་པ་ཆོས་བཤེས་ཀྱིས། དེ་ལྟར་རིམ་གྱིས་མིན་གྱི། སྐད་ཅིག་གཅིག་ཁོ་ན་ལ་སྐོར་ཡང་གདུལ་བྱའི་དབང་གིས་དུས་ཐ་ དད་དུ་བཞེད་པ་ལྟར་རམ། གཞན་ཡང་འདོད་ཚུལ་མཐའ་ཡས་སོ། ། དྲི་བའི་ཚོགས་བསགས་ཆོས་གསུངས་ལ་སོགས། ཞེས་པའི་སོགས་ཀྱིས་བསྡུས་པ་ སངས་རྒྱས་ཚུལ་ནི། བྱེ་བྲག་སྨྲ་བའི་ལུགས་གོང་དུ་དྲངས་པ་ལྟར་སོ་སྐྱེ་གྲངས་མེད་གསུམ་དུ་ ཐར་པ་ཆ་མཐུན་བསགས་པ་གཅིག་གིས་སྲོད་ལ་བདུད་བཏུལ། གུང་ལ་བསམ་གཏན་བཞི་ 2-1-130 པའི་དངོས་གཞི་ལ་བརྟེན་ནས་སྦྱོར་ལམ་ཡན་ཆད་རྒྱུད་ལ་བསྐྱེད་ནས། ཐོ་རངས་སྐྱ་རེང་ འཆར་ཀའི་ཚེ་ཕྱིན་དྲུག་རྫོགས་ནས། གཟུགས་དང་ཆོས་ཀྱི་སྐུའི་བདག་ཉིད་སངས་རྒྱས་པར་ འདོད་དོ། །ཐེག་པ་ཐུན་མོང་བ་ལྟར་ན་ས་བཅུ་པའི་བྱང་སེམས་སྲི ད་པ་ཐ་མ་པས། དགའ་ ལྡན་ནས་འཕོ་བ་ནས་བདུད་བཏུལ་བའི་བར་གྱི་མཛད་པ་རྣམས་བྱས་ཏེ་སངས་རྒྱས། ཆོས་ བསྟན། མྱ་ངན་ལས་འདས་པར་ཀུན་བཏུས་ནས་གསུངས་པ་ལྟར་རོ། །ཐེག་ཆེན་གྱི་ལུགས་ ལྟར་ན་སངས་རྒྱས་ཐམས་ཅད་འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་བཅུ་གཉིས་ སྟོན་པར་ལང་གཤེགས་ལས་གསུངས་ཤིང་། ཤཱཀྱ་བཤེས་གཉེན་གྱིས། དཀའ་བ་སྤྱོད་དུས་ སུ་རྣམ་སྨིན་གྱི་ལུས་ན་ར་ཛ་རར་བཞག་ནས། ཡེ་ཤེས་ཀྱི་ལུས་འོག་མིན་དུ་ཕྱིན་ནས་སངས་ རྒྱས་ཏེ། སླར་རྣམ་སྨིན་གྱི་ལུས་ལ་བྱང་ཆུབ་སྙིང་པོར་གཤེགས་པ་སོགས་མཛད་པར་བཞེད་ གསུང་ངོ་། །དབུ་མ་པ་ཆོས་བཤེས་ཀྱིས། འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་སྟོན་ པ་ཐུབ་པ་ལྟ་བུ་དང་། འདོད་ཁམས་ཉིད་དུ་སངས་རྒྱས་མངོན་དུ་བྱེད་པ་གཉིས་བཞེད་དོ། ། བདེན་པ་གཉིས་དང་མཚན་ཉིད་གསུམ་པོ་ཡང་། །གྲུབ་མཐའ་བཞི་ཡིས་འདོད་ཚུལ་མ་ བསྡུས་པར། །སོ་སོར་ཐུགས་ཀྱི་དཀྱིལ་ནས་གནང་པར་ཞུ། ། གསུང་བ་ལ། བྱེ་བྲག་སྨྲ་བའི་འདོད་ཚུལ་ནི། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་ མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་ པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱི། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་ གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་པ་ལྟར་ཡིན་ལ། དེའི་བདེན་ གཉིས་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ནས་དེ་བློ་མི་འཇུག་པ། །བུམ་ཆུ་ བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཅོམ་པའི་འཇིགས་པས་ བཤིག་ན་དེའི་བློ་མི་འཇུག་པ་བུམ་པ་ལྟ་བུ་དང་། དེ་ཙམ་གྱིས་མི་གནོད་ཀྱང་། བློས་གཞན་ 2-1-131 དང་གཞན་དུ་བསལ་ན་དེའི་བློ་མི་འཇུག་པ་ཆུ་ལྟ་བུར་རགས་པ་རྣམས་ཀུན་རྫོབ་དང་། འཇིག་ པ་དེ་གཉིས་ཀྱིས་མི་གནོད་པའི་སྐད་ཅིག་དང་རྡུལ་ཕྲ་རབ་དང་འདུས་མ་བྱས་རྣམས་དོན་ དམ་དུ་འདོད་དོ། །མདོ་སྡེ་པའི་འདོད་ཚུལ་ནི། ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་ པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དང་ནི་ནམ་ མཁའ་མཚུངས། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་ནི་མདོ་སྡེ་པ་ཡིས་རིག །ཅེས་པ་ལྟར་ཡིན་ ལ། དེའི་བདེན་གཉིས་ནི་རགས་པ་དང་རྒྱུན་དུ་སྣང་བ་ཀུན་རྫོབ། སྐད་ཅིག་ཆ་མེད་དང་རྡུལ་ ཕྲ་རབ་དོན་དམ་དུ་འདོད་ཅིང་། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ ཡིན། །ཞེས་གསུང་བ་ནི་སྐྱེས་བུའི་འཇུག་ཡུལ་ལ་དོན་དམ་དུ་བྱས་པ་ཡིན་གྱི། བདེན་གཉིས་ ཀྱི་དོན་དམ་མིན་(མཁས་པ་ཀུན་དགའ་བཞེད་)ནོ། །སེམས་ཙམ་པའི་འདོད་ཚུལ་ནི། ཡན་ལག་ ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང་། །བཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་ དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོ་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་པ་ལྟར་ཡིན་ལ། དེའི་བདེན་གཉིས་ནི། གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་ པར་ཤེས་པ་དོན་ཡོད། །ཅེས་པ་དང་། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ ཉིད་ཡིན། །ཞེས་པ་ལྟར་ཕྱི་གཟུང་བ་བདེན་པར་མེད་པས། དེ་འཛིན་གྱི་འཛིན་པ་བདེན་ པ་མེད་པའི་རྣམ་ཤེས་སྐད་ཅིག་མ་དོན་དམ་པར་ཡོད་ལ། མ་རིག་པའི་བག་ཆགས་ཀྱི་དབང་ གིས་གཉིས་སུ་སྣང་བའི་རྣམ་ཤེས་རྒྱུན་ཆགས་པ་ཀུན་རྫོབ་ཏུ་འདོད་པའོ། །རྣམ་བདེན་རྫུན་ གཉིས་སྣང་བ་སེམས་སུ་བདེན་པར་འདོད་པ་དང་། སྣང་བ་རྫུན་པ་སྒྲོ་བཏགས་སུ་འདོད་པ་ ཀུན་རྫོབ་ཀྱི་འདོད་ཚུལ་སོ་སོ་ཡིན་གྱི། དོན་དམ་རྣམ་བཞག་མཐུན་པར་བླ་མ་དག་བཞེད་དོ། 2-1-132 ། དབུ་མ་པའི་འདོད་ཚུལ་ནི། དེ་ཕྱིར་དབུ་མ་པས་སྨྲས་པ། རྣམ་ཤེས་དེའང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་ མཁའི་པད་མོ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་གའི་བདག་ཉིད་མིན་པའང་ མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་སོ། །དེའི་བདེན་ གཉིས་ནི་གཟུགས་སོགས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་སྤྲོས་པའི་མཐའ་ ཐམས་ཅད་དང་བྲལ་བ་དེ་དོན་དམ། བརྟགས་ན་རིགས་པས་གནོད་ཀྱང་། མ་བརྟགས་ གཅིག་པུར་ཉམས་དགའ་བ་ཉིད་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་ཀུན་རྫོབ་ཏུ་བཞེད་པའོ། །གྲུབ་མཐའ་འོག་མའི་དོན་དམ། གོང་མའི་ཀུན་རྫོབ་ཏུ་འགྱུར་བ་ཡང་ཡོད་དེ། བདེན་གཉིས་ སུ། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱི་མར་འདོད་ གང་ཡིན་པ། །གཞན་གྱི་ཆུང་མར་འདོད་པ་བཞིན། །ཞེས་སོ། །གྲུབ་མཐའ་བཞི་ཡི་ལུང་དེ་ དག་ནི། སྤྱན་རས་གཟིགས་ཀྱིས་དུས་འཁོར་འགྲེལ་ཆེན་དང་། འཇམ་དཔལ་གྱིས་རང་གི་ ལྟ་བའི་འདོད་པ་མདོར་བསྟན་དང་། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ དང་། ཛེ་ཏཱ་རིའི་བདེ་གཤེགས་གཞུང་གི་རབ་བྱེད་རྣམས་ལས་གསུངས་སོ། ། མཚན་ཉིད་གསུམ་དང་གྲུབ་མཐའ་བཞིའི་འདོད་ཚུལ་སོ་སོར་དགོས་གསུང་བ་ལ། ཉན་ ཐོས་སྡེ་གཉིས་ཀྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དངོས་སུ་གསལ་བར་ལོགས་སུ་བཀོད་ པའི་གསུང་རབ་ཡོད་སྲི ད། བདག་ཐོས་པ་རྒྱ་ཆུང་པས་མ་ཐོས་མོད། ཆོས་མངོན་པ་ཀུན་ལས་ བཏུས་པར། གང་ལ་ཅི་ཞགི ་མདེ ་ཅེ་ན། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྟག་པ་ དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་གྱི་བདག་དང་བདག་གི་མེད་ དོ། །དེ་ལྟ་བས་ན་དེ་དག་གི་དེས་སྟོང་ངོ་། །དེ་ལ་ལྷག་མ་ཅི་ཞིག་ཡོད་ཅེ་ན། བདག་མེད་པ་ 2-1-133 དེ་ཉིད་དེ། བདག་ནི་མེད་ཀྱི། བདག་མེད་པ་ནི་ཡོད་པར་སྟོང་པ་ཉིད་ཁོང་དུ་ཆུད་པར་བྱའོ་ ཞེས་པ་ལ་བརྟེན་ནས་རྣམ་བཞག་བྱས་ན། རྟག་བརྟན་ཐེར་ཟུག་མི་འགྱུར་བའི་གང་ཟག་ གི་བདག་དང་བདག་གི་བ་ནི་ཀུན་བརྟགས། དེའི་གདགས་གཞི་ཕུང་ཁམས་སྐྱེ་མཆེད་ཟག་ བཅས་ནི་གཞན་དབང་། དེ་དག་གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་ནི་ཡོངས་གྲུབ་ བོ། ། རྣམ་རིག་པའི་མཚན་ཉིད་གསུམ་ནི། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བརྟགས་པ། །དེ་ནི་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་ལྟར། ཕྱི་རོལ་པས་བདག་རྟག་གཅིག་ཏུ་བརྟགས་པ་དང་། ཉན་ཐོས་པས་གཟུང་ འཛིན་བདེན་པར་བརྟགས་པ་ལྟ་བུ་ནི་ཀུན་བརྟགས་སོ། །གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་པ་ལྟར། ཁམས་གསུམ་པའི་ཤེས་རིག་རྒྱུ་དང་རྐྱེན་ ལས་བྱུང་བ་རྣམས་ནི་གཞན་དབང་ངོ་། །གྲུབ་ནི་དེ་ལས་སྔ་མ་སོ། །རྟག་ཏུ་མེད་པར་གྱུར་པ་ གང་། །ཞེས་པ་ལྟར་གཞན་དབང་རྣམ་རིག་ཙམ་དེ་ཀུན་བརྟགས་བདག་གཉིས་ཀྱི་སྟོང་པ་ ནི་ཡོངས་གྲུབ་བོ། །དེ་རྣམས་སུ་མཚན་ཉིད་གསུམ་གནས་སྐབས་སེམས་ཙམ་པ་དང་མཐུན་ པར་གསུངས་སོ། །གང་དག་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་ནི་སེམས་ཙམ་པ་ཁོ་ནའི་ཆོས་ སྐད་ཡིན་གྱི། དབུ་མའི་གཞུང་ལུགས་སུ་དེ་ལྟར་མ་གྲགས་སོ་ཟེར་བ་ནི་རིགས་པ་མ་ཡིན་ ཏེ། དབུ་མ་ཆེན་པོ་ཡུམ་བར་མར། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ ། ཆོས་རབ་ཏུ་དབྱེ་བ་ལ་མཁས་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱི་ གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱའོ་ཞེས་པ་ནས། འདི་ལྟར་འདི་ནི་ ཀུན་བརྟགས་པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས། འདི་ནི་ཆོས་ཉིད་ཀྱི་ གཟུགས་སོ་ཞེས་སོགས་རྣམ་མཁྱེན་གྱི་བར་དུ་སྦྱར་ནས་གསུངས་པའི་ཕྱིར་དང་། འབུམ་ 2-1-134 ཊཱིཀ་ཏུ། ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་དེ་གཉིས་ཀྱི་རྣམ་པ་དང་བྲལ་ བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ལ་ནི་ཆོས་ཉིད་ཀྱི་གཟུགས་ ཞེས་བྱའོ་ཞེས་སོགས་གསུངས་ཤིང་། ཡུམ་རྒྱས་པར། དེ་བཞིན་ཉིད། མ་ནོར་བ་དེ་བཞིན་ ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་ པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་པ་དགུ་ གསུངས་པ་རྣམས་འགྲེལ་པར་ཡོངས་གྲུབ་དགུར་བསྟན་པ་དང་། དེ་མ་རྫོགས་དང་རབ་ རྫོགས་དང་། །ཞེས་པ་ཀུན་བརྟགས་པའི་གཟུགས་དང་ཆོས་ཉིད་ཀྱི་གཟུགས་ལ་སྦྱར་ནས་ བརྒྱད་སྟོང་འགྲེལ་ཆེན་དུ་གསུངས་པ་དང་། སློབ་དཔོན་ཕྱོགས་གླིང་གིས། ཤེས་རབ་ཕ་རོལ་ ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །ཞེས་མདོར་བསྟན་དང་། མེད་ཅེས་བྱ་སོགས་ཚིག་གིས་ནི། །བརྟགས་པ་ཐམས་ཅད་འགོག་པ་སྟེ། །སྒྱུ་མ་ལ་སོགས་དཔེ་རྣམས་ཀྱི། །གཞན་གྱི་དབང་ནི་ ཡང་དག་བསྟན། །རྣམ་པར་བྱང་བ་བཞི་ཡིས་ནི། །ཡོངས་སུ་གྲུབ་པ་རབ་ཏུ་བསྒྲགས། །ཞེས་ སོགས་རྒྱས་པར་བཤད་ནས། ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་རྣམས་ཀྱིས་ གཞན་བསྟན་མེད། །ཅེས་དོན་བསྡུར་གསུངས་སོ། །དབུ་མ་སྣང་བར། དབུ་མ་པ་རྣམས་ ཀྱང་ངོ་བོ་ཉིད་གསུམ་རྣམ་པར་བཞག་པ་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཞན་དུ་ན་མཐོང་ བ་ལ་སོགས་པ་དང་འགལ་བ་ཇི་ལྟར་ཡོང་བར་འགྱུར་ཞེས་དང་། དབུ་མ་རྒྱན་དུ་ཡང་། རང་ བཞིན་གསུམ་དུ་སྨྲ་བ་ནི་དབུ་མ་པའོ། །ཡང་གང་ཞིག་རྫུན་པ་ཉིད་དུ་སྨྲ་བ་དེ་དག་ནི་དབུ་མ་ པ་ལྟར་སྣང་བ་ཡིན་ནོ་ཞེས་སོགས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་བསམ་ གྱིས་མི་ཁྱབ་པར་བསྟོད་པར་ཡང་། དམ་པའི་དོན་ནི་བཅོས་མ་ཡིན། །ངོ་བོ་ཉིད་དང་རང་ བཞིན་དང་། །ཡང་དག་རྫས་དངོས་ཡོད་པ་ལགས། །བརྟགས་པའི་དངོས་པོ་མེད་པ་ཉིད། 2-1-135 །གཞན་གྱི་དབང་ཡང་ཡོད་མ་ལགས། །ཞེས་དང་། འོ་ན་ཆོས་ཐམས་ཅད་རང་བཞིན་མེད་ པར་བསྟན་པ་དང་འགལ་ལོ་སྙམ་ན། ཐམས་ཅད་ཅེས་བྱ་བའི་ཚིག་གི་དོན་དཔྱད་དགོས་ཏེ། ཆུ་ཀླུང་ཐམས་ཅད་གྱ་གྱུར་འབབ། །བུད་མེད་ཐམས་ཅད་གཡོ་སྒྱུ་ཆེ། །ཞེས་པ་བཞིན་འདིར་ ཡང་ཆོས་ཐམས་ཅད་རང་བཞིན་མེད་ཅེས་པའི་ཆོས་ཐམས་ཅད་ནི་ཕུང་པོ་ལྔ་ལ་དགོངས་ པར་འཕགས་པ་ཀླུ་སྒྲུབ་ཀྱིས། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་ཀུན་ག་ྱིསྐ་ྱེམདེ ་ པ། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། །མདོར་ན་ཕུང་པོ་ལྔ་རྣམས་ནི། །ཆོས་ཀུན་ཞེས་ནི་བྱ་ བར་བཤད། །ཅེས་པས་སོ། །ཡང་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་ཝེན་ཚེག་མར། ཆོས་ ཐམས་ཅད་རང་བཞིན་མེད་ཅེས་པའི་དོན་བཤད་པར། བཅོམ་ལྡན་འདས་ཀྱིས་ལུང་དྲངས་ པ། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་ཏེ། ངས་མཚུངས་པར་ལྡན་པའི་རང་བཞིན་ ལ་དགོངས་ནས་ཆོས་ཐམས་ཅད་རང་བཞིན་མེད་དོ་ཞེས་བཤད་དེ། གལ་ཏེ་ལ་ལ་ཞིག་སྒྲ་ ཇི་བཞིན་དུ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ ཅད་རང་བཞིན་མེད་དོ་ཞེས་ཟེར་ན་སྟོང་པ་ཉིད་ཉེ་བར་བཟུང་པ་དེ་ནི་ལོག་པར་ལྟ་བ་ཞེས་ སོགས་གསུངས་སོ། །(འོ་ན་དོན་ལ་གྲུབ་པའི་ཆོས་གཅིག་ཀྱང་ཡོད་དམ་ཞེ་ན། བློ་གྲོས་རྒྱ་མཚོའི་ཞུས་པར། གཞན་ཡང་ གསུམ་སྟེ། དོན་དམ་པར་བདེན་པས་བདེན་པ་དང་། མི་བསླུ་བས་ཡང་དག་པ་དང་། དེ་བཞིན་ཉིད་ལས་དེ་ཁོ་ནའོ་ཞེས་དང་། དེ་ བཞིན་དུ་ཀླུ་སྒྲུབ་ཀྱིས་དབུ་མ་སྒོམ་རིམ་དུ། དེ་ལྟར་ཤེས་རབ་དག་པ་ཡིས། །རང་གི་ངོ་བོ་དོན་དམ་འདི། །ཤིན་ཏུ་ཡང་ནི་གྲུབ་ པས་ན། །བརྟགས་པའི་གཞན་དངོས་འབྱུང་བ་ཡིན། །ཞེས་དང་། ག་ལས་འཇིགས་མེད་དུ་ཡང་། དེ་ནི་དེ་དག་ཉིད་ལ་དོན་དམ་ པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ།།) ཀུན་གཞིའི་རྣམ་ཤེས་ངོ་བོ་གང་ཡིན་དང་། ཀུན་གཞི་རྣམ་སྨིན་ས་བོན་ཁྱད་པར་དང་ ། ཀུན་གཞིའི་བག་ཆགས་ཀུན་གཞི་ཡིན་མིན་གང་གསུང་བ་ལ། ཀུན་གཞིའི་རྣམ་ཤེས་ཀྱི་ངོ་ བོ་འདི། བཅོམ་ལྡན་འདས་ཀྱིས་སེམས་དང་ཡིད་དང་རྣམ་པར་ཤེས་པ། ཞེས་གསུངས་པ་ 2-1-136 ལ། ཉན་ཐོས་སྡེ་བ་ཀུན་གཞི་ཉོན་ཡིད་མི་འདོད་པས། གསུམ་ག་ཚོགས་དྲུག་གི་སྤྱི་མིང་ ། མིང་རྣམ་གྲངས་པར་འདོད་དེ། སེམས་དང་ཡིད་དང་རྣམ་ཤེས་རྣམས། །དོན་གཅིག་ཅེས་ སོ། །ཐེག་ཆེན་པ་ཡང་ཕལ་པའི་སྒོ་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པ་རྣམས་ནི་རྣམ་ གྲངས་སུ་རྟོགས་སོ། །ཞེས་གསུམ་ག་མིང་གི་རྣམ་གྲངས་ཚོགས་བརྒྱད་ཀྱི་སྤྱིའི་ཆོས་སུ་སྦྱར་ རོ། །གཙོ་བོའི་སྒོ་ནས་རྒྱན་སྟུག་པོ་བཀོད་པར། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་ སེམས་བདག་ཉིད་ཡིད་ཡིན་ནོ། །གང་ཞིག་ཡུལ་ལ་འཛིན་བྱེད་པ། །དེ་ནི་རྣམ་པར་ཤེས་ཞེས་ བྱ། །ཞེས་སེམས་ཀུན་གཞི། ཉོན་ཡིད་ཡིད། འཇུག་ཤེས་དྲུག་རྣམ་ཤེས་སུ་བཤད་པའི་དང་ པོ་ཀུན་གཞི་ལ། ཀུན་གཞི་ཡེ་ཤེས་དང་། ཀུན་གཞི་རྣམ་ཤེས་གཉིས་སུ་གནས་ཤིང་། དང་ པོ་ནི་དེ་པའི་སྙིང་པོ་ཉིད་ཡིན་ཏེ། མདོ་དེ་ཉིད་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་ གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་ པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང་། །བློ་གཞན་རྣམས་ཀྱིས་མི་ཤེས། །ཞེས་སོ། །དེ་གཉིས་ཀ་ལ་ཀུན་གཞིའི་སྒྲ་བཤད་དུ་རུང་སྟེ། འཁོར་འདས་ཀྱི་ཆོས་ཀུན་གྱི་གཞིའམ་རྟེན་ ཡིན་པས་སོ། །དེའི་ཕྱིར་ཆོས་མངོན་པའི་མདོར། ཐོག་མ་མེད་པའི་དུས་ཅན་ཁམས། །ཆོས་ རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པར་ འགྱུར། །ཞསེ ་གསུངས་པ་འདིས་ཀུན་གཞི་རྣམ་ཤེས་དང་། བདེ་སྙིང་གཉིས་ཀ་སྦྱར་བ་ཅན་ གྱི་རྒྱན་གྱི་ཚུལ་གྱིས་གསུངས་ཏེ། ཐོགས་མེད་ཀྱིས། མདོ་སྡེ་ཐེག་བསྡུས་སུ། ཀུན་གཞིའི་ རྣམ་ཤེས་ཀྱི་སྒྲུབ་བྱེད་དང་། རྒྱུད་བླའི་འགྲེལ་པར། བདེ་སྙིང་གི་སྒྲུབ་བྱེད་དུ་གསུངས་པས་ སོ། །ཁ་ཅིག་དེའི་ཕྱིར་དེ་པའི་སྙིང་པོ་ཀུན་གཞིའི་རྣམ་ཤེས་ལ་དགོངས་པ་སྟེ། གཞན་དུ་ན་ ལུང་གཅིག་འཆད་པ་པོ་གཅིག་གིས་དོན་གཅིག་ལ་སྦྱོར་བ་མི་འཐད་དོ་ཞེ་ན། འདི་ལ་བསལ་ བྱ་ཅི་ཡང་མེད། །ཅེས་སོགས་ཤོ་ལོ་ཀ་འདི་བྱམས་པས་རྒྱུད་བླར་ཁམས་དང་། མངོན་རྟོགས་ 2-1-137 རྒྱན་དུ། སྣང་བའི་ཆོས་ཀུན་བསལ་བཞག་དང་བྲལ་བར་སྟོན་བྱེད་དུ་མི་འཐད་པར་ལོ། །ཡང་ ཁ་ཅིག་ན་རེ། ལང་གཤེགས་སུ། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ ལྡན་པ་ཡང་། །འཛིན་པ་གཉིས་ཀྱི་བར་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་པ་སྙིང་པོ་ཀུན་གཞི་རྣམ་ཤེས་སོ་ཞེ་ན། སྙིང་པོ་ཀུན་གཞིར་བསྟན་པ་ཡང་། །ཞེས་པ་ ལྟར་ཀུན་གཞི་སྙིང་པོར་བརྟགས་པས་སོ། །འཕྲོས་པ་སྟེ་ཆོག་གོ། །ཀུན་གཞི་རྣམ་ཤེས་ཀྱི་ངོ་ བོ་ནི། ཐེག་བསྡུས་སུ། མདོར་བསྡུ་ན། ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་ སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ། དེས་ཁམས་གསུམ་པའི་ལུས་ཐམས་ ཅད་འགྲོ་བ་ཐམས་ཅད་བསྡུས་སོ་ཞེས་དང་། སུམ་ཅུ་པར། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་པ་ལྟར་རྣམ་སྨིན་དང་ས་བོན་བག་ཆགས་ཐམས་ ཅད་ཇི་ལྟར་རིགས་པར་བརྟེན་ཅིང་དོན་གྱི་ངོ་བོ་རིག་པ། དེ་ནི་ལེན་པ་དག་དང་གནས། །རྣམ་ པར་རིག་པ་མ་རིག་པ། །རྟག་ཏུ་རེག་དང་ཡིད་བྱེད་དང་། །རིག་དང་འདུ་བྱེད་སེམས་པར་ ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་སྒྲིབ་ལུང་མ་བསྟན། །རེག་ལ་སོགས་པའང་ དེ་བཞིན་ནོ། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ། །ཞེས་པ་ལྟར་ དམིགས་པ་སྣོད་བཅུད་སོགས་རྒྱ་ཡོངས་སུ་མ་ཆད་པ། རྣམ་པ་མི་གསལ་ཞིང་ཆ་ཕྲ་བས་ཡུལ་ སྣང་བར་ནུས་ཙམ། གྲོགས་ཀུན་འགྲོ་ལྔ་དང་མཚུངས་པར་ལྡན་ཞིང་གཙོ་བོར་ཚོར་བ་བཏང་ སྙོམས་ཅན། ངོ་བོ་མ་སྒྲིབ་ལུང་མ་བསྟན། དུས་འཁོར་བ་ཇི་སྲི ད་པར་འཇུག་པ། བྱེ་བཤད་དུ། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཁོག་པ་ཐམས་ཅད་ལ་ཁྱབ་པའོ་ཞེས་པ་ལྟར། དབང་པོ་ དང་བཅས་པའི་ལུས་ཐམས་ཅད་ལ་ཁྱབ་པ། བསྡུ་བར། གནས་གྱུར་མ་ཐག་ཏུ་ཀུན་གཞིའི་ རྣམ་པར་ཤེས་པ་སྤངས་པར་བརྗོད་པར་བྱ་སྟེ། ཞེས་པ་ལྟར་སངས་རྒྱས་པ་ན་ལྡོག་པའོ། །ཁ་ ཅིག་དབུ་མ་པ་ཀུན་གཞི་རྣམ་ཤེས་ཁས་མི་ལེན་པར་འདོད་པ་ནི་མི་རིགས་ཏེ། འཕགས་པ་ 2-1-138 ཀླུ་སྒྲུབ་ཀྱིས་སེམས་འགྲེལ་དུ། དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །བརྫུན་ཡང་བདེན་པ་ ལྟ་བུར་ནི། །འགྲོ་དང་འོང་བས་རྣམ་གཡོ་ཞིང་། །རྟག་ཏུ་སྲི ད་པ་གསུམ་པོ་ལེན། །ཞེས་དང་ ། དྲི་མེད་འོད་དུ། མངལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྡུལ་དང་ཁུ་བ་དང་ཡན་ལག་ལྡན་ པ་ཡིན་ནོ་ཞེས་པས་སོ། །ཐེག་ཆུང་གི་སྐབས་སུའང་འགའ་ཞིག་ཏུ་གསལ་བར་གསུངས་པ་ དང་། འགའ་ཞིག་ཏུ་མི་གཞན་གྱིས་གསུངས་པ་ཡོད་དོ། །རྣམ་སྨིན་དང་ས་བོན་གྱི་ཁྱད་པར་ ནི། ཐེག་བསྡུས་སུ། འདིའི་མཚན་ཉིད་རྣམ་པར་བཞག་པ་ཇི་ལྟར་ལྟ་ཞེ་ན། རང་གི་མཚན་ ཉིད་རྣམ་པར་བཞག་པ་དང་འབྲས་བུ་ཉིད་དུ་རྣམ་པར་བཞག་པའོ། །ཞེས་གསུངས་པའི་དོན་ ཀུན་གཞིའི་རྣམ་ཤེས། ས་བོན་ཀུན་གཞི། རྣམ་སྨིན་ཀུན་གཞི་སྟེ། དང་པོ་ནི་ཀུན་གཞིའི་རྣམ་ ཤེས་ཉིད་དེ་བཤད་ཟིན་པ་ལྟར་རོ། །གཉིས་པ་ནི། ཀུན་གཞི་ས་བོན་ཏེ། ཀུན་གཞི་ལ་ཡོད་ པའི་བག་ཆགས་འབྲས་བུ་ཆོས་གཞན་སྐྱེ་བའི་རྐྱེན་དུ་གནས་པའོ། ། གསུམ་པ་ནི་ཀུན་གཞིའི་རྣམ་སྨིན་ཏེ། བག་ཆགས་ལ་བརྟེན་ནས་ས་བོན་ཡོངས་སུ་སྨིན་ པར་གྱུར་པའི་ཀུན་གཞིའོ། །དེ་གཉིས་ཀྱང་ཆོས་ཕྱི་མ་ལ་ལྟོས་ནས་ས་བནོ་དང་། སྔ་མ་ལ་ལྟོས་ ནས་རྣམ་སྨིན་ཡིན་ལ། ཀུན་གཞི་རྣམ་ཤེས་སུ་མཚུངས་པ་ཉིད་དོ། །ཀུན་གཞིའི་བག་ཆགས་ ཀུན་གཞི་ཡིན་མིན་ལ། བག་ཆགས་ནི་ཐེག་བསྡུས་སུ། རྟེན་ལུང་མ་བསྟན་ལྷན་ཅིག་འབྱུང་ ། །ས་ྒོབར་བདྱེ ་དང་འབལྲེ ་པ་ལ། །སྒོ་བྱེད་དེ་ལས་གཞན་དུ་མིན། །དེ་ནི་བག་ཆགས་མཚན་ ཉིད་དོ། །ཞེས་དང་། དོན་གསང་དུ། སྒོ་བར་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒོ་བར་ བྱེད་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པར་གྱུར་ནས་སྒོ་བར་བྱེད་པའི་ཆོས་དེ་ རྣམས་ཀྱི་མ་འོངས་པའི་སྐྱེ་བའི་རྒྱུན་དུ་འགྱུར་བ་ནི་བག་ཆགས་ཏེ། དཔེར་ན་འཇིག་རྟེན་ ན་ཏིལ་རྣམས་མེ་ཏོག་དང་ཕྲད་ནས་ལྷན་ཅིག་སྐྱེ་བ་དང་འགག་པ་ལ་བརྟེན་ནས་དེ་དང་འདྲ་ བའི་དྲི་འབྱུང་བའི་རྒྱུ་མཚན་དུ་གྱུར་པའམ། དཔེར་ན་བསྟན་བཅོས་ལས་ཞེས་སོགས་རྒྱས་ 2-1-139 པར་གསུངས་སོ། །དེ་ལ་སྒོ་བའི་གཞི་ནི། རྒྱུན་བརྟན་པ་ཀུན་གཞིའི་རྣམ་ཤེས་ལ་སྒོ་བར་ བྱ་བ་ཡིན་གྱི། མི་བརྟན་པ་ཚོགས་དྲུག་ལྟ་བུ་ལ་མ་ཡིན། ལུང་དུ་མ་བསྟན་ཅིང་མི་གསལ་བ་ ཀུན་གཞིའི་རྣམ་ཤེས་ལ་སྒོ་བར་བྱ་བ་ཡིན་གྱི། དགེ་མི་དགེར་སྐྱེས་ཤིང་། གསལ་བ་འཇུག་ ཤེས་སོགས་ལ་མ་ཡིན། དགོས་པ་འཛིན་ཅིང་མི་རྟག་པ་ཀུན་གཞི་རྣམ་ཤེས་ལ་བསྒོ་བར་བྱ་ བ་ཡིན་གྱི། རྟག་པ་ནམ་མཁའ་སོགས་ལ་མ་ཡིན། སྒོ་བྱེད་དང་ལྷན་ཅིག་རྒྱུད་གཅིག་ལ་དུས་ མཉམ་དུ་འབྲེལ་བའི་ཀུན་གཞིའི་རྣམ་ཤེས་ལ་བསྒོ་བར་བྱ་བ་ཡིན་གྱི། རྒྱུད་དུས་ཐ་དད་པའི་ ཀུན་གཞི་ལ་མ་ཡིན་ནོ། །བསྒོ་བྱ་ལ་ནུས་པ་རྗེས་སུ་འཇུག་ཏུ་རུང་བའི་ཚོགས་བདུན་འཁོར་ བཅས་ཀྱིས་བསྒོ་ཞིང་། ཇི་ལྟར་བསྒོ་ཚུལ་ནི། དཔེར་ན་ཏིལ་དང་བསྒོ་བྱེད་སྣ་མའི་མེ་ཏོག་ ཡུན་དུ་ལྷན་ཅིག་བཞག་པས་དྲི་གོས་ཏེ། ཕྱིས་མེ་ཏོག་འགགས་ཀྱང་ཏིལ་ལ་མེ་ཏོག་གི་ དྲི་བཟང་རྒྱུན་དུ་འབྱུང་བ་ལྟར། ཀུན་གཞི་དང་དགེ་མི་དགེ་ལུང་མ་བསྟན་དུ་སྐྱེས་པའི་ཚོགས་ བདུན་ཡུན་རིང་དུ་སྐྱེ་འགག་ལྷན་ཅིག་བྱས་པས་ཕྱི་བསྒོ་བྱེད་འགགས་ཀྱང་། དེའི་འབྲས་བུ་ སྐྱེད་པའི་ནུས་པ་ཀུན་གཞི་ལ་རྗེས་སུ་འཇུག་པའོ། །བག་ཆགས་ཀུན་གཞི་དང་གཅིག་དང་ ཐ་དད་ཇི་ལྟར་ཡིན་པ་ནི་འཕགས་པ་ཐོགས་མེད་ཀྱིས་དེ་བཞིན་ཉིད་དང་གཞན་དུ་བརྗོད་དུ་ མེད་པར་གསུངས་པ་ནི་ལྡོག་པ་དེ་ཉིད་དང་རྫས་གཞན་དུ་མེད་པ་ལ་དགོངས་པ་སྟེ། བཤད་ སྦྱར་དུ། མདོ་སྡེ་པ་རྣམས་དང་ཤེས་པ་དེ་ཉིད་དང་གཞན་མ་ཡིན་པ་དཔེར་བྱས་ནས་གསུངས་ པས་སོ། །ཡང་ཐོས་པའི་བག་ཆགས་ཀུན་གཞི་མ་ཡིན་པར་བཤད་པའང་ལྡོག་པ་མ་ཡིན་པ་ ལ་དགོངས་སོ། །ཕ་རོལ་ཕྱིན་པའི་ཐེག་པའི་ལམ་རྣམས་ཀྱིས། །སྔགས་ལ་མ་བརྟེན་སངས་ རྒྱས་ཐོབ་མི་ཐོབ། །ཅེས་གསུང་བ་ལ། མི་ཐོབ་སྟེ། གཟུངས་བཞི་ངེས་པར་ཐོབ་དགོས་པའི་ ཕྱིར་དང་། རྣམ་སྣང་མངོན་བྱང་ལས། རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་ གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་བའི་དོན་ཕྱིར་བཞུགས་ 2-1-140 པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ཏེ། །དཔའ་བོས་ བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་ མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ ཀྱང་དེ་ཡིས་བཅོམ། །ཞེས་སོགས་གསུངས་སོ། །ཉེ་ལམ་རིང་ལམ་ཁྱད་པར་ཅི་ཡིས་འབྱེད། །ཕ་རོལ་ཕྱིན་པའི་ལམ་ལྔ་ས་བཅུ་ལས། །གཞན་པའི་སྔགས་ལ་ལམ་གཞན་ཨེ་བདོག་ ལགས། །ཞེས་པའི་ལན་ཐུན་མོང་མ་ཡིན་པའི་དྲིས་ལན་དུ་སྟོན་ནོ། ། གཟུགས་སྐུ་གཉིས་པོ་སངས་རྒྱས་ཡིན་ནམ་མིན། །མ་ཡིན་རིགས་པའི་གནོད་བྱེད་ཅི་ ཡོད་ལགས། །ཞེས་གསུང་བ་ལ་སངས་རྒྱས་ཤིན་ཏུ་ཡིན་ནོ། །གཞན་དུ་ན་སངས་རྒྱས་ཀྱི་ སར་ཚོགས་གཉིས་ཀྱི་འབྲས་བུ་མཐར་ཐུག་མི་སྲི ད་པར་འགྱུར་བ་དང་། མཉམ་ཉིད། སོར་ རྟོག བྱ་གྲུབ་ཀྱི་ཡེ་ཤེས་མེད་པ་དང་། མཐར་ཐུག་གི་དགའ་བཞི་མེད་པ་སོགས་མང་ངོ་། །འདི་ནི་རང་སེམས་སྣང་བ་ཞེས། །སོ་སོ་སྐྱེ་བོས་མི་ཤེས་མོད། །དེ་ལྟ་ན་ཡང་གཟུགས་མཐོང་ དེ། །དེ་དག་ལ་ནི་དོན་ཡོད་འགྱུར། །ཞེས་སོགས་ཀྱི་དོན། སངས་རྒྱས་ཀྱི་མཆོག་གི་སྤྲུལ་སྐུ་ མཐོང་བའི་སོ་སྐྱེ་དེས་དེ་ཉིད་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་སེམས་ཤིང་། དོན་དམ་ཆོས་སྐུ་ མ་ཤེས་ཀྱང་དེ་འདྲ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་ཚོགས་བསགས་ པས་རིམ་གྱིས་ཆོས་སྐུ་མངོན་དུ་འགྱུར་ཞེས་པ་སྟེ། ལུང་དེའི་འཕྲོ་ནས། རིམ་གྱིས་དེ་མཐོང་ བ་ལ་བརྟེན་ནས། ནང་གི་དམ་པ་ཆོས་སྐུ་ནི། །ཤེས་རབ་མིག་གིས་མཐོང་བར་འགྱུར། །ཞེས་ སོ། །དེ་ལས་གཞན་དུ་ཐུབ་པའི་གཟུགས་སྐུ་གདུལ་བྱའི་རང་སམེ ས་ཡནི ་ག།ྱི ཐུབ་པའི་སྐུ་ དངོས་མིན་ན་བསྒྲུབ་པའི་མཐར་ཐུག་གི་ཐོབ་བྱ་དེ་རང་གིས་མ་ཐོབ། གཞན་གྱིས་ཐོབ་པས་ ལས་བྱས་པ་ཆུད་ཟོས་མ་བྱས་པ་དང་ཕྲད་པས་ལས་དང་འབྲས་བུར་འབྲེལ་པ་ཉམས་པར་ འགྱུར་རོ་གསུང་། 2-1-141 དབུ་མ་ཆེན་པོའི་གྲུབ་མཐའ་སོར་བཞག་ལ། །རང་སྣང་དག་ལ་ཡེ་ཤེས་ཡོད་དམ་མེད། །ལེགས་པར་དགོངས་ནས་ཐུགས་རྗེས་འཛིན་པར་ཞུ། །གསུང་བ་ལ། ཤིན་ཏུ་ཡོད་དེ། དེ་ སོར་བཞག་ལ་མཐར་ཐུག་གི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། ཆོས་མ་འདྲེས་ པ་བཅོ་བརྒྱད་སོགས་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡེ་ཤེས་རྣམས་སངས་རྒྱས་ཉིད་ ཀྱི་ཡེ་ཤེས་ཀྱི་རང་སྣང་ཡིན་པས་སོ། །སློབ་དཔོན་ཟླ་བ་གྲགས་པས། ཤེས་བྱ་ལ་ཡང་བློ་ རྒྱས་ཕྱིར། །ཞེས་དང་། ཆོས་རྣམས་རང་བཞིན་ཁོ་ན་ལ། །གནས་པའི་བློ་ལ་སངས་རྒྱས་ འདོད། །ཅེས་དང་། སངས་རྒྱས་རྣམས་ཀྱི་སྟོབས་སོགས་ཀྱིས། །ཡེ་ཤེས་དེ་ནི་རྣམ་པར་ བརྒྱན། །ཞེས་དང་། འཇུག་པར། སངས་རྒྱས་ཀྱི་ས་ནི་སྟོབས་བཅུས་རབ་ཏུ་ཕྱེ་བ་ཡནི ་པའི་ ཕྱིར། དེའི་རྣམ་པར་དབྱེ་བ་ཆ་ཙམ་ཞིག་བསྟན་པར་བྱ་བའི་ཕྱིར་བཤད་པ། ཞེས་སོགས་དང་ ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་ནི་བ་སྤུའི་བུ་ག་རེ་རེ་དང་། སྐྱེས་ བུ་ཆེན་པོའི་མཚན་དང་། དཔེ་བྱད་དང་། སྟོབས་མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་སྤྱད་པ་ནི་སངས་རྒྱས་ཁོ་ནས་སྤྱོད་ ལ། གལ་ཏེ་གསུང་ན་ནི་རང་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པས་བསྐལ་པ་གྲངས་མེད་པ་ བསམ་གྱིས་མི་ཁྱབ་པ་སྐུ་ཚེའི་ཚད་བྱིན་གྱིས་བརླབས་ཤིང་། འཕྲིན་ལས་གཞན་མི་མངའ་ བར་སྐྱན་པ་སྐྱན་པར་གསུངས་པ་དེ་ལྟ་ན་ཡང་ཡོན་ཏན་དག་ཡོངས་སུ་རྫོགས་པར་མི་འགྱུར་ ན། བྱང་ཆུབ་སེམས་དཔས་ཅི་སྨོས་ཏེ། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་སངས་ རྒྱས་ཀྱི་ཡོན་ཏན་མཐར་ཕྱིན་པར་ཤེས་པའམ། རྗོད་པར་ནུས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་ དགོས་ཞེས་ཉན་རང་བྱང་སེམས་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པར་མི་རྟོགས་ ལ། སངས་རྒྱས་ཁོ་ནས་མཁྱེན་པར་གསུངས་པས་རང་སྣང་ལ་ཡེ་ཤེས་ཡོད་པར་ཟླ་གྲགས་ བཞེད་པར་གྲུབ་པས། ཟླ་གྲགས་སངས་རྒྱས་ལ་རང་སྣང་ལ་ཡེ་ཤེས་ཡོད་པར་བཞེད་པས། 2-1-142 དབུ་མ་ཐལ་འགྱུར་བ་སངས་རྒྱས་ལ་རང་སྣང་གི་ཡེ་ཤེས་མེད་པར་འདོད་པ་བཀག་གོ། །དེ་ དག་གིས་ཐུན་མོང་གི་དྲིས་ལན་མདོར་བསྡུས་ཙམ་བསྟན་ནོ།། །། གསང་སྔགས་རྡོ་རྗེ་ཐེག་པ་དང་འབྲེལ་བ་ཐུན་མོང་མ་ཡིན་པའི་དྲི་བ་མང་དུ་བཀོད་ གདའ་བའི་ལན་ལ། སྤྱིར་རྡོ་རྗེ་ཐེག་པ་ཞེས་པ་འགྲེལ་ཆེན་དྲི་མེད་འོད་དུ། རྡོ་རྗེ་ནི་མི་ཕྱེད་པ་ དང་མི་ཆོད་པ་ཆེན་པོ་ཡིན་ལ། དེ་ཉིད་ཐེག་པ་ཡིན་པ་ནི་རྡོ་རྗེ་ཐེག་པ་སྟེ། ཞེས་པ་ལྟར་རྡོ་རྗེ་ ཐེག་པའམ། གསང་བས་འགྲུབ་པས་གསང་སྔགས་ཏེ། རྡོ་རྗེ་ཐེག་པ་འབྲས་བུ་ཆེ། །ཞེས་པ་ ལྟར་གསང་ཞིང་སྦས་པས་འགྲུབ་ལ། སྔགས་དང་ཕྱག་རྒྱའི་སྒོ་ནས་དངོས་གྲུབ་སྒྲུབ་པར་ བྱེད་པས་སམ། མན་ཏྲ་སྟེ། ཡིད་སྐྱོབ་པར་བྱེད་པའི་ཕྱིར་གསང་སྔགས་དང་། དཔུང་ བཟངས་ཀྱི་འགྲེལ་པ་ལས། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི། རིག་སྔགས་འཆང་རྣམས་ ཀྱི་བསླབ་པའི་གཞི་དང་། གྲུབ་པའི་མཐའ་འདི་ཉིད་ཀྱི་སྟོན་པའི་དོན་ཏོ། །ཞེས་པ་ལྟར་རིག་ འཛིན་གྱི་སྡེ་སྣོད་ཡིན་ལ། དེ་ལྟ་བུའི་གསང་སྔགས་རྡོ་རྗེ་ཐེག་པ་ནི་ཕྱི་མཚན་ཉིད་ཕ་རོལ་ཏུ་ ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པར་སློབ་དཔོན་ཛྙཱ་ན་ཤྲཱིས་མཐའ་གཉིས་སེལ་ བར། གསང་སྔགས་ཀྱི་ཐེག་པ་འདི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དབུ་མ་ལས་ཀྱང་ཁྱད་ པར་ཅི་ཡོད་པར་བསྟན་ཏེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང་། སྒྲུབ་པ་ བླ་ན་མེད་པ་དང་། ཡེ་ཤེས་བླ་ན་མེད་པ་དང་། ཞེས་པ་ནས། སྤྱོད་པ་བླ་ན་མེད་པའི་ཐབས་ མཁས་ཏེ། དེ་ལྟར་ཐབས་མཁས་པ་ཉིད་རྣམ་པ་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ་ ཞེས་པ་ལྟར་ཁྱད་འཕགས་བཅུ་གཅིག་(ཕ་རོལ་ཕྱིན་པའི་ལམ་ལྔ་ས་བཅུ་ལས། གཞན་པའི་སྔགས་ལ་ལམ་གཞན་ ཨེ་བདོག་ལགས། ཞེས་པའི་ལམ་བསྟན་ཅིང་འབྲས་བུ་ལ་ཁྱད་པར་མེད་དོ།།)གམ། ཌཾོ་བྷི་ཧེ་རུ་ཀའི་ཞལ་སྔ་ནས། འདིར་ནི་སྣོད་ཀྱི་ཁྱད་པར་དང་། །སྣོད་དུ་བྱེད་པའི་ཆོས་དང་ནི། །གཞུང་དང་ལམ་གྱི་ཁྱད་པར་ དང་། །འབྲས་བུ་དག་གི་ཁྱད་པར་གྱིས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ 2-1-143 གསུངས་པ་ལྟར་ཁྱད་པར་བཞིའམ། ཚུལ་གསུམ་སྒྲོན་མར། དོན་གཅིག་ལ་ཡང་མ་རྨོངས་ དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ བསྟན་བཅོས་ཁྱད་པར་འཕགས། །ཞེས་པ་ལྟར་ཁྱད་པར་བཞིའི་སྒོ་ནས་ཁྱད་པར་དུ་ འཕགས་ཤིང་། དེ་ལ། དོན་གཅིག་ན་ཡང་ཞེས་པ་སྔགས་ཕར་ཕྱིན་གཉིས་དེ་ཁོ་ན་ཉིད་ལ་ ཁྱད་པར་མེད་པའམ། འབྲས་བུ་ལ་ཁྱད་པར་མེད་ཀྱང་ཕར་ཕྱིན་དུ་ཕྱིའི་སྦྱིན་སོགས་ལ་ འཇུག་ཅིང་ཡུན་རིང་པོས་ཚོགས་རྫོགས་པར་བྱེད་ལ་སྔགས་སུ་ཕྱིའི་ཐབས་དེ་དག་སྨད་ནས་ ཐ་མལ་པའི་མགོ་སྦྱིན་པ་སོགས་ལས་[ཐ་ན་]མཆོག་ཏུ་གྱུར་པས་ཕྱིན་དྲུག་རྫོགས་པའི་ཕྱིར་ ཐབས་ལ་མ་རྨོངས། ཡང་སྔགས་ནི་རྨི་ལམ་བརྟག་པའམ། མེ་ཏོག་བབས་པའམ། ཡེ་ཤེས་ དབབ་པའམ། ཕྱག་རྒྱ་བཅིང་བ་སོགས་སམ། སྤྱོད་པའི་སྒོ་ནས་ཉོན་མོང་ཤས་གང་ཆེ་བ་དེའི་ གཉེན་པོར་དེ་དང་དེའི་ལྷ་སྒོམ་པ་སྟེ། དཔེར་ན། འདོད་ཆགས་ཤས་ཆེ་ན་འོད་དཔག་མེད་ བསྐྱེད་ནས་འདོད་ཆགས་ཆེན་པོའི་ཚུལ་གྱིས་ཏིང་ངེ་འཛིན་སྒོམ་པ་སོགས་ཐུགས་རྡོ་རྗེའི་ཏིང་ ངེ་འཛིན་དང་། ལྷ་དེའི་ངོ་བོར་བསམས་ནས་སྔགས་བཟླས་པས་སྡིག་པ་སྦྱོང་ཞིང་ཚོགས་ རྫོགས་པར་བྱེད་པ་གསུང་གི་ཏིང་ངེ་འཛིན་དང་། རགས་པ་སྐུའི་དཀྱིལ་འཁོར་བསྐྱེད་དེ་ སྔགས་བཟླ་ཞིང་རིམ་གྱིས་ཆོས་དབྱིངས་ལ་འཇུག་པ་སྐུའི་ཏིང་ངེ་འཛིན་ཏེ། དཔེར་ན་གདུལ་ བྱའི་སྐལ་བ་དང་འཚམ་པར་རྒྱུད་སྡེ་བཞི་སྤྲོས་ནས་གསུངས་པས་ཐབས་མང་པའོ། །གང་ ཞིག་གང་དུ་ཇི་ལྟར་འདོད། །དེ་ཉིད་དེ་ལ་ངེས་སྦྱོར་ཞིང་། །འདོད་པའི་དོན་ཐོབ་མཛད་པ་ཡི། །དམ་པའི་དོན་ནི་ཐུབ་པས་གསུངས། །ཞེས་པ་ལྟར་གདུལ་བྱ་རང་ཉིད་ཇི་ལྟར་འདོད་པ་དེ་ ལ་ངེས་པར་སྦྱོར་ཞིང་། ཐབས་བདེ་བ་ཉིད་ཀྱི་བྱང་ཆུབ་ཐོབ་པར་མཛད་པ་ཡིན་ཏེ། དེ་ཡང་ འདི་ལྟར་དབང་པོ་ཡང་རབ་ལ་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་ཅིང་། དབང་པོ་རབ་ཀྱི་འབྲིང་དོན་དམ་པའི་ཡེ་ཤེས་ལ་འཇུག་མི་ནུས་པ་ལ་ཕྱག་རྒྱ་ཆེན་པོའི་ 2-1-144 ཐབས་སུ་གྱུར་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ལ། འདོད་ཆགས་ལྷག་པར་ཆེ་ཞིང་བློ་ཆུང་པ། དབང་པོ་རབ་ཀྱི་ཐ་མ་ལ་ལས་ཀྱི་ཕྱག་རྒྱ་བསྟན་ཏེ། དེ་ལྟར་ན་སེམས་ཅན་གང་གང་ལ་ མངོན་པར་འདོད་པ་དེ། དེ་ཉིད་ལ་ངེས་པར་སྦྱོར་བས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ པས་ན་དཀའ་བ་མེད་པ་ཡིན་ནོ། །ཉན་ཐོས་པ་ནི་དེ་ཁོ་ན་ཉིད་ཀྱི་ཐབས་མ་ཤེས་པའི་ཕྱིར་ དབང་པོ་བརྟུལ་ལ། ཕ་རོལ་ཏུ་ཕྱིན་པ་ནི་ཐབས་ལ་འཁྲུལ་བའི་ཕྱིར་དབང་པོ་འབྲིང་ཡིན། གསང་སྔགས་པ་ནི་གང་དུ་ཡང་རྨོངས་པ་མེད་པས་ན་དབང་པོ་རྣོན་པོ་ཡིན་ཏེ། གང་ཞིག་ གཞན་གྱིས་བྱས་ན་ངན་འགྲོར་འགྲོ་བར་འགྱུར་བ་དེ་ཉིད་ཕྱིན་ཅི་མ་ལོག་པའི་ཐབས་ལ་ མཁས་པས་སངས་རྒྱས་ཀྱི་རྒྱུར་སྒྱུར་བར་བྱེད་ནུས་པའི་ཕྱིར་རམ། འབྲས་བུ་ལམ་དུ་བྱེད་ ནུས་པའི་ཕྱིར་རམ། འབྲས་བུ་ལམ་དུ་བྱེད་པས་ཏེ། དེ་ལྟར་བཞིས་སྔགས་ཀྱི་ཐེག་པ་ཁྱད་ པར་དུ་འཕགས་པ་ཡིན་ནོ། །སློབ་དཔོན་ཛྙཱ་ན་ཤྲཱིས་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བར། ཐབས་མྱུར་བ་དང་། བླ་བ་དང་། མང་བ་དང་། མཁས་པ་ཞེས་བྱའོ་ཞེས་གསུངས་ཤིང་། དེ་ ལ་ཐབས་མྱུར་བ་ནི། ཕྱི་མཚན་ཉིད་ཀྱི་ཐེག་པར་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་དང་ ། བཅུ་དང་ཉན་རང་ཐེག་ཆེན་དུ་ཞུགས་པས་བཞི་འམ་བཞི་བཅུ་དང་། གཞན་གྱི་གྲངས་མེད་ གསུམ་ན་སངས་རྒྱ་བར་གསུངས་ལ། སྔགས་ཀྱི་ཐེག་པར་རབ་ཚེ་གཅིག འབྲིང་སྐྱེ་བ་བདུན། ཐ་མས་སྐྱེ་བ་བཅུ་དྲུག་གིས་མཆོག་འགྲུབ་པར་གསུངས་མྱུར་བ་ཡིན་ནོ། །རྣལ་འབྱོར་བླ་མེད་ ལ་དེ་ལྟར་ཡིན་ཡང་རྒྱུད་སྡེ་འོག་མ་རྣམས་ལ་མི་རུང་ངོ་སྙམ་ན་མ་ཡིན་ཏེ། བྱ་བའི་རྒྱུད་ འཇམ་དཔལ་རྩ་རྒྱུད་ལས། ཚེ་འདིར་དཀའ་བ་ལེགས་སྤྱད་ཅིང་། །ལས་ལྡན་ཚེ་ནི་འདི་ལ་ ཡང་། །འབད་པ་མེད་པར་སྔགས་རྣམས་འགྲུབ། །ལས་ནི་འདི་ལའང་སྣང་གྱུར་ན། །སྐྱེ་བ་ འདི་ལའང་འགྲུབ་པར་འགྱུར། །ཞེས་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་རྒྱུད་ཕྱི་མ་ལས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ 2-1-145 རྣམས་ཀྱི་ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་མངོན་ པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་དང་། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་བྱུང་། །ས་ཡི་ཕ་རོལ་ཕྱིན་པ་མཆོག །གང་ཕྱིར་གསང་བ་མཐོ་ བ་ཐོབ། །རབ་ཏུ་དགའ་བ་འགྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་དེ་བརྩོན་ན། །ཚེ་འདི་ ཉིད་ལ་མྱ་ངན་འདའ། །རབ་ཏུ་དགའ་བའི་ས་ཐོབ་ཅིང་། །རྡོ་རྗེ་ཉིད་ནི་ཐེ་ཚོམ་མེད། །ཡང་ན་ མཐོང་བ་ཙམ་གྱིས་ནི། །སྐྱེ་བ་བཅུ་དྲུག་མྱ་ངན་འདའ། །ཞེས་པ་ནས། སོ་སོ་སྐྱེ་བོས་སངས་ རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་སོ། །རྣལ་འབྱོར་བླ་མེད་ལ་བརྟེན་ ནས་རབ་ཚེ་འདིར། འབྲིང་འཆི་ཁའམ་བར་དོར། ཐ་མ་སྐྱེ་བ་བདུན་ནམ་བཅུ་དྲུག་ནས་ འགྲུབ་པ་ནི། གསང་བ་འདུས་པར། གང་གཱའི་བྱེ་མ་རྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་འབད་ཅིང་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བ་གང་ཡིན་པ་དེ་ གསང་བ་འདུས་པ་ལ་དགའ་བའི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་ པ་རྣམས་ཀྱི་སངས་རྒྱས་ཞེས་བྱ་བའི་གྲངས་སུ་འགྲོའ་ོཞེས་དང་། དུས་འཁོར་རྩ་རྒྱུད་ལས། གདོལ་པ་སྨིག་མཁན་ལ་སོགས་དང་། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་ པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་གསུངས་ཤིང་། ཚེ་གཅིག་ལུས་ གཅིག་ལ་སངས་རྒྱ་བར་བཤད་པ་ས་ཐོབ་པའི་དབང་དུ་བྱས་པ་ཡིན་ནོ་སྙམ་པ་དགོས་ཡང་ ལུང་དེས་བསལ་ཞིང་། དྲི་མེད་འོད་ལས་ཀྱང་། སྐྱེ་བ་འདི་ལ་སྔར་མཚམས་མེད་པ་ལྔ་ལ་ སོགས་པ་མི་བཟད་པའི་ལས་གང་བྱས་པ་དེ་དག་སྔགས་ཀྱི་ཐེག་པ་འདིར་ཕྱག་རྒྱ་ཆེན་པོ་མི་ འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཞེས་པ་ནས། རྡོ་རྗེ་སེམས་དཔའ་ ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་བསྒྲུབས་ཏེ་མཚམས་མེད་པ་ལྔ་བྱེད་པ་པོ་རྣམས་ཀྱང་སྐྱེ་བ་ འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་པ་ནི་དེ་བཞིན་གཤེགས་པ་ 2-1-146 བཞེད་ཀྱི་ཞེས་སོགས་ཀྱིས་འགྲུབ་བོ། །ཡང་ཚེ་དེ་ལ་མ་གྲུབ་ན། འཆི་ལྟས་མཐོང་བའི་རྣལ་ འབྱོར་པས་རིམས་ལ་སོགས་པས་མ་ཕོག་པའི་གོང་དུ་འཕོ་བ་བྱས་ན་མཆོག་འགྲུབ་སྟེ། (མ་རྒྱུད་) རྡོ་རྗེ་གདན་བཞི་ལས། འཆི་འཕོ་མཚན་མ་མཐོང་བ་ཡིས། །འཆི་བར་འགྱུར་བའི་དུས་འབྱུང་ ན། །རིམས་ལ་སོགས་པས་མ་ཕོག་པར། །འཕོ་བའི་སྦྱོར་བ་མཆོག་ཡིན་ནོ། །ཞེས་གསུངས་ ཤིང་། དེའི་ཕན་ཡོན་ཡང་། ཚིགས་དགུ་ལས་ནི་ཡར་བཏོན་ན། །མདོ་ལས་འཕོ་བ་ཞེས་ བྱའོ། །ཉིན་རེ་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་དང་། །རྐུ་དང་འདོད་ པའི་ལོངས་སྤྱོད་དང་། །འདི་ཡི་ལམ་གྱིས་འགལ་བར་འགྱུར། །སྡིག་གིས་གོས་པར་མི་ འགྱུར་ཏེ། །སྲི ད་པའི་དངོས་པོ་རིང་བར་འགྱུར། །ཇི་ལྟར་འདམ་ནས་སྐྱེས་པ་ཡིས། །པད་ མའི་མདངས་ནི་མཛེས་པར་འགྱུར། །དེ་བཞིན་དམ་པའི་ལུགས་དག་ལས། །ཡེ་ཤེས་སྐུ་ནི་ རང་དགར་འབྱུང་། །དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །དེ་བས་ལུས་ལ་རྟགས་བྱུང་ན། །བློ་དང་ལྡན་པས་སྦྱོར་བ་བརྩམ། །ཞེས་གསུངས་སོ། །གལ་ཏེ་འཕོ་བས་མཆོག་མ་གྲུབ་ན་རིག་འཛིན་འགྲུབ་ཅིང་། དེས་ན་རིམ་གྱིས་མཆོག་ འགྲུབ་པར་གསུངས་ཏེ། ཞལ་ལུང་ཆེན་མོ་ལས། གལ་ཏེ་སྐུ་གསུམ་མ་གྲུབ་ན། །རིག་པ་ འཛིན་པའི་གཙོར་འགྱུར་ཏེ། །རིམ་གྱིས་ཕྱག་རྒྱ་ཆེན་པོར་འགྱུར། །ཞེས་དང་། དུས་འཁོར་ བསྡུས་རྒྱུད་ལས། ཟུང་གི་རླུང་དག་དགགས་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་ མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །ཞེས་གསུངས་པས་སོ། །གལ་ཏེ་བརྩོན་འགྲུས་དང་མི་ལྡན་ ན་ལྟུང་བ་མེད་པ་ནི་སྐྱེ་བ་གསུམ་མམ་བདུན་ལ་འགྲུབ་སྟེ། གསང་སྔགས་ལ་འཇུག་པར། རྒྱུ་ དང་ལྡན་ཡང་རྐྱེན་འགའ་ཞིག །སྨན་གྱི་ལྗོན་ཤིང་ཆེན་པོ་ལྟར། །མ་ཚང་བ་ནི་ཚེ་གསུམ་གྱིས། །སྟོང་ཉིད་ལེགས་མཐོང་དུས་མེད་གྲོལ། །ཞེས་པ་དང་། གསང་བའི་མཛོད་ལས་ཀྱང་། 2-1-147 དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་ བདུན་ན་ནི། །མ་བསྒོམས་པར་ཡང་དངོས་གྲུབ་ཐོབ། །ཞེས་པ་དང་། དྲི་མེད་འོད་ལས་ཀྱང་། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་མི་ལྡན་པར་གྱུར་ཅིང་ཡེ་ཤེས་མ་བསྒོམས་ ཀྱང་ཞེས་པའི་ངེས་པའོ། །ཞེས་གསུང་། སྐྱེ་བ་བཅུ་དྲུག་གིས་འགྲུབ་པ་རྡོ་རྗེ་རྩེ་མོ་ལས། སྐྱེ་ དང་སྐྱེ་བ་ཐམས་ཅད་དུ། །རྡོ་རྗེ་ཅན་ནི་མངོན་བརྩོན་འགྱུར། །སྐྱེ་བ་བཅུ་དྲུག་མཐར་ཐུག་ པས། །ཞི་བ་སངས་རྒྱས་ཉིད་ཐོབ་འགྱུར། །ཞེས་སོ། །དེ་དག་ནི་མྱུར་བའི་ཁྱད་པར་ཡིན་ལ། ཐབས་བླ་བ་དང་མང་བ་ནི་གོང་དང་མཐུན་ཞིང་། མཁས་པ་ནི་མ་རྨོངས་པ་དང་འདྲའོ་གསུང་ ། དེ་ལྟ་བུའི་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་རྣམ་པ་བཞི་ཡིན་ལ། དེ་ཡང་སམ་ཊི་ལས། རྒོད་དང་ལྟ་ དང་ལག་བཅངས་དང་། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲི ན་བུའི་ཚུལ་གྱིས་རྒྱུད་ བཞིར་གནས། །ཞེས་པ་ལྟར། སྦྱང་བྱ་འདོད་ཁམས་ཀྱི་འདོད་ཆགས་རིགས་བཞིའི་སྒོ་ནས་ བཞིར་དབྱེ་བ་དང་། བདེ་མཆོག་སྦྱངས་པ་རོལ་པ་ནས། བྱ་བ་བྲམ་ཟེ་གཙང་དང་བསྟུན། །སྤྱོད་པ་རྗེ་རིགས་དེ་ནས་ལྷག །རྣལ་འབྱོར་རྒྱལ་པོ་འཁོར་ཚོགས་མང་། །བཞི་མངས་གདོད་ ནས་གྲོལ་བ་སྟེ། །ཞེས་པ་ལྟར། མི་རིགས་བཞི་རྗེས་སུ་བཟུང་བའི་ཕྱིར་དང་། རྡོ་རྗེ་གུར་ ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལ། །ཞེས་པ་ལྟར། གང་ཟག་དབང་པོ་ཐ་ མ་བློ་དམན་པ་རྣམས་ཕྱིའི་བྱ་བ་ཁྲུས་ལ་སོགས་ལ་དགའ་བ་ཡིན་ལ། དེའི་དོན་དུ་བྲིས་སྐུ་ལ་ སོགས་པ་ལྷར་དམིགས་ནས་གཙང་སྦྲ་ལ་སོགས་པའི་བྱ་བ་སྟོན་པ་བྱ་བའི་རྒྱུད། གང་ཟག་དེ་ བས་མཆོག་རང་དང་དེ་ལས་ཕྱི་རོལ་ཏུ་ལྷར་དམིགས་པ་ལ་སྤྱོད་པ་ལ་སྤྱོད་པའི་རྒྱུད་དང་། དེ་ བས་ཀྱང་གང་ཟག་བློ་རྣོ་བ་རང་དང་ཡེ་ཤེས་ཀྱི་ལྷ་རོ་གཅིག་ཏུ་དམིགས་པའི་ཏིང་ངེ་འཛིན་ ཁོ་ན་ལ་གཙོ་བོར་སྤྱོད་པ་ལ་རྣལ་འབྱོར་གྱི་རྒྱུད། དེ་ལས་ཀྱང་གང་ཟག་མཆོག་ཏུ་གྱུར་ཅིང་ 2-1-148 བློ་རྣོ་བ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་དེའི་དོན་དུ་རྣལ་འབྱོར་བླ་ན་མེད་ པའི་རྒྱུད་གསུངས་སོ། ། དེ་ལྟ་བུའི་རྒྱུད་སྡེའི་དོན་ལ། འཕགས་པ་ཀླུ་སྒྲུབ་ཀྱིས། བསྐྱེད་པའི་རིམ་པ་ལེགས་ གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་གསུང་། །ཞེས་པ་ལྟར་བསྐྱེད་རྫོགས་གཉིས་ལས། དང་པོ་བསྐྱེད་རིམ་ནི། རྡོ་རྗེ་(མ་བཤད་རྒྱུད་)གུར་(བུ་སྟོན་ཆོས་འབྱུང་ལས། མ་རྒྱུད། ཀྱེའི་རྡོ་རྗེ་སྐོར་ལ། རྩ་ བའི་རྒྱུད་བརྟག་པ་གཉིས་པ། བཤད་པའི་རྒྱུད། མཁའ་འགྲོ་མ་རྡོ་རྗེའི་གུར། བཤད་རྒྱུད་ཕྱི་མ་སཾ་བྷུ་ཊི།)ལས། ཐ་མལ་ རྣམ་རྟོག་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །ཞེས་དང་། རྡོ་རྗེ་སྙིང་པོས། རྣམ་རྟོག་རྒྱ་རུ་ཆུག་པ་ཡི། །འགྲོ་བ་གསུམ་པོ་རྣམ་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་འགྱུར་ བའི། །དེ་དང་དེ་ཡི་ཐབས་བསྟན་ཏོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་ རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། ། ཞེས་པ་ལྟར་ཐ་མལ་གྱི་རྣམ་རྟོག་གཞོམ་པའི་ཕྱིར་དང་། སེམས་ཅན་སྐྱེ་གནས་བཞི་ལས་སྐ་ྱེ བ་སྦྱོང་བའི་ཕྱིར་བསྐྱེད་རིམ་གསུངས་ལ། དེ་ཡང་སྒོང་སྐྱེས་སྦྱོང་བ་ལ་ཉི་ཟླ་གའུ་ཁ་སྦྱོར་ལས་ བསྐྱེད་པ་དང་། མངལ་སྐྱེས་སྦྱོང་བ་ལ་ལྷ་མངལ་འབྱིན་གྱིས་བསྐྱེད་པ་དང་། དྲོད་གཤེར་ སྐྱེས་སྦྱོང་བ་ལ་ཟླ་བ། ཉི་མ་ས་བོན་དང་བཅས་པ་ལས་བསྐྱེད་པ་དང་། རྫུས་སྐྱེས་སྦྱོང་བ་ ལ་ལྷ་སྐད་ཅིག་གིས་བསྐྱེད་པའི་དཀྲོང་བསྐྱེད་རྣམས་གསུངས་ཏེ། སྡོམ་འབྱུང་འགྲེལ་པར། དེ་ལ་ཟླ་བ་དང་ཉི་མ་ལས་ས་བོན་མཚན་མའི་རིམ་པས་རྫོགས་པའི་ལྷ་ནི་སྐྱེ་གནས་སྒོང་ང་ ལས་སྐྱེས་པའོ། །ཡབ་དང་ཡུམ་གྱི་རྡོ་རྗེ་པད་མ་བསྲུབས་པས་ཞུ་བའི་བྱང་ཆུབ་ཀྱི་སེམས་ ལས་འཐོན་པ་ནི་སྐྱེ་གནས་མངལ་ལས་སྐྱེས་པའོ། །ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ ནི་སྐྱེ་གནས་དྲོད་གཤེར་ལས་སྐྱེས་པའོ། །ས་བོན་ལ་སོགས་པ་དང་བྲལ་བས་སྐད་ཅིག་ལ་ 2-1-149 འོད་གསལ་སྐྱེས་པ་ནི་སྐྱེ་གནས་རྫུས་ཏེ་སྐྱེས་པའོ། །ཞེས་དང་། སློབ་དཔོན་རྡོ་རྗེ་དྲིལ་བུ་ པས། སེམས་ཅན་རྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་སྒོམ། །ཞེས་སོ། །འདིས་ ལྷ་དཀྲོང་བསྐྱེད་བསྟན་ནོ། །ལྷ་བསྐྱེད་ཚུལ་ལ། བསྡུས་པ་རྡོ་རྗེ་ཆོ་ག་བཞི་ལས་བསྐྱེད་ པ། འབྲིང་ཡན་ལག་དྲུག་ལྡན་དུ་སྒོམ་པ། རྒྱས་པ་བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ་སྒོམ་ པའམ། གཞན་ཡང་ཆུ་ལས་ཉ་ལྡང་བའི་ཚུལ་དུ་བསྐྱེད་པ། གཉེན་པོ་ཚིག་ཙམ་ལས་བསྐྱེད་ པ། བྱང་ཆུབ་ལྔ་ལས་བསྐྱེད་པ། མངོན་བྱང་ལྔ་ལས་བསྐྱེད་པ། རྣལ་འབྱོར་བཞི་ལས་བསྐྱེད་ པ་སོགས་གང་ཡང་རུང་བས་ལྷ་བསྐྱེད་ནས་བརྟན་པ་ཐོབ་ཀྱི་བར་དུ་སྒོམ་ཞིང་། དེ་ནས་ བཟླས་པ་བྱ་བ་ནི། སྡོམ་འབྱུང་ལས། སྔགས་ཀྱི་ཚུལ་ནི་བཞི་པོ་ལ། །འདི་ནི་ངག་གི་བཟླས་ པ་སྟེ། །ཞེས་པས་ངག་གི་དང་། གཟུགས་ཀྱི་དང་། རྣལ་འབྱོར་གྱི་དང་། རྡོ་རྗེའི་བཟླས་པ་ དང་བཞིའི། དང་པོ་ལ། སྤྲོ་བསྡུའི་བཟླས་པའམ། དམ་ཚིག་གི་བཟླས་པ་དང་། ཁྱོགས་ཀྱི་ བཟླས་པ་དང་། ཁྲོ་བོའི་བཟླས་པ་གསུམ་གྱི་དང་པོ་ནི། སྔགས་བཟླས་པའི་ཚེ་ས་བནོ་ལས་ལྷ་ སྤྲོས། དོན་བྱས་ས་བོན་ལ་ཐིམ་པར་བསམས་ཏེ་བཟླས་པའོ། ། གཉིས་པ་ནི། སྔགས་ཕྲེང་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་མཁར་ཞུགས། སྐུའི་དབྱིབས་ བརྒྱུད། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་འཁོར་བར་དམིགས་ཏེ་བཟླས་ པའོ། །དེ་ལ་ཡང་ཞི་བ་ལ་འགལ་མེའི་འཁོར་ལོ་ལྟ་བུ། རྒྱས་པ་ལ་སྒྲོའི་ཆུན་པོ་ལྟ་བུ། དབང་ ལ་ལྕགས་སྒྲོག་གི་ཕྲེང་བ་ལྟ་བུ། དྲག་པོ་ལ་ཐིག་གུ་སྒྲིལ་བ་ལྟ་བུའི་སྔགས་ཕྲེང་ལ་དམིགས་ ཏེ་བཟླས་པའོ། ། གསུམ་པ་ནི། འཁོར་ཚུལ་དེ་ལས་བཟློག་སྟེ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས་ པ་སོགས་སུ་དམིགས་ཏེ་བཟླས་པའོ། །གཟུགས་ཀྱི་བཟླས་པ་ནི། ལྷའི་རྣམ་པ་ཙམ་དྲན་ པའོ། །རྣལ་འབྱོར་གྱི་བཟླས་པ་ནི། དེ་ཁོ་ན་ཉིད་ཙམ་སེམས་པའོ། །རྡོ་རྗེའི་བཟླས་པ་ལ། 2-1-150 བརྗོད་པ་དང་ནི་དམིགས་པ་དང་། །བརྡར་གྱུར་དང་ནི་དོན་དམ་མོ། །ཞེས་པ་ལྟར་བཞིའོ། །བཟླས་བྱའི་སྔགས་ནི། མཐའ་གཉིས་སེལ་པ་ལས། དེ་ཡང་ལྷ་ཕོ་ནི་གསང་སྔགས། མོ་ནི་ རིག་སྔགས། སྔགས་གཅིག་ཉིད་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་ སོ། །ཞེས་སོ། །འོན་ཀྱང་གཙོ་ཆེ་བ་ཙམ་ཡིན་གྱི། དེར་ངེས་པ་མིན་ཏེ། དེ་ཉིད་ལས། ཡང་ སྔགས་གཅིག་ཉིད་ལ་ལྷ་གསུམ་ཅར་ཚང་བ་དང་། ལྷ་གཅིག་ཉིད་ལ་སྔགས་གསུམ་ཅར་ ཚང་བ་ཡང་ཡོད་ལ། རིག་སྔགས་དང་གཟུངས་སྔགས་གཉིས་ཀ་ལྷ་མོར་བཞག་པ་ཡང་ཡོད་ པས་ཐམས་ཅད་དུ་ནི་གཅིག་ཏུ་མ་ངེས་སོ་ཞེས་པས་སོ། །གཞན་ཡང་རྡོ་རྗེ་སྙིང་འགྲེལ་ལས། ས་བོན་ཉེ་བའི་སྙིང་པོ་དང་། །སྙིང་པོ་དང་ནི་རྩ་བའི་སྔགས། །ཡེ་ཤེས་ཐུགས་དང་གསུང་ དང་སྐུ། །རིམ་བཞིན་བསྒོམ་བྱ་ལས་བྱ་སྟེ། ། ཞེས་པ་ལྟར་རམ། དུས་འཁོར་ལྟར་ན། ༀ་ སྤངས་པའི་སྔགས་ཡིག་ཐོག་མའམ། མིང་ཡིག་དང་པོ་ཐུགས་རྡོ་རྗེ། མིང་རྫོགས་པ་གསུང་ རྡོ་རྗེ། མིང་ལས་ལྷག་པ་དང་བཅས་པ་སྐུ་རྡོ་རྗེའི་སྔགས་ཏེ།(སྒྲ་ཧ་ཅང་ཆེས་པ་ཆུང་པ། མགྱོགས་པ་བུལ་ བ། གཡེངས་པ་རྨུགས་པ་སྟེ།) དཔེར་ན་སྒྲོལ་མའི་ཏཱ་ནི་ཐུགས། ཏཱ་ར་གསུང་། ཏཱ་ར་ཏུཏ་ཏཱ་རེ་ཏུ་རེ་ སྭཱཧཱ། ཞེས་པ་སྐུ་རྡོ་རྗེའི་སྔགས་ཡིན་པ་ལྟ་བུའོ། །བཟླས་པའི་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ ལས། ཡོངས་རྫོགས་ཚིག་དང་སྒྲ་དག་དང་། །ཡང་དག་ལྡན་པས་འགྲུབ་པར་འགྱུར། །སྒྲུབ་ པ་ཉམས་དང་བྱ་བ་ཉམས། །སྒྲ་དང་དོན་དང་རྣམ་བྲལ་ན། །མྱུར་དུ་སྔགས་རྣམས་མི་འགྲུབ་ སྟེ། །ཡུན་རིང་དུས་སུ་འཁོར་བ་ཡིན། །ཞེས་གསུངས་པ་ལྟར་བཟླས་པའི་སྐྱོན་དྲུག་དང་བྲལ་ བར་བཟླས་ཤིང་། བཟླས་པའི་ཚད་ནི། སྡོམ་འབྱུང་ལས། རྫོགས་ལྡན་དུས་ན་གཅིག་བཟླས་ པ། །གསུམ་ལྡན་དུས་ན་ཉིས་འགྱུར་བཟླས། །གཉིས་འགྱུར་དུས་ན་གསུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླས། །སྔགས་ཀྱི་གྲངས་ནི་བཞི་པོ་ཡིས། །རྒྱུན་མི་འཆད་ པར་གསང་སྔགས་བཟླས། །ཞེས་པ་ལྟར་རོ། །བསམ་པ་ནི། གུར་ལས། སངས་རྒྱས་བྱང་ 2-1-151 ཆུབ་སེམས་དཔའ་དང་། །མཁའ་འགྲོ་མ་དང་བཙུན་མོ་དག །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །ཅེས་པ་ལྟར། ཐུགས་རྒྱུད་སྙིང་པོ་ནས་བསྐུལ་ ཞིང་གསོལ་བ་འདེབས་པའི་བསམ་པས་བཟླ་ཞིང་། བཟླས་པའི་ཕྲེང་བ་ནི། བྱ་རྒྱུད་ལེགས་ གྲུབ་ལས། རྒྱལ་བའི་རིགས་ལ་བོ་དེ་ཙེ། །སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། །པད་མའི་ རིགས་ལ་པད་མའི་སྙིང་། །རྡོ་རྗེའི་རིགས་ལ་རུ་རག་ཤ །ཞེས་གསུངས་ཤིང་། རྣལ་འབྱོར་ རྒྱུད་ལས། (བཤད་རྒྱུད་)རྡོ་རྗེ་རྩེ་མོར། སངས་རྒྱས་རྣལ་འབྱོར་བོ་དེ་ཙེ། །རྡོ་རྗེ་ཅན་ལ་རུ་རག་ ཤ །ཕྱི་རོལ་རྡོ་རིགས་དབང་པོ་སྟེ། །མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། །པད་མའི་སྙིང་ པོའི་ཕྲེང་བ་ནི། །པད་མའི་རིགས་རྣམས་ཀུན་ལ་བསྔགས། །ཡང་ན་ཀུན་ལས་མཆོག་གྱུར་ པ། །བོ་དེ་ཙེ་དེ་སྲོག་འཛིན་པ། །ཞེས་སོ། །དུས་འཁོར་ལྟར་ན། ཞི་བ་ལ་ཤེལ། རྒྱས་པ་ལ་ མུ་ཏིག དབང་ལ་བོ་དེ་ཙེ། དགུག་པ་ལ་པད་མའམ་ཙན་དན་དམར་པོའི་ས་བོན། བསད་པ་ ལ་མིའི་སོ། བསྐྲད་པ་ལ་བུང་བུའི་སོའམ་རུས་པ། རྨོངས་པ་ལ་ལུང་ཏང་། རེངས་པ་ལ་རག་ ཤ། སླར་གསོ་བ་ལ་མར་གད་རྣམས་གསུངས་ཤིང་། ཞི་རྒྱས་དབང་དང་མངོན་སྤྱོད་ལ། །བོ་ དེ་ཙེ་ནི་ལས་ཀུན་བྱེད། །ཅེས་བོ་དེ་ཙེ་ལས་ཐམས་ཅད་པར་(མ་རྒྱུད་མང་པོའི་བཤད་རྒྱུད་)སཾ་བུ་ཊིར་ བཤད་དོ། །ཕྲེང་བའི་གྲངས་ནི། དུས་འཁོར་ལྟར་ན། མཚན་དཔེ་དག་པའི་བརྒྱ་རྩ་བཅུ་ གཉིས་ལས། གཞི་ནི་སྐུ་གསུང་ཐུགས་དང་ཡེ་ཤེས་བཞི་དག་པའི་མདོ་འཛིན་བཞི་རྩེག ལྷག་ མ་ཕྲེང་ལྡོག་བརྒྱ་རྩ་བརྒྱད་དུ་གསུངས་ཤིང་། རྡོ་རྗེ་སྙིང་འགྲེལ་དུ། ལས་སོ་སོའི་ཕྲེང་བའི་ གྲངས་སོ་སོར་གསུངས་སོ། །ཕྲེང་ཐག་ནི། སྡོམ་(མ་བཤད་)འབྱུང་(བདེ་མཆོག་)ལས། ཞི་རྒྱས་ དབང་དགུག་བཞི་ལ། གཞོན་ནུ་མས་བཀལ་བའི་རས་བལ་གྱི་སྐུད་པ། བསད་པ་རོའི་སྐྲ་དང་ ཁྱི་སྤུ་བསྲེས་པ། གཡོ་བ་ལ་རྟ་དང་མ་ཧེའི་སྤུ་བསྲེས་པ། རེངས་བསྐྲད་ལ་བོང་བུ་དང་རྔ་མོའི་ སྤུ་དང་བྱ་རོག་གི་སྒྲོ་བསྲེས་པ་དགུ་སྒྲིལ་དུ་བྱ་ཞིང་། བྱིན་གྱིས་རློབ་པ་ནི། ཕྲེང་བ་བསངས་ 2-1-152 ཤིང་སྦྱངས་ནས། ཕྲེང་ཐག་གི་སྐུད་པ་དབུས་མ་རྡོར་སེམས། གཞན་བརྒྱད་ཉེ་བའི་སྲས་ བརྒྱད། མདོ་འཛིན་བཞི་རྩེག་ཡོད་ན་རྡོ་རྗེ་བཞིར་བསྐྱེད། ཉིས་རྩེག་ཡོད་ན་འོག་མ་སྟོབས་ སོགས་ཀྱི་ངོ་བོའི་མཆོད་རྟེན། སྟེང་མ་དེའི་དེ་བཞིན་ཉིད་དུ་བསམ། ཕྲེང་ལྡོག་རྣམས་ཧཱུཾ་ ལས་རྡོ་རྗེ་འཛིན་པར་བསྐྱེད། ཡེ་ཤེས་པ་བཅུག་ནས་བྱིན་གྱིས་བརླབ་བོ། །ཕྲེང་བའི་འགྱུར་ ཁྱད་ནི། (བཤད་རྒྱུད་)རྡོ་རྗེ་རྩེ་མོ་ལས། ལྕགས་ཀྱི་བཟླས་པ་ཉིས་འགྱུར་ཏེ། །ཟངས་མ་ཡི་ནི་ བཞི་འགྱུར་རོ། །རུག་རག་ཤ་ཡིས་བྱེ་བ་གཉིས། །མུ་ཏིག་གིས་ནི་བརྒྱ་འགྱུར་རོ། །དབང་ པོས་སྟོང་འགྱུར་རྣལ་འབྱོར་པ། །དངུལ་གྱིས་འབུམ་དུ་འགྱུར་བ་ཡིན། །པད་མས་བྱེ་བ་བརྒྱ་ འགྱུར་རོ། །བོ་དེ་ཙེ་བས་གྲངས་མེད་དོ། །ཞེས་སོ། །ཕྲེང་བ་འཛིན་ཚུལ་ནི། རྡོ་རྗེ་(མ་བཤད་རྒྱུད། བདེ་མཆོག་)མཁའ་འགྲོ་ལས། ཞི་བ་ལ་ནི་ཁྲོ་བོ་དགོད། །རྒྱས་པ་ལ་ནི་དབུས་དེ་ཉིད། །དབང་ ལ་མིང་མེད་ཅེས་སུ་གསུངས། །ཐ་མ་ལ་ནི་མངོན་སྤྱོད་ཉིད། །མཐེ་བོའི་ལྕགས་ཀྱུའི་ལྷ་ཉིད་ དེ། །ཞེས་པ་ལྟར། ཞི་བ་ལ་འཛུབ་མོའི་སྟེང་། རྒྱས་པ་ལ་གུང་མོའི། དབང་ལ་མིང་མེད་ཀྱི། མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་ནས་མཐེ་བོང་ལྕགས་ཀྱུའི་ཚུལ་གྱིས་གྲངས་ཏེ་མདོ་འཛིན་ ཆོས་ཀྱི་དབྱིངས་ལ་ཐིམ་པར་བསམ་མོ། །དེ་ལྟར་སྔགས་བཟླས་པ་ཡང་ལྷའི་སྔགས་ཀྱི་ༀ་ ཡིག་སྤངས་པའི་གསལ་བྱེད་དང་པོ་རང་མིང་གི་གསལ་བྱེད་དང་པོའི་དགྲར་གྱུར་ན་ནད་ བསྐྱེད་པ་དང་། དབྱངས་ཡིག་དགྲར་གྱུར་ན་འཆི་བ་སྟེར་བ་དང་། ཐ་མལ་པར་གྱུར་ན་ནུས་ པ་མེད་པས་གྲོགས་སུ་འགྱུར་བ་བརྟགས་ནས་བཟླས་པས་ཕན་ཡོན་ནི། འཇམ་དཔལ་རྩ་ རྒྱུད་ལས། ལུས་ཅན་སྡིག་པ་མ་ལུས་དག །བཟླས་དང་སྦྱིན་བསྲེག་དག་གིས་སེལ། །ཞེས་ གསུངས་པ་ལྟར་ཐོབ་པའོ། །དེ་ལྟར་བཟླས་པ་དང་། མཆོད། བསྟོད། གཏོར་མ། སྦྱིན་བསྲེག་ སོགས་ཀྱི་སྒོ་ནས་བསྐྱེད་པའི་རིམ་པས་ཐ་མལ་རྣམ་རྟོག་བཅོམ་ནས་ལྷར་འཛིན་པ་ལ་ སོགས་པའི་བཟང་རྟོག་རྣམས་སྤོང་བར་བྱེད་པ་ལ། རྫོགས་པའི་རིམ་པ་སྒོམ་པ་ནི། (མ་བཤད། 2-1-153 བདེ་མཆོག་)མཁའ་འགྲོ་རྒྱ་མཚོ་ལས། སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་ འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བའི་མཚན་ཉིད་རྣམ་དྲུག་གོ། །ཞེས་ དང་། (ཕ་)གསང་འདུས་དང་། (གཉིས་)དུས་འཁོར་ལས། སོ་སོར་སྡུད་དང་བསམ་གཏན་དང་ ། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བ་ཡན་ལག་ དྲུག་ཏུ་འདོད། །ཅེས་པ་ལྟར་གྱི་སྦྱོར་བ་ཡན་ལག་དྲུག་སོགས་རྣལ་འབྱོར་ཟབ་མོ་ཉམས་སུ་ བླང་བར་བྱའོ། །དེ་དག་གིས་རྒྱུད་སྡེའི་རྣམ་བཞག་མདོར་བསྡུས་ཙམ་བསྟན་ནས། སྐབས་ སུ་བབ་པའི་དྲིས་ལན་བརྗོད་པར་བྱ་སྟེ། དྲི་བ་དང་པོ་རྒྱུ་དུས་ཀྱི་དབང་བཞི་དང་། འབྲས་བུའི་དུས་ཀྱི་དབང་བཞིའི་ངོ་བོ་གང་ ཡིན་ཞེས་གསུང་བ་ལ། རྒྱུ་དུས། ལམ་དུས། འབྲས་བུའི་དུས་ཀྱི་དབང་བཞི་དང་གསུམ་ གསུངས་པའི་དང་པོ། རྒྱུ་དུས་ཀྱི་དབང་ནི། ས་བོན་འདེབས་པ་ལ་ཞིང་ས་སྦྱངས་པས་དག་པ་ བྱེད་པ་ལྟར་ཐོག་མར་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་རྒྱུ་རྟེན་གྱི་དཀྱིལ་འཁོར་ བཞིར་སངས་རྒྱས་སྐུ་བཞི་ཐོབ་པའི་རྟེན་འབྲེལ་བསྒྲིག་པའི་ཕྱིར་དབང་བཞི་ཕྱིའི་བླ་མ་ལས་ དང་པོ་དངོས་སུ་ཐོབ་པ་དེ་ཡིན་ཅིང་། དེའང་ཅུང་ཟད་ཕྱེ་ན་བུམ་དབང་ནི་ཕུང་པོ་ལྔ་དག་པ་ རིགས་ལྔ་དང་། ཉོན་མོངས་ལྔ་དག་པ་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པའི་ཕྱིར། ཆུ། ཅོད་ པན། རྡོ་རྗེ། དྲིལ་བུ། མིང་སྟེ་རིགས་པའི་དབང་ལྔ་དང་། རིགས་དྲུག་པའི་ངོ་བོར་བྱིན་གྱིས་ བརླབ་པའི་ཕྱིར་དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ། སློབ་མའི་དབང་དྲུག གཞོན་གྱི་མཐུ་དང་ ལྡན་པར་བྱ་བའི་ཕྱིར་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ། བུམ་དབང་གི་དངོས་གཞི་བདུན་དང་། དེའི་ཡན་ལག་རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་བཅུ་གཅིག་གོ །དེ་དག་གི་སྐབས་ཀུན་ཏུ་བུམ་པའི་བྱ་བ་འཇུག་པས་བུམ་པའི་དབང་ཞེས་བྱའོ། ། གཉིས་པ་གསང་དབང་ནི། བླ་མ་ལོངས་སྐུར་མོས་པ་ལས། ཡི་གེ་བྷ་གའི་དཀྱིལ་འཁོར་ 2-1-154 དུ། སངས་རྒྱས་ཐམས་ཅད་བླ་མའི་ཞལ་ནས་ཞུགས། དྭངས་མར་གྱུར་པ་རྡོ་རྗེ་ནོར་བུ་ནས་ བྱོན་པ་སློབ་མས་ལེན་ལུགས་ལྔ་གང་ཡང་རུང་བས་ལེན་པ་སྟེ། དེ་དག་ཀྱང་རྫས་གསང་བའི་ ཕྱིར་གསང་དབང་ཞེས་བྱའོ། ། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་བླ་མ་ཆོས་སྐུར་མོས་པ་ལས། ཀུན་རྫོབ་བྱང་ ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། རྟེན་ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་གཏད་པ་ལས། བརྟེན་པ་ དགའ་བཞིའི་ཉམས་མྱོང་བསྐྱེད་པ་སྟེ། ཤེས་རབ་ལ་བརྟེན་ནས་ཡེ་ཤེས་དགའ་བཞི་བསྐྱེད་ པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། ། དབང་བཞི་པ་ནི། བླ་མ་ངོ་བོ་ཉིད་ཀྱི་སྐུར་མོས་པ་ནི། དོན་དམ་བྱང་ཆུབ་སེམས་སམ། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་དུ། བཞི་པ་རྟེན་ཅན་ལ་སོགས་པ་དབང་ལྔ་ཅི་རིགས་ པར་ཐོབ་པ་སྟེ། ལྔ་ནི་ཚིག་གི་བཞི་པ། དོན་གྱི་བཞི་པ། བཞི་པ་རྟེན་ཅན། ལམ་དུ་བདྱེ ་པའི་ བཞི་པ། འབྲས་བུ་མངནོ་དུ་བདྱེ ་པའི་བཞི་པ་ས།ྟེ དེ་དག་དབང་བཞི་པའི་མཐར་ཐུག་ཡིན་པས་ བཞི་པའི་དབང་ཞེས་བྱའོ། ། གཉིས་པ་ལམ་དུས་ཀྱི་དབང་ནི། སྔར་རྒྱུ་དུས་སུ་ཐོབ་པ་བཞིན་གོམས་པར་བྱེད་པ་སྟེ། དེ་ལ་རྒྱས་འབྲིང་བསྡུས་གསུམ། རྒྱས་པར་ལེན་ན། ཕྱིའི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་ འཁོར་གསལ་བར་བསྒོམས་ནས་སྙིང་ཁའི་ས་བོན་ལས་འོད་འཕྲོས། གདན་གསུམ་ཚང་བའི་ དབང་གི་ལྷ་སྤྱན་དྲངས་མཆོད་དེ་གསོལ་བཏབ་ནས་དབང་རྫས་རྣམས་མདུན་དུ་སྒོམ། སྔར་ རྒྱུ་དུས་ཀྱི་བླ་མ་དེ་དཀྱིལ་འཁོར་གྱི་གཙོ་བོར་མོས་པས་ཆོ་ག་མཛད་པར་བསམས་ལ་བུམ་ དབང་བདུན་དང་། དབང་ཕྱི་མ་གསུམ་རྒྱུ་དུས་བཞིན་ལེན། འོན་ཀྱང་རྗེས་གནང་སོགས་ མཐའ་རྟེན་བཞི་མི་ལེན་པའམ། མདོར་བསྡུས་གཅིག་ལེན་པའོ། །འབྲིང་དུ་ལེན་ན་དབང་གི་ ལྷ་ལ་མཆོད་ཅིང་གསོལ་བ་བཏབ་ནས། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་ཤོ་ལོ་ཀས་ 2-1-155 བུམ་དབང་། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །ཞེས་སོགས་ཤོ་ལོ་ཀས་གསང་དབང་ ། དགའ་སྟེར་གནས་སྟེར་ལྷ་མོ་འདི། །ཞེས་སོགས་ཤོ་ལོ་ཀས་ཤེས་རབ་ཡེ་ཤེས། ཡེ་ཤེས་ འདི་ནི་ཆེས་ཕྲ་ཞིང་། །ཞེས་སོགས་ཤོ་ལོ་ཀས་བཞི་པ་ཐོབ་པར་བསམ་པའོ། །དབང་བསྡུས་ པར་ལེན་ན། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གཅིག་ལ་དབང་བཞི་རྫོགས་པར་ལེན་པའི་ལུགས་ ཏེ། མཆོད་གསོལ་སྔར་བཞིན་བྱས་ལ། དེ་ནས་ལུས་དཀྱིལ་གྱི་དཀྱིལ་འཁོར་གྱི་གཙོ་བོ་ལྔས་ བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལྷ་རྣམས་ལ་འཁོར་ལོ་ལྔའི་གནས་སུ་དབང་བསྐུར་བས་ དབང་ཐོབ་པར་བསམ་ཞིང་། དྲི་མ་བཞི་དག་པར་མོས་པ་བྱ་སྟེ། པད་མ་བཛྲའི་དགོངས་པ་ དང་ཚུལ་མཚུངས་པར་བཞེད་དོ། །ལམ་དུས་ཀྱི་དབང་འདི། རྒྱུ་དུས་ཀྱི་དབང་གི་ཆུ་བོ་མ་ ནུབ་པར་ཐོབ་པས་བླང་བར་བྱའི། རྒྱུ་དབང་མ་ཐོབ་ན་དགོས་པ་མེད་གསུང་། འབྲས་བུའི་དབང་ནི་ས་བཅུ་གསུམ་པ་ཐོབ་ཀར་རྫས་ལ་སོགས་པ་ཕྱི་རོལ་གྱི་ཐབས་ལ་ མ་ལྟོས་པར་ས་བཅུ་གསུམ་པའི་ཉེ་རྒྱུའི་རྟེན་འབྲེལ་གྱི་མཐར་ཕྱིན་གྱི་ལམ་བུམ་དབང་རྩའི་ འགྲོས། གསང་དབང་ཡི་གེའི་འགྲོས། ཤེས་རབ་ཡེ་ཤེས་ཁམས་བདུད་རྩིའི་འགྲོས། དབང་ བཞི་པ་རླུང་གི་འགྲོས་ཏེ་འགྲོས་བཞི་ཐིམ་པའི་དབང་སྟེ་དེ་ཐོབ་པའི་འབྲས་བུ་ནི། སྐུ་གསུང་ ཐུགས་ཐམས་ཅད། ཐམས་ཅད་མཁྱེན་པར་གྱུར་པའི་ས་བཅུ་གསུམ་པ་རྡོ་རྗེ་འཛིན་པ་སྔོན་ དུ་བྱས་པའོ། ། དབང་བཞི་ལམ་གང་དང་གང་དུ་ཐོབ་གསུང་བ་ལ། འཇིག་རྟེན་པའི་ལམ་གྱི་དབང་དུ་ བྱས་པ་ལ། ཚོགས་ལམ་དུ་བསྐྱེད་རིམ་གཙོ་ཆེ་བས་བུམ་དབང་གི་ལམ་སྦྱོར་ལམ་དུ་བསྒོམས་ པ་ལས་བྱུང་བའི་ལྟ་ཉམས་གཙོ་ཆེ་བས་དབང་ཕྱི་མ་གསུམ་གཙོ་ཆེ་བར་འཇོག འཇིག་རྟེན་ ལས་འདས་པའི་ལམ་དུ། ས་དང་པོ་དྲུག་ལ་བུམ་དབང་། དེ་ནས་ས་བཞི་པ་ལ་གསང་དབང་ ། དེ་ནས་ས་གཉིས་པ་ལ་ཤེས་རབ་ཡེ་ཤེས། ས་ཕྱེད་དང་བཅུ་གསུམ་པ་ལ་དབང་བཞི་པ་ 2-1-156 གཙོ་ཆེ་བར་ལམ་འབྲས་པ་བཞེད་པའོ། །འོན་ཀྱང་ཚོགས་ལམ་སོགས་ཕྱི་མཚན་ཉིད་ནས་ གསུངས་པ་དང་འདྲ་མ་འདྲ་མིན་ཅི་རིགས་པར་གདའ། བྱ་སྤྱོད་ཀྱི་བུམ་དབང་དང་རྣལ་འབྱོར་རྒྱུད་ཀྱི་བུམ་དབང་ཁྱད་པར་ཅི་ཡོད་གསུང་བ་ལ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་ དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་ དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །ཞེས་གསུངས་པས་བྱ་རྒྱུད་ལ་ བུམ་དབང་བདུན་གྱི་ནང་ནས་ཆུ་དང་ཅོད་པན་གཉིས་སྤྱོད་རྒྱུད་ལ། དེ་གཉིས་དང་རྡོ་རྗེ་དྲིལ་ བུ། མིང་གི་དབང་། རྣལ་འབྱོར་གྱི་རྒྱུད་ལ་སློབ་དཔོན་གྱི་དབང་དང་དྲུག་གསུངས་པས་བྱ་སྤདྱོ་ ཀྱི་བུམ་དབང་དང་རྣལ་འབྱོར་རྒྱུད་ཀྱི་བུམ་དབང་གི་ཁྱད་པར་གྲུབ་བོ། ། བླ་མེད་ཀྱི་བུམ་དབང་དང་། ཕྱིའི་རྒྱུད་ཀྱི་བུམ་དབང་ཁྱད་ཅི་ཡོད་ཅེས་གསུང་བ་ལ། ཕྱི་ ནང་ནི། བྱ་སྤྱོད་ལ་ཕྱི་དང་། རྣལ་འབྱོར་དང་བླ་མེད་གཉིས་ནང་དུ་བཞེད་པ་དང་། རྣམ་སྣང་ ཤཱཀ་ཐུབ་སོགས་རྒྱུད་སྟོན་པ་པོར་བྱས་པ་ཕྱི། རྡོ་རྗེ་འཆང་ངམ་ཧེ་རུ་ཀ་སོགས་སྟོན་པར་བྱས་ པ་ནང་། འོག་མིན་དང་དགའ་ལྡན་ལ་སོགས་པར་གསུངས་པ་ཕྱི། རྡོ་རྗེ་བཙུན་མོའི་བྷ་གར་ གསུངས་པ་ནང་། ཕྱིའི་མཆོད་རྫས་ཙམ་གྱིས་མཆོད་པ་ཕྱི། ཤ་ལྔ་བདུད་རྩི་ལྔ་སོགས་ཀྱིས་ མཆོད་པ་ནང་། ཞེས་སོགས་ཕྱི་ནང་གི་ཁྱད་པར་དྲུག་གསུངས་པ་དང་། ཕྱི་དང་གསང་བ་ཐེག་ པ་གསུམ། །ཞེས་པ་ལ་བྱ་སྤྱོད་ཕྱི་དང་། རྣལ་འབྱོར་རྒྱུད་གསང་བ་དང་། བླ་མེད་ལ་གསང་ བར་བཞེད་པའི་ལུགས་དང་། ཕྱི་ནང་གསང་བའི་ཐེག་པ་གསུམ། །ཞེས་པ་ལྟར་ན། ཕྱི་ཕར་ ཕྱིན། ནང་རྣལ་འབྱོར་རྒྱུད་མན་ཆད། གསང་བ་བླ་མེད་དུ་བཞེད་པ་དང་། ཡང་ཕྱི་བྱ་སྤྱོད། 2-1-157 ནང་རྣལ་འབྱོར་རྒྱུད། གསང་བ་བླ་མེད་དུ་བཞེད་པ་དང་། ཡང་། ཕྱི་ནང་གསང་བ་དེ་ཁོ་ན་ མཐར་ཐུག་དང་ལྔར་བྱེད་པ་ལྟར་ན། དབང་གི་སྐབས་སུ་སེམས་བསྐྱེད་ཕྱི། བུམ་དབང་ནང་ ། གསང་དབང་གསང་བ། ཤེས་རབ་ཡེ་ཤེས་དེ་ཁོ་ན། དབང་བཞི་པ་མཐར་ཐུག བསྐྱེད་ རིམ་གྱི་སྐབས་སུ། ཕྱི་སྣོད་དཀྱིལ་འཁོར་དུ་ཤེས་པ་ཕྱི། ལུས་སངས་རྒྱས་སུ་སྒོམ་པ་ནང་། ངག་སྔགས་སུ་ཤེས་པ་གསང་བ། སེམས་ཡེ་ཤེས་སུ་ཤེས་པ་དེ་ཁོ་ན། དེ་ཐམས་ཅད་གཉིས་ མེད་ཡེ་ཤེས་སུ་ཤེས་པ་མཐར་ཐུག ཅེས་སོ། །ཕྱི་ནང་གི་རྣམ་དབྱེ་མཐའ་ཡས་པ་གཅིག་ གདའ་ཞིང་། རང་རེའི་དྲི་བ་ལ། བླ་མེད་ཀྱི་བུམ་དབང་དང་། སྤྱིའི་རྒྱུད་ཀྱི་བུམ་དབང་ཁྱད་ ཅི་ཡོད་གསུང་ལུགས་ཀྱིས་རྒྱུད་སྡེ་འོག་མ་གསུམ་ཕྱི་དང་། བླ་མེད་ནང་དུ་བསམ་པར་གདའ། དེ་ལ་རྒྱུད་སྡེ་བཞིའི་བུམ་དབང་གི་ཁྱད་པར་གོང་ན་ཡང་གསལ་ཞིང་། བུམ་དབང་ཞེས་པ་ཆུ་ དབང་ཉིད་ཀྱི་དབང་དུ་བྱས་ན། རྣལ་འབྱོར་རྒྱུད་མན་ཆད་དུ་སློབ་མ་མེ་ཏོག་ཕོག་པའི་ལྷར་ བསྐྱེད་ནས་རང་གི་ལྷའི་བུམ་ཆུས་དབང་བསྐུར་བ་དང་། བླ་མེད་བསྡུས་རྒྱུད་དུ། སློབ་མ། དབང་རྫས། བུམ་ཆུ་གསུམ་ཀ་མི་བསྐྱོད་པར་བསྐྱེད་ནས་དབང་བསྐུར་བའི་ཁྱད་པར་ཡོད་ ཅིང་། དབང་གོང་མའི་སྐབས་སུ་ནི། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་ རྗེ་ཡིས། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་ཡང་ཚོན་ལྔ་ལྡན་པ་ཡིན། །ཞེས་ པ་ལྟར་རྡུལ་ཚོན་ལས་གཞན་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡིན་ལ། དེ་ཡང་བུམ་ དབང་ནི་ཕྱག་རྒྱའི་ལུས་ཀྱི་དབང་པོ་སྟེ། དཀར་འཛིན་ལ་རེག་ཏུ་བཅུག་པར་བསམ་པས་ མཚོན་པའི་དགའ་བའི་དགའ་བ་ནི་བུམ་པའི་དབང་ཡིན་པའི་ཁྱད་པར་ཡོད་དོ། ། རྣལ་འབྱོར་རྒྱུད་ལས་རྫོགས་རིམ་སྣལ་མ་གཅིག་བསྟན་ནམ་མ་བསྟན། བསྟན་ན་བླ་ མེད་རྒྱུད་ཀྱི་རྫོགས་རིམ་དང་ཁྱད་ཅི་ཡོད། བྱ་སྤྱོད་ཀྱི་རྫོགས་རིམ་ཨེ་བདོག །ཡོད་ན་ཚིག་ གི་རྫོགས་རིམ་ལགས་སམ། དོན་གྱི་རྫོགས་རིམ་ལགས། དོན་གྱི་རྫོགས་རིམ་ཡིན་ན། བླ་ 2-1-158 མེད་ནས་བསྟན་པའི་རྫོགས་རིམ་དང་ཁྱད་པར་ཅི་ཡོད་གསུང་བ་དང་། ཕ་ྱིཡལོ་དུ་ཕནྱི ་པའི་ སངྟོ་ཉདི ་བསམྒོས་པ་དསེ ་རྫོགས་རམི ་བསམྒོས་པའི་གོ་ཨེ་ཆོད། མི་ཆོད་ན་བློ་སྦྱོང་སྤྱོད་ཡུལ་ སོགས་ཀྱི་སྒོམ་དེ་རྫོགས་རིམ་མ་ལགས་སམ་གསུང་བ་ལ། ཆོས་རྗེ་ས་སྐྱ་པཎྜི་ཏས། རིམ་ པ་གཉསི ་པ་ོམི་སམྒོ་པའ།ི །སྒོམ་ཆེན་བཟང་ཡང་ཕ་རོལ་ཏུ། །ཕྱིན་པའི་སྒོམ་ཆེན་ལས་མ་ འདས། །ཞེས་ཕ་རོལ་ཏུ་ཕྱིན་པའི་སྒོམ་གྱིས་རྫོགས་རིམ་སྒོམ་པའི་གོ་མི་ཆོད་པར་གསུངས་ ཤིང་། ཀླུ་སྒྲུབ་ཀྱི་ལུང་གོང་དུ་དྲངས་པ་ལྟར་རྫོགས་རིམ་ལ་བསྐྱེད་རིམ་སྔོན་དུ་འགྲོ་དགོས་ ལ། རྣལ་འབྱོར་རྒྱུད་མན་ཆད་དུ་རྫོགས་རིམ་ཞེས་པའི་ཐ་སྙད་གསལ་བར་མ་གསུངས་ཤིང་ ། རྣལ་འབྱོར་ཆེན་པོར་གསལ་བར་གསུངས་པ་ཡིན་ཏེ། ཆོས་རྗེ་ས་སྐྱ་(སྡོམ་གསུམ་རབ་དབྱེ།)པཎྜི་ ཏས། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གར། །དབང་བཞི་དང་ནི་རིམ་གཉིས་མེད། །གལ་ཏེ་ ཡོད་ན་དེ་དག་ཀྱང་། །རྣལ་འབྱོར་ཆེན་པོ་ཉིད་དུ་འགྱུར། །དབང་བཞི་དང་ནི་རིམ་པ་གཉིས། །རྣལ་འབྱོར་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་གསུངས་ཤིང་། རྡོ་རྗེ་ཕྲེང་བ་(ཕ་རྒྱུད་བཤད་པའི་རྒྱུད་) ལས། བདག་བྱིན་བརླབ་པའི་མཚན་ཉིད་གཅིག །གཟུང་དང་འཛིན་པ་རྣམ་པར་སྤངས། །བག་ཆགས་རྣམ་རྟོག་རྣམ་པར་སྤངས། །ཚིག་གི་མདུད་པ་ཆ་ཡིས་སྟོང་། །སྒོམ་དང་[བསྒོམ་བྱ་ ]རྣམ་པར་སྤངས། །སྟོང་ཉིད་ཡེ་ཤེས་མཚན་ཉིད་དོ། །སྔགས་དང་ཕྱག་རྒྱ་དེ་ཉིད་ཆེ། །རྣམ་ པའི་དབྱེ་བ་དེ་ཉིད་སྤངས། །བྱ་བ་སྤྱོད་པ་རྣལ་འབྱོར་གྱི། །རྒྱུད་རྣམས་ལ་ཡང་མ་གསུངས་ སོ། །ཞེས་ཕྱིའི་རྒྱུད་དུ་སྒྱུ་ལུས་དང་འོད་གསལ་སོགས་ཀྱི་རྫོགས་རིམ་མ་བསྟན་པར་བཤད་ པ་དང་། (ཕ་བཤད་པའི་རྒྱུད་)རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཨ་ལི་དང་ཀ་ལི་ལས། །དེ་བྱུང་ཟླ་ བ་རྣམ་པ་གཉིས། །མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། །གཅིག་ཏུ་གྱུར་པ་མཉམ་ཉིད་དོ། །ས་བོན་ མཚན་མར་གྱུར་པ་ནི། །སོ་སོར་རྟོག་པར་ངས་བཤད་དོ། །དེ་བྱུང་སངས་རྒྱས་ཐམས་ཅད་ ཀྱིས། །འགྲོ་དོན་བྱེད་པ་བྱ་ནན་ཏན། །གཟུགས་བརྙན་རྫོགས་པ་ཆོས་དབྱིངས་ཏེ། །ལྷ་ཡི་ 2-1-159 དབང་པོ་སངས་རྒྱས་བསྐྱེད། །དེ་ལ་བར་མས་ཁུ་བ་བསྐྱེད། །བསྐུར་བས་རང་གི་ལྷ་བསྐྱེད་ ནས། །བྱིན་གྱིས་བརླབ་པ་བྱ་བ་ནི། །རྒྱུད་རྣམས་ཀྱི་ནི་ཐུན་མོང་ངོ་། །གསང་དང་གསང་ཆེན་ ཤིན་ཏུ་གསང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང་། ། རྗེས་སུ་རྣལ་འབྱོར་ཞེས་བྱ་དང་ ། །སྟོང་པ་དང་ནི་ཤིན་ཏུ་སྟོང་། །ཆེན་པོ་སྟོང་པ་ཞེས་བྱ་དང་། །དགའ་དང་དགའ་བ་བར་མ་ དང་། །དགའ་བྲལ་གྱི་ནི་དགའ་བ་རྣམས། །རྒྱུད་རྣམས་ཀུན་གྱི་སྤྱི་བོའོ། །ཞེས་བསྐྱེད་རིམ་ རྒྱུད་ཀུན་གྱི་ཐུན་མོང་པ་དང་། རྫོགས་རིམ་རྒྱུད་རྣམས་ཀུན་གྱི་སྤྱི་བོ་སྟེ། བླ་མེད་ཀྱི་ཐུན་ མོང་མ་ཡིན་པར་གསུངས་ཤིང་། འོན་ཀྱང་དེ་ཁོ་ན་ཉིད་སྒོམ་པ་ཙམ་ལ་རྫོགས་རིམ་ཟེར་ན་ དེ་ཙམ་ཞིག་ནི་རྣལ་འབྱོར་རྒྱུད་མན་ཆད་ནའང་ཡོད་དེ། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ ལས། བྱ་བའི་རྒྱུད་རྣམས་ཀྱང་ཕྱིའི་སྤྱོད་པ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ནང་གི་སྤྱོད་པ་ ཡང་མེད་པ་མ་ཡིན་ཏེ། ཞེས་དང་། དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ ཉིད་སྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ལ་སྤྱིའི་ སྤྱོད་པ་ཤས་ཆེ་བར་སྟོན་པ་བྱ་བའི་རྒྱུད་ཅེས་སོགས་དང་། དེ་ཉིད་སྣང་བ་ལས། རྒྱུད་འདི་ ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས། ཞེས་དང་། འཇིག་རྟེན་(རྣལ་འབྱོར་རྒྱུད་)གསུམ་རྒྱལ་གྱི་ བསྟོད་པའི་འགྲེལ་པ་ལས། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་དགོས་པ་སྒྲུབ་པའི་ཕྱིར་སྔགས་དང་ ཕྱག་རྒྱ་དང་དཀྱིལ་འཁོར་དང་དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་སྦྲེལ་ཞིང་རྒྱུས་པས་རྣལ་ འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་པས་སོ། །དེ་བཞིན་དུ་ཕྱི་ཕ་རོལ་ཕྱིན་པའི་སྟོང་ཉིད་སྒོམ་པ་ ལ་རྫོགས་རིམ་གྱི་ཐ་སྙད་ནི་མ་གསུངས་ཀྱི། ཡང་དག་པའི་དོན་སྒོམ་པ་ཙམ་ལ་རྫོགས་རིམ་ དུ་བྱེད་ན་རུང་ངོ་། །བློ་སྦྱོང་སྤྱོད་ཡུལ་སོགས་ལའང་དེ་བཞིན་ནོ། །རྒྱུད་སྡེ་བཞི་ནས་བཤད་ པའི་དངོས་གྲུབ་ལེན་ཚུལ་ཇི་ལྟ་བུ་གསུང་བ་ལ། བོད་ཀྱི་བླ་མ་གོང་མ་རྣམས་ཀྱི་བཞེད་པས། 2-1-160 རྒྱུད་སྡེ་བཞི་གྲུབ་མཐའ་བཞི་དང་སྒོ་བསྟུན་ནས་གསུངས་པ་ལྟར་དངོས་གྲུབ་ལེན་ཚུལ་ཀྱང་ གྲུབ་མཐའ་བཞི་དང་སྒོ་བསྟུན་ནས་ལེན་པར་བཞེད་དེ། དེ་ཡང་བྱ་རྒྱུད་དུ། བྱེ་བྲག་སྨྲ་བ་ཕྱི་ དོན་བདེན་པ་དང་། བརྗོད་དུ་མེད་པའི་བདག་འདོད་པ་བཞིན་མདུན་དུ་རས་རིས་བཀྲམ། ཡེ་ཤེས་སེམས་དཔའ་སྤྱན་དྲངས། དེའི་ཐུགས་ཀར་སྔགས་ཕྲེང་བཀོད། བདག་ཁྲུས་དང་ གཙང་སྦྲ་དང་ལྡན་པས་སྔགས་བཟླས་ཤིང་དངོས་གྲུབ་ལེན་པར་བཞེད། སྤྱོད་རྒྱུད་དུ། མདོ་ སྡེ་པ་སྣང་བ་ཐམས་ཅད་ཤེས་པ་ཡིན་ཡང་གཟུང་འཛིན་གཉིས་འདོད་པ་ལྟར། བདག་དམ་ ཚིག་སེམས་དཔར་བསྐྱེད། མདུན་དུ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེའི་ཐུགས་ཀར་ སྔགས་ཕྲེང་བཀོད་དེ། སྔགས་བཟླས་ཤིང་གྲོགས་པོ་ལྟ་བུ་ལ་དངོས་གྲུབ་ལེན་པར་བཞེད། རྣལ་འབྱོར་རྒྱུད་དུ་སེམས་ཙམ་པ་ཕྱི་དོན་མེད་ཀྱང་། གཉིས་མེད་ཀྱི་རང་རིག་བདེན་པར་ འདོད་པ་ལྟར་བདག་དམ་ཚིག་སེམས་དཔར་བསྐྱེད། ཡེ་ཤེས་པ་བཅུག སྔགས་བཟླས་ནས། མཇུག་ཏུ་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བའི་ཚུལ་གྱིས་དངོས་གྲུབ་ལེན། བླ་ མེད་རྒྱུད་དུ་དབུ་མ་པས། ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་སྣང་ཡང་དོན་དམ་པར་བདེན་ པ་གང་ཡང་མ་གྲུབ་པར་འདོད་པ་ལྟར། རང་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བཅུག་ནས་ གཤེགས་སུ་མི་གསོལ་བའི་ཚུལ་གྱིས་དངོས་གྲུབ་ལེན་པར་བཞེད་དོ། །ཆོས་རྗེ་ས་སྐྱ་པཎྜི་ ཏས། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལས། །སྣང་བ་ལྷ་རུ་གསུངས་པ་མེད། །འོན་ཀྱང་བྱ་ བའི་རྒྱུད་ནི། བྲིས་སྐུ་ལྷ་རུ་བསྒོམས་ནས་ཀྱང་། །དེ་ལ་དངོས་གྲུབ་ལེན་པ་ཡིན། །དེ་ནས་ དཀའ་ཐུབ་གཙང་སྦྲ་ཡིས། །སངས་རྒྱས་མཉེས་ནས་དངོས་གྲུབ་གནང་། །སྤྱོད་པའི་རྒྱུད་དུ་ བྲིས་སྐུ་དང་། །རང་ཉིད་གཉིས་ཀ་ལྷར་བསྒོམས་ནས། །གྲོགས་པོ་ལྟ་བུའི་དངོས་གྲུབ་ལེན། །རྣལ་འབྱོར་རྒྱུད་དུ་ཕྱི་རོལ་ལ། །དམིགས་པའི་རྐྱེན་ཙམ་བྱས་ནས་ཀྱང་། །རང་ཉིད་དམ་ཚིག་ སམེ ས་དཔའ་ལ། །ཡེ་ཤསེ ་འཁརོ་ལ་ོསྤྱན་དྲངས་ནས། །ཇི་སྲི ད་ཕྱག་རྒྱ་མ་བཀྲོལ་བ། །དེ་ 2-1-161 ཡི་བར་དུ་སངས་རྒྱས་བཞུགས། །ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས། །ཞེས་པ་དང་ ། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། །དག་པ་གསུམ་གྱི་རང་བཞིན་བཤད། །ཅེས་པ་ལྟར་རོ། ། བྱ་སྤྱོད་ཀྱི་ལྷ་ལ་བདག་བསྐྱེད་བྱེད་མི་བྱེད་གཉིས་ནི་ལུགས་གཉིས་འདུག་པ་རྒྱུད་སོ་ སོའི་དགོངས་པ་ཡིན་ནམ། རང་བཟོ་ལགས་གསུང་བ་ལ། ཆོས་རྗེ་ས་སྐྱ་པཎྜི་ཏས། བྱ་ བའི་རྒྱུད་ལ་བདག་བསྐྱེད་མེད། །བྲིས་སྐུ་མཆོད་ནས་གསོལ་བ་འདེབས། །བདག་བསྐྱེད་སྒྲུབ་ ཐབས་ཡོད་པ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་ནས། །དེ་ཡི་ལུགས་བཞིན་མཛད་ པ་ཡིན། །ཞེས་གསུང་ཞིང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། འཇིགས་པར་ དམིགས་ཤིང་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། ཡེ་ཤེས་སེམས་དཔའ་བདེ་བ་དམ་པ་མེད་ པ་དང་། བདག་ཉིད་ལྷ་ཡི་སྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་ དང་། སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་སྤྱོད་པས་སྒྲུབ་པར་བྱེད་པ་ནི་བྱ་བའི་རྒྱུད་ལ་བཞུགས་ ཞེས་གསུངས་པའི། བདག་ཉིད་ལྷའི་སྙེམས་པ་མེད་ཅེས་པ་བདག་བསྐྱེད་དང་། ཡེ་ ཤེས་སེམས་དཔའ་བདེ་བ་དམ་པ་མེད་ཅེས་པ་ཡེ་ཤེས་སེམས་དཔའ་བཞུགས་པ་མེད་པ་ལ་ དགོངས། དགྲ་ནག་དང་གུར་གྱི་འགྲེལ་པ་ལས་ཀྱང་དེ་ལྟར་བཤད་གསུང་། ལེགས་ སྒྲུབ་ཀྱི་སྒྲུབ་ཐབས་བསྡུས་པ་སློབ་དཔོན་བྱང་ཆུབ་མཆོག་གིས་མཛད་པ་ལས། བྱ་བའི་རྒྱུད་ ལས་ལྷ་སྒྲུབ་པའི་རྣལ་འབྱོར་གྱི་རིམ་པ་མ་བསྟན་ཏོ་སྙམ་པར་བསམ་པར་མི་བྱ་སྟེ། བཅོམ་ ལྡན་འདས་ཀྱིས་ཕལ་ཆེར་མ་བསྟན་ཀྱང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་དང་། དེ་ཁོ་ན་ ཉིད་འཇུག་པ་ལས་གཙོ་བོར་བསྟན་ཏོ། །གཅིག་ཏུ་དངོས་གྲུབ་ཐམས་ཅད་ནི་གསང་སྔགས་ ཀྱི་ལྷ་དང་དེ་ཁོ་ན་ཉིད་ལ་རག་ལུས་པ་ཡིན་ལ། དེ་དག་རྣམ་པར་ཉམས་ན་ཞི་བ་ལ་སོགས་ པའི་ལས་རྣམས་འགྲུབ་པར་མི་འགྱུར་བས། བླ་མས་བཤད་པ་དང་། རྒྱུད་ཀྱི་ཁྱད་པར་ཅུང་ ཟད་དཔྱད་པ་ལས་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རིམ་པ་འདིས་ལྷ་ཉིད་ཀྱི་སྐུར་བསྐྱེད་པར་ 2-1-162 བྱའོ་ཞེས་བདག་བསྐྱེད་བཤད་ཅིང་ཡེ་ཤེས་གཞུག་པ་མ་གསུངས། སློབ་དཔོན་སངས་རྒྱས་ གསང་བས་ཀྱང་། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནི། །མཆོད་ དང་གསོལ་བ་ལྷ་དྲུག་སྒོམ། །སྟོང་པ་ཡི་གེའི་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ ཏེ། །ཞེས་རྒྱུད་ཀྱི་ལུང་དྲངས་ཤིང་། དེའི་དོན་ཞིབ་ཏུ་བསམ་གཏན་ཕྱི་མའི་འགྲེལ་པར། བྱ་ རྒྱུད་ཀྱི་བདག་བསྐྱེད་ཀྱི་ལྷ་བསྐྱེད་ཚུལ་ལ། སྟོང་པའི་ལྷ་དང་། ཡི་གེའི་ལྷ་དང་། སྒྲའི་ལྷ་དང་། གཟུགས་ཀྱི་ལྷ་དང་། ཕྱག་རྒྱའི་ལྷ་དང་། མཚན་མ་དང་བཅས་པའི་ལྷ་དེ་དྲུག་གི་སྒོ་ནས་སྒོམ་ ཚུལ་གསུངས་ཤིང་། དེ་ལས་གཟུགས་ཀྱི་ལྷ་སྒོམ་ཚུལ་ཡང་དེ་ཉིད་ལས། དེ་ནས་ཡང་ལྷ་དང་ བདག་གི་དེ་ཁོ་ན་ཉིད་གཅིག་ཏུ་གྱུར་པའི་རང་བཞིན་ཟླ་བའི་བདུད་རྩི་ལས་འོད་ཟེར་རབ་ཏུ་ འཕྲོས་པའི་སྒོ་ནས་ལྷག་པའི་ལྷའི་གཟུགས་དང་། བདག་དང་མི་གཉིས་པའི་རྣལ་འབྱོར་ གྱིས་རབ་ཏུ་གསལ་བར་སྣང་ཞིང་། དེའི་ང་རྒྱལ་དུ་མངོན་པར་སྒོམ་མོ། །བསམ་གཏན་གྱི་ རྣམ་པར་རྟོག་པ་དེ་ལས་ཀྱང་ལངས་ནས་འཚོགས་མ་དང་སྤྱི་གཙུག་ལ་སོགས་པའི་ཕྱག་རྒྱ་ རྣམས་ཀྱིས་ཡན་ལག་དང་བཅས་པར་བྱས་ལ། རྣམ་པར་རྟོག་པ་དང་བཅས་པའི་ལྷར་སྒོམ་ མོ། །འདི་ནི་རེ་ཤིག་ཕྱིའི་གསང་སྔགས་ཀྱི་རྣམ་པར་ཤེས་པ་སྒོམ་པའི་རིམ་པའོ་ཞེས་བདག་ བསྐྱེད་སྒོམ་ཚུལ་གསུངས་ཤིང་། ཡེ་ཤེས་གཞུག་པ་སོགས་མ་གསུངས། ཀླུ་སྒྲུབ་ཀྱིས། ཕྱག་ སྟོང་སྤྱན་སྟོང་གི་གཟུངས་ཀྱི་སྒྲུབ་ཐབས་ལས། བདག་བསྐྱེད་ཡེ་ཤེས་སེམས་དཔའ་གཞུག་ པ་དབང་བསྐུར་བ་དང་བཅས་པ་གསུངས་ཤིང་། དགེ་སློང་མ་དཔལ་མོས་བཅུ་གཅིག་ཞལ་ གྱི་སྒྲུབ་ཐབས་དང་། ཤན་ཏི་པ་དང་། ཛེ་ཏཱ་རིས་གྲྭ་ལྔའི་སྒྲུབ་ཐབས་དང་། ཇོ་བོ་རྗེས་གཙུག་ ཏོར་དྲི་མེད་ཀྱི་སྒྲུབ་ཐབས་སོགས་བདག་བསྐྱེད་དང་ཡེ་ཤེས་སེམས་དཔའ་གཞུག་པ་བཤད་ པས། དེ་དག་བྱ་སྤྱོད་འདྲེས་པ་ལ་དགོངས་སམ་བརྟག་གསུང་། དེ་ལྟར་ན་བྱ་རྒྱུད་ལ་ བདག་བསྐྱེད་བྱེད་མི་བྱེད་གཉིས་གསུངས་པས་རྒྱུད་སོ་སོའི་དགོངས་པའམ། སྤྱིར་ 2-1-163 བཏང་དམིགས་གསལ་ལ་དགོངས་པར་མངོན་ནོ། ། དུས་འཁོར་ནས་གསུངས་པའི་དབང་བཞི་དང་། སྦྱོར་བ་ཡན་ལག་དྲུག་སྦྱོར་ཚུལ་ཇི་ལྟ་ བུ། སོ་སོའི་ས་མཚམས་དང་བཅས་པ། དུས་འཁོར་གྱི་དབང་བཞི་དང་བསྡུས་རྒྱུད་ཀྱི་དབང་ བཞི་ཁྱད་ཅི་ཡོད་གསུང་བ་ལ། སྦྱོར་བ་ཡན་ལག་དྲུག་ནི་དབང་བཞི་པའི་དོན་སྒོམ་པའི་ རྣལ་འབྱོར་ཡིན་ལ། དབང་བཞི་པའི་ཆོ་ག་ནི་སྦྱོར་བ་ཡན་ལག་དྲུག་སྒོམ་པའི་སྣོད་དུ་རུང་ བར་བྱས་པ་ཙམ་ཡིན་པས་དབང་བཞི་པ་དང་སྦྱོར་བ་ཡན་ལག་དྲུག་སྦྱོར་བ་ཡིན་ལ། བྱིས་ པ་འཇུག་པའི་དབང་བདུན་གྱིས་བསྐྱེད་རིམ་སྒོམ་པའི་སྣོད་དུ་རུང་བ་ཙམ་དང་། འཇིག་རྟེན་ པའི་དབང་གོང་མ་གསུམ་གྱིས་འཇིག་རྟེན་ཀུན་རྫོབ་ཀྱི་དགའ་བ་བཞིའི་སྣོད་དུ་རུང་བ་ཙམ་ དུ་བྱས་པ་ཡིན་ནོ། །དུས་འཁོར་གྱི་དབང་བཞི་དང་། བསྡུས་རྒྱུད་ཀྱི་དབང་བཞི་ཁྱད་པར་ ཆེ་སྟེ། དུས་ཀྱི་འཁོར་ལོ་དབང་བཅུ་གཅིག་གསུངས་པའི་དང་པོ་བདུན་བྱིས་པ་འཇུག་པའི་ དབང་། བུམ་པ། གསང་བ། ཤེས་རབ་ཡེ་ཤེས་གསུམ་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་ དང་། བཞི་པ་འཇིག་རྟེན་ལས་འདས་པའི་དབང་མཆོག་ཏུ་མི་འགྱུར་བའི་དབང་ཡིན་ཏེ། རྩ་ བའི་རྒྱུད་ལས། གང་ཡང་དང་པོ་དབང་བདུན་ནི། །བྱིས་པ་རྣམས་ནི་གཞུག་པ་སྟེ། །འཇིག་རྟེན་ ཀུན་རྫོབ་རྣམ་པ་གསུམ། །བཞི་པ་དག་ནི་དོན་དམ་ཉིད། །ཆོས་རྣམས་བདེན་པ་གཉིས་ཀྱིས་ ནི། །རྡོ་རྗེ་འཛིན་པ་ངས་བསྟན་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དོན་དམ་གཉིས་ ཀྱི་བདེན་པའོ། །ཆུ་དང་ཅོད་པན་དར་དཔྱངས་དང་། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་ཆེ། །མིང་དང་ རྗེས་གནང་བཅས་པ་དང་། །རྣམ་བདུན་དབང་པོ་རྒྱལ་པོ་ཀྱེ། །ཞེས་པ་ནས། དབང་བསྐུར་ བདུན་པོ་འདི་རྣམས་ནི། །དཀྱིལ་འཁོར་བཞེངས་ལ་སྦྱིན་པར་བྱ། །ཞེས་བདུན་པོ་རྡུལ་ཚོན་ གྱི་དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ་བ་ཡིན་ལ། དེ་ཆུ་དབང་བུམ་དབང་དུ་ནི་མི་ འདོད། (གཉིས་མེད་)བསྡུས་རྒྱུད་དུ་བུམ་དབང་དུ་བྱེད་པའི་ཁྱད་པར་ཡོད། དྲི་མེད་འོད་དུ། འདི་ 2-1-164 རྒྱུད་གཞན་དང་གཞན་ལས་བྱིས་པའི་སྐྱེ་བོ་གཞུག་པའི་སླད་དུ་དེ་བཞིན་གཤེགས་པ་ལྔ་དག་ པས་དབང་ལྔ་སྟེ། མི་བསྐྱོད་པས་ཆུའི་དབང་དང་། རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་ནོ་ ཞེས་གང་གསུངས་པ་དེ་ལ་སྔ་མ་དང་ཕྱི་མ་འགལ་ཏེ། རྒྱུད་ཐམས་ཅད་ལས་དཀྱིལ་འཁོར་དུ་ མེ་ཏོག་དོར་བས་སློབ་མའི་རིགས་ཀྱི་ལྷ་གང་ཡིན་པ་དེས་ཅོད་པན་དང་དེའི་རིགས་ཀྱི་ཕྱག་ རྒྱས་དེའི་དངོས་གྲུབ་པོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེས་ན་མཚན་ཡང་དག་ པར་(གཉིས་མེད་རྒྱུད་)བརྗོད་པ་ལས། སངས་རྒྱས་ལྔ་བདག་ཅོད་པན་ཅན། །ཞེས་གསུངས་པའི་ ཕྱིར། གང་དུ་མེ་ཏོག་ལྷུང་པའི་དེ་བཞིན་གཤེགས་པ་དེ་ཅོད་པན་དུ་འགྱུར་གྱི། ཐམས་ཅད་ དུ་རིན་ཆེན་འབྱུང་ལྡན་ཉིད་ནི་མིན་ནོ། །དེ་བཞིན་དུ་བསྡུས་པའི་རྒྱུད་ལས། ཆུ་ལ་སོགས་ པའི་དག་པ་མེད་དེ། ཆོ་ག་གཞན་སྟོབས་དང་ལྡན་པའི་ཕྱིར་རོ། །ཞེས་བསྡུས་རྒྱུད་དུ། མི་ བསྐྱོད་པས་ཆུ་དབང་དང་། རིན་ཆེན་འབྱུང་ལྡན་གྱིས་ཅོད་པན་གྱི་དབང་དུ་གསུངས་པ་ཡང་ དགོངས་པ་ཅན་དུ་བཤད་དོ། །ཡང་དུས་ཀྱི་འཁོར་ལོར་གསུངས་པའི་བུམ་པ་གསང་བ་ཤེས་ རབ་ཡེ་ཤེས་གསུམ་གོང་དུ་དྲངས་པ་ལྟར་ཕྱག་རྒྱའི་དཀར་འཛིན་དང་། བྷ་ག་དང་། བྱང་ཆུབ་ སེམས་ཀྱི་དཀྱིལ་འཁོར་དུ་བསྐུར་བར་བྱ་བ་ཡིན་གྱི། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ བསྐུར་བ་མ་ཡིན་ནོ། །དུས་འཁོར་རྩ་རྒྱུད་དུ། འགྱུར་དང་འགྱུར་དང་དེ་ནས་འཛག །དེ་ནས་ གཞན་ནི་མི་འཛག་པའོ། །ལུས་ངག་སེམས་ནི་ལེགས་དག་པས། །དབང་བསྐུར་གསུམ་པོ་ རིམ་པ་ཡིས། །བཞི་པ་ཡེ་ཤེས་ཡན་ལག་དག །ལུས་ངག་སེམས་ཀྱང་དག་པར་བྱེད། །བྱིས་ པ་དར་མ་དེ་ནས་རྒན། །བཞི་པ་སྐྱེ་དགུའི་བདག་པོའོ། །ཤེས་རབ་ནུ་མར་ཡན་ལག་ནི། །རེག་པས་བྱང་ཆུབ་སེམས་འཕོའི་བདེ། །འོ་མས་འཛིན་པས་དབང་བསྐུར་བ། །གང་ལ་ བདེ་ཐོབ་བྱིས་པའོ། །ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །བྱང་ཆུབ་སེམས་ནི་འཕོ་བའི་ བདེ། །གསང་བའི་དབང་བསྐུར་གསང་བ་ནི། །གང་ལས་བདེ་ཐོབ་དེར་དར་མ། །ཡུན་རིང་ 2-1-165 གསང་བར་སྤྲོས་ལས་སྐྱེས། །རྡོ་རྗེ་རྩེ་མོར་གཡོ་བའི་བདེ། །ཤེས་རབ་ཡེ་ཤེས་དབང་བསྐུར་ བ། །གང་ལས་གཡོ་བར་བསྒྲོད་དེ་རྒན། །ཕྱག་རྒྱ་ཆེན་པོ་རྗེས་ཆགས་ལས། །སྐྱེས་པ་གཡོ་ མེད་བདེ་བ་ནི། །ཤེས་རབ་ཆེན་པོའི་དབང་བསྐུར་བ། །གང་ལ་གཡོ་མེད་རྟོགས་པ་དེ། །སྐྱེ་ དགུའི་བདག་པོར་རྣམ་ཤེས་བྱ། །སྐྱོབས་པ་ཐམས་ཅད་བསྐྱེད་མཛད་པ། །ཞེས་གསུངས་པ་ དང་། ཡང་དང་པོའི་སངས་རྒྱས་ལས། རྡོ་རྗེའི་ཐིག་རྣམས་གདབ་པ་དང་། །རྡུལ་ཚོན་དག་ ཀྱང་གདབ་པ་ནི། །སྔགས་ཀྱིས་དེ་ཉིད་ཀྱིས་མི་བྱ། །བྱེད་ན་བྱང་ཆུབ་ཐོབ་པར་དཀའ། །ཞེས་ པས་སོ། ། འདིར་ཁ་ཅིག་གིས། ཁྱེད་ཀྱི་འདི་ལ་སྒྲུབ་བྱེད་ཚད་མ་གང་། །དེ་དོན་ཉམས་སུ་བླངས་ པས་སུ་ཞིག་གྲོལ། །ཆེན་པོ་རྣམས་ལ་ཚད་མར་མ་གྲགས་ཕྱིར། །དུས་ཞབས་ལ་སོགས་ཚད་ མའི་སྐྱེས་བུ་མིན། །ཞེས་སོགས་སྒྲུབ་བྱེད་བཀོད་ནས། དུས་ཀྱི་འཁོར་ལོ་དམ་པས་བསྟེན་ བྱའི་ཆོས་ཡང་མ་ཡིན་པར་སྨྲ་བ་གྲག་སྟེ། གཞན་ལ་ཉམས་སད་པའི་ཕྱིར་ཀྱལ་ཀའི་ཚིག་ ལྡེམ་པོའི་ངག་ཡིན་ཏེ་མཆི། གཞན་དུ་ན་ཆོས་སྤོང་གི་ལས་ཚབས་ཆེན་དུ་འགྱུར་ཞིང་། རྡོ་རྗེ་ སེམས་དཔའ། རྡོ་རྗེ་འཇིགས་བྱེད། ཧེ་རུ་ཀ ཐུབ་པ་ཆེན་པོ། དུས་ཀྱི་འཁོར་ལོ། དང་པོའི་ སངས་རྒྱས། འཁོར་ལོ་བདེ་མཆོག ཅེས་སོགས་མཚན་གྱི་རྣམ་གྲངས་སུ་གསུངས་ཏེ། དཔལ་ རྡོ་རྗེ་ཕྲེང་བའི་རྒྱུད་ལས། རྡོ་རྗེ་དེ་ནི་ར་ྡོར་ྗེསམེ ས། །ར་ྡོར་ྗེའཇགི ས་བདྱེ ་དབང་ཕྱུག་དང་། །ཧེ་ རུ་ཀ་དང་དུས་འཁོར་ལོ། །དང་པོའི་སངས་རྒྱས་ཐུབ་པ་ཆེ། །ཞེས་དང་། རྡོ་རྗེ་སེམས་དཔའ་ བམ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོའི་ སངས་རྒྱས་ལ་སོགས་མཚན། །ཞེས་བཅོམ་ལྡན་འདས་ཉིད་ཀྱིས་རྒྱུད་ཡང་དག་ཏུ་གསལ་ བར་གསུངས་ལ། ནཱ་རོ་པ་སོགས་མཁས་གྲུབ་ཆེན་པོ་རྣམས་ཀྱིས་གསལ་བར་གསུངས་པ་ ནི་བསམ་གྱིས་མི་ཁྱབ་པས་དེ་ལྟར་སྐད་ཅིག་ཀྱང་ལོག་པར་རྟོགས་པར་མི་བྱའོ། །བྱང་ཆུབ་ 2-1-166 སེམས་དཔའ་རྡོ་རྗེ་སྙིང་པོས་ཀྱང་། ཀྱེའི་རྡོ་རྗེ་ཡིས་ནི་བདེ་མཆོག་འཁོར་ལོ་དང་ནི་གདན་ བཞི་ཤེས་པར་བྱ། །ཀྱེའི་རྡོ་རྗེ་དང་ནི་བདེ་མཆོག་འཁོར་ལོ་ཉུང་ངུ་འདིས་ནི་གདན་བཞི་ཤེས་ པར་བྱ། །མཆོག་གི་དང་པོའི་སངས་རྒྱས་ཚིག་དང་བདེ་མཆོག་ཆེན་པོས་ངེས་དོན་ཤེས་པར་ བྱ། །དེ་ལ་སོགས་པའི་རྒྱུད་རྣམས་ནི། །རྒྱུད་གཞན་རྣམས་ཀྱིས་རྟག་ཏུ་ནི། །བསྟན་དང་རྒྱས་ བཤད་ཀྱིས་ཤེས་བྱ། །འགྲེལ་པས་ལམ་འདོད་རྣམས་ཀྱིས་སོ། །ཞེས་གསུངས་པས་ཀྱང་ དུས་འཁོར་ཆོས་རྣམ་དག་མ་ཡིན་པ་བསལ་ལོ། །གཞན་ཡང་དུས་འཁོར་རྣམ་དག་མ་ཡིན་ ན། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་མི་སྲི ད་པ་དང་། རྣམ་བཅུ་དབང་ལྡན་མི་སྲི ད་པར་ ཐལ་བ་ལས། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་དང་། རྣམ་བཅུ་དབང་ལྡན་ཆེ་ བ་པོ། །ཞེས་སོགས་རྒྱུད་རྣམ་དག་ནས་གསལ་བར་གསུངས་པ་དང་འགལ་ཞར་བྱུང་ངོ་། །དེ་དག་གིས་རྡོ་རྗེ་ཐེག་པ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་དྲིས་ལན་མདོར་བསྡུས་པ་ བསྟན་ནོ།། །། ད་ནི་བདེ་གཤེགས་སྙིང་པོ་དང་འབྲེལ་པ་ཤིན་ཏུ་ཟབ་པའི་དྲི་བ་རྣམས་ཀྱི་ལན་བརྗོད་ པར་བྱ་སྟེ། བདེ་གཤེགས་སྙིང་པོའི་ངོ་བོ་གང་གསུང་བ་ལ། སངས་རྒྱས་ཕལ་བོ་ཆེ་ལས། སྟོང་གསུམ་དར་ཡུག་གི་དཔེ་བཀོད་ནས། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་ པའི་ཡེ་ཤེས་དང་། ཚད་མེད་པའི་ཡེ་ཤེས་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་བཞུགས་ཏེ། སེམས་ཅན་གྱི་སེམས་ཀྱི་རྒྱུད་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་དང་འདྲ་བར་ཚད་ མེད་དོ། །དེ་ལྟ་མོད་ཀྱི་འདུ་ཤེས་ཀྱིས་འཛིན་པས་བཅིངས་པའི་བྱིས་པ་རྣམས་ཀྱིས་(དེ་བཞིན་ གཤེགས་)ཡེ་ཤེས་མི་ཤེས་རབ་ཏུ་མི་ཤེས་ཤིང་ཉམས་སུ་མི་མྱོང་མངོན་དུ་མི་བྱེད་དོ། །དེས་ན་ དེ་བཞིན་གཤེགས་པ་ཆགས་པ་མེད་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་ 2-1-167 དབྱིངས་སེམས་ཅན་གྱི་གནས་ཐམས་ཅད་ལ་རྣམ་པར་གཟིགས་ནས་སློབ་དཔོན་གྱི་འདུ་ ཤེས་སུ་འགྱུར་ཏེ། ཀྱེ་མ་ངར་པས་སེམས་ཅན་འདི་དག་ནི་དེ་བཞིན་གཤེགས་པའི་ཡང་དག་ པའི་ཡེ་ཤེས་ཇི་ལྟ་བཞིན་མི་ཤེས་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་རྗེས་སུ་ཞུགས་ པ་དག་སྟེ། གང་ཡང་ངས་སེམས་ཅན་འདི་དག་ལ་འཕགས་པའི་ལམ་ཉེ་བར་བསྟན་པས་ འདུ་ཤེས་ཀྱིས་བྱས་པའི་འཆིང་བ་མཐའ་དག་གསལ་བར་བྱ་སྟེ། ཇི་ལྟར་རང་ཉིད་འཕགས་ པའི་ཡེ་ཤེས་ཀྱིས་སྟོབས་བསྐྱེད་པས་འདུ་ཤེས་ཀྱི་མདུད་པ་ཆེན་པོ་བསལ་ནས་དེ་བཞིན་ གཤེགས་པའི་ཡེ་ཤེས་སོ་སོར་མངོན་པར་ཤེས་ཤིང་། དེ་བཞིན་གཤེགས་པ་དང་མཉམ་པ་ ཉིད་རྗེས་སུ་ཐོབ་པ་བཞིན་དུ་དེ་བཞིན་གཤེགས་པའི་ལམ་བསྟན་པས་འདུ་ཤེས་ཀྱིས་བྱས་ པའི་འཆིང་བ་ཐམས་ཅད་བཟློག་པར་བྱེད་དོ། །འདུ་ཤེས་ཀྱིས་བྱས་པའི་འཆིང་བ་ཐམས་ ཅད་ལོག་པ་དག་ལ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཚད་མེད་པ་དེ་འཕྲོ་བ་ཐམས་ཅད་ ཀྱི་ཉེ་བར་འཚོ་བར་འགྱུར་རོ་ཞེས་དང་། འགྲི བ་པ་དང་འཕེལ་བ་མེད་པའི་མདོར། ཤཱ་རིའི་ བུ་དོན་དམ་པ་ཞེས་བྱ་བ་འདི་ནི། སེམས་ཅན་ཁམས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ སྙིང་པོའི་ཚིག་བླ་དྭགས་སོ་ཞེས་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། རིགས་ ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་ བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ་ ཞེས་དང་། དཔེ་དགུའི་སྒོ་ནས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་གསུངས་ ལ། དེའི་དོན་རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་ རྒྱུ་མཚན་གསུམ་གྱི་སྒོ་ནས་བདེ་གཤེགས་སྙིང་པོ་ཅན་དུ་བསྟན་ཅིང་། དེ་ཡང་། ངོ་བོ་རྒྱུ་ འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་ 2-1-168 མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་ དང་། དེའི་འགྲེལ་པར་མདོར་བསྡུ་ན། དོན་རྣམ་པ་བཅུ་ལ་དགོངས་ནས་དེ་ཁོ་ནའི་ཡེ་ཤེས་ དམ་པའི་ཡུལ་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་བཞག་པར་རིག་པར་བྱའོ་ཞེས་བདེ་ སྙིང་ངོ་བོ་ལ་སོགས་པའི་དོན་བཅུའི་སྒོ་ནས་གསུངས་ཤིང་། དེ་ལ་དང་པོ་ངོ་བོ་དང་། གཉིས་ པ་རྒྱུའི་དོན་གཉིས་ལས་བརྩམས་ནས། རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་ བཞིན་ཉོན་མོངས་མེད། །ཆོས་མོས་ལྷག་པའི་ཡེ་ཤེས་དང་། །ཏིང་འཛིན་སྙིང་པོ་ལས་བྱུང་ བ། །མཐུ་དང་གཞན་དུ་མི་འགྱུར་དང་། །བརླན་པོའི་ངོ་བོའི་རང་བཞིན་ཕྱིར། །འདི་དག་ ཡིད་བཞིན་ནོར་བུ་མཁའ། །ཆུ་ཡི་ཡོན་ཏན་ཆོས་མཐུན་ཉིད། །ཅེས་དང་། དེའི་འགྲེལ་པར། གསུམ་པོ་འདི་ལ་གོ་རིམ་ཇི་ལྟ་བ་བཞིན་ཁོ་ན་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ལ་ བརྩམས་ནས་དེ་བཞིན་གཤེགས་པའི་ཁམས་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། ཆུ་རྣམ་པར་དག་པའི་ཡོན་ཏན་གྱི་ཆོས་མཐུན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་ པའི་ཆོས་ཀྱི་སྐུ་ནི་བསམ་པའི་དོན་གྲུབ་པ་ལ་སོགས་པའི་མཐུའི་ངོ་བོ་ཉིད་ཀྱི་རང་གི་མཚན་ ཉིད་ལས་བརྩམས་ནས་ཡིད་བཞིན་ནོར་བུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །དེ་ བཞིན་ཉིད་ནི་གཞན་དུ་མ་ཡིན་པ་ཉིད་ཀྱི་རང་གི་ངོ་བོའི་རང་གི་མཚན་ཉིད་ལས་བརྩམས་ ནས་ནམ་མཁའ་དང་ཆོས་མཐུན་པར་ཉིད་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་ རིགས་ལ་ནི་སེམས་ཅན་ལ་སྙིང་བརྩེ་བས་བརླན་པའི་ངོ་བོ་ཉིད་ཀྱི་རང་གི་མཚན་ཉིད་ལས་ བརྩམས་ནས་ཆུ་དང་ཆོས་མཐུན་པ་ཉིད་དུ་རིག་པར་བྱའོ། །འདིར་ཐམས་ཅད་ཀྱང་རྟག་ཏུ་ རང་བཞིན་གྱིས་ཤིན་ཏུ་ཉེ་བར་ཉོན་མོངས་པ་མེད་པ། རང་བཞིན་གྱིས་ཡོངས་སུ་དག་པའི་ སྤྱིའི་མཚན་ཉིད་ལས་བརྩམས་ནས་དེ་ཉིད་ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། ཆུ་ རྣམ་པར་དག་པའི་ཡོན་ཏན་དང་ཆོས་མཐུན་པར་རིག་པར་བྱའོ། །ཞེས་སོ། །དེའི་དོན་རང་ 2-1-169 དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ནོར་བུ་མཁའ་ཆུ་དག་པ་དང་ ཆོས་མཐུན་དུ་སྦྱོར་བ་ཡིན་ལ། དེ་ལ་རང་གི་མཚན་ག་ྱིས་ྒོནས་ཆསོ་སྐུ་ཡདི ་ནརོ་དང་། དེ་ བཞིན་ཉིད་མཁའ་དང་། རིགས་ཆུ་དང་ཆོས་མཐུན་པ་ཡིན་ལ། སྤྱི་མཚན་གྱི་སྒོ་ནས་གསུམ་ ཆར་དཔེ་གསུམ་ཅར་དང་ཆོས་མཐུན་དུ་བསྟན་པས་སོ། །ཆོས་མོས་ཞེས་སོགས་རྒྱས་བཤད་ དང་བཅས་པས་རྒྱུ་གསུངས་སོ། ། གསུམ་པ་བདེ་གཤེགས་སྙིང་པོ་གློ་བུར་གྱི་དྲི་མས་དག་བྱེད་ཆོས་མོས་སོགས་བཞིའི་ འབྲས་བུ་དང་། བཞི་པ་ལས་ཀྱི་དོན་སྟོན་པ་ལ། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ ཏན་ཕ་རོལ་ཕྱིན་པ་འབྲས། །སྡུག་བསྔལ་ཡིད་འབྱུང་ཞི་ཐོབ་པར། །འདུན་དང་སྨོན་པའི་ ལས་ཅན་ནོ། །ཞེས་གསུངས་ཤིང་། དེ་ལ་འབྲས་བུའི་དོན་ནི། ཆོས་མོས་སོགས་བཞིའི་འབྲས་ བུ་ཆོས་སྐུའི་ཡོན་ཏན་གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པ་བཞིར་གསུངས་ལ། ལས་ ཀྱི་དོན་ནི། གལ་ཏེ་སངས་རྒྱས་ཁམས་མེད་ན། །ཞེས་སོགས་ཀྱིས་གསུངས་ཤིང་། དེའི་དོན་ སེམས་ཅན་ལ་བདེ་གཤེགས་སྙིང་པོ་མེད་ན། དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་གལ་ ཏེ་དེ་བཞིན་གཤེགས་པའི་སྙིང་པོ་མ་མཆིས་ན་སྡུག་བསྔལ་ལས་སྐྱོབ་པར་ཡང་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་འདོད་པ་དང་དོན་དུ་གཉེར་བ་དང་སྨོན་པ་ཡང་མེད་པར་འགྱུར་རོ་ ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་སྡུག་བདེན་ལ་འདོར་ལེན་མེད་པར་འགྱུར་ལ། དེ་ ཡོད་ཅེས་པའོ། །འོ་ན་ལོག་སྲེད་ཅན་མྱ་ངན་ལས་མི་འདའ་བའི་ཆོས་ཅན་གསུངས་པ་ཇི་ལྟ་ བུ་ཞེ་ན། ཐེག་ཆེན་ལ་སྡང་བ་ལོག་སྲི ད་ཀྱི་རྒྱུ་ཡིན་པའི་ཕྱིར་སྡང་བ་དེ་ལྡོག་དོན་དུ་དུས་ གཞན་ལ་དགོངས་ནས་གསུངས་ཀྱི། གཏན་ནས་རྣམ་པར་དག་པར་མི་འགྱུར་བ་ནི་མིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལ་རྣམ་པར་ དག་པར་རུང་བ་ཉིད་ཡོད་པ་ལ་དགོངས་ནས། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་ལ། །རང་ 2-1-170 བཞིན་གྱིས་དག་བརྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་ཕྱི་སྒྲིབས་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་བསྒྲིབས་པ་བཞིན། །ཞེས་འགྲེལ་པར་རྒྱས་པར་བཀོད་དོ། ། ལྔ་པ་ལྡན་པའི་དོན་ནི། རྒྱ་མཚོ་ཆེ་བཞི་དཔག་མེད་པའི། །ཡོན་ཏན་རིན་ཆེན་མི་ཟད་ གནས། །དབྱེར་མེད་ཡོན་ཏན་ལྡན་པ་ཡི། །ངོ་བོ་ཉིད་ཕྱིར་མར་མེ་བཞིན། །ཞེས་པ་རྒྱས་ བཤད་དང་བཅས་པས་བསྟན་ཞིང་། དེའི་དོན། དེ་བཞིན་གཤེགས་པའི་སྙིང་པོ་ཆོས་སྐུ་དག་ པའི་རྒྱུ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ འཇུག་པའི་རྒྱུ་དང་ལྡན་ལ། འབྲས་བུའི་ཡོན་ཏན་མངོན་ཤེས་དང་ཟག་མེད་ཡེ་ཤེས་དང་ སྤངས་པ་རྣམས་དང་། མར་མེའི་སྣང་བ་དང་། དྲོད་དང་། མདོག་བཞིན་དུ་ལྡན་པར་བསྟན་ པའོ། ། དྲུག་པ་འཇུག་པའི་རབ་དབྱེ་ནི། སོ་སོ་སྐྱེ་འཕགས་རྫོགས་སངས་ཀྱི། །དེ་བཞིན་ གཤེགས་དབྱེ་འཇུག་པ་ལས། །དེ་ཉིད་གཟིགས་པས་སེམས་ཅན་ལ། །རྒྱལ་བའི་སྙིང་པོ་ འདི་བསྟན་ཏོ། །ཞེས་སོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་ལ། གང་ཟག་སོ་སྐྱེ། བྱང་ སེམས། སངས་རྒྱས་གསུམ་གྱི་དབྱེ་བ་ལས་འཇུག་པའི་རབ་དབྱེ་གསུམ་བསྟན་ཏོ། ། བདུན་པ་རབ་དབྱེ་དེའང་གནས་སྐབས་གསུམ་དུ་སྟོན་པ་ནི། མ་དག་མ་དག་དག་པ་ དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་ བཞིན་གཤེགས་པ་ཞེས་བརྗོད་དོ། །ངོ་བོ་ཉིད་ལ་སོགས་པའི་དོན། །འདི་དྲུག་གིས་ནི་བསྡུས་ པ་ཡིས། །ཁམས་ནི་གནས་སྐབས་གསུམ་དག་ཏུ། །མིང་གསུམ་གྱིས་ནི་བསྟན་པ་ཉིད། །ཅེས་ སོ། །དེའི་དོན་ནི་བདེ་སྙིང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་། རྒྱུད་ལྡན་གང་ཟག་མ་དག་དག་པ་ དང་། མ་དག་དག་པ་དང་། ཤིན་ཏུ་རྣམ་དག་གསུམ་ཡོད་པས་མིང་གསུམ་གྱིས་ནི་འདོགས་ པ་སྟེ། དེ་ཡི་འགྲེལ་པར་ཐོགས་མེད་ཀྱིས། གནས་སྐབས་གསུམ་དུ་གོ་རིམ་བཞིན་མིང་ 2-1-171 གསུམ་བསྟན་པས་རིག་པར་བྱ་སྟེ། འདི་ལྟ་སྟེ། མ་དག་པའི་གནས་སྐབས་སུ་ནི་སེམས་ཅན་ གྱི་ཁམས་ཞེས་བྱ་བ་དང་། མ་དག་པ་དང་དག་པའི་གནས་སྐབས་སུ་ནི། བྱང་ཆུབ་སེམས་ དཔའ་ཞེས་བྱ་བ་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་ནི་དེ་བཞིན་གཤེགས་པ་ ཞེས་བྱའོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་བཞིན་ཉིད་ཉོན་ མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ། འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་ མ་དང་ཐ་མ་མེད་པར་འཁོར་བའི་འགྲོ་བ་འཆི་བ་དང་། སྐྱེ་བ་དག་ཏུ་འཁོར་བ་ནི་སེམས་ཅན་ གྱི་ཁམས་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱི་སྡུག་བསྔལ་ལ་ སྐྱོ་བར་གྱུར་པར་འདོད་པ་དང་། ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་ཏུ་ཕྱིན་ པ་བཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་ དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤཱ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་ འདས་པ། ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་དག་པ། མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱིས་ལྟ་བར་བྱ་ བའི་ས་ལ་ཞུགས་པ། ཤེས་བྱ་མཐའ་དག་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། སྒྲིབ་ པ་མེད་པའི་ཆོས་ཅན། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་བཞིན་ནོ། ། བརྒྱད་པ་ཀུན་འགྲོའི་དོན་ནི། བདེ་སྙིང་གཅིག་པོ་དེ་ཉིད་གནས་སྐབས་གསུམ་པོ་ ཐམས་ཅད་དུ་ཇི་ལྟར་འགྲོ་སྙམ་ན། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་ རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་དུ་ནི་འགྲོ་བ་ཉིད། །དེ་ 2-1-172 སྤྱིའི་མཚན་ཉིད་ཉེས་པ་དང་། །ཡོན་ཏན་མཐར་ཐུག་ཁྱབ་པ་སྟེ། །གཟུགས་ཀྱི་རྣམ་པ་དམན་ པ་དང་། །བར་མ་མཆོག་ལ་ནམ་མཁའ་བཞིན། །ཞེས་གསུངས་ཤིང་། དེའི་དོན། སེམས་ཀྱི་ རང་བཞིན་བདེ་གཤེགས་སྙིང་པོ་དེ་གནས་སྐབས་གསུམ་པོ་ཐམས་ཅད་ལ་ཁྱབ་པའི་སྤྱིའི་ མཚན་ཉིད་ཡིན་པའི་ཕྱིར། ཉེས་པ་དང་ཡོན་ཏན་དང་། ཡོན་ཏན་མཐར་ཐུག་པའི་གནས་ སྐབས་གསུམ་ཀར་དུ་རྗེས་སུ་སོང་བ་ཡིན་ལ། ངོ་བོ་ལ་ཁྱད་པར་མེད་དེ། ནམ་མཁའ་ས་དང་ ཟངས་དང་གསེར་གྱི་སྣོད་ལ་ཁྱབ་པ་བཞིན། འགྲི བ་པ་དང་འཕེལ་བ་མེད་པའི་མདོ་གནས་ སྐབས་ཀྱི་སྐབས་སུ་དྲངས་པ་དེའི་འཕྲོ་ནས། ཤཱ་རིའི་བུ་དེའི་ཕྱིར་ན་སེམས་ཅན་གྱི་ཁམས་ ཀྱང་གཞན་ལ། ཆོས་ཀྱི་སྐུ་ཡང་གཞན་པ་ནི་མ་ཡིན་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་ སྐུ། ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱིས་གཉིས་སུ་མེད་དེ། ཡི་གེ་ཙམ་ ཐ་དད་པ་ཡིན་ནོ་ཞེས་གསུངས་སོ། ། དགུ་པ་མི་འགྱུར་བའི་དོན་ནི། བདེ་གཤེགས་སྙིང་པོ་དེ་གནས་སྐབས་གསུམ་དུ་སོང་ཡང་ ། སྔར་ཉེས་པ་དང་བཅས་པ་ལ་ཕྱིས་ཉེས་མེད་དུ་གྱུར་པའི་འགྱུར་བཅས་མ་ཡིན་ཞེས་སྟོན་ པ་ནི། ཉེས་པ་གློ་བུར་དང་ལྡན་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་དེ་ ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོགས་རྒྱས་བཤད་དང་བཅས་པས་ འགྱུར་བ་མེད་པའི་ཁམས་དེ་ཡང་། འདུས་མ་བྱས་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ དང་དབྱེར་མེད་དུ་ལྡན་པར་བསྟན་ཅིང་། འཕེལ་འགྲི བ་མེད་པའི་མདོ་ལས་ཀྱང་། བཅོམ་ ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་རྣམ་པར་དབྱེ་བ་མེད་པ། བྲལ་མི་ཤེས་པ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་མི་སྟོང་ པའོ་ཞེས་དང་། ཐོགས་མེད་ཀྱིས། དོན་བཞི་པོ་འདི་དག་ལ་ནི་གོ་རིམ་ཇི་ལྟ་བ་བཞིན་དུ་མིང་ གི་རྣམ་གྲངས་འདི་བཞིར་འགྱུར་ཏེ། འདི་ལྟ་སྟེ། ཆོས་ཀྱི་སྐུ་དང་། དེ་བཞིན་གཤེགས་པ་ 2-1-173 དང་། དོན་དམ་པའི་བདེན་པ་དང་། མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་འདི་ སྐད་ཅེས། ཤཱ་རིའི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐུའི་ཚིག་བླ་ དྭགས་སོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གཞན་ལ། ཆོས་ ཀྱི་སྐུ་གཞན་པ་ནི་མ་ལགས་ཀྱི། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ཉིད་དེ་བཞིན་གཤེགས་པ་ ལགས་སོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་སྡུག་བསྔལ་འགོག་པ་ཞེས་བྱ་བ་འདི་ནི་ ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུར་བསྟན་ཏོ། །ཞེས་བྱ་ བ་དང་། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་བ་འདི་ནི་དེ་བཞིན་ གཤེགས་པའི་ཆོས་ཀྱི་སྐུའི་ཚིག་བླ་དྭགས་སོ་ཞེས་གསུངས་པ་ཡིན་ནོ་ཞེས་དང་། གང་གི་ ཕྱིར་ཟག་པ་མེད་པའི་དབྱིངས་ཀྱི་རྣམ་གྲངས་བཞི་པོ་དག དེ་བཞིན་གཤེགས་པའི་ཁམས་ ཀྱི་དོན་གཅིག་ལ་ཡང་དག་པར་འདུ་བ་དེའི་ཕྱིར་དོན་གཅིག་པས་གཉིས་སུ་མེད་པའི་ཆོས་ ཀྱི་ཚུལ་གྱི་སྒོ་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ ཕྱིར་སངས་རྒྱས་ཉིད་ཅེས་བརྗོད་པ་གང་ཡིན་པ་དང་། ལྷན་ཅིག་མངོན་པར་རྫོགས་པར་ བྱང་ཆུབ་པས་བག་ཆགས་དང་བཅས་པའི་དྲི་མ་སྤངས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་ བརྗོད་པ་གང་ཡིན་པ་འདི་གཉིས་གང་ཡང་ཟག་པ་མེད་པའི་དབྱིངས་ལ་དབྱེར་མེད། བཅད་ དུ་མེད། གཉིས་སུ་མེད་དོ་ཞེས་བྱ་བར་བལྟ་བར་བྱའོ། །ཞེས་སོ། །དེ་ཡང་བདེ་གཤེགས་ སྙིང་པོ་ལ་དོན་དམ་གྱི་ཡོན་ཏན་ཐམས་ཅད་གདོད་མ་ནས་ལྡན་ཡང་། རྒྱུད་ལྡན་གྱི་གང་ཟག་ སངས་མ་རྒྱས་ཀྱི་བར་དུ་དེ་མ་ཐོབ་པ་དང་། སངས་རྒྱས་ནས་དེ་མངོན་དུ་གྱུར་པས་ཐོབ་པ་ ཡིན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་ཐམས་ཅད་དང་གཞལ་དུ་མེད་པ། བསམ་གྱིས་མི་ཁྱབ་པ་དང་། རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་ 2-1-174 པའོ། །ཞེས་བྱ་བ་འདི་ནི་ཡོན་ཏན་རྣམ་པ་བཞི་འགྲུབ་པ་དང་། དབྱེར་མེད་པའི་མཚན་ཉིད་ མྱ་ངན་ལས་འདས་པ་ཐོབ་པ་དེའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ པའི་ཕྱིར་ན། སངས་རྒྱས་དང་མྱ་ངན་ལས་འདས་པ་དག་རྣམ་པར་དབྱེ་བ་མེད་པའི་ཡོན་ཏན་ དང་ལྡན་པའི་ཕྱིར་ན་སངས་རྒྱས་ཉིད་མེད་པར་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ་ཞེས་ དང་། དེ་ནས་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །ཞེས་དང་། དེའི་ འགྲེལ་པར། གང་གི་ཕྱིར་ཐོག་མ་མེད་པ་ནས་ཉེ་བར་གནས་པའི་རང་བཞིན་དགེ་བའི་ཆོས་ དང་ལྡན་པའི་ཁམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ ཆོས་ཉིད་གང་ཡིན་པ་དེའི་ཕྱིར་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་ པ་མངའ་བའི་དེ་བཞིན་གཤེགས་པ་མ་ཐོབ་པར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ མཚན་ཉིད་མྱ་ངན་ལས་འདས་པའི་དབྱིངས་རྟོག་པ་མངོན་དུ་བྱེད་པ་མི་འཐད་དོ་ཞེས་པས་ སོ། །དེ་ལྟར་ངོ་བོ་རྒྱུ་འབྲས་ལ་སོགས་པ་རྣམ་བཞག་བཅུའི་སྒོ་ནས་བདེ་གཤེགས་སྙིང་པོ་ བསྟན་པར། དེ་ལྟར་རྒྱལ་བའི་སྙིང་པོ་ཡི། །རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད། །ཅེས་ པས་དོན་བསྡུས་ཏེ་གསུངས་སོ། །དེ་སེམས་ཅན་ལ་བཞུགས་ཚུལ་དཔེ་དགུས་སྟོན་པ་ནི། ཉོན་མོངས་སྦུབས་ནང་གནས་པ་དེ། །དཔེ་དག་གིས་ནི་ཤེས་པར་བྱ། །ཞེས་དང་། འགྲེལ་པར། ཐོག་མ་མེད་པའི་དུས་ནས་ཉེ་བར་གནས་པ་མ་འབྲེལ་བའི་རང་བཞིན་གྱི་ཉོན་མོངས་པའི་ སྦུབས་ཉིད་དང་ཐོག་མ་མེད་པ་ནས་ཉེ་བར་གནས་པ་འབྲེལ་བའི་རང་བཞིན་དག་པའི་ ཆོས་ཉིད་ཀྱི་དབང་དུ་བྱས་ནས་དཔེ་དགུས་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པའི་ སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ་ནི་མདོ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱའོ། །ཞེས་ གང་གསུངས་པ་རྒྱས་བཤད་དང་བཅས་པ་རྣམས་ཀྱི་སྙིང་པོ་སེམས་ཅན་ལ་བཞུགས་ཚུལ་ རྒྱས་པར་བསྟན་ཏེ་མངས་པའི་འཇིགས་པས་མ་བྲིས་སོ། ། 2-1-175 སངས་རྒྱས་སེམས་ཅན་བདེ་གཤེགས་སྙིང་པོའི་ཁྱད་པར་ཅིས་འབྱེད་ཅེས་གསུང་བའི་ ལན་ནི། ངོ་བོ་ལ་དབྱེ་བ་མེད་ཀྱང་གནས་སྐབས་ཀྱི་ཁྱད་པར་ལ་སོགས་པ་གོང་དུ་བརྗོད་པ་ ལྟར་རོ། ། ཀ་བུམ་སོགས་ལ་བདེ་གཤེགས་སྙིང་པོས་ཁྱབ་ཚུལ་ཇི་ལྟ་བུ་ཞེས་གསུང་བ་ལ། དཔལ་ ཕྲེང་གི་མདོར། བཅོམ་ལྡན་འདས་དེའི་སླད་དུ་དེ་བཞིན་གཤེགས་པའི་སྙིང་པོ་འབྲེལ་བ་ བསལ་དབྱེ་བ་མེད་པ་བྲལ་མི་ཤེས་པ་འདུས་མ་བྱས་པའི་ཆོས་རྣམས་ཀྱི་གནས་དང་གཞི་ དང་རྟེན་ལགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་མ་འབྲེལ་བ་རྣམ་ པར་དབྱེ་བ་དང་བཅས་པའི་ཆོས་བྲལ། ཤེས་པ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཡང་གནས་ དང་གཞི་དང་རྟེན་ལགས་སོ་ཞེས་གསུངས་པས། འདུས་བྱས་ཀྱི་ཆོས་ཀུན་གྱི་གནས་དང་ གཞི་དང་རྟེན་དུ་གསུངས་པས། ཀ་བུམ་སོགས་ལ་ཁྱབ་པར་གྲུབ་པོ། ། བདེ་གཤེགས་སྙིང་པོ་སེམས་ཅན་ལ་སྟོབས་སོགས་ཀྱིས་བརྒྱན་པ་ཡོད་དམ་མེད། ཡོད་ ན་དག་པ་གཉིས་ལྡན་དང་གཅིག་ལྡན་གང་ལགས། སྟོབས་སོགས་ཀྱི་ངོ་བོ་ཡོད་དམ། ཆོས་ ཉིད་ཡོད་པ་ལ་སྟོབས་སོགས་ཡོད་ཅེས་དགོངས་པ་ལགས་ཞསེ ་གསུང་བ་ལ། འདུས་མ་བྱས་ ཀྱི་ཡོན་ཏན་ཀུན་ལྡན་གྱི་བདེ་གཤེགས་ སྙིང་པོ་སེམས་ཅན་གྱི་ལ་ཡོད་པར། ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ་དེ་བཞིན་གཤེགས་པའི་ ཡེ་ཤེས། ཚད་མེད་པའི་ཡེ་ཤེས། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་ཡེ་ཤེས་ཀྱང་ སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་མ་ཚང་བ་མེད་པར་བཞུགས་ཏེ། ཞེས་སོགས་ གོང་དུ་ལུང་དྲངས་ནས་བསྒྲུབས་ཟིན་ཏོ། །དག་པ་གཉིས་ལྡན་དང་གཅིག་ལྡན་ཞེས་པ་ ཐོགས་མེད་ཀྱིས། རྣམ་པར་དག་པ་ནི་མདོར་བསྡུས་ན་རྣམ་པ་གཉིས་ཏེ། རང་བཞིན་གྱིས་ རྣམ་པར་དག་པ་དང་། དྲི་མ་མེད་པའི་རྣམ་པར་དག་པའོ། །དེ་ལ་རང་བཞིན་གྱིས་རྣམ་པར་ 2-1-176 དག་པ་ན།ི གང་གི་རྣམ་པར་གྲོལ་བ་བྲལ་བ་ནི་མ་ཡིན་པ་སྟེ། སེམས་རང་བཞིན་གྱིས་འོད་ གསལ་བ་གློ་བུར་དྲི་མ་དང་མ་བྲལ་བའི་ཕྱིར་རོ། །དྲི་མ་མེད་པའི་རྣམ་པར་དག་པ་ནི། རྡུལ་ ལ་སོགས་པ་ལ་ཆུ་ལ་སོགས་པ་བཞིན་རྣམ་པར་གྲོལ་བ་དང་བྲལ་བ་ས།ྟེ སམེ ས་ཀ་ྱིརང་ བཞིན་འོད་གསལ་བ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཕྱིར་རོ། ། ཞེས་པའི་དོན་རྒྱུད་ ལྡན་གྱི་སྐྱེས་བུ་སེམས་རྒྱུད་དྲི་མ་དང་བཅས་པའི་ཚེ་དག་པ་གཅིག་ལྡན་དང་། རྒྱུད་ལྡན་གྱིས་ གཉེན་པོ་བསྒོམས་པས་སེམས་རྒྱུད་དྲི་མ་ཀུན་དང་བྲལ་བའི་ཚེ་ན་དག་པ་གཉིས་ལྡན་ཞེས་ ཐ་སྙད་བྱས་པ་ཡིན་ལ། སེམས་ཅན་གྱི་ཆོས་ཉིད་དེ་ངོ་བོའི་སྒོ་ནས་དག་པ་གཉིས་ལྡན་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །སེམས་ཅན་ཐམས་ཅད་ལ་ཡོད་པར། །མཐོང་ཕྱིར་ཇི་ སྙེད་ཡོད་པ་ཉིད། །ཅེས་པ་ལྟར་སངས་རྒྱས་ཀྱི་རྒྱུད་ཀྱི་ཆོས་ཉིད་དེ་ཉིད་ཡིན་པའི་ཕྱིར་རོ། ། སྟོབས་སོགས་ཀྱི་ངོ་བོ་ཡོད་དམ་སྟོབས་སོགས་ཀྱི་ཆོས་ཉིད་ཡོད་པ་ལ་སྟོབས་སོགས་ ཡོད་ཅེས་དགོངས་ལགས་ཞེས་གསུང་བ་ལ། སྟོབས་སོགས་ངོ་བོ་ཡོད་པ་སྟེ། འདུས་མ་བྱས་ ཀྱི་ཡོན་ཏན་ཀུན་ལྡན་དུ་གོང་དུ་བསྒྲུབས་ཟིན་ཅིང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་ པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་ གྲོལ། །རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི། །རྣམ་དབྱེ་ མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་པ་ཡིན། །ཞེས་པ་དང་། དེའི་འགྲེལ་པར་ འདིས་ཅི་བསྟན་ཞེ་ན། གང་གི་ཕྱིར་རང་བཞིན་གྱིས་ཡོངས་སུ་དག་པ་དེ་བཞིན་གཤེགས་ པའི་ཁམས་འདི་ལས་ཡོངས་སུ་བསལ་བར་བྱ་བ་ཀུན་ནས་ཉོན་མོངས་པའི་རྒྱུ་མཚན་འགའ་ ཡང་མེད་དེ། གློ་བུར་བའི་དྲི་མ་དང་བྲལ་བ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ ལ་རྣམ་པར་བྱང་བའི་རྒྱུ་མཚན་བཞག་པར་བྱ་བ་ཡང་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་ དབྱེ་བ་མེད་པའི་ཆོས་ཉིད་ནི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པའི་ 2-1-177 སྙིང་པོ་ནི་རྣམ་པར་དབྱེ་བ་ཡོད་པ་བྲལ་ཤེས་པ་ཉོན་མོངས་པའི་སྦུབས་ཐམས་ཅད་ཀྱིས་སྟོང་ པ་ཡིན་ལ། རྣམ་པར་དབྱེ་བ་མེད་པ་བྲལ་མི་ཤེས་པ་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་ཀྱི་ ཆོས་གང་གཱའི་ཀླུང་གི་བྱེ་མ་ལས་འདས་པས་ནི་མི་སྟོང་ངོ་ཞེས་གསུངས་སོ། །དེ་ལྟར་གང་ཞིག་ གང་ན་མེད་པ་དེ་ནི་དེས་སྟོང་ངོ་ཞེས་ཡང་དག་པར་རྗེས་སུ་མཐོང་ལ། གང་ཞིག་དེར་ལྷག་ པར་གྱུར་པ་དེ་ནི་དེ་ལ་རྟག་པར་ཡོད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ། །ཚིགས་ སུ་བཅད་པ་འདི་གཉིས་ནི་སྒྲོ་འདོགས་པ་སྐུར་པ་འདེབས་པའི་མཐའ་དང་བྲལ་བའི་ཕྱིར། ཕྱིན་ཅི་མ་ལོག་པ་སྟོང་པ་ཉིད་ཀྱི་མཚན་ཉིད་བསྟན་ཏེ། ཞེས་སོ། །དེ་ལྟར་བདེ་སྙིང་ སྟོང་པའི་ངེས་དོན་གྱི་མདོ་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐེག་པ་ཆེན་པོ་རྒྱུད་བླ་ མ་ལས་བཤད་པ་ལྟར་བདེ་གཤེགས་སྙིང་པོའི་དོན་གྱི་དྲི་བ་རྣམས་ཀྱི་ལན་བཀོད་པ་ཡིན་ ལ། གཞན་ཡང་དཔལ་སཾ་བྷུ་ཊིར་ཡང་། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་ རྒྱས་འདོད། །ཅེས་དང་། དཔལ་བརྟག་པ་གཉིས་པར་ཡང་། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལས་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ ལུས་སྐྱེས་མིན། །ཞེས་དང་། དེའི་འགྲེལ་པར་རྡོ་རྗེ་སྙིང་པོས། ཨེ་བཾ་གི་ཡི་གེ་ཤེས་རབ་དང་ ཐབས་ཀྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན་ལུས་གནས་ཡེ་ ཤེས་ཆེན་པོ་ནི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་པར་གྲུབ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ དང་ལས་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ཡེ་ཤེས་རྟོག་པའི་དྲ་བ་དང་བྲལ་བ་ཞེས་པ་ངེས་པའོ། །དེ་ཉིད་རྡོ་རྗེ་སེམས་དཔའ་འཇིག་ རྟེན་གསུམ་དུ་ཀུན་ཏུ་བསྐྱོད་པའི་ཧེ་རུ་ཀ་ངོ་བོ་ཉིད་ཀྱི་སྐུའོ། །དངོས་པོ་ཀུན་ལས་ཁྱབ་པ་ པོ། །ཞེས་པ་ཕུང་པོ་དྲུག་རྣམས་དང་། ཁམས་དྲུག་རྣམས་དང་། དབང་པོ་དྲུག་རྣམས་དང་ 2-1-178 ། ཡུལ་དྲུག་རྣམས་དང་། ལས་ཀྱི་དབང་པོ་དྲུག་རྣམས་ཏེ། དངོས་པོ་འདི་རྣམས་ལ་ཁྱབ་པ་ པོ་ཡེ་ཤེས་ཀྱི་སྐུ་ལུས་ལ་གནས་ཀྱང་ལུས་སྐྱེས་མིན། ཞེས་པ་སྐྱེ་བ་དང་འཇིག་པའི་དངོས་པོ་ མེད་པའི་ཕྱིར་རོ་ཞེས་དང་། དཔལ་དུས་ཀྱི་འཁོར་ལོར་ཡང་། བུམ་པའི་ནང་དུ་ཆུ་ནི་ལེན་ པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་གསུངས་སོ། །མཁའི་རྡོ་ རྗེ་ཅན་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ཡིན་པར་གསུངས་སོ། །དྲི་མེད་འོད་ཀྱི་མདོར་བསྡུས་ ལྔ་པར་ཡང་། གང་དོན་དམ་པའི་བདེན་པས་བསྟན་པ་དེ་ནི་འཇིག་རྟེན་ལས་འདས་པ་རྣམ་ པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པའི་སླད་དུ་རང་གི་ སེམས་ཀྱིས་ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ་གཞོན་ནུ་མ་རྣམས་ཀྱི་མེ་ལོང་ལ་སོགས་ པ་ལ་པྲ་ཕབ་པ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་རང་གི་སེམས་ཀྱི་འོད་གསལ་མངོན་སུམ་ དུ་ནམ་མཁའ་ལ་སྣང་བ་འདོད་པའི་དོན་གྱི་འབྲས་བུ་སྟེ། འབྲས་བུ་ནི་འགྱུར་བ་མེད་པའི་ བདེ་བའི་ཡེ་ཤེས་ཀྱི་སེམས་སོ། །སེམས་འདི་གཉིས་གཅིག་པ་ཉིད་ནི་ཤེས་རབ་དང་ཐབས་ ཀྱི་བདག་ཉིད་རྡོ་རྗེའི་རྣལ་འབྱོར་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང་པོའི་སངས་རྒྱས་ རིས་མེད་པ་དུས་ཀྱི་འཁོར་ལོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་རྒྱུད་གཞན་ཐམས་ཅད་ དུ་རབ་ཏུ་གྲགས་སོ། །བཅོམ་ལྡན་འདས་དེ་ཉིད་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་གསུངས་ཏེ། དེ་སྐད་དུ་ཡང་མངོན་ པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་ངེས་པར་བྱམས་པས་ གསུངས་པ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་ སྐུ་མཛད་པར་བཅས་པ་སྟེ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་སོ། །བཅོམ་ལྡན་ འདས་དེ་ཉིད་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཚུལ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་ 2-1-179 ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པ་སྤངས་པ་རྣམ་པར་ཤེས་ པའི་ཆོས་ཉིད་ལས་འདས་པ་སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་སངས་ རྒྱས་རྣམས་ཀྱི་འདུས་པ་དང་ལྷ་མོ་རྣམས་ཀྱི་སྡོམ་པ་ཡང་སྟེ། འདི་ནི་ཡེ་ཤེས་ཀྱི་སྐུ་དང་ལྷན་ ཅིག་རོ་མཉམ་པ་ཉིད་དོ་ཞེས་པ་ངེས་པའི་དོན་ཏོ། །འདིར་རྣལ་འབྱོར་པ་རྣམས་ཀྱི་ཕྱོགས་སུ་ འཛིན་པ་ཐམས་ཅད་ཉམས་པར་བྱ་བའི་སླད་དུ། རྡོ་རྗེའི་རྣལ་འབྱོར་རིས་མེད་པ། རྟག་པ་ དང་ཆད་པ་སྤངས་པ། འཇིག་རྟེན་པའི་དཔེ་ལས་འདས་པ། ཡོད་པ་དང་མེད་པའི་བློ་ཡོངས་ སུ་སྤངས་པ། གཞོན་ནུ་མས་མེ་ལོང་ལ་པྲ་ཕབ་པ་བཞིན་རང་གི་སེམས་ཀསྱི ་མ་བརྟགས་པ་ མངོན་སུམ་དུ་མཐོང་བ་ཡིད་ཆེས་པའི་དོན་ཅན། རྣམ་པ་ཐམས་ ཅད་པ་ནམ་མཁའ་ལས་བྱུང་བ་ཀུན་ཏུ་བཟང་པོ་དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ ཅད་ཀྱི་བདག་ཉིད་དུ་གནས་པ་ལྷན་ཅིག་སྐྱེས་པའི་དགའ་བ་གཏན་ཚིགས་དང་དཔེ་སྤངས་ པ་འདིའི་དཔེར་དངོས་པོ་དང་དངོས་པོ་མེད་པ་གཅིག་པ་ཉིད་དུ་འགྱུར་ཏེ་ཆོས་མི་མཐུན་ པའི་ཕྱིར་རོ་ཞེས་དང་། དེ་བཞིན་དུ་མཆོག་མི་འགྱུར་དུ་ཡང་། གཞན་སྣང་གི་རིག་པ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ་ཕྱག་རྒྱ་ཆེན་མོ་ལྷན་ཅིག་སྐྱེས་པའི་ གཟུགས་ཅན་མ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པར་རྫོགས་པའི་གནས་སྐབས་ཏེ། རྡོ་རྗེ་ སེམས་དཔའ་དང་སངས་རྒྱས་ཀྱི་ཡུམ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབང་པོ་རྣམས་ཀྱི་ སྤྱོད་ཡུལ་མ་ཡིན་པ་མཆོག་གི་དབང་པོའི་སྤྱོད་ཡུལ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་ བཞིན་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་མེ་ལོང་གི་པྲ་ཕབ་པ་དང་རྨི་ལམ་དང་མཚུངས་པ་ དེ་ནི་རྒྱལ་བ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུར་གསུངས་ཏེ། མཆོག་ཏུ་མི་འགྱུར་བའི་རང་ བཞིན་གྱི་ཕྱིར་ཞེས་སོ། །དེའི་དོན་ནི་རྣམ་ཀུན་མཆོག་ལྡན་གྱི་མཚན་ཉིད་མེ་ལོང་པྲ་ཕབ་ པ་བཞིན་སོ་སོར་སྡུད་པའི་རྣལ་འབྱོར་པས་མཐོང་བ་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ 2-1-180 ཀྱི་བདག་ཉིད་དུ་གནས་ཤིང་དེ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་ སྐུ་ཞེས་སྔགས་ཀྱི་ཐེག་པར་གསུངས་ཤིང་། ཕྱི་མཚན་ཉིད་ཐེག་པར་ངོ་བོ་ཉིད་ཀྱི་སྐུ་ཞེས་ གསུངས་པ་རྣམས་དོན་གཅིག་པར་བསྟན་པའོ། །སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་ངོ་བོ་ ཉིད་སྐུར་མི་འཐད་དེ། མཚན་ཉིད་ལྔ་དང་ཡོན་ཏན་ལྔ་མ་ཚང་བས་སོ་སྙམ་ན། རྒྱུད་ལྡན་ གྱི་སེམས་ཅན་གྱིས་དེ་མངོན་དུ་མ་གྱུར་ཀྱང་། དག་པ་གཉིས་ལྡན་གྱི་དབྱིངས་དང་དབྱེར་ མེད་པ་སྟེ། རྒྱུད་བླར། རང་བཞིན་འགྱུར་བ་མེད་པ་དང་། །ཞེས་པའི་འགྲེལ་པར། ཐོགས་ མེད་ཀྱིས། དེ་ཡང་ལོག་པ་ཉིད་དུ་ངེས་པའི་རྒྱུ་མཚན་གྱི་སེམས་ཅན་ཐམས་ཅད་ལ་ཡང་རང་ བཞིན་གྱིས་ཁྱད་པར་མེད་དུ་ཟིན་ཀྱང་། གློ་བུར་གྱི་ཉོན་མོངས་པ་ཐམས་ཅད་དག་པ་ལས་དེ་ བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ། དེས་ན་འདིར་གསེར་གྱི་དཔེ་གཅིག་གིས་ དེ་བཞིན་ཉིད་ལས་དབྱེར་མེད་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་སེམས་ཅན་དེ་དག་གི་སྙིང་པོ་ཡིན་ཞེས་བསྟན་པ་ཡིན་ནོ་ཞེས་པས་སོ། །འཕགས་པ་ཀླུ་ སྒྲུབ་ཀྱིས། དབུ་མ་ཆོས་དབྱིངས་བསྟོད་པར། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་ གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་ དང་། ཇི་ལྟར་མར་མེ་བུམ་ནང་གནས། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་ མོངས་བུམ་ནང་གནས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཞེས་སོགས་དང་། ཇི་ལྟར་ མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་ དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་ སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་བཟློག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་དང་། ཇི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ 2-1-181 ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །བཏགས་པ་ཉིད་དེ་ཡོད་མ་ཡིན། །ཞེས་སོགས་གསུངས་པ་རྣམས་ཀྱིས་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ རང་བཞིན་གྱིས་འོད་གསལ་བའི་སེམས་རང་བཞིན་གྱིས་རྣམ་པར་དག་པའི་ཁམས་བདེ་ གཤེགས་སྙིང་པོ་བཞུགས་པར་བསྟན་ཅིང་། ཁམས་དེ་གློ་བུར་གྱི་དྲི་མས་སྟོང་གི རང་གི་ངོ་ བོས་མི་སྟོང་པར་བསྟན་པ་ཡིན་ལ། དེ་ལྟར་ཤེས་བྱེད་ཀྱི་ཁུངས་བསམ་གྱིས་མི་ཁྱབ་མོད་ཀྱི་ མངས་སུ་དོགས་ནས་མ་བྲིས་སོ། །འདིར་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས། སེམས་ ཅན་ལ་བདེ་སྙིང་བཞུགས་པར་བསྟན་པ་ནི། ཀུན་གཞིའི་རྣམ་ཤེས་ཡོད་པ་ལ་དགོངས་པ་ དང་། མདོ་མྱ་ངན་ལས་འདས་པ་འཇིམ་པ་ཡོད་པས་རྫ་མ་ཡོད་ཅེས་བརྗོད་པ་ལྟར། སེམས་ ཅན་ལ་སངས་རྒྱས་ཀྱི་རྒྱུ་ཡོད་པ་ཙམ་ལ་དགོངས་ཀྱི། མཚན་ཉིད་པ་མེད་དོ་ཞེས་དེ་ལྟར་ བསྟན་པ་ལ་མོས་པ་དག་དྲང་བའི་ཕྱིར་དགོངས་ཏེ་གསུངས་པ་ཡིན་གྱི། བཞེད་དོན་གྱི་ དགོངས་པ་མཐར་ཐུག་ངེས་པའི་དོན་དུ་ན། སེམས་ཅན་ལ་བདེ་གཤེགས་སྙིང་པོ་མཚན་ཉིད་ པ་ཡོད་པར་བཞེད་པ་ཡིན་ཏེ། དེ་ཉིད་ཀྱིས་རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པར་རྒྱུད་ཀྱི་དོན་ སྤྱིར་བསྟན་པ་ལས། གསང་འདུས་ཀྱི་རྒྱུད་ཕྱི་མར། རྒྱུད་ནི་རྒྱུན་ཞེས་བྱ་བར་བརདྗོ། །རྒྱུན་ དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །མི་འཕྲོགས་པ་ཡི་རབ་དབྱེ་ ལས། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །དེ་བཞིན་མི་འཕྲོགས་འབྲས་བུའོ། །གཞི་ནི་ཐབས་ ཞེས་བྱ་བ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་རྒྱུ་རྒྱུད། ཐབས་རྒྱུད། འབྲས་ རྒྱུད་གསུམ་མོ། ། དེ་ལ་རྒྱུ་རྒྱུད་ནི་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ ཅན་ཐམས་ཅད་ལ་རང་ཆས་སུ་གནས་པ་དེ་ཡིན་ཏེ། མན་སྙེར། དངོས་པོ་རྣམས་ཀྱི་སྟོང་པ་ ཉིད་ཀྱི་ངོ་བོ་ནི་རང་བཞིན་དང་རྣམ་པ་ཞེས་པ་དོན་གཞན་མ་ཡིན་ཏེ། རང་གི་ངོ་བོ་ཞེས་པའི་ 2-1-182 དོན་ཏོ། །དེ་རྒྱུ་སྟེ་ཉེ་བར་ལེན་པའི་བྱེད་པ་པོའི་རྡོ་རྗེ་འཛིན་པ་སྟེ། གང་འདི་རྣམས་ཀྱི་ཐོག་མ་ མེད་པའི་དྲི་མས་མ་གོས་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་ཉིད་དེ། དེ་ཁོ་ན་ནི་དྲི་མ་ མེད་པ་ཉིད་ཐོབ་པའི་མཚན་ཉིད་ཅན་སངས་རྒྱས་ཉིད་ཀྱི་རྒྱུའོ་ཞེས་པའི་དོན་ཏོ་ཞེས་སོ། །འོ་ ན་རྒྱུད་ཕྱི་མའི་དོན་གང་ཡིན་ཞེ་ན། རྩེ་མོར། ཅི་ཕྱིར་འདི་ནི་རྒྱུད་ཕྱི་མ། །རྒྱུད་ནི་རྒྱུན་ཆགས་ ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཕྱི་མ་ཞེས་བྱ་ཕ་རོལ་ཏེ། །རྒྱུད་ནི་ཕྱི་མར་བརྗོད་ པ་ཡིན། །རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །ཕྱི་མ་སྔ་མ་ལས་བྱུང་བའི། །དེ་ཉིད་གསང་བ་སྦས་ ཞེས་པ། །རྒྱུད་ནི་ཕྱི་མར་བརྗོད་པ་ཡིན། །ཅི་ཕྱིར་རྒྱུད་དང་ཕྱི་མ་ཡིན། །ས་མཐར་ཕྱིན་པའི་ རྒྱལ་བ་མཆོག །སྲིད་པའི་བཙོན་ར་ལས་རྒལ་ཡིན། །ཡང་ན་གང་ཞིག་རྒལ་གྱུར་པ། །རྒྱུད་ནི་ ཕྱི་མ་ཡིན་པར་བཤད། །ཅེས་རྒྱུ་རྒྱུད་རྒྱུན་ཆགས་པའི་འཁོར་བ་ནི་རྩ་བའི་རྒྱུད་ཡིན་ལ། དེ་དེ་ ལས་བྱུང་ཞིང་དེའི་ཕ་རོལ་ཏུ་སོན་པས་ཐམས་ཅད་ཀྱི་མཐར་ཕྱིན་པའི་རྒྱལ་བ་ནི་རྒྱུད་ཕྱི་མ་ སྟེ། འབྲས་བུའི་རྒྱུད་དོ། །འོ་ན་ཤན་ཏི་པས། རྒྱུའི་རྒྱུད་ནི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་ རྒྱུད་ཕྱི་མ་སྟེ། རྒྱུའི་རྒྱུད་ཅེས་བྱ་བའི་དོན་ཏོ་ཞེས་རྒྱུ་རྒྱུད་དུ་བཤད་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། འབྲས་རྒྱུད་རིགས་རྒྱ་ལ་སོགས་པ་ཡང་རྒྱུ་རྒྱུད་རང་བཞིན་གྱིས་འོད་གསལ་ བ་དེའི་རང་བཞིན་ལས་མ་འདས་པ་སྟེ་དེ་ལ་དགོངས་པ་སྟེ། གདོད་མའམ་ཐོག་མ་ནས་ སངས་རྒྱས་པའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྡོར་སེམས་ལ་སོགས་པའི་རང་བཞིན་དུ་རྟག་ པར་གནས་པ་མཆོག་ཏུ་འཇིག་རྟེན་ལས་འདས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་གསང་ བ་དང་གསང་ཆེན་དུ་གྱུར་པ་ནི་རྒྱུད་ཕྱི་མ་སྟེ། དཔལ་མཆོག་དང་པོ་ལ་སོགས་པར། རྒྱུད་ ནི་རྒྱུན་ཞེས་བཤད། །ཕྱི་མ་ཉིད་ནི་ཐོག་མར་བརྗོད། །དེ་ཉིད་གསང་བ་གསང་ཆེན་ནི། །ཕྱི་ མའི་རྒྱུད་ནི་ཡིན་པར་འདོད། །ཅེས་སོ། །དེ་ནི་བག་ཆགས་དང་བཅས་པའི་སྒྲིབ་པ་རྣམས་ ཀྱིས་མི་འཕྲོགས་པའི་ཕྱིར་རམ། དབྲོག་པར་བྱ་བའི་སྒྲིབ་པ་ཐམས་ཅད་མེད་པའི་ཕྱིར་མི་ 2-1-183 འཕྲོགས་པ་འབྲས་བུའི་རྒྱུད་དོ། །དེ་མངོན་དུ་བྱེད་པའི་ཐབས་རྒྱུད་སྡེ་བཞི་ནས་བསྟན་པའི་ ལམ་གྱི་རིམ་པ་ཡན་ལག་དང་བཅས་པ་སྟེ་རྒྱས་པར་གོང་འོག་ཏུ་བཤད་པ་བཞིན་ཏེ་ཐབས་ རྒྱུད་དོ། །ཞེས་གསུངས་ཤིང་། འདི་དགོངས་པའི་སྐད་ཀྱིས་གསུངས་པ་མ་ཡིན་པར་ངེས་ དོན་མཐར་ཐུག་པའི་བཞེད་གཞུང་ཡིན་ཏེ། བསྟན་བཅོས་འདི་ཉིད་ཀྱི་བརྩམ་པ་དམ་བཅའ་ བར། གདུལ་བྱའི་དབང་གིས་ཆོས་སྒོ་དཔག་མེད་རབ་བསྟན་ཀྱང་། །སྙིང་པོར་གྱུར་པ་དེ་ཁོ་ ན་ཉིད་གཅིག་ཉིད་དེ། །དེ་ཉིད་སྟོན་པ་ངེས་དོན་ཐེག་ཆེན་སྡེ་སྣོད་ཡིན། །དེ་ཡི་སྙིང་པོ་འབྲས་ བུ་རྡོ་རྗེ་ཐེག་པའོ། །ཚུལ་མཆོག་འདི་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་ལ། །རབ་ཏུ་གསང་ཞིང་རྟོག་ གེའི་སྤྱོད་ཡུལ་མ་གྱུར་པ། །ཡེ་ཤེས་རྒྱ་མཚོའི་ཕ་རོལ་སོན་པའི་རྒྱལ་སྲས་དང་། །རྒྱལ་བ་ རྣམས་ཀྱི་སྤྱོད་ཡུལ་གྱུར་པ་དོན་ཟབ་ཅིང་། །དེ་ཕྱིར་བདག་འདྲ་ལྟ་བའི་དྲ་བས་ཀུན་དཀྲི ས་ ཤིང་། །ཉོན་མོང་མང་པོའི་མུན་པའི་དམག་ཏུ་འཐིབས་གྱུར་པས། །དམན་ལ་གསལ་བར་ བསྟན་པའི་དོན་ཡང་མི་རྟོགས་ལ། །མཐའ་དྲུག་གིས་སྦས་ངེས་དོན་ཟབ་མོ་ག་ལ་རྟོགས། །འོན་ཀྱང་སྔོན་བསགས་བསོད་ནམས་ཕྲ་མོའི་མཐུས། །རྡོ་རྗེ་འཆང་དངོས་མཁྱེན་པའི་འོད་ སྟོང་ཅན། །བླ་མ་མཆོག་གི་གསུང་གི་འོད་ཟེར་གྱིས། །རྡོ་རྗེ་ཐེག་པའི་ཚུལ་ཉིད་གསལ་བར་ བསྟན། །དེ་ལྟས་ཟབ་མོའི་རྒྱུད་ཀྱི་གཞུང་དོན་རྣམས། །ཕྱོགས་ཙམ་རྟོགས་ཤིང་རྣམ་དབྱེ་ ཅུང་ཟད་ཙམ། །ཤེས་ཀྱང་ཇི་བཞིན་ཉམས་ལེན་མ་ནུས་པས། །གཞན་ལ་སྟོན་པའི་སྤོབས་པ་ མི་བདོག་ཀྱང་། །ཞེས་པ་ནས། བཤེས་གཉེན་ཁྱེད་ཀྱི་ལྷག་བསམ་དག་པའི་མཐུས། །རྒྱུད་ སྡེ་ཀུན་གྱི་རབ་དབྱེ་གྱིས་ཤིག་ཅེས། །གསུང་གིས་བསྐུལ་བ་བདག་གིས་ངོ་མ་ཕྱོགས། །དེ་ ཕྱིར་རྣམ་བཞག་མདོར་བསྡུས་བྲི་བར་བྱ། །ཞེས་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་བསྟན་པ་རྣམས་ ཀྱི་སྙིང་པོར་གྱུར་པ་དེ་ཁོ་ན་ཉིད་སྟོན་པ་ངེས་དོན་གྱི་ཐེག་ཆེན་གྱི་སྡེ་སྣོད་དེའི་ཡང་སྙིང་པོར་ གྱུར་པ་འབྲས་བུ་རྡོ་རྗེ་ཐེག་པ་ཟབ་ཅིང་རྒྱ་ཆེ་ལ་གསང་ཞིང་རྟོག་གེའི་སྤྱོད་ཡུལ་དུ་མ་གྱུར་ 2-1-184 པ་མཐའ་དྲུག་གི་སྦས་པའི་རྒྱུད་དོན་ཟབ་མོ་བདག་འདྲས་ག་ལ་རྟོགས་ཞེས་ཁེངས་བསྐྱུངས་ ནས། འོན་ཀྱང་སྔོན་གྱི་བསོད་ནམས་ཀྱི་མཐུས། བླ་མ་རྡོ་རྗེ་འཆང་དངོས་ཀྱིས་རྡོ་རྗེ་ཐེག་པའི་ ཚུལ་ལུགས་གསལ་བར་བསྟན་པ་ལས་ཟབ་མོའི་རྒྱུད་དོན་རྟོགས་པ་ལྟར་རྣམ་དབྱེ་མཛད་ པར་དམ་བཅས་ཤིང་། མཐའ་དྲུག་གིས་རྒྱས་བཏབ་པའི་རྒྱུད་དོན་གསང་ཆེན་ཟབ་པ་ལས་ ཀྱང་ཆེས་ཟབ་པ་ཇི་ལྟ་བ་བཞིན་གསལ་བར་བསྟན་པའི་སྣོད་དུ་གྱུར་པ་ལ་མ་སྦས་ཤིང་ ། ལེགས་པར་རྣམ་པར་ཕྱེ་ནས་སྟོན་པའི་སྐབས་དེ་ལས་ཁྱད་པར་དུ་རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་ལེགས་པར་གཏན་ལ་འབེབས་པ་ན། རྒྱུ་རྒྱུད་ནི་རང་བཞིན་གྱིས་ འོད་གསལ་བ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་གནས་ པ་དེ་ཡིན་པ་དང་། འབྲས་བུའི་རྒྱུད་རིགས་རྒྱ་ལ་སོགས་པ་ཡང་རྒྱུ་རྒྱུད་རང་བཞིན་གྱིས་འོད་ གསལ་བ་དེའི་རང་བཞིན་ལས་མ་འདས་པས་དེ་ལ་དགོངས་པ་སྟེ། གདོད་མ་ནས་སངས་ རྒྱས་པའི་དུས་ཀྱི་རང་བཞིན་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་རྟག་པར་ གནས་པ། ཞེས་སོགས་རྒྱས་པར་བཀོད་ནས། རྒྱུ་རྒྱུད་སེམས་ཅན་ལ་རང་ཆས་སུ་གནས། ངོ་ བོ་ཉིད་ཀྱིས་གྲུབ་པའི་སངས་རྒྱས་དེ་བཞིན་གཤེགས་པའི་སྙིང་པོ་དེ་གློ་བུར་གྱི་དྲི་མ་ཐམས་ ཅད་ལས་གྲོལ་བའི་སངས་རྒྱས་རྡོ་རྗེ་སེམས་དཔའ་སོགས་ཀྱི་རང་བཞིན་དུ་རྟག་པར་གནས་ པ་དེ་མངོན་དུ་གྱུར་པ་འབྲས་བུའི་རྒྱུད་དུ་གཏན་ལ་ཕབ་པའི་ཕྱིར་རོ། །དེས་ན་བུ་སྟོན་རིན་ པོ་ཆེས་ངེས་དོན་མཐར་ཐུག་རྫོགས་པར་སྟོན་པའི་སྣོད་དུ་མ་གྱུར་པ་འགའ་ཞིག་ལ་སྦས་ཏེ་ དགོངས་པའི་སྐད་ཀྱིས་སེམས་ཅན་ལ་བདེ་གཤེགས་སྙིང་པོ་བཞུགས་པ་དགོངས་པ་ཅན་དུ་ གསུངས་པའི་གནས་སྐབས་ཡོད་ཀྱང་། ཐུགས་བཞེད་མཐར་ཐུག་འདི་ཡིན་པས། དེ་ལྟར་ ན་བུ་དོལ་རྣམ་གཉིས་ཀྱིས་སྦས་མ་སྦས་མ་གཏོགས་སེམས་ཅན་ལ་གདོད་ནས་སངས་རྒྱས་ པའི་དང་པོའི་སངས་རྒྱས་བཞུགས་པར་བཞེད་པར་མཚུངས་པའི་ཕྱིར། འདི་ལ་ཡིད་གཉིས་ 2-1-185 མེད་པར་འདི་ཁོ་ན་ལྟར་ཁས་བླང་བར་བྱ་ཞིང་ཉམས་སུ་བླང་བར་བྱའོ། །ཞེས་བྱ་བ་དེ་ནི་དེ་ དག་གི་སྐབས་ཀྱི་དྲིས་ལན་མདོར་བསྡུས་པའོ།། །། དེ་ལྟར་བཤེས་གཉེན་བློ་གྲོས་ནོར་རྒྱས་པས། །ལེགས་པར་བསམས་ཏེ་རྒྱས་པར་དྲིས་ པའི་ལན། །མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་བཞིན། ། བླ་མའི་དྲིན་ལས་འགལ་འཁྲུལ་མེད་པར་བསམས། །གལ་ཏེ་ནོངས་ན་ཆོས་ཚུལ་དྲི་མེད་ལ། །དཔང་གྱུར་ཚད་མར་གྱུར་པ་རྣམས་ལ་བཤགས། །དེས་བསྐྱེད་དགེ་བ་མཁའ་མཉམ་འགྲོ་ ཀུན་གྱིས། །ཀུན་མཁྱེན་བདེ་འབྲས་བླ་མེད་ཐོབ་ཕྱིར་བསྔོ། ། ཆོས་ཀྱི་དྲིས་ལན་ལེགས་བཤད་རྒྱ་མཚོ་ཞེས་བྱ་བ་འདི་ནི། ཆོས་གྲྭ་ཆེན་པོ་དཔལ་ལྡན་ རྩེ་ཐང་ནས། རྒྱུད་ཡོན་ཏན་དཔག་ཏུ་མེད་པའི་ནོར་གྱིས་འབྱོར་པས་ལེགས་པར་བཤད་པའི་ དགའ་སྟོན་རྒྱ་ཆེན་པོས་སྐལ་ལྡན་བློ་གསལ་དཔག་ཏུ་མེད་པའི་དབུལ་བ་སེལ་བར་མཛད་ ཅིང་། བསྟན་པ་རིན་པོ་ཆེའི་རྩ་ལག་མཆོག་ཏུ་གྱུར་པ་སློབ་དཔོན་གིས། ཕྱི་མཚན་ཉིད་ དང་འབྲེལ་པ་ཐུན་མོང་པ་དང་། རྡོ་རྗེ་ཐེག་པ་དང་འབྲེལ་བ་ཐུན་མོང་མ་ཡིན་པ་དང་། བདེ་ གཤེགས་སྙིང་པོ་དང་འབྲེལ་བ་ཤིན་ཏུ་ཟབ་པའི་དྲི་བ་རྒྱ་ཆེན་པོ་བཀོད་ནས་མདོ་རྒྱུད་བསྟན་ བཅོས་དང་མཐུན་པའི་ལན་གྱིས་ཤིག་ཅེས་བསྐུལ་བའི་ངོར། ཆོས་ཀྱི་རྗེ་རིགས་ལྡན་ཆོས་ཀྱི་ རྒྱལ་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་ པ་གཉིས་པ་མཁས་པའི་དབང་པོ་ཆོས་ཀྱི་རྗེ་ཀུན་དགའ་དཔལ་ལ་སོགས་པ་ཡོངས་འཛིན་ མཁྱེན་བརྩེའི་དབང་ཕྱུག་དུ་མ་བསྟེན་ཅིང་། ལེགས་བཤད་ཀྱི་བདུད་རྩི་འཐུངས་པས་ཐོས་ བསམ་སྒོ་གསུམ་གྱི་བློ་གྲོས་ཀྱི་ལུས་སྟོབས་ཅུང་ཟད་རྒྱས་པ་ཇོ་གདན་བསོད་ནམས་བཟང་ པོས། ཐུབ་པ་རིན་པོ་ཆེའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་གསུངས་པའི་འདས་ལོའི་ དཔལ་དུས་ཀྱི་འཁོར་ལོ་ལྟར་བརྩིས་པ་ལས། སྟོན་པ་ཡོངས་སུ་མྱ་ངན་ལས་འདས་ཚུལ་ 2-1-186 བསྟན་པ་ནས་ལོ་ཉི་ཤུ་རྩ་བདུན་ལྷག་པའི་ལོ་ཉིས་སྟོང་ཉིས་བརྒྱ་འདས་ཤིང་། ཉེར་བརྒྱད་ པ་ཆུ་མོ་བྱ་དཔལ་གདོང་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ། དཔལ་ཡར་ལུངས་རྣམ་ རྒྱལ་གྱི་དགེ་འདུན་གྱི་ཀུན་དགའ་ར་བར་ལེགས་པར་སྦྱར་བའོ།། །། བསྟན་པ་དང་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག། ཤུ་བྷཾ་ མསྟུསརྦཛགཏཾ། མ་ཡིག འབྲས་དཔེ་རྙིང་༼ཕྱི་ཚེ༢༠༠༽ཡིན། 2-1-187 ༄༅། །ཆོས་འབྱུང་རིན་པོ་ཆེའི་གཏེར་ཞེས་ བྱ་བ་བཞུགས། ༄༅། །ན་མཿསརྦ་བུད་དྷ་བོ་དྷི་སཏྭ་བྷྱ། ཆོས་འབྱུང་རིན་པོ་ཆེའི་གཏེར་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། དཔལ་མགྲི ན་སྣར་མའི་བུ་དང་དགའ་མའི་བདག ། བདག་སྐྱེས་སྔོན་གྱི་ལྷ་དང་གླང་པོའི་གདོང༌། ། གདོང་དྲུག་ལྟོས་འགྲོ་ཟ་དང་པད་དཀར་མིག ། མིག་སྟོང་ཅན་སོགས་ཀུན་འདུལ་ཐུབ་དབང་རྒྱལ། ། ཐུབ་པ་ཆེན་པོའི་གསུང་རབ་དྲི་མ་མེད། ། བསྟན་པ་དམ་ཆོས་ཇི་ལྟར་བྱོན་པའི་ཚུལ། ། ལེགས་བཤད་རིན་ཆེན་གཏེར་གྱི་སྒོ་ཕྱེ་ནས། ། དོན་གཉེར་བློ་ཡི་དབུལ་བ་གསལ་བར་བྱ། ། འདིར་བདག་ཅག་གི་བླ་མ་ཤཱཀྱའི་རྒྱལ་པོ་རྫུ་འཕྲུལ་གྱི་རྐང་པའི་དཔུང་ཚོགས་བཞི་དང་ ལྡན་པས་བདུད་བཞིའི་གཡུལ་ངོ་ཕམ་པར་མཛད་ནས། བསྡུ་བ་བཞིས་གདུལ་བྱ་སྨིན་གྲོལ་ གྱི་ཞིང་དུ་བསྡུས་ཏེ། ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བའི་ཆོས་ ཀྱི་རྒྱལ་པོ་ཆེན་པོ་དེའི་ཆོས་ཀྱི་རྒྱལ་སྲིད་བསྟན་པ་རིན་པོ་ཆེ་འདི་ཕན་བདེ་མཐའ་དག་གི་ གཞི་ཡིན་པས་དེའི་ཚུལ་གཅེས་པར་འཛིན་པར་རིགས་ལ། དེའང་བཤད་སྒྲུབ་གཉིས་ལས། 2-1-188 གཞན་པའི་ཐབས་ཀྱིས་མ་ཡིན་པའི་ཕྱིར་དང༌། བསྒྲུབ་པའང་འཆད་ཉན་སྔོན་དུ་འགྲོ་བ་ ཅན་ཡིན་པས་འཆད་ཉན་ལ་འཇུག་པའི་ཚུལ་ངེས་པར་བྱའོ། ། དེ་ལ་གཉིས་ཏེ། དམ་ཆོས་ ཇི་ལྟར་བྱུང་པའི་ཚུལ་དང༌། བྱུང་ཁུངས་ཅན་གྱི་བསྟན་བཅོས་ཉིད་བཤད་པའོ། ། དང་པོ་ལ་ བཞི་སྟེ། དམ་པའི་ཆོས་ཉན་པ་དང་བཤད་པའི་ཕན་ཡོན་རིག་པར་བྱ་བ་དང༌། གང་ལ་ཉན་ པ་དང་བཤད་པར་བྱ་བའི་ཆོས་ངོས་གཟུང་པ་དང༌། དེ་ལ་ཉན་བཤད་ཚུལ་ཇི་ལྟར་བསྒྲུབ་ ཅིང་ཉམས་སུ་བླང་བ་དང༌། བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་པའི་ཚུལ་དངོས་སོ། །དང་པོ་ལ་ དབྱིག་གཉེན་སངས་རྒྱས་གཉིས་པས། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་ པ་ལས། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་ལྟར། དང་པོར་དགོས་པ་བརྗོད་པར་རིགས་པ་ཡིན་ལ། འདི་འཆད་པ་ལ་གཉིས་ཏེ། སྤྱིར་དམ་ པའི་ཆོས་བཤད་ཉན་གྱི་ཕན་ཡོན་དང༌། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཉན་བཤད་ཀྱི་ ཕན་ཡོན་ནོ༑ ༑དང་པོ་ལ་མཉན་པ་དང༌། བཤད་པ་དང༌། གཉིས་ཀའི་ཕན་ཡོན་དང་གསུམ་ གྱི་དང་པོ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ ངན་འདས་པ་ཐོབ། །ཅེས་གསུངས་ལ། དེའི་དོན་རྣམ་བཤད་རིགས་པར། དེ་ལ་རྐང་པ་བཞི་ པོ་འདིས་ནི་རིམ་པ་ལྟར་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ཤེས་པ་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་ལས་ལྡོག་པ་དང༌། སེམས་ཀྱི་བསླབ་པ་ཐོབ་ ནས་དོན་མེད་པའི་འདོད་པ་སྤོང་བ་དང༌། ཤེས་རབ་ཀྱི་བསླབ་པ་ཐོབ་ནས། དེ་ལ་བརྟེན་ ནས་མྱང་འདས་ཐོབ་པ་སོགས་ལ་བཤད་དོ། །རྣམ་བཤད་རིགས་པར། བཅོམ་ལྡན་འདས་ ཀྱིས་ཆོས་མཉམ་པ་ལ་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང༌། ཐོས་ པ་བྱང་བར་འགྱུར་བ་དང༌། སོམ་ཉི་སྤོང་བ་དང༌། ལྟ་བ་དྲང་པོར་བྱེད་པ་དང༌། ཤེས་རབ་ 2-1-189 ཀྱིས་ཚིག་དང་དོན་ཟབ་མོ་ཡིན། རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་ པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་པ་ དང༌། གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་ འདྲ། །ཞེས་པ་དང༌། དུལ་ཞིང་རབ་ཏུ་གསལ་ལ་སྤོབས་པ་སྐྱེ། །གྲགས་པ་ཆེན་པོ་འཕྲལ་ དུ་འབྱུང་བར་བྱེད། །སྨྲ་ལྕེ་བདེ་འགྱུར་ཁྱད་པར་ཅན་གྱི་རྒྱུ། །ཐོས་པའི་དཔལ་གོམས་དོན་ གསལ་རྟོགས་པར་འགྱུར། །ཐོས་དང་ལྡན་ན་འགལ་བ་མེད་པ་ཡི། །འཁོར་གསུམ་ལམ་ལ་ རབ་ཏུ་གནས་པར་འགྱུར། །ཐོས་པས་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ ཚེགས་ཆུང་ཐར་བར་འགྱུར། །ཞེས་སོ། ། གཉིས་པ་ཐེག་ཆེན་གྱི་འཆད་ཉན་གྱི་ཕན་ཡོན་ནི། ཡུམ་ལས། སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལ། དགྲ་ བཅོམ་པ་དེ་དག་གི སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བསྒོམས་པ་ལས་བྱུང་པའི་བསོད་ ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས་བསོད་ནམས་ ཀྱི་ཕུང་པོ་དེ་མང་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་ གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ཀྱང་སུ་ཞིག་བྱང་ཆུབ་ སེམས་དཔའ་སེམས་ཆེན་པོ་ཡུམ་དང་ལྡན་པའི་ཆོས་ཐ་ན་ཉི་མ་གཅིག་སྟོན་ན། དེ་བསོད་ ནམས་ཀྱི་ཕུང་པོ་མང་དུ་སྐྱེའོ། །ཞེས་སོགས་གསུངས་སོ༑ ༑འཕགས་པ་སྡུད་པར་ཡང༌། བྱང་ ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་ མེད་པའི་ཆོས་བརྗོད་ཅིང༌། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་ མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་སོ། ། 2-1-190 གཉིས་པ་དམ་ཆོས་ངོས་གཟུང་བ་ལ། ཆོས་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ། ཆོས་ཀྱི་སྒྲ་ དོན། མཚན་ཉིད། རབ་ཏུ་དབྱེ་བ་དང་བཞིའོ། ། དང་པོ་ནི། ཆོས་ཤེས་པའི་སྒྲ་དོན་བཅུ་ལ་འཇུག་སྟེ། རྣམ་བཤད་རིགས་པར། ཆོས་ནི་ ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་ དང༌། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་པ་ཆོས་གང་འདུས་བྱས་སམ་འདུས་ མ་བྱས་སམ་ཞེས་པ་ཤེས་བྱ་དང༌། ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ནོ། །ཞེས་པ་ལམ་དང༌། ཆོས་ལ་སྐྱབས་སུ་སོང་པ་ཞེས་པ་མྱང་འདས་དང༌། ཆོས་ཀྱི་སྐྱེ་མཆེད་ཅེས་པ་ཡིད་ཡུལ་དང༌། བཙུན་མོའི་འཁོར་དང་གཞོན་ནུ་རྣམས་ལྷན་ཅིག་ཆོས་སྤྱོད་ཅེས་པ་བསོད་ནམས་དང༌། བྱིས་ པ་ནི་མཐོང་པའི་ཆོས་གཅེས་པར་འཛིན་པ་ཡིན། ཞེས་པ་ཚེ་དང༌། ཆོས་ཞེས་པ་ནི་འདི་ལྟ་ སྟེ། མདོའི་སྡེ་དང་ཞེས་པ་ལྟ་བུ་གསུང་རབ་དང༌། ལུས་འདི་དགའ་བའི་ཆོས་ཡིན་ནོ་ཞེས་པ་ འབྱུང་འགྱུར་དང༌། དགེ་སློང་གི་ཆོས་བཞི་ཞེས་པ་ལྟ་བུ་ངེས་པ་དང༌། ཡུལ་ཆོས་རིགས་ཆོས་ ཤེས་པ་ཆོས་ལུགས་ཏེ་བཅུ་ལ་འཇུག་གོ།དེ་དག་གཙོ་ཆེ་བའི་དབང་དུ་བྱས་ཀྱི་དེར་འདུས་ པ་མིན་ཏེ། ཆོས་ཀྱིས་གོས་ཚོལ་བར་བྱེད་དེ། ཆོས་མ་ཡིན་པས་མ་ཡིན་ནོ། །ཞེས་པ་ལྟ་བུ་ རིགས་པ་ལ་ཆོས་སུ་བྱས་པ་དང༌། བསྒྲུབ་བྱ་ཆོས་དགག་བྱའི་ཆོས་ཤེས་པ་ལ་སོགས་ལའང་ འཇུག་པས་སོ། ། གཉིས་པ་ནི། དྷརྨཱ་ཞེས་པ་ཆོས་ཡིན་ལ་དེའི་ཁམས་དྷྲི་དྷྲ་ཎི་ཞེས་པ་འཛིན་པས་ན་ཆོས་ ཤེས་བྱ་ལ༑ དེ་ལ་ཤེས་བྱ་ནི་རང་དང་སྤྱིའི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །ཡིད་ཀྱི་ ཡུལ་དང་ཚེ་དང་གསུང་རབ་དང་འབྱུང་འགྱུར་དང་ངེས་པ་དང་ཆོས་ལུགས་དང་དྲུག་ནི། རིམ་ པ་ལྟར་ཡིད་འཛིན་པས་དང༌། ལུས་སམ་རིས་མཐུན་འཛིན་པས་དང༌། དོན་ཕྱིན་ཅི་མ་ལོག་ པར་འཛིན་པས་དང༌། འབྱུང་འགྱུར་འཛིན་པས་དང༌། ངེས་པར་བྱ་དགོས་པའི་བྱ་བ་བྱེད་པ་ 2-1-191 འཛིན་པས་དང༌། ཡུལ་དང་རིགས་ཀྱི་སྤྱོད་པ་འཛིན་པས་སམ་མཚན་ཉིད་འཛིན་པས་ན་ཆོས་ སོ། །ལམ་དང་མྱང་འདས་བསོད་ནམས་གསུམ་ནི་ལྟུང་བ་ལས་འཛིན་པས་ཆོས་ཡིན་ལ། དེ་ ལའང༌། ངན་འགྲོར་ལྟུང་བ་ལས་འཛིན་པ་དང༌། འཁོར་བར་ལས་འཛིན་པ་གཉིས་སོ། ། དང་པོ་ནི། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་ པ་ནི་བདེ་བར་ཉལ། །ཞེས་པ་ལྟར་འཇིག་རྟེན་པའི་དགེ་བ་བཅུ་སྤྱོད་པའམ། །འཇིག་རྟེན་ པའི་བསམ་གཏན་གཟུགས་མེད་བསྒོམ་པ་ལྟ་བུ་སྟེ། ཕྱི་རོལ་པ་ཁ་ཅིག་ལའང་ཡོད་དོ། ། གཉིས་པ་ནི། སངས་རྒྱས་པའི་ལམ་འབྲས་བུ་དང་བཅས་པའོ། །ཐེག་ཆེན་གྱི་ལམ་དང་ མྱང་འདས་གསུང་རབ་ནི་ཐེག་དམན་དུ་ལྟུང་བ་ལས་ཀྱང་འཛིན་པས་སྲིད་ཞི་གཉིས་ཀར་དུ་ ལྟུང་པ་ལས་འཛིན་པའོ། །བྱེ་བྲག་ཏུ་དམ་པའི་ཆོས་ཀྱི་སྒྲ་དོན་ནི། དམ་པ་སངས་རྒྱས་ཡིན་ ལ། དེས་བསྟན་པའི་ཆོས་ཡིན་པས་སམ། དམ་པ་ཡང་ཡིན་ཆོས་ཀྱང་ཡིན་པའི་གཞི་མཐུན་ པ་ཡིན་པས་སམ། སྐྱེས་བུ་དམ་པས་སྤྱད་པར་བྱ་བས་ན་དམ་པའི་ཆོས་སོ། ། གསུམ་པ་ནི། འདིར་བསོད་ནམས་དང་ལམ་དང་མྱང་འདས་བརྗོད་བྱའི་གཙོ་བོར་བྱས་ པ། གསུང་རབ་རྗོད་བྱེད་དུ་བྱས་པ་དམ་ཆོས་ཏེ། དེའི་མཚན་ཉིད་ནི། གང་ལ་དམིགས་ནས་ ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པ་སྟེ། ཇི་སྐད་དུ། དུཿཁ་དག་ནི་ཐམས་ ཅད་དང༌། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་སོ། ། བཞི་པ་ལ། འབྲས་བུའི་ཆོས། བསྒྲུབ་པའི་ཆོས། བཤད་པའི་ཆོས་གསུམ་མམ། མཛོད་ ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་པས། རྟོགས་པའི་ཆོས་དང་ལུང་གི་ཆོས་གཉིས་སོ། །དང་པོའི་མཚན་ཉིད་ནི། གང་ཞིག་གང་གིས་ འདོད་ཆགས་དང་བྲལ་བ། །དབྱེ་ན། གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་དང༌། གང་གིས་འདོད་ཆགས་ 2-1-192 དང་བྲལ་བྱེད་ལམ་བདེན་གཉིས་ཏེ། རྒྱུད་བླར། གང་ཞིག་གང་ལ་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཆགས་བྲལ་ཉིད་ནི་འགོག་པ་དང༌། །ལམ་གྱི་བདེན་ པ་དག་གིས་བསྡུས།། ཞེས་སོ། ། གཉིས་པ་ལ་མཚན་ཉིད་དང་དབྱེ་བ་གཉིས་ལ། དང་པོ་ནི། རྟོགས་པའི་ཆོས་ལ་འཇུག་ པའི་རྗོད་བྱེད་དོ། །གཉིས་པ་དབྱེ་བ་ལ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་ བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །དེ་ཡི་ དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པ་ལྟར། བཀའ་དང་བསྟན་བཅོས་གཉིས་སོ། །དང་པོ་བཀའ་ལ་མཚན་ཉིད་ནི། སྒྲ་ དོན། དབྱེ་བ་གསུམ་ལས། དང་པོ་ནི། བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང༌། བྱེད་ ལས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བ༑ འབྲས་བུ་ཞི་བའི་ཕན་ཡོན་སྟོན་པའི་རྗོད་བྱེད་ བདག་རྐྱེན་གྱི་གཙོ་བོ་སངས་རྒྱས་ཀྱིས་མཛད་ནས་བྱུང་པ་སྟེ། རྒྱུད་བླར། གང་ཞིག་དོན་ལྡན་ ཆོས་དང་ཉེར་འབྲེལ་ཞིང༌། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང༌། །ཞི་བའི་ ཕན་ཡོན་སྟོན་པར་མཛད་པ་གང༌། །དེ་ནི་དྲང་སྲོང་གསུང་བཞིན་ཟློག་པ་གཞན། །ཞེས་སོ། ། གཉིས་པ་སྒྲ་དོན་ནི། སཾསྐྲྀ་ཏའི་སྐད་ལ་སུ་བྷ་ཥི་ཏ། ཞེས་པས། སུ་ཞེས་པ་དོན་ལྔ་ལ་ འཇུག་ཀྱང་འདིར་ལེགས་པ། བྷ་ཥི་ཏ་ཞེས་གསུངས་པ་སྟེ་ལེགས་པར་གསུངས་པས་ན་ བཀའ་འོ། ། གསུམ་པ་དབྱེ་བ་ལ་དྲུག་སྟེ། དུས་དང་བརྗོད་བྱ་དང༌། རྗོད་བྱེད་དང༌། གཉེན་པོ་དང༌། གདུལ་བྱ་དང༌། བདག་རྐྱེན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། དུས་དང་པོར་གསུངས་པ་ བདེན་པ་བཞིའི་ཆོས་འཁོར། བར་དུ་གསུངས་པ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར། 2-1-193 བར་དུ་གསུངས་པ་མཚན་ཉིད་མེད་པའི་འཁོར་ལོ། ཐ་མར་གསུངས་པ་དོན་དམ་རྣམ་པར་ ངེས་པའི་ཆོས་འཁོར་དེ་གསུམ་དུ་དགོངས་པ་ངེས་འགྲེལ་དུ་བཤད་དོ། ། གཉིས་པ་ནི། ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ ལ་ཡང་དག་བསྟེན། །ཞེས་པས་ཀུན་རྫོབ་རིགས་པས་མི་གནས་པ་སྟོན་པ་དྲང་དོན། དོན་ རིགས་པས་འཐད་པ་སྟོན་པ་ངེས་པའི་དོན་ནོ། ། གསུམ་པ་ནི། གསུང་རབ་ཡན་ལག་བཅུ་ གཉིས་ཏེ། སྙིང་པོ་མཆོག་ལས། མདོ་སྡེ་དབྱངས་སྙད་ལུང་དུ་བསྟན། །ཚིགས་བཅད་ཆེད་ བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པ་དག །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་སོ། ། བཞི་པ་ནི། སྡེ་སྣོད་གསུམ་སྟེ། འདི་ལ་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུ་བ་ དང༌། སྡེ་སྣོད་ཀྱི་ངེས་ཚིག་དང༌། སྡེ་སྣོད་གསུམ་དུ་འཇོག་པའི་རྒྱུ་མཚན་དང༌། སྡེ་སྣོད་སོ་ སོའི་ངེས་ཚིག་བཞི་ལས། དང་པོ་ནི། མདོ་སྡེ་དབྱངས་སྙད་ལུང་བསྟན་ཚིགས་བཅད་ཆེད་ བརྗོད་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གླེང་གཞིའི་སྡེ་ནི་འདུལ་བའི་སྡེ་སྣོད་ཀྱི་གཙོ་བོ་ ཡིན་ལ། རྟོགས་བརྗོད་དེ་ལྟ་བུ་བྱུང་པ་སྐྱེས་རབས་གསུམ་དེའི་འཁོར་ཡིན་པས་དེ་ལྟར་བཞི་ ནི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་པའི་སྡེ་ནི། བྱང་ཆུབ་སེམས་ དཔའི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་ཕབ་པའི་སྡེ་ནི་ཐེག་ཆེན་དང་ཉན་ཐོས་གཉིས་ཀའི་ མངོན་པའི་སྡེ་སྣོད་དོ། ། གཉིས་པ་ནི། དོན་མང་པོ་བརྗོད་བྱར་བསྡུས་པའམ་ཤེས་བྱའི་དོན་ཐམས་ཅད་བསྡུས་ པས་སྡེ་སྣོད་དོ། ། གསུམ་པ་ནི། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། བསྡུས་ པའི་སྤྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང༌། །རབ་ཏུ་རྟོགས་ 2-1-194 པས་རྣམ་པར་གྲོལ་བར་བྱེད། ། ཅེས་པ་ལྟར་རྒྱུ་དགུས་སྡེ་སྣོད་གསུམ་དུ་བཞག་སྟེ། སྤང་བྱ་ ཉེ་བའི་ཉོན་མོངས་ཐེ་ཚོམ་དང༌། མཐའ་གཉིས་ལ་ཆགས་པ་དང༌། རང་གི་ལྟ་བ་ལ་མཆོག་ཏུ་ འཛིན་པ་གསུམ་གྱི་གཉེན་པོ་བྱེད་པས་སྤང་བྱ་ལ་ལྟོས་ནས་གསུམ་དུ་བཞག་པ་དང༌། བརྗོད་ བྱ་བསླབ་པ་གསུམ་བསྒྲུབ་ཅིང་སྟོན་པས་བསླབ་བྱ་ལ་ལྟོས་ནས་གསུམ་དང༌། ཚིག་དང་དོན་ ལ་བྱང་བར་བྱེད་པ་དང༌། ཆོས་དང་དོན་མངོན་དུ་བྱེད་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་ མཚན་ཉིད་ལ་བྱང་པར་བྱེད་པས་ཤེས་བྱ་ལ་ལྟོས་ནས་སྡེ་སྣོད་གསུམ་དུ་བཞག་གོ།དེ་ལྟ་ བུའི་སྡེ་སྣོད་གསུམ་ལ་ཐོས་པ་བྱས་པས་བག་ཆགས་འཇོག་གོ།བསམ་པས་དོན་རྟོགས་པར་ བྱེད་དོ། །བསྒོམས་པས་ཞི་གནས་ཀྱི་ཉོན་མོངས་པ་ཞི་བར་བྱེད་ལ། ལྷག་མཐོང་གིས་ཆོས་ ཉིད་རྟོགས་པས་ས་བོན་ལས་གྲོལ་བར་བྱེད་དོ། ། བཞི་པ་ནི། སཾསྐྲྀ་ཏ་ལ་སཱུ་ཏྲ་ནི་མདོ་ཡིན་ལ་རྒྱལ་པོའི་ཁབ་ན་ཞེས་པ་ལྟ་བུའི་གནས་ དང༌། སའི་མཚན་ཉིད་སྲ་བའོ་ཞེས་པ་ལྟ་བུའི་མཚན་ཉིད་དང༌། ཆོས་ཀྱི་ཚིག་དང་དོན་སྨོས་ པས་མདོ། དེ་འདྲའི་ཚོགས་སུ་གྱུར་པས་སྡེའོ། །མདོ་སྡེ་རྒྱན་ལས། གནས་རྣམས་དང་ནི་ མཚན་ཉིད་དང༌། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་སོ། །མངོན་པ་ལས་སཾསྐྲྀ་ཏ་ལ་ཨ་ བྷི ་ཞེས་པས་ཨ་བྷི ་མུ་ཁྱ་ཞེས་པ་མངོན་དུ་གྱུར་པ་སྟེ། དེ་ཁོ་ན་ཉིད་མངོན་དུ་གྱུར་པས་མངོན་ པ་སྟེ། མཚན་ཉིད་པའོ། །ཨ་བྷི ་ཀྵ་ན་ཞེས་པ་ཡང་ཡང་སྟེ་ཕུང་ཁམས་སྐྱེ་མཆེད་རྫས་ཡོད་ བཏགས་ཡོད་སོགས་སྒོ་དུ་མ་ནས་ཡང་ཡང་སྟོན་པས་མངོན་པ་སྟེ་གཞུང་ལུགས་སོ། །ཨ་བྷི ་ བྷུ་ཞེས་པ་ཟིལ་གནོན་སྟེ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་ཤེས་པས་འབེལ་བའི་གཏམ་ གྱིས་གཏན་ལ་ཕེབས་པས་སྨྲ་བ་ངན་པ་ཟིལ་གྱིས་གནོན་པས་སོ། །ཨ་བྷི ་ས་མ་ཡ་ཞེས་པ་ རྟོགས་པ་སྟེ། ཤེས་བྱ་ཇི་སྙེད་པ་རྟོགས་པས་མངོན་པའོ། །རྒྱན་ལས། མངོན་དུའི་ཕྱིར་དང་ ཡང་ཡང་དང༌། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འདུལ་བ་ནི་བི་ན་ཡ་ 2-1-195 ཞེས་པས་བྷི ་སྟཱི་ཞེས་པ་རྣམ་པར་ལྟུང་པ་སྟེ། ལྟུང་བ་སྟོན་ཅིང་ངེས་པར་འབྱེད་པས་འདུལ་ ཞེས་པ་ལ་སོགས་པའམ། བི་ནི་ཤྩ་ཡ། ཞེས་པ་རྣམ་པར་ངེས་པས་འདུལ་བ་ཞེས་སོགས་བཞི་ ཚན་གཉིས་གསུངས་ཏེ། རྒྱན་ལས། ལྟུང་བ་འབྱུང་དང་ལྡང་བ་དང༌། །ངེས་པར་འབྱུང་དང་ གང་ཟག་དང༌། །བཅས་པ་དང་ནི་རབ་དབྱེ་དང༌། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་ སོ༑ ༑ ལྔ་པ་ནི། རྒྱན་ལས། གཉིས་ཀྱང་རུང་ཞེས་པས། དམན་པ་ལ་མོས་པ་ལ་ཉན་ཐོས་ཀྱི་ སྡེ་སྣོད་དང༌། རྒྱ་ཆེན་པོ་ལ་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་དོ། །ཡང་དབང་པོ་རྟུལ་པོ་ རྒྱུ་ལ་མོས་པ་ལ་རྒྱུ་ལམ་དུ་བྱེད་པ་རྒྱུ་མཚན་གྱི་ཐེག་པ་དང༌། རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་ མོས་པ་ལ། འབྲས་བུ་ལམ་དུ་བྱེད་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཡིན་ཏེ། མདོ་སྡེ་ གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་ མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུང༌། །ཞེས་ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་ འབྱུང་བར་འགྱུར། །ཞེས་སོ། །སྔགས་མཚན་ཉིད་ཀྱི་ཁྱད་པར་ནི། སློབ་དཔོན་ཏྲི་པི་ཏ་ཀ་མ་ ལའི་ཚུལ་གསུམ་གྱི་སྒྲོན་མ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་ མེད་པ་དང༌། །དབང་པོ་རྣོན་པོས་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ། ཞེས་སོ། ། དེ་ལ་ཨཱརྱ་དེ་བས་རིག་པ་འཛིན་པའི་སྡེ་སྣོད་ཅེས་སྡེ་སྣོད་བཞི་པར་གསུངས་ལ། སློབ་དཔོན་ཤནྟི་བས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེ་ཡིན་གསུང་ངོ༌། །སློབ་དཔོན་ ཨ་བྷ་ཡས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་བཤད་དོ། ། དྲུག་པ་བདག་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། ཞལ་ནས་གསུངས་པའི་བཀའ། 2-1-196 འཕགས་པ་སྡུད་པ་ལྟ་བུ་དང༌། བྱིན་གྱིས་བརླབས་པ་ལ། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་ བརླབས་པ་གསུམ་སྟེ། དང་པོ་ནི། ས་བཅུ་པའི་མདོ་ལྟ་བུ་དང༌། གཉིས་པ་ནི། མ་སྐྱེས་དགྲའི་ འགྱོད་པ་བསལ་བ་ལྟ་བུ་དང༌། གསུམ་པ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་སྟོན་པའི་མདོ་སྡེ་ ལྟ་བུའོ། །རྗེས་སུ་གནང་པའི་བཀའ་ནི། གླེང་གཞི་དང་མཚམས་སྦྱོར་མཐུན་འགྱུར་ཡི་རང་ རྣམས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། དགེ་སློང་དག་འདི་སྐད་བདག་གིས་ཐོས་ པ་ཞེས་གྱིས་ལ། ཆོས་ཡང་དག་པར་བསྡུ་བར་བྱའོ། །ཞེས་པ་དང༌། འགྲེལ་པ་དང་གོ་རིམ་ བསྟན་པར་བྱའོ། །ཞེས་རྗེས་སུ་གནང་པའི་ཕྱིར་རོ། ། གཉིས་པ་བསྟན་བཅོས་ལ་མཚན་ཉིད། ངེས་ཚིག དབྱེ་བ་དང་གསུམ་གྱི་དང་པོ་ནི། རྩོམ་པ་པོ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་ཅིང་ཐར་པ་ཐོབ་པའི་ལམ་ དང་རྗེས་སུ་མཐུན་པ་དགོངས་འགྲེལ་བསྟན་བཅོས་ཁྱད་པར་ཅན་གྱི་མཚན་ཉིད་དོ། །རྒྱུད་ བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་ གྱིས་བཤད། །ཐར་པ་ཐོབ་པའི་ལན་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་ བོས་བླང༌། ། ཞེས་སོ། ། གཉིས་པ་ནི། སཾསྐྲྀ་ཏ་ལ་ཤསྟྲ་ལས་ཤ་ས་ན་འཆོས་པ། ཏ་ར་ཎ་སྒྲོལ་བའམ་ཏྲ་ཡ་ནི་སྐྱོབ་ པ་སྟེ། རྒྱུ་ཉོན་མོངས་དུག་གསུམ་ཅན་བསླབ་པ་གསུམ་ལྡན་དུ་འཆོས་ཤིང༌། འབྲས་བུ་ངན་ འགྲོ་དང་སྲི ད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ་ངེས་ཚིག་འདི་བཀའ་ལའང་གནས་སོ། །རྣམ་ བཤད་རིགས་པར།སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཕྱིར་ ངེས་པའི་ཚིག་ཏུ་ན། འཆོས་པ་དང་སྐྱོབ་པར་བྱེད་པ་དེའི་ཕྱིར་བསྟན་བཅོས་ཏེ། ཉོན་མོངས་ དགྲ་རྣམས་མ་ལུས་འཆོས་པ་དང༌། །ངན་འགྲོ་སྲི ད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། ། 2-1-197 གསུམ་པ་ནི། མཆོག་དམན་དང༌། བྱེད་ལས་དང༌། བརྗོད་བྱ་དང༌། བཤད་བྱ་བཀའི་སྒོ་ ནས་དབྱེ་བ་དང༌། བསྟན་བཅོས་ཀྱི་རིགས་བསྡུ་བ་དང་ལྔ་ལས། དང་པོ་ནི། ས་སྡེར་གསུངས་ པ་བོད་བགྲེས་པོ་དག་གིས་ཚིགས་བཅད་དུ་བསྡེབས་པ། དོན་མེད་དོན་ལོག་དོན་དང་ལྡན། །ངན་གཡོ་སྙིང་བྲལ་སྡུག་བསྔལ་སྤོང༌། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །བསྟན་བཅོས་དྲུག་ བྲལ་གསུམ་དུ་འདོད། །ཅེས་དགུར་གསུངས་པའི་ཕྱི་མ་རེ་རེ་མཆོག སྔ་མ་གཉིས་གཉིས་ དམན་པའོ། ། གཉིས་པ་ལ། བཀའ་རྒྱ་ཆེན་སྡུད་པ་དང༌། ཟབ་མོ་འབྱེད་པ་དང༌། འཁྲུགས་པ་བསྡེབས་ པའི་བསྟན་བཅོས་གསུམ་མོ། ། དང་པོ་འདུལ་བའི་མདོ་ལྟ་བུ། གཉིས་པ་མངོན་རྟོགས་རྒྱན་ ལྟ་བུ། གསུམ་པ་མདོ་སྡེ་རྒྱན་ནམ་བསླབ་བཏུས་ལྟ་བུའོ། ། གསུམ་པ་ལ་གསུམ་ཏེ། ཤེས་བྱ་ཇི་སྙེད་པ་སྟོན་པ། ཇི་ལྟ་བ་སྟོན་པ། ཐར་པ་དང་ ཐམས་ཅད་མཁྱེན་པ་སྟོན་པའོ། །དང་པོ་ལ་ཕལ་པ་དང༌། ཁྱད་པར་ཅན་གཉིས་སོ། །དང་ པོ་ནི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་བརྟག་པ་བཅོ་བརྒྱད་ལ་སོགས་པ་སྟེ། ཤེས་ རབ་བརྒྱ་པ་དང་སྐྱེ་བོ་གསོ་ཐིགས་ལྟ་བུ་སྟེ། དེ་དག་ཀྱང་མངོན་མཐོའི་རྒྱུ་ཡིན་ཅིང་ཐར་པའི་ རྒྱུར་ཡང་འགྱུར་སྲི ད་དེ། ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ ཡུལ་བགྲོད་པ་ཐག་མི་རིང༌། །ལྷ་དང་མི་ཡི་ཐེམ་སྐས་ལ། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་སོ། ། གཉིས་པ་ནི། གཙོ་བོ་རིག་པའི་གནས་ཀྱི་བསྟན་བཅོས་ཏེ། མདོ་སྡེ་རྒྱན་ལས། རིག་ པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་པ་མཆོག་གིས་ཀྱང་ཐམས་ཅད་ མཁྱེན་པ་ཐོབ་མི་འགྱུར། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང༌། །བདག་ 2-1-198 ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་པས་གཞན་ཚར་གཅོད་པ་གཏན་ཚིགས་ དང་སྒྲ་རིག་པ་གཉིས། རྗེས་སུ་འཛིན་པ་གསོ་བ་དང་བཟོ་རིག་པ་གཉིས། བདག་ཉིད་ཀུན་ ཤེས་པར་བྱེད་པ་ནང་རིག་གོ།གཏན་ཚིགས་རིག་པ་མངོན་སུམ་རྗེས་དཔག་སོགས་སྟོན་པ་ ཚད་མའི་མདོ་ཀུན་ལས་བཏུས་པ་ལྟ་བུའམ། དེའི་དགོངས་འགྲེལ་རབ་ཏུ་བྱེད་པ་སྡེ་བདུན་ ནམ། བརྟག་པ་སྡེ་བདུན་ནམ། གྲུབ་པ་སྡེ་བརྒྱད་དམ། རྗེས་སུ་འབྲང་བ་བདུན་ལ་སོགས་ པའོ། །རབ་ཏུ་བྱེད་པ་སྡེ་བདུན་ནི། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྣམ་འགྲེལ་རྣམ་ངེས་ རིགས་ཐིགས་གསུམ་མོ། །གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་ལ། མངོན་སུམ་ ལེའུ་ལས་འཕྲོས་པ་མེད། རང་དོན་ལ་འཕྲོས་པ་གཉིས་ཏེ། ཕྱོགས་ཁྱབ་གཏན་ལ་འབེབས་ པ་གཏན་ཚིགས་ཐིགས་པ་དང༌། རྟགས་ཆོས་ཀྱི་འགྲེལ་པ་གཏན་ལ་འབེབས་པ་འབྲེལ་པ་ བརྟག་པ། གཞན་དོན་ལས་འཕྲོས་པ་རྒོལ་བ་ཕྱིར་རྒོལ་རྩོད་པ་དང་རྒྱལ་འཕམ་ཚར་བཅད་ ཀྱི་གནས་སྟོན་པ་རྩོད་རིགས། ངག་ལས་གཞན་བློ་རྟོགས་པའི་ཐ་སྙད། སེམས་ཙམ་པ་ ལའང་མི་འགལ་བར་སྟོན་པ། རྒྱུད་གཞན་གྲུབ་པ་དང་བདུན་ནོ། །སྒྲ་རིག་པའི་བསྟན་བཅོས་ ནི། རང་བཞིན་དང་རྐྱེན་དང་རྣམ་འགྱུར་གསུམ་དུ་བསྡུས་ནས་སྟོན་པ་སྒྲ་མདོ་ཡན་ལག་དང་ བཅས་པ་སྟེ་ཀཱ་ལ་པ་ལྟ་བུའམ། མིང་ཚིག་ཡི་གེའི་ཚོགས་གསུམ་དུ་བསྡུས་ནས་སྟོན་པ་སྨྲ་སྒོ་ ལྟ་བུའོ། །དེ་དག་དང་འབྲེལ་པ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ལྟ་བུ་དང༌། མངོན་བརྗོད་ཀྱི་བསྟན་བཅོས་ཨ་མ་ར་ཀོ་ཤ་ལྟ་བུ་དང༌། སྙན་ངག་གི་བསྟན་བཅོས་འདོད་ ཚུལ་དང་མཚན་ཉིད་དང་རྒྱན་དང༌། རྒྱན་ལའང༌། དོན་རྒྱན་དང་བྱ་དཀའ་དང་གབ་ཚིག་ལ་ སོགས་པ་སྟོན་པ་མེ་ལོང་ལྟ་བུ་དང༌། དེ་དག་སྦྱར་ནས་སྟོན་པ་ཟློས་གར་ལྟ་བུའོ། །གསོ་བ་ རིག་པ་ནི། ནད་དང་ནད་ཀྱི་གཞི་དང༌། ནད་ཀྱི་གཉེན་པོ་སྨན་དང༌། ནད་གསོ་བའི་སྤྱོད་ལམ་ དང་བཞི་སྟོན་པའམ། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་དྲོད་རྩ། 2-1-199 །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་བརྒྱད་དུ་བསྡུས་ ནས། སྟོན་པ་ཡན་ལག་བརྒྱད་པ་ལྟ་བུ། བཟོ་རིག་པ་ནི། གསེར་འགྱུར་དང་སྐུ་གཟུགས་ཀྱི་ ཚད་ལ་སོགས་པ་སྟོན་པའི་བསྟན་བཅོས་སོ། །ནང་རིག་པའི་ཡང༌། ཕུང་ཁམས་སྐྱེ་མཆེད་ དམ་དེའི་དབྱེ་བའམ་བྱེ་བྲག་སྟོན་པ་རྣམས། ཇི་སྙེད་པ་སྟོན་པ་སྟེ། མངོན་པ་པན་སྐན་ནམ་ མཚན་ཉིད་ཀུན་ལས་བཏུས་ལྟ་བུའོ། ། གཉིས་པ་ཇི་ལྟ་བ་སྟོན་པ་ནི། བདེན་བཞི་རྣམ་པ་བཅུ་དྲུག་གམ། གཟུང་འཛིན་གཉིས་ མེད་དམ། རང་བཞིན་མེད་པའི་དོན་སྟོན་པ་བདེན་པ་རྣམ་ངེས་སམ། སུམ་ཅུ་པའམ། དབུ་ མ་རྒྱན་ལྟ་བུའོ། ། གསུམ་པ་ནི། བྱང་ས་ཉན་ས་སྤྱོད་འཇུག མངོན་པ་གོང་འོག་ལྟ་བུའོ། ། བཞི་པ་བཤད་ བྱའི་བཀའི་སྒོ་ནས་དབྱེ་བ་ལ་བཀའ་སྤྱི་དང་བྱེ་བྲག་གི་དགོངས་འགྲེལ་གཉིས་ལས། དང་པོ་ ལ། བཀའ་སྤྱིའི་ཚིག་གི་ཆ་གསལ་བྱེད་བརྡ་སྤྲོད་སྒྲའི་བསྟན་བཅོས་དང༌། དོན་གྱི་ཆ་གསལ་ བྱེད་ཏར་ཀ་རིགས་པའི་བསྟན་བཅོས་སོ། ། གཉིས་པ་ལ་གསུམ་གྱི་བཀའ་དང་པོའི་དགོངས་འགྲེལ་ལ། ལྟ་བ་དང་སྤྱོད་པའི་ཆ་ གསལ་བྱེད་གཉིས་ལས། དང་པོ་ནི། མངོན་པ་སྡེ་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་ རིའི་བུ། །གདགས་པའི་བསྟན་བཅོས་མེའུ་འགལ། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་དཀའ་ཏའི་བུ། །རབ་ཏུ་འབྱེད་པ་ དབྱིག་གཤེས་ཀྱིས། ཡང་དག་འགྲོ་བའི་རྣམ་གྲངས་ནི། གསུས་པོ་ཆེ་ཡིས་བྱས་ཞེས་གྲག །ཅེས་པ་ལྟར་རོ། །བདུན་པོ་འདི་བྱེ་བྲག་ཏུ་སྨྲ་བ་བཀར་འདོད་ཀྱང་མདོ་སྡེ་པ་བསྟན་བཅོས་ སུ་འདོད་དོ། །དེ་དག་གི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་པ་ཆེན་པོའོ། །དེའི་དོན་བསྡུས་པ་ མངོན་པ་མཛོད་ལ་སོགས་པའོ། ། 2-1-200 གཉིས་པ་ནི། འདུལ་བ་མདོ་རྩ་བའམ། མེ་ཏོག་ཕྲེང་རྒྱུད་དམ། སུམ་བརྒྱ་པ་ལྟ་བུའོ། །གཉིས་པ་བཀའ་བར་པའི་དགོངས་འགྲེལ་ལ་ལྟ་བ་དང་སྤྱོད་པའི་ཆ་གསལ་བྱེད་གཉིས་ ལས། དང་པོ་ནི། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། ཡུམ་གྱི་དངོས་བསྟན་སྙིང་པོའི་དོན་ གཙོ་བོར་སྟོན་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་དྲུག་སྟེ། སྟོང་ཉིད་བདུན་བཅུ་པ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་ཟློག་པ། ཞིབ་མོ་རྣམ་འཐག ཐ་སྙད་གྲུབ་པ་ དང་དྲུག་གོཐ་སྙད་གྲུབ་པ་བོད་དུ་མ་འགྱུར། ཤུགས་བསྟན་མངོན་པར་རྟོགས་པ་གཙོ་བོར་ སྟོན་པ་བྱམས་པའི་མངོན་རྟོགས་རྒྱན་དང༌། རྟེན་དང་དབང་དུ་བྱ་བ་དང༌། །ལས་ནི་བསྒོམ་ པ་དང་བཅས་དང༌། །རབ་དབྱེ་རྟགས་དང་ལྟུང་པ་དང༌། །ཕན་ཡོན་བཅས་པར་ཡང་དག་ བརྗོད། །ཅེས་གཙོ་བོའི་དོན་སུམ་ཅུ་རྩ་གཉིས་སུ་བསྡུས་པ་ཕྱོགས་གླང་གི་བརྒྱད་སྟོང་པའི་ དོན་བསྡུ། སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་སྟོན་པ་འབུམ་ཏིག་སྟེ། འདི་བུ་དོལ་གཉིས་ དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཞེད་ཅིང༌། མཁས་པ་གནས་དྲུག་པ་དང་མཁན་ཆེན་ཀུན་ དགའ་དཔལ་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་དབྱིག་གཉེན་གྱི་མིན་པར་བཞེད་དེ་ཕྱི་ མ་འཐད་པར་སེམས་སོ། །འདི་དང་བརྒྱད་སྟོང་དོན་བསྡུ་གཉིས་ཀྱིས་སེམས་ཙམ་དུ་བསྟན་ ནོ། ། གཉིས་པ་ནི། བསླབ་བཏུས་སམ། མདོ་བཏུས་སམ། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་སྤྱོད་ འཇུག་གམ། སྒོམ་རིམ་གསུམ་ལ་སོགས་པའོ། ། གསུམ་པ་བཀའ་ཐ་མའི་དགོངས་འགྲེལ་ལ་ལྟ་བ་དང་སྤྱོད་པའི་ཆ་གསལ་བྱེད་གཉིས་ ལས། དང་པོ་ནི། བྱམས་པའི་མདོ་སྡེ་རྒྱན། དབུས་དང་མཐའ་རྣམ་འབྱེད། ཆོས་དང་ཆོས་ ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་བཞིའོ། །དེའི་སྟེང་དུ་མངོན་རྟོགས་རྒྱན་བསྣན་པ་ལ་བྱམས་ ཆོས་ལྔ་ཟེར་རོ། །དེའི་རྗེས་སུ་འབྲངས་པ་ཐོགས་མེད་ཀྱིས་མཛད་པའི་སའི་དངོས་གཞི་ 2-1-201 གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་ བ་སྟེ་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས་ནི། ཐེག་པ་ཐུན་མོང་གི་སྡོམ་ཀུན་ལས་བཏུས་དང༌། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་སོ། །དབྱིག་གཉེན་གྱིས་མཛད་པའི་པྲ་ཀ་ར་ཎ་སྡེ་བརྒྱད་ ནི། སུམ་ཅུ་པའི། ཉི་ཤུ་པའི། ཕུང་པོ་ལྔའི་རབ་ཏུ་བྱེད་པ། རྣམ་བཤད་རིགས་པ། ལས་གྲུབ་ པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་དུ་བརྩམས་པ་ལྔ། མདོ་སྡེ་རྒྱན། རྟེན་འབྲེལ་གྱི་མདོ། དབུས་ མཐའ་གསུམ་གྱི་འགྲེལ་པ་སྟེ་གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ་བརྒྱད་དོ། །མངོན་ རྟོགས་རྒྱན་བསྣན་པས་དེ་དག་ལ་བྱམས་པ་དང་འབྲེལ་པའི་ཆོས་སྡེ་ཉི་ཤུ་ཟེར་རོ། ། གཉིས་པ་ནི། སྡོམ་པ་ཉི་ཤུ་པ་ལ་སོགས་པའོ། །ལྔ་པ་ནི། བསྟན་བཅོས་ཀྱི་རིགས་ བསྡུས་ན་བཀའ་ལ་མ་བརྟེན་པ་དང་བརྟེན་པ་གཉིས། བརྟེན་པ་ལའང༌། བཀའ་ཉིད་ལ་ འགྲེལ་པ་བཏབ་པ་དང༌། བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས་ལས། དང་པོ་ནི། སོ་ ཐར་གྱི་འགྲེལ་པ་བམ་པོ་ལྔ་བཅུ་པ་ལྟ་བུའོ། ། གཉིས་པ་ལ་བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་མངོན་རྟོགས་རྒྱན་ལྟ་བུ། ཐོར་ བུ་བ་སྟོན་པ་དགེ་ཚུལ་གྱི་ཀ་རི་ཀ་ལྟ་བུ། བཀའ་མང་པོའི་དོན་སྟོན་པ་བསླབ་བཏུས་སམ་ བཤེས་སྤྲིང་ལྟ་བུའོ། །སྤྱིའི་གསུམ་པ་ལ་གསུམ་སྟེ། བཤད་བྱ་ཆོས་ཀྱི་ཁྱད་པར། དེ་ལ་འཆད་ ཉན་བྱེད་ཚུལ། ཆོས་དོན་བསྒྲུབ་པར་གདམས་པའོ། །དང་པོ་ནི། སྤྱིར་ཤེས་བྱ་ཐམས་ཅད་ ལ་མཁས་པར་བྱ་བའི་ཕྱིར་ཕྱི་རོལ་པའི་བསྟན་བཅོས་ལ་སོགས་པ་བསྟན་བཅོས་སྣ་ཚོགས་ ལ་སློབ་པར་གསུངས་ཤིང༌། གཙོ་བོར་ལམ་དུ་འགྲོ་བ་ནི་སངས་རྒྱས་ཀྱི་བསྟན་པ་དམ་ཆོས་ ལ་བཤད་ཉན་བྱེད་དགོས་ལ། བསྟན་པའི་ངོས་འཛིན་ནི། འོད་ལྡན་ལས། བསླབ་པ་གསུམ་ ནི་རབ་སྟོན་ཅིང༌། །ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་བསླབས་པ་གསུམ་དང༌། ཆོས་ཐམས་ཅད་ 2-1-202 བདག་མེད། འདུས་བྱས་ཐམས་ཅད་མི་རྟག་ཟག་བཅས་ཀྱི་འདུ་བྱེད་ཐམས་ཅད་སྡུག་བསྔལ་ བ་སྟེ་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་གསུམ་སྟོན་ཅིང༌། ཐོག་མཐའ་བར་གསུམ་དུ་དགེ་བ་ལ་ བཤད་དོ། །སོ་སོ་ཐར་པར། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་གསུངས་ཤིང༌། མདོ་ ལས། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་པ་ལ་སོགས་ གསུངས་པས་དེའི་དོན་ཐོག་མ་དང་བར་དང་ཐ་མར་དགེ་བ་ནི། ཐོས་བསམ་སྒོམ་གསུམ་ མམ། རྣམ་བཤད་རིགས་པ་ལྟར་ན། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ ཡོངས་སུ་ཉམས་པ་མེད་པས་དགེ་བའོ། །དོན་བཟང་པོ་ནི་ཕྱིན་ཅི་མ་ལོག་པའི་བརྗོད་པར་བྱ་ བ་ཕུན་སུམ་ཚོགས་པའོ། ། ཚིག་འབྲུ་བཟང་པོ་ནི་གོ་བར་བྱེད་པས་རྗོད་བྱེད་ཕུན་སུམ་ཚོགས་ པའོ། །མ་འདྲེས་པ་ནི་གཞན་དང་ཐུན་མོང་མ་ཡིན་པའོ། །ཡོངས་སུ་རྫོགས་པ་ནི་ཉོན་མོངས་ པ་ཐམས་ཅད་ཀྱི་གཉེན་པོ་བྱེད་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་རང་གི་ས་པའི་ཉོན་མོངས་ པ་ལས་རྣམ་པར་གྲོལ་བ། ས་ངོ་བོ་ཉིད་རྣམ་པར་གྲོལ་བའོ། །ཡོངས་སུ་བྱང་པ་ནི་ས་གཞན་ གྱི་ཉོན་མོངས་པའི་བག་ལ་ཉལ་སྤངས་པས་རྒྱུད་རྣམ་པར་གྲོལ་བའོ། །མདོར་ན་བསྟན་པ་ དམ་པའི་ཆོས་ནི་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག ཉོན་མོངས་པ་འདུལ་བ་ལ་ གནང༌། རྟེན་འབྲེལ་གྱི་ཆོས་ཉིད་དང་མི་འགལ་བ་གཅིག་ཡིན་པ་ཐེག་པ་ཐུན་མོང་གི་ལུགས་ ཡིན་ལ། ཐེག་ཆེན་ཐུན་མོང་མིན་པའི་ལུགས་ཀྱིས། ཇི་སྐད་དུ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ པ། །གང་ལ་སེམས་ནི་རབ་བསྒོམ་བྱེད། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ ཡང་བསྟན་པའོ། །ཞེས་སོ། །དེས་ན་བཤད་བྱའི་ཆོས་ནི་སངས་རྒྱས་ཀྱིས་གསུངས། སྡུད་པ་ པོས་བསྡུས། མཁས་གྲུབ་རྣམས་ཀྱིས་བཀྲལ། ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བསྒྱུར་བ་བླ་ མ་བརྒྱུད་པའི་མན་ངག་དང་ལུང་དང་ལྡན་པའི་རྒྱུད་སྡེའམ། བཀའམ་བསྟན་བཅོས་མདོ་སྡེ་ མངོན་པ་འདུལ་བའི་སྡེ་སྣོད་འདི་དང་འདི་འཆད་ཅེས་བྱའོ། ། 2-1-203 གཉིས་པ་ལ། གང་གིས་འཆད་ཉན་བྱེད་པའི་སློབ་དཔོན་དང་སློབ་མའི་མཚན་ཉིད། གང་ལ་བརྟེན་ནས་བཤད་པ་དང་ཉན་པའི་ཐབས། ཇི་ལྟར་བཤད་པ་དང་ཉན་པའི་ཚུལ་དང་ གསུམ་གྱི། དང་པོ་ལ་གཉིས་ལས། སློབ་དཔོན་མཚན་ཉིད་ནི། གཞུང་སོ་སོར་མི་འདྲ་བ་དུ་མ་ གསུངས་ཏེ། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ཞེས་པ་དང༌། སྤྱོད་ འཇུག་ཏུ། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །ཞེས་ དང༌། སུམ་བརྒྱ་པར། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་བརྩེ་ འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་རྩོམ་པ་དང༌། །དུས་སུ་འདོམས་པ་ དེ་ལྟར་བླ་མར་བསྔགས། །ཞེས་དང༌། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ ཞི་བ། །ཡོན་ཏན་ལྷག་པར་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་བསླབ་པ་གསུམ་ལ་སོགས་པའི་ ཆོས་བཅུ་ལྡན་དུ་བཤད་དོ། །དེ་དག་ཕལ་ཆེར་འཕགས་པའི་ཆོས་ཡིན་པས་ལྡན་པ་དཀའ་ ནའང་མེད་ཁ་མེད་ཀྱི་ཡན་ལག་ཏུ་དགོས་པ་གསུམ་སྟེ། མཁས་པའི་ཡོན་ཏན། བརྩེ་བའི་ བསམ་པ། སྦྱོར་བ་བཟོད་པ་དང་ལྡན་པའོ། །དང་པོ་ནི། སྡེ་སྣོད་ཀུན་ལ་མཁས་ན་ལེགས་ མོད་ཀྱི། འདིར་གང་འཆད་པའི་ཚིག་དོན་ལ་ལུང་རིགས་མན་ངག་དང་ལྡན་པའི་སྒོ་ནས་ བཤད་བྱ་ལ་མཁས་པ་དང༌། རྗོད་བྱེད་ཀྱི་བརྡ་དག་པ། གང་ནས་བཤད་ཀྱང་འབྲེལ་བ། ཇི་ ཙམ་བཤད་ཀྱང་འཐད་པ། འཆད་པའི་དབྱངས་སྙན་པ་ལ་སོགས་པའི་སྒོ་ནས་འཆད་བྱེད་ ལ་མཁས་པ་དང༌། སྒོ་གསུམ་དགེ་བས་ཀུན་གྱིས་བཀུར་བར་འོས་པའི་རང་གི་ཀུན་སྤྱོད་ལ་ མཁས་པ་དང༌། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། དེ་བཞིན་སྣོད་མིན་ཉན་ཐོས་ཐེག་པ་ དག །ཐེག་ཆེན་བཤད་པ་ཐོས་ནས་རྨོངས་འགྱུར་ཞིང༌། །ཆད་པར་ལྟ་ལ་ངན་སོང་ལྟུང་འགྱུར་ 2-1-204 བས། །དེས་ན་དབང་པོ་བརྟགས་ཏེ་ཆོས་བསྟན་ཏོ། །ཞེས་པ་ལྟར་སློབ་མའི་ཀུན་སྤྱོད་དམ་ མཚན་ཉིད་ལ་མཁས་པའི་སྒོ་ནས་ཀུན་སྤྱོད་ལ་མཁས་པའོ། ། གཉིས་པ་ནི། སེམས་ཅན་ ཐམས་ཅད་བྱང་ཆུབ་ཆེན་པོ་ལ་བཞག་འདོད་ཀྱི་སྙིང་རྗེ་དང་ལྡན་ན་རབ། དེ་ཙམ་མེད་ནའང་ དཔེ་མཁྱུད་མེད་ཅིང་ཟང་ཟིང་ལ་ལྟོས་མེད་དུ་གང་འཆད་པའི་དོན་དེ་ལེགས་པར་ཤེས་ན་ སྙམ་པའི་སྙིང་རྗེ་དང་ལྡན་པ་དགོས་སོ། །གསུམ་པ་ནི།འཆད་དུས་ཀྱི་ངལ་དུབ་དང་དཀའ་ ལས་ལ་སྐྱོ་བ་མེད་པའི་བཟོད་པ། སློབ་མས་དྲི་བ་བཟོད་པ། གཞན་གྱིས་བརྩད་པར་བཟོད་ ཅིང་ལན་འདེབས་ནུས་པའོ། ། གཉིས་པ་སློབ་མའི་མཚན་ཉིད་ལ། ཉན་པ་པོ་རབ་འབྲིང་ཐ་མ་གསུམ་ལས། རབ་ ནི། རྣམ་བཤད་རིགས་པར་གསུངས་པའི་སྤྱོད་ལམ། མི་སྡུག་པ་ལ་སོགས་པ་བཅུ་གསུམ་ དང༌། ང་རྒྱལ་དང་ནི་མ་དད་དང༌། །དོན་ཏུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ ནང་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་པ་ལྟར་སྐྱོན་དྲུག་དང༌། སྣོད་ཁ་སྦུབ་ལྟར་ གཉིད་རྨུགས་དང་རྣམ་གཡེང་ཅན་ལ་ཆོས་ཀྱི་ཆར་མི་འབབ་པ་དང༌། མི་རྩང་པས་སྦགས་པ་ ལྟར་ཚུལ་མིན་ཡིད་ལ་བྱེད་པས་བབ་ཀྱང་སྐྱོན་ཅན་དུ་འགྱུར་བ་དང༌། ཞབས་བརྡོལ་ལྟར་ བརྗེད་ངས་པས་བབ་ཀྱང་མི་གནས་པ་དང་གསུམ་མོ། །དེའི་གཉེན་པོར་ལེགས་པར་ཉོན་ལ་ ཡིད་ལ་ཟུང་ཤིག ཅེས་གསུངས་སོ། །དེ་ལྟ་བུའི་སྐྱོན་རྣམས་དང་མི་ལྡན་ཞིང༌། བཞི་བརྒྱ་པ་ ལས། གཟུར་གནས་དོན་གཉེར་བློ་ལྡན་པ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་པ་ལྟར་ རྟོགས་པར་ནུས་པའི་བློ་གྲོས་དོན་དུ་གཉེར་བའི་འདུན་པ། ང་རྒྱལ་མེད་པའི་གུས་པ་དང་ ལྡན་པའོ། །འབྲིང་ནི། མཚན་ཉིད་དེ་དག་མ་ཚང་ཡང་དོན་གོ་བར་ནུས་པས་ཉན་ན་ཕན་ཡོན་ ཆེན་པོ་ཡོད་དེ། དགེ་བསྲུངས་ཀྱིས་ཆོས་བསྟན་པ་ལ་དྲང་སྲོང་རྣམས་ཀྱིས་ཕག་ཉན་བྱས་ འབྲས་བུ་འཐོབ་པ་ལྟ་བུའོ། །ཐ་མ་ནི། དོན་མ་གོ་ཡང་དད་པས་ཆོས་ཉན་པ་ལ་བསོད་ནམས་ 2-1-205 ཆེན་པོར་འགྱུར་ཏེ། ཆོས་དགའ་ཆུ་སྲི ན་དུ་གྱུར་པའི་གཏམ་རྒྱུད་བཞིན་ནོ། ། གཉིས་པ་ལ་གཉིས་ལས། དང་པོ་སློབ་དཔོན་གྱིས་གང་ལ་བརྟེན་ནས་འཆད་པའི་ ཐབས་ནི། རྣམ་བཤད་རིགས་པར། མདོ་དོན་སྨྲ་བ་དག་གིས་ནི། དགོས་པ་བསྡུས་པའི་དོན་ བཅས་དང༌། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་པས་བསྙད་ པར་བྱ། །ཞེས་པས་ཐོག་མར་དགོས་པ་བརྗོད་པས་ཉན་འཛིན་སོགས་ལ་འབད་པར་འགྱུར་ བས་དགོས་པ་བཤད་དོ། །དེའང་བསྡུས་དོན་ལས་རྟོགས་པས་བརྗོད་བྱའི་དོན་དྲིལ་ནས་ བཤད་དོ། ། དེའང་ཚིག་དོན་ལས་རྟོགས་པས་ཚིག་དོན་བཤད་གཞི་བཟུང་སྟེ། དྲིས་ལན་གྱི་ སྒོ་ནས་སམ། དོན་གཅིག་ལ་མིང་དུ་མ་དང༌། མིང་གཅིག་གིས་དོན་དུ་མ་ལ་འཇུག་པ་དང༌། སྒྲའི་ཟུར་གཅིག་ལ་དྲངས་ཏེ་འཆད་པ་དང༌།ཡི་གེ་བསྒྱུར་ནས་འཆད་པ་དང༌། དགག་སྒྲ་ཁོང་ ནས་བྱུང་སྟེ། ཚིག་བསྒྱུར་ནས་འཆད་པ་ལ་སོགས་པའོ། །གཉིས་པ་སློབ་མས་གང་ལ་བརྟེན་ ནས་མཉན་ཐབས་ནི། ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་ཐབས་ལ་མཁས་པ་བསྟེན་ནས་ནང་ གི་རྐྱེན་རྣ་བ་ཀླགས་ཏེ། མཉན་ཅིང་ཐོས་པའི་དོན་སེམས་པ་དང༌། མདོ་བསྟན་བཅོས་ལྟ་བ་ དང༌། མཁས་པ་ལ་འདྲི་བས་བསྐྱང་པར་བྱ་ཞིང་བསམ་པ་དང་བསྒོམ་པ་ལ་འབད་པར་བྱའོ། ། གསུམ་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སློབ་དཔོན་གྱིས། དམ་ཆོས་ པད་དཀར་ལས། མཁས་པ་དུས་སུ་སེམས་པར་བྱེད་པ་ན། །ཁང་པུར་ཞུགས་ཏེ་དེ་བཞིན་ སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་ལྟ། །ལངས་ནས་ཞུམ་པ་མེད་པའི་ སེམས་ཀྱིས་ཤོད། །ཅེས་པ་དང༌། གཙང་ཞིང་ཡིད་དུ་འོང་པ་ཡིས་ས་ཕྱོགས་སུ། །ཡངས་ པའི་སྟན་ནི་རབ་ཏུ་བཤམས་བཏིང་ནས། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བའི། །ཆོས་གོས་གཙང་མ་དེས་ནི་རབ་བསྒོས་ནས། །ཞེས་པ་ནས། རྐང་བཏེགས་བཅས་པའི་ཁྲི་ 2-1-206 ལ་རབ་འདུག་སྟེ། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །གདོང་དང་བཞིན་གྱི་ མདངས་ནི་རབ་སྣུམ་ཞིང༌། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷག་པར་ རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཀུན་ཏུ་སྟོན། །ཞེས་པ་ལྟར་བཀོད་པ་ བཤམ་པ་དང༌། དཀོན་མཆོག་ལ་གསོལ་བ་གདབ་པ་དང༌། བདུད་ཚར་གཅོད་པའི་གཟུངས་ བློ་གྲོས་རྒྱ་མཚོས་ཞུས་པ་ལས་འབྱུང་པ་ལྟར་རམ། ཡུམ་གྱི་བསྒྲུབ་པ་ལ་སོགས་པས་བར་ ཆད་བསལ་ནས་བཤད་པར་བྱའོ། ། ཉན་པ་པོས། སྐྱེས་རབས་ལས། རབ་ཏུ་དམའ་བའི་ སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་ལྟ། །ཚིག་གི་བདུད་རྩི་འཐུང་པ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་ཏུ། །རབ་ཏུ་དང་བ་དྲི་མེད་ ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་པ་ལྟར། སྒོ་གསུམ་གུས་པས་ཉན་ཅིང༌། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་ སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་པ་ཡིན། །ཀྱེ་མ་དད་པ་ དང་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་པ་ལྟར་ཆོས་ ཉན་པའི་རྐྱེན་ཚོགས་པ་ལ་དགའ་བ་དང་བཅས་ཏེ་མཉན་པར་བྱའོ། ། གཉིས་པ་ནི། བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་ཏེ་ཆོས་འཆད་པ་དང༌། ཆོས་ཀྱི་ ཆེད་དུ་ཡོན་འབུལ་བ་ལ་སོགས་པའི་སྦྱིན་པ་དང༌། འཆད་ཉན་གྱི་མི་མཐུན་ཕྱོགས་སྤོང་བའི་ ཚུལ་ཁྲིམས་དང༌། དཀའ་སྤྱད་ལ་མི་སྐྱོ་བའི་བཟོད་པ་དང༌། འཆད་ཉན་ལ་སྤྲོ་བའི་བརྩོན་ འགྲུས་དང༌། ཆོས་དོན་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང༌། ཆོས་རབ་ཏུ་འབྱེད་པའི་ ཤེས་རབ་སྟེ་ཕར་ཕྱིན་དྲུག་ལྡན་དུ་བསྒྲུབ་པར་བྱའོ། ། གསུམ་པ་ནི། ནོངས་པ་བཟོད་པར་གསོལ་བ་དང༌། དགེ་བ་བསྔོས་ལ་ཉན་པ་པོས་ གཏང་རག་གི་ཕྱག་བྱའོ། ། 2-1-207 གསུམ་པ་ཆོས་དོན་བསྒྲུབ་པར་གདམས་པ་ནི། དེ་ལྟ་བུའི་ཐོས་བསམ་ལམ་དུ་འགྲོ་བ་ ལ། མཛོད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པས་ གཞི་ཚུལ་ཁྲིམས་རྣམ་དག་ལ་བརྟེན་དགོས་ཏེ། ཏིང་ངེ་འཛིན་རྒྱལ་པོར། ཇི་སྙེད་ཆོས་ཀྱི་རྣམ་ པས་བྱང་ཆུབ་ཀྱང༌། །ཐོས་པས་རྒྱགས་པས་ཚུལ་ཁྲིམས་མི་བསྲུང་ན། །ཚུལ་ཁྲིམས་འཆལ་ པ་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་སོ། །མང་ཐོས་ཚུལ་ གནས་ཀྱང་བསམ་སྒོམ་དང་འབྲེལ་དགོས་ཏེ། བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་ བྱ་བའི་མདོ་ལས་བསྒོམ་པ་ལ་མ་བརྟེན་པ་ཐོས་པ་དང་བསམ་པ་འབའ་ཞིག་གིས་ཀྱང་ཆོས་ ལ་གནས་པ་མ་ཡིན་ལ། ཐོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་ལ་སྦྱོར་བ་འབའ་ ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱི། གཉི་ག་ལ་བརྟེན་ཏེ་གཉི་ག་ལ་གནས་ན་ཆོས་ ལ་གནས་པ་ཡིན་ནོ། །ཞེས་སོ། །ཐོས་བསམ་བསྒོམ་པ་ལ་འཇུག་པའི་རིམ་པ་ནི། ཞི་ལྷས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་གཞག་ལ་ བརྩོན་བྱ་ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་སོ། །སོ་སོ་ཐར་པར་ཡང༌། མང་དུ་ ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་བདེ། །ཞེས་པ་ལྟར་རོ། ། སྤྱིའི་གཞི་ལ་གཉིས་ཏེ། སྤྱིར་འཇིག་རྟེན་ཆོས་ཇི་ལྟར་བྱུང་ཚུལ། ཁྱད་པར་བོད་ཡུལ་ དུ་ཇི་ལྟར་བྱུང་ཚུལ་ལོ། དང་པོ་ལ། སྤྱིར་བྱང་སེམས་ཀྱིས་རྫོགས་སྨིན་སྦྱངས་ནས་འཚང་ རྒྱ་ཞིང༌། དེས་ཆོས་སྟོན་པ་ཡིན་ལ། འདི་ལ་གསུམ་སྟེ། སྤྱིར་བསྐལ་པ་གང་ལ་སངས་རྒྱས་ འབྱུང་ཚུལ། ཁྱད་པར་དུ་བསྐལ་པ་འདི་ལ་སངས་རྒྱས་བྱོན་ཚུལ། ཁྱད་པར་དུ་མི་མཇེད་དུ་ ཐུབ་པའི་དབང་པོ་བྱོན་ཚུལ་ལོ། ། དང་པོ་ལ། སྤྱིར་བསྐལ་པ་ལ་སྒྲོན་བསྐལ་དང་མུན་བསྐལ་གཉིས་ལས། སྒྲོན་བསྐལ་ལ་ སངས་རྒྱས་འབྱུང་གི་མུན་བསྐལ་ལ་མི་འབྱུང་ངོ༌། །སྒྲོན་བསྐལ་བསྐལ་པ་བཟང་པོ་ལ་སངས་ 2-1-208 རྒྱས་སྟོང་དང་ལྔ།དེ་ནས་མུན་བསྐལ་བསྐལ་ཆེན་དྲུག་ཅུ། དེ་ནས་སྒྲོན་བསྐལ་སྙན་པ་ཆེན་པོ་ སངས་རྒྱས་ཁྲི། དེ་ནས་མུན་བསྐལ་ཁྲི་འདས་པ་དང་བསྐལ་པ་སྐར་མ་ལྟ་བུ་ལ་སངས་རྒྱས་ བརྒྱད་ཁྲི། དེ་ནས་མུན་བསྐལ་ སུམ་བརྒྱ། དེ་ནས་སྒྲོན་བསྐལ་ཡོན་ཏན་བཀོད་པ་ལ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ འབྱུང་བར་བསྐལ་བཟང་ལས་བཤད་དོ། ། གཉིས་པ་ནི། སྙིང་རྗེ་པད་དཀར་ལས། སྔོན་བྱུང་པ་དང་འདས་པའི་དུས་ན། འཇིག་རྟེན་ གྱི་ཁམས་འདིར་བསྐལ་པ་ཆེན་པོ་འཛིན་པ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ ཁྱུད་ཅེས་བྱ་བ་སྲས་སྟོང་དང་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་བྱུང༌། དེའི་མདུན་ ན་འདོན་གྱི་གཙོ་བོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་སྲས་བརྒྱད་ཅུ་དང་སློབ་མ་བྲམ་ཟེ་སྟོང་ དང་བཅས་པ་ཡོད་དོ། །དེའི་སྲས་བྲམ་ཟེ་རྒྱ་མཚོའི་སྙིང་པོ་སངས་རྒྱས་པའི་སངས་རྒྱས་རིན་ ཆེན་སྙིང་པོས་མེ་ལོང་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་ རྒྱས་ཀྱི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་ནས། གང་བཟང་པ་འདམ་དུ་བཅུག་ པས་རྒྱལ་པོ་འཁོར་བཅས་དད་ནས་སངས་རྒྱས་ཀྱི་ཞིང་བཟུང་ཞིང་སེམས་བསྐྱེད་པས་རྒྱལ་ པོ་བདེ་བ་ཅན་དུ་སངས་རྒྱས་ཚེ་དཔག་མེད་དུ་ལུང་བསྟན་པ་ནས། བྲམ་ཟེ་རིག་བྱེད་ཀློག་ པ་སྟོང་གི་དང་པོའི་བར་དུ་ལུང་བསྟན་ནོ། །དེའི་རྗེས་ལ་རིག་བྱེད་ཀློག་པ་སྟོང་གི་གཉིས་པ་ སྐར་མ་སྐྱོང་བསྐལ་བ་བཟང་པོའི་སངས་རྒྱས་དང་པོ་འཁོར་བ་འཇིག་གོ།དེ་བཞིན་དུ་དགུ་ བརྒྱ་དགུ་བཅུ་རྩ་བརྒྱད་ཀྱི་བར་དུ་ལུང་བསྟན་ནོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་བསྙེན་ བཀུར་བ་ལྔ་བསྐལ་བཟང་གི་སངས་རྒྱས་སུ་ལུང་བསྟན་ནོ། །དེ་ནས་རིག་བྱེད་ཀློག་པ་སྟོང་ གི་ཐ་མས་ཐུབ་པ་སྟོང་དང་བཞི་པོ་དེ་དག་གི་སྐུ་ཚེ་དང་གདུལ་བྱ་ལ་སོགས་པ་དེ་ཙམ་དུ་གྱུར་ ཅིག་ཅེས་སྨོན་ལམ་བཏབ་པས་ལེགས་སོ་གནང་སྟེ་སངས་རྒྱས་གསལ་མཛད་དུ་ལུང་བསྟན་ 2-1-209 ནོ། །དེ་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཞིང་མ་དག་པ་མི་མཇེད་འདིའི་སེམས་ཅན་རྣམས་ལ་ ཐུགས་རྗེས་ལྷག་པར་གཟིགས་ནས་སྨོན་ལམ་ལྔ་བརྒྱ་བཏབ་སྟེ། བདེན་སྟོབས་བརྗོད་པས་ སངས་རྒྱས་ཀྱིས་ལེགས་སོ་གནང་སྟེ། བསྐལ་བཟང་གི་སངས་རྒྱས་བཞི་པ་ཤཱཀྱ་ཐུབ་པར་ ལུང་བསྟན་ནོ། །དེ་ལྟར་ན་བསྐལ་པ་འདི་ལ་སངས་རྒྱས་སྟོང་དང་ལྔ་འབྱུང་ངོ་ཞེས་བཤད་ དོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སྔོན་བྱུང་པ་འདས་པ་ན། སངས་རྒྱས་ ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་ནོ། །དེའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ། བཙུན་མོ་བདུན་འབུམ་ དང་སྲས་སྟོང་དུ་ཚང་བ་ཡོད། རྒྱལ་པོས་སངས་རྒྱས་འཁོར་དང་བཅས་པ་ལོ་བྱེ་བ་ཚང་པར་ བསྙེན་བཀུར་ཏེ་དགེ་སློང་རེ་རེ་ལ་གཡོག་གསུམ་གསུམ་ཕུལ་ནས་རྒྱལ་པོ་སྲས་དང་བཙུན་ མོར་བཅས་པ་སངས་རྒྱས་ལ་ཆོས་ཉན་ནས་སླར་རང་གི་ཁྱིམ་དུ་ཕྱིན་པ་དང༌། བཙུན་མོ་ མ་སྨད་མའི་པང་པར་ཁྱེའུ་ཆོས་སེམས་དང༌། དཔེ་མེད་མའི་པང་པར་ཁྱེའུ་ཆོས་ཀྱི་བློ་གྲོས་ གཉིས་འབྱུང་ངོ༌། །དེ་དག་དང་བཅས་ཏེ་སངས་རྒྱས་ལ་ཆོས་ཉན་ནོ། །དེའི་ཚེ་རྒྱལ་པོ་འདི་ སྙམ་དུ། གཞོན་ནུ་འདི་ཐམས་ཅད། བྱང་ཆུབ་ཞུགས་པ་ཤ་སྟག་ཡིན་ན། གང་ཐོག་མར་ སངས་རྒྱས་བརྟག་པར་བྱའོ་སྙམ་ནས་ཐམས་ཅད་ཀྱི་མིང་བྲིས་ནས་རིན་པོ་ཆེའི་བུམ་པར་ བཅུག་སྟེ། ཞག་བདུན་དུ་མཆོད་པ་བྱས་ནས་བུམ་པའི་ནང་ནས་རིམ་གྱིས་ཕྱུང་པས། ཐོག་ མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་སྟེ་དེ་ནི་འཁོར་བ་འཇིག་གོ།དེ་ནས་ གཞོན་ནུ་རྣམ་པ་རྒྱལ་བ་གསེར་ཐུབ་པོ། །དབང་པོ་ཞི་བ་འོད་སྲུང་ངོ༌། །དོན་ཐམས་ཅད་གྲུབ་ པ་ནི་ཤཱཀྱ་ཐུབ་པའོ། །སྐ་རགས་ཅན་ནི་བྱམས་པའོ། །དེ་བཞིན་དུ་གཞོན་ནུ་སྟོང་གི་ཐ་ཆུང་ བློ་གྲོས་མཐའ་ཡས་ཀྱི་བར་དུ་མིང་རྣམས་རིམ་གྱིས་བྱུང་སྟེ། ཐ་ཆུང་ནི་སངས་རྒྱས་དགུ་བརྒྱ་ དགུ་བཅུ་རྩ་དགུའི་འཁོར་དང་ཚེ་ཚད་ལ་སོགས་པ་ཇི་སྙེད་པ་དེ་སྙེད་དུ་འགྱུར་ཞིང་བདག་ 2-1-210 ཉིད་དེ་ལྟར་དུ་མོས་པས་མོས་པ་ཞེས་བྱའོ། །ཆོས་སེམས་ནི་ང་ཁྱེད་ཐམས་ཅད་ཀྱི་ལག་ན་ རྡོ་རྗེར་གྱུར་ནས་ནང་ན་སྤྱོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ། དེ་ནི་ཕྱག་ན་རྡོ་རྗེ་ སྟེ། སངས་རྒྱས་སྟོང་གི་བཀའ་སྡུད་པ་པོ་ཡིན་ནོ། །ཆོས་ཀྱི་བློ་གྲོས་ཀྱིས། ཁྱེད་ཐམས་ཅད་ ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་སྨོན་ལམ་བཏབ་སྟེ། དེ་ནི་ཚངས་ པ་གཙུག་ཕུད་ཅན་ནོ། །དེ་ལྟར་ན་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བར་བཤད་དོ༑ ༑འོ་ན་བསྐལ་པ་འདི་ལ་བཟང་པོ་ཞེས་བརྗོད་པ་ཅི་ཞེ་ན། འཇིག་རྟེན་འདི་ཆུས་འཇིག་པའི་ ཚེ་གསེར་གྱི་པད་མ་སྟོང་འབྱུང་པར་འགྱུར་བ་དེ་ལྷ་རྣམས་ཀྱིས་སངས་རྒྱས་སྟོང་འབྱུང་བའི་ ལྟས་སུ་ཤེས་ཏེ། ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ་ཞེས་བརྗོད་པས་བསྐལ་པ་བཟང་པོའོ་ ཞེས་གྲགས་པར་སྙིང་རྗེ་ཆེན་པོ་པད་མ་དཀར་པོ་ལས་བཤད་དོ། །དེ་དག་ཀྱང་མར་འགྲི བ་ ཀྱི་བརྒྱད་ཁྲི་པ་ནས་བརྒྱའི་བར་ལ་འབྱུང་ངོ༌། ། གསུམ་པ་ལ། ཞིང་འདི་ལ་མི་མཇེད་ཅེས་ཟེར་བ་ནི། མི་མཇེད་ནི་བཟོད་པའི་མིང་སྟེ། ཉོན་མོངས་པ་དུག་གསུམ་གྱིས་མི་འཕྲོག་ཅིང་བཟོད་ལ། སེམས་སྲན་ཐུབ་པས་མི་མཇེད་ ཅེས་བྱ་བར་སྙིང་རྗེ་པད་དཀར་ལས་བཤད་དོ། ། དེ་ལྟ་བུའི་ཞིང་འདིར་ཐུབ་པའི་དབང་པོ་ བྱོན་ཚུལ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཆོད་རྟེན་བརྒྱད་ཀྱི་བསྟོད་པར། དང་པོ་བྱང་ཆུབ་ མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། །བར་དུ་ གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་ པ་དང༌། དང་པོ་ཐུགས་བསྐྱེད་ཚུལ། བར་དུ་ཚོགས་བསགས་ཚུལ། མཐར་སངས་རྒྱས་ཚུལ་ ལ་ལུགས་གཉིས་ལས། ཉན་ཐོས་ཀྱི་ལུགས་གཞན་དུ་ཤེས་པར་བྱའོ། །འདིར་ཐེག་པ་ཆེན་ པོའི་ལུགས་ལ་གསུམ་གྱི། དང་པོའི་སེམས་བསྐྱེད་ཚུལ་ལ། བསྐྱེད་བྱ་སེམས་བསྐྱེད་ཀྱི་ངོ་ བོ་དང༌། ཇི་ལྟར་བསྐྱེད་པའི་ཚུལ་གཉིས་སོ། །དང་པོ་ནི། མངོན་རྟོགས་རྒྱན་ལས། སེམས་ 2-1-211 བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས་གཞན་ དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་མཚུངས་ལྡན་གྱི་སེམས་ནི་སེམས་བསྐྱེད་ཀྱི་མཚན་ ཉིད་དོ། །དབྱེ་ན་ངོ་བོའི་སྒོ་ནས་དབྱེ་བ་སྨོན་འཇུག་གཉིས། ཕྲ་རགས་ཀྱི་སྒོ་ནས་ཕྱེ་ན། བརྡ་ དང་ཆོས་ཉིད་ཀྱིས་ཐོབ་པ་གཉིས། ཡུལ་གྱི་སྒོ་ནས་ཕྱེ་ན་ཀུན་རྫོབ་དང་དོན་དམ་གཉིས། ས་ མཚམས་ཀྱིས་ཕྱེ་ན། རྒྱན་ལས་སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་ པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་པ་ལྟར་ བཞི་དང༌། གྲོགས་དང་དཔེས་ཕྱེ་བ་ཉི་ཤུ་རྩ་གཉིས་ལ་སོགས་པའོ། ། གཉིས་པ་ནི། སྙིང་རྗེ་པད་དཀར་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སེམས་དང་པོ་བསྐྱེད་ པར་བཤད་དོ། ། བསྐལ་བཟང་དུ། ང་ནི་སྔོན་ཚེ་སྨན་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་ པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བར་བྱས་ནས་ཀྱང༌། །དང་པོ་བྱང་ཆུབ་མཆོག་ ཏུ་སེམས་བསྐྱེད་དོ། །ཞེས་སོ། །དྲིན་ལན་བསབ་པ་ལྟར་ན། སྟོན་པ་འདི་སྔོན་རིགས་ལ་ གནས་པའི་དུས་ན་ལས་ཀྱི་ནུས་པས་དམྱལ་བའི་ལྕགས་བསྲེགས་ཀྱི་ས་གཞི་ལ་ཤིང་རྟ་ འདྲེན་པའི་གྱད་གཅིག་ཏུ་སྐྱེས། དེའི་ཚེ་ཟླའོ་སྟོབས་ཆུང་བ་ལ་བསྲུངས་མ་ཨ་བང་གིས་ཡང་ ཡང་བསྣུན་པས་ཤིན་ཏུ་བརྩེ་བ་སྐྱེས་ཏེ། དེའི་རྐྱེན་གྱིས་སེམས་བསྐྱེད་དོ། ། དེ་ནས་ཨ་བང་ ལ་འདི་ལ་སྙིང་རྗེའི་སེམས་ཅུང་ཟད་བསྐྱེད་ཅིག་ཅེས་སྨྲས་པས་དེས་རབ་ཏུ་ཁྲོས་ཏེ་མདུང་ རྩེ་གསུམ་པས་བསྣུན་པས་ཚེའི་དུས་བྱས་ནས་དམྱལ་བ་ལས་ཐར་ཏེ་བསྐལ་པ་བརྒྱའི་སྡིག་ པ་བྱང་བར་གྱུར་ཞེས་འབྱུང་ལ། ཡང་ན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ་དེ་བཞིན་ གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཁམ་པའི་བུམ་པ་གཅིག མགྲོན་བུ་ལྔ། མཆིལ་ལྷམ་ ཟུང་གཅིག གདུགས་གཅིག་རྣམས་ཕུལ་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཇི་འདྲ་དང༌། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང༌། །དེ་བཞིན་མཚན་མཆོག་བཟང་པོ་ཇི་འདྲ་བ། 2-1-212 །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་པའོ། ། གཉིས་པ་ཚོགས་བསགས་ཚུལ་ལ། བསག་བྱའི་ཚོགས་ངོས་བཟུང༌། ཅི་ཙམ་བསག་ པའི་དུས།ཇི་ལྟར་བསག་པའི་ཚུལ་དང་གསུམ་མོ། །དང་པོ་ནི། མངོན་མཐོ་དང་ངེས་ལེགས་ ཀྱི་རྒྱུར་གྱུར་པའི་དགེ་བ་ཟག་བཅས་ཟག་མེད་ཕྱིན་དྲུག་གིས་བསྡུས་པ་རྣམས་ཏེ། མདོ་སྡེ་ རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་ མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །ཞེས་དང༌། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པ་གཞན་ནི་གཉིས་ཀ་སྟེ། །ལྔ་ཅར་ཡང་ནི་ཡེ་ཤེས་ཚོགས། །ཞེས་སོ། ། གཉིས་པ་ནི། གསུང་རབ་རྣམས་ལས་མི་འདྲ་བ་དུ་མ་བྱུང་སྟེ། རྒྱ་ཆེན་རོལ་པར། བསྐལ་ པ་གྲངས་མེད་བདུན་དུ་བཤད་པ་དང༌། ཉན་ཐོས་སྡེ་པ་ཁ་ཅིག་བཅུར་འདོད་པ་དང༌། སློབ་ དཔོན་དབྱིག་གཉེན་དང་སེང་བཟང་སོགས་གྲངས་མེད་གསུམ་ནི་དྲང་དོན་ཡིན་གྱི་ངེས་དོན་ དུ་གྲངས་མེད་སུམ་ཅུ་རྩ་གསུམ་དུ་བཞེད་ཀྱང་གྲངས་མེད་གསུམ་ནི་གསུང་རབ་ཕལ་ཆེར་ ལས་གསུངས་ཤིང༌། གྲགས་ཆེ་བ་དང༌། བྱམས་པས། ས་ནི་དང་པོ་ཡིན་པར་འདོད། །འདི་ དེ་བསྐལ་པ་དཔག་མེད་ཀྱིས། །ཞེས་པ་དང༌། གྲངས་མེད་གཉིས་ནི་རྫོགས་པ་ཡིས། །བསྒོམ་ པའི་ལམ་ནི་ཚར་ཕྱིན་ཏོ། །ཞེས་པས་གྲངས་མེད་གསུམ་དུ་བཤད་པར་བྱའོ། །གྲངས་མེད་ ཀྱི་དོན་ཡང་མཛོད་འགྲེལ་དང་ཐུབ་དགོངས་ལ་སོགས་པ་ནས་བགྲང་བ་ལས་འདས་པའི་ གྲངས་མེད་མིན་གྱི་གྲངས་མེད་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པའི་གྲངས་མེད་ལ་བཞེད་དོ། །བྱང་ས་ལས་བསྐལ་པ་ཆེན་པོ་གྲངས་མེད་པ་བགྲང་པའི་ཚུལ་གཉིས་ཏེ། བསྐལ་པ་ཆེན་པོ་ རེ་རེའང་ལོ་དང་ཟླ་བ་དང་སྐ་ཅིག་ལ་སོགས་པ་གྲངས་མེད་པས་བསྐལ་པ་ཆེན་པོ་གྲངས་ མེད་པ་དང༌། བསྐལ་པ་ཆེན་པོ་བགྲང་པ་ལས་འདས་པའི་གྲངས་མེད་པ་ཞེས་བྱ་བ་གཉིས་ 2-1-213 ལས། སངས་རྒྱ་བ་ལ་གྲངས་མེད་མང་པོ་དགོས་པ་ལྟར་ན། ལུགས་དང་པོ་བཟུང་ཞིང༌། གྲངས་མེད་གསུམ་གྱིས་ཆོག་པ་ལྟར་ན་ལུགས་གཉིས་པ་བཟུང་ངོ༌། ། དང་པོ་སེམས་བསྐྱེད་ མ་ཐག་ནས། གྲངས་མེད་གསུམ་གྱི་མགོ་རྩོམ་པ་མ་ཡིན་ཏེ། དཀོན་མཆོག་སྤྲིན་ལས། ནམ་བྱང་ཆུབ་སེམས་དཔའ་ཆོས་མཉམ་པ་ཉིད་དུ་ཞུགས་པར་གྱུར་པ་དེའི་ཚེ་ནས་བརྩམས་ ཏེ། བསྐལ་པ་བགྲང་བར་བྱའི་ཐོག་མའི་སེམས་བསྐྱེད་པ་ནས་བརྩམས་ཏེ་དེ་ནི་མ་ཡིན་ནོ། །ཞེས་སོ། །དེས་ན་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །སེམས་བརྟན་ ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་ པ་ཡིན། །ཞེས་པ་ལྟར་དགེ་བའི་རྩ་བ་དང་སྨོན་ལམ་གྱི་སྟོབས་ཅན་དང༌། སེམས་བརྟན་པ་ དང༌། ཁྱད་པར་དུ་འགྲོ་བ་སྟེ། ཆོས་བཞི་པོ་དེ། ཚོགས་ལམ་དུ་ནམ་ཐོབ་པ་ནས་གྲངས་མེད་ གསུམ་གྱིས་མགོ་རྩོམ་པ་ཡིན་ནོ། །དེ་ནས་བཟུང་སྟེ་ས་དང་པོ་རྫོགས་ཀྱི་བར་གྲངས་མེད་ དང་པོ། ས་གཉིས་པ་ནས་བདུན་པ་རྫོགས་ཀྱི་བར་གྱིས་གྲངས་མེད་གཉིས་པ། དེ་ནས་ས་ བཅུ་རྫོགས་ཀྱི་བར་ལ་གྲངས་མེད་གསུམ་པ་ཞེས་བྱའོ། །ཐུབ་དགོངས་དང༌། དབུ་མ་ཆོས་ བཤེས་ནི། བྱང་ཆུབ་སེམས་དཔའི་དབང་པོ་དང་བརྩོན་འགྲུས་ལ་སོགས་པའི་དབང་གིས་ གྲངས་མེད་གསུམ་གྱི་ངེས་པ་མེད་གསུང་ངོ༌། ། གསུམ་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་བཞིན་དུ་བཤད་ན། སྟོན་པ་འདི་སྔོན་ གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་འཇིག་ རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་དགེ་རྩ་སྐྲུན་པ་ནས་བརྩམས་ནས་གྲངས་མེད་དང་པོའི་ ཚོགས་བསགས་པས་ས་དང་པོ་ཐོབ་པར་འགྱུར་རོ། །དེ་ནས་ཚོང་དཔོན་ཤེས་རབ་བཟང་དུ་ གྱུར་པའི་ཚེ་སངས་རྒྱས་དཀོན་མཆོག་ཡན་ལག་འཇིག་རྟེན་དུ་བྱོན་པ་ལ་བསྙེན་བཀུར་ཞིང་ རྗེས་སུ་བསྟན་པ་མནོས་པ་ནས་བཟུང་སྟེ༑ གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་ 2-1-214 བདུན་པ་ནོན་པར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་སྤྲིན་དུ་གྱུར་པའི་ཚེ། བྲམ་ཟེ་བུ་མོ་བཟང་ ལེན་ལྡན་ལ་རྔན་པ་སྐྱེ་བ་ཐམས་ཅད་དུ་ཁྱིམ་ཐབ་ཏུ་ཁས་བླངས་ཤིང་རིན་ཀར་ཤ་པ་ཎ་ལྔ་ བརྒྱ་བཅལ་ནས་ཨུད་པ་ལ་ལྔ་ཉོས་ཏེ་སངས་རྒྱས་ལ་གཏོར་ནས་ཀྲིསྣ་ས་རིའི་ལྤགས་པ་ བཏིང་ནས། མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་སྤྱན་བདག་གི་ལྷག་པའི་བསམ་ པ་ཐུགས་སུ་ཆུད་པར་མཛོད་ལ། རི་དྭགས་ཀྱི་ལྤགས་པ་འདི་ལ་ཞབས་བཞག་པར་མཛོད་ ཅིག་ཅེས་པ་དང༌། དེ་བྱོན་པས་མཉེས་པར་བྱས་ཏེ། རལ་པ་གསེར་གྱི་མདོག་ཅན་གདན་དུ་ བཏིང་ནས། མར་མེ་མཛད་ཀུན་ནས་སྤྱན་འདི་ལ། ཞབས་མི་འཇོག་གམ། ལུང་མི་སྟོན་ན། འདི་ཉིད་དུ་ལུས་སྐམ་པར་བྱའོ། །ཞེས་ཡི་དམ་བཅས་པས་སྟོན་པས་ཞབས་བཞག་སྟེ། མ་ འོངས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་ལུང་བསྟན་ཅིང་དེའི་ཚེ་ས་བརྒྱད་པ་ཐོབ་པོ། །དེ་ནས་ བཟུང་སྟེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བཅུ་རྫོགས་སོ། ། གསུམ་པ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་ལ། སངས་རྒྱས་ཀྱི་རང་བཞིན་ངོས་ གཟུང༌།ཐུབ་པའི་མཛད་པ་ཁྱད་པར་དུ་བཤད། ཆོས་ཀྱི་འཁོར་ལོའི་དོན་བྱེ་བྲག་ཏུ་གཏན་ལ་ དབབ་པའོ། །དང་པོ་ནི། ས་བཅུ་རྒྱུན་མཐའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་རྗེས་སུ་སྐུ་ བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ནི་སངས་རྒྱས་ཏེ། དེ་ལ་ངོ་བོ་ཉིད་ཀྱི་སྐུ་ནི། རང་བཞིན་དུ་ གནས་པའི་རིགས་གནས་གྱུར་པའི་འབྲས་བུ་མཐར་ཐུག་ཟག་པ་མེད་པའི་ཡོན་ཏན་ཐམས་ ཅད་དང་ལྡན་པའི་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་ཀུན་ དང་བྲལ་བའི་དག་པ་གཉིས་ལྡན་ནོ༑ ༑རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ནི། ཀུན་གཞིའི་རྣམ་ ཤེས་གནས་གྱུར་པའི་འབྲས་བུ་མཐར་ཐུག་མེ་ལོང་ཡེ་ཤེས་ཆོས་ཅན་གྱི་ཆའོ། །ལོངས་སྤྱོད་ རྫོགས་པའི་སྐུ་ནི། ཉོན་ཡིད་གནས་གྱུར་པའི་འབྲས་བུ་མཐར་ཐུག་པ་འོག་མིན་ཆེན་པོར་ མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་རྒྱལ་སྲས་འཕགས་པ་རྣམས་དང་ལྷན་ཅིག་ཐེག་ 2-1-215 ཆེན་གྱི་ཆོས་ཁོ་ན་ལ་རྒྱུན་མི་འཆད་པར་ཉེ་བར་ལོངས་སྤྱོད་པའོ། །སྤྲུལ་པའི་སྐུ་ནི། འཇུག་ ཤེས་དྲུག་གནས་གྱུར་པའི་འབྲས་བུ་མཐར་ཐུག་པ་ཞིང་སྣ་ཚོགས་སུ་དག་མ་དག་གི་གདུལ་ བྱ་མཐའ་ཡས་པའི་དོན་རྒྱུན་མི་འཆད་དུ་མཛད་པའོ། །དེ་ལ་དབྱེ་ན། བཟོ་དང་སྐྱེ་དང་བྱང་ ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པ། །ཞེས་པ་ལྟར་རབ་དགའ་འདུལ་བའི་དོན་དུ་དྲི་ཟར་ སྤྲུལ་པ་དང༌། སངས་རྒྱས་ནས་བྱ་ལ་སོགས་པར་སྤྲུལ་པ་དང༌། ཤཱཀྱ་ཐུབ་པ་ལྟ་བུ་དང༌།དུས་ ལ་བབ་པ་ན་མྱ་ངན་འདས་ཚུལ་སྟོན་པ་སྟེ་བཞིའམ། རྣམ་པར་སྨིན་པ་ཡིན་མིན་གཉིས་སོ། ། གཉིས་པ་ནི། ཐུབ་པའི་མཛད་པ་བསམ་གྱིས་མི་ཁྱབ་ཀྱང༌། གཙོ་ཆེ་བ་མཛད་པ་བཅུ་ གཉིས་ཀྱི་རྣམ་བཞག་མདོར་བསྡུས་སྨོས་ན། རིན་ཆེན་ཕྲེང་བར། ལྷ་རྣམས་ཀུན་ནས་བབས་ པ་དང༌། །ཞེས་ལྷ་ལས་བབས་པའི་མཛད་པ་གཅིག་ཏུ་བགྲངས་པ་དང༌། ཐབས་ལ་མཁས་པ་ ཞེས་བྱ་བའི་མདོ་ལས། དམ་པའི་ཆོས་ནུབ་པའང་མཛད་པ་གཅིག་ཏུ་བཤད་པ་དང༌། ཀླུ་སྒྲུབ་ ཀྱིས་སྐུ་གདུང་ཆ་བརྒྱད་དུ་བགོས་པ་མཛད་པ་གཅིག་ཏུ་མཛད་པ་ལ་སོགས་པ་ལུགས་དུ་མ་ སྣང་ཡང༌། འདིར། བྱམས་པས་རྒྱུད་བླར། དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་ འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་ རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི༑ ༑བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདའ་ བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲི ད་པ་ཇི་སྲི ད་གནས་པར་ སྟོན། །ཞེས་གསུངས་པ་ལྟར་སྟོན་པ་ལ་བཅུ་གཉིས་ཀྱི། དང་པོ་དགའ་ལྡན་གནས་ནས་འཕོ་ བའི་མཛད་པ་ནི། འོ་སྐོལ་གྱི་སྟོན་པ་འདི། བྲམ་ཟེའི་ཁྱེའུ་བླ་མ་ཚེ་འཕོས་ནས་དགའ་ལྡན་དུ་ དམ་པ་ཏོག་དཀར་དུ་གྱུར་ཏེ་ལྷ་རྣམས་ལ་ཆོས་སྟོན་པ་ན༑ རོལ་མོའི་སྒྲ་ལས་བྱུང་པའི་ཚིགས་ བཅད་ཀྱིས་བསྐུལ་བ་དང༌། གཟིགས་པ་རྣམ་པ་བཞིའམ་ལྔ་ལ་གཟིགས་ནས་ལྷ་རྣམས་ལ་ 2-1-216 ཆོས་བསྟན་ཏེ། མི་ཕམ་པ་རྒྱལ་ཚབ་ཏུ་དབང་བསྐུར་ནས། གྲོགས་པོ་དག་ཁོ་བོ་ནི་འཛམ་ བུ་གླིང་དུ་འཚང་རྒྱར་འགྲོ་སྟེ། ཁྱེད་རྣམས་ལ་མི་ཕམ་པ་ཆོས་སྟོན་ཏོ། །ཞེས་གསུངས་ནས་ འཛམ་བུ་གླིང་དུ་རིམ་གྱིས་བྱོན་པ་ལ་སོགས་པའོ། ། གཉིས་པ་ལྷུམས་སུ་འཇུག་པའི་མཛད་པ་ནི། དེ་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་ བབ་པའི་ཚེས་བཅོ་ལྔ་ལ་ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་ནས་གླང་ཆེན་ཐལ་དཀར་ མཆེ་བ་དྲུག་ལྡན་གྱི་ཚུལ་གྱིས་ལྷུམས་སུ་ཞུགས་ཏེ། ལྷུམས་དེའང་རྒྱལ་སྲས་ཀྱི་སྤྱད་བྱ་རིན་ པོ་ཆེའི་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་དུ་བྱིན་གྱིས་བརླབས་ནས་ཟླ་བ་བཅུར་ཟག་ མེད་ཀྱི་བདེ་བ་ལ་ལོངས་སྤྱད་ནས། སྐྱེ་འགྲོ་དུ་མ་སྨིན་པར་མཛད་པ་ལ་སོགས་པའོ། ། གསུམ་པ་བལྟམས་པའི་མཛད་པ་ནི། དེ་ནི་མེ་ཏོག་ཁ་འབུས་ཤིང་རྒྱས་པར་གྱུར་པ་ དང༌། གཏེར་བྱེ་བ་ཁ་བྱེ་བ་ལ་སོགས་པའི་ལྟས་སུམ་ཅུ་རྩ་གཉིས་བྱུང་པ་དང༌། ལུམ་བི་ཚལ་ དུ་ཡུམ་གྱི་ཕྱག་ཤིང་ཀླག་ཤ་ལ་འཇུས་ཏེ་ཡུམ་ལ་གནོད་པ་མེད་པར་གློ་གཡས་པ་ནས་ན་ བཟའ་དང་བཅས་པ་འཁྲུངས་པ་ལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷའི་ཚོགས་ དཔག་ཏུ་མེད་པས་མཆོད་ཅིང༌། ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ནས་ང་ནི་འཇིག་ རྟེན་ན་ཕུལ་དུ་ཕྱིན་པའོ། །ཞེས་སོགས་གསུངས་ཤིང༌། མངོན་ཤེས་ཅན་གྱི་བྲམ་ཟེས་མཚན་ བཟང་པོར་ལུང་བསྟན་པ་ལ་སོགས་པའོ། ། བཞི་པ་བཟོའི་གནས་མཁས་པའི་མཛད་པ་ནི། དེ་ནས་ཡི་གེ་སློབ་དཔོན་ཀུན་གྱི་བཤེས་ གཉེན་གྱི་ཡི་གེའི་གྲར་བྱོན་ནས། ཀྱཻ། སློབ་དཔོན་ཚངས་པའི་ཡི་གེ་ལ་སོགས་པ། དྲུག་ཅུ་རྩ་ བཞི་ལས་གང་ལ་བསླབ་པར་བགྱི་ཞེས་སྨྲས་པས་རོལ་པའི། ངོ་མཚར་དུ་གྱུར་པ་དང༌། རྩིས་ པ་ཤཱཀྱ་སྲི ད་གྲུབ་ལ་རྩིས་ལ་སོགས་པའི། འཇིག་རྟེན་པའི་བསླབ་པའི་གནས་རྣམས་ལ་སློབ་ པའི་ཚུལ་བསྟན་ནས། སློབ་དཔོན་ལས་ལྷག་པའི་གོ་འཕང་བརྙེས་པ་ལ་སོགས་པའོ། ། 2-1-217 ལྔ་པ་བཙུན་མོའི་འཁོར་དང་དགྱེས་པར་མཛད་པ་ནི། དེ་ནས་འཇིག་རྟེན་པ་དང་བསྟུན་ པ་དང༌། ཁ་ན་མ་ཐོ་བ་བསལ་བའི་ཕྱིར། ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་བཙུན་མོ་ ཁབ་ཏུ་བཞེས་པར་གསོལ་ནས་ཤཱཀྱ་ལག་ན་བེ་ཅོན་ལ་སོགས་པ་ལ་བུ་མོ་བླངས་པ་ན། དེ་ན་ རེ་གཞོན་ནུ་ཁབ་ན་སྐྱིད་དེ་བར་བཞུགས་པས་སྒྱུ་རྩལ་མི་ཤེས་ཀྱི། བུ་མོ་སུ་སྒྱུ་རྩལ་ཤེས་པ་ ལ་སྦྱིན་ནོ་ཟེར་ནས། ས་མཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་སྟེ། ཡི་གེ་དང་རྩིས་དང༌། གྱད་ ཀྱི་འཛིངས་སྟངས་དང༌། བང་དང་མཆོངས་དང༌། འཕོང་གི་སྦྱོར་བ་ལ་སོགས་པའི་སྒྱུ་རྩལ་ ཐམས་ཅད་ལ་འགྲན་པས་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ནས་ས་མཚོ་ མ་དང་གྲགས་འཛིན་མ་ལེགས་སྐྱེས་མ་དང་རི་དྭགས་འཛིན་མ་རྣམས་འཁོར་ཉི་ཁྲི་ཉི་ཁྲི་དང་ བཅས་པ་ཁབ་ཏུ་བཞེས་ཚུལ་བསྟན་པ་ལ་སོགས་པའོ། ། དྲུག་པ་ངེས་པར་འབྱུང་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་དུས་ལས་མི་ འདའ་ཡང་སངས་རྒྱས་ལ་སོགས་པས་བསྐུལ་བ་ཆོས་ཉིད་ཡིན་པས། དེ་དག་གིས་བྱིན་གྱིས་ བརླབས་ཀྱིས། རོལ་མོ་རྣམས་ལས་སྔོན་གྱི་དམ་བཅས་པ་དྲན་པར་གྱིས་ཤིག ཅེས་ཡང་ ཡང་བྱུང་པས་རབ་ཏུ་འབྱུང་པར་བཞེད་པ་དང༌། སྐྱེད་མོས་ཚལ་དུ་གཤེགས་པའི་ལམ་དུ་ རྒས་པ་དང་ན་བ་དང་ཤི་བའི་སྡུག་བསྔལ་རྣམས་གཟིགས་ཤིང༌། ལྷས་སྤྲུལ་པའི་རབ་ཏུ་བྱུང་ པ་གཟིགས་ནས་ཡབ་ལ་རབ་ཏུ་འབྱུང་པར་ཞུས་པས་མ་གནང་པར་ཁང་བཟངས་ཟབ་མོར་ བཅུག་སྟེ། སྒོ་བཞིར་ཤཱཀྱ་ལྔ་བརྒྱ་ལྔ་བརྒྱས་བསྲུང་ཞིང་གནས་པ་ལས་ཞག་བདུན་འདས་ པའི་ནམ་ཕྱེད་ན་ལྷའི་མཐུས་མི་རྣམས་གཉིས་འཐུག་པོར་གྱུར་པ་དང་ཡབ་ལ་ཞུས་པས་ གནང་སྟེ། འདུན་པ་ལྷན་ཅིག་རྟ་བསྔགས་ལྡན་ལ་ཆིབས་ནས་རྒྱལ་པོ་ཆེན་པོ་བཞི་ལ་སོགས་ པ་ལྷའི་ཚོགས་དཔག་ཏུ་མེད་པས་མཆོད་བཞིན་པས་བར་སྣང་ལ་མཆོད་རྟེན་རྣམ་དག་གི་ དྲུང་དུ་བྱོན་ཏེ། རྟ་དང་རྒྱན་འདུན་པ་ལ་བྱིན་ཏེ། སླར་ལྡོག་ནས་མཆོད་རྟེན་རྣམ་དག་གི་དྲུང་ 2-1-218 དུ་ཉིད་ཀྱི་གཙུག་ཕུད་བྲེགས་ནས་ནམ་མཁའ་ལ་འོང་པ་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་ དུ་ཁྱེར་ནས་མཆོད་རྟེན་རྩིགས་སོ། །ལྷས་སྤྲུལ་པའི་མངོན་པ་བས་ཕུལ་བས་ན་བཟའ་ངུར་ སྨྲིག་བླངས་ཏེ་དཔལ་རང་བྱུང་དུ་བསྙེན་པར་རྫོགས་པ་མཛད་པ་ལ་སོགས་པའོ། །བདུན་ པ་དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་ལས་ཅི་ཡང་མེད་ པའི་སྐྱེ་མཆེད་ཐོབ་ཅིང༌། རངས་བྱེད་ཀྱི་བུ་ལྷག་སྤྱོད་ལས་སྲི ད་རྩེའི་སེམས་ཐོབ་ནས་ཆུ་བོ་ནེ་ རན་ཛའི་འགྲམ་དུ་བྱོན་ནས་བརྟུལ་ཞུགས་ངན་པས་གྲོལ་བར་བལྟ་བ་སུན་དབྱུང་པའི་ཕྱིར་ བརྟུལ་ཞུགས་དང་དཀའ་ཐུབ་བརྩམ་མོ་སྙམ་སྟེ། ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་ མཉམ་པར་བཞག་སྟེ། ཏིལ་འབྲུ་ཅིག་དང་རྒྱ་ཤུག་འབྲུ་ཅིག་དང་འབྲས་འབྲུ་གཅིག་གིས་ལོ་ དྲུག་ཏུ་དཀའ་བ་སྤྱད་དེ་དབུགས་རྒྱུ་བ་བཅད་ནས་བཞུགས་སོ། །དེའི་ཚེ་གྲོང་པའི་ཕྱུགས་ རྫི ས་རྣ་བར་ཤིང་བལ་བཅུག་ནས་སྣར་འབྱིན་པ་ལ་སོགས་པ་བྱེད་དོ། །བདུད་ཀྱིས་སྲོག་ གཅེས་པར་གྱིས་ཤིག་ཅེས་པ་ལ་སོགས་པས་སྙན་པར་སྨྲ་ཞིང་ཀླགས་བཙལ་ཀྱང་མ་རྙེད་པ་ ལ་སོགས་པའོ། ། བརྒྱད་པ་བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ་ནི། དེ་ནས་དཀའ་ཐུབ་ཙམ་གྱིས་ གྲོལ་བར་ལྟ་བ་དགག་པའི་སྤྱིར་ཞིང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་སྦྲང་རྩི་ཅན་གྱིས། གསེར་སྣོད་བཀང་སྟེ་ཕུལ་བ་བཞེས་པས་སྐུ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ནས། དུས་ གསུམ་གྱི་སངས་རྒྱས་མང་པོས་ཀྱང༌། བྱང་ཆུབ་བརྙེས་པའི་གནས་རྡོ་རྗེ་གདན་ལ་ཐུགས་ གཏད་དེ་གཤེགས་པའི་ལམ་དུ་རྩྭ་འཚོང་བཀྲ་ཤིས་ཀྱིས། རྩྭ་སྔོ་འཇམ་ཡིད་དུ་འོང་བ་ཕུལ་ བ་བཞེས་ཏེ། བྱང་ཆུབ་ཀྱི་ཤིང་གི་དྲུང་དུ། རྩེ་མོ་ནང་དུ་བསྟན་ནས་བཏིང་པ་ལ་དཀྱིལ་ མོ་དཀྲུང་གིས་བཞུགས་ཤིང༌། སྐུ་དྲང་པོར་བསྲང༌། དྲན་པ་མངོན་དུ་བཞག་ཞལ་ཤར་དུ་ གཟིགས་ནས། བྱང་ཆུབ་ཆེན་པོ་མ་ཐོབ་ཀྱི་བར་དུ་སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། 2-1-219 །ཞེས་དམ་བཅས་སོ། །དེའི་ཚེ་ལྷ་རྣམས་བྱང་ཆུབ་སེམས་པ་བསྲུང་པའི་ཕྱིར། ཕྱོགས་བཅུར་ འཁོད་པ་ལ་སོགས་པའོ། ། དགུ་པ་བདུད་སྡེ་བཅོམ་པའི་མཛད་པ་ནི། དེ་ནས་སྲོད་ཀྱི་དུས་སུ་སྨིན་མཚམས་ནས། བདུད་ཀྱི་དཀྱིལ་འཁོར་རྣམ་པར་འཇོམས་པ་ཞེས་བྱ་བའི་འོད་ཟེར་བཀྱེ་བས། བདུད་སྡིག་ ཅན་འཁྲུགས་ནས་དཔུང་གི་ཚོགས་ཆེན་པོ་དང་བཅས་པ་བར་སྣང་ལ་འོངས་ཏེ། རི་དང་ བྲག་དང་མེ་དང་ཐོག་དང་འཁོར་ལོ་དང༌། མདའ་བོ་ཆེ་ལ་སོགས་པའི་མཚོན་ཆ་དཔག་ཏུ་ མེད་པ་སེར་བ་ཆེན་པོའི་རྒྱུན་བཞིན་དུ་ཕབ་ཀྱང༌། དེའི་བྱམས་པའི་མཐུས་གནོད་པ་མེད་ཅིང་ མེ་ཏོག་གི་ཆར་དུ་གྱུར་པ་དང༌། བདུད་ཀྱི་བུ་མོ་མཛེས་མ་རྣམས་ཀྱི་ཆགས་པའི་རྣམ་འགྱུར་དུ་ མས་ཀྱང་བསླུ་བར་མ་ནུས་སོ། །དེའི་ཚེ་གནས་གཙང་མའི་ལྷ་རྣམས་ཀྱིས་བདུད་ལ། སྡིག་ ཅན་ཁྱོད་ནི་གླང་རྒན་འདམ་དུ་བྱིང་པ་ལྟར་ཉམ་ཆུང་པའོ། །ཞེས་སྨད་པ་ལ་སོགས་པའོ། ། བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་ནམ་གྱི་ཆ་སྟོད་ལ་བསམ་གཏན་ བཞི་མངོན་དུ་མཛད། གུང་ཐུན་ལ་མངོན་པར་ཤེས་པ་རྣམས་བསྐྱེད་ནས། ཐོ་རངས་སྤང་ བྱའི་ལྷག་མ་མ་ལུས་པར་སྤངས་ཏེ། སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་མངོན་པར་རྫོགས་ པར་སངས་རྒྱས་པ་ལ་སོགས་པའོ། ། བཅུ་གཅིག་པ་ཆོས་འཁོར་བསྐོར་བའི་མཛད་པ་ནི། དེ་ནས་སྟོན་པ་ཐུགས་ལས་ཆུང་ ངུར་བཞུགས་པར་དགོངས་པ་ན། ཚངས་པ་གཙུག་ཕུད་ཅན་ལ་སོགས་པས་ཆོས་ཀྱི་འཁོར་ ལོ་བསྐོར་བར་གསོལ་བ་བཏབ་པས། ཞལ་གྱིས་བཞེས་ཏེ། གནས་ཝཱ་རཱ་ཎ་སཱིར་འཁོར་ལྔ་ སྡེ་ལ་སོགས་པ་ལ། དུས་ལོ་བདུན་དུ། དགོས་པ་གང་ཟག་གི་བདག་ཏུ་འཛིན་པ་བཟློག་ནས་ འབྲས་བུ་བཞི་ལ་དགོད་པའི་ཕྱིར། ཆོས་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་པ་བཀའ་ དང་པོའི་བདེན་པ་བཞི་ཆོས་ཀྱི་འཁོར་ལོ་དང༌། གནས་བྱ་རྒོད་ཕུང་པོའི་རི་ལ། དུས་ལོ་ཉི་ཤུ་ 2-1-220 རྩ་དྲུག་ཏུ་འཁོར་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ལ་སོགས་པ་ལ། དགོས་པ་དངོས་ པོར་འཛིན་པ་ལས་བཟློག་ནས་བགྲོད་པ་གཅིག་པའི་ལམ། སྟོང་པ་ཉིད་དུ་ཚུལ་གཅིག་པ་ ལ་དགོད་པའི་ཕྱིར། སྙིང་པོའི་དོན་དང་མངོན་པར་རྟོགས་པའི་དོན་སྟོན་པའི་བཀའ་བར་པ་ མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། གནས་མ་ལ་ཡའི་རི་ལ་སོགས་པར། དུས་ལོ་ བཅུའི་བར་དུ་འཁོར་གདུལ་བྱ་སྣ་ཚོགས་པ་རྣམས་ལ། དགོས་པ་མཐའ་གཉིས་སུ་འཛིན་པ་ བཟློག་ནས་དབུ་མའི་ལམ་ལ་དགོད་པའི་ཕྱིར། །ཆོས་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་ པ་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་འཁོར་ལོ་བསྐོར་བ་ལ་སོགས་པའོ། ། བཅུ་གཉིས་པ་མྱ་ངན་ལས་འདའ་བའི་མཛད་པ་ནི། དེ་ནས་འོས་སུ་གྱུར་པའི་གདུལ་ བྱ་རྣམས་སྨིན་པར་མཛད་ནས། གདུལ་བྱ་རྟག་འཛིན་ཅན་སྐྱོ་བ་བསྐྱེད་པ་དང༌། ལེ་ལོ་ཅན་ ཆོས་ལ་བསྐུལ་བའི་ཕྱིར་དགུང་ལོ་བརྒྱད་ཅུ་བཞེས་ནས་གྲོང་ཁྱེར་རྩྭ་ཅན་གྱད་ཀྱི་ཡུལ་དང་ ཉེ་བ། ཤིང་ས་ལ་ཟུང་གི་བར་དུ། གཟིམས་མལ་གྱི་ཐ་མ་བཅས་ནས་སྐུ་དངོས་ཀྱི་གདུལ་ བྱ་རབ་དགའ་དང་རབ་བཟངས་གཉིས་འཕགས་པའི་ལམ་ལ་བཀོད་ནས་མཐར་གནས་ཀྱི་ སྙོམས་འཇུག་དགུ་ལ་ལུགས་འབྱུང་ལུགས་ཟློག་ཏུ་སྙོམས་པར་ཞུགས་ཏེ། བསམ་གཏན་ བཞི་པ་རབ་ཀྱི་མཐའ་ལས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནོ། ། དེ་ནས་ཀུན་དགའ་ བོས་རྩ་ཅན་པའི་གྱད་རྣམས་ལ་སྦྲན་ནས་གདུང་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱ་བ་ བཞིན་བྱས་ཏེ་ཞུགས་ལ་ཞེན་པར་འདོད་ཀྱང་མེ་འབར་དུ་མ་འདོད་པ་ན་འོད་སྲུང་ཆེན་པོས་ ཕེབས་ནས་མེ་རང་འབར་ཏེ་ཞུ་བ་དང༌། བྲམ་ཟེའི་རིགས་བྲེའོ་དང་མཉམ་པས་སྐུ་གདུང་ཆ་ བརྒྱད་དུ་བགོས་ནས་ལྷ་དང་ཀླུ་དང་མི་དག་གི་ཡུལ་དུ་མཆོད་པའི་རྟེན་དུ་བྱས་པ་ལ་སོགས་ པ་རྣམས་སོ། །མཛད་པ་འདི་དག་སངས་རྒྱས་སམ་བྱང་སེམས་གང་གི་མཛད་པ་ཡིན་ཞེ་ན། ཉན་ཐོས་པ་ལྟར་ན་སོ་སྐྱེའི་གྲངས་མེད་གསུམ་དུ་ཐར་པ་ཆ་མཐུན་བསགས་པ་གཅིག་གིས་ 2-1-221 སྲོད་ལ་བདུད་བཏུལ་ནས་ཐོ་རངས་སངས་རྒྱས་པར་འདོད་དོ། །ཐེག་པ་ཐུན་མོང་གི་ལྟར་ན། བདུད་བཏུལ་བའི་བར་བྱང་སེམས་ཀྱིས་མཛད་པ་བྱང་ཆུབ་པ་ནས་མྱ་ངན་ལས་འདས་པའི་ བར་སངས་རྒྱས་ཀྱི་མཛད་པར་ཀུན་ལས་བཏུས་ལས་གསུངས་སོ། །ཐེག་ཆེན་གྱི་ལུགས་ ཀྱིས་སངས་རྒྱས་རྣམས་འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་བཅུ་གཉིས་བསྟན་ པར་ལང་ཀར་གཤེགས་པ་སོགས་མདོ་དུ་མ་ནས་གསུངས་སོ། །ཤཱཀྱ་བཤེས་གཉེན་གྱིས། དཀའ་བ་སྤྱོད་པའི་དུས་སུ། རྣམ་སྨིན་གྱི་ལུས་ན་ར་ཛ་རའི་འགྲམ་དུ་བཞག་ནས་ཡེ་ཤེས་ཀྱི་ ལུས་འོག་མིན་དུ་ཕྱིན་ནས་སངས་རྒྱས་ཏེ། སླར་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ། བྱང་ཆུབ་ སྙིང་པོར་གཤེགས་པ་ལ་སོགས་པ་མཛད་པར་བཞེད་དོ། ། དབུ་མ་ཆེན་པོ་ཆོས་བཤེས་ཀྱིས་ འོག་མིན་དུ་སངས་རྒྱས་ནས་འདིར་མཛད་པ་སྟོན་པ་ཐུབ་པ་ལྟ་བུ་དང༌། འདོད་ཁམས་ཉིད་ དུ་མཛད་པ་བཅུ་གཉིས་སྟོན་ཅིང༌། སངས་རྒྱས་མངོན་དུ་བྱེད་པ་གཉིས་ཡོད་པར་གསུངས་ཏེ་ ལེགས་པ་ཉིད་དོ། ། གསུམ་པ་ཆོས་ཀྱི་འཁོར་ལོའི་དོན་བྱེ་བྲག་ཏུ་གཏན་ལ་དབབ་པ་ལ་གསུམ་ཏེ། སྡུད་པ་ པོས་བསྟན་པ་བསྡུས་ཚུལ། བསྡུས་པའི་བསྟན་པ་གནས་ཚུལ། གནས་པ་མཐར་འཇིག་ཅིང་ ནུབ་པའི་ཚུལ་ལོ། ། དང་པོ་ལ་ཉན་ཐོས་ཀྱི་ལུགས་དང༌། ཐེག་ཆེན་གྱི་ལུགས་གཉིས་ལས། དང་པོ་ལ། དགོས་དུས་གནས་དང་སྦྱིན་བདག་ལ་བརྟེན་ནས། །ལན་གསུམ་བར་དུ་བསྡུས་ཏེ་ཐ་མར་ནི། །དགོས་གཞན་མཐོང་ནས་ཡི་གེ་དག་ཏུ་བྲིས། །ཐེག་པ་ཆེན་པོའི་ཚུལ་ལ་གཞན་དུ་གྲགས། །ཞེས་པ་ལྟར། རིམ་པ་གསུམ་ལས། དང་པོ་ནི་དགོས་པ་སྟོན་པ་དགྲ་བཅོམ་པ་མང་པོ་དང་ བཅས་པ་མྱ་ངན་ལས་འདས་པས་ལྷ་རྣམས་སྟོན་པའི་གསུང་རབ་ནི་དུད་པ་ཙམ་དུ་གྱུར་ཏེ། དགེ་སློང་དབང་ཡོད་པ་དག་འདས་པས་སྡེ་སྣོད་གསུམ་མི་སྒྲོགས་སོ། །ཞེས་འཕྱ་བ་བསལ་ 2-1-222 བའི་ཕྱིར་དང༌། བསྟན་པ་སྒྲོ་སྐུར་མེད་ཅིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། དུས་སྟོན་པ་ འདས་པའི་ལོ་ཕྱི་མའི་དབྱར་ནང་དུ། གནས་ནྱ་གྲོ་དྷའི་ཕུག་ཏུ། སྦྱིན་བདག་རྒྱལ་པོ་མ་སྐྱེས་ དགྲ་ལ་བརྟེན་ནས་དགྲ་བཅོམ་ལྔ་བརྒྱ་འདུས་ནས་ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་ གྱིས་འདུལ་བ། འོད་སྲུང་ཆེན་པོས་མ་མོ་བསྡུས་སོ། ། གཉིས་པ་ནི། དགོས་པ་རུང་ལ་མིན་པའི་གཞི་བཅུ་བསལ་བའི་ཕྱིར། དུས་སྟོན་པ་འདས་ ནས་ལོ་བརྒྱ་དང་བཅུ་ནས་གནས་ཡངས་པ་ཅན་གྱི་ཀུཥ་པུ་རིའི་གཙུག་ལག་ཁང་དུ། སྦྱིན་ བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་བྱས་ཏེ་དགྲ་བཅོམ་པ་བདུན་བརྒྱས་བསྡུས་སོ། ། གསུམ་པ་ནི། དགོས་པ་དགྱེས་པའི་སྡེ་པ་བཅོ་བརྒྱད་བཀའ་མིན་པའི་དོགས་པ་བསལ་ བའི་ཕྱིར། དུས་ལོ་སུམ་བརྒྱ་ན། གནས་ཁ་ཕྱེའི་ཡུལ་ཀུན་པ་ན་ཞེས་པའི་དགོན་པར་སྦྱིན་ བདག་ཛ་ལན་དྷ་རའི་རྒྱལ་པོ་ཀ་ནི་ཀས་བྱས་ཏེ། སྡུད་པ་པོ་པུརྞི་ཀ་ལ་སོགས་པ་དགྲ་བཅོམ་ པ་ལྔ་བརྒྱ། བཱ་སུ་མི་ཏྲ་ལ་སོགས་པ་བྱང་སེམས་ལྔ་བརྒྱ། སོ་སྐྱེའི་པཎྜི་ཏ་ཉིས་བརྒྱ་ལྔ་ བཅུའམ་ཁྲི་དྲུག་སྟོང་འདུས་ནས་སྡེ་པ་བཅོ་བརྒྱད་པོ་བཀར་བསྒྲུབས་ཏེ་བསྡུས་སོ། ། གཉིས་པ་ཐེག་ཆེན་ལུགས་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས། བི་མ་ལ་སྭ་བྷ་བ་ཞེས་པའི་ རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་ བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་སོ། ། ཞེས་གྲག་གོ།རྟོག་གེ་འབར་བར། ཐེག་པ་ཆེན་པོ་ སངས་རྒྱས་ཀྱི་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་ དཔལ་དང་གསང་བ་པའི་བདག་པོ་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་ རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་ གསུང་ནི། དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ། །ཞེས་སོ། ། གསུམ་པ་གནས་ཚུལ་ལ་གཉིས་ཏེ། བསྟན་པ་ཇི་སྲི ད་གནས་པའི་དུས། དུས་དེར་ལུང་ 2-1-223 བསྟན་པའི་གང་ཟག་གིས་བྱ་བ་བྱས་ཚུལ་ལོ། །དང་པོ་ཕྲན་ཚེགས་དང་བསྐལ་བཟང་སོགས་ ལས་ལོ་སྟོང་དང༌། སྙིང་རྗེ་པད་དཀར་དུ་སྟོང་ལྔ་བརྒྱ་དང༌། ཟླ་བ་སྙིང་པོའི་མདོ་ལས། ཉིས་ སྟོང་དང༌། རྡོ་རྗེ་གཅོད་པའི་འགྲེལ་པ་སོགས་ལས་ཕྱེད་དང་སུམ་སྟོང་དང༌། འབུམ་ཏིག་ཏུ་ ལོ་ལྔ་སྟོང་དུ་བསྟན་པ་གནས་པར་གསུངས་པ་རྣམ་ལས། དང་པོ་རྣམས་དྲང་དོན་ཡིན་ལ་ལྔ་ སྟོང་དུ་གནས་པ་ངེས་དོན་ཡིན་ནོ། །དེ་ལ་སྔར་ལོ་དུ་སོང་ན་སྟོན་པ་འདས་ནས་ས་ཕོ་རྟ་ཡར་ བཅད་ལ་ཆོས་རྗེ་ས་སྐྱ་པ་ལྟར་ན་འབྲས་བུའི་དུས་ལྔ་བརྒྱ་པ་ཕྲག་གསུམ། སྒྲུབ་པའི་དུས་ ལྔ་བརྒྱ་པ་ཕྲག་གསུམ། མངོན་པའི་དུས་ལྔ་བརྒྱ་པ་གཅིག་དང༌། མདོ་སྡེའི་དུས་ལྔ་བརྒྱ་པ་ གཅིག་ལས་སྔར་ལོ་བཅུ་གཅིག་འདས་ནས་མདོ་སྡེའི་དུས་ལ་བཞི་བརྒྱ་བརྒྱད་ཅུ་རྩ་དགུ། འདུལ་བའི་དུས་ལྔ་བརྒྱ། རྟགས་ཙམ་འཛིན་པའི་དུས་ལྔ་བརྒྱ་པ་ཕྲག་གཅིག་རྣམས་ལྷག་ མར་བཞེད་དོ། །དུས་ཀྱི་འཁོར་ལོ་ལྟར་ན། ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བཞི་འདས་ནས་ ཉིས་སྟོང་བདུན་བརྒྱ་བཞི་བཅུ་རྩ་དྲུག་ལྷག་མར་གནས་སོ། ། གཉིས་པ་ནི། སྟོན་པས་འོད་སྲུང་ལ་བསྟན་པ་གཏད་དོ། །དེས་ཀུན་དགའ་བོ་ལ། དེས་ ཤ་ནའི་གོས་ཅན་ལ། དེས་ཉེར་སྦས་ལ། དེས་དྷི་དྷི་ཀ་ལ། དེས་ནག་པོ་པ་ལ། དེས་ལེགས་ མཐོང་ཆེན་པོ་ལ་གཏད་དེ། དེ་དག་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་ བཟུང་ངོ༌། །ཁྱད་པར་དུ། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན༑ ༑དགེ་སློང་ཀླུ་ཞེས་དེ་འབོད་བྱུང༌། །བསྟན་པ་ལ་ནི་དད་ཅིང་ ཕན། །རབ་ཏུ་དགའ་བའི་ས་ཐོབ་པ༑ ༑ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་ལུང་བསྟན་པའི་ འཕགས་པ་ཀླུ་སྒྲུབ་ཀྱི་དགེ་འདུན་གྱི་ཞལ་ཏ་བྱས། མཆོད་རྟེན་དང་ལྷ་ཁང་མང་པོ་བཞེངས། རྡོ་རྗེ་གདན་ལ་རྡོའི་དྲྭ་མིག་གི་ར་བས་བསྐོར། དཔལ་འབྲས་ཕུང་གི་མཆོད་རྟེན་གྱི་བཀོད་པ་ བཞེངས། བསྟན་བཅོས་མང་པོ་བརྩམས་ཏེ་བསྟན་པ་དར་བར་མཛད་དོ། །དེའི་སྲས་ཨརྱ་ 2-1-224 དེ་བ་ཡང་རྒྱལ་བས་ལུང་བསྟན་ཅིང་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་ཆོས་ཀྱིས་ཚར་བཅད་ནས་ བསྟན་པ་ལ་བཅུག སྔགས་མཚན་ཉིད་ཀྱི་བསྟན་བཅོས་མང་པོ་མཛད་དེ་བསྟན་པ་དར་བར་ མཛད་དོ། །འཇམ་དཔལ་རྩ་རྒྱུད་དུ། ཐོགས་མེད་ཅེས་བྱའི་དགེ་སློང་ནི༑ ༑བསྟན་བཅོས་དེ་ནི་ དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་ལུང་ བསྟན་པའི་འཕགས་པ་ཐོགས་མེད་པ་ས་འོད་བྱེད་པ་ཐོབ་པ་དེས། དགའ་ལྡན་དུ་བྱམས་ པ་ལ་ཡུམ་གྱི་མདོ་དང་བྱམས་པའི་ཆོས་ལྔ་ལ་སོགས་པ་གསན་ནས་མིའི་ཡུལ་དུ་དར་བར་ མཛད་ཅིང༌། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་ལ་སོགས་པ་མཛད་དེ་བསྟན་པ་རྒྱས་པར་མཛད་ དོ༑ ༑དེའི་གཅུང་པོ་སློབ་དཔོན་དབྱིག་གཉེན་ནི། སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ཅིང་འབུམ་ སྡེ་དགུ་བཅུ་རྩ་དགུ་ཐུགས་ལ་མངའ་བརྒྱད་སྟོང་པ་ལ་རྒྱུན་དུ་ཞལ་ཏོན་མཛད་པ། ཤེས་རབ་ ཀྱི་དབྱིག་དང་ལྡན་ཞིང་འགྲོ་བའི་གཉེན་དུ་གྱུར་པ་དེས། མཛོད་རྩ་འགྲེལ་དང་པྲ་ཀ་ར་ན་སྡེ་ བརྒྱད་ལ་སོགས་པ་མཛད་དོ། །དེ་ལ་སློབ་མ་རང་པས་མཁས་པ་བཞིར་གྲགས་ཏེ། མངོན་ པ་རང་པས་མཁས་པ་སློབ་དཔོན་བློ་བརྟན་ཞེས་བྱ་བ་གཅོད་བྱེད་ཚེའི་གྲུབ་པ་སྟོང་ཕྲག་བཅུ་ དང་བཅས་རྣམས་ཞེས་ལུང་བསྟན་པ་དེས་མཛོད་འགྲེལ་ལ་སོགས་པ་མཛད་དོ། ། ཚད་ མ་རང་པས་མཁས་པ། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཞེས་ལུང་བསྟན་པ་ དེས་འཕགས་པ་འཇམ་དཔལ་གྱིས་དངོས་སུ་རྗེས་སུ་བཟུང་སྟེ། ཚད་མའི་མདོ་ཀུན་ལས་ བཏུས་པ་ལ་སོགས་པ་མཛད་དོ། །དེའི་སློབ་མ་དབང་ཕྱུག་སྡེ༑ དེའི་སློབ་མ་སློབ་དཔོན་ ཆོས་ཀྱི་གྲགས་པ་ནི། རྩ་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་ པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པ་དེས་ཚད་མ་སྡེ་བདུན་ལ་སོགས་པ་མཛད་དེ། བསྟན་པ་རྒྱས་པར་མཛད་ དོ། །ཕར་ཕྱིན་རང་བས་མཁས་པ་འཕགས་པ་གྲོལ་སྡེ། ས་རབ་ཏུ་དགའ་བ་ཐོབ་པ་དེས། 2-1-225 སངས་རྒྱས་ལ་མངོན་སུམ་དུ་གསན་ནས་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཉི་ཁྲི་སྣང་བ་མཛད་ དོ། །དེའི་སློབ་མ་བཙུན་པ་གྲོལ་སྡེའོ། །ཁྱད་པར་དུ་སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་ རིགས་ལས་རབ་ཏུ་བྱུང་པ། ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་པ། ཁྱད་པར་དུ་ཡུམ་གྱི་ དོན་ལ་རིང་དུ་གོམས་པ༑ དངོས་སམ་རྨི་ལམ་དུ་རྗེ་བཙུན་བྱམས་པས་རྗེས་སུ་བཟུང་པ་དེས་ ཉི་ཁྲིའི་འགྲེལ་པ་དང༌། བརྒྱད་སྟོང་འགྲེལ་ཆེན་དང༌། མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་ གསལ་བ་དང༌། སྡུད་པའི་འགྲེལ་པ་སོགས་མཛད་ནས་ཡུམ་གྱི་བསྟན་པ་དར་བར་མཛད་ པའོ། །དེའི་སློབ་མ་སངས་རྒྱས་ཡེ་ཤེས་སོ། །འདུལ་བ་རང་བས་མཁས་པ་ཡོན་ཏན་འོད་ནི། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ ཆོས་འདུལ་བ་བདུད་རྩིའི་ཉིང་ཁུ་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་ བཀའ་དམ་པ་ལ་ནན་ཏན་སྙིང་པོར་བསྒྲུབ་པ་དེས་འདུལ་བ་མདོ་རྩ་བ་དང༌། ལས་བརྒྱ་རྩ་ གཅིག་ལ་སོགས་པ་མཛད་དོ། །དེའི་སློབ་མར་གྲགས་པའི་སློབ་དཔོན་ཤཱཀྱ་འོད་ཀྱིས་འདུལ་ བ་སུམ་བརྒྱ་པ་དང་དེའི་འགྲེལ་བ་འདུལ་བ་འོད་ལྡན་མཛད་དོ། །གཞན་ཡང་སློབ་དཔོན་ ཙནྟྲ་གོ་མི་དང༌། ཟླ་བ་གྲགས་པ་དང༌། རྟ་དབྱངས་དང༌། བྲམ་ཟེ་པ་ཎི་དང༌། ཞི་བ་ལྷ་ལ་ སོགས་པའི་པཎྜི་ཏ་དང༌། འབིར་ཝ་པ་ལ་སོགས་པའི་གྲུབ་ཆེན་རྣམས་དང༌། གནས་བརྟན་ ཆེན་པོ་བཅུ་དྲུག་ལ་སོགས་པས་བསྟན་པ་བཟུང་སྟེ་འཕེལ་ཞིང་རྒྱས་པར་མཛད་པའོ། ། གསུམ་པ་ནུབ་པར་གྱུར་ཚུལ་ནི། སྤྱིར་བསྟན་པ་ནུབ་པའི་རྒྱུ་སངས་རྒྱས་ཀྱི་སྨོན་ལམ་ གྱི་འཕེན་པ་ཟད་པ་དང་བསྟན་པའི་གདུལ་བྱ་ཟད་པ་ཡིན་ལ། རྐྱེན་ནི་དགེ་སྦྱོང་རྣམས་རང་ གི་ལྟ་སྤྱོད་ལས་ཉམས་པ་དང༌། སྦྱིན་བདག་རྣམས་བསྟན་པ་ལ་དད་པ་བྲི་བ་དང༌། བདུད་ དང་བདུད་ཀྱི་རིགས་ཀྱི་ལྷ་དང༌། ཡི་དྭགས་རྣམས་ཀྱིས་བར་ཆད་བྱས་པ་དག་ལ་བརྟེན་ནས་ བསྟན་པ་རིམ་གྱིས་འགྲིབས་ཏེ་མཐར་འཛམ་བུ་གླིང་གི་མི་རྣམས་ཚེ་ལོ་བཞི་བཅུ་པ་ཙམ་དུ་ 2-1-226 གྱུར་པའི་ཚེ་རྒྱ་གར་དང༌། རྒྱ་མ་ཡིན་པའི་རྒྱལ་པོ་ཡ་(མདོ་སྡེ་ལས་བརྒྱ་པར། རྒྱལ་པོ་ཤ་ཀ་དང༌། ཡ་བ་ན་ དང༌། བ་ལི་ཀ་ཟེར་བ་སྣང་)བ་ན་དང༌། བཱ་ལ་བ་དང༌། ཤི་ཀུ་ན་ཞེས་པ་གསུམ་འབྱུང་སྟེ། དེ་དག་ དམ་པའི་ཆོས་བཞིན་མི་སྤྱོད་པར། དམག་འདྲེན་ཅིང༌། ནུབ་བྱང་གི་ཡུལ་ཁམས་མང་པོ་མེད་ པར་བྱས། མཆོད་རྟེན་དང་གཙུག་ལག་ཁང་མང་པོ་བཤིག མཆོད་པའི་ཡོ་བྱད་དཀོན་མཆོག་ གི་དཀོར་ལ་སོགས་པ་ཕྲོགས་བཅོམ་སྟེ། རྒྱལ་པོ་གསུམ་ཕན་ཚུན་འཐབ་པར་བྱེད་དོ། །རེ་ ཞིག་ན་དེ་དག་མཛའ་འདུམས་ཏེ། སྲི ད་གཅིག་ཏུ་བྱས་ནས། རྒྱ་གར་གྱི་ཡུལ་ག་གའི་ཚུ་རོལ་ གྷན་དྷ་ར་དང་མ་ཧེ་དེ་ཤ་ལ་སོགས་པ་ཕྲོགས་ནས་འཛིན་པར་འགྱུར་རོ། །དེའི་ཚེ་གང་གའི་ ཕ་རོལ་ལྷོ་ཕྱོགས་ན། ཀོའུ་ཤམ་བྷི འི་ཡུལ་ན་རྒྱལ་པོ་མ་(ལས་བརྒྱད་དབང་ཆེན་སྡེ་ཟེར)ཧེནྟྲ་སེ་ན་ ཞེས་བྱ་བ་ལ་བུ་དུ་སྤྲ་ས་(བཟོད་པར་དཀའ་བ་ཟེར)ཧ་ཞེས་པ་་་་་སྨིན་མཚམས་ན་ལྕགས་ཀྱི་རྨེ་བ་ ཡོད་པ། ལག་པའི་གྲུ་མོ་མན་ཆད་ཁྲག་གིས་བསྐུས་པ་ཞིག་འབྱུང་ངོ༌༑ ༑དེའི་ཚེ་བློན་པོ་ལྔ་ བརྒྱ་ལ་བུ་ལག་པའི་འཁྲིག་མ་མན་ཆད་ཁྲག་ཅན་དུ་བྱས་པ་ལྔ་བརྒྱ་བཙའ་འོ༑ ༑དེ་དང་དུས་ མཉམ་དུ་རྒྱལ་པོ་དེ་ལ་རྟེའུ་སྨྲ་ཤེས་པ་གཅིག་ཀྱང་འབྱུང་སྟེ། དེའི་ནུབ་མོ་ནམ་མཁའ་ལས་ ཁྲག་གི་ཆར་འབབ་བོ། ། དེ་བཙས་ནས་ལོ་བཅུ་གཉིས་ནས་སྔར་གྱི་རྒྱལ་པོ་གསུམ་དམག་ སུམ་འབུམ་དང་བཅས་པ་ཆས་ནས་རྒྱལ་པོ་མ་ཧེནྟྲ་སེ་ནའི་ཡུལ་དུ་དམག་དྲངས་ཏེ། རྒྱལ་ པོ་དེའི་བུ་དུ་སྤྲ་ས་ར་ཧ་བློན་པོའི་བུ་ཡ་མཚན་ཅན་ལྔ་བརྒྱ་ལ་སོགས་པའི་དམག་ཉིས་འབུམ་ དང་བཅས་པ་དང་ལོ་བཅུ་གཉིས་སུ་འཐབས་པའི་ཚེ། དེའི་སྨིན་མཚམས་ནས་ལྕགས་ཀྱི་རྨེ་ བ་བསྐྱེད་ནས་ལུས་རིལ་པོ་ལྕགས་སུ་བྱས་ཏེ་རབ་ཏུ་ཁྲོས་ནས་རྒལ་བ་དང༌། དུ་སྤྲ་ས་ཧའི་ དམག་རྒྱལ་ཏེ་རྒྱལ་པོ་གསུམ་ཡང་བཟུང་ནས་མེད་པར་བྱས་སོ། །དེ་ཕན་ཆད་འཛམ་བུ་ གླིང་གི་རྒྱལ་པོ་ཆེན་པོ་བྱས་པར་འགྱུར་རོ། །དེ་ནས་སེམས་ཅན་མང་པོ་བསད་པའི་སྡིག་པ་ བྱང་བར་བྱ་བའི་ཕྱིར། ཡུལ་པ་ཏྲ་ལི་པུ་ཏྲ་ནས་མཁན་པོ་སྡེ་སྣོད་གསུམ་ཤེས་པ་སློབ་མ་ཅན་ 2-1-227 ཞེས་པ་སྤྱན་དྲངས་ནས་སྡིག་པ་སྦྱོང་ཐབས་ཞུས་པས་ལོ་བཅུ་གཉིས་སུ་དཀོན་མཆོག་གསུམ་ ལ་མཆོད་ཅིང་སྐྱབས་སུ་སོང་ན་སྡིག་པ་འབྱང་ངོ་ཞེས་བྱས་པ་དང༌། འཛམ་བུ་གླིང་གི་དགེ་ སློང་འདུག་གོ་ཅོག་འགུགས་སུ་བཏང་སྟེ་ཀོའུ་ཤམ་བིར་བསྡུས་ནས་ཡུལ་གཞན་དུ་ཆོས་སྤྱོད་ དུ་མི་སྟེར་བར་འགྱུར་རོ། །དགེ་སློང་རྣམས་ལམ་དུ་གཅན་ཟན་དང་མི་རྒོད་ལ་སོགས་པས་ ཆུད་ཟོས་ནས་རྒྱལ་པོའི་དྲུང་དུ་འབུམ་ཕྲག་གཅིག་ཙམ་ཞིག་གིས་ཕྱིན་པར་འགྱུར་རོ། །དགེ་ འདུན་རྣམས་ཁྱོད་ཀྱི་མཁན་པོ་ག་རེ། སློབ་མ་གར་སོང་གྲོགས་པོ་གར་སོང་ཞེས་གཏམ་དྲིས་ པ་དང༌། གཅན་ཟན་ལ་སོགས་པས་བསད་པའི་གཏམ་བྱས་པས་མྱ་ངན་ལངས་ཏེ་ངུ༌། མོ་ འདེབས་ཤིང་བྲང་བརྡུང་པ་མཐོང་ནས་རྒྱལ་པོ་མི་དགའ་སྟེ་ཉལ་བའི་ཚེ། ལོ་ཀའི་དགེ་འདུན་ ལ་ནི་སྐྱབས་མ་བྱུང་གི། དགྲ་བཅོམ་པའི་ཞལ་མཐོང་པར་ཤོག་ཤིག ཅེས་སྨོན་ལམ་བཏབ་པ་ དང༌། རྨི་ལམ་ན་གྷན་དྷ་མ་ཧ་ནའི་རི་ལ་དགྲ་བཅོམ་པ་དེས་པ་ཞེས་བྱ་བ་བཞུགས་པ་དེ་སྤྱན་ དྲངས་ན་སྡིག་པ་འབྱང་ཞིང་ཐེ་ཚོམ་སེལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དང༌། སད་མ་ ཐག་ཕོ་ཉ་བཀྱེ་སྟེ། སྤྱན་དྲངས་ཏེ་མཆོད་ཅིང་ཕྱག་བྱས་སོ། །དེ་ནས་ཚེས་བཅུ་བཞིའི་ནུབ་མོ་ དགེ་སློང་གསར་ཞུགས་རྣམས་ཀྱིས་མཁན་པོ་སློབ་མ་ཅན་ལ་འདུལ་བ་བཤད་པར་གསོལ་ བ་དང་མཁན་པོས་ཁྱེད་འདུལ་བ་བཞིན་མི་སྤྱོད། ཆོས་ཁྲིམས་མི་བསྲུང་པ་ལ་འདུལ་བ་ བཤད་པས་ཅི་ཕན་ཞེས་ཟེར་བ་དང༌། དགྲ་བཅོམ་པས། ངས་སངས་རྒྱས་བཅོམ་ལྡན་འདས་ ཀྱིས་ཆོས་ཁྲིམས་མནོས་ནས་ད་ཙམ་གྱི་བར་རྩ་མཆོག་ཙམ་ཡང་མ་ཉམས་ན་དེ་སྐད་མ་ཟེར་ བར་འདུལ་བ་ཤོད་ཅེས་སྨྲས་པས། དེ་དགྲ་བཅོམ་པར་ཤེས་ཏེ། མཁན་པོ་མནོང་[གནོང] ཏེ་ཅང་མི་སྨྲ་བར་འདུག་གོ།དེ་ནས་མཁན་པོ་སློབ་མ་ཅན་གྱི་སློབ་མ་དགེ་སློང་དཔུང་བརྒྱན་ ཅན་ཞེས་པས་དགྲ་བཅོམ་པ་ལ་ཁྱོད་ཁྲིམས་ཀྱང་མེད་འདུལ་བའང་མི་ཤེས་པར་ངའི་མཁན་ པོ་སྡེ་སྣོད་གསུམ་ཤེས་པ་ལ་ཅིའི་ཕྱིར་བརྙས་ཞེས་སྨྲས་ནས་དགྲ་བཅོམ་པ་བསད་དོ། །ཆོས་ 2-1-228 ལ་དགའ་བའི་གནོད་སྦྱིན་ཞོ་གདོང་ཅན་གྱིས་ཅིའི་ཕྱིར་དགྲ་བཅོམ་པ་གསོད་ཟེར་ནས་དགེ་ སློང་དེ་བསད་དོ། །དགེ་སློང་གེ་རད་ཅེས་བྱ་བས་སློབ་མ་ཅན་བསད་དོ། །དེ་ནས་དགེ་སློང་ ཐམས་ཅད་གཅིག་གིས་གཅིག་བསད་དེ་གཅིག་ཀྱང་མ་ལུས་སོ། །དེའི་ཚེ་སུམ་ཅུ་རྩ་གསུམ་ གྱི་ལྷ་དང་ཡུམ་སྒྱུ་འཕྲུལ་ཆེན་མོ་ལ་སོགས་པ་འོངས་ནས་མྱ་ངན་བྱེད་ཅིང་དགེ་འདུན་གྱི་གོ་ མཚོན་ཅན་ཐམས་ཅད་བསྡུས་ཏེ་སུམ་ཅུ་རྩ་གསུམ་དུ་ཁྱེར་རོ། ། རྒྱལ་པོ་དེའི་མྱ་ངན་གིས་ ནོན་པ་བསལ་བའི་ཕྱིར་བློན་པོ་རྣམས་ཀྱིས་མི་ལྔ་བརྒྱ་ཙམ་གྱི་སྐྲ་དང་ཁ་སྤུ་བྲེག་ཏུ་སྤུ་གྲིས་ མ་ཆོད་ནས་མེས་བསྲེགས་ཕྱུགས་ནག་པོ་དང་དམར་པོའི་ཀོ་བ་བཀོན་[བསྐོན]ཏེ་རབ་ཏུ་ བྱུང་པར་བཅོས་ནས་རབ་ཏུ་བྱུང་པ་ལྔ་བརྒྱ་འོངས་སོ། །ཞེས་གསོལ་པ་དང༌། རྒྱལ་པོས་དེ་ རྣམས་ལ་མཆོད་དེ་ཆོས་དྲིས་པ་ན་བཤད་རྒྱུ་མེད་པས་རྒྱལ་པོ་མྱ་ངན་ལངས་ཏེ་ངུའོ། །དེའི་ཚེ་ འཛམ་བུ་གླིང་གི་དམ་ཆོས་རིལ་ནུབ་པོ། །ལུགས་སྐུ་ལ་སོགས་པ་ནི་ཀླུའི་ཡུལ་དུ་སྤྱན་འདྲེན་ ནོ། །ཡི་གེ་ཐམས་ཅད་རང་བྱི་བར་འགྱུར་རོ། །གོས་ཐམས་ཅད་རྩུབ་མོར་འགྱུར་རོ། །རོ་ཁ་ བ་དང་སྐ་བ་མ་གཏོགས་པ་དང་རིན་པོ་ཆེ་ཐམས་ཅད་ནུབ་པར་འགྱུར་ལ། རྒྱལ་པོ་དེའང་ བསྟན་པ་ནུབ་པའི་མྱ་ངན་གྱིས་འཆི་བར་འགྱུར་རོ་ཞེས་བཤད་དོ། ། སྤྱི་དོན་གཉིས་པ་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ་ལ། བསྟན་པ་སྔ་དར་དང༌། ཕྱི་དར་ གྱི་རྣམ་གཞག་གཉིས་སོ། །དང་པོ་ནི། སྤྱིར་བོད་ཡུལ་དུ་མིའི་འགྲོ་བ་བྱུང་ཚུལ་ནི། ལྷ་ལས་ ཕུལ་དུ་བྱུང་པའི་བསྟོད་འགྲེལ་ལས། རྒྱལ་པོ་སྐྱབས་སེང་གི་བུ་ལྔ་དང༌། དགྲ་ངན་དཔུང་ ཚོགས་བཅུ་གཉིས་འཐབས་པའི་ཚེ། རྒྱལ་པོ་རུ་པ་ཏི་དམག་སྟོང་དང་བཅས་པ་བུད་མེད་ཀྱི་ ཆས་སུ་ཞུགས་ཏེ། རི་གངས་ཅན་གྱི་གསེབ་ཏུ་བྲོས་པ་ལས་འཕེལ་བར་བཤད་དོ། །ཁྱད་ པར་དུ། བོད་ཀྱི་རྒྱལ་རྒྱུད་ནི། བད་ས་ལའི་རྒྱལ་པོ་འཆར་བྱེད་ཀྱི་བུ་མིག་མས་འགེབས་པ། སོར་མོ་དྲ་བས་འབྲེལ་པ་ཞིག་བྱུང་པས་སྐྲག་སྟེ་ཟངས་ཁ་སྦྱོར་དུ་བཅུག་སྟེ་གང་ག་ལ་སྐྱུར་བ་ 2-1-229 ཞིང་པས་རྙེད་དེ་གསོས་པས། ཆེར་སྐྱེས་པ་ན། སྔར་གྱི་གཏམ་བཤད་པས་ཡིད་སྐྱོ་སྟེ་གངས་ རིའི་ཕུག་ཏུ་བྲོས་པ་ན་རིམ་གྱིས་ལྷ་རི་ཡོལ་བའི་ཁར་བྱུང་སྟེ་བཙན་ཐང་སྒོ་བཞིར་བྱོན་པ་ ལ། སུ་ཡིན་དྲིས་པས་བཙན་པོ་ཟེར། གང་ནས་བྱོན་དྲིས་པས་ནམ་མཁའ་ལ་བཛུབ་མོ་སྒྲེང་ ཞིང་སྐད་མ་གོ་ནས་ཤིང་ཁྲི་ལ་བཞག་ཏེ་མི་བཞིའི་གཉའ་བ་ལ་ཁུར་ནས། འདི་ལ་ཁོ་བོ་ཅག་ གི་ཇོ་བོ་བྱའོ་ཟེར་ཏེ། མིང་ཡང་གཉའ་ཁྲི་བཙན་པོར་བཏགས་ཏེ་རྒྱལ་པོ་སྔ་ཤོས་སོ། །དེ་ ནས་རྒྱལ་རབས་ཉི་ཤུ་རྩ་དྲུག་ན་ལྷ་མཐོ་དོ་རིང་གཉན་བཙན་བྱོན་པའི་དགུང་ལོ་དྲུག་ཅུ་པའི་ ཚེ་ནམ་མཁའ་ལས་ཟ་མ་ཏོག་གཅིག་བབས་པ་ཁ་ཕྱེ་བས་མདོ་ཟ་མ་ཏོག་བཀོད་པ། སྤང་ ཀོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་གཅིག་རྣམས་བྱུང་སྟེ། མིང་གཉན་པོ་གསང་བར་ བཏགས་ཏེ་མཆོད་པས་ལོ་བརྒྱ་ཉི་ཤུར་ཐུབ་སྟེ། དམ་པའི་ཆོས་ཀྱི་དབུ་བརྙེས་སོ། ། དེ་ ནས་རྒྱལ་རབས་ལྔ་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྲོང་བཙན་སྒམ་པོ་བྱུང་སྟེ། དགེ་བ་ བཅུའི་ཁྲིམས་བཅས། བོད་ལ་ཡི་གེ་མེད་པ་ལ། ཐོན་མི་སཾ་བྷོ་ཊ་འཁོར་བཅས་ཡི་གེ་སློབ་ཏུ་ བཏང་པས་ལོབས་ཏེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ་ཨ་ལི་བཞིར་བསྡུས་ ཏེ། གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ཡི་གེ་དང་སྒྲའི་བསྟན་བཅོས་མཛད། མདོ་ཟ་མ་ ཏོག་ལ་སོགས་པ་བསྒྱུར། རྒྱལ་པོས་ཙན་དན་སྦྲུལ་གྱི་སྙིང་པོ་ལ་རང་བྱོན་དུ་བྱོན་པའི་བཅུ་ གཅིག་ཞལ་སྤྱན་དྲངས། བལ་པོའི་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁྲི་བཙུན་ཁབ་ཏུ་བཞེས། དེས་ལྷ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙན་དན་གྱི་སྒྲོལ་མ་རྣམས་སྤྱན་དྲངས། ལྷ་ས་འཕྲུལ་སྣང་གི་གཙུག་ལག་ཁང༌། མཐའ་འདུལ་དང་ཡང་འདུལ་ལ་སོགས་པ་དང་ བཅས་པ་བཞེངས། རྒྱའི་རྒྱལ་པོ་སེང་གེ་བཙན་པའི་སྲས་རྒྱ་མོ་ཨོང་ཅོ་ཁབ་ཏུ་བཞེས། དེས་ ལྷ་ཤཱཀྱ་མུ་ནེ་སྤྱན་དྲངས། ར་མོ་ཆེའི་གཙུག་ལག་ཁང་བཞེངས་ཏེ། དམ་པའི་ཆོས་ཀྱི་སྲོལ་ གཏོད་པར་མཛད་དོ། །དེ་ནས་རྒྱལ་རབས་ལྔ་ནས། འཇམ་དཔལ་གྱི་སྤྲུལ་པར་གྲགས་པ་ 2-1-230 ཁྲི་སྲོང་ལྡེ་བཙན་བྱོན་ཏེ། མཁན་པོ་བོ་དྷི་སཏྭ་དང༌། སློབ་དཔོན་པད་མ་སཾ་བྷ་བ་སོགས་སྤྱན་ དྲངས། བསམ་ཡས་འཕྲུལ་གྱི་གཙུག་ལག་ཁང་བཞེངས། བོད་ལ་བཙུན་པ་རུང་མི་རུང་སད་ པའི་ཕྱིར་རྦ་གསལ་སྣང་ལ་སོགས་པ་མི་བདུན་རབ་ཏུ་བྱུང་པ་བྱེད་དུ་བཅུག །གཞན་ཡང་བི་ མ་ལ་མི་ཏྲ་དང༌། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང༌། ཀ་མ་ལ་ཤི་ལ་སོགས་སྤྱན་དྲངས། ཆོས་ མང་པོ་བསྒྱུར་ཏེ། དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་དོ། །དེའི་སྲས་གཉིས་ཀྱི་ཆེ་བ་ མུ་ནེ་བཙན་པོས་བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་ཀྱི་ལྟོགས་ ཕྱུག་ལན་གསུམ་བསྙམས། ཆབ་སྲི ད་ལོ་གཅིག་དང་ཟླ་བ་བདུན་བཟུང་སྟེ། དགུང་ལོ་བཅཽ་ བརྒྱད་པ་ལ་འདས་སོ། །དེའི་གཅུང་པོ་སད་ན་ལེགས་ཀྱིས་དགུང་ལོ་བཞི་པ་ལ་རྒྱལ་སར་ བྱོན་ཏེ་སྐར་ཆུང་རྒྱལ་སྡེ་བཞེངས་སོ། །དེའི་སྲས་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ཕྱག་རྡོར་གྱི་ སྤྲུལ་པར་གྲགས་པ་དེས་ཕོ་བྲང་འོན་ཅང་རྡོ་བཞེངས། ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་དྲ་ དང༌། སུ་རེན་ཏྲ་བོ་དྷི་དང༌། ཤཱི་ལེན་ཏྲ་བོ་དྷི་སོགས་སྤྱན་དྲངས། ཆོས་མང་པོ་བསྒྱུར། སྔར་ བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རབ་ཏུ་བྱུང་པ་རེ་རེ་ལ་འབངས་མི་ ཁྱིམ་བདུན་བདུན་ཕུལ།དབུ་ཐོད་ཀྱི་དར་གདན་དུ་འདིངས། ཞབས་སྤྱི་བོར་ལེན་ནོ། །ཆབ་ སྲི ད་རབ་ཏུ་བྱུང་པ་ལ་ཕུལ་བས་བློན་པོ་ནག་པོ་ལ་དགའ་རྣམས་ཁྲོས་ཏེ། བཙན་པོ་དགུང་ལོ་ སོ་དྲུག་པ་ལ་བཀྲོངས་སོ། །དེ་ནས་དེའི་གཅུང་པོ་གླང་དར་མ་འུ་དམ་བཙན་གྱིས་ཆབ་སྲི ད་ བཟུང་སྟེ་ནར་སོན་པ་དང་ཐུགས་སུ་གདོན་གསོལ་ནས་རབ་ཏུ་བྱུང་པ་ཀུན་ཕབ། འབབས་ སུ་མ་འདོད་པ་རྣམས་རྔ་བཤང་སྐུར་ནས་རྔོན་པ་ལ་བཏང༌། ལྷ་ཤཱཀྱ་མུ་ནེ་ཐེམས་སུ་བཅུག་ སྟེ་བསྟན་པ་བསྣུབས་སོ། །དེ་ནས་བཟུང་སྟེ་ལོ་བདུན་ཅུ་ཙམ་གྱི་བར་དུ་དབུས་གཙང་དུ་སྡོམ་ པ་དང༌། བཤད་ཉན་རྒྱུན་ཆད་པར་གྱུར་ཏོ། །དེའི་སྲས་འོད་སྲུང༌། དེའི་སྲས་དཔལ་འཁོར་ བཙན། དེ་ལ་སྲས་གཉིས་ཏེ། བཀྲ་ཤིས་བརྩེགས་པ་དཔལ་དང༌། ཁྲི་སྐྱིད་ལྡེ་ཉི་མ་མགོན་ 2-1-231 ནོ། །བཀྲ་ཤིས་བརྩེགས་པས་རྒྱལ་སྲི ད་བཟུང་ངོ༌། །དེ་ལ་སྲས་གསུམ་མོ། །ཉི་མ་མགོན་ མངའ་རིས་སུ་བཅུག་པས་སྤུ་རངས་སུ་སྐུ་མཁར་ཉི་གཟུངས་བརྩིགས་ཏེ། ཆབ་སྲི ད་བཟུང༌། དེ་ལ་སྲས་གསུམ། ཆེ་བ་དཔལ་གྱི་ལྡེས་མར་ཡུལ་བཟུང༌། བར་པ་བཀྲ་ཤིས་ལྡེས་སྤུ་རངས་ བཟུང༌། ཆུང་པ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང༌། དེ་ལ་སྲས་གཉིས་ཏེ། སྲོང་ངེ་དང་ ཁོར་རེ་གཉིས་སོ། །བཙན་པོ་སྲོང་ངེ་ཁོར་རེ་ལ་རྒྱལ་སྲིད་གཏད་ནས། རབ་ཏུ་བྱུང་པའི་ མཚན་ཡེ་ཤེས་འོད་ཅེས་བྱའོ། ། ཁོར་རེའི་སྲས་ལྷ་ལྡེ། དེའི་སྲས་འོད་སྡེ་དང༌། ཕོ་བྲང་ཞི་བ་ འོད་དང༌། བཙུན་པ་བྱང་ཆུབ་འོད་ཡིན་ནོ། ། གཉིས་པ་བསྟན་པ་ཕྱི་དར་གྱི་རྣམ་གཞག་ནི། དར་མས་བསྟན་པ་བསྣུབས་པའི་དུས་ སུ། གཙང་རབ་གསལ། གཡོ་དགེ་འབྱུང༌། དམར་ཤཱཀྱ་མུ་ནེ་དང་གསུམ་དཔལ་ཆུ་བོ་རི་ལ་ བསྒོམ་ཞིང་ཡོད་པ་ན་བཙུན་པ་ཁྱི་ར་བྱེད་པ་མཐོང་ནས་བྲོས་ཏེ། མདོ་སྨད་ཀྱི་ས་ཆ་དན་ ཏིག་ཤེལ་གྱི་ཡང་་་དགོན་ན་བསྒོམ་ཞིང་བཞུགས་པ་ལ། མུ་དུར་རབ་གསལ་ཞེས་བྱ་བ་ཞིག་ རབ་ཏུ་བྱུང་པའི་མཚན་དགེ་བ་རབ་གསལ་དུ་བཏགས་སོ། །ཕྱིས་ཐུགས་རབ་ཆེ་བས་བླ་ཆེན་ པོ་དགོངས་པ་རབ་གསལ་དུ་གྲགས་སོ། །དེ་ནས་ལོ་གཅིག་ན་རྒྱའི་དགེ་སློང་གཉིས་ཀྱིས་ ཁ་སྐོང་བྱས་ཏེ་ལྔའི་ཚོགས་ཀྱི་བསྙེན་རྫོགས་མཛད་དོ། །དེ་ནས་ལོ་ལྔ་ན་དབུས་གཙང་ནས་ ཀླག་བ་ལམ་པ་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ལ་སོགས་མི་བཅུས་ཁམས་སུ་བྱོན་ཏེ་བླ་ཆེན་ པོ་ལ་བསྙེན་རྫོགས་མཛད་ནས་དབུས་གཙང་དུ་དགེ་འདུན་གྱི་སྡེ་མང་པོ་བཙུགས། གཙུག་ ལག་ཁང་མང་པོ་བཞེངས་ནས་བསྟན་པ་དར་བར་མཛད་དོ། །ལྷ་བཙུན་པ་བྱང་ཆུབ་འོད་ ཀྱིས་ཇོ་བོ་ཆེན་པོ་རྗེ་གདན་དྲངས་ཏེ། ཁུ་རྔོག་འབྲོམ་གསུམ་ལ་སོགས་པའི་སློབ་མ་རྣམས་ ལ་གདམས་པ་དང་ཆོས་མང་པོ་གནང༌། ཁྱད་པར་དུ་བཀའ་གདམས་ཀྱི་ཆོས་ལུགས་གནང་ སྟེ་དར་བར་མཛད་དོ། །གཞན་ཡང་ལོཙྪ་བ་རིན་ཆེན་བཟང་པོ་དང༌། རྔོག་ལོཙྪ་བ་ཁུ་དབོན་ 2-1-232 དང༌། ཁྲོ་ཕུ་ལོཙྪ་བ་དང༌། ས་སྐྱ་པཎྜི་ཏ་ཁུ་དབོན་རྣམས་དང༌། བུ་དོལ་རྣམ་གཉིས་ལ་སོགས་ པས་ཐུབ་པའི་བསྟན་པ་གངས་ཅན་གྱི་ཁྲོད་འདིར་དར་ཞིང་རྒྱས་པར་མཛད་པའོ། །མདོར་ ན་བོད་དུ་བྱོན་པའི་པཎྜི་ཏ་ཞི་བ་མཚོ་དང༌། པད་མ་འབྱུང་གནས་ལ་སོགས་པ་དགུ་བཅུ་རྩ་ གསུམ་ལྷག་ཙམ་དང༌། ལོཙྪ་བ་ཐོན་མི་སམ་བྷོ་ཊ་དང༌། དྷརྨ་ཀོ་ཤ་ལ་སོགས་པ་བརྒྱ་གོ་དྲུག་ ལྷག་ཙམ་གྱིས་བོད་ཡུལ་དུ་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ལགས་སོ། ། བྱུང་ ཁུངས་ཅན་གྱི་བསྟན་བཅོས་ཉིད་བཤད་པ་ནི། གང་བཤད་པར་བྱ་བའི་བསྟན་བཅོས་དེའི་ བཤད་པ་ལ་འཇུག་པ་ཡིན་ནོ། །དེ་ལྟར་དམ་པའི་ཆོས་བྱུང་པའི་ཚུལ་མདོར་བསྡུས་པ་འདི་ ནི། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་ མཛོད་ལས་བཏུས་ཏེ་བསྡུས་པ་ལ་དགའ་བའི་གང་ཟག་དོན་དུ་གཉེར་བ་དག་གི་དོན་དུ་ བཀོད་པ་སྟེ། རྒྱས་པར་ནི། གསུང་རབ་རིན་པོ་ཆེའི་མཛོད་ལ་སོགས་པ་ལས་ཤེས་པར་བྱའོ། །དམ་ཆོས་གསུང་རབ་རིན་ཆེན་མཛོད་ཀྱི་སྒོ། །ལེགས་པར་ཕྱེ་ནས་ཆོས་འབྱུང་བདུད་རྩིའི་ ཟས། །ཇོ་གདན་དཀའ་བཞི་འཛིན་པ་གཉག་ཕུ་པ། །བསོད་ནམས་བཟང་པོས་ལེགས་པར་ སྦྱར་བའོ། །དེ་ཡི་དགེ་བ་ཉིན་མོར་བྱེད་པ་འདིས། །ཐུབ་བསྟན་ཆུ་སྐྱེས་འདབ་སྟོང་རབ་རྒྱས་ ཤིང༌། །མཐའ་ཡས་འགྲོ་བ་རྐང་དྲུག་ལྡན་པའི་ཚོགས། །ཀུན་མཁྱེན་སྦྲང་རྩིའི་བཅུད་ལ་རོལ་ བར་ཤོག །ཆོས་འབྱུང་རིན་པོ་ཆེའི་གཏེར་ཞེས་བྱ་བ་འདི་ནི། ཇོ་གདན་གཉག་ཕུ་པས། ཐུབ་ པའི་བསྟན་པ། ལོ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་རྩ་བཞི་འདས་ཤིང༌། ཉིས་སྟོང་བདུན་བརྒྱ་ བཞི་བཅུ་རྩ་དྲུག་ལྷག་མར་གནས་པའི་དུས། ས་ཕོ་རྟའི་ཆོ་འཕྲུལ་ཆེན་པོའི་རྟའི་ཟླ་བ་ལ། དཔལ་བཟང་ལྡན་གྱི་ཆོས་གྲ་ཆེན་པོར་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ པ་རྒྱ་ཆེན་པོ་འབྱུང་པར་གྱུར་ཅིག །མཾགལཾ་བྷཝཏུ། ཤུབྷཾ། གཅིག་ཞུས་སོ།། མ་ཡིག་འབྲས་སྤུངས་དཔེ་རྙིང༌། ཕྱི་ཞ་༡༩ཡིན། 2-1-234 ༄༅། །འདུལ་བ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་ བཞུགས། ༄༅། །འདུལ་བ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ ལོ། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །ཐུབ་དབང་འགྲོ་བའི་གཙོ་ལ་ཕྱག་བཙལ་ ནས། །འདུལ་བ་བདུད་རྩིའི་ཉིང་ཁུ་འདིར་བླངས་ཏེ། །བསླབ་པར་འདོད་ལ་ལེགས་བཤད་ དགའ་སྟོན་བྱ། ། དེ་ཡང་འདིར་ངེས་པར་འབྱུང་བ་སོ་ཐར་གྱི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ནས། སྡོམ་པ་ མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་པའི་ཚུལ། ཉམས་ན་ཕྱིར་ བཅོས་ཐབས་དང་གསུམ་ལས། དང་པོ་ལ། སྔོན་གྱི་ཆོ་ག་དང༌། ད་ལྟར་གྱི་ཆོ་ག་ཞེས་པ་སྡོམ་པ་བསྒྲུབ་ལུགས་གཉིས་ ལས། དང་པོ་ནི། འདུལ་བ་ཚིག་ལེའུར་བྱས་པ་ལས། འདྲེན་པ་རང་རྒྱལ་རང་བྱུང་གིའོ། །འཕགས་པ་ཀོའུ་དི་ནྱ་སོགས། །ལྔ་སྡེ་རྣམས་ནི་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་ རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་ཆོས་སྦྱིན་མ། །ཚུར་ཤོག་དགེ་ སློང་ཞེས་བྱས་ཀྱང༌། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་འོད་སྲུང་བདག་ཉིད་ཆེ། །དྲི་བ་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་ པ་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་ 2-1-235 བས་ལྷག་པས་ཀྱང་ནི་རུང༌། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གོའུ་ཏ་མ་ལྕི་ཆོས་ཀྱིས། །ཞེས་པ་ལྟར་རོ། །དེ་ལ་སྟོན་པ་སངས་རྒྱས་ནས་ལོ་དྲུག་གི་བར་དུ་སྔོན་ཆོག་ཉིད་མཛད་ལ། དྲུག་ནས་ད་ལྟར་གྱི་ཆོ་ག་གནང་ངོ༌། །ཚུར་ཤོག་ནི་མྱ་ངན་ལས་འདའ་ཁར་ཡང་མཛད་ཅིང༌། ཕྲིན་ནི་ད་ལྟར་གྱི་ཆོ་ག་ལ་ཡང་རུང་བར་གསུངས་སོ། ། གཉིས་པ་ད་ལྟར་གྱི་ཆོ་ག་ལ། གླེང་གཞི་ནི། མཁན་སློབ་མེད་པར་གསོལ་བཞིའི་ལས་ ཀྱིས་རབ་བྱུང་བསྙེན་རྫོགས་བྱས་པས་སློབ་མཁན་མེད་པས་ལེགས་པར་མ་སྦྱངས་ཤིང༌། སྤྱོད་ལམ་རྒོད་བག་ཅན་དུ་གྱུར། ཁྱིམ་པ་མ་དད། མུ་སྟེགས་ཅན་འཕྱ་བར་གྱུར་ལ། དགེ་སློང་ འགའ་ཞིག་ནད་གཡོག་མེད་པར་ཤི་བའི་སྐབས་དེ་གསོལ་བས་མཁན་སློབ་དང་བཅས་པས་ རབ་བྱུང་བསྙེན་རྫོགས་རིམ་ཅན་དུ་བསྒྲུབ་པའི་ད་ལྟར་གྱི་ཆོ་ག་འདི་གནང་བས་ཆོ་ག་དེས་ བསྒྲུབ་པའི་སྡོམ་པ་ནི། མཛོད་ལས། སོ་སོ་ཐར་ཞེས་བྱ་རྣམ་བརྒྱད། །ཅེས་གསུངས་པ་ལྟར། (དགེ་ཚུལ་གྱི་བསླབ་པ་བཅུའི་སྟེང་ནས་གསེར་དངུལ་ལེན་སྤོང་གཉིས་འཕྲི། གར་སོགས་ཕྲེང་སོགས་གཅིག་ཏུ་བྱས་པའི་) སྤང་བྱ་ཡན་ལག་བརྒྱད་ཉིན་ཞག་གཅིག་ཏུ་བསྲུང་བ། བསྙེན་གནས་དང་དགེ་བསྙེན་གཉིས་ ཁྱིམ་པའི་སྡོམ་པ། དགེ་བསྙེན་ལ་(དབྱེ་ན་བརྒྱད་) (གསུམ་པ་སྐྱབས་སུ་སོང་ཞིང་དེའི་བསླབ་བྱ་ལ་སློབ་པ་) སྐྱབས་འགྲོའི་དགེ་བསྙེན། (དེའི་སྟེང་དུ་སྲོག་གཅོད་ལྟ་བུ་གཅིག་སྤོང་)སྣ་གཅིག་སྤོང་བ། སྣ་འགའ་ (དེའི་སྟེང་མ་བྱིན་ལེན་སྤོང་)སྤོང་བ། ཕལ་ཆེར་(དེའི་སྟེང་འདོད་ལོག་སྤོང་)སྤོང་བ། མཐའ་དག་(དེའི་སྟེང་དུ་ རྫུན་སྤོང་)སྤྱོད་པ། ཡོངས་སུ་(དེའི་སྟེང་དུ་ཆང་སྤོང་)རྫོགས་པ། ཚངས་སྤྱོད་ཀྱི་(དེའི་སྟེང་མི་ཚངས་སྤྱོད་སྤོང་ )དགེ་བསྙེན། ཡན་ལག་བརྒྱད་ཇི་སྲི ད་འཚོའི་བར་བསྲུང་བ་གོ་མིའི་དགེ་བསྙེན་དང་བརྒྱད་ ལ། ཕ་མ་གཉིས་གཉིས་སོ། །རབ་བྱུང་ལ་སྤང་བྱ་བཅུ་(རྩ་བ་བཞི་ཡན་ལག་དྲུག་དང་བཅས་)ཇི་སྲི ད་ འཚོའི་བར་བསྲུང་བའི་དགེ་ཚུལ་ཕ་མའི་སྡོམ་པ་གཉིས། དགེ་ཚུལ་མས་བཅུ་གཉིས་(དགེ་ཚུལ་ སྡོམ་པའི་སྟེང་དུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་དང་། བཅུ་གཉིས་མནན་པ་དགེ་སློབ་མ།)སྤོང་བྱེད་ཀྱི་དགེ་ 2-1-236 སློབ་མའི་བསླབ་པ་ལོ་གཉིས་ཀྱི་བར་དུ་བསྲུང་བའི་སྡོམ་པ་དང༌། སོ་ཐར་གྱི་སྤང་བྱ་མཐའ་ དག་སྤོང་བར་ཁས་བླངས་ནས་བསྲུང་དགོས་པ་དགེ་སློང་ཕ་(ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཆ་ལག་དང་ བཅས་བསྲུང་བ་)མའི་(ཕམ་པ་བརྒྱད་ལྷག་མ་ཉི་ཤུ་སྤང་ལྟུང་སོ་གསུམ་འབའ་ཞིག་བརྒྱ་བརྒྱད་ཅུ། སོར་བཤགས་བཅུ་གཅིག་ ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཆ་ལག་དང་བཅས་པ་བསྲུང་བ་དགེ་སློང་། དེའི་སྟེང་རྫུན་སོགས་ )སྡོམ་པ་གཉིས་ཏེ། མིང་གི་སྒོ་ནས་བརྒྱད། རྫས་སུ་རྣམ་པ་བཞི་ཡིན་ཏེ། དགེ་སློང༌། དགེ་ ཚུལ། དགེ་བསྙེན། བསྙེན་གནས་ཀྱི་སྡོམ་པ་སྟེ་བཞི་ཡིན་ཏེ། མཚན་ལས་མིང་ནི་འཕོ་བའི་ ཕྱིར། དགེ་སློང་ཕ་མཚན་གྱུར་ན་དགེ་སློང་མ་ཞེས་མིང་འཕོ། དགེ་ཚུལ་མ་དང་དགེ་སློབ་མ་ མཚན་གྱུར་ན། དགེ་ཚུལ་ཞེས་མིང་འཕོའི། དོན་སྡོམ་པ་མི་འཕོ་བའི་ཕྱིར་རོ། །དེ་དག་ཀྱང་ ཐར་པ་ཐོབ་འདོད་ཀྱིས་ཀུན་ནས་བསླངས་ཏེ་སོ་སོའི་བསླབ་བྱ་མ་ཉམས་པར་བསྲུངས་པས་ མཐོ་རིས་དང་ཐར་པའི་རྒྱུར་འགྱུར་བ་སྟེ། ཚིག་ལེའུར་བྱས་པ་ལས། རབ་བསྔགས་ནོར་ནི་ ཕུན་ཚོགས་ཤིང༌། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཏིང་ངེ་འཛིན་དང་ངེས་འབྱུང་འཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་པས་སོ། །དེ་དག་ལས་ཀྱང་གཙོ་བོ་བསྙེན་རྫོགས་ ཀྱི་སྡོམ་པ་ཡིན་ལ། དེ་ཡང་མཁན་སློབ་མཚན་ཉིད་དང་ལྡན་པ་དང་། ཡུལ་དབུས་དང་ མཐའ་འཁོབ་ཀྱི་བྱེ་བྲག་གིས། བཅུ་དང་ལྔ་ཡན་ཆད་དུ་ལོངས་པ། མི་འདུག་པར་འགྲེང་བ་ མ་ཡིན་པ་ལ་སོགས་པའི་ཁ་སྐོང་གི་ཆོས་དང་ལྡན་པ་མ་འདུས་པ་དང་འདུས་པ་ཕྱིར་ལྡོག་གི་ མི་མཐུན་པ་གཉིས་དང་བྲལ་བའི་དགེ་འདུན་དང་བཅས་པས་བསྒྲུབ་བྱ་བར་ཆད་ཀྱིས་དག་ པ་ལ་ཆོ་ག་རྣམ་པར་དག་པ་གསོལ་བཞིའི་ལས་བྱས་ཤིང་ཆགས་པའོ། །དེ་ལ་མཁན་པོ་ལ། རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་གཉིས་སོ། །སློབ་དཔོན་ལ། དགེ་ཚུལ་གྱི། གསང་ སྟེ། ལས་ཀྱི། གནས་ཀྱི། ཀློག་པའི་སློབ་དཔོན་དང་ལྔའོ། །ཡུལ་དབུས་དང་མཐའ་འཁོབ་ ཀྱི་བྱེ་བྲག་ནི། ཚིག་ལེའུར་བྱས་པ་ལས། ལི་ཁ་ར་ན་ཚང་ཚིང་ནགས། །ལི་ཁར་ཤིང་འཕེལ་ 2-1-237 ཤར་ཕྱོགས་ཉིད། །ཨུ་ཤི་ར་ཞེས་བརྗོད་པ་ཡི། །རི་བོ་མུན་པ་ཅན་ནི་བྱང༌། །ཀ་བ་ཉེ་བའི་ཀ་ བ་ཡི། །གྲོང་ཁྱེར་ནུབ་ན་གནས་པ་ཡིན། །གྲོང་ཁྱེར་འདམ་བུ་ཅན་གྱི་དྲུང༌། ཆུ་ཀླུང་འདམ་བུ་ ཅན་ཞེས་བྱ། །ལྷོ་ཡིན་འདི་དག་བར་གྱི་ནང༌། །ཡུལ་དབུས་སུ་ནི་ཤེས་བྱ་སྟེ། །ཕྱི་རོལ་མཐའ་ འཁོབ་ཅེས་བྱར་ནི། །མཐའ་ཡས་མཁྱེན་པས་གསུངས་པ་ཡིན། །ཞེས་པ་ལྟར་རོ། ། བར་ཆད་ལ། སྐྱེ་བའི་བར་ཆད། གནས་པའི་བར་ཆད། ཁྱད་པར་དུ་འགྲོ་བའི་བར་ ཆད། མཛེས་པའི་བར་ཆད་དང་བཞི་ལས། དང་པོ་ནི། (ངན་སོང་གསུམ་)སྒྲ་མི་སྙན་པ། མི་མ་ ཡིན། མི་མིན་མིར་སྤྲུལ་བ་རྣམས་རྣམ་སྨིན་གྱི་སྒྲིབ་པ་ཅན་དང༌། མཚམས་མེད་ལྔ་བྱས་པ། རྐུ་ཐབས་སུ་གནས་པ། མུ་སྟེགས་ཅན་དང་མུ་སྟེགས་ཅན་ཞུགས་པ། དགེ་སློང་མ་སུན་ཕྱུང་ པ། སྔོན་རབ་ཏུ་བྱུང་པ་རྣམས་ལས་ཀྱི་སྒྲིབ་པ་ཅན་དང༌། ཟ་མ། མ་ནིང༌། བླང་དོར་གཏན་ མི་ཤེས་པའི་གླེན་ལྐུག་དང་ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་མ་ལོན་པར་ཤེས་པའམ་ཐེ་ཚོམ་ཟ་ བ་རྣམས་སྐྱེ་བའི་བར་ཆད་དོ། ། གཉིས་པ་གནས་པའི་བར་ཆད་ནི། ཕ་མ་དང་རྒྱལ་པོས་མ་གནང་པ་དང༌། བྲན་དང་བུ་ ལོན་ཅན་ནོ། །གསུམ་པ་ཁྱད་པར་དུ་འགྲོ་བའི་བར་ཆད་ཅན་ནི། མཛེ་དང༌། འབྲས་དང༌། ཕོལ་མིག་ལ་སོགས་ཀྱི་ནད་ཀྱི་རིགས་ཅན་རྣམས་སོ། །བཞི་པ་ལ། རིགས་ལ་སྐྱོན་ཆགས་པ། ལྷམ་མཁན། གདོལ་པ། གཡུང་པོ་སོགས་དང༌། ལུས་ལ་སྐྱོན་ཆགས་པ། ལག་རྡུམ་རྐང་རྡུམ་ ལྟ་བུ། དབྱིབས་ལ་སྐྱོན་ཆགས་པ་དང་སྐྲ་སེར་དང་སེར་སྐྱ་སོགས་མདོག་ལ་སྐྱོན་ཆགས་པ་ མཛེས་པའི་བར་ཆད་དོ། ། གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་ཚུལ་ལ། རང་གི་བསམ་པ་རྣམ་པར་དག་པས། གང་ཟག་གཞན་ལ་བརྟེན་ནས། མི་མཐུན་ཕྱོགས་ངོ་ཤེས་པས། བསླབ་པ་ཡོངས་སུ་སྦྱོང་ པས། བདེ་བར་གནས་པའི་རྐྱེན་བརྟེན་པས་བསྲུང་བ་དང་ལྔའོ། ། 2-1-238 དང་པོ་ནི། རང་གི་ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པས་བླང་དོར་མ་ནོར་བར་བྱེད་ཅིང་གཟོབ་ པ་ལྷུར་ལེན་པའོ། ། གཉིས་པ་ནི་གནས་ཀྱི་བླ་མ་ཁྱད་པར་ཅན་ལ་བསྟེན་ནས་འཇུག་ལྡོག་མ་ནོར་བར་བྱེད་ པ་སྟེ། དེ་ལ་གནས་ཀྱི་བླ་མ་བསྟེན་པའི་དགོས་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པ་དང༌། ངོ་ཚ་ཁྲེལ་ཡོད་ཀྱི་བསམ་པ་བསྐྱེད་པ་དང༌། གནས་མེད་དུ་གནས་པའི་ཉེས་པ་མི་འབྱུང་པའོ། །གནས་ཀྱི་བླ་མར་འོས་པ་ནི། སུམ་བརྒྱ་པ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ ཤེས། །ནད་པ་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་ དང༌། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཤེས་པ་ལྟར། བསྙེན་པར་རྫོགས་ནས་ བར་མ་ཆད་པར་ལོ་བཅུ་ལོན་ཞིང་ཚུལ་ཁྲིམས་དག་པ། འདུལ་བའི་སྡེ་སྣོད་ཤེས་པ། རང་ དང་ལྟ་བ་དང་མཚན་མཐུན་པ། སྨྱོ་འཁྲུགས་ཚོར་བས་གཟིར་བ་མ་ཡིན་པ། ལུས་དང་[ས་{ ཤེས་པ་}རང་བཞིན་དུ་གནས་པ། སྙིང་རྗེ་དང་བཟོད་པ་དང་ལྡན་པ། འཁོར་རྣམས་བསླབ་ པ་ལ་གུས་ཤིང་སྤྱོད་ལམ་དག་པ། ཆོས་དང་ཟང་ཟིང་གིས་ཕན་འདོགས་པ་སྟེ། བཅུ་གསུམ་ གྱི། དང་པོ་གཉིས་བརྟན་པའི་ཡན་ལག གསུམ་པ་མཁས་པའི། ཕྱི་མ་རྣམས་ཕན་འདོགས་ ཀྱི་ཡན་ལག་གོ།མཁན་པོ་དེ་ཉིད་གནས་ཉིད་ཡིན་ནོ། །ཞེས་གསུངས་པས། མཁན་པོ་ལ་ གནས་གསར་དུ་འཆའ་མི་དགོས་ཤིང༌། མཁན་པོ་མེད་ན་མཚན་ཉིད་དང་ལྡན་པ་དུ་མ་ཡོད་ ན་གང་ལ་མོས་པ་ལ་གནས་བཅའོ། །གནས་པ་སློབ་མ་ནི། དེ་ཉིད་ལས། སློབ་དཔོན་ལ་གུས་ ཚུལ་ཁྲིམས་ཡོངས་དག་དང༌། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང༌། །གྲི མས་ ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་ པ་ལྟར་ཆོས་དགུ་དང་ལྡན་པའོ། ། གནས་བརྟེན་ཚུལ་ནི། གཉིས་ཀས་ཕན་ཚུན་དྲི་ཞིང་བརྟགས་ནས་མཚན་ཉིད་དང་ལྡན་ 2-1-239 པར་ཤེས་ན་བླ་མས་སྐབས་དབྱེ་ཞིང༌། སློབ་མས་ཕྱག་བྱས་ནས་ལག་པ་གཉིས་ཀྱིས་རྐང་ མཐིལ་གཉིས་ལ་བཅངས་ནས་སོ། །ཞེས་པ་ལྟར། སློབ་མས་བླ་མའི་རྐང་མཐིལ་ལ་བཅངས་ ནས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། བཙུན་པ་ལ་གནས་ འཆའ་བར་གསོལ་ན། བཙུན་པས་བདག་ལ་གནས་བཅའ་བར་སྩོལ་ཅིག བདག་བཙུན་པ་ ལ་གནས་བཅའ་ཞིང་མཆིས་སོ། །ཞེས་ལན་གསུམ་དང༌། ཐབས་ལེགས་བརྗོད་དོ། །དེ་ནས་ ལྷན་ཅིག་ཉལ་ནས་ཞག་གཅིག་པའི་སྐྱ་རེངས་ཤར་བའི་ཚེ། སློབ་དཔོན་དུ་འགྱུར་རོ། །སྔར་ སློབ་དཔོན་ཡིན་ན། བཙུན་པ་ཞེས་པ་སློབ་དཔོན་ཞེས་པར་འདོན་པ་སྤོ། བྱ་བ་ཞུ་ཚུལ་ནི། གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ། །འོན་ཀྱང་ཆོས་དང་མི་ལྡན་པ་ནི་མི་ཞུ་ཞིང་ མི་གནང་ལ། གཞན་ཡང་དམིགས་བསལ་ལ། བཤང་གཅི། སོ་ཤིང་འདོར་བ། གཙུག་ལག་ ཁང་དང༌། དེའི་ཉེ་འཁོར་གྱི་མཆོད་རྟེན་ལ་ཕྱག་བྱ་བ་དང༌། གཙུག་ལག་ཁང་ནས་འདོམ་ བཞི་བཅུ་རྩ་དགུ་ཚུན་ཆད་དུ་འཆག་པ་འབའ་ཞིག་ལ་འགྲོ་བ་ལྟ་བུ་དང༌། ཆུ་བཏུང་པ་སོ་བཀྲུ་ བ་ཚུལ་ཁྲིམས་དང་ལྡན་པའི་གོས་ཀྱི་རྡུལ་སྤྲུག་པ་སོགས་ཞུ་མི་དགོས་ཤིང༌། རྫོགས་ནས་ ལོ་ལྔ་ལོན་ཞིང་སོ་ཐར་རྒྱས་པར་ཐོན་ནས་ལྗོངས་རྒྱུ་བའི་དུས་སུ་མ་ཞུས་ཀྱང་ཉེས་པ་མེད་ དོ། །གནས་ཚོལ་དུས་མ་རྙེད་ན་ཞག་ལྔའི་བར་དང༌། གློ་བུར་བས་ངལ་བསོ་བའི་བར་ཉི་མ་ གཅིག་གཉིས་དང༌། གནས་པ་ཆད་པས་བཅད་པའི་བར་དང༌། གནས་བཅས་ན་བར་ཆད་ ཆེན་པོར་འགྱུར་བའི་དུས་སུ་གནས་མ་བཅས་པའི་ཉེས་པ་མེད་དོ། །གནས་བཅས་པ་འཇིག་ པའི་རྒྱུ་ནི། གཉི་ག་ལ་མི་ལྟོས་པའི་བློ་བྱུང་པ་དང༌། མཚན་གྱུར་པ་དང༌། སྡོམ་པ་དང་མི་ལྡན་ པར་གྱུར་ན་འཇིག་གོ། གསུམ་པ་མི་མཐུན་ཕྱོགས་ངོ་ཤེས་པས་བསྲུང་བ་ནི། ལུང་རྣམ་འབྱེད་ནས་གསུངས་པ་ དང༌། ལུང་གཞི་ནས་གསུངས་པ་གཉིས་སོ། ། 2-1-240 (རྣམ་འབྱེད་ལས་)དང་པོ་ལ་ལྟུང་པ་སྡེ་ལྔ་ལས། དང་པོ་(སྡོམ་པ་གཅོད་པར་བྱེད་པོ་)ཕམ་པའི་ སྡེ་ནི། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང༌། །མི་ལ་གསད་པར་མི་བྱ་བ། །བརྫུན་དུ་སྨྲ་ དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། །ཞེས་པ་ལྟར་(འདོད་ཆགས་ཀྱིས་བསྐྱེད་ པ་གཉིས། ཞེ་སྔང་གིས་བསྐྱེད་པ་གཅིག གཏི་མུག་གིས་བསྐྱེད་པ་གཅིག་སྟེ་)བཞི་ལས། དང་པོ་མི་ཚངས་པར་ སྤྱོད་པའི་ཕམ་པ་ལ། གླེང་གཞི་ནི། བཅོམ་ལྡན་འདས་ཟག་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ ནས་དགུང་ལོ་བཅུ་གསུམ་པ་ལ་བབ་པའི་ཚེ་ཡུལ་སྤོང་བྱེད་དུ་བཟང་བྱིན་གྱིས་སྔར་གྱི་ཁྱིམ་ ཐབ་དང་ལོག་པར་ཞུགས་པ་ལས་བསླབ་པ་འཆའ་བའི་ཕན་ཡོན་བཅུ་གཟིགས་ནས་བསླབ་ པ་བཅས་སོ། །དེ་ཡང་གཞིའི་(རྒྱུ་ཚོགས་ཡན་ལག་རྩི་བ་ནི། གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་གོ།དང་པོ་ ལ་རྟེན་དང་ཡུལ་གཉིས་ཀ་ལས། དང་པོ་རྟེན་ནི།)ཡན་ལག་སྡོམ་པ་ཐོབ་ལ་མ་ཉམས་པའམ། ཉམས་ཀྱང་ བསླབ་པ་བྱིན་པ་ལྟ་བུས་གསོར་རུང་པ་དང༌། ལས་དང་པོ་པ་མ་ཡིན་པའི་དགེ་སློང་གིས། མི་ དང་མི་མ་ཡིན་པ་དང༌། སྐྱེས་པ་དང་། བུད་མེད་དང་། མ་ནིང་དང༌། རང་གཞན་གང་རུང་གི་ ཁའམ། བཤང་ལམ་མམ། མོའི་དབང་པོ་སྟེ། རྨའི་སྒོ་གསུམ་གང་རུང༌། ནད་ལ་སོགས་པས་ ནང་མ་ཉམས་པར་རང་གི་དབང་པོ་མ་ཉམས་པས། (བསམ་པ་ལ་གཉིས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ ལམ་དང་། ཡན་ལག་སྤྲད་པའམ་རེག་པ་བདག་གིར་བྱེད་འདོད་རྒྱུན་མ་ཆད་པའོ།། སྦྱོར་བ་བསམ་པའི་དོན་ལ་དེ་ལྟར་བརྩོན་ པའོ།། མཐར་ཐུག་དེའི་ཡན་ལག་ནི་)བཅུག་རེག་བདེ་བ་ཉམས་སུ་མྱོང་པར་བྱས་ན་དངོས་གཞིའོ། །དགེ་ཚུལ་ལ་ནི་ཕམ་པ་དང་འདྲ་བའི་ཉེས་བྱས་སོ། །མི་ཚངས་པར་སྤྱོད་འདོད་ཀྱིས་བགྲོད་ བྱ་ལ་ནོམ་ཉུག་བྱེད་པ་ནས་རོ་མ་མྱོང་གི་བར་སྦྱོར་བའི་སྦོམ་པོའོ། །འཁྲིག་པའི་བསམ་པས་ ལུས་ཀྱི་བུ་ག་གཞན་དང༌། (རྣའི་བུ་ག་སོགས་རྙིང་པ་མཚོན་གྱིས་བཅད་པ་སོགས་གསར་བ་)ལམ་མ་ཡིན་པ་ ལམ་དུ་འདུ་ཤེས་པ་དང༌། རྨའི་ནང་ནད་སོགས་ཀྱིས་ཉམས་པ་དང༌། བརྟེན་བྱའི་ལུས་ཕྱེད་ མར་གཤགས་པ་སྦྱར་བའི་མཚམས་སྦྱོར་བ་མངོན་པ་དང༌། མགོ་བཅད་པ་ལྟ་བུའི་ལུས་མ་ 2-1-241 ཚང་པའི་ཁ་ལྟ་བུ་དང༌། ཚང་ཡང་ཆེ་ཆུང་མི་འཚམས་པས་སྤྲད་དུ་མི་རུང་པ་དང༌། ཕག་ལ་ སོགས་པའི་ལུས་བཙོས་པའི་སྒོ་གསུམ་དང༌། ཁའི་སོའི་ཕྱི་དང༌། ཤིང་དང་རྡོ་བ་སོགས་ལ་ སེམས་ཅན་གྱི་གཟུགས་བྱས་པ་མི་མ་ཡིན་གྱི་མཐུས་ལམ་གྱི་རྣམ་པ་ཙམ་དོད་པ་དང༌། མ་ ནིང་མོ་སྦུབས་མེད་པ་དང༌། ནང་དུ་མ་ཆུད་པ་དང༌། ཆུད་པའི་ཕྱིར་རྨ་ཉེད་པ་དང༌། སྒོ་གསུམ་ གྱི་ཕྱི་རོལ་དུ་ཡན་ལག་གི་རྣམ་པ་རེག་པ་ཙམ་བྱེད་པ་དང༌། ཡན་ལག་གི་རྣམ་པ་ཉམས་པ་ འཇུད་པ་དང༌། ལས་སུ་མི་རུང་པ་འཇུད་པ་དང༌། ལྟབ་པ་དང༌། མི་རེག་པར་འཇུད་པ་དང༌། བརྟེན་བྱ་རྟེན་བྱེད་གཉིས་གང་རུང་ལུས་ལས་ཐ་དད་དུ་བྱས་པ་དང༌། གཉིས་ཀ་ཐ་དད་དུ་ བྱས་པ་དང༌། གཞན་གྱི་གཉིས་ཀ་ཐ་དད་དུ་མ་བྱས་པ་སྦྱོར་བ་དང༌། གཞན་གྱི་མཐུས་བཙལ་ བ་ན་རོ་མ་མྱོང་ཞིང་ཡིད་གཡོ་བ་ཙམ་དང༌། སྐྲག་པ་དང༌། ངོ་ཚ་བས་རོ་མ་མྱོང་པ་དང༌། བརྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་དང༌། བརྟེན་པའི་ཕྱིར་གཞན་ལ་སྒོ་བ་ལ་སོགས་པ་ རྣམས་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་ནི། མི་ཚངས་པར་སྤྱོད་འདོད་པས་ཁྲི་ལས་ལྡང་བ་སོགས་ནས་བགྲོད་ བྱ་ལ་ནོམ་ཉུག་མི་བྱེད་ཀྱི་བར་ཉེས་བྱས་སོ། །དེ་ཡང་ཡིད་ལ་འགྱུས་ནས་ལུས་ངག་ཏུ་མ་ཐོན་ པར་བསྡམ་བྱའི་ཉེས་བྱས། ལུས་ངག་ཏུ་ཐོན་ནས་བཤགས་བྱའི་ཉེས་བྱས་སུ་འགྱུར་ལ། ཐ་ ན་ཆགས་སེམས་ཀྱིས་བུད་མེད་ཀྱི་ཡུལ་ལ་མིག་གིས་ལྟ་བ་ཙམ་ལ་ཉེས་བྱས་སོ། ། བསླབ་བྱ་ནི། སྒོ་བཅད་ཅིང་བསྐོར་བ་དང༌། དགེ་སློང་གིས་བསྲུངས་པ་དང༌། ཤམ་ ཐབས་ཀྱི་མཐའ་མ་བཅིངས་པར་ཉིན་མོ་གཉིད་ལོག་པ་དང༌། བུད་མེད་ཀྱིས་འབྲིད་པར་ འགྱུར་བའི་གནས་སུ་འགྲོ་བ་དང༌། མི་མ་ཡིན་གྱིས་འཁྲིག་པ་བསྟེན་དུ་འཇུག་པ་སོགས་བར་ ཆད་འབྱུང་པའི་གནས་སུ་གནས་པ་དང༌། ཁྱིའི་མདུན་དུ་གཅི་བ་དང༌། ཡན་ལག་གི་རྣམ་པ་ འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་ལ་སྒྲེན་མོར་བརྒལ་བ་དང༌། དྲན་ཤེས་བཞིན་དང་ 2-1-242 མི་ལྡན་པར་གྲུ་བརྒལ་བ་དང༌། བ་ལང་གི་ནང་དུ་འགྲོ་བ་དང༌། ཁྲོན་པ་བརྟག་པ་དང༌། གྲོང་ དུ་འགྲོ་བ་དང༌། ཕོ་མོ་མ་བརྟགས་པར་རབ་ཏུ་བྱུང་པ་བྱེད་པ་དང༌། གཅིག་པུར་བླ་ཁབ་མེད་ པར་མཚན་མོ་ཡང་བློས་ཕབ་སྟེ་ཉལ་བ་སོགས་བསླབ་པ་ཐམས་ཅད་ལ་སྦྱོར་བ་ལྷོད་པར་མི་ བྱ་སྟེ། བྱས་ན་ཉེས་བྱས་སོ། ། རྐུ་བ་དང་ཞེས་པ་ལ། གཉིས་པ་མ་བྱིན་ལེན་གྱི་ཕམ་(ཕྱི་ལོངས་སྤྱོད་ལ་ཆགས་)པ་ལ། གླེང་ གཞི་ནི། སྟོན་པ་འོད་མའི་ཚལ་ན་བཞུགས་པའི་ཚེ། རྫ་མཁན་ལས་རབ་ཏུ་བྱུང་པ་དགེ་སློང་ ནོར་ཅན་གྱིས། རྒྱལ་པོའི་ཁབ་རལ་བ་དང་གྲུམ་པ་འཆོས་པའི་ཤིང་རྒྱལ་པོས་མ་གནང་ བཞིན་དུ་བླངས་པ་ལ་བརྟེན་ནས་བཅས་པའོ། །དེ་ཡང་གཞི་བཅས་ལྡན་དགེ་སློང་གིས་རང་ དང་ནོར་མི་གཅིག་པའི་མིའི་རྒྱུད་ཀྱིས་བདག་ཏུ་བཟུང་པའི་རྫས་བདག་པོས་མ་བྱིན་པ་རིན་ ཐང་ཚང་བ། འདུ་ཤེས་མིས་བདག་ཏུ་བཟུང་བ་ལ་བཟུང་བར་ཤེས་བཞིན་དུ། ཀུན་སློང་ རྐུ་སེམས་ཀྱིས་རང་ངམ། གཞན་བསྐོས་པའམ། ཉིས་བརྒྱུད་སུམ་བརྒྱུད་དུ་མངགས་པའི་ སྒོ་ནས་མཐུ་དང་འཇབ་བུ་སོགས་ཀྱིས་བདག་གིར་བྱེད་ཅིང་ཐོབ་བློ་སྐྱེས་པའི་ཚེ་ཕམ་པར་ འགྱུར་རོ། །སྤྱིར་རྫས་བདག་ཙམ་ལ་དབྱེ་ན། ཕ་ནོར་བུ་དབང་པ་ལྟ་བུ་རིགས་རྒྱུད་ཀྱི་བདག་ པོ། ཤོ་གམ་རྒྱལ་པོ་དབང་པ་ལྟ་བུ། ཡུལ་ཆོས་ཀྱི་བདག་པོ། རི་དྭགས་ལིངས་པ་དབང་པ་ ལྟ་བུ། བསམ་སྦྱོར་གྱི་བདག་པོ། དབྱར་གྱི་རྙེད་པ་དགེ་འདུན་དབང་པ་ལྟ་བུ། དེ་བཞིན་ གཤེགས་པས་བཀའ་སྩལ་གྱི་བདག་པོ། རྐུ་བྱའི་དངོས་པོ་ལ་ཡུལ་དེར་རིན་ཐང་ཚང་བ། དུས་དེར་བརྐུ་བྱ་རྐུ་བྱེད་གཉིས་ཀ་ལ་ལྟོས་ནས་རིན་ཐང་ཚང་བ། མིས་བདག་ཏུ་བཟུང་བ་ ཡིན་པ་གཡོས་སུ་བྱས་པའི་ཟས་དང༌། དུར་ཁྲོད་ཀྱི་རྫས་ལྟ་བུ་དམན་པ་མིན་པའོ། །རིན་ཐང་ ཚང་བ་ནི། ཀར་ཤ་པ་ན་བཞི་ཆ་སྟེ། [བསླབ་པ་འཆའ་དུས་ཀར་ཤ་པ་ན་གཅིག་ལ་མ་ཤ་ཀ་ ཉི་ཤུར་བྱེད་པས། དེའི་བཞི་ཆ་མ་ཤ་ལྔ་བརྐུས་ན་ཕམ་པར་བྱས། འགྲེལ་པ་རྩོམ་དུས་མ་ཤ་ 2-1-243 ཀ་བཅུ་དྲུག་དུ་བྱེད་པས། བཞི་ལ་ཕམ་པ། སྔོན་བོད་དུ་ཆོས་བསྒྱུར་དུས། (བསམ་ཡས་ཀྱི་རྡོའི་) དངུལ་ཞོ་གཅིག་གི་བརྒྱད་ཆ་ལ་ཕམ་པར་གསུངས་ཞེས་གསུངས་སོ།།]བསླབ་པ་འཆའ་དུས་ ཀྱི་དབང་དུ་བྱས་ན་མགྲོན་བུ་བཞི་བརྒྱའི་རིན་དུ་ལོངས་པའོ། ། མཐར་ཐུག་ནི། རྫས་འདི་བདག་དབང་ངོ་སྙམ་དུ་གྲུབ་བློ་སྐྱེས་པ་ན་དངོས་གཞིའོ། །སྦྱོར་བ་རྫས་ལ་ནོམ་ཉུག་བྱེད་པ་སོགས་ནས་མཐར་ཐུག་མ་གྲུབ་ཀྱི་བར་སྦྱོར་སྦོམ་ཡིན་ལ། དེ་ཡང་འདམ་སྟེ་བཟང་པོ་རྐུ་བའི་ཕྱིར་ནོམ་ཉུག་བྱེད་པ་དང༌། ཆས་ཀྱིས་བྲིད་ནས་རྟ་སོགས་ དཀྲི ་བ། གྲུར་ཞུགས་ཏེ་འདི་རྐུའོ་སྙམ་པ་དང༌། འདི་ལ་འདི་ལྟར་རྐུའོ་སྙམ་ནས་ལུས་འགྱུར་ བ་དང༌། རྐུ་བའི་ཕྱིར་གོམ་པ་དབྲི་བ་དང་བསྣན་པ་སོགས་ཀྱིས་བདག་པོས་མི་སྣང་བའི་སར་ ཕྱིན་པ་དང༌། གཏམས་པ་བརྙས་པ་བསྐྱིས་པ་ལ་བསྙོན་པ་དང༌། དེ་དག་མི་སྦྱིན་པར་སེམས་ པའི་དུས་དང༌། རྐུ་སེམས་ཀྱིས་གཏམས་པ་རྐུ་བའི་སྔ་རོལ་ཏུ་བརྣོགས་པ་དང༌། སྤོས་ནས་ བསྙོན་པ་དང༌། ཤགས་ཀྱིས་རྐུ་ན་བླའི་གྲར་རྒྱལ་བའི་སྐབས་དང༌། བློན་པོའི་གྲར་ཤགས་ རྒྱལ་ནས་ཕ་རོལ་པོས་སྦྱོར་བ་བཏང་པའི་སྐབས་དང༌། རྒྱན་ལ་དོར་བྱས་ནས་རྒྱལ་བར་མ་ གྱུར་ཙམ་དང༌། རང་གི་ལོ་ལེགས་པ་དང༌། གཞན་གྱི་ཉེས་པར་བྱ་བར་འདུན་པས་གཞན་གྱི་ ཞིང་ལ་ཆུ་གཏོང་པའམ་འགོག་པས་ཉེས་སུ་བཅུག་ནས་རང་གི་ལེགས་པའི་ཐབས་བྱས་པ། ཤས་ཐོབ་པའི་ཕྱིར་རྐུན་པོ་ལ་ལམ་རྒྱུས་བསྒོ་བར་བྱེད་པ་ཙམ་དང༌། རྟ་དང་བ་ལང་སོགས་ ཀྱི་སྒྱིད་པ་གཅོད་པ་དང་། རྐུ་སེམས་ཀྱིས་ཤོ་གམ་དངོས་སུ་ནམ་མཁའ་ལ་འདྲལ་བ་སོགས་ སྦྱོར་བའི་སྦོམ་པོའོ། །རིན་ཐང་མ་ཚང་པ་དང༌། བདག་པོ་མེད་པའི་གཏེར་དང༌། རང་གི་ཡིན་ པ་དང༌། འགྲོ་བ་གཞན་གྱི་ཕྱིར་འདུ་ཤེས་པ་དང༌། གཞན་གྱིས་གཞན་ལ་བསྐུར་བ་གཉི་གས་ བདག་གིར་མ་བྱས་པ་དང༌། ལྷག་མེད་མྱང་འདས་ཀྱི་སྐོར་དང༌། དུར་ཁྲོད་པའི་རྫས་དང༌། སྒྲ་མི་སྙན་པའི་ནོར་དང༌། གསང་སྔགས་སོགས་ཀྱིས་འབུལ་དུ་བཅུག་པ་དང༌། གཞན་དོན་ 2-1-244 དུ་རྐུ་བ་དང་གཞན་གྱི་རྫས་ཆུད་གསན་པ་དང༌། འབྲས་བུའི་ཀུན་དགའ་ར་བ་སོགས་སྔགས་ སོགས་ཀྱིས་སྐེམ་པ་དང༌། ལོ་ཐོག་སེར་བས་ཆུད་གསོན་པ་དང༌། བརྙས་པ་བསྲི ་བ་མེད་པར་ ལོངས་སྤྱོད་པ་དང༌། བདག་པོ་མེད་ཀྱང་ཡོད་པར་འདུ་ཤེས་པས་རྐུ་བ་སོགས་ལ་སྦོམ་པོའོ། ། སྦོམ་པོ་ནི་གཉིས་ཏེ། མིང་དུ་ཆགས་པའི་སྒྲ་དང༌། ཡོན་ཏན་གྱི་སྒྲའི་སྦོམ་པོའོ། །དང་པོ་ ནི། ཕམ་ལྷག་གི་ཆར་གཏོགས་པའི་ཉེས་པ་དངོས་གཞིར་མ་ཆོག་ཅིང་ལྟུང་བ་ལྕི་བས་སྦོམ་ པོར་བཅས་པ། དབྱེ་ན་བདག་པོ་མེད་པའི་གཏེར་རྐུ་བ་ལྟ་བུ་དངོས་སྦོམ་གཞན་དོན་དུ་རྐུ་བ་ ལྟ་བུ་དངོས་གཞིའི་རྣམ་པའི་སྦོམ་པོ། དངོས་གཞི་བསྐྱེད་པའི་སྔོན་འགྲོའི་སྦོམ་པོ་ལྟ་བུ་སྦྱོར་ སྦོམ། གསོད་སེམས་མེད་པར་དོང་དུ་འཇུག་པ་དང༌། སྒོ་གླེགས་ཀྱིས་འཚིར་བ་ལ་སོགས་ པས་ཉོན་མོངས་པར་བྱེད་པ་ལྟ་བུ་སྦྱོར་བའི་རྣམ་པའི་སྤོམ་པོ་དང་བཞིའོ། ། གཉིས་པ་ཡོན་ཏན་སྒྲའི་སྦོམ་པོ་ནི། ཉེས་པ་མང་པོ་ཚོགས་པ་ལ་ཟེར་བའི་ལུགས་སམ། མིའི་ཡན་ལག་གཅོད་པ་སྦོམ་པོར་གསུངས་པ་ལྟ་བུའོ། །ཡང་ན་སྦོམ་པོའི་དབྱེ་བ་བཞི་བཞི་ སྟེ། ཚིག་ལེའུར་བྱས་པ་ལས། ཕས་ཕམ་པས་ནི་ཀུན་བསླངས་པའི། །སྦོམ་པོ་རྣམ་པ་བཞི་ ཡིན་ནོ། །སྐྲག་པར་མི་བྱེད་ལྕི་བ་སྟེ། །གཞན་གྱིས་དེ་ལ་འབད་པ་ཡིས། །བཟློག་ཀྱང་མི་ཉན་ རབ་ལྕིར་ཤེས། །གཞན་ལ་ཁྲེལ་ཡོད་སྤང་པ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་སྤང༌། །བསམ་ པའི་དབྱེ་བས་འགྱུར་བ་ཡིན། །དེ་བཞིན་དགེ་འདུན་ལྷག་མ་ཡིས། །ཀུན་བསླང་སྦོམ་པོ་རྣམ་ པ་བཞི། །ཞེས་སོ། ། སྦྱོར་བའི་ལྟུང་བ་ནི། རྐུ་སེམས་སྐྱེས་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱའི་ཉེས་ བྱས། ལུས་ངག་ཏུ་ཐོན་པ་ནས་ནོམ་ཉུག་སོགས། སྦྱོར་བ་དངོས་ལ་ཐུག་པའི་བར་བཤགས་ བྱའི་ཉེས་བྱས་སོ། །གོམ་པ་ཕྲི་ནས་རྐུ་བ་ལ། མི་སྣང་བར་མ་གྱུར་པར་གོམ་པ་རེ་ལ་ཉེས་ བྱས་རེ། རྐུ་བའི་ཕྱིར་གྲུ་ཕུར་པ་ལས་བཀྲོལ་བ་ཙམ་དང༌། མཆོད་པའི་དོན་ཙམ་དུ་སངས་ 2-1-245 རྒྱས་ཀྱི་སྐུ་གདུང་སོགས་རྐུས་པ་དང༌། གྲངས་དང་རྩིས་ལ་དོར་བྱེད་པ་དང༌། མཚན་མ་ཕྱིས་ པ་དང༌། བསྣན་པ་དང༌། མཚན་མ་གནས་གཞན་དུ་བཞག་པ་དང༌། མི་དབང་པ་དབང་པར་ སྒྲོག་པ་དང༌། གཞན་གྱིས་ལོང་ཅིག་ཅེས་མ་བསྒོ་བར་སློང་བ་དང༌། གཞན་ལ་ཤོ་གམ་དང་ གྲུ་རྫས་སོགས་མི་སྟེར་བའི་ཐབས་དང༌། ལམ་གཞན་སྟོན་པ་དང༌། རྔོན་པས་ཟིན་པའི་རི་ དྭགས་སྙིང་བརྩེ་ཙམ་གྱིས་གཏོང་བ་སོགས་ལ་ཉེས་བྱས་སོ། ། བསླབ་བྱ་ནི། གཞན་གྱི་སྤྱོད་པ་གཏོལ་བ་དང༌། ཡིད་གཅུགས་ཀྱི་གནས་མ་ཡིན་པ་ལ་ ཡིད་གཅུགས་སུ་བྱེད་པ་དང༌། ལག་སྤོད་དང་བསོད་ནམས་ཀྱི་བློས་མ་ཡིན་པ་གླ་རྔན་ཙམ་ གྱི་ཆེད་དུ་གཞན་གྱི་ལས་བྱེད་པ། རྐུ་སེམས་མེད་ཀྱང་གཞན་གྱི་རྫས་ལྷུང་པ་བླངས་པ་ཡུན་ རིང་དུ་བསྲེལ་བ། བདག་པོ་མ་ཤེས་པར་རྫས་ཏེ་དགེ་བསྐོས་པ་ལ་མ་གཏད་པ་སོགས་དང༌། ནད་པས་མ་གནང་པར་སྨན་བླངས་པ། རང་དབང་ཡང་གཞན་གྱིས་བདག་ཏུ་བཟུང་བའི་ ནོར་དེས་མ་གནང་པར་བདག་གིར་བྱས་པ། རྐུན་པོས་ཁྱེར་པའི་ཆོས་གོས་སོགས་རང་གི་ བློས་མ་བཏང་ཡང༌། ཆོས་བཤད་པའམ་རིན་མ་བྱིན་པར་ནན་གྱིས་བླངས་པ་དང་། འགྲོན་ དུ་མ་བོས་པར་ཟས་ཟ་བ། གཞན་གྱིས་བོར་བ་ལེན་པའི་ཚེ། གཞན་གྱིས་བདག་ཏུ་བཟུང་མ་ བཟུང་མ་བརྟགས་པར་བླངས་པ། མ་རྨས་པའི་རོ་ལས་གོས་ལེན་པ། བྱ་ཚང་བཤིག་པ། ཆོམ་ རྐུན་པར་མ་གྲགས་པས་ཕུལ་བ་བླངས་པ། གྲགས་པ་ལས་བླངས་པ་ཡང་ཁ་དོག་བསྒྱུར་བ་ སོགས་མ་བྱས་པ་གནད་ལ་བསྒྲེ་བ། རྔོན་པས་གཙེས་པའི་རི་དྭགས་གནས་ཁང་དུ་ཞུགས་པ་ ཤི་བའི་ཤ་རྔོན་པ་བ་ལ་མི་སྦྱིན་པ་སོགས་མི་བྱ་སྟེ། བྱས་ན་ཉེས་བྱས་སོ། ། འདིར་རྐུ་བ་ལ་མུ་དྲུག་སྟེ། མཐུས་འཕྲོག་པ་ལྟ་བུ་ནན་ཁུགས། གླ་རྔན་སོགས་མི་སྟེར་བ་ རྔན་འཐེན། མ་ཚོར་བར་རྐུ་བ་རྒྱུ་ཐབས། སྐྱིན་པ་མི་སྟེར་བར་ཕྱིར་གསབ་པ། བཅོལ་བ་ནི་ མི་སྟེར་བར་གཏམས་པ། མཆོད་པའི་ཕྱིར་རམ་མ་ཕྱི་བྱ་བའི་ཕྱིར་ཆོས་རྐུ་བ་དང་དྲུག་གོ།སྔ་ 2-1-246 མ་རྣམས་ལ་རིན་ཐང་ཚང་ན་ཕམ་པའོ། ། གསུམ་པ། མི་ལ་བསད་པར་མི་བྱ་བ་ལ། གླེང་གཞི་ནི་སྟོན་པ་སྤོང་བྱེད་ཆུ་ཀླུང་ཡིད་འོང་ ལྷས་བྱིན་གྱི་འགྲམ་སྒྲོན་ཤིང་གི་ཚལ་ན་བཞུགས་པའི་ཚེ། དགེ་སློང་རྣམས་ལ་མི་སྡུག་པ་ སྒོམས་ཤིག ཅེས་བཀའ་སྩལ་པས། དེ་དག་གིས་བསྒོམས་པས་ལུས་ཀྱི་སྒྱིད་ལུག་ནས། རི་ དྭགས་བཟློག་དགེ་སློང་སྦེད་ལ་མཚོན་བྱིན་ནས། སྲོག་དང་ཕྲལ་དུ་བཅུག་སྟེ། དེས་དེ་དག་ བསད་པ་ལ་བརྟེན་ནས་བཅས་སོ། །དེ་ལ་གཞི་རང་ལས་གཞན་པའི་མིའམ་མིར་ཆགས་པ། འདུ་ཤེས་མ་འཁྲུལ་ཞིང༌། (ཀུན་སློང་)ཕན་སེམས་ཡིན་ཡང་རུང་སྟེ། གསོད་པར་འདོད་པས་ ཀུན་ནས་བླངས་ནས་སྦྱོར་བ་དུག་མཚོན་མཐུ་ལ་སོགས་པ་འཆི་བའི་ཐབས། ཐ་ན། རྗེས་སུ་ སྦྱོར་བ་ཆུང་ངུ་ཡན་ཆད་ཀྱི་སྒོ་ནས་དེའི་ཚེའམ་གཞན་གྱི་ཚེ་གསོད་པ་པོ་རང་ཤི་བའི་སྔ་རོལ་ དུ་ཤི་ན་དངོས་གཞིའོ། ། སྦྱོར་བ་ནི། གསོད་པའི་སྦྱོར་བ་བརྩམས་པ་ནས། སྲོག་དང་བྲལ་བའི་འདུན་རོལ་ཚུན་ ཆད་ལ་ཉེས་པ་སྦོམ་པོའོ། །དེ་ཡང་དུད་འགྲོ་ལས་གཞན་པའི་མི་མ་ཡིན་བསད་པ། རང་ཉིད་ གསོད་པ། མ་དང་མངལ་ན་གནས་པ་གཉིས་ལས། མ་བསམས་པར་དེ་ཤི་བ། དེ་བཞིན་དུ་ ལྷས་བྱིན་བསད་བསམ་པ་ལས་ནོར་ནས་མཆོད་སྦྱིན་བསད་པ་ལྟ་བུ། གསོད་པའི་སྦྱོར་བ་ བརྩམས་ནས་མ་ཤི་གོང་དུ་འདུན་པ་ལོག་པ། གསོད་སེམས་མེད་པར་མིའི་ཡན་ལག་གཅོད་ པ། མི་ཡོད་པར་ཤེས་པའམ་དོགས་བཞིན་ནགས་མེས་གཏོང་པ། སྐྲ་ཅན་འཚོང་པ། རྐུན་ པོ་སོགས་རྒྱལ་པོའི་གྲར་འབུལ་བ། ཁོ་བོ་འཆིར་འོང་ངོ་ཟེར་བ་ལ་ཡིད་མ་ཆེས་པས་སྐྱོད་པ་ སོགས་བྱེད་པ། ནད་པ་ཤི་སླའོ་ཞེས་གཡོག་མི་བྱེད་པ། ནད་པ་ལ་སྨན་དང་ཟས་མི་འཕྲོད་ པ་སྦྱིན་པ། འབྲས་མ་སྨིན་པ་བཏོལ་བ། གཞན་དོང་དུ་འཇུག་པ། སྒོ་གླེགས་ཀྱིས་འཚིར་བ། ཐག་པས་འཆིང་བ་སོགས་ཀྱིས་སྡུག་བསྔལ་བར་བྱེད་ན་སྦོམ་པོའོ། ། 2-1-247 སྦྱོར་བའི་སྦྱོར་བ་ནི། གསོད་སེམས་སྐྱེས་པ་ནས། ལུས་ངག་ཏུ་མ་ཐོན་གྱི་བར་བསྡམ་ བྱའི་ཉེས་བྱས། ཐོན་ནས་སྦྱོར་བ་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། ། བསླབ་བྱ་ནི། ནད་པ་ལ་ཤི་ནའང་མཐོ་རིས་ཐོབ་པ་སོགས་ཀྱི་འཆི་བའི་སེམས་དང་ མཐུན་པའི་གཏམ་མི་སྨྲ་བ། ནད་གཡོག་ཤེས་པ་ཡོད་བཞིན་མི་ཤེས་པ་འཇོག་པ། དུག་དང་ མཚོན་སོགས་ནད་པའི་དྲུང་དུ་འཇོག་པ། ནད་པ་འཆི་བའི་ཐབས་སྒྲུབ་པ། ནད་གཡོག་གིས་ མ་བཟློག་པ། རྫས་ཀྱི་ཕྱིར་གཞན་འཆི་བར་འདོད་པ། བྱ་བ་མ་ཡིན་པ་བྱེད་པ་ལ་ཡི་རང་བ། སྨན་སོགས་ཤེས་པ་ལ་མ་དྲིས་པར་སྦྱིན་པ། ཁུར་ལྕི་བ་འདེགས་པའི་གྲོགས་བྱེད་པ། སོ་ཕག་ སོགས་འཕང་བ། དགེ་སློང་ངལ་བ་ཕུལ་བ། དེའི་གྲོགས་མི་བྱེད་པ། མ་བརྟགས་པར་གསད་ བྱ་སྟོན་པ་སོགས་དང༌། ཤེས་བཞིན་མེད་པར་གསང་སྔགས་ཀྱི་ཐལ་ལྕག་བྱེད་པ། ཐོགས་ པ་བསལ་བའི་ཕྱིར་བསྣུན་པ། རྡོ་སོགས་སྒྲིལ་བ། ཕྱོགས་ཉུང་ངུས་ལྕི་བ་འདེགས་པ། སྤྱི་བོ་ ཚུགས་སུ་འགྲོ་བ། ལེགས་པར་མ་བསླབས་པར་སྨན་སྤྱད་སོགས་བྱེད་པ། མཚོན་འཕང་བ་ ལ་བསྒོ་བ། ནད་པ་མི་ནུས་པ་ལམ་དུ་འཁྲིད་པ་སོགས་མི་བྱ་སྟེ། བྱས་ན་ཉེས་བྱས་སོ། ། བཞི་པ་བརྫུན་དུ་སྨྲ་དང་བཅས་པ་ལ། གླེང་གཞི་ནི། སྟོན་པ་ཡངས་པ་ཅན་གྱི་སྤྲེའུའི་ རྫིང་འགྲམ་ན་བཞུགས་པའི་ཚེ་ཉ་བ་ལས་རབ་ཏུ་བྱུང་པ་ལྔ་བརྒྱ་མི་ཆོས་བླ་མའི་ཡོན་ཏན་ བསྒྲགས་ཏེ་བསོད་སྙོམས་བླངས་པ་ལ་བརྟེན་ནས་བཅས་སོ། ། དེ་ལ་གཞིའི་ཡན་ལག་སྨྲ་བའི་ཡུལ་ནི། རང་མ་ཡིན་པའི་མི་སྨྲ་ཤེས་དོན་གོ་ཤེས་པ་ རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པ། གཟུགས་གཞན་དུ་བསྒྱུར་བ་དང༌། མི་སྣང་པར་བྱས་པ་མ་ཡིན་པའོ། །གང་སྨྲ་བའི་དངོས་ པོ་ནི། འདོད་པ་ལས་འདས་པ། བསམ་གཏན་དང་པོ་ནས་སངས་རྒྱས་ཀྱི་བར་གྱི་འཇིག་ རྟེན་དང་འཇིན་རྟེན་ལས་འདས་པའི་ཡོན་ཏན་གང་རུང་ཡིན་པའོ། །དེ་ཡང༌། ལྷ་སོགས་ཕན་ 2-1-248 ཚུན་མཐོང་ཐོས་སོགས་དང༌། ཐོབ་བྱའི་ཡོན་ཏན། མི་རྟག་པའི་འདུ་ཤེས་སོགས་ཉི་ཤུ་དང༌། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི། འབྲས་བུ་བཞི། མངོན་ཤེས་དྲུག ཟད་པར་ཟིལ་གནོན་ལ་སོགས་པའི་ཡོན་ཏན་རྣམས་སོ། །སྨྲ་བ་པོའི་གང་ཟག་ནི། ཐོབ་པར་ སྨྲས་པའི་མི་ཆོས་བླ་མ་དེ་དང་མི་ལྡན་པའི་དགེ་སློང་གིས། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ རང་ཉིད་མི་ཆོས་བླ་མ་དང་ལྡན་པར་སྨྲ་འདོད་དམ། གཞན་གྱིས་སྨྲས་པ་འདུ་ཤེས་བསྒྱུར་ ནས་ཚིག་གིས་དང་དུ་ལེན་འདོད་རྒྱུན་ཆགས་པ། སྦྱོར་བ་ངག་མཚན་ཉིད་ལྔ་ལྡན་གྱི་མི་ཆོས་ བླ་མ་མ་ཐོབ་པ་ལ་ཐོབ་པར་སྨྲ་བའམ། གཞན་གྱིས་སྨྲས་པ་ཚིག་དང་དུ་ལེན་པ་རྩོམ་པའོ། །ངག་མཚན་ཉིད་ལྔ་ལྡན་ནི། ངག་ཡིན་པ། རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ ནོར་བ། གསལ་པོར་སྨྲས་པའོ། །དེ་ཡང་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མི་ཆོས་བླ་མ་དང་ ལྡན་པར་སྨྲ་བའི་ཕྱིར། སྦྱོར་བ་བརྩམས་པ་ནས། དངོས་གཞི་ལ་ཐུག་གི་བར་སྦྱོར་བའི་སྦོམ་ པོའོ། །དེ་ཡང་འདུ་ཤེས་བསྒྱུར་ནས། མི་ཆོས་བླ་མའི་ཡོན་ཏན་རང་ལ་ཡོད་པར་གོ་འདོད་ པའི་བསམ་པས་གཞན་ལ་སྦྱོར་ཞིང་སྟོན་པ་དང་གཞོགས་སྨོས་བྱེད་པ་སོགས་དང༌། རྡུལ་ ཁྲོད་ཀྱི་ཤ་ཟ་མཐོང་ཞེས་དང༌། འདོད་སེམས་ཀྱིས་བསྡུས་པའི་ཐོས་བསམ་གྱི་ཤེས་རབ་ ཀྱིས་ཉོན་མོངས་མགོ་ནོན་པ་ཙམ་བདག་ལ་ཡོད། ཞེས་དང༌། མི་ཆོས་བླ་མ་སྨྲ་འདོད་ཀྱིས་ ཤིང་ཐོག་ལྟ་བུ་བཟུང་ནས་འབྲས་བུ་ཐོབ་པོ་ཞེས་དང༌། རྒྱུན་ཞུགས་སོགས་སྨྲ་འདོད་ནོར་ ནས་ཕྱིར་འོང་ཐོབ་པོ་ཞེས་སྨྲས་པ་ལྟ་བུ་དང༌། ཁྱོད་དགྲ་བཅོམ་སོགས་ཡིན་ནོ་ཟེར་བ་ལ་ ཅང་མི་སྨྲ་བས་དང་དུ་ལེན་པ་དང༌། ཁྱོད་དགྲ་བཅོམ་ཡིན་ན་བདག་གི་བསོད་སྙོམས་ལོང་ ཞིག་ཅེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པའོ། །སྦྱོར་བའི་སྦྱོར་བ་ནི། མི་ཆོས་བླ་མ་ སྨྲ་འདོད་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་ནས་བཤགས་བྱའི་ཉེས་བྱས་སོ། །བསླབ་བྱ་ནི། མ་བསམས་པར་ལུང་བསྟན་པར་མི་བྱའོ། ། 2-1-249 གཉིས་པ་དགེ་འདུན་ལྷག་མའི་སྡེ་ནི། སྡོམ་ལ། ཁུ་བ་འཛིན་དང་འཁྲིག་ཚིག་བསྙེན་ བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་དང༌། །བག་ཙམ་དགེ་འདུན་དབྱེན་དང་དེར་ རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་པ་ལྟར་བཅུ་གསུམ་ལས། ཁུ་བ་ཞེས་པ་འབྱིན་པའི་དགེ་འདུན་ལྷག་མ་ལ། གླེང་གཞི་ནི། སྟོན་པ་མཉན་ཡོད་ན་ བཞུགས་པའི་ཚེ་འཆར་ཀ་འདོད་ཆགས་ཀྱིས་དཀྲི ས་པ་ན། རང་གི་ཡན་ལག་ལས་ཁུ་བ་ཕྱུང་ པ་ལས་བཅས་སོ། །གཞིའི་ཡན་ལག་ནི། རང་གི་ཁུ་བ་དང་པོའི་གནས་ནས་མ་འཕོས་པ་ དབྱུང་འདོད་ཀྱི་བསམ་པས་རང་གི་ཡན་ལག་གི་རྣམ་པ་ལ་རེག་ཅིང་བརྩལ་བས་དང་པོའི་ གནས་ནས་འཕོས་པའོ། །སྦྱོར་བ་དབྱུང་པའི་ཕྱིར་སྦྱོར་བ་བརྩམས་པ་ནས་དངོས་གཞི་ལ་ ཐུག་པའི་བར་སྦོམ་པོའོ། །བདེ་བ་དང༌། རིག་སྔགས་དང༌། ས་བོན་དང༌། སྨན་དང༌། བརྟག་ པའི་ཕྱིར་ཕྱུང་བ་ཐམས་ཅད་ལྷག་མའོ། །སྦུབས་སུ་འོངས་པ་དང༌། གཞན་གྱི་ཁུ་བ་ཕྱུང་བ་ དང༌། ཆགས་སེམས་དང་ལྡན་པས་གཞལ་བའི་ཕྱིར་དབང་པོ་ལ་རེག་པ་དང༌། སྦྱོར་བ་མེད་ པར་ཕྱུང་བ་ལ་རོ་མྱང་བ་དང༌། ཡན་ལག་གི་རྣམ་པ་ཉེད་པ་དང༌། འཚིར་བ་དང༌། དེ་ལས་ སུ་རུང་བ་ལ་ནོམ་པ་དང༌། སྨན་གྱིས་འབྱིན་པ་དང༌། ལ་བ་དང་འཕྱིང་བ་སོགས་སེམས་ཅན་ དུ་བགྲང་བ་མ་ཡིན་པས་འབྱིན་པ་དང༌། རང་གི་དབང་པོ་རྨ་འཚིར་བ། མོ་དབང་འཚིར་བ། དེར་མཐེ་བོ་འཇུག་པ། ཚུལ་མིན་ཡིད་ལ་བྱེད་པ་ཙམ་ལས་ཕྱུང་བ། དབང་པོ་འཛིན་པ་ཙམ་ ལས་ཕྱུང་བ་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་ནི། དབྱུང་བའི་སེམས་སྐྱེས་པ་ནས་ལུས་ངག་ཏུ་མ་ཐོན་པའི་བར་ བསྡམ་བྱ། ཐོན་ནས་སྦྱོར་བ་དངོས་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། །ཆགས་ སེམས་ཙམ་གྱིས་རྒྱུན་དང་རྫི ་ཕྱོགས་སུ་གཏོད་པ་ལྟ་ན་ཉེས་བྱས་སོ། །བརླ་དང་གོས་སོགས་ ཀྱིས་རེག་པ་དང་གཡན་པ་ཕྲུགས་པ་ལྟ་བུས་མ་བསམས་པར་རེག་པ་དང༌། བུད་མེད་ཀྱི་སྒྲ་ 2-1-250 ཐོས་པ་ལྟ་བུས་བབ་ཅོལ་དུ་ལྷུང་པ་དང༌། དབྱུང་འདོད་མེད་པར་འཛག་སྣོད་ལ་དྲུད་པ་དང༌། སྔོན་གྱི་ཆུང་མས་འཁྱུད་པ་དང༌། བུད་མེད་ཀྱིས་གཟུང་བ་ལ་བབ་ཅོལ་དུ་ལྷུང་བ་ལ་རོ་མ་ མྱངས་ན་ལྟུང་བ་མེད་དོ། ། གཉིས་པ་འཛིན་དང་ཞེས་པ་རེག་པའི་དགེ་འདུན་ལྷག་མ་ལ། གླེང་གཞི་ནི། སྟོན་པ་ མཉན་ཡོད་ན་བཞུགས་པའི་ཚེ། འཆར་ཀས་རྒྱལ་བྱེད་ཚལ་སྐོར་བའི་བུད་མེད་ཀྱི་ལུས་ཀྱི་ རེག་པ་བདག་གིར་བྱས་པ་ལས་བཅས་སོ། །དེ་ལ་དངོས་གཞི་ནི། ཡུལ་བུད་མེད་ལུས་རྟེན་ རུང་མ་ཉམས་པ། ཐ་མལ་དུ་གནས་པའི་ལུས་དངོས་སམ། སྐྲ་འམ་དེ་དང་འབྲེལ་བའི་སྐྲ་ མཐུད་ལྟ་བུ་ལ་དགེ་སློང་རང་གི་ལུས་དངོས་མ་ཉམས་པས། འདུ་ཤེས་མ་འཁྲུལ་ཞིང་ཆགས་ སེམས་ཀྱིས་རེག་པའི་བདེ་བ་ཉམས་སུ་མྱོང་འདོད་ཀྱིས་རེག་པའམ། ཡུལ་གྱིས་ཚུར་རེག་པ་ དང་དུ་ལེན་འདོད་ཀྱིས་མཐར་ཐུག་རེག་པ་ཉམས་སུ་མྱོང་པ་རྫོགས་པའོ། །དགེ་སློང་གིས་ བུད་མེད་རྟེན་རུང་ལ་ནོམ་ཉུག་སྤྲོད་འཛིན་འདྲེན་འཁྱུད་བྱས་པ་དང༌། བརྟེན་བྱས་ཚུར་བྱས་ པ་དང་དུ་བླངས་པ་རྣམས་ལ་ཁྱད་པར་མེད་དོ། ། སྦྱོར་བའི་ལྟུང་བ་ནི། སྦྱོར་བ་བརྩམས་པ་ནས་དངོས་གཞི་ལ་ཐུག་གི་བར་སྦོམ་པོའོ། །དེ་ ཡང་རྟེན་དུ་མི་རུང་བའི་བུད་མེད་དང༌། རྟེན་རུང་གི་སྐྱེས་པ་དང༌། མཚན་མེད་པའི་མ་ནིང་ དང་དུད་འགྲོ་ལས་གཞན་པའི་སྤྲུལ་པ་མོ་དང༌། བུད་མེད་ཀྱི་གོས་སྲབ་པོས་བར་དུ་ཆོད་པ་ ལ་རེག་པ་དང༌། འཇམ་པ་དྲོ་བ་སྙི་བའི་བསམ་པས་བུད་མེད་ལ་རེག་པ་དང༌། ཟས་དང་ས་ ལ་སོགས་པ་མོའི་དབང་པོར་འཛུད་པ་ལ་སོགས་པ་རྣམས་ལ་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་ནི། ཀུན་སློང་འགྱུས་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་ནས་སྦྱོར་བ་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། །དེ་ཡང་བུད་མེད་ལུས་ཉམས་ པ་དང༌། སྐྱེས་པ་དང༌། སྤྲུལ་པ་མོ་དང༌། མ་ནིང་ལུས་ཉམས་པ་དང༌། རྒོད་བག་གིས་རྐང་པ་ 2-1-251 ལ་སོགས་པས་བུད་མེད་ལ་འཕུལ་བ་དང༌། དེའི་སྟན་ལ་འདུག་པ་དང༌། བུད་མེད་འགྱེལ་བ་ ལྡང་ནུས་བཞིན་དུ་སློང་བ་སོགས་ལ་ཉེས་བྱས་སོ། ། བསླབ་བྱ་ནི། ཆགས་སེམས་མེད་ཀྱང་དགེ་སློང་མ་དང་བུད་མེད་ལ། དགོས་མེད་དུ་རེག་ པར་མི་བྱ། བུད་མེད་ཆུར་ལྷུང་ནས་ཉམ་ཐག་པ་ལ་མ་སྲིང་གི་འདུ་ཤེས་ཀྱིས། ལག་པའམ་སྐྲ་ ནས་བཟུང་སྟེ་བསྒྲལ་བར་བྱ་ཞིང༌། འཚོ་བའི་ཐབས་བྱའོ། །ལྟུང་བ་མེད་པ་ནི་སེམས་དག་ པས་སྙིང་བརྩེ་བས་བུད་མེད་ཀྱིས་འཁྱུད་པ་དང༌། བུད་མེད་ཀྱི་དགེ་སློང་ལ་འཕུལ་བ་སྟན་ ལ་འདུག་པ། འགྱེལ་བ། སློང་བ། མི་འདོད་བཞིན་དུ་བུད་མེད་ཀྱིས་བཟུང་བ། མས་འཁྱུད་ པ། སྔོན་ཁྱིམ་པའི་དུས་ཀྱི་བུ་མོ་པང་ན་འདུག་པ། བུད་མེད་འཁྲུལ་པ་མོ་དབང་མེད་དུ་སྟེང་ དུ་འགྱེལ་བ་རྣམས་ལ་རེག་པ་བདག་གིར་མ་བྱས་ན་ལྟུང་བ་མེད་དོ། ། གསུམ་པ་འཁྲིག་ཚིག་ཅེས་པ་ལ། གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ ཚེ། འཆར་ཀས་རྒྱལ་བྱེད་ཚལ་བསྐོར་བའི་བུད་མེད་ལ་ཚོགས་པར་དབྱུང་དུ་མི་རུང་པའི་ འཁྲིག་ཚིག་སྨྲས་པ་ལ་བརྟེན་ནས་བཅས་སོ། །དངོས་གཞི་ནི། ཡུལ་བུད་མེད་ལུས་རྟེན་རུང་ ཐ་མལ་དུ་གནས་པ། རྫུ་འཕྲུལ་ཅན་མ་ཡིན་པ། སྨྲ་ཤེས་དོན་གོ་བ། ཤེས་པ་རང་བཞིན་དུ་ གནས་པ་ལ་དགེ་སློང་གིས་བརྗོད་བྱའི་དོན་ཡུལ་དུས་དེར་འཁྲིག་པའི་དངོས་མིང་དུ་གསལ་ པོར་གྲགས་པ། འདུ་ཤེས་མ་འཁྲུལ་བས་ཀུན་སློང་སྨྲ་བའི་བདེ་བ་མྱོང་འདོད་ཀྱི་འདུན་པས་ ཆགས་སེམས་ཀྱིས་རང་གིས་སྨྲ་བའམ་བུད་མེད་ཀྱིས་སྨྲས་པ་དང་དུ་ལེན་འདོད་ཀྱིས་སྨྲས་ པ་ཡུལ་གྱིས་དོན་གོ་ན་དངོས་གཞིའོ། ། སྦྱོར་བའི་ལྟུང་བ་ནི། འཁྲིག་ཚིག་སྨྲ་བའི་ཕྱིར་སྦྱོར་བ་བརྩམས་པ་ནས་དངོས་གཞི་ལ་ ཐུག་གི་བར་སྦྱོར་བའོ། །དེ་ཡང་བུད་མེད་རྫུ་འཕྲུལ་ཅན་དང༌། ལེགས་ཉེས་མི་གོ་བའི་སྐྱེས་ པ་དང་བུད་མེད་ལ་སྨྲས་པ་དང༌། འཁྲིག་པ་དངོས་སུ་མ་སྨྲས་པར། དེ་དང་འབྲེལ་པའི་དོན་ 2-1-252 ཁྱོད་ཀྱི་རྨའི་སྒོ་ལེགས་པར་དོད་དོ། །ཞེས་སོགས་བསྔགས་པ་དང༌། ལེགས་པར་དོད་པ་མ་ ཡིན་ནོ། །ཞེས་བསྔགས་པ་མ་ཡིན་པ་སོགས་དང༌། མཛེས་པ་ཡིན་ནོ། །སྡིག་ཅན་ཡིན་ནོ་ ཞེས་སོགས་དང༌། འཁྲིག་པ་ལ་བསམས་ནས་སྲུ་ཁོ་བོ་ལ་ནས་སྦྱིན་ཅིག ཅེས་སོགས་དང༌། དེར་འགལ་དུམ་ཆུག་ཅིག་ཅེས་དང༌། ཆགས་སེམས་མེད་ཀྱང་གོམས་པའི་དབང་གིས་རང་ བཞིན་གྱིས་འཁྲིག་ཚིག་སྨྲས་པ་རྣམས་ལ་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་ནི། སྨྲ་འདོད་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་ནས་ སྦྱོར་བ་ལ་ཐུག་པའི་བར་བཤགས་བྱའི་ཉེས་བྱས་སོ། །འཁྲིག་པ་སྨྲ་འདོད་མེད་པར་དོན་ གཞན་ལ་བསམས་པས་ལྗོངས་ཀྱི་ངེས་པའི་ཚིག་དང༌། མིང་གི་ཆ་འདྲ་བ་ཙམ་སྨྲས་པ་ལ་ལྟུང་ བ་མེད་དོ། །བསླབ་བྱ་ནི། ཡུལ་དུས་གནས་སྐབས་ཐམས་ཅད་དུ་འཁྲིག་ཚིག་སྨྲ་བ་སོགས་ ལྟུང་པའི་སྒོར་གྱུར་པ་ཐམས་ཅད་ལ་བག་དང་ལྡན་པས་སེམས་བསྲུང་བ་ལ་བརྩོན་པར་བྱའོ། ། བཞི་པ་བསྙེན་བཀུར་ཅེས་པ་ལ་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མའི་གླེང་ གཞི་ནི། སྟོན་པ་རྒྱལ་བྱེད་ཚལ་ན་བཞུགས་པའི་ཚེ། འཆར་ཀས་རྒྱལ་བྱེད་ཚལ་བསྐོར་བའི་ བུད་མེད་ལ་ང་ལྟ་བུ་ཚུལ་ཁྲིམས་དང་ལྡན་པ་ལ་འཁྲིག་པས་བསྙེན་བཀུར་བྱས་ན་བསྙེན་ བཀུར་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་སྨྲས་པ་ལ་བརྟེན་ནས་བཅས་སོ། །དེ་ལ་སྨྲ་བའི་ཡུལ་ འཁྲིག་ཚིག་གི་སྐབས་སུ་བསྟན་པ་བཞིན་གྱི་བུད་མེད་ལ་དངོས་པོ་འཁྲིག་པས། བདག་ལ་ བསྙེན་བཀུར་གྱིས་ཤིག ཅེས་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་བསྔགས་པ་དེའི་བདེ་ བ་མྱོང་འདོད་པས། སྦྱོར་བ་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་བྱས་ན་ བསྙེན་བཀུར་རྣམས་ཀྱི་མཆོག་ཡིན་ནོ། །ཞེས་རང་གིས་སྨྲས་པའམ། ཡུལ་གྱིས་སྨྲས་པ་རང་ གིས་ཕྱིར་སྨྲས་པས་མཐར་ཐུག་དོན་གོ་ན་དངོས་གཞིའོ། ། 2-1-253 སྦྱོར་བའི་ལྟུང་བ་ནི། དེ་སྐད་སྨྲ་བའི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་ཐུག་པའི་བར་ སྦོམ་པོའོ། །དེ་ཡང་བདག་དང་འཁྲིག་པ་ཞེས་གཉིས་ཀ་ལ་མ་སྦྱར་བར་གང་རུང་གཅིག་སྦྱར་ ཏེ་སྨྲས་པ་དང༌། ཡུལ་རྫུ་འཕྲུལ་གྱི་ཆོས་ཅན་མོ་དང༌། དུད་འགྲོ་ལས་གཞན་པའི་མི་མ་ཡིན་ མོ་དང༌། སྐྱེས་པ་དང་བུད་མེད་བསམ་པ་རང་བཞིན་དུ་མི་གནས་པ་ལ་སྨྲས་ན་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་ནི། སྨྲ་འདོད་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་ནས་ སྦྱོར་བ་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། །དེ་ལ་བདག་དང་འཁྲིག་པ་གང་ཡང་མ་ སྦྱར་བར་ཡིད་ཀྱིས་འཁྲིག་པ་ལ་བསམས་ནས། བསྙེན་བཀུར་གྱིས་ཤིག་ཅེས་སོགས་སྨྲས་ ན་ཉེས་བྱས་སོ། །དེ་བདག་དང་འཁྲིག་པ་ལ་བསམས་ནས་བསྙེན་བཀུར་གྱིས་ཤིག་ཅེས་ སོགས་སྨྲས་ན་ཉེས་བྱས་སོ། ། ལྔ་པ་སྨྱན་ཞེས་པ་ལ། སྨྱན་བྱེད་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སྟོན་པ་མཉན་ ཡོད་ན་བཞུགས་པའི་ཚེ། དྲུག་སྡེས་སྨྱན་བྱས་པས། མུ་སྟེགས་དག་ཁྱིམ་པ་དང་ཁྱད་པར་ཅི་ ཡོད། སུ་ཞིག་བསོད་སྙོམས་སྦྱིན་པར་བྱེད་ཅེས་འཕྱ་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་ དགེ་སློང་གིས་རང་ལས་གཞན་པའི་སྐྱེས་པ། བུད་མེད་སྤྲད་དུ་མི་རུང་པ་ལ་འདུ་ཤེས་མ་ འཁྲུལ་ཞིང་ཀུན་སློང་མི་མཐུན་པ་མཐུན་པར་བསྒྲུབ་པའི་བསམ་པས། སྦྱོར་བ་ཕྲིན་གསུམ་ གྱི་སྒོ་ནས། མཐར་ཐུག་སྤྲད་བྱ་གཉིས་ཀྱི་དབང་པོ་གཉིས་ཕྲད་པ་ན་དངོས་གཞིའོ། །འཕྲིན་ བྱ་ཡུལ་སྤྲད་བྱ་གཉིས་སམ། དེ་གཉིས་ལ་དབང་བྱེད་པའི་ཕྲ་མ་སོགས་སོ། །སྦྱོར་བ་རང་ངམ་ རང་གིས་དངོས་སུ་བཀོས་པས་སྨྱན་བྱེད་པའི་སྦྱོར་བ་བརྩམས་པ་ནས་དངོས་གཞི་ལ་ཐུག་གི་ བར་སྦོམ་པོའོ། །དེ་ཡང༌། སྨད་འཚོང་མ་དང་སྤྲད་པ་དང༌། ལན་གསུམ་ཚུན་ཆད་ཞུགས་པ་ སྤྲད་པ་དང༌། དང་སམ་འདུས་པ། ཟས་གོས་ཀྱིས་འཚོ་བ། ཁ་དུམ་པ། ཐང་འགའ་ཕྲད་པ་ སྟེ་ཆུང་མ་ཐ་མ་བཞི་དང་སྐྱེས་པ་འཐབ་པ་ཙམ་ན་སྤྲད་པ། ཆུ་ཚིགས་ཀྱིས་སྦྱིན་པ། རིན་ཆས་ 2-1-254 ཉོས་པ། བཙན་ཕྲོགས་སུ་ཐོབ་པ་སྟེ། ཆུང་མ་དང་པོ་གསུམ་ཆུང་མ་མ་ཡིན་པར་བསྒྲགས་ པ་དང༌། དྲིལ་བསྒྲགས་པ། སྤྲད་པ་རྣམས་ལ་ལྷག་མ། དང་པོ་གསུམ་སྐྱེས་པ་དང་དུམ་པ་ བཅད་པ་དང༌། རྡེའུ་གསུམ་གཏོར་བ་དང༌། ཆོ་ག་བཏང་པ་རྣམས་བསྡུམས་ནས་ཕྲད་པ་དང༌། མངལ་ན་གནས་པ་དང་རབ་ཏུ་བྱུང་པ་དང༌། བུ་བུ་མོ་མེད་པ་དང༌། ཟ་མ་མ་ནིང་ལྟ་བུ་བརྟེན་ པའི་ནུས་པ་མེད་པ་དང༌། རིན་གྱིས་ཉོས་པ་དང༌། ལན་བཞིར་ཞུགས་པ་ལྟ་བུ་མཐུན་ཟིན་ པ་དང༌། རང་གི་སྨྱན་བྱེད་པ་དང༌། དུས་བཏབ་པ་སྟོན་པ་དང༌། འཐབ་བཀྲོལ་གྱིས་འཕྲོག་ ཏུ་འཇུག་པ་དང༌། བུད་མེད་ཆེ་གེ་མོ་ཞིག་ཉོས་ཅིག་ཟེར་བ་དང༌། བུ་མོ་བྱིན་ཟིན་དོར་བྱ་ སྟེ། མ་བྱིན་པར་སྤྲད་པ་དང༌། དགེ་འདུན་གྱི་མཆོད་སྟོན་གྱི་དོན་དང༌། རང་ལ་ཟན་སྦྱོར་བ་ ལ་སོགས་པའི་དོན་དུ་སྨྱན་བྱེད་ན་སྦོམ་པོའོ། །ཕྲིན་མནོས་པ། ཕྲིན་ཕར་བསྐྱལ་ཚུར་བསྐྱལ་ རྣམས་ལ་སྦོམ་པོ་རེ་རེའོ། ། སྦྱོར་བའི་སྦྱོར་བ་ནི། །ཕྲིན་བྱེད་འདོད་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་ནས་དངོས་གཞི་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། །དེ་ཡང་ཆུ་ཚིགས་ཀྱིས་ སྦྱིན་པ་སོགས་ཆུང་མ་དང་པོ་གསུམ་སྐྱེས་པ་དང་འཐབས་པ་ཙམ་དང༌། འཐབས་པའི་འོག་ ཏུ་བསྡུམས་བྱེད་པ་དང༌། བུད་མེད་ཉོས་ཅིག་ཟེར་བ་ཙམ་དང༌། བུད་མེད་རྙེད་མོད་ཟེར་བ་ ཙམ་དང༌། དུད་འགྲོའི་སྨྱན་བྱེད་ན་ཉེས་བྱས་སོ། ། དྲུག་པ་ཁང་པ་ཞེས་པ་ལ། ཁང་པ་བྱེད་པའི་དགེ་འདུན་ལྷག་མའི་གླེང་གཞི་ནི། སྟོན་པ་ ཀོའུ་ཤམ་བྷི ་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ། དྲུག་སྡེས་ཡོ་བྱད་བྲམ་ཟེ་ འཇུངས་(དེ་སེར་སྣ་ཅན་ཟེར་)པ་ཞིག་ལ་བླངས། ས་གཞི་རྒྱལ་པོ་ལ་བླངས་ནས་ཁང་པ་བརྩིགས་ པ་ལ་བརྟེན་ནས་བཅས་སོ། །དེའང་རང་ངམ་གཞན་བསྐོས་པས་གཞི་ས་གཞི་དང་ཡོ་བྱད་ གཞན་ལས་བཙལ་བ། སྲོག་ཆགས་ཕྲ་མོ་དང་བཅས་པས་གཞི་མི་རུང་བ་དང༌། གཞན་དང་ 2-1-255 རྩོད་པ་དང་བཅས་པ་དང་མི་བརྟན་པས་བརྩམ་དུ་མི་རུང་བ་སྟེ། གསུམ་དང་ལྡན་པས་གཞི་ མ་དག་པ་དང༌། དགེ་འདུན་ལས་གནང་བ་མ་ཐོབ་པ་དང༌། ཚད་ལས་ལྷག་པ་དང༌། ཕལ་ ཆེར་བསྐོར་ཞིང་སྟེང་གཡོགས་པ། གང་ཟག་གཅིག་གི་དོན་དུ་གྲུབ་པ་ན་དངོས་གཞིའོ། །ཚད་ ནི་ཆུང་མཐའ་སྤྱོད་ལམ་བཞི་(སྟེ་ལུས་མ་བཏུད་པར་འགྲེང་ནུས་པ། རྒྱར་དཀྱིལ་ཀྲུང་བཅས་ཏེ་འདུག་ནུས་པར་ཉལ་ ནས་རྐང་པ་རྐྱང་ནུས་པ། གོམ་པ་ཐ་མལ་པ་གསུམ་འདོར་ནུས་པའོ།།)ཤོང་བ་ནས་ཆེ་ཚད་མི་འབྲིང་པོའི་སྲི ད་དུ་ ཁྲུ་བཅོ་བརྒྱད། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་ཁང་པའི་ཚད་དོ། ། སྦྱོར་བ་ནི། ཁང་པ་རྩིག་པར་བརྩམས་པ་ནས་དངོས་གཞི་ལ་ཐུག་པའི་བར་སྦོམ་པོའོ། །ཡན་ལག་དེ་དག་ལས་གང་རུང་གཅིག་མ་ཚང་པ་དང༌། ངོས་བསྐོར་ཞིང་ཐོག་མ་སྐལ་བ་ དང༌། དཀོན་མཆོག་གི་དོན་མ་ཡིན་པར་གང་ཟག་གཉིས་གསུམ་གྱི་དོན་དུ་བྱས་ན་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་ནི། ཁང་པ་བྱེད་འདོད་ཀྱི་བློ་སྐྱེས་པ་ནས། ལུས་ངག་ཏུ་མ་ཐོན་པའི་ བར་བསྡམ་བྱ། ཐོན་ནས་སྦྱོར་བ་ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། །དེ་ལ་བཙལ་ བ་དང་ཚད་ལས་ལྷག་པ་གཉིས་མ་ཚང་ན། མ་དག་པ་དང་གནང་བ་མ་ཐོབ་པ་ལ་ཉེས་བྱས་ སོ། །བསླབ་བྱ་ནི། ས་གཞི་དང་ཡོ་བྱད་མ་བཙལ་ཅིང༌། གཞི་དག་པར་ཁང་པ་བྱེད་ན། དགེ་ འདུན་ལ་གནང་བ་གསོལ་དགོས་ཤིང༌། དགེ་འདུན་གྱིས་ཀྱང་ཐམས་ཅད་ཀྱིས་སམ་བསྐོས་ པས་གཞི་དག་མ་དག་བརྟགས་ནས་དག་ན་གནང་པ་སྦྱིན་ཞིང༌། གནང་པ་དང་མི་འགལ་ བར་བྱའོ། །ཁང་པ་གཞན་གྱིས་བྱས་པ་རྙེད་པ་དང༌། བྱས་ཟིན་ལ་ལོངས་སྤྱོད་པ་དང༌། རྙིང་ པ་འཆོས་ཤིང་བྱི་དོར་བྱེད་པ་ལ་ལྟུང་བ་མེད་དོ། ། བདུན་པ་ཁང་ཆེན་དང་ཞེས་པ་ལ། ཁང་ཆེན་གྱི་དགེ་འདུན་ལྷག་མའི་གླེང་གཞི་ནི། གོང་ དང་མཐུན་ལ། དེ་ཡང་ཁང་ཆེན་རྩིག་པའི་ས་གཞི་གོང་དུ་བསྟན་པ་ལྟར་གྱི་མ་དག་པ་གསུམ་ 2-1-256 དང་ལྡན་པ། དགེ་འདུན་ལ་གནང་པ་མ་ཐོབ་པ། ཡོ་བྱད་བཙལ་བའམ་མ་བཙལ་བ་གང་ཡང་ རུང་པས་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ཁྱིམ་པའམ་རབ་བྱུང་གང་ཟག་བཞིར་ལོངས་པ་ ཡན་ཆད་ཀྱི་དོན་དུ་རྩིག་པ་དགོས་ཤིང༌། སྦྱོར་བ་དང་མཐར་ཐུག་ནི་ཁང་པའི་སྐབས་བཞིན་ ནོ། །ཁང་པའི་ལྷག་མ་བསྐྱེད་པ་ལ་བརྩལ་བ་དང་ཚད་ལས་ལྷག་པ་ཡན་ལག་ཏུ་དགོས་ ཤིང༌། ཁང་ཆེན་ལ་བརྩལ་མ་བརྩལ་འདྲ་ཞིང་ཚད་མ་གསུངས་པའི་ཕྱིར་ཚད་ལས་ལྷག་པའི་ ལྟུང་པ་མེད་དོ། །སྦྱོར་བའི་ལྟུང་པ་ནི། ཁང་ཆེན་གྱི་སྦྱོར་བ་བརྩམས་པ་ནས། དངོས་གཞི་ལ་ ཐུག་གི་བར་སྦོམ་པོའོ། །གཞི་མ་དག་པ་གསུམ་དང༌། མ་བརྟན་པ་རྣམས་གང་རུང་རེ་རེ་ཚང་ ན་མཐར་སྦོམ་པོའོ། །བསྐོར་ཞིང་སྟེང་མ་གཡོགས་པ་དང༌། བདག་པོ་གཉིས་སམ་གསུམ་གྱི་ དོན་དུ་བྱས་པ་རྣམས་ལ་སྦོམ་པོའོ། ། སྦྱོར་བའི་སྦྱོར་བ་གོང་བཞིན་ནོ། །བསླབ་བྱ་ནི། ས་གཞི་དང་ཡོ་བྱད་བརྩལ་མ་བརྩལ་ གང་ཡང་རུང་བས་ཁང་ཆེན་རྩིག་པའི་ཚེ་དགེ་འདུན་ལ་གནང་བ་གསོལ་བ་དང༌། དགེ་འདུན་ གྱིས་གནང་བ་བྱིན་པ་སོགས་ཁང་པའི་སྐབས་བཞིན་ནོ། ། བརྒྱད་པ་གཞི་མེད་དང་ཞེས་པ་ལ། གཞི་མེད་ཀྱི་སྐུར་འདེབས་ཀྱི་དགེ་འདུན་ལྷག་མ་ ལ། གླེང་གཞི་ནི། སྟོན་པ་རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། འཕགས་པ་གྱད་བུ་ནོར་གནས་ མལ་འགོད་པའི་མཆོག་ཏུ་ལུང་བསྟན་ཞིང༌། གནས་མལ་འགོད་པའི་ཚེ་མཛའ་བོ་དང་ས་ལ་ སྐྱེས་གཉིས་ཀྱིས་མཛའ་བོའི་སྲིང་མོ་མཛའ་མོ་སྟོན་པའི་སྤྱན་སྔར་གྱད་བུ་ནོར་ལ་མི་ཚངས་ སྤྱོད་ཀྱི་ཕམ་པས་སྐུར་པ་འདེབས་སུ་བཅུག་ནས། དེ་གཉིས་ཀྱིས་ཀྱང་དེ་བཞིན་ཏེ། སྲི ང་ མོས་ཇི་སྐད་གསོལ་པ་བཞིན་ནོ། །ཞེས་གསོལ་བ་ན། མཛའ་མོ་རང་གིས་ཁས་བླངས་པས་ བསྙིལ་ཅིག་ཅེས་བཀའ་སྩལ། གཉིས་པོ་ལ་དགེ་འདུན་ལྷག་མ་འདི་བཅས་སོ། །དེ་ལ་དགེ་ སློང་གིས་དགེ་སློང་མ་མ་ཉམས་པའམ་ཉམས་ཀྱང་ཉམས་པར་མ་གྲགས་པ་ཡར་བཅད་ལ་ 2-1-257 སྐུར་པ་གདབ་བྱའི་དངོས་པོ་ཕམ་པའི་སྒོ་ནས་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་བཞིན་ དུ་སྨྲ་བའི་ཡུལ་སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་ པ་མིན་པ། གཟུགས་གཞན་དུ་བསྒྱུར་བ་དང་མི་སྣང་བར་བྱས་པ་མ་ཡིན་པ་ལ་འདུ་ཤེས་མ་ འཁྲུལ་ཞིང༌། ཀུན་སློང་གདབ་བྱའི་ཡུལ་དེ་ཉམས་པར་འདུན་པས་སྐུར་འདེབས་ཀྱི་ཚིག་ གསལ་པོར་སྨྲས་ཤིང་ཕ་རོལ་པོས་གོ་བའོ། །སྦྱོར་བའི་ལྟུང་བ་ནི། གཞི་མེད་པར་ཕམ་པས་ སྐུར་པ་འདེབས་པའི་སྦྱོར་བ་བརྩམས་ནས་མཐར་མ་ཐུག་གི་བར་སྦོམ་པོའོ། །དེ་ཡང་སྐུར་པ་ གདབ་བྱའི་མིང་མ་སྨོས་པར་སྐུར་པ་འདེབས་པ་དང༌། སྤྲིང་ཡིག་སོགས་ཀྱི་སྒོ་ནས་དང༌། མི་ བསྟེན་པས་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་དང༌། དགེ་འདུན་ དབྱེན་གྱིས་སྐུར་པ་བཏབ་ན་སྦོམ་པའོ། །སྦྱོར་བའི་སྦྱོར་བ། སྐུར་པ་འདེབས་འདོད་ཀྱི་བློ་ བྱུང་བ་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་ནས་སྦྱོར་བ་ལ་ཐུག་གི་བར་དུ་ བཤགས་བྱའི་ཉེས་བྱས་སོ། ། དགུ་པ་བག་ཙམ་ཞེས་པ་ལ། བག་ཙམ་གྱི་དགེ་འདུན་ལྷག་མའི་གླེང་གཞི་ནི། སྟོན་པ་ རྒྱལ་པོའི་ཁབ་ན་བཞུགས་པའི་ཚེ། གྱད་བུ་ནོར་རྫི ང་བུ་རྡོ་བརྩིགས་ཅན་གྱི་འགྲམ་ན་དགེ་ སློང་མ་ཨུཏྤལའི་མདོག་ལ་ཆོས་སྟོན་པའི་ཚེ། མཛའ་བོ་དང་ས་ལ་སྐྱེས་གཉིས་ཕྱག་དར་ཁྲོད་ ཀྱི་གོས་བཀྲུས་ནས་སྐེམ་པ་དང༌། རི་དྭགས་ཕོ་མོ་གཉིས་མི་ཚངས་པར་སྤྱོད་པ་མཐོང་ནས་ དེ་གཉིས་ཀྱིས་དགེ་སློང་རྣམས་ལ་གྱད་བུ་ནོར་དང་ཨུཏྤལའི་མདོག་དང༌། མི་ཚངས་པར་ སྤྱོད་པ་མཐོང་ངོ༌། །ཞེས་སྐུར་པ་བཏབ་པ་ལ་བཅས་སོ། །དེ་ལ་སྐུར་འདེབས་ཀྱི་གཞི་དང༌། བསམ་པ་དང༌། མཐར་ཐུག གཞི་མེད་དང་འདྲ་ལ། སྦྱོར་བ་ཡུལ་དགེ་སློང་འདི་དང༌། བུད་ མེད་འདི་དང༌། མི་ཚངས་པར་སྤྱོད་པ་མཐོང་ཞེས་སོགས་བྱེད་པ་པོ་དང་བྱ་བ་མ་སྦྱར་བར་ སྐུར་པ་འདེབས་པར་བརྩམས་པའོ། །འདི་གཉིས་ཀྱི་ཁྱད་པར་ནི། སྐུར་འདེབས་གཞིར་བྱས་ 2-1-258 པ་ལ་བྱེད་པ་པོ་དང་བྱ་བ་སྦྱར་ཏེ་གསལ་བར་སྨྲས་པ་དང༌། མ་སྦྱར་བར་མི་གསལ་བར་སྨྲས་ པའི་ཁྱད་པར་རོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ནི་གོང་བཞིན་ནོ། ། བཅུ་པ་དབྱེན་དང་ཞེས་པ་ལ། དགེ་འདུན་དབྱེན་གྱི་ལྷག་མའི་གླེང་གཞི་ནི། སྟོན་པ་འོད་ མའི་ཚལ་ན་བཞུགས་པའི་ཚེ། ལྷས་བྱིན་གྱིས་དགེ་འདུན་དབྱེ་བར་ནུས་ཏེ། དེ་ལ་གྲོགས་ དགེ་སློང་བཞི་ཡོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྷས་བྱིན་གྱིས་ཐོས་ནས། དབྱེན་བྱ་བར་ ནུས་སོ་སྙམ་ནས་དགེ་འདུན་དབྱེན་ལ་ཞུགས་ཤིང༌། འཁོར་བཞི་པོས་ཀྱང་དེའི་གྲོགས་བྱས་ པ་ལ་བརྟེན་ནས་བཅས་སོ། །དེ་ལ་དང་པོ་བཞིའི་ཡན་ལག་ལ། གནས་མཚམས་ནང་ཡིན་ པ། དུས་བསྟན་པ་ལ་སྐྱོན་བྱུང་པའི་དུས་ཡིན་པ། འབྱེད་པ་པོ་ཁ་སྐོང་བར་འོས་པའི་དགེ་ སློང་གིས་དངོས་པོས་ཆོས་མ་ཡིན་གྱི་ལྟ་བས་དགེ་སློང་རང་མ་གཏོགས་པ་དབྱེ་བར་བྱ་བའི་ དགེ་སློང་ཕན་ཚུན་བཞི་བཞི་ཡན་ཆད་དུ་ལོངས་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དགེ་ འདུན་གྱི་དབྱེན་བྱེད་པ་ལ་ཞུགས་པ། དགེ་འདུན་གྱིས་གཞམས་སྒོ་སོགས་ཀྱིས་ཟློག་ཀྱང་ སྦྱོར་བས་དེ་མི་གཏོང་པར་བསྒྲུབ་ན་མཐར་ཐུག་བརྗོད་པ་གསུམ་པའི་མཐའ་ལ་མ་བཏང་ན་ དངོས་གཞིའོ། ། སྦྱོར་བའི་ལྟུང་པ་ནི། དབྱེན་ལ་ཞུགས་པ་ན་གཞམས་སྒོས་ཟློག དེ་ལ་མི་གཏོང་ན་དགེ་ འདུན་གྱིས་གསོལ་བ་དང༌། བརྗོད་པ་དང་པོ་དང་གཉིས་པ་དང་གསུམ་པ་མ་རྫོགས་ཙམ་གྱི་ བར་རྣམས་ལ་སྦོམ་པོ་རེའོ། །བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་དགེ་འདུན་ལྷག་ མའོ། །སྦྱོར་བ་ནི་དབྱེན་བྱེད་པ་ལ་ཞུགས་པ་ནས་བརྗོད་པ་གསུམ་པ་མ་རྫོགས་གོང་ཡན་ ཆད་ལ་སྦྱོར་བའི་སྦོམ་པོ། གཞན་གྱི་འཁོར་འདྲེན་པའང་སྦོམ་པོའོ། །སྦྱོར་བའི་སྦྱོར་བ་ནི། དབྱེ་འདོད་ཀྱི་བློ་སྐྱེས་པ་ནས་ལུས་ངག་ཏུ་མ་ཐོན་པའི་བར་བསྡམ་བྱ། ཐོན་པ་ནས་སྦྱོར་བ་ ལ་ཐུག་གི་བར་བཤགས་བྱའི་ཉེས་བྱས་སོ། ། 2-1-259 བཅུ་གཅིག་པ་དེ་རྗེས་ཕྱོགས་ཞེས་པ་ལ། དབྱེན་གྱི་རྗེས་སུ་ཕྱོགས་པའི་དགེ་འདུན་ ལྷག་མའི་གླེང་གཞི་ནི། ཀོ་ཀ་ལི་ཀ་ལ་སོགས་པ་ལྷས་བྱིན་གྱི་འཁོར་དགེ་སློང་བཞིས་ལྷས་ བྱིན་དགེ་འདུན་གྱི་དབྱེན་ལ་ཞུགས་པའི་གྲོགས་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང༌། ལྷས་བྱིན་ལྟ་བུ་དབྱེན་ལ་ཞུགས་པ་ན་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་དབྱེན་གྱི་གྲོགས་ བྱེད་འདོད་པས་སྦྱོར་བ་དབྱེན་གྱི་གྲོགས་ལ་ཞུགས་པ་ལ་དགེ་འདུན་གྱིས་གཞམས་སྒོ་དང་ གསོལ་བཞིས་བཟློག་ཀྱང་མི་གཏོང་ན་མཐར་ཐུག་བརྗོད་པ་གསུམ་པ་རྫོགས་པའི་ཚེ་ལྷག་ མའོ། །སྦྱོར་བ་དང༌། སྦྱོར་བའི་སྦྱོར་བ་ནི་དབྱེན་བཞིན་ནོ། །འདིར་དགེ་འདུན་དབྱེན་དང༌། དབྱེན་གྱི་མཚམས་མེད་དང༌། དབྱེན་གྱི་ལྷག་མ་གསུམ་ལ་ཁྱད་པར་ཡོད་དེ། དགེ་འདུན་ དབྱེན་ངོ་བོ་ལྡན་མིན་འདུ་བྱེད་ལུང་མ་བསྟན་ཡིན་ཞིང༌། དགེ་འདུན་ཕན་ཚུན་ལ་ལྡན་པ་ཡིན་ ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པ། །རིང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་ མོངས་ཅན་མིན་ལུང་བསྟན་མིན། །དེ་ཡང་དགེ་འདུན་ཡང་དག་ལྡན། །ཞེས་གསུངས། དབྱེན་ གྱི་མཚམས་མེད་ནི། མནར་མེད་དུ་འཕེན་པའི་མི་དགེ་བ་ཡིན་ཞིང༌། དབྱེན་གྱི་ལྷག་མ་ནི། བཅས་པ་ལས་འདས་པའི་ལྟུང་བ་དངོས་གཞི་ཡིན་ལ་དེ་གཉིས་བྱེད་པ་པོ་ལ་ལྡན་པ་ཡིན་ཏེ། དེའི། བྱ་བ་ཁ་ན་མ་ཐོ་རྫུན། །དེ་དང་བྱེད་པོར་ཡང་དག་ལྡན། །ཞེས་གསུང་ངོ༌། །ལས་དང་པོ་ པ་ལའང་འབྱུང་མི་འབྱུང་གི་ཁྱད་པར་ཡོད་དེ། ལྷས་བྱིན་གྱིས་དགེ་འདུན་ཕྱེ་བས་དབྱེན་དང་ དབྱེན་གྱི་མཚམས་མེད་བྱུང་བར་འཁོར་ལོའི་དབྱེན་གྱི་གླེང་གཞི་ལས་གསུངས་ཤིང༌། དབྱེན་ གྱི་དགེ་འདུན་ལྷག་མ་ནི་མི་འབྱུང་སྟེ། མ་བཅས་པ་ཉིད་ལའོ་ཞེས་གསུངས། དགེ་སློང་མ་ལ་ དབྱེན་གྱི་ལྷག་མ་དང་ལས་ཀྱི་དབྱེན་འབྱུང་ཡང༌། འཁོར་ལོའི་དབྱེན་དང་དབྱེན་གྱི་མཚམས་ མེད་མི་འབྱུང་སྟེ། དེ་གཉིས་བྱེད་པ་པོ་ལ་དགེ་སློང་ཡན་ལག་ཏུ་དགོས་ཤིང༌། མཛོད་འགྲེལ་ ལས། དགེ་སློང་མ་ལ་སོགས་པས་ཀྱང་མ་ཡིན་ནོ། །ཞེས་གསུངས། དགེ་འདུན་དབྱེན་དང་ 2-1-260 དབྱེན་གྱི་མཚམས་མེད་གཉིས་དགེ་འདུན་ཕྱེ་བ་ཡན་ལག་ཏུ་དགོས་ཤིང༌། གཞམས་སྒོ་ སོགས་ཀྱིས་བཟློག་པ་ཡན་ལག་ཏུ་མི་དགོས། དབྱེན་གྱི་ལྷག་མ་བསྐྱེད་པ་ལ་གཞམས་སྒོ་ སོགས་ཀྱིས་བཟློག་པ་ཡན་ལག་ཏུ་དགོས་ཤིང༌། དགེ་འདུན་ཕྱེད་པ་ཡན་ལག་ཏུ་མི་དགོས་ ཏེ། ཕྱེད་ཟིན་ན་བཟློག་པ་མི་འཆགས་ཤིང༌། ཕྱེ་ནས་བསྡུམས་བྱེད་དགོས་པ་ཡིན་ནོ། །དེས་ ན་དབྱེན་དང་དབྱེན་གྱི་མཚམས་མེད་ཀྱི་མཐར་ཐུག་ནི་དགེ་འདུན་ཕྱེ་བ་ཡིན་ལ། དབྱེན་གྱི་ ལྷག་མའི་མཐར་ཐུག་ནི། བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་དངོས་གཞིའོ། །འབྱེད་ པ་པོ་གང་ཟག་ཀྱང་དབྱེན་དང༌། དབྱེན་གྱི་མཚམས་མེད་བསྐྱེད་པ་ལས་ཀྱི་ཁ་སྐོང་བར་འོས་ པ་ཡན་ལག་ཏུ་དགོས་ལ། དབྱེན་གྱི་ལྷག་མ་བསླབ་པ་བྱིན་པ་ལ་ཡང་འབྱུང་བར་གསུངས་ པས། དེས་ན། གསུམ་པོ་ལ་ཁྱད་པར་ཡོད་དོ། ། བཅུ་གཉིས་པ་ཁྱིམ་སུན་འབྱིན་དང༌ཞེས་པ་ལ། ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་ མའི་གླེངགཞི་ནི། གཉན་ཡོད་དུ་ནམ་སོ་དང་འགྲོ་མགྱོགས་ཀྱིས་ཁྱིམ་སུན་ཕྱུང་སྟེ། དགེ་ འདུན་གྱིས་བསྐྲད་པ་ན་དགེ་འདུན་ལ་སྐུར་པ་འདེབས་དེ་བཟློག་ཀྱང་མི་གཏོང་པ་ལས་ བཅས་སོ། །རྟེན་དགེ་སློང་རང་གིས་རང་གི་ཉེས་པ་བརྟེན་པའམ། གཞན་གྱིས་ཉེས་པ་ བསྒྲགས་ཏེ་ཁྱིམ་སུན་འབྱིན་པ་ན། ཡུལ་རང་བསྐྲོད་པར་བྱེད་པའི་དགེ་འདུན་མཚན་ཉིད་ པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྐུར་པ་འདེབས་འདོད་ཀྱི་བསམ་པས་སྦྱོར་བ་ དགེ་འདུན་འདི་དག་ནི་འདུན་པ་དང༌། ཞེ་སྡང་དང་གཏི་མུག་དང༌། འཇིགས་པས་འགྲོ་བའོ། །ཞེས་སྐུར་པ་འདེབས་པ་ལ་གཞམས་སྒོ་སོགས་ཀྱིས་བཟློག་ཀྱང་མི་གཏོང་པར་བསྒྲུབ་ན་ བརྗོད་པ་གསུམ་པ་རྫོགས་པའི་ཚེ་ལྷག་མའོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བ་ནི་གོང་བཞིན་ ནོ། ། བཅུ་གསུམ་པ་བཀའ་བློ་མི་བདེ་བའོ་ཞེས་པ་ལ། བཀའ་བློ་མི་བདེ་བའི་དགེ་འདུན་ 2-1-261 ལྷག་མའི་གླེང་གཞི་ནི། ཀོའུ་ཤམ་བྷི ་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ ཚེ། འདུན་པས་བཀའ་བློ་མི་བདེ་བའི་ཚིག་སྨྲས་པའི་ཚེ་བཅས་པའོ། །དེ་ཡང༌། དགེ་སློང་ ལ་ལྟུང་བ་བྱུང་བ། ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་པ་ན། འདུ་ཤེས་མ་འཁྲུལ་ཞིང༌། ཀུན་ སློང་གླེང་བ་འགོག་འདོད་པའི་བསམ་པས། སྦྱོར་བ་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་ བདག་ལ་ཅི་ཡང་མ་སྨྲ་ཞིག་ཅེས་གླེང་བ་འགོག་པ་ལ། དགེ་འདུན་གྱིས་གཞམས་སྒོ་སོགས་ ཀྱིས་བཟློག་ཀྱང་མི་གཏོང་ན་བརྗོད་པ་གསུམ་པ་རྫོགས་པ་ན་ལྷག་མའོ། །ཁྱིམ་སུན་འབྱིན་ དང་བཀའ་བློ་མི་བདེ་བ་གཉིས་ཀྱི་སྦྱོར་བའི་སྦོམ་པོ་དང༌། སྦྱོར་བའི་སྦྱོར་བའི་ཉེས་བྱས་ནི་ དབྱེན་གྱི་སྐབས་སུ་བཤད་པའི་རིགས་པས་ཤེས་སོ། །བསྒོས་གྱུར་གྱི་ལྟུང་བ་བཞི་པོ་འདི་ལ། དབྱེན་དང་རྗེས་སུ་ཕྱོགས་པ་གཉིས་ལ་འཇུག་པ་ཙམ་ན་ཉེས་བྱས་སོ། །ཁྱིམ་སུམ་འབྱིན་པ་ ལ་བསྐྲད་པ་ནན་དུར་མ་བྱས་པ་དང་བཀའ་བློ་མི་བདེ་བ་ལ་གླེང་དྲན་མ་བྱས་གོང་ཉེས་བྱས། ཚིག་འཇམ་པོས་གཞམས་ཏེ་སྒོ་བ་དང༌། གསོལ་བ་དང་བརྗོད་པ་གཉིས་དང༌། གསུམ་པ་ མ་རྫོགས་གོང་རྣམས་སུ་སྦོམ་པོ་རེ་རེ། གསུམ་པ་རྫོགས་ནས་མི་གཏོང་ན་ལྷག་མ་སྟེ། ལྟུང་ བ་དྲུག་དྲུག་གོ།བམ་པོ་ལྔ་བཅུ་པ་ལས། གཞམས་ཏེ་སྒོ་བས་བཟློག་པ་ན། མི་གཏོང་པའི་ སྦོམ་པོ་ནི་སྤང་བ་ཡིན་ལ། ཞེས་གསུངས་པས། གཞམས་སྒོ་ལ་སྦོམ་པོར་གསུངས་ལ། ཚིག་ ལེའུར་བྱས་པ་ལས། གཞམས་ཏེ་བསྒོས་ཀྱང་མི་གཏོང་ན། །ཉེས་བྱས་ཉིད་དུ་རྣམ་པར་བཞག །ཅེས་གསུངས་སོ། ། མ་ངེས་པའི་སྡེ་ལ། སྡོམ་ལ། དབེན་པ་སྐྱབས་ཡོད་འདུག་པའོ། །ཞེས་མ་ངེས་པའི་སྡེ་ གཉིས་གསུངས་པའི། གླེང་གཞི་ནི། སྟོན་པ་མཉན་ཡོད་ན་བཞུགས་པའི་ཚེ། འཆར་ཀ་དང་ དགེ་སློང་མ་སྦེད་པ་གནས་དབེན་པ་སྐྱབས་ཡོད་པར་པུས་མོ་སྤྲད་དེ་ཆོས་སྟོན་པ། དགེ་ བསྙེན་མ་ས་ག་མས་མཐོང་ནས། འདི་དག་མ་དད་པས་མཐོང་ན་མི་རུང་ངོ་སྙམ་ནས་སྟོན་པ་ 2-1-262 ལ་གསོལ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་དབེན་པ་སྐྱབས་དང་བཅས་པར་དགེ་སློང་ ཕོ་མོ་པུས་མོ་སྤྲད་དེ་ཆོས་སྟོན་པ་ནི། ཕམ་ལྷག་གང་རུང་ནི་འབྱུང་ལ། ཕམ་པར་ཡང་མ་ངེས་ ལྷག་མར་ཡང་མ་ངེས་པས་མ་ངེས་པའོ། །ཡང་ཤི་རི་ཤ་དང༌། གསོ་སྦྱོང་འཕགས་གཉིས་ དབེན་པ་སྐྱབས་དང་བཅས་པར་ཕན་ཚུན་ཐ་དད་དུ་བསྡད་ནས་ཆོས་སྟོན་པ། ལེགས་སྐྱེས་ མས་མཐོང་ནས་མ་དད་པས་མཐོང་ན་མི་ལེགས་སོ་སྙམ་ཏེ། སྟོན་པ་ལ་གསོལ་བ་ལ་བརྟེན་ ནས་བཅས་སོ། །དེ་ཡང་དབེན་པ་སྐྱབས་དང་བཅས་པར། དགེ་སློང་ཕོ་མོ་ཕན་ཚུན་ཐ་དད་ དུ་བསྡད་དེ་ཆོས་སྟོན་པ་ནི། ལྟུང་བྱེད། སོ་སོར་བཤགས་པ། ཉེས་བྱས་དང་གསུམ་པོ་གང་ རུང་ནི་འབྱུང་ལ། ལྟུང་བྱེད་ཁོ་ན་འབྱུང་བར་ཡང་མ་ངེས། སོ་སོར་བཤགས་པ་ཁོ་ན་འབྱུང་ བར་ཡང་མ་ངེས། ཉེས་བྱས་ཁོ་ན་འབྱུང་བར་ཡང་མ་ངེས་པས་མ་ངེས་པའོ། ། གསུམ་པ་ལྟུང་བྱེད་ཀྱི་སྡེ་ལ། ཞག་གི་ཆད་པའི་ལས་དང་འབྲེལ་བ་སྤང་ལྟུང་དང༌། བཤགས་པ་ཙམ་དང་འབྲེལ་པ་ལྟུང་བྱེད་འབའ་ཞིག་པའི་སྡེ་གཉིས་ལས། དང་པོ་ལ། བཅུ་ཚན་གསུམ་གྱི་བཅུ་ཚན་དང་པོ་ནི། སྡོམ་ལ། འཆང་བ་འབྲལ་བ་འཇོག་ པ་དང༌། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་སྐུར་བའོ། །ཞེས་པ་ལྟར་བཅུ་ལས། དང་པོ་འཆང་བ་ཞེས་པ་ལ། འཆང་ བའི་སྤང་བའི་གླེང་གཞི་ནི། དགེ་སློང་རབ་ཏུ་མང་པོས། ཆོས་གོས་ལྷག་པ་མང་པོ་བཅངས་ པ་ལ་བརྟེན་ནས་བཅས་སོ། །གཞི་གང་འཆང་བའི་དངོས་པོ་ནི། གོས་རུང་བ་ཚད་དང་ལྡན་ པ། རང་གི་ཡིན་པ་བྱིན་གྱིས་མ་བརླབས་པ། བརླབས་ཀྱང་ཤན་གྱིས་གོས་པ། སྟན་སྲ་བརྐྱང་ མ་བཏིང་པའི་དགེ་སློང་གིས་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་དུ་འཆང་བར་འདོད་ པས་སྦྱོར་བ་རང་སྟོབས་སམ་ཤན་སྟོབས་གང་རུང་གིས་ཞག་བཅུར་བཅངས་ནས་མཐར་ ཐུག་བཅུ་འདས་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་འཆང་བའི་སྤང་བ་འབྱུང་ངོ༌། །གཞན་ 2-1-263 ལ་ཞེ་ཐག་པ་ནས་བསྔོས་པ་དང༌། ལྷག་པ་དང་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ དང༌། སྲ་བརྐྱང་བཏིང་ཆགས་ལ་ལྟུང་བ་འདི་མི་འབྱུང་ངོ༌། །ལྷག་པའི་ཡོ་བྱད་བྱིན་རླབས་ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་ལྷག་པ་ རུང་བ་མ་བགྱིས་པ་རུང་བ་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱིའོ། །ཞེས་ ལན་གསུམ་མོ། །སློབ་དཔོན་ཞེས་སོགས་གཞན་ལ་སྤོའོ། །མཁོ་བའི་ཡོ་བྱད་བྱིན་རླབས་ ནི། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་འདི་བདག་ དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་པོ་ ཞེས་ལན་གསུམ་མོ། །དེ་གཉིས་ལྷུང་བཟེད་ལྷག་པ་ཡང་མཚུངས་སོ། །ཤན་ལ་དབྱེ་ན། མུ་ བཞི་སྟེ། ཞག་ཤན་ཡིན་ལ་བྱིན་གྱིས་མ་བརླབས་པའི་ཤན་མ་ཡིན་པ་དང༌། བྱིན་གྱིས་མ་ བརླབས་པའི་ཤན་ཡིན་ལ་ཞག་ཤན་མ་ཡིན་པ་དང༌། གཉིས་ཀ་ཡིན་པ་དང༌། གཉིས་ཀ་མ་ ཡིན་པའི་ཤན་ནོ། ། དང་པོ་ལ་གཉིས་ལས། དང་པོ་བརླབས་པས་བརླབས་པ་ལ་བརྡེག་པའི་ཤན་ནི་ཞག་ བདུན་པའི་སྨན་བུ་རམ་ལྟ་བུ་ཚེས་གཅིག་ལ་བྱིན་གྱིས་བརླབས་ཚེས་གཉིས་ལ་རིགས་འདྲ་ ཕྱི་མ་གཅིག་བྱིན་གྱིས་བརླབས་ནས་བཅངས་ན། སྔ་མས་ཞག་བདུན་འདས་པ་ན་ཕྱི་མས་ བདུན་མ་ལོན་ཀྱང་ལོན་པའི་དོད་བྱས་ནས་གཉིས་ཀ་ལ་བརྟེན་པའི་ལྟུང་བ་འབྱུང་བ་ལྟ་བུའོ། ། གཉིས་པ་ལ་བརླབས་པས་མ་བརླབས་པ་ལ་བརྡེག་པའི་ཤན་ནི། འཆང་བ་གཉིས་ཀྱི་ སྐབས་སུ་ཚེས་གཅིག་ལ་གོས་སམ་ལྷུང་བཟེད་གཅིག་རྙེད། ཚེས་བརྒྱད་ལྟ་བུ་ལ་གཞན་ གཅིག་རྙེད་དེ་སྔ་ཕྱི་གཉིས་ཀ་མ་བརླབས་པར་བཅངས་ན་སྔར་རྙེད་དེས་ཞག་བཅུ་འདས་པ་ 2-1-264 ན་ཕྱི་མས་ཞག་བཅུ་མ་ལོན་ཀྱང་ལོན་པའི་དོད་བྱས་ནས་གཉིས་ཀ་ལ་ལྟུང་པ་འབྱུང་བ་ལྟ་ བུའོ། །ལྟུང་བ་འདི་སྨན་ལ་མེད་དེ། ཕྱི་མ་མེད་གོང་དུ་སྔ་མ་ལ་ལྟུང་བ་བྱུང་ཟིན་པའི་ཕྱིར་རོ། ། མུ་གཉིས་པ་ནི། ཚེས་གཅིག་ལ་སྨན་ནམ་གོས་སམ། ལྷུང་བཟེད་གཉིས་རྙེད་པ་ལས་ གཅིག་བརླབས་གཅིག་མ་བརླབས་པར་རང་རང་གིས་ཞག་དུས་འདས་པར་བཅངས་ན་མ་ བརླབས་པ་དེས་བརླབས་པ་ལ་ཤན་གྱིས་གོས་ནས་ལྟུང་བ་གཉིས་འབྱུང་བ་ལྟ་བུའོ། །འདི་ མ་བརླབས་པའི་ཤན་ཡིན་གྱི་ཞག་ཤན་མིན་ནོ། ། མུ་གསུམ་པ་ནི། ཚེས་གཅིག་ལ་གོས་སམ་ལྷུང་བཟེད་གཅིག་རྙེད། དེ་མ་བརླབས། ཚེས་ གཉིས་ལ་ཕྱི་མ་གཅིག་རྙེད་དེ་བརླབས་ན་སྔ་མས་ཞག་བཅུ་ལོན་པ་ན་ཕྱི་མས་བརླབས་པས་ ཞག་བཅུ་མ་ལོན་ཡང་ལོན་པའི་དོད་བྱས་ནས་ཤན་གྱིས་གོས་པས་མ་བརླབས་པའི་དང་ཞག་ ཤན་གཉིས་ཀ་ཡིན་པ་ལྟ་བུའོ། །འདི་སྨན་ལ་མེད་དེ། སྔ་མ་བྱིན་ལེན་བྱས་ན་ལྟུང་བ་བྱུང་ ཟིན་པའི་ཕྱིར་རོ། ། མུ་བཞི་པ་ནི། སྤང་ལྟུང་སུམ་ཅུ་ལས་གང་རུང་གི་ལྟུང་བ་བྱུང་སྟེ། མ་བཤགས་པའི་བར་ ལ་གོས་ལ་སོགས་པ་རུང་བ་ཚད་ལྡན་ཞིག་རྙེད་ན་སྔ་མའི་ཤན་གྱིས་ཕྱི་མ་ཡང་ཕྱིར་བཅོས་ བྱེད་པའི་ཚེ་སྤོང་དགོས་པའོ། །མུ་སྔ་མ་གསུམ་ནི་ལྟུང་བའི་ཤན་ཡིན་ལ་ཐ་མ་ནི་སྤང་ཙམ་གྱི་ ཤན་ཡིན་ནོ། ། གཉིས་པ་འབྲལ་བ་ཞེས་པ། འབྲལ་བའི་ལྟུང་པའི་གླེང་གཞི་ནི། དགེ་སློང་རབ་ཏུ་མང་ པོ་དག་གིས་རང་གི་ཆོས་གོས་བྱིན་གྱིས་བརླབས་པ་དང་བྲལ་བར་བྱས་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རང་གི་ཆོས་གོས་གསུམ་གང་ཡང་རུང་བ་ཚད་ལྡན་བྱིན་གྱིས་བརླབས་ པ་འཇིགས་པ་དང་བཅས་པའི་དགོན་པ་པ་ལས་གཞན་པའི་རྟེན་གང་ཟག སྲ་བརྐྱང་བཏིང་ 2-1-265 ཆགས་དང༌། སྣམ་སྦྱར་ལ་མི་འབྲལ་བའི་གནང་བ་མ་ཐོབ་པས། འདུ་ཤེས་མ་འཁྲུལ་ཞིང་ ཀུན་སློང་འབྲལ་འདོད་ཀྱི་བསམ་པ་དང་ལྡན་པས། སྦྱོར་བ་ཆོས་གོས་བཞག་པའི་གནས་ཉེ་ འཁོར་དང་བཅས་པ་ལས་ཕྱི་རོལ་ཏུ་མཚན་མོ་འདས་ནས་མཐར་ཐུག་ཞག་ཕྱི་མའི་སྐྱ་རེངས་ དང་པོ་ཤར་བ་ན་འབྲལ་བའི་སྤང་བའོ། །ཆོས་གོས་ཐ་ཚད་ལས་ཆུང་པ་དང༌། རུང་བ་མ་ཡིན་ པ་དང༌། རྒྱུའི་བྱིན་བརླབས་ཅན་རྣམས་དང་བྲལ་བ་ལ་ཉེས་བྱས་སོ། །བསླབ་བྱ་ལ། གདིང་ བ་ཉི་མ་དེ་རིང་ལ་ཕྱིར་ལྡོག་བསམ་པ་མེད་པར་མི་བཞག དེ་ལྟར་བསམས་ཏེ་སོང་བ་ལས་ ཟློག་མ་ནུས་ན། གཞན་ལ་གཡར་ཞིང༌། མ་རྙེད་ན་བླ་གོས་བཞི་ལྟེབ་ཏུ་བྱས་པའི་སྟེང་དུ་ ཡུན་རིང་དུ་མི་ཉལ་བར་བྱ། སྣམ་སྦྱར་ནི། བཞག་པའི་གནས་སུ་བརླག་པའི་ཉེས་མེད་ཅིང༌། འཁྱེར་བའི་སར་ཉེས་ཡོད་ན་བཞག་པར་བྱ། དེ་ལས་ཟློག་ན་འཁྱེར་བར་བྱ། སྲ་བརྐྱང་བཏིང་ བ་དང་མི་འབྲལ་བའི་གནང་བ་ཐོབ་ན། མ་ཁྱེར་ཡང་ཉེས་མེད་ཅིང༌། ཉི་མ་དེ་ཉིད་ལ་ཕྱིར་ ཟློག་བསམ་ནས་སོང་བ་ལ་ཟློག་མ་ནུས་ན་དེའི་བྱིན་བརླབས་ཕྱུང་སྟེ། ཁྱིམ་པའི་གོས་ཡན་ ཆད་གང་རུང་ལ་བྱིན་གྱིས་རླབས་པ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ ཞེས་བགྱི་བའི་ཆོས་གོས་འདི། སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ལན་གསུམ་དང༌། ཐབས་ ལེགས་བྱའོ། །བླ་གོས་མཐང་གོས་ལ་ཡང་མཚུངས་ཏེ་འདོན་པ་བསྒྱུར་རོ། །ཡུལ་མེད་ན་རང་ གིས་ཀྱང་རུང་ངོ༌། ། གསུམ་པ་འཇོག་པ་དང་ཞེས་པ་ལ། ཟླ་འཇོག་གི་སྤང་བའི་གླེང་གཞི་ནི། མཉན་ཡོད་ དུ་དགེ་སློང་མང་པོས་གོས་སྔོན་པོ་གཅིག་རྙེད་ནས་འདི་འདྲ་གཅིག་རྙེད་ན་གོས་བྱའོ་སྙམ་ སྟེ་འཇོག་གོ།དེ་བཞིན་དུ་སེར་པོ་དང་དམར་པོ་ལ་ཡང་བྱེད་ནས། བྱ་བ་མང་པོས་འཕྱ་བར་ གྱུར་པ་དེ་དག་གསོལ་བ་ལ་བརྟེན་ནས་བཅས་སོ། །དེ་ལ་བརྟེན་ནས་སྲ་བརྐྱང་མ་བཏིང་ཞིང་ ཆོས་གོས་གསུམ་གང་རུང་མེད་པའི་དགེ་སློང་གིས་འཇོག་པའི་དངོས་པོ་ནི། གོས་སུ་བྱར་ 2-1-266 རུང་བ། ཁྲུ་གང་དུ་ལོངས་ཤིང༌། འཁོར་གསུམ་མི་ཁེབས་པ། ཁ་སྐོང་ལ་རེ་བ་དང་བཅས་པ། བྱིན་གྱིས་བརླབས་པའམ་མ་བརླབས་པའི་ཤན་གྱིས་གོས་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་ སློང་རང་དོན་དུ་ཞག་སུམ་ཅུར་འཆང་འདོད་པས་སྦྱོར་བ་དེ་ལྟར་བཅངས་པས་མཐར་ཐུག་ ཞག་སུམ་ཅུ་འདས་ཏེ་སོ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ། །ཁྲུ་གང་བས་ཆུང་པ་ དང༌། རྒྱུ་མི་རུང་བ་དང༌། གཞན་དོན་དུ་དང༌། དཀར་པོ་མིན་པའི་མདོག་སོགས་མི་མཐུན་ པ་དང༌། གདོང་ཕྱིས་ཆུ་ཚགས་སོགས་བྱིན་གྱིས་མ་བརླབས་པར་ཟླ་བར་བཞག་ན་ཉེས་བྱས་ སོ། །བསླབ་བྱ་ལ། སྣམ་སྦྱར་དང་གདིང་བ་གཉིས་རྒྱུ་གསར་པ་ལ་མཐའ་ཉིས་རིམ་དུ་བྱ། བླ་གོས་མཐང་གོས་གཉིས་ལ་མཐའ་ཆིག་ཀྱང་ཟླ་བ་བཞིའི་དུས་ཚིགས་སུ་གཅད་པ་ལ་ནི་ དེ་དག་ཉིས་འགྱུར་དུ་བྱ་ཞིང༌། ལྷག་པ་མི་སྦྱར། སྣམ་སྦྱར་གྱི་སྣམ་ཕྲན་དགུ་ཡར་བཅད་ཉི་ ཤུ་རྩ་ལྔ་མར་བཅད་དེ་ཟུང་མི་བྱ། སྣམ་ཕྲན་དགུ་པ་བཅུ་གཅིག་པ་བཅུ་གསུམ་པ་གསུམ་ལ་ གླེགས་བུ་ཕྱེད་དང་གསུམ་པ་བྱ། སྣམ་ཕྲན་བཅོ་ལྔ་པ། བཅུ་བདུན་པ། བཅུ་དགུ་པ་གསུམ་ལ་ གླེགས་བུ་ཕྱེད་དང་བཞི་པ་བྱ། སྣམ་ཕྲན་ཉེར་གཅིག་པ། ཉེར་གསུམ་པ། ཉེར་ལྔ་པ་གསུམ་ ལ་གླེགས་བུ་ཕྱེད་དང་ལྔ་མ་བྱ། གླེགས་བུ་དང་གླེགས་བུ་ཕྱེད་མ་མཉམ་དུ་མི་སྒྲིག་པར་ཕན་ ཚུན་བསྣོལ་མར་བྱ། གླེགས་བུ་རྣམས་ཚད་མཉམ་པ་དང༌། གླེགས་བུ་ཕྱེད་མ་རྣམས་ཀྱང་ ཚད་མཉམ་དུ་བྱ། ཚལ་བུ་རྣམས་ཀྱི་ཁ་དབུས་ནས་གཡས་གཡོན་དུ་བལྟ་བར་བྱ། མཐའ་ སྐོར་དང་ཚལ་བུའི་ཚད་རབ་སོར་བཞི། འབྲིང་སོར་ཕྱེད་དང་གསུམ། ཐ་མ་སོར་གཉིས་སམ། མཐེབ་སོར་གང་པ་བྱ་ཞིང༌། སྣམ་སྦྱར་དང་བླ་གོས་ཀྱི་ཆེ་ཚད། སྲི ད་དུ་ཁྲུ་ལྔ་དང་ཞེང་དུ་ཁྲུ་ གསུམ། ཆུང་ཚད། སྲི ད་དུ་ཕྱེད་དང་ལྔ་དང༌། ཞེང་དུ་ཕྱེད་དང་གསུམ་པ། འབྲིང་ཚད་ལ་དེ་ དག་གི་བར་དུ་བྱ་ཞིང༌། མཐང་གོས་ནི་དོ་དང་བཞི་ཡང་ཡིན་ལ་དོ་དང་ལྔ་ཡང་ཡིན་ནོ། །སྣམ་ ཕྲན་གླེགས་བུ་བྱེད་ན་བླ་གོས་ལ་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པ། མཐང་ 2-1-267 གོས་ལ་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ་བྱའོ། །དེ་གཉིས་ལ་སྣམ་ཕྲན་གླེགས་ བུ་དགོས་པར་ངེས་པ་ཡང་མ་ཡིན་ཏེ། འདུལ་བ་ཚིག་(འགྲེལ་ཆེན་དུ་མ་མོ་ལས་ཉེ་བར་མཁོན་གྱིས་ཞུས་པ་ ལས། བཅོས་ལྡན་འདས་ཀྱིས་སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ།། བླ་གོས་དང་མཐང་གོས་ནི་ངེས་པ་མེད་དོ་ཞེས་དང་། དེ་ངེས་ དོན་ཡིན་པར་ཡང་།)ལེའུར་བྱས་པ་ལས། སྣམ་སྦྱར་ངེས་པར་དྲས་ཏེ་བྱ། །གཞན་ནི་མ་ངེས་གང་ གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱིས་སྐྱོ་བར་འགྱུར་ཕྱིར་རོ། །ཞེས་དང༌། མདོར་ཡང༌། སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་དོ། །ཞེས་ སོ། །ལུས་སྦོམ་པས་མཐང་གོས་ཀྱིས་མ་ཡོགས་ན། རལ་གུ་དཔུང་ཆད་བྱ་བའམ། བི་ལས། ཆོས་གོས་ཚད་བཞིན་བྱས་ཀྱང་སྦོམ་སྟེ། ཆོས་གོས་ཀྱི་ཁ་གཉིས་མི་འདུས་ཤིང་མི་ཡོགས་ན་ སྣ་གཉིས་སྒྲོ་གུས་གདགས་ཤིང་སྤྲད་པའམ་བཙེམ་ཞེས་སོ། །ཁྲུ་ལ། རྡུལ་ཁྲུ། ལག་ཁྲུ། ལུས་ ཁྲུ་དང་གསུམ་མོ། །སྣམ་སྦྱར་གྱི་སྣོད་གཏོར་བུ་ནི་ཚད་སྲིད་དུ་ཁྲུ་གསུམ་དང་། ཞེང་དུ་ཁྲུ་ཕྱེད་ དང་གསུམ། གཉིས་ལྟེབ་ཏུ་བྱས་ནས་བཙེམ་ཞིང༌། དབུས་སུ་ཁ་གཏོད། ཁ་རྒྱུན་བུ་གུ་ཅན་ལ་ ཐིག་གུས་བརྒྱུད་པ་བྱ། བཞི་པ་འཁྲུར་འཇུག་པ་དང་ཞེས་པ་ལ། འཁྲུར་འཇུག་པའི་སྤང་བའི་གླེང་གཞི་ནི། འཕགས་པ་འཆར་ཀས་དགེ་སློང་མ་སྦེད་མ་ལ་གོས་འཁྲུར་བཅུག་པ་ལ་བརྟེན་ནས་བཅས་ སོ། །དེ་ལ་དགེ་སློང་གིས་ཡུལ་དགེ་སློང་མ་བདུན་རྒྱུད་(རྒྱ་ཆེ་འགྲེལ་ལས། ཕའི་མ་དང་དེའི་མ་དང་ཞེས་ སོགས་བདུན་གྱི་བར་དང་། དེ་བཞིན་མའི་མ་དང་། དེའི་ཡང་མ་དང་ཞེས་སོགས་)ཚུན་ཆད་ཀྱི་ཉེ་དུ་མིན་པ་ལ་ དངོས་པོས་ཆོས་གོས་གསུམ་བྱིན་གྱིས་བརླབས་པ་དང་གདིང་བ་དག་ལས་གང་རུང་འདུ་ ཤེས་མ་འཁྲུལ་བའམ་ཐེ་ཚོམ་ཟ་བཞིན་དུ་ཀུན་སློང་རང་དོན་དུ་འཁྲུར་འཇུག་འདོད་པའི་ བསམ་པས། སྦྱོར་བ་མངོན་སུམ་དུ་འཁྲུར་འཇུག་གམ་འཚེད་དུ་འཇུག་གམ། འཆག་ཏུ་ འཇུག་པས་མཐར་ཐུག་གོས་ཀྱི་ཕྱོགས་གཅིག་ཆུར་བཅུག་པ་ཙམ་ན་སྤང་བའོ། །དྲེའུ་རྔོག་ 2-1-268 དང༌། སྔས་དང་སྟན་དང་དགེ་འདུན་གྱི་རྣམས་ལ་ཉེས་བྱས་སོ། །བསླབ་བྱ་ནི། དགེ་འདུན་ གྱི་ཁྲིམས་སུ་བཅའ་བ་བསྲུང་བར་བྱ། གློ་བུར་འོངས་པས་ཀྱང་དྲིས་ནས་མི་འགལ་བར་བྱ། སངས་རྒྱས་ཀྱི་བཀའ་དང་འགལ་བའི་དགེ་འདུན་གྱི་ཁྲིམས་མ་བསྲུངས་ཀྱང་ཉེས་པ་མེད་དོ། ། ལྔ་པ་ལེན་པ་དང་ཞེས་པ་ལ། ལེན་པའི་སྤང་བའི་གླེང་གཞི་ནི། འཕགས་པ་ཉེར་དགས་ དགེ་སློང་མ་ཨུཏྤལའི་མདོག་ཅན་ལ་གོས་བླངས་པ་ལ་བརྟེན་ནས་བཅས་སོ། །དེ་ལ། རྟེན་ ཡུལ་གོང་དང་འདྲ་ཞིང༌། དངོས་པོ་གོས་སམ། དེས་མཚོན་པའི་ལྷུང་བཟེད་རུང་བ་ཚད་དང་ ལྡན་པ། སྦྱོར་བ་ངག་གི་རིག་བྱེད་ཀྱིས་བླངས་ཏེ་མཐར་ཐུག་ལག་ཏུ་ཐོབ་ན་སྤང་བའོ། ། དྲུག་པ་སློང་དང་ཞེས་པ་ལ། སློང་བར་མི་རིགས་པའི་སྤང་བའི་གླེང་གཞི་ནི། ཉེར་དགས་ ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་གོས་བླངས་པ་ལ་བརྟེན་ནས་བཅས་སོ། །དེ་ལ་རྟེན་དགེ་སློང་རང་ གི་གོས་ཚང་མར་ཡོད་པས་ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ། དངོས་པོ་གོས་རུང་བ་ཚད་ལྡན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་ཀྱི་བསམ་པས། སྦྱོར་བ་ངག་གི་རིག་བྱེད་ཀྱིས་ བླངས་ཏེ་མཐར་ཐུག་ལག་ཏུ་ཐོབ་ན་སྤང་བའོ། ། བདུན་པ་སྟོད་གཡོགས་སྨད་གཡོགས་བཅས་ཞེས་པ་ལ། སློང་བར་རིགས་པའི་སྤང་ བའི་གླེང་གཞི་ནི། ཕྲེང་བ་ཅན་པའི་དགེ་སློང་བཞི་བཅུ་ཆོམ་རྐུན་པས་བཅོམ་པ་ན། དྲུག་སྡེས་ ཁྱིམ་པ་ལ་གོས་སློང་པའི་གྲོགས་བྱས་པ་ལ་བརྟེན་ནས་བཅས་སོ། །རྟེན་དགེ་སློང་ཆོས་གོས་ ཚང་མར་ཡོད་པས་ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ་དངོས་པོ་ཁྱིམ་པའམ་རབ་ཏུ་བྱུང་བའི་ གོས་སྟོད་གཡོགས་སྨད་གཡོགས་ལྷག་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སློང་འདོད་ཀྱི་ བསམ་པས་སྦྱོར་བ་ངག་གི་རིག་བྱེད་ཀྱིས་བླངས་ཏེ་མཐར་ཐུག་ཐོབ་པ་ན་སྤང་བའོ། །རང་ ལ་འཚོ་བའི་ཡོ་བྱད་ཀྱི་གོས་གང་མེད་པས་དེ་སློང་བར་རིགས་ཀྱི་ལྷག་པོ་བླངས་ན་ལྟུང་བར་ 2-1-269 འགྱུར་རོ། ། བརྒྱད་པ་རིན་ཐང་ཞེས་པ་ལ། ལྤགས་པ་སློང་བའི་གླེང་གཞི་ནི། ཉེར་དགས་ཁྱིམ་ བདག་བཟའ་མི་གཉིས་ཀྱིས་རས་ཡུག་གཅིག་འབུལ་བར་བསྔོས་ཤིང༌། དངོས་སུ་འབུལ་ བར་མ་སྨྲས་པར་བླངས་པ་ལ་བརྟེན་ནས་བཅས་སོ། །རྟེན་དགེ་སློང་སྲ་བརྐྱང་མ་བཏིང་པས་ ཡུལ་ཁྱིམ་པ་ཉེ་དུ་མིན་པ་ལ། རང་ལ་བསྔོས་པའི་གོས་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ རང་ལ་བསྔོས་པར་ཤེས་པ་དངོས་སུ་འབུལ་ལོང་མེད་པར། སྔ་ཚོམས་སུ་སློང་འདོད་པས། སྦྱོར་བ་ངག་གི་རིག་བྱེད་ཀྱིས་བླངས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་ཐོབ་ན་སྤང་བའོ། ། དགུ་པ་སོ་སོར་ཞེས་པ་ལ། སོ་སོ་ནས་ལྤགས་པ་སློང་བའི་གླེང་གཞི་ནི། ཉེར་དགས་ ཁྱིམ་བདག་བཟའ་མི་གཉིས་ཀྱིས་ལྐོག་ཏུ་རས་ཡུག་རེ་འབུལ་བར་བསྔོས་པ་ཡང་དང་ཡང་དུ་ བདས་པ་ལ་བརྟེན་ནས་བཅས་སོ། །ལྟུང་བ་རྣམ་གཞག་ནི་གོང་བཞིན་ནོ། ། བཅུ་པ་སྐུར་པའོ་ཞེས་པ་ལ། སྐུར་བའི་སྤང་བའི་གླེང་གཞི་ནི། ཉེར་དགས་བྲམ་ཟེ་ དབྱར་ཚུལ་གྱིས་ཕོ་ཉ་བ་ལ་གོས་ཀྱི་རྒྱུ་སྐུར་བ་སྤོས་འཚོང་ཞིག་ལ་གཏད་པ་ཚུལ་དང་མི་ མཐུན་པར་དྲག་ཏུ་བླངས་པ་ལ་བརྟེན་ནས་བཅས་སོ། །རྟེན་དགེ་སློང་གིས་ཡུལ་ཞལ་ཏ་བ་ ལ་དངོས་པོ་ཁྱིམ་པ་ཉེ་དུ་མ་ཡིན་པས་བསྐུར་བའི་གོས་ཀྱི་རིན་འདུ་ཤེས་མ་འཁྲུལ་ཞིང་ཀུན་ སློང་སློང་འདོད་ཀྱི་བསམ་པས་སྦྱོར་བ་བསྐུལ་བསྡད་དྲུག་ལས་ལྷག་པར་བླངས་ཏེ། མཐར་ ཐུག་ཐོབ་ན་སྤང་བའོ། །དགེ་སློང་ལ་སྦྱིན་བདག་གིས་ཆོས་གོས་ཀྱི་རིན་བསྐུར་བའི་ཕོ་ཉ་ བས་དགེ་སློང་གིས་བསྟན་པའི་ཞལ་ཏ་བ་དགེ་བསྙེན་ལྟ་བུ་ལ་གཏད་ནས་དེས་ཆོས་གོས་ བསྒྲུབ་ཏུ་བཅུག་པ་དུས་སུ་མ་བྱུང་ན་ལན་གསུམ་དུ་བསྐུལ། དེ་ལ་མ་བྱུང་ན་ལན་གསུམ་དུ་ བསྡད། དེ་ལའང་མ་བྱུང་ན་སྦྱིན་བདག་ལ་སྦྲན་ནས། སྦྱིན་བདག་གི་སེམས་བསྡུ་བར་ཁས་ ལེན་ན་བླང་ཞིང༌། མི་ལེན་ན་མི་བླང་ངོ༌། ། 2-1-270 བཅུ་ཚན་གཉིས་པ་ནི། སྡོམ་ལ། སྲི ན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་ གང་ལམ་དང་ནི། །འཁྲུ་བ་དག་ནི་གསེར་དངུལ་དང༌། །མངོན་ཚན་ཅན་དང་ཉོ་ཚོང་ངོ༌། །ཞེས་པ་ལ། དེ་ལ་དང་པོ། སྲི ན་བལ་དང༌། བལ་ནག་པོ་འབའ་ཞིག་དང༌། ཆ་གཉིས་བསྲེ་བ་ གསུམ་གྱི་གླེང་གཞི་ནི། དགེ་སློང་རབ་ཏུ་མང་པོ་དག་གིས། དེ་དག་ལ་རིམ་བཞིན་རྩོལ་བས་ བསྒྲུབ་སྟེ་སྟན་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དངོས་པོ་ཡུལ་ དུས་དེར་དཀོན་པའི་སྲི ན་བལ་དང༌། རང་བཞིན་གྱི་བལ་ནག་པོ་དང༌། ཆ་གཉིས་བསྲེས་ཏེ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྟན་བྱེད་འདོད་ཀྱིས་ཀུན་ནས་བླངས་ཏེ་སྦྱོར་བ་རང་ངམ་ གཞན་བསྐོས་པས། མཐར་ཐུག་སྲི ན་བལ་ལ་སོགས་དེ་དག་བཀྲམ་པ་ཙམ་ན་སྤང་བའོ། ། བཞི་པ་དྲུག་དང་ཞེས་པ་ལ། ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པའི་གླེང་གཞི་ ནི། དགེ་སློང་རབ་ཏུ་མང་པོ་དག་གིས་ལོ་དྲུག་གི་ནང་དུ་སྟན་མང་པོ་བྱས་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དངོས་པོ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་འདུ་ཤེས་ མ་འཁྲུལ་ཞིང༌། ཀུན་སློང་སྟན་གསར་པ་བྱེད་འདོད་ཀྱིས་སྦྱོར་བ་ལོ་དྲུག་གི་ནང་དུ་སྟན་ གཉིས་པ་བྱས་ནས། མཐར་ཐུག་ཟིན་པ་ན་སྤང་བའོ། ། ལྔ་པ་མཐོ་གང་ཞེས་པ་ལ། མཐོ་གང་གི་གླེང་གཞི་ནི། དགེ་སློང་རབ་ཏུ་མང་པོ་དག་གིས་ གདིང་བ་རྙིང་པ་ལྟོས་མེད་དུ་རང་དགར་བོར་ནས། གདིང་པ་གསར་པ་བྱས་པ་ལ་བརྟེན་ ནས་བཅས་སོ། །རྟེན་དགེ་སློང་གིས་རང་དབང་པའི་གདིང་པ་གསར་པ་ལ། གདིང་པ་རྙིང་པ་ བཅོས་རུང་བ་ཚུན་ཆད་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པར། འདུ་ཤེས་ མ་འཁྲུལ་ཞིང་ཀུན་སློང་རང་དགར་སྤྱོད་འདོད་པས་མཐར་ཐུག་ལོངས་སྤྱོད་རྙིང་པར་གྱུར་པ་ ན་སྤང་བའོ། ། དྲུག་པ་ལམ་དང་ནི་ཞེས་པ་ལ། བལ་འཁུར་བའི་གླེང་གཞི་ནི། དྲུག་སྡེའི་འཆར་ཀ་མ་ 2-1-271 གཏོགས་པ་རྣམས་ཀྱིས་བལ་གྱི་ཁུར་ཆེན་པོ་འཁུར་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་ རྟེན་དགེ་སློང་གི་དངོས་པོ་བལ་གྱི་ཁུར་རང་གི་ཡིན་པ། ངོ་མ་སྤོས་པར་ཁུར་པོ་ལོངས་པ་ལ་ རྒྱང་གྲགས་གཅིག་ལས་འདས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་དུ་སྦྱོར་བ་ བལ་གྱི་ཁུར་ཁྱེར་ནས་ཁུར་ཁྱེར་བ་གཞན་མེད་ན་དཔག་ཚད་གསུམ་ཚུན་ཆད་ལ་ལྟུང་པ་མེད་ དེ། དེ་ནས་བརྩམས་ཏེ་རྒྱང་གྲགས་གཅིག་གི་མཐར་ཕྱིན་པའམ། ཁུར་ཁྱེར་བ་ཡོད་ན་དང་པོ་ ནས་བརྩམས་ཏེ་རྒྱང་གྲགས་རེ་རེའི་མཐར་ལྟུང་བ་རེ་རེ་དེའི་ཕྱེད་རེ་རེར་ཉེས་བྱས་རེ་རེའོ། །མངོན་ཤེས་ཀྱི་རྫུ་འཕྲུལ་ལས་གཞན་པས་ནམ་མཁའ་ལ་བལ་ཁྱེར་ཏེ་འགྲོ་བ་དང༌། དུད་ འགྲོ་ལ་སོགས་སུ་སྤྲུལ་ནས་བལ་ཁྱེར་ཏེ་འགྲོ་བ་ཉེས་བྱས་སོ། །བསླབ་བྱ་ནི། ཁྱིམ་པའི་ཁུར་ ཕྱེད་ལས་ལྷག་པ་མི་འཁུར་རོ། །ཞྭ་དང་ལྷམ་སྒྲོ་གུ་ཅན་དང༌། སྟོད་སྐོར་ནང་ཚངས་ཅན་དང༌། སྐ་རགས་ཙམ་གྱི་དོན་དུ་བལ་ཁྱེར་བ་ལ་ཉེས་པ་མེད་དོ། །རྒྱང་གྲགས་རྩོམ་པ་ལ་རྡུལ་ཕྲ་ རབ་དྲུག་ལ་རྡུལ་ཕྲན་ཕྲ་མོ་གཅིག དེ་བཞིན་དུ་ཆུ་ལྕགས་རི་བོང་ལུག་གླང་ཉི་ཟེར་གྱི་རྡུལ་ སྲོ་མ་དང་ཤིག་ནས་སོར་ཚིགས་རྣམས་སྔ་མ་དྲུག་ལ་ཕྱི་མ་རེ། སོར་བཞི་དྲུག་ལ་ཁྲུ་གང༌། ཁྲུ་ བཞི་ལ་གཞུ་གང༌། དེ་ལྔ་བརྒྱ་ལ་རྒྱང་གྲགས། དེ་བརྒྱད་ལ་དཔག་ཚད་གཅིག་གོ།འདིར་ དྲུག་འགྱུར། མངོན་པར་བདུན་འགྱུར། དུས་འཁོར་དུ་བརྒྱད་གྱུར་དུ་གསུངས་པ་རྣམས་ གདུལ་བྱའི་བསམ་པ་ལ་ལྟོས་ནས་གསུངས་པ་ཡིན་གྱི་དོན་ལ་འགལ་བ་མེད་དེ། ཕྱི་རོལ་གྱི་ དོན་བདེན་པར་མ་གྲུབ་པའི་ཕྱིར་རོ། ། བདུན་པ་འཁྲུ་བ་དང་ཞེས་པ་ལ། བལ་རྨེལ་དུ་འཇུག་པའི་གླེང་གཞི་ནི། འཆར་ཀས་སྐྱེ་ དགུའི་བདག་མོ་སོགས་དགེ་སློང་མ་རྣམས་ལ་བལ་རྨེལ་དུ་བཅུག་པ་ལ་བརྟེན་ནས་བཅས་ སོ། །རང་གིས་བྱིན་གྱིས་བརླབས་པའི་ཆོས་གོས་ཞེས་པའི་དོད་དུ་ལུག་གི་བལ་འཁྲུར་འཇུག་ གམ་འཚེད་དུ་འཇུག་གམ། འཆག་ཅེས་པ་རྨེལ་དུ་འཇུག་ཅེས་འདོན་པ་བསྒྱུར་ཏེ། ལྟུང་བའི་ 2-1-272 ཡན་ལག་འཁྲུར་འཇུག་གི་སྐབས་བཞིན་ནོ། ། བརྒྱད་པ་གསེར་དངུལ་དང་ཞེས་པ་ལ། རིན་པོ་ཆེ་བདག་གིར་བྱེད་པའི་གླེང་གཞི་ ནི། དྲུག་སྡེ་དག་རང་གི་ལག་གིས་གསེར་དངུལ་སོགས་ལེན་ཅིང༌། འཇོག་པར་བྱེད་ནས་མུ་ སྟེགས་ཅན་དག་འདི་དག་ཁྱིམ་པ་དང་ཁྱད་པར་ཅི་ཡོད་ཅེས་འཕྱ་བ་ལ་བརྟེན་ནས་བཅས་ སོ། །དེ་ལ་རྟེན་དགེ་སློང་རུང་བ་གསུམ་གང་དང་ཡང་མི་ལྡན་པས། དངོས་པོ་གསེར་དངུལ་ སོགས་རིན་པོ་ཆེ་ཡིན་པ། ཉོ་ཚོང་ལ་སོགས་པའི་ཐ་སྙད་གདགས་སུ་རུང་བ། རང་གི་ཡིན་པ། ལག་པས་སླེབ་པའི་མངོན་སུམ་དུ་གནས་པ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་དོན་ དུ་རང་དགར་རེག་གམ། རེག་ཏུ་འཇུག་འདོད་པས་སྦྱོར་བ་རང་ངམ་གཞན་མངོན་སུམ་དུ་ བསྐོས་ཏེ། འདི་ལོངས་ཤིག འདི་ཞོག་ཅིག ཅེས་སོགས་ཀྱིས་མཐར་ཐུག་རེག་པ་རྫོགས་ པ་ན་སྤང་བའོ། །ལུས་དང་འབྲེལ་པའི་དབྱུག་པ་ལ་སོགས་པས་རེག་པ་ལ་ཡང་ཁྱད་པར་ མེད་དོ། །ཕ་ཚད་ན་འདུག་པ་དང་རིན་པོ་ཆེ་ཡིན་ཡང་གས་པ་ཆག་པ་ཚིག་པ་ལ་སོགས་པ་ རིན་ཐང་ཉམས་ཏེ་ཉོ་ཚོང་གི་ཐ་སྙད་གདགས་སུ་མི་རུང་བར་གྱུར་པ་དང༌། ས་རྡོ་སོགས་རིན་ པོ་ཆེའི་རྣམ་པར་བཅོས་པ་ལ་ཉེས་བྱས་སོ། །ཞ་ཉེ་ཟངས་ལྕགས་སོགས་རིན་པོ་ཆེ་མ་བཅོས་ པ་ལ་ཉེས་པ་མེད། བསླབ་བྱ་ནི་སྟོན་པས་{མ}གནང་པའི་ཁབ་དང་རྒྱབ་ལ་སོགས་པ་རིན་ པོ་ཆེའི་ཤན་བསྲེ་བར་མི་བྱ། ར་གན་ཟངས་འཁར་བ་ཤིང་གི་ལྷུང་བཟེད་བདག་གིར་མི་བྱ་ གལ་ཏེ་བྱེད་དགོས་བྱུང་ན་སྨན་ཕོར་གྱི་བློས་སྤྱད་དོ། །ལྷུང་བཟེད་བྱིན་གྱིས་བརླབ་ཏུ་རུང་པ་ ལ་གཉིས་ཏེ། ལྕགས་ལས་བྱས་པ་དང་ས་ལས་བྱས་པའོ། །རིན་པོ་ཆེའི་རུང་བ་གསུམ་སྦྱིན་ བདག་བདག་པོ་ཡིན་སྙམ་དུ་རང་གི་བསམ་པས་མོས་སུ་གཞུག་པ་དང༌། ཞལ་ཏའམ་གཉེར་ ཁ་བྱེད་པའི་དགེ་བསྙེན་ལྟ་བུ་ཕྱིས་རང་གི་ཆོས་གོས་ཉོ་བ་ལྟ་བུའི་བར་དུ་བདག་པོ་ཉིད་དུ་ ཁས་ལེན་དུ་འཇུག་པ་དང༌། བྱིན་གྱིས་བརླབ་པ་ནི། བསྙེན་པར་མ་རྫོགས་པ་ཞིག་ལ་ཟུར་ 2-1-273 གྱིས་བསྒོས་ཏེ་མདུན་དུ་འཇོག་ཏུ་བཅུག་ནས། རྟེན་ཡུལ་གཉིས་ཀ་འགྲེང་སྟེ་མི་རེག་པར་ ལག་པ་བསྐྱང་སྟེ་འཛིན་པའི་ཚུལ་དུ་བྱས་ནས་བཙུན་པ་དགོངས་སུ་གསོལ། བདག་དགེ་ སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ་བདག་དགེ་སློང་མིང་ འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབ་པོ། །དངོས་པོ་རུང་ བ་མ་ལགས་པ་འདི་དངོས་པོ་རུང་བར་བསྒྲུབ་པར་བགྱིའོ། །ཞེས་ལན་གསུམ་དང་ཐབས་ ལེགས་བྱའོ། །མེའི་དོན་དུ་མེ་ཤེལ་དང༌། ཆུའི་དོན་དུ་ཆུ་ཤེལ་དང༌། བཟའ་བཏུང་གི་དོན་དུ་ ཕུལ་བའི་ཀར་ཤ་པ་ན་དང༌། ལམ་རྒྱགས་སུ་རིན་པོ་ཆེ་ཁྱེར་བ་ལྟ་བུ་རྣམས་ལ་བྱིན་བརླབས་ དེ་ལྟར་བྱས་ཏེ་བཅང་དུ་རུང་ངོ༌། ། དགུ་པ་མངོན་ཚན་ཅན་དང་ཞེས་པའི། མངོན་ཚན་ཅན་གྱི་གླེང་གཞི་ནི། དྲུག་སྡེས་ཀར་ ཤ་པ་ན་ལ་སོགས་པའི་འབུན་སྐྱེད་བྱས་པས་མུ་སྟེགས་རྣམས་ཁྱིམ་པ་རྣམས་དང་ཁྱད་པར་ མེད་དོ། །ཞེས་འཕྱ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྐྱེན་ཁྱད་པར་ཅན་དང་མི་ལྡན་ པའི་དགེ་སློང་གིས་ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་རང་དང་ནོར་མི་གཅིག་པ་ལ་དངོས་པོ་རིན་ པོ་ཆེའམ་འབྲུ་ལ་སོགས་པའི་ནོར་རང་དབང་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དོན་ དུ་སྐྱེད་ཀྱི་ཁེ་འདོད་པས་སྦྱོར་བ་འབུན་སྐྱེད་བྱེད་པ་ལ་ཞུགས་ཏེ། མཐར་ཐུག་སྐྱེད་ཐོབ་པ་ ན་སྤང་བའོ། །ཡུལ་ཁྱིམ་པ་མ་ཡིན་པ་ལ་འབུན་སྐྱེད་བྱེད་པ་དང་གཞན་དོན་དང༌། གཞན་ ལ་བཅོལ་བ་དང༌། སྤྲིང་ཡིག་སོགས་ཀྱིས་སྐྱེད་དེ། སྐྱེད་ཐོབ་ན་ཉེས་བྱས་སོ། །བསླབ་བྱ་ནི། དཀོན་མཆོག་གི་དོན་དུ་དགེ་བསྙེན་བསྐོས་ཏེ་གཏའ་ཉིས་རི་བླངས་ཏེ་དཔང་པོ་ལོ་ཟླ་ཉི་མ་ གནས་བརྟན་དགེ་བསྐོས་ལེན་པ་པོ་རྫས་སྐྱེད་དཔང་པོ་དང་བཅས་པའི་ཡི་གེ་རྒྱས་བཏབ་པ་ བྱས་ཏེ། དགེ་སློང་གཞན་ཡང་རྒྱུས་ཤེས་སུ་བཅུག་ནས། དཀོན་མཆོག་གི་རྫས་དཀོན་མཆོག་ གི་དོན་དུ་བསྐྱེད་དུ་བཅུག་ཅིང༌། བསྐྱེད་ཀྱིས་དཀོན་མཆོག་མཆོད་པ་སོགས་བྱའོ། ། 2-1-274 བཅུ་པ་ཉོ་ཚོང་ངོ་ཞེས་པའི། ཉོ་ཚོང་བྱེད་པའི་གླེང་གཞི་ནི། དྲུག་སྡེ་དག་ལྗོངས་ལོ་ལེགས་ གྲོང་ཁྱེར་ཉེས་པའི་ཚེ་ན་ལྗོངས་ནས་གྲོང་ཁྱེར་དུ་ལེན། ལྡོག་པའི་ཚེ་ན་གྲོང་ཁྱེར་ནས་ལྗོངས་ སུ་གཏོང༌། རིན་ཆེ་བའི་ཚེ་ན་འཚོང༌། ཆུང་པའི་ཚེ་ན་ཉོ་བར་བྱེད་པས་མུ་སྟེགས་རྣམས་ཁྱིམ་ པ་དང་བྱེ་བྲག་ཅི་ཡོད་ཅེས་འཕྱ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་སྔོན་གྱི་བུ་ལོན་ ཆགས་པས་ཉོ་ཚོང་མ་བྱས་ན་བུ་ལོན་མི་ཁེར་ཞིང༌། བུ་ལོན་མ་ཁེར་ན་ཡང་མ་བྱིན་ལེན་གྱི་ ཕམ་པར་འགྱུར་བ་ལ་སོགས་པའི་རྐྱེན་ཁྱད་པར་ཅན་དང་མི་ལྡན་པ་སྟེ། འདི་རྟེན་གོང་མ་ལ་ ཡང་མཚུངས་སོ། །དངོས་པོ་འབྲུ་དང་གོས་ལ་སོགས་པ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ རང་དོན་དུ་རང་དགར་ཉོ་ཚོང་བྱེད་འདོད་པས། སྦྱོར་བ་མོད་པའི་ཚེ་ཉོ་ཞིང༌། དཀོན་པའི་ཚེ་ འཚོང་པའི་སྒོ་ནས་མཐར་ཐུག་དེའི་རྐྱེན་གྱིས་ཁེ་བོགས་གྲུབ་པའི་ཚེ་སྤང་བའོ། །བསླབ་བྱ་ ནི། དགེ་འདུན་གྱི་བཤོས་ཀྱི་ཕྱིར། འབྲུ་རིན་གྱིས་ཉོ་བར་བྱ། ཁྱིམ་པའི་ཉོ་ཚོང་བར་དུ་ལག་ མི་འཇུག རང་གི་ཆོས་གོས་ཁྱིམ་པ་ལ་ཉོར་གཞུག ཁྱིམ་པ་མེད་ན་རང་གིས་རྫས་ཀྱི་རིན་ ཐང་རི་ཚོད་དྲང་པོར་བཅད་ནས་རིན་འདི་ཙམ་བྱེད་ཅེས་བརྗོད་པར་བྱའོ། །དཀོན་མཆོག་ གི་དོན་མ་གཏོགས་པ་གཞན་དོན་དུ་ཡང་ཟོང་ལ་མི་རྩེག འདི་མི་བདེན་ན་ཁྱོད་ལ་ཞ་འདི་ སྦྱིན་ནོ་ཞེས་པ་ལྟ་བུ་གཏའ་མི་གཞུག དགེ་འདུན་གྱི་དོན་དུ་ཡང་རྒན་རབས་ལ་མ་ཞུས་པར་ བསྐྱེད་མི་གཏོང༌། འབྲུ་སོགས་སྲོག་ཆགས་ཡོད་པ་མི་བཙོང་བ་སོགས་ལ་བསླབ་ཅིང༌། དེ་ རྣམས་ལས་འགལ་ན་ཉེས་བྱས་སོ། །མངོན་ཚན་ཅན་དང་ཉོ་ཚོང་གཉིས་ཀྱི་ལྟུང་བ་བཤགས་ པ་ལ། དེ་གཉིས་ཀྱི་བསྐྱེད་ཀྱི་ཆ་གཏན་སྤང་དགོས་སོ། ། གསུམ་པ་བཅུ་ཚན་ཐ་མ་ནི། སྡོམ་ལ། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོག་ སྟོན་ཟླ་ཐ་ཆུང་དང༌། །དགོན་པ་པ་དང་རས་ཆེན་དང༌། །བསྔོས་པ་དང་ནི་སོག་འཇོག་གོ།དེ་ ལ་དང་པོ་ལྷུང་བཟེད་གཉིས་ཞེས་པ། ལྷུང་བཟེད་ལྷག་པོ་འཆང་བའི་གླེང་གཞི་ནི། དྲུག་སྡེས་ 2-1-275 ལྷུང་བཟེད་མང་པོ་བཅངས་པ་ལ་བརྟེན་ནས་བཅས་སོ། །གཉིས་པ་ལྷུང་བཟེད་ལྷག་པོ་ཚོལ་ བའི་གླེང་གཞི་ནི། ཉེར་དགས་རང་ལ་ལྷུང་བཟེད་ཡོད་བཞིན་དུ། །མཉན་ཡོད་དུ་ཁྱིམ་བདག་ གཅིག་ལ་ལྷུང་བཟེད་བླངས་པ་ལ་བརྟེན་ནས་བཅས་སོ། །དེ་ལ་དང་པོ་ལྷུང་བཟེད་ལྷག་པོ་ འཆང་བའི་སྤང་བ་ནི། རྟེན་དགེ་སློང་གིས་དངོས་པོ་རྒྱུ་དང་ཁ་དོག་སོགས་རུང་ཞིང༌། མཐེ་ བོ་ལྟོ་གང་གི་ལྷག་མར་ཕུལ་དགུ་ཤོང་པ་ཡན་ཆད་ཀྱི་ལྷུང་བཟེད་ལྷག་པོ། ལྷག་པའི་ཡོ་བྱད་ དུ་བྱིན་གྱིས་བརླབ་པ་སོགས་ཀྱི་རུང་བ་མ་བྱས་པ། འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་ དོན་དུ་རྒྱུན་དུ་འཆང་འདོད་ཀྱི་བསམ་པས། སྦྱོར་བས་ཞག་བཅུ་བཅངས་ཏེ། མཐར་ཐུག་ ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ། །གཞན་ལྟུང་བའི་ཡན་ལག་རྣམས་ གོས་ཞག་བཅུར་འཆང་བའི་སྤང་བ་བཞིན་སྦྱར་རོ། ། གཉིས་པ་ཚོལ་བའི་སྤང་བ་ལ། རྟེན་ལྷུང་བཟེད་རུང་བ་ཚད་ལྡན་ཡོད་པའི་དགེ་སློང་ གིས། ཡུལ་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ། དངོས་པོ་ལྷུང་བཟེད་རུང་བ་ཚད་ལྡན་འདུ་ཤེས་མ་ འཁྲུལ་ཞིང་ཀུན་སློང་རང་དོན་དུ་སློང་འདོད་ཀྱི་བསམ་པས། སྦྱོར་བ་སློང་བ་ལ་ཞུགས་ཏེ། མཐར་ཐུག་ལག་ཏུ་ཐོབ་ཅིང་ཐོབ་བློ་སྐྱེས་པ་ན་སྤང་བའོ། །ལྷུང་བཟེད་མེད་ཀྱང་ཡོད་པའི་ བསམ་པས་སློང་བ་དང༌། ཡོད་བཞིན་དུ་[རང་བཞིན་{རིན་}གྱིས་ཉོ་བ་དང༌། མེད་ན་རིན་ ཡོད་བཞིན་དུ་སློང་བ་དང༌། བཟང་པོ་འདོད་པས་བརྗེ་བ་རྣམས་ལ་ཉེས་བྱས་སོ། །ལྷན་པ་ བཞི་མན་ཆད་གླན་པའམ། བླན་དུ་རུང་བ་ལ་བྱིན་བརླབས་འཆགས་ཤིང༌། ལྔ་པ་ཡན་ཆད་ ལ་མི་འཆགས་སོ། །བསླབ་བྱ་ལ། ལྷུང་བཟེད་སོགས་ཡོད་བྱད་ལ་ཧ་ཅང་མི་ཆགས། ལྷག་ པར་ཆགས་པའི་དངོས་པོ་མི་བཅང༌། འཚོ་བའི་ཡོ་བྱད་དངོས་དང༌། རིན་ཡང་མེད་ན་བླང་ དུ་རུང༌། ལྷུང་བཟེད་ཚོལ་བའི་ལྟུང་བ་ཕྱིར་འཆོས་པའི་ཚེ་ལྷག་པ་གཅིག་དགེ་འདུན་ལ་ བྲིམ་པས་བསྙིགས་པར་བྱ། ལྷག་པོ་དུ་མ་ཡོད་ན་གཞན་རྣམས་ནང་པའི་རབ་བྱུང་གཞན་ལ་ 2-1-276 གཏན་དུ་སྤང་བར་བྱའོ། ། གསུམ་པ་ཐ་ག་གཉིས་ཞེས་པ་ལ། འཐག་ཏུ་འཇུག་པ་དང༌། འཐག་པ་བསྐྱེད་པའི་ སྤང་བ་གཉིས་ཀྱི་གླེང་གཞི་ནི། ཉེར་དགས་ཡུགས་ས་མོ་ལྔ་བརྒྱ་ལས་དོག་པ་རྙེད་པ་ཐགས་ མཁན་སྤྱི་གཅེར་ལ་འཐག་ཏུ་བཅུག་ནས། གླ་མ་བྱིན་པ་ལ་བརྟེན་ནས་བཅས་ཤིང༌། གཉིས་ པའི་གླེང་གཞི་ནི། ཉེར་དགས་ཐ་ག་བ་ལ་སྦྱིན་བདག་གིས་བསྔོས་པ་ལས་ལྷག་པའི་ཁོ་ལག་ ཆེ་བ་དང༌། འབྲས་བཟང་པར་འཐག་ཏུ་བཅུག་སྟེ། བླངས་ཏེ་གླ་རྔན་མ་བྱིན་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་དང་པོ་ནི། རྟེན་དགེ་སློང་གིས་ཐ་ག་པ་ཉེ་དུ་མ་ཡིན་པ། དངོས་པོ་གོས་ཀྱི་ རྒྱུ་རུང་བ་ཚད་ལྡན་རང་གི་ཡིན་པ། འདུ་ཤེས་ཉེ་དུ་མ་ཡིན་པ་ལ་མ་ཡིན་པར་ཤེས་བཞིན་དུ། ཀུན་སློང་རང་དོན་དུ་འཐག་ཏུ་འཇུག་འདོད་ཀྱི་བསམ་པས། སྦྱོར་བ་རང་ངམ་བསྐོས་པས་ རྔན་པ་མ་བྱིན་པར་འཐག་ཏུ་བཅུག་སྟེ། མཐར་ཐུག་ཐོབ་ཅིང་ཐོབ་བློ་སྐྱེས་པ་ན་སྤང་བའོ། ། བཞི་པ་འཐག་པ་བསྐྱེད་པའི་སྤང་བ་ལ། འཐག་པ་སྐྱེད་པའི་དངོས་པོ་ནི། སྦྱིན་བདག་ གིས་རང་ལ་བསྔོས་པའི་དོག་པ་རུང་བ་ཚད་ལྡན་ལས་ལྷག་པ་སྦྱིན་བདག་ལས་བླངས་ཏེ་ འཐག་ཏུ་བཅུག་ན་སྤང་བ་སྟེ། ཡན་ལག་གཞན་གོང་བཞིན་ནོ། ། ལྔ་པ་བྱིན་འཕྲོག་ཅེས་པ་ལ། བྱིན་འཕྲོག་གི་གླེང་གཞི་ནི། དགའ་བོས། དགེ་སློང་ཆོས་ ལ་ཆོས་གོས་བྱིན་པ་སླར་འཕྲོག་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ ཡུལ་དགེ་སློང་མཚན་ཉིད་དང་ལྡན་པ་ལ་དངོས་པོ་རང་གིས་བྱིན་པའི་ཆོས་གོས་འདུ་ཤེས་མ་ འཁྲུལ་ཞིང༌། ཀུན་སློང་རང་ངམ་གཞན་གྱི་དོན་ཏུ་འཕྲོག་འདོད་ཀྱི་བསམ་པས། སྦྱོར་བས་ རང་ངམ་གཞན་བསྐོས་པ་དག་གིས་ཕྲོགས་ཏེ་མཐར་ཐུག་བྲལ་བར་བྱ་བའི་དགེ་སློང་གི་ལུས་ ལས་ཆོས་གོས་དེ་བྲལ་བ་ན་སྤང་བའོ། །སྦྱོར་བ་ལ་ཉེས་བྱས་སོ། །གོས་མི་རུང་བ་དང༌། ཚད་ ལས་ཆུང་བ་ཕྲོགས་པ་དང༌། མངོན་སུམ་དུ་མ་བསྐོས་པར་བརྒྱུད་ནས་བསྐོས་ཏེ་འཕྲོག་ཏུ་ 2-1-277 བཅུག་པ་དང༌། རེ་ཞིག་ལ་ཕྲོགས་ལ་སླར་བྱིན་ནོ་སྙམ་པས་ཕྲོགས་པ་རྣམས་ལ་ཉེས་བྱས་སོ། །གནོད་པ་དང་མི་ཕན་པ་འབྱུང་བ་ལ་གེགས་བྱ་བའི་ཕྱིར་ཕན་སེམས་ཀྱིས་རེ་ཞིག་ཕྲོགས་པ་ ལ་ཉེས་པ་མེད་དོ། ། དྲུག་པ་སྟོན་ཟླ་ཐ་ཆུང་དང་ཞེས་པ་ལ། གཏད་པ་ལས་བྱུང་བའི་གླེང་གཞི་ནི། དགེ་སློང་ རབ་ཏུ་མང་པོས་དབྱར་གྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བདག་གིར་བྱས་པ་དང༌། དགག་ དབྱེ་ཐོན་ནས་ཀྱང་མ་བགོས་པ་ལ་བརྟེན་ནས་ཀྱང་བཅས་སོ། །དེ་ཡང་རྟེན་དབྱར་གནས་ པའི་དགེ་སློང་གིས། དངོས་པོ་དབྱར་ཁས་ལེན་པ་ལས་བྱུང་པའི་གོས་ཀྱི་རྙེད་པ་རུང་བ་ཚད་ ལྡན་དུས་དབྱར་ཁས་བླངས་ནས། དགག་དབྱེ་མ་བྱས་པའི་གོང་དུ་རྐྱེན་དབང་མ་གཏོགས་ པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དབྱར་ནང་དུ་བདག་གིར་བྱེད་འདོད་པ་དང༌། དབྱར་ ནང་དུ་རང་དགར་བགོད་པ་འདོད་པ་དང༌། དགག་དབྱེ་ཐོན་པའི་ཕྱི་དེ་ཉིན་མ་བགོས་པ་ དང༌། སྦྱོར་བ་དེ་དང་དེ་ལྟར་བྱེད་པས་སྔ་མ་གཉིས་དགག་དབྱེའི་ནང་དུ་བདག་གིར་བྱས་ པ་དང༌། བགོས་པ་དང༌། ཕྱི་མ་སྦྱིན་བདག་གི་ཚིག་གིས་དབང་མེད་ན་སྦེད་པ་མ་བསྐོས་ པར་དུས་དེ་དང་དེ་ལས་འདས་ན་རིམ་བཞིན། དབྱར་གྱི་རྙེད་པ་བདག་གིར་བྱེད་སྔས་དང༌། བགོད་སྔས་དང་བགོད་འཕྱིས་ཀྱི་སྤང་བར་འགྱུར་རོ། ། བདུན་པ་དགོན་པ་དང་ཞེས་པ་ལ། དགོན་པ་པའི་འབྲལ་སྤང་གི་གླེང་གཞི་ནི། དྲུག་སྡེས་ བསམ་བཞིན་དུ་ཞག་བདུན་དུ་རང་གི་གནས་དང་ཆོས་གོས་ཀྱི་གནས་གང་དུའང་མ་བསྡད་ པར་འབྲལ་བར་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་སྣམ་སྦྱར་དང་མི་འབྲལ་ བའི་གནང་བ་མ་ཐོབ་པ་དང༌། སྲ་བརྐྱང་མ་བཏིང་པའི་དགེ་སློང་གིས་དངོས་པོ་རང་གི་ཆོས་ གོས་དངོས་ཀྱི་བྱིན་བརླབས་ཅན་དགོན་པར་འཇིགས་པའི་དབང་གིས་སྤྱོད་ཡུལ་གྱི་གྲོང་དུ་ འཇིགས་པ་དང་མ་བྲལ་གྱི་བར་དུ་བཞག་ཏུ་རུང་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ 2-1-278 རང་དགར་ཞག་དྲུག་ཏུ་འབྲལ་འདོད་ཀྱི་བསམ་པས། སྦྱོར་བ་བར་ཆད་ཀྱི་རྐྱེན་མེད་པར་རང་ གི་གནས་དང་སྣམ་སྦྱར་བཞག་པའི་གནས་གཉིས་ཉེ་འཁོར་དང་བཅས་པ་ལས་གཞན་དུ་ གནས་པས་མཐར་ཐུག་ཞག་དྲུག་འདས་ཏེ་བདུན་པའི་སྐྱ་རེངས་ཤར་བའི་ཚེ་སྤང་བའོ། ། བརྒྱད་པ་རས་ཆེན་དང་ཞེས་པ་ལ། རས་ཆེན་བཙལ་སྔས། བཞག་འཕྱིས་པའི་སྤང་ བའི་གླེང་གཞི་ནི། དགེ་སློང་རབ་ཏུ་མང་པོས་དབྱར་གྱི་རས་ཆེན་བཙལ་སྔས་པ་དང་བཞག་ འཕྱིས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དབྱར་གནས་དང་འབྲེལ་པའི་དགེ་སློང་ གིས་དངོས་པོ་རས་ཆེན་རུང་བ་ཚད་ལྡན་ཆར་ཆུ་སྐྱབས་ནུས་ཟླ་བ་བཞིར་སྤྱོད་པའི་རྙིང་པ་མ་ ཡིན་པ། བཙལ་བའི་དུས་དབྱར་ཁས་ལེན་པའི་སྔ་རོལ་ཟླ་བ་གཅིག་གི་ནང་དུ་བཙལ་རུང་ ཞིང༌། འཇོག་པའི་དུས་དགག་དབྱེ་ཐོན་ནས་ཟླ་བ་ཕྱེད་ཀྱི་བར་དུ་བཞག་ཏུ་རུང་པ་ལ་འདུ་ ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་དོན་དུ་དབྱར་ཁས་ལེན་པའི་ཟླ་གཅིག་གི་གོང་དུ་ཚོལ་ འདོད་དང༌། དགག་དབྱེ་གྲོལ་ནས་ཟླ་ཕྱེད་ཀྱི་འོག་ཏུ་ཡང་རས་ཆེན་སྦེད་པ་མ་བསྐོས་པར་ འཇོག་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་བྱེད་ཅིང༌། མཐར་ཐུག་དེའི་རྐྱེན་གྱིས་ཁས་ལེན་ གྱི་ཟླ་གཅིག་གི་གོང་དུ་བཙལ་ནས་རྙེད་པ་ན་བཙལ་སྔས་ཀྱི་སྤང་བ། དགག་དབྱེ་གྲོལ་ནས་ སྦེད་པ་མ་བསྐོས་པར་ཟླ་ཕྱེད་ལས་ལྷག་པར་བཅངས་པས་བཞག་འཕྱིས་ཀྱི་སྤང་བ་བསྐྱེད་ དོ། ། དགུ་པ་བསྔོས་པ་དང་ནི་ཞེས་པ་ལ། བསྔོས་བསྒྱུར་གྱི་སྤང་བའི་གླེང་གཞི་ནི། ཉེར་ དགས་ཁྱིམ་བདག་གིས་དགེ་འདུན་ལ་བསྔོས་པའི་གོས་རང་ལ་བསྒྱུར་བ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཁྱིམ་པ་མཚན་ཉིད་དང་ལྡན་པས་དགེ་འདུན་ནམ་ གང་ཟག་གཞན་ལ་བསྔོས་པའི་གོས་སམ་ལྷུང་བཟེད་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་ སེམས་མེད་ཀྱང་རང་ལ་བསྒྱུར་འདོད་ཀྱི་བསམ་པས། སྦྱོར་བ་ང་ལ་ཕུལ་ཅིག ཅེས་བརྗོད་ 2-1-279 པས། མཐར་ཐུག་དེ་ཐོབ་པ་ན་སྤང་བའོ། །གང་ཟག་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་པ་ ལྟ་བུ་དང༌། དགེ་འདུན་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་ལྟ་བུ་དང༌། གཙུག་ལག་ཁང་ གི་ཀ་བ་ལ་བསྔོས་པ་གདུང་ལ་བསྒྱུར་བ་ལྟ་བུ་དང༌། མཆོད་རྟེན་གྱི་བང་རིམ་ལ་བསྔོས་པ་ བུམ་པ་ལ་བསྒྱུར་བ་ལྟ་བུ་དང༌། དུད་འགྲོ་གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་ལྟ་བུ་དང༌། རང་གིས་གཞན་ལ་ཡིད་ཀྱིས་བསྔོས་པ་མི་སྦྱིན་པ་ལྟ་བུ་ལ་ཉེས་བྱས་སོ། །ལྷག་མ་ཟ་བའི་ དུད་འགྲོ་བཙལ་ཏེ། མ་རྙེད་ན་གཞན་ལ་བྱིན་ཀྱང་ཉེས་པ་མེད་དོ། ། བཅུ་པ་སོག་འཇོག་གོ་ཞེས་པ་ལ། སོག་འཇོག་གི་སྤང་བའི་གླེང་གཞི་ནི། པི་ལིང་ཏ་ པའི་ལྷན་ཅིག་གནས་པས་བྱིན་ལེན་བྱས་པའི་ཟས་མང་པོ་སོག་འཇོག་བྱས་པ་ལ་བརྟེན་ ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ནད་པ་མ་ཡིན་པས་དངོས་པོ་ལྷའི་བདུད་རྩི་དང་སྣར་ བླུགས་པ་ཙམ་ལས་གཞན་པ་དགེ་སློང་གིས་བརྟེན་རུང་གི་སྨན་བཞི་འམ་གང་རུང་བྱིན་ལེན་ བྱས་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཕྱིས་ལོངས་སྤྱོད་འདོད་ཀྱི་བསམ་པས་སྦྱོར་བ་རང་ རང་གི་སོག་འཇོག་དུས་ལས་འདས་པ་སྟེ། ཕྱིའི་དུས་སྨན་བཞི་པོ་བྱིན་ལེན་བྱས་པ་ཉི་མ་ཕྱེད་ ཡན་ཆད་དུ་བསྟེན་དུ་རུང་ཞིང༌། ཕྱེད་ཡོལ་ནས་བྱིན་ལེན་མ་བཤིག་པར་བཅངས་ན་སོག་ འཇོག་གོ།སོ་སོའི་དུས་བུ་རམ་ལྟ་བུ་ཞག་བདུན་པའི་སྨན་བདུན་པར་བྱིན་གྱི་བརླབས་པ། སླར་ཡང་བྱིན་གྱིས་མ་བརླབས་པའམ། བྱིན་ལེན་མ་བཤིག་པར་ཞག་བདུན་ལས་འདས་ཏེ་ མཐར་ཐུག་བརྒྱད་པའི་སྐྱ་རེངས་དང་པོ་ཤར་བ་དང༌། ཐུན་ཚོད་དུ་རུང་བའི་ལྟུང་བ་སྨན་བཞི་ པོ་གང་རུང་ལས་སྦྱར་བ། ཕྱི་དྲོ་བྱིན་ལེན་བྱས་པ་ཉི་མ་མ་ནུབ་པར་བསྟེན་དུ་རུང་ཞིང༌། དེ་ ནས་བྱིན་ལེན་མ་བཤིག་པར་བཅངས་ན་ཉིན་མཚན་གྱི་དུས་མཚམས་ལས་འདས་ཏེ་མཐར་ ཐུག་མཚན་མོའི་ཐུན་ཚོད་དང་པོ་ཤར་བའི་ཚེ་སྤང་བའོ། ། གཉིས་པ་ལྟུང་བྱེད་འབའ་ཞིག་པའི་སྡེ་ལ་བཅུ་ཚན་དགུ་ལས། དང་པོ་ནི། སྡོམ་ལ། རྫུན་ 2-1-280 སྐྱོན་དགེ་སློང་ཕྲ་མ་དང༌། །སྐྱོ་སྔོགས་བྱེད་དང་སྟོན་པ་དང༌། །འདོན་དང་གནས་ངན་ལེན་ དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་པའོ། ། དེ་ལ་དང་པོ་རྫུན་ཞེས་པ་ལ་རྫུན་སྨྲ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། ཤཱཀྱ་ལག་བརྒྱུད་ ཀྱིས་རང་རྩོད་པ་མི་བྱེད་པར་ཤེས་བཞིན་དུ། ལྷོ་ལམ་ནས་འོངས་པའི་བྲམ་ཟེ་དང་རྩོད་པར་ ཡང་ཡང་ཁས་བླངས་ནས། རྩོད་པ་མ་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་བཅས་ ལྡན་དགེ་སློང་གིས་གོང་དུ་བསྟན་པའི་ཕམ་པར་འགྱུར་བའི་རྫུན་དང༌། ལྷག་མར་འགྱུར་ བའི་རྫུན་དང༌། ཤེས་བཞིན་དུ་ཆོས་མ་ཡིན་པ་ཆོས་དང༌། ཆོས་ཆོས་མིན་པར་སྟོན་པ་སྦོམ་ པོར་འགྱུར་བའི་རྫུན་དང༌། གསོ་སྦྱོང་གི་ཚེ། ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ། ཞེས་ལན་ གསུམ་དུ་དྲིས་པ་ན། ཅང་མི་སྨྲ་བས་འདའ་བར་བྱེད་པ་ལྟ་བུ་ཉེས་བྱས་སུ་འགྱུར་བའི་རྫུན་ དང༌། འོག་ནས་འབྱུང་པ་ལྟར་དགེ་འདུན་ལྷག་མས་སྐུར་པ་འདེབས་པའི་ལྟུང་བྱེད་ཀྱི་རྫུན་ རྣམས་ལས་གཞན་པའི་ཤེས་བཞིན་གྱི་རྫུན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་སྨྲ་འདོད་ཀྱི་ བསམ་པས་སྦྱོར་བ་རང་གིས་སྨྲས་ཏེ་མཐར་ཐུག་ཉན་པ་པོས་བརྡ་འཕྲོད་ཅིང་དོན་གོ་བ་ན་ ལྟུང་བའོ། །བསླབ་བྱ་ནི། དཀོན་མཆོག་སོགས་ལ་མནའ་དོར་བར་མི་བྱའོ། ། གཉིས་པ་སྐྱོན་ཅེས་པ་ལ། སྐྱོན་སྨྲ་བའི་གླེང་གཞི་ནི། དྲུག་སྡེས་དགེ་སློང་མང་པོའི་སྐྱོན་ ནས་བརྗོད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཡུལ་དགེ་སློང་ཕ་རོལ་ པོ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་སྐྱོན་གདགས་འདོད་ཀྱི་བསམ་པས། སྦྱོར་བ་ཡུལ་ དུས་དེར་སྐྱོན་དུ་གྲགས་པ། ཚིག་འཇམ་རྩུབ་གང་གིས་སྨྲས་ཀྱང་རུང༌། མཐར་ཐུག་དོན་གོ་ ན་ལྟུང་བའོ། །སྐྱོན་དེ་འདོན་པར་འདོད་པའི་ཕན་སེམས་ཀྱིས་སྨྲས་པ་ལ་ལྟུང་བ་མེད་དོ། ། གསུམ་པ་དགེ་སློང་ཕྲ་མ་དང་ཞེས་པ་ལ། ཕྲ་མ་བྱེད་པའི་གླེང་གཞི་ནི། དྲུག་སྡེས་དགེ་ སློང་མཐུན་པ་རྣམས་ཕྲ་མ་བྱས་ཏེ་ཕྱེ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ 2-1-281 གིས་ཡུལ་དགེ་སློང་མཐུན་པ་དག་ལ། འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་སྨྲ་འདོད་ཀྱི་ བསམ་པས་སྦྱོར་བ་མིང་ནས་སྨོས་ཏེ་ཕྲ་མའི་ཚིག་སྨྲས་པས། མཐར་ཐུག་དོན་གོ་ན་ལྟུང་བའོ། ། བཞི་པ་སྐྱོ་སྔོགས་བྱེད་དང་ཞེས་པ་ལ། སྐྱོ་སྔོགས་བྱེད་པའི་གླེང་གཞི་ནི། དྲུག་སྡེས། དགེ་སློང་དག་གི་རྩོད་པ་དགེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་པ་སླར་ཡང་སྐྱོ་སྔོགས་ བྱས་ཏེ་རྩོད་དུ་བཅུག་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་རྩོད་པའི་རྒྱུས་ཤེས་ཤིང་ཞི་ བྱེད་ལ་གཏོགས་པའི་དགེ་སློང་གིས་ཡུལ་དགེ་སློང་ཕ་རོལ་པོ་དག་གིས་ཆོས་ཀྱི་རྩོད་པ་བཞི་ པོ་གང་རུང་དགེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་པ། འདུ་ཤེས་མ་འཁྲུལ་ཞིང༌། ཀུན་ སློང་རྩོད་པ་དཀྲུག་འདོད་ཀྱི་བསམ་པས་སྦྱོར་བ་ཁྱེད་ཀྱི་རྩོད་པ་དེ་ལེགས་པར་ཞི་བར་བྱས་ པ་མ་ཡིན་ནོ། །ཞེས་སོགས་སྐྱོ་སྔོགས་ཀྱི་ཚིག་བརྗོད་པས་མཐར་ཐུག་ཡུལ་གྱིས་དོན་གོ་ན་ ལྟུང་བའོ། །ཞི་བྱེད་ལ་མི་གཏོགས་པ་དང༌། ཆོས་མ་ཡིན་པའི་ཕྱོགས་སུ་ཞི་བར་བྱས་པ་ལ་སྐྱོ་ སྔོགས་བྱེད་ན་ཉེས་བྱས་སོ། ། ལྔ་པ་སྟོན་པ་དང༌། ཞེས་པ་ལ། ཁྱིམ་པ་མོ་ལ་ཆོས་སྟོན་པའི་གླེང་གཞི་ནི། འཆར་ ཀས་ཁྱིམ་པ་མོ་ལ་ཆོས་བསྟན་པ་ལ་བརྟེན་ནས་བཅས་སོ། །དེ་ཡང༌། རྟེན་དགེ་སློང་གིས་ ཡུལ་བུད་མེད་ཁྱིམ་པ་མོ་ཉེ་དུ་མ་ཡིན་པ་ལུས་རྟེན་རུང་སྨྲ་ཤེས་དོན་གོ་རྫུ་འཕྲུལ་ཅན་དང༌། མཁས་པའི་རང་བཞིན་ཅན་མ་ཡིན་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཆོས་སྟོན་ འདོད་ཀྱི་བསམ་པས་སྦྱོར་བ་གནས་གཅིག་ཏུ་ཁྲིམས་གྲོགས་མེད་པར་བཀའ་ལ་གཏོགས་ པའི་ཆོས་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་ན། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བུད་ མེད་མཁས་པས་ཆོས་དྲིས་པ་སོགས་དང༌། དུས་ཁྲིམས་འབོགས་པ་དང་ཡོན་བཤད་པ་དག་ ལ་ལྟུང་བ་འདི་མེད་དོ། ། 2-1-282 དྲུག་པ་འདོན་དང་ཞེས་པ་ལ། འདོན་པའི་གླེང་གཞི་ནི། དྲུག་སྡེས་བསྙེན་པར་མ་རྫོགས་ པ་རྣམས་དང་ལྷན་ཅིག་ཏུ་ཆོས་འདོན་པའི་ཅ་ཅོ་ཆེན་པོ་བསྒྲགས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་འདོན་པའི་དངོས་པོ་སྟོན་བྱེད་དུ་གྱུར་པའི་ཆོས་དང་ཡི་གེ་གང་ རུང༌། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བསྙེན་པར་མ་རྫོགས་པ་དང༌། གཅིག་ ཆར་རམ་མཇུག་ཐོགས་སུ་སྦྱོར་བ་མི་འདོད་བཞིན་དུ་གྲུབ་པ་མ་གཏོགས་པར་བསྙེན་པར་ མ་རྫོགས་པ་དང་གཅིག་ཆར་རམ་མཇུག་ཐོགས་སུ་འདོན་པས། མཐར་ཐུག་དོན་གོ་ན་ལྟུང་ བའོ། ། བདུན་པ་གནས་ངན་ལེན་དང༌ཞེས་པ་ལ། གནས་ངན་ལེན་བརྗོད་པའི་གླེང་གཞི་ནི། དྲུག་སྡེས་ཁྱིམ་པ་རྣམས་ཀྱི་དྲུང་དུ་དགེ་སློང་འདི་དག་གིས་ལྟུང་བ་འདི་དང་འདི་ལྟ་བུ་བྱས་ སོ་ཞེས་སྨྲས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ཁྱིམ་པ་མ་དད་པ་བཟློག་པའི་ཕྱིར་ གནས་ངན་ལེན་བརྗོད་པར་མ་བསྐོས་པའི་དགེ་སློང་གིས། བརྗོད་པའི་ཡུལ་བྱུང་བ་དང་ བཅས་པའི་མཚན་ཉིད་མི་ཤེས་པའི་བསྙེན་པར་མ་རྫོགས་པའི་གང་ཟག་ལ་འདུ་ཤེས་མ་ འཁྲུལ་ཞིང༌། ཀུན་སློང་བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པའི་གནས་ ངན་ལེན་བརྗོད་འདོད་པས་སྦྱོར་བ་ཕམ་ལྷག་གང་རུང་གི་གནས་ངན་ལེན་སྨྲས་པས་མཐར་ ཐུག་དོན་གོ་ན་ལྟུང་བའོ། །ཁྱིམ་པའི་དད་པ་སུན་འབྱིན་པའི་དགེ་སློང་འཕྲལ་བ་དང༌། དགེ་ སློང་ལ་དགའ་བ་ལྟ་བུས་ཁྱིམ་པའི་དད་པ་སུན་ཕྱུང་བ་ཟློག་པའི་ཕྱིར། གནས་ངན་ལེན་ བརྗོད་པ་བསྐོ་ཞིང་བརྗོད་པ་མི་སྤྲོ་ན་གསོལ་བའི་ལས་བྱ་བར་གསུངས་སོ། ། བརྒྱད་པ་ཆོས་ཞེས་པ་ལ། མི་ཆོས་བླ་མ་བདེན་པར་སྨྲ་བའི་གླེང་གཞི་ནི། ཉ་བ་ལས་ རབ་ཏུ་བྱུང་བ་ལྔ་བརྒྱས་རྒྱུན་ཞུགས་སོགས་ཀྱི་འབྲས་བུ་ཐོབ་ནས། སྨྲ་ཡུལ་མིན་པའི་དྲུང་དུ་ ཐོབ་པོ་ཞེས་སྨྲས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཡུལ་མ་རྫོགས་པ་ 2-1-283 དང་བདེན་པ་མ་མཐོང་བ་ལ་དངོས་པོ་རང་གིས་ཐོབ་པའི་སྒོམ་བྱུང་གི་ཡོན་ཏན་འདུ་ཤེས་མ་ འཁྲུལ་ཞིང་ཀུན་སློང་དེ་སྨྲ་འདོད་ཀྱི་བསམ་པས། སྦྱོར་བ་རང་གིས་ཐོབ་པའི་ཆོས་བླ་མ་འདུ་ ཤེས་མ་བསྒྱུར་བར་སྨྲས་ཏེ་མཐར་ཐུག་དོན་གོ་ན་ལྟུང་བའོ། ། དགུ་པ་བཤེས་ངོར་བྱེད་དང་ཞེས་པ་ལ། བཤེས་ངོར་བྱེད་དོ་ཞེས་སྐུར་བ་འདེབས་པའི་ གླེང་གཞི་ནི། མཛའ་བོ་དང་ས་ལ་སྐྱེས་གཉིས་ཀྱིས། དགེ་འདུན་གྱིས་གྱད་བུ་ནོར་ལ་གོས་ ངོས་འགྲོན་དང་བཅས་ཏེ་བྱིན་ནོ་ཞེས་སྐུར་བ་བཏབ་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་ རྟེན་དགེ་སློང་སྔར་རྙེད་པ་དེ་ཡུལ་ལ་བསྔོ་བ་ལ་དད་པ་ཕུལ་བས་ཡུལ་དགེ་འདུན་ལ་དངོས་ པོ་ཟས་ལས་གཞན་པའི་རྙེད་པ་ཕལ་ཆེར་རུང་བ་ཚད་དང་ལྡན་པ། འདུ་ཤེས་མ་འཁྲུལ་ཞིང་ ཀུན་སློང་འདུ་ཤེས་བསྒྱུར་ཏེ་སྐུར་བ་འདེབས་འདོད་ཀྱི་བསམ་པས་སྦྱོར་བ་རྙེད་པ་སྦྱིན་པར་ མི་རིགས་པ་ལ་བསྔོས་སོ་ཞེས་སྨྲས་ཏེ་མཐར་ཐུག་དོན་གོ་ན་ལྟུང་བའོ། ། བཅུ་པ་ཁྱད་དུ་གསོད་ཅེས་པ་ལ། ཁྱད་དུ་གསོད་པའི་གླེང་གཞི་ནི། དྲུག་སྡེས་འདུལ་ བར་གཏོགས་པའི་བསླབ་པ་ཁྱད་དུ་བསད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་ སློང་གིས་ཡུལ་དགེ་སློང་དག་ལ་གསོ་སྦྱོང་གི་དུས་སུ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ ཁྱད་དུ་གསོད་འདོད་ཀྱི་བསམ་པས་སྦྱོར་བ་བསླབ་པ་འདི་ལྟ་བུ་འདོན་པས་ཅི་བྱ། ཞེས་ཁྱད་ དུ་གསོད་པའི་ཚིག་སྨྲས་ཏེ་མཐར་ཐུག་དོན་གོ་ནའོ། ། བཅུ་ཚན་གཉིས་པ་ནི། སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང༌། །ཁྲི་དང་གདིང་དང་སྐྲོད་ པ་དང༌། །ཕྱིས་གནོན་འབྱུང་དང་འདེབས་པ་དང༌། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་པ་ ལ། དང་པོ་ས་བོན་ཞེས་པ་ལ། ས་བོན་དང་སྐྱེ་བ་འཇིག་པའི་གླེང་གཞི་ནི། དྲུག་སྡེས་ས་ བོན་ལྔ་པོ་དག་རང་གིས་འཇིག་ཅིང་གཞན་འཇིག་ཏུ་བཅུག་པ་ལ་བརྟེན་ནས་བཅས་སོ། །དེ་ ཡང་རྟེན་དགེ་སློང་གིས་གང་ཉམས་པར་བྱ་བའི་དངོས་པོ་ནས་ལ་སོགས་པའི་ས་བོན་གང་ 2-1-284 རུང་ངམ། མྱུ་གུ་ལ་སོགས་པའི་སྐྱེ་བ་གང་རུང་མ་ཉམས་པ་རུང་བ་མ་བྱས་པ། རང་གི་ངོ་བོ་ རྫོགས་པ་ལ་འདུ་ཤེས་ས་བོན་དང་སྐྱེ་བ་མ་ཉམས་པ་ལ་དེར་འདུ་ཤེས་པའམ། ཡིད་གཉིས་ ཟ་བས་ཀུན་སློང་དེ་དག་ཉམས་པར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་རྩྭས་བཅིངས་ པ་ལྟ་བུའི་རྐྱེན་དང་མི་ལྡན་ཞིང༌། རྫུ་འཕྲུལ་གྱིས་མིན་པར་རང་ངམ་གཞན་བསྐོས་པས་ མངོན་སུམ་དུ་ཉམས་པར་བརྩམས་ཏེ། མཐར་ཐུག་ཉམས་པར་གྱུར་པ་ན་ལྟུང་བའོ། །སྦྱོར་ བ་གཅིག་གིས་འབྲུ་མང་པོ་ཉམས་པར་བྱེད་པའམ། རྩྭ་རྔ་བ་ལྟ་བུ་ཉེས་བྱས་ཤིག་བསྐྱེད་ ཅིང༌། དངོས་གཞི་ཉམས་པར་བྱེད་པའི་གྲངས་དེ་སྙེད་ཀྱི་ལྟུང་བ་དངོས་གཞི་བསྐྱེད་དོ། །ཤིང་ སྡོང་ལྟ་བུ་ལ་བསྣུན་པའི་གྲངས་དེ་སྙེད་ཀྱི་ཉེས་བྱས་རེ་རེ་བསྐྱེད་ཅིང༌། ཆོད་པ་ན་དངོས་གཞི་ གཅིག་གོ།ཤིང་ལྟ་བུ་གཅིག་ནས་བཏོན་ནས་གཅིག་ཏུ་བསྐྱེད་པ་དང༌། ཉ་ཕྱིས་དང་ཉ་ཚང་ ཆུ་ནས་བཏོན་པ་ན་དངོས་གཞིའོ། །ས་འབུས་པ་སྟེ། ཕ་བ་དགོ་དགོ་དང༌། ཤ་མོ་དང༌། ཤ་ བལ་དང༌། གོས་དང་སྣོད་དང་ཟས་ལ་སོགས་པ་ལ་ཆགས་པའི་བརླམ་དང༌། མེ་ཏོག་ཁ་བྱེ་ བ་དང༌། འདབ་མ་སྐྱ་བོ་དང༌། ཤིང་ལ་སོགས་པའི་ཕྱི་རོལ་གྱི་ཤུན་པ་དང༌། བར་ཤུན་སྲབ་ མོ་གཉིས་སྙིང་པོ་ལས་ཅུང་ཟད་བྱེ་བ་དང༌། སྟར་ཁ་ལ་སོགས་པའི་འབྲས་བུ་སྨིན་པ་སྡོང་བུ་ ལས་འབྲལ་བར་བྱས་པ་རྣམས་དང༌། སྐྱེ་བ་ལ་སོགས་པ་ལྐོག་ཏུ་ཉམས་པར་བྱེད་དུ་བཅུག་ པ་དང༌། སྟར་ཁ་དང་ཁམ་བུ་ལ་སོགས་པའི་ཚི་གུ་མ་བཅོམ་པར་རིལ་མིད་བྱེད་པ་དང༌། ཤིང་ ལྗོན་པ་དང༌། ལོ་ཐོག་དང༌། རྩྭ་ལ་སོགས་པ་འདི་དག་གཅད་པར་གྱུར་ན་ལེགས་སོ་ཞེས་ཟེར་ བ་རྣམས་ལ་ཉེས་བྱས་སོ། །ཉམས་པར་འདུན་པའི་བློ་མེད་པར་འཆག་པ་ལ་སོགས་པའི་ དབང་གིས་རྩྭ་ལ་སོགས་པ་ཉམས་པར་གྱུར་པ་ལ་ལྟུང་བ་མེད་དོ། །མི་རུང་བ་ལས་ལོག་པའི་ རུང་བ་ལ་དབྱེ་ན། མེས་རེག་པ་དང༌། སེན་མོ་དང་ནེ་ཙོ་དང་མཚོན་ལ་སོགས་པས་རྨ་བྱུང་པ་ དང༌། རྒུན་འབྲུམ་ལྟ་བུ་རྙིངས་པ་དང༌། ལ་ཕུག་ལྟ་བུ་རྩ་བ་ནས་ཕྱུང་བ་དང༌། སྲན་མ་ལྟ་བུ་ 2-1-285 ཕྱེད་ཚལ་དུ་དཀྲུམ་པ་དང༌། སྐྱེས་བུའི་རྩོལ་བས་སེར་ཀ་གས་པ་དང༌། ཤིང་སོགས་བཅད་ པ་ལྟ་བུ་རུང་བའོ། །བླངས་པས་བདུགས་པས་ཀྱང་མེ་རུང་གི་གོ་ཆོད་ཅིང་ནས་ཕུང་ལྟ་བུའི་ ཕྱོགས་གཅིག་ཙམ་ལ་མེས་རེག་པས་མེ་རུང་གི་གོ་མི་ཆོད་ཅིང༌། ཕྱོགས་གཉིས་སམ་གསུམ་ དུ་མེས་རེག་ན་ཕུང་པོ་དེ་རིལ་པོ་ལ་རུང་བ་བྱས་པར་འགྱུར་རོ། །མེ་མ་གཏོགས་པ་རུང་བ་ སྔ་མ་དེ་དག་བྱར་རུང་ཞིང༌། རུང་ཁང་མ་ཡིན་པར་ཡང་རུང་བ་འཆགས་སོ། །བུ་རམ་སོགས་ ཞག་བདུན་པའི་སྨན་དང༌། ག་བུར་སོགས་འཚོ་བའི་བར་དུ་བཅང་བའི་སྨན་དང༌། དྲོ་འཇམ་ སོགས་ཐུན་ཚོད་དུ་རུང་བ་རྣམས་ལ་བསྙེན་པར་མ་རྫོགས་པས་ཕྱི་དྲོའི་དུས་སུ་ཆུ་གྲང་མོས་ གཏོར་ནས་ལོངས་སྤྱོད་དུ་མི་རུང་བ་དང་དུས་རུང་དང༌། ཁོལ་བའི་གནས་སྐབས་དག་ལ་ནི། རུང་ཆུ་བྱ་བར་མི་བཞེད་དོ། ། གཉིས་པ་འཕྱ་བ་ཞེས་པ་ལ། འཕྱ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། མཛའ་བོ་དང་ས་ལས་ སྐྱེས་གཉིས་ཀྱིས་དགེ་འདུན་གྱིས་བསྐོས་པའི་གང་ཟག་ལ་འཕྱས་པ་ལ་བརྟེན་ནས་བཅས་ སོ། །དེ་ཡང་རྟེན། དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་དམན་པའི་གྲངས་ སུ་བགྲངས་པའི་དགེ་སློང་གིས་ཡུལ། ལུང་ལས། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་ པ་བག་ཆོས་འདྲིམ་པ་གཉིས། །ཕྲན་ཚེགས་འདྲིམ་པར་བྱེད་པ་དང༌། །སྣོད་སྤྱད་འདྲུབ་དང་ གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགེད། །མངག་གཞུག་པ་དང་མཛེས་ཆོས་ ཏེ། །གང་ཟག་བཅུ་དང་གཉིས་པོ་དག །སྟོན་པས་ཡང་དག་བཤད་པ་ཡིན། །ཞེས་པ་ལྟར་གྱི་ གང་ཟག་བཅུ་གཉིས་པོ་བསྐོས་པའམ་མ་བསྐོས་ཀྱང་རུང་ལ། བསྐོས་པ་བག་ཡངས་སུ་བྱས་ པ་ལ་ཡང་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་འཕྱ་འདོད་ཀྱི་བསམ་པས་འདུ་ཤེས་བསྒྱུར་ཏེ། སྦྱོར་བ་བདག་ཉིད་དང་འབྲེལ་བའི་དོན་གྱིས། ཡུལ་དེས་ཐོས་པར་མིང་ནས་སྨོས་ཏེ་གསལ་ པོར་འཕྱ་བའམ། མིང་ནས་མ་སྨོས་པར་ཁ་ཅིག་དག་ལ་འདི་ལྟར་བྱེད་དོ་ཞེས་ཟུར་གྱིས་ 2-1-286 གཞོགས་འཕྱས་བྱེད་ཀྱང་རུང༌། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །བསླབ་བྱ་ནི། གླེང་བ་ ཅུང་ཟད་ཙམ་ཡང་དང་ཡང་དུ་མི་ལེན་པ་ལ། དངོས་སུ་མི་གླེང༌། རང་དང་ཞེ་འགྲས་པ་རང་ གི་ལས་སུ་དངོས་སུ་མི་བསྐོའོ། ། གསུམ་པ་བསྒོ་བ་དང་ཞེས་པ་ལ། བསྒོ་བ་རྣ་ལ་གཟོན་པའི་གླེང་གཞི་ནི། འདུན་པས་ དགེ་འདུན་གྱི་ལྟུང་བ་གླེངས་པ་ལ། བསྒོ་བ་རྣ་ལ་གཟོན་པ་ལ་བརྟེན་ནས་བཅས་སོ། །དེ་ ཡང་རྟེན་གཞན་གྱི་སྲོག་སྐྱབས་པ་ལ་སོགས་པའི་རྐྱེན་དང་མི་ལྡན་པའི་དགེ་སློང་གིས་དགེ་ སློང་ཕ་རོལ་པོས་རང་ལ་ཆོས་མཐུན་གྱིས་བསྒོ་བ་དང་དྲིས་པ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རྣ་ལ་གཟོན་འདོད་ཀྱི་བསམ་པས་སྦྱོར་བ་ལན་ལོག་འདེབས་པའི་ཚིག་སྨྲ་བར་ བརྩམས་ཏེ་མཐར་ཐུག་ཡུལ་གྱིས་དོན་གོ་བ་ན་ལྟུང་བའོ། །ལན་ཅང་མི་སྨྲ་བ་དང་མི་དྲན་ནོ་ ཟེར་ན་ཉེས་བྱས་སོ། །བསད་བྱ་མཐོང་ངམ་ཞེས་འདྲི་བ་ལ། རེ་ཞིག་མེ་ལྡེ་ཞིག་ཅེས་སོགས་ དང༌། [དོན་དམ་པར་{དེ་ཚོར་}བསད་བྱ་མ་མཐོང་ངོ་ཞེས་སྨྲས་ན་ལྟུང་བ་མེད་དོ། །བསླབ་ བྱ་ནི། ཆེ་གཞི་བྱ་དགོས་པའི་ས་རུ་མི་བསྡད་ཅིང༌། དགོས་ནའང་གནོད་པར་མི་བྱེད་པར་དམ་ འཆར་འཇུག་གོ། བཞི་པ་ཁྲི་དང་ཞེས་པ་ལ། གནས་མལ་གྱི་ལྟུང་བྱེད་ཀྱི་གླེང་གཞི་ནི། དགེ་སློང་རབ་ ཏུ་མང་པོས་དགེ་འདུན་གྱི་གནས་མལ་བླ་གབ་མེད་པར་བཞག་པས་ཕན་ཕུན་གསུམ་གྱིས་ ཉམས་པར་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་འདུན་གྱི་ གནས་མལ་ལ་ལོངས་སྤྱོད་ནས་བླ་གབ་མེད་པར་བཞག་པ་རང་གིས་མ་བསྡུས་པའམ་ གཞན་སྡུད་དུ་མ་བཅུག་པར་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་དགར་འདུག་པའམ་ འགྲོ་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་བཞག་ནས་དེ་ཉིད་དུ་འདུག་པའམ་འགྲོ་བར་ བརྩམས་ཏེ་མཐར་ཐུག་དེའི་རྐྱེན་གྱིས་ཕན་ཕུན་དུ་གྱུར་རམ་མ་གྱུར་ཀྱང་གནས་མལ་ནས་ 2-1-287 འདོམ་བཞི་བཅུ་རྩ་དགུ་འདས་པར་ཕྱིན་ན་ལྟུང་བའོ། །ངག་གི་ལ་ཉེས་བྱས་སོ། །ཕན་ཕུན་ནི་ གསུམ་སྟེ། རླུང་གིས་ཟློག་པ་དང༌། ཆར་པས་རིམ་པ་གཞན་སླེབས་པ་དང༌། སྲི ན་ལ་སོགས་ པས་ཀྱང་ངོ༌། ། ལྔ་པ་གདིང་དང་ཞེས་པའི། གདིང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། ལྷོ་ལམ་ནས་འོངས་ པའི་དགེ་སློང་གིས་རྩྭ་ལ་སོགས་པའི་གདིང་བ། བཏིང་བ་མ་བསྡུས་པ་ལ་བརྟེན་ནས་བཅས་ སོ། །དེ་ཡང་རྟེན་དགེ་སློང་གིས་གནས་གཙུག་ལག་ཁང་དུ་སྲོག་ཆགས་ཕྲ་མོ་སྐྱེ་བའི་སར་རྩྭ་ དང་ལོ་མ་ལ་སོགས་པའི་གདིང་བ་བཏིང་བ་དེ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་དག་རང་ དགར་འདོར་འདོད་ཀྱི་བསམ་པས་སྦྱོར་བ་རང་དེར་འདུག་པའམ། གཞན་དུ་འགྲོ་བའི་ཚེ། རང་ངམ་བསྐོས་པས་མ་བསྡུས་པར་མཐར་ཐུག་ཕན་ཕུན་དུ་གྱུར་པའམ། འདོམ་བཞི་བཅུ་ རྩ་དགུ་ལས་འདས་པར་ཕྱིན་ན་ལྟུང་བའོ། །བསླབ་བྱ་ནི། དགོན་པར་རྩྭ་དང་ལོ་མ་བཏིང་ བ་དོར་བའམ་སྟེང་འོག་བསྒྱུར་བར་བྱ། ཁྱིམ་གཞན་དུ་བཏིང་པའི་ཚེ་དོར་བར་བྱ། དེ་ཡང་ ཁྱིམ་བདག་ལ་མ་དྲིས་པར་མི་དོར། ལྕི་བ་དང་ཤིང་སོགས་སྲོག་ཆགས་སྐྱེ་བའི་སར་མི་བཞག འཆག་པར་བཏིང་བ་དང་གོས་སོགས་སྐམ་པའི་ཕྱིར་བཏིང་བ་དོར་བར་བྱ་ཞིང་མ་བྱས་ན་ ཉེས་བྱས་སོ། ། དྲུག་པ་སྐྲོད་པ་དང་ཞེས་པ་ལ། སྐྲོད་པའི་གླེང་གཞི་ནི། འཆར་ཀས་དགེ་སློང་གཅིག་ གཙུག་ལག་ཁང་ནས་བསྐྲད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་གནས་ གཙུག་ལག་ཁང་ནས་ཡུལ་དགེ་སློང་ཕ་རོལ་པོ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་ དགར་བསྐྲོད་འདོད་ཀྱི་བསམ་པས། སྦྱོར་བ་ཡུལ་དེ་ལ་གནོད་པ་བསལ་བའམ། དགེ་འདུན་ འཁྲུག་པ་ཞི་བའི་དོན་ལ་སོགས་པ་མ་ཡིན་པར་རང་ངམ་གཞན་དངོས་སུ་བསྐོས་པས་སྐྲོད་ པར་བརྩམས་ཏེ་མཐར་ཐུག་དེའི་རྐྱེན་གྱིས་གཙུག་ལག་ཁང་ཉེ་འཁོར་དང་བཅས་པ་ལས་ 2-1-288 འདས་ན་ལྟུང་བའོ། །གང་ཟག་གི་གཙུག་ལག་ཁང་དང་ཁྱིམ་པའི་གནས་ནས་སྐྲོད་པ་དང༌། བཞད་གད་ཙམ་གྱིས་སྐྲོད་པ་དང༌། ཉེ་འཁོར་ལས་འདས་མ་འདས་ཙམ་དུ་སྐྲོད་པ་ལ་ཉེས་ བྱས་སོ། །མ་རྫོགས་པ་དང༌། མཚན་དང་ལྟ་བ་མི་མཐུན་པ་དང༌། མི་མ་ཡིན་པ་བསྐྲད་པ་ རྣམས་ལ་ཉེས་བྱས་ཕྲ་མོའོ། ། བདུན་པ་ཕྱིས་གནོན་ཞེས་པ་ལ་ཕྱིས་གནོན་ཞེས་པའི་གླེང་གཞི་ནི། འཆར་ཀས་ལུས་ སྦོམ་ལ་རགས་པས་དགེ་སློང་གཞན་མནན་ཅིང་བཙིར་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་ རྟེན་དགེ་སློང་གིས་གནས་དགེ་འདུན་གྱི་གཙུག་ལག་ཁང་དུ་དགེ་སློང་སྔར་ཞུགས་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མཐོ་འཚམ་པར་འདུན་པས། སྦྱོར་བ་ན་བ་དང་འཇིགས་ པའི་དབང་མ་གཏོགས་པར་ལུས་ངག་གང་ཡང་རུང་བས་ཕྱིས་གནོན་བྱེད་པར་བརྩམས་ཏེ། མཐར་ཐུག་གནོད་པས་ཟིལ་གྱིས་མནན་པ་ན་ལྟུང་བའོ། ། བརྒྱད་པ་འབྱུང་དང་ཞེས་པ། རྩ་བ་འབྱུང་པའི་གླེང་གཞི་ནི། འཆར་ཀས་དགེ་འདུན་གྱི་ གཙུག་ལག་ཁང་གི་སྟེང་ནས། ཁྲི་རྐང་རྣོན་པོས་མནན་ཏེ་ཐོག་རྡོལ་བ་ལ་བརྟེན་ནས་བཅས་ སོ། །དེ་ཡང་རྟེན་དགེ་སློང་གིས་གནས་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་གི་ཐོག་རྡོལ་ བའི་ཉེན་དང་བཅས་པ་ལ་ཁྲིའམ་ཁྲིའུའི་རྩ་བ་རྣོན་པོ་ཕུར་བུ་ལྟ་བུ་བཀན་པའམ་རྐང་རྟེན་ མ་བཅུག་པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་འདུག་འདོད་པའི་བསམ་པས་ སྦྱོར་བ་དེ་ལ་འདུག་པ་སོགས་བྱེད་པར་བརྩམས་ཏེ་མཐར་ཐུག་འདུག་པའམ་ཉལ་བའི་བྱ་བ་ རྫོགས་པ་ན་ལྟུང་བའོ། ། དགུ་པ་འདེབས་པ་དང་ཞེས་པ་ལ། འདེབས་པའི་གླེང་གཞི་ནི། འདུན་པས་གཞན་ དོན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་ རྟེན་དགེ་སློང་གིས་ཆུ་དང་རྩྭ་དང་ཤིང་ལ་སོགས་པ་ལ་སྲོག་ཆགས་མིག་ལམ་དུ་སྣང་བཞིན་ 2-1-289 དུ་འདུ་ཤེས་སྲོག་ཆགས་དང་བཅས་པ་ལ་བཅས་པར་ཤེས་བཞིན་དུ་ཀུན་སློང་རང་དོན་མ་ ཡིན་པར་ལོངས་སྤྱོད་འདོད་ཀྱི་བསམ་པས་སྦྱོར་བ་རང་ངམ་བསྐོས་པས་ལོངས་སྤྱོད་པར་ བརྩམས་ཏེ་མཐར་ཐུག་དེའི་རྐྱེན་གྱིས་སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བའོ། ། བཅུ་པ་རིམ་པ་གཉིས་སུ་རྩིག་པའོ་ཞེས་པ་ལ། རིམ་པ་ལྷག་པར་རྩིག་པའི་གླེང་གཞི་ནི། དྲུག་སྡེས། བྲམ་ཟེ་འཇུངས་པ་གཅིག་ལ་ཡོ་བྱད་བླངས། རྒྱལ་པོ་ལ་ས་གཞི་བླངས་ཏེ། རྩོམ་ པ་མྱུར་པོས་གཙུག་ལག་ཁང་བརྩིགས་པ་དེ་ཞིག་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ དགེ་སློང་གི་སྤྱོད་ལམ་བཞི་ཤོང་པ་ཡན་ཆད་ཀྱི་གཙུག་ལག་ཁང་རྩིག་པའི་ཉི་མ་དེ་ཉིད་དམ། ཉི་མ་གཞན་ལ་ཡང་འཇིམ་པ་མེད་པར་ཕ་གུ་རིམ་པ་གསུམ་ལས་ལྷག་པར་བརྩིགས། ཆུ་ ཁུང་མ་བཏོད། བརྐོས་ཏེ་རྨང་མ་བཙུགས། སྒོ་ཆ་གོང་མ་མ་བཅུག་པ་ལ་འདུ་ཤེས་མ་འཁྲུལ་ ཞིང༌། ཀུན་སློང་རིམ་པ་གསུམ་ལས་ལྷག་པར་རྩིག་འདོད་པའི་བསམ་པས། སྦྱོར་བ་སྦྱིན་ བདག་རིངས་པའི་རྐྱེན་མེད་པར་རང་ངམ་བསྐོས་པས་རིམ་པ་གསུམ་ལས་ལྷག་པ། རྩིག་ པར་བརྩམས་ཏེ། མཐར་ཐུག་རིམ་པ་ལྷག་ཅིང༌། མྱུར་དུ་འཇིག་པའི་ཉེན་དང་བཅས་པས་ན་ ལྟུང་བའོ། ། བཅུ་ཚན་གསུམ་པ་ནི། སྡོམ་ལ། མ་བསྐོས་ཉི་མ་ནུབ་པ་དང༌། །ཟས་དང་ཆོས་གོས་ གཉིས་དག་དང༌། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །དེ་ལ་དང་པོ། མ་བསྐོས་ཞེས་པ་ལ། མ་བསྐོས་པར་སྟོན་པའི་ལྟུང་བའི་གླེང་གཞི་ནི། དྲུག་ སྡེས། དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་ཆོས་བསྟན་པ་ལ་བརྟེན་ནས་བཅས་ སོ། །དེ་ཡང་རྟེན་མི་ཆོས་བླ་མའི་མཐུ་དང་མི་ལྡན་ཞིང༌། དགེ་སློང་མའི་སྟོན་པར་གསོལ་བ་ མ་བཏབ་པའམ། མ་བསྐོས་པའམ། བསྐོས་ཀྱང་མཚན་ཉིད་དང་མི་ལྡན་པའི་དགེ་སློང་གིས་ འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་དགེ་སློང་མ་ལ་ཆོས་སྟོན་འདོད་ཀྱི་བསམ་པས་སྦྱོར་བ་ 2-1-290 བསྟན་པ་དམ་པའི་ཆོས་སྟོན་པར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་དངོས་གཞིའོ། ། གཉིས་པ་ཉི་མ་ནུབ་པ་དང་ཞེས་པ་ལ། ཉི་མ་ནུབ་ཀྱི་བར་དུ་ཆོས་བསྟན་པའི་གླེང་གཞི་ ནི། དགེ་སློང་དགའ་བྱེད། དགེ་སློང་མའི་སྟོན་པར་བསྐོས་པ་དེས་ཉི་མ་ནུབ་ནས་ཀྱང་ཆོས་ བསྟན་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས། ཡུལ་དགེ་སློང་མའི་སྟོན་ པར་བསྐོས་ཀྱང་དགེ་སློང་མ་ལ་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་ན། འདུ་ཤེས་མ་འཁྲུལ་ཞིང་ ཀུན་སློང་ཉི་མ་ནུབ་ནས་ཀྱང་ཆོས་བསྟན་འདོད་ཀྱི་བསམ་པས། སྦྱོར་བ་ཡང་དེ་ལྟར་བྱེད་ན་ མཐར་ཐུག་དོན་གོ་བ་ན་དངོས་གཞིའོ། ། གསུམ་པ་ཟས་དང་ཞེས་པ་ལ། ཟས་ཅུང་ཙམ་གྱི་ཕྱིར་ཆོས་སྟོན་པའི་གླེང་གཞི་ནི། ཉེར་ དགས་འཕགས་པ་དགའ་བྱེད་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་བ་བཏབ་ པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་པོ་ཟས་གོས་ཀྱི་ ཕྱིར་ཆོས་སྟོན་པ་མ་ཡིན་པ་ལ་འདུ་ཤེས་བསྒྱུར་ཏེ་ཀུན་སློང་སྐུར་བ་གདབ་འདོད་ཀྱི་བསམ་ པས། སྦྱོར་བ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ། །ཞེས་མིང་ནས་སྨོས་ཏེ་སྐུར་བ་ འདེབས་པར་བརྩམས་ནས་མཐར་ཐུག་དོན་གོ་བ་ན་ལྟུང་བའོ། ། ཆོས་གོས་གཉིས་དག་དང་ཞེས་པ་ལ། བཞི་པ་གོས་བྱེད་པའི་གླེང་གཞི་ནི། འཆར་ ཀས་དགེ་སློང་མ་སྦེད་མའི་སྣམ་སྦྱར་གྱི་བཟོ་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ དགེ་སློང་གིས་ཡུལ་དགེ་སློང་མ་ཉེ་དུ་མིན་པའི་གོས་ཀྱི་བཟོ་བྱེད་པ་ན། འདུ་ཤེས་མ་འཁྲུལ་ ཞིང༌། ཀུན་སློང་རང་དགར་བཟོ་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟ་བུའི་བཟོ་བྱེད་པར་ བརྩམས་ཏེ། མཐར་ཐུག་བཟོ་རྫོགས་པ་ན་ལྟུང་བའོ། ། ལྔ་པ་གོས་བྱིན་པའི་གླེང་གཞི་ནི། དེ་ཡང་ཚོང་དཔོན་ལས་རབ་ཏུ་བྱུང་པའི་དགེ་སློང་ གིས། རང་གི་སྔར་གྱི་ཁྱིམ་བདག་མ་རབ་ཏུ་བྱུང་པ་ལ་ཆོས་གོས་བྱིན་པ་ལ་བརྟེན་ནས་བཅས་ 2-1-291 སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་སློང་མའི་དགེ་འདུན་ལ་གོས་འབུལ་བའམ་ཕོངས་པ་ལ་ སྦྱིན་པ་སོགས་མ་གཏོགས་པར་ཡུལ་དགེ་སློང་མ་ཉེ་དུ་མིན་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ ཀུན་སློང་མཛའ་ངོ་དང༌། བཤེས་ངོ་ཙམ་གྱིས་སྟེར་འདོད་པའི་བསམ་པས། སྦྱོར་བ་དེ་ལྟར་ སྟེར་བར་བརྩམས་ཏེ། མཐར་ཐུག་ཡུལ་གྱིས་གོས་ཐོབ་པ་ན་ལྟུང་བའོ། ། དོན་མཐུན་གྲུ་དང་ཞེས་པ་ལ། དྲུག་པ་དགེ་སློང་མ་དང་ལྷན་ཅིག་མགྲོན་ལམ་དུ་འགྲོ་བ་ དང༌། བདུན་པ་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་གླེང་གཞི་ནི། དྲུག་སྡེས་དགེ་སློང་ མ་བཅུ་གཉིས་སྡེ་དང་ལྷན་ཅིག་མགྲོན་ལམ་དུ་འགྲོ་བ་ལ་བརྟེན་ནས་བསླབ་པ་བཅས་ཤིང༌། ཡང་དྲུག་སྡེས་བཅུ་གཉིས་སྡེ་དང་ལྷན་ཅིག་ཆུ་ལ་གྲུར་ཞུགས་ཏེ། རྒྱུན་དང་རྒྱུན་ལས་ཟློག་ པར་འགྲོ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་ མེད་པར་དགེ་སློང་མ་ཉེ་དུ་མིན་པ་དང༌། སའི་ལམ་ལ་རྒྱང་གྲགས་ལས་འདས་པར་འགྲོ་བ་ དང༌། ཆུ་ལ་བརྟེན་པའི་ལམ་ལ་ཐད་ཀར་ཕ་རོལ་དུ་འགྲོ་བ་དང༌། གྲུར་ཞུགས་པ་ན་ཡོ་བ་ དང་གཏིབས་ཆད་པ་ལ་སོགས་པའི་རྐྱེན་མེད་པར་ཁྲིམས་གྲོགས་མེད་པར་རྒྱུན་ནམ་རྒྱུན་ ལས་ཟློག་པར་རྒྱང་གྲགས་ལས་འདས་པར་འགྲོ་བ་གཉིས་ཀ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ལྷན་ཅིག་འགྲོ་འདོད་ཀྱི་བསམ་པས། སྦྱོར་བ་རྒྱང་གྲགས་ལས་འདས་པར་འགྲོ་བ་ བརྩམས་ཏེ་མཐར་ཐུག་རྒྱང་གྲགས་རེ་རེ་འདས་པ་ན་ལྟུང་བ་རེ་རེ། རྒྱང་གྲགས་ཕྱེད་ཕྱེད་ན་ ཉེས་བྱས་རེ་རེའོ། ། དབེན་པ་གཉིས་ཞེས་པ་ལ། བརྒྱད་པ་དབེན་པར་འདུག་པ་དང༌། དགུ་པ་དབེན་པར་ འགྲེང་པ་གཉིས་ཀྱི་གླེང་གཞིར་ནི། འཆར་ཀས་སྦེད་མ་ཁྱིམ་པ་མོར་ཡོད་པའི་ཚེ། གནས་ དབེན་པ་སྐྱབས་དང་བཅས་པར་འདུག་པ་ལ་བརྟེན་ནས་དང་པོ་བཅས་ཤིང༌། གཉིས་པ་ འགྲེང་བའི་གླེང་གཞི་ནི། སྦེད་མ་རབ་ཏུ་བྱུང་ནས། དགེ་བསྐོས་བྱེད་ན་དགེ་སློང་མ་རྣམས་ 2-1-292 བསོད་སྙོམས་ལ་སོང་པའི་རྗེས་སུ། ཕྱགས་དར་བྱེད་པར་འཆར་ཀ་བྱུང་པ་དང་ཕྱག་བཙལ་ ཕྱགས་མ་ཕྱོགས་གཅིག་ཏུ་བཞག་ནས་གཉིས་ཀ་འགྲེང་སྟེ་ཆོས་བསྟན། སྔོན་གྱི་གཏམ་གླེང་ བ་དགེ་སློང་མ་ནད་པ་གཅིག་གིས་ཐོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་དབེན་པར་ འདུག་པ་ནི། རྟེན་དགེ་སློང་གིས་ཡུལ་བུད་མེད་ཉེ་དུ་མིན་པ་དང་དབེན་པ་སྐྱབས་ཡོད་པར་ འདོམ་གང་གི་བར་དུ་འདུག་པ་དང༌། ཕྱི་མ་འགྲེང་བའི་ལྟུང་བ་ནི། དགེ་སློང་མ་ཉེ་དུ་མིན་ པ་དང༌། ལྷན་ཅིག་དབེན་པ་སྐྱབས་ཡོད་པར། བར་འདོམ་གང་ཙམ་དུ་གཉིས་ཀ་འགྲེང་བ་ སྟེ། ལྟུང་བ་སྔ་ཕྱི་གཉིས་ཀ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་དགར་བུད་མེད་ལྷན་ ཅིག་འདུག་པ་དང༌། འགྲེང་བར་འདོད་པའི་བསམ་པས། སྦྱོར་བ་ཁྲིམས་གྲོགས་མེད་པར་དེ་ ལྟར་བྱེད་པར་བརྩམས་ཏེ། མཐར་ཐུག་སྔ་མ་ལ་ཡུལ་རྟེན་གཉིས་ཀ་འདུག་པ་དང༌། ཕྱི་མ་ལ་ གཉིས་ཀ་འགྲེང་བའི་སྤྱོད་ལམ་རྫོགས་པ་ན་ལྟུང་བའོ། ། བཅུ་པ་དགེ་སློང་མ་ཡིས་སྦྱོར་བཅུག་པའོ་ཞེས་པ་ལ། སྦྱོར་བཅུག་པའི་གླེང་གཞི་ནི། དྲུག་སྡེས་བཅུ་གཉིས་སྡེ་ལ་སྦྱིན་བདག་རང་ལ་ཟས་སྦྱོར་དུ་བཅུག་པ་ཟོས་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་སློང་མ་ཉེ་དུ་མིན་པར་སྦྱིན་བདག་ཁྱིམ་པ་ལ་ རང་ཐོས་བསམ་སྒྲུབ་པ་སོགས་ཀྱི་ཡོན་ཏན་དང་མི་ལྡན་པ་ལ་ལྡན་ནོ་ཞེས་རྫུན་གྱི་སྒོ་ནས་ དུས་རུང་གི་ཟས་སྦྱོར་དུ་བཅུག་པ་དེ་འདུ་ཤེས་མ་འཁྲུལ་བའམ་ཐེ་ཚོམ་ཟ་བས་ཀུན་སློང་ དགེ་སློང་མས་ཡང་དག་པ་མིན་པའི་ཡོན་ཏན་གྱི་སྒོ་ནས་སྦྱོར་དུ་བཅུག་པ་ཟ་འདོད་པའི་ བསམ་པས། སྦྱོར་བ་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། ། བཅུ་ཚན་བཞི་པ་ནི། སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་ སྟོབས་པ་དང༌། །འདུས་དང་དུས་མིན་སོག་འཇོག་དང༌། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་པ་བཅུ་ལས། དང་པོ་ཡང་ཡང་ཟ་བའི་གླེང་གཞི་ནི། དྲུག་སྡེས་ཉི་མ་གཅིག་ལ་ཟས་ 2-1-293 ཡང་ཡང་བླངས་ཏེ། ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ན་བ་དང༌། དགེ་འདུན་ དང་མཆོད་རྟེན་གྱི་དོན་དུ་ཕྱགས་དར་རེ་ལྡེ་ཙམ་གྱི་ལས་བྱས་པ་དང༌། དཔག་ཚད་ཕྱེད་དུ་ ཕྱིན་པ་མིན་ཞིང་སྲ་བརྐྱང་མ་བཏིང་བས་དུས་ཉི་མ་གཅིག་ལ་མགྲོན་དུ་བོས་པ་གཉིས་ཀྱི་ ཕྱི་མ་ལ། ཁྲུ་གང་དུ་ལོངས་པའི་གོས་ཀྱི་རྙེད་པ་མེད་པར། བཟའ་བ་ལྔ་དང་བཅའ་བ་ལྔའི་ ཁོངས་སུ་གཏོགས་པའི་དུས་རུང་གི་ཟས་ཚད་དུ་ལོངས་པ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ ཟས་གཉིས་པ་ཟ་འདོད་པའི་བསམ་པས། སྦྱོར་བ་མུ་གེའི་དུས་མིན་པར་ཟ་བར་བརྩམས་ཏེ་ མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །བསླབ་བྱ་ནི། མགྲོན་དུ་བོས་པ་ལ་ལྔ་ཚོམས་སུ་ མི་འཇུག་པ་དང་རང་གི་འཁོར་ལ་བརྟགས་ཏེ་སྤྱོད་ལམ་མི་མཛེས་ན་འཆོས་པ་དང་གློ་བུར་དུ་ འོངས་པ་ལ་གནས་བརྟན་གྱིས་དེ་ལྟར་བྱའོ། །དགོས་མེད་དུ་གྱ་ཚོམ་དུ་རང་གི་ཟས་བཅད་ པར་མི་བྱའོ། ། གཉིས་པ་འདུག་གནས་གཅིག་ཅེས་པ་ལ། འདུག་གནས་སུ་ཟ་བའི་གླེང་གཞི་ནི། དྲུག་ སྡེས་མུ་སྟེགས་བྱེད་ཀྱི་འདུག་གནས་སུ་འདུག་ནས་ཟས་གཉིས་པ་ཕན་ཆད་ཟོས་པ་ལ་བརྟེན་ ནས་བཅས་སོ། །དེ་ཡང༌། རྟེན་དགེ་སློང་མི་ན་བས་གནས་མུ་སྟེགས་ཅན་ཤ་སྟག་གི་འདུག་ གནས་སུ་མུ་སྟེགས་བྱེད་ཀྱི་སྦྱིན་བདག་ཉེ་དུ་མིན་པས་ཅི་བདེར་མ་བསྟབས་བཞིན་དུ་འདུ་ ཤེས་མ་འཁྲུལ་ཞིང་ཀུན་སློང་འདུག་གནས་སུ་ཞག་ལོན་པའི་ཟས་ཟ་འདོད་པའི་བསམ་པས་ སྦྱོར་བ་ཟས་གཉིས་པ་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། ། གསུམ་པ་ཕྱེ་དང་ཞེས་པ་ལ། ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་གླེང་ གཞི་ནི། དྲུག་སྡེས་སྦྱིན་བདག་གཅིག་ལ་བསོད་སྙོམས་ལྷུང་བཟེད་དོ་གསུམ་ལས་ལྷག་པ་ རེ་བླངས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་སྦྱིན་བདག་ཁྱིམ་པ་རང་ ལ་ཟས་སྟོབ་ཅིང་ཅི་བདེར་སྟོབས་པ་མ་ཡིན་པ་ལ་དུས་རུང་གི་ཟས་ལས་སུ་བྱས་པ། ལྷུང་ 2-1-294 བཟེད་ཆེ་ཚད་གང་དང་ཆུང་ཚད་གང་ངམ་འབྲིང་ཚད་དོའམ། ཆུང་ཚད་གསུམ་སྟེ་བྲེ་ཕྱེད་དང་ ལྔ་བླང་དུ་རུང་ལ། དེ་ལས་ལྷག་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་བླངས་ཏེ་ གཞན་དུ་ཟ་འདོད་པའི་བསམ་པས་སྦྱོར་བ་གཞན་དུ་ཁྱེར་ནས་ཟ་བར་བརྩམས་ཏེ། མཐར་ ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །གཞན་ལྷག་པ་ལེན་དུ་བཅུག་པ་དང༌། སྨན་གཞན་ གསུམ་ལྷག་པ་བླངས་ཏེ་ཟོས་ན་ཉེས་བྱས་སོ། །གནས་དེ་ཉིད་དུ་ལྷག་པ་ཟོས་པ་དང༌། ལས་ སུ་མ་བྱས་པ་མནོས་ཏེ། ཟོས་པ་ལ་ལྟུང་བ་མེད་དོ། ། བཞི་པ་བཅའ་དང་ཞེས་པ་ལ། སྟན་གཅིག་པའི་ཟས་ཀྱི་གླེང་གཞི་ནི། དྲུག་སྡེས་རང་གི་ ཟས་སྤང་ནས་ཡང་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ནད་པ་མ་ཡིན་ པས་བཟའ་བ་དང་བཅའ་བའི་ཁོངས་སུ་གཏོགས་པའི་དུས་རུང་གི་ཟས་ཐུག་པ་དང་སྐྱོ་མ་མ་ ཡིན་པ་དེ་རིང་ད་མི་ཟའོ་སྙམ་པའི་སྤངས་པ་རྫོགས་པ་ལྷག་པོར་མ་བྱས་པའི་འདུ་ཤེས་མ་ འཁྲུལ་ཞིང་ཀུན་སློང་སྤངས་པས་རྫོགས་པ་ལྷག་པོར་མ་བྱས་པ་ཟ་འདོད་པའི་བསམ་པས། སྦྱོར་བ་མུ་གེའི་དུས་མ་ཡིན་པ་ན་དེ་དག་ཟ་བར་བརྩམས་ཏེ་མཐར་ཐུག་མགུལ་དུ་མིད་པ་ ན་ལྟུང་བའོ། །སྨན་གཞན་གསུམ་དང་ཁ་གཟར་བཙུགས་པ་གྱེན་དུ་འགྲེང་དུ་མི་བཏུབ་ པའི་ཐུག་པ་དང༌། སོར་མོ་ལྔ་བཞག་པའི་རྗེས་མི་མངོན་པའི་སྐྱོ་མའམ་ཐུག་པ་སོགས་དུས་ རུང་གི་བཏུང་བ་ཐམས་ཅད་ལ་སྤང་ཟའི་ཉེས་པ་མི་འབྱུང་སྟེ། ལྟུང་བ་ནི་དུས་ཐམས་ཅད་ དུའོ། །ཞེས་པའི་ཊི་ཀར་མུ་གེ་དང་ལོ་ལེགས་པའི་དུས་ཐམས་ཅད་དུ་ཡང་ཐུག་པ་དང་སྐྱོ་མ་ ལ་སོགས་པའི་བཏུང་བ་ནི། སྤངས་ནས་ཟ་བ་དང༌། ཡང་ཡང་ཟ་བའི་སྐབས་སུ་གནང་བའོ། །ཞེས་པས་སོ། །སྤངས་པ་ཟ་ན་ལྷག་པོར་བྱ་དགོས་པས། བྱིན་ལེན་བྱས་ལག་ཏུ་བཟུང༌། ལྷག་པོར་འཚལ་བའི་ཡུལ་དགེ་སློང་གནས་མ་བཏང་པའི་མདུན་དུ་ཙོག་པུར་འདུག་སྟེ། ཆོ་ ག་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་ 2-1-295 འཚལ་ལགས་ཏེ་སྤངས་ཤིང་འཚལ་བར་བགྱིས་པ་ལས། བཟའ་བ་དང་བཅའ་བ་རྙེད་ནས་ འཚལ་བར་འཚལ་ན་བཙུན་པས་ལྷག་པོར་བགྱིས་ཏེ། བདག་ལ་སྩལ་ཏུ་གསོལ་ཞེས་གསོལ་ བ་ལན་གཅིག་གདབ་པོ། །དེ་ནས་ཡུལ་དེས་ཟས་དེ་ལག་ཏུ་བཟུང་ནས། དེས་ཟས་མ་སྤངས་ ན་ཁམ་གཉིས་སམ་གསུམ་ཙམ་ཟ་ཞིང༌། ཟས་སྤངས་པ་ཡིན་ན་ཟ་མི་དགོས། དེ་ནས་ཁྱོད་ ཀྱིར་གྱུར་གྱིས་བཞུད་ཅིག ཅེས་སམ། ཅི་བདེར་གསོལ་ཅིག ཅེས་སྨྲས་ཏེ། ཟ་བ་པོ་ལ་ གཏད་ནས་བཟར་རུང་ངོ༌། །ཟས་བརྩམས་པས་ལྡང་བར་མི་བྱའོ། །ཞེས་པའི་དོན། ཟས་ འདི་བཟའ་སྙམ་ནས་བྱིན་ལེན་བྱས་ཏེ་ཟ་བའི་འཕྲོ་མ་རྫོགས་ལ། ལྷག་མ་ཕྱིས་ཟ་བའི་བར་ ལངས་ན་བརྩམས་ལྡང་ངོ༌། ། ལྔ་པ་སྟོབས་པ་དང་ཞེས་པ་ལ། སྤངས་པ་སྟོབས་པའི་གླེང་གཞི་ནི། རྒན་ཞུགས་གཅིག་ གིས་སློབ་དཔོན་གྱིས་ཟས་སྤངས་པ་ལྷག་པོར་བྱ་དགོས་མ་བྱས་པར་ཤེས་བཞིན་དུ་སློབ་ དཔོན་ལ་དྲངས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་མུ་གེའི་དུས་མ་ཡིན་པར་རྟེན་དགེ་སློང་ གིས་དུས་རུང་གི་ཟས་རུང་བ་ཚད་ལྡན་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ཟས་སྤངས་པ་ ལྷག་པོར་མ་བྱས་པར་སྟོབས་འདོད་ཀྱི་བསམ་པས་སྦྱོར་བ་ལྷག་པོར་བྱས་སོ་ཞེས་སྟོབས་ པར་བརྩམས་ཏེ། མཐར་ཐུག་ཡུལ་དགེ་སློང་གིས་ཟོས་པ་ན་སྟོབས་པ་པོ་ལ་ལྟུང་བའོ། །དགེ་ སློང་ལ་ཆང་སྟེར་བ་དང༌། མི་ན་བ་ལ་དུས་རུང་གི་ཟས་ཕྱི་དྲོ་ཟར་འཇུག་པ་ནི་ཉེས་བྱས་སོ། ། དྲུག་པ་འདུས་དང་ཞེས་པ་ལ། འདུས་ཤིང་ཟ་བའི་གླེང་གཞི་ནི། ལྷས་བྱིན་གྱིས་དགེ་ འདུན་གྱི་ཟས་སྤྱི་སྤུངས་བྱས་པ་ལས་བླངས་ཏེ་དགེ་འདུན་ལས་ལོགས་སུ་དགེ་སློང་མང་ པོ་དང་ལྷན་ཅིག་འདུས་ཤིང་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ འདུས་པ་ཆེན་པོའི་དུས་མ་ཡིན་པར་མཚམས་ནང་གཅིག་དུ་དགེ་འདུན་སྤྱི་ལས་ལོགས་སུ་ དགེ་སློང་གསུམ་ཡན་ཆད་དང་ལྷན་ཅིག་ཏུ་དུས་རུང་གི་ཟས་ཚད་ལྡན་འདུ་ཤེས་མ་འཁྲུལ་ 2-1-296 ཞིང་ཀུན་སློང་འདུས་ཤིང་ཟ་འདོད་ཀྱི་བསམ་པས། སྦྱོར་བ་གཅིག་ཆར་ཟ་བར་བརྩམས་ཏེ་ མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །ལྟུང་བ་འདི་ཡང་ཡང་ཟ་བའི་སྐབས་བཞིན་གྱི་ན་ བ་དང་ལས་བྱས་པ་དང༌། ལམ་དུ་ཞུགས་པ་དང༌། སྲ་བརྐྱང་བཏིང་བ་ལ་མི་འབྱུང་ངོ༌། ། བདུན་པ་དུས་མིན་ཞེས་པ་ལ། དུས་མིན་པར་ཟ་བའི་གླེང་གཞི་ནི། གཞོན་ནུ་བཅུ་བདུན་ སྡེས་ཉི་མ་ཕྱེད་ཡོལ་ནས་དུས་རུང་གི་ཟས་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་དུས་རུང་གི་ཟས་རང་གི་གླིང་གི་ཉི་མ་ཕྱེད་ ཡོལ་ནས་སྐྱ་རེངས་དང་པོ་མ་ཤར་བར་ལ་འདུ་ཤེས་ཤེས་བཞིན་ཐེ་ཚོམ་ཟ་བས་ཀུན་སློང་ཟ་ འདོད་ཀྱི་བསམ་པས་སྦྱོར་བ་ན་བ་ལ་སོགས་པའི་རྐྱེན་མེད་པར་ཟ་བར་བརྩམས་ཏེ། མཐར་ ཐུག་ཟོས་པ་ན་ཁམ་རེ་ལ་ལྟུང་བ་རེའོ། ། བརྒྱད་པ་སོག་འཇོག་ཅེས་པ་ལ། སོག་འཇོག་བྱས་པ་ཟ་བའི་གླེང་གཞི་ནི། དགེ་སློང་ ནག་པོ་བསོད་སྙོམས་ལ་འཇུག་པ་ན། འབྲས་ཆན་གཤེར་བ་རྙེད་ན་ལྷུང་བཟེད་ཀྱིས་ལེན། སྐམ་པོ་རྙེད་ན་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་ཅིང༌། གཤེར་བ་ནི་ཟ་སྐམ་པོ་བཞག་སྟེ། ཡུལ་ ངན་བྱུང་པའི་ཚེ་ཟ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ན་བ་ལ་སོགས་ པའི་རྐྱེན་མེད་པར་སྨན་བཞི་པོ་གང་རུང་བྱིན་ལེན་བྱས་ནས་སོག་འཇོག་བྱས་ཤིང་མ་ཞིག་པ་ འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རང་དགར་ཟ་འདོད་པའི་བསམ་པས་སྦྱོར་བ་མུ་གེའི་དུས་ མིན་པར་ཟ་བར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བྱེད་དོ། །སོག་འཇོག་ ལས་འཕྲོས་པ་ལག་ཉ། མཚམས་བཙོས། ཞག་ལོན། དགེ་སློང་གིས་བཙོས་པ་བཞིའི་དང་ པོ་ལག་ཉ་ནི། དགེ་སློང་མི་ན་བས་ངལ་བ་དང་བརྗེད་པ་དང་ཆུད་འཛའ་བའི་རྐྱེན་མེད་པར་ མྱུར་དུ་ལོངས་སྤྱོད་པའི་ཟས་སམ། འབྲས་བུ་ལ་སོགས་པ་ལ་བྱིན་ལེན་གྱི་ཆེད་མ་ཡིན་པར་ རེག་ན་ལག་ཉར་འགྱུར་རོ། །ཐོག་ཤས་ནོད་པ་དང༌། སྣོད་དུ་བྲུབ་པའི་ཆེད་དུ་རེག་པ་ལྟ་བུ་ 2-1-297 ལ་ལག་ཉ་མི་འབྱུང་ངོ༌། ། གཉིས་པ་མཚམས་བཙོས་ནི། ཁྱིམ་པ་དང་མི་ལྡན་ཞིང༌། རུང་ཁང་མིན་པའི་དགེ་སློང་ རང་དབང་བའི་མཚམས་དངོས་སམ། དེའི་ཉེ་འཁོར་གྱི་ནང་དུ་ཟས་སམ་འབྲུ་ལ་སོགས་པ་ རྗེན་པ་བཙོས་པ་ལས་འགྱུར་རོ། །གསུམ་པ་ཞག་ལོན་ནི། བཞག་པའི་གནས་དང་འཇོག་ པའི་དངོས་པོ་ཕལ་ཆེ་བ་མཚམས་བཙོས་དང་འདྲ་ལ། ཞག་ལོན་ལ་རྗེན་པ་ཡན་ལག་ཏུ་མི་ དགོས་སོ། །དེ་ལྟར་ཞག་གཅིག་འདས་པ་ན་ཞག་ལོན་དུ་འགྱུར་རོ། །བཞི་པ་ནི་དགེ་སློང་ གིས་བཙོས་པ་ནི། རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་མེད་པར་མྱུར་དུ་ལོངས་སྤྱོད་ པའི་ཟས་དང་འབྲུ་ལ་སོགས་པ་རྗེན་པ་མཚམས་ཀྱི་ཕྱི་ནང་གང་དུ་བཙོས་ཀྱང་དེར་འགྱུར་རོ། །བཞི་པོ་དེ་ནད་ལ་ཕན་པ་ལྟ་བུའམ་མུ་གེའི་དུས་མིན་པར་དགེ་སློང་གིས་ཟོས་ན་ཉེས་བྱས། གཞན་ཡང་ཁ་དྲི་མ་ཅན་གྱིས་ཟ་བ་དང༌། སྐྱོགས་ཀྱིས་སྐོམ་འཐུང་བ་དང༌། ཚ་ཆུ་དང་འགྱུར་ བྱེད་ཀྱི་ཆུ་རང་གི་བྱ་བ་བྱེད་ནུས་དང༌། གཟུགས་བརྙན་མི་སྣང་བའི་རྙོག་ཆུ་འཐུང་བ་དང༌། སོག་འཇོག་སོགས་ཀྱིས་གོས་པའི་ཟས་ཕྲ་མོ་རྣམས་ཟ་བ་ལ་ཉེས་བྱས་སོ། ། དགུ་པ་ཁ་ནས་མིད་དང་ཞེས་པ་ལ། བྱིན་ལེན་མ་བྱས་པར་ཟ་བའི་གླེང་གཞི་ནི། དྲུག་ སྡེས་ཟས་བྱིན་ལེན་མ་བྱས་པར་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ གིས་གནས་བྱང་སྒྲ་མི་སྙན་མ་ཡིན་པར་ནད་ལ་ཕན་པ་ལ་སོགས་པའི་རྐྱེན་མེད་པར་སྨན་ བཞི་གང་རུང་བྱིན་ལེན་མ་བྱས་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བྱིན་ལེན་མ་བྱས་ པར་ཟ་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་ཟ་བར་བརྩམས་ཏེ། མཐར་ཐུག་མིད་པ་ན་ལྟུང་ བའོ། །བྱིན་ལེན་ནི་བླང་བའི་ཡུལ་བསླབ་པ་བྱིན་པ་དང༌། དགེ་སློང་མ་དང༌། དགེ་ཚུལ་མར་ བཅད་བསྙེན་པར་མ་རྫོགས་པ་སྦྱིན་འདོད་ལྡན་པ་མི་མ་ཡིན་ཡན་ཆད་ཟས་གྱེན་དུ་འདེགས་ ནུས་པ་ཁྲུ་གང་ལས་མཐོ་བར་གནས་པ་མིན་པས་ཐོབ་པའི་ཕྱོགས་དང་མདུན་དྲང་པོ་ནས་ 2-1-298 མཚམས་གཞན་གྱིས་བར་མ་ཆོད་པར་གནས་པས་ལེན་པ་པོ་དགེ་སློང་མ་ཡར་བཅད་བསླབ་ པ་གསོ་རུང་དང་ལྡན་པ་ལ། རྫས་སྨན་བཞི་པོ་གང་རུང་སྔར་བྱིན་ལེན་མ་བྱས་པ་དྲངས་པའོ། །ཐོབ་པའི་ཕྱོགས་ན་གནས་པའི་དམིགས་བསལ་ནི། སྤྲེའུ་ཤིང་གི་ཡལ་ག་ལ་གནས་པས་ ཤིང་ཐོག་བྱིན་པ་ལྟ་བུ་ལ་ཐོབ་ཏུ་རུང་ལ། དགེ་སློང་མ་དང་དགེ་སློང་ནི་ཕན་ཚུན་བྱིན་ལེན་ རུང་ལ། བསླབ་པ་བྱིན་པས་ནི་དགེ་སློང་གཞན་ལ་བྱིན་ལེན་སྟོབས་ན་ཡང་ཐོབ་ལ། བསླབ་ པ་བྱིན་པས་མ་རྫོགས་པ་ལ་བླངས་ན་ཡང་ཐོབ་པོ། །མི་མ་ཡིན་ལས་ཐོབ་ཏུ་རུང་བ་སྤྲེའུ་ལས་ ཐོབ་པར་གསུངས་པས་མཚོན་ནོ། །མཚམས་གཞན་ལ་ནམ་མཁའ་མེ་ཆུ་རགས་པ་མཚམས་ གཞན་དང་བཞི་ལ་མནན་པའམ་འབྲེལ་བར་མ་བྱས་ན་མི་འཐོབ་པོ། །བྱིན་ལེན་ལ་དབྱེ་ ན་ལྔ་སྟེ། ལུས་ཀྱིས་ལུས་སུ་ལེན་པ། ལུས་དང་འབྲེལ་བས་ལུས་དང་འབྲེལ་བར་ལེན་པ། ལུས་ཀྱིས་ལུས་དང་འབྲེལ་བར་ལེན་པ། ལུས་དང་འབྲེལ་བས་ལུས་སུ་ལེན་པ། བཞག་པའི་ བྱིན་ལེན་དང་ལྔའོ། །བཞག་པའི་བྱིན་ལེན་ནི། ཡུལ་གྱིས་མི་སྨད་པར་བྱ་བས་ཟས་འདྲེན་ ན་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ཅིག ཅེས་བསྟན་ཏེ་བཞག་པ་ཡང་བྱིན་ལེན་དུ་འགྱུར་རོ། །བྱིན་ལེན་འཇིག་པ་ལ་རྒྱུ་དགུ་སྟེ། ཞོ་ལས་མར་དུ་གྱུར་པ་ལྟ་བུ་དངོས་པོ་གཞན་དུ་གྱུར་པ་ དང༌། ས་བོན་ལས་མྱུ་གུ་བྱུང་པ་ལྟ་བུ་སྐྱེ་བ་གཞན་དུ་གྱུར་པ་དང༌། བདག་ཉིད་དགེ་སློང་མིན་ པར་གྱུར་པ་དང༌། དེ་མ་རྫོགས་པས་ཕྲོགས་པ་དང༌། མ་རྫོགས་པ་ལ་བསྔོས་པ་དང༌། ལག་ པས་ལེན་མི་ནུས་པར་འདྲིལ་བ་དང༌། ནམ་མཁའ་ལ་ལག་པས་མི་སར་འཕངས་པ་དང༌། རང་གིས་མ་བཟུང་བར་མ་རྫོགས་པས་རེག་པ་དང༌། ལྟུང་བ་བྱུང་ནས་སྤངས་པའོ། ། བཅུ་པ་བསོད་པ་ཉིད་ཅེས་པ་ལ། བསོད་པ་སློང་བའི་གླེང་གཞི་ནི། དྲུག་སྡེས་སྦྱིན་ བདག་མི་འདོད་བཞིན་དུ་ཟས་བསོད་པ་བླངས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ དགེ་སློང་ན་བ་མ་ཡིན་པས་དངོས་པོ་འོ་མ་དང་ཞོ་ལ་སོགས་པ་ཡུལ་དུས་དེར་བསོད་པར་ 2-1-299 གྲགས་པ་ཁྱིམ་པ་ཉེ་དུ་མ་ཡིན་པས་ཅི་བདེར་མ་སྟབས་པ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་ སློང་བླངས་ཏེ་ཟ་འདོད་པས་སྦྱོར་བ་དེ་ལྟར་བརྩམས་ཏེ་མཐར་ཐུག་མིད་པ་ན་ལྟུང་བའོ། ། བཅུ་ཚན་ལྔ་པ་ནི། སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་ གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུགས་འགྲོ་བ་དང༌། །བརྡེག་དང་གཟས་ དང་གནས་ངན་ལེན། །ཞེས་པའི་དང་པོ་སྲོག་ཆགས་བཅས་དང་ཞེས་པ་ལ། ཆུ་སྲོག་ཆགས་ དང་བཅས་པ་ལ་སྤྱོད་པའི་གླེང་གཞི་ནི། འདུན་པས་རང་དོན་དུ་ཆུ་སྲོག་ཆགས་དང་བཅས་ པ་ལ་ལོངས་སྤྱོད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་རང་དོན་དུ་སྲོག་ ཆགས་དང་བཅས་པའི་ཆུ་ལ་ཁྲུས་དང་བཏུང་བ་སོགས་ལུས་ཀྱི་ཆེད་དང༌། ཆོས་གོས་ལྷུང་ བཟེད་སོགས་ཡོ་བྱད་ཀྱི་ཆེད་དུ་ལོངས་སྤྱོད་པ་དང༌། སྲོག་ཆགས་ཅན་གྱི་ཆུ་འབབ་པ་འགོག་ པ་དང༌། གཞན་དུ་བསྒྱུར་བ་དང༌། རྩྭ་དང་ཤིང་སོགས་གཅོད་པ་དང་མེར་འཇུག་པ་ལ་སོགས་ པ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་སྲོག་ཆགས་དང་བཅས་པར་ཤེས་བཞིན་དུ་སྦྱོར་བ་ རང་ངམ་བསྐོས་པས་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་སྲོག་ཆགས་ཇི་སྙེད་ཤི་བ་དེ་ སྙེད་ཀྱི་ལྟུང་བའོ། །བསླབ་བྱ་ནི་ཆུ་ཚགས་མེད་པར་ལྗོངས་རྒྱུར་མི་འགྲོ་བ་སོགས་སོ། །ཆུ་ ཚགས་ལ་དབྱེ་ན་ལྔ་སྟེ། དཔྱང་ཚགས་དང༌། བུམ་ཚགས་གཅེའུ་ཅན་དང༌། གྲུ་གསུམ་ཚགས་ དང༌། རིལ་བ་ཞབས་ཚགས་ཅན་དང༌། བསལ་ཚགས་དང་ལྔའོ། །ཆུ་རུང་བ་ལྔ་སྟེ་དགེ་འདུན་ དང༌། གང་ཟག་དང༌། ཆུ་ཚགས་དང༌། ཆུ་རུང་བ་དང༌། ཆུ་བརྟགས་ཏེ་རུང་བའོ། ། གཉིས་པ་ཉལ་སར་འདུག་ཅེས་པ་ལ། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ གླེང་གཞི་ནི། འཆར་ཀས་ཉལ་པོ་བྱེད་པར་ཤོམ་པ་ལ་གེགས་བྱ་བའི་ཕྱིར་མངོན་སུམ་དུ་ བརྣག་སྟེ་འདུག་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་བར་ཆད་ཀྱི་རྐྱེན་ དང་མི་ལྡན་བཞིན་དུ། སྐྱེས་པ་བུད་མེད་ཁྱིམ་པ་སྤྲོད་པ་ལ་ཞུགས་པའམ་ཕྱོགས་པ་ལ་འདུ་ 2-1-300 ཤེས་མ་འཁྲུལ་ཞིང༌། ཀུན་སློང་དེ་དག་དང་གནས་གཅིག་ཏུ་སྦྱོར་བ་མངོན་སུམ་དུ་བརྣག་སྟེ་ འདུག་པར་བསམས་ནས། མཐར་ཐུག་དེ་དག་གིས་ཚོར་བར་འདུག་པ་ན་ལྟུང་བའོ། ། གསུམ་པ་འགྲེང་དང་ཞེས་སོགས་ལ། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ གླེང་གཞི་ནི། འཆར་ཀས་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་ལ་བརྟེན་ནས་བཅས་ སོ། །དེ་ཡང་ཁྱིམ་དེར་ཤེས་བཞིན་དུ་དབེན་པ་སྐྱབས་ཡོད་པར་འགྲེང་སྟེ་འདུག་པ་སྟེ། རྟེན་ ལ་སོགས་པ་གོང་བཞིན་ནོ། ། བཞི་པ་གཅེར་བུ་ཞེས་པ་ལ། གཅེར་བུ་ལ་ཟས་བྱིན་པའི་གླེང་གཞི་ནི། ཀུན་དགའ་བོས་ གཅེར་བུ་མ་རྒན་གཞོན་ལ་ཟས་བྱིན་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ གིས། མུ་སྟེགས་གཅེར་བུ་ཕོ་མོ་གང་རུང་ཉེ་དུའམ་ནད་པའམ་དགེ་བ་ལ་སྦྱར་བའི་དོན་མ་ ཡིན་པར་དུས་རུང་གི་ཟས་རང་དང་དེ་གཉིས་ཀས་ཟ་རུང་བ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་ སློང་རང་དགར་སྦྱིན་འདོད་པས་སྦྱོར་བ་རང་གི་ལག་གིས་སྟེར་བར་བརྩམས་ཏེ། མཐར་ཐུག་ དེ་ཐོབ་པ་ན་ལྟུང་བའོ། ། ལྔ་པ་དམག་དང་ནི་ཞེས་པ་ལ། དམག་ལ་ལྟ་བའི་གླེང་གཞི་ནི། དྲུག་སྡེས་རྒྱལ་པོ་ གསལ་རྒྱལ་གྱི་དམག་རི་བྲག་པ་གཞོམ་པའི་ཕྱིར་འགྲོ་བ་ན་གསུས་པོ་ཆེའི་དཔུང་ལྟར་ འདོང་ཟེར་ནས་ལམ་ཀར་དོང་སྟེ། འཁོད་ནས་དམག་ལ་དམད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་བར་ཆད་ཀྱི་རྐྱེན་དང་མི་ལྡན་པའི་དགེ་སློང་གིས་ཁྱིམ་པའི་དམག་མཚན་ཉིད་དང་ ལྡན་པ་འཐབ་པའམ་འཐབ་པའི་ཆས་སུ་ཞུགས་པ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ལྟ་ འདོད་པའི་བསམ་པས་སྦྱོར་བ་རྒྱལ་པོ་ལ་སོགས་པས་བཀུག་པ་མ་ཡིན་པར་རང་གི་གནས་ ཉེ་འཁོར་དང་བཅས་པ་འདས་ནས་ལྟ་བར་བརྩམས་ཏེ་མཐར་ཐུག་མཐོང་བ་ན་ལྟུང་བྱེད་དོ། ། 2-1-301 དྲུག་པ་ཞག་གཉིས་ཞེས་པ་ལ། དམག་གི་ནང་ན་གནས་པའི་གླེང་གཞི་ནི། དྲུག་སྡེས་ རྒྱལ་པོ་གསལ་རྒྱལ་གྱི་ཕྲུ་མ་བཏབ་སྟེ་འདུག་པའི་ནང་དུ་ཉིན་མཚན་གཉིས་ལས་ལྷག་པར་ འདུག་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དང་ཡུལ་སྔ་མ་བཞིན་ནོ། །གནས་དམག་གི་ ནང་དུ་དགོས་པ་དང་མི་ལྡན་པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དམག་གི་ནང་དུ་གནས་ འདོད་པའི་བསམ་པས་སྦྱོར་བ་ཞག་གཉིས་ལས་འདས་པར་གནས་པར་བརྩམས་ཏེ། མཐར་ ཐུག་མཚན་མོ་གཉིས་པ་འདས་ནས་ཕྱི་མའི་སྐྱ་རེངས་ཤར་བ་ན་ལྟུང་བའོ། ། བདུན་པ་བཤམ་དཀྲུགས་ཞེས་པ་ལ། དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་གླེང་གཞི་ ནི། དྲུག་སྡེས་རྒྱལ་པོའི་དམག་རུ་བཤམས་པ་དཀྲུགས་པ་ལ་སོགས་པ་བྱས་པ་ལ་བརྟེན་ ནས་བཅས་སོ། །དེ་ཡང་རྟེན་ཡུལ་གོང་བཞིན་ནོ། །འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དཔུང་ གི་ཡན་ལག་ཉམས་སུ་མྱོང་བར་འདོད་པས་སྦྱོར་བ་རེག་པའམ་དཀྲུགས་པར་བརྩམས་ ཏེ། མཐར་ཐུག་རེག་པའམ་གཡུལ་བཤམས་པ་དཀྲུགས་པ་ལ་སོགས་པའི་བྱ་བ་རྫོགས་པ་ ན་ལྟུང་བའོ། །སྐྱེས་པ་དང་བུད་མེད་འཐབ་པ་དང༌། གླང་པོ་སོགས་འཐབ་པ་དང་འཐབ་ཏུ་ འཇུག་པ་དང༌། ལྟ་བ་རྣམས་ལ་ཉེས་བྱས་སོ། ། བརྒྱད་པ་བརྡེག་དང་ཞེས་པ་ལ། བརྡེག་པའི་གླེང་གཞི་ནི། འཆར་ཀས་གཞོན་ནུ་བཅུ་ བདུན་སྡེའི་ལུས་ལ་ཁུ་ཚུར་ལ་སོགས་པས་བསྣུན་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་ རྟེན་དགེ་སློང་གིས་ཡུལ་དགེ་སློང་ཕ་རོལ་པོ་ལ་ཕན་པའི་དོན་མ་ཡིན་པར་ལུས་སམ་དེས་ འཕངས་པའམ། དེ་དང་འབྲེལ་བའི་དབྱུག་པ་སོགས་སམ་ཡུངས་དཀར་ཙམ་ཡང་འདུ་ཤེས་ མ་འཁྲུལ་ཞིང་ཀུན་སློང་རྙོག་པ་ཅན་གྱི་སེམས་ཀྱིས་སྦྱོར་བ་བརྡེག་པར་བརྩམས་ཏེ། མཐར་ ཐུག་ཕོག་པ་ན་བརྡེག་སྤྱད་རེ་རེ་ལ་ལྟུང་བ་རེ་རེའོ། །མ་ཕོག་ན་ཉེས་བྱས་སོ། །རང་གི་ལུས་ དང་སེམས་ཅན་མ་ཡིན་པ་ལ་བརྡེག་ནའང་ཉེས་བྱས་སོ། ། 2-1-302 དགུ་པ་གཟས་དང་ཞེས་པ་ལ། བརྡེག་པར་གཟས་པའི་གླེང་གཞི་ནི། འཆར་ཀས་གཞོན་ ནུ་བཅུ་བདུན་སྡེའི་ལུས་ལ་བརྡེག་ཚུལ་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་བརྡེག་པ་ ཞེས་པའི་གནས་སུ་བརྡེག་པར་གཟས་པ་ཞེས་པ་བཅུག ཡན་ལག་ཐམས་ཅད་སྔ་མ་བཞིན་ ལ། གཟས་པའི་དོན་ནི་བརྡེག་ཚུལ་བྱེད་པའོ། ། བཅུ་པ་གནས་ངན་ལེན་ཞེས་པ་ལ། གནས་ངན་ལེན་འཆབ་པའི་གླེང་གཞི་ནི། ཉེར་ དགས་དགེ་སློང་གཞན་གྱི་ལྟུང་བ་བཅབས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་ སློང་གིས་ཡུལ་དགེ་སློང་སྡོམ་པ་གསོར་རུང་ཡན་ཆད་ཀྱི་ཕམ་ལྷག་གི་ལྟུང་བ་འདུ་ཤེས་མ་ འཁྲུལ་ཞིང་ཀུན་སློང་བདེ་བ་ལ་མི་རེག་པ་དང༌། དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་སྤྱོད་ ཀྱི་བར་ཆད་དང༌། དགེ་འདུན་འཁྲུག་ཏུ་དོགས་པའི་དབང་མ་གཏོགས་པར་འཆབ་འདོད་ཀྱི་ བསམ་པས་སྦྱོར་བ་དེ་ལྟར་འཆབ་པར་བརྩམས་ཏེ། མཐར་ཐུག་མཚན་མོ་འདས་པ་ན་ལྟུང་ བའོ། །ཕམ་ལྷག་ལས་གཞན་པའི་རང་གཞན་གྱི་ཉེས་པ་བཅབས་པས་ཉེས་བྱས་སོ། ། བཅུ་ཚན་དྲུག་པ་ནི། སྡོམ་ལ། བདེ་དང་མེ་དང་འདུན་པ་དང༌། །བསྙེན་པར་མ་རྫོགས་ ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང༌། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་པའི་དང་ པོ་བདེ་དང་ཞེས་པ་ལ། ཟན་གཅོད་དུ་འཇུག་པའི་གླེང་གཞི་ནི། ཉེར་དགས་དགེ་སློང་ཆོས་ ཀྱི་ཟན་བཅད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཡུལ་ཟན་བཅད་པས་ ཕན་པའི་ནད་པ་མིན་པའི་དགེ་སློང་ལ་སྦྱིན་བདག་གིས་དུས་རུང་གི་ཟས་རུང་བ་ཚད་ལྡན་ འདྲེན་པར་བསྔོས་པ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ཟས་སྤྱད་འདོད་ཀྱི་བསམ་པས་ སྦྱོར་བ་ཟན་གཅོད་པའི་ཚིག་སྨྲ་བར་བརྩམས་ཏེ་མཐར་ཐུག་ཡུལ་གྱི་ཟན་ཆོད་ནས་ཉི་མ་ ཡོལ་བ་ན་ལྟུང་བའོ། །སྨན་གཞན་གསུམ་གཅོད་དུ་འཇུག་པ་ལ་ཉེས་བྱས་སོ། ། གཉིས་པ་མེ་དང་ཞེས་པ་ལ། མེ་ལ་རེག་པའི་གླེང་གཞི་ནི། དྲུག་སྡེས་མེ་ལ་རྩེ་བར་བྱས་ 2-1-303 པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དཀོན་མཆོག་དང་ཚངས་པ་མཚུངས་ པར་སྤྱོད་པ་རྣམས་ཀྱི་ཆོས་ལྡན་གྱི་དོན་དང༌། ལྷུང་བཟེད་དང་ཚོན་གྱི་ལས་ལ་སོགས་ལ་དུས་ བྱིན་གྱིས་བརླབས་པ་མ་གཏོགས་པ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མེ་ལ་རེག་འདོད་ཀྱི་ བསམ་པས་སྦྱོར་བ་རང་ངམ་གཞན་ལ་མངོན་སུམ་དུ་བསྐོས་ཏེ། མཐར་ཐུག་མེ་ལ་རེག་པ་ དང་སྤར་བ་དང་གསོད་པ་སོགས་བྱེད་པ་ན་ལྟུང་བྱེད་དོ། །བསླབ་བྱ་ནི་སེང་གེ་སོགས་སྲོག་ ཆགས་གཏུམ་པོ་ལ་རེག་པར་མི་བྱའོ། །དུས་དྲན་ནི། དཀོན་མཆོག་མཆོད་པ་སོགས་ཆོས་ ལྡན་གྱི་བྱ་བའི་ཆེད་དུ་མེ་ལ་རེག་དགོས་ན་དུས་འདིའི་ཚེ་སྟོན་པས་གནང་ངོ༌། །སྙམ་པ་མེ་ལ་ རེག་པའི་བྱ་བ་རྫོགས་ཀྱི་བར་དུ་ཡིད་ལ་བྱའོ། ། གསུམ་པ་འདུན་པ་དང་ཞེས་པ་ལ། འདུན་པ་ཕྱིར་བསྒྱུར་གྱི་གླེང་གཞི་ནི། དགའ་བོས་ དགེ་འདུན་གྱི་ལས་ལ་འདུན་པ་ཕུལ་ནས་སླར་འདུན་པ་ཕྱིར་འོན་ཅིག་ཅེས་འདུན་པ་ཕྱིར་ བསྒྱུར་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་འདུན་གྱི་ཆོས་ལྡན་གྱི་ ལས་མཚན་ཉིད་པ་ལ་རང་གིས་འདུན་པ་ཕུལ་བ་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ འདུན་པ་ཕྱིར་བསྒྱུར་འདོད་ཀྱི་བསམ་པས་སྦྱོར་བ་བདག་འདུན་པ་མི་འབུལ་གྱི་ཕྱིར་འོན་ ཅིག་ཅེས་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། ། བཞི་པ་བསྙེན་པར་མ་རྫོགས་ཞེས་པ་ལ། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་ བའི་གླེང་གཞི་ནི། རྒན་ཞུགས་གཅིག་བསྙེན་པར་མ་རྫོགས་པ་ཁྱིམ་པ་སོགས་ལྷན་ཅིག་ ཉལ་བའི་རྨི་ལམ་ན། སྔོན་གྱི་ཆུང་མ་དང་ལྷན་ཅིག་ཉལ་བ་རྨིས་ནས་ཚིག་ཅི་དང་ཅི་རྟོལ་བ་ ཁྱིམ་པས་ཐོས་ནས་མ་དད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ན་བ་དང་ནད་གཡོག་ མ་ཡིན་པའི་དགེ་སློང་གིས། དགེ་སློང་སྡིག་ཅན་ཉེ་བར་གནས་པ་དང༌། དགེ་ཚུལ་ལམ་གྱིས་ དུབ་པ་སོགས་ཀྱི་རྐྱེན་དང་མི་ལྡན་པར་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རང་དགར་མ་ 2-1-304 རྫོགས་པ་དང་ལྷན་ཅིག་ཉལ་འདོད་ཀྱི་བསམ་པས་སྦྱོར་བ་མཚམས་གཞན་གྱིས་བར་མ་ཆོད་ པར་འདོམ་ཕྱེད་དང་དགུའི་ནང་རོལ་གྱི་གནས་གཅིག་ཏུ་ནུབ་གསུམ་བཏུད་མར་རང་དང་མ་ རྫོགས་པ་གཉིས་ཀ་ཉལ་ཞིང་གཉིད་ལོག་པར་བརྩམས་ཏེ། མཐར་ཐུག་སྤྱོད་ལམ་དེས་ནུབ་ གསུམ་པའི་མཚན་མོ་མཐའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། །བསླབ་བྱ་ནི། ཟླ་བ་དང་ཉི་ མའི་སྣང་བ་ལས་གཞན་པའི་མར་མེ་དང་རིན་པོ་ཆེ་ལ་སོགས་པའི་སྣང་བ་དང་བཅས་པའི་ གནས་སུ་རྐྱེན་དང་མི་ལྡན་པར་ཉལ་ན་མཚན་མོ་འདས་པའི་ཚེ་ཉེས་བྱས་སོ། ། ལྔ་པ་ཆོས་དང་ཞེས་པ་ལ། སྡིག་ལྟ་མི་གཏོང་བའི་གླེང་གཞི་ནི། དགེ་སློང་འཆི་ལྟས་ ཀྱིས་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་ བསྟེན་ཡང་བར་དུ་གཅོད་པར་མི་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་བདག་ གིས་ཤེས་སོ། །ཞེས་སྐུར་བ་བཏབ་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ ཆང་འཐུང་པ་ལྟ་བུ་བཅོམ་ལྡན་འདས་ཀྱིས་མཐོ་རིས་དང་ཐར་པའི་བར་ཆད་དུ་གསུངས་པ་ དེ་དག་བསྟེན་ཡང་བར་ཆད་དུ་མི་འགྱུར་རོ་ཞེས་འདུ་ཤེས་མ་འཁྲུལ་བར་རློམ་ཞིང་ཀུན་སློང་ སྐུར་བ་གདབ་འདོད་ཀྱི་བསམ་པས། སྦྱོར་བ་སྐུར་བ་འདེབས་པ་ལ་ཞུགས་པའི་ཚེ། དགེ་ འདུན་གྱིས་གཞམས་སྒོ་དང༌། གསོལ་བཞིའི་ལས་ཀྱིས་ཟློག་ཀྱང་མཐར་ཐུག་བརྗོད་པ་ གསུམ་པའི་མཐའ་ལ་མི་གཏོང་ན་ལྟུང་བའོ། ། དྲུག་པ་སྨྲ་ཞེས་པ་ལ། སྤངས་པ་རྗེས་ཕྱོགས་ཀྱི་གླེང་གཞི་ནི། སྡིག་ལྟ་ཅན་འཆི་ལྟས་ གནས་ནས་ཕྱུང་བ་ཉེར་དགའ་ཅན་སོང་ནས་ངུས་པས་ཅིའི་ཕྱིར་ངུ་། གནས་ནས་ཕྱུང་ངོ་སྡོད་ ལ་བཟོད་པ་གསོལ་ཅིག་ཅེས་གཏམ་འདྲེ་ཞིང་ལྷན་ཅིག་ཉལ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས། སྡིག་ལྟ་ཅན་བཟོད་པ་མ་གསོལ་བ་དགེ་འདུན་གྱི་གནས་ནས་ ཕྱུང་བ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་གནས་དབྱུང་དེ་དང་ལྷན་ཅིག་གཏམ་འདྲེ་བ་ 2-1-305 དང་ཉལ་འདོད་སོགས་ཀྱི་བསམ་པས་སྦྱོར་བ་ན་བ་དང་ཆོས་ལྡན་གྱི་དོན་མ་གཏོགས་པར་ དེ་དང་ལྷན་ཅིག་གཏམ་འདྲེ་བ་སོགས་བྱེད་པར་བརྩམས་ཏེ། མཐར་ཐུག་དེ་དང་ལྷན་ཅིག་ གཏམ་འདྲེ་བ་སོགས་བྱེད་པ་དང་ཉལ་བ་སོགས་བྱས་ནས་མཚན་མོ་དེའི་མཐའི་སྐད་ཅིག་མ་ འདས་ན་ལྟུང་བའོ། ། བདུན་པ་དགེ་ཚུལ་ཞེས་པ་ལ། བསྙིལ་བ་སྡུད་པའི་གླེང་གཞི་ནི། ཉེར་དགས་དགེ་ཚུལ་ སྡིག་ལྟ་ཅན། ཚེར་མ་དང་ཚེར་མ་ཆེན་པོ་གཉིས་སྡིག་ལྟ་མི་གཏོང་བར་དགེ་འདུན་གྱི་གནས་ ནས་བསྙིལ་བ་བསྡུས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་ཚུལ་ སྡིག་ལྟ་ཅན་བཟོད་པ་མ་གསོལ་བ་ན་བ་དང་གདུལ་བ་ལ་སོགས་པའི་དོན་མིན་པར་འདུ་ ཤེས་མ་འཁྲུལ་ཞིང་ཀུན་སློང་བསྙིལ་བ་སྡུད་འདོད་ཀྱི་བསམ་པས་སྦྱོར་བ་གཉིས་ཀ་ལྷན་ ཅིག་གཏམ་འདྲེ་བ་དང་ཉལ་བ་སོགས་བྱེད་པར་བརྩམས་ཏེ། མཐར་ཐུག་དེ་དང་ལྷན་ཅིག་ དེ་ལྟར་བྱས་ནས་དེའི་མཚན་མོ་མཐའི་སྐད་ཅིག་མ་འདས་པ་ན་ལྟུང་བའོ། ། བརྒྱད་པ་ཁ་དོག་བསྒྱུར་བ་དང་ཞེས་པ་ལ། ཁ་མ་བསྒྱུར་བའི་གོས་གྱོན་པའི་གླེང་གཞི་ ནི། དྲུག་སྡེས་ཁ་དོག་མ་བསྒྱུར་བའི་གོས་གྱོན་ནས་གར་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཆུ་ཚགས་མ་གཏོགས་ལྷུང་བཟེད་ཀྱི་ཁ་གཡོགས་ཙམ་གྱི་གོས་ དཀར་པོ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁ་མ་བསྒྱུར་བའི་གོས་དཀར་པོ་ལོངས་སྤྱོད་ འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་ལོངས་སྤྱོད་ པ་ན་ལྟུང་བའོ། །བསླབ་བྱ་ནི། ཚོན་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བའི་གོས་ལོངས་སྤྱོད་པ་ལ་ ཉེས་བྱས་སོ། ཚོན་ཆེན་བརྒྱད་ནི་སུམ་བརྒྱ་པ་ལས། མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་ རྣམས་དང༌། །གུར་གུམ་དང་ནི་ཐང་ཤིང་ལི་ཁྲི་དང༌། །རྨ་ཤིང་ལེབ་རྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །ཞེས་སོ། ། 2-1-306 དགུ་པ་རིན་པོ་ཆེ་དང་ཞེས་པ་ལ། ལོངས་པ་གཞིར་གཏོགས་ཀྱི་གླེང་གཞི་ནི། དྲུག་སྡེས་ རིན་པོ་ཆེ་དང་མཚོན་ཆ་དང༌། རོལ་མོ་རྣམས་ལ་བག་མེད་པར་ལོངས་སྤྱོད་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཆུད་འཛའ་བའི་རྐྱེན་མེད་ཅིང༌། སྦྱིན་བདག་བསོད་ ནམས་འདོད་པས་བསྟབས་པའམ་མི་མ་ཡིན་གྱི་གནས་སུ་བསོད་ནམས་ལས་གྲུབ་པ་ལྟ་བུ་ མ་ཡིན་པ་རང་མི་དབང་བའི་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་རོལ་མོར་སྤྱད་པའི་ལག་ ཆའམ། གཡུལ་དུ་སྤྱད་པའི་མཚོན་ཆ་དགོས་པ་བསྒྲུབ་ནུས་ལ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རྒོད་བག་གིས་རེག་འདོད་ཀྱི་བསམ་པས་སྦྱོར་བ་རང་ངམ་དངོས་སུ་བསྐོས་པས་ མངོན་སུམ་དུ་རེག་པར་བརྩམས་ཏེ། མཐར་ཐུག་རེག་པ་ན་ལྟུང་བའོ། ། བཅུ་པ་ཚ་བའི་དུས་ཞེས་པ་ལ། ཁྲུས་བྱེད་པའི་གླེང་གཞི་ནི། དྲུག་སྡེས་དུས་མིན་དུ་ ཁྲུས་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ཁྲུས་ཀྱིས་ཕན་པའི་ནད་པ་དང༌། དཀོན་ མཆོག་གི་ཕྱིར་དུ་ཕྱག་དར་རེ་ལྡེ་ཙམ་མམ་དཀྱིལ་འཁོར་བ་མལ་ཙམ་གྱི་ལས་བྱས་པ་དང་ ལམ་དཔག་ཚད་ཕྱེད་དུ་ཕྱིན་པ་མ་ཡིན་པའི་དགེ་སློང་གིས་དུས་ཟླ་བ་ལྔ་པའི་ཚེས་གཅིག་ ནས་བདུན་པའི་བཅོ་ལྔའི་བར་མ་གཏོགས་པ་རྐྱེན་དང་མི་ལྡན་པས་འདུ་ཤེས་མ་འཁྲུལ་ ཞིང༌། ཀུན་སློང་རང་དགར་ཁྲུས་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་ཟླ་བ་ཕྱེད་ཕྱེད་ཀྱི་ནང་དུ་ ཁྲུས་བྱེད་པར་བསམས་ཏེ། མཐར་ཐུག་དུས་མ་ཡིན་པར་ལུས་རིལ་པོ་ཁྲུས་བྱེད་ན་ལྟུང་བའོ། །ལུས་ལ་ཆར་ཐིགས་པ་གཉིས་ཡན་ཆད་ཕོག་པའམ། རླུང་གིས་གོས་ཀྱི་གྲ་བསྐྱོད་པ་ཡན་ ཆད་ལ་ལྟུང་བ་འདི་མེད་དོ། །ཆང་མ་གཏོགས་པ་བཅས་རྐྱང་ཐམས་ཅད་ལ་རྐྱེན་དབང་གིས་ གནང་བའི་སྐབས་ཡོད་པ་རྣམས་སུ་གནང་བའི་དུས་དྲན་པར་བྱའོ། །ཆར་གྱིས་ཕོག་ན་ཁྲུས་ བྱ་བར་གནང་བས་ཆེད་དཀར་ཆར་གྱིས་ཕོག་པར་བྱས་ཏེ་ཁྲུས་བྱེད་པ་ལྟ་བུ་མི་བྱའོ། །ཁྲུས་ ཀྱི་ཆེད་མིན་པར་ཆུ་བརྒལ་དགོས་དང༌། བརྒྱལ་བ་ལ་ཆུ་རྒྱབ་པ་ལ་ཉེས་པ་མེད་དོ། ། 2-1-307 བཅུ་ཚན་བདུན་པ་ནི། སྡོམ་ལ། དུད་འགྲོ་འགྱོད་པ་སོར་མོ་དང༌། །རྩེ་དང་ལྷན་ཅིག་ སྔངས་བྱེད་དང༌། །སྦེད་དང་གདེང་མེད་གཞི་མེད་དང༌། །སྐྱེས་པ་མེད་པར་ལམ་འགྲོ་བའོ། །དེ་ལ་དང་པོ་དུད་འགྲོ་གསོད་པའི་གླེང་གཞི་ནི། འཆར་ཀས་བྱ་རོག་བསད་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དུད་འགྲོར་གཏོགས་པའི་སྲོག་ཆགས་འདུ་ཤེས་མ་ འཁྲུལ་ཞིང་ཀུན་སློང་གསོད་སེམས་ཀྱིས་སྦྱོར་བ་རང་ངམ་བསྐོས་པས་གསོད་པར་བརྩམས་ ཏེ་མཐར་ཐུག་དེའི་རྐྱེན་གྱིས་ཤི་ན། ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བ་རེ་རེའོ། །གསོད་སེམས་ མེད་ཀྱང་དུད་འགྲོའི་ཡན་ལག་གཅོད་པ་དང༌། བརྡེག་པ། འཚོང་བ། འཚིར་འདོད་པ་དུད་ འགྲོའི་གཟུགས་བྱས་ཏེ་འཇིག་པ་སོགས་ལ་ཉེས་བྱས་སོ། ། གཉིས་པ་འགྱོད་པ་ཅེས་པ་ལ། འགྱོད་པ་སྐྱེད་པའི་གླེང་གཞི་ནི། འཆར་ཀས་གཞོན་ནུ་ བཅུ་བདུན་སྡེ་ལ་བསྙེན་པར་མ་རྫོགས་ཤིང་ཕམ་པ་བྱུང་ངོ་ཞེས་འགྱོད་པ་སྐྱེད་པ་ལ་བརྟེན་ ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་པོ་ལ་འདུ་ཤེས་མ་འཁྲུལ་ཞིང་ ཀུན་སློང་ཡིད་མི་བདེ་བ་བསྐྱེད་པའི་བསམ་པས་སྦྱོར་བ་བཞད་གད་ཡན་ཆད་ཀྱིས་ཁྱོད་ལ་ སྡོམ་པ་མ་སྐྱེས་སོ་ཞེས་སམ། སྐྱེས་ཀྱང་ཕམ་པ་བྱུང་ངོ་ཞེ་སོགས་ཀྱིས་འགྱོད་པ་བསྐྱེད་པའི་ ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །དགེ་ཚུལ་སོགས་ལ་ཉེས་བྱས་ སོ། ། གསུམ་པ་སོར་མོ་དང་ཞེས་པ་ལ། ག་ག་ཚིལ་བྱེད་པའི་གླེང་གཞི་ནི། གཞོན་ནུ་བཅུ་ བདུན་སྡེའི་བཅུ་དྲུག་གིས་གཞོན་ནུ་ཆོས་ལ་སྐྱི་གཡའ་བའི་གནས་རྣམས་སུ་ག་ག་ཚིལ་བྱས་ པས་རླུང་གྱེན་དུ་འཆུགས་ཏེ་ཤི་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ དགེ་སློང་ཕ་རོལ་པོ་ལ་སྐྱི་གཡའ་བའི་གནས་རྣམས་སུ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ སྐྱི་གཡའ་བར་བྱ་བའི་བསམ་པས་སྦྱོར་བ་རེག་པར་བརྩམས་ཏེ། མཐར་ཐུག་རེག་ནས་སྐྱི་ 2-1-308 གཡའ་བར་བྱས་པ་ན་ལྟུང་བའོ། ། བཞི་པ་རྩེ་དང་ཞེས་པ་ལ། ཆུ་ལ་རྩེ་བའི་གླེང་གཞི་ནི། གཞོན་ནུ་བཅུ་བདུན་སྡེས་ཆུ་ལ་ རྩེ་བ་རྒྱལ་པོ་གསལ་རྒྱལ་གྱིས་མཐོང་ནས་མ་དད་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ དགེ་སློང་གིས། འཇིག་རྟེན་ལ་གྲགས་པའི་ཆུ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་རྒོད་བག་ གིས་དགའ་བ་ཉམས་སུ་མྱོང་པར་བྱས་པའི་བསམ་པས་སྦྱོར་བ་རང་ངམ་བསྐོས་པས་རྩེ་བར་ བརྩམས་ཏེ་མཐར་ཐུག་ལྟེ་བ་ནུབ་པའི་ཚད་དུ་ཆུར་ཞུགས་ཏེ་རྩེ་བ་ན་ལྟུང་བའོ། ། ལྔ་པ་ལྷན་ཅིག་ཅེས་པ་ལ། བུད་མེད་དང་ལྷན་ཅིག་ཉལ་བའི་གླེང་གཞི་ནི། མ་འགགས་ པས་ཁྱེའུ་སྤྱི་རྟོལ་ཅན་གྱི་མ་ལ་གནས་གཡར་ཏེ། དེ་དང་ལྷན་ཅིག་ཉལ་བ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་བུད་མེད་ཉེ་དུ་མ་ཡིན་པ་ལུས་རྟེན་རུང་དང་གནས་ གཅིག་ཏུ་བར་དུ་མཚམས་ཆོད་ན་འདོམ་གང་གི་ནང་དང་མ་ཆོད་ན་འདོམ་དགུའི་ནང་དུ་འདུ་ ཤེས་མ་འཁྲུལ་ཞིང་ཀུན་སློང་གཉིས་ཀ་ཉལ་འདོད་ཀྱི་བསམ་པས་སྦྱོར་བ་ཁྲིམས་གྲོགས་ མེད་པར་གཉིས་ཀ་ཉལ་ནས་གཉིད་ལོག་པར་བརྩམས་ཏེ། མཐར་ཐུག་མཚན་མོ་མཐའི་ སྐད་ཅིག་མ་རྫོགས་པ་ན་ལྟུང་བའོ། ། དྲུག་པ་སྔངས་བྱེད་ཅེས་པ་ལ། སྔངས་པར་བྱེད་པའི་གླེང་གཞི་ནི། འཆར་ཀས་གཞོན་ ནུ་བཅུ་བདུན་སྡེ་འཇིག་ཤིང་སྔངས་པར་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་ སློང་གིས་དགེ་སློང་ཕ་རོལ་པོ་ལ་འཇིགས་པའི་རྒྱུ་ཡིད་དུ་མི་འོང་པའི་གཟུགས་དང་སྒྲ་དང་ དྲི་དང་རེག་བྱ་ལྟ་བུ་དང༌། ཡི་དྭགས་དང་ཤ་ཟ་ལ་སོགས་པའི་ཚུལ་གྱིས་འདུ་ཤེས་མ་འཁྲུལ་ ཞིང་ཀུན་སློང་སྔངས་པར་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་བཞད་གད་ཡན་ཆོད་ཀྱིས་ འཇིགས་པ་སྟོན་པར་བརྩམས་ཏེ། མཐར་ཐུག་སྔངས་སྐྲག་སྐྱེས་པ་ན་ལྟུང་བའོ། །ཡིད་དུ་ འོང་བས་སྔངས་པར་བྱེད་ན་ཉེས་བྱས་སོ། །འཁོར་བ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་དམྱལ་བ་ལ་ 2-1-309 སོགས་པའི་གཏམ་བརྗོད་པ་ལ་ཉེས་པ་མེད་དོ། ། བདུན་པ་སྦེད་དང་ཞེས་པ་ལ། སྦེད་པའི་གླེང་གཞི་ནི། དྲུག་སྡེས་གཞོན་ནུ་བཅུ་བདུན་ སྡེའི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་སྦས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་ དགེ་སློང་གིས་རབ་བྱུང་སྡེ་ལྔའི་ལྷུང་བཟེད་ཆོས་གོས་སོགས་འཚོ་བའི་ཡོ་བྱད་ཆུད་འཛའ་བ་ སོགས་ཀྱི་རྐྱེན་མེད་པར་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་རྐུ་སེམས་དང་ཕན་འདོད་ལས་ གཞན་པས་སྦྱོར་བ་རང་ངམ་བསྐོས་པས་སྦེད་པར་བརྩམས་ཏེ་མཐར་ཐུག་སྦས་ཟིན་པ་ན་ ལྟུང་བའོ། །ཆོས་འདི་པའི་རབ་བྱུང་མིན་པ་ལ་ཉེས་བྱས་སོ། ། བརྒྱད་པ་གདེང་མེད་ཅེས་པ་ལ། གདེང་མེད་པར་སྤྱོད་པའི་གླེང་གཞི་ནི། ཉེར་དགས་ དགེ་སློང་གཞན་གྱི་ཆོས་གོས་བཅོལ་བ་སྲི་བ་མེད་པར་ལོངས་སྤྱད་པ་ལ་བརྟེན་ནས་བཅས་ སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་སློང་གཞན་རང་དང་ནོར་མི་གཅིག་པ་ལ་བྱིན་པ། འདུ་ ཤེས་མ་འཁྲུལ་ཞིང་ཀུན་སློང་རྐུ་སེམས་དང་མི་ལྡན་ཡང་དེས་གནང་བའི་གདེང་མེད་བཞིན་ དུ་ཅི་དགར་ལོངས་སྤྱོད་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་ལོངས་སྤྱོད་པ་ན་ལྟུང་བའོ། །ལོངས་སྤྱོད་པས་དགའ་བར་འགྱུར་ན་ལྟུང་བ་མེད་ དོ། ། དགུ་པ་གཞི་མེད་ཅེས་པ་ལ། སྐུར་བ་འདེབས་པའི་གླེང་གཞི་ནི། མཛའ་བོ་དང་ས་ལས་ སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་གཞི་མེད་པར་དགེ་འདུན་ལྷག་མས་སྐུར་བ་བཏབ་པ་ལ་ བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་སློང་ཕ་རོལ་པོ་ལ་མཐོང་ཐོས་དོགས་ པའི་གཞི་མེད་པར་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཉམས་པར་འདུན་པས་འདུ་ཤེས་ བསྒྱུར་ཏེ་སྐུར་བ་འདེབས་འདོད་ཀྱི་བསམ་པས་སྦྱོར་བ་མིང་ནས་སྨོས་ཏེ་དགེ་འདུན་ལྷག་མ་ བྱུང་ངོ་ཞེས་སྐུར་བ་འདེབས་པར་བརྩམས་ཏེ་མཐར་ཐུག་དོན་གོ་བ་ན་ལྟུང་བའོ། ། 2-1-310 བཅུ་པ་སྐྱེས་པ་མེད་པར་ལམ་འགྲོ་བ་ཞེས་པ་ལ། བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་ བའི་གླེང་གཞི་ནི། རྒྱལ་པོའི་ཁབ་ནས་མཉན་ཡོད་དུ་འགྲོ་བའི་དགེ་སློང་གཅིག་བུད་མེད་ དང་ལྷན་ཅིག་ལམ་དུ་འགྲོ་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་བུད་མེད་ ལུས་རྟེན་རུང་ཐ་མལ་པ་ཉེ་དུ་མིན་པ་དང༌། ལྷན་ཅིག་ཁྲིམས་གྲོགས་མེད་པར་རྒྱང་གྲགས་ ལས་འདས་པར་ལམ་ལ་འགྲོ་བ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ལྷན་ཅིག་ལམ་དུ་འགྲོ་ འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་བརྩམས་ཏེ་མཐར་ཐུག་རྒྱང་གྲགས་འདས་པ་ན་ལྟུང་ བའོ། །རྒྱང་གྲགས་རེ་རེ་ལ་ལྟུང་བ་རེ་རེའི་དེའི་ཕྱེད་རེ་རེ་ལ་ཉེས་བྱས་རེ་རེའོ། །བུད་མེད་ ཀྱིས་ལམ་གྱི་སེལ་བྱེད་པ་དང་ལམ་ནོར་བ་སྟོན་པ་ལ་ཉེས་པ་མེད་དོ། ། བཅུ་ཚན་བརྒྱད་པ་ནི། སྡོམ་ལ། རྐུ་དང་ཉི་ཤུ་མ་ལོན་དང༌། །རྐོ་དང་མགྲོན་དང་བསླབ་ པ་དང༌། །འཐབ་དང་མི་སྨྲ་འགྲོ་བ་དང༌། །མ་གུས་ཆང་འཐུང་དུས་མིན་པའོ། །དེ་ལ་དང་པོ་ རྐུ་དང་ཞེས་པ་ལ། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་གླེང་གཞི་ནི། རྒྱལ་པོའི་ཁབ་ནས་ མཉན་ཡོད་དུ་འགྲོ་བའི་དགེ་སློང་གིས་རྐུན་མ་དང་ལྷན་ཅིག་ལམ་དུ་ཕྱིན་པ་ལ་བརྟེན་ནས་ བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ཆོམ་རྐུན་དང་ལྷན་ཅིག་འདུ་ཤེས་མ་འཁྲུལ་ཞིང་ཀུན་ སློང་རང་དགར་ལྷན་ཅིག་འགྲོ་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་རྒྱང་གྲགས་རེ་རེ་འདས་པ་ན་ལྟུང་བ་རེ་རེ། དེའི་ཕྱེད་རེ་རེ་ཉེས་བྱས་རེ་རེའོ། །རྐུ་ ཐབས་སུ་གནས་པ་སོགས་དང་ལྷན་ཅིག་འགྲོ་ན་ཉེས་བྱས་སོ། ། གཉིས་པ་ཉི་ཤུ་མ་ལོན་དང་ཞེས་པ་ལ། ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པ་བྱེད་ པའི་གླེང་གཞི་ནི། མོའུ་འགལ་གྱི་བུས། ཉེ་བར་འཁོར་ལ་སོགས་པའི་བཅུ་བདུན་སྡེས་ བསྙེན་པར་རྫོགས་པར་བྱས་པས། ཐོ་རངས་བཀྲེས་ནས་ངུ་བ་ལ་བརྟེན་ནས་བཅས་སོ། །དེ་ ཡང་རྟེན་བསྒྲུབ་བྱའི་མཁན་པོ་བྱེད་པས་བསྒྲུབ་བྱ་བསྙེན་པར་རྫོགས་པར་འདོད་པ་སྐྱེས་ 2-1-311 ནས་མངལ་ཤོལ་རྩིས་ཀྱང༌། ཉི་ཤུ་མ་ལོན་པར་འདུ་ཤེས་པའམ། ཐེ་ཚོམ་ཟ་བས་ཀུན་སློང་ རང་དགར་མཁན་པོ་བྱེད་འདོད་པས། སྦྱོར་བ་བསྙེན་རྫོགས་བྱེད་པར་བརྩམས་ཏེ། མཐར་ ཐུག་བརྗོད་པ་གསུམ་པའི་ངོ་བརྗོད་རྫོགས་ནས་བྱེད་པ་བརྗོད་པའི་མགོ་རྩོམ་པའི་ཚེ་མཁན་ པོ་ལ་ལྟུང་བྱེད། སློན་དཔོན་དང་དགེ་འདུན་ལ་ཉེས་བྱས་སོ། །མངལ་ཤོལ་དང་བཅས་ཏེ་ ཉི་ཤུ་མ་ལོན་ཡང་བསྒྲུབ་བྱ་རང་ཉིད་ལོན་པར་འདུ་ཤེས་ན། སྐྱེ་བའི་བར་ཆད་གཞན་མེད་ ཅིང༌། སྐྱེ་བའི་རྐྱེན་གཞན་ཚོགས་ན་བསམ་པའི་སྒོ་ནས་ནར་སོན་པ་ཡིན་པས་བསྙེན་རྫོགས་ འཆགས་ཤིང༌། དེ་བསྙེན་པར་རྫོགས་པའི་རྗེས་ལ་མངལ་ཤོལ་དང་བཅས་ཀྱང་ཉི་ཤུ་མ་ལོན་ གོང་དུ་ལེན་དུས་ཉི་ཤུ་མ་ལོན་པར་འདུག་སྙམ་དུ་འདུ་ཤེས་ན་དེའི་ཚེ་བསྙེན་རྫོགས་ཀྱི་སྡོམ་ པ་འཇིག་སྟེ། དེ་དུས་ལུས་དང་བསམ་པ་གང་ཡང་ནར་མ་སོན་པས་སྡོམ་པའི་རྟེན་ཉམས་ པའི་ཕྱིར། མ་ལོན་ཡང་ལོན་པར་འདུ་ཤེས་པ་ལ་བསྙེན་རྫོགས་ཆགས་ནས། མངལ་ཤོལ་ དང་བཅས་པས་ཉི་ཤུ་ལོན་ནས་ལེན་དུས་ཉི་ཤུ་མ་ལོན་པར་འདུག་སྙམ་དུ་ཤེས་ཀྱང་སྡོམ་པ་ མི་འཇིག་སྟེ། སྐྱེས་ཤིང་གཏོང་རྒྱུ་གཞན་མ་བྱུང་ན་ལུས་ཀྱི་སྒོ་ནས་ནར་སོན་པས་སྡོམ་པའི་ རྟེན་ཡིན་པས་སོ། །སྐྱེས་ནས་ཉི་ཤུ་མ་ལོན་ཡང་མངལ་ཤོལ་དང་བཅས་པས་ཉི་ཤུ་ལོན་ན་ བསྙེན་རྫོགས་ཆགས་(སློབ་དཔོན་ཤཱཀྱ་འོད་ཀྱིས་འོད་ལྡན་དུ་ལུང་དྲངས་པ་ལས། དེ་ཉིད་ཀྱི་ཕྱིར་རྩ་བའི་བྱེ་བྲག་ཏུ་ བཤད་པ་ལས། འཕགས་པ་ཉེར་སྦས་ཀྱིས། མེར་མེར་པོ་བསད་ན་མཐར་འགྱུར་རོ་ཞེས་གསུངས་པ་དང་། མངལ་ཚུན་ཆད་ལོ་ ཉི་ཤུ་ལོན་པ་ན་བསྙེན་པར་རྫོགས་པར་རུང་ངོ་ཞེས་གསུངས་པ་ཡིན་ཏེ། དེ་ནི་མེར་མེར་པོ་ཚུན་ཆད་མིར་བདོག་ཞེས་དགོངས་ པ་ཡིན་ཏེ། ཞེས་གསུངས་པས་མངལ་ཤོལ་རྩིས་པའི་ལོ་ཉི་ཤུ་པ་ལ་བསྙེན་པར་རྫོགས་པར་གསུངས་སོ།།)ལ། མཁན་ སློབ་དགེ་འདུན་ལ་ཉེས་པ་བསྐྱེད་དོ། །ཉི་ཤུ་ལོན་པ་ལ་མ་ལོན་པར་འདུ་ཤེས་ཀྱང་ལུས་ཀྱི་ སྒོ་ནས་སྡོམ་པའི་རྟེན་དུ་རུང་བས་སྡོམ་པ་སྐྱེའོ། །དགེ་ཚུལ་ཡང་ལོ་དྲུག་ལོན་ན་མངལ་ཤོལ་ དང་བཅས་པས་བདུན་དུ་འགྱུར་བས་སྐྱེ་ལ་ཉེས་བྱས་སོ། །མངལ་ཤོལ་རྩིས་ཀྱང་བདུན་མ་ 2-1-312 ལོན་ན་མི་(མངལ་ཤོལ་རྩི་བ་འདི་བསྙེན་རྫོགས་བྱེད་པའི་གནས་སུ་མི་རྩིའོ་)སྐྱེའོ། ། གསུམ་པ་རྐོ་དང་ཞེས་པ་ལ། ས་རྐོ་བའི་གླེང་གཞི་ནི། དྲུག་སྡེས་སྲ་ཞིང་འཐས་པའི་ས་ བརྐོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་ན་བ་ལ་སོགས་པའི་རྐྱེན་ མེད་པར་འཇིག་རྟེན་ན་གྲགས་པའི་ས་འཐས་པར་གནས་པ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་ སློང་རང་དགར་རྐོ་འདོད་ཀྱི་བསམ་པས་སྦྱོར་བ་རང་ངམ་གཞན་བསྐོས་པས་མངོན་སུམ་དུ་ རྐོ་བར་བརྩམས་ཏེ། མཐར་ཐུག་སོར་བཞི་ཡན་ཆད་བརྐོས་ན་ལྟུང་བའོ། །ས་ཉམས་པ་དང་ བྱེ་མ་སོགས་ཉེས་བྱས་སོ། ། བཞི་པ་མགྲོན་དང་ཞེས་པ་ལ། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་གླེང་གཞི་ནི། དྲུག་སྡེས་སྦྱིན་བདག་གིས་མགྲོན་དུ་བོས་པ་ལས་དུས་རིང་བར་སྦྱིན་བདག་གི་ཁྱིམ་དུ་འདུག་ སྟེ་བཟའ་བ་དང་བཅའ་བ་བླངས་ཏེ་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ ན་བ་ལ་སོགས་པའི་རྐྱེན་དང་མི་ལྡན་པས་སྦྱིན་བདག་གིས་དུས་ཇི་ཙམ་མགྲོན་དུ་བོས་པ་ལ་ འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་མགྲོན་དུ་བོས་པ་ན་རིང་དུ་འདུག་སྟེ་ཟ་འདོད་པའི་བསམ་ པས་སྦྱོར་བ་སྦྱིན་བདག་གིས་དུས་ཇི་ཙམ་བཞུགས་འདོད་པ་བཞུགས་ཤིག་ཅེས་པ་ལྟ་བུ་ མེད་པར་ཟླ་བ་བཞིར་མགྲོན་དུ་བོས་པ་ལྟ་བུ་ལ། དེ་རྫོགས་པའི་འོག་ཏུ་ཡང་འདུག་ནས་ཟ་ བར་བརྩམས་ཏེ་མཐར་ཐུག་མགུལ་དུ་མིད་པ་ན་ལྟུང་བའོ། །དུས་ཚིགས་དེ་འདས་པ་ན་སླར་ ཡང་སྦྱིན་བདག་གིས་མགྲོན་དུ་གཉེར་བ་ན་འདུག་སྟེ་ཟོས་ཀྱང་ཉེས་པ་མེད་དོ། ། ལྔ་པ་བསླབ་པ་དང་ཞེས་པ་ལ། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་གླེང་གཞི་ནི། དྲུག་སྡེས་དགེ་སློང་གིས་འདུལ་བའི་བསླབ་བྱ་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པ་ན། ཁྱོད་ཀྱིས་བསྟན་པ་འདི་ལ་མི་སློབ་པོ་ཞེས་ཁྱད་དུ་བསད་པ་ལ་བརྟེན་ནས་བཅས་སོ། །དེ་ ཡང་རྟེན་དགེ་སློང་གིས། དགེ་སློང་ཕ་རོལ་པོས་འདུལ་བར་གཏོགས་པའི་རང་གི་བསླབ་པ་ 2-1-313 ལ་བསླབ་པར་བྱའོ། །ཞེས་བརྗོད་པ་ན། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་འདུ་ཤེས་བསྒྱུར་ ཏེ། བསླབ་པ་ལ་མི་སློབ་པའི་ཚིག་སྨྲ་འདོད་ཀྱི་བསམ་པས་སྦྱོར་བ་བསླབ་པ་ཉེ་བར་འཇོག་ པ་པོ་ལ། ཁྱོད་ཀྱིས་མི་ཤེས་པས་གཞན་ཤེས་པ་ལ་འདྲིའི་བར་དུ་བསླབ་པ་འདི་ལ་མི་སློབ་ པོ་ཞེས། གང་ཟག་ལ་མི་ཤེས་པ་དང༌། བསླབ་པ་ལ་མི་སློབ་པའི་ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། ། དྲུག་པ་འཐབ་དང་ཞེས་པ་ལ། ཉན་རྣ་ལས་གྱུར་པའི་གླེང་གཞི་ནི། ཉེར་དགས་དགེ་ སློང་གྲོས་བྱེད་པ་ལ་ཉན་ཏེ་རྩོད་པ་དཀྲུགས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་ སློང་གིས་དགེ་སློང་ཕ་རོལ་པོ་རྩོད་ཟླར་གྱུར་པ་དག་རྩོད་པ་བཞི་ལས་གང་ཡང་རུང་བའི་ རྩོད་པ་བྱེད་པ་ལ། འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ནོར་པ་དང་རྩོད་པ་ཞི་འདོད་མ་ཡིན་ པར་རྩོད་པ་དཀྲུག་པའི་ཆེད་དུ་ཉན་འདོད་ཀྱི་བསམ་པས། སྦྱོར་བ་ཉན་པའི་ཕྱིར་རྣ་བ་གཏོད་ པར་བརྩམས་ཏེ། མཐར་ཐུག་དོན་གོ་བ་ན་ལྟུང་བའོ། །དོན་མ་གོ་བར་ཐོས་པ་ཙམ་ལ་ཉེས་ བྱས་སོ། །དོན་གཞན་ལ་སོང་བ་ན་གཞན་གྲོས་བྱེད་པར་ཤེས་ན་སེ་གོལ་ལ་སོགས་པའི་སྒྲ་ བྱ། འཐབ་བཅུག་དང་འཐབ་མོ་ལ་ལྟ་བ་སོགས་ལའང་ཉེས་བྱས་སོ། ། བདུན་པ་མི་སྨྲ་འགྲོ་བ་དང་ཞེས་པ་ལ། མི་སྨྲ་བར་འགྲོ་བའི་གླེང་གཞི་ནི། དགའ་བོས་ ཉེར་དགའ་གནས་དབྱུང་བྱེད་པའི་ལས་ལ་དང་པོ་འདུས་ནས་ཕྱིས་ཐོས་པའི་ཉེ་འཁོར་ལས་ འདས་པར་སོང་བ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་ཁ་སྐོང་བར་འོས་པ་དགེ་ འདུན་གྱི་ནང་དུ་གསོལ་བ་ལ་སོགས་པའི་ལས་ལ་འདུས་པ། གསོལ་བ་ཙམ་མ་བྱས་པ་ལས་ ཀྱི་གནས་དེ་ནས་དགེ་སློང་འཁོད་པ་ལ་མ་སྨྲས་པར་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་མ་ སྨྲས་པར་འགྲོ་འདོད་ཀྱི་བསམ་པས་སྦྱོར་བ་འགྲོ་བར་བརྩམས་ཏེ། མཐར་ཐུག་ལས་ཐོས་ པའི་ཉེ་འཁོར་ལས་འདས་པར་ཕྱིན་ན་ལྟུང་བའོ། ། 2-1-314 བརྒྱད་པ་མ་གུས་ཞེས་པ་ལ། མ་གུས་པའི་གླེང་གཞི་ནི། གླང་ཆེན་ལྷས་ཀྱི་བདག་པོའི་ བུ་ནག་པོས་དགེ་འདུན་གྱིས་འདི་ནི་ཆོས་འདི་ནི་འདུལ་བའོ་ཞེས་སོགས་སྨྲས་པ་ན་མ་གུས་ པར་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་སྟོན་པ་དང་དགེ་འདུན་ དང་ཞལ་ཏ་པས་ཆོས་ལྡན་གྱི་བཀའ་བསྒོ་བ་རང་གིས་བསྒྲུབ་ནུས་པ་ལ་འདུ་ཤེས་མ་འཁྲུལ་ ཞིང་ཀུན་སློང་དེ་དང་འགལ་བར་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་བཤད་ཀྱིས་སྦྱང་བ་མ་ བྱས་པར་འགལ་བ་བྱེད་པར་བརྩམས་ཏེ། མཐར་ཐུག་འགལ་བའི་བྱ་བ་རྫོགས་པ་ན་ལྟུང་ བའོ། །མཁན་སློབ་རྒྱལ་པོ་དགྲ་བཅོམ་གནས་བརྟན་རྣམས་ཀྱིས་བཀའ་བཅག་ན་ཉེས་བྱས་ སོ། ། དགུ་པ་ཆང་འཐུང་ཞེས་པ་ལ། མྱོས་འགྱུར་འཐུང་པའི་གླེང་གཞི་ནི། འཕགས་པ་ལེགས་ འོངས་ཀྱིས་ཀླུ་གདུག་པ་ཅན་བཏུལ་བའི་ཚེ། རྒྱལ་པོ་གསལ་རྒྱལ་གྱི་གླང་པོ་ཆེའི་ཆང་གི་ གཉེར་པས་ཆང་དྲངས་པ་འཐུངས་ཏེ་མྱོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རབ་ཏུ་བྱུང་ པས་ཕབས་བཏབ་པའི་འབྲས་བུའི་ཆང་དང་ཕབས་མ་བཏབ་པའི་རྒུན་ཆང་ལ་སོགས་པ་ བཅོས་པའི་ཆང་དངོས་སམ་སྦང་མ་དང་ཚིགས་མ་སོགས་མྱོས་པའི་ནུས་པ་ཅན་ལ་འདུ་ཤེས་ མ་འཁྲུལ་ཞིང་ཀུན་སློང་འཐུང་བ་དང་སྦང་མ་སོགས་ཟ་འདོད་ཀྱི་བསམ་པས་སྦྱོར་བ་དེ་ ལྟར་ལོངས་སྤྱོད་པར་བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན། དགེ་སློང་ལ་ལྟུང་བྱེད། དགེ་ཚུལ་ལ་ཉེས་བྱས་སོ། །ཕབས་ཀྱི་ཆང་བུ་དང་ཆང་གི་དྲི་རོ་བྲོ་བའི་ཐུག་པ་དང༌། རྩབ་མོ་ སོགས་མྱོས་པར་མི་བྱེད་ཙམ་དང༌། སྦྲང་རྩི་ལྟ་བུ་མྱོས་པར་ནུས་པ་དང༌། མི་ན་བས་མི་མིད་ པར་ཁ་བཤལ་བ་དང་ལུས་ལ་སྐུད་པ་སོགས་བྱེད་ན་ཉེས་བྱས་སོ། །ནད་པས་མི་མིད་པར་ ཁར་སྲེལ་བ་ཙམ་དང་ལུས་ལ་སྐུད་པ་ཙམ་ལ་ཉེས་པ་མེད་ཅིང༌། མགུལ་དུ་མིད་པ་ནི་ནད་པ་ ལའང་མ་གནང་ངོ༌། །ཆང་བསྐོལ་བས་ཉེས་པ་མེད་པར་གསུངས་པ་ནི། བསྐོལ་བས་ཆང་གི་ 2-1-315 རོ་ནུས་མེད་པ་ལ་དགོངས་སོ། ། བཅུ་པ་དུས་མིན་པའོ། །ཞེས་པ་ལ། དུས་མིན་པར་འགྲོ་བའི་གླེང་གཞི་ནི། འཆར་ཀས་ ཕྱི་དྲོ་ཚོགས་ཅན་མའི་གྲོང་ལ་སོགས་པར་རྒྱུས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་སྲ་ བརྐྱང་མ་བཏིང་ཞིང་བར་ཆད་ཀྱི་རྐྱེན་དང་མི་ལྡན་པའི་དགེ་སློང་གིས་གནས་ན་འཁོད་པའི་ རབ་ཏུ་བྱུང་པ་ལ་མ་སྨྲས་པར་རབ་ཏུ་བྱུང་པའི་གནས་ནས་ཁྱིམ་པའི་གནས་སུ་ཉི་མ་ཕྱེད་ ནས་སྐྱ་རེངས་མ་ཤར་བའི་དུས་སུ་འདུ་ཤེས་དུས་མིན་པ་ལ་མིན་པར་ཤེས་པའམ་ཐེ་ཚོམ་ཟ་ བས་ཀུན་སློང་འཁོད་པ་ལ་མ་སྨྲས་པར་རང་དགར་དུས་མིན་དུ་འགྲོ་འདོད་པས་སྦྱོར་བ་དེ་ ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་དེའི་རྐྱེན་གྱིས་རང་གི་གནས་ཉེ་འཁོར་དང་བཅས་ པ་ནས་འདས་པ་ན་ལྟུང་བའོ། ། བཅུ་ཚན་དགུ་པ་ནི། སྡོམ་ལ། ཟས་བཅས་སྐྱ་རེངས་ད་གདོད་དང༌། །ཁབ་རལ་དང་ནི་ ཁྲི་རྐང་དང༌། །བརྡལ་དང་གདིང་དང་གཡན་པ་དང༌། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །དང་པོ་ཟས་བཅས་ཞེས་པ་ལ། གླེང་གཞི་ནི་ཉེར་དགའི་སྦྱིན་བདག་གིས། དགེ་འདུན་ལ་ གདུགས་ཚོད་འདྲེན་པ་ན་ཁོ་བོ་མ་འོང་པར་མ་འདྲེན་ཅིག་ཅེས་བསྒོ་ནས་སྔ་དྲོ་གྲོང་རྒྱུ་པས་ གདུགས་ཚོད་ཡོལ་བ་དང་ངོ་ཚ་ནས་ཕྱི་དྲོ་གསོ་སྦྱོང་ལ་མ་འོངས་པ་ན་ཉེར་དགས། སྔ་དྲོ་ཟང་ ཟིང་དང་ཕྱི་དྲོ་ཆོས་ཀྱི་ཆེད་དུ་མཐོ་བརྩམས་སོ་ཞེས་འཕྱ་བ་ལ་བརྟེན་ནས་བཅས་སོ། །སྔ་དྲོ་ གྲོང་རྒྱུ་དང་ཕྱི་དྲོ་གྲོང་རྒྱུ་གཉིས་ལས། །དང་པོ་ནི། རྟེན་དགེ་སློང་དེའི་ཚིག་གིས་དགེ་འདུན་ སྦྱིན་བདག་ཁྱིམ་པ་ཡིན་པའི་ཁྱིམ་དུ་ཟས་ལ་སྤྱན་དྲངས་པ་ན་སྦྱིན་བདག་ལ་དུས་ལས་མ་ ཡོལ་བར་བྲིམས་ཤིག་ཅེས་མ་བསྒོ་བར་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་གྲོང་དུ་རྒྱུ་འདོད་ པའི་བསམ་པས་སྦྱོར་བ་བར་ཆད་ཀྱི་རྐྱེན་དང་མི་ལྡན་བཞིན་དུ་དེ་ལྟར་འགྲོ་བར་བརྩམས་ ཏེ། མཐར་ཐུག་གྲོང་གསུམ་ལ་སོགས་པར་རྒྱུས་པ་ན་ལྟུང་བའོ། །གཉིས་པ་ཕྱི་དྲོ་གྲོང་རྒྱུ་བ་ 2-1-316 ནི་ཉི་མ་ཕྱེད་ནས་སྐྱ་རེངས་མ་ཤར་བར་ཁྱིམ་བཞི་ལ་སོགས་པར་འགྲོ་ན་དགེ་སློང་འཁོད་པ་ ལ་སྨྲས་ཀྱང་ལྟུང་བའོ། ། གཉིས་པ་སྐྱ་རེངས་ཞེས་པ་ལ། རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་གླེང་གཞི་ནི། ཉེར་ དགས་རྒྱལ་པོའི་ཕོ་བྲང་དང་བཙུན་མོའི་གནས་སུ་མཚན་མོ་འགྲོ་ཞིང་འདུག་པ་ལ་བརྟེན་ ནས་བཅས་སོ། །དེ་ཡང་བར་ཆད་ཀྱི་རྐྱེན་དང་མི་ལྡན་པ་དང༌། རྒྱལ་པོ་སོགས་ཀྱིས་ཆོས་ ལྡན་གྱི་དོན་ལ་བོས་པ་དང༌། དགོས་པ་ཁྱད་པར་ཅན་དང་མི་ལྡན་པར་རྒྱལ་པོའི་ཕོ་བྲང་དང་ བཙུན་མོའི་གནས་སུ་ཉི་མ་དམར་ཐག་ཆོད་ནས་སང་སྐྱ་རེངས་ཐ་མ་མ་ཤར་གྱི་བར་ལ་དེར་ འདུ་ཤེས་པའམ་ཡིད་གཉིས་ཟ་བས་ཀུན་སློང་རྒྱལ་པོའམ་བཙུན་མོའི་གནས་སུ་མཚན་མོ་ འགྲོ་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་འགྲོ་བར་བརྩམས་ཏེ། མཐར་ཐུག་གནས་དེའི་སྒོ་ བཅད་ནས་གཏན་པའི་གནས་དང་མ་བཅད་ན་གཏན་པ་གཉིས་འགྱུར་འདས་པར་སླེབས་པ་ ན་ལྟུང་བའོ། ། གསུམ་པ་ད་གདོད་ཅེས་པ་ལ། བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་གླེང་ གཞི་ནི། དྲུག་སྡེས་གནས་བརྟན་གྱིས་སོ་སོ་ཐར་པའི་མདོ་འདོན་པའི་ཚེ་གུས་པར་མི་ཉན་ པར་ཆོས་འདི་ཡང་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ། །ཞེས་བསླབ་པ་ ཁྱད་དུ་གསོད་པ་ལ་བརྟེན་ནས་བཅས་སོ། །རྟེན་སོ་ཐར་གྱི་མདོ་ལན་གཉིས་ཡན་ཆད་ཐོས་ ཤིང༌། དོན་གོ་བའི་དགེ་སློང་གིས་གསོ་སྦྱོང་གི་དུས་སུ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ བཞད་གད་ཡན་ཆད་ཀྱིས་མདོའི་དོན་ལ་ས་རྐོ་བ་སོགས་ལྟུང་བར་འགྱུར་བ་ད་གདོད་ཤེས་ སོ་ཞེས་བསླབ་པ་ཁྱད་དུ་བསད་འདོད་ཀྱི་བསམ་པས་སྦྱོར་བ་དེ་ལྟར་ཁྱད་དུ་གསོད་པའི་ ཚིག་སྨྲ་བར་བརྩམས་ཏེ། མཐར་ཐུག་འདུལ་བར་གཏོགས་པའི་བསླབ་པ་ཁྱད་དུ་བསད་པ་ ན་ལྟུང་བའོ། །མདོ་སྡེ་སོགས་ལ་ཉེས་བྱས་སོ། ། 2-1-317 བཞི་པ་ཁབ་རལ་དང་ནི་ཞེས་པ་ལ། ཁབ་རལ་འཆོས་པའི་གླེང་གཞི་ནི། དགེ་སློང་མང་ པོ་དག་གིས་རུས་པ་དང༌། བ་སོ་ལ་སོགས་པ་ལ་ཁབ་རལ་རང་གིས་འཆོས་ཤིང༌། གཞན་ བྱེད་དུ་བཅུག་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་བ་སོ་དང༌། རུས་པ་ དང༌། རིན་པོ་ཆེ་ལ་སོགས་པ་ཡུལ་དུས་དེར་དཀོན་ཞིང་རིན་ཆེ་བར་གྱུར་པའི་རྒྱུ་ལ་འདུ་ ཤེས་མ་འཁྲུལ་ཞིང༌། ཀུན་སློང་ཁབ་རལ་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་རང་ངམ་བསྐོས་ པས་མཐར་ཐུག་ཁབ་རལ་ཟིན་པ་ན་ལྟུང་བའོ། །འདིའི་ལྟུང་བ་བཤགས་པའི་ཚེ་བཅག་ནས་ བཤགས་དགོས་ཤིང༌། བཤགས་ཡུལ་གྱིས་བཅག་གམ་ཞེས་མ་དྲིས་ན་ཉེས་བྱས་སོ། ། ལྔ་པ་ཁྲི་རྐང་དང་ཞེས་པ་ལ། ཁྲི་རྐང་འཆོས་པའི་གླེང་གཞི་ནི། དྲུག་སྡེས་ཁྲི་རྐང་ཚད་ ལས་ལྷག་པ་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་འདུན་གྱི་ ཁྲིའུ་འམ་ཁྲིའུའི་རྐང་པ་བུ་གར་གཞུག་པ་མན་ཆད་ཁྲུ་གང་ཚད་ཡིན་ལ། དེ་ལས་ལྷག་པར་ འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་བྱེད་འདོད་ཀྱི་བསམ་པས་སྦྱོར་བ་རང་ངམ་བསྐོས་པས་ དེ་བྱེད་པར་བརྩམས་ཏེ། མཐར་ཐུག་ལྷག་པོ་ཟིན་པ་ན་ལྟུང་བའོ། །གང་ཟག་གི་བྱེད་པ་དང་ མལ་ཆེ་མཐོ་ལ་འདུག་ན་ཉེས་བྱས་སོ། །ཁྲི་རྐང་དང་གདིང་བ་གཡན་དགབ་རས་ཆེན་བཞི་ ཚད་ལས་ལྷག་པའི་ལྟུང་བ་བཤགས་པའི་ཚེ། ལྷག་པོ་བཅད་ནས་བཤགས་དགོས་ཤིང༌། བཤགས་ཡུལ་གྱིས་བཅད་དམ་ཞེས་མ་དྲིས་ན་ཉེས་བྱས་སོ། ། དྲུག་པ་བརྡལ་དང་ཞེས་པ་ལ། ཤིང་བལ་གྱིས་གོས་པར་བྱས་པའི་གླེང་གཞི་ནི། དགེ་ སློང་མང་པོ་དག་གིས་དགེ་འདུན་གྱི་གནས་མལ་ཤིང་བལ་གྱིས་གོས་པར་བྱས་པ་ལ་བརྟེན་ ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས་དགེ་འདུན་གྱི་གནས་མལ་ཤིང་བལ་གྱིས་གོས་ པར་བྱས་པ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་དེ་ལྟར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་ རང་ངམ་བསྐོས་པས་བྱེད་པར་བརྩམས་ཏེ། མཐར་ཐུག་དགེ་འདུན་གྱི་གནས་མལ་ཤིང་བལ་ 2-1-318 གྱིས་གོས་པར་བྱས་པ་ན་ལྟུང་བའོ། །གང་ཟག་གི་ལ་ཉེས་བྱས་སོ། །འདིའི་ལྟུང་བ་བཤགས་ པའི་ཚེ་རས་བལ་བསྡུས་ནས་བཤགས་དགོས་ཤིང༌། བཤགས་ཡུལ་གྱིས་བསྡུས་སམ་ཞེས་ མ་དྲིས་ན་ཉེས་བྱས་སོ། ། བདུན་པ་གདིང་དང༌། བརྒྱད་པ་གཡན་པ་དང༌། དགུ་པ་རས་ཆེན་དང་ཞེས་པ་ལ་འདི་ གསུམ་གྱི་གླེང་གཞི་ནི། དགེ་སློང་མང་པོ་དག་གིས་གདིང་བ་དང༌། གཡན་དགབ་དང༌། རས་ ཆེན་གསུམ་ཚད་ལས་ལྷག་པར་བྱས་པ་ལ་བརྟེན་ནས་བཅས་སོ། །དེ་ལ་གདིང་བའི་ཚད་སྲི ད་ དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་དང་སོར་དྲུག སྲི ད་དུ་མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་ དོ། །གཡན་དགབ་ཀྱི་ཚད་སྲི ད་དུ་ཁྲུ་དྲུག ཞེང་དུ་ཁྲུ་གསུམ་མོ། །རས་ཆེན་གྱི་ཚད། སྲི ད་ དུ་ཁྲུ་དགུ ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །འདིའི་ཁྲུ་རྡུལ་ཁྲུ་ཡིན་པས། ལོ་བདུན་ ལོན་པའི་དགེ་ཚུལ་དང༌། ལུས་ཚད་དུ་ལོངས་པའི་དགེ་སློང་གཉིས་གདིང་བ་ཚད་མཉམ་ པར་ཤེས་པར་བྱའོ། །དེ་ཡང་རྟེན་དགེ་སློང་གིས་གདིང་བ། གཡན་དགབ། རས་ཆེན་རྣམས་ ལྷག་པ་ལ་ལྷག་པར་ཤེས་ཤིང༌། ཀུན་སློང་ལྷག་པར་བྱེད་འདོད་ཀྱི་བསམ་པས། སྦྱོར་བ་རང་ ངམ། བསྐོས་པས་དེ་ལྟར་བྱེད་པར་བརྩམས་ཏེ། མཐར་ཐུག་ལྷག་པོ་ཟིན་པ་ན་ལྟུང་བའོ། ། བཅུ་པ་བདེ་གཤེགས་ཆོས་གོས་སོ་ཞེས་པ་ལ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ ཚད་ལས་གྱུར་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། ཉེར་དགས་སྟོན་པའི་ཆོས་གོས་ཀྱི་ཚད་དང་ མཉམ་པའི་ཆོས་གོས་བྱས་ཏེ་གྱོན་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་སྟོན་པའི་བླ་གོས་ དང་སྣམ་སྦྱར་གྱི་ཚད་ནི་སྲི ད་དུ་སྟོན་པ་རང་གི་ཁྲུ་ལྔ་དང༌། ཞེང་དུ་ཁྲུ་གསུམ་མོ། །སྟོན་པའི་ ཁྲུ་རེ་ལ་མི་འབྲིང་པོའི་ཁྲུ་གསུམ་ཡིན་པས་སྟོན་པའི་ཆོས་གོས་གཅིག་ལ་མི་འབྲིང་པོའི་ཆོས་ གོས་དགུ་འབྱུང་ངོ༌། །དེ་ཡང་རྟེན་དགེ་སློང་གིས་སྟོན་པའི་སྐུ་ལུས་ཙམ་མེད་པར། དེའི་ཆོས་ གོས་ཀྱི་ཚད་ཙམ་མམ་ཚད་དེ་ལས་ལྷག་པར་འདུ་ཤེས་ཤིང་ཀུན་སློང་དེ་ལྟར་བྱེད་འདོད་ཀྱི་ 2-1-319 བསམ་པས། སྦྱོར་བ་རང་ངམ་བརྐོས་པས་དེ་ལྟར་བྱེད་པར་བརྩམས་ཏེ། མཐར་ཐུག་བདེ་ བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཙམ་མམ། དེ་བས་ལྷག་པ་ཟིན་པ་ན་ལྟུང་བྱེད་དོ། ། སྡེ་ཚན་བཞི་པ་སོ་སོར་བཤགས་པའི་སྡེ་ནི། སྡོམ་ལ། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་དང་ནི་དགོན་པ་སྟེ། །སངས་རྒྱས་ཕན་པར་གསུངས་པ་ཡིས། །སོ་སོར་བཤགས་ པར་བྱ་བར་གསུངས། །ཞེས་པ་ལ་དང་པོ། གྲོང་དང་ཞེས་པ་ལ། དགེ་སློང་མ་ལ་ཟས་ལེན་ པའི་སོ་སོར་བཤགས་པའི་གླེང་གཞི་ནི། ཉེར་དགས་དགེ་སློང་མ་ཨུཏྤལའི་མདོག་ལ་གྲོང་དུ་ ཟས་བླངས་ཏེ་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་རྟེན་དགེ་སློང་གིས། དགེ་སློང་མ་ཉེ་ དུ་མ་ཡིན་པ་ལ་མ་ཡིན་པར་ཤེས་བཞིན་དུ་ཀུན་སློང་རང་དོན་དུ་དགེ་སློང་མ་ཉེ་དུ་མ་ཡིན་པ་ ལ་ཟས་བླངས་ཏེ་ཟ་འདོད་པའི་བསམ་པས་སྦྱོར་བ་རང་དང་དགེ་སློང་མ་གཉིས་ཀ་གྲོང་ངམ་ ལམ་པོ་ཆེ་ན་འདུག་སྟེ་དེས་དེ་ལ་ཟས་བླངས་ནས་ཟ་བར་བརྩམས་ཏེ་མཐར་ཐུག་ནམ་ཟོས་ པ་ན་སོ་སོར་བཤགས་པ་དང་པོའོ། ། གཉིས་པ་ཁྱིམ་གཞན་ཉིད་དང་ནི་ཞེས་པ་ལ། གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་ འཇུག་པ་མ་བཟློགས་པར་ཟ་བའི་སོ་སོར་བཤགས་པའི་གླེང་གཞི་ནི། དྲུག་སྡེས། དགེ་ འདུན་ལ་གདུགས་ཚོད་འདྲེན་པ་ལ་བཅུ་གཉིས་སྡེ་མོས་ངོས་འགྲོན་བྱས་ཏེ་སྦྱིན་དུ་འཇུག་ པ་མ་བཟློགས་པར་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་སྦྱིན་བདག་ཁྱིམ་པས་དགེ་ འདུན་གདུགས་ཚོད་ཀྱི་ཕྱིར་སྤྱན་དྲངས་པ་ན་དགེ་སློང་མས་བསྒོ་ཤམ་གྱི་ངོས་འགྲོན་བྱས་ པ་ལ་བརྟེན་ནས་དགེ་སློང་རང་ངམ་ཟས་གཅིག་པའི་དགེ་སློང་གིས་སྲིང་མོ་ཁྱོད་དགེ་སློང་ རྣམས་ཟས་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བ་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་ སློང་རང་དགར་[བསྒོ་ཤམ་[བསྐོ་བཤམ་]བྱས་པ་ཟ་འདོད་ཀྱི་བསམ་པས་སྦྱོར་བ་ཟ་བར་ 2-1-320 བརྩམས་ཏེ། མཐར་ཐུག་མགུལ་དུ་མིད་པ་ན་སོ་སོར་བཤགས་པ་གཉིས་པའོ། ། གསུམ་པ་བསླབ་པ་དང་ནི་ཞེས་པ་ལ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་ བཤགས་པའི་གླེང་གཞི་ནི། དྲུག་སྡེས་ཁྱིམ་བདག་སེང་གེས་དགེ་འདུན་ལ་གདུགས་ཚོད་ བསྟབས་པ་ན་ལོངས་སྤྱོད་ཀྱིས་ཕོངས་པར་གྱུར་པ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ ཁྱིམ་ནས་བཟའ་བ་བླངས་ཏེ་ཟོས་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་བསླབ་པའི་སྡོམ་པ་ བཅས་པ་ལ་གཏོགས་པའི་དགེ་སློང་གིས་ཟས་མི་བླང་པའི་ཁྲིམས་ཀྱི་བསླབ་པའི་སྡོམ་པས་ བསྡམས་པའི་ཁྱིམ་དུ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་ཁྱིམ་དེ་ནས་ཟས་བླངས་ཏེ་ཟ་འདོད་ ཀྱི་བསམ་པས་སྦྱོར་བ་དེ་ལྟར་ཟ་བར་བརྩམས་ཏེ་མཐར་ཐུག་མགུལ་དུ་མིད་པ་ན་སོ་སོར་ བཤགས་པ་གསུམ་པའོ། ། བཞི་པ་དགོན་པ་སྟེ་ཞེས་པ་ལ། ནགས་བརྟག་པ་ལས་གྱུར་པའི་སོ་སོར་བཤགས་པའི་ གླེང་གཞི་ནི། དྲུག་སྡེས་འཇིགས་པ་དང་བཅས་པའི་གནས་སུ་ནགས་ཉུལ་བར་བསྐོས་པ་ ལས་ནགས་མ་ཉུལ་བར་ཟས་ཟོས་ཏེ། ཤཱཀྱ་བའི་སྐྱེས་པ་བུད་མེད་དག་དགག་དབྱེ་ལ་འོང་ ཆོས་མཉན་པ་དང་སང་བསོད་སྙོམས་འདྲེན་པའི་ཆེད་དུ་ནང་པར་སྔ་བར་ཤིང་རྟ་བཟའ་ བཅས་བཀང་སྟེ་འོངས་པ་ལ་ཆོམ་རྐུན་པས་བཅོམ་པ་ལ་བརྟེན་ནས་བཅས་སོ། །དེ་ཡང་ རྟེན་དགེ་སློང་གི་དགེ་འདུན་གྱིས་ནགས་ཉུལ་བར་བསྐོས་པ་ན་འཇིགས་པ་དང་བཅས་པའི་ ནགས་མ་ཉུལ་བར་ཁྱིམ་པ་ཉེ་དུ་མ་ཡིན་པའི་ཟས་བླངས་ནས་འདུ་ཤེས་མ་འཁྲུལ་ཞིང་ཀུན་ སློང་ནགས་མ་ཉུལ་བར་ཤེས་བཞིན་དུ་སྦྱོར་བ་ཟས་ཟ་བར་བརྩམས་ཏེ་མཐར་ཐུག་མགུལ་ དུ་མིད་པ་ན་སོ་སོར་བཤགས་པ་བཞི་པའོ། ། སྡེ་ཚན་ལྔ་པ་བསླབ་བྱ་ཉེས་བྱས་ཀྱི་སྡེ་ལ་དགུ་ལས། དང་པོ་གོས་ཀྱི་སྡེ་ལ། ཤམ་ཐབས་ ལ་ཡང་རྣམ་བདུན་ནི། ཤམ་ཐབས་པུས་གོང་ཡན་དུ་ཧ་ཅང་རྩེངས་པ་དང༌། ལོང་བུར་སླེབས་ 2-1-321 པའི་འཇོལ་བ་དང༌། གྲྭ་གླང་པོའི་སྣ་ལྟར་ནར་བ་དང༌། ལྟེ་བའི་སྟེང་དུ་མགོ་ལྟེབ་པ་དང༌། སྐེ་ རགས་ཀྱི་བར་དུ་མངོན་པའི་ཕུར་མ་ལྟ་བུ་དང༌། སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་ཕྱུང་བ་ མིན་པར་ཟླུམ་པོར་བསྒོ་བའོ། །སྟོད་གཡོགས་ལ་ཡང་རྣམ་གསུམ་ནི། རྩེངས་པ་དང་འཇོལ་ བ་དང་བྲལ་བའི་ཟླུམ་པོར་བསྒོ་བའོ། ། གཉིས་པ་ཁྱིམ་དུ་འགྲོ་བའི་སྡེ་ནི། ཤིན་ཏུ་བསྡམས་ལ་སོགས་པ་ལྔ་ནི། ཆོས་གོས་ ལེགས་པོར་བགོས་པ་དང༌། སྒྲ་བསྐྱུང་པ་དང། མིག་མི་གཡོ་བར་གཉའ་ཤིང་གང་ཙམ་དུ་ བལྟ་བས་ཤིན་ཏུ་བསྡམས་པ་སྟེ་ཁྱིམ་གཞན་དུ་འགྲོ་བའོ། །མགོ་གཡོགས་ལ་སོགས་རྣམ་ པ་ལྔ་ནི། མགོ་གོས་ཀྱི་མི་གཡོག གོས་མི་བརྫེ། གོས་དཔུང་པ་གཉིས་སུ་མི་གཟར། ལག་ པ་གཡས་གཡོན་བསྣོལ་ཏེ་གཉའ་གོང་དུ་མི་བསྣོལ། མ་བསྣོལ་བར་ལྟག་པར་མི་བསྣོལ། མཆོང་ལ་སོགས་པ་རྣམ་པ་ལྔ་ནི་རྐྱེན་ལ་མ་ལྟོས་པར་མི་མཆོང༌། རྐང་པ་མི་བརྐྱང༌། རྐང་པ་ མཉམ་དུ་མི་སྤོ། བྲང་བ་བརྐྱང་པ་བཙུགས་ཏེ་མི་འགྲོ། གྲུ་བརྒྱངས་མི་བྱ། ལུས་ལ་སོགས་པ་ རྣམ་པ་ལྔ་ནི། མགོ་མི་བསྒྱུར། ལུས་གཅུས་ཏེ་མི་འགྲོ། ལག་པ་མི་སྤྲུག གཉིས་ཕྲག་པ་སྤྲད་ དེ་མི་འགྲོ། གཉིས་ལག་པ་མི་སྦྲེལ། གསུམ་པ་ཁྱིམ་དུ་འདུག་པའི་སྡེ་ལ། འདུག་པར་བྱ་བ་དགུ་དག་ནི། ཁྱིམ་དུ་སྟན་ལ་མ་ བསྒོ་བ་དང་མ་བརྟགས་པར་མི་འདུག ལུས་ལྗིད་ཀྱིས་ཕབ་སྟེ་མི་འདུག རྐང་པ་བརྐྱང་སྟེ་ མི་བསྣོལ། བརླའི་སྟེང་དུ་བརླ་མི་བཞག ལོང་བུའི་སྟེང་དུ་ལོང་བུ་མི་བཞག རྐང་པ་ཁྲིའི་ འོག་ཏུ་མི་དགུག རྐང་པ་མི་གདང༌། འདོམས་མི་སྣང་བར་བྱའོ། །དེའི་བསླབ་བྱ་ནི། ལག་ པ་མགྲི ན་པ་ལ་མི་བརྟེན། སྟན་ཕྲག་པ་ལ་མི་འཁུར་རོ། ། བཞི་པ་ཟས་སློང་པའི་སྡེ་ཚན་ལ། བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་པ་ནི། ལྷུང་ བཟེད་ཀྱི་མུ་དང་ཁ་ད་ཆད་དུ་ཟས་མི་བླང༌། ཚོད་མ་དང་འབྲས་ཆན་མཉམ་དུ་མི་བླང༌། གྲལ་ 2-1-322 རིམ་བཞིན་དུ་བླང༌། ལྷུང་བཟེད་ལ་ལྟ་ཞིང་བླང༌། ཟས་མ་འོངས་པར་ལྷུང་བཟེད་མི་བཟེད། ཚོད་མ་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ། ཟས་ཀྱི་སྟེང་དུ་ལྷུང་བཟེད་མི་ བཟེད། སྐྱོན་དེ་རྣམས་དང་བྲལ་བས་ཟས་ལེགས་པར་བླང་ངོ༌། ། ལྔ་པ་ཟས་ཟ་བའི་སྡེ་ཚན་ལ། ཟས་ལ་ལེགས་པར་བྱ་བ་དྲུག་ནི། ཁམ་ཧ་ཅང་ཆུང་བ་ དང༌། ཁམ་ཧ་ཅང་ཆེ་བ་མ་ཡིན་པ་དང༌། རན་པར་བཟའ། ཁམ་མ་བཟས་པར་ཁ་མི་གདང༌། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ། ལེགས་པར་ཟས་བཟའ་བར་བྱའོ། །ཙུག་ཙུག་ལ་སོགས་རྣམ་ པ་ལྔ་ནི། ཟས་ཟ་བའི་ཚེ་ཙུག་ཙུག ཅག་ཅག ཧུ་ཧུ། ཕུ་ཕུ་མི་བྱ། ལྕེ་ཡང་ཡང་ཉུག་ནས་ མི་ཟའོ། །འབྲུ་ནས་ཐ་དད་བྱེད་པ་ལྔ་ནི། འབྲུ་རེ་རེ་ནས་མི་ཟ། ཟས་ལ་འཕྱས་མི་གདགས། མཁུར་མི་སྤོ། རྐན་མི་གཏོག ཁམ་འཕྲོར་མི་གཅོད། ལག་པ་ལྡག་ལ་སོགས་པ་ལྔ་ནི། ལག་ པ་མི་ལྡག ལྷུང་བཟེད་མི་འབྱོག ལག་པ་མི་སྤྲུག ལྷུང་བཟེད་མི་བསྐྱམ། མཆོད་རྟེན་ལྟ་ བུའི་གཟུགས་བྱས་ཏེ་མི་གཞོམ་མོ། ། དྲུག་པ་ལྷུང་བཟེད་དུ་སྤྱད་པའི་སྡེ་ཚན་ལ། འཕྱ་ལ་སོགས་པ་རྣམ་པ་བཞི་ནི། དྲུང་ན་ འདུག་པའི་དགེ་སློང་གིས་ལྷུང་བཟེད་ལ་འཕྱ་བའི་ཕྱིར་མི་ལྟ། ལག་པ་འབགས་པས་ཆུ་སྣོད་ ལ་མི་བཟུང༌། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར། ཁྱིམ་ བདག་ལ་མ་དྲིས་པར་འབགས་ཆུ་མི་དབོའོ། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ་ནི། ལྷུང་ བཟེད་དུ་ཟས་ལྷག་མ་བླུག་སྟེ་མི་དོར། ལྷུང་བཟེད་གཙང་མར་གཙུག་ལག་གི་ཚིགས་སུ་ བཅད་དེ་ཆུ་སྦྱིན། འོག་ཞི་མེད་པ། གད་ཁ། གཡང་ས། དཀན་གཟར་ཆེན་པོར་ལྷུང་བཟེད་ མི་བཞག འགྲེང་སྟེ་ལྷུང་བཟེད་མི་བཀྲུ། དེས་འབབ་ཆུའི་རྒྱུན་ལས་ཟློག་སྟེ་མི་བཅུ། ལམ་ གྱི་བཞི་མདོར་མི་བཞག་གོ། བདུན་པ་ཆོས་བསྟན་པའི་སྡེ་ལ། འགྲེང་ལ་སོགས་པ་རྣམ་པ་ལྔ་ནི། ཉན་པ་པོ་མི་ན་བར་ 2-1-323 འདུག་པ། ཉལ་བ། སྟན་མཐོན་པོ། སྟན་བཟང་པོ་ལ་འདུག་པ། མདུན་དུ་འགྲོ་བ་ལམ་ནས་ འགྲོ་བ་ལ་མི་འཆད་པའོ། །རིམ་པ་བཞིན་དུ་འགྲེང་བ། འདུག་པ་སྟན་དམའ་བ། སྟན་ངན་ པ་ལ་འདུག་པ། ཕྱི་ནས་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་དོ། །མགོ་གཡོགས་ ལ་སོགས་རྣམ་པ་ལྔ་ནི། ཉན་པ་པོ་མི་ན་བར་མགོ་གཡོགས་པ། གོས་བརྫེས་པ། གཟར་བ། ལག་པ་ལྟག་གོང་དུ་བསྣོལ་བ་ལ་ཆོས་མི་བཤད་དོ། །དོ་ཀེར་ཅན་ལ་སོགས་པ་ལྔ་ནི། ཉན་ པ་པོ་མི་ན་བར། དོ་ཀེར་ཅན། ཞྭ་གྱོན་པ། ཅོད་པན་ཅན། ཕྲེང་བ་ཅན། གོས་སོགས་ཀྱིས་ དཀྲི ས་པ་ལ་ཆོས་མི་བཤད་དོ། །གླང་ཆེན་ལ་སོགས་བཞོན་པ་ལྔ་ནི། ཉན་པ་པོ་མི་ན་བར། གླང་པོ་ཆེ་དང༌། རྟ་ཞོན་པ་དང༌། ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང༌། མཆིལ་ལྷམ་ གྱོན་པ་ལ་ཆོས་མི་བཤད། དོ། །ལག་ན་འཁར་བ་ལ་སོགས་པ་དྲུག་ནི། ཉན་པ་པོ་མི་ན་བར་ ལག་ན་འཁར་བ་དང༌། གདུགས། མཚོན། རལ་གྲི ། དགྲ་སྟ་ཐོགས་པ། གོ་ཆ་གྱོན་པ་ལ་ཆོས་ མི་བཤད་དོ། ། བརྒྱད་པ་བསྒྲུབ་པའི་སྡེ་ལ། ན་བ་རྣམ་པ་བཞི་རྣམས་སོ་ནི། འགྲེང་སྟེ་དང༌། ཆུའི་ནང་དུ་ དང་རྩ་སྔོན་གྱི་ཕྱོགས་སུ་བཤང་གཅི་མི་བྱ། མི་དོར། མཆིལ་མ། སྐྱུགས་པ། རླུག་པ་རྣམས་ དེ་དག་ཏུ་མི་དོར་རོ། ། དགུ་པ་རྒྱུ་བའི་བསླབ་པ་ནི། གནོད་པ་མེད་ན། ཤིང་ལ་མི་གང་ཙམ་ལས་མཐོར་མི་ འཛེག་པ་ལ་བསླབ་པར་བྱ་སྟེ། དེ་རྣམས་ལས་འདས་ན་ཉེས་བྱས་སོ། །( དེ་ལྟར་ཉེས་བྱས་ བརྒྱ་དང་བཅུ་གཉིས་རྫོགས་སོ།།)བསླབ་པ་དེ་རྣམས་ནི། དགེ་སློང་གི་ཁྲིམས་ཉིས་བརྒྱ་ ལྔ་བཅུ་རྩ་གསུམ་པོ་ཡིན་ནོ། །དེ་དག་ནི་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་པའི་ ཐབས་སོ། ། གཉིས་པ་ལུང་གཞི་ནས་གསུངས་པའི་བསླབ་བྱ་རགས་པ་ནི། གོང་འོག་ཏུ་ཅི་རིགས་ 2-1-324 པར་དགོད་དོ། །ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ ལྤགས་དང༌། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཀོའུ་ཤམ་བྷི ་དང་ལས་ཀྱི་གཞི། །དམར་ སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་ དང༌། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་གསུངས་པའི་རབ་བྱུང་གཞི་ནི་དང་ པོར་བཤད་ལ། ཡོངས་སྦྱོང་ལ་སོགས་པ་སྟོན་པ་ནི། བཞི་པ་བསླབ་པ་ཡོངས་སྦྱོང་གི་གཞི་ལ་གསུམ་སྟེ། གསོ་སྦྱོང་དང༌། དབྱར་གནས་དང༌། དགག་དབྱེའི་སྒོ་ནས་བསླབ་པ་ཡོངས་སུ་སྦྱོང་བའོ། ། དང་པོ་གསོ་སྦྱོང་གི་སྒོ་ནས་བསླབ་པ་ཡོངས་སུ་སྦྱོང་བའི་གླེང་གཞི་ནི། སྟོན་པ་རྒྱལ་ པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ། དགེ་བསྙེན་མང་པོས་སྟོན་པ་ལ་ཕྱག་འཚལ་ དུ་སོང་བ་ན། བདག་ཅག་སྔས་ཀྱིས་མུ་སྟེགས་ཅན་བལྟའོ། །ཟེར་ནས་སོང་པ་དང༌། མུ་ སྟེགས་དག་བདག་ཅག་འབའ་ཞིག་ལ་གསོ་སྦྱོང་ཡོད་དམ། དགེ་སློང་ལའང་ཡོད། བདག་ ཅག་ལ་ཡོད་ཀྱི་དེ་དག་ལ་མེད་དོ་ཟེར་བ་ཐོས་ནས། དགེ་བསྙེན་དེ་དག་སྟོན་པའི་སྤྱན་སྔར་ སོང་སྟེ། དགེ་སློང་ལ་ཡང་དེ་བཅའ་བར་གསོལ་ཞེས་ཞུས་པས་གནང་ནས་དགེ་སློང་དག་ དེང་ཕྱིན་ཆད་འདུག་པ་དང་བྱ་བ་དང་གསོ་སྦྱོང་ལ་དྲོན་བྱ་བར་རྗེས་སུ་གནང་ངོ༌། །ཞེས་སོ། །དེ་ལ་གསོ་སྦྱོང་གི་དོན་ནི། ཀརྨ་ཤ་ཏམ་ལས། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་པོ་ དག་གསོ་ཞིང་སྦྱོང་བར་བྱེད་པ་སྟེ། དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང༌། ཞི་ གནས་ཀྱི་གསོ་སྦྱོང་ངོ༌། །ཞེས་པ་ལྟར་གཉིས་ལས། དང་པོ་ལ་ལྔ་སྟེ། ཀར་ཤ་ལས་མཐུན་ པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང༌། བཅོ་ལྔ་པ་དང༌། བཀྲ་ཤིས་ཀྱི་གསོ་སྦྱོང་ དང༌། གནོད་པ་བྱུང་པའི་གསོ་སྦྱོང་དང༌། སྡུམ་པའི་གསོ་སྦྱོང་ངོ༌། །ཞེས་སོ། །དེ་ལ་བཅུ་བཞི་ པ་དང༌། བཅོ་ལྔ་པ་གཉིས་འོག་ཏུ་སྟོན་ལ། བཀྲ་ཤིས་ཀྱི་གསོ་སྦྱོང་ནི། ཧུ་ལུ་ཧུ་ལུ་ཡི་རང་ 2-1-325 དང༌། །ཀུན་སྤྱད་སྣོད་དང་ལན་ཚྭ་དང༌། །ལམ་དང་སོར་གཉིས་དཀྲུག་དང་གདིང༌། །གསེར་ གྱི་རུང་བ་བྱས་པ་ནི། །འདི་ལ་རུང་མིན་གཞི་བཅུ་ཡིན། །ཞེས་པའི་མི་རུང་བའི་གཞི་བཅུ་ལྟ་ བུ་སེལ་བ་དང༌། རབ་གནས་སོགས་བཀྲ་ཤིས་པའི་དུས་དང༌། གནོད་པ་བྱུང་དུས་ཀྱི་གསོ་ སྦྱོང་ནི་ནད་ཡམས་སོགས་ཞི་བའི་ཆེད་དང༌། སྡུམ་པའི་གསོ་སྦྱོང་ནི་དགེ་འདུན་དབྱེ་ན་སྡུམ་ པ་སོགས་ཀྱི་ཚེ་བྱ་ཞིང༌། ལས་བྱེད་པའི་ཚེ་ན་ཡང་དེང་དགེ་འདུན་གྱི་བཀྲ་ཤིས་པའི་གསོ་ སྦྱོང་ལགས་ལ། ཞེས་སོགས་བརྗོད་དོ། ། དང་པོ་བཅོ་ལྔ་པ་ནི། ཡར་ངོའི་ཉ་བཅུ་གཉིས་དང༌། ཁྲུམས་ཀྱི་ཟླ་བ་སྟེ། ཧོར་ཟླ་བརྒྱད་ པའི་གནམ་སྟོང་དང༌། དེ་བཞིན་དུ། བཅུ་པ། བཅུ་གཉིས་པ། གཉིས་པ། བཞི་པ་དྲུག་པ་ རྣམས་ཀྱི་གནམ་སྟོང་རྣམས་ལ། བཅོ་ལྔ་པ་སྟེ། དེ་ལྟར་བཅོ་བརྒྱད་དོ། །ཟླ་བ་དགུ་པ་སོགས་ ཁ་ཡར་བ་རྣམས་ཀྱི་གནམ་སྟོང་ལ་མི་ཐུབ་པས་ཉེར་དགུ་ལ་བྱ་སྟེ། དེ་ལྟར་བཅུ་བཞི་པ་དྲུག་ སྟེ། ཟླ་བ་ཕྱེད་ཕྱེད་ལ་སྡིག་པ་དག་པའི་ཆེད་དུ་གསོ་སྦྱོང་བྱ་སྟེ། འདུལ་བ་ཚིག་ལེའུར་བྱས་ པ་ལས། གསོ་སྦྱོང་ཟླ་ཕྱེད་རེ་རེ་ཡི། །སྡིག་རྣམས་ཡོངས་སུ་དག་ཕྱིར་རོ། །ཞེས་སོ། །དེ་ཡང་ ཡར་ངོ་སྔོན་འགྲོའི་ལུགས་ལ་དབྱར་དགུན་འབྲིང་ཐུབ། སྟོན་དཔྱིད་འབྲིང་མི་ཐུབ་པ་ཡིན་ ཏེ། ལས་བརྒྱ་རྩ་གཅིག་དང༌། འདུལ་བ་ཀུན་ལས་བཏུས་པ་ལས། དབྱར་ཟླ་གསུམ། དགུན་ ཟླ་གསུམ་གྱི་ནི། ར་བ་དང་ཐ་ཆུང་མར་གྱི་ངོ་བཅོ་ལྔ་ནི། མི་ཐུབ་པས་ར་བ་དང༌། ཐ་ཆུང་གི་ གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ཞེས་དང༌། འགྲེལ་ཆུང་ལས། ཚེས་བཅུ་ བཞི་ཞེས་བྱ་བའི་ཟླ་བ་ནི། དཔྱིད་ཟླ་འབྲིང་པོ་དང༌། དབྱར་ཟླ་ར་བ་དང༌། དབྱར་ཟླ་ཐ་ཆུང་ དང༌། སྟོན་ཟླ་འབྲིང་པོ་དང༌། དགུན་ཟླ་ར་བ་དང༌། དགུན་ཟླ་ཐ་ཆུང་དྲུག་ཤི་བའི་ཚེ་བཅུ་ བཞིའི་གསོ་སྦྱོང་དུ་བྱའོ། །ཞེས་པས་སོ། །སློབ་དཔོན་དབྱིག་གཉེན་གྱིས། དགུན་དང་དཔྱིད་ དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་ 2-1-326 པས་ཞག་མི་ཐུབ་པ་དོར། །ཞེས་པ་ལྟར། དགུན་སྟོད་ཀྱི། དགུན་སྨད་ཀྱི་དཔྱིད་ཀྱི་སོ་ཀའི། དབྱར་གྱི། སྟོན་གྱི་དུས་ཟླ་བ་གཉིས་གཉིས་ཀྱི། ཕྱེད་དང་གཉིས་འདས་ཤིང༌། ཕྱེད་ལུས་པ་ ན། ཞག་མི་ཐུབ་རེ་རེ་འབྱུང་པས་དེ་དུས་གསོ་སྦྱོང་བཅུ་བཞི་པ་ཡིན། འདུལ་བའི་ཚིག་ལེའུར་ བྱས་པ་ལས། ཁ་བ་སོ་ག་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་ བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང༌། །དེ་བཞིན་ ཁྲུམས་སྨད་སྨིན་དྲུག་དང༌། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་ བརྗོད། །ཅེས་དང༌། ལོ་དྲི་བ། ཐུབ་པ་དགོངས་རྒྱན་ལས། དགུན་ཟླ་འབྲིང་པོ་དང༌། དཔྱིད་ ཟླ་ར་བ་དང་། དཔྱིད་ཟླ་ཐ་ཆུང་དང༌། དབྱར་ཟླ་འབྲིང་པོ་དང༌། སྟོན་ཟླ་ར་བ་དང༌། སྟོན་ཟླ་ ཐ་ཆུང་རྣམས་ཀྱི་མར་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ། །ཞེས། དབྱར་དགུན་འབྲིང་མི་ཐུབ་ པར་བཤད་པ་ནི་མར་ངོ་སྔོན་འགྲོའི་དབང་དུ་བྱས་པ་ཡིན་ཅིང་དེ་གཉིས་དོན་གཅིག་གོ།ཟླ་ བ་དེ་དག་ལ་ཤོལ་བྱུང་ན། གསོ་སྦྱོང་ཐུབ་པའི་ཟླ་བ་ལ་བྱུང་ན། དེ་ཡང་ཐུབ་པ། མི་ཐུབ་པའི་ ཟླ་བ་ལ་བྱུང་ན། དེ་ཡང་མི་ཐུབ་པའོ། །ཤོལ་ནི་ལན་གཅིག་བྱུང་པའི་རྗེས་ནས། ཟླ་བ་སུམ་ ཅུ་པོ་ཕྱེད་དང་གསུམ་ན། ཤོལ་འབྱུང་པས་དེ་ལུགས་བཞིན་ཤེས་པར་བྱའོ། །དེ་དག་ངོས་ འཛིན་པ་ལ་ཡང་ལོ་འགོ་ངོ་ཤེས་དགོས་པས། ༈ ལོ་འགོ་ངོས་འཛིན་ལུགས་ལ། ཉ་ཚེས་དབྱུགས་པ་གང་ཡིན་པ། །དེ་ནི་སྟོན་ཟླ་ཐ་ ཆུང་ཡིན། །ཞེས་དགུ་པའི་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང༌། དེ་ལོ་འགོར་བྱེད་པ་མང་ཡང༌། ལུང་དེ་ཁུངས་མ་མིན་ལ། མདོ་སྡེ་ཉི་མའི་སྙིང་པོར། ཟླ་གྲངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་ འབྲི་པོའི་ངོ་ལ་ནི། །ལོ་སྐོར་བདག་གིས་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཞེས་ཉ་ལ་ཐ་སྐར་བྱུང་པས་སྟོན་ཟླ་འབྲིང་པོ་ཡིན་ལ། ཉ་དེས་ལོ་སྐོར་རྫོགས་ནས་ཚེས་བཅུ་ དྲུག་ནས་ལོ་འགོ་འཛིན་པའི་ལུགས་ནི། དྲང་སྲོང་རྔ་བོང་གི་ལུགས་དེ་དུས་ཀྱི་དབང་དུ་བྱས། 2-1-327 དེ་ནས་ད་བར་ཟླ་བ་གཅིག་དང་ཞག་བཅུ་གཉིས་བཅུ་གསུམ་གྱིས་ཉི་མ་བཟློག་པ་སྔར་སོང་ ཞེས་བུ་སྟོན་རིན་པོ་ཆེས་གསུངས། དེ་ལྟར་ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་ནས་ལོ་འགོ་འཛིན་ པའི་ལུགས་དང༌། སྨིན་དྲུག་གི་ཉ་བའི་ཕྱི་དེ་ཉིན་ནས་ལོ་འགོ་འཛིན་པའི་ལུགས་གཅིག་དང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་ རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཞེས་དང༌། དེའི་འགྲེལ་བཤད་དུ། དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་ཉའི་བར་བཞི་ཡིན་ལ་ཟླ་བ་ ཐམས་ཅད་ཀྱང་མར་གྱི་ངོ་སྔ་སྟེ་དེ་ལ་སྟོན་ཟླ་ར་བ་ཡར་གྱི་ངོའི་ཚེས་དགུ་ནས་མཚན་མོ་རིང་ བར་འགྱུར་རོ། །ཞེས་གསུངས་པས། མར་ངོ་སྔོན་འགྲོའི་སྟོན་ཟླ་ར་བ་དགུན་རྣམས་ཀྱི་ནི་ བཞི་པ་ཞེས། དགུན་ཉི་དཔྱིད་ཟླ་ར་བ་ལ་ཟློག་པར་གསུངས་པ་དིང་སང་གི་ཉི་མ་ཟློག་ མཚམས་དང་འགྲི ག་པས། དེ་ལུགས་ཀྱི་ཁྲུམས་ཀྱི་ཉ་བའི་ཕྱི་དེ་ཉིན་ནས་ལོ་འགོ་འཛིན་པར་ འདོད་པའི་ལུགས་དང་གསུམ་ལས། ཐ་སྐར་གྱི་ཉ་བའི་ཕྱི་དེ་ཉིན་ནས་འཛིན་པ་དེ་ཕྱེད་ འདས་དང༌། གསོ་སྦྱོང་བཅུ་བཞི་པ་ཅུང་ཟད་མི་འགྲི ག་པའི་སྐྱོན་ཡོད་ལ། སྨིན་དྲུག་གི་ཕྱི་དེ་ ཉིན་ནས་འཛིན་པ་ནི་དབྱར་སྔ་ཕྱིའི་དགག་དབྱེ་གཡུལ་ཐོན་ནས་བྱ་དགོས་པ་དང༌། ཆུའི་ རླབས་བྲི་ཞིང༌། ཤིང་ལོའི་འདབ་མ་སེར་པོར་གྱུར་ཀྱང༌། དྲུག་སྡེའི་དགག་དབྱེ་མ་བྱས་སོ། །ཞེས་འཕྱ་བའི་གཞིར་གྱུར་པའི་ཕྱིར་ཞེས་གསུང་ཞིང༌། རས་ཆེན་དགག་དབྱེ་ཐོན་ནས་ཟླ་བ་ ཕྱེད་བཅངས་པ་དགོས་མེད་དུ་འགྱུར། ཞེས་སོ། །དེ་ལྟར་ལུགས་གསུམ་ལས་ཕྱི་མ་འདི་ རིགས་པར་སེམས་སོ། །ཁ་ཅིག དབྱར་གྱི་ཟླ་བ་གཉིས་པ་ཡི། །ཞེས་པ་དང༌། དགུན་རྣམས་ ཀྱི་ནི་བཞི་པ་ལ། །ཞེས་པ་སྟོན་དཔྱིད་ཉིན་མཚན་མཉམ་པ་སྟོན་པར་འདོད་པའང་མི་འཐད་ དེ། དབྱར་ཟླ་གཉིས་པ་ཞེས་པ་མར་ངོ་སྔོན་འགྲོའི་སྟོན་ཟླ་ར་བ་ཡིན་ལ། དེ་ལ་སྟོན་ཟླ་ར་ བའི་ཡར་ངོ་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོ་བརྒྱད་མཚན་མོ་ཡུད་ཙམ་བཅུ་གཉིས་སུ་ 2-1-328 གསུངས་ཏེ། གདགས་པར། སྟོན་ཟླ་ར་བའི་ཡར་གྱི་ངོའི་ཚེས་བརྒྱད་ལ་ཉིན་མོ་ནི་ཡུད་ཙམ་ བཅོ་བརྒྱད་ལ། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་སུ་བཤད་པས་སོ། །གསོ་སྦྱོང་གི་གནས་ནི་ མཚམས་ཆེན་བཅད་ན་དེར་བྱ། མཚམས་ཆེ་ཆུང་གཉིས་ཀ་བཅད་ན་ཆུང་བ་ནས་ཐོན་ནས་ཆེ་ བར་བྱ་ཆུང་བ་ནི་བཅད་ན་གསོ་སྦྱོང་སོགས་ལས་ཐམས་ཅད་དེར་བྱ། རྩིག་པས་སྐོར་ན་དེ་ ཉིད་མཚམས་ཡིན་ཏེ། ཀར་མ་ཤ་ཏམ་ལས། ལས་ལ་རྩིག་པས་སྐོར་བ་ཡིན་ན། རྩིག་པ་ མཚམས་ཡིན་ལ། རྩིག་པས་མ་སྐོར་ན་ཝ་ཁ་ནས་ཆུ་འཛག་པ་གང་དུ་འབབ་པ་ཚུན་ཆད་དོ། །ཞེས་གསུངས་སོ། །གནས་དེར་དགེ་འདུན་རྣམས་ལས་ལ་མ་འདུས་གོང་དུ་ལྟུང་བ་ཐུན་མོང་ མ་ཡིན་པ་རྣམས་མཐོལ་བ་དང་བཤགས་པ་དང༌། ཐུན་མོང་བ་བྱིན་གྱིས་བརླབ་པ་རྣམས་ བྱས་ནས་འདུ་དགོས་པས། དགེ་སློང་དག་པའམ་ལྟུང་བ་མི་མཐུན་པ་ཡོད་ཀྱང་བཤགས་ ཡུལ་རུང་བས། དང་པོར་ལྟུང་བ་མཐོལ་བསམ་པས་ཕྱག་བྱ། ཙོག་པུར་ཐལ་མོ་སྦྱར་ནས། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་དགེ་སློང་ གི་བསླབ་པ་ལས་འགལ་བ། དགེ་འདུན་ལྷག་མ་བཅུ་གསུམ་དང༌། ལྟུང་བྱེད་ལས་སྤང་བའི་ ལྟུང་བ་སུམ་ཅུ་དང༌། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བ་ བཞི་དང༌། བསླབ་བྱའི་ཆོས་མང་པོ་ལས་འགལ་བའི་ཉེས་བྱས་བརྒྱ་དང་བཅུ་གཉིས་པོ་དེ་ དག་གི་དངོས་གཞི་གང་བྱུང་པ་དང༌། ཕམ་ལྷག་གི་སྡེ་ཚན་དང༌། གཞི་བཅུ་བདུན་དུ་གཏོགས་ པའི་སྦོམ་པོ་དང༌། ཉེས་བྱས་ལྕི་ཡང་གང་བྱུང་བ་དང༌། ལྟུང་བྱེད་དང་སོ་སོར་བཤགས་པའི་ སྡེ་ཚན་དུ་གཏོགས་པའི་ཉེས་བྱས་ལྕི་ཡང་གང་བྱུང་བ་དང༌། ཉེས་ལྟུང་དེ་དག་ཡུན་ཇི་སྲི ད་དུ་ བཅབས་པ་དང༌། ཡུལ་ཡོད་བཞིན་དུ་མ་བཤགས་པའི་ཉེས་ལྟུང་གང་བྱུང་བ་དེ་དག་དག་ པའི་མཐའ་ཚུན་ཆད་ནས་བཟུང་སྟེ། གནོང་ཞིང་འགྱོད་པས་མཐོལ་ལོ། །མི་འཆབ་པོ། མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་མཐོལ་ན་དེ་ལྟར་མི་འགྱུར་ 2-1-329 བ་ལགས་སོ། །ལན་གཅིག་གོ།ཐབས་ལེགས་བརྗོད། དེ་ནས་འཆབ་ཉེས་བཤགས་ཏེ། དགེ་ འདུན་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། དགེ་ སློང་གི་བསླབ་པ་ལས་འགལ་བའི་ཉེས་པ་གང་བྱུང་བ་དེ་དག་ཡུན་ཇི་སྲིད་དུ་བཅབས་པ་ དང༌། ཡུལ་ཡོད་བཞིན་མ་བཤགས་པའི་ཉེས་པ་གཞིས་བསྡུས་པ་གང་བྱུང་བ་དེ་དག་དག་ པའི་མཐའ་ཚུན་ཆད་ནས་བཟུང་སྟེ། གནོང་ཞིང་འགྱོད་པས་བཤགས་སོ། །བཤགས་ན་ བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་བཤགས་ན་དེ་ལྟར་མི་འགྱུར་བ་ ལགས་སོ། །ལན་གསུམ་བཟླ་མཐོང་སྡོམ་ཐབས་ལེགས་བརྗོད། དེ་ནས་ཉེས་པ་དངོས་ བཤགས་ཏེ། ཚིག་མཐོལ་བ་དང་འདྲ་བ་ལས་སོ་སོར་བཤགས་པར་བྱ་བའི་སྡེ་ཚན་དུ་ གཏོགས་པའི་ཉེས་བྱས་ལྕི་ཡང་གང་བྱུང་བ་ཞེས་པ་ནས་གནོང་ཞིང་འགྱོད་པས་བཤགས་སོ། །བཤགས་ན་ནི་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། མ་བཤགས་ན་དེ་ལྟར་ མི་འགྱུར་བ་ལགས་སོ། །ཞེས་ལན་གསུམ་སྟེ། མཐོང་སྡོམ་དང་ཐབས་ལེགས་བརྗོད་དོ། །བསྡམ་པ་ནི། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དགེ་སློང་གི་ལྟུང་བ་སྡེ་ལྔ་པོ་དེ་དག་ གི་ཀུན་ནས་སློང་བ་དང༌། སེམས་བསྐྱེད་པ་དང༌། ཡི་རང་བ་དང༌། དྲན་ཤེས་བཞིན་བག་ཡོད་ ཉམས་ཤིང་མི་སྡོམ་པ་དང༌། ཕྱིར་མི་འཆོས་པ་ལ་སོགས་པ། མདོར་ན་ཡིད་ཀྱི་ཉེས་པ་སྔར་ གང་སྤྱད་པ་ཐམས་ཅད་གནོང་ངོ་འགྱོད་དོ། །དེང་ཕྱིན་ཆད་དུས་ནམ་ཡང་མི་ཉམས་པར་ བསྲུང་ཞིང་བསྡམ་པར་བྱའོ། །སྙམ་དུ་བསམ་ཞིང༌། དེ་ནས་ལས་དེ་མ་གྲུབ་བར་དུ་ཉེས་ལྟུང་ གིས་མ་གོས་པར་བྱའོ། །ལྷག་མ་སྦོམ་པོ་སྤང་ལྟུང་རྣམས་གང་ཟག་ཁྱད་པར་ཅན་གྱིས་ བཤགས་པས་འདག་ཀྱང༌། གཞན་གྱིས་ཆད་ལས་ཀྱི་སྒོ་ནས་བཤགས་དགོས་པ་མ་གྲུབ་ པར་ལས་ཀྱི་ཁ་སྐོང་ལ་འདུ་ན། ལྟུང་བ་དེ་ཐུན་མོང་བ་མ་ཡིན་ཞིང་བཤགས་པས་ཀྱང་མི་ འདག་པས། ཐུན་མོང་མ་ཡིན་པའི་བྱིན་བརླབས་གལ་ཆེ་བས་དགེ་འདུན་ནམ་གང་ཟག་ལ་ 2-1-330 རྒན་ན་ཕྱག་བྱ། ཙོག་པུར་འདུག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཕམ་པའི་སྡེ་ཚན་ལས་མ་བྱིན་ལེན་གྱི་སྦོམ་པོ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་ བགྱི་བས་དེང་ལྟུང་བ་དེ་དགེ་འདུན་གྱིའམ། ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ཏེ། གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་གསུམ་ དང༌། ཐབས་ལེགས་བྱའོ། །དེ་བཞིན་དུ་ཕམ་པའི་སྡེ་ཚན་ལས་རིགས་འདིའི་སྦོམ་པོ། ཞེས་ སམ། ལྷག་མའི་སྡེ་ཚན་ལས་དངོས་གཞི་འདི་ཞེས་སམ། དེའི་སྦོམ་པོ་ཞེས་པའམ། ལྟུང་བྱེད་ ཀྱི་སྡེ་ཚན་ལས། སྤང་ལྟུང་འདི་ཞེས་སམ། གཞིས་བསྡུས་པའི་སྦོམ་པོ་འདི་བྱུང་སྟེ་ཞེས་འདོན་ པ་སྤོ་ཞིང༌། དེ་རིགས་མང་པོ་ཡོད་ན་ཐམས་ཅད་ཀྱི་མིང་རིགས་འདི་བྱུང་སྟེ། ཞེས་བརྗོད། ལས་གཞན་ཡིན་ན། བསྙེན་པར་རྫོགས་པའི་ཕྲིས་བགྱིའོ། །ཞེས་པ་ལྟ་བུ། འདོན་པ་བསྒྱུར་ རོ། །ལྟུང་བ་ཐུན་མོང་བ་དགེ་འདུན་གྱི་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པོ། །དེ་ནས་ གསོ་སྦྱོང་གི་གནས་དེར་གཎྜི་བརྡུངས་དགེ་འདུན་ཐམས་ཅད་འདུས་མཆིལ་ལྷམ་ཕུད་སྣམ་ སྦྱར་གྱོན། རྒྱུན་བཤགས་གསུམ་པ་བཏོན་ནས། སྤྱི་བཤགས་བྱེད་པར་སྤྲོ་ནའང་བྱས་ནས། དགེ་འདུན་རྣམས་ཟིང་ཕྱག་བྱས་ཏེ། དགེ་སློང་གཅིག་གིས་གནས་བརྟན་པ་ཐུགས་བརྩེ་བ་ ཅན་ཐུགས་བརྩེ་བས་ཉེ་བར་དགོངས་ལ་བདག་ཅག་དགེ་འདུན་འདིར་འདུས་པ་རྣམས་ལ་ ཆོས་བསྒྲགས་ཀྱི་མདོ་དང༌། སོ་སོ་ཐར་པའི་མདོ་བཀས་གནང་བར་ཞུ། ཞེས་ཞུ། གནས་ བརྟན་གྱིས་ཆོས་བསྒྲགས་ཀྱི་མདོ་དང༌། སོ་སོ་ཐར་པའི་མདོའི་གླེང་གཞི་ཙམ་ཞིག་གདོན་ པར་བགྱི། ཐམས་ཅད་ཀྱིས་སྟོན་པ་སངས་རྒྱས་ལ་ཕྱག་བགྱིའོ། །ཞེས་བརྗོད་ལ་ཐམས་ཅད་ ཀྱིས། ཁམས་གསུམ་པའི་འགྲོ་ཀུན་གྱི། །ཞེས་སོགས་དང༌། སྟོབས་བཅུ་ཏིང་འཛིན་ཡེ་ཤེས་ མཆེ་བ་ཅན། །ཞེས་སོགས་ཀྱི་བསྟོད་པ་འདོན་ཞིང་ཕྱག་བྱས་ནས་འདུག་སྟེ། སྤྱོད་ལམ་ བསྟུན་ཐལ་མོ་བསྣོལ། གནས་བརྟན་གྱིས། བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་བྱའོ། །ཟླ་བ་ 2-1-331 ཕྱེད་ཕྱེད་ཀྱི་བཅོ་ལྔ་ལའོ། །ཞེས་གསུངས་པ་ལྟར་ཕྱག་ལེན་དུ་བགྱིད་པ་ལ། སྦྱོར་དངོས་རྗེས་ གསུམ་ལས། སྦྱོར་བ་ལ་ཡང༌། གཎྜི་བརྡུང་བ། དགེ་འདུན་བསྡུ་བ། དྲིས་པའི་ཚིག་གི་ལན་ གདབ་པ། སྟན་སྟབས་མི་ཉམས་པར་བྱ་བ་རྣམས་སྔོན་དུ་སོང་ནས་ཆོས་འཆད་ཉན་ཉམས་ སུ་མྱོང་བ། ཆོས་བསྒྲགས་ཀྱི་མདོ་ལ་བགྱིད་པ་ཕྱག་ལེན་དུ་གདའ་བས་གསན་པར་ཞུ། ཞེས་ བརྗོད་ལ་ཆོས་བསྒྲགས་ཀྱི་མདོ་དང༌། དུས་བཟང་གི་མདོའི་དོད་དུ་ཚུལ་ཁྲིམས་ཡང་དག་ པར་ལྡན་པའི་མདོ་གདོན་ནོ། །སུམ་བརྒྱ་པ་ལས། གལ་ཏེ་མངོན་སུམ་གསུངས་པ་མེད་གྱུར་ ཀྱང༌། །དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། །ཅེས་གསུངས་པས། དགེ་ཚུལ་ རྣམས་ཙོག་པུར་འདུག་སྟེ། གསོ་སྦྱོང་གི་ཚིག་ལན་གསུམ་བཟླས། ཐབས་ལེགས་བྱས་ནས། ཐོས་པའི་ཉེ་འཁོར་ལས་ལོགས་སུ་བཀར་རོ། །མཚམས་ནང་གི་དགེ་སློང་ན་བ་དང་དབང་ མེད་དང་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དུ་འགྱུར་བ་སོགས་རྐྱེན་དབང་གིས་ལས་ལ་འདུ་ བར་མ་ནུས་ན་འདུན་པ་དང་ཡོངས་དག་འབུལ་དགོས་པས། དགེ་འདུན་གྱིས་འདུན་དག་ ལེན་པ་ལ་བསྐོ་བར་འོས་པའི་དགེ་སློང་གཅིག་ནས་གསུམ་བཞི་ལ་སོགས་ཡུལ་ཇི་སྙེད་པའི་ མིང་བརྗོད་ནུས་པ་བསྐོས་ཏེ། དེ་དག་གིས་ཡུལ་གྱི་ཐད་དུ་ཕྱིན་ནས། འདུན་དག་འབུལ་དུ་ བཅུག་སྟེ། སོ་སོར་འབུལ་ནའང༌། སྔར་གྱི་ཚིག་བཞིན་དུ་འབུལ་ཞིང༌། འདུན་དག་གཅིག་ ཆར་ལེན་ན། ཚེ་དང་ལྡན་པ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ། འདུན་པ་ཕུལ་ ལམ་ཞེས་དྲི། འདུན་དག་འབུལ་ཞེས་བརྗོད་དོ། །དེ་ནས་རྗེས་ཟློས་བྱེད་དུ་བཅུག་སྟེ། ཚེ་ གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ ཏེ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་ ཆོས་ཀྱི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་ 2-1-332 བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ ལན་གསུམ་བཟླས། དེ་ནས་ལེན་པ་པོ་མཚམས་ཀྱི་ཕྱི་རོལ་དུ་མི་འགྲོ། མཆོང་རྒྱུག་མི་བྱེད། དྲན་ཤེས་བཞིན་དང་ལྡན་པས། དགེ་འདུན་གྱི་ནང་དུ་འོངས་ཏེ། དགེ་འདུན་བཙུན་པ་རྣམས་ དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ ཡང་བཅོ་ལྔ་པ་ལགས་ཏེ་གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་ པར་བགྱིད་དོ། །ཞེས་ལན་གཅིག་བརྗོད། གང་ཟག་ལ་ཡིན་ན་ལན་གསུམ་མོ། །བྲོ་འཚལ་བ་ སོགས་དབང་མེད་པ་ཞེས་སོགས་དང་གསོ་སྦྱོང་བཅོ་ལྔ་པ་ཞེས་པ། བཅུ་བཞི་པ་ཞེས་སམ། བསྙེན་པར་རྫོགས་པའི་ཕྲིས་ཞེས་སོགས་སྐབས་དང་སྦྱར་རོ། །དེ་ནས་གོང་དུ་བཤད་པའི་ ལྟུང་བ་མཐོལ་བ་བཤགས་པ། བསྡམ་པ། ཐུན་མོང་མིན་པ་བཤགས་མ་ནུས་པ་རྣམས་བྱིན་ གྱིས་བརླབས་པ་རྣམས་ལས་ལ་མ་འདུས་གོང་དུ་མ་གྲུབ་པ་ན་འདིར་བྱ། དེ་རྣམས་ཇི་བཞིན་ མ་གྲུབ་ན། མཐོལ་བ་སྔོན་དུ་སོང་ནས་བཤགས་པ་ནི། བཙུན་པ་དགོངས་སུ་གསོལ། བདག་ དགེ་སློང་མིང་འདི་ཞེས་བགྱི་བ། དུས་འདིའི་ནང་དུ་ཇི་ལྟར་ཡོངས་སུ་བསྒྲགས་པའི་གཞི་ འདི་དག་ལས་ལྟུང་བ་མང་པོ་ཚད་མ་མཆིས་པ་བྱུང་བ་དང༌། ཉེས་པ་ཚད་མ་མཆིས་པ་བྱུང་པ་ དང༌། སོ་སོ་ཐར་པའི་སྡོམ་པ་དང་འདུལ་བ་ལས་འདས་པ་དེ་དག་ཐམས་ཅད། བདག་དགེ་ སློང་མིང་འདི་ཞེས་བགྱི་བས་བཙུན་པའི་མདུན་དུ་ལྟུང་བ་མང་པོ་དེ་དག་དང༌། ཉེས་པ་ཚད་ 2-1-333 མ་མཆིས་པ་དེ་དག་དང༌། སོ་སོ་ཐར་པའི་སྡོམ་པ་དང༌། འདུལ་བ་ལས་འདས་པ་དེ་དག་ ཐམས་ཅད། དག་པའི་མཐའ་ནས་བཟུང་ནས་གང་རིགས་མཐུན་པ་དེ་དག་ནི་བྱིན་གྱིས་ བརླབ་པར་བགྱིའོ། །གང་རིགས་མི་མཐུན་པ་དེ་དག་ནི་ངེས་པར་བགྱིས་ནས་བཤགས་པར་ བགྱིའོ། །རབ་ཏུ་བསྟན་པར་བགྱིའོ། །མི་འཆབ་པར་བགྱིའོ། །བཤགས་པ་དང་རབ་ཏུ་བསྟན་ པ་ཉིད་ཀྱིས། བདག་དགེ་སློང་མིང་འདི་ཞེས་བགྱི་བ། ལྟུང་བ་མང་པོ་བྱུང་པ་དེ་དག་དང༌། ཉེས་པ་ཚད་མ་མཆིས་པ་བྱུང་བ་དེ་དག་དང༌། སོ་སོ་ཐར་པའི་སྡོམ་པ་དང༌། འདུལ་བ་ལས་ ཤིན་ཏུ་འདས་པའི་ལྟུང་བའི་སྦྱོར་བ་དང༌། དངོས་གཞི་དང༌། མཇུག་ཏུ་བྱུང་བའི་ཉེས་བྱས་ དཔག་ཏུ་མ་མཆིས་པ་དང་ལྡན་པའི་ལྟུང་བ་སོ་སོ་བ་རྣམས་ལས་མཐོལ་ཞིང་བཤགས་ན་ བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་དེ་ལྟར་མ་ ལགས་སོ། །ལན་གསུམ་དང༌། མཐོང་སྡོམ་ཐབས་ལེགས་བྱའོ། །དེ་ནས་ལྟུང་བ་བྱིན་གྱིས་ བརླབ་པ་ནི། དགེ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་ དགེ་སྦྱོང་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་ལྟུང་བ་དེ་དག་ འཆགས་པར་བགྱིད་པ་བདག་ཅག་ལས་དགེ་སློང་འགའ་ཞིག་གནས་གཞན་དུ་མཆིས་ལ། དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བའི་དགེ་སློང་ནི་སུ་ ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་ གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གྱིས་ལྟུང་བ་དེ་དག་བྱིན་གྱིས་བརླབས་ཏེ་གསོ་ སྦྱོང་མཛད་ལ། སླད་ཀྱིས་ལྟུང་བ་དེ་དག་ཆོས་བཞིན་དུ་སླར་བགྱིའོ། །འདི་ནི་གསོལ་བའོ། །དེ་ནས་ལས་ཀྱི་མཚམས་བུ་ཆུང་གཅོད་ན། གདིང་བ་བཞི་བཅུ་ཤོང་བ་ཡར་བཅད། དཔག་ ཚད་གཉིས་ཚུན་ཆད་གང་འོས་ལ་མཚན་མ་བརྟན་པོ་ཡོད་པའམ། བཙུགས་ནས་དེ་དགེ་ འདུན་ལ་གོ་བར་བྱས་ནས། ལས་མཁན་གྱིས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། 2-1-334 འདི་ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང༌། གཉུག་མར་གནས་པ་རྣམས་ཀྱི་མཚམས་ བུ་ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་བུ་ བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུ་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་རྗེ་བཞག་པ་ ལགས། བྱང་ཕྱོགས་སུ་ནི་སྲོལ་གཏོད་པ་བརྟན་པོ་ལགས་ན། གལ་ཏེ་དགེ་འདུན་གྱིས་དུས་ ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མཚན་ མ་འདི་རྣམས་ཀྱི་ནང་དུ། འདི་ལྟ་སྟེ། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་ པར་གནས་པར་བགྱི་བའི་སླད་དུ་མཚམས་བུ་ཆུང་བཅད་ཅིང༌། དཀྱིལ་འཁོར་པར་བློ་མཐུན་ པར་མཛད་དོ། །འདི་ནི་གསོལ་བའོ། །བརྗོད་པ་ལ་ཐུགས་གཏད་པར་ཞུ། དགེ་གསོལ། འདི་ ལྟ་སྟེ། གནས་འདི་ན་དགེ་སློང་གནས་པ་དང་གཉུག་མར་གནས་པ་རྣམས་ཀྱི། མཚམས་བུ་ ཆུང་གི་ཕྱོགས་བཞིའི་མཚན་མ་བརྟན་པོ་བརྗོད་པ། ཤར་ཕྱོགས་སུ་ནི་སེང་ལྡེང་གི་ཕུར་བུ་ བཏབ་པ་ལགས། ལྷོ་ཕྱོགས་སུ་ནི་སྲད་བུ་བྲེས་པ་ལགས། ནུབ་ཕྱོགས་སུ་ནི་རྡོ་རྗེ་བཞག་པ་ ལགས། བྱང་ཕྱོགས་སུ་ནི་སྲོལ་གཏོད་པ་བརྟན་པོ་ལགས་ཏེ། དེའི་སླད་དུ། དགེ་འདུན་གྱི་ མཚན་མ་འདི་རྣམས་ཀྱི་ནང་དུ། འདི་ལྟ་སྟེ། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་ རེག་པར་གནས་པར་བགྱི་བའི་སླད་དུ། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་ མཐུན་པར་མཛད་ན། ཚེ་དང་ལྡན་པ་གང་དག མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ། མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་པར་བཟོད་པ་དེ་དག་ནི་ ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག མཇུག་སྡུད་ནི། དགེ་ འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱི་མཚན་མ་འདི་རྣམས་ཀྱི་ནང་དུ་འདི་ལྟ་སྟེ། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བགྱི་བའི་སླད་དུ། 2-1-335 མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་པར་བློ་མཐུན་པར་མཛད་ལགས་ཏེ། འདི་ལྟར་ཅི་ ཡང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཕུར་བུ་སོགས་སྨོས་པ་ནི། གླེང་གཞིའི་དབང་ གིས་དཔེ་ཙམ་སྟེ། ཕྱོགས་བཞིའི་མཚན་མ་གང་ཡོད་བརྗོད་དོ། །གནས་ཀྱི་བློ་མཐུན་ལ་ ཐུགས་གཏད་པར་ཞུ། དགེ་འདུན་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་ གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་ བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་གནས་ཐམས་ཅད་ གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་ བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་ བའོ། །བརྗོད་པ་ནི། དགེ་འདུན་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་ གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་སྟེ། [དེའི་སླད་དུ། དགེ་འདུན་གྱི་གནས་ཐམས་ ཅད་གྲུབ་པའམ། བགྱིས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་ འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་སྟེ།] དེའི་སླད་དུ་དགེ་འདུན་ གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་ འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་ བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་ གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་ བཟོད་པ་དེ་དག་ནི་གསུངས་ཤིག ལས་ཀྱི་མཇུག་སྡུད་པ་ནི། དགེ་འདུན་གྱིས་བཟོད་ཅིང་ 2-1-336 གནང་ནས་དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་ མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་ གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བར་དེ་དེ་བཞིན་དུ་ འཛིན་ཏོ། །ཞེས་གསོལ་གཉིས་ཀྱི་ལས་ཀྱི་གནས་ལ་བློ་མཐུན་བྱའོ། །གྲུབ་པ་བགྱིས་པ་ ལགས་པ་གསུམ། སྐབས་སུ་གང་བབ་བརྗེ། གྲུབ་པ་ནི། བསྐལ་པ་ཆགས་པའི་ཚེ་རང་གྲུབ་ པ། བགྱིས་པ་ནི་སྐྱེས་བུས་བྱས་ནས་ཟིན་པ། ལགས་པ་ནི་བྱེད་འཕྲོའོ། ། གསོ་སྦྱོང་གི་དངོས་གཞི་ལ། གསོ་སྦྱོང་དངོས་དང༌། དམིགས་བསལ་ལོ། །དང་པོ་ནི། སོ་སོ་ཐར་པ་ལ་སྟོན་པའི་འདུ་ཤེས། རང་ལ་དགེ་སློང་དང༌། སངས་རྒྱས་ཀྱི་བསྟན་པ་ལ་ཡུན་ རིང་དུ་གནས་པའི་འདུ་ཤེས་ཀྱིས་འདོན་ཅིང་ཉན་ནོ། །འདོན་པ་ལ། དིང་སང་གླེང་གཞི་ཙམ་ འདོན་པ་ལ་ཕྱག་ལེན་མཛད་ནས། ཕམ་པར་འགྱུར་བ་མར་བཅད་ཐོས་པ་བསྒྲགས་པ་མཛད་ དོ། །འདོན་པ་པོ་གནས་བརྟན་གྱིས་སམ། གཉིས་པ་གསུམ་པའམ། མི་ཐོན་ན་རེས་ཀྱིས་ འདོན་ཅིང༌། ཚིག་གཅིག་ཀྱང་མ་འཁྲུལ་བར་བློ་ལ་ཐོན་པས་འདོན་ལ། སྡུགས་ན་གཞན་ གྱིས་འདོན་ནོ། །འདོན་པ་ལྔ་སྟེ། ཀར་ཤ་ལས། སོ་སོ་ཐར་པའི་མདོ་འདོན་པ་ལྔ་པོ། གླེང་ གཞི་འདོན་པ་དང༌། ཕམ་པར་འགྱུར་བ་གདོན་པ་དང༌། དགེ་འདུན་ལྷག་མ་གདོན་པ་དང༌། མ་ངེས་པ་གདོན་པ་དང༌། རིལ་གྱིས་གདོན་པ་དག་འདོན་པར་བྱའོ། །ཞེས་དང༌། མདོ་རྩར། གླེང་གཞི་གདོན་པ་དང་གསོལ་བ་ནི། ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲགས་པས་ཀྱང་ངོ༌། །བརྩམས་པའི་སྡེ་ཚན་ནི་རྫོགས་པ་བྱ་དགོས་སོ། །བཞི་པ་ལ་རེག་ན་རིལ་གྱིས་སོ། །ཞེས་པ་དང༌། འགྲོན་པ་མི་སྡོད་ན་འགྲོ་བཞིན་དུ་བྱའོ། །སྒྲ་ མི་འདོད་ན་མདོར་བསྡུ་བས་སོ། །དེ་ཙམ་ཡང་ན་བྱིན་གྱིས་བརླབ་པོ། །ཞེས་པས། དམིགས་ བསལ་ནི། རྐྱེན་དབང་གིས་ལམ་དུ་ཡིད་ཀྱིས་བྱིན་གྱིས་བརླབ་པའམ། གནས་གཅིག་ན་ 2-1-337 གཅིག་ལས་མེད་ན་འདུག་ལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་ སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ།ཞེས་ཀྱང་བདག་སྨྲ། བདག་ཡོངས་ སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཚུལ་ ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ། དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ ཆེར་ཉམས་སུ་མྱོང་བར་བྱ་ཞིང༌། སོ་སོ་ཐར་པའི་མདོ་གདོན་པ་འདོན་པར་བྱའོ། །ཞེས་ལན་ གསུམ་བརྗོད་ཅིང་ཡིད་ལ་བསམ་མོ། །དགེ་སློང་གཉིས་དང་གསུམ་ཡོད་ན། ཕན་ཚུན་བཙུན་ པ་དགོང་སུ་གསོལ། ཞེས་པ་སྔོན་དུ་བཏང༌། མཇུག་ཏུ་ཐབས་ལེགས་བྱའོ། །དེ་ཙམ་ཡང་མ་ གྲུབ་ན་ཐུབ་པའི་སྔོན་གྱི་གསོ་སྦྱོང༌། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། །ཞེས་སོགས་ཤོ་ ལོ་ཀ་ཕྱེད་དང་བཞི་པོ་ཙམ་ཀའང་འདོན་ནོ། ། གཉིས་པ་དབྱར་གནས་ཀྱི་གླེང་གཞི་ནི། སྟོན་པ་མཉན་ཡོད་རྒྱལ་བྱེད་ཚལ་ན་བཞུགས་ པའི་ཚེ། དགེ་སློང་དག་དབྱར་ཡང་ལྗོངས་རྒྱུ་བ་ལས་མུ་སྟེགས་ཅན་རྣམས་ཤེས་ལྡན་དག་རེ་ ཞིག་ཁུག་རྟ་ཡང་དབྱར་ཟླ་བ་བཞི། རང་གི་ཚང་དུ་ཞུམ་ཞུམ་པོར་བསྐུམས་ནས་འདུག་ན། དགེ་སློང་མགོ་རེག་དག་ནི་ཁས་ལེན་པ་ཙམ་ཡང་མི་ཤེས་པས་འདི་དག་ལ་བསོད་སྙོམས་ སྦྱིན་པར་སེམས་པ་ལྟ་བུ་ཞིག་ཡོད་ཅེས་སྨོད་ཅིང་ཁ་ཟེར་བའི་སྐབས་དེ་དགེ་སློང་རྣམས་ ཀྱིས་གསོལ་བ་དང༌། བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་ངོ་དགེ་སློང་གིས་དབྱར་ གནས་པར་དམ་བཅའ་བར་བྱའོ། །ཞེས་གསུངས་ཤིང༌། མདོར་དབྱར་གནས་པར་ཁས་བླང་ བར་བྱའོ། །ཟླ་བ་གསུམ་དུའོ། །ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་ པར་བགྱིའོ། །དབྱར་ཟླ་ཐ་ཆུང་ཉའི་འོ། །ཞེས་གསུངས་པས། དབྱར་སྔ་མ་དབྱར་ཟླ་འབྲིང་ 2-1-338 པོའི་ཉ་ལ་སྦྱོར་བ་ཚུལ་འཇུག་དང༌། དེའི་ཕྱི་དེ་ཉིན་དབྱར་ཟླ་ཐ་ཆུང་གི་མར་གྱི་ཚེས་གཅིག་ ལ་ཁས་ལེན་བྱ། དབྱར་ཕྱི་མ་དབྱར་ཟླ་ཐ་ཆུང་གི་ཉ་ལ་སྦྱོར་བ། དེའི་ཕྱི་དེ་ཉིན་སྟོན་ཟླ་ར་ བའི་མར་གྱི་ཚེས་གཅིག་ལ་ཁས་ལེན་བྱའོ། །དེ་ཡང་མཛོད་འགྲེལ་བཤད་དང་བཅས་པའི་ རྗེས་སུ་འབྲངས་ཏེ། དགུན་ཉི་མར་ངོ་སྔོན་འགྲོའི་དཔྱིད་ཟླ་ར་བའི་ངོ་ལ་ཟློག་པར་གསུངས་ པ་དེ། བཅུ་གཅིག་པའི་མར་ངོ་ནས་བཅུ་གཉིས་པའི་ཉའི་བར་ལ་འབྱུང་བས་དེ་དཔྱིད་ཟླ་ ར་བ་ཡིན་ལ། དེ་ལྟར་རྩིས་པའི་ཧོར་ཟླ་བཞི་པའི་ཉས་དབྱར་ཟླ་འབྲིང་པོ་རྫོགས་ཤིང༌། དེ་ ཉིན་དབྱར་སྔ་མའི་སྦྱོར་བ་བྱའོ། །འོ་ན། འདུལ་བ་ཚིག་ལེའུར་བྱས་པ་ལས། གྲོ་བཞིན་ཟླ་ བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེ་ གཅིག་ཅེས་ནི་ཕྱི་མར་གྲགས། །ཅེས་གསུངས་པ་དང་འགལ། ཞེ་ན། དེ་ནི་ཉ་ལ་སྐར་མ་ དབོ་བྱུང་བ་དཔྱིད་ཟླ་ར་བར་བྱེད། དེའི་ངོ་ལ་དགུན་ཉི་ལྡོག་པའི་དུས་སྔ་མའི་དབང་དུ་བྱས་ པ་ཡིན་ཅིང༌། དིང་སང་ཉ་ལ་སྐར་མ་དབོ་བབ་པའི་ཚེའི་ཟླ་བ་ལ་དགུན་ཉི་དང་པོ་ལྡོག་པ་ མི་སྲི ད་ཅིང༌། དང་པོ་དྲང་སྲོང་རྔ་བོང་གིས་དུས། དབོའི་ཟླ་བ་ལ་ཉི་མ་ལྡོག་པ་ཡོད་པར་ཉི་ མའི་སྙིང་པོར་གསུངས་ལ། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །དགུན་ཟླ་ཐ་ཆུང་རང་བཞིན་ ཡང༌། །མཐར་གྱིས་ཀྱང་ནི་བརྗོད་པར་བྱ། །ལྷོ་ཡི་ཕྱོགས་སུ་ཕྱིན་ནས་ཀྱང༌། །ཉི་མ་ཡོངས་ སུ་འཁོར་བར་བྱེད། །མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། །ཉིན་པར་ཡང་ནི་བཅུ་གཉིས་ ཡིན། །རྒྱལ་ཡང་མཚན་མོ་འཐོབ་པར་བྱེད། །ཉི་མའི་མདུན་ན་མོན་གྲེ་ཡིན། །ཞེས་དང༌། ཟླ་ གྲངས་ཚེས་གཅིག་ལྔ་ལ་དབོ། །འདིར་ནི་དཔྱིད་ཟླ་ར་བ་ཡི། །རང་བཞིན་ཡང་ནི་བརྗོད་པར་ བྱ། །བྱང་ཕྱོགས་སུ་ནི་ཁ་བལྟས་ནས། །ཉི་མ་ཡོངས་སུ་འཁོར་བར་བྱེད། །ཅེས་གསུང་པས་ སོ། །གནས་ནི་མཚམས་ཀྱི་ནང་ཡིན་པ་དང༌། བདེ་བར་གནས་པའི་རྐྱེན་ཡོད་ཅིང་གཙུག་ ལག་ཁང་ལ་སོགས་པ་མཛེས་ཤིང་ཡིད་དུ་འོང་བ་གཡོགས་དང་བཅས་པར་སྔ་མ་དབྱར་ཟླ་ 2-1-339 འབྲིང་པོའི་ཚེས་བཅོ་ལྔ་ལ་གསོ་སྦྱོང་བྱས་ནས་ཁྲིམས་སུ་བཅའ་བ་དང༌། ཚུལ་ཤིང་འབྲིམ་ པ་དང༌། གནས་མལ་སྟོབ་པ་སོགས་བྱས་ཏེ། ཚེས་བཅུ་དྲུག་ལ་སྟེང་གཡོགས་དང་བཅས་ པར་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། བཙུན་པ་དགོངས་སུ་གསོལ། བདག་ དགེ་སློང་མིང་འདི་ཞེས་བགྱི་བ། ནང་མཚམས་དང་བཅས་པའི་གནས་འདིར། གནས་རལ་ བ་དང་གྲུམ་པ་ལ་སོགས་པ་བཅོས་པའི་སླད་དུ། སྦྱིན་བདག་མིང་འདི་ཞེས་བྱ་བ་དང༌། ཞལ་ ཏ་བ་མིང་འདི་ཞེས་བྱ་བ་དང༌། སྤྱོད་ཡུལ་གྱི་གྲོང་ཁྱེར་མིང་འདི་ཞེས་བྱ་བ་དང༌། བྲོ་གཡོག་ པ་མིང་འདི་ཞེས་བྱ་བ་ལ་བརྟེན་ནས་དབྱར་སྔ་མ་ཟླ་བ་གསུམ་དུ་གནས་པར་ཁས་བླང་ངོ༌། །བདག་དབྱར་འདི་ན་མཆིས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་ གསུམ་དང༌། ཐབས་ལེགས་བྱའོ། །དབྱར་ཕྱི་མ་དབྱར་ཟླ་ཐ་ཆུང་གི་ཉ་ལ་སྦྱོར་བ། དེའི་བཅུ་ དྲུག་ལ་ཁས་ལེན་བྱ་ཞིང༌། དབྱར་ཕྱི་མ་ཟླ་བ་གསུམ་དུ་ཞེས་འདོན་པ་བསྒྱུར་རོ། །ཡུལ་མེད་ ན་བསམ་པས་འགྲུབ་ཅིང༌། དམ་བཅས་པས་ཀྱང་གནས་པར་འགྱུར་ལ། ཉེས་བྱས་ཙམ་ བསྐྱེད་དོ། །དབྱར་ནང་དུ་ཆོས་ལྡན་གྱི་བྱ་བ་ལ། མཚམས་ཀྱི་ཕྱིར་འགྲོ་དགོས་ན། དབྱར་བྱིན་ གྱིས་བརླབ་པ་ནི། མཚམས་ནང་དུ་དགེ་འདུན་ཆོས་དགུ་ལྡན་གྱི་དྲུང་དུ། ཙོག་པུར་འདུག་སྟེ། བཙུན་གསོལ། བདག་མིང་འདི་ཞེས་བགྱི་བ་ནང་མཚམས་དང་བཅས་པའི་གནས་འདིར། དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། བདག་མིང་འདི་ཞེས་ བགྱི་བ་ཆོས་ལྡན་གྱི་བྱ་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་ཕྱི་རོལ་ཏུ་མཆི་བ་དང༌། དེ་ཚུན་ཆད་སླར་མཆི་བར་བྱིན་གྱིས་བརླབ་པོ། །བདག་དབྱར་འདི་ན་གནས་མཆི་ཞིང་ བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་གསུམ་དང་ཐབས་ལེགས་བྱའོ། །གལ་ ཏེ་ཞག་བདུན་ཕན་ཆོད་བཞི་བཅུ་ཚུན་ལ། ཕྱི་རོལ་ཏུ་འགྲོ་དགོས་བྱུང་ན་ཞག་བཞི་བཅུའི་ གནང་བ་གསོལ་ཏེ། དགེ་འདུན་གྱི་ཆེད་ཡིན་ན་སྤྲོ་བ་དྲིས་ཤིང་དེས་སྤྲོ་ཞེས་བྱའོ། །རང་དོན་ 2-1-340 ཡིན་ན་དྲི་མི་དགོས་སོ། །གསོལ་བ་གདབ་པ་ནི། དགེ་གསོལ། བདག་མིང་འདི་ཞེས་བགྱི་བ་ ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་པར་ ཁས་བླངས་ཏེ། བདག་དབྱར་འདི་ན་མཆིས་ཤིང༌། བདག་གི་དབྱར་གྱི་གནས་འདི་ལགས་པ་ ལས། བདག་མིང་འདི་ཞེས་བགྱི་བ། ཞག་བཞི་བཅུ་བྱིན་གྱིས་བརླབས་ཏེ། དགེ་འདུན་ནམ་ ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་ སྤྲོ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་ མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩལ་དུ་གསོལ་ཞེས་གསོལ་བ་ལན་ གསུམ་བཏབ་ནས། ལས་བྱེད་པས་དགེ་འདུན་ཐམས་ཅད་སྤྱོད་ལམ་བསྟུན་ནས་གསོལ་ བའི་ལས་ལ་ཐུགས་གཏད་པར་ཞུ། བྱས་ལ། དགེ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་ འདི། ནང་མཚམས་དང་བཅས་པའི་གནས་འདིར་དབྱར་སྔ་མའམ་ཕྱི་མ་ཟླ་བ་གསུམ་གནས་ པར་ཁས་བླངས་ཏེ། འདི་དབྱར་འདི་ན་མཆི་ཞིང༌། འདིའི་དབྱར་གྱི་གནས་འདི་ལགས་པ་ ལས། མིང་འདི་ཞེས་བྱ་བ་དགེ་འདུན་ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་ཏུ་མཆི་ བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་དགེ་འདུན་ལ་ཞག་བཞི་བཅུའི་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་ དང༌། འདི་དབྱར་འདི་ན་མཆི་ཞིང༌། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ ནམ་ཆོས་ལྡན་གྱི་ཆེད་ལ་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་ བར། མིང་འདི་ཞེས་བགྱི་བ་ལ། དགེ་འདུན་གྱིས་ཞག་བཞི་བཅུའི་གནང་བ་སྩོལ་ཏོ། །འདི་ ནི་གསོལ་བའོ། །བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ་བྱས་ལ། དགེ་གསོལ་ནས། དགེ་ འདུན་ལ་ཞག་བཞི་བཅུའི་གནང་བ་ཞེས་པའི་བར་གྱི་ཚིག་གོང་བཞིན་ལ། སྩོལ་ཏེ་དེའི་སླད་ དུ། འདི་དབྱར་འདི་ན་མཆི་ཞིང༌། འདིའི་དབྱར་གྱི་གནས་འདི་ལགས་པ་ལས། དགེ་འདུན་ 2-1-341 ནམ་ཆོས་ལྡན་གྱི་ཆེད་ལ། མཚམས་ཀྱི་ཕྱི་རོལ་ཏུ་མཆིས་པ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་ བར་མིང་འདི་ཞེས་བགྱི་བ་ལ་ཞག་བཞི་བཅུའི་གནང་བ་སྩོལ་ན། མིང་འདི་ཞེས་བགྱི་བ་ལ་ ཞག་བཞི་བཅུའི་གནང་བ་སྩལ་བར། ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་ གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་ གནང་ན་དགེ་འདུན་གྱིས། མིང་འདི་ཞེས་བགྱི་བ་ལ། ཞག་བཞི་བཅུའི་གནང་བ་སྩལ་ལགས་ ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །ཞེས་ཞག་བཞི་བཅུའི་གནང་བ་ སྦྱིན་ནོ། །དེ་གཉིས་ཆར་ལ་ཡུལ་མེད་ན་བསམ་པས་ཀྱང་འགྲུབ་གསུང་ངོ༌། ། གསུམ་པ་དགག་དབྱེའི་གླེང་གཞི་ནི། དགེ་སློང་རབ་ཏུ་མང་པོས་རི་བྲག་གཅིག་ཏུ་ཅི་ ཡང་མི་སྨྲ་བའི་ཡི་དམ་ཡང་དག་པར་བླངས་ཏེ། དབྱར་ཟླ་བ་གསུམ་གནས་ཏེ། སྟོན་པའི་ དྲུང་དུ་ཕྱག་འཚལ་དུ་འོང་པ་ན་སྟོན་པས་དབྱར་གང་དུ་གནས། གྲོགས་སུ་དང་འགྲོགས། བདེ་བར་རྒྱུས་སམ། ཞེས་བཀའ་སྩལ་པ་ལས། སྔར་གྱི་ལོ་རྒྱུས་ཞུས་པས། མི་སྨྲ་བའི་ཡི་ དམ་བཅའ་བར་མི་བྱའོ། །ཞེས་པ་དང༌། མཐོང་ཐོས་དོགས་གསུམ་གྱིས་དབྱར་གནས་པའི་ དགེ་འདུན་ལ་དགག་དབྱེ་བགྱིའོ། །ཞེས་གསུངས་སོ། །ཆོ་ག་ལ་གསུམ་ལས། སྦྱོར་བའི་ཆོ་ ག་ནི། དགག་དབྱེ་འབྱུང་པའི་ཞག་བདུན་ནས་ཟླ་ཕྱེད་ཀྱི་བར་གང་རུང་ལ་འཁོན་ཡོད་ན་ བཟོད་གསོལ་དང་གཙུག་ལག་ཁང་བརྒྱན་པ་སོགས་བྱས་ལ། ཉའི་ཉིན་པར་རྩྭ་དུར་བ་སྟ་ གོན་བྱ། དགེ་འདུན་ཐམས་ཅད་འདུས་ནས་ཕྱག་ཟིང་པོར་བྱས་ལ་འགྲེང་སྟེ་འདུད་པ་དང་ བཅས་པས་དབྱར་གྱི་ནང་དུ་ཐུགས་དང་འགལ་བ་ཐམས་ཅད་བཟོད་པར་གསོལ་ལོ། །ཞེས་ བྱས་ལ་འདུག་སྟེ། རྒྱུན་བཤགས་ནས་ཚུལ་ཁྲིམས་རྣམ་དག་གི་མདོ་འདོན་པ་ཡན་ཆད་གསོ་ སྦྱོང་བཞིན་བྱས་པའི་རྗེས་སུ། དགེ་ཚུལ་རྣམས་བཀར་ཏེ། འདུན་དག་ལེན་དགོས་ཡོད་ན་ ལེན་པ་དང༌། ལྟུང་བ་བཤགས་བསྡམ་བྱིན་བརླབས་རྣམས་དང༌། ལས་མཚམས་གཅོད་པ་ 2-1-342 {མ་}གྲུབ་ན་གསོ་སྦྱོང་གི་སྐབས་བཞིན་བྱ། གནས་ལ་བློ་མཐུན་བྱས་ལ། དངོས་གཞིའི་ཆོ་ག་ ནི་ལས་བྱེད་པས་དགེ་སློང་དགག་དབྱེ་བྱེད་པར་བསྐོ་བར་འོས་པ་ལ་སྤྲོ་བ་དྲིས་ཏེ། གསོལ་ བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའི་ལས་བྱས་ནས་དགག་དབྱེ་བྱ་བའི་ཕྱིར། གསོལ་བའི་ ལས་བྱས་པའི་རྗེས་ལ་བསྐོས་པས་རྒན་རིམ་གྱིས་རྩྭ་དུར་བར་བྲིམ་མོ། །དེ་ནས་དགེ་སློང་ གཞན་རྣམས་གསུམ་གསུམ་མན་ཆད་ཀྱིས། བསྐོས་པ་དེ་རྒན་ན་ཕྱག་བྱས། ཙོག་པུར་འདུག་ སྟེ། ཡུལ་དང་བྱེད་པ་པོའི་ལག་པས་རྩ་བཟུང༌། རྐང་པས་ཀྱང་ཅུང་ཟད་མནན་ཏེ། དགག་ དབྱེའི་ཆོ་ག་ལན་གསུམ་བརྗོད་དོ། །གནོད་པ་འབྱུང་བ་སོགས་ཀྱི་དོགས་པ་ཡོད་ན་གཉིས་ སམ་གཅིག་བརྗོད་པས་ཀྱང་འགྲུབ་པོ། །བསྐོས་པ་ཟླ་ཡོད་ན་ཕན་ཚུན་བྱེད། མེད་ན་གྲལ་ ན་གནས་པ་ལ་གོ་བར་བྱའོ། །དེ་ནས་རྩྭ་ཆུན་བགྲངས་ཏེ། དགེ་སློང་འདི་སྙེད་ཀྱིས་དགག་ དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་གོ་བར་བྱས་ནས། གཞན་རྣམས་ཀྱིས་ ཀྱང་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ། །ཞེས་བརྗོད། དེ་ནས་ བསྐོས་པས་ནད་པ་སོགས། དགག་དབྱེ་ལེན་དགོས་ཀྱི་སར་ཕྱིན་ཏེ། ལེན་པ་པོ་ལ་ཡུལ་གྱིས་ རྒན་ན་ཕྱག་བྱ། མདུན་དུ་ཙོག་པུར་འདུག་སྟེ། དགེ་གསོལ། དེང་དགེ་འདུན་གྱིས་དགག་ དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ། མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བདག་ལ། ལྟུང་བ་མཐོང་བ་དང་ཐོས་ པ་དང༌། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ དོ། །དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ལན་གསུམ་བཟླས། ལེན་པས་བག་བསྡམས་ནས་ཕྱིར་འོངས་ཏེ་འགྲེངས་བས་དགེ་འདུན་ལ་དགོངས་གསོལ་ བྱས་ལ། ཚིག་གཞན་རྣམས་གོང་དང་འདྲ་ལ། བདག་ཞེས་པ་གོང་མ་གཉིས་ཀྱི་གནས་སུ། 2-1-343 གནས་ག་གེ་མོ་ཞིག་ན། ཞེས་པ་བཞུག བདག་ཅེས་པ་ཕྱི་མ་དོར་ནས་ལན་གསུམ་བརྗོད་ དོ། །རྫས་ཀྱི་དགག་དབྱེ་ནི་ཆོ་ག་ལས་འབྱུང་བ་བཞིན་ནོ། །དེ་ན་དགེ་སློང་བཞི་ལས་མེད་ ན་དགག་དབྱེ་བྱེད་པ་བསྐོར་མི་རུང་པས་མི་བསྐོ་བར། གསོལ་བའི་ལས་དང་དགག་དབྱེ་ དངོས་གཞི་གོང་བཞིན་བྱ། དེ་མན་ཆད་དགག་དབྱེ་བྱིན་གྱིས་བརླབ་སྟེ། ཕན་ཚུན་བཙུན་ པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་ བགྱི་བས། དགག་དབྱེ་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ། བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་ འདུན་ལ་དགག་དབྱེ་བྱའོ། །ཞེས་ལན་གསུམ་བརྗོད་རེས་བྱ། གཅིག་པུ་ཡིན་ན། དངོས་ལན་ གསུམ་བརྗོད། སྦྱོར་འཇུག་གཉིས་མི་དགོས། དགག་དབྱེ་བྱིན་གྱིས་བརླབ་པའོ། །ཚོགས་ཀྱི་ དགག་དབྱེ་ནི། ཟླ་བ་ཕྱེད་དང་གཉིས་མ་སོང་གོང་ངམ། ཉ་སྟོང་མིན་པའི་དུས་སུ་འཇིགས་ པ་སོགས་ཀྱི་རྐྱེན་གྱིས་གློ་བུར་དུ་དགེ་འདུན་འགྱེས་དགོས་པ་བྱུང་ན་དགེ་སློང་རྣམས་ཕན་ ཚུན་གཅིག་ལ་གཅིག་རྒན་ན་ཕྱག་བྱས་ནས། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་ གྱི་དགག་དབྱེ་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ལ། བདག་མིང་འདི་ཞེས་བགྱི་བའི་ཡང་ དགག་དབྱེ་(བཅུ་བཞི་པའམ་བཅོ་ལྔ་པ་)ལགས་ན། བདག་མིང་འདི་ཞེས་བགྱི་བ་བདག་ལ་ མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་ ཚོགས་པའི་དགག་དབྱེ་བགྱིད་ཀྱིས་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་གདམས་སུ་ གསོལ། མན་ཆད་གཞན་དང་འདྲ་སྟེ། ལན་གསུམ་མོ། །དགེ་འདུན་ཀུན་མི་འགྱེས་ཀྱང་དགེ་ སློང་གང་རུང་རྐྱེན་དབང་གིས་འགྲོ་དགོས་ནའང་འདི་བྱར་རུང་ངོ༌། །དགག་དབྱེ་བྱས་ན་གསོ་ སྦྱོང་ཡང་དེས་འགྲུབ་སྟེ། མདོར། དགག་དབྱེ་བྱས་ན་འདི་མི་འགྲུབ་པ་མ་ཡིན་ནོ། །ཞེས་སོ། 2-1-344 །སྤྱིར་བཏང་དུ་དབྱར་སྔ་ཕྱི་གང་རུང་ཟླ་བ་གསུམ་དུ་དབྱར་གནས་པའི་སྟོན་འབྲིང་གི་ཉའམ། སྟོན་ཐའི་ཉ་ལ་དགག་དབྱེ་བྱ་ཞིང༌། དམིགས་བསལ་དུ་རྐྱེན་དབང་གིས་གསོ་སྦྱོང་གཉིས་ སམ་གསུམ་ཐལ་ནས་ཉ་ཤི་གང་རུང་ལ་དགག་དབྱེ་བྱར་རུང་སྟེ། མདོར་གལ་ཏེ་གནས་པར་ ཁས་བླངས་པ་དག་གིས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བ་ཐོས་པར་གྱུར་ན། གལ་ ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན། དགག་དབྱེ་བྱའོ། །ཞེས་སོ། །དགག་དབྱེ་ བྱིན་གྱིས་བརླབ་པ་དང༌། ཚོགས་ཀྱི་དགག་དབྱེ་ལ་སོགས་པ་ལ་དམིགས་བསལ་ལོ། ། ལྔ་པ་བདེ་བར་གནས་པའི་རྐྱེན་བརྟེན་པའི་སྒོ་ནས་བསྲུང་བ་ལ་གསུམ་སྟེ། གོས་དང་ སྨན་དང་གནས་མལ་བརྟེན་པའོ། ། དང་པོ་ལ་གསུམ་སྟེ། བག་ཡངས་དང་འབྲེལ་བ་སྲ་བརྐྱང༌། འཚོ་བའི་ཡོ་བྱད་འབྲེལ་ བ་གོས། དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞིའི་དང་པོ་ནི། སྲ་བརྐྱང་ཞེས་ཀྱང་ བྱ། བརྟན་པ་ཞེས་ཀྱང་བྱ་བ་དེ་འདིང་པའི་གནས་ནི། དབྱར་ཁས་བླངས་པའམ་འདིང་ཁར་ མཚམས་གཅིག་ཏུ་བྱས་པར་དུས་དགག་དབྱེ་ཐོན་པའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་ལ་ཡུན་སྤྱིར་ བཏང་དུ་ཟླ་བ་ལྔར་འདིང་པ་པོ་དགེ་སློང་སྡོམ་ལྡན་ཤེས་པ་དང་ས་རང་བཞིན་དུ་གནས་པ། ཆོས་གཞན་པ་མིན་པ། མཚམས་ནང་ན་གནས་པ། དབྱར་སྔ་མར་ཁས་བླངས་ནས་མ་རལ་ བས། འདིང་པའི་དངོས་པོ་དབྱར་སྔ་མའི་རྒྱུ་ལས་བྱུང་ཞིང༌། དགག་དབྱེའི་གོང་དུ་གྲུབ་པ། འདིང་པའི་ཉིན་ཡན་ལ་བཟོ་གྲུབ་པ། དགེ་འདུན་གྱི་ཡིན་པ་ཆོས་གོས་གསུམ་མམ། གསུམ་ ཕྲུགས་དུ་མ་རུང་བ་ཚད་ལྡན། འདིང་པའི་ཆོ་ག་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ། དགེ་སློང་རྣམས་རང་རང་གི་ཆོས་གོས་བྱིན་བརླབས་ཕྱུང་སྟེ། དགེ་འདུན་གྱིས་ཆོས་གོས་ འདི་ནི་དགེ་འདུན་གྱི་སྲ་བརྐྱང་དུ་འདིང་པར་འགྱུར་རོ། །ཞེས་ཚོགས་པར་སྨོས་པ་དང༌། བློ་མཐུན་པ་དང༌། བྱེད་པ་པོ་གསོལ་གཉིས་ཀྱིས་བསྐོ་བ་དང༌། གསོལ་བ་བྱས་ནས་དེ་ལ་ 2-1-345 གཏད། དེས་ཀྱང་གདིང་བར་འགྱུར་རོ་འདིང་ངོ་བཏིང་ངོ་སྙམ་དུ་བསམ་པ་གསུམ་ཚོགས་ པ་ལ་ཚེ་དང་ལྡན་པ་བདག་སྲ་བརྐྱང་འདིང་པར་འགྱུར་གྱི་ཞེས་སོགས་བརྗོད། ཆོས་གོས་ རྣམས་བཀྲུ་བ་དྲུབ་པ་ཁ་བསྒྱུར་བའི་ལས་གསུམ་བྱས་ནས་འདུ་བའི་སྐབས་རྗེས་སུ་བསྒྲུབ་ པར་བྱའོ། །དངོས་གཞི་བསྐོས་པའི་དགེ་སློང་དེས་སྲ་བརྐྱང་འདིང་པའི་སྔགས་ལན་གསུམ་ བརྗོད་དོ། །རྗེས་དེས་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་ལན་གསུམ་གསུམ་ གོ་བར་བྱའོ། །སྲ་བརྐྱང་དབྱུང་བ་ནི་སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང༌། བསྐོས་ པའི་དགེ་སློང་མཚམས་གཞན་དུ་སྐྱ་རེངས་ཤར་བ་དང༌། མཚམས་དེར་གཏོགས་པའི་དགེ་ འདུན་ཐམས་ཅད་མཚམས་ཁོངས་སུ་མ་གཏོགས་པ་ཆད་པ་སོགས་རང་འཇུག་བྲལ་དང༌། ལས་ཀྱི་ཆོ་གས་བྱིན་བརླབས་ཕྱུང་བ་བཅོས་མས་དབྱུང་བ་གཉིས་སོ། །བཏིང་བའི་ཕན་ཡོན་ ནི། འཆང་བྲལ་འཇོག་གསུམ་གྱི་ཉེས་པ་ཁེགས་པ་དང༌། ཡང་ཡང་ཟ་བ་དང་འདུས་ཤིང་ཟ་ བ་དང༌། མ་སྨྲས་པར་གྲོང་དུ་འགྲོ་བ་དང༌། གོས་སློང་བ་ལ་ཡང་ཉེས་པ་མེད་ལ་འདིང་པ་ལ་ གཏོགས་པའི་དགེ་སློང་ཡུལ་གཞན་ན་འདུག་ཀྱང་སྲ་བརྐྱང་དང་འབྲེལ་བའི་རྙེད་པ་ཐུན་མོང་ དུ་དབང་བ་སོགས་སོ། ། གཉིས་པ་གོས་གཞི་དངོས་ལ་བཅུ་སྟེ། གོས་སྒྲུབ་ལུགས། དབྱེ་བ། སོ་སོའི་མཚན་ཉིད། བྱིན་བརླབས་ཀྱི་ཆོ་ག བྱིན་བརླབས་འཇིག་པའི་རྒྱུ། བཅང་བའི་བསམ་པ། ལོངས་སྤྱོད་ པའི་གང་ཟག ལོངས་སྤྱོད་པའི་ཆོ་ག དགོས་པ། མཇུག་ཏུ་ཇི་ལྟར་བྱ་བའོ། །དང་པོ་ལ། དྲ་ བ། དྲུབ་པ། བཀྲུ་བ། ཁ་བསྒྱུར་ཚུལ་རྣམས་གཞུང་བཞིན་ནོ། ། གཉིས་པ་དབྱེ་བ་ལ། འཚོ་བའི། མཁོ་བའི། ལྷག་པའི་ཡོ་བྱད་དང་གསུམ་མོ། །དང་པོ་ ལ། འཚོ་བའི་ཡོ་བྱད་དངོས་དང༌། ཡོ་བྱད་ཀྱི་གོས་གཉིས་ཀྱི། དང་པོ་ལ་བཅུ་གསུམ་སྟེ། སྣམ་ སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་ 2-1-346 གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་བཟེད། གདིང་བ། དབྱར་གྱི་ གོས་རས་ཆེན་ནོ། །གཉིས་པ། ཡོད་བྱད་ཀྱི་གོས་ནི་སྟན་ལ་སོགས་པའོ། ། གསུམ་པ། སོ་སོའི་མཚན་ཉིད་ལ་གསུམ་ལས། འཚོ་བའི་ཡོ་བྱད་ནི། རྒྱུ་རུང་བ་རས་ བལ་སོགས་ཧ་ཅང་རྒྱུ་ངན་པ་མིན་པ་དང༌། དཔག་བསམ་ཤིང་ལས་བྱུང་པ་སོགས་ཧ་ཅང་ རྒྱུ་བཟང་བ་མིན་པ། སྲི ན་བལ་དང་དར་སོགས་རྒྱུ་རུང་བ་བདུན་པོ་རྣམས་ལས་གྲུབ་པ། ཁ་ དོག་ངུར་སྨྲིག་དང༌། སྔོན་པོ་དང་བཙག་གིས་བསྒྱུར་བ། དབྱིབས་སྤུ་ཅན་དང༌། ལུག་རུ་ འཁྱིལ་པ་ལྟ་བུ་སོགས་མིན་པ་མ་བཀག་ཅིང་གནང་བའོ། །ཚད་ཆོས་གོས་གསུམ་དང་ཤམ་ ཐབས་ཀྱི་ཚད་འབྲལ་སྤང་གི་སྐབས་སུ་བཤད་ཟིན། ཤམ་ཐབས་ཀྱི་གཟན་ནི་ཤམ་ཐབས་ དང་མཉམ་ལ། གདོང་ཕྱིས་ཁྲུ་གང་པ། རྣག་གཟན་བླ་གོས་དང་མཉམ། གཡན་དགབ་སྲི ད་ དུ་ཁྲུ་དྲུག་དང༌། ཞེང་དུ་ཁྲུ་གསུམ་མོ། །སྐྲ་བཟེད། ཞེང་དུ་ཕྱེད་དང་གཉིས་ཁྲུ་ལ། །སྲི ད་དུ་ཁྲུ་ ནི་གསུམ་ཡིན་ནོ། །རྔུལ་གཟན་དང༌། རྔུལ་གཟན་གྱི་གཟན་བླ་གོས་དང་མཉམ་ལ། གདིང་ བ་སྲི ད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་སོར་དྲུག རས་ཆེན་སྲིད་དུ་ཁྲུ་དགུ ཞེང་དུ་ཁྲུ་གསུམ་དང་ སོར་བཅོ་བརྒྱད་དོ། །འཚོ་བའི་ཡོ་བྱད་ནི། རེ་རེ་གནང་གི་གཉིས་པ་མ་གནང་ཞིང༌། སོ་སོར་ རང་མིང་གིས་བྱིན་གྱིས་བརླབ་དགོས་སོ། ། གཉིས་པ་མཁོ་བའི་ཡོ་བྱད་ནི། ཚད་ཁྲུ་གང་ཡར་བཅད་ཡིན་པ་དང༌། མ་ངེས་པ་དང༌། རང་གཞན་ཐུན་མོང་གི་མིང་གིས་བྱིན་གྱིས་བརླབ་དགོས་པའོ། །ལྷག་པའི་ཡོ་བྱད་ནི། བྱིན་ གྱིས་བརླབ་བྱ་གཉིས་ལས་ལྷག་པ་གཞན་ཁོ་ནའི་མིང་གིས་བྱིན་གྱིས་བརླབ་དགོས་པའམ། གཞན་ལ་ཡིད་བརྟན་ཏེ་བཅང་པའོ། ། བཞི་པ་བྱིན་གྱིས་བརླབས་པའི་ཆོ་ག་ནི་བཞི་ལས། འཚོ་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ ནི། དགེ་སློང་ཆོས་ལྔ་ལྡན་གྱི་མདུན་དུ་ལྷམ་ཕུད་རྒན་ན་ཕྱག་བྱས་ལ་འགྲེང་སྟེ། གཉིས་ཀས་ 2-1-347 ལག་པས་སྣམ་སྦྱར་བཟུང་སྟེ། བཙུན་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་ གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་ པོ། །ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །རྐྱེན་དབང་གིས་བྱིན་གྱིས་བརླབ་ན། དགོངས་གསོལ་ཡན་འདྲ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་ཆོས་གོས་ སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། ཞེས་པ་གསུམ་དང༌། ཐབས་ལེགས་བྱའོ། །བླ་གོས་སོགས་ འཚོ་བའི་ཡོ་བྱད་གཞན་རྣམས་ཀྱང་བྱིན་བརླབས་དེ་གཉིས་ཀ་ལ་སྣམ་སྦྱར་ཞེས་པའི་ཐད་དུ་ བླ་གོས་ཞེས་སོགས་འདོན་པ་བསྒྱུར་རོ། །ཡོ་བྱད་ཀྱི་གོས་སྟན་སོགས་བྱིན་གྱིས་བརླབ་ན། དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་གོས་འདི་ཡོ་བྱད་ཀྱི་གོས་སྟན་དུ་བྱིན་གྱིས་ བརླབ་པོ། །ཞེས་སོ། །སྐ་རགས་སོགས་ལའང་འདོན་པ་བསྒྱུར་རོ། །ཡང་ན་སྦྱིན་བདག་ལ་ ཡིད་བརྟན་ཏེ་བཅང་པར་བྱའོ། ། གཉིས་པ་མཁོ་བའི་ཡོ་བྱད་བྱིན་བརླབས་ནི། དགོངས་གསོལ། གོས་འདི་བདག་དང་ ཚངས་པར་མཚུངས་པར་སྤྱོད་པའི་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་པོ། །ཞེས་པ་ གསུམ་དང༌། ཐབས་ལེགས་བྱའོ། ། གསུམ་པ་ལྷག་པའི་ཡོ་བྱད་བྱིན་བརླབས་ནི། ཆོས་གོས་ལྷག་པོ་ཡོད་ན། དགོངས་ གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་ལྷག་པ་རུང་བར་མ་བགྱིས་པ་རུང་ བར་བགྱི་བར་འོས་པ་འདི་མཁན་པོའི་ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་ བརྟན་ཏེ་བཅང་བར་བགྱིའོ། །ཞེས་ལན་གསུམ་བཟླས། ཐབས་ལེགས་སོ། །ཡང་ན་དགེ་ སློང་ཆོས་གསུམ་ལྡན་ལ་ཡིད་བརྟན་པར་བྱའོ། ། ལྔ་པ་བྱིན་བརླབས་འཇིག་པའི་རྒྱུ་ནི། དགེ་སློང་ལས་ཉམས་པ་དང༌། སྤངས་པ་དང༌། བསྔོས་པ་དང༌། ཕྲོགས་པ་དང༌། བརླག་པ་དང༌། ཕྱུང་པ་དང༌། ཡིད་བརྟན་པ་ནི། ཤི་བ་ལ་ཤི་ 2-1-348 བར་ཤེས་པས་འཇིག་གོ། དྲུག་པ་བཅང་བའི་བསམ་པ་ནི། སྣམ་སྦྱར་ནི་མུ་སྟེགས་དང་མ་རྫོགས་པ་ལས་ཁྱད་ པར་དུ་བྱ་བའི་ཕྱིར་བཅང་སྙམ་པ་དང༌། བླ་གོས་མཐང་གོས་ནི་སྟོད་སྨད་གཅེར་བུ་སྤང་སྙམ་ པའི་བསམ་པ་དང༌། ཡོ་བྱད་ཐམས་ཅད་མི་རྟག་པས་ཉེན་པའི་བསམ་པས་བཅང་བར་བྱའོ། །མཁོ་བའི་ཡོ་བྱད་ནི། དཀོན་མཆོག་མཆོད་པའམ། ཆོས་ཕྱིར་ལུས་གསོ་བའི་དོན་དུ་སྙམ་པ་ དང༌། ལྷག་པའི་ཡོ་བྱད་ནི། གོས་གཉིས་པ་ལྟ་བུ་མཁན་པོ་སོགས་གཞན་གྱི་ཡིན་བསམ་པའི་ བསམ་པས་བཅང་ངོ༌། །ཁྲུ་གང་དུ་མ་ལོངས་པའི་ཕྲན་ཚེགས་ཐམས་ཅད་ལ་སེམས་ཀྱིས་ བརྟག་པར་བྱའོ། ། བདུན་པ་ལོངས་སྤྱོད་པའི་གང་ཟག་ནི། སྤྱིར་རབ་ཏུ་བྱུང་པ་ཚུལ་ཁྲིམས་དང་ལྡན་པས་ བཅང་ཞིང་སྣམ་སྦྱར་ནི་དགེ་སློང་གིས་སོ། ། བརྒྱད་པ་ལོངས་སྤྱོད་པའི་ཆོ་ག་ནི། ཆུད་ཟ་བ་དང་མ་གུས་པ་དང༌། སྟོད་གཡོགས་སྨད་ དུ་བསྒོ་བ་ལ་སོགས་པ་དང༌། རྟགས་གཞན་དུ་འགྱུར་བ་ལ་སོགས་པ་སྤངས་ཏེ་བཅང་བར་ བྱའོ། ། དགུ་པ་བྱིན་གྱིས་བརླབས་པའི་དགོས་པ་ནི། དངོས་སུ་གོས་ལྷག་པོ་བཅངས་པའི་ལྟུང་ བ་མི་འབྱུང་ཞིང་བརྒྱུད་ནས་མངོན་ཞེན་དང་བྲལ་བའི་ཕན་ཡོན་འབྱུང་ངོ༌། ། བཅུ་པ་མཇུག་ཏུ་ཇི་ལྟར་སྒྲུབ་པ་ནི། རྙིངས་ཤིང་ཟད་ན་ལྷན་པས་བླན་པ་དང་ཟུངས་ གདབ་པ་དང༌། རལ་ན་བཙེམ་པ་ལ་སོགས་པས་བཅོས་པར་བྱའོ། །བཅོས་སུ་མི་རུང་བར་ གྱུར་ནས་སྦྱིན་བདག་གི་བསོད་ནམས་སྤེལ་བ་ལ་སོགས་པའི་ཆེད་དུ། ས་དང་ལྕི་བ་སོགས་ དང་བསྲེས་ནས་གཙུག་ལག་ཁང་ངམ་མཆོད་རྟེན་གྱི་སེར་ཁ་ལ་གླན་པ་ལྟ་བུ་བྱའོ། ། གསུམ་པ་ཀོ་ལྤགས་ཀྱི་གཞིའི་དབུས་དང་མཐའ་འཁོབ་ཀྱི་དབྱེ་བ་ནི་རབ་བྱུང་གཞིར་ 2-1-349 བཤད་ཟིན་ལ། མཐའ་འཁོབ་ཏུ་མཆིལ་ལྷམ་དང་ཀོ་ལྤགས་བརྟེན་དུ་རུང་ཞིང༌། དེའི་ཁྱད་ པར་ཁྲ་བོ་དང་གསེར་སོགས་ཀྱིས་སྤྲས་པ་དང༌། སྒྲ་སྒྲོག་པའི་མཆིལ་ལྷམ་མི་རུང་ཞིང༌། གླང་ པོ་ཆེ་དང་སྟག་སེང་གེ་རྟ་བོང་སོགས་ཀྱི་ཀོ་ལྤགས་མི་རུང་ངོ༌། ། གཉིས་པ་བདེ་བར་གནས་པའི་རྐྱེན་སྨན་ལ་སྨན་དངོས་གང་ཟག་གང་གིས་ལོངས་སྤྱོད་ པ། རུང་ཁང་ཇི་ལྟར་ཤེས་བྱ་བ་དང་གསུམ་གྱི་དང་པོ་སྨན་དངོས་ལ་བདུན། དབྱེ་བ། ངོ་བོ། མཚན་ཉིད། མིང་འདོགས་པའི་རྒྱུ། དགོས་པ། བསྟེན་ཚུལ། བྱིན་གྱིས་བརླབ་ཚུལ་ལོ། །དང་ པོ་ལ། དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། ཞག་བདུན་པ་དང༌། འཚོ་བའི་བར་དུ་ བཅང་བའོ། ། གཉིས་པ་ལ། དུས་རུང་ནི། བཟའ་བ་ལྔ་དང་བཅའ་བ་ལྔ་སོགས་སྐྱ་རེངས་ཤར་ནས་ གུང་ཚིགས་ཚུན་ཆད་བསྟེན་དུ་རུང་བའོ། །ཐུན་ཚོད་རུང་བ་ནི། ཙེ་ཙ་དང༌། ཆུ་ཤིང་གི་འབྲས་ བུ། རྒྱ་ཤུག ཨ་ཤྭ་ཐ། ཨུ་དུམ་ཝ་ར། བ་རུ་ཤ་ཀ རྒུན་ཆུ། འབྲ་གོའི་བཏུང་བ་སོགས་དང༌། བཅོས་པའི་ཚ་དང༌། འབྲུའི་ཚ། ཞོ་ཁ་ཆུ། དར་བའི་དངས་མ། རྩབ་མོ་རོང་ཆུས་བཏབ་པ། ཚགས་ཀྱིས་བཙགས་པ། ཤིན་ཏུ་སླ་བ། བཞིན་སྣང་བ། འདམ་བུ་ཉག་མའི་མདོག་ལྟ་བུའི་ བཏུང་བ། དེ་རྣམས་བྱིན་གྱིས་མ་བརླབས་པ་ནི་ཐམས་ཅད་ཀྱིས་བཏུང་དུ་རུང་ཞིང༌། བྱིན་ གྱིས་བརླབས་པ་ནི་ནད་པས་བཏུང་བར་བྱའོ། །རྒྱུ་དུས་རུང་ཡིན་ན། དེ་སྔ་དྲོ་ནས་མཚན་ མོའི་ཐུན་དང་པོ་དམར་ཐག་ཆོད་ཀྱི་བར་དུ་བསྟེན་དུ་རུང་ངོ༌། །ཞག་བདུན་པ་ནི། ཞུན་མར་ དང༌། འབྲུ་མར་དང༌། སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་ལྟ་བུ། མར་དཀར་ཞག་བདུན་པ་ཡིན་ མིན་དུ་འདོད་ལུགས་གཉིས་སོ། །དེ་དག་བྱིན་གྱིས་མ་བརླབས་པ་དུས་ཐམས་ཅད་དུ་ཐམས་ ཅད་ཀྱིས་བསྟེན་དུ་རུང་ཞིང༌། བྱིན་གྱིས་བརླབས་པ་ནད་པ་དང༌། ལམ་དུ་ཞུགས་པ། དགེ་ བསྐོས། ལག་གི་བླ་རྣམས་ཀྱིས་བསྟེན་དུ་རུང་ལ། གཞན་གྱིས་མི་རུང་ངོ༌། །ཞག་བདུན་པ་ 2-1-350 དང༌། འཚོ་བའི་བར་དུ་བཅང་པ་ལས་བྱུང་པའི་ཐུན་ཚོད་དུ་རུང་བ་བྱིན་གྱིས་མ་བརླབས་པ་ དུས་ཐམས་ཅད་དུ་རུང་ཞིང༌། བྱིན་གྱིས་བརླབ་པའི་དུས་ནི་རྒྱུ་དང་མཚུངས་སོ། །འཚོ་བའི་ བར་དུ་བཅང་བ་ནི། རྩ་བ་དང་སྡོང་བུ་དང་མེ་ཏོག་དང་འདབ་མ་དང་འབྲས་བུའི་སྨན་ཏེ། ཨར་བར་སྐྱུར་གསུམ་ལ་སོགས་པ་དང༌། ཚ་བ་ལྔ་དང་འགྱུར་བྱེད་ལྔ་ལ་སོགས་པའོ། ། གསུམ་པ་ལ། དུས་རུང་གི་མཚན་ཉིད་བཀྲེས་པ་སེལ་བ་གཙོ་བོར་གྱུར་ཅིང་སྤྱིར་བཏང་ དུ་ཕྱི་དྲོ་མི་རུང་པའོ། །ཐུན་ཚོད་དུ་རུང་བའི་མཚན་ཉིད་རབ་བྱུང་ལ་གནང་ཞིང༌། སྐོམ་པ་ སེལ་བ་ལ་གཙོ་བོར་གྱུར་པའི་བཏུང་བའོ། །ཞག་བདུན་པའི་མཚན་ཉིད་བཀྲེས་པ་དང་ནད་ སེལ་བ་ལ་གཙོ་བོར་གྱུར་ཅིང༌། བྱིན་གྱིས་མ་བརླབས་ན་དུས་ཐམས་ཅད་དུ་རུང་ཞིང༌། ཞག་ བདུན་ལས་འདས་པར་བྱིན་གྱིས་མི་རློབ་པའོ། །འཚོ་བའི་བར་དུ་བཅང་བའི་མཚན་ཉིད། ནད་སེལ་བ་ལ་གཙོ་བོར་གྱུར་ཅིང༌། ནད་ཞི་བའི་མཐའ་ཚུན་ཆད་དུ་བཅང་དུ་རུང་བའོ། ། བཞི་པ་ནི། སྔ་དྲོའི་དུས་ཁོ་ནར་རུང་བས་དུས་རུང༌། ཐུན་ཚོད་ཀྱི་མཐར་རུང་བས་ཐུན་ ཚོད་དུ་རུང་བ་བྱིན་གྱིས་བརླབས་ན་ཞག་བདུན་ཁོ་ནར་རུང་བས་ཞག་བདུན་པ། [ནད་སོས་ ཀྱི་བར་དུ་རུང་བས་ཞག་བདུན་པ།] ནད་སོས་ཀྱི་བར་དུ་རུང་བས་འཚོའི་བར་དུ་བཅང་བའོ། ། ལྔ་པ་དགོས་པ་ནི། བཀྲེས་པ་སེལ་བ་སོགས་གོང་བཞིན་ནོ། །དྲུག་པ་ནི། མིག་སྨན་ དང་དོམ་ལྤགས་སོགས་ལུས་ཀྱིས་བསྟེན་པ་དང༌། དུས་རུང་དུས་མིན་པར་ཡང་བསྟེན་པ་ དང༌། དུས་མིན་པར་རུང་བ་བྱིན་གྱིས་བརླབས་པའི་མཐའ་ཚུན་ཆད་དུ་བསྟེན་པ་ལ་སོགས་ པའོ། །མི་ན་བས་དུས་རུང་དུས་དེ་ཉིད་དུ་བསྟེན་པ་དང༌། དུས་མིན་པར་རུང་བ་བྱིན་གྱིས་མ་ བརླབས་པ་དུས་ཐམས་ཅད་དུ་བསྟེན་དུ་རུང་ངོ༌། ། བདུན་པ། སྨན་བྱིན་གྱིས་བརླབ་ཚུལ་ནི། ཐུན་ཚོད་དུ་རུང་བ་ལ་སྔ་དྲོ་རུང་ཆུ་གཏོར། 2-1-351 བྱིན་ལེན་བྱས་ནས་ཡུལ་དང་གཉིས་ཀ་འགྲེང་སྟེ། ལག་པ་གཡོན་དུ་བཞག གཡས་པས་ བཀབ་ནས་དགོངས་གསོལ། བདག་མི་འདི་ཞེས་བགྱི་བའི་ཐུན་ཚོད་དུ་རུང་བའི་སྨན་འདི་ བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་ བརླབ་པོ། །ཞེས་པ་གསུམ་དང༌། ཐབས་ལེགས་བྱའོ། །ཞག་བདུན་པ་དང་འཚོ་བའི་བར་དུ་ བཅང་པ་ལ་ཡང་དེ་བཞིན་ནོ། །ལྷག་པ་བྱིན་གྱིས་བརླབ་ན་དགོངས་གསོལ། བདག་མིང་འདི་ ཞེས་བགྱི་བའི་སྨན་ལྷག་པ་རུང་བ་མ་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོའི་ ལགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བགྱིའོ། །རྐྱེན་ཇི་ལྟ་བ་ བཞིན་དུ་བཅང་བར་བགྱིའོ། །ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །བྱིན་བརླབས་ དབྱུང་བ་ནི། དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་སྨན་འདི་གང་གི་ཚེ་ཐུན་ཚོད་ དུ་རུང་བར་བྱིན་གྱིས་བརླབས་པ་ལ། དེ་ལྟ་བས་ན་དངོས་པོ་དེ་ཉིད་སླར་དབྱུང་བར་བགྱིའོ། །ཞེས་ལན་གསུམ་ཐབས་ལེགས་བྱའོ། །གཞན་གྱི་ཡིན་ན་ནི་མིང་བརྗེའོ། །ལྷག་པའི་དབྱུང་ བ་ནི། དགོངས་གསོལ། བདག་མིང་འདི་ཞེས་བགྱི་བའི་སྨན་ལྷག་པ་འདི་གང་གི་ཚེ། མཁན་ པོའི་ལགས་པར་རུང་བར་བགྱིས་པ་ལས། དེ་ལྟ་བས་ན་དངོས་པོ་དེ་ཉིད་སླར་དབྱུང་བར་ བགྱིའོ། །ཞེས་ལན་གསུམ་དང༌། ཐབས་ལེགས་བྱའོ། །བྱིན་བརླབས་འཇིག་པའི་རྒྱུ་ནི། བྱིན་ ལེན་ཞིག་པ་དང༌། རོ་འགྱུར་བ། ཆོ་གས་ཕྱུང་བ་དང༌། རང་རང་གི་དུས་འདས་པའོ། ། གཉིས་པ་གང་ཟག་གང་གིས་ལོངས་སྤྱོད་པ་ནི། སྤྱིར་བཏང་དུ་རབ་བྱུང་ཚུལ་ཁྲིམས་ རྣམ་དག་དང་ལྡན་པ་མྱ་ངན་ལས་འདས་པའི་བསམ་པ་ཅན་གྱིས་བཅང་ཞིང༌། དམིགས་ བསལ། ཕ་མ་དང་སློང་བ་སོགས་ལ་སྦྱིན་ནོ། །སྨན་གྱི་སྣོད་ལྷུང་བཟེད་བྱིན་གྱིས་བརླབ་པ་ ནི། ཡུལ་དང་གཉིས་ཀ་འགྲེང་སྟེ། གཉིས་ཀའི་ལག་པ་གཡོན་པར་ལྷུང་བཟེད་བཞག ལག་ པ་གཡས་པ་གཉིས་ཀ་སྟེང་ནས་བཀབ་ནས། བཙུན་གསོལ། བདག་དགེ་སློང་མིང་འདི་ 2-1-352 ཞེས་བགྱི་བའི་ལྷུང་བཟེད། ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་དུ་ བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་བརྗོད། ཐབས་ལེགས་བྱའོ། །ལྷུང་བཟེད་མཁོ་བའི་ ཡོ་བྱད་དང༌། ལྷག་པའི་ཡོ་བྱད་དུ་བྱིན་གྱིས་རློབ་པ་ནི་གོས་དང་འདྲའོ། །དབྱུང་པ་ནི་ལག་ པ་གཡས་པས་ཁ་ནས་བཀབ་པ་བཏང་སྟེ། ཁ་ནས་བཟུང་ལ་དགོངས་སུ་གསོལ། བདག་ དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་ བསླང་བའི་སྣོད་དུ་བྱིན་གྱིས་བརླབས་པ་ལས། རྐྱེན་དེ་ལྟ་བས་ན། དངོས་པོ་དེ་སླར་དབྱུང་ པར་བགྱིའོ། །ཞེས་ལན་གསུམ་བཟླས། ཐབས་ལེགས་བྱའོ། ། གསུམ་པ་སྨན་བཞག་པའི་གནས་རུང་ཁང་བྱིན་བརླབས་ལ། གནས་སྒོ་ཁང་ལ་སོགས་ པ་ཀུན་ལ་མཁོ་བ་དང༌། ཤིང་དྲུང་དང་གླང་པོ་ཆེའི་ར་བ་སོགས་མིན་པ། རང་ངམ་རང་དང་ འདྲ་བའི་གནས་ཉེ་འཁོར་དང་བཅས་ཤིང་བླ་གབ་ཅན་སྲ་བ། སྔར་རུང་ཁང་དུ་བྱིན་གྱིས་མ་ བརླབས་པར་རྟེན་དགེ་འདུན་ནམ། ལག་གི་བླ་ལ་སོགས་པའི་གང་ཟག་གི་དོན་དུ་བྱིན་གྱིས་ བརླབ་པ་ལ་བཞི་སྟེ། རྡོ་བཏེག་པའི་མཐའ་ལས་བྱུང་པ་ནི། དང་པོ་སོ་ཕག་འགྲེམས་པའི་ དུས་སུ་ལག་གི་བླས་སམ་གྲོགས་དང་བཅས་པས་འདུག་པའི་སྤྱོད་ལམ་གྱིས། གཞི་འདི་ནི་ དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ། །སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུའང་ བརྗོད་པར་བྱའོ། །ཕྱིས་ལས་གསར་པ་དང་བཅས་པའི་དུས་སུ་བྱིན་གྱིས་བརླབ་པ་ནི། དུས་ དེར་དགེ་སློང་རབ་ཏུ་མང་པོ་དག་གིས་འདུག་ལ། ཅིག་ཆར་དུ། ཚེ་དང་ལྡན་པ་དག གཞི་ འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་བསྡུས་ཤིག ཅེས་བརྗོད་པར་ བྱའོ། །དགེ་སློང་གནས་པ་དང་མ་བྲལ་བའི་དུས་སུ་བྱིན་གྱིས་བརླབ་པ་ནི། ལས་མཁན་གྱིས། དགེ་འདུན་ཐམས་ཅད་འདུག་ཅིང༌། མཐུན་པར་གྱུར་ནས། དགེ་གསོལ། གནས་ཐམས་ ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་ 2-1-353 གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་མཛད་ན། གལ་ཏེ་ དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ། ནང་མཚམས་དང༌། ཕྱི་རོལ་ཉེ་ འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་མཛད་ དོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །གནས་ཐམས་ ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་ བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་མཛད་དེ། དེའི་སླད་དུ་དགེ་ འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་ རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་ པར་བགྱི་ན། ཚེ་དང་ལྡན་པ་གང་དག གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་ རུང་བའི་ཁང་པར་བློ་མཐུན་པར་མཛད་པ་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་ དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་ འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱིར་ རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བློ་མཐུན་པར་ བགྱི་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་དོ། །གྲུབ་ པ། བགྱིས་པ། ལགས་པ་གསུམ་པོ། སྐབས་སུ་གང་བབ་བརྗོད་ཀྱི། གསུམ་ཀ་བརྗོད་པ་མ་ ཡིན་ནོ། །གང་ཟག་གིས་ཀྱང་གཅིག་པུའམ་གྲོགས་དང་བཅས་པས་བྱིན་གྱིས་བརླབ་པར་བྱ་ སྟེ། འདུག་ལ་འདི་སྐད་ཅེས། བདག་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ཡིན་ནོ། །ཇི་ལྟར་ སངས་རྒྱས་བཅོམ་ལྡན་འདས་མཁྱེན་པ་དང་ལྡན་པ་གཟིགས་པ་དང་ལྡན་པ་རྣམས་ཀྱིས་ 2-1-354 རུང་བའི་ཁང་པ་དང༌། ཟས་ཀྱི་ཁང་པར་སྤྱོད་པ་ན། མཁྱེན་ཅིང་གཟིགས་པ་དང་ལྡན་པ་དེ་ ལྟ་བུ་འདི་བདག་གི་ཕྱིར་ཉེ་བར་འཇོག་གོ།དེ་བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་ པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་ཞིང༌། ཚིག་ཏུ་ཡང་བརྗོད་པར་བྱའོ། །རེ་ཞིག་ཤེས་ པ་ཆུང་ངུས་བྱིན་གྱིས་བརླབས་པ་ཡིན་ཟེར་རོ། །བདག་ནི་བསླབ་པ་རྣམས་ལ་མི་གུས་པ་ མིན་ནོ། །འཇུག་པ་ཞན་པ་རང་དབང་མེད་པ་རྣམས་ཀྱི་རྗེས་སུ་མཐུན་པ་དང༌། བསླབ་པ་ རྗེས་སུ་བསྲུང་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ཙམ་དུ་གཞི་རུང་བ་གང་ཅུང་ ཟད་བཅས་སོ། །བདག་ནི་རང་དབང་མེད་པ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དག་གིས་རུང་བའི་ཁང་པ་དང༌། ཟས་ཀྱི་ ཁང་པར་ཡོངས་སུ་སྤྱད་ན། མཁྱེན་ཅིང་གཟིགས་པ་དང་ལྡན་པ་འདི་བདག་གི་ཕྱིར་དྲན་པ་ ཉེ་བར་འཇོག་གོ། །བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་པར་གྱུར་ཅིག ཅེས་སེམས་ བསྐྱེད་པར་བྱ་ཞིང་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། འདི་འཇུག་པ་ཞན་པས་བྱིན་གྱིས་བརླབ་ པའོ། །གནས་པའི་ཕྱིར་འོངས་པས་བྱིན་གྱིས་བརླབ་པ་ནི། ཇི་སྙེད་ཀྱིས་ཕྱིན་པ་རྣམས་ཀྱིས་ ངལ་གསོ་བ་དང་རྫས་བཞག་པ་ལ་སོགས་མ་བྱས་པར་ཐམས་ཅད་ཀྱིས་འདུག་ལ། ཚེ་དང་ ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ། །ཞེས་གཅིག་ཆར་ ཚིག་མཐུན་པས་ཀྱང་བརྗོད་པར་བྱའོ། །འདི་དག་ནི་རུང་བའི་ཁང་པར་བྱིན་གྱིས་བརླབ་ པའོ། །ཞེས་བརྗོད་དོ། །དེ་དག་ཐམས་ཅད་ནི་ལས་ལ་རག་ལས་ཤིང༌། ལས་ལ་རྣམ་པ་མང་ ཡང་ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཉེ་བར་མཁོ་བའི་ལས་རྣམས་བསྡུས་ན་བརྒྱ་རྩ་གཅིག་ སྟེ། གཏམ་གྱི་གཞི་ལས། བཙུན་པ་ལས་དག་ཏུ་མཆིས། ཉེ་བ་འཁོར་བརྒྱ་རྩ་གཅིག་གོ །བཙུན་པ་ལས་དུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བ་འཁོར་གསུམ་གྱིས་ཏེ། གསུམ་ གང་ཞེ་ན། གསོལ་བའི་ལས་དང༌། གསོལ་བ་གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ 2-1-355 ལས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པོ་དེ་དག་ལ་གསོལ་བའི་ལས་དག་ནི་དུ། གསོལ་བ་ དང་གཉིས་ཀྱི་ལས་དག་ནི་དུ། གསོལ་བ་དང་བཞིའི་ལས་དག་ནི་དུ་མཆིས། བཀའ་སྩལ་པ། ཉེ་བ་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་ རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུ་ཞེས་གསུངས་པ་རྣམས་ཏེ། རྒྱས་པར་མ་ སྤྲོས་སོ། ། གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཐབས་ལ། ལྟུང་བ་ཕྱིར་བཅོས་པ་དང༌། རྩོད་པ་ ཕྱིར་བཅོས་པ་གཉིས་ལས། དང་པོ་ལ། རང་མི་སྤྲོ་ན་ནན་ཏུར་གྱི་སྒོ་ནས་ཕྱིར་བཅོས་པ་དང༌། སྤྲོ་ན་མཐོལ་བཤགས་སོགས་ཀྱི་སྒོ་ནས་ཕྱིར་བཅོས་པ་དང་གཉིས་ཀྱི། དང་པོ་ལ་སྤྱིར་དགེ་སློང་ཕ་མའི་དབང་དུ་བྱས་ན། བསྡིགས། སྨད། བསྐྲད་པ། ཕྱིར་ འགྱེད་བཞི། གནས་ནས་ཕྱུང་བ་བདུན། གསོ་སྦྱོང་བཞག་པ་དང༌། དགག་དབྱེ་བཞག་པ་ དང་བཅུ་གསུམ་ཡིན་ལ། གནས་ཕྱུང་བདུན་གཅིག་ཏུ་བསྡུས་ན། ནན་ཏུར་བདུན་ཡིན་ནོ། །བསླབ་པ་བྱིན་པ་ལ་ཡང་དེ་དང་འདྲའོ། །དགེ་ཚུལ་ཕ་མ་ལ་སྨད་པ་མ་གཏོགས་པ་བཅུ་ གཉིས་ཡིན་ཏེ། གནས་ཕྱུང་དང་སྙིལ་བ་དོན་གཅིག་པའི་ཕྱིར་རོ། །ཁྱིམ་པ་ལ་ལྷུང་བཟེད་ ཁ་དབུབ་ཁོ་ན་དང༌། སྤྱིར་ནན་ཏུར་བཅོ་ལྔ། གནས་དབྱུང་བདུན་ནི། མ་མཐོང་བ་གནས་ ནས་དབྱུང་བ་དང༌། ཕྱིར་མི་འཆོས་པ། སྡིག་ལྟ་མི་གཏོང་བ། འཐབ་ཁྲོལ་བྱེད་པ། རྣམ་པར་ གཏན་ལ་འབེབས་པ་ལས་གྱུར་པ། ཉེ་བར་མ་ཞི་བ། འཐབ་ཁྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ། དགེ་སློང་མ་དང་འདྲིས་ཤིང་གནས་པ་དབྱུང་བའོ། །དེ་ལ་བསྡིགས་པ་ནན་ཏུར་ནི། འཐབ་ ཁྲོལ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་བསྡིགས་ཤིང༌། དེས་ཀྱང་མ་ཐུལ་ན། གནས་ནས་ འབྱིན་པས་བསྡིགས་པའོ། །སྨད་པ་ནི་ལྷག་མའི་ལྟུང་བ་ཕྱིར་མི་མཆོས་པར་རྒྱུན་དུ་བྱེད་པ་ ལ་གཉེན་པོ་ཆུང་བའི་སྒོ་ནས་སྨད་པའོ། །བསྐྲད་པ་ནི། ཁྱིམ་སུན་འབྱིན་པ་དེ་སུན་འབྱིན་ 2-1-356 པའི་གནས་དེ་ལས་བསྐྲད་པའོ། །ཕྱིར་འགྱེད་ནི་ཁྱིམ་པ་སོགས་ལ་བརྙས་ཐབས་བྱེད་པ་ལ་ འཛའ་བཅུགས་ཀྱི་དངོས་པོས་སྦྱངས་པའི་སྒོ་ནས་ཕྱིར་འགྱེད་པའོ། །གསོ་སྦྱོང་བཞག་པ་ ནི། གདམ་ངག་བཞག་པས་མ་ཐུལ་བ་ལ། དེ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་བྱེད་དུ་མི་ འཇུག་པའོ། །དགག་དབྱེ་བཞག་པ་ནི། གསོ་སྦྱོང་བཞག་པས་མ་ཐུལ་ན་དེ་དགེ་འདུན་དང་ ལྷན་ཅིག་དགག་དབྱེ་བྱེད་དུ་མི་འཇུག་པའོ། །ལྷུང་བཟེད་ཁ་དབུབ་ནི། ཁྱིམ་པས་རབ་བྱུང་ ལ་གཤེ་སྐུར་འདེབས་ན་གསོལ་བ་འབའ་ཞིག་གི་ལས་བྱས་ཏེ། དེ་རབ་བྱུང་རྣམས་ཀྱིས་ཆོས་ དང་ཟང་ཟིང་གི་ལོངས་སྤྱོད་བྱེད་པ་སྤངས་པའོ། །ནན་ཏུར་བྱེད་པ་པོ་ནི་དགེ་འདུན་མཚན་ ཉིད་པས་བྱ་ཞིང༌། དུས་ནི་དབྱར་ནང་དང༌། གཞན་གྱིས་སེམས་གཡེངས་པའི་དུས་མ་ཡིན་ པའི་དུས་སུའོ། །ཚུལ་ཇི་ལྟར་བྱ་བ་ལ། སྦྱོར་དངོས་མཇུག་གསུམ་གྱི་དང་པོ་ནི། འདུལ་བའི་ སྐབས་རྗེས་སུ་བསྒྲུབ་པ་དང༌། གླེང་བ་པོ་དགེ་འདུན་གྱིས་བསྐོས་པས་ལྟུང་བ་གླེང་དྲན་བྱའོ། །དངོས་གཞི་གསོལ་བཞིའི་ལས་ཀྱིས་བྱ་ཞིང་མཇུག་ལས་ཀྱིས་མཇུག་སྡུད་པ་དང༌། འདི་ཉིད་ དུ་ལྟུང་བ་ཕྱིར་བཅོས་པར་གྱིས་ཤིག་དགེ་འདུན་གྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ། །ཞེས་བརྗོད་དོ། ། གཉིས་པ་སྤྲོ་ན་མཐོལ་བཤགས་སོགས་ཀྱི་སྒོ་ནས་ཕྱིར་བཅོས་པ་ལ། ལྷག་མེད་འཆབ་ མེད་ལ་བསླབ་པ་བྱིན་པ་དང༌། ལྷག་མེད་འཆབ་བཅས་ལ་བཤགས་པའི་ཚུལ་དང༌། ལྷག་མ་ ཅན་གྱི་ལྟུང་བ་ཕྱིར་བཅོས་པ་གསུམ་གྱི། དང་པོ་ནི། བསླབ་པ་མ་ཕུལ་བར་ཕམ་པ་བཞི་གང་རུང་བྱུང་ནས་ཡེ་མ་བཅབས་པའམ། ཞག་དེའི་ཕྱི་མའི་སྐྱ་རེངས་མ་ཤར་གོང་དུ་མཐོལ་ཡུལ་ཐ་སྙད་ལྔ་ལྡན་ལ་མཐོལ་ན་བསླབ་པ་ སྦྱིན་པར་གསུངས་པས། དེ་གནོང་འགྱོད་དྲག་པོ་དང་བཅས་པས་དགེ་འདུན་གྱི་དྲུང་དུ་ཕྱིན་ ནས་རྗེས་སུ་བཟུང་བར་ཞུས་ཏེ། དགེ་འདུན་གྱི་ལས་བྱེད་པས་ལྟུང་མཐུན་བྱིན་བརླབས་ 2-1-357 དང༌། གནས་ལ་བློ་མཐུན་སྔོན་དུ་སོང་ནས། དེས་དགེ་འདུན་ལ་ཕྱག་བྱས། ཙོག་པུར་འདུག ཐལ་མོ་སྦྱར་ཏེ། རྗེས་ཟློས་བྱེད་དུ་བཅུག་སྟེ། དགེ་གསོལ། བདག་དགེ་སློང་དགའ་བྱེད་ཀྱིས་ བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ། འཁྲིག་པའི་ཆོས་བསྟེན་ཀྱང༌། བཅབ་པའི་ སེམས་སྐད་ཅིག་ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། བདག་དགེ་སློང་དགའ་བྱེད་དགེ་ འདུན་ལ་ཇི་སྲི ད་འཚོའི་བར་དུ་བསླབ་པ་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་ པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་དགའ་བྱེད་ལ་ཇི་སྲི ད་འཚོའི་བར་ དུ་བསླབ་པ་སྩལ་དུ་གསོལ། ཞེས་གསུམ་བཟླས། ལས་ནི་དགེ་གསོལ། དགེ་སློང་དགའ་ བྱེད་ཀྱིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང༌། བཅབ་ པའི་སེམས་སྐད་ཅིག་ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། དགེ་སློང་དགའ་བྱེད་འདི་ དགེ་འདུན་ལས་ཇི་སྲི ད་འཚོའི་བར་དུ་བསླབ་པ་གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་ སློང་དགའ་བྱེད་ལ་ཇི་སྲི ད་འཚོའི་བར་དུ་བསླབ་པ་བསྩལ་ཏོ། །འདི་ནི་གསོལ་བའོ། །བརྗོད་ པ་དང་པོ་ལ་ཐུགས་གཏད་པར་ཞུ། དགེ་གསོལ། དགེ་སློང་དགའ་བྱེད་འདིས་བསླབ་པ་མ་ ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཀྱང་བཅབ་པའི་སེམས་སྐད་ཅིག་ ཙམ་གྱིས་ཀྱང་བཅབ་པར་མ་བགྱིས་ཏེ། དགེ་སློང་དགའ་བྱེད་འདི་དགེ་འདུན་ལས་ཇི་སྲི ད་ འཚོའི་བར་དུ་བསླབ་པ་གསོལ་ཏེ། དེའི་སླད་དུ། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་ སྲི ད་འཚོའི་བར་དུ་བསླབ་པ་སྩོལ་ན། ཚེ་དང་ལྡན་པ་གང་དག དགེ་སློང་དགའ་བྱེད་ལ་ཇི་ སྲི ད་འཚོའི་བར་དུ་བསླབ་པ་བསྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་ མི་བཟོད་པ་དེ་དག་ནི་གསུངས་ཤིག ཅེས་ལན་གསུམ་བཟླས་ནས། གསུམ་པའི་རྗེས་སུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་དགའ་བྱེད་ལ་ཇི་སྲི ད་ 2-1-358 འཚོའི་བར་དུ་བསླབ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བ་དེ་བཞིན་དུ་འཛིན་ཏོ། །ཞེས་བརྗོད་དོ། །དགའ་བྱེད་ཅེས་པ་ད་ལྟ་མིང་བསྒྱུར་རོ། །བསླབ་པ་སྤྱོད་པ་དེ་སྔར་གྱི་གྲལ་ ནས་དགེ་སློང་རྣམས་དང༌། སྤོ་མགུ་སྤྱོད་པ་རྣམས་ཀྱི་འོག་དགེ་ཚུལ་རྣམས་ཀྱི་གོང་དུ་སྤོ། རང་གི་སློབ་མ་མ་གཏོགས་པའི་དགེ་སློང་རང་བཞིན་དུ་གནས་པའི་ཕྱག་སོགས་བཀུར་སྟི་མི་ ལེན། སྟན་མཉམ་པོར་མི་འདུག གནས་དང་སྡོམ་པ་མི་སྦྱིན། སོ་ཐར་མི་འདོན། ལས་ཀྱི་ ཁ་སྐོང་མི་བྱ། དགེ་སློང་གི་བསླབ་བྱ་ཇི་ལྟ་བ་བཞིན་བསྲུང༌། དེས་བསླབ་པ་ཕུལ་ནས་བླངས་ ན་བསྙེན་རྫོགས་ཀྱིས་སྡོམ་པ་སྐྱེའོ། །བསླབ་བྱིན་དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ ཚུལ་ལ་ཡང་རུང་བར་གསུངས་སོ། ། གཉིས་པ་ལྷག་མེད་འཆབ་བཅས་བཤགས་པའི་ཚུལ་ནི། འཇུག་པ་བདེ་བའི་ཕྱིར་འོག་ ཏུ་སྟོན་ལ། གསུམ་པ་བསླབ་པ་ལྷག་མ་དང་བཅས་པའི་ལྟུང་བ་བཤགས་པ་ལ། ཐོག་མར་ དགེ་འདུན་ལྷག་མ་བཅུ་གསུམ་གྱི་ལྟུང་བ་བཤགས་པ་ནི། ལྟུང་བ་ཕོག་ནས་སྐྱ་རེངས་མ་ཤར་ བར་དགེ་སློང་ལ་མཐོལ། གལ་ཏེ་བཅབས་ན་གང་ཟག་ཁྱད་པར་ཅན་མིན་པས་ཇི་ཙམ་ བཅབས་པའི་གྲངས་ཀྱི་སྤོ་བ་སྤྱད་དགོས་པས། ཡུལ་དགེ་འདུན་རྣམས་ལྟུང་མཐུན་བྱིན་ བརླབས་དང་གནས་ལ་བློ་མཐུན་བྱས་པ་ལ་ཕྱག་བྱས་ནས་ཙོག་པུར་ཐལ་མོ་སྦྱར་ཏེ། དགེ་ གསོལ། བདག་འཆར་ཀ་ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ་ཟླ་ བ་ཕྱེད་བཅབས་པས། བདག་འཆར་ཀ་ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ན། ཐུགས་ བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་འཆར་ཀ་ལ་ཆེ་ གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་ བ་ཕྱེད་སྤོ་བ་བསྩལ་དུ་གསོལ། ཞེས་ལན་གསུམ་མོ། །དེ་ནས་ལས་བྱེད་པས། དགེ་གསོལ། 2-1-359 འཆར་ཀ་འདི་ལ་ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་ བཅབས་ཏེ། འཆར་ཀ་འདིས་ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལ་ཟླ་བ་ཕྱེད་སྤོ་བ་གསོལ་ན། གལ་ཏེ་དགེ་འདུན་ གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་ གྱིས་འཆར་ཀ་ལ་ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་ བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩོལ་ཏོ། །འདི་ནི་གསོལ་བའོ། །ལས་ནི། དགེ་ གསོལ་ནས། ཟླ་བ་ཕྱེད་སྤོ་བ་གསོལ་གྱི་བར་ཚིག་འདྲ་སྟེ། དེའི་སླད་དུ་དགེ་འདུན་གྱིས་ འཆར་ཀ་ལ་ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མ་ལས་བྱུང་བའི་ལྟུང་བ་བྱུང་ལ། ཟླ་བ་ ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩོལ་ན། ཚེ་དང་ལྡན་པ་གང་དག འཆར་ཀ་ལ་ ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་སྤོ་བ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་ དག་ནི་གསུངས་ཤིག ཅེས་ལན་གསུམ་དང༌། མཇུག་སྡུད་ནི་དགེ་འདུན་གྱིས་བཟོད་ཅིང་ གནང་ནས་དགེ་འདུན་གྱིས་འཆར་ཀ་ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ བྱུང་ལ། ཟླ་བ་ཕྱེད་བཅབས་པ་ལ། ཟླ་བ་ཕྱེད་སྤོ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་ བས་དེ་དེ་བཞིན་དུ་འཛིན་ཏོ། །འཆར་ཀ་ཞེས་པར་དགེ་སློང་བསྒྲུབ་བྱ་དེའི་མིང་འཇུག ཟླ་ ཕྱེད་ཅེས་པ་ཞག་གྲངས་གང་ཡིན་གྱི་མིང་འཇུག བཅབས་པའི་དུས་དང་པོ་མི་དྲན་ན། དུས་ དཔག་ཏུ་མེད་པ་ཞེས་བརྗོད། སྤོ་བ་སྤྱོད་པས་ལས་སུ་བྱ་བ་ནི་ཕལ་ཆེར་བསླབ་བྱིན་དང་འདྲ་ ལ། དེས་བྱིན་ལེན་སྟོབ་ཏུ་མི་རུང༌། གསོ་སྦྱོང་ལ་གཞན་མེད་ན་སོ་ཐར་འདོན་དུ་རུང༌། གྲལ་ མགུ་སྤྱོད་ཀྱི་འོག་བསླབ་བྱིན་གྱི་གོང་དུ་བསྡད། ཞག་རེ་བཞིན་འདས་འབྱུང་བརྗོད་དེ། དགེ་ གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་ 2-1-360 བྱུང་བ་ལ། ཟླ་བ་ཕྱེད་བཅབས་པས་བདག་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་ལས་བྱུང་བའི་ དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་ཕྱེད་བཅབས་པ་དེའི་སླད་དུ། དགེ་འདུན་ལ་ཟླ་བ་ ཕྱེད་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་མི་འདི་ཞེས་བགྱི་བ་ལ། ཆེ་གེ་ལས་བྱུང་པའི་ དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ། ཟླ་བ་ཕྱེད་སྤོ་བ་ བསྩལ་བས། ཞག་འདི་སྙེད་ཅིག་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆི་སྟེ། དགེ་ འདུན་བཙུན་པ་རྣམས་ཀྱིས། བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ། ཞེས་ལན་གསུམ་ བརྗོད་དོ། །ཡུན་རིང་པོ་དགོས་ན། ཞག་གསུམ་བཞི་ན་བརྗོད་སྤོ་བ་སྤྱོད་གོང་ལྷག་མའི་ལྟུང་ བ་གཞན་བྱུང་ནས་བཅབས་པ་ཡོད་ན། དེའི་ཡང་མིང་སྨོས་ཏེ། ལྷན་ཅིག་སྦྱིན། རིམ་གྱིས་ དྲན་ན་སྤོ་བའི་ཆོ་ག་སྔ་རིམ་ནས་བྱིན་ལ་གཅིག་ཆར་སྤྱད། བཅབས་ཡུན་གང་རིང་དེ་སྤྱད་ པས་ཐུང་བ་རྣམས་ཞར་ལ་འགྲུབ་པོ། སྤོ་བ་ཐིམ་ནས་མགུ་བ་སྦྱིན་དགོས་པ་ལ། སྤོ་བ་སྤྱོད་ རིན་ལ་ལྷག་མ་རིགས་འདྲ་གཉིས་བྱུང་ནས་བཅབས་ན། སྔ་མ་ཞིག་པས་སྔར་ཇི་ཙམ་ བཅབས་པས་གཞི་ནས་སྤོ་བ་བླངས་ནས་སྤྱད། ཡང་དེའི་འཕྲོ་ལ་རིགས་འདྲ་གསུམ་པ་བྱུང་ ནས་བཅབས་ན། ཡང་གཞི་ནས་བླངས་པའི་སྤོ་བ་སྤྱད་དགོས། བཞི་པ་སོགས་བྱུང་ན་སྨད་ པའི་ཆད་ལས་བྱའོ། །སྤོ་བ་སྤྱོད་པའི་བར་ལ་རིགས་འདྲ་བྱུང་ནས་མ་བཅབས་པ་དང༌། ལྷག་ མ་རིགས་མི་འདྲ་བྱུང་ནའང་མ་བཅབས་ན། སྔ་མ་མི་འཇིག བཅབས་ན་སྤོ་བ་བླངས་ནས་ ལྷན་དུ་སྤྱད་དོ། །སྤོ་བ་སྤྱད་ཚར་བའམ། མ་བཅབས་ན་སྤོ་བ་མི་དགོས་པས་མགུ་བ་སྦྱིན་པ་ ནི། དགེ་འདུན་སྔར་བཞིན་ལ་ཕྱག་བྱས། ཙོག་པུར་ཐལ་མོ་སྦྱར་ཏེ། དགེ་གསོལ། བདག་ དགེ་སློང་མིང་འདི་ཞེས་བགྱི་བ་ལ། ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ ལ། དེའི་སླད་དུ་དགེ་འདུན་ལ་ཞག་དྲུག་མགུ་བ་བགྱི་བར་གསོལ་ན། ཐུགས་བརྩེ་བ་ཅན་ དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་མིང་འདི་ཞེས་བྱ་བ་ལ། ཆེ་ 2-1-361 གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཞག་དྲུག་མགུ་བར་བགྱི་བ་སྩལ་དུ་ གསོལ་ཞེས་ལན་གསུམ་བརྗོད། དེ་ནས་ལས་བྱེད་པས། དགེ་གསོལ། དགེ་སློང་མིང་འདི་ ཞེས་བྱ་བ་ལ། ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། མིང་འདི་ཞེས་བྱ་བ་ ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་ དྲུག་མགུ་བར་བགྱི་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་ འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་མིང་འདི་ཞེས་བྱ་བ་ལ་ཆེ་གེ་ལས་ བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བ་བགྱི་བར་སྩོལ་ ཏོ། །འདི་ནི་གསོལ་བའོ། །ལས་ནི། དགེ་གསོལ་ནས། མགུ་བར་བགྱི་བ་གསོལ་བགྱི་བར། ཚིག་སྔར་བཞིན་ལ། དེ་དེའི་སླད་དུ། དགེ་འདུན་གྱིས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ ལ། ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་ བར་བགྱི་བ་སྩོལ་ན་ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བྱ་བ་ལ་ཆེ་གེ་ལས་བྱུང་བའི་དགེ་ འདུན་ལྷག་མའི་ལྟུང་བ་བྱུང་བ། དེའི་སླད་དུ་ཞག་དྲུག་མགུ་བ་བགྱི་བར་བཟོད་པ་དེ་དག་ནི་ ཅང་མ་གསུང་ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག ལན་གསུམ་བཟླས་སོ། །མཇུག་སྡུད་ནི། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་མིང་འདི་ཞེས་བྱ་ བ་ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ལ། ཞག་དྲུག་མགུ་བ་བགྱི་བ་ སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བ་དེ་དེ་བཞིན་དུ་འཛིན་ཏོ། །འདིའི་བྱ་བའི་ལས་ནི། སྤོ་སྤྱོད་དང་འདྲ་ལ། གྲལ་དགེ་སློང་བྱིན་གྱི་མཇུག སྤོ་སྤྱོད་ཀྱི་གོང་དུ་བསྡད། འདས་འབྱུང་ བརྗོད། སྔ་གོང་ལྷག་མ་རིགས་འདྲ་མི་འདྲ་གང་བྱུང་ལྷན་དུ་དྲན་ན་མགུ་བ་ལྷན་དུ་བླང༌། རིམ་གྱིས་དྲན་ན་རིམ་གྱིས་བླངས་ནས་སྤྱོད་པ་ལྷན་དུ་ཞག་དྲུག་པོས་ཆོག མགུ་བ་སྤྱོད་ བཞིན་པ་ལ་རིགས་འདྲ་གཉིས་པ་བྱུང་ན་གཞི་ནས་མགུ་བ་བླང༌། དེ་སྤྱོད་བཞིན་པ་ལ་གསུམ་ 2-1-362 པ་བྱུང་ན། གཞི་ནས་བླངས་པའི་མགུ་བ་བླང༌། བཞི་པ་ལ་སྨད་པ་བྱ། སྤོ་བ་སྤྱོད་བཞིན་ པའམ། སྤོ་བ་ཚར་ནས་མགུ་བའི་བར་དང༌། མགུ་བ་སྤྱོད་བཞིན་པའམ། མགུ་བ་ཚར་ནས་ དབྱུང་བའི་བར་རྣམས་སུ། འཐབ་ཁྲོལ་ཅན་འོངས་པ་སོགས་ཀྱི་རྐྱེན་གྱིས་རེ་ཞིག་འཕྲོ་ བཞག་དགོས་ན་འཕྲོ་བཅད། དེ་དག་ལ་སྤོ་ལྡན་དང་མགུ་ལྡན་ཟེར། རྐྱེན་གྲོལ་ནས་འཕྲོ་ ནས་སྤྱད། སྤོ་མགུ་གནས་དེའི་དགེ་སློང་རང་བཞིན་དུ་གནས་པ་བཞི་ཡར་བཅད་གང་ཡོད་ ལ་སྤྱད་དགོས་སོ། །མགུ་བ་བཅད་ནས་དབྱུང་བ་ཞུ་སྟེ། གནས་དེར་དགེ་སློང་རང་བཞིན་དུ་ གནས་པ་ཉི་ཤུ་ཡར་བཅད་གང་ཡོད་ལ་བྱ། ཉི་ཤུ་མ་ལོངས་ན། གཞན་ནས་སྤྱན་དྲངས་པའམ་ ཡོད་སར་ཕྱིན་ནས། དགེ་འདུན་བསླབ་སྦྱང་བྱས་པ་ལ་ཕྱག་བྱས། ཙོག་པུར་ཐལ་མོ་སྦྱར། དགེ་གསོལ། བདག་དགེ་སློང་མིང་འདི་ཞེས་བྱ་བ་ལ། ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་ལ། བདག་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་གམ་དུ་མཆིས་ཏེ། ཆེ་གེ་ ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། དགེ་འདུན་ལས་ཞག་དྲུག་ མགུ་བ་བགྱི་བ་གསོལ་ནས། དགེ་འདུན་གྱིས་བདག་མིང་འདི་ཞེས་བྱ་བ་ལ་ཆེ་གེ་ལས་བྱུང་ བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བ་བགྱི་བ་སྩལ་ཏེ། བདག་མིང་འདི་ཞེས་བྱ་བ་ལ་ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་ སླད་དུ། ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བར་གསོལ་ན། ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་མིང་ འདི་ཞེས་བྱ་བ། ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་ དྲུག་མགུ་བར་བགྱི་བ་བགྱིས་ལགས་པ་ལ། དབྱུང་བ་སྩལ་དུ་གསོལ། ཞེས་ལན་གསུམ་ བརྗོད། དེ་ནས་དགེ་འདུན་གྱི་མདུན་དུ། རྩྭ་བཀྲམ་པ་ལྟར་ཁ་དབུབ་ཏུ་ཉལ་ཏེ། ལས་བྱེད་ པས། དགེ་གསོལ། དགེ་སློང་འདི་ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ 2-1-363 ལ། དགེ་སློང་འདི་དགེ་འདུན་གྱི་གན་དུ་མཆི་སྟེ། ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ ལྟུང་བ་བྱུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་ འདུན་གྱིས་འདི་ལ་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བར་བགྱི་བར་སྩལ་ཏེ། འདིས་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་ བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བར་ གསོལ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་ མཛོད་ཅིག་དང༌། དགེ་འདུན་གྱིས་མིང་འདི་ཞེས་བྱ་བ། ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བར་བགྱིས་པ་དབྱུང་བར་བགྱིའོ། །འདི་ནི་ གསོལ་བའོ། །དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག ཁྱོད་ཀྱིས་ལེགས་པར་མ་བྱས་ སོ། །ལེགས་པར་ཤིན་ཏུ་མ་བྱས་སོ། །བྱ་བ་གཞན་ཡིན་ན་གཞན་བྱས་སོ། །བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཆོས་ ནི། འདི་ལྟར་འདོད་ཆགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་ དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་ཅིང༌། ཞེ་སྡང་འདོད་ཆགས་དང་བྲལ་བར་བྱ་ བ་དང༌། གཏི་མུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ཆོས་སྟོན་བཞིན་དུ། ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་བྱས་པ་མི་ རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་སྦྲུལ་ནག་པོ་དུག་མྱུར་དུ་ཁྱབ་པར་བྱེད་པ། དུག་དྲག་ པ། དུག་རྣོ་བ་ལ་ལག་པ་གཉིས་ཀས་བཟུང་བ་ནི་སླའི། ཀུན་ཏུ་ཆགས་པའི་སེམས་ཀྱིས་རང་ གི་ཡན་ལག་གི་རྣམ་པ་ལ་བཟུང་བ་ནི་དེ་ལྟ་མ་ཡིན་ནོ། །གཏི་མུག་ཅན་ཁྱོད་ལག་པ་གང་དག་ གིས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལས་དད་པས་སྦྱིན་པ་བླང་བར་བྱ་བའི་ལག་ པ། དེ་དག་ཉིད་ཀྱིས་མི་མཛེས་པ་ལྟ་བུ་བྱ་བ་མི་རིགས་སོ། །མི་གཏི་མུག་ཅན་ཁྱོད་ཀྱིས་ 2-1-364 བདག་ལ་བསྙེན་བཀུར་བྱ་བ་ཉམས་སུ་བླངས་པར་གྱུར་ཏོ། །བདག་མིང་འདི་ཞེས་བགྱི་བ་ གཉིས་པོ་འདི་དག་ནི་ཆོས་ཀྱི་སྒྲོན་མ་དང༌། ཆོས་ཀྱི་སྣང་བ་དང༌། ཆོས་ཀྱི་འོད་དང་ཆོས་ཀྱི་ གསལ་བ་དང༌། ཆོས་ཀྱི་སྣང་གསལ་དང༌། ཆོས་ཀྱི་མར་མེ་དང༌། ཆོས་ཀྱི་རབ་གསལ་མེད་ པར་བྱེད་པ་སྟེ། གཉིས་གང་ཞེ་ན། ལྟུང་བ་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་ བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། ། གཉིས་པ་ནི་སྡིག་པའི་རྩ་བ་མི་རྐོ་རྒྱུན་ལས་ཟློག་པ་ལ་མི་འབད། འབབ་ཆུ་དང་འཁྲི་ ཤིང་མི་སྐེམས། བདུད་མི་འདུལ། བདུད་ཀྱི་རྒྱལ་མཚན་མི་སྙོལ། ཆོས་ཀྱི་རྒྱལ་མཚན་མི་ སྒྲེང༌། སྡིག་པའི་རྒྱུན་མི་གཅོད། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བའི་རྗེས་སུ་མི་བསྐོར་ བ་སྟེ། གཉིས་གང་ཞེ་ན། ལྟུང་བ་འཛིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་ དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །གཉིས་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང༌། གཉིས་ཀྱི་ཟག་པ་འཕེལ་བར་འགྱུར་ཏེ། གཉིས་གང་ཞེ་ན། ལྟུང་བ་འཛིན་པ་གང་ཡིན་པ་ དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་མི་འཆོས་པ་གང་ཡིན་པའོ། །དགེ་སློང་མིང་འདི་ ཞེས་བྱ་བ་ཁྱོད་ཀྱིས་ལྟུང་བ་བྱུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན། མི་རྟག་ པའི་འདུ་ཤེས་དང༌། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་ མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་ མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ཤེས་དང༌། སྤོང་བའི་འདུ་ ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཆི་ བའི་འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། རྣམ་པར་བསྔོས་པའི་འདུ་ཤེས་དང༌། རྣམ་ པར་རྣག་པའི་འདུ་ཤེས་དང༌། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་ 2-1-365 པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་འདུ་ཤེས་དང༌། རྣམ་པར་དམར་པའི་འདུ་ཤེས་དང། རྣམ་པར་འཐོར་པའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་ པའི་འདུ་ཤེས་ཀྱི་འོས་མིན། བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང་བཞི་ པ་དང༌། བྱམས་པ་དང༌། སྙིང་རྗེས་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་ མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་མེད་པའི་སྐྱེ་མཆེད་ དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་གཅིག་ཕྱིར་འོང་པའི་འབྲས་བུ་དང་། ཕྱིར་མི་འོང་པའི་འབྲས་བུ་དང༌། དགྲ་བཅོམ་པའི་ འབྲས་བུ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་ གྱི་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང། ཟག་པ་ཟད་པའི་འོས་མ་ཡིན་ནོ། །མིང་འདི་ ཞེས་བགྱི་བ་ལྟུང་བ་འདི་མ་བཤགས་ཤིང་སོ་སོར་མ་བཤགས་ན། འགྲོ་བ་གཉིས་ལས་གང་ ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ཡིན་པར་ཤེས་པར་བྱ་སྟེ། སེམས་ཅན་དམྱལ་བའམ་དུད་ འགྲོའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་འཆབ་པའི། འགྲོ་བ་ནི་གཉིས་ཏེ། སེམས་ཅན་དམྱལ་བའམ། དུད་འགྲོའོ། །གང་དག་ངས་བཤད་པ་ལ་ཡིད་མི་ཆེས་པ་དེ་དག་ ནི་འཆབ་པར་སེམས་སོ། །ཞེས་གསུངས་སོ། །དགེ་གསོལ། དགེ་སློང་མིང་འདི་ལ། ཆེ་གེ་ ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དགེ་སློང་མིང་འདི་དགེ་འདུན་གྱི་གན་ དུ་མཆིས་ཏེ། ཆེ་གེ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། དགེ་ འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ནས། དགེ་འདུན་གྱིས་དགེ་སློང་མིང་འདི་ལ་ ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་སླད་དུ། ཞག་དྲུག་མགུ་བར་ བགྱི་བ་སྩལ་ཏེ། དགེ་སློང་མིང་འདིས། ཆེ་གེ་མོ་ལས་བྱུང་པའི་དགེ་འདུན་ལྷག་མའི་ལྟུང་བ་ བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་ལགས་ཏེ། དགེ་འདུན་ལས་དབྱུང་བ་གསོལ་ 2-1-366 ན། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་ མའི་ལྟུང་བ་བྱུང་བ་དེའི་སླད་དུ་ཞག་དྲུག་མགུ་བར་བགྱིས་པ་དབྱུང་བ་མཛད་ན། ཚེ་དང་ ལྡན་པ་གང་དག་དགེ་སློང་མིང་འདི་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ དེའི་སླད་དུ། ཞག་དྲུག་མགུ་བར་བགྱིས་ལ། དབྱུང་བར་བཟོད་པ་དེ་དག་ནི་ཅི་ཡང་མ་གསུང་ ཞིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་ བཞིན་དུ་ལན་གཉིས་ལན་གསུམ་དུ་བཟླས། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་ འདུན་གྱིས་དགེ་སློང་མིང་འདི་ཆེ་གེ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་དེའི་ སླད་དུ། ཞག་དྲུག་མགུ་བར་བགྱིས་པ་བྱུང་ལགས་ཏེ། འདི་ལྟར་ཅི་ཡང་མི་གསུང་བས་དེ་ དེ་བཞིན་དུ་འཛིན་ཏོ། །དེ་ནས་དགེ་སློང་གཅིག་གིས་ལག་ནས་འཐེན་ཏེ་བླང་ནས་གནས་ བརྟན་གྱིས། མིང་འདི་ཞེས་བྱ་བ་ཁྱོད་ཀྱིས་ལེགས་པར་བྱས་སོ། །ལེགས་པར་ཤིན་ཏུ་བྱས་ སོ། །གཉིས་ནི་མཁས་པ། གཉིས་ནི་གསལ་བ། གཉིས་ནི་དགེ་བ། གཉིས་ནི་སྐྱེས་བུ་དམ་པ་ སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ ཕྱིར་འཆོས་པ་གང་ཡིན་པའོ། །གཉིས་ནི། སྡིག་པའི་རྩ་བརྐོ་བ། རྒྱུན་ལས་ཟློག་པ་ལ་འབད་ པ། འབབ་ཆུ་དང་འཁྲི་ཤིང་སྐེམ་པ། བདུད་འདུལ་བ། བདུད་ཀྱི་རྒྱལ་མཚན་སྙོལ་བ། ཆོས་ ཀྱི་རྒྱལ་མཚན་བསྒྲེངས་བ། སྡིག་པའི་རྒྱུན་གཅོད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཆོས་དང་མཐུན་པར་བསྐོར་བའི་ རྗེས་སུ་བསྐོར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །གཉིས་ནི། རྣམ་པར་བྱང་བར་འགྱུར་ཞིང་ ཀུན་ནས་ཉོན་མོངས་པར་མི་འགྱུར་བ་དང༌། གཉིས་ཀྱིས་ཟག་པ་འཕེལ་བར་མི་འགྱུར་བ་ སྟེ། གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་ 2-1-367 དུ་ཕྱིར་འཆོས་པ་གང་ཡིན་པའོ། །མིང་འདི་ཞེས་བྱ་བ་ཁྱོད་ལྟུང་བ་འདི་བཤགས་ཤིང་སོ་སོར་ བཤགས་པས། མི་རྟག་པའི་འདུ་ཤེས་དང༌། མི་རྟག་པ་ལས་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ ཤེས་དང༌། སྤོང་བའི་འདུ་ཤེས་དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་ པའི་འདུ་ཤེས་དང༌། འཆི་བའི་འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། རྣམ་པར་བསྔོས་ པའི་འདུ་ཤེས་དང་། རྣམ་པར་རྣག་པའི་འདུ་ཤེས་དང༌། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་འདུ་ཤེས་དང༌། རྣམ་པར་ དམར་བའི་འདུ་ཤེས་དང༌། རྣམ་པར་འཐོར་བའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་འོས་སུ་གྱུར་པ་ཡིན། བསམ་གཏན་དང་པོ་དང་ གཉིས་པ་དང༌། གསུམ་པ་དང་། བཞི་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་གཅིག་ཕྱིར་འོང་པའི་འབྲས་བུ་དང༌། ཕྱིར་མི་འོང་ པའི་འབྲས་བུ་དང༌། དགྲ་བཅོམ་པའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་ལྷའི་རྣ་བ་དང༌། སེམས་ཀྱི་རྣམ་པ་དང། སྔོན་གྱི་གནས་དང༌། འཆི་འཕོ་དང༌། སྐྱེ་བ་དང། འབྲས་བུའི་མཆོག་ དགྲ་བཅོམ་པའི་འོས་སུ་གྱུར་པ་ཡིན་ནོ། །མིང་འདི་ཞེས་བྱ་བ་འདི། ལྟུང་བ་འདི་བཤགས་ ཤིང༌། སོ་སོར་བཤགས་པས་འགྲོ་བ་གཉིས་པོ་ལས་གང་ཡང་རུང་བ་ཞིག་ཁྱོད་ཀྱི་འགྲོ་བ་ ཡིན་པར་ཤེས་པར་བྱ་སྟེ། ལྷའམ། མིའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལས་ཀྱི་མཐའ་མི་ འཆབ་པའི་འགྲོ་བ་གཉིས་ཏེ། ལྷའམ་མིའོ། །གང་དག་ངས་བཤད་པ་ལ་ཡིད་ཆེས་པ་དེ་དག་ 2-1-368 ནི་འཆབ་པར་མི་སེམས་སོ། །ཞེས་གསུངས་སོ། །ཡང་གསུངས་པ། འཆབ་པ་ཆར་བ་བཞིན་ དུ་འབབ། །བཤགས་པས་ཆར་བཞིན་འབབ་མི་འགྱུར། །དེ་ལྟ་བས་ན་བཤགས་པར་བྱ། །དེ་ ལྟར་ཆར་བཞིན་དེ་མི་འབབ། །ཅེས་སོ། །ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད། ཕྱུང་ཟིན་ གྱིས་བག་ཡོད་པར་སྒྲུབས་ཤིག །ཅེས་བརྗོད་དོ། །དེས་རང་བཞིན་དུ་གནས་པར་ཆུད་དོ། །འདིར་འབྱིན་པའི་དོན་ཡིན་པས། ལྷག་མ་གཞན་ལ་འདོན་པ་ཅི་རིགས་སུ་བསྒྱུར་རོ། །དགེ་ སློང་ལྟུང་བ་བྱུང་བ་དང༌། ཕྱིར་མི་འཆོས་པ་ཤིན་ཏུ་ངོ་མཚར་བ་ཡིན་གྱི་ཕྱིར་འཆོས་པ་ནི་དམ་ པའི་བྱ་བ་ཡིན་པས། འདི་ལྟར་བྱས་ན་ལེགས་སོ། །དགེ་འདུན་ལྷག་མའི་ལྟུང་བ་སྦྱང་བའོ། །གང་ཟག་ཁྱད་པར་ཅན་གྱི་ལྷག་མ་བཤགས་པ་འོག་ཏུ་སྟོན་ནོ། ། གཉིས་པ་ལ་མཐོལ་བཤགས་ཀྱི་ཡུལ་ནི། དགེ་སློང་གི་སྡོམ་ལྡན་ལྟ་བ་དང་མཚན་མཐུན་ པ། ཤེས་པ་རང་བཞིན་དུ་གནས་པ། འཚམས་གཅིག་པ། སྨྲ་ཤེས་པ། དོན་གོ་བ། ལྟུང་བ་མི་ མཐུན་པའི་མདུན་དུ་འགྱོད་སེམས་དང༌། ཕྱིས་སྡོམ་སེམས་ལྡན་པའི་སྒོ་ནས། མཐོལ་ཞིང་ བཤགས་པ་ལ། དང་པོ་ལྟུང་བ་ཙམ་ཕྱིར་འཆོས་པ་ལ། དང་པོ་ཕམ་པ་འཆབ་བཅས་དངོས་ ལ་ཕྱིར་བཅོས་མ་གསུངས་ཤིང༌། སྦྱོར་བའི་སྦྱོར་བ་དང། སྦྱོར་བ་ཕྱིར་བཅོས་པ་གཉིས་ སོ། །དང་པོ་ལ་མཐོལ་བ་ནི། དགེ་སློང་གི་མདུན་དུ་རྒན་ན་ཕྱག་བྱ། ཙོག་པུར་ཐལ་མོ་སྦྱར་ ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ ཕམ་པར་གྱུར་པའི་སྡེ་ཚན་ལས་རིགས་ཆེ་གེ་མོ་ལས་གྱུར་པའི་ཉེས་བྱས་བྱུང་སྟེ། བདག་དགེ་ སློང་མིང་འདི་ཞེས་བགྱི་བས་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་པོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་ནི་མི་འགྱུར་རོ། །ཞེས་པ་གསུམ་དང༌། ཐབས་ལེགས་བྱའོ། །དེ་ཙམ་མ་གྲུབ་ན་མཐོལ་ཡུལ་གྱི་དྲུང་དུ་བདག་ ལ་ལྟུང་བ་འདི་བྱུང་ངོ་ཞེས་པ་ཙམ་ཀའང་བརྗོད་དོ། །བཅབས་པ་མཐོལ་བ་ནི། དགོངས་ 2-1-369 གསོལ། བདག་མིང་འདི་ཞེས་བྱ་བ་ལ་ལྟུང་བ་ཕམ་པར་གྱུར་པའི་སྡེ་ཚན་ལས། རིགས་ཆེ་གེ་ མོ་ལས་གྱུར་པའི་ཉེས་པ་བྱུང་བ་དགུང་གཅིག་གམ། གཉིས་སམ། ཚད་ཤིན་ཏུ་མང་པོ་དང་ ལྡན་པའམ། དཔག་ཏུ་མེད་པ་བཅབས་པའི་ཉེས་བྱས་གཅིག་གམ། གཉིས་སམ་ཚད་ཤིན་ ཏུ་མང་པོ་དང་ལྡན་པའམ། དཔག་ཏུ་མེད་པ་བྱུང་སྟེ། བདག་མིང་འདི་ཞེས་བྱ་བའི་ལྟུང་བ་དེ། ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་པོ། །མཐོལ་ན་བདག་བདེ་བ་ལ་རེག་པར་ གནས་པར་འགྱུར་གྱི། མ་མཐོལ་ན་མི་འགྱུར་རོ། །ཞེས་པ་གསུམ་དང། ཐབས་ལེགས་བྱའོ། །མཐོལ་བ་སྔོན་སོང་གི་བཤགས་པ་ནི། དགོངས་གསོལ། བདག་མིང་འདི་ཞེས་བྱ་བ་ལ་ལྟུང་ བ་ཕམ་པར་འགྱུར་བའི་སྡེ་ཚན་ལས། རིགས་ཆེ་གེ་ལས་གྱུར་པའི་སྦྱོར་བའི་སྦྱོར་བ་ཆེ་གེ་མོ་ ལས་གྱུར་པའི་ཉེས་བྱས་བྱུང་སྟེ། བདག་མིང་འདི་ཞེས་བྱ་བས་ལྟུང་བ་དེ་ཚེ་དང་ལྡན་པའི་ མདུན་དུ་མཐོལ་ལོ། །མི་འཆབ་པོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་ གྱི། མ་མཐོལ་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་དང༌། མཐོང་སྡོམ་དྲི། ཐབས་ལེགས་ བྱའོ། །མཐོལ་བཤགས་ལྷན་ཅིག་པ་ནི། དགོངས་གསོལ། བདག་མིང་འདི་ཞེས་བྱ་བ། ལྟུང་ བ་ཕམ་པར་འགྱུར་བའི་སྡེ་ཚན་ལས། རིགས་ཆེ་གེ་མོ་ལས་གྱུར་པའི་སྦྱོར་བའི་སྦྱོར་བ་ཆེ་གེ་ མོ་ལས་གྱུར་པའི་ཉེས་བྱས་བྱུང་སྟེ། བདག་མིང་འདི་ཞེས་བྱ་བས་ལྟུང་བ་དེ་ཚེ་དང་ལྡན་པའི་ མདུན་དུ་མཐོལ་ལོ་འཆགས་སོ། །མི་འཆབ་པོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་ རེག་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་གསུམ་དང༌། མཐོང་ སྡོམ་དྲི། ཐབས་ལེགས་བྱའོ། །སྦྱོར་བ་ལ་སྤྱིར་བཏང་དང༌། བྱེ་བྲག་དམིགས་བསལ་གཉིས་ ཀྱི་དང་པོ་ལ། མཐོལ་བཤགས་གཉིས་ལས། དང་པོ་ལ། བཅབས་མ་བཅབས་ཀྱི་མཐོལ་ ཚུལ་སྔ་མ་བཞིན་ལ། ཁྱད་པར་དུ། སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་སྦོམ་པོ་ལྕི་བའམ་ཡང་བ་ ཆེ་གེ་ལས་གྱུར་པ། ཞེས་སོགས་གོང་བཞིན་ནོ། །བཤགས་པ་ལ་གཉིས་ཏེ། ལྕི་བ་དང་ཡང་ 2-1-370 བའོ། །ལྕི་བ་ནི་མཚམས་ནང་ནི་དགེ་སློང་དྲུག་ཡན་ཆད་ཀྱི་ནང་གི་དྲུང་དུ། རྒན་རིམ་དུ་ཕྱག་ འཚལ། རྒན་པའི་མཐའ་ལོགས་སུ་ཙོག་པུར་ཐལ་མོ་སྦྱར་ཏེ། དགོངས་གསོལ། བདག་དགེ་ སློང་མིང་འདི་ཞེས་བྱ་བ་ལ། ལྟུང་བ་ཕམ་པར་གྱུར་པའི་སྡེ་ཚན་ལས། རིགས་ཆེ་གེ་ལས་གྱུར་ པའི་སྦྱོར་བ་ཆེ་གེ་ལས་གྱུར་པའི་སྦོམ་པོ་ལྕི་བ་བྱུང་སྟེ། བདག་མིང་འདི་ཞེས་བྱ་བས། ལྟུང་བ་ འདི་ཚེ་དང་ལྡན་པ་དག་གི་མདུན་དུ་འཆགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་ གནས་པར་འགྱུར་གྱི། མ་བཤགས་ན་ནི་མི་འགྱུར་རོ། །ཞེས་པ་གསུམ་དང་། མཐོང་སྡོམ་དྲི། ཐབས་ལེགས་བྱའོ། །ཡང་བ་ནི་མཚམས་ཀྱི་ཕྱི་རོལ་ཏུ། དགེ་སློང་བཞི་ཡན་ཆད་ཀྱི་དྲུང་དུ། བཤགས་ཚུལ་སྔ་མ་བཞིན་ཏེ། ལྕི་བ་ཞེས་པ་ལ། ཡང་བ་ཞེས་འདོན་པ་བསྒྱུར་རོ། ། གཉིས་པ་བྱེ་བྲག་གི་དམིགས་བསལ་ནི། ངོ་ཚ་ཤེས་པ། མདོ་སྡེ། འདུལ་བ། མ་མོ་འཛིན་ པ། ཤེས་པ་སྟེ་ཆོས་ལྔ་ལྡན་གྱི་མཐོལ་བཤགས་ནི། ཆོས་དྲུག་ལྡན་གཅིག་གི་དྲུང་དུ། སྔགས་ ནི་ཆེ་གེ་ལས་གྱུར་པའི་སྦོམ་པོ་ལྕི་བའམ་ཡང་བ་བྱུང་སྟེ་ཞེས་བརྗོད་དོ། །དངོས་སྦོམ་རྣམས་ ལ་མཐོལ་བཤགས་འཆགས་ཤིང༌། བཤགས་ལུགས་གོང་བཞིན་ནོ། །བསླབ་པའི་ཉེས་བྱས་ ལ། སྦྱོར་བའི་སྦྱོར་བ་འདྲ། མ་བསྲུངས་པར་ཉིན་པར་བློ་ཕབ་སྟེ། ཉལ་བ་ཞེས་སོགས་སམ། ཡིད་བཅུག་པས་གཞན་ལ་གོ་བར་མ་བྱས་པ་ཞེས་སོགས་དང༌། སོ་ཕག་ལག་ནས་ལག་ཏུ་མ་ གཏད་པ་ཞེས་སོགས་དང༌། མ་བསམ་པར་ལུང་བསྟན་པ་ལས་གྱུར་པ་ཞེས་སོགས་བརྗོད་དོ། །ལྷག་མ་ཕྱིར་བཅོས་པ་ལ་ཕྱིར་བསྟན་དང༌། བྱེ་བྲག་དམིགས་བསལ་གཉིས་ཀྱི་དང་པོ། སྤོ་ མགུ་སྤྱོད་ཚུལ་གོང་བཞིན་ནོ། ། གཉིས་པ་དམིགས་བསལ་ངོ་ཚ་ཤེས་སོགས་གང་ཟག་ཁྱད་པར་ཅན་གྱི་ལྷག་མའི་ མཐོལ་བཤགས་ནི། སྦྱོར་བ་གོང་བཞིན། དངོས་གཞི་ཆོས་དྲུག་ལྡན་གྱི་དགེ་སློང་གཅིག་ གི་དྲུང་དུ། དངོས་གཞི་ཆེ་གེ་ལས་བྱུང་བའི་ལྷག་མ་ཞེས་འདོན་པ་བསྒྱུར་རོ། །ལྟུང་བྱེད་ལ་ 2-1-371 གཉིས་ཀྱི་དང་པོ། སྤང་ལྟུང་བཤགས་པ་ལ། སྤྱིར་བཏང༌། དམིགས་བསལ་གཉིས་ལས། དང་པོ་ནི། བླ་གབ་ཅན་ཐད་དུ་གནས་པའི་དགེ་སློང༌། རྫས་མི་གཅིག་པ་ལྟ་བ་མཐུན་པ་ ལ། འཆང་བའི་སྤང་ལྟུང་བཤགས་པ་ན། རིགས་མཐུན་རིགས་མི་མཐུན་གྱི་ཡོ་བྱད་ཙམ། ཞག་གཅིག་སྤངས་ཏེ་བཤགས་སོ། །རིན་པོ་ཆེ་དང༌། མངོན་ཚན་ཅན་དང་ཉོ་ཚོང་གི་རྫས་ མ་རྫོགས་པ་ལ་སྤང༌། བྱིན་ཕྲོགས་ཕྲོགས་ཡུལ་ཉིད་ལ་གཏན་སྤང༌། གསོག་འཇོག་ནད་པ་ དང་མ་རྫོགས་པ་ལ། གཏན་སྤངས་ནས་བཤགས་ཡུལ་གོང་བཞིན། བཅབས་ན་བཅབས་ པའི་གྲངས་བརྗོད་དེ་མཐོལ་བཤགས་གོང་བཞིན་བཅབས་རུང་མ་བཅབས་རུང༌། ཕྱི་དེ་ཉིན་ བདག་འདི་ཞེས་བྱ་བ་ལ་ལྟུང་བ་སྤང་བའི་ལྟུང་བྱེད་ཀྱི་སྡེ་ཚན་ལས། རིགས་ཆེ་གེ་ལས་བྱུང་ བའི་དངོས་གཞི་བྱུང་སྟེ། ཞེས་སོགས་འདོན་པ་སྤོའོ། །དམིགས་བསལ་ཡང་གོང་བཞིན་ནོ། །སྦྱོར་བ་དང་སྦྱོར་བའི་སྦྱོར་བ་དང་བསླབ་བྱ་རྣམས་ཕམ་པའི་སྐབས་བཞིན་ནོ། །ལྟུང་བྱེད་ འབའ་ཞིག་པ་ལ་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བྱེད་ བྱུང་སྟེ། བདག་མིང་འདི་ཞེས་བྱ་བའི་ལྟུང་བ་དེ་བཙུན་པའི་མདུན་དུ་མཐོལ་ལོ་བཤགས་ སོ། །ཞེས་སོགས། དགུ་བཅུ་པོ་ཐམས་ཅད་ལ་རིགས་པས་སྦྱར་རོ། །སོ་སོར་བཤགས་པ་ལ་ མཐོལ་སོགས་འདྲ། ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ། མ་རྫོགས་པས་མ་ཐོས་པར། ཚེ་དང་ ལྡན་པ་དག་བདག་ལ། སྨད་པའི་གནས་མི་རིགས་པ་དགེ་སློང་མ་ལ་ཟས་ལེན་པའི་སོ་སོར་ བཤགས་པ་བྱུང་གིས། ཆོས་དེ་སོ་སོར་བཤགས་སོ། །ཞེས་སོགས་ལན་གཅིག་བརྗོད་དོ། །ཉེས་བྱས་ནི། དགོངས་གསོལ། བདག་མིང་འདི་ཞེས་བྱ་བ་ལ། ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ ལས་ཤམ་ཐབས་ཟླུམ་པོར་མ་བསྒོས་པ་ལ་སོགས་པའི་ལྟུང་བ་བྱུང་སྟེ། ཞེས་སོགས་སྦྱར་ རོ། །གཞིས་བསྡུས་ཀྱི་ལྟུང་བ་བཤགས་པ་ལ་ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ དྲན་པས་མ་བསྒྲུབས་པ་ལ་སོགས་པའི་ཉེས་པ་བྱུང་སྟེ། ཞེས་སོགས་གཞན་འདྲའོ། །མདོར་ 2-1-372 ན་ལྟུང་བ་བྱུང་རེས་ཀྱིས། མཐོལ་བ་དང་བཤགས་པ་དང་བསྡམ་པ་ལ་ཉིན་རེ་བཞིན་འབད་ པར་བྱ་ཞིང༌། འཆི་ཁ་མའི་ཚེ། ལྟུང་བ་མ་དག་པ་ཡོད་ན་ལུས་ངག་གིས་བཤགས་བསྡམ་ལ་ འབད་ཅིང༌། དེ་ཙམ་མ་གྲུབ་ན། མདོར། མཐར་དེ་ལ་རྩལ་བ་རྐྱེན་མ་འབྱོར་བ་ཉིད་ན་ལས་ བྱས་པ་དང་འདྲའོ། །ཞེས་པ་ལྟར་ཡིད་ཀྱིས་བཤགས་པས་འདག་པར་འགྱུར་རོ། ། དགེ་ཚུལ་གྱི་ལྟུང་བ་བཤགས་པ་ནི། མང་པོས་ལྷན་ཅིག་ཀྱང་རུང་བས་ཡུལ་མཁན་ སློབ་བམ་གནས་བརྟན་ནམ། དགེ་འདུན་གྱི་དྲུང་དུ་ཕྱག་བྱས། ཙོག་པུར་ཐལ་ལོ་སྦྱར་ནས། དགོངས་གསོལ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་ལ་དགེ་ཚུལ་གྱི་བསླབ་པ་ལས་ འགལ་བ་ཆང་འཐུངས་པ་དང༌། གར་སོགས་དང༌། ཕྲེང་སོགས་དང༌། ཁྲི་སྟན་ཆེ་མཐོ་དང༌། དུས་མིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་ལ་སོགས་པ་བཤགས་པར་བྱ་བའི་ཉེས་ བྱས་གང་བྱུང་བ་དང༌། ཉེས་ལྟུང་དེ་དག་ཡུན་ཇི་སྲི ད་དུ་བཅབས་པ་དང༌། ཡུལ་ཡོད་བཞིན་ མ་བཤགས་པའི་ཉེས་ལྟུང་གང་བྱུང་བ་དེ་དག དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། གནོང་ཞིང་འགྱོད་པས་མཐོལ་ལོ། །མི་འཆབ་པོ། །མི་སྦེད་དོ། །མཐོལ་ན་བདག་བདེ་བ་ལ་ རེག་པར་གནས་པར་འགྱུར་གྱི། མ་མཐོལ་ན་ནི་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ལན་ གཅིག་བྱ། དེ་ནས་སྔར་ཉེས་པ་ཞག་ལོན་དུ་འཆབ་སྲི ད་ན། དེ་མ་བཤགས་པར་བཤགས་ པ་དངོས་མི་འཆགས་པས། དགོངས་གསོལ་བྱས་ལ། བདག་དགེ་ཚུལ་མིང་འདི་ཞེས་བྱ་བ་ ལ། དགེ་ཚུལ་གྱི་བསླབ་པ་ལས་འགལ་བའི་བཤགས་པར་བྱ་བའི་ཉེས་བྱས་གང་བྱུང་བ་དེ་ དག་ཡུན་ཇི་སྲིད་དུ་བཅབས་པ་དང་ཡུལ་ཡོད་བཞིན་མ་བཤགས་པའི་ཉེས་ལྟུང་གང་བྱུང་ བ་དེ་དག དག་པའི་མཐའ་ཚུན་ཆད་ནས་བཟུང་སྟེ། གནོང་ཞིང་འགྱོད་པས་བཤགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་བཤགས་ན་དེ་ལྟར་མི་ འགྱུར་བ་ལགས་སོ། །ལན་གསུམ་མཐོང་སྡོམ་ལན་གསུམ་དྲི། ཐབས་ལེགས་བྱའོ། །དེ་ནས་ 2-1-373 ཉེས་པ་དངོས་བཤགས་ཏེ། ཚིག་མཐོལ་བ་དང་འདྲ་བ་ལ། བཤགས་པར་བྱ་བའི་ཉེས་བྱས་ གང་བྱུང་བ་ཞེས་པ་ནས། གནོང་ཞིང་འགྱོད་པས་བཤགས་སོ། །བཤགས་ན་བདག་བདེ་བ་ ལ་རེག་པར་གནས་པར་འགྱུར་གྱི། མ་བཤགས་ན་དེ་ལྟར་མི་འགྱུར་བ་ལགས་སོ། །ཞེས་ ལན་གསུམ། མཐོང་སྡོམ་དྲི། ཐབས་ལེགས་བྱའོ། །བསྡམ་པ་ནི་དགེ་ཚུལ་གྱི་བསླབ་པ་དང་ འགལ་བའི་ཉེས་པ་གང་བྱུང་བ་ཐམས་ཅད་ལ། གནོང་ཞིང་འགྱོད་པ་དང་སླན་ཆད་ནམ་དུ་ ཡང་བསླབ་པ་མི་ཉམས་པར་བསྡམ་པར་བྱའོ་སྙམ་དུ་ཡི་དམ་དྲག་པོ་བྱའོ། །དགེ་ཚུལ་ལ་ གནང་བ་ཉི་ཤུ་རྩ་གཉིས་ཏེ། བྱེ་བྲག་བཤད་འཚོ་ལས། འཆང་བ་དང་ནི་འབྲལ་བ་དང༌། །དེ་ བཞིན་ས་ནི་རྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང༌། །ལྗོན་ཤིང་འཛེག་དང་ཤིང་གཅོད་དང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །དེ་བཞིན་གསོག་ འཇོག་ཟ་བ་དང༌། །ས་བོན་འཇོམས་དང་ཟླ་འཇོག་དང༌། །དགོན་པའི་འབྲལ་དང་སོག་ འཇོག་བྱེད། །མི་སྨྲ་འགྲོ་དང་དགེ་ཚུལ་ཉལ། །ཆོས་གོས་ཉི་མ་དང་པོ་ལ། །བྱིན་མི་རློབ་དང་ ཟླ་ཕྱེད་བཅིང༌། །བྱིན་མི་རློབ་དང་མ་རྫོགས་པ། །རྫོགས་པར་མི་བྱེད་རྗེན་པས་འཚོད། །དེ་ ལས་གཞན་པའི་བསླབ་བྱ་ལས། །འགལ་བ་བསྡམ་བྱའི་ཉེས་བྱས་སོ། ། གཉིས་པ་རྩོད་པ་ཕྱིར་བཅོས་ལ་གསུམ་སྟེ། ལས་དང་འབྲེལ་པའི་རྩོད་པ་ཞི་བར་བྱ་བ་ དང༌། ཆོས་ཀྱི་འཁོར་ལོའི་རྩོད་པ་ངོས་བཟུང་བ་དང༌། དེ་ལས་གཞན་པའི་རྩོད་པ་ཞི་བར་བྱ་ བའོ། ། དང་པོ་ནི། ཀོའུ་ཤམ་བི་བའི་དགེ་སློང་དག་གིས། ཆོས་མ་ཡིན་པས་མཚམས་ཀྱི་ནང་དུ་ གསོ་སྦྱོང་ཐ་དད་དུ་བྱས་སོ། །ཞེས་པ་ལྟར་དང༌། མདོར། ཆོས་མ་ཡིན་པར་སྨྲ་བ་དག་གིས། ལས་ཐ་དད་པར་བྱས་ན། དེ་བྱེ་བ་ཡིན་ནོ། །ཞེས་གསུངས་པས། ཆོས་མ་ཡིན་པར་སྨྲ་བ་དག་ གིས། མཚམས་ཀྱི་ནང་དུ་འདུ་ཤེས་མ་འཁྲུལ་ཞིང༌། ཀུན་སློང་ཆོས་དང་འདུལ་བ་མི་མཐུན་ 2-1-374 པར་ཤེས་ནས་ཆོས་མིན་པ་ལ་མངོན་པར་ཞེན་ཏེ། ཆོས་སྨྲ་བ་དག་ལས་ཐ་དད་དུ་བྱེད་པར་ འདོད་པ་རྒྱུན་མ་ཆད་པས། སྦྱོར་བ་ལས་ཐ་དད་དུ་བྱས་ཏེ། མཐར་ཐུག་ལས་གང་ཡང་རུང་ བ་ཕལ་ཆེར་བྱས་པ་ན། ལས་བྱེ་བའི་དབྱེན་དུ་འགྱུར་ཞིང་ལྟུང་བ་སྦོམ་པོའོ། །དབྱེན་དེ་ཞི་ བ་ནི་བཟོད་པར་བྱ་བ་གསོལ་བཞིའི་ལས་དང༌། དེའི་འོག་ཏུ་མཐུན་པ་སྦྱིན་པ་གསོལ་བཞིའི་ ལས་དང༌། དེའི་འོག་ཏུ་མཐུན་པའི་གསོ་སྦྱོང་གསོལ་བཞིའི་ལས་ཀྱིས་བྱིན་ནས། དེའི་རྗེས་ སུ་མཐུན་པའི་གསོ་སྦྱོང་དངོས་བྱས་ཏེ། ཕྱོགས་གཉིས་པོ་ལྷན་ཅིག་ཏུ་འདུས་ཏེ་གསོ་སྦྱོང་ བྱའོ། །ལས་ཀྱི་དབྱེན་ངོས་འཛིན་ནི། མཛོད་ལས། ལས་ཀྱི་དབྱེན་ནི་གླིང་གསུམ་ན། །དེ་ནི་ བརྒྱད་དག་ཡན་ཆད་ཀྱིས། །ཞེས་པ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཁ་སྐོང་བར་འོས་ པ། ཆོས་དང༌། ཆོས་མིན་པའི་ཕྱོགས་པ་བཞི་བཞི་སྟེ་བརྒྱད་ཡན་ཆད་དུ་ལོངས་པ། མཚམས་ ནང་གཅིག་ཏུ་འབྱེད་པའི་སྦྱོར་བས་ཀུན་ནས་བསླངས་ཏེ། གསོལ་བ་ལ་སོགས་པའི་ལས་སོ་ སོར་ཉམས་སུ་མྱོང་བར་བྱེད་པ། གནས་སྒྲ་མི་སྙན་མ་གཏོགས་གླིང་གསུམ་དུ། དུས་འཁོར་ ལོའི་དབྱེན་བྱུང་བ་ནས་བསྟན་པ་ཇི་སྲི ད་གནས་ཀྱི་བར་དུ་འབྱུང་སྲི ད་དོ། ། གཉིས་པ་ནི། ཆོས་ཀྱི་འཁོར་ལོ་ལས། མི་མཐུན་ཕྱོགས་སུ་དགེ་འདུན་བྱེ་བ་སྟེ། མཛོད་ ལས། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ་གཞན་དུའོ་བྱིས་པ་རྣམས། །སྟོན་དང་ ལམ་གཞན་ལ་བཟོད་པ། །བྱེ་བའོ་དེ་ནི་མི་གནས་སོ། །དེ་ནི་འཁོར་ལོའི་དབྱེན་དུ་འདོད། །འཛམ་བུ་གླིང་ན་དགུ་སོགས་ཀྱིས། །ཞེས་དང༌། དང་པོ་མཐའ་སྐྱོན་ཟུང་གཅིག་གི །སྔ་རོལ་ ཐུབ་པ་ནོངས་པ་དང༌། །མཚམས་མ་བཅད་པ་དག་ཏུ་ཡང༌། །འཁོར་ལོའི་དབྱེན་ནི་མི་འབྱུང་ ངོ༌། །ཞེས་པས། འབྱེད་པ་པོ་དགེ་སློང་ལྟ་སྤྱོད་ཚུལ་ཁྲིམས་དང་ལྡན་པས་གནས་སྟོན་པའི་ དྲུང་ལས་གཞན་དུ་དབྱེ་བྱ་བྱིས་པའི་དགེ་འདུན། མཐར་ཐུག་སྟོན་པ་ལྷ་སྦྱིན་ལྟ་བུ་དང༌། དེས་ བསྟན་པའི་ལམ་བསླབ་ཚིག་ལྔ་ལ་བཟོད་ཅིང༌། ཚུལ་ཤིང་བླངས་པ་ན་བྱེ་བའོ། །བྱེ་ནས་ཞག་ 2-1-375 ཏུ་མི་གནས་ཤིང༌། འཛམ་བུ་གླིང་ན་ཡོད་ཀྱི་གླིང་གཞན་ན་མེད་ལ། དགེ་སློང་ཕན་ཚུན་བཞི་ བཞི་འབྱེད་པ་པོ་དང་དགུར་ཚང་བ་དགོས་ཤིང༌། དུས་དང་པོ་བསྟན་པ་ལ་སྐྱོན་ཅུང་ཟད་བྱུང་ ནས། མཆོག་ཟུང་གཅིག་བསྐོས་པའི་རྗེས་ཐུབ་པ་མ་ནོངས་པའི་གོང་དུ་འབྱུང་ལ། མཚམས་ མ་བཅད་པའི་གནས་སུ་མི་འབྱུང་གི། མཚམས་ནང་གཅིག་ཏུ་འབྱུང་པའོ། །ལྟུང་བ་ནི་དབྱེན་ དུ་གཏོགས་པའི་སྦོམ་པོ་དང༌། སྡིག་པ་མཚམས་མེད་པའོ། །དབྱེན་གྱི་ཉེས་དམིགས་ནི། དགེ་ འདུན་ཕྱེད་ནས་མ་འདུམ་གྱི་བར་དུ་སྟོན་པ་གཅིག་གི་ཞིང་ཁམས་སུ་ལམ་ལྔ་གང་ཡང་མི་ སྐྱེའོ། །ཞེས་སོ། ། གསུམ་པ་ལ། རྩོད་པའི་ནང་གི་རྒྱུ་བདག་ཏུ་འཛིན་པ་དང༌། ཕྱིའི་རྒྱུ་དངོས་པོ་དེ་བཞིན་ ཉིད་ལ་ལོག་པར་སྒྲུབ་པ་ལ་སོགས་པའོ། །རྩོད་པའི་ངོ་བོ་ནི། དགྲ་བོས་མི་མཐུན་པར་སྨྲས་ པའི་ཚིག་གིས་ཕྱིར་སེམས་གཞོལ་བ་འཁོན་དུ་འཛིན་པའི་འཁྲུག་ལོང་ངོ༌། །རྩོད་པ་ལ་དབྱེ་ ན་བཞི་སྟེ། འདུས་བྱས་རྟག་མི་རྟག་གམ། ཆོས་བདག་ཡོད་མེད་ལྟ་བུ་ལ། རྒོལ་ཕྱིར་རྒོལ་ རྩོད་པ་ལྟ་བུ་འགྱེད་ཕྱིར་གྱི་རྩོད་པ་དང༌། གདམ་ངག་གསོ་སྦྱོང་དགག་དབྱེ་འཇོག་པ་ལ། འཇོག་པ་པོ་དང་བཞག་བྱ་རྩོད་པ་ལྟ་བུ་མི་བསྡམ་པའི་ཕྱིར་གྱི་རྩོད་པ་དང༌། ལྟུང་བ་ཡོད་པ་ ལ་གླེངས་པས་ཁས་མི་ལེན་པ་ལ། གླེང་བྱ་གླེང་བྱེད་རྩོད་པ། ལྟུང་ཕྱིར་གྱི་རྩོད་པ་དང༌། ལས་ ལ་མཐུན་པ་མི་སྦྱིན་པས་རྩོད་པར་གྱུར་པ་བྱ་ཕྱིར་གྱི་རྩོད་པ་དང་བཞིའོ། །དེ་ཡང་ཞིབ་མོར་ ཕྱེ་ན་བཅུ་གཅིག་སྟེ་དང་པོ་ལ་དབྱེ་བ་མེད། གཉིས་པ་ལ་རྒྱུ་བཅས་གང་ཟག་དེ་ལ་ལྟུང་བ་ ཡོད་པ་དང༌། གང་གིས་གླེངས་པའི་ལྟུང་བ་མེད་པའོ། །རྒྱུ་མེད་ལ་བཞི་སྟེ། གཞི་མེད་(ལྟུང་ བ་མེད་པས་གླེངས་པའི་)དང༌། གཞི་གཞན་(ལྟུང་བ་གཞན་བྱུང་བ་ལ་གཞན་གྱིས་གླེངས་པ་ )རྗེས་སུ་བསྒྲུབས་པ་དང༌། ཕྱིར་(ལྟུང་བ་ཕྱིར་བཅོས་ཟིན་པ་ལ་གླེངས་པ་)བཅོས་པ་ལ་མི་ ལྟོས་པ་དང༌། (སྨྱོ་བར་མ་ཤེས་པར་དེ་ལ་ལྟུང་བ་གླེངས་པ་)སྨྱོན་པས་བྱས་པའོ། །ལྟུང་ཕྱིར་ 2-1-376 གྱི་རྩོད་པ་ལ། ཉེས་པ་རང་གིས་ངོ་ཤེས་པ་གླེངས་པ་ན་ལྟུང་བ་དེ་རང་གིས་ངོ་ཤེས་ཤིང་དྲན་ པ་དང༌། ངོ་མི་ཤེས་པ་ནི་གླེངས་པ་ན་ལྟུང་བ་བརྗེད་ནས་མི་དྲན་པའོ། །དང་པོ་ངོ་ཤེས་པ་ལ་ རྩོད་པ་ཕྱིར་འཕྲོས་པ་མེད་པ་དང༌། ཕྱིར་འཕྲོས་པ་དང་བཅས་པ་ཉི་ཚེ་བ་དང༌། དགེ་འདུན་ མཐའ་དག་དང་འབྲེལ་བ་དང་གསུམ་མོ། །དེའི་སྟེང་དུ་བྱ་ཕྱིར་གྱི་རྩོད་པ་དང་བཅུ་གཅིག་གོ །རྩོད་པ་ཞི་བྱེད་ལ་སྤྱིར་ཤི་བའམ། བབས་ན་རྩོད་པ་རིང་བཞིན་གྱིས་ཞིའོ། །སོ་སོའི་ཞི་བྱེད་ ལ། མངོན་སུམ་དྲན་པ་མ་སྨྱོས་དང༌། །གང་མང་དང་ནི་ངོ་བོ་ཉིད། །རྩྭ་རྣམས་བཀྲམ་པ་ལྟ་བུ་ དང༌། །ཁས་བླངས་པར་ནི་བྱ་བའོ། །ཞེས་པ་ལྟར་ཞི་བྱེད་བདུན་འཇུག་སྟེ། དེ་ལ་འགྱེད་ཕྱིར་ གྱི་རྩོད་པ་ནི་མངོན་སུམ་གྱིས་ཞི་བར་བྱེད་པ་དང༌། གང་མང་གིས་ཞི་བར་བྱེད་པའོ། །དང་ པོ་ལ་བརྒྱད་དེ། རྒོལ་དང་གཟུ་དང་དགེ་འདུན་གཞི་བོ་དང༌། །གསལ་བ་དང་ནི་གསལ་བའི་ གསལ་བ་དང༌། །དགེ་འདུན་གཞན་དང་སྡེ་སྣོད་འཛིན་པ་དང༌། །གནས་བརྟན་མཐུ་དང་ལྡན་ པའི་མངོན་སུམ་མོ། །དེ་དག་སྔ་མས་མ་ཞི་ན་ཕྱི་མ་ཕྱི་མས་ཞི་བྱེད་དོ། །གང་མང་གི་ཞི་བྱེད་ ནི། མངོན་སུམ་གྱིས་ཞི་མ་ནུས་ན་དགེ་འདུན་གཞི་བོས་ཚུལ་ཤིང་གང་མང་བྱ་བར་གསུངས་ སོ། །མི་བསྡམ་པའི་ཕྱིར་གྱིས་རྩོད་པ་ཞི་བྱེད་ལ། རྒྱུ་བཅས་ཀྱི་རྩོད་པ་ནི་མངོན་སུམ་གྱིས་ དག་པ་བྱིན་པས་ཞི་བར་བྱ་བའོ། །རྒྱུ་མེད་ཀྱི་དང་པོ་གསུམ་ལ། གང་ཟག་འདི་ནི་དྲན་པ་ དང་ལྡན་པ་ཡིན་པས། འདི་ལ་ལྟུང་བ་བྱུང་བ་མ་དྲན་པས་འདི་ལ་ལྟུང་བ་མེད་དོ། །ཞེས་དགེ་ འདུན་གྱིས་གསོལ་བཞིའི་ལས་ཀྱི་དག་པ་སྟེར་བའོ། །བཞི་པ་སྨྱོན་པས་བྱས་པ་ལ། གང་ ཟག་འདི་མ་སྨྱོས་པའི་དུས་སུ་ཉེས་པ་མ་བྱས་པས་སྨྱོས་པ་འདི་ལ་ལྟུང་བ་མེད་དོ། །ཞེས་ དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་དག་པ་སྟེར་བའོ། །ལྟུང་ཕྱིར་གྱི་རྩོད་པ་ཞི་བྱེད་ ལ། གཉིས་ཀྱི། ཉེས་པ་རང་གིས་ངོ་ཤེས་པའི་རྩོད་པ་ཞི་བྱེད་ལ་གསུམ་ལས། དང་པོ་ཕྱིར་ འཕྲོས་པ་མེད་པའི་རྩོད་པ་ཞི་བྱེད་ལ་ཡང༌། ལྟུང་བ་ཁས་མི་ལེན་ཞིང་ཕྱིར་མི་འཆོས་པས་ 2-1-377 རྩོད་པ་ནི། ལྟུང་བ་ཁས་བླངས་པ་དང༌། ལྟུང་བ་ཕྱིར་བཅོས་བྱས་པས་རྩོད་པ་དེ་ཞི་བར་བྱེད་ དོ། །ལྟུང་བ་ཁས་མི་ལེན་པ་ཁོ་ནའི་རྩོད་པ་ནི། གླེང་བྱེད་ལ་ཁས་བླངས་པས་ཞི་བར་བྱེད་ དོ། །གཉིས་པ་ཕྱིར་འཕྲོས་པ་དང་བཅས་པ་ཉེ་བའི་རྩོད་པ་ཞི་བྱེད་ནི་མངོན་སུམ་གྱིས་འདུལ་ བས་སོ། །གསུམ་པ་དགེ་འདུན་མཐའ་དག་དང་འབྲེལ་པའི་རྩོད་པ་ནི། རྩྭ་བཀྲམ་པ་ལྟར་ ཕྱོགས་གཉིས་པོ་ཕན་ཚུན་འདུད་པས་ཞི་བར་བྱའོ། །གཉིས་པ་རང་གི་ངོ་བོ་མི་ཤེས་པའི་རྩོད་ པ་ནི། ལྟུང་བ་མི་དྲན་པ་དྲན་པར་བྱ་བའི་ཕྱིར་ངོ་བོ་ཉིད་ཚོལ་བ་གསོལ་བཞིས། སྦྱིན་པས་ཞི་ བར་བྱེད་དེ། ལྟུང་བ་དྲན་པར་བྱེད་པ་ལ་བརྩོན་འགྲུས་རྩོམ་པར་འགྱུར་བས་སོ། །བཞི་པ་བྱ་ ཕྱིར་གྱི་རྩོད་པ་ནི། ལས་ལ་མཐུན་པ་སྦྱིན་པས་དངོས་སུ་ཞི་བར་བྱེད་ཅིང༌། བརྒྱུད་ནས་ཞི་ བྱེད་ཐམས་ཅད་འཇུག་གོ །དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་ལ། ཕྱག་བྱ་བ་དང་མི་ བྱ་བའི་ཚུལ་དང༌། གཙུག་ལག་ཁང་རྩིག་པའི་ཆོ་ག་དང༌། བརྩིགས་ནས་རི་མོ་འབྲི་བའི་ཚུལ་ དང༌། སྦ་བ་དང་ཡོངས་སུ་སྐྱོབ་པའི་ཚུལ་ལ་སོགས་པ་གཞུང་དུ་ཤེས་པར་བྱའོ། །དེ་ལྟར་ སྡོམ་པ་ཐོབ་ནས་མ་ཉམས་པར་བསྲུང་ཞིང༌། ཉམས་ན་ཕྱིར་བཅོས་པའི་སྒོ་ནས་རྣམ་པར་ དག་པར་བྱས་ཏེ། ལུང་ལས། གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང༌། ཉོན་མོངས་པར་མི་ འགྱུར་བ་དང༌། གཉིས་ཀྱིས་ཟག་པ་འཕེལ་བར་མི་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་ མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་བསླབ་པར་བྱའོ། ། འདུལ་བ་རྒྱ་མཚོ་གཏིང་མཐའ་རབ་ཟབ་ཅིང༌། །བདག་བློའི་རྣམ་དཔྱོད་མཐུ་དང་རྩལ་ ཆུང་ཡང༌། །ལུང་དང་མདོ་འགྲེལ་བླ་མའི་མན་ངག་ལས། །བྱུང་བཞིན་བསྡེབས་ཀྱི་རང་ བཟོའི་དྲི་མ་མེད། །གལ་ཏེ་འཁྲུལ་ན་དམ་པས་བཟོད་པར་འཚལ། །འདུལ་བ་བདུད་རྩིའི་ ཉིང་ཁུ་འདི་སྦྱར་བས། །འགྲོ་བ་ཀུན་གྱི་ཚུལ་འཆལ་དུག་བཅོམ་ནས། །ཚུལ་ཁྲིམས་དག་ 2-1-378 པས་ཀུན་མཁྱེན་ས་ཐོབ་ཤོག ། འདུལ་བ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་དོན་དུ་གཉེར་བ་དུ་མས་བསྐུལ་བའི་ངོར་ཇོ་ གདན་འདུལ་བ་འཛིན་པ་བསོད་ནམ་བཟང་པོས་ལྕགས་མོ་ཡོས་བུའི་ལོ་ལ། དཔལ་མཚལ་ མིན་གྱི་གཙུག་ལག་ཁང་དུ་སྦྱར་བའོ། །བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ ཐོགས་པར་གྱུར་ཅིག །ཤུབྷཾ། གཅིག་ཞུས་སོ། ། མ་ཡིག དང་པོ། འབྲས་དཔེ་རྙིང་ཕྱི་ཝ ༤ གཉིས་པ། ཡང་འབྲས་དཔེ་རྙིད་དབུ་ལྡེབ་མེད་པ། གསུམ་པ། ཕྱི་ཝ༥༤ པོ་ཏ་ལའི་དཔེ་རྙིང་བཅས་ལ་བརྟེན་ཡོད། མ་ཡིན་དང་པོ་ཁོ་ནར་ཡོད་པ་[ ]རྟགས་ཡིན། སྔོན་མ་དང་པོ་དང་ཕྱི་མ་དཔེ་གཞན་གཉིས་གང་རུང་གི་རྟགས[ { }ཡིན། 2-1-379 ༄༅། །འདུལ་བའི་ལག་ལེན་རིན་པོ་ཆེའི་ གཏེར་བཞུགས། ༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འགའ་ཞིག་ཚིགས་སྔ་མ་དགེ་ཚུལ་ ཉིད་དུ་བསྒྲུབ་པའི་ཕྱིར་ཉེ་བར་འོངས་ན། དང་པོར་སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་ པ་བཤམ། ཆོས་གོས་གཉིས། ལྷུང་བཟེད། གདིང་བ། ཆུ་ཚགས་རྣམས་ཚོགས་པར་བྱས་ནས། བསྒྲུབ་བྱ་དེ་མཁན་པོ་ཉིད་དུ་ཕྱོགས་པར་གྱུར་པའི་མདུན་དུ། ཙོག་ཙོག་པོར་འདུག་ཏུ་བཅུག་ ལ། ཉིད་དགེ་ཚུལ་ཉིད་དུ་བསྒྲུབ་པའི་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི། མཇུག་གསུམ་ ལས། དང་པོ་ལ། རྒྱུད་དག་མ་དག་བརྟག་པའི་ཕྱིར་བར་ཆད་དྲི་བ། བསྟན་པ་ལ་རིམ་གྱིས་ སློབ་ཏུ་གཞུག་པའི་ཕྱིར་དགེ་བསྙེན་དུ་བསྒྲུབ་པ། རྒྱུད་སྣོད་དུ་རུང་པར་བྱ་བའི་ཕྱིར་རབ་ཏུ་ དབྱུང་པ་གསུམ་གྱི། དང་པོ་ནི། མདོ་རྩ་བར། དང་པོའི་མཁན་པོ་ཉིད་ཀྱིས་བར་ཆད་དྲིས་ ནས་ཡོངས་སུ་དག་པ་ལ་སྐབས་དབྱེའོ། །ཞེས་གསུངས་པ་ལྟར། ཁྱེད་རབ་ཏུ་བྱུང་པ་བསྒྲུབ་ པ་ལ། བར་ཆད་དང་མི་ལྡན་པའི་དག་པ་ཅིག་དགོས། བར་ཆད་ཡོད་མེད་ངེད་ཀྱིས་དྲིས་པ་ ལས་རྟོགས་པས་དྲི་བ་འདི་རྣམས་ལ་ལན་དྲང་པོར་ཐོབ་ཅིག ཁྱོད་མུ་སྟེགས་ཅན་མ་ཡིན་ ནམ། ལོ་བཅོ་ལྔ་མ་ལོན་པ་མ་ཡིན་ནམ། ལོ་བཅོ་ལྔ་ལོན་པ་བྱ་རོག་སྐྲོད་མི་ནུས་པ་མ་ཡིན་ ནམ། བྱ་རོག་སྐྲོད་ནུས་པ་ལོ་བདུན་མ་ལོན་པ་མ་ཡིན་ནམ། བྲན་ལ་སོགས་པ་མ་ཡིན་ནམ། བུ་ལོན་ཆགས་པ་མ་ཡིན་ནམ། ཕ་མས་མ་གནང་པ་མ་ཡིན་ནམ། ཕ་མས་མ་གནང་པ་ཡུལ་ ཐག་མི་རིང་པ་མ་ཡིན་ནམ། ནད་པ་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ 2-1-380 ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ ནམ། མུ་སྟེགས་ཞུགས་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། དགྲ་བཅོམ་པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་ གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་མ་ཡིན་ནམ། ཕམ་པར་འགྱུར་བའི་ལྟུང་པ་བཞི་ པོ་དག་ལས་ལྟུང་བ་གང་ཡང་རུང་བ་བྱུང་པ་མ་ཡིན་ནམ། རྒྱུ་ལས་ལྡོག་པའི་ཆད་པ་ཁས་མི་ ལེན་པ་གནས་ནས་ཕྱུང་པ་མ་ཡིན་ནམ། ལག་རྡུམ་ལ་སོགས་པ་མ་ཡིན་ནམ། སྐྲ་སེར་ལ་ སོགས་པ་མ་ཡིན་ནམ། སེན་མོ་གཅིག་པ་ལ་སོགས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་ མ་ཡིན་ནམ། རྒྱལ་པོས་མ་གནང་པ་མ་ཡིན་ནམ། རྒྱལ་པོས་མ་གནང་པ་ཡུལ་ཐག་མི་རིང་པ་ མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཕུང་ཁྲོལ་བ་མ་ཡིན་ནམ། ལྷམ་མཁན་ མ་ཡིན་ནམ། གདོལ་པ་མ་ཡིན་ནམ། གཡུང་པོ་མ་ཡིན་ནམ། མི་མ་ཡིན་པའི་འགྲོ་བ་པ་མ་ ཡིན་ནམ། བྱང་གི་སྒྲ་མི་སྙན་པ་མ་ཡིན་ནམ། མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ནམ། སྐྱེས་པ་འདྲ་བའི་བུད་མེད་མ་ཡིན་ནམ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་མ་ཡིན་ནམ། གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་མ་ཡིན་ནམ། ཞེས་དྲིས་པས། ཡིན་ནོ་ཞེས་ཟེར་ ན་འོ་ན་སོང་ཞིག་ཅེས་བརྗོད་པར་བྱའོ། །མ་ཡིན་ནོ་ཞེས་ཟེར་ན། འོ་ན་ཁོ་བོས་ཁྱོད་རབ་ཏུ་ དབྱུང་པར་བྱའོ་ཞེས་སྐབས་དབྱེའོ། ། གཉིས་པ་ནི། བསྒྲུབ་བྱ་དེ་དང་པོར་སྟོན་པ་ལ་ཕྱག་འཚལ་དུ་བཅུག དེ་ནས་རང་ ལ་ཕྱག་འཚལ་དུ་བཅུག་ནས། མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྙིང་ཁར་སྦྱོར་དུ་ བཅུག་ནས། ཉིད་བསྟན་པའི་སྒོར་འཇུག་པ་ལ། མདོ་རྩ་བར། དགེ་བསྙེན་ཉིད་དང༌། དགེ་ ཚུལ་ཉིད་དང༌། དགེ་སློང་ཉིད་དག་གི་སྔ་མ་བསྙེན་པར་མ་རྫོགས་པར་ཕྱི་མ་མི་བྱའོ། །ཞེས་ 2-1-381 གསུངས་པ་ལྟར་སྡོམ་པ་གསུམ་རིམ་གྱིས་བླང་དགོས་པས་ཐོག་མར་དགེ་བསྙེན་གྱི་སྡོམ་ པ་བླང་དགོས་ཤིང༌། དེའང་མདོ་རྩ་བར། སྐྱབས་སུ་འགྲོ་བར་ཁས་བླང་པའི་ཚིག་རྩོམ་པ་ དང༌། དགེ་བསྙེན་ཉིད་དང་དགེ་ཚུལ་ཉིད་དུ་ཁས་བླང་བའི་ཚིག་བྱའོ། །ཞེས་གསུངས་པ་ ལྟར། སྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་སྒོ་ཡིན་ཞིང༌། དེ་མེད་ན་སྡོམ་པ་མི་སྐྱེ་བས་ བསམ་པ་འདི་བཞིན་དུ་མཛོད། འཁོར་བ་འདི་ན་གང་དུ་སྐྱེས་ཤིང་གང་དུ་གནས་ཀྱང་སྡུག་ བསྔལ་མ་གཏོགས་པ་བདེ་བའི་གོ་སྐབས་གཏན་ནས་མི་འདུག་པས་འཁོར་བའི་འཇིགས་པ་ ལས་སྐྱོབ་པའི་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། སྐྱབས་སུ་འགྲོ་ཚུལ། སངས་རྒྱས་ལ་སྟོན་པ། ཆོས་མྱང་འདས་ལ་སྐྱབས་དངོས། དགེ་འདུན་ལ་མྱང་འདས་སྒྲུབ་ པའི་ཟླ་གྲོགས་ཞུས་ནས་འཁོར་བ་སྤངས་པའི་རྣམ་གྲོལ་གཏན་གྱི་བདེ་བ་བསྒྲུབ། དེའི་ཆེད་ དུ་ཡོངས་རྫོགས་ཀྱི་དགེ་བསྙེན་གྱི་སྡོམ་པ་བླངས་ལ་མ་ཤིའི་བར་དུ་མ་ཉམས་པར་བསྲུང་ སྙམ་པ་གྱིས་ལ་རྗེས་ཟློས་ཀྱིས། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་ བ་དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་ རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་ མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲི ད་འཚོའི་ བར་དུ་དགེ་བསྙེན་དུ་བཙུན་པས་གཟུང་དུ་གསོལ། ལན་གསུམ་བཟླས་དགོས་པས། གཉིས་ པའི་ཡང་རྗེས་ཟློས་ཀྱིས་ཞེས་བརྗོད། གཉིས་པ་སོང་པའི་རྗེས་སུ། གསུམ་པ་འདི་ལ་སྐྱབས་ བརྗོད། བདག་བརྗོད། གཞན་བརྗོད་གསུམ་དུ་ཡོད་ཅིང༌། དགེ་འདུན་ལ་སྐྱབས་སུ་མཆིའོ་ ཡན་ཆད་སྐྱབས་བརྗོད་པ། བདག་ཇི་སྲི ད་འཚོའི་བར་དུ་དགེ་བསྙེན་དུ་ཞེས་པ་བདག་བརྗོད་ པ་ཡིན་པས། བདག་བརྗོད་དགེ་བསྙེན་དུ་ཞེས་པའི་རྗེས་ཟློས་རྫོགས་པ་དང༌། ཁྱེད་ལ་དགེ་ བསྙེན་གྱི་སྡོམ་པ་སྐྱེ། ངེད་ཁྱེད་ཀྱི་སློབ་དཔོན་དུ་འགྱུར་བས་དེ་དུས་སྡོམ་པ་ཐོབ་པར་ཤེས་པ་ 2-1-382 དང༌། སློབ་དཔོན་དུ་གྱུར་ནས་བཙུན་པ་ལས་གཞན་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་ བརྗོད་དགོས་པས། དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་གྱིས་ཞེས་བརྗོད། མཇུག་ཏུ་ སློབ་དཔོན་གྱིས་ཐབས་ཡིན་ནོ། །ཞེས་བརྗོད། སློབ་མས་ལེགས་སོ་ཞེས་བརྗོད། དེས་ཁྱེད་ ཀྱིས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་ཡིན་པས་བསྲུང་དགོས། བསྲུང་ལུགས་དགྲ་བཅོམ་པ་ རྣམས་ཀྱིས་སྲོག་གཅོད་པ་ལ་སོགས་པ་ལྔ་ཡིད་ཀྱི་སྤངས་ཏེ། ལུས་ངག་གིས་སླར་ལོག་པ་དེ་ བཞིན་དུ་བདག་གིས་ཀྱང་བསླབ་སྙམ་པ་གྱིས་ལ། རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་ གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲི ད་འཚོའི་བར་དུ། སྲོག་གཅོད་ པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་ པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་ དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། རྗེས་སུ་སྒྲུབ་པོ། རྗེས་སུ་བགྱིད་དོ། །གཞན་ཡང་ ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲི ད་འཚོའི་བར་དུ། མ་བྱིན་པར་ལེན་པ་ དང༌། འདོད་པས་ལོག་པར་གཡེམ་པ་དང༌། བརྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང་བཅོས་ པའི་ཆང༌། མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ ཆང༌། མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་ འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་བར་དུ། མ་བྱིན་པར་ལེན་ པ་དང༌། འདོད་པས་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང་བཅོས་ པའི་ཆང༌། མྱོས་པར་འགྱུར་བ། བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་ པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་ ལྔ་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ་རྗེས་ 2-1-383 སུ་སྒྲུབ་པོ། རྗེས་སུ་བགྱིད་དོ། །སློབ་དཔོན་གྱིས་ཐབས་ཡིན་ནོ་ཞེས་བརྗོད། དགེ་བསྙེན་ གྱིས་ལེགས་སོ་ཞེས་བརྗོད་དོ། །དེ་ལྟར་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་ནས་སྐྱབས་ འགྲོའི་བསླབ་བྱ་ལྷ་གཞན་ལ་ཕྱག་མཆོད་སྤོང་བ་དང༌། སེམས་ཅན་ལ་གནོད་འཚེ་སྤོང་བ་ དང༌། གྲོགས་མུ་སྟེགས་ཅན་དང་མཐུན་འཇུག་སྤོང་བ་སྟེ་རིམ་པ་བཞིན་སོ་སོའི་བསླབ་བྱ་ གསུམ་དང༌། ལུས་སྲོག་དང་བྱ་དགའི་ཆེད་དུ་ཡང་དཀོན་མཆོག་གསུམ་མི་སྤོང་བ་དང༌། སྡུག་ བསྔལ་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བསྟེན་པ་ལས་ཐབས་གཞན་མི་བཙལ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་ཞིང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང༌། རྟག་ཏུ་ སྐྱབས་འགྲོ་ལ་བརྩོན་ཞིང༌། ཐ་ན་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བྱེད་པ་དང༌། ཕྱོགས་ གར་འགྲོ་ཡང་ཕྱོགས་དེའི་དཀོན་མཆོག་ལ་ལྷག་པར་སྐྱབས་སུ་འགྲོ་བ་སྟེ། ཐུན་མོང་གི་ བསླབ་བྱ་རྣམས་ལ་བསླབ་པོ། །དེ་ལྟར་སྐྱབས་སུ་སོང་པས་ནང་པ་སངས་རྒྱས་པའི་ཁོངས་ སུ་ཆུད་པ་དང༌། སྡོམ་པ་ཀུན་གྱི་རྟེན་དུ་རུང་བ་སོགས་(སྡིག་པ་ཟད་པར་འགྱུར་བ་དང༌། ལོག་པར་ལྟུང་ བར་མི་འགྱུར་བ་དང༌། གནོད་པས་མི་ཚུགས་པ་དང༌། དོན་འགྲུབ་པ་དང༌། བསོད་ནམས་འཕེལ་བ་དང༌། སངས་རྒྱས་ཐོབ་སྟེ།) ཕན་ཡོན་བརྒྱད་ཐོབ་པོ། །སྲོག་གཅོད་སོགས་སྤང་བྱ་ལྔ་སྤོང་བར་ཁས་བླངས་པ་རྣམས་དང༌། གཞན་ཡང་ཕྲ་མ་སོགས་མི་དགེ་བ་མཐའ་དག་ཅི་ནུས་ཀྱིས་སྤོང་བ་ལ་བརྩོན་པར་གྱིས་ཤིག ཅེས་བརྗོད་དོ། ། གསུམ་པ་ལ་སྦྱོར་བ་དང་དངོས་གཞི་གཉིས་ཀྱི་དང་པོ་ལ། ངོ་ཚ་ཁྲེལ་ཡོད་བསྐྱེད་པའི་ ཕྱིར་དགེ་འདུན་ལ་རབ་བྱུང་ཞུ་བ་དང༌། རབ་བྱུང་གི་མེད་ན་མི་འབྱུང་པའི་རྒྱུ་སྒྲུབ་པའི་ཕྱིར་ མཁན་པོར་གསོལ་བ་དང༌། ཆོས་འདི་པའི་བསམ་པ་བསྐྱེད་པའི་ཕྱིར་རྟགས་སྦྱིན་ཞིང་བར་ ཆད་རྟོགས་པ་དང་གསུམ་གྱི། དང་པོ་ནི། མཁན་པོར་ཕྱོགས་པས་ཞུ་བ་བྱེད་པར་འོས་པའི་ དགེ་སློང་ཆོས་བཅུ་ལྡན་(དགེ་སློང་གི་སྡོམ་ལྡན།༡ ལྟ་བ་༢དང་མཚན་མཐུན་པ།༣ ཐ་སྙད་གསུམ་ལྡན།༤ ས་རང་ 2-1-384 བཞིན་དུ་གནས་པ།༥ བྱེ་བ་ན་ཆོས་གཞན་པའི་ཕྱོགས་སུ་མ་སོང་པ།༦ གཟུགས་གཞན་དུ་མ་གྱུར་༧ཞིང་མི་སྣང་པར་བྱས་པ།༨ མཚམས་ནང་ན་གནས་པ་༩རབ་བྱུང་ཞུ་བ་ལ་མཁས་པ་༡༠སྟེ།)ཞིག་ལ་དགེ་སློང་དགེ་བའི་བཤེས་གཉེན་ཆེ་ གེ་མོས་ཚེ་དང་ལྡན་པ་འདི་དགེ་འདུན་ལ་རབ་ཏུ་འབྱུང་པའི་ཞུ་བ་མཛོད་ཅིག ཅེས་བརྗོད། དགེ་སློང་དེས་ཅི་ཚེ་དང་ལྡན་པ་འདིའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་ དྲི། མཁན་པོར་ཕྱོགས་པས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །ཞེས་ལན་གདབ། དེ་ ནས་དགེ་སློང་དེས་བསྒྲུབ་བྱ་དེ་རྒན་རིམ་ནས་ཕྱག་གསུམ་གསུམ་འཚལ་དུ་བཅུག་ནས་ཙོག་ ཙོག་པོར་འདུག་སྟེ། ཐལ་མོ་སྦྱོར་དུ་བཅུག་ནས། རང་རྒན་པའི་མཐར་འགྲེང་སྟེ་འདུད་པ་ དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་ མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་པར་འཚལ་ཏེ། ཁྱིམ་པ་གོས་དཀར་པོ་ ཅན་སྐྲ་དང་ཁ་སྤུ་མ་བྲེགས་པ་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་ འབྱུང་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་རབ་ཏུ་འབྱུང་པར་འཚལ་ཞིང༌། སྐྲ་དང་ཁ་ སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་ པར། མཁན་པོ་མིང་འདི་ཞེས་བགྱི་བ་ལས་རབ་ཏུ་འབྱུང་སྟེ། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ ཡོངས་སུ་དག་གོ།ཞེས་ཁོ་ན་ཉིད་མཆི་ན། ཅི་འདི་རབ་ཏུ་འབྱུང་ངམ། ཞེས་བརྗོད། ཐམས་ ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ་ཞེས་བརྗོད། བསྒྲུབ་བྱ་དེ་གཅིག་ཡིན་ན་འདི། གཉིས་ ཡིན་ན་འདི་དག གསུམ་ཡོད་ན་འདི་རྣམས། ཞེས་ཚིག་ཕྲད་བསྒྱུར་བ་ནི་གོང་འོག་ཐམས་ ཅད་དུ་ཤེས་པར་བྱའོ། །འདི་ཞེས་བགྱི་བ་ལས་གཅེས་པ་དེ། རང་གི་མཁན་པོ་ཡིན་ན། དོན་ གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་མིང་འདི་ཞེས་བགྱི་བ་ཞེས་དང༌། མཁན་པོ་སློབ་ དཔོན་མིང་འདི་ཞེས་དང༌། མཁན་སློབ་མིན་པར་རང་བས་བསླབ་པ་རྒན་པ་ཡིན་ན། མཁན་ པོ་གནས་བརྟན་ཞེའམ། དགེ་བའི་བཤེས་གཉེན་མིང་འདི་ཞེས་བགྱི་བ་ལས་ཞེས་ཉེ་ཚིག་ 2-1-385 གིས་བརྗོད། གཉིས་པ་ནི། བསྒྲུབ་བྱ་དེ། མཁན་པོར་འོས་པ་ལ་ཕྱག་འཚལ་དུ་བཅུག མདུན་དུ་ ཙོག་ཙོག་པོར་ཐལ་མོ་སྦྱོར་དུ་བཅུག་ནས། ཁྱོད་རབ་ཏུ་འབྱུང་པར་འདོད་པ་དེ། མདོ་རྩ་བར། རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པ་དེའི་ཕྱིར་དགེ་སློང་འགའ་ཞིག་མཁན་པོ་ཉིད་དུ་ གནས་པ་ལའོ་ཞེས་མཁན་པོ་ཉིད་དུ་གནས་པ་ལ་རབ་བྱུང་ཡོད་ཀྱི། མི་གནས་པ་ལ་མེད་ པས་ད་ལྟར་གྱི་ཆོ་གས་རབ་ཏུ་འབྱུང་པ་ལ་མཁན་པོ་དགོས། མཁན་པོ་ཡང༌། མདོ་རྩ་བར། བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་མཁན་པོ་ཉིད་དང༌། གནས་ཉིད་དང་མི་གནས་ པར་འདུག་པར་མི་བྱའོ། །ཞེས་གསུངས་པ་ལྟར། བསྙེན་པར་རྫོགས་ནས་ལོ་བཅུ་བར་མ་ ཆད་པར་ལོན་པ། འོག་ནས་འབྱུང་པའི་ལྷན་ཅིག་སྦྱར་བ་དག་ལས། གང་དང་ཡང་མི་ལྡན་ པས་ནི་མ་ཡིན་ནོ། ཞེས་པ་ལྟར། ལྔ་ཕྲུགས་ཉེར་གཅིག་ལས་གང་རུང་དང་ལྡན་པ་སོགས་(ས་ རང་བཞིན་དུ་གནས་པ། བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་སུ་མ་སོང་པ། ཐ་སྙད་གསུམ་ལྡན། འགྲོ་བ་གཞན་དུ་གནས་པ་མ་ཡིན་ པ་མཚན་མ་གྱུར་པ་སྟེ།)ཆོས་བདུན་དང་ལྡན་པ་དགོས། མཁན་པོའི་དོན་ཡང་དངོས་སུ་བསླབ་པ་ རིན་པོ་ཆེ་ལ་ཉེ་བར་སྦྱོར། རྒྱུད་ནས་མྱང་འདས་ལ་སྦྱོར་བར་བྱེད་པ་དང༌། དམན་པའི་གནས་ སུ་ལྟུང་པ་ལས་ཉེ་བར་འཛིན་པ་དང༌། བསླབ་པ་རྣམས་ཉེ་བར་ལུང་འབོགས་པའམ། སྟོན་ པར་བྱེད་པས་ན་མཁན་པོ་ཡིན་ལ། དེར་འགྱུར་བ་ཡང༌། མདོ་རྩ་བར། མཁན་པོར་གསོལ་བ་ ཁས་བླངས་པ་ན་དེར་འགྱུར་རོ། །ཞེས་གསུངས་པ་ལྟར། མཁན་པོར་གསོལ་བ་བཏབ། དེས་ ཀྱང་ཁས་བླངས་པ་ཅིག་དགོས་པས་དགེ་སློང་འདི་ལ་བདག་རབ་བྱུང་བསྒྲུབ་པའི་མཁན་པོ་ ཞུ། དེའི་ཆེད་དུ་གསོལ་བ་གདབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་ གསོལ། བདག་མིང་འདི་ཞེས་བགྱི་བ་སློབ་དཔོན་ལ་མཁན་པོར་གསོལ་གྱིས། སློབ་དཔོན་ བདག་གི་མཁན་པོ་མཛད་དུ་གསོལ། སློབ་དཔོན་མཁན་པོས་རབ་ཏུ་དབྱུང་བར་བགྱིའོ། 2-1-386 །ལྷག་པོར་དང་སོ་སོར་བཤགས་པའི་ལྟུང་པ་བཤགས་པ་ཙམ་མ་གཏོགས་པ། རང་དོན་གྱི་ སྔགས་རྣམས་ལ་ལན་གསུམ་བཟླ་དགོས་པས་གཉིས་པའི་རྗེས་ཟློས་ཀྱིས་ཞེས་གཉིས་པའི་ རྗེས་ཟློས་བྱེད་དུ་བཅུག གསུམ་པའི་སྐབས་སུ། འདིར་ཐ་མ་ལ་མཁན་པོའི་དོན་ཏོ། །ཞེས་ གསུངས་པས། གསུམ་པ་འདི་ལ་གསོལ་གྱིས་ཡན་ཆད་ཆ་དང་པོ། མཛད་དུ་གསོལ་ཡན་ཆད་ ཆ་གཉིས་པ། དེའི་རྗེས་སུ་མཁན་པོར་འགྱུར་ཞིང༌། དེ་ནས་ཆ་གསུམ་པ་སློབ་དཔོན་ཞེས་ མི་བརྗོད། མཁན་པོ་ཞེས་བརྗོད་དགོས་པས། དེ་ཡིད་ལ་ཞོག་ལ། གསུམ་པའི་རྗེས་ཟློས་ གྱིས་བྱས་ལ། མཁན་པོ་མཁན་པོས་རབ་ཏུ་དབྱུང་པར་བགྱིའོ། །ཞེས་བྱ། མཇུག་ཏུ་ཐབས་ ཡིན་ནོ། །ལེགས་སོ་བྱའོ། །མཁན་པོར་གསོལ་བ་བཏབ་པའི་བསླབ་བྱར། མཁན་པོ་ལ་ཕའི་ འདུ་ཤེས་དང༌། རང་ལ་བུའི་འདུ་ཤེས་བསྐྱེད་ནས་གུས་པར་བྱ་ཞིང༌། གནས་དང་གནས་པའི་ ཚུལ་ཁྲིམས་མ་ཉམས་པར་སྲུངས་ཤིག ཅེས་བྱའོ། ། གསུམ་པ་ནི། དགེ་སློང་ཞིག་གིས་དེའི་གཙུག་ཕུད་མ་གཏོགས་པའི་སྐྲ་དང་ཁ་སྤུ་འབྲེག་ ཏུ་བཅུག་ནས། དེའི་འོག་ཏུ་གཙུག་ཕུད་འབྲེག་པ་ལ་སྤྲོ་འམ་ཞེས་དྲི། སྤྲོ་ཟེར་ན་བྲེགས་ལ། ཁྲུས་བྱས་ནས་མཁན་པོའི་ཞབས་གཉིས་ལ་གཏུགས་པའི་ཕྱག་བྱ་སྟེ། མདུན་དུ་ཙོག་ཙོག་ པོར་འདུག་པ་ལ་བླ་གོས་གཏད་དེ། གཉིས་ཀས་བཟུང་ནས། འདི་སྟོད་དུ་རྒྱུན་དུ་གྱོན་པའི་ ཆོས་གོས་བླ་གོས་ཞེས་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་ སྦྱོང་གི་དྲན་པ་གསོ། ཚ་གྲང་གི་རེག་པ་ལས་སྐྱོབ་པའི་གོས་སུ་གནང་ནས་ཟུང་ཅིག མཐང་ གོས་གཏད་ནས། འདི་སྨད་ཀྱི་ནང་དུ་གྱོན་པའི་མཐང་གོས་ཞེས་བྱ་བ། སྨད་གཅེར་བ་དང་ ཚ་གྲང་གི་རེག་པ་ལས་སྐྱོབ་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་གྱུར། དགེ་ སྦྱོང་གི་དྲན་པ་གསོ་བའི་གོས་སུ་གནང༌། སྟོན་པས་ཀྱང་སྟོད་གཡོགས་སྨད་གཡོགས་འདི་ ལྟ་བུ་བསྣམས་ཏེ་ལམ་ལ་བསླབས། བྱང་ཆུབ་བརྙེས་ནས་རྗེས་འཇུག་རྣམས་ལ་ཡང་གནང་ 2-1-387 བ་ཡིན་པས་འདི་དག་ཚུལ་བཞིན་དུ་གྱོན་ནས་ཞི་(སྨད་གཡོགས་སྐྱོན་དྲུག་དང་བྲལ་ཞིང་ཟླུམ་པོར་བགོ། སྟོད་གཡོགས་སྐྱོན་གཉིས་དང་བྲལ་ཞིང་ཟླུམ་པོར་བགོ།)བ་དང་དུལ་བར་བྱེད་དགོས་སོ། །ལྷུང་བཟེད་ གཏད་ནས། འདི་ལྷུང་བཟེད་བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་ལས་སྣོད་སྤྱད་ཀྱི་རྟགས་ ཁྱད་པར་དུ་གྱུར་པ་ཡིན། འདི་ཟས་ཀྱིས་འགེངས་པ་བཞིན་དུ་རང་གི་ཤེས་རྒྱུད་ཡོན་ཏན་ གྱིས་འགེངས། འདིའི་ནང་ནས་ཟས་ལ་སྤྱོད་པ་བཞིན་དུ་ཆོས་ལ་སྤྱོད་དགོས། མཐའ་གཉིས་ སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་དུ་གནང་བ་ཡིན་པས་ཟུང་ཅིག འདི་གདིང་བ་བྱ་ བ་ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲ་བོ་ཕལ་ཆེར་མ་ཉམས་པ་དང༌། དགེ་འདུན་གྱི་རྩའི་ གདན་མ་གཏོགས་པའི་གནས་མལ་ལ་སྤྱོད་པའི་དུས་སུ་འདི་ལྟ་བུས་སྐྱབས་ནས་ལོངས་སྤྱོད་ པ་ཡིན། འདི་ཆུ་ཚགས་བྱ་བ་སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་ཤིང་རབ་ཏུ་ བྱུང་པ་སེམས་ཅན་ལ་གནོད་པ་གཞི་བཅས་ལ་ལྡོག་དགོས་པ་ཡིན། ཁྱད་པར་དུ་ཆུ་ལ་ལོངས་ སྤྱོད་པའི་ཚེ་སྲོག་ཆགས་ཡོད་མེད་ལེགས་པར་བརྟགས་ནས་སྲོག་ཆགས་མེད་པ་མ་རྙེད་ན་ འདི་ལྟ་བུས་བཙགས་ནས་ལོངས་སྤྱོད་པའི་དོན་དུ་གནང་བ་ཡིན་པས་ཆུ་ཚགས་འདི་འདྲ་རེ་ ཡང་ཟུང་ཤིག དེས་མཚོན་ནས་ཡོ་བྱད་གང་ལ་ཡང་སྲོག་ཆགས་ལ་མི་གནོད་པ་བྱེད་དགོས་ སོ། །ཞེས་བརྗོད་ལ་བྱིན། དེ་ནས་རྟགས་ཐོབ་པའི་ཕྱག་གསུམ་འཚལ་དུ་གཞུག ཀུན་གྱིས་ ཐར་པའི་རྒྱལ་མཚན་བརྟན་པར་གྱུར་ཅིག ཚངས་པར་སྤྱོད་པ་ཚེའི་མཐར་ཕྱིན་པར་གྱུར་ ཅིག ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་གྱུར་ཅིག ཚེ་རབས་ཐམས་ཅད་དུ་རབ་ ཏུ་འབྱུང་བ་ཐོབ་པར་གྱུར་ཅིག ཅེས་བརྗོད་ལ། རང་ངམ་བསྐོས་པས་སྟོད་གཡོགས་སྨད་ གཡོགས་སྐྱོན་དང་བྲལ་བར་བསྐོན། ཞར་ལ་མཚན་མ་ཚོར་བར་བརྟག་ཅིང༌། སྐྱོན་མེད་ན་ བར་ཆད་མི་ལྡན་པར་གདའ་ཞེས་བརྡ་སྤྲད་དོ། ། གཉིས་པ་ནི། བསྒྲུབ་བྱ་དེ་སྟོན་པ་དང་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག མདུན་ 2-1-388 དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ལ། ཁྱེད་རབ་ཏུ་འབྱུང་བར་འདོད་ པ་དེ་ལེགས། ལེགས་པའི་རྒྱུ་མཚན། དགའ་བོ་རབ་ཏུ་འབྱུང་པའི་མདོ་ལས། ཁྱིམ་པ་རྣམས་ ནི་མེ་འོབས་ན་གནས་པ་ལྟ་བུའོ། །རབ་ཏུ་བྱུང་པ་རྣམས་ནི་བསིལ་ཁང་ན་གནས་པ་ལྟ་བུའོ། །ཞེས་སོགས་གསུངས་ཤིང༌། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང༌། ཁྱིམ་ན་གནས་ པ་ནི་ཀུན་ཏུ་གནོད་པ་སྟེ་རྡུལ་འབབ་པའོ། །ཁྱིམ་ན་གནས་པ་ནི་ཐིབས་པའོ། །རབ་ཏུ་བྱུང་ པ་ནི་ཐིབས་པ་ལས་ཐར་བ་ཡིན་ཏེ་ཞེས་པའི་བར་ཁྱིམ་པ་དང་རབ་ཏུ་བྱུང་པའི་ཁྱད་པར་བརྒྱ་ རྩ་བརྒྱད་དུ་གསུངས་ཤིང༌། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས་ཀྱང༌། གང་དག་ཁྱིམ་ན་ གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི། །སངས་རྒྱས་གང་ཡང་ སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ནའང་མི་འབྱུང་གནས་པ་མེད། །ཅེས་གསུངས་པས་རབ་ ཏུ་བྱུང་པ་དོན་ཆེ་ཞིང་བསོད་ནམས་ཆེ་སྟེ། དགའ་བོ་རབ་ཏུ་བྱུང་པའི་མདོ་ལས། སྟོང་གསུམ་ གྱི་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པའི་བར་དུ་བུ་དང་ཆུང་མ་སྦྱིན་པར་གཏང་པའི་ བསོད་ནམས་པས། རབ་ཏུ་བྱུང་པའི་བསམ་པས་དགོན་པར་གོམ་པ་གཅིག་བོར་བ་བསོད་ ནམས་ཆེ་སོགས་གསུངས་ལ། བསོད་ནམས་ཅན་གྱི་རབ་བྱུང་དེ་ཡང༌། མུ་སྟེགས་སོགས་ཀྱི་ རབ་བྱུང་མ་ཡིན་གྱིས། ཆོ་གའི་ཚིག་ཟུང་ལས། ཤཀྱ་སེང་གེ། ཤཱཀྱའི་རྒྱལ་པོ། གཙོ་བོ་དེ་ རབ་ཏུ་བྱུང་པའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ་ཞེས་འབྱུང་ཞིང༌། དེ་ཡང་ཆོ་འཕྲུལ་ཆེན་པོ་ བསྟན་པའི་མདོ་ལས། རྒྱལ་སྲི ད་མཆིལ་མ་ཐལ་བ་བཞིན་སྤངས་ནས། །དབེན་པར་འདོང་ སྟེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ཏེ་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་ རྡུལ་མེད་འདུས་མ་བྱས་འཚང་རྒྱ། །ཞེས་གསུངས་པ་ལྟར་འོ་སྐོལ་གྱི་སྟོན་པས་འཁོར་ལོས་ སྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་བ་སྤང་མཆིལ་མའི་ཐལ་བ་བཞིན་དུ་བོར་ནས་ཁབ་མེད་པར་ རབ་ཏུ་བྱུང་བ་དེའི་རྗེས་སུ་རབ་ཏུ་བྱུང་བ་ཡིན། རབ་ཏུ་བྱུང་བ་ནི་ཟག་བཅས་འཁོར་བའི་ 2-1-389 དངོས་པོ་ཐམས་ཅད་ལས་རྒྱབ་ཀྱིས་ཕྱོགས་ཤིང་སྤངས་པ་ཡིན་པས་དེ་བསྒྲུབ་པ་ལ། བརྗེ་ བ་གསུམ་དགོས་ཏེ། རྟགས་ཆ་ལུགས་བརྗེ་བ། ཁྱིམ་པའི་རྟགས་ཆ་ལུགས་སྤངས། རབ་ཏུ་ བྱུང་བའི་རྟགས་ཆ་ལུགས་བསྒྲུབས་པས་ཚང༌། བསམ་པ་བརྗེ་བ་ནི། འཇིག་རྟེན་པ་རྣམས་ཚེ་ འདིའི་འདོད་པ་དོན་དུ་གཉེར་བ་ཡིན་ལ། དེ་ལ་འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ་ཞེས་ སོགས་ཉེས་དམིགས་དུ་མ་གསུངས་པས་དེ་སྤངས་ནས་འཁོར་བའི་ཉེས་དམིགས་ཤེས་པས་ འཁོར་བ་ལས་ཡིད་འབྱུང་མྱང་འདས་ཀྱི་ཕན་ཡོན་ཤེས་པས་མྱང་འདས་ཐོབ་འདོད་ཀྱི་དད་ པ་དགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་བཤད་ པ་ལྟར་འཁོར་བ་ལས་ཡིད་བྱུང་ནས། དེ་ལས་སྐྱོབ་པའི་སྐྱབས་དཀོན་མཆོག་གསུམ་ལ་ སྐྱབས་སུ་སོང་ཏེ་མྱ་ངན་ལས་འདས་པ་བསྒྲུབ་མཉམ་པ་དགོས་ཤིང༌། འདི་ཐེག་པ་ཐུན་མོང་ བ་ཡིན་པས་མྱང་འདས་གསུམ་པོ་གང་དུ་སེམས་བསྐྱེད་ཀྱང་ངེས་འབྱུང་གི་བསམ་པའི་གོ་ ཆོད་མོད་ཀྱི། མཛོད་ཀྱི་མདོ་ཏིག་ཏུ་ལུང་དྲངས་པ་ལས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་ བསྐྱེད་དེ་རབ་ཏུ་བྱུང་ངོ་ཞེས་དང༌། ཇོ་བོ་ཆེན་པོས་ཀྱང༌། ཆོ་ག་ཐད་སོ་བ་ལ་བསམ་པ་རབ་ཏུ་ སྐྱེད་པར་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ ཆེད་དུ་ཉེས་པ་ཐམས་ཅད་ཀྱི་གཞི་ཁྱིམ་སྤངས་ཏེ། ཁྱིམ་པའི་རྟགས་ཆ་ལུགས་སྤངས། རབ་ ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་ནས་ཇི་སྲི ད་འཚོའི་བར་དུ་བསྲུང་སྙམ་པ་བགྱིས། དེ་ ལྟར་རྟགས་དང་བསམ་པ་སྤོ་བའི་བརྗེད་དོར་མིང་བརྗེ་དགོས་པས། སྡེ་པའི་མིང་གི་མཐའ་ ཅན་ནམ་དཔལ་དང༌། འོད་དང༌། གྲགས་པ་དང༌། བཟང་པོའི་མཐའ་ཅན་ནམ། མཁན་པོའི་ མིང་གི་མཐའ་ཅན་དུ་སྤོས་ལ། མིང་དེ་ནས་སྨོས་ལ། རྗེས་ཟློས་གྱིས་བྱས་ལ། མཁན་པོ་ དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་ བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་ 2-1-390 བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེང་གེ། ཤཱཀྱའི་རྒྱལ་པོ། གཙོ་བོ་དེ་རབ་བྱུང་ བའི་རྗེས་སུ་བདག་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་སྤོང་ངོ༌། །རབ་ཏུ་བྱུང་པའི་རྟགས་ ཡང་དག་པར་ལེན་ཏོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །དེ་ལྟར་རབ་ཏུ་བྱུང་ནས། ཁྱིམ་པའི་རྟགས་སྤོང་བར་ཁས་བླངས་པས། ཁྱིམ་པའི་རྟགས་དང་སྤྱོད་ལམ་ཐམས་ཅད་སྤོང་ དགོས། རབ་ཏུ་བྱུང་བའི་རྟགས་ལེན་པར་ཁས་བླངས་པས་རབ་ཏུ་བྱུང་བའི་གཙང་སྦྲ་དང༌། ཆ་བྱད་བརྟུལ་ཞུགས་ལ་གནས་པར་བྱའོ། །ཞེས་བརྗོད། གཉིས་པ་དགེ་ཚུལ་དུ་བསྒྲུབ་པའི་ཆོ་ག་དངོས་གཞི་ནི། མཁན་པོས་དགེ་ཚུལ་གྱི་ཆོ་ག་ ལ་མཁས་པ་སོགས་(ཞུ་བའི་སྐབས་ཀྱི་ཆོས་དང་པོ་དགུ་སྟེ།)ཆོས་བཅུ་ལྡན་གྱི་དགེ་སློང་ཞིག་ལ། དགེ་ སློང་ཆེ་གེ་མོས་ཚེ་དང་ལྡན་པ་འདི་དག་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབས་ཤིག་ཅེས་གཏད་ དོ། །དེས་ཚེ་དང་ལྡན་པ་འདི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གམ་ཞེས་དྲི། མཁན་ པོས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆིའོ། །ཞེས་ལན་བཏབ་ནས། བསྒྲུབ་བྱ་དེ་སྟོན་པ་ དང་སློབ་དཔོན་ལ་ཕྱག་གསུམ་གསུམ་འཚལ་དུ་བཅུག མདུན་དུ་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྙིང་ཁར་སྦྱོར་དུ་བཅུག་ནས། ཁྱེད་དགེ་ཚུལ་ཉིད་དུ་བསྒྲུབ་པ་ལ་ཆོ་ག་སྦྱོར་དངོས་ མཇུག་གསུམ་ལས། སྦྱོར་བ་གོང་དུ་སོང༌། དངོས་གཞིའི་སྐབས་ཡིན། དེ་ལ་དགག་པའི་ ཚུལ་གྱིས་འགལ་རྐྱེན་སྡོམ་པ་སྐྱེ་བ། གནས་པ། ཁྱད་པར་དུ་འགྱུར་བ། མཛེས་པ་ལ་བར་དུ་ གཅོད་པ་སྟེ་བཞི་མེད་པ་གཅིག་དགོས་ཏེ། མཁན་པོས་བར་ཆད་དྲིས་ཁྱེད་རང་གིས་མི་ལྡན་ པར་ལན་བཏབ་པས་གྲུབ་པ་དེ་ཡིན། སྒྲུབ་པའི་ཚུལ་གྱིས་ཡུལ་དང༌། རྒྱུ་དང༌། རྟགས་དང༌། བསམ་པ་དང༌། ཆོ་ག་མཐུན་པའི་རྐྱེན་ཏེ་ལྔ་ཚང་དགོས་པ་ལ། ཡུལ་ལ་སྐྱབས་སུ་འགྲོ་ཡུལ། 2-1-391 སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང༌། །མྱ་ངན་འདས་ལ་ སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་ཡིན་ལ། དེས་མཚོན་བྱེད་སྟོན་པའི་སྐུ་གཟུགས་དང༌། ཆོས་སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་པ། ཁྱད་པར་འདུལ་བའི་བསླབ་པ་ལ། ནན་ཏན་ བྱེད་པ་དང༌། ལས་ཀྱི་ཆོ་ག་ཡོད་པ་དགོས་ཏེ་ཚང༌། མཁན་པོ་ཆོས་བདུན་ལྡན་མཁན་པོར་ འོས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ལ་ཁྱེད་རང་གིས་གསོལ་བ་བཏབ་ཅིང༌། ཞལ་གྱིས་བཞེས་པ་དགོས་ན་དེ་ཡང་ཚང༌། སློབ་དཔོན་ཆོས་བཅུ་ལྡན་ལ་མཁན་པོའི་ཚིག་ གིས་བསྐོས་པ་གཅིག་དགོས་ཏེ། ཁྱེད་ལ་དགེ་ཚུལ་གྱི་སྡོམ་པ་བསྐྱེད་པའི་ཆོ་ག་བརྡ་སྤྲོད་པ་ དེ་ངེད་ཀྱིས་བསྒྲུབས་པས་ཡུལ་མཐུན་པའི་རྐྱེན་རྣམས་ཚང༌། རྒྱུད་ལ་ཚོགས་སུ་མ་ཚང་པ་ གསུམ་མན་ཆད་དུ་གནས་པ་དང༌། སྔར་དགེ་ཚུལ་མ་ཐོབ་ཅིང་ཉེས་མེད་ཀྱི་སྡོམ་པ་སྐྱེ་བ་ལ། དགེ་བསྙེན་ནས་བར་མ་རབ་བྱུང་གི་བར་ཐོབ་ལ། མ་ཉམས་པ་དགོས་ཏེ། ཐམས་ཅད་ཚང༌། རྟགས་ལ། ལུས་ཀྱི་ཕྱི་བྱད་ཀྱི་རྟགས་སྐྲ་དང་ཁ་སྤུ་བྲེགས་ཤིང་ཁྲུས་བྱས་པ། གོས་ཀྱི་རྟགས་ ཆོས་གོས་གཉིས་རུང་བ་ཚད་ལྡན་མཁན་པོས་གནང་ཞིང་བསྐོན་པ། གདིང་བ་ཆུ་ཚགས་ རུང་བ་ཚད་ལྡན་དང་སྣོད་སྤྱད་ལྷུང་བཟེད་རུང་བ་ཚད་ལྡན་མཁན་པོས་གནང་བ་དགོས་ཏེ། བརྙན་པོ་ཚུན་ཆད་ཀྱིས་ཐམས་ཅད་ཚང༌། བསམ་པ་ལ་བསམ་པ་རང་བཞིན་དུ་གནས་པ་ དང༌། ཞེ་ཐག་པ་ནས་དགེ་ཚུལ་གྱི་སྡོམ་པ་ལེན་འདོད་དགོས་ཏེ། ཁྱེད་རང་གིས་དོན་དུ་གཉེར་ ནས་བསྒྲུབས་པས་ཚང༌། སྡོམ་པ་ཐོབ་དུས་ཐོབ་ཤེས་ཀྱི་བསམ་པ་སྐྱེ་རུང་དགོས་ཏེ། ཁྱེད་ལ་ སྐྱེ་རུང་དུ་ཡོད་པས་ཚང༌། ངེས་པ་ལྔ་བྲལ་ཆ་འདྲ་ཅིག་དགོས་ཏེ། སེམས་ཅན་ཆེ་གེ་མོ་ཞིག་ལ་ སྤོང་ཞེས་སེམས་ཅན་ངེས་པ་དང༌། ཡུལ་ཆེ་གོ་མོ་ཞིག་ཏུ་སྤོང་ཞེས་ཡུལ་ངེས་པ་དང༌། དུས་ཟླ་ གཅིག་གམ་ལོ་གཅིག་གི་བར་དུ་ཞེས་པ་ལྟ་བུ་དུས་ངེས་པ་དང༌། འཐབ་པའི་ཚེ་མ་གཏོགས་ ཞེས་པ་ལྟ་བུ་ཚེ་ངེས་པ་དང༌། སྤང་བྱ་ཡན་ལག་བཅུ་ལས་འགའ་ཞིག་སྲུང་འགའ་ཞིག་མི་ 2-1-392 སྲུང་སྙམ་པ་ཡན་ལག་ངེས་པ་སྟེ། ངེས་པ་དེ་རྣམས་དང་བྲལ་བ་གཅིག་དགོས། དེ་ཐམས་ ཅད་མྱང་འདས་ཀྱི་བསམ་པས་ཟིན་པ་དགོས་ཏེ། ཚེ་འདིའི་སྡུག་བསྔལ་དང་བྲལ་འདོད་དམ། ཕྱི་མ་ངན་སོང་གིས་འཇིགས་ནས་བསྲུང་པ་འཇིགས་སྐྱོབ་ཀྱི་ཚུལ་ཁྲིམས། ཚེ་འདིར་བདེ་བ་ ཐོབ་འདོད་དམ། ཕྱི་མར་ལྷ་མིའི་དཔལ་འདོད་ནས་ལེན་པ་ལེགས་སྨོན་གྱི་ཚུལ་ཁྲིམས་ཏེ། དེ་གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་གྱི་སྡོམ་པ་མི་འགྱུར། སོ་ཐར་གྱི་སྡོམ་ པར་འགྱུར་བ་ལ། ངེས་པར་འབྱུང་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པས་ མྱང་འདས་ཀྱི་བསམ་པ་བརྟན་པོས་ཟིན་དགོས་ཤིང༌། དེ་ཡང་འཁོར་བའི་ཉེས་དམིགས་རིག་ ནས་སྤང་བར་འདོད་པ་དང༌། མྱང་འདས་ཀྱི་ཡོན་ཏན་རིག་ནས་ཐོབ་པར་འདོད་པ་དགོས་ལ། འཁོར་བའི་ཉེས་དམིགས་ཀྱི་དབང་དུ་བྱས་ན། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་ དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་ གཅིག་ཟས་ཉམས། །མི་དག་འཚོ་བ་ཐུངས་པས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། རྒྱུད་བླར། མི་ གཙང་པ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་ མཚོན་རྒྱ་ཚ་དག་ལ་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར། ཁམས་གསུམ་འཁོར་བ་ འདི་ན་སྡུག་བསྔལ་མ་གཏོགས་པ་བདེ་བའི་གོ་སྐབས་གཏན་ནས་མེད་ཅིང༌། མྱང་འདས་ནི་ འཁོར་བའི་སྡུག་བསྔལ་རྒྱུ་འབྲས་ལ་གཏན་དུ་གྲོལ་བ་ཡིན་པས་ཐོབ་བྱ་ཡིན་ལ། དེ་ལ་ཐ་ མ་ཉན་ཐོས་ཀྱི་མྱང་འདས། འབྲིང་རང་སངས་རྒྱས་ཀྱི་མྱང་འདས། རབ་རྫོགས་པའི་སངས་ རྒྱས་ཀྱི་མྱང་འདས་གསུམ་ལས་གང་ཡང་རུང་པ་གཅིག་ཐོབ་པར་འདོད་པ་མྱང་འདས་ཐོབ་ འདོད་ཀྱི་གོ་ཆོད་པ་ལ། མཛོད་ཀྱི་མདོ་ཏིག་ཏུ་ལུང་དྲངས་པར། བླ་ན་མེད་པའི་བྱང་ཆུབ་ཏུ་ སེམས་བསྐྱེད་ཅིང༌། རབ་ཏུ་བྱུང་ངོ་ཞེས་པ་དང༌། སུམ་བརྒྱ་པར། དགེ་ཚུལ་བརྟུལ་ཞུགས་ཆུ་ 2-1-393 ལོན་བརྩིགས་པ་དང༌། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་ པ་ལྟར་ད་རེས་གཙོ་བོ་ཡིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་གནས་པའི་མྱ་ངན་ ལས་འདས་པ་ཐོབ་པར་བྱ་སྙམ་པའི་བསམ་པ་ཁྱད་པར་ཅན་དུངས་པ་བསྐྱེད་མཛོད། ཆོ་ག་ ལ། སྦྱོར་བ་སྔར་སོང༌། དངོས་གཞི་དང་མཇུག་ད་ལྟ་ཉིད་དུ་སྒྲུབ་པས། རྒྱུ་རྐྱེན་ཐམས་ཅད་ ཚང་པས་དགེ་ཚུལ་གྱི་སྡོམ་པ་སྐྱེ་བས་སངས་རྒྱས་ལ་སྟོན་པ། ཆོས་ལ་སྐྱབས་དངོས། དགེ་ འདུན་ལ་ལམ་གྲོགས་ཞུས་ནས། དགེ་ཚུལ་གྱི་སྡོམ་པ་བླངས་ལ། མ་ཤིའི་བར་དུ་མ་ཉམས་ པར་སྲུང་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་ཤིག བཙུན་པ་དགོངས་སུ་གསོལ། བདག་མིང་ འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་ མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་ སྲི ད་འཚོའི་བར་དུ། དགེ་ཚུལ་དུ་བཙུན་པས་བཟུང་དུ་གསོལ། འདི་རང་དོན་དུ་བརྗོད་པའི་ སྔགས་ཡིན་པས། གཉིས་པའི་ཡང་རྗེས་ཟློས་ཀྱིས། ཞེས་བརྗོད། གསུམ་པའི་སྐབས་སུ། གསུམ་པ་འདི་ལ་སྐྱབས་བརྗོད་དང་བདག་བརྗོད། དགེ་ཚུལ་དུ་ཞེས་པའི་རྗེས་ཟློས་རྫོགས་ པའི་མཚམས། གཞན་བརྗོད་པའི་ཐོག་མར་དགེ་ཚུལ་གྱི་སྡོམ་པ་སྐྱེ་ཞིང་ངེད་སློབ་དཔོན་དུ་ འགྱུར་ཏེ། མདོ་རྩ་བར་དཔེར་ན། གཞན་བརྗོད་པའི་དུས་ན་དགེ་ཚུལ་ཉིད་བཞིན་ནོ། །ཞེས་ གསུངས། སློབ་དཔོན་དུ་གྱུར་ནས་བཙུན་པ་ཞེས་མི་བརྗོད། སློབ་དཔོན་ཞེས་བརྗོད་དགོས་ པས། དེ་དག་ཡིད་ལ་ཞོག་ལ། གསུམ་པའི་རྗེས་ཟློས་ཀྱིས། ཞེས་སོགས་བརྗོད། མཇུག་ཏུ་ ཐབས་ལེགས་བྱའོ། །དེས་དངོས་གཞི་གྲུབ་ནས། མཇུག་ཆོག་གཉིས་པ་ཡོད་པའི་དང་པོ། ཐོབ་དུས་གོ་བ་དེ་དགེ་སློང་ཆེ་གེ་མོས་མཛོད་ཅིག ཅེས་བསྒོ། དེས་ཀྱང་དུས་ཚོད། ཉིན་ མཚན། གྲི བ་ཚོད་རྣམས་ངེས་པར་བྱས་ནས། ཁྱེད་དགེ་ཚུལ་དུ་སྒྲུབ་པ་ལ། ཆོ་ག་སྦྱོར་དངོས་ 2-1-394 མཇུག་གསུམ་ཡོད་པའི་སྦྱོར་དངོས་གཉིས་ཀྱིས་ཁྱེད་ཀྱི་རྒྱུད་ལ་དགེ་ཚུལ་གྱི་སྡོམ་པ་ལེགས་ པར་ཐོབ་པ་ཡིན། ད་མཇུག་གི་ཆོ་ག་ལ་གཉིས་ཡོད་པའི་དང་པོ་བསྙེན་བཀུར་གྱི་གནས་དང་ གནས་མ་ཡིན་པ་ཤེས་པར་བྱ་བའི་ཕྱིར་དུས་གོ་ལ། བསྙེན་བཀུར་གྱི་གནས་དང༌། གནས་མ་ ཡིན་པ་དང་བསྙེན་བཀུར་གྱི་ངོ་བོ་དང༌། གང་ལ་བརྟེན་ནས་གོ་ཞིང་རིག་པར་བྱ་བ་དང་རིག་ པར་བྱས་པའི་ཕན་ཡོན་དང་ལྔའི་དང་པོ་བསྙེན་བཀུར་གྱི་གནས་ནི། དགེ་སློང་ཐམས་ཅད་ དང༌། དགེ་ཚུལ་རང་བས་བསླབ་པ་རྒན་པ་རྣམས་ཡིན། གཉིས་པ་གནས་མ་ཡིན་པ་ནི། དགེ་ ཚུལ་རང་བས་བསླབ་པ་གཞོན་པ་རྣམས་དང༌། རྟེན་དམན་པ་དགེ་སློང་མ་སོགས་བུད་མེད་ རབ་ཏུ་བྱུང་བ་ཐམས་ཅད་དང༌། དགེ་བསྙེན་མན་ཆད་ཁྱིམ་པ་ཐམས་ཅད་ཡིན། དེ་ཡང་གྲི བ་ མ་སོར་གཅིག་ཙམ་གྱིས་ཀྱང་རྒན་གཞོན་གྱི་ཁྱད་འཇོག་པ་ཡིན། གསུམ་པ་བསྙེན་བཀུར་གྱི་ ངོ་བོ་གྲལ་གོང་དུ་གཏོང༌། རྙེད་པ་དང་པོར་འབུལ། ཕྱག་དང་སྔོན་དུ་ལྡང་བ་ལ་སོགས་གུས་ པའི་ལས་རྣམས་ཡིན། བཞི་པ་གང་ལ་བརྟེན་གོ་ཞིང་རིག་པར་བྱ་བ་ནི། ལུང་དང་ཀརྨ་ཤ་ཏཾ་ དང༌། མདོ་རྩ་རྣམས་ནས་ཕྲ་རིམ་ནས་གསུངས་ཀྱང༌། གཞི་འགྲེལ་མཁན་པོས་ཕྲ་རིམ་ནས་ བཅལ་ནས་རགས་རིམ་ནས་བརྗོད་པར་གསུངས་ཤིང༌། ལོ་ཚིགས་ཤེས་པར་བྱ་བའི་ཕྱིར་ལོ་ ཡང་བརྗོད་པར་གསུང་པས་ལོ་ཆེ་གེ་ཡིན། དེ་ལ་ལོ་མགོ་འཛིན་ལུགས་མི་འདྲ་བ་མང་ཡང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་ རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཅེས་པའི་རྗེས་སུ་འབྲངས་ནས། ཁྲུམས་ཀྱི་ཕྱེད་ཕྱི་མ་ནས་ལོ་མགོ་འཛིན་པའི་དབང་དུ་བགྱིས་ཏེ་དགུན་གྱི་ཟླ་བ་བཞི། དཔྱིད་ ཀྱི་དུས་ཟླ་བ་བཞི། དབྱར་དུས་ཟླ་བ་གཅིག དབྱར་ཐུང་ངུ་ཉིན་ཞག་གཅིག དབྱར་རིང་ པོ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་པ་རྣམས་ཡོད་པ་ལས་ཆེ་གེ་ཡིན། ཟླ་བ་ལ་ཡང་ ཡར་ངོ་མར་ངོ་གཉིས་ལས་ཆེ་གེ་ཡིན་དེ་ལ་གྲལ་ཚེས་བཅུ་བཞིའམ་བཅོ་ལྔ་ཡོད་པ་ལས་ཆེ་ 2-1-395 གེ་ཡིན། དེ་ལ་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ཡོད་དེ། སྔ་དྲོ་དང༌། གུང་དང༌། ཕྱི་དྲོ་དང༌། མཚན་མོའི་ཐུན་དང་པོ་དང༌། དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ཕྱེད་དང༌། ཐུན་ཐ་མ་དང༌། ཐ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་དང༌། ཉི་མ་ མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང༌། ཉི་མ་བཞི་ཆ་ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་པ་དང༌། ཉི་མ་ མ་ནུབ་པ་དང༌། ཉི་མ་ནུབ་པ་དང༌། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་རྣམས་ཤར་བ་སྟེ། དེ་ལྟར་ཉེར་གཉིས་ལས། (མཚན་མོ་ཡིན་ན་གྲི བ་ཚོད་མེད་པས་མཚན་མོའི་ཆ་ཕྲན་བཅུ་གཅིག་ལས་ཆེ་གེའི་དུས་ ཞེས་བརྗོད་)ཆེ་གེའི་དུས་གྲི བ་ཚོད་སྐྱེས་བུ་ཆེ་གེ་དང༌། རྐང་པ་ཆེ་གེའི་དུས་སུ་གནས་འདི་ཞེས་ བྱ་བར་མཁན་པོ་འདི་ཞེས་བྱ་བ་ལས་དགེ་ཚུལ་གྱི་སྡོམ་པ་ཐོབ་པ་ཡིན་པས་བསྙེན་བཀུར་གྱི་ གནས་རྣམས་གྲལ་གོང་དུ་ཞོག རྙེད་པ་དང་པོར་ཕུལ། ཕྱག་དང་སྔོན་དུ་ལྡང་བ་ལ་སོགས་ པ་གུས་པའི་ལས་རྣམས་ཡར་ལ་སྟོབས། གནས་མ་ཡིན་པ་རྣམས་གྲལ་འོག་ཏུ་ཞོག་ལ། ཕྱག་ དང་བསྙེན་བཀུར་སྟོབས་པ་བྱུང་ན་ཕལ་ཆེར་ལ་དང་དུ་བླང་དུ་རུང༌། དགེ་སློང་མ་དང་དགེ་ སློབ་མ་རྣམས་བསླབ་ཚིགས་མཐོ་བས་དེ་རྣམས་ཀྱི་ཕྱག་མ་ལེན། དེ་ལྟར་རྩིས་པས་དུས་ མཉམ་པ་རྣམས་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས་ཤིང༌། གྲལ་ཡང་མགྱོགས་གྲལ་དུ་ བྱས་པས་ཆོག་སྟེ། མདོ་རྩ་བར། དུས་མཉམ་པ་རྣམས་ནི་གཅིག་གིས་གཅིག་ལ་ཕྱག་མི་བྱའོ། །སྔར་འོངས་པ་དང་པོ་ཡིན་ནོ་ཞེས་གསུངས། ལྔ་པ་ཕན་ཡོན་ནི། དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས་པ་དང༌། མདོ་རྩ་བར། སོ་སོར་ ཐར་པའི་སྡོམ་པ་མཆོག་ལ་རབ་ཏུ་བྱུང་བས་ཀྱང་ཕྱག་བྱའོ། །སྙམ་ན་རྒན་པ་ལའོ། །མཚན་ཐ་ མི་དད་པ་ལའོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བཅས་པ་དང་མཐུན་ཆོས་དགེ་བ་ལ་ གནས་པས་བདེ་ལེགས་ཐམས་ཅད་འཕེལ་བར་འགྱུར་བར་ཡང༌། ལུང་ལས། གུས་བཅས་ 2-1-396 ཞེ་སར་བཅས་པ་དག །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་ཀྱིས། །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །ཅེས་པའི་གླེང་གཞིས་ཤེས། དེ་ཐམས་ཅད་མི་གནས་ པའི་མྱང་འདས་ཀྱི་བསམ་པས་ཟིན་པས་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བའི་དགོས་པ་ ཡོད་པས་དེ་རྣམས་ཐུགས་ལ་བཞག་ནས་ཕྱག་ལེན་ལ་ཐེབས་པ་མཛད་པར་ཞུ། མཇུག་ཆོག་ གཉིས་པ་དགེ་བའི་བཤེས་གཉེན་པས་གསུང་པ་ལ་གསན་པས་མཆི་བར་གདའ། མཇུག་ ཆོག་གཉིས་པ་མི་ཉམས་ཤིང་འཕེལ་བར་བྱ་བའི་ཕྱིར་བསླབ་པ་བརྗོད་པ་ནི། སྡོམ་པ་ཐོབ་པ་ ཙམ་གྱིས་མི་ཆོག བསྲུང་དགོས། བསྲུངས་ན་ཕན་ཡོན་ཆེ་ལ་མ་བསྲུངས་ན་ཉེས་དམིགས་ ཆེ་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་པ་སྡུག་ བསྔལ་ཡིན། །ཞེས་གསུངས་པས་ལེགས་པར་བསྲུང་དགོས། སྲུང་ལུགས་དགྲ་བཅོམ་པ་ རྣམས་ཀྱིས་ཇི་ལྟར་བསྲུངས་པ་བཞིན་བསྲུང་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། སློབ་དཔོན་ དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས། ཇི་སྲི ད་འཚོའི་བར་དུ་ སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་བར་དུ། སྲོག་གཅོད་པ་སྤངས་ ཏེ། སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས། བདག་འཕགས་ པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། །རྗེས་སུ་བགྱིད་ དོ། །གཞན་ཡང་ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲི ད་འཚོའི་བར་དུ་མ་བྱིན་ པར་ལེན་པ་དང༌། མི་ཚངས་པར་སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང་བཅོས་ པའི་ཆང༌། མྱོས་པར་འགྱུར་བ། བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་ དང༌། ཕྲེང་བ་དང༌། སྤོས་ཉུག་པ་དང༌། རྒྱན་དང་ཁ་དོག་འཆང་པ་དང༌། ཁྲི་སྟན་མཐོན་པོ་ 2-1-397 དང༌། ཁྲི་སྟན་ཆེན་པོ་དང༌། དུས་མ་ཡིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲི ད་འཚོའི་བར་དུ། མ་བྱིན་པར་ལེན་པ་དང༌། མི་ཚངས་པར་ སྤྱོད་པ་དང༌། རྫུན་དུ་སྨྲ་བ་དང༌། འབྲུའི་ཆང་དང༌། བཅོས་པའི་ཆང་དང༌། མྱོས་པར་འགྱུར་ བ། བག་མེད་པའི་གནས་དང༌། གླུ་གར་དང༌། རོལ་མོའི་སྒྲ་དང༌། ཕྲེང་བ་དང༌། སྤོས་ཉུག་ པ་དང༌། རྒྱན་དང་ཁ་དོག་འཆང་པ་དང༌། ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་དང༌། དུས་ མ་ཡིན་པའི་ཁ་ཟས་དང༌། གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ ལོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་ བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་སྒྲུབ་པོ། རྗེས་སུ་བགྱིད་དོ། །ཐབས་ལེགས་བྱའོ། །གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང༌། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང༌། །ཕྱི་དྲོའི་ཁ་ཟས་དངུལ་ཉིད་ ལེན་པ་སྟེ། །ཞེས་གསུངས་པའི་རྩ་བ་བཞི་ལས་འདས་ན་ཕམ་པ་དང་འདྲ་བའི་ཉེས་བྱས་ཆང་ འཐུང་ལ་སོགས་དྲུག་ལས་འདས་ན་བཤགས་པའི་ཉེས་བྱས། བུད་མེད་ལ་རེག་པའི་ཉེས་པ་ སོགས་བླངས་པའི་ཕྱོགས་མཐུན་ལས་འདས་ན་བསྡམ་བྱའི་ཉེས་བྱས། འཆང་འབྲལ་སོགས་ གནང་བ་བཅུ་གསུམ་པོ་རྣམས་ལ་ཉེས་མེད་དུ་ཤེས་པར་གྱིས་ལ་ལེགས་པར་སྲུངས་ཤིག དེ་ལྟར་དགེ་ཚུལ་དུ་གྱུར་ནས་ཁྱིམ་པ་ཐམས་ཅད་ཀྱིས་ཕྱག་བྱ་བའི་གནས་སུ་གྱུར་པ་ཡིན་ ཏེ། ས་གའི་ལྷས། དེ་ལྟར་དགེ་ཚུལ་བྱས་མ་ཐག །འདི་ལ་ཁྱིམ་པ་ཐམས་ཅད་ཀྱིས། །ཕྱག་ འཚལ་སྨོན་པར་འགྱུར་བ་སྟེ། །གང་ཕྱིར་ཁྱིམ་གྱི་འཆིང་གྲོལ་ཕྱིར། །ཞེས་གསུངས་པས་ཕན་ ཆེའོ། །དགའ་སྤྲོ་ཆེན་པོ་གྱིས། དེ་མཁན་པོའི་སྐུ་དྲིན་ཡིན་པས་ཕྱག་གསུམ་ཚོལ་ལ་སྐུ་དྲིན་ཆེ་ ཞེས་གྱིས་ཤིག ཅེས་བརྗོད། གཞན་རྣམས་ཀྱིས་སྨོན་ལམ་བཞི་གདབ་པོ། །དགེ་ཚུལ་གྱི་ཆོ་ 2-1-398 གའོ།། །། ཚིགས་ཕྱི་མ་བསྙེན་པར་རྫོགས་པའི་ཆོ་ག་ལ། སྦྱོར་དངོས་མཇུག་གསུམ་གྱི་དང་པོ་ལ་ དྲུག་ལས། དང་པོ་ཡོ་བྱད་ཚགས་སུ་གཞུག་ཅིང་དཀོན་མཆོག་གསུམ་དང་སློབ་དཔོན་མངོན་ དུ་འགྱུར་བའི་ཕྱིར་དང་པོར་བྱ་བ་ནི། བསྒྲུབ་བྱ་ལོ་ཉི་ཤུ་ལོན་པ་ཞིག་བསྙེན་པར་རྫོགས་ འདོད་ན། སྟོན་པའི་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་པ་བཤམ། ཆོས་གོས་གསུམ། གདིང་པ་ ཆུ་ཚགས་བརྙན་པོ་ཚུན་ཆད་ཀྱིས་བཙལ་ལ། ཆོས་གོས་རྣམས་ཕྱི་ནང་མ་ལོག་མགོ་མཇུག་མ་ ལོག་པར་བཞི་ལྟབ་ཏུ་བྱས་ཏེ་བརྐྱང་པ་དང༌། ལྷུང་བཟེད་གདིང་པ་ཆུ་ཚགས་རྣམས་མཁན་ པོ་དང་ཉེ་བར་བཞག མེ་ཏོག་དང་རྩྭ་ཕ་གུ་དང་བཅས་པ་ཡང་སྟ་གོན་བྱའོ། །ལས་ལ་འདུ་ བར་འོས་པའི་དགེ་སློང་ཐམས་ཅད་ལྟུང་བ་མཐོལ་བ་བཤགས་པ། བསྡམ་པ་བྱིན་གྱིས་ བརླབས་པས་ཕྱིར་བཅོས་ཏེ་རྒྱུད་དག་པར་བྱས་ནས་འདུས་པ་དང༌། བསྒྲུབ་བྱ་དེ་ཕ་གུའི་ སྟེང་དུ་རྩྭ་བཏིང་པ་ལ་བཞག་ནས། (པཎ་ཆེན་གྱི་ཕྱག་ལེན་ལྟར།)མཁན་པོས་སོ་སོའི་ཕྱག་ཏུ་མེ་ ཏོག་ཕུལ་ནས་འགྲེང་སྟེ་འདུད་པ་དང་བཅས་པས། དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་ལས་བསྙེན་པར་རྫོགས་པར་ འཚལ་ནས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་སློང་དགེ་བའི་བཤེས་ གཉེན་ཆེ་གེ་མོས་ལས་ཀྱི་སློབ་དཔོན་བཀས་གནང་པར་ཞུ། ཆེ་གེ་མོས་གསང་སྟེ་སྟོན་པའི་ སློབ་དཔོན་བཀས་གནང་པར་ཞུ། ཆེ་གེ་མོས་དབུ་མཛད་རྣམས་ཀྱིས་ལས་ཀྱི་ཁ་སྐོང་མཛད་ ནས་ཚེ་དང་ལྡན་པ་འདི་ལ་བསྙེན་པར་རྫོགས་པའི་སྡོམ་པ་བཀས་གནང་པར་ཞུ། དངོས་དེ་ ལྟར་ན་གཡར་ངོ་འཕྱར་ཞིང་མཆིས་ལགས་ཞེས་གསོལ་བ་བཏབ་ནས། བསྒྲུབ་བྱ་དེ་སྟོན་ པའི་སྐུ་གཟུགས་ལ་སྟོན་པ་དངོས་ཀྱི་འདུ་ཤེས་ཞོག་ལ་ཕྱག་གསུམ་དང༌། (ལུང་ལས་ཕྱག་ཚན་དགུ་ གསུངས་ཏེ། སངས་རྒྱས་དགེ་འདུན་མཁན་པོ་གསོལ། །སྣམ་སྦྱར་ཐོབ་ནས་ངོམ་པ་དང༌། །གསང་སྟེ་སྟོན་དང་མཇུག་ཡོན་དང༌། 2-1-399 སངས་རྒྱས་དགེ་འདུན་ནང་འདྲིའོ། ། གོས་བྱིན་རློབ་དང་ལས་ཕྱེད་གཉིས། །མདོར་གསུངས་རུང་མཐུན་སྦྱར་བའོ། །མཇུག་ཏུ་ དྲིན་ལན་རིགས་པས་སྦྱར། །དེ་ལྟར་ཕྱག་ཚན་བཅུ་གཉིས་སོ།།)རང་དགེ་འདུན་གྱི་ནང་དུ་འཇུག་པའི་དོན་དུ་ དགེ་སློང་རེ་རེ་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག ཕྱག་འཚལ་བའི་ཚེ་དགེ་སློང་རེ་རེས་ ཀྱང་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་ གདབ་པོ། ། གཉིས་པ་མཁན་པོ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་མཁན་པོར་གསོལ་བ་གདབ་པ་ནི། བསྒྲུབ་བྱ་དེ་རྩྭའི་སྟེང་ནས་མཁན་པོ་ལ་ཕྱག་གསུམ་འཚལ་དུ་བཅུག་ནས། ཕ་གུའི་སྟེང་དུ་རྩྭ་ བཏིང་པ་ལ་རྟིང་པ་གཉིས་ཀྱིས་མནན་ནས་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྙིང་ཁར་སྦྱོར་ དུ་བཅུག་ནས། ཁྱོད་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་དོན་དུ་གཉེར་བ་དེ་ཤིན་ཏུ་ ལེགས། ལེགས་པའི་རྒྱུ་མཚན། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་ཞེས་ བྱ་ཆོས་ཀྱི་རྒྱལ་མཚན་ཏེ། །དགེ་སློང་ཞེས་བྱ་རྡོ་རྗེའི་སྲོག་ཤིང་སྟེ། །དགེ་སློང་ཞེས་བྱ་སྡུག་ བསྔལ་སྤོང་བ་ཡིན། །དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོའོ། །ཞེས་དང༌། ཇོ་བོ་རྗེས་ཀྱང༌། སོ་སོར་ཐར་པ་རིགས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལ། །ཚངས་སྤྱོད་དཔལ་ ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་གསུངས། བསྙེན་པར་རྫོགས་པ་ བསྒྲུབ་པར་བྱེད་པ་ལ་སྔོན་གྱི་ཆོ་ག་དང་ད་ལྟར་གྱི་ཆོ་ག་གཉིས་ལས། དང་པོ་ནི། སྔོན་སྲི ད་ པ་ཐ་མ་པའི་གང་ཟག་རང་བཞིན་གྱིས་དབང་པོ་དུལ་ཞིང་བག་དང་ལྡན་པ། ན་ཚ་ལ་སོགས་ པ་འབྱུང་དཀོན། བྱུང་ཡང་ནད་གཡོག་དང་སྨན་ལ་སོགས་པ་རྙེད་སླ་བས་འཁྲིད་ཅིང་སྐྱོང་ པར་བྱེད་པ་ལ་མི་ལྟོས་པས་ཚུར་ཤོག་ལ་སོགས་པ་སྔོན་གྱི་ཆོ་གས་བསྙེན་པར་རྫོགས་པ་ ཡིན། དུས་ཕྱིས་སྲི ད་པ་ཐ་མ་པ་མ་ཡིན་པ་དག་མཁན་སློབ་མེད་པར། དགེ་འདུན་གསོལ་ བཞིའི་ལས་ཀྱིས་གཅིག་ཆར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་བྱས་པས་དེ་དག་ལས་ 2-1-400 མཁན་སློབ་མེད་པས་ལེགས་པར་མ་སྦྱངས་ཤིང་སྤྱོད་ལམ་རྒོད་བག་ཅན་དུ་གྱུར་པས་ཁྱིམ་ པ་མ་དད་ཅིང་མུ་སྟེགས་རྣམས་འཕྱ་བར་གྱུར་ཅིང༌། དགེ་སློང་འགའ་ཞིག་ནད་གཡོག་མེད་ པར་ཤི་བར་གྱུར་པའི་སྐབས་དེ་གསོལ་པས། ངས་ཉན་ཐོས་རྣམས་གཅིག་གིས་གཅིག་བསྡུ་ བར་བྱ་བའི་ཕྱིར་དང༌། ནད་པ་རྣམས་ལ་རིམ་གྲོ་བྱ་བའི་ཕྱིར། མཁན་པོ་དང་སློབ་དཔོན་ དག་གིས་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་གནང་ངོ་ཞེས་ད་ལྟར་གྱི་ཆོ་ག་བཅས་ ལ། གནང་ངོ་ཟེར་ཡང་ཅི་དགར་སྣང་བའི་བསླབ་པ་མ་ཡིན་གྱི་ངེས་པར་བསྒྲུབ་པའི་བསླབ་ པ་ཡིན་པས་མཁན་པོ་དགོས། དེའི་རྒྱུ་མཚན་ད་ལྟར་གྱི་གདུལ་བྱ་རྣམས་དགེ་བའི་རྩ་བ་དང་ དབང་པོ་དང་ཤེས་རབ་མ་སྨིན་ཅིང༌། ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པའི་སྒྲིབ་ པ་ཤས་ཆེ་བས་འཁྲིད་ཅིང༌། སྐྱོང་པ་ལ་ལྟོས་པས་མཁན་སློབ་གནང་པ་ཡིན། མཁན་པོ་ཡང་ ཅི་རུང་རུང་གིས་མི་ཆོག་གིས། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པ། ལྔ་ ཕྲུགས་དང་ལྡན་པ། ཁ་སྐོང་གི་ཆོས་དང་ལྡན་པ་ལ་མཁན་པོར་གསོལ་བ་བཏབ་པ་ཁས་ བླངས་པ་ཅིག་དགོས། མཁན་པོའི་སྐད་དོད་ཨུ་པ་དྷྱ་ཞེས་པ་ཡིན་ལ། དེ་ལ་རྐྱེན་བྱིན་པས་ ཨུ་པ་སན་དྷི་ཉེ་བར་སྦྱོར་བ་སྟེ། དངོས་སུ་བསླབ་པ་རིན་པོ་ཆེ་ལ་ཉེ་བར་སྦྱོར། བརྒྱུད་ནས་ མྱང་འདས་ལ་སྦྱོར་བར་བྱེད་པ་དང༌། ཨུ་པ་དྷ་ར་ཎ་ཉེ་བར་འཛིན་པ་སྟེ་ཕ་དང་བུའི་འདུ་ཤེས་ ཀྱིས་བརྩེ་བས་དམན་པའི་གནས་སུ་ལྟུང་པ་ལས་ཉེ་བར་འཛིན་པ་དང༌། ཨུ་པ་དེ་ཤ་ཉེ་བར་ ལུང་འབོགས་པའམ་སྟོན་པར་བྱེད་པས་མཁན་པོ་སྟེ། དོན་ཐམས་ཅད་ཀྱི་མཆོག་མྱ་ངན་ལས་ འདས་པ་ལ་ཁད་ཉེ་བའི་དགེ་སློང་གི་དངོས་པོ་སྒྲུབ་པར་བྱེད་མཁན་བསྙེན་རྫོགས་ཀྱི་མཁན་ པོ་ཞུ། དེའི་ཆེད་དུ་གསོལ་བ་གདབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། བཙུན་པ་དགོངས་ སུ་གསོལ། བདག་མིང་འདི་ཞེས་བགྱི་བ་བཙུན་པ་ལ་མཁན་པོར་གསོལ་གྱིས། བཙུན་པ་ བདག་གི་མཁན་པོ་མཛད་དུ་གསོལ། བཙུན་པ་མཁན་པོས་བསྙེན་པར་རྫོགས་པར་བགྱིའོ། 2-1-401 །ལན་གསུམ་བཟླས་ནས་གསུམ་པ་འདི་ལ་ཆ་གསུམ་ཡོད་པའི་གསོལ་གྱི་ཡན་ཆད་ཆ་དང་ པོ། མཛད་དུ་གསོལ་ཆ་གཉིས་པ། རྫོགས་པའི་མཚམས་ཆ་གསུམ་པའི་ཐོག་མར་མཁན་ པོར་འགྱུར་ཞིང༌། གྱུར་ནས་བཙུན་པ་ཞེས་མི་བརྗོད། མཁན་པོ་ཞེས་བརྗོད་དགོས་པས་ དེ་ཡིད་ལ་ཞོག་ལ་གསུམ་པའི་རྗེས་ཟློས་གྱིས་ཞེས་བརྗོད། མཇུག་ཏུ་ཐབས་ལེགས་བྱའོ། །གལ་ཏེ་སློབ་དཔོན་ཡིན་ན་སློབ་དཔོན་ལ་ཞེས་དང༌། རབ་བྱུང་གི་མཁན་པོ་ཡིན་ན། སྔར་ མཁན་པོ་ཡིན་ཡང་ཆོ་ག་ཐ་དད་པས་འདིར་ཡང་གསོལ་བ་གདབ་དགོས་པས། སྔར་གྱི་རབ་ བྱུང་གི་མཁན་པོ་ལ་ད་བསྙེན་རྫོགས་ཀྱི་མཁན་པོ་ཞུ་སྙམ་པ་གྱིས་བྱས་ལ། བཙུན་པ་ཞེས་པ་ མཁན་པོ་ཞེས་པར་སྤོ། ཀུན་ལ་ཆ་གསུམ་པ་ལ་མཁན་པོས་མཁན་པོ་ཞེས་བརྗོད། ཐམས་ ཅད་ཐུགས་ཆེས་པའི་ཕྱིར་ཀུན་གྱིས་ཐོས་པར་གསོལ་བ་གདབ་པོ། དེས་མཁན་པོ་མངོན་དུ་ གྱུར་པར་བྱས་པ་ཡིན་ནོ། ། གསུམ་པ་ཡོ་བྱད་མངོན་སུམ་དུ་འགྱུར་བའི་ཕྱིར་རྟགས་དང་ཆ་ལུགས་སྦྱིན་པ་ནི། མདོ་ རྩ་བར། རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པ་ཉིད་ན་འོས་པ་ཉིད་ན་ཕྱག་བྱས་དེའོ། ། ཞེས་བཤད་པས། ཕྱག་གསུམ་ཚོལ་ལ་ངེད་ཀྱི་མདུན་དུ་ཤོག་ཅིག་ཅེས་བསྒྲུབ་བྱ་ལ་བསྒོ། གྲོགས་བྱེད་པ་ལ་ཆོས་གོས་གསུམ་བསྒྲུབ་བྱའི་ཕྲག་པ་གཡོན་ལ་ཁོལ་ལ་ཚེ་དང་ལྡན་པ་ འདིའི་ལྷུང་བཟེད་དགེ་འདུན་ལ་སྟོན་ཅིག་ཅེས་བསྒོ། དེ་ནས་མཁན་སློབ་གཉིས་ཀ་འགྲེང་ སྟེ་སྣམ་སྦྱར་བཟུང་ནས་འདི་སྣམ་ཕྲན་དང་གླེགས་བུ་འཐུད་ཅིང་སྦྱར་བས་ན་སྣམ་སྦྱར་ཞེས་ བྱ་བ། ཁྱིམ་པ་དང་མུ་སྟེགས་ཅན་དང་རབ་ཏུ་བྱུང་ཡང་བསྙེན་པར་མ་རྫོགས་པ་དགེ་ཚུལ་ མན་ཆད་ལས་རྟགས་མཆོག་ཏུ་གྱུར་པ་ཡིན། ངོ་ཚ་ཁྲེལ་ཡོད་བསྐྱེད། དགེ་སྦྱོང་གི་དྲན་པ་ གསོ། ལྷ་དང་བཅས་པའི་མཆོད་རྟེན་དུ་འགྱུར་བའི་ཕྱིར་གནང་བ་ཡིན་པས་འཚོ་བའི་ཡོ་བྱད་ སྣམ་སྦྱར་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་ཀྱིས། མཁན་པོ་དགོངས་སུ་གསོལ། 2-1-402 བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་ གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །ལན་གསུམ་བཟླས་ཐབས་ལེགས་བྱས་ལ་ཕྲག་པ་ གཡས་སུ་སྤོ། དེ་ལྟར་བླ་གོས་བཟུང་ནས་འདི་སྟོད་དུ་རྒྱུན་དུ་གྱོན་པའི་ཆོས་གོས་བླ་གོས་ ཞེས་བྱ་བ་ཁྱིམ་པ་དང་མུ་སྟེགས་ཅན་ལས་རྟགས་ཁྱད་པར་དུ་བྱེད། དགེ་སློང་གི་དྲན་པ་གསོ། ཚ་གྲང་ལ་སོགས་པའི་འཚེ་བ་ལས་སྐྱོབ་པའི་གོས་ཡིན་པས་བླ་གོས་སུ་བྱིན་གྱིས་བརླབ་སྙམ་ པ་གྱིས་ལ་རྗེས་ཟློས་གྱིས་བྱ། སྣམ་སྦྱར་ཅེས་པ་བླ་གོས་ཞེས་འདོན་པ་སྤོ། གཞན་འདྲ། དེ་ ཕྲག་པ་གཡས་སུ་སྤོས་ལ། མཐང་གོས་སྔར་ལྟར་བཟུང་སྟེ། འདི་སྨད་ཀྱི་ནང་དུ་གྱོན་པའི་ མཐང་གོས་ཞེས་བྱ་བ་སྨད་གཅེར་བ་དང་ངོ་ཚ་བ་དང་གནོད་པ་ལས་སྐྱོབ། དགེ་སྦྱོང་གི་དྲན་ པ་གསོ་བའི་གོས་ཡིན་པས་མཐང་གོས་སུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས་ བྱ། སྣམ་སྦྱར་ཞེས་པ་མཐང་གོས་ཞེས་སྤོ་གཞན་འདྲ། བླ་གོས་དང་སྣམ་སྦྱར་སྦྲགས་ཏེ་མཁན་ པོས་བསྐོན་ཅིང་ཀུན་གྱིས་སྨོན་ལམ་བཞི་གདབ་པོ། །དེ་མ་ཐག་རྩྭའམ་གདིང་པའི་སྟེང་ནས་ དགེ་འདུན་ལ་སྣམ་སྦྱར་ངོམ་པའི་ཕྱག་གསུམ་བྱའོ། །གལ་ཏེ་ཆོས་གོས་གསུམ་གྱི་དངོས་ ཀྱི་བྱིན་བརླབས་འཆགས་པ་མེད་ཅིང་རྒྱུ་དང་ཁ་དོག་རུང་བ་ཡོད་ན་སྔར་བཞིན་བཟུང་ལ། འདི་སྣམ་སྦྱར་གྱི་རྒྱུར་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་རྗེས་ཟློས་གྱིས། མཁན་པོ་དགོངས་ སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། །འཚལ་ན་སྣམ་ཕྲན་དགུ་པ་ལ་སོགས་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གསུམ་པ་ལ་སོགས་ པར་བགྱིའོ། །བར་ཆད་བྱུང་ན་བཀྲུའོ། །བརྐྱང་ངོ༌། །དྲའོ་ལྡེབ་པོ། །ཟུངས་གདབ་པོ། །དྲུབ་ པོ། །ཁ་བསྒྱུར་རོ། །ཡང་ན་འདི་ལ་ལྷན་ཐབས་སུ་གླན་ནོ། །རྐྱེན་ཇི་ལྟ་བ་བཞིན་དུ་བགྱི་སྟེ། ཆོས་གོས་འདི་ནི་རུང་བ་སྤྱད་པར་འོས་པའོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །བླ་ གོས་ལ་སྣམ་སྦྱར་དུ་ཞེས་པ་བླ་གོས་སུ་ཞེས་དང༌། སྣམ་ཕྲན་བདུན་པར་བགྱི་སྟེ། གླེགས་བུ་ 2-1-403 ཕྱེད་གསུམ་པར་བགྱིའོ། །ཞེས་དང༌། མཐང་གོས་ལ་སྣམ་སྦྱར་དུ་ཞེས་པ་མཐང་གོས་སུ་ཞེས་ དང༌། སྣམ་ཕྲན་ལྔ་པར་བགྱི་སྟེ། གླེགས་བུ་ཕྱེད་དང་གཉིས་པར་བགྱིའོ་ཞེས་བརྗོད། གཞན་ འདྲའོ། །དངོས་དང་རྒྱུའི་བྱིན་བརླབས་མི་འཆགས་པ་རྔ་ཐེར་རེ་ཐེར་སོགས་རྒྱུ་མི་རུང་པ་དང་ བཙོད་སོགས་ཚོས་ཆེན་གྱིས་བཙོས་པ་ལ་སོགས་རྐྱེན་དེ་ལྟ་བུ་ཡོད་ན་རྐྱེན་དབང་གིས་བྱིན་ གྱིས་བརླབས་ཏེ། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་ འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ། ཞེས་སོགས་འདོན་པ་བསྒྱུར་གཞན་འདྲའོ། །ལྷུང་བཟེད་སྟོན་པར་བསྐོས་པས། ལྷུང་བཟེད་དུ་སྨན་ནམ་མེ་ཏོག་ཅུང་ཟད་བླུག་པ་ལག་པ་ གཡོན་པར་བཞག གཡས་པས་བཀབ་སྟེ། དགེ་སློང་རེ་རེའི་མདུན་དུ་འགྲེང་སྟེ་འདུད་པ་ དང་བཅས་པས་རྒན་ན་བཙུན་པའམ། གཞོན་ན་ཚེ་དང་ལྡན་པ་དགོངས་སུ་གསོལ། ཚེ་དང་ ལྡན་པ་མིང་འདི་ཞེས་བྱ་བའི་ལྷུང་བཟེད་འདི་མི་ཆུང་ངམ། མི་ཆེའམ། མི་སྐྱའམ་ཞེས་དྲི། དེ་ ལྟ་བུ་མ་ཡིན་ན། རེ་རེ་ནས་ལྷུང་བཟེད་བཟང་ངོ་ཞེས་བརྗོད། མ་བརྗོད་ན་ཉེས་བྱས་སོ། །དེ་ ནས་ལྷུང་བཟེད་དེ་མཁན་སློབ་གཉིས་ཀ་འགྲེང་པའི་ལག་པ་གཡོན་པར་བཞག གཡས་ པས་བཀབ་ལ། འདི་བསོད་སྙོམས་ཀྱི་ཟས་ལྷུང་པ་བཟེད་པར་བྱེད་པས་ལྷུང་བཟེད་ཅེས་བྱ་ བ་ཁྱིམ་པའི་ཁ་ཕོར་དང་མུ་སྟེགས་ཀྱི་སློང་ཕོར་སོགས་ལས་རྟགས་ཁྱད་པར་དུ་གྱུར་པ་འདི་ ཟས་ཀྱི་འགེངས་པ་བཞིན་དུ་རང་རྒྱུད་ཡོན་ཏན་གྱིས་གང་བར་བྱེད། འདིའི་ནང་ནས་ཟས་ ལ་ལོངས་སྤྱོད་པ་ལྟར་ཆོས་ལ་སྤྱོད། མཐའ་གཉིས་སྤངས་པའི་བསོད་སྙོམས་སྤྱོད་པའི་སྣོད་ དུའང་གནང་པ་ཡིན་པས་འཚོ་བའི་ཡོ་བྱད་ལྷུང་བཟེད་དུ་བྱིན་གྱིས་བརླབ་སྙམ་པ་གྱིས་ལ་ རྗེས་ཟློས་གྱིས། མཁན་པོ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱིས་བའི་ལྷུང་བཟེད་ ཟས་ལ་སྤྱད་པར་འོས་པ་དྲང་སྲོང་གི་སྣོད་འདི་བླང་བའི་སྣོད་དུ་བྱིན་གྱིས་བརླབ་པོ། །ལན་ གསུམ་བཟླས། ཐབས་ལེགས་བྱའོ། །གདིང་བ་གཏད་ལ། འདི་ཆོས་གོས་གདིང་བ་ཞེས་བྱ་ 2-1-404 བ། ཁྱིམ་པའི་དཀར་པོ། གང་ཟག་གི་ཁྲའོ་ཕལ་ཆེར་མ་ཉམས་པ་དང༌། དགེ་འདུན་གྱི་རྩྭའི་ གདན་མ་གཏོགས་པའི་གནས་མལ་ལ་འདི་ལྟ་བུས་སྐྱབས་ཏེ་ལོངས་སྤྱོད་དགོས་པས་གདིང་ བ་འདི་ལྟ་བུ་བྱིན་གྱིས་བརླབས་ནས་བཅང་དགོས། དེས་མཚོན་ནས་གཞན་གྱི་ལོངས་སྤྱོད་ གང་ལ་ཡང་ཕངས་མེད་དུ་ལོངས་སྤྱོད་པ་སྤང་དགོས། འདི་ཆུ་ཚགས་ཞེས་བྱ་བ་སྤྱིར་སངས་ རྒྱས་ཀྱི་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས། ཁྱད་པར་དུའང་རབ་ཏུ་བྱུང་བ་སེམས་ཅན་ལ་ གནོད་པ་གཞི་དང་བཅས་པ་སྤང་དགོས། བྱེ་བྲག་ཏུ་ཡང་ཆུ་འདི་ནམ་དུ་ཡང་དགོས་པས། སྲོག་ཆགས་མེད་པ་མ་རྙེད་ན། ཆུ་ཚགས་འདི་ལྟ་བུས་བཙགས་ཏེ་སྲོག་ཆགས་ལ་གནོད་པ་ མེད་པ་བྱ་དགོས། དེས་མཚོན་ཡོ་བྱད་གང་ལ་ཡང་སེམས་ཅན་ལ་མི་གནོད་པར་བྱ་དགོས་ སོ། །དེས་ཡོ་བྱད་མངོན་དུ་གྱུར་པར་བྱས་པ་ཡིན། རེ་ཞིག་དགེ་སློང་འདིའི་ཕྱི་ལ་སོང་ཤིག ཅེས་བརྗོད། གྲོགས་བྱེད་པས་ཀྱང༌། དེ་ཁྲིད་ལ་ལས་མི་ཐོས་ཤིང༌། ལས་གྲལ་ནས་མཐོང་ སར་གདིང་བའི་སྟེང་དུ་ཚོགས་ལ་མངོན་དུ་ཕྱོགས་པར་འགྲེང་སྟེ་ཐལ་མོ་སྦྱར་ཏེ་བཞག་ལ། རང་ཉིད་ལས་གྲལ་དུ་འཁོད་པར་བྱའོ། ། བཞི་པ་ཡོངས་སུ་དག་པ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་གསང་སྟོན་བསྐོ་ཞིང་དེས་ཇི་ ལྟར་བྱ་བ་ལ། གསང་སྟོན་བསྐོ་བའི་ཐོག་མར་ལས་བྱེད་པས་སྔོན་དུ་འགྲོ་བའི་ལས་གཉིས་ དགོས་ན་བགྱིད་འཚལ་ཞིང༌། དང་པོ་ལྟུང་འཐུན་བྱིན་གྱིས་བརླབས་པ་འདི། ལས་གྲལ་དུ་མ་ འདུས་གོང་དུ་བྱ་བར་གསུངས་ཀྱང་སྔར་མ་གྲུབ་པས་འདིར་བགྱིད། དེ་ཡང་ཀུན་ལ་ལག་ཉ་ ལ་སོགས་ལྟུང་བ་ཐུན་མོང་པ་ཡོད་སྲི ད་ན། དེ་དག་གིས་ལས་ལ་མི་སྒྲིབ་པར་བགྱི་བའི་སླད་ དུ་བྱིན་གྱིས་བརླབས་པས་རེ་ཞིག་དག་པར་གསུངས་པས་སྤྱོད་ལམ་བསྟུན་ནས་བྱིན་གྱིས་ བརླབ་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། དེང་དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ལགས་ལ། བདག་ཅག་དགེ་ 2-1-405 འདུན་ཐམས་ཅད་ནི་ལྟུང་པ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་ལྟུང་པ་དེ་ ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ། དགེ་སློང་ གི་མདུན་དུ་ལྟུང་པ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་ འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་ འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་བསྙེན་པར་རྫོགས་པའི་ཕྲིན་ལས་མཛད་ལ། སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ། །གནས་ལ་བློ་མཐུན་བགྱི་བས་ལས་མཛད་པའི་གནས་འདི་ཉེ་འཁོར་དང་བཅས་པ་ཚུན་ཆད་ བསྙེན་རྫོགས་ཀྱི་ཕྲིན་ལས་ཀྱི་གནས་སུ་ཐུགས་བསྟུན་པ་ལ་གསོལ་ལས་བརྗོད་ལས་གཉིས་ ལས། གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་བསྙེན་པར་རྫོགས་པའི་ཕྲིན་ལས་ ཀྱི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་ གནང་བར་མཛོད་ཅིག་དང༌། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང༌། ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་ བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །གསོལ་བ་ཐལ། བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་ བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་ པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་བསྙེན་ པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་ 2-1-406 གང་དང་བཅས་པ་འདི། དགེ་འདུན་གྱིས་བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་ མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་ བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ ནི། ཅང་མ་གསུངས་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག དགེ་འདུན་ གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་ བསྙེན་པར་རྫོགས་པའི་ཕྲིན་ལས་ཀྱི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ། འདི་ལྟར་ ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གྲུབ་པ་ནི་རང་གྲུབ་པ། བགྱིས་པ་ནི་སྐྱེས་བུས་ བྱས་པ། ལགས་པ་ནི་ཟིན་པ་སྟེ། གསུམ་པོ་གང་ཡིན་དེ་བརྗོད་ཀྱི། གསུམ་ཀ་བརྗོད་དགོས་ པ་མིན་ནོ། །སྔར་བློ་འཐུན་བྱས་ལ་མ་ཞིག་ན། འདི་བྱ་མི་དགོས་སོ། །དེ་ནས་ལས་བྱེད་པས། མཁན་པོ་མིང་འདི་ཞེས་བགྱི་བས། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བའི་གསང་སྟེ་སྟོན་པར་ གསོལ་བ་བཏབ་པ་གང་ཡིན་ཞེས་དྲི། དེས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལགས་ ཞེས་ལན་གདབ། མིང་འདི་ཞེས་བྱ་བ་ཁྱོད། མཁན་པོ་མིང་འདི་ཞེས་བྱ་བ་མིང་འདི་ཞེས་བྱ་ བ་ལ་གསང་སྟེ་སྟོན་པར་སྤྲོའམ། ཞེས་དྲི། དེས་སྤྲོ་བྱས་ལ་ལན་གདབ། ཁོང་སྤྲོ་བར་གདའ་ བས་གསང་སྟེ་སྟོན་པ། བསྐོ་བ་ལ་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ ཞུ། དགེ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་ མིང་འདི་ཞེས་བགྱི་ལ། གསང་སྟེ་སྟོན་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་ བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་སློང་མིང་འདི་ཞེས་བྱ་བ་འདི་ མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་གསང་སྟེ་སྟོན་ཏོ། །འདི་ནི་ 2-1-407 གསོལ་བའོ། །དེ་ནས་གསང་སྟོན་དེས་བསྒྲུབ་བྱའི་གནས་སུ་ཕྱིན་ལ། རང་ལ་ཕྱག་གསུམ་ འཚལ་དུ་བཅུག མདུན་དུ་ཙོག་ཙོག་པོར་འདུག་ཏུ་བཅུག་སྟེ། ཐལ་མོ་སྙིང་ཁར་སྦྱོར་དུ་ བཅུག་ནས། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ་བར་ཆད་ཀྱི་ཆོས་དང་མི་ལྡན་པ་ཞིག་ དགོས། བར་ཆད་ཡོད་མེད་ལེགས་པར་ངས་དྲིས་པས་ཤེས་པས་ཁྱོད་ལ་དྲི་བར་བྱ། ཆོ་ག་ ལས། འདི་ནི་ཁྱོད་ཀྱི་བདེན་པའི་དུས་ཞེས་པ་བདེན་པར་སྨྲ་བའི་དུས་དང་འབྱུང་པའི་དུས་ ཏེ་ཡང་དག་པའི་མཐའ་སྨྲ་བའི་དུས་ཡིན་པས། ལན་དྲང་པོར་ཐོབ་ཅིག ཚེ་དང་ལྡན་པ་ཁྱོད་ ཉོན་ཅིག འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་པའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ ཟད་གཅིག་དྲིས། ཁྱོད་མ་འཛེམ་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ ལའང་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་སྐྱེས་པ་ཡིན་ནམ། ལགས། སྐྱེས་པའི་དབང་པོ་དང་ ལྡན་ནམ། དེས་ལྡན་ལགས། ལོ་ཉི་ཤུ་ལོན་ནམ། ལོན་ལགས། ཁྱོད་ཀྱི་ཆོས་གོས་གསུམ་ དང་ལྷུང་བཟེད་ཚང་ངམ། ཚང་ལགས། ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཞེས་ཟེར་ན། ཁྱོད་ ཕ་མས་གནང་ངམ། གནང་ཞེའོ། །གལ་ཏེ་ཤི་ཞེས་ཟེར་ན། ཁྱོད་བྲན་མ་མ་ཡིན་ནམ། བརྐུས་ པ་མ་ཡིན་ནམ། རྙེད་བཙོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོངས་པ་མ་ཡིན་ནམ། རྒྱལ་པོས་བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་ པའི་ལས་བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་ མ་ཡིན་ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་ པ་མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ ཅན་ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་ པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ 2-1-408 ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི། དེས་མ་ལགས་ཞེས་བརྗོད། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང༌། ཅུང་ཟད་ཆགས་པ་མེད་དམ། ཆགས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། མི་ནུས་ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད། འཇལ་ནུས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་པ་ མ་ཡིན་ནམ། བྱུང་ངོ་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས། ལྟུང་བ་གང་ཡང་རུང་ བ་བྱུང་པ་མ་ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ལྟུང་བ་བྱུང་ངོ་ ཟེར་ན། འོ་ན་སོང་ཤིག་ཅེས་བརྗོད། མ་བྱུང་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་བ་ཡིན་ ནམ། དེས་ཡིན་ལགས། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། སྤྱད་ལགས། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་ དུ་མཚན་ནས་སྨོས་ཏེ། བདག་གི་མཁན་པོའི་མིང་འདི་ཞེས་བགྱི། ཞེས་བརྗོད། ཚེ་དང་ལྡན་ པ་ཁྱོད་ཉོན་ཅིག མི་རྣམས་ཀྱི་ལུས་ལ་ལུས་ཀྱི་ནད་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་པ་འདི་ ལྟ་སྟེ། མཛེ་དང༌། འབྲས་དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། ཁྱི་རྔོ་དང༌། གཡའ་བ་དང༌། ཀློག་པ་དང༌། རྐང་ཤུ་དང༌། སྐེམ་ནད་དང༌། སྐེམ་པ་དང༌། བརྗེད་བྱེད་དང༌། བཀྲེས་རབ་དང༌། སྐྱ་སྦབ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང༌། རིམས་དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་ བཞི་པ་དང༌། འདུས་པ་དང༌། རིམས་ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ལྡང་ དུབ་པ་དང༌། ཤུ་བ་དང༌། བསུད་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། དབུགས་མི་བདེ་བ་ དང༌། ལྷོག་པ་དང༌། ཡན་ལག་ཏུ་ཟུག་པ་དང༌། སྐྲན་དང༌། ཁྲག་ནད་དང༌། འཁྲིས་ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་དང༌། ཆུ་འགགས་པ་དང༌། ངལ་བ་དང༌། ལུས་ཚ་བ་དང༌། རྩིབས་ལོགས་ཚ་བ་དང༌། རུས་པ་ལ་ཟུག་པ་སྟེ། ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་གང་ 2-1-409 ཡང་རུང་བ་དང༌། འདི་ལྟ་བུ་གཞན་དག་ཀྱང༌། ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ ཞེས་བརྗོད། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག ཁྱོད་ལ་ད་ལྟ་ངས་དྲིས་པ་དེ་ཉིད་དགེ་འདུན་གྱི་ དབུས་སུ་ཡང་འདྲི་བས། དེར་ཡང་ཁྱོད་ཀྱིས་མ་འཛེམ་པར་བྱོས་ལ་ཡིན་པ་ལ་ཡིན་ཞེས་སྨྲོས་ ཤིག མ་ཡིན་པ་ལ་མ་ཡིན་ཞེས་ལན་ཐོབ་ཅིག ཁྱོད་མ་བོས་ཀྱི་བར་དུ་མ་འོངས་པར་སྡོད་ ཅིག ངས་དགེ་འདུན་ལ་ཞུས་ལ་འོང་གིས། ཞེས་བརྗོད་ལ། དགེ་འདུན་གྱི་ནང་དུ་འོངས་ཏེ། རྒན་པའི་མཐའ་ལོགས་སུ་འགྲེང་སྟེ་འདུད་པ་དང་བཅས་པས། དགེ་གསོལ། བདག་གིས་ མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་གསང་ སྟེ་རྗེས་སུ་བསྟན་ན། དེ་ཡང་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཁོ་ན་ཉིད་མཆི་ ན། ཅི་མཆི་ཞིག་གམ་ཞེས་ཞུ། ཐམས་ཅད་ཀྱིས་གལ་ཏེ་ཡོངས་སུ་དག་ནའོ། ཞེས་བརྗོད། མ་ བརྗོད་ན་ཉེས་བྱས་སོ། །དེས་བསྒྲུབ་བྱ་ལ་དགེ་འདུན་གྱིས་གནང་གིས་ཤོག་ཅིག་ཅེས་བོས་ ལ། དགེ་འདུན་གྱི་ནང་དུ་གདིང་བའི་སྟེང་ནས་འཇུག་ཡོན་ཕྱག་གསུམ་འཚལ་དུ་བཅུག་སྟེ། རང་གྲལ་དུ་འཁོད་དོ། ། ལྔ་པ་གསོལ་བ་མངོན་དུ་འགྱུར་བར་བྱ་བའི་ཕྱིར་གསོལ་བ་གདབ་པ་ནི། ལས་བྱེད་ པས་སྟོན་པ་དང་དགེ་འདུན་ལ་ཕྱག་གསུམ་གསུམ་འཚལ་དུ་གཞུག དེ་ནས་ལས་བྱེད་པའི་ མདུན་དུ་ཕྱག་འཚལ་དུ་བཅུག་སྟེ། འདུག་ཏུ་གཞུག་ཅིང༌། འདུག་ཏུ་བཅུག་ནས་བསྙེན་པར་ རྫོགས་པར་གསོལ་དུ་གཞུག ཅེས་འགྲེལ་པར་ལུང་དྲངས་པའི་དོན་ཡིན་པས། ངེད་ལ་ཕྱག་ གསུམ་ཚོལ་ལ་ཕ་གུའི་སྟེང་དུ་རྩྭ་བཏིང་པ་ལ་རྟིང་པ་གཉིས་བཀན་ནས། ཙོག་ཙོག་པུར་ཐལ་ མོ་སྙིང་ཁར་སྦྱོར་ལ་འདུག་ཅིག ཁྱོད་བསྙེན་པར་རྫོགས་པར་འདོད་པ་དེ། དགེ་འདུན་གྱི་ ལས་ཀྱིས་བསྒྲུབ་དགོས། ལས་བརྒྱ་རྩ་གཅིག་ཡོད་པ། སློབ་དཔོན་དུལ་ལྷས། དགོས་ཆེད་ ཀྱི་སྒོ་ནས་ལས་རིགས་བཅུ་གསུམ་དུ་བསྡུས། སློབ་དཔོན་ཐོགས་མེད་ཀྱིས་གཞི་སེམས་ཅན་ 2-1-410 དང་སེམས་ཅན་མ་ཡིན་པ་ལ་བྱ་བ་གཉིས་སུ་བསྡུས་ཤིང༌། འདིར་སེམས་ཅན་ལ་བྱ་བ་ཡིན། དེ་ལ་ཁྱིམ་པ་དང་རབ་ཏུ་བྱུང་པའི་རྟེན་ལ་བྱ་བ་གཉིས་ལས་འདིར་རབ་བྱུང་གི་རྟེན་ལ་བྱ་བ་ ཡིན། དེ་ལ་བསྙེན་པར་རྫོགས་མ་རྫོགས་ཀྱི་རྟེན་ལ་བྱ་བ་ལས་འདིར་མ་རྫོགས་པའི་རྟེན་ ལ་བྱ་བ་ཡིན། དེ་ལ་སྦྱིན་པའི་ལས་དང་མི་མཐུན་པའི་ལས་གཉིས་ལས། འདིར་སྦྱིན་པའི་ ལས་དེའི་ནང་ནས་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པའི་ལས་ཡིན་ལ། སྦྱིན་ལས་མཚན་ཉིད་ པ་ཐམས་ཅད་ལ་གསོལ་བ་ལན་གསུམ་བཏབ་པ་སྔོན་དུ་འགྲོ་བས་གསོལ་བ་གདབ་དགོས། གང་ལ་གསོལ་བ་འདེབས་ན། དགེ་འདུན་ལས་བསྙེན་པར་རྫོགས་པར་བྱའོ་ཞེས་གསུངས་ པས་གང་ལས་སྡོམ་པ་ཐོབ་པར་འགྱུར་བའི་དགེ་འདུན་གྲངས་ཚང་པ། ཁ་སྐོང་གི་ཆོས་དང་ ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་སྟེ། མཚན་ཉིད་གསུམ་ལྡན་ལ་གསོལ་བ་འདེབས། གསོལ་བ་འདེབས་པའི་དོན་ཆོ་གའི་ཚིག་ཟུར་ལས་བདག་བསྙེན་པར་རྫོགས་པར་མཛད་དུ་ གསོལ། ཞེས་འབྱུང་སྟེ། བསྙེན་པར་རྫོགས་པ་ནི་སཾ་སྐྲྀ་ཏའི་སྐད་ལས། ཨུ་པ་སམྤ་ཏ་ཞེས་ པའི་ཨུ་པ་ནི་ཉེ་བ། སམྤ་ཏ་རྫོགས་པ་སྟེ། རྫོགས་པ་དང་ཉེ་བ་ནི་རྫོགས་པར་བསྙེན་པ་སྟེ། རྫོགས་པ་ནི་མྱ་ངན་ལས་འདས་པ་དེ་དང་བསམ་སྦྱོར་གཉིས་ཀྱིས་ཁད་ཉེ་བས་ན་བསྙེན་པ་ སྟེ། དེ་ལ་དོན་འགྱུར་དུ་མཛད་ནས་བསྙེན་པར་རྫོགས་པ་ཞེས་པ་སྟེ། དེ་ལྟ་བུའི་བསྙེན་པར་ རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབ་ཏུ་གསོལ་ཞེས་བྱ་བ་ཡིན། དྲང་པར་གསོལ་ཞེས་ འབྱུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་དང་མི་ལྡན་པའི་ས་ནས་ལྡན་པའི་སར་དྲང་དུ་གསོལ། ཞེས་པ་ཡིན། རྗེས་སུ་གཟུང་དུ་གསོལ། ཞེས་འབྱུང་སྟེ། སྔར་མ་ཐོབ་པའི་སྡོམ་པ་སྦྱིན་པའི་ སྒོ་ནས་རྗེས་སུ་གཟུང་དུ་གསོལ་ཞེས་པ་ཡིན་རྗེས་སུ་བསྟན་དུ་གསོལ་ཞེས་འབྱུང་སྟེ། འཁོར་ བའི་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར་ཐར་པའི་ལམ་བསྟན་དུ་གསོལ་བྱ་བ་ཡིན། ཐུགས་ བརྩེ་བ་ན་ཞེས་པ་ནི། བརྩེ་བས་དམ་པའི་ལམ་ལ་འཇུག་པར་མཛད་པས་ན། ཐུགས་བརྩེ་བ་ 2-1-411 ཅན། དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་ཕན་འདོགས་ལ་རེ་བ་མིན་ གྱི། ཐུགས་བརྩེ་བ་སྔོན་དུ་བཏང་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་པ། ཐུགས་ བརྩེ་བས་ཀུན་ནས་བསླང་སྟེ། བསྙེན་པར་རྫོགས་པར་མཛད་དུ་གསོལ་བྱ་བ་ཡིན་པས་དོན་ དེ་རྣམས་དྲན་པའི་སྒོ་ནས། ལན་དུ་ལྷག་ཆད་ནོར་འཁྲུལ་མེད་ཅིང༌། བྱེད་ཚིག་མ་འཆོལ་ བར། དགེ་འདུན་མཐའ་དག་གིས་གསན་པའི་རྗེས་ཟློས་སྐད་ཆེ་ལ་བརྗོད་པ་དག་པ་གྱིས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་ མཚན་ནས་སྨོས་ཏེ། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་ པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་ མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། དགེ་འདུན་ བཙུན་པ་རྣམས་ཀྱིས་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དགེ་འདུན་བཙུན་པ་ རྣམས་ཀྱིས་བདག་དྲང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་བཟུང་དུ་གསོལ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཐུགས་བརྩེ་བ་ཅན་ དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་ དུ་གསོལ། ལྷག་པོར་མ་གཏོགས་པ་རང་དོན་དུ་བརྗོད་པའི་སྔགས་རྣམས་ལན་གསུམ་བཟླ་ དགོས་པས་གཉིས་པའི་ཡང་རྗེས་ཟློས་མཛོད། གལ་ཆེ་བས་གསུམ་པའི་ཡང་རྗེས་ཟློས་ མཛོད། དེ་ལྟར་གསོལ་བ་ལན་གསུམ་བཏབ་པས་དགེ་འདུན་གྱིས་ཀྱང་ཅང་མི་གསུང་པའི་ སྒོ་ནས་གནང་བ་བྱིན་པ་ཡིན། དེས་གསོལ་བ་མངོན་སུམ་དུ་གྱུར་པར་བྱས་པ་ཡིན་ནོ། ། དྲུག་པ་དགེ་འདུན་ཐུགས་ཆེས་པར་བྱ་བའི་ཕྱིར་ནང་དུ་བར་ཆད་དྲི་བ་ལ་གཉིས་ལས། དང་པོ་སྔོན་འགྲོ་གསོལ་བའི་ལས་བགྱིད། ཁྱེད་རང་རྗེས་ཟློས་བགྱི་མི་འཚལ། དགེ་འདུན་ རྣམས་སྤྱོད་ལམ་བསྟུན་ནས། གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་འཚལ། དགེ་ 2-1-412 གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་ བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་ བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌། བདག་གིས་དགེ་འདུན་གྱི་ནང་ དུ་མཁན་པོ་མིང་འདི་ཞེས་བགྱི་བས། མིང་འདི་ཞེས་བགྱི་བ་ལ་བར་ཆད་ཀྱི་ཆོས་རྣམས་དྲི་ བར་བྱའོ། །འདི་ནི་གསོལ་བའོ། ། གཉིས་པ་བར་ཆད་དྲི་བ་དངོས་ནི། དེ་ནས་བསྒྲུབ་བྱ་ལ་ངེད་ལ་ཕྱག་གསུམ་ཚོལ་སྔར་ བཞིན་འདུག་ཅིག་ཅེས་བསྒོ་ལ། ཁྱོད་བསྙེན་པར་རྫོགས་པར་བྱེད་པ་ལ། རྒྱུད་བར་ཆད་ ཀྱི་ཆོས་ཀྱིས་དག་པ་ཅིག་དགོས། བར་ཆད་ཅན་བསྙེན་པར་རྫོགས་ན་སྡོམ་པ་མི་སྐྱེ་བའམ། སྐྱེས་ཀྱང་མི་གནས་པ་ལ་སོགས་པའི་སྒོ་ནས་ཁྱེད་ལ་ཕན་མི་ཐོགས་ཤིང༌། ངེད་ལ་ཉེས་ པར་འགྱུར། བར་ཆད་མེད་ན་ཁྱེད་ལ་སྡོམ་པ་སྐྱེ་བས་དོན་ཆེན་པོ་འགྲུབ་པ་ཡིན། བར་ཆད་ གསང་སྟོན་གྱིས་དྲིས་པས་ཆོག་མོད་སྙམ་ན། བར་ཆད་གློ་བུར་བ་ཡིན་པས་གསར་དུ་བྱུང་པ་ ཡང་སྲི ད། སྔར་མ་དྲན་པ་དྲན་པ་ཡང་སྲི ད། གསང་སྟོན་གྱིས་ཡོད་པ་སྦས་པ་དང༌། མེད་པ་སྤྱི་ གཏོལ་གྱིས་སྨྲས་པ་སྲི ད་པ་སོགས་དགོས་བྱེད་འབའ་ཞིག་ཡོད་ཀྱང༌། གཙོ་ཆེར་དགེ་འདུན་ ཐུགས་ཆེས་པའི་ཕྱིར་ནང་དུ་འདྲི་བ་ཡིན་པས་ལན་དྲང་པོར་ཐོབ་ཅིག ཚེ་དང་ལྡན་པ་ཁྱོད་ ཉོན་ཅིག་འདི་ནི་ཁྱོད་ཀྱི་བདེན་པའི་དུས། འདི་ནི་འབྱུང་པའི་དུས་ཏེ། ཁོ་བོས་ཁྱོད་ལ་ཅུང་ ཟད་ཅིག་དྲིས། ཁྱོད་མ་འཛེམས་པར་བྱོས་ལ། ཡིན་པ་ལ་ཡིན་ཞེས་སྨྲོས་ཤིག མ་ཡིན་པ་ ལའང་མ་ཡིན་ཞེས་ལན་ཐོབ་ཅིག །ཁྱོད་སྐྱེས་པ་ཡིན་ནམ། ལགས། སྐྱེས་པའི་དབང་པོ་དང་ ལྡན་ནམ། དེས་ལྡན་ལགས། ལོ་ཉི་ཤུ་ལོན་ནམ། ལོན་ལགས། ཁྱོད་ཀྱི་ཆོས་གོས་གསུམ་ དང་ལྷུང་བཟེད་ཚང་ངམ། ཚང་ལགས། ཁྱོད་ཀྱི་ཕ་མ་གསོན་ནམ། གསོན་ཞེས་ཟེར་ན། ཁྱོད་ 2-1-413 ཕ་མས་གནང་ངམ། གནང༌། གལ་ཏེ་ཤི་ཟེར་ན། ཁྱོད་བྲན་མ་ཡིན་ནམ། བརྐུས་པ་མ་ཡིན་ ནམ། རྙེད་བརྩོན་མ་ཡིན་ནམ། རྩོད་པ་ཅན་མ་ཡིན་ནམ། བཙོང་པ་མ་ཡིན་ནམ། རྒྱལ་པོས་ བཀྲབས་པ་མ་ཡིན་ནམ། རྒྱལ་པོ་ལ་བསྡིགས་པ་མ་ཡིན་ནམ། རྒྱལ་པོ་ལ་གནོད་པའི་ལས་ བྱེད་པ་མ་ཡིན་ནམ། ཁྱོད་རྒྱལ་པོ་ལ་གནོད་པའི་ལས་བྱས་སམ། བྱེད་དུ་བཅུག་པ་མ་ཡིན་ ནམ། ཆོམ་རྐུན་པར་གྲགས་པ་མ་ཡིན་ནམ། ཟ་མ་མ་ཡིན་ནམ། མ་ནིང་མ་ཡིན་ནམ། དགེ་ སློང་མ་སུན་ཕྱུང་པ་མ་ཡིན་ནམ། རྐུ་ཐབས་སུ་གནས་པ་མ་ཡིན་ནམ། ཐ་དད་དུ་གནས་པ་ མ་ཡིན་ནམ། གནས་པར་མི་བྱ་བ་མ་ཡིན་ནམ། མུ་སྟེགས་ཅན་མ་ཡིན་ནམ། མུ་སྟེགས་ཅན་ ཞུགས་པ་མ་ཡིན་ནམ། ཕ་བསད་པ་མ་ཡིན་ནམ། མ་བསད་པ་མ་ཡིན་ནམ། དགྲ་བཅོམ་ པ་བསད་པ་མ་ཡིན་ནམ། དགེ་འདུན་གྱི་དབྱེན་བྱས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་མ་ཡིན་ནམ། སྤྲུལ་པ་མ་ཡིན་ནམ། དུད་འགྲོ་མ་ཡིན་ནམ། ཞེས་དྲི། དེས་མ་ལགས་ཞེས་བརྗོད། ཁྱོད་ལ་ལ་ལའི་བུ་ལོན་མང་ཡང་རུང་ཉུང་ཡང་རུང་ཅུང་ ཟད་ཆགས་པ་མེད་དམ། ཆགས་ཟེར་ན། ཁྱོད་བསྙེན་པར་རྫོགས་ནས་འཇལ་ནུས་སམ། མི་ ནུས་ཟེར་ན་འོ་ན་སོང་ཞིག ཅེས་བརྗོད། འཇལ་ནུས་ཟེར་ན། ཁྱོད་སྔོན་རབ་ཏུ་བྱུང་བ་མ་ ཡིན་ནམ། རབ་ཏུ་བྱུང་ངོ་ཟེར་ན། ཁྱོད་ལ་ཕམ་པར་འགྱུར་བ་བཞི་ལས་ལྟུང་བ་གང་ཡང་རུང་ པ་ཞིག་བྱུང་པ་མ་ཡིན་ནམ། ཁྱོད་བབས་པ་ན་བསླབ་པ་ལེགས་པར་ཕུལ་ལམ། ལྟུང་བ་བྱུང་ ངོ་ཟེར་ན་འོ་ན་སོང་ཤིག ཅེས་བརྗོད། མ་བྱུང་ངོ་ཟེར་ན། ཇི་ལྟར་ཁྱོད་ད་ལྟར་རབ་ཏུ་བྱུང་ པ་ཡིན་ནམ། དེས་ཡིན་ལགས། ཁྱོད་ཀྱིས་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དམ། སྤྱད་ ལགས། ཁྱོད་ཀྱི་མིང་ཅི། དེས་བདག་གི་མིང་འདི་ཞེས་བགྱི། ཁྱོད་ཀྱི་མཁན་པོའི་མིང་ཅི། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་མཁན་པོའི་མིང་འདི་ཞེས་བགྱི། ཞེས་བརྗོད། ཚེ་ དང་ལྡན་པ་ཁྱོད་ཉོན་ཅིག མི་རྣམས་ཀྱི་ལུས་ལ་ནད་ཀྱི་རྣམ་པ་འདི་ལྟ་བུ་འདི་དག་འབྱུང་བ་ 2-1-414 འདི་ལྟ་སྟེ། མཛེ་དང༌། འབྲས་དང༌། ཕོལ་མིག་དང༌། འབྲུམ་ཕྲན་དང༌། ཤ་བཀྲ་དང༌། ཁྱི་ རྔོ་དང༌། གཡའ་བ་དང༌། རློག་པ་དང༌། རྐང་ཤུ་དང༌། སྐེམ་ནད་དང༌། སྐོམ་པ་དང༌། རྗེད་ བྱེད་དང༌། བཀྲེས་ངབ་དང༌། སྐྱ་སྦབ་དང༌། རྐང་བམ་དང༌། མཚན་བར་རྡོལ་བ་དང༌། རིམས་ དང༌། རིམས་དྲག་པོ་དང༌། ཉིན་གཅིག་པ་དང༌། ཉིན་གཉིས་པ་དང༌། ཉིན་གསུམ་པ་དང༌། ཉིན་བཞི་པ་དང༌། འདུས་པ་དང༌། རིམས་ཉིན་རེ་བ་དང༌། རྟག་པའི་རིམས་དང༌། རིམས་ ལྡང་དུབ་པ་དང༌། ཤུ་བ་དང༌། བསུད་པ་དང༌། སྐྱིགས་བུ་དང༌། ལུད་པ་དང༌། དབུགས་མི་ བདེ་བ་དང༌། ལྷོག་པ་དང༌། ཡན་ལག་ཏུ་ཟུག་པ་དང༌། སྐྲན་དང༌། ཁྲག་ནད་དང༌། འཁྲིས་ ནད་དང༌། གཞང་འབྲུམ་དང༌། སྐྱུག་བྲོ་བ་དང༌། ཆུ་འགགས་པ་དང༌། ངལ་བ་དང༌། ལུས་ཚ་ བ་དང༌། རྩིབ་ལོགས་ཚ་བ་དང༌། རུས་པ་ལ་ཟུག་པ་སྟེ་ལུས་ཀྱི་ནད་འདི་ལྟ་བུ་འདི་དག་ལས་ གང་ཡང་རུང་པ་དང༌། འདི་ལྟ་བུ་གཞན་དག་ཀྱང་ཁྱོད་ཀྱི་ལུས་ལ་མེད་དམ། དེས་མ་མཆིས་ ཞེས་བརྗོད། འོ་ན་བསྙེན་པར་རྫོགས་པར་རུང་བར་འདུག་ཅིང་ཡོངས་སུ་དག་པ་མངོན་དུ་ གྱུར་པ་ཡིན་ནོ། ། གཉིས་པ་དངོས་གཞིའི་ཆོ་ག་ལ། ཁྱོད་བསྙེན་པར་རྫོགས་པར་སྒྲུབ་པ་ལ། གདམས་ ངག་གི་བཤད་པ་མེད་ཀྱང་ལས་འཆགས་མོད་ཀྱི། འོན་ཀྱང་མྱང་འདས་ཀྱི་བསམ་པ་བརྟན་ པོ་དང༌། ཐོབ་ཤེས་ཀྱི་བསམ་པ་བསྐྱེད་པའི་ཕྱིར། གདམས་ངག་གི་བཤད་པ་ཅུང་ཟད་བརྡ་ སྤྲོད་པ་ནི། བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་དང་བསྟུན་ན། བྱེད་རྒྱུ་ལྷན་ཅིག་འབྱུང་པ་དང༌། །སྐལ་མཉམ་མཚུངས་པར་ལྡན་པ་དང༌། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམས་པ་དྲུག་ ཏུ་འདོད། །ཅེས་གསུངས་པའི་རྒྱུ་ལ། བྱེད་རྒྱུ། སྐལ་མཉམ། ལྷག་ཅིག་འབྱུང་པ་སྟེ་གསུམ། རྐྱེན་ནི་བཞི་པོ་དག་ཏུ་གསུངས། ཞེས་རྐྱེན་བཞི་ལས། རྒྱུའི་རྐྱེན་དང་བདག་རྐྱེན་གཉིས་ཏེ། རྒྱུ་རྐྱེན་ལྔ་ཚང་པ་ལས་སྐྱེ་ཞེས་བརྡ་སྤྲད་ཀྱང་རུང༌། འགལ་རྐྱེན་བཞི་སྤངས། མཐུན་རྐྱེན་ལྔ་ 2-1-415 ཚང་པ་ལས་སྐྱེ་ཞེས་བརྡ་སྤྲད་ཀྱང་རུང་མོད་ཀྱི། འདིར་ལུང་གཅིག་ལས་འཕྲོས་པ་བཅུ་པའི་ སྐབས་ལས། མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་ མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང༌། སངས་རྒྱས་མངོན་སུམ་དུ་ གྱུར་པ་དང༌། ཆོས་མངོན་སུམ་དུ་གྱུར་པ་དང༌། མཁན་པོ་མངོན་སུམ་དུ་གྱུར་པ་དང༌། སློབ་ དཔོན་མངོན་སུམ་དུ་གྱུར་པ་དང༌། བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་ དང༌། བསྙེན་པར་རྫོགས་པར་འདོད་པའི་ཡོ་བྱད་མངོན་སུམ་དུ་གྱུར་པ་དང༌། ཡོངས་སུ་དག་ པ་མངོན་སུམ་དུ་གྱུར་པ་དང༌། གསོལ་བ་མངོན་སུམ་དུ་གྱུར་པ་དང༌། ལས་མངོན་སུམ་དུ་ གྱུར་པ་རྣམས་སོ། །ཞེས་གསུངས། མངོན་སུམ་དུ་གྱུར་པ་ཞེས་པ་མངོན་གྱུར་ལ་འཆད་ཅིང༌། སྟོན་པ་ནི། དགེ་འདུན་ལ་སྟོད་འདུལ་སྨད་འདུལ་གཉིས་ཀའི་བླ་མ་དག་འཆད་གསུང༌། དེ་ལ་ སྐྱབས་སུ་འགྲོ་ཡུལ་དཀོན་མཆོག་གསུམ་ནི་བསྒྲུབ་བྱའི་བློ་ཡུལ་དུ་གྱུར་པས་ཆོག་གི མངོན་ དུ་འགྱུར་མི་དགོས། འདིར་མངོན་འགྱུར་གྱི་སངས་རྒྱས་ནི། སྟོན་པའི་སྐུ་གཟུགས་བཞུགས་ པས་ཆོག་ཅིང༌། དེ་མཐོང་པ་ཙམ་ལའང་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། རྒྱལ་པོ་ཨུ་ཏྲ་ཡ་ ན་དང༌། རྒྱལ་པོའི་བུ་མོ་མུ་ཏིག་ཅན་གྱིས་སྟོན་པའི་སྐུ་བྲིས་པ་མཐོང་པ་ཙམ་གྱིས་བདེན་པ་ མཐོང་ནས། རིང་ན་བཞུགས་ཀྱང་སངས་རྒྱས་ཀྱི། །ཤེས་རབ་མིག་གིས་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོལ་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། དེས་ན་མདོ་རྩ་བར། སངས་རྒྱས་ཀྱི་སྐུ་གཟུགས་ལ་སྟོན་པའི་འདུ་ཤེས་ཉེ་བར་བཞག ཅེས་ གསུངས་པ་ལྟར། སྟོན་པའི་སྐུ་འདི་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཞོག ཆོས་ལ། སྤྱིར་ སངས་རྒྱས་ཀྱི་བསྟན་པ་གནས་པ། ཁྱད་པར་སྒྲུབ་པ་པོའི་ཆོས་དགེ་སློང་གི་བསླབ་པ་ལ་ནན་ ཏན་དུ་བྱེད་པ། ལུང་གི་ཆོས་ལས་ཀྱི་ཆོ་ག་མ་ཉམས་པར་ཡོད་པ་དགོས་ཏེ། འདིར་བྱོན་པའི་ དགེ་སློང་ཐམས་ཅད་བསླབ་པ་ལ་ནན་ཏན་སྙིང་པོར་མཛད་པ་དང༌། ལས་ཀྱི་ཆོ་ག་དངོས་སུ་ 2-1-416 ཡོད་པས་ཆོས་མངོན་གྱུར་ཚང༌། དགེ་འདུན་ལ་གྲངས་ཚང་པ་ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བ་དགོས་པ་ལ། གྲངས་ནི་ཡུལ་དབུས་དང་མཐའ་འཁོབ་ཀྱི་བྱེ་ བྲག་གིས་དབུས་སུ་དགེ་སློང་བཅུ་ཡན་ཆད། མཐའ་འཁོབ་ཏུ་གཞན་མེད་ན་འདུལ་བ་འཛིན་ པ་ལས་མཁན་པོ་དང་ལྔ་ཡན་ཆད་དུ་ཚང་པ་དགོས་པ་ལ། བོད་འདི་མཐའ་འཁོབ་ཡིན་ཡང་ དགེ་འདུན་གྱི་གྲངས་ཡུལ་དབུས་དང་མཚུངས་པར་བཞུགས། ཁ་སྐོང་གི་ཆོས་ལ་འདི་ཆོས་ ཕྱོགས་པའི་ལས་ཡིན་པས། མི་འདུག་པར་འགྲེང་པ་མ་ཡིན་པ་སོགས་བཅུ་གསུམ་དང་ལྡན་ དགོས་ཤིང༌། དེའི་ནང་ནས་ཀྱང་འཁྲུལ་བཅས་མ་ཡིན་པ་ཞེས་པ་བསྡམ་བྱའི་ཉེས་བྱས་ཚུན་ ཆོད་ཀྱིས་མ་གོས་པ་དགོས་ཏེ། བྱིན་གྱིས་བརླབས་པས་དག་པ་ཉིད་དུ་འགྱུར་རོ། །ཞེས་ གསུངས་པ་ལྟར་ལྟུང་འཐུན་བྱིན་གྱིས་བརླབས་པ་ཚུན་ཆད་ཀྱིས་ཚང༌། མི་མཐུན་པ་གཉིས་ ནི། མ་འདུས་པའི་མི་མཐུན་པ་དང༌། འདུས་པ་ཕྱིར་ཟློག་གི་མི་མཐུན་པ་སྟེ། དེ་གཉིས་དང་ བྲལ་བ་གཅིག་དགོས་ཏེ། འདིར་འདུ་བར་འོས་པ་ཐམས་ཅད་འདུས་ཤིང༌། འདུས་པ་ཐམས་ ཅད་ཀྱང་ཅང་མི་གསུང་པའི་ཚུལ་གྱིས་གནང་པ་སྟེར་བར་བཞུགས་པས་ཚང༌། མཁན་པོ་ མངོན་དུ་གྱུར་པ་ལ། བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན། ལྔ་ཕྲུགས་ཉེར་ གཅིག་ལས་གང་རུང་དང་ལྡན། ཁ་སྐོང་པར་འོས་པ་ལ་མཁན་པོར་གསོལ་བ་བཏབ་པས་ ཁས་བླངས་པ་ཅིག་དགོས་ཏེ། མཁན་པོ་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཉི་ཟླ་ལྟར་གྲགས་ པ་ལ་ཁྱེད་རང་གིས་གསོལ་བ་བཏབ་ཅིང་དགོངས་ནས་ཞལ་གྱིས་བཞེས་པས་ཚང༌། སློབ་ དཔོན་མངོན་དུ་གྱུར་པ་ལ་གཉིས་ལས། གསང་སྟེ་སྟོན་པའི་སློབ་དཔོན་ཁ་སྐོང་པར་འོས་པ། གསང་སྟོན་དུ་བསྐོ་བར་འོས་པའི་ཆོས་ལྔ་དང་ལྡན་ཞིང༌། འགྲོ་བ་བཞི་དང་བྲལ་བ་ལ་མཁན་ པོས་གསོལ་བ་བཏབ། དགེ་འདུན་གྱི་ལས་ཀྱིས་བསྐོས་ཤིང་ཆགས་པ་དགོས་ཏེ། དགེ་བའི་ བཤེས་གཉེན་པ་ཡོན་ཏན་དེ་དག་དང་ལྡན་པ་ལ་མཁན་པོ་པས་བསྐོས་ཏེ་ཚིག་གིས་གསོལ་ 2-1-417 བ་བཏབ། དགེ་འདུན་གྱི་ལས་ཀྱིས་བསྐོས་པས་ཚང༌། ལས་ཀྱི་སློབ་དཔོན་ཁ་སྐོང་པར་འོས་ པ་དགེ་འདུན་གྱི་དབུས་སུ་ལས་ཀྱི་ཆོ་ག་བརྡ་སྤྲོད་པར་མཁས་པ་ལ་མཁན་པོའི་ཚིག་གིས་ གསོལ་བ་བཏབ་པ་དགོས་ཏེ། ཁྱེད་ལ་ལས་ཀྱི་ཆོ་གའི་བརྡ་སྤྲོད་པ་དེ་བདག་གིས་བགྱིད་ པས་ཚང༌། མཁན་སློབ་དགེ་འདུན་རྣམས་ལ་འདུ་ཤེས་མ་འཁྲུལ་ཞིང་ཀུན་སློང་བརྟན་པ་ དང༌། བསྒྲུབ་བྱ་ལ་ཕན་སེམས་དང་བསམ་པ་ཐག་པ་ནས་ལས་བྱེད་འདོད་དང་མྱང་འདས་ ཀྱི་བསམ་པས་ཟིན་པ་དང་གསུམ་སྟེ་བཞི་དང་ལྡན་དགོས་པ་ཡང་ཚང༌། བསྙེན་པར་རྫོགས་ པར་འདོད་པ་མངོན་དུ་གྱུར་པ་ཁྱེད་རང་གི་སྟེང་ནས་རྩི་སྟེ། དེ་ལ་གཉིས་ལས། ལུས་ཀྱི་རྟེན་ནི། གླིང་གསུམ་གང་རུང་དུ་སྐྱེས་པའི་སྐྱེས་པའམ་བུད་ མེད་མཚན་ཉིད་པ་ཡིན་པ་རྒྱུད་ཚོགས་སུ་མ་ཚང་པ་དགོས་ཏེ། ཁྱེད་རང་གསུམ་མན་ཆད་དུ་ གནས་ཤིང༌། བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་བཞིན་པ་མ་ཡིན་པ། ཉེས་དམིགས་ཀྱི་སྡོམ་པ་ སྐྱེ་བ་ལ། དགེ་ཚུལ་མན་ཆད་ཐོབ་པ་ལ་མ་ཉམས་པ་དགོས་ཏེ། ད་ལྟར་རབ་ཏུ་བྱུང་བ་ཡིན། ཚངས་པར་སྤྱོད་པ་ལེགས་པར་སྤྱད། ཅེས་ཁས་བླངས་པས་ཚང༌། གཉིས་པ་བསམ་པའི་རྟེན་ལ། བསམ་པ་ཐག་པ་ནས་ལེན་པར་འདོད་པའི་རྒྱུའི་ཀུན་ སློང་དགོས་ཏེ། མདོ་རྩར་མི་ནོད་ན་བྱིན་པ་མ་ཡིན་ནོ། །ཞེས་སོ། །དེ་ཡང་སྡོམ་པ་མ་སྐྱེས་ བར་དུ་རྒྱུན་མ་ལོག་པ་དགོས་ཏེ། མདོ་རྩར། སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ། ཉམས་ན་མི་སྐྱེའོ། །ཞེས་སོ། །དངོས་གཞིའི་དུས་ན་ཐོབ་ཤེས་ཀྱི་བསམ་པ་སྐྱེ་རུང་དགོས་ཏེ། སྐབས་སུ་བབ་ དུས་བརྡ་སྤྲོད་པས། དེ་དུས་ཤེས་པར་འགྱུར། མི་མཐུན་པའི་སེམས་མ་སྐྱེས་པ་དང༌། བསམ་ པ་རང་བཞིན་དུ་གནས་པ་ཡང་དགོས་ལ་ངེས་པ་ལྔ་དང་བྲལ་བ་དགོས་ཏེ། མཛོད་འགྲེལ་ ལས། ངེས་པ་ལྔ་པོ་སེམས་ཅན་དང༌། ཡན་ལག་དང༌། ཡུལ་དང༌། དུས་དང༌། ཚེ་ངེས་པ་མི་ བྱེད་ན་སོ་སོར་ཐར་པའི་སྡོམ་པ་འཐོབ་སྟེ། ཞེས་སོ། །དེ་ལ་སེམས་ཅན་ཆེ་གེ་མོ་ཞིག་ལ་སྤོང་ 2-1-418 ཞེས་སེམས་ཅན་ངེས་པ་དང༌། ཡན་ལག་ཆེ་གེ་མོ་ཞིག་ལས་སྤོང་ཞེས་ཡན་ལག་ངེས་པ་དང༌། ཡུལ་ཆེ་གེ་མོ་ཞིག་ཏུ་སྤོང་ཞེས་ཡུལ་ངེས་པ་དང༌། ལོ་གཅིག་གམ་ཟླ་བ་གཅིག་གི་བར་དུ་སྤོང་ ཞེས་པ་ལྟ་བུ་དུས་ངེས་པ་དང༌། འཐབ་མོའི་ཚེ་མ་གཏོགས་པ་སྤོང་ཞེས་པ་ལྟ་བུ་ཚེ་ངེས་པ་སྟེ། དེ་ལྟར་ངེས་པ་ལྔ་དང་མ་བྲལ་ན་སྡོམ་པ་མི་སྐྱེ་བས་ལྔ་བྲལ་དགོས་དེ་ཐམས་ཅད་མྱང་འདས་ ཀྱི་བསམ་པ་བརྟན་པོས་ཟིན་དགོས་ཏེ། རྒྱ་ཆེར་འགྲེལ་ལས། མྱ་ངན་ལས་འདས་པའི་ བསམ་པ་བརྟན་པོ་མེད་པར་སྡོམ་པ་མི་སྐྱེ་བས་ཞེས་གསུངས། སྤྱིར་བསམ་པའི་ཁྱད་པར་ གྱིས་ཚུལ་ཁྲིམས་གསུམ་སྟེ། ཚེ་འདིའི་སྡུག་བསྔལ་དང༌། ཕྱི་མར་ངན་འགྲོས་འཇིགས་ནས་ བསྲུང་པ་འཇིགས་སྐྱོབས། འདིའི་བདེ་བའམ་ཕྱི་མར་ལྷ་མིའི་དཔལ་འདོད་ནས་བསྲུང་པ་ ལེགས་སྨོན། འཁོར་བ་ལས་ཐར་པའི་དོན་དུ་བསྲུང་པ་སོ་ཐར་གྱི་སྡོམ་པ་ཡིན་ལ། སྔ་མ་ གཉིས་ངེས་འབྱུང་གི་བསམ་པ་ཉམས་པས་སོ་ཐར་གྱི་སྡོམ་པར་མི་འགྱུར། སོ་ཐར་གྱི་སྡོམ་ པར་འགྱུར་བ་ལ། མྱང་འདས་ཀྱི་བསམ་པ་གལ་ཆེ་བས་མྱང་འདས་ཀྱི་བསམ་པ་ནི། ཁམས་ གསུམ་འཁོར་བ་འདི་ན་སྡུག་བསྔལ་མ་གཏོགས་པ་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་དེ། ལུང་གཞིར། གང་ན་མི་གནས་ལྷ་རྣམས་མི་བཟང་སྟེ། །འཚོ་བ་ཐུང་པའི་མི་རྣམས་མི་བཟང་ ངོ༌། །གང་ན་ཞི་མེད་སྲི ད་པ་མི་བཟང་སྟེ། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང༌། །ཞེས་གསུངས་ཤིང༌། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་གང་ལའང༌། །འོལ་ཡང་མི་ཆ་ཆར་ཡང་མི་ཕོད་དོ། །ཞེས་དང༌། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཟླགས་སམ་གཟུགས་སུ་བགྱིས་པས་ཀྱང༌། །འཇིགས་པ་བསྐྱེད་པར་གྱུར་ན་མི་ ཟད་པའི། །རྣམ་སྨིན་ཉམས་སུ་མྱོང་པ་སྨོས་ཅི་དགོས། །ཞེས་པ་ལྟར་དམྱལ་བ་ན་ནི་ཚ་གྲང་ གི་སྡུག་བསྔལ། དོས་དྲག་ལ་ཡུན་རིང་པ་བཟོད་གླགས་མེད་པ་ཡོད། ཡི་དྭགས་རྣམས་ལ་ 2-1-419 སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗོན་ཤིང་འབྲས་བུ་མེད་ འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་རླུང་ཡང་སྐམ་པར་འགྱུར། །ཁ་ཅིག་ཁ་ནི་ཁབ་ཀྱི་ མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ ཙམ། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་ཡིད་ལ་བཀྲེས་སྐོམ་ལ་སོགས་པའི་ སྡུག་བསྔལ་དཔག་ཏུ་མེད་ལ། དུད་འགྲོའི་སྐྱེ་གནས་ན་ཡང་བསད་པ་དང༌། །བཅིང་དང་ བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ ལ་གཅིག་ཟ་ཤིན་ཏུ་མི་བཟད་འབྱུང༌། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་ ལྤགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་བརྡོག་པ་ལག་པ་དང༌། །ལྕག་ དང་ལྕགས་ཀྱུ་དག་གིས་བཏབ་སྟེ་བཀོལ། །ཞེས་དུད་འགྲོ་རྣམས་ལ་གླེན་ཞིང་གཏི་མུག་པ་ གཞན་གྱིས་འཁོལ་བ་འཚོག་པ་གཅིག་གིས་གཅིག་ཟ་ལ་སོགས་པའི་སྡུག་བསྔལ་བསམ་ གྱིས་མི་ཁྱབ་པས་གསུམ་པོ་དེ་དག་ཏུ་མི་སྐྱེ་བའི་ཐབས་ལ་འབད་དགོས་ཏེ། ངན་སོང་གསུམ་ གྱི་རིམས་ནད་འདི། །མ་བྱུང་པ་ནས་བསལ་བར་བྱ། །གནམ་ལྕགས་མགོ་ལ་བབ་པ་ན། །ཐོག་ཏུ་བབ་ནས་ཅི་བྱར་ཡོད། །ཅེས་སོ། །མཐོ་རིས་སུ་ཡང༌། འདོད་པ་བཙལ་ཏེ་མ་རྙེད་ ཅིང༌། །མི་འདོད་ཆར་ལྟར་འབབ་བཞིན་དུ། །སླར་ཡང་འབད་ནས་འདོད་པ་འཚོལ། །མི་ཡི་ འཁྲུལ་པ་འདི་ལྟ་བུ། །ཞེས་པ་ལྟར། མི་ལ་ཡང་སྡུག་བསྔལ་དཔག་ཏུ་མེད། རང་རེ་རྣམས་ཀྱི་ མྱོང་པས་གྲུབ་ཅིང༌། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་ སྡུག་བསྔལ་ཆེ། །ཞེས་ལྷ་མ་ཡིན་ལ་ཡང་ལྷའི་དཔལ་ལ་ཕྲག་དོག་པས་འཐབ་པ་དང༌། ལུས་ གཅད་ཅིང་དྲལ་བ་ལ་སོགས་པའི་སྡུག་བསྔལ་ཡོད། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གིས། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །ཞེས་འདོད་ལྷ་རྣམས་ལ་ཡང་འཆི་འཕོ་ལྟུང་བྱེད་ ཀྱི་སྡུག་བསྔལ་ཆེན་པོ་ཡོད་པས་འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་ཡིན་ལ། ཁམས་ 2-1-420 གོང་མ་རྣམས་རེ་ཤིག་སྡུག་བསྔལ་དྲག་པོས་གཟིར་བ་མེད་ཀྱང་བྱ་ནམ་མཁའ་ལ་འཕུར་བ་ ངེས་པར་ས་ལ་འབབ་པ་བཞིན་དུ་སླར་ཡང་འདོད་པར་ལྷུང་ནས་སྡུག་བསྔལ་མྱོང་པར་ འགྱུར་ཏེ། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་འགྱུར་ བ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་གཟུགས་དང་གཟུགས་མེད་ ཁམས་ཀྱང་སྐྱོན་དང་བཅས་པ་ཡིན་ཏེ། མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་ སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་ སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང༌། །ཞེས་གསུངས་པས་ཁམས་ གསུམ་འཁོར་བ་མཐའ་དག་སྡུག་བསྔལ་དུ་རིག་ནས། དེ་སྤངས་པའི་མྱ་ངན་ལས་འདས་པ་ ཐོབ་འདོད་དགོས་ཤིང༌། འདི་ཐེག་པ་ཐུན་མོང་པ་ཡིན་པས་མྱང་འདས་གསུམ་པོ་གང་རུང་ གཅིག་འཐོབ་འདོད་ཀྱི་བསམ་པས་བླངས་ཀྱང་སྡོམ་པ་སྐྱེ་མོད། ད་རེས་རྫོགས་པའི་སངས་ རྒྱས་ཐོབ་འདོད་དགོས། དེ་ཡང་རང་གཅིག་པུའི་དོན་དུ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ ཀྱི་དོན་དུ་སྙམ་པ་དགོས་ཏེ། སེམས་ཅན་གྱི་ནང་ན་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད་ཕ་མ་ བྱས་རེས་ཀྱིས་ཕན་ཚད་མེད་པ་བཏགས་པའི་དྲིན་ཅན་ཡིན་པ་ལ། དེ་ཐམས་ཅད་འདོད་ནི་ བདེ་བ་འདོད་ཀྱང༌། ཐབས་མི་མཁས་པས་ལ་ལ་ནི་སྡུག་བསྔལ་དངོས་ལ་སྤྱོད། ལ་ལ་ནི་ སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམས་པོ་ཆེ་ལ་སྤྱོད་པས་ཤིན་ཏུ་སྙིང་རྗེ་བར་འདུག སྙིང་རྗེ་ བྱས་ནས་བཞག་པས་མི་ཕན། དེ་རྣམས་སྡུག་བསྔལ་ལས་སྐྱབས། བདེ་བ་ལ་འགོད་དགོས། དེའི་ནུས་པ་བདག་ལ་མེད། དེར་མ་ཟད་ཚངས་པ་བརྒྱ་བྱིན་སོགས་ལའང་མེད། སུ་ལ་ཡོད་ ན། རྫོགས་པའི་སངས་རྒྱས་ལ་ཡོད་དེ་ཁོང་གིས་འོད་རེ་རེ་སྤྲོས་པས་སམ། ཆོས་ཐུན་རེ་ བཤད་པས་ཀྱང་སེམས་ཅན་གྲངས་མེད་པ་མྱ་ངན་ལས་ཟློ། དངོས་དང་བརྒྱུད་པའི་སྒོ་ནས། མཐོང་ཐོས་དྲན་རེག་ཐམས་ཅད་མྱང་འདས་ལ་འགོད་ནུས་པར་འདུག་པས་སངས་རྒྱས་ཐོབ་ 2-1-421 པར་བྱ་དགོས། སངས་རྒྱས་ཐོབ་པ་ལ་རྒྱུ་ཚོགས་རྒྱ་ཆེན་པོ་བསགས། སྤང་བྱ་སྒྲིབ་པ་མ་ལུས་ པ་སྤོང་དགོས། སྒྲིབ་པ་སྤོང་བ་ལ་གཉེན་པོ་ཟག་པ་མེད་པའི་ཤེས་རབ་དགོས་ཏེ། མཛོད་ ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་ བྱ་བའི་ཐབས་མེད་ལ། །ཞེས་སོ། ཤེས་རབ་དེ་སྐྱེད་པ་ལ་གཞི་ཚུལ་ཁྲིམས་རྣམ་དག་དགོས་ ཏེ། མདོ་ལས། ཚུལ་ཁྲིམས་ལ་བརྟེན་ཚུལ་ཁྲིམས་ལ་གནས་ནས། །རིམ་གྱིས་འཕགས་པའི་ བདེན་པ་བཞི་པོ་དག །ཡང་དག་ཇི་བཞིན་དུ་ནི་རྟོགས་པར་འགྱུར། །ཞེས་གསུངས། དེ་ལ་ ཚུལ་ཁྲིམས་ཀྱི་མཆོག་དགེ་སློང་གི་སྡོམ་པ་ཡིན་པས་དེ་བླངས་ལ་མ་ཤི་བར་དུ་རྒྱུན་མ་ཆད་དུ་ བསྲུང་སྙམ་པ་གྱིས། ཡོ་བྱད་མངོན་སུམ་དུ་གྱུར་པ་ལ། ཆོས་གོས་གསུམ་དངོས་སམ་རྒྱུར་ རུང་པ་སོགས་ལ་མཁན་པོ་རང་གིས་བྱིན་གྱིས་བརླབས་ཏེ་གནང་བ། གདིང་བ་ཆུ་ཚགས་ རུང་པ་ཚད་ལྡན་མཁན་པོའི་གསུང་གིས་གནང་བ། སྣོད་སྤྱད་ཀྱི་རྟགས་ལྷུང་བཟེད་རུང་བ་ ཚད་ལྡན་དགེ་འདུན་ལ་བསྟན་ནས་གནང༌། མཁན་པོ་རང་གིས་བྱིན་གྱིས་བརླབས་ནས་ གནང་བ་དགོས་ཏེ། བརྙན་པོ་ཚུན་གྱིས་ཚང་བ་ཡིན་ཏེ། མདོར་བརྙན་པོས་ཀྱང་དེ་ཉིད་དང་ བཅས་པ་ཡིན་ནོ། །ལྔ་པོ་ཡང་དེ་བཞིན་ནོ། །ཞེས་སོ། །ལུས་ཀྱི་ཕྱི་བྱད་ཀྱི་རྟགས་སྐྲ་དང་ཁ་ སྤུ་བྲེགས་ཤིང་ཁྲུས་བྱས་པ། མདོར་ན་རབ་ཏུ་བྱུང་པའི་རྟགས་ཆ་ལུགས་དང་ལྡན། ཁྱིམ་པ་ དང་མུ་སྟེགས་ཅན་གྱི་རྟགས་ཆ་ལུགས་དང་མི་ལྡན་པ་དགོས་ཏེ་ཚང༌། ཡོངས་སུ་དག་པ་ མངོན་སུམ་དུ་གྱུར་པ་ནི། གསང་སྟེ་སྟོན་པས་ལྐོག་ཏུ་བར་ཆད་དྲིས། ངེད་ཀྱིས་དགེ་འདུན་གྱི་ དབུས་སུ་དྲིས་པས་བར་ཆད་མེད་པར་རྟོགས་པས་ཚང༌། གསོལ་བ་མངོན་སུམ་དུ་གྱུར་པ་ནི། བསྙེན་པར་རྫོགས་པའི་ཕྱིར་དགེ་འདུན་ལ་གསོལ་བ་ལན་གསུམ་ལྷག་ཆད་ནོར་འཁྲུལ་མེད་ པར་བཏབ་པས་ཚང༌། ལས་མངོན་སུམ་དུ་གྱུར་པ་ལ། ལས་མཁན་གྱིས་གསོལ་བ་དང་ གཞིའི་ལས་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཚང་ལ་མ་ནོར་མ་འཁྲུགས་པ་གཅིག་དགོས་ཏེ། ད་ 2-1-422 ལྟ་ཉིད་དུ་མངོན་དུ་འགྱུར་བས་སྡོམ་པ་སྐྱེ་བའི་རྒྱུ་ཚོགས་ཐམས་ཅད་ཚང་པ་ཡིན་ནོ། །ད་ཧྲིལ་ གྱིས་དྲིལ་ན་དཀོན་མཆོག་གསུམ་མཁན་སློབ་དགེ་འདུན་དང་བཅས་པ་ལ་སེམས་དང་བའི་ སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བསྙེན་ རྫོགས་ཀྱི་སྡོམ་པ་བླངས་ལ་མ་ཤི་བར་དུ་མ་ཉམས་པར་བསྲུང་སྙམ་པ་གྱིས། རྗེས་ཟློས་བགྱི་ མི་འཚལ། ཆོ་ག་ལས་འདས་ན་ལས་མི་འཆགས་སོ། །ཞེས་གསུངས་པས་དགེ་འདུན་རྣམས་ སྤྱོད་ལམ་བསྟུན། བསྟན་པ་དང་བསྒྲུབ་བྱ་ལ་ཕན་སེམས་དང་བསམ་པ་ཐག་པ་ནས་ལས་ བྱེད་འདོད་དང་། མྱང་འདས་ཀྱི་བསམ་པས་ཟིན་པ་སྟེ། ཐུགས་དགོངས་གསུམ་གསལ་ བཏབ་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞིང༌། ལྷག་ཆད་བྱུང་ན་གསོ་བར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་ འདི་མཁན་པོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་ གསུམ་དང་ལྷུང་བཟེད་ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་ཞེས་ཁོ་ན་ ཉིད་མཆི་སྟེ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ ལས་བསྙེན་པར་རྫོགས་པར་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་པར་མཛོད་ཅིག་དང༌། དགེ་འདུན་མིང་འདི་ཞེས་བགྱི་བ་འདི། མཁན་ པོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་མཛད་དོ། །འདི་ནི་གསོལ་བའོ། །གསོལ་ བ་ཐལ། བརྗོད་པའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་ གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་ བསྙེན་པར་རྫོགས་པར་འཚལ་ནས། མིང་འདི་ཞེས་བགྱི་བ་འདི་མཁན་པོ་མིང་འདི་ཞེས་ 2-1-423 བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ། སྐྱེས་པ་ཡང་ལགས། སྐྱེས་ པའི་དབང་པོ་དང་ཡང་ལྡན། ལོ་ཉི་ཤུ་ཡང་ལོན། འདིའི་ཆོས་གོས་གསུམ་དང་ལྷུང་བཟེད་ ཀྱང་ཚང༌། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ།ཞེས་ཁོ་ན་ཉིད་མཆི་སྟེ། མིང་འདི་ ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་བསྙེན་པར་རྫོགས་ པར་གསོལ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་ན། ཚེ་དང་ལྡན་པ་གང་དག མིང་འདི་ཞེས་ བགྱི་བ། མཁན་པོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་མཛད་པར་བཟོད་པ་དེ་ དག་ནི་ཅང་མ་གསུང་ཤིག གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག བརྗོད་པ་དང་ པོ་ཐལ། གཉིས་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གཉིས་པ་བྱ། གསུམ་པའི་སྐབས་སུ་ལས་ འཆགས་པ་ལགས། མདོ་རྩར། བརྗོད་པ་ཐ་མ་གང་ཡིན་པའི་ཆ་གསུམ་པ་ལ་གྲུབ་པ་ཉིད་དོ། །ཞེས་གསུངས་པས། ཁོ་ན་ཉིད་མཆི་སྟེ། ཡན་ཆད་དེ་ངོ་བོ་བརྗོད་པ། དེའི་འོག་ནས་བསྙེན་ པར་རྫོགས་པར་གསོལ་ནའི་བར་བྱ་བ་བརྗོད་པ་དེའི་སླད་དུ་མན་ཆད་བྱེད་པ་བརྗོད་པ་ཡིན་ པས་བྱ་བ་བརྗོད་པ་གསོལ་ན་ཞེས་པ་དེ་འགག་པ་དང་མཉམ་དུ་ཁྱེད་ལ་སྡོམ་པ་སྐྱེ། ངེད་ སློབ་དཔོན་དུ་འགྱུར་བ་ཡིན། དེའི་སླད་དུ་ཞེས་པའི་ཚིག་བྱུང་པ་ན་སྡོམ་པ་སྐྱེས། དགེ་སློང་ དུ་གྱུར་སྙམ་དུ་རྫོགས་པའི་དུས་ཤེས་པ་གལ་ཆེ་སྟེ། ལུང་ལས། གང་ཟག་གསུམ་བསྙེན་པར་ མ་རྫོགས་ཞེས་བྱ་སྟེ། བདག་གི་མིང་མི་བརྗོད་པ་དང༌། མཁན་པོའི་མིང་མི་བརྗོད་པ་དང༌། བསྙེན་པར་རྫོགས་པར་མི་ཤེས་པའོ། །ཞེས་གསུངས་པས་སེམས་མ་ཡེངས་པར་ཡིད་གཏོད་ མཛོད། དགེ་འདུན་རྣམས་བརྗོད་པ་གསུམ་པ་ལ་ཐུགས་གཏད་པར་ཞུ་བྱས་ལ་གསུམ་པ་བྱ། ལས་ཀྱི་མཇུག་སྡུད་ལ་ཐུགས་གཏད་པར་ཞུ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་ འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། མཁན་པོ་མིང་འདི་ཞེས་བགྱི་བས་བསྙེན་པར་ 2-1-424 རྫོགས་པར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བ་དེ་དེ་བཞིན་དུ་འཛིན་ཏོ། །གལ་ཏེ་ ཆོ་ག་ནོར་བའམ་དགེ་སློང་སོང་པ་ལ་སོགས་པས་ལས་འཁྲུགས་ནས་གསོལ་བ་སྐྱར་དགོས་ ན། བཙུན་པ་དག་ཡང་གསོལ་བ་བགྱིའོ་བྱས་ལ་བསྐྱར། བརྗོད་པ་སྐྱོར་ན། བཙུན་པ་དག་ ཡང་རྗེས་སུ་བསྒྲག་གོ་བྱས་ལ་བསྐྱར། གཉིས་ཀ་སྐྱོར་ན། བཙུན་པ་དག་ཡང་གསོལ་བ་བགྱི་ ཞིང༌། རྗེས་སུ་ཡང་བསྒྲག་གོ་བྱས་ལ་བསྐྱར་རོ། །དེ་ལྟར་གསོལ་བཞིའི་ལས་ཀྱིས། ཁྱེད་ཀྱི་ རྒྱུད་ལ་བསྙེན་པར་རྫོགས་པའི་སྡོམ་པ་འཆལ་ཚུལ་གྱིས་རྒྱུན་སྡོམ་ཞིང་འགོག་པ་ཆུའི་ཆུ་ ལོན་ལྟ་བུ་རྣམ་པར་རིག་བྱེད་ཡིན་མིན་གཉིས་ཀྱིས་བསྡུས་པའི་གཟུགས་རྫས་བདུན་ནམ། སྤོང་བ་བདུན་ལྡན་ཐོབ། དགེ་སློང་དུ་གྱུར་པས་དགའ་བ་བསྒོམས་ཤིག དེས་དངོས་གཞི་ གྲུབ། མཇུག་གི་ཆོ་ག་ལ་གཉིས་ཡོད་པའི་དང་པོ་ཆེ་གེ་མོས་མཛོད་ཅེས་ལས་སློབ་མིན་པའི་ དགེ་སློང་ཞིག་ལ་བསྒོ། དེས་ཀྱང་དུས་ཚོད། ཉིན་མཚན། ཉིན་མོ་ཡིན་ན་གྲི བ་ཚོད་རྣམས་ ངེས་པོ་བྱས་ནས། ཁྱེད་བསྙེན་པར་རྫོགས་པ་དགེ་སློང་དུ་བསྒྲུབ་པ་ལ་ཆོ་ག་སྦྱོར་དངོས་ མཇུག་གསུམ་དུ་ཡོད་པ་ལ། སྦྱོར་བ་དང་དངོས་གཞི་གཉིས་ཀྱིས་ཁྱེད་ཀྱི་རྒྱུད་ལ་དགེ་སློང་ གི་སྡོམ་པ་ཐོབ་པ་ཡིན་ཅིང༌། ད་མཇུག་གི་སྐབས་ཡིན། དེ་ལ་ཡང༌། གཉིས་ཡོད་པ་ལས། མཇུག་ཆོག་དང་པོ་བསྙེན་བཀུར་གྱི་གནས་དང་ གནས་མ་ཡིན་པ་ཤེས་པའི་དོན་དུ་རྫོགས་པའི་དུས་གོ་བ་ལ་ལྔ། བསྙེན་བཀུར་གྱི་གནས། བསྙེན་བཀུར་གྱི་གནས་མ་ཡིན་པ། བསྙེན་བཀུར་གྱི་ངོ་བོ། གང་ལ་བརྟེན་ནས་གོ་ཞིང་རིག་ པར་བྱ་བ། རིག་པར་བྱས་པའི་ཕན་ཡོན་ནོ། །དེ་ལ་དང་པོ་བསྙེན་བཀུར་གྱི་གནས་ནི། རང་ བས་བསླབ་པ་རྒན་པ་ས་རིང་བཞིན་དུ་གནས་པའི་དགེ་སློང་མཚན་མཐུན་པ་རྣམས་ཡིན། གཉིས་པ་གནས་མ་ཡིན་པ་ནི། རང་བས་བསླབ་པ་གཞོན་པ་རྣམས་དང་བསླབ་པ་རྒན་ ཡང་ས་གཞན་ན་གནས་པ་སོགས་དམིགས་བསལ་གསུངས་པ་རྣམས་དང༌། རྟེན་དམན་པ་ 2-1-425 དགེ་སློང་མ་སོགས་བུད་མེད་རབ་ཏུ་བྱུང་བ་ཐམས་ཅད་དང༌། དགེ་བསྙེན་མན་ཆད་ཁྱིམ་པ་ ཐམས་ཅད་ཡིན། དེ་ཡང་གྲི བ་མ་སོར་གཅིག་ཙམ་གྱིས་ཀྱང་རྒན་གཞོན་གྱི་ཁྱད་འཇོག་པ་ ཡིན། གསུམ་པ་བསྙེན་བཀུར་གྱི་ངོ་བོ། གྲལ་གོང་དུ་གཏོང༌། རྙེད་པ་དང་པོར་འབུལ། ཕྱག་ དང་སྔོན་དུ་ལྡང་བ་ལ་སོགས་གུས་པའི་ལས་རྣམས་ཡིན། བཞི་པ་གང་ལ་བརྟེན་ནས་གོ་ཞིང་རིག་པར་བྱ་བ་ནི། ལུང་དང་ཀརྨ་ཤ་ཏམ། མདོ་རྩ་ རྣམས་ནས་ཕྲ་རིམ་ནས་གསུངས་ཀྱང༌། གཞི་འགྲེལ་མཁན་པོས་ཕྲ་རིམ་ནས་བཅལ་ནས་ རགས་རིམ་ནས་བརྗོད་པར་གསུངས་ཤིང། ལོ་ཚིགས་ཤེས་པར་བྱ་བའི་ཕྱིར་ཞེས་ལོ་ཡང་ བརྗོད་པར་གསུངས་པས་ལོ་ཆེ་གེ་ཡིན། དེ་ལ་ལོ་མགོ་འཛིན་ལུགས་མི་འདྲ་བ་མང་ཡང༌། མཛོད་ལས། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་ རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ཟློག །ཅེས་གསུངས་པའི་རྗེས་སུ་འབྲངས་ ནས། ཁྲུམས་ཀྱི་ཕྱེད་ཕྱི་མ་ནས་ལོ་མགོ་འཛིན་པའི་དབང་དུ་བགྱིས་ཏེ། དགུན་གྱི་དུས་ཟླ་བ་ བཞི། དཔྱིད་ཀྱི་དུས་ཟླ་བ་བཞི། དབྱར་གྱི་དུས་ཟླ་བ་གཅིག དབྱར་ཐུང་ངུ་ཉིན་ཞག་གཅིག དབྱར་རིང་པོ་ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་པ་རྣམས་སུ་ཡོད་པ་ལས། ཆེ་གེ་ཡིན། ཟླ་བ་ལ་ཡང་ཡར་ངོ་མར་ངོ་གཉིས་ལས་ཆེ་གེ་ཡིན། དེ་ལ་གྲལ་ཚེས་བཅུ་བཞིའམ་བཅོ་ལྔ་ ཡོད་པ་ལས་ཆེ་གེ་ཡིན། དེ་ལ་ཉིན་མཚན་གྱི་ཆ་ཉི་ཤུ་རྩ་གཉིས་ཡོད་དེ། སྔ་དྲོ་དང༌། གུང་ དང་ཕྱི་དྲོ། མཚན་མོའི་ཐུན་དང་པོ་དང༌། དང་པོའི་ཕྱེད་དང༌། གུང་ཐུན་དང༌། གུང་ཐུན་གྱི་ ཕྱེད་དང༌། ཐུན་ཐ་མ་དང༌། ཐ་མའི་ཕྱེད་དང༌། སྐྱ་རེངས་མ་ཤར་བ་དང༌། སྐྱ་རེངས་ཤར་བ་ དང༌། ཉི་མ་མ་ཤར་བ་དང༌། ཉི་མ་ཤར་བ་དང༌། ཉི་མ་བརྒྱད་ཆ་ཤར་བ་དང། ཉི་མ་བཞི་ཆ་ ཤར་བ་དང༌། གུང་ཚིགས་མ་ཡོལ་བ་དང༌། ཉི་མ་བཞི་ཆ་ལུས་པ་དང༌། ཉི་མ་བརྒྱད་ཆ་ལུས་ 2-1-426 པ་དང༌། ཉི་མ་མ་ནུབ་པ་དང༌། ཉི་མ་ནུབ་པ་དང༌། རྒྱུ་སྐར་རྣམས་མ་ཤར་བ་དང༌། རྒྱུ་སྐར་ རྣམས་ཤར་བ་སྟེ། དེ་ལྟར་ཉེར་གཉིས་ལས། ཆེ་གེའི་དུས་གྲི བ་ཚོད་སྐྱེས་བུ་ཆེ་གེ་དང་རྐང་པ་ ཆེ་གེའི་དུས་སུ། གནས་སམ་གཙུག་ལག་ཁང་འདི་ཞེས་བྱ་བར། མཁན་པོ་མིང་འདི་ཞེས་བྱ་ བ་དང༌། ལས་ཀྱི་སློབ་དཔོན་འདི་ཞེས་བྱ་བ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་འདི་ཞེས་ བྱ་བ་དང༌། དད་པའི་དགེ་འདུན་གྲངས་འདི་སྙེད་ཀྱིས་དྲུང་དུ་དགེ་སློང་གི་སྡོམ་པ་ཐོབ་པ་ ཡིན་པས། དེ་རྣམས་ཐུགས་ལ་བཞག་ནས་བསྙེན་བཀུར་གྱི་གནས་རྣམས་གྲལ་གོངདུ་ཞོག རྙེད་པ་དང་པོར་ཕུལ། ཕྱག་དང་སྔོན་དུ་ལྡང་པ་ལ་སོགས་པ་གུས་པའི་ལས་རྣམས་ཡར་ལ་ སྟོབས། གནས་མ་ཡིན་པ་རྣམས་གྲལ་འོག་ཏུ་ཞོག་ལ། ཕྱག་དང་བསྙེན་བཀུར་བྱེད་པ་བྱུང་ ན་ཕལ་ཆེ་བ་ལ་རང་གིས་དང་པོར་དང་དུ་བླང་དུ་རུང༌། དེ་ལྟར་བརྩིས་པས་དུས་མཉམ་པ་ རྣམས་གཅིག་གིས་གཅིག་ལ་ཕྱག་བྱ་མི་དགོས་ཤིང༌། གྲལ་ཡང་མགྱོགས་གྲལ་དུ་བྱས་པས་ ཆོག་སྟེ། མདོ་རྩར། དུས་མཉམ་པ་རྣམས་ནི་གཅིག་གིས་གཅིག་ལ་ཕྱག་མི་བྱའོ། །སྔར་ འོངས་པ་དང་པོ་ཡིན་ནོ་ཞེས་གསུངས། ལྔ་པ་ཕན་ཡོན་ནི། དངོས་སུ་སྡོམ་པ་ཐོབ་པའི་དུས་ཤེས་པ་དང༌། མདོ་རྩར་སོ་སོར་ཐར་ པའི་སྡོམ་པ་མཆོག་ལ་རབ་ཏུ་བྱུང་བས་ཀྱང་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །མཚན་ཐ་ མི་དད་པ་ལའོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བཅས་པ་དང་མཐུན། ཆོས་དགེ་བ་ ལ་གནས་པས་བདེ་ལེགས་ཐམས་ཅད་འཕེལ་བར་འགྱུར་བ་ཡང༌། ལུང་ལས། གུས་བཅས་ ཞེས་པར་བཅས་པ་དག །དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་བསྲེག་གི་ཚངས་སྤྱོད་ ཀྱིས། །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །ཞེས་པའི་གླེང་གཞིས་ཤེས། དེ་ཐམས་ཅད་མི་ གནས་པའི་མྱ་ངན་ལས་འདས་པའི་བསམ་པས་ཟིན་པས་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་ བའི་དགོས་པ་ཡོད་པས་དེ་རྣམས་ཐུགས་ལ་གཞག་ནས་ཕྱག་ལེན་ལ་ཐེབས་པ་མཛད་པར་ 2-1-427 ཞུ། མཇུག་ཆོག་གཉིས་པ་དགེ་བའི་བཤེས་གཉེན་པས་གསུངས་པ་ལ་གསན་པས་མཆི་བར་ གདའ་ལགས། དེ་ནས་ལས་བྱེད་པས། དགེ་བའི་བཤེས་གཉེན་པས་གསུངས་པ་དེ་རྣམས་ ཀྱང་ཐུགས་ལ་བཞག་ནས་ཕྱག་ལེན་ལ་གདབ་འཚལ། མཇུག་ཆོག་གཉིས་པ་ཐོབ་པའི་སྡོམ་ པ་མི་ཉམས་ཤིང་འཕེལ་བའི་ཕྱིར་གདམས་ངག་བཅུ་གཅིག་བརྗོད་པ་ལ་སྡོམ་པ་ཐོབ་པ་ཙམ་ གྱིས་མི་ཆོག་བསྲུང་དགོས། བསྲུངས་ན་ཕན་ཡོན་ཆེ་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་ མདོ་ལས། ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག །ཚུལ་ཁྲིམས་འདི་ནི་ཐར་པའི་ལམ། །ཚུལ་ ཁྲིམས་འདི་ནི་ཡོན་ཏན་གཞི། །ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ། །ཞེས་དང༌། ས་ག་ལྷས། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང༌། །ལྷ་ཡི་ཁང་བཟངས་དམ་པར་སྐྱེ། །ཏིང་ངེ་འཛིན་ དང་ངེས་འབྱུང་ཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་གསུངས། མ་བསྲུངས་ན་ཉེས་ དམིགས་ཆེ་སྟེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་བ་ནི་ སླ་ཡི་ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ ཞིང་ཤི་བ་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་སྐྱེ་ བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་པ་ཆེན་པོ་ ཉམས་སུ་མྱོང་པར་འགྱུར་རོ། །ཞེས་གསུངས་པས་ལེགས་པར་བསྲུང་དགོས། བསྲུང་ཚུལ་ལ་བསླབ་བྱ་ཡུལ་ལ་གདམས་པ་དང༌། ཡུལ་ཅན་གཉེན་པོ་ལ་གདམས་ པ་གཉིས་ཀྱི། དང་པོ་ལ་བསླབ་བྱའི་གཙོ་བོ་རྣམས་དངོས་སུ་བརྗོད་པ་དང༌། དངོས་སུ་མ་ བརྗོད་པ་གཞན་ཁ་འཕངས་པ་གཉིས་ལས། དང་པོ་ལ་བརྟེན་བྱ་འཚོ་བ་དང༌། བསྲུང་བྱ་ཚུལ་ ཁྲིམས་དང༌། ཉམས་ལེན་སྤྱོད་པ་དང༌། རྟོགས་དོན་ལྟ་བ་རྣམ་དག་ལ་གདམས་པ་བཞིའི། དང་པོ་ལ་སྤྱིར་གདམས་པ། བྱེ་བྲག་ཏུ་གདམས་པ་གཉིས་ལས། དང་པོ་ནི། ཉམས་པ་བཞི་ཡང་དགོས་པས་དང་པོ་འཚོ་བ་ཉམས་པ་སྤང་བའི་ཕྱིར་ཚངས་ 2-1-428 སྤྱོད་བསྲུང་པའི་གནས་བཞི་ལ་བརྟེན་དགོས་ཞེས་ཕྱིར་འདོམས་པ་འདིར་གདའ། ཚེ་དང་ ལྡན་པ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་ དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་གནས་སུ་གསུངས་ཏེ། དེ་ ལ་གནས་ན། དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་རབ་ཏུ་བྱུང་བ་དང༌། བསྙེན་ པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། ། གཉིས་པ་བྱེ་བྲག་ཏུ་གདམས་པ་ལ་བཞིའི། དང་པོ་གོས་མཐའ་གཉིས་སུ་མ་ལྷུང་པ་ ལ་གདམས་པ་ལ་ཡང་གཉིས་ལས་དང་པོ་གོས་བཟང་པོ་དང་མང་པོ་ལ་ཞེན་ཆགས་ཀྱིས་ ལོངས་སྤྱོད་པ་སྤངས་ནས་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་དགོས་ཞེས་འདོད་པ་བསོད་ ཉམས་ཀྱིས་མཐའ་སྤོང་བ་འདིར་གདའ། བཞི་གང་ཞེ་ན། གོས་ཀྱི་ནང་ན་ཕྱག་དར་ཁྲོད་ནི་ རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་ བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ ཞེས་བྱ་བ་ཁྱོད་ཇི་སྲི ད་འཚོའི་བར་དུ་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ ཞེས་བརྗོད། གཉིས་པ་རང་ངེས་འབྱུང་གི་ཚུལ་ཁྲིམས་དང་ལྡན། དགེ་བ་ལ་བརྩོན་པ་ལྷུར་ལེན་ན་ བསྒྲུབ་པའི་ཚེ་ཚེགས་དང་འབད་རྩོལ་ལ་མི་ལྟོས། ལོངས་སྤྱོད་པའི་ཚེ་ཞེན་ཆགས་དྲག་པོ་མི་ སྐྱེ་ན། གོས་བཟང་པོའང་ལོངས་སྤྱད་པས་ཆོག་གོ་ཞེས་འདོམས་པ་ངལ་ཞིང་དུབ་པའི་མཐའ་ སྤོང་བ་འདིར་གདའ། ལྷག་པར་རྙེད་ན་དར་རམ། རས་ཡུག་ཆེན་ནམ། བེའུ་རས་སམ། དར་ ལའམ། མོན་དར་རམ། བེའུ་རས་ཡུག་ཆེན་ནམ། བེའུ་རས་དམར་པོའམ། བེའུ་ཕྲུག་གམ། ལ་དམར་རམ། ཡུལ་ཀ་ཤི་ཀའི་རས་ཕྲན་ནམ། ཁ་དོག་རན་པའམ། ཁ་དོག་ངན་པའམ། 2-1-429 བལ་གོས་སམ། ཤ་ནའི་རས་སམ། ཟར་མའི་རས་སམ། རས་གོས་སམ། དུ་གུ་ལའི་རས་ སམ། ཀོ་ཏམ་པའི་རས་སམ། ཉི་འོག་གོས་སམ། གཞན་ཡང་གོས་རུང་བ་གང་ཟག་ལས་ རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་ དམ་འཆའ་འམ། འཆའ་ལག་ཞེས་བརྗོད། གཉིས་པ་ཟས་མཐའ་གཉིས་སུ་མ་ལྷུང་པ་ལ་གདམས་པ་གཉིས་ཀྱི། དང་པོ་ཟས་བཟང་ པོ་ལ་ཞེན་ཆགས་ཀྱིས་ལོངས་སྤྱོད་པ་སྤངས་ནས་བསོད་སྙོམས་ཀྱི་ཟས་ཀྱིས་འཚོ་དགོས་ ཞེས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་འདིར་གདའ། མིང་འདི་ཞེས་བྱ་ཁྱོད་ཉོན་ཅིག ཟས་ཀྱི་ནང་ན་བསོད་སྙོམས་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན། དགེ་སློང་ལེགས་ པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་ དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད། ཇི་སྲི ད་འཚོའི་བར་དུ་བསོད་སྙོམས་ཀྱི་ ཟས་ཀྱིས་འཚོ་བར་སྤྲོའམ། དེས་སྤྲོ་ལགས་ཞེས་བརྗོད། གཉིས་པ་རང་ཆོས་གཉིས་ལྡན་གྱིས་སྒྲུབ་པའི་ཚེ་ན་ཚེགས་དང་འབད་རྩོལ་ལ་མི་ལྟོས། སྤྱོད་པའི་ཚེ་ཞེན་ཆགས་དྲག་པོ་མི་སྐྱེ་ན་ཟས་བཟང་པོ་ལའང་ལོངས་སྤྱད་པས་ཆོག་གོ་ཞེས་ ངལ་ཞིང་དུབ་པའི་མཐའ་སྤོང་བ་འདིར་གདའ། ལྷག་པར་རྙེད་ན་འབྲས་ཆེན་ནམ། སྐྱོ་ མའམ། ཐུག་པའམ། ལྔ་སྟོན་ནམ། བརྒྱད་སྟོན་ནམ། བཅུ་བཞི་སྟོན་ནམ། ཉ་སྟོན་ནམ། རྟག་ རེས་འཁོར་རམ། མགྲོན་དུ་བོས་པའམ། འཕྲལ་ལ་བོས་པའམ། པགས་པའམ། གཞན་ཡང་ ཟས་རུང་པ་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་ གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའ་ལགས་ཞེས་བརྗོད། གསུམ་པ་གནས་མལ་མཐའ་གཉིས་སུ་མ་ལྷུང་པ་ལ་གདམས་པ་ལ་གཉིས་ལས། དང་ པོ་མི་རུང་པའི་ཁྱིམ་དང་གནས་མལ་བཟང་པོ་ལ་ཞེན་ཆགས་ཀྱིས་ལོངས་སྤྱོད་པ་སྤངས་ནས་ 2-1-430 ཤིང་དྲུང་གི་གནས་མལ་གྱིས་འཚོ་དགོས་སོ་ཞེས་སྟོན་པ་འདོད་པ་བསོད་ཉམས་ཀྱི་མཐའ་ སྤོང་བ་འདིར་གདའ། མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག གནས་མལ་གྱི་ནང་ན་ཤིང་དྲུང་ ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ན་དགེ་སློང་ལེགས་པར་གསུང་པའི་ཆོས་འདུལ་ བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ ཞེས་བྱ་བ་ཁྱོད་ཇི་སྲི ད་འཚོའི་བར་དུ་ཤིང་དྲུང་གི་གནས་མལ་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ ལགས་ཞེས་བརྗོད། གཉིས་པ་རང་ཆོས་གཉིས་ལྡན་གྱིས་བསྒྲུབ་པའི་ཚེ་ཚེགས་དང་འབད་རྩོལ་ལ་མི་ལྟོས། ལོངས་སྤྱོད་པའི་ཚེ་ཞེན་ཆགས་དྲག་པོ་མི་སྐྱེ་ན་གནས་མལ་བཟང་པོ་ལའང་ལོངས་སྤྱད་པས་ ཆོག་གོ་ཞེས་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདིར་གདའ། ལྷག་པར་རྙེད་ན་ཁང་པའམ། རྫ་ཁང་ངམ། ཁང་པ་བརྩེགས་པའམ། བསིལ་ཁང་ངམ། སབ་མོས་བསྐོར་བའམ། བ་གམ་ མམ། ཁང་བཟངས་སམ། སྒོ་ཁང་གི་སྟེང་གི་བསིལ་ཁང་ངམ། ཁང་སྟེང་གི་ཡོལ་ཁང་ངམ། སྤང་ལེབ་ཁང་ངམ། ས་ཕུག་གམ། བྲག་ཕུག་གམ། རི་ཕུག་གམ། རྩྭའི་སྤྱིལ་བུའམ། ལོ་མའི་ སྤྱིལ་བུའམ། འཆག་སར་བྱས་པའམ། འཆག་སར་མ་བྱས་པའམ། བྱ་སྐྱིབས་སུ་བྱས་པའམ། གཞན་ཡང་གནས་མལ་རུང་པ་གང་དགེ་འདུན་ནམ་གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་ དམ་འཆའ་ལགས་ཞེས་བརྗོད། བཞི་པ་སྨན་མཐའ་གཉིས་སུ་མ་ལྷུང་པ་ལ་གདམས་པ་ལ་གཉིས་ཀྱི། དང་པོ་སྨན་མི་ རུང་པ་དང་བཟང་པོ་ལ་ཞེན་ཆགས་ཀྱིས་ལོངས་སྤྱོད་པ་སྤངས་ནས་བཀུས་ཏེ་བོར་བའི་སྨན་ གྱིས་འཚོ་དགོས་ཞེས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་བ་འདིར་གདའ། མིང་འདི་ཞེས་ བྱ་ཁྱོད་ཉོན་ཅིག སྨན་གྱི་ནང་ན་བཀུས་ཏེ་བོར་བ་ནི་རུང་བ་རྙེད་ཀྱང་སླ་བ་སྟེ། དེ་ལ་གནས་ 2-1-431 ན་དགེ་སློང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་ རྫོགས་པ་དགེ་སློང་གི་དངོས་པོར་འགྱུར་རོ། །མིང་འདི་ཞེས་བྱ་བ་ཁྱོད་ཇི་སྲི ད་འཚོའི་བར་དུ་ བཀུས་ཏེ་བོར་བའི་སྨན་གྱིས་འཚོ་བར་སྤྲོའམ། དེས་སྤྲོ་ལགས་ཞེས་བརྗོད། གཉིས་པ། རང་ཆོས་ལྡན་གྱིས་བསྒྲུབ་པའི་ཚེ་ན། ཚེགས་དང་འབད་རྩོལ་ལ་མི་ལྟོས་ ལོངས་སྤྱོད་པའི་ཚེ་ཞེན་ཆགས་དྲག་པོ་མི་སྐྱེ་ན། སྨན་བཟང་པོ་ལའང་ལོངས་སྤྱད་པས་ཆོག་ གོ་ཞེས་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདིར་གདའ། ལྷག་པར་རྙེད་ན་ཞུན་མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བའམ། དུས་སུ་རུང་པའམ། ཐུན་ཚོད་དུ་རུང་ པའམ། ཞག་བདུན་པའམ། འཚོ་བའི་བར་དུ་བཅང་པའམ། རྩ་བའི་སྨན་ནམ། སྡོང་བུའམ། ལོ་མའི་སྨན་ནམ། མེ་ཏོག་གི་སྨན་ནམ། འབྲས་བུའི་སྨན་ནམ། གཞན་ཡང་སྨན་རུང་བ་གང་ དགེ་འདུན་ནམ། གང་ཟག་ལས་རྙེད་ན་དེ་ཡང་ཁྱོད་ཀྱིས་ལོང་ལ་ཚོད་ཟིན་པར་གྱིས་ཤིག ཇི་ལྟར་ཁྱོད་གནས་འདི་ལྟ་བུ་ལ་དམ་འཆའ་འམ། དེས་འཆའ་ལགས་ཞེས་བརྗོད། དེ་ལྟར་འཚོ་བ་ཉམས་པ་སྤོང་བ་ལ་གདམས་ནས། གཉིས་པ་དེའི་སྟེང་དུ་ཚུལ་ཁྲིམས་མ་ ཉམས་པ་ཅིག་དགོས་པས། དགེ་སློང་གི་དངོས་པོ་འཇིག་པར་བྱེད་པ་ཕས་ཕམ་བཞི་ཆ་དང་ བཅས་པ་སྤང་དགོས་ཞེས་འདོམས་པ་ལ། སྤྱི་དང་བྱེ་བྲག་ལ་གདམས་པ་གཉིས་ཀྱི་དང་པོ་ཕྱིར་འདོམས་པ་འདིར་གདའ། མིང་ འདི་ཞེས་བྱ་བ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས། དེ་ ལྟར་རབ་ཏུ་བྱུང་པ་དང༌། བསྙེན་པར་རྫོགས་པའི་དགེ་སློང་གི་ལྟུང་བར་འགྱུར་བའི་ཆོས་སུ་ གསུངས་ཏེ། དགེ་སློང་གིས་དེ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར། དགེ་ སྦྱོང་དུ་མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། 2-1-432 དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་ བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང༌། ཡངས་པར་ འགྱུར་དུ་མི་རུང་པ་བཞིན་ནོ། ། གཉིས་པ་བྱེ་བྲག་ལ་གདམས་པ་ལ་བཞི་ལས། དང་པོ་ནང་སེམས་ཅན་ལ་ཆགས་པ་ མི་ཚངས་སྤྱོད་པ་དང་བཅས་པ་སྤང་དགོས་སོ་ཞེས་འདོམས་པ་འདིར་གདའ། བཞི་གང་ ཞེ་ན། འདོད་པ་དང་འདོད་པ་ལ་ཞེན་པ་དང༌། འདོད་པ་ལ་འཆུམས་པ་དང༌། འདོད་པ་ལ་ ལྷག་པར་ཞེན་པ་ནི། བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མས་སྨད་དོ། །འདོད་པ་སྤངས་པ་ ནི། བསྔགས་ཏེ་བོར་པ་དང༌། བསལ་བ་དང༌། ཟད་པ་དང༌། འདོད་ཆགས་དང་བྲལ་བ་དང༌། འགོག་པ་དང༌། ཉེ་བར་ཞི་བ་དང༌། ནུབ་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་ པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཆགས་པའི་སེམས་ཀྱིས་བུད་མེད་ཀྱི་ཡུལ་ ལ་མིག་གཏད་དེ་མིག་གིས་ལྟ་བར་ཡང་མི་བྱ་ན། གཉིས་ཀྱིས་གཉིས་སྤྲད་དེ། མི་ཚངས་པར་ སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་ལྟ་སྨོས་ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་ གཟིགས་པ་དེས། ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་པར་ གྱུར་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་ པའི་ཆོས་བསྟེན་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་ སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་ སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་དགེ་སློང་དུ་མི་རུང་པར་འགྱུར། དགེ་སྦྱོང་དུ་མི་ རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་ 2-1-433 སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་ སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་ བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་ པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད། གཉིས་པ་ཀར་ཤ་པ་ནི་བཞི་ཆ་ཡན་བརྐུས་ན་ཕམ་པར་འགྱུར་ལ་ཐ་ན་ཏིལ་གྱི་ཕུབ་ མ་ཙམ་ཡང་མི་རྐུའོ་ཞེས་མ་བྱིན་པར་ལེན་པ་ཆ་དང་བཅས་པ་སྤོང་བར་གདམས་པ་འདིར་ གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག མ་བྱིན་པར་ལེན་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་ གྲངས་དུ་མས་སྨད་དོ། །མ་བྱིན་པར་ལེན་པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་ སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་རྐུ་སེམས་ཀྱིས་གཞན་གྱི་ཏིལ་ གྱི་ཕུབ་མ་ཙམ་ཡང་མ་བྱིན་པར་མི་བླང་ན། མ་ཤ་ཀ་ལྔའམ་མ་ཤ་ཀ་ལྔ་ལས་ལྷག་པ་ལྟ་སྨོས་ ཀྱང་ཅི་དགོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་གཞན་དག་གི་གྲོང་ན་ འདུག་པའམ། དགོན་པ་ན་འདུག་པ། མ་བྱིན་པ། རྐུ་བའི་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པ་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ ཅེས། ཀྱེ་མི་ཁྱོད་ནི་རྐུན་མའོ། །བྱིས་པའོ། བླུན་པའོ། རྐུ་བའོ་ཞེས་ཟེར་ཞིང་གསོད་དམ། འཆིང་ངམ། སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། དགེ་སློང་དེ་ཡང་ ཕམ་པར་འགྱུར་བ་ཡིན་གྱིས། གནས་པར་མི་བྱའོ། །ཞེས་བྱ་བ་འདི་བཀའ་སྩལ་ཏོ། །དགེ་ སློང་གིས་གནས་དེ་ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར། དགེ་སྦྱོང་དུ་ 2-1-434 མི་རུང༌། ཤཱཀྱའི་སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་ དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང༌། ཉམས་པ། བཅོམ་པ། ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་ མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་ མི་རུང་བ་བཞིན་ནོ། །དེང་ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་སྤྱད་ པ་མ་ཡིན་པ་སྤང་བ་དེ་ལ་དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་ གྱིས་ཤིག ཇི་ལྟར་གནས་འདི་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད། གསུམ་པ་མིའམ་མིར་ཆགས་པ་བསད་ན་ཕམ་པར་འགྱུར་ཞིང་ཐ་ན་གྲོག་སྦུར་ཙམ་ ཡང་བསད་པར་མི་བྱའོ། །ཞེས་སྲོག་གཅོད་པ་ཆ་དང་བཅས་པ་སྤོང་བར་འདོམས་པ་འདིར་ གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག སྲོག་གཅོད་པ་ནི་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་ དུ་མས་སྨད་དོ། །སྲོག་གཅོད་པ་སྤངས་པ་ནི་བསྟོད་དོ། །བཀུར་རོ། །བསྔགས་སོ། །སྙན་ པར་བརྗོད་དོ། །དེང་ཕྱིན་ཆད་ཚེ་དང་ལྡན་པ་ཁྱོད་ཀྱིས། བསམས་བཞིན་དུ་སྲོག་ཆགས་ གྲོག་སྦུར་ཡང་བསད་པར་མི་བྱ་ན། མིའམ་མིར་ཆགས་པ་ལ་ལྟ་སྨོས་ཀྱང་ཅི་དགོས། ཚེ་ དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང༌། དགེ་སློང་གང་མིའམ་མིར་ཆགས་པ་ ལ། བསམས་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་ མཚོན་ཐོགས་པ་གཉེར་རམ། དེ་འཆིར་བཅུག་གམ། དེ་ལ་འཆི་བའི་སྔགས་པ་བརྗོད་ཀྱང་ རུང་སྟེ། དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྡིག་པ་མི་གཙང་པ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་སླའོ། །ཞེས་ཟེར་ཞིང༌། སེམས་ཀྱི་འདོད་པ་དང་སེམས་ཀྱི་ཀུན་ ཏུ་རྟོགས་པ་དག་གིས་རྣམས་གྲངས་དུ་མས་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་སྔགས་པ་ 2-1-435 བརྗོད་ཀྱང་རུང་སྟེ། ཡང་རྩོམ་པ་དེས་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་འགྱུར་གྱིས་ གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། དགེ་སློང་གིས་གནས་དེ་ལྟ་བུ་བྱས་ན་ བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར། དགེ་སྦྱོང་དུ་མི་རུང་པར་འགྱུར། ཤཱཀྱའི་སྲས་ ཀྱིར་མི་རུང༌། དགེ་སྦྱོང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་ པར་འགྱུར་ཞིང༌། ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་འགྱུར་བ་སྟེ། དེའི་དགེ་སྦྱོང་གི་ཚུལ་ ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་ འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེང་ ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང་བྱ་བ་མ་ཡིན་པ་དང་སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་དྲན་ པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བ་བརྩོན་པར་གྱིས་ཤིག ཇི་ལྟར་གནས་འདི་ལྟ་ བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས་ཞེས་བརྗོད། བཞི་པ་མི་ཆོས་བླ་མའི་བརྫུན་སྨྲ་ན་ཕམ་པར་འགྱུར་ལ། བཞད་གད་ཀྱི་ཕྱིར་ཤེས་བཞིན་ གྱི་རྫུན་ཕྲ་མོ་ཡང་སྤང་དགོས་སོ་ཞེས་རྫུན་དུ་སྨྲ་བ་ཆ་དང་བཅས་པ་སྤང་བར་འདོམས་པ་ འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བརྫུན་དུ་སྨྲ་བ་བཅོམ་ལྡན་འདས་ཀྱིས་རྣམ་ གྲངས་དུ་མས་སྨད་དོ། །བརྫུན་དུ་སྨྲ་བ་སྤངས་པ་ནི་བསྟོད་དོ། བཀུར་རོ། །བསྔགས་སོ། །སྙན་པར་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་དེང་ཕྱིན་ཆད་ཐ་ན་བཞད་གད་བྱ་བར་བསམས་ ཏེ། ཤེས་བཞིན་དུ་སྨྲ་བ་ཡང་མི་བྱ་ན། བསམས་བཞིན་དུ་མིའི་ཆོས་བླ་མ་སྨྲ་བ་ལྟ་ཅི་སྨོས། ཚེ་དང་ལྡན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡང་དགེ་སློང་གང་མངོན་པར་མི་ཤེས་ཤིང་ ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་འཕགས་པ་དང་བྱེ་བྲག་ཐོབ་པ་དང་ཤེས་ པ་དང་མཐོང་བ་དང་རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ 2-1-436 ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་དྲིས་ ཀྱང་རུང༌། མ་དྲིས་ཀྱང་རུང༌། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ ཤེས་སོ། །ཞེས་སྨྲས། མ་མཐོང་པར་མཐོང་ངོ་ཞེས་སྨྲས་ཏེ། གསོག་གསོབ། བརྫུན་དུ་སྨྲས་ སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་ གྱིས། གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཅི་ཞིག་ཤེས་ཞེ་ན། སྡུག་བསྔལ་ ཤེས་སོ། །ཀུན་འབྱུང་པ་དང༌། འགོག་པ་དང༌། ལམ་ཤེས་སོ། །ཅི་ཞིག་མཐོང་ཞེ་ན། ལྷ་ རྣམས་མཐོང་ངོ༌། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་ དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་ དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ༌། །ལྷ་རྣམས་ཀྱིས་ཀྱང་བདག་མཐོང་ངོ༌། །ཀླུ་རྣམས་ དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་ རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་ བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ ཀྱིས་ཀྱང་བདག་མཐོང་ངོ༌། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་ དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་ པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་ རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ཀླུ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་ དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་ རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ 2-1-437 ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། །ལྷ་རྣམས་ལྟ་བའི་ཕྱིར་འགྲོའོ། །ཀླུ་ རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌།ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་ རྣམས་ལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་བདག་ལྟ་བའི་ཕྱིར་འོང་ངོ༌། །ཀླུ་རྣམས་དང༌། གནོད་ སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་ འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་ མཐོང་ངོ༌། །ལྷ་རྣམས་ཀྱི་སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་ དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་ སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ། །ལྷ་རྣམས་ཀྱིས་ཀྱང་བདག་གི་ སྒྲ་ཐོས་སོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་ རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ ཟ་རྣམས་དང་། གྲུལ་བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ ཁྲོད་ཀྱི་ཤ་ཟ་རྣམས་ཀྱིས་ཀྱང་བདག་གི་སྒྲ་ཐོས་སོ། ལྷ་རྣམས་ལྟ་བར་འགྲོའོ། །ཀླུ་རྣམས་ དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་ རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་ བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ ལྟ་བའི་ཕྱིར་འགྲོའོ། །ལྷ་རྣམས་ལྟ་བའི་ཕྱིར་འོང་ངོ༌། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་ 2-1-438 དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་ པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་ རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བདག་ལྟ་བའི་ཕྱིར་འོང་ངོ༌། །ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་ བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་དང༌། གནོད་སྦྱིན་རྣམས་ དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་རྣམས་དང༌། ལྟོ་འཕྱེ་ཆེན་ པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲུལ་པོ་ རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་ བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་ གནས་པར་བྱེད་དོ། །ལྷ་རྣམས་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་ཕེབས་པར་སྨྲ་ བར་བྱེད་སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ། །ཀླུ་རྣམས་ དང༌། གནོད་སྦྱིན་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། དྲི་ཟ་རྣམས་དང༌། མིའམ་ཅི་ རྣམས་དང༌། ལྟོ་འཕྱེ་ཆེན་པོ་རྣམས་དང༌། ཡི་དྭགས་རྣམས་དང༌། ཤ་ཟ་རྣམས་དང༌། གྲུལ་ བུམ་རྣམས་དང༌། སྲུལ་པོ་རྣམས་དང༌། ལུས་སྲུལ་པོ་རྣམས་དང༌། རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་ བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད། མ་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་ འདུ་ཤེས་དང༌། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང༌། སྡུག་བསྔལ་བ་ལ་བདག་མེད་ པའི་འདུ་ཤེས་དང༌། ཟས་ལ་མི་མཐུན་པའི་འདུ་ཤེས་དང༌། འཇིག་རྟེན་ཐམས་ཅད་ལ་མངོན་ པར་མི་དགའ་བའི་འདུ་ཤེས་དང༌། ཉེས་དམིགས་ཀྱི་འདུ་ཤེས་དང༌། སྤོང་བའི་འདུ་ཤེས་ དང༌། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང༌། འགོག་པའི་འདུ་ཤེས་དང༌། འཆི་བའི་ 2-1-439 འདུ་ཤེས་དང༌། མི་སྡུག་པའི་འདུ་ཤེས་དང༌། རྣམ་པར་བསྔོས་པའི་འདུ་ཤེས་དང༌། རྣམ་པར་ བརྣགས་པའི་འདུ་ཤེས་དང༌། རྣམ་པར་བམ་པའི་འདུ་ཤེས་དང༌། རྣམ་པར་འབུས་གཞིགས་ པའི་འདུ་ཤེས་དང༌། རྣམ་པར་ཟོས་པའི་འདུ་ཤེས་དང༌། རྣམ་པར་དམར་བའི་འདུ་ཤེས་ དང༌། རྣམ་པར་འཐོར་བའི་འདུ་ཤེས་དང༌། རུས་གོང་གི་འདུ་ཤེས་དང༌། སྟོང་པ་ཉིད་དུ་སོ་ སོར་རྟོག་པའི་འདུ་ཤེས་ཐོབ་པོ། །མ་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ དང༌། ཅི་ཡང་མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད། འདུ་ཤེས་མེད་མིན་སྐྱེ་མཆེད་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལན་ཅིག་ཕྱིར་འོང་པའི་འབྲས་བུ་དང༌། ཕྱིར་མི་འོང་པའི་ འབྲས་བུ་དང༌། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ལྷའི་རྣ་བ་ དང༌། སེམས་ཀྱི་རྣམ་གྲངས་དང༌། སྔོན་གྱི་གནས་དང༌། འཆི་འཕོ་བ་དང༌། སྐྱེ་བ་དང༌། ཟག་ པ་ཟད་པ་ཐོབ་པོ། །བདག་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་ གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །ཞེས་བྱ་བ་སྟེ། དགེ་སློང་གིས་གནས་འདི་ ལྟ་བུ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་པར་འགྱུར། དགེ་སྦྱོང་དུ་མི་རུང༌། ཤཱཀྱའི་ སྲས་ཀྱིར་མི་རུང༌། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ ཞིག་པར་འགྱུར་ཞིང་ཉམས་པ་བཅོམ་པ་ལྟུང་བ་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ ཕྱིར་བླང་དུ་མེད་པར་འགྱུར་རོ། །འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་ འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་པ་བཞིན་ནོ། །དེང་ ཕྱིན་ཆད་ཁྱོད་སྤྱད་པ་མ་ཡིན་པ་དང༌། བྱ་བ་མ་ཡིན་པ་དང༌། སྤྱད་པ་མ་ཡིན་པ་སྤང་བ་དེ་ལ་ དྲན་པ་དང་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བར་བརྩོན་པར་གྱིས་ཤིག ཇི་ལྟར་གནས་ 2-1-440 འདི་ལྟ་བུ་ལ་མི་སྤྱོད་དམ། དེས་མི་སྤྱོད་ལགས། ཞེས་བརྗོད། དེ་ལྟར་ཚུལ་ཁྲིམས་མ་ཉམས་ པ་ལ་གདམས་ནས། དེའི་སྟེང་དུ་སྤྱོད་པ་མ་ཉམས་པ་ཅིག་དགོས་ཞེས་གསུམ་པ་ཉམས་ལེན་ སྤྱོད་པ་རྣམ་དག་ལ་གདམས་པ་ལ་ལྔ་ཡོད་པའི་དང་པོ་རབ་ཏུ་བྱུང་བ་སེམས་ཅན་ལ་ཕར་མི་ གནོད་པར་མ་ཟད་ཚུར་ལ་གནོད་པ་བྱུང་ཡང་བཟོད་དགོས་ཞེས་དགེ་སྦྱོང་དུ་བྱེད་པའི་ཆོས་ བཞི་ལ་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག བཞི་པོ་འདི་དག་ནི་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མཁྱེན་ཅིང་གཟིགས་པ་དེས། དེ་ལྟར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་ དགེ་སྦྱོང་དུ་བྱེད་པའི་ཆོས་སུ་གསུངས་ཏེ། བཞི་གང་ཞེ་ན། ཚེ་དང་ལྡན་པ་ཁྱོད་ཀྱིས་དེང་ཕྱིན་ ཆད་གཤེ་ཡང་སླར་མི་གཤེ་བར་བྱ་བ་དང༌། ཁྲོས་ཀྱང་སླར་མི་ཁྲོ་བར་བྱ་བ་དང༌། བརྡེག་ཀྱང་ སླར་མི་བརྡེག་པར་བྱ་བ་དང༌། འཚང་བྲུས་ཀྱང་སླར་མི་འབྲུ་བར་བྱ་བའོ། །ཇི་ལྟར་གནས་ འདི་ལྟ་བུ་ལ་སྤྱོད་དམ། དེས་སྤྱོད་ལགས་ཞེས་བརྗོད། གཉིས་པ་མཆོག་ཏུ་འདོད་པའི་དོན་གྲུབ་པར་གདམས་པ་ནི། ཁྱོད་ཀྱི་བསམ་པ་ལ་ གནས་བཞི་ལ་བརྟེན། ལྟུང་བར་འགྱུར་བ་བཞི་སྤོང༌། དགེ་སྦྱོང་གི་ཆོས་བཞི་ཉམས་སུ་ལེན་ དགོས་ན་བདག་གིས་མི་ནུས་སྙམ་ན། གཞན་གྱིས་ནན་གྱིས་ཁུར་དུ་བཀུར་བ་མ་ཡིན་གྱིས། ཁྱེད་རང་སྔ་མོ་ནས་མཆོག་ཏུ་འདོད་ཅིང་དོན་དུ་གཉེར་བའི་དོན་གྲུབ་པ་ཡིན་པས། ད་གཉེན་ པོ་བསྐྱེད་ལ་སྲུང་དགོས་ཞེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ཅིག ཁྱོད་ སྔོན་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་ རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་ཀྱང་ཅི་མ་རུང་སྙམ་དུ་སྨོན་པ་གང་ཡིན་པ་དེ་ད་ཁྱོད་ མཁན་པོར་འོས་པ་དང༌། །སློབ་དཔོན་དུ་འོས་པ་གཉིས་དང༌། དགེ་འདུན་མཐུན་པ་དང༌། གསོལ་བ་དང་བཞིའི་ལས་མི་གཡོ་ཞིང་བཞག་པར་མི་འོས་པས་རབ་ཏུ་བྱུང་ཞིང་བསྙེན་པར་ 2-1-441 རྫོགས་སོ། ། གསུམ་པ་ཚུལ་ཁྲིམས་ཀྱིས་མཉམ་པར་གྱུར་པ་ལ་སྦྱར་བ་ནི། ཁྱེད་ཀྱི་བསམ་པ་ལ་དེ་ལྟ་ ན་ཡང་གནས་བརྟན་རྣམས་དང་ཚུལ་ཁྲིམས་ལ་བཟང་ངན་དང༌། བསླབ་བྱ་ལ་མང་ཉུང་ཡོད་ དམ་སྙམ་ན། གནས་བརྟན་རྣམས་དང་མཉམ་པ་ཉིད་གསུམ་གྱིས་མཉམ་པས་དེ་རྣམས་ཇི་ ལྟར་སློབ་པ་བཞིན་སློབ་དགོས་ཞེས་འདོམས་པ་དེ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་ཉོན་ ཅིག བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་གི་བསླབ་པ་གང་ལ་བསླབ་པར་ བྱ་བ་དེ་ལ་དེ་རིང་བསྙེན་པར་རྫོགས་པས་ཀྱང་བསླབ་པོ། །དེ་རིང་བསྙེན་པར་རྫོགས་པའི་ དགེ་སློང་གི་བསླབ་པ་གང་ལ་བསླབ་པར་བྱ་བ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་ པས་ཀྱང་བསླབ་པོ། །དེ་ལྟར་ན་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང༌། བསླབ་པ་ཉིད་ཀྱིས་ མཉམ་པ་དང༌། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་དེ། ཁྱོད་ཀྱིས་དེང་ཕྱིན་ ཆད་བསྒྲུབ་པར་བྱའི་མི་བསྒྲུབ་པར་མི་བྱའོ། ། བཞི་པ་གཙོ་བོ་མཁན་པོ་ལ་བརྟེན་པར་གདམས་པ་ནི། གནས་བརྟན་རྣམས་དང་མཉམ་ པ་ཉིད་གསུམ་གྱིས་མཉམ་པས་སུ་ལ་ཡང་གུས་པར་བྱ་མི་དགོས་སམ་སྙམ་པ་དང༌། བསླབ་ བྱ་དེ་རྣམས་ལ་བསླབ་དགོས་ན་བདག་གིས་ཤེས་པར་མི་ནུས་སྙམ་ན། གཙོ་ཆེར་མཁན་པོ་ ལ་བརྟེན་ནས་ཤེས་པར་འགྱུར་བས་མཁན་པོ་ལ་གུས་པས་བསྟེན་དགོས་ཞེས་འདོམས་པ་ འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་མཁན་པོ་ལ་ཕའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །མཁན་པོས་ཀྱང་ཁྱོད་ལ་བུའི་འདུ་ཤེས་ཉེ་བར་བཞག་པར་བྱའོ། །ཁྱོད་ཀྱིས་དེང་ཕྱིན་ཆད་ མཁན་པོ་ལ་ཇི་སྲི ད་འཚོའི་བར་དུ་བསྙེན་བཀུར་བྱའོ། །མཁན་པོས་ཀྱང་ཁྱོད་ཤིའམ་སོས་ཀྱི་ བར་དུ་ནད་གཡོག་བྱའོ། ། ལྔ་པ་ཕལ་པ་གྲོགས་ལ་བརྟེན་པར་གདམ་པ་ནི། མཁན་པོ་ལས་གཞན་པའི་དགེ་སློང་ 2-1-442 རྣམས་དང་མཉམ་པ་ཉིད་གསུམ་གྱིས་མཉམ་པས་གུས་པར་བྱ་མི་དགོས་ཀྱི་མཉམ་འགྲོགས་ ཀྱིས་ཆོག་གམ་སྙམ་ན། གྲོགས་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་གུས་པར་ བྱེད་དགོས། ཞེས་འདོམས་པ་འདིར་གདའ། ཁྱོད་ཀྱིས་ཚངས་པར་མཚུངས་པར་སྤྱོད་པ་ རྣམས་དང༌། གནས་བརྟན་རྣམས་དང༌། བར་མ་རྣམས་དང༌། གསར་བུ་རྣམས་ལ་གུས་པ་ དང་བཅས་པ་དང༌། ཞེ་ས་དང་བཅས་པ་དང༌། འཇིགས་པ་དང་བཅས་པའི་དབང་དུ་འགྱུར་ བར་གནས་པར་བྱའོ། །དེ་ལྟར་སྤྱོད་པ་མ་ཉམས་པ་ལ་གདམས་ནས་དེའི་སྟེང་དུ་ལྟ་བ་མ་ ཉམས་པ་གཅིག་དགོས་སོ་ཞེས་བཞི་པ་རྟོགས་དོན་ལྟ་བ་རྣམ་དག་ལ་གདམས་པ་ནི། འདོད་ པའི་དོན་ནི་གྲུབ་པས། བླ་མ་དང་གྲོགས་ལ་གུས་པར་བྱ་སྟེ། སོས་དལ་དུ་བསྡད་པས་ཆོག་ གམ་སྙམ་ན། མི་ཆོག་སྟེ། དོན་གྲུབ་པ་རྒྱུ་མཚན་དུ་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་ འབད་དེ། ལུང་སྡེ་སྣོད་གསུམ་ལ་མཁས་པ་དང༌། མངོན་རྟོགས་བསླབ་པ་གསུམ་གྱིས་རྒྱུད་ ཕྱུག་པར་བྱེད་དགོས་ཞེས་སྟོན་པ་འདིར་གདའ། དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ། བཀླག་པར་བྱ། ཁ་ཏོན་དུ་བྱའོ། །ཕུང་པོ་ལ་མཁས་པ་དང༌། ཁམས་ལ་མཁས་པ་དང༌། སྐྱེ་ མཆེད་ལ་མཁས་པ་དང༌། རྟེན་ཅིང་འབྲེལ་པར་འབྱུང་པ་ལ་མཁས་པ་དང༌། གནས་དང་ གནས་མ་ཡིན་པ་ལ་མཁས་པར་བྱའོ། །མ་ཐོབ་པ་ཐོབ་པར་བྱ་བ་དང༌། མ་རྟོགས་པ་རྟོགས་ པར་བྱ་བ་དང༌། མངོན་དུ་མ་བྱས་པ་མངོན་དུ་བྱ་བའི་ཕྱིར་བརྩོན་པ་མི་འདོར་བར་བྱའོ། །དེ་ ལྟར་འཚོ་བ། ཚུལ་ཁྲིམས། སྤྱོད་པ། ལྟ་བ་སྟེ་མ་ཉམས་པ་བཞི་བསྒྲུབ་བྱའི་གཙོ་བོ་ཡིན་པས་ འབད་པས་བསླབ་དགོས་སོ། ། གཉིས་པ་དངོས་སུ་མ་བརྗོད་པ་གཞན་དུ་ཁ་འཕང་བ་ནི། གོང་གི་སྤང་བླང་དེ་ཙམ་ལ་ ནན་ཏན་དུ་བྱས་པས་ཆོག་གི་གཞན་ལ་བསླབ་མི་དགོས་སམ་སྙམ་ན། འདིར་བསླབ་བྱའི་ གཙོ་བོ་ཙམ་ཞིག་བརྗོད་པ་ཡིན། དགེ་འདུན་ལྷག་མ་ལ་སོགས་དངོས་སུ་མ་བརྗོད་པ་རྣམས་ 2-1-443 ཀྱང་ཤེས་པར་བྱས་ལ་བསླབ་དགོས་སོ་ཞེས་འདོམས་པ་འདིར་གདའ། འདི་དག་ནི་ཁོ་བོས་ ཁྱོད་ལ་བསླབ་པའི་གཞི་ཆེ་ལོང་ཙམ་ཞིག་བརྗོད་པར་ཟད་དེ། གཞན་དག་ནི་ཟླ་བ་ཕྱེད་ཕྱེད་ ཅིང་སོ་སོ་ཐར་པའི་མདོ་འདོན་པའི་ཚེ་ཐོས་པར་འགྱུར་རོ། །གཞན་དག་ཀྱང་སློབ་དཔོན་ དང༌། མཁན་པོ་དང་། མཁན་པོ་གཅིག་པ་དང༌། སློབ་དཔོན་གཅིག་པ་དང༌། གཏམ་འདྲེས་ པ་དང༌། ཕེབས་པར་སྨྲ་བ་དང༌། སྨོས་མགྲི ན་དང༌། འགྲོགས་བཤེས་རྣམས་ཀྱིས་ཀྱང་རྒྱ་ ཆེར་སྟོན་པར་འགྱུར་རོ། ། གཉིས་པ་ཡུལ་ཅན་གཉེན་པོ་ལ་གདམས་པ་ལ། བསླབ་པ་མ་གུས་པ་ལ་སྦྱར་བ་དང༌། ཐབས་བག་ཡོད་པ་ལ་སྦྱར་བ་གཉིས་ཀྱི། དང་པོ་ནི། རྙེད་དཀའ་བའི་དལ་འབྱོར་ཐོབ། མཇལ་དཀའ་བའི་བསྟན་པ་དང་མཇལ། བསྟན་པའི་སྙིང་པོ་བསྙེན་པར་རྫོགས་པ་ཐོབ་པས་ དལ་འབྱོར་དོན་ཡོད་པར་བྱས་ལ། ཚུལ་ཁྲིམས་ལ་གཅེས་སྤྲས་བྱས་ཏེ། གུས་པས་བསྒྲུབས་ ཤིག ཅེས་འདོམས་པ་འདིར་གདའ། ཤེས་རབ་མཆོག་གི་བསྟན་པ་ལ། །ཁྱོད་ནི་བསྙེན་ པར་རྫོགས་པར་འགྱུར། །དལ་དང་འབྱོར་པ་རྙེད་དཀའ་བས། །འདི་དག་ཇི་ལྟ་བཞིན་དུ་ བསྒྲུབས། །མཛེས་པ་རབ་ཏུ་དབྱུང་བ་དང༌། །ཡོངས་སུ་དག་པ་བསྙེན་རྫོགས་པར། །རྫོགས་ སངས་རྒྱས་ཀྱིས་རབ་མཁྱེན་ཏེ། །བདེན་པའི་མཚན་གྱིས་བཀའ་སྩལ་ཏོ། ། གཉིས་པ་ནི། དེ་ལྟར་བསླབ་པ་ལ་གུས་པར་བྱས་ཏེ་བག་ཡོད་པས་དགེ་སྦྱོང་གི་ཚུལ་ བསྒྲུབས་ཤིག །ཅེས་འདོམས་པ་འདིར་གདའ། ཚེ་དང་ལྡན་པ་ཁྱོད་བསྙེན་པར་རྫོགས་ ཟིན་གྱིས་བག་ཡོད་པས་བསྒྲུབས་ཤིག སྤང་གཉེན་ལ་བླང་དོར་མ་ནོར་བར་བྱེད་པ་བག་ ཡོད་ཡིན་ལ། བག་ཡོད་པས་ཆོས་འདུལ་བ་འདི་ལ་སྤྱད་ན་འཁོར་བ་ལས་གྲོལ་ཏེ་ཐར་ པའི་མཆོག་ཐོབ་པར་འགྱུར་ཏེ། སོ་སོར་ཐར་པར། གང་ཞིག་རབ་ཏུ་བག་ཡོད་པས། །ཆོས་ འདུལ་འདི་ལ་སྤྱད་བྱས་ན། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་ 2-1-444 པར་འགྱུར། །ཞེས་གསུངས་སོ། །དེ་ལྟར་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་བསྙེན་པར་ རྫོགས་པ་ཐོབ་པ་ཡིན། དེ་མཁན་པོ་པས་རང་གིས་མཛད་དགོས་པ་རྣམས་རང་གིས་མཛད། གཞན་ལ་བསྐོ་དགོས་རྣམས་བསྐོས་ནས་མཛད་པས་དྲིན་ཆེ་བ་ཡིན་པས་ཕྱག་གསུམ་ཚོལ་ ལ་བཀའ་དྲིན་ཆེ་ཞེས་བརྗོད། ཐམས་ཅད་ཀྱིས་སྨོན་ལམ་བཞི་གདབ་པོ། །ཚིགས་སྔ་མ་ དགེ་ཚུལ་དང་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་ཆོ་གའི་ལག་ལེན་རིན་པོ་ཆེའི་གཏེར་ཞེས་བྱ་བ། ཆོས་འདུལ་བའི་རྩ་ལུང་། བཤད་ལུང་། འགྲེལ་པ་དང་བཅས་པ་དང༌། བུ་སྟོན་རིན་པོ་ཆེ་ལ་ སོགས་པའི་ལེགས་བཤད་དུ་མའི་རྗེས་སུ་འབྲངས་ཏེ། དོན་དུ་གཉེར་བ་མང་པོས་ཡང་ཡང་ བསྐུལ་བའི་ངོར། དགེ་སློང་གཉག་ཕུ་པ་བསོད་ནམས་བཟང་པོས། དཔལ་མཁའ་རག་གི་ དབེན་གནས་དགེ་རྒྱས་ཐར་པ་གླིང་དུ་བཀོད་པ་འདིས། བསྟན་པ་དང་སེམས་ཅན་ལ་ཕན་ ཐོགས་པར་གྱུར་ཅིག། །། མངྒ་ལཾ། བྷཝཏུ། གཅིག་ཞུས་སོ། ། མ་ཡིག་འབྲས་སྤུངས་ཡིག་རྙིང༌། ཕྱི་ཞ ༡༩