1-1-1 མཚལ་མིན་པ་བསོད་ནམས་བཟང་པོའི་ གསུང་འབུམ། པོད་དང་པོ། 1-1-2 ༄། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བའི་དཀར་ཆག མཚན་དོན་སོགས་བཤད་པ། 1 གཞུང་དོན་ཉིད་བཤད་པ་ལ་གསུམ་ལས་དང་པོ་ 2 རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ། 3 འཇུག་བྱ་བསྟན་བཅོས་ཉིད་བཤད་པ་ལ་བཞི་ལས་དང་པོ་དགོས་པའི་དབང་གི་ཚད་མ་མདོ་ཡི་རང་དོན་ལེའུ་ དང་པོར་བཤད་པ། 4 རང་དོན་རྗེས་དཔག་མདོར་བསྟན་པ། 5 རང་དོན་རྗེས་དཔག་རྒྱས་བཤད་ལ་བཞི་ལས་དང་པོ་གཏན་ཚིགས་རྣམ་གསུམ་ཞེས་པ་བཤད་པ། 6 ཁོ་ན་ཞེས་པའི་ཚིག་དོན་བཤད་པ། 7 གཏན་ཚིགས་ལྟར་སྣང་ཞེས་པ་བཤད་པ། 8 མེད་ན་མི་འབྱུང་ཞེས་པ་བཤད་པ། 9 རྟགས་ལ་འབྲེལ་བ་མི་དགོས་པར་འདོད་པ་དགག་པ། 10 རྟགས་ལ་འབྲེལ་བ་ངེས་པར་དགོས་པ་བསྒྲུབ་པ། 11 སྒྲ་རྟོག་ཡུལ་ལ་འཇུག་ཚུལ་བཤད་པ། 12 རང་མཚན་ལ་མི་སྦྱོར་ཞིང་གཞན་སེལ་ལ་སྦྱོར་བ་བཤད་པ། 13 རྟོགས་ཕན་ཚུན་བརྟེན་པ་སྤང་བ་སོགས། 14 ལེའུ་གཉིས་པ་ལམ་དང་ལམ་མིན་ཕྱེ་སྟེ་ཚད་མ་ 15 མདོ་ཡི་མཆོད་ཚིགས་བཅད་བཤད་པ། 16 ཚིགས་བཅད་རིམ་བཞིན་བཤད་དེ་རང་བཞིན་རྟགས་ལས་ཚད་མར་སྒྲུབ་པ་ལ་དྲུག་ལས་དང་པོ་ཚད་མ་ བཤད་པ། 1-1-3 17 གྱུར་པ་བཤད་པ། 18 ཕན་བཞེད་པ་བཤད་པ། 19 སྟོན་པ་བཤད་པ། 20 བདེ་གཤེགས་བཤད་པ། 21 སྐྱོབ་པ་བཤད་པ། 22 རིམ་ལས་ལྡོག་སྟེ་འབྲས་རྟགས་ཀྱིས་ཚད་མར་སྒྲུབ་པ་ལ། 23 བདེན་བཞི་སྟོན་པས་སྐྱོབ་པར་བསྟན་པ། 24 བསྟན་བྱའི་བདེན་བཞི་གཏན་ལ་དབབ་པ། 25 སྐྱོབ་པ་ལས་བདེ་གཤེགས་གྲུབ་ཚུལ། 26 བདེ་གཤེགས་ལས་སྟོན་པ་གྲུབ་ཚུལ། 27 དེ་ལས་བསམ་པ་ཕན་བཞེད་གྲུབ་ཚུལ། 28 དེ་བཞིས་ཚད་མ་གྲུབ་ཚུལ། 29 ལེའུ་གསུམ་པ་ལོག་རྟོག་རྣམ་བཞི་བསལ་ཏེ་ཚད་མ་མདོ་ཡི་མངོན་སུམ་ལེའུ་བཤད་པ། 30 མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོག་བསལ་བ། 31 མངོན་སུམ་རང་གི་ངོ་བོ་ལ་ལོག་བསལ་བ། 32 དབང་པོའི་མངོན་སུམ་བཤད་པ། ༡༧༥ 33 ཡིད་མངོན་བཤད་པ། ༡༩༨ 34 རང་རིག་མངོན་སུམ་བཤད་པ། 35 རྣལ་འབྱོར་མངོན་སུམ་བཤད་པ། 36 མངོན་སུམ་ལྟར་སྣང་བཤད་པ། 1-1-4 37 མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་རྟོག་བསལ་བ། ༢༡༠ 38 ཚད་འབྲས་བཤད་པ། 39 ཚུལ་གཉིས་རྒྱས་པར་བཤད་པ། ༢༢༢ 40 རང་རིག་རྒྱས་པར་བཤད་པ། ༢༣༢ 41 ལེའུ་བཞི་པ་སྒྲུབ་ངག་དོན་བཅས་བཤད་དེ་ཚད་མ་མདོ་ཡི་གཞན་དོན་ལེའུ་བཤད་པ། 42 རྗོད་བྱེད་ངག་བཤད་པ། 43 བརྗོད་བྱའི་དོན་བཤད་པ་ལ་གཉིས་ལས་དང་པོ་དོན་གྱི་གོ་བྱ་བསྒྲུབ་བྱ་བཤད་པ། ༣༦༡ 44 རང་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་བཤད་པ། 45 གཞན་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་དགག་པ། 46 རྟགས་དམ་བཅའ་དང་འགལ་བའི་དཔེ་དགག་པ། 47 འདོད་པ་རྒྱས་པར་བཤད་པ། 48 རང་ཉིད་རྒྱས་པར་བཤད་པ། 49 མ་བསལ་བ་རྒྱས་པར་བཤད་པ། 50 དངོས་ཀྱི་བསྟན་བྱ་གཏན་ཚིགས་བཤད་པ། 51 ཐ་མར་ཇི་ལྟར་འགྱུར་ཚུལ་བཤད་པ། ༄༅༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་ འགྲེལ་བཤད་རིན་པོ་ཆེའི་ཕྲེང་བ་ཞེས་ བྱ་བ་བཞུགས་སོ། ། མཚལ་མིན་པ་བསོད་ནམས་བཟང་པོས་མཛད། 1-1-5 ༄༅༅། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་པོ་ཆེའི་ཕྲེང་ བ་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། ཡང་དག་ཡེ་ཤེས་དཀྱིལ་འཁོར་རྒྱས། ། བསམ་ཡས་ཡོན་ཏན་རི་བོང་འཛིན། ། ཕྲིན་ལས་འོད་དཀར་ཕྱོགས་བཅུར་འཕྲོ། ། འཇམ་མགོན་སྨྲ་བའི་ཟླ་བ་རྒྱལ། ། དྷརྨཱ་ཀིརྟི་གཉིས་པ་ཀུན་དགའ་དཔལ། ། དེས་མཛད་ཡིད་ཀྱི་མུན་སེལ་སྙིང་པོ་བླངས། ། ཚིག་བསྡུས་དོན་རྫོགས་རིན་ཆེན་ཕྲེང་བ་འདི། ། དོན་གཉེར་སློབ་མས་བསྐུལ་ཕྱིར་འདིར་དགོད་བྱ། ། དེ་ཡང་འདིར་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་ སྔགས་ཀྱང་འགྲུབ། །ཅེས་དང༌། མགོན་པོ་ནག་པོའི་རྒྱུད་ལས། པཎྜི་ཏ་རྣམས་ཀྱི་གཙོ་བོར་ གྱུར་པ་ཆོས་ཀྱི་གྲགས་པ་ཞེས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ། ཚངས་པར་སྤྱོད་ པ་ལ་གནས་པ་རྣམས་ཀྱིས་གྲུབ་པ་ཐོབ་པོ་ཞེས་ལུང་བསྟན་ཅིང༌། དཔལ་ཀུན་ཏུ་བཟང་པོའི་ ངོ་བོ་ཆོས་ཀྱི་གྲགས་པས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འཆད་པ་ལ་ གསུམ། མཚན་དོན་སོགས་བཤད། གཞུང་དོན་ཉིད་བཤད། འགྱུར་བྱང་རྣམས་བཤད་པའོ། ། 1-1-6 དང་པོ་ལ་གཉིས། མཚན་དོན་དངོས་དང༌། ཕྱག་གིས་མཆོད་པའོ། །དང་པོ་ལ། མཚན་ གྱི་ངོ་བོ་དང་དེ་བསྒྱུར་བ་གཉིས་ཀྱི་དང་པོ་ནི། རྒྱ་གར་ནི་འཕགས་པའི་ཡུལ་ཏེ་དེར་གྲགས་ པའི་སྐད་ལ། སྐད་རིགས་བཞིའམ་ལྔ་ལས། སཾ་ཀྲྀ་ཏའི་སྐད་དུའམ་རྒྱ་གར་སྐད་ལ། བསྟན་ བཅོས་འདི་ཡི་མིང་ལ་པྲ་མ་ཎ་བར་ཏི་ཀ་ཀཱ་རི་ཀ་ཞེས་ཟེར་རོ། །བོད་ཁ་བ་ཅན་པའི་སྐད་དུ། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ཞེས་ཟེར་རོ། ། གཉིས་པ་ནི། མ་ཎ་སྐད་ཀྱི་བྱིངས་ཏེ་འཇལ་བ། པྲ་ནི་དང་པོ་སོགས་ལ་འཇུག་པས་དོན་ འགྱུར་དུ་མཛད་དེ། ཚད་མ། བར་ཏི་ཀ་ནི་རྣམ་འགྲེལ། ཀཱ་རི་ཀ་ནི་ཚིག་ལེའུར་བྱས་པའོ། ། གཉིས་པ་ནི། སོ་སྐྱེའི་ས་ལས་རིང་དུ་སོང་བས་འཕགས་པ་སེམས་ཅན་ལ་བྱམས་པས་ ཁྱབ་པས་ཐུགས་འཇམ་གསུང་སྙན་ཅིང་མཉེན་པས་གསུང་འཇམ་སྐུ་མདངས་ཕུན་སུམ་ ཚོགས་པས་སྐུ་འཇམ་དཔལ་གྱི་འབྱུང་གནས་སུ་གྱུར་པས་དཔལ། ས་བརྒྱད་པ་བརྙེས་པས་ གཞོན་ནུར་གྱུར་པ་ལ་འགྱུར་བྱེད་ལོཙྪ་བ་སོགས་ཀྱིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ། གཉིས་པ་ལ་གསུམ། རྩོམ་པ་ལ་འཇུག་པའི་ཡན་ལག འཇུག་བྱ་བསྟན་བཅོས་ཉིད་ བཤད་པ། ཐ་མར་ཇི་ལྟར་འགྱུར་ཚུལ་བཤད་པའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་ དང༌། རྩོམ་པར་དམ་བཅའ་བའོ། ། དང་པོ་ལ། བསྟོད་པ་དང་ཕྱག་འཚལ་བ་གཉིས་ལས། དང་པོ་ལ་རང་དོན་དང་གཞན་ དོན་ཕུན་ཚོགས་ཀྱིས་བསྟོད་པ་སྟེ། རང་དོན་ནི། བདག་དང་བདག་གིར་ལྟ་བ་སོགས་རྟོག་ པའི་དྲ་བ་བག་ཆགས་དང་བཅས་པ་རྣམ་པར་བསལ་བ་ངོ་བོ་ཉིད་ཀྱི་སྐུ་དང་། ཉན་རང་ སོགས་ཀྱི་སྤྱོད་ཡུལ་མིན་པས་ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། མཁྱེན་བརྩེས་ཀུན་ ལ་ཁྱབ་པས་རྒྱ་ཆེ་བ་སྤྲུལ་པའི་སྐུ་མངའ་བས་སོ། །ཅིང་སྡུད་ཚིག་གོ། རྫོགས་པའི་སངས་ རྒྱས་ཆོས་ཅན། རང་དོན་ཕུན་ཚོགས་མངའ་སྟེ། མཐར་ཕྱིན་པའི་སྐུ་གསུམ་མཉེས་པས་སོ། 1-1-7 ། ཆོས་ཅན། གཞན་དོན་ཕུན་ཚོགས་མངའ་སྟེ། མངོན་མཐོ་ངེས་ལེགས་སོགས་དགེ་ལེགས་ བཟང་པོ་ཀུན་ཏུ་སྟེ། མ་ལུས་པར་གདུལ་བྱའི་སྐལ་བ་དང་མཐུན་པར་འབྱུང་བའི་ཐབས་དམ་ པའི་ཆོས་སྟོན་པའི་འོད་ཟེར་དག་ཀུན་ནས་འཕྲོ་བ་མཐར་ཐུག་པ་དེ་ཡིན་པས་སོ། །གཉིས་ པ་ནི། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་ཏེ་དེ་ལའམ་དེ་ཡི་ཆེད་དུ་ཕྱག་འཚལ་ཅེས་པ་སྟེ་སྒོ་ གསུམ་གུས་པས་འདུད་པའོ། ། གཉིས་པ་ནི། ཉན་པ་པོའི་སྐྱེ་བོ་ཕལ་ཆེར་ཕལ་པ་ཕྱི་རོལ་པའི་བསྟན་བཅོས་ལ་ཆགས་ ཤིང་ཞེན་པས་ཤེས་རབ་ངན་པ་དང༌། བསྟན་བཅོས་ཁྱད་པར་ཅན་འཛིན་པར་ནུས་པའི་ཤེས་ རབ་ཀྱི་རྩལ་མེད་པས་ན། ལེགས་བཤད་རྣམས་དོན་དུ་མི་གཉེར་ཅིང༌། དེ་ཁོ་ནར་མ་ཟད་ ལེགས་བཤད་སྟོན་པ་པོ་ལ་ཕྲག་དོག་དྲི་མ་དག་གིས་ཞེ་སྡང་བར་ཡང་ཡོངས་སུ་གྱུར་པ་དེས་ ན་ཆོས་གྲགས་བདག་ལ་རྣམ་འགྲེལ་འདི་ནི་གཞན་ལ་ཕན་པར་འགྱུར་བ་ཡིན་ཞེས་བསམ་ པའང་མེད་མོད་ཀྱི། འོན་ཀྱང་ཁོ་བོའི་སེམས་ནི་དུས་ཡུན་རིང་པོ་ནས་ལེགས་བཤད་ལ་ གོམས་ཤིང་འདྲིས་ཆེས་པས་ལེགས་བཤད་ལ་ལྷུར་ལེན་པ་བསྐྱེད་པ་སྟེ་འཕེལ་བ་དེ་ཡི་ཕྱིར་ ན་རྣམ་འགྲེལ་འདི་རྩོམ་པ་ལ་དགའ་བ་སྐྱེས་ཤིང་རྩོམ་པར་འདོད་པ་བྱུང་ངོ༌། ། གཉིས་པ་ལ་བཞི། དགོས་པའི་དབང་གིས་ཚད་མ་མདོ་ཡི་རང་དོན་ལེའུ་དང་པོར་ བཤད། །ལམ་དང་ལམ་མིན་ཕྱེ་སྟེ་ཚད་མ་མདོ་ཡི་མཆོད་བརྗོད་ཚིགས་བཅད་བཤད། ལོག་ རྟོག་རྣམ་བཞི་བསལ་ཏེ་ཚད་མ་མདོ་ཡི་མངོན་སུམ་ལེའུ་བཤད། སྒྲུབ་ངག་དོན་བཅས་བཤད་ དེ་ཚད་མ་མདོ་ཡི་གཞན་དོན་ལེའུ་བཤད་པའོ། ། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། ཚད་མ་མདོར། རང་དོན་ ནི་ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཅེས་པ་འཆད་པ་ལ། དེ་ཡང་རྟགས་གཏན་ལ་ དབབ་པའི་སྒོ་ནས་ལེགས་པར་གཏན་ལ་ཕབ་དགོས་པས་རྟགས་འཆད་དོ། །དེ་ཡང་རྟགས་ 1-1-8 ཀྱི་མཚན་ཉིད་ལ། གཅེར་བུ་པའི་སྟོན་པ་སྣོད་ཀྱི་རྗེ་ན་རེ། རྟགས་ཀྱི་ཚུལ་གཅིག་ཁོ་ནའོ་ཟེར་ རོ། །རིགས་པ་ཅན་པ་ན་རེ། རྟགས་ཀྱི་ཚུལ་དྲུག་ཁོ་ནའོ་ཞེས་ཟེར་བ་བསལ་ཏེ། ཚུལ་གསུམ་ སྟོན་པ་ནི། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ ཆོས་ཅན་སྒྲ་ཡི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་རྟགས་ཡིན་པས་སོ། །ཕྱོགས་ བརྟགས་པ་བ་ཆོས་ཅན། དེའི་ཆ་བསྒྲུབ་བྱའི་ཆོས་ཀྱིས་རྟགས་ལ་ཁྱབ་པས་ཏེ་ཆོས་ཅན་དེ་ཡི་ རྗེས་ཁྱབ་ཡིན་ཏེ། དེ་ཡི་མཐུན་དཔེ་ཡང་དག་གི་སྟེང་དུ་ཁྱོད་ལ་མི་རྟག་པས་ཁྱབ་པ་ཚད་མའི་ སྟོབས་ཀྱིས་རྣལ་མར་ངེས་པ་གང་ཞིག དེ་ཡི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པས་སོ། ། ཆོས་ཅན། དེ་ཡི་ལྡོག་ཁྱབ་ཡིན་ཏེ། གང་ཞིག་དེ་ཡི་མི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་ངེས་ པས་སོ། །ཆོས་ཅན་གཏན་ཚིགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཡིན་པས་སོ། །ཚུལ་གསུམ་ རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། རྣམ་འཇོག་ཡིན་པས་སོ། །གྲངས་ངེས་ལ། རིགས་ པ་ཅན་པ་ན་རེ། སྔ་མ་དང་ལྡན་པ། ལྷག་མ་དང་ལྡན་པ་སྤྱིར་མཐོང་པའོ་ཟེར་རོ། །སེར་སྐྱ་ སོགས་ནི་སྤྱིར་མཐོང་བ་དང༌། ཁྱད་པར་དུ་མཐོང་བའོ་ཟེར་བ་སེལ་ཏེ། ཤེས་བྱ་ཆོས་ཅན། རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་རྣམ་པ་གསུམ་ཉིད་དུ་ངེས་ཏེ། བསྒྲུབ་བྱའི་ ཆོས་དང་མེད་ན་མི་འབྱུང་བའི་རང་བཞིན་འབྲེལ་པ་བསྒྲུབ་པའི་ཕྱོགས་ཆོས་ཅན་དེ་གསུམ་ ཁོ་ན་ལ་ངེས་པའི་ཕྱིར་རོ། །ཆོས་ཅན། ཆོས་འདྲ། དེ་གསུམ་གང་ཡང་མིན་པའི་རྟགས་ཡིན་ ན་གཏན་ཚིགས་ལྟར་སྣང་ཡིན་དགོས་པས་སོ། ། གཉིས་པ་ལ་བཞི། གཏན་ཚིགས་རྣམ་གསུམ་ཞེས་པ་བཤད། ཁོ་ན་ཞེས་པའི་ཚིག་དོན་ བཤད། གཏན་ཚིགས་ལྟར་སྣང་ཞེས་པ་བཤད། མེད་ན་མི་འབྱུང་ཞེས་པ་བཤད་པའོ། ། དང་པོ་ལ་གསུམ། འབྲས་བུ། རང་བཞིན། མ་དམིགས་གང་ལ་རྟགས་སུ་འགྱུར་བའོ། ། དང་པོ་ནི། རྒྱུ་མེ་ལ་ཡོད་པའི་རང་བཞིན་ཇི་སྙེད་ཅིག་རྒྱུར་མེད་ན་མི་འབྱུང་བའི་འབྲས་བུ་ 1-1-9 དུ་བ་ནི་ཆོས་ཅན། དུ་ལྡན་ལ་ལ་མེ་གོ་བྱེད་ཀྱི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ ཡིན་པས་སོ། ། གཉིས་པ་ནི། འབྲས་བུར་མ་ཟད་བསྒྲུབ་བྱའི་ཆོས་ཀྱི་ངོ་བོར་གྱུར་པའི་བྱས་པ་ལྟ་བུ་ཡང་ རང་གི་རང་བཞིན་དུ་ཡོད་ཙམ་དང་འབྲེལ་པ་ཅན་གྱི་མི་རྟག་པ་གོ་བར་བྱེད་དོ། །བྱས་པ་རང་ བཞིན་རྟགས་སུ་འགོད་དོ། ། གསུམ་པ་ལ། མ་དམིགས་པ་གཉིས་ཀྱི་ཁྱད་པར་བཤད། སྣང་རུང་མ་དམིགས་པའི་ དབྱེ་བ་བཤད་པའོ། །དང་པོ་ནི། ཐ་མལ་གྱི་ངོ་བོར་བསྐལ་དོན་དམིགས་པའི་ཚད་མ་རྣམས་ ནི་མི་འཇུག་པ་ཆོས་ཅན། མདུན་གྱི་གཞིར་མེད་པ་སྟེ། བསྐལ་དོན་ལ་ཡོད་ངེས་ཀྱི་ཐ་སྙད་ དོན་མཐུན་མི་འཇུག་པ་དེ་ཡི་འབྲས་བུ་ཅན་རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་པས་སོ། ། མ་དམིགས་པའི་རྟགས་ཀྱི་བྱེ་བྲག་ལྟར་རུང་མ་དམིགས་པ་ལ་ལྟོས་ནས་དགག་བྱ་འགའ་ ཞིག་མེད་པར་ཤེས་པའི་འབྲས་བུ་ཅན་ཏེ། ཐ་སྙད་འཇུག་རུང་བསྒྲུབ་པའི་རྟགས་སོ། །ཡུལ་ ཡུལ་ཅན་གྱི་མ་དམིགས་པ་འགོད་དོ། ། གཉིས་པ་ལ་དབྱེ་བ་དངོས། རྩོད་པ་སྤང་བ། དང་པོ་ནི། དགག་ཆོས་མེད་དོན་ཅན་སྣང་ རུང་མ་དམིགས་པའི་རྟགས་ཆོས་ཅན། རྣམ་པ་བཞིར་ཡོད་དེ། རང་བཞིན་འགལ་དམིགས་ དང་འགལ་བའི་འབྲས་བུ་གྲུབ་པའི་རྟགས་དག་རང་རྒྱུ་མ་དམིགས་པ་དང༌། ངོ་བོ་ལྟར་རུང་ གི་བདག་ཉིད་དག་ནི་མ་གྲུབ་པ་སྟེ་རང་བཞིན་མ་དམིགས་པ་དག་སྟེ་གཉིས་རྣམས་སུ་ཡོད་ པའི་ཕྱིར། དང་པོའི་ཞར་ལ་ཁྱབ་བྱེད་འགལ་དམིགས་དང༌། བཞི་པའི་ཞར་ལ་ཁྱབ་བྱེད་མ་ དམིགས་པ་བསྟན་ཏོ། །ཚ་རེག་སྟོབས་ཆེན་རྒྱུན་ཆགས་ཆོས་ཅན། དེས་ཁྱབ་པར་ནོན་པའི་ གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་འབྱུང་བཞིན་པ་མེད་པར་སྒྲུབ་པའི་རང་བཞིན་ འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཟུང་བྱའི་ལྷན་ 1-1-10 གཅིག་མི་གནས་པའི་འགལ་ཟླ་དངོས་རྟགས་སུ་སྦྱར་བའི་འགལ་དམིགས་ཀྱི་རྟགས་ཡང་ དག་ཡིན་པས་སོ། །ཞེས་སོགས་དཔྱད་ཅིང་དགོད་དོ། ། གཉིས་པ་ནི། འགལ་འབྲས་དམིགས་པས་འགལ་ཟླ་ཁེགས་ན། འགལ་རྒྱུ་དམིགས་ པས་ཀྱང་ཅིས་མི་ཁེགས་ཅེ་ན། གྲང་རེག་དེ་དང་འགལ་བ་ཡི་ནི་རྒྱུ་དམིགས་པའི་སྦྱོར་བ་ གང་ཡིན་པའི་རྟགས་བུད་ཤིང་དེ་ཆོས་ཅན། གྲང་རེག་མེད་པར་བསྒྲུབ་པའི་ཁྱབ་པ་འཁྲུལ་ པ་ཅན་ཡིན་ཏེ། གྲང་རེག་གི་རྒྱུ་མཚན་ཏེ། རྒྱུ་དག་ནི་འགལ་བ་ཉིད་མེད་པས་སོ། །འོ་ན་དུ་ བས་གྲང་རེག་འགོག་པ་འཁྲུལ་ལོ་ཞེ་ན། དུ་བ་ཆོས་ཅན། དེ་སྒྲུབ་ཀྱི་འགལ་འབྲས་དམིགས་ པའི་རྟགས་ཡང་དག་ཏུ་འགྱུར་བ་ལ་ཡུལ་དང་ནི་དུས་སོགས། ཁྱད་པར་ཅན་ལ་ལྟོས་དགོས་ པར་འདོད་དེ། དེ་ལ་ལྟོས་པ་ལས་གཞན་དུ་མ་ལྟོས་ན་ཁྱབ་པ་འཁྲུལ་བར་འགྱུར་བའི་ཕྱིར། དཔེར་ན། མི་གྲང་བ་སྒྲུབ་པ་ལ་ནི་ཐལ་བ་བཀོད་པ་བཞིན། གཉིས་པ་ལ་གཉིས། ཚོགས་པས་རུང་བ་དཔོག་པ་རང་བཞིན་ཡིན། རྒྱུ་ཚོགས་གཅིག་ པས་དཔོག་ན་འབྲས་རྟགས་ཡིན་པའོ། །དང་པོ་ནི། རྟགས་གསུམ་དུ་ངེས་ན། རྒྱུ་ཚོགས་པ་ ཚང་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་གང་ཡིན་པའི། རྟགས་དེ་རྟགས་ཡང་དག་ མ་ཡིན་པར་ཐལ་ལོ་ཞེ་ན། སྣམ་བུའི་རྒྱུ་ཚོགས་གྲངས་ཚང་དེ་ཆོས་ཅན། སྣམ་བུའི་རྒྱུ་སྤུན་ སོགས་ལས་སྣམ་བུ་འབྱུང་རུང་བསྒྲུབ་པའི་རང་བཞིན་གྱི་རྟགས་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་ གང་ཞིག སྣམ་བུ་འབྱུང་རུང་དེ་ནི་ཁྱོད་ཀྱི་རང་བཞིན་ཡིན་པར་བརྗོད་པའི་ཕྱིར། རྟགས་མ་ གྲུབ་ན། རྟགས་དེར་ཐལ། དེ་ཡི་རྒྱུ་ལས་དོན་གཞན་ལ་ནི་མི་ལྟོས་པར་དེ་ཡི་ཉེར་ལེན་སོགས་ ལས་དེ་ཡི་བདག་ཉིད་དུ་སྐྱེས་པའི་ཕྱིར། འབྲས་བུ་བསྐྱེད་ངེས་སུ་ཅིས་མི་དཔོག་ཅེ་ན། རྒྱུ་ ཚོགས་པ་སྔ་མའི་འབྲས་བུར་གྱུར་པའི་སྣམ་བུའི་རྒྱུ་ཚོགས་གྲངས་ཚང་ཆོས་ཅན། འབྲས་བུ་ སྣམ་བུ་བསྐྱེད་ངེས་ལ་ཁྱབ་པ་མ་ངེས་པ་ཉིད་ཡིན་ཏེ། ཁྱོད་ཀྱི་དེ་བསྐྱེད་པའི་ནུས་པ་རྣམས་ 1-1-11 འགྱུར་བ་དང་འབྲེལ་བ་སྟེ། ཁྱད་པར་དུ་འགྱུར་བ་ལ་གེགས་བྱེད་པ་དག་སྲིད་པའི་ཕྱིར་རོ། ། གལ་ཏེ་རྟགས་གསུམ་དུ་ངེས་ན་རོ་ལས་གཟུགས་སོགས་དཔོག་པ་རྟགས་ཡང་དག་མ་ཡིན་ པར་ཐལ་ལོ། །ཞེ་ན། རོ་ད་ལྟར་བ་ཆོས་ཅན། ཁྱོད་ཀྱིས་གཟུགས་སོགས་རྟོགས་པར་བྱེད་པ་ཡང་རྒྱུ་ཆོས་རྗེས་ སུ་དཔག་སྟོབས་ཀྱིས་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག གཟུགས་སོགས་དང་རང་གི་ དངོས་རྒྱུ་ཚོགས་པ་ཚར་གཅིག་ལ་རག་ལས་པའི་དེ་བྱུང་འབྲེལ་བས་སོ། །དཔེར་ན་དུ་བས་ ལ་ལ་མེ་དཔོག་པ་ན། མེས་བུད་ཤིང་གི་འགྱུར་བ་བསྐྱེད་པའི་ནུས་པ་དཔག་སྟོབས་ཀྱིས་བུད་ ཤིང་གི་འགྱུར་བ་དཔོག་པ་བཞིན། དེ་ཡི་གཞུང་འཛུགས་པ་ནི། བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། བུ་རམ་གྱི་གཟུགས་ད་ ལྟར་བ་དང་རྒྱུ་ཚོགས་གཅིག་སྟེ། རོ་སྔ་མ་ཁྱོད་ལ་ནུས་པ་འཇུག་པ་མེད་པར་ནི་ཁྱོད་སྐྱེ་བ་ མེད་ཅིང་དེ་ཡི་རོ་སྔ་མ་དེ་ཉིད་གཞན་དེ་ཡི་གཟུགས་ད་ལྟར་བའི་ལྷན་ཅིག་བྱེད་པའི་རྒྱུ་སྟེ་ རྐྱེན་ཡིན་ཅིང་དེ་ཡི་ཉེར་ལེན་གཟུགས་སྔ་མ་དེ་ཁྱོད་ཀྱི་ལྷན་གཅིག་བྱེད་རྐྱེན་ཡིན་པས་སོ། ། དེ་ལྟར་ན་ཁ་ནང་གི་བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། བུ་རམ་གྱི་གཟུགས་འདས་པ་སྔོན་ དུ་སོང་སྟེ། བུ་རམ་གྱི་རོ་ད་ལྟར་བ་ཡིན་པས་སོ། །བུ་རམ་གྱི་རོ་ད་ལྟར་བ་ཆོས་ཅན། ཁ་ ནང་བུར་རྡོག་བུ་རམ་གྱི་གཟུགས་དུས་གཅིག་པ་རྟོགས་ནུས་ཏེ། དེ་ཡི་ཚུལ་གསུམ་ཡིན་པས་ སོ། ། དེ་ནི་ཆོས་ཅན། དེ་སྒྲུབ་ཀྱི་འབྲས་རྟགས་སུ་འདུས་ཏེ། དེ་སྒྲུབ་ཀྱི་རྒྱུ་སྔོན་སོང་སྒྲུབ་ པའི་འབྲས་བུའི་རྟགས་སུ་སོང་སྟོབས་ཀྱིས་གཟུགས་ད་ལྟར་བ་དཔོག་པའི་འབྲས་རྟགས་སུ་ འོངས་པས་སོ། ། གསུམ་པ་ནི། འབྲས་བུ་དེ་ཡི་རྒྱུ་མ་ཚོགས་པ་ཁ་ཡར་བས་འབྲས་བུ་འབྱུང་རུང་ཙམ་ནི་ རྗེས་སུ་དཔོག་པའི་རྟགས་ཡང་དག་མ་ཡིན་ཏེ། རྒྱུ་མ་ཚང་བས་འབྲས་བུ་བསྐྱེད་པའི་ནུས་ 1-1-12 པ་མེད་པའི་ཕྱིར། དེས་ན་དེ་ལྷག་མ་དང་ལྡན་པའི་རྟགས་ཡིན་ཏེ། དཔེར་ན། ལུས་ལས་ འདོད་ཆགས་སོགས་རྗེས་སུ་དཔོག་པ་བཞིན། ལུས་ཆོས་ཅན། སྐྱེས་བུ་ལ་ཆགས་སོགས་ དཔོག་པའི་ལྷག་ལྡན་གྱི་རྟགས་ཡིན་ཏེ། ཕྱོགས་ཆོས་གང་ཞིག ། ཁྱབ་པ་ལ་ཐེ་ཚོམ་ཟ་བས་ ཕྱིར། དེ་བཞིན་དུ། འབྲས་བུའི་སྤྱི་མཐོང་པ་ལ་རྒྱུ་ཡི་ཁྱད་པར་དཔོག་པའི་གཏན་ཚིགས་དེ་ རྟགས་ཡང་དག་མ་ཡིན་ཏེ། དེ་དེའི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་རྟགས་སུ་ཤེས་ པ་སྟེ། འདོད་པ་དེ་ཚད་མ་སྟེ་རྟགས་ལྟར་སྣང་ཡིན་ནོ། །འབྲས་བུའི་སྤྱི་ཚིག་དང་མཆུ་གཉིས་ གཡོ་བ་སོགས་ལས་རྒྱུའི་ཁྱད་པར་ཆགས་སྡང་ལ་སོགས་དཔོག་པ་བཞིན། མི་མཐུན་ཕྱོགས་ ལ་མ་མཐོང་ན་དེ་ལ་མེད་པའི་ལྡོག་པ་གྲུབ་སྟེ། རྟགས་ལྡོག་པ་འཁྲུལ་བ་ཐམས་ཅད་མི་ མཐུན་ཕྱོགས་ལ་མ་མཐོང་བས་ཡིན་པའི་ཕྱིར་རོ་ཞེ་ན། རྟགས་ཆོས་ཅན། མི་མཐུན་ཕྱོགས་ འགའ་ལ་མ་མཐོང་བ་གྲུབ་ཙམ་གྱིས་དེ་ལ་མེད་པའི་ལྡོག་པ་འཁྲུལ་པ་མེད་པས་ཁྱབ་པ་མིན་ པར་ཐལ། དེ་གྲུབ་ཡང་ལྡོག་པ་འཁྲུལ་པ་སྲིད་པ་ཅན་ཉིད་དེ་མི་མཐུན་ཕྱོགས་ལ་ཡོད་པ་ མི་འགལ་བའི་ཕྱིར་ཕྲུ་པའི་ནང་དུ་ཚུད་པའི་རྟགས་ཀྱིས་དེར་ཚུད་པའི་འབྲས་ནི་ཚོས་པར་ སྒྲུབ་པ་བཞིན། ལྷག་ལྡན་གྱི་དོན་ཅི་ཞེ་ན། སྒྲ་སོགས་ཀྱི་རྟགས་གང་ཞིག་ཆོས་ཅན། སྨྲ་བ་ པོ་ཕ་རོལ་པོ་ཆགས་ཅན་དུ་བསྒྲུབ་པ་དེ་ལ་ལྷག་མ་དང་ལྡན་པ་ཞེས་བརྗོད་དེ། དེ་ཡི་ཕྱོགས་ ཆོས་གང་ཞིག་དེ་ཡི་མཐུན་ཕྱོགས་འགའ་ལ་ཡོད་ཀྱང་དེ་ཡི་མི་མཐུན་ཕྱོགས་ལ་ཐེ་ཚོམ་རྒྱུ་སྟེ་ འཇུག་སྲིད་པའི་རྟགས་ཡིན་པའི་ཕྱིར། དེ་ཡི་མི་མཐུན་ཕྱོགས་ལ་འཇུག་སྲིད་པར་ཐལ། ཆོས་ ལ་འབྲེལ་པ་མེད་པར་དེ་མི་མཐུན་ཕྱོགས་འགའ་ལ་མ་མཐོང་བ་ཙམ་གྱིས་དེ་ཡི་མི་མཐུན་ ཕྱོགས་ལས་ལྡོག་པར་མུ་སྟེགས་སོགས་ཀྱིས་རབ་ཏུ་སྟོན་པར་བྱེད་པ་ཙམ་དེ་ཡིན་པས་སོ། ། བཞི་པ་ལ་གཉིས། རྟགས་ལ་འབྲེལ་པ་མི་དགོས་པར་འདོད་པ་དགག རྟགས་ལ་འབྲེལ་ པ་ངེས་པར་དགོས་པ་བསྒྲུབ་པའོ། །དང་པོ་ལ་གསུམ། རང་སྡེ་ལུང་གིས་ཐལ་བས་དགག 1-1-13 ཐུན་མོང་མངོན་སུམ་གནོད་པ་བསྟན། གཞན་སྡེ་ཁས་བླངས་འགལ་བ་དགག་པའོ། །དང་པོ་ ལ་གཉིས། འབྲེལ་བ་བཞེད་པར་ཡོངས་གཅོད་ལ་སྒྲུབ། འབྲེལ་མེད་དུ་འདོད་པ་རྣམ་གཅད་ ལ་དགག་པའོ། ། དང་པོ་ནི། དབང་ཕྱུག་སྡེ་སོགས་ཕྱོགས་གླང་གི་སློབ་མ་དག རྟགས་ཆོས་འབྲེལ་པ་ མེད་པར་མི་མཐུན་ཕྱོགས་འགའ་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་གྲུབ་པ་སློབ་དཔོན་གྱི་ དགོངས་པར་འཆད་པ་འགོག་སྟེ། སློབ་དཔོན་ཕྱོགས་གླང་དེ་ཡིས་རྒྱུ་མཚན་དང་དགོས་པ་ གཉིས་ཀྱི་ཕྱིར་གཏན་ཚིགས་ཀྱི་ནི་མཚན་ཉིད། ཚུལ་གསུམ་ལ་ངེས་པ་བརྗོད་པར་མཛད་པ་ ཡིན་ནོ། །འང་སྒྲས་ཕྱོགས་ཆོས་སུ་མ་ཟད་རྗེས་སུ་འགྲོ་ལྡོག་ལའང་ཞེས་སོ། ། རྒྱུ་མཚན་ནི་རྟགས་ཆོས་འབྲེལ་པའི་དབང་གིས་གོ་བྱེད་ཡིན་གྱི། མ་མཐོང་ཙམ་གྱིས་ མིན་པ་དང༌། དགོས་པ་ནི། མ་གྲུབ་པའི་རྟགས་དང༌། བཟློག་དོན་འགལ་བ་ཕྱོགས་མཐུན་ དང་བཅས་པ་དང་འཁྲུལ་པ་ཅན་མ་ངེས་པའི་རྟགས་རྣམས་དེ་བསྒྲུབ་ཀྱི་རྟགས་ཡང་དག་ ཡིན་པའི་གཉེན་པོར་ནིའོ། །སློབ་དཔོན་ཕྱོགས་གླང་ཆོས་ཅན། རྟགས་ཡང་དག་ལ་རྟགས་ ཆོས་འབྲེལ་པ་དགོས་པར་བཞེད་དོ། །རྟགས་ཡང་དག་ཡིན་ན་ཚུལ་གསུམ་ཡོད་པ་ལྟར་ངེས་ དགོས་པར་བཞེད་པའི་མཁས་མཆོག་ཡིན་པས་སོ། །ཕྱོགས་ཆོས་ལ་ངེས་པ་བརྗོད་པ་ཆོས་ ཅན། དགོས་པ་ཡོད་དེ། མ་གྲུབ་པའི་རྟགས་རྟགས་ཡང་དག་ཡིན་པ་བཅད་པའི་ཆེད་ཡིན་ པས་སོ། །ཇི་སྐད་དུ་ཀུན་བཏུས་ལ་སོགས་པར། གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་བསྒྲུབ་པ་ ཡིན་ནོ་ཞེས། གཉིས་པ་ལ་ལུང་གི་ཐལ་བ་དྲུག་ལས། དང་པོ་མི་མཐུན་སྦྱོར་སྨོས་པ་དོན་མེད་དུ་ཐལ་ བ་ནི། གལ་ཏེ་མ་མཐོང་པས་ལྡོག་འགྱུར་ན། ཞེས་དྲུག་ཀའི་མགོར་སྦྱར་རོ། །སློབ་དཔོན་ ཆོས་ཅན། སྦྱོར་སྐོར་གཅིག་གི་འཁྲུལ་པ་ཅན་མ་ངེས་པའི་རྟགས་དེ་རྟགས་ཡང་དག་ཡིན་ 1-1-14 པའི་གཉེན་པོར་ཆོས་མི་མཐུན་སྦྱོར་བརྗོད་པ་གང་ཡིན་པ་དོན་མེད་པར་ཐལ། རྟགས་ཆོས་ འབྲེལ་པ་མེད་པར་དེ་ཡི་མི་མཐུན་ཕྱོགས་འགའ་ལ་མ་མཐོང་ཙམ་གྱིས་དེ་ཡི་ལྡོག་ཚུལ་གྲུབ་ པས་སོ། །འདོད་ན་རིགས་སྒོར་རེ་ཤིག་འགལ་བ་དང༌། མ་ངེས་པའི་གཉེན་པོར་གཉིས་ཀ་ བརྗོད་པ་གང་ཡིན་པ་འདི་ནི་རིགས་སོ། །ཞེས་པ་དང་འགལ། གལ་ཏེ་ཆོས་མི་མཐུན་སྦྱོར་དེ་ རྟགས་ཡང་དག་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་སྟོན་པའི་འབྲས་བུ་ཅན་ཡིན་ནོ་ཞེ་ན། རྟགས་ཡང་དག་རང་གི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ཆོས་ཅན། ཁྱོད་རྟོགས་པའི་ཆེད་ ཁོ་ནར་མི་མཐུན་སྦྱོར་སྨོས་མི་དགོས་པར་ཐལ། དེ་མ་སྨོས་ཀྱང༌། རྟགས་ཡང་དག་རང་གི་ མི་མཐུན་ཕྱོགས་ལ་མཐོང་བ་ཁེགས་པའི་སྒོ་ནས་ཀྱང་ཁྱོད་རྟོགས་པར་འགྱུར་བས་སོ། །དེ་ སྔར་ནས་རྟོགས་ཀྱང་མ་ངེས་པས་བློས་ངེས་པའི་དོན་ཁོ་ནར་མི་མཐུན་སྦྱོར་སྨོས་ཞེ་ན། མེད་ ཅེས་བྱ་བའི་ཚིག་གིས་ཀྱང་སྟེ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཆོས་ཅན། རྟགས་ཡང་དག་ རང་གི་མི་འཐུན་ཕྱོགས་ལ་མེད་པ་ཁོ་ནར་ཚད་མའི་སྟོབས་ཀྱིས་ངེས་པར་བྱེད་ནུས་པ་མ་ ཡིན་པར་ཐལ། དེ་དེ་ལ་མ་མཐོང་ཙམ་ཁོ་ན་སྟོན་པས་སོ། །རྟགས་བསལ་ལོ། །མ་ཁྱབ་ན། དེ་སྔར་ནས་རྟོགས་ཀྱང༌། དེ་ངེས་མི་ནུས་པ་བུད། གལ་ཏེ་འོ་ན་ཇི་ལྟར་མེད་པར་རྟོགས་པར་ འགྱུར་ཞེ་ན། རྟག་ན་མ་བྱས། འདུས་མ་བྱས་ནམ་མཁའ་བཞིན། སྒྲ་ནི་བྱས་ཞེས་པའི་སྦྱོར་ ངག་ཆོས་ཅན། བྱས་པ་དེ་དེ་ཡི་མི་མཐུན་ཕྱོགས་ལ་མེད་པར་རྟོགས་པར་བྱེད་ནུས་ཏེ། བྱས་ པས་དེ་སྒྲུབ་ཀྱི་རྟགས་ཆོས་རང་བཞིན་འབྲེལ་པ་དེ་བརྗོད་པའི་སྒྲུབ་ངག་ཡིན་པས་སོ། ། གཉིས་པ་ལྷག་ལྡན་འཁྲུལ་པ་ཅན་མ་ཡིན་པར་ཐལ་བ་ནི། གལ་ཏེ་མ་མཐོང་པས་ལྡོག་ ཚུལ་གྲུབ་པར་འགྱུར་ན། ཅི་སྟེ། ནས་ཡིན་ལ། ཟོས་པའི་ཤིང་ཐོག་རོ་མངར་ཅན་དང་ཤིང་ ཕུང་གཅིག་ལས་སྐྱེས་པ་ཆོས་ཅན། དེ་ཡིན་པའི་མ་ཟོས་པའི་ཤིང་ཐོག་རྣམས་རོ་མངར་ ཅན་དུ་བསྒྲུབ་པའི་ལྡོག་ཁྱབ་འཁྲུལ་བ་མ་ཡིན་པར་ཐལ། དེ་ཡི་མི་མཐུན་ཕྱོགས་འགའ་ལ་ 1-1-15 མ་མཐོང་བས་སོ། །འདོད་ན། ཀུན་བཏུས་སུ། གཟུགས་ལ་སོགས་པ་མཚུངས་པས་རོ་ལ་ སོགས་པ་གདོན་མི་ཟ་བར་མཚུངས་པར་འགྱུར་བ་ནི་མ་ཡིན་ནོ། །ཞེས་པ་དང་འགལ། གསུམ་པ་སྲོག་སོགས་ཡང་དག་ཏུ་ཐལ་བ་ནི། ལྡོག་ནས་འགྱུར་ལ། སྲོག་སོགས་ཆོས་ ཅན། གསོན་ལུས་བདག་བཅས་སྒྲུབ་ཀྱི་མི་འཁྲུལ་བའི་ལྡོག་ཁྱབ་ཅན་ཏུ་ཐལ། དེ་ཡི་མི་ མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པས་སོ། །འདོད་ན། གཏན་ཚིགས་ཡང་དག་ཏུ་ཐལ། ཕྱོགས་ཆོས་དང་འདོད་པ་དེ་ཡི་ཕྱིར། འདོད་ན་ཐུན་མོང་མིན་པའི་རྟགས་ཐམས་ཅད་མ་ངེས་ པའི་རྟགས་སུ་ཕྱོགས་ཆོས་ཅན་དགུར་བཤད་པ་དང་འགལ། བཞི་པ་མ་གྲུབ་སྦྱར་བ་མི་རིགས་པར་ཐལ་བ་ནི། ཚིག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆགས་ ལྡན་དུ་བསྒྲུབ་པ་སོགས་སྦྱོར་སྐོར་གཅིག་གི་ལྡོག་ཁྱབ་ལ་ཐེ་ཚོམ་ཟ་ནས་ལྡོག་ཁྱབ་འཁྲུལ་ བའི་རྟགས་ཀུན་ཆོས་ཅན། ཕྱོགས་ཆོས་ལ་ཐེ་ཚོམ་ཟ་ནས་ཕྱོགས་ཆོས་མ་གྲུབ་པ་དང་དཔེ་ དོན་དུ་སྦྱར་ནས་དེ་སྒྲུབ་ཀྱི་ལྡོག་ཁྱབ་སྐྱོན་ཅན་དུ་སློབ་དཔོན་གྱིས་བརྗོད་པར་བྱ་བར་རིགས་ པ་མིན་པར་ཐལ། དེ་ཡི་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པས་སོ། །འདོད་ན། སློབ་ དཔོན་གྱིས་ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། །དེ་ བཞིན་དུ། མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང༌། ཅི་རིགས་པར་བརྗོད་པར་བྱའོ། །ཞེས་པ་དང་འགལ། ལྔ་པ་ཁྱད་པར་སྙན་ཆས་གཉིས་ཀ་གཅོད་པར་ཐལ་བ་ནི། ཁྱད་པར་མཉན་བྱ་ཆོས་ ཅན། རྟག་པ་ལས་ཀྱང་ལྡོག་ཚུལ་རྣལ་མར་གྲུབ། མི་རྟག་པ་ལས་ཀྱང་ལྡོག་ཚུལ་རྣལ་མར་ གྲུབ་པར་ཐལ། དེ་དག་ལ་མ་མཐོང་ཙམ་གྲུབ་པའི་ཕྱིར། འདོད་ན་སྒྲ་ལ་མི་རྟག་པ་རྣམ་པར་ གཅོད་པ་དང་རྟག་པ་རྣམ་པར་གཅོད་པའི་གཏན་ཚིགས་ཡང་དག་ཏུ་ཐལ། ཕྱོགས་ཆོས་དང་ འདོད་པ་དེ་ཡི་ཕྱིར་འདོད་ན་སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ནི་ཇི་ལྟར་ཡང་རྣམ་པར་ 1-1-16 གཅོད་པའི་གཏན་ཚིགས་མ་ཡིན་ནོ་ཞེས་པ་དང་འགལ། མཉན་བྱ་ནས་སྒྲ་ལ། གཉིས་ཀ་ གཅོད་མི་ནུས་ཏེ། དེ་ལ་ཚད་མ་གཞན་གྱིས་གནོད་པའི་ཕྱིར། ཞེ་ན། རྟགས་ཆོས་ཅན། རང་ གི་མི་མཐུན་ཕྱོགས་འགའ་ལ་མ་མཐོང་བ་ཙམ་ཁོ་ན་ལས་རང་གི་མི་མཐུན་ཕྱོགས་ཐམས་ ཅད་ལ་མེད་པར་གྲུབ་པ་མ་ཡིན་པར་ཐལ། དེ་གྲུབ་པ་ལ་ཚད་མས་གནོད་པས་སོ། །ཁྱབ་ བསལ་ཁས་སོ། །སྙན་བྱ་ཁོ་ན་ལ་དེར་ཟད་ཀྱི། རྟགས་གཞན་ལ་དེ་ལྟ་མིན་ནོ། །ཞེ་ན། མཉན་ བྱ་ལས་གཞན་པའི་རྟགས་ལའང་ཆོས་ཅན། ཆོས་འདྲ། དེ་བཞིན་དུ་དེས་དེར་གྲུབ་པ་ལ་ཚད་ མས་གནོད་པ་སྲིད་པས་སོ། །འཁོར་གསུམ་མོ། ། དྲུག་པ་མ་མཐོང་བས་རེག་བྱ་འགོག་པ་རིགས་པར་ཐལ་བ་ནི། བྱེ་བྲག་པས་མཐོང་མ་ མཐོང་གི་ས་ཆུ་མེ་གསུམ་ལ་ཆོས་ཅན། གྲང་མིན་དྲོ་མིན་གྱི་རེག་བྱ་མི་ལྡན་ཏེ། མ་མཐོང་བའི་ ཕྱིར། ཟེར་བ་ལ། ཁྱོད་ལྟར་ན། ཤེས་བྱ་ཆོས་ཅན་དེ་འདྲའི་རེག་པ་མ་མཐོང་བ་དེ་མཐོང་མ་ མཐོང་གི་ས་ཆུ་མེ་གསུམ་ལ་དེ་མེད་པར་བསྒྲུབ་པའི་ཁྱབ་པ་འཁྲུལ་པ་མེད་པ་ཅན་དུ་ཐལ། ཆོས་དེ་མ་མཐོང་ཙམ་གྱིས་ཆོས་དེ་མེད་པར་གྲུབ་པས་སོ། །འདོད་ན་རླུང་གིས་རབ་ཏུ་བྱེད་ པ་ལས། གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་ རིགས་པ་མ་ཡིན་ནོ། །ཞེས་པ་དང་འགལ་ལོ། ། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཀྱུ་རུ་ར་དེ་ལ་གཅིག་རོ་ནུས་ཁྱད་པར་ཅན་དུ་མཐོང་ བས་ཀྱུ་རུ་ར་གཞན་ལ་རོ་ནུས་ཁྱད་པར་ཅན་ཡོད་པར་ངེས་པ་རིགས་པར་ཐལ། དེ་ཡི་མི་ མཐུན་ཕྱོགས་ལ་མ་མཐོང་ཙམ་གྲུབ་པས་སོ། །འདོད་ན་རིགས་པ་མིན་པར་ཐལ། ཡུལ་ལ་ སོགས་པའི་ཁྱད་པར་ལས་རྫས་ཀྱུ་རུ་ར་ལ་རོ་ནུས་ཐ་དད་སྣང་བའི་ཕྱིར། གསུམ་པ་ནི། བྱེ་བྲག་པའི་བདག་ཆོས་ཅན། སྐྱེས་བུ་ཐམས་ཅད་ལ་ཁྱབ་སྟེ། ཡོན་ཏན་ བདེ་སོགས་དེ་ཐམས་ཅད་ལ་དམིགས་པས་སོ་ཞེས་དང༌། རྒྱང་འཕེན་པ་ནི་ས་སོགས་ལ་རང་ 1-1-17 རྒྱུད་ཀྱིས་བསྡུས་པའི་ཤེས་པ་ཡོད་པ་དང་སོགས་པས་གྲངས་ཅན་ནི་རྒྱུ་འོ་མ་ལ་འབྲས་བུ་ ཞོ་ངོ་བོ་གཅིག་ཏུ་ཡོད་པར་འདོད་པ་ལ། གསོན་ལུས་སོགས་ཆོས་ཅན། བདག་སོགས་མེད་ པར་ཐལ། དེ་མ་མཐོང་བས་སོ། །མ་ཁྱབ་ན་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ དེ་ལ་མེད་པ་བུད། བདག་མ་མཐོང་བ་ཚད་མས་གྲུབ། ཕྱི་མ་གཉིས་གསུམ་ཁས་སོ། །བདག་ སོགས་མ་དམིགས་ཙམ་དེ་བདག་སོགས་མེད་པ་རབ་ཏུ་སྒྲུབ་པར་བྱེད་པ་མིན་ཞེ་ན། ཤེས་ བྱ་ཆོས་ཅན། མི་མཐུན་ཕྱོགས་འགའ་ལ་མ་དམིགས་ཙམ་གང་ཡིན་པ་དེ་ཁོ་ན་གཏན་ཚིགས་ མི་མཐུན་ཕྱོགས་ལ་མེད་པར་སྒྲུབ་བྱེད་ཡིན་ནམ་ཅི་སྟེ་དེ་མ་ཡིན་པར་ཐལ། བདག་སོགས་ མ་དམིགས་པ་དེ་གསོན་ལུས་སོགས་ལ་བདག་སོགས་མེད་པའི་སྒྲུབ་བྱེད་མིན་པས་སོ། ། རྟགས་བསལ་ལོ། ། གཉིས་པ་ལ་གཉིས། རྟགས་གསུམ་འབྲེལ་པ་ལ་ལྟོས་པ་སྤྱིར་བསྟན། རྟགས་གསུམ་ འབྲེལ་པའི་སྒྲུབ་བྱེད་སོ་སོར་བཤད་པའོ། །དང་པོ་ལ་ལྔ། ཁྱབ་པ་གཉིས་འབྲེལ་བ་ལ་ལྟོས། མི་མཐུན་དཔེ་རྫས་གྲུབ་ལ་མི་ལྟོས། དཔེ་ལ་སྟོན་དགོས་མི་དགོས་ཕྱེ་སྟེ་བཤད། དགག་པ་ རྟགས་སུ་འགྱུར་ཚུལ། གོ་བྱེད་འབྲེལ་པའི་རྩལ་ཅན་དུ་བཤད་པའོ། ། དང་པོ་ནི། ངོ་བོ་ཉིད་བྱས་པ་ཆོས་ཅན། ངོ་བོ་ཉིད་མི་རྟག་པ་ལོག་པས་ཁྱོད་ལྡོག་པར་ འགྱུར་ཏེ། དེ་ཙམ་དང་འབྲེལ་ཏེ། མི་རྟག་པ་ལ་བདག་གཅིག་ཏུ་འབྲེལ་བས་སོ། །འབྲས་བུ་ དུ་བ་ཆོས་ཅན། རྒྱུ་མེ་ལོག་ན་ཁྱོད་ལྡོག་སྟེ། མེ་ལ་འཁྲུལ་པ་མེད་པར་དེ་བྱུང་དུ་འབྲེལ་བའི་ ཕྱིར། དེ་ལྟ། ནས་མིན་ནམ་ཅི་ལ། མི་རྟག་པ་ལོག་པས་ཁྱོད་མི་ལྡོག་པར་ཐལ། མི་རྟག་པ་ དང་འབྲེལ་མེད་གཞན་ཡིན་པས་སོ། །རྟ་མེད་པས་ཕྱུགས་མེད་པས་མ་ཁྱབ་པ་བཞིན་ནོ། །དེ་ བཞིན་ནས་བདོག་གམ་ཅི་ལ། དེ་ཆོས་ཅན། ཁྱོད་ཡོད་པ་ལ་མི་རྟག་པ་ཡོད་པས་མ་ཁྱབ་པར་ ཐལ་ལོ། །རྟགས་འདྲའོ། །ཕྱུགས་ཡོད་ན་རྟ་ཡོད་པར་མ་ཁྱབ་པ་བཞིན་ནོ། ། 1-1-18 གཉིས་པ་ནི། དེ་ཕྱིར་ནས་རྟོགས་ཕྱིར་ལ། ཤེས་བྱ་ཆོས་ཅན། སྒྲུབ་རྟགས་གཉིས་པོའི་ ལྡོག་ཁྱབ་རྟོགས་པ་དེ་ཡི་མི་མཐུན་དཔེ་རྫས་གྲུབ་ལ་ལྟོས་དགོས་པ་མ་ཡིན་ཏེ། དེ་རྫས་སུ་ མེད་ཀྱང༌། རྒྱུ་མེ་དང་ཁྱབ་བྱེད་མི་རྟག་པ་མེད་ན་འབྲས་བུ་དུ་བ་དང་ཁྱབ་བྱ་བྱས་པ་མེད་དེ། འདུས་མ་བྱས་ནམ་མཁའ་བཞིན། ཞེས་བརྗོད་པ་ལས་ཀྱང་དེ་རྟོགས་པས་སོ། ། གསུམ་པ་ནི། དཔེ་ལ་ནས་བརྗོད་པར་ཟད་ལ། བྱས་པས་སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ ཆོས་ཤེས་ཟིན་མ་བརྗེད་དེ་ཡི་བདག་གཅིག་པའི་ཁྱབ་འབྲེལ་དྲན་ཟིན་པའི་སྒོ་ནས་མི་ཤེས་ ཤིང་ཤེས་རུང་དུ་ཡོད་པའི་ཕྱི་རྒོལ་ལྷས་སྦྱིན་ཆོས་ཅན། ཁྱོད་ལ་བྱས་པ་མི་རྟག་པ་ལ་བདག་ གཅིག་ཏུ་འབྲེལ་བ་དེ་དེའི་མཐུན་དཔེ་ལ་སྟོན་དགོས་ཏེ། སྤྱིར་དེ་འདྲའི་ཕྱིར་རྒོལ་ཡིན་པས་ སོ། །ཇི་ལྟར་སྟོན་ན། མི་རྟག་པ་ཆོས་ཅན། བྱས་པའི་ངོ་བོ་ཡིན་ཏེ། བྱས་པ་གྲུབ་ཙམ་ན་ བྱས་པའི་བདག་ཉིད་དུ་སྐྱེས་པས་སོ། །ཞེས་པའི་ཚུལ་གྱིས་སོ། །དུ་བ་ལའང་སྦྱར་ཏེ། དེ་ བྱུང་འབྲེལ་པ་སྟོན་དགོས་ཞེས་པ་དང༌། ཇི་ལྟར་ན། མེ་ཆོས་ཅན། དུ་བའི་རྒྱུ་ཡིན་ཏེ། དུ་བ་ ལ་ཕན་ནས་དེ་ཡི་རྗེས་སུ་བྱས་པ་ཡིན་པས་སོ། །ཞེས་སོ། །དེ་སྒྲུབ་ཀྱི་ཕྱོགས་ཆོས་མི་ཤེས་ ཤེས་རུང་དུ་ཡོད་ཅིང༌། དེ་ཡི་ཁྱབ་འབྲེལ་ཤེས་པའི་མཁས་པ་ཆོས་ཅན། ཁྱོད་ཀྱི་ངོར་དེ་སྒྲུབ་ ཀྱི་ཁྱབ་འབྲེལ་ངག་གིས་དངོས་སུ་བསྟན་མི་དགོས་ཏེ། སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ ཞིག་བརྗོད་པས་ཆོག་པས་སོ། །དུ་བ་ལའང་སྦྱར་རོ། །འགྲེལ་པ་དཔེ་སྟོན་པ་དེ་ཉིད་ཀྱི་ཕྱིར་ རྟགས་ཡང་དག་གི་རྟགས་ཆོས་འབྲེལ་པ་ངེས་ཟིན་མ་བརྗེད་པའི་ལྷས་སྦྱིན་ཆོས་ཅན། དཔེ་ གཉིས་པོ་གང་རུང་གི་སྟེང་དུ་རྗེས་སུ་འགྲོ་ལྡོག་གང་རུང་གཅིག་སྒྲུབ་ངག་གིས་དངོས་སུ་ སྨྲས་པས་གཅིག་ཤོས་ལའང་དྲན་པ་སྐྱེ་སྟེ། རྟགས་ཆོས་རང་བཞིན་འབྲེལ་པ་ཤེས་ཟིན་མ་ བརྗེད་པས་སོ། །ཁྱབ་སྟེ། རྟགས་ཡང་དག་གི་རྟགས་ཆོས་འབྲེལ་པའི་དོན་གྱིས་སོ། །རིགས་ སྒོ་ལས། ཡང་ན་དོན་གྱི་གོ་བས་གཉིས་ཀར་རབ་ཏུ་གྲུབ་པའི་ཕྱིར་རོ། ། 1-1-19 བཞི་པ་ནི། རྒྱུ་མེ་མེད་ཆོས་ཅན། མཚན་མོར་རྒྱ་མཚོ་དུ་མེད་དུ་སྒྲུབ་པའི་རྟགས་ཡང་ དག་ཡིན་ཏེ། ཚུལ་གསུམ་ཡིན་པས་སོ། །མདུན་གྱི་རང་བཞིན་ཤིང་མེད་ཆོས་ཅན། ཤིང་མེད་ ཀྱི་བྲག་རྫོང་ཤབ་མེད་དུ་བསྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ཡིན་པས་སོ། ། མདུན་གྱི་ས་ཕྱོགས་འདི་ཆོས་ཅན་ཁྱོད་ལ་ལྟར་རུང་བུམ་པ་མེད་པའི་ཐ་སྙད་བྱར་རུང་སྟེ། ཁྱོད་ལ་ལྟར་རུང་བུམ་པ་ཡོད་ན་ཚད་མས་དམིགས་པར་ནི་རིགས་པ་དང་ལྡན་པ་ལས་ཁྱོད་ ལ་དེ་ཚད་མས་མ་དམིགས་པའི་ས་ཕྱོགས་ཡིན་པས་སོ། །གཞན་ལའང་སྦྱར་རོ། ། དམིགས་ པའི་རྟགས་ཆོས་ཅན། ཚུལ་དེ་ལྟར་ཁྱོད་ལ་གསུམ་དུ་བསྡུས་ནས་བཤད་ཀྱང་དབྱེ་ན་དུ་མར་ ཡོད་དེ། བཤད་ཀྱང་གསུམ་པོ་དེ་དང་རྒྱུ་ཁྱབ་བྱེད་རང་བཞིན་འགལ་དམིགས་གསུམ་དང་ ལ་སོགས་པས་འགལ་འབྲས་དམིགས་པ་དང་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པ་སྟེ་ འབྲེལ་ཟླ་མ་རྟོགས་པ་དང་འགལ་ཟླ་རྟོགས་པ་སྟེ། དམིགས་པའི་སྦྱོར་བ་འགོད་ཚུལ་གྱི་སྒོ་ ནས་བརྒྱད་དུ་ཡོད་པས་སོ། ། ལྔ་པ་ནི། དང་ནས་མཐོང་ལས་མིན་ལ། དུ་བ་ཆོས་ཅན། མེ་དང་འབྲེལ་བ་མེད་པར་མེ་ མེད་པར་མ་མཐོང་ཙམ་དང༌། མེ་ཡོད་པར་མཐོང་ཙམ་གྱིས་མེ་ལ་མི་འཁྲུལ་བར་མི་འགྲུབ་ སྟེ། མེ་ལ་དེ་བྱུང་དུ་འབྲེལ་པར་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མས་ངེས་པ་ལས་མེ་ལ་མི་འཁྲུལ་ བར་གྲུབ་དགོས་པས་སོ། །བྱས་པ་ལའང་སྦྱར་ཏེ། མི་རྟག་པ་དེ་ཁྱོད་ཀྱི་རང་བཞིན་གཅིག་ པའི་ཁྱབ་བྱེད་དུ་ངེས་བྱེད་ཀྱི་ཚད་མ་ཁྱད་པར་བ་ལ་ཞེས་སྦྱར་རོ། ། གཞན་དུ་ནས་ཚོན་བཞིན་ནོ་ལ། དུ་བ་ཆོས་ཅན། ཁྱོད་ཡོད་པ་ལ་མེ་ཡོད་པས་མ་ཁྱབ་ པར་ཐལ། མེ་དང་འབྲེལ་མེད་གཞན་ཡིན་པས་སོ། །བུམ་པ་ཆོས་ཅན། མི་རྟག་པར་མ་ ངེས་པར་ཐལ། རང་རྒྱུ་ལས་དེར་མ་སྐྱེས་པར་ཕྱིས་རྒྱུ་རུ་ཐོས་སོ། །ལས་དེ་སྐྱེ་དགོས་པས་ སོ། །གོས་ལ་ཚོན་བཞིན་ནོ། །ཆོས་ནས་གཞན་ཉིད་ལ། མི་རྟག་པ་ཆོས་ཅན། བྱས་པའི་ 1-1-20 རང་བཞིན་མིན་པར་ཐལ། དེ་དང་རྒྱུ་སོ་སོ་ཁོ་ནའི་འབྲས་བུ་ཡིན་ཞིང་དེ་དང་གཅིག་གྲུབ་པ་ ན་གཅིག་མེད་པས་སོ། །འདོད་ན་དངོས་འབྲེལ་ནི་ཡོད་པས་མི་རྟག་པ་དེ་བྱས་པའི་རྒྱུའམ་ འབྲས་བུ་ཡིན། རྒྱུའོ་ཞེ་ན། མི་རྟག་པ་ཆོས་ཅན། དེ་ཡི་རྒྱུ་མིན་པར་ཐལ། དེ་ལས་དུས་ཕྱིས་ བྱུང་བས་སོ། །འབྲས་བུའོ་ཞེ་ན་ག་ལ་ངེས་ལ། བྱས་པ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་ པས་མ་ཁྱབ་པར་ཐལ། ཕྱོགས་ཆོས་གང་ཞིག མི་རྟག་པའི་རྒྱུ་ཡིན་པས་སོ། ། གཉིས་པ་ལ་གཉིས། སྒྲུབ་རྟགས་མི་འཁྲུལ་བའི་ངེས་བྱེད་བཤད། དགག་རྟགས་མི་ འཁྲུལ་བའི་ངེས་བྱེད་བཤད་པའོ། །དང་པོ་ལ་གསུམ། འབྲས་རྟགས་མི་འཁྲུལ་བའི་ངེས་ བྱེད། རང་བཞིན་མི་འཁྲུལ་བའི་ངེས་བྱེད། དེས་ན་བསྒྲུབ་རྟགས་གཉིས་སུ་ངེས་པའོ། ། དང་པོ་ནི། དུ་བ་ཆོས་ཅན། མེའི་འབྲས་བུའི་ཐ་སྙད་བྱར་རུང་སྟེ། འབྲས་བུའི་ཆོས་དེ་ མེ་རང་ལ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པའི་ཕྱིར། བརྡ་སྤྲོད་པ་ན་རེ། མེ་དེ་མེད་པ་ནི་དུ་བ་དེ་བརྒྱ་སྤྱི་ལས་ཀྱང་སྐྱེ་བ་ཡོད་དོ་ཞེ་ན། དུ་བ་ཆོས་ཅན། རྒྱུ་མེད་པར་ ཐལ། མེ་ཕན་བྱེད་དུ་མེད་པར་ཡང་སྐྱེ་བའི་དུ་བ་ཡིན་པས་སོ། །རྒྱུ་མེད་ནས་ལས་ཡིན་ནོ་ལ། འདོད་ན། དེ་ཡི་ཕྱིར། ཆོས་ཅན་རྟག་ཏུ་ཡོད་པའམ་མེད་པར་འགྱུར་ཏེ། རེས་འགའ་བ་མིན་ པར་ཐལ་ལོ། །ཁྱབ་སྟེ། རྒྱུ་མེད་ན་རེས་འགའ་འབྱུང་བའི་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར། རྒྱུ་གཞན་ལ་མི་ལྟོས་ཀྱང་རེས་འགའ་འབྱུང་ངོ་ཞེ་ན། རྒྱུ་གཞན་ལ་ལྟོས་པ་ལ་བྱུང་སྟེ། རེས་ འགའ་ཡིན་པས་སོ། ། གལ་ཏེ་ནས་དེ་ཉིད་མེ་ལ། རྒྱ་སྤྱི་དེ་དུ་བའི་དངོས་རྒྱུ་ཡིན་ན་དེ་ཆོས་ ཅན། མེ་ལ་སོགས་པའི་རྒྱུ་ཚོགས་སུ་ཐལ་ལོ། །འོན་སྟེ་ནས་འབྱུང་ལ། དེ་ཆོས་ཅན། ཁྱོད་ ལས་དུ་བ་དངོས་སུ་མི་འབྱུང་བར་ཐལ། དུ་བའི་རྒྱུ་ཡི་རིགས་མིན་པས་སོ། །ཤེས་བྱ་ཆོས་ ཅན། དེ་ལ་ཁྱབ་པ་ཡོད་དེ་དུ་བའི་དངོས་རྒྱུའི་རིགས་ཡིན་ན་མེ་ལ་སོགས་པའི་རྒྱུ་ཚོགས་ ཡིན་པས་སོ། །དེ་ཡི་ནུས་པ་བྱེ་བྲག་ལྡན་ལ། དུ་བའི་དངོས་རྒྱུ་ཆོས་ཅན། མེ་མེད་ལས་ཁྱད་ 1-1-21 པར་ཡོད་དེ། དུ་བ་དངོས་སུ་བསྐྱེད་ནུས་པས་སོ། །དུ་བ་ནས་རྒྱུ་མེད་འགྱུར་ལ། རྒྱུ་དང་ ལྡན་པ་ལས་འདས་གྱུར་དང་གཅིག་གོ། རྗེས་ནས་དེ་རྒྱུ་ཅན་ལ་མེ་ཡི་འབྲས་བུ་དུ་བ་དེ་དང་ གཅིག་གོ། ཤེས་བྱ་ཆོས་ཅན། འབྲས་བུ་རྣམས་རང་རྒྱུ་དང་རིགས་མི་མཐུན་པ་ལས་མི་འབྱུང་ སྟེ། རྒྱུ་འབྲས་མི་འཁྲུལ་བ་དེ་ཡི་ཕྱིར། གཉིས་པ་ལ་ལྔ། ལོག་རྟོག་རྒྱུད་མར་སེལ་ཕྱིར་སྔར་བཤད་བཟླས། །འཕྲོས་ནས་སྒྲ་ རྟོག་ཡུལ་ལ་འཇུག་ཚུལ་བཤད། །ཀྱུས་མ་རང་བཞིན་རྟགས་ཀྱི་དབྱེ་བ་བསྟན། ། རང་བཞིན་ རྟགས་སུ་འགྱུར་ན་ཁྱབ་ངེས་དགོས། །འདུས་བྱས་འཇིག་པས་ཁྱབ་པ་རྒྱས་པར་བསྒྲུབ་པའོ། ། དང་པོ་ནི། རང་བཞིན་ནས་ཐ་དད་མེད་ཕྱིར་རོ་ལ། བྱས་པ་ཆོས་ཅན། མི་རྟག་པ་ལས་ མི་འཁྲུལ་ཏེ། དེ་ལ་བདག་གཅིག་ཏུ་འབྲེལ་པས་སོ། །དེ་ནས་ཡོད་པའི་བདག་སྟེ་དངོས་པོ་ ཆོས་ཅན། མི་རྟག་པ་དེ་མེད་ན་ནི་མེད་པར་འགྱུར་ཏེ། དེ་ལས་ངོ་བོ་ཐ་དད་མེད་པར་འབྲེལ་ བའི་ཕྱིར། གཉིས་པ་ལ་གཉིས། སེལ་པས་འཇུག་པར་བསྒྲུབ་པའི་གཞི་འདིངས་པ་དང༌། སེལ་ པས་འཇུག་པར་བསྒྲུབ་པ་དངོས་བཤད་པའོ། །དང་པོ་ནི། དངོས་པོ་ཀུན་གྱི་ནང་ནས་སྒྲ་རང་ མཚན་གཅིག་ཆོས་ཅན། བུམ་སོགས་རིགས་མཐུན་དང༌། གཞན་དངོས་རིགས་མི་མཐུན་རྟག་ པ་སོགས་ལས་ལྡོག་པ་དང་ལྡན་ཏེ། གང་ཕྱིར་ན་རང་བཞིན་གྱིས་རང་རང་ངོ་བོ་ལ་གནས་པ་ སྟེ་རང་ཉིད་སྙན་བྱར་གནས་པའི་ཕྱིར། དེ་ཕྱིར་ནས་རིགས་དབྱེ་ལ། ཆོས་ཅན། མ་བྱས་རྟག་སོགས་ལས་ལྡོག་པའི་སྒོ་ནས་བྱས་ མི་རྟག་སོགས་ལྡོག་པ་དུ་མར་དབྱེ་བ་བྱེད་དེ། སྒྲ་མིན་ཀུན་ལས་ལྡོག་པའི་དངོས་པོ་ཡིན་ པས་སོ། །དེའི་ཁྱད་པར་ནས་རབ་ཏུ་བྱེད་ལ། བྱས་པ་ཆོས་ཅན། བརྒྱུད་ནས་སྒྲ་མི་རྟག་པ་ 1-1-22 རང་མཚན་རྟོགས་པར་བྱེད་དེ། རྟོགས་ལྡན་སྐྱེས་བུ་སྒྲ་མི་རྟག་པ་རང་མཚན་ལ་འཇུག་པར་ བྱེད་པས་སོ། ། དེ་ཕྱིར་ནས་ནུས་མིན་ལ། མི་རྟག་པ་ཆོས་ཅན། བྱས་སོགས་སྒྲས་ཁྱོད་དངོས་སུ་བརྗོད་ པའི་ཚུལ་གྱིས་ཁྱོད་ཐུན་མོང་མིན་པར་གོ་ནུས་པ་མ་ཡིན་ཏེ། མི་རྟག་པ་ཞེས་པའི་སྒྲ་ལས་ ཐུན་མོང་མ་ཡིན་པར་གོ་བྱ་ཡིན་པས་སོ། །བྱས་མི་རྟག་ཆོས་ཅན། ངོ་བོ་གཅིག་ཀྱང་ཐ་དད་ དུ་རྣམ་པར་གནས་པར་ཐལ། ངོ་བོ་གཅིག་ཀྱང་ལྡོག་པ་སོ་སོ་དང་དངོས་མིང་སོ་སོའི་གོ་བྱ་ ཡིན་པ་དེས་ནའོ། ། གཉིས་པ་ལ་གཉིས། ཡོད་པའི་སྒྲ་རྟོག་སེལ་པ་ལ་འཇུག མེད་པའི་སྒྲ་རྟོག་སེལ་པ་ལ་ འཇུག་པའོ། །དང་པོ་ལ་བདུན། དང་པོ་སྒྲ་རྟོག་སེལ་པས་འཇུག་ཅིང་སྒྲུབ་པས་མི་འཇུག་པའི་རྒྱུ་མཚན་གཙོ་བོར་བསྟན་ པ་ལ་བཞི། དང་པོ་རྗེས་དཔག་དང་དྲན་ཤེས་དོན་མཐུན་སེལ་པས་འཇུག་པ་ནི། སྒྲ་རྟོག་ གིས་དེ་མིན་གཅོད་ཀྱི་སྒྲུབ་པའི་སྒོ་ནས་མི་འཇུག་པ་ཅི་ཞེ་ན། དོན་གྱི་ནས་ཅི་ཞིག་ཡོད་ལ། སྒྲ་རང་མཚན་གཅིག་ཆོས་ཅན། རང་གི་བྱས་མི་རྟག་སོགས་རྗེས་དཔག་གི་སྣང་བའི་སྒོ་ནས་ གཞལ་བྱ་མ་ཡིན་པར་ཐལ། རང་འཛིན་མངོན་སུམ་གྱི་སྣང་བའི་སྒོ་ནས་མ་མཐོང་བའི་རང་ གི་བྱས་མི་རྟག་སོགས་མེད་པས་སོ། །དེར་ཐལ། རང་འཛིན་མངོན་སུམ་གྱི་བཟུང་ཡུལ་ཡིན་ པས་སོ། །འོ་ན་ཁྱོད་ལའང་རྗེས་དཔག་དོན་མེད་པར་ཐལ་ལོ་ཞེ་ན། སྒྲ་ལ་ཡོན་ཏན་གཞན་ རྟགས་སོགས་སུ་སྦྱོར་བས་ཏེ། སྒྲོགས་པར་མི་བྱེད་ན། སྒྲས་ཐོས་མ་ཐག་མི་རྟག་པར་ངེས་ ནུས་པའི་རྟོགས་ལྡན་ཆོས་ཅན། ཁྱོད་ཀྱི་ངོ་བོར་སྒྲ་མི་རྟག་པར་རྟགས་དང་རྗེས་དཔག་གིས་ སྒྲུབ་མི་དགོས་ཏེ། སྒྲ་རྟག་པར་སྒྲོ་མི་འདོགས་པར་སྒྲ་ཐོས་མ་ཐག་མི་རྟག་པར་ངེས་ནུས་ པས་སོ། །ན་ཞེས་པས་ཉ་ཕྱིས་ལ་དངུལ་སྐྱར་སྒྲོ་འདོགས་པ་ལྟར་འཁྲུལ་པའི་རྒྱུ་མཚན་གྱིས། 1-1-23 སྒྲ་རྟག་སོགས་སུ་སྒྲོ་འདོགས་པ་ཡོད་པས་ན། སྒྲ་མི་རྟག་རྟོགས་གྱི་རྗེས་དཔག་ཆོས་ཅན། མངོན་སུམ་གྱི་སྒྲ་ཡི་མི་རྟག་པ་མཐོང་ཡང་དོན་ཡོད་དེ། མཐོང་ཡང་སྒྲོ་འདོགས་སེལ་བའི་ ཆེད་དུ་འཇུག་པས་སོ། ། དེ་ཕྱིར་ནས་མཐོང་བ་ཉིད་ལ། སྒྲ་འཛིན་མངོན་སུམ་ཆོས་ཅན། སྒྲ་དེ་ཕར་ཡིན་པའི་སྒྲ་ ཡི་ཡོན་ཏན་བྱས་སོགས་སྒྲུབ་ཆོས་མཐའ་དག་མཐོང་སྟེ། སྒྲ་རང་མཚན་རང་གི་བཟུང་དོན་དུ་ བྱས་ནས་མཐོང་བས་སོ། ། འཁྲུལ་པས་ནས་འཇུག་པ་ཡིན་ལ། ན་ཅེས་པ་དང་གཅིག་གོ། རྗེས་སུ་ནས་འཛིན་ཏེ་ལ། མེ་རང་མཚན་ཆོས་ཅན། ཁྱོད་ཀྱི་ཆོས་གཅིག་ངེས་པའི་རྗེས་དཔག་གིས་ཁྱོད་ཀྱི་ཆོས་ཀུན་ འཛིན་པར་ཐལ། རྗེས་དཔག་གིས་ཁྱོད་ཀྱི་ངོ་བོ་རང་མཚན་ཉིད་སྒྲུབ་པའི་སྒོ་ནས་འཛིན་ པས་སོ། ། ཁོ་བོ་ཅག་ལྟར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་ཀྱིས་སྒྲ་མ་བྱས་ སོགས་སུ་འཛིན་པའི་སྒྲོ་འདོགས་ཀུན་བཅད་པས་སྒྲ་བྱས་སོགས་སུ་ངེས་པའི་རྗེས་དཔག་ གཞན་དོན་མེད་པའི་ཉེས་པ་འདིར་ནི་ཐལ་བར་མི་འགྱུར་ཏེ། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ ཙམ་སེལ་བའི་སྒོ་ནས་སྒྲ་ལ་རྟག་པ་སྤྱད་ཙམ་ངེས་པའི་རྣམ་རྟོག་ཡིན་པས་སོ། ། གློ་བུར་བའི་རྗེས་དཔག་གིས་མ་ངེས་ཤེ་ན། ལ་མེ་ལྡན་དུ་རྟོགས་པའི་གློ་བུར་བའི་ རྟགས་དང་རྗེས་དཔག་ཆོས་ཅན། བསལ་བྱ་སྒྲོ་འདོགས་སེལ་བའི་སྒོ་ནས་དེ་མིན་གཅོད་ པའི་ཡུལ་ཅན་ཡིན་ཏེ། ལ་མེ་མེད་དུ་སྒྲོ་འདོགས་སེལ་བའི་སྒོ་ནས་འཇུག་པའི་རྗེས་དཔག་ ཡིན་པས་སོ། །གཞན་དུ་ཆོས་ཅན། སྒྲ་རང་མཚན་ཆོས་ཅན་མངོན་སུམ་གྱིས་བསྒྲུབ་པའི་སྒོ་ ནས་མ་གྲུབ་པའི་རང་གི་ཆོས་བྱས་སོགས་རྟགས་ཡང་དག་གིས་སྒྲུབ་དགོས་མེད་པར་ཐལ། རང་འཛིན་མངོན་སུམ་གྱིས་ཁྱོད་གྲུབ་པ་ན་ཁྱོད་ཀྱི་ཆོས་བྱས་སོགས་ཀུན་སྒྲུབ་པའི་སྒོ་ནས་ 1-1-24 གྲུབ་ཟིན་པས་སོ། ། མཐོང་བ་ནས་རྣམ་རྟོག་པ་ལ། སྔོ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་རྗེས་དཔག་ མིན་པའི་སྔོན་པོ་ངེས་པའི་དྲན་ཤེས་དོན་མཐུན་ཆོས་ཅན། སེལ་པས་མི་འཇུག་པར་ཐལ། རང་རྒྱུད་ལྡན་རང་གི་ངེས་ཚུལ་ལས་བཟློག་ཕྱོགས་སུ་སྒྲོ་འདོགས་མེད་པས་སོ་ཞེ་ན། གཞན་གྱི་ནས་ཡུལ་ཅན་ལ། དེ་ཆོས་ཅན། སྔོན་པོ་སྔོ་མིན་དུ་སྒྲོ་འདོགས་སྔར་ཡོད་མི་ སེལ་ཡང་སེལ་པའི་ཡུལ་ཅན་ཡིན་ཏེ། མི་སེལ་ཡང་རང་རྒྱུད་ལ་ལྡན་བཞིན་པའི་སྐྱེས་བུས་ རང་གི་ངེས་ཚུལ་ལས་ལྡོག་ཕྱོགས་ཀྱི་ཆར་སྒྲོ་མ་བཏགས་པའི་རང་ཡུལ་ངེས་པའི་རྣམ་རྟོག་ ཡིན་པས་སོ། །རྟགས་གྲུབ་སྟེ། ངེས་པ་ནས་ཤེས་པ་ཡིན་ལ། ཆོས་ཅན་རྟགས་དེར་ཐལ། ངེས་ཤེས་དོན་མཐུན་ཡིན་ པས་སོ། །ཁྱབ་སྟེ། ངེས་པ་དང་ལྡོག་ཕྱོགས་སུ་སྒྲོ་འདོགས་པ་ནི། གནོད་བྱ་གནོད་བྱེད་ཡིན་ པའི་ཕྱིར། གཉིས་པ་སེལ་པས་འཇུག་ན། སྒྲ་རྟོག་རྣམས་རྣམ་གྲངས་པ་མིན་པ་ནི། སྒྲ་ཆོས་ཅན། བྱས་མི་རྟག་སོགས་སུ་ངེས་པའི་རྟོག་པ་དང་དེར་བརྗོད་པའི་སྒྲ་ཡང་དུ་མ་འཇུག་དགོས་ཏེ། ཁྱོད་མ་བྱས་རྟག་སོགས་ཆ་ཤས་དུ་མར་སྒྲོ་འདོགས་པ་ཡོད་པས་སོ། །ཁྱབ་སྟེ། སྒྲོ་འདོགས་ ཇི་སྙེད་ཡོད་པ་དེ་བསལ་བའི་ཕྱིར་དུ་དེ་སྙེད་འཇུག་པ་ཁོ་ནའོ། ། དེས་ནས་ཐ་དད་ཅན་ལ། སྒྲ་ཡི་བྱས་མི་རྟག་སོགས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ཡུལ་ ཐ་དད་ཡིན་གྱི་སྒྲ་རྣམ་གྲངས་པ་མིན་ཏེ། རང་གི་བསལ་བྱ་སྒྲོ་འདོགས་སོ་སོ་རེ་རེ་སེལ་བས་ སོ། ། གསུམ་པ་རང་མཚན་ལ་འཇུག་ན་སྒྲ་རྟོག་རྣམས་རྣམ་གྲངས་པར་འགྱུར་བ་ནི། གཞན་ དུ་ནས་ཁྱབ་ན་ལ། སྒྲ་ཞེས་པའི་སྒྲ་ཆོས་ཅན། སྒྲ་ཡི་བྱས་མི་རྟག་སོགས་ཐམས་ཅད་རང་ཡུལ་ 1-1-25 དུ་བྱས་པར་ཐལ། སྒྲ་རང་མཚན་སྒྲུབ་པའི་སྒོ་ནས་བརྗོད་པས་སོ། །འདོད་ན། གཞན་ཡུལ་ནས་ཉིད་དུ་འགྱུར་ལ། ཆོས་ཅན་སྒྲ་ཡི་བྱས་མི་རྟག་སོགས་བརྗོད་པའི་སྒྲ་ རྣམ་གྲངས་པར་ཐལ། དེ་རྣམས་ཀྱི་ཡུལ་དེ་ཁྱོད་ལ་གཞན་གྱི་ཡུལ་དུ་གྱུར་པ་མ་ཡིན་པར་ ཁྱོད་ཀྱི་ཡུལ་དུ་བྱས་ཞིང་དེ་རྣམས་དང་སྒྲ་ཐ་དད་ཡིན་པས་ཕྱིར། བློ་ལའང་སྦྱར་རོ། ། བཞི་པ་མི་འགྱུར་བར་འདོད་པའི་གཞན་ལན་རྣམ་གཉིས་དགག་པ་ལ་གཉིས། རྫས་ཐ་ དད་པའི་ལན་དགག སྒྲོ་འདོགས་བཟློག་པའི་ལན་དགག་པའོ། ། དང་པོ་ནི། བྱེ་བྲག་པ་གང་གི་ལྟར་ན། བུམ་པའི་བྱས་མི་རྟག་སོགས་ཁྱད་པར་སྣ་ཚོགས་ ཡིན་ལ། བུམ་པ་ནི། ཁྱད་པར་སྣ་ཚོགས་པ་ཅན་ཡིན་ཞིང༌། ཁྱད་པར་རྣམས་ནི་ནང་ཚན་རྫས་ ཐ་དད་ཞིང༌། ཁྱད་པར་ལས་ཅན་ཀྱང་རྫས་ཐ་དད་དོ། །ཁྱད་པར་ཅན་འཛིན་པའི་བློས་དེ་ཁོ་ ནས་སྒྲུབ་པས་འཛིན་གྱི་ཁྱད་པར་གཏན་མི་འཛིན། ཁྱད་པར་འཛིན་པའི་བློས་ཀྱང་ཁྱད་ པར་རེ་རེ་ཁོ་ན་བསྒྲུབས་པས་འཛིན་གྱི་གཞན་མི་འཛིན། སྒྲས་ཀྱང་དེ་ལྟར་བརྗོད་པའི་སྒྲ་ རྟོག་སྒྲུབ་པས་འཇུག་ཀྱང་སྒྲ་བློ་རྣམ་གྲངས་པར་མིན་པར་ཐལ་ལོ་ཞེ་ན། ཁྱད་པར་ནས་ཀུན་བཟུང་ལ། ཁྱད་པར་ཅན་སྒྲ་ངེས་པའི་རྣམ་རྟོག་ཆོས་ཅན། སྒྲ་དེ་སྒྲ་ཡི་ བྱས་སོགས་ཐམས་ཅད་ལ་ཕན་བྱེད་དུ་ངེས་པར་ཐལ། སྒྲས་སྒྲ་ཡི་བྱས་སོགས་ལ་ཕན་པའི་ ནུས་པ་དབྱེར་མེད་པའི་སྒྲ་དེ་སྒྲུབ་པའི་སྒོ་ནས་རིལ་པོ་བཟུང་ཞིང༌། ངེས་པས་སོ། །རྟགས་ ཁས་སོ། །འདོད་ན། ཕན་ནས་གང་མ་ངེས་ལ། ཆོས་ཅན། སྒྲ་བྱས་སོགས་ཐམས་ཅད་ངེས་ པར་ཐལ། འདོད་པ་དེ་ཡི་ཕྱིར། ཁྱད་པར་ཅན་གྱི་ཁྱད་པར་ཐམས་ཅད་ལ་ཕན་པའི་ནུས་པ་ བཟུང་མོད། ཁྱད་པར་རྣམས་མི་འཛིན་ཅེ་ན། དེ་དག་ནས་བཟུང་ལ། ཆོས་ཅན་གཅིག་སྟེ་སྒྲས་སྒྲ་ཡི་བྱས་སོགས་ལ་ཕན་པའི་ནུས་པ་ གྲུབ་པའི་སྒོ་ནས་བཟུང་ན་སྒྲ་དང་སྒྲ་ཡི་བྱས་སོགས་གཉིས་ཀ་བཟུང་དགོས་པར་ཐལ། སྒྲས་ 1-1-26 ཕན་བྱ་ཡིན་པ་དེ་སྒྲ་ཡི་བྱས་སོགས་དང་ངོ་བོ་ཉིད་དུ་འབྲེལ། སྒྲ་ཡི་བྱས་སོགས་ལ་ཕན་བྱེད་ ཡིན་པ་དེ་སྒྲ་དང་ངོ་བོ་ཉིད་དུ་འབྲེལ་བས་སོ། །རྟགས་བསལ་ཁས་སོ། ། སྒྲས་སྒྲ་ཡི་བྱས་སོགས་ལ་ཕན་པའི་ནུས་པ་རྣམས་སྒྲ་ལས་རྫས་ཐ་དད་པས་གང་མ་ ངེས་ཀྱི་སྐྱོན་མེད་ཅེ་ན། དེ་དག་ནས་ཕན་མེད་ལ། སྒྲས་སྒྲ་ཡི་བྱས་སོགས་ལ་ཕན་པའི་ནུས་ པ་ཆོས་ཅན། སྒྲ་དང་འབྲེལ་མེད་དུ་ཐལ། སྒྲ་ལས་རྫས་ཐ་དད་དེ་བྱུང་དུ་མ་འབྲེལ་བས་སོ། ། ཟུར་སྔ་མ་དང་བསལ་བ་ཁས་སོ། ། རྟགས་མ་གྲུབ་སྟེ། དེས་དེ་བསྐྱེད་ཅེ་ན། སྒྲ་ཆོས་ཅན། ཁྱོད་ཀྱིས་སྒྲ་ཡི་བྱས་སོགས་བསྐྱེད་པའི་ནུས་པ་ལ་ཁྱོད་ཀྱིས་ཕན་པའི་ནུས་པ་དེའང་ཁྱོད་ ཀྱིས་བསྐྱེད་པར་ཐལ། ཁྱོད་ཀྱིས་སྒྲ་ཡི་བྱས་སོགས་བསྐྱེད་པའི་ནུས་པ་དེ་ཁྱོད་ཀྱིས་བསྐྱེད་ ཅིང་རྒྱུ་མཚན་འདྲ་བས་སོ། ། འདོད་ན་ཆོས་ཅན། ཁྱོད་ཀྱིས་རང་གི་ནུས་པ་རང་ལས་རྫས་གཞན་ཕྱི་མ་ཁོ་ན་ཐུག་ མེད་དུ་བསྐྱེད་པར་ཐལ། འདོད་པ་དེ་ལྟ་ཡིན་པས་སོ། །དེས་དེ་ཡི་ནུས་པ་ལ་ཕན་པའི་ནུས་ པ་རྣམས་དེ་དང་གཅིག་ཅིང༌། སྒྲ་ངེས་པའི་རྟོགས་པས་ཀྱང་དེ་ཡི་ནུས་པ་སྒྲ་ཡི་བྱས་སོགས་ གཅིག་ལ་ཕན་བྱེད་དུ་བཟུང་ངོ་ཞེ་ན། དེ་ལ་ནས་ཐམས་ཅད་བཟུང་ལ། སྒྲ་ངེས་པའི་རྟོག་པ་ ཆོས་ཅན། སྒྲས་སྒྲ་ཡི་མི་རྟག་སོགས་ལ་ཕན་པའི་ནུས་པ་ཐམས་ཅད་བཟུང་བར་ཐལ། སྒྲ་དེ་ སྒྲུབ་པའི་སྒོ་ནས་མཐོང་ཞིང༌། སྒྲས་སྒྲའི་མི་རྟག་སོགས་ལ་ཕན་པའི་ནུས་པ་དེ་སྒྲ་དང་གཅིག་ ཡིན་པས་སོ། ། གཉིས་པ་ནི། སྒྲ་ངེས་པའི་རྟོག་པས་སྒྲ་ཡི་བྱས་སོགས་ཐམས་ཅད་བཟུང་ཡང་སྒྲ་རྟག་ སོགས་སུ་འཁྲུལ་ཞིང་དེ་བཟློག་པའི་ཕྱིར་རྗེས་དཔག་གཞན་འཇུག་དགོས་པར་འདོད་ཅེ་ན། དེ་ནི་ནས་གྲུབ་ལ། སྒྲ་མི་རྟག་པར་ངེས་པའི་རྗེས་དཔག་ཆོས་ཅན། གཞན་སེལ་པའི་ཡུལ་ ཅན་དུ་ཐལ། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ལྡོག་པའི་རྟོག་པ་ཡིན་པས་སོ། །དེ་ལ་ནས་འཇུག་ 1-1-27 ཕྱིར་ལ་སྒྲ་ངེས་པའི་རྣམ་རྟོག་དོན་མཐུན་ཆོས་ཅན། སེལ་པས་འཇུག་པར་ཐལ། རང་རྒྱུད་ལ་ ལྡན་བཞིན་པས་རང་གི་ངེས་ཚུལ་ལས་སྒྲོ་འདོགས་མེད་པའི་ཡུལ་ལ་ངེས་ནས་འཇུག་པའི་ རྣམ་རྟོག་ཡིན་པའི་ཕྱིར། གཞན་ཡང་ནས་དེ་ཡུལ་ཡིན་ལ། སྒྲ་མི་རྟག་པ་ཆོས་ཅན། སྒྲ་ངེས་པའི་རྟོག་པའི་བཟུང་ ཡུལ་མ་ཡིན་པར་ཐལ། དེ་ངེས་ཤེས་ཡིན་པ་གང་ཞིག དེས་མ་ངེས་པས་སོ། །འོ་ན་མངོན་ གསུམ་གྱིས་མཐོང་བཞིན་དུ་མི་ངེས་པ་ཅི་ཞེ་ན། མངོན་སུམ་ནས་རྣམ་པ་སྤངས་ལ་སྒྲ་འཛིན་ མངོན་སུམ་ཆོས་ཅན། སྒྲའི་སྐད་ཅིག་སོགས་བཟུང་བ་ཡིན་ཏེ། སྒྲ་རང་མཚན་བཟུང་དོན་དུ་ བྱས་ནས་འཛིན་པས་སོ། ། ཁྱད་པར་ནས་རྟོགས་པར་འགྱུར་ལ། སྒྲ་ཐོས་མ་ཐག་ནས་མི་རྟག་པར་ངེས་ནུས་པའི་ སྐྱེས་བུའི་རྒྱུད་ཀྱི་སྒྲ་འཛིན་མངོན་སུམ་ཆོས་ཅན། སྒྲ་མི་རྟག་པར་ངེས་ཤེས་འདྲེན་ནུས་སྟེ། དེ་འདྲེན་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་མེད་པའི་ཕྱིར། ། གཉིས་པ། ལྡོག་ལོག་གི་གནས་ཚུལ་དང་དེ་ཡི་སྒྲ་རྟོག་གི་འཇུག་ཚུལ་རྒྱས་པར་བསྟན་ པ་ལ་བཞི། བརྡ་ཡི་དབང་གིས་སྒྲ་རྟོག་ཐ་དད་འཇུག སྒྲ་གཉིས་ཀྱི་འཇུག་ཚུལ་བསྟན། ལྡོག་ ལྡན་རིགས་ལྡན་སྐྱོན་མི་མཚུངས། རང་མཚན་གྱིས་འཇུག་པའི་སྐྱོན་བསྟན་པའོ། ། དང་པོ་ནི། བྱེ་བྲག་པ་སོགས་ན་རེ། བ་ལང་གི་ཆོས་རྟ་ལས་ལྡོག་པའི་ལྡོག་པ་དང༌། རྟ་ ལས་ལོག་པའི་ཆོས་ཅན་བ་ལང་གཉིས་རྫས་ཐ་དད་ན་བསལ་བ་ལས་རྫས་ཐ་དད་པའི་སྤྱི་ ཉིད་ལས་ལྡོག་པ་ཞེས་བརྗོད་པ་ཙམ་དུ་འགྱུར་ལ་རྫས་གཅིག་ན། སྒྲ་རྟོག་ཐ་དད་མི་འཇུག་ པར་འགྱུར་རོ་ཞེ་ན། སྒྲ་སེལ་པའི་དོན་ཅན་ཡིན་པ་དེ་ལའང༌། ཤེས་བྱ་ཆོས་ཅན། གཞན་ རྟ་ལས་ལྡོག་པ་དང་འདི་རྟ་ལས་ལོག་པ་སྟེ། བ་ལང་གི་སྟེང་གི་ལྡོག་ལོག་རྫས་ཐ་དད་དུ་མེད་ དེ། རང་མཚན་གྱི་ལྡོག་ལོག དོན་གཅིག་ལ། རྟོག་པ་ལ་སྣང་བའི་ལྡོག་ལོག་དོན་ལ་མེད་ 1-1-28 པས་སོ། །འོན་ཀྱང་བ་ལང་རྟ་མིན་པ་ཉིད་ཅེས་ཆོས་བརྗོད་པ་དང༌། བ་ལང་རྟ་མིན་ཅེས་ཆོས་ ཅན་བརྗོད་པའི་སྒྲ་དང་ངེས་པའི་རྟོག་པ་ཆོས་ཅན། བ་ལང་གི་ལོག་ལྡོག་རང་མཚན་ཐ་དད་ དུ་མེད་ཀྱང་འཇུག་ཏུ་རུང་སྟེ། དེ་བདག་ཉིད་གཅིག་ལ་ཁྱད་པར་གཞན་སྤོང་མི་སྤོང་གི་བརྡ་ ཐ་དད་པའི་རྗེས་སུ་བྱེད་པ་ཙམ་ཡིན་པས་སོ། ། གཉིས་པ་ནི། འོ་ན་བ་ལང་གི་བ་ལང་ཉིད་ཅེས་སོགས་རྣམ་དབྱེ་དྲུག་པ་མི་རུང་ཞེ་ན། བ་ལང་ཅེས་ཆོས་ཅན་དང་བ་ལང་ཉིད་ཞེས་ཆོས་བརྗོད་ཀྱི་སྒྲ་གཉིས་ཀས་ཆོས་ཅན། བརྗོད་ བྱའི་དོན་གཅིག་པ་གཅིག་བརྗོད་དེ། བ་ལང་མིན་པ་གཅད་ཙམ་བརྗོད་པས་སོ། །དེ་ལྟ་མོད་ ཀྱི་རྣམ་དབྱེ་དྲུག་པའི་སྒྲ་བ་ལང་གི་བ་ལང་ཉིད་ཅེས་པའི་སྒྲ་ཆོས་ཅན་བ་ལང་དང་བ་ལང་ ཉིད་རྫས་ཐ་དད་དུ་མེད་ཀྱང་དེ་གཉིས་དོན་ཐ་དད་པ་ལྟ་བུར་སྟོན་པར་བྱེད་རུང་སྟེ། བརྗོད་ བྱ་དེ་གཉིས་ངོ་བོ་གཅིག་ལ་བརྡས་ཐ་དད་པར་བྱས་པའི་ཤན་གྱི་ཁྱད་པར་ཕྲ་མོ་ཡོད་པ་ཙམ་ གྱིས་འཇུག་པས་སོ། །ཆོས་ཆོས་ཅན་རྫས་ཐ་མི་དད་ན་བརྡ་ཐ་དད་དོན་མེད་དོ་ཞེ་ན། ཁྱད་པར་གཞན་ནས་བྱེད་པའི་གཞི་ལ། བ་ལང་རྟ་མིན་པ་ཉིད་ཡོད་ཅེས་པའི་ཆོས་ བརྗོད་དང༌། བ་ལང་རྟ་མིན་པ་ཡིན་ཞེས་པའི་ཆོས་ཅན་བརྗོད་པའི་སྒྲ་ཆོས་ཅན། བརྗོད་བྱ་ རང་མཚན་ཐ་དད་དུ་མེད་ཀྱང་བརྡ་ཐ་དད་སྦྱར་བ་ལ་དགོས་པ་ཡོད་དེ། བ་ལང་རྟ་མིན་པ་ ཉིད་ཅེས་པའི་ཁྱད་པར་གཞན་སྤོང་མི་སྤོང་རིམ་བཞིན་རང་གི་བརྗོད་བྱར་བྱས་ནས་ཉན་པ་ པོས་བ་ལང་རྟ་མིན་པ་དེ་ཁྱད་པར་གཞན་སྤངས་མ་སྤངས་ཀྱི་སྒོ་ནས་ཤེས་པར་བྱེད་པས་སོ། ། བ་ལང་ཉིད་བ་ལང་ལྟ་བུའི་ཡུལ་ཀུན་ལའང་རྫས་སྟེ། ཆོས་ཅན་བརྗོད་པ་དངོས་སྟེ། ཆོས་ བརྗོད་པའི་སྒྲ་གཉིས་པོའི་མི་འདྲ་བའི་ཁྱད་པར་རིམ་བཞིན་ཁྱད་པར་གཞན་མ་སྤངས་པ་ དང་སྤངས་ནས་གོ་བར་བྱེད་པ་ཙམ་གཅིག་ཡིན་པའི་ཕྱིར་ན། སྒྲ་དེ་དག་ལ་བརྗོད་བྱ་ལ་ཁྱད་ པར་འགའ་ཡང་ཡོད་པ་མ་ཡིན་ནོ། ། 1-1-29 ཀུན་ལ་ནས་ཡོད་པ་མིན་རྩ་བར་ཡིན་ལ། བ་ལང་ཉིད་ཅེས་པའི་སྒྲ་དང་བ་ལང་ཞེས་ པའི་སྒྲ་ཆོས་ཅན། མི་འདྲ་བའི་ཁྱད་པར་ཡོད་དེ། རིམ་བཞིན་ཁྱད་པར་གཞན་སྤོང་མི་སྤོང་ གི་སྒོ་ནས་བ་ལང་གོ་བར་བྱེད་པས་སོ། །ཆོས་ཅན་བ་ལང་གོ་བྱེད་དུ་ཁྱད་པར་མེད་དེ། དེ་ འཕངས་པའི་སྒྲ་ཡིན་པས་སོ། ། སྤོང་མི་སྤོང་གི་དོན་དེ་ཤེས་པར་བྱེད་འདོད་པས་སྦྱར་བའི་སྒྲ་དེ་ལ་ཕན་པའམ། འཚེད་ པ་ཉིད་ཅེས་དངོས་པོ་ལ། དེ་ཕན་གྱི་སྒྲ་སྦྱར་བའམ་འཚེད་པ་ཞེས་བྱེད་ལྡན་ནམ་མིང་བསྒྲུབ་ པའི་རྐྱེན་དེ་ལས་གཞན་གྱིས་བརྗོད་ཀྱང་རུང༌། དོན་དེ་ནས་གཞན་མེད་དོ་ལ། རྗོད་བྱེད་ཀྱི་ སྒྲ་ཆོས་ཅན། བརྗོད་བྱ་ལ་ཁྱད་པར་གཞན་སྤོང་མི་སྤོང་ལས་མ་རྟོགས་པ་མེད་དེ། རྗོད་བྱེད་ ལ་ཆོས་ཆོས་ཅན་བརྗོད་པར་འདུས་པས་སོ། ། གསུམ་པ་ནི། དེ་ཕྱིར་ནས་བསལ་ལ། ཤེས་བྱ་ཆོས་ཅན། སྒྲ་གཞན་སེལ་པའི་ཡུལ་ ལ་འཇུག་པར་སྨྲ་བ་ལ་ནི། སློབ་དཔོན་གྱིས་བརྗོད་པའི་རང་དབང་མེད་ཕྱིར་སོགས་སྐྱོན་ གསུམ་པོ་དེ་མི་འབྱུང་སྟེ། སྤྱི་རྫས་གཞན་གྱི་དབང་གིས་གསལ་བ་རྫས་གཞན་ལ་སྤྱི་ཡི་སྒྲ་ འཇུག་པ་མིན་གྱི་དེ་མིན་གཅད་པའི་སྒོ་ནས་རྗོད་བྱེད་ཀྱི་སྒྲ་འཇུག་པས་སོ། ། རིགས་དང་ནས་འགྱུར་ལ། བྱེ་བྲག་པ་ཆོས་ཅན། སློབ་དཔོན་གྱིས་བཀོད་པའི་རང་ དབང་མེད་ཕྱིར་དེ་ལྡན་མིན། བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །ཞེས་པའི་སྐྱོན་གསུམ་པོ་ དེས་ཁྱོད་ལ་གནོད་དེ། སྤྱི་དང་དེ་ལྡན་གསལ་བ་དག་རྫས་ཐ་དད་དུ་འདོད་པས་སོ། ། བཞི་པ་ནི། གང་དག་ནས་རིགས་ལ། བརྡ་སྤྲོད་པ་དང་བྱེ་བྲག་པ་ཆོས་ཅན། ཆོས་ཆོས་ ཅན་རྫས་ཐ་མི་དད་ལ་དྲུག་པའི་རྣམ་དབྱེ་དང༌། མང་པོ་ལ་གཅིག་ཚིག་དང་གཅིག་ལ་མང་ ཚིག་དང་དེ་ཕན་ལ་སོགས་པའི་སྒྲ་སྦྱར་དུ་མི་རུང་བར་ཐལ་ཞེས་པའི་སྐྱོན་འབྱུང་བར་ཐལ། ཚིག་དངོས་ཀྱི་བརྗོད་བྱ་རང་མཚན་གྱི་དབང་གིས་འཇུག་གི་བརྗོད་འདོད་ཀྱི་དབང་གིས་མི་ 1-1-30 འཇུག་པས་སོ། ། ཕྱི་རོལ་ནས་རྗོད་བྱེད་ཡིན་ལ། དེ་ལྟ་ན། དྲུག་ཚིག་མང་ཚིག་སོགས་ཆོས་ཅན། དངོས་ ཀྱི་བརྗོད་བྱ་རང་མཚན་གཅིག་དང་ཐ་དད་པར་མེད་ཀྱང་འཇུག་ཏུ་རུང་སྟེ། རང་གི་དངོས་ ཡུལ་རང་མཚན་དུ་ཡོད་པ་ལ་མི་ལྟོས་པར་ཐལ། རང་སྨྲ་བ་པོས་སྦྱར་བ་ཇི་ལྟ་བ་བཞིན་དུ་ དོན་བརྗོད་ཡིན་པས་སོ། །དེ་ལྟ་མིན་པར་རང་མཚན་གཅིག་དང་ཐ་དད་ཀྱི་དབང་ཁོ་ནས་ འཇུག་ན། བཙུན་མོ་ནས་ཅི་ཡོད་ལ། བཙུན་མོ་གཅིག་ཆོས་ཅན། བཙུན་མོ་རྣམས་ཞེས་པའི་སྒྲ་ སྦྱར་མི་རུང་པར་ཐལ། བཙུན་མོ་དུ་མར་མེད་པས་སོ། གྲོང་དྲུག་ཆོས་ཅན། ཁང་བཟངས་ཀྱི་ ཕྲེང་བ་ཞེས་པའི་གཅིག་ཚིག་གིས་བརྗོད་དུ་མི་རུང་པར་ཐལ། གཅིག་ཏུ་མེད་པས་སོ། །ནམ་ མཁའ་ཆོས་ཅན། ནམ་མཁའི་རང་བཞིན་ཞེས་པའི་དྲུག་སྒྲ་སྦྱར་དུ་མི་རུང་པར་ཐལ། ནམ་ མཁའ་དང་རང་མཚན་ཐ་དད་དུ་མེད་པས་སོ། །ཆོས་ཅན། ནམ་མཁའི་ངོ་བོ་ནི་ནམ་མཁའ་ ཉིད་དོ། ཞེས་དེ་ཕན་གྱི་སྒྲ་སྦྱར་དུ་མི་རུང་པར་ཐལ། ནམ་མཁའ་ལས་རྫས་གཞན་པའི་ནམ་ མཁའི་ངོ་བོ་མ་གྲུབ་ཅིང་ནམ་མཁའི་སྤྱི་མེད་པས་སོ། །སྤྱི་མེད་པར་ཐལ། དེ་གཅིག་ཡིན་པས་ སོ། །གསུམ་ཁས་སོ། ། གསུམ་པ་སྤྱི་འཛིན་གྱི་སྣང་ཡུལ་ལ་སྤྱིར་བཞག་ཅིང༌། དེར་འཛིན་རྟོག་པའི་སྐྱེ་ཚུལ་ བསྟན་པ་ལ་གཉིས། སྤྱི་རང་མཚན་དུ་མེད་པར་བསྟན། སྤྱི་འཛིན་འཁྲུལ་བའི་རྒྱུ་དཔེ་གསུམ་ དང་བཅས་པའོ། ། དང་པོ་ནི། ཐ་དད་ནས་སྒྲིབ་བྱེད་པ་ལ། ཤིང་གསལ་རྣམས་རིགས་གཅིག་ཏུ་སྣང་བའི་ བློ་རྣམ་རྟོག་ཆོས་ཅན། ཤིང་གསལ་རྣམས་རང་མཚན་སོ་སོར་ཇི་ལྟ་བ་བཞིན་དུ་རང་ལ་སྣང་ བ་ལ་སྒྲིབ་བྱེད་ཡོད་དེ། རང་གི་གཟུང་རྣམ་ལ་རང་མཚན་གཅིག་ཏུ་ཞེན་པས་སོ། ། 1-1-31 སྒྲིབ་བྱེད་ནས་ལྟ་བུར་སྣང་ལ། ཤིང་གི་སྤྱི་འཛིན་རྟོག་པ་ཆོས་ཅན། ཤིང་གསལ་རྣམས་ ཐ་དད་མིན་པ་རིགས་གཅིག་པ་ལྟ་བུར་སྣང་སྟེ། རང་གི་གཟུང་རྣམ་རང་མཚན་གཅིག་ཏུ་ཞེན་ པས་ཤིང་གསལ་རྣམས་རང་མཚན་སོ་སོ་ཐ་དད་པ་ཇི་ལྟ་བ་བཞིན་རང་ལ་སྣང་བ་སྒྲིབ་པས་ སོ། །ཤིང་གསལ་རྣམས་ཆོས་ཅན། རྫས་ཐ་དད་ཀྱང་རིགས་གཅིག་ལྟ་བུར་སྣང་སྟེ། ཁྱད་ པར་ཤིང་མིན་ལས་ལྡོག་པར་མཚུངས་པའི་ཕྱིར། དེ་ལ་ནས་བསྒྲགས་ལ། ཤིང་གི་སྤྱི་བློ་ལ་ཤིང་གསལ་རིགས་གཅིག་ཏུ་སྣང་བ་ཕྱི་རོལ་ ཤིང་དུ་བཏགས་བྱ་ཆོས་ཅན། འཁྲུལ་ངོར་ཤིང་སྤྱིར་བཞག་ཏུ་རུང་སྟེ། ཤིང་གི་སྤྱི་འཛིན་རྟོག་ པའི་སྣང་ཡུལ་ཡིན་པས་སོ། ། དེ་ཡི་ནས་དོན་དུ་མེད་ལ། ཤིང་སྤྱི་ཆོས་ཅན། དོན་དམ་དུ་མེད་དེ། ཤིང་གི་སྤྱི་བློས་སྒྲོ་ བཏགས་པས་སོ། །སྤྱི་རང་མཚན་ཡོད་ན་གསལ་བ་དང་གཅིག་གམ་རྫས་ཐ་དད། གཅིག་ན་ གསལ་བ། བ་ལང་ནག་སྒུར་ཆོས་ཅན། བ་ལང་གི་རིགས་སྤྱི་དང་གཅིག་མ་ཡིན་ཏེ། དཀར་ ཟལ་ལ་རྗེས་སུ་མི་འགྲོ་བས་སོ། ། གཉིས་པ་ལྟར་ན། བ་ལང་གི་གསལ་བ་ཆོས་ཅན། རང་ལ་རྫས་གཞན་དུ་གྱུར་པའི་ཁྱོད་ ཀྱི་སྤྱི་མེད་པར་ཐལ། ཡོད་ན་མངོན་སུམ་གྱིས་དམིགས་དགོས་པ་ལ་མ་དམིགས་པས་སོ། ། རྟོག་པ་ལ་སྣང་བའི་རྣམ་པ་ཉིད་སྤྱིའོ་ཞེ་ན། ཤེས་ལ་ནས་འབྲང་བར་འགྱུར་ལ། ཤིང་གི་སྤྱི་ བློ་རང་མཚན་གཅིག་ལ་ཤིང་གསལ་རིགས་གཅིག་ཏུ་སྣང་བའི་རྣམ་པ་ཆོས་ཅན། ཕྱི་རོལ་ ཤིང་སྤྱི་རང་མཚན་མ་ཡིན་པར་ཐལ། ཤིང་གི་སྤྱི་འཛིན་ཤེས་པའི་ངོ་བོ་ཡིན་པས་སོ། གཉིས་པ་ནི། དེས་ན་ནས་ལོག་པ་ལ། ཤིང་གི་སྤྱི་འཛིན་རྟོག་པ་ཆོས་ཅན། རང་གི་སྣང་ ཡུལ་ལ་འཁྲུལ་ཏེ། ཤིང་གསལ་རྣམས་རིགས་གཅིག་ཏུ་འཛིན་པས་སོ། ། མིང་དོན་ནས་ས་བོན་ཡིན་ལ། ཤིང་རྣམས་ཤིང་མིན་ལས་ལོག་པའི་དངོས་པོ་ཆོས་ཅན། 1-1-32 རང་འབྲས་སྤྱི་བློའི་རྒྱུ་ཡིན་ཏེ་དེ་ལ་ཕན་པས་སོ། །གཅིག་རྟོག་ནས་གཞན་གྱིས་མ་ཡིན་ བཞིན་ལ། ཤིང་གསལ་རྣམས་ཆོས་ཅན། རྫས་ཐ་དད་ཡིན་ཡང་རང་འབྲས་རིགས་གཅིག་པ་ ཞིག་སྒྲུབ་པར་བྱེད་དོ། ། རྫས་ཐ་དད་ཀྱང་རང་རྒྱུ་ལས་རང་འབྲས་རིགས་གཅིག་པ་ཞིག་སྐྱེད་བྱེད་དུ་སྐྱེས་པས་ སོ། །དབང་པོ་ཡུལ་སྣང་བ་ཡིད་བྱེད་སོགས་སྤྱི་གཅིག་མེད་ཀྱང་དབང་ཤེས་གཅིག་སྐྱེད་པར་ བྱེད་འདོད་པ་བཞིན་ནོ། །དཔེ་གཞན་ཡང་ཡོད་དེ། དཔེར་ན་ནས་བཞིན་གྱི་བར་ལ། དཔེར་ན་སྨན་སླེ་ཏྲེས་དང་པར་པ་ཏ་ལ་སོགས་པ་ཁ་ ཅིག་སྨན་སྤྱི་རང་མཚན་མེད་པའི་ཐ་དད་ཡིན་ཀྱང་ལྷན་གཅིག་ཏུ་སྦྱར་བའམ་སོ་སོར་སྦྱར་ བ་ཡིས་རིམས་ལ་སོགས་པ་ཞི་བའི་འབྲས་བུ་གཅིག་བྱེད་པར་མཐོང་གི་ཞོ་དང་ག་གོན་ལ་ སོགས་པ་གཞན་གྱིས་དེ་ལྟར་མ་ཡིན་པ་བཞིན་ནོ། །སྨན་དེ་དག་ལ་སྨན་སྤྱི་གཅིག་ཡོད་པས་ སྤྱི་ཁོ་ནས་ནད་ཞི་བ་སྒྲུབ་པོ་ཞེ་ན། ཁྱད་པར་ནས་མ་ཡིན་ལ། སླེ་ཏྲེས་སོགས་ཀྱི་སྨན་སྤྱི་ཆོས་ཅན། ཁྱོད་ཀྱིས་རིམས་སོགས་ ཞི་བར་མི་བྱེད་པར་ཐལ། དེ་མི་བྱེད་པའི་སྨན་གཞན་གྱི་སྤྱི་དང་རྟག་པ་གཅིག་པུར་ཁྱད་པར་ མེད་པས་སོ། །སྨན་སྤྱིས་ནད་ཞི་བར་བྱེད་དོ་ཞེ་ན། དེ་དག་ནས་འགྱུར་ཕྱིར་ལ། སླེ་ཏྲེས་སོགས་ཆོས་ཅན། ཁྱོད་སྐྱེ་བའི་ཞིང་དང་དུས་ལ་ སོགས་པའི་ཁྱད་པར་ལས་ནད་ཞི་བ་མྱུར་བུལ་སོགས་ཀྱི་ཁྱད་པར་མེད་པར་ཐལ། ཁྱེད་ རྣམས་ཀྱི་སྤྱི་གཅིག་ཁོ་ན་ཡིན་པས་སོ། །བརྟན་པས་ནས་ཕྱིར་ཡང་ལ། སྨན་སྤྱི་ཆོས་ཅན། ནད་ཞི་བའི་རྒྱུ་མིན་པར་ཐལ། དེ་ལས་མི་ཕན་པའི་ཕྱིར་ཏེ། རྟག་པས་སོ། ། བཞི་པ་བསལ་བའི་སྤྱི་རང་མཚན་ཡིན་ནམ། སྣང་ཙམ་ཡིན་བརྟགས་ན་མི་འཐད་པ་ སྤང་བ་ལ་གསུམ། ཕྱི་རོལ་རང་མཚན་མེད་པར་བསྟན། རང་མཚན་ཐོབ་ཚུལ། རྩོད་པ་སྤོང་ 1-1-33 བའོ། ། དང་པོ་ནི། རང་བཞིན་ནས་འདྲ་ལ། ཤིང་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཤིང་ གི་སྤྱི་འཛིན་རྟོག་པ་ཆོས་ཅན། མངོན་སུམ་གྱི་བཟུང་དོན་ཤིང་རང་མཚན་རང་གི་བཟུང་དོན་ དུ་མེད་ཀྱང༌། དེ་རང་གི་བཟུང་དོན་དུ་ཡོད་པ་ལྟར་སྣང་སྟེ། རང་ལ་སྣང་བ་དེ་འདྲའི་ཤིང་རང་ མཚན་དུ་ཞེན་པས་སོ། ། དེ་ཡི་ནས་སྐྱེ་བ་ལ། ཆོས་ཅན། ཤིང་མིན་ལས་ལོག་པའི་ཤིང་རང་མཚན་གྱི་མཐར་ཐུག་ པ་ཅན་ཡིན་ཏེ། དེ་ལས་བརྒྱུད་ནས་སྐྱེས་པའི་སྒོ་ནས་མཐར་དེ་ཐོབ་བྱེད་ཡིན་པས་སོ། ། གང་དེ་ལ་ངོ་བོ་ཕྱི་རོལ་ལ་ཆོས་ཅན། རང་ལ་སྣང་བའི་རྣམ་པ་དེ་ཤིང་ལྟ་བུར་སྣང་སྟེ། ཤིང་གི་སྣང་རྟགས་གཅིག་ཏུ་འཛིན་པས་སོ། །དེ་གཅིག་ལྟ་བུར་སྣང་སྟེ། ཤིང་གསལ་རྣམས་ རིགས་གཅིག་ཏུ་སྣང་བས་སོ། །གཞན་ཤིང་མིན་ལས་ལྡོག་པའི་ཤིང་གི་དོན་བྱེད་པ་ནུས་པ་ ལྟ་བུར་སྣང་སྟེ། རང་ལ་སྣང་བ་ཤིང་རང་མཚན་པར་ཞེན་པས་སོ། ། སྣང་བ་ནས་དེ་ཉིད་མིན་ལ། ཤིང་གི་སྤྱི་འཛིན་རྟོག་བློ་ལ་སྣང་བ་ཆོས་ཅན། ཤིང་རང་ མཚན་མིན་ཏེ། ཤིང་གི་དོན་བྱེད་མི་ནུས་པས་སོ། ། ཤེས་ལ་ནས་ལྟ་བུར་ལ། ཨུད་པ་ལའི་སྤྱི་འཛིན་ཤེས་པའི་སྣང་ཡུལ་ཆོས་ཅན། ཨུད་པ་ ལ་སྤྱི་གཅིག་ལྟ་བུར་སྣང་སྟེ། ཨུད་པ་ལ་མིན་པ་ལ་ལྡོག་པའི་ཨུད་པ་ལའི་ངོ་བོ་ཅན་གྱི་ལྡོག་ པ་གཅིག་གི་མཐར་ཐུག་པར་སྣང་བས་སོ། ། དེ་ཉིད་གཞན་ལས་ལོག་པར་སྣང་སྟེ་ལ། ཨུད་པ་ལ་སྔོན་པོ་འཛིན་པའི་རྟོག་པའི་སྣང་ ཡུལ་དེ་ཆོས་ཅན། གཞི་མཐུན་ལྟ་བུར་སྣང་སྟེ། སྤྱིར་ཨུད་པ་ལ་མིན་པ་དང༌། བྱེ་བྲག་ཨུད་ པ་ལ་དམར་པོ་སོགས་ལས་ལོག་པའི་ལྡོག་པ་གཉིས་དང་ལྡན་པའི་ཆོས་ཅན་གཅིག་ལྟ་བུར་ སྣང་བས་སོ། ། 1-1-34 དེ་ལས་སྤྱི་དང་ནི་ནས་རྒྱས་བྱེད་ལ། སྤྱི་ཆོས་ཅན། དོན་དམ་པར་མེད་དེ། སྤྱི་འཛིན་ རྟོག་པའི་སྣང་ཡུལ་དེ་ལ་སྤྱི་འཛིན་གྱིས་ཁྱོད་དུ་བཞག་པ་ཙམ་གྱི་བརྟགས་ཆོས་ཡིན་པས་སོ། ། ལྡོག་པའི་གཞི་མཐུན་ཆོས་ཅན། དོན་དམ་པར་མེད་དེ། གཞི་མཐུན་འཛིན་པའི་རྟོག་པའི་ སྣང་ཡུལ་དེ་ལ་གཞི་མཐུན་འཛིན་པས་ཁྱོད་དུ་བཞག་པ་ཙམ་གྱི་རྟགས་ཆོས་ཡིན་པས་སོ། ། ཤིང་གི་སྤྱི་འཛིན་རྟོག་པ་ཆོས་ཅན། རང་གི་སྣང་ཡུལ་ལ་སྤྱིར་འདོགས་ཏེ། གསལ་བ་རིགས་ མཐུན་རྣམས་རིགས་གཅིག་ཏུ་ཞེན་པས་སོ། །གཞི་མཐུན་འཛིན་པའི་རྟོག་པ་ཆོས་ཅན། རང་ གི་སྣང་ཡུལ་ལ་གཞི་མཐུན་དུ་འདོགས་ཏེ། ལྡོག་པ་གཉིས་དང་ལྡན་པའི་ཆོས་ཅན་གཅིག་ཏུ་ སྣང་བས་སོ། ། གཉིས་པ་ནི། དངོས་པོ་ནས་ཡུལ་ཅན་དང་ལ། དངོས་པོ་རང་མཚན་ལ་འཇུག་པའི་ ཤེས་བརྗོད་ཀྱི་ཐ་སྙད་ཀུན་ཆོས་ཅན། ཕྱི་རོལ་རང་མཚན་དངོས་ཡུལ་མིན་ཡང་གཞན་སེལ་ དེ་མིན་ལས་ལྡོག་པའི་རང་མཚན་གྱི་ཡུལ་ཅན་དུ་བཞག་ཏུ་རུང་སྟེ། མིན་ཡང་ལྡོག་པ་རང་ མཚན་ལ་བརྟེན་ནས་སྐྱེས་ཤིང་དེ་ཐོབ་བྱེད་ཀྱི་ཐ་སྙད་ཡིན་པས་སོ། ། གང་ལ་ནས་ཇི་བཞིན་ལ། སྒྲུབ་རྟགས་གཉིས་ལ་བརྟེན་པའི་རྗེས་དཔག་ཆོས་ཅན། ཞེན་ ཡུལ་དངོས་པོ་རང་མཚན་རྙེད་པའི་རྟེན་ཏུ་རུང་སྟེ། དེ་ལ་བརྒྱུད་ནས་འབྲེལ་བའི་རྣམ་རྟོག་ དོན་མཐུན་ཡིན་པས་སོ། ། འཁྲུལ་པར་ནས་བཞིན་ལ། སྒྲ་རྟག་འཛིན་གྱི་བློ་ཆོས་ཅན། སྒྲ་མི་རྟག་རྟོགས་ཀྱི་རྗེས་ དཔག་དང་རང་གི་སྣང་ཡུལ་འཁྲུལ་པར་འདྲ་ཡང་ཁྱོད་ལས་འཇུག་ཡུལ་སྒྲ་རྟག་པ་འཐོབ་པ་ མིན་ཏེ། སེལ་འཇུག་ཕྱིན་ཅི་ལོག་ཡིན་པས་སོ། །མར་མེའི་འོད་ལ་ནོར་བུར་འཛིན་པ་བཞིན་ ནོ། ། དེ་ལ་དུ་མ་ནས་འཇུག་པར་བྱེད་ལ། བུམ་གསལ་རྣམས་ཆོས་ཅན། སྤྱི་རང་མཚན་མེད་ 1-1-35 ཀྱང་སྤྱི་ཐ་སྙད་འཇུག་ཏུ་རུང་སྟེ། བུམ་པའི་དོན་བྱེད་པར་འདྲ་བའི་སྒོ་ནས་བུམ་མིན་ལས་ ལྡོག་པར་མཚུངས་པས་སོ། ། དེ་བཞིན་ནས་སྣ་ཚོགས་ཤེས་ལ། བུམ་པ་ཆོས་ཅན། གཞི་མཐུན་གྱི་ཐ་སྙད་བྱར་རུང་ སྟེ། མིག་ཤེས་ཀྱི་བཟུང་བྱ་དང་ལྟོ་ལྡིར་བ་སོགས་ལྡོག་ཆོས་སོགས་སྣ་ཚོགས་སུ་ཤེས་བྱ་ཡིན་ པས་སོ། །རྟགས་དེ་ཡིན་ཏེ། མིག་ཤེས་མི་བསྐྱེད་པ་དང་ཆུ་མི་སྐྱོར་བ་སོགས་ལས་ལྡོག་པས་ སོ། ། གསུམ་པ་ནི། སྒྲ་དོན་ནས་མི་སྲིད་དོ་ལ། སྤྱི་གཞི་མཐུན་ཆོས་ཅན། རང་མཚན་དུ་མེད་ དེ། རྟོག་ངོར་ཇི་ལྟར་གྲགས་པ་བཞིན་དུ་བཞག་ཙམ་ཡིན་པས་སོ། ། ཆོས་དང་ཆོས་ཅན་ནས་མཁས་པ་རྣམས་ཀྱིས་བྱས་པ་ཡིན་ལ། ཆོས་ཆོས་ཅན་སྤྱི་གཞི་ མཐུན་བསྒྲུབ་བྱ་སྒྲུབ་བྱེད་སོགས་ཆོས་ཅན། རང་མཚན་དབང་གཙན་པར་མ་བྱས་པར་རྟོག་ ངོར་ཇི་ལྟར་གྲགས་པ་བཞིན་དུ་མཁས་པས་རྣམ་བཞག་བྱས་པ་ལ་དགོས་པ་ཡོད་དེ། མི་རྟག་ བདག་མེད་སོགས་ཡིན་ལུགས་ལ་འཇུག་ཅིང་རྟོགས་པར་བྱ་བའི་ཕྱིར་དུ་དེ་ལྟར་རྣམ་བཞག་ བྱས་པས་སོ། །དངོས་ལ་འདི་ནི་མི་སྲིད་དོ་ཞེས་པ་འཆད་དོ། །དོན་རང་མཚན་སོ་སོ་བ་རྣམས་ ཆོས་ཅན། ཁྱོད་ཀྱི་སྤྱི་རང་མཚན་མེད་དེ། །རང་གི་ངོ་བོ་འདྲེ་བ་མེད་པས་སོ། ། ཆོས་ཅན། ཁྱོད་ཀྱི་ལྡོག་པའི་གཞི་མཐུན་རང་མཚན་མེད་དེ། དོན་དམ་པར་ལྡོག་པ་ཐ་ དད་མེད་པས་སོ། ། དེ་ལ་ངོ་བོ་ནས་བསླད་པ་ཡིན་ལ། ཆོས་ཅན། ཁྱོད་ལ་སྤྱི་གཞི་མཐུན་རྟོག་པས་བརྟགས་ པ་ཡིན་ཏེ། དོན་དམ་པར་འདྲེ་དང་ལྡོག་པ་ཐ་དད་པས་སོ། ། དེས་སྤྱི་ནས་དོན་ལ་ལ། སྤྱི་གཞི་མཐུན་གྱི་ཐ་སྙད་ཆོས་ཅན། རང་གི་དངོས་ཡུལ་རང་ མཚན་ཁོ་ན་ལ་འཇུག་པ་མིན་པར་ཐལ། བློ་དོན་ཏེ། རྟོག་པའི་སྣང་ཡུལ་ལ་དངོས་སུ་འཇུག་ 1-1-36 པས་སོ། ། དེ་ཉིད་ནས་བརྟག་ལ། སྒྲ་བྱས་སོགས་ལྡོག་པ་དུ་མར་བྱེད་པའི་རྟོག་པའི་སྣང་ཡུལ་ཆོས་ ཅན། ཁྱོད་ལ་རྟོག་ངོར་བྱས་སོགས་དུ་མར་བརྟག་ཏུ་རུང་སྟེ། སྒྲ་རང་མཚན་མ་བྱས་སོགས་ ལས་ལྡོག་པ་ལྟར་ཁྱོད་ཀྱང་མ་བྱས་སོགས་ལས་ལྡོག་པར་རྟོགས་པས་དངོས་སུ་ཞེན་པས་སོ། ། བསྒྲུབ་བྱ་ནས་ཉམས་པའི་ཕྱིར་ལ། ཤེས་བྱ་ཆོས་ཅན། རྗེས་དཔག་གིས་སྤྱི་མི་རྟག་ སོགས་གྱིས་ཁྱད་པར་དུ་བྱས་པའི་སྒྲ་སོགས་རང་མཚན་སྣང་ནས་མི་འཛིན་པར་ཐལ། རྟོག་ པས་ཕྱི་རོལ་རང་མཚན་སྣང་ནས་མཐོང་བ་མེད་པས་སོ། །འོ་ན་སློབ་དཔོན་ཕྱོགས་གླང་གིས་ གཞན་སེལ་པས་ཁྱད་པར་དུ་བྱས་པའི་ཁྱད་པར་འཛིན་ཏེ། ཞེས་རང་མཚན་སྣང་ནས་འཛིན་ པར་བཤད་དོ་ཞེ་ན། ཁྱད་པར་ནས་མཚན་ཉིད་བཟུང་བྱ་མིན་ལ། གཞན་སེལ་པས་ཁྱད་པར་དུ་བྱས་པའི་ ཁྱད་པར་དེ་ཆོས་ཅན། ཕྱི་རོལ་རང་མཚན་མ་ཡིན་པར་ཐལ། ཁྱད་པར་སྤྱི་དང་འདྲེས་པ་ཞེས་ པའི་སྒྲོ་བཏགས་གཅིག་ཡིན་པས་སོ། ། དེ་ནི་ནས་མི་རུང་ཕྱིར་ལ། སྒྲ་རང་མཚན་གཅིག་ཆོས་ཅན། ཁྱོད་སྤྱི་གཞི་མཐུན་ཆོས་ ཆོས་ཅན་ཐ་དད་པའི་དངོས་པོ་རང་ཚད་མས་དོན་མཐུན་དུ་བཟུང་བྱ་མིན་ཏེ། ཁྱོད་སྤྱི་གཞི་ མཐུན་ཆོས་ཆོས་ཅན་ཐ་དད་པའི་ངོ་བོར་མི་རུང་བས་སོ། ། དེ་ཡི་ངོ་བོ་ནས་འཇུག་ཕྱིར་རོ་ལ། ཤེས་བྱ་ཆོས་ཅན། རང་མཚན་གྱི་ངོ་བོ་རང་མིན་ ཀུན་ལས་ལོག་ནས་ཐུན་མོང་མ་ཡིན་པར་གནས་པ་དེ་དངོས་སུ་བརྗོད་པའི་སྒྲ་དང་སྣང་ནས་ རྟོགས་པའི་རྟོག་པ་མེད་དེ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་ཐམས་ཅད་དངོས་ཡུལ་སྤྱི་ཁོ་ན་ལ་ འཇུག་པས་སོ། ། 1-1-37 ལྔ་པ་རང་མཚན་ལ་མི་སྦྱོར་ཞིང་གཞན་སེལ་ལ་སྦྱོར་བ་རྩོད་སྤང་དང་བཅས་པ་ལ་ གཉིས། དངོས་ཀྱི་དོན། རྩོད་པ་སྤང་བའོ། །དང་པོ་ལ་བཞི། རང་མཚན་དངོས་ཀྱི་བརྗོད་བྱ་ མིན། སྤྱི་རྐྱང་ཞེན་པའི་བརྗོད་བྱ་མིན། །རིགས་ལྡན་དེ་དག་གཉིས་ཀ་མིན། །ཐོབ་བྱའམ་ ཞེན་ཡུལ་རང་མཚན་ཡིན་པའོ། ། དང་པོ་ནི། ཅི་ཡི་ཕྱིར། ཕྱི་རོལ་རང་མཚན་ལ་སྒྲ་དངོས་སུ་མི་སྦྱོར་ཞེས་བརྡ་སྤྲོད་པ་ཟེར་ ན། སྒྲ་རྣམས་ནས་བརྡར་མ་ཡིན་ལ། བརྡ་དུས་ཀྱི་བ་ལང་རང་མཚན་གཅིག་ཆོས་ཅན། རྗོད་ བྱེད་སྒྲ་ཡི་དངོས་ཡུལ་མིན་ཏེ། དེ་ལ་བརྡ་དངོས་སུ་སྦྱོར་མི་ནུས་པས་སོ། །ཁྱབ་སྟེ། རྗོད་བྱེད་ སྒྲ་རྣམས་ཀྱི་ནི་བརྡ་བཏགས་པའི་དོན་སྟོན་པས་སོ། །རྟགས་དེར་ཐལ། ཕྱིས་ཐ་སྙད་དུས་ན་ འགགས་ནས་མེད་པས་སོ། །ཁྱབ་སྟེ། བརྡ་དེ་ནི་ཐ་སྙད་དུས་སུ་དོན་རྟོགས་པའི་ཆེད་དུ་བྱས་ པས་སོ། །སྤྱི་རྟག་དངོས་གཅིག་སྒྲ་ཡི་ཞེན་ཡུལ་ལོ་ཞེ་ན། གཉིས་པ་ནི། ཅི་ནས་ནས་སྦྱོར་བར་བྱེད་ལ། ཤིང་སྒྲ་ཆོས་ཅན། དོན་ཡོད་དེ། ཤིང་ འབྲས་དོན་གཉེར་ཤིང་རང་མཚན་ལས་འཇུག་པའི་དོན་དུ་བརྡ་སྦྱོར་སྐྱེས་བུས་སྦྱར་བས་སོ། ། བ་ལང་གི་རིགས་ཆོས་ཅན། བ་ལང་གི་བརྡ་ཡི་འཇུག་ཡུལ་རང་མཚན་མིན་པར་ཐལ། བཞོ་ བཀལ་སོགས་ཀྱི་དོན་བྱེད་མི་ནུས་པའི་ཕྱིར་ཏེ། རྟག་པས་སོ། ། གསུམ་པ་ལ་གསུམ། གསལ་རྐྱང་ལ་བཀོད་པའི་སྐྱོན་མཚུངས། ལྡོག་ལྡན་ལ་རྗོད་བྱེད་ སྦྱར་བར་རིགས། མི་རིགས་པར་འདོད་པའི་ལུགས་དགག་པའོ། ། དང་པོ་ནི། རིགས་དེ་དང་ལྡན་པའི་རྫས་ལ་སྒྲ་དངོས་སུ་སྦྱོར་ཏེ། རྫས་ཀྱི་དོན་བྱེད་ནུས་ པས་སོ། །ཞེ་ན། དེ་ཡང་ནི་ནས་མི་བྱེད་ལ། གསལ་བ་ཉིད་ལ་བརྡ་དངོས་སུ་སྦྱོར་བར་རིགས་ པར་ཐལ། སྤྱི་ལྡན་གྱི་རྫས་ལ་སྒྲ་དངོས་སུ་སྦྱོར་བས་སོ། །གསལ་བ་ལ་སྒྲ་མི་སྦྱོར་ཏེ། མཐའ་ ཡས་པའི་ཕྱིར་རོ་ཞེ་ན། སྤྱི་ལྡན་གསལ་བ་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་དངོས་སུ་སྦྱར་མི་ནུས་ 1-1-38 པར་ཐལ། མཐའ་ཡས་པ་འདི་མཚུངས་པས་སོ། །གསུམ་ཁས་སོ། ། གཉིས་པ་ནི། དེ་བྱེད་ནས་ཅིས་མ་བྱས་ལ། བ་ལང་གི་གསལ་བ་རྣམས་བ་ལང་གི་དོན་ མི་བྱེད་པ་ལས་བཟློག་པར་མཚུངས་པ་ཆོས་ཅན། བ་ལང་གི་བརྡ་བྱེད་པར་རིགས་པར་ཐལ། བ་ལང་གི་གཞན་སེལ་ཡིན་པས་སོ། ། གསུམ་པ་ལ་གཉིས། དོན་དངོས་བཤད། རྩོད་པ་སྤང་བའོ། །དང་པོ་ནི། སྤྱི་ལྡན་སྒྲ་དོན་ དུ་འདོད་པ་ལ་སློབ་དཔོན་གྱིས་རང་དབང་མེད་ཕྱིར་དེ་ལྡན་མིན་ཞེས་སོགས་བཀོད་པའི་ ཉེས་པ་དེ་རྟོག་ལྡན་སྒྲ་དོན་དུ་འདོད་པ་ལའང་མཚུངས་སོ་ཞེ་ན། བླ་སྟེ་ནས་མི་དགོས་སོ་ལ། ཤིང་སྒྲ་ཆོས་ཅན། རང་གི་བརྗོད་བྱར་ཤིང་གི་རིགས་ཤིང་ གསལ་རྫས་གཞན་མི་དགོས་པར་ཐལ། ཤིང་གསལ་རྣམས་ཤིང་མིན་ལས་ལྡོག་པ་གྲུབ་ཙམ་ གྱིས་ཁྱོད་རྗོད་བྱེད་དུ་འཇུག་པའི་དོན་གྲུབ་པས་སོ། ། དེ་ལ་ནས་རྗོད་བྱེད་ལ། བུམ་སྒྲ་ཆོས་ཅན། རང་ཐུན་མོང་མིན་པར་འཇུག་པའི་ཡུལ་ དེར་བུམ་མིན་སྤངས་ནས་ཉན་པ་པོ་རང་གི་དོན་ལ་འཇུག་པའི་དོན་དུ་སྦྱར་བ་ཡིན་ཏེ། བུམ་ གསལ་གྱི་དངོས་མིང་ཡིན་པས་སོ། ། དེ་ཡིས་ནས་ཁྱེད་ལྟར་ན་ཆོས་ཅན། བུམ་གསལ་གྱི་དངོས་མིང་དུ་སྦྱར་བ་མི་འཐད་པར་ ཐལ། བུམ་གསལ་བུམ་མིན་ཡིན་པ་མི་གཅོད་པས་སོ། །སྒྲ་འདི་ལ། བརྗོད་པར་དེ་མིན་རྣམ་ པར་གཅོད་པའི་སེལ་པ་ཡོད་ཅེ་ན། སྒྲ་རྣམས་ནས་ཅི་ཞིག་བྱ་ལ། ཁྱེད་ལ་ཆོས་ཅན། རྗོད་བྱེད་དུ་འཇུག་པ་ལ་སྤྱི་རྟག་དངོས་ རྫས་གཞན་མི་དགོས་པར་ཐལ། བུམ་མིན་སོགས་མི་འདོད་པའི་དོན་གཅད་ནས་བུམ་ སོགས་འདོད་པའི་དོན་ལ་འཇུག་པས་སྒྲ་ཡིན་པས་སོ། ། གཉིས་པ་ལ་གཉིས། ངོ་ཤེས་མི་སྲིད་པ་སྤང༌། སྤྱི་རང་མཚན་ལས་སྐྱེ་བ་དགག་པའོ། 1-1-39 ། དང་པོ་ནི། སྤྱི་རང་མཚན་མེད་ན། གསལ་བ་རྣམས་རིགས་གཅིག་ཏུ་ངོ་ཤེས་པ་མི་རུང་པར་ ཐལ་ལོ་ཞེ་ན། གསལ་བ་རྣམས་ནས་ངོ་ཤེས་བྱེད་ལ། བུམ་གསལ་རྣམས་ཆོས་ཅན། རྫས་ཐ་དད་ཀྱི་སྤྱི་ རང་མཚན་མེད་ཀྱང་རིགས་གཅིག་ཏུ་ངོ་ཤེས་སུ་རུང་བར་ཐལ། རང་འབྲས་རིགས་གཅིག་ བྱེད་པར་འདྲ་བའི་སྒོ་ནས་རིགས་གཅིག་ཏུ་སྒྲོ་བཏགས་ནས་རིགས་གཅིག་ཏུ་ངོ་ཤེས་པར་ བྱེད་པས་སོ། ། གཉིས་པ་ལ་སྤྱི་ཁོ་ནས་སྤྱི་བློ་བསྐྱེད་པ་དགག སྤྱི་གསལ་ལྟོས་ནས་སྤྱི་བློ་བསྐྱེད་པ་ དགག་པའོ། །དང་པོ་ནི། གཞན་གྱི་ནས་ཉིད་ལས་མིན་ལ། བུམ་པའི་སྤྱི་བློ་ཆོས་ཅན། བུམ་ སྤྱི་ཡན་གར་བ་ཉིད་བཟུང་ཡུལ་དུ་ཡོད་པ་ལས་དངོས་སུ་སྐྱེ་བ་མིན་པར་ཐལ། བུམ་གསལ་ ཡང་འཛིན་པས་སོ། །དེ་ཡིན་ན་རྟག་ཏུ་ནས་ཐལ་འགྱུར་ཕྱིར་ལ་ཆོས་ཅན། བུམ་གསལ་ གཏན་མི་ཤེས་པར་ཐལ། བུམ་སྤྱི་རྟག་དངོས་ཁོ་ན་ཤེས་པས་སོ། །འདོད་ན། དེ་ཡི་ཚེ་ནས་མ་ བཟུང་ཕྱིར་ལ། ཆོས་ཅན། བུམ་སྤྱི་བུམ་གསལ་དང་ལྡན་པའི་འབྲེལ་པ་མ་བཟུང་བར་ཐལ། འདོད་པ་དེ་ཡི་ཚེ་ནའོ། །འདོད་ན། དེ་དང་ལྡན་ནས་འདོགས་ལ། ཆོས་ཅན་བུམ་སྤྱི་དངོས་སུ་ ཤེས་པའི་སྒོ་ནས། གསེར་བུམ་བུམ་པའི་སྤྱི་ལྡན་གྱི་ཐ་སྙད་འདོགས་པར་མི་འཐད་པར་ཐལ། གསེར་བུམ་བུམ་པའི་སྤྱི་ལྡན་དུ་མི་ཤེས་པས་སོ། ། གཉིས་པ་ལ་གཉིས། གསལ་བ་སྤྱི་ལ་ལྟོས་ནས་སྤྱི་བློ་བསྐྱེད་པ་དགག སྤྱི་གསལ་བ་ལ་ ལྟོས་ནས་སྤྱི་བློ་བསྐྱེད་པ་དགག་པའོ། །དང་པོ་ནི། སྤྱི་དངོས་པོ་བ་གཅིག་གིས་གྲོགས་བྱེད་ པའི་གསལ་བ་རྣམས་སྤྱི་འཛིན་ཤེས་པའི་རྒྱུའོ་ཞེ་ན། དངོས་པོ་ནས་ཏམ་ཅི་ལ། སྤྱི་ཆོས་ཅན། གསལ་བ་རྣམས་ཀྱི་ཐད་ཀྱི་ཆ་དེ་སེལ་བར་ ཐལ། དེ་རྣམས་སྤྱི་བློའི་རྒྱུར་བྱས་པས་སོ། །ཁྱབ་པ་ཁས་ཏེ། ཐ་དད་ཕྱིར་སྤང་ཡང་ནས་མི་ 1-1-40 འདོད་པས་སོ། །གསལ་བ་དུ་མའང་སྤྱི་གཅིག་ལ་ལྟོས་ནས་ཐ་དད་ཡིན་པའི་སྤྱི་གཅིག་གི་བློ་ སྐྱེད་ཅེ་ན། དེ་དག་སོ་སོ་ནས་མེད་པ་ཡིན་ལ། བ་ལང་གི་སྤྱི་བློ་ཆོས་ཅན། བ་ལང་གི་གསལ་ བ་སོ་སོ་བ་རྣམས་ཀྱིས་ཁྱོད་ལ་དངོས་སུ་ཕན་པའི་ནུས་པ་མེད་པར་ཐལ། དེ་དག་མེད་ཀྱང་ འབྱུང་བའི་ཕྱིར། དེར་ཐལ། བ་ལང་གི་སྤྱི་གཅིག་གིས་དངོས་སུ་བསྐྱེད་བྱ་ཡིན་པས་སོ། ། འདོད་ན། དེ་རྣམས་རང་གི་བཟུང་དོན་བྱས་ནས་འཛིན་པ་མེད་པར་ཐལ་ལོ། །དེ་དག་སོ་སོ་ མེད་པར་ཡང་ལ། ཁྱབ་པ་མེད་དེ། སྔོན་པོ་ལྟ་བུ་རེ་རེ་མེད་ཀྱང་སྔོ་སོགས་ཚོགས་པ་ལྷག་མ་ ལས་མིག་ཤེས་སྐྱེ་བ་བཞིན། ཞེ་ན། སྔོ་སོགས་ནས་ནུས་གྲུབ་ལ། སྔོ་སོགས་ཆོས་ཅན། ཁྱེད་ ཚོགས་པ་ལ་མིག་ཤེས་བསྐྱེད་པའི་ནུས་པ་གྲུབ་པ་མི་འགལ་ཏེ། ཁྱེད་སོ་སོར་ཡང་མིག་ཤེས་ ལ་ཕན་པའི་ནུས་པ་མཐོང་བས་སོ། །གསལ་བ་ལས་ནས་དེ་ལྟར་མ་ཡིན་ལ། བ་ལང་གི་ གསལ་བ་རྣམས་ཆོས་ཅན། སོ་སོ་བ་དང་ཚོགས་པ་གང་གི་ཡང་བ་ལང་གི་སྤྱི་བློ་དངོས་སུ་མི་ བསྐྱེད་པར་ཐལ། བ་ལང་གི་སྤྱི་རང་མཚན་མེད་ན་ཁྱེད་ཀུན་ཚོགས་ཀྱང་མི་འབྱུང༌། དེ་ཡོད་ ན། ཁྱེད་སོ་སོ་མེད་པར་ཡང་དེ་ལས་བློ་དེ་འབྱུང་བས་སོ། ། གཉིས་པ་ལ་གཉིས། དངོས་ཀྱི་དོན། དེ་ཡི་ལན་དགག་པའོ། །དང་པོ་ནི། གསལ་བ་ དེ་དག་གང་རུང་རེ་རེས་ཕན་བཏགས་པ་ལ་ལྟོས་ན་སྤྱིས་སྤྱི་བློ་དེ་བསྐྱེད་ནུས་ཀྱི་འབའ་ཞིག་ གིས་མིན་ནོ། །དཔེར་ན། ཐག་བཟངས་མེད་པར་རས་ཡུག་མི་འཐག་ལ། དེ་གཞན་མེད་ ཀྱང་དེ་གཅིག་གིས་རས་ཡུག་འཐག་པ་བཞིན་ནོ་ཞེ་ན། དེ་དག་ནས་ཉིད་ལ་མིན་ལ། བ་ལང་ གི་གསལ་བ་ཆོས་ཅན། བ་ལང་གི་སྤྱི་བློ་གཅིག་ལ་ཕན་འདོགས་པ་ཁོ་ནར་ཐལ། བ་ལང་ གི་སྤྱི་གཅིག་ལ་ཕན་པས་སོ། །མ་ཁྱབ་ན་སྤྱི་དེ་སྤྱི་བློའི་དངོས་རྒྱུར་འགལ། འདོད་ན། དེ་མ་ ཡིན་པར་ཐལ། མ་འདྲེས་པའི་དུ་མ་ཡིན་པས་སོ། །ཁྱབ་བསལ་ལོ། །འདི་དེ་ནས་བསྐྱེད་པ་ ཡིན་ལ། བ་ལང་གི་སྤྱི་འདི་ཆོས་ཅན། བ་ལང་གི་གསལ་བའི་འབྲས་བུར་ཐལ། དེ་ཕན་པས་ 1-1-41 སོ། །ཁྱབ་སྟེ། ཕན་འདོགས་བྱེད་གང་ཡིན་བསྐྱེད་པ་ཡིན་པས་སོ། །འདོད་ན། རྟག་པ་བུད། རྟགས་ཁས་སོ། ། གཉིས་པ་ནི། བ་ལང་གི་སྤྱི་བློ་ཆོས་ཅན། བ་ལང་གི་གསལ་བ་ཐ་དད་པ་རྣམས་གཅིག་ ཏུ་སྣང་བ་མ་ཡིན་པར་ཐལ། བ་ལང་གི་སྤྱི་རང་མཚན་གཅིག་ལས་མི་སྐྱེ་བར་དེ་ཡི་གསལ་བ་ དུ་མ་ལས་ཀྱང་སྐྱེ་བས་སོ། ཐལ་བ་ལས་ཆོས་ཅན། བ་ལང་གི་གསལ་བ་རྣམས་ལས་མི་སྐྱེ་ ཡང་བ་ལང་གི་སྤྱི་རྟག་དངོས་གཅིག་ལས་སྐྱེས་ཏེ། བ་ལང་གི་གསལ་བ་རྣམས་ཐ་དད་མིན་ པ་གཅིག་ཁོ་ནར་སྣང་བས་སོ་ཞེ་ན། བློ་ཡི་ནས་འཛིན་ཕྱིར་རོ་ལ། བ་ལང་གི་སྤྱི་བློ་ཆོས་ཅན། བ་ལང་གི་གསལ་བ་རྣམས་གཅིག་ཁོ་ནར་སྣང་བ་མ་ཡིན་པར་ཐལ། དེ་དག་མཚུངས་སོ་ཞེས་ འཛིན་པས་སོ། །ཁྱབ་པ་འགལ་ཏེ། དེ་དག་ཆོས་ཅན། རྣམ་པ་ཐ་དད་པའི་བློ་བཟུང་བྱ་མིན་ པར་ཐལ། མཚུངས་པར་བཟུང་བྱ་ཡིན་པས་སོ། །ཞེ་ན། བ་ལང་གི་སྤྱི་ཆོས་ཅན། བ་ལང་གི་ སྤྱི་རྟག་དངོས་གཅིག་ཡོད་པའི་རྒྱུ་མཚན་ཁོ་ནས་བ་ལང་གི་གསལ་བ་རྣམས་མཚུངས་པར་ བཟུང་བ་མ་ཡིན་པར་ཐལ། བ་ལང་གི་གསལ་བ་རྣམས་འབྲས་བུ་རིགས་གཅིག་བྱེད་པར་ འདྲ་བའི་རྒྱུ་མཚན་གྱིས་དེ་ལྟར་བཟུང་བས་སོ། ། བུམ་སོགས་ཀྱི་གསལ་བ་དེ་དག་གི་འབྲས་བུ་གཅིག་ཏུ་མི་འགྲུབ་སྟེ་འབྲས་བུ་དབང་ པོའི་བློ་སོགས་ཐ་དད་དོ་ཞེ་ན། གཅིག་ཏུ་ནས་མེད་པ་ཡིན་ལ། བུམ་གསལ་འཛིན་པའི་ དབང་ཤེས་ཆོས་ཅན། རྫས་ཐ་དད་ཀྱང་རིགས་གཅིག་ཏུ་བཞག་ཏུ་རུང་སྟེ། བུམ་གསལ་ རྣམས་རིགས་གཅིག་ཏུ་རྟོག་པའི་བློའི་རྒྱུར་མཚུངས་པས་སོ། །བློ་གཅིག་ནས་ཐ་མི་དད་ལ། བུམ་གསལ་ཆོས་ཅན། ཆོས་འདྲ། རང་འབྲས་རིགས་གཅིག་བྱེད་པས་སོ། །ཆུ་སྐྱོར་བ་སོགས་ ཀྱི་འབྲས་བུ་མཚུངས་པ་ཆོས་ཅན། སྤྱི་རང་མཚན་མ་ཡིན་ཏེ། བུམ་པའི་འབྲས་བུ་ཅན་མིན་པ་ དང་བྲལ་བ་ཙམ་ཡིན་པས་སོ། །དེ་ལས་ནས་བཀག་ཕྱིར་ཡང་ལ། བུམ་གསལ་དེ་ཆོས་ཅན། 1-1-42 ཁྱོད་ལས་མ་རྟོགས་པའི་ཁྱོད་ཀྱི་སྤྱི་རང་མཚན་གཅིག་མེད་པར་ཐལ། དེ་ཡོད་ན་མངོན་སུམ་ གྱིས་དམིགས་དགོས་པ་ལ་མ་དམིགས་པའི་ཕྱིར་དང༌། དེ་རིགས་པ་ཡང་དེ་དག་གིས་བཀག་ ཟིན་པའི་ཕྱིར། བཞི་པ་ནི། ངག་གི་བརྡ་ནི་ཆོས་ཅན། སྤྱི་རྟག་དངོས་སྣང་ནས་རྟོགས་པའི་ཆེད་ཁོ་ན་མ་ ཡིན་ཏེ། རྟོག་པའི་སྣང་ཡུལ་དེ་སྣང་ནས་རིག་པའི་དོན་ཅན་ཡིན་པས་སོ། །སྤྱི་རྟག་དངོས་ ཐོབ་པའི་ཆེད་ཁོ་ན་མ་ཡིན་ཏེ། དོན་གྱི་སེལ་པ་རང་མཚན་ཐོབ་པའི་དོན་ཅན་ཡིན་པས་སོ། ། རྟོག་པའི་སྣང་ཡུལ་ཁོ་ན་སྒྲ་ཡི་དངོས་ཡུལ་ཡིན་ན་སྒྲ་དེ་རང་མཚན་ལ་མི་སླུ་བ་མིན་པར་ ཐལ་ཞིང་དེའི་ཡུལ་ཅན་མིན་པར་ཐལ་ལོ་ཞེ་ན། དེ་བྱེད་ནས་ཡོད་པར་འདོད་ལ། བུམ་པའི་ སྤྱི་འཛིན་རྟོག་བློ་ཁྱད་པར་གསུམ་ལྡན་སྐྱེད་པར་བྱེད་པའི་བུམ་སྒྲ་ཆོས་ཅན། བུམ་པ་རང་ མཚན་དངོས་ཀྱི་བརྗོད་བྱར་མེད་ཀྱང་དོན་བུམ་པ་རང་མཚན་ལ་མི་སླུ་བར་འདོད་དེ། ཐ་ སྙད་དུས་སུ་བུམ་པའི་འབྲས་བུ་མི་བྱེད་པ་རང་གི་བརྗོད་བྱར་སྤོང་བའི་ཕྱིར་དང༌། བརྡ་དུས་ སུ་བུམ་པ་རང་མཚན་རང་གི་ཞེན་པའི་བརྗོད་བྱར་ཡོད་པ་ཅན་ཡིན་པས་སོ། །རྟོག་བློ་ཇི་ལྟ་ བུ་ཞེ་ན། བུམ་པའི་སྤྱི་བློ་ཆོས་ཅན། རང་ལ་སྣང་བ་དེ་བུམ་པའི་དོན་བྱེད་པ་ལྟ་བུར་སྣང་བ་ ཅན་ཡིན་ཏེ། ཕྱི་རོལ་བུམ་གསལ་རྣམས་འབྲས་བུ་རིགས་གཅིག་པས་རིགས་གཅིག་ཏུ་ལྷག་ པར་ཞེན་པས་སོ། །ཆོས་ཅན། བུམ་སྤྱི་རང་མཚན་ལ་དངོས་སུ་མི་སྐྱེ་སྟེ། བུམ་གསལ་བུམ་ མིན་ལས་ཐ་དད་པའི་དངོས་པོ་ཙམ་གྱི་འབྲས་བུ་ཡིན་པས་སོ། །རང་གི་བཟུང་དོན་མེད་དེ། རྣམ་རྟོག་ཡིན་པས་སོ། ། དེ་ཕྱིར་ནས་ངོ་བོའི་ཕྱིར་ལ་ཆོས་ཅན། བུམ་པའི་དོན་གྱིས་གཞན་སེལ་པའི་ཡུལ་ཅན་དུ་ རུང་སྟེ། ཐ་སྙད་དུས་སུ་རང་གི་བརྗོད་བྱར་བུམ་པའི་དོན་མི་བྱེད་པ་སྤོང་བའི་སྒོ་ནས། བུམ་ པ་རང་མཚན་ཐོབ་པ་དེ་བྱེད་ཅིང༌། བརྡ་དུས་སུ་བུམ་པ་རང་མཚན་རང་ཐུན་མོང་མིན་འཇུག་ 1-1-43 པའི་ཡུལ་དུ་བྱས་ནས་སྦྱར་བའི་སྒྲ་མིན་པས་སོ། ། གཉིས་པ་ལ་བཞི། རྟོགས་པ་ཕན་ཚུན་བརྟེན་པ་སྤང༌། སེལ་བ་བརྗོད་པས་མ་ཁྱབ་སྤང༌། སེལ་པ་ཐུག་མེད་ཐལ་བ་སྤང༌། སྒྲ་རྟོག་དུ་མ་དོན་མེད་སྤང་བའོ། ། དང་པོ་ལ་གཉིས། རྩོད་པ་དང་ལན་ནོ། །དང་པོ་ནི། ཤིང་ལ་བརྡ་སྦྱོར་སྐྱེས་བུ་ཆོས་ཅན། ཁྱོད་གང་སྦྱོར་རྟགས་ལ་ཤིང་དང་ཤིང་མིན་གཉིས་རྟོགས་པ་ཕན་ཚུན་རྟེན་པར་ཐལ། ཤིང་ དང་ཤིང་མིན་གཉིས་རྟོགས་པ་ཕན་ཚུན་རྟེན་པར་ཐལ། གྲུབ་པའི་སྒོ་ནས་ཤིང་དང་ཤིང་མིན་ གང་ཡང་མི་ཤེས་གྱི་ཤིང་མ་ཡིན་གཅད་པའི་སྒོ་ནས་ཤིང་འཛིན་ཤིང་མིན་ཡང་ཤིང་གཅད་ ནས་འཛིན་པས་སོ། །འདོད་ན། ཆོས་ཅན། ཤིང་དང་ཤིང་མིན་ལས་གང་རུང་གཅིག་འཛིན་ པ་མེད་པར་ཐལ། འདོད་ན། དེ་གཉིས་ཀ་མི་འཛིན་པར་ཐལ། འདོད་ན་ཤིང་མིན་གཅད་ པའི་དོན་ལ་ཤིང་སྒྲ་དེ་བརྡ་བཏག་པ་མི་སྲིད་པར་ཐལ། ཞེས་གཞོན་ནུ་མ་ལེན་སོགས་སྨྲའོ། ། གཉིས་པ་ལ་གཉིས། གང་སྦྱོར་རྟགས་ལ་དགག འཇུག་ཚུལ་བསྟན་པའོ། ། དང་པོ་ནི། ཤིང་སྒྲ་བརྡ་འདོགས་པར་བྱེད་པ་ལ་ཤིང་བརྡ་ཐུན་མོང་མ་ཡིན་པར་འཇུག་ པའི་ཡུལ་དེར་ཤིང་མིན་རྣམ་པར་གཅོད་དམ། གཅོད་པ་མིན་གལ་ཏེ་རྣམ་པར་གཅོད་ཅེ་ན། ཤིང་གི་དོན་ནས་ཇི་ལྟར་ཤེས་ལ། ཤིང་གི་བརྡ་སྦྱོར་སྐྱེས་བུ་ཆོས་ཅན། ཤིང་འཛིན་པའི་སྔོན་ རོལ་ན་ཤིང་མིན་མི་ཤེས་པར་ཐལ། ཤིང་དང་ཤིང་མིན་རྟོགས་པ་ཕན་ཚུན་བརྟེན་པའི་ཕྱིར་ ཏེ། ཤིང་མིན་གཅད་ནས་ཤིང་བརྡ་སྦྱོར་བས་སོ། །རྟགས་ཁྱབ་དངོས། འདོད་ན། ཤིང་མིན་ གཅད་ནས་ཤིང་བརྡ་སྦྱོར་བ་མ་ཡིན་པར་ཐལ་ལོ། །གསུམ་ཁས་སོ། །གཉིས་པ་ལྟར་ན། བརྡ་ ལ་དེ་དག་ནས་ཁྱད་པར་བཞིན། ཤེས་བྱ་ཆོས་ཅན། ཤིང་སྒྲ་ལས་ཤིང་ལ་འཇུག་པའི་སྐྱེས་བུ་ རྣམས་ཤིང་མིན་དེ་སྤངས་ནས་ཤིང་རང་མཚན་ལ་ཐུན་མོང་མིན་པར་འཇུག་པར་མི་འགྱུར་ བར་ཐལ། ཤིང་བརྡ་ཐུན་མོང་མ་ཡིན་པར་འཇུག་པའི་ཡུལ་དུ་ཤིང་མིན་མི་སེལ་བར་ཤིང་སྒྲ་ 1-1-44 སྦྱར་བས་སོ། ། གལ་ཏེ་གཞན་ཤིང་མིན་བཀག་ནས་ཤིང་མི་སྒྲུབ་པར་མདུན་ན་གནས་པའི་སྤྱི་ཙམ་རང་ མཚན་ནམ་གཅིག་པོ་ཅན་གྱི་གསལ་བ་གཅིག་རབ་ཏུ་བསྟན་ནས་འདི་ཤིང་ཡིན་ཞེས་བསྒྲུབ་ པའི་སྒོ་ནས་བརྡ་བྱེད་དེ་ལ་ཐ་སྙད་འདོགས་པའི་ཚེ་ན་ཡང་སྔར་བརྡ་བརྟགས་པའི་དོན་དེ་ རྟོགས་པར་འགྱུར་ལ་དེ་ཡི་ཕྱིར་དེ་ཡོངས་སྤང་ནས་ཞེས་སོགས་ཀྱི་ཉེས་པ་འདི་ནི་མེད་དོ་ སྙམ་ན་འོ་ན་འདི་ཡང་ཤིང་ཡིན། ཞེས་པའམ་འདི་ཁོ་ན་ཤིང་ཡིན་ཞེས་སྦྱོར། དང་པོ་ལྟར་ན། དེ་ཡོངས་སྤངས་ནས་ཞེས་པའི་སྦྱོར་བ་དགོད། གཉིས་པ་ལྟར་ན། ཇི་ལྟར་ཤེས་ཞེས་བྱའི་ ཐལ་བ་ལྡོག་པ་མེད་པས་དེ་ཡི་སྦྱོར་བ་དགོད་དོ། ། གཉིས་པ་ནི། སེལ་པ་སྨྲ་བ་ལ། ཤིང་དང་ཤིང་མིན་ཐ་དད་དུ་ཤེས་པ་མེད་དེ། ཤིང་སྤྱི་ རང་མཚན་གཅིག་མེད་ཅིང་བརྡ་དུས་ཀྱི་ཤིང་ཐ་སྙད་དུས་སུ་མེད་པས་སོ། །དེས་ན་ཐ་སྙད་ དུས་ཀྱི་ཤིང་ཤིང་དུ་མི་རྟོགས་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། གཅིག་རྟོགས་ནས་བྱེད་པར་བྱེད་ལ། ཤིང་གི་བརྡ་སྦྱོར་ཆོས་ཅན། ཤིང་སྤྱི་རྟག་དངོས་ གཅིག་མེད་ཀྱང་བརྡ་ཡི་སྔ་རོལ་དུ་ཤིང་དང་ཤིང་མིན་སོ་སོར་ཤེས་སུ་རུང་བར་ཐལ། ཤིང་ གསལ་རྣམས་འབྲས་བུ་མི་མཚུངས་པའི་སྒོ་ནས་རིགས་གཅིག་ཏུ་རྟོགས་ཏེ། དེ་གཉིས་སོ་ སོར་བརྡ་ཡི་སྔ་རོལ་དུ་འབྱེད་པས་སོ། ། བློ་དེ་ལ་ནས་ངོ་བོ་གཅིག་འདྲར་བ་ལ། ཤིང་གསལ་རྣམས་རིགས་གཅིག་ཏུ་རྟོགས་ནས་ ཤིང་སྦྱོར་བའི་བློ་ཆོས་ཅན། རང་གི་སྣང་ཡུལ་ཕྱི་རོལ་ཤིང་ལྟ་བུར་སྣང་བ་དང༌། ཤིང་མིན་ དང་བྲལ་བ་ལྟར་སྣང་སྟེ། ཤིང་གསལ་ལས་སྐྱེས་ཞིང་དེ་རྣམས་འབྲས་བུ་འདྲ་བས་རིགས་ གཅིག་ཏུ་ལྷག་པར་ཞེན་པའི་བློ་ཡིན་པས་སོ། །ཆོས་ཅན། རང་གི་སྣང་ཡུལ་ཤིང་དང་ངོ་བོ་ གཅིག་པ་ལྟར་སྣང་སྟེ། ཤིང་གི་སྣང་རྟགས་གཅིག་ཏུ་འཛིན་པས་སོ། ། བདག་ཉིད་ནས་སྐད་ 1-1-45 སྦྱོར་ཏེ་ལ། ཤིང་ཤིང་མིན་ལས་ལྡོག་པ་ལ་ཤིང་སྒྲ་བརྡ་སྦྱོར་བ་ཆོས་ཅན། དོན་ཡོད་དེ། ཐ་ སྙད་དུས་ཀྱི་ཤིང་ཤིང་མིན་ལས་ཐ་དད་པར་མཐའ་གཅིག་ཏུ་ཤེས་པའི་ཕྱིར་ཡིན་པས་སོ། ། དེ་ལས་ནས་ལྟར་རྟོགས་ལ། སྐྱེས་བུ་ཆོས་ཅན། ཤིང་སྤྱི་རང་མཚན་དང་གཅིག་སྔར་བརྡ་ དུས་ཀྱི་ཤིང་རང་མཚན་ཕྱིས་ཐ་སྙད་དུས་སུ་མེད་པས་ཐ་སྙད་དུས་ཀྱི་ཤིང་ཤིང་དུ་མི་རྟོགས་ པའི་སྐྱོན་མེད་དེ། ཕྱིས་ཤིང་སྒྲ་ལས་ཤིང་མིན་གཅད་པ་རྟོགས་པའི་བློ་རྣམ་རྟོག་དེ། ཤིང་གི་ སྣང་བརྟགས་གཅིག་ཏུ་འཁྲུལ་ནས་བརྡ་དང་ཐ་སྙད་དུས་ཀྱི་ཤིང་རྣམས་རིགས་གཅིག་པ་ལྟ་ བུར་རྟོགས་ཏེ་འཇུག་པས་སོ། ། གཉིས་པ་ནི། དོན་ནས་བཟུང་ཕྱིར་རོ་ལ། བུམ་པའི་ཆུ་འོན་གཅིག་ཅེས་པའི་སྒྲ་ནི་ཆོས་ ཅན། ཁྱོད་ལས་རང་གི་བརྗོད་བྱ་ལ་ཐེ་ཚོམ་དུ་གྱུར་པའི་བློ་དེ་རང་གི་བཟློག་ཕྱོགས་ལ་ འཇུག་པ་བཟློག་ནས་རང་གི་དོན་ལ་འཇུག་པའི་ཕྱིར་དུ་སྦྱོར་བར་བྱེད་དེ། རང་གི་བརྗོད་ བྱའི་དོན་ངེས་བཟུང་སྙིང་པོར་ཡོད་པའི་ཚུལ་གྱིས་དེ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་སྦྱར་ བའི་ངག་ཡིན་པས་སོ། །དམ་བཅའ་དེ་མིན་ན། དུ་ནས་འགྱུར་ལ། ཆོས་ཅན་བུམ་པའི་ཆུ་ འོན་གཅིག་ཅེས་ཚིག་ཟུར་གསུམ་སྦྱར་ཏེ་བསྟན་པ་དོན་མེད་པར་ཐལ། སྙིམ་པར་ཕྱག་དར་ སོགས་ཁྱེར་འོང་བ་དང༌། ཅི་ཡང་ཁྱེར་ཏེ་མི་འོང་པ་གཅོད་པར་མི་བྱེད་ཅིང་བུམ་པ་ཁོ་ནར་ཆུ་ ཁོ་ན་ཁྱེར་འོང་དགོས་པར་མི་སྟོན་པས་སོ། ། དེས་ན་ནས་འགའ་ཞིག་ཡོད་ལ། སྒྲ་མི་རྟག་པར་ཤེས་བྱ་ཡིན་ནོ། ཞེས་སོགས་ཀྱི་ཚིག་ ཆོས་ཅན། རྣམ་གཅད་འགའ་ཡོད་དེ། དགག་བསྒྲུབ་བྱེད་པའི་ངག་ཡིན་པས་སོ། ། གསུམ་པ་ལ་ལྔ། སྒྲ་གཞན་སེལ་ལ་སྦྱོར། དེ་ཉིད་ལུང་དང་སྦྱར། ལུང་དོན་གཏན་ལ་ དབབ། དགག་སྒྲ་དགོས་པ་སྤང༌། ལྡོག་པ་རང་མཚན་དགག་པའོ། ། དང་པོ་ནི། གསལ་བྱེད་པ་ན་རེ། སྒྲ་སེལ་པས་འཇུག་ན་རྗོད་བྱེད་ཀྱི་སྒྲས་སེལ་པ་དེའི་ 1-1-46 བསྒྲུབ་པས་བརྗོད་དམ། སེལ་པས་བརྗོད། དང་པོ་ལྟར་ན་སྒྲ་ཐམས་ཅད་སེལ་པས་འཇུག་ པ་ཉམས་སོ། །གཉིས་པ་ལྟར་ན་སེལ་པ་ཐུག་མེད་དུ་འགྱུར་རོ་ཞེ་ན། འདི་གཞན་སེལ་པའོ་ ཞེས་པ་ལ་ཟེར་ན། གཞན་སེལ་མིན་པ་གཅད་ནས་འཇུག་པས་སེལ་པས་བརྗོད་ལ། བུམ་ སྒྲའི་བརྗོད་བྱར་བུམ་མིན་གཅོད་པ་ལ་ཟེར་ན། དེ་ཉིད་བུམ་སྒྲའི་བརྗོད་བྱ་སེལ་པ་ཡིན་ པས། སེལ་པ་གཞན་ཅི་དགོས། སྒྲ་སེལ་པས་འཇུག་ཅེས་པ་ལ་ཟེར་ན། སྒྲ་བསྒྲུབས་པས་ འཇུག་གམ་སྙམ་པའི་རྨོངས་པ་སེལ་ལོ། །དེས་ན། གང་ཞིག་ནས་འགོག་ལ། འདི་ཤིང་ངོ་ ཞེས་སོགས་ཀྱི་སྒྲ་ཆོས་ཅན། ཤིང་ཤིང་མིན་ཡིན་པ་རྣམ་པར་བཟློག་ནས་བརྡ་སྦྱར་ཏེ། ཤིང་ གི་ཁྱད་རྣམས་ཤིང་མིན་ལས་མཚུངས་པའི་རྣམ་པར་སྣང་བ་ཅན་ལ་འགོད་པའི་སྒྲ་ཡིན་པས། གཉིས་པ་ནི། དེ་ཉིད་ནས་བཤད་ལ། རྟོག་ངོ་ན་ཡོད་པའི་ཤིང་མིན་ལས་ལྡོག་པ་དེ་ ཆོས་ཅན། ཤིང་སྒྲའི་བརྗོད་བྱ་ཡིན་ཏེ། ཡིན་པར་སློབ་དཔོན་གྱིས་དོན་མཐུན་དུ་བཤད་ པས་སོ། །ཇི་ལྟར་ན་དོན་གཞན་ལས་ལྡོག་པའི་དངོས་པོ་དེ་ཡི་ཆ་འགའ་ཞིག་རྟོགས་པར་ འགྱུར་རོ། །ཞེས་པས་སོ། །དེ་བཞིན་དུ་སྒྲས་ནི་དོན་གཞན་ལས་བཟློག་པས་ཁྱད་པར་དུ་ བྱས་པའི་དངོས་པོ་གཅིག་ཁོ་ན་བརྗོད་དོ་ཞེས་སོགས་ཀྱིས་སོ། །ཤིང་སྒྲ་ཆོས་ཅན། ཤིང་གི་ ཆར་བརྟགས་པའི་ཤིང་འཛིན་རྟོག་པའི་གཟུགས་བརྙན་ཤིང་དུ་སྒྲོ་བརྟགས་པའི་རྟོགས་བྱེད་ དུ་འགྱུར་ཏེ། ཤིང་མིན་ལས་ལྡོག་པ་དངོས་སུ་རྟོགས་པར་བྱེད་པའི་སྒྲ་ཡིན་པས་སོ། །ཤིང་ འཛིན་རྟོག་པའི་གཟུགས་བརྙན་ཆོས་ཅན། ཤིང་གི་ཆ་ཞེས་བརྟགས་པའི་རྒྱུ་མཚན་ཡོད་དེ། ཤིང་རང་མཚན་མཐོང་བའི་སྒོ་ནས་འོངས་པས་སོ། ། གསུམ་པ་ནི། འདི་ལ་ནས་མེད་ལ། རྟོག་པ་ལས་སྣང་བའི་ཤིང་མིན་ལས་ལྡོག་པ་ཆོས་ ཅན། ཕྱི་ཡི་རང་མཚན་དུ་མེད་དེ་རྟོག་བློ་འཁྲུལ་བའི་སྣང་བ་ཡིན་པས་སོ། །ལུང་གཉིས་པའི་ དོན་ནི། སྒྲ་རྣམས་ནས་རྟོགས་འགྱུར་ལ། ཤིང་སྒྲ་ཆོས་ཅན། ཁྱོད་ལས་ཤིང་མིན་ལས་ལྡོག་ 1-1-47 པ་དངོས་སུ་རྟོགས་པའི་སྒོ་ནས་ཤིང་མིན་ལས་ལྡོག་བྱེད་དེ་ཡང་རྟོགས་པར་བྱེད་དེ། ཤིང་ གསལ་གྱི་དངོས་མིང་ཡིན་པས་སོ། །དེ་ལ་ནི་ནས་འགའ་མེད་ལ། སྒྲ་ཡི་དོན་གཞན་སེལ་པ་ དེ་ལ་ནི་ཆོས་ཅན། གཞན་ལ་ལྡོག་པའི་སྤྱི་རང་མཚན་པས་ཁྱད་པར་དུ་བྱས་པར་དོན་མཐུན་ དུ་རྟོགས་པར་འགྱུར་བ་མེད་དེ། གཞན་ལས་ལྡོག་པའི་སྤྱི་རང་མཚན་པ་མེད་པས་སོ། ། བཞི་པ་ནི། གཞོན་ནུ་མ་ལེན་སོགས་ན་རེ། སྒྲས་དེ་གཅོད་ཅེ་ན། སྒྲ་གཅིག་གིས་བྱ་བ་ གཉིས་མི་འགྲུབ་པས། ཤིང་མིན་གཅད་པའི་ཤིང་ཞེས་པ་ལྟ་བུ་སྒྲ་གཉིས་སྦྱོར་དགོས་ཞེ་ན། སྒྲ་གཉིས་ནས་མིན་ཕྱིར་ལ། ཤིང་སྒྲ་ཆོས་ཅན། ཤིང་བསྒྲུབ་པ་དང༌། ཤིང་མིན་གཅོད་པའི་ བྱ་བ་རྫས་ཐ་དད་གཉིས་ཡོད་པ་མི་སྲིད་དེ། ཤིང་བསྒྲུབ་པ་ཉིད་ཀྱིས་ཤིང་མིན་ཡིན་པ་གཅད་ པའི་ཕྱིར་ཏེ། ཤིང་དང་ཤིང་མིན་དངོས་སུ་ཕན་ཚུན་སྤངས་ཏེ་འགལ་བས་སོ། ། ལྔ་པ་ནི། འདི་ནས་བསླད་པ་མིན་ལ། ཤིང་ཡིན་ལས་ལྡོག་པ་འདི་ཆོས་ཅན། བློ་རྟོགས་ པས་བསླད་པ་ཡིན་ཏེ། ཕྱི་ཡི་རང་མཚན་དུ་མེད་ཀྱང་དེ་བཟུང་བ་ཙམ་ཡིན་པས་སོ། །དེ་ཉིད་ ནས་མིན་ལ་ཆོས་ཅན། དོན་དམ་རང་མཚན་མིན་ཏེ་རྟོགས་པས་བཏགས་པས་སོ། །ཡིན་ན། གཞན་དུ་ནས་བརྗོད་ཕྱིར་རོ་ལ། ཞེས་དེ་པ་ལ་ཤིང་དང་གཅིག་གམ་རྫས་ཐ་དད། དང་པོ་ ལྟར་ན། ཤིང་ད་བ་ཆོས་ཅན། ཤིང་མིན་ལས་ལྡོག་པར་མི་འགྱུར་བར་ཐལ། པ་ལ་ཤ་ལས་ རྫས་གཞན་པས་སོ། །ཁྱབ་པ་ཁས་སོ། །གཉིས་པ་ལྟར་ན་པ་ལ་ཤ་ཆོས་ཅན། ཆོས་འདྲ། ཤིང་མིན་ལས་ལྡོག་པ་ལས་རྫས་གཞན་ཡིན་པས་སོ། །འདོད་མི་ནུས་སྟེ། པ་ལ་ཤ་འདི་ནི་ ཤིང་མིན་འདི་ལས་ཐ་དད་ཅེས་ནི་བརྗོད་ཕྱིར་རོ། ། བཞི་པ་ནི། སྤྱི་རང་མཚན་མེད་ན། ཕྱི་ཡི་རང་མཚན་ཉིད་དངོས་སུ་བརྗོད་པར་འགྱུར་ ཞིང༌། འདོད་ན། དེ་ཡི་ཆོས་གཅིག་བརྗོད་ཅིང་ངེས་པས། དེ་ཡི་ཆོས་ཀུན་བརྗོད་ཅིང་ངེས་ པར་ཐལ་བས། སྒྲ་དང་ཚད་མ་ཕྱི་མ་དོན་མེད་དུ་འགྱུར་རོ་ཞེ་ན། 1-1-48 འདྲེས་པའི་ནས་གཅིག་པོའི་རྩ་བར་པུ་ཡིས་བྱ་བྱེད་ལ། སྒྲ་མི་རྟག་ཅེས་པའི་སྒྲ་ཆོས་ ཅན། སྤྱི་རང་མཚན་མེད་པས་ཁྱོད་ཀྱི་སྒྲ་ཡི་ཆོས་ཀུན་དངོས་ཡུལ་དུ་བྱས་པས་སྒྲ་རྟོག་གཞན་ དོན་མེད་དུ་མི་འགྱུར་ཏེ། སྒྲོ་འདོགས་དུ་མའི་ནང་ནས་སྒྲ་རྟག་པར་སྒྲོ་འདོགས་གཅོད་ཀྱི་ གཞན་མི་གཅོད་པས་སོ། ། དེ་ལ་ནས་ཅི་ཡང་མེད་ལ་ཆོས་ཅན། རྟག་པ་གཅད་པས་ཁྱད་པར་བྱས་པའི་ཕྱི་རོལ་རང་ མཚན་དངོས་ཀྱི་བརྗོད་བྱར་མེད་དེ། རྟག་པ་ལས་ལྡོག་པ་ལ་སོགས་པའི་ཆོས་སྣ་ཚོགས་སུ་ སྣང་བའི་ཆོས་ཅན་སྒྲ་དེ་ལ་བརྗོད་དུ་འཇུག་པས་སོ། ། དེ་ལྟའི་བརྗོད་བྱ་ཡོད་ན་གང་ཞིག་ནས་རྟོགས་འགྱུར་བ་ལ་ཆོས་ཅན། སྒྲ་ཡི་བྱས་སོགས་ སྒྲ་ཡི་ཆོས་ཀུན་རང་གི་བརྗོད་བྱར་འཕངས་པར་ཐལ། སྒྲ་མི་རྟག་པར་བསྒྲུབ་པའི་སྒོ་ནས་ བརྗོད་པས་སོ། །དངོས་པོའི་ནུས་པ་ཡིན་ལ། དེ་ལ་ཁྱབ་པ་ཡོད་དེ། སྒྲ་ཡི་བྱས་མི་རྟག་ སོགས་རྣམས་སྒྲ་དང་དོན་གཅིག་པའི་སྒྲ་ཡི་ཆོས་སུ་འདྲ་བས་སོ། ། དེས་ན་ནས་གཅིག་འགྱུར་ལ། སྒྲ་བྱས་མི་རྟག་ལ་སོགས་པར་བརྗོད་པའི་སྒྲ་ཆོས་ཅན། དགོས་པ་དུ་མ་ཅན་དང་རྟེན་ཆོས་ཅན་གཅིག་པ་ཅན་དུ་འགྱུར་ཏེ། སྒྲ་མ་བྱས་རྟག་སོགས་ ལས་ལྡོག་པའི་ལྡོག་བྱ་རེ་རེ་རང་གི་བརྗོད་པར་ཡོད་པས་སོ། ། དྲུག་པ། ལྡོག་པའི་གཞན་སེལ་དང་སྤྱི་བརྗོད་པའི་ཡོན་ཏན་དང་སྐྱོན་ཕྱེ་སྟེ་བསྟན་པ་ལ་ གསུམ། རང་མཚན་ཐོབ་པ་དེ་འཐད། སེལ་པ་བརྗོད་པ་དགོས་པར་བསྟན། སྤྱི་གཞི་མཐུན་ རང་ལ་རུང་པའོ། ། དང་པོ་ནི། རྣམ་གཅད་ནས་གནས་ལ། སྔོན་པོ་ཞེས་པའི་སྒྲ་ཆོས་ཅན། ཨུད་པ་ལ་མི་ འགོག་ཅིང་མི་སྒྲུབ་པར་གནས་ཏེ། སྔོ་མིན་གཅད་ཙམ་གཅིག་གཅིག་སྟོན་པས་སོ། ། དེས་ནི་ནས་ཉིད་དུ་འགྱུར་ལ། སྔོན་པོ་ཉིད་དུ་གྱུར་པའི་ཨུད་པ་ལ་ཆོས་ཅན། ཆོས་ 1-1-49 རྟགས། དེ་ཉིད་གཞན་ལས་ལྡོག་པར་སྣང་སྟེ་དང་གཅིག་གོ། སྒྲ་ནི་ནས་ཅེས་བྱའོ་ལ། འདི་བུམ་པའོ་ཞེས་པའི་སྒྲ་ནི་ཆོས་ཅན། བུམ་པའི་གཞན་སེལ་ བརྗོད་པ་འཐད་དོ། །བུམ་མིན་བཅད་ཙམ་རང་གི་བརྗོད་བྱར་བྱེད་པའི་སྒོ་ནས་བུམ་པ་རང་ མཚན་ཐོབ་ཅིང་གོ་བར་འགྱུར་བའི་ཕྱིར་ཏེ། བུམ་པ་རང་མཚན་རྣམས་བུམ་མིན་ལས་ལྡོག་ པ་ཉིད་དུ་ཡོད་པས་སོ། ། གཉིས་པ་ནི། དངོས་པོ་ནས་ངེས་ཕྱིར་རོ་ལ། ཆོས་ཅན། སྤྱི་རང་མཚན་གཅིག་དངོས་ཀྱི་ བརྗོད་བྱར་ཡོད་སྟོབས་ཀྱིས་ཕྱི་ཡི་རང་མཚན་ལ་རེག་པ་མ་ཡིན་ཏེ། སྤྱི་རང་མཚན་གཅིག་ ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་ཡོད་ན་མངོན་སུམ་གྱིས་དམིགས་དགོས་པ་ལ་མ་དམིགས་ པས་སོ། ། དེ་ཕྱིར་ནས་མི་སྲིད་ཕྱིར་ལ། སྤྱི་ཡི་ཡུལ་ཅན་གྱི་སྒྲ་དང༌། བློ་རྣམ་རྟོག་ཆོས་ཅན། གཞན་ སེལ་པའི་ཡུལ་ཅན་དུ་འཐད་དེ། ཡུལ་ཅན་གང་ཞིག་རང་གི་དངོས་ཡུལ་དུ་མི་སྲིད་པའི་ཕྱིར་ ཅེས་ཕྱོགས་གླང་གིས་བསྟན་ཏོ། ། གསུམ་པ་ནི། གལ་ཏེ་སྤྱི་རང་མཚན་ཡོད་ན། སྤྱི་དང་ཁྱད་པར་རང་མཚན་གཅིག་གམ་ ཐ་དད། གྲངས་ཅན་ནི་གཅིག་པར་འདོད་ན། དངོས་པོ་ནས་བློ་གང་ལས་ལ། བ་ལང་དང་ དེ་དཀར་ཟལ་ཆོས་ཅན། རྣམ་པ་ཐ་དད་པའི་བློ་ཡི་ཡུལ་མ་ཡིན་པར་ཐལ། ཆ་མེད་པའི་རང་ མཚན་གཅིག་ཉིད་ཡིན་པས་སོ། །མ་ཁྱབ་ན་བློ་རྣམ་པ་ཐ་དད་པ་ནི། དངོས་ཡུལ་རང་མཚན་ ཐ་དད་ཁོ་ན་ལ་འཇུག་པས་སོ། །འདོད་ན། གཞི་མཐུན་དུ་མི་རུང་བར་ཐལ། གཅིག་ནི་ནས་ཅན་མ་ཡིན་ལ། བ་ལང་གི་སྤྱི་ཆོས་ཅན། བ་ལང་ཁྲ་བོ་ལ་རྗེས་སུ་འཇུག་ པ་དང༌། དེ་ལས་ལྡོག་པའང་ཡིན་པར་ཐལ། ནག་སྒུར་ཡང་ཡིན། བ་ལང་གི་སྤྱི་ཡང་ཡིན་ པས་སོ། །འདོད་ན་དེ་མིན་པར་ཐལ། ཆ་མེད་གཅིག་ཉིད་ཡིན་པས་སོ། །བྱེ་བྲག་པ་སོགས། 1-1-50 སྤྱི་ཁྱད་རྫས་ཐ་དད་དུ་འགྱུར་ཞེ་ན། དབྱེར་མེད་ནས་རྒྱུ་མེད་འགྱུར་ལ། ཤེས་བྱ་ཆོས་ཅན། ཨུད་པ་ལ་སྔོན་པོ་ཞེས་པའི་གཞི་ འཐུན་གྱི་ཐ་སྙད་དོན་མཐུན་འཇུག་པ་མི་འགྱུར་བར་ཐལ། སྔོན་པོའི་སྒྲས་སྔོན་པོའི་ཡོན་ཏན་ གྱི་ཁྱད་པར་ཅན་གྱི་རྫས་ཉིད་བརྗོད་ཅིང༌། ཨུད་པ་ལའི་སྒྲས། ཨུད་པ་ལ་ཉིད་གྱི་སྤྱིའི་ཁྱད་ པར་ཅན་ཀྱི་རྫས་ཉིད་བརྗོད་པས་སོ། །མ་ཁྱབ་ན། སྤྱི་རྫས་ཡོན་ཏན་རྣམས་རྫས་ཐ་དད་ཁོ་ ནར་འགལ། ལྡོག་པ་ནས་ཉེས་པ་དེ་དག་མེད་ལ། ལྡོག་པ་སྨྲ་བའི་ལུགས་ལ་ཆོས་ཅན། སྤྱི་མེད་པའི་ ཉེས་པ་མེད་དེ། བ་ལང་མིན་པ་ལས་ལྡོག་པ་དེ་ཆོས་ཅན། བ་ལང་གི་གསལ་བ་ཀུན་ལ་ཡོད་ པའི་ཕྱིར། བདུན་པ་དུ་མ་ལ་སྒྲ་གཅིག་འཇུག་པའི་རྒྱུ་མཚན་དཔྱད་པ། རྩོད་པ་སྤང་བ་དང་བཅས་ པ་ལ་བཞི། རང་ལུགས་ཀྱི་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མཚན་བསྟན། གཞན་ལུགས་ཀྱི་ སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མཚན་དགག རང་ལུགས་ཀྱི་སྤྱི་ཡོད་མེད་ཀྱི་ཁྱད་པར་བསྟན། གཞན་ལུགས་ཀྱི་རྒྱུ་མཚན་འགོག་བྱེད་ལ་རྩོད་པ་སྤང་བའོ། ། དང་པོ་ལ་གཉིས། དོན་དངོས། དཔེ་བསྟན་པའོ། །དང་པོ་ནི། སྤྱི་རང་མཚན་མེད་ན་དུ་ མ་ལ་སྒྲ་གཅིག་མི་འཇུག་གོ་ཞེ་ན། དེའི་འབྲས་བུ་ནས་རྒྱུ་ཅན་ཡིན་ལ། བ་ལང་གི་བརྡ་ཤེས་ པས་བ་ལང་ཞེས་པའི་སྒྲ་གཅིག་བརྡར་བྱས་པ་ཆོས་ཅན། བ་ལང་གི་སྤྱི་རང་མཚན་གཅིག་ མེད་ཀྱང་དོན་ཡོད་དེ། བ་ལང་གི་འབྲས་བུ་རིགས་གཅིག་ཡིན་པ་བསྟན་པའི་ཆེད་ཡིན་པས་ སོ། །ཆོས་ཅན་བ་ལང་གི་སྤྱི་རང་མཚན་གཅིག་ཁོ་ནའི་རྒྱུ་མཚན་གྱིས་འཇུག་པ་མིན་ཏེ། བ་ ལང་རྣམས་བ་ལང་གི་འབྲས་བུ་མེད་པ་ལས་ལྡོག་པའི་དབང་གིས་འཇུག་པས་སོ། ། ཐ་དད་པ་ནས་འབྲས་མེད་ཕྱིར་ལ། བ་ལང་རང་མཚན་རྣམས་ཆོས་ཅན་སྤྱི་སྒྲ་གཅིག་ 1-1-51 སྦྱར་བ་མི་འཐད་པར་མིང་མི་འདྲ་བ་སོ་སོ་རེ་རེ་དངོས་སུ་སྦྱོར་བ་མི་འཐད་དེ། དེ་དངོས་སུ་ བསྟན་པར་དཀའ་བ་དང༌། མིང་གིས་དངོས་སུ་བརྗོད་མི་ནུས་པ་དང༌། དེ་དངོས་སུ་སྦྱོར་བ་ ལ་དགོས་པ་མེད་པའི་ཕྱིར། དངོས་པོ་ལ་ནས་ཡོད་མིན་ལ། ཆོས་ཅན་ཁྱོད་ཀྱི་སྤྱི་རང་མཚན་གཅིག་ལ་བ་ལང་གི་སྒྲ་ དངོས་སུ་འཇུག་པ་མིན་པར་ཐལ། དེ་མེད་པའི་ཕྱིར་ཏེ། དངོས་པོ་རང་མཚན་ཀུན་རང་གི་ངོ་ བོ་གཞན་དང་མ་འདྲེས་པར་གནས་པའི་ཕྱིར། ཁྲ་བོ་ཡི་ནི་ངོ་བོ་གང༌། དེ་ནི་སེར་སྐྱ་ཡོད་པ་ མིན་པས་སོ། ། དེ་འབྲས་ཅན་ནས་རིགས་སོ་ལ། ཤེས་བྱ་ཆོས་ཅན། བ་ལང་གི་སྤྱི་རང་མཚན་མེད་ ཀྱང་བ་ལང་མིན་པ་ལས་ལྡོག་པར་མཚུངས་པ་དེ་བ་ལང་རྣམས་ལ་བ་ལང་ཞེས་པ་སྒྲ་གཅིག་ མཚུངས་འཇུག་པའི་རྒྱུན་མཚན་དུ་རིགས་ཏེ། བ་ལང་མིན་པ་ལས་ལྡོག་པར་མཚུངས་པ་དེ་ བ་ལང་ཐམས་ཅད་ལ་རིགས་སྤྱིར་ཡོད་པས་སོ། ། དེ་ཕྱིར་ནས་ཐ་དད་ཉིད་ལ། བ་ལང་གི་འབྲས་བུ་མཚུངས་པ་དེ་ཆོས་ཅན། འབྲས་བུ་ ཉིད་ཅེས་པའི་སྤྱི་རང་མཚན་གཅིག་མ་ཡིན་ཏེ། བ་ལང་གི་འབྲས་བུ་མེད་པ་ལས་ལྡོག་པ་ ཙམ་ཡིན་པས་སོ། ། གཉིས་པ་ནི། དཔེར་ན་ནས་བསྙད་པར་བྱ་ལ། མིག་སོགས་རྐྱེན་གསུམ་ཆོས་ཅན། སྤྱི་ རང་མཚན་གཅིག་མེད་ཀྱང་མིག་ཤེས་ཀྱི་རྒྱུ་ཞེས་པའི་སྒྲ་གཅིག་འཇུག་པ་དོན་ཡོད་དེ། མིག་ ཤེས་ཀུན་གྱི་རྒྱུ་ཚོགས་ཀུན་ཚེགས་ཆུང་ངུས་རྟོགས་པའི་ཕྱིར་དུ་མིག་ཤེས་ཀྱི་རྒྱུ་ཞེས་པའི་སྒྲ་ གཅིག་སྙད་པར་བྱས་པས་སོ། ། གཉིས་པ་ལ་གཉིས། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། གལ་ཏེ་སྤྱི་རང་ མཚན་གཅིག་གནས་པའི་ཕྱིར། གསལ་བ་མང་པོ་དག་ལ་སྙན་པ་གཅིག་འཇུག་གོ་ཞེ་ན། 1-1-52 གཉིས་པ་ལ་གཉིས། གནས་པའི་དོན་དགག སྤྱི་ཆ་མེད་གཅིག་དགག་པའོ། །དང་པོ་ལ་ གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། གསལ་བ་དུ་མ་ལ་སྤྱི་གཅིག་གནས་པ་ དེ་གསལ་བ་ལ་བརྟེན་པའི་དོན་ཡིན་ནམ་བསལ་བས་གསལ་བར་བྱ་བ་ཡིན། སྤྱི་ཆོས་ཅན། གཉིས་པོ་དེ་ལྟར་གང་དུ་ཡང་མི་རིགས་པར་ཐལ། རྟག་པས་སོ། །རྟགས་བསལ་ལོ། ། གཉིས་པ་ལ་གཉིས། བརྟེན་པ་དགག གསལ་བ་དགག་པའོ། །དང་པོ་ནི། བསལ་བ་ རྣམས་ཆོས་ཅན། སྤྱི་ཡི་དོན་གཞན་རྟེན་མིན་པར་ཐལ། སྤྱི་ལ་ཕན་འདོགས་པ་མེད་པའི་ཕྱིར་ ཏེ། སྤྱི་དེ་རྟག་པས་སོ། །མཁར་གཞོང་ནང་གི་རྒྱ་ཤུག་ཆོས་ཅན། གནས་སྐབས་འཁར་གཞོང་ གིས་ཕན་པར་ཐལ། ཐུར་དུ་ལྷུང་བའི་ངང་ཚུལ་ཅན་གང་ཞིག ཁྱོད་ཐུར་དུ་མི་ལྷུང་བར་འཁར་ གཞོང་གིས་བསྐྱེད་པར་ནུས་པས་སོ། ། སྤྱི་དེ་ཆོས་ཅན། གསལ་བས་བསྐྱེད་པ་དེའང་མི་སྲིད་པར་ཐལ། རྟག་པས་སོ། །བུམ་ སྤྱི་ཆོས་ཅན། བུམ་གསལ་གྱི་དབང་ཁོ་ནས་གནས་པ་མ་ཡིན་པར་ཐལ། དེ་མེད་ནས་ཡང་ གནས་པའི་ཕྱིར། རྟགས་བསལ་ལོ། །ཐ་དད་ནས་མི་རིགས་ཉིད་ལ། སྤྱི་གནས་པ་སྤྱི་དང་ གཅིག་གམ་རྫས་ཐ་དད། དང་པོ་ལྟར་ན། སྤྱི་གནས་པ་ཆོས་ཅན། བགསལ་བས་སྐྱེད་མི་ དགོས་པར་ཐལ། སྤྱི་དང་གཅིག་པས་སོ། །གསུམ་ཁས་སོ། །གཉིས་པ་ལྟར་ན། གསལ་བ་ ཆོས་ཅན། སྤྱི་གནས་བྱེད་མ་ཡིན་པར་ཐལ། གནས་པ་སྤྱི་ལས་དོན་གཞན་ཁོ་ན་བྱེད་པས་སོ། ། རྟགས་བསལ་ལོ། ། གཉིས་པ་ནི། བརྟག་པ་གཉིས་པའོ་ཞེ་ན། བདག་ལ་ནས་འདོར་རྩ་བར་འདོད་ལ། སྒྲོན་ འོད་ཀྱི་རང་བཞིན་མངོན་སུམ་གྱིས་ཡུལ་དུ་བསྐྱེད་པའི་བུམ་གཟུགས་ཆོས་ཅན། སྒྲོན་འོད་ ཀྱི་གསལ་བྱ་ཡིན་ཏེ། ཁྱོད་ཀྱིས་རང་འཛིན་མངོན་སུམ་བསྐྱེད་པ་སྒྲོན་འོད་ཀྱིས་ཁྱོད་གསལ་ བ་ལ་ངེས་པར་ལྟོས་པས་སོ། །རང་གི་གསལ་བྱ་བུམ་གཟུགས་གསལ་བྱེད་སྒྲོན་འོད་ཆོས་ 1-1-53 ཅན། དེ་དེར་འཛིན་མངོན་སུམ་ལ་གསལ་བའི་རྒྱུ་ཡིན་ཏེ། ཁྱོད་ཀྱིས་དེ་གསལ་བར་མ་བྱས་ པར་དེས་དེ་འཛིན་མངོན་སུམ་མི་བསྐྱེད་པ་ལ་ཁྱོད་ཀྱིས་དེ་དེ་སྐྱེད་བྱེད་དུ་བསྐྱེད་པས་སོ། ། གསལ་བྱ་འདི་ནི་གསལ་བྱེད་ཀྱི་སྔར་ན་མངོན་སུམ་ལ་གསལ་བར་རུང་ཞེ་ན། སྒྲོན་འོད་ ཀྱི་གསལ་བྱ་བུམ་གཟུགས་ཆོས་ཅན། རང་འཛིན་མངོན་སུམ་བསྐྱེད་པ་རང་གསལ་བྱེད་སྒྲོན་ འོད་ཀྱིས་གསལ་བར་བྱས་པ་དེ་ལ་ངེས་པར་ལྟོས་པར་མི་རུང་བར་ཐལ། དེ་མེད་པའི་སྔར་ ནས་དེ་སྐྱེད་བྱེད་དུ་ཡོད་པས་སོ། ། འགྱུར་བ་མེད་ནས་གང་ལས་ཡིན་ལ། སྤྱི་ཆོས་ཅན། གསལ་བ་རང་འཛིན་མངོན་སུམ་ གྱི་བཟུང་དོན་དུ་གསལ་བྱ་མིན་པར་ཐལ། འགྱུར་མེད་དེ་རྟག་པས་སོ། ། མིག་སྨན་ནས་ཐ་དད་མེད་ཕྱིར་རོ་ལ། བ་ལང་གི་གསལ་བ་ཆོས་ཅན། ཁྱོད་ཀྱིས་སྤྱི་ འཛིན་དབང་པོ་སྤྱི་འཛིན་དབང་ཤེས་བསྐྱེད་རུང་དུ་འདོད་པའི་སྒོ་ནས་སྤྱི་དེ་སྤྱི་འཛིན་དབང་ ཤེས་ཀྱི་བཟུང་ཡུལ་དུ་གསལ་བྱེད་མ་ཡིན་ཏེ། ཁྱོད་ཡོད་མེད་ཀྱི་དུས་དག་ཏུ་སྤྱི་འཛིན་དབང་ ཤེས་གསལ་མི་གསལ་གྱི་ཁྱད་པར་མེད་པས་སོ། །དཔེར་ན་མིག་དབང་ཉམས་པ་ལས་མིག་ ཤེས་མི་གསལ་བ་ལ་མིག་སྨན་གྱིས་མིག་དབང་འདུས་བྱས་པས་མིག་ཤེས་གསལ་པོ་སྐྱེ་བ་ བཞིན་ནོ། ། གསལ་བ་དེ་སྤྱི་ལྡན་ཡིན་པའི་རྒྱུན་མཚན་སྤྱི་གསལ་བ་དེ་རིགས་རྣམས་ཀྱི་ནི་གསལ་ བྱེད་ཡིན་པ་ཙམ་གྱིས་ཀྱང་རིགས་དང་ལྡན་པར་འདོད་ཅེ་ན། སྒྲོན་མེ་ནས་འཐོབ་ལ། བ་ལང་གི་གཟུགས་གསལ་བྱེད་སྒྲོན་འོད་དང༌། བ་ལང་གི་ གཟུགས་འཛིན་དབང་ཤེས་ཀྱི་རྒྱུ་དབང་ཡིད་སོགས་ཆོས་ཅན། བ་ལང་གི་སྤྱི་ལྡན་དུ་ཐལ། བ་ལང་གི་སྤྱི་གསལ་བྱེད་ཡིན་པས་སོ། །དེར་ཐལ། དེར་འཛིན་རྣམ་ཤེས་སྐྱེད་བྱེད་དུ་རུང་ བས་སོ། ། 1-1-54 གཉིས་པ་ལ་གསུམ། དེ་ཉིད་སྤྱིར་དགག ཁྱད་པར་དུ་དགག དེ་ཡི་སྒྲུབ་བྱེད་དགག་ པའོ། །དང་པོ་ནི། བྱེ་བྲག་པ་དང་གྲངས་ཅན་སོགས། གང་དག་ནས་ཇི་ལྟར་ཡིན་ལ། བ་ལང་གི་གསལ་བ་ཆོས་ཅན། ཁྱོད་ལ་བ་ལང་གི་སྤྱི་ བློ་མི་འཇུག་པར་ཐལ། ཁྱོད་ལ་བ་ལང་གི་སྤྱི་མཐོང་བ་མེད་པའི་ཕྱིར། གསུམ་ཁས་སོ། །མ་ གྲུབ་ན། བ་ལང་གི་སྤྱི་ཆོས་ཅན། སྔོན་མེད་པའི་བ་ལང་གི་གསལ་བ་ལ་མཐོང་བ་མི་སྲིད་ པར་ཐལ། སྔར་གྱི་བ་ལང་གཅིག་ལ་མཐོང་བས་སོ། །རྟགས་བསལ། ཁས་སོ། །མ་ཁྱབ་ན་ ཁྱེད་ཆ་མེད་གཅིག་ཏུ་འགལ་ལོ། །དེ་ལ་ཁྱབ་པ་ཡོད་པའི་གནད་ནི། སྤྱི་དེ་སྔར་གྱི་གསལ་བ་ དང་རང་མཚན་གཅིག་གམ་ཐ་དད་གཅིག་ན་བ་ལང་གི་སྤྱི་ཆོས་ཅན། བ་ལང་གསར་བྱུང་ལ་ ཐུན་མོང་དུ་རྗེས་འགྲོ་མེད་པར་ཐལ། སྔར་གྱི་བ་ལང་གཅིག་པོ་དང་གཅིག་ཡིན་པས་སོ། ། གཉིས་པ་ལྟར་ན། ཆོས་ཅན་སྔར་གྱི་བ་ལང་གཅིག་པོ་དེ་ལ་བརྟེན་པ་མིན་པར་ཐལ། དེ་ དང་རྫས་གཞན་ཡིན་ཅིང༌། དེ་དང་དེ་བྱུང་གི་འབྲེལ་པ་མེད་པས་སོ། ། གཉིས་པ་ལ་གཉིས། གསལ་བའི་བར་སྟོངས་ན་སྤྱི་མེད་དགག སྤྱི་ཡོད་དགག་པའོ། ། དང་པོ་ནི། དྲང་སྲོང་གཟེག་ཟན་གྱིས་སྤྱི་ཐམས་ཅད་དུ་སོང་བའོ་ཞེས་བཤད་པས། དེ་ཡི་ དངོས་སློབ་དཔེ་ཐ་ར་ནི་རང་གི་རྟེན་ཐམས་ཅད། དཔེ་ལུ་གས་ནི་ཡུལ་ཐམས་ཅད་དུ་ཁྱབ་ པར་འདོད་དོ། །དང་པོ་དགག་པ་ནི། སྔར་བུམ་པ་མེད་པར་གསར་དུ་བྱུང་པའི་རྫ་བུམ་ཆོས་ ཅན། ཁྱོད་ལ་བུམ་སྤྱི་མེད་པར་ཐལ། སྔར་ཡོད་ཀྱི་བུམ་པ་ལ་སྔར་ཡོད་པའི་སྤྱི་ནི་ཁྱོད་ལ་མི་ འགྲོ་སྔར་བུམ་གསལ་མེད་པའི་ཡུལ་དེ་ན་ཁྱོད་ཀྱི་སྔར་ནི་བུམ་སྤྱི་ཡོད་པའང་མིན་དེར་སྔོན་ ལ་ཁྱོད་འོངས་ཤིང་བུམ་སྤྱི་དེ་ཕྱིས་དེར་ཡོད་པའང་མིན་པས་སོ། །གསུམ་ཁས་སོ། །གལ་ཏེ་ སྔར་གྱི་གསལ་བའི་སྤྱི་གསར་བྱུང་ལ་འཕོས་ནས་འགྲོ་ན། ཆ་གཅིག་སྔ་མ་ལ་གནས་སམ། སྔ་མ་སྤངས་ནས་རིལ་པོ་འཕོ། དང་པོ་ལྟར་ན། སྔར་གྱི་གསེར་བུམ་ལ་ཡོད་པའི་བུམ་སྤྱི་ 1-1-55 ཆོས་ཅན། ཆ་གཅིག་གསེར་བུམ་ལ་གནས་ནས། ཆ་གཅིག་གསར་བྱུང་གི་རྫ་བུམ་ལ་འཕོ་ བ་མ་ཡིན་པར་ཐལ། ཆ་དང་ལྡན་པ་མིན་པས་སོ། །གཉིས་པ་ལྟར་ན་ཆོས་ཅན་གསེར་བུམ་ དོར་ནས་རིལ་པོ་རྫ་བུམ་ལ་འཕོ་བ་མ་ཡིན་པར་ཐལ་བརྟེན་སྔ་མ་གསེར་བུམ་མི་འདོར་བས་ སོ། །སྤྱི་ཆ་མེད་གཅིག་གསལ་བ་སྔ་ཕྱི་ལ་གནས་སོ་ཞེས་པ་ཡང་ཀྱེ་མ་འཕོངས་པའི་རྒྱུ་ཉིད་ དོ། །ཞེས་དཔྱད་པས་སོ། །གཞན་ལ་ནས་རིགས་པར་ལྡན་ལ། ཆོས་ཅན་སྔར་གྱི་གསེར་བུམ་ གནས་པའི་ཡུལ་ལས་ཡུལ་གཞན་དུ་སྐྱེས་པའི་ཕྱིར་གྱི་རྫ་བུམ་ལ་འདྲེས་ནས་གནས་པ་མིན་ པར་ཐལ། ཡུལ་དེ་ལས་ཡུལ་གཞན་དུ་མི་གཡོ་བས་སོ། །གང་ན་ནས་ངོ་མཚར་ཆེ་ལ། བུམ་ སྤྱི་ཆོས་ཅན། སྔར་བུམ་པ་མེད་པའི་ཡུལ་དུ་གསར་དུ་བྱུང་བའི་རྫ་བུམ་ལ་ཁྱབ་ནས་ཡོད་པ་ མ་ཡིན་པར་ཐལ། བུམ་པ་མེད་པའི་ཡུལ་དེར་ཡོད་པ་མིན་པས་སོ། ། གཉིས་པ་ནི། དཔེ་ལུ་ག་ན་རེ། གསལ་བ་མེད་ཀྱང་ཀུན་ལ་རིགས་ཡོད་ཅེ་ན། བ་ལང་གི་ སྤྱི་ཆོས་ཅན། དེ་ཡི་གསལ་བ་མེད་པའི་ཡུལ་ཀུན་ཏུ་ཡང་མངོན་སུམ་གྱིས་མཐོང་བར་ཐལ། བ་ལང་ཁྲ་བོ་ཡོད་པའི་ཡུལ་གཅིག་ཏུ་བ་ལང་གི་གསལ་བས་ཁྱོད་མངོན་སུམ་ལ་གསལ་བ་ ཉིད་ཡིན་ཞིང༌། དེ་ཡི་གསལ་པ་མེད་ནའང༌། ཁྱོད་ཡོད་ཆ་མེད་ཐ་དད་མེད་པའི་གཅིག་ཉིད་ ཡིན་པས་སོ། ། བུམ་སྤྱི་ཆོས་ཅན། ཁྱོད་རྟོགས་པ་གསལ་བས་ཁྱོད་གསལ་བར་བྱས་པ་ཁོ་ན་ལ་ལྟོས་ དགོས་པ་མིན་པར་ཐལ། དེ་ཡིན་ན་ཁས་བླངས་སྐྱོན་ཆེན་པོ་ཡོད་པས་སོ། །ཇི་ལྟར་ན། གསལ་བྱེད་ནས་རྟོགས་པ་མིན་ལ་ཆོས་ཅན་བུམ་གསལ་སྔར་མ་རྟོགས་པར་ཁྱོད་ངེས་པར་ མི་རྟོགས་པར་ཐལ། ཁྱོད་དང་དེ་ཕྱིའི་དོན་གཞན་གསལ་བྱ་གསལ་བྱེད་ཡིན་པས། འདོད་ན། སྤྱི་དང༌། ནས་ལྡོག་པར་འདོད་ལ། ཆོས་ཅན་བུམ་གསལ་སྔར་མ་རྟོགས་པར་ཁྱོད་མི་རྟོགས་ པ་མི་འཐད་པར་ཐལ། ཁྱོད་སྔར་བཟུང་བའི་སྒོ་ཁོ་ན་ནས་བུམ་གསལ་འཛིན་དགོས་པས་སོ། 1-1-56 ། གསུམ་པ་ནི། ཤེས་བྱ་ཆོས་ཅན། སྤྱི་རང་མཚན་གཅིག་མེད་པས་དུ་མ་སྒྲ་གཅིག་འཇུག་ པ་མེད་པ་མིན་པར་ཐལ། འཚེད་པོའི་སྤྱི་གཅིག་མེད་པར་ཡང་འབྲས་འཚེད་པ་པོའི་སྐྱེས་ བུ་དུ་མ་ལ་འབྲས་འཚེད་པ་པོ་ཞེས་པའི་སྒྲ་གཅིག་འཇུག་པ་པོས་སྐྱེས་བུ་དུ་མ་ལ་ལས་ཐུན་ མོང་བ་གཅིག་ཡོད་པས། དེ་དེ་འདྲའི་སྒྲ་རྟོག་གཅིག་འཇུག་པའི་རྒྱུའོ་ཞེ་ན། སྐྱེས་བུ་དུ་མས་ འབྲས་འཚེད་པའི་ལས་ཆོས་ཅན། དེ་རྣམས་ལ་དེ་ཡི་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མིན་པར་ ཐལ། ཁྱེད་རྣམས་རྫས་ཐ་དད་དུ་མ་ཡིན་པའི་ཕྱིར། ཁྱབ་བསལ་ལོ། །ལས་ཀྱི་སྤྱི་གཅིག་ཡོད་ པས་དེ་དེ་འདྲའི་སྒྲ་རྟོག་གཅིག་འཇུག་པའི་རྒྱུའོ། །ཞེ་ན། འདི་ཡི་ནས་རྒྱུ་མཚན་ཕྱིར་ལ། འབྲས་འཚེད་པའི་ལས་ཀྱི་སྤྱི་ཆོས་ཅན། ཐལ་ཆོས་འདྲ། རྫས་སྐྱེས་བུ་ལ་དངོས་སུ་འཕྲོད་འདུས་མ་འབྲེལ་གྱི་འབྲས་འཚེད་པའི་ལས་དང་དངོས་སུ་ འཕྲོད་འདུས་འབྲེལ་བས་སོ། །ཟུར་ཕྱི་མ་དེར་ཐལ། འབྲས་འཚེད་པ་ཉིད་ཅེས་པའི་ལས་ཀྱི་ སྤྱི་སྒྲ་རྟོག་གཅིག་ཁོ་ནའི་རྒྱུ་ཡིན་པས་སོ། ། གཉིས་ཀ་གསུམ་ཁས་སོ། །སྔར་དེ་ཡི་ལས་བྱས་ད་ལྟ་དེ་ཡི་ལས་མེད་པའི་སྐྱེས་བུ་ཆོས་ ཅན། དེ་ཡི་སྒྲ་རྟོག་ད་ལྟ་མི་འཇུག་པར་ཐལ། ད་ལྟ་ཁྱོད་ཀྱི་དེ་ཡི་ལས་ཀྱང་ཡོད་པ་མ་ཡིན་ པས་སོ། ། ཁྱབ་པ་ཁས་སོ། །འབྲེལ་པ་མེད་ནས་ཐལ་ཕྱིར་ལ། སྐྱེས་བུ་དེ་ཡི་སྔར་གྱི་འབྲས་ འཚེད་པའི་ལས་ཀྱི་སྤྱི་ཆོས་ཅན། སྐྱེས་བུ་དེ་ལ་དེ་ཡི་སྒྲ་རྟོག་གཅིག་ད་ལྟ་འཇུག་པའི་རྒྱུར་མི་ རིགས་པར་ཐལ། སྐྱེས་བུ་དེ་ཡི་སྔར་གྱི་དེ་ཡི་ལས་ལ་ད་ལྟ་དངོས་སུ་འབྲེལ་པ་མེད་ཅིང༌། དེ་ ཡི་ལས་ལ་དངོས་སུ་འབྲེལ་བའི་སྒོ་ནས། སྐྱེས་བུ་དེ་ལ་ད་ལྟ་བརྒྱུད་ནས་ཀྱང་འབྲེལ་པ་མེད་ པའི་ཕྱིར། མ་ཁྱབ་སྟེ། འབྲེལ་པ་མེད་ཀྱང་རྒྱུའོ་ཞེ་ན། ཤེས་བྱ་ཆོས་ཅན། རྫས་ལ་འབྲེལ་པ་ མེད་ན། རྫས་ཀྱི་སྒྲ་རྟོག་གཅིག་འཇུག་པའི་རྒྱུ་མ་ཡིན་པར་ཐལ། དེ་ཡིན་ན་བ་ལང་ཉིད་ཀྱི་ 1-1-57 སྤྱི་ཡང་རྟ་ཡི་སྒྲ་རྟོག་གི་རྒྱུར་ཧ་ཅང་ཐལ་ཕྱིར་རོ། ། དེ་ཡི་འདས་མ་འོངས་ཀྱི་དེ་ཡི་ལས་དེ་སྐྱེས་བུ་དེ་ལ་དེ་འདྲའི་སྒྲ་རྟོག་གི་རྒྱུའོ། །ཞེ་ན། སྐྱེས་བུ་དེ་ཡི་འདས་མ་འོངས་ཀྱི་དེ་ཡི་ལས་ཆོས་ཅན། སྐྱེས་བུ་དེ་ལ་དེ་ཡི་ཤེས་རྗོད་དག་གི་ ད་ལྟ་རྒྱུ་མ་ཡིན་པར་ཐལ། ད་ལྟ་རྫས་སུ་མེད་པས་སོ། །མ་ཁྱབ་ན། རྒྱུན་མཚན་ཅན་མིན་ཐོབ་ཕྱི་རོལ་ལ། སྐྱེས་བུ་དེ་ལ་ད་ལྟ་འཇུག་པའི་དེ་ཡི་སྒྲ་རྟོག་ཆོས་ ཅན། རྒྱུ་མེད་པར་ཐལ། རྫས་སུ་མེད་ཀྱང་ཁྱོད་ལ་ཕན་ནས་སོ། །འཚེད་པ་པོའི་རྫས་ཀྱི་ནུས་ པ་དེ་འདྲའི་སྒྲ་རྟོག་གི་རྒྱུའོ་ཞེ་ན། རྗེས་འགྲོ་ནས་མིན་ལ། འབྲས་འཚེད་པའི་སྐྱེས་བུ་དུ་མའི་ནུས་པ་ཆོས་ཅན། རྟགས་ བསལ་ཐ་དད་ཕྱིར་ན་ལས་རྒྱུ་མིན་དང་གཅིག་གོ། ཁྱབ་བསལ་ལོ། ། གལ་ཏེ་འཚེད་པ་པོ་ཉིད་ཀྱི་སྤྱི་རང་མཚན་གཅིག་དེ་དུ་མ་ལ་དེ་འདྲའི་སྒྲ་རྟོག་གཅིག་ མེད་པའི་རྒྱུའོ་ཞེ་ན། འབྲས་འཚེད་པ་པོའི་སྤྱི་དེ་ཆོས་ཅན། དེ་ཡི་སྐྱེས་བུ་དེ་དང་པོར་སྐྱེས་མ་ ཐག་ཉིད་དུས་ནས་འཕྲོད་འདུས་འབྲེལ་བའི་ཕྱིར་ལ། དེ་ལ་འཕྲོད་འདུས་འབྲེལ་ཞིང་དེ་ཡི་ སྤྱི་ཡིན་པས་སོ། །ཁྱབ་པ་ཁས་སོ། །འདོད་ན་ཕྱིས་དེ་ཡི་བྱ་བ་བྱེད་པའི་སྐྱེས་བུ་དེ་དང་པོར་ སྐྱེས་མ་ཐག་ཆོས་ཅན། ཁྱོད་འབྲས་འཚེད་པ་པོ་དངོས་སུ་ཐལ་ལོ། རྟགས་ཁྱབ་པོ། ། དེ་ལ་དང་པོ་ནས་འབྲེལ་བ་མིན་ན་ནི་ཆོས་ཅན། ཕྱིས་འབྲས་འཚེད་བཞིན་པ་ནའང་དེ་ ལ་འཕྲོད་འདུས་འབྲེལ་བར་མི་འགྱུར་བར་ཐལ། དེ་ལ་དང་པོ་ནས་འཕྲོད་འདུས་མ་འབྲེལ་ ཞིང༌། འབྲས་འཚེད་པའི་སྐྱེས་བུ་དེ་ནི་ཁྱོད་ཀྱི་རྟེན་གྱི་རྫས་སུ་སྔར་སྐྱེས་མ་ཐག་དང༌། ཕྱིས་ འབྲས་འཚེད་བཞིན་པ་ན་ཡང་ཁྱད་པར་མེད་ཕྱིར་རོ། །དེ་ལ་དེ་དུས་རྟག་ཏུ་འཕྲོད་འདུས་ འབྲེལ་མོད། དང་པོ་ནས་མི་གསལ་བས་འཚེད་པོའི་སྒྲ་རྟོག་གི་རྒྱུ་མིན་ནོ་ཞེ་ན། ཆོས་ཅན་ འཚེད་པའི་སྐྱེས་བུ་སྐྱེས་མ་ཐག་ཉིད་ནས་དེ་ལ་མངོན་པར་གསལ་བར་ཐལ། དེ་སྐྱེས་མ་ཐག་ 1-1-58 ནས་དེ་ལ་འཕྲོད་འདུས་འབྲེལ་ནས་གནས་ཤིང་དེ་སྐྱེས་མ་ཐག་ནས་རང་འཛིན་མངོན་སུམ་ གྱིས་བཟུང་ཡུལ་ཡང་ཡིན་པས་སོ། །འཚེད་སོགས་ཀྱི་བྱ་བས་ཕན་འདོག་པ་ལ་ལྟོས་པའི་ རྫས་ཀྱིས་སྤྱི་རང་མཚན་པ་གསལ་བར་བྱེད་དགོས་པ་ཡིན་པས་སོ། །ཞེ་ན། འཚེད་པ་པོའི་ སྐྱེས་བུ་ཆོས་ཅན། རང་གི་རྐྱེན་ལ་ལྟོས་པ་མེད་པར་ཐལ། སྐད་ཅིག་མ་མིན་པས་སོ། །རྟགས་ མ་གྲུབ་སྟེ། རྫས་འདི་ནི་རྐྱེན་གྱིས་ཕུལ་བྱུང་ཡོད་ན་ཡང༌། འདི་ནི་ནས་གང་ལས་ལ། ཆོས་ ཅན་སྐད་ཅིག་མར་ཐལ། རྐྱེན་གྱི་ཁྱད་པར་བྱར་ཡོད་པས་སོ། །འདོད་ན། བྱ་བས་ཕན་པ་ལ་ ལྟོས་ནས་རྫས་ཀྱི་སྤྱི་རྟག་པའི་དོན་གཞན་གསལ་བྱེད་མིན་པར་ཐལ་ལོ། ། གསུམ་པ་ནི། ཤིང་ད་བ་དང་བ་ལང་དང་སེང་ལྡེང་སོགས་དང་ཐ་དད་པར་འདྲ་བ་ལ་ ཤིང་ཉིད་ཀྱི་སྤྱི་དེ་ད་བ་སོགས་ལ་འཇུག་ལ། བ་ལང་སོགས་ལ་མིན་པ་ཅི་ཞེ་ན། ཐ་དད་ནས་ རྒྱུ་ཡིན་ལ། ད་བ་སོགས་ཆོས་ཅན། སེང་ལྡེང་དང་བ་ལང་སོགས་དང་ཐ་དད་པར་མཚུངས་ ཀྱང༌། ཤིང་ཉིད་ཀྱི་སྤྱི་དེ་ཁྱོད་ལ་འཇུག་སྟེ། རྐྱང་ཤིང་གི་དོན་བྱས་པས་སོ། །བ་ལང་སོགས་ ཆོས་ཅན། ཤིང་ཉིད་ཀྱི་སྤྱི་དེ་ཁྱོད་ལ་རིགས་སྤྱི་མི་འཇུག་སྟེ། མེ་སོགས་ཀྱི་དོན་མི་ནུས་པས་ སོ། །ཤིང་གི་སྤྱི་སྒྲ་སྤྱི་བློ་ཆོས་ཅན། ཤིང་སྤྱི་རང་མཚན་ཁོ་ནའི་རྒྱུ་མཚན་གྱིས་འཇུག་པ་མ་ ཡིན་ཏེ། ཤིང་གི་དོན་བྱེད་པ་ཉིད་ཁྱོད་འཇུག་པའི་རྒྱུ་མཚན་ཡིན་པས་སོ། ། བཞི་པ་ལ་གཉིས། གྲངས་ཅན་པའི་རྩོད་པ་སྤང༌། ཚུལ་དེས་འཛེམ་མེད་ཁེགས་པའོ། ། དང་པོ་ལ་རྩོད་པ་དང༌། ལན་ནོ། །དང་པོ་ནི། གྲངས་ཅན་ན་རེ། དེ་མིན་ལས་ལྡོག་པ་སྤངས་ པ་ཡི་དངོས་པོའི་རྗེས་འགྲོ་གཞན་མེད་ན། མྱུ་གུ་ཆོས་ཅན། གཞན་ཆུ་ལུད་སོགས་ཀྱི་འབྲས་ བུ་མིན་པར་ཐལ། གཅིག་ས་བོན་གྱི་འབྲས་བུ་ཡིན་པས་སོ། །ཁྱབ་སྟེ། ས་བོན་ཆུ་སོགས་ རྣམས་སྤྱི་རྟག་དངོས་མེད་པའི་ཤིན་ཏུ་ཐ་དད་པའི་ཕྱིར་ཞེ་ན། ཞེས་ལུགས་བཀག་ནས། རང་ ལུགས་འཇོག་པ་སྟེ། གཙོ་བོར་བདག་ཉིད་གཅིག་པའི་སྒོ་ནས་ས་བོན་སོགས་དུ་མས་མྱུ་གུ་ 1-1-59 སོགས་འབྲས་བུ་གཅིག་བྱེད་དོ་ཞེ་ན། གཉིས་པ་ལ་བཞི་ཞེས་གསུང་བ་ཡིན་ནམ་དཔྱད། གཉིས་པ་ལ་གཉིས། གཙོ་བོ་གཅིག་ པུས་བསྐྱེད་པ་གཙོ་བོར་དགག རྒྱུ་ཡིན་མིན་གྱི་ཁྱད་བསྟན། གཅིག་དང་ཐ་དད་ལ་ནང་ འགལ་བསྟན། རང་མཚན་འཇུག་ཡུལ་ཡིན་པར་བསྟན་པའོ། ། དང་པོ་ནི། བདག་ཉིད་ནས་དོན་མེད་འགྱུར་ལ། མྱུ་གུ་ཆོས་ཅན། རང་གི་རྐྱེན་ཆུ་སོགས་ དོན་མེད་པར་ཐལ། གཙོ་བོ་རྟག་པས་བསྐྱེད་པས་སོ། །ཐ་དད་མེད་ནས་བྲལ་ལ། སྤྱི་ཆོས་ ཅན། མྱུ་གུ་དངོས་སུ་མི་བསྐྱེད་པར་ཐལ། ཆུ་ལུད་སོགས་དང་བྲལ་བས་ཕྱིར་ཏེ། ཆ་མེད་ རྟག་དངོས་གཅིག་པུ་བ་ཡིན་པས་སོ། །གཅིག་ན་ནས་འབྱུང་ལ། མྱུག་གུ་ཆོས་ཅན། ཆུ་ལུད་ སོགས་ལས་འབྱུང་གིསྤྱི་རྟག་པ་ལ་མི་འབྱུང་སྟེ། ཆུ་ལུད་སོགས་རང་ལ་ཕན་བྱེད་དུ་མེད་ན་ མི་སྐྱེ་བའི་དངོས་པོ་ཡིན་པས་སོ། །དོན་བྱེད་ནས་ཡོད་པ་ཡིན་ལ། ས་བོན་རང་མཚན་ཆོས་ ཅན། དོན་དམ་པར་ཡོད་དེ། དོན་དམ་པར་དོན་བྱེད་པས་སོ། །དེ་ཡང་ནས་མི་འབྱུང་ལ། སྤྱི་ ཆོས་ཅན། དོན་དམ་པར་འབྲས་བུས་མི་འབྱུང་སྟེ། གསལ་བ་དུ་མ་ལ་ཐུན་མོང་དུ་རྗེས་སུ་ འགྲོ་བས་སོ། །དེས་ན་ནས་གཞན་ལརྩ་བར་པ་མིན་ལ། སཱ་ལི་དང་དེ་དང་ཚོགས་པའི་ས་ སོགས་ཆོས་ཅན། ནས་སོགས་དང་སྤྱི་རྟག་དངོས་མི་སྲིད་པའི་ཐ་དད་ཡིན་ཀྱང༌། ཁྱེད་སཱ་ ལིའི་མྱུ་གུའི་རྒྱུ་ཡིན་གྱི་ནས་སོགས་དེ་ཡི་རྒྱུ་མ་ཡིན་ཏེ། ཁྱོད་དེ་ཡི་ཕན་བྱེད་ལ་ནས་སོགས་དེ་ ཡི་ཕན་བྱེད་མིན་པས་སོ། ། རང་བཞིན་འདི་ཡིན་ལ། སྤྱི་རྟག་དངོས་མེད་ཀྱང་སཱ་ལིའི་ས་བོན་སོགས་དེ་ཡི་མྱུ་གུ་སྐྱེད་ བྱེད་ཡིན་གྱི། ནས་སོགས་དེ་ཡི་སྐྱེད་བྱེད་མིན་པ་འདི་ཆོས་ཅན། མི་མཐད་ཅེས་རྒོལ་བར་མི་ འོས་ཏེ། དངོས་པོའི་རང་བཞིན་ཡིན་པས་སོ། ། ཐ་དད་པ་ནས་སྐྱེ་འཇིག་གྱུར་ལ། ཤིང་བ་ལང་བུམ་པ་སོགས་ཆོས་ཅན། སྐྱེ་འགག་ 1-1-60 གཅིག་ཆར་བྱེད་པར་ཐལ། གཙོ་བོའི་ངང་དུ་རང་མཚན་གཅིག་ཡིན་པས་སོ། ། དེ་རྣམས་རང་མཚན་གཅིག་ཀྱང་སྐྱེ་འགག་གཅིག་ཆར་བྱེད་པར་ཐལ་བར་མི་འགྱུར་ཏེ། ཡོན་ཏན་གསུམ་དུ་གཅིག་ཀྱང་གནས་སྐབས་ཐ་དད་པས་སོ་ཞེ་ན། གཅིག་འཇིག་ཚེ་ནས་ བློར་མི་འགྱུར་ལ། བུམ་སྤྱི་ཆོས་ཅན། སྔར་གྱི་བུམ་གསལ་གྱི་རང་བཞིན་མ་ཡིན་པར་ཐལ། སྔར་གྱི་བུམ་གསལ་ཞིག་པའི་ཚེ་ཁྱོད་རྟག་པར་གནས་པས་སོ། །འདོད་ན། ཁྱོད་དེ་ཡི་སྤྱི་དེ་ ཁྱོད་ཀྱི་ཁྱད་པར་དུ་དོན་མཐུན་དུ་དམིགས་པར་མི་འགྱུར་བར་ཐལ་ལོ། །མ་ཁྱབ་ན་སྤྱི་ཁྱད་ གཅིག་པ་བུད། འོ་ན་གཞན་སེལ་པའི་སྤྱི་ཡང་གསལ་བ་གཅིག་ཞིག་ཚེ་འཇིག་ན་གསལ་བ་ ལྷག་མ་སྤྱི་མེད་དུ་ཐལ་ལ་མ་ཞིག་ན་གཅིག་པོ་དེ་ཡི་བདག་ཉིད་མིན་པར་ཐལ། ཞེས་པའི་ སྐྱོན་མཚུངས་སོ་ཞེ་ན། འདིར་སེལ་པ་གསུམ་སྟེ། དོན་གྱི་སེལ་པ་ལོག་པ་རང་མཚན། དེ་ མིན་ལས་ལོག་པ་ལྡོག་པ་མེད་དགག་གི་གཞན་སེལ། རྟོག་པ་ལ་སྣང་བའི་གཞན་སེལ་དང་ གསུམ་ལས། དང་པོ་ནི། གསལ་ཉིད་ཡིན་པས་དེ་ཞིག་ན་འཇིག་གོ། གཉིས་པ་ལྟར་ན། ལྡོག་ པ་ནས་རྟོག་པ་མིན་ལ། ཤིང་མིན་ལས་ལྡོག་པ་ཆོས་ཅན། ཤིང་གསལ་ཞིག་པའི་ཚེ། གནས་ པ་དང་མི་གནས་པའི་རང་མཚན་དུ་བརྟག་བྱ་མིན་ཏེ་དོན་དམ་པར་རང་མཚན་ངོ་བོ་ཉིད་མེད་ པས་སོ། །གསུམ་པ་ལྟར་ན། སྤྱི་ཡི་ནས་ཡང་མེད་ལ། སྤྱི་བློའི་སྣང་ཡུལ་ཆོས་ཅན། གསལ་ བ་ཞིག་པའི་ཚེ་འཇིག་མི་འཇིག་རང་མཚན་དུ་མེད་དེ་སྒྲོ་བཏགས་ཡིན་པས་སོ། །དེ་ཡི་ནས་ ཇི་ལྟར་བསྐྱེད་ལ། གཙོ་བོ་མེད་ན་ས་སོགས་ཆོས་ཅན། མྱུ་གུ་མི་བསྐྱེད་པར་ཐལ། ས་བོན་ ལས་རྫས་གཞན་ཡིན་པས་སོ། ཞེ་ན། ཐ་དད་ནས་སྐྱེད་བྱེད་ལ། ཁྱད་པར་ས་ལིའི་མྱུ་གུའི་ རྐྱེན་ས་སོགས་ཆོས་ཅན། ས་ལའི་ངོ་བོར་མེད་པས། ས་ལའི་མྱུ་གུ་མི་སྐྱེད་པར་ཐལ། སཱ་ལི་ དང་རྫས་ཐ་དད་ཡང་དེ་ལ་ཕན་པས་སོ། །ས་སོགས་དེ་ལ་ཐ་དད་མིན་པའི་སྤྱི་རྟག་པ་གཅིག་ ཡོད་སྟོབས་ཀྱིས་སྤྱི་དེས་འབྲས་བུ་བྱེད་ཅེ་ན། སྤྱི་དེ་ཆོས་ཅན། ཁྱོད་ཀྱིས་འབྲས་བུ་བསྐྱེད་པ་ 1-1-61 མིན་པར་ཐལ། འཇིག་མེད་ཡིན་པས་སོ། །སྣང་བའང་ནས་ཐ་དད་བྱེད་ཡིན་ལ། ས་བོན་ཆུ་ ལུད་སོགས་སྣ་ཚོགས་པ་འདི་ཆོས་ཅན། རྫས་ཐ་དད་ཡིན་གྱི་གཅིག་མ་ཡིན་པར་ཐལ། བློ་མ་ འཁྲུལ་བས་རྫས་སྣ་ཚོགས་སུ་དམིགས་པས་སོ། །ཁྱད་པར་རང་མཚན་གཅིག་དེ་ཆོས་ཅན། དོན་དམ་པ་ཡིན་ཏེ། དོན་དམ་པར་དོན་བྱེད་ནུས་པས་སོ། །ཤིང་གི་སྤྱི་དེ་ནི་དོན་དམ་པའི་ རང་མཚན་མིན་ཏེ། ཁྱད་པར་རང་མཚན་རྣམས་རིགས་མི་མཐུན་ལས་བཟློག་པར་ཡོད་པ་ ཙམ་ལ་བརྟགས་པ་ཙམ་ཡིན་པས་སོ། །དོན་དམ་པར་དོན་བྱེད་པའི་ཁྱད་པར་དེ་ནི་ཆོས་ཅན། རྒྱུ་དང་འབྲས་བུར་འཐད་དེ། རང་འབྲས་སྐྱེད་བྱེད་དང་རང་རྒྱུ་ལས་སྐྱེས་པས་སོ། ། དེ་ནི་ཆོས་ཅན། རང་མཚན་ཡིན་ཏེ། ཡུལ་དུས་ཐུན་མོང་མིན་པར་གནས་པའི་དངོས་ པོ་ཡིན་པས་སོ། །དེ་ནི་ཆོས་ཅན། སྐྱེས་བུའི་འཇུག་ཡུལ་ཡིན་ཏེ། ཞུགས་པས་བླང་དོར་གྱི་ འབྲས་བུ་འབྱུང་བས་སོ། ། གཉིས་པ་ནི། ཇི་ལྟར་ནས་སྒྲུབ་བྱེད་མིན་ལ། ནས་ཆོས་ཅན། སྤྱི་རྟག་དངོས་མེད་པའི་ཐ་ དད་ཡིན་ཡང༌། སཱ་ལིའི་མྱུ་གུའི་སྐྱེད་བྱེད་མིན་ཏེ། དེ་ལ་མི་ཕན་པས་སོ། ། ཐ་དད་ན་ཡང་ནས་བྱེད་པ་པོར་འགྱུར་ལ། སཱ་ལི་དང་རྐྱེན་ས་སོགས་ཆོས་ཅན། སྤྱི་རྟག་ དངོས་མེད་པའི་ཐ་དད་ཡིན་ཡང་ས་ལིའི་མྱུ་གུ་བསྐྱེད་དེ་ན་ཡང་དེ་དག་ལ་ཕན་བྱེད་དུ་སྐྱེས་ པས་སོ། །ཐ་དད་ནའང་ནས་འགྱུར་ལ། ནས་ཆོས་ཅན། ས་ལའི་མྱུ་གུ་སྐྱེད་བྱེད་ཡིན་མིན་ གཉིས་ཀར་ལ་དེ་ཡི་དངོས་རྒྱུ་ས་ལིའི་དང་གཅིག་ཅིང་དེ་སྐྱེད་བྱེད་མིན་པས་སོ། །འདོད་ན། དེ་གཉིས་ཀར་མི་མཐད་པར་ཐལ། གཙོ་བོ་རྟག་དངོས་ཡིན་པས་སོ། །ནས་ཆོས་ཅན། ས་ ལའི་མྱུ་གུ་བསྐྱེད་པའི་བྱ་བ་མེད་དེ། དེ་ཡི་ས་བོན་ལས་གནས་སྐབས་ཐ་དད་པས་སོ་ཞེ་ན། སཱ་ ལིའི་མྱུ་གུའི་ལྷན་ཅིག་བྱེད་རྐྱེན་ས་སོགས་ཆོས་ཅན། དེ་མི་བྱེད་པར་ཐལ། སཱ་ལི་ལས་གནས་ སྐབས་ཐ་དད་པས་སོ། ། 1-1-62 འོན་སྟེ་གཙོ་བོ་ཉིད་རིམ་བཞིན་སཱ་ལི་དང་ནས་ལ་སོགས་པའི་ཚུལ་གྱིས་འབྲས་བུ་ ཐམས་ཅད་བྱེད་ཅེ་ན། དངོས་པོ་གཙོ་བོ་དེ་ཆོས་ཅན། འབྲས་བུ་རིམ་བཞིན་བྱེད་པའི་རིམ་པ་ དེ་ཁྱོད་ཉིད་ཀྱི་མིན་པར་ཐལ། ཆ་མེད་རྟག་པ་གཅིག་པུ་ཡིན་པས་སོ། ། གསུམ་པ་ནི། དེ་ལྡན་ནས་འགྱུར་བའམ་ལ། སྤྱི་དང་ཁྱད་པར་དང་ལྡན་པའི་དངོས་པོ་ དེ་ཆོས་ཅན། ཤིན་ཏུ་ཐ་དད་དང་ཐ་དད་མེད་པ་གཉིས་ཀར་ལ། སྤྱི་གཅིག་ཡིན་པ་མེད་ཅིང་ ཁྱད་པར་དུ་མ་ཡིན་པའང་མེད་པའི་དངོས་པོ་ཡིན་པས་སོ། །རྟགས་ཁས་སོ། །འདྲ་དང་ནས་ ཐ་དད་འགྱུར་ལ། སྤྱི་ཁྱད་ཆོས་ཅན། ཐ་དད་པར་ཐལ། ཐུན་མོང་བ་དང་ཐུན་མོང་མིན་པའི་ དངོས་པོ་ཡིན་པས་སོ། ། སྤྱི་ཁྱད་དེ་ཡང་ཐ་དད་དུ་འགྱུར་ཞེ་ན། བདག་ཉིད་ནས་ཕན་ཚུན་བཞིན་ལ་སྤྱི་ཁྱད་ཆོས་ ཅན། ཤིན་དུ་ཐ་དད་དུ་ཐལ། ངོ་བོ་ཐ་དད་པས་སོ། །འདོད་ན་ཆོས་ཅན་སྤྱི་དང་ཁྱད་པར་དུ་ མི་འགྱུར་བར་ཐལ། ཤིན་དུ་ཐ་དད་ཅིང་དེ་བྱུང་གི་འབྲེལ་པ་མེད་པས་སོ། ། བཞི་པ་ནི། གང་གི་ནས་འཇུག་པར་འགྱུར་ལ། བ་ལང་རང་མཚན་ཆོས་ཅན། བ་ལང་ གི་འབྲས་བུ་དོན་གཉེར་གྱི་འཇུག་ཡུལ་ཡིན་ཏེ། དོན་དམ་པར་བཞོ་སྨོས་སོགས་ཀྱི་དོན་བྱེད་ ནུས་པས་སོ། ། དེ་བརྟེན་ནས་ཐལ་འགྱུར་ཕྱིར་ལ། འབྲས་བུ་དོན་གཉེར་གྱི་ལྷས་སྦྱིན་ཆོས་ཅན། ཁྱོད་ ཀྱི་འཇུག་ཡུལ་དེ་རང་མཚན་ལས་རྫས་ཐ་དད་ཡིན་ནམ་མིན་ཞེ་ན། དཔྱད་པར་རིགས་ཏེ། འབྲས་བུ་དོན་གཉེར་ཡིན་པས་སོ། །དཔྱད་ན་དོན་དམ་པར་གཞོ་སྨོ་ལ་སོགས་པའི་འབྲས་བུ་ བྱེད་པ་དེ་ཆོས་ཅན། སྤྱི་རང་མཚན་མ་ཡིན་ཏེ། རང་གི་བདག་ཉིད་གཞན་དང་ཐ་དད་ཅིང་མ་ འདྲེས་པར་གནས་པས་སོ། །འབྲས་བུ་དོན་གཉེར་ཆོས་ཅན། སྤྱི་རྟག་པ་དེ་རྫས་གཅིག་གམ་ ཐ་དད་དུ་བརྟགས་ནས་དོན་དུ་གཉེར་བྱ་མ་ཡིན་ཏེ། ཕན་ཚུན་མ་འདྲེས་པའི་དངོས་པོ་དང་ 1-1-63 དེ་མིན་ལས་ལྡོག་པ་མཚུངས་པའི་དངོས་པོ་འདི་དག་ཡོད་ཅིང༌། དེ་ཙམ་གྱིས་གཅིག་དང་ ཐ་དད་དུ་དཔྱད་བྱ་རིགས་རྫོགས་པས་སོ། །དངོས་པོ་བུམ་སྣམ་སོགས་ཆོས་ཅན། གཅིག་ ཏུ་འདྲེས་པའི་སྤྱི་གཙོ་བོ་མེད་དེ། ཕན་ཚུན་རྗེས་འགྲོ་མེད་ཅིང་མ་འདྲེས་པས་སོ། །གལ་ཏེ་ གཅིག་ཏུ་འདྲེས་ན། མེ་ཆོས་ཅན། ཆུ་དོན་གཉེར་གྱི་འཇུག་ཡུལ་ཡིན་པ་དང༌། ཆུ་དང་སྐྱེ་ འགག་གཅིག་ཆར་བྱེད་པར་ཐལ། ཆུ་དང་རང་མཚན་གཅིག་ཡིན་པས་སོ། ། གཉིས་པ་ནི། དེ་ཉིད་ཀྱིས་ནས་སྲིད་ཕྱིར་རོ་ལ། ཞོ་རྔ་ཆོས་ཅན། རང་མཚན་གཅིག་ མ་ཡིན་ཏེ། རྫས་ཐ་དད་པས་སོ། །ཐམས་ཅད་ནས་མི་རྒྱུག་ལ། ཤེས་བྱ་ཆོས་ཅན། ཞོ་འཐུང་ ཞེས་སྐུལ་བ་ན་རྔ་མོ། འཐུང་བ་ལ་རྒྱུག་པར་འོས་པར་ཐལ། ཞོ་རྔ་རང་མཚན་གཅིག་ཡིན་ པས་སོ། །འོན་ཏེ་ནས་འཇུག་འགྱུར་ལ། ཞོ་ནི་འོ་མའི་རྣམ་འགྱུར་ཡིན་པས། རྔ་མོ་སྤངས་ ནས་ཞོ་ཉིད་ལ་འཇུག་གོ་ཞེ་ན། དེ་ཉིད་ནས་གཞན་ཡིན་རྩ་བར་མིན་ལ། རྔ་མོ་ཆོས་ཅན། ཞོ་ ལས་གཞན་ཡིན་པར་ཐལ། འོ་མའི་རྣམ་འགྱུར་ཡིན་པས་སོ། ཁྱབ་བསལ་ཁས་སོ། །ཐམས་ ཅད་ནས་མི་སྲིད་འགྱུར་ལ། ཞོ་རྔ་ཆོས་ཅན། བློ་སྒྲ་ཐ་དད་འཇུག་པར་མི་འགྱུར་བར་ཐལ། གཅིག་ཡིན་པས་སོ། །ཁྱབ་པ་ཁས་སོ། །འདོད་ན། རང་མཚན་གཅིག་ཉིད་ལ་གནས་སྐབས་ ཐ་དད་པ་དེར་མི་སྲིད་པར་ཐལ་ལོ། །འདོད་ན་ཞོ་རྔ་གནས་སྐབས་རྫས་ཐ་དད་རང་མཚན་ གཅིག་ཏུ་བསྡུས་པར་སྨྲ་བ་འགལ། རྟགས་བསལ་ཁས་སོ། གཉིས་པ་ནི། དངོས་མེད་ནས་ བྱེད་པར་གྲུབ་ལ། དངོས་མེད་ཆོས་ཅན། ཁྱོད་བརྗོད་པའི་སྒྲས་ཁྱོད་ཀྱི་ངོ་བོའམ་རྫས་ཁོ་ན་ དོན་མཐུན་དུ་བརྗོད་དམ་ཞེས་ཐེ་ཚོམ་ཟ་བ་མི་འོས་ཏེ། ཁྱོད་ཀྱི་ངོ་བོ་མེད་པས་སོ། །བུམ་པ་ མེད་ཅེས་པའི་སྒྲ་ཆོས་ཅན། སེལ་པ་རྗོད་པར་བྱེད་དེ། བུམ་པས་དབེན་པའི་མེད་དགག་ཙམ་ བརྗོད་པས་སོ། ། གསུམ་པ་ལ་གཉིས། དབྱེ་བ་དངོས། རྩོད་པ་སྤང་བའོ། །དང་པོ་ནི། རང་བཞིན་ནས་ 1-1-64 ཡོད་ཉིད་ལ། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་ཁྱད་པར་ལྟོས་པའི་གཏན་ཚིགས་ཡིན་ ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་གང་ཞིག་ཁྱོད་ཅེས་པའི་སྒྲས་ལྟོས་པ་རང་གི་བྱེད་ཆོས་ འཕངས་པས་སོ། །དངོས་པོ་ཆོས་ཅན། དེ་སྒྲུབ་ཀྱི་རང་བཞིན་དག་པའི་རྟགས་ཡིན་ཏེ། གང་ ཞིག་ཁྱོད་ཅེས་པའི་སྒྲས་ལྟོས་ས་རང་གི་བྱེད་ཆོས་མ་འཕངས་པས་སོ། ། གཉིས་པ་ལ་གཉིས། རྩོད་པ་ནི། གལ་ཏེ་གཏན་ཚིགས་ནས་བསྒྲུབ་བྱ་དག་ལས་ཉམས་ ལ། གྲངས་ཅན་ན་རེ། ཡོད་པ་དེ་གཏན་ཚིགས་ཡིན་ན། ཡོད་པ་དེ་གཙོ་བོ་ཡོད་པར་བསྒྲུབ་ པའི་བསྒྲུབ་བྱའི་ཆོས་སུ་ཡང་འགྱུར་ཏེ། རྒྱུ་མཚན་མཚུངས་པས་སོ། །གལ་ཏེ་དེ་དེ་ཡི་ཆོས་སུ་ མི་རུང་ན། རྟགས་སུ་ཡང་མི་རུང་བས་ཡོད་པ་དེ་གཏན་ཚིགས་དང་བསྒྲུབ་བྱའི་ཆོས་གཉིས་ ཀ་ལས་ཉམས་སོ་ཞེ་ན། གཉིས་པ་ལན་ལ་གསུམ། བསྒྲུབ་བྱ་མིན་ཚུལ། རྟགས་སུ་འཐད་ཚུལ། བསྒྲུབ་བྱ་མིན་ པར་བསྟན་པའོ། །དང་པོ་ནི། ཡོད་པ་ནས་འགྲུབ་མི་འགྱུར་ལ། ཁྱད་པར་རྣམས་ལ་རྗེས་ འགྲོ་མཐོང་བའི་རྟགས་དེ་ཆོས་ཅན། གཙོ་བོའི་སྒྲ་དོན་གྱི་སྟེང་དུ་རྟག་གཅིག་རང་དབང་ཅན་ གྱི་གཙོ་བོ་ཡོད་པར་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། དེ་ཡི་སྟེང་དུ་ཡོད་ཙམ་ཁོ་ན་ བསྒྲུབ་བྱ་ཡིན་པས་སོ། །རྟགས་ཁས་སོ། །དེ་འདྲ་བ་ཡང་བཀག་པ་མེད་ལ། ཆོས་ཅན་སངས་ རྒྱས་པའི་ངོར་གཙོ་བོའི་སྒྲ་དོན་སྤྱིར་ཡོད་ཙམ་དུ་བསྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། དེས་དེ་ཡོད་ཙམ་དུ་ངེས་ཟིན་མ་བརྗོད་པས་སོ། ། ཁྱད་པར་ནས་མེད་ཅན་འགྱུར་ལ། ཆོས་ཅན་གཙོ་བོ་རྟག་ཅིག་རང་དབང་ཙམ་དུ་བསྒྲུབ་ པའི་གཞན་དོན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་ཡི་ཆོས་སུ་བཟུང་བྱ་དེ། དེ་ཡི་ མཐུན་དཔེ་གང་ལ་ཡང་རྗེས་འགྲོ་མེད་པས་སོ། །རྟགས་བསལ་ལོ། །ཡོད་པ་ནས་བསྒྲུབ་ བྱར་འགྱུར་ལ། གཙོ་བོའི་སྒྲ་དོན་ཆོས་ཅན། རྟག་གཅིག་རང་དབང་ཅན་དུ་ཡོད་པ་དེ་ཁྱོད་ 1-1-65 ཡོད་པར་བསྒྲུབ་པའི་བསྒྲུབ་བྱར་ཐལ། དེ་དེ་ཡིན་པའམ་གང་རུང་ཅིག་ཡིན་ནས། ཁྱོད་ཡོད་ ཙམ་དེ་དེ་ཡིན་པ་མི་འཐད་པས་སོ། གཉིས་པ་ནི། དེ་ཡི་ཁྱད་པར་ནས་ཉམས་པ་མེད་ལ། དངོས་པོ་ཆོས་ཅན། སྒྲ་མི་རྟག་ སྒྲུབ་ཀྱི་རྟགས་ཡང་དག་ཡིན་ཏེ། བསྒྲུབ་བྱའི་ཆོས་མི་རྟག་པའི་རྗེས་སུ་འགྲོ་བ་ཉམས་པ་མེད་ ཅིང་དེ་ཡི་ཕྱོགས་ཆོས་གྲུབ་པའི་ཕྱིར། གསུམ་པ་ནི། མ་གྲུབ་པ་ལ་ནས་བསྒྲུབ་བྱར་འགྱུར་ལ། ཤེས་བྱ་ཆོས་ཅན། གཙོ་བོ་རང་ མཚན་དུ་ཡོད་པ་དེ་རྟགས་ཡང་དག་གི་བསྒྲུབ་བྱ་མ་ཡིན་པར་ཐལ། དེ་ཡི་སྒྲུབ་བྱེད་དུ་གང་ བཀོད་ཀྱང་རྟགས་ལྟར་སྣང་གསུམ་ལས་མི་འདའ་བས་སོ། །མ་གྲུབ་ན། ཡོད་ཆོས་གཉིས་ ཆོས་མེད་ཆོས་གང་འགོད། དང་པོ་ལྟར་ན་གཙོ་བོའི་སྒྲ་དོན་ཆོས་ཅན། ཡོད་ཆོས་དོན་དམ་ པར་དོན་བྱེད་ནུས་པ་དེ། ཁྱོད་ལ་ཡིན་འགོད་ལྟར་ཕྱོགས་ཆོས་སུ་མེད་པར་ཐལ། དོན་དམ་ པར་མ་གྲུབ་པས་སོ། །གཉིས་པ་ལྟར་ན། ཤེས་བྱ་ཆོས་ཅན། གཙོ་བོའི་སྒྲ་རང་མཚན་དུ་ བསྒྲུབ་པའི་ཁྱབ་པ་འཁྲུལ་བར་ཐལ། དངོས་པོ་ཡོད་མེད་གཉིས་ཀའི་ཐུན་མོང་གི་ཆོས་ཡིན་ པས་སོ། །གསུམ་པ་ལྟར་ན། མེད་ཆོས་དོན་བྱེད་པས་སྟོང་བ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ དང་འགལ་བར་ཐལ། དངོས་པོ་ལ་གཏན་མེད་ཅིང་དངོས་མེད་ཀུན་ལ་འཇུག་པས་སོ། ། བཞི་པ་ནི། རང་བཞིན་གྲུབ་པ་གོ་བྱེད་ཡིན་ལ། བྱས་པ་ཆོས་ཅན། རྟགས་ཡང་དག་ཏུ་ འགྱུར་ན་ཚུལ་གསུམ་པ་ཉིད་དུ་ངེས་དགོས་ཏེ། མ་ངེས་ན། རྟགས་ཡང་དག་ཏུ་མི་འགྱུར་བས་ སོ། །དེ་ལ་ནས་གོ་བྱ་ཡིན་ལ། མི་རྟག་པ་ཆོས་ཅན། སྒྲ་ཡི་སྟེང་དུ་བྱས་པ་གོ་བྱ་ཡིན་ཏེ། བྱས་ པའི་ཁྱབ་བྱེད་དུ་ངེས་པའི་སྒོ་ནས་བྱས་པའི་རང་བཞིན་ཡིན་པ་གང་ཞིག་བྱས་པ་དེ་སྒྲ་ཁྱོད་དུ་ བསྒྲུབ་པའི་ཕྱོགས་ཆོས་ཡིན་པས་སོ། ། འདི་ལྡོག་པ་ནས་བཞིན་ལ། ཆོས་ཅན་ཁྱོད་ལྡོག་ན་བྱས་པ་ལྡོག་སྟེ། བྱས་པའི་ཁྱབ་བྱེད་ 1-1-66 ཡིན་པས་སོ། །དཔེར་ན་གང་བྱས་མི་རྟག་བུམ་པ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་བསྒྲུབ་ ངག་ཡང་དག་འདི་ཆོས་ཅན། བྱས་པས་སྒྲ་མི་རྟག་སྒྲུབ་ཀྱི་ཆོས་མཐུན་སྦྱོར་གྱི་བསྒྲུབ་ངག་ ཡིན་ཏེ། དེ་ཡི་རྗེས་ཁྱབ་དངོས་སུ་སྟོན་པའི་དེ་ཡི་བསྒྲུབ་ངག་ཡིན་པས་སོ། །རྟག་ན་འདུས་ མ་བྱས་ནམ་མཁའ་བཞིན་སྒྲ་ནི་བྱས་སོ་ཞེས་པའི་མི་མཐུན་སྦྱོར་དུ་བསྒྲུབ་པས་སོ། ། ལྔ་པ་ལ་གཉིས། ལྟོས་མེད་རྟགས་ཀྱིས་བསྒྲུབ། གྲུབ་པའི་སྐབས་དོན་བསྡུ་བའོ། ། དང་ པོ་ནི། བྱས་པ་ཀུན་སྐྱེས་མ་ཐག་འཇིག་པར་ཇི་ལྟར་ཤེས་ཞེ་ན། རྒྱུ་མེད་ནས་འབྲེལ་ཉིད་ལ། བུམ་པ་ཆོས་ཅན། རང་གྲུབ་ཙམ་ནས་འཇིག་ངེས་ཡིན་ཏེ། རང་འཇིག་པ་རང་ལས་ཕྱིས་ འབྱུང་གི་རྒྱུ་ལ་ལྟོས་མེད་ཀྱི་དངོས་པོ་ཡིན་པས་སོ། །དངོས་པོ་ནས་པར་མཐོང་ལ། ཆོས་ ཅན། རྟག་པར་ཐལ། རང་འཇིག་པ་རང་ལས་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་བཅས་ཡིན་པས་སོ། ། རྟགས་ཁས་སོ། ། གལ་ཏེ་འཇིག་པ་དེ་ཡི་རྒྱུ་ཐོ་བ་སོགས་མང་པོ་ཡོད་པས་བྱས་པ་ཀུན་འཇིག་གོ་ཞེ་ན། འགའ་ཞིག་ལ་ནི་མི་སྲིད་འགྱུར་ལ། ཆོས་ཅན། འཇིག་རྒྱུ་མང་ཡང་ཁྱེད་འགའ་མི་འཇིག་སྲིད་ པར་ཐལ། མང་ཡང་ཁྱེད་འདྲ་རང་ལས་ཕྱིས་འབྱུང་གི་ཐོས་སོགས་ཀྱིས་འཇིག་པར་མ་བསྐྱེད་ སྲིད་པས་སོ། །ཁྱབ་བསལ་ལོ། །དེས་ན་ནས་བཤད་པ་ཡིན་ལ། བུམ་སོགས་ཀྱི་འཇིག་རྒྱུར་ འདོད་པའི་ཐོས་སོགས་ཆོས་ཅན། བུམ་སོགས་ཀྱི་འཇིག་པ་བསྐྱེད་ངེས་མ་ཡིན་པར་ཐལ། ཁྱོད་ལ་བུམ་སོགས་ཀྱི་འཇིག་པ་འབྱུང་བར་མ་ངེས་པས་སོ་ཞེས་བཤད་པ་ཡིན་ནོ། །དེ་རྒྱུ་ ནས་ཡང་ལ། ཆོས་ཅན། བུམ་སོགས་ཀྱི་འཇིག་པའི་རྒྱུ་མ་ཡིན་པར་ཐལ། དེ་བསྐྱེད་པའི་ནུས་ པ་མེད་པའི་ཕྱིར་དང༌། དེ་དངོས་པོར་མེད་པས་སོ། ། གཉིས་པ་ནི། འདི་ནི་ངོ་བོ་ཉིད་ཀྱིས་འགྱུར་ལ། གློག་སོགས་ཆོས་ཅན། རྟགས་ཆོས་རྒྱུ་ མེད་ཕྱིར་ན་འཇིག་པ་ནི་དང་གཅིག་གོ། གང་ལ་ནས་འགྱུར་བར་ཐལ། རི་ལ་སོགས་པ་ཆོས་ 1-1-67 ཅན། རྟགས་ཆོས་སྔ་མ་བཞིན་ནོ། ། གསུམ་པ་ནི། དེས་ན་ནས་འབྲེལ་ངེསརྩ་བར་དེས་ཕྱིར་ལ། སྒྲུབ་རྟགས་ཆོས་ཅན། འབྲས་རང་གཉིས་སུ་ངེས་ཏེ། རང་གི་བསྒྲུབ་བྱའི་ཆོས་སྒྲུབ་ཆོས་ལ་དེ་བྱུང་ངམ་བདག་ གཅིག་གང་རུང་གི་སྒོ་ནས་འབྲེལ་བའི་རྟགས་གཉིས་སུ་ངེས་པའོ། ། གཉིས་པ་ལ་གསུམ། མི་སྣང་བ་མ་དམིགས་པ་བཤད། སྣང་རུང་མ་དམིགས་པ་བཤད། གཉིས་པོ་དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། འཇུག་པ་ནས་ཚད་མར་བཤད་ལ། ས་ཕྱོགས་ འདིར་ཆོས་ཅན། བསྐལ་དོན་ཤ་ཟ་ཐ་མལ་གྱི་ཚད་མས་མ་དམིགས་པ་ནི། ཁྱོད་ལ་ཐ་མལ་ གྱི་བློ་ངོར་དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་རྟགས་ཡང་དག་ཡིན་ཏེ། དེ་ཕྱོགས་ ཆོས་གང་ཞིག་ཆོས་དེ་ཚད་མས་མ་དམིག་ན་ཆོས་དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་འཇུག་ པས་ཁྱབ་པས་སོ། །རྟགས་གྲུབ་སྟེ། དེ་ཡི་ཤེས་བརྗོད་དོན་མཐུན་ཡིན་ན་དེ་དམིགས་པའི་བློ་ ཚད་མ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། མེད་པ་བསྒྲུབ་མི་ནུས་ཏེ། བསྟན་བཅོས་ནས་ཇི་ལྟར་མེད་ལ། ཆོས་ཅན། དེ་ཐ་མལ་པའི་མངོན་རྗེས་ལུང་གིས་ མ་དམིགས་ཙམ་གྱིས་དེ་མེད་པར་མི་འགྲུབ་སྟེ། དེ་ཡོད་ཀྱང་དེ་ཡི་བློ་ངོར་མངོན་རྗེས་ལུང་ གི་ཚད་མས་དམིགས་པས་མ་ཁྱབ་པས་སོ། །རྟགས་སྒྲུབ་པ་དེ་བསྟན་བཅོས་རྣམ་དག་ཆོས་ ཅན། བསྐལ་དོན་ཡོད་ན་བསྐལ་དོན་ཐམས་ཅད་རྟོགས་ལྡན་གྱི་འཇུག་ཡུལ་ཏུ་སྟོན་དགོས་ པ་མ་ཡིན་ཏེ། སྐྱེས་བུ་ལ་ཉེ་བར་འཁོ་བའི་དོན་བསྒྲུབ་པའི་ཐབས་སྟོན་བྱེད་དུ་འཇུག་པས་ སོ། །དེ་ལྟར་མིན་ན་ཆོས་ཅན། སྐབས་སུ་མ་བབ་ཅིང་མི་འཁོ་བ་སྟོན་པར་ཐལ། བསྐལ་ དོན་ཐམས་ཅད་རྟོགས་ལྡན་གྱི་འཇུག་ཡུལ་དུ་སྟོན་པས་སོ། །དབང་པོ་མངོན་སུམ་ཆོས་ ཅན། བསྐལ་དོན་ཁྱོད་ཀྱི་བཟུང་ཡུལ་མ་ཡིན་ཏེ། དེས་ཁྱོད་བསྐྱེད་པ་མིན་པས་སོ། །གཞི་ འདིར་ཆོས་ཅན། དེ་བསྒྲུབ་པའི་འབྲས་རྟགས་ཡང་དག་མེད་དེ། དེ་ཡི་འབྲས་བུ་དངོས་སུ་མ་ 1-1-68 དམིགས་པས་སོ། ། ཡོད་མེད་ནས་མི་འགྱུར་ལ། ཐ་མལ་གྱི་ཚད་མས་བསྐལ་དོན་ཤ་ཟ་མ་དམིགས་པ་ཆོས་ ཅན། གཞི་འགར་བསྐལ་དོན་ཤ་ཟ་མེད་པར་བསྒྲུབ་པའི་རྟགས་ཡང་དག་ཏུ་མི་འགྱུར་བར་ ཐལ། གཞི་འགར་བསྐལ་དོན་ཤ་ཟ་ཡོད་མེད་གང་དུ་ཡང་ངེས་པར་བྱེད་མི་ནུས་པས་སོ། ། གཉིས་པ་ལ་གཉིས། འབྲེལ་ཟླ་མ་དམིགས་པ་རྟགས་སུ་སྦྱར། འགལ་ཟླ་དམིགས་པ་ སྦྱར་བའི་རྟགས་སོ། །དང་པོ་ནི། རྟགས་ཀྱི་ནས་འགྱུར་ལ། མ་དམིགས་པའི་རྟགས་དེ་ཉིད་ ཀྱིས་ཕུལ་བྱུང་ཡོད་པ་ཅན་དུ་ལས་ཏེ་སྣང་རུང་མ་དམིགས་པ་ནི་མེད་པ་དང་མེད་པའི་ཐ་སྙད་ ཅི་རིགས་ལ་ཚད་མ་དག་དུ་འགྱུར་རོ། །སྦྱོར་ངག་གཏན་ཚིགས་བྲག་ལ་ལྟོས་ནས་དང་གཅིག་ གོ། རང་བཞིན་ནས་བརྗོད་པ་ཡིན་ལ། ཐ་མལ་པས་མ་དམིགས་པས་མེད་པར་མི་འགྲུབ་ ཅེས་པའི་རིགས་པ་འདི་ཆོས་ཅན། སྣང་དུ་རུང་མི་རུང་གི་དོན་སྤྱིར་བཏང་ཁོ་ནའི་དབང་དུ་ བྱས་པ་མ་ཡིན་ཏེ། བསྐལ་དོན་གྱི་དབང་དུ་བྱས་ནས་བརྗོད་པ་ཡིན་པས་སོ། །རྒྱུ་མི་ཤེས་ ན་ནས་མི་དམིགས་པ་ཡང་ཡིན་ལ། དེ་ཕྱིར་རྒྱུ་དང་རང་བཞིན་བདག་སོགས་དང་གཅིག་གོ ། གལ་ཏེ་ནས་རྟོགས་པར་འགྱུར་ལ། མེ་མེད་ཆོས་ཅན། མཚན་མོའི་རྒྱ་མཚོ་དུ་མེད་སྒྲུབ་ཀྱི། རྒྱུ་མ་དམིགས་པའི་རྟགས་ཡང་དག་དུ་འགྱུར་ན། མཚན་མོའི་རྒྱ་མཚོ་མེ་མེད་པར་ཚད་མའི་ སྟོབས་ཀྱིས་ངེས་པ་ལ་ལྟོས་དགོས་ཏེ། དེ་ལྟར་མ་ངེས་ན་དེར་མི་འགྱུར་བས་སོ། །ཁྱབ་ བྱེད་མ་དམིགས་པ་ལའང་སྦྱར་རོ། །སྣང་རུང་ནས་རྟོགས་པར་འགྱུར་ལ། གཞི་འདིར་ཆོས་ ཅན། སྣང་རུང་གི་དོན་དེ་མ་དམིགས་ན་སྣང་རུང་གི་དེ་མེད་པར་གྲུབ་སྟེ། སྣང་རུང་བུམ་ སོགས་ཡོད་ན་སྣང་རུང་བུམ་སོགས་དམིགས་དགོས་པས་སོ། ། གཉིས་པ་ནི། འགལ་བའི་ནས་གནོད་བྱེད་ཕྱིར་ལ། ཚ་རེག་སྟོབས་ཆེན་རྒྱུན་ཆགས་ 1-1-69 ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་དང་ལྷན་གཅིག་མི་གནས་ཏེ། རང་རང་གི་ཉེར་ ལེན་གྱིས་ཁྱེད་གཉིས་ལྷན་ཅིག་གནས་པར་བསྐྱེད་པར་འགལ་བའི་དངོས་པོ་ཡིན་པས་སོ། ། དེ་དང་འགལ་བ་ནས་ངེས་པར་འགྱུར་ལ། ཚ་རེག་སྟོབས་ཆེན་རྒྱུན་ཆགས་ཆོས་ཅན། དེས་ནོན་པའི་སར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་མེད་པར་སྒྲུབ་པའི་རྟགས་ཡང་དག་ ཡིན་ཏེ་ཚུལ་གསུམ་གང་ཞིག དེ་དང་ལྷན་ཅིག་མི་གནས་པས་སོ། ། གསུམ་པ་ལ་གཉིས། གཉིས་ཀྱི་དབྱེ་བ་ལ་རྩོད་པ་སྤང༌། གཉིས་ཀྱི་དང་པོ་ལ་རྩོད་པ་ སྤང་བའོ། །དང་པོ་ལ་གསུམ། དོན་གསུམ་ངོས་བཟུང༌། སྒྲ་དོན་མེད་ན་སྐྱོན་སྤོང༌། ལུང་ འགལ་སྤང་བའོ། ། དང་པོ་ནི། མ་དམིགས་པས་ཡོད་པའི་ཐ་སྙད་འགོག་པའམ། མེད་པའི་ཐ་སྙད་བསྒྲུབ་ན། སློབ་དཔོན་གྱིས་གཙོ་བོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར། ཞེས་པ་ མ་དམིགས་པའི་རྟགས་མ་ཡིན་པར་ཐལ། གཙོ་བོ་མེད་པར་བསྒྲུབ་པའམ། ཡོད་པ་འགོག་ པ་མིན་པའི་ཕྱིར་ཏེ། གཙོ་བོ་མེད་ན་གཙོ་བོ་ཞེས་སྒྲ་སྦྱོར་བ་མི་འཐད་དོ་ཞེ་ན། ཐོག་མེད་ནས་ རྣམ་པ་གསུམ་ལ། སྒྲ་དོན་ཆོས་ཅན། རྣམ་པ་གསུམ་དུ་དབྱེར་རུང་སྟེ། སྐྱེས་སོགས་ཡོད་པའི་ སྒྲ་དོན་ཆོས་ཅན། ཤེས་བྱ་ཉིད་སོགས་གཉིས་ཀའི་སྒྲ་དོན་དུ་དབྱེར་ཡོད་པས་སོ། །སྒྲ་དོན་ཅི་ འདྲ་ཞེ་ན། ཐོག་མེད་ནས་ཡོངས་སུ་བསྒྲུབས་པ་སྟེ་བཞག་པ་ཞིག་གོ། དེ་དངོས་ནས་དེ་ལྟར་གཏན་ཚིགས་ལ། གཙོ་བོ་དངོས་པོ་ནི་ཉེར་ལེན་ཅན་དུ་སྣང་རུང་ མ་དམིགས་པའི་དངོས་པོ་ཆོས་ཅན། གཙོ་འཛིན་རྟོག་པའི་བཟུང་ན་གཙོ་བོ་དངོས་པོ་བའི་ ཉེར་ལེན་ཅན་དུ་མེད་པའི་ཐ་སྙད་བྱར་རུང་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། ཚུལ་གསུམ་ ཡིན་པས་སོ། ། ཤེས་བྱ་ཆོས་ཅན། གཙོ་བོའི་སྒྲ་དོན་དེ་མེད་པ་མིན་ཏེ། གཙོ་བོ་ཞེས་སྒྲ་སྦྱོར་བ་ཡོད་པས་ 1-1-70 སོ། །དོན་དམ་ནས་མི་འགྱུར་དང་ལ། སྒྲ་ཆོས་ཅན། ཁྱོད་རྟག་མི་རྟག་ཏུ་བརྗོད་པའི་སྒྲ་མི་ འཇུག་པར་ཐལ། རྟག་མི་རྟག་གཉིས་སུ་མེས་པས་སོ། །ཁྱབ་པ་ཁས་སོ། །འདས་དང་ནས་ མི་འགྱུར་ཕྱིར་ལ། འདས་མ་འོངས་ཆོས་ཅན། ད་ལྟ་བརྗོད་པ་འཇུག་པར་མི་འགྱུར་བར་ ཐལ། ད་ལྟ་རང་མཚན་དུ་མེད་པས་སོ། །ཤེས་བྱ་ཆོས་ཅན། རྫུན་ཚིག་མི་སྲིད་པར་ཐལ། རྗོད་བྱེད་ཡིན་ན་དངོས་ཡུལ་རང་མཚན་གྲུབ་དགོས་པས་སོ། །དེ་དག་ནས་འདོད་ལ། རྗོད་ བྱེད་སྒྲ་ཆོས་ཅན། རྟོག་པའི་སྣང་ཡུལ་གྱི་ཡུལ་ཅན་ཡིན་ཏེ། རྗོད་བྱེད་གང་ཞིག་རང་མཚན་ གྱི་དབང་གིས་འཇུག་ན་སྐྱོན་ཡོད་པས་སོ། ། གཉིས་པ་ནི། ཆོས་དེ་རང་མཚན་མེད་ན་དེ་ཡི་སྒྲ་དོན་ཡང་མེད་ཅེས་བསྙོན་ན་བསྒྲུབ་པ་ ལ་ནས། མི་འགྱུར་ལ། ཤེས་བྱ་ཆོས་ཅན། གཙོ་བོའི་སྒྲ་དོན་དང་རང་མཚན་དུ་མེད་པ་ཚོགས་ པ་དེ་རྟགས་ཡང་དག་གི་བསྒྲུབ་བྱར་མི་འགྱུར་བར་ཐལ། གཙོ་བོའི་སྒྲ་དོན་མེད་པས་ཕྱིར། དེར་ཐལ། གཙོ་བོ་རང་མཚན་མེད་པས་སོ། །རང་མཚན་དུ་མེད་པ་དེ་དེ་ཡི་བསྒྲུབ་བྱའོ་ཞེ་ན། ཡན་གར་ནས་གྲུབ་པ་ཡིན་ལ། རང་མཚན་དུ་མེད་པ་དེ་ཆོས་ཅན། དེ་མ་ཡིན་པར་ཐལ། དེ་ སྒྲུབ་ཀྱི་ཁྱབ་པ་ངེས་བྱེད་ཀྱི་བློས་གྲུབ་ཟིན་མ་བརྗེད་པས་སོ། ། སྒྲ་དོན་ནས་རག་ལས་ཕྱིར་ལ། བཙཽ་བསྲེག་ལ་སོགས་པའི་འབྲས་བུ་དོན་གཉེར་ཆོས་ ཅན། རང་མཚན་ཉིད་ལ་འཇུག་བྱ་ཡིན་ཏེ། འབྲས་བུ་དོན་གཉེར་ཡིན་པས་སོ། །ཁྱབ་སྟེ། ཐོབ་བྱའི་འབྲས་བུ་འབྱུང་བ་རང་མཚན་འདི་ལ་རག་ལས་པའི་ཕྱིར། དོན་བྱེད་ནས་ཅི་ཕན་ ལ། མེ་ཡི་སྒྲ་དོན་ཆོས་ཅན། བཙོ་བསྲེག་དོན་གཉེར་གྱི་འཇུག་ཡུལ་མ་ཡིན་ཏེ། མེ་ཡི་དོན་ བྱེད་མི་ནུས་པས་སོ། གསུམ་པ་ནི། ཀུན་བཏུས་སུ་བརྟགས་པའི་ཆོས་མ་དམིགས་ནས། མ་དམིགས་པ་དེ་ བརྟགས་པ་གཙོ་བོ་རང་མཚན་པ་དེ་ཡི་ཆོས་སུ་བཤད་པ་དང་འདིར་མ་དམིགས་པ་དེ་སྒྲ་ 1-1-71 དོན་གྱི་ཆོས་སུ་བཤད་པ་འགལ་ལོ་ཞེ་ན། གསུམ་པ་ནི། རྟོག་པའི་ནས་གསུངས་པ་ཡིན་ལ། བཏགས་པའི་ཆོས་མ་དམིགས་པ་ཞེས་པའི་བཏགས་པ་དེ་ཆོས་ཅན། །གཙོ་བོ་རང་མཚན་ མིན་ཏེ། གཙོ་བོའི་སྒྲ་དོན་ཡིན་པས་སོ། །དེར་ཐལ། གཙོ་འཛིན་རྟོག་པའི་སྣང་ཡུལ་ཡིན་ པས་སོ། །གཙོ་བོ་དངོས་པོ་བའི་ཉེར་ལེན་ཅན་དུ་མ་དམིགས་པ་ཆོས་ཅན། གཙོ་བོ་རང་ མཚན་ཁོ་ན་ཆོས་ཅན་དུ་བྱས་པའི་ཆོས་མ་ཡིན་ཏེ། གཙོ་བོའི་སྒྲ་དོན་གྱི་ཆོས་སུ་ཕྱོགས་གླང་ གིས་གསུངས་པས་སོ། ། གཉིས་པ་ལ་གཉིས། ལུང་ཚིག་ཕྱི་རོལ་དོན་ལ་ཚད་མ་མིན། དེས་ན་ཡིན་པར་འདོད་པ་ ཤེས་རབ་འཆལ་པའོ། །དང་པོ་ལ་བཞི། ལུང་ཙམ་ཚད་མ་ཡིན་པ་དགག ཁྱད་པར་ཅན་ཚིག་ ཚད་མ་དགག མ་བྱས་རིག་བྱེད་ཚད་མ་དགག དེ་དག་ཀུན་གྱི་འཇུག་བསྡུད་བསྟན་པའོ། ། དང་པོ་ནི། སྒྲ་རྣམས་ནས་དོན་གྲུབ་མིན་ལ། བུམ་པ་ཞེས་པའི་སྒྲ་ཆོས་ཅན་གཞི་འགར་ བུམ་པ་བསྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། བུམ་པ་དང་རང་བཞིན་འབྲེལ་པ་མེད་པས་ སོ། །དེ་དག་ནས་སྟོན་པར་བྱེད་ལ། བུམ་པ་ཞེས་པའི་གནས་སྐབས་ལྔ་བྲལ་གྱི་ངག་ཆོས་ ཅན། རང་སྨྲ་བ་པོའི་སྐྱེས་བུ་ལ་རང་གི་དོན་བསྟན་འདོད་ཀྱི་བསམ་པ་བསྒྲུབ་པའི་རྟགས་ ཡང་དག་ཡིན་ཏེ། ཚུལ་གསུམ་པས་སོ། །སྒྲ་ཕྱི་རོལ་ལ་ཚད་མ་མ་ཡིན་ན། ཡིད་ཆེས་ནས་ རྗེས་སུ་དཔག་པ་ཉིད་ཅེས་ལུང་རྗེས་དཔག་ཏུ་གསུངས་པ་ཇི་ལྟར་ཞེ་ན། དེ་ཡི་དོན་ནི་ཤིན་ ལྐོག་སྟོན་པའི་བཅོམ་ལྡན་འདས་ཀྱི་བཀའ་ཆོས་ཅན། རང་གི་དོན་ལ་སྐྱེས་བུ་མི་སླུ་སྟེ། ཉེས་ པ་མཐའ་དག་ཟད་པའི་ཚིག་ཡིན་པས་སོ། །ཆོས་ཅན་རྗེས་དཔག་ཏུ་གདགས་སུ་རུང་སྟེ། རང་འབྲས་ཡིད་ཆེས་རྗེས་དཔག་འབྱུང་བས་སོ། ། འབྲེལ་པ་དང་ནས་བྱས་ཡིན་གྱི་ལ། སངས་རྒྱས་ཀྱི་གསུང་རབ་ཆོས་ཅན། རྟོག་ལྡན་གྱི་ འཇུག་བྱའི་ལུང་ཡིན་ཏེ། བླང་དོར་ཇི་ལྟ་བར་འབྲེལ་པ་དང་དོན་བསྒྲུབ་པ་དང་རྗེས་སུ་མཐུན་ 1-1-72 པའི་ཐབས་སྟོན་པ་དང་སྐྱེས་བུའི་དོན་ནི་བརྗོད་པའི་ངག་སྟེ། ལུང་ཁྱད་པར་གསུམ་ལྡན་ ཡིན་པས་སོ། །དེ་ལས་ནས་མིན་ལ། སེའུ་བཅུ་པའི་ངག་ཆོས་ཅན། ཁྱོད་རྟོགས་ལྡན་འཇུག་ བྱའི་བསྟན་བཅོས་རྣམ་དག་མ་ཡིན་ཏེ། བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་པའི་ངག་འབྲེལ་ ཆགས་མིན་པས་སོ། །ཞེས་སོགས་དགོད་དོ། །མཐོང་དང་ནས་མི་བསླུའོ་ལ། ཆོས་ཅན། བསྟན་བྱ་ལ་སྐྱེས་བུ་མི་བསླུ་སྟེ། མངོན་སུམ་དང་དངོས་པོ་སྟོབས་ཞུགས་དང་ལུང་ལ་བརྟེན་ པའི་རྗེས་དཔག་རྣམ་པ་གཉིས་ཀྱིས་ཀྱང་གནོད་པ་མེད་པ་སྟེ། དཔྱད་པ་གསུམ་གྱིས་དག་ པའི་ལུང་ཡིན་པས་སོ། །ཡིད་ཆེས་ནས་གསུམ་ལ། ཤིན་ལྐོག་སྟོན་པའི་བཅོས་ལྡན་འདས་ ཀྱི་བཀའ་ཆོས་ཅན། བསྟན་བྱ་ཤིན་ལྐོག་ལ་སྐྱེས་བུ་མི་བསླུ་བ་སྟེ། དེ་སྟོན་པའི་ཉེས་ཟད་ཀྱི་ ཚིག་ཡིན་པས་སོ། །ཤིན་ལྐོག་སྟོན་པའི་བཅོམ་ལྡན་འདས་ཀྱི་བཀའ་ལས་ཤིན་ལྐོག་ངེས་ པའི་རྣམ་རྟོག་ཆོས་ཅན། ཤིན་ལྐོག་ལ་རྗེས་དཔག་ཡིན་ཏེ། ཚུར་མཐོང་གི་དངོས་པོ་སྟོབས་ ཞུགས་ཀྱི་ཡུལ་ལས་འདས་པའི་རང་ཡུལ་འཇལ་བའི་རྣམ་རྟོག་ཡིན་པས་སོ། །ཞེས་སློབ་ དཔོན་གྱིས་གསུངས་སོ། །བླང་དང་ནས་རྗེས་སུ་དཔག་པ་ལ། སངས་རྒྱས་ཀྱི་གསུང་རབ་ ཆོས་ཅན། ཤིན་ལྐོག་ལས་མི་བསླུ་སྟེ། གཙོ་བོའི་དོན། བདེན་བཞི་ལ་གྲོལ་བ་དོན་གཉེར་མི་ བསླུ་བའི་ལུང་ཡིན་པའི་ཕྱིར་ཏེ། བདེན་བཞི་བླང་དོར་ཐབས་དང་བཅས་པ་ཁྱོད་ཀྱིས་བསྟན་ པ་ལྟར་ཡིན་ལུགས་བཞིན་འཇུག་པའི་ཚད་མས་གཏན་ལ་ཕེབས་པའི་ལུང་ཡིན་པས་སོ། ། གཉིས་པ་ལ་རྩོད་ལན་གཉིས་ལས། དང་པོ་ནི། སྐྱེས་བུ་ནས་གཞན་གྱི་སེམས་ལ། རི་ ཁྲོད་རྗེ་པ་སོགས་ན་རེ། ཉེས་པ་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སྐྱེས་བུ་ཕུལ་དུ་བྱུང་བས་ བྱས་པའི་ཚིག་ཇི་བཞིན་དོན་ཅན་ནོ་ཞེ་ན། གཉིས་པ་ལ་གཉིས། ཉེས་མེད་རྟོགས་པར་དཀའ། ཉེས་ཟད་སྲིད་པར་བསྒྲུབ་པའོ། ། དང་པོ་ནི། གལ་ཏེ་ནས་འདོད་ལ། ལུང་ལ་འཇུག་པའི་ཚུར་མཐོང་ཆོས་ཅན། ལུང་བྱེད་པ་ 1-1-73 པོ་ཉེས་པ་ཀུན་ཟད་ཡོན་ཏན་ཀུན་ལྡན་དུ་ཁྱོད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཤེས་ པར་བྱས་ནས་ཁྱོད་ལུང་ལ་འཇུག་དགོས་པ་མ་ཡིན་ཏེ། ཡིན་ན་ཚུར་མཐོང་སུ་ཡང་ལུང་ལ་ མི་འཇུག་པའི་སྐྱོན་ཡོད་པས་སོ། །ཇི་ལྟར་ན་ཆོས་ཅན། ལུང་ལ་འཇུག་པ་མིན་པར་ཐལ། དེ་ དེ་ལྟར་ཁྱོད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་ཤེས་པར་མི་ནུས་པས་སོ། །རྟགས་སྒྲུབ་ པ་ནི་འདི་ནི་འདི་ལྟའམ་ནས་གཞན་གྱིས་ཤེས་ལ། ཆོས་ཅན་ལུང་བྱེད་པ་པོ་སྐྱོན་ལྡན་ནམ། སྐྱོན་ལྡན་མིན་ཞེས་ཁྱོད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་རྟོགས་དཀའ་བར་ཐལ། དེ་ ལྟར་རྟོགས་པའི་ཁྱོད་ཀྱི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་མེད་པའི་ཕྱིར། གཉིས་པ་ནི། འགྲིབ་དང་ནས་བཅས་ཉིད་ཕྱིར་ལ། ཆགས་སོགས་ཆོས་ཅན། གནོད་ བྱེད་དང་བཅས་པ་ཡིན་ཏེ། རང་གི་གཉེན་པོ་མངོན་དུ་གྱུར་ཅིང༌། འཕེལ་བའི་རྒྱུད་ལ་ཁྱོད་ འགྲིབ་ཅིང་དེ་འགྲིབ་པའི་རྒྱུད་ལ་ཁྱོད་འཕེལ་བར་འགྱུར་བས་སོ། །དེ་གོམས་ནས་ཟད་པར་ འགྱུར་ལ། ཉོན་མོངས་ཆོས་ཅན། རང་གི་གཉེན་པོའི་ངང་དུ་གྱུར་པའི་རྒྱུད་ལ་ལར་ཟད་པར་ འགྱུར་ཏེ། གནོད་བྱེད་དང་བཅས་པའི་སེམས་ཀྱིས་སྐྱོན་ཡིན་པས་སོ། །ཁྱབ་སྟེ། གཉེན་པོ་དེ་ བསྒོམས་པས་སེམས་རྒྱུད་ཉེས་མེད་དེ་ཡི་བདག་ཉིད་དུ་འགྱུར་བས་སོ། །སྐྱེས་བུ་ཉེས་མེད་ དེ་ཉེས་པའི་གཉེན་པོའི་ངང་དུ་གྱུར་པའི་སེམས་ལ་ཉེས་པ་འབྱུང་བས་སོ་ཞེ་ན། འཚེ་བ་མེད་ ནས་འཛིན་ཕྱིར་རོ་ལ། གནས་གྱུར་གྱི་ཡེ་ཤེས་མཐར་ཕྱིན་ཆོས་ཅན། རང་རྒྱུད་ལྡན་གྱི་རྒྱུད་ ཀྱི་ཆགས་སོགས་ཀྱི་ཁྱོད་ལྡོག་པ་ལ་འབད་དུ་ཟིན་ཀྱང་དེས་ཁྱོད་མི་བཟློགས་ཏེ་རང་རྒྱུད་ ལྡན་གྱི་ཁྱོད་ཀྱི་སྐྱོན་དང་ཉེས་པའི་ཡོན་ཏན་མཐོང་བ་མེད་པས་སོ། །ཟུར་སྔ་མ་དེར་ཐལ། སྐྱོན་ཐམས་ཅད་མེད་པ་དང་བདེན་པའི་གནས་ལུགས་ཁྱོད་ཀྱི་ཡུལ་དུ་ཡོད་ཅིང་སེམས་ཀྱི་ རང་བཞིན་ཡིན་པས་སོ། །ཁྱབ་སྟེ། ཆགས་སོགས་རྣམས་དེ་གསུམ་ལས་ཕྱིན་ཅི་ལོག་ཡིན་ པས་སོ། །ཁྱབ་སྟེ། ཆོས་ཅན་ཀྱང་ཞེས་པས་ཉེས་པ་ཆགས་སོགས་ཀྱིས་ཁྱོད་ལྡོག་པའི་འབད་ 1-1-74 པ་མེད་དེ། རང་རྒྱུད་ལྡན་གྱི་བློ་ནི། གཉེན་པོ་བདག་མེད་རྟོགས་པ་མཐར་ཐུག་དེ་ཡི་ཕྱོགས་ འཛིན་ཅིང་འབད་ཀྱི། ཉེས་པ་བསྐྱེད་པའི་རྩོལ་བ་མེད་པས་སོ། ། ཉེས་པའི་རྒྱུ་གང་ཞེ་ན། ཉེས་པ་ཆགས་སོགས་ཐམས་ཅད་ཆོས་ཅན། རང་རྒྱུ་འཇིག་ལྟ་ ལས་སྐྱེས་ཏེ་དེས་ཕན་ནས་སོ། །འོ་ན་ཉོན་མོངས་ཀུན་མ་རིག་པའི་འབྲས་བུར་གསུངས་པ་ དང་འགལ་ལོ་ཞེ་ན། ཤེས་བྱ་ཆོས་ཅན། ཆགས་སོགས་འཇིག་ལྟ་ལས་སྐྱེས་པ་དང༌། མ་རིག་ པའི་འབྲས་བུ་གསུངས་པ་མི་འགལ་ཏེ། འཇིག་ལྟ་དེ་ཉིད་མ་རིག་པ་ཡིན་པས་སོ། །དེ་དེར་ ཐལ། བདག་ཏུ་རྨོངས་པའི་བློ་ཡིན་པས་སོ། །དེར་དེ་ལ་ཆགས་ནས་གསུངས་ལ། བདག་དང་ བདག་གིར་ཆགས་པ་ཆོས་ཅན། འཇིག་ལྟ་ལས་སྐྱེས་ཏེ། དེས་ཕན་པས་སོ། །ཞེ་སྡང་སོགས་ ཆོས་ཅན། བདག་དང་བདག་གིར་ཆགས་པ་ལས་སྐྱེས་ཏེ། དེས་ཕན་པས་སོ། །སྐྱེས་བུ་ཆོས་ ཅན། ཉོན་མོངས་ཅན་གྱི་གཏི་མུག་ཉེས་པ་ཆགས་སོགས་ཀྱི་རྒྱུར་གསུངས་པ་རིགས་ཏེ། འཇིག་ལྟ་ཡང་མ་རིག་པ་ཡིན་པས་སོ། །ཆོས་ཅན་མདོ་གཞན་ས་བཅུ་པ་སོགས་ལས་འཇིག་ ལྟ་ཆགས་སོགས་ཀྱི་རྒྱུར་བཤད་པ་འཐད་དེ། དེ་སྤངས་པ་ན་ཆགས་སོགས་ཀུན་སྤོང་བའི་སྒོ་ ནས་དེ་བདག་མེད་རྟོགས་པའི་འཛིན་སྟངས་འགལ་ཟླ་དངོས་ཡིན་པས་སོ། ། གསུམ་པ་ལ་གཉིས། མ་ཁྱབ་པས་ཕྱོགས་གཅིག་བདེན་པས་རིག་བྱེད་ཚད་མར་འདོད་ པ་དགག་པའོ། །དང་པོ་ལ་གཉིས་ལས། འདོད་པ་བརྗོད་པ་ནི། ཤེས་བྱ་ཆོས་ཅན། སྐྱེས་ བུ་མ་བྱས་པའི་ཚིག་ཡིན་ན། བདེན་དོན་ཅན་ཡིན་པས་ཁྱབ་སྟེ། དེ་ཡིན་ན་ལོག་པར་འགྱུར་ བའི་རྒྱུ་མེད་པས་སོ། །དེར་ཐལ། ཚིག་རྣམས་ལོག་པ་སྟོན་པའི་རྒྱུ་ཉེས་རྣམས་སྐྱེས་བུས་ བརྟེན་པའི་ཕྱིར་ཞེས་དཔྱོད་པ་པ་བརྗོད་པར་བྱེད་དོ། ། གཉིས་པ་སུན་འབྱིན་བཤད་པ་ལ་གཉིས། མགོ་མཚུངས་ཀྱིས་དགག རིགས་པ་གཞན་ བསྟན་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། སྐྱེས་བུས་མ་བྱས་པའི་ཚིག་ཡིན་ན་ལོག་དོན་ 1-1-75 ཅན་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་བདེན་པ་སྟོན་པའི་རྒྱུ་མེད་པའི་ཕྱིར། དེར་ཐལ། བདེན་ཚིག་རྣམས་བདེན་པ་སྟོན་པའི་རྒྱུ་ཡོན་ཏན་རྣམས་སྐྱེས་བུ་ལ་བརྟེན་པའི་ཕྱིར། ཁྱབ་པ་ ཁས་སོ། ། གཉིས་པ་ལ་དྲུག སྒྲ་དོན་འབྲེལ་པ་དགག སྒྲ་མ་བྱས་པ་དགག སྒྲ་མི་རྟག་པ་བསྒྲུབ། མ་ བྱས་པའི་རྟགས་འཁྲུལ། སྔར་མ་བྱས་པ་དགག ། རིག་བྱེད་དོན་ངེས་དགག་པའོ། ། དང་པོ་ལ་གསུམ། ཁས་བླངས་དང་པོ་རིགས་པས་དགག བྱས་མ་བྱས་ཁས་བླངས་ཀྱིས་ དགག རིགས་པ་སྣ་ཚོགས་ཀྱིས་དགག་པའོ། །དང་པོ་ནི། དོན་ཤེས་ནས་ཉིད་དུ་སྲིད་ལ། རང་ཉིད་ཀྱི་ཚིག་ཆོས་ཅན། སྐྱེས་བུས་མ་བྱས་ཀྱང་དོན་ལོག་པ་སྟོན་སྲིད་པར་ཐལ། བརྡ་ ལས་དོན་རྟོགས་བྱེད་ཀྱི་ཚིག་ཡིན་པས་སོ། །ཁྱབ་པ་ཁས་ཏེ། ཤེས་བྱ་ཆོས་ཅན། དེ་ལ་དེས་ ཁྱབ་པར་ཐལ། ངག་གི་བརྡ་ནི་རྗོད་བྱེད་སྒྲས་དོན་གོ་བར་བྱེད་པའི་རྒྱུ་མཚན་ཡིན་ལ། བརྡ་ དེ་ནི་སྐྱེས་བུ་ལ་བརྟེན་པས་སོ། ཁྱབ་པ་ཁས་སོ། །སྒྲ་དོན་གྱི་འབྲེལ་པ་སྐྱེ་བུ་བྱས་པ་མིན་ གྱི་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པས་སོ། །རྟགས་མ་གྲུབ་ཅེ་ན། རིག་སྒྲ་ཆོས་ཅན། དོན་གང་ ལ་བརྡ་སྦྱོར་རིགས་པ་མེད་པར་ཡང་ཁྱོད་ལས་རང་གི་དོན་རྟོགས་པར་ཐལ། རང་གི་བརྗོད་ བྱ་དང་ངོ་བོ་ཉིད་གྱིས་འབྲེལ་སྟོབས་ཀྱིས་དོན་སྟོན་པས་སོ། །སྒྲ་དོན་ངོ་བོ་ཉིད་འབྲེལ་དེ་ ནི་བརྡ་ལས་གསལ་བ་ཡིན་པས་ཁྱབ་པ་མེད་ཅེ་ན། ཆོས་ཅན་བརྗོད་བྱ་ལ་ངོ་བོ་ཉིད་ཀྱིས་ འབྲེལ་སྟོབས་ཁོ་ན་རང་གི་བརྗོད་བྱ་གོ་བར་བྱེད་པའི་རྒྱུ་མཚན་དུ་རྟགས་པ་དོན་མེད་པར་ ཐལ། ཁྱོད་ལས་རང་གི་དོན་གོ་བར་བརྡ་ལ་ལྟོས་པས་སོ། །རྟགས་བསལ་ལོ། །ཚིག་རྣམས་ ཆོས་ཅན། བརྡ་ཡི་དབང་གིས་དོན་གཞན་དོན་གཞན་དང་གཞན་རྟོག་པར་བྱེད་པར་མི་ འགྱུར་བར་ཐལ། དོན་རེ་རེ་ཁོ་ན་ལ་རྗོད་བྱེད་དུ་ངེས་པས་སོ། །བརྡ་དབང་གིས་དོན་དུ་མར་ དང་བརྗོད་པར་བྱ་བྱེད་དུ་མངོན་པར་འབྲེལ་ན་དེ་ཡི་ཕྱིར། འགལ་བ་གསལ་བར་བྱེད་པ་ 1-1-76 ཡིན་པར་ཐལ། ཤེས་བྱ་ཆོས་ཅན། ཨག་ནི་སོགས་ཀྱི་སྒྲ་ཡང་ཁྱི་ཤ་ཟ་བ་སོགས་ཀྱིའང་རྗོད་ བྱེད་དུ་རུང་བར་ཐལ་ལོ། །སྐྱེས་བུ་ནས། དོན་མེད་འགྱུར་ལ། རིག་སྒྲ་ཆོས་ཅན། དོན་བདེན་ པ་ཁོ་ནའི་རྗོད་བྱེད་དུ་བསྒྲུབ་པའི་ཆེད་ཁོ་ནར་ཁྱོད་སྐྱེས་བུས་མ་བྱས་པར་བརྟགས་པ་དོན་ མེད་པར་ཐལ། སྐྱེས་བུའི་འདོད་པ་བཞིན་དུ་དོན་འགལ་ལ་བརྡ་ངེས་པར་བྱས་པའི་ཚིག་ ཡིན་པས་སོ། ། གཉིས་པ་ནི། ཐ་དད་ནས་བརྗོད་ལ། རིག་སྒྲ་དང༌། དོན་བུམ་སོགས་ཆོས་ཅན། ཁྱེད་ རྣམས་ཀྱི་རང་བཞིན་འབྲེལ་པ་སྒྲུབ་པའི་ཕྱིར་དུ་རྒྱུ་མཚན་ཡང་དག་བརྗོད་དགོས་པར་ཐལ། དེ་དེར་ཡོད་པས་སོ། །འདོད་ན། ཆོས་ཅན། ཁྱེད་གཉིས་ཀྱི་རང་བཞིན་འབྲེལ་པ་མེད་པར་ ཐལ། ཁྱེད་གཉིས་རྫས་ཐ་དད་དེ་བྱུང་གི་འབྲེལ་པ་མེད་པས་སོ། །ཕྱི་མ་མ་གྲུབ་ན། རིག་སྨྲ་ རྟག་པ་བུད། སྐྱེས་བུས་ལེགས་ནས་འགྱུར་ལ། རིག་སྒྲ་ཆོས་ཅན། བརྗོད་བྱའི་དོན་མེད་པར་ ཐལ། སྐྱེ་བུས་མ་བྱས་པས་སོ། ། ལེགས་བྱས་ནས་འདྲར་འགྱུར་ལ། ཆོས་ཅན། འཁྲུལ་བར་ ཐལ། སྐྱེས་བུ་བྱས་པས་སོ། །ཁྱབ་པ་ཁས། གསུམ་པ་ལ་གཉིས། རྟག་པར་གྲུབ་པ་དགག དངོས་པོ་གྲུབ་པ་དགག་པའོ། །དང་པོ་ ལ་གཉིས། འགོག་བྱེད་དངོས་དང༌། གཞན་ལན་དགག་པའོ། ། དང་པོ་ནི། སྒྲ་དོན་གྱི་འབྲེལ་པ་རྟག་གམ་མི་རྟག མི་རྟག་ན་འཁྲུལ་བར་ཐལ་ལོ། ། གསུམ་ཁས་སོ། །རྟག་ན་འབྲེལ་པ་ཅན་ནས་ཡོད་མིན་ལ། མེ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ དང་མེ་ཡི་འབྲེལ་པ་དེ་རྟག་པ་མིན་པར་ཐལ། མེ་དེ་མི་རྟག་པས་སོ། །དེ་ཕྱིར་ནས་ལེགས་ པར་བྱས་ལ། དོན་བུམ་པ་དང་དེ་བརྗོད་པའི་སྒྲ་ཆོས་ཅན། ཁྱེད་གཉིས་ཀྱི་འབྲེལ་པ་དེ་སྐྱེས་ བུས་བློ་ཡིས་བཞག་པ་ཙམ་ཡིན་པར་ཐལ། ཁྱེད་གཉིས་མ་འབྲེལ་ཀྱང་རྟོག་ངོར་འབྲེལ་ བར་སྣང་བ་ཙམ་ཡིན་པས་སོ། །གལ་ཏེ་དོན་ཕྱི་མ་དེ་ལྷག་གི་ངོ་བོ་ཉིད་གྱིས་འབྲེལ་པ་སྐྱེས་ 1-1-77 པས་སྐྱོན་མེད་ཅེ་ན། སྒྲ་རྣམས་ནས་མི་རིགས་སོ་ལ། རིག་སྒྲ་ཆོས་ཅན། སྔར་དོན་ཕྱི་མ་དང་ འབྲེལ་མེད་ཡིན་པ་ལ་ཕྱིས་དེ་དང་འབྲེལ་པར་གྱུར་པར་མི་རིགས་པར་ཐལ། རྟག་པས་སོ། ། ངེད་ལ་བུམ་སྒྲ་ཆོས་ཅན། སྔར་གྱི་རྫ་བུམ་ཞིག་པས་ཁྱོད་དང་བུམ་པའི་འབྲེལ་པ་རང་ མཚན་ཞིག་པའི་རྒྱུ་མཚན་གྱིས་ཕྱིས་ཀྱི་གསེར་བུམ་མི་བརྗོད་པའི་ཉེས་པ་མེད་དེ། ཁྱོད་བུམ་ པའི་འབྲེལ་པ་འདི་རྟོག་པས་རྣམ་པར་བཏག་པ་ཙམ་དུ་ཟད་པས་སོ། ། གཉིས་པ་ནི། གལ་ཏེ་རྟེན་ཏེ་དོན་ནི་འཇིག་པ་ན་ཡང་འབྲེལ་པ་འཇིག་པ་མིན་ཏེ། རྟག་ པའི་ཕྱིར་རིགས་དང་འདྲའོ། །དེས་ན་འབྲེལ་པ་ཅན་རྣམས་ཞེས་སོགས་མ་ཁྱབ་པོ་ཞེ་ན། དཔེ་དོན་གཉིས་ཀ་མི་འཐད་དེ། རྟག་ན་ནས་འདོད་པ་ཡིན་ལ། སྤྱི་དང་སྒྲ་དོན་འབྲེལ་པ་ ཆོས་ཅན། གསལ་བ་དང་སྒྲ་དོན་དེ་ཁྱོད་ཀྱི་དོན་གཞན་རྟེན་དུ་མི་འཐད་པར་ཐལ། ཁྱོད་དེ་ཡི་ ནུས་པ་འཇུག་པ་མེད་པའི་ཕྱིར་ཏེ་ཁྱོད་རྟག་པས་སོ། །སོ་སོར་དགོད། ཤེས་པ་ནས་གསལ་ བར་འདོད་ལ། རང་གསལ་བྱེད་སྒྲོན་འོད་ཀྱི་གསལ་བྱ་བུམ་གཟུགས་ཆོས་ཅན། སྒྲོན་འོད་ ལས་རང་འཛིན་མིག་ཤེས་ཀྱི་ཡུལ་དུ་གསལ་བར་སྐྱེ་བའི་སྒོ་ནས་དེས་གསལ་བ་ཡིན་ཏེ། རང་འཛིན་མིག་ཤེས་ཀྱི་རྐྱེན་གཞན་ཚོགས་པ་ན་ཁྱོད་དེས་གསལ་བར་བྱས་སྟོབས་ཀྱིས་རང་ འཛིན་མིག་ཤེས་བསྐྱེད་པར་རུང་བས་སོ། །འགྱུར་བ་མེད་ནས་གསལ་འདོད་པ་ལ། རིགས་ འབྲེལ་ཆོས་ཅན། གསལ་བ་དང་སྒྲོན་འོད་ཀྱི་ཁྱད་པར་བྱར་མེད་པར་ཐལ། འགྱུར་བ་མེད་ པས་སོ། །འདོད་ན་དེས་ཕན་པར་མ་བྱས་པར་ཐལ་ལོ། ། འདོད་ན། དེ་ཁྱོད་ཀྱི་དོན་གཞན་ གསལ་བྱེད་མིན་པར་ཐལ་ལོ། །སོ་སོར་དགོད་དོ། ། གཉིས་པ་ལ་གཉིས། གཅིག་དང་ཐ་དད་རྟགས་ལ་དགག། འབྲེལ་པར་གྲུབ་པ་རྟགས་ ལ་དགག་པའོ། །དང་པོ་ནི། འབྲེལ་པ་དངོས་ཉིད་འགྱུར་མོད། དེ་སྒྲ་དོན་དང་རང་མཚན་ གཅིག་གམ་ཐ་དད། ཐ་དད་ན། ཐ་དད་ནས་འགྱུར་ལ། སྒྲ་དོན་གྱི་འགྲེལ་པ་ཆོས་ཅན། བློ་ 1-1-78 མ་འཁྲུལ་བས་སྒྲ་དོན་གཉིས་ལས་རྫས་ཐ་དད་དུ་དམིགས་པར་ཐལ། དེ་གཉིས་དང་རྫས་ ཐ་དད་པའི་རང་མཚན་གསུམ་པར་ཡོད་པས་སོ། གཅིག་ཡིན་ན། ཆོས་ཅན། སྒྲ་དོན་དེ་ཉིད་ དུ་ཐལ། དེ་ལས་ཐ་དད་མིན་པའི་རང་མཚན་དུ་ཡོད་པས་སོ། །དེ་དེ་གཉིས་དང་གཅིག་དང་ ཐ་དད་གང་ཡང་མིན་ནོ་ཞེ་ན། ཆོས་ཅན། སྒྲ་དོན་གཉིས་ཀྱི་ཆོས་སུ་གྱུར་པའི་རང་མཚན་དུ་ མེད་པར་ཐལ་ལོ། ཁྱབ་སྟེ། གཅིག་དང་ཐ་དད་འདི་ལས་གཞན་པའི་དངོས་པོ་ཡོད་པ་མ་ ཡིན་པས་སོ། །དངོས་པོ་ནས་བྱས་པ་ཡིན་ལ། བུམ་པ་དང་དེ་བརྗོད་པའི་སྒྲ་ཆོས་ཅན། ཁྱེད་ གཉིས་ཀྱི་འབྲེལ་པ་དེ་རྟོག་པས་བརྟགས་པ་ཙམ་ཡིན་གྱི་རང་མཚན་དུ་མེད་དེ། ཁྱེད་གཉིས་ ངོ་བོ་ཐ་དད་པས་སོ། །ཡོད་རྫས་ནས་ཇི་ལྟར་འགྱུར་ལ། དེ་གཉིས་དེ་ལས་རྫས་གཞན་ནོ་ཞེ་ ན། སྒྲ་དོན་གྱི་འབྲེལ་པ་ཆོས་ཅན། སྒྲ་དོན་གྱི་འབྲེལ་པར་མི་འགྱུར་བར་ཐལ། སྒྲ་དོན་ལས་ ལོགས་སུ་གྲུབ་ཟིན་ནས་ཡོད་པས་སོ། །ཆོས་ཅན་དེ་གཉིས་འདྲེས་པར་ཡང་མི་འགྱུར་ལ། དེ་ ལས་རང་མཚན་ཐ་དད་པ་གསུམ་པ་ཉིད་ཡིན་པས་སོ། ། གཉིས་པ་ནི། རིག་བྱེད་ཡི་གེ་བརྗོད་བྱ་དང་འབྲེལ་པ་རང་མཚན་ཡོད་དམ། ཚིག་དང་ ཡོད། དང་པོ་ལྟར་ན། རིག་བྱེད་ཡི་གེ་ཆོས་ཅན། རང་གི་བརྗོད་བྱ་དང་འབྲེལ་པ་རང་མཚན་ མ་གྲུབ་པར་ཐལ། རང་གི་བརྗོད་བྱའི་དོན་མེད་པས་སོ། །གཉིས་པ་ལྟར་ན། ཚིག་སོགས་ ནས་འཇུག་པར་འགྱུར་ལ། རང་ཉིད་ཀྱི་ཚིག་རང་གི་བརྗོད་བྱ་དང་འབྲེལ་པ་རང་མཚན་མེད་ པར་ཐལ། རང་མཚན་དུ་མེད་པའི་ཕྱིར་ཏེ། ཡི་གེའི་བཀོད་པ་ལ་ངག་ཚིག་ཏུ་ཀུན་ཏུ་བཏག་ པའི་ཀུན་བརྟགས་ཡིན་པས་སོ། ། གཉིས་པ་ལ་གཉིས། སྒྲུབ་བྱེད་དགག བསྒྲུབ་བྱ་དགག་པའོ། །དང་པོ་ལ་གཉིས། བྱེད་ པ་པོ་མི་དྲན་པའི་རྟགས་དགག འདོན་པ་པོ་ཡིན་པའི་རྟགས་དགག་པའོ། ། དང་པོ་ནི། དཔྱོད་པ་བ་ན་རེ། རིག་བྱེད་ཆོས་ཅན། སྐྱེས་བུས་མ་བྱས་ཏེ། བྱེད་པ་པོ་མི་ 1-1-79 དྲན་པའི་ཕྱིར་ཟེར་རོ། །འདི་ལའང་ནས་ཁྱབ་ལ། རྟགས་དེ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་ དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའམ། མ་ངེས་པ་གང་རུང་ལས་མི་འདའ་བས་སོ། ། གང་གིས་ཀྱང་མི་དྲན་ཅེ་ན། མ་གྲུབ་སྟེ། སངས་རྒྱས་པས། བརྒྱད་དང་མིའུ་ཐུང་ལ་སོགས་ པར་བྱས་པར་དྲན། བྱེ་བྲག་པས་ཚངས་པས་བྱས་པར་དྲན་པས་སོ། །འགའ་ཞིག་གིས་མི་ དྲན་ན་ཁྲོན་པ་སྙིང་པས་མ་ངེས་སོ། ། གཉིས་པ་ལ་གཉིས། འདོད་པ་བརྗོད་པ་ནི། ཇི་ལྟར་ནས་འགའ་ཞིག་སྨྲ་ལ། རིག་བྱེད་ བྱེད་པ་པོར་འདོད་པའི་བརྒྱད་པ་སོགས་ཆོས་ཅན། ཁྱོད་ལའང་རིག་བྱེད་འདོད་པ་གཞན་ སྔོན་དུ་སོང་སྟེ། རིག་བྱེད་འདོན་པར་བྱེད་པའི་ཕྱིར། ད་ལྟ་རིག་བྱེད་དེ་འདོན་པའི་སྐྱེས་བུ་ འདི་བཞིན། དེས་ན་ཐོག་མ་མེད་པས་རང་ཉིད་སྐྱེས་བུས་མ་བྱས་སོ་ཞེ་ན། དེ་དགག་པ་ནི། སྤེལ་བ་ནས་རྗེས་མི་དཔོག་ལ། སྐྱེས་བུ་སྤེལ་བའི་གཞོན་ནུ་འབྱུང་བ་ཅན་གྱི་གཞུང་ཆོས་ ཅན། སྐྱེས་བུས་མ་བྱས་པར་ཐལ། སློབ་དཔོན་སྔ་མའི་མན་ངག་མེད་པར་ཁྱོད་འདོན་མི་ནུས་ པས་སོ། །ཁྱབ་པ་ཁས་སོ། །རྒྱུ་དེ་ལས་སྐྱེ་བར་མ་མཐོང་བའི་འབྲས་བུའི་རིགས་འདྲ་གཞན་ ཡང་རྒྱུ་དེ་ལས་སྐྱེ་བར་མཐོང་བའི་འབྲས་བུ་དང་རྒྱུ་རིགས་གཅིག་ལས་སྐྱེ་བར་ཤེས་ཏེ། མེ་ ལས་ཤིང་བཞིན། རིགས་གང་ནས་ཡང་དག་ཤེས་ལ། རིག་བྱེད་ཀྱི་ངག་ཆོས་ཅན། སྐྱེས་ བུ་ལས་སྐྱེས་ཏེ། ངག་ཚིག་ཡིན་པས་སོ། །འཇིག་རྟེན་པའི་ངག་ཚིག་བཞིན། དེ་ལ་འབྲས་ མཚུངས་ནས་འཁྲུལ་པ་ཅན་ལ། ངག་ཚིག་གི་རིགས་དེ་ལ་ཆོས་ཅན། འཇིག་རྟེན་པའི་ངག་ ཚིག་སྐྱེས་བུས་བྱས། རིག་བྱེད་ཀྱི་ངག་ཚིག་སྐྱེས་བུས་མ་བྱས་པའི་ཁྱད་པར་བསྟན་མི་ནུས་ ཏེ། དེ་གཉིས་སྐྱེས་བུའི་འབྲས་བུ་ངག་ཚིག་དུ་མཚུངས་པས་སོ། །དེས་ན་རིག་བྱེད་ཀྱི་ངག་ ཆོས་ཅན། ཁྱོད་སྐྱེས་བུས་མ་བྱས་པར་སྒྲུབ་པའི་རྟགས་སུ་གང་བཀོད་ཐམས་ཅད་རྟགས་ འཁྲུལ་བར་ཐལ། ཁྱོད་སྐྱེས་བུས་བྱས་པར་གྲུབ་པས་སོ། །འདོད་པ་སྔོན་དུ་སོང་བས་རང་ 1-1-80 ཉིད་ཐོག་མེད་འགྲུབ་འགྱུར་མོད། ཐོག་མེད་ཆོས་ཅན། རིག་བྱེད་སྐྱེས་བུ་ལ་མི་རྟེན་པར་ བསྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། མ་ཁྱབ་པས་སོ། ། དེ་ཕྱིར་ནས་མི་བརྟེན་འགྱུར་ལ། ཐོག་མ་མེད་པའི་འཇིག་རྟེན་པའི་ཐ་སྙད་ཀུན་ཆོས་ ཅན། སྐྱེས་བུས་མ་བྱས་པར་ཐལ། ཐོག་མ་མེད་པས་སོ། །ཀླ་ཀློ་ནས་རྒྱུ་ཡིན་ཕྱིར་ལ། ཀླ་ཀློ་ སོག་པོས་ཕ་ཤི་ནས་བུ་ཐུ་བོས་མ་བག་མར་བླང་བར་བྱའོ་ཞེས་སོགས་ཀྱི་ཐ་སྙད་དང༌། རྒྱང་ པན་པས་ལས་དགེ་སྡིག་དང་འཇིག་རྟེན་གཞན་ལ་སྐུར་འདེབས་ཀྱི་ཚིག་རྣམས་ཆོས་ཅན། རྟགས་གསལ་གོང་དང་འདྲ། དེར་ཐལ། སྔོན་འཁོར་བ་ཐོག་མེད་ནས་འདུས་བྱས་པའི་རྒྱུན་ གྱིས་འཇུག་པའི་ཐ་སྙད་ཡིན་པས་སོ། །དེ་ཡི་དེ་དག་སྐྱེས་བུས་མ་བྱས་སོ་ཞེ་ན། དེ་འདྲའི་ ནས་ཅི་ཞིག་ཡོད་ལ། ཤེས་བྱ་ཆོས་ཅན། སྐྱེས་བུས་མ་བྱས་པས་ཐ་སྙད་ཡིན་ལ། དོན་ལ་མི་ བསླུ་བས་ཁྱབ་པའི་ཡོན་ཏན་མེད་པར་ཐལ། ཕྱིན་ཅི་ལོག་མ་ལོག་གི་ཐ་སྙད་ཐམས་ཅད་ཀྱང་ སྐྱེས་བུས་མ་བྱས་པས་སོ། །རྟགས་ཁས་སོ། །དོན་གྱི་ནས་དག་ཀྱང་ཡིན་ལ། རིག་བྱེད་ཆོས་ ཅན། བརྗོད་བྱའི་དོན་གཅིག་ཁོ་ནར་མ་ངེས་པར་ཐལ། ཁྱོད་ཀྱི་དོན་གྱི་འཆད་པ་པོ་ངེས་པ་ དང༌། དཔྱོད་པ་པ་བརྡ་སྤྲོད་པ་སོགས་གྱི་འཆད་ལུགས་ཀྱི་ཁྱད་པར་སྒྲོ་བསྐུར་དུ་མ་འཐོང་ བས་སོ། ། གཉིས་པ་ལ་གཉིས། ཡི་གེ་མ་བྱས་པ་དགག ངག་མ་བྱས་པ་དགག་པའོ། །དང་པོ་ནི། ཡི་གེ་རྣམས་ནས་འབྲས་ཕྱིར་རྩ་བར་ཅིར་འགྱུར་ལ། རིག་བྱེད་ཡི་གེ་ཨ་སོགས་ཆོས་ཅན། སྐྱེས་བུས་མ་བྱས་པར་མི་འགྲུབ་པར་ཐལ། འཇིག་རྟེན་པའི་ཡི་གེ་ཨ་སོགས་དང་གཅིག་ཡིན་ པའི་ཕྱིར། དེར་ཐལ། དེ་དང་གཅིག་ཏུ་ངོ་ཤེས་པ་ཡོད་པས་སོ། །གསུམ་ཁས་སོ། ། གཉིས་པ་ལ་བཞི། བཀོད་པ་ལས་མ་རྟོགས་པའི་ངག་དགག མ་བྱས་པའི་ངག་དགག གསལ་བའི་རིམ་པ་མ་བྱས་པའི་ངག་དགག ། ཡི་གེའི་གོ་རིམ་སྐྱེས་བུས་བྱས་པར་བསྟན་ 1-1-81 པའོ། ། དང་པོ་ལ་གཉིས། མ་དམིགས་པས་དགག རྟགས་ལ་དགག་པའོ། །དང་པོ་ནི། ངག་ནི་ ནས་མ་དམིགས་ཕྱིར་ལ། རིག་བྱེད་ཀྱི་ངག་ཆོས་ཅན། རིག་བྱེད་ཡི་གེའི་བཀོད་པ་ལས་རྫས་ ཐ་དད་པའི་རྟག་པའི་ངག་དུ་ཡོད་པ་མ་ཡིན་ཏེ། དེར་བློ་མ་འཁྲུལ་བས་མ་དམིགས་པའི་ཕྱིར་ རོ། ། གཉིས་པ་ལ་གསུམ། ཆ་ཡོད་མེད་རྟགས་ལ་དགག རྟག་མི་རྟག་རྟགས་ལ་དགག ཁྱབ་ མ་ཁྱབ་རྟགས་ལ་དགག་པའོ། །དང་པོ་ནི། དེ་དེར་ཡོད་དུ་ཆུག དེ་ཆ་ཡོད་དམ་མེད། དེ་ཡན་ ལག་ཏུ་མ་ཡི་བདག་ཉིད་ཡིན་ན། ཆ་རེ་རེས་དོན་རིལ་པོ་སྟོན་མི་སྟོན། དེ་རྣམས་ཐ་དད་དོན་ མེད་ཉིད་དེ། མི་སྟོན་ཞེ་ན། དེ་དངོས་ནས་སོགས་བཞིན་ལ། རིག་བྱེད་ཀྱི་ངག་ཆོས་ཅན། སྐྱེས་བུས་བྱས་པར་ཐལ། རྗོད་བྱེད་མ་ཡིན་པའི་རང་གི་ངག་ཆ་ཤས་དུ་མ་ལ་རྗོད་བྱེད་དུ་ བརྟགས་པའི་ངག་ཡིན་པས་སོ། །རེ་རེ་ནས་ཡིན་ནའང་སྟེ། སྟོན་ནོ་ཞེ་ན། དུ་མ་ནས་ལོག་ པ་ཡིན་ལ་ཆོས་ཅན། རང་གི་ཆ་ཤས་དུ་མ་དོན་མེད་པར་ཐལ། རང་གི་ཆ་ཤས་རེ་རེས་རང་གི་ དོན་རིལ་པོ་སྟོན་པའི་ངག་ཡིན་པས་སོ། །ཡན་ལག་ནས་རྟོགས་པར་འགྱུར་ལ། ཆོས་ཅན་ རང་གི་ཆ་ཤས་གཅིག་རྟོགས་ཤིང་ཐོས་པ་ཙམ་གྱིས་རང་གི་དོན་རྫོགས་པར་རྟོགས་པར་ ཐལ། རྟགས་འདྲའོ། །ངག་གི་ཆ་ཐམས་ཅད་གཅིག་ཆར་ཐོས་པས་སྐྱོན་དེ་མེད་ཅེ་ན། ཆོས་ ཅན་རང་གི་ཆ་ཤས་རྣམས་དུས་རིམ་གྱིས་ཐོས་པའི་ཁྱད་པར་མི་རུང་བར་ཐལ། དེ་རྣམས་ གཅིག་ཆར་ཁོ་ནར་ཐོས་པས་སོ། །ངག་དེ་ཆ་མེད་གཅིག་ཉིད་ཡིན་ནོ་ཞེ་ན། ཆོས་ཅན། དུས་ རིམ་གྱིས་ཉན་ཤེས་མ་འཁྲུལ་བས་རྟོགས་པའམ་ཐོས་པ་མི་སྲིད་པར་ཐལ། ཆ་ཐ་དད་མེད་ པས་སོ། ། གཉིས་པ་ནི། དེ་རྟག་གམ་མི་རྟག་མི་རྟག་ན་རྩོལ་བྱུང་ནས་བྱས་པ་མིན་ལ། ཆོས་ 1-1-82 ཅན་སྐྱེས་བུས་མ་བྱས་ཏེ་བྱས་པར་ཐལ། རྩོལ་བ་ལས་བྱུང་བས་ཕྱིར་ཏེ། མི་རྟག་པའི་ངག་ ཡིན་པས་སོ། །རྟག་པ་ཉིད་ཡིན་ན། ཆོས་ཅན་རང་མཚན་གྱི་ཉན་ཤེས་ཀྱིས་དུས་རྟག་པར་ དམིགས་པར་ཐལ། དེ་ཡི་བཟུང་དོན་དུ་རྟག་པས་སོ། །མ་ཁྱབ་སྟེ། རེས་འགའ་བསྒྲིབས་པའི་ ཕྱིར་ཞེ་ན། ཆོས་ཅན་ཁྱོད་དམིགས་པའི་སྒྲིབ་བྱེད་ཀྱི་བསྒྲིབས་པས་རེས་འགའ་ཁོ་ན་ཐོས་ པ་མིན་པར་ཐལ། ཁྱོད་དམིགས་པའི་སྒྲིབ་གཡོགས་མེད་པའི་ཕྱིར་ཏེ། ཉན་ཤེས་ཀྱི་བཟུང་ དོན་དུ་རྟག་པས་སོ། །རིགས་སྒྲ་རྟག་པ་ཐོས་པའི་ལྷན་ཅིག་བྱེད་རྐྱེན་རྩོལ་བ་སོགས་འགའ་ ཞིག་མ་ཚང་བས་རྟག་ཏུ་ཐོས་པ་མིན་ཞེ་ན། ཅིས་ཀྱང་ནས་འགལ་བ་ཡིན་ལ། ཕྱིས་ཐོས་པའི་ རིགས་སྒྲ་ཆོས་ཅན། མ་ཐོས་པའི་རིགས་སྒྲ་སྔ་མ་དེ་ཉིད་ངེས་པ་མ་ཡིན་པར་ཐལ། རྩོལ་བ་ སོགས་རྐྱེན་ལ་ལྟོས་ནས་རང་མཚན་གྱི་ཉན་ཤེས་བསྐྱེད་པས་སོ། ། གསུམ་པ་ནི། དེ་འདྲའི་རིགས་སྒྲས་དེས་ཡུལ་ཐམས་ཅད་དུ་ཁྱབ་བམ་ཁྱབ་པ་མིན། གལ་ཏེ་དེ་དག་ཁྱབ་བྱེད་མིན་ཞེ་ན། རིག་བྱེད་ངག་ཆོས་ཅན། ཡུལ་གཅིག་ལས་གཞན་པའི་ ཡུལ་གང་དུའང་མི་ཐོས་པར་ཐལ། ཐོས་བྱ་གང་ཞིག་ཡུལ་གཅིག་ལས་གཞན་པའི་ཡུལ་དུ་ མེད་པས་སོ། །གལ་ཏེ་དེས་ཁྱབ་ཅེ་ན། ཐམས་ཅད་ནས་དག་ཏུ་འགྱུར་ལ། ཆོས་ཅན་ཁྱོད་ ཀྱི་ཆ་རེ་རེ་ཐོས་པའི་ཉན་ཤེས་ཀྱི་ཁྱོད་ཐམས་ཅད་དུས་ཅིག་འཆར་ཐོས་པར་ཐལ། ཐོས་ བྱའི་ངག་རྟག་པ་གང་ཞིག ཁྱོད་ཐམས་ཅད་རེ་རེ་ཞིང་ཡང་ཡུལ་ཐམས་ཅད་དུ་ཁྱབ་པར་ཡོད་ པས་སོ། །འདས་བྱས་ནས་འགྱུར་ལ། ཆོས་ཅན་རྐྱེན་གྱིས་འདས་བྱས་པ་མི་རྟག་པར་ཐལ། འགྱུར་བ་མེད་པས་སོ། །དབང་བོ་ནས་ཐོབ་པར་འགྱུར་ལ། རིག་སྒྲ་རེ་རེ་ཐོས་པའི་དབང་པོ་ ཆོས་ཅན། ཁྱོད་ཀྱི་རིག་སྒྲ་མ་ལུས་པ་གཅིག་ཆར་ཐོས་པར་ཐལ། རིག་སྒྲ་གཅིག་ཐོས་རིག་སྒྲ་ ཀུན་རུང་ཡུལ་དེར་ཡོད་ཅིང༌། དེ་ཆ་མེད་གཅིག་ ཡིན་པའི་ཕྱིར། གལ་ཏེ་ནས་གཅིག་ངེས་ཡིན་ལ། དབང་པོ་སྒྲ་རེ་རེ་ཐོས་པར་རྐྱེན་གྱིས་ 1-1-83 འདུས་བྱས་པས། སྒྲ་རེ་རེ་འཛིན་པའི་ཕྱིར། གཅིག་ཆར་མི་ཐོས་ཞེ་ན། ཉན་ཤེས་ཆོས་ཅན། སྙན་དངགས་དང་གླུ་ལ་ཡོད་པ་སྒྲའི་ཚོགས་པ་དུ་མའི་ཅ་ཅོ་མི་ཐོས་པར་ཐལ། སྒྲ་རེ་རེ་ཁོ་ན་ འཛིན་པས་སོ། །ཅ་ཅོ་ཐོས་པ་དེ་ལ་རྗོད་བྱེད་མིན་པའི་སྒྲ་ཙམ་ཡན་གར་བ་དང་དུ་མ་གཅིག་ ཆར་ཐོས་ཀྱི་རྗོད་བྱེད་དུ་མ་གཅིག་ཆར་ཐོས་པ་མིན་ཞེ་ན། སྒྲ་ལས་ནས་ཆེས་དད་བྱ་ལ། ཤེས་བྱ་ཆོས་ཅན། སྙན་དངགས་འདོན་པ་སོགས་གྱི་སྒྲ་ཙམ་ལས་རྫས་ཐ་དད་པའི་དེ་ཡི་རྗོད་ བྱེད་ཀྱི་སྒྲ་ཡོད་ངེས་མ་ཡིན་པར་ཐལ། དེ་ཡི་སྒྲུབ་བྱེད་ཡང་དག་མེད་པས་སོ། །སྒྲ་གཞན་ ནས་ཐོས་པ་ཡིན་ལ། ཉན་ཤེས་ཆོས་ཅན། སྐྱེས་བུ་གཅིག་གཅིག་སྙན་དངགས་འདོན་པ་ན། དེ་འདྲའི་རྗོད་བྱེད་ཀྱི་སྒྲ་གཅིག་པོ་དེ་ཁོ་ན་ཐོས་པ་མ་ཡིན་པར་ཐལ། དེ་ཡི་སྒྲ་ཙམ་ཡང་ཐོས་ པས་སོ། །འདོད་ན་དུ་མས་འདོན་པ་ན། རྗོད་བྱེད་རེ་རེ་ཁོ་ན་ཐོས་པ་བུད། རྟགས་དེར་ཐལ། དུ་མས་འདོན་པའི་སྒྲ་ཡན་གར་བ་ཐོས་ཞིང་རྒྱུ་མཚན་མཚུངས་པས་སོ། །སྔ་མ་མ་ཁྱབ་ན། སྙན་དངགས་འདོན་པའི་སྒྲ་ཙམ་དང༌། དེ་ཡི་རྗོད་བྱེད་རྫས་གཞན་ཁོ་ནར་འགལ། ཡང་ན་ ནས་རྟོགས་འགྱུར་ལ། རྣ་དབང་ཆོས་ཅན། སྒྲ་ཙམ་དུ་མ་གཅིག་ཅར་མི་ཐོས་པར་ཐལ། རྗོད་ བྱེད་རེ་རེ་ཁོ་ན་འཛིན་པའི་ནུས་པ་ངེས་ཤིང་སྒྲ་ཙམ་དུ་མ་འཛིན་ན་རྗོད་བྱེད་དུ་མ་མི་འཛིན་ པའི་ངེས་པ་མེད་པས་སོ། །དཔྱོད་པ་པ་ན་རེ། སྙན་དངགས་འདོན་པའི་སྒྲ་ཙམ་ཆོས་ཅན། རྗོད་བྱེད་མིན་ཏེ། སྔ་ཕྱི་ཆ་དང་བཅས་ཆ་ཤིན་ཏུ་ཆུང་ངུས་དོན་སྟོན་མི་ནུས། ཆ་སྔ་ཕྱི་ཚོགས་ པ་མེད་པས་སོ། །ཞེ་ན། ཉེས་པ་ནས་ལ་དེ་མེད་ལ། རྗོད་བྱེད་ཀྱི་སྒྲ་ཆོས་ཅན། རྟགས་གསལ་ ཕྱོགས་སྔ་བཞིན་ནོ། །ཟུར་སྔ་མ་དེར་ཐལ། སྔ་ཕྱི་རིམ་གྱིས་འབྱུང་བའི་སྒྲ་ཙམ་གྱི་གསལ་བྱ་ ཡིན་པས་སོ། ། རྟགས་བསལ་ལོ། ། གཉིས་པ་ནི། གལ་ཏེ་ཡི་གེའི་ངོ་བོའི་རིམ་པ་ཉིད་ངག་ཡིན་ཅིང་དེ་སྐྱེས་བུས་མ་བྱས་ པར་སྒྲུབ་བོ་ཞེ་ན། ཡི་གེ་རྣམས་ནས་མིན་ལ། ཡི་གེའི་རིམ་པ་ཆོས་ཅན། མ་བྱས་པའི་ངག་ 1-1-84 མ་ཡིན་པར་ཐལ་ལ། ཡི་གེ་ངོ་བོ་ཡིན་པས་སོ། །དེ་དག་ནས་འགལ་ཕྱིར་རོལ་ལ། རིག་ བྱེད་ཡི་གེ་ཨག་ནི་སོགས་ཆོས་ཅན། མཐའ་གཅིག་ཏུ་གནས་པའི་རྟག་པའི་གོ་རིམས་ཅན་དུ་ མེད་པར་ཐལ། འདོད་པས་གོ་རིམ་བསྒྱུར་ནུས་པས་སོ། །རྟགས་མ་གྲུབ་ན། ཤེས་བྱ་ཆོས་ ཅན། འཇིག་རྟེན་པའི་ཡི་གེ་ཨག་ནི་སོགས་གོ་རིམ་བསྒྱུར་མི་ནུས་པར་ཐལ། རིག་བྱེད་ཡི་ གེ་ཨག་ནི་སོགས་གོ་རིམ་བསྒྱུར་མི་ནུས་པས་སོ། །ཁྱབ་པ་ཁས་ཏེ། འཇིག་རྟེན་ན་ཡི་གེ་ཨ་ ཡང་གཅིག་ག་ཡང་གཅིག་ཡིན་པ་བུད། རིག་བྱེད་ཡི་གེ་ཆོས་ཅན། ཡུལ་ལ་ལར་ཡོད་ལ་ལ་ ལར་མེད་པའི་གོ་རིམ་མེད་པར་ཐལ། ཡུལ་ཐམས་ཅད་དུ་ཁྱབ་པས་སོ། །དུས་ཀྱི་གོ་རིམ་ མེད་པར་ཐལ། རྟག་པའི་ཕྱིར། མི་རྟག་ནས་རྗོད་པ་ཡིན་ལ། མི་རྟག་ན་ནི་ཞེས་སོགས་དང༌། ཐམས་ཅད་དུ་ནི་དམིགས་མི་འགྱུར། ཞེས་པའི་སྦྱོར་བ་ལྟར་ལ། རིག་བྱེད་མིག་ཤེས་ཆོས་ ཅན་དུ་བྱས་ནས་དགོད་དོ། ། གསུམ་པ་ལ་གཉིས། མི་ཕན་པ་ཡི་གསལ་བྱ་དགག གསལ་བ་ཉེས་ཡིན་པ་དགག་པའོ། ། དང་པོ་ནི། བྱེད་པ་ལྕེ་རྐན་སོགས་གྱིས་གསལ་བར་བྱས་པའི་ཡི་གེའི་རིམ་པ་དེ་དག་ཡིནརྩ་ བར་མིན་ཏེ་མ་བྱས་སོ་ཞེ་ན། རིག་བྱེད་ཀྱི་ཡི་གེ་ཆོས་ཅན། སྔར་མི་གསལ་བ་ཕྱིས་བྱེད་པ་ལྕེ་ རྐན་སོགས་ཀྱིས་གསལ་བའི་རིམ་པ་དེ་རྟག་པའི་ངག་མ་ཡིན་པར་ཐལ་ལོ། །ཁྱོད་སྔར་མི་ གསལ་བ་ཕྱིས་གསལ་བར་གྱུར་པ་མེད་པའི་ཕྱིར་ཏེ། རྟག་པས་སོ། །ཁྱབ་སྟེ། རྟག་ནས་ཕྱིར་ རོ། །བྱེད་པ་ནས་ཉིད་ཡིན་ལ། ཆོས་ཅན་བྱེད་པ་ལྕེ་རྐན་སོགས་ཀྱི་འབྲས་བུར་ཐལ། དེ་ཡི་ ནུས་པ་ལས་སྐྱེས་པས་སོ། །གྲུབ་པའི་དོན་ནས་ཁྱབ་པར་གྱིརྩ ་བར་ཅི་ལ། ཤེས་བྱ་ཆོས་ཅན། དེ་ལ་མི་ཕན་པའི་དེ་ཡི་དོན་གཞན་གསལ་བྱེད་ཙམ་གྱི་ཕྱི་ཡི་དོན་ཡིན་ན། དོན་གཞན་གསལ་ བྱ་དེ་ཡི་རིགས་འདྲ་སྔར་ནས་གྲུབ་ཟིན་དགོས་ཏེ། དེ་སྔར་མེད་གསར་དུ་གསལ་བར་བྱེད་ ན། དེ་ཡི་སྐྱེད་བྱེད་དུ་འགྱུར་གྱི་དེ་ལ་མི་ཕན་པར་དེ་ཡི་གསལ་བྱེད་ཙམ་དུ་མི་འགྱུར་བས་སོ། 1-1-85 ། བྱེད་པ་རྣམས་ནས་མི་སྲིད་ཕྱིར་ལ། རིག་བྱེད་ཡི་གེ་ཆོས་ཅན། བྱེད་པ་ལྕེ་རྐན་སོགས་ཀྱི་ འབྲས་བུ་ཡིན་གྱི། དེས་མི་ཕན་པའི་གསལ་བྱ་ཙམ་མིན་པར་ཐལ། དེ་ཡི་ནུས་པ་ལས་འབྱུང་ བར་དམིགས་པས་སོ། །ཁྱབ་སྟེ། མི་ཕན་པའི་གསལ་བྱེད་ཆ་དེ་ལས་སྐྱེ་བ་མི་སྲིད་པས་ཕྱིར། གཉིས་པ་ནི། གལ་ཏེ་ནས་དེ་རུང་འགྱུར་ལ། རིག་སྒྲ་ཐོས་པའི་རིག་བྱེད་དང་བྲལ་ཙམ་ ཆོས་ཅན། ཁྱོད་སྐྱེས་པ་ལ་ལྕེ་རྐན་ལ་སོགས་པའི་བྱེད་པ་འདུས་པའི་ནུས་པ་འཇུག་པར་མི་ རུང་བར་ཐལ། རྫས་སུ་མེད་པས་སོ། །སྒྲ་དང་ནས་ཐོབ་པར་འགྱུར་ལ། ཤེས་བྱ་ཆོས་ཅན། རྫ་མཁན་རྫ་བུམ་ལ་མི་ཕན་པར་དེ་ཡི་གསལ་བྱེད་ཙམ་ཡིན་པར་ཐལ། བྱེད་པ་ལྕེ་རྐན་ སོགས་ཀྱིས་རིག་སྒྲ་ལ་མི་ཕན་པར་རིག་སྒྲའི་གསལ་བྱེད་ཙམ་ཡིན་ཡིན་པས་སོ། །འདོད་ན། དེ་བཞིན་དུ་ནས་དོན་མེད་ཉིད་ལ། རྫ་མཁན་ཆོས་ཅན་རྫ་བུམ་གྱི་རྒྱུ་མིན་པར་ཐལ། དེ་ལ་ མི་ཕན་པར་དེ་ཡི་གསལ་བྱེད་ཙམ་ཡིན་པས་སོ། །དཔེ་མེད་ཅན་ཡིན་དངོས་རྣམས་ནི། །སྐད་ ཅིག་གིས་ནི་འཇིག་ཕྱིར་རོ། །ངོ་ཤེས་པ་དང་ནས་འཇིག་ཕྱིར་རོ་ལ། ངོ་ཤེས་སོགས་ཆོས་ཅན། ཁྱོད་ཀྱིས་སྒྲ་རྟག་དངོས་སུ་སྒྲུབ་པའི་མཐུན་དཔེ་ཡང་དག་མེད་པར་ཐལ། དངོས་པོ་རྣམས་ནི་ སྐད་ཅིག་གིས་འཇིག་པས་སོ། །རྟགས་ངན་གཞན་ཡང་སུན་དབྱུང་བྱ་ལ། ཕྱོགས་དང་མཐུན་ ཕྱོགས་གང་རུང་ཆོས་ཅན། རྟགས་བསལ་སྔར་ལྟར་རོ། །གལ་ཏེ་སྒྲ་གསལ་བ་ཞེས་བྱ་དེ། རིག་སྒྲ་ཐོས་པའི་བློ་ཡིན་ན། རིག་སྒྲ་ཐོས་པའི་བློ་ཡི་རིམ་པ་དེ་དག་ཡིན་ཅིང༌། དེ་སྐྱེས་བུས་ མ་བྱས་པར་ཁས་བླངས་པར་སོང་བས་བློ་སྐྱེས་བུ་ལ་མི་བརྟེན་པར་འགྱུར་རོ། །དེ་མི་མཐད་ དེ། བློ་ནི་ནས་གཅིག་ཆར་གནོད་ལ། ཤེས་བྱ་ཆོས་ཅན། དཔྱོད་པ་པས་བློ་སྐྱེས་བུ་ལ་མི་ རྟེན་པར་དམ་བཅའ་བ་མི་འཐད་པར་ཐལ། དེས་དེ་ལྟར་དམ་བཅས་པའི་དམ་བཅའ་དེ་ཡི་ ངོ་བོ་དང་ཁྱད་པར་ཅི་རིགས་པ་ལ། དཔྱོད་པ་པའི་ཁས་བླངས་སོགས་ཀྱིས་གནོད་པ་འབབ་ པའི་ཕྱིར། ཇི་ལྟར་ན་བློ་ཆོས་ཅན། སྐྱེས་བུ་ལ་མི་རྟེན་པར་དམ་བཅའ་བ་མི་འཐད་པར་ཐལ། 1-1-86 སྐྱེས་བུའི་ཡོན་ཏན་ཡིན་པས་སོ། །གསུམ་ཁས། བློ་ཉན་ཤེས་ཆོས་ཅན། རང་བྱེད་པ་པོ་སྐྱེས་ བུའི་འབྲས་བུར་ཐལ་རང་རྒྱུ་དབང་ཡིད་ལས་སྐྱེ་བར་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པས་ སོ། །ཆོས་ཅན་སྐྱེས་བུ་ལ་མི་རྟེན་པར་དམ་བཅའ་བ་མི་འཐད་པར་ཐལ། དབང་ཡིད་སོགས་ ཀྱིས་ཕན་ནས་དེ་ཡི་རྗེས་སུ་འགྲོ་ལྡོག་བྱེད་པའི་རྟགས་ཀྱིས་དེ་ཡི་འབྲས་བུར་རྗེས་སུ་དཔག་ པར་ནུས་པས་སོ། །རིག་སྒྲ་ཐོས་པའི་ཉན་ཤེས་ཆོས་ཅན། དེར་ཐལ། མངོན་རྗེས་ཀྱི་སྐྱེས་བུ་ ལ་བརྟེན་པར་གྲུབ་པ་ལྟར། འཇིག་རྟེན་ན་སྐྱེས་བུ་ལ་བརྟེན་པ་ཡང་གྲགས་པས་གྲུབ་པས་ སོ། ། བཞི་པ་ནི། ཡི་གེ་ནས་ཟིན་ཏོ་ལ། ཡི་གེའི་རིམ་པ་ཆོས་ཅན། ཡི་གེ་རྣམས་ལས་རྫས་ཐ་ དད་པའི་རྟག་པའི་ངག་མ་ཡིན་ཏེ། དེ་ཡིན་པ་རིགས་པ་རྣམ་དག་གིས་ཁེགས་པས་སོ། །དེ་ནི་ ནས་རྟེན་ཅན་མིན་ལ། ཆོས་ཅན་སྐྱེས་བུ་ལ་རྟེན་པར་ཐལ། རྟོག་པས་སྒྲོ་བརྟགས་ཞིང་རྟོག་ པའི་བྱ་བས་སོ་སོར་འཇོག་པའི་རིམ་པ་ཡིན་པས་སོ། ། གསུམ་པ་ལ་མི་རྟག་པར་བསྒྲུབ། སྒྲ་ཡི་ནུས་པ་རྟག་པ་བསལ་བའོ། །དང་པོ་ལ་གཉིས། ཁྱབ་སྒྲུབ་དང་བཅས། ཞར་བྱུང་དང་བཅས་པའོ། །དང་པོ་ནི། སྒྲ་ལ་སོགས་པའི་མི་རྟག་པར་ ཇི་ལྟར་རྟོགས་ཞེ་ན། འཇིག་པ་ནས་མི་རྟག་ཉིད་ལ། རིག་སྒྲ་ཆོས་ཅན་མི་རྟག་སྟེ། དངོས་པོ་ ཡིན་པས་སོ། །ཁྱབ་སྟེ། འཇིག་པ་ནི་ཡོད་པ་དངོས་པོ་གྲུབ་ཙམ་དང་རང་ཆས་སུ་འབྲེལ་བས་ སོ། ། གཉིས་པ་ལ་གསུམ། ལྟོས་མེད་རྟགས་ལ་རྩོད་པ་སྤང༌། ཡོད་པའི་རྟགས་ལ་རྩོད་པ་ སྤང༌། འབྲེལ་པ་རྟག་པ་ཁེགས་པའོ། །དང་པོ་ལ་གཉིས། རྒྱུ་གཞན་ཡོད་པ་དགག ཧ་ཅང་ ཐལ་བ་སྤང་བའོ། ། དང་པོ་ནི། རྟགས་མ་གྲུབ་སྟེ། སྐྱེ་ན་མིས་ཤིང་འཇིག་པ་སོགས་འཇིག་རྒྱུ་གཞན་ཁོ་ན་ 1-1-87 སྣང་ངོ་ཞེ་ན། མེ་ལ་སྐྱེ་བ་ཅན་གྱི་ཤིང་འཇིག་དེ་ཤིང་ཉིད་དམ་ཤིང་ལས་རྫས་གཞན་ཡིན། མེ་ལས་དོན་གཞན་ཏུ་གྱུར་པ་དག་སྐྱེ་ཞེ་ན། འཇིག་པ་མེད་ནས་ཉིད་དུ་འགྱུར་ལ། ཤིང་ ཆོས་ཅན། ཁྱོད་མེས་ཞིག་པར་མ་བྱས་པར་ཐལ། མེས་ཁྱོད་ལས་རྫས་གཞན་པའི་ཞིག་པ་ ཁོ་ན་བྱས་པས་སོ། །འདོད་ན་ཆོས་ཅན། ཁྱོད་མེས་བསྲེགས་རྗེས་སུ་ཡང་ཞིག་པ་མེད་པར་ ཐལ། ཞིག་ན་མེས་ཞིག་པར་བྱེད་དགོས་པ་ལས་མེས་དེར་མ་བྱས་པས་སོ། །འདོད་ན་ཆོས་ ཅན། ཁྱོད་མེས་བསྲེག་རྗེས་སུ་མངོན་སུམ་གྱིས་མཐོང་བར་ཐལ། མཐོང་བྱ་གང་ཞིག་འདོད་ པ་དེའི་ཕྱིར། ཤིང་འཇིག་དོན་གཞན་དེ་ཉིད་ཤིང་འདི་ཡི་འཇིག་པ་ཡིན་པས་ཤིང་མི་སྣང་ཞེ་ ན། མེ་ལས་སྐྱེས་བའི་ཤིང་གི་འཇིག་པ་དོན་གཞན་ཆོས་ཅན། ཤིང་གི་འཇིག་པ་མ་ཡིན་པར་ ཐལ། ཤིང་དང་འབྲེལ་མེད་གཞན་ཡིན་པས་སོ། །བླ་སྟེ་ནས་མི་སྣང་ལ། ཆོས་ཅན་ཁྱོད་ཡོད་ པའི་སྐབས་ན་ཤིང་མི་སྣང་བས་མ་ཁྱབ་པར་ཐལ། ཤིང་དང་འབྲེལ་མེད་དོན་གཞན་གང་ ཞིག་ཤིང་འཇིག ཤིང་ལས་རྫས་གཞན་དེ་ཡིན་པས་སོ། །འཇིག་པ་དོན་གཞན་དེས་ཤིང་ བདག་གིར་བཟུང་བའི་ཕྱིར། དེ་ཡོད་པ་ན་ཤིང་སྣང་བ་མིན་ཞེ་ན། མིན་ནས་མི་སྒྲིབ་སྟེ་ལ། ཤིང་གི་སྒྲིབ་བྱེད་ཙམ་དུ་ཐལ། མ་ཞིག་པར་ཡོད་པའི་ཤིང་རང་གིར་བྱས་ཏེ། མི་སྣང་བར་ བྱེད་པ་པོ་ཡིན་པས་སོ། །འདོད་ན། དེ་མ་ཡིན་པར་ཐལ། ཤིང་གི་རྫས་ཉིད་ཞིག་ཅིང་མེད་ པར་བྱས་པས་སོ། །བསྐྱེད་ཕྱིར་ནས་མཐོང་འགྱུར་ལ། ཤིང་གི་འཇིག་པ་ཆོས་ཅན། འཇིག་ པར་ཐལ། མེ་ལས་སྐྱེས་བས་སོ། །འདོད་ན་ཞིག་འཇིག་གཅིག་པས། ཤིང་ཆོས་ཅན། མེས་ བསྲེག་རྗེས་སུ་ཡང་སྐྱེ་བར་ཐལ། མེས་བསྲེགས་ནས་ཁྱོད་ཞིག་པས་དེ་ཡང་ཞིག་པས་སོ། ། གལ་ཏེ་ནག་པའི་གསོད་བྱེད་གསད་པ་ན་གསད་ཟིན་གྱི་ནག་པ་སླར་ནག་པ་འབྱུང་བ་མིན་ པར་ཇི་བཞིན་དུ་ཤིང་འདི་ལའང་ཞིག་པ་ཞིག་ཀྱང་ཁོ་སླར་མི་སྐྱེ་བ་དེ་བཞིན་ཡིན་ནོ། །ཞེ་ན། མི་འདྲ་སྟེ། ཤེས་བྱ་ཆོས་ཅན། ནག་པ་གསོད་བྱེད་དེ་གསད་པས་བསད་ཟིན་གྱི་ནག་པ་སླར་ 1-1-88 ནག་པར་མི་འབྱུང་བ་བཞིན་དུ་ཤིང་ཞིག་པ་ཞིག་ན། ཤིང་ཡང་ཤིང་དུ་མི་འགྱུར་བ་མཚུངས་ པ་ཡིན་པར་ཐལ། ནག་པ་གསོད་བྱེད་ནི་ནག་པ་གསད་པའི་ཆ་ཉིད་མ་ཡིན་པས་དེ་གསད་ ཀྱང་གསད་ཟིན་གྱི་ནག་པ་སླར་ནག་པར་མི་འབྱུང་བར་རིགས་ཀྱི་ཤིང་ཞིག་པ་དེ་ཤིང་འགག་ ཞིང་ལོག་པའི་ཆ་ཡིན་པས། ཤིང་ཞིག་པས་ཞིག་ན་ཤིང་ཡང་ཤིང་དུ་འབྱུང་དགོས་པས་སོ། ། གལ་ཏེ་ཤིང་གི་འཇིག་པ་ཤིང་ལས་གཞན་ཉིད་མ་ཡིན་ཞིང༌། ཤིང་ཉིད་ཆོས་ཅན། འཇིག་པ་ ཉིད་དུ་ཐལ། རང་གི་འཇིག་པ་དང་གཅིག་ཡིན་པས་སོ། །འདོད་ན། མེ་དེ་ཆོས་ཅན། ཤིང་ གི་འཇིག་པའི་རྒྱུ་མིན་པར་ཐལ། ཁྱོད་ཤིང་གི་འཇིག་པའི་སྔར་མེད་པས་སོ། །དེས་ན་དེ་ཆོས་ ཅན། བསལ་པ་འདྲ་ཤིང་འཇིག་ཤིང་དང་རྫས་གཅིག་དང་ཐ་དད་གང་ཡང་མ་བསྐྱེད་པས་ སོ། །ཁྱབ་སྟེ། འདི་ལས་གཞན་པའི་རྣམ་པ་སྟེ་དངོས་པོ་མེད་པས་སོ། ། གཉིས་པ་ལ་གཉིས། གཅིག་ཏུ་ཐལ་བ་སྤང༌། གཅིག་དང་ཐ་དད་སྤང་བའོ། །དང་པོ་ནི། འཇིག་པ་ཕྱིས་རྒྱུ་མེད་པར་རང་ཆས་སུ་འབྱུང་བ་ཡིན་པའི་ཕྱིར་དངོས་པོ་རྫས་སུ་ཡོད་པ་དང་ འཇིག་པ་ཞིག་ནས་རྫས་སུ་མེད་པ་དག་ལྷན་ཅིག་ཡོད་པར་འགྱུར་རོ། །ཁྱབ་སྟེ། ཞིག་པ་ནི་ རྟག་པའི་རྫས་ཡིན་པའི་ཕྱིར་ཞེ་ན། རྫ་བུམ་ཞིག་ནས་མེད་པ་དེ་ཆོས་ཅན། རྟག་པའི་རྫས་མ་ ཡིན་པར་ཐལ། དངོས་པོར་མེད་པས་སོ། །དངོས་པོ་བུམ་སོགས་ཆོས་ཅན། ཁྱོད་མི་འཇིག་ པར་ཐལ། ཁྱོད་ཞིག་པ་དེ་ལ་ཁྱོད་འཇིག་པར་བྱེད་པའི་ནུས་པ་མེད་པས་སོ། །དེར་ཐལ། ཞིག་པ་དངོས་པོ་མེད་པར་འདོད་པས་སོ། །ཞེས་པའང་སྐྱོན་དུ་མི་རུང་སྟེ། མེད་ལ་ནས་མི་ འདོད་ལ། བུམ་སོགས་ཆོས་ཅན། ཁྱོད་ཞིག་པའི་འཇིག་པ་དོན་གཞན་དེས་ཁྱོད་འཇིག་པར་ མ་བྱས་པར། ཁྱོད་མི་འཇིག་པར་མི་འགྱུར་ཏེ། དེས་བཤིག་པའི་འཇིག་པ་མེད་དགག་སྟེ། ཚད་མས་མ་གྲུབ་པས་སོ། །འོ་ན་འཇིག་པ་རྒྱུ་མེད་ཅེས་ཇི་ལྟར་བརྗོད་ཅེ་ན། དངོས་འཇིག་ ནས་བཤད་ལ། བུམ་པ་སོགས་ཀྱི་འཇིག་པ་ཆོས་ཅན། རྒྱུ་གཏན་མེད་ཡིན་པས། ཁྱོད་རྒྱུ་མེད་ 1-1-89 དུ་བཤད་པ་མེད་དེ། བུམ་སོགས་ལས་ཕྱིས་འབྱུང་གི་རྒྱུ་བསྐྱེད་པ་ལས་མི་ལྟོས་པས། བུམ་ སོགས་ཀྱི་རྒྱུ་མིན་པའི་རང་རྒྱུ་མེད་པ་ཅན་དུ་བཤད་པ་ཙམ་ཡིན་པས་སོ། །ཆོས་ཅན་བུམ་ སོགས་ལས་རྫས་ཐ་དད་མིན་ཀྱང༌། ཁྱོད་ཅེས་སྦྱར་དུ་རུང་སྟེ། བུམ་སོགས་རང་ལས་ཕྱིས་ འབྱུང་གི་རྒྱུ་ལ་ལྟོས་མེད་དུ་རང་གི་ངང་གིས་འཇིག་པར་ཤེས་པའི་དོན་དུ་ཁྱོད་བུམ་སོགས་ ལས་དངོས་པོ་ཐ་དད་དུ་སྒྲོ་བཏགས་ནས་ཁྱོད་ཅེས་སྦྱར་བས་སོ། ། གཉིས་པ་ནི། མེད་པ་སྟེ་ཞིག་པ་དེ་དངོས་པོ་རང་ཉིད་གྲུབ་ཙམ་ལས་རང་ཆས་སུ་ཡོད་ན་ དངོས་པོ་དང་གཅིག་དང་ཐ་དད་ཀྱི་རྣམ་རྟོག་འདི་ནི་མཚུངས་སོ། །ཞེ་ན། བུམ་སོགས་ཞིག་ ནས་མེད་པ་ཆོས་ཅན། བུམ་སོགས་དང་རྫས་གཅིག་དང་རྫས་ཐ་དད་གང་དུ་ཡང་མེད་དེ། བུམ་སོགས་མེད་པར་གྱུར་པ་ཙམ་གྱི་མེད་དགག་ཞིག་ཡིན་པས་སོ། །ཡོད་ལ་ནས་འབྲེལ་ ཕྱིར་རོ་ལ། ཁྱེད་ལྟར་ན། ཆོས་ཅན། རྫས་གཅིག་དང་རྫས་ཐ་དད་གང་རུང་ཡིན་པར་ཐལ། དངོས་པོ་ཡོད་པའི་ཕྱིར་ཏེ་སྐྱེ་བས་སོ། །ཁྱབ་སྟེ། རྒྱུས་བསྒྲུབ་པ་དངོས་དང་འབྲེལ་བའི་ཕྱིར་ རོ། །མེད་པ་ཡིན་ཞེས་ནས་བྱ་བའང་ཡིན་ལ། དངོས་པོ་སྐད་ཅིག་མར་སྨྲ་བས་བུམ་སོགས་ ཞིག་ནས་མེད་པར་འགྱུར་བ་ཡིན་ཞེས་བརྗོད་པ་ཆོས་ཅན། རང་གི་བརྗོད་བྱ་སྒྲུབ་ཆོས་ཁོ་ན་ བསྒྲུབ་པའི་ཚིག་མ་ཡིན་ཏེ། བུམ་སོགས་ཞིག་ནས་དངོས་པོ་མི་འགྱུར་ཞེས་པའི་མེད་དགག་ ཙམ་བརྗོད་པས་སོ། །གལ་ཏེ་བྱ་བ་ནས་ལྟོས་འགྱུར་ལ། ཐོས་སོགས་ཆོས་ཅན། བུམ་སོགས་ ཀྱི་འཇིག་པ་སྐྱེད་བྱེད་མིན་པར་ཐལ། བུམ་སོགས་ལ་ཕན་པའི་བྱ་བ་མི་བྱེད་པས་སོ། །ཁྱབ་ སྟེ། ལས་སུ་བྱ་བ་ཅུང་ཟད་ཡོད་ན་རྒྱུ་གཞན་ལ་ལྟོས་པར་འགྱུར་བས་སོ། །དེ་ཡིན་ནས་ གསལརྩ་བར་བསལ་བ་ཡིན་ལ། བུམ་སོགས་ཞིག་ནས་མེད་པ་ཆོས་ཅན། དངོས་པོ་སྐད་ ཅིག་མར་སྨྲ་བའི་ལུགས་ལ་རྫས་སུ་ཡོད་མེད་གཉིས་ཀ་དང༌། རྒྱུ་མེད་དང་རེས་འགའ་བ་ གཉིས་ཀ་ཡིན་པ་སོགས་སུ་འགྱུར་བའི་སྐྱོན་དུ་མི་འགྱུར་ཏེ། དངོས་པོར་མེད་པས་སོ། 1-1-90 གཉིས་པ་ནི། ཇི་ལྟར་ནས་མིན་ཞེ་ནའི་དོན་ནི། སྐྱེ་ལྡན་ལ་ཐོགས་བཅས་ཐོགས་མེད་ གཉིས་ཡོད་པ་བཞིན། དངོས་པོ་ལ་སྐྱེ་ལྡན་དང་སྐྱེ་ལྡན་མིན་པ་གཉིས་ཡོད་ཅིང༌། མཁའ་ སོགས་སྐྱེ་ལྡན་མིན་པའི་དངོས་པོ་རྣམས་མི་འཇིག་ཅེ་ན། དངོས་པོ་ཆོས་ཅན། འབྲས་བུ་ ཐོགས་བཅས་ཐོགས་མེད་གཉིས་ཡོད་པར་ངེས་ཏེ། རྒྱུ་ལ་རང་འབྲས་ཐོགས་བཅས་ཐོགས་ མེད་ཀྱི་དངོས་པོ་བསྐྱེད་པ་གཉིས་ཡོད་པར་ངེས་པས་སོ། །དོན་དེ་མི་འཐད་དེ། ཐ་དད་ནས་ ཐ་དད་མེད་ལ། དངོས་པོ་ཆོས་ཅན། ཁྱོད་འགའ་རྟག་ལ་འགའ་མི་རྟག་པའི་དངོས་པོ་གཉིས་ མེད་པར་ཐལ། རྒྱུ་ཐམས་ཅད་ཀྱི་རང་འབྲས་འཇིག་པའི་དངོས་པོ་བསྐྱེད་པར་ངེས་པས་སོ། ། གསུམ་པ་ནི། དེ་ཕྱིར་ནས་བསལ་བ་ཡིན་ལ། སྒྲ་དོན་གྱི་འབྲེལ་པ་ཆོས་ཅན། རྟག་པ་ ཉིད་ནི་ཡིན་པ་བསལ་བ་ཡིན་པར་ཐལ། དངོས་པོ་ཡིན་པས་སོ། ། གཉིས་པ་ནི། རྒྱལ་དཔོག་པས་རིག་སྒྲའི་ནུས་པ་རིག་སྒྲའི་འབྲེལ་པར་འདོད་པ་དེ་ཡང་ མི་རྟག་པར་ཐལ། རིག་སྒྲ་དང་རྫས་གཅིག་པས་སོ། །མ་གྲུབ་ན་དེ་ཡི་ནུས་པ་ཡིན་པ་བུད། སྒྲ་ཡི་ནུས་པ་ནས་བསལ་བ་ཡིན་ལ། རིག་སྒྲ་ཆོས་ཅན། ཁྱོད་ཀྱི་ནུས་པ་ཡིན་པའི་སྒྲ་དོན་གྱི་ འབྲེལ་པ་དེ་རྟག་པར་ཡོད་པ་མ་ཡིན་པར་ཐལ། ཁྱོད་མི་རྟག་པས་སོ། །འབྲེལ་པ་ཅན་རྣམས་ མི་རྟག་ཕྱིར། ཞེས་སོགས་ཀྱིས་བསལ་བ་ཡིན་ནོ། ། བཞི་པ་ལ་གཉིས། འཁྲུལ་ཚུལ་དངོས། གཞན་ལན་དགག་པའོ། །དང་པོ་ནི། སྐྱེས་བུས་ མ་བྱས་ནས་གཞན་དུ་མཐོང་ལ། རིག་བྱེད་ཆོས་ཅན། སྐྱེས་བུའི་ཉེས་པ། ཆགས་སོགས་ཀྱིས་ ཀུན་ནས་བསླངས་ནས་མ་བྱས་པ་ཡིན་པ་ཙམ་གྱིས། ཡང་དག་ཤེས་པ་ཁོ་ནའི་རྒྱུ་ཡིན་པས་ མ་ཁྱབ་པར་ཐལ། དེ་ཡང་ཡིན་ལོག་ཤེས་གྱི་རྒྱུ་བྱེད་པ་ཡང་ཡིན་པ་མཐོང་བའི་ཕྱིར། དེ་ནི་མ་ བྱས་ནས་ཡོད་པ་མ་ཡིན་ལ། རིག་སྒྲ་ཆོས་ཅན། དོན་ཇི་བཞིན་ཤེས་པའི་རྒྱུར་མི་འགྱུར་བར་ ཐལ། མ་བྱས་པ་རྟག་པས་སོ། །རྟག་པ་དག་ལ་དངོས་པོའི་ནུས་པས་འབྲས་བུ་འགའ་ཡང་ 1-1-91 སྐྱེ་བ་ཡོད་པ་མ་ཡིན་པས་སོ། །མཁའ་སོགས་རྟག་པ་ལས་རང་འཛིན་སྐྱེ་བོ་ཞེ་ན། རྣམ་རྟོག་ ནས་སྤྱོད་ཡུལ་ཅན་མ་ཡིན་ལ། ལུང་ལས། འདུས་མ་བྱས་ཀྱི་ནམ་མཁའ་ལ་རྟོག་པའི་བློ་ཆོས་ ཅན། འདུས་མ་བྱས་ནམ་མཁའ་ལས་དངོས་སུ་སྐྱེ་བ་མ་ཡིན་ཏེ། རང་རྒྱུ་རིགས་མཐུན་པའི་ བག་ཆགས་ལས་བྱུང་བས་སོ། །ཆོས་ཅན་རང་གི་བཟུང་དོན་རང་མཚན་གྱི་ཡུལ་ཅན་མ་ཡིན་ ཏེ། རང་ལ་སྣང་བའི་འདུས་མ་བྱས་ནམ་མཁའི་རྣམ་པ་ཕྱི་རོལ་གྱི་ནམ་མཁར་སྒྲོ་བཏགས་ པའི་ཡུལ་ཅན་ཡིན་པ་ལ། འདུས་མ་བྱས་ནམ་མཁའ་ལས་སྐྱེ་བར་འཁྲུལ་བ་དེ་ཡིན་པའི་ ཕྱིར། གཉིས་པ་ལ་གཉིས། ལྡོག་པ་ཡོད་པའི་སྒྲུབ་བྱེད་མེད། ལྡོག་པ་གཅིག་པུ་ཅན་མི་འཐད་ པའོ། །དང་པོ་ནི། གལ་ཏེ་ལོག་དོན་ཅན་གྱི་ངག་ཡིན་ན་སྐྱེས་བུས་བྱས་པར་མཐོང་བའི་ཕྱིར་ ན་སྐྱེས་བུས་མ་བྱས་པའི་ཚིག་ནི་བདེན་དོན་ཅན་ཡིན་ཏེ། སྐྱེས་བུས་མ་བྱས་པ་ལས་བཟློག་ པ་སྐྱེས་བུས་བྱས་པས་བདེན་དོན་ཅན་དང་འགལ་བ་ལོག་དོན་ཅན་ལ་ཁྱབ་པའི་ཕྱིར། དེ་དེ་ སྒྲུབ་ཀྱི་རྗེས་འགྲོ་མེད་ཀྱང༌། ལྡོག་པ་རྐྱང་པ་ཅན་ཡིན་ནོ་ཞེ་ན། མེད་ཕྱིར་ནས་དོགས་འགྱུར་ ཏེ་ལ། སྐྱེས་བུའི་ཉེས་པ་ཆགས་སོགས་ཀྱིས་བསླངས་ནས་མ་བྱས་པ་ཆོས་ཅན། ཁྱོད་ཀྱང་ ཡིན། ལོག་དོན་ཅན་ཡང་ཡིན་པ་སྲིད་པར་ཐལ། དེ་ཡོད་པ་ལ་གནོད་བྱེད་ཡང་དག་མེད་ པའི་ཕྱིར། །སྐྱེས་བུས་མ་བྱས་པའི་ལོག་ཅན་མེད་དེ། སྐྱེས་བུས་བྱས་པའི་ལོག་དོན་ཅན་ མཐོང་བས་སོ། །ཞེ་ན། དངོས་པོ་ནས་མཐོང་ཕྱིར་རོ་ལ། ཤེས་བྱ་ཆོས་ཅན། རྩོལ་བ་མ་བྱུང་ གི་མི་རྟག་པ་མེད་པར་ཐལ། རྩོལ་བྱུང་གི་མི་རྟག་པ་ཡོད་པས་སོ། །མ་ཁྱབ་ན། ཆོས་དེ་ཡིན་ པའི་གཞི་དེ་འགའ་ཞིག་འཐོང་བས། ཆོས་དེ་མིན་པའི་གཞི་དེ་ཡིན་པ་མི་སྲིད་པས་ཁྱབ་པ་ བུད། ཀུན་ལ་ནས་བཤད་ཟིན་ཏོ་ལ། རྟགས་ཀུན་ཆོས་ཅན། རང་གི་མི་མཐུན་ཕྱོགས་འགའ་ ལ་མི་དམིགས་ཙམ་གྱིས་དེ་ལ་མེད་པར་མི་འགྲུབ་པར་ཐལ། དེ་ལ་མ་དམིགས་ཀྱང་ཡོད་ 1-1-92 སྲིད་པས་སོ། ལུང་ཐལ་གྱི་སྐབས་སུ་བཤད་ཟིན་ཏོ། །མེད་པ་ཉིད་ནས་ཐེ་ཚོམ་ཟ་ལ། སྐྱེས་ བུས་ཆགས་སོགས་ཀྱིས་ཀུན་ནས་བསླངས་ནས་མ་བྱས་པ་ཆོས་ཅན། རིག་བྱེད་བདེན་དོན་ ཅན་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལས་ལྡོག་པར་ཚད་མའི་སྟོབས་ཀྱིས་མ་ངེས་པར་ཐལ། དེ་ ལ་མེད་པར་ཚད་མས་མ་གྲུབ་པས་སོ། །གལ་ཏེ་རྗེས་འགྲོ་ནས་སྒྲུབ་བྱེད་ཡིན་ལ། ཆོས་ཅན་ དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་འགྲོ་མེད་པས་སོ། །ཁྱབ་སྟེ། རྟགས་ཡང་དག་ཡིན་ན། ཚུལ་གསུམ་ཚད་མས་གྲུབ་དགོས་པའོ། ། གཉིས་པ་ནི། གང་ལ་ནས་རྗེས་འགྲོ་ཅན་ལ། ཤེས་བྱ་ཆོས་ཅན། སྐྱེས་བུས་མ་བྱས་པ་དེ་ དེ་སྒྲུབ་ཀྱི་རྗེས་འགྲོ་ཅན་དུ་ཐལ། དེ་དེ་སྒྲུབ་ཀྱི་ལྡོག་པ་ཅན་ཡིན་པས་སོ། །ཁྱབ་པ་ཡོད་པར་ ཐལ། ལོག་དོན་མིན་པ་དེ་སྐྱེས་བུས་མ་བྱས་པས་རིག་བདེན་ཅན་དུ་སྒྲུབ་པའི་མཐུན་ཕྱོགས་ སུ་འགྱུར་བས་སོ། །རྟགས་བསལ་ལོ། །ཆོས་ཅན་རྗེས་འགྲོ་མེད་པའི་ལྡོག་པ་ཅན་མེད་དེ། ལྡོག་པ་ཅན་གྱི་གཏན་ཚིགས་ཐམས་ཅད་རྗེས་སུ་འགྲོ་ལྡོག་གཉིས་ཀ་དང་ལྡན་དགོས་པས་ སོ། །ཁྱབ་སྟེ། དེ་ཡི་མི་མཐུན་ཕྱོགས་བཀག་པ་ཀུན། དེ་ཡི་མཐུན་ཕྱོགས་སུ་འགྱུར་བས་སོ། ། ལྔ་པ་ལ་བཞི། ཞི་སོགས་འབྲས་བུ་སྟེར་བ་བརྡ་ལ་ལྟོས། ཡི་གེའི་ནུས་པ་ཁོ་ནས་སྟེར་བ་ དགག དེ་ཡི་གནས་སྐབས་ཆ་ལ་རྩོད་པ་སྤང༌། དེས་ན་ཁྱད་པར་ཅན་གྱི་སྔགས་བྱེད་གྲུབ་ པའོ། ། དང་པོ་ནི། རིག་བྱེད་ཀྱི་སྔགས་སྐྱེས་བུས་མ་བྱས་པའང་མི་འཐད་དེ། འགའ་ཡི་ནས་ སྒྲུབ་བྱེད་ཡིན་ལ། རིག་བྱེད་ཀྱི་སྔགས་ཆོས་ཅན། སྐྱེས་བུ་འགའ་ཡིས་བརྡ་བྱས་ཞིང་དམ་ བཅས་པར་ཐལ། ཞི་སོགས་འབྲས་བུ་སྒྲུབ་བྱེད་ཀྱི་སྔགས་ཡིན་པས་སོ། ། གཉིས་པ་ལ་གསུམ། གོ་རིམ་བཟློག་པས་སྟེར་བར་ཐལ། འབྲས་བུ་རྟག་ཏུ་སྟེར་བར་ ཐལ། སྒྲུབ་པོ་ཀུན་ལ་སྟེར་བར་ཐལ་བའོ། །དང་པོ་ནི། ཅི་སྟེ་སྔགས་ཀྱི་ཡི་གེའི་དངོས་པོའི་ 1-1-93 ནུས་པ་ཁོ་ནས་འབྲས་བུ་སྟེར་བ་ཡིན་ཞེ་ན། ཁྱད་པར་ནས་འགྱུར་ལ། འདོན་པ་དང་ཆོ་ག་ སོགས་ཕྱིན་ཅི་ལོག་དུ་སྦྱར་བའི་སྔགས་ཆོས་ཅན། ཞི་སོགས་འབྲས་བུ་ཁྱད་པར་ཅན་སྐྱེ་སྟེར་ བར་ཐལ། དེ་སྟེར་བའི་འདོན་པ་དང་ཆོ་ག་སོགས་ཕྱིན་ཅི་མ་ལོག་པ་ཅན་གྱི་སྔགས་དང༌། སྔགས་གྱི་ཡི་གེ་ལ་ཁྱད་པར་མེད་པའི་སྔགས་ཡིན་པས་སོ། །རྟགས་ཁྱབ་ཁས་སོ། །དོན་ གཞན་ནས་གསལརྩ་བར་བསལ་བ་ཡིན་ལ། ཡི་གེའི་བཀོད་པ་སྔགས་ཡིན་གྱི་ཡི་གེ་སྔགས་ མིན་ཞེ་ན། སྔགས་ཀྱི་ཡི་གེ་ཆོས་ཅན། ཁྱོད་ལས་དོན་གཞན་པའི་ཁྱོད་ཀྱི་བཀོད་པ་མ་བྱས་ པའི་སྔགས་མིན་ཏེ། དེ་མེད་པས་སོ། ། གཉིས་པ་ནི། རིག་བྱེད་ཀྱི་སྔགས་དེ་ཆོས་ཅན། ཞི་སོགས་སྐྱེས་བུའི་འདོད་དོན་རྟག་ཏུ་ འགྲུབ་པར་ཐལ། དངོས་པོའི་ནུས་པས་དེ་སྟེར་ཅིང་རྟག་པས་སོ། །མ་ཁྱབ་སྟེ། རྐྱེན་ལ་ལྟོས་ པ་ཡིན་པས་སོ་ཞེ་ན། ཆོས་ཅན་ཆོ་ག་སོགས་ཀྱིས་ཁྱོད་ལ་ཕན་པའི་ནུས་པ་མེད་པར་ཐལ། རྟག་པས་སོ། གསུམ་པ་ནི། གལ་ཏེ་ནས་སྒྲུབ་བྱེད་འགྱུར་ལ། ཆོས་ཅན་ཚུལ་བཞིན་སྒྲུབ་པ་པོ་གདོལ་ པ་སོགས་ཀྱི་འདོད་དོན་སྒྲུབ་བྱེད་དུ་ཐལ། རང་གི་དངོས་པོའི་ནུས་པ་ཁོ་ནས་ཏེ་དེ་སྟེར་བའི་ སྔགས་ཡིན་པས་སོ། །ཆོས་ཅན་སྒྲུབ་པར་བྱེད་པ་པོ་བྲམ་ཟེའི་མཆོད་སྦྱིན་སོགས་ལ་ལྟོས་ ནས་བྲམ་ཟེ་ལ་དེ་སྟེར་བར་མི་རུང་བར་ཐལ། རྐྱེན་གྱིས་ལེགས་པར་བྱས་པ་མིན་པའི་ཕྱིར། དངོས་པོ་ནས་ཐ་དད་བྱེད་ལ། མི་རྟག་པའི་དངོས་པོ་ཆོས་ཅན། འབྲས་བུ་འབྱུང་བ་རྒྱུ་ཡི་ ཁྱད་པར་མེད་པར་བྲམ་གདོལ་ལ་སོགས་རིགས་བཟང་ངན་མེད་པར་ཙམ་ཁོ་ན་ལས་འགྱུར་ བ་མིན་ཏེ། འབྲས་བུ་ཐ་དད་རྒྱུ་ཐ་དད་པས་བྱེད་དགོས་པས་སོ། །རིགས་བྱེད་སྔགས་ཆོས་ ཅན། སྦྱོར་བར་བྱེད་པ་པོར་བྲམ་གདོལ་གྱི་རིགས་ཀྱི་ཁྱད་པར་བཟང་ངན་ཙམ་ཁོ་ན་ལས་ འབྲས་བུ་སྟེར་བའི་ནུས་པ་ཡོད་མེད་སོ་སོར་ངེས་པ་མ་ཡིན་པར་ཐལ། རྟག་པས་སོ། །བྲམ་ 1-1-94 གདོལ་སོགས་ཆོས་ཅན། དོན་དམ་པར་རིགས་བཟང་ངན་དུ་ཡོད་པ་མ་ཡིན་ཏེ། འཇིག་རྟེན་ གྱི་བརྡ་ཙམ་ལས་རིགས་བཟང་ངན་དུ་བཞག་པར་འགྱུར་བས་སོ། །ཁྱད་པར་ནས་བྱེད་པོར་ འགྱུར་ལ། རིག་བྱེད་སྔགས་ཆོས་ཅན། བྲམ་ཟེས་ཁྱོད་ལ་ཕན་པར་བྱས་སྟོབས་ཀྱིས་བྲམ་ཟེ་ ལ་འབྲས་བུ་སྟེར་བར་བྱེད་པ་མ་ཡིན་པར་ཐལ། རྐྱེན་གྱི་ཁྱད་པར་བྱར་མེད་པས་སོ། །གལ་ ཏེ་སྔགས་སྦྱོར་བ་སོགས་སྔགས་སྔར་མི་གསལ་བ་ཕྱིས་མངོན་པར་གསལ་བར་བྱེད་པ་ཙམ་ ཡིན་ནོ་ཞེ་ན། དེ་ནི་ནས་གསལ་རྩ་བར་བསལ་ཟིན་ཏོ་ལ་ཆོས་ཅན། སྔར་མི་གསལ་བ་སྦྱོར་བ་པོས་ ཕྱིས་གསལ་བར་བྱེད་པ་མི་འཐད་པར་ཐལ། རྟག་པས་སོ། ། གང་ལ་ནས་གལ་ཏེ་སྦྱོར་གྱི་དོན་ལ། སྔར་སྒྲ་ཐོས་པའི་བློ་དེ། སྔགས་གསལ་བ་ཡིན་ ལ། དེས་དེ་ཅན་གྱི་སྐྱེས་བུས་སྔགས་འབྲས་ལ་སྦྱོར་རོ་ཞེ་ན། སྨྲ་བ་པོ་ནས་འབྲེལ་འགྱུར་ལ། རིག་བྱེད་སྔགས་སྒྲ་ཉན་པ་པོ་གདོལ་པའང་ཆོས་ཅན། རིག་བྱེད་ཀྱི་སྔགས་འབྲས་ཐོབ་པར་ ཐལ། སྔགས་སྒྲ་ཐོས་པའི་བློ་སྐྱེས་པས་སོ། །མངོན་པར་ནས་སྤྱོད་ཡུལ་ཡིན་ལ། སྔགས་ཤུབ་ བུ་དང་ཡིད་ཀྱིས་བཟླས་པ་ཆོས་ཅན། སྔགས་བཟླས་པ་དོན་མེད་པར་ཐལ། ཁྱོད་ཀྱི་བཟླ་ བྱའི་སྔགས་དེ་སྒྲ་མིན་པས་སོ། །ཁྱབ་པ་ཁས་སོ། །རྟགས་དེར་ཐལ། ཉན་ཤེས་ཀྱི་ཐོས་རུང་ མིན་པས་སོ། །ཤུབ་བུ་དང་ཡིད་བཟླས་དུས་སུ་སྔགས་ཀྱི་རྣམ་པར་སྣང་བའི་བློ་རྟོག་པ་དེའང་ སྔགས་སྒྲ་གསལ་བ་ཡིན་ཏེ། རྒྱུད་པས་དེ་ལ་སྐྱེས་པ་ཉིད་ཀྱི་ཕྱིར་ཅེ་ན། དེ་དེ་ལྟར་འགྱུར་དེ་ དོན་ཅན། མ་གྲུབ་རྟོག་པའི་རྗེས་འགྲོའི་ཕྱིར། །ཞེས་དཔང་ལོས་བསྒྱུར་ཅིང༌། དེ་ཡང་དེ་ལྟར་ འགྱུར་ཏེ་དོན། ཞེས་རྨ་འགྱུར་ལ་ཡོད་པས། མེ་ལ་སྭཱ་ཧཱ་ཞེས་པ་ལས་མེ་འབར་བ་ལ་སོགས་ པའོ་སྙམ་པའི་རྟོག་པ་ཆོས་ཅན། དེ་ལྟའི་སྔགས་སྒྲ་གསལ་བར་སྣང་བར་ཐལ། དེ་ལས་རྒྱུད་ ནས་སྐྱེས་པས་སོ། །ཡིད་བཟླས་ལས་དུས་ཀྱི་རྟོག་པ་ཆོས་ཅན། སྒྲ་རང་མཚན་རང་གི་བཟུང་ 1-1-95 དོན་དུ་མ་གྲུབ་པར་ཐལ། རིགས་མཐུན་པའི་རྟོག་པ་ལས་སྐྱེས་ཤིང་སྒྲོ་བཏགས་འཛིན་པས་ སོ། །རང་དང་ནས་མི་འགལ་ལ། ཞི་སོགས་འབྲས་བུ་སྟེར་བའི་སྔགས་ཡིད་ཀྱིས་བཟླས་པ་ ཆོས་ཅན། བཟླ་བྱའི་སྔགས་སྒྲ་ཉན་ཤེས་ལ་མི་གསལ་ཡང་སྔགས་བཟླས་པ་དོན་ཡོད་དེ། མི་ གསལ་ཡང་བཟླ་བྱའི་སྔགས་ཁྱད་པར་གྱི་སྤྱི་ལ། སྔགས་རང་མཚན་པར་རློམ་ནས་སྔགས་ བཟླས་པས་སོ། །ཁྱབ་སྟེ། སྔགས་རང་སྤྱིའི་རང་བཞིན་རྣམས་ངོ་བོ་གཅིག་ནི་བརྗོད་པར་ འདོད་ནས་སྔགས་ཀྱི་བརྡ་བྱེད་པ་པོ་རྣམས་ཀྱིས་བརྗོད་པའི་ཕྱིར། དངོས་པོ་ལ་མ་ཡིན་ལ། ཡིད་ཀྱི་བཟླས་པ་དོན་མེད་འགྱུར་དང་གཅིག་གོ། གསུམ་པ་ནི། གལ་ཏེ་ཡི་གེ་ལས་དོན་གཞན་པའི་ཡི་གེའི་གོ་རིམ་མེད་ན་རོ་དང་མཚོ་སྟེ་ ར་སཿས་ར་ཞེས་ཐོས་པ་ལས་འབྲས་བུ་རོ་མཚོ་ཐ་དད་པ་རྟོགས་པ་མེད་པར་ཐལ་ལོ་ཞེ་ན། དེ་ནི་ནས་ཡོད་ལ། ར་སཿས་རཿའི་ཡི་གེའི་གོ་རིམ་ཆོས་ཅན། སྐྱེས་བུས་བྱས་ཏེ། ཡི་གེའི་ངོ་བོ་ ཡིན་པས་སོ། །ཡི་གེ་ནས་སྒྲ་སྐྱེ་བོ་ལ། ཡི་གེ་ས་རཿཆོས་ཅན་རང་ལས་རྫས་ཐ་དད་པའི་རང་ གི་གོ་རིམ་རྟག་པ་མེད་པས་གོ་རིམ་མེད་པ་མིན་ཏེ། རང་རྒྱུར་གྱུར་པའི་ཀུན་སློང་རིམ་ཅན་ ལས་རིམ་ཅན་དུ་འབྱུང་བས་སོ། ། དེ་ཡིན་ནས་འགྱུར་བ་ཡིན་ལ། ཆོས་ཅན་དང་ཆོས་འདྲ། རང་གི་ཆ་ཤས་འཛིན་པའི་ཉན་ ཤེས་ཀྱིས་རང་གི་ཆ་ཤས་རིམ་གྱིས་བཟུང་བས་སོ། །ཤེས་དེས་རྩ་བར་ངེས་སྐྱེས་པའི་ཤེས་པ་ ཅན་ལ། ས་ར༔འི་ས་ཡི་སྲོག་ཨ་ཆོས་ཅན། ས་ཡི་ཁྱད་པར་ཅན་དུ་བརྗོད་དུ་རུང་སྟེ། ས་ཡི་ཆ་ ཤས་འཛིན་པའི་ཉན་ཤེས་ལས་རང་གི་ཆ་ཤས་འཛིན་པའི་ཉན་ཤེས་འབྱུང་བས་ས་ཡི་ཁྱད་ པར་ཅན་དུ་བརྗོད་པས་སོ། །དེ་ཐོས་ནས་དྲན་བྱེད་ལ། ཆོས་ཅན་དང་ཆོས་རྣ་བས་ངེས་པར་ འགྱུར་བ་ཡིན་དང་གཅིག་ཅིང༌། རང་དྲན་པའི་དྲན་ཤེས་རིམ་ཅན་གྱིས་རིམ་བཞིན་དུ་དོན་ མཐུན་དུ་དྲན་པས་སོ། །དེ་ནི་རྒྱུ་དང་ནས་བྱས་པའི་ཉིད་ལ། ཆོས་ཅན་དང་ཆོས་འདྲ། རང་ 1-1-96 རྒྱུ་ཀུན་སློང་རིམ་ཅན་གྱི་འབྲས་བུ་ཡིན་ཅིང༌། རང་གི་ཆ་ཤས་འཛིན་པའི་ཉན་ཤེས་དང་དྲན་ ཤེས་རིམ་ཅན་གྱི་རྒྱུ་ཡིན་པས་སོ། །ཁྱབ་སྟེ། དེ་ལྟའི་རིམ་པ་དེ་དག་སྐྱེས་བུ་བྱས་པ་ཉིད་དུ་ བརྗོད་པས་སོ། །དེ་ཕྱིར་ནས་ཐ་དད་ལ། ས་རའི་ས་དང༌། ར་སའི་ས་ཆོས་ཅན། གཅིག་མིན་ པར་ཐལ། གདངས་དང་མཚོན་བྱེད་ཀྱི་བཀོད་པ་འདྲ་བས་གཅིག་ཏུ་འཁྲུལ་གྱི། རང་ཀུན་ ནས་སློང་བར་བྱེད་པའི་སེམས་ཀྱི་ནུས་པའི་ཁྱད་པར་ལས་སོ་སོ་ཐ་དད་པར་སྐྱེས་པས་སོ། ། ལྷན་ཅིག་ནས་བྱེད་ལ། ར་ས་དང་ས་ར་ཞེས་པའི་ཚིག་ཆོས་ཅན། རང་ལས་རྫས་གཞན་པའི་ གོ་རིམ་རྟག་པ་མེད་པས། རོ་མཚོ་སོ་སོར་གོ་མི་ནུས་པ་མིན་པར་ཐལ། དེ་མེད་ཀྱང་འབྲས་ བུ་རོ་མཚོ་སོ་སོར་གོ་བའི་ཁྱད་པར་བྱེད་པས་སོ། །ཡི་གེ་ནས་འགལ་བའི་ཕྱིར་ལ། ཡི་གེའི་ གོ་རིམ་ཆོས་ཅན། སྐྱེས་བུ་ལ་ལྟོས་མེད་རུ་བསྒྱུར་མི་རུང་གི་གོ་རིམ་མ་ཡིན་ཏེ། སྐྱེས་བུའི་ རྟོག་དཔྱོད་ཇི་ལྟ་བ་བཞིན་དུ་སྐྱེ་བའི་གོ་རིམ་ཡིན་པས་སོ། །སྐྱེ་བུས་ནས་རིགས་པ་བཞིན་ལ། ཤེས་བྱ་ཆོས་ཅན། རིག་བྱེད་ཡི་གེའི་གོ་རིམ་ཡང་སྐྱེས་བུ་ལས་སྐྱེ་བར་གྲུབ་སྟེ། སྐྱེས་བུ་དང་ ཡན་ལག་རྣམས་རིམ་བཞིན་རྒྱུ་འབྲས་སུ་གྲུབ་པས་སོ། ། བཞི་པ་ནི། ཤེས་མཐུ་ནས་མེད་ཕྱིར་རོ་ལ། ཞི་སོགས་འབྲས་བུ་ཁྱད་ཅན་སྟེར་བའི་ སྔགས་ཀྱི་ཡི་གེའི་གོ་རིམ་གསར་དུ་བྱེད་པའི་སྐྱེ་བུ་ཆོས་ཅན། ཐ་མལ་པ་དང་ཐུན་མོང་མིན་ པ་ཉིད་དུ་གྲུབ་སྟེ། ཞི་སོགས་འབྲས་བུ་ཁྱད་པར་ཅན་སྟེར་བའི་སྔགས་ཀྱི་ཡི་གེའི་ལྡེབ་དང་ ནུས་པ་དང་ཆོ་ག་སོགས་མ་ནོར་བར་ཤེས་ཤིང༌། དེ་རང་གི་འདོད་པ་བཞིན་དུ་ཞི་སོགས་ འབྲས་བུ་གཏེར་ནུས་སུ་བྱིན་གྱིས་བརློབ་པའི་མཐུ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་ཐ་ མལ་པ་ལ་ཤིན་ཏུ་དེ་དག་མེད་པའི་ཕྱིར་རོ། །འོ་ན་ཤེས་མཐུ་མེད་པའི་སྐྱེས་བུ་ནམ་མཁའ་ ལྡིང་གི་རྒྱུར་རིགས་པ་དག་ཇི་ལྟར་དུག་ཞི་བ་སོགས་ཀྱི་སྔགས་བྱེད་ཅེ་ན། གང་ཡང་སོགས་ ནས་འཇུག་ཕྱིར་རོ་ལ། ནམ་མཁའ་ལྡིང་གི་རྒྱུ་རིག་པའི་ཐ་མལ་སྐྱེས་བུ་དུག་ཞི་བའི་གསང་ 1-1-97 སྔགས་འགའ་ཞིག་བྱེད་པ་པོ་ཆོས་ཅན། ཁྱོད་ཀྱི་དུག་ཞི་བའི་སྔགས་བྱེད་པའི་ནུས་པ་དེ་ གཞན་ལ་མ་ལྟོས་པར་ཁྱོད་ཁོ་ནའི་ནུས་པ་མ་ཡིན་ཏེ། ཁྱོད་ཀྱིས་དེ་བྱེད་པའི་ནུས་པ་དེ་གཙོ་ བོ་ནམ་མཁའ་ལྡིང་གི་རྒྱུད་རྩོམ་པ་པོའི་མཐུ་ལས་ཐོབ་པས་སོ། །དེར་ཐལ། གཙོ་བོ་དེས་ བཤད་པའི་དམ་ཚིག་སྐྱོང་ཞིང་མན་ངག་གི་རྗེས་སུ་འཇུག་ཅིང་ནན་ཏན་དུ་བྱེད་པས་ཁྱོད་ ཀྱིས་དེ་བྱེད་པར་ནུས་པས་སོ། །འབྲས་བུ་ནས་བརྗོད་ལ། ཞི་སོགས་འབྲས་བུ་སྟེར་སྔགས་ ཆོས་ཅན། སྤྱིར་རྒྱུ་རྐྱེན་གྱིས་བྱས་ཤིང་བྱེ་བྲག་ཏུ་སྐྱེའི་བུས་བྱས་ཏེ། སྐྱེས་བུས་བྱིན་གྱིས་ བརླབས་པས་འབྲས་བུ་འབྱིན་པས་སོ། ། སྐྱེས་བུ་ནས་གསལ་བ་ཡིན་ལ། ཤེས་བྱ་ཆོས་ཅན། སྐྱེས་བུ་ཁྱད་པར་ཅན་མེད་པར་ བརྟགས་ཡང་དག་གིས་མི་འགྲུབ་པར་ཐལ། སྔགས་བྱེད་པའི་སྐྱེས་བུ་ཕུལ་བྱུང་ཡོད་པས་སོ། ། བློ་དབང་ནས་ཡོད་པ་མ་ཡིན་ལ། བློ་དང་ལྡན་པ་སོགས་ཆོས་ཅན། ཁྱོད་ལས་ཕུལ་བྱུང་ དུ་འདོད་པའི་སྐྱེས་བུ་ཕུལ་བྱུང་མིན་པར་བསྒྲུབ་པའི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཡོད་ པ་མ་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཁྱབ་པ་མ་ངེས་པའི་རྟགས་ལྟར་སྣང་ཡིན་པས་སོ། །དེར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་འཇུག་པ་ཅན་གྱི་ལྷག་ལྡན་ཡིན་པས་སོ། ། དྲུག་པ་ལ་ལྔ། དོན་ངེས་སྐྱེས་བུས་བརྟགས་པ་རྫུན་པར་ཐལ། བྱས་ཚིག་ཚད་མ་ཡོད་ ན་ཁས་བླངས་འགལ། གྲགས་པས་དོན་ངེས་འགྲུབ་པའི་གཞན་ལན་དགག དོན་དེས་རིག་ བྱེད་ཉིད་ཀྱིས་སྨྲས་པ་དགག ངོ་བོ་ཉིད་ཀྱིས་ངེས་པ་སླར་ཡང་དགག་པའོ། ། དང་པོ་ནི། སྒྲ་ནི་ནས་ལ་སོགས་ལྡན་ལ། མེ་ལ་སྦྱིན་སྲེག་སྦྱིན་ཅེས་པའི་རིག་བྱེད་ཀྱི་ རིག་སྒྲ་ཆོས་ཅན། སྦྱིན་བསྲེག་སྦྱིན་པ་ཁོ་ན་ཁྱོད་ཀྱི་བརྗོད་བྱའི་དོན་ཡིན་པ་འདི་དཔྱོད་པ་ པས་རྟགས་པར་ཐལ། དེ་ཁོ་ནའི་རྗོད་བྱེད་ཡང་དག་དུ་རྒྱལ་དཔོག་པས་སྨྲས་ཤིང་འདི་ཁོ་ 1-1-98 བོའི་དོན་དང་ཁོ་བོའི་འདི་ཁོ་བོའི་དོན་མིན་ཞེས་ཁྱོད་རང་གིས་བརྗོད་པར་མི་བྱེད་པས་སོ། ། འདོད་ན་དེ་ཁོ་ནའི་བརྗོད་བྱའི་དོན་ཡིན་པ་འདི་ཆོས་ཅན། མི་བདེན་པར་ཐལ། དཔྱོད་པས་ བརྟགས་པ་ཡིན་ཅིང༌། དཔྱོད་པ་པ་དེ་ཡང་ཆགས་སོགས་དང་ལྡན་པས་སོ། །རྒྱལ་དཔོག་པ་ དེ་ཆོས་ཅན། ཁྱོད་ཁོ་ནས་རིག་བྱེད་ངེས་དོན་རིག་ལ། སྐྱེས་བུ་གཞན་གྱིས་དེ་མི་རིག་པའི་ ཁྱད་པར་མེད་པར་ཐལ། ཁྱོད་ཅིག་པུས་རིག་བྱེད་ཀྱི་ངེས་དོན་རིག་ལ་སྐྱེས་བུ་གཞན་གྱིས་ རིག་པ་མིན་པའི་རྒྱུ་མཚན་ཡང་དག་མེད་པས་སོ། །དེ་བཞིན་ནས་མི་འདོད་ལ། ཤེས་བྱ་ཆོས་ ཅན། རྒྱལ་དཔོག་དང་སྐྱེས་བུར་མཚུངས་ན། དེ་ལས་གཞན་པའི་རྒྱུ་མཚན་ཡང་དག་གཞན་ མེད་ཀྱང་རིག་བྱེད་ཀྱི་ངེས་དོན་ཤེས་པའི་སྐྱེས་བུ་གཞན་སྲིད་པར་ཐལ། རྒྱལ་དཔོག་པས་ རིག་བྱེད་ཀྱི་ངེས་དོན་ཡང་དག་པར་ཤེས་ཤིང་སྐྱེས་བུ་ཡིན་པ་ཙམ་ཁོ་ན་དེས་དེ་ཤེས་པའི་རྒྱུ་ མཚན་ཡང་དག་ཡིན་པས་སོ། །རྟགས་བགསལ་ཁས་སོ། ། གཉིས་པ་ནི། གང་གི་ཚིག་ཤིན་ལྐོག་ལས་མི་བསླུ་བར་ཚུར་མཐོང་གི་ཚད་མ་པས་གྲུབ་ པའི་སྐྱེས་བུ་དེ་རིག་བྱེད་ཀྱི་ངེས་(ཚིག)དོན་རིག་གི་གཞན་ནི་མིན་ཏེ་ཞེ་ན། རིག་བྱེད་ཀྱི་དོན་ ཆོས་དང་ཆོས་མིན་པ་དང་མཐོ་རིས་སོགས་རྣམས་ཆོས་ཅན། ཚུལ་མཐོང་མངོན་སུམ་དང་ དངོས་པོ་སྟོབས་ཞུགས་རྗེས་དཔག་གི་ཚད་མས་རྣམས་ཁྱོད་ལ་འཇལ་བྱེད་དུ་ཡོད་པ་སྲིད་པ་ མ་ཡིན་པར་ཐལ། ཤིན་ཏུ་ལྐོག་ཏུ་གྱུར་པས་སོ། །གང་གི་ནས་དོན་མེད་ཡིན་ལ། ཤེས་བྱ་ཆོས་ ཅན། སྐྱེས་བུས་མ་བྱས་པའི་ཚིག་དེ་ཚིག་ཚད་མའི་མཚན་ཉིད་དུ་དོན་མེད་པར་ཐལ། རང་གི་ བརྗོད་བྱ་ལ་མི་སླུ་བར་གྲུབ་པའི་ཚིག་དེ་ཚིག་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། གལ་ཏེ་ ཤིན་ཏུ་ནས་འདོད་འགྱུར་ལ། ཤེས་བྱ་ཆོས་ཅན། །དབང་པོ་ལས་འདས་པའི་དོན་རིག་པའི་ སྐྱེས་བུ་འགའ་ཡོད་པར་ཐལ། ཤིན་ལྐོག་ལུང་ལ་མ་ལྟོས་པར་རང་རྒྱུད་ཀྱི་ཚད་མས་ཤེས་ པའི་སྐྱེས་བུ་སྲིད་པས་སོ། །བདག་ཉིད་ནས་གང་ལ་རྟོགས་ལ། རྒྱལ་དཔོག་པའམ། རི་ཁྲོད་ 1-1-99 པ་ཆོས་ཅན། གཞན་གྱི་མན་ངག་ལ་ལྟོས་པ་མེད་པར་བདག་ཉིད་ཀྱི་རིག་བྱེད་ཀྱི་ངེས་དོན་མི་ རྟོགས་པར་ཐལ། ཆགས་སོགས་དང་ལྡན་པས་སོ། ། གསུམ་ཁས་སོ། །གཞན་གྱི་མན་ངག་ལས་རིག་བྱེད་ཀྱི་ངེས་དོན་རིག་གོ་ཞེ་ན། ཆོས་ ཅན་དེ་མ་ཡིན་པར་ཐལ། ཁྱོད་ལས་གཞན་པའི་སྐྱེས་བུ་རིག་བྱེད་ཀྱི་ངེས་དོན་མི་རྟོགས་ པའོ། །དེར་ཐལ། དེ་ཆགས་སོགས་དང་ལྡན་པས་སོ། །གསུམ་ཁས་སོ། །རིག་བྱེད་ཉིད་ཀྱིས་ དེ་རིག་པར་བྱེད་དོ་ཞེ་ན། རིག་བྱེད་ཆོས་ཅན། གཞན་ལ་ལྟོས་མེད་དུ་རང་ཉིད་ཀྱིས་རང་གི་ ངེས་དོན་བཤད་ནས་སྐྱེས་བུས་རིག་པར་བྱེད་པ་མ་ཡིན་པར་ཐལ། དེ་ཡིན་ན་རྒྱལ་དཔོག་པ་ ལ་སོགས་པས་ཁྱོད་བཤད་པ་དོན་མེད་པར་འགྱུར་བས་སོ། །ཤེས་བྱ་ཆོས་ཅན། རིག་བྱེད་ཀྱི་ ངེས་དོན་ཡང་དག་པར་མི་རྟོགས་པར་ཐལ། དེ་རྒྱལ་དཔོག་སོགས་ཀྱིས་མི་རྟོགས། སྐྱེས་བུ་ གཞན་གྱིས་མི་རྟོགས། རིག་བྱེད་ཉིད་ཀྱིས་ཀྱང་གཞན་ལ་ལྟོས་མེད་དུ་རིག་པར་མི་བྱེད་པས་ སོ། ། དེས་ན་ནས་ཚད་མ་གང་ལ། ཨག་ནི་ཧོ་ཏྲ་ཛོ་ཧོ་ཡད་ཅེས་པའི་རིག་སྒྲ་ཆོས་ཅན། སྔགས་ སྦྱངས་ཀྱི་མར་མེར་བླུག་པ་ཁོ་ན་ཁྱོད་ཀྱི་བརྗོད་བྱ་ཡིན། ཁྱི་ཤ་ཟ་བ་ཁྱོད་ཀྱི་བརྗོད་བྱའི་དོན་ དུ་རུང་བ་མིན་ཞེས་པ་མི་འཐད་པར་ཐལ། དེ་འདྲའི་སྒྲུབ་བྱེད་ཡང་དག་མེད་པས་སོ། ། གསུམ་པ་ནི། དེ་དེ་ཁོ་ནའི་རྗོད་བྱེད་ཡིན་ཏེ། དེར་འཇིག་རྟེན་དུ་གྲགས་པས་སོ་ཞེ་ན། དེ་ལ་ནས་མཐོང་གང་ལ། འཇིག་རྟེན་པ་ཆོས་ཅན། དབང་པོ་ལས་འདས་པའི་དོན་མཐོང་ བའི་རྒྱུ་མཚན་གྱི་སྦྱིན་སྲེག་པ་ཁོ་ན། ཨག་ནི་སོགས་གྱི་རིག་བྱེད་སྒྲ་ཡི་དོན་ཡིན་ཁྱི་ཤ་ཟ་བ་ སོགས་དེ་ཡི་དོན་མིན་པའི་རྣམ་དབྱེ་མི་ནུས་པར་ཐལ། དབང་པོ་ལས་འདས་པ་དོན་མཐོང་ བ་མེད་པས་སོ། །དཔྱོད་པ་པ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་ཁོ་ན་རིག་བྱེད་ཀྱི་དོན་ ངེས་པའི་སྒྲུབ་བྱེད་དུ་འདོད་པ་མི་འཐད་པར་ཐལ། ཁྱོད་ཀྱི་རིག་བྱེད་འཆད་པ་ན་འཇིག་རྟེན་ 1-1-100 གྲགས་པ་མིན་པའི་དོན་བརྗོད་པར་མཐོང་བས་སོ། །དེར་ཐལ། རིག་བྱེད་དུ་མཐོ་རིས་དང་ ལྷ་མོ་ཞེས་བཤད་པ་ལ་ཁྱོད་ཀྱིས་མཐོ་རིས་ནི་འཁྲིག་པའི་བདེ་བ་དང་ལྷ་མོ་ནི་རྩུབ་ཤིང་ངམ་ སྣོད་དོ་ཞེས་བཤད་པས་སོ། ། དེ་འདྲའི་ནས་ཉིད་དུ་འགྱུར་ལ། ཨག་ནི་ཞེས་སོགས་རིག་སྒྲ་ཆོས་ཅན། ཁྱི་ཤ་ཟ་བའི་ རྗོད་བྱེད་དུ་མི་རུང་བར་སྔགས་སྦྱངས་གྱི་མར་མེ་བླུག་པ་ཁོ་ནའི་རྗོད་བྱེད་ཁྱོད་ཀྱི་རྣམ་ བཤད་དུ་འགྱུར་བའི་རིག་བྱེད་ཀྱིས་མི་གྲུབ་ལ་ཁྱོད་ཀྱིས་རྣམ་བཤད་དུ་གྱུར་པའི་རིག་བྱེད་ ཁོ་རང་ཡང་ཁྱི་ཤ་ཟ་བའི་རྗོད་བྱེད་དུ་མི་རུང་བའི་རྒྱུུ་མཚན་ཡང་དག་མེད་པས་སོ། ། གྲགས་པ་ནས་ཅི་ཞིག་ཡིན་ལ། གྲགས་པ་ཆོས་ཅན། མི་བདེན་པ་རྫུན་པ་ཡིན་པར་ ཐལ། སྐྱེ་བོའི་ཚིག་ཡིན་པས་སོ། །དེ་ལ་ཁྱབ་པ་ཡོད་པར་ཐལ། སྐྱེ་བོ་རྣམས་ཆགས་སོགས་ དང་ལྡན་པས་སོ། །གསུམ་ཁས་སོ། ། གལ་ཏེ་སྦྱིན་སྲེག་སོགས་ཀྱི་སྒྲ་མར་མེར་བླུག་པ་ལས་འཇིག་རྟེན་ན་གྲགས་པ་དེ་ལ་ རྒལ་ནས་ཁྱི་ཤ་ཟ་བ་སོགས་ཀྱི་རྗོད་བྱེད་དུ་རྟོག་པ་ལ་རྒྱུ་མཚན་ཅི་ཡོད། དེས་ན་གྲགས་པ་ ལྟར་བཟུང་ངོ་ཞེ་ན། རབ་གྲགས་ནས་རྒྱུ་ཅི་ཡོད་ལ། འཇིག་རྟེན་གྱི་གྲགས་པ་ཆོས་ཅན། སྦྱིན་སྲེག་སོགས་ཀྱི་ སྒྲ་མར་མེ་བླུག་པ་ཁོ་ནའི་རྗོད་བྱེད་ཡིན་པའི་སྒྲུབ་བྱེད་ཡང་དག་ཏུ་གྱུར་པའི་རྒྱུ་མཚན་ཡང་ དག་མེད་པར་ཐལ། རྫུན་ཁོ་ན་ཡིན་པས་སོ། །རྟགས་བསལ་ལོ། ། གྲགས་པ་ནས་བསྐྱེད་པ་ནི་ལ། རིག་བྱེད་ཀྱི་སྒྲ་ཆོས་ཅན། འཇིག་རྟེན་གྱི་གྲགས་པ་ ལས། བརྗོད་བྱའི་དོན་གཅིག་ཁོ་ནར་ངེས་པ་མ་ཡིན་པར་ཐལ། འཇིག་རྟེན་གྱི་གྲགས་པས་ ཁྱོད་དོན་སྣ་ཚོགས་ལ་འཇུག་པར་ཤེས་པར་བྱེད་(པ་མཐོང)བས་སོ། ། གང་ཕྱིར་ནས་མཐོང་ལ། ཤེས་བྱ་ཆོས་ཅན། འཇིག་རྟེན་གྲགས་པས་རིགས་སྒྲ་དོན་སྣ་ 1-1-101 ཚོགས་ལ་འཇུག་པས་ཤེས་པར་བྱེད་དེ། འཇིག་རྟེན་གྱི་གྲགས་པ་ལ་མེ་ལ་སོགས་པའི་སྒྲ་ དོན་སྣ་ཚོགས་ལ་འཇུག་པར་མཐོང་བས་སོ། ། ངེས་བྱེད་ནས་མེད་ཕྱིར་རོ་ལ། རིག་སྒྲ་ཆོས་ཅན། དོན་དུ་མ་ལ་རྗོད་བྱེད་དུ་འཇུག་པས་ ཤེས་པར་བྱ་བ་ཡིན་ཏེ། དོན་གཅིག་ལས་གཞན་ལ་ཡང་བརྗོད་དུ་འཇུག་སྲིད་པའི་ཕྱིར་ཏེ། དོན་སྣ་ཚོགས་སྟོན་པར་རུང་བས་སོ། ། བཞི་པ་ན། འགའ་ཞིག་ནས་རྟག་པར་གྱིས་ལ། དཔྱོད་པ་པ་ཆོས་ཅན། རིག་བྱེད་ཀྱི་དོན་ ངེས་ཡིན་པར་རིག་བྱེད་ཀྱིས་རྒྱལ་དཔོག་ལ་བཤད་དོ་ཞེས་ཁྱོད་ཟེར་ཡང་རིག་བྱེད་དོན་ངེས་ པ་ཅན་དུ་ཁྱོད་རང་གིས་སྨྲས་པར་ཐལ། དེ་ལྟར་ཁྱོད་ཀྱིས་བརྗོད་པ་གང་ཞིག རིག་བྱེད་ཉིད་ ཀྱིས་དེ་སྐད་སྨྲ་མི་ནུས་པས་སོ། །དཔེར་ན་འགའ་ཞིག་ལམ་ནི་འདི་ཡིན་ཞེས་སྡོང་དུམ་འདི་ ནི་སྨྲའོ་ཞེས་ཟེར་བ་བཞིན་ནོ། ། ཐམས་ཅད་ནས་གང་ལརྩ་བར་ལས་ཡིན་ལ། རིག་བྱེད་ཀྱི་སྒྲ་ཆོས་ཅན། དེ་རེ་རེ་ཁོ་ནའི་ རྗོད་བྱེད་དུ་ངེས་པ་མིན་པར་ཐལ། དོན་ཐམས་ཅད་ལ་རྗོད་བྱེད་དུ་རུང་བས་སོ། ། བརྗོད་འདོད་ནས་འདས་ཞེས་ལ། ཆོས་ཅན། སྨྲ་བ་པོའི་རྗོད་བྱེད་ཀྱི་ཡུལ་བརྗོད་པ་ ལས་མ་རྟོག་པར་སྐྱེས་བུས་མ་བྱས་པའི་དོན་ངེས་སྐྱེས་བུས་མི་ཤེས་པར་ཐལ། དེ་དབང་པོའི་ ཡུལ་ལས་འདས་པས་སོ། །གསུམ་ཁས་སོ། ། བརྗོད་འདོད་ནས་ཡིན་ཞིང་ལ། བརྗོད་འདོད་ལ་སྣང་བའི་དོན་བརྗོད་པ་ན་ཆོས་ཅན། སྨྲ་བ་པོའི་བརྗོད་འདོད་ནི། རྗོད་བྱེད་ཀྱི་སྒྲ་ཐུན་མོང་མིན་པའི་ཡུལ་ལ་སོ་སོར་ངེས་པའི་རྒྱུ་ མཚན་ཡིན་ཏེ། གང་ཞིག་བརྗོད་པར་འདོད་པའི་དོན་དེ་ཉིད་རྗོད་པར་བྱེད་པས་སོ། ། བརྡ་ནི་ནས་བྱེད་ཡིན་ལ། ཆོས་ཅན་སྨྲ་བ་པོའི་བསམ་པ་སྟོན་པའི་བརྡ་ནི་རྗོད་བྱེད་སྒྲ་ རྣམས་དོན་ངེས་པའི་གསལ་བྱེད་ཡིན་ཏེ། གང་བརྗོད་པར་འདོད་པའི་བརྗོད་བྱ་ལ། སྨྲ་བ་ 1-1-102 པོས་རྗོད་བྱེད་རྣམས་བརྡར་བྱེད་པས་སོ། ། དེ་ནི་ནས་གང་ལས་ལ། རིག་སྒྲ་ཆོས་ཅན། དོན་རེ་རེ་ཁོ་ནར་མ་ངེས་པར་ཐལ། དེར་ ངེས་པའི་རྒྱུ་བརྗོད་འདོད་གསལ་བྱེད་བརྡ་མེད་པས་སོ། །དེར་ཐལ། སྐྱེས་བུས་མ་བྱས་པའི་ སྒྲ་ཡིན་པས་སོ། ། ལྔ་པ་ནི། རང་བཞིན་གྱིས་དོན་རེ་རེ་ཁོ་ནའི་རྗོད་བྱེད་དུ་ངེས་ན་དེ་ཡི་ཕྱིར། རིག་བྱེད་སྒྲ་ ཆོས་ཅན། དོན་གཞན་དང་གཞན་ལ་བརྗོད་འདོད་དེས་སྦྱར་དུ་མི་རུང་བར་ཐལ་ལོ། །ཆོས་ ཅན་དོན་སྟོན་པ་བརྡ་སྦྱར་བ་ཡང་དོན་མེད་པར་ཐལ། རྟགས་འདྲའོ། །ཕྱི་མ་ལ་ཁྱབ་པ་མེད་ དེ། བརྡ་ལས་རིག་བྱེད་ཀྱི་སྒྲ་རྣམས་དོན་ངེས་པའི་རང་བཞིན་གྱི་ཁྱད་པར་དེ་གསལ་བར་ བྱེད་ཅེ་ན། ངེས་པ་གང་ལས་ཡིན་ལ། ཆོས་ཅན། ངོ་བོ་ཉིད་ཀྱིས་དོན་རེ་རེ་ཁོ་ནའི་རྗོད་བྱེད་ དུ་ངེས་པ་མ་ཡིན་པར་ཐལ། དོན་སྟོན་པའི་ནུས་བརྡས་གསལ་བར་བྱེད་དགོས་པས་སོ། ། གང་ལ་ནས་ཤེས་བྱ་གང་ལ། དེ་ཉིད་འཆད་པ་དེ་ཆོས་ཅན། དོན་རེ་རེ་ཁོ་ན་ལ་བརྡ་སྦྱོར་ བའི་ངེས་པ་མེད་པར་ཐལ། བརྡ་དེ་འདོད་པ་ཙམ་གྱིས་རང་སྒར་སྦྱོར་བས་སོ། ། དེ་ནས་ནས་མི་འགྱུར་ལ། ངག་གི་བརྡ་ཆོས་ཅན། རིག་སྒྲ་དོན་རེ་རེ་ཁོ་ནའི་རྗོད་བྱེད་ ཡིན་པའི་གསལ་བྱེད་དུ་མི་གྱུར་བར་ཐལ། རིག་སྒྲ་དོན་དུ་མའི་རྗོད་བྱེད་དུ་རུང་བའི་གསལ་ བྱེད་དུ་ཡང་རུང་བས་སོ། ། གཉིས་པ་ལ་གཉིས། འདོད་པ་བརྗོད། སུམ་འབྱིན་བཤད་པའོ། །དང་པོ་ནི། གང་ཕྱིར་ ནས་ཟེར་རོ་ལོ་ལ། སྦྱིན་སྲེག་སོགས་ཀྱི་རིག་སྒྲ་ཆོས་ཅན། བདེན་དོན་ཅན་ཡིན་ཏེ། རིག་ བྱེད་ཀྱི་ཕྱོགས་ཅིག་ཡིན་པའི་ཕྱིར། དཔེར་ན་མེས་གྲང་བ་ལྡོག་ཟླ་བ་བཅུ་གཉིས་ལོ་ཡིན་ ཞེས་སོགས་ཀྱི་ངག་བདེན་པ་བཞིན། ཞེས་དེ་སྐད་གཞན་དག་ཟེར་ལོ། ། 1-1-103 གཉིས་པ་ལ་གསུམ། སྒྲུབ་བྱེད་མ་ངེས། བསྒྲུབ་བྱ་མི་འཐད། ཧ་ཅང་ཐལ་བ་སྤང་བའོ། ། དང་པོ་ནི། མེས་གྲང་བ་ལྡོག་ཅེས་པ་བདེན་པ་བཞིན་ཞེ་ན། རོ་འདྲ་ནས་འདི་འདྲ་ཅི་རྩ་བར་ བཀག་ལ། རིག་བྱེད་ཀྱི་ཕྱོགས་གཅིག་ཡིན་པ་ཆོས་ཅན། དེ་དེར་སྒྲུབ་པའི་རྟགས་ཡང་དག་ མ་ཡིན་པར་ཐལ། དེ་ཡི་མ་ངེས་པའི་རྟགས་ཡིན་པས་སོ། །དེར་ཐལ། དེ་ཡི་ཁྱབ་པ་འཁྲུལ་ པ་ཅན་གྱི་ཕྱོགས་ཆོས་ཡིན་པས་སོ། །ཇི་ལྟར་འཁྲུལ་ན་གཟུགས་མཚུངས་པས་རོ་འདྲ་བར་ བསྒྲུབ་པ་དང༌། སྣོད་གཅིག་ཏུ་ཚུད་པས་ཚོས་པར་བསྒྲུབ་པ་བཞིན་ནོ། ། གཉིས་པ་ནི། སྐྱེས་བུ་རྟག་པ་ནས་མུ་ཅོར་གྱི་རྒྱལ་པོ་ལ། རིག་བྱེད་ཀྱི་བསྟན་བཅོས་ ཆོས་ཅན། བདེན་པའི་དོན་ཅན་དུ་ཁས་ལེན་པ་མི་འཐད་པར་ཐལ། ཆེས་མི་རིགས་པ་སྟོན་ པས་སོ། །དེར་ཐལ། སྐྱེས་བུའམ་བདག་རྟག་པ་གཅིག་རྒྱུ་ལས་བྱེད་པ་པོ་དང་འབྲས་བུ་རྣམ་ སྨིན་ལོངས་སྤྱོད་པར་བྱེད་པ་པོ་བརྗོད་ཅིང༌། དངོས་པོ་རྣམས་རྟག་པ་དང་སྤྱི་ཡོན་ཏན་ལས་ ལ་སོགས་པ་དབང་པོས་བཟུང་བྱ་དང༌། རྟག་པ་ཡང་རྐྱེན་ལ་ལྟོས་ནས་རྒྱུ་དང་དངོས་པོ་གྲུབ་ ཟིན་མི་ཕན་པའི་རྟེན་གྱིས་གནས་པ་དང༌། རང་ལས་ཕྱིས་འབྱུང་གི་འཇིག་རྒྱུ་འཇིག་པ་དང༌། གཞན་ཡང་ནས་སྤྱོད་ཡུལ་ལམ་གྱི་དོན། རང་བློ་ལྐོག་གྱུར་དང༌། སྒྲ་སོགས་རྟག་པ་དང་ལུང་ ལ་ལྟོས་པ་རྗེས་དཔག་དང་འགལ་བ་ལ། ཐབས་དང་མ་འབྲེལ་བའི་སྦྱིན་སྲེག་དང་ཁྲུས་ ཀྱིས་སྡིག་པ་སྦྱོང་ནུས་པ་དག་ནི་བརྗོད་པར་བྱེད་པས་སོ། །དེས་ན་འགལ་བ་དུ་མ་སྟོན་པའི་ བསྟན་བཅོས་བདེན་པའི་དོན་ཅན་དུ་ཁས་ལེན་པའི་སྤྱོད་པ་པ་དག་བུ་མེད་གཡེམ་མས་མུ་ ཅོར་སྨྲས་པ་བདག་པོ་ལས་བརྒྱལ་བ་བཞིན་ནོ། ། གསུམ་པ་ནི། གལ་ཏེ་ནས་མེད་པ་མིན་ལ། ཤེས་བྱ་ཆོས་ཅན། སྐྱེས་བུའི་ཚིག་ཐམས་ ཅད་བདེན་པར་ཐལ། སྐྱེས་བུའི་ཚིག་ཡིན་པའི་བདེན་ཚིག་སྲིད་པས་སོ། །ཁྱབ་པ་ཁས་ བླངས་སོ། ། 1-1-104 བཞི་པ་མཇུག་བསྡུ་བ་ནི། རྗོད་པ་པོ་ནས་འབྲས་མིན་ལ། བུམ་པ་ཞེས་པའི་སྒྲ་ཆོས་ ཅན། བུམ་པ་དང་བདག་གཅིག་གམ་དེ་བྱུང་དུ་འབྲེལ་བ་གང་ཡང་མེད་པར་ཐལ། བུམ་པ་ མེད་ཀྱང་སྐྱེས་བུའི་བརྗོད་འདོད་ཙམ་ལས་སྐྱེ་བས་སོ། །འདོད་ན། འདི་ལས་ནས་ཡོད་མ་ ཡིན་ལ། ཆོས་ཅན་བུམ་པ་དང་མི་འཁྲུལ་བའི་འབྲེལ་པ་ཡོད་པ་མ་ཡིན་པར་ཐལ། འདོད་པ་ དེ་ཡི་ཕྱིར། རྗོད་བྱེད་སྒྲ་རྣམས་ཀྱི་འཇུག་པ་སྟེ། །སྐྱེ་བའི་ནི་བརྗོད་བྱ་ལས་དེ་མཐོང༌། དེ་ལས་ ཚིག་སྐྱེ་བས་རྒྱུད་པས་དོན་གྱི་འབྲས་བུ་ཡིན་ནོ། །ཞེ་ན། ཕན་ཚུན་ནས་ཇི་ལྟར་འགྱུར་ལ། སྒྲ་ ཆོས་ཅན། རྟག་མི་རྟག་ཏུ་བརྗོད་པ་འཇུག་པར་མི་འགྱུར་བར་ཐལ། རྟག་མི་རྟག་ཏུ་མེད་པས་ སོ། །དེར་ཐལ། དེ་གཉིས་ཕན་ཚུན་སྤངས་ཏེ་འགལ་བས་སོ། །དེས་ན་ནས་ངེས་པ་ཡིན་ལ། ལུང་ཆོས་ཅན། རང་གི་བརྗོད་བྱ་དང་ངོ་བོ་ཉིད་ཀྱི་འབྲེལ་བའི་སྒོ་ནས་ཁྱོད་ལ་རང་གི་བརྗོད་ བྱ་ཚད་མས་ངེས་པ་མིན་པར་ཐལ། ཁྱོད་རང་གི་བརྗོད་བྱ་དང་ངོ་བོ་ཉིད་ཀྱིས་འབྲེལ་པ་མ་ གྲུབ་པས་སོ། །དེ་ཕྱིར་ནས་འགྲུབ་མི་འགྱུར་ལ། ཆོས་ཅན་གཞི་འདིར་བསྐལ་དོན་སྟོན་བྱེད་ དུ་ལོག་པ་ཙམ་གྱིས་གཞི་འདིར་བསྐལ་དོན་མེད་པར་མི་འགྲུབ་སྟེ། གཞི་འདིར་དེ་ཡོད་ཀྱང་ གཞི་འདིར་ཁྱོད་ཀྱིས་སྟོན་པའི་ངེས་པ་མེད་པས་སོ། །དེས་ན་ནས་མི་འགྲུབ་པོ་ལ། བསྐལ་ དོན་ཐ་མལ་གྱི་ཚད་མ་གསུམ་གྱིས་མ་དམིགས་པ་ཆོས་ཅན། གཞི་འདིར་བསྐལ་དོན་མེད་ ངེས་སུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། བསྐལ་དོན་མེད་པས་མ་ཁྱབ་པས་སོ། ། གཉིས་པ་ནི། རིག་བྱེད་ཚད་མ་ནས་རྟགས་ལྔ་ཡིན་ལ། དཔྱོད་པ་བ་ཆོས་ཅན། བླུན་ པོ་ཤེས་རབ་འཆལ་པ་ཡིན་ཏེ། དེ་ཡི་རྟགས་ལྔ་ཚང་བས་སོ། །རྟགས་ལྔ་ནི་རིག་བྱེད་ཚད་ མའམ། བདེན་པར་སྨྲ་ཞིང་རྒྱུ་རྟག་པ་འགའ་འབྲས་བུའི་སྐྱེད་བྱེད་དོ། །ཞེས་སྨྲ་བ་དང༌། ཡོན་ ཏན་མེད་པར་ཁྲུས་ལ་དཀར་པོའི་ཆོས་སུ་འདོད་པ་དང༌། ཚུལ་ཁྲིམས་ལ་སོགས་མེད་ཀྱང་ བྲམ་ཟེ་ཡིན་ནོ་ཞེས་སྨྲ་བ་དང༌། སེམས་ཀྱི་སྡིག་པ་གཞོམ་པའི་ཕྱིར། ལུས་བརྡུང་པ་བརྩོམ་ 1-1-105 ཞིང་ནན་ཏན་བྱེད་དགོས་སོ་ཞེས་སྨྲ་བས་སོ། །རང་དོན་ལེའུའི་འགྲེལ་བཤད་གཞན་ལ་ཕན་ ཐོགས་པར་གྱུར་ཅིག། །། 1-1-106 ༄༅། །ལེའུ་གཉིས་པའི་རྣམ་བཤད་གསལ་བ་ བཞུགས་སོ། ། ༄༅། །སྭསྟི། རང་གི་ཐུགས་ཉམས་བཞེས་པའི་ལམ། །བསྟན་པ་ཇི་བཞིན་ཞུགས་པ་ རྣམས། །ཐར་པའི་ལམ་ལ་མི་འཁྲུལ་བའི། །སྟོན་པ་བདེ་གཤེགས་སྐྱོབ་ལ་འདུད། ། གཉིས་པ་ཚད་མར་གྱུར་པ་བཤད་པ་ལ། ཚད་མར་བསྟོད་པའི་རྒྱུ་མཚན་དང་དགོས་པ་ གཉིས་ལས། དང་པོ་ལ་གཉིས། ཚིགས་བཅད་རིམ་བཞིན་བཤད་དེ་རང་བཞིན་རྟགས་ལས་ ཚད་མར་སྒྲུབ། རིམ་ལས་ལྡོག་སྟེ་བཤད་ནས་འབྲས་བུའི་རྟགས་ཀྱིས་ཚད་མར་བསྒྲུབ་པའོ། ། དང་པོ་ལ་དྲུག་སྟེ། ཚད་མ། གྱུར་པ། ཕན་བཞེད་པ། སྟོན་པ། བདེ་གཤེགས། སྐྱོབ་ པ་བཤད་པའོ། །དང་པོ་ལ་གཉིས། ཚད་མ་སྤྱི་ཡི་མཚན་ཉིད་དང་། དེ་ལྡན་སངས་རྒྱས་ཚད་ མར་སྒྲུབ་པའོ། ། དང་པོ་ལ་མི་བསླུ་བ་དང༌། མ་ཤེས་དོན་གསལ་མཚན་ཉིད་དུ་བསྟན་པ་གཉིས་སོ། །དང་ པོ་ནི། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ ཏེ། །ཞེས་པ་འཆད་དེ། ཚད་མར་གྱུར་པ་ནི་ཚད་མར་འཁྲུངས་པ་སྟེ། བསམ་སྦྱོར་ཕུན་ཚོགས་ ཕན་བཞེད་དང་སྟོན་པ་དོན་གཉིས་ཕུན་ཚོགས་བདེ་གཤེགས་དང་སྐྱོབ་པ་སྟེ། རྒྱུ་འབྲས་ཕུན་ ཚོགས་ཀྱི་སྒོ་ནས་འཁྲུངས་པ་ལ་ཕྱག་འཚལ་ནས། ཞེས་པའོ། །ཅི་ཡི་ཕྱིར་ཚད་མར་བརྗོད་ཅེ་ 1-1-107 ན། ཐ་སྙད་པའི་ཚད་མ་དང་འདྲ་བས་སོ། ། འོ་ན་ཚད་མའི་མཚན་ཉིད་དམ་ངོ་བོ་ཇི་ལྟ་བུ་ཞེ་ན། རང་གིས་གཞལ་བ་ལྟར་གྱི་འཇུག་ ཡུལ་ལ་སྐྱེས་བུ་བསླུ་བ་མེད་པ་ཅན་གྱི་ཡང་དག་ཤེས་པ་ཡིན་པས་སོ། །མི་ཤེས་མི་འཁྲུལ་བ་ ལྟ་བུ་མཚན་གཞིར་འཛིན་པར་བཟུང་ངོ༌། །མི་བསླུ་བ་དེ་ཉིད་འཆད་དེ། ཐ་སྙད་པའི་ཚད་མ་ ཆོས་ཅན། རང་གི་འཇུག་ཡུལ་ལ་མི་བསླུ་བ་ཡིན་ཏེ། རང་གིས་གཞལ་བ་ལྟར་གྱི་དངོས་པོ་ དོན་བྱེད་ནུས་པར་གནས་པ་སྟེ་རྟོགས་ནས་ཞུགས་པས་སྐྱེས་བུས་འཇུག་ཡུལ་ཐོབ་པར་བྱེད་ པས་སོ། །དེ་ཉིད་མི་བསླུ་བའི་རྒྱུ་ཡིན་པའི་ཕྱིར་མི་བསླུ་བར་བརྗོད་ཅེས་བྱའོ། ། འོ་ན་སྒྲ་བྱུང་ཚད་མིན་དུ་འགྱུར་ཏེ། དེ་མེད་པས་སོ་ཞེ་ན། སྒྲ་བྱུང་དེ་གང་འདི་བུམ་པའོ། ། ཞེས་གནས་སྐབས་ལྔ་བྲལ་གྱི་ངག་སྒྲ་ལས་དེ་སྨྲ་བ་པོའི་ལྷ་སྦྱིན་ལ། བུམ་པའི་རྣམ་པ་ཤར་ བའི་བློ་ཡོད་པར་འཇལ་བའི་རྟོག་པ་ལྟ་བུ་སྒྲ་བྱུང་སྟེ། དེ་ཆོས་ཅན། མི་བསླུ་བ་ཅན་ཡིན་ཏེ། མངོན་པར་འདོད་པའི་འཇུག་ཡུལ་སྟོན་པའི་ཚད་མ་ཡིན་པས་སོ། ། དེ་འཆད་པ་ལ་དེ་འདྲའི་སྒྲ་ནི་ཆོས་ཅན། རང་སྨྲ་བ་པོ་ལ་བྱེད་པ་སྟེ། བརྗོད་འདོད་ཀྱི་ ཡུལ་དོན་བུམ་པ་གང་གི་རྣམ་པ་རབ་གསལ་ཏེ་སྣང་བའི་བློ་ཡོད་པར་སྒྲུབ་པ་དེ་ལ་ཚད་མ་སྟེ་ རྟགས་ཉིད་དུ་འགྱུར་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། སྒྲ་ལས་དོན་རྟོགས་པའི་བློ་ ལ་སྒྲ་བྱུང་དུ་འདོད་ན་དེ་ཉིད་དེ་བུམ་སྒྲ་ཆོས་ཅན། གཞི་འགར་བུམ་པ་སྒྲུབ་པའི་རྟགས་ཡང་ དག་མ་ཡིན་ཏེ། དོན་བུམ་པའི་རྒྱུ་ཅན་མིན་པ་སྟེ། དེ་དང་མ་འབྲེལ་བས་སོ། ། གལ་ཏེ་མི་བསླུ་བ་ཚད་མའི་མཚན་ཉིད་ཡིན་ན། མངོན་སུམ་གྱི་རྗེས་སུ་སྐྱེས་པ་ཀུན་ རྫོབ་ཀྱི་བློ་ཡང་དེར་འགྱུར་རོ། །ཞེ་ན། བུམ་འཛིན་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ཀུན་ རྫོབ་ཀྱི་བློ་ནི་ཆོས་ཅན། མི་བསླུ་ཡང་ཚད་མར་མི་འདོད་དེ། རང་གི་ཚད་མ་སྔ་མས་བཟུང་ ཟིན་བྱེད་པ་མ་ཉམས་པའི་དོན་བསྣན་ནས་འཛིན་པའི་ཕྱིར། ཚད་མ་ཡིན་ན་མི་བསླུ་བའི་ 1-1-108 ཤེས་པ་དགོས་ན་དབང་པོ་དེ་དོན། བདག་ཡིད་ཕྲད་པ་སོགས་ཚད་མ་མིན་ནམ་ཞེ་ན། སྐྱེས་ བུ་ཆོས་ཅན། ཚད་མ་ནི་ཡིན་ན་བློ་ཉིད་ཡིན་དགོས་ཏེ། ཚད་མ་དེ། བླང་དོར་གྱི་དངོས་པོ་ལ་ འཇུག་ལྡོག་བྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། བསྒྲུབ་བྱའི་ཆོས་སྔ་མ་བཞིན་ཡུལ་གྱི་རྣམ་པ་ཐ་དད་པས་བློའི་དོན་རྟོགས་ཐ་དད་དུ་གྱུར་ པའི་ཕྱིར། དེར་ཐལ། དེ་ཡོད་ན་འདི་ཡོད་པ་སྟེ། བློ་རང་ཉིད་གཟུགས་ཀྱི་རྣམ་པར་སྣང་པས། གཟུགས་རྟོགས་པ་སོགས་སུ་འཇོག་པའི་ཕྱིར་རོ། །མི་བསླུ་བས་ཚད་མར་ཇི་ལྟར་གྲུབ་ཅེ་ན། དོན་ལ་མེ་ཡིན་ཅིང་རྟོག་པས་མེ་ཡིན་མིན་ཐེ་ཙོམ་ཟ་བའི་རྒྱང་རིང་པོའི་རྫས་ཁ་དོག་དམར་ པོ་འཛིན་པའི་མངོན་སུམ་ཆོས་ཅན། རང་མྱོང་བའི་རང་རིག་མངོན་སུམ་ལས་རང་གི་ངོ་བོ་ ཤེས་པ་ཡིན་པའི་ཆ་དེ་རྟོགས་པ་སྟེ། དངོས་སུ་ངེས་པར་གྱུར་ཏེ། ཚད་མ་ཡིན་པས་སོ། །དེ་ ཚད་མ་གང་ལས་ངེས་ཞེ་ན། ཆོས་ཅན། རང་མྱོང་གིས་མ་ངེས་ཀྱང་ཚད་མར་ངེས་བྱེད་ཡོད་ དེ། ཐ་སྙད་དེ་ཕྱིས་བྱུང་གི་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པར་ འགྱུར་བའི་ཕྱིར། ཐ་སྙད་ལས་ཚད་མར་རྟོགས་ན་དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་ དོན་མེད་དོ་ཞེ་ན། དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་ཆོས་ཅན། ཐ་སྙད་ལས་རྟོགས་ ཀྱང་དོན་མེད་མིན་པར་ཐལ། ཚད་མ་ཡིན་མིན་གྱི་རྣམ་དབྱེ་ལ་རྨོངས་པ་བཟློག་བྱེད་ཡིན་ པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། མི་བསླུ་བ་མཚན་ཉིད་ཀྱི་ཟུར་དུ་བཞག་པ་ལ་ཀུན་རྫོབ་ ཤེས་པ་སོགས་ཚད་མར་ཐལ་བའི་སྐྱོན་མེད་དེ། ཚད་མ་སྔ་མས་མ་ཤེས་པའི་དོན་གསར་ དུ་གསལ་བྱེད་དེ། རྟོགས་པ་ཡང་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཀྱང་ནི་མི་བསླུ་བར་ བསྡུད་དོ། །རང་གི་འཇུག་ཡུལ་གསར་དུ་རྟོགས་པའི་བློ་ཚད་མའི་མཚན་ཉིད་དོ། ། འོ་ན་སྔོ་སོགས་རང་གི་ངོ་བོ་རྟོགས་པའི་འོག་ཏུ་དེའི་སྤྱི་འཛིན་པའི་རྣམ་པར་ཤེས་པ་ 1-1-109 ཡང་ཚད་མ་ཉིད་དུ་ཐོབ་པར་འགྱུར་རོ་ཞེ་ན། ཚད་མའི་མཚན་ཉིད་དཔྱོད་པ་ན་ཆོས་ཅན་སྔར་ མ་ཤེས་པའི་སྤྱི་ཤེས་པ་སོགས་ཚད་མར་མི་འགྱུར་བར་ཐལ། རང་གི་མཚན་ཉིད་སྔར་མ་ ཤེས་པ་གསར་དུ་ཤེས་པ་གང་ཡིན་པ་དེ་འདྲ་གཅིག་ཚད་མའི་མཚན་ཉིད་ཡིན་ཞེས་དགོངས་ པའི་ཕྱིར། དེའི་རྒྱུ་མཚན་ནི། ཆོས་ཅན། ཚད་མ་ལ་རང་གི་འཇུག་ཡུལ་གསར་དུ་ཤེས་པ་ དགོས་ཏེ། འབྲས་བུ་དོན་གཉེར་རྣམས་རང་གི་མཚན་ཉིད་ཁོ་ན་ལ་དཔྱད་ནས་འཇུག་པའི་ ཕྱིར་རོ། ། གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་ཏེ། མངོན་མཐོ་ངེས་ ལེགས་སོགས་ལ་སྐྱེས་བུ་མི་བསླུ་ཞིང་གདུལ་བྱས་མི་ཤེས་པའི་བདེན་བཞི་སོགས་ཕྱིན་ཅི་མ་ ལོག་པར་སྟོན་པའི་སྐྱེས་བུ་མཐར་ཐུག་ཡིན་པའི་ཕྱིར། མི་བསླུ་མ་ཤེས་དོན་གསལ་ཚད་མ་ ཡིན་པ་དེ་བཞིན་དུའོ། ། གཉིས་པ་ལ་བཞི། རང་བྱུང་དགག་ཕྱིར་གྱུར་པ་སྨོས། །ཐུབ་ཆེན་ཐབས་ལ་ཚད་མར་ འཁྲུངས། །རང་བྱུང་དགག་པ་རྒྱས་པར་བཤད། །ཚད་མའི་སྒྲུབ་བྱེད་མེད་པ་སྤང་བའོ། ། དང་པོ་ནི། ཅི་ཡི་ཕྱིར་གྱུར་པ་སྨོས་ཞེ་ན། མཆོད་བརྗོད་ཀྱི་གྱུར་པ་ཞེས་པའི་ཚིག་ཆོས་ ཅན། དགོས་པ་ཡོད་དེ། སྤྱིར་མ་སྐྱེས་རྟག་པ་རང་བྱུང་གི་ཚད་མ་ནི་བཟློག་པའི་དོན་དུ་ གསུངས་པ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཚད་མའི་སྐྱེས་བུ་ཡིན་པར་རིགས་ཏེ། དེ་ཡི་ སྒྲུབ་བྱེད་ཐབས་ཁྱད་པར་ཅན་ལ་ལྟོས་ནས་ནན་ཏན་རབ་ཀྱིས་མཐར་ཐུག་པར་མཛད་པ་དེ་ ཡི་ཕྱིར། གསུམ་པ་ལ་བཞི། རྟག་པ་རང་བྱུང་ཚད་མ་དགག རང་བྱུང་ཡོད་པའི་སྒྲུབ་བྱེད་དགག རང་བྱུང་ཀུན་གྱི་རྒྱུ་ཡིན་དགག་པའོ། ། 1-1-110 དང་པོ་ནི། ཚད་མ་རྟག་པ་ཡོད་དེ། དབང་ཕྱུག་གི་ཤེས་པ་རྟག་པས་སོ་ཞེ་ན། ཤེས་བྱ་ ཆོས་ཅན། ཚད་མ་ཡིན་པའི་རྟག་པའི་དངོས་པོ་ཉིད་ཡོད་པ་མིན་པར་ཐལ། ཚད་མ་དེ་དངོས་ པོར་ཡོད་པ་རྟོགས་པའི་བློ་ཡིན་པའི་ཕྱིར་ཁྱབ་སྟེ། ཡུལ་ཤེས་བྱ་མི་རྟག་པ་ཉིད་ཀྱིས་ན་ཡུལ་ ཅན་དེ་ནི་མི་བརྟན་པ་ཉིད་ཡིན་དགོས་པའི་ཕྱིར་རོ། །དབང་ཕྱུག་གི་ཤེས་པ་མི་རྟག་ཀྱང་ དབང་ཕྱུག་རྟག་གོ་ཞེ་ན། དབང་ཕྱུག་གི་ཤེས་པ་དག་ནི་ཆོས་ཅན། དབང་ཕྱུག་རྟག་པ་ལས་ སྐྱེ་བ་མི་འཐད་པར་ཐལ། རིམ་བཞིན་སྐྱེ་བ་ཅན་ཡིན་པའི་ཕྱིར་རྟག་ཀྱང་རྐྱེན་ལ་ལྟོས་ནས་ ཤེས་པའི་རིམ་བཞིན་བསྐྱེད་ཅེ་ན། དབང་ཕྱུག་ཆོས་ཅན། ཁྱོད་ལས་ཚད་མ་རིམ་བཞིན་སྐྱེ་ བ་མིན་པར་ཐལ། རང་གི་རྐྱེན་ལ་ལྟོས་པ་མི་རུང་བའི་ཕྱིར་ཏེ། རྒྱུ་རྐྱེན་གྱི་རྣམ་པ་འགས་ཀྱང་ ཕན་གདགས་བྱ་མིན་པའི་ཕྱིར་ཏེ། རྟག་པས་སོ། ། གཉིས་པ་ནི། མི་རྟག རང་བྱུང་གི་ཚད་མ་ཡོད་དོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་ཡོད་པ་ མིན་པར་ཐལ། དེ་ཡོད་པའི་སྒྲུབ་བྱེད་ཚད་མ་མེད་པ་ཉིད་ཀྱིས་སོ། ། གསུམ་པ་ནི། ངེད་ཀྱི་དབང་ཕྱུག་ལ་ཡང་སྒྲུབ་བྱེད་ཡོད་དེ། འཇིག་རྟེན་གྱི་གནས་ལུས་ བྱེད་པ་དབང་པོ་སོགས་ཆོས་ཅན། ཕུལ་དུ་བྱུང་བའི་བློ་ཅན་གྱི་སྐྱེས་བུས་བློ་སྔོན་དུ་བཏང་ ནས་བྱས་པ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར། སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་ པའི་ཕྱིར། གཞལ་ཡས་ཁང་སོགས་བཞིན། དོན་བྱེད་ནུས་པའི་ཕྱིར་དགྲ་སྟ་སོགས་བཞིན། ལ་སོགས་པས་སེམས་མེད་པའི་ཕྱིར་སྟེའུ་སོགས་བཞིན་ཞེ་ན། སྤྱིར་བློ་ཙམ་སྔོན་དུ་སྒྲུབ་ བམ། ཁྱད་པར་དབང་ཕྱུག་རྟག་པའི་བློ་སྔོན་སོང་དུ་སྒྲུབ། དང་པོ་ལྟར་ན་ཆོས་ཅན། སྤྱིར་ བློ་སྔོན་སོང་ཙམ་སངས་རྒྱས་པའི་ངོར་རྟགས་ཡང་དག་གིས་སྒྲུབ་མི་དགོས་པར་ཐལ། ཁྱོད་ དེར་སངས་རྒྱས་པས་འདོད་པ་གྲུབ་ཟིན་པའི་ཕྱིར། གཉིས་པ་ལྟར་ན་འམ་གྱིས་བསྡུས་པ་ ཏེའུ་སོགས་ཆོས་ཅན། ཁྱོད་འཇིག་རྟེན་གྱི་གནས་སོགས་སྐྱེས་བུ་རྟག་པས་བློ་སྔོན་དུ་བཏང་ 1-1-111 ནས་བྱས་པར་སྒྲུབ་པའི་ཆོས་ལྡན་གྱི་མཐུན་དཔེ་མ་གྲུབ་པར་ཐལ། མི་རྟག་པའི་སྐྱེས་བུས་ བྱས་པའི་ཕྱིར། ཡང་ན། དབྱིབས་སོགས་ཆོས་ཅན། སྡོད་འཇུག་སོགས་དེ་ཁྱོད་དབང་ཕྱུག་གིས་བྱས་ པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། དེ་ཡང་དབང་ཕྱུག་ཆོས་ཅན། དབང་ཕྱུག་གིས་བྱས་པར་ཐལ། སྡོད་འཇུག་དང་དོན་བྱེད་ པས་སོ། ། བྱིན་རློབ་སྟེ། རང་བྱེད་པ་པོའི་སྐྱེས་བུ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་ པ་ཅན་གྱི་དབྱིབས་སོགས་ཅི་འདྲ་བ་ཆོས་ཅན། དེ་ལས་ཁང་བཟང་སྒོ་ཁང་སོགས་སྐྱེད་པར་ བྱེད་པ་པོའི་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་རིགས་པ་དེ་ཉིད་ཡིན་ནོ། ། དེ་ཡི་ཕྱོགས་རབ་ཏུ་གྲུབ་ཅིང་ཁྱབ་པ་ཚང་བས་སོ། །འཇིག་རྟེན་གནས་ཀྱི་(བར་འདིར་ མ་ཡིག་ན་ལྡེབ་ལྷག་ཡོད་)དབྱིབས་ལས་ཐ་དད་པ་སྐྱེས་བུས་བྱས་པར་གྲུབ་པའི་བུམ་སོགས་ཀྱི་ དབྱིབས་སྒྲ་འཇུག་པར་མཚུངས་པས། དབྱིབས་ཙམ་དུ་ཐ་དད་མེད་པའི་ཕྱིར། ཞེས་པའི་ རྟགས་དེ་ཆོས་ཅན། འཇིག་རྟེན་གནས་ཀྱི་དབྱིབས་སོགས་སྐྱེས་བུ་ཁྱད་པར་ཅན་གཅིག་ གིས་བློ་སྔོན་དུ་བཏང་ནས་བྱས་པར་སྒྲུབ་པའི་རྟགས་ཡང་དག་དུ་རིགས་པ་མིན་པར་ཐལ་ ཏེ། ཆོས་ཀྱིས་མ་ཁྱབ་པས་སོ། །སྐྱ་བོའི་རྫས་ལས་མེ་བཞིན་ནོ། །དེ་ལྟ་མ་ཡིན་ན། གྲོག་ མཁར་ཡང་ཆོས་ཅན། རྫ་མཁན་དེས་བྱས་པར་གྲུབ་པར་ཐལ། རྫ་མཁན་གྱིས་བུམ་པ་ལ་ སོགས་འཇིམ་པའི་རྣམ་འགྱུར་འགའ་ཞིག་བྱེད་པའི་རྫ་བུམ་དང་འཇིམ་པའི་རྣམ་འགྱུར་འདྲ་ བའི་ཕྱིར། གལ་ཏེ་དབྱིབས་རྟགས་སུ་བཀོད་པ་ལ་དབྱིབས་ཀྱི་ཁྱད་པར་ལ་རྟགས་ནས་སྐྱོན་ བརྗོད་པ་འབྲས་མཚུངས་ཀྱི་ལྟག་ཆོད་དོ་ཞེ་ན། འབྲས་བུ་ཡི་སྤྱི་སྟེ་བྱས་ཙམ་ཆོས་ཅན། སྒྲ་མི་ རྟག་པ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ཏེ། དེ་ཡི་ཕྱོགས་ཆོས་དང་བསྒྲུབ་བྱའི་ཆོས་ 1-1-112 ཀྱིས་རྗེས་འགྲོའི་ཁྱབ་པ་གྲུབ་པའི་ཕྱིར། དེ་ལྟར་ཡིན་པ་ལ་བྱས་པ་དང་འབྲེལ་པ་ཅན་སྒྲ་ བུམ་ཉིད་ཐ་དད་པའི་ཕྱིར་ན། དེ་གཉིས་ཀྱི་བྱས་ཐ་དད་དུ་ཕྱེ་ནས་སྒྲ་ཡི་བྱས་པ་དཔེ་བུམ་པ་ ལ་རྗེས་འགྲོ་མེད། དཔེ་བུམ་པའི་བྱས་པ་སྒྲ་ལ་མེད་པས་དཔེ་རྟགས་མ་གྲུབ་ཅེས་སྐྱོན་ལྟར་ སྣང་བརྗོད་པའི་ལྷས་སྦྱིན་གྱི་ངག་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་དེ། བྱས་ པ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་བཀོད་པ་ལ་བྱས་པའི་ཁྱད་པར་ལ་རྟགས་ནས་བྱས་ པ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ནོ། །ཞེས་བརྗོད་པའི་སུན་འབྱིན་ལྟར་སྣང་ཡིན་པའི་ ཕྱིར། དབྱིབས་སྒྲ་འཇུག་པ་ཙམ་རྟགས་ཡིན་ནོ་ཞེ་ན། དབྱིབས་ཙམ་གྱི་རིགས་ཀྱི་ཁྱད་པར་ གཞལ་ཡས་ཁང་སོགས་ཀྱི་དབྱིབས་ལ་སྐྱེས་བུས་བྱས་པར་གྲུབ་པ་དང༌། སྒྲའི་སྤྱི་ནི་མཐོང་ བ་ལས་ཏེ། དབྱིབས་ཤེས་པའི་སྒྲ་འཇུག་པ་ཆོས་ཅན། ཁྱོད་ལས་རི་སོགས་ཀྱི་དབྱིབས་སྐྱེས་ བུས་བྱས་པའི་སྒྲུབ་བྱེད་དུ་མི་རིགས་ཏེ། དེ་སྒྲུབ་ཀྱི་ཁྱབ་པ་མེད་པས་སོ། །དཔེར་ན། ངག་ དང་ཕྱོགས་ལ་སོགས་རྭ་ཅན་ཡིན་ཏེ། གོ་སྒྲ་ཉིད་འཇུག་པའི་ཕྱིར་ཞེས་པ་བཞིན་ནོ། །དོན་ ལས་དོན་གྲུབ་ཀྱི་སྒྲ་མིན་ཞེ་ན། ཤེས་བྱ་ཆོས་ཅན། སྐྱེས་བུ་ཐམས་ཅད་ཀྱིས་ནི་འདོད་དོན་ ཐམས་ཅད་གྲུབ་པར་ཐལ། རྗོད་བྱེད་ཀྱི་སྒྲ་དེ་ཡོད་པ་ཙམ་གྱི་བརྗོད་བྱའི་དོན་གྲུབ་པས་ནའོ། ། ཁྱབ་སྟེ། དབྱིབས་སོགས་སྒྲ་རྣམས་ཆོས་ཅན། ཁྱོད་ཀྱི་བརྗོད་རུང་དེ་དོན་གང་ནའང་མེད་པ་ མིན་ཏེ། བརྗོད་པར་འདོད་པའི་གཞན་དབང་ཙམ་གྱིས་འཇུག་པའི་ཕྱིར། སྒྲ་ཙམ་གྲུབ་པས་ དོན་འགྲུབ་པས་མ་ཁྱབ་པར་བསྟན་པ་འདིས་ནི་དཔྱད་པ་ཡིན་ནོ། །ཞེ་ན། སེར་སྐྱ་པ་ན་རེ། བློ་བདེ་ཆོས་ཅན། སེམས་མེད་དང་སོགས་པས་ནང་མ་ཡིན་ཏེ། མི་རྟག་པ་དང་སོགས་པས་ སྐྱེ་བ་ཅན་ཡིན་པའི་ཕྱིར། ཞེས་པ་དཔྱད་དོ། ། གོང་གི་སོགས་པས་འུག་པ་པས་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་ འཆི་བའི་ཕྱིར། ཞེས་པ་དཔྱད་དོ། །ཇི་ལྟར་ན། རྟགས་དེ་གཉིས་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ 1-1-113 ཡང་དག་མ་ཡིན་པར་ཐལ། རྒོལ་བ་གཉིས་ཀྱིས་ཁྱེད་གཉིས་མིང་ཆོས་ཅན་གྱི་སྟེང་དུ་མཐུན་ སྣང་དུ་གྲུབ་ཀྱང་དོན་མཐུན་སྣང་དུ་མ་གྲུབ་པའི་ཕྱིར། དངོས་པོའི་ངོ་བོ་དེ་རྟགས་ཀྱི་དོན་ ཆོས་ཅན་ལ་མ་གྲུབ་ན། འདི་འདྲ་འདི་ཕྱོགས་ཆོས་མ་གྲུབ་པའི་ཚུལ་ལམ་རང་བཞིན་ཡིན་ ནོ། །ཤེས་བྱ་ཆོས་ཅན། སྒྲ་ཡི་སྟེང་དུ་རྟགས་བྱས་པ་གྲུབ་ན་བྱས་པའི་ཁྱད་པར་འགའ་ཞིག་ མ་གྲུབ་ཀྱང་དེ་ཡི་ཁྱད་པར་མ་གྲུབ་པས་བྱས་པ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་སུ་འགྱུར་བ་ལ་ གནོད་པ་མིན་ཏེ། སྒྲ་ཡི་སྟེང་དུ་ནམ་མཁའི་ཡོན་ཏན་ལ་བརྟེན་པ་སྟེ་དོན་གཅིག་ཏུ་འདུ་བའི་ བྱས་པ་སྒྲ་ཡི་སྟེང་དུ་མ་གྲུབ་ཀྱང་བྱས་པ་དེ་སྒྲུབ་ཀྱི་རྟགས་སུ་འགྱུར་བས་སོ། །དཔེ་དེ་བཞིན་ ནོ། །གང་ལ་དོན་གྲུབ་ལ་མིང་མ་གྲུབ་པ་དེ་ལ་ཅིར་འགྱུར་ཞེ་ན། རྟགས་ཀྱི་སྒྲ་སྟེ་མིང་རྒོལ་ བ་གཉིས་ལ་ཆོས་ཅན་གྱི་སྟེང་དུ་མཐུན་སྣང་དུ་མ་གྲུབ་ཀྱང་དངོས་པོ་སྟེ་དོན་མཐུན་སྣང་དུ་ གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་ཏེ། དཔེར་ན་འུག་པ་པ་ལ་སངས་རྒྱས་པས་འབྱུང་བཞིའི་ རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། བུམ་པ་བཞིན་ཞེས་སྒྲུབ་བྱེད་དུ་ བཤད་པ་བཞིན་ནོ། །དེའང་སངས་རྒྱས་པ་ལ་རེག་བྱ་ཅན་ལ་ལུས་ཅན་གྱི་མིང་གྲགས་ཀྱི་བྱེ་ བྲག་པ་ལ་མ་གྲགས། བྱེ་བྲག་པ་ལ་ཐམས་ཅད་དུ་སོང་བ་མིན་པའི་རྫས་ཀྱི་ཚད་ལ་ལུས་ཅན་ དུ་གྲགས་ཀྱི་སངས་རྒྱས་པ་ལ་དེར་མ་གྲགས། དེས་ན་བྱེ་བྲག་པའི་ངོར་རྡུལ་ཕྲ་རབ་ལ་ལུས་ ཅན་གྱི་མིང་མ་གྲགས་ཀྱང༌། དེ་ཡི་དོན་གྲུབ་སྟེ། རྡུལ་ཕྲ་རབ་ལ་རེག་བྱ་བྱེ་བྲག་པས་ཀྱང་ འདོད་པ་རྟགས་སུ་འགྱུར་བ་བཞིན་ནོ། །སོགས་པས་ཐོགས་བཅས་བསྡུད་དོ། །རེག་བྱ་ཅན་ ཆོས་ཅན། ཁྱོད་ཀྱི་མིང་ལུས་ཅན་ཞེས་པ་དེ་བྱེ་བྲག་པའི་ངོར་རྡུལ་ཕྲ་རབ་ལ་གྲུབ་ཀྱང་དེ་ཡི་ ངོར་རྡུལ་ཕྲ་རབ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་འགྱུར་ཏེ་མ་གྲུབ་ཀྱང་དེ་ཡི་ངོར་དེ་ སྒྲུབ་ཀྱི་ཚུལ་གསུམ་པར་འགྱུར་བས་སོ། ། རྟགས་དེ་ཉིད་ཆོས་ཅན་ལ་འཁྲུལ་བ་སོགས་ཡིན་ན་རྟགས་ཀྱི་སྒྲ་སྟེ་མིང་འཁྲུལ་པ་མེད་ 1-1-114 ན་ཡང་སྒྲུབ་བྱེད་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ། རྟགས་ཡང་དག་ཡིན་ན་ཆོས་ལ་འབྲེལ་པའི་ དངོས་པོ་སྟེ། རྟགས་ལས་འབྲེལ་ཡུལ་གྱི་དངོས་པོ་སྟེ། དོན་གྲུབ་དགོས་པའི་ཕྱིར། དཔེར་ ན། བ་ཁྲ་མོ་ཆོས་ཅན། རྭ་ཅན་ཡིན་ཏེ། འགྲོ་བའི་ཕྱིར་དང༌། གླང་པོ་ཆེའི་ཕྲུག་གུ་ཆོས་ཅན། གླང་པོ་ཆེ་ཡིན་ཏེ། ལག་ལྡན་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་བཞིན་ནོ། །གླང་ཆེན་ འདི་ཡི་སྒྲ་སྟེ། མིང་ལག་ལྡན་ཞེས་པའི་སྒྲ་ཆོས་ཅན། བརྗོད་བྱ་གླང་ཆེན་ལ་གྲགས་པའི་ དབང་གིས་མི་འཁྲུལ་བར་བཞག་སྟེ། དེ་མིང་དུ་སྔར་བརྡ་སྦྱར་བའི་དབང་གིས་སྐྱེ་བོ་རྣམས་ ལ་གྲགས་ཟིན་པའི་ཕྱིར། དེ་ལྟར་ཡིན་གྱི་རྗོད་འདོད་ཀྱི་ཡུལ་ལག་པ་དང་ལྡན་པ་ཆོས་ཅན། གླང་ཆེན་ལ་མི་འཁྲུལ་བ་མ་ཡིན་ཏེ། མི་ཡང་ཁྱོད་ཀྱི་བྱེ་བྲག་ཡིན་པས་སོ། །འགྲོ་བ་ལའང་ ངོ༌། ། བཞི་པ་ནི། དབང་ཕྱུག་སྐྱེ་ལྡན་རིལ་གྱི་རྒྱུ་ཡིན་པ་མི་འཐད་དེ། དབང་ཕྱུག་གི་དངོས་པོ་ དེ་ཆོས་ཅན། གང་གི་ཚེ་མྱུ་གུའི་རྒྱུ་མིན་ཏེ། མྱུ་གུ་རྟག་ཏུ་བསྐྱེད་པར་ཐལ། ཇི་ལྟར་མྱུ་གུའི་ རྒྱུར་གྱུར་པ་དེ་ལྟར་དེ་ཉིད་དུ་རྟག་པའི་ཕྱིར། དེ་ལྟར་མ་ཡིན་ན། དེ་ནི་ཆོས་ཅན། གང་གིས་ མྱུ་གུའི་རྒྱུར་འདོད་ལ་རྒྱུ་མིན་པར་མི་འདོད་དེ། མྱུ་གུ་གཏན་མི་བསྐྱེད་པར་ཐལ། མྱུ་གུ་མི་ བསྐྱེད་པའི་སྐབས་དང་ཁྱད་མེད་པས་སོ། །དེ་མ་ཁྱབ་ན། སྡོང་དུམ་ཡང་ཅི་ཡི་ཕྱིར། ནག་པའི་ ལུས་ཀྱི་རྨ་སོས་བྱེད་ཀྱི་རྒྱུ་ཉིད་དུ་ནི་རྟོག་མི་བྱེད་དེ་རྒྱུར་ཐལ། འདོད་མི་ནུས་ཏེ། མཚོན་གྱིས་ བསྣུན་པའི་དང་འབྲེལ་པ་ལས་ནག་པའི་རྨ་འབྱུང་ལ། སྨན་དང་སྔགས་སོགས་དང་འབྲེལ་ པ་ལས་དེ་ཡི་རྨ་འགྲུབ་པ་ཡིན་གྱི། སྡོང་དུམ་རྨ་སོས་བྱེད་ཀྱི་རྒྱུར་འབྲེལ་པ་མེད་པའི་ཕྱིར་རོ། ། དེས་ན་དབང་ཕྱུག་ཆོས་ཅན། མྱུག་སོགས་འབྲས་བུ་སྐྱེད་པར་བྱེད་པ་ཡང་ནི་མི་རུང་བར་ ཐལ། དེ་མི་བྱེད་པའི་རང་བཞིན་ཁྱད་པར་མེད་པའི་ཕྱིར། ཆོས་ཅན། དེར་བསྐྱེད་པའི་ནུས་ པ་ཉིད་ཀྱང་ཚད་མས་རྟོགས་པར་དཀའ་བར་ཐལ། ཁྱོད་ཕན་ཆད་དུ་ལོག་སྟོབས་ཀྱི་འབྲས་ 1-1-115 བུ་དེ་ལྡོག་པ་མེད་པའི་ཕྱིར་ཏེ། རྟག་པའི་ཕྱིར། མྱུག་སོགས་ཆོས་ཅན། འདུས་མ་བྱས་ནམ་མཁའ་དང་རི་བོང་རྭ་སོགས་རྒྱུ་ཐུག་པ་མེད་ པར་ཐལ། ས་བོན་སོགས་དེ་དག་ལས་གཞན་དབང་ཕྱུག་རྟག་པ་ཡང་དེ་ཡི་རྒྱུར་རྟོག་པའི་ ཕྱིར། ཁྱབ་སྟེ། གང་དག་ཕན་བྱེད་དུ་ཡོད་ན། མྱུ་གུ་སོགས་གང་སྐྱེ་བར་འགྱུར་ལ་དེ་མེད་ན་ མི་སྐྱེ་བ་ཉིད་ཡིན་པས་སོ། ། རྟགས་མ་གྲུབ་སྟེ། ས་སོགས་མྱུ་གུ་མི་སྐྱེད་པའི་སྐབས་དང་ཁྱད་པར་མེད་ཀྱང༌། དེ་ བསྐྱེད་པའི་ཕྱིར་ཞེ་ན། མྱུ་གུའི་དངོས་རྒྱུ་ས་སོགས་ཆོས་ཅན། མྱུ་གུ་མི་སྐྱེད་པའི་སྐབས་ལས་ རང་བཞིན་ཡོངས་སུ་འགྱུར་བར་ཐལ། མྱུ་གུ་བསྐྱེད་ལ་རྒྱུ་ཡིན་པའི་ཕྱིར། ས་སོགས་འགྱུར་ བའི་ཁྱད་པར་མེད་དེ་མ་མཐོང་བས་སོ་ཞེ་ན། ཆོས་ཅན་དེ་མཐོང་བ་གཏད་མེད་མིན་པར་ ཐལ། དེའི་རྐྱེན་གྱིས་ལེགས་པར་འདུས་བྱས་པ་ན། འབྲས་བུ་དེའི་ཁྱད་པར་མཐོང་བའི་ ཕྱིར། གལ་ཏེ་ཇི་ལྟར་ཡུལ་དང་དབང་པོ་སོགས་ཚོགས་པ་དེ་དག་མ་ཚོགས་པ་དང་ཁྱད་པར་ མེད་ཀྱང་དབང་བློའི་རྒྱུ་ཡིན་པ་དེ་ལྟར་དབང་ཕྱུག་འདིའང་དེ་ལྟར་ཡིན་ནོ་ཞེ་ན། ཡུལ་དབང་ ཚོགས་པ་དེ་ཆོས་ཅན། དེ་མ་ཚོགས་པའི་རེ་རེ་བ་དང་ཁྱད་མེད་མིན་པར་ཐལ། དེ་ལས་ཁྱད་ པར་དུ་མ་ཡོད་པའི་ཕྱིར། ཡུལ་དབང་ཆོས་ཅན། ཁྱེད་རྣམས་ཚོགས་ཀྱང་དབང་བློ་སྐྱེད་པའི་ནུས་པ་མེད་པར་ འགྱུར་ལ་སོ་སོ་སོ་སོ་རེ་རེ་བསྐྱེད་པའི་ནུས་མེད་ཀྱི་ཡུལ་དབང་རེ་རེ་བ་རྣམས་དང་ཡུལ་ དབང་རང་བཞིན་ཁྱད་པར་མེད་པའི་ཕྱིར། ཆོས་ཅན་ཡུལ་དབང་རེ་རེ་བ་ལས་ཁྱད་པར་གྲུབ་ པ་ཡིན་ཏེ། དབང་ཤེས་བསྐྱེད་པ་དེའི་ཕྱིར་རྒྱུུ་མཚན་དེའི་ཕྱིར། ཡུལ་དབང་དེ་ཆོས་ཅན། ཁྱོད་ དེ་ཚོགས་ན་དབང་ཤེས་ཀྱི་རྒྱུ་ཡིན་ཏེ། ཁྱེད་སོ་སོ་རེ་རེས་དབང་ཤེས་གང་སྐྱེད་པའི་ནུས་པ་ མེད་ལ་ཚོགས་ལ་དེ་བསྐྱེད་པའི་ཡོན་ཏན་སྲིད་པར་འགྱུར་བས་སོ། །དབང་ཕྱུག་སོགས་ཆོས་ 1-1-116 ཅན། འབྲས་བུའི་རྒྱུ་མི་ཡིན་པར་ཐལ། དེ་མི་བྱེད་པའི་སྐབས་ལས། ཁྱད་པར་མེད་པའི་ཕྱིར། བཞི་པ་ལ་རྩོད་ལན་གཉིས་ལས། དང་པོ་ནི། ཚད་མའི་སྐྱེས་བུ་ནི་ལྐོག་གྱུར་གྱི་དོན་ ཤེས་པ་ཡིན་ལ། དེ་འདྲའི་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། ཐབས་ལ་ནན་ཏན་བྱེད་པ་ཡོད་པ་ མིན་ནོ། །དེས་ན་སྒྲུབ་བྱེད་ལ་ལྟོས་ཚད་ཡིན་གྱི་རྟགས་མ་གྲུབ་བོ། །ཞེས་རྒྱལ་དཔོག་རྒྱང་ པན་སོགས་ཁ་ཅིག་བརྗོད་དོ། ། གཉིས་པ་ནི། ཐར་པ་དོན་གཉེར་གྱི་རྟོག་ལྡན་རྣམས་ཆོས་ཅན། སྡུག་བསྔལ་ཞི་བའི་ ཐབས་ཤེས་པའི་སྟོན་པ་དེས་བཤད་པའི་ཐབས་ལ་ནན་ཏན་བྱ་བའི་ཕྱིར་དུ་ཐབས་ཤེས་པ་ དང་ལྡན་པའི་སྐྱེས་བུ་འགའ་ཞིག་འཚོལ་བར་བྱེད་དེ། སྡུག་བསྔལ་ཞི་བའི་ཐབས་མི་ཤེས་ བཞིན་དུ་དེ་སྟོན་པར་བྱེད་པ་ལ་ཐབས་ལ་འཁྲུལ་པ་བསྟན་པར་ཅན་དོགས་པ་ཅན་གྱི་ཐར་ པ་དོན་གཉེར་ཡིན་པས་སོ། །ཐབས་ཤེས་པའི་ཡེ་ཤེས་ཅན་ལ་བརྩལ་བྱ་ཡིན་པ་དེ་ཡི་ཕྱིར། དེ་ཆོས་ཅན། བཅོམ་ལྡན་འདས་སྟོན་པར་རྟེན་ན་དེ་ལ་ཐབས་མཁྱེན་པའི་ཡེ་ཤེས་མངའ་ འམ་ཞེས་རྣམ་དཔྱོད་བྱ་བར་འོས་ཏེ། སྡུག་བསྔལ་ཞི་བའི་ཐབས་དེ་དེ་ཡི་སྟེ་ཁྱོད་ཀྱི་སྒྲུབ་བྱེད་ དུ་འགྱུར་པའི་ཕྱིར། ཆོས་ཅན་སྟོན་པ་འདི་ཡིས་སྲིན་བུའི་གྲངས་མཁྱེན་ནམ་ཞེས་དཔྱད་ནས་ སྲིན་བུའི་གྲངས་མཁྱེན་པ་སྡུག་བསྔལ་ཞི་བའི་ཐབས་སུ་བརྩལ་བྱ་མ་ཡིན་ཏེ། མཁྱེན་པ་དེ་ སྡུག་བསྔལ་ཞི་བ་འགར་ཡང་ཉེར་མཁོ་མེད་པས་སོ། ། བཅོམ་ལྡན་འདས་གང་དེ་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། བླང་དང་དོར་བྱའི་དེ་ཉིད་དེ། བདེན་བཞི་བླང་དོར་ཐབས་དང་བཅས་པ་མཐར་ཕྱིན་པར་ རིག་པར་མཛད་པས་སོ། །དེ་ལྟར་འདོད་ཀྱི་སྲིན་བུའི་གྲངས་སོགས་ཐམས་ཅད་རིག་པར་ མཛད་པ་ཙམ་གྱིས་གྲོལ་བ་དོན་གཉེར་གྱི་བརྟེན་བྱའི་ཚད་མར་འདོད་པ་མ་ཡིན་ནོ། ། དེས་ན་ཆོས་ཅན། ཐག་རིང་པོ་མཐོང་ངམ་མིན་ཡང་རུང༌། གྲོལ་བ་དོན་གཉེར་གྱི་ 1-1-117 བརྟེན་བྱ་བར་འོས་ཏེ། དེ་ཡི་འདོད་པའི་དེ་ཉིད་བདེན་བཞི་ཕྱིན་ཅི་མ་ལོག་པར་མངོན་སུམ་ དུ་མཐོང་བའི་ཕྱིར། གལ་ཏེ་རིང་པོ་མཐོང་བ་ཁོ་ན་ཚད་མ་ཡིན་ན། གྲོལ་བ་དོན་གཉེར་ཆོས་ ཅན། ཚུར་ཤོག་བྱ་རྒོད་སོགས་སྟོན་པར་རྟེན་པར་གྱིས་ཤིག དེས་ཐག་རིང་པོ་མཐོང་བས་སོ། ། གསུམ་པ་ལ་གཉིས། ཚད་མའི་སྒྲུབ་བྱེད་དངོས་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ ནི། སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་ཐུགས་རྗེ་ཆེན་པོ་དེ་ཆོས་ཅན། ཚད་ མའི་སྐྱེས་བུའི་སྒྲུབ་བྱེད་ཡིན་ཏེ། དེ་ཡི་རྒྱུ་ཕུན་ཚོགས་ཡིན་པས་སོ། །དེ་རྒྱུ་གང་ལས་ཞེ་ན། ཐུགས་རྗེ་དེ་ཆོས་ཅན། རྒྱུ་མེད་དམ་མི་མཐུན་པའི་རྒྱུ་ལས་བྱུང་བ་མ་ཡིན་ཏེ། སྙིང་རྗེ་སྐྱེ་བ་དུ་ མར་གོམས་པ་ལས་བྱུང་བས་སོ། ། གཉིས་པ་ལ་གཉིས། སྐྱེ་བ་དུ་མར་གོམས་པ་མེད་པ་སྤང༌། གོམས་ཀྱང་མཐའ་མེད་ འཕེལ་བ་མེད་པ་སྤང༌། དང་པོ་ལ་གཉིས་ལས། རྩོད་པ་ནི། རྒྱང་པན་ནི་སྐྱེ་བ་དུ་མར་སྙིང་ རྗེ་གོམས་པ་གྲུབ་པ་མེད་དེ། སྐྱེ་འཆིའི་རྒྱུན་མེད་པས་སོ། །དེར་ཐལ། ལུས་ཞིག་ན་བློ་རྒྱུན་ ཆད་པར་འགྱུར་བའི་ཕྱིར་ཏེ། བློ་ནི་ལུས་ལ། འབྲས་བུ་དང་ཡོན་ཏན་ལ་སོགས་པ་རྟེན་ཚུལ་ གསུམ་གྱིས་རྟེན་པའི་ཕྱིར་ཞེ་ན། གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཡིད་ བློ་ཆོས་ཅན། ལུས་དེ་ཁྱོད་ཀྱི་ཉེར་ལེན་ཡིན་པ་སོགས་ཀྱི་སྒོ་ནས་སྐྱེ་བ་དུ་མར་གོམས་པ་མ་ གྲུབ་པའི་སྐྱོན་ཡོད་པ་མིན་པར་ཐལ། དེ་ཡི་སྒོ་ནས་ལུས་དེ་ཁྱོད་ཀྱི་རྟེན་ཡིན་པ་ཚད་མས་ བཀག་པའི་ཕྱིར། གཉིས་པ་ལ་བཞི། ཞར་ལ་སྐྱེ་བ་སྔ་ཕྱི་མེད་པ་དགག ཡིད་བློ་ལུས་ལ་རྟེན་པ་དགག་ པ་དངོས། དེ་ལ་འཁྲུལ་པའི་རྩོད་པ་རྒྱས་པར་སྤང༌། ཕྱི་མ་མེད་པ་དགག་པའི་མཇུག་བསྡུད་ བསྟན་པའོ། ། 1-1-118 དང་པོ་ནི། སོ་སྐྱེའི་དབུགས་འབྱུང་རྔུབ་དབང་པོ་ཡིད་བློ་དག་ནི་ཆོས་ཅན། སྐྱེ་གནས་ སུ་སྐྱེ་བ་ཡོངས་སུ་ལེན་པ་ན། རང་གི་རིགས་འདྲ་སྔ་མ་ལ་ལྟོས་མེད་ཅན་དུ་ལུས་ཉིད་འབའ་ ཞིག་སྐྱེ་བ་མིན་པར་ཐལ། དེ་ཡིན་ན་ས་རྡོ་སོགས་རང་རྒྱུད་ཀྱི་རྟོགས་དཔྱོད་ཅན་དུ་ཐལ་བ་ སོགས་ཧ་ཅང་ཐལ་བའི་སྐྱོན་ཡོད་པའི་ཕྱིར་ཏེ། འབྱུང་བ་རྟག་པ་ཁོ་ན་ལས་སེམས་ཅན་དུ་ འགྱུར་བས་སོ། །ཡིད་བློ་སོགས་སྐྱེ་བ་སྔ་མ་ནས་འཇུག་(ཅེ་ན་)པའི་རྒྱུ་ཡོད་མོད་ཕྱི་མར་ཇི་ ལྟར་འཇུག་ཅེ་ན། ཡིད་བློ་སོགས་རིགས་འདྲ་ཕྱི་མ་མཚམས་སྦྱོར་བའི་ནུས་ལྡན་དུ་མཐོང་ བ་གང་དེ་ལ་རྒྱུ་ལྷག་པོ་ཅི་ཞིག་ཡོད་པར་གྱུར་ཅེ་ན། འཆི་ཁའི་ཡིད་བློ་རིགས་འདྲ་ཕྱི་མ་སྐྱེད་ པའི་རྒྱུ་གང་མེད་པའི་རྒྱུ་མཚན་གང་གིས་ཤི་ནས་ཏེ་ཤི་བའི་འོག་ཏུ་ཡང་རིགས་འདྲ་ཕྱི་མ་ འཚམས་སྦྱོར་བ་མེད་པར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །སོ་སྐྱེ་འཆི་ཁའི་ཡིད་བློ་སོགས་ ཆོས་ཅན། རིགས་འདྲ་ཕྱི་མ་བསྐྱེད་པར་ཐལ། དེ་བསྐྱེད་པའི་དངོས་རྒྱུ་ཚང་བས་སོ། །ཧ་ཅང་ ཐལ་ཕྱིར་གྱི་སྐྱོན་མེད་དེ་ས་སོགས་ལ་སེམས་མི་སྐྱེ་སྟེ། སེམས་ཀྱི་ས་བོན་མེད་པས་སོ་ཞེ་ན། ཁྱོད་ཀྱི་ལུགས་ལ་རྟགས་མ་གྲུབ་སྟེ། ཤེས་བྱ་ཆོས་ཅན། ས་སོགས་ཐམས་ཅད་སེམས་ཅན་ གྱི་ས་བོན་བདག་སྟེ་ཅན་དུ་ཐལ། ས་སོགས་ཀྱི་ཆ་གང་དུ་དྲོད་གཤེར་སྐྱེས་སོགས་སྐྱེ་བོ་སྐྱེ་ བར་མི་འགྱུར་བའི་ས་སོགས་ཀྱི་ཆ་དེ་འགའ་ཡང་མེད་པར་ས་སོགས་ཀུན་ལ་སེམས་སྐྱེ་བའི་ ཕྱིར། སེམས་སོགས་ལ་ལྟོས་པ་མེད་པར་འབྱུང་བ་ཁོ་ན་ལས་སེམས་ཅན་འབྱུང་བ་ཡིན་ན་སྟེ་ ཡིན་པའི་ཕྱིར། ས་རྡོ་སོགས་ཀུན་ཆོས་ཅན། སྲོག་ཆགས་སུ་འགྱུར་བར་ཐལ། ས་སོགས་ཀྱི་ ཆ་གཅིག་སྲོག་ཆགས་སུ་འགྱུར་བ་བཞིན་དུ་དེ་དང་འབྱུང་བར་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། ལུས་ཁོ་ན་ཡིད་བློའི་རྒྱུ་ཡིན་ན། དབང་པོ་མེད་པའི་ལུས་རྒྱུའམ། དབང་ པོ་དང་བཅས་པའི་ལུས་རྒྱུ་ཡིན། དང་པོ་ལྟར་ན། ཤི་བའི་ལུས་ལའང་བློ་ཡོད་པར་འགྱུར་ ཞིང༌། གཉིས་པ་ལྟར་ན། དབང་པོ་ལ་གང་དེ་ཡིན་མི་རྟག་གོ་ཟེར་ན། ཡིད་བློ་རྟོག་པ་ཆོས་ 1-1-119 ཅན། མིག་དབང་གི་དངོས་འབྲས་མིན་པར་ཐལ། མིག་དབང་ལ་གནོད་པ་ཡོད་ཀྱང་ཁྱོད་ལ་ གནོད་པ་མིན་པའི་ཕྱིར། ཕྱོགས་ཆོས་སོ་སོ་བ་བྱས་ནས་རེ་རེ་ལ་སྦྱར་རོ་ཞེ་ན། སོ་སྐྱེའི་མིག་ སོགས་དབང་པོ་དེ་དག་ཆོས་ཅན། ཡིད་བློ་ལ་རྟེན་ཏེ་ཡིད་བློ་འདི་འགྱུར་བ་ན་ནི་ཁྱོད་ཀྱང་ འགྱུར་བ་དག་ཏུ་མཐོང་བ་ཡིན་པས་སོ། །དབང་པོ་ཡིད་བློའི་དངོས་རྒྱུ་མིན་གྱི། ཡིད་བློ་མིག་ སོགས་དབང་པོའི་རྟེན་བྱེད་ཡིན་པ་དེའི་ཕྱིར། ཡིད་བློ་ཕྱི་མ་གནས་པའི་རྟེན་འགས་ཏེ་ཡིད་ བློ་སྔ་མ་ཆོས་ཅན། འབྱུང་བའི་ལུས་ཁོ་ན་ཁྱོད་ཀྱི་ཉེར་ལེན་མ་ཡིན་ཏེ། རང་གི་ཉེར་ལེན་བློ་ སྔ་མ་ཉིད་ལ་བརྟེན་པའི་ཕྱིར། དེས་ན་ཐ་མལ་སྐྱེ་བ་ལེན་པའི་ཚེ་ན་ཆོས་ཅན། མིག་སོགས་ དབང་པོ་རྣམས་ཡིད་བློ་སྔ་མ་ལས་སྐྱེ་བ་ཡིན་ཏེ། ལས་ཀྱི་མིང་ཅན་ཡིད་བློ་སྔ་མ་མིག་སོགས་ དབང་པོ་རྣམས་ཀྱི་རྒྱུ་ཡིན་པ་དེ་ཡི་ཕྱིར། དབང་སོགས་འཕེལ་བྱེད་དེ་འདྲ། འཆི་བའི་ཚེ་ཡང་ ཡོད་པར་འགྱུར་ན་ཕྱིས་ཤི་བའི་འོག་ཏུ་ཡང་དབང་སོགས་འཕེན་བྱེད་དེ་འདྲར་འགྱུར་བ་སུ་ ཡིས་བཟློགས། དེས་ན་བདག་འཛིན་ཅན་གྱི་སྐྱེས་བུ་འཆི་ཁའི་ཡིད་བློ་ཆོས་ཅན། ཡང་སྲིད་ པར་སྐྱེ་བར་འགྱུར་ཏེ། སྐྱེ་བའི་རྒྱུ་ཚོགས་ཚང་བས་སོ། །ཡིད་བློ་ལུས་ལ་མི་སྐྱེ་ན་བཅོམ་ལྡན་ འདས་ཀྱིས་ལུས་དང་སེམས་ནི་ཕན་ཚུན་རྗེས་སུ་བྱེད་པས་ནའོ། །ཞེས་གསུངས་པས་གནོད་ དོ་ཞེ་ན། ཡིད་རྟོག་ཆོས་ཅན། ལུས་ལ་དངོས་སུ་སྐྱེ་བའི་སྒོ་ནས་ལུས་ལ་བརྟེན་པར་བཤད་པ་ མ་ཡིན་ཏེ། ལུས་དེའི་རྣམ་ཤེས་ཀྱིས་ཁྱོད་ལ་ཕན་འདོགས་པའི་རྒྱུ་མཚན་གྱིས་ལུས་ལ་བརྒྱུད་ ནས་བརྟེན་པར་བཤད་པས་སོ། ། གལ་ཏེ་མིག་སོགས་དབང་པོ་མེད་པར་ཡིད་བློ་སྐྱེ་བ་མིན་པས་དབང་པོ་ལས་སྐྱེའོ་ཞེ་ན། སོ་སྐྱེ་མིག་སོགས་དབང་པོ་དེ་ཡང་ཆོས་ཅན། ཡིད་བློ་ལས་སྐྱེ་བར་ཐལ། ཡིད་བློ་རྒྱུར་མེད་ པར་མི་སྐྱེ་བས་སོ། །འདོད་པ་དེ་ལྟ་ནའང་དབང་པོ་དང་ཡིད་བློ་ཆོས་ཅན། ཚེ་འདིར་ཁྱེད་ གཉིས་ཕན་ཚུན་རྒྱུར་ཉིད་ཡིན་པར་ཐལ། ཁྱེད་གཉིས་ཕན་ཚུན་ཕན་འདོགས་བྱེད་ཡིན་པའི་ 1-1-120 ཕྱིར། འདོད་ན་དེ་ཡི་ཕྱིར། ཤི་བའི་འོག་ཏུ་ཡང་ཁྱེད་གཉིས་ཕན་ཚུན་རྒྱུ་ཅན་ཡིན་པར་ཐལ། འབྱུང་བའི་ལུས་ཡིད་བློའི་དངོས་རྒྱུ་ཡིན་ན། ལུས་ཆོས་ཅན། ཁྱོད་ལས་ཡིད་བློ་རིམ་ཅན་སྐྱེ་བ་མིན་པར་ཐལ། ཁྱོད་རིམ་ཅན་མིན་ པའི་རྟག་པས་སོ། །རྐྱེན་ལ་ལྟོས་ནས་ཡིད་བློ་རིམ་ཅན་དུ་བསྐྱེད་དོ་ཞེ་ན། རྐྱེན་ལ་ལྟོས་ནས་ ཡིད་བློ་རིམ་བཞིན་བྱེད་པ་མེད་པར་ཐལ། རྐྱེན་གྱི་ཁྱད་པར་བྱར་ཡོད་པ་ཅན་མིན་པའི་ཕྱིར་ ཏེ་རྟག་པས་སོ། །ཡིད་བློ་སྔ་མ་རིམ་ཅན་ལ་ལྟོས་ནས་ལུས་ལས་རིམ་གྱི་ཡིད་བློ་ཕྱི་མ་སྐྱེ་བར་ འགྱུར་རོ། །ཞེ་ན། ཆོས་ཅན་ལུས་དེ་ཡང་རིམ་པ་ཡོད་པར་གསལ་བར་ཐལ་ལོ། །འདོད་ན། ཤེས་བྱ་ཆོས་ཅན། ཐམས་ཅད་དུ་སྟེ་ཤི་བའི་འོག་ཏུ་ཡང་ལུས་དང་ཡིད་བློ་སྔ་མ་སྔ་མ་ཕྱི་མ་ ཕྱི་མའི་རྒྱུར་མཐོང་བར་ཐལ། གསོན་པོའི་ཚེ་ལུས་དང་ཡིད་བློ་སྐད་ཅིག་སྔ་མ་སྔ་མ་ནི་དེ་ཡི་ སྐད་ཅིག་རེ་རེ་སྔོན་མེད་སྐད་ཅིག་ཕྱི་མ་རེ་རེའི་རྒྱུ་ཡིན་པ་དེ་ཡི་ཕྱིར། ཐ་མལ་འཆི་ཁའི་ཡིད་ བློ་ཆོས་ཅན། རིག་པ་ཕྱི་མ་མི་སྐྱེད་དེ། འཆི་སེམས་ཡིན་པས་སོ། །དགྲ་བཅོམ་གྱི་ཤི་སེམས་ བཞིན་ཞེ་ན། སྐྱེས་པའི་ཐ་མ་འཆི་སེམས་ནི་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་ པར་ཐལ། ཁྱོད་སེམས་ཕྱི་མ་གཞན་དང་གཞན་མཚམས་སྦྱོར་བ་ལ་འགལ་བ་ཅི་ཡོད་དེ། མེད་པས་སོ། ། ཤེས་བྱ་ཆོས་ཅན། དགྲ་བཅོམ་འདའ་ཁའི་སེམས་གང་ཡིན་པ་དེའང་འཆི་སེམས་ཀྱི་ཐ་ མལ་གྱི་འཆི་སེམས་རིག་པ་ཕྱི་མ་འཚམས་སྦྱོར་བ་མེད་པར་སྒྲུབ་པའི་མཐུན་དཔེ་གང་ལས་ འདོད་དེ་མི་རིགས་པར་ཐལ། དགྲ་བཅོམ་པའི་སེམས་ཚད་མས་མ་གྲུབ་པའི་ཕྱིར། དེ་ཁྱེད་ རང་གི་གྲུབ་མཐའ་ལ་གྲགས་པའི་ཕྱིར། དཔེར་བརྗོད་དོ་ཞེ་ན། སངས་རྒྱས་པའི་གྲུབ་མཐའ་ འམ་ལུང་ཆོས་ཅན། རྟོག་ལྡན་རྗེས་སུ་འབྲང་ངམ་ཅི་སྟེ་འབྲང་བྱ་མིན་པར་ཐལ། ཚད་མས་ མ་གྲུབ་པའི་དོན་ཅན་ཡིན་པའི་ཕྱིར། གལ་ཏེ་དགྲ་བཅོམ་པའི་འཆི་སེམས་དེ་རིག་པ་ཕྱི་མ་ 1-1-121 མི་སྐྱེད་དེ། སྐྱེད་པའི་རྒྱུ་དང་བྲལ་བའི་ཕྱིར་ཅེ་ན་རིག་པ་ཕྱི་མ་བསྐྱེད་པའི་རྒྱུ་དང་བྲལ་བ་དེ་ ཉིད་ཆོས་ཅན། ཐ་མལ་གྱི་འཆི་སེམས་རིག་པ་ཕྱི་མ་མི་བསྐྱེད་པར་བསྒྲུབ་པ་འདིར་ནི་རྟགས་ ཡང་དག་ཏུ་ཅིས་མི་རྗོད་དེ་ཡང་དག་ཏུ་ཐལ། དགྲ་བཅོམ་གྱི་འཆི་སེམས་དེ་སྒྲུབ་ཀྱི་རྟགས་ ཡང་དག་ཡིན་ཅིང་རྒྱུ་མཚན་མཚུངས་པས་སོ། །ལུས་ལས་ཡིད་བློ་དངོས་སུ་སྐྱེ་ན། དབང་པོ་ དང་བཅས་པ་ལས་སམ་དབང་པོ་མེད་པ་ཅན་ལས་སྐྱེ། དང་པོ་ལྟར་ན། དབང་པོ་རེ་རེའམ་ ཚོགས་པ་ལས་སྐྱེ། རེ་རེ་ལས་སྐྱེ་ན། ཡིད་ཤེས་རྟོག་པ་ཆོས་ཅན། ཡུལ་གསལ་བར་འཛིན་ པར་འགྱུར་ཏེ། མིག་དབང་ལས་སྐྱེས་པའི་གཞན་རིག་ཡིན་པས་སོ། །མིག་དེའི་བློ་བཞིན་ དུའོ། །དབང་པོ་གཞན་ལའང་སྦྱར་རོ། ། ཐལ་བ་ལས་ཆོས་ཅན། དབང་པོ་བཅས་ཏེ་མིག་དབང་ལས་དངོས་སུ་སྐྱེས་པའི་གཞན་ རིག་མ་ཡིན་ཏེ། དེ་ལྟར་མི་འཛིན་པས་སོ། །ཚོགས་པ་ལས་སྐྱེ་ན། དབང་པོ་ལྔ་ཆོས་ཅན། ཁྱེད་ཀུན་ཚོགས་པ་ལས་ནི་ཡིད་བློ་དངོས་སུ་སྐྱེ་བ་མིན་པར་ ཐལ། རང་རང་གི་བདག་འབྲས་དབང་ཤེས་སྐྱེད་པའི་ནུས་པ་ཐ་དད་དུ་ཡོད་པའི་ཕྱིར། དབང་པོ་མེད་པ་ལས་སྐྱེ་ན། སྐྲ་སེན་སོགས་ཆོས་ཅན། ཁྱོད་ལས་ཡིད་བློ་དངོས་སུ་སྐྱེ་བ་མིན་ པར་ཐལ། སེམས་མེད་པ་ཉིད་ཀྱི་ཕྱིར་ལུས་སེམས་ལྷན་ཅིག་མི་གནས་པར་འགྱུར་ཏེ་ཉེར་ ལེན་དང་ཉེར་ལེན་ཅན་མིན་པའི་ཕྱིར་ཞེ་ན། སོ་སྐྱེའི་ལུས་སེམས་ཆོས་ཅན། དེ་མིན་ཡང་ ལྷན་ཅིག་གནས་སུ་རུང་སྟེ། རྒྱུ་འཕེན་བྱེད་ཀྱི་ལས་ཅིག་གིས་ལྷན་ཅིག་གནས་པར་འཕངས་ པའི་སྒོ་ནས་ལྷན་ཅིག་གནས་པའི་ཕྱིར། དབང་པོ་ལྔ་བཞིན། བུ་རམ་གྱི་གཟུགས་དང་རོ་ བཞིན། ཚེ་མ་བཞིན་ནོ། །ཡིད་བློ་ལུས་འགྱུར་རྗེས་སུ་འགྱུར་བའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ ཅན། དེ་ལ་ཁྱབ་པ་མེད་པར་ཐལ། དོན་གྱིས་ཏེ། ཡུལ་དུ་ཡོད་པའི་སྒོ་ནས་ཀྱང་ཡིད་རྟོག་ འགྱུར་བ་མཐོང་བའི་ཕྱིར་ཏེ། བསད་པའི་ཁྲག་མཐོང་བ་ལས་བརྒྱལ་བ་འདུག་པའི་ཕྱིར་རོ། 1-1-122 ། ལུས་ཡིད་བློའི་ཉེར་ལེན་ཡིན་ན། ལུས་ཆོས་ཅན། གང་ཞིག་སྟེ་ཁྱོད་སྔར་ཡོད་པའི་སྒོ་ནས་ཡིད་བློ་ལ་ཕན་འདོགས་པར་ བྱེད་ཅིང༌། རྟག་ཏུ་ཡིད་བློ་དེ་ཡི་སྟེ་ཁྱོད་ཀྱི་རྗེས་སུ་འཇུག་པ་སྟེ་སྐྱེ་བར་ཐལ། ཁྱོད་ཡིད་བློ་དེ་ ཡི་ཉེར་ལེན་རྒྱུ་ཡིན་པ་དེ་ཡི་ཕྱིར། རྟགས་གསལ་ཁས་སོ། །ཁྱབ་སྟེ། འབྲས་བུ་དེ་ཡི་ཉེར་ ལེན་ཡིན་ན་འབྲས་བུ་སྔར་ཡོད་པ་དེ་ཡི་ཕྱིར་ན། འདི་ཡོད་ན་འདི་འབྱུང་ཞེས་པ་བདུན་པ་ དང༌། དེ་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་རྒྱུ་སྔར་ཡོད་དང་ དེས་ན་ལུས་ཆོས་ཅན། སྐབས་འགའ་ཞིག་གི་ཚེ་ན་ཁྱོད་ཀྱི་སེམས་ཀྱི་རྒྱུན་ལ་ཕན་ འདོགས་བྱེད་པ་ཡིན་པ་ལས་ཏེ་སྲིད་ཀྱང་དེ་ཙམ་གྱི་ཁྱོད་ལོག་པས་ཡིད་བློ་བཟློག་པ་མིན་ པར་ཐལ། གཟུགས་མེད་ཁམས་ནའང་སེམས་ཡོད་པས་སོ། །རྫ་བུམ་གྱི་སྐབས་ལ་མེས་ཕན་ ཡང་མེ་ལོག་པས་རྫ་བུམ་ལྡོག་པར་མ་ངེས་པ་བཞིན། སོགས་པས་གསེར་གཞུ་བ་བཞིན་ནོ། ། གཞན་ཡང་སེམས་ཡིད་རྟོག་ཆོས་ཅན། ལུས་གནས་པ་ཉིད་ན་ཁྱོད་ལྡོག་པ་མེད་པར་ གནས་པས་ཁྱབ་པར་ཐལ། ལུས་ཀྱི་ཉེར་ལེན་ཅན་ཡིན་པས་སོ། །འདོད་ན་ཤི་བའི་ལུས་ལ་ སེམས་གནས་པར་ཐལ་ལོ། །ཤི་བའི་ལུས་ལ་དབུགས་འབྱུང་རྔུབ་མེད་པས་ཡིད་བློ་མེད་པ་ ཡིན་ཏེ། དབུགས་འབྱུང་རྔུབ་ཡིད་བློའི་དངོས་རྒྱུ་ཡིན་པས་སོ་ཞེ་ན། དབུགས་འབྱུང་རྔུབ་ཆོས་ཅན། ཁྱོད་ཡིད་བློ་ལས་སྐྱེ་བ་ཡིན་གྱི། ཁྱོད་ལས་ཡིད་བློ་སྐྱེ་ བ་མ་ཡིན་ཏེ། ཡིད་བློ་ཁྱོད་ཀྱི་རྒྱུར་ཡོད་ན། སྐྱེ་ཞིང་ཁྱོད་རིང་ཐུང་སོགས་ཡིད་བློའི་དབང་དུ་ གྱུར་པའི་ཕྱིར། སྔ་མའི་རྟགས་གྲུབ་སྟེ། དེ་ཆོས་ཅན་ཡིད་བློ་འབད་རྩོལ་མེད་པར་གང་ལས་ འབྱུང་བ་ཡིན་ཏེ། ཡིད་བློ་སྔོན་དུ་སོང་བ་ཅན་ཡིན་ཏེ། སྐྱེས་བུའི་བྱེད་པས་རླུང་འབྱིན་པ་དང་ འདྲེན་པའི་རླུང་ཡིན་པས་སོ། ། 1-1-123 ཡང་ཡིད་བློ་ཆོས་ཅན། དེ་དག་ཕུལ་བྱུང་འགྲིབ་པ་ལས་ཕུལ་བྱུང་འགྲིབ་པ་ཐོབ་པ་སྟེ་ དབུགས་འཕེལ་འགྲིབ་ལས་ཁྱོད་འཕེལ་འགྲིབ་དུ་འགྱུར་བར་ཐལ། དེ་ཡི་དངོས་འབྲས་ ཡིན་པས་སོ། །ཤི་བའི་ལུས་ཆོས་ཅན། དབུགས་དེ་དག་གནས་པར་ཐལ། ལུས་གནས་པས་ སོ། །ལུས་ནི་གནས་པ་ཉིད་ན་དབུགས་ཞེས་ཐལ་བ་མཚུངས་སོ། །སེམས་སེམས་ཀྱི་རྒྱུད་ དང་ཉེར་ལེན་ཡིན་ན། ཤི་བའི་ལུས་ལ་སེམས་གནས་པར་ཐལ་ལོ། ཞེ་ན། ཤི་བའི་ལུས་ཆོས་ཅན། སེམས་ལས་སེམས་སྐྱེ་ཡང་ཁྱོད་ལ་སེམས་གནས་པར་མཚུངས་ པ་མ་ཡིན་པར་ཐལ། ཁྱོད་ལ་སེམས་གནས་པའི་ལས་ཀྱི་ནུས་པ་ཟད་པའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་ན་ལུས་སེམས་ལྷན་ཅིག་གནས་པ་ལ་རྒྱུ་གཞན་འཕེན་བྱེད་ཀྱི་ལས་དག་ཀྱང་རྒྱུ་ ནི་ཡིན་པར་འདོད་པས་སོ། །གལ་ཏེ་ཉེས་པ་རླུང་མཁྲིས་སོགས་འཁྲུགས་པས་མི་མཐུན་པར་ བྱས་པའི་ལུས་བློའི་རྒྱུ་མིན་པས་ཤི་ལུས་ལ་སེམས་གནས་པའི་སྐྱོན་མེད་དེ། རླན་གྱི་སྡོང་བུ་ སྒྲོན་མེ་རྒྱུ་མིན་པ་བཞིན་ཞེ་ན། རླུང་མཁྲིས་འཁྲིགས་ནས་ཤི་བའི་ལུས་ཆོས་ཅན། ཁྱོད་ལ་ སེམས་སླར་ཡང་འཚོ་བ་དག་དུ་འགྱུར། འཚོ་བའི་འགལ་རྐྱེན་ཉེས་པ་རླུང་མཁྲིས་སོགས་ ཉམས་ཤིང་འཚོ་བའི་དངོས་རྒྱུ་ལུས་ཚང་བས་སོ། །གལ་ཏེ་ནས་བཞིན་དུའི་བར་གྱི་དོན་རིམ་ སོགས་ལོག་ཀྱང་རིམ་སོགས་ཀྱི་འགྱུར་བ་དེ་ནི་ལྡོག་པ་མེད་པས་སོ། །ཤི་བ་སླར་མི་འཚོ་ཞེ་ ན། ནད་པ་ཆོས་ཅན། རིམས་སོགས་ཀྱིས་འགྱུར་བ་བཟློག་ཏུ་མེད་པ་མ་ཡིན་པར་ཐལ། ནད་ གསོ་བའི་སྦྱོར་བ་དོན་ཡོད་པའི་ཕྱིར་རོ། །འགྱུར་བ་བྱེད་པ་པོ་ཆོས་ཅན། ཁྱོད་གང་ཡིན་སླར་ མི་ལྡོག་གི་འགྱུར་བ་བྱེད་པས་མ་ཁྱབ་པར་ཐལ། མི་འབྱུང་ནས་མེ་བཞིན་ནོའི་བར་གྱི་དོན་ ཁྱོད་ཀྱི་ནང་མཚན་ལ་སླར་ལྡོག་མི་རུང་གི་འགྱུར་བ་བསྐྱེད་པ་དང༌། སླར་ལྡོག་རུང་གི་འགྱུར་ བ་སྐྱེད་པ་གཉིས་ཡོད་པའི་ཕྱིར། དཔེར་ན་ཤིང་ལ་མེ་དང་སེར་ལ་མེ་བཞིན་ནོ། ། དང་པོ་ལྡོག་མི་རུང་ནི་ཆུང་ཡང་སླར་ལྡོག་པ་མིན་ཏེ། མེས་ཤིང་སོལ་བར་བྱས་པ་བཞིན་ 1-1-124 ནོ། །ནད་ཀྱིས་འགྱུར་བ་དེ་ནི་ཆོས་ཅན། སླར་ཡང་འབྱུང་བ་སྟེ་ལྡོག་པར་འགྱུར་ཏེ། ནད་ཀྱི་ སླར་ལྡོག་རུང་དུ་བྱས་པའི་ཕྱིར། སེར་གྱིས་སླ་བ་སྲ་བར་འགྱུར་བ་ཉིད་བཞིན་ནོ། །ནད་ཀྱིས་ འགྱུར་བ་ལྡོག་དུ་རུང་ན་གསོར་མི་རུང་གི་ནད་བཤད་པ་དག་འགལ་ལོ་ཞེ་ན། བཅུད་གསོ་བྱ་ མིན་པར་བརྗོད་པའི་ནད་ཆོས་ཅན། ནད་ཀྱི་འགྱུར་བ་ལྡོག་དུ་རུང་བ་དང༌། ཁྱོད་གསོར་མི་ རུང་དུ་བཤད་པ་མི་འགལ་ཏེ། ཁྱོད་འཆོས་བྱེད་བཅུད་ལེན་སོགས་རྙེད་པར་དཀའ་བའི་ཕྱིར་ རམ་ཁྱོད་ཀྱིས་ཟིན་པའི་ནད་པ་གསོན་པའི་ལས་དང་ཚེ་ཟད་པས་ཡིན་པའི་ཕྱིར་རོ། ། ཉེས་པ་རླུང་སོགས་འབའ་ཞིག་ནད་ཀྱི་རྒྱུ་ཡིན་ན་དེའི་ཕྱིར། ནད་པ་ཆོས་ཅན། གསོ་བྱ་ མིན་པའི་ནད་མེད་པ་ཉིད་དུ་ཐལ་ལོ། །དུག་སྦྲུལ་གྱིས་རྨུགས་ནས་ཤི་བའི་ལུས་ཆོས་ཅན། སླར་ཡང་ཁྱོད་ལ་སེམས་དེ་ཅིས་འཚོ་མི་ཏེ་འཚོ་བར་ཐལ། འཚོ་བའི་འགལ་རྐྱེན་དུག་ལྡོག་ ཅིང༌། དངོས་རྒྱུ་ལུས་ཚང་བའི་ཕྱིར། །དུག་སྤྲུལ་དེའི་སོས་ཟིན་ནས་ཤི་བའི་དུག་རྨ་ཁར་ འདུས་པའི་ཤ་བཅད་དེ་དོར་བའི་ཤི་ལུས་དེ་ཆོས་ཅན། ཐལ་རྟགས་འདྲའོ། ། ཉེར་ལེན་དང་ཉེར་ལེན་ཅན་ནི་འདི་ལྟ་བུ་སྟེ། ཉེར་ལེན་འགྱུར་བ་མེད་པར་ནི་ཉེར་ལེན་ ཅན་དག་འགྱུར་བ་ནི་བྱེད་པར་མི་ནུས་ཏེ། དཔེར་ན་འཇིམ་པ་འགྱུར་བ་མེད་པར་རྫ་བུམ་ འགྱུར་བ་བྱེད་མི་ནུས་པ་བཞིན། ཡིད་རྟོག་ཆོས་ཅན། ལུས་མ་འགྱུར་བར་ཁྱོད་འགྱུར་དུ་མི་ རུང་བར་ཐལ། ལུས་དེ་ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་ཡིན་པའི་ཕྱིར། ཡང་དངོས་པོ་འགྱུར་བ་མེད་པར་ནི་འབྲས་བུའི་དངོས་པོ་གང་ཞིག རྣམ་པར་འགྱུར་ བའི་དངོས་པོ་དེ་དངོས་པོ་དེའི་ཉེར་ལེན་དུ་མི་རིགས་ཏེ། དཔེར་ན་བ་ལང་མ་འགྱུར་བར་བ་ མེན་འགྱུར་བ་ཡོད་པ་བཞིན། དཔེར་ན་ཡིད་རྟོག་ཆོས་ཅན། ཁྱོད་ལུས་ཀྱི་དངོས་ཀྱི་ཉེར་ལེན་ ཅན་མ་ཡིན་པར་ཐལ། ལུས་རྣམ་པ་གཞན་དུ་མ་གྱུར་པར་ཁྱོད་འགྱུར་བ་ཡོད་པས་སོ། །ལུས་ སེམས་ཉེར་ལེན་དང་ཉེར་ལེན་ཡིན་ཏེ་ལྷན་ཅིག་གནས་པས་སོ། །མངལ་ནས་སྐྱེས་མ་ཐག་ 1-1-125 པའི་སེམས་ཆོས་ཅན། སྐྱེས་མ་ཐག་པའི་ལུས་དང་ཉེར་ལེན་དང་ཉེར་ལེན་ཡིན་ཡང་ལྷན་ ཅིག་གནས་སུ་རུང་སྟེ། དེ་རྒྱུ་ནས་ལྷན་ཅིག་ནས་ཀྱི་བར་ཀྱི་དོན་ཁྱོད་ཀྱི་ཉེར་ལེན་གྱི་དེའི་ལྷན་ཅིག་བྱེད་རྐྱེན་ བྱས། དེའི་ཉེར་ལེན་གྱིས་ཁྱོད་ཀྱི་ལྷན་གཅིག་བྱེད་རྐྱེན་བྱས་ནས་སྐྱེས་པའི་སྒོ་ནས་ལྷན་ཅིག་ གནས་པའི་ཕྱིར། མེ་དང་ཟངས་མའི་ཞུ་བ་ཉིད་བཞིན། གལ་ཏེ་ལུས་སེམས་རྟེན་དང་བརྟེན་ པར་བཅས་པ་འགྱུར་རོ་ཞེ་ན། ལུས་ཆོས་ཅན། ཡིད་བློ་ལས་མི་ཕན་པའི་རྟེན་དུ་མི་འདོད་ པར་ཐལ། རྫས་སུ་ཡོད་མེད་གང་ལ་ཡང་མི་ཕན་པའི་དོན་གཞན་རྟེན་དགོས་ནུས་མེད་པའི་ ཕྱིར། །དེ་ནི་མ་ཡིན་ཏེ། ལུས་ཀྱི་ཡིད་བློ་གྲུབ་ཟིན་ནས་ཡོད་པ་གནས་པའི་རྒྱུ་བྱེད་པས་རྟེན་ ཡིན་ཞེ་ན། གནས་པ་བློ་དང་གཅིག་གམ། དོན་གཞན་གཅིག་བྱེད་ན་ཡིད་བློའི་གནས་པ་ འདི་ཆོས་ཅན། རྟེན་ལུས་ཀྱིས་བསྐྱེད་དུ་མེད་པར་ཐལ། གནས་པ་པོའི་ཡིད་བློ་ལས་གཞན་ མིན་གཅིག་ཡིན་པའི་ཕྱིར། གཞན་ཉིད་ནའང་ལུས་ཆོས་ཅན། དེ་ནི་དངོས་པོ་བློ་གནས་པས་ ཅི་ཞིག་བྱ་སྟེ། མ་བྱས་པར་ཐལ། གནས་པ་བློ་ལས་དོན་གཞན་ཁོ་ན་དེ་ཡི་རྒྱུ་ཡིན་པས་སོ། ། ཡང་བློ་ཆོས་ཅན། འཇིག་པ་མེད་པར་ཐལ་བར་འགྱུར། ལུས་ཀྱིས་མི་འཇིག་པར་བྱས་པས་ སོ། །དེ་འཇིག་རྒྱུ་ལས་འཇིག་པར་འདོད་པས་སྐྱོན་མེད་ཅེ་ན། དེ་ལའང་འཇིག་པ་བློ་དང་ དོན་གཞན་བྱེད་དམ་གཅིག་བྱེད། དང་པོ་ལྟར་ན། བློ་ཡི་འཇིག་རྒྱུ་ཆོས་ཅན། བློ་འཇིག་པར་ མ་སྐྱེས་པར་ཐལ། འཇིག་པ་བློ་ལ་དོན་གཞན་ཁོ་ན་བསྐྱེད་པས་སོ། །གཉིས་པ་ལྟར་ན། བློ་ཡི་ འཇིག་པ་ཆོས་ཅན་བློ་ཡི་འཇིག་རྒྱུས་སྐྱེད་མི་དགོས་པར་ཐལ། འཇིག་རྒྱུ་བློ་དང་གཅིག་པས་ སོ། །ཞེས་པའི་ཐལ་བ་མཚུངས་པ་ཡིན་ནོ། །ཡང་ཡིད་བློ་ཆོས་ཅན་གནས་པའི་རྒྱུས་ཀྱང༌། གནས་པར་ཅི་བྱས་ཏེ་མ་བྱས་པར་ཐལ། འཇིག་རྒྱུ་དང་ཕྲད་ན་འཇིག་ལ་མ་ཕྲད་ན་རྟག་པར་ གནས་པའི་ཕྱིར། གལ་ཏེ་དེས་འཇིག་རྒྱུ་དང་མ་ཕྲད་པར་གནས་པར་བྱས་པས་སྐྱོན་མེད་ཅེ་ 1-1-126 ན། དངོས་པོ་ཡིད་བློ་ཆོས་ཅན། འཇིག་པ་ཆོས་ཉིད་དུ་ཐལ། འཇིག་རྒྱུ་ལ་ལྟོས་མེད་དུ་འཇིག་ པའི་ཕྱིར། འདོད་ན་གནས་པའི་རྒྱུས་གནས་པར་ཅི་ཞིག་བྱེད་དེ་མ་བྱས་པར་ཐལ། གྲུབ་ ཙམ་ནས་འཇིག་པ་ཡིན་པ་འདི་ལ་གནོད་པ་མེད་པ་ཡིན་པས་སོ། །གལ་ཏེ། དཔེར་ན། སྣོད་ སོགས་ཆུ་སོགས་ཀྱི་རྟེན་ཡིན་པ་བཞིན་ལུས་ཀྱང་ཡིད་བློ་གྲུབ་ཟིན་གནས་པའི་རྟེན་ཡིན་ནོ། ། ཞེ་ན་ཆོས་ཅན་འདི་ལའང་སྣོད་སོགས་ཆོས་ཅན། ཆུ་སོགས་ལ་མི་ཕན་བཞིན་དུ་ཆུ་སོགས་ མི་འཇིག་པའི་རྟེན་མིན་པར་ཐལ། ཆུ་སོགས་མི་འཇིག་པར་ཡོད་མེད་གང་གི་ཡང་རྟེན་དུ་ དགོས་ནུས་མེད་པས་སོ། །ཞེས་ཡོད་མེད་དག་ལ་ཞེས་སོགས་མཚུངས་སོ། །ཆོས་ཅན། ཆུ་ སོགས་རྟག་པར་སྡོད་པའི་རྟེན་མིན་པར་ཐལ། ཆུ་སོགས་ཀྱི་དངོས་པོ་རྣམས་སྐད་ཅིག་རེ་རེ་ ནི་འཇིག་པའི་ཕྱིར། དེས་ན་ཆོས་ཅན་ཆུ་སོགས་ཀྱི་རྟེན་དུ་རུང་སྟེ། ཆུ་སོགས་ཀྱི་དངོས་པོའི་ རྒྱུན་ཐུར་དུ་མི་ལྷུང་བ་དེ་ལྟ་བུར་སྐྱེ་རྒྱུ་ཡིན་པའི་ཕྱིར། དེ་ལྟ་མ་ཡིན་ན་དེའི་རྟེན་དུ་རིགས་པ་ མ་ཡིན་པར་ཐལ། དེ་རྟག་པར་བྱས་པས་སོ། ། དེས་ན་ཆོས་ཅན་ཆུ་སོགས་ཀྱི་རྟེན་དུ་འགྱུར་ཏེ། ཆུ་སོགས་ཐུར་དུ་འབོ་བ་ཡི་ནི་གེགས་ བྱེད་པའི་ཕྱིར། ཡོན་ཏན་སྤྱི་ལས་རྣམས་ལ་ནི་ཆོས་ཅན། མི་འཇིག་པར་སྡོད་པའི་རྟེན་ཅི་ དགོས་ཏེ། མི་དགོས་པར་ཐལ་འགྲོ་བའི་བྱ་བ་མེད་པ་ཅན་ཡིན་པའི་ཕྱིར། རྟགས་ཐམས་ཅད་ ཁས་སོ། །རིག་པ་འདིས་ནི་གསལ་བ་ཡིན་ནོ། །ཅི་ཞེ་ན། བྱེ་བྲག་པའི་ལུགས་ལ། སྣམ་བུ་དང་སྣལ་མ་བ་ལང་དང་རྭ་རྫས་དང་རིགས་ལྟ་བུ་ཡུལ་ གཅིག་ཏུ་གནས་པའི་རྟེན་དང་བརྟེན་པ་འདི་ལའོ། །སྙམ་དུ་བཟུང་ཡུལ་དེ་འདྲ་ལ་འཕྲོད་ འདུ་དེའི་འབྲེལ་པ་ལ་འདུ་འབྲེལ་དུ་འདོད་དོ། །སྐྱེས་བུ་དང་དབང་ཕྱུག་ལྟ་བུ་ཡུལ་ཐ་དད་དུ་ གནས་པའི་རྟེན་དང༌། བརྟེན་པ་ལ་ལྡན་པ། དེ་ཡི་འབྲེལ་པ་ལ་ལྡན་པའི་འབྲེལ་པར་འདོད་ ཅིང༌། རྟེན་དང་བརྟེན་པ་ཐམས་ཅད་རྟག་པར་འདོད་པས། ཤེས་བྱ་ཆོས་ཅན། མི་འཇིག་པར་ 1-1-127 གནས་པའི་རྟེན་དང་བརྟེན་པ་ཅན་གྱི་འཕྲོད་འདུ་མི་རིགས་པར་ཐལ། མི་འཇིག་པར་གནས་ པའི་རྟེན་དང་བརྟེན་པ་མེད་པའི་ཕྱིར། བདག་བདེ་སོགས་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་མིན་ པར་ཐལ། རྟགས་འདྲའོ། །གསལ་བ་སྤྱི་མི་འཇིག་པར་གནས་པའི་དོན་གཞན་རྟེན་མིན་པར་ ཐལ། རྟགས་འདྲའོ། ། གལ་ཏེ་གཞན་འཇིག་རྒྱུ་དང་མ་ཕྲད་པར་མི་འཇིག་ཕྲད་ནས་འཇིག་ན། དེ་ཡི་ཕྱིར། དངོས་པོ་ཡིད་བློ་དེ་ཆོས་ཅན། གནས་རྒྱུས་ཅི་ཞིག་བྱ་སྟེ། དོན་མེད་པར་ཐལ། འཇིག་རྒྱུ་ གཞན་མེད་པར་འཇིག་ན་ཡང་དེ་ཡི་ཕྱིར། དེ་ཆོས་ཅན། གནས་པའི་རྒྱུ་རྣམས་ནུས་མེད་ ཡིན་པར་ཐལ་ལོ། །གཞན་ཡང༌། སྐྱེ་བ་ཅན་གྱི་དངོས་པོ་ཐམས་ཅད་ཆོས་ཅན། དུས་འགའ་ ཞིག་གི་ཚེ་ནའང་འཇིག་པར་མི་འགྱུར་བར་ཐལ། ཁྱེད་ཀུན་རྟེན་བཅས་ཡིན་པའི་ཕྱིར། རྟེན་ བཅས་ཐམས་ཅད་མི་འཇིག་པར་གནས་པ་དང་ལྡན་པར་འདོད་པས། དངོས་པོ་རང་གི་ངང་ གིས་འཇིག་གམ་མིན། གལ་ཏེ་རང་འཇིག་ངང་ཚུལ་བདག་ཡིན་ན། དེ་ཆོས་ཅན། ཁྱོད་མི་ འཇིག་པར་གནས་བྱེད་གཞན་གང་སྟེ་བྱེད་མི་ནུས་པར་ཐལ་ལོ། །གལ་ཏེ་རང་འཇིག་ངང་ ཚུལ་བདག་མིན་ན་ཆོས་ཅན། དེ་མི་འཇིག་པར་གནས་བྱེད་གཞན་གང་དེ་མི་དགོས་པར་ ཐལ་ལོ། །རིགས་པ་འདིས་ཀྱང་ལུས་སེམས་ཉེར་ལེན་དང་ཉེར་ལེན་ཅན་མིན་པར་གྲུབ་སྟེ། ཤེས་རབ་སྙིང་རྗེ་སོགས་ཆོས་ཅན། འབྱུང་བཞིའི་ལུས་རང་གི་ཉེར་ལེན་དུ་ཡོད་པ་མ་ཡིན་ཏེ། ལུས་ཀྱི་ཕུལ་བྱུང་བའི་འགྲིབ་པའི་རྗེས་སུ་མི་བྱེད་པར་བློ་ཡི་བྱེད་པའི་ཁྱད་པར་གྱིས་ཕུལ་དུ་ བྱུང་བ་དང་འགྲིབ་པ་དག་དུ་འགྲུབ་པའི་ཕྱིར། མར་མེའི་འོད་ཆོས་ཅན། རང་གི་ཉེར་ལེན་ ཡིད་བློའི་འདུ་བྱེད་ཀྱི་རྗེས་སུ་བྱེད་པ་འདི་ཡོད་པ་མ་ཡིན་ཏེ། རང་གི་ཉེར་ལེན་སྒྲོན་མ་ལ་ བརྟེན་པས་སོ། ། བཅུད་ལེན་སོགས་ཀྱིས་ལུས་ཁྱད་པར་དུ་བྱས་པ་ལས་ཤེས་རབ་སོགས་ཁྱད་པར་དུ་ 1-1-128 འགྱུར་བ་མཐོང་བའི་ཕྱིར། ལུས་བློའི་ཉེར་ལེན་ནོ་ཞེ་ན། བཅུད་ལེན་གྱིས་ལུས་རྒྱས་པ་ལས་ འཕེལ་བའི་ཤེས་རབ་སོགས་ཆོས་ཅན། དེ་འདྲའི་ལུས་དེ་ཁྱོད་ཀྱི་དངོས་ཀྱི་ཉེར་ལེན་མ་ཡིན་ ཏེ། དེ་ལ་རྒྱུད་ནས་ཁྱད་པར་དུ་འགྱུར་བའི་ཕྱིར། ལུས་དེས་སེམས་ལ་ཕན་འདོག་མེད་པ་ མིན་པ་སྟེ། ལུས་དེས་ལུས་ཤེས་བསྐྱེད། ལུས་ཤེས་ཀྱིས་ཁྱོད་བསྐྱེད་པས་སོ། །རྩ་རྟགས་མ་ གྲུབ་སྟེ། ལུས་དར་རྒུད་ལས་ཆགས་སྡང་སྐྱེ་བར་འགྱུར་བས་སོ། ། ཞེ་ན། འགའ་ཚེ་ལུས་རྒྱས་པ་སྟེ་དར་བ་དང་སོགས་པ་དར་རྒུད་སོགས་ཀྱིས་འཕེལ་བར་ བྱས་པའི་ཆགས་སྡང་སོགས་ཆོས་ཅན། ལུས་དར་རྒུད་ལས་དངོས་སུ་སྐྱེ་བ་མིན་པར་ཐལ། ལུས་ཤེས་འཁོར་གྱི་བདེ་སྡུག་ལ་སྐྱེས་པ་ཡིན་པའི་ཕྱིར། དེ་འདྲའི་བདེ་སྡུག་དེ་ཡང་ཆོས་ཅན། ཆོས་འདྲ། ཁམས་སྙོམས་པ་དང་ལ་སོགས་པ་མ་སྙོམས་པའི་ནང་གི་དོན་རེག་བྱའི་ཁྱད་པར་ ཉེ་བ་ལས་སྐྱེས་པའི་དབང་ཤེས་ལས་སྐྱེས་པའི་ཕྱིར་བཤད་མ་ཐག་པ་འདིས་ནི་འདུས་པའི་ རིམས་དང་ནད་དུག་སོགས་ལས་དྲན་པ་ཉམས་པ་སོགས་ཆོས་ཅན་འདུས་པའི་རིམས་དང་ དུག་སོགས་ལས་དངོས་སུ་སྐྱེས་པ་མིན་ཏེ། འདུས་རིམས་སོགས་ཀྱིས་བྱས་པའི་ནང་དོན་ རེག་བྱའི་ཁྱད་པར་ལས་སྐྱེས་པའི་དབང་བློས་ནི་ཁྱོད་འགྱུར་བར་བྱེད་པའི་ཕྱིར། ཅེས་བཤད་ པ་ཡིན་ནོ། ། དཔེར་ན། རྡར་མའི་རྒྱུད་ཀྱི་ཁྱད་པར་འགའ་ཞིག་ལ་སྟག་གཟིག་གི་སྒྲ་ཐོས་པ་དང། ཁྲག་ལ་སོགས་མཐོང་བ་ལས་རྨོངས་པ་དང་བརྒྱལ་བ་ལ་སོགས་པ་འབྱུང་བར་འགྱུར་བ་ བཞིན་ནོ། །ལུས་ཡིད་བློའི་དངོས་རྒྱུ་མིན་པ་དེའི་ཕྱིར། སེམས་ཡིད་ཤེས་འཁོར་གྱི་ཆགས་ སོགས་ནི་ཆོས་ཅན། རང་གི་ཉེར་ལེན་སེམས་ལ་བརྟེན་པ་ཡིན་ཏེ། དེ་ཉེར་ལེན་དུ་མེད་ན་མི་ འབྱུང་བ་དེའི་ཕྱིར། དེར་ཐལ། ངེས་པ་ཉེར་ལེན་སེམས་སྔ་མ་གང་ཉིད་ཀྱི་འདུ་བྱེད་ཀྱི་རྗེས་ སུ་འཇུག་པས་སོ། །ཇི་ལྟར་སེམས་སྔ་མ་ལ་བརྟེན་པར་བྱས་ན་ཐོས་སོགས་འདུ་བྱེད་སེམས་ 1-1-129 ལ་ནི་དུས་འགའི་ཚེ་དེ་ལྟར་ཐོས་སོགས་བསལ་བ་ཅན་གྱི་སྐྱེས་བུའི་ལུས་ལ་ཆོས་ཅན། ཡོན་ ཏན་ཐོས་སོགས་གསལ་བར་འགྱུར། དེ་གསལ་བའི་བློ་དང་ཐ་དད་མེད་པས་སོ། །སྲོག་ ཆགས་སྐྱེ་བ་སྔ་མ་ནས་འོངས་ན་མངལ་སོགས་མི་གཙང་བའི་གནས་སུ་འོང་བ་མི་རིགས་སོ་ ཞེ་ན། ཐ་མལ་སེམས་ཅན་ཆོས་ཅན། བདག་ལ་ཆགས་པ་དང་ལྡན་པའི་སྒོ་ནས། བདེ་སྡུག་ ཐོབ་དོར། འདོད་པ་སྔོན་དུ་སོང་སྟེ། གཞན་དབང་ཕྱུག་སོགས་ཀྱིས་བཀྲི་བའམ་ཁྲིད་པ་མིན་ པར་དམན་པའི་གནས་མངལ་སོགས་ནི་ཆགས་བཞིན་དུ་ཡོངས་སུ་ལེན་པས་སོ། ། དེ་ཡི་རྒྱུ་མཚན་ཡང་སྡུག་བསྔལ་ལ་ཕྱིན་ཅི་ལོག་བདེ་བར་འཛིན་པ་དང༌། བདེ་བ་ལ་ སྲེད་པ་ནི་ཆོས་ཅན། ཐ་མལ་མངལ་སོགས་སུ་སྐྱེ་བའི་རྒྱུ་ཡིན་ཏེ། དེ་དེར་ཀུན་ནས་འཆིང་ བར་བྱེད་པའི་ཕྱིར། དགྲ་བཅོམ་དེ་ནི་ཆོས་ཅན། ལས་ཉོན་གྱི་དབང་གིས་སྐྱེ་བར་མི་འགྱུར་ ཏེ། གང་ལ་སྟེ་ཁྱོད་ལོག་སྲེད་རྒྱུད་ལ་མེད་པས་སོ། །རྒྱང་པན་ན་རེ། གལ་ཏེ་སྐྱེ་བ་སྔ་ཕྱིར་ འགྲོ་འོང་མ་མཐོང་བའི་ཕྱིར་མེད་ཅེ་ན། རྒྱང་པན་ཆོས་ཅན། ཁྱོད་ཀྱི་མིག་གིས་བར་སྲིད་མ་མཐོང་བས་མེད་པར་མི་འགྲུབ་ སྟེ། ཁྱོད་དབང་པོ་མི་གསལ་བས་མ་མཐོང་བ་ཡིན་གྱི་དེ་མེད་ནས་མ་མཐོང་བ་མིན་པས་སོ། ། དཔེར་ན་མིག་མི་གསལ་བས་དུ་བ་ཆུང་ངུ་ཡོད་ཀྱང་མི་འཐོང་བ་བཞིན། འོ་ན་བར་སྲིད་ཆོས་ ཅན་ཐོགས་བཅས་ཡིན་པར་ཐལ། ལུས་ཅན་ཡིན་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དེ་ལ་དེས་མ་ཁྱབ་པར་ཐལ། འགའ་ཞིག་ལུས་ཅན་ཡིན་ཡང་ཞིང་ དངས་པས་ལུས་ཅན་ལ་ལར་ཐོགས་མེད་མཐོང་བའི་ཕྱིར། རྫ་སོ་མ་བཏང་པ་ལ་ཆུ་བཞིན། གསེར་ལ་དངུལ་ཆུ་བཞིན། དེས་ན། ཤེས་བྱ་ཆོས་ཅན། བར་སྲིད་རྒྱང་པན་གྱིས་མ་མཐོང་ བས་ཕྱིར་ན་མེད་པས་ཁྱབ་པ་མིན་པར་ཐལ། དེས་མ་མཐོང་ཀྱང་ལྷ་མིག་ཅན་གྱི་རྣལ་འབྱོར་ པ་དང༌། བར་སྲིད་ནང་གིས་མཐོང་བས་སོ། །ལུས་ལ་བརྟགས་ཏེ་ལུས་བློ་ཡི་ཉེར་ལེན་ཡིན་ 1-1-130 པ་འགོག་སྟེ། ལུས་ཡིད་བློའི་ཉེར་ལེན་ཡིན་ན་ཆ་མེད་པའི་ཡན་ལག་ཅན་གཅིག་གམ་ཡན་ ལག་ཏུ་མ་ཡིན། དང་པོ་མི་རིགས་ཏེ་དེ་འདྲ་མེད་པའི་ཕྱིར་ཡང་ན་ལག་སོགས་གཅིག་གཡོ་ན། ལུས་ ཐམས་ཅད་གཡོ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཇི་ལྟར་ན་མི་འགུལ་བའི་རྐང་པ་ཆོས་ ཅན། འགུལ་བར་ཐལ། འགུལ་བའི་ལག་པ་དང་གཅིག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ ན། སྐྱེས་བུའི་ལུས་འདི་ཆ་མེད་པའི་ཡན་ལག་ཅན་གཅིག་ཡིན་པ་བུད། ཁྱབ་སྟེ། འགལ་བ་ ཅན་གྱི་ལས་ནི་གཅིག་ཏུ་མི་རུང་བ་སྟེ། ཆོས་གཅིག་འགལ་བ་གཉིས་སུ་མི་རིགས་པའི་ཕྱིར། ལག་སོགས་གཡོ་བའི་ཡན་ལག་ཅན་མི་གཡོ་བའི་སྐྱོན་མེད་ཅེ་ན། ལག་སོགས་གཡོ་བའི་ སྐྱེས་བུའི་ལག་སོགས་ཡན་ལག་ཆོས་ཅན། དེ་ཡི་ལུས་ཀྱི་ཡན་ལག་ཅན་དང༌། གནས་པའི་ ཡུལ་སོ་སོ་ཐ་དད་པར་གྲུབ་པར་ཐལ། གཞན་དུ་སྟེ་དེ་དང་ཁྱོད་གཅིག་གཡོ་གཅིག་མི་གཡོ་ བའི་ལུས་ཡིན་པས་སོ། ། སྐྱེས་བུའི་ལག་སོགས་ཡན་ལག་ཅིག་ཆོས་ཅན། ཁྱོད་བསྒྲིབས་ན་ཡན་ལག་ཐམས་ཅད་ བསྒྲིབ་པར་འགྱུར། ཁྱོད་དེ་དང་ཆ་མེད་གཅིག་ཡིན་པའི་ཕྱིར། དེ་ཡི་ཚེ་ཡན་ལག་སྒྲིབ་ཀྱི་ ཡན་ལག་ཅན་མ་བསྒྲིབས་སོ་ཞེ་ན། ཡན་ལག་ཕྱེད་བསྒྲིབས་པའི་ལུས་ཡན་ལག་ཅན་ཆོས་ ཅན། མངོན་སུམ་གྱིས་ཁྱོད་མཐོང་བར་ཐལ། དེ་ཡི་མཐོང་བྱ་གང་ཞིག་མ་བསྒྲིབས་པར་ཡོད་ པས་སོ། །གདོང་པ་ལྟ་བུ་གཅིག་ཚོན་གྱིས་བསྒྱུར་ལ་ལྷག་མ་མ་བསྒྱུར་བའི་ཡན་ལག་ལྷག་ མ་ཆོས་ཅན། ཚོན་གྱིས་བསྒྱུར་བར་ཐལ། བསྒྱུར་བའི་གདོང་པ་དང་གཅིག་པས་སོ། །བསྒྱུར་ བའི་གདོང་པ་ཆོས་ཅན། ཁ་མ་བསྒྱུར་བར་མངོན་སུམ་གྱིས་རྟོགས་པར་ཐལ། མ་བསྒྱུར་བའི་ ཡན་ལག་ལྷག་མ་དང་གཅིག་པས་སོ། །རྟགས་ཁས་ལེན་སྔར་ལྟར་རོ། ། ཡན་ལག་ཚོགས་པའི་ལུས་ཆོས་ཅན། །ཆ་མེད་རྫས་གཅིག་ཏུ་ཡོད་པ་མིན་ཏེ། དེ་ལ་ 1-1-131 གོང་གི་སྐྱོན་དེ་དག་གིས་གནོད་པ་དེ་ཡི་ཕྱིར། གསལ་བྱེད་པ་སོགས་ན་རེ། བུམ་གཟུགས་ རྡུལ་པྲ་རབ་དུ་མ་འདུས་ཙམ་ཉིད་དུ་འགྱུར་ཏེ། ཡན་ལག་གཅིག་མེད་པས་སོ། ། འདོད་ན་དེ་དབང་ཤེས་ཀྱི་རྟོགས་པ་མིན་པར་ཐལ། རྡུལ་རེ་རེ་བ་དང་དབང་ཤེས་ཀྱི་ ཡུལ་ལས་འདས་པར་ཁྱད་པར་མེད་པའི་ཕྱིར་དང་རྡུལ་ཕྲ་རབ་ཡིན་པའི་ཕྱིར་སྔ་མ་རྡུལ་རེ་རེ་ བ་བཞིན་ནོ་ཞེ་ན། བུམ་གཟུགས་ཆོས་ཅན། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་མེད་ཀྱང༌། རྡུལ་ཕྲན་རེ་རེ་བ་དང་དབང་ཤེས་ཀྱི་ཡུལ་ལས་འདས་པར་ཁྱད་པར་མེད་པར་མ་གྲུབ་པར་ ཐལ། མེད་ཀྱང་རང་འཛིན་དབང་ཤེས་སྐྱེ་བས་སོ། །རྡུལ་ཕྲན་རེ་རེ་བ་ལས་ཁྱད་པར་ཅན་ རགས་པ་དང་རང་མཚན་ནི་ཆོས་ཅན། དེ་མེད་ཀྱང་ཁྱོད་རྡུལ་ཕྲན་སོ་སོ་བ་མིན་པར་ཐལ། རང་འཛིན་དབང་ཤེས་ཀྱི་ཡུལ་ཡིན་པ་དེ་ཡི་ཕྱིར། དེ་ལྟར་བསྟན་པ་འདིས་ནི་སྒྲིབ་བྱེད་ལ་ སོགས་པ་མེད་པ་དག་ཀྱང་གསལ་བ་ཡིན་ནོ། །ཇི་ལྟར་ན་བུམ་གཟུགས་ཆོས་ཅན། དེ་མེད་ པས་སྒྲིབ་ཐོགས་མེད་པས་མ་ཁྱབ་པར་ཐལ། དེ་མེད་ཀྱང་རྡུལ་སྔ་མའི་རྐྱེན་ལས་སྒྲིབ་ཐོགས་ ཅན་དུ་སྐྱེས་པས་སོ། ། དངུལ་ཆུ་གསེར་དང་འདྲེས་པ་དང༌། རྡོ་ཚན། ལ་སོགས་ཆོས་ཅན། རང་འཛིན་དབང་ ཤེས་ལ་ཇི་ལྟར་སྣང་སྟེ་མི་སྣང་བར་ཐལ། ཆོས་གསུམ་ལྡན་གྱི་རྫས་མེད་པའི་ཕྱིར། རྡུལ་ རིགས་མི་མཐུན་གྱིས་བརྩམས་པས་སོ། །ཡང་མིག་གི་དབང་པོ་དང་སོགས་པས་གཟུགས་ སྣང་བ་ཡིད་བྱེད་རྣམས་ཆོས་ཅན། གཟུགས་རྟོགས་པའི་དབང་ཤེས་དག་ཇི་ལྟར་སྐྱེད་བྱེད་ ཡིན་ཏེ་མ་ཡིན་པར་ཐལ། སོ་སོར་དེ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་དབང་སོགས་དང་ ཁྱད་པར་མེད་པས་སོ། །འདོད་དེ། དེ་དག་གིས་དེ་དག་གི་ལྡན་པ་བསྐྱེད་ཅིང་ལྡན་པ་ལས་ མིག་ཤེས་སྐྱེའོ། །ཞེ་ན། དེ་འདྲའི་རྫས་མེད་པས་རྡུལ་ཕྲན་རྣམས་ཀྱང་དབང་ཤེས་སྐྱེད་པར་ ཐལ། ཡུལ་དབང་སོགས་ཀྱིས་དེ་དག་གི་ལྡན་པ་བསྐྱེད་པ་འདིར་དེ་བསྐྱེད་པའི་ཕྱིར་རོ། 1-1-132 ། ཞེས་མཚུངས་སོ། ། ཡང་ན་མིག་ཤེས་ཀྱི་རྐྱེན་གསུམ་ཆོས་ཅན། དེ་གསུམ་གྱི་ལྡན་པ་མི་བསྐྱེད་པར་ཐལ། དེ་བསྐྱེད་མི་ནུས་པའི་གཟུགས་སོགས་རེ་རེ་བ་དང་ཁྱད་པར་མེད་པའི་ཕྱིར། ཞེས་མཚུངས་ སོ། །གལ་ཏེ་གསེར་དང་དངུལ་ཆུ་ལ་ནི་རྫས་མེད་ཀྱང་རྡུལ་རིགས་མི་མཐུན་ཕྲད་པའི་ལྡན་ པ་ཡོད་པས་དེ་སྣང་བ་ཡིན་པས་རྡོ་ཚན་ལ་སོགས་ཇི་ལྟར་སྣང་གི་སྐྱོན་མེད་དོ་ཞེ་ན། གསེར་ དང་དངུལ་ཆུ་འདྲེས་པ་འཛིན་པའི་དབང་ཤེས་མ་འཁྲུལ་བ་ཆོས་ཅན། དེ་གཉིས་ཀྱི་ལྡན་པ་ དེ་གཉིས་ལས་རྫས་གཞན་དེ་གང་ལས་རྟོགས་ཏེ་མ་འཐོང་བར་ཐལ། ལྡན་པ་དེ་ཡི་རྟེན་ཁྱོད་ ཀྱིས་མ་འཐོང་བས་སོ། །གསུམ་ཁས་སོ། །རྡུལ་རིགས་མི་མཐུན་འཛིན་པའི་དབང་ཤེས་ ཀྱི་ཡུལ་ཡིན་ན་ལྡན་པ་ཡིན་དགོས་ན་བུ་རམ་དང་སྒེའུ་བཤེར་སྦྱར་བའི་བཏུང་བ་ཆོས་ཅན། ཁྱོད་ཀྱི་རོ་གཟུགས་ལ་སོགས་ལྡན་པ་སྟེ་ཡོད་པར་འགལ་བར་ཐལ། ཁྱོད་ལྡན་པ་ཞེས་པའི་ ཡོན་ཏན་ཡིན་པས་སོ། ། མ་ཁྱབ་ན། ཡོན་ཏན་ལ་ཡོན་ཏན་གཉིས་པ་མེད་པ་བུད། གལ་ཏེ་བཏུང་བ་དེ་ལ་རོ་ གཟུགས་དངོས་སུ་མེད་ཀྱང་རོ་གཟུགས་རྣམས་དང་རྡུལ་ཕྲན་ལ་འཕྲོད་པ་འདུས་པས་ན་རོ་ གཟུགས་ཡོད་པར་ཉེ་བར་བརྟགས་པ་ལས་ཡོད་པར་འདོད་ན། འོ་མའི་རོ་དང་བུ་རམ་དང་ སྒེའུ་ཁུ་གཤེར་སྦྱར་བའི་བཏུང་བའི་རོ་ཆོས་ཅན། རང་འཛིན་དབང་བློས་རོ་མཚན་ཉིད་པ་ དང་བཏགས་པ་བ་ཐ་དད་དུ་དམིགས་པར་ཐལ། དེ་ཡི་དོན་གང་ཞིག ཁྱེད་གཉིས་རོ་གཅིག་ མཚན་ཉིད་པ་གཅིག་བཏགས་པ་བ་ཡིན་པས་སོ། ། གཞན་ཡང་རྫས་གཅིག་ལ་འཕྲོད་འདུ་ཁོ་ན་ལས་དེ་ཡི་ཆོས་བཏགས་ནས་ཐ་སྙད་བྱེད་ ན་བྱ་རྒྱའི་ཕྲེང་བ་ཆོས་ཅན། ཇི་ལྟར་རིང་པོ་ཞེས་པའི་སྒྲ་ཁྱོད་ལ་བརྟགས་ནས་འཇུག་སྟེ་མི་ འཇུག་པར་ཐལ། ཁྱོད་རིང་པོ་དང་རྫས་གཅིག་ལ་དོན་དམ་པར་འཕྲོད་འདུའི་འབྲེལ་པ་མེད་ 1-1-133 པའི་ཕྱིར། དེར་ཐལ། ཁྱོད་བྱ་རེ་རེ་བ་ལས་འདུ་ཡང་རིང་པོ་བྱ་རེ་རེ་བ་ལས་མི་འདུ་བས་སོ། ། ཟུར་དང་པོ་ཁས་སོ། །གྲངས་སོགས་དེ་དང་ལྡན་པའི་བུམ་པ་རང་གི་ངོ་བོ་དང་བུམ་སྒྲ་དང་ བུམ་པའི་གྲངས་སོགས་བརྗོད་པའི་སྒྲ་དག་ཆོས་ཅན། ཁྱེད་རྣམས་ལས་རྫས་ཐ་དད་དུ་གྱུར་ པའི་བུམ་པའི་སྒྲ་གྲངས་དང་ཡོན་ཏན་ལྡན་པ་དང༌། ལས་དང་སྤྱི་ཉིད་ལ་སོགས་པའི་ངོ་བོ་ རང་མཚན་གཅིག་ཡོད་པ་མ་ཡིན་ཏེ། དེ་ཡོད་ན་མངོན་སུམ་གྱིས་དམིགས་དགོས་པ་ལས། དེ་མངོན་སུམ་གྱི་བློ་ལས་མི་སྣང་བས་སོ། །བུམ་པ་དང་བུམ་པའི་གྲངས་ཆོས་ཅན། རྫས་ཐ་ དད་དེ་སྒྲ་རྟོག་ཐ་དད་འཇུག་པའི་ཕྱིར། ཞེ་ན། བུམ་པའི་གྲངས་སོགས་བརྗོད་པའི་སྒྲ་དང་ འཛིན་པའི་ཤེས་པ་རྟོག་པ་དག་ཆོས་ཅན། བུམ་སོགས་ཀྱི་གྲངས་སོགས་རང་མཚན་རང་གི་ བཟུང་དོན་དུ་མེད་པར་ཐལ། དེ་མ་ཡིན་གྱི་དངོས་པོ་ལས་ཐ་དད་པ་སྟེ། ལྡོག་པའི་རྗེས་སུ་ འབྲངས་པའི་རྣམ་རྟོག་གིས་བཏགས་པའི་དོན་ཅན་ཡིན་པས་དཔེར་ན་གཟུགས་སོགས་ཡོན་ ཏན་ལ་གཅིག་དང་ལྡན་པ་ལ་སོགས་པ་རང་ལས་རྫས་ཐ་དད་པའི་རང་གི་ཆོས་སུ་མེད་ཀྱང་ གཅིག་དང་ལྡན་པ་ལ་སོགས་པའི་སྒྲ་རྟོག་འཇུག་པར་ཁྱེད་རང་འདོད་པ་བཞིན། ཞིག་པ་དང་མ་སྐྱེས་པའི་བུམ་པ་ད་ལྟ་མེད་ཀྱང༌། དེ་འདྲའི་བུམ་པ་གཅིག་གཉིས་ལ་ སོགས་པ་བརྗོད་པ་བཞིན་གལ་ཏེ་འདིར་ནི། ཡོན་ཏན་ལ་གཅིག་སོགས་བཏགས་ནས་ འཇུག་པར་འདོད་ཅེ་ན་རྒྱུ་མཚན་གང་གི་དེ་ལྟར་འདོད་པ་ཡིན། གྲངས་སོགས་ཡོན་ཏན་ གྱི་ཆོས་སུ་མེད་ཀྱང་ཡོན་ཏན་གཅིག་གཉིས་བརྗོད་པ་ཙམ་དུ་ཟད་ན་རྒྱུ་མཚན་དེ་ནི་དངོས་ པོ་ཐམས་ཅད་ལ་གྲངས་སོགས་ཀྱི་སྒྲ་དེ་དག་བཏགས་ནས་འཇུག་པའི་རྒྱུར་ཅིས་མི་འདོད། དེས་ན་བུམ་སོགས་ཆོས་ཅན་གཅིག་གཉིས་སོགས་གྲངས་སོགས་བརྗོད་པའི་སྒྲ་དེ་ཁྱོད་ལ་ བཏགས་ནས་འཇུག་པར་ཐལ། དེ་ཁྱོད་ལས་རང་མཚན་ཐ་དད་པའི་ཁྱོད་ཀྱི་ཆོས་སུ་མེད་ པས་སོ། ། 1-1-134 གལ་ཏེ་ཀུན་ལ་གྲངས་སོགས་ཀྱི་སྒྲ་ཉེར་རྟག་མིན་ཏེ། ཡིན་ན་གལ་ཏེ་དངོས་མིང་ དུ་འགྱུར་བ་མེད་པས་སོ་ཞེ་ན། དངོས་བཏགས་ཀྱི་མིང་གི་མཚནཉིད་གང༌། དངོས་པོ་ཐ་ དད་ཁྱད་པར་གྱི་ཆོས་སུ་ཡོད་པའི་མིང་གི་གཙོ་བོའི་དངོས་མིང་དང་མེད་པ་བཏགས་མིང་ གི་མཚན་ཉིད་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། དངོས་པོ་ཐ་དད་ཁྱད་ཆོས་སུ་ཡོད་མེད་ཀྱི་ མིང་དངོས་བཏགས་ཀྱི་མིང་གི་མཚན་ཉིད་ཞེས་བྱ་བ་ཉིད་གང་ལས་ཏེ་མི་འཐད་པར་ཐལ། འདོད་རྒྱལ་ཐོག་མར་གྲགས་པའི་མིང་དོན་དེ་ཐུན་མོང་མིན་པར་གོ་བྱེད་ཀྱི་སྒྲ་དངོས་མིང་ དང་གཞན་ལ་གྲགས་ཟིན་གྱི་མིང་ཕྱིས་གཞན་མིང་དུ་རྗེས་གྲུབ་དུ་འཇུག་ན་བཏགས་མིང་དུ་ འཐད་པས་སོ། །གྲངས་སོགས་གྱི་སྒྲ་རྣམས་ཆོས་ཅན། ཐ་དད་པ་མེད་དེ། རྣམ་གྲངས་པར་ ཐལ། བརྗོད་བྱ་དོན་ཐ་དད་པ་མེད་པའི་ཕྱིར་ཅེ་ན། ཡོན་ཏན་དཀར་པོ་ལ་སོགས་པ་དང་གྲངས་སོགས་དང་ལྡན་པའི་སྒྲ་རྣམས་དང་ཡང་ ཆོས་ཅན། སྒྲ་རྣམ་གྲངས་པར་ཐལ། བརྗོད་བྱ་དོན་གཞན་རྒྱུ་མཚན་ཅན་མིན་པའི་ཕྱིར། འདོད་ན། དེ་རྣམས་རྣམ་གྲངས་པར་འདོད་པ་མིན་པ་བུད། གལ་ཏེ་ཡོན་ཏན་དེ་ལ་ཡང་ཡོན་ཏན་དོན་གཞན་ཡོད་ཞེ་ན། དེ་ཡི་ཕྱིར། ཤེས་བྱ་ཆོས་ ཅན། ཡོན་ཏན་རྫས་ནི་ཁྱེད་མེད་དུ་འགྱུར་བར་ཐལ་ལོ། །གཞན་ཡང་གྲངས་སོགས་ཀྱིས་སྒྲ་ རྣམས་ཆོས་ཅན། བརྗོད་བྱ་དོན་གཞན་མིན་ཡང་ཐ་དད་པ་ཡིན་ཏེ། བརྗོད་བྱ་ལྡོག་པའི་དབྱེ་ བ་ཐ་དད་པས་སོ། །དཔེར་ན། ལས་མིན་རྫས་མིན་ཅེས་པའི་སྒྲ་བཞིན་ནོ། །བུམ་པའི་གྲངས་ སོགས་ཆོས་ཅན། བུམ་པ་ལས་རྫས་ཐ་དད་དེ། བུམ་པའི་གྲངས་ཞེས་པའི་དྲུག་སྒྲ་འཇུག་ པས་སོ་ཞེ་ན། དངོས་པོ་བརྗོད་པའི་སྒྲས་བུམ་པའི་གྲངས་ཞེས་པའི་སྒྲ་རྣམས་ཆོས་ཅན། ཁྱོད་ཀྱི་བུམ་ པའི་གྲངས་སོགས་དེ་དང་ལྡན་པའི་བུམ་པ་ལས་ཐ་དད་པ་བཞིན་དུ་བསྟན་པ་གང་ཡིན་པ་དེ་ 1-1-135 ཡང་དོན་ཡོད་དེ། བུམ་པའི་གྲངས་དེ་བུམ་པའི་ཆོས་གཞན་སྲ་བ་སོགས་ལས་ཁྱད་པར་དུ་ཕྱེ་ ནས་སྟོན་པར་བྱེད་པའི་ཕྱིར་བུམ་པའི་གྲངས་ཞེས་པའི་སྒྲ་ཆོས་ཅན། བུམ་པ་དང་བུམ་པའི་ གྲངས་རང་མཚན་ཐ་དད་མིན་ཡང་ཁྱོད་དོན་ཡོད་དེ། བུམ་པའི་ལྡོག་ཆ་དེ་ཙམ་ཤེས་པར་འདོད་པ་ན་གཞན་བུམ་པའི་སྲ་བ་སོགས་ལྡོག་པ་ གཞན་ཀུན་འཕངས་པ་མེད་པར་ནི་སྟེ་སྤངས་ནས་བུམ་གྲངས་བུམ་པ་ལས་ཆོས་ཐ་དད་པ་ བཞིན་དུ་བརྗོད་པར་བྱེད་པ་ཙམ་ཡིན་པས་སོ། །དཔེར་ན་ལ་ལར་སོར་མོའི་ལྡན་པ་ཞེས་ བརྗོད་པ་བཞིན་ནོ། ། སོར་མོ་ལྡན་པར་འགྱུར་ཞེས་པའི་སྒྲ་ཆོས་ཅན། ཆོས་ཅན་བརྗོད་པར་གྲགས་པ་ཡིན་ ཏེ། སོར་མོའི་ཆོས་ཐམས་ཅད་ནི་འཕེན་ཕྱིར་ཏེ་མི་སྤོང་བར་སོར་མོའི་བཤིབས་པ་ཙམ་སྟོན་ པའི་སྒྲ་ཡིན་པའི་ཕྱིར། དེ་ལྟར་ན། སོར་མོའི་ལྡན་པ་ཞེས་པའི་སྒྲ་དང་སོར་མོ་ལྡན་པར་ འགྱུར་ཞེས་པའི་སྒྲ་ཆོས་ཅན། བརྗོད་བྱ་དོན་བདག་ཉིད་གཅིག་པ་གཅིག་བརྗོད་དེ་སོར་མོའི་ བཤིབས་པ་ཙམ་དེ་ཁྱད་པར་གཞན་སྤོང་མི་སྤོང་གི་སྒོ་ནས་རིམ་བཞིན་སྟོན་པར་བྱེད་པས་ སོ། །དེས་ན་ཆོས་ཅན་བརྗོད་བྱ་རང་མཚན་ཐ་དད་མེད་ཀྱང་དོན་ཡོད་དེ་དེ་ལྟར་སྟེ། དོན་ངོ་ བོ་གཅིག་ལ་ཁྱད་པར་གཞན་སྤོང་མི་སྤོང་གི་བརྡ་ཐ་དད་བྱས་པའི་དབང་གིས་འཇུག་པ་ཡིན་ པས་སོ། །ཡན་ལག་ཅན་གྱི་རྫས་མེད་པར་དྲི་རོ་སོགས་ཚོགས་པ་ཙམ་ཡིན་ན། བུམ་པའི་ གཟུགས་ཞེས་སོགས་སུ་མི་འགྱུར་ཏེ། གཟུགས་ཀྱི་གཟུགས། བུམ་པའི་བུམ་པ་ཞེས་པར་མི་ འགྱུར་བས་སོ། །ཞེ་ན། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པའི་གཟུགས་སོགས་ལས་མ་ རྟོགས་པའི་བུམ་པའི་ཡན་ལག་ཅན་ཞིག་ཡོད་པའི་རྒྱུ་མཚན་ཁོ་ནས་འཇུག་པ་མ་ཡིན་པར་ ཐལ། ། བུམ་པའི་གཟུགས་དྲི་སོགས་ཀྱི་ནུས་པའི་ཁྱད་པར་རེ་རེ་བ་བརྗོད་བྱར་སྤོང་བའམ་མ་ 1-1-136 འཕངས་པར་བུམ་པའི་གཟུགས་སོགས་དེ་དག་གི་མཚུངས་པ་སྟེ་ཐུན་མོང་གི་འབྲས་བུ་ཆུ་ སྐྱོར་བ་ལྟ་བུའི་རྒྱུ་མིན་པ་ནི་རྣམ་དཔྱོད་དེ། ཆུ་སྐྱོར་བའི་ནུས་པ་ཙམ་རྟོགས་པའི་ཆེད་དུ་སྦྱར་ བས་སོ། ། སྒྲ་སྦྱོར་བ་ན་ཆོས་ཅན། བུམ་པ་གཟུགས་ཡིན་ཞེས་སམ་གཟུགས་བུམ་པ་ཡིན་ཞེས་གཞི་ གཅིག་པ་ཅན་གྱི་སྒྲ་དོན་མཐུན་རུང་བ་མིན་ཏེ། བུམ་སྒྲས་བུམ་པའི་གཟུགས་བརྗོད་བྱར་མ་ འཕངས་པ་དེས་ནའོ། །སོགས་སྒྲས་ཚོགས་པ་ཅན་སྤོང་བ་དེས་ན། བུམ་སྒྲ་ཆོས་ཅན། གསེར་ བུམ་སོགས་བུམ་པའི་རིགས་ཅན་བརྗོད་བྱར་མི་སྤོང་བ་དང༌། བུམ་པའི་གཟུགས་སོགས་ ཚོགས་པ་ཅན་བརྗོད་བྱར་སྤོང་བའི་ཁྱད་པར་འདི་ནི་ཡོད་པ་ཡིན་ཏེ། གསེར་བུམ་སོགས་ རིགས་ཅན་ལ་ལྟོས་ཏེ་རིགས་བརྗོད་ཡིན་ལ། བུམ་གཟུགས་སོགས་ཚོགས་པ་ཅན་ལ་ལྟོས་ ཏེ་ཚོགས་བརྗོད་ཡིན་པའི་ཕྱིར། ཡན་ལག་ཅན་མེད་ན་བུམ་པའི་གཟུགས་ཞེས་པ་དོན་མེད་ དོ་ཞེ་ན། བུམ་པ་ཡི་ནི་གཟུགས་ཞེས་པའི་སྒྲ་ཆོས་ཅན། དེ་མེད་ཀྱང་དོན་ཡོད་དེ། དེ་སྤྱི་ཡན་ལག་ ཏུ་བྱས་པ་སྟེ། བུམ་པ་དམིགས་ཀྱིས་བཀར་ཏེ་དེ་ཡི་ནུས་པའི་ཁྱད་པར་བུམ་པའི་གཟུགས་ འཛིན་མིག་ཤེས་ཀྱི་དམིགས་རྐྱེན་སྣམ་བུ་སོགས་ཀྱི་གཟུགས་ལས་ཁྱད་པར་དུ་ཕྱེ་ནས་སྟོན་ པས་སོ། ། བཤད་མ་ཐག་པའི་ཕྱོགས་འདིས་ཙན་དན་གྱི་དྲི་ཞེས་པའི་སྒྲ་ཆོས་ཅན། ཆོས་གསུམ་ ལྡན་གྱི་རྫས་མེད་ཀྱང་དོན་ཡོད་དེ། ཙན་དན་གྱི་དྲི་དེ་ག་བུར་གྱི་དྲི་ལས་ཕྱེ་ནས་སྟོན་པར་ བྱེད་པའི་ཕྱིར། ཞེས་སོགས་ལའང་བརྗོད་པར་བྱའོ། །ཡན་ལག་དུ་མ་ཡིད་བློའི་ཉེར་ལེན་ ཡིན་ཞེ་ན། ཡན་ལག་ཀུན་ཚོགས་པ་ཡིན་ནམ་རེ་རེ་བ་ཡིན། ཡན་ལག་མ་ལུས་པར་ཚོགས་པ་རྒྱུ་ 1-1-137 ཉིད་ཡིན་ན་ཡིད་བློ་ཆོས་ཅན། ཡན་ལག་གཅིག་དང་བྲལ་ནའང་སྐྱེ་བ་མིན་པར་ཐལ་ལོ། ། ཡན་ལག་རེ་རེས་བསྐྱེད་ནུས་པ་ཡིན་ནའང་རྒྱུད་གཅིག་ལ་གཅིག་ཅར་ཁྱོད་མང་པོ་འབྱུང་ བར་འགྱུར་རོ། །གལ་ཏེ་དབུགས་རེ་རེས་ཡིད་བློ་རེ་རེ་ཁོ་ན་གསལ་བར་བྱེད་པའི་ཕྱིར་སྐྱོན་ མེད་ཅེ་ན། དབུགས་འབྱུང་རྔུབ་དག་ལས་གང་རུང་གཅིག་ཆོས་ཅན། ཡིད་བློ་རེ་རེ་ཁོ་ན་སྐྱེ་བར་ ངེས་བྱེད་མིན་པར་ཐལ། ལུས་དང་རང་གི་ཆ་ཤས་དུ་མ་ཅན་དུ་མཚུངས་པའི་ཕྱིར། ལུས་ སམ་དབུགས་རྟག་པ་གཅིག་ཡིན་ན་ཡང་ཡིད་བློ་དེ་ཆོས་ཅན། ཁྱོད་མང་པོ་ཅིག་ཅར་གསལ་ བའམ་སྐྱེ་བར་འགྱུར། ཁྱོད་ཀྱི་རྒྱུ་ལུས་དབུགས་རྟག་པ་ལས་རྟག་ཏུ་ཉེ་བའི་ཕྱིར། གལ་ཏེ་ ལུས་དབུགས་གཅིག་ཅར་བློ་དུ་མའི་རྒྱུ་མིན་ན་ལུས་དབུགས་ཆོས་ཅན་རིམ་གྱིས་ཀྱང་ཡིད་ བློ་དུ་མའི་རྒྱུ་མིན་པར་ཐལ། གཅིག་ཅར་དེ་ཡི་རྒྱུ་མིན་ཅིང་སྔ་ཕྱི་ཁྱད་པར་མེད་པའི་རྟག་ པ་ཡིན་པའི་ཕྱིར་དབུགས་གཅིག་ཡིད་བློ་གཅིག་ཁོ་ནའི་རྒྱུ་ཡིན་ནོ་ཞེ་ན། དབུགས་གཅིག་ དེ་ཆོས་ཅན། ཁྱོད་ལས་ཡིད་བློ་རེ་རེ་ཁོ་ན་སྐྱེ་བར་རིགས་པར་ངེས་པ་མིན་པར་ཐལ། ཁྱོད་ ཀྱི་ཡུལ་ཅན་ནའང་དོན་སྔ་ཕྱི་དུ་མ་འཛིན་པའི་ཡིད་བློ་དུ་མ་སྐྱེ་བའི་ཕྱིར། གལ་ཏེ་དབུགས་ གཅིག་གི་ཡུན་ཅན་ལ་དོན་དུ་མ་བློ་རྟག་པ་གཅིག་གི་ཤེས་པས་སྐྱོན་མེད་ཅེ་ན། དེ་འདྲའི་བློ་ནི་ཆོས་ཅན། དོན་དུ་མ་གཅིག་ཅར་འཛིན་པ་ཉིད་དུ་ཐལ། དེ་འཛིན་ཅིང་ རྟག་པས་སོ། །ཁྱབ་སྟེ། བློ་རྟག་པས་འཛིན་ན་གཅིག་ཅར་འཛིན་པ་ལ་འགལ་བ་མེད་པའི་ ཕྱིར། དེ་ལྟ་མ་ཡིན་ན། རིམ་གྱིས་ཀྱང་དོན་དུ་མ་འཛིན་པར་མི་འགྱུར་བར་དེ་གཅིག་ཅར་ འཛིན་ཅིང་སྔ་ཕྱི་ཁྱད་པར་མེད་པར་རྟག་པའི་ཕྱིར་དབུགས་རང་གི་རིགས་འདྲ་དུས་གཅིག་ ལ་ཡོད་པ་མིན་པའི་དུས་ཅན་གྱི་དབུགས་གྱི་སྐད་ཅིག་མང་པོ་དག་སྐད་ཅིག་མང་པོ་དེ་འདྲའི་ སེམས་ཉིད་ཀྱི་དངོས་རྒྱུ་ཡིན་པར་རྟོག་པར་བྱེད་ཅེ་ན། 1-1-138 དབུགས་འབྱུང་རྔུབ་དེ་དག་ཆོས་ཅན། རིམ་ལྡན་དུ་སྐྱེ་བར་ཇི་ལྟར་འགྱུར་ཏེ་མི་འགྱུར་ བར་ཐལ། གོ་རིམ་ལྡན་པར་སྐྱེ་བའི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན་ལུས་རྟག་པ་ལས་སྐྱེས་པ་ བུད། གལ་ཏེ་དབུགས་རང་རིག་སྔ་མ་རྒྱུ་ཡིན་ཞེ་ན། མངལ་དུ་སྐྱེས་མ་ཐག་པའི་དབུགས་ཀྱི་ སྐད་གཅིག་དང་པོ་ཆོས་ཅན། འབྱུང་བར་མི་འགྱུར་བར་ཐལ། དེའི་རྒྱུ་རིགས་འདྲ་སྔ་མ་ཡོད་ པ་མིན་པའི་ཕྱིར། ཁྱབ་རྟགས་སོ། ། དེ་ཡོད་ཀྱང༌། དབུགས་འབྱུང་རྔུབ་གང་རུང་གཅིག་ཆོས་ཅན། གཅིག་ཅར་དུ་མ་ཉིད་དུ་ ཐལ། ཡུལ་ཐ་དད་དུ་མར་གཅིག་ཅར་ཁྱབ་པའི་རགས་པ་ཡིན་པའི་ཕྱིར། འདོད་ན་གང་ཟག་ གཅིག་ཆོས་ཅན། རང་རྒྱུད་ལ་ཡིད་བློ་དུ་མ་གཅིག་ཅར་བསྐྱེད་པར་ཐལ། འདོད་པ་དེ་ཡི་ ཕྱིར། གལ་ཏེ་དབུགས་འབྱུང་བ་ལྟ་བུ་དུ་མའང་དུས་གཅིག་པ་ཅན་ཡིན་པས་སེམས་གཅིག་ གི་ནི་རྒྱུ་ཡིན་ནོ། །ཞེ་ན། དབུགས་ཡིད་བློའི་རྒྱུ་ཡིན་ན། ཚོགས་པའམ་ཇི་ལྟ་ཡོད་པ་རྒྱུ་བ་ ཡིན། དང་པོ་ལྟར་ན། དབུགས་ཆོས་ཅན། ཁྱོད་རྒྱུ་བ་ཞན་པའི་དུས་སུ། ཡིད་རྟོག་མི་འབྱུང་ བར་ཐལ། དེ་དུས་སུ་ཁྱོད་ཀྱི་ཡན་ལག་གཅིག་མ་ཚང་ནའང་དེ་མ་ཚང་བས་སོ། །ཅི་སྟེ་ཕྱི་ ལྟར་རིང་ཐུང་སོགས་ཡོད་པ་ཙམ་དངོས་རྒྱུ་ཡིན་ཞེ་ན། ཡིད་ཤེས་རྟོག་པ་ཆོས་ཅན། དབུགས་འཕེལ་འགྲིབ་ལས་ཁྱོད་ཡང་འཕེལ་འགྲིབ་ཀྱི་ ཁྱད་པར་ཡོད་པར་ཐལ། ཁྱོད་དབུགས་ཀྱི་དངོས་འབྲས་ཡིན་པས་སོ། །ཐལ་བ་ལས། དེ་ ཆོས་ཅན། དབུགས་དེ་ཡི་དངོས་འབྲས་མིན་ཏེ། དབུགས་གང་གི་འཕེལ་འགྲིབ་ཐ་དད་པ་ ལས། ཁྱོད་འཕེལ་འགྲིབ་ཐ་དད་དུ་འགྱུར་བ་མེད་པས་སོ། །ཁྱེད་ལ་ཡང་ཤེས་པ་ལས་ཤེས་ པ་སྐྱེ་ན། རྟོག་པ་དུ་མ་གཅིག་ཅར་ཅི་ཡི་ཕྱིར་མི་སྐྱེ་ཞེ་ན། སྐྱེས་བུ་ཆོས་ཅན། ཡིད་བློ་སྔ་མ་གཅིག་ནི་ཕྱི་མ་གཅིག་གི་རྒྱུ་ཡིན་ཏེ། རྣམ་ཤེས་སྔ་མ་རེ་ རེས་ཕྱི་མ་ཕྱི་མ་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར། རྣམ་ཤེས་དོན་གཞན་སེར་པོ་ལ་ཆགས་ 1-1-139 པ་ཡི་སྔོན་པོ་འཛིན་པའི་ནུས་པ་མེད་པར་གྱུར་པ་ན། ཡིད་རྟོག་ཕྱི་མ་དོན་གཞན་སྔོན་པོ་མི་ འཛིན་པའི་ཕྱིར། དང་པོར་ལུས་ལ་གཅིག་ཅར་བློ་སྐྱེས་ཞིང་ཕྱིས་ནི་རང་རིགས་སྔ་མ་ལས་སྐྱེ་བར་ངེས་ པས་སྐྱོན་མེད་དོ་ཞེ་ན། ལུས་ཆོས་ཅན། ཁྱོད་ཀྱི་ཡིད་བློ་བསྐྱེད་པའི་ནུས་པ་ཅི་ཡི་ཕྱིར་བཟློག་ པ་ཡིན་ཏེ། ཕྱིས་ཀྱང་བསྐྱེད་པར་ཐལ། སྔར་དེ་བསྐྱེད་ཅིང་རྟག་པས་སོ། ། གསུམ་པ་ལ་རྩོད་ལན་གཉིས་ལས། དང་པོ་ནི། གལ་ཏེ་ཤི་བའི་འོག་ཏུ་སེམས་འབའ་ ཞིག་གནས་པར་འགྱུར་བར་ཐལ། དེ་ཡི་ཚེ། ལུས་སེམས་ཀྱི་རྟེན་མིན་པའི་ཕྱིར། ལུས་ནི་ ལྡོག་པའི་ཕྱིར་ནའོ་ཞེ་ན། གསུམ་པ་ནིགསུམ་པ་ཡིན་ནམ་དཔྱད། འཆི་ཁའི་དབང་པོས་འཆི་ཁའི་ལུས་ཕྱི་མ་ བསྐྱེད་པ་ལ་འཇུག་པ་ཐོབ་པ་སྟེ་དེ་བསྐྱེད་པའི་ཆེད་དུ་སེམས་ཀྱི་རྒྱུན་ཕྱི་མ་ལུས་གནས་ པའི་ཡན་ལག་དེ་རྐྱེན་མི་འགྱུར་ན། རྒྱུན་ཕྱི་མ་སེམས་ཡན་གར་བར་གནས་པར་འགྱུར། གཟུགས་མེད་དུ་སྐྱེས་པ་བཞིན་ཞེས་པའི་དེ་དེ་ཡི་རྐྱེན་དུ་འགྱུར་ན་ལུས་སེམས་ལྷན་གཅིག་ ཏུ་གནས་པའི་སྐྱོན་མེད་དོ། །འདི་ནས་ཤི་མ་ཐག་གཟུགས་མེད་ཁམས་སུ་སྐྱེ་བའི་སྐྱེས་བུའི་ འཆི་ཁའི་ཡིད་ཤེས་ཆོས་ཅན། ཁྱོད་ཀྱི་རྒྱུན་ཕྱི་མ་རེ་ཞིག་སེམས་ཡན་གར་བར་གནས་པར་ འགྱུར་ཏེ། ཁྱོད་རང་རྒྱུན་ཕྱི་མ་དང་ལྷན་གཅིག་པའི་ལུས་ཀྱི་རྐྱེན་དུ་མི་འགྱུར་ཞིང༌། འཆི་ ཁའི་སེམས་ཡིན་པས་སོ། །ན་ཞེས་པས་ལུས་ལ་སྲེད་བཅས་གྱི་སྐྱེས་བུ་འཆི་ཁའི་ཡིད་ཤེས་ ཆོས་ཅན། ཁྱོད་ཀྱི་རྒྱུན་ཕྱི་མ་ལུས་ལ་གནས་ཏེ། ཁྱོད་དབང་པོ་དང་བཅས་པའི་ལུས་ཀྱི་རྐྱེན་ དུ་འགྱུར་བའི་སེམས་ཡིན་པའི་ཕྱིར། འོ་ན་ཕྱི་མའི་ལུས་ཀྱི་རྒྱུ་གང་ཞེ་ན། ལུས་ལ་སྲེད་བཅས་ཀྱི་ཚེ་འདི་ཉིད་ཀྱི་ཐ་མ་དབང་པོ་ལྔ་ཆོས་ཅན། རང་འབྲས་ལུས་ གཞན་ཕྱི་མའི་སྐྱེ་མཆེད་དབང་པོ་ལྔའི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་ཏེ། དེ་ཡི་རྫས་ཀྱི་ངོ་བོ་ལ་ 1-1-140 ཕན་འདོགས་བྱེད་ཀྱི་གཙོ་བོ་ཡིན་པས་སོ། །དེ་འདྲའི་འཆི་སེམས་དེ་ལུས་ཕྱི་མའི་རྐྱེན་མིན་ ཏེ། རྐྱེན་དུ་རྒྱང་འཕེན་པས་མ་མཐོང་བས་སོ། ། དེ་ཡི་སྐྱེད་བྱེད་དབང་པོ་ཕྱི་མའི་ལུས་ཀྱི་ཉེར་ལེན་མིན་ཏེ་མ་མཐོང་བས་སོ་ཞེ་ན། དེ་ འདྲའི་ཡིད་ཤེས་ཕྱི་མའི་ལུས་དེའི་ཡན་ལག་དངོས་པོ་དེ་རྐྱེན་ཡིན་པ་འགོག་པ་དང༌། དེ་ཡི་ དབང་པོ་ཕྱི་མའི་དབང་པོའི་ཉེར་ལེན་རྒྱུ་ཡིན་པ་འགོག་པ་ལ་དེ་དང་དེར་རྒྱང་འཕེན་སོགས་ མ་དམིགས་པ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེས་དེ་སྒྲུབ་པའི་ ངེས་བྱེད་མིན་པ་དེ་སྒྲུབ་པ་མིན་པས་སོ། །ཞེས་རབ་ཏུ་སྟེ་ལེའུ་དང་པོར་བཤད་ཟིན་ཏོ། ། དབང་པོ་གཟུགས་ཅན་དང་སེམས་ཆོས་ཅན། འཆི་ཁའི་དབང་པོ་ལྔ་དང་ཡིད་ཤེས་ཕྱི་ མའི་དབང་པོའི་ཉེར་ལེན་དང་རྐྱེན་མིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ལྷག་ལྡན་ཡིན་པས་སོ། །དབང་པོ་སྔ་མས་ཕྱི་མ་བསྐྱེད་པ་ལ་གནོད་བྱེད་མེད་ པར་བསྟན་ནས་དེའི་སྒྲུབ་བྱེད་ཡོད་དོ་ཞེས་སྟོན་ཏེ། ལུས་ལ་སྲེད་བཅས་འཆི་ཁའི་དབང་པོ་ ཆོས་ཅན། རིགས་འདྲ་ཕྱི་མ་བསྐྱེད་རུང་སྟེ། ལུས་ལ་སྲེད་བཅས་ཀྱི་དབང་པོ་ཡིན་པས་སོ། ། དཔེར་ན་ཚེ་འདི་ཡི་དབང་པོ་ལྔ་རྣམས་སྔ་མ་རང་རིགས་ཕྱི་མ་ལ་ཕན་པའི་ནུས་པ་དག་ནི་ མཐོང་བ་ཡིན། དཔེར་མ་གྲུབ་བོ་ཞེ་ན། གསོན་པའི་ཚེ་ཆོས་ཅན། དབང་པོ་སྔ་མ་ལས་ཕྱི་མ་གཞན་དང་གཞན་སྐྱེ་བ་དག་ཀྱང་ གྲུབ་པ་ཉིད་ཡིན་ཏེ། དབང་པོ་སྔ་མ་དང་ས་ལ་ཕྱིས་རྙོག་ཏུ་འགྱུར་བ་མཐོང་བའི་ཕྱིར། གལ་ཏེ་གསོན་ཚེ་ལུས་ལས་དབང་པོ་སྐྱེ་ཡི། རིགས་འདྲ་སྔ་མ་ལས་མིན་ཞེ་ན། ཚེ་འདི་ ཡི་དབང་པོ་སྔ་ཕྱི་རྣམས་ཆོས་ཅན། གཅིག་ཅར་སྐྱེ་བར་ཐལ། ལུས་རྟག་པ་ལས་སྐྱེ་བས་སོ། ། ཞེས་སྔ་མ་བཞིན་དུལ་བར་འགྱུར། ད་ལྟའི་དབང་པོ་རྣམས་སེམས་ཁོ་ན་ལས་སྐྱེས་ཞེ་ན། དེའི་ཕྱིར། ཤེས་བྱ་ཆོས་ཅན། ལུས་གཞན་ཕྱི་མའི་དབང་པོ་ཡང་སེམས་ཉིད་ལས་སྐྱེ་བར་ 1-1-141 འགྱུར། བཞི་པ་བསྡུ་བ་ནི། ལུས་སེམས་ཀྱི་ཉེར་ལེན་མིན་པ་དེས་ན་ལུས་ལ་སྲེད་བཅས་ཀྱི་སྐྱེས་ བུ་དང་དགྲ་བཅོམ་གྱི་འཆི་ཁ་ཡི་ནི་སེམས་རྣམས་ཀུན་ཆོས་ཅན། རིག་པ་ཕྱི་མ་འཚམས་སྦྱོར་ བ་མེད་དེ། རིག་པ་ཕྱི་མ་བསྐྱེད་པའི་རྒྱུ་དང་བྲལ་བའི་ཕྱིར་ཞེས་པའི་རྟགས་ཆོས་ཅན། དེ་ སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་མ་གྲུབ་པ་ཡིན་པའི་ཕྱིར། རྒྱུ་ མཚན་དེ་ཡི་ཕྱིར། དེ་འདྲའི་སྒྲུབ་བྱེད་འཆི་སེམས་ཆོས་ཅན། ཆོས་འདྲ། དེ་ཡི་ལྷག་ལྡན་དུ་ འདོད་པར་རིགས་པའི་ཕྱིར། གཉིས་པ་ལ། རྩོད་ལན་གཉིས་ལས། དང་པོ་ནི། རྒྱལ་དཔོག་པ་ན་རེ། བརྩེ་སོགས་ གོམས་པ་ལས་ཁྱད་པར་ཅུང་ཟད་ཡོད་པར་འགྱུར་ན་ཡང་རང་བཞིན་ཚད་ཅན་ལས་འདས་ ནས་ཚད་མེད་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་མཆོངས་པ་དང་ཆུ་ཡི་དྲོད་བཞིན། ཞེ་ན། གཉིས་པ་ལ་བཞི། མཆོངས་སོགས་ཚད་ལས་འདས་པའི་རྒྱུ་མཚན་མེད། བརྩེ་སོགས་ མཐའ་མེད་འགྱུར་བའི་རྒྱུ་མཚན་ཡོད། མཆོངས་པ་རང་རིགས་ལས་མིན་ལུས་ལ་ལྟོས། སླར་ ཡང་དཔེ་དོན་གཉིས་ཀ་ལ་ཀླན་ཀ་སྤང་བའོ། ། དང་པོ་ནི། ངེད་ཀྱིས་རྟགས་ཁྱད་པར་ཅན་བཀོད་པས་སྐྱོན་མེད་ཅེས་སྟོན་ཏེ། ཐ་མལ་ གྱི་མཆོངས་པ་ཆོས་ཅན། ཁྱད་པར་དག་ནི་མཐའ་མེད་དུ་མི་འཕེལ་བའི་རྒྱུ་མཚན་ཡོད་དེ། གོམས་པར་བྱས་ཏེ་སྐྱེད་ཀྱང་སླར་ཡང་ནི་ལུས་ཀྱི་འབད་རྩོལ་སྐྱར་མ་ལ་ནི་ལྟོས་པའི་བེམ་པོ་ ཡིན་པས་སོ། ། ཆུ་སྲོས་པ་ཡང་ཆོས་ཅན། ཉེར་ལེན་སྔ་མ་ལས་རང་གི་ངང་གིས་འཇུག་པ་དེ་ལྟ་མ་ཡིན་ ཏེ། ཁྱོད་ཀྱི་རྟེན་མི་བརྟན་ཅིང་རྒྱུན་ཆད་པར་འགྱུར་བས་སོ། །སྔ་མ་དེ་ཆོས་ཅན། ཆོས་འདྲ། དེས་དེ་ཁྱོད་ལ་ཕན་འདོགས་ནུས་པའི་རྩོལ་བ་སྔ་མ་རྣམས་རྩོལ་བ་ཕྱི་མ་དག་ལ་ནི་ཁྱད་པར་ 1-1-142 མཐའ་མེད་དུ་སྒྲུབ་པའི་ནུས་པ་མེད་པའི་ཕྱིར། ཆུ་སྤྲོས་པ་ཆོས་ཅན། ཁྱོད་མེད་པར་མི་འགྱུར་ ཏེ་རང་གི་རྟེན་གྱི་ཆུ་དེ་རྟག་ཏུ་གནས་པ་མིན་པའི་ཆུ་ཡིན་པའི་ཕྱིར། དེ་གཉིས་ཆོས་ཅན། ཁྱད་པར་ཅུང་ཟད་འཕེལ་ཡང་མཐའ་མེད་དུ་མི་འཕེལ་ཏེ། རང་རིག་སྔ་མ་ལས་རང་གི་ངང་ གིས་འཇུག་པ་ཉིད་མིན་པའི་ཕྱིར། གཉིས་པ་ནི། བརྩེ་སོགས་ཆོས་ཅན། ཁྱོད་རྩོལ་བ་སྔ་མ་ལས་རྩོལ་བ་གཞན་ཕྱི་མ་ཁྱད་ པར་དུ་བྱེད་པར་འགྱུར་ཏེ། གང་ཚེ་ཁྱོད་གོམས་པས་ཁྱད་པར་བྱས་ན་ཡང་ལུས་ཀྱི་རྩོལ་བ་ སྐྱར་མ་ལ་ལྟོས་པར་མི་འགྱུར་བའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཆོས་ཅན། གོམས་ན་ རང་གི་ངང་གིས་འཇུག་པར་འགྱུར་ཏེ། སེམས་རྒྱུད་ལས་གོམས་པར་བྱས་པ་ལས་ཁྱད་པར་ ཅན་དུ་སྐྱེ་བའི་ཡོན་ཏན་རྒྱུན་ཆགས་ཡིན་པའི་ཕྱིར། དཔེར་ན་གེགས་མེད་ན་ཤིང་ལ་མེ་དང་ དངུལ་ཆུ་འདུལ་བྱེད་ཀྱི་སྨན་ལས་དངུལ་ཆུ་དང་གསེར་སྦྱོང་བའི་ཁ་སྦྱར་སོགས་ལས་གསེར་ ཁྱད་པར་དུ་བྱེད་པ་བཞིན་ནོ། ། རྒྱུ་མཚན་དེ་ཡི་ཕྱིར། དེ་ཆོས་ཅན། ཁྱོད་གོམས་པའི་རྩོལ་བ་སྔ་མ་ལས་ཕྱི་མ་ཕྱི་མ་ ཁྱད་པར་བྱེད་པ་ཡིན་ཏེ། རང་གི་རིགས་འདྲ་སྔ་མ་དེ་དག་ལ་སེམས་ཀྱི་ངོ་བོ་ཉིད་དུ་སྐྱེས་ པའི་ཡོན་ཏན་རྒྱུན་ཆགས་ཡིན་པའི་ཕྱིར་བརྩེ་བ་ལ་སོགས་པ་དེ་དག་ཆོས་ཅན། མཐུན་རྐྱེན་ གོམས་པ་ཚང་བར་གྱུར་ཅིང་འགལ་རྐྱེན་མེད་ན། གང་ན་གནས་ཏེ་ཚད་མེད་དུ་འཕེལ་ཏེ། གང་གི་ཕྱིར་ན་རང་གི་རིགས་མཐུན་སྔ་མའི་ས་བོན་ཉེར་ལེན་ལས་འཕེལ་བར་འགྱུར་བའི་ ཡོན་ཏན་རྒྱུན་ཆགས་ཡིན་པས་སོ། ། གསུམ་པ་ནི། ཐ་མལ་གྱི་མཆོངས་པ་དེ་ཆོས་ཅན། བརྩེ་སོགས་ཉེར་ལེན་རང་རིག་སྔ་ མ་ལས་འཕེལ་བ་ལྟར་དུ་ཁྱོད་མཆོངས་པ་སྔ་མ་ཉིད་ལས་སྐྱེ་བ་མ་ཡིན་ཏེ། ཁྱོད་རང་གི་ཉེར་ ལེན་རྒྱུ་ལུས་ཀྱི་སྟོབས་དང་འབད་རྩོལ་ལ་ལྟོས་པའི་ཕྱིར། དེས་ན་ཐ་མལ་སྐྱེས་བུ་ཆོས་ཅན། 1-1-143 ཁྱོད་ཀྱི་མཆོངས་པ་དེ་ཚད་ངེས་པའི་བདག་ཉིད་ཅན་ཡིན་ཏེ། ཁྱོད་ཀྱི་ཉེར་ལེན་ལུས་ཀྱི་ སྟོབས་དང་འབད་རྩོལ་དག་གཉེར་ལེན་ཅན་ཚད་སྐྱེས་པའི་ནུས་པ་ངེས་པ་ཉིད་ཀྱི་ཕྱིར་རོ། ། བཞི་པ་ནི། མཆོངས་པ་ཉེར་ལེན་ལུས་ལས་སྐྱེ་ན། ཉི་མ་དང་པོ་ནས་ཕྱིས་བྱང་བའི་ཚད་ དུ་མཆོངས་ནུས་པར་ཐལ་ལོ་ཞེ་ན། མཆོངས་པ་སྦྱོང་བའི་ཐ་མལ་པ་ཆོས་ཅན། དང་པོ་ཕྱི་ བཞིན་དུ་མཆོངས་པ་མ་ཡིན་པར་ཐལ། དང་པོ་ལུས་མི་མཐུན་པ་བད་ཀན་སོགས་ཀྱིས་ལྕི་བར་བྱས་པའི་ཕྱིར། ལུས་བསྐྱོད་པའི་ རྩོལ་བས་རིམ་གྱི་མི་མཐུན་པ་བསལ་ན་ཡང༌། ཐ་མལ་པའི་མཆོངས་པ་ཆོས་ཅན། མཐའ་ མེད་དུ་མི་འཕེལ་ཏེ། རྒྱུ་ལུས་ཀྱི་སྟོབས་ཀྱིས་ཚད་ཇི་ཙམ་པ་དེ་ཙམ་དུ་གནས་པའི་ཕྱིར། གལ་ ཏེ་མཆོངས་པ་བཞིན་དུ་བརྩེ་སོགས་ཀྱང་ཅི་ཡི་ཕྱིར་ན་མིན་ཞེ་ན། ཐ་མལ་སེམས་ཅན་ཆོས་ཅན། བརྩེ་བ་རང་གི་ས་བོན་ལས་བྱུང་ཡང་ཁྱོད་ཀྱི་སེམས་ སྙིང་རྗེ་ཆེན་པོའི་ངང་དུ་གནས་པ་མ་ཡིན་ཏེ། རང་གི་ས་བོན་ཚུལ་མིན་ཡིད་བྱེད་ཀྱི་རྒྱུ་ཅན་ མི་མཐུན་ཕྱོགས་ཞེ་སྡང་སོགས་ཀྱིས་ཁྱོད་ཀྱི་སྙིང་རྗེ་འཕེལ་བ་ལས་གནོད་པ་བྱས་པའི་ཕྱིར། གལ་ཏེ། གེགས་མེད་ན་འཕེལ་སྟེ་བརྩེ་སོགས་སྙིང་རྗེ་གོམས་པ་བརྟན་པོའི་སྐྱེས་བུ་ཆོས་ ཅན། སེམས་ལ་དེ་དག་ཉིད་དུ་སྟེ་སྙིང་རྗེ་ངང་གིས་འཇུག་པར་འགྱུར་ཏེ། ཞེ་སྡང་སོགས་ ཀྱིས་བརྩེ་བ་འཕེལ་བ་ལས་གནོད་པ་མེད་ཅིང་མཐུན་རྐྱེན་སྙིང་རྗེ་རྒྱུན་དུ་གོམས་པས་སོ། ། ཅི་ཡི་ཕྱིར་དེ་ལྟར་འགྱུར་ཞེ་ན། འདི་ལྟར། བརྩེ་སོགས་གོམས་པ་སྔ་མ་སྔ་མ་ཆོས་ཅན། སེམས་ཀྱི་ཆོས་བརྩེ་བ་དང་ ཆགས་བྲལ་གྱི་སེམས་དང་བློ། ཤེས་རབ་སོགས་གཞན་ཕྱི་མ་དག་གིས་གསལ་བ་སྟེ། འཕེལ་ བ་ཡི་ནི་རྩ་བ་ཡིན་ཏེ། དེ་ཡི་ཕན་བྱེད་ཀྱི་གཙོ་བོ་ཡིན་པས་སོ། ། བྱང་སེམས་འཕགས་པ་ཆོས་ཅན། བརྩེ་བ་ཆེན་པོའི་བདག་ཉིད་དེ་མཉེས་པ་ཡིན་ཏེ། 1-1-144 སྙིང་རྗེ་ཤིན་ཏུ་གོམས་པར་བྱས་པའི་འཕགས་པ་ཡིན་པས་ལས་སོ། །དཔེར་ན་ཆགས་བྲལ་ ལ་ཆགས་བྲལ་གྱི་བློ་དང༌། ཆགས་ལྡན་ལ་ཆགས་པའི་བློ་དང༌། མི་སྡུག་པ་གོམས་པ་ལ་ཡིད་ ལོག་གི་བློ་དང་རང་གི་ངང་གིས་འཇུག་པ་བཞིན་ནོ། ། བཞི་པ་སྟོན་པ་ལ་གསུམ། ཕན་པར་བཞེད་ལས་ཐབས་ལ་སྦྱོར། ཐབས་ལ་ཇི་ལྟར་སྦྱོར་ བའི་ཚུལ། སྦྱོར་བ་དེ་ཉིད་སྟོན་པར་བསྟན་པའོ། །དང་པོ་ནི། བརྩེ་ལྡན་བྱང་སེམས་སྦྱོར་ ལམ་པ་ཆོས་ཅན། སྡུག་བསྔལ་གཞོམ་པའི་ཕྱིར་དུ་ཐབས་རྣམས་ལ་ནི་མངོན་སྦྱོར་མཛད་ པར་རིགས་ཏེ། རང་འཁོར་བ་ལས་མ་ཐར་བཞིན་དུ་ཡང་སེམས་ཅན་གཞན་འཁོར་བའི་ སྡུག་བསྔལ་སྒྲོལ་བར་བཞེད་པའི་སེམས་དཔའ་ཡིན་པས་སོ། །ཁྱབ་སྟེ། སྡུག་བསྔལ་ཞི་བའི་ ཐབས་ལས་བྱུང་བ་ཐར་པ་དང་དེ་ཡི་རྒྱུ་ཐར་ལམ་དག་ལྐོག་ཏུ་གྱུར་ནས་མི་ཤེས་ན་དེ་དག་ གདུལ་བྱ་ལ་ལེགས་པར་འཆད་པ་ནི་དཀའ་བ་ཡིན་པས་སོ། ། གཉིས་པ་ནི། སྦྱོར་ཚུལ་གང་ཞེ་ན། ཆོས་ཅན། ལུང་དང་རིགས་པའི་རྣམ་དཔྱོད་ཀྱི་བློས་ སྡུག་བསྔལ་གྱི་རྒྱུ་དང༌། དེ་རྟག་མི་རྟག་ལ་སོགས་པའི་རང་བཞིན་ལ་རྟོག་པར་མཛད་པར་ རིགས་ཏེ། གང་གི་ཕྱིར་ན་དེ་ལྟར་སྡུག་བསྔལ་གྱི་རྒྱུ་གནས་འབྲས་བུ་སྡུག་བསྔལ་བཟློག་པ་ མེད་པར་གཟིགས་པའི་ཕྱིར། ཆོས་ཅན། སྡུག་བསྔལ་གྱི་རྒྱུ་དེའི་མི་མཐུན་ཕྱོགས་ལ་ཡང་རྟག་ པར་མཛད་རིགས་ཏེ། སྡུག་བསྔལ་དེའི་རྒྱུ་གཞོམ་པའི་ཕྱིར་དུ་བརྩོན་པས་སོ། །གཉེན་པོ་ གང་ལས་ཤེས་ཞེ་ན། སྡུག་བསྔལ་གྱི་རྒྱུ་དེའི་མི་མཐུན་ཕྱོགས་གཉེན་པོ་ངེས་པར་འགྱུར་ཏེ། སྡུག་བསྔལ་དེ་ཡི་རྒྱུ་ལོག་སྲེད་སོགས་དེ་ཡི་ངོ་བའམ་དམིགས་རྣམ་ལེགས་པར་རྟོགས་པའི་ ཕྱིར། འདུས་བྱས་སྤྱོད་ཡུལ་ཅན་ཆགས་ཏེ། ཕུང་པོ་ལས་བདག་དང་བདག་གིར་ཆགས་པ་ ནི་ཆོས་ཅན། འཁོར་བའི་སྡུག་བསྔལ་དྲག་པོའི་རྒྱུ་ཡིན་ཏེ་དེ་ཕན་བྱེད་ཡིན་པས་སོ། །ཆགས་ པ་དེ་རྒྱུ་གང་ལས་བྱུང་ན། དེ་འདྲའི་ཆགས་པ་ཆོས་ཅན། བདག་དང་བདག་གིར་འཛིན་པས་ 1-1-145 བྱས་པ་ཡིན་ཏེ། དེས་ཕན་ནས་རྗེས་སུ་བྱེད་པས་སོ། །བདག་མེད་མངོན་སུམ་དུ་མཐོང་བའི་ མིག་ཤེས་ཆོས་ཅན། བདག་དང་བདག་གིར་ཆགས་པ་དེའི་གནོད་བྱེད་ཡིན་ཏེ། བདག་ འཛིན་དང་དམིགས་རྣམ་འགལ་བའི་སྒོ་ནས་བདག་འཛིན་སུན་འབྱིན་ནུས་ཡིན་པས་སོ། ། དེས་ན་སངས་རྒྱས་བཅོམ་ལྡན་ཆོས་ཅན། བདག་མེད་རྟོགས་པ་དང་དེ་ཡི་སྤང་བྱ་དེ་ ལ་རིམ་བཞིན་ཡོན་ཏན་དང་སྐྱོན་དག་གི་བྱེ་བྲག་ལ་ཐུགས་རབ་ཏུ་གསལ་བ་ཉིད་དུ་འགྱུར་ ཏེ་ཀུན་མཁྱེན་དུ་འགྱུར་བའི་ཐབས་མང་བོའི་སྒོ་ནས་ཡུན་རིང་དུས་སུ་བདག་མེད་མཐོང་བ་ གོམས་པ་མཐར་ཕྱིན་པས་སོ། །རྒྱུ་མཚན་དེ་ཡི་ཕྱིར་ན། སྡུག་བསྔལ་གྱི་རྒྱུ་ཡི་བག་ཆགས་མ་ ལུས་པར་སྤངས་པ་ཡིན་ཏེ་ནའོ། །གཞན་དོན་ཁོ་ན་ལ་འཇུག་པ་ཅན་གྱི་ཐུབ་པ་ཆེན་པོ་ཆོས་ ཅན། བསེ་རུ་ལ་སོགས་པ་ཉན་རང་དགྲ་བཅོམ་ལས་ཁྱད་པར་དུ་འཕགས་ཏེ། བླང་དོར་ ལ་ཐུགས་གསལ་བ་རབ་ཀྱི་མཐར་ཕྱིན་པའི་སྒོ་ནས་ཉོན་མོངས་པའི་བག་ཆགས་རྩད་ནས་ སྤངས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཡི་རྟགས་འདི་དེ་དེ་དག་ལས་ཁྱད་པར་དུ་ བྱེད་པའི་ཆོས་ཡིན་པས་སོ། ། གསུམ་པ་ནི། བདག་མེད་མཐོང་བ་གོམས་པ་དེ་ཉིད་ཆོས་ཅན། ཀུན་བཏུས་ཀྱི་མཆོད་ བརྗོད་དུ་སྟོན་པར་གསུངས་པའི་རྒྱུ་མཚན་ཡོད་དེ། སྟོན་པ་དངོས་དེ་ཡི་དོན་ཏེ་རྒྱུ་ཡིན་པའི་ ཕྱིར། ཕན་བཞེད་པ་དང་ཐབས་གོམས་པ་གཉིས་པོ་འདི་སྟོན་པ་དངོས་དེའི་རྒྱུ་རུ་བཤད་པའི་ རྒྱུ་མཚན་ཡོད་དེ། རང་དོན་ཕུན་ཚོགས་བདེ་གཤེགས་གྲུབ་པའི་དང་པོར་ཁྱེད་གཉིས་རྒྱུ་ཡོད་ པའི་ཕྱིར། གྲུབ་པའི་དང་པོར་ཡོད་ཕྱིར་རོ་ཞེས་པའི་འགྱུར་ལྟར་རོ། ། ལྔ་པ་བདེ་གཤེགས་ལ་གཉིས། སྤངས་པ་ཕུན་ཚོགས་བདེ་གཤེགས་ཡིན། སྤངས་པ་ ངེས་པའི་རྩོད་པ་སྤང་བའོ། །དང་པོ་ནི། རྫོགས་པའི་སངས་རྒྱས་ཆོས་ཅན། བདེ་གཤེགས་ མཉེས་ཏེ་སྤངས་པ་ཁྱད་པར་གསུམ་ལྡན་མཉེས་པས་སོ། །ཁྱབ་སྟེ། སྡུག་བསྔལ་གྱི་རྒྱུ་རྩད་ 1-1-146 ནས་སྤངས་པའི་ཡོན་ཏན་ཁྱད་པར་གསུམ་ནི་བདེ་གཤེགས་ཉིད་ཡིན་པས་སོ། །སྤངས་པ་ གསུམ་པོ་གང་ཞེ་ན། ཆོས་ཅན་ཁྱོད་ཀྱི་སྤངས་པ་དེ་ལེགས་པ་ཡིན་ཏེ། རང་རྒྱུད་སྡུག་བསྔལ་ གྱི་རྟེན་མིན་པར་ཟག་བཅས་ཀྱི་དངོས་པོ་ཡང་མི་ལེན་པའི་ཕྱིར་ཚུལ་གྱིས་སྤངས་པས་སོ། ། རྟགས་དེ་ནི་ཡིན་ཏེ། སྡུག་བསྔལ་གྱི་གཉེན་པོར་རིགས་པས་མཐོང་བའི་བདག་མེད་མངོན་ སུམ་གྱི་མཐོང་བའི་སྒོ་ནས་གཤེགས་པ་ཉིད་ཡིན་པའི་ཕྱིར། ། འོ་ན་སླར་ལྡོག་པ་གང་ཞེ་ན། ཐ་མལ་སྐྱེས་བུ་ཆོས་ཅན། སླར་ཡང་འཁོར་བར་ལྡོག་སྟེ་ སྐྱེ་བ་སྡུག་བསྔལ་དང་སྐྱོན་ཆགས་སོགས་ནི་རྒྱུད་ལ་ཀུན་ཏུ་འབྱུང་བས་སོ། །ཞེས་བཤད་དོ། ། བཅོམ་ལྡན་འདས་ཆོས་ཅན། འཁོར་བ་པར་སླར་མི་གཤེགས་ཏེ། བདག་ལྟའི་ས་བོན་སྤངས་ པའི་ཕྱིར་ཏེ་བདེན་བཞིའི་གནས་ལུགས་མངོན་སུམ་དུ་རྟོགས་ཤིང༌། བདག་ལྟ་དང་ཐ་དད་ དེ། འགལ་བ་དང་སེམས་ཀྱི་བདག་ཉིད་ཡིན་པ་ཉིད་ཀྱིས་སོ། །སྤང་བྱའི་ལྷག་མ་གང་ལུས་ ཞེ་ན། ཉན་རང་དགྲ་བཅོམ་ཆོས་ཅན། སྤང་བྱའི་ལྷག་མ་ལུས་པ་ཡིན་ཏེ། ལུས་ངག་སེམས་ ཀྱི་གནས་ངན་ལེན་ལུས་པའི་ཕྱིར་དང༌། ཐར་པ་དང་ཐར་ལམ་འཆད་པ་ལ་བློ་མི་གསལ་བ་ ཉིད་ལུས་པའི་ཕྱིར། དེ་ལྟ་ན་ཡང་ཉན་རང་དགྲ་བཅོམ་ཆོས་ཅན། ཉོན་མོངས་པའི་ཀུན་ནས་ བླངས་པའི་སྤྱོད་པ་ཅན་མ་ཡིན་ཏེ། རང་རྒྱུད་ལ་ཉོན་མོངས་པ་མེད་པའི་ཕྱིར་དང༌། ནད་དེ་ འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཆོས་ ཅན། གནས་ངན་ལེན་ཡང་མ་ལུས་པར་སྤངས་པ་ཡིན་ཏེ། ཐབས་མང་པོའི་སྒོ་ནས་བདག་ མེད་མཐོང་བ་གོམས་པ་རབ་ཀྱིས་མཐར་ཕྱིན་པའི་ཕྱིར། གཉིས་པ་ནི། རྒྱལ་དཔོག་པ་སོགས་ཁ་ཅིག ཁྱེད་ཀྱི་ཐུབ་པ་འདི་ཆོས་ཅན། སྐྱོན་ཆགས་ སོགས་ཟད་པ་མིན་ཏེ། སྨྲ་བའི་ཕྱིར་དང༌། ཡོད་པ་དང༌། ཤེས་བྱ་དང༌། གཞལ་བྱ་སོགས་ ཡིན་པའི་ཕྱིར་ཟེར་རོ། །སྨྲ་སོགས་འདི་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་འཁྲུལ་ཏེ། དེ་ཡི་ལྡོག་ 1-1-147 ཁྱབ་ལ་ཐེ་ཚོམ་ཟ་བ་དེའི་ཕྱིར། སེམས་ལྡན་འགའ་ཆོས་ཅན། སྐྱོན་ཆགས་སོགས་རྣམས་མི་ ཟད་པ་ཉིད་ཡིན་ཏེ། རྟག་ཉིད་ཕྱིར་རམ། མི་རྟག་ཡང་སྤོང་བའི་ཐབས་ མེད་པའི་ཕྱིར་རམ། །ཡང་ན་ཐབས་ནི་ཡོད་ཀྱང་མི་ཤེས་པའི་ཕྱིར། ཞེས་བྱ་བར་རྟག་གོ་ དྲང་ན། ཆོས་ཅན་རྟག་པ་མ་ཡིན་ཏེ། རང་རྒྱུ་ཡོད་པའི་ཕྱིར་དང༌། སྤོང་བའི་ཐབས་མེད་པ་མ་ ཡིན་པར་ཐལ་ཁྱོད་ཀྱི་རྒྱུ་བདག་ལྟའི་གཉེན་པོ་གོམས་པས་ཟད་པར་འགྱུར་བའི་ཕྱིར། རྟོག་ ལྡན་ཆོས་ཅན། གཉེན་པོ་དེ་ཤེས་པ་ཡང་གྲུབ་པ་ཡིན་པར་ཐལ། བདག་འཛིན་དེ་ཆགས་ སོགས་ཀྱི་རྒྱུ་ཡི་རང་བཞིན་ཏུ་ཤེས་པ་ཡོད་པ་ཡིས་སོ། ། དྲུག་པ་སྐྱོབ་པ་བཤད་པ་ནི། ཐུབ་ཆེན་ཆོས་ཅན། སྐྱོབ་པ་ཡིན་ཏེ། རིང་ཉིད་ཀྱིས་ གཟིགས་པའི་ཐར་ལམ་ཇི་བཞིན་གསུང་བའི་སྐྱེས་བུ་མཐར་ཐུག་ཡིན་པས་སོ། །ཆོས་ཅན། རྫུན་དེ་ཐར་ལམ་ཕྱིན་ཅི་ལོག་ཏུ་མི་གསུང་སྟེ། དེ་གསུང་བ་ལ་དོན་གཉིས་ཀྱི་འབྲས་བུ་མེད་ པའི་ཕྱིར་བརྩེ་བ་མེད་པ་མ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་ཐར་ལམ་ལ་བརྩོན་ པ་ཀུན་ཀྱང་སེམས་ཅན་གཞན་གྱི་དོན་ཏུ་མཛད་པའི་ཕྱིར། དེས་ན། ཆོས་ཅན། ཐར་པ་དོན་ གཉེར་ལ་ཚད་མའི་སྐྱེས་བུ་ཡིན་ཏེ། རང་གི་ཐུགས་སུ་ཆུད་པའི་ཐར་ལམ་ཐར་པ་དོན་གཉེར་ ལ་གསལ་བར་སྟོན་པའི་སྐྱེས་བུ་མཐར་ཐུག་ཡིན་པས་སོ། ། གཉིས་པ་ལ་ལྔ་སྟེ། རྒྱུ་མཚན་སྒོ་ནས་སྐྱོབ་པ་བཤད། དེ་ལས་བདེ་བར་གཤེགས་པ་ གྲུབ། དེ་ལས་ལམ་གོམས་སྟོན་པ་གྲུབ། དེ་ལས་བསམ་པ་ཕན་བཞེད་གྲུབ། དེ་བཞིས་ཚད་ མ་གྲུབ་པའི་ཚུལ་ལོ། ། དང་པོ་ལ་གཉིས། བདེན་བཞི་སྟོན་པས་སྐྱོབ་པར་བསྟན། བསྟན་བྱའི་བདེན་བཞི་ གཏན་ལ་དབབ་པའོ། །དང་པོ་ནི། ཕན་བཞེད་ལ་སོགས་རྒྱུ་སྔ་མ་སྔ་མ་ལས་སྟོན་པ་ལ་ སོགས་པ་འབྲས་བུ་ཕྱི་མ་ཕྱི་མ་སྲིད་པར་སྒྲུབ་པའི་རང་བཞིན་རྟགས་ལས་ཚད་མར་སྒྲུབ་པ་ 1-1-148 ལས། ཡང་ན། སྐྱོབ་པ་ལ་སོགས་པ་འབྲས་བུ་ཕྱི་མ་ཕྱི་མ་ལས་བདེ་གཤེགས་ལ་སོགས་པའི་ རྒྱུ་སྔ་མ་བསྒྲུབ་པའི་འབྲས་རྟགས་ལས་སངས་རྒྱས་ཚད་མར་སྒྲུབ་པ་འཆད་པ་ནི། ཐུབ་ཆེན་ ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱོབ་པ་ཡིན་ཏེ། སྡུག་ཀུན་འགོག་ལམ་སྟེ། བདེན་བཞི་ ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་མཐར་ཐུག་ཡིན་པས་སོ། ། གཉིས་པ་ལ་བཞི། སྡུག་ཀུན་འགོག་ལམ་མོ། །དང་པོ་ལ་གསུམ། འཁོར་བ་ཅན་སྡུག་ བསྔལ་དུ་བསྟན། འཁོར་བ་མེད་པར་འདོད་པ་དགག སྡུག་བསྔལ་དེ་ཡི་རྣམ་པ་བཤད་པའོ། ། དང་པོ་ནི། སྡུག་བསྔལ་གང་ཞེ་ན། ཉེར་ལེན་ཕུང་པོ་ལྔ་ཆོས་ཅན། སྡུག་བསྔལ་ཡིན་ཏེ། སྐྱེ་ འཆིའི་རྒྱུན་གྱི་འཁོར་བ་ཅན་ཡིན་པས་སོ། ། གཉིས་པ་ལ་གསུམ། གོམས་པའི་རྟགས་ཀྱིས་འཁོར་བ་ཡོད་པར་སྒྲུབ། ཤེས་པའི་ཉེར་ ལེན་ཤེས་པ་ཡིན་པས་སྒྲུབ། འཁོར་བ་མེད་པ་ཧ་ཅང་ཐལ་བ་དགག་པའོ། ། དང་པོ་ལ་གཉིས། རྟགས་དགོད་ཚུལ་སྒྲུབ་པའོ། །དང་པོ་ནི། རྒྱང་འཕེན་ན་རེ། འཁོར་ བ་མེད་དེ་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མེད་པས་རྟགས་མ་གྲུབ་བོ་ ཞེ་ན། ཤེས་བྱ་ཆོས་ཅན། སྐྱེས་མ་ཐག་གི་ཆགས་སོགས་གསལ་བ་ནི། དེ་གོམས་པ་སྔོན་ཏུ་ སོང་སྟེ། ཚེ་འདིར་ཆགས་སོག་གོམས་ལས་ཅན་ཏེ་སྔར་མི་གསལ་བ་ཕྱིས་གསལ་བར་མཐོང་ བའི་ཕྱིར། གཉིས་པ་ནི། གོམས་པས་གསལ་བ་མ་ཡིན་ན། ཆགས་སོགས་གསལ་བ་རྒྱུ་མེད་དམ་ རྒྱུ་གཞན་ཡོད། དང་པོ་ལྟར་ན་ཆགས་སོགས་གསལ་བ་ཆོས་ཅན། འདོད་རྒྱལ་ཏེ་རྒྱུ་མེད་ མིན་ཏེ། རེས་འགའ་སྐྱེ་བས་སོ། །ཁྱབ་སྟེ། རྒྱུ་མེད་ན་སྐྱེ་བ་འགལ་བའི་ཕྱིར། ཕྱི་མ་འདོད་ དེ། ཆགས་སྡང་རྨོངས་གསུམ་ཉེར་ལེན་བད་མཁྲིས་རླུང་གསུམ་ལས་འཕེལ་བ་ཡིན་ཞེ་ན། ཆགས་སྡང་རྨོངས་གསུམ་ཆོས་ཅན། བད་མཁྲིས་རླུང་གསུམ་གྱི་ཆོས་ཏེ། དངོས་འབྲས་མིན་ 1-1-149 པར་ཐལ། དེ་གསུམ་ལ་འཁྲུལ་བའི་ཕྱིར། བད་ཀན་ལ་མཁྲིས་པའི་རང་བཞིན་འདྲེས་པའི་ཕྱིར། བད་ཀན་ཆེ་ལ་ཤེས་རབ་ཅན་ཡང་ཡོད་པས་སྐྱོན་མེད་ཅེ་ན། བད་ཀན་ཅན་ཤེས་རབ་ཅན་ ཆོས་ཅན། མཁྲིས་པ་དེའི་ཆོས་ཤེས་རབ་དེ་ལས་གཞན་དྲི་ང་བ་སོགས་ཡང་ཅིས་མ་མཐོང༌། ཞེས་མཐོང་བར་ཐལ། མཁྲིས་པ་ཅན་ཡིན་པས་སོ། །ཁྱབ་པ་ཁས་སོ། །དེ་འགལ་བ་མེད་དེ། ཆགས་སོགས་གསུམ་བད་སོགས་གསུམ་གྱི་དངོས་འབྲས་ཡིན་པས་སོ་ཞེ་ན། ཤེས་བྱ་ཆོས་ ཅན། ཆགས་སོགས་བད་སོགས་གསུམ་ཀུན་གྱི་ཆོས་ཏེ་ཀུན་གྱི་དངོས་འབྲས་མ་ཡིན་པར་ ཐལ། ཡིན་ན་དེ་གསུམ་ཆ་མཉམ་པ་ཐམས་ཅད་འདོད་ཆགས་མཚུངས་པར་ནི་ཐལ་བའི་སྐྱོན་ ཡོད་པའི་ཕྱིར། གལ་ཏེ། རྒྱུ་བྱུང་བར་མཚུངས་ཀྱང་གཟུགས་སོགས་མི་མཚུངས་པ་བཞིན་ དུ་འདིར་ཡང་སྐྱོན་མེད་དོ་ཞེ་ན། གལ་ཏེ། སེམས་ཅན་གྱི་གཟུགས་དེ་ལའང་ལས་སྣ་ཚོགས་ རྒྱུར་ཡོད་པ་མིན་ན་སེམས་ཅན་རྣམས་ཀྱི་གཟུགས་ཆོས་ཅན། ཆེ་ཆུང་མཚུངས་པར་ཐལ། རྒྱུ་ མཚུངས་པའི་ཕྱིར་ཞེས་དེར་ཡང་རྩོད་པ་མཚུངས་པ་ཡིན་ནོ། ། ཆགས་སོགས་ཆོས་ཅན། བད་སོགས་གསུམ་གྱི་དངོས་འབྲས་མ་ཡིན་པར་ཐལ། སྐྱོན་ དེ་གསུམ་ཕྱིས་གསལ་བའི་ཁྱད་པར་ཡོད་ན་ཡང་ཁྱེད་ཕྱིས་གསལ་བའི་ཁྱད་པར་མེད་པའི་ ཕྱིར། ཁྱབ་སྟེ། དེ་ཡི་དངོས་འབྲས་ཡིན་ན་རྒྱུ་ནི་འཕེལ་བར་གྱུར་པ་ན་འབྲས་བུ་འགྲིབ་པར་མི་རུང་ སྟེ། མཁྲིས་པ་འཕེལ་ན་ཚ་བ་འཕེལ་བ་བཞིན། གལ་ཏེ་མཁྲིས་པ་འཕེལ་བས་ལུས་གདུང་ པ་ལས་ཞེ་སྡང་འཕེལ་བར་མཐོང་བའི་ཕྱིར། རྟགས་མ་གྲུབ་ན། དེ་ལྟར་མཐོང་བ་ཙམ་གྱིས་ རྟགས་མ་གྲུབ་པས་ཁྱབ་པ་མ་ཡིན་པར་ཐལ། ཁྱབ་ན། ཞེ་སྡང་ཆོས་ཅན། དེ་གསུམ་གའི་ དངོས་འབྲས་སུ་ཐལ། དེ་གསུམ་ཐམས་ཅད་འགྱུར་བ་ཡིས་ལུས་གདུང་པ་ལས་ཁྱོད་འབྱུང་ 1-1-150 བར་མཐོང་བས་སོ། །ཆགས་སོགས་བད་སོགས་ཀུན་གྱི་འབྲས་བུ་ཡིན་པས་སྐྱོན་མེད་ཅེ་ན། ཆགས་སོགས་ཆོས་ཅན། དེ་གསུམ་ཀུན་ཉེར་ལེན་དུ་ཡོད་པ་ལས་སྐྱེས་པ་མ་ཡིན་པར་ཐལ། ཡིན་ན་དེ་གསུམ་ཆ་མཉམ་པའི་སྐྱེས་བུ་ཐམས་ཅད་ཆགས་སོགས་མཚུངས་པར་ཐལ་བའི་ སྐྱོན་ཡོད་པའི་ཕྱིར། དེ་གསུམ་ཆ་མཉམ་ན་འདོད་ཆགས་འཕེལ། མི་མཉམ་ན་ཞེ་སྡང་འཕེལ་ བས་ཁྱད་པར་མེད་ཕྱིར་གྱི་རྟགས་མ་གྲུབ་བོ་ཞེ་ན། དེ་གསུམ་ཆ་མཉམ་མི་མཉམ་ལས་ འགྱུར་བའི་ཆགས་སྡང་སོགས། དེ་གསུམ་ཆ་མཉམ་མི་མཉམ་ཁོ་ན་ལས་དངོས་སུ་སྐྱེས་པ་ མ་ཡིན་པར་ཐལ། དེ་གསུམ་ཆ་མཉམ་མི་མཉམ་ལས་སྐྱེས་པའི་ནང་གི་རེག་བྱ་ཡུལ་དུ་ཡོད་ པའི་བདེ་སྡུག་ལས་སྐྱེས་པའི་ཕྱིར། གལ་ཏེ་དེ་གསུམ་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གེགས་བྱས་པས་ འདོད་ཆགས་མི་བསྐྱེད་ཅེ་ན། འོ་ན་རྒྱུ་ཅིས་བུད་མེད་ལ་ཆགས་པ་སྐྱེད་སྨྲོས་ཤིག ། དེ་གསུམ་ མཉམ་པ་ལས་ཁུ་བ་འཕེལ་དེ་ལས་འདོད་ཆགས་སྐྱེ་ཞེ་ན། ཤེས་བྱ་ཆོས་ཅན། བུད་མེད་ལ་ཆགས་པ་དེ་དེ་གསུམ་ཆ་མཉམ་པའི་དངོས་འབྲས་ མ་ཡིན་པར་ཐལ། དེ་གསུམ་ཆ་མི་མཉམ་པ་ལའང་བུད་མེད་ལ་ཆགས་པ་ཅན་མཐོང་བའི་ ཕྱིར་དང༌། གཞན་ནི་དེ་གསུམ་ཆ་མཉམ་ཡང་བུད་མེད་ལ་ཆགས་པ་མིན་པའང་མཐོང་བའི་ ཕྱིར་ཆོས་ཅན། བུད་མེད་ལ་ཆགས་པ་དེ་ཁུ་བ་འཕེལ་བའི་དངོས་འབྲས་མ་ཡིན་པར་ཐལ། ཆགས་ལྡན་གཞན་ནི་ཁུ་བ་ཟད་ན་ཁྲག་འཛག་ཀྱང་བུད་མེད་ལ་ལྷག་པར་ཆགས་པ་མཐོང་ བས་སོ། ། བུད་མེད་གཟུགས་མཛེས་གཅིག་ལ་ལྷག་པར་ཆགས་པ་ཅན་ཆོས་ཅན། བུད་མེད་ གཅིག་པོ་དེ་ལ་ཆགས་པ་དྲག་པོ་ཅན་དུ་མི་འགྱུར་བར་ཐལ། བུད་མེད་གཅིག་པོ་དེ་ལ་ཁུ་བ་ འཕེལ་བའི་ངེས་པ་མེད་པའི་ཕྱིར། བུད་མེད་ཀྱི་གཟུགས་མཛེས་ཀྱང་ཆགས་པའི་ཡན་ལག་ 1-1-151 ཏུ་དགོས་སོ་ཞེ་ན། ཤེས་བྱ་ཆོས་ཅན། ཁུ་བ་འཕེལ་བ་དང་བུད་མེད་གཟུགས་མཛེས་དེ་བུད་ མེད་ལ་ཆགས་པའི་དངོས་རྒྱུ་མིན་པར་ཐལ། དེ་ལྡན་གྱི་སྐྱེས་བུ་ཀུན་བུད་མེད་ལ་ཆགས་པ་ སྐྱེ་བར་མ་ངེས་པའི་ཕྱིར། འགའ་ཞིག་དེ་ལ་སྡང་བར་ཡང་མཐོང་བས་སོ། ། བུད་མེད་ལ་ཆགས་པ་ཆོས་ཅན། བུད་མེད་གཟུགས་མཛེས་པའི་དངོས་འབྲས་མ་ ཡིན་པར་ཐལ། གཟུགས་མཛེས་པའི་ངེས་པ་མེད་པར་ཡང་འབྱུང་བའི་ཕྱིར། བུད་མེད་ཀྱི་ གཟུགས་མཛེས་པ་ལ་ཡོན་ཏན་དུ་མི་འཛིན་ཅིང་ཁུ་བ་འཕེལ་བ་ཡང་ཆོས་ཅན། བུད་མེད་ གཟུགས་མཛེས་ལ་ཆགས་པ་དངོས་སུ་སྐྱེ་བར་འགྱུར། ཁུ་བ་འཕེལ་ཞིང་བུད་མེད་གཟུགས་ མཛེས་ཉེ་བའི་ཕྱིར། གལ་ཏེ་བུད་མེད་ཀྱི་གཟུགས་མཛེས་ལ་ཡོན་ཏན་དུ་འཛིན་པ་དེའང་ ཆགས་པ་སྐྱེ་བའི་ཡན་ལག་ཡིན་ནོ། །ཞེ་ན། ཁུ་བ་འཕེལ་བ་དེ་གསུམ་ཆ་མཉམ་བུད་མེད་ གཟུགས་མཛེས་ཉེ་བའི་སྐྱེས་བུ་ཐམས་ཅད་ཆོས་ཅན། བུད་མེད་ཀྱི་གཟུགས་མཛེས་ལ་ཡོན་ ཏན་དུ་འཛིན་པ་ཅན་དུ་འགྱུར་ཏེ་ཡི་རྒྱུ་སྟེ། ཆོས་གསུམ་པོ་དེ་ཡོད་པར་ཁྱད་པར་མེད་པའི་ ཕྱིར། བད་ཀན་གྱི་གནས་སྐབས་ཅན་གྱི་སྐྱེས་བུ་དེ་འདྲ་ཆོས་ཅན། ཞེ་སྡང་དྲག་པོ་ཅན་དུ་མི་ འགྱུར་བར་ཐལ། ཆགས་པ་དྲག་པོ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ཆགས་སྡང་དེ་གཉིས་ངོ་བོ་ སྟེ་འཛིན་སྟངས་མི་མཚུངས་པར་འགལ་བའི་ཕྱིར། འདོད་མི་ནུས་ཏེ། བད་ཀན་ཅན་འདི་ལ་ ཞེ་སྡང་མེད་པའི་ངེས་པ་མཐོང་བ་མེད་པའི་ཕྱིར། །བག་ཆགས་ལས་ཆགས་སོགས་སྐྱེ་བར་ འདོད་པ་ལ་ཡང་སྐྱོན་མཚུངས་སོ་ཞེ་ན། སངས་རྒྱས་བ་གང་གི་ལུགས་དེ་ལ་ཆོས་ཅན། བད་ཀན་ཅན་ཞེ་སྡང་དུ་མི་འགྱུར་བའི་ སྐྱོན་འདི་ཐལ་བ་མེད་དེ། ཆགས་སོགས་རིགས་མཐུན་སྔ་མའི་བག་ཆགས་ཀྱི་ཁྱད་པར་ལ་ རག་ལུས་ནས་འཇུག་པར་འགྱུར་བས་ཕྱིར། ཆགས་སོགས་རྨོངས་སོགས་ཀྱི་དངོས་འབྲས་ 1-1-152 ཡིན་པ་བཀག་པ་འདིས་ནི། ཆོས་ཅན་ཆགས་སོགས་འབྱུང་བའི་ཆོས་ཉིད་དུ་འདོད་པ་ཡང་ བཀག་པ་ཡིན་ཏེ། མཁྲིས་པ་མེ། བད་ཀན་ཆུ། རླུང་ནི་རླུང་གི་རང་བཞིན་དུ་ཡིན་པས་སོ། ། འབྱུང་བ་ཆགས་ཀྱི་རྒྱུ་མིན་གྱི་མི་འཇིག་པའི་རྟེན་ཙམ་མོ་ཞེ་ན། འབྱུང་བ་ཆོས་ཅན། ཆགས་ སོགས་མི་འཇིག་པར་གནས་པའི་རྟེན་མིན་པར་ཐལ། དེ་ཡིན་པར་རིགས་པ་ཡང་དག་གིས་ ཡོད་མེད་དག་ལ་རྟེན་མེད་ཅེས་བཀག་ཟིན་པའི་ཕྱིར། འོ་ན་འབྱུང་བ་འབྱུང་འགྱུར་གྱི་རྟེན་དུ་ འདོད་པ་དང་འགལ་ཞེ་ན། དཀར་པོས་མཚོན་པའི་གཟུགས་དང་ལ་སོགས་པས་དྲི་རོ་རེག་བྱ་ཆོས་ཅན། ས་སོགས་ ཀྱིས་མི་འཕེན་བཞིན་དུ་ས་སོགས་ལ་བརྟེན་པ་ཉིད་མ་ཡིན་པར་ཐལ། ས་སོགས་དང་གཅིག་ ཡིན་པའི་ཕྱིར། རྟགས་བསལ་ལོ། །འབྱུང་འགྱུར་འབྱུང་བ་ལ་རྟེན་ཅེས་ཁྱེད་འདོད་པས་ འདིར་བརྟེན་པ་ཉིད་ནི་མ་ཡིན་ནོ། །ཞེས་ནང་འགལ་ལོ་ཞེ་ན། འབྱུང་འགྱུར་འབྱུང་བ་ལ་རྟེན་ཅེས་པའི་སྒྲ་སྟེ། རླུང་ཆོས་ཅན། འབྱུང་བ་དེ་འབྱུང་འགྱུར་ གྲུབ་ཟིན་མི་འཇིག་པའི་རྟེན་དུ་སྟོན་པ་ཡིན་ཏེ། སྔ་ལོགས་ཀྱི་འབྱུང་བ་འབྱུང་འགྱུར་གྱི་སྟོན་ པའམ་འབྱུང་འགྱུར་དུས་མཉམ་གྱི་རང་གི་རྟེན་འབྱུང་བ་དག་དང་དབྱེར་མེད་པ་སྟེ། འབྲལ་ མི་ཤེས་སུ་གནས་པའི་ཕྱིར་ན་དེ་དེའི་རྟེན་དུ་སྟོན་པ་ཙམ་ཡིན་པས་སོ། །རྟེན་ཚུལ་དེ་ལས་ གཞན་དུ་དེར་མེད་ན་འབྱུང་འགྱུར་གཟུགས་སོགས་ཆོས་ཅན། རྒྱུར་བྱས་པའི་གཟུགས་སུ་ འཐད་པ་མིན་པར་ཐལ། རྟེན་ཚུལ་དེ་གཉིས་པོ་གང་རུང་གིས་འབྱུང་བ་ལ་བརྟེན་པ་མིན་ པས་སོ། ། གལ་ཏེ་ཆང་དང་མྱོས་པ་ལ་སོགས་པའི་མྱོས་པ་རྟེན་དང་བརྟེན་པ་མ་ཡིན་ཡང༌། ཆང་ ཚར་གྱུར་ན་ཆང་མ་ལོག་ཀྱང་ནུས་པ་ལྡོག་པ་བཞིན་དུ་འབྱུང་སེམས་ཡང་དབྱེར་ཡོད་ཞེ་ན། ཆང་སྐྱུར་ཆོས་ཅན། ཆང་གི་དངོས་པོ་འཇིག་པ་སྟེ་ཞིག་པར་ཐལ། ཆང་གི་ནུས་པ་ཞིག་པས་ 1-1-153 སོ་དེ་ལྟ་མ་ཡིན། ཆོས་ཅན། བརྟེན་པ་ཆང་གི་ནུས་པ་འཇིག་པ་སྟེ་ཞིག་པ་མ་ཡིན་པར་ཐལ། རྟེན་ཆང་གི་དངོས་པོ་ཚང་བར་གནས་པས་སོ། །ཁྱབ་སྟེ། ཆང་གི་དངོས་པོ་ལས་ཆང་གི་ནུས་ པ་དོན་གཞན་ཉིད་མིན་པས་སོ། །ཆང་དང་ནུས་པ་དབྱེར་མེད་པ་དེ་ལྟར་དུ་འབྱུང་སེམས་ ཀྱང་མཚུངས་སོ་ཞེ་ན། འབྱུང་སེམས་ཆོས་ཅན། གཅིག་མིན་པར་ཐལ། སྣང་བ་ཐ་དད་ཅན་གྱི་བློ་མ་འཁྲུལ་ བས་ཐ་དད་ཉིད་དུ་རྟོགས་པའི་ཕྱིར། ཡང་ཡིད་རྟོག་ཆོས་ཅན། ཇི་སྲིད་ལུས་འགྱུར་བ་སྟེ། མི་ འདྲ་བར་མྱུར་བར་ལུས་ཀྱི་གཟུགས་སོགས་རྣམ་པ་གཅིག་ཏུ་གནས་པ་བཞིན་དུ་ཁྱོད་ཡང་ངོ་ བོ་མཚུངས་པ་སྟེ་རྣམ་པ་གཅིག་ཏུ་འགྱུར་བར་ཐལ། ལུས་ཀྱིས་གྲུབ་ཟིན་གནས་པར་བྱས་ པའི་བློ་ཡིན་པའི་ཕྱིར། གལ་ཏེ་རྟེན་བཟུང་དོན་གྱི་དབང་གིས་རྣམ་པ་དུ་མར་འགྱུར་ཞེ་ན། རྣམ་པར་རྟོག་པ་ནི་ཆོས་ཅན། དེ་མ་ཡིན་པར་ཐལ། བཟུང་དོན་གྱི་དབང་གིས་རྣམ་པ་དུ་མར་ འགྱུར་ཞེ་ན། རྣམ་པར་རྟོག་པ་ནི་ཆོས་ཅན། དེ་མ་ཡིན་པར་ཐལ། བཟུང་དོན་གྱི་དབང་ཅན་ དེ་གང་ཡིན་ཏེ་མིན་པས་སོ། །ཆགས་སོགས་ཉེར་ལེན་ཤེས་པ་ལས་སྐྱེ་བར་འདོད་པ་གང་གི་ ལུགས་ལ་ཆོས་ཅན། ཉེར་ལེན་ཤེས་པ་སྔ་མ་འགའ་ཞིག་ལས་ཉེར་ལེན་ཅན་གྱི་ཤེས་པ་ཕྱི་མ་ འགའ་ཞིག་སྐྱེ་བ་ཡིན་ཏེ། ཉེར་ལེན་ལུས་ལས་རྟོགས་པ་མེད་པར་ཤེས་པ་སྔ་མ་འགའ་ཞིག་ ཕྱི་མ་འགའ་ཞིག་གི་བག་ཆགས་བྱེད་ཀྱི་རྒྱུར་འགྱུར་བ་དེས་ནའོ། ། གཉིས་པ་ནི། ཤེས་པའི་ཉེར་ལེན་ཤེས་པ་ཡིན་པས་སྐྱེ་བ་སྔ་མ་སྒྲུབ་པ་ནི། སེམས་ཅན་ ཆོས་ཅན་འཁོར་བ་གྲུབ་སྟེ། མངལ་ནས་སྐྱེས་མ་ཐག་གི་ཤེས་པའི་ཉེར་ལེན་གྲུབ་པས་སོ། ། ཁྱབ་སྟེ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི་ཉེར་ལེན་མིན་པའི་ཕྱིར། ཡང་སྒྲས་ལུས་རྟག་པ་བློ་ ཡི་རྒྱུ་ཡིན་ན། བློ་ཅིག་ཆར་སྐྱེ་བར་ཐལ་བ་ལས་རིམ་གྱིས་སྐྱེ་བའི་ཕྱིར་ཡང་གྲུབ་བོ། །འབྱུང་ བ་ལས་སེམས་དང་རྩྭ་ལ་གླང་ཆེན་མི་གསལ་ཡང་ཡོད་པས་དངོས་པོ་ཐམས་ཅད་ནི་རྣམ་ 1-1-154 ཤེས་བསྐྱེད་པའི་ནུས་པ་དང་ལྡན་པའི་ཕྱིར། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་ པར་འདོད་ཅེ་ན། ། རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས༌། །གྲངས་ཅན། ཕྱུགས་ ལས་གཞན་ངོ་མཚར་བཅས་པ། སུ་བརྗོད་རྩོལ་ཏེ་འབད་པ་ལ་མི་བྱེད་དོ། །རྒྱུ་འབྱུང་བ་ནི་ ཆོས་ཅན། ཁྱོད་ལ་སེམས་ཀྱི་ངོ་བོ་གང་ཞིག་སྣང་བར་འགྱུར་བའི་སེམས་དེ་ནི་ཇི་ལྟར་ཡོད་ པར་འགྱུར་ཏེ་མེད་པར་ཐལ། ཡོད་ན་སེམས་ཡོད་པའི་སྒྲུབ་བྱེད་དམིགས་དགོས་པ་ལ་ཁྱོད་ ལ་ནི་ལན་བརྒྱར་རྣམ་པར་ཕྱེ་སྟེ་བཙལ་ཡང་སེམས་ཀྱི་ངོ་བོ་གང་ཞིག སྣང་བ་སྟེ་མཐོང་བར་ འགྱུར་པའི་སྒྲུབ་བྱེད་དེ་མི་སྣང་བས་སོ། ། གསུམ་པ་ནི། སེམས་ཅན་སྔ་ན་མེད་པ་འབྱུང་བ་ལས་གསར་དུ་འབྱུང་ན་སེམས་ཅན་ ཆོས་ཅན། རྒྱུད་ལ་ཆགས་སོགས་སྐྱེ་བའི་ངེས་པ་མེད་པར་འགྱུར་རིགས་འདྲ་སྔ་མ་ལ་མི་ ལྟོས་པར་འབྱུང་བ་ལུས་ཁོ་ན་ལས་སྐྱེ་བའི་ཆགས་སོགས་ཅན་ཡིན་པས་སོ། ། གལ་ཏེ་སྐྱེས་བུ་ཀུན་ཆགས་སོགས་དང་ལྡན་པས་ཁྱབ་སྟེ། འབྱུང་བའི་བདག་ཉིད་ ལས་མ་འདས་པའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་འདོད་ཆགས་མཚུངས་པ་སྟེ་མཉམ་ པར་ཐལ། དེ་ཡི་དངོས་རྒྱུ་འདྲ་བ་ཅན་དུ་བཟུང་བས་སོ། །གལ་ཏེ་འབྱུང་བའི་ཁྱད་པར་ ལས་ཆགས་སོགས་ཁྱད་པར་འགྱུར་བས་སྐྱོན་མེད་ཅེ་ན། ཁྱེད་ཀྱི་ལུགས་ལ་སྲོག་ཆགས་ དེ་ལ་སྲོག་ལྡན་དང༌། ཆེས་སྲོག་ལྡན་སོགས་ཀྱི་ཁྱད་མེད་ཀྱང་འབྱུང་བ། རྣམས་ལ་བརྟེན་ ནས་ཆགས་ཅན་དང་ཆེས་ཆགས་ཅན་ལ་སོགས་པའི་ཁྱད་པར་དུ་འགྱུར་བ་གང་ཡིན་པའི་ འབྱུང་བ་དེ་ནི་ཆོས་ཅན། སྔར་ཆགས་སོགས་ཏེ་ཡོད་པ་ལས་དེ་མེད་པ་འགྱུར་སྲིད་པར་ ཐལ། ཆགས་སོགས་ཁྱོད་ལ་འབྲལ་རུང་གི་རྫས་གང་ཞིག་ཁྱོད་ཕུལ་བྱུང་འགྲིབ་པ་བཞིན་དུ། ཆགས་སོགས་འཕེལ་འགྲིབ་དུ་འགྱུར་བས་ཕྱིར། 1-1-155 གལ་ཏེ་ཆགས་སོགས་འཕེལ་འགྲིབ་ཐ་དད་དུ་འགྱུར་ཀྱང་རྒྱུའི་འབྱུང་བ་སྤྱི་ཙམ་གྱི་ བདག་ཉིད་མི་ལྡོག་པའི་ཕྱིར། ཆགས་བྲལ་སྲིད་པ་མ་ཡིན་ཞེ་ན། སྐྱེས་བུ་ཀུན་ལ་ཆོས་ཅན་ འདོད་ཆགས་འདྲ་བར་འགྱུར་དེ་ཡི་དངོས་རྒྱུའི་བདག་ཉིད་འདྲ་སྟེ་མཉམ་པོར་ཡོད་པའི་ཕྱིར། དཔེར་ན་བ་ལང་ཁྲ་བོ་ཁུ་ཡུ་སོགས་འཛིན་བའི་ཤེས་པ་མ་འཁྲུལ་བ་ཆོས་ཅན། བ་དང་ཆེས་ བ་ལང་ཞེས་པའི་རྣམ་པས་ཐ་དད་པ་ཡོད་པ་མ་ཡིན་ཏེ། རང་གི་བཟུང་ཡུལ་བ་ལང་དུ་རིགས་ མཚུངས་པའི་བདག་ཉིད་དུ་བ་ལང་ལས་བྱུང་བའི་ཕྱིར། འམ་ཞེས་པས་རྒྱང་འཕེན་གྱི་གྲུབ་ མཐའ་འདིར་ཡང་སྲོག་ཆགས་ཆོས་ཅན། སྲོག་ཆགས་དང་ཆེས་སྲོག་ཆགས་ཉིད་སོགས་ ཀྱི་ཁྱད་པར་གྱི་རིམ་པ་ཡོད་པ་མ་ཡིན་ཏེ། དངོས་རྒྱུ་ས་སོགས་འབྱུང་བ་མཚུངས་པའི་ཕྱིར། ཞེས་འདོད་པ་བཞིན་ནོ། ། གལ་ཏེ་དྲོ་རིམ་ཁྱད་པར་ཡོད་ན་ཡང་དྲོ་བ་མེད་པའི་མེ་འགའ་ཡང་ཡོད་པ་མིན་པ་དེ་ བཞིན་དུ་འདིར་ཡང་སྲོག་ཆགས་ཆགས་བྲལ་མེད་དོ། །ཞེ་ན། དྲོ་བ་ཆོས་ཅན། མེ་ལས་རྫས་ ཐ་དད་པའི་མེ་ཡི་ཡོན་ཏན་མ་ཡིན་ཏེ། མེ་ལས་རྫས་གཞན་ཡིན་པ་ཚད་མས་བཀག་པ་ཡིན་ པའི་ཕྱིར། དེས་ན་ཆགས་སོགས་དེ་དག་ཆོས་ཅན། འབྱུང་བ་དེ་ཡི་ཁྱད་པར་ལ་ལར་རྒྱུན་ ཆད་པར་སྲིད་པར་འགྱུར། འབྱུང་བ་ལས་དོན་གཞན་དུ་ཡོད་པའི་འབྱུང་བའི་ཡོན་ཏན་གང་ གི་འཕེལ་འགྲིབ་ཀྱི་ཁྱད་པར་རིམ་པ་དང་ལྡན་པའི་ཆོས་ཡིན་པའི་ཕྱིར། དཔེར་ན། སྣམ་བུ་ དང་དཀར་པོ་སོགས་བཞིན་ནོ། །འབྱུང་བ་ལ་གཟུགས་སོགས་སྔར་མེད་བྱུང་ཡང་ཡོད་པ་ བཞིན་དུ་སྐྱེས་བུ་ལ་ཡང་ཆགས་སོགས་ཡོད་པར་ངེས་པས་སྔ་ན་མེད་པ་འབྱུང་བའི་སྦྱོར་བ་ མ་ངེས་སོ་ཞེ་ན། ཤེས་བྱ་ཆོས་ཅན། འབྱུང་བ་ལ་གཟུགས་སོགས་གནས་པ་བཞིན་དུ་སྐྱེས་ བུ་ལ་ཆགས་སོགས་གནས་པར་ངེས་པ་མ་ཡིན་པར་ཐལ། གཟུགས་སོགས་དེ་དག་འབྱུང་བ་ དང་དབྱེར་མེད་འབྲལ་མི་རུང་གང་ཞིག་ཆགས་སོགས་སྐྱེས་བུ་དང་འབྲལ་རུང་དོན་གཞན་ 1-1-156 ཡིན་པའི་ཕྱིར། གཟུགས་སོགས་འབྱུང་བ་དང་དབྱེར་མེད་པ་དེ་ལྟར་ཆགས་སོགས་ཡང་ འབྱུང་བ་དང་དབྱེར་མེད་པར་མཚུངས་པས་རྟགས་མ་གྲུབ་ཅེ་ན། ཆགས་སོགས་ཆོས་ཅན་ འབྱུང་བ་དང་དབྱེར་མེད་འབྲལ་མི་རུང་མིན་པར་ཐལ། ཡིན་ན་འབྱུང་བ་དང་ལྷན་ཅིག་སྐྱེ་ བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། ཆགས་སོགས་གཟུགས་མཛེས་སོགས་ཉེ་བ་ལས་རེག་ འགའ་སྐྱེ་བས་སྐྱོན་མེད་ཅེ་ན། ཡིད་ཤེས་འཁོར་གྱི་ཆགས་སོགས་ཆོསཅན། །རང་གི་བཟུང་ཡུལ་གཟུགས་མཛེས་ཉེ་ བ་ལས་རེས་འགའ་སྐྱེས་པར་ངེས་པ་མིན་པར་ཐལ། རྟོག་པས་རྣམ་པར་བཏགས་པའི་སྣང་ ཡུལ་འཛིན་པའི་ཕྱིར། ཆགས་སོགས་ཆོས་ཅན། རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ། རང་གི་སྐལ་མཉམ་གྱི་རྒྱུ་དང་བྲལ་བའི་བློ་ཡིན་པས་སོ། །རྟགས་མ་གྲུབ་སྟེ། འབྱུང་བ་དེ་ སྐལ་མཉམ་གྱི་རྒྱུའོ། །ཞེ་ན། བློ་རྣམས་ཀུན་ཐམས་ཅད་ཆོས་ཅན། དུས་ཀུན་གྱི་ཚེ་བསྐྱེད་ བར་ཐལ། རྒྱུ་འབྱུང་བ་རྟག་པ་ཉེ་བར་ཡོད་ཕྱིར། གསུམ་པ་རྣམ་པ་ལ་བཞི། མི་རྟག བདག་མེད། སྡུག་བསྔལ་སྟོང་པའོ། །དང་པོ་ནི། ཉེར་ ལེན་ཕུང་པོ་ཆོས་ཅན། མི་རྟག་སྟེ། རེས་འགའ་དམིགས་པའི་ཕྱིར། གཉིས་པ་ནི། ཆོས་ཅན། སྡུག་བསྔལ་ཡིན་ཏེ་ཉེས་པའི་རྟེན་བྱེད་པའི་ཟག་བཅས་ཡིན་ པའི་ཕྱིར་དང་རྒྱུ་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་ཕྱིར། གསུམ་པ་ནི། ཆོས་ཅན། བདག་མ་ཡིན་ཏེ། མི་རྟག་ཅིང་གཞན་དབང་ཡིན་པའི་ཕྱིར། བཞི་པ་ནི། བདག་གིས་བྱིན་གྱིས་བརླབས་ནས་འཇུག་པའི་བདག་མ་ཡིན་ཏེ། བདག་ དེ་ཁྱོད་ཀྱི་བྱིན་གྱིས་རློབ་པ་པོ་མ་ཡིན་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུ་མིན་པས་སོ། །རྟགས་གྲུབ་སྟེ། བདག་ཆོས་ཅན་ཕུང་པོ་ཇི་ལྟར་བསྐྱེད་བྱེད་ཡིན་ཏེ་མ་ཡིན་པར་ཐལ། རྟག་པས་སོ། །ཆོས་ ཅན། ཕུང་པོ་དུ་མ་ནི་ཁྱོད་ལས་དུས་ཐ་དད་པར་སྐྱེ་བར་མི་འགྱུར་བར་ཐལ། རྟག་གཅིག་ 1-1-157 ཡིན་པ་དེ་ཡི་ཕྱིར། ཡང་འབྲས་བུ་མིག་ཤེས་ཆོས་ཅན། ཡིད་གཟུགས་ལས་རྒྱུ་གཞན་ཡོད་ དེ། གཞན་ཡིད་གཟུགས་དག་ནི་ཡོད་ན་ཡང་མིག་དབང་མ་ཚང་ན། སྐྱེ་བ་མེད་པའི་དངོས་པོ་ ཡིན་པའི་ཕྱིར། ཅེས་རྗེས་སུ་དཔོག་པར་འགྱུར་རོ། །ཞེས་རྒྱུ་འབྲས་ལ་ལྡོག་པ་གྲུབ་དགོས་ པ་ལ་བདག་ཆོས་ཅན་ཕུང་པོའི་དངོས་རྒྱུ་མ་ཡིན་པར་ཐལ། ཁྱོད་ཕན་བྱེད་དུ་ལྡོག་སྟོབས་ ཀྱིས་ཕུང་པོ་སྐྱེ་བ་ལོག་པ་དེ་ནི་ཡོད་པ་མིན་པའི་ཕྱིར་ཏེ། ཁྱོད་རྟག་ཏུ་ཡོད་པས་སོ། །རྣམས་ ཞེས་པས་རྟག་པ་ཀུན་བསྡུད་དོ། ། གཉིས་པ་ཀུན་འབྱུང་ལ་གསུམ་སྟེ། སྡུག་བསྔལ་རྒྱུ་བཅས་སུ་བསྟན་ཏེ་རྩོད་པ་སྤང༌། རྟག་པ་རྒྱུ་ཡིན་པ་བཀག་སྟེ་སྲེད་རྒྱུར་བསྟན། ལས་སོགས་ཀུན་འབྱུང་དུ་བཤད་པའི་རྩོད་པ་ སྤང་བའོ། ། དང་པོ་ནི། སྡུག་བསྔལ་འདི་ཆོས་ཅན། རྒྱུ་བཅས་ཉིད་དུ་གྲུབ་སྟེ། རེས་འགའ་བ་ཉིད་ ཡིན་པས་སོ། །རྒྱུ་མེད་ན་དེའི་ཕྱིར། ཆོས་ཅན། རྟག་ཏུ་ཡོད་པའམ་མེད་པར་འགྱུར་བ་སྟེ། རེས་འགའ་མི་སྐྱེ་བར་ཐལ་ལོ། །ཁྱབ་སྟེ། རྒྱུ་མེད་ན་རེས་འགའ་སྐྱེ་བ་གཞན་ལ་མི་ལྟོས་པའི་ ཕྱིར། ཁ་ཅིག་སྟེ་ངོ་བོ་ཉིད་རྒྱུར་སྨྲ་བ་ན་རེ། ཇི་ལྟར་ཚེར་མ་དང་ལས་སོགས་པ་པད་མའི་སྡོང་ བུ་གེ་སར་ལྟེ་བ་སོགས་ཀྱི་དབྱིབས་དང་ཁ་ཅིག་སོགས་རྒྱུ་མེད་པ་དེ་ལྟར། སྡུག་བསྔལ་འདི་ དག་རྒྱུ་མེད་དུ་འགྱུར་ཞེས་ནི་རབ་ཏུ་བརྗོད་དོ། ། སྤྱིར་སྔ་མ་གང་ཕན་བྱེད་དུ་ཡོད་ན། ཕྱི་མ་གང་སྐྱེ་བའམ། སྔ་མ་གང་འགྱུར་རྗེས་སུ་ཕྱི་ མ་རྣམ་པར་འགྱུར་བའི་སྔ་མ་དེ་ནི་ཕྱི་མ་དེ་ཡི་རྒྱུར་སངས་རྒྱས་པས་རབ་ཏུ་བརྗོད་དོ། ཞེས་ ཁྱབ་པ་བསྒྲུབས་ནས། ཚེར་མའི་རྣོ་བ་སོགས་དེ་རྣམས་ཆོས་ཅན། རྒྱུ་ཡོད་དེ། ཚེར་མའི་ས་ བོན་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་བྱེད་པ་དེར་ནི་ཡོད་པས་སོ། །འོ་ན་རྒྱུའི་རེག་བྱ་ཡང་ 1-1-158 མིག་ཤེས་ཀྱི་རྒྱུར་ཐལ་ལོ་ཞེ་ན། གཟུགས་ཀྱི་རྒྱུ་རེག་པའམ་འབྱུང་བ་ཆོས་ཅན། གཟུགས་ མཐོང་བའི་མིག་ཤེས་ལ་ནི་རྒྱུན་ཏེ་རྒྱུ་ཡིན་ཏེ། གཟུགས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར། གཉིས་པ་ནི། སྡུག་བསྔལ་ཆོས་ཅན་དབང་ཕྱུག་རྟག་པ་སོགས་ལས་ཀྱང་ཁྱོད་སྐྱེ་བ་སྲིད་པ་མ་ཡིན་ཏེ། རྟག་པ་རྣམས་རྒྱུ་ཡིན་པ་ཚད་མས་བཀག་པའི་ཕྱིར་དང༌། རྟག་པ་ལ་འབྲས་བུ་བྱེད་པའི་ནུས་ པ་མེད་པའི་ཕྱིར། དེ་ལྟར་བསྡུག་བསྔལ་ལ་རྒྱུ་ཡོད་ཅིང་རྒྱུ་རྟག་པ་མེད་ལ། མི་རྟག་པ་ཡང་དཔྱད་ན་སྲེད་ རྩ་བར་སྲིད་བརྟག་པ་ལས་གཞན་མིན་པ་དེའི་ཕྱིར། སྲེད་འདོད་དེ་ཐ་མལ་གྱི་མངལ་སོགས་ འདོད་པའི་སྲེད་པ་དེ་ཆོས་ཅན། འཁོར་བའི་སྡུག་བསྔལ་དྲག་པོའི་རྒྱུ་ཡིན་ཏེ། གང་གི་ཕྱིར་ ན། མི་སྟེ། ཐ་མལ་གྱི་སེམས་ཅན་རྣམས་དབང་ཕྱུག་རྟག་པ་སོགས་ཀྱིས་བཀྲི་བ་མ་ཡིན་པར་ ཡུལ་སོགས་ཀྱི་ཁྱད་པར་ཡོངས་སུ་འཛིན་ཅིང་ལེན་པ་ནི་དེ་དག་ཐོབ་འདོད་ཀྱི་བསམ་པ་ཁྱོད་ ཀྱིས་ཤེས་པས་སོ། །སྲེད་འདོད་ཁོ་ན་ཀུན་འབྱུང་ཡིན་ན། མདོ་ལས། དེ་ལས་སྡུག་བསྔལ་ ཀུན་འབྱུང་བ། །འཕགས་པའི་བདེན་པ་གང་ཞེ་ན། །ཞེས་པ་ནས། འདོད་པའི་སྲེད་པ་དང༌། སྲིད་པའི་སྲེད་པ་དང༌། འཇིག་པའི་སྲེད་པའོ། །ཞེས་གསུམ་ ག་ཀུན་འབྱུང་དུ་གསུང་བ་དང་འགལ་ཞེ་ན། མངལ་སོགས་སྐྱེ་གནས་སུ་འགྲོ་བའི་སྲེད་པ་དེ་ ནི་ཆོས་ཅན། སྲིད་འདོད་དམ་སྲིད་སྲེད་ཡིན་ཏེ། མ་འོངས་པའི་སྐྱེ་བ་དོན་དུ་གཉེར་བའི་སྲེད་ པ་ཡིན་པའི་ཕྱིར། མངལ་སྐྱེས་ཀྱི་སྲོག་ཆགས་ཐ་མལ་པ་ཆོས་ཅན། བདེ་བ་ཐོབ་པ་དང་སྡུག་ བསྔལ་དོར་འདོད་སྔོན་དུ་སོང་སྟེ། ཆགས་པའི་སྒོ་ནས་མངལ་སོགས་ལེན་པས་སོ། །དེས་ ན་ཆོས་ཅན། འདོད་སྲེད་དང་འཇིག་སྲེད་དེ་སྔོན་དུ་སོང་སྟེ། བདེ་སྡུག་ལ་བླང་དོར་དུ་འདོད་ པ་སྔོན་དུ་སོང་བས་སོ། །ཁྱབ་སྟེ། བདེ་མིན་བདེ་བར་འདུ་ཤེས་པ་སོགས་ཀྱི་ཐ་མལ་སྐྱེས་ བུ་ཆོས་ཅན་བདག་ཏུ་ཆགས་པའི་རྒྱུ་ཉིད་ལས་སྐྱེ་གནས་སོགས་ཀུན་ལ་རབ་ཏུ་འཇུག་པར་ 1-1-159 འགྱུར་ཏེ། ཕྱིན་ཅི་ལོག་གི་བློས་མངལ་སོགས་སུ་འཇུག་པས་སོ། །དེས་ན་སྲེད་པ་ཆོས་ ཅན། སྲིད་པའི་རྟེན་ཡིན་ཏེ། འཁོར་བའི་རྒྱུ་ཡིན་པའི་ཕྱིར། དེ་ལུང་དང་སྦྱོར་བ་ནི། ཆགས་ བྲལ་འཁོར་བ་པར་སྐྱེ་བ་མ་མཐོང་བས་ཕྱིར། སྲེད་པ་འཁོར་བའི་རྒྱུ་ཡིན་ནོ་ཞེས་སློབ་དཔོན་ དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་གསུངས་སོ། ། ཇི་སྐད་དུ། རྟེན་འབྲེལ་མདོ་འགྲེལ་ལས། སྲེད་དང་བྲལ་ལ་ཡང་སྲིད་མེད། །ཅེས་སོ། ། ཚུ་རོལ་མཛེས་པ་བ་ན་རེ། ཆགས་བྲལ་སྐྱེ་བ་མ་མཐོང་བས་ཆགས་པ་སྐྱེ་བའི་རྒྱུ་ཡིན་པ་དེ་ ལྟར་ལུས་མེད་ཆགས་པ་མ་མཐོང་ཕྱིར། ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བར་འགྱུར་ རོ་ཞེ་ན། ཚུལ་མིན་ཡིད་བྱེད་ཚོགས་པའི་ལུས་ཆོས་ཅན། རང་འབྲས་ཆགས་པའི་རྒྱུར་འདོད་ དེ། དེ་ཡི་རྒྱུ་མཚན་དེའི་ལྷན་ཅིག་བྱེད་རྐྱེན་དུ་སངས་རྒྱས་པས་ཁས་བླངས་པའི་ཕྱིར་རོ། ། ལུས་ཆོས་ཅན། ཆགས་སོགས་ཉེར་ལེན་ཉིད་ནི་གསལ་བ་ཡིན་ཏེ། བེམ་པོ་ཡིན་པས་སོ། ། ཆགས་བྲལ་སྐྱེ་བ་མ་མཐོང་བའི་རིགས་པ་འདི་ལྟར་དུ་ལུས་ཀྱང་ཆགས་པའི་རྒྱུར་འདོད་ན་ ནི་རྒྱང་འཕེན་རང་ཉིད་ཀྱིས་རང་གི་འདོད་པ་སྐྱེ་བ་སྔ་མ་མེད་པ་ལ་རང་ཉིད་ཀྱིས་གནོད་པ་ བྱེད་པར་འགྱུར་ཏེ། ཤེས་བྱ་ཆོས་ཅན། སྐྱེ་བ་སྔ་མ་མེད་པ་མ་ཡིན་ཏེ། ལུས་དང་ཆགས་པ་ ཕན་ཚུན་རྒྱུར་འགྱུར་བས་སོ། ། གལ་ཏེ་ཆགས་པ་ཆོས་ཅན། ལུས་ཀྱི་རྒྱུ་མ་ཡིན་ཏེ། ཁྱོད་སྐྱེ་བ་སྟེ་ལུས་དང་ལྷན་ཅིག་ འབྱུང་བས་ཕྱིར། ལུས་སྐྱེ་བའི་དུས་ཁོ་ན་ལ་མཐོང་བས་ཕྱིར་ཞེ་ན། ལུས་ཆོས་ཅན། ཆགས་ པའི་རྒྱུ་མ་ཡིན་པར་ཐལ། དེ་དང་ལྷན་ཅིག་འབྱུང་བས་སོ། །འདོད་ན། སྐྱེས་མ་ཐག་པའི་ཆགས་པ་ཆོས་ཅན། སྐལ་མཉམ་རྒྱུ་ལས་སྐྱེ་བར་ཐལ། ལུས་ལ་མ་ སྐྱེས་པའི་བློ་ཡིན་པས་སོ། །འདོད་ན། སེམས་ཅན་ཆོས་ཅན། སྐྱེ་བ་སྔ་མ་གྲུབ་པ་ཡིན་པར་ ཐལ། སྐྱེས་མ་ཐག་པའི་ཆགས་པའི་སྔར་ཆགས་པ་གྲུབ་པས་སོ། ། 1-1-160 གསུམ་པ་ནི་རྟེན་འབྲེལ་ཡན་ལག་ཏུ་ལས་སྲེད་མ་རིག་པ་གསུམ་ག་སྲིད་རྒྱུར་བཤད་ མོད། སྲེད་པ་ཁོ་ན་རྒྱུར་བསྟན་པ་ཅི་ཞེ་ན། མི་ཤེས་པ་སྟེ་མ་རིག་པ་ཆོས་ཅན། སྲེད་པའི་རྒྱུ་ ཡིན་ན་ཡང་དངོས་རྒྱུར་མ་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་རང་རྒྱུད་ལ་ཡོད་ཙམ་གྱིས་ འཁོར་བ་པར་སྐྱེ་བའི་ངེས་པ་མེད་པས་སོ། །དགྲ་བཅོམ་བཞིན། འདོད་པའི་སྲེད་པ་ཆོས་ ཅན། ལས་སྲེད་མ་རིག་པ་གསུམ་ལས། ཁྱོད་ཉིད་སྡུག་བསྔལ་དྲག་པོའི་དངོས་རྒྱུར་བཤད་པ་རིགས་ཏེ། སྲིད་པར་རྒྱུད་ནི་དངོས་ སུ་འཕེན་པར་བྱེད་པའི་ཕྱིར་དང༌། ཁྱོད་རྒྱུད་ལ་ཡོད་པའི་དེ་མ་ཐག་ཏུ་འཁོར་བར་སྐྱེ་བའི་ ཕྱིར། ལས་ཆོས་ཅན། འཁོར་བའི་སྡུག་བསྔལ་དྲག་པོའི་དངོས་རྒྱུ་མིན་ཏེ། ཁྱོད་རྒྱུད་ལ་ཡོད་ པ་ན་སྐྱེས་བུ་འཁོར་བ་པར་སྐྱེ་བའི་ངེས་པ་མེད་པའི་ཕྱིར། དགྲ་བཅོམ་གྱི་ལས་བཞིན། གསུམ་པ་འགོག་བདེན་ལ་གཉིས་ཏེ། སྡུག་བསྔལ་འགོག་པ་སྲིད་པར་བསྟན། དེ་ལ་ གཞན་གྱིས་རྩོད་པ་སྤང་བའོ། །དང་པོ་ནི། སྡུག་བདེན་དེ་ནི་ཆོས་ཅན། གཏན་དུ་བ་མིན་ཏེ། རང་རྒྱུད་ལས་སྐྱེས་པས་སོ། །ཁྱབ་སྟེ། རྒྱུ་དེས་དེ་བསྐྱེད་པ་ལ་གེགས་སོགས་སྲིད་པའི་ཕྱིར། གཉིས་པ་ལ་གསུམ། རྩོད་པ་དགོད། རང་ལན་གདབ། རྩོད་པ་སྤང་བའོ། །དང་པོ་ནི། སྲོག་ཆགས་འདི་ཆོས་ཅན། འཁོར་བ་ལས་ཐར་པ་མེད་པར་ཐལ། འཁོར་བའི་ཆོས་ཅན་ཡིན་ པའི་ཕྱིར། ཞེ་ན། གཉིས་པ་ནི། བདག་རྟག་པའི་འཁོར་ཐར་ལས་བསམ་པ་ཡིན་པས་དེ་འདྲའི་ཐལ་ འགྱུར་ཆོས་ཅན། སངས་རྒྱས་པ་ལ་གནོད་བྱེད་མ་ཡིན་པར་ཐལ། ཁྱོད་ལ་སངས་རྒྱས་པས་ འདོད་དང་རྟགས་མ་གྲུབ་ཀྱི་ལན་ཐེབས་པའི་ཕྱིར། བདག་རྟག་པ་མེད་པས་སོ། ། གསུམ་པ་ལ་བཞི། བདག་མེད་བཅིངས་ཐར་མེད་པར་ཐལ་བ་སྤང༌། ཆགས་པ་མེད་ ན་འཁོར་བ་མི་གནས་པར་སྤང༌། བདག་འཛིན་སྲིད་རྒྱུ་ཡིན་ན་ལམ་གཉིས་དོན་མེད་སྤང༌། 1-1-161 བདག་ཉིད་བཅིངས་གྲོལ་མི་འཐད་པའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། བདག་མེད་ན་ བདེ་སྡུག་ཐོབ་དོར་དུ་འབད་རྩོལ་བྱེད་པ་མེད་པར་ཐལ་ལོ། །ཞེ་ན། བདག་བག་ཆགས་མ་གཞོམ་པ་དེ་སྲིད་དུ་སེམས་བདེ་བའི་རང་བཞིན་དུ་གནས་པ་མེད་ དོ། །དེ་སྲིད་དུ་རང་གི་རང་སྡུག་བསྔལ་བ་ཅན་དུ་སྒྲོ་བཏགས་ནས་སྡུག་བསྔལ་གྱིས་ཡོངས་ སུ་གདུང་པར་གྱུར་པའི་ཕྱིར་ཐར་པ་དོན་གཉེར་ཆོས་ཅན། གྲོལ་བ་པོའ་ོབདག་ནི་མེད་ན་ ཡང༌། ཐར་ལམ་ལ་འབད་པ་དོན་ཡོད་དེ། དེ་མེད་ན་ཡང་བདག་ཏུ་ལོག་པར་སྒྲོ་བཏགས་པ་ གཞོམ་པའི་ཕྱིར་དུ་རྩོམ་པས་སོ། ། གཉིས་པ་ནི། འོ་ན་ཆགས་བྲལ་འཁོར་བར་གནས་པ་མི་རིགས་སོ་ཞེ་ན། མ་ངེས་ ཏེ། འཁོར་བར་གནས་པའི་ཆགས་བྲལ་འགའ་ཞིག་ཆོས་ཅན། བདག་བདེ་བའི་ཕྱིར་རམ། སེམས་ཅན་ལ་ཆགས་པའི་སྒོ་ནས་འཁོར་བར་གནས་པ་མ་ཡིན་ཏེ། ཆགས་པ་མེད་ཀྱི་འདུ་ བྱེད་སྡུག་བསྔལ་ལ་དམིགས་པའི་བརྩེ་བས་སེམས་ཅན་གྱི་དོན་དུ་རེ་ཞིག་འཁོར་བར་གནས་ པ་ཡིན་པའི་ཕྱིར། རང་གི་སྔོན་གྱི་ལས་ཀྱི་ནུས་པ་ཕུང་པོའི་རྒྱུན་རེ་ཞིག་གནས་པ་ཡིན་པའི་ ཕྱིར། སྔོན་གྱི་ལས་ཀྱིས་འཕངས་པའི་ཕུང་པོའི་རྒྱུན་འཁོར་བར་གནས་པ་དེ་ལ་ལྡོག་པ་སྟེ། འདོར་འདོད་མེད་པར་བཏང་སྙོམས་སུ་མཛད་པའི་ཕྱིར། གལ་ཏེ་ཆགས་བྲལ་ལས་ཀྱིས་ གནས་ན་ཡང་སྲིད་པར་མཚམས་སྦྱོར་བར་འགྱུར་རོ། །ཞེ་ན། སྲིད་པའི་སྲེད་ལས་རྣམ་པར་ བརྒལ་བའི་དགྲ་བཅོམ་ཆོས་ཅན། ཡང་སྲིད་པ་གཞན་དུ་འཁོར་བ་པར་འཕེན་ནུས་པའི་ ལས་ཡོད་པ་མིན་ཏེ། དེར་འཕེན་པའི་ལྷན་ཅིག་བྱེད་པ་ལོག་སྲེད་ཟད་པའི་ཕྱིར། གལ་ཏེ་ ཆགས་བྲལ་བརྩེ་བས་གནས་པ་མི་འཐད་དེ། བརྩེ་བས་ནི་སེམས་ཅན་དུ་ལྟ་བ་ཅན་ཡིན་ལ། དེ་ལ་དེ་མེད་པའི་ཕྱིར་ཞེ་ན། ཆགས་བྲལ་གྱི་བརྩེ་བ་དེ་ཆོས་ཅན། སེམས་ཅན་དུ་ལྟ་བ་དང༌། རྗེས་སུ་འབྲེལ་པའི་མ་ 1-1-162 རིག་པ་མིན་ཏེ་སྡུག་བསྔལ་གྱི་རྣམ་པ་མི་རྟག་སོགས་མངོན་སུམ་དུ་ཤེས་ཞིང་ཞེ་སྡང་སྤངས་ པའི་རྒྱུད་འགལ་བ་མེད་པའི་སྙིང་རྗེའི་འདུ་བྱེད་གོམས་པ་སྔ་མ་ལས་སེམས་ཀྱི་དངོས་ཆོས་ ཏེ་རང་བཞིན་དུ་འཇུག་པ་ཅན་ཡིན་པའི་ཕྱིར། དེ་བརྩེ་བ་ཅན་ངེས་པར་ཆགས་ཅན་ནོ་ཞེ་ ན། ཆགས་བྲལ་གྱི་བརྩེ་བ་དེ་ཆོས་ཅན། འདོད་ཆགས་མ་ཡིན་ཏེ། འདུ་བྱེད་སྡུག་བསྔལ་གྱི་ རྒྱུན་རིག་པ་ཙམ་ལས་ཕུང་པོ་རྟག་སོགས་སུ་སྒྲོ་འདོགས་པ་དང་བྲལ་བའི་སྐྱེ་བར་འགྱུར་བ་ ཡིན་པས་སོ། །ཁྱབ་སྟེ། ཞེན་ཅིང་ཆགས་པའི་བློ་ཡིན་ན། རྟག་སོགས་དེ་ཡི་བདག་ཉིད་མིན་ པའི་ཆོས་ཕུང་པོ་སོགས་ལ་ནི་གཞན་རྟག་སོགས་ཀྱི་བདག་སྟེ་དངོས་པོ་སྒྲོ་འདོགས་པ་ལ་སྐྱེ་ དགོས་པས་སོ། །འོ་ན་བརྩེ་བ་དེ་ཞེ་སྡང་ཡིན་ཏེ། གནོད་བྱེད་ལ་མི་འཐུན་པའི་བློ་སྐྱེ་བས་སོ། ། ཞེ་ན། ཆགས་བྲལ་ཆོས་ཅན། ཉེས་རྒྱུ་ལས་ཁྲོ་བ་སྐྱེ་བ་མ་ཡིན་པར་ཐལ། གཏི་མུག་དེ་མེད་ པའི་ཕྱིར། ཁྱབ་སྟེ། གཏི་མུག་ཉེས་པའི་རྩ་བ་ཡིན་པས་སོ། །དེའང་ཇི་ལྟ་བུ་ན། སེམས་ཅན་ དུ་འཛིན་པ་དེ་མ་རིག་པ་ཡིན་པས་སོ། །ཆགས་བྲལ་གྱི་བརྩེ་བ་ཆོས་ཅན། ཉེས་པ་ཞེ་སྡང་དུ་ མི་འདོད་དེ། བདག་འཛིན་མེད་པའི་བློ་ཡིན་པ་དེས་ནའོ། །གལ་ཏེ་ཆགས་བྲལ་ལས་ཀྱིས་ གནས་ན་འཁོར་བ་ལས་མ་གྲོལ་ལོ་ཞེ་ན། ཉན་ཐོས་དགྲ་བཅོམ་ཆོས་ཅན། ལས་ཀྱིས་གནས་ ཀྱང་འཁོར་བ་ལས་གྲོལ་བ་མེད་པ་ཡིན་ཏེ། ཚེ་འདིར་འཁོར་བར་འཕེན་པའི་སྔོན་གྱི་འདུ་ བྱེད་ལས་ཀྱི་ནུས་པ་ཟད་ནས་སྲིད་པ་གཞན་དུ་མཚམས་མི་སྦྱོར་བའི་ཕྱིར། དག་པ་ས་ཡི་ བྱང་སེམས་གང་ཡིན་པ་དེ་ཆོས་ཅན། ཕུང་པོ་སྐྱོན་མེད་བསྐྱེད་པའི་འདུ་བྱེད་དེ་ལས་ཀྱི་ནུས་ པ་ཟད་པས་འཁོར་བར་གནས་ནའང་འཁོར་བ་པ་མ་ཡིན་ཏེ། གནས་ན་འང་ཉེས་པ་སྡིག་པ་ མེད་པ་ཡིན་པས་སོ། ། གལ་ཏེ་ཆགས་བྲལ་སྙིང་རྗེ་གནས་ན། འཁོར་བའི་མུར་ཐུག་པར་ཅི་སྟེ་མི་གནས་ཞེ་ན། 1-1-163 ཉན་ཐོས་དགྲ་བཅོམ་ཆོས་ཅན། སེམས་ཅན་གྱི་དོན་དུ་འཁོར་བ་ཇི་སྲིད་པར་གནས་པའི་ འབད་རྩོལ་ཆེན་པོ་མེད་དེ། གནས་པའི་ལས་ཀྱི་ནུས་པ་ཡང་མེད་པའི་ཕྱིར་དང་སྙིང་རྗེ་སྨན་ པ་ཉིད་ཡིན་པའི་ཕྱིར་ཡང་ངོ༌། །སངས་རྒྱས་གང་དག་ཆོས་ཅན་སེམས་ཅན་གཞན་གྱི་ངོར་ནི་ འཁོར་བ་ཇི་སྲིད་པར་བཞུགས་པ་ཡིན་ཏེ། མཐར་ཕྱིན་པའི་བརྩེ་བ་ཆེན་པོ་ཅན་ཡིན་པས་སོ། ། གསུམ་པ་ནི། འཇིག་ལྟ་འཁོར་བའི་རྒྱུ་ཡིན་ན། རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ཆོས་ ཅན། ལམ་དང་པོ། མཐོང་ལམ་དུ་སྲེད་པ་མེད་པར་ཐལ། དེར་འཇིག་ཚོགས་ལ་བལྟ་བ་དང་ བྲལ་བའི་ཕྱིར། ཞེ་ན། རྒྱུན་ཞུགས་དབང་རྟུལ་ཆོས་ཅན། འཇིག་ལྟ་ཐམས་ཅད་སྤངས་པ་ མ་ཡིན་པར་ཐལ། བདག་ལྟ་ལྷན་ཅིག་སྐྱེས་པ་མ་སྤངས་པའི་ཕྱིར། དེ་སྤངས་ན་དེ་ཡི་ཕྱིར་ ཡང་སྲིད་པར་སྐྱེ་བ་ག་ལ་ཡོད་དེ། མེད་པར་ཐལ། མ་སྤངས་པའི་རྒྱུ་མཚན་ནི། དེ་ཆོས་ཅན། སེམས་ཅན་ལ་བདག་ལྟ་ལྷན་ཅིག་སྐྱེས་པ་མ་སྤངས་པར་ཐལ། ངའོ་སྙམ་པའི་བློ་ཅན་ཡིན་ པའི་ཕྱིར་ཏེ། བདག་བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པ་ཅན་ ཡིན་པའི་ཕྱིར། བཞི་པ་ནི། གལ་ཏེ་དེས་ལྷན་སྐྱེས་སྤངས་ན་དེ་ཆོས་ཅན། བདག་ལ་ཆགས་ པ་མ་ཡིན་པར་ཐལ། ངའོ་ཞེས་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། དེ་མེད་པར་ནི་འགའ་ཡང་ བདག་ལ་ཆགས་པ་མེད་པས་སོ། །འདོད་ན། ཆོས་ཅན། རང་བདེ་བར་འདོད་པའི་སྒོ་ནས་ སྲིད་པར་མངོན་པར་རྒྱུག་པ་མ་ཡིན་པར་ཐལ། བདག་ལ་སྲེད་པ་མེད་པར་ཡང་གི་ཕྱིར་རོ། ། བཞི་པ་ནི། བཅིངས་ཐར་གྱི་བདག་ཡོད་དེ་སྔར་བཅིངས་ཞིང་ཕྱིས་གྲོལ་བ་ཡོད་པའི་ ཕྱིར་ཅེ་ན། བདག་ཆོས་ཅན། འཁོར་བར་འཆིང་བྱེད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། རྟག་པའི་ཕྱིར་དུ་རང་འབྲས་སྡུག་བསྔལ་སྐྱེད་བྱེད་དེ་གང་ལས་(ཡིན་)ཏེ་མ་ཡིན་པར་ཐལ་ ཏེ་རྟག་པའི་ཕྱིར། སྔ་མ་ཁྱབ་སྟེ། འཁོར་བར་འཆིང་བྱེད་ཡིན་ན། རང་འབྲས་སྡུག་བསྔལ་ 1-1-164 སྐྱེ་བའི་རྒྱུ་ཡིན་དགོས་པས་སོ། །ཡང་བདག་ཆོས་ཅན། འཁོར་བ་ལས་ཐར་བྱེད་མ་ཡིན་པར་ ཐལ། སྡུག་བསྔལ་མི་སྐྱེ་བ་སྟེ། བཟློག་པའི་རྒྱུ་གང་ལས་མིན་པའི་ཕྱིར་ཏེ། རྟག་པའི་ཕྱིར། ཁྱབ་སྟེ། ཐར་བྱེད་ཡིན་ན་སྡུག་བསྔལ་བཟློག་པའི་རྒྱུ་ཉིད་ཡིན་དགོས་པས་སོ། །གནས་མ་བུ་ པ་དག་ན་རེ། རྟག་པ་ལ་བཅིངས་ཐར་མེད་ཀྱི་རྟག་མི་རྟག་ཏུ་ཡང་བརྗོད་དུ་མེད་པའི་བདག་ བཅིངས་མཐར་ཡོད་དོ། །ཞེ་ན། དེ་སྐད་ཅིག་མའམ་དེ་མིན། དང་པོ་ལྟར་ན། མི་རྟག་པར་ བརྗོད་དུ་མེད་པ་འགལ། གཉིས་པ་ལྟར་ན། བདག་དེ་ནི་ཆོས་ཅན། འབྲས་བུ་འགའི་ཡང་ རྒྱུ་མིན་པར་ཐལ། མི་རྟག་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར། འདོད་ན་ཆོས་ཅན། བཅིངས་ ཏེ་སྡུག་བསྔལ་བསྐྱེད་པ་དང༌། ཐར་ཏེ་བདེ་བ་སྐྱེད་བྱེད་ཇི་ལྟ་བུར་ཡོད་པ་ཡང་མ་ཡིན་པར་ ཐལ། འབྲས་བུ་འགའི་རྒྱུར་བརྗོད་བྱ་མིན་པའི་ཕྱིར། དེ་རྟག་པ་མིན་པའི་ཕྱིར། སྐྱོན་མེད་ཅེ་ ན། ཆོས་ཅན་རྟག་པར་ཐལ། རང་བཞིན་འཇིག་མེད་དུ་གནས་པས་སོ། །ཁྱབ་སྟེ། གང་གི་ རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད་པས་སོ། །དེས་ན་ངོ་ཚ་བའི་ ལྟ་བ་འདི་སྤོངས་ལ་བདག་དེ་རྟག་པར་སྨྲོས་ཤིག བཞི་པ་ལམ་བདེན་ལ་གསུམ། བདག་མེད་རྟོགས་པ་ལམ་དུ་བསྟན། བདག་འཛིན་ གྲོལ་བ་ཡོད་བཞིན་དགག ལས་ལུས་སྤོང་བའི་གྲོལ་ལམ་དགག་པའོ། ། དང་པོ་ལ་གཉིས། དངོས་ཀྱི་དོན། རྩོད་པ་སྤང་བའོ། །དང་པོ་ནི། བཤད་ཟིན་ལམ་དེ་ གོམས་པ་ལས། །སྔར་སྟོན་པའི་སྐབས་སུ་བཤད་ཟིན་པའི་བདག་མེད་མངོན་སུམ་གྱིས་ མཐོང་བའི་ལམ་དེ་ཆོས་ཅན། ལམ་བདེན་ཡིན་ཏེ། ཁྱོད་གོམས་པ་མཐར་ཕྱིན་པ་ལས་གནས་ གྱུར་མཐར་ཐུག་ཐོབ་པའི་སློབ་པའི་ཟག་མེད་ཡིད་ཤེས་ཡིན་པས་སོ། ། གཉིས་པ་ལ་གསུམ། གཉེན་པོས་འཇོམས་བཞིན་སྤང་བྱས་འཇོམས་པ་དགག འདོད་ ཆགས་ཁོང་ཁྲོ་ཕན་ཚུན་འཇོམས་པ་སྤང༌། སེམས་ཅན་ལ་དམིགས་བྱམས་སོགས་སྤོང་ 1-1-165 གཉེན་མིན་པའོ། ། དང་པོ་ནི། གལ་ཏེ་སེམས་རྒྱུད་གནས་གྱུར་ཀྱང་སྐྱོན་ཆགས་སོགས་ནི་སླར་ཡང་འབྱུང་ བར་འགྱུར་ཏེ། ཉེས་པ་དང་བཅས་པའི་སེམས་ལ་ལམ་ཉེས་མེད་འབྱུང་བ་བཞིན། ཞེ་ན། གནས་གྱུར་རྫོགས་པའི་སྐྱེས་བུ་ཆོས་ཅན། ཆགས་སོགས་རྒྱུད་ལ་སྐྱེ་བ་མ་ཡིན་པར་ཐལ། དེ་ སྐྱེ་བའི་ནུས་པ་མེད་པའི་ཕྱིར། དེས་ན་དོན་སྨྲ་བའི་ལུགས་ལ་ཡུལ་འཛིན་པ་དེ་རྣམ་པར་ཤེས་ པའི་ཆོས་ཏེ་རང་བཞིན་ཡིན་པའི་ཕྱིར་ན། ཡུལ་ཅན་གྱིས་ཀྱང་ཡུལ་དེ་ཇི་ལྟར་ཡོད་པ་དེ་ལྟར་ དུ་རྟོགས་རིགས་པས་རང་གི་བཟུང་ཡུལ་ཇི་ལྟར་གནས་པ་ལྟར་རྟོགས་པ་དེ་ཆོས་ཅན། སྒོ་ ལྔའི་དབང་ཤེས་ཀྱི་རང་བཞིན་ཡིན་ཏེ། དེ་ཡི་འཛིན་རྣམ་དོན་མཐུན་ཡིན་པས་སོ། །གཟུགས་ སོགས་ཀྱང་ནི་ཆོས་ཅན། རང་ཇི་ལྟར་ཡོད་པའི་བདག་ཉིད་ལྟར་རང་འཛིན་ཤེས་པ་སྐྱེད་པར་ བྱེད་པ་དེ་ཁྱོད་ཀྱི་རང་བཞིན་ཡིན་ཏེ། རང་འཛིན་མ་འཁྲུལ་བའི་བཟུང་དོན་ཡིན་པས་སོ། ། དེས་ན་ཡུལ་ཇི་ལྟར་ཡོད་པར་རྟོགས་པ་འདི་ཆོས་ཅན། ཡུལ་ཅན་གྱི་རང་བཞིན་ཡིན་ཏེ། དེ་ ཡི་འཛིན་རྣམ་དོན་མཐུན་ཡིན་པས་སོ། ། རང་ཇི་ལྟར་གནས་པ་ལྟར་རང་གི་ཡུལ་ཅན་གྱི་བློ་ལ་བཏགས་པའི་དོན་དེ་ཆོས་ཅན། ཡུལ་གྱི་རང་བཞིན་ཡིན་ཏེ། དེ་ཡི་དོན་རྣམ་དོན་མཐུན་ཡིན་པས་སོ། །སྤྱིར་དེ་ལྟར་ཡིན་པས་ བདག་མེད་མངོན་སུམ་གྱིས་རྟོགས་པའི་ཡེ་ཤེས་འདི་ཆོས་ཅན། སེམས་ཀྱི་རང་བཞིན་ཡིན་ ཏེ། མི་རྟག་སོགས་ཡུལ་ཇི་ལྟར་གནས་པའི་བློ་ཡིན་པའི་ཕྱིར། ཉེར་ལེན་ཕུང་པོའི་མི་རྟག་ སོགས་ཡུལ་གྱི་རང་བཞིན་ཡིན་ཏེ། ཡུལ་གྱི་གནས་ཚུལ་ལྟར་བདག་མེད་མངོན་སུམ་གྱིས་ མཐོང་པའི་ཡེ་ཤེས་ལ་བཏགས་པས་མཐོང་བའི་དོན་རྣམ་ཡིན་པས་སོ། །དེ་ལྟར་ཡིན་པ་ལ་ ཕུང་པོ་རྟག་བདག་སོགས་སུ་འཛིན་པའི་བློ་ཆོས་ཅན། སེམས་རྒྱུད་ལ་མི་བརྟན་ཏེ། འཁྲུལ་ རྒྱུ་གློ་བུར་བའི་རྐྱེན་གཞན་གྱི་ཡུལ་གྱི་གནས་ཚུལ་ལས་གོལ་ཞིང༌། ཁྱོད་ལྡོག་པ་ལ་ནི། 1-1-166 བདག་མེད་སོགས་རྟོགས་པའི་ཚད་མ་ལ་ལྟོས་པའི་ཕྱིར། ཐག་པ་ལ་སྤྲུལ་གྱི་བློ་བཞིན་ནོ། ། བདག་མེད་མངོན་སུམ་གྱིས་རྟོགས་པའི་བློ་ཆོས་ཅན། སེམས་འདི་ཡི་རང་བཞིན་ཡིན་ ཏེ། འོད་གསལ་བ་སྟེ་མི་རྟག་བདག་མེད་སོགས་ཡུལ་གྱི་གནས་སོགས་མངོན་སུམ་གྱིས་ རྟོགས་པའི་བློ་ཡིན་པའི་ཕྱིར། ཆགས་སོགས་དྲི་མ་རྣམས་ཆོས་ཅན། སེམས་ཀྱི་གནས་ ལུགས་མ་ཡིན་ཏེ། འཁྲུལ་རྒྱུ་གློ་བུར་བ་ལས་སེམས་རྒྱུད་ལས་གློ་བུར་དུ་འབྱུང་བའི་ཕྱིར། ། ཆགས་སོགས་རྣམས་ཆོས་ཅན། སྔར་བདག་མེད་མངོན་སུམ་གྱིས་མཐོང་མ་ཐག་པ་ལ་ཡང་ གནོད་པའི་ནུས་པ་མེད་དེ། ཡུལ་ཕྱིན་ཅི་ལོག་ཏུ་ཞུགས་ཤིང་རྒྱབ་རྟེན་ཚད་མ་མེད་པས་སོ། ། རྒྱུ་མཚན་དེའི་ཕྱིར། ཕྱིས་ཏེ། བདག་མེད་རྟོགས་པ་མཐར་ཕྱིན་པ་ཆོས་ཅན། ཆགས་སོགས་ ཀྱིས་ཁྱོད་ལ་དངོས་སུ་གནོད་པའི་ནུས་པ་མེད་དེ། རང་རྒྱུད་ལྡན་གྱི་བློ་དེ་གཉེན་པོ་བདག་ མེད་རྟོགས་པ་མཐར་ཐུག་པ་དེའི་བདག་ཉིད་དམ་ངང་དུ་གནས་པར་གྱུར་པས་སོ། ། དེས་ན་རྒྱུན་ཞུགས་ཆོས་ཅན། སེམས་རྒྱུད་ལ་ཆགས་སོགས་ཅུང་ཟད་སྐྱེ་བའི་ནུས་པ་ ཡོད་ན་ཡང་དེ་ཡུལ་ཅན་དུ་གནས་པའི་ནུས་པ་ཡོད་པ་མིན་ཏེ། ཡོད་ན་ཡང་ཆགས་སོགས་ ལ་གནོད་པ་ཅན་གྱི་ཡེ་ཤེས་དགྲ་བཅོམ་གྱིས་བསྡུས་པ་སྐྱེད་པའི་ནུས་པ་ཡོད་སྙིང་པོར་ཡོད་ པ་ཅན་གྱི་འཕགས་པ་ཡིན་པས་སོ། །དཔེར་ན། ས་རློན་པ་ནི་མེ་བཞིན་ནོ། །གལ་ཏེ་ཉེས་པ་ དང་བཅས་པའི་སེམས་ལ་ལམ་ཉེས་མེད་སྐྱེ་བ་ལྟར། ཉེས་མེད་ཅན་གྱིས་སེམས་ལ་ཡང་ཉེས་ པ་སྐྱེ་བར་མཚུངས་སོ་ཞེ་ན། བདག་མེད་རྟོགས་པའི་ཡེ་ཤེས་མཐར་ཐུག་ཆོས་ཅན། ཁྱོད་ལ་ ཕྱིན་ལོག་བདག་འཛིན་སོགས་དག་གིས་བཟློག་པའི་དོན་དུ་འབད་དུ་ཟིན་ཀྱང༌། ཁྱོད་མི་ ལྡོག་སྟེ། འཁོར་བའི་འཚེ་བ་ཐམས་ཅད་མེད་པའི་ཕྱིར་དང༌། ཡང་དག་པའི་དོན་མཐོང་བ་ མཐར་ཐུག་ཡིན་པའི་ཕྱིར་དང༌། སེམས་རང་བཞིན་ནམ་གནས་ལུགས་ཡིན་པའི་ཕྱིར། ཀྱང་ གིས་དེ་ཆོས་ཅན། དེས་ཁྱོད་བཟློག་པའི་ཆེད་དུ་འབད་པའང་མེད་དེ། རང་རྒྱུད་ལྡན་གྱི་བློ་ནི་ 1-1-167 ཉེས་པའི་གཉེན་པོ་དེ་ཡི་ཕྱོགས་འཛིན་པའི་ཕྱིར། གཉིས་པ་ནི། བདག་མེད་མཐོང་བས་ཉེས་པ་རྩད་ནས་འཇོམས་པའི་ངེས་པ་མེད་ དེ། ཆགས་སྡང་འགལ་ཡང་ཕན་ཚུན་འཇོམས་མི་ནུས་པ་བཞིན། ཞེ་ན། འདོད་ཆགས་ཁོང་ ཁྲོ་དག་ཆོས་ཅན། འཛིན་སྟངས་ཕན་ཚུན་ཐ་དད་ན་ཡང་གཅིག་གིས་གཅིག་གནོད་པ་སྟེ་ འཇོམས་ནུས་པ་མ་ཡིན་ཏེ། རྒྱུ་བདག་ཏུ་འཛིན་པ་ཅན་གཅིག་ལས་འབྱུང་བ་ཡིན་ཕྱིར་དང༌། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བའི་ཕྱིར། གསུམ་པ་ནི། བྱམས་སོགས་ཀྱང་ཞེ་སྡང་སོགས་ཀྱི་གཉེན་པོར་བཤད་པའི་ཕྱིར། དེས་ ཉེས་པ་རྒྱུན་གཅོད་པ་མི་འདོད་ཅིང། མདོ་ལས། དགེ་སློང་དག་འདི་ལྟ་སྟེ། རླུང་གིས་ཏིལ་ མར། མཁྲིས་པས་མར་བད་ཀན་གྱིས་སྦྲང་རྩི་སྨན་ཆེན་པོ་ཡིན་པས་དེ་བཞིན་དུ་རིམ་བཞིན་ འདོད་ཆགས་ཀྱི་མི་གཙང་བ་དང༌། ཞེ་སྡང་གིས་བྱམས་པ་དང༌། གཏི་མུག་གིས་རྟེན་འབྲེལ་ ལ་སྤྱོད་པ་ཡིན་ནོ། །ཞེས་གསུངས་ཞེ་ན། ཆོས་ལ་དམིགས་པ་དང་དམིགས་མེད་ཀྱིས་དེ་ ལྟར་ཡིན་ཡང་སེམས་ཅན་ལ་དམིགས་པའི་བྱམས་སོགས་ཆོས་ཅན། ཉེས་པ་ཞེ་སྡང་ཤིན་ཏུ་ ཚར་གཅོད་པ་མ་ཡིན་ཏེ། རྨོངས་པ་མ་རིག་པ་དང་འགལ་བ་མེད་པའི་ཕྱིར། ཁྱབ་སྟེ། ཉེས་ ཀུན་མ་རིག་པ་དེ་ཡི་རྩ་བ་ཅན་ཡིན་ལ་དེའང་གང་ལ་ཟེར་ན། འཇིག་ཚོགས་ལ་ལྟ་བ་ལ་ཟེར་ བ་ཡིན་ནོ། །རང་སྡེ་བྱེ་བྲག་སྨྲ་བ་ཁ་ཅིག་མ་རིག་པ་ནི། མི་གསལ་བའི་ངོ་བོ་གཅིག་ཡིན་ལ། འཇིག་ལྟ་ནི་ལོག་ཤེས་ཡིན་པས་འཇིག་ལྟ་མ་རིག་པ་ཇི་ལྟར་ཡིན་ཅེ་ན། འཇིག་ལྟ་ཆོས་ཅན། མ་རིག་པ་ཡིན་ཏེ། རིག་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་དངོས་ཡིན་ པའི་ཕྱིར། མ་རིག་པ་ཆོས་ཅན། རིག་པ་མིན་པ་གཅིག་མིན་ཏེ། དམིགས་རྣམ་འཛིན་པའི་ ཕྱིར་ཏེ། སེམས་བྱུང་ཉིད་ཀྱིས་སོ། །ཁྱབ་སྟེ། སེམས་བྱུང་སེམས་དང་མཚུངས་ལྡན་ལྔས་ མཚུངས་པར་ལྡན་པས་སོ། །མ་རིག་པ་ཆོས་ཅན། ཤེས་པ་ཡིན་ཡང་དམིགས་རྣམ་བདེན་ 1-1-168 པར་འཛིན་པ་མ་ཡིན་ཏེ། ལོག་པར་དམིགས་པའི་བློ་ཡིན་པས་སོ། །དེས་ན་འཇིག་ལྟ་མ་ རིག་པར་འཐད་དེ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་བཟུང་རྣམ་ལས་ལོག་པར་འཛིན་ པ་ཉིད་མ་རིག་པ་ཡིན་པར་མདོ་ལས་གསུངས་པ་ཡིན་པའི་ཕྱིར་ཟླ་བ་སྒྲོན་མེའི་མདོ་ལས། དེ་ལ་མི་ཤེས་པ་མེད་པ་གང་ཞེ་ན། གང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་ལ་སྒྲོ་འདོགས་པ་ མེད་པ་ཡིན་ནོ། །ཞེས་དང༌། ས་བཅུ་པའི་མདོ་ལས། བྱིས་པའི་བློ་ཅན་བདག་ཏུ་མངོན་པར་ ཞེན་པའི་མི་ཤེས་ཀྱི་རབ་རིབ་ཀྱིས་སྒྲིབ་པ་ཞེས་སོགས། གལ་ཏེ་མདོ་ཕྱི་མ་དེས། མ་རིག་ པའི་ངོ་བོ་བཤད་པ་མ་ཡིན་གྱིས། དོན་གཞན་བདག་ལྟ་བསྟན་པའི་སྒོ་ནས་མ་རིག་པ་བསྟན་ པ་ཙམ་མོ་ཞེ་ན། མདོ་ཕྱི་མ་དེ་ཆོས་ཅན། དོན་གཞན་འཇིག་ལྟ་ཁོ་ན་དངོས་སུ་བསྟན་གྱི་མ་ རིག་པ་དངོས་སུ་བསྟན་པ་ནི་རིགས་པ་མིན་པར་ཐལ། དེ་འདྲའི་སྒྲུབ་བྱེད་ཡང་དག་མེད་ པས་སོ། །གལ་ཏེ་འཇིག་ལྟ་མ་རིག་པ་ཡིན་ན་ལྟ་བ་དང་མཚུངས་པར་ལྡན་པ་མ་རིག་པ་ཡིན་ ནོ། །ཞེས་མཚུངས་ལྡན་དུ་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དང་འགལ་བ་ལྟར་སྣང་བ་ འདིར་མི་འགལ་བར་བཤད་པར་བྱ་བ་ནི། འཇིག་ལྟ་དང་མ་རིག་པ་ཆོས་ཅན། རྫས་ཐ་དད་ ཡིན་པའི་མཚུངས་ལྡན་དུ་བཤད་པ་མ་ཡིན་ཏེ། ཕྱོགས་གཅིག་པ་དང་ཕྱོགས་གཅིག་པ་ཅན་ ཡིན་པ་ཙམ་གྱིས་དེར་བཤད་པས་སོ། ། སྟོང་ཉིད་མངོན་སུམ་གྱིས་ལྟ་བའི་ཡེ་ཤེས་ཆོས་ཅན། ཆགས་སྡང་སོགས་ཉེས་པ་ཀུན་ དང་འགལ་བ་རབ་ཏུ་གྲུབ་པ་ཡིན་ཏེ། བདག་ལྟ་དང་དངོས་སུ་འགལ་བའི་ཕྱིར། ཁྱབ་སྟེ། དེ་ཡི་རང་བཞིན་ཏེ་ཆགས་སྡང་སོགས་བདག་ལྟ་དེ་ལས་བྱུང་བས་སོ། །གལ་ཏེ་སྲོག་ཆགས་ སོགས་སྲོག་ཆགས་ལ་ཟད་པ་མ་ཡིན་ཏེ། སྲོག་ཆགས་ཀྱི་ཆོས་ཡིན་པ་ཉིད་ཀྱི་ཕྱིར། བུ་རམ་ གྱི་གཟུགས་སོགས་བུ་རམ་ལས་མི་ཟད་པ་བཞིན་ཞེ་ན། ཆགས་སོགས་ཆོས་ཅན། བདག་ རྟག་པའི་ཆོས་ཡིན་པས་མི་ཟད་པ་མ་ཡིན་པར་ཐལ། དེ་ཡི་ཆོས་ཡིན་པ་མ་གྲུབ་པའི་ཕྱིར། 1-1-169 བདག་རྟག་པ་མེད་པས་སོ། །རང་གི་གཉེན་པོའི་ཕྱོགས་དང་འབྲེལ་བའི་རྒྱུད་ལ་ཁྱོད་ལྡོག་ པ་དག་ཀྱང་མཐོང་བའི་ཕྱིར། གལ་ཏེ་ཟངས་ཞུ་བ་མེ་དང་བྲལ་ན་སྲ་བར་འགྱུར་བ་བཞིན། གཉེན་པོ་ལྡོག་པ་ན། ཆགས་སོགས་འབྱུང་ངོ་ཞེ་ན། ཉེས་པ་རྣམ་པར་འགགས་པའི་དགྲ་ བཅོམ་ཆོས་ཅན། ཟངས་ཞུ་བ་སྲ་བར་སྐྱེ་བ་བཞིན་དུ་གཉེན་པོ་ལོག་རྗེས་སུ་རང་རྒྱུད་ལ་ ཆགས་སོགས་སླར་སྐྱེ་བ་མེད་དེ། རང་རྒྱུད་ལ་བདག་མེད་རྟོགས་པ་འབྲལ་བ་མེད་པའི་ཕྱིར། རང་རྒྱུད་བདག་མེད་མངོན་སུམ་དུ་རྟོགས་པ་དེའི་བདག་ཉིད་དུ་གྱུར་པ་ཉིད་ཀྱིས་སོ། །དེས་ ན་ཆོས་ཅན། གཉེན་པོ་ལོག་པས་ཉེས་པ་སླར་འབྱུང་བ་མ་ངེས་པར་ཐལ། མེ་ལོག་ཀྱང་མེ་ ངེས་བྱས་པའི་ཐལ་བ་ཤིང་དུ་མི་ལྡོག་པའི་ཕྱིར། ཞེས་པ་བཞིན་ནོ། ། གཉིས་པ་ལ་ལྔ། བདག་འཛིན་ཡོད་ན་ཉེས་ཀུན་འབྱུང་བས་འཁོར་བས་འཁོར། བདག་ ཆགས་ཡོད་ན་བདག་གིར་ཆགས་པ་སྤངས་པ་མིན། ཡིན་ན་བཟའ་བྱ་མེད་པས་ཟ་པོའི་ བདག་ཉིད་མེད། དེས་ན་སྡུག་བསྔལ་རྩ་བ་འཇིག་ལྟ་སྤངས་པར་གདམས། བདག་འཛིན་ ཡོད་བཞིན་དབང་དཀའ་ཙམ་གྱིས་གྲོལ་བ་དགག་པའོ། ། དང་པོ་ནི། རིག་པ་ཅན་ན་རེ། བདག་བསྒོམས་པས་ཐར་པར་འགྱུར་མོད། བདག་མེད་ བསྒོམས་པས་ཅི་བྱ་ཞེ་ན། རིགས་པ་ཅན་སོགས་ཀྱིས་ཐར་པ་འདོད་པའི་སྐྱེས་བུ་གང་ཞིག་ ཆོས་ཅན། དེ་ལ་ང་ཞེས་བདག་ཏུ་འཛིན་པ་སྐྱེ་བར་ཐལ། དངོས་རྒྱུ་བདག་མཐོང་སྟེ་བདག་ འཛིན་ཅན་ཡིན་པས་སོ། །འདོད་ན། བདེ་བ་ལ་སྲེད་པ་སྐྱེ་བར་འགྱུར་བདག་ཏུ་ཞེན་པས་ སོ། །བདག་གི་བའི་སྐྱོན་རྣམས་སྒྲིབ་ནས་ཡོན་ཏན་དུ་འཛིན་པར་ཐལ། བདག་གི་བདེ་བ་ལ་ སྲེད་པས་སོ། །འདོད་ན། ང་ཡི་ཞེས་བདག་གི་བདེ་བ་དེ་ཡི་སྒྲུབ་བྱེད་ལེན་པར་ཐལ། བདག་ གི་བའི་ཡོན་ཏན་མཐོང་ནས་ཡོངས་སུ་སྲེད་པ་ཅན་ཡིན་པའི་ཕྱིར། འདོད་ན་ཐར་པ་ཡིན་པར་ འགལ་ལོ། །དེས་ན་དེ་ནི་ཆོས་ཅན་འཁོར་བར་འཁོར་བར་འགྱུར་བ་སྟེ་བདག་ཏུ་མངོན་པར་ 1-1-170 ཆགས་པས་སོ། །དེ་སྲིད་དུ་དེས་ཁྱབ་པོ། །དེ་ཆོས་ཅན་བདག་ཏུ་བཟུང་བྱ་མིན་པ་རྣམས་ལ་ གཞན་དུ་འདུ་ཤེས་པར་ཐལ། བདག་འཛིན་མངོན་འགྱུར་རྒྱུད་ལ་ཡོད་པའི་ཕྱིར། འདོད་ན། བདག་གཞན་ཆ་ལ་འཛིན་དང་སྡང་བ་སྐྱེ་བར་ཐལ། བདག་གཞན་དུ་འཛིན་པའི་སྐྱེས་བུ་ཡིན་ པའི་ཕྱིར། འདོད་ན། སེར་སྣ་སོགས་ཉེས་པ་ཐམས་ཅད་རྒྱུད་ལ་འབྱུང་བར་ཐལ། རང་རྒྱུད་ ཆགས་སྡང་འདི་དག་དང་རབ་ཏུ་འབྲེལ་བས་སོ། ། གཉིས་པ་ལ་མདོར་བསྟན་རྒྱས་པར་བཤད། མཇུག་བསྡུ་བ་དང་གསུམ། དང་པོ་ནི། བདག་གི་བ་ལ་ཆགས་པ་དང་བྲལ་བས་ངེད་ཀྱི་ཐར་སྐྱེས་མི་འཁོར་རོ་ཞེ་ན། བྱེ་བྲག་པ་ སོགས་ཀྱི་ཐར་པ་འདོད་པའི་སྐྱེས་བུ་ཆོས་ཅན། བདག་གི་བ་ལ་ཆགས་བྲལ་མིན་པར་ཐལ། བདག་ལ་ཆགས་པའི་ཕྱིར། ཆོས་ཅན་བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ ཡིན་པར་ཐལ། བདག་ཉེས་མེད་ཡོན་ཏན་ཅན་དུ་ཞེན་པས་སོ། ། གཉིས་པ་ནི། གལ་ཏེ་ཉེས་མེད་ཡིན་ཡང༌། བདག་ལ་ཆགས་པ་སྐྱོན་བཅས་ཡིན་པས་ སྔ་མ་དེ་མ་ཁྱབ་བོ་ཞེ་ན། དེ་ལས་ཅིར་འགྱུར་དྲིས་པས་དེ་ལ་སྐྱོན་དུ་བལྟས་ནས་སྤོང་བར་ འགྱུར་ཞེ་ན། ཁྱེད་ཀྱི་ཐར་འདོད་དེ་ཆོས་ཅན། བདག་ཆགས་དེ་སྤོང་བར་ནུས་པ་མ་ཡིན་ པར་ཐལ། བདག་ཆགས་དེ་ཡི་ཡུལ་བདག་དེ་ལ་བདེན་པར་ཞེན་པ་སུན་དབྱུང་བ་མེད་པར་ ཞེན་པས་སོ། །བྱེ་བྲག་པའི་རྒྱུད་ཀྱི་འདོད་པ་བདག་ཆགས་ཆོས་ཅན། བདག་ལ་ཞེན་པ་ སུན་མ་བཏོན་པར་ཕྱི་རོལ་ཚེར་མ་འདོན་པའི་ཚུལ་དག་གིས་ཁྱོད་སྤོང་ནུས་པ་མ་ཡིན་པར་ ཐལ། ཁྱོད་སྤོང་བ་ནི་ཡུལ་བདག་ལ་ཡོན་ཏན་དེ་དག་མཐོང་བ་སྟེ། བདག་ཡོན་ཏན་ཅན་དུ་ ཞེན་པ་སྤང་བའི་སྒོ་ནས་ཁྱོད་སྤོང་དགོས་པས་སོ། །རྟགས་གྲུབ་སྟེ། བདག་ཡོན་ཏན་ཅན་དུ་ ཞེན་པའི་བློ་དང་རྒྱུ་འབྲས་སུ་འབྲེལ་བས་སོ། །བདག་ཆགས་ལ་ཡིད་འབྱུང་བའི་ཞེ་སྡང་ཆོས་ ཅན། བདག་ཆགས་དེ་སྐྱོན་ཅན་དུ་ཞེན་པ་དེ་སུན་མ་སྟོན་པར་ཁྱོད་སྤོང་ནུས་པ་མ་ཡིན་ཏེ། 1-1-171 དེ་སྤངས་པའི་སྒོ་ནས་ཁྱོད་སྤངས་པ་ཡིན་པའི་ཕྱིར་ཏེ། བདག་ཆགས་སྐྱོན་ཅན་དུ་ཞེན་པའི་ བློ་དང་རྒྱུ་འབྲས་སུ་རྗེས་སུ་འབྲེལ་བས་སོ། །བདག་ཆགས་དེ་བདག་ཆགས་དེ་ཡོན་ཏན་ ཅན་དུ་མཐོང་བ་ལས་སྐྱེས་པས་རྟགས་མ་གྲུབ་པོ་ཞེ་ན། བྱེ་བྲག་པའི་རྒྱུད་ཀྱི་བདག་ཆགས་ ཆོས་ཅན། བདག་ཆགས་དེ་ཉིད་ཡོན་ཏན་ཅན་དུ་མཐོང་བ་ཁོ་ན་ལས་སྐྱེ་བ་མ་ཡིན་པར་ཐལ། དོན་གྱི་སྟེ་བདག་གི་ཡོན་ཏན་མཐོང་བ་ལས་སྐྱེ་བ་ཡིན་པས་སོ། །བྱེ་བྲག་པའི་ཐར་སྐྱེས་ཆོས་ ཅན། རང་རྒྱུད་ལ་ནི་བདག་ཆགས་སྐྱེ་བ་གང་གིས་ཀྱང་ལྡོག་པར་བྱེད་མི་ནུས་པར་ཐལ། དེ་ ཡི་རྒྱུ་མ་ཚང་བ་མེད་པར་དངོས་རྒྱུ་ཚང་པའི་ཕྱིར། བདག་ལྟ་མངོན་གྱུར་ཅན་ཡིན་པས་སོ། ། ཁྱབ་སྟེ། དེ་དེ་ཡི་དངོས་འབྲས་ཡིན་པས་སོ། ། གཞན་ཡང༌། བདག་ཆགས་ལ་སྐྱོན་ཡང་གང་ཞིག་མཐོང༌། ཁོ་ན་རེ། གལ་ཏེ་སྐྱོན་བཅས་ ཡིན་ཏེ། སྡུག་བསྔལ་གྱི་རྟེན་བྱེད་པའི་ཕྱིར། དེས་ན་དོར་བྱའོ། །ཞེ་ན། དེ་ལྟ་ནའང་ཁོ་ཡི་ཐར་འདོད་ཆོས་ཅན། བདག་ཆགས་འདི་ལ་ལྟོས་ཏེ་ཆགས་བྲལ་མ་ ཡིན་པར་ཐལ། བདག་ཆགས་དེ་ལ་བདག་གིར་མཐོང་ཞིང་འཛིན་པའི་ཕྱིར། ཁྱོད་རང་གི་ ལུགས་ལའང་མ་ངེས་ཏེ། དཔེར་ན། བདག་སྡུག་བསྔལ་གྱི་རྟེན་ཡིན་ཡང་དོར་བྱ་མིན་པར་ འདོད་པ་བཞིན། གལ་ཏེ་བདག་ཆགས་དང་བདག་གིར་ཆགས་པ་དང༌། བདག་གི་བ་དང་ ལྡན་པའི་བདག་སྡུག་བསྔལ་གྱི་རྒྱུ་ཡིན་གྱི་དེ་དག་མེད་པའི་ བདག་སྡུག་བསྔལ་གྱི་རྒྱུ་མིན་པས་བདག་ཆགས་སྐྱོན་བཅས་ཡིན་གྱི། བདག་སྐྱོན་མེད་ དོ་ཞེ་ན། བདག་ཆགས་དེའང་ཆོས་ཅན། བདག་དེ་དང་འདྲ་བར་སྐྱོན་མེད་དུ་ཐལ། བདག་ མེད་ན་སྡུག་བསྔལ་མི་སྐྱེད་ཀྱི། བདག་དང་ལྡན་པས་སྡུག་བསྔལ་བསྐྱེད་པས་སོ། །འདོད་པ་ དེ་ལྟར་ན། བདག་ཆགས་དང་བདག་གཉིས་ཀ་ཆོས་ཅན། ཁྱེད་གཉིས་ཀ་ལ་ཡང་ཆགས་བྲལ་ ཏེ། དོར་བྱ་མིན་པར་ཐལ། ཁྱེད་གང་ཡང་སྐྱོན་མེད་ཡིན་པ་དེ་ཡི་ཕྱིར། གསུམ་ཁས་སོ། ། 1-1-172 གཉིས་པ་ལ་གཉིས། སྡུག་བསྔལ་བསྒོམས་པས་སྤོང་བའི་འདོད་པ་བརྗོད། དེ་ལྟར་ འདོད་པའི་དཔེ་དོན་སོ་སོར་དགག དང་པོ་ནི། གལ་ཏེ་བདག་ཆགས་སོགས་སྡུག་བསྔལ་ དང་དེ་ཡི་རྟེན་དུ་སྒོམ་པ་ཙམ་གྱིས་དེ་དག་ལ་ཆགས་པ་སྤོང་བས་དེ་དག་འདོར་ཏཻ། དུག་སྦྲུལ་ གྱིས་བཟུང་བའི་ཡན་ལག་བཞིན་ཞེ་ན། གཉིས་པ་ལ། དཔེ་དགག དོན་དགག དང་པོ་ནི། གཅད་ནས་དོར་བའི་དུག་སྤྲུལ་གྱི་ སོས་བཟུང་བའི་སོར་མོ་འདི་ཆོས་ཅན། བདག་གི་བའི་ བློ་ལ་ལྡོག་པར་ཁྱོད་དོར་བ་མིན་པར་ཐལ། བདག་གི་བའི་བློ་བཅོམ་པའི་སྒོ་ནས་འདོར་ བ་ཡིན་པའི་ཕྱིར། གཉིས་པ་ནི། ཁོ་ཡི་ཐར་སྐྱེས་ཆོས་ཅན། དབང་སོགས་ལ་རང་གི་བའི་བློ་ གང་གིས་བཟློག་པར་འགྱུར་ཏེ། མི་འགྱུར་བར་ཐལ། དབང་སོགས་ལོངས་སྤྱོད་ཀྱི་རྟེན་ཉིད་ དུ་བཟུང་བ་ལའི་ཕྱིར། འདོད་ན། ཆོས་ཅན། དབང་སོགས་བདག་གི་བ་དེ་ལ་ཆགས་བྲལ་ གང་གི་ཡིན་ཏེ་མ་ཡིན་པར་ཐལ་ལོ། །ཁྱབ་སྟེ། ལུས་ལ་བོག་པའི་སྐྲ་དང་ཡན་ལག་སོགས་ ལ་ཡིད་འབྱུང་བློ་ནི་སྐྱེ་བར་འགྱུར་ཞིང༌། གཞན་མ་བོག་པའི་སྐྲ་སོགས་ལ་ཞེན་བྱའི་བློ་མི་ སྐྱེ་བར་འགྱུར་བ་སྐྱེ་བོ་ཐམས་ཅད་ཀྱིས་མངོན་སུམ་གྱིས་གྲུབ་པ་ཡིན་པས་སོ། །གཞན་ཡང་ ཁོའི་ཐར་འདོད་ཆོས་ཅན། དབང་སོགས་སྡུག་བསྔལ་དུ་བསྒོམས་པས། དེར་མཐོང་དུ་ཟིན་ ཡང་དེ་ལ་བདག་གི་བའི་བློ་སྤོང་བ་སྟེ་སྤང་པར་མི་འགྱུར་བར་ཐལ། དབང་སོགས་ལ་རང་གི་ ཆགས་པའི་བློ་སྐྱེ་བར་འགྱུར་བའི་དངོས་རྒྱུ་དབང་སོགས་དང་བདག་གི་འཕྲོད་འདུའི་འབྲེལ་ པ་དེ་སྔར་གྱི་དུས་དེ་བཞིན་དུ་ཚང་བར་གནས་པའི་ཕྱིར། ཁྱབ་སྟེ། དབང་སོགས་རྣམས་ བདག་ལ་འཕྲོད་འདུའི་འབྲེལ་པ་ལས་བདག་གི་བའི་བློ་སྐྱེ་བར་འགྱུར་ཞིང་འབྲེལ་པ་དེ་རྟག་ པ་བུད། གྲངས་ཅན་ན་རེ། དབང་སོགས་བདག་ལ་འཕྲོད་འདུའི་འབྲེལ་པ་ལས་བདག་གི་ བའི་བློ་སྐྱེ་བར་འདོད་པ་ལ་དབང་སོགས་ལ་ཆགས་བྲལ་མ་ཡིན་པར་ཐལ་བ་བདེན་ཡང༌། 1-1-173 རང་བཞིན་དང་སྐྱེས་བུ་གཅིག་ཏུ་བཟུང་བས་ཆགས་ལ་ཐ་དད་དུ་ཤེས་པས་གྲོལ་ལོ་ཞེ་ན། སོགས་དང་བདག་གི་འཕྲོད་འདུ་མེད་པས་དབང་སོགས་ལ་བདག་གི་བའི་བློ་འདུ་འབྲེལ་ ལས་སྐྱེ་བ་མིན་པ་དེ་ལྟ་ན་ཡང་ཐ་མལ་གྱི་སོ་སྐྱེ་ཆོས་ཅན། ཆགས་བྱའི་དོན་དང་ཤེས་རིག་ གཅིག་ཏུ་བཟུང་བ་ཁོ་ན་ལས་སྐྱེ་བ་མ་ཡིན་པར་ཐལ། དེ་དང་དེ་གཅིག་ཏུ་བཟུང་བ་མེད་ན་ ཡང་ཟས་གོས་སོགས་རང་ལ་ཕན་འདོགས་བྱེད་ཉིད་དུ་བཟུང་བ་ལས་ཁྱོད་ཡོད་པ་སྟེ་སྐྱེ་ བས་སོ། ། གལ་ཏེ་དབང་སོགས་ཆོས་ཅན། རང་གི་བའི་བློ་ནི་སྐྱེ་བར་མི་འགྱུར་ཏེ། སྡུག་བསྔལ་ སྐྱེད་པའི་ཕྱིར། དུག་སྤྲུལ་གྱིས་བཟུང་བའི་སོར་མོ་བཞིན་ཞེ་ན། དབང་སོགས་དེ་ནི་ཆོས་ཅན་ མཐའ་གཅིག་ཏུ་སྡུག་བསྔལ་ཁོ་ནའི་རྒྱུ་མིན་པར་ཐལ། རེས་འགའ་བདེ་བའང་བསྐྱེད་པས་ སོ། །ཕལ་ཆེར་སྡུག་བསྔལ་བསྐྱེད་དེ། དུག་བཅས་ཀྱི་ཟས་བཞིན་ནོ། །ཞེ་ན་དུག་མེད་ཀྱི་ཟས་ ཁྱད་པར་ཅན་རྙེད་པའི་ལྷས་སྦྱིན་ཆོས་ཅན། བདེ་སོགས་དེ་དང་འགལ་བའི་དུག་བཅས་ཀྱི་ ཟས་ལ་ཆགས་བྲལ་གྱུར་ཟེར་ཡང་མ་ཆགས་སྲིད་དེ་བདེ་བ་ཁྱད་པར་ཅན་ཆགས་ཤིང་དུག་ མེད་ཀྱི་ཟས་ཁྱད་པར་ཅན་རྙེད་པས་སོ། །དེས་ན་ཁྱད་པར་གཞན་གྱི་བདེ་བ་ལ་སྲེད་པའི་སྒོ་ ནས་བདེ་བ་ཅུང་ཟད་ཅན་གྱི་དུག་ཅན་གྱི་ཟས་ཡོངས་སུ་སྤོང་བ་སྲིད་དོ། ། དུག་མེད་ཀྱི་ཟས་མ་རྙེད་དུག་བཅས་ཀྱི་ཟས་མ་ཟོས་ན་དེ་མ་ཐག་བཀྲེས་ནས་འཆི་བར་ མཐོང་ཞིང་སྲོག་འཚོ་བ་ལ་ཆགས་པའི་སྐྱེས་བུ་བསམ་མེད་ལྷས་སྦྱིན་ཆོས་ཅན། དུག་བཅས་ ཀྱི་ཟས་ཇི་ལྟར་རྙེད་པ་བཞིན་ལ་འཇུག་སྲིད་དེ། དེ་འདྲའི་སྐྱེས་བུ་གང་ཞིག་བདག་ལ་ཆགས་ པ་ཡིས་སོ། །དཔེར་ན། བུད་མེད་དག་ནི་མ་རྙེད་པར་དུད་འགྲོ་མོ་ལ་འདོད་པ་སྤྱོད་པ་མཐོང་ བ་བཞིན། གལ་ཏེ་ཐར་པའི་སྐབས་ན་བདག་གི་བའི་རྟེན་མེད་ན་ཐར་བའི་སྐྱེས་བུ་གང་ ཡིན་པ་དེ་ཆོས་ཅན། འབྱུང་སོགས་བདག་གི་བའི་རྟེན་དེ་ཡི་བདག་ལ་འཇིག་པར་ཇི་ལྟར་ 1-1-174 འདོད་དེ། འདོད་པར་མི་རིགས་པར་ཐལ། བདག་ནི་འདོད་པས་ཏེ་བདག་ལ་ཆགས་པའི་ ཕྱིར། ཐར་པའི་སྐབས་ན་ཆོས་ཅན། ཇི་ལྟར་ཞེན་ཡུལ་བདག་ཡོན་ཏན་ཅན་འདོད་པ་ཡིན་ ཏེ། དེ་མེད་པར་ཐལ། བདེ་སོགས་མྱོང་བ་དང་ཐ་སྙད། ཤེས་རབ་སོགས་ཡོན་ཏན་ཀུན་གྱི་ རྟེན་ལོག་པའི་ཕྱིར། ཁྱབ་པ་ཁས་ཏེ། ཞེན་པའི་རང་བཞིན་བདག་ནི་མྱོང་སོགས་མེད་པ་དེ་ འདྲ་མིན་པར་འདོད་པའི་ཕྱིར། ཁོའི་ཐར་འདོད་ཆོས་ཅན། བདག་ལ་ཆགས་པ་སྐྱེ་བར་ཐལ། བདག་འཛིན་རགས་པ་ཅན་ཡིན་པས་སོ། །ཁྱབ་སྟེ། བདག་འཛིན་དེ་ནི་རྣམ་པ་ཀུན་ཏུ་བདག་ ལ་ཆགས་པ་བརྟན་པར་བྱེད་པས་སོ། །འདོད་ན། བདག་གི་བ་ལ་ཆགས་པའི་གནས་སྐབས་ དེ་ཉིད་དུ་གནས་པར་ཐལ་ལོ། །ཁྱབ་སྟེ། བདག་ཆགས་དེ་ནི། བདག་གིར་ཞེན་པའི་ས་བོན་ ཡིན་པས་སོ། །གལ་ཏེ་བདག་གི་ལ་ཆགས་པ་དང་བྲལ་དེ། བདག་གི་ལ་སྡུག་བསྔལ་དུ་སྒོམ་ པ་ལ་བརྩོན་པས་སོ་ཞེ་ན། ཆོས་ཅན། དེ་སྒོམ་པ་ལ་བརྩོན་ཡང༌། བདག་གི་བ་དེ་ལ་ཡོན་ཏན་ མཐོང་བ་ལ་བརྟེན་ནས་བདག་གི་བ་ལ་ཆགས་པ་འཇུག་པ་དང་ལྡན་པར་ཐལ། བརྩོན་ཡང་ བདག་ལ་ཆགས་པས་སོ། །ཁྱབ་སྟེ། བདག་ཆགས་དེས་བདག་གི་བ་ལ་ཆགས་པ་དང་བྲལ་ བའི་གེགས་བྱེད་པ་ཡིན་ནོ། །བདག་གི་བའི་སྐྱོན་མཐོང་ནས་ཆགས་པ་དང་བྲལ་ལོ་ཞེ་ན། ཆོས་ཅན་དེ་མིན་པར་ཐལ། བདག་གི་བ་དེ་བདག་གི་བདེ་སྒྲུབ་དུ་བཟུང་བས་བདག་གི་བདེ་ བའི་སྐྱོན་བསྒྲིབས་པས་སོ། །གལ་ཏེ་བདག་ལའང་ཆགས་པ་དང་བྲལ་ཞེ་ན། དེ་ཡི་ཐར་པའི་སྐབས་ན་ཆོས་ཅན། ད་ནི་བདག་གི་བ་ལ་ཆགས་པ་དང་བྲལ་བ་གང་ ཡིན་པ་མེད་པར་ཐལ་ལོ། །འདོད་ན་བདག་གི་སྡུག་བསྔལ་ཏུ་བསྒོམ་པ་དོན་མེད་པར་འགྱུར། བདག་གི་བ་ཇི་ལྟ་པ་བཞིན་དུ་བདག་འདོར་བའི་ཕྱིར། ཡང༌། འདི་ལ་ཆགས་པ་བྲལ་གྱུར་ན། ། འདི་དོར་མིན་པར་དཔེར་བདག་བཞིན། །དེ་ཕྱིར་སྡུག་བསྔལ་སྒོམ་དོན་མེད། །ཅེས་པའི་ འགྱུར་ལྟར་ན། ཆོས་ཅན། བདག་གི་བ་འདི་ལ་ཆགས་པ་དང་བྲལ་བར་གྱུར་ན་ཡང༌། བདག་ 1-1-175 གི་བ་འདི་དོར་བས་ཁྱབ་པ་མིན་པར་ཐལ། བདག་ལ་ཆགས་པ་དང་བྲལ་ཡང་བདག་དོར་བ་ མིན་པས་སོ། །དཔེར་དང་བཞིན་ཅེས་པས་དཔེ་དེས་མ་ངེས་ཞེས་པའོ། ། འདོད་ན། བདག་ གི་བ་དོར་དོན་དུ་བདག་གི་སྡུག་བསྔལ་དུ་སྒོམ་པ་དོན་མེད་པར་ཐལ། འདོད་པ་དེའི་ཕྱིར། བདག་གི་བ་སྡུག་བསྔལ་དུ་སྒོམ་པའི་རྣལ་འབྱོར་པ་དེ་དག་ཆོས་ཅན། བདག་གི་བ་སྡུག་ བསྔལ་དུ་བསྒོམས་པས་ཀྱང་སྡུག་བསྔལ་ཉིད་དུ་གསལ་པོར་རྣམ་པར་ཤེས་པར་བྱེད་པ་ཙམ་ གྱིས་དེ་ལ་ཆགས་བྲལ་དུ་འགྱུར་བ་མ་ཡིན་པ་ཐལ། སྔར་ཆགས་པ་དང་མ་བྲལ་བའི་གནས་ སྐབས་ན་ཡང་དེ་མངོན་སུམ་དུ་ཤེས་པ་དེ་ལྟ་ན་ཡང༌། བདག་གི་བ་འདི་ལ་ཆགས་བྲལ་མེད་ པས་སོ། །སྐྱོན་མཐོང་ན་ཆགས་པ་དང་བྲལ་ཏེ། ད་ལྟ་འགའ་ལ་སྐྱོན་མཐོང་བས་དེ་ལ་ཆགས་ པ་དང་བྲལ་བ་མཐོང་བས་སོ། །ཞེ་ན། ཁོ་ཡི་ཐར་འདོད་ཆོས་ཅན། བདག་གི་བ་དེ་ལ་ཉེས་པ་མཐོང་བའི་སྐད་ཅིག་ཙམ་དུ་ ཆགས་པ་དེ་ཡི་བློ་ལྡོག་ཡང་དེ་ལ། གཏན་དུ་ཆགས་བྲལ་དུ་མི་འགྱུར་ཏེ། དེ་ལྟར་ཡིན་ནའང་ བདག་ལ་ཆགས་པས་སོ། །དཔེར་ན། འདོད་ལྡན། འགའ་ཞིག་རང་གི་བུད་མེད་ཀྱི་སྐྱོན་ མཐོང་བའི་སྐད་ཅིག་ཙམ་དུ་དེ་ལ་མ་ཆགས་སྲིད་ཡང་བུད་མེད་གཞན་ལ་ཆགས་པས་རྐྱེན་ བྱས་ནས་དེ་ལ་ཆགས་པ་བཞིན་ནོ། ། དེ་ལའང་འདི་ལྟར་ཆོས་ཅན། བདག་གི་བ་ལ་རེས་འགའ་མ་ཆགས་ཀྱང་དེ་ལ་ཆགས་ པ་སྐྱེ་སྲིད་པར་ཐལ། བདག་བླང་བྱ་དང་བདག་གི་བ་ལ་དོར་བྱར་ཞེན་པའི་ཆགས་ལྡན་ཡིན་ པས་སོ། །ཁྱབ་སྟེ། གཅིག་བདག་ལ་དམིགས་ནས་བྱུང་བའི་ཆགས་པ་གང་ཡིན་པ་དེ་ཉིད། བདག་གི་བ་ལ་ཆགས་པའི་རྟེན་གྱི་རྣམ་གྲངས་གཞན་གྱིས་བསྐྱེད་པའི་ཚེ། བདག་གི་བ་ལ་ ཆགས་པ་ཀུན་གྱི་ས་བོན་དུའགྱུར་བ་ཡིན་པས་སོ། །བདག་སྐྱོན་མེད་ཡིན་ན། བདག་ཆགས་ ཆོས་ཅན། སྤང་དགོས་པའི་སྐྱོན་མེད་པར་ཐལ། ཐོབ་བྱ་མཆོག་གི་ཡུན་ཏེ། དེ་ལ་འདུན་ 1-1-176 པ་ཡིན་པའི་ཕྱིར། དབང་སོགས་ཆོས་ཅན་སྤང་དགོས་པའི་སྐྱོན་མེད་ཡིན་པར་ཐལ། ཐོབ་ བྱ་མཆོག་གི་བདེ་བ་སྒྲུབ་བྱེད་ཡིན་པས་སོ། །གཉིས་ཀ་འདོད་ན། ཆོས་ཅན། ཐར་པ་དོན་ གཉེར་དང་ཐར་པའི་སྐྱེས་བུ་གང་གི་ཡང་སྤང་བྱ་མ་ཡིན་པར་ཐལ། སྐྱོན་མེད་ཡིན་པས་སོ། ། འདོད་ན། སྤང་བྱ་གང་ལ་ཆགས་བྲལ་འགྱུར་ཏེ། མི་འགྱུར་བར་ཐལ། བདག་དང་བདག་ ཆགས་བདག་གི་བ་རྣམས་གང་ཡང་ཁྱོད་ཀྱི་སྤང་བྱ་མ་ཡིན་པ་དེ་ནི་དེའི་ཕྱིར། ཁྱབ་སྟེ། འགྲོ་ བའི་སྟེ། བྱ་བའི་དངོས་པོའང་གསུམ་པོ་དེ་ཙམ་ཉིད་ཡིན་གྱི། དེ་ལས་མ་རྟོགས་པ་མེད་པས་ སོ། །གལ་ཏེ་བདག་སྐྱོན་མེད་ཡིན་ཡང་བདག་དེ་ལ་ཆགས་པ་དེ་སྐྱོན་བཅས་ཡིན་ཏེ། སྡུག་ བསྔལ་གྱི་རྟེན་བྱེད་པའི་ཕྱིར་ན་དོར་བྱའོ་ཞེ་ན། བདག་ཆོས་ཅན་སྐྱོན་བཅས་སུ་མཚུངས་པ་ ཡིན་པར་ཐལ། སྡུག་བསྔལ་གྱི་རྟེན་ཡིན་པ་དེ་ནི་དེའི་ཕྱིར། དེར་ཐལ་ཏེ། བདག་དེ་དུཿཁའི་ རྟེན་བྱེད་པ་དེའི་སྐྱོན་ཅན་ཡིན་ཡང༌། བདག་ལ་ཆགས་བྲལ་མེད་ཅེ་ན། དེ་ཡི་ཕྱིར། ཁོ་ཡི་ ཐར་སྐྱེས་དེ་ཆོས་ཅན། སྡུག་བསྔལ་གྱི་རྟེན་ཡིན་པ་ཙམ་དེ་ནི་གང་ལ་ཆགས་བྲལ་ཏེ་དོར་ བས་མ་ཁྱབ་པར་ཐལ་ལོ། །ཡང་དབང་སོགས་ལ་བདག་གིར་ཆགས་པ་དེ་ཆོས་ཅན། བདག་ གི་ཡོན་ཏན་མཐོང་བ་ཁོ་ན་ལས་བྱུང་བར་ཐལ། བདག་གི་ཉེས་པ་མཐོང་བ་ཁོ་ནས་འཇིག་ པའམ། གཞོམ་བྱ་ཡིན་པས་སོ། །འདོད་ན། ཤེས་བྱ་ཆོས་ཅན། དབང་སོགས་ལ་ཆགས་ པ་དེ་དེ་ཡི་ཡོན་ཏན་མཐོང་བ་ཁོ་ནས་བསྐྱེད་པ་དེ་ལྟར་མིན་པར་ཐལ། སྐྱོན་ཡོན་གྱི་རྟོག་ དཔྱོད་མེད་པའི་བྱིས་པ་དང་ཕྱུགས་ལ་སོགས་པ་ལ་ཡང་རང་གི་དབང་སོགས་ལ་ཆགས་པ་ མཐོང་བས་ཕྱིར་དང༌། རང་གི་དབང་སོགས་སྐྱོན་ལྡན་དུ་མཐོང་ཡང་ཆགས་པ་ཡོད་པའི་ཕྱིར། གཞན་གྱི་དབང་སོགས་ཡོན་ཏན་དང་ལྡན་པར་མཐོང་ཡང་རང་གིར་ཆགས་པ་མེད་པའི་ཕྱིར་ དང༌། འདས་པ་དང་ལུས་ལ་བོག་པའི་ཡན་ལག་སོགས་བདག་གི་བའི་བློ་དོར་བ་ལས་ཡང་ ཆགས་པ་མེད་པའི་ཕྱིར། གཞན་ཡང་དེ་ཉིད་ཀྱི་ཕྱིར་ན་དབང་སོགས་ལ་བདག་གིར་འཛིན་ 1-1-177 པའི་བློ་ཆོས་ཅན། དེ་ཡི་ཡོན་ཏན་མཐོང་བ་ཁོ་ན་ཁྱོད་ཀྱི་དངོས་རྒྱུ་མ་ཡིན་པར་ཐལ། དེ་དང་ རྗེས་སུ་འགྲོ་ལྡོག་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་རོ། །དེ་ཡང་ཆོས་ཅན། དབང་སོགས་ཡོན་ཏན་ མ་ཡིན་པ་སྐྱོན་ཅན་དུ་མཐོང་བ་ཁོ་ན་ཡོང་བ་མིན་པར་ཐལ། དེའི་ཡོན་ཏན་མཐོང་བ་ཁོ་ནས་ མ་བསྐྱེད་པའི་བློ་ཡིན་པའི་ཕྱིར། གཞན་ཡང༌། ཁོ་ཡི་ཐར་འདོད་ཆོས་ཅན། བདག་གི་སྐྱོན་ཅན་ཁོ་ནར་མཐོང་བ་མ་ཡིན་ པར་ཐལ། བདག་གི་བ་ལ་ཡོད་པ་མིན་པའི་ཡོན་ཏན་སྒྲོ་བཏགས་ནས་ཆགས་པའི་ཕྱིར་ཏེ། བདག་ལ་ཆགས་པས་སོ། །དེས་ན་བདག་གི་སྡུག་བསྔལ་དུ་སྒོམ་པ་སོགས་ཀྱི་སྒྲུབ་པ་ཆོས་ ཅན། བདག་གིར་ཆགས་པ་དེ་ལ་ཇི་ལྟར་གནོད་དེ། མི་གནོད་པར་ཐལ། བདག་ཆགས་ལ་ གནོད་པ་མེད་པའི་ཕྱིར། ཁྱབ་སྟེ། དེ་དེའི་རྒྱུ་ཡིན་པས་སོ། །གྲངས་ཅན་ན་རེ། ཡོན་ཏན་ མཐོང་བས་ཆགས་པ་མ་ཡིན་གྱི། ཆགས་བྱའི་དོན་དང་བདག་ཤེས་རིག་གཅིག་ཏུ་བཟུང་ བས་ཆགས་ལ། ཐ་དད་དུ་ཤེས་པས་གྲོལ་ལོ་ཞེ་ན། གྲོལ་བ་དོན་གཉེར་གྱི་སོ་སོ་སྐྱེ་བོ་རྣམས་ཆོས་ཅན། འདི་ཡི་རང་གི་དབང་སོགས་བདག་ རྟག་པ་ལས་ཐ་དད་དུ་འགྱུར་བར་ཤེས་པར་ཐལ། རང་གི་ད་ལྟའི་དབང་སོགས་ལས་མཆོག་ གཞན་དོན་དུ་གཉེར་བའི་ཕྱིར་དང༌། རང་གི་དབང་སོགས་སྐྱེ་འཇིག་ཏུ་རྟོགས་པའི་བློ་ཅན་ ཉིད་ཀྱི་ཕྱིར། གཞན་ཡང་དབང་སོགས་ལ་བདག་གིར་ཆགས་པ་དེ་ཆོས་ཅན། དབང་སོགས་ དང་ཤེས་རིག་གཅིག་ཏུ་མཐོང་བ་ལས་བྱུང་བ་མ་ཡིན་པར་ཐལ། དེ་མེད་པར་ཡང་ཁྱོད་སྐྱེ་བ་ དེ་ཡི་ཕྱིར། འོ་ན་བདག་གི་བ་ལ་ཆགས་པའི་རྒྱུ་གང་ཞེ་ན། བདག་ལ་ཆགས་པ་དེ་ཆོས་ཅན། བདག་གིར་ཆགས་པའི་རྒྱུ་ཡིན་ཏེ། ཁྱོད་ལ་དམིགས་པའི་ནང་གི་ཡན་ལག་ཏུ་དབང་སོགས་ ལ་ང་ཡི་ཞེས་སོགས་ངོ་བོ་ཉིད་ཀྱི་རྗེས་སུ་ཆགས་པ་སྐྱེ་བར་འགྱུར་བས་སོ། །ཇི་ལྟར་སྡུག་ བསྔལ་བསྒོམས་པས་ཆགས་བྲལ་དུ་མི་འགྱུར་ཞེ་ན། 1-1-178 སྐྱེས་བུ་གང་ཞིག་ཏུ་ད་ལྟར་དུཿཁས་གདུང་པའི་ཡིད་འབྱུང་དེ་འདྲ་ཆོས་ཅན། ཆགས་ བྲལ་མཚན་ཉིད་པ་མ་ཡིན་ཏེ། ཞེ་སྡང་དང་མཚུངས་ལྡན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གནས་བརྟན་པའི་སྡེ་པས་ཡིད་མི་བདེ་བ་ཐམས་ཅད་ནི་ཞེ་སྡང་དང་མཚུངས་པར་ལྡན་པ་ ཡིན་ནོ་ཞེས་པ་ལྟར་རོ། །དེ་ཡི་ཚེ་ཡང་དེ་ཆོས་ཅན། ཆགས་པ་ཡོད་དེ། དུཿཁ་ལས་གཞན་ བདེ་བའི་སྐབས་ཚོལ་བའི་ཕྱིར་རོ། །ཞེ་སྡང་རྟག་ཏུ་འབྱུང་བ་ཉིད་ཆགས་བྲལ་ཡིན་པས་ཐར་ པ་ཡོད་དོ་ཞེ་ན། དེ་འདྲའི་ཡིད་མི་བདེ་དང་མཚུངས་ལྡན་གྱི་ཞེ་སྡང་དེ་ནི་ཆོས་ཅན། ཁྱོད་རྟག་ཏུ་འབྱུང་བ་ མ་ཡིན་ཏེ། སྡུག་བསྔལ་དྲག་པོ་དེ་ཡི་རྒྱུ་མཚན་དེ་སྲིད་ཙམ་དུ་གནས་པའི་ཕྱིར་རོ། །དེ་ཡི་རྒྱུ་ ཅན་ཡིན་པས་སོ། །དེས་ན་དེ་འདྲའི་སྐྱེས་བུ་ཆོས་ཅན། ཆགས་བྲལ་མཚན་ཉིད་པ་མ་ཡིན་ ཏེ། རང་རྒྱུད་ཀྱི་སྡུག་བསྔལ་དྲག་པོ་དེ་བཟློག་པ་ན་ནི། རང་ཉིད་ཀྱི་རང་བཞིན་བདག་གིར་ ཆགས་པ་ཉིད་ལ་སླར་རྟེན་པར་འགྱུར་བས་ཕྱིར། ཆགས་བྲལ་གང་ཞེ་ན། དགྲ་བཅོམ་ཆོས་ཅན། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་ཏེ། བླང་དོར་དུ་འཛིན་པ་ སྤངས་པའི་སྒོ་ནས་ཡུལ་ཐམས་ཅད་ལ་ནི་ཐུགས་མཉམ་སྙོམས་པར་གནས་པ་ཅན་ཡིན་པའི་ ཕྱིར། སྙོམས་པ་ཇི་ལྟ་བུ་ན་གུས་པས་ལག་པ་གཅིག་ཙན་དན་གྱིས་བྱུགས་པ་དང༌། སྡང་ སེམས་ཀྱིས་ལག་པ་གཅིག་སྟེའུས་གཅོད་པ་ལ་ཆགས་པ་དང༌། ཁོང་ཁྲོ་བ་མེད་པར་མཚུངས་ པ་ལྟ་བུ་ལ་འདོད་དོ། ། སྡུག་བསྔལ་སྒོམ་པ་ཆགས་བྲལ་གྱི་རྒྱུ་མིན་ན། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་སྒོམ་པ་ཇི་ལྟར་གསུངས་ཞེ་ན། བཅོམ་ལྡན་འདས་ ཆོས་ཅན། སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་ལ་དགོངས་ནས་དེ་བསྒོམ་པར་གསུངས་པ་ མ་ཡིན་ཏེ། ཟག་བཅས་འདུ་བྱེད་ཐམས་ཅད་སྡུག་བསྔལ་ཉིད་དུ་མཁྱེན་ནས་འདུ་བྱེད་ཀྱི་ སྡུག་བསྔལ་སྒོམ་པར་གསུངས་པའི་ཕྱིར། ངེད་ཀྱི་བསྒོམ་བྱའི་སྡུག་བསྔལ་དེའང་ཆོས་ཅན། 1-1-179 བདག་གིས་སྟོང་སྟེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར། འདུ་བྱེད་སྡུག་བསྔལ་དེ་ནི་སྒོམ་པ་ཆོས་ ཅན། འཁོར་བ་ལས་དངོས་སུ་གྲོལ་བྱེད་མ་ཡིན་ཏེ། བདག་མེད་མངོན་སུམ་ལ་ལྟ་བའི་ཡེ་ ཤེས་སྐྱེ་བའི་རྟེན་ཡིན་པའི་ཕྱིར། སྟོང་ཉིད་མངོན་སུམ་དུ་ལྟ་བ་སྟེ་རྟོགས་པའི་ཡེ་ཤེས་ཆོས་ ཅན། འཁོར་བ་ལས་གྲོལ་བྱེད་ཡིན་ཏེ། ཆགས་པའི་དངོས་གཉེན་ཡིན་པས་སོ། ། སྒོམ་པ་ལྷག་མ་ཟག་བཅས་མི་རྟག་སྡུག་བསྔལ་སོགས་སུ་སྒོམ་པ་ཆོས་ཅན། དགོས་པ་ ཡོད་དེ། སྟོང་ཉིད་མངོན་སུམ་གྱིས་རྟོགས་པ་དེ་ཡི་དོན་ཏེ་འབྲས་བུ་ཅན་ཡིན་པས་སོ། །ཁྱབ་ སྟེ། དེ་ཡི་ཕྱིར། དོན་དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཟག་བཅས་མི་རྟག་པར་ རྟོགས་པ་ལས་སྡུག་བསྔལ་དུ་རྟོགས་པ་དེ་ལ་ཕུང་པོ་བདག་མེད་དུ་རྟོགས་པ་འབྱུང་བར་ གསུངས་པས་སོ། ། ཁོ་ཡི་ཐར་པར་འདོད་པའི་སྐྱེས་བུ་ཆོས་ཅན། འཁོར་བ་པ་ཡིན་པར་ཐལ། ཉོན་མོངས་ པ་དང་དེས་བསྐྱེད་པའི་ལས་ལ་གྲོལ་བ་མ་ཡིན་པའི་ཕྱིར་ཏེ། སྲེད་པ་དང་ལྡན་པའི་སྒོ་ནས་ བདེ་སྡུག་ལ་བླང་དོར་དུ་རྩོམ་པ་ཀུན་ལ་བརྟེན་པའི་ཕྱིར། དེར་ཐལ། བདག་ལ་ཆགས་བྲལ་ མིན་པར་ཆགས་པའི་ཕྱིར། སྲེད་ལྡན་རྩོམ་པ་ཀུན་ལ་བརྟེན་པ་དེ་ལ་འཁོར་བ་པ་ཞེས་བྱའོ། ། གསུམ་པ་ནི། ཐར་པའི་སྐབས་ལ་བདག་གི་བ་ཉིད་ཡོད་པར་མི་འདོད་ཅེ་ན། རྒོལ་བ་དེ་ ཡི་ལུགས་ལ་གྲོལ་བའི་བདག་ཆོས་ཅན། བདག་གི་བ་ཟ་བ་པོར་ཡང་མེད་པར་ཐལ། བདག་ གི་བ་མེད་པས་སོ། །འདོད་ན། དེ་ཆོས་ཅན། བདག་ཏུ་མེད་པར་ཐལ། བདག་གི་བ་ཟ་བ་ པོར་མེད་པ་དེའི་ཚེའི་ཕྱིར། མ་ཁྱབ་ན་བདག དེ་ཡི་རྒྱུ་ལས་བྱ་བ་དེ་བྱེད་ཅིང་བྱས་པའི་ལས་ ཀྱི་འབྲས་བུ་ལོངས་སྤྱོད་པའི་མཚན་ཉིད་ཅན་ཡིན་པ་བུད། བཞི་པ་ནི། ཐར་པ་དོན་གཉེར་ཆོས་ཅན། འཇིག་ཚོགས་ལ་ལྟ་བ་དག་རྩ་བ་ཉིད་ནས་ དབྱུང་བར་གྱིས་ཏེ། བྱ་དགོས་སོ། །འཁོར་བ་སྙིང་པོ་མེད་པ་ལས་གྲོལ་བར་འདོད་པ་དེ་ཡི་ 1-1-180 ཕྱིར། འཇིག་ལྟ་ཅི་འདྲ་ཞེ་ན། རིགས་མཐུན་པའི་འཇིག་ལྟ་སྔ་མ་ས་བོན་དུ་ཡོད་པ་ལས་བྱུང་ ཞིང་ཐོག་མ་མེད་པའི་རྒྱུ་ཅན་ཞིག་གོ། ལྔ་པ་ལ་བདུན། སྒྲུབ་བྱེད་མེད་པའི་ལུང་ལ་ཡིད་ཆེས་མེད། སྡིག་པ་སྲང་ལ་ལྕི་ཡང་བྱེད་ པ་དགག དབང་སྐུར་ཅན་ལའང་འཁོར་བའི་དངོས་རྒྱུ་ཚང༌། དེ་མ་ཚང་བའི་གཞན་ལན་རྣམ་ གསུམ་དགག རྟག་པའི་བདག་གིས་འབྲས་བུ་བྱེད་པ་དགག བདག་མེད་ཡིན་ན་དྲན་སོགས་ མེད་པ་སྤང༌། ཞར་ལ་བདག་མེད་མཐོང་བ་གཉེན་པོར་བསྟན་པའོ། ། དང་པོ་ནི། དབང་ཕྱུག་གི་དབང་བཀའ་ཙམ་གྱིས་གྲོལ་བ་ཡིན་ཏེ། དེ་ལྟར་དབང་ཕྱུག་ ཉིད་ཀྱིས་བཤད་པས་སོ། །ཞེ་ན། དབང་ཕྱུག་གིས་དབང་བཀའ་ཙམ་གྱིས་གྲོལ་བར་སྨྲ་བའི་ ལུང་ནི་ཆོས་ཅན། ཐར་པ་དོན་གཉེར་གྲུབ་བྱེད་ཀྱི་ཐར་ལམ་སྟོན་པའི་ལུང་རྣམ་དག་མིན་ པར་ཐལ། བརྗོད་བྱ་བདེན་པ་དེ་ལྟའི་དངོས་ཡིན་པའི་རྒྱུ་སྟེ། སྒྲུབ་བྱེད་ཡང་དག་ཚད་མས་ མ་མཐོང་བས་སོ། །དེར་ཐལ། དབང་ཕྱུག་གི་དབང་བཀའ་ཙམ་གྱིས་གྲོལ་བར་སྟོན་ཅིང༌། དེས་དེ་ལས་གྲོལ་བར་རིགས་པ་རྣམ་དག་གིས་མ་གྲུབ་པས་སོ། །དེ་ཡིས་དབང་བསྐུར་བའི་ སྐྱེས་བུའི་སྐྱེ་བ་གཅོད་དེ། དེ་ཡི་དབང་སྔགས་ཀྱིས་བཏབ་པས་མྱུ་གུ་མི་བསྐྱེད་པས་སོ་ཞེ་ན། དབང་ཕྱུག་གི་དབང་གི་ཆོ་ག་ནི་ཆོས་ཅན། ཁྱོད་ཉིད་སྔགས་ཀྱིས་བཏབ་པའི་ས་བོན་གྱིས་ མྱུ་གུ་མི་བསྐྱེད་པ་ཙམ་གྱིས་ཁྱོད་དང་ལྡན་པའི་སྐྱེས་བུ་མི་སྐྱེ་བར་བྱེད་ནུས་པ་མིན་པར་ཐལ། དེ་ནུས་ན་ལུས་ལ་ཏིལ་མར་གྱིས་བསྐུས་པ་དང་མེས་བསྲེགས་པ་སོགས་ལས་ཀྱང་སྐྱེས་བུ་ འཁོར་བ་ལས་གྲོལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཉིས་པ་ནི། སྡིག་པ་བླ་མས་བླངས་ནས་སྦྱིན་སྲེག་བྱས་པ་ན། དེ་ཡི་སྡིག་པ་ཟད་ པ་ཡིན་ཏེ། སྐྱེས་བུ་དེ་སྔར་སྲང་ཁར་ལྕི་བ་དག་ཕྱིས་སྤང་ཡང་བར་འགྱུར་བའི་ཕྱིར་ཞེ་ན། གཞན་ཡང་སྦྱིན་སྲེག་བྱས་པའི་སྐྱེས་བུ་འདི་ཆོས་ཅན། སྔར་སྲང་ཁར་ལྕི་བ་དག་ཕྱིས་ཡང་ 1-1-181 བར་འགྱུར་བའི་ཕྱིར་གྱིས། སྦྱིན་སྲེག་གིས་སྡིག་པ་བཅོམ་པ་མིན་པར་ཐལ། ཁྱོད་ཀྱི་ལུས་ འདི་ཡི་ལྕི་བ་ས་ཆུའི་ཆོས་སྔར་ཡོད་ཅུང་ཟད་གཅིག་ཕྱིས་མེད་པར་གྱུར་པ་ཙམ་ཡིན་གྱི་སྡིག་ པ་སྲང་ཁར་ལྕི་བ་མ་ཡིན་པའི་ཕྱིར་ཏེ། སྡིག་པ་ལུས་ཅན་མིན་པའི་ཕྱིར། གསུམ་པ་ནི། འཁོར་བ་པར་སྐྱེ་བའི་རྒྱུ་ཅི་ཞེ་ན། སྡུག་བསྔལ་ལ་བདེ་བར་འཛིན་པའི་ ལོག་ཤེས་དང་ནི་དེ་ལས་བྱུང་བའི་སྲིད་པ་དང་མཚུངས་ལྡན་གྱི་སེམས་དཔའ་གཉིས་ཆོས་ ཅན། དམན་པར་སྐྱེ་བའི་རྒྱུ་ཡིན་ཏེ། ཁྱོད་རྒྱུར་ཡོད་པའི་དབང་གིས་དམན་པའི་གནས་སུ་ཐ་ མལ་པའི་འགྲོ་བ་སྐྱེ་བ་ཡིན་པས་སོ། །དགྲ་བཅོམ་ཆོས་ཅན། དམན་གནས་སུ་ཐ་མལ་པར་ འགྲོ་བ་མིན་འགྱུར་ཏེ། སེམས་དཔའ་དེ་ཉིད་བཅད་པ་སྟེ་མེད་པས་སོ། །ཁྱབ་སྟེ། སེམས་ དཔའ་དེ་གཉིས་དེར་སྐྱེ་བའི་རྒྱུ་ཡིན་པ་དེ་ཡི་ཕྱིར། དམན་གནས་སུ་ཐ་མལ་དུ་སྐྱེ་བ་ཆོས་ ཅན། སེམས་དཔའ་དེ་དག་ཉིད་ཁྱོད་ལ་ཕན་ནུས་པ་ཡིན་ཏེ། གཉིས་པོ་དེ་ཙམ་ལས་འབྱུང་ བའི་ཕྱིར། སྐྱེ་རྒྱུ་ལས་ཀྱང་ཡོད་མོད། དེ་ཙམ་ལས་བྱུང་ཞེས་བརྗོད་ཅེ་ན། སེམས་དཔའ་དེ་ དག་ཆོས་ཅན། ཁྱོད་ལས་མིན་པའི་རྒྱུ་མཚན་གྱིས་ཐ་མལ་པར་སྐྱེ་བའི་དངོས་རྒྱུ་ལས་འདས་ པ་རྫས་གྲུབ་གཅིག་དགོས་པ་མ་ཡིན་ཏེ། རང་ཉིད་དེ་ཡི་དངོས་རྒྱུར་གྱུར་པའི་སེམས་དཔའི་ ལས་ཡིན་པའི་ཕྱིར། དབང་ཕྱུག་གི་དབང་ཅན་གྱི་སྐྱེས་བུ་ལོག་སྲེད་ཅན་ཆོས་ཅན། ཡང་སྲིད་ པར་སྐྱེ་སྟེ། སེམས་དཔའ་དེ་གཉིས་ཉམས་པ་མེད་པར་རྒྱུད་ལ་ཚང་བས་སོ། །ཁྱབ་སྟེ། དེ་ གཉིས་དེར་སྐྱེ་བའི་རྒྱུ་ཡིན་པས་སོ། ། བཞི་པ་ལ། རྩོད་པ་དང་པོ་སྤང་བ་ནི། ཡུལ་གཞན་དུ་འགྲོ་བ་དང༌། ཡུལ་རྟོགས་པའི་ རྟེན་ནི་བྱེད་པ་དབང་པོ་རྣམས་ཡིན་ལ། བྱེད་པ་དེ་དག་ནི་མ་མཐོང་བ་ཆོས་དང་ཆོས་མིན་ པའི་ལས་ལས་སྐྱེ་བར་འགྱུར་ཞིང༌། དབང་བསྐུར་གྱིས་མ་མཐོང་བའི་ལས་དེ་དག་ཞིག་པར་ བྱས་པས་དབང་སྐུར་ཅན་དམན་པའི་གནས་སུ་སྐྱེ་བ་མེད་དོ། །ལས་དེ་ནི་བདག་གི་ཡོན་ 1-1-182 ཏན་འདུ་བྱེད་ཡིན་གྱི། སེམས་དཔའ་དེ་དག་མིན་པས་དབང་བསྐུར་ཅན་ལ་སྐྱེ་རྒྱུ་ཚང་བའི་ རྟགས་མ་གྲུབ་བོ་ཞེ་ན། དམན་གནས་སུ་སྐྱེས་པའི་ཐ་མལ་གྱི་བྱེད་པ་དབང་པོ་རྣམས་ཆོས་ ཅན། ཁྱོད་བསྐྱེད་པ་ལ་ལོག་སྲེད་དང་མཚུངས་ལྡན་གྱི་བློའི་ནུས་པ་མཐོང་གི་གཞན་བདག་ གི་ཡོན་ཏན་འདུ་བྱེད་ཀྱིས་བསྐྱེད་པ་མ་ཡིན་ཏེ། དེ་འདྲའི་བློ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་ འཇུག་ལྡོག་བྱེད་པའི་ཕྱིར་དང༌། བདག་གི་ཡོན་ཏན་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་མ་མཐོང་ བའི་ཕྱིར་ནའོ། །དབང་སྐུར་ཐོབ་པའི་ཐ་མལ་སྐྱེས་བུ་ཆོས་ཅན་ཁྱོད་ཀྱི་བྱེད་པ་དེ་དག་ཡང་ སྲིད་དུ་ཅིས་མི་འགྲོ་སྟེ། འགྲོ་བར་ཐལ། སེམས་དཔའ་དེ་གཉིས་རང་རྒྱུད་ལ་ཡོད་པས་སོ། ། རྩོད་པ་སྤང་བ་ནི། གལ་ཏེ་སེམས་དཔའ་དེ་གཉིས་བྱེད་པ་སྐྱེད་བྱེད་ཡིན་ཡང་དེ་ཁོ་ནས་ བསྐྱེད་པ་མ་ཡིན་ཏེ། དབང་བསྐུར་གྱི་ནུས་པ་མ་བཅོམ་པའི་བདག་གི་ཡོན་ཏན་སོགས་ལ་ ལྟོས་ནས་དེ་བསྐྱེད་པ་ཡིན་ལ། དབང་བསྐུར་གྱིས་བདག་གི་ཡོན་ཏན་གྱི་ནུས་པ་བཅོམ་ནས་ ནུས་མེད་དུ་བྱས་པས་སེམས་དཔའ་དེ་གཉིས་ཀྱང་བྱེད་པ་བསྐྱེད་པའི་ནུས་པ་མེད་དོ། །དེས་ ན་དབང་སྐུར་ཅན་སྐྱེ་བ་མེད་དོ། །ཞེ་ན། འགྱུར་འདི་ལྟར་ན། དབང་བསྐུར་ཅན་གྱི་ཐ་མལ་པ་ ཆོས་ཅན། དབང་དང་གྲོལ་བྱེད་ཀྱི་སྔགས་སོགས་བྱས་མ་ཐག་ཏུ་རང་རྒྱུད་ཀྱི་བྱེད་པ་དབང་ སོགས་དེ་དག་སེམས་པའི་དབང་གིས་འཛིན་འཇུག་གཡེང་དང་འགོག་པ་མེད་པར་འགྱུར་ བར་ཐལ། སེམས་དཔའ་དེ་དག་གི་བྱེད་པ་འཛིན་འཕེན་སོགས་སུ་བསྐྱེད་པའི་ལྷན་ཅིག་ བྱེད་རྐྱེན་གྱི་ནུས་པ་དབང་བསྐུར་གྱིས་བཅོམ་པའི་ཕྱིར། དེ་ནི་ནུས་མེད་དབང་ལ་སོགས། དེ་ མ་ཐག་ཏུ་དེ་དག་གི་འཛིན་འཕེན་འཁྲུགས་དང་འགོག་པ་དག ། སེམས་དཔའི་དབང་གིས་ འགྱུར་བ་ཡིན། །ཅེས་པའི་འགྱུར་ལྟར་ན། དབང་ཕྱུག་གི་དབང་དང་གྲོལ་བྱེད་ཀྱི་སྔགས་ སོགས་དེ་ཐོབ་མ་ཐག་པའི་སྐྱེས་བུ་ལོག་སྲེད་ཅན་ཆོས་ཅན། བདག་གི་ཡོན་ཏན་འདུས་བྱས་ སོགས་ཀྱིས་བྱེད་པ་རྣམས་ཡུལ་ལ་འཛིན་འཕེན་འཁྲུགས་དང་འགོག་པ་དག་ཏུ་འགྱུར་བ་ 1-1-183 མིན་པར་ཐལ་དེ་མེད་ན་ཡང༌། ལོག་སྲེད་དང་མཚུངས་ལྡན་གྱི་སེམས་དཔའི་དབང་གིས་ ཁྱོད་ཀྱི་བྱེད་པ་རྣམས་འཛིན་འཕེན་འགོག་པ་དག་ཏུ་འགྱུར་བའི་ཕྱིར། རྩོད་པ་སྤང་བ་གསུམ་ པ་ནི། གལ་ཏེ་དབང་བསྐུར་ཅན་ཤི་བ་དེ་ཡི་ཚེ། བྱེད་པ་འཕེན་པའི་བློ་མེད་པའི་ཕྱིར་བྱེད་པ་ རྣམས་སྐྱེ་བར་མི་འགྱུར་རོ་ཞེ་ན། དབང་བསྐུར་ཅན་འཆི་ཁའི་སྐྱེས་བུ་ཆོས་ཅན། ཡང་སྲིད་པར་འཇུག་པར་ཐལ། རང་ རྒྱུད་ཀྱི་ལོག་སྲེད་སོགས་དྲི་མ་རྣམས་ཀྱིས་རང་བློའི་རྒྱུན་ཕྱི་མ་ཡང་སྲིད་པར་མཚམས་སྦྱོར་ བས་སོ། །མ་གྲུབ་སྟེ། དེ་ཡི་དྲི་མ་དེ་རྣམས་ལ་དེའི་ནུས་པ་མེད་དོ་ཞེ་ན། དབང་བསྐུར་ཐོབ་ པའི་སྐྱེས་བུ་ལོག་སྲེད་ཅན་ཆོས་ཅན། གསོན་པ་ཉིད་ནའང༌། ལོག་སྲེད་སོགས་སྔ་མ་ལ་ཕྱི་མ་ མཚམས་སྦྱོར་བའི་ནུས་པ་མེད་པར་འགྱུར་རོ། །དེས་དེ་ལ་དེ་ཡི་ནུས་པ་མེད་ཅིང་རྒྱུ་མཚན་ མཚུངས་པས་སོ། །ཉེས་པ་ལོག་སྲེད་སོགས་ཆོས་ཅན། རང་གི་རྒྱུ་རིགས་འདྲ་སྔ་མ་ས་བོན་ དུ་ཡོད་པ་ཅན་ཡིན་ཏེ། ཁྱོད་ཀྱི་གཉེན་པོ་འཕེལ་བའི་རྒྱུད་ལ་ཁྱོད་འགྲིབ་ཅིང་རང་གི་ཕྱོགས་ འཕེལ་བའི་རྒྱུད་ལ་ཁྱོད་འཕེལ་བར་འགྱུར་བའི་ཕྱིར། དེས་ན་དབང་བསྐུར་བའི་ལོག་སྲེད་ ཅན་ཆོས་ཅན། འཁོར་བ་ལས་གྲོལ་བ་མིན་པར་ཐལ། ལོག་སྲེད་རང་རྒྱུད་ལ་ལྡོག་པ་མེད་ ནས་ཚང་བས་སོ། ། ལྔ་པ་ནི། གལ་ཏེ་བདག་ཀྱང་སྐྱེ་བའི་རྒྱུར་ཡོད་པས་དེ་ཙམ་ལས་ནི་བྱུང་ཞེས་པ་མི་ འཐད་དོ་ཞེ་ན། བདག་ཆོས་ཅན། ཡང་སྐྱེ་བ་དང་བྱེད་པའི་ཚོགས་རིམ་གྱིས་བྱེད་པ་འགལ་ བར་ཐལ། རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་ཏེ། རྟག་པའི་ཕྱིར་རོ། །ཆོས་ཅན། འབྲས་བུ་བྱེད་ པ་འགལ་བར་ཐལ། བྱེད་དང་མི་བྱེད་པ་དག་ནི་འདྲ་བའི་བདག་སྟེ། དེ་མི་བྱེད་པའི་དུས་དང་ ཁྱད་པར་མེད་པས་སོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ཀྱང་སྟེ་རྒྱུ་ལས་བྱེད་པ་པོ་དང༌། ཕྱིས་ རྣམ་སྨིན་ལོངས་སྤྱོད་པ་པོ་ཆོས་ཅན། གཅིག་ཉིད་ཡིན་པ་འགལ་བར་ཐལ། ཕན་ཚུན་རྒྱུ་དང་ 1-1-184 འབྲས་བུ་ཡིན་པས་སོ། །གཉིས་པོ་དེ་དག་བདག་དེ་ལས་རྫས་ཐ་དད་པས་གཅིག་ཏུ་འགལ་ བ་འདོད་ཅེ་ན། བདག་ཆོས་ཅན། ལས་བྱེད་པ་པོ་དང་རྣམ་སྨིན་ཟ་བ་པོ་ཡིན་པ་ཉམས་པར་ ཐལ། དེ་དག་འབྲེལ་མེད་དོན་གཞན་ཡིན་པས་སོ། །ཆོས་ཅན། འབྲས་བུ་ལ་ཕན་པའི་ནུས་ པ་འགྲུབ་པ་མིན་པར་ཐལ། རྟག་པས་སོ། ། བདག་མེད་ན་མྱོང་བ་ཕྱིས་དྲན་པ་དང༌། སྔར་མཐོང་བ་ཕྱིས་ངོ་ཤེས་པ་དང༌། སྔར་ལས་ བྱས་བའི་འབྲས་བུ་ཕྱིས་མྱོང་བ་དང༌། སྔར་ཐེ་ཚོམ་ཟ་བ་ཕྱིས་ངེས་པ་མིན་པར་ཐལ། བདག་ རྟག་པ་མེད་པས་སོ། །ཐལ་བ་ལས་མྱོང་བ་དྲན་པ་དང༌། ལས་བྱས་པ་ལོངས་སྤྱོད་པའི་སྐྱེས་ བུ་རྟག་པ་ཡོད་དེ། གཞན་གྱི་མྱོང་བ་གཞན་གྱིས་མི་དྲན་པ་དང༌། གཞན་གྱིས་ལས་བྱས་པའི་ འབྲས་བུ་གཞན་གྱིས་ལོངས་སྤྱོད་པ་སོགས་མེད་པའི་ཕྱིར་ཞེ་ན། སངས་རྒྱས་པ་ཆོས་ཅན། དེ་འདྲའི་ཐལ་བ་དེ་ཁྱེད་ལ་གནོད་པ་མིན་པར་ཐལ། མྱོང་བ་དྲན་པའི་སྐྱེས་བུ་རྟག་པ་འགའ་ ཡང་མེད་པས་ཐལ་བ་དེ་ལ་འདོད་ལན་ཐེབས་པའི་ཕྱིར། དེས་ན་སྐྱེས་བུ་རྣམས་ཆོས་ཅན། མྱོང་བ་པོའི་བདག་རྟག་པས་དྲན་པ་བསྐྱེད་པ་མིན་པར་ཐལ། སྔར་མྱོང་བའི་བློ་དེ་ཉིད་ལས་ དྲན་པ་འབྱུང་བས་སོ། ། བདུན་པ་ནི། ལོག་སྲེད་འཁོར་བའི་རྒྱུ་ཡིན་ཅིང༌། བདག་མེད་རྟོགས་པས་དེ་འཇོམས་ ཞེ་ན་བདེན་པ་བཞིའི་སྡུག་བསྔལ་ལ་བརྟན་པའམ་རྟག་པ་དང་བདེ་བ་དང་ང་སྟེ་བདག་དང་ ང་ཡི་སྟེ་བདག་གི་ཞེས་སོགས་ཡང་དག་མིན་པ་སྟེ་རྣམ་པ་ཕྱིན་ཅི་ལོག་བཅུ་དྲུག་སྒྲོ་འདོགས་ པའི་ལོག་ཤེས་དང༌། དེ་ཡི་སྒོ་ནས་བདེ་སོགས་ལ་སྲེད་པ་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཡིན་ ཏེ། དེ་ཡི་ཕན་བྱེད་ཡིན་པས་སོ། །བདེན་བཞི་དེ་ཉིད་ལ་ནི་ཕྱིན་ ཅི་ལོག་བཅུ་དྲུག་པོ་དེ་དང་འགལ་བའི་དོན་མི་རྟག་ལ་སོགས་དེ་ཁོ་ན་ཉིད་ཀྱི་རྣམ་པ་ བཅུ་དྲུག་རྗེས་སུ་རྟོགས་པ་ཅན་གྱི་ཡང་དག་པའི་ལྟ་བ་བདག་མེད་རྟོགས་པ་ལེགས་པར་ 1-1-185 བསྒོམས་པ་ཡི་སྲེད་པ་རྗེས་འབྲང་དང་བཅས་པ་འཇོམས་པར་བྱེད་དོ། །བདེན་བཞིའི་རྣམ་ པ་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་གྱིས་རྟོགས་པའི་ཡེ་ཤེས་ཆོས་ཅན། སྡུག་བསྔལ་ གྱི་གཉེན་པོ་ཡིན་ཏེ་སྲེད་པ་རྗེས་འབྲང་དང་བཅས་པ་འཇོམས་པས་སོ། ། གསུམ་པ་ལས་ལུས་སྤོང་བའི་གྲོལ་ལམ་དགག་པ་ལ་གསུམ། ལས་ལུས་ཡོད་ཀྱང་སྐྱེ་ བའི་ངེས་པ་མེད། ལས་ལུས་སྤོང་བའི་གཉེན་པོ་གྲུབ་པ་མེད། དཀའ་ཐུབ་ལས་ཀྱི་གཉེན་ པོར་འདོད་པ་དགག་པའོ། །དང་པོ་ནི། སྲེད་པ་མེད་ཀྱང་ལས་ལུས་ཡོད་ན་ཇི་ལྟར་ཐར་ཅེ་ན། སྲེད་པ་མེད་པའི་སྐྱེས་བུ་ཆོས་ཅན། ལས་དང་ལུས་གནས་ན་ཡང་འཁོར་བ་པར་སྐྱེ་བ་སྲིད་པ་ མ་ཡིན་ཏེ། རྒྱུ་གཅིག་ཉོན་མོངས་མེད་པའི་ཕྱིར་ནའོ། །ས་བོན་མེད་པར་མྱུ་གུ་མི་སྐྱེ་བ་བཞིན་ ནོ། །ཁྱབ་སྟེ། དེར་སྐྱེ་བ་དེ་ལས་ལུས་ཉོན་མོངས་ཏེ་རྒྱུ་གསུམ་པ་ཅན་ཡིན་པས་སོ། ། ལས་ལུས་སྤོང་བ་ལམ་དུ་འགྱུར་རོ་ཞེ་ན། གྲོལ་བ་དོན་གཉེར་ཆོས་ཅན། ཉོན་མོངས་ སྤོང་བ་ལས་མ་རྟོགས་པར་ལས་དང་ལུས་དག་སྤོང་བའི་ལམ་ལ་ནན་ཏན་རིགས་པ་མ་ཡིན་ པར་ཐལ། དེ་ལས་མ་རྟོགས་པའི་ལས་ལུས་སྤོང་བའི་གཉེན་པོ་དག་ནི་ཚད་མས་རྟོགས་ པ་མེད་པའི་ཕྱིར་དང༌། ཉོན་མོངས་པ་མ་སྤངས་པར་ལས་ལུས་སྤོང་བའི་ནུས་པ་མེད་པའི་ ཕྱིར་ཏེ། མེད་པ་ནི་ཡོད་ན་ལས་ངན་ལས་ལུས་སླར་ཡང་འབྱུང་བའི་ཕྱིར། ལས་སྲེད་གཉིས་ ཀ་ཟད་པའི་དོན་དུ་ཐབས་ལ་འབད་པ་བྱེད་དོ། །ཞེ་ན། དེ་ཆོས་ཅན། ལས་སྲེད་གཉིས་ཀ་ ཟད་པའི་དོན་དུ་འབད་ན་ཡང་ལས་རྐྱང་པ་ཟད་པའི་དོན་དུ་དུབ་པ་དོན་མེད་ཡིན་ཏེ། དེ་ཡི་ གཉེན་པོ་ཚད་མས་མ་གྲུབ་པའི་ཕྱིར་རོ། ། གསུམ་པ་ནི། གཅེར་བུ་པའི་སྟོན་པ་འཕེལ་བྱེད་ལ་སོགས་པ་ན་རེ། གཉེན་པོ་མེད་པའི་ རྟགས་མ་གྲུབ་སྟེ། ལུས་གདུང་བའི་དཀའ་ཐུབ་ཀྱིས་སྔོན་བྱས་པའི་ལས་ཀྱི་རྣམ་སྨིན་ལོངས་ སྤྱོད་པས་ཟད་པར་འགྱུར་ཞིང༌། ལས་གསར་པ་མ་བསགས་པས་གྲོལ་ལོ་ཞེ་ན། སྐྱེས་བུ་ཆོས་ 1-1-186 ཅན། འབྲས་ཐ་དད་འབྱིན་པར་ནུས་པའི་ལས་ཡོད་དེ་འབྲས་བུ་ལོངས་སྤྱོད་ཆེ་ཆུང་སོགས་ སྣ་ཚོགས་པར་ཚད་མས་མཐོང་བའི་ཕྱིར་ཞེས་རྗེས་སུ་དཔག་ནུས་པ་དེས་ན་སེམས་ཅན་རེ་ རེའི་ལས་ཆོས་ཅན། སྐྲ་འབལ་བ་ལ་སོགས་པའི་དཀའ་ཐུབ་ཀྱི་ཉོན་མོངས་ཏེ་ཉམ་ཐག་པའི་ དངོས་པོ་ཅིག་གིས་ཁྱེད་བུད་མེད་ཐམས་ཅད་ཀྱིས་རྣམ་སྨིན་མྱོང་བའི་སྒོ་ནས་མི་ཟད་པ་སྟེ་མི་ མཛད་པར་ཐལ། ཁྱོད་རྣམ་སྨིན་གྱི་འབྲས་བུ་སྣ་ཚོགས་འབྱིན་པའི་ལས་ཡིན་པས་སོ། །དེ་ ཡི་གཞུང་འཛུགས་པ་ནི། ཟས་གཅད་པའི་གདུང་བ་ཆོས་ཅན། རང་གི་རྣམ་སྨིན་ལོངས་སྤྱོད་ པའི་ལས་དེ་དང་རིགས་མི་མཐུན་པ་ཅན་གྱི་ལས་གཞན་ཐམས་ཅད་ཀྱི་རྣམ་སྨིན་ཆུང་བ་ཙམ་ དུའང་བྱེད་པ་མིན་ཏེ། རྣམ་འགས་ཏེ། རང་གི་རྣམ་སྨིན་ལོངས་སྤྱོད་པའི་ལས་གཅིག་པོ་དེས་ བསྐྱེད་པའི་འབྲས་བུ་ནི་ཆུང་བར་འགྱུར་བ་ཙམ་ཡིན་པས་སོ། །ཅི་སྟེ་དཀའ་ཐུབ་ཀྱི་ནུས་ པ་ཡིས་ལས་རྣམས་ཀྱི་ནུས་པ་འདྲེས་པར་བྱས་ནས་གཅིག་གི་རྣམ་སྨིན་མྱོང་བས་རྣམ་སྨིན་ ཐམས་ཅད་ཟད་པར་འགྱུར་རོ་ཞེ་ན། དཀའ་ཐུབ་དེ་དགེ་བའམ་ལས་ངན་གྱི་འབྲས་བུ་སྡུག་ བསྔལ་ཡིན། དང་པོ་ལྟར་ན། ཉོན་མོངས་ཆ་འགས་ཏེ། བ་སྤུ་གཅིག་རྟོགས་པ་ལྟ་བུ་ཆོས་ཅན། ཁྱོད་ ཀྱི་ལུས་མ་ལུས་པ་སྤོང་བའམ། ཟད་པར་བྱེད་ནུས་པར་ཐལ། ཁྱོད་ཀྱི་ལས་ཀྱི་རྣམ་སྨིན་ ཆ་གཅིག་ཟད་པར་བྱས་པས་སོ། །རྟགས་ཁས་སོ། །ཡང་ལས་ཀྱི་རྣམ་སྨིན་ཀུན་ཆོས་ཅན། ལུས་གདུང་བའི་ཉོན་མོངས་ཁྱོད་ཀྱི་གཉེན་པོར་མེད་པར་ཐལ། ཁྱོད་ཀྱི་ནུས་པ་ཟད་བྱེད་ དཀའ་ཐུབ་དེ་ཉོན་མོངས་དེ་སྡུག་བསྔལ་ལས་གཞན་དགེ་བར་གྱུར་པ་འདོད་པས་ནའོ། །ཅི་ སྟེ་དཀའ་ཐུབ་དེ་ཉོན་མོངས་པའམ་སྡུག་བསྔལ་ཉིད་ཡིན་ཞེ་ན། དཀའ་ཐུབ་དེ་ནི་ཆོས་ཅན། ལས་ངན་གྱི་འབྲས་བུ་ཡིན་པར་ཐལ། ཚོར་བ་སྡུག་བསྔལ་ཉིད་ཡིན་པས་སོ། །འདོད་ན་ ཆོས་ཅན། ལས་ཐམས་ཅད་ཀྱི་ནུས་པ་འདྲེས་པར་བྱས་ནས་ཟད་པར་བྱེད་པའི་ཐར་ལམ་དུ་ 1-1-187 འགྱུར་བ་མིན་པར་ཐལ། འདིས་ཏེ་འདོད་པ་དེ་ཡི་ཕྱིར། སྲེད་པ་ལས་ཀྱི་རྒྱུ་ཡིན་ན། ལམ་ སྲེད་པ་ཟད་བྱེད་ཡིན་པས་ལས་ཀྱི་གཉེན་པོར་འདོད་དགོས་པས་ཁ་བླངས་ནང་འགལ་ལོ་ཞེ་ ན། གང་ཡང་སྟེ་བདག་མེད་མངོན་སུམ་གྱིས་མཐོང་བའི་ཡེ་ཤེས་ཆོས་ཅན། སྐྱོན་མ་འོངས་ པའི་ཆགས་སོགས་རྣམས་རང་རྒྱུད་ལྡན་གྱི་རྒྱུད་ལ་འགོག་པར་བྱེད་དེ། སྐྱེ་འདོད་ཉེས་པ་ བཅོམ་པ་སྟེ། མ་འོངས་པའི་ཆགས་སོགས་ཀྱི་རྒྱུ་སྲེད་པ་འཇོམས་པའི་ཕྱིར། ཆོས་ཅན་སྔར་ བྱས་ཟིན་གྱི་ལས་རྫས་ཡོད་ད་ལྟ་དངོས་སུ་ཉམས་པར་བྱེད་པ་ཇི་ལྟར་འགྱུར་ཏེ། མི་འགྱུར་ བར་ཐལ། སྲེད་པ་དེས་བསྐྱེད་པའི་ལས་མ་འོངས་པ་སྐྱེ་བ་འགོག་པར་ནུས་པ་ཙམ་ཡིན་པ་ དེ་ཡི་ཕྱིར། གལ་ཏེ་ལས་ལས་ཀྱང་སྲེད་བྲལ་ལ་ཉོན་མོངས་སྐྱེ་བས་མི་གྲོལ་ལོ་ཞེ་ན། ཆགས་ བྲལ་སྐྱེས་བུ་ཆོས་ཅན། རང་གི་ལས་ལས་སྐྱེ་བ་མ་ཡིན་པར་ཐལ། སྲེད་པ་མེད་པས་སོ། ། ཁྱབ་སྟེ། སྐྱོན་སྲེད་པ་དང་ལྡན་ན་ལས་ངན་བྱེད་པར་འགྱུར་གྱི། ལྡོག་པ་སྲེད་པ་མེད་པ་ལས་ ནི། ལས་ངན་སོག་པ་མིན་ནོ། །གལ་ཏེ་ལས་དགེ་བ་ལས་བདེ་བ། དེ་ལས་འདོད་ཆགས། མི་ དགེ་བ་ལས་སྡུག་བསྔལ། དེ་ལས་ཞེ་སྡང་འབྱུང་བས་ལས་ལས་ཀྱང་ཉོན་མོངས་སྐྱེ་བའི་ཕྱིར་ རོ་དེ་ཞེ་ན། བདག་ལ་སྤངས་པའི་སྐྱེས་བུ་ཆོས་ཅན། བདེ་བ་ལས་ཀྱང་རང་རྒྱུད་ལ་འདོད་ ཆགས་སྐྱེ་བར་མི་འགྱུར་ཏེ། ལོག་པའི་རྣམ་རྟོག་མེད་པར་ཡིན་པའི་ཕྱིར་རོ། ། གཉིས་པ་དེ་ལས་བདེ་གཤེགས་གྲུབ་པ་ནི། བཅོམ་ལྡན་འདས་ཆོས་ཅན། བདེ་ གཤེགས་གྲུབ་སྟེ། ཁྱོད་བདེན་བཞི་སྟོན་པའི་སྐྱོབ་པ་མཐར་ཐུག་དེ་ལས་ཏེ་དེ་ཡིན་པས་ཕྱིར། ཡང་བདེ་གཤེགས་གྲུབ་སྟེ། དེ་ཁོ་ན་ཉིད་མཁྱེན་པ་དང་བརྟན་པར་མཁྱེན་པ་དང༌། མ་ལུས་ པར་མཁྱེན་པ་སྟེ་མཁྱེན་པ་ཁྱད་པར་གསུམ་དང་ལྡན་པའི་སྐྱེ་བུ་མཐར་ཐུག་ཡིན་པའི་ཕྱིར་ ཁྱབ་སྟེ། རྟོགས་པ་ཕུན་ཚོགས་མཁྱེན་པ་ཁྱད་པར་གསུམ་པོ་དེ་བདེ་བར་གཤེགས་པའི་དོན་ 1-1-188 ཡིན་ཕྱིར། བཅོམ་ལྡན་འདས་ཆོས་ཅན། ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་ཉན་རང་དགྲ་ བཅོམ་ལས་ལྡོག་སྟེ། རིམ་བཞིན་དེ་ཁོ་ན་ཉིད་མཁྱེན་པ་དང༌། མཁྱེན་པ་བརྟན་པ་དང༌། མ་ ལུས་པར་མཁྱེན་པ་དེའི་ཕྱིར། (གསུམ་པ།)དེ་ལས་ལམ་གོམས་སྟོན་པ་གྲུབ་པ་ནི། ཆོས་ཅན་གཞན་དོན་ མཁྱེན་པའི་དོན་དུ་སྦྱོར་བའི་ལམ་གོམས་པ་གྲུབ་སྟེ། མཁྱེན་པ་ཁྱད་པར་གསུམ་ལྡན་གྲུབ་པ་ དེའི་ཕྱིར། །དེས་ན་རྒྱུའི་སྐབས་ཀྱི་ལམ་གོམས་པ་དེ་ལ་སྟོན་པ་ཞེས་བརྗོད་དེ། སྟོན་པ་མཚན་ ཉིད་པའི་རྒྱུ་ཡིན་ཕྱིར། བཞི་པ་དེ་ལས་ཕན་བཞེད་གྲུབ་པ་ནི་བདེ་གཤེགས་ཆོས་ཅན། རྒྱུ་ཡི་སྐབས་ཀྱི་བརྩེ་བ་ སྔོན་དུ་སོང་སྟེ། བདག་མེད་མངོན་སུམ་གྱིས་མཐོང་བའི་ལམ་གོམས་པ་དེ་ལས་སོ། །བཅོམ་ ལྡན་འདས་ཆོས་ཅན། བརྩེ་བ་མངའ་སྟེ། རང་དོན་མཁྱེན་པ་ཁྱད་པར་གསུམ་གྲུབ་ན་ཡང་ གཞན་ངོར་ཐུགས་སུ་ཆུད་པའི་ཆོས་ཟབ་ལ་རྒྱ་ཆེ་བ་སྟོན་པའི་མཛད་པ་མི་འདོར་བར་སྒྲུབ་ པའི་ཕྱིར་ལྔ་པ་དེ་ལས་ཚད་མར་གྲུབ་པ་ནི། དེ་ཆོས་ཅན། གྲོལ་བ་དོན་གཉེར་ལ་ཚད་མའི་ སྐྱེས་བུ་ཡིན་ཏེ། གང་ཕྱིར་ཐར་པ་དོན་གཉེར་ལ་ལེགས་ཤིང་གཏན་དུ་ཕན་པའི་བརྩེ་བ་དང་ བདེན་པ་འབའ་ཞིག་གསུང་བའི་ཡེ་ཤེས་ཁྱད་པར་གསུམ་ལྡན་བརྙེས་པས་ནའོ། །ཡེ་ཤེས་ ཁྱད་པར་གསུམ་ལྡན་དེས་ཆོས་ཅན། སྒྲུབ་བྱེད་བཅས་པ་ཡིན་ཏེ། བདག་མེད་མངོན་སུམ་དུ་ མཐོང་བའི་གོམས་པས་བསྐྱེད་པས་སོ། །དེས་ན་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ ཏེ། ལེགས་བདེན་དེ་གསུང་བ་ཡང་མངོན་སྦྱོར་བ་དང་ལྡན་པའི་སྐྱེས་བུ་མཐར་ཐུག་ཡིན་ པས་སོ། །གཉིས་པ་ཚད་མར་བསྟོད་པའི་དགོས་པ་ནི། བཅོམ་ལྡན་འདས་ལ་ཡོན་ཏན་དུ་མ་ མངའ་བ་ལ་ཚད་མར་གྱུར་པ་ཞེས་བསྟོད་པའི་དགོས་པ་ཅི་ཞེ་ན། ཚད་མ་མདོར། བཅོམ་ལྡན་འདས་ལ་ཚད་མར་གྱུར་པ་དེ་ལྟ་བུའི་དངོས་པོའི་སྒོ་ནས་ བསྟོད་པ་ནི་ཆོས་ཅན། དགོས་པ་ཡོད་དེ། བཅོམ་ལྡན་འདས་དེ་ཡི་བསྟན་པ་གསུང་རབ་ཉིད་ 1-1-189 ལ་ཚད་མའི་དེ་ཁོ་ན་ཉིད་གྲུབ་པ་ཡིན་གྱི་རང་དགར་རྟགས་ནས་བཞག་པ་མིན་ཞེས་བསྟན་ པའི་དོན་ཡིན་པས་སོ། །མངོན་སུམ་བསྟན་མོད། རྗེས་དཔག་ཇི་ལྟར་གསུངས་ཞེ་ན། བཅོམ་ ལྡན་འདས་ཆོས་ཅན། རྗེས་དཔག་ཚད་མར་བཞེད་དེ། རྗེ་དཔག་ཚད་མ་ཡིན་པ་མ་ལྡོག་པའི་ ཕྱིར་དང༌། ལྡོག་པར་མ་ཟད་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། གང་དེ་ཐམས་ཅད་འགག་ པའི་ཆོས་ཅན་ཞེས་རྗེས་དཔག་གི་རྟེན་དུ་གྱུར་པའི་སྦྱོར་བ་རྣམ་པ་དུ་མུ་ནི་ཁྱོད་ཉིད་གསུང་ རབ་ལས་མཐོང་བའི་ཕྱིར། སྦྱོར་བ་གསུངས་པས་རྗེས་དཔག་གསུངས་པར་ཇི་ལྟར་འགྱུར་ ཞེ་ན། ཤེས་བྱ་ཆོས་ཅན། སྒྲུབ་ངག་ཡང་དག་བསྟན་ན་རྗེས་དཔག་བསྟན་པ་ཡིན་ཏེ། ཆོས་ དང་མེད་ན་མི་འབྱུང་བའི་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་ཡང་དག་ནི་རྗེས་དཔག་གི་རྟེན་ ཡིན་པས་སོ། །མེད་ན་མི་འབྱུང་བ་ཇི་ལྟར་བཤད་སྙམ་ན། ཆོས་ཅན། རྟགས་ཆོས་འབྲེལ་བ་ དེའང་གསལ་བར་བཤད་དེ། གཏན་ཚིགས་སྐྱེ་བའི་བདག་ཉིད་ཅན་སོགས་ལ་བསྒྲུབ་བྱའི་ ཆོས་འགག་པའི་ཆོས་ཅན་སོགས་ཀྱིས་ཁྱབ་པ་ནི་དངོས་སུ་བསྟན་པའི་ཕྱིར་རོ།། །། ཚད་ མ་གྲུབ་པའི་འགྲེལ་པ་མཁས་པའི་དབང་པོ་ཀུན་དགའ་བའི་གསུང་རབ་ལས་ཚིག་ཅུང་ཟད་ ཚིག་བསྡུས་ཏེ་ལེགས་པར་བཤད་པ་འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ ཆེན་པོ་འབྱུང་བར་གྱུར་ཅིག། །། 1-1-190 ༄༅། །མངོན་སུམ་ལེའུའི་རྣམ་བཤད་བཞུགས་སོ། ། གསུམ་པ་ལ། ཚད་མའི་གྲངས་དང་ཡུལ་ལ་ལོག་རྟོག་བསལ། མངོན་སུམ་རང་གི་ངོ་བོ་ ལ་ལོག་རྟོག་བསལ། མངོན་སུམ་ཚད་མའི་འབྲས་བུ་ལ་ལོག་རྟོག་བསལ་བའོ། ། དང་པོ་ལ། གྲངས་ཅན་ནི། མངོན་སུམ་རྗེས་དཔག་སྒྲ་བྱུང་དང་གསུམ་ཁོ་ནའོ་ཞེས་ཟེར། རིགས་པ་ཅན་ནི་དེ་གསུམ་དང་དཔེའམ་ཉེར་འཇལ་ལམ་དང་བཞི་ཁོ་ནའོ་ཟེར་རོ། །རྒྱལ་ དཔོག་པ་ནི། དེ་བཞི་དང་དོན་གྱི་གོ་བ་དང༌། དངོས་པོ་མེད་པའི་ཚད་མ་དང་དྲུག་ཁོ་ནའོ་ ཟེར། ཙ་ར་ཀ་པ་ནི། རིགས་པ་དང་མི་དམིགས་པ་དང་སྲིད་པ་དང་ཞེས་གྲགས་པ་དང༌། སྙམ་ སེམས་པ་ཞེས་པ་གཞན་དག་ཀྱང་ཡོད་དོ་ཅེས་ཟེར་རོ་ཞེས་དང༌། རྒྱང་འཕེན་པ་ནི། མངོན་ སུམ་ཁོ་ན་ཚད་མ་ཡིན་གྱི། རྗེས་དཔག་ཚད་མ་མེད་དེ། རྟགས་ཐམས་ཅད་འཁྲུལ་པའི་ཕྱིར་ རོ། །ཞེས་རིགས་ཐིགས་ཕྱོགས་ལྔར་ཀ་ཤིའོ། ། དེ་དགག་པ་ནི། ཚད་མ་མདོར། མངོན་སུམ་དང་ནི་རྗེས་སུ་དཔག ། ཚད་མའོ་མཚན་ ཉིད་གཉིས་གཞལ་བྱ། །དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་པ་ འགྲེལ་ཏེ། དེ་ལ་གཉིས། གྲངས་ངེས་དངོས་ཀྱི་རྣམ་འགྲེལ་དང༌། གྲངས་གཞན་སེལ་པའི་ རྣམ་འགྲེལ་ལོ། ། དང་པོ་ལ་གཉིས། རྟགས་འགོད། ཚུལ་སྒྲུབ་པའོ། །དང་པོ་ནི། ཚད་མའི་གྲངས་ངེས་ བྱེད་པ་ན་ཆོས་ཅན། ཚད་མའི་ཁྱད་པར་ལ་མངོན་སུམ་རྗེས་དཔག་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། 1-1-191 གཉིས་པ་ལ་བརྒྱད། རང་སྤྱི་གཉིས་སུ་ངེས་པའི་ཚུལ། རང་སྤྱི་གཉིས་ཀྱི་རང་བཞིན་ བཤད། རང་སྤྱིའི་འཇོག་བྱེད་འཁྲུལ་པ་དགག སྤྱི་མཚན་དོན་དམ་མིན་པར་སྒྲུབ། དོན་བྱེད་ ནུས་སོགས་རང་མཚན་ཡིན། སྤྱི་མཚན་དེའི་དབྱེ་བ་བསྟན། རང་མཚན་གཅིག་པུ་འཇུག་ ཡུལ་ཡིན། གཉིས་སུ་ངེས་པས་འཕྲོས་བཅས་བཤད་པའོ། ། དང་པོ་ནི། རྟགས་མ་གྲུབ་ཟེར་ན། གཞལ་བྱ་ཆོས་ཅན། རང་སྤྱི་གཉིས་སུ་ངེས་ཏེ། དོན་ དམ་པར་དོན་བྱེད་ནུས་པ་དང་མི་ནུས་པ་གཉིས་སུ་ངེས་པས་སོ། །དབང་ཤེས་འཁྲུལ་པ་ལ་ སྣང་བའི་སྐྲ་ཤད་སོགས་རང་སྤྱི་གཉིས་ཀ་མིན་ཡང༌། གཞལ་བྱ་ཡིན་པས་ཡུལ་གཉིས་སུ་མ་ ངེས་ཞེ་ན། རབ་རིབ་ཀྱིས་མིག་དབང་དཀྲུགས་པས་ནམ་མཁར་སྐྲ་ཤད་འཛག་པར་སྣང་བའི་ དབང་ཤེས་ཆོས་ཅན། རང་ལ་སྣང་བའི་ཕྱི་རོལ་གྱི་སྐྲ་ཤད། ཁྱོད་ཀྱི་བཟུང་དོན་མིན་ཏེ། ཐ་ སྙད་བྱེད་པའི་རྟོག་ལྡན་གྱིས་དེ་ཁྱོད་ཀྱི་བཟུང་དོན་དུ་མོས་པ་མེད་པས་སོ། །གཞལ་བྱ་ཆོས་ ཅན། རང་སྤྱི་གཉིས་ལས་མ་རྟོགས་པའི་ཁྱོད་ཀྱི་ཁྱད་པར་ཕུང་གསུམ་མེད་དེ། འདྲ་དང་མི་འདྲ་སྟེ་གཞན་དང་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་སུ་ངེས་པའི་ཕྱིར་ དང་ཆོས་ཅན་དང་ཆོས་འདྲ། རྗོད་བྱེད་སྒྲ་ཡི་དངོས་ཡུལ་ཡིན་པ་དང་མིན་པ་གཉིས་སུ་ངེས་ པའི་ཕྱིར་དང༌། རྒྱུ་མཚན་གཞན་སྔོན་གྱི་བརྡ་དྲན་དང་ཡིད་བྱེད་སོགས་རྒྱུར་ཡོད་པ་ན་འཇལ་ བྱེད་དུ་ཡོད་པའི་བློ་ཚད་མའི་ཡུལ་དང༌། རང་མཚན་མེད་ན་འཇལ་བྱེད་དུ་མེད་པ་སྟེ་མངོན་ སུམ་གྱི་ཡུལ་གཉིས་སུ་ངེས་པའི་ཕྱིར། དོན་ལ་གཙོ་སྲེག་བྱེད་བཞིན་པའི་མེ་གང་ཡིན་དེ་ཆོས་ཅན། འབྲས་བུ་དོན་གཉེར་གྱི་ འཇལ་དུ་རུང་བ་ལ། དོན་དམ་དུ་བྱས་པ་ལུགས་འདིར་དོན་དམ་པར་ཡོད་པ་ཡིན་ཏེ། དེ་ཡི་ ལུགས་ལ་དོན་དམ་པར་དོན་བྱེད་ནུས་པས་སོ། །འདུས་མ་བྱས་ནམ་མཁའ་ཆོས་ཅན། ཀུན་ 1-1-192 རྫོབ་དུ་ཡོད་དེ། དོན་བྱེད་པ་ལས་གཞན་ཏེ། དོན་མི་བྱེད་པར་བཏགས་པའི་སྒོ་ནས་ཡོད་ པས་སོ། །ཆོས་ཅན་སྔ་མ་དེ་ཆོས་ཅན། རང་མཚན་ཡིན་ཏེ་དོན་དམ་དུ་ཡོད་པའི་དངོས་པོ་ ཡིན་པས་སོ། །ཆོས་ཅན་ཕྱི་མ་ཆོས་ཅན། སྤྱི་མཚན་ཡིན་ཏེ། ཀུན་རྫོབ་དུ་ཡོད་པས་སོ། ། གཉིས་པ་ལ་གཉིས་ལས། དང་པོ་རང་མཚན་གྱི་འཇོག་བྱེད་ལ་རྩོད་པ་སྤང་བ་ནི། དབུ་ མ་པ་ན་རེ། གལ་ཏེ་དོན་དམ་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད་དུ་མི་འགྱུར་ཏེ། དེ་རང་མཚན་ལ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་དེ་གང་གི་ཡང་དོན་དམ་པར་འབྲས་བུ་ བྱེད་པའི་ནུས་པ་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དོན་དམ་པར་དོན་བྱེད་ནུས་པ་མེད་ པ་མ་ཡིན་པར་ཐལ། ས་བོན་རང་མཚན་སོགས་ནི་མྱུ་གུ་རང་མཚན་སོགས་ལ་ཕན་འདོགས་ ནུས་པར་མཐོང་བས་སོ། ། གལ་ཏེ་ས་བོན་ལས་མྱུ་གུ་སྐྱེ་བ་དེ་ཡང་ཀུན་རྫོབ་དུ་སྐྱེ་ཡི་དོན་དམ་པར་མིན་ནོ་ཞེས་ འདོད་ན། ཅི་སྟེ་དེ་ལྟར་འགྱུར་ལ་ས་བོན་རང་མཚན་ཆོས་ཅན། ཀུན་རྫོབ་དུ་དོན་བྱེད་ཅེས་ མིང་འདོགས་རུང་གི་དོན་ལ་འབྲས་བུ་བྱེད་པ་མེད་པ་ཡིན་ཏེ། དེ་རུང་གི་དོན་ལ་མཁས་པ་ ནས་བྱིས་པའི་བར་གྱི་སྙོན་མི་ནུས་པར་འབྲས་བུ་བསྐྱེད་པར་མཐོང་པས་སོ། །ཤཱཀྱའི་ལྟར་ ན། ཀུན་རྫོབ་ཆོས་ཅན། དངོས་པོ་དེ་ལྟར་འགྱུར་བར་ཐལ། ཇི་ལྟར་དོན་བྱེད་ནུས་པས་སོ། ། ཞེས་གལ་ཏེ་ཀུན་རྫོབ་དུ་དོན་བྱེད་པ་དེ་རང་སྤྱི་ཀུན་ལ་ཡོད་པས་རང་མཚན་གྱི་མཚན་ཉིད་ འཁྲུལ་ལོ་ཞེ་ན། སྤྱི་མཚན་ཆོས་ཅན། འབྲས་བུ་བསྐྱེད་པ་མ་ཡིན་པར་ཐལ། ཐ་ན་རང་འཛིན་ གྱི་བློ་ཙམ་ཡང་བསྐྱེད་པ་མིན་པས་སོ། །དེར་ཐལ། རང་འཛིན་གྱི་བློ་ལ། ཕན་བཏགས་ནས་ དེ་ཁྱོད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མ་མཐོང་བའི་ཕྱིར་རོ། །ཁྱབ་སྟེ། མིག་དང་གཟུགས་ སོགས་བློ་བཞིན་ནོ། །དེས་ན་བརྡ་དར་ནས། བཤད་པ་ཡིན་ལ། བུམ་པ་འཛིན་པའི་རྟོག་པ་ ཆོས་ཅན། ཆོས་གསུམ་ལྡན་གྱི་བུམ་པའི་རྫས་རང་གི་བཟུང་དོན་དུ་བྱས་ནས་དངོས་སུ་མི་སྐྱེ་ 1-1-193 སྟེ། རང་རྒྱུ་བརྡ་དང་རྩོལ་བ་དང་ཡིད་བྱེད་སྔ་མ་སོགས་ལས་སྐྱེ་བས་སོ། །བུམ་པ་འདེགས་ འཇོག་གི་ལས་དང་བུམ་པའི་སྤྱི་དང༌། བུམ་པའི་གྲངས་སོགས་འཛིན་པའི་བློ་རྟོག་པ་ཆོས་ ཅན། བུམ་པ་ལས་རྫས་ཐ་དད་པའི་དེ་རྣམས་ལས་མི་སྐྱེ་སྟེ། རྟགས་འདྲའོ། ། གཉིས་པ་སྤྱི་མཚན་གྱི་འཇོག་བྱེད་ལ་རྩོད་པ་སྤང་བ་ནི། དོན་མི་བྱེད་པ་སྤྱི་མཚན་ཡིན་ ན། སྐྲ་སོགས་ཀྱང་སྤྱིར་ཐལ་ཞེ་ན། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཆོས་ཅན། རང་ལ་ སྣང་བའི་ཕྱི་ཡི་སྐྲ་ཤད་ཁྱོད་ཀྱིས་ཞེན་ནས་གཞལ་བྱའི་སྤྱི་མིན་ཏེ། ཁྱོད་ཀྱིས་དེ་དོན་ཏེ། ཡུལ་ དུ་ཞེན་པ་མེད་པས་སོ། །འོ་ན་དངོས་མེད་སྤྱིར་མི་འགྱུར་བར་ཐལ་ལོ་ཞེ་ན། དངོས་མེད་ཆོས་ ཅན། ཡུལ་དུ་ཞེན་པ་མེད་པས་སྤྱི་མཚན་མིན་པར་མི་འགྱུར་ཏེ། ཤེས་བྱར་འཛིན་པའི་སྒོ་ ནས་ཐ་སྙད་བྱེད་པ་ཡོད་པའི་ཕྱིར། སྐྲ་སོགས་ཀྱང་སྤྱིར་ཐལ་ལོ་ཞེ་ན། དེ་དག་གི་ཡང་ནས་ བཀག་མེད་ལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་འཁྲུལ་པའི་སྣང་བ་ལ་རྟོག་པས་སྐྲ་ཤད་ དུ་བཏགས་ཆ་ཆོས་ཅན། སྤྱི་མཚན་ཡིན་ཏེ། རྟོག་པའི་སྣང་ཡུལ་ཡིན་པས་སོ། ། དེ་འདྲའི་དབང་ཤེས་འཁྲུལ་པ་རང་མཚན་གཅིག་ལ་སྐྲ་སོགས་སུ་གསལ་བར་སྣང་བའི་ ཆ་དེ་ཆོས་ཅན། ཕྱི་རོལ་མིན་ཡང་གསལ་བར་སྣང་དུ་རུང་སྟེ། ཤེས་པའི་ངོ་བོའི་དོན་ཏེ་རང་ མཚན་ཡིན་པའི་ཕྱིར། སྐྲ་སོགས་ཞེས་བྱ་ནས་ཡིན་ལ། དེ་འདྲའི་དབང་ཤེས་འཁྲུལ་བའི་ རྗེས་སུ། དེ་ལ་སྣང་བའི་སྐྲ་སོགས་རང་མཚན་ནོ་ཞེས་འཛིན་པའི་རྟོག་པ་ཆོས་ཅན། སྤྱི་ཡི་ སྤྱོད་ཡུལ་ཅན་ཡིན་ཏེ། རྟོག་པ་ཡིན་པས་སོ། ། སྐྲར་སྣང་ནས་ཡིན་ནོ་ལ། དེ་འདྲའི་དབང་ཤེས་ཆོས་ཅན། སྣང་བ་ལྟར་གྱི་རང་གི་གཟུང་ དོན་མེད་དེ། དབང་ཤེས་འཁྲུལ་པ་ཡིན་བས་སོ། །སྤྱི་རྣམ་ཆོས་ཅན། རང་མཚན་དུ་ཐལ། ཤེས་པའི་ངོ་བོའི་དོན་ཡིན་པས་སོ། །ཞེ་ན། བུམ་པའི་སྤྱི་འཛིན་རྟོག་པ་རང་མཚན་གཅིག་ལ་ སྣང་བའི་སྤྱི་རྣམ་ཆོས་ཅན། རང་མཚན་དུ་ཐལ་ཞེས་པའི་སྐྱོན་གྱིས་སངས་རྒྱས་པ་ལ་གནོད་ 1-1-194 པ་ཡོད་པ་མིན་པར་ཐལ། དེ་ལྟར་ཐལ་བ་ལ་སངས་རྒྱས་པས་འདོད་ལན་ཐེབས་པས་སོ། ། དོན་གྱི་ངོ་བོ་ནས་བརྟེན་ཕྱིར་རོ་ལ། བུམ་པའི་སྤྱི་མཚན་རྟོག་པ་ལ་སྣང་བའི་སྤྱི་རྣམ་ཕྱི་ ཡི་བུམ་པར་བཏགས་ཆ་ཆོས་ཅན། བུམ་པའི་སྤྱི་ཡིན་ཏེ། བུམ་གསལ་ཀུན་ལ་ཁྱབ་བྱེད་ཐུན་ མོང་བར་རྟོག་པ་ལ་སྣང་ཞིང༌། བུམ་པའི་སྤྱི་མཚན་ནི་རྟོག་པའི་དངོས་ཡུལ་ཡིན་པས་སོ། ། བཞི་པ་ལ་བརྒྱད་ལས། སྒྲ་ཡི་དངོས་ཀྱི་བརྗོད་བྱ་ཡིན་པས་སྒྲུབ་པ་ལ་གཉིས། དངོས་ཀྱི་ དོན་དང་རྩོད་པ་སྤང་བ་གཉིས་སོ། །དང་པོ་ནི་གཟུགས་སོགས་རང་མཚན་སྤྱིའོ། །ཞེ་ན། བརྗོད་བྱ་ཉིད་ནས་འབྲས་བཅས་ཉིད་ཕྱིར་རོ་ལ། དངོས་པོ་གཟུགས་རང་མཚན་ཆོས་ ཅན། སྤྱི་དེ་མ་ཡིན་ཏེ། རྗོད་བྱེད་དངོས་ཀྱི་བརྗོད་བྱ་མིན་པས་སོ། །ཁྱབ་སྟེ། སྤྱི་ཡིན་ན་དེ་ཡི་ དངོས་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཤེས་བྱ་ཆོས་ཅན། དབང་ཚོགས་དོན་ མེད་པར་ཐལ། གཟུགས་སོགས་རང་མཚན་སྒྲ་རྟོག་གིས་སྣང་ནས་རྟོགས་པས་སོ། །ཐལ་ བ་ལས་ཆོས་ཅན། གཟུགས་སོགས་རང་མཚན་སྒྲ་རྟོག་གིས་སྣང་ནས་མི་རྟོགས་ཏེ། དབང་ ཚོགས་དོན་ཡོད་པས་སོ། ། གཉིས་པ་ནི། མང་བསྐུར་བ་ན་རེ། མིང་སོགས་ལྡན་མིན་འདུ་བྱེད་ཁོ་ན་སྒྲ་ཡི་བརྗོད་བྱ་ ཡིན་ཞེ་ན། འཆད་པ་པོའི་རྟོག་པ་ལ་སྣང་བའམ་ཉན་པ་པོའམ་བརྗོད་བྱ་དང་གཅིག་ཏུ་གྱུར་ བའམ་དེ་གསུམ་གང་དང་ཡང་འབྲེལ་པ་མེད་པའི་མིང་སོགས་ཁོ་ན་བརྗོད། དང་པོ་གཉིས་ ལྟར་ན། བུམ་སྒྲ་ཆོས་ཅན། ཉན་པ་པོས་ཁྱོད་ལས་བུམ་པ་ཐུན་མོང་མ་ཡིན་པར་གོ་ནས་དོན་ བུམ་པར་ལ་འཇུག་པར་མི་འགྱུར་བར་ཐལ། བུམ་པ་མ་བརྗོད་པས་སོ། །རྟགས་ཁས་སོ། ། གལ་ཏེ་དོན་ལ་ནས་གྱུར་ནའི་དོན། བུམ་པ་དེ་དང་དེ་ཡི་མིང་སོགས་འདྲ་བས་གཅིག་ཏུ་ འཁྲུལ་ནས་བུམ་པ་ལ་འཇུག་གོ་ཞེ་ན། དུས་ཀུན་དང་ཡུལ་ལ་འཁྲུལ་མིན་ལ། བུམ་པ་དང་ དེ་ཡི་མིང་སོགས་ཆོས་ཅན། ཡུལ་དུས་ཐམས་ཅད་དུ་གཅིག་ཁོ་ནར་འཁྲུལ་བས་མ་ཁྱབ་པར་ 1-1-195 ཐལ། རྫས་ཐ་དད་ལས་འདྲ་བའི་སྒོ་ནས་གཅིག་ཏུ་འཁྲུལ་བར་གྱུར་པ་ཙམ་ཡིན་པས་སོ། ཚེ་ མ་བཞིན་ནོ། ། ཤེས་པ་ལ་ནས་སྐྱེ་ཕྱིར་ལ། འོ་ན་བུམ་སྒྲ་ལས་བུམ་པ་ལ་མི་འཇུག་པར་ཐལ། བུམ་ འཛིན་རྟོག་པའི་གཟུགས་བརྙན་བུམ་པར་བཏགས་ཆ་བརྗོད་པས་སོ་ཞེ་ན། རྟོག་པ་ལ་སྣང་ བའི་རྣམ་པ་ཕྱི་རོལ་དུ་བཏགས་ཆ་བརྗོད་དེ། སྒྲ་ཡི་བརྗོད་བྱར་འདོད་པའི་ལུགས་ལ་ཆོས་ ཅན། བུམ་སྒྲ་ལས་བུམ་པ་མི་གོ་བའི་སྐྱོན་མེད་དེ། བུམ་སྒྲ་ལས་ཉན་པ་པོའི་རྒྱུད་ལ་བུམ་ པའི་རྣམ་པར་སྣང་བའི་བློ་སྐྱེ་ཞིང༌། རྣམ་པ་དེ་བུམ་པར་འཁྲུལ་ནས་བུམ་པ་གོ་བས་སོ། ། གཞན་མིང་སོགས་སྒྲ་ཡི་བརྗོད་བྱར་འདོད་པའི་ལུགས་ལ་ཆོས་ཅན། རྣམ་པ་ཕྱི་རོལ་དུ་ འཁྲུལ་ནས་སྒྲ་ལས་ཕྱི་རོལ་དུ་འཇུག་པ་དེ་མེད་པར་ཐལ། ཕྱི་རོལ་དོན་དུ་སྣང་བའི་བློ་མེད་ པས་སོ། །དེ་ཁས་ལེན་ན་ཡང༌། རྣམ་ཤེས་ལས་ནས་མེད་ཕྱིར་རོ་ལ། བུམ་སྒྲ་ལས་དེ་གོ་བའི་རྟོག་པ་ཆོས་ཅན། ལྡན་ མིན་འདུ་བྱེད་ཡིན་པའི་མིང་སོགས་རང་མཚན་རང་གི་བཟུང་དོན་དུ་ཚད་མས་མ་གྲུབ་པར་ ཐལ། དེ་རང་གི་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་པས་སོ། ། ཤེས་པ་ཀུན་རང་གི་བཟུང་དོན་དང་ལྡན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཤེས་པ་ཡིན་ན་ རང་གི་བཟུང་དོན་དང་ལྡན་པས་ཁྱབ་པ་འཐད་པ་མིན་པར་ཐལ། རྨི་ལམ་དང་དབང་ཤེས་ འཁྲུལ་པ་སོགས་ལ་དེ་མེད་པར་རྣམ་པ་གཞན་ཏུ་བཟུང་དོན་མེད་པར་མཐོང་བས་སོ། །རྨི་ ལམ་གང་རྨིས་པའི་མིང་དང་མཚན་མ་ཞེས་པའི་འདུ་བྱེད་དེ་རྨི་ལམ་དུ་སྣང་ནས་འཛིན་ཅེ་ ན། ཨུད་པལ་ལ་སྔོན་པོ་རྨིས་པའི་བློ་ཆོས་ཅན། དེ་ཡི་མིང་སོགས་ལྡན་མིན་འདུ་བྱེད་རང་ གི་བཟུང་དོན་དུ་བྱས་ནས་སྐྱེས་པ་མ་ཡིན་པར་ཐལ། ཁ་དོག་དང་དབྱིབས་ལ་སོགས་པར་ སྣང་བས་སོ། །མ་ཁྱབ་ན་ལྡན་མིན་འདུ་བྱེད་ཡིན་ན་ཁ་དོག་དང་དབྱིབས་སོགས་ཀྱིས་སྟོང་ 1-1-196 པ་བུད། དེ་རྨི་ལམ་དུ་སྣང་བ་དེ་ཕྱི་རོལ་ཉིད་ཡིན་ཞེ་ན། སྔོ་སོགས་རྨི་བའི་བློ་ལ་སྔོ་སོགས་ སུ་སྣང་བ་ཆོས་ཅན། ཕྱི་རོལ་གྱི་སྔོན་པོ་དང་རྟ་ལ་སོགས་པ་མ་ཡིན་པར་ཐལ། རྩིག་སོགས་ ལ་ཐོགས་མེད་ཡིན་པས་སོ། །སྔོ་སོགས་རྨིས་པའི་ལྷས་སྦྱིན་གྱི་བློ་ལ་སྔོ་སོགས་སུ་སྣང་བ་དེ་ ཆོས་ཅན། ཤེས་པ་ཡིན་པར་ཐལ། རང་ཡུལ་དེར་གནས་པའི་སྐྱེ་བོ་མཆོད་སྦྱིན་སོགས་ཀྱི་ཇི་ བཞིན་མི་ཤེས་པར་རྨི་བ་པོ་ལྷས་སྦྱིན་རང་རྒྱུད་ཀྱི་རང་མྱོང་བྱེད་ཀྱི་ཤེས་པས་སོ། །དེ་ཤེས་ པར་བསྟན་པ་དེས་ནི་བརྗོད་པ་ཡིན་པ་ཅི་ཞེ་ན། བུམ་སྒྲ་ལས་བུམ་པ་གོ་བའི་ལྷས་སྦྱིན་གྱི་ རྟོག་པ་ལ་བུམ་པ་ཞེས་པའི་མིང་དང་ལྟོ་ལྡུར་སོགས་མཚན་མའི་རྣམ་པར་སྣང་བ་ཆོས་ཅན། ཤེས་པ་ཡིན་ཏེ། རུང་ཡུལ་དེ་ལ་གནས་པའི་སྐྱེ་བོ་མཆོད་སྦྱིན་སོགས་ཀྱིས་ཇི་བཞིན་མ་ཤེས་ པར་ལྷས་སྦྱིན་རང་རྒྱུད་ཀྱིས་རང་མྱོང་བྱེད་ཀྱིས་ཤེས་པས་སོ། ། མིག་ལ་སོགས་པ་ནས་མཐོང་ཕྱིར་ནའི་དོན། གཟུགས་སོགས་དབང་ཤེས་མ་འཁྲུལ་ བའི་བཟུང་དོན་དུ་འདོད་ན། འཇོག་བྱེད་གང་གིས་དེ་དེའི་བཟུང་དོན་དུ་འཇོག་ཅེས་དྲིས་ པས། དེས་དེ་ལ་དངོས་སུ་ཕན་པས་འཇོག་ཞེ་ན། གཞན་པ་ནས་འགྱུར་ལ། སྤྱི་མཚན་གྱི་རྟོག་པ་ཆོས་ཅན། སྤྱི་དེ་རང་གི་བཟུང་དོན་དུ་ མེད་པར་ཐལ། དེས་ཁྱོད་ལ་དངོས་སུ་ཕན་པར་མ་མཐོང་བས་སོ། །འབྲེལ་པ་མེད་ནས་མི་ འགྱུར་བར་ཐལ། དོན་ལ་འཇུག་པར་མི་འགྱུར་བ་བཞིན་ནོ། ། གལ་ཏེ་ནས་ལྡན་ཏེ་ཞེས་གསུམ་པའོ་ཞེ་ན། ད་ལྟ་འདས་པ་དང་ད་ལྟ་མ་འོངས་པའི་ དོན་ཆོས་ཅན། ད་ལྟ་བརྗོད་མི་རུང་བར་ཐལ། ད་ལྟ་རང་གི་མིང་སོགས་རང་མཚན་དུ་མེད་ པས་སོ། །ཁྱབ་པ་ཁས། མ་གྲུབ་ན། ད་ལྟར་ཆོས་ཅན། འདས་པའི་དོན་གྱི་མིང་སོགས་རང་ མཚན་དུ་མ་གྲུབ་པར། དེ་ཡི་མིང་སོགས་འགགས་ཟིན་པས་སོ། །དེར་ཐལ། འདས་པའི་དོན་ འགགས་ཟིན་པས་སོ། །ཁྱབ་པ་ཁས། མ་འོངས་པ་ལའང་སྦྱར་རོ། །བྱེ་བྲག་པ་སོགས་ན་རེ། 1-1-197 གལ་ཏེ་སྒྲ་ཡི་སྤྱི་རྟག་དངོས་ཡན་གར་བ་ཁོ་ན་བརྗོད་པའི་ཕྱིར། སྒྲས་རང་མཚན་དངོས་སུ་ བརྗོད་ན་དབང་ཚོགས་དོན་མེད་པའི་ཐལ་བར་མི་འདོད་དེ་དབང་ཤེས་ཀྱི་གཟུགས་སོགས་ རང་མཚན་འཛིན་པས་སོ། །ཞེ་ན། བུམ་སྒྲ་ཆོས་ཅན། བུམ་སྤྱི་རྟག་དངོས་ཡན་གར་བ་ཁོ་ན་ རང་གི་བརྗོད་བྱར་ཡོད་སྟོབས་ཀྱིས་དབང་ཚོགས་དོན་ཡོད་པ་དེ་མིན་པར་ཐལ། དེ་འདྲའི་ བུམ་སྤྱི་ཡན་གར་བ་རང་གི་བརྗོད་བྱར་མེད་པའི་ཕྱིར་རོ། །གལ་ཏེ་དེ་ཡི་བརྗོད་བྱར་ཡོད་ ཀྱང༌། དེ་མཚུངས་མིན་དང་བསལ་བ་མིན་ལ། བུམ་སྤྱི་ཆོས་ཅན། དོན་དམ་པར་བུམ་གསལ་ གྱི་སྤྱི་མི་འོས་པར་ཐལ། ཁྱོད་སྐྱེ་བ་དང་རྟོགས་པ་གང་ཡང་བུམ་བསལ་ལ་རག་མ་ལས་ པས་སོ། །རྟགས་བསལ་ལོ། །ཆོས་ཅན། བུམ་གསལ་གྱིས་རང་འཛིན་མངོན་སུམ་བཟུང་ ཡུལ་དུ་བསལ་བྱ་མིན་པར་ཐལ། བུམ་གསལ་ལ་ལྟོས་མེད་དུ་སྒྲ་ཡི་བརྗོད་བྱར་གནས་པས་ སོ། །རྟགས་བསལ་ལོ། །འདོད་ན། དེས་ན་ན་འགྱུར་ཏེ་ལ་ཆོས་ཅན། རང་འཛིན་མངོན་ སུམ་གྱིས་བུམ་གསལ་མེད་དུས་སུའང་དམིགས་པར་ཐལ། བུམ་གསལ་ལ་མི་ལྟོས་ཅིང་དེ་ ཡི་བཟུང་ཡུལ་དུ་བཏགས་པས་སོ། །བུམ་པས་མངོན་སུམ་ལ་གསལ་བ་ལས་བུམ་སྤྱི་ཡང་ མངོན་གསུམ་ལ་གསལ་བ་ཡིན་པས་བུམ་པ་མེད་དུས་ན་བཟུང་ཡུལ་མི་མཐོང་ཞེ་ན། བདག་ ལ་ཤེས་པ་ནས་ནུས་ཉིད་ཡིན་ལ། ཆོས་ཅན། རང་འཛིན་མངོན་སུམ་རྟག་ཏུ་བསྐྱེད་པར་ ཐལ། དེས་བསྐྱེད་ནུས་ཅིང་རྟག་པས་སོ། ། གལ་ཏེ་འགའ་ནས་འགྱུར་ལ། ཆོས་ཅན། བུམ་པ་ཡོད་པའི་ཚེ་ཡང་དེ་བསྐྱེད་མི་ནུས་ པར་ཐལ། བུམ་པ་མེད་པའི་ཚེ་དེ་མི་བསྐྱེད་ཅིང་རྟག་པས་སོ། །དེ་ཡི་གཞུང་འཛུགས་པ་དེ། དེ་ཡི་ནུས་པའམ་ནས་རྟག་ཕྱིར་ལ། ཆོས་ཅན། དེ་རྟག་ཏུ་བསྐྱེད་པའམ། ལན་གཅིག་ཀྱང་མི་ བསྐྱེད་པ་གང་རུང་དུ་གནས་པར་ཐལ། རྟག་པས་སོ། །འདོད་དེ། དེ་རྟག་ཏུ་བསྐྱེད་ནུས་ཟེར་ ན། བཅོས་སུ་ནས་ནུས་པ་གང་ལ་ཆོས་ཅན། བུམ་པ་མེད་དུས་ཁྱོད་ཀྱིས་དེ་བསྐྱེད་པའི་ནུས་ 1-1-198 པ་ཟད་པ་མ་ཡིན་པར་ཐལ། ཁྱོད་དེ་བསྐྱེད་པའི་ནུས་པ་ཅན་དུ་ནུས་མེད་དུ་བསྒྱུར་དུ་མེད་ པས་སོ། །གཉིས་པ་ཡིན་ཟེར་ན་ཆོས་ཅན་དེ་བསྐྱེད་ནུས་སུ་བྱ་བའི་ཕྱིར་བུམ་གསལ་གྱི་ནུས་ པ་མི་འཇུག་པར་ཐལ། ཁྱོད་དེ་བསྐྱེད་ནུས་སུ་བསྒྱུར་དུ་མེད་པས་སོ། །གཉིས་ཀའི་རྟགས་ བསལ་ལོ། ། སྤྱིའི་རྣམ་པར་ནས་གང་གིས་སྤྲུལ་ལ། བུམ་པའི་སྤྱི་མཚན་རྟོག་པ་ཆོས་ཅན། རང་ལ་ཁ་ དོག་དབྱིབས་སོགས་སུ་སྣང་བ་དེ་རང་གི་བཟུང་དོན་བུམ་སྤྱིས་སྤྲུལ་པ་མ་ཡིན་པར་ཐལ། སྤྱི་ ཡིན་ན་ཁ་དོག་དབྱིབས་སོགས་ཀྱིས་སྟོང་བའི་རྟག་དངོས་གཅིག་པུ་ཡིན་པས་སོ། །རྟགས་ བསལ་ལོ། །སྒྲ་རང་མཚན་བརྗོད་ཀྱང༌། དབང་པོའི་ཚོགས་དོན་མེད་པ་མིན་ཏེ། གཟུགས་ སོགས་མངོན་སུམ་དུ་ཤེས་པའི་བློ་བསྐྱེད་པ་ཁོ་ནའི་དོན་དུ་དབང་ཚོགས་འཇུག་གཟུགས་ སོགས་མི་གསལ་བར་སྣང་ནས་འཛིན་པའི་རྟོག་པ་བསྐྱེད་པའི་དོན་དུ་སྒྲ་འཇུག་པས་སོ་ཞེ་ ན། དེ་དངོས་པོ་གཅིག་ནས་གང་ལས་ཡིན་ལ། དབང་ཤེས་དང་རྟོག་པ་ཆོས་ཅན། སྒྲ་སོགས་ དེ་གཅིག་ལ་གསལ་བར་སྣང་གཅིག་ལ་མི་གསལ་བར་སྣང་བའི་ཁྱད་པར་མི་འཐད་པར་ ཐལ། སྒྲ་སོགས་དེ་རང་གི་བཟུང་དོན་དུ་བྱས་ནས་འཛིན་པར་འདྲ་བས་སོ། ། གཉིས་པ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྒྲུབ་པ་ནི། རིགས་ལྡན་ནས་གཞན་རྟེན་ མིན་ལ། སྤྱི་ཁྱད་པར་གཅིག་གམ་ཐ་དད། གྲངས་ཅན་དང་སྤྱོད་པ་པ་ན་རེ་གཅིག་གོ་ཟེར་ ན། བ་ལང་དཀར་ཟལ་ཆོས་ཅན། བ་ལང་གི་རིགས་མིན་པར་ཐལ། བ་ལང་ནག་སྒུར་ལ་མི་ འཇུག་པས་སོ། །འདོད་ན་སྤྱི་ཁྱད་པར་གཅིག་པ་བུད། བྱེ་བྲག་པ་ན་རེ། སྤྱི་གསལ་རྫས་ཐ་ དད་དུ་གྲུབ་ཅེ་ན། བུམ་སྤྱི་ཆོས་ཅན། བུམ་གསལ་གྱི་འབྲས་བུ་ཡིན་པར་ཐལ། དོན་དམ་པར་ དེ་ལ་ལྟོས་ཤིང་དེ་དང་རྫས་ཐ་དད་འབྲས་རུང་སྐྱེས་ཟིན་གྱི་མྱུ་གུ་ཆོས་ཅན། སྐྱེས་ཟིན་ནས་ ས་བོན་ལ་དོན་དམ་པར་རག་ལས་པའི་འབྲེལ་པ་མེད་དེ། རང་གི་རྒྱུ་ལས་གྲུབ་ཟིན་པས་སོ། 1-1-199 ། ཆོས་ཅན། སྐྱེས་ཟིན་ནས་ས་བོན་དང་འབྲེལ་པའི་འབྲེལ་པ་རང་མཚན་མེད་དེ། སྐྱེས་ཟིན་ རྗེས་སུ་ས་བོན་འདི་ཡི་ལྗང་བུ་འདི་ཡིན་ནོ་ཞེས་རྟོག་པ་ཡིས་ནི་འབྲེལ་བར་བྱེད་པ་ཙམ་ཡིན་ པས་སོ། །འབྲས་མིན་ནས་ཅི་ཞིག་ལ་སྤྱི་ཆོས་ཅན། གསལ་པ་ལ་དོན་དམ་པར་མི་ལྟོས་པར་ ཐལ། གསལ་བའི་འབྲས་བུ་མིན་པའི་རྟག་པས་སོ། །གཞན་ཉིད་ནས་མེད་ལ། བུམ་སྤྱི་ཆོས་ ཅན་བུམ་གསལ་ལ་དོན་དམ་པར་མ་འབྲེལ་བར་ཐལ། དེ་ལས་རྫས་ཐ་དད་ཅིང༌། དེ་བྱུང་གི་ འབྲེལ་པ་མེད་པས་སོ། ། དེ་ཕྱིར་ནས་གྲུབ་ལ་ཆོས་ཅན། བུམ་གསལ་གྱི་ཆོས་སུ་གྱུར་པའི་རང་མཚན་མེད་དེ། བུམ་གསལ་དང་རང་མཚན་གཅིག་དང་ཐ་དད་གང་དུ་ཡང་མེད་པས་སོ། །སྤྱི་རང་བཞིན་ མེད་ན་རི་བོང་རྭ་སོགས་ཡང་སྤྱིར་ཐལ་ལོ་ཞེ་ན། མེད་པའི་རིགས་སུ་ནས་ཕྱིར་ལ། བུམ་ གསལ་ཆོས་ཅན། སྤྱི་རང་མཚན་དུ་མེད་པས། མེད་པར་རི་རྭ་སོགས་ཁྱོད་ཀྱི་རིགས་སྤྱི་མ་ ཡིན་ཏེ། རྟོག་ངོར་དེ་ཁྱོད་ཀྱི་ཆོས་སུ་སྣང་བ་མེད་པས་སོ། ། དེ་ཕྱིར་ངོ་བོ་ནས་རབ་ཏུ་བསྟན་ལ། བུམ་སྒྲ་ཆོས་ཅན། བུམ་གསལ་བུམ་མིན་ལས་ལྡོག་ པ་རྒྱུ་མཚན་དུ་བྱས་ནས། བུམ་པའི་སྤྱིར་སྒྲོ་བཏགས་པ་ཅིག་བསྟན་ཏེ། བུམ་པ་རང་མཚན་ ལས་སྐྱེས་བུ་འཇུག་པའི་དོན་དུ་བུམ་གསལ་གྱི་དངོས་མིང་དུ་འཇུག་པས་སོ། །དེ་ལ་ངོ་བོར་ སྣང་ནས་འཁྲུལ་བ་ལ། ཤིང་གི་སྤྱི་བློ་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་བ་ཡིན་པའི་ ཕྱིར་ཏེ། ཤིང་སྤྱི་དོན་ལ་ཡོད་པ་ལྟར་སྣང་བའི་ཕྱིར་དང༌། དེར་སྣང་བའི་སྒོ་ནས་ཤིང་གསལ་ རྣམས་རིགས་གཅིག་ཏུ་འཛིན་པའི་བློ་ཡིན་པས་སོ། །རྒྱུ་མེད་པར་ཇི་ལྟར་འཁྲུལ་ཞེ་ན། ཆོས་ ཅན། འཁྲུལ་པའི་རྒྱུ་ཡོད་དེ། ཐོག་མ་མེད་པའི་དུས་ཅན་གྱི་མཐོང་རྟགས་གཅིག་ཏུ་གོམས་པའི་བག་ཆགས་ཀྱིས་སྤྲུལ་ བས་སོ། །གཞན་སེལ་པའི་སྤྱི་ཡང་རང་མཚན་དུ་མེད་ཅེས་སྟོན་ཏེ། དོན་རྣམས་ཀྱི་ནི་ནས་ 1-1-200 ཅུང་ཟད་མེད་ལ། ཤིང་མིན་ལས་ལྡོག་པ་ཆོས་ཅན། རང་མཚན་དུ་མེད་དེ། ཤིང་སྒྲས་དངོས་ སུ་བརྗོད་པ་ཙམ་གྱི་ལྡོག་མཚུངས་ཡིན་པས་སོ། ། དེ་རིགས་སྤྱིའོ་ངོ་བོ་མེད་ཅན་ནས་མཐོང་ཕྱིར་དང་ལ། ཤིང་གི་སྤྱི་བློ་ཆོས་ཅན། འཛིན་ སྟངས་འཁྲུལ་བ་ཡིན་ཏེ། ཁྱོད་ལས་ཤིང་གསལ་རིགས་གཅིག་ཏུ་སྣང་བ་དེ་རང་མཚན་དུ་ མེད་བཞིན་དུ་དེར་ཞེན་པའི་སྒོ་ནས་ཤིང་གསལ་རྣམས་རིགས་གཅིག་ཏུ་མཐོང་བས་སོ། ། དོན་ལ་འཁྲུལ་ནས་སྤྱིར་འདོད་ལ་ཕྱི་རོལ་ཤིང་དུ་མེད་བཞིན་དུ་རྟོག་པས་ཤིང་རང་མཚན་ དུ་བཏགས་པའི་ཆ་ཆོས་ཅན། ཤིང་གི་དོན་སྤྱི་འདོད་དེ། ཤིང་གི་སྤྱི་འཛིན་རྟོག་པའི་དངོས་ཀྱི་ སྣང་ཡུལ་ཡིན་པས་སོ། ། དེ་ཡང་སླད་ནས་ཅན་མ་ཡིན་ལ། ཆོས་ཅན་ཤིང་རང་མཚན་མིན་ཏེ། རྟོག་པས་བཏགས་ ཤིང་ཤ་པ་སོགས་ཤིང་གསལ་གང་དུ་ཡང་མེད་པས་སོ། །ངོ་བོ་མེད་པས་བརྗོད་བྱ་མིན་ལ། ཤིང་གི་གཞན་སེལ་བའི་སྤྱི་ཆོས་ཅན་དོན་དམ་པར་རང་མཚན་དུ་མེད་དེ། ཤིང་གསལ་གྱི་ ཆོས་གང་ཞིག་དེ་དང་རང་མཚན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པས་སོ། །གལ་ཏེ་ བརྗོད་བྱ་ནས་དངོས་འདོད་ལ། བུམ་སྤྱི་དེ་བུམ་གསལ་དང་རང་མཚན་གཅིག་དང་ཐ་དད་དུ་ མེད་ཀྱང་རང་མཚན་དུ་ཡོད་དེ། སྣམ་སོགས་ཀྱི་སྤྱི་ལས་རང་མཚན་གཞན་དུ་ཡོད་པས་སོ་ཞེ་ ན། དངོས་རྣམས་ནས་ཉིད་མ་ཡིན་ལ་བུམ་སྤྱི་ཆོས་ཅན། བུམ་གསལ་དང་རང་མཚན་ གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་ན་དེ་ཡི་ཆོས་སུ་གྱུར་པའི་རང་མཚན་དུ་མེད་དགོས་ པར་ཐལ། དངོས་པོ་རང་མཚན་ཡིན་ན་རང་མཚན་གཅིག་དང་ཐ་དད་གང་རུང་ཡིན་དགོས་ པས་སོ། །ཉེར་ལེན་ཐ་དད་ནས་ཉེར་བརྟགས་ཕྱིར་ལ། བུམ་སྤྱི་དང་སྣམ་སྤྱི་ཆོས་ཅན། རང་ མཚན་ཐ་དད་མ་ཡིན་པར་ཐལ། བུམ་སྣམ་རྫས་ཐ་དད་པས་ཁྱེད་གཉིས་ཡང་དོན་ལ་ཐ་དད་ 1-1-201 དུ་བཏགས་པ་ཙམ་ཡིན་པས་སོ། ། འདས་པ་དང་ནི་ནས་འཇུག་འགྱུར་གྱི་དོན་འདས་མ་འོངས་ཀྱི་བུམ་སོགས་ལ། བུམ་སྤྱི་ རང་མཚན་ཡོད་པས། ད་ལྟ་བརྗོད་པ་འཇུག་ཅེ་ན། ཡོད་པ་ནས་འགྱུར་ལ། བུམ་སྤྱི་ཆོས་ཅན། འདས་མ་འོངས་ཀྱི་བུམ་པའི་ཆོས་སུ་མི་འགྱུར་བར་ཐལ། ད་ལྟ་རང་མཚན་དུ་ཡོད་པས་སོ། ། གལ་ཏེ་བུམ་སྒྲ་ཏེ་འདས་མ་འོངས་ཀྱི་བུམ་པ་ལ་ཉེ་བར་བཏགས་པ་ཁོ་ན་ལས་འཇུག་ པར་འདོད་ན། གང་ཞིག་སྣམ་སོགས་ནས་ཉེ་བ་གང་ལ། འདས་མ་འོངས་ཀྱི་བུམ་པ་ཆོས་ ཅན། བུམ་སྒྲ་དེ་ཁྱོད་ལ་བཏགས་མིང་ཁོ་ན་ད་ལྟ་བའི་བུམ་པའི་དངོས་མིང་ཁོ་ནར་འཇུག་ པའི་ཁྱད་པར་མེད་པར་ཐལ། དེ་ཁྱོད་ཀྱི་བཏགས་མིང་དུ་འཇུག་ན། དངོས་མིང་དུ་འཇུག་ པའི་ཡུལ་ད་ལྟར་བ་དང་བུམ་པ་དང་འདྲ་འབྲེལ་སོགས་དགོས་པ་ལ་དེ་མེད་པས་སོ། །བློ་ ནི་འཁྲུལ་པ་མེད་ནས་འཇིག་རྟེན་ཡོད་ལ། སེང་གེ་ཞེས་པའི་སྒྲ་ཆོས་ཅན། དེ་ཡི་དངོས་མིང་ ཡིན་ཏེ། དེ་ཡི་མིང་དུ་ཐོག་མར་སྦྱར་ཞིང་དེ་ཐུན་མོང་མིན་པར་དྲང་པོར་གོ་བར་བྱེད་ནུས་ པའི་སྒྲ་ཡིན་པས་སོ། །བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་བཏགས་པ་ན་དེ་ཆོས་ཅན། བྲམ་ཟེའི་ ཁྱེའུ་དེ་ཡི་བཏགས་མིང་ཡིན་ཏེ། དེ་དང་སེང་གེ་དཔའ་བ་ལ་སོགས་པ་འདྲ་བ་རྒྱུ་མཚན་དུ་ བྱས་ནས། ཕྱིས་དེ་ཡི་མིང་དུ་རྗེས་གྲུབ་དུ་སྦྱར་བའི་སྒྲ་ཡིན་པས་སོ། ། དོན་མེད་ན་ཡང་ནས་དེ་དངོས་ལ། གོང་གི་དངོས་མིང་གི་སྦྱོར་བ་དེའོ། །དེ་མཚུངས་ ཕྱིར་ནས་ཕེལ་བ་ཡིན་ལ། གོང་གི་བཏག་མིང་གི་སྦྱོར་བ་དེའོ། །བུམ་སྒྲ་ཆོས་ཅན། འདས་མ་ འོངས་ཀྱི་བུམ་པའི་དངོས་མིང་དུ་ཐལ། དེ་ཡི་མིང་དུ་ཐོག་མར་ཅེས་སོགས་གོང་དང་འདྲའོ། ། ཇི་ལྟར་དངོས་པོ་ནས་བྱས་པ་ཡིན་ལ། ཤེས་བྱ་ཆོས་ཅན། དངོས་ཀྱི་བརྗོད་བྱ་རང་ མཚན་དུ་ཡོད་པ་ཁོ་ན་དངོས་མིང་གི་མཚན་ཉིད་དེ་མེད་པའི་སྒྲ་ཁོ་ན་བཏགས་མིང་གི་མཚན་ ཉིད་དུ་མི་འཐད་པར་ཐལ། བུར་གླེན་རྫས་སུ་ཡོད་ཀྱང་བུ་མེད་ཅེས་པའི་སྒྲ་བཏགས་ནས་ 1-1-202 འཇུག་བུ་མེད་པ་རྫས་སུ་མེད་ཡང༌། དེ་དངོས་མིང་དུ་འཇུག་གྲངས་ཅན་གྱིས་བཏགས་པའི་ གཙོ་བོ་མེད་ཡང༌། གཙོ་བོའི་སྒྲ་དངོས་མིང་དུ་འཇུག་ཡུལ་གྱི་བྱ་བ་དུ་མ་བྱེད་པའི་མི་རྒན་པ་ ལ་གཙོ་བོའི་སྒྲ་བཏགས་ནས་འཇུག་པས་སོ། ། གསུམ་པ་མེད་པ་འཛིན་པ་དང་སྣང་ཚུལ་མཚུངས་པར་སྒྲུབ་པ་ནི། ཞིག་ལ་དགྲ་ལ་ནས་ མ་ཞིག་ལའང་ལ། ད་ལྟའི་བུམ་པ་ལའང་རྟོག་པའི་བློ་ཆོས་ཅན། རང་གི་བཟུང་དོན་ཕྱི་རོལ་ མེད་དེ། འདས་མ་འོངས་ཀྱི་བུམ་པ་བརྗོད་པའི་སྒྲ་ལས་དེ་ལ་རྟོག་པའི་བློ་དང་མི་གསལ་ བར་སྣང་བར་མཚུངས་པས་སོ། །ཁྱབ་སྟེ། རྣ་བ་ལོག་ནས་དེ་དག་མེད་ལ། དབང་ཤེས་མ་ འཁྲུལ་བ་ཆོས་ཅན། མེད་པ་འཛིན་པའི་རྟོག་པ་དང༌། རང་གི་སྣང་ཡུལ་མི་གསལ་བར་འདྲ་ བ་མ་ཡིན་ཏེ། རང་གི་བཟུང་དོན་ཕྱི་རོལ་རང་མཚན་ཡོད་པས་སོ། ། སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར་ན་ལ་འདས་སོགས་དང་ད་ལྟར་བ་འཛིན་པའི་སེམས་ རྟོག་པ་གཉིས་ཀ་ནི་སྣང་ཚུལ་མཚུངས་པ་ཡིན་ནོ་ཞེ་ན། དུས་གསུམ་གྱི་བུམ་འཛིན་རྟོག་པ་ ཆོས་ཅན། བུམ་སྤྱི་རྟག་དངོས་ཡན་གར་བ་འབའ་ཞིག་རང་གི་བཟུང་དོན་དུ་བྱས་ནས་འཛིན་ པར་མི་འཐད་པར་ཐལ། དེ་རིགས་པ་ཡང་དག་གིས་སྔར་ཉིད་རྣམ་པར་བཟློག་ཟིན་པས་སོ། ། བཞི་པ་སྤྱི་ཉིད་ཡིན་པར་རང་མཚན་མིན་པར་སྒྲུབ་པ་ནི། སྤྱི་ཁྱད་པར་རང་མཚན་ གཅིག་གམ་ཐ་དད། གྲངས་ཅན་ནི་གཅིག་ཟེར་རོ། །ཕན་ཚུན་ནས་ཇི་ལྟར་འགྱུར་ལ། བདེ་ སྡུག་སོགས་ཆོས་ཅན། ཆ་མེད་གཅིག་མིན་པར་ཐལ། རྫས་ཐ་དད་པས་སོ། །མ་ཁྱབ་སྟེ། འདི་རྣམས་ལ་རང་བཞིན་ཁྱད་པར་མེད་པ་དང་གནས་སྐབས་ཁྱད་པར་ཅན་གྱི་ངོ་བོ་ཉིད་ གཉིས་གཉིས་སུ་ཡོད་པས་སོ། །ཞེ་ན། དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར་ལ། ཁྱད་པར་ཅན་ དང་ཁྱད་པར་མེད་པའི་དངོས་པོ་ཆོས་ཅན། རང་མཚན་གཅིག་ཏུ་མི་འགྱུར་བར་ཐལ། རྫས་ 1-1-203 ཐ་དད་གཉིས་ཡིན་པས་སོ། །རྟགས་བསལ་ལོ་གལ་ཏེ་དེ་དག་ནས་གཞན་ཉིད་ལ་སྤྱི་ཁྱད་ རང་མཚན་ཐ་དད་དོ་ཞེ་ན། དེ་དག་གི་ནས་འགྱུར་ལ། བ་ལང་གི་སྤྱི་ཆོས་ཅན། བ་ལང་གི་བསལ་བའི་སྤྱི་དོན་དམ་ པར་འབྲེལ་བར་མེད་པར་ཐལ། དེ་དང་རྫས་ཐ་དད་ཅིང་དེ་བྱུང་འབྲེལ་པ་མེད་པས་སོ། །འོ་ ན་ཁྱེད་ལ་ཡང་སྤྱི་བསལ་གཅིག་དང་ཐ་དད་བཏགས་ན་སྐྱོན་མཚུངས་སོ། །ཞེ་ན། བུམ་མིན་ ལས་ལྡོག ཙམ་ཆོས་ཅན། ཁྱོད་བུམ་གསལ་དང་རང་མཚན་གཅིག་དང་ཐ་དད་དུ་རྟགས་ ནས་ཁྱོད་སྤྱིར་སྨྲ་བ་པོ་རིགས་པས་སུན་དབྱུང་དུ་མེད་དེ་རང་མཚན་མིན་པས་སོ། །དེ་ཕྱིར་ མཚུངས་ནས་མཚན་ཉིད་ལ། བུམ་སྤྱི་ཆོས་ཅན། རང་མཚན་དུ་མེད་དེ། བུམ་གསལ་རྣམས་ ཀྱི་ཐུན་མོང་བ་ཡིན་པས་སོ། ། ལྔ་པ་རིགས་རྣམས་འབྲས་བུ་མིན་པའི་རྟགས་ཀྱིས་བསྒྲུབ་པ་ནི་སྤྱི་རང་མཚན་ཡིན་ན་ འབྲས་བུའམ་མིན་པའི་སྤྱི་དེ་འབྲས་བུ་ཞེ་ན། སྤྱི་ཆོས་ཅན། དུ་མར་ཐལ། འབྲས་གང་ཞིག་ བསལ་བ་དུ་མ་ལ་འཇུག་པས་སོ། །འདོད་ན། ཆ་མེད་གཅིག་པུ་ཡིན་པ་བུད། ཆོས་ཅན། འཇིག་པར་ཐལ། རྟགས་འདྲའོ། །འདོད་ན་རྟག་པ་བུད། འཇིག་པ་དངོས་པོ་ནས་རྟག་ཉིད་ མིན་ལ། ཆོས་ཅན་རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པས་སོ། །རྟགས་ཁས། ཁྱབ་སྟེ། འཇིག་པ་དངོས་པོ་གྲུབ་ཙམ་ནི་རང་ཆས་སུ་རྗེས་སུ་འབྲེལ་བ་སོགས་རིགས་རྣམས་འབྲས་ བུ་མིན། ཞེ་ན་ཆོས་ཅན། བསལ་བ་ལ་དོན་དམ་པར་མ་འབྲེལ་བར་ཐལ། འབྲས་བུ་མིན་ པས་སོ། །ཆོས་ཅན། དངོས་པོ་རང་མཚན་དུ་མེད་དེ་འབྲས་བུ་མིན་པས་སོ། ། དྲུག་པ་བརྡ་དྲན་ཤེས་པའི་སྣང་ཡུལ་ཡིན་པ་ནི། མིག་ཤེས་མ་འཁྲུལ་བ་ཆོས་ཅན། རིང་ ཡུལ་འཛིན་པ་ཁྱོད་ཀྱིས་རང་ཡུལ་གྱི་བརྡ་དྲན་པ་ལ་ལྟོས་པ་མ་ཡིན་ཏེ་རང་གིས་བཟུང་དོན་ གྱི་དངོས་སྟོབས་ཀྱིས་སྐྱེ་བས་སོ། །སྤྱི་ཡི་ནས་སྣང་བ་མེད་ལ། སྤྱི་བློ་ཆོས་ཅན། རང་གི་བཟུང་ 1-1-204 དོན་རང་མཚན་མེད་དེ། རང་གིས་རང་ཡུལ་གྱིས་བརྡ་དྲན་ནས་འཛིན་པས་སོ། །དངོས་ གཉིས་མཐོང་ལ་ནས་བ་ལང་གི་གསལ་པ་རྣམས་རིགས་གཅིག་ཏུ་འཛིན་པའི་བློ་ཆོས་ཅན། བ་ལང་གི་སྤྱི་རྟག་དངོས་ཁོ་ནས་དངོས་སུ་བསྐྱེད་པ་མ་ཡིན་ཏེ། བ་ལང་རྣམས་རང་གི་འབྲས་ བུ་ཞོ་རྨོ་སོགས་བྱེད་པ་ཉེ་བ་ཙམ་གྱིས་བསྐྱེད་པས་སོ། ། ཇི་ལྟར་རིགས་ནས་ཉེ་འདོད་བཞིན་ལ། མིག་གཟུགས་སྣང་བ་ཡིད་བྱེད་ཆོས་ཅན། སྤྱི་ རང་མཚན་མེད་ཀྱང་མིག་ཤེས་ཀྱི་རྒྱུར་རུང་སྟེ། དེ་ལ་ཕན་པས་སོ། །གང་གིས་རྣམ་པར་ནས་ འགྲོ་བ་ཡིན་ལ། བ་ལང་རྣམས་ཆོས་ཅན། སྤྱི་རྟག་དངོས་མེད་ཀྱང་བ་ལང་གི་རིགས་ཡོད་དེ། བ་ལང་གི་དོན་བྱེད་པའི་སྒོ་ནས་བ་ལང་མིན་པ་ལས་ལོག་པས་སོ། ། བདུན་པ་བློ་ལ་རྐྱང་པར་མི་སྣང་བ་ལས་སྒྲུབ་པ་ནི། རྣམ་པ་འགས་ཀྱང་ནས་མེད་ཕྱིར་ ལ། བུམ་སྤྱི་ཆོས་ཅན། བུམ་གསལ་ལས་རྫས་ཐ་དད་པའི་རང་མཚན་ཡན་གར་བར་མེད་ པའི་ཐ་སྙད་བྱར་རུང༌། དེར་ཡོད་ན་དེ་རང་འཛིན་དུ་འདོད་པའི་མངོན་སུམ་གྱིས་དམིགས་ དགོས་པ་ལ་མ་དམིགས་པས་སོ། །གཟུགས་ཅན་ཡིན་ཕྱིར་ནས། མིག་སོགས་དབང་པོ་ཕྱི་ཡི་ གཟུགས་ལས་ཐ་དད་དུ་མེད་པར་ཐལ། དེར་མ་དམིགས་པས་སོ་ཞེ་ན། གཟུགས་ཅན་ཡིན་ནས་སྣང་འགྱུར་ལ། མིག་སོགས་དབང་པོ་ལྔ་ཆོས་ཅན། ལྟ་བ་པོ་ ཀུན་མཁྱེན་ཡོད་ན་ཁྱེད་ཀྱི་གཟུགས་སྣང་བར་འགྱུར་ཏེ། ཕྲ་ཞིང་དྭངས་བའི་གཟུགས་ཅན་ ཡིན་པས་སོ། །རིགས་རྣམས་ཆོས་ཅན། རྣལ་འབྱོར་མངོན་སུམ་གྱིས་རང་མཚན་ཡན་གར་ བར་དམིགས་པ་འཛིན་པར་ཐལ། རང་མཚན་ཡན་གར་བར་མངོན་སུམ་གྱིས་མཐོང་རུང་དུ་ མེད་པས་སོ། །གསལ་འཛིན་ནས་སྣང་བ་མེད་ལ། ཤིང་གི་སྤྱི་མཚན་ཆོས་ཅན། ཤིང་གསལ་ འཛིན་པའི་ཚེ་ནའང༌། རང་མཚན་སྣང་བ་མེད་པར་ཐལ། ཚེ་ནའང་ཤིང་གསལ་གྱི་མིང་དང་ ཁ་དོག་དབྱིབས་སོགས་ཀྱི་རྣམ་པ་ཙམ་སྣང་བས་སོ། ། 1-1-205 བརྒྱད་པ་དོན་བྱེད་མི་ནུས་པའི་རྟགས་ཀྱི་སྒྲུབ་པ་ནི། དེ་ཕྱིར་དེ་ནི་ནས་མི་རུང་བ་(ངོ་) ལ། སྤྱི་ཆོས་ཅན། དོན་དམ་པར་རང་འཛིན་ཤེས་པ་མི་སྐྱེད་དེ། དེ་བསྐྱེད་ན་རང་འཛིན་ཤེས་ པས། རང་མཚན་ཡན་གར་བར་དམིགས་དགོས་པ་ལ་དེར་མ་དམིགས་པས་སོ། །དེ་མི་(ནི་) རུང་ཕྱིར་ནས་མཚན་ཉིད་ཡིན་ལ། ཆོས་ཅན་རང་མཚན་དུ་མེད་དེ། དོན་བྱེད་མི་ནུས་པས་སོ། ། ལྔ་པ་ནི། སྤྱི་རང་མཚན་མིན་པར་སྒྲུབ་པའི་རྟགས་བརྒྱད་ཇི་སྐད་བཤད་ལ་ལས་བཟློག་ སྟེ། མདུན་གྱི་བུམ་པ་འདི་ཆོས་ཅན། རང་མཚན་ཡིན་ཏེ། རྗོད་བྱེད་སྒྲ་ཡི་དངོས་ཀྱི་བརྗོད་བྱ་ མིན་པའི་ཆོས་ཡིན་པའི་ཕྱིར་དང༌། དོན་དམ་པར་དོན་བྱེད་ནུས་པས་སོ་ཞེས་སོགས། དྲུག་པ་ནི། སྤྱི་དེའང་ཆོས་ཅན། རྣམ་པ་གསུམ་དུ་དབྱེར་རུང་སྟེ། སྐྱེ་བ་ཉིད་ཅེས་སོགས་ དངོས་པོ་ལ་བརྟེན་པའི་སྤྱི་སྐྱེ་མེད་ཉིད་ཅེས་སོགས་དངོས་མེད་ལ་བརྟེན་པའི་སྤྱི་ཤེས་བྱ་ཉིད་ ཅེས་སོགས་དངོས་པོ་ཡོད་མེད་གཉིས་ཀ་ལ་བརྟེན་པའི་སྤྱིར་ཡོད་པས་སོ། །གལ་ཏེ་དངོས་ བརྟེན་ནས་ཞེ་ན་ལ། དངོས་པོའི་སྤྱི་འཛིན་ཆོས་ཅན། བཟུང་དོན་རང་མཚན་སྣང་ནས་ཤེས་ ཏེ་བཟུང་དོན་རང་མཚན་ཡོད་མེད་ཀྱི་རྗེས་སུ་བྱེད་པས་སོ་ཞེ་ན། མིན་ལན་གདབ་ཕྱིར་དང་ ལ། ཆོས་ཅན། ཕྱི་ཡི་དངོས་པོ་རང་མཚན་སྣང་ནས་འཛིན་པ་མ་ཡིན་ཏེ། དེ་ལྟར་འཛིན་པའི་ རིགས་པ་ཡང་དག་གིས་ཁེགས་པས་སོ། །འདས་སོགས་ལ་ནས་ཕྱིར་རོ་ལ། ཤེས་བྱ་ཆོས་ ཅན། དངོས་པོའི་སྤྱི་མཚན་དེ་བཟུང་དོན་རང་མཚན་ཉིད་ཡོད་མེད་ཀྱི་རྗེས་སུ་བྱེད་པ་མ་ ཡིན་པར་ཐལ། འདས་མ་འོངས་ཀྱི་དོན་ལ་ཞེན་པའི་རྣམ་རྟོག་དེ་རང་གི་བཟུང་དོན་མེད་པར་ མཐོང་བས་སོ། །གལ་ཏེ་ནས་ཉམས་ན་ལ། བུམ་སྤྱི་ཆོས་ཅན། བུམ་པའི་ཆོས་མ་ཡིན་པར་ ཐལ། བུམ་པ་དངོས་ཡུལ་དུ་མེད་པར་རང་འཛིན་འཇུག་པས་སོ། །ཞེ་ན། དངོས་པོར་འཛིན་ ནས་ཉེས་འདི་མེད་ལ། ཆོས་ཅན། རང་མཚན་མིན་ཡང༌། བུམ་པའི་ཆོས་མིན་པའི་ཉེས་པ་ 1-1-206 མེད་དེ། བུམ་བསལ་རང་མཚན་འཛིན་པའི་མངོན་སུམ་ལས་སྐྱེས་པའི་རང་འཛིན་རྟོག་པ་ དོན་མཐུན་གྱིས་བུམ་པའི་ཆོས་སུ་བཟུང་བའི་ཆོས་ཡིན་པས་སོ། ། བདུན་པ་ནི། རང་གི་མཚན་ཉིད་གཅིག་ནས་གྲུབ་ཕྱིར་རོ་ལ། སྐྱེས་བུ་ཆོས་ཅན། རང་སྤྱི་ གཉིས་ལས། རང་མཚན་གཅིག་པུ་ཚད་མའི་འཇུག་ཡུལ་ཡིན་ཏེ། འབྲས་བུ་དོན་གཉེར་གྱི་ རྟོག་ལྡན་རྣམས་ཀྱིས་དོན་དུ་གཉེར་བྱ་ནི། རང་མཚན་ཁོ་ན་ལས་གྲུབ་པས་སོ། ། འོ་ན་རང་མཚན་ཁོ་ན་གཞལ་བྱ་ཡིན་ན། གཞལ་བྱ་རང་སྤྱི་གཉིས་སུ་བཤད་པ་འགལ་ ཞེ་ན། དེ་ནི་རང་མཚན་ནས་བཞེད་ལ། སློབ་དཔོན་ཕྱོགས་གླང་ཆོས་ཅན། སྤྱི་མཚན་དེ་ རང་མཚན་ལས་ལོག་པར་ཚད་མའི་འཇུག་ཡུལ་རང་རྒྱུད་པར་ཡོད་ནས། གཞལ་བྱ་རང་སྤྱི་ གཉིས་སུ་བཞེད་པ་མ་ཡིན་ཏེ། མངོན་སུམ་གྱིས་རང་མཚན་གྱི་ངོ་བོ་སྒྲུབ་པའི་སྒོ་ནས་རྟོགས། རྗེས་དཔག་གིས་སྤྱི་ཡི་ཚུལ་གྱིས་རྟོགས་པའི་རྒྱུ་མཚན་གྱིས་ཚད་མའི་སྣང་ཡུལ་ལ་རང་སྤྱི་ གཉིས་སུ་བཞེད་པའི་མཁས་མཆོག་ཡིན་པས་སོ། །ཇི་བཞིན་མངོན་ཞེན་ནས་བཞེད་ལ། རྗེས་དཔག་ཆོས་ཅན། དངོས་ཀྱི་འཛིན་སྟངས་འཁྲུལ་བ་ཡིན་ཏེ། རང་ལ་སྣང་བ་ཕྱི་རོལ་རང་ མཚན་དུ་ཞེན་པའི་བློ་ཡིན་པས་སོ། ། གལ་ཏེ་གཞན་གྱི་ནས་ཚད་མ་མིན་ལ། རྗེས་དཔག་ཆོས་ཅན། འཇུག་ཡུལ་ལ་མི་བསླུ་བ་ མིན་པར་ཐལ། འཁྲུལ་པ་ཡིན་པས་སོ། །ཆོས་ཅན་ཕྱི་རོལ་རང་མཚན་མི་ཐོབ་པར་ཐལ། དེ་ མི་སྣང་བས་སོ། །གཉིས་ཀ་ལ་རང་རྒྱུད་འཕང་ངོ་ཞེ་ན། བསམ་པ་ལ་ནི་ནས་ཚད་མ་ཉིད་ལ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་ཡང་འཇུག་ཡུལ་ལ་ མི་བསླུ་བ་ཅན་ཡིན་ཏེ། འཁྲུལ་ཡང་རང་གི་འཇུག་ཡུལ་ཐོབ་བྱེད་ཀྱི་ཚད་མ་ཡིན་པས་སོ། ། རྣམ་གཞན་ནས་མཐོང་ལ། ཤེས་བྱ་ཆོས་ཅན། ཕྱི་རོལ་རང་མཚན་མི་སྣང་ན་དེ་མི་ཐོབ་པས་ མ་ཁྱབ་པར་ཐལ། ནོར་བུ་རང་མཚན་མི་སྣང་ཡང་ནོར་བུ་རང་མཚན་ཐོབ་པ་མཐོང་བས་སོ། 1-1-207 ། ཕྱོགས་འདི་ནས་ཟིན་ལ། རྗེས་དཔག་ཆོས་ཅན། ཕྱི་རོལ་རང་མཚན་སྣང་ནས་རྟོགས་པ་མི་ འཐད་པར་ཐལ། དེ་ལ་གནོད་བྱེད་ཡང་དག་ཡོད་པས་སོ། ། ནོར་བུ་སྒྲོན་མ་ནས་ཁྱད་ཡོད་ ལ། ནོར་བུའི་འོད་ལ་ནོར་བུར་འཛིན་པའི་བློ་ཆོས་ཅན། སྒྲོན་མའི་འོད་ལ་ནོར་བུར་འཛིན་ པའི་བློ་དང༌། སྣང་ཡུལ་ལ་འཁྲུལ་བར་འདྲ་ཡང་འཇུག་ཡུལ་ནོར་བུ་ལ་བསླུ་མི་བསླུའི་ཁྱད་ པར་ཡོད་དེ། འདྲ་ཡང་ཁྱེད་ལས་དེ་འཐོབ། དེ་ལས་དེ་མི་ཐོབ་པས་སོ། ། དེ་ལྟར་ཇི་བཞིན་ནས་རྣམ་པར་བཞག་ལ། སྒྲ་མི་རྟག་རྟོགས་ཀྱི་རྗེ་དཔག་ཆོས་ཅན། ཁྱོད་དང་སྒྲ་རྟག་འཛིན་བློ་གཉིས་རང་གི་སྣང་ཡུལ་ལ་རྗེས་དཔག་གིས་སྣང་བའི་འཁྲུལ་བར་ འདྲ་ཡང་འཇུག་ཡུལ་ལ་བསླུ་མི་བསླུའི་ཁྱད་པར་ཡོད་དེ། འདྲ་ཡང་ཁྱོད་ལས་དེ་འཐོབ། དེ་ ལས་གཞན་མི་ཐོབ་པས་སོ། ། གང་ལ་དོན་གྱི་ནས་རང་དབང་ཅན་ལ། དབང་པོའི་མངོན་སུམ་གྱི་འཇུག་ཡུལ་ཆོས་ ཅན། མངོན་འགྱུར་ཡིན་ཏེ། རང་མཚན་མངོན་སུམ་ཁྱོད་ལ་འཛིན་བྱེད་དུ་འཇུག་པས་སོ། ། དེ་ལ་གཞན་དངོས་དབང་པོ་འདས་ལ། བུམ་སྤྱི་ཆོས་ཅན་ལྐོག་གྱུར་ཡིན་ཏེ། རྟོག་པས་སྤྱི་ཡི་ ཚུལ་གྱི་རྟོགས་བྱར་ཡོད་པས་སོ། །རྗེས་དཔག་གི་སྣང་བའི་སྒོ་ནས་མཐོང་བའི་བདག་ཉིད་ དེ། གཞལ་བྱ་ལྐོག་གྱུར་ཆོས་ཅན། སྐྱེ་བོས་རྟོགས་པའི་ཐབས་མེད་པ་མ་ཡིན་ཏེ། དོན་གཞན་ ཏེ། ཚུལ་གསུམ་པའི་རྟགས་དེ་ཁྱོད་རྟོགས་པའི་རྟེན་ཡིན་པས་སོ། །གལ་ཏེ་དེ་བརྟེན་ནས་གོ་ བྱེད་ཉིད་ལ་དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་གོ་བྱེད་ཡིན་ཏེ། དེ་ཡི་ཚུལ་གསུམ་ཡིན་པས་སོ། ། དེ་ཚེ་གོ་བྱེད་ནས་རྟོགས་ཕྱིར་ལ་ཆོས་ཅན། ལའི་སྟེང་དུ། རྩྭ་ཡི་མེ་དང༌། ཙན་དན་གྱི་མེ་ སོགས། སོ་སོར་ཕྱེ་ནས་སྒྲུབ་པའི་རྟགས་ཡང་དག་ཏུ་མི་འགྱུར་ཏེ། ལ་ལ་མེ་ཙམ་སྒྲུབ་ནུས་ ཀྱིས་ཁྱོད་ལ་རྩྭ་ཡི་མེ་སོགས་ཀྱིས་མ་ཁྱབ་པས་སོ། །འབྲེལ་པ་ཅན་གྱི་ཆོས་ནས་རྗེས་དཔག་ 1-1-208 ལ། བྱས་པའི་རྟགས་ལས་སྒྲ་མི་རྟག་པར་འཇལ་བའི་ཚད་མ་ཆོས་ཅན། རྗེས་དཔག་ཡིན་ཏེ། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ། གསར་དུ་མི་བསླུ་བའི་ཤེས་པ་ ཡིན་པས་སོ། །ལྐོག་གྱུར་གྱི་ནས་ངེས་(པ)ཡིན་ལ། ཤེས་བྱ་ཆོས་ཅན། གཞལ་བྱ་ལྐོག་གྱུར་ གྱི་འཇལ་བྱེད་སོ་སྐྱེའི་མངོན་སུམ་དང་རྗེས་དཔག་གཉིས་ལས་རྗེས་དཔག་གཅིག་པུར་ངེས་ པ་ཡིན་ཏེ། ཚུལ་གསུམ་པའི་རྟགས་ལས་ལྐོག་གྱུར་སྤྱི་ཡི་ཚུལ་གྱིས་རྟོགས་པའི་ཚད་མ་དེ་ རྗེས་དཔག་ཡིན་པས་སོ། ། མངོན་སུམ་ལྐོག་ཏུ་ནས་ཡོད་མ་ཡིན་ལ། གཞལ་བྱའི་དབྱེ་བ་བྱེད་པ་ན་ཆོས་ཅན། གཞལ་བྱ་མངོན་ལྐོག་གཉིས་སུ་ངེས་ཏེ། མངོན་ལྐོག་ལས་མ་རྟོགས་པའི་གཞལ་བྱ་གཞན་ ཡོད་པ་མིན་པས་སོ། །གཞལ་བྱ་གཉིས་ཉིད་ཀྱིས་ནས་བཞེད་པ་དང་ལ། ཚད་མའི་གྲངས་ ངེས་བྱེད་པ་ན་ཆོས་ཅན། ཚད་མ་རྫས་ཡོད་ལ་མངོན་རྗེས་གཉིས་སུ་ངེས་པ་འཐད་དེ། གཞལ་བྱ་གཉིས་སུ་ངེས་པས་སོ། །གཞལ་བྱ་གཉིས་ནས་གསུམ་གྱི་གྲངས་བསལ་བ་ཡིན་ ལ། ཆོས་ཅན་མངོན་རྗེས་ལས་མ་རྟོགས་པའི་སྒྲ་བྱུང་ཉེར་འཇལ་ལ་སོགས་པའི་ཚད་མ་ གསུམ་པ་བསལ་བ་ཡིན་ཏེ། གཞལ་བྱ་གཉིས་སུ་ངེས་པས་སོ། །གཅིག་གྲངས་ནི་བསལ་བ་ ཡིན་ལ། ཆོས་ཅན་མངོན་སུམ་གཅིག་པུ་ཚད་མ་ཡིན་གྱི། རྗེས་དཔག་ཚད་མ་མེད་པ་བསལ་ ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་མཐོང་བས་སོ། ། གཉིས་པ་ལ་གཉིས། གཉིས་པས་(ལས་)ཉུང་བ་དགག གཉིས་པས(ལས་)མང་བ་ དགག་པའོ། །དང་པོ་ནི། རྒྱང་འཕེན་པ་ན་རེ། དངོས་པོར་མེད་པ་གཞལ་བྱ་མ་ཡིན་པའི་ཕྱིར། ཚད་མའི་ཡུལ་ནི་རང་མཚན་གཅིག་པུ་ཉིད་ཡིན་པས་ཚད་མ་མངོན་སུམ་གཅིག་པུ་ཡིན་གྱི་ རྗེས་དཔག་ཚད་མ་མེད་དོ། །ཞེ་ན། ཁོ་བོའང་འདོད་ལ་ཕྱོགས་གླང་གྲགས་པ་ཆོས་ཅན། ཚད་མའི་འཇུག་ཡུལ་དུ་གྱུར་པའི་གཞལ་བྱ་ཡིན་ན། རང་མཚན་གཅིག་པུར་ཁྱོད་ལ་རྟགས་ 1-1-209 ཀྱིས་སྒྲུབ་མི་དགོས་ཏེ། དེ་དེར་ཁྱོད་ཀྱིས་ངེས་པའི་ཚུལ་གྱིས་འདོད་པས་སོ། །མེད་པའང་ ངེས་ཕྱིར་ནས་ཉིད་དམ་ལ། ཤེས་བྱ་ཆོས་ཅན། དངོས་པོར་མེད་པ་དེ་སྤྱི་སོགས་གཞལ་བྱ་ མིན་པར་སྒྲུབ་པའི་ཁྱབ་པ་མ་ངེས་པར་ཐལ། དངོས་པོ་མེད་པའང་ཚད་མའི་ཡུལ་ཡིན་པས་ སོ། །རྟགས་ཁས་སོ། །དེ་ངེས་ནས་ཉིད་ལ། རྗེས་དཔག་ཚད་མ་ཡོད་པར་ཐལ། སྤྱི་སོགས་ དངོས་པོར་མེད་པའི་མེད་དགག་རྟོགས་པའི་ཚུལ་མཐོང་གི་ཚད་མ་ཡོད་པས་སོ། །དབང་ པོའི་མངོན་སུམ་གྱིས་སྤྱི་སོགས་མེད་པ་རྟོགས་པས་ཁྱབ་པ་མེད་ཅེ་ན། མེད་ལ་དབང་སྐྱེས་ ནས་སྐྱེས་པའི་ཕྱིར། དབང་ཤེས་མ་འཁྲུལ་བ་ཆོས་ཅན། དངོས་པོ་མེད་པ་ལ་རྟོགས་བྱེད་དུ་ མི་འཇུག་པར་ཐལ། རང་གི་བཟུང་དོན་ལས་སྐྱེས་པས་སོ། །རྟགས་མ་གྲུབ་སྟེ། བཟུང་དོན་ གྱི་ནུས་པ་ལ་ལྟོས་པ་མེད་ཅེ་ན། བར་ཆོད་ལ་སོགས་ནས་འགྱུར་ལ། ཆོས་ཅན་རང་ཡུལ་དང་ བར་ཆོད་པ་དང་ཧ་ཅང་ཉེ་བ་དང། ཆེས་སྐལ་བ་ལ་སོགས་ཡོད་ནའང་སྐྱེ་བར་ཐལ། རང་ གི་བཟུང་དོན་གྱི་ནུས་པ་ལས་མི་ལྟོས་པའི་དབང་ཤེས་མ་འཁྲུལ་བ་ཡིན་པས་སོ། །གལ་ཏེ་ དབང་པོའི་མངོན་སུམ་འཇུག་པས་མེད་པ་གྲུབ་བོ། །ཞེས་མི་སྨྲ་ཡི་དབང་པོའི་མངོན་སུམ་ ལྡོག་པ་ཉིད་ལས་མེད་པ་ངེས་པ་ཡིན་ནོ་ཞེ་ན་འགལ་བའམ་ལ། དབང་པོའི་མངོན་སུམ་ཆོས་ ཅན། ཁྱོད་སྤྱི་སོགས་མེད་པའི་སྒྲུབ་བྱེད་དུ་འགལ་བར་ཐལ། ཁྱོད་མེད་པ་དེ་ཉིད་སྤྱི་སོགས་ མེད་པའི་སྒྲུབ་བྱེད་ཡང་དག་ཡིན་པས་སོ། །རྟགས་བསལ་ལོ། ། ཉི་རྦས་ལྟར་ན་ཆོས་ཅན་མེད་པ་འཛིན་པའི་རྒྱུ་མཚན་གྱིས་ཁྱོད་ལོག་པས་སྤྱི་མེད་པར་ སྨྲ་བ་མི་འཐད་པར་ཐལ། མེད་པ་མི་འཛིན་པའི་ཕྱིར་ཏེ། རང་མཚན་ཁོ་ན་ཤེས་པས་སོ། ། ཞེས་སོ། །དེ་ཉིད་ལྡོག་པ་དང་ནས་རྟགས་ཡིན་ནོ་(ན)ལ། དབང་པོའི་མངོན་སུམ་གྱིས་ དམིགས་པ་ཆོས་ཅན། སྤྱི་སོགས་མེད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་ཡི་ཚུལ་ གསུམ་ཡིན་པས་སོ། །རྟགས་ཁས་སོ། །འདོད་ན། རྗེས་དཔག་ཚད་མ་མེད་པ་བུད། 1-1-210 གཞན་སེམས་ནས་གྲུབ་པ་ཡིན་ལ། ཤེས་བྱ་ཆོས་ཅན། རྗེས་དཔག་ཚད་མ་གྲུབ་པར་ ཐལ། ངག་སྨྲ་བའི་རྟགས་ལས་སྐྱེས་བུ་གཞན་ལ་སེམས་ཡོད་པར་རྟོགས་པའི་ཚད་མ་གྲུབ་ པས་སོ། །སྨྲ་སོགས་ནས་གྲུབ་ལ། རྟགས་དེ་གང་ཞེ་ན། གསོང་པོར་སྨྲ་བའི་སྐྱེས་བུ་ཕ་རོལ་ པ་ཆོས་ཅན། སེམས་ཡོད་དེ་གསོང་པོར་སྨྲ་བས་སོ། །བསླུ་མེད་ཕྱིར་ཏེ་(དེ)ཚད་མ་ཉིད་ ལ། རྗེས་དཔག་ཆོས་ཅན་ཚད་མར་ཐལ། གང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བས་སོ། ། གལ་ཏེ་དུ་བས་མེ་སྒྲུབ་པ་ལྟ་བུ་མི་བསླུ་ཡང༌། སྐྱུ་རུ་རས་མདུན་གྱི་སྐྱུ་ར་རོ་བསྐ་བར་སྒྲུབ་ པ་ལ་སོགས་པ་ལ་ལ་དག་ཏུ་ནི། ཚུལ་གསུམ་ཚང་ཡང་འཁྲུལ་བར་མཐོང་བའི་ཕྱིར་ཚུལ་ གསུམ་པའི་རྟགས་ཐམས་ཅད་ཡིད་བརྟན་མེད་དོ་ཞེ་ན་རྟགས་ལོག་ནས་དེ་འདྲ་ལ། སྐྱུ་རུ་ར་ ཆོས་ཅན། མདུན་གྱི་སྐྱུ་རུ་ར་རོ་བསྐ་བར་སྒྲུབ་པའི་ཚུལ་ཡིན་པས་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་ བས་ཚུལ་གསུམ་པའི་རྟགས་ཐམས་ཅད་ཡིད་བརྟན་མེད་པ་མིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ རྟགས་ཡང་དག་མིན་པ་ལ། རྟགས་ཡང་དག་དང་ཅུང་ཟད་འདྲ་བས་རྟགས་ཡང་དག་ཏུ་ཞེན་ ནས། འཁྲུལ་བར་མཐོང་བ་རྒྱུ་མཚན་དུ་བྱས་ནས་རྟགས་ཡང་དག་ཐམས་ཅད་འཁྲུལ་བར་ ཁྱེད་ལ་སྣང་བ་ཙམ་དུ་ཟད་པས་སོ། ། གང་ལས་འགའ་ཚེ་ནས་གྲུབ་འགྱུར་བ་ལ། དུ་བ་ཆོས་ཅན། དུ་ལྡན་ལ་མེ་ཡོད་དུ་སྒྲུབ་ པའི་རྟགས་ཡང་དག་ཡིན་ཏེ་དེ་ཡི་ཚུལ་གསུམ་ཡིན་པས་སོ། །ཤ་པ་ལའང་སྦྱར་རོ། །དེ་ནི་ ནས་པའམ་ལ། དུ་བ་ཆོས་ཅན། རྒྱུ་ལ་ལྟོས་མེད་དུ་འབྱུང་བ་མ་ཡིན་ཏེ། མེ་ལས་སྐྱེས་པས་ སོ། །ཞེས་པས། ཤ་པ་ཆོས་ཅན། ཤིང་དང་དོན་གཞན་མ་ཡིན་ཏེ། ཤིང་དེ་ཡི་ངོ་བོར་གདོན་མི་ ཟ་བས་སོ། །རང་གི་རྒྱུ་དག་མེད་པར་ནས་སྲིད་མིན་པ། དུ་བ་ཆོས་ཅན། མེ་ལ་མི་འཁྲུལ་ཏེ། མེ་མེད་པར་ཁྱེད་མི་སྲིད་པའི་ཆོས་ཡིན་པས་སོ། །ངོ་བོ་དག་ནས་སྲིད་མིན་པོ་(པ)ལ། ཤིང་ ཤ་བ་ཆོས་ཅན། ཤིང་ལ་མི་འཁྲུལ་ཏེ་ཤིང་མེད་པར་ཁྱོད་མི་སྲིད་པའི་ཆོས་ཡིན་པས་སོ། །དེ་ 1-1-211 དག་རང་བཞིན་ནི་མཚན་ཉིད་ཡིན་ལ། དུ་ཤབ་ལས་གཞན་པའི་རྟགས་ཡང་དག་ཆོས་ཅན་ རང་རང་གི་ཆོས་སུ་བཟུང་བྱ་ལ། བདག་གཅིག་དེ་བྱུང་དུ་འབྲེལ་པ་གང་རུང་གི་སྒོ་ནས་ཆོས་ ལ་མི་འཁྲུལ་བ་ཡིན་པ་དེ་ཁྱེད་རྣམས་ཀྱིའང་རང་བཞིན་དུ་གྲུབ་པ་ཡིན་ཏེ། ཚུལ་གསུམ་ཡིན་ པས་སོ། །ལྟར་རུང་ནང་གི་ནས་ཇི་ལྟར་ཡོད་ལ། མེ་མེད་ཆོས་ཅན་དུ་མེད་ལ་མི་འཁྲུལ་ཏེ། དུ་ མེད་ཀྱི་ཁྱབ་བྱ་ཡིན་པས་སོ། །ཁྱབ་བྱེད་མ་དམིགས་པ་དང་རང་བཞིན་མ་དམིགས་པ་ལའང་ སྦྱོར། སྤྱི་ཡི་བློ་རྗེས་དཔག་ནི་ཚད་མ་མིན་པར་དབང་པོའི་མངོན་སུམ་གྱིས་མ་མཐོང་བས་ མེད་ན། མེད་པ་ཐོབ་ནས་དངོས་བཞིན་ལ། ད་ལྟ་ལྷས་སྦྱིན་གྱི་དབང་མངོན་གྱིས་མ་མཐོང་ ཞིང༌། ལྷས་སྦྱིན་གྱིས་ཡོད་པར་ངེས་པའི་སྐྱེད་མོས་ཚལ་དང་ཀུན་དགའ་ར་བ་ལ་སོགས་པ་ ཆོས་ཅན། ད་ལྟར་དེ་ཡི་ངོར་གཏན་མེད་པར་ཐལ། ད་ལྟ་དེ་ཡི་ངོར་དབང་མངོན་སྔོན་གྱིས་མ་ མཐོང་བས་སོ། །གལ་ཏེ་དེ་རྣམས་དུས་གཞན་དང་གཞན་དུ་དབང་ཤེས་རྣམས་ཀྱིས་རྟོགས་ པར་འགྱུར་བས་ཡོད་དོ་ཞེ་ན། དེ་མིན་དབང་དང་ནས་མི་སྲིད་ཕྱིར་ལ། མིག་ཤེས་ཆོས་ཅན། ཁྱོད་ཀྱིས་མ་མཐོང་ནས་ མེད་པས་ཁྱབ་པ་མ་ཡིན་པར་ཐལ། དབང་པོ་གཟུགས་ཅན་གྱི་ནུས་པ་དང་ཟས་ཀྱིས་བཀྲེས་ པ་སེལ་བའི་ནུས་པ་སོགས་ཁྱེད་ཀྱིས་མ་མཐོང་ཡང་ཡོད་པས་སོ། །མེད་པ་རྟོགས་ནས་རྒྱུ་ མེད་འགྱུར་ལ། ཤེས་བྱ་ཆོས་ཅན། དབང་ཤེས་སྐྱེ་བ་རྒྱུ་མེད་དུ་ཐལ། དབང་པོ་གཟུགས་ཅན་ གྱི་ནུས་པ་མེད་པས་སོ། །དབང་པོ་གཟུགས་ཅན་གྱི་ནུས་པ་འཛིན་པའི་སྐྱེ་བོའི་བློ་ཆོས་ཅན། རྣམ་རྟོག་མེད་པའི་ཚད་མ་མིན་ཏེ་སྤྱི་འཛིན་ཡིན་པས་སོ། །ཁྱབ་སྟེ། དབང་པོའི་མངོན་སུམ་ ཆོས་ཅན། རང་ཡུལ་རང་མཚན་ལ་འཇུག་གི་སྤྱི་མཚན་མ་ཡིན་ཏེ། རྣམ་རྟོག་ཏུ་མེད་པའི་ཚད་ མ་ཡིན་པས་སོ། །སྤྱི་དེ་ལ་འཛིན་བྱེད་དུ་འཇུག་པའི་ཚད་མ་ཆོས་ཅན། རྗེས་དཔག་ཡིན་ཏེ། རྟོགས་ཚད་ཡིན་པས་སོ། ། 1-1-212 གཉིས་པ་ལ་རྩོད་ལན་གཉིས་ལས། རྩོད་པ་ནི་ཀུན་བཏུས་སུ་གལ་ཏེ་མི་རྟག་པ་ལ་ སོགས་པ་རྣམ་པས་ཁ་དོག་ལ་སོགས་པ་འཛིན་པ་དང༌། ལན་གཅིག་མ་ཡིན་པར་འཛིན་པ་ དེ་ཇི་ལྟར་ཞེ་ན། དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་སོགས་ འཆད་དེ། ཤེས་བྱ་ཆོས་ཅན། ཁ་དོག་མི་རྟག་པར་ཚད་མས་རྟོག་པར་མི་འགྱུར་བར་ཐལ། གཞལ་བྱ་ལ་གཉིས་སུ་ངེས་པས་སོ། །ཁྱབ་སྟེ། ཁ་དོག་མི་རྟག་པ་དེ་རང་སྤྱི་འདྲེས་པའི་ གཞལ་བྱ་གསུམ་པ་ཡིན་པས་སོ། །དེས་ན་ཁ་དོག་མི་རྟག་པ་དེ་རྟོགས་པའི་བློ་ནི་མངོན་ རྗེས་ལས་ཚད་མ་གཞན་དུ་འགྱུར་ཏེ། སྤྱི་འཛིན་པས་མངོན་སུམ་མིན་ཞིང་རྟགས་མེད་པར་ ཡོད་པའི་ཕྱིར་རྗེས་དཔག་ཀྱང་མིན་ནོ། །སྔར་ཁ་ནང་དུ་ཙན་དན་གྱི་མེ་མཐོང་ཞིང༌། ཕྱིས་དུ་ བའི་རྟགས་ལས་སྔར་གྱི་ཙན་དན་གྱི་མེ་དེ་འདིའོ་ཞེས་ངོ་ཤེས་པ་ལྟ་བུ་ཁྱད་པར་མཐོང་བའི་ རྗེས་དཔག་དེ་ནི་ཆོས་ཅན། སྤྱི་མཚན་རྗེས་དཔག་ལས་ཚད་མ་གཞན་ཡིན་ནོ། །རང་གི་རྟེན་ རྟགས་ཙམ་དང་ཙན་དན་གྱི་མེ་གཉིས་འབྲེལ་པ་རྟོགས་པ་མེད་པའི་ཕྱིར་དེ་ལྟར་ན་གཞལ་བྱ་ གཉིས་ལས་མང་བའི་ཕྱིར་ཚད་མ་རྣམས་གཉིས་ལས་མང་པོ་ཉིད་དམ་ཡུལ་གཅིག་ལ་ཡང་ ཚད་མ་དུ་མ་ཉིད་ནི་འཇུག་པའི་ཕྱིར་ཏེ། དཔེར་ན་རང་མཚན་ལ་ཁྱད་མཐོང་བའི་རྗེས་དཔག་ དང་མངོན་སུམ་གཉིས་ཀ་འཇལ་བྱེད་དུ་འཇུག་པ་བཞིན་མངོན་སུམ་གཅིག་ཏུ་ངེས་པའི་ གྲངས་ཉུང་བ་སེལ་བར་མི་འགྱུར་ཏེ། མངོན་རྗེས་ཡུལ་ངེས་པ་ནི་མེད་པའི་ཕྱིར་དང༌། ཚད་ མ་གསུམ་གྱི་གྲངས་ཀྱང་སེལ་བར་མི་འགྱུར་ཏེ་གཞལ་བྱ་གཞན་རང་སྤྱི་འདྲེས་པའི་གསུམ་ པ་ནི་ཡོད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས། འདྲེས་པ་རྟོགས་པའི་ཚད་མ་གསུམ་པ་དགག མཐོང་ཟིན་ཤེས་ པའི་ཚད་མ་གསུམ་པ་དགག་པའོ། །དང་པོ་ལ་བཞི། རྟགས་ལས་རྟོགས་པ་སྤྱི་འཛིན་རྗེས་ དཔག་ཡིན། རྗེས་ཀྱི་ངེས་པས་རྟོགས་པ་ཚད་མ་མིན། ཞིག་འཇིག་གཅིག་པའི་ལུགས་པའང་ 1-1-213 རྗེས་དཔག་ཡིན། རྟག་པའི་དངོས་པོ་འཇིག་པར་འདོད་པ་དགག་པའོ། ། དང་པོ་ལ་གསུམ། དངོས་དོན་མདོར་བསྟན། ཞར་བྱུང་རྒྱས་པར་བཤད། དཀྱུས་མའི་ མཇུག་བསྡུ་བའོ། །དང་པོ་ནི། བྱས་སོགས་ཀྱི་རྟགས་ལས་ཁ་དོག་སོགས་མི་རྟག་པར་རྟོགས་ པའི་ཚད་མ་ལ་འདོད་ན། སྐྱོན་འདིར་ནས་སྦྱོར་ཕྱིར་རོ་ལ། བྱས་པའི་རྟགས་ལས་ཁ་དོག་མི་ རྟག་པར་རྟོགས་པའི་ཚད་མ་ཆོས་ཅན། །རང་སྤྱི་འདྲེས་པ་རྟོགས་པའི་ཚད་མ་གསུམ་པར་མི་ འགྱུར་ཏེ། ཁ་དོག་གི་སྤྱི། མི་རྟག་པའི་སྤྱི་དང༌། སྦྱར་ནས་འཛིན་པའི་ཚད་མ་ཡིན་པས་སོ། ། གཉིས་པ་ལ་གཉིས། སྤྱི་སྦྱོར་ཡང་འབྲེལ་བས་མི་བསླུ། ཚུལ་དེ་རྒྱས་པར་ཕྱེ་སྟེ་བཤད་ པའོ། །དང་པོ་ནི། སྤྱི་ཆོས་ཡིན་ན་དངོས་མེད་ཀྱི་ཆོས་སུ་འགྱུར་ཞེ་ན། དངོས་མེད་ནས་ བསྒྲུབ་ཕྱིར་རོ་ལ། ཤེས་བྱ་ཆོས་ཅན། མི་རྟག་པ་དེ་དངོས་མེད་ཁོ་ནའི་ཆོས་མིན་ཏེ། ཁ་དོག་ རང་མཚན་དེ་མི་རྟག་པར་ཚད་མས་འཇལ་བས་སོ། །གཞན་ལ་ནས་ཞེ་ན་ལ། དེ་འདྲའི་རྗེས་ དཔག་ཆོས་ཅན། ཁ་དོག་མི་རྟག་པ་རང་མཚན་མི་རྟོགས་པར་ཐལ། ཁ་དོག་མི་རྟག་པ་སྤྱི་ མཚན་དེ་རྟོགས་ཀྱི། དེ་རང་མཚན་སྣང་བ་མེད་པས་སོ། །ཞེ་ན། མིན་ཏེ་དེ་ཉིད་གྲུབ་ཕྱི་རོལ་ ལ། ཆོས་ཅན། ཁ་དོག་མི་རྟག་རང་མཚན་མི་རྟོགས་པ་མ་ཡིན་ཏེ། རང་ལ་སྣང་བའི་སྤྱི་ རྣམས་ཁ་དོག་མི་རྟག་པའི་རང་མཚན་དུ་ཞེན་ནས། ཁ་དོག་རང་མཚན་དེ་མི་རྟག་པར་འཇོག་ པས་སོ། ། གཉིས་པ་ལ་སྒྲུབ་པའི་རྗེས་དཔག་མི་བསླུ། དགག་པའི་རྗེས་དཔག་མི་བསླུ་བའོ། །དང་ པོ་ནི། རྣམ་རྟོག་བག་ཆགས་དང་འབྲེལ་མོད། རང་མཚན་ཇི་ལྟར་འབྲེལ་ཞེ་ན། དངོས་གང་ ནས་རྟགས་ལ། དུ་བ་ཆོས་ཅན། དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ཡིན་ཏེ། དེ་ཡི་ཚུལ་ གསུམ་ཡིན་པས་སོ། །ཆོས་ཅན། རང་འབྲས་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་འཛིན་ སེམས་ཀྱི་རྒྱུ་ཡིན་ཏེ། དེ་ལ་ཕན་པས་སོ། །དེ་ལས་དེ་ལྟའི་ནས་རྟགས་ཅན་བློ་ལ། དུ་བས་ 1-1-214 དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་འཛིན་གྱི་སེམས་ཆོས་ཅན། རང་འབྲས་དུ་བའི་རྟགས་ ལས་དུ་ལྡན་ལ་མེ་ཡོད་དུ་རྟོགས་པའི་རྟགས་ཅན་རྗེས་དཔག་གི་རྒྱུ་ཡིན་ཏེ། དེ་ལ་ཕན་པས་ སོ། །དེ་ལྟར་རྟགས་དང་ནས་བསླུ་བྱེད་ཉིད་མ་ཡིན་ལ། དུ་བའི་རྟགས་ལས་དུ་ལྡན་ལ་མེ་ ཡོད་དུ་རྟགས་པའི་རྟགས་ཅན་རྗེས་དཔག་ཆོས་ཅན་ལ་མེ་རང་མཚན་པ་དེ་མི་སྣང་ཡང༌། དེ་ ལ་མི་བསླུ་སྟེ། མི་སྣང་ཡང༌། དེ་ལ་བརྒྱུད་ནས་འབྲེལ་བའི་སེལ་འཇུག་ཕྱིན་ཅི་མ་ལོག་པ་དེ་ ཡིན་པས་སོ། །རྟགས་འཛིན་ལའང་སྦྱོར་རོ། ། དེ་ཡི་ངོ་བོས་རྟོགས་(སྟོང་)ནས་བྱས་པ་ཡིན་ལ། ཆོས་ཅན། རང་གི་འཇུག་ཡུལ་ལ་མི་ བསླུ་ཡང་རང་གི་སྣང་ཡུལ་ལ་འཁྲུལ་བ་ཡིན་ཏེ། མི་བསླུ་ཡང་རང་ལ་སྣང་བའི་རྣམ་པ་ཕྱི་ རོལ་རང་མཚན་པར་ཞེན་པས་སོ། །ཚུལ་དེ་ལྟར་བྱས་པ་ལའང་སྦྱར། དེ་ཕྱིར་དངོས་པོ་ནས་ རྒྱུ་མཚན་ལ། མི་རྟག་པ་ཆོས་ཅན། རང་འབྲས་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། བྱས་པའི་ངོ་བོ་གཅིག་ཡིན་པའི་ཁྱབ་བྱེད་ཡིན་པའི་སྒོ་ནས་དེ་ ལ་ཕན་པས་སོ། །མེ་ཆོས་ཅན། རང་འབྲས་དུ་བས་དུ་ལྡན་ལ་མེ་ཡོད་དུ་སྒྲུབ་པའི་རྟགས་ འཛིན་སེམས་ཀྱི་རྒྱུ་ཡིན་ཏེ། དུ་བའི་རྒྱུ་ཡིན་པའི་སྒོ་ནས་དེ་ལ་ཕན་པས་སོ། །བྱས་པ་ཆོས་ ཅན། རང་འབྲས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་རྒྱུ་ཡིན་ཏེ། དེ་ལ་ཕན་པས་སོ། ། གཉིས་པ་ལ་གསུམ། དགག་པ་འགྲུབ་ཚུལ་དངོས། དེ་ཉིད་རྒྱས་པར་སྒྲུབ། རྟགས་སུ་ སྦྱར་དུས་བསྟན་པའོ། །དང་པོ་ནི། དགག་པ་ཉིད་ནི་ནས་ཉིད་ལས་ཡིན་ལ། མ་དམིགས་ པའི་རྟགས་གསུམ་ཆོས་ཅན། རང་གི་དགག་བྱའི་ཆོས་མེད་པ་དང༌། མེད་པའི་ཐ་སྙད། དེ་ ཉིད་རང་གི་ཆོས་ཅན་ལ་རང་གི་དགག་ཆོས་མངོན་སུམ་གྱིས་མ་དམིགས་པ་ལས་འགྲུབ་པ་ ཡིན་ཏེ། སྣང་རུང་གི་ཆོས་ཚད་མས་མ་དམིགས་པས་དེ་མེད་པར་འགྲུབ་པའི་ཕྱིར་ཏེ། ཆོས་ དེ་ཚད་མས་དམིགས་པ་དེ་ཆོས་དེ་ཡོད་པར་འཇོག་བྱེད་ཡིན་པས་སོ། ། 1-1-215 གཉིས་པ་ནི། དགག་ལ་དེའམ་ནས་འཕེན་པར་བྱེད་པ་ཡིན་ལ། མེ་སྟོབས་ཆེན་རྒྱུན་ ཆགས་ཆོས་ཅན། ཁྱེད་ཀྱིས་རང་གིས་ཁྱབ་པར་ནོན་པའི་ས་ཕྱོགས་སུ་གྲང་རེག་སྟོབས་ཆེན་ རྒྱུན་ཆགས་དམིགས་པའི་མངོན་སུམ་འགོག་ནུས་ཏེ། ཁྱོད་རང་གིས་ཁྱབ་པར་ནོན་པའི་ས་ ཕྱོགས་སུ། གྲང་རེག་སྟོབས་ཆེན་རྒྱུན་ཆགས་འབྱུང་བཞིན་པ་མེད་པར་སྒྲུབ་པའི་རང་བཞིན་ འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པས་སོ། །མེ་སྟོབས་ཆེན་ཆོས་ཅན། དེར་གྲང་ནས་ སྤྲུ་ལོང་བྱེད་སྟོབས་ཆེན་རྒྱུན་ཆགས་པ་དམིགས་པའི་མངོན་སུམ་འགོག་སྟེ། དེ་སྒྲུབ་ཀྱི་རྒྱུ་ དང་འགལ་བ་རང་མཚན་དམིགས་པའི་རྟགས་ཡང་དག་ཡིན་པས་སོ། །སྦྱོར་བ་ལའང་སྦྱར་ རོ། །གཞན་དུ་དངོས་གཅིག་ནས་གང་ལས་རྟོགས་ལ་ཆོས་ཅན། ཁྱོད་རང་གིས་ཁྱབ་པར་ ནོན་པའི་ས་ཕྱོགས་སུ་གྲང་རེག་རྒྱུན་ཆགས་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ ཐལ། དེར་དེ་དམིགས་པའི་མངོན་སུམ་མ་བཀག་པས་སོ། །མེ་ཡོད་པས་གྲང་རེག་མེད་པར་ སྒྲུབ་ནུས་ཏེ། མེ་དང་གྲང་རེག་འགལ་བའི་ཕྱིར་ཞེ་ན། དེ་ཉིད་ཀྱང་ཅི་གྲུབ་མེ་དང་གྲང་རེག་ འགལ་ཏེ་ལྷན་ཅིག་མི་གནས་པའི་ཕྱིར་ཞེ་ན། དེའང་གང་ལ་འདོད་དེ་གཉིས་ལྷན་ཅིག་མི་ གནས་ཏེ། སྣང་བ་མཐོང་མེད་དེ་མེ་ཡོད་པས་གྲང་རེག་མེད་པར་གྱུར་པས་སོ། ། ཞེ་ན་མེ་སྟོབས་ཆེན་གྱིས་ནོན་པའི་གཞི་དེར་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ ཆགས་ཚད་མས་དམིགས་པ་ཉིད་མ་ཡིན་ནས། ཚད་མས་མ་དམིགས་པ་ཉིད་མ་ཡིན་པར་ ཐལ། དེ་སྣང་རུང་མ་དམིགས་པའི་སྒོ་ནས་ཁེགས་པས་སོ། །དེ་ཕྱིར་རང་སྒྲ་ནས་སྒྲུབ་བྱེད་ ཡིན་ལ། མེ་སྟོབས་ཆེན་ཆོས་ཅན། ཁྱོད་རང་གིས་གཞིར་གྲང་རེག་སྟོབས་ཆེན་རྒྱུན་ཆགས་ མངོན་སུམ་གྱིས་མ་དམིགས་པའི་སྒོ་ནས་དེར་དེ་མེད་པའི་སྒྲུབ་བྱེད་ཡིན་ཏེ། དེ་སྒྲུབ་ཀྱི་ དགག་རྟགས་ཡང་དག་ཡིན་པས་སོ། ། གང་ལ་དེ་ནི་ནས་བརྗོད་བྱ་མིན་ལ། མེ་སྟོབས་ཆེན་རྒྱུན་ཆགས་ཀྱིས་ནོན་པའི་གཞིར་ 1-1-216 ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་མེད་པའི་རྟགས་ཡང་དག་མིན་པར་ཐལ། སྣང་རུང་གི་ཆོས་དེ་མེད་པར་སྒྲུབ་པ་ན། དེ་ཚད་མས་མ་དམིགས་པ་དེ་དེ་ཡི་ཐབས་མིན་པས་ སོ། །རྟགས་ཁས་སོ། ། དེས་ན་དེ་དང་ནས་བཤད་པ་ཡིན་ལ། དུ་བ་དྲག་འཕྱུར་སྟོབས་ཆེན་རྒྱུན་ཆགས་པས་ ཁྱབ་པར་ནོན་པའི་གཞི་དེར་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་སུ་མེད་དེ། དེར་ ཁྱབ་པར་ནོན་པས་སོ། །ཞེས་པའི་སྦྱོར་བ་ཆོས་ཅན། དེར་དེ་དམིགས་པའི་མངོན་སུམ་མེད་ པ་འཕེན་པར་བྱེད་དེ། དེ་སྒྲུབ་ཀྱི་འགལ་འབྲས་དམིགས་པའི་སྦྱོར་བ་ཡིན་པས་སོ། ། ཀུན་ལ་སྦྱོར་བ་ནས་ཐ་དད་མེད་ལ། མ་དམིགས་པའི་རྟགས་ཀུན་ཆོས་ཅན། རང་རང་ གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ། རང་རང་གི་དགག་ཆོས་ཚད་མས་དམིགས་མ་དམིགས་ ཐ་དད་པས། ཐ་དད་དུ་ཕྱེ་བ་མ་ཡིན་ཏེ། འབྲེལ་ཟླ་མ་དམིགས་པ་དང༌། འགལ་ཟླ་དམིགས་ པའི་སྦྱོར་བ་འགོད་ཚུལ་གྱིས་ཐ་དད་པ་ཡིན་གྱི་དེར་དེ་ཚད་མས་མ་དམིགས་པར་མཚུངས་ པས་སོ། ། འགལ་དང་དེ་ནི་ནས་ཅན་མ་ཡིན(མིན)་དེ་ལ། འགལ་ཟླ་དམིགས་པ་དང་འབྲེལ་ཟླ་མ་ དམིགས་པ་གང་ཡང་མིན་བཞིན་དུ་དགག་ཆོས་མེད་པར་སྒྲུབ་པའི་རྟགས་ཡང་དག་དུ་འདོད་ པའི་རྟགས་ཐམས་ཅད་ཆོས་ཅན། རྟགས་ཡང་དག་མ་ཡིན་ཏེ་ཁྱབ་པ་མེད་པས་སོ། །རྟགས་ ཇི་ལྟར་ན་སྐྱེས་བུ་ཆོས་ཅན། ཀུན་མཁྱེན་མེད་དེ། སྨྲ་བ་ལ་སོགས་པའི་ཕྱིར་རྒྱང་འཕེན་རྒྱལ་ དཔོག་གཉིས་ཀའོ། །འཇིག་རྟེན་གཞན་དང་ལས་དགེ་སྡིག་སོགས་མེད་དེ་སྐྱེས་བུ་ཡིན་པས་ སོ། །ཞེས་སྒྲུབ་པ་བཞིན་ནོ། །རྒྱང་འཕེན་གྱིའོ། ། དབང་པོ་ལས་འདས་ནས་མེད་ཕྱིར་རོ་ལ། སྨྲ་སོགས་ཆོས་ཅན། སྐྱེས་བུ་ལ་ཀུན་མཁྱེན་ མེད་པར་སྒྲུབ་པའི་རྟགས་ཡང་དག་མིན་པར་ཐལ། ཀུན་མཁྱེན་དང་མི་འགལ་བས་སོ། 1-1-217 ། རྟགས་གྲུབ་སྟེ། གལ་ཏེ་སྨྲ་པོ་ནས་གང་ལ་ཆོས་ཅན། ཀུན་མཁྱེན་དང་མི་འགལ་བར་ཐལ། ཁྱོད་ཡིན་ ཀུན་རིག་པ་ཡང་ཡོད་པ་ཡིན་པས་སོ། །སྐྱེས་བུ་ཆོས་ཅན་ཀུན་མཁྱེན་མེད་དེ་དེ་འདྲ་དབང་ པོའི་མངོན་སུམ་གྱིས་མི་དམིགས་པའི་ཕྱིར་ཞེ་ན། དེ་ཉིད་ནས་བརྗོད་ལ། ཀུན་མཁྱེན་དབང་པོའི་མངོན་སུམ་གྱིས་མ་དམིགས་པ་ཆོས་ ཅན། ཁྱོད་ཁོ་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་ ཡིན་པར་ཐལ། ཁྱོད་ལས་གཞན་དེ་མེད་པས་སོ། །ཟུར་སྔ་མ་ཁས་སོ། །འདོད་ནས་སྨྲ་སོགས་ དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་བུད། མི་དམིགས་པ་ནི་ནས་རབ་ཏུ་རྗོད་ལ་ཆོས་ཅན། སྐྱེས་བུ་ཀུན་མཁྱེན་མེད་པར་སྒྲུབ་པའི་ རྟགས་ཡང་དག་མ་ཡིན་པར་ཐལ། ཀུན་མཁྱེན་མེད་པས་མ་ཁྱབ་པས་སོ། །དེས་ན་སྣང་མི་ རུང་གི་ཆོས་མ་དམིགས་ཙམ་གྱི་མེད་པར་མི་འགྲུབ་པར་རབ་ཏུ་སྟེ་ལེའུ་དང་པོར་བརྗོད་ཟིན་ ཏོ། ། དེ་ཕྱིར་ནས་ཡོད་པ་མ་ཡིན་གྱི་བར་ལ། ཐ་མལ་པ་ཆོས་ཅན། ཁྱོད་ཀྱི་དངོས་པོ་སྟོབས་ ཞུགས་ཀྱི་ཚད་མས་ཀུན་མཁྱེན་ཡོད་མེད་གང་དུའང་ངེས་པ་ཡོད་པ་མ་ཡིན་ཏེ། ཀུན་མཁྱེན་ དེ་ཁྱོད་ལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར། འགལ་རྟགས་རྟགས་སུ་སྦྱོར་ཚུལ་ལ་གཉིས་ཏེ། དགག་ཆོས་དང༌། ཆོས་ཏེ་རྫས་ཆོས་ཐ་དད་པར་སྦྱོར་བ་དང༌། རྫས་ཐ་དད་མེད་པར་སྦྱོར་བ་ སྟེ། དཔེར་ན། མེ་སྟོབས་ཆེན་རྒྱུན་ཆགས་ཆོས་ཅན། དེས་ནོན་པའི་གཞིར། ཁ་བ་སྟོབས་ ཆེན་རྒྱུན་ཆགས་མེད་པར་སྒྲུབ་པའི་དགག་ཆོས་དང་རྫས་ཐ་དད་དེ། ཁ་བ་སྟོབས་ཆེན་དང་ ལྷན་གཅིག་མི་གནས་འགལ་ཡིན་པས་སོ། །མྱུག་སོགས་སྔར་ནས་རྟག་པར་ཡོད་པར་འདོད་ པ་གནོད་བྱེད་དུ་བཀོད་པའི་རྟགས་སྐྱེ་བ་ཆོས་ཅན། དེ་ཡི་དགག་ཆོས་དང་རྫས་ཆོས་ཐ་དད་ 1-1-218 མ་ཡིན་ཏེ། དགག་ཆོས་དེ་དང་ཕན་ཚུན་སྤངས་འགལ་གང་ཞིག དགག་ཆོས་དེ་དངོས་པོ་ ཡིན་པའི་ཕྱིར། གསུམ་པ་ལ་གསུམ་ལས། རྒྱུ་ཁྱབ་བྱེད་མ་དམིགས་པ་རྟགས་སུ་སྦྱོར་ཚུལ་ནི། ཇི་ལྟར་ ནས་དངོས་རྣམས་ཟློག་(ལྡོག)པར་བྱེད་པ་ཡིན་ཀྱི་བར་ལ། མེ་དང་ཤིང་གི་དངོས་པོ་སྒྲུབ་ པ་ལ་དུ་བ་དང༌། ཤ་པ་སོགས་ཀྱི་དངོས་པོ་སྒྲུབ་བྱེད་དུ་འདོད་པ་དེ་བཞིན་དུ། མེ་དང་ཤིང་ སོགས་ཀྱི་དངོས་པོ་ལོག་པས། དུ་བ་དང་ཤ་པ་སོགས་ཀྱི་དངོས་པོ་ལྡོག་པར་བྱེད་པ་གོ་བར་ བྱེད་པ་ཡིན་ནོ། །སྔ་མ་ལ་འབྲས་རང་དང༌། ཕྱི་མ་ལ་རྒྱུ་ཁྱབ་བྱེད་མ་དམིགས་པ་རྟགས་སུ་ སྒྲུབ་བོ། །དེས་ནི་ནས་སྲིད་ཕྱིར་རོའི་བར་ལ། ཕྱོགས་དང་མཐུན་ཕྱོགས་གང་རུང་ཆོས་ཅན། སྒྲུབ་འདོད་ལ་ལྟོས་མེད་ཀྱི་རང་མཚན་གཅིག་མ་ཡིན་ཏེ། རྟོག་པས་སྒྲོ་བཏགས་པའི་ཆོས་ ཡིན་པས་སོ། །ཆོས་ཅན། སྒྲ་རྟག་མི་རྟག་ཏུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ཏེ། རྟག་མི་ རྟག་གཉིས་ཀ་ལ་སྲིད་ཅིང༌། གཅིག་གིས་མ་ཁྱབ་པའི་ཕྱིར། དེ་བཞིན་དངོས་ཉིད་རང་ལྡོག་ ནའང༌། ཞེས་པའི་ལུགས་ལའང༌། དེ་ལའང་ནས་འདོད་ཀྱི་བར་ལ། ཤེས་བྱ་ཆོས་ཅན། འབྲེལ་མེད་ཀྱི་ཆོས་གཞན་གཅིག་ ལོག་པ་དེ། གཞི་དེར་འགལ་འབྲེལ་མེད་ཀྱི་ཆོས་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ ཏེ། ཁྱབ་བྱེད་རྒྱུ་དང་ཁྱབ་བྱེད་ལྡོག་པ་དེ་ཁྱབ་བྱ་འབྲས་བུ་དང༌། ཁྱབ་བྱ་ལྡོག་པའི་གོ་བྱེད་དུ་ འདོད་པའི་ཕྱིར། གང་གི་ཚེ་ན། གལ་ཏེ་ནས་བཅད་ནའོ་ལ། མེ་མེད་ཆོས་ཅན། དེ་སྒྲུབ་ཀྱི་ རྟགས་ཡང་དག་ཏུ་འགྱུར་ན། ལྡོག་འབྲེལ་ངེས་དགོས་ཏེ། དེ་མ་ངེས་ན་དེར་མི་འགྱུར་བས་ ཕྱིར། ། གཉིས་པ་རང་བཞིན་མ་དམིགས་པ་རྟགས་སུ་སྦྱོར་ཚུལ་ནི། མེད་པ་ནས་གྲགས་ཕྱིར་ རོའི་བར་ལ། ལྟར་རུང་བུམ་པ་ཡོད་ན་ཚད་མས་དམིགས་སུ་རུང་བ་ལ། དེ་དམིགས་པའི་ 1-1-219 ཚད་མ་མེད་པའི་ས་ཕྱོགས་དེ་ཆོས་ཅན། གཞི་འགར་ལྟར་རུང་བུམ་པ་མེད་པའི་ཐ་སྙད་ འཇུག་རུང་སྒྲུབ་པ་ལ་རྟགས་སུ་བརྗོད་པ་ལ་དགོས་པ་ཡོད་དེ། གཞི་འགར་ལྟར་རུང་བུམ་པ་ མེད་པའི་དོན་ངེས་ཀྱང༌། དེ་མེད་པའི་ཐ་སྙད་ལ་ཤིན་ཏུ་རྨོངས་པ་བཟློག་པའི་དོན་དུ་བཀོད་ པ་ཡིན་པའི་ཕྱིར། ལྟར་རུང་བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། གཞི་འགར་ལྟར་ རུང་བུམ་པ་མེད་པར་སྒྲུབ་པའི་དོན་གྲུབ་ཀྱི་རྟགས་ཡང་དག་མ་ཡིན་ཏེ། ལྟར་རུང་གི་དོན་ལ་ དམིགས་ན་ལྟར་རུང་དེ་དོན་མེད་པ་ཉིད། བླུན་པོ་གནག་རྫི་མོ་ཡི་བར་གྱིས་ཀྱང་གྲགས་ཤིང་ གྲུབ་ཟིན་པའི་ཕྱིར་རོ། ། གསུམ་པ་མ་དམིགས་པ་གསུམ་དུ་བསྡུ་ཞིང་ཁྱད་ཆོས་བསྟན་པ་ནི། མི་དམིགས་ནས་ འབྲས་ཅན་གྱི་བར་ལ། སྣང་རུང་མ་དམིགས་པའི་རྟགས་ནི་ཆོས་ཅན། རྒྱུ་ཁྱབ་བྱེད་རང་ བཞིན་མ་དམིགས་པ་གསུམ་པོར་མ་རྟོགས་པའི་ཁྱོད་ཀྱི་ཁྱད་པར་མེད་དེ། རྒྱུ་ཁྱབ་བྱེད་རང་ བཞིན་མ་དམིགས་པ་འདི་ཙམ་ཞིག་ཏུ་ཁྱོད་ཀུན་འདུས་པའི་ཕྱིར་དེ། ཡང་ནས་སྣང་མེད་ཀྱི་བར་ལ། མེ་མེད་ཆོས་ཅན། རྒྱ་མཚོ་དུ་བ་མེད་སྒྲུབ་ཀྱི་རྒྱུ་མ་ དམིགས་པའི་རྟགས་སུ་འགྱུར་ན། རྒྱ་མཚོར་མེ་ཡོད་ན་སྣང་དུ་རུང་བ་ལས་མེ་མ་དམིགས་པ་ དགོས་ཏེ། དེ་མིན་ན་དེར་མི་འགྱུར་བསོ། །གཞན་གཉིས་ལ་ཡང་ངོ༌། ། གསུམ་པ་ནི། རྗེས་སུ་ནས་འདོད་ཀྱི་བར་ལ། བྱས་པའི་རྟགས་ལས་ཁ་དོག་མི་རྟག་ པར་རྟོགས་པའི་ཚད་མ་ཆོས་ཅན། ཁ་དོག་གི་སྤྱི་ལ་མི་རྟག་པའི་ཕྱིར་སྤྱི་སྦྱོར་བའི་ཚུལ་འདིར་ འདོད་དེ། ཁ་དོག་མི་རྟག་རྟོགས་ཀྱི་རྗེས་དཔག་ཡིན་པས་སོ། ། གཉིས་པ་བཞི་ལས། སྔ་མས་མཐོང་ཟིན་འཛིན་པར་བསྟན་པ་ནི། གཞན་དུ་ནས་འདོད་ མ་ཡིན་གྱི་བར་ལ། རྗེས་དཔག་གིས་ཁ་དོག་མི་རྟག་པར་རྟོགས་པ་ལས་གཞན་དུ་རྒྱུན་ འགག་ཁའི་ཁ་དོག་འཛིན་པའི་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་དྲན་བློ་ལ་ཟེར་ན། དེ་ཆོས་ 1-1-220 ཅན། ཚད་མ་ཉིད་དུ་འདོད་པ་མིན་ཏེ། རང་གི་ཉེར་ལེན་ཚད་མ་སྔ་མས་བཟུང་ཟིན་ལ་མནན་ ནས་འཛིན་པའི་ཕྱིར། གཉིས་པ་སྔ་མས་མཐོང་བ་ཉིད་འཛིན་པར་སྒྲུབ་པ་ནི། དངོས་ནས་གྲུབ་ཀྱི་བར་ལ། ཇི་ ལྟར་མི་རྟག་པ་མངོན་སུམ་གྱིས་འཛིན་ཞེ་ན། ཁ་དོག་རང་མཚན་འཛིན་པའི་དབང་པོའི་ མངོན་སུམ་ཆོས་ཅན། རྗེས་ཀྱི་ངེས་ཤེས་ཀྱིས་སྔར་ཁ་དོག་གི་མི་རྟག་པ་དེ་གྲུབ་སྟེ། དེ་ཡི་ སྔར་ནས་ཁ་དོག་རང་མཚན་དེའང་རང་གི་བཟུང་དོན་དུ་བྱས་ནས་མཐོང་བས་སོ། །ཁྱབ་སྟེ། དངོས་པོ་ལས་མི་རྟག་པ་གཞན་དུ་སྟེ་ཐ་དད་དུ་མེད་པས་སོ། །གལ་ཏེ་བྱས་མི་རྟག་སོགས་ དང༌། ཁ་དོག་རྫས་ཐ་དད་དེ། ཆོས་ཆོས་ཅན་བརྗོད་པའི་སྒྲ་ཐ་དད་འཇུག་པས་སོ་ཞེ་ན། དུ་མ་ནས་བརྗོད་བྱ་ཡིན་གྱི་བར་ལ། བརྗོད་བྱ། ཁ་དོག་དང་བྱས་མི་རྟག་སོགས་དེ་ཆོས་ ཅན། རྫས་དུ་མའི་དངོས་པོ་མ་ཡིན་ཏེ། ངོ་བོ་གཅིག་ལ་རྟོག་པས་ཐ་དད་དུ་བསྐྱེད་ཆོས་ཏེ་སྒྲོ་ བཏགས་པའི་སྒོ་ནས་སྒྲ་ཐ་དད་ཀྱི་བརྗོད་བྱ་མིན་པས་སོ། ། སྤྱི་ནས་གྲུབ་པ་ཡིན་གྱི་བར་ལ། རྟེན་ཁ་དོག་རང་མཚན་ཆོས་ཅན། ཁྱོད་མངོན་སུམ་ གྱིས་གྲུབ་པ་ཡིན་ཏེ། དེ་དང་དོན་གཅིག་པའི་ཕྱི་རོལ་རང་མཚན་ཡིན་པས་སོ། ། དེ་མ་ནས་རྗེས་དཔོག་ཡིན་གྱི་བར་ལ། འོ་ན་རྗེས་དཔག་དོན་མེད་དོ། །ཞེ་ན། ཁ་དོག་མི་ རྟག་པར་རྗེས་སུ་དཔོག་པའི་རྟགས་དང༌། རྗེས་དཔག་ཆོས་ཅན། དོན་ཡོད་དེ། མངོན་སུམ་ གྱིས་དེ་མཐོང་ཡང་དེ་མ་གྲུབ་པ་སྟེ་མ་ངེས་ན་དེ་ལྟར་གྲུབ་པས་ཏེ་ངེས་པའི་ཕྱིར་དུ་འཇུག་པ་ ཡིན་པས་སོ། ། གསུམ་པ་མཐོང་ཡང་མ་ངེས་པ་དཔེས་སྟོན་པ་ནི། མཐོང་ན་མི་ངེས་པ་ཅི་ཞེ་ན། འདྲ་ བ་ནས་མེད་ཕྱིར་རོའི་བར་ལ། ཁ་དོག་རྒྱུན་ཆགས་སུ་འཇུག་པའི་སྐབས་ལ་ལར་ཆོས་ཅན། མངོན་སུམ་གྱིས་ཁ་དོག་གི་མི་རྟག་པ་མཐོང་ཡང༌། དེ་མ་ཤེས་པའམ་མ་ངེས་པ་ཡོད་དེ། རྟག་ 1-1-221 གཅིག་ཏུ་ འཁྲུལ་བའི་རྒྱུ་མཚན་གྱིས་ཐ་དད་དུ་མ་ངེས་པའི་སྐྱེས་བུ་ཡོད་པའི་ཕྱིར། དགོང་(སྒོང) གཉིས་ཐ་དད་ཡིན་ཡང་གཅིག་ཏུ་འཁྲུལ་བ་བཞིན། འཁྲུལ་རྒྱུ་གང་ཞེ་ན། ཁ་དོག་རྒྱུན་ཆགས་ ཆོས་ཅན། རྟག་པར་འཁྲུལ་རྒྱུ་ཡོད་དེ། རང་གི་སྐད་ཅིག་སྔ་ཕྱིར་འདྲ་བ་གཞན་འབྱུང་ཡོད་ པའི་ཕྱིར། འདི་ལྟར་ནས་ཡོངས་སྤྱོད་(གཅོད་)ཉིད་ཀྱི་བར་ལ། སྐྱེས་བུ་ཆོས་ཅན། འདྲ་བ་གཞན་ འབྱུང་དངོས་པོ་རྟག་པར་འཁྲུལ་བའི་རྒྱུ་ཡིན་ཏེ། བྱིས་པའི་སྐྱེ་བོས་ཀྱང་རིགས་འདྲ་ཕྱིས་ འབྱུང་མེད་པའི་མར་མེ་དང་གློག་ལ་སོགས་པ་འཇིག་པར་ངེས་ནུས་ཤིང༌། རིགས་འདྲ་ གཞན་འབྱུང་ཡོད་པའི་རི་ལ་སོགས་པ་རྟག་པར་འཁྲུལ་བས་སོ། །མཐོང་ཡང་མ་ངེས་པ་གང་ དུ་མཐོང་ཞེ་ན། ནུས་པ་ནས་མ་(པ)བརྗོད་པའི་བར་ལ། མྱུ་གུ་ནུས་ལྡན་དུ་སྒྲུབ་པའི་རྟགས་དང༌། རྗེས་ དཔག་ཆོས་ཅན། དོན་ཡོད་དེ། མྱུག་གུའི་ནུས་པ་མྱུག་གུ་རང་བཞིན་ཡིན་པས། མྱུ་གུ་མཐོང་ བ་ན་མྱུག་གུའི་ནུས་པ་མཐོང་ཡང་དེ་དེའི་ནུས་མེད་དུ་རྨོངས་པ་བཟློག་པའི་ཆེད་དུ་འཇུག་པ་ ཡིན་པས་སོ། །མཐོང་ཡང་མི་ངེས་པའི་རྒྱུ་མཚན་ནི། རྒྱུད་རྒྱུས་འབྲས་བུ་དེ་མ་ཐག་བསྐྱེད་ པའི་ངེས་པ་མེད་པས། ས་བོན་ལས་ཀྱང་མྱུ་གུ་དེ་མ་ཐག་འབྱུང་བར་མ་མཐོང་ནས། མྱུ་གུ་ ནུས་མེད་དུ་རྨོངས་པའོ། །བློ་གྲོས་ནས་ངེས་པར་བྱེད་ཀྱི་བར་ལ། བློ་གྲོས་ཆེན་པོ་འཕགས་ ཆེན་ཆོས་ཅན། ཁྱོད་ཀྱི་ངོར་ས་བོན་ནུས་ལྡན་དུ་རྟགས་ཀྱིས་སྒྲུབ་མི་དགོས་ཏེ། ཁྱོད་ཀྱིས་ས་ བོན་མཐོང་བ་ཉིད་ལས་ནུས་པ་སོགས་རྣམ་པ་ཐམས་ཅད་ངེས་པར་བྱེད་པའི་ཕྱིར། བཞི་པ་སྐབས་ཀྱི་འཕྲོས་དོན་བཤད་པ་ནི། སྐད་ཅིག་དངོས་པོ་ལས་རྫས་ཐ་མི་དད་ན། དངོས་པོའི་སྐད་ཅིག་ཅེས་སོགས་སྒྲ་བློ་མི་འཇུག་པར་འགྱུར་ཞེ་ན། ཐམས་ཅད་ནས་འཇུག་ 1-1-222 པར་གྱུར་གྱི་བར་ལ། དོན་སྒྲ་རང་མཚན་ཆོས་ཅན། དོན་དམ་པར་ལྡོག་པ་ཐ་དད་དུ་མེད་ ཀྱང༌། མ་བྱས་རྟག་པ་སོགས་ལས་ལྡོག་པའི་རྒྱུ་མཚན་གྱིས་འཇུག་པའི་བློ་དང༌། ལྡོག་པ་དུ་ མ་ལས་ལོག་པ་བཞིན་དུ། བརྡ་རྟགས་པའི་སྒྲ་ཡུལ་ཐ་དད་པ་འཇུག་པ་ལྟ་བུ་ལ་འཇུག་པར་ འགྱུར་ཏེ། སྒྲ་མིན་ཐམས་ཅད་ལ་ལྡོག་པའི་ཕྱིར། འདི་ལྟར་རྟགས་མེད་ཀྱི་འཕྲོས་འཆད་དེ། འཁྲུལ་རྒྱུ་ནས་སྐྱེད་བྱེད་ཀྱི་བར་ལ། རྒྱུན་འགག་ཁའི་ཁ་དོག་རང་མཚན་ཆོས་ཅན། ངོ་ བོ་ཉིད་ཀྱིས་རང་མི་རྟག་པ་ཡིན་པ་དང་རྗེས་སུ་མཐུན་པའི་བློ་སྐྱེད་པར་བྱེད་དོ། །དེ་བསྐྱེད་ པའི་འགལ་རྐྱེན་འཁྲུལ་རྒྱུ་མེད་ཅིང་མཐུན་རྐྱེན་ཚང་བས་ཕྱིར། གསུམ་པ་ཇི་ཞིག་གཅིག་པའི་ལུགས་ལ་རྗེས་དཔག་ཡིན་པ་ནི་ཡང་ན་ནས་བརྗོད་པ་ ཡིན་གྱི་བར་ལ། རང་ལུགས་ལས་ཡང་ན། སངས་རྒྱས་པའི་གྲུབ་མཐའ་འདིས་ཡང༌། ཁ་ ཅིག་ལྟར་ན། སྒྲ་མི་རྟག་རྟོགས་ཀྱི་སོ་སྐྱེའི་ཚད་མ་ཆོས་ཅན། རྗེས་དཔག་ཡིན་གྱི་ཚད་མ་ གསུམ་པ་མིན་ཏེ། མི་དམིགས་པའི་རྟགས་ལས་སྒྲ་སོགས་འཇིག་པར་གྲུབ་པའི་བློ་ཡིན་པས་ སོ། །རྟགས་ཇི་ལྟ་བུ་ཞེ་ན། སྒྲ་སོགས་ཞིག་པའི་ཚེ་ན་ཆོས་ཅན། སྒྲ་སོགས་མི་རྟག་པར་ གྱུར་པ་ཡིན་ཏེ། སྒྲ་སོགས་སྔར་བྱུང་གི་དངོས་པོ་ཕྱིས་མེད་པ་གྱུར་པ་ཡིན་པའི་ཕྱིར། ཞེས་ བརྗོད་པ་ཡང་ཡོད་པ་ཡིན་ནོ། ། བཞི་པ་རྟག་པའི་དངོས་པོ་འཇིག་པར་འདོད་པ་དགག་པ་ལ་གཉིས་ལས། འདོད་པ་ བརྗོད་པ་དང༌། སུན་འབྱིན་བཤད་པའོ། །དང་པོ་ནི། གང་གི་ནས་སྒྲ་ཡིན་པའི་བར་ལ། རིགས་པ་ཅན་པ་ན་རེ། དངོས་པོ་ཙམ་མི་རྟག་པ་མིན་ཏེ། མཁའ་སོགས་ཀྱང་དེར་འགྱུར་ བས་སོ། །དེས་ན། མཐའ་གཉིས་ཀྱི་ཆོད་པའམ་མཐའ་གཉིས་ལ་ཆོད་པ་སྟེ། དེ་གཉིས་ཀྱི་ ཁྱད་པར་དུ་བྱས་པའི་ཡོད་པ་ཉིད་དང་འཕྲོད་འདུའི་འབྲེལ་པ་བརྗོད་པའི་ངང་ཚུལ་ཅན་མི་ རྟག་ཉིད་ཀྱི་དོན་ཅན་གྱི་སྒྲ་ཡིན་ནོ་ཞེ་ན། 1-1-223 གཉིས་པ་ལས་གསུམ་སྟེ། ལས་མེད་པ་ཉིད་མཐར་འདོད་པའི་མི་རྟག་པ་དགག་པ་ནི། དེ་མཐའ་ནས་ཞེ་ནའི་བར་ལ། མཐའ་དེ་གང་ལ་བརྗོད་དྲིས་པས། གལ་ཏེ་སྔར་མེད་པ་དང་ ཕྱིས་ཞིག་ནས་མེད་པ་ཡིན་ཞེ་ན། གཉིས་པོ་དེ་ཉིད་དངོས་པོའི་མི་རྟག་ཅིས་མ་ཡིན་ཞེས་དྲིས་ པས། དེ་གཉིས་ཆོས་ཅན། དེ་མིན་ཏེ། དངོས་པོའི་མི་རྟག་པ་ཞེས་དྲུག་པ་དང༌། དངོས་པོ་ ལ་མི་རྟག་པ་གནས་ཞེས་བདུན་པ་སོགས་སྦྱོར་དུ་མི་རུང་བའི་ཕྱིར་ཏེ། དངོས་པོ་དང་འཕྲོད་ འདུའི་འབྲེལ་པ་མེད་པས་ཕྱིར་ཏེ། དངོས་པོར་མེད་པས་སོ་ཞེ་ན། མཐའ་གཉིས་ལ་ཆོས་ ཅན། མཐའ་གཉིས་ཀྱིས་ཡོད་པའམ། ཡོད་པ་ཉིད་ནི་མཐའ་ཡི་མཚམས་ཅན་ནམ། མཐའ་ ཡི་ཁྱད་པར་ཅན་ནོ། །ཞེས་སོགས་དྲུག་སྒྲ་སྦྱར་དུ་མི་རུང་བར་ཐལ། ཡོད་པའམ་ཡོད་པ་ ཉིད་འཕྲོད་འདུའི་འབྲེལ་པ་མེད་པས་སོ། །གསུམ་ཁས་སོ། །གཞན་ཡང་མཐའ་གཉིས་ཀྱིས་ བཅད་པའི་ཡོད་པ་ཉིད་དང༌། དེ་དང་འཕྲོད་འདུའི་འབྲེལ་པ་ཆོས་ཅན། སྔ་ཕྱིར་མེད་པའི་ མཐའི་ཁྱད་པར་དུ་བྱས་པའི་སྐྱེ་འཇིག་ཏུ་འགྱུར་བ་མ་ཡིན་པར་ཐལ། རྟག་པའི་ཕྱིར། རྟགས་ བསལ་ཁས། གཉིས་པ་རྒྱུ་འབྲས་གཉིས་མཐར་འདོད་པའི་མི་རྟག་པ་དགག་པ་ནི། གལ་ཏེ་ རྒྱུ་འབྲས་གཉིས་མཐའ་ཡིན་ཅིང༌། དེས་ཁྱད་པར་དུ་བྱས་པའི་ཡོད་པ་ཉིད་མི་རྟོག་པ་ཉིད་ཅེ་ ན། ཁྱད་པར་ནས་མི་འགྲུབ་ཕྱིར་གྱི་བར་ལ། ཡོད་པ་ཆོས་ཅན། རྒྱུ་འབྲས་ཀྱི་ཁྱད་པར་ དུ་བྱས་པ་མེད་པར་ཐལ། རྒྱུ་འབྲས་མེད་པའི་ཕྱིར་ཏེ། སྔར་མེད་དང་དྲུག་སྒྲས་འབྲེལ་དུ་ རུང་བའི་སྔར་མེད་ཀྱི་དངོས་པོ་མེད་པའི་ཕྱིར། རྟགས་ཁས་ཏེ། རིགས་པ་ཅན་པ་དེ་ཡིས་ནི་ དངོས་པོ་སྔར་མེད་དེ་འདོད་པ་མིན་པས་སོ། །ཁྱབ་སྟེ། དངོས་པོ་དེ་ལ། ཆོས་ཅན། སྔར་མེད་ ཀྱི་དངོས་པོ་མེད་ན་རྒྱུ་འབྲས་སུ་བརྗོད་པ་དེ་ཡང་མི་འགྲུབ་པར་ཐལ། རྒྱུ་འབྲས་དེ་སྔར་མེད་ དེ་ཡི་ཁྱད་པར་ཅན་ནམ་ཆོས་ཡིན་པས་སོ། །སྔར་མེད་སྐྱེ་བ་དང་བསྐྱེད་པའི་རྒྱུ་འབྲས་མེད་ 1-1-224 ཀྱི། འབྲས་བུ་རྣམས་ཡོད་པ་ཉིད་དང༌། འཕྲོད་འདུའི་འབྲེལ་པ་དང་འབྲས་བུ་རྣམས་རང་རྒྱུ་ འདུ་བ་ཅན་དང༌། འཕྲོད་འདུའི་འབྲེལ་པ་དེ་གཉིས་ཡོད་པ་ཉིད་དང་འདུ་བ་ཅན་གྱིས་བྱེད་ པའི་ཕྱིར། དེ་གཉིས་རྒྱུ་དང་འབྲེལ་པ་གཉིས་འབྲས་བུའོ་ཞེས་གྲགས་གོ། ཡོད་པ་ཉིད་དང་ འཕྲོད་འདུའི་འབྲེལ་པ་དང༌། འདུ་བ་ཅན་དེ་དང་འཕྲོད་འདུའི་འབྲེལ་པ་ཡང་ཆོས་ཅན། ཡོད་ པ་ཉིད་དང་འདུ་བ་ཅན་འདིས་སྐྱེད་འབྲས་མིན་པར་ཐལ། རྒྱུ་དེ་གཉིས་རྟག་པས་སོ་གང་ ཞིག་ནས་རྟག་པར་འགྱུར་གྱི་བར་ལ། ཤེས་བྱ་ཆོས་ཅན། འབྲས་བུ་མེད་པར་ཐལ། དངོས་པོ་ སྔར་མེད་མེད་པས་སོ། །ཁྱབ་སྟེ། འབྲས་བུ་གང་ཞིག་སྔར་མེད་པ་རྒྱུས་བྱེད་དགོས་པས་སོ། ། རྟགས་ཁས་ཏེ། དངོས་པོ་དང་སྔར་མེད་དྲུག་སྒྲས་འབྲེལ་བ་མེད་པས་ཏེ། སྔར་མེད་དངོས་ པོ་མེད་པས་སོ། །སྔ་མ་འདོད་ན། དངོས་པོ་རིལ་དེ་ཆོས་ཅན། རྟག་པ་སྟེ་མི་རྟག་པ་མིན་པར་ ཐལ། འབྲས་བུ་མིན་པའི་ཕྱིར། སུམ་པ་ལྡོག་པ་སྒྲ་བློའི་ཡུལ་དུ་བསྟན་པ་ནི། དེ་ཕྱིར་ནས་རྟེན་ཡིན་ནོའི་བར་ལ། སྔར་མེད་ཀྱི་དངོས་པོ་མེད་ན་ཧ་ཅང་ཐལ་བའི་སྐྱོན་ ཡོད་པ་དེ་ཡི་ཕྱིར་སྔར་མེད་ཀྱི་དངོས་པོ་ཡོད་ཅེས་པའི་སྒྲ་ཆོས་ཅན། སྔར་མེད་དང་དངོས་ པོ་རང་མཚན་ཐ་དད་ཀྱི་འབྲེལ་པ་མེད་ཀྱང༌། དངོས་པོ་དང་སྔར་མེད་ཐ་དད་པའི་ཚུལ་ ལམ་འབྲེལ་པ་ཡོད་པ་ལྟ་བུར་འཇུག་པའི་རྒྱུ་མཚན་ཡོད་དེ། དེ་མེད་ཀྱང་བློ་རྣམ་རྟོག་གིས་ དེ་གཉིས་ཐ་སྙད་དུ་སྒྲོ་འདོགས་པའམ་ཞེན་པར་བྱས་པའི་ལྡོག་པ་ཐ་དད་དེ། ཐ་སྙད་ཁྱོད་ འཇུག་པའི་རྟེན་ནམ་རྒྱུ་མཚན་ཡིན་པའི་ཕྱིར། གཉིས་པ་མཐོང་ཟིན་ཤེས་པའི་ཚད་མ་གསུམ་པ་དགག་པ་ནི། སྐད་ཅིག་ནས་ཀྱང་མིན་ གྱི་བར་ལ། གྲངས་ཅན་གྱི་ཁྱད་པར་མཐོང་བའི་ཚད་མ་འགོག་པ་དེ། དུ་བའི་རྟགས་ལས་ སྔར་གྱི་མེ་དེ་འདིའོ་ཞེས་ངོ་ཤེས་པའི་བློ་ཆོས་ཅན། བཟུང་དོན་རང་མཚན་འཛིན་པའི་ཚད་ མ་མ་ཡིན་པར་ཐལ། མེ་སྐད་ཅིག་སོ་སོ་ཐ་དད་པ་གཅིག་ཏུ་འཛིན་པའི་ཕྱིར། སྔར་གྱི་མེ་ཉིད་ 1-1-225 བཟུང་བ་མ་ཡིན་གྱི་མེ་ཡི་སྤྱི་བཟུང་བས་སོ་ཞེ་ན། ཆོས་ཅན། ཁྱད་པར་རང་མཚན་ཁོ་ནའི་ ཡུན་ཅན་ཉིད་ཀྱང་མ་ཡིན་པར་ཐལ། སྔར་མཐོང་བའི་མེ་དང་མཚུངས་པར་ཕྱིས་ཀྱི་མེ་དེ་ འཛིན་པའི་ཕྱིར། གལ་ཏེ་དེ་ཉིད་སྤྱི་འཛིན་རྗེས་དཔག་མིན་པར་ཐལ། སྔར་གྱི་མེ་དེ་ཉིད་མེ་ རྟོགས་པའི་མཐུན་དཔེ་ཡིན་པས་སོ་ཞེ་ན། དེ་འདྲའི་ངོ་ཤེས་ཅན་གྱི་སྐྱེས་བུ་ཆོས་ཅན། སྔར་ གྱི་མེ་དེ་དང་རང་གི་བློ་ངོར་ཚད་མ་སྔ་མས་གྲུབ་ཟིན་བྱེད་པ་མ་ཉམས་པར་ཐལ། དེ་དངོས་ པོར་ངོ་ཤེས་རྗེས་དཔག་གིས་དེ་ཉིད་འཇལ་བའི་མཐུན་དཔེ་ཡིན་པའི་ཕྱིར། འདོད་ན། ཆོས་ ཅན། རང་ངོར་སྔར་གྱི་མེ་དེ་འཇལ་བྱེད་དུ་ངོ་ཤེས་རྗེས་དཔག་ཚད་མ་གཞན་གྱིས་ཅི་ཞིག་ བྱས་ཏེ་དོན་པར་ཐལ་ལོ། །རྟགས་བསལ་ཁས། གལ་ཏེ་ཕྱིས་རྗོད་པའི་ཕྱིར་སྐྱོན་མེད་དོ་ ཞེ་ན། སྔར་གྱི་མེ་དེ་ཆོས་ཅན། ངོ་ཤེས་རྗེས་དཔག་གིས་མེ་རང་མཚན་སྣང་ནས་འཇལ་བའི་ མཐུན་དཔེ་ཡང་དག་མ་ཡིན་པར་ཐལ། དེས་མེ་རྟོགས་དུས་ན་ཁྱོད་བརྗེད་ནས་མ་ངེས་པའི་ ཕྱིར། གལ་ཏེ་ཕྱིས་མཐོང་བའི་མེ་ལ་སྔར་གྱི་མེ་དེའི་དངོས་པོ་སྔར་མ་རྟོགས་པ་འགའ་ཞིག་ ཕྱིས་ངོ་ཤེས་ཀྱི་ཚད་མས་གྲུབ་པས་དེ་ཚད་མའོ་ཞེ་ན། མེ་སྔ་ཕྱི་གཉིས་གཅིག་གམ་རྫས་ཐ་ དད། གཉིས་པ་ལྟར་ན། ངོ་ཤེས་དེ་ཆོས་ཅན། ཕྱིན་ཅི་ལོག་ཡིན་གྱི་ཚད་མ་མིན་པར་ཐལ། དངོས་གཞན་ཕྱིས་ཀྱི་མེ་ལ་སྔར་གྱི་མེ་དེ་ཉིད་དུ་སྒྲོ་འདོགས་པའི་ཕྱིར། དང་པོ་ལྟར་ན། ཆོས་ ཅན། ཚད་མ་ཉིད་མ་ཡིན་པར་ཐལ། རང་གི་ཉེར་ལེན་མངོན་སུམ་གྱིས་གྲུབ་ཟིན་བྱེད་པ་མ་ ཉམས་པར་མནན་ནས་འཛིན་པའི་ཕྱིར། སྔར་གྱི་མངོན་སུམ་གྱི་ཡུལ་མེ་དང༌། ཅིག་ཤོས་ངོ་ ཤེས་ཀྱི་ཡུལ་མེ་ཆོས་ཅན། ཅིག་གྲུབ་ཟིན་མ་རྗེད་པ་ན། གཉིས་ཀའང་གྲུབ་ཟིན་མ་བརྗེད་ པར་ཐལ། གཅིག་ཡིན་པའི་ཕྱིར། འོ་ན། ངོ་ཤེས་དེ་བློ་གང་ཡིན་ཞེ་ན། ངོ་ཤེས་ཆོས་ཅན། མཁས་པས་དྲན་པར་ཤེས་ཏེ། མེ་སྔ་ཕྱི་མཚམས་སྦྱར་ནས་དེ་ཉིད་འདིའོ་ཞེས་ཞེན་པའི་བློ་ ཡིན་པས་སོ། །ངོ་ཤེས་དེ་ཆོས་ཅན། དྲན་པ་མ་ཡིན་ཏེ་རྟགས་ལ་ལྟོས་པའི་ཕྱིར་ཞེ་ན། ཤེས་ 1-1-226 བྱ་ཆོས་ཅན། དེ་ལ་ཁྱབ་པ་ཡོད་པ་མ་ཡིན་པར་ཐལ། འཁྲུལ་པས་ཏེ། རྟགས་ལ་ལྟོས་པ་ཡང་ ཡིན། དྲན་ཤེས་ཀྱང་ཡིན་པ་ཡོད་པས་སོ། ། གཉིས་པ་མངོན་སུམ་རང་གི་ངོ་བོ་ལ་ལོག་རྟོགས་བསལ་བ་ལ། ཚད་མ་མདོར། མིང་ དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེས་པ་འཆད་དེ། དེ་ལ་ གཉིས། རྟོག་བྲལ་བཤད་དེ་མངོན་སུམ་ཡང་དག་བཤད། མ་འཁྲུལ་བ་བཤད་དེ་མངོན་སུམ་ ལྟར་སྣང་བཤད་པའོ། ། དང་པོ་ལ། དབང་པོ་ལ། དབང་པོའི་ཡིད་ཀྱི་རང་རིག རྣལ་འབྱོར་མངོན་སུམ། དང་པོ་ ལའང་ལྔ་ལས། དབང་ཤེས་རྟོག་བྲལ་གྱི་རིགས་པ་བསྟན་པ་ནི། མངོན་སུམ་རྟོག་པར་འདོད་ པ་སོགས་འགོག་པ་ལ། རྟོག་བྲལ་ཡོངས་སྤྱོད་དུ་སྒྲུབ་པ་ནི། མངོན་སུམ་ཚད་མ་ཆོས་ཅན། ཁྱོད་རྟོག་བྲལ་དུ་ཁྱོད་རང་གིས་མ་གྲུབ་པར་ཚད་མ་རྫས་གཞན་གྱིས་སྒྲུབ་མི་དགོས་ཏེ། ཁྱོད་ རྟོག་བྲལ་གྱི་ཤེས་པར་ཁྱོད་རང་གིས་འགྲུབ་པར་འགྱུར་བའི་ཕྱིར། དེ་ཡང༌། སྐྱེས་བུ་ཀུན་གྱི་ རྣམ་རྟོག་ཆོས་ཅན། སོ་སོ་རང་རིག་གིས་རིག་བྱ་ཡིན་ཏེ། མིང་བརྟེན་ཅན་ནམ། མིང་དོན་ འདྲེར་རུང་བར་སྣང་བའི་བློ་ཡིན་པས་སོ། །སྐྱེས་བུ་ཆོས་ཅན། མངོན་སུམ་རྟོག་བྲལ་མེད་པ་ མ་ཡིན་པར་ཐལ། ཕྱི་རོལ་ཐམས་ཅད་ལ་ནི་སེམས་བསྡུས་ནས་ནང་གི་བདག་ཉིད་གཡོ་བ་ མེད་པར་རང་གནས་དུས་ནའང༌། མིག་གི་ཤེས་པས་གཟུགས་དག་ནི་མཐོང་བས་ཕྱིར། ཁྱབ་ སྟེ། མིག་ཤེས་དེ་རྟོག་པས་དབེན་པའི་དབང་སྐྱེས་ཡིན་པས་སོ། །གལ་ཏེ་དེ་རྟོག་པ་ཡིན་ན་ རྗེས་ཀྱིས་དྲན་པས་རྟོག་པར་རིག་དགོས་པས་ལ་མཉམ་བཞག་དེ་ལས། སླར་ཡང་ལངས་ ཏེ་ཅུང་ཟད་རྣམ་པར་རྟོག་པ་ན་ཁོ་བོའི་རྣམ་རྟོག་འདི་དང་འདི་འདི་འདྲ་བར་འགྱུར་ཞེས་རིག་ དགོས་པ་ལ། སྔར་བཤད་པའི་གནས་སྐབས་ཀྱི་དབང་པོའི་རྟོགས་པ་ལ་རྟོགས་པར་རིག་པ་ མེད་པས་སོ། ། 1-1-227 གཉིས་པ་རྟོག་པ་རྣམ་གཅད་ལ་དགག་པ་ལ། སྒྲ་སྦྱོར། དོན་སྦྱོར་མིང་སྦྱོར་རྟོག་པ་ དགག་པ་གསུམ་ལས། དང་པོ་ལ་རྣམ་དག་རིག་པས་དགག དངོས་ཞར་འབྱུང་རང་གཞན་ སྡེ་བའི་དོན་རྟོག་དགག་པ། བརྡ་ཡི་དུས་གཅིག་ཏུ་མཐོང་བའི་ཁྱད་པར་ནི་བ་ཁྲ་མོ་ཅིག་ནི་ཆོས་ཅན། ཁྱོད་བ་ལང་ གི་བརྡ་ཡི་དངོས་ཡུལ་མ་ཡིན་ཏེ། གཞན་ཐ་སྙད་ཀྱི་དུས་འགའ་ཞིག་ཏུ་རྗེས་འགྲོ་བྱེད་པར་ མཐོང་བར་མི་འགྱུར་བས་སོ། ། སྤྱི་རང་མཚན་ཁོ་ན་སྒྲ་དོན་ཡིན་ཞེ་ན། གསལ་བ་ཆོས་ཅན། རང་ལས་རྫས་གཞན་པའི་ སྤྱི་རྟག་དངོས་ཡོད་པ་མ་ཡིན་པར་ཐལ། ཡོད་ན་མངོན་སུམ་གྱིས་དམིགས་སུ་རུང་བ་ལས། སྤྱི་རྟག་དངོས་བློ་མངོན་སུམ་གྱིས་མཐོང་བ་མེད་པའི་ཕྱིར། དབང་པོ་ལས་སྐྱེས་པའི་བློ་མ་ འཁྲུལ་བ་ཐམས་ཅད་ཆོས་ཅན། ཁྱད་པར་རང་མཚན་གྱི་ཡུལ་ཅན་ཡིན་ཏེ། མིང་མ་འདྲེས་ པའི་དོན་འཛིན་པའི་མངོན་སུམ་ཡིན་པའི་ཕྱིར། ཁྱད་པར་རང་མཚན་རྣམས་ལ་ཆོས་ཅན། རྗོད་བྱེད་ཀྱི་སྒྲ་དག་ནི་དངོས་སུ་འཇུག་པ་སྲིད་པ་ཡོད་པ་མ་ཡིན་ཏེ། བརྡ་དངོས་སུ་འཇུག་ པ་མེད་པའི་ཕྱིར་ཏེ། ཁྱད་པར་ཁྱོད་ཐ་སྙད་ཀྱི་ཚེ་རྗེས་འགྲོ་མེད་པས་ནའོ། །རང་མཚན་སྒྲ་ཡི་ དངོས་ཡུལ་མིན་ཀྱང༌། རྟོག་པས་རང་མཚན་ལ་སྒྲ་དངོས་སུ་སྦྱོར་ཅེ་ན། རྗོད་བྱེད་ཀྱི་སྒྲ་རྣམས་ཆོས་ཅན། དབང་ཤེས་ཀྱི་བཟུང་དོན་ལ་དངོས་སུ་སྦྱོར་བ་མ་ཡིན་ ཏེ། སྒྲ་རྟོག་རྣམས་ཀྱི་དངོས་ཡུལ་གང་ཡིན་དེ་ཉིད་ལ་དངོས་སུ་སྦྱོར་བར་བྱེད་པའི་ཕྱིར། དེས་ན་དབང་པོའི་བློ་ཡི་སྤྱོད་ཡུལ་རང་མཚན་ཆོས་ཅན། སྒྲ་ཡི་དངོས་ཡུལ་མ་ཡིན་ཏེ། རྟོག་ པའི་སྣང་ཡུལ་དེ་ནི་མིན་པའི་ཕྱིར། ཁྱབ་སྟེ། དོན་དེ་ཡི་མིང་འདིའོ་ཞེས་འབྲེལ་པ་བྱེད་པའི་ རྟོག་པ་ལ་མིང་དོན་དུ་སྣང་བ་གང་ཡིན་པ་དེ་དག་ཉིད་ནི། བརྗོད་བྱ་རྗོད་བྱེད་དུ་འབྲེལ་བ་ ཡིན་པས་ནའོ། །སྔ་མའི་རྟགས་གྲུབ་སྟེ། དབང་ཤེས་ལ་གསལ་བར་སྣང་བའི་དོན་ཆོས་ 1-1-228 ཅན། རྟོག་པའི་སྣང་ཡུལ་མ་ཡིན་ཏེ། བརྡ་འབྲེལ་བྱེད་པ་དེ་ཚེ་རྟོག་པ་ལ་གནང་བ་མེད་པའི་ ཕྱིར། ཁྱབ་སྟེ། དབང་ཤེས་དང་རྟོག་པ་ལ་གནང་བའི་དོན་རྣམས་ཆོས་ཅན། ཐ་དད་པའི་ཁྱད་ པར་བྱེད་པ་ཡིན་ཏེ། རང་འཛིན་ཤེས་པ་ལས་གསལ་མི་གསལ་ཐ་དད་པར་སྣང་བའི་ཕྱིར། འདས་སོགས་སྒྲ་དངོས་སུ་མི་སྦྱོར་མོད། རང་མཚན་ཉེ་བར་བསྟན་ནས་བརྡ་བྱེད་པ་ན། རང་ མཚན་ལ་དངོས་སུ་ཅིས་མི་སྦྱོར་ཅེ་ན། ཤེས་བྱ་ཆོས་ཅན། མིག་ཤེས་ལ་དོན་སྣང་བའི་ཚེ་བརྡ་ བྱེད་པ་ན་ཡང་འདིའོ་ཞེས་གཞན་གྱིས་བསྟན་པའི་སྤྱི་གང་ཡིན་དེ་ཉིད་ལ་སྒྲ་ཡིས་སྦྱོར་བར་ བྱེད་ཀྱི་དབང་པོའི་སྤྱོད་ཡུལ་ལ་དངོས་སུ་སྦྱོར་བ་མ་ཡིན་ནོ། །ཡིན་ན། མིག་གི་དབང་པོའི་བྱ་བ་མེད་པ་ལ་གཞན་གྱིས་གཟུགས་ཞེས་པའི་ངག་ཙམ་གྱིས་ གཟུགས་གསལ་བར་སྣང་དགོས་པ་ལ། གཟུགས་གསལ་བར་སྣང་བ་མེད་པའི་ཕྱིར། དབང་ ཡུལ་བརྡའི་ཡུལ་མིན་ཀྱང༌། སྒྲ་ཡི་ཡུལ་ལོ་ཞེ་ན། དབང་ཤེས་ཀྱི་བཟུང་དོན་ཆོས་ཅན། སྒྲ་ ལས་རྟོག་པས་སྣང་ནས་བཟུང་བར་བྱ་བ་ཅན་མིན་པར་ཐལ། སྒྲ་དེ་ཁྱོད་ལ་བརྡ་འབྲེལ་མ་ བྱས་པས་སོ། །མ་ཁྱབ་ན། ཤེས་བྱ་ཆོས་ཅན། བུམ་བརྡ་མི་ཤེས་པའི་སྐྱེས་བུས་ཀྱང༌། བུམ་ སྒྲ་ལས་ལྟོ་ལྟིར་བ་རང་དབང་ཉིད་དུ་ཤེས་པར་ཐལ། བརྡ་མ་སྦྱར་ཡང༌། སྒྲ་ཡི་དངོས་ཀྱི་ བརྗོད་བྱར་འགྱུར་བས་ཕྱིར། གཉིས་པ་ལ་གཉིས། དང་པོ། གཞན་སྡེ་མཐོང་རྟོག་གཅིག་ཏུ་འདོད་པ་དགག་པ་ནི། རིགས་པ་ཅན་པ་ཁ་ཅིག ཐག་ཁྲ་སྤྲུལ་ལོ་ཞེས་འཛིན་པའི་རྟོག་པ་ཉིད། མངོན་སུམ་ཡིན་ཏེ། དེ་མཐོང་བའི་མངོན་སུམ་དང་བར་མ་ཆད་དུ་འཇུག་པས་སོ། །དེས་ན་མཐོང་རྟོག་གཅིག་གོ་ ཞེ་ན། རྟོག་བཅས་རྟོག་པ་མེད་པའི་ཡིད་དེ་དག་ཆོས་ཅན། གཅིག་མིན་ཡང་གཅིག་ཏུ་འཁྲུལ་ བའི་རྒྱུ་མཚན་ཡོད་དེ། ཡུལ་ཅིག་ཅར་དུ་འཇུག་པའི་བླུན་པོ་དག་ཁྱེད་གཉིས་གཅིག་ཏུ་ཞེན་ 1-1-229 པས་སོ། །ཁྱེད་ལྟར་ན་རིམ་གྱིས་བྱུང་ཡང༌། འཇུག་པ་མྱུར་བས་གཅིག་ཞེན་པའོ། །གལ་ཏེ་ རྣམ་རྟོག་གིས་བར་གཅད་པས་མཐོང་བ་མངོན་སུམ་སྔ་ཕྱི་རྒྱུན་ཆད་པར་ཐལ་ལོ་ཞེ་ན། རྟོག་ པ་མངོན་སུམ་དུ་སྣང་བ་གཞན་གྱི་ལྟར་ན། ལྟར་བ་ལས། རིགས་ཐ་དད་པའི་འདས་པའི་སྒྲ་ ལ་རྣམ་པར་རྟོག་བཞིན་པའི་ཚེ། མིག་ཤེས་རྒྱུན་ཆགས་ཆོས་ཅན། རང་གི་སྐད་ཅིག་རྣམས་ བར་གཅོད་པ་ཇི་ལྟར་བར་གཅོད་པ་མིན་ཏེ་ཡིན་པར་ཐལ། འདས་པའི་སྒྲ་ལ་རྟོག་པའི་ རྟོག་པ་དེས་བར་གཅད་པའི་ཕྱིར། དེ་ལ་འདས་པ་འཛིན་པའི་རྟོག་པས་བར་གཅོད་པར་ མི་ནུས་ཏེ། དེ་བས་དེ་ཆེས་སྟོབས་དང་ལྡན་པའི་ཕྱིར། ཡུལ་དངོས་པོར་ཡོད་པ་འཛིན་པས་ སོ། །དཔེར་ན་འགལ་མེ་མྱུར་དུ་སྐོར་བ་ན་བར་ཆོད་ཀྱང་མ་ཆོད་པར་མཐོང་བ་བཞིན་ཞེ་ན། གཞན་གྱི་ལུགས་ལའང་མིག་ཤེས་རྒྱུན་ཆགས་ཆོས་ཅན། མཐོང་རྟོག་ཅིག་ཆར་འབྱུང་ཡང་ བར་མ་ཆད་པར་ཐལ། འཇུག་པ་མྱུར་བ་དེ་ནི་མཚུངས་པའི་ཕྱིར། གསུམ་ཁས་སོ། །སྐྱོན་ གཞན་ཡང༌། ས་རཿར་སའི་ཆ་ཤས་ཐོས་པའི་ཉན་ཤེས་ཆོས་ཅན། དེ་གཅིག་ཅར་ཐོས་པར་ ཐལ། དེ་མྱུར་དུ་ཐོས་པའི་ཕྱིར། བློ་གཉིས་ཅིག་ཆར་མེད་པ་འདིར་འདོད་ན། གཟུགས་སོགས་དོན་ལྔ་ཀུན་དང་གཅིག་ཅར་འདུས་པ་ཅན་གྱི་དབང་པོ་དྲུག་དང༌། ཉེར་ ལེན་ཡིད་ཤེས་རྣམས་ཡོད་པར་གྱུར་པ་ན་འཇུག་ཤེས་དྲུག་གཅིག་ཆར་སྐྱེ་མོད། ཁྱོད་ལྟར་ ན། འཇུག་ཤེས་དྲུག་ཅན་གྱི་སྐྱེས་བུའི་འཇུག་ཤེས་གཅིག་ཆོས་ཅན། བར་ཆད་ཅིང་འཇུག་ པར་ཐལ། རང་ལས་གཞན་འཇུག་ཤེས་ལྔ་པོ་རྣམས་ཀྱིས་བར་ཆོད་པའི་ཕྱིར། རྟགས་ཁས། འདོད་ན་དེ་མ་ཡིན་པར་ཐལ། རང་ཡུལ་དངོས་པོ་འཛིན་པ་མྱུར་བས་སོ། ། གསུམ་ཁས་སོ། །དེ་འདོད་དགོས་པས་དེ་ཡི་ཚེ། ལྔ་ལྔ་བར་ཆོད་ན་ཡང༌། ཆོད་པ་མེད་ པ་བཞིན་དུ་སྣང་བའི་བློ་གང་ཡིན་པ་དེར་འདོད་པ་དང༌། མིང་གི་མཐར་ཐུག་པ་ཡི་གེ་ས་ རཿར་སཿའི་ཆ་ཤས་ཐོས་པའི་བློ་སྐད་གཅིག་རེ་རེ་དང༌། ཡི་གེ་རྣམས་འདྲེས་པ་སྟེ། དབང་ 1-1-230 ཤེས་ནས་འབྱུང་བའི་ཕྱིར་བར་ཆོད་པར་སྣང་བའི་ཐོས་པར་འདོད་པ་དེ་ངོ་མཚར་རོ། །ཤེས་ བྱ་ཆོས་ཅན། ས་རཿར་སཿའཛིན་པའི་ཤེས་པས། ས་རཿར་སཿབར་མ་ཆོད་པར་འཛིན་པ་མི་ འཐད་པར་ཐལ། འཇུག་ཤེས་ལྔས་བར་ཆོད་ཡང་འཇུག་པ་མ་གྱུར་བས། བར་མ་ཆོད་པར་ སྣང་བར་འདུག་པའི་ཕྱིར། སྐྱེས་བུ་ཆོས་ཅན། བློ་རིགས་མི་མཐུན་དུ་མ་གཅིག་ཆར་སྐྱེ་བ་ ཡོད་པར་འགྱུར་ཏེ། དེ་ཡིན་པའམ་རིམ་ཅན་ཁོ་ནར་སྐྱེ་བ་གང་རུང་གཅིག་ཡིན་ནས་ཕྱི་མ་ལ་ སྐྱོན་ཡོད་པ་མ་ཡིན་པ་དེ་ཡི་ཕྱིར། གཞན་ཡང་འཇུག་ཤེས་ལྔ་གཅིག་ཅར་འཇུག་པའི་མིག་ ཤེས་དང༌། མིག་ཤེས་གཅིག་པུ་འཇུག་བཞིན་པའི་མིག་ཤེས་གཉིས་ཆོས་ཅན། རིམ་བཞིན་ བར་ཆད་དང་བཅས་པ་དང༌། བར་ཆད་མེད་པར་བསྟན་པ་ཇི་ལྟར་ཡིན་ཏེ་མིན་པར་ཐལ། ཡུལ་བར་མ་ཆད་དུ་འཛིན་པ་ལ་ཁྱད་པར་མེད་པས་ནའོ། །བསལ་བ་ཁས། གཞན་ཡང༌། ཡིད་ཀྱི་རྟོག་པ་འབའ་ཞིག་འཇུག་བཞིན་པའི་ལྷས་སྦྱིན་གྱི་ཡིད་རྟོག་ཆོས་ཅན། ཡུལ་རིམ་ ཅན་དུ་འཛིན་བར་མི་འགྱུར་བར་ཐལ། ཡུལ་འཛིན་པ་མི་འགྱུར་བས་ཕྱིར། ཁྱབ་ཁས། ཡུལ་ ལྔ་ཉེ་ན། ཡུལ་ཅན་ལྔ་ཆར་སྐྱེ་དགོས་པ་ལ་མི་སྐྱེ་བས་ཕྱིར། བློ་དུ་མ་གཅིག་ཆར་མེད་ཅེ་ན། ལ་ལར་ནས་ཉམས་ཕྱིར་བར་ལ། ཡིད་གཟུགས་མཛེས་ལྷག་པར་ཆགས་བཞིན་པའི་ སེམས་ཅན་ལ་སྒྲ་ཉེ་བར་ཡོད་ཀྱང༌། སྒྲ་འཛིན་ཤེས་པ་མ་སྐྱེས་པ་ཆོས་ཅན། སྤྱིར་བློ་གཉིས་ གཅིག་ཆར་མི་སྐྱེ་བའི་རྒྱུན་མཚན་ཁོ་ནས་མ་ཡིན་ཏེ། བློ་གཟུགས་མཛེས་ལ་ལྷག་པར་ཆགས་ པ་དེས་སྒྲ་འཛིན་སྐྱེད་པའི་རྒྱུ་ནུས་པ་ཉམས་པར་བྱས་པ་ཡིན་པའི་ཕྱིར། དེ་དུ་མ་ཟད་གཉིས་ ཀས་ཏེ་ཁྱོད་ལའང༌། ཡུལ་ལྔ་ཉེ་བའི་སྐྱེས་བུ་ཆོས་ཅན། དེ་འཛིན་ལྔ་གཅིག་ཆར་སྐྱེ་བར་ཐལ། དེ་ལྔ་གཅིག་ཆར་ཉེ་བས་སོ། །ཁྱབ་ཁས་སོ། །ཞེས་པའི་རྩོད་པ་འདི་ཡོད་དོ། །ཁྱབ་ཁས། སྔར་གྱི་དཔེ་ཡང་མི་འཐད་དེ། འགལ་མེ་འཁོར་ལོའི་རྣམ་པར་སྣང་བའི་འཁྲུལ་ཤེས་ཆོས་ ཅན། འགལ་མེ་དེ་མྱུར་དུ་མཐོང་བ་ཁོ་ན་ལས་སྐྱེས་པ་མིན་ཏེ། འགལ་མེ་མྱུར་དུ་འཇུག་པས་ 1-1-231 དཀྲུགས་པའི་མིག་ལས་སྐྱེ་བས་ཕྱིར་དང༌། ཆོས་ཅན། འགལ་མེ་མི་རྟག་རིམ་གྱིས་མཐོང་བ་ ལ་གཅིག་ཆར་དུ་མཐོང་བར་འཚམས་སྦྱོར་བ་མ་ཡིན་པར་ཐལ། བདག་རྐྱེན་མིག་ལས་སྐྱེས་ པའི་དབང་ཤེས་ཡིན་པའི་ཕྱིར། གཉིས་པ་དྲང་བདེན་གྱིས་དཔྱོད་བློ་རྟོག་བྲལ་དུ་འདོད་པ་དགག་པ་ནི། སྲིད་པའི་བདག་ པོ་ལ་སོགས་པ་ལ་ལ་ན་རེ། རྒན་པོའི་དབང་ཤེས་ཆོས་ཅན། རྟོག་མེད་ཡིན་ཏེ། དབང་པོ་ ལས་སྐྱེས་པ་དང༌། ལ་སོགས་པས་མྱོང་བའི་རྣམ་པས་འཇུག་པ་དང༌། ཡིད་ལས་བྱུང་པ་མིན་ ཕྱིར། བྱིས་པའི་བློ་བཞིན་བྱིས་པའི་བློ་རྟོག་མེད་ཡིན་པ་ཉིད་ཀྱི་རྒྱུ་མཚན་བརྡར་འཛིན་པའི་ ནུས་པ་ཉམས་པ་ཉིད་ཡིན་ནོ། །ཞེས་སྨྲ་བ་དེ་དག་གི་ལྟར་ན། བྱིས་པའི་བློ་ཆོས་ཅན། མངོན་ སུམ་ཉིད་དེ། ཁྱོད་ཡང་ཡིན། རྟོག་པ་ཡང་ཡིན་པ་མེད་པར་ཐལ། ཁྱོད་ཡིན་ན་རྟོག་མེད་ཡིན་ པའི་ཕྱིར། དེ་ནི་ཆོས་ཅན། ཕྱིས་ཀྱང་བརྡ་འཛིན་པར་མི་འགྱུར་བར་ཐལ། ཕྱིས་བརྡ་འཛིན་ པའི་རྒྱུ་མེད་པའི་ཕྱིར། གལ་ཏེ་བརྡ་ལ་མ་བྱང་བའི་བྱིས་པ་ལ་དོན་ལ་དཔྱོད་པའི་ཡིད་ཡོད་ དེས་ན། ཕྱིས་བརྡ་འཛིན་པ་དེ་འདོད་ཅེ་ན། བྱིས་པའི་དབང་སྐྱེས་བློ་ཆོས་ཅན། ཕྱིས་བརྡ་ འཛིན་པར་འགྱུར་བར་ཐལ། དོན་ལ་གཅོད་པའི་ཡིད་ཡོད་པ་དེ་ཡི་ཕྱིར། ཁྱབ་པ་དེ་བཞིན་དུ་ མཚུངས་སོ། །དེས་ན། དབང་པོ་ལས་སྐྱེས་པ་འདི་འདྲ་འདི་ཡང་ཆོས་ཅན། རྒན་དབང་རྟོག་ མེད་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་ ཡིན་པའི་ཕྱིར། ཅི་སྟེ་བྱིས་པའི་དབང་ཤེས་རྟོག་མེད་ཡིན་ཏེ། དོན་སྔོན་དུ་བྱེད་པའི་རྣམ་པ་ ཅན་ཡིན་པས་སོ། །ཞེ་ན། དེ་འདྲ་གང་ཡིན་དེ་ཆོས་ཅན། ཁྱོད་ཉིད། རྒན་དབང་རྟོག་མེད་དུ་ སྒྲུབ་པ་འདིར་རྟགས་ཡང་དག་ཏུ་བརྗོད་པར་རིགས་པར་ཐལ་ཏེ། བྱིས་པའི་དབང་ཤེས་རྟོག་ མེད་དུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ཅིང༌། དེ་དང་རྒན་པོའི་དབང་ཤེས་རྟོག་པར་ བདེན་ཞེན་གྱིས་འཛིན་པའི་དབང་པོའི་བློར་ནི་མཚུངས་པའི་ཕྱིར་རོ། །དབང་སྐྱེས་ཀྱི་རྟགས་ 1-1-232 ལ་སྐྱོན་བཤད་པ་འདིས་ནི་མྱོང་སོགས་དང༌། ཡིད་བྱུང་མིན་པ་ལ་སྐྱོན་བཤད་པ་ཡིན་ནོ། །དེ་ དག་རྟག་ཡང་དག་མ་ཡིན་ཏེ། ལྷག་ལྡན་ཡིན་པས་སོ། ། གཉིས་པ་དོན་སྦྱོར་རྟོག་པ་ཡིན་པ་དགག་པ་ལ་ནི་གཉིས་ཏེ། ཁྱབ་སྒྲུབ་བཀོད་དེ་གཏན་ ཚིགས་དགོད། གཏན་ཚིགས་དེ་ཡི་ཕྱོགས་ཆོས་སྒྲུབ་པའོ། ། དང་པོ་ནི། བྱེ་བྲག་པ་སོགས་དབང་ཤེས་དེ་རིགས་སོགས་རྫས་ལ་སྦྱར་ནས་འཛིན་པར་ འདོད་པ་འགོག་སྟེ། ཆོས་ཀྱིས་ཆོས་ཅན་ཁྱད་པར་དུ་བྱས་པ་དེ་ལྟར་རྟོགས་པ་སྟེ་འཛིན་པའི་ རྟོག་པ་ཡིན་ན། ཁྱད་པར་བྱས་སོ་དང༌། ཁྱད་པར་བྱས་གཞི་དང༌། དེ་གཉིས་ཀྱི་འབྲེལ་པ་ དང༌། བྱེད་ཆོས་དང༌། བྱས་གཞི་འཇིག་རྟེན་གཞུང་ལུགས་སམ་རྣམ་དག་རྣམས་བཟུང་ནས། ཕྱིས་དེ་དག་སྡོམ་པར་བྱས་ཏེ། འཛིན་དགོས་ཀྱི་གཞན་དུ་མིན་ནོ། །དཔེར་ན་སྐྱེས་བུ་དབྱུག་ པ་ཅན་དུ་འཛིན་པ་བཞིན། སྐྱེས་བུ་དབྱུག་པ་ཅན་ནོ་ཞེས་འཛིན་པའི་རྟོག་པ་ཆོས་ཅན། དོན་ སྦྱོར་རྟོག་པ་ཡིན་ཏེ། དབྱུག་པ་སོགས་ཆོས་བཞི་སོ་སོར་བཟུང་ནས་ཕྱིས་སྡོམ་སྟེ་འཛིན་པའི་ བློ་ཡིན་པའི་ཕྱིར། ཁྱབ་པ་བསྒྲུབས་ནས། བ་ལང་འཛིན་པའི་མངོན་སུམ་ཆོས་ཅན། རིགས་ དང་དེ་ལྡན་རྫས་སྦྱོར་བའི་རྟོག་པ་ཡོད་པ་མ་ཡིན་པར་ཐལ། བ་ལང་གི་རིགས་དང་རྫས་ཀྱི་ འབྲེལ་པ་སོགས། བྱེ་བྲག་སོ་སོར་རྟོག་པ་མེད་པའི་ཕྱིར་འདི་ལ་ཆོས་ཅན། རིགས་སོགས་ དང་རྫས་སྦྱར་ནས་འཛིན་པའི་རྟོག་པ་མེད་པར་ཐལ་ལོ། །འདོད་པ་དེས་ནའོ། ། གཉིས་པ་ནི། གལ་ཏེ་སྤྱི་གཞན་མེད་ན་སྤྱི་བློ་མི་འཇུག་པ་ལ། དེ་འཇུག་པས་དེ་ཡོད་ཅེ་ ན། གསལ་བ་ལའང་རྗེས་འགྲོ་ཅན་སྤྱི་འཛིན་གྱི་རྣམ་ཤེས་གང་དེའང་ཆོས་ཅན། སྤྱི་བཟུང་ དོན་དུའང་འབྲེལ་པ་མེད་པར་ཐལ། སྒྲ་དང་གསལ་བ་སྟེ་མིང་དང་དབྱིབས་སོགས་ཀྱི་རྣམ་ པར་སྣང་བའི་ཕྱིར། མ་ཁྱབ་ན། བ་ལང་ཉིད་ཅེས་སོགས་ཀྱི་སྤྱི་དེ་ཡིན་ན་ཁ་དོག་དང་དབྱིབས་ ཡིག་རྣམ་པ་ཡིས་སྟོང་བའི་རྟག་དངོས་ཡིན་པ་བུད། སྤྱི་འཛིན་ལ་མི་གསལ་ན་འདྲེས་པར་ 1-1-233 སྣང་བའི་མིང་སོགས་དེ་ཉིད་མཚུངས་པ་ཉིད་དེ་སྤྱི་ཡིན་ན་ཡང༌། བ་ལང་འཛིན་པའི་མིག་གི་ བློ་ཆོས་ཅན། སྤྱི་འཛིན་མ་ཡིན་པར་ཐལ། དེ་ཁྱེད་ཀྱི་ཡུལ་དུ་མཐོང་བ་མེད་པའི་ཕྱིར། རྟགས་ མ་གྲུབ་ན། ཆོས་ཅན། རང་ལ་ཡུལ་གསལ་བར་སྣང་བ་ལས་ཐ་དད་པའི་སྤྱི་རང་མཚན་རང་ གི་སྣང་ཡུལ་དུ་ཚད་མས་རྙེད་པར་དཀའ་བར་ཐལ། གསལ་མི་གསལ་གྱི་སྣང་པའི་མེད་པར་ རང་གི་སྣང་ཡུལ་གསལ་བ་ཁོ་ནར་སྣང་བའི་ཕྱིར། གཞན་ཡང་བ་ལང་འཛིན་པའི་དབང་པོའི་ མངོན་སུམ་ཆོས་ཅན། རིགས་སོགས་དང་རྫས་ཀྱི་འཕྲོད་འདུའི་འབྲེལ་པ་མཐོང་བ་མེད་པར་ གནས་པར་ཐལ། ཁྱོད་ཀྱིས་དེ་ཉིད་ཀྱི་འཕྲོད་འདུ་འཛིན་པ་མེད་པའི་ཕྱིར། རྟགས་བསལ་ལོ། ། རིགས་པ་ཅན་པ་ན་རེ། འཕྲོད་འདུ་དབང་བློའི་ཡུལ་དུ་མེད་ན་སྣལ་མ་འདི་ལ་སྣམ་བུ་སྙམ་ པའི་མིག་བློ་ཇི་ལྟར་འབྱུང་ཞེ་ན། ཤེས་བྱ་ཆོས་ཅན། སྣལ་མ་འདི་ལ་སྣམ་བུ་ཞེས་པའི་རིགས་ པ་ཅན་གྱི་སྒྲ་འདི་དག་ཀྱང་དངོས་པོ་སྟོབས་ཞུགས་དང༌། འཇིག་རྟེན་དུ་གྲགས་པ་དང་ མཐུན་པའི་ཐ་སྙད་དོན་མཐུན་མ་ཡིན་པར་ཐལ། དེ་རིགས་པ་ཅན་པ་རང་གིས་རང་དགར་ བྱས་པའི་ཐ་སྙད་ཙམ་ཡིན་པའི་ཕྱིར། འཇིག་རྟེན་ན་ཇི་ལྟར་གྲགས་ཞེ་ན། ཤེས་བྱ་ཆོས་ཅན། རྭ་ལ་བ་ལང་ཡོད་ཅེས་འཇིག་རྟེན་ན་དོན་མཐུན་དུ་གྲགས་པ་མ་ཡིན་པར་ཐལ། བ་ལང་ལ་ རྭ་ཡོད་ཅེས་འཇིག་རྟེན་ན་དོན་མཐུན་དུ་གྲགས་པའི་ཕྱིར། གལ་ཏེ་དེ་གཉིས་ཀྱི་འཕྲོ་འདུ་ ཡོད་པས། བ་ལང་ལ་རྭའོ་ཅེས་པའི་ཐ་སྙད་འཇུག་ཞེ་ན། དེ་འདྲའི་ཐ་སྙད་ཆོས་ཅན། དེ་ གཉིས་ཀྱི་འཕྲོད་འདུར་རང་མཚན་ཡོད་པའི་རྒྱུ་མཚན་གྱིས་འཇུག་པ་མ་ཡིན་པར་ཐལ། བ་ ལང་ཞེས་བྱའི་མིང་ཅན་གྱི་རྭ་ལས། ལྷག་མ་རྣམས་དང་སྟེང་གི་ར་བར་བཅད་དང་དམིགས་ པ་མེད་པར་བར་མ་ཆད་དུ་མཐོང་བ་ཙམ་ལས་འཇུག་པའི་ཕྱིར་ཡང་སྣལ་མ་དེ་སྣམ་བུ་ཞེས་ པའི་སྒྲ་ཆོས་ཅན། ཇི་ལྟ་བུར་ཡང་རྒྱུ་སྣལ་མ་དང༌། འབྲས་བུ་སྣམ་བུ་དུས་གཅིག་པའི་རྫས་ ཆོས་གསུམ་ལྡན་ཁོ་ན་ལ་འཇུག་པ་མ་ཡིན་པར་ཐལ། རྒྱུའི་སྣལ་མ་རྐྱེན་གྱིས་འདུས་བྱས་པ་ 1-1-234 ལས་ཕྱིས་འབྲས་བུ་སྣམ་བུ་འབྱུང་བ་བརྗོད་པ་ཙམ་ཡིན་པའི་ཕྱིར། སྣམ་དུས་ན་སྔར་གྱི་སྣལ་ མ་གང་ཞེས་དྲིས་པ་ན། སྣམ་བུ་འདིའོ་ཞེས་པའི་སྒྲ་ཆོས་ཅན། ཆོས་གསུམ་ལྡན་གྱི་སྣམ་བུའི་ རྫས་ཁོ་ན་ལ་འཇུག་པ་མ་ཡིན་ཏེ། འབྲས་བུ་སྣམ་བུ་ལ་རྒྱུ་སྣལ་མར་སྒྲོ་བཏགས་ནས་འཇུག་ པ་ཙམ་ཡིན་པས་སོ། །ཡང་དེ་དྲིས་པའི་ཚེ། སྣམ་བུ་ལས་སྣལ་མ་གཅིག་ནི་བཀར་བར་བྱས་ ནས། འདི་དེའོ་ཞེས་པའི་ཚིག་ཆོས་ཅན། འབྲས་བུའི་སྐུད་པ་ལ། རྒྱུ་ཡི་སྣལ་མར་དོན་མཐུན་ དུ་བརྗོད་པ་མ་ཡིན་ཏེ། སྣམ་བུའི་སྒྲ་འཇུག་པའི་རྟེན་སྣལ་མ་སྟོན་པ་ན། འབྲས་བུའི་སྐུད་པ་ ལ་རྒྱུ་ཡི་སྣལ་མར་སྒྲོ་བཏགས་ནས་འཇུག་པ་ཙམ་ཡིན་པའི་ཕྱིར། འོ་ན་སྣམ་བུའི་སྒྲ་ཇི་ལྟར་འཇུག་ཅེ་ན། སྣམ་བུ་ཞེས་པའི་སྒྲ་ཆོས་ཅན། ཆོས་གསུམ་ ལྡན་གྱི་སྣམ་བུའི་རྫས་ཡོད་པའི་རྒྱུ་མཚན་ཁོ་ནས་འཇུག་པ་མ་ཡིན་ཏེ། ཕན་གདགས་བྱ་ཕན་ འདོག་བྱེད་དེ། སྣལ་མ་ཕན་ཚུན་གྲོགས་བྱས་པ་ཙམ་ལ་འཇུག་པའི་ཕྱིར་དང༌། ཕྱིས་ཀྱི་སྣལ་ མ་རྣམས་བར་རྣམ་པར་ཆད་པ་མེད་པར། ལིངས་པོ་གཅིག་ཏུ་སྣང་བ་ཙམ་ལས་འཇུག་པས་ སོ། །འོ་ན་སྣམ་སྒྲ་སྣལ་མ་ཚོགས་པའི་དངོས་མིང་དུ་ཇི་ལྟར་འགྱུར་ཞེ་ན། སྣམ་སྒྲ་གང་ཡིན་ དེ་ཆོས་ཅན། ཆོས་གསུམ་ལྡན་གྱིས་རྫས་མེད་དེ། སྣལ་མ་ཚོགས་པའི་དངོས་མིང་ཡིན་པར་ ཐལ། ཁྱོད་འཁྲུལ་མེད་ཅན་ཤེས་དེ་ཐུན་མོང་མ་ཡིན་པར་གོ་བྱེད་ཡིན་ཅིང༌། དེ་ཁྱོད་འདོད་ རྒྱལ་དང་པོར་སྦྱར་བའི་བརྡ་ཡི་སྤྱོད་ཡུལ་ཡིན་པས་སོ། །བ་ལང་ཆོས་ཅན། རང་གི་རིགས་ སོགས་རང་ལས་རྫས་གཞན་ཡོད་དེ། རིགས་སོགས་བརྗོད་པའི་སྒྲ་བློ་འཇུག་པས་སོ། །ཞེ་ ན། རིགས་སོགས་རྫས་གཞན་མངོན་སུམ་གྱིས་མ་གྲུབ་པར་མ་ཟད་རྗེས་དཔག་གིས་ཀྱང་ མ་གྲུབ་སྟེ། དངོས་པོ་བ་ལང་ཆོས་ཅན། རང་ལས་རྫས་ཐ་དད་པའི་རང་གི་རིགས་སོགས་ ཡོད་པར་སྒྲུབ་པའི་རྗེས་དཔག་སྟེ་གཞན་དོན་གྱི་རྟགས་ཡང་དག་མེད་དེ། དེ་སྒྲུབ་ཀྱི་མཐུན་ དཔེ་ཡང་དག་མེད་པས་སོ། །མ་གྲུབ་སྟེ། དབྱུག་པ་དོན་གཞན་ཡོད་པས་དབྱུག་པ་ཅན་གྱི་ 1-1-235 སྒྲ་འཇུག་པས་སོ་ཞེ་ན། དབྱུག་པ་ཅན་ཞེས་སོགས་ཀྱི་ཐ་སྙད་ཐམས་ཅད་ལའང་ཆོས་ཅན། དབྱུག་པ་ཡན་གར་བ་ཡོད་ཙམ་ཁོ་ནས་འཇུག་པ་མ་ཡིན་པར་ཐལ། ཀུན་རྫོབ་པ་སྟེ་དབྱུག་པ་ དང་སྐྱེས་བུ་ཁྱད་པར་བྱེད་ཆོས་བྱས་སུ་འབྲེལ་བ་ཙམ་ལས་ཁྱོད་འདོགས་པས་སོ། ། ཁོ་ཡི་རྩ་རྟགས་མ་ངེས་པར་སྟོན་པ་ནི། ཤེས་བྱ་ཆོས་ཅན། ཚིག་གི་དོན་དྲུག་གི་དངོས་ པོ་ཞེས་པའི་སྒྲ་ཡང་མི་འཇུག་པར་ཐལ། སྒྲ་དེ་ཚིག་དོན་དྲུག་ལས་རྫས་གཞན་པའི་དངོས་ པོ་ཡོད་པ་ལ་ལྟོས་པ་མིན་པས་སོ། །གསུམ་ཁས་སོ། །ཤེས་བྱ་ཆོས་ཅན། ཁང་བཟངས་ཀྱི་ ཕྲེང་བ་དང༌། ཁང་བཟངས་ཀྱི་གྲོང་ཁྱེར་གྱི་སྒྲ་ཡང་མི་འཇུག་པར་ཐལ། ཁང་བཟངས་ཀྱི་ ཕྲེང་སོགས་ཁང་བཟངས་ལས་རྫས་གཞན་པའི་ཁང་བཟངས་ཀྱི་ཆོས་སུ་ཡོད་པ་ལ་ལྟོས་པ་ མ་ཡིན་པས་སོ། །གལ་ཏེ་ཁང་པ་དེ། ཤིང་སོགས་རྡུལ་རིགས་མི་མཐུན་ལྡན་པའི་ལྡན་པ་ ཞེས་པའི་ཡོན་ཏན་ཡིན་ནོ། །ཞེ་ན། ཁང་བཟངས་ཀྱི་ཕྲེང་བ་དེ་ནི། ཁང་བཟངས་ཀྱི་ཚིག་གི་ དོན་དྲུག་གི་ཅིས་ཡིན་དྲིས་པས། རྫས་སོ་ཞེ་ན། དེ་ཆོས་ཅན། རྫས་མ་ཡིན་པར་ཐལ། ཁང་ བཟངས་ཡོན་ཏན་ཡིན་ལ་དེ་ལ་རྟེན་པས་སོ། །མ་ཁྱབ་ན། ཡོན་ཏན་རྫས་ལ་རྟེན་གྱི། རྫས་ ཡོན་ཏན་ལ་མེད་པར་འགལ། ཡོན་ཏན་མ་ཡིན་པར་ཐལ། རྟགས་འདྲ། མ་ཁྱབ་ན་ཡོན་ཏན་ ལ་ཡོན་ཏན་མེད་པ་བུད། གལ་ཏེ་དེ་དེའི་རིགས་ཡིན་ཞེ་ན། ཁང་བཟངས་གཅིག་ཀྱང་ཆོས་ ཅན། དེ་ཡི་ཕྲེང་བ་ཞེས་བརྗོད་པར་རུང་བར་ཐལ། དེའི་རིགས་ཅན་ཡིན་པས་སོ། །ཤིང་ཤ་ པ་ལ་ཤིང་སྒྲ་བཞིན། འདོད་ན། ཆོས་ཅན། དེ་ཡི་ཕྲེང་བ་རང་ལས་རྫས་གཞན་དུ་ཡོད་པར་ ཐལ་ལོ། ། གསུམ་ཁས་སོ། །ཁང་བཟངས་ཀྱི་ཕྲེང་བ་མང་པོ་ཆོས་ཅན། ཁང་བཟངས་ཀྱི་ཕྲེང་བ་ ཞེས་པའི་སྒྲ་མི་འཇུག་པར་ཐལ། དེ་ཡི་རིགས་རྫས་གཞན་རང་གི་ཆོས་སུ་མེད་པའི་ཕྱིར། ཁྱོད་རང་རིགས་ཡིན་པས་སོ། ། 1-1-236 གསུམ་ཁས་ཏེ། སྤྱི་ལ་སྤྱི་གཞན་མེད་པས་སོ། །ཡང་ཁང་བཟངས་ཀྱི་ཕྲེང་བ་ཆོས་ཅན། ཆེ་ཆུང་སོགས་ཀྱི་ཐ་སྙད་མི་འཇུག་པར་ཐལ། ཆེ་ཆུང་སོགས་རང་གི་ཆོས་སུ་མེད་པས་སོ། ། རྟགས་ཁྱབ་ཁས། ཕྲེང་སོགས་ལ་ཆེན་པོ་སོགས་ཀྱི་སྒྲ་ཉེ་བར་བཏགས་ནས་འཇུག་ཅེས་ འདོད་པ་གང་ཡིན་པ་དེ་ལ་དེ་ཡི་ཕྲེང་བ་ཆོས་ཅན། ཆེན་པོ་མིན་བཞིན། དེར་ཉེ་བར་བཏགས་ པ་མ་ཡིན་པར་ཐལ། ཆེན་པོའི་སྒྲ་དངོས་མིང་དུ་འཇུག་པའི་ཆེན་པོ་དངོས་དང་ཁྱད་པར་མེད་ པར་རྣམ་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར། དབྱུག་པ་ཅན་གྱི་སྒྲ་ཆོས་ཅན། དབྱུག་པ་ཅན་གྱི་དངོས་མིང་དུ་མི་འཇུག་པར་ཐལ། འཇུག་པའི་རྒྱུ་དོན་གཞན་ཡོད་དབྱུག་པ་ཡོད་ཙམ་ཁོ་ནས་ཁྱོད་དེ་ལ་འཇུག་པ་མིན་པ་ཉིད་དེ་ མཚུངས་པས་སོ། །འདོད་ན། དེ་དེ་ལ་དངོས་སུ་འཇུག་པ་མངོན་པར་འདོད་པ་བུད། ཚིག་ གི་དོན་དྲུག་རྣམས་ཆོས་ཅན། ཁྱོད་ལ་ཚིག་གི་དོན་ཅེས་པའི་སྒྲ་དངོས་སུ་མི་འཇུག་པར་ཐལ། རྒྱུ་གང་ལ་གཞན། ལྟོས་པར་མཐོང་སྟེ། རང་ལས་རྫས་གཞན་པའི་ཚིག་དོན་མེད་པས་སོ། ། འཁོར་གསུམ་ཁས་སོ། །གཞན་ཡང༌། ཤེས་བྱ་ཆོས་ཅན། ཁྱད་པར་དུ་བྱེད་ཆོས་དོན་ གཞན་ཡོད་པའི་སྒྲ་དངོས་མིང་གི་མཚན་ཉིད། དེ་མེད་པའི་མིང་བཏགས་མིང་གི་མཚན་ཉིད་ དུ་རུང་བར་ཐལ། ཇི་ལྟར་ནས་ཕལ་པ་ཞེས་པའི་བར་གྱི་དོན། འདོད་རྒྱལ་ཐོག་མར་གྲགས་པའི་མིང་དེ་ དངོས་མིང་དང་འདྲ་བའམ། འབྲེལ་པ་ལ་སོགས་པའི་སྒོ་ནས། ཕྱིས་རྗེས་གྲུབ་ཏུ་བཏགས་ པའི་མིང་དེ་བཏགས་མིང་ཡིན་པས་སོ། ། དངོས་ལ་དངོས་མེད་བཏགས་ཕྱིར་རོ་ལ། བུར་གླེན་ལ་བུ་མེད་པ་བཏགས་མིང༌། བུ་ མེད་པ་རྫས་སུ་མེད་ཀྱང་བུ་མེད་ཀྱི་སྒྲ་དངོས་མིང་དུ་འཇུག་པས་སོ། །གྲགས་པ་ཡང་དངོས་ ཡུལ་རང་མཚན་ལ་ལྟོས་ཞེ་ན། བརྗོད་པའི་གྲགས་པ་ཆོས་ཅན། དངོས་ཡུལ་རང་མཚན་གྱི་ 1-1-237 དབང་གིས་འཇུག་པ་མ་ཡིན་པར་ཐལ། བརྡའི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། བརྡ་དེ་ ཡང་ཆོས་ཅན། ཆོས་འདྲ། བརྗོད་འདོད་ཀྱི་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། བྱེད་ཆོས་ དོན་གཞན་མེད་ན། བརྡ་དོན་མེད་དོ་ཞེ་ན། ངག་གི་བརྡ་ཆོས་ཅན། དེ་མེད་ཀྱང་དོན་མེད་དེ། ཕྱིས་ཐ་སྙད་དུས་སུ་དོན་ཚེགས་ཆུང་ངུས་རྟོགས་པས་སོ། །དཔེར་ན། ཚེག་བར་ཉེར་གཅིག་ པས་སྡེབ་སྦྱོར་འགའ་ཞིག་ལ། མེ་ཏོག་གི་ཕྲེང་བ་མེད་ཀྱང་མེ་ཏོག་ཕྲེང་འཛིན་ཞེས་བཏགས་ པ་བཞིན་དང༌། སྒྲ་ཡི་ཆའམ་ཡན་ལག་ལ། རང་བཞིན་དང་རྐྱེན་ཅེས་སོགས་སྦྱར་བ་བཞིན། སྤྱི་དངོས་པོ་མེད་ན་སྤྱི་བློ་མི་སྐྱེའོ་ཞེ་ན། ཤིང་གསལ་གང་ཆོས་ཅན། སྤྱིར་རང་མཚན་མེད་ པའི་ཐ་དད་ཡིན་ཀྱང༌། རང་རིགས་གཅིག་ཏུ་འཛིན་པ་དེ་འདྲའི་རྣམ་ཤེས་རྒྱུར་རུང་སྟེ། ཀྱང་ དངོས་ཆོས་ཏེ་དེ་བསྐྱེད་ནུས་སུ་སྐྱེས་པ་ཉིད་ཀྱིས་སོ། །དོན་ཤིང་གསལ་དེ་དག་ལ་ཆོས་ ཅན། སྤྱི་རང་མཚན་མེད་པས་རིགས་གཅིག་ཏུ་རྟོགས་སུ་མི་རུང་བ་མིན་པར་ཐལ། ཤིང་གི་ སྤྱི་འཛིན་ཤེས་པ་དེས་རིགས་གཅིག་པ་དེ་ལྟར་རྟོགས་པར་འགྱུར་བ་ཡིན་པས་སོ། །སོ་སོ་ འཛིན་པའི་དབང་ཤེས་ཆོས་ཅན། ཁྱོད་ཐ་དད་ཡིན་ནའང༌། ཤིང་གསལ་དེ་བཞིན་དུ་རིགས་ གཅིག་ཏུ་བཞག་ཏུ་རུང་སྟེ། ཡང་ཤིང་གསལ་རྣམས་རིགས་ཐ་དད་མ་ཡིན་པར་རིགས་ གཅིག་ཏུ་རྟོགས་པའི་སྤྱི་བློའི་རྒྱུར་གཅིག་པའི་ཕྱིར། རྒྱུ་མཚན་དེ་ཡི་ཕྱིར། ཤིང་གསལ་ཆོས་ ཅན། ཤིང་སྤྱི་དངོས་པོ་བ་གཅིག་འཇུག་པ་མིན་ཏེ། དེ་འབྲས་མེད་བྲལ་བ་སྟེ། ཤིང་གི་དོན་ མི་ནུས་པ་བཅད་ཙམ་དེ་ཁྱོད་ལ་རྗེས་སུ་འགྲོ་བས་སོ། །དངོས་ལས་གཉན་པ་སྟེ་ཤིང་སྒྲ་ཆོས་ ཅན། ཤིང་མིན་བཅད་པའི་མཐའ་ཡིན་ཏེ། ཤིང་གསལ་གྱི་དངོས་པོ་རྣམས་ཤིང་མིན་བཅད་ པ་དེར་ཡོད་ཅིང༌། ཁྱོད་དེ་རྟོགས་པའི་དོན་དུ་སྦྱར་བ་དེ་ཡི་ཕྱིར། འོ་ན་རང་མཚན་སྒྲ་དོན་ དུ་འགྱུར་ཏེ། དེར་དངོས་པོ་ལོག་པ་ཡིན་པས་སོ། །ཞེ་ན། ཤིང་སྒྲ་ཆོས་ཅན་ཕྱི་རོལ་ནུས་པ་ རྣམས་གཅོད་དེ། ཤིང་མིན་ལས་ལྡོག་པའི་ཤིང་རང་མཚན་ལས་དངོས་ཀྱི་རྗོད་བྱེད་དུ་རེག་ 1-1-238 པ་མེད་ཀྱང་ཤིང་རང་མཚན་རྟོགས་པར་བྱེད་དེ། ཤིང་རང་མཚན་དེ་ཡི་མཐར་ཐུག་པས་ཏེ་ དེས་བསྐྱེད་པའི་ཤིང་འཛིན་རྣམ་པར་རྟོག་པའི་གཟུགས་བརྙན་ནི་ཕྱི་རོལ་དུ་བཏགས་པ་དེ་ ཡི་རྗོད་བྱེད་དུ་འབྲེལ་བའི་ཕྱིར། དེས་ན་གཉན་པ་སྟེ། ཤིང་སྒྲ་ཆོས་ཅན། ཤིང་གི་གཞན་ སེལ་སྟོན་པར་བྱེད་དེ། ཤིང་གི་དོན་གྱི་གཞན་སེལ་ཞིང༌། རང་མཚན་དེ་ཡི་མཐར་ཐུག་པས་ ཏེ། དེ་ལ་འཇུག་པའི་སྒྲ་ཡིན་པའི་ཕྱིར། གཟུགས་བརྙན་བརྗོད་ནས་རང་མཚན་སྒྲ་དོན་དུ་ འགྱུར་ཏེ། དེ་རང་མཚན་ཡིན་པས་སོ་ཞེ་ན། ཤིང་སྒྲ་དག་ལས་བྱུང་པའི་ཤིང་འཛིན་ཤེས་པ་ ལ་ཤིང་མིན་ལས་ལྡོག་པ་བཞིན་དུ་གཞན་ཤིང་གི་གཟུགས་བརྙན་གང་ཡིན་པ་དེ་ཆོས་ཅན། དོན་གྱི་བདག་ཉིད་དེ་ཤིང་རང་མཚན་མ་ཡིན་ཏེ། དེས་དེ་ཁྱོད་ཤིང་རང་མཚན་མ་ཡིན་ཏེ་ བའི་བག་ཆགས་ལས་བྱུང་བའི་འཁྲུལ་སྣང་ཡིན་པས་སོ། །རང་སྡེ་ཁ་ཅིག ཤེས་པའི་རྣམ་པ་ ཁོ་ན་སྒྲ་ཡི་བརྗོད་བྱའོ་ཞེ་ན། ཤིང་ཞེས་པའི་མཉན་པ་ཆོས་ཅན། ཁྱོད་ལས་ཤིང་གི་དོན་གྱི་ཆ་གང་རྟོགས་པར་འགྱུར་ ཏེ་མི་འགྱུར་བར་ཐལ། ཤིང་འཛིན་རྟོག་པའི་གཟུགས་བརྙན་དེ་ཁོ་ན་བརྗོད་པས་སོ། །འདོད་ ན་ཤིང་གི་དངོས་མིང་དུ་བརྡ་བྱེད་པ་དོན་མེད་དུ་འགྱུར་བར་ཐལ། ཁྱོད་ལས་ཤིང་དེ་མ་ རྟོགས་ཏེ་མི་གོ་བས་སོ། །ཁྱབ་སྟེ། ཤིང་སྒྲ་དེ་ཤིང་རྟོགས་པའི་དོན་ཅན་ཡིན་པའི་ཕྱིར། ཤིང་ སྒྲས་དོན་གྱི་ཆ་ནི་ཅི་བརྗོད་ཅེས་འདྲི་བ་ལ་གཞན་སེལ་ཏེ་ཤིང་མ་ཡིན་ལས་ལྡོག་པ་བརྗོད་ དོ། །ཞེས་བརྗོད་པར་བྱ་སྟེ། ཤིང་རང་མཚན་ཐོབ་པའི་ཆེད་དུ་ཤིང་གི་དངོས་མིང་གིས་སྦྱར་ བས་སོ། །གཟུགས་བརྙན་ཕྱི་རོལ་ཡིན་པས་སྒྲ་དོན་དུ་འགྱུར་རོ་ཞེ་ན། རྣམ་པ་དེ་ཡང་སྟེ་ཤིང་ འཛིན་རྟོག་པའི་གཟུགས་བརྙན་དེ་ཆོས་ཅན། ཤིང་སྒྲས་བརྗོད་པས་དོན་ཤིང་རང་མཚན་ བརྗོད་བྱར་རྟེན་པ་ཇི་ལྟར་འགྱུར་ཏེ། མ་ཡིན་པར་ཐལ། དོན་ལ་ཤིང་གསལ་གྱི་ཆར་མེད་ པའི་ཕྱིར་ཏེ། ཤིང་འཛིན་རྟོག་པའི་ངོ་བོ་ཡིན་པས་སོ། །གཞན་ཡང་ཤིང་སྒྲ་ཆོས་ཅན། རྗེས་ 1-1-239 འགྲོ་ཅན་ཤིང་སྤྱི་བརྗོད་བྱའི་དོན་དུ་བྱས་ནས་ཤིང་གོ་བའི་འབྲས་བུ་ཅན་ཡིན་པར་ལ། ཤིང་ གསལ་གྱི་དངོས་མིང་དུ་རྗེས་སུ་འགྲོ་བ་ཅན་ཡིན་པའི་ཕྱིར། འདོད་དེ། གཟུགས་བརྙན་ཉིད་ ཤིང་སྤྱི་བོ་ཞེ་ན། ཤིང་འཛིན་རྟོག་པའི་གཟུགས་བརྙན་དེའང་ཆོས་ཅན། ཤིང་གསལ་ལ་རྗེས་ སུ་འགྲོ་བའི་ཤིང་སྤྱིར་མེད་དེ། བློ་ལས་ཐ་དད་མེད་པས་ཏེ་བློ་ཡིན་པའི་ཕྱིར། དེ་ཡི་རྒྱུ་ཅི་ཞེ་ ན། ཤིང་རང་མཚན་མཐོང་བ་གོམས་པའི་བག་ཆགས་ཀྱིས་སྤྲུལ་བས་སོ། ། ཤིང་འཛིན་རྟོག་པ་དེའང་ཆོས་ཅན། ཤིང་སྒྲའི་དོན་གང་ཡིན་འདྲི་བ་ལ། རང་ལ་སྣང་ བའི་ཤིང་གི་གཟུགས་བརྙན་དེ་ཉིད་ཡིན་ཞེས་བརྗོད་པ་ལ་ནི་འགལ་བ་མེད་དེ། དངོས་པོ་དེ་ རང་ལ་སྣང་བའི་ཤིང་གི་གཟུགས་བརྙན་དེ་ཕྱི་རོལ་ཤིང་དུ་སྒྲོ་བཏགས་པའི་ཆ་དེ་རྟོགས་པའི་ སྒོ་ནས་གཞན་ཤིང་མིན་ལས་ལྡོག་པའི་ཤིང་རང་མཚན་ཞེན་ནས་རྟོགས་པའི་ཕྱིར། ཤིང་སྒྲ་ ཡིས་ངེས་པར་སྤྲུལ་ཞིང་བསྐྱེད་པའི་རྟོག་པའི་ཤེས་པ་དེ་དག་ཆོས་ཅན། རང་གི་བཟུང་དོན་ མེད་དེ། ལོག་པར་སྣང་བ་ཉིད་པས་སོ། །ཤིང་སྒྲ་ཆོས་ཅན། དོན་གྱི་ཆ་ལ་འདི་རྗེས་འགྲོ་སྟེ་ ཤིང་ཐུན་མོང་མིན་པར་གོ་བར་ནུས་སྟེ། ཤིང་གི་དངོས་མིང་ཡིན་པའི་ཕྱིར། ཤིང་གི་གཉན་པ་ཆོས་ཅན། ཤིང་གི་དོན་གྱི་གཞན་སེལ་བརྗོད་བྱར་བྱེད་རུང་སྟེ། རང་གི་ བརྗོད་བྱར་ཤིང་མིན་བཅད་ནས་ཤིང་རང་བཞིན་ལ་འཇུག་པར་བྱེད་པའི་སྒྲ་ཡིན་པའི་ཕྱིར། ཤིང་སྒྲ་ཆོས་ཅན། བརྡ་སྦྱར་བའི་དུས་ན་ཡང་གཞན་སེལ་དང་འབྲེལ་བ་སྟེ། ཤིང་གི་གཞན་ སེལ་ལ་བརྡ་སྦྱར་བར་འགྱུར་ཏེ། ཤིང་གསལ་ལ་དངོས་མིང་དུ་འཇུག་ཅིང༌། སྔར་བསྟན་ པའི་དོན་རྟོག་པའི་གཟུགས་བརྙན་ཕྱི་རོལ་དུ་བཏགས་པ་དང༌། དངོས་ཀྱི་བརྗོད་བྱ་རྗོད་བྱེད་ དུ་འབྲེལ་བ་ཡིས་སོ། །གཟུགས་བརྙན་དེའང་ཞེན་ནས་ཞུགས་པས་ཤིང་རང་མཚན་རང་ཉིད་ མཐོང་ཞིང་ཐོབ་པའི་འབྲས་བུ་ཅན་ནོ། ། ཅི་ཡི་ཕྱིར་སྒྲ་གཞན་སེལ་ལ་སྦྱོར་གྱི། སྤྱི་རང་མཚན་ལ་མིན་ཅེ་ན། ཤིང་སྒྲ་དེ་ནི་ཆོས་ 1-1-240 ཅན། གཞན་སེལ་དང་བརྡ་འབྲེལ་བྱེད་པར་གྱུར་གྱི། སྤྱི་དངོས་པོ་བ་ལ་བྱེད་པར་མི་རུང་སྟེ། གཞན་དུ་ཤིང་མིན་ལ་འཇུག་པ་མ་མཐོང་བ་ལ་ལྟོས་པ་དང༌། ཤིང་གསལ་ལ་ལར་འཇུག་པ་ དེ་མཐོང་བ་ལ་ལྟོས་ནས་བརྡ་འབྲེལ་བྱེད་པའི་ཕྱིར། མཇུག་བསྡུད་པ་ནི། དབང་ཤེས་ཆོས་ཅན། རིགས་ཡོན་ཏན་ལ་སོགས་དང༌། དེ་ལྡན་གྱི་རྫས་དང༌། དེ་གཉིས་ ཀྱི་འཕྲོད་འདུའི་འབྲེལ་པ་སོགས་ནི་རང་གི་བཟུང་དོན་དུ་ཡོད་པ་མ་ཡིན་ཏེ། དེ་རྣམས་ཁྱོད་ ཀྱིས་མ་དམིགས་པ་དེ་ཡི་ཕྱིར། དེས་ན། ཤེས་བྱ་ཆོས་ཅན། སྤྱི་རྟག་དངོས་དང་ལྡན་པའི་དོན་ རྫས་ཀྱང་པ་དང༌། སྤྱི་རྟག་དངོས་དང༌། དེ་གཉིས་དག་ལ་མཉན་པ་འབྲེལ་བ་སྟེ། སྒྲ་དངོས་ སུ་འཇུག་བ་མ་ཡིན་ཏེ། གཞན་ཤིང་མིན་ཉིད་ལས་ལྡོག་པ་ཉིད་ལ་ཤིང་སྒྲ་དངོས་སུ་སྦྱོར་ བས་ཕྱིར། གསུམ་པ་མིང་སྦྱོར་རྟོག་པ་དགག་པ་ནི། མིག་ཤེས་ལ་ནི་ཆོས་ཅན། མིང་སྦྱོར་ རྟོག་པ་དེ་ཇི་ལྟར་ཏེ་མ་ཡིན་པར་ཐལ། སྔ་ཕྱི་གཅིག་ཏུ་འཛིན་པས་སྟོང་བས་ཕྱིར། ཁྱབ་སྟེ། མིང་སྦྱོར་རྟོག་པ་ཡིན་ན། སྔར་བརྡ་སྦྱོར་བར་མཐོང་བ་དྲན་པའི་རྒྱུ་ཅན་ཡིན་ཅིང༌། བརྡ་དུས་ སུ་མཐོང་བའི་མིང་དེ་ཕྱིས་ཀྱི་དོན་དང་བསྲེ་བའི་བདག་ཉིད་གཅིག་ཡིན་དགོས་པས་སོ། ། གཞན་ཡང་སེམས་གཟུགས་ལས་གཞན་འདས་པའི་སྒྲ་ལ་འཇུག་བཞིན་པ་ཅན་གྱི་ལྷས་ སྦྱིན་གྱི་མིག་གི་ཤེས་པས་གཟུགས་དག་མཐོང་བར་གྱུར་པ་དེར་ནི་དེའི་ཚེ་ལྷས་སྦྱིན་ཆོས་ ཅན། རང་གི་མིག་ཤེས་ཡུལ་གྱི་བརྡ་མི་འཛིན་པར་གསལ་བར་གྲུབ་སྟེ། རང་རྒྱུད་ཀྱི་ཡིད་ རྟོག་འདས་པའི་སྒྲ་ལ་རྟོག་བཞིན་པ་ཡིན་པས་སོ། །ཁྱབ་སྟེ། རྟོག་གཉིས་ཅིག་ཅར་མེད་པས་ སོ། །དེ་ཆོས་ཅན། རང་རྒྱུད་ལ་གཟུགས་ཀྱི་མིང་སྦྱོར་རྟོག་པ་མངོན་གྱུར་བ་མེད་དེ། རང་ རྒྱུད་ལ་གཟུགས་ཀྱི་བརྡ་དྲན་མེད་པས་སོ། །ཁྱབ་སྟེ། དེ་དེས་སྐྱེད་དགོས་པས། ཤེས་བྱ་ཆོས་ ཅན། དབང་ཤེས་ཀྱི་ཡུལ་ལ་སྒྲ་དངོས་སུ་སྦྱོར་བ་མ་ཡིན་པར་ཐལ། གང་ལ་སྒྲ་ནི་ངེས་པར་ འགོད་པའི་ཡུལ་དེ་ལ་རྟོག་པ་ཡུལ་ཅན་དུ་སྐྱེ་བར་འགྱུར་བས་སོ། །དེ་སྒྲ་ཡི་དངོས་ཡུལ་ཡིན་ 1-1-241 ན། དབང་པོ་ལས་སྐྱེས་པའི་བློ་ཆོས་ཅན། རང་ཡུལ་ལ་འདོད་པས་འཇུག་པར་ཐལ། མིང་ སྦྱོར་རྟོག་པ་ཡིན་པ་དེས་ནའོ། །འདོད་པ་རང་གི་བཟུང་དོན་ཕྱི་རོལ་མཐོང་བར་མི་འགྱུར་ བར་ཐལ། བློ་ཀུན་རྟོག་པར་འདོད་ན། གཟུགས་ལ་གཟུགས་སོ་ཞེས་མཐོང་བའི་སྐྱེས་བུ་ ཆོས་ཅན། རང་རྒྱུད་ལ་ད་ལྟ་གཟུགས་འཛིན་མྱོང་བྱེད་མེད་པར་ཐལ། ཡོད་ན་འདི་གཟུགས་ འཛིན་བློ་ཞེས་མཐོང་དགོས་པ་ལ་ཇི་ལྟར་མཐོང་སྟེ། མཐོང་བ་མེད་པར་ཟུར་དང་པོ་ཁས་སོ། ། འདོད་ན། དེ་ཉམས་སུ་མྱོང་བ་ཡོད་པར་ཐལ། དེས་མེད་ན། དེས་གཟུགས་མངོན་སུམ་དུ་ འཛིན་པ་དང༌། དེ་འཛིན་པ་དྲན་པའང་མེད་པར་འགྱུར་བས་ཕྱིར། མྱོང་བྱེད་ཡོད་མོད། རྟོག་ པའོ་ཞེ་ན། གཟུགས་འཛིན་གྱི་ཤེས་པ་མྱོང་བྱེད་ཀྱི་བློ་དེ་ནི་ཆོས་ཅན། ཁྱོད་རྟོག་མེད་ཇི་ལྟར་ ཡིན་ཞེས་སྤོང་ཡང་རྟོག་མེད་དུ་ཐལ། གཟུགས་འཛིན་གྱི་ཤེས་པ་མྱོང་བའི་མངོན་སུམ་ཡིན་ པས་སོ། །ལྷའོ། ཡང་ན་གཟུགས་འཛིན་མྱོང་བ་རྟོག་མེད་དོ་ཞེ་ན། དེ་རྟོག་མེད་ཇི་ལྟར་ཡིན་ ཏེ། མིན་པར་ཐལ། བློ་ཀུན་རྟོག་པ་ཡིན་པའི་ཕྱིར། ཉིའོ། ། མངོན་སུམ་རྟོག་པ་དེ་ཉིད་ཀྱིས་དེ་ཉིད་མྱོང་བ་ཡིན་ཞེ་ན། གཟུགས་འཛིན་མྱོང་བྱེད་ཀྱི་ རྟོག་པ་ཆོས་ཅན། རང་ཉིད་ཀྱིས་གཟུགས་འཛིན་མྱོང་བ་མ་ཡིན་པར་ཐལ། ཡིན་ན་སྐྱེས་བུ་ གཅིག་གི་རྒྱུད་ལ་གཙོ་བོ་ཡིད་རྟོག་རྫས་ཐ་དད་གཉིས་གཅིག་ཆར་སྐྱེ་དགོས་པ་ལ། དེ་ཚད་ མས་མཐོང་བ་མེད་པས་སོ། །དེས་ནི་བསྟན་པ་ཡིན་ནོ། །ཅི་ཞེ་ན། གཟུགས་འཛིན་དབང་ ཤེས་ཆོས་ཅན། རང་དང་དུས་མཚུངས་པའི་རྟོག་པའི་རྣམ་ཤེས་རྫས་གཞན་གྱིས་མྱོང་བ་ མ་ཡིན། ཡིན་ན་ཞེས་སོགས་སྔར་ལྟར། ཕྱིས་ཀྱི་རྟོག་པས་མྱོང་ཞེ་ན། གཟུགས་འཛིན་མྱོང་ བྱེད་ཕྱིས་ཀྱི་རྟོག་པ་ཆོས་ཅན། ཁྱོད་ཀྱིས་དེ་དྲན་པར་ཐལ། དེ་རང་དུས་ན་འདས་པ་འཛིན་ པའི་རྟོག་པ་ཡིན་པས་སོ། །རྟགས་ཁས་སོ། །འདོད་ན་གཟུགས་འཛིན་དབང་ཤེས་ཆོས་ཅན། ཕྱིས་ཀྱི་རྟོག་པས་དྲན་པ་དེ་ཇི་ལྟར་ཏེ་མིན་པར་ཐལ། རང་དུས་ན་མྱོང་བྱེད་མེད་པའི་བློ་ཡིན་ 1-1-242 པས་སོ། ། གཞན་ཡང་ལྷས་སྦྱིན་རང་གི་བློ་མྱོང་བའི་ལྷས་སྦྱིན་གྱི་བློ་ཆོས་ཅན། གཞན་གྱི་བློ་ཡོངས་ སྤྱོད་དེ་མཆོད་སྦྱིན་གྱི་བློ་རྟོགས་པའི་ལྷས་སྦྱིན་གྱི་བློ་གཉིས་རང་ཡུལ་མ་མྱོང་བ་ངོ་བོ་གཅིག་ པ་སྟེ། མཚུངས་པར་ཐལ། ལྷ་བློ་རང་དུས་ན་འདས་ཤིང་མཆོད་བློ་དེ་ལ་ལྐོག་ཏུ་གྱུར་པའོ། ། ཟུར་དང་པོ་དང་བསལ་པ་ཁས། གཞན་ཡང་མངོན་སུམ་རྟོག་པར་འདོད་པ་དང༌། རྟོག་མེད་ ཡིན་ཡང་རང་རིག་མེད་པར་སྨྲ་བ་ལྟར་ན། འདས་པའི་དོན་རིག་ཆོས་ཅན། ཚད་མ་ཕྱིས་གྲུབ་ སྟེ་མ་གྲུབ་པར་ཐལ། དེ་ལ་ནི་མངོན་སུམ་རྟོག་བྱེད་དུ་ཡོད་པ་མིན་ཞིང༌། རྟགས་ཅན་རྗེས་ དཔག་ཀྱང་རྟོགས་བྱེད་དུ་ཡོད་པ་མིན་པས་སོ། །ཕྱི་མ་དེར་ཐལ། ཁྱོད་ཆོས་སུ་བཟུང་ན་ཆོས་ ལྡན་གྱི་དཔེ་དག་དང་བྲལ་ཞིང༌། ཆོས་ཅན་དུ་བཟུང་ན་ཁྱོད་ལ་གྲུབ་པའི་རྟགས་ཡོད་པ་མིན་ པས་སོ། །མ་གྲུབ་ན་མངོན་སུམ་གྱིས་མ་གྲུབ་པའི་བློ་ཡིན་པ་བུད། གལ་ཏེ་དོན་རིག་འདས་ པ་དེ་ཡི་ངོ་བོར་ནི་སྣང་ཅན་དེ་མ་ཐག་པའི་བློས་འདས་པ་འཛིན་པར་འགྱུར་ཏེ། དཔེར་ན། མདོ་སྡེ་པ་དག དབང་ཤེས་ཀྱི་ཡུལ་གཟུགས་སོགས་འདས་པ་འཛིན་པར་འདོད་པ་བཞིན་ ཞེ་ན། དོན་རིག་འདས་མ་ཐག་པའི་རྗེས་སུ་སྐྱེས་པའི་བློ་ཆོས་ཅན། སྔར་བློ་དོན་རིག་འདས་ པའི་སྐད་ཅིག་མ་སྔ་མ་དེ་རྣམས་ནི་འཛིན་ཏེ་མྱོང་བར་མི་འགྱུར་བར་ཐལ། དེ་དང་དུས་ གཞན་གྱིས་ཆོད་པས་སོ། །ཇི་ལྟར་རང་གི་ཡུལ་ཅན་གྱི་རྣམ་ཤེས་དེ་ཉམས་སུ་མྱོང་བྱེད་དེ་ རྟོག་མེད་དུ་གྲུབ་པ་དེ་བཞིན་དུ། གཞན་གཟུགས་འཛིན་མངོན་སུམ་ཆོས་ཅན། རྟོག་མེད་དུ་ ཐལ། བརྡ་དངོས་སུ་བྱ་བར་མི་ནུས་པའི་རང་གི་བཟུང་དོན་འཛིན་པས་སོ། །ཤེས་བྱ་ཆོས་ ཅན། ཁྱད་པར་ཕྱི་རོལ་རང་མཚན་བློ་གང་གིས་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རྟོག་མེད་ཤེས་པ་མེད་པའི་ཕྱིར། ཁྱབ་སྟེ། སྤྱི་བརྗོད་པའི་ངང་ཚུལ་ཅན་གྱི་སྒྲ་དང༌། རྟོག་ པའང་སྒྲ་དེ་དང་དོན་གཅིག་འཇུག་པས་ནའོ། ། 1-1-243 གལ་ཏེ་མངོན་སུམ་རྟོག་མེད་འགའ་ཞིག་ཀྱང་ཡོད་པས་ཁྱད་པར་རྟོགས་ཞེ་ན། ཐམས་ ཅད་དབང་ཤེས་མ་འཁྲུལ་བ་ཐམས་ཅད་ཆོས་ཅན། དབང་ཤེས་མ་འཁྲུལ་བ་དེ་བཞིན་དུ་ རྟོག་མེད་དུ་ཐལ། དེ་དང་རང་གི་བཟུང་དོན་སོགས་རྒྱུ་མཚུངས་པ་ཅན་ཡིན་པས་སོ། །ཁྱབ་ སྟེ། འབྲས་བུའི་བདག་ཉིད་ཐ་དད་རྣམས་རྒྱུ་ཐ་དད་པ་ལས་སྐྱེ་བས་སོ། །དབང་ཤེས་རྟོག་ བྲལ་གྱི་རིགས་པ་གཞན་ཡང༌། མིང་སྦྱོར་རྟོག་པ་ཆོས་ཅན། དབང་ཤེས་མ་འཁྲུལ་བ་མ་ཡིན་ ཏེ། རང་གི་བཟུང་དོན་ཕྱི་རོལ་དོན་ལ་ལྟོས་པ་མེད་པར་དྲན་པ་ལས་སྐྱེ་བ་ཡིན་པས་སོ། ། དེ་བཞིན་དུ་མིག་བློ་མ་འཁྲུལ་བ་ཆོས་ཅན། མིང་སྦྱོར་རྟོག་པ་མིན་ཏེ། བརྡ་ལ་ལྟོས་པ་ མེད་པར་རང་གི་བཟུང་དོན་གྱིས་དངོས་པོའི་ནུས་པ་ཉིད་ལས་སྐྱེ་བའི་ཕྱིར། གལ་ཏེ་གཟུགས་ནི་བརྡ་དྲན་བསྐྱེད་པ་ལས་ལྟོས་ནས་དབང་པོའི་བློ་དག་ལ་ཕན་ འདོགས་པར་ནུས་པར་འགྱུར་གྱི། བརྡ་དྲན་སྐྱེད་པ་ལ་ལྟོས་པ་མེད་པར་དབང་ཤེས་བསྐྱེད་ པ་མིན་ནོ་ཞེ་ན། དབང་ཤེས་མ་འཁྲུལ་བའི་བཟུང་དོན་ཆོས་ཅན། བརྡ་དྲན་དང་དབང་ཤེས་ མ་འཁྲུལ་བ་དང་གཉིས་ལས། བརྡ་དྲན་ཉིད་ལ་དངོས་སུ་ཕན་པར་ཐལ། དེ་ནི་དེ་འབྲེལ་ ཏེ། བརྡ་དྲན་དངོས་སུ་བསྐྱེད་ནས་དབང་ཤེས་མ་འཁྲུལ་བ་དངོས་སུ་སྐྱེ་བའི་ཕྱིར། རྟགས་ ཀྱིས་རྟགས་འཛིན་བསྐྱེད་ནས། དེས་རྗེས་དཔག་སྐྱེ་བ་བཞིན་ཞེ་ན། དབང་བློ་མ་འཁྲུལ་བ་ ཆོས་ཅན། རང་གི་བཟུང་དོན་ལས་དངོས་སུ་སྐྱེ་བ་མ་ཡིན་པར་ཐལ། བརྡ་དྲན་ལས་དངོས་ སུ་སྐྱེ་བས་ཕྱིར། བཟུང་དོན་ཉེ་བ་དེ་ལས་དུས་གཞན་དུའང་སྐྱེ་བར་ཐལ་བ་དང༌། དེ་ཉེ་བའི་ སྐབས་ལ་ལར་མི་སྐྱེ་བར་ཐལ། སྐབས་ལ་ལར་ཡིད་རྣམ་པར་གཡེངས་ནས་བརྡ་མ་དྲན་ པའང་སྲིད་པའི་ཕྱིར། གལ་ཏེ་བརྡ་དྲན་བསྐྱེད་ནས་ཕྱིས་དབང་ཤེས་བསྐྱེད་པའི་རིམ་གྱིས་གཉིས་ཀའི་དངོས་ རྒྱུ་ཡིན་ཞེ་ན། གཟུགས་ཆོས་ཅན། སྔར་བརྡ་དྲན་སྐྱེད་དུས་ན་དབང་ཤེས་བསྐྱེད་ཀྱང་བསྐྱེད་ 1-1-244 པར་འགྱུར་དེ་གཉིས་ཀའི་དངོས་རྒྱུ་གང་ཞིག སྔ་ཕྱི་ཐ་དད་མེད་དེ་རྟག་པའི་ཕྱིར། གཟུགས་ སྐད་ཅིག་དང་པོས་དྲན་བ་བསྐྱེད་ནས་ཕྱི་མ་དབང་པོའི་བློ་རྒྱུ་ཡིན་ཞེ་ན། གཟུགས་དེ་ལ་ཆོས་ ཅན། དྲན་པ་དེ་ཁྱོད་བཟུང་དོན་དུ་བྱས་ནས་འཛིན་ བྱེད་དུ་དོན་མེད་པར་ཐལ། བརྡ་ཡི་དངོས་ཡུལ་མིན་པས་སོ། །ཁྱབ་སྟེ། བརྡ་དྲན་ནི་ཇི་ ལྟར་བརྡ་བཏགས་པ་གྲུབ་པའི་དོན་དུ་འདོད་པས་སོ། ། དབང་ཤེས་མ་འཁྲུལ་བ་ཆོས་ཅན། ཁྱོད་བསྐྱེད་པ་དེ་ལ་བརྡ་དྲན་དངོས་རྒྱུར་དོན་ཅི་ ཡོད་དེ། མེད་པར་ཐལ། ཁྱད་པར་བརྡ་རྟགས་མེད་པ་སྟེ། རང་གི་བཟུང་དོན་རང་བྱ་མཚན་ འཛིན་པས་སོ། །དབང་ཤེས་སྤྱི་ཡན་གར་བ་ཙམ་འཛིན་པ་ཡིན་ནོ་ཞེ་ན། ཁྱད་པར་རང་ མཚན་བཟུང་དོན་དུ་ཡོད་པ་ལ་ལྟོས་པ་མི་རུང་བར་ཐལ་ལོ། །དེའི་ཕྱིར་ན། མིག་བློ་ཆོས་ ཅན། མིང་སྦྱོར་རྟོག་པ་མིན་ཏེ། བདག་རྐྱེན་མིག་དབང་དང་བཟུང་དོན་གཟུགས་དག་ལ་ བརྟེན་ནས་སྐྱེ་བར་འགྱུར་བས་སོ། ། གཉིས་པ་དབང་ཤེས་ཀྱི་ཐ་སྙད་ལ་རྩོད་པ་སྤང་བ་ནི། ཚད་མ་མདོར། ཐུན་མོང་མིན་ པའི་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་པ་འགྲེལ་ཏེ། གལ་ཏེ་མངོན་སུམ་དེ་ དབང་ཤེས་བསྐྱེད་ལ་དབང་པོ་བཞིན་དུ་ཡུལ་ནུས་བཞིན་རྒྱུ་ནུས་པ་ཅན་ཡིན་ལ། འོ་ན་ཅིའི་ ཕྱིར། ཡུལ་དབང་གཉིས་ཀ་ལ་རག་ལས་ནས་སྐྱེ་བའི་ཤེས་པ་དེ་ནི་ཡུལ་ཤེས་ཀྱི་སྒྲ་དེས་མི་ བརྗོད་པར། དབང་ཤེས་ཞེས་བཏགས་ཞེ་ན། སྤྱིར་དོན་བདེ་བླག་ཏུ་གོ་བའི་ནུས་པ་ཡོད་པར་ མཐོང་ནས་དོན་ལ་ཐ་སྙད་སྦྱོར་བ་ཡིན་ནོ་ཞེས་ཁྱབ་པ་བསྒྲུབས་ནས། དབང་ཤེས་ཞེས་པའི་ ཐ་སྙད་ཆོས་ཅན། དབང་པོ་གཟུགས་ཅན་གྱི་བདག་འབྲས་གཞན་རིག་ཤེས་པ་ལ་སྦྱར་བ་ལ་ དགོས་དོན་ཡོད་དེ་ཁྱོད་ལ་དེ་བདེ་བླག་ཏུ་གོ་བར་བྱེད་པའི་ནུས་པ་དེ་ཡོད་པས་སོ། །དབང་ ཤེས་ཞེས་པའི་ཐ་སྙད་སྦྱར་བར་འོས་པ་དེ་ཆོས་ཅན། དབང་ཤེས་ཞེས་པའི་སྒྲས་ཐུན་མོང་ 1-1-245 མིན་པར་གོ་བྱ་དེའི་ཆོས་ཡིན་ཏེ་དེའི་བདག་ཉིད་ཡིན་པས་སོ། །དེ་ཐུན་མོང་མིན་པར་གོ་བྱེད་ ཀྱི་སྒྲ་ཆོས་ཅན། དབང་ཤེས་ཞེས་པའི་མིང་དབང་པོ་གཟུགས་ཅན་གྱི་བདག་འབྲས་གཞན་ རིག་ཤེས་པའི་མིང་དུ་སྦྱར་བར་འོས་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡིན་ཏེ། དེ་སྒྲུབ་ རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བས་ཕྱིར། ཡུལ་ཤེས་ ཞེས་པའི་སྒྲ་ཆོས་ཅན། དབང་ཤེས་ཀྱི་དངོས་མིང་དུ་སྦྱར་བར་འོས་པ་དེ་ལྡོག་པར་འགྱུར་ ཏེ། ཁྱབ་པར་བྱེད་པའི་རང་བཞིན་དེ་ཐུན་མོང་མ་ཡིན་པར་གོ་བར་བྱེད་པ་དེ་ལོག་པའི་ཕྱིར། གསུམ་པ་དབང་ཤེས་རྟོག་མེད་ལ་ལུང་འགལ་སྤང་བ་ནི། གལ་ཏེ་དེ་གཅིག་ཏུ་མི་རྟོག་ན་རྣམ་ པར་ཤེས་པ་ལྔ་པོ་དེ་འདུས་པ་ལ་དམིགས་པ་ཇི་ལྟར་ཡིན་གང་ཡང་སྐྱེ་མཆེད་ཀྱིས་རང་གི་ མཚན་ཉིད་ལ་སོ་སོར་རང་གི་མཚན་ཉིད་ཡུལ་ཅན་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ལ་ནི་ མ་ཡིན་ནོ། །ཞེས་ཀྱང་ཇི་ལྟར་གསུངས་ཞེ་ན། དེར་དོན་དུ་མས་བསྐྱེད་པའི་ཕྱིར། རང་དོན་སྤྱི་ ཡི་སྤྱོད་ཡུལ་ཞེས་པ་འགྲེལ་བ་ལ། བསགས་པ་ལ་དམིགས་ཞེས་པའི་འདི་ལ། བསགས་ པ་དང་ནི་ཚོགས་པ་ཡིན་ཞིང༌། ཚོགས་པ་དེ་སྤྱི་ཡིན་པས་དབང་ཤེས་སྤྱི་འཛིན་དུ་འགྱུར་ཏེ། ཚོགས་པ་འཛིན་པའི་ཕྱིར། བསགས་པ་འཛིན་པས་སོ། །སྔ་མ་འདོད་ན་རྟོག་པར་འགྱུར་ཏེ། སྤྱི་བློ་ཡིན་ན་གདོན་མི་ཟ་བར་ཡང་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བས་སོ་ཞེ་ན། དབང་ ཤེས་ཀྱི་ཡུལ་གཟུགས་སོགས་ཆོས་ཅན། བསགས་པ་ཞེས་བཤད་པ་འཐད་དེ། དོན་གཞན་ནས་སྐྱེ་འགྱུར་གྱི་བར་གྱི་དོན། རྡུལ་ཕྲན་ཟླ་བཅས་དུ་མ་ལྷན་གཅིག་དུ་ ཚོགས་པའི་རིགས་པ་ཡིན་པའི་རྒྱུ་མཚན་གྱིས་བསགས་པར་བཤད་པས་སོ། །དབང་ཤེས་ ལྔ་ནི་བསགས་པ་ལ་དམིགས་པ་ཅན་ནོ། །ཞེས་པའི་ལུང་ཆོས་ཅན། དབང་ཤེས་བསགས་ པ་ཞེས་པའི་སྤྱི་འཛིན་དུ་དོན་མཐུན་དུ་གསུངས་པ་མ་ཡིན་ཏེ། དབང་ཤེས་མ་འཁྲུལ་བ་ལྔ་ པོ་རྡུལ་དུ་མ་བསགས་པའི་རགས་པ་རང་གི་བཟུང་ཡུལ་དུ་བྱས་ནས་འཛིན་པ་ཙམ་དུ་བཤད་ 1-1-246 པའི་ཕྱིར། དབང་ཤེས་མ་འཁྲུལ་བ་ཆོས་ཅན། བསགས་པ་ཞེས་པའི་སྤྱི་འཛིན་རྟོག་པ་མ་ ཡིན་ཏེ། རྡུལ་དུ་མ་ཚོགས་པའི་རགས་པ་དེ་དག་ནི་ཁྱོད་སྐྱེ་བའི་རྒྱུན་ཏེ་བཟུང་དོན་ཡིན་པས་ སོ། །དབྱིག་གཉེན་གྱིས། གང་ཡང་སྐྱེ་མཆེད་ཀྱིས་ཞེས་སོགས་ཀྱི་དོན་ཡང་རྡུལ་ཕྲན་ཁྱད་པར་དབང་ཤེས་ཀྱི་ ཡུལ་གཟུགས་སོགས་དེའང་ཆོས་ཅན། ཁྱོད་ལ་བསགས་པ་ཞེས་བཤད་པའི་རྒྱུ་མཚན་ཡོད་ དེ། ལྷན་གཅིག་ཚོགས་རྒྱུའི་རྡུལ་ཕྲན་གཞན་དག་རུང་ཡུལ་གཅིག་ཏུ་འདུས་པ་མེད་པར་ཁྱོད་ མེད་པའི་རགས་པ་ཡིན་པས་སོ། ། དེས་ན་དབང་པོའི་ཤེས་པ་དེ་ཆོས་ཅན། སྤྱི་ཡི་སྤྱོད་ཡུལ་དེ་རྡུལ་ཕྲན་ཚོགས་པའི་ཡུལ་ ཅན་ཡིན་ཏེ། གཅིག་སྟེ་རྡུལ་ཕྲན་རེ་རེ་བ་ལ་འཛིན་བྱེད་དུ་ངེས་པ་མིན་པའི་དབང་བློ་ཡིན་ པས་སོ། །དེ་ལ་འཕྲོས་པའི་རྩོད་པ་སྤང་བ་ནི། གལ་ཏེ། གཟུགས་སོགས་ཆོས་ཅན། ཤེས་ པས་ཅིག་ཆར་འཛིན་པ་མེད་པར་ཐལ། ཡན་ལག་ཅན་གྱི་རྫས་མེད་པའི་དུ་མ་ཡིན་པའི་ཕྱིར། རྡུལ་དུ་མ་ཚོགས་པའི་སེམས་སྐྱེད་ཀྱི་རང་གི་མཚན་ཉིད་གཅིག་ཡིན་པས་སོ་ཞེ་ན། འོ་ན་མ་ འབྱར་བའི་ཏིལ་སོགས་ཆོས་ཅན། ཇི་ལྟར་དབང་ཤེས་ཀྱིས་ཅིག་ཆར་འཛིན་པ་ཡིན་ཏེ་མ་ ཡིན་པར་ཐལ། རྫས་ཆོས་གསུམ་ལྡན་མེད་པའི་ཐ་དད་དུ་མ་ཡིན་པའི་ཕྱིར་ཏེ། རྡུལ་སོ་སོ་ རིགས་མི་མཐུན་ཡིན་པས་སོ། །དེ་རིམ་གྱིས་འཛིན་ཀྱང་འཇུག་པ་མགྱོགས་པས། ཅིག་ཆར་ འཛིན་པ་འཁྲུལ་བ་ཙམ་མོ། །ཞེ་ན། ལན་ཡི་གེའང་ཅིག་ཆར་ཐོས་པར་འགྱུར། ཞེས་དགག་ པ་བཤད་ཟིན་ཏོ། ། གཞན་ཡང༌། ཏིལ་སྟེངས་ནས་རིམ་བཞིན་འབབ་པ་འཛིན་པའི་དབང་ཤེས་ཆོས་ཅན། རིམ་བཞིན་འཛིན་པར་མི་འགྱུར་ཏེ། གཅིག་ཆར་དུ་འཛིན་པར་ཐལ། དེ་འཛིན་པ་མ་གྱུར་ བས་སོ། །འདོད་ན་རིམ་ཅན་དེ་ཉིད་དུ་འཛིན་པས་སོ། ། 1-1-247 བློ་རྣམ་དག་ནི་ཐམས་ཅད་ཀྱང་ཆོས་ཅན། དེ་དག་ལས་འགའ་ཞིག་ཡུལ་རིམ་མིན་སྣང་ བ་དང་བློ་གཞན་ནི་རིམ་ལྡན་དུ་སྣང་བར་ཇི་ལྟར་འགྱུར་ཏེ། མི་འགྱུར་བར་ཐལ། དེ་དག་ འཛིན་པ་དུས་མྱུར་བར་མཚུངས་པས་སོ། །དོན་ཀུན་འཛིན་པའི་བློ་ཀུན་ཆོས་ཅན། ཡུལ་ལྔ་ ཕྱི་འདི་ནི་རིམ་དུ་འཛིན་པར་ཐལ། དེ་འཛིན་པ་མ་གྱུར་བ་དེ་ཡི་ཕྱིར། ཡང་ཆོས་གསུམ་ལྡན་ གྱི་རྫས་དུ་མ་ཅིག་ཆར་མི་འཛིན་ན་ཕྱེ་མ་ལེབ་ཀྱི་ཁྲ་བོ་ལ་སོགས་པའི་གཟུགས་ཆོས་ཅན། དབང་ཤེས་ལ་ཇི་ལྟར་སྣང་བར་འགྱུར་ཏེ། མི་འགྱུར་བར་ཐལ། རྗེས་ཆོས་གསུམ་མེད་པའི་ དུས་ཡིན་པའི་ཕྱིར། གལ་ཏེ། ཕྱེ་མ་ལེབ་དང་རྨ་བྱ་སོགས་ཀྱི་ཁྲ་བོ་སྣ་ཚོགས་པ་དེ་རྫས་གཅིག་ཡིན་ཞེ་ན། རྨ་བྱ་སོགས་ཀྱི་བཀྲ་བ་དེ་བས་ཀྱང༌། སྣ་ཚོགས་རྫས་གཅིག་པ་འདི་ངོ་འཚར་ཆེ་སྟེ། རྨ་བྱའི་ མདོངས་ཁྲ་བོ་དེ་ཆོས་ཅན། རྫས་གཅིག་པའི་རང་བཞིན་མ་ཡིན་ཏེ། རྫས་སྣ་ཚོགས་པ་ཡིན་ པས་སོ། །དཔེར་ན་ནོར་བུ་སྣ་ཚོགས་སྤུངས་པའི་གཟུགས་དེ་བཞིན། ཆོས་ཅན། ཆོས་འདྲ། སྣམ་ཁྲ་སོགས་དང་མཚུངས་པར་སྔོ་སེར་སོགས་སུ་རྣམ་པར་དབྱེ་ ནུས་པའི་ཕྱིར། གལ་ཏེ་མདོངས་ཁྲ་དེ་ལ་ཡན་ལག་གི་གཟུགས་འགའ་ཞིག་སྔོ་སེར་སོགས་ ཐ་དད་དེ་ལྟར་མཐོང་གི་ཡན་ལག་ཅན་མིན་ཞེ་ན། ཆོས་ཅན་ཡན་ལག་གི་སྔོ་སོགས་སྤངས་ པའི་ཡན་ལག་ཅན་གྱི་ཁྲ་བོ་གཞན་མེད་པར་ཐལ། ཡོད་ན་མཐོང་དགོས་པ་ལ་ངོ་མཚར་ཆེ་སྟེ་ མཐོང་བས་ཕྱིར། གལ་ཏེ་བཅོས་མའི་ཕྱེ་མ་ལེབ་དང་མདོངས་ཀྱི་སྔོ་སོགས་རིམ་གྱིས་འཛིན་ བཅོས་མ་མ་ཡིན་པའི་ཅིག་ཅར་དུ་འཛིན་ཞེ་ན། དེ་འདྲའི་བློ་དག་ཆོས་ཅན། ཁྱེད་གཉིས་ ལས་གཅིག་ནི་རིམ་ལྡན་དོན་མང་དང༌། གཅིག་ནི་རིམ་མིན་དོན་གཅིག་གི་ཡུལ་ཅན་དུ་མི་ འཐད་པར་ཐལ། ཁྱེད་གཉིས་དུས་ཅིག་ཆར་དུ་དོན་གྱི་རྣམ་པ་མང་པོ་རྟོགས་པར་མཚུངས་ པའི་ཕྱིར། 1-1-248 དོན་ཕྱེ་མ་ལེབ་ཀྱི་ཁྲ་བོ་རྣམས་ཆོས་ཅན། སྣ་ཚོགས་པའི་ངོ་བོ་ཉིད་ཡིན་ཏེ། བློ་མ་འཁྲུལ་ བས་སྣ་ཚོགས་པའི་ངོ་བོར་དམིགས་པའི་ཕྱིར། གལ་ཏེ་བློ་མ་འཁྲུལ་བས་སྣ་ཚོགས་པའི་རྒྱུ་མཚན་མིན་ཞེ་ན། སྔོ་དམར་སོགས་ཆོས་ ཅན། ཐ་དད་རྣམ་བཞག་གང་གིས་འགྲུབ་སྟེ་མི་འགྲུབ་པར་ཐལ། རྟགས་འདྲ། ཚོན་གྱིས་ བྲིས་པའི་རི་མོ་ཁྲ་བོ་སོགས་ཆོས་ཅན། བློ་མ་འཁྲུལ་བས་རྫས་སྣ་ཚོགས་སུ་དམིགས་པ་མ་ ཡིན་པར་ཐལ། རང་གི་ཡན་ལག་ཅན་མིན་པའི་ཕྱིར། རྡུལ་རིགས་མི་མཐུན་གྱིས་བརྩམས་ པས་སོ། །ཁྱབ་པ་ཁས། རྡུལ་རིགས་མི་མཐུན་རྣམས་རྫས་རྩོམ་པ་མེད་པའི་ཕྱིར་རི་མོ་ཁྲ་ བོ་ལ་རྫས་མེད་ཀྱི་སྔོ་སོགས་ཕྲད་པའི་ལག་ལྡན་ཁྲ་བོ་ཡོད་པས་ཁྲ་བོར་སྣང་ཞེ་ན། རི་མོ་ ཁྲ་བོའི་ལྡན་པ་ཆོས་ཅན། སྣ་ཚོགས་ཏེ་ཁྲ་བོ་མ་ཡིན་པར་ཐལ། གཟུགས་མེད་པའི་ཕྱིར་ཏེ། ཁྱོད་ལྡན་པ་ཞེས་པའི་ཡོན་ཏན་ཡིན་པའི་ཕྱིར། གསུམ་ཁས། རི་མོའི་ལྡན་པ་ལ་ཁྲ་བོར་བཏགས་པ་ཙམ་མོ། །ཞེ་ན། དེ་ཆོས་ཅན། རྫས་དང་འདྲ་ བས་ཁྲ་བོར་ཉེ་བར་བཏགས་པ་ལ་བརྟེན་པ་སྟེ། བཏགས་པའི་ཡུལ་མ་ཡིན་པར་ཐལ། རྫས་ ཁྲ་བོ་དང་འཕྲོད་འདུའི་འབྲེལ་པ་མ་གྲུབ་པའི་ཕྱིར། མ་ཁྱབ་ན། དེ་ལ་དེར་བཏགས་ན་དེ་ དང་འཕྲོད་འདུས་འབྲེལ་དགོས་པ་བུད། རྟགས་དེར་ཐལ། ཁྱོད་རི་མོའི་སྔོ་སོགས་རེ་རེ་ལ་ འདུ་ཞིང༌། རྫས་ཁྲ་བོ་སྣ་ཚོགས་དེ་སྔོ་སོགས་རེ་རེ་ལ་མི་འདུ་བས་སོ། །རྟགས་ཁས། མིག་ ཤེས་ཀྱིས་རི་མོའི་སྔོ་སོགས་རིམ་བཞིན་དུ་ནི་བཟུང་བ་ལ་ཡིད་བློ་ཡིས་འདི་སྣ་ཚོགས་པའོ། ། མཉམ་དུ་བསྲེས་ནས་འཛིན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་མིན་པར་ཐལ། བློ་གཅིག་གིས་དོན་དུ་མ་གཅིག་ཆར་མི་འཛིན་ པའི་ཕྱིར། ཤེས་བྱ་ཆོས་ཅན། རྫས་ཆོས་གསུམ་ལྡན་མེད་པའི་དོན་དུ་མ་ཅིག་ཆར་འཛིན་ པའི་བློ་ཅི་འགྲུབ་སྟེ། ཁྲ་འཛིན་མངོན་སུམ་ཡོད་པ་དེ་ཡི་ཕྱིར། རྟོག་པ་མེད་པའི་བློ་གྲུབ་པ་ 1-1-249 ཡིན་ཏེ། ཁྲ་བོའི་སྔོན་པོའི་དོན་གཅིག་ལ་རྟོག་པ་ན་གཞན་དཀར་སོགས་མཐོང་བའི་དབང་ ཤེས་ཡོད་པ་དེ་ཡི་ཕྱིར། ཁྲ་བོ་སྣ་ཚོགས་སུ་སྣང་བ་ཅན་གྱི་དོན་རྣམས་ལ་རྫས་གཅིག་ཉིད་ མི་རིགས་ན། ཁྲ་འཛིན་གྱི་བློ་རྫས་གཅིག་ཆོས་ཅན། རྫས་གཅིག་པུར་ཇི་ལྟར་འགྱུར་ཏེ་མི་ འགྱུར་བར་ཐལ། རྫས་སྣ་ཚོགས་སུ་སྣང་བས་ཕྱིར་ཞེ་ན། རྣམ་པ་དོན་དུ་བདེན་པར་འདོད་ ན། སྐྱོན་དེ་ཡོད་སྲིད་ཀྱང༌། ཁོ་བོ་དེ་ལྟར་མི་འདོད་པས་སྐྱོན་མེད་ཅེས་སྟོན་པ་ནི། དབང་ ཤེས་ཆོས་ཅན། ཕྱི་ཡི་དོན་རྣམས་བདེན་པའི་དངོས་པོ་མེད་དེ། དེ་རྣམས་དང་དུ་མ་ཇི་ལྟ་ཇི་ ལྟར་བདེན་ཞེས་བསམས་ཤིང༌། དཔྱད་ན་དེ་རྣམས་གཅིག་དང་དུ་མ་དེ་ལྟ་དེ་ལྟར་དུ་ཡོད་ པ་རྣམས་དང་རྣམ་པར་བྲལ་བའི་ཕྱིར། གཟུགས་བརྙན་བཞིན་ཞེས་མཁས་པ་སངས་རྒྱས་ རྣམས་ཀྱིས་གང་གསུངས་པ་དེ་ནི་དངོས་སྟོབས་ཏེ་གནས་ཚུལ་གྱི་སྒོ་ནས་འོངས་པ་ཡིན་ནོ། ། བློ་གཅིག་ལ་སྣ་ཚོགས་སུ་སྣང་བ་དེ་སྣང་བ་ལྟར་བདེན་ན་ཅིར་འགྱུར་ཞེ་ན། ཁྲར་སྣང་ གི་དབང་བློ་རྫས་གཅིག་ཆོས་ཅན། ཁྱོད་ལ་ཁྲ་བོར་སྣང་བ་དེ་སྣང་བ་ལྟར་ཕྱི་རོལ་དུ་བདེན་ པར་མི་འགྱུར་བར་ཐལ། བློ་རྫས་གཅིག་ཡིན་པའི་ཕྱིར། གལ་ཏེ་དོན་དུ་སྣང་བ་རྣམས་ཆོས་ཅན། ཕྱིའི་བདག་ཉིད་འདིར་འདོད་པས་ཏེ་བདེན་ན། དེ་ལ་ངས་འགོག་བྱེད་ཅི་བྱ་སྟེ། འགོག་པར་མི་རིགས་མོད། ན་ཞེས་པས་དེར་མི་བདེན་ན་ འགོག་པར་རིགས་སོ། །དེ་ལྟར་ན་དོན་སྣང་ཕྱི་རོལ་མིན་པ་དེ་ཡི་ཕྱིར། དབང་ཤེས་ཆོས་ཅན། ཁྱོད་ལ་རགས་པར་སྣང་བ་དེ་ཕྱི་རོལ་དོན་དང༌། ཤེས་པས་འཛིན་པ་ལ་སྟེ་གང་དུ་ཡང་བདེན་ པར་ཡོད་པ་མ་ཡིན་ཏེ། དེ་ཡིན་པ་ལ་ཚད་མས་གནོད་པས་སོ། །གནོད་ཚུལ་སྟོན་པ་དེ། ཕྱི་ རོལ་དུ་ཡོད་ན་ཡན་ལག་ཅན་ནམ། རྡུལ་ཕྲན་གང་ཡིན། དང་པོ་ལྟར་ན། དེ་བདག་སྟེ་དབང་ ཤེས་ལ་རགས་པར་སྣང་བ་ཆོས་ཅན། གཅིག་ལ་སྟེ་ཕྱི་ཡི་ཡན་ལག་ཅན་གཅིག་ཏུ་ཡོད་པ་མ་ ཡིན་པར་ཐལ། དེ་རིགས་པས་ལག་སོགས་ཡོད་ན་ཞེས་པར་བཀག་པ་ཉིད་ཀྱི་ཕྱིར། 1-1-250 གཉིས་པ་ལྟར་ན་ཆོས་ཅན། མང་པོ་ལ་ཡང་སྟེ། རྡུལ་ཕྲན་སོ་སོ་བར་ཡོད་པ་མ་ཡིན་པར་ ཐལ། རགས་པ་གཅིག་ཏུ་སྣང་བས་སོ། །ཕྱི་རོལ་མེད་མོད་ཤེས་པ་གཅིག་གཟུང་འཛིན་དུ་ སྣང་བ་དོན་དམ་པར་ཡོད་ཅེ་ན། དོན་སྣང་གི་བློ་རྫས་གཅིག་ཆོས་ཅན། གཟུང་འཛིན་གཉིས་ སུ་སྣང་བ་ལྟར་བདེན་པ་མ་ཡིན་ཏེ། ནང་ཤེས་པ་རང་ཡོངས་སུ་སྤྱོད་པ་ནི་འཛིན་རྣམ་ཡིན་ ཅིང༌། བློ་ལ་ཕྱི་རོལ་དང་གནས་པ་སྟེ་སྣང་བ་འདི་ནི་གཟུང་རྣམ་ཡིན་པས་སོ། །དབང་པོའི་ ཤེས་པ་ཆོས་ཅན། བསླད་པ་ཡིན་ཏེ། གཟུང་འཛིན་ཐ་དད་དུ་མེད་པ་ལ་ཐ་དད་དུ་སྣང་བ་ ཡིན་པའི་ཕྱིར། དེ་ལ་ཆོས་ཅན། གཟུང་འཛིན་བདེན་པ་བ་གཉིས་ཀ་དག་ཀྱང་ཉམས་པ་སྟེ་ མེད་པར་འགྱུར་བར་ཐལ། དེ་གཉིས་གང་རུང་གཅིག་མེད་པས་སོ། ། ཆོས་ཅན། གཟུང་འཛིན་གཉིས་ཀྱིས་སྟོང་བའི་ཆོས་ཉིད་གང་ཡིན་པ་དེ་ནི། དེ་ཡི་སྟེ་ཁྱོད་ ཀྱི་དེ་ཁོ་ན་ཉིད་ཡིན་ཏེ། གཟུང་འཛིན་བདེན་པ་བ་ཁེགས་པའི་བློ་ཡིན་པའི་ཕྱིར། དེས་ན་ཕུང་པོ་ལྔ་ཡི་དངོས་རྣམས་ཆོས་ཅན། དེ་དག་སྟེ་ཡུལ་ཡུལ་ཅན་ཐ་དད་པ་དེ་ བསླད་པ་སྟེ་མི་བདེན་ཏེ་ཐ་དད་གནས་པ་འདི་དེ་ཐ་དད་ལ་བརྟེན་པ་སྟེ་གཟུང་འཛིན་བདེན་ པར་རློམ་ནས་བཞག་པ་ཙམ་ཡིན་པས་སོ། །ཁྱབ་སྟེ། གཟུང་འཛིན་དེ་ནི་བསླད་པ་ཉིད་ཡིན་ པས་སོ། །གཟུང་འཛིན་ཐ་དད་སླད་པ་ཡིན་པར་མ་ཟད། གཟུང་འཛིན་བདེན་པའི་མཚན་ ཉིད་མེད་པར་སྟོན་པ་ནི། གཟུགས་ཕུང་ཆོས་ཅན། གཟུང་བ་བདེན་པའི་རང་མཚན་མེད་དེ། དེ་བདེན་པའི་མཚན་ཉིད་ཀྱིས་སྟོང་བས་ཕྱིར། གཞིག་ཅིང་གཞོམ་དུ་རུང་བས་གཟུགས་ཞེས་ སོགས་གཟུང་བའི་རྣམ་པར་སྣང་བ་ཙམ་ཡིན་གྱི། དེ་ལས་མ་རྟོགས་པའི་བཟུང་བའི་མཚན་ ཉིད་གཞན་བདེན་པ་བ་ཡོད་པ་མ་ཡིན་པ་དེས་ནའོ། ། ཚོར་བ་སོགས་མིང་བཞིའི་ཕུང་པོ་ཆོས་ཅན། འཛིན་པ་བདེན་པའི་རང་བཞིན་མེད་དེ། ཉམས་སུ་མྱོང་བས་ཚོར་བ་ཞེས་སོགས་འཛིན་པའི་རྣམ་པར་སྣང་བ་ཙམ་ཡིན་གྱི། དེ་ལས་མ་ 1-1-251 རྟོགས་པའི་འཛིན་པ་བདེན་པ་བ་མེད་པས་སོ། །ཞེས་སོགས་གཟུགས་ནི་གཟུགས་ཀྱིས་སྟོང་ ཞེས་རབ་ཏུ་བཤད་དོ། །ཞེས་སོགས་སོ། ། ཕྱི་དོན་ཁས་ལེན་པ་ལ་ཡང༌། ཕུང་པོ་སྐྱེ་མཆེད་ཁམས་དེ་དག་ཆོས་ཅན། བྱ་བ་རང་ཉིད་ ལས་མ་རྟོགས་པའི་བྱེད་པ་མཚན་ཉིད་བདེན་པ་དང་བྲལ་ཏེ། བྱེ་བྲག་ཏེ་ཁྱེད་རྣམས་སོ་སོའི་ མཚན་ཉིད་དཔུངས་དང་སྐྱེ་བའི་སྒོ། འབྱུང་ཁུངས་ཞེས་པ་ཐམས་ཅད་བྱ་བ་ཐ་དད་བྱེད་པའི་ ཆ་ནས་ཁྱད་པར་ཅན་ཏེ་ཁྱེད་རྣམས་དང་བྱ་བྱེད་དུ་བཞག་པས་སོ། །ཁྱབ་སྟེ། བྱ་བྱེད་ཐ་དད་ དེའང་དེ་ཉིད་དུ་བདེན་པར་མེད་པ་དེས་ནའོ། །ཕྱི་དོན་མེད་ན། བཅོམ་ལྡན་འདས་ཀྱིས་ཕྱི་ དོན་ཇི་ལྟར་གསུངས་ཞེ་ན། བློ་འཁྲུལ་པ་ལ་སྣང་བ་ལྟར་རྣམ་བཞག་མཛད་དོ་ཞེས་སྟོན་པ་དེ། སོ་སྐྱེ་ཆོས་ཅན། ཁྱོད་ལ་རང་གི་རྐྱེན་བག་ཆགས་ཇི་ལྟར་སད་པ་ལ་ལྟོས་ནས། གཉིས་སྣང་ གི་རྣམ་རིག་དེ་བཞིན་ཉིད་དུ་གྲུབ་པ་མིན་པའི་རྣམ་པ་སྐྱེ་བར་འགྱུར་ཏེ། མ་རིག་པས་རྒྱུད་ སླད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར། མིག་རབ་རིབ་སོགས་ཀྱིས་སླད་པ་ལ་སྐྲ་སོགས་ སྣང་བ་བཞིན། ཕ་རོལ་མཐོང་བ་འཕགས་པ་མིན་པའི་སོ་སྐྱེ་ཐམས་ཅད་ཆོས་ཅན། གཉིས་ སྟོང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་རིག་པ་མ་ཡིན་ཏེ། བཟུང་བ་དང་འཛིན་པའི་སླད་པ་མེད་ ན། དེ་ནི་སྟེ། ཁྱོད་མེད་པའི་སྐྱེས་བུ་ཡིན་པའི་ཕྱིར། དེས་དེ་ཉིད་དོན་ནས་འཇུག་པར་མཛད་ཀྱི་བར་ལ། སངས་རྒྱས་ཆོས་ཅན། ཕྱི་དོན་ བདེན་མེད་དུ་གཟིགས་ཀྱང་དེ་བཏང་སྙོམས་སུ་མཛད་ནས། གཟུགས་སོགས་ཀྱི་རྣམ་བཞག་ མཛད་པ་འགལ་བ་མེད་དེ། སྣང་བ་དོན་དུ་ཞེན་པའི་འཇིག་རྟེན་པ་དང་དྲང་བའི་དོན་དུ་སྣང་ བ་ཙམ་ལ་དགོངས་ཏེ། ཕྱི་ནང་གི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་མཛད་པས་སོ། །སྐྱེས་ བུའི་བློ་དེ་ཉིད་སྣ་ཚོགས་སུ་ནི་ཇི་ལྟར་སྣང་ཞེས་པའི་ལན་སྟོན་པ་དེ། ཤེས་པ་གཅིག་ལ་སྔོ་སོགས་སྣ་ཚོགས་པར་སྣང་བ་དེ་ཆོས་ཅན། ཤེས་པའི་ཁྱད་པར་ 1-1-252 གཞན་རྟེན་དེ་ཤེས་པའི་ཁྱད་པར་བདག་ཉིད་ཡིན་གྱི་ཕྱི་རོལ་མ་ཡིན་ཏེ། ཡ་བྲལ་དུ་མཐོང་ ནུས་མིན་པའི་བློ་ཡི་རྣམ་པ་ཡིན་པའི་ཕྱིར་ཏེ། རྟོག་པས་སོ་སོར་ཕྱེ་ནས་འཛིན་པ་རྟགས་ མ་གྲུབ་ཅེ་ན། དེས་དེ་འབྱེད་པ་དེ་ཡི་ཚེ། སྔོ་སེར་སོ་སོར་འབྱེད་པའི་ཡིད་རྟོགས་ཆོས་ཅན། དབང་ཤེས་ལ་ཁྲ་བོར་སྣང་བ་དེ་ཉིད་མྱོང་ནས་སྔོ་སོགས་སོ་སོར་འབྱེད་པ་མ་ཡིན་ཏེ། དོན་ དེ་རྟོག་པ་རང་གི་བཟུང་རྣམ་ལ་སྔོ་སོགས་སུ་རྣམ་དབྱེ་འཇུག་པ་ཙམ་ཡིན་པས་སོ། །དབང་ ཤེས་རྫས་གཅིག་གང་ལ་སྔོ་སོགས་སུ་སྣང་བ་དེ་ཆོས་ཅན། ཡ་བྲལ་དུ་དམིགས་མི་ནུས་ཏེ། དེ་ལྟ་ཉིད་དུ་མྱོང་བས་ཏེ། མངོན་སུམ་གྲུབ་པས་སོ། ། མྱོང་བ་དེ་ལྟར་ན་སེམས་ཀྱི་རྣམ་པ་ནི་སྣ་ཚོགས་པ་ཆོས་ཅན། ཆོས་འདྲ། ཅིག་གི་ངོ་བོ་ སྟེ། དབང་ཤེས་རྫས་གཅིག་གི་བཟུང་རྣམ་ཡིན་པས་སོ། ། རས་དང་རྨ་བྱ་སོགས་ཀྱི་གཟུགས་ཁྲ་བོ་ནི་ཡན་ལག་ཅན་ཅིག་ཡིན་ཞེ་ན། རྨ་བྱ་སོགས་ གྱི་ཁྲ་བོ་ཆོས་ཅན། ཤེས་རྣམ་དེ་བཞིན་དུ་རྣམ་དབྱེ་མེད་པར་འགྱུར་བར་ཐལ། ཆ་མེད་གཅིག་ ཡིན་པས་སོ། །འདོད་དེ། ཡན་གར་བར་བཟུང་བྱ་ནི་ཡན་ལག་ཡིན་གྱི་ཡན་ལག་ཅན་མིན་ ནོ་ཞེ་ན། ཆོས་ཅན། ཐ་དད་ཅན་ནི་རྣམ་བསལ་ནས་ཐ་དད་མེད་པའི་ཡན་ལག་ཅན་གྱི་ཁྲ་བོ་ རྫས་གཞན་མེད་པར་ཐལ། དེ་མཐོང་དགོས་པ་ལ། མཐོང་བ་མེད་པས་སོ། །གསལ་བྱེད་པ་ ན་རེ། རྫས་ཆོས་གསུམ་མེད་ན། རྡུལ་ཕྲན་རེ་རེ་བས་ཤེས་པ་མི་སྐྱེད་པར་ཐལ། ཚོགས་པས་ ཀྱང་མི་སྐྱེད་ཅེ་ན། རེ་རེ་བ་ལས་ཁྱད་པར་ཅན་དུ་སྐྱེས་པར་འགྱུར་བའི་རྡུལ་ཕྲན་མང་པོ་དག་ ཆོས་ཅན། རེ་རེས་དབང་ཤེས་མི་སྐྱེད་ཀྱང་ཁྱོད་དབང་བློའི་རྒྱུར་གྱུར་པ་ལ་ཇི་ལྟར་འགལ་བ་ ཅི་ཞིག་ཡོད་དེ་མེད་པར་ཐལ། དེ་ལ་ཕན་བྱེད་ཡིན་པས་སོ། །དཔེར་ན་དབང་པོ་བདག་ཡིད་ ལ་སོགས་སོ་སོས་དབང་ཤེས་མི་སྐྱེད་ཀྱང་ཚོགས་པས་སྐྱེད་པར་བྱེད་འདོད་པ་བཞིན། རྡུལ་ ཕྲན་ཚོགས་པ་དབང་ཤེས་ཀྱི་རྒྱུ་ཡིན་ཀྱང་ཡུལ་མིན་ནོ་ཞེ་ན། 1-1-253 ཤེས་པ་ཆོས་ཅན། རྒྱུ་ཡི་དངོས་པོ་མ་རྟོགས་པ་གཟུང་བའི་དོན་ཅེས་བྱ་ཅི་ཡང་མེད་དེ། དེ་ཡི་གཟུང་དོན་ཡིན་ན། དེ་ཡི་རྒྱུ་ཡིན་པས་སོ། །དེས་ན་མིག་ཤེས་གྱི་རྒྱུ་དེ་ལས་ཏེ། དེ་ཡི་ ནང་ནས་གཟུགས་རང་མཚན་དེ་ནི་ཆོས་ཅན། ཁྱོད་མིག་ཤེས་དེ་ཡི་གཟུང་དོན་ཡིན་ཏེ། མིག་ མ་འཁྲུལ་བ་ནི་གང་དུ་སྟེ་ཁྱོད་ཀྱི་རྣམ་པར་ཁྱོད་ལ་སྐྱེས་པས་སོ། །རྫས་ཆོས་གསུམ་མེད་པའི་ དུ་མ་ཅིག་ཆར་མི་འཛིན་ན། ཡན་ལག་ཅན་ཏེ་བ་ལང་ཆོས་ཅན། ཇི་ལྟར་རང་གི་ཡན་ལག་ནོག་སོགས་དང་བཅས་ཏེ། ཅིག་ཆར་ཇི་ལྟར་བཟུང་བ་ཡོད་པ་ ཡིན་ཏེ་མ་ཡིན་པར་ཐལ། ནོག་སོགས་རྣམས་དུ་མ་ཡིན་པས་སོ། །འདོད་མི་ནུས་ཏེ། ནོག་ ལྐོག་ཤལ་སོགས་མཐོང་བ་མེད་པར་ནི་བ་ལང་ཤེས་པའི་བློ་མཐོང་བ་མེད་པས་སོ། །ནོག་ སོགས་དང་བ་ལང་དག་ཆོས་ཅན། དུ་མ་ཡིན་ཡང་བློ་གཅིག་གིས་ཅིག་ཆར་རྟོགས་ཏེ། ཡོན་ ཏན་དང་གཙོ་བོར་གྱུར་པའི་དུ་མ་ཡིན་པས་སོ། །རྡུལ་ཕྲན་རྣམས་དེ་ལྟར་མིན་པས་ཅིག་ཆར་ མི་འཛིན་ཞེ་ན། བ་ལང་ཆོས་ཅན། ཅིག་ཅར་ཡན་ལག་རྫོགས་པས་ཁྱད་པར་དུ་བྱས་ནས་ འཛིན་པ་མ་ཡིན་པར་ཐལ། ཡན་ལག་གཅིག་ཁོ་ནས་ཁྱད་པར་དུ་བྱས་ནས་འཛིན་པའི་ཕྱིར། ཡང་བ་ལང་གི་རྣ་བ་ཆོས་ཅན། རང་གི་སྤྱི་ཡོན་ཏན་ལས་ལ་སོགས་པ་དང་ལྡན་པར། གཅིག་ ཆར་བཟུང་བ་མ་ཡིན་པར་ཐལ། དེ་རྣམས་ཁྱོད་ཀྱི་ཡན་ལག་མིན་པའི་དུ་མ་ཡིན་པས་སོ། ། ཡན་ལག་རྫོགས་འཛིན་མིན་གྱི་གཞུང་འཛུགས་པ་དེ། དེ་ཡི་ར་ཆོས་ཅན། བ་ལང་དང་ཁྱད་པར་དང་ཁྱད་པར་ཅན་དུ་མཐའ་གཅིག་ཏུ་གནས་ པ་མ་ཡིན་པར་ཐལ། བ་ལང་དང་ཁྱད་པར་དང་ནི་ཁྱད་པར་ཅན་དུ་བརྗོད་པར་འདོད་པའི་ གཞན་དབང་གིས་བཞག་པ་ཙམ་ཡིན་པའི་ཕྱིར། བ་ལང་ཆོས་ཅན། ཡན་ལག་རྫོགས་པས་ ཁྱད་པར་དུ་བྱས་ནས་ཅིག་ཆར་མི་འཛིན་པར་ཐལ། ཡན་ལག་ཉིད་དུ་ཉེར་བཟུང་སྟེ་ཡན་ ལག་རེ་རེ་བ་དེ་ཉིད་ཀྱིས་དེ་ཁོ་ནས་ནི་ཁྱད་པར་དུ་བྱས་ཏེ་འཛིན་པའི་ཕྱིར། 1-1-254 ཤེས་བྱ་ཆོས་ཅན། གཞན་གཞན་མཐོང་ཡང་བློ་གཅིག་ཏུ་འགྱུར་བ་སྟེ། བུམ་སྣམ་རྫས་ ཐ་དད་དུ་བློ་དོན་མཐུན་གྱིས་ཅིག་ཆར་ཤེས་པ་མེད་པར་ཐལ། བུམ་པ་རང་གི་དངོས་པོ་ཡིན་ པས་གཞན་སྣམ་སོགས་དག་ལས་རྫས་ཐ་དད་དུ་མེད་པའི་ཕྱིར། ཡང་དེར་ཐལ། བུམ་སྣམ་ གྱི་ཡོན་ཏན་སྤྱི་དང་སོགས་ཀྱི་སྤྱི་དང༌། ལ་སོགས་ཅིག་ཆར་མ་བཟུང་བའི་ཕྱིར། མ་ཁྱབ་ན། དེ་རྣམས་བུམ་སྣམ་ཐ་དད་དུ་འཇོག་བྱེད་ཡིན་པ་བུད། སྔར་བུམ་སྣམ་གྱི་རྫས་ཁོ་ན་བཟུང་ ནས་ཕྱིས་ཡོན་ཏན་ལ་སོགས་ཁྱད་པར་ནི་བཟུང་བའི་ཕྱིར། བུམ་སྣམ་དུ་མ་སྟེ་ཐ་དད་དུ་རྟོགས་པར་འགྱུར་རོ་ཞེ་ན། དེ་ལྟར་འགྱུར་དུ་ཆུག་མོད། དེ་ ལྟ་ཡིན་ན་ཡང༌། ཤེས་བྱ་ཆོས་ཅན། དེ་དག་གི་འབྲེལ་འཆོལ་བར་འགྱུར་གྱི་བ་སྟེ། བུམ་པའི་ སྤྱི་དང་ཚད་སོགས་ཀྱིས་སྣམ་བུའི་རྫས་སུ་འགྱུར་བར་ཐལ། དེར་འགྱུར་བའམ། བུམ་པའི་ རྫས་སུ་འགྱུར་བ་གང་རུང་ཅིག་ཡིན་ནས་བུམ་པའི་རྫས་སུ་མི་འགྱུར་བས་སོ། །རྟགས་ཁས། བྱེ་བྲག་པར་མ་ཟད། གྲངས་ཅན་ལ་ཡང༌། ཤེས་བྱ་ཆོས་ཅན། ཅིག་ཅར་དུ་མ་འཛིན་པ་གྲུབ་པར་ཐལ། སྒྲ་སོགས་འཛིན་པའི་དབང་ ཤེས་ཡོད་པས་སོ། །ཁྱབ་ཁས་ཏེ། སྒྲ་སོགས་རྡུལ་མུན་སྙིང་སྟོབས་ཞེས་པའི་དུ་མ་ཡིན་པར་ འདོད་པས་སོ། །སྒྲ་སོགས་འཛིན་ཀྱང༌། བདེ་སོགས་མི་འཛིན་ཞེ་ན། སྒྲ་འཛིན་ཆོས་ཅན། བདེ་སོགས་མ་བཟུང་བར་སྒྲ་སོགས་འཛིན་པ་མི་རུང་བར་ཐལ། བདེ་སོགས་དེ་སྒྲ་སོགས་གྱི་ བཀོད་པ་ཅན་དང༌། སྒྲ་སོགས་བདེ་སོགས་ཀྱི་བཀོད་པ་ཡིན་པའི་ཕྱིར། སོར་མོ་དང་ཁུ་ཚུར་ བཞིན་ནོ། ། བཞི་བ་དབང་ཤེས་རྟོག་བྲལ་ལ་རིགས་འགལ་སྤང་བ་ནི། དུ་མའི་ངོ་བོའི་ཆོས་ཅན་ནི། དབང་པོ་ལས་རྟོགས་སྲིད་མ་ཡིན་ཞེས་པ་འཆད་དེ། མངོན་སུམ་རྟོག་མེད་ཡིན་ན། ཆོས་ ཆོས་ཅན་གྱི་འབྲེལ་པ་མི་འཛིན་པ་ལ་འཛིན་པའི་ཕྱིར། རྟོག་པའོ་ཞེ་ན། སྒྲ་ཆོས་ཅན་ལྡོག་པ་ 1-1-255 དུ་མའི་ངོ་བོ་ཉིད་དུ་བྱེད་དེ། སྒྲ་མིན་ཐམས་ཅད་ལས་ལྡོག་པས་སོ། །ཁྱབ་སྟེ། ལོག་པ་གང་ དང་གང་ལས་ལོག་པའི་ཆ་དེ་ལས་ལྡོག་པ་ཐ་དད་དུ་བཞག་ལ། ལྡོག་པ་ཐ་དད་དེ་ཆོས་ཅན། རང་མཚན་མ་ཡིན་ཏེ། སྒྲོ་བཏགས་པ་ཅན་ཡིན་པའི་ཕྱིར། ལྡོག་པ་ཐ་དད་དེ་དག་ཆོས་ཅན། རྟོག་པ་མེད་སེམས་སྤྱོད་ཡུལ་ཏེ་དབང་ཤེས་མ་འཁྲུལ་བའི་བཟུང་ཡུལ་མ་ཡིན་ཏེ། སྣ་ཚོགས་ སུ་སྣང་བའི་སྒོ་ནས་སྒྲོ་བཏགས་པའི་རང་བཞིན་ཡིན་པའི་ཕྱིར། ཁྱབ་སྟེ། དབང་ཤེས་མ་ འཁྲུལ་བ་དེ་རང་གི་བཟུང་དོན་ལས་རེས་འགའ་འབྱུང་བ་ཡིན་པས་ལྡོག་པ་སྣ་ཚོགས་སུ་སྒྲོ་ བཏགས་པ་དེ་སྣང་བ་མ་ཡིན་ནོ། ། ལྔ་པ་དབང་ཤེས་རྟོག་བྲལ་གྱི་སྤྱི་འཛིན་སྤང་བ་ནི་རང་རང་རིག་བྱ་ཐ་དད་ཀྱིས་བསྟན་ མིན་ངོ་བོ་དབང་པོའི་ཡུལ། ཞེས་པ་འཆད་དེ། གལ་ཏེ་དཀར་སོགས་ཀྱི་སྤྱི་དབང་ཤེས་གྱི་ བཟུང་དོན་ཡིན་སྙམ་ན། དཀར་སོགས་སྤྱི་ཡོད་པར་འགྱུར་ཀྱང་དེ་དབང་ཤེས་མ་འཁྲུལ་བའི་ བཟུང་དོན་མ་ཡིན་ཏེ། དབང་པོའི་ཤེས་པའི་སྤྱོད་ཡུལ་བཟུང་དོན་ཅི་འདྲ་བ་དེ་ཡིན་ན། སྒྲ་ཡི་ དངོས་སུ་བརྗོད་བྱ་མིན་པའི་ཕྱིར། ཁྱབ་སྟེ། རྟོག་པ་དང་དབང་པོའི་ཤེས་པའི་རང་བཞིན་ཏེ་ སྣང་ཡུལ་ཐ་དད་པར་རྟོག་པ་དང་དབང་པོའི་བློ་རྣམས་བཟུང་དོན་གཅིག་ཡིན་ན་ཡང༌། རྟེན་ དབང་པོ་སྣ་ཚོགས་པ་ལ་བརྟེན་པས་སྣང་ཚུལ་སོ་སོ་བ་དེར་འགྱུར་ཞེ་ན། ད་ནི་རྣ་བ་ལ་སོགས་པའི་སེམས་ཆོས་ཅན། ཐ་དད་དོན་ཅན་གང་ལས་ཡིན་ཏེ་མ་ཡིན་ པར་ཐལ། རང་གི་བདག་རྐྱེན་སོ་སོ་བ་ལ་བརྟེན་པའི་བློ་ཡིན་པས་སོ། །ཁྱབ་ཁས། རྟོག་པ་ དབང་པོའི་སེམས་ཀྱི་རྟེན་གཞན་དང་གཞན་ལས་སྐྱེས་སུ་ཆུག་ཀྱང༌། བློ་དེ་གཉིས་ཆོས་ཅན། ཡུལ་གསལ་མི་གསལ་གྱི་རང་བཞིན་སྣ་ཚོགས་སུ་སྣང་བ་དེ་ནི་གང་ལས་ཡིན་ཏེ། མ་ཡིན་ པར་ཐལ། བཟུང་དོན་གཅིག་ཉིད་ཀྱི་དངོས་པོ་དེ་འཛིན་པས་སོ། ། སྔར་མཐོང་བའི་བ་ལང་ཕྱིས་རྟོག་པས་ངོ་ཤེས་པས་ཡུལ་གཅིག་ཡིན་ནོ་ཞེ་ན། མཐོང་ 1-1-256 བའི་བ་ལང་ལ་སོགས་པ་ངོ་ཤེས་པའི་རྟོགས་པ་ནི་ཆོས་ཅན། མཐོང་བའི་བ་ལང་བཟུང་དོན་ དུ་ཡོད་པ་ལས་བཟློག་པ་ཡིན་ཏེ་མཐོང་བའི་བ་ལང་རང་མཚན་དངོས་ཡུལ་དུ་རྟོག་པ་མེད་ པར་ནི་བརྗོད་པ་དང༌། རྣམ་རྟོག་ཁྱོད་འཇུག་པའི་ཕྱིར། གལ་ཏེ། སྤྱི་སྒྲ་སྤྱི་བློ་འཇུག་པའི་ཕྱིར། སྤྱི་རང་མཚན་ཡོད་ཅེ་ན་མཐོང་བའི་བ་ལང་ལོག་ ལ་ཆོས་ཅན། རང་གི་རིགས་སོགས་བརྗོད་པ་དང་འཛིན་པའི་རྣམ་རྟོག་རྗེས་སུ་འགྲོ་བའི་ རྟགས་ལ་རང་གི་རིགས་སོགས་རང་མཚན་ཡོད་པར་རྗེས་སུ་དཔོག་པ་དེ་གང་ཡིན་པ་དེ་དེ་ ཡི་རྟགས་ཡང་དག་མ་ཡིན་པར་ཐལ། ཕྱི་རོལ་རང་མཚན་དངོས་ཡུལ་དུ་མེད་ཀྱང་བརྗོད་དང་ རྣམ་རྟོག་འཇུག་པས་སོ། །ཞེས་པ་འདི་ཡིས་དེ་རྟགས་ཡང་དག་ཡིན་པ་སུན་ཕྱུང་ངོ༌། ། མཐོང་བ་དབང་ཤེས་རྣམས་ཆོས་ཅན། ཐ་དད་ཡིན་ཡང་རིགས་གཅིག་ཏུ་ངོ་ཤེས་པ་ ཞེས་བྱ་བ་ཡི་རྣམ་རྟོག་ཅིག་ནི་བྱེད་དེ། རང་བཞིན་གྱི་སྟེ་དེ་ལ་ཕན་བྱེད་དུ་སྐྱེས་བས་སོ། ། ཞེས་རྒྱས་པར་བརྗོད་ཟིན་ཏོ། ། གཉིས་པ་ཡིད་མངོན་ལ། མདོར། ཡིད་ཀྱང་དོན་མེད་ཀྱང་ཞེས་པ་འགྲེལ་བ་ལ། རྩོད་པ་ དགོད། གཞན་ལན་དགག རྒལ་ལན་བསྟན། འཕྲོས་དོན་བཤད་པའོ། ། དང་པོ་ནི། སྣལ་མ་ཕུག་པ་ན་རེ། ཡིད་མངོན་ཅེས་པའི་ཚད་མ་མེད་དེ། ཡོད་ན་དབང་ ཤེས་གྱི་བཟུང་བ་འཛིན་ནམ་མ་བཟུང་བ་འཛིན། དབང་ཤེས་ཀྱིས་སྔར་མྱོང་བ་ཉིད་འཛིན་ ན། ཡིད་ནི་ཚད་མ་ཉིད་མ་ཡིན་པར་འགྱུར་ཏེ། དྲན་པ་བཞིན། ཞེས་ཏེ། དེས་མ་མཐོང་བའི་ དོན་འཛིན་ན། ལོང་པ་ཡིས་ཀྱང་གཟུགས་མཐོང་པར་འགྱུར་ཏེ། ཡིད་ཡོད་པས་སོ་ཞེ་ན། གཉིས་པ་ནི། དེ་ཡི་ལན་དུ། སློབ་དཔོན་གྱི་སློབ་མ་ཁ་ཅིག ཡིད་མངོན་དེས་དབང་ཤེས་ ཀྱི་བཟུང་ཟིན་འཛིན་ཟེར་རོ། །དབང་མངོན་གྱི་བཟུང་དོན་དེ་སྐད་ཅིག་མ་ཡིན་ནམ་མིན། ཡིན་ན། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དབང་མངོན་གྱི་བཟུང་དོན་ཆོས་ཅན། ཡིད་མངོན་ 1-1-257 གྱིས་བཟུང་དོན་དུ་བྱས་ནས་མཐོང་བ་ཡོད་པ་མ་ཡིན་པར་ཐལ། དེ་དངོས་རྒྱུའི་དུས་འདས་ པའི་ཕྱིར། དེ་ཡི་དེ་མ་ཐག་རྐྱེན་གྱི་རྒྱུར་གྱུར་པའི་སྐད་ཅིག་མ་ཡིན་པའི་ཕྱིར། སྐད་ཅིག་མིན་ན་ཡིད་མངོན་ཆོས་ཅན། ཚད་མ་སྤྱི་ཡི་མཚན་ཉིད་ལས་ཁྱད་པར་དང་ བཅས་བརྗོད་པར་བྱ་དགོས་པར་ཐལ། དབང་སྔོན་གྱི་བཟུང་དོན་རྟག་པ་འཛིན་པའི་ཚད་མ་ ཡིན་པའི་ཕྱིར། དབང་པོ་ཅན་དེ་དབང་སྔོན་སྐད་ཅིག་ཕྱི་མ་རྣམས་དང༌། གཞན་ཡིད་མངོན་ དག་ནི་ཆོས་ཅན། སྔར་མ་རྟོགས་སྒྲུབ་པར་བྱེད་པའི་ཚད་མར་ཇི་ལྟར་འདོད་དེ། མ་ཡིན་ པར་ཐལ། རང་གི་ཚད་མ་སྔ་མས་བྱ་བ་བསྒྲུབ་བྱ་ལས་ལ་ནི་ཁྱད་པར་ཅུང་ཟད་མི་བྱེད་པར། བཟུང་ཟིན་སྣན་ནས་འཛིན་པའི་ཕྱིར། དེ་འདྲའི་བློ་ཐམས་ཅད་ཆོས་ཅན། དེ་ཅིག་ཆར་འབྱུང་ བར་འགྱུར། བཟུང་དོན་རྟག་པའི་དངོས་པོ་ལ་སྐྱེ་བའི་ཕྱི་རྟག་ཀྱང་རྐྱེན་ལ་ལྟོས་ནས་རིམ་ བཞིན་སྐྱེ་ཞེ་ན། དབང་སྔོན་གྱི་བཟུང་དོན་དེ་ལ་ཆོས་ཅན། རྐྱེན་ལ་ལྟོས་ནས་འབྲས་བུ་སྐྱེད་ པར་འགལ་བར་ཐལ། རྐྱེན་གཞན་གྱིས་ཁྱད་པར་བྱར་ཡོད་པ་མ་ཡིན་པ་བཞིན་ནོ། ། གསུམ་པ་ནི། དེས་དེ་འཛིན་ན་སྐྱོན་ཡོད་པ་དེ་ཕྱིར་ཡིད་མངོན་ཆོས་ཅན། དེ་མ་ཐག་ རྐྱེན་དབང་སྔོན་གྱི་ཡུལ་ལས་ཡུལ་གཞན་ཉིད་འཛིན་པར་བྱེད་དེ། དེ་ཡི་སྐད་ཅིག་གཉིས་ པ་རང་གི་བཟུང་དོན་ཡིན་པས་སོ། །ཡིད་སྔོན་ཅི་འདྲ་ཞིག་ཞེ་ན། དབང་པོའི་རྣམ་པར་ཤེས་ པ་མ་འཁྲུལ་བ་ཞིག་རང་གི་མཚུངས་པ་དེ་མ་ཐག་རྐྱེན་དུ་བྱས་པ་ལས་བྱུང་བའི་ཡིད་ཤེས་ རྟོག་མེད་ཞིག་གོ། ལོང་བ་ཆོས་ཅན། ཁྱོད་ཀྱི་ཡིད་མངོན་གྱིས་གཟུགས་མཐོང་བ་མ་ཡིན་ཏེ། གཟུགས་འཛིན་དབང་ཤེས་མེད་པས་སོ། །ཁྱབ་སྟེ། ཡིད་མངོན་དེ་མ་ཐག་རྐྱེན་དབང་སྔོན་ བསྐྱེད་དགོས་པ་དེའི་ཕྱིར། གལ་ཏེ་ཡིད་མངོན་གྱིས་དབང་སྔོན་གྱིས་མ་བཟུང་བ་འཛིན་ན། ཆོད་པ་དང༌། སྐལ་བ་སོགས་ཀྱང་འཛིན་པར་འགྱུར་ཅེ་ན། ཡིད་མངོན་ཆོས་ཅན། ཐག་རྐྱེན་ དབང་སྔོན་གྱི་ཡུལ་ལས་གཞན་པའི་ཡུལ་འཛིན་ན་ཡང༌། ཆོད་སྐལ་སོགས་འཛིན་པ་མ་ཡིན་ 1-1-258 ཏེ། འཛིན་ན་ཡང་ངེས་པ་སྟེ། ཐག་རྐྱེན་དབང་སྔོན་གྱི་བཟུང་དོན་སྐད་ཅིག་གཉིས་པ་བཟུང་ དོན་དུ་འཛིན་པར་འདོད་པ་ཡིན་པས་སོ། །དེ་ཡིན་ཏེ། རང་དོན་རྗེས་འགྲོའི་དོན་ལྟོས་བཅས་ ཡིན་ཏེ། ཐག་རྐྱེན་དབང་ཤེས་རང་གི་བཟུང་དོན་སྐད་ཅིག་དང་པོ་ལས་སྐྱེས་པའི་དེ་ཡི་སྐད་ གཅིག་གཉིས་པ་གྲོགས་སུ་ཡོད་པ་ཅན་གྱི་དབང་སྐྱེས་བློ་མ་འཁྲུལ་བ་ནི་ཡིད་མངོན་དེ་ཡི་རྒྱུ་ སྟེ་ཐག་རྐྱེན་ཡིན་པ་དེ་ཡི་ཕྱིར། འདིར་ཆོས་མཆོག་སོགས་དབང་ཤེས་ཀྱི་རྒྱུན་མཐར་ཡིད་ སྔོན་གཅིག་སྐྱེ་ཞིང་རྒྱུན་མེད་པར་བཞེད་དོ། །ཆུ་མིག་པ་དབང་ཤེས་སྐད་ཅིག་གཉིས་པ་མན་ ཡིད་མངོན་དུ་བཞེད། བྲམ་ཟེ་ཆེན་པོ་འགྲོས་གསུམ་མ་བཞེད། ད་ལྟ་དེ་འཐད་པར་བྱེད་པ་ མང་ངོ༌། ། བཞི་པ་ནི། བྱེ་བྲག་སྨྲ་བ་སོགས་ན་རེ། ཡིད་མངོན་གྱི་བཟུང་དོན་དག་ཆོས་ཅན། ཇི་ ལྟར་དབང་པོའི་ཤེས་པའི་ཡིད་མངོན་བསྐྱེད་པའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ་མིན་པར་ ཐལ། དབང་ཤེས་དེ་དང་ཡིད་སྔོན་བྱེད་པའི་དུས་མཚུངས་པར་མེད་པའི་ཕྱིར་ཏེ། རང་ཡིད་ ཤེས་མངོན་སུམ་དང་དུས་མཚུངས་པ་ཅན་ཡིན་ཕྱིར་ཞེ་ན། འོ་ན་རྫས་སུ་ཡོད་པར་རྒྱུར་ འགྱུར་རམ། མེད་པར་འགྱུར། དང་པོ་ལྟར་ན་སྔར་རྫས་སུ་མེད་པ་ཆོས་ཅན། འབྲས་བུ་སྐྱེད་ པའི་ནུས་པ་མེད་པར་ཐལ། རྫས་སུ་མེད་པས་སོ། །གཉིས་པ་ལྟར་ན། རྒྱུ་ཆོས་ཅན། ཕྱིས་ ཀྱང་སྟེ་རང་དུས་ན་རང་འབྲས་ལ་ཕན་པ་ཉེ་བར་མི་སྦྱོར་བར་ཐལ། རང་དུས་ན་འབྲས་གྲུབ་ ཟིན་པའི་ཕྱིར། ཡིད་མངོན་གྱི་བཟུང་དོན་རགས་པ་ཆོས་ཅན། རང་བློ་བཅས་ཏེ་ཡིད་མངོན་ དང་ལྷན་ཅིག་པ་མིན་ཏེ། ཁྱོད་དེའི་དབང་ཤེས་སྐྱེད་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་རྣམས་ ཐམས་ཅད་འབྲས་བུའི་སྔར་ཡང་ཡིན་པས་སོ། ། གལ་ཏེ་དེས་དེ་ཇི་ལྟར་འཛིན་ཏེ་མི་འཛིན་པར་ཐལ། དེ་དང་དུས་ཐ་དད་པས་སོ། །ཞེ་ ན་ཆོས་ཅན་དེ་དང་དུས་མི་མཉམ་ཡང་དེའི་བཟུང་བ་སྟེ་ཡུལ་དུ་ཐལ། ཡིད་ཤེས་མངོན་སུམ་ 1-1-259 ལ་རང་འདྲའི་རྣམ་པ་དངོས་སུ་འཇོག་ནུས་པའི་རྒྱུ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལ་དེ་ཡུལ་དུ་ རིགས་པ་ཤེས་པའི་མཁས་པས་ཤེས་སོ། །འབྲས་བུ་མིག་ཤེས་དེ་ནི་ཆོས་ཅན། རྒྱུ་མ་ཉིད་ ཡོད་ན་ཡང་དེ་ཡི་ངོ་བོ་དེ་བཞག་དང་གཟུང་ཞེས་བརྗོད་པ་སྟེ། གཟུགས་དེས་ཁྱོད་ལ་རྣམ་པ་ བཞག་ཅིང༌། ཁྱོད་ཀྱིས་གཟུགས་དེ་བཟུང་བ་ཡིན་ཏེ། ཁྱོད་གཟུགས་ལས་གཟུགས་ཀྱི་རྣམ་ པ་ཇི་ལྟ་བའི་རྗེས་སུ་བྱེད་པར་སྐྱེ་བའི་བློ་ཡིན་པས་སོ། ། གསུམ་པ་རང་རིག་མངོན་སུམ་ལ། མདོར། ཆགས་ལ་སོགས། རང་རིག་རྣམ་པར་མི་ རྟོག་པ་ཞེས་པ་འགྲེལ་ཏེ། བྱེ་བྲག་སྨྲ་བ་སོགས་རང་རིག་མེད་དེ། རང་ལ་བྱེད་པ་འགལ་བའི་ ཕྱིར་ཟེར་བ་སེལ་པ་ལ་གཉིས། བདེ་སོགས་མྱོང་བ་རང་རིག་ཡིན། བདེ་སོགས་བེམ་པོར་ འདོད་པ་དགག དང་པོ་ནི། ལུས་བདེ་སོགས་ཀྱི་བདག་ཉིད་ཆོས་ཅན། དངོས་སུ་བརྡ་བྱེད་པ་ནུས་པ་མ་ ཡིན་ཏེ། གཞན་ཐ་སྙད་དུས་སུ་རྗེས་འགྲོ་མི་བརྟེན་པའི་ཕྱིར། བདེ་སོགས་དེ་དག་མྱོང་བའི་ རང་རིག་ནི་ཆོས་ཅན། བརྗོད་དང་རྗེས་འབྲེལ་ཅན་ཏེ་མིང་སོགས་དོན་འདྲེར་རུང་འཛིན་པ་ མ་ཡིན་ཏེ། བརྡ་དངོས་སུ་སྦྱོར་མི་ནུས་པའི་ཕྱིར། རང་ཡུལ་མྱོང་བ་དེ་ཡི་ཕྱིར། གཉིས་པ་ལ། བདེ་སོགས་ནང་གི་བེམ་པོ་དང༌། ཕྱི་ཡི་བེམ་པོ་ཡིན་པ་དགག་པ་གཉིས་ ལས། དང་པོ་ལ། བྱེ་བྲག་པ་དང་རིགས་པ་ཅན་པ་འགའ་ཞིག་ན་རེ། བདེ་སོགས་དེ་དག་ ཆོས་ཅན། རང་གི་ངོ་བོ་ཇི་ལྟར་རིག་སྟེ། མི་རིག་པར་ཐལ། གཞན་ཡང་རིག་བྱེད་མིན་པའི་ ཕྱིར་ཏེ། ནང་གི་བེམ་པོ་ཡིན་པས་སོ། །བདག་གི་དོན་གཅིག་ལ་བརྟེན་པ་སྟེ། འདུ་བའི་རྣམ་ ཤེས་ཀྱི་རིག་བྱ་ཡིན་ཞེས་ཟེར་རོ། །བདེ་སོགས་དེ་ཆོས་ཅན། ཅི་ཤེས་མ་ཡིན་ཏེ་ཡིན་པར་ ཐལ། གཙོ་བོ་རྣམ་ཤེས་ཤེས་པར་འབྱུང་བ་དང་རྒྱུ་གཞན་མིན་པ་སྟེ། རང་གི་རྐྱེན་གསུམ་ ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། 1-1-260 དེ་དང་དེ་མིན་རང་བཞིན་ཅན། །དེ་དང་དེ་མིན་དངོས་རྒྱུས་བསྐྱེད་པས་ཁྱབ་པས་ནས་ ཀྱི་མྱུ་གུ་གཉིས་དང༌། ནས་སྲན་གྱི་མྱུ་གུ་གཉིས་ཆོས་ཅན། འབྲས་བུ་རིགས་འདྲ་བ་དང་མི་ འདྲ་བ་ཡིན་ཏེ། ཉེར་ལེན་རིགས་འདྲ་བ་དང་མི་འདྲ་བ་ལས་བྱུང་བའི་ཕྱིར། སོ་སོར་སྦྱར་ རོ། །རྩ་རྟགས་གྲུབ་སྟེ། བདེ་སོགས་ཆོས་ཅན། རང་གི་རྐྱེན་གསུམ་གྱི་འབྲས་བུའི་ཐ་སྙད་ བྱར་རུང་སྟེ། བདག་ཉིད་ཇི་ལྟའི་དོན་ཏེ་ཡུལ་རུང་བ་དང་བཅས་པའི་དབང་པོ་རུང་བ་དང༌། སེམས་ཏེ་ཡིད་བྱེད་ནུས་ཅན་རྒྱུར་ཡོད་ན་སྐྱེ་མེད་ན་མི་སྐྱེ་བར་མཐོང་བས་སོ། ། རང་འགྲེལ་ལོ། །ཤེས་བྱ་ཆོས་ཅན། བདེ་སོགས་རྐྱེན་གསུམ་ལས་སྐྱེ་ན། ཤེས་པ་ཡིན་ དགོས་ཏེ། ཡིད་དབང་ཤེས་ཀྱང་བདེ་སོགས་ཀྱང་རྐྱེན་གསུམ་ལས་སྐྱེས་པས་ཤེས་པར་ མཚུངས་པའི་ཕྱིར། དེ་གཉིས་རྒྱུ་མཚུངས་པ་མིན་ཏེ། བདག་གི་ཡོན་ཏན་འདུས་བྱས་ལས་ དབང་ཤེས་ཤེས་པར་སྐྱེ། བདག་གི་ཡོན་ཏན་འབད་རྩོལ་སོགས་ལས་བདེ་སོགས་བེམ་པོར་ སྐྱེ་ཞེ་ན། བདེ་ལ་སོགས་དང་དབང་ཤེས་བློ་དེ་ཆོས་ཅན། རྐྱེན་གསུམ་ལས་སྐྱེས་པའི་གཞན་ དེ་དག་ལས་སྐྱེ་བ་མ་ཡིན་པར་ཐལ། རང་གི་རྐྱེན་གསུམ་ཕན་བྱེད་དུ་མེད་ན་མི་སྐྱེ་ཡོད་ན་ སྐྱེ་བ་མཐོང་གི་བདག་གི་ཡོན་ཏན་དེ་དག་ལས་སྐྱེ་བ་མ་མཐོང་བ་དེ་ཡི་ཕྱིར། རྒྱུ་མཚུངས་ པས་ཁྱད་པར་མེད་ན་བདེ་སྡུག་ཀྱང་དེར་འགྱུར་ཞེ་ན། བདེ་སྡུག་ལ་སོགས་ཆོས་ཅན། རྐྱེན་ གསུམ་ལས་སྐྱེས་པར་འདྲ་ཡང་ཁྱད་མེད་མིན་ཏེ། རྐྱེན་གསུམ་དེ་ཉིད་ཀྱི་ཁྱད་པར་མི་འདྲ་བ་ ལས་སིམ་གདུང་ཐ་དད་དུ་སྐྱེས་པ་ཡིན་པས་སོ། ། དཔེར་ན་དབང་བློ་དེ་རྐྱེན་གསུམ་དེ་ཉིད་ཀྱི་ཁྱད་པར་མི་འདྲ་བ་ལས་སིམ་གདུང་ཐ་དད་ དུ་སྐྱེས་པ་ཡིན་པས་སོ། །གསལ་བ་དང་མི་གསལ་བ་དང་ཏེ་ཐེ་ཚོམ་སྟེ་བར་མར་འགྱུར་བ་ དང་བཞིན། བདེ་སོགས་གཞན་གྱིས་རིག་ན་ལྷན་གཅིག་པའི་དབང་བློས་མྱོང་ངམ། ཕྱིས་ཀྱི་ ཡིད་བློས་མྱོང༌། དང་པོ་ལྟར་ན། 1-1-261 བློ་གཟུགས་འཛིན་དབང་མངོན་དེ་ཆོས་ཅན། ཁྱོད་ཀྱིས་གཟུགས་འཛིན་པ་དེ་བོར་ནས་ བདེ་སོགས་ཉིད་ཇི་ལྟར་རྟོགས་པར་འགྱུར་ཏེ་མི་འགྱུར་བར་ཐལ། དོན་གཟུགས་སོགས་ གང་བཟུང་དོན་དུ་ཉེ་བས་ཁྱོད་དང་འཁོར་གྱི་བདེ་སོགས་དག་སྐྱེ་བར་འགྱུར་བས་སོ། ། གཉིས་པ། ལྟར་བ་ཏེ། གཟུགས་སོགས་དང་བདེ་སོགས་དབང་ཤེས་དང་ཡིད་ཤེས་ ཀྱིས་རིམ་གྱིས་འཛིན་ཞེ་ན། དེ་མྱོང་བ་སྟེ། ཡིད་བློ་ཆོས་ཅན། བདེ་སོགས་བར་ཆད་པ་མེད་ པར་སྣང་བར་མི་འགྱུར་བར་ཐལ། དབང་ཤེས་ཀྱིས་བར་བཅད་པས་སོ། །དབང་ཤེས་ ལའང་སྦྱོར་རོ། །བར་ཆད་ཀྱང་འཇུག་པ་མགྱོགས་པའི་ཕྱིར་བར་མ་ཆད་དུ་སྣང་ངོ་ཞེ་ན། བདེ་སོགས་མྱོང་བ་མེད་པར་འདོད་པ་གཟུགས་འཛིན་དབང་ཤེས་ཆོས་ཅན། ཡུལ་བར་ཆད་ དུ་སྣང་བ་ཅིས་མ་ཡིན་ཏེ། ཡིན་པར་ཐལ། འཛིན་པ་མྱུར་བ་དེ་མཚུངས་པའི་ཕྱིར། དབང་ཤེས་ཀྱིས་ཡུལ་དང་བདེ་སོགས་གཅིག་ཆར་འཛིན་ཞེ་ན། དབང་ཤེས་ཅིག་ཆོས་ ཅན། རང་གིས་དེ་གཉིས་གཅིག་ཆར་དུ་བཟུང་དོན་དུ་ཤེས་པ་མ་ཡིན་ཏེ། དབང་ཤེས་ཡིན་ པས་སོ། །ཁྱབ་སྟེ། དབང་པོའི་སེམས་ནི་ཕྱི་ཡི་སྐྱེ་མཆེད་ཀྱི་ཡུལ་ཅན་དུ་ངེས་ཀྱི་ཆོས་ཀྱི་སྐྱེ་ མཆེད་དེ་རྟོགས་མི་སྲིད་པའི་ཕྱིར་དང༌། བདེ་སོགས་དེས་ཁྱོད་སྐྱེད་པའི་ནུས་པ་འགྲུབ་པ་ མེད་པའི་ཕྱིར་ཏེ་བདེ་སོགས་མེད་ཀྱང་དོན་གཟུགས་སོགས་དག་ལས་སྐྱེ་བའི་ཕྱིར། ཕྱི་མ་ ཁྱབ་སྟེ། དོན་དང་བདེ་སོགས་གཉིས་ཀྱིས་སོ་སོར་ཡང་དབང་ཤེས་བསྐྱེད་ནུས་པ་ཡིན་ཞེ་ན། དབང་ཤེས་ཆོས་ཅན། བདེ་སོགས་འབའ་ཞིག་འཛིན་པར་འགྱུར་བར་ཐལ། དེ་འབའ་ཞིག་ བཟུང་དོན་ཡིན་པའི་ཕྱིར། སྔོ་སོགས་འབའ་ཞིག་འཛིན་པ་བཞིན། འདོད་མི་ནུས་ཏེ། བདེ་ སོགས་དེ་རྒྱུའི་དོན་མ་བཟུང་བར་བདེ་སོགས་དེ་མྱོང་བ་སྟེ་འཛིན་པར་མི་རིགས་པས་སོ། ། དབང་ཤེས་ཀྱི་དོན་དང་བདེ་སོགས་ལྷན་ཅིག་གི་ཉིད་དུ་འཛིན་ཞེ་ན། བློ་དབང་ཤེས་ཆོས་ ཅན། ལྷན་ཅིག་པའི་བདེ་སོགས་ཀྱིས་ཁྱོད་ལ་ཕན་པའི་ནུས་པ་ཅི་སྟེ་མེད་པར་ཐལ། གང་ 1-1-262 གི་ཕྱིར་ན་དེས་བསྐྱེད་པའི་ཁྱོད་མི་འདོད་དེ། མེད་ངེས་པས་སོ། །དོན་ལ་ལྟོས་མེད་དུ་བདེ་ སོགས་དབང་བློས་འཛིན་ཞེ་ན། སྐྱེས་བུ་ཆོས་ཅན། བདེ་སྡུག་སྒྲུབ་བྱེད་བུད་མེད་དང་སྐྱེས་པ་ ལ་སོགས་པའི་གཟུགས་ཡིད་དུ་འོང་མི་འོང་སོགས་ཀྱི་ཁྱད་པར་ནམ་ཡང་མིག་གི་ཤེས་པས་ འཛིན་པར་མི་འགྱུར་བར་ཐལ། དོན་མེད་པར་ནི་བདེ་བ་ལ་སོགས་པ་མིག་ཤེས་སོགས་ཀྱིས་ མྱོང་བའི་ཕྱིར། ཁྱབ་སྟེ། དབང་ཤེས་ཆོས་ཅན། ཕྱི་རོལ་མཐོང་བར་མི་འགྱུར་བར་ཐལ། ནང་ གི་ཡན་ལག་བདེ་སོགས་ཁྱོད་བསྐྱེད་ནུས་པའི་བཟུང་དོན་དུ་ཡོད་པས་ནའོ། །དབང་ཤེས་ཀྱི་ དོན་འཛིན་ཡིད་བློས་བདེ་སོགས་འཛིན་ཞེ་ན། མིག་ཤེས་ཅན་གྱི་སྐྱེས་བུ་ཆོས་ཅན། གཟུགས་ དེ་ལས་སྐྱེས་པའི་བདེ་སོགས་མྱོང་བའི་བློ་རང་རྒྱུད་ལ་ཡོད་པར་མི་འགྱུར་བར་ཐལ། རང་བློ་ དབང་ཤེས་ཀྱི་གཟུགས་ཁོ་ན་འཛིན་ཅིང༌། བློ་གཉིས་ཅིག་ཆར་མེད་པས་སོ། །ཡུལ་དེ་དང་ ནི་བདེ་སོགས་དེ་ཡོད་པ་ལས་བློ་དབང་ཤེས་དང་ཡིད་ཤེས་གཉིས་ཅིག་ཆར་སྐྱེ་ཞེ་ན། ཡུལ་ ཡིད་དུ་འོང་མི་འོང་གཅིག་ཆར་ཉེ་བའི་སྐྱེས་བུ་ཆོས་ཅན། ཅིག་ཆར་བདེ་སྡུག་དག་ནི་རིག་ པར་འགྱུར། ཅིག་ཆར་དོན་ཡིད་དུ་འོང་མི་འོང་གཉིས་ཉེ་བར་ཡོད་པས་སོ། ། གལ་ཏེ་ཡུལ་དུ་མ་ཟད་ནང་གི་ཉེར་ལེན་ཤེས་པ་ཡང༌། ཡོད་ན་སྡུག་བསྔལ་ལ་སོགས་ འབྱུང་བ་ཡིན་ལ། ཉེར་ལེན་གཅིག་པུ་དེ་ནི་འབྲས་བུ་འགལ་བ་བདེ་སྡུག་གཉིས་ཀྱི་ཅིག་ཆར་ ཉེར་ལེན་མིན་པས་ཅིག་ཆར་མི་མྱོང་བར་འདོད་ཅེ་ན། བདེ་སྡུག་ཆོས་ཅན། རྣམ་པར་ཤེས་ པ་སྔ་མ་ནི་ཁྱོད་ཀྱི་ཉེར་ལེན་རྒྱུ་ཡིན་ཏེ་མིན་པར་ཐལ། ཁྱོད་མི་ཤེས་པ་བེམ་པོ་ཡིན་པས་ སོ། །བདག་པོའི་རྐྱེན་ཉིད་དུ་འགྱུར་བས་སྐྱོན་མེད་ཅེ་ན། བདག་རྐྱེན་དེ་ནི་ཆོས་ཅན། ཁྱོད་ ཡིན་ན་འབྲས་བུ་འགལ་བ་གཉིས་ཅིག་ཆར་མི་བསྐྱེད་པས་མ་ཁྱབ་པར་ཐལ། འགལ་བ་ དག་ལའང་དེ་ཁྱོད་ཡང་ཡིན་དེ་མ་སྐྱེད་པའང་ཡིན་པ་མཐོང་བའི་ཕྱིར། དཔེར་ན་སྣང་བ་ཉི་ མའི་འོད་གཅིག་མཚན་རྒྱུ་འུག་པ་སོགས་ཀྱི་གཟུགས་མཐོང་བ་དང་མི་མཐུན་པའི་རྐྱེན་བྱེད། 1-1-263 དེ་ལས་གཞན་བྱ་རོག་སོགས་མིག་གི་དབང་པོའི་ཤེས་པས་གཟུགས་མཐོང་བ་དང་མཐུན་ པའི་རྐྱེན་ཅིག་ཆར་བྱེད་པ་བཞིན་ནོ། །བདེ་སོགས་ཤེས་པ་གཞན་གྱིས་མི་མྱོང་བ་དེ་ཡི་ཕྱིར། དབང་ཤེས་འཁོར་གྱི་བདེ་སོགས་ཆོས་ཅན། ཕྱི་རོལ་དོན་ནི་དངོས་སུ་མྱོང་བ་མིན་ཏེ། རང་ ཉིད་ལ་འཕོས་པའི་དོན་གྱི་རྣམ་པ་སྣང་བའི་རྣམ་པ་དེ་མྱོང་བའི་ཕྱིར་ན། འཇིག་རྟེན་ན་དོན་ མྱོང་ཞེས་འདོགས་པའི་ཕྱིར། དེ་དག་ནི་ཆོས་ཅན། ཕྱི་ཡི་དོན་མྱོང་བ་མ་ཡིན་ཏེ། རང་གི་བདག་ཉིད་དུ་གྱུར་པའི་ བཟུང་རྣམ་རིག་སྟེ་མྱོང་བར་བྱེད་ཀྱི་ཕྱི་ཡི་དོན་ལ་སྐྱེས་པ་ཙམ་དུ་ཟད་པས་སོ། །ཆོས་ཅན། ཕྱི་རོལ་མ་མྱོང་ཡང་མྱོང་བར་བཤད་པའི་རྒྱུ་མཚན་ཡོད་དེ། རང་ལ་སྣང་བའི་དོན་གྱི་བདག་ ཉིད་དེ་རྣམ་པ་རང་གི་བདག་ཉིད་དུ་གྱུར་པ་དེ་དག་མྱོང་བའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པ་ ཙམ་ཡིན་པའི་ཕྱིར། ཆོས་ཅན། དོན་དམིགས་པ་ཡིན་ཏེ། དེ་ལས་དེར་སྣང་བར་སྐྱེས་པའི་ ཕྱིར། གཉིས་པ་ནི། གྲངས་ཅན་པ་འགའ་ཞིག་བདེ་སོགས་ནང་མིན་གྱི་ཕྱི་རོལ་ན་གནས་པ་ ཉིད་དང༌། ཤེས་པ་མིན་གྱི་སེམས་མེད་དང་བཟུང་བར་སྨྲ་སྟེ་དེ་དགག་པ་ནི་གྲངས་ཅན་དེ་ ཡི་ཡང་ཅིག་ཆར་གཉིས་འཛིན་འདོད་པ་མི་རིགས་སྟེ། མིག་ཤེས་ཆོས་ཅན། སྔོ་སོགས་དང་ བདེ་སོགས་གཉིས་ཅིག་ཆར་རང་གི་བཟུང་དོན་དུ་བྱས་ནས་འཛིན་པར་མི་རིགས་པར་ཐལ། བདེ་སོགས་ཀྱི་རྣམ་པར་མི་སྣང་བས་སོ། ། སྔོ་སོགས་དང་བདེ་སོགས་རང་བཞིན་གཅིག་པའི་ཕྱིར། གཅིག་ཆར་འཛིན་ཞེ་ན། སྔོ་ སོགས་དང་བདེ་སོགས་ཆོས་ཅན། ཇི་ལྟར་ཐ་མི་དད་དེ། གཅིག་མིན་པར་ཐལ། ཐ་དད་པར་ སྣང་བ་ཅན་གྱི་མ་འཁྲུལ་བའི་སེམས་ཀྱིས་ནི་ཐ་དད་དུ་བཟུང་བྱ་ཡིན་པའི་ཕྱིར། སྐྱེས་བུ་ཆོས་ ཅན། ཡུལ་ཕྱི་རོལ་དེར་ཁྱད་པར་ཡོད་པ་མིན་པ་གཅིག་པོ་དེ་ཡིད་དུ་འོང་མི་འོང་བར་མར་ གོམས་པ་ཡི་ནི་ཁྱད་པར་ལས། བློ་ལ་དགའ་གདུང་བཏང་སྙོམས་ཀྱི་ཁྱད་པར་མི་འགྱུར་བར་ 1-1-264 ཐལ། བདེ་སོགས་ཕྱི་དོན་ཡིན་པར་འདུག་པའི་ཕྱིར། སྒྲ་སོགས་བདེ་སོགས་ཀྱི་བདག་ཉིད་ཡིན་པ་ལྟར། ནང་གི་བློ་ཡང་བདེ་སོགས་ཀྱི་བདག་ ཉིད་ཡིན་པས། གོམས་པས་ཁྱད་པར་དུ་འགྱུར་བ་མི་འགལ་ཞེ་ན། སྐྱེས་བུ་ཆོས་ཅན། ཕྱི་ཡི་ སྒྲ་སོགས་དེ་བདེ་སོགས་ཀྱི་བདག་ཉིད་ཡིན་ཞེས་ཇི་ལྟར་རྟོགས་ཏེ་མི་རྟོགས་པར་ཐལ། སིམ་ གདུང་བར་མར་མྱོང་བ་དེ་བློ་ཁོ་ནའི་བདེ་སོགས་ཡིན་པ་དེ་ནི་ཏེ་དེ་ཡི་ཕྱིར། གལ་ཏེ་རིགས་ནི་ཐ་དད་དག་གཟུང་འཛིན་མིན་པར་འགྱུར་ཏེ། བེམ་རིག་དུ་འདོད་པས་ སོ་ཞེ་ན། ཤེས་རིག་གི་སྐྱེས་བུ་ནི་ཆོས་ཅན། བདེ་སོགས་ཀུན་གྱི་འཛིན་བྱེད་མིན་པར་འགྱུར། དེ་དང་རིགས་མི་མཐུན་པའི་ཕྱིར། དེར་ཐལ། བདེ་སོགས་བེམ་པོ་ཁྱོད་ཤེས་པ་ཡིན་པས་སོ། ། འདོད་ན། བདེ་སོགས་ཟ་བ་པོ་ཉིད་མིན་པ་ཉམས་པར་ཐལ། འདོད་པ་དེས་ནའོ། ། དགག་པ་འདིས་ནི་རིགས་མི་མཐུན་རྒྱུ་འབྲས་སུ་མི་རུང་བས། སྒྲ་སོགས་དང་བློའམ་ ཆོས་ཅན་རྒྱུ་འབྲས་ཡིན་པས་གཅིག་ཡིན་པ་ལྟར་སྒྲ་སོགས་ཀྱང་བདེ་སོགས་དང་གཅིག་ ཡིན་པ་དེས་བསལ་ལོ། །ཤེས་རིག་ཆོས་ཅན། སྒྲ་སོགས་རྒྱུ་འབྲས་སུ་མི་རུང་བར་ཐལ། སྒྲ་ སོགས་དང་རིགས་མི་མཐུན་པས་སོ། ། རྟགས་བསལ་ཁས། ཡང་བློའམ་ཆེན་པོ་བདེ་སོགས་དང༌། རྣམ་པ་བཞག་འཇོག་གི་རྒྱུ་ འབྲས་མིན་པར་ཐལ། དེ་དང་གཟུང་བ་དང་འཛིན་པ་ཉིད་དུ་མེད་པའི་ཕྱིར། གཟུང་འཛིན་དུ་ཡོད་པས་རྒྱུ་འབྲས་སུ་ཡོད་ན། གཞན་ཤེས་རིག་ཆོས་ཅན། བདེ་སོགས་ དང་རྒྱུ་འབྲས་དེ་ནི་ཡིན་པར་འགྱུར། དེ་དང་གཟུང་འཛིན་ཡིན་པས་སོ། །བདེ་སོགས་དེ་ནི་ ཆོས་ཅན། ནང་ཉིད་མིན་ཏེ། གོམས་པ་ལས་སིམ་གདུང་གི་ཁྱད་པར་དུ་འགྱུར་བ་དེ་ཡི་ཕྱིར། སེམས་ཏེ་ཤེས་པ་ཡིན་ཏེ། མྱོང་བྱེད་ཀྱིས་མྱོང་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། གང་གི་རང་བཞིན་ མྱོང་བ་སྟེ་ཤེས་པ་མིན་ན་མྱོང་བྱེད་ཤེས་པ་དེ་ནི་དེ་ཡི་མྱོང་བྱེད་མིན་པས་སོ། ། 1-1-265 ཤེས་རིག་དེས་བདེ་སོགས་དེ་ཡི་རང་བཞིན་མྱོང་བ་མིན་པར་ཡུལ་དབང་བར་གྱི་བློ་ བེམ་པོ་ལ་གནས་པའམ་སྣང་བའི་བདེ་སོགས་ཀྱི་རྣམ་པ་དེ་རིག་སྟེ་མྱོང་ངོ་ཞེ་ན། སྐྱེས་བུ་ ཆོས་ཅན། སིམ་གདུང་ལ་སོགས་པར་མངོན་སུམ་དུ་མྱོང་བ་དང༌། མྱོང་བ་ལྟར་དྲན་པའི་རྣམ་ པ་ཅན་གྱི་མྱོང་བ་ཤེས་པ་ལས་མ་རྟོགས་པའི་ཡུལ་དབང་བར་འདིར་བློ་བེམ་པོ་གང་ཡང་ ཡོད་པ་མ་ཡིན་པར་ཐལ། ཡིད་དུ་འོང་མི་འོང་པའི་དོན་དེ་དང་དེ་ལ་བརྟེན་ནས་བདེ་བ་དང་ སྡུག་བསྔལ་ལ་སོགས་པའི་མྱོང་བ་ཤེས་པ་གཅིག་ཉིད་དེ་རེ་རེ་འབྱུང་བར་འགྱུར་བར་མཐོང་ གིཡུལ་དབང་བར་དུ་གཞན་བློ་བེམ་པོ་ཚད་མས་མ་མཐོང་བའི་ཕྱིར། གལ་ཏེ་ལྕགས་གོང་ དང་མེ་ཐ་དད་ཡིན་ཡང་འདྲེས་པས་རྣམ་དབྱེ་མེད་པ་བཞིན་དུ་བློ་མྱོང་ཐ་དད་ཡིན་ཡང་འདྲེས་ པས་རྣམ་དབྱེར་མེད་ཅེ་ན། དངོས་པོ་ཀུན་ལ་ཆོས་ཅན། རྫས་ཐ་དད་ཀྱི་རྣམ་བཞག་ཉམས་པར་ཐལ། བདེ་སོགས་ སྔོ་སོགས་རྫས་ཐ་དད་དུ་དམིགས་ཀྱང་གཅིག་ཡིན་པས་སོ། །རྫས་ཐ་དད་མིན་བཞག་སྟེ། གཅིག་མེད་པར་ཐལ། བློ་ཤེས་རྫས་གཅིག་ཏུ་མངོན་སུམ་གྱིས་མཐོང་ཡང༌། རྫས་ཐ་དད་ དེ་ལྟར་ཡིན་པས་སོ། །དངོས་པོ་ཆོས་ཅན། ཐ་དད་ཀྱི་སྒྲུབ་བྱེད་གྲུབ་པ་མ་ཡིན་པར་ཐལ། གཅིག་ཏུ་དམིགས་པ་འདི་གཅིག་གི་སྒྲུབ་བྱེད་མིན་པའི་ཕྱིར། དེས་ན་ཆོས་ཅན། དེ་ལྟར་གང་ མིན་པ་ཐ་དད་དུ་དམིགས་པས་ཐ་དད་དུ་གྲུབ་སྟེ། ཐ་དད་མེད་པར་མྱོང་བས་གཅིག་ཡིན་ པའི་ཕྱིར། ཆོས་ཅན། ཐ་དད་དང༌། ཐ་དད་མེད་པའི་རྟེན་ཅིས་ཏེ་སྒྲུབ་བྱེད་མེད་པར་ཐལ། སྡུག་བསྔལ་དང་དཀར་སོགས་བློ་ལས་ཐ་དད་དུ་སྣང་པ་དང་ཐ་དད་མིན་ལ། བློ་མྱོང་ཐ་དད་ མེད་པར་སྣང་ཡང༌། ཡིན་པའི་ཕྱིར། གལ་ཏེ་ཁྱེད་ལ་ཡང་སེམས་ཀྱི་འཁོར་དུ་ཚོར་བ་སེམས་ པ་སོགས་དུ་མ་ཡོད་ཀྱང༌། རེས་འགའ་མི་རྟོགས་པ་ལྟར། བློ་ཤེས་ཐ་དད་དུ་མེད་ཀྱང་དེར་ མི་རྟོགས་ཞེ་ན། ཤེས་བྱ་ཆོས་ཅན། འགའ་ཞིག་གི་ཚེ་བདེ་བ་ལྟ་བུ་གཅིག་ཆེས་གསལ་ཞིང་ 1-1-266 རགས་པས་རེག་པ་སོགས་ངེས་པ་བསྒྲིབས་ཏེ་མ་ངེས་ན་ཡང༌། རེག་པ་སོགས་སེམས་བྱུང་ ཐ་དད་དེ་དུ་མ་ཡོད་པར་གྲུབ་པ་ཡིན་ཏེ། ནམ་ཡང་སེམས་ཀྱི་ཁྱད་པར་རྒྱུན་དག་ལ་རེག་པ་ ལ་སོགས་པའི་སེམས་བྱུང་ཐ་དད་ཡོད་པར་ནི་མཐོང་བའི་ཕྱིར། ཉིན་པར་སྐར་མ་མི་གསལ་ ཡང་མཚན་མོ་གསལ་བ་བཞིན། བཞི་པ་ནི། མདོར། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་ མཐོང༌། །ཞེས་པ་འགྲེལ་བ་ལ། རྣལ་འབྱོར་པའི་ཤེས་པ་ཐམས་ཅད་མངོན་སུམ་མིན་གྱི། སྔར་ལེའུ་གཉིས་པར་བཤད་པའི་བདེན་བཞི་དེ་དག་གི་རྣམ་པ་བཅུ་དྲུག་མངོན་སུམ་གྱིས་ མཐོང་བའི་བློ་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡང་དག་པའི་དོན་བསྒོམས་པ་ ལས་བྱུང་བའི་འཕགས་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། རྣལ་འབྱོར་མངོན་སུམ་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པའི་དྲྭ་བ་རྣམ་པར་བསལ་ བ་ཡིན་ཏེ། སྒོམ་ཡུལ་བསལ་བ་ཉིད་དུ་སྣང་བས་སོ། །གོམས་པ་ལས་གསལ་བར་སྣང་བ་ གང་དུ་མཐོང་ཞེ་ན། ཤེས་བྱ་ཆོས་ཅན། གོམས་པ་གོམས་ཡུལ་གསལ་བར་སྣང་བ་ཡོད་དེ། འདོད་ཆགས་དང་འཇིགས་པ་དང༌། མྱ་ངན་གྱིས་བརླབས་ཏེ་སྨྱོ་བ་དང༌། རྐུན་པོ་དང༌། རྨི་ ལམ་ལ་སོགས་ཀྱིས་སེམས་སླད་པས་ཡང་དག་པ་མིན་པའི་གོམས་ཡུལ་མདུན་ན་གནས་པ་ བཞིན་དུ་ནི་མཐོང་བ་ཡོད་པས་སོ། །དེས་ན། ཤེས་པ་ཆོས་ཅན། གསལ་བར་སྣང་བའི་བློ་ ཡིན་ན་རྟོག་མེད་ཡིན་ཏེ། རྣམ་རྟོག་རྗེས་སུ་འབྲེལ་བ་ལས་རྣམ་རྟོག་ཡིན་ན་དོན་གསལ་བར་ སྣང་བ་མིན་པས་སོ། །དེར་ཐལ། རྟོག་པའི་ཡུལ་གསལ་བར་སྣང་བ་ཡོད་ན། རྨི་ལམ་ན་ཡང་ དྲན་པ་དེ་དང་དེ་འདྲའི་དོན་ལྡན་མིན་པས་ཏེ། རྨི་ལམ་གྱི་དྲན་པ་དེ་དེ་ལྟར་དྲན་དགོས་པ་ལ་ མི་གསལ་བར་དྲན་པས་སོ། །མི་བདེན་པའི་དོན་བསྒོམས་པས་གསལ་སྣང་དང་རྟོག་མེད་ མེད་པར་གྲུབ་མཐའ་ལས་བཤད་མོད། འདིར་ཡོད་པར་བཤད་པས་ཁ་བླངས་འགལ་ཞེ་ན། 1-1-267 ཤེས་བྱ་ཆོས་ཅན། དེ་ལྟར་བཤད་པས་སངས་རྒྱས་པའི་གྲུབ་མཐའ་དང་འགལ་བའི་སྐྱོན་ མེད་དེ། མི་གཙང་ནས་ཅན་དུ་མཐོང་གི་བར་ལ། མི་བསུག་པ་དང་ཟད་པར་ས་ལ་སོགས་པ་མི་ བདེན་པའི་དོན་བསྒོམས་པས་གོམས་ཡུལ་གསལ་བར་སྣང་བ་སངས་རྒྱས་པའི་གྲུབ་མཐའ་ ལས་བཤད་པས་སོ། ། དེ་ཕྱིར་ནས་བློ་འབྲས་ཅན་ཀྱི་བར་ལ། ཟད་པར་ས་སོགས་སྒོམ་པ་རྫོགས་པའི་སོ་སྐྱེའི་ བློ་ཆོས་ཅན། དེ་ལྟར་གོམས་པས་གོམས་ཡུལ་གསལ་བར་སྣང་བ་སྐྱེར་རུང་སྟེ། དེ་ཡི་རྒྱུ་ཚང་ བས་སོ། ། དེ་ལ་སྔར་དཔྱད་དངོས་བཞིན་ཏེ། བདེན་བཞིའི་ཆོས་ཉིད་མངོན་སུམ་གྱིས་རྟོགས་པའི་ འཕགས་པའི་བློ་གང་ཡིན་དེ་ཆོས་ཅན། སྒོམ་བྱུང་མངོན་སུམ་ཚད་མར་འདོད་དེ། ཡང་དག་ པའི་དོན་ལ་བསླུ་བ་མེད་པ་ཅན་གྱི་འཕགས་པའི་མངོན་སུམ་ཡིན་པས་སོ། །ལྷག་མ་སོ་སྐྱེའི་ ཟད་པར་སྒོམ་པའི་མཉམ་བཞག་ཆོས་ཅན། མངོན་སུམ་མ་ཡིན་ཏེ། ཉེ་བར་བསླད་པའི་ འཁྲུལ་པ་ཡིན་པའི་ཕྱིར། མདོར། རྟོག་པའང་རང་རིག་ཉིད་དུ་འདོད། །དོན་ལ་མ་ཡིན་དེར་ རྟོགས་ཕྱིར། །ཞེས་པ་འཆད་དེ། རྟོག་པའི་ཤེས་པ་གང་དང་གང་ཡིན་པ་དེ་ཆོས་ཅན། སྤྱི་དེ་ལ་རྟོག་པ་ཡིན་ཏེ། དེ་ལ་ སྒྲ་དོན་འདྲེས་རུང་འཛིན་པའི་བློ་ཡིན་པས་སོ། །ཤེས་པ་ཀུན་ཆོས་ཅན། རང་རིག་ངོ་བོ་ལ་ མངོན་སུམ་ཡིན་ཏེ། རང་གི་ངོ་བོ་ལ་སྒྲ་དོན་མིན་ཞིང་མྱོང་བ་དེ་ཡི་ཕྱིར། གཉིས་པ་མངོན་སུམ་ལྟར་སྣང་ལ། མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང༌། །རྗེས་ དཔག་རྗེས་ སུ་དཔག་ལས་བྱུང༌། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་ 1-1-268 རིབ་བཅས། །ཞེས་པ་འཆད་པ་ལ་གཉིས། དང་པོ། རྟོག་པ་མངོན་སུམ་ལྟར་སྣང་ནི་མངོན་ སུམ་ལྟར་སྣང་ཆོས་ཅན། ཁྱོད་ལ་རྣམ་པ་བཞིར་ཡོད་དེ། ཁྱོད་ཀྱི་ནང་ཚན་ལ་བརྡ་རྟེན་ཅན་ དང་དོན་གཞན་ལ་སྒྲོ་འདོགས་པ་དང༌། ལྐོག་ཏུ་གྱུར་པའི་དོན་ཅན་ཏེ་རྟོག་པའི་ཤེས་པ་རྣམ་ གསུམ་དང༌། རྟེན་པས་བསླད་པ་ལས་བྱུང་བ་རྟོག་མེད་འཁྲུལ་ཤེས་གཅིག་རྣམས་སུ་ཡོད་ པས་སོ། །དེ་ལས་རྟོག་པ་མངོན་སུམ་ལྟར་སྣང་གསུམ་སྟོན་པ་དེ། འཁྲུལ་དང་ཀུན་རྫོབ་ཤེས་པ་གཉིས་ཆོས་ཅན། རྟོག་པ་མངོན་སུམ་ལྟར་སྣང་དུ་བསྟན་ པ་ལ་དགོས་པ་ཡོད་དེ། དབང་སྐྱེས་དེ་དབང་ཤེས་མིན་པར་གྲུབ་དོན་དུ་དེར་བཤད་པས་སོ། ། དེར་འཆད་པའི་རྒྱུ་མཚན་ནི། དེ་ཆོས་ཅན། །དེ་ཡོད་དེ་རིགས་པ་ཅན་སོགས་ཁྱེད་གསུམ་ འཁྲུལ་པ་དབང་ཤེས་སུ་འཁྲུལ་པ་མཐོང་བའི་ཕྱིར། རྗེས་དཔག་སོགས་བཞི་ཆོས་ཅན་རྟོག་ པར་གྲུབ་ཀྱང་མངོན་སུམ་ལྟར་སྣང་དུ་བརྗོད་པ་ལ་ནི་དོན་ཡོད་དེ། སྔ་མ་གཉིས་ཉིད་དབང་ ཤེས་མིན་པའི་བསྒྲུབ་པའི་མཐུན་དཔེར་བསྟན་པའི་ཆེད་དུ་དེ་ལྟར་བསྟན་པའི་ཕྱིར། དེ་ གཉིས་དབང་ཤེས་སུ་འཁྲུལ་རྒྱུ་ཅི་ཞེ་ན། བརྡ་རྟེན་དང་དོན་གཞན་ལ་སྒྲོ་འདོགས་པའི་རྣམ་པར་རྟོག་པ་དག་ཆོས་ཅན། དུས་ འགའ་ཞིག་གི་ཚེ་དབང་ཤེས་འཁྲུལ་པའི་རྒྱུ་ཡོད་པ་ཡིན་ཏེ། གཟུགས་འཛིན་དང་དམིགས་ རྒྱུར་འཛིན་པའི་མངོན་སུམ་དང༌། ཉེ་བར་འཇུག་པའི་རྒྱུ་མཚན་གྱིས་དེར་འཁྲུལ་བས་སོ། ། དཔེ་དོན་སྦྱར་ན། ཇི་ལྟར་ལྐོག་ཏུ་གྱུར་པའི་དོན་ཅན་དྲན་པ་ལ་སོགས་རྟོག་པ་འདི་ཆོས་ཅན། མངོན་སུམ་ དོན་ལ་འཛིན་པར་མི་བྱེད་དེ། བརྡ་དྲན་པ་ལ་ལྟོས་པའི་ངང་ཚུལ་ཅན་ཡིན་པས་སོ། །དཔེ་དེ་ ལྟར། བུམ་པ་ལ་སོགས་པ་དག་ལ། སྤྱི་དང་རྫས་སུ་འཛིན་པའི་ཤེས་པ་ཆོས་ཅན། མངོན་ སུམ་ཡིན་པ་ལ་ནི་ཡོངས་སུ་ཉམས་པར་འགྱུར། ཉམས་མྱོང་དྲན་པ་མིན་པར་ཡོད་པ་མ་ཡིན་ 1-1-269 ཏེ། ཡུལ་གྱི་བརྡ་དྲན་ནས་འཛིན་པའི་ཕྱིར། གཉིས་པ་རྟོག་མེད་མངོན་སུམ་ལྟར་སྣང་ནི། སློབ་དཔོན་ཕྱོགས་གླང་ཆོས་ཅན། མངོན་ གསུམ་ལྟར་སྣང་སྟོན་པའི་སྐབས་འདིར། ཁོ་བོས་བཞི་པར་བསྟན་པའི་མངོན་སུམ་ལྟར་སྣང་ བཤད་དེ། རྟོག་པ་དང་བྲལ་ཡང་མངོན་སུམ་མོ་ཞེས་སྔར་སྤྱིར་བཏང་ནས་རྟོག་པ་དང་བྲལ་ ཡང་འཁྲུལ་ན་མངོན་སུམ་མ་ཡིན་ནོ་ཞེས་དམིགས་ཀྱིས་གསལ་ཞིང་མ་འཁྲུལ་བ་མངོན་སུམ་ གྱི་མཚན་ཉིད་ལྷག་མ་སྟོན་པའི་སྐབས་སུ་རྟོག་པའི་སྡེ་ཚན་ལས་ལོགས་སུ་བཅད་དེ། མངོན་ སུམ་ལྟར་སྣང་རབ་རིབ་བཅས། ཞེས་བཤད་པས་སོ། །རབ་རིབ་བཅས་ཞེས་པའི་ཚིག་དེར་ ནི་ཆོས་ཅན། སླད་པ་མངོན་སུམ་ལྟར་སྣང་བསྟན་ཏེ། དབང་པོ་ལ་ཉེ་བར་གནོད་པ་བྱས་པ་ ལས་སྐྱེས་པའི་བློ་ཀུན་མངོན་སུམ་ལྟར་སྣང་དུ་བརྗོད་པའི་ཕྱིར། དེ་ལ་ཆོས་ཅན། རབ་རིབ་ ཁོ་ནས་འཁྲུལ་རྒྱུ་རྫོགས་པར་སྟོན་པ་མ་ཡིན་ཏེ། རང་རིག་འབའ་ཞིག་ཙམ་སྨོས་པ་ནི་དབང་ པོ་ལ་ཉེ་བར་གནོད་པ་ཐམས་ཅད་ནས་སྟོན་པར་བྱེད་པའི་ཕྱིར། ཟླ་བ་གཉིས་སྣང་གི་འཁྲུལ་ ཤེས་དེའང་ཆོས་ཅན། དབང་ཤེས་མ་ཡིན་གྱི། ཡིད་རྟོག་ཁོ་ནའོ་ཞེས་ཀུན་བཏུས་ཀྱི་འགྲེལ་ བྱེད་ཁ་ཅིག་སྨྲའོ། །མིག་གི་དབང་པོ་ལ་སོགས་པ་ཡང་དམིགས་པ་ཉིད་དུ་ཐལ་བར་འགྱུར་ ཏེ་སྔོན་པོ་དང་ཟླ་བ་གཉིས་ལ་སོགས་པ་སྣང་བའི་བློ་ཡི་རྒྱུ་ཡིན་ནོ། །ཞེས་བྱ་བའི་རྩོད་དྲུག་ དགག་པའི་ཀུན་བཏུས་ཀྱི་གཞུང་འདི་དང་དེ་འགལ་བ་ཡིན་ནོ། །དེ་འདྲའི་འཁྲུལ་ཤེས་ཆོས་ ཅན། ཡིད་རྟོག་མ་ཡིན་པར་ཐལ། རང་གི་བདག་རྐྱེན་མིག་དབང་ལས་དངོས་སུ་སྐྱེས་པས་ སོ། །རྟགས་ལུང་གིས་གྲུབ་བོ། །གལ་ཏེ་དབང་པོ་གཟུགས་ཅན་དེ་ཟླ་བ་གཉིས་འཛིན་གྱི་ རྒྱུད་པས་རྒྱུར་བཤད་པ་ཙམ་ཡིན་གྱི་དབང་ཤེས་ཀྱི་རྒྱུར་བཤད་པ་མ་ཡིན་ནོ་ཞེ་ན། དེ་འདྲའི་ ལུང་ཆོས་ཅན། དབང་པོ་གཟུགས་ཅན་ཟླ་བ་གཉིས་འཛིན་གྱི་ཡིད་རྟོག་གི་རྒྱུད་རྒྱུ་ཡིན་པ་ནི་ སྐབས་སུ་བབ་པའི་བརྗོད་བྱར་ཇི་ལྟར་འགྱུར་ཏེ། མི་གྱུར་བར་ཐལ། རྩོད་སྒྲུབ་དུ་དབང་པོའི་ 1-1-270 ཤེས་པའི་སྤྱོད་ཡུལ་དག་བཤད་པ་ལ་སྤྱད་ནས་དགག་པ་སྟོན་པའི་གཞུང་ཡིན་པའི་ཕྱིར། རིགས་པས་དགག་པ་ནི། དབང་ཤེས་སུ་འཇོག་པའི་རྟེན་ནམ། མཚན་ཉིད་གང་ཡིན་དྲིས་ པས་གལ་ཏེ་ཤེས་པ་གང་དབང་པོ་གཟུགས་ཅན་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པ་ ཅན་དེའོ་ཞེ་ན། དེ་འདྲའི་འཁྲུལ་ཤེས་ཆོས་ཅན། དབང་ཤེས་སུ་ཐལ། དེ་བྱེད་པར་མཚུངས་ པས་སོ། །གལ་ཏེ་དབང་པོ་གཟུགས་ཅན་འགྱུར་རྗེས་སུ་འགྱུར་བ་དེས་ནའོ་ཞེ་ན། དེ་ཆོས་ ཅན། དབང་ཤེས་ཡིན་པ་ཅི་ཕྱིར་བཟློག་སྟེ་དབང་ཤེས་སུ་ཐལ། རྟགས་དེ་དང་ལྡན་པ་ཉིད་ ཀྱི་ཕྱིར། དེ་འདྲའི་འཁྲུལ་ཤེས་འདིར་ཡང་ཆོས་ཅན། ཐག་ཁྲ་སྦྲུལ་སོགས་སུ་འཁྲུལ་བ་བཞིན། རབ་རིབ་ཀྱིས་དབང་པོའི་འགྱུར་བ་སླད་པ་ཡོད་ན་ཡང༌། ཡིད་རྟོག་གི་ཟླ་གཉིས་མེད་པར་ ངེས་པ་ཙམ་གྱིས་བཟློག་པར་འགྱུར་ལ། དབང་པོའི་སླད་པ་ལོག་ཀྱང་ཁྱོད་ལྡོག་པར་མི་ འགྱུར་བ་ཐལ། སྦྲུལ་འདུག་གོ་ཞེས་བརྗོད་པ་ལས་སྦྲུལ་འཛིན་སྐྱེ་བ་བཞིན་ཟླ་གཉིས་འདུག་ གི་ཞེས་བརྗོད་པ་ཙམ་གྱིས་ཀྱང་འགའ་ཞིག་གི་ཚེ་གཞན་རྒྱུད་ལའང༌། ཁྱོད་ཀྱི་རིགས་ཅན་ འགའ་ཞིག་འཇོག་པ་སྟེ་སྐྱེ་བར་ཐལ། ཡུལ་མཐོང་བརྡ་དྲན་ལ་ལྟོས་པར་ཐལ། རང་གིས་ སྣང་ཡུལ་གསལ་བར་མི་འགྱུར་བར་ཐལ། ཟླ་བ་གཉིས་འཛིན་གྱི་ཡིད་རྟོག་ཡིན་པས་སོ། ། དེ་འདྲའི་འཁྲུལ་ཤེས་དེ་གསལ་བར་སྣང་བས་རྟོག་མེད་ཡིན་ནམ་སྙམ་པ་བཟློག་པའི་ ཕྱིར་དུ། རབ་རིབ་བཅས་ཤེས་དམིགས་གསལ་སྨོས་ཞེས་པ། གཉིད་ལོག་པའམ་སད་པ་ ན། གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི་རྟོག་མེད་ཡིན་པས་ཁྱབ། སྔོ་འཛིན་མིག་ ཤེས་བཞིན། སད་ལོག་གཉིས་ཀར་ཡང་གསལ་བ་དེ་ལྟ་མིན་པར། མི་གསལ་ལ་འདྲེས་པར་ སྣང་ན། རྟོག་པ་ཡིན་པས་ཁྱབ། དྲན་ཤེས་བཞིན། རྟོག་མེད་འཁྲུལ་ཤེས་ཡོད་པ་དེའི་ཕྱིར། གཉིས་སྣང་གི་འཁྲུལ་ཤེས་ཆོས་ཅན། རྟོག་མེད་ཡིན་ཀྱང་ཚད་མ་ཉིད་ཡིན་པ་བཀག་སྟེ། 1-1-271 འཇུག་ཡུལ་ལ་བསླུ་བས་ཕྱིར་རོ། །སློབ་དཔོན་ཕྱོགས་གླང་ཆོས་ཅན། རྟོག་མེད་མངོན་སུམ་ ལྟར་སྣང་བཞེད་དེ། ཟླ་བ་གཉིས་འཛིན་སོགས་རྟོག་མེད་འཁྲུལ་ཤེས་ཐམས་ཅད་མངོན་ སུམ་ལྟར་སྣང་དུ་སྟོན་པའི་དོན་དུ། མངོན་སུམ་ལྟར་སྣང་བ་ལ་རྟོག་འཁྲུལ་གཉིས་སུ་བཤད་ པའི་ཕྱིར་རོ། ། གསུམ་པ་ལ། བཅོམ་ལྡན་འདས་ཀྱིས་བྱ་བ་དེ་ཉིད་བྱེད་པོར་བརྗོད། ཞེས་གསུངས་པ་ བཤད་པའི་ཕྱིར་དང༌། ཚད་མ་མདོར། འབྲས་རྟོག་དང་ཚུལ་གཉིས་རང་རིག་སྒྲུབ་པ་བཤད་ པ་འགྲེལ་བ་ལ་གཉིས། གཙོ་བོ་ཚད་འབྲས་དང༌། ཚུལ་གཉིས་རང་རིག་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ལ། འབྲས་རྟོག་དང་པོ་གཉིས་པ། དང་པོ་གཉིས་ཀྱི་སྒྲུབ་བྱེད་དོན་ལའང་འབྲས་རྟོག་གསུམ་པ་ གཅིག་ལ་གསུམ་དུ་ཕྱེ་བའང་རྫུན་པར་བཤད་པ་དང་ལྔ་སྟེ། དང་པོ་ནི། མདོར། བྱ་བ་དང་བཅས་པར་རྟོགས་པའི་ཕྱིར། །ཚད་མའི་འབྲས་བུ་ཉིད་ དུ་འདོད། །ཚད་མ་ཉིད་དུ་འདོགས་པ་སྟེ། །བྱ་བ་མེད་པའང་མ་ཡིན་ནོ། །ཞེས་པ་འཆད་པ་ ལ། ཁ་ཅིག་ན་རེ། དོན་འདྲ་དོན་རྟོགས་ཀྱི་སྒྲུབ་བྱེད་དུ་མི་འཐད་དེ། དོན་རྟོགས་བསྐྱེད་ནུས་ ན་འཇོག་ནུས་ལ། འཇོག་ནུས་ན་བསྐྱེད་ནུས་སོ་ཞེ་ན། དོན་རྟོགས་ཆོས་ཅན། དོན་འདྲའི་བྱ་ བ་ཡིན་ཞེས་པ་ཙམ་གྱིས་དེའི་སོགས་བྱ་བ་ཐམས་ཅད་མ་ཡིན་ཏེ། དེ་ཡི་རྣམ་བཞག་གི་བྱ་བ་ ཙམ་ཡིན་པས་སོ། །དོན་འདྲ་ཆོས་ཅན། ལས་དེ། བྱ་བ་དོན་རྟོགས་ཀྱིས་སྒྲུབ་པར་བྱེད་པ་ ཡིན་ཞེས་པ་ཙམ་གྱིས་དེ་ཡི་སྐྱེད་བྱེད་སོགས་སྒྲུབ་བྱེད་ཐམས་ཅད་མ་ཡིན་ཏེ། འབྲས་གང་ ཡིན་པ་སྟེ་དོན་རྟོགས་འཇོག་ནུས་པའི་ཆ་དེ་ནས་དེ་ཡི་སྒྲུབ་བྱེད་ཡིན་པས་སོ། །སྒོ་ལྔའི་ཤེས་ པ་ནི་ཆོས་ཅན། རང་གི་འཛིན་རྣམ་ཐ་དད་པ་ཙམ་གྱིས་དོན་རྟོགས་སོ་སོར་འབྱེད་མི་ནུས་ཏེ། དེ་ལ་ཉམས་མྱོང་ཙམ་དུ་ནི། འདྲ་བའི་བདག་ཅན་ཏེ་གཟུགས་སོགས་སོ་སོ་རིག་ཙམ་དུ་འདྲ་ 1-1-272 བ་ཉིད་ཡིན་པས་སོ། །ཆོས་ཅན། དོན་རྟོགས་དེའི་བདག་ཉིད་དེ་རང་བཞིན་བཟུང་རྣམ་ཉིད་ དུ་འགྱུར་བ་ཡིན་ཏེ། གང་གི་ལས་ནི་སོ་སོ་ལ་རྣམ་འབྱེད་དེ་རྗེས་ཀྱི་ངེས་ཤེས་ཀྱིས་གཟུགས་ སོགས་རྟོགས་པའི་དོན་རྟོགས་སོར་སོར་འབྱེད་པས་སོ། །གལ་ཏེ་དབང་པོ་ཐ་དད་པས་དོན་ རྟོགས་ཐ་དད་པར་འཇོག་ཅེས་བྱེ་བྲག་པ་ཟེར་ན། རྒྱུ་དབང་དོན་དག་ཆོས་ཅན། ཁྱེད་རྣམས་ ཐ་དད་ཡོད་ཀྱང་ཐ་དད་ཀྱི་ལས་སྟེ་ཡུལ་སོ་སོ་ལ་རིག་ཙམ་དུ་ཐ་དད་མེད་པའི་སྒོ་ལྔའི་དབང་ ཤེས་འདི་དོན་རྟོགས་ཐ་དད་པར་ནི་ངེས་ཏེ་འཇོག་བྱེད་མ་ཡིན་པར་ཐལ། ཤེས་པའི་བདག་ ཉིད་དུ་གྱུར་པ་མིན་པས་སོ། ། རྒྱུ་མཚན་དེའི་ཕྱིར་འདི་དག་ཐ་དད་པ་སྟེ། བཟུང་རྣམ་སོ་སོ་བ་ཆོས་ཅན། གཟུགས་ སོགས་རྟོགས་པའི་དོན་རྟོགས་སོ་སོ་དེ་ཡི་སྒྲུབ་བྱེད་དུ་གྲུབ་པ་ཅན་ཡིན་ཏེ། ཁྱོད་ལས་ཁྱོད་ ཀྱིས་མིག་ཤེས་འདིས་གཟུགས་འདི་རྟོགས་པ་ཡིན་ཞེས་སོགས། བྱེད་པ་ཡི་ནི་ལས་ངེས་ཏེ། བྱ་བ་དོན་རྟོགས་སོ་སོར་འཇོག་བྱེད་ཡིན་པས་སོ། །དབང་པོ་གཟུགས་ཅན་ཆོས་ཅན། ཁྱོད་ གསལ་མི་གསལ་གྱི་རྣམ་པ་འགས་ཤེས་པའི་རང་བཞིན་ཐ་དད་པར་ནི་བྱེད་ན་ཡང༌། སྒོ་ ལྔའི་དབང་ཤེས་འདི་ནི་དོན་གཟུགས་སོགས་དང་ཡུལ་ཡུལ་ཅན་དུ་འབྲེལ་བའི་འཇོག་བྱེད་ མིན་པར་ཐལ། དོན་གྱི་ངོ་བོ་ལས་གཞན་ཏེ། གཟུགས་སོགས་ཀྱི་རྣམ་པར་སྣང་བ་མ་ཡིན་ པས་སོ། །གཞལ་བྱའི་རང་བཞིན་ཉིད་དེ་བློ་རང་ཉིད་གཟུགས་སོགས་ཀྱི་རྣམ་པར་སྣང་བ་ ཆོས་ཅན། གཞལ་བྱ་སྟེ། ཡུལ་གཟུགས་སོགས་རྟོགས་པའི་སྒྲུབ་བྱེད་ཡིན་ཏེ། དེ་ཡི་འཇོག་ བྱེད་ཡིན་པས་སོ། །དོན་རྟོགས་ཀྱི་སྒྲུབ་བྱེད་དོན་འདྲ་ལས་གཞན་དབང་སོགས་ཡིན་ན། སྒོ་ ལྔའི་དབང་ཤེས་འདི་ནི་ཆོས་ཅན། དེ་ལ་གཟུགས་སོགས་དང་ཡུལ་ཡུལ་ཅན་གྱི་འབྲེལ་པ་ མི་འགྲུབ་པར་ཐལ། དོན་འདྲ་མེད་པར་དབང་སོགས་ཀྱི་དོན་རྟོགས་སོ་སོར་འཇོག་པས་སོ། ། རྟགས་ཁས། དོན་འདྲ་ཡང་དོན་རྟོགས་ལས་རྫས་གཞན་ཡིན་ཞེ་ན། དོན་འདྲ་དེ་ཡང་ཆོས་ 1-1-273 ཅན། འབྲས་བུ་དོན་རྟོགས་ཁྱོད་ལས་དོན་གཞན་མིན་ཏེ། དོན་རྟོགས་དེ་ཡི་བདག་ཉིད་ཡིན་ པ་དེས་ནའོ། །འདྲ་བ་དོན་རྟོགས་བྱེད་པ་པོའི་ཤེས་པ་ལས་རྫས་ཐ་མི་དད་ན། དེ་གཉིས་བྱ་ བྱེད་དུ་མི་རུང་སྟེ། སྐྱེས་བུས་སྟ་རེས་ཤིང་གཅོད་པ་བཞིན་ཞེ་ན། དབང་ཤེས་ལས་དེ་ཆོས་ ཅན། རང་གི་ལས་གཟུགས་སོགས་ལ་ནི་བྱེད་པ་དང་བཅས་པ་ལྟ་བུར་སྣང་སྟེ། དོན་གཟུགས་ སོགས་རྟོགས་པའི་བདག་ཉིད་ཡིན་པར། ཁྱབ་སྟེ། ཆ་དེ་ནས་བྱ་བ་བྱེད་པར་བཞག་པས་སོ། ། རྟགས་གྲུབ་སྟེ། གཟུགས་དེའི་བདག་ཉིད་དེ་རྣམ་པར་སྤངས་ནས་རྣམ་པ་དེ་འཛིན་པ་ཡིན་ པའི་ཕྱིར། དེས་ན་དོན་འདྲ་དོན་རྟོགས་བྱེད་པ་པོ་ཤེས་པ་གཅིག་གི་ཆར་གྲུབ་བོ། །ཆོས་ཅན་ བདག་ཉིད་དེ་གཟུགས་སོགས་ཉིད་རྗེན་ཆེར་དུ་སྣང་ནས་འཛིན་པར་བྱེད་པ་པོ་ཡིན། དེ་ཡང་གཟུགས་སོགས་དེ་ཡི་རྣམ་པར་སྣང་བའི་དབང་གིས། དེ་རྟོགས་པར་བཞག་ པའི་ཕྱིར། དཔེར་ན་ནས་ཞེས་བརྗོད་ཀྱི་བར་གྱི་དོན། བུས་ཕ་ཡི་གཟུགས་མི་འཛིན་ཀྱང་ཕ་ དང་འདྲ་བར་འབྱུང་བས་ཕ་ཡི་གཟུགས་འཛིན་ཞེས་བརྗོད་པ་བཞིན། དོན་འདྲ་བོར་ནས་དོན་རྟོགས་འཇོག་མི་ནུས་པ་དེ་ཡི་ཕྱིར། མཐོང་བ་སྟེ་དོན་ལ་ལྟ་བའི་ ཤེས་པ་དང༌། དབང་པོ་དང༌། དབང་དོན་འབྲེལ་པའམ་ཕྲད་པ་དང༌། སྤྱི་ཡོན་ཏན་སོགས་ ཁྱད་པར་གྱི་བློ་དེ་དག་ཆོས་ཅན། དོན་རྟོགས་ཀྱི་རྣམ་འཇོག་གི་ཚད་མ་ཉིད་དུ་མི་འདོད་དེ། འདོད་པར་མི་རིགས་པར་ཐལ། ཁྱེད་དང་བྱ་བ་དོན་རྟོགས་ཀྱི་བར་དུ། དེ་འཇོག་ནུས་གཞན་ གྱིས་ཆོད་ནས་ཁྱོད་ཀྱིས་དེ་འཇོག་མི་ནུས་པའི་ཕྱིར། བྱ་བ་དོན་རྟོགས་ཆོས་ཅན། ཁྱོད་ལ་ནི་ དབང་སོགས་བྱེད་པ་ཐམས་ཅད་ཉེ་བར་སྦྱོར་ན་ཡང་དོན་རྟོགས་འཇོག་བྱེད་མ་ཡིན་ཏེ། ཆོད་ པའི་ཐ་མ་མ་ཆོད་པར་ཐ་དད་དེ། ཁྱོད་འཇོག་བྱེད་ཀྱི་དོན་འདྲ་གང་ཡིན་པ་དེ་ཡི་སྟེ་ཁྱོད་ཀྱི་ སྒྲུབ་བྱེད་དམ་རང་འདོད་པས་སོ། །དེ་དག་སོ་སོར་དགག་པ་སྟོན་པ་ནི། དབང་པོ་གཟུགས་ ཅན་ཆོས་ཅན། དོན་རྟོགས་སོ་སོར་འཇོག་ནུས་འདི་འདྲ་ཁྱོད་ལ་ཡོད་པ་མ་ཡིན་ཏེ། ཁྱོད་ 1-1-274 དབང་ཤེས་ཀུན་གྱི་མཚུངས་རྒྱུ་སྟེ་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར། ཆོས་ཅན། ཁྱོད་གསལ་མི་ གསལ་གྱིས་དབང་ཤེས་གསལ་མི་གསལ་སོགས་ཐ་དད་ཀྱང༌། འདི་འདི་ཤེས་བྱ་སྟེ། འདི་ གང་ལ་སྟེ་དོན་རྟོགས་སོ་སོར་འཇོག་བྱེད་མ་ཡིན་པར་ཐལ། ཁྱོད་དབང་ཤེས་རྣམས་ལ་རྣམ་ པ་ཐ་དད་པར་སྣང་བ་མེད་པས་སོ། ། དབང་པོ་ཚད་མ་མ་ཡིན་པ་བསྟན་པ་འདིས་ནི་བཤད་པ་ཡིན་ཅི་ཞེ་ན། ལྷག་མ་དོན་ལྟ་ སོགས་ཚད་མ་ཡིན་པ་ལ་དགག་པའོ། ཤེས་བྱ་ཆོས་ཅན། དོན་ལ་ལྟ་བའི་ཤེས་པ་དོན་རྟོགས་ ཀྱི་ཚད་མ་མ་ཡིན་པར་ཐལ། དེ་ཚད་མས་མ་གྲུབ་པའི་ཕྱིར། དོན་འདྲ་མེད་པས་སོ། །བྱེ་བྲག་ རིགས་པ་ཅན་པ་ན་རེ། ཁྱད་པར་གྱི་བློ་ཚད་མ་ཞེ་ན། སྤྱི་སོགས་འཛིན་པའི་ཁྱད་པར་གྱི་བློ་ ཡང་ཆོས་ཅན། ཁྱད་པར་ཅན་རྫས་འཛིན་གྱི་བློ་དང་དོན་རྟོགས་ཐ་དད་དུ་མེད་པར་ཐལ། དེ་ ཡི་དངོས་ཏེ་བཟུང་རྣམ་མེད་པས་སོ། །བློ་གཞན་ཁྱད་པར་ཅན་རྫས་འཛིན་དག་ཀྱང་ཆོས་ ཅན། །ཁྱད་པར་གྱི་བློ་དང༌། དོན་རྟོགས་སོ་སོར་མི་འགྲུབ་པ་དེ་བཞིན་དུ་ཐལ། གཟུང་རྣམ་ མེད་པས་སོ། །ཡང་དེ་ཆོས་ཅན། སྒྲུབ་བྱེད་དུ་མི་འདོད་པ་སྟེ། ཚད་འབྲས་སུ་མི་རིགས་པར་ ཐལ། གཅིག་ཡུལ་གཅིག་གིས་རྟོགས་མི་སྲིད་པའི་ཡུལ་ཐ་དད་ཡིན་པའི་ཕྱིར། དེ་གཉིས་བཟུང་དོན་གཅིག་ཡིན་ཞེ་ན། ཁྱད་པར་གྱི་བློ་ཡི་ཡུལ་ཆོས་ཅན། གཉིས་པ་ ཁྱད་པར་ཅན་གྱི་བློ་ཁྱོད་འཇལ་བྱེད་དུ་དོན་མེད་པར་ཐལ། ཁྱད་པར་གྱི་བློས་རྟོགས་ཟིན་ བྱེད་པ་མ་ཉམས་པས་སོ། །བློ་དེ་གཉིས་ཆོས་ཅན། རིམ་བཞིན་འབྱུང་བ་མེད་པར་འགྱུར། བཟུང་དོན་གཅིག་ལས་དངོས་སུ་སྐྱེས་པས་སོ། །བློ་གཉིས་ནི་ཅིག་ཆར་འབྱུང་བར་འདོད་ཅེ་ ན། དེ་ཡི་ཕྱིར། དེ་གཉིས་ཆོས་ཅན། བསྐྱེད་བྱ་སྐྱེད་བྱེད་ཀྱི་བསྒྲུབ་བྱ་སྒྲུབ་བྱེད་དུ་མེད་པར་ འགྱུར་རོ། །ཤེས་པའི་ཆ་འདྲ་བ་དོན་རྟོགས་དག་ཆོས་ཅན། ཅིག་ཆར་འབྱུང་ཡང༌། བྱ་བྱེད་དུ་ རུང་སྟེ། དེ་རྣམ་བཞག་ལ་བརྟེན་ནས་ཏེ་ཁྱེད་གཉིས་རྣམ་པར་བཞག་འཇོག་ཡིན་པས་བསྒྲུབ་ 1-1-275 བྱ་སྒྲུབ་བྱེད་དུ་བཞག་པས་སོ། །བྱེ་བྲག་པ་ན་རེ། དབང་དོན་འབྲེལ་པ་ཚད་མའོ་ཞེ་ན། ཤེས་ བྱ་ཆོས་ཅན། དབང་དོན་འབྲེལ་པ་དེ་དོན་རྟོགས་ཀྱི་ཚད་མ་མ་ཡིན་པར་ཐལ། མིག་དབང་དེ་ གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་དང་བདག་ཉིད་ཀུན་གྱི་འབྲེལ་ན་ཡང༌། མིག་ཤེས་ཀྱིས་ཆོས་ འགའ་ཞིག་སྟེ་གཟུགས་རྟོགས་པར་འགྱུར་བས་ཕྱིར། ཚད་མ་ཡིན་ན། མིག་ཤེས་ཆོས་ཅན། གཟུགས་རྟོགས་ཀྱི་དྲི་རོ་མ་རྟོགས་པའི་ངེས་པ་ འདིར་ནི་མི་འགྱུར་བར་ཐལ། རང་གི་བདག་རྐྱེན་མིག་དབང་དེ་གཟུགས་སྒྲ་དྲི་རོ་སོགས་ དང་འབྲེལ་བར་བྱེ་བྲག་མེད་པའི་ཕྱིར། འོ་ན་ཚད་མ་བ་གང་ཞེ་ན། དབང་ཤེས་ཆོས་ཅན། དོན་འདྲ་དེ་དོན་རྟོགས་འདི་ཡི་རྣམ་ འཇོག་གི་ཚད་མ་ཡིན་གྱི། དབང་དོན་འབྲེལ་པ་དེ་མིན་ཏེ། འབྲེལ་པ་ཐ་དད་མེད་ཀྱང༌། དོན་ འདྲ་གང་ལས་དོན་རྟོགས་ཐ་དད་དུ་མཚོན་ནུས་པའི་ཕྱིར། གལ་ཏེ་བདག་གི་ཡོན་ཏན་འདུས་ བྱས་ལ་དོན་ཐ་དད་དུ་སྐྱེ་དོན་འདྲ་དོན་མེད་དོ་ཞེ་ན། ཆོས་ཅན་འདུས་བྱས་ལ་ནི་མིན་པ་སྟེ་ ཕྱོགས་སྔ་དེ་མ་ཡིན་པར་ཐལ། དེ་དངོས་ཏེ་དོན་རྣམ་མེད་ན་དོན་རྟོགས་སོ་སོར་སྐྱེད་བྱེད་ཀྱི་ འདུས་བྱས་དེ་ཡང་བཞག་ཏུ་མེད་པའི་ཕྱིར་གལ་ཏེ་འདྲ་བ་དོན་རྟོགས་གཅིག་ཡིན་པས་བྱ་ བྱེད་དུ་འགལ་ལོ་ཞེ་ན། གཉིས་པ་དོན་རྟོགས་ཆོས་ཅན། གཅིག་ཡིན་པར་མི་རྟོགས་ཏེ། ཆོས་ དེ་ལྡོག་པ་ཐ་དད་པར་ཁས་ལེན་པའི་ཕྱིར། དངོས་སུ་སྟེ། རྫས་ཐ་དད་མེད་པར་འདོད་དེ། ཤེས་པ་གཅིག་གི་ཆ་ཡིན་པས་སོ། །སྟ་རེས་ཤིང་གཅོད་པ་སོགས་བྱ་བྱེད་ཐ་དད་པ་ཐམས་ ཅད་དག་ཆོས་ཅན། སྒྲོ་བཏགས་པ་ཙམ་དེ་ལྟར་རྣམ་པར་གནས་ཏེ། རྟོག་པའི་སྣང་ཡུལ་ ཙམ་ཡིན་པས་སོ། །དེ་དག་ཆོས་ཅན། བྱ་བྱེད་རྫས་སུ་དུ་བདེན་པ་མ་ཡིན་ཏེ། བྱ་བྱེད་དུ་སྒྲོ་ བཏགས་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །མདོར། ཡང་ན་རང་རིག་འབྲས་བུ་སྟེ། །ཞེས་པ་ འཆད་པའི་འབྲས་རྟོགས། 1-1-276 གཉིས་པ་ལ་གཉིས། བཟུང་འཛིན་བདེན་པ་བཀག་པ་དངོས། ཕྱི་རོལ་མེད་པས་ཚུལ་ གཉིས་སྒྲུབ་པའོ། །དང་པོ་ནི། དོན་སྨྲ་བའི་འབྲས་རྟོག་དེ་འགོག་སྟེ། མདོ་སྡེ་པ་ལ། དོན་རིག་ དེ་གང་ཡིན་ཞེས་དྲིས་པས། ཡུལ་ལྔ་མངོན་སུམ་དུ་རིག་པ་གང་ཡིན་པ་འདི་ཉིད་དེ། དེ་རྒྱུད་ སོ་སོ་རང་རིག་གིས་འགྲུབ་མོད། ཅེ་ན། དབང་ཤེས་དེ་ནི་འཇོག་བྱེད་གང་གིས་ཕྱི་རོལ་རིག་པའི་དོན་རིག་ཏུ་འཇོག་པ་ཡིན་ཞེས་ དྲིས་སོ། །ཕྱི་རོལ་དང་འདྲ་བ་ལས་དེར་འཇོག་པ་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། དེ་ལས་དེར་ འཇོག་པ་མི་འཐད་པར་ཐལ། དེ་ལས་དེས་ཁྱབ་པ་འཁྲུལ་བར་འགྱུར་བས་ཕྱིར་ཏེ། སྐྲ་སྣང་ དབང་ཤེས་འཁྲུལ་པས་མ་ངེས་པས་སོ། །དབང་ཤེས་འདི་ཡི་མྱོང་བྱའམ་རིག་བྱ་དེ་གང་ལས་ ཡིན་ཏེ་མེད་པར་ཐལ། འོན་ཏེ་ཕྱི་རོལ་མེད་པས་སོ་ཞེ་ན། སེམས་ཙམ་པ་ཆོས་ཅན། དབང་ ཤེས་ཀྱིས་ཕྱི་རོལ་རིགས་ཚུལ། མདོ་སྡེ་པས་ཁྱོད་ལ་འདྲི་བ་མི་རིགས་པར་ཐལ། དེ་ཉིད་མདོ་ སྡེ་པ་ལས་རྣམ་དཔྱོད་དེ་རྟོགས་པར་འདོད་པ་ཡིན་གྱི། དེ་རིགས་པ་རྣམ་དག་གིས་འགོག་ བཞིན་པའི་སྐབས་འདིའི་ནི་ཕྱིར། གལ་ཏེ་ཤེས་པ་དོན་དང་འདྲ་ན། རྡུལ་ཕྲན་རེ་རེ་བ་དང་ འདྲའམ། ཚོགས་པ་དང་འདྲ། དང་པོ་ལྟར་ན། དབང་ཤེས་ཆོས་ཅན། རྡུལ་ཕྲན་དེ་དག་རྒྱུ་མཚན་གང་གི་ཡིན་ན། ཁྱོད་ དེ་དང་འདྲ་བར་སྐྱེད་བྱེད་ཡིན་ཏེ་མ་ཡིན་པར་ཐལ། ཁྱོད་རགས་པར་སྣང་བས་སོ། །གཉིས་ པའང་མི་རིགས་ཏེ། རྡུལ་ཚོགས་པ་ལ་རགས་པ་གཅིག་མེད་པས་སོ། །ཆོས་ཅན། ཁྱོད་ཕྱི་ རོལ་དོན་དང་དངོས་དེ། བ་མ་ཡིན་པར་ཐལ། དེ་ཕྲ་རགས་གང་དང་ཡང་འདྲ་བ་མ་གྲུབ་པའི་ ཕྱིར། འདྲ་བ་ཡིན་དུ་ཆུག་ནའང་དབང་ཤེས་ཆོས་ཅན། དོན་དང་འདྲ་བ་ལས་དོན་མྱོང་བའི་ ངོ་བོས་ཏེ་འཛིན་པ་ཉིད་དུ་སྒྲུབ་པར་ནུས་པ་མ་ཡིན་པར་ཐལ། དེ་ལ་དེས་ཁྱབ་པ་འཁྲུལ་པ་ ཅན་ཡིན་པས་སོ། །གལ་ཏེ་འདྲ་བ་ཁོ་ནས་མ་ཡིན་གྱི། དེ་འདྲ་བ་དང༌། དོན་དེ་དང་འདྲ་བ་ 1-1-277 དང། དེ་ལས་བྱུང་བ་དེ་མྱོང་བ་སྟེ། དོན་རིག་པའི་མཚན་ཉིད་ཡིན་ཞེ་ན། སྔོ་འཛིན་མིག་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དྲན་པའི་བློ་ཆོས་ཅན། རང་དང་དོན་ཏེ་ ཡུལ་མཚུངས་པ་ཅན་གྱི་རྣམ་པར་ཤེས་པ་རང་གི་དེ་མ་ཐག་རྐྱེན་ཡིན་པ་དེ་མྱོང་བ་སྟེ། རང་ གི་བཟུང་ཡུལ་དུ་ཐལ། དེ་དང་སྐྱེས་ལ་འདྲ་བས་སོ། །ཁོ་བོས་འདི་མཐོང་འདི་ཐོས་ཞེས་བྱ་ བར་ཡུལ་གང་ལ་བློ་ནི་ངེས་པར་ནི་སྐྱེ་བའི་ཡུལ་དང་དབང་ཤེས་དེས་བཟུང་དོན་དུ་བྱས་ནས་ མྱོང་བ་སྟེ། འཛིན་པའི་མཚན་ཉིད་ཡིན་པས་སྐྱོན་མེད་དོ་ཞེ་ན། སྒྲ་སྣང་བ་དང༌། གཟུགས་ མཐོང་པའི་དབང་ཤེས་དེ་དག་ཆོས་ཅན། རྒྱུུ་མཚན་གང་གིས་ཕྱི་དོན་དང་བཟུང་ཡུལ་དང་ བཟུང་ཡུལ་ཅན་དུ་དྲན་ཤེས་ཀྱིས་ངེས་པ་དེ་ཕྱི་དོན་བཟུང་ཡུལ་དུ་བྱས་ནས་འཛིན་བ་དེ་ཡི་ སྒྲུབ་བྱེད་ཡང་དག་ཡིན་པར་འདོད་དེ། མ་ཡིན་པར་ཐལ། ཕྱི་དོན་ཁྱོད་ཀྱི་བཟུང་ཡུལ་དུ་ཉེ་ བ་དེ་ཉིད་དཔྱད་བྱ་སྟེ། ཚད་མས་མ་གྲུབ་པས་སོ། །ཁྱབ་སྟེ། ལྟ་བ་པོས་ཏེ། དབང་ཤེས་ཀྱིས་ ཕྱི་དོན་མཐོང་ཞེས་ངེས་པའི་དྲན་ཤེས་དོན་མཐུན་ཡིན་ན། དབང་ཤེས་དང་ཕྱི་དོན་དེ་དག་ ཡུལ་ཡུལ་ཅན་དུ་འབྲེལ་བ་ལ་བརྟེན་ནས་སྐྱེ་དགོས་པས་སོ། །སྔོན་བཞིན་དབང་ཤེས་དེའང་ ཆོས་ཅན། གཞན་ཕྱི་རོལ་འགའ་ཞིག་གི་མྱོང་བྱེད་མིན་ཏེ། དེའི་མྱོང་བྱ་དེ་རང་གི་བདག་ཉིད་ ཡིན་པས་སོ། །འོ་ན་མངོན་སུམ་གྱིས་གཟུགས་སོགས་སོ་སོར་མྱོང་ཞེ་ན། མིག་ཤེས་ཀྱིས་ མངོན་སུམ་དུ་སོ་སོར་རིག་བྱ་ཡང་ཆོས་ཅན། མིག་ཤེས་དང་གཟུང་འཛིན་དུ་བདེན་པ་མ་ ཡིན་ཏེ། མིག་ཤེས་དེ་ནི་དེ་ཡི་སྟེ་རིག་བྱ་རང་གི་བདག་ཉིད་ཡིན་པས་སོ། །དབང་ཤེས་ཆོས་ ཅན། རང་གི་མྱོང་བྱ་རང་ལས་རྫས་གཞན་ཕྱི་རོལ་མེད་དེ། བཟུང་འཛིན་བདེན་པ་བ་བཀག་ པ་དེས་ནའོ། །མྱོང་བྱེད་རྫས་གཞན་ཡོད་ཅེ་ན། ཆོས་ཅན། དེ་ལའང་མྱོང་བྱེད་རྫས་གཞན་ཡོད་པ་མིན་ཏེ། དེ་ཡོད་པ་དེར་ཡང་བཟུང་བ་ བདེན་པ་བ་བཀག་པའི་བཙད་པ་སྟེ་མཚུངས་པར་འཇུག་པའི་ཕྱིར། 1-1-278 དེ་ནི་ཆོས་ཅན། རང་ཉིད་གསལ་ཞིང་མྱོང་བ་ཡིན་ཏེ། བཟུང་བ་བདེན་པ་བ་མེད་པའི་ བློ་ཡིན་པས་སོ། །མྱོང་བྱ་ཕྱི་རོལ་མེད་ན་ཕྱི་རོལ་ཇི་ལྟར་མྱོང་ཞེ་ན། རང་བཞིན་ཉམས་སུ་ མྱོང་བ་སྟེ། སྔོ་སོགས་འཛིན་པའི་དབང་ཤེས་ཆོས་ཅན་ཕྱི་རོལ་སོགས་སྔ་མ་མྱོང་བར་ཡང་སྔོ་ སོགས་མྱོང་བར་གནང་བའི་རྒྱུ་མཚན་ཡོད་དེ། དོན་ལ་རང་གི་ངོ་བོ་མྱོང་བར་གྱུར་ཀྱང༌། སྔོ་ སོགས་དེ་ཡི་ངོ་བོ་སྟེ་རྣམ་པར་སྣང་བ་དེ་མྱོང་པའི་རྒྱུ་མཚན་གྱིས་སྔོ་སོགས་མྱོང་བར་སྣང་བ་ ཙམ་ཡིན་པས་སོ། །གལ་ཏེ་ཤེས་པ་རང་གིས་རང་མྱོང་བ་མི་འཐད་དེ། རང་ལ་བྱེད་པ་འགལ་ བས་སོ། །ཞེ་ན། ཇི་ལྟར་གསལ་བྱེད་སྒྲོན་མེ། རང་གི་ངོ་བོ་རབ་ཏུ་གསལ་བའི་བདག་ཉིད་དུ་སྐྱེས་པའི་ ཕྱིར་ན། གསལ་བར་བྱེད་པ་ཉིད་དུ་འཇིག་རྟེན་ན་འདོད་པ་དེ་ལྟར་ན་དོན་སྣང་གི་བློ་ཆོས་ ཅན། རང་ཉིད་རང་དང་བྱ་བྱེད་རྫས་ཐ་དད་པའི་རང་རིག་ཡིན་པས་དེར་བརྗོད་པ་མ་ཡིན་ཏེ། རང་ཉིད་གསལ་བའི་ངོ་བོར་སྐྱེས་པའི་སྒོ་ནས་བདག་ཉིད་རིག་པ་ཅན་ཡིན་པའི་ཕྱིར། དབང་ ཤེས་དེ་ཡི་རིག་བྱ་དོན་གཞན་ཕྱི་རོལ་ཡིན་ན། དེ་ཡི་ཕྱིར། སྔོ་འཛིན་དབང་ཤེས་ཆོས་ཅན། སྔོན་པོ་དང་ཚོར་བྱ་ཚོར་བྱེད་དུ་འཐད་པར་དཀའ་སྟེ། མྱོང་བྱ་མྱོང་བྱེད་དུ་མི་རིགས་པར་ཐལ་ ལོ་གཟུང་འཛིན་མེད་ན་གཟུང་འཛིན་དུ་སྣང་བ་ཇི་ལྟར་ཞེ་ན། དབང་ཤེས་ཆོས་ཅན། གཟུང་ འཛིན་བདེན་པ་མེད་པས་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་སྣང་བ་ལ་བཙད་བྱ་མ་ཡིན་ ཏེ། རིག་བྱ་རིག་བྱེད་རྣམ་པ་སྟེ། གཟུང་འཛིན་པར་མེད་ཀྱང༌། གང་ཚེ་གཟུང་འཛིན་རྣམ་ པར་ཕྱེ་བའི་མཚན་ཉིད་དེ་གཟུང་འཛིན་ཐ་དད་པའི་དབྱེ་བས་རྣམ་པར་སླད་པ་ཅན་གྱི་ཤེས་ པ་འཁྲུལ་པས་གཟུང་འཛིན་དུ་ཇི་ལྟར་མཐོང་བ་དེ་ལྟར་དུ་རྣམ་བཞག་བྱས་པས་སོ། །དཔེར་ ན་སྐྲ་ཤད་སོགས་མེད་ཀྱང༌། སྐྲ་སོགས་སྣང་བའི་ཤེས་པ་ལ་གཟུང་འཛིན་ཐ་དད་སྣང་བ་ 1-1-279 བཞིན་ནོ། །ཕྱི་རོལ་མེད་པ་དེས་ན། གཉིས་སྣང་གི་བློ་ཆོས་ཅན། རང་རིག་འབྲས་བུ་ཡིན་ པར་འདོད་པ་རིགས་ཏེ། གཞན་ཕྱི་དོན་རིག་པ་མེད་པའི་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་ དབང་ཤེས་ཀྱིས་ཕྱི་རོལ་མཐོང་བར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། སེམས་ཙམ་པ་ཆོས་ཅན། དབང་ཤེས་ཀྱིས་ཕྱི་དོན་འཛིན་ན། ཁྱོད་ཉམ་ཐག་པ་ལ་སོགས་པར་འགྱུར་འགྱུར་བས། རང་ རིག་འབྲས་བུར་འདོད་པ་མ་ཡིན་ཏེ། དེ་འཛིན་པས་ཁྱོད་ཉམ་ཐག་པ་ལ་སོགས་པ་ཅི་ཡང་ མེད་པས་སོ། །གལ་ཏེ་དབང་ཤེས་ཀྱིས་ཕྱི་རོལ་མྱོང་བར་འགྱུར་ཞེས་པའི་ཁྱོད་ཀྱི་ཐ་སྙད་ འདི་ཉིད་ཀྱིས་ནི་དོན་དམ་པར་ཅི་ཞིག་བརྗོད་པར་འགྱུར་ཞེས་དྲིས་པས། གལ་ཏེ་དབང་བློ་ ནི་ཆོས་ཅན། དོན་རིག་སྟེ། དེ་ཡི་རྣམ་པར་ཅན་དུ་སྐྱེས་པས་སོ་ཞེ་ན། སྔོ་སོགས་ཀྱི་རྣམ་པ་ རྗེས་སུ་ཞུགས་པ་ཅན་གྱི་བློ་ཡོད་མོད། བློ་དེ་ཆོས་ཅན། གཟུང་དོན་ཕྱི་རོལ་ལས་སྐྱེས་པ་མ་ ཡིན་ཏེ། ཁྱོད་ལ་དོན་གྱི་རྣམ་པར་སྣང་བ་དེ་ཕྱི་རོལ་སྐྱེས་སམ། གཞན་བག་ཆགས་ལས་སྐྱེས་ ཞེས་པ་འདི་ནི་དཔྱད་པར་རིགས་པ་མ་ཡིན་ལ། དཔྱད་ན་ཕྱི་མ་དེར་རིགས་པས་སོ། ། སྔོ་འཛིན་མིག་ཤེས་ལ། སྔོན་པོར་སྣང་བ་ཆོས་ཅན། མཐོང་བ་སྟེ་ཤེས་པ་ཡིན་གྱི་ཕྱི་རོལ་ དུ་མེད་པར་ཐལ། སྔོན་པོ་མཐོང་བའི་དབང་ཤེས་དམིགས་པའི་ཁྱད་པར་དང་བྲལ་ན་ཁྱོད་ མི་འཛིན་དེ་འཛིན་ན་ཁྱོད་འཛིན་པ་སྟེ་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དེས་ན་དབང་ ཤེས་ཆོས་ཅན། གཟུང་དོན་ཕྱི་རོལ་ཡན་གར་བ་ཡོད་པ་མ་ཡིན་པར་ཐལ། རང་སྣང་ཤེས་པ་ རང་གི་བདག་ཉིད་ཡིན་ཅིང། དེ་ལས་མ་རྟོགས་པའི་ཕྱི་དོན་མེད་པས་སོ། །འོ་ན་དབང་ཤེས་ རེས་འགའ་སྐྱེ་བར་མི་འགྱུར་རོ་ཞེ་ན། དབང་ཤེས་རེས་འགའ་སྐྱེ་བའི་སྐབས་འདིར་ཆོས་ ཅན། ཕྱི་རོལ་དོན་ལ་ལྟོས་ནས་དབང་ཤེས་རེས་འགའ་འབྱུང་བ་མ་ཡིན་ནོ། །འཇུག་ཅེས་སྔ་ མ་འགའ་ཞིག་ནི་ཕྱི་མ་འགའ་ཞིག་གི་བག་ཆགས་རབ་ཏུ་སད་པར་བྱེད་པ་དེའི་ཕྱིར་རམ་རྒྱུ་ མཚན་གྱིས། དབང་བློ་རེས་འགའ་སྐྱེ་བར་ངེས་པའི་ཕྱིར། 1-1-280 གཉིས་པ་ནི། ཅིག་སྟེ་སྔོ་འཛིན་དབང་ཤེས་ཆོས་ཅན། རང་ཉིད་བཟུང་དོན་གྱི་ཚུལ་ གཉིས་སུ་ཡོད་དེ། ཕྱི་རོལ་ཡན་གར་བ་མེད་པའི་དབང་ཤེས་ཡིན་པ་དེའི་ཕྱིར། དེས་ན་ཆོས་ ཅན། བློ་འདི་ཡི་ཚུལ་རྣམ་པ་གཉིས་ཡོད་དེ། གང་གི་ཕྱིར་ན་དེ་ལྟར་མྱོང་བ་དང༌། མྱོང་བ་ ལྟར་དུས་ཕྱིས་དྲན་པས་སོ། །དེས་ན། བཟུང་རྣམ་གཞལ་བྱ། འཛིན་རྣམ་ཚད་མ། མྱོང་བ་ རང་རིག་པ་ནི་འབྲས་བུ་ཡིན་ནོ། ། གསུམ་པ་ལ་གཉིས་ལས། དང་པོ་དོན་རིག་འབྲས་བུ་ཡིན་པའི་སྒྲུབ་བྱེད་ནི། གང་གི་ ཚེ་ཕྱི་རོལ་གྱི་འདོད་མི་འདོད་དེ་ཡི་དངོས་པོ། གཞལ་བྱར་གྲུབ་པའི་དབང་པོའི་རྣམ་རིག་མ་ འཁྲུལ་བ་ཆོས་ཅན། ཕྱི་ཡི་འདོད་མི་འདོད་དེ་ཡི་རྣམ་པར་སྣང་ན་དེ་ལྟར་ཏེ། སྒོ་ནས་ཕྱི་ཡི་ འདོད་མི་འདོད་སོགས་མྱོང་བ་སྟེ། རིག་པར་བཞག་པ་འཐད་པ་ཡིན་ཏེ། གཞན་ཕྱི་ཡི་འདོད་ མི་འདོད་སོགས་རང་གི་རྒྱུར་གྱུར་པའི་བཟུང་ཡུལ་ཡིན་པས་སོ། །དེས་ན་དོན་གཞལ་བྱ། དོན་འདྲ་ཚད་མ། དོན་རིག་འབྲས་བུ་སྟེ་སྔར་གྱི་འབྲས་རྟོག་ངོ་གཉིས་སྒྲུབ་ལ། རང་རིག་གི་ འབྲས་རྟོག་ལ་ལྟོས་ཏེ། འབྲས་རྟོག་གཉིས་པ་ཞེས་ལྷ་ཤག་གོ། ཡང་དེ་འདྲའི་རྣམ་རིག་ཆོས་ ཅན། བློ་རང་ཉིད་འདོད་མི་འདོད་དེ་ལྟར་མྱོང་བ་ཡིན་ཏེ། འདོད་མི་འདོད་སོགས་སུ་མྱོང་ ཞིང༌། གཞན་ཕྱི་ཡི་འདོད་མི་འདོད་སོགས་ཀྱི་དངོས་པོ་མ་གྲུབ་པའི་ཕྱིར། ཞེས་རྒྱན་རྒྱལ་ ཅན་ཏེ། རང་རིག་གི་འཕྲོས་སུ་མཛད་པའོ། ། གཉིས་པ་རང་རིག་ཡིན་པའི་སྒྲུབ་བྱེད་ནི། དེ་ཡི་ངོ་བོ་ལས་དོན་ངེས། ཞེས་པ་འཆད་དེ། དབང་ཤེས་ཆོས་ཅན། ཡུལ་དང་བཅས་པའི་ཡིན་ཏེ། རང་གི་བཟུང་རྣམ་ཡུལ་དུ་ཡོད་པའི་ ཆ་ལ་དོན་ཏེ་ཡུལ་དུ་བཞག་པའི་ཕྱིར། དབང་ཤེས་ཆོས་ཅན། བདག་ཉིད་ཉམས་སུ་མྱོང་སྟེ་ བློ་རང་ཉིད་བཟུང་བར་སྣང་བ་གང་ཡིན་པ་དེ་ཉིད། རྗེས་ཀྱི་དྲན་ཤེས་ཀྱིས་དོན་དུ་རྣམ་པར་ ངེས་པར་བྱེད་པ་ཙམ་ཡིན་པའི་ཕྱིར་ཏེ། གང་གི་ཚེ་ཕྱི་དོན་གྱིས་སྟོང་བ་དོན་དུ་སྣང་བ་དེའི་ 1-1-281 ཚེ་སྟེ། དེ་ཡི་ཕྱིར། དབང་ཤེས་འདི་ཆོས་ཅན། རང་རིག་པའི་བདག་ཉིད་ཡིན་ཏེ། ཤེས་པ་ བདག་ཉིད་འདོད་པའི་རྣམ་པ་དང་རྣམ་པ་གཞན་དུ་མི་འདོད་པའི་རྣམ་པར་མྱོང་བར་གྱུར་པ་ ན། དེ་ཙམ་གྱིས་འདོད་མི་འདོད་པའི་དོན་རིག་པར་བཞག་པ་འགྱུར་བ་ཙམ་ཡིན་པས་སོ། ། བཞི་པ་ལ། མདོར། གང་གི་ཚེ་ཕྱི་རོལ་གྱི་དོན་འབའ་ཞིག་གཞལ་བྱར་བྱེད་པ་དེ་ཡི་ཚེ། ཡུལ་གྱི་རྣམ་པ་འདི་ཉིད་འདིའི་ཚད་མ་དེ་ཡིས་འཇལ་བར་བྱེད། ཅེས་པ་འཆད་དེ། དབང་ཤེས་ཆོས་ཅན། ཕྱི་རོལ་དོན་ནི་ཡོད་ན་ཡང༌། རང་རིག་སྟེ། ཇི་ལྟར་རང་ཉམས་སུ་ མྱོང་བ་ཉིད་ཡིན་པ་དེ་ལྟར་ངེས་པའི་བདག་ཉིད་དེ། དོན་རྟོགས་པར་བཞག་པས་སོ། །ཆོས་ ཅན། ཕྱི་དོན་རང་ངོ་བོས་ཏེ་རྗེན་ཆེར་དུ་སྣང་ནས་མྱོང་བ་མ་ཡིན་ཏེ། ཡིན་ན་སྐྱོན་ཡོད་པའི་ ཕྱིར་ཅི་མོད་ན། སྐྱེས་བུ་གཅིག་གི་གཟུགས་ཆོས་ཅན། ཕྱི་རོལ་གྱི་ཡིད་དུ་འོང་མི་འོང་དུ་མའི་ བདག་ཉིད་དུ་ཐལ། དབང་ཤེས་མ་འཁྲུལ་བ་གཉིས་ཀྱིས་དེ་གཉིས་སུ་སྣང་ནས་མྱོང་བས་སོ། ། ཁས་བླངས་ཏེ་འདོད་ཅེ་ན། སྐྱེས་བུ་གཅིག་གི་གཟུགས་ལ་དགྲ་གཉེན་གཉིས་ཀྱིས་ལྟ་བའི་ དབང་ཤེས་ཆོས་ཅན། སྐྱེས་བུ་གཅིག་གཟུགས་དེ་ཡིད་དུ་འོང་མི་འོང་གི་རྣམ་པ་ཐ་དད་པས་ ཏེ། རེ་རེ་ནི། མྱོང་བར་མི་འགྱུར་བར། གཉིས་གཉིས་ཀྱིས་མྱོང་བར་ཐལ། དེ་གཉིས་གཉིས་ སུ་གནས་པ་ཇི་བཞིན་མྱོང་བས་སོ། །གལ་ཏེ་གཅིག་གིས་གཉིས་པོ་དེ་ལ་ལྟ་བའི་ཚེ། ཆོས་ དང་ཆོས་མིན་པའི་ལས་ཀྱིས་ཡིད་དུ་འོང་མི་འོང་རེ་རེ་བསྒྲིབས་པའི་ཕྱིར་གཉིས་གཉིས་སུ། མཐོང་བ་མིན་ཞེ་ན། ཆོས་ཅན། དོན་གྱི་དབང་གིས་ཏེ་ཕྱི་རོལ་ཇི་བཞིན་མྱོང་ནས་རྟོགས་པར་ མི་འགྱུར་བར་ཐལ། རང་ཡུལ་ཡིད་དུ་འོང་མི་འོང་དུ་མར་ཡོད་པ་དེ་ལས་ཀྱི་དབང་གིས་རེ་རེ་ ཁོ་ནར་མྱོང་བས་སོ། ། ཡང་མ་མཐོང་བའི་ལས་དེ་ཆོས་ཅན། དབང་ཤེས་ཀྱིས་བཟུང་དོན་མཐོང་བ་སྟེ། མྱོང་ བར་བྱེད་པར་ཇི་ལྟར་འགྱུར་བ་ཡིན་ཏེ་མ་ཡིན་པར་ཐལ། ཡིད་དུ་འོང་མི་འོང་དུ་མའི་བདག་ 1-1-282 ཉིད་དངོས་པོ་གཅིག་པུ་དེ་ལ་དབང་ཤེས་ཀྱིས་ཅིག་གི་བདག་ཉིད་དུ་མཐོང་བར་བྱེད་པའི་ ཕྱིར། ཡུལ་གཅིག་ལ་འདོད་དང་མི་འདོད་པར་སྣང་བ་ནི་ཡིད་རྟོག་ཡིན་གྱི་བློ་དབང་ཤེས་ མིན་པས་འདིར་མ་འབྲེལ་ཞེ་ན། ཤེས་བྱ་ཆོས་ཅན། དབང་ཤེས་དེ་ལའང་ཡུལ་གཅིག་ཡིད་ དུ་འོང་མི་འོང་དུ་སྣང་བ་མེད་པར་མིན་པར་ཐལ། འཆི་ལྟས་སོགས་ཀྱིས་ཟིན་པས་སྔར་ཡིད་ དུ་འོང་བར་སྣང་བ་མཚམས་སྦྱོར་མེད་པས་ཏེ། ཡིད་དུ་མི་འོང་བར་སྣང་བའི་དབང་པོའི་ སེམས་མཐོང་བས་སོ། ། ཕྱི་རོལ་ཇི་བཞིན་མི་མྱོང་བ་དེ་ཡི་ཕྱིར། ཕྱི་རོལ་གཞལ་བྱ་སྟེ་དོན་ཁས་ལེན་པར་བྱེད་ པ་ལ་ཡང་ཆོས་ཅན། དཔྱད་ན་རང་ཉིད་ཉམས་མྱོང་སྟེ་རང་རིག་འབྲས་བུ་ཡིན་པར་རིགས་ ཏེ། གང་གི་ཕྱིར་ན་ཤེས་པ་འདི་ཡིད་དུ་འོང་མི་འོང་སོགས་ཀྱི་རང་བཞིན་ཏེ་རྣམ་པ་སྣང་བ་དེ་ ལྟར་དོན་ནི་རྣམ་པར་ངེས་པ་སྟེ་དོན་རྟོགས་པར་བཞག་པས་སོ། །གལ་ཏེ་རང་རིག་འབྲས་བུ་ ཡིན་ན། འཛིན་རྣམ་ཚད་མར་འགྱུར་ཞེས་སེམས་ཙམ་པ་ཟེར་ན། ཕྱི་རོལ་གཞལ་བྱར་བྱས་པ་དེ་ཡི་ཚེ་ཆོས་ཅན། དོན་སྣང་འདི་ཉིད་དེ། བཟུང་རྣམ་ཚད་ མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་གཙང་མི་གཙང་ལ་སོགས་པའི་དོན་བདག་སྟེ། དོན་རྣམ་དེ་ ཤེས་ལ་གནས་ཇི་ལྟར་བུར་ཏེ་སོ་སོར་སྣང་བ་དེ་ཡི་དབང་གིས་དོན་འདི་ནི། གཙང་མི་གཙང་ དེ་ལྟར་གནས་སོ་ཞེས་ངེས་པ་སྟེ་འཇོག་པར་བྱེད་པས་སོ། །དེ་ཡི་ཚེ། འཛིན་བདག་སྟེ་འཛིན་ རྣམ་ཆོས་ཅན། ཤེས་པ་ཐམས་ཅད་ལ་ཡོད་དུ་ཟིན་ཀྱང་ཕྱི་རོལ་དུ་གཞལ་བྱ་ལ་ལྟོས་པའི་ཚད་ མ་མ་ཡིན་ཏེ། རང་གི་རིག་བྱ་རང་ལས་གཞན་མིན་པར་རང་གི་ཆ་ཡིན་པའི་ཕྱིར་དབང་ཤེས་ ཆོས་ཅན། རང་ལ་བདག་ཉིད་རིག་པ་ཡིན་ཏེ། རང་ལ་དོན་དུ་སྣང་བ་རིག་པའི་ཤེས་པ་ཡིན་ པ་དེ་ཡི་ཕྱིར། རྣམ་པ་ཤེས་པ་ཡིན་པ་དེ་ཡི་ཕྱིར། དབང་ཤེས་ཆོས་ཅན། དོན་གྱི་རྣམ་པ་སྣང་ བ་དེ་ཉིད་ཀྱི་སྒོ་ནས་དོན་རིག་པར་འདོད་དེ། འདི་ལྟར་དེ་རིག་ཅིང་ཕྱི་དོན་དོན་བདག་ཏེ། ཕྱི་ 1-1-283 དོན་རྗེན་ཆེར་དུ་སྣང་བ་ཡིན་པས་སོ། །བློ་ལ་ནི་གནས་དོན་ཏེ་སྣང་བའི་བཟུང་རྣམ་རང་རིག་ པའི་རང་བཞིན་དུ་གྱུར་པའི་དོན་རྟོགས་པ་དེ་ཡི་སྒྲུབ་བྱེད་ཡིན་ཏེ། གང་གི་ཕྱིར་ན། ཇི་ལྟར་ དོན་གྱི་རྣམ་པ་དེ་ཇི་ལྟར་གནས་པ་སྟེ། སྣང་བ་ལྟར་དུ་དོན་ལ་རང་རིག་ཡིན་པའི་དོན་རྟོགས་ ཏེ་རབ་ཏུ་གསལ་བ་སྟེ་འཇོག་པས་སོ། །དོན་ལ་རང་རིག་ཡིན་པའི་དོན་རྟོག་སྟེ་ཆོས་ཅན། བཟུང་རྣམ་དེ་ཡི་བྱ་བ་ཡིན་ཏེ། དེ་ཡི་རྣམ་བཞག་ཡིན་པས་སོ། །རང་རིག་པའི་རང་བཞིན་དུ་ གྱུར་པའི་དོན་རྟོགས་དེ་ཡི་སྒྲུབ་བྱེད་ནི། ཞེས་ཆོས་མཆོག་གི་བཤད་པ་དང༌། ཛྙ་ན་ཤྲཱིས་དོན་ རྟོགས་པ་དེ་ཡི་སྒྲུབ་བྱེད་ཅེས་སོགས་གསུངས་པའི་ཕྱིར། འདིར་འབྲས་བུ་དངོས་རང་རིག་ པའི་རང་བཞིན་དུ་གྱུར་པའི་དོན་རིག་པར་ཡིན་པར་ངེས་སོ། །བཟུང་རྣམ་ཕྱི་ལ་འཇུག རང་ རིག་ཤེས་པ་ལ་འཇུག་པས། ཚད་འབྲས་ཏེ་གཉིས་ཡུལ་སོ་སོར་འགྱུར་ཞེ་ན། དབང་ཤེས་ ཆོས་ཅན་དོན་ལ་རང་རིག་གིདོན་འཇོག་སྟེ། རང་ལ་དོན་དུ་སྣང་བ་དེ་དེ་ཡི་བདག་ཉིད་ ཡིན་པའི་ཕྱིར། དེ་ལྟར་ཡིན་ཡང་ཆོས་ཅན་དོན་རིག་ཏུ་འདོད་དེ། དོན་གྱི་རྣམ་པར་སྣང་བས་ སོ། །འབྲས་རྟོག་གསུམ་པའི་ཚད་འབྲས་གཉིས་ཆོས་ཅན། གཅིག་ཤོས་པ་ཁོ་ན་ལ་གཅིག་ ཕྱི་རོལ་ཁོ་ན་ལ་འཇུག་པའི་རྒྱུ་མཚན་གྱིས་གཅིག་ཡུལ་ཅིག་གིས་རྟོགས་མི་སྲིད་པའི་ཡུལ་ཐ་ དད་པ་མིན་པར་ཐལ། གཅིག་ཤེས་པ་ཁོ་ན་འཇུག་པ་མ་ཡིན་པའི་ཕྱིར་ཏེ། གཉིས་ཀ་ཕྱི་དོན་ རྟོགས་བྱེད་དུ་འཇུག་པ་དེའི་ཕྱིར། འབྲས་བུ་རང་རིག་པའི་རང་བཞིན་དུ་གྱུར་པའི་དོན་རིག་ ཡིན་པས་སོ། །འོ་ན་རང་རིག་འབྲས་བུ་ཇི་ལྟར་བཤད་ཅེ་ན། ཕྱི་རོལ་གཞལ་བྱ་ལ་རང་རིག་ འབྲས་བུར་བཤད་པ་ཆོས་ཅན། དགོས་མེད་མ་ཡིན་ཏེ། ཤེས་པ་རང་གི་ངོ་བོ་དཔྱོད་པ་ན་ དོན་རིག་ཀུན་དོན་ལ་རང་རིག་དེའི་བདག་ཉིད་དེ། དངོས་པོ་ཡིན་པས་སོ། །དེ་ཡི་ཕྱིར། དེ་ དག་གིས་འབྲས་ཏོག་གསུམ་པ་རྫོགས་ནས། སེམས་ཙམ་གྱི་དེ་འགོག་སྟེ། ཅེས་ཆོས་མཆོག་ གིས་བཤད་པ་ལྟར་ལ། 1-1-284 འདོད་མི་འདོད་སོགས་དེ་ལྟར་སྣང་བའི་ཤེས་པ་རྣམས་ཆོས་ཅན། ཕྱི་རོལ་དེ་དང་འདྲ་ བའམ། གཞན་བག་ཆགས་དང་འདྲ་ཡང་རུང༌། ཕྱི་དོན་ནི་ཁྱོད་ཀྱི་རྒྱ་ཡིན་པས་གཞལ་བྱ་ཉིད་ དུ་འདོད་པར་རིགས་པར་ཐལ། དེ་ཡི་སྒོ་ནས་དེ་རིགས་པའི་ཕྱི་དོན་ལ་སྐྱེས་འདྲའི་སྒོ་ནས། དེ་རིགས་པ་གང་ཅིག་ཡིན་ནས། ཕྱི་མ་དེ་མིན་པའི་ཕྱིར། དེར་ཐལ། ཕྱི་རོལ་སྔར་འཐོང་བ་ མེད་པས་སོ། །མ་གྲུབ་ན། དེ་ཕྱི་རོལ་མི་སྣང་བར་རང་རིག་པའི་སྒོ་ནས་དོན་རིག་པར་འདོད་ པ་བུད། ཟུར་སྔ་མ་ཁས། དབང་ཤེས་ཆོས་ཅན་ཇི་ལྟར་བཟུང་དོན་ཕྱི་རོལ་འཛིན་ཏེ་མི་འཛིན་ པར་ཐལ། ཇི་ལྟར་ནོན་གྱི་རྣམ་པ་འགའ་ཞིག་ལྟར་གྱི་དོན་དངོས་མེད་པར་དོན་དུ་སྣང་བ་ ཅན་ཡིན་པས་སོ། །ཞེ་ན། ཐལ་བ་དེ། བདེན་མོད་ཀྱི་འདོད་པ་ཡིན་ནོ། །རྒྱུ་མཚན་ནི། དབང་ ཤེས་ཆོས་ཅན་ཕྱི་དོན་བཟུང་ཡུལ་ཡིན་པ་དེ་འདྲ་ངས་ཀྱང་མི་ཤེས་སྣང་བ་ལྟར་གྱི་ཕྱི་དོན་ནི་ མེད་པས་སོ། ། ལྔ་པ་ལ། མདོར། གང་ཚེ་སྣང་བ་དེ་གཞལ་བྱ། །ཚད་མ་དང་དེའི་འབྲས་བུ་ནི། །འཛིན་ རྣམ་རིག་པའོ་དེ་ཡི་ཕྱིར། །དེ་གསུམ་ཐ་དད་དུ་མ་བྱས། །ཞེས་པ་འཆད་དེ། བློ་བདག་དེ་དོན་སྣང་གི་བློ་རྫས་གཅིག་ཆོས་ཅན། དོན་དམ་པར་གཟུང་འཛིན་ཐ་དད་ དུ་རྣམ་དབྱེར་མེད་ཀྱང༌། གཟུང་འཛིན་རིག་པ་གསུམ་གྱི་རྣམ་བཞག་བྱར་རུང་ཕྱིན་ཅི་ལོག་ སྟེ། མ་རིག་པས་འཁྲུལ་བའི་མཐོང་བ་པོ་སྐྱེས་བུ་རྣམས་ཀྱི་གཟུང་དང་འཛིན་མྱོང་བ་དག་ཐ་ དད་དུ་མ་དང་ལྡན་པ་བཞིན་དུ་རྟོགས་པར་འགྱུར་བས་སོ། ། དཔེར་ན། མིག་གི་དབང་པོ་སྔགས་དང་སྨན་ལ་སོགས་ཀྱིས་སླད་པས་རྣམས་ལ་འཇིམ་ དུམ་སོགས། རྟ་གླང་དེ་ཡི་གཟུགས་དང་བྲལ་ན་ཡང་རྣམ་པ་གཞན། རྟ་གླང་དུ་སྣང་བ་བཞིན་ ནོ། །སྔགས་ཀྱི་ནུས་པས། དེར་སྐྱེས་པས་དེར་སྣང་ངོ་ཞེ་ན། ཤེས་བྱ་ཆོས་ཅན། དེ་མ་ཡིན་ པར་ཐལ། དེར་ཡོད་ན་སྒྱུ་མས་མ་སླད་མིག་ཅན་གྱི་དེར་མཐོང་དགོས་པ་ལ་དེ་ལྟར་མཐོང་བ་ 1-1-285 མེད་པའི་ཕྱིར། དཔེ་གཞན་ཡང་ཡོད་དེ། དཔེར་ན། ཤིང་ཆུ་མེད་པའི་མྱ་ངམ་གྱི་ཐང་ལ། ཐག་ རིང་པོ་ན་གནས་པའི་ཆུང་ངུ་ཆེན་པོར་སྣང་བ་བཞིན། དོན་དང་བློ་རྫས་གཅིག་ཆོས་ཅན། དོན་དམ་པར་བཟུང་འཛིན་རིག་པ་ཐ་དད་གསུམ་དུ་ ཡོད་ནས་གསུམ་དུ་བཞག་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པ་རིག་པ་དག་ཐ་དད་གསུམ་ དུ་ཡོད་པ་མིན་ཀྱང༌། གཞལ་བྱ་འཇལ་བྱེད་འབྲས་བུར་གནས་པ་འདི་ནི་འཁྲུལ་ངོར་ཇི་ལྟར་ སྣང་བ་བཞིན་ཐ་དད་བྱས་པ་ཡིན་པའི་ཕྱིར། གསུམ་དུ་སྣང་བ་དེ་གསུམ་དུ་མི་བདེན་པས་དེ་ ལྟ་མ་ཡིན་ན། གཟུང་འཛིན་རིག་པ་སྣ་ཚོགས་ཀྱི་ངོ་བོ་སྣང་བ་ཅན་བློ་དངོས་གཅིག་སྟེ་རྫས་ གཅིག་ཆོས་ཅན། དེ་གསུམ་གྱི་རྣམ་པའམ་ཆར་རྣམ་ཇི་ལྟར་བདེན་འགྱུར་ཏེ། མི་བདེན་པར་ ཐལ། བློ་རྫས་གཅིག་ཡིན་པས་སོ། །ཁྱབ་སྟེ། དེར་བདེན་ན་རྫས་གཅིག་ཡིན་པ་ཉིད་ཉམས་པའི་ཕྱིར་བློ་རྫས་གཅིག་ཉིད་གསུམ་དུ་ བདེན་ན། ཤེས་བྱ་ཆོས་ཅན། བདེ་སྡུག་རྫས་གཞན་ཉིད་ཡིན་པ་ཉམས་པར་ཐལ་ལོ། །བློ་ གཅིག་ལས་གཟུང་འཛིན་རིག་གསུམ་དུ་སྣང་བའི་ཆ་དེ་ཆོས་ཅན། གཅིག་ཏུ་བདེན་པ་མ་ ཡིན་པར་ཐལ། བློ་མ་འཁྲུལ་པས་རང་བཞིན་སྟེ་གཅིག་ཏུ་མཐོང་བ་མེད་པའི་ཕྱིར། ཁྱབ་སྟེ། བློ་མ་ འཁྲུལ་བས་དངོས་པོ་ཐ་དད་མེད་པར་ཐལ། མཐོང་ན། ཐ་དད་མེད་པར་འགྱུར་བའི་ ཕྱིར། དེས་ན་བློ་གཅིག་ལ་གཟུང་འཛིན་རིགས་གསུམ་དུ་སྣང་བའི་དངོས་པོ་དེ་དག་ཆོས་ ཅན། རིགས་པ་གང་གིས་རྣམ་པར་དཔྱད་ན་དེ་ཁོ་ན་ཉིད་དུ་ན་བདེན་པ་དེ་ཡི་དངོས་པོར་ མེད་དེ། གང་གི་ཕྱིར་ན། བདེན་པའི་གཅིག་དང་དུ་མའི་རང་བཞིན་མེད་པའི་ཕྱིར། བདེན་ རྫུན་ཆོས་མཐུན་པ་ཉིད་མཐོང་བ་ལས། འཁྲུལ་པ་སྐྱེ་བ་ཡོད་མོད། སེམས་ཙམ་པ་འདི་ལ་ ཆོས་ཅན། གཟུང་འཛིན་དུ་འཁྲུལ་བ་སྐྱེ་བ་མེད་པར་ཐལ། གཟུང་འཛིན་བདེན་རྫུན་དུ་ཆོས་ 1-1-286 མཚུངས་པར་མཐོང་ནས་གཟུང་འཛིན་དུ་འཁྲུལ་པ་མེད་པའི་ཕྱིར། འགྲོ་བ་འདི་ལ་དེ་བདག་ སྟེ་གཟུང་འཛིན་བདེན་པ་བ་གཅིག་ཀྱང་མཐོང་བ་མེད་པའི་ཕྱིར་ཞེ་ན། ཆོས་མཐུན་པ་ལྟོས་ ནས་ཡེ་ཤེས་འཁྲུལ་པ་སྐྱེ་བ་འདི་ཡང་ཡོད་མོད། དེར་མ་ཟད་ནའང་མ་རིག་པས་སླད་པ་ལས་ བྱུངབའི་གཟུང་འཛིན་དུ་སྣང་བའི་བློ་གང་ཡིན་པ་དེ་ནི་ཆོས་ཅན། བདེན་རྫུན་ཆོས་མཐུན་ པར་མཐོང་བ་ལ་སོགས་པ་ཅན་ཉིད་ལ་ལྟོས་ནས་འཁྲུལ་པར་སྐྱེ་དགོས་པ་མེད་པར་ཐལ། ཉེས་པ་མ་རིག་པ་ལས་བྱུང་བའི་རྒྱུ་མཚན་གྱིས་རང་བཞིན་གྱིས་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་ ཡིན་པས་སོ། །དཔེར་ན་རབ་རིབ་ཅན་ལ་སོགས་པའི་དབང་ཤེས་བཞིན། རྣམ་རིག་པ་དེ་ཡི་ལུགས་ལ་ཡང་བློ་ནི་ནང་ཡོངས་སུ་དཔྱོད་པ་འཛིན་པའི་རྣམ་པར་ འདོད་པ་སྟེ། འཛིན་རྣམ་ཆོས་ཅན། བདག་རིག་སྟེ། རིག་བྱ་དེ་ཡི་བདག་ཉིད་ཡིན་པའི་ཕྱིར། དེ་ཆོས་ཅན། རང་རིག་དེ་ཡི་སྒྲུབ་བྱེད་ཡིན་ཏེ། དེ་ཡི་འཇོག་བྱེད་ཡིན་པ་དེ་ཡི་ཕྱིར། རྣམ་རིག་ པ་ལ་ཕྱི་དོན་མེད་ན། ཚད་མ་སོགས་ཇི་ལྟར་བཞག་ཅེ་ན། མདོ་སྡེ་པ་ཤེས་པ་དེ་རང་གི་བདག་ཉིད་ཡུལ་དུ་བཞག་པ་ན་འདོད་ཆགས་མྱོང་བའི་ཚད་ འབྲས་ཀྱི་རྣམ་བཞག་བྱེད་པ་བཞིན་དུ་རྣམ་རིག་པ་ལའང་གཞལ་བྱ་འཇལ་བྱེད་འབྲས་བུ་ གནས་པའི་རྣམ་བཞག་འདི་ནི་རང་རིག་དུ་མ་ཟད་ཤེས་པ་ཀུན་ལའང་སྦྱ་བར་བྱ། རྣམ་རིག་པ་དེ་ལའང་ཆགས་སོགས་དེ་དག་ཆོས་ཅན། རང་བདག་མྱོང་བར་རུང་སྟེ། ཉམས་སུ་མྱོང་བྱ་རང་གི་བདག་ཉིད་ཡིན་པའི་ཕྱིར། དེ་ལྟར་རམ་དེ་ཡི་ཕྱིར། རང་མྱོང་བར་ བྱེད་རུང་བ་ཉིད་ཚད་མ་ཤེས་པ་བདག་ཉིད་གཞལ་བྱ་རང་རིག་འབྲས་བུ་ཡིན་ནོ། །སློབ་ དཔོན་གྱིས་རང་རིག་བྱ་བའི་ཆ་རང་རིག་གི་ཚད་མར་བཤད་པ་དང༌། འདིར་འཛིན་རྣམ་ཚད་ མར་འགལ་ལོ་ཞེ་ན། སློབ་དཔོན་གྱིས་ཚད་མར་བཤད་པའི་རང་ཡོངས་སུ་གཅོད་པའི་བདག་ ཉིད་དེ། རང་རིག་དེ་ཆོས་ཅན། རང་རིག་བྱ་བའི་ཆ་ཁོ་ན་ལ་དགོངས་པ་མ་ཡིན་ཏེ། བདག་ 1-1-287 ལ་འཛིན་པའི་རྣམ་པ་ཞེས་པའི་མིང་ཅན་རང་རིག་བྱེད་པའི་ཆར་དགོངས་པས་སོ། །དེ་ལྟར་ ན་འཛིན་རྣམ་དང༌། རང་མྱོང་བར་བྱེད་རུང་ཞེས་པ་དང༌། རང་ཡོངས་སུ་གཅོད་པ་དང༌། རང་ རིག་པར་བྱེད་པ་ཆོས་ཅན། མིང་ཐ་དད་པས་དོན་རྫས་ཐ་དད་པར་མི་འགྱུར་ཏེ། རང་རིག་ རྣམ་འཇོག་གི་ཚད་མར་གཅིག་པས་སོ། །དེས་ན་རང་རིག་བྱེད་པའི་ཆ་ཚད་མར་བཤད་པའོ། ། ཡང་ན། སློབ་དཔོན་གྱིས་རང་རིག་བྱ་བའི་ཆ་ཚད་མར་བཤད་པས། འདིར་རང་རིག་འབྲས་ བུར་འདོད་པ་འགལ་ཏེ། དེ་ལྟར་ན། རང་རིག་གི་ཚད་འབྲས་གཅིག་འགྱུར་རོ་ཞེ་ན། སློབ་ དཔོན་ཕྱོགས་གླང་ཆོས་ཅན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། ཁྱོད་ཀྱིས་དེ་ལྟར་མ་བཤད་ཀྱི་རང་ རིག་བྱེད་པའི་ཆ་རང་རིག་གི་ཚད་མར་བཤད་པས་སོ། །ཆོས་མཆོག་གི་ལུགས་སོ། ། གཉིས་པ་ལ། ཚུལ་གཉིས་དང༌། རང་རིག་རྒྱས་པར་བཤད་པ་ལ་གཉིས་ལས། དང་པོ་ ལ། ཡུལ་ཤེས་དེ་ཡུལ་ཤེས་པ་བཤད་དེ་བསྒྲུབ། དུས་ཕྱིས་དྲན་པ་རྒྱས་པར་བཤད་དེ་བསྒྲུབ་ པའོ། ། དང་པོ་ལ་ཡུལ་ཤེས་ཞེས་པས། རིགས་པ་གཞན་གྱིས་ཚུལ་གཉིས་བགྲུབ་པའོ། །དང་པོ་ ནི། མདོར། ཡུལ་ཤེས་དེ་ཡི་ཤེས་པ་ཡི། །བྱེ་བྲག་ལས་ནི་ཚུལ་གཉིས་ཉིད། །ཅེས་པ་འགྲེལ་ པ་ལ། བྱེ་བྲག་སྨྲ་བ་མན་བློ་རྣམ་མེད་དུ་འདོད་པ། མདོ་སྡེ་པའི་ལུགས་ཀྱིས་འགོག་སྟེ། ལྔའི་རྣམ་པར་ཤེས་པ་མ་འཁྲུལ་བ་ཐམས་ཅད་དག་ཆོས་ཅན། གཟུགས་སོགས་དེ་ལས་ གཞན་དབང་ཡིད་སོགས་རྒྱུ་ཡིན་ཡང་རྟེན་འབྲེལ་གྱི་རྣམ་པ་འགས་ཡུལ་གྱི་རྣམ་པར་འགྱུར་ ཏེ། ཡུལ་གཟུགས་སོགས་རྣམས་རང་གི་བཟུང་དོན་དུ་བྱས་པ་ལས་ནི་བྱུང་བའི་ཕྱིར། དཔེར་ ན་ཟས་དང་དུས་ལ་སོགས་པ་བུ་སྐྱེ་བའི་རྒྱུ་ཡིན་ཀྱང་དེ་ནི་ཕ་མ་གཅིག་གི་གཟུགས་འདྲ་བ་ འཛིན་གྱི་གཞན་ཟས་སོགས་འགའི་མིན་པ་བཞིན་ནོ། ། ཆོས་ཅན། གཟུགས་སོགས་དེ་ལས་གཞན་དབང་ཡིད་སོགས་རང་ཡུལ་དག་ནི་དེའི་ 1-1-288 རྒྱུ་ཉིད་དུ་མཚུངས་ན་ཡང་གཟུགས་སོགས་དེ་ཡི་རྣམ་པའི་རྗེས་སུ་སྐྱེ་བའི་ཆ་ནས་གཟུགས་ སོགས་ཁྱོད་ཀྱི་ཡུལ་ཉིད་ཡིན་པར་འདོད་དེ། ན་ཡང་དེ་ཡི་རྣམ་ལྡན་དུ་སྐྱེ་བ་དེ་མེད་པར་ནི་དེ་ ཁྱོད་གྱི་བཟུང་ཡུལ་དེར་མི་གྱུར་བའི་ཕྱིར། དེར་འགྱུར་བས་སོ། ། བཟུང་དོན་དང་ལྡན་པའི་སེམས་ལ་ནི་དེ་ཉིད་རྗེན་ཆེར་སྣང་སྙམ་ནས་དོན་རྣམས་མེད་ པར་དགོས་ན་ཡང༌། འདས་པའི་དོན་གཟུགས་སོགས་འཛིན་པའི་དྲན་རྟོག་ཆོས་ཅན། རང་ ཉིད་ཡུལ་ཡུལ་ཅན་གྱི་ཚུལ་གཉིས་འགྲུབ་སྟེ། རང་ལ་གཟུགས་སོགས་སུ་སྣང་བ་དེ་རང་ལ་ རྫས་གཞན་མིན་པའི་བློ་ཡིན་པས་སོ། །ཆོས་ཅན། རང་རིག་འགྲུབ་པ་ཡིན་ཏེ། རྟགས་དེ་ཡི་ ཕྱིར། བྱེ་བྲག་པ་སོགས་འདས་པ་ཞིག་ཀྱང་དེ་ཡི་སྤྱི་སྣང་བས་རྣམ་མེད་དོ། །ཞེ་ན། དེ་ཆོས་ཅན། འདས་པའི་གཟུགས་སོགས་ཀྱི་རིགས་བཟུང་དོན་དུ་མིན་པར་ཐལ། སྔོན་ པོས་མཚོན་པ་ཁ་དོག་དབྱིབས་སོགས་ཐ་དད་པ་ཅན་དུ་སྣང་བའི་ཕྱིར། མ་ཁྱབ་ན་སྤྱི་ཁ་དོག་ སོགས་དེ་ལྡན་མིན་པ་བུད། ཡང་ཙམ་གྱི་རྟག་གམ་མི་རྟག མི་རྟག་ན་དེ་ཡི་ཕྱིར། སྤྱི་ཆོས་ ཅན། སྤྱིར་མི་འགྱུར་བར་ཐལ་ལོ། །རྟག་ན་དྲན་ཤེས་སྐྱེད་བྱེད་མིན་པར་ཐལ་ལོ། །མང་ བསྐུར་བ་ན་རེ། འདས་པའི་གཟུགས་སོགས་ཀྱི་མིང་སོགས་ལྡན་མིན་འདུ་བྱེད་དྲན་ཤེས་ མེད་པའི་བཟུང་དོན་ནོ། །ཞེ་ན། དེ་འདྲའི་རྟོག་ཆོས་ཅན། དེ་ཡི་མིང་སོགས་རང་གི་བཟུང་ དོན་མིན་པར་ཐལ། དེ་ཡིན་པ་སྔར་འདུ་བྱེད་ལས་ཀྱང་མིན་ཞེས་པའི་སྐབས་སུ་བཀག་ཟིན་ ཏོ། ། ཡང་འདི་ཆོས་ཅན་བཟུང་དོན་དང་ལྡན་པའི་ཚུལ་ཙམ་མ་ཡིན་ཏེ། བཟུང་དོན་གྱིས་རང་ ལ་ཕན་པའི་ནུས་པ་གྲུབ་པ་མིན་པའི་ཕྱིར་ཏེ། འདོད་པ་ཙམ་དང་རྗེས་འབྲེལ་ཏེ། དེ་ཙམ་ ལས་སྐྱེ་བའི་ཕྱིར། འདས་པའི་དྲན་རྟོག་རྣམ་ལྡན་ཡིན་ཡང༌། དབང་ཤེས་རྣམ་མེད་དོ་ཞེ་ན། ཤེས་བྱ་ཆོས་ཅན། གཟུང་འཛིན་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་དྲན་རྟོག་དེ་ནི། ཇི་ལྟར་ 1-1-289 གཟུགས་ཀྱི་རྣམ་པ་དེ་ལྡན་འགྱུར་ཏེ། མི་འགྱུར་བར་ཐལ། དེ་འཛིན་དབང་ཤེས་དེ་ཡང༌། དོན་གྱི་རྣམ་པས་སྟོང་བས་ནའོ། །ཁྱབ་སྟེ། རྣམ་པ་འདི་འདྲའི་དྲན་པའི་ཤེས་པ་ནི་དབང་ ཤེས་ཀྱི་ཡུལ་དྲན་པ་ཡིན་ལ། དྲན་ཤེས་དེ་ཡང་གཟུགས་མྱོང་བ་སྟེ། བཟུང་དོན་ཡོད་པའི་ དབང་ཤེས་ལས་བྱུང་བས་སོ། །མ་གྲུབ་སྟེ། དྲན་བྱའི་གཟུགས་ཉིད་ལས་དངོས་སུ་བྱུང་ཞེ་ན། དེ་འདྲའི་དྲན་ཤེས་ཆོས་ཅན། དབང་ཤེས་ཀྱི་བཟུང་དོན་ལས་སྐྱེ་བ་མ་ཡིན་པར་ཐལ། རང་ དུས་དེ་ཡི་ཚེ། དེ་ཞིག་ནས་མེད་པའི་ཕྱིར། མ་ཁྱབ་ན། ཡུལ་ཡུལ་ཅན་ཡིན་ན། དུས་མཉམ་ པ་བུད། དེ་དེ་ཡི་རྣམ་ལྡན་ཡིན་པ་ཅི། དེ་ལས་བྱུང་བས་སོ་ཞེ་ན། མྱོང་བ་གཟུང་འཛིན་དབང་ ཤེས་དེ་ལའང་ཆོས་ཅན། དྲན་ཤེས་དེ་ལྟར་གཟུགས་ཀྱི་རྣམ་ལྡན་དེར་འགྱུར། དེ་ལས་སྐྱེས་ པས་སོ། ། རྣམ་པ་སྟེ་དྲན་རྟོག་གི་སྣང་ཡུལ་དེ་ནི་ཆོས་ཅན། དབང་ཤེས་ཀྱི་བཟུང་དོན་གྱི་ཆ་ཉིད་མ་ ཡིན་ཏེ། དབང་ཤེས་ལས་གསལ་བའི་རྣམ་པར་སྣང་བས་དབེན་པའི་ཕྱིར་རོ། ། རྣམ་པ་དེ་ནི་ཤེས་པ་ལས་ཐ་དད་པའི་ཕྱི་དོན་ཡིན་ན། འདས་པའི་དོན་དྲན་པའི་ལྷས་ སྦྱིན་གྱི་རྟོག་པའི་སྣང་ཡུལ་ཆོས་ཅན། རུང་ཡུལ་དེར་གནས་པའི་མཆོད་སྦྱིན་སོགས་སྐྱེས་བུ་ གཞན་གྱིས་ཀྱང་བརྗོད་པ་ལ་མ་ལྟོས་པར། ལྷས་སྦྱིན་གྱིས་རྟོགས་པའི་དེ་བཞིན་རྟོགས་པར་ འགྱུར། དྲན་རྟོག་གི་བཟུང་དོན་ཕྱི་རོལ་ཡིན་པས་སོ། །མ་ཁྱབ་སྟེ། བདག་ལ་རྟག་ཏུ་འབྲེལ་བ་སྟེ། ལྷས་སྦྱིན་ཁོ་ནའི་ཡུལ་ལོ། །ཞེ་ན། དེ་ཡི་ཕྱིར་ཆོས་ཅན། ཁྱོད་བརྗོད་ཀྱང་སྐྱེས་བུ་གཞན་གྱིས་རྟོགས་པར་མི་འགྱུར་བར་ཐལ་ལོ། །འདོད་དེ། འཆད་ ཉན་བྱེད་པའི་སྐྱེས་བུ་གཉིས་ཡུལ་རེ་རེ་ཁོ་ན་དང་འབྲེལ་བ་སྟེ། འཆད་ཅིང་ཉན་པོས་ཞེ་ན། ཤེས་བྱ་ཆོས་ཅན། འཆད་པོ་ཉན་པོའི་སེམས་དག་རང་གི་དོན་གཅིག་ཏུ་མངོན་པར་ཞེན་ པའི་བདག་ཉིད་ཅན་དུ་མཚམས་སྦྱོར་བར་མི་འགྱུར་བར་ཐལ་ལོ། །རེ་རེ་ཁོ་ན་གོ་བས་ཕྱིར། 1-1-290 གལ་ཏེ་དོན་དེ་གཉིས་འདྲ་བ་ལས་གཅིག་པའི་ཐ་སྙད་ཡོད་པ་སྟེ། ཐ་སྙད་བྱས་པ་ཙམ་མོ་ཞེ་ ན། སྐྱེས་བུ་དེ་གཉིས་ཆོས་ཅན། ཡུལ་འདྲ་བ་ལས་གཅིག་པ་དེར་སྣང་བ་མིན་པར་ཐལ། ཇི་ ལྟར་ན་ཡུལ་ཐ་དད་པའི་བདག་ཉིད་སོ་སོར་བཟུང་བས་ཕྱིར་དེས་ན་དེ་གཉིས་ཀྱི་ཡིད་བློ་ ཆོས་ཅན། རང་གི་བཟུང་དོན་སྣང་ཡུལ་དུ་མེད་པར་ཐལ། ཐ་དད་གཅིག་ཏུ་སྣང་བ་དེ་ཡི་ཚེ་ ཡི་ཕྱིར། གཉིས་པ་ནི། ཉམས་མྱོང་རྣམ་ཤེས་ཏེ། སྔོ་འཛིན་མིག་ཤེས་སོགས་དེ་ཡང་ཆོས་ཅན། སྔོ་སོགས་ཀྱི་རྣམ་པ་ཅན་ཡིན་ཏེ། འཛིན་རྣམ་ལས། རྣམ་པ་གཅིག་གི་ཁྱད་པར་ཅན་བཟུང་ རྣམ་སྟེ། གཟུང་འཛིན་གྱི་ཆ་གཉིས་ལ་ནི་བསྟེན་པར་འགྱུར་བར་ངེས་ཏེ། གཉིས་པའི་ཤེས་ པ་ཡིས་དམིགས་པར་འགྱུར་བས་ཕྱིར། ཁྱབ་སྟེ། རྣམ་ལྡན་ལས་གཞན་དུ་དེ་ཡི་རྣམ་པ་ཅན་ མིན་ན། དེ་དྲན་པའི་གཉིས་པའི་ཤེས་པ་ལས་ཏེ་ཤེས་པས་དེ་ཡི་རྣམ་ལྡན་དུ་ཇི་ལྟར་གནས་ པར་འགྱུར་ཏེ། རྟོགས་པར་མི་འགྱུར་བས་ཁྱབ་བོ། ། གཉིས་པའི་ཤེས་པ་སོགས་ལ་ཡུལ་སྔ་མའི་རྣམ་པ་སྣང་བའི་རྒྱུུ་མཚན་འདི་ལྟར། སྔོ་ འཛིན་དབང་ཤེས་སོགས་དང་པོ། ཕྱི་མ་དེ་ཕྱི་མ་དང་པོ་ཡུལ་གྱི་རྣམ་ཅན་དུ་དྲན་པ་གཉིས་ པའི་ཤེས་པ་དེ་ཡི་ཕྱི་མ་ནི་གཉིས་པ་དེས་དང་པོའི་ཡུལ་གྱི་རྣམ་པ་ཅན་དུ་དྲན་ནོ་ཞེས་དྲན་ པའི་གསུམ་པ་ལ་སོགས་ཤེས་པ་རྣམས། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམ་པ་གཅིག་སྟེ་རེ་ རེས་ལྷག་པ་ཉིད་ཡིན་ནོ། །དེ་སྟོན་པ་ནི། ཤེས་པ་གཉིས་པ་དྲན་ཤེས་དང་པོ་དེ་ནི་ཆོས་ཅན། དང་པོ་བས་རྣམ་པ་གཅིག་གིས་ལྷག་སྟེ། དོན་གྱི་ངོ་བོས་ཏེ། ཡུལ་གྱི་ཆ་ནས་རྣམ་པ་གཉིས་ དང་བདག་གི་འཛིན་པའི་རྣམ་པ་འབའ་ཞིག་དང༌། གསུམ་དུ་ནི་རང་དྲན་པའི་གསུམ་པའི་ ཤེས་པ་ཡིས་རྟོགས་པར་འགྱུར་བས་སོ། ། གལ་ཏེ་དོན་འབྲས་ཡིན་གྱིས་དོན་ཤེས་དྲན་པ་ན་དོན་ཤེས་དྲན་པས་ཁྱབ་པའི་ཕྱིར་ན་ 1-1-291 འཁྲུལ་པའི་སྒོ་ནས་ཡུལ་ཤེས་བསྲེས་ཏེ། རྣམ་ལྡན་དུ་དྲན་གྱི་རྣམ་པ་ཡོད་ནས་དྲན་པ་མིན་ཞེ་ ན། སྔོན་འཛིན་མིག་ཤེས་སོགས་ཆོས་ཅན། རང་རྒྱུ་སྣང་བ་དང་ཡིད་བྱེད་ལ་ཡང་སྟེ། དེ་དང་ ལྷན་ཅིག་དྲན་པ་དེར་འགྱུར་བར་ཐལ། དེ་ཡི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་ནམ་འབྲས་བུ་ཐམས་ཅད་ཆོས་ཅན་རང་རྒྱུ་དང་ལྷན་ཅིག་འཛིན་པར་འགྱུར་དེ་ ཡི་འབྲས་བུ་ཡིན་པའི་ཕྱིར། འདོད་ན། དེའི་ཕྱིར་ཤེས་བྱ་ཆོས་ཅན། རྫ་མཁན་ལ་སོགས་དྲན་ པ་མེད་པར་རྫ་བུམ་དྲན་པར་མི་འགྱུར་བར་ཐལ་ལོ། །ཡུལ་གྱིས་ཡུལ་ཤེས་ལ་ཕུལ་དུ་བྱུང་ བའི་ཁྱད་པར་ཞིག་བྱས་པས་ཡུལ་ཁོ་ནའི་རྣམ་ལྡན་དུ་དྲན་ནོ་ཞེ་ན། ཡུལ་གྱི་ཁྱད་པར་གང་ ལ་ཡུལ་ཤེས་ཡུལ་གྱི་རྣམ་ལྡན་དུ་དྲན་བྱེད་དེ་ཆོས་ཅན། ཡུལ་ཤེས་ཡུལ་དང་འདྲ་བ་ལས་ གཞན་ཅིར་འགྱུར་ཏེ། འདྲ་བའི་ཆར་ཐལ། ཁྱོད་ཀྱི་རྒྱུ་མཚན་ཁོ་ནས་དོན་ཤེས་དོན་དང་འདྲེ་ བ་བརྟེན་པས་ཏེ། དོན་གྱི་རྣམ་ལྡན་དུ་དྲན་བྱེད་ཡིན་ཅིང༌། ཁྱོད་དེ་དེས་རྟོགས་པའི་འཇོག་ བྱེད་ཡིན་པས་སོ། །ཡུལ་ཤེས་འདྲ་ན། ཡུལ་གྱི་རྣམ་པར་སྒྲོ་འདོགས་པར་རིག་སྟེ། ཚེ་མ་ སོགས་ལ་འདྲ་བ་ཡོད་པས་གཅིག་གཅིག་ཏུ་སྒྲོ་འདོགས་པ་མཐོང་བའི་ཕྱིར། ཤེས་པ་གཉིས་པ་དྲན་ཤེས་དང་པོ་ཆོས་ཅན། རང་བཞིན་འཛིན་རྣམ་གཅིག་ལ་རྣམ་པར་ གནས་པར་ཐལ། ཤེས་པ་དང་པོ་རང་བཞིན་གཉིས་མིན་པར་འཛིན་རྣམ་རྐྱང་པ་ཅན་ཡིན་ པའི་ཕྱིར། འདོད་ན། དེའི་ཕྱིར། ཆོས་ཅན། རང་ངེས་པར་འཛིན་པའི་གསུམ་པའི་སེམས་ ཀྱིས་ཁྱོད་དང་པོའི་ཤེས་པ་ཡུལ་གྱི་རྣམ་ལྡན་དུ་བྱེད་པར་འགྱུར་བ་མིན་པར་ཐལ་ལོ། །དོན་ བསྲེ་བ་དང་འབྲེལ་པ་ཅན་ཏེ་སྔོ་འཛིན་དབང་ཤེས་སྔོན་པོའི་རྣམ་ལྡན་དུ་དྲན་པའི་བློ་གཉིས་ པ་དྲན་ཤེས་དང་པོ་ཆོས་ཅན། བློ་ཚུལ་གཉིས་པ་ཡིན་ཏེ། སྔོ་སོགས་ངོ་བོ་རུ་མདུན་ན་གནས་ པར་གྱུར་པ་སྟེ། སྔོ་འཛིན་དབང་པོའི་བློ་དེ་ཁྱོད་ཀྱིས་དམིགས་ཤིང་དེར་སྣང་བའི་རྟོག་པ་ ཡིན་པས་སོ། །དེ་ལས། 1-1-292 གཞན་དུ་དོན་གྱི་དངོས་འབྲས་ཡིན་པས། དོན་གྱི་རྣམ་ལྡན་དུ་དྲན་ན། དང་པོ་སྔོ་འཛིན་ དབང་ཤེས་ཆོས་ཅན། དྲན་ཤེས་དང་ཁྱོད་གཉིས་ལས་ཁྱོད་གཅིག་པུ་ཉིད་སྔོན་པོ་དང༌། འབྲེལ་བ་སྟེ། དེ་ཡི་རྣམ་པར་དྲན་པར་འགྱུར། གཅིག་པུ་ཉིད་སྔོན་པོ་ལས་དངོས་སུ་བྱུང་བའི་ ཕྱིར། སྔོ་འཛིན་དབང་ཤེས་དྲན་པའི་ཤེས་པ་ཕྱི་མ་ཕྱི་མ་རྣམས་ཆོས་ཅན། སྔོན་པོ་དང་འབྲེལ་ བར་དྲན་པ་མ་ཡིན་པར་ཐལ། ཤེས་པ་སྔ་མའི་བཟུང་དོན་སྔོན་པོ་དང་དངོས་སུ་འབྲེལ་པ་ མཐོང་བ་མེད་པའི་ཕྱིར། གསུམ་པ་ལ། ལྷན་ཅིག་དམིགས་ངེས་རྟགས་ཀྱིས་ཚུལ་གཉིས་སྒྲུབ་པ་ནི། དབང་ཤེས་ ཀྱི་ཡུལ་ནི་ཆོས་ཅན། དབང་ཤེས་དེ་ལས་གཞན་ཕྱི་རོལ་ཉིད་དུ་གང་གིས་འགྲུབ་པར་འགྱུར་ ཏེ། མི་འགྱུར་བར་ཐལ། དབང་བློ་དང་ལྷན་ཅིག་ཏུ་ཅིག་ཆར་མྱོང་བའི་དམིགས་པར་ངེས་ པར་འགྱུར་བའི་ཕྱིར། བློ་གཅིག་གི་གཟུང་འཛིན་གྱི་རྣམ་པའམ། གཉིས་སུ་སྣང་བས་གཉིས་ སུ་བདེན་ཞེ་ན། ཤེས་བྱ་ཆོས་ཅན། དེ་མ་ཡིན་པར་ཐལ། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས་ མེད་པར་ཟླ་བ་གཉིས་མཐོང་བའི་ཕྱིར། ལྷན་ཅིག་དམིགས་ངེས་ཀྱི་ཁྱབ་པ་སྟོན་ཏེ། སྔོ་སེར་དག་ལ་ཆོས་ཅན། ལྷན་ཅིག་མྱོང་བའི་ངེས་པ་ཡོད་པ་མ་ཡིན་ཏེ། རྫས་ཐ་དད་ པའི་ཕྱིར། སྔོ་འཛིན་དབང་ཤེས་དང༌། དེས་དམིགས་པའི་སྔོན་པོ་ཆོས་ཅན། སོ་སོ་རྫས་ཐ་ དད་མ་ཡིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དེར་ཐལ། མྱོང་བ་མེད་པར་དོན་འགའམ་དོན་མེད་པའི་མྱོང་བ་ཡང་མྱོང་བར་འགྱུར་བ་མ་མཐོང་བ་ དེ་ན་སྟེ། གཅིག་དམིགས་ན་གཅིག་དམིགས་པས་ཁྱབ། གཅིག་མ་དམིགས་ནའང་གཅིག་མ་ དམིགས་པས་ཁྱབ་པའི་ཕྱིར། སྔོ་འཛིན་དབང་ཤེས་རང་དུས་ན། སྔོ་འཛིན་དབང་ཤེས་ལས་ རྫས་གཞན་མིན་པ་ལྡོག་པ་རབ་ཏུ་དཀའ་བ་ཉིད་ཡིན་ཏེ། དེ་དང་གྲུབ་བདེ་གཅིག་པ་དེ་ཡིས་ ཕྱིར། མདོ་སྡེ་པ་ན་རེ། 1-1-293 དབང་པོའི་བློ་རྣམས་ལ་རྒྱུ་གཞན་དབང་ཡིད་དག་ནི་ཡོད་པ་ན་ཡང་དབང་ཡིད་ལས་ གཞན་པའི་རྒྱུ་མེད་ན་མི་སྐྱེ་བའི་ཕྱིར། དབང་ཡིད་ལས་ཐ་དད་པའི་རྒྱུ་ནི་རྗེས་སུ་དཔོག་པར་ འགྱུར་ལ། རྒྱུ་གཞན་དེའང་ཕྱི་རོལ་ལོ་ཞེ་ན། གལ་ཏེ་རྣམ་རིག་པ་དབང་ཤེས་རྣམས་རང་གི་མཚུངས་པ་དེ་མ་ཐག་རྐྱེན་དོན་གནང་གི་ བག་ཆགས་ཅན་གྱི་ཡིད་བྱེད་ལས་ངེས་པར་ཏེ་རེས་འགའ་སྐྱེ་བར་མི་སྨྲ་ན། དེར་འགྱུར་ན་ ཡང་དབང་ཤེས་ཆོས་ཅན། ཁྱོད་རེས་འགའ་སྐྱེ་བས་བཟུང་དོན་ཕྱི་རོལ་ཡོད་པར་མི་འགྲུབ་ པར་ཐལ། དོན་སྣང་གི་བག་ཆགས་སྨིན་པ། ཆོས་མཆོག་གིས་ཉེ་བར་ལེན་པ་སྟེ། བག་ཆགས་ སྨིན་པ་ཉིད་ཅེས་དང༌། ཉེར་རྒྱུ་བག་ཆགས་ལས་སྐྱེ་ཅེས་པས། བག་ཆགས་ཉེར་ལེན་དུ་ བཤད། ལྷས་བག་ཆགས་སྨིན་པ་ཅན་གྱི་ཡིད་བྱེད་ཉེར་ལེན་དུ་གསུངས་པས་སྨིན་པར་ཅན་ གྱི་ཡིད་བྱེད་ཉེར་ལེན་དུ་ཡོད་ཅེས་ཀྱང་རུང་སྙིང་པོ། ཉེར་ལེན་དུ་ཡོད་ཅིང༌། དེ་ཡི་གྲོགས་ བག་ཆགས་སད་པ་ལས་རེས་འགའ་འབྱུང་བས་སོ། །ཕྱི་རོལ་མེད་ན། ས་བོན་ལས་ནི་མྱུ་གུ་ སྐྱེ་བ་དང་དུ་བ་ལས་མེ་གྲུབ་པ་ཞེས་པ་རྣམས་མི་རུང་བར་འགྱུར་བ་ལ་དེ་ཡོད་ཅིང༌། དེ་འདྲ་ ཐམས་ཅད་ཕྱི་རོལ་དོན་ལ་བརྟེན་པ་ཅན་ནོ་ཞེ་ན། ཤེས་བྱ་ཆོས་ཅན། ཕྱི་རོལ་མེད་ཀྱང་ས་ བོན་མྱུ་གུའི་བྱེད་པ་པོ་དང༌། དུ་བ་མེ་ཡི་ཤེས་བྱེད་ཀྱི་ཐ་སྙད་གནས་པ་གང་སྟེ། འཇུག་པ་དེ་ ཡང་མི་འཐད་པ་མིན་པར་ཐལ། གལ་ཏེ་མྱུག་གུ་དེ་ཡི་ངོ་བོར་སྣང་བ་བློ་ཕྱི་མ་ས་བོན་དེ་ལྟར། སྣང་བའི་བློ་སྔ་མ་ལས་ངེས་འབྲེལ་ཏེ་སྐྱེ་བའི་སྒོ་ནས་བློ་ཡི་ས་བོན་དང་མྱུ་གུ་ལ་བརྟེན་ནས་ རྒྱུ་འབྲས་སོགས་རྟོག་པ་སྟེ། རྣམ་བཞག་བྱེད་པ་ན་ཚད་མ་དང་འགལ་བ་ཅི་ཞིག་ཡོད་དེ་མེད་ པས་སོ། །འགལ་བ་ཡོད་དེ། དུ་བ་མེས་བསྐྱེད་པར་འགྱུར་བ་མིན་པར་ཐལ། དུར་སྣང་སྔར་འབྱུང༌། མེར་སྣང་ཕྱིས་ འབྱུང་བའི་ཕྱིར། འདོད་ན། དེ་ཕྱིར་འབྲས་ལས་རྒྱུ་རྟོགས་པའི་རྟགས་སུ་མི་འགྱུར་བར་ཐལ། 1-1-294 དུར་སྣང་མེར་སྣང་དེ་ཡི་རྒྱུ་དག་ནི་ཡིན་ན་ཡང༌། དུ་སྣང་གང་ལས་མེ་སྣང་རྟོགས་པའི་རྟགས་ སུ་མི་འགྱུར་བར་ཐལ་ལོ། །ཞེ་ན། ཤེས་བྱ་ཆོས་ཅན། དུ་བས་མེ་དཔོག་པ་ལ་ཡང་ཕྱི་ཡི་དུ་ བས་ཕྱི་ཡི་ལ་ལ་ཕྱི་ཡི་མེ་ཉིད་བསྒྲུབ་པའི་འབྲས་རྟགས་ཡང་དག་ཁོ་ན་དགོས་པ་མ་ཡིན་ཏེ། དུར་སྣང་གི་བློས་ལར་སྣང་ཅན་གྱི་རྒྱུད་ལ་མེ་ཡི་བག་ཆགས་དངོས་སུ་བསྒྲུབ་སྟོབས་ཀྱིས་ བག་ཆགས་གསལ་བར་སད་པ་ཅན་གྱི་མེར་སྣང་གི་བློ་མ་འོངས་པ་རྟོགས་པ་སྟེ་སྒྲུབ་བྱེད་ཀྱི་ རྟགས་ཡང་དག་ཡིན་པས་སོ། །ཡང་ན་མེར་སྣང་ད་ལྟར་བ་ཞེས་ཀྱང་ངོ༌། །དེས་ན་དུ་བར་ སྣང་བའི་བློ་དག་ཆོས་ཅན། ཕྱི་ཡི་མེའམ་མེར་སྣང་བཞིན་པ་ལས་སྐྱེས་པས་མེ་ལས་སྐྱེས་ པར་བཞག་པ་མ་ཡིན་ཏེ། མེ་ཡི་བག་ཆགས་ཅན་གྱི་རྣམ་ཤེས་ཉིད་མེ་སྟེ། དེ་ལས་སྐྱེས་པ་ལ་ མེ་ལས་སྐྱེས་པ་བཞག་པས་ཕྱིར། དུ་བར་སྣང་བའི་བློ་ཆོས་ཅན། དེ་ཡིན་ཏེ། སེམས་རྒྱུད་དེར་རུང་ནས་མེ་ལས་དུ་བ་ཡིན་གྱི་བར་དེ་ཡིན་ཏེ། མེ་ཡི་བག་ཆགས་ཅན་ གྱི་སེམས་རྒྱུད་ཀྱིས་དུ་བའི་བག་ཆགས་གྲོགས་སུ་བྱས་ནས་ཁྱོད་བསྐྱེད་པའི་ཕྱིར། དེས་ན་ མཁས་པ་སེམས་ཙམ་པ་རྣམས་ལ་ཆོས་ཅན། ཕྱི་དོན་མེད་པས་རྒྱུ་འབྲས་སོགས་མེད་པའི་ སྐྱོན་མེད་དེ། གོང་དུ་བརྗོད་པའི་རྣམ་བཞག་འཐད་པོ་འདི་ཡོད་པའི་ཕྱིར། སེམས་ཙམ་ཡིན་ ན། ཇི་ལྟར་ཕྱི་རོལ་གྱི་བློ་ཚུལ་གཉིས་བསྒྲུབ་ཅེ་ན། སློབ་དཔོན་གྱིས་ཕྱི་རོལ་དོན་ལ་བརྟེན་ ནས་སུ་བློ་ཚུལ་གཉིས་སྒྲུབ་པའི་རིགས་པ་འདི་ཆོས་ཅན། དོན་ཡོད་དེ། དོན་སྨྲ་རྗེས་སུ་ བཟུང་བའི་དོན་དུ་ཡིན་པས་སོ། །ཚུལ་གཉིས་དེ་ཡང་ནི་ལྷན་ཅིག་མྱོང་བའི་ངེས་པ་རྟགས་ ཀྱིས་གྲུབ་བོ། གཉིས་པ་ནི། མདོ་སྡེ་པའི་ལུགས་ཏེ། དབང་ཤེས་དེ་དོན་ལས་དེར་སྣང་མིན་ན་དབང་པོ་གསལ་མི་གསལ་གྱི་ཁྱད་པར་ལས་ སྐྱེས་པའི་ཡུལ་གསལ་མི་གསལ་བར་མ་དེ་ཡི་དོན་ཅན་གྱི་ཡིད་ཀུན་སྟེ། མིག་ཤེས་གསུམ་ ཆོས་ཅན་རང་བཞིན་ཏེ་རྣམ་པ་གཅིག་པ་ཉིད་དུ་འགྱུར། དོན་གྱི་རང་བཞིན་གཅིག་པ་སྟེ་ 1-1-295 བཟུང་དོན་གཅིག་རྣམ་མེད་རྗེན་ཆེར་དུ་འཛིན་པའི་ཕྱིར། འདོད་མི་ནུས་ཏེ། དབང་པོའི་ཁྱད་ པར་གསུམ་གྱིས་ཡུལ་གཅིག་གསལ་བ་དང་མི་གསལ་བ་འདྲེས་མ་སྟེ་བར་མ་སྣང་བའི་ཤེས་ པ་གསུམ་དོན་གཅིག་ལ་དམིགས་པ་ཡོད་པས་སོ། །དབང་ཤེས་དེ་ཆོས་ཅན། ལས་རྣམས་ ལྡན་དུ་སྐྱེ་ནས་དོན་གཅིག་གསུམ་དུ་སྣང་བ་མི་འཐད་དོ་ཞེ་ན། དབང་ཤེས་གསུམ་པོ་དེ་ནི་ ཆོས་ཅན། དོན་ལ་བརྟེན་ནས་བྱུང་བར་འགྱུར་ཞིང་དེ་ཡི་ངོ་བོས་ཏེ། རྣམ་པའི་རྗེས་སུ་བྱེད་ ཀྱང༌། དོན་གཅིག་དུ་མར་སྣང་བ་མི་འགལ་བར་ཐལ། གཞན་འགའ་ཞིག་སྟེ་ནང་གི་དབང་ པོ་གསལ་མི་གསལ་ཆ་འགའ་ཡིས་ནི། རྣམ་པ་ཐ་དད་པར་འགྱུར་བའི་ཕྱིར། དཔེར་ན། འདི་ ལྟར་ཕ་ལ་བརྟེན་ནས་དམིགས་པ་ཡིན་གྱི་བར་བཞིན་ནོ། །མར་མེ་ནས་མཐོང་བར་འགྱུར་གྱི་ བར་ལ་མར་མེའི་རྩེ་མོ་ཁྲ་སྒོར་བར་སྣང་བའི་དབང་ཤེས་འཁྲུལ་པ་ཆོས་ཅན། ཁྱོད་བློ་ཚུལ་ གཉིས་པ་ཡིན་ཏེ། མར་མེའི་རྩེར་ཁྲ་སྒོར་བ་མེད་བཞིན་སྣང་བའི་དབང་ཤེས་ཡིན་པས་སོ། ། དེ་ཡི་ཕྱིར། དེ་ཕྱི་རོལ་གྱི་ཁྲ་བོ་དངོས་ཡིན་ན། དེ་ལ་སྣང་བའི་ཁྲ་སྒོར་བ་ཆོས་ཅན། དབང་བོ་གསལ་བ་སྟེ་སྐྱོན་མེད་ལ་ཁྱོད་འཛིན་པའི་ནུས་པ་ཅིས་མེད་དེ་ཡོད་པར་ཐལ། དེ་ མཐོང་བའི་དབང་ཤེས་ཆོས་ཅན། རྐྱེན་དབང་པོ་ཉམས་པ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཡང་དག་པའི་དོན་མཐོང་བའི་ཕྱིར། རབ་རིབ་ཀྱི་མིག་དབང་གི་སྐྱོན་སྦྱངས་ནས་གསལ་བར་བྱས་པར་ཐལ། རབ་རིབ་ཀྱི་ དབང་པོ་ལས་འདས་པའི་ཁྲ་བོ་རང་མཚན་བཟུང་དོན་དུ་བྱས་པས་སོ། །དེ་ཡི་ཕྱིར། ཁྱོད་ ལས་མིག་ཤེས་སྐྱོན་མེད་གཞན་གྱིས་མཐོང་བའི་དོན་དེར་ཡང་ཇི་ལྟ་བུར་ན་གསལ་བ་མ་ ཡིན་ཏེ་ཡིན་པར་ཐལ་ལོ། །གཞན་དེ་འདྲའི་ཁྲ་སྒོར་བ་ནི་ཁྱོད་ཀྱི་རྒྱུ་མ་ཡིན་པར་ཐལ། སྣང་ བ་ཡིད་ལ་བྱེད་པ་དང༌། དེ་ལས་གཞན་མར་མེ་གཅིག་གིས་ཁྱོད་སྐྱེ་བའི་ནུས་པ་རྟོགས་པ་སྟེ། མཐོང་བ་དེས་ནའོ། །འདོད་ན། དེ་རང་གི་བཟུང་ཡུལ་ཡང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། 1-1-296 དེ་རང་རྒྱུ་མིན་པས་སོ། ། གལ་ཏེ་ཁྲ་སྒོར་བ་དེ་ཉིད་བློ་དེ་ཡི་རྒྱུ་ཡིན་ཞེ་ན། དེ་ཡི་ཕྱིར་ཏེ་ན། རང་སྐྱེ་བ་མར་མེ་ལ་ ཇི་ལྟར་ལྟོས་པར་འགྱུར་ཏེ་མི་འགྱུར་བར་ཐལ་ལོ། །དེ་གཉི་ག་དག་རྒྱུའོ་ཞེ་ན། དེ་མ་ཡིན་པར་ཐལ། ཁྲ་སྒོར་བ་མེད་ཀྱང་མར་མེ་རྒྱུར་ཡོད་ཙམ་གྱི་ཡོད་པ་སྟེ་སྐྱེ་བའི་ ཕྱིར། གལ་ཏེ་བློ་ཚུལ་གཉིས་མ་ཡིན་ན། བུམ་གཟུགས་གཅིག་ལ་ཉེ་རིང་བར་མ་ལ་སོགས་ ཀྱིས་ལྟ་བའི་དབང་ཤེས་རྣམས་ཆོས་ཅན། བུམ་གཟུགས་གསལ་དང་མི་གསལ་བར་མར་མི་ མཐོང་བའི་ཁྱད་པར་མི་རིགས་པར་ཐལ། དེ་རྣམ་མེད་རྗེན་ཆེར་དུ་འཛིན་པས་སོ། །གལ་ཏེ་ དེ་ཡི་ཚེ། ཡུལ་དབང་བར་གྱི་སྣང་བའི་ཁྱད་པར་ལས་དོན་མི་གསལ་དེར་འགྱུར་བས་ཁྱབ་པ་ མེད། ཅེ་ན། སྣང་བ་དེས་བུམ་གཟུགས་དེ་ནི་ཆོད་དམ་སྟེ་བསྒྲིབས་སམ་མ་ཆོད་དེ་མ་བསྒྲིབས་པ་ དག་གང་ཡིན། ཕྱི་མ་ན། དབང་ཤེས་དེ་གསུམ་ཆོས་ཅན། བུམ་གཟུགས་ཆེས་གསལ་བར་ མཐོང་བར་མཚུངས་པར་ཐལ། དེ་མ་བསྒྲིབས་པར་རྣམ་མེད་དུ་འཛིན་པ་འདྲ་བའི་ཕྱིར། བསྒྲིབས་ཞེ་ན། དེ་གཏན་མི་མཐོང་བར་མཚུངས་པར་འགྱུར། བསྒྲིབས་ཤིང་རྣམ་པའང་མེད་ པས་སོ། ། གལ་ཏེ་རིང་ནས་ལྟ་བའི་ཚེ་སྣང་བ་མི་གསལ་བས་དེའི་ཆ་ཕྲ་མོ་འགའ་ཞིག་ནི་མི་ འཐོང༌། ཉེ་བ་ལ་དེ་ལས་ལྡོག་པའི་ཕྱིར། ཐ་དད་དུ་སྣང་ངོ་ཞེ་ན། འོ་ན་བུམ་གཟུགས་ཕྱི་ཡི་ ཡན་ལག་ཅན་གཅིག་ཡིན་ནམ་རྡུལ་སོ་སོ་ཡིན། དང་པོ་ལྟར་ན། བུམ་གཟུགས་ཆོས་ཅན། དབང་ཤེས་ཀྱི་ཆ་འགའ་མཐོང་བ་དང་མ་མཐོང་བའི་ཐ་དད་ གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ཕྱི་རོལ་དོན་ཡན་ལག་ཅན་གཅིག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། སྔར་ལྟར་མཐོང་དང་མ་འཐོང་གང་ལས་ཡིན་ཏེ། མ་ཡིན་པར་ཐལ། ཕྲ་ 1-1-297 རྡུལ་དུ་མ་ཐ་དད་ཡིན་པའི་ཕྱིར། གལ་ཏེ་སྣང་བ་གསལ་མི་གསལ་གྱི་ཁྱད་པར་གྱི་བློ་ལ་ཐ་དད་དུ་སྣང་ངོ་ཞེ་ན། ཆོས་ཅན་ སྣང་བ་གསལ་མི་གསལ་ཐ་དད་པ་གང་ལས་གསལ་མི་གསལ་ཐ་དད་པར་གང་ལས་འགྱུར་ ཏེ་མི་འགྱུར་བར་ཐལ། ཐ་དད་མེད་པའི་ཕྱི་ཡི་དོན་གཅིག་ཡིན་པས་སོ། །རིང་བའི་ཚེ། སྣང་ ན་དེ་ཡང་ཅིས་མ་གསལ་ཞེས་དྲིས་པས། རྡུལ་དུ་བ་ཁུག་སོགས་ཀྱིས་སྒྲིབ་པའི་ཕྱིར་ཞེ་ན། དེ་ཉེ་བ་འདི་ཅིས་སྒྲིབ་བྱེད་མིན་ཅེས་ དྲིས་པས་སྲབ་ལ་ཉུང་བས་ཕྱིར་ཞེ་ན། ཉེ་བའི་ཡུལ་དབང་བར་གྱི་སྣང་བའི་རྡུལ་ལའང་ཆོས་ ཅན། སྲབ་ལ་ཉུང་བ་དེ་ལྟ་ཉིད་དུ་ཐལ། སྒྲིབ་རྡུལ་སྲབ་ལ་ཉུང་ཞིང་དེ་དང་རྒྱུ་མཚན་མཚུངས་ པའི་ཕྱིར་གལ་ཏེ་རིང་བའི་ཚེ་སྒྲིབ་རྡུལ་ཆེས་མང་བས་སྣང་བ་བསྒྲིབས་ཀྱི་ཉེ་བ་ལ་དེ་ལྟ་མ་ ཡིན་ནོ་ཞེ་ན། གཞན་ལ་རིང་བ་ལ་ལྟ་བའི་ཚེ་ཆོས་ཅན། ཡུལ་དབང་བར་གྱི་སྣང་བ་ཆེས་ གསལ་བར་ཐལ། དེ་སྲབ་མིན་འཐུག་མང་ཡོད་པའི་ཕྱིར། ཉེ་ན་སྣང་བ་གསལ་བས་ཡུལ་ གསལ་ན་ཐ་མལ་པའི་མིག་གི་ཐོག་དེའང་ཆོས་ཅན། ཁྱོད་མིག་དབང་བར་གྱི་སྣང་བ་ཆེས་ གསལ་བར་ཐལ། ཁྱོད་མིག་དབང་ལ་ཤིན་ཏུ་ཉེ་བའི་ཕྱིར། འདོད་ན་མིག་ཤེས་ལ་གསལ་ བར་སྣང་བར་ཐལ་ལོ། །ཁོ་ན་རེ། གལ་ཏེ་ཉེ་རིང་ལ་གསལ་མི་གསལ་དུ་སྣང་བ་དེར་ཡང་ འཐོང་མེད་དེ། ཆོས་དང་ཆོས་མ་ཡིན་པའི་ལས་ལ་བརྟེན་ནས་གསལ་མི་གསལ་གྱི་ཕྱི་ཡི་ གཟུགས་གཞན་གསར་དུ་བྱུང་བར་གྱུར་བས། དབང་ཤེས་དེ་གཉིས་གསལ་མི་གསལ་ཐ་ དད་དུ་སྣང་ངོ་ཞེ་ན། ནས་གཟུགས་དེ་དག་རྣམས་ནི་ཕན་ཚུན་བསྒྲིབ་པར་འགྱུར་རམ་མི་ འགྱུར། དང་པོ་ལྟར་ན། ཉེ་རིང་གཉིས་ནས་བུམ་གཟུགས་གཅིག་ལ་ལྟ་བའི་དབང་ཤེས་ གཉིས་ཆོས་ཅན། ལས་གཟུགས་གསལ་བ་དེ་ཉིད་སྣང་བར་འགྱུར། དེ་ཁྱོད་ཀྱི་བཟུང་དོན་ གང་ཞིག་རིང་བའི་ལས་གཟུགས་སྣང་བ་ནི། ཉེ་བའི་ལས་གཟུགས་ཀྱིས་སྒྲིབ་པར་བྱེད་པའི་ 1-1-298 ཕྱིར། གཉིས་པ་ལྟར་ན། ཁྱེད་གཉིས་ཅིག་ཆར་ནི་གསལ་མི་གསལ་གྱི་རང་བཞིན་དུ་གྱུར་ པས་ལས་གཟུགས་དག་གསལ་བར་མཐོང་བར་འགྱུར། དེ་མཐོང་རུང་མ་སྒྲིབ་པའི་ཕྱིར། གལ་ཏེ་མཐོང་མེད་ཀྱི་ལས་ཀྱི་གང་རུང་གཅིག་བསྒྲིབས་པས་གཉིས་ཀ་མི་སྣང་ཞེ་ན། མ་མཐོང་བའི་ལས་ཆོས་ཅན། ཉེ་རིང་གི་དབང་ཤེས་དེ་ལ་ལས་འབྲས་མྱོང་བ་ཅི་བྱེད་དེ། མི་ བྱེད་པར་ཐལ། དེ་ལ་གང་གི་སྒོ་ནས་ཀྱང་དོན་དང་དོན་མ་ཡིན་པའི་ཕྱིར། ཕན་པ་དང་གནོད་ པ་གང་ཡང་མེད་པས་སོ། །གཞན་གྱིས་དཔྱད་པའི་རྒྱུ་མཚན་ཐམས་ཅད་མི་རིགས་པ་དེ་ཡི་ ཕྱིར་དོན་རྟེན་སྐྱེས་གྱུར་པའི་མྱོང་བ་སྟེ་དབང་ཤེས་ཆོས་ཅན། ཚུལ་གཉིས་ཡིན་ཏེ། རྒྱུ་བག་ ཆགས་ཇི་ལྟར་སད་པ་བཞིན་དུ་ཡུལ་གཅིག་གི་རྣམ་པ་ཐ་དད་འཛིན་པར་བྱེད་པའི་ཕྱིར། དེ་ ལས་ལྷག་མ་མེད་པར་སྣང་ཁྱེད་སོགས་གྱིས་ཡུལ་གསལ་མི་གསལ་དུ་འདོད་པ་ཆོས་ཅན། མི་རིགས་ཏེ། བློ་ངན་རྟོག་ཅན་རྣམས་ཀྱི་ལུགས་ན་ཡིན་པས་སོ། །ལྔ་པ་ལ། རྣམ་མེད་ནང་ ནས་སྒྲ་སོགས་སྐད་ཅིག་ཏུ་འདོད་པ་མདོ་སྡེ་མེད་དོ་པས་འགོག་པ་སྟེ། སྒྲ་དང་མར་མེ་ཆོས་ཅན། གང་གི་སར་འཛིན་མངོན་སུམ་གྱི་ཤེས་པ་ལ་རྣམ་མེད་དུ་ གསལ་བར་འགྱུར་ཏེ། མི་འགྱུར་བར་ཐལ། དེ་དུས་ན་ཞིག་ནས་མེད་པའི་ཕྱིར་ཏེ། དེ་ཡི་སྔ་ མ་བྱུང་ཟིན་པའི་སྐད་ཅིག་མིན་པའི་ཕྱིར་ཏེ། དེ་ཡི་སྐྱེད་བྱེད་ཡིན་པ་ཉིད་ཀྱིས་སོ། །དབང་ ཤེས་ཆོས་ཅན། གཅིག་ཤོས་དེ་རང་གི་རྗེས་སུ་སྐྱེས་པའི་དྲན་ཤེས་ལ་ཞེས་སྦྱར་རོ། །དུས་ མཉམ་པའི་སྒྲ་སོགས་བཟུང་ཡུལ་ཡིན་ཞེ་ན། མེ་འཛིན་མངོན་སུམ་ཆོས་ཅན་རྟོག རང་གི་ བཟུང་དོན་དུ་གསལ་བར་འགྱུར་ཕན་འདོགས་བྱེད་མིན་པའི་དོན། དུས་མཉམ་མེ་སོགས་ བཟུང་དོན་དུ་གསལ་བས་སོ། །གལ་ཏེ་དུས་མཉམ་མེ་སོགས་རང་གི་བཟུང་དོན་དུ་ངེས་ཏེ། དེ་ཡི་རྒྱུ་ཡི་རིགས་ཡིན་པས་དེ་དང་རྒྱུ་ཅིག་ལས་སྐྱེས་པས་སོ་ཞེ་ན། དབང་ཤེས་ཆོས་ཅན། རྒྱུ་ཡི་རིགས་འདྲ་ཡིན་པས་དེ་རང་གི་བཟུང་དོན་དུ་རྟོག་པ་འདིའང་འཐད་པ་མེད་པར་ཐལ། 1-1-299 དེ་ཡིན་ན། རང་དང་དུས་མཉམ་གྱི་དབང་པོའང་བཟུང་དོན་དུ་འགྱུར་བའི་སྐྱོན་ཡོད་པས་སོ། ། མེ་སོགས་དེས་བྱས་པའི་ཤེས་པ་མི་འཛིན་མངོན་སུམ་ཆོས་ཅན། རང་དུས་ན་རང་གི་བཟུང་ དོན་མེ་དེ་མེད་ཀྱང་དེ་གསལ་བ་ཞེས་བརྗོད་པ་འཐད་པ་ཡིན་ཏེ། མེ་ལས་དོན་དེ་ཉིད་དུ་སྐྱེས་ པ་དེ་ཉིད་ཀྱི་ཕྱིར། དེ་དང་ལྷན་གཅིག་སྐྱེས་པའི་དོན་གཞན་མེ་ནི་ཆོས་ཅན། དེ་ལ་རང་འདྲའི་ རྣམ་པ་གཏོད་པར་མི་བྱེད་པར་ཐལ། དེ་ལ་ཕན་འདོགས་པ་མིན་པའི་ཕྱིར། འདོད་ན། དེ་ ཡི་བཟུང་དོན་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ལ་རང་གི་རྣམ་པ་འཇོག་བྱེད་མིན་ པའི་ཕྱིར། རྡོ་རྗེ་སོགས་རྟག་པ་འཛིན་པ་ལ་རྣམ་པ་མེད་དོ་ཞེ་ན། རྡོ་རྗེ་རྡོ་སོགས་ཀྱི་དོན་ཀྱང་ཆོས་ ཅན། འགྲོ་བ་དངོས་པོ་ཀུན་གྱིས་དངོས་འབྲས་བྱེད་པའི་དུས་བཞིན་དུ་ཤེས་པ་ཐམས་ཅད་ ཅིག་ཆར་ཉིད་ཀྱིས་སྐྱེད་བར་འགྱུར། རྐྱེན་གཞན་ལ་ལྟོས་མེད་དུ་རིང་བཞིན་ཤེས་པ་སྐྱེད་ པའི་ཕྱིར་ཏེ། དེ་བསྐྱེད་ཅིང་བརྟེན་པའམ་རྟག་པས་སོ། །གལ་ཏེ་རྟག་ཀྱང་རང་འཛིན་དེ་ དག་གི་རིམ་བཞིན་འབྱུང་ཞེ་ན། ཆོས་ཅན་དེ་སྐད་ཅིག་སོ་སོ་གཞན་ཡིན་པར་ཐལ། རྐྱེན་ལ་ ལྟོས་ནས་རང་བཞིན་རིམ་བཞིན་བསྐྱེད་པས་སོ། །བརྗོད་པ་སྟེ། འདོད་དེ། རྡོ་སོགས་འདིར་ཡང་ཆོས་ཅན། རིང་བཞིན་མངོན་སུམ་ལ་རྗེན་ཆེར་མི་སྣང་བར་ཐལ། དེ་དུས་ན་ཞིག་པའི་ཕྱིར་ཏེ། དེ་ཡི་སྔར་བྱུང་བའི་སྐད་ཅིག་མ་ཡིན་པས་སོ། །ཞེས་པའི་སྐྱོན་ ནི་སྔར་བཞིན་ནོ། ། གཉིས་པ་ལ་མདོར། དུས་ཕྱིས་དྲན་པ་ལས་ཀྱང་དེ། ཞེས་པ་འཆད་དེ། མདོ་འགྲེལ་ ཁ་ཅིག གཞུང་འདིས་གཟུང་འཛིན་གྱི་ཚུལ་གཉིས་པར་མི་སྒྲུབ་ཀྱི་རིག་བྱ་རིག་བྱེད་ཀྱི་ ཚུལ་གཉིས་སུ་སྒྲུབ་པ་མི་འཐད་དེ། དབང་ཤེས་ཆོས་ཅན། བྱེ་བྲག་སྨྲ་བ་སོགས་ཀྱི་ངོ་བོར། ཁྱོད་གཟུགས་སོགས་དང་རིག་བྱ་རིག་བྱེད་ཀྱི་ཚུལ་གཉིས་པར་རྟགས་ཀྱིས་སྒྲུབ་མི་དགོས་ 1-1-300 ཏེ། བདག་ཉིད་ཀྱི་མྱོང་བ་ལ་སྟེ་གཟུགས་སོགས་རྟོགས་པའི་ཤེས་པ་ཡིན་པ་ལ་བྱེ་བྲག་སྨྲ་ བ་སོགས་ཀྱི་བརྩད་པ་འགའ་ཡང་ཡོད་པ་མིན་པའི་ཕྱིར། དེས་ན་དེ་དག་ཤེས་པ་མིན་པར་ འདོད་པ་མེད་ཀྱི་དེ་དོན་ནས་གྲུབ་པའི་བར་ལ། དེ་ཡི་ངོ་བོར་དབང་ཤེས་ཆོས་ཅན། ཡུལ་གྱི་ རྣམ་ལྡན་དུ་གྲུབ་སྟེ། དོན་རྟོགས་སོ་སོར་དུས་ཕྱིས་དོན་མཐུན་དུ་དྲན་པས་སོ། །གལ་ཏེ་རྣམ་ མེད་ཡིན་ན། དེ་ལ་ཆོས་ཅན། འདི་ནི་གཟུགས་རྟོགས་པ་འདི་ལྟར་ཡིན་གྱི་སྒྲ་རྟོགས་པ་འདི་ ལྟར་མ་ཡིན་ཞེས་དོན་རྟོགས་ཐ་དད་དུ་དྲན་པ་འདི་མེད་པར་འགྱུར། དོན་རྟོགས་ཐ་དད་པར་ མྱོང་བ་སྟེ། རྟོགས་པ་མེད་པའི་ཕྱིར་ཏེ། རང་གི་སྤྱོད་ཡུལ་གྱི་རྣམ་པ་ཐ་དད་དུ་ཤར་བས་ཐ་ དད་དུ་ཕྱེ་བ་མེད་པའི་ཕྱིར། རྒྱུ་ཐ་དད་པས་དོན་རྟོགས་སོ་སོར་དྲན་ནོ་ཞེ་ན། ཆོས་ཅན། རྒྱུ་ཐ་དད་པ་འགའ་ཞིག་ལས་ཀྱང་དོན་རྟོགས་སོ་སོར་འབྱེད་པ་མ་ཡིན་པར་ ཐལ། ཉམས་སུ་མྱོང་བ་སྟེ་རྣམ་པ་མེད་པར་ཀུན་ལ་རིག་ཙམ་དུ་འདྲ་བའི་ཕྱིར། འདྲ་ཡང༌། རྒྱུ་ རྐྱེན་མི་འདྲ་བའི་ཁྱད་པར་ཕྲ་མོ་ཡོད་པས་ཐ་དད་དུ་དྲན་ཞེ་ན། ཆོས་ཅན། མི་འདྲ་བའི་ཁྱད་ པར་ཕྲ་མོ་ཡོད་ཀྱང་དོན་རྟོགས་སོ་སོར་འབྱེད་པའི་དྲན་བློ་མེད་པར་ཐལ། རྣམ་པ་ཐམས་ ཅད་པར་གསལ་བར་རྟོགས་པ་མེད་པའི་ཕྱིར། དཔེར་ན་མཚེ་མ་སོགས་ལ་མི་འདྲ་བའི་ཁྱད་ པར་ཡོད་ཀྱང༌། མ་ཤེས་པར་གཅིག་ཏུ་འཁྲུལ་བ་བཞིན་ནོ། ། མདོར། རང་རིག་པ་ཉིད་དུ་ཡང་ངོ་ཅི་ཡི་ཕྱིར་ཞེ་ན་མ་མྱོང་བར་འདི་མེད་ཕྱིར་རོ། །དེ་ལ་ གསུམ། ཚུལ་གཉིས་གྲུབ་པས་རང་རིག་གྲུབ། དེ་ཡི་རྒྱུ་མཚན་རྒྱས་པར་བཤད། དྲན་པས་ བདག་རིག་སྒྲུབ་པ་བཤད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བློ་ཚུལ་གཉིས་སུ་སྒྲུབ་པར་ བྱེད་པའི་རིགས་པས་བློ་རང་རིག་པར་ཕལ་ཆེར་ཞར་ལ་གྲུབ་པར་འགྱུར་ཏེ། དོན་རྟོགས་སོ་ སོར་དྲན་ནས་རང་རིག་ཡོད་པས་ཁྱབ་པའི་ཕྱིར། གཉིས་པ་ལ་བཞི། རྣམ་པ་ཤེས་པ་ཡིན་པས་རང་རིག་སྒྲུབ། དཀར་སོགས་གསལ་བ་ 1-1-301 དཔྱད་ནས་རང་རིག་སྒྲུབ། རང་བློ་དོན་འགྱུར་མིན་པ་དགག་པ་སྒྲུབ། ཤེས་པ་ཕྱི་མས་མྱོང་ ཚུལ་དཔྱད་ནས་སྒྲུབ་པའོ། ། དང་པོ་ནི། ཇི་ལྟར་ཚུལ་གཉིས་གྲུབ་པས་རང་རིག་འགྲུབ་ཞེ་ན། རང་ལ་དོན་དུ་སྣང་ བ་ཤེས་པ་རང་གི་ངོ་བོར་གྱུར་པ་དེ་ཚེའི་ཕྱིར་སྔ་བློ་སྐྱེས་འདྲའི་བློ་ཕྱི་མས་མྱོང་ཅེ་ན། དེ་ཡི་ དངོས་བློ་སྔ་མའི་རྣམ་པ་ཅན་གྱི་བློ་ཕྱི་མ་དེ་ཡིས་ནི་ཆོས་ཅན། ཤེས་པ་སྔ་མ་དེ་ཇི་ལྟར་མྱོང་བ་ ཡིན་ཏེ་མ་ཡིན་པར་ཐལ། དེ་རང་དུས་ན་འགགས་པས་སོ། །བློ་སྔ་མ་ཉམས་མྱོང་ལྡོག་པར་ ཐལ། དེས་རང་གི་ངོ་བོ་ཉམས་མྱོང་བ་མེད་པའི་ཕྱིར། ཁ་ནང་དུ་བལྟས་ནས་བློ་ལ་འཛིན་ པ་སྟེ་བློ་མྱོང་བྱེད་དེ་ནི་ཆོས་ཅན། ཁ་ཕྱི་རོལ་དུ་མངོན་པར་ཕྱོགས་ནས་ཡུལ་སྣང་བར་ཐལ། ཁྱོད་དོན་དུ་སྣང་བ་དང་ལྡན་པའི་ཤེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་རྟག་ཏུ་བདག་ ལ་ནང་དུ་མངོན་པར་ཕྱོགས་ཏེ། འཛིན་རྣམ་རྐྱང་པར་དམིགས་པས་བསལ་ལོ། ། སྔོ་འཛིན་མིག་ཤེས་ཆོས་ཅན། རང་ལ་སྣང་བའི་ཡུལ་སྔོ་སོགས་གང་གི་རྣམ་པ་དེས་ཏེ་ ཁྱོད་ཀྱིས་མྱོང་བ་མ་ཡིན་པར་ཐལ། རང་རིག་མེད་པའི་ཕྱིར། ཞེས་པའི་སྐྱོན་འཐོབ་བོ། ། གལ་ཏེ་དོན་དང་འདྲ་བ་ལས་གཞན་དོན་མྱོང་བའི་རྒྱུ་མཚན་ཅི་ཡོད་ཅེ་ན། བུམ་པ་ ཐམས་ཅད་པ་ཆོས་ཅན། ཕན་ཚུན་མྱོང་བར་ཐལ། འདྲ་བའི་ཕྱིར། ཞེས་འཐོབ་བོ། །གལ་ཏེ་ བློར་གྱུར་པའི་འདྲ་བས་དོན་མྱོང་བར་འཇོག་ཅེ་ན། དེ་ཡི་ཕྱིར། ཤེས་བྱ་ཆོས་ཅན། ད་ནི་དོན་ དང་འདྲ་བ་ལས་དོན་མྱོང་བར་འཇོག་པ་མ་ཡིན་པར་ཐལ་ལོ། །གལ་ཏེ་མྱོང་བ་ཡང་འདྲ་བའི་ རྒྱུ་ཅན་ཡིན་ཞེ་ན། བློ་དེ་ཡི་མྱོང་བྱེད་ནི་ཆོས་ཅན། བློ་དང་འདྲ་བ་ཙམ་གྱི་རྒྱུན་མཚན་ཅན་ མ་ཡིན་པར་ཐལ། རང་ཉིད་མྱོང་བའི་སྒོ་ནས་བསལ་བ་དེ་ཡིན་པས་སོ། །བློ་རང་ཉིད་མྱོང་ ན་འདྲ་བས་ཅི་བྱ་ཞེ་ན། དོན་དང་འདྲ་བ་འདི་ནི་ཆོས་ཅན། བློ་རང་རིག་པས་ཁྱོད་དོན་མེད་ མིན་པར་ཐལ། འཇིག་རྟེན་པའི་ཞེན་ངོར་གཟུགས་སོགས་ལས་དང་དོན་རྟོགས་བྱ་བའི་རྣམ་ 1-1-302 བཞག་གིས་རྒྱུ་མཚན་དུ་འགྱུར་བའི་ཕྱིར། གལ་ཏེ་བློ་རང་མྱོང་ན་ཇི་ལྟར་དོན་མྱོང་བར་ཐ་ སྙད་བྱེད་ཅེ་ན། དབང་ཤེས་ཆོས་ཅན། གཞན་གྱི་བདག་ཉིད་དེ་ཕྱི་ཡི་སྔོ་སོགས་མྱོང་བ་ལས་ སྔོ་སོགས་མྱོང་བར་བརྗོད་པ་མ་ཡིན་ཏེ་རང་གི་ནས་མ་ཡིན་གྱི་བར་ལ། སྔོ་སོགས་ཀྱི་རྣམ་ པ་མྱོང་བ་ལ་སྔོ་སོགས་མྱོང་བར་གྲགས་པ་ཙམ་ཡིན་པའི་ཕྱིར། བློ་ལ་སྣང་བ་ནི་སྔོ་སོགས་ དངོས་དེ་རྣམ་པ་ཡིན་ན་ཕྱི་རོལ་གྱི་དོན་ཡོད་པ་ལ་ཚད་མ་གང་ཞེ་ན། སྔོ་སྣང་དབང་བློ་དེ་ནི་ཆོས་ཅན། ཇི་ལྟར་དོན་གྱི་མྱོང་སྟེ་སྔོན་པོ་བཟུང་དོན་དུ་བྱས་ནས་ ཤེས་པ་ཡིན་ཏེ་མ་ཡིན་པར་ཐལ། སྔོ་སོགས་དངོས་དེ་རྣམ་པར་སྣང་བ་མ་ཡིན་པས་སོ། །ད་ ནི་འདྲ་བ་ལས་མྱོང་མ་ཡིན་གྱི་གཞུང་འཛུགས་པ་ནི། མིག་ཤེས་སོགས་མྱོང་བྱེད་ཀྱི་བདག་ ཉིད་དེ་ཆ་དེ་ནི་ཆོས་ཅན། བློ་རང་རིག་པའི་ཆ་ལས་གྲུབ་པར་ཐལ། གང་གི་ཚེ། དོན་དང་ འདྲ་བའི་རྒྱུ་མཚན་མིན་ཞིང༌། རྒྱུན་མཚན་ཡོད་པའི་བློ་ཡིན་པས་སོ། །རང་རིག་མེད་པར་ དོན་གྱིས་ཅི་ཞིག་བསྒྲུབས་ཏེ། དོན་དང་འདྲ་བ་ཙམ་གྱིས་བཞག་པ་མ་ཡིན་པར་ཐལ། འདོད་ པ་དེས་ནའོ། །འདྲ་བས་མྱོང་བར་འཇོག་ན། ཆ་ཐམས་ཅད་ནས་སམ། ཆ་་འགའ་འདྲ་བས་ འཇོག་ན། དང་པོ་ལྟར་ན་ཤེས་པ་ཆོས་ཅན། ཤེས་པ་ཉིད་མ་ཡིན་པར་ཐལ། ཕྱི་དོན་དང་ བདག་ཉིད་ཀུན་གྱི་འདྲ་བའི་ཕྱིར། ཆ་འགའ་ཞིག་དང་མཚུངས་བས་མྱོང་ནས་ཡུལ་ཐམས་ ཅད་ཆོས་ཅན། ཤེས་པ་ཐམས་ཅད་ཀྱིས་མྱོང་བར་ཐལ་ལོ། །མིག་ཤེས་ཆོས་ཅན། སྔོ་ སོགས་ཉམས་སུ་མྱོང་བར་འདོད་དེ་སྔོ་སོགས་ངོ་བོས་ཏེ་སྐྱེས་ལ་འདྲ་བའི་ཕྱིར། དེ་བཞིན་ དུ་འདྲ་བའི་ཕྱིར། དེ་བཞིན་དུ་མིག་ཤེས་ཕྱི་མ་ཆོས་ཅན། མིག་ཤེས་སྔ་མ་མྱོང་བར་འགྱུར། ཉམས་མྱོང་ངོ་བོ་སྟེ། སྔ་མ་དེ་དང་སྐྱེས་འདྲ་བའི་ཕྱིར། དེ་ཡི་ཉེས་པ་མེད་དེ། ཁོ་བོས་དོན་ མྱོང་ཞེས་ངེས་པ་ཡོད་པ་བཞིན་དུ། ཉམས་མྱོང་སྟེ་འདི་ཉམས་མྱོང་སྔ་མ་ཉམས་སུ་མྱོང་ངོ་ ཞེས་ངེས་པ་མ་ཡིན་པ་དེ་ཡི་ཕྱིར་ཞེ་ན། སྔོ་འཛིན་མིག་ཤེས་ཆོས་ཅན། དུས་རྟག་ཏུ་དོན་སྔོན་ 1-1-303 པོ་མྱོང་བ་མ་ཡིན་པར་ཐལ། དུས་རྟག་ཏུ་དོན་སྔོན་པོ་མྱོང་ངོ་ཞེས་པའི་ངེས་པ་མེད་པའི་ཕྱིར། གལ་ཏེ་ངེས་པ་ཡོད་པ་ཉིད་ཀྱི་རྒྱུ་མཚན་དོན་ལས་སྐྱེས་པ་འདྲ་བ་ཡོད་པས་སོ་ཞེ་ན། མྱོང་ལ་ མེད་པ་ཅི་ཡི་ཕྱིར། སྔོ་འཛིན་མིག་ཤེས་ཕྱི་མ་ཆོས་ཅན། དེ་སྔ་མ་མྱོང་ངོ་ཞེས་ངེས་པ་མེད་པ་ ཅིའི་ཕྱིར་སྟེ་ཡོད་པར་ཐལ། དེ་ལས་སྐྱེས་འདྲ་བས་སོ། ། གཉིས་པ་ནི། མདོ་སྡེ་པའི་ལུགས་ལ་རང་རིགས་ཡོད་པའི་རྒྱུན་མཚན་གཞན་ཡང་ཡོད་ དེ། དཀར་སོགས་མཐོང་བ་ན་དཀར་སོགས་མངོན་གསུམ་པར་གསལ་བའི་རང་བཞིན་དུ་ གྱུར་པའི་རིག་པ་ནི་གསལ་བར་ཡོད་མོད་དེ། སྐྱེས་པའི་ཤེས་པའི་སྣང་བ་འདི་གང་ཡིན་ ཅི་སྟེ། དཀར་སོགས་མངོན་པར་གསལ་བའི་ཤེས་པ་ལས་གཞན་དངོས་སམ་འོན་ཏེ་དེ་ཡི་ བདག་ཉིད་དུ་གྱུར་པ་ཡིན། གཞན་དངོས་ཡིན་ཏེ། དཀར་སོགས་གསལ་བའི་དབང་ཤེས་ ཆོས་ཅན། ཇི་ལྟར་དཀར་གསལ་བར་འགྱུར་ཏེ་མི་འགྱུར་བར་ཐལ། རང་གསལ་བ་མིན་པའི་ ཕྱིར། ཁྱབ་སྟེ། ཤེས་པ་དེ་ཆོས་ཅན། རང་གསལ་བ་མ་ཡིན་པར། འགྲོ་བ་ཡུལ་མ་ལུས་པར་ གསལ་བྱེད་མ་ཡིན་ཏེ། རང་གསལ་བའི་སྒོ་ནས་ཡུལ་གསལ་དགོས་པས་སོ། ། གལ་ཏེ་གསལ་བ་གསལ་གཞན་གྱི་གསལ་དགོས་པར་ན། དཀར་འཛིན་སོགས་ཆོས་ ཅན། རང་མྱོང་བྱེད་དེའང་དེ་ལས་རྫས་གཞན་གྱི་ཞེས་སོགས་ཐུག་མེད་དུ་འགྱུར་བར་ཐལ་ ལོ། ། དེ་ཆོས་ཅན། །ཇི་ལྟར་དེ་ཡིས་ཏེ་ཁྱོད་ཀྱིས་ཁྱད་པར་དཀར་པོ་མཐོང་ཞེས་ངེས་པ་ཡོད་ པར་འགྱུར་རེ་མི་འགྱུར་བར་ཐལ། མཐོང་བྱ་དཀར་པོ་དང་ཡུལ་ཡུལ་ཅན་དུ་འབྲེལ་པ་མེད་ པའི་ཕྱིར། རྟགས་ཁས་ཏེ། གང་གི་ཕྱིར་ན་ཡུལ་ཡུལ་ཅན་གཉིས་ལས་གཅིག་རྟོགས་ཚེ་ གཉིས་མཐོང་བ་ཡོད་པ་མིན་པའི་ཕྱིར། ཁྱབ་སྟེ། ཡུལ་ཡུལ་ཅན་གཉིས་དང་འབྲེལ་བ་མཐོང་བ་ན། ཡུལ་ཅན་གྱིས་ཡུལ་མཐོང་ཞེས་བྱ་ 1-1-304 བར་འགྱུར་བར་ངེས་པའི་ཕྱིར། མཐོང་བ་དཀར་འཛིན་དཀར་པོ་དང་འདྲ་བར་སེམས་གཞན་ གྱིས་མཐོང་བར་འགྱུར་བས་དེར་ཐལ། དཀར་འཛིན་གྱིས་མཐོང་བ་བརྗོད་ཅེ་ན། ཆོས་ཅན། རང་རིག་གྲུབ་པར་ཐལ། དཀར་པོ་དང་འདྲ་བར་དུས་ཕྱིས་དྲན་པས་སོ། ། ཅི་སྟེ་རང་དངོས་མི་རིག་གི་ན། དེ་ཆོས་ཅན། ཇི་ལྟར་གཞན་གྱི་ངོ་བོས་རིག་སྟེ་མི་རིག་ པར་ཐལ། རང་རིག་མེད་པས་སོ། །རང་རིག་མེད་ཀྱང་དོན་མྱོང་སྟེ། དོན་དང་འདྲ་བས་སོ་ཞེ་ ན། ཆོས་ཅན། རང་རིག་མེད་པར་འདྲ་བ་ལས་ནི་དོན་མྱོང་ཤེས་པ་མི་འཐད་པར་ཐལ། དེ་ རིགས་པས་བཀག་ཟིན་པས་སོ། །དེ་ནི་ཆོས་ཅན། ཇི་ལྟར་མཐོང་བྱེད་དཀར་པོ་དང་འདྲ་བ་ ཡིན་པར་རྗེས་ཀྱི་ངེས་ཤེས་ངེས་པར་འགྱུར་བ་ཡིན་ཏེ་མི་འགྱུར་བར་ཐལ། དོན་དཀར་པོ་ནི་ སྔར་མཐོང་བར་ཡོད་པ་མ་ཡིན་པས་སོ། །ཁྱབ་སྟེ། འདྲ་བར་འཛིན་ན་མཐོང་དགོས་པས་སོ། ཤེས་བྱ་ཆོས་ཅན། དོན་ཤེས་གཉིས་གང་ཡང་མཐོང་བ་མེད་པར་ཐལ། འདྲ་བ་ཉིད་ཀྱང་མི་ འདོད་ཅིང༌། རང་རིག་ཀྱང་མེད་པས་སོ། །འདོད་ན། དོན་ཤེས་གཉིས་མེད་པར་སྨྲ་བ་གང་ཡིན་པ་དེ་ལ་ཆོས་ཅན། དོན་དང་ཤེས་པ་ཞེས་དེ་ དག་མངོན་པར་དངོས་སུ་ག་ལ་ཡོད་དེ་མེད་པར་ཐལ། འདོད་པ་དེ་ཡི་ཕྱིར། ཅི་སྟེ་རང་སྣང་ གི་དངོས་པོ་ཞེ་ན་འོན་ཏེ་དེ་ཡི་ཕྱིར། དཀར་འཛིན་དེ་ཆོས་ཅན། རང་ཉིད་རབ་ཏུ་གསལ་བར་ འགྱུར་རོ། །དེ་ཆོས་ཅན། དོན་མི་གསལ་བ་ཉིད་དུ་འགྱུར། གང་ཕྱིར་ན་རང་མི་གསལ་བས་ སོ། ། གསུམ་པ་ལ་དངས། རིགས་པ་སྔ་མས་ཁེགས་པ། གནོད་སྒྲུབ་གཞན་ཡང་བཤད་པའོ། ། དང་པོ་ནི། །བློ་བདག་རིག་མིན་པའི་ཕྱོགས་དག་ལ་དོན་ཀུན་འཐོང་བ་མེད་པར་བསྟན་པ་ འདི་ཡིས་ནི་བློ་ནི་མངོན་སུམ་སྟེ་མངོན་གྱུར་མིན་པར་སྨྲ་བ་གང་ཡིན་དེ་ལ་ལན་བཏབ་བོ། 1-1-305 ། རྒྱལ་དཔོག་པ་ཆོས་ཅན། དོན་ཤེས་གང་ཡང་མཐོང་བ་མེད་པར་ཐལ། བློ་མངོན་སུམ་གྱིས་ མ་གྲུབ་པས་སོ། ། གཉིས་པ་ལ་གཉིས། བདེ་སོགས་མྱོང་བ་ཡིན་པས་རང་བློ་མངོན་དུ་གྱུར་མོད། མངོན་ འགྱུར་མིན་ན་རྟགས་ལས་ཐལ་བའོ། །དང་པོ་ནི། རྟོགས་པར་བདེ་སྡུག་འདོད་པ་ལོག་པ་ ཆོས་ཅན། མངོན་སུམ་ཏེ་མངོན་གྱུར་དུ་ཐལ། རྟེན་དང་དམིགས་རྐྱེན་དང་གོམས་པ་ཁྱད་པར་ ལས་སིམ་གདུང་སོགས་ཐ་དད་པར་ནི་འཇུག་པ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། བདེ་སོགས་ དེ་དག་ཉིད་བློ་ཡིན་པས་སོ། །བདེ་སོགས་བེམ་པོ་ཡིན་པས་གཞན་གྱིས་རིག་ཅེ་ན། ཤེས་བྱ་ ཆོས་ཅན། བདེ་སོགས་མྱོང་བའི་རང་རིག་ཡོད་པར་མྱོང་བྱ་དེ་ལས་ཐ་དད་པའི་རྫས་གཞན་ མྱོང་བྱེད་ཀྱི་ཤེས་པ་གང་ཡིན་པ་ནང་ན་ཅུང་ཟད་ཀྱང་རྟོགས་པ་མེད་ཅིང༌། བདེ་སོགས་མྱོང་ བ་ཡོད་པས་སོ། །བདེ་སོགས་རང་ལས་རྫས་གཞན་གྱིས་རིག་ཅིང་མྱོང་ཏེ་དམིགས་ཞེ་ན། མཆོད་སྦྱིན་གྱི་བདེ་སོགས་ལ་སྤྱོད་པའི་མཆོད་སྦྱིན་གྱི་ཡིད་རྟོག་སོགས་ཆོས་ཅན། ཁྱོད་ཀྱིས་ མཆོད་སྦྱིན་གྱི་བདེ་སོགས་དེ་སྤྱོད་དེ་མྱོང་བར་ཐལ། དམིགས་པས་སོ། ། གལ་ཏེ་ལྷས་སྦྱིན་གྱི་བདེ་སོགས་དེས་བསྐྱེད་པ་དང༌། དེར་སྣང་བའི་བློ་ཡིན་པའི་ཕྱིར། ལྷས་སྦྱིན་གྱིས་བདེ་སོགས་རིག་ལ། གཞན་གྱིས་མིན་ཞེ་ན། ལྷས་སྦྱིན་བདེ་སོགས་ལ་ དམིགས་པར་བྱེད་པའི་གཞན་མཆོད་སྦྱིན་གྱི་ཡིད་རྟོག་ལ་ཡང་ཆོས་ཅན། ལྷས་སྦྱིན་གྱི་བདེ་ སོགས་མྱོང་བར་ཐལ། དེ་ལས་སྐྱེས་པ་དང་དེར་སྣང་བ་འདི་གཉིས་གདོན་མི་ཟ་བར་ཡོད་ པས་སོ། ། ཅི་སྟེ་ལྷས་སྦྱིན་གྱི་བདེ་སོགས་དེ་ལས་སྐྱེས་མིན་ཞིང་དེར་སྣང་ཅན་ཡང་མ་ཡིན་བློ་དེ་ ཆོས་ཅན། དེ་བཟུང་ཡུལ་དུ་མེད་པ་ཅན་དུ་འགྱུར། དེ་དེ་ཡི་བཟུང་ཡུལ་མིན་ཞེ་ན། ཆོས་ཅན། སྤྱི་དག་ཀྱང་མི་འཛིན་པར་ཐལ། དེ་ཡང་བཟུང་བས་སོ། །དེ་ཡི་སྤྱི་དེ་ནི་ཆོས་ཅན། དེ་འདྲའི་ 1-1-306 ཡིད་རྟོག་གི་གཟུང་དོན་མ་ཡིན་པར་ཐལ། ཅུང་ཟད་ཀྱང་དངོས་པོ་མིན་པས་སོ། །ཞེས་ཀྱང་ སྔར་བཤད་དོ། །དེ་འདྲའི་ཡིད་རྟོག་ཆོས་ཅན། མངོན་སུམ་དང་ནི་རང་རིག་གྲུབ་སྟེ་རང་ལ་ དོན་དུ་སྣང་བ་དེ་ནི་རང་ལས་རྫས་གཞན་མིན་པའི་བདག་ཉིད་ཡིན་པ་དེས་ནའོ། །དེ་ཕྱིར་དེ་ འདྲའི་ཡིད་རྟོག་དེ་དེ་ལ་འཛིན་པར་བྱེད་ཀྱང་མངོན་སུམ་ཉིད་དུ་འཛིན་པར་བྱེད་པ་མ་ཡིན་ ཏེ། ལྐོག་ཏུ་གྱུར་པས་སོ། །དེ་འདྲའི་ཡིད་རྟོག་དེ་མཆོད་སྦྱིན་རང་གི་བདེ་སོགས་མངོན་སུམ་ དུ་འཛིན་པས་སྐྱོན་མེད་ཅེ་ན། མཆོད་སྦྱིན་གྱིས་དེ་ལ་སྤྱོད་པའི་ལྷ་དང་མཆོད་ཀྱི་ཡིད་རྟོག་ གཉིས་ཆོས་ཅན། མཆོད་སྦྱིན་གྱི་བདེ་སོགས་དེ་འཛིན་མི་གྱི་ཐ་དད་དེ་གང་ལས་ཡོད་དེ་མེད་ པར་ཐལ། དེ་རང་གི་བཟུང་དོན་དུ་མཚུངས་པས་སོ། །ལྷ་ཡི་ཕྱིས་ཀྱི་ཡིད་རྟོག་ཆོས་ཅན་ལྷས་ སྦྱིན་གྱི་དེ་མྱོང་སྟེ། མྱོང་བར་བྱེད་པའི་མཐོང་བའི་ལས་ཡོད་པ་དང༌། དེ་དང་བདག་གི་དོན་ གཅིག་ལ་འདུ་བ་ལྡན་པ་དང༌། དབང་ཕྱུག་དགའ་བའི་དགའ་བ་སོགས་ཀྱི་ཕྱིར། མཆོད་སྦྱིན་ གྱིས་དེ་མི་མྱོང་སྟེ་རྟགས་དེ་རྣམས་ལས་ལྡོག་པས་སོ། །དེས་ན། མྱོང་མི་མྱོང་སོ་སོར་ངེས་པ་ ཡིན་ཞེ་ན། མཆོད་སྦྱིན་གྱི་བདེ་སོགས་ལ་སྤྱོད་པའི་ལྷས་སྦྱིན་གྱི་ཡིད་རྟོག་ཆོས་ཅན། གཞན་ མཆོད་སྦྱིན་གྱི་བདེ་སོགས་རྣམ་པ་ཀུན་ཏུ་བཟུང་དོན་དུ་འཛིན་པར་མི་འགྱུར་བར་ཐལ། དེ་ ལྟར་འཛིན་པ་ལ་མ་མཐོང་བའི་ལས་མེད་པའི་ཕྱིར། གཞན་གྱི་བདེ་སོགས་ལ་སྤྱོད་པའི་རང་ གཞན་གྱི་ཡིད་རྟོག་ཆོས་ཅན། དེ་མྱོང་མ་མྱོང་གི་དབྱེ་བའང་མི་རིགས་པར་ཐལ། རང་རིག་ མེད་ཅིང་དེ་གཉིས་བཟུང་དོན་དུ་འདྲ་བས་སོ། །ཞེས་སྔར་བསལ་ཟིན་པའི་ཕྱིར། བྱེ་བྲག་སྨྲ་བ་རིགས་པ་ཅན་བྱེ་བྲག་པ་སོགས་གང་གི་ལུགས་ལ་རྣལ་འབྱོར་མངོན་སུམ་ ཡོད་པས། རྣལ་འབྱོར་མངོན་སུམ་ཅན་གྱི་འཕགས་ཆེན་ཆོས་ཅན། གཞན་གྱི་བདེ་སྡུག་མྱོང་ བར་ཐལ། ཉམས་མྱོང་མཚུངས་པས་ཏེ་གཞན་གྱི་བདེ་སྡུག་མྱོང་བས་སོ། །སྡུག་བསྔལ་ཅན་ དེ་བཞིན་དུ་གཞན་གྱི་སྡུག་བསྔལ་གྱིས་གདུང་བར་ཐལ་ལོ། ། 1-1-307 གལ་ཏེ་རྣལ་འབྱོར་པ་དེ་དག་ལ་ནི། སྡུག་བསྔལ་གྱི་རྒྱུ་ཡུལ་དབང་འདུས་པ་མེད་པས་ དེ་ལས་བྱུང་བའི་སྡུག་བསྔལ་སྐྱེ་བ་མིན་ཞེ་ན། ཁྱེད་ཀྱི་ལུགས་ལ་སྡུག་བསྔལ། མྱོང་བ་ལ་ སྡུག་བསྔལ་གྱི་བདག་ཉིད་དུ་སྐྱེས་པར་གྱུར་པ་མིན་གྱི་འོན་ཀྱང་སྡུག་བསྔལ་དམིགས་པའི་ ཤེས་པ་སྐྱེས་པས་དེ་མྱོང་བར་འདོད་པས་སྔར་གྱི་སྐྱོན་སོ་ན་གནས་སོ། །ཁྱེད་ལ་རྣལ་འབྱོར་ པ་གཞན་གྱི་སྡུག་བསྔལ་མྱོང་ཞེ་ན། གཞན་གྱི་བདེ་སྡུག་དམིགས་པའི་འཕགས་ཆེན་ཆོས་ ཅན། གཞན་གྱི་སྡུག་བསྔལ་དང་བདེ་བས་གདུང་དང་ཕན་འདོགས་པའི་རྒྱུ་མིན་ཏེ། གཞན་ གྱི་སྡུག་བསྔལ་སོགས་མྱོང་བ་མ་ཡིན་པའི་ཕྱིར། དེས་ན། དེ་ཆོས་ཅན། གཞན་གྱི་སྡུག་ བསྔལ་ལ་སོགས་མྱོང་བ་དེ་ལྟར་ཐལ་བར་མི་འགྱུར་ཏེ། དེ་དམིགས་པ་ཙམ་གྱིས་ཤེས་པ་ ཡིན་གྱི་གཞན་གྱི་སྡུག་བསྔལ་གྱི་ངོ་བོར་མ་སྐྱེས་པའི་ཕྱིར་ན། དེས་ན། ཤེས་བྱ་ཆོས་ཅན། ཡང་ན་ཤེས་པ་ཐམས་ཅད་ཀྱི་དམིགས་མྱོང་དག་ནི་ཐ་དད་ཡིན་ཏེ། དོན་དང་འདྲ་བ་དམིགས་ པ་ཡིན་ལ་ཆོས་དེ་མྱོང་ན་ཆོས་དེ་ཡི་ངོ་བོར་གསལ་དགོས་པས་སོ། ། གཉིས་པ་ལ་གཉིས། བློའི་བརྟགས་གང་ཡིན་རྟག་དེ་བློ་བརྟགས་མིན་པར་རྟགས་མིན་ པར་སྒྲུབ་པའོ། །གཞན་ཡང་རང་བློ་ཆོས་ཅན། རང་ངོར་རང་རྒྱུ་ལ་རྟགས་ལ་རྟོགས་དགོས་ པར་ཐལ། དེ་ལ་མངོན་སུམ་གྱིས་གྲུབ་པ་མེད་ཅིང༌། ཚད་མས་གྲུབ་པས་སོ། །འདོད་ན་ དབང་བོའམ་དོན་ནམ་བློ་རང་ཉིད་དམ་ཡང་ན་ཡིད་བྱེད་དམ་སྔ་མ་དེ་ཡང་སྟེ་དེ་དག་རང་ སོར་རང་བློ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་ཡི་རྟགས་ཡོད་ཅིང་རྒྱུ་འབྲས་ཚོགས་པ་ འདི་དག་ལས། རྟགས་གཞན་མེད་པའི་ཕྱིར། དེས་ན་བློ་ཆོས་ཅན་དེ་གསུམ་ལས་གཞན་རང་ གི་རྒྱུ་ཚོགས་སུ་འབྲེལ་པ་ཅན་བདག་ཡིད་ཕྲད་པ་སོགས་ཡོད་པ་མ་ཡིན་ཏེ། དེས་ན་རང་ལ་ ཕན་པའི་ནུས་པ་མཐོང་བ་མེད་པའི་ཕྱིར། གཉིས་པ་ལ་གསུམ། རང་ངོར་རང་བློ་སྒྲུབ་པའི་ རྟགས་མི་སྲིད། སྲིད་ཀྱང་འབྲེལ་པ་མེད་པས་རྟགས་སུ་མེད། ཡིད་རྟོག་བཟུང་བའི་དོན་ 1-1-308 གྱིས་སྒྲུབ་མི་དགོས་པའོ། །དབང་པོ་ཞེ་ན། བཞི་པོ་དེ་ལ་དབང་པོ་ཆོས་ཅན་རང་རྒྱུད་ལ་རང་བློ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་ པར་ཐལ། རང་བློ་ལ་འཁྲུལ་བའི་ཕྱིར། དོན་ཡང་ཆོས་ཅན། མ་ཡིན་པར་ཐལ། དེ་བཞིན་དུ་ རང་བློ་ལ་འཁྲུལ་བའི་ཕྱིར་བློ་ཡིད་བྱེད་དེ་ཡང་ཆོས་ཅན། དེ་མ་ཡིན་པར་ཐལ། ཚད་མས་མ་ གྲུབ་པའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། མ་གྲུབ་པ་ནི་རྟགས་ཉིད་མིན་པའི་ཕྱིར། གལ་ཏེ་དོན་གསལ་རྟགས་ཡིན་པར་འདོད་ན་དོན་གསལ་བའི་བློའམ། བློས་གསལ་བའི་ དོན་ཡིན། དང་པོ་ལྟར་ན་དེ་ཡང་ཆོས་ཅན། དེ་ཡི་རྟགས་ཡང་དག་མ་ཡིན་པར་ཐལ། ཤེས་པ་ མ་ཡིན་ནམ་སྟེ་ཡིན་པས་སོ། ། གཉིས་པ་ལྟར་ན། དེ་རྟགས་ཡིན་པ་བཀག་པ་འདིས་ནི། བློས་གསལ་བར་འགྱུར་བའི་ དོན་ཆོས་ཅན། དེ་ཡི་དོན་རྟགས་ཡང་དག་ཡིན་པ་བསལ་ཏེ། ཚད་མས་ངེས་པ་མིན་པའི་ ཕྱིར། བློ་དེ་ཡི་གསལ་བར་གྱུར་པའི་དོན་གསལ་བར་ཉམས་སུ་མྱོང་བ་སྟེ། ཚད་མས་གྲུབ་པ་ མིན་པས་ནའོ། ། འོན་ཏེ་གསལ་ཏེ་དོན་ཉིད་ཀྱི་ཁྱད་པར་སྔར་མི་གསལ་བ་ཕྱིས་གསལ་བ་འགའ་ཞིག་ ཡིན་འདོད་ན། ཕྱི་ཡི་དོན་ལ་ཆོས་ཅན། དེ་འདྲའི་ཁྱད་པར་འགའ་ཡང་མེད་པར་ཐལ། སྐྱེ་བ་ དང་ནི་འཇིག་པ་མེད་པའི་ཕྱིར། མ་གྲུབ་ན་རྟག་པ་བུད། ཕྱི་དོན་ཆོས་ཅན། སྐད་ཅིག་གིས་ནི་ འཇིག་པར་ཐལ། ཤེས་པ་སོ་སོར་བསྐྱེད་པས་སོ། །དོན་ཆོས་དེ་ཡང༌། བློས་ཤེས་པའམ་ཤེས་ པར་མ་གྱུར་པ་གང་རྟགས་ཡིན། གལ་ཏེ་བློས་ཤེས་པ་རྟགས་ཡིན་ན་རང་རྒྱུད་ལ་ཆོས་ཅན། བློ་དེས་ཤེས་པའི་དོན་ གསལ་ཞེས་བྱ་བ་དེ་ཚད་མ་གང་ལས་གྲུབ་སྟེ་མ་གྲུབ་པར་ཐལ། ཤེས་པ་ཚད་མས་ཡོངས་སུ་ གཅད་པ་མེད་པའི་ཕྱིར། བློས་ཤེས་པར་གྱུར་པའི་དོན་དེ་ནི་ཆོས་ཅན། རང་རྒྱུད་ལ་རང་བློ་ 1-1-309 དེ་ནི་ཇི་ལྟར་གོ་བྱེད་ཡིན་ཏེ། མ་ཡིན་པར་ཐལ། ཡིན་ན་ཚད་མས་གྲུབ་དགོས་པ་ལ་མ་གྲུབ་ པའི་ཕྱིར། གལ་ཏེ་བརྟག་པ་གཉིས་པའོ་ཞེ་ན། མཐོང་བ་བློ་ཆོས་ཅན། མཐོང་བར་གྱུར་པ་མ་ཡིན་པར་ཐལ། རང་མཐོང་བ་མེད་པས་ སོ། །མ་ཁྱབ་སྟེ། རང་མཐོང་མེད་ཀྱང་དེས་གཟུགས་སོགས་མཐོང་ཞེ་ན། ཤེས་བྱ་ཆོས་ཅན། གཞན་གྱི་སྟེ་གཟུགས་མ་མཐོང་བའི་སྐྱེས་བུས་གཟུགས་མཐོང་བར་ཐལ། དེ་མཐོང་བའི་བློ་ རང་མཐོང་བྱེད་མེད་ཀྱང་དེ་མཐོང་བས་སོ། །གཟུགས་མཐོང་མ་མཐོང་གི་སྐྱེས་བུ་ཆོས་ཅན། གཟུགས་གཏན་མ་འཐོང་བར་ཐལ། གཟུགས་མཐོང་བའི་བློ་འགར་ཏེ་ནམ་ཡང་མཐོང་བར་ གྱུར་པ་མེད་པར་མཚུངས་པས་སོ། །གཟུགས་མཐོང་བ་ལས་གཞན་དེ་མ་མཐོང་བའི་སྐྱེས་བུ་ ཆོས་ཅན། རང་རྒྱུ་ལས་གཟུགས་མཐོང་བའི་དབང་བློ་རྟོགས་པར་འགྱུར། གཟུགས་འཛིན་ དབང་ཤེས་ཀྱིས་མ་མཐོང་བའི་དོན་གྱི་ཁྱད་པར་དེ་ཡོད་པའི་སྐྱེས་བུ་ཡིན་པས་སོ། །དེའི་ ཕྱིར། དེ་འདྲའི་སྐྱོན་ཡོད་པ་དེ་ཡི་ཕྱིར། བློ་ལ་ལྟོས་མེད་ཀྱི་དོན་ཆོས་ཡན་གར་བ་ཆོས་ཅན། ཁྱོད་ལ་བློ་ནི་རྗེས་སུ་དཔོག་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རང་ཆོས་ཏེ་རང་བློ་ལ་ ལྟོས་པ་མེད་པ་ཅན་ཡིན་པས་སོ། །བློ་ཡི་ཆོས་འགའ་བློ་བསྒྲུབ་པའི་རྟགས་སོ། །ཞེ་ན། རང་བློའི་ཆོས་གང་ཡིན་པ་ཆོས་ཅན། མངོན་སུམ་གྱིས་གྲུབ་པར་ཐལ། རང་རྒྱུད་ལ་རང་ བློ་སྒྲུབ་པའི་རྟགས་ཡིན་པས་སོ། །འདོད་ན་མ་ཡིན་པར་ཐལ། རང་བློ་ལས་གཞན་ཅི་ཡིན་ཏེ་ མིན་པའི་ཕྱིར། བློ་ཡི་ཆོས་དེ་བློ་དང་རྒྱུ་གཅིག་ལས་སྐྱེས་སམ་གཞན་ལས་སྐྱེས། དང་པོ་ལྟར་ ན། དེ་ཆོས་ཅན། བློ་ལས་རིགས་ཐ་དད་གང་ལས་ཡིན་ཏེ་མིན་པར་ཐལ། བློ་དང་རྒྱུ་མཚུངས་ པ་སྟེ་རྒྱུ་གཅིག་ཁོ་ན་ལས་སྐྱེས་པས་སོ། ། གཉིས་པ་ལྟར་ན། དེ་ཡང་ཆོས་ཅན། བློ་ལ་འཁྲུལ་བ་ཅན་དུ་ཐལ། བློ་དང་རྒྱུ་དོན་ གཞན་ཁས་ལེན་ལས་སྐྱེས་པས་སོ། །བློ་བསྐྱེད་པའི་ཆོས་འགའ་རྟགས་ཡིན་ཞེ་ན། གཟུགས་ 1-1-310 སོགས་ཡུལ་ནི་ལྔ་པོ་དང་དབང་པོ་དང་དམིགས་པ་ཤེས་པ་དག་གང་རུང་ཆོས་ཅན། རང་ལ་ གཟུགས་འཛིན་དབང་ཤེས་སྒྲུབ་པའི་འབྲས་རྟགས་སུ་ཐལ། དེ་ཡི་འབྲས་རྟགས་ཡོད་ཅིང་དེ་ ག་ལས་མ་རྟོགས་དེ་ཡི་འབྲས་བུ་གཞན་ཉེ་བར་མཚོན་པ་མིན་པའི་ཕྱིར། དེ་ལ་ཕྱི་མ་གཉིས་ སོ་ཞེ་ན། དབང་པོ་དང་ཤེས་པ་གཉིས་ཆོས་ཅན། དེ་ཡི་འབྲས་རྟགས་མ་ཡིན་པར་ཐལ། དབང་པོ་སྟེ་མངོན་སུམ་གྱི་ཡུལ་ལས་འདས་པས་སོ། །དོན་ལྔ་དག་གོ་ཞེ་ན། ཆོས་ཅན། དེ་ མ་ཡིན་པར་ཐལ། ཐམས་ཅད་ལྟ་ཅི་སྨོས། ཁྱེད་གང་ཡིན་གཅིག་ཀྱང་གཟུགས་མཐོང་དབང་ ཤེས་ལས་སྐྱེས་པ་གཞན་དུ་སྲིད་པ་བྲལ་བའི་སྒོ་ནས་གཟུགས་མཐོང་དབང་ཤེས་ལས་སྐྱེས་ པ་རྟོགས་པ་མེད་པས་སོ། །དེ་ལྟར་ན། དབང་སོགས་གང་ཡིན་དེ་ཆོས་ཅན། དེ་ཡི་རྟགས་ ཞེས་བྱ་བ་བབ་ཅོལ་ཡིན་ཏེ། ཚད་མས་ཤེས་པ་མེད་པའི་ཕྱིར། གཉིས་པ་ནི། དེ་ཡི་བརྟགས་ བརྗོད་དང་གཡོ་མགུལ་སོགས་ཡོད་ཅེ་ན་ཡང༌། དེ་དག་ཆོས་ཅན། ཇི་ལྟར་རྒྱུད་ལ་རང་བློ་དེ་དང་ལྷན་ཅིག་འབྲེལ་པ་མཐོང་བར་མེད་ པའི་ཕྱིར། ཁྱབ་སྟེ། འབྲེལ་པ་མ་མཐོང་བའི་རྟགས་དག་ནི་གསལ་བྱེད་རྟགས་མིན་པའི་ཕྱིར་ རོ། །གལ་ཏེ་རྟགས་བརྗོད་དང་གཡོ་འགུལ་སོགས་དེ་དེ་ཉིད་ལས་རང་བློ་སྒྲུབ་པའི་སྔགས་ དཔེ་གཞན་རྒྱུད་ལ་བློ་དེ་ནི་གྲུབ་པ་བྱས་ནས་ཕྱིས་རང་ལ་བློ་སྒྲུབ་པར་བརྗོད་པའི་སྐྱོན་མེད་ ཅེ་ན། ལྷས་སྦྱིན་ཆོས་ཅན། རང་རྒྱུད་ལ་བློ་སྒྲུབ་པའི་མཐུན་རྐྱཻན་ཐུག་མེད་དུ་འགྱུར་བར་ ཐལ། རང་ལ་རང་བློ་སྒྲུབ་པའི་སྔར་མཐུན་དཔེ་གཞན་རྒྱུད་ལ་བློ་རྟགས་ཀྱི་སྒྲུབ་དགོས་དེ་ལ་ ཡང་དཔེ་གཞན་ཞིག་གི་རྒྱུད་ལ། བློ་རྟགས་ཀྱིས་སྒྲུབ་དགོས་པ་ཡིན་པའི་ཕྱིར། དོན་ཆོས་བློ་ བཏགས་མིན་པ་དེ་ཡི་ཕྱིར། སྐྱེས་བུ་ཆོས་ཅན། བློ་ལས་དོན་འགྲུབ་ཀྱི་དོན་ལས་ཇི་ལྟར་ཡང་བློ་དེ་འགྲུབ་པ་མ་ཡིན་ པར་ཐལ། བློ་དེ་ཚད་མས་མ་གྲུབ་པར་དོན་རང་ཉིད་རབ་ཏུ་གྲུབ་པ་མེད་ཕྱིར་རོ། །དེས་ན་ 1-1-311 བརྗོད་དང་གཡོ་འགུལ་སོགས་ཆོས་ཅན། རང་རྒྱུད་ལ་བློ་མངོན་སུམ་གྱིས་འགྲུབ་ཅིང༌། དེ་ ལས་ཁྱོད་འབྱུང་བར་མཐོང་ནས་ཁྱོད་ཅན་གཞན་ལ་སེམས་ཡོད་པར་རྗེས་སུ་དཔོག་པར་མི་ འགྱུར་བར་ཐལ། བདག་རྒྱུད་ལ་བློ་དང་འབྲེལ་པ་མཐོང་བ་མེད་པའི་ཕྱིར་རོ། ། གསུམ་པ་ནི། དབང་བློ་ལ་ཡིན་དུ་ཆུག་ཡིད་བློ་རྟོག་པ་ཆོས་ཅན། རང་གི་བཟུང་དོན་གྱི་ རྟགས་ཀྱིས་རང་རྒྱུད་ལ་བློ་སྒྲུབ་མི་ནུས་པར་ཐལ། ཁྱོད་ལ་བཟུང་དོན་རབ་ཏུ་གྲུབ་པ་ཡོད་པ་ མིན་པའི་ཕྱིར། བཞི་པ་ལ། རང་ཉིད་གསལ་བ་མིན་པ་དགག རང་ཉིད་གསལ་བའི་རྒྱུ་མཚན་ བཤད། མྱོང་བ་མེད་ན་དྲན་པ་མེད་པའོ། །དང་པོ་ནི། ཁྱེད་ཀྱི་ལུགས་ལ་བློ་སྔ་མ་ནི་བློ་ཕྱི་མ་ གཞན་གྱིས་ཇི་ལྟར་རབ་ཏུ་གསལ་བར་འགྱུར། སྐྱེས་འདྲའོ་ཞེ་ན། བློ་སྔ་ཕྱི་ཆོས་ཅན། ཁྱེད་གཉིས་གསལ་བྱ་གསལ་བྱེད་གང་ལས་ཡིན་ཏེ་མ་ཡིན་པར་ ཁྱེད་གཉིས་ཀ་གསལ་བ་མིན་པའི་བདག་ཉིད་དུ་མཚུངས་པའི་ཕྱིར། འོ་ན་ཡུལ་གཟུགས་ སོགས་ཇི་ལྟར་གསལ་བ་ཡིན་ཞེ་ན། གཟུགས་སོགས་ཆོས་ཅན། གསལ་ཞེས་ཐ་སྙད་བྱེད་ རུང་སྟེ། གསལ་བ་དབང་ཤེས་ལ་ངོ་བོ་སྟེ་རྣམ་པ་འཕོ་བའི་ཕྱིར། གསལ་བ་དབང་ཤེས་དེ་ ཡང་ཆོས་ཅན། རང་ཉིད་རབ་ཏུ་གསལ་བ་ཡིན་ཏེ། གཟུགས་ སོགས་དེ་ཡི་ངོ་བོ་སྟེ་རྣམ་པར་སྣང་བའི་བློ་ཡིན་པའི་ཕྱིར། ཚུལ་དེ་ལྟར་བློ་ཕྱི་མ་ལ་སྔ་ བློའི་རྣམ་པ་སྣང་བར་འདོད་ན་དེ་ཡི་ཕྱིར། ཕྱི་བློ་ཆོས་ཅན། རང་ཉིད་རིག་པར་གྲུབ་པར་ཐལ་ ལོ། ། ཕྱི་བློ་རང་བསལ་བ་དེ་ལྟ་མིན་ན་ཡུལ་གཟུགས་སོགས་ཡང་ནི་སྔ་བློའི་གསལ་བྱེད་དུ་ ཐལ། ཕྱི་བློ་དང་རང་མི་གསལ་བར་ཆོས་མཚུངས་པས་སོ། །ཁྱབ་པ་ཁས། གཉིས་པ་ནི། དེ་འདྲའི་སྐྱོན་ཡོད་པ་དེ་ཡི་ཕྱིར། ངེད་ཀྱི་ལུགས་ལ་བློ་ཆོས་ཅན། རང་ ཉིད་རབ་ཏུ་གསལ་བ་ཡིན་ཏེ། གསལ་བའི་ངོ་བོ་སྟེ་རིག་པ་ཡིན་པས་སོ། །གཞན་གཟུགས་ སོགས་ཆོས་ཅན། གསལ་བ་ཡིན་ཞེས་ཐ་སྙད་གདགས་སུ་རུང་བ་ཡིན་ཏེ། དབང་ཤེས་དེར་ 1-1-312 ངོ་བོ་ཏེ་རྣམ་པ་འཕོ་བའི་སྒོ་ནས་གསལ་ལོ་ཞེས་བཞག་པའི་ཕྱིར། བློ་གཞན་སྔ་མ་ཆོས་ཅན། ཕྱི་བློ་དང་འདྲ་བ་ཡིན་ཡང་ཕྱི་བློ་དེ་ཡིས་ནི། ཁྱོད་གསལ་བར་མི་འདོད་དེ། རང་ཉིད་རབ་ཏུ་ གསལ་བའི་ཕྱིར་རོ། །འོ་ན་དོན་དང་འདྲ་བས་དོན་ཇི་ལྟར་གསལ་ཞེ་ན། མིག་ཤེས་སོགས་ཆོས་ཅན། གཟུགས་སོགས་དངོས་སུ་མྱོང་ནས་རིག་པ་མ་ཡིན་ཏེ། དེ་ ཡི་ངོ་བོ་རབ་གསལ་ཏེ་གཟུགས་སོགས་ཀྱི་རྣམ་པར་སྣང་བ་དེ་མྱོང་བ་ཡིན་པས་སོ། །རང་ གསལ་ན་གཞན་གྱིས་གསལ་མི་དགོས་པ་སྒྲོན་མེ་གཉིས་བཞིན་ནོ། །ཤེས་བྱ་ཆོས་ཅན། རང་ མི་གསལ་བར་གཞན་གྱིས་གསལ་དགོས་ན་གསལ་བྱ་གསལ་བྱེད་འཐད་དེ། དཔེར་ན། མར་ མེ་ནས་རྒྱས་པར་བྱེད་ཀྱི་བར་གྱི་བར་བཞིན་ནོ། ། ལྔ་པ་ནི། (གསུམ་པ་)དབང་ཤེས་ཆོས་ཅན། རང་རིག་མེད་པར་ཡུལ་དང་དབང་པོ་ཡོད་ཙམ་ གྱིས་ཡུལ་མཐོང་ཞེས་ངེས་པ་སྐྱེ་བས་མ་ཁྱབ་པར་ཐལ། དེ་སྐྱེ་བ་ལ་རང་རིག་དགོས་པས་ སོ། །གཞན་དབང་ཤེས་དེ་ཆོས་ཅན། རང་དུས་ན་རང་མཐོང་བ་ཡོད་པར་གདོན་མི་ཟ་བར་ ཐལ། ཁྱོད་ཡུལ་འཛིན་པར་དྲན་པ་སྐྱེ་བ་དེས་ནའོ། །ཁྱབ་སྟེ་རང་རིག་གང་ལས་དྲན་པ་སྐྱེ་ བ་འདིར་འགྱུར་བས་སོ། །གསུམ་པ་ལ་དྲུག ཕྱོགས་ཀྱི་གླང་པོའི་རིགས་པ་དང་པོས་སྒྲུབ། གཞན་གྱི་མྱོང་བར་འདོད་པའི་ཁས་བླངས་བརྗོད་པ། རང་གི་རིགས་པ་དང་པོས་རང་རིག་ སྒྲུབ། ཕྱོགས་ཀྱི་གླང་པོའི་རིགས་པ་གཉིས་པ་སྒྲུབ། རང་གི་རིགས་པ་གཉིས་པས་རང་རིག་ སྒྲུབ། རིགས་པ་ཕྱི་མ་གཉིས་ཀྱིས་གཞུང་འཛུགས་པའོ། །དང་པོ་ནི། དབང་ཤེས་ལྔ་ཆོས་ ཅན། བདག་རིག་སྟེ། སྒྲ་སོགས་རྟོགས་པའི་དོན་རྟོགས་སོ་སོར་དྲན་པས་སོ། །ཞེས་པ་ལས་ ཀྱང་བདག་རིག་གྲུབ་བོ། །གཉིས་པ་ནི། དྲན་པས་མྱོང་བ་བསྒྲུབས་ན། གྲུབ་ཟིན་བསྒྲུབས་ཏེ་ ཤེས་པ་ཤེས་པ་གཞན་གྱིས་རིག་ཅིང་མྱོང་བས་སོ་ཞེ་ན། གསུམ་པ་ནི། ཤེས་བྱ་ཆོས་ཅན། ཡི་གེ་རིང་ཐུང་ཤིན་ཏུ་རིང་པོ་སོགས་འཛིན་པའི་ཤེས་པ་ཡོད་པར་མི་ 1-1-313 འགྱུར་བར་ཐལ། ཉན་ཤེས་སྐད་ཅིག་གིས་དེ་དུ་མས་དུ་མ་དང་དུས་མཉམ་དུ་བྱུང་བའི་རྟོག་ པས་ཀྱང་དེ་མི་འཛིན་པས་སོ། །ཟུར་ཕྱི་མ་གཉིས་ཁས། ཟུར་དང་པོ་མ་གྲུབ་ན། ཉན་ཤེས་ དུས་མཐའི་སྐད་ཅིག་གཅིག་ཆོས་ཅན། ཡི་གེའི་རིང་སོགས་མི་འཛིན་པར་ཐལ། ཁྱོད་ཡུན་ རིང་བས་གནས་པ་མེད་པའི་ཕྱིར། ཡུན་རིང་བས་གནས་སོ། །ཞེ་ན། བློ་དེ་ཆོས་ཅན། ཁྱོད་ལ་ཡི་གེ་རིང་པོ་ཆ་ཐམས་ཅད་ཅིག་ཆར་སྣང་བར་ཐལ། དེ་ཡི་ཆ་ ཐམས་ཅད་ཐོས་ཤིང་གོ་རིམ་མེད་པའི་ཕྱིར་འདོད་ན། ཡི་གེ་རིང་པོ་འཛིན་པར་མི་གྱུར་བར་ ཐལ། ཡི་གེ་རིང་པོའི་ཆ་རིང་མེད་ཅིག་ཆར་འཛིན་པས་སོ། །ཡི་གེ་རིང་པོའི་ཆ་རྣམས་ཆོས་ ཅན། ཇི་ལྟར་ན་ཉན་ཤེས་རིམ་མེད་པར་ནི་སྐྱེད་པར་བྱེད་དེ། མི་བྱེད་པར་ཐལ། ཕན་ཚུན་ འདྲེ་བས་ཏེ། ལྷན་གཅིག་ཚོགས་པ་མེད་པའི་ཕྱིར། སྔ་ཕྱི་རིམ་ལྡན་ཡིན་པས་སོ། ། ཡིག་ ཆ་སྔ་མ་མཐའ་སྟེ་ཆ་ཐ་མའི་བར་དུ་གནས་པས་རྟགས་མ་གྲུབ་ཅེ་ན། རྩོལ་བ་སོགས་མཉམ་ པོས་བླངས་པའི་ཨཱ་རིང་ཆོས་ཅན། འོག་ཏུ་སྟེ་རང་གི་ཆ་ཕྱི་མ་རྣམས་སྔ་མ་སྔ་མ་ལས་སྒྲ་ནི་ཇེ་ ཆེར་འཕེལ་ནས་ཁྱོད་ཀྱི་ཆ་ཐ་མར། སྐད་གསང་མཐོན་པོར་ཐོས་པར་འགྱུར། རང་གི་ཆ་སྔ་ མ་རྣམས་ཕྱི་མ་རྫོགས་ཀྱི་བར་དུ་གནས་ནས་ཐོས་པའི་ཡི་གེ་ཡིན་པས་སོ། །ཨཱ་རིང་གི་ཆ་ཐ་ མ་སྟེ་ཐ་མའི་དུས་ན་ཆོས་ཅན། ཡི་གེ་རིང་པོའི་ཆ་རིམ་ལྡན་དུ་ཐོས་ནས་འཛིན་པ་མེད་པར་ འགྱུར། དེ་ཡི་ཆ་རྣམས་རིམ་མིན་དུ་འཛིན་པའི་ཕྱིར། དང་པོར་སྐྱེས་པའི་ཉན་ཤེས་མཐའི་ བར་དུ་གནས་སོ་ཞེ་ན། དེ་འོག་སྟེ། ཡིག་ཆ་ཐ་མའི་དུས་ན་ཆོས་ཅན། སྔ་མ་ཐོས་པའི་བློ་ནི་རང་ཉིད་གནས་པ་ མིན་པར་ཐལ། ཡུལ་ཡིག་ཆ་སྔ་མ་ནི་གནས་པ་མེད་པའི་ཕྱིར། ཁྱབ་པ་ཁས། ཡིག་ཆ་དང་པོ་ ཐོས་པའི་ཉན་ཤེས་གཅིག་དེ་ཆོས་ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། རང་ཉིད་སྔར་རྟག་ པར་གནས་པས་སོ། །ཁྱབ་སྟེ། སྔར་རྟག་ན་ཕྱིས་ཀྱང་རྟག་པ་ཁྱད་པར་མེད་པའི་ཕྱིར་རོ། ། 1-1-314 ཡི་གེ་རིམ་མེད་ཅིག་ཆར་ནི་སྐྱེས་ནས་ཡུན་རིང་པོར་གདོད་པ་ལ་ཡང༌། ཡིག་རིང་ཆོས་ ཅན། ཕྱིས་ཀྱང་མི་འཇིག་པར་ཐལ། ཡུན་རིང་པོར་རྟག་པས་སོ། །ཞེས་པའི་སྐྱོན་འདི་ཡོད་ དེ། གཞན་ཡང་ཆོས་ཅན། ཁྱོད་བརྗོད་པའི་རྩོལ་བ་ཕྱི་མ་དོན་མེད་པར་ཐལ་བར་འགྱུར། ལན་གཅིག་བརྩལ་བ་སྟེ་བརྗོད་འདོད་དང་པོ་ཉིད་ལས་རང་གི་ཆ་ཀུན་རྫོགས་པར་སྐྱེས་པའི་ ཕྱིར། སྤྱོད་པ་པས། རླུང་དང་འབྲེལ་བའི་ལྡན་པ་དང༌། རྣམ་དབྱེ་དང༌། སྒྲ་ཙམ་དག་གིས་ཡི་ གེ་རྣམས་གྲུབ་ཟིན། ཅིག་ཆར་གསལ་བར་འདོད་པ་ལ་ཡང་ཆོས་ཅན། བརྗོད་པའི་རྩོལ་བ་ ཕྱི་མ་རྣམས་ཁྱོད་གསལ་བྱེད་དུ་དོན་མེད་པར་ཐལ། དང་པོས་ཁྱོད་རྫོགས་པར་བསལ་ཟིན་ པས་སོ། །ཞེས་པའི་སྐྱོན་འདི་རྗེས་སུ་གནས་པ་ཉིད་དོ། ། གལ་ཏེ་ཉན་ཤེས་དུ་མ་རྒྱུན་ཆགས་པ་ཡིས་ནི་ཡི་གེ་རིང་སོགས་དེ་འཛིན་ནོ་ཞེ་ན། བློ་ ཀུན་རྗེས་ཀྱི་ཤེས་པས་མྱོང་བ་ཁོ་ཡི་རྩ་བའི་གྲུབ་མཐའ་ཡིན་པས་ཨཱ་ཡིག་རིང་པོའི་ཆ་ཤས་ ཐོས་པའི་ཉན་ཤེས་ཀྱི་རྗེས་སུ་སྐྱེས་པའི་བློ་ཆོས་ཅན། ཨཱ་རིང་པོ་འཛིན་པའི་བློ་མི་མྱོང་བར་ ཐལ། དེ་འཛིན་པའི་ཐ་མའི་བློ་དེ་ཁོ་ན་མྱོང་བའི་ཕྱིར། ཁྱབ་སྟེ། ཐ་མ་ཐོབ་པའི་བློ་གཅིག་པུ་ དེ་ཡང༌། ཡི་གེ་རིང་པོ་འཛིན་པ་མིན་པས་སོ། །འདོད་ན་དེ་མྱོང་བྱེད་མེད་པར་ཐལ། ཡོད་ན་ ཁྱོད་ཀྱིས་མྱོང་དགོས་པ་ལ་མ་མྱོང་བས་སོ། །འདོད་ན། ཨཱ་རིང་ཐོས་པའི་བློ་ཆོས་ཅན། ཁྱོད་ དྲན་པ་ཡོད་པར་མི་འགྱུར་བར་ཐལ། མྱོང་བ་མེད་པའི་བློ་ཡིན་པ་དེས་ནའོ། །ཡིག་ཆ་ཉན་ པའི་བློ་ཡི་སྐད་ཅིག་རྣམས་སྐད་ཅིག་སོ་སོ་ཐ་དད་པའི་ཁྱོད་ཀྱིས་བར་དུ་སྤེལ་ནས་མྱོང་བས་ སྐྱོན་མེད་ཅེ་ན། ཡིག་རིང་དེ་ཡི་སྒྲ་ཡི་ཆ་ཤས་ཐོས་པའི་ཉན་ཤེས་ཆོས་ཅན། དེ་ཡི་ཆ་བར་ ཆོད་པ་མེད་པར་སྣང་བར་མི་འགྱུར་བར་ཐལ། རང་གི་སྐད་ཅིག་སྔ་ཕྱིའི་བར་དུ་མྱོང་བྱེད་ རྫས་གཞན་སྤེལ་ནས་ཞུགས་པས་སོ། །འདོད་དེ། ཆོད་པར་སྣང་ཀྱང་མ་ཆོད་པར་སྦྱོར་བར་ བྱེད་པས་སྐྱོན་མེད་ཅེ་ན། དེ་ཡང༌། ཡི་གེའང་ཅིག་ཆར་ཐོས་འགྱུར་ཞེས་སོགས་ཀྱིས་གསལ་ 1-1-315 བ་ཡིན་ནོ། ། གལ་ཏེ་བར་ཆད་པར་མཐོང་ན་ཡང་མྱུར་བས་རྣམ་ཆད་མེད་པར་འཁྲུལ་བར་འགྱུར་ན་ ཡི་གེ་ཨ་ཨི་གཉིས་ནི་བརྗོད་ན་ཡང་དེ་ཡི་ཤ་ཆས་ཐོས་པའི་ཉན་ཤེས་ཆོས་ཅན། དེ་གཉིས་ བར་རྣམ་ཆད་མེད་པར་འཁྲུལ་པར་འགྱུར། དེ་ཡི་ཆ་ཐོས་པར་མ་གྱུར་པས་སོ། །དེ་ལྟར་ན་ རྣ་བའི་དབང་པོའི་ཤེས་པ་རྣམས་ཆོས་ཅན། ཁྱོད་ཀྱི་ཡིག་ཆ་བར་མ་ཆོད་པར་ཐོས་ན་ཡང་ བར་ཆད་པ་མེད་པར་སྒྲོ་འདོགས་པ་མི་རུང་བར་ཐལ། རུང་ན་དབང་བློ་ཐམས་ཅད་དེར་ འགྱུར་བས་དབང་པོའི་བློ་རྣམས་ཀུན་ཕྱིན་ཅི་ལོག་ཏུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། ། གཞན་ཡང་ཡི་གེའི་བདག་ཉིད་ཀུན་གྱི་ཐུང་མཐའ་ཨ་ཐུང་གཅིག་ཡང་ཆོས་ཅན། དུས་ མཐའི་སྐད་གཅིག་གིས་མི་རྫོགས་ཏེ། མིག་དེ་ལན་གཅིག་འཛུམ་པའི་ཚད་ཙམ་དུ་གནས་ པའི་ཕྱིར། མིག་ལན་གཅིག་འཛུམ་པ་དེ་ཡང་ཆོས་ཅན། ཆོས་འདྲ། རྡུལ་ཕྲན་གཅིག་ནི་གོ་ ས་ནུར་བའི་རིམ་གྱིས་དུ་མ་དག་དང་འབྲེལ་བ་སྟེ་དུ་མར་ཕྱིན་པའི་ཡུན་གྱིས་རྫོགས་དགོས་ པས་སོ། །རྡུལ་ཕྲན་གཅིག་གོ་ས་ལན་གཅིག་སྒྲེམས་ནུར་ཙམ་གྱི་དུས་ཀྱང་ཆོས་ཅན། དུས་ མཐའི་སྐད་ཅིག་ཏུ་འདོད་དེ། དུས་ཀྱི་ཆུང་བ་སྟེ་ཐུང་བའི་མཐར་ཐུག་པའི་ཕྱིར། དེ་ལྟར་ཡིན་ པས། སྐྱེས་བུ་ཆོས་ཅན། ཡི་གེའི་ཆ་ཤས་རིམས་ཀྱིས་རྟོགས་པར་འགྱུར་བས་སོ། ། ཡི་གེ་ཐུང་མཐའ་ཡང་སྐད་ཅིག་རིམ་གྱིས་འགྲུབ་ཅིང༌། བློ་ཡང་སྐད་ཅིག་རིམ་གྱིས་སྐྱེ་ དགོས་པ་དེ་ཡི་ཕྱིར་རོ། །ཡི་གེ་དང་གཟུགས་སོགས་འཛིན་པའི་བློ་ཐམས་ཅད་ཆོས་ཅན། ལོག་པའི་དོན་ཅན་དུ་ཐལ། རང་གི་སྐད་ཅིག་སྔ་ཕྱིའི་བར་མྱོང་བྱེད་རྫས་གཞན་གྱིས་ཆོད་ན་ ཡང༌། ཆོད་པ་མེད་པར་ནང་བ་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། བར་ཆོད་པ་མ་ཆོད་ པར་སྒྲོ་འདོགས་པའི་དབང་ཤེས་མེད་དེ། །དབང་ཤེས་སྔ་ཕྱི་བསྲེས་བའི་འཁྲུལ་པ་ལས་ གཞན་དུ་ཡོད་ཀྱི་དེར་ཡོད་མི་སྲིད་པས་སོ། ། 1-1-316 དངོས་པོ་སྔ་ཕྱི་རྣམས་ནི་ཐ་དད་དུ་མཚོན་པར་མེད་པར་གཅིག་ཏུ་སྦྱོར་བར་བྱེད་པའི་ འཁྲུལ་ཤེས་དེ་ནི་ཆོས་ཅན། ཁྱོད་རྣམ་རྟོག་ཅན་ཡིན་ཏེ་སྔ་ཕྱི་བསྲེ་བའི་དྲན་པ་ཡིན་པའི་ཕྱིར། སྔ་ཕྱི་བསྲེ་བའི་བློ་དེ་ལ་ཆོས་ཅན། བཟུང་དོན་གསལ་བར་སྣང་བ་ཉིད་གང་ལས་ཡིན་ཏེ་མ་ ཡིན་པར་ཐལ། བརྗོད་དང་རྗེས་འབྲེལ་ཏེ། མིང་དོན་བསྲེས་ནས་འཛིན་པས་སོ། །ཁྱབ་སྟེ། དབང་པོ་ལས་བཟུང་དོན་ལ་སྒྲ་སྦྱོར་བ་ཡོད་པ་མིན་ཞེས་བཤད་ཟིན་པས་སོ། ། གལ་ཏེ་དབང་པོའི་ཤེས་པ་ཆོད་པར་མཐོང་ན་ཡང་རྗེས་ཀྱི་རྟོག་པས་མ་ཆོད་པར་སྦྱོར་ བར་བྱེད་ཅེ་ན། དེ་ཡི་མྱོང་བ་སྟེ། དབང་ཤེས་ནི་ཆོས་ཅན། རང་མྱོང་གིས་བར་ཆོད་པ་ཞེས་བྱ་ བ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། ཡུལ་རྒྱུན་མི་འཆད་པར་སྣང་བས་རིག་པ་དམ་པས་ གནོད་པ་མེད་པ་ཅན་དེ་ཡིན་པའི་ཕྱིར། གལ་ཏེ་དོན་མཐོང་རྣམས་རང་གིས་མི་མྱོང༌། མྱོང་ བྱེད་ཡོད་གཅིག་ཆར་བློ་རེ་རེ་བསྐྱེད་པའི་ནུས་པ་ངེས་པའི་ཕྱིར། ཆོད་པར་ཡུལ་འཛིན་ཞེ་ན། ཅིག་ཆར་བློ་གཉིས་མི་སྐྱེ་བ་དེ་ཡང་གང་ལས་འདོད་ཅེས་དྲིས་པས་ཅིག་ཆར་བློ་གཉིས་ མཐོང་བ་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། དོན་ཤེས་དང་དོན་གྱི་བར་དུ་མྱོང་བྱེད་རྫས་ གཞན་གྱིས་ཆོད་པ་མེད་པར་ཐལ། མ་མཐོང་བས་སོ། །ཁྱབ་པ་ཁས། དཔྱད་ན་བློ་གཉིས་ ཅིག་ཆར་ཡོད་སྲིད་པར་ཐལ། བློ་གཉིས་ཅིག་ཆར་མེད་པ་འདི་ཉིད་ཀྱི་རྒྱུ་མཚན་རྣམ་པར་ དཔྱད་བྱ་སྟེ། རྒྱུ་མཚན་མེད་པས་སོ། །རྒྱུ་མཚན་ལུང་ཡོད་དེ། སེམས་གཉིས་ལྷན་ཅིག་འབྱུང་ བ་གང་ཡིན་པ་འདི་ནི་གནས་མིན་ཏེ། གོ་སྐབས་མེད་དོ། །ཞེས་མངོན་པར་ལས་འབྱུང་ངོ་ཞེ་ ན། དེ་འདྲའི་ལུང་ཆོས་ཅན། ཅིག་ཅར་བློ་གཉིས་ཅིག་ཆར་མེད་པར་ཙམ་དུ་བསྟན་པ་མིན་ཏེ། སྔ་བློ་དེ་རྣམས་བློ་རིགས་མཐུན་ཕྱི་མ་རེ་རེ་ཉིད་བསྐྱེད་པ་ལ་ནུས་པ་ངེས་པ་ཙམ་བསྟན་པའི་ ཕྱིར། རྒྱུ་མཚན་ནི། ཤེས་བྱ་ཆོས་ཅན། དེ་ལྟར་ངེས་པར་འགྱུར་བ་ཡིན་ཏེ། འདི་ལྟར་རྣམ་ པར་རྟོག་ནས་ཡང་དག་རྟོག་པའི་ཕྱིར་དེ་ལྟར་བསྟན་པ་འདིས་ནི་བསལ་བ་ཡིན་ནོ། །གང་ན་ 1-1-317 རྒྱལ་དཔོག་པ་གང་ཞིག་མངོན་སུམ་གྱིས་མཐོང་བའི་དོན་ལ་ངེས་ཤེས་བྱེད་པའི་རྟོག་པ་དག་ གསལ་བར་སྣང་བས་མངོན་སུམ་དུ་རྟོག་པ་དེ་ཡང་ངོ༌། །དེ་ཆོས་ཅན། མངོན་སུམ་མ་ཡིན་ པར་ཐལ། ཡིན་ན། དབང་ཤེས་རིགས་མཐུན་རྫས་གཉིས་རྒྱུད་གཅིག་ལ་ཅིག་ཆར་འབྱུང་ དགོས་པ་ལ་མི་འབྱུང་བས་སོ། །སྐྲ་དང་སྒོང་དང་མར་མེ་སོགས། ཐ་དད་པ་གཅིག་ཏུ་རྟོགས་ པའི་བློ་དག་ཆོས་ཅན། མངོན་སུམ་དུ་ཐལ། ཁྱོད་ལའང་གསལ་སྣང་ཡོད་པའི་ཕྱིར། འདོད་ ན། དེ་འདྲའི་བློ་ཆོས་ཅན། མ་ཡིན་པར་ཐལ། འཁྲུལ་བའི་ཕྱིར། ཡི་གེ་སོགས་ཆོས་ཅན། ཁྱོད་སྔ་ཕྱི་གཅིག་རུང་ངོ་ཞེས་པ་ཙམ་ལས་གཅིག་ཏུ་ངེས་པ་མེད་པར་ཐལ། ངོ་ཤེས་དེ་འཁྲུལ་ པ་ཡིན་པ་དེ་ཡི་ཕྱིར། སྔར་གྱི་དེ་ཉིད་འདིའོ་ཞེས་བྱ་བར་ངོ་ཤེས་པའི་ཕྱིར་རྟོག་པ་དེ་ཡང་ཆོས་ཅན སྔོན་མྱོང་ དྲན་ལས་དེ་ཡི་ཆོས་སྒྲོ་འདོག་མེད་པར་དེ་ཉིད་ནི་འདི་ཞེས་བྱ་བར་ཤེས་པ་མེད་པ་སྟེ། སྔར་ མཐོང་བ་དྲན་པའི་སྒོ་ནས་དེར་སྒྲོ་འདོགས་པའི་ཕྱིར་ན། ཇི་ལྟར་དབང་སྐྱེས་ཡིན་ཏེ། མ་ཡིན་ པར་ཐལ་ལོ། །གལ་ཏེ་བློ་གཉིས་ཅིག་ཆར་མེད་པ་ཁྱེད་ཀྱིས་བཀག་པས། དོན་ཤེས་དང་དེ་ མྱོང་རྫས་གཞན་ཅིག་ཆར་སྐྱེ་ཞེ་ན། ཤེས་བྱ་ཆོས་ཅན། དོན་ཤེས་དང་དོན་ཤེས་མྱོང་བྱེད་རྫས་གཞན་དག་གཅིག་ཆར་འབྱུང་ བ་མ་ཡིན་པར་ཐལ། དོན་དང་དོན་ཤེས་མྱོང་བའི་ཤེས་པ་དག་བཟུང་རྣམ་སོ་སོར་རྟོག་པའི་ དྲན་པ་ཡོད་པ་མ་ཡིན་པའི་ཕྱིར། རྟགས་ཁས། དེ་གཉིས་ཅིག་ཆར་ཁྱོད་འདོད་པ་མ་ཡིན་ པས་སོ། ། དོན་དུ་སྣང་བའི་རྣམ་ཤེས་ཆོས་ཅན། ཁྱོད་མྱོང་བྱེད་ཁྱོད་ཀྱི་རྣམ་པ་ཅན་དང༌། ཁྱོད་ཕྱི་ རོལ་གྱི་དོན་འབའ་ཞིག་རྣམ་པ་ཅན་གྱི་བཟུང་རྣམ་གཉིས་སུ་ཅིག་ཆར་སྣང་བ་ཡོད་པར་ཐལ། ཁྱོད་རང་དང་ལྷན་གཅིག་པའི་བློ་རྫས་གཞན་གྱིས་མྱོང་བའི་ཕྱིར། དེ་གཉིས་བཟུང་རྣམ་སོ་ 1-1-318 སོ་ཡིན་མོད། རྟོག་པ་ཕྱི་མ་གཅིག་གིས་གཅིག་ཏུ་བཟུང་བས་སོ་སོར་མ་རྟོགས་ཞེ་ན། དེ་གཉིས་ཀྱི་བཟུང་རྣམ་ཆོས་ཅན། བློ་རྣམ་པ་གཅིག་པ་གཅིག་གིས་གཅིག་ཁོ་ནར་ བཟུང་བ་མིན་པར་ཐལ། རྫས་ཐ་དད་པས་སོ་མིན་ན་རྫས་ཐད་དད་མེད་པར་ཐལ་ལོ། །ཤེས་ བྱ་ཆོས་ཅན། དོན་དང་དོན་ཤེས་གང་དེ་དག་ཕྱི་ནས་དྲན་ཤེས་གཅིག་གིས་ཇི་ལྟར་སོ་སོར་ དྲན་ཏེ་མི་དྲན་པར་ཐལ། མྱོང་ལས་ཏེ་དོན་ཤེས་ཀྱི་དོན་རྟོགས་པའི་དུས་སུ་དོན་ཤེས་སོ་ སོར་ལེགས་པར་རྟོགས་པའི་ཤེས་པའི་ཁྱད་པར་གྱིས་དོན་ཤེས་སོ་སོར་ལེགས་པར་རྟོགས་ པ་མེད་པའི་ཕྱིར། རང་རིག་མེད་པས་སོ། །དོན་ཤེས་དང་དེ་མྱོང་རྫས་གཞན་ཅིག་ཆར་ཡོད་ པར་བཙད་པ་ལ། དེ་གཉིས་བཟུང་རྣམ་སྣ་ཚོགས་པར་ཐལ། ཞེས་པའི་སྐྱོན་འདི། དོན་ཤེས་ དེ་མྱོང་རྫས་གཞན་རིམ་བཞིན་སྐྱེ་བར་འདོད་པ་ལ་ཡང་གདོན་པར་དཀའ་བས་སྔོ་འཛིན་ མིག་ཤེས་ཆོས་ཅན། ཁྱོད་སྔོན་པོའི་རྣམ་པ་ཅན་དང༌། ཁྱོད་མྱོང་བྱེད་ཁྱོད་ཀྱི་རྣམ་པ་ཅན་གྱི་ སྣང་བ་སྣ་ཚོགས་པ་རྫས་གཞན་རིམ་གྱིས་རྟོགས་པར་ཐལ། རང་ལས་ཕྱིས་འབྱུང་ཤེས་པས་ མྱོང་བ་སྔོན་འཛིན་ཡིན་པའི་ཕྱིར། །འདོད་མི་ནུས་ཏེ། འདི་ལྟར་སྔོན་པོར་སྣང་བ་ནི་མྱོང་བ་ སྟེ། དབང་ཤེས་ཆོས་ཅན། ཁྱོད་ལ་མྱོང་བྱེད་རྫས་གཞན་ཡོད་པ་མིན་ཏེ། ཁྱོད་སྔོན་པོ་ལ་ སོགས་པའི་བཟུང་རྣམ་གཅིག་པ་ཉིད་དམ། ཁྱོད་མྱོང་བྱེད་མྱོང་བ་སྟེ་འཛིན་རྣམ་གཅིག་པུར་ ཚད་མས་རྟོགས་པའི་ཕྱིར། བཞི་པ་ནི། ཤེས་པ་གཞན་གྱིས་རྗེས་མྱོང་བར་འདོད་པ་ལ་ཡང༌། སྔོན་འཛིན་གྱི་དབང་ཤེས་མྱོང་བྱེད་དེ་ཆོས་ཅན། ཁྱོད་ཀྱིས་དེ་མྱོང་ངོ་ཞེས་དྲན་པ་མེད་པར་ ཐལ། རང་མྱོང་བྱེད་མེད་པས་སོ། །ཐལ་བ་ལས་མྱོང་བ་ཡོད་དེ། དེ་ལྟར་དྲན་པ་མཐོང་བས་ སོ། ། དབང་ཤེས་དེ་ནི་གང་གིས་མྱོང་བ་ཡིན་ཏེ། དེ་ཡང་ཤེས་པ་གཞན་ཕྱིས་འབྱུང་གཅིག་ གིས་མྱོང་ཞིང་དེ་ལས་དྲན་པ་འབྱུང་ཞེ་ན། ཐུག་མེད་དེ་ལ་དྲན་པ་སྟེ་ཞེས་སོགས་སློབ་དཔོན་ 1-1-319 གྱིས་གསུངས་པ་རེ་ཞིག་བཞག་ནས། ཤེས་པ་སྔ་མ་སྔ་མ་ཕྱི་མ་ཕྱི་མས་རིག་པ་སྟེ། མྱོང་བའི་ ཕྲེང་བ་རྗེས་འབྲེལ་སྟེ། རྒྱུན་ཆགས་འཇུག་པ་ཅན། ཤེས་པ་སྔ་མ་མྱོང་བྱེད་དུ་ཕྱི་མ་འདི་སྐྱེ་ བྱེད་དེ་ནི་གང་ཞིག་ཡིན་ཞེས་དྲིས་པས། གལ་ཏེ་མྱོང་བྱ་སྔ་བློ་དེ་ཉིད་དོ། ཞེ་ན། བློ་ཕྱི་མ་ཆོས་ཅན། ཡུལ་གཞན་ཕྱི་རོལ་ལ་ནི་འཕོ་བ་མི་འགྱུར་བར་ཐལ། རང་གི་མྱོང་བྱ་ སྔ་བློ་ཁོ་ན་འཛིན་བྱེད་དུ་འཁོར་བ་ཇི་སྲིད་པར་འབྱུང་བས་སོ། །འོན་ཏེ། ཕྱི་རོལ་ཡང་འཛིན་ ཞེ་ན། ཤེས་པ་ཕྱི་མ་ཆོས་ཅན། སྔ་བློ་དེ་དག་མི་འཛིན་པར་ནི་ཇི་ལྟར་གཞན་ཕྱི་རོལ་འཛིན་ པར་འགྱུར་ཏེ་མི་འགྱུར་བར་ཐལ། བཟུང་བའི་མཚན་ཉིད་ཀྱི་རྒྱུར་གྱུར་པ་སྟེ། སྔ་བློ་དེ་རང་ གི་བཟུང་དོན་ཡིན་ཞིང༌། དེ་དང་རྒྱུད་གཅིག་ལ་ཉེ་བར་གནས་ནས་ཁྱོད་སྐྱེད་བྱེད་ཡིན་པས་ སོ། ། ཕྱི་རོལ་ཉེ་བས་སྔ་བློ་འཛིན་པའི་གེགས་བྱས་པས་ཕྱི་མ་ཡུལ་ལ་འཕོ་ཞེ་ན། བདག་ ལ་ནས་བྱེད་པར་འགྱུར་གྱི་བར་སྔ་བློ་ཆོས་ཅན། ཁྱོད་ཀྱིས་ཕྱི་བློ་སྐྱེད་པ་ལ་ཕྱི་རོལ་དོན་གྱི་ གེགས་བྱེད་པར་མི་འགྱུར་བར་ཐལ། ཁྱོད་ཕྱི་བློའི་མྱོང་བྱས་ཡིན་པར་དེར་བསྐྱེད་བྱེད་ཡིན་ པས་སོ། ། ཕྱི་རོལ་ནས་མི་འགྱུར་རོའི་བར་ལ། ཤེས་བྱ་ཆོས་ཅན། ཕྱི་རོལ་ཉི་མ་སྔ་བློས་ཕྱི་བློ་ བསྐྱེད་པ་ལ་གེགས་མི་ནུས་པར་ཐལ། ནུས་ན། ཕྱི་རོལ་ཉེ་བའི་སྐྱེས་བུ་འགས་ཀྱང་བློ་མྱོང་ བར་མི་འགྱུར་བའི་ཕྱིར་ཕུང་པོ་ལྔ་པོ་ཅན་གྱི་སྐྱེས་བུ་ཆོས་ཅན། རང་རྒྱུད་ལ་བློ་མྱོང་བ་ཡོད་ པ་མི་སྲིད་པར་ཐལ། ཕྱི་རོལ་ཉེ་མ་མིན་པའི་ནས་སྐབས་འགའ་ཡང་ཡོད་པ་མིན་པས་སོ། ། འདོད་ན་སྐྱེས་བུ་དེ་ཡི་བློ་ཆོས་ཅན། དྲན་པའང་མེད་པར་ཐལ། དྲན་པའི་རྩ་བ་མྱོང་བ་མེད་ པའི་ཕྱིར། མ་ཁྱབ་ན། རྒྱུ་མྱོང་བ་མེད་པའི་འབྲས་བུ་དྲན་པ་འདོད་པ་ལ་ཨ་རེ་མཛེས་ཞེས་ བཅས་སོ། ། བློ་ཡུལ་ལ་འཕོ་བ་ལ་ཡུལ་ཉེ་བས་མ་ཁྱབ་སྟེ། འདས་ནས་མི་སྲིད་འགྱུར་ལ། འདས་ 1-1-320 སོགས་ལ་སྤྱོད་པའི་རྣམ་རྟོག་ཆོས་ཅན། འདས་སོགས་ད་ལྟ་འཛིན་པ་མི་སྲིད་པར་ཐལ། འདས་སོགས་ད་ལྟ་འཛིན་པའི་རྒྱུ་མཚན་འདས་སོགས་ཡོད་པ་མ་ཡིན་པའི་ཕྱིར། གལ་ ཏེ་ནས་འགྱུར་ནའི་དོན་སྔ་བློས་ཕྱི་བློ་བསྐྱེད་པའི་ནུས་པ་ཟད་པ་ན། ཕྱི་བློ་དོན་ལ་འཕོ་ཞེ་ ན། དོན་ལ་འཕོ་བའི་བློ་དེ་ཉིད་ཆོས་ཅན། ཉེར་ལེན་གང་ལས་ཡིན་ཏེ། ཉེར་ལེན་མེད་པར་ རང་གི་སྔ་ལོགས་ཀྱི་བློ་ཡི་ནུས་པ་ཟད་ནས་མེད་པའི་ཕྱིར། ཁྱབ་སྟེ། ཉེར་ལེན་བློ་སྔོན་མ་ ནུས་པ་མེད་པར་བློ་ཕྱི་མ་སྐྱེ་བ་མ་ཡིན་པའི་ཕྱིར་ཏེ། སྐྱེས་བུ་ཆོས་ཅན། དེ་ཡིན་ཏེ་ཡིད་ཤེས་ དོན་གཞན་གཟུགས་མཛེས་ལ་ལྷག་པར་ཆགས་པའི་ཚེ། སྒྲ་འཛིན་སྐྱེ་བའི་ཉེར་ལེན་ནུས་པ་ ཉམས་པ་ན། སྒྲ་འཛིན་ཤེས་པ་སྐྱེ་བ་ཚད་མས་མ་རྟོགས་པའི་ཕྱིར། འོ་ན་ཀུན་གཞི་ཁས་ལེན་ པའི་ལུགས་ལ་ཀུན་གཞི་འཇུག་ཤེས་ཀྱི་རྒྱུ་ཡིན་པས། ཡིད་ཤེས་གཟུགས་མཛེས་ལ་ལྷག་ པར་ཆགས་པའི་སྐྱེས་བུ་ཆོས་ཅན། དེ་ཡི་ཚེ་སྒྲ་འཛིན་སྐྱེ་བར་ཐལ། ཀུན་གཞི་ཡོད་པས་སོ་ཞེ་ ན། དེ་ཡི་ལུགས་ལ་ཀུན་གཞི་འཇུག་ཤེས་ཀྱི་རྒྱུ་ཡིན་པས་ཀུན་གཞི་ལ་འཇུག་ཤེས་རིགས་ མི་མཐུན་ཅིག་ཆར་སྐྱེ་བ་ཡོད་ན་ཡང༌། སྐྱེས་བུ་དེ་ཆོས་ཅན། རང་རྒྱུད་ཀྱི་ཀུན་གཞི་ལས་དེ་ ཡི་ཚེ་ཡུལ་གཞན་འཛིན་པ་འབྱུང་བ་མ་ཡིན་ཏེ། ཤིན་ཏུ་གསལ་བའི་སེམས་གཅིག་གི་སྟེ་ ཡིད་ཤེས་གཟུགས་མཛེས་ལ་ལྷག་པར་ཆགས་པས་དེ་ཡི་ཚེ། ཀུན་གཞི་ཡུལ་གཞན་འཛིན་པ་ བསྐྱེད་པའི་ནུས་པ་ཉམས་པར་བྱས་པའི་ཕྱིར། དེ་ལྟ་ཡིན་ན་དེ་ཡི་ཕྱིར་ཡིད་འཇུག་ནས་ལྟོས་ མི་འགྱུར་ལ། ཤེས་བྱ་ཆོས་ཅན། རྣམ་ཤེས་ཕྱི་མ་སྐྱེ་བ་སྔ་མ་ལ་མི་ལྟོས་པར་ཐལ། ཆོས་ཅན་ རྣམ་ཤེས་ཕྱི་མ་སྐྱེ་བ་སྔ་མ་ལ་ལྟོས་པ་རབ་ཏུ་གྲུབ་པ་ཡིན་ཏེ། རྒྱུ་གཅིག་ལ་གཙོ་བོ་ཡིད་ཤེས་ རྟོག་པ་རིམ་གྱིས་སྐྱེ་བས་སོ། །བྱེ་བྲག་པ་ན་རེ། གལ་ཏེ་ཡིད་བྱེད་རྟོག་པ་རྡུལ་ཕྲན་ཙམ་ཞིག་ ཡིན་པའི་ཕྱིར་གཞན་སྣང་ལ་ཞུགས་ཏེ་དྲི་ལ་ཆགས་པ་ན། གཞན་མིག་སོགས་ལ་མི་འགྲོ་ 1-1-321 བས་ཕྱིར། དྲི་འཛིན་ལས་ཤེས་པ་གཞན་མི་སྐྱེ་ཞེ་ན། ཆོས་ཅན། བློ་དུ་མ་ཅིག་ཆར་མི་འབྱུང་ བ་མིན་པར་ཐལ། སྐབས་ལ་ལར་འཇུག་ཤེས་དྲུག་ཅིག་ཆར་སྐྱེ་བ་སྲིད་པའི་ཕྱིར། འཇུག་ཤེས་དྲུག་པོ་ཐམས་ཅད་མཉམ་དུ་འཇུག་པའི་ཚེ་ན་ཆོས་ཅན། དྲི་ལས་གཞན་ རྟོགས་པར་མི་འགྱུར་བར་ཐལ། ཡིད་སྣ་ཡི་སྒོར་ཞུགས་པར་མཚུངས་པའི་ཕྱིར། རྣམ་རྟོག་ ཀུན་མཚུངས་ཆོས་ཅན། ཅིག་ཆར་སྐྱེ་བར་ཐལ། རྟག་པའི་བདག་ཡིད་ལྡན་པ་ཙམ་ལས་སྐྱེ་ བའི་ཕྱིར། ཁོ་ན་རེ། སྐྱོན་མེད་དེ། བྱེད་པ་གཅིག་ལས་བྱ་བ་གཅིག་ཡིན་པས་སོ། །ཞེ་ན། སྐྱེས་བུ་དུ་མས་ལྟ་བའི་མར་མེ་ཆོས་ཅན། ཇི་ལྟར་རང་མཐོང་བའི་དབང་ཤེས་དུ་མ་བསྐྱེད་ དེ། མི་བསྐྱེད་པར་ཐལ། བྱེད་པ་གཅིག་ཡིན་པས་སོ། །ཡིད་ཆོས་ཅན། རིམ་གྱིས་ཀྱང་བློ་དུ་ མ་བསྐྱེད་པའི་ནུས་པ་མེད་པར་ཐལ། ཅིག་ཆར་མེད་ཅིང་ཕྱིས་ཀྱང་མི་བྱེད་པར་བྱེ་བྲག་མེད་ པའི་ཕྱིར་ཏེ། རྟག་པས་སོ། ། དེ་ལྟར་བསྟན་པ་འདིས་རྒྱང་འཕེན་པ་ལ། ལུས་སྐྱེས་བུ་སྟེ་བདག་ཆོས་ཅན། ཡིད་ཤེས་ ཐམས་ཅད་ཅིག་ཆར་བསྐྱེད་པར་ཐལ། བསྐྱེད་ཅིང་རྟག་པས་སོ། །མ་ཡིན་ན་རིམ་གྱིས་ཀྱང་ ཞེས་དགག་པར་བཤད་པ་ཡིན་ནོ། །བྱེ་བྲག་པ་ན་རེ། བདག་གི་ཡོན་ཏན་འདུ་བྱེད་ལས་བློ་ རེ་རེ་སྐྱེ་བར་ངེས་ཞེ་ན། དེ་རྟག་ན། བློ་ཀུན་ཅིག་ཆར་བསྐྱེད་པར་ཐལ་བསྐྱེད་ཅིང༌། མི་རྟག་ ན། དེ་ཕྱིས་རྒྱུ་གང་ལས་བྱུང༌། ཁོ་ན་རེ། ཉེར་ལེན་བློ་སྔ་མ་ཉིད་ལས་ཞེ་ན། ཤེས་བྱ་ཆོས་ཅན། བློ་སྔོན་མེད་པར་བློ་མ་ཡིན་གྱིས་འདོད་པ་གྲུབ་པར་ཐལ། དེ་ལྟ་ ཡིན་མོད་དེ་ཡིན་པའི་ཕྱིར། སྔ་བློ་ཕྱི་བློའི་ཉེར་ལེན་ཡིན་གྱི་བཟུང་རྣམ་མིན་པས་ཕྱི་བློ་དོན་ ལ་འཕོ་ཞེ་ན། སྔ་བློ་ཆོས་ཅན། མྱོང་བྱེད་ཕྱི་བློའི་བཟུང་ཡུལ་ཡིན་པ་ཉིད་ཀྱི་སྒོ་ནས་སྐྱེད་ བྱེད་ཡིན་པ་ལས་གཞན་མ་ཡིན་པར་ཐལ། དེ་ཡི་བཟུང་ཡུལ་ཡིན་པའི་ཕྱིར། དེར་ཐལ། དེ་ རང་འཛིན་བྱེད་དུ་དངོས་སུ་སྐྱེད་བྱེད་ཡིན་པས་སོ། །ཁྱབ་སྟེ། དེ་ཡི་མཚན་ཉིད་ཡིན་པས་ 1-1-322 སོ། །ཡུལ་སྣང་བས་མ་ངེས་སོ་ཞེ་ན། མིག་ཤེས་མ་འཁྲུལ་བའི་ཡུལ་སྣང་བ་ཆོས་ཅན། དེ་ཡི་ བཟུང་བ་མིན་བཞིན་དུ་དེ་ཡི་སྐྱེད་བྱེད་དུ་མེད་པར་ཐལ་དེ་ཡི་བཟུང་ཡུལ་ཡིན་པའི་སྒོ་ནས་ སྐྱེད་བྱེད་ཡིན་པའི་ཕྱིར། ཡང་སྣང་བ་རགས་པ་ཕྲ་བ་ཉེ་མ་རིང་བ་ལ་སོགས་པའི་སྒོ་ནས་ བཟུང་ཡུལ་མིན་སྲིད་ཀྱང༌། དབང་ཤེས་དུས་མཐའི་སྐད་ཅིག་གཅིག་ཆོས་ཅན། ཁྱོད་རགས་ པ་ཕྲ་བ་སོགས་སུ་གྱུར་པའི་སྒོ་ནས་བློ་ཕྱི་མའི་བཟུང་བ་མིན་པར་མི་འགྱུར་ཏེ། རགས་པ་ཕྲ་ བར་གྱུར་པ་མེད་པའི་ཕྱིར་ཏེ། ཆ་མེད་གཅིག་ཡིན་པས་སོ། ། སྔ་བློ་ལ་ཕྱི་བློའི་བཟུང་བའི་ནུས་པ་དང་ཉེར་ལེན་གྱི་ནུས་པ་གཉིས་ལས་ཕྱི་བློ་དོན་ལ་ འཕོ་བ་ན་བཟུང་བའི་ནུས་པ་ཉམས་འགྱུར་གྱི་སྐྱེད་བྱེད་ཀྱི་བདག་ཉིད་གཞན་ཉམས་པ་མིན་ པས་ཕྱི་བློ་དོན་ལ་འཕོ་ཞེ་ན། སྔ་བློ་ཆོས་ཅན། ཕྱི་བློའི་བཟུང་བ་ལས་གཞན་ཕྱི་བློ་དངོས་ སུ་སྐྱེད་བྱེད་དུ་མེད་པར་ཐལ། བཟུང་བའི་མཚན་ཉིད་ཅན་ཏེ། དེ་ཡི་བཟུང་བ་ཡིན་པས་སོ། ། དཔེར་ན། གཟུགས་སོགས་རང་འཛིན་མངོན་སུམ་གྱིས་བཟུང་དོན་ཡིན་པ་དེ་ལྟ་མིན་པར་བློ་དེ་ལ་ དངོས་སུ་ཕན་འདོག་མེད་པར་བཞིན་བཟུང་བའི་མཚན་ཉིད་ཚང་བ་ཅན་ལ་བཟུང་བ་ལས་ གཞན་དེ་ཡི་དངོས་རྒྱུར་ངེས་པ་ལ་གཞན་ཅི་ཡོད་སྔ་བློ་ཆོས་ཅན། ཕྱི་བློའི་བཟུང་བ་དེ་ཉིད་ དུ་གནས་པར་ཐལ། དེ་རང་འཛིན་མངོན་སུམ་སྐྱེད་བྱེད་དེར་ཡོད་པ་དེ་ཡི་ཕྱིར། དེ་ལྟར་ན། སྔ་བློ་ཆོས་ཅན། འཛིན་པ་སྟེ་བློ་ཕྱི་མའི་ཉེར་ལེན་ཡིན་པ་དང་མྱོང་བ་སྟེ། བློ་ཡིན་པ་གཉིས་ ཁྱོད་བློ་ཕྱི་མའི་བཟུང་ཡུལ་ཡིན་པའི་མཚན་ཉིད་དུ་འགྱུར་དགོས་པར་ཐལ། དེར་འཇོག་བྱེད་ གཅིག་ཡོད། དེ་ཐ་དད་པའི་འཇོག་བྱེད་གཞན་མེད་པའི་ཕྱིར། རྟགས་ཁས་སོ། །འདོད་ན། དོན་ལ་འཕོ་ཁའི་བློ་ཆོས་ཅན། དོན་ལ་འཕོས་པའི་བློ་ཡི་བཟུང་ཡུལ་དུ་ཐལ། དེ་གཉིས་ཡིན་ པས་སོ། །ཕྲ་རིང་སོགས་ཡུལ་མིན། གཞན་སེམས་ཀྱང་ཡུལ་མ་ཡིན་ན། དབང་ཐོབ་པའི་ 1-1-323 རྣལ་འབྱོར་པས་དེ་རྣམས་མི་འཛིན་པར་འགྱུར་ཞེ་ན། གཟུགས་སོགས་ཕྲ་རིང་དུ་བཟུང་ཡུལ་མ་ཡིན་པ་དང་གཞན་སེམས་རང་བློའི་ཉེར་ལེན་ མིན་པ་སོགས་དེ་ལྟར་བཟུང་བའི་མཚན་ཉིད་སྤྱོད་པ་འདི་མ་དག་པའི་བློ་ཅན་ཚུར་མཐོང་གི་ དབང་དུ་བྱས་པ་ཡིན་གྱི་དབང་ཐོབ་པའི་རྣལ་འབྱོར་པ་སངས་རྒྱས་ཆོས་ཅན། ཕྲ་རིང་སོགས་ དང་རང་གི་ཉེར་ལེན་མིན་པའི་སེམས་མི་རིགས་པར་བཞག་མི་ནུས་ཏེ། རྟོགས་ཚུལ་སོ་སྐྱེ་ བས་བསམ་གྱིས་མི་ཁྱབ་པས་སོ། ། དེ་ལ་ནས་ཉིད་འགྱུར་ལ། གཟུགས་སོགས་རགས་པ་ཕྲ་བར་གྱུར་པ་སོགས་ཀྱི་སྒོ་ནས་ མངོན་སུམ་གྱིས་བཟུང་དོན་མིན་སྲིད་ན་ཡང་གཟུགས་སོགས་འཛིན་པའི་སྔ་བློ་ཆོས་ཅན། རགས་པ་ཕྲ་བར་སོང་པ་སོགས་ཀྱི་སྒོ་ནས་བློ་ཕྱི་མའི་བཟུང་ཡུལ་མིན་པའི་ཉེར་ལེན་དུ་མི་ འགྱུར་ཏེ། རགས་པ་ཕྲ་བ་སོགས་སྔར་མེད་གང་ཕྱིས་སྐྱེས་པ་ཅི་ཞིག་ཡོད་དེ། མེད་པས་སོ། ། སྔོ་འཛིན་མངོན་སུམ་ཅན་གྱི་སྐྱེས་བུའི་བློ་ཀུན་ཆོས་ཅན། རང་གི་ཉེར་ལེན་སྔར་བློ་ཉིད་ འཛིན་པར་འགྱུར། དེ་ཁྱོད་ཀྱི་བཟུང་བ་མིན་པའི་སྒྲུབ་བྱེད་མིན་པ་དེ་ཡི་ཕྱིར། འདོད་ན། དོན་ གཞན་ཕྱི་རོལ་རྟོགས་པར་མི་འགྱུར་བར་ཐལ། རང་གི་དེ་མ་ཐག་པའི་རྒྱུ་ཡི་སེམས་གང་ཡིན་ ཉིད་འཛིན་པར་འགྱུར་བ་དེས་ནའི་ཕྱིར་རོ། །སྔ་བློ་ཕྱི་བློའི་ཉེར་ལེན་ཡིན་པས་བཟུང་བར་མི་ འཐད་དེ་རྒྱུ་གཅིག་ལ་ཡང་རང་ལས་རྫས་གཞན་པའི་ནུས་པ་དུ་མ་ཡོད་པས། འབྲས་བུ་དུ་མ་ བྱེད། དུ་མ་ལ་ཡང་ནུས་པ་རྫས་གཞན་གཅིག་ཡོད་པས་འབྲས་བུ་གཅིག་བྱེད་ཅེ་ན། དངོས་ པོ་བུམ་པ་གཅིག་ཆོས་ཅན། རང་གི་ནུས་པ་རང་ལས་རྫས་གཞན་མེད་ཀྱང༌། འབྲས་བུ་དུ་མ་ བྱེད་དེ། དེ་མེད་ཀྱང་ངོ་བོ་ཉིད་ཀྱི་སྟེ་རང་རྒྱུ་ལས་རང་འབྲས་དུ་མ་ལ་ཕན་པར་སྐྱེས་པས་སོ། ། མིག་ཤེས་ཀྱི་རྐྱེན་གསུམ་ཆོས་ཅན། རང་གི་ནུས་པ་རང་ལས་རྫས་གཞན་གཅིག་མེད་ཀྱང༌། རང་རྒྱུ་ལས་རང་འབྲས་གཅིག་ལ་ཕྱེད་དུ་སྐྱེས་པས་སོ། ། 1-1-324 གལ་ཏེ་རྒྱུ་གཅིག་ལས་འབྲས་བུ་དུ་མ་འབྱུང་བ་མ་ཡིན་ཏེ། འབྲས་བུ་དུ་མ་ནི་རྒྱུ་དུ་མས་ བསྐྱེད་དོ། །ཞེ་ན། ཤེས་བྱ་ཆོས་ཅན། རྐྱེན་མེད་པའི་རྒྱུ་གཅིག་ཁོ་ན་ལས་འབྲས་བུ་གཅིག་སྐྱེ་ བ་ཅིར་ཡང་མི་རུང་སྟེ། འབྲས་བུ་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བས་སོ། །འོ་ན་དེ་ བཞིན་གཅིག་ཀྱང་དུ་མ་བྱེད་ཅེས་པ་དང་འགལ་ཞེ་ན། བསྟན་བཅོས་འདིར་ཆོས་ཅན། དེ་བཞིན་གཅིག་ཀྱང་དུ་མ་བྱེད་ཅེས་པ་དང༌། །གཅིག་ ལས་གཅིག་ནི་ཅིར་མི་རུང༌། །ཞེས་པའི་དོན་མི་འགལ་ཏེ། རྐྱེན་མེད་པའི་རྒྱུ་རྐྱང་པ་ལས་ འབྲས་བུ་མི་བྱེད་པ་ལས་དགོངས་ནས་གཅིག་ལས་གཅིག་ནི་ཅིར་མི་རུང་ཞེས་གསུངས་ལ། དངོས་པོ་གཅིག་ཀྱང་འབྲས་བུ་ལ་ལའི་ཉེར་ལེན་དང༌། ལ་ལའི་རྐྱེན་གྱིས་ཚོགས་པ་སྟེ། རྒྱུ་ རྐྱེན་གཉིས་སུ་འགྱུར་བ་ཡོད་པས་གཅིག་ཀྱང་དུ་མ་ཞེས་གསུངས་པ་ཡིན་པའི་ཕྱིར། དཔེར་ ན། རོ་སྔ་མས་རོ་གཟུགས་ཕྱི་མའི་ཉེར་ལེན་དང་རྐྱེན་བྱེད་པ་བཞིན་དང༌། མར་མེ་གཅིག་ གིས་ལྟ་བ་པོ་དུ་མའི་མིག་ཤེས་བསྐྱེད་པ་བཞིན་ནོ། ། ལྔ་པ་ནི། གལ་ཏེ་བློ་གཞན་ཕྱིས་མས་དོན་དང་མྱོང་བྱ་རྣམ་ཤེས་སྔ་མ་གཉིས་ཅིག་ཆར་ དུ་འཛིན་པར་འགྱུར་བས་འཕོ་མི་འགྱུར་གྱི་སྐྱོན་མེད་ཅེ་ན། ཨ་ཨི་ཞེས་བརྗོད་པའི་ཚེ། ཨི་ ལ་དཔྱོད་པ་དང༌། ཨི་ཐོས་པའི་སེམས་གཅིག་ཆོས་ཅན། བརྗོད་པ་ཨ་ཨི་གཉིས་རིམ་མིན་ གཅིག་ཆར་དུ་རྟག་ཏུ་འཛིན་པར་ཐལ། སྔ་མ་ཨ་རྗེན་ཆེར་དུ་སྣང་བའི་རྣམ་ཤེས་དང༌། ཕྱི་ མ་ཨི་གཉིས་ཅིག་ཅར་རང་གི་གཟུང་དོན་དུ་སྣང་ནས་འཛིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རིམ་གྱིས་མཐོང་བའི་ཕྱིར་ཨ་ཨི་གཅིག་ཨ་ཆོས་ཅན། སྐྱེས་བུ་གཅིག་ལ་གཉིས་ གཉིས་སྣང་བར་འགྱུར་བདག་ཉིད་འཛིན་པའི་ཉན་ཤེས་དང༌། དེ་རིག་སྟེ། མྱོང་བའི་བློ་ཕྱི་མ་ ལའང་སྣང་བའི་ཕྱིར། དྲུག་པ་ནི། གལ་ཏེ་ཕྱི་བློ་ཡུལ་གཞན་ཕྱི་ལ་འཕོ་བ་ན་ཐ་མ་འཕོ་ཁའི་བློ་དེ་ཕྱི་མས་ 1-1-325 ཉམས་སུ་མྱོང་བ་མིན་པས་སྐྱོན་མེད་ཅེ་ན། སྐྱེས་བུ་ཆོས་ཅན། གཞན་ལྷས་སྦྱིན་གྱིས་མྱོང་བ་ ལ་མཆོད་སྦྱིན་གྱིས་མི་མྱོང་བ་བཞིན། འཕོ་ཁའི་སྔ་ལོགས་ཀྱི་བློ་ཐམས་ཅད་མྱོང་བ་མེད་པར་ ཐལ་བར་འགྱུར་ཡོད་ན་འཕོ་ཁའི་ཤེས་པས་མྱོང་དགོས་པ་ལ་འཕོ་ཁའི་ཤེས་པར་རང་ཤེས་ པས་མ་གྲུབ་པས་སོ། །རྟགས་ཁས། གལ་ཏེ་བདག་གི་མྱོང་བ་མངོན་སུམ་ཡིན་ཞིང་གཞན་གྱི་མྱོང་བར་འགྱུར་བ་མངོན་སུམ་ གྲུབ་པ་མིན་ནོ། །ཞེ་ན། ཆོས་ཅན། བདག་གིས་མྱོང་བ་བདག་གིས་མངོན་སུམ་དུ་མྱོང་བའི་ བདག་གི་རྒྱུ་མཚན་གྱིས། རང་གཞན་གྱིས་མྱོང་བའི་དབྱེ་བ་དེ་སྐད་བརྗོད་པར་མི་རིགས་ པར་ཐལ། བདག་གིས་མྱོང་བ་དེ་བདག་གི་མངོན་སུམ་གྱི་གང་ལས་གྲུབ་སྟེ། མ་འགྲུབ་པའི་ ཕྱིར་ཏེ། བློ་རང་རིག་མེད་པས་སོ། ། འོ་ན་མིག་སོགས་དོན་གསལ་ཞེས་བརྗོད་པ་ཅི་ཞེ་ན་གསལ་རྒྱུ་མིག་དབང་ཆོས་ཅན། རང་མི་གསལ་ཡང་ཡུལ་གསལ་ཞེས་བརྗོད་རུང༌། རང་གསལ་བ་མ་གྲུབ་པར་ཡང་གསལ་བ་ དབང་ཤེས་བསྐྱེད་པའི་སྒོ་ནས་གསལ་ཞེས་ཐ་སྙད་བྱེད་པས་སོ། །གསལ་བ་མིག་ཤེས་ཆོས་ ཅན། རང་མི་གསལ་བར་གཟུགས་གསལ་བ་མིན་ཏེ། རང་གསལ་བའི་སྒོ་ནས་གཟུགས་ གསལ་བར་འདོད་པའི་ཕྱིར། ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ་ལས་མངོན་སུམ་གྱི་ ལེའུ་སྟེ་གསུམ་པའོ། ། དེ་ལྟར་ཡིན་གྱི་རང་གསལ་བའམ། རིག་པར་མ་གྲུབ་ན་ཡུལ་གསལ་བར་མི་ནུས་ལ། གལ་ཏེ་རང་མ་རིག་ཀྱང་གཟུགས་གསལ་ན། དེ་ཆོས་ཅན། འགྲོ་བ་དངོས་པོ་འདི་ཐམས་ ཅད་གསལ་བར་འགྱུར། རང་གསལ་བར་མ་གྲུབ་ཀྱང་ཡུལ་གསལ་བའི་ཕྱིར། མངོན་སུམ་ ལེའུ་བཤད་པ་མདོ་ཙམ་གསལ་བར་བྱས་པའོ།། །། 1-1-326 ༄༅། །ལེའུ་བཞི་པའི་རྣམ་བཤད་གསལ་བར་ བཞུགས་སོ། ། ༄༅༅། །རྗེ་བཙུན་ཡེ་ཤེས་ཀྱི་སྐུ་འཕགས་པ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། བཞི་པ་ལ་གཉིས། རྗོད་བྱེད་ངག་བཤད། བརྗོད་བྱའི་དོན་བཤད་པའོ། །དང་པོ་ལ་བསྟན་ བཤད་དོ། །དང་པོ་ནི་ཚད་མ་མདོར། གཞན་དོན་རྗེས་སུ་དཔག་པ་ནི། །རང་གི་མཐོང་དོན་ རབ་གསལ་བྱེད། ། ཅེས་གསུངས་པའི་དོན། གཞན་ལ་བསྟན་བྱ་ཕྱིར་རྒོལ་གྱི་དོན་ནམ་ཆེད་ཡིན་པས་གཞན་དོན། འབྲས་བུ་རྗེས་ དཔག་གི་རྒྱུ་ཡིན་པས་རྗེས་དཔག་ཏུ་བཏགས་སོ། ། དགོས་པ་ནི། རྗེས་དཔག་བསྐྱེད་ནུས་ ཀྱི་སྦྱོར་ངག་བྱེ་བྲག་ཏུ་རྟོགས་པའི་ཆེད་ཡིན་པས་སོ། །དངོས་ལ་གནོད་བྱེད་ཀྱི་ཚིག་ཡིན་ པས་སོ། །ཤཱཀྱ་བློས། རང་གི་རྒོལ་བ་གང་གིས་བསྒྲུབ་པ་དགོད་པའོ། །མཐོང་བ་ནི་རྣམ་པར་ ངེས་པ་སྟེ་ཚད་མས་ཁོང་དུ་ཆུད་པའོ། །དོན་ནི་ཚུལ་གསུམ་པའི་རྟགས་ཞེས་སོ། །སྒྲ་རྟག་མི་ རྟག་ཐེ་ཚོམ་ཟ་ནས་དྲིས་པ་ན། སྔར་རྒོལ་ཡང་དག་གིས་གང་བྱས་མི་རྟག་བུམ་པ་བཞིན། སྒྲ་ ཡང་བྱས་སོ་ཞེས་པའི་སྒྲུབ་ངག་མཚན་གཞི། གཞན་དོན་རྗེས་དཔག་ཏུ་མཚོན། སྔར་རྒོལ་ རང་གིས་མཐོང་བའི་ཚུལ་གསུམ་པའི་རྟགས། ཕྱིར་རྒོལ་ལ་སྟོན་པའི་སྒྲུབ་ངག ཡན་ལག་ གཉིས་ལྡན་ཞེས་པའོ། ། གཉིས་པ་ལ་གསུམ། རང་གི་སྒྲ་ཡི་རྣམ་དཔྱད་བཤད། དོན་གྱི་སྒྲ་ཡི་རྣམ་དཔྱད་བཤད། ཚུལ་གསུམ་གསལ་བྱེད་རྣམ་དཔྱད་བཤད་པའོ། །དང་པོ་ལ་གསུམ། གསལ་བྱ་བཀོད་དེ་ 1-1-327 སེལ་བྱེད་མདོར་བསྡུས་བསྟན། རང་གིས་མ་མཐོང་རྟགས་ཡིན་རྒྱས་པར་དགག རང་གི་ ཐལ་བའི་ངག་ལ་འགལ་བ་སྤང་བའོ། ། དང་པོ་ནི། རང་གིས་བཐོང་བ་ཞེས་སྨོས་པ་དོན་མེད་དོ་ཞེ་ན། ཁ་ཅིག་སྡེ་སེར་སྐྱ་པ་ན་ རེ། བློ་བདེ་ཆོས་ཅན་སེམས་མེད་དེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་སངས་རྒྱས་པ་ལ་ བཀོད་པ་ན། རྟགས་ཏེ་གྲངས་ཅན། བདག་གི་མཐོང་བ་མིན་ཡང་སྒྲུབ་བྱེད་ཡང་དག་ཡིན་ཏེ། གཞན་ དགོད་བྱ་སངས་རྒྱས་པ་དག་གི་རང་གིས་ལུང་ལས་མཐོང་བའི་ཕྱིར། ཁྱབ་སྟེ། རྟགས་ཏེ་ གཞན་ཕྱི་རྒོལ་སངས་རྒྱས་པ་ལ་བསྟན་པར་བྱ་བ་ཉིད་ཡིན་པའི་ཕྱིར། ཞེས་ཟེར་རོ། །སངས་ རྒྱས་པ་སྐྱེ་བ་ནི། སྔར་མེད་སྐྱེ་བ། འཇིག་པ་ཡོད་པ་གཏན་ནས་ལྡོག་པ་ལ་འདོད་ལ། དེ་དྲན་ པ་མ་གྲུབ་སྟེ་དྲན་ན། དངོས་པོ་རྟག་པར་ཡོད་པ་བསལ་བ་ཙམ་སྐྱེ་བ། རྟག་དངོས་སུ་ཡོད་པ་ མི་གསལ་ཅི་མི་མཐོང་བ་ལ་འཇིག་པར་འདོད་པས་སོ། ། གཞན་དོན་རྗེས་དཔག་གི་མཚན་ཉིད་སྟོན་པའི་ཚིག་ཟུར་བདག་གིས་མཐོང་བའི་ཚིག་ ཆོས་ཅན། དགོས་པ་ཡོད་དེ། སྔར་རྒོལ་རང་ལུགས་ལ་མ་གྲུབ་པར་ཕྱིར་རྒོལ་གྱི་ལུང་ཙམ་ གྱིས་གྲུབ་པའི་རྟགས་ཐམས་ཅད་གཞན་གྱི་རྟགས་ཡང་དག་ཡིན་པར་སྨྲ་བ་དེ་སྤངས་བའི་ ཕྱིར་རམ་ཆེད་ཡིན་པའི་ཕྱིར་རོ། ། གཉིས་པ་ལ་བདུན། སངས་རྒྱས་པའི་ལུང་ཚད་མ་མིན་པས་རྟགས་མི་འགྲུབ་གྲངས་ ཅན་རང་རྟོགས་སྐྱེས་པའི་སྒྲུབ་བྱེད་དགོས་པར་རིགས། རྣལ་འབྱོར་མངོན་སུམ་སྐྱེས་ན་ གཞན་ལ་ཐབས་སྟོན་རིགས་སྤྱི་ཡི་ཤེས་བྱ་མིན་ན་སྐྱེ་འཇིག་གིས་མི་འགྲུབ། སྐྱེས་བུའི་འདོད་ པས་རྟགས་སུ་འཇོག་ན་ཧ་ཅང་ཐལ། ཡོད་ཀྱང་ལྟར་སྣང་རྟགས་ལས་རྟོགས་པས་ཡིད་མི་ ཆེས། ལུང་ཙམ་གྱིས་འགྲུབ་རྟགས་གསུམ་ཡིན་མིན་ཕྱེ་སྟེ་དགག་པའོ། ། 1-1-328 དང་པོ་ནི། ཤེས་བྱ་ཆོས་ཅན། ཚད་མས་མ་གྲུབ་པར་སངས་རྒྱས་པའི་ལུང་ཙམ་ཁོ་ན་ ལས། སངས་རྒྱས་པ་ཁོ་ན་ལ་གྲུབ་པའི་རྟགས་སྐྱེ་འཇུག་ལྟ་བུ། སངས་རྒྱས་པ་ལའང་རྟགས་ ཡང་དག་མ་ཡིན་པར་ཐལ། དངོས་པོ་སྟོབས་ཞུགས་ཀྱི་རྗེས་སུ་དཔག་པའི་ཡུལ་ལ་སངས་ རྒྱས་པའི་ལུང་ཚིག་ཙམ་ཁོ་ན་སྒྲུབ་བྱེད་ཀྱི་ཚད་མ་ཉིད་དུ་འདོད་རིགས་པ་མིན་པའི་ཕྱིར། རྟགས་མ་གྲུབ་ན། བློ་བདེ་ཆོས་ཅན། ཁྱོད་སྐྱེ་འཇིག་སྒྲུབ་པའི་དངོས་པོ་སྟོབས་ཞུགས་ཀྱིས་ རྗེས་དཔག་འཇུག་པར་མི་འགྱུར་བར་ཐལ། ཁྱོད་སྐྱེ་འཇིག་དེར་ནི་སངས་རྒྱས་པའི་ལུང་ ཁོ་ན་གྲུབ་པའོ། །རྟགས་ཁས། ཁྱབ་སྟེ། ལུང་ནི་བདེན་རྫུན་ཡོངས་སུ་བརྟགས་ནས་གནས་ གསུམ་པའི་སྒྲུབ་བྱེད་དུ་ཡོངས་སུ་ལེན་པས་སོ། །ཡང་དེ་ཆོས་ཅན། ཁྱོད་སེམས་མེད་དུ་ སྒྲུབ་པའི་རྗེས་དཔག་སྟེ་རྟག་ཡང་དག་འཇུག་པར་མི་འགྱུར་བར་ཐལ། ཁྱོད་སེམས་ཡོད་དུ་ སངས་རྒྱས་པས་ལུང་ཚད་མས་གྲུབ་པས་སོ། །རྟགས་བསལ་ཁས་སོ། །ཁྱབ་སྟེ། ཚད་མས་ ཡོངས་སུ་བརྟགས་ནས་རྟོག་ལྡན་ལུང་ཁས་ལེན་པའི་ཕྱིར་རོ། །གཞན་ཡང་སངས་རྒྱས་པའི་ ལུང་དེ་ནི་ཆོས་ཅན། ཚད་མ་མིན་པར་ཐལ། ཁྱོད་ཀྱིས་བློ་བདེ་སེམས་ཡོད་དུ་བསྟན་ཅིང་ སེམས་ཡོད་ལ་གནོད་པའི་ཕྱིར་དུ། ཕྱིར་རྒོལ་གཞན་ལ་བློ་བདེ་སེམས་མེད་སྒྲུབ་བྱེད་ཡང་ དག་ཡོད་པའི་ཕྱིར། བརྗོད་པས་ཏེ་རྟགས་ཁས་སོ། །ཁྱབ་སྟེ། དེ་ལྟར་བརྗོད་པ་དེ་ཡི་ཚེ། རྟག་ མི་བརྗོད་པས་དམ་བཅའ་ཡང་དག་མ་ཡིན་ཞེས་བརྒྱན་ནོ། །འདོད་ན། དེ་ཆོས་ཅན། ཁྱོད་དེ་ སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ན་ཡང་ཕྱོགས་ཆོས་དོན་ལ་གྲུབ་པ་མིན་པར་ཐལ། སྔ་མ་འདོད་པ་ དེ་བས་ན་ཕྱི་མ་འདོད་ན་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་བུད། ལུང་དེ་གང་གིས་ཁས་ ལེན་པ་དེ་ནི་ལུང་དེ་ལྡན་པ་ཡིན་ལ་ལུང་དེ་དང་ལྡན་པ་དེ་ཁོ་ན་ལ་ལུང་དེ་ཚད་མར་གྲུབ་པ་ ཡིན་ནོ་ཞེ་ན། དེ་ལྟར་སྟོན་པའི་ལུང་ཆོས་ཅན། སངས་རྒྱས་པ་དང་རང་ཆས་ངོ་བོ་ཉིད་ཀྱི་འབྲེལ་པའི་ 1-1-329 རྒྱུ་མཚན་གྱིས་སངས་རྒྱས་པ་གང་གི་ལུགས་ཁོ་ན་ལ་ལུང་ཚད་མ་ཡིན་ཏེ་མ་ཡིན་པར་ཐལ། སངས་རྒྱས་པ་དང་རང་ཆས་ངོ་བོ་ཉིད་ཀྱི་འབྲེལ་པ་མེད་པའི་ཕྱིར། སངས་རྒྱས་པའི་ལུང་ དེ་ཆོས་ཅན། སངས་རྒྱས་པ་ལ་ཡང་ལུང་ཚད་མར་ཇི་ལྟར་གྲུབ་པ་ཡིན་ཏེ་མ་ཡིན་པར་ཐལ། རང་གི་དོན་ལ་ཚད་མས་གནོད་པར་གྱུར་པའི་ཕྱིར། དེར་ཐལ་ཁྱོད་ཀྱི་བློ་བདེ་སེམས་ཡོད་དུ་ བསྟན་ཅིང་དེ་འགོག་བྱེད་རྟགས་ཡང་དག་ཡོད་པས་སོ། ། སངས་རྒྱས་པ་ཆོས་ཅན། སྐྱེ་འཇིག་རྟགས་ལས་བློ་བདེ་སེམས་མེད་དུ་ཁས་ལེན་དགོས་ པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། བློ་བདེ་སེམས་ཡོད་དུ་སྟོན་པའི་ལུང་ཚད་མར་ ཁས་ལེན་དགོས་པ་དེ་ཉིད་ཀྱིས་སོ། །ཁྱབ་སྟེ། སེམས་མེད་དེ་སེམས་ཡོད་དུ་སྟོན་ཚུལ་དེ་དང་ འགལ་བས་སོ། །འགལ་དེ་ཁས་ལེན་ན་སྐྱོན་ཅི་ཡོད་ཅེ་ན། ཆོས་ཅན། སངས་རྒྱས་པའི་ལུང་ ཚད་མ་ཡིན་པ་དེར་དགོངས་པར་ཐལ། ལུང་དེར་བཤད་པའི་བློ་བདེ་སེམས་ཡོད་དེ་ལས་ གཞན་པ་སེམས་མེད་ཡིན་པར་ཁས་ལེན་པར་འཐད་པས་སོ། །ཁྱབ་སྟེ། དེ་འཐད་ན་ལུང་དེ་ དོར་བའི་ཡན་ལག་ཡིན་པས་སོ། །འདོད་ན། སངས་རྒྱས་པའི་ལུང་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ སྒྲུབ་བྱེད་ཀྱི་ཚད་མ་མིན་པར་ཐལ་ལོ། །རྟགས་བསལ་ཁས་སོ། ། གཉིས་པ་ནི། གྲངས་ཅན་ཆོས་ཅན། རང་རྒྱུད་ཀྱི་བློ་བདེ་སེམས་མེད་དུ་རྟོགས་པ་དེ་གང་ ལས་འབྱུང་བར་གྱུར་པའི་སྒྲུབ་བྱེད་དེ་སངས་རྒྱས་པ་ལ་ཅིས་མ་བརྗོད་པར་རིགས་པར་ཐལ། ཁྱོད་དེ་ཡི་ངོར་དེ་སྒྲུབ་ཀྱི་སྔར་རྒོལ་ཡང་དག་ཡིན་པས་སོ། །ངེད་རང་གི་ལུང་ལས་བློ་བདེ་ སེམས་མེད་དུ་རྟོགས་པ་ཡིན་པས་རིགས་པ་དེ། གཞན་ལ་མ་བརྗོད་ཅེ་ན། ལུང་དེ་བརྗོད་བྱ་ རིགས་པས་གྲུབ་ནས་ཚད་མར་བཟུང་ངམ། རང་གི་ལུང་དུ་གྲགས་པ་ཙམ་གྱིས་བཟུང༌། དང་ པོ་ལྟར་ན། དེ་འདྲའི་གྲངས་ཅན་གྱི་ལུང་དེ་ནི་ཆོས་ཅན། བློ་བདེ་སེམས་མེད་ཀྱི་སྒྲུབ་བྱེད་དུ་ བསྟན་བྱ་སངས་རྒྱས་པས་ཅིས་མི་འཛིན་སྟེ། འཛིན་རིགས་པར་ཐལ། གང་གི་ཕྱིར་ན་དེ་ཡི་ 1-1-330 སྒྲུབ་བྱེད་དུ་རིགས་པས་གྲུབ་ནས་གྲངས་ཅན་གྱིས་དེ་ཡི་སྒྲུབ་བྱེད་དུ་བཟུང་བ་ཡིན་པས་སོ། ། གཉིས་པ་ལྟར་ན། ལུང་དེ་ཡི་སྒྲུབ་བྱེད་དུ་མ་གྲུབ་པར་ཐལ། བརྗོད་བྱ་ཚད་མས་མ་གྲུབ་ པར་རང་གི་ལུང་དུ་གྲགས་པ་ཙམ་གྱིས་ཚད་མར་བཟུང་བས་སོ། ། གསུམ་པ་ནི། ངེད་ཀྱི་རྣལ་འབྱོར་མངོན་སུམ་གྱིས་བློ་བདེ་སེམས་མེད་དུ་ངེས་ལ། ཁྱེད་ ལ་སྒྲུབ་བྱེད་གང་ཡང་རུང་བས་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། གྲངས་ཅན་ཆོས་ཅན། སྔར་ནི་ཐ་མལ་པར་གྱུར་པ་ལས་ཕྱིས་སྒྲུབ་བྱེད་ཀྱི་ཐབས་གང་ དག་ལས་རྣལ་འབྱོར་མངོན་སུམ་འགྲུབ་པའི་ཐབས་དེ་རྟོགས་པར་ཐལ། ཕྱོགས་སྔ་དེ་ཡི་ ཕྱིར། འདོད་ན། ཆོས་ཅན། དབང་པོས་ཏེ། རྣལ་འབྱོར་མངོན་སུམ་འབྱུང་བའི་སྒྲུབ་བྱེད་དེ་ དག་སངས་རྒྱས་པ་ལ་ཡང་བསྟན་པར་རིགས་པར་ཐལ། སངས་རྒྱས་པའི་ངོར། དེ་སྒྲུབ་ཀྱི་ སྔར་རྒོལ་ཡང་དག་གང་ཞིག་རྣལ་འབྱོར་མངོན་སུམ་ཁོ་ན་དེ་སྒྲུབ་གྱི་སྒྲུབ་བྱེད་ཡང་དག་ཡིན་ པའི་ཕྱིར། ཁྱབ་སྟེ། ཐབས་དེ་ཡི་དོན་འབྲས་བུ་བསྐྱེད་པའི་ནུས་པ་ཤེས་ནས་བསྒྲུབས་པ་ལ་ རྣལ་འབྱོར་མངོན་སུམ་དེ་འབྱུང་བར་ནུས་པ་ཡིན་པས་སོ། ། བཞི་པ་ནི། བློ་བདེ་སེམས་མེད་དོ་སྒྲུབ་བྱེད་གང་དང་ཡང་འབྲེལ་བ་སྐལ་ནས་མེད་ཅིང་ སྤྱི་ཡི་ཚུལ་གྱི་ཀྱང་ཤེས་བྱ་མིན་པས་བསྒྲུབ་བྱེད་ལ་བསྟན་ཅེ་ན། བློ་བདེ་སེམས་མེད་ཀྱི་དོན་དེ་དག་ལ་ཆོས་ཅན། ཁྱོད་བསྒྲུབ་བྱ་དང༌། སྐྱེ་འཇིག་ཅན་དུ་ སྒྲུབ་བྱེད་དུ་དཔྱད་པ་ལ་འཐད་པ་ཅུང་ཟད་ཀྱང་མེད་པར་ཐལ། ཁྱོད་སྒྲུབ་བྱེད་གང་དང་ཡང་ འབྲེལ་པ་མེད་པར་རྣམ་པར་ཆད་པ་ཅན་ཡིན་ཞིང༌། སྤྱི་ཡི་ཚུལ་གྱིས་ཀྱང་སྤྱོད་ཡུལ་མིན་ པའི་ཕྱིར། ལྔ་པ་ནི། ལུང་ཙམ་རྟགས་སུ་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། ཤེས་བྱ་ཆོས་ཅན། 1-1-331 རྟགས་གཏན་ཚིགས་ཡང་དག་དང་དེར་སྣང་རྟགས་ལྟར་སྣང་ཏུ་མཐའ་གཅིག་ཏུ་གནས་པ་ མེད་པར་འགྱུར་སྐྱེས་བུའི་བསམ་པའི་དབང་ཙམ་གྱིས་རྟགས་ཡང་དག་དེ་ཉིད་དང་དེ་ཉིད་ མིན་པ་རྟགས་ལྟར་སྣང་དུ་འཇོག་པའི་ཕྱིར། ཁྱབ་སྟེ། སྐྱེས་བུའི་འདོད་པ་དེ་ནི། དངོས་པོའི་ ཡིན་ལུགས་ལ་བརྟེན་པ་མིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྟགས་དོན་ལ་མེད་པར་གཞན་གྱིས་རྟགས་སུ་ཤེས་པ་ཙམ་གྱིས་ སྒྲུབ་བྱེད་རྟགས་ཡང་དག་ཏུ་འགྱུར་བ་ཡིན་པར་ཐལ། རྟགས་ཡང་དག་ཡིན་ན་དོན་ལ་ཡོད་ ཅིང་ཡོད་པ་ལྟར་ཚད་མས་ཤེས་པ་ལ་ལྟོས་པ་དང་བཅས་པ་ཡིན་པས་ཁྱབ་པའི་ཕྱིར། དྲུག་པ་ནི། སྐྱེ་འཇིག་གི་རྟགས་མ་གྲུབ་ཀྱང༌། བློ་བདེ་སེམས་མེད་དོན་དམ་པར་ཡོད་ དུ་ཆུག་ཀྱང༌། བློ་བདེ་སེམས་མེད་དུ་རྟོགས་པ་ཆོས་ཅན། དེ་རྟོགས་པ་མེད་པས་དེ་བློ་བདེ་ སེམས་མེད་མ་རྟོགས་པ་དང༌། མཚུངས་པར་ཐལ། དངོས་དང་འབྲེལ་མེད་དེ། སྒྲུབ་བྱེད་ ཡང་དག་གིས་མ་གྲུབ་པའི་ཕྱིར། བདུན་པ་ནི། སྐྱེ་འཇིག་ཆོས་ཅན། བློ་བདེ་སེམས་མེད་སྒྲུབ་ཀྱི་རང་བཞིན་རྟགས་དང་ནི་ འབྲས་བུའི་སྣང་བ་མཐོང་བ་མེད་པས་ཏེ། མ་དམིགས་པའི་རྟགས་གང་རུང་ཡིན་པར་ཐལ། འབྲེལ་ཏེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པས་སོ། །འདོད་ན། དངོས་ཏེ་དོན་དམ་ལ་བསྒྲུབ་ པ་ཡིན་པར་ཐལ་ལོ། །དེའང་འདོད་ན། གྲངས་ཅན་རང་ལུགས་ལ་ཅི་ཡི་ཕྱིར་མ་གྲུབ་སྟེ་ གྲུབ་པར་ཐལ་ལོ། །དེ་ཆོས་ཅན། གཞན་སངས་རྒྱས་པས་ཀྱང་ཁྱོད་ལས་བློ་བདེ་སེམས་མེད་ དུ་རྗེས་དཔག་གིས་རྟོགས་པར་མི་རིགས་པར་ཐལ་ལོ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ལས་ གཞན་དེ་མིན་པའི་ཕྱིར་རྟགས་བསལ་ལོ། ། གསུམ་པ་ནི། གལ་ཏེ་གཞན་གྱི་ཁས་བླངས་རྟགས་སུ་མི་རུང་ན་ཁྱེད་དང་སྔོན་གྱི་སློབ་ དཔོན་རྣམས་ཀྱིས་གཞན་གྱི་ཁས་བླངས་རྟགས་སུ་བཀོད་ནས་མི་འདོད་པའི་ཆོས་ཐལ་བར་ 1-1-332 བསྒྲུབ་པ་མི་འཐད་དོ། །ཞེ་ན། བ་ལང་གི་སྤྱི་ཆོས་ཅན། དུ་མར་ཐལ། བ་ལང་གི་བསལ་བ་ ཐམས་ཅད་ལ་རེ་རེ་ནས་འཕྲོད་འདུས་འབྲེལ་བའི་ཕྱིར་ཅེས་པའི་སྦྱོར་ངག་ཆོས་ཅན། ཁྱོད་ ཀྱི་རྟགས་སུ་བཟུང་བྱ་དེ་དེ་སྒྲུབ་གྱི་རང་རྒྱུད་ཀྱི་རྟགས་ཡང་དག་ཡིན་པས་ཁྱོད་བཀོད་པ་མ་ ཡིན་ཏེ། བྱེ་བྲག་པ་སོགས་གཞན་གྱི་བརྟགས་པའི་ཆོས་ཞིག་རྟགས་སུ་བཀོད་ནས་བྱེ་བྲག་པ་ མི་འདོད་པའི་ཆོས་ཐལ་བར་བསྒྲུབ་པ་དེ་ཡིན་པས་སོ། །འོ་ན་དགོས་པ་ཅི་ཡོད་ཅེ་ན། ཆོས་ ཅན། ཁྱོད་ཀྱི་རྟགས་བཟུང་བྱ་ཚད་མས་མ་གྲུབ་ཡང་དོན་ཡོད་དེ། གཉིས་འབྲེལ་ཅེས་ཏེ། ཁྱབ་བྱ་ཁྱབ་བྱེད་ལ་འབྲེལ་བས་ཅིག་ཁྱབ་བྱེད་མེད་ན། གཞན་ཁྱབ་བྱ་དགག་པའི་ཕྱིར་དུ་ ཡིན་པས་སོ། ། གཉིས་པ་ནི། གཞན་དོན་རྗེས་དཔག་གི་མཚན་ཉིད་དུ་དོན་ཞེས་སྨོས་པ་དེ་ནི་ཆོས་ཅན། དགོས་པ་ཡོད་དེ། སྒྲ་སྟེ་ལུང་དག་དང༌། རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཅན་གྱི་རྟགས་ ཐམས་ཅད་རྟགས་ཡང་དག་ཉིད་མིན་པར་སྒྲུབ་པའི་དོན་དམ་ཆེད་ཡིན་པས་སོ། །དེས་ན། ཤེས་བྱ་ཆོས་ཅན། ཚུལ་གསུམ་མེད་པར་རྟགས་སུ་སྒྲོ་བཏགས་པ་ཐམས་ཅད་རྟགས་ཡང་ དག་མ་ཡིན་ཏེ། དུ་སོགས་ཚུལ་གསུམ་པའི་དོན་ལས་ལ་མེ་ལྡན་སོགས་དོན་བསྒྲུབ་བྱ་སྒྲུབ་ དགོས་པས་སོ། ། ཚུལ་གསུམ་མེད་པར་རྟོག་པ་དང་ལུང་གི་སྒྲོ་བཏགས་པ་དག་ནི་ཆོས་ཅན། རང་གི་སྒྲུབ་ བྱ་ལ་འཁྲུལ་བ་ཡིན་པར་ཐལ། རང་བྱེད་པ་པོ་འདོད་པ་ཙམ་དང༌། རྗེས་སུ་འབྲེལ་པ་དང༌། དངོས་པོའི་གནས་ལུགས་ལས་གཞན་དུ་ཡང་འཇུག་སྲིད་པའི་ཕྱིར། གསུམ་པ་ལ་གསུམ། ཕྱོགས་ཚིག་དངོས་དང་རྒྱུད་པའི་སྒྲུབ་བྱེད་མིན། དེས་ན་གཞན་ ལ་བཀོད་སྐྱོན་རང་ལ་མེད་ཕྱོགས་ཚིག་སྒྲུབ་བྱེད་ཡིན་པའི་རྩོད་ལན་དགག་པའོ། ། དང་པོ་ནི། ཀུན་བཏུས་སུ་ཚུལ་གསུམ་པའི་རྟགས་སྟོན་པ་གཞན་དོན་རྗེས་དཔག་གོ 1-1-333 ། ཞེས་གསུངས་པས་དོན་གྱིས་ན་ཕྱོགས་ཚིག་སྒྲུབ་བྱེད་མིན་པར་བསྟན་ནོ། །ཇི་ལྟར་ཞེ་ན། སྒྲུབ་བྱེད་ཡིན་ན་དངོས་སམ་རྒྱུད་པའི་ནས་སྒྲུབ་བྱེད་གང་རུང་ཡིན་དགོས་པ་ལ་དང་ པོ་མིན་ཏེ། ལ་ལ་མེ་ཡོད་ཅེས་པའི་ཕྱོགས་ཚིག་དང་དེ་སྒྲུབ་ཀྱི་གཏན་ཚིགས་རྗོད་པའི་ཚིག་ ཆོས་ཅན། དོན་ལས་ཏེ་དངོས་སུ་ལ་མེ་ལྡན་བསྒྲུབ་ནུས་ཀྱི་ཚུལ་གསུམ་པར་མེད་དེ། མེ་དང་ མ་འབྲེལ་བས་སོ། །ཁྱབ་སྟེ། ཚུལ་གསུམ་པའི་དོན་གྱིས་བསྒྲུབ་བྱའི་དོན་རྟོགས་པས་སོ། ། དེས་ན་དེ་ཆོས་ཅན། རང་ཉིད་ལ་དངོས་སུ་ལ་མེ་ལྡན་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ ཏུ་གནས་པ་མ་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་པར་མེད་པ་དེ་ནའི་ཕྱིར། འོ་ན་སློབ་དཔོན་སྒྲ་ བྱུང་ཚད་མར་བཞེད་པ་མ་ཡིན་ནམ་ཞེ་ན། སྒྲ་མི་རྟག་ཅེས་པའི་ཕྱོགས་ཚིག་ཆོས་ཅན་རང་སྨྲ་ བ་པོའི་སྐྱེས་བུ་ཕ་རོལ་པོ་ལ་དོན་བསྟན་འདོད་ཀྱི་བསམ་པ་ཡོད་པར་བསྒྲུབ་པའི་རྟགས་ ཡང་དག་ཡིན་ཏེ། ཚུལ་གསུམ་པས་སོ། །དེ་ཆོས་ཅན། སྒྲ་མི་རྟག་པ་དངོས་སུ་སྒྲུབ་བྱེད་ ཡང་དག་མ་ཡིན་ཏེ། ཁྱོད་ལས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཐེ་ཚོམ་དག་སྐྱེ་བུའི་དེ་ངེས་པའི་རྗེས་ དཔག་མི་སྐྱེ་བས། དེ་གཉིས་བརྒྱུད་ནས་སྒྲུབ་བྱེད་ཡིན་མིན་གྱི་ཁྱད་པར་ཡོད་དེ་དེ་ཆོས་ཅན། བརྒྱུད་པ་ཡིས་ཀྱང་ནུས་པ་སྟེ། དེ་སྒྲུབ་ཀྱི་སྒྲུབ་ངག་གང་དུ་མེད་དེ། བསྒྲུབ་བྱ་སྒྲ་མི་རྟག་པ་ དངོས་སུ་བརྗོད་པས་སོ། །གཏན་ཚིགས་རྗོད་པས་ཏེ་གང་བྱས་མི་རྟག་ཅེས་སོགས་ཀྱི་སྒྲུབ་ ངག་ཆོས་ཅན། བརྒྱུད་ནས་སྒྲ་མི་རྟག་པའི་ཞེས་སོགས་ཀྱི་སྒྲུབ་ངག་ཆོས་ཅན། བརྒྱུད་ནས་ སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་བཞག་སྟེ། དངོས་སུ་དེ་སྒྲུབ་པའི་ནུས་པ་མེད་ཀྱང་དེ་དངོས་སུ་ བསྒྲུབ་ནུས་པའི་ཚུལ་གསུམ་སྟོན་པར་བྱེད་པའི་ཕྱིར། ནུས་པ་མེད་པའི་རྒྱུ་མཚན་ཅི་ཞེ་ན། དོན་སྒྲ་མི་རྟག་པ་ཆོས་ཅན། དེ་ཡི་སྒྲུབ་བྱེད་ཀྱི་ཡན་ལག་མ་ཡིན་ཏེ། དེ་ཡི་རྟགས་ཀྱི་ཡུལ་ ཡིན་པས་སོ་ཞེས་བཤད་དོ། །གལ་ཏེ་ཕྱོགས་ཚིག་དེ་ལའང་ཆོས་ཅན། ནུས་ཏེ་སྒྲུབ་ངག་གི་ ཡན་ལག་ཏུ་ཡོད་དེ། དེ་ལ་བརྟེན་ནས་གཏན་ཚིགས་ཚིག་ནི་འཇུག་པའི་ཕྱིར་རོ། །ཞེ་ན། 1-1-334 ཕྱིར་རྒོལ་སྒྲ་རྟག་མི་རྟག་ཐེ་ཙོམ་ཟ་བའི་རྒྱུ་མཚན་གྱིས་སྒྲ་རྟག་མི་རྟག་མཐའ་གཅིག་ ཏུ་ཤེས་པར་འདོད་ནས་དྲིས་པ་ན། སྔར་རྒོལ་གྱིས་སྒྲ་མི་རྟག་པའི་རྟགས་སྦྱོར་འགོད་པར་ འདོད་པའི་སྐབས་ཆོས་ཅན། སྒྲ་མི་རྟག་པའི་སྒྲུབ་ངག་གི་ཡན་ལག་ཏུ་ཐལ། ཁྱོད་ལ་བརྟེན་ ནས་སྒྲ་མི་རྟག་པའི་གཏན་ཚིགས་འཇུག་པ་དེ་ཡིན་པས་སོ། ། སྐྱོན་མེད་དེ་ཚིག་ཡིན་དེ་འགོད་དོ་ཞེ་ན། ཕྱིར་རྒོལ་སྒྲ་རྟག་པར་ཁས་ལེན་པའི་ཚེ། སྔར་ རྒོལ་གྱིས་བྱས་པའི་ཕྱིར། སྒྲ་མི་རྟག་སྟེ་བུམ་པ་བཞིན། ཞེས་སྨྲས་པ། ཕྱིར་རྒོལ་གྱིས་སྒྲ་རྟག་ ཅེས་པའི་ཚིག་ཆོས་ཅན། སྒྲ་མི་རྟག་པའི་སྒྲུབ་ངག་གི་ཡན་ལག་ཏུ་ཐལ། ཁྱོད་ལ་བརྟེན་ནས་ སྒྲ་མི་རྟག་པའི་རྟགས་ཚིག་འཇུག་པའི་ཚིག་ཡིན་པས་སོ། །འདོད་ན་དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་ དག་ཐུག་མེད་དུ་ཐལ་ལོ། ། ཤེས་བྱ་ཆོས་ཅན། ཕྱོགས་ཚིག་ལ་བསྒྲུབ་བྱ་སྒྲུབ་པ་དང༌། ཚུལ་གསུམ་དྲན་ལམ་དུ་ འཕེན་པའི་ནུས་པ་མེད་དེ། ནང་གི་ཡན་ལག་སྒྲུབ་བྱ་བསྒྲུབ་པའི་ནུས་པ་ནི་ཚུལ་གསུམ་དག་ ཁོ་ན་ལ་ཡང་དག་པར་གནས་ཤིང་ཚུལ་གསུམ་པའི་དེ་ལ་དྲན་པ་བསྐྱེད་པ་ནི་དེ་ཉིད་ཀྱི་ཚིག་ རྟགས་ཚིག་ཁོ་ན་ལ་ཡང་དག་པར་གནས་ཅིང་ཚུལ་གསུམ་པའི་དེ་ལ་དྲན་པ་ནི་དེ་ཉིད་ཀྱི་ བརྟགས་ཚིག་ཁོ་ན་ལ་ཡང་དག་པར་གནས་པའི་ཕྱིར། གལ་ཏེ་རྟགས་ཀྱི་ནུས་ཡུལ་བསྟན་པ་མེད་པར་ནི་གཏན་ཚིགས་འཇུག་པ་མེད་པའི་ ཕྱིར་ནུས་ཡུལ་བསྟན་པ་དག་ཉིད་ལས་ནི་བསྒྲུབ་བྱ་ལ་ནུས་པ་གྲུབ་པར་འདོད་ཅེ་ན། འདིར་ བཤད་ཟིན་ཏོ། །དེ་མེད་ཀྱང༌། དེ་ནི་ཐེ་ཚོམ་གྱིས་ཤེས་པ་དང་ཅིག་གོ། སྒྲ་མི་རྟག་པའི་སྒྲུབ་ ངག་ཆོས་ཅན། ཁྱོད་ལས་སྒྲ་མི་རྟག་པར་གོ་བ་ཁྱོད་ཀྱིས་སྒྲ་མི་རྟག་པར་དངོས་སུ་བརྗོད་མི་ དགོས་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པ་དངོས་སུ་མ་བརྗོད་ཀྱང་སྒྲ་ཡང་བྱས་པ་ཡིན་ལ་ གང་བྱས་པ་ཡིན་པ་འདི་ཀུན་མི་རྟག་ཅེས་བརྗོད་པའི་ཤུགས་ཀྱི་སྒྲ་མི་རྟག་པར་རྟོགས་པར་ 1-1-335 འགྱུར་བས་སོ། །གང་བྱས་མི་རྟག་ཅེས་སོགས་སྒྲུབ་ཡན་ལག་གཉིས་ལྡན་ཆོས་ཅན། བསྒྲུབ་ བྱ་དངོས་སུ་མ་བསྟན་པས་དེ་སྒྲུབ་ཀྱི་སྒྲུབ་ངག་ཡང་དག་མ་ཚང་བར་མི་འགྱུར་ཏེ། མ་བསྟན་ ཀྱང་ཁྱོད་ལས་སྒྲ་མི་རྟག་པར་རྗེས་དཔག་གིས་འགྲུབ་པ་ལ་གེགས་མེད་པའི་སྒྲུབ་ངག་ཡིན་ པས་སོ། །སྒྲ་བྱས་ཞེས་པའི་ཚིག་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་སྒྲུབ་ངག་མ་ཚང་བ་ཡིན་ཏེ། གསུམ་པ་ལས། ཚུལ་གང་ཡང་རུང་བ་ཁྱབ་པ་མ་བསྟན་པའོ། །ཀུན་ལས་བཏུས་སུ་འདིར་ ཡང་ཚུལ་གང་ཡང་རུང་བ་ཞིག་མ་སྨྲས་ན་མ་ཚང་བ་བརྗོད་པར་འགྱུར་རོ། །ཞེས་བཤད་དོ། ། གཉིས་པ་ནི། བསྒྲུབ་བྱ་བརྗོད་པ་དམ་བཅའི་མཚན་ཉིད་དུ་སྨྲ་བའི་བྱེ་བྲག་རིགས་པ་ ཅན་པ་ལ་སློབ་དཔོན་གྱིས་དཔེ་རྟགས་མ་གྲུབ་པ་བརྗོད་པ་ཡང་དམ་བཅར་ཐལ། ཤེས་བྱེད་ སྐབས་ཀྱི་མ་གྲུབ་པ་བརྗོད་པའི་ཕྱིར། ཞེས་པའི་སྐྱོན་དེ་ཕྱོགས་ཚིག་སྒྲུབ་ངག་ཏུ་མི་འདོད་ པའི་སངས་རྒྱས་པ་དེར་འབྱུང་པར་འཐད་པ་མ་ཡིན་ཏེ་གཏན་ཚིགས་ལྟར་སྣང་སྟེ་རྟགས་ དཔེ་མ་གྲུབ་པ་བརྗོད་པའི་ཚིག་ཆོས་ཅན། དེ་འདྲའི་སངས་རྒྱས་པའི་ལུགས་ལ་གཞན་དོན་ རྟགས་ཀྱི་དམ་བཅའི་ངག་ཏུ་ཐལ་བར་འགྱུར་བ་མ་ཡིན་ཏེ། རང་གི་བསྟན་བྱ་སྒྲུབ་བྱེད་ དབང་དུ་བྱས་ཉིད་དེ། སྒྲུབ་བྱེད་དུ་བཀོད་བཞིན་པའི་ཕྱིར་རྒོལ་གྱི་གྲུབ་མ་ཟིན་སྟོན་གྱི་སྒྲུབ་ བྱེད་དུ་བཀོད་བཞིན་པ་མིན་པའི་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་མི་སྟོན་པའི་ཕྱིར་དཔེ་དེའང་ རྟགས་མ་གྲུབ་པ་ཆོས་ཅན། ད་ལྟ་གཞན་དོན་བསྒྲུབ་བྱར་མི་འགྱུར་ཏེ། ད་ལྟར་སྒྲུབ་བྱེད་དུ་ བཀོད་བཞིན་པའི་མ་གྲུབ་པ་ཙམ་ཡིན་པས་སོ། །དེ་ཆོས་ཅན། སངས་རྒྱས་པས་སྒྲུབ་བྱེད་དུ་ མ་གྱུར་པའི་ཞེས་པའི་ཁྱད་པར་གྱི་ཚིག་མེད་པར་བསྒྲུབ་བྱ་བརྗོད་པ་དམ་བཅའོ། །ཞེས་ཕྱིར་ བརྗོད་ན། ཡང་དེ་ཡི་ལུགས་ལ། ཚིག་དེ་ལས་ད་ལྟ་གཞན་དོན་རྟགས་ཀྱི་དམ་བཅར་དོན་ འགྱུར་ཐེ་ཚོམ་མི་སྐྱེ་སྟེ། ཕན་ཚུན་དོན་འགྱུར་གྱི་ཐེ་ཚོམ་སྐྱེ་བ་ལ་རིགས་གཅིག་དགོས་པ་ལ་ ཁྱོད་དམ་བཅའ་དང་རིགས་མི་གཅིག་པའི་ཕྱིར། དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅའ་ 1-1-336 དོན་འགྱུར་ཐེ་ཚོམ་མི་སྐྱེ་བ་ལས། གཞན་དུ་སྐྱེ་ན། སྒྲུབ་བྱས་ཏེ་མ་གྲུབ་པ་བརྗོད་པ་ཀུན་དམ་ བཅའ་ཐེ་ཚོམ་སྐྱེ་བ་ཐལ་བར་འགྱུར་རོ། ། གལ་ཏེ་དེ་ལྟ་མ་ཡིན་ན། ཤེས་བྱ་ཆོས་ཅན། རྫ་མཁན་རྫ་བུམ་བྱེད་ཅེས་སོགས་བསྒྲུབ་ བྱ་བརྗོད་པ་ཀུན་གཞན་དོན་རྟགས་ཀྱི་དམ་བཅའ་བར་ཐེ་ཚོམ་སྐྱེ་བར་འགྱུར་ཏེ། བསྒྲུབ་བྱ་ བརྗོད་པ་དམ་བཅའ་འོ། །ཞེས་པའི་ངག་ལས་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་ ཐེ་ཚོམ་མི་སྐྱེ་བ་ལས་གཞན་དུ་སྐྱེ་བས་སོ། །གལ་ཏེ་གཞན་ཕྱོགས་ཚིག་བསྒྲུབ་ངག་ཏུ་འདོད་ པའི་བྱེ་བྲག་པ་སོགས་དག་ལ་ཡང་དཔེ་རྟགས་མ་གྲུབ་པ་བརྗོད་པ་དམ་བཅར་འགྱུར་བའི་ སྐྱོན་མེད་དེ། མ་གྲུབ་པ་བརྗོད་པས་སོ། །ཁྱབ་སྟེ། སྒྲུབ་བྱེད་ཡིན་ན་གྲུབ་པའི་དོན་བརྗོད་ དགོས་པའི་ཕྱིར། ཞེ་ན། ད་ནི་བསྒྲུབ་བྱ་བསྟན་པའི་ངག་དག་ཆོས་ཅན། ཇི་ལྟར་སྒྲུབ་བྱེད་ཀྱི་ ཡན་ལག་ཡིན་ཏེ། མ་ཡིན་པར་ཐལ། མ་གྲུབ་པ་བརྗོད་པའི་ཕྱིར། ཁྱབ་ཁས་སོ། ། གསུམ་པ་ནི། མང་པོས་ལེན་པའི་བུ་ལ་སོགས་པ་རིགས་སྒོའི་ཁྱད་པར་འགྲེལ་བྱེད་ དག་གཞན་གྱི་དོག་པ་འདི་ལྟར་གསུངས་ཏེ། ཕྱོགས་ཚིག་སྒྲུབ་ངག་ཡིན་ཏེ། ལྟར་སྣང་བ་ དང་བཅས་པ་སྒྲུབ་པར་བྱེད་པའི་དུས་སུ་བརྗོད་པའི་ཕྱིར་ཞེ་ན། མངོན་སུམ་གྱིས་མ་ངེས་ སོ། །སྐྱོན་མེད་དེ། དེ་ལྟར་བརྗོད་པའི་ཚིག་ཡིན་པ་འགོད་ཅེ་ན། སུན་འབྱིན་གྱིས་མ་ངེས་ སོ། །སུན་འབྱིན་མིན་པ་ཞེས་འགོད། ཅེས་པ་དང༌། དེའི་ལན་རྣམས་མི་འཐད་ཏེ། ལྟར་སྣང་ བ་དང་བཅས་པ་བརྗོད་པའི་ཚིག་དང་སུན་འབྱིན་མིན་པའི་ཚིག་སོགས་ཆོས་ཅན། ཕྱོགས་ ཚིག་སྒྲུབ་ངག་ཏུ་དཔོག་པའི་རྟགས་ཡང་དག་ཏུ་བཀོད་པ་དེ་མི་རིགས་པར་ཐལ། དེ་སྒྲུབ་ཀྱི་ མི་འཁྲུལ་བའི་ལྡོག་ཁྱབ་མིན་པས་སོ། །དེར་ཐལ། བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་ པས་སོ། །མངོན་སུམ་གྱིས་མ་ངེས་ཞེས་སོགས་ལན་དེ་རྣམས་ཆོས་ཅན། མཁས་པས་གཞད་ གད་ཀྱི་གནས་ཡིན་ཏེ། ལྟར་སྣང་བ་དང་བཅས་པ་བརྗོད་པས་ཕྱོག་ཚིག་སྒྲུབ་ངག་ཏུ་སྒྲུབ་ 1-1-337 པའི་ལུགས་སུན་འབྱིན་མི་ནུས་བཞིན་དུ་སུན་འབྱིན་དུ་བརྗོད་པས་སོ། །ལྡོག་ཁྱབ་མེད་པའི་ རྟགས་ཡང་དག་རིགས་པ་ཉིད་མ་ཡིན་ནོ། །ཞེས་བཤད་ཟིན་ཏོ། ། གཉིས་པ་ལ་གཉིས། དོན་གྱིས་གོ་བྱ་བསྒྲུབ་བྱ་བཤད། དངོས་ཀྱི་བསྟན་བྱ་གཏན་ཚིགས་ བཤད་པའོ། །དང་པོ་ལ་གསུམ། རང་ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་བཤད། གཞན་ ལུགས་ཀྱི་བསྒྲུབ་བྱའི་མཚན་ཉིད་དགག རྟགས་དམ་བཅའ་དང་འགལ་བའི་དཔེ་དགག་ པའོ། ། དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། གཞན་དོན་རྗེས་དཔག་ཏུ་བསྒྲུབ་བྱའི་མཚན་ ཉིད་བཤད་པ་དོན་མེད་དེ། རྟགས་བསྟན་པའི་ཤུགས་ལ་རྟོགས་པས་སོ། །ཞེ་ན། བསྒྲུབ་བྱ་ རྟགས་བརྗོད་པའི་ཤུགས་ལ། རྟོགས་པའི་དོན་ཅན་ཉིད་ཡིན་ཡང༌། གཞན་དོན་རྗེས་དཔག་ ཏུ་བསྒྲུབ་བྱའི་མཚན་ཉིད་བརྗོད་པ་ཆོས་ཅན། དོན་ཡོད་དེ། གཞན་དོན་བསྒྲུབ་བྱ་ཡིན་པ་ལ་ མིན་པ་དང༌། མིན་པ་ལ་ཡིན་པར་རྨོངས་བ་བཟློག་པའི་ཆེད་ཡིན་པས་སོ། །ཀུན་བཏུས་སུ། ཇི་སྐད་དུ། ངོ་བོ་ཁོ་ན་བསྟན་བྱ་བ། རང་ཉིད་འདོད་དང་མ་བསལ་བ། །ཞེས་པ་འཆད་དེ། ཕྱོགས་དེའི་མཚན་ཉིད་སྟོན་པའི་ཚིག་ཟུར་གྱི་ངོ་བོ་དང་ཁོ་ནའི་ཚིག་ཕྲད་དང་འདོད་པ་ དང༌། བདག་ཉིད་ཞེས་པའི་ཚིག་གིས་ཆོས་ཅན། རིམ་བཞིན་རྣམ་དཔྱད་ལ་ཕྱིར་རྒོལ་གྱི་ གྲུབ་ཟིན་དང་སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། སྔར་རྒོལ་གྱིས་ཞེན་བས་མི་འདོར་བའི་ དོན་དང༌། སྔར་རྒོལ་གྱིས་ཁས་མ་བླངས་པའི་ལུང་དོན་རྣམས་ཕྱོགས་ཡིན་པ་སེལ་སྟེ། རིམ་ བཞིན་ཡོངས་སྤྱོད་ལ་ཕྱོགས་ཡིན་ན། ཕྱིར་རྒོལ་གྱིས་གྲུབ་མ་ཟིན་པ་དང༌། སྒྲུབ་བྱེད་དུ་ བཀོད་བཞིན་པ་མིན་པ་དང་སྔར་རྒོལ་གྱིས་བསྒྲུབ་བྱར་དོན་གྱིས་བརྗོད་པ་དང༌། སྔར་རྒོལ་ གྱིས་བསྒྲུབ་བྱར་ཁས་བླངས་པ་གཅིག་དགོས་ཞེས་ཡོངས་སུ་བཟུང་བའི་ཕྱིར། ། གཉིས་པ་ལ་གསུམ། འདོད་པ། རང་ཉིད། མ་བསལ་བ་རྒྱས་པར་བཤད་དོ། །དང་པོ་ལ་ 1-1-338 བཞི། འདོད་ཡུལ་བསྒྲུབ་བྱ་ཡིན་པར་བསྟན། བསྒྲུབ་བྱ་མིན་ལ་གནོད་བྱེད་བརྗོད། དེ་ཡིས་ གཉིས་བཅས་སྦྱོར་བ་ཁེགས། དེ་ཡིས་ཚོགས་པ་གཞན་བསལ་དགག་པའོ། ། དང་པོ་ནི་ཞེ་འདོད་ཡིན་ཡང༌། བསྒྲུབ་བྱ་མིན་པ་ཡིན་པར་བསམས་ནས་སྐྱོན་བཀོད་ པ་འཕེལ་བ་དང་མཚུངས་པའི་ལྷག་བཅོད་དོ། །ཞེ་ན། ཕྱོགས་གྱི་མཚན་ཉིད་གྱི་ཚིག་ཟུར་ གྱི་འདོད་ཚིག་ཆོས་ཅན། དོན་ཡོད་དེ། ངག་ཏུ་དངོས་སུ་མ་བརྗོད་ན་ཡང༌། དེ་དེ་ཡི་བསྒྲུབ་ བྱར་འདོད་པས་ཁྱབ་པས་ཏེ། འཕངས་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱར་འདོད་ དགོས་ཞེས་སྟོན་པས་སོ། །དཔེར་ན་གྲངས་ཅན་པས་མིག་སོགས་གཞན་དོན་བྱེད་དེ། འདུས་ བསགས་པ་ཡིན་པས་སོ། །ཞེས་བཀོད་པ་ན། མིག་སོགས་བདག་གི་དོན་བྱེད་པ་དེ་དངོས་སུ་ མ་བརྗོད་ན་ཡང་བསྒྲུབ་པར་འདོད་པ་བཞིན། གཉིས་པ་ནི། རྒྱན་ལྟར་ན། འདོད་སྒྲ་ཞེས་སམ། ལྷ་ལྟར་ན། རང་ཉིད་ཀྱི་སྒྲས་སྔར་རྒོལ་མི་འདོད་པ་ཐམས་ཅད་བསྒྲུབ་བྱ་ཡིན་པ་འགོག་མོད། ཅིའི་ཕྱིར། རང་ཉིད་ཅེས་བྱའི་སྒྲ་ནི་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་པ་ཐམས་ཅད་ སྟོན་པར་བྱེད་དོ་ཞེ་ན། སྔར་ཁས་བླངས་པའི་ལུང་དོན་ཉིད་འགོག་པར་བཤད་ཅེ་ན། འདོད་སྒྲའམ་རང་སྒྲས་སྔར་རྒོལ་ལས་གཞན་པའི་འདོད་པ་ཐམས་ཅད་བསྒྲུབ་བྱ་ཡིན་ པ་བཟློག་ན་ཡང༌། ཀུན་བཏུས་འགྲེལ་པར། བདག་ཉིད་ཅེས་བྱའི་སྒྲ་ནི་བསྟན་བཅོས་ལ་ མི་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ། །ཞེས་བསྟན་བཅོས་ལ་མི་ལྟོས་པར་ཞེས་ བཤད་པ་འདི་ནི་ཆོས་ཅན། དོན་ཡོད་དེ། སྔར་རྒོལ་གྱི་བསྟན་བཅོས་ཁས་བླངས་ན། དེར་ བཤད་པའི་དོན་ཐམས་ཅད་སྔར་རྒོལ་དེ་ཡི་རྟགས་སྦྱོར་སྐོར་ཅིག་གི་བསྒྲུབ་བྱ་ཡིན་ནམ་སྙམ་ པའི་དོགས་པའི་གནས་ནི་ལྡོག་པ་དེ་ཡི་དོན་དུ་བྱས་པ་ཡིན་པས་སོ། །རྒོལ་བའི་འདོད་ཡུལ་ གཅིག་པུ་བསྒྲུབ་བྱ་ཡིན་ན་འགལ་བ་ཡང་གཅིག་པུར་འགྱུར་བས་སློབ་དཔོན་གྱི་ཆོས་ཀྱི་ ཁྱད་པར་འགོག་པ་ལ་སོགས་པ་བཤད་པ་རྣམས་མེད་པར་འགྱུར་རོ། །ཞེ་ན། 1-1-339 བདག་དོན་བྱེད་པ་ལྟ་བུ་དེ་ནི་ངག་གི་འགོད་ཚུལ་ལ་ལྟོས་ནས་ཆོས་ཀྱི་ཁྱད་པར་དང༌། ཆོས་ཅན་གྱི་ཁྱད་པར་དུ་སློབ་དཔོན་ཀྱིས་བརྗོད་པ་ཡིན་ལ། དོན་ལ་འགལ་རྟགས་ཀུན་ འདོད་ཡུལ་བཀག་པ་གཅིག་པུར་འདུའོ། །མིག་སོགས་ཆོས་ཅན། བདག་རྟག་པ་གཞན་དོན་ བྱེད་དེ། འདུས་བསགས་ཡིན་པས་སོ། །ཞེས་གྲངས་ཅན་གྱིས་བཀོད་པ་ན་ཆོས་ཅན། བདག་ དོན་བྱེད་པ་ན། དེ་ཆོས་ཀྱི་ཁྱད་པར་དུ་བརྗོད་དེ། དེར་རློམས་ནས་ཆོས་དང་གཞི་མཐུན་དུ་ བརྗོད་པས་སོ། །དེས་ན་འདུས་བསགས་ཆོས་ཅན། དེ་ཡི་ཆོས་ཀྱི་ཁྱད་པར་དང་འགལ་བར་ བཞག་སྟེ། བདག་དོན་བྱེད་པ་དེ་དེ་ཡི་ཆོས་ཀྱི་ཁྱད་པར་དུ་བརྗོད་ཅིང་བཟུང་སྟེ་བདག་ དོན་བྱེད་པ་སྟེ། བཀག་པའི་སྒོ་ནས་དེ་ཡི་ཚོགས་དོན་བཀག་པས་སོ། །མིག་སོགས་འདུས་ པ་མ་ཡིན་པའི་དོན་ནམ་ཆེད་ཆོས་ཅན། གཞན་དོན་བྱེད་དེ་འདུས་བསགས་ཡིན་པས་སོ། ། ཞེས་གྲངས་ཅན་གྱིས་བཀོད་པ་ན་ཆོས་ཅན། བདག་དོན་བྱེད་པ་དེ་ཆོས་ཅན་གྱི་ཁྱད་པར་ དུ་བརྗོད་དེ། དེར་རློམས་ནས་ཆོས་ཅན་དང་གཞི་མཐུན་དུ་བརྗོད་པས་སོ། །དེས་ན་འདུས་ བསགས་ཆོས་ཅན། མིག་སོགས་བདག་རྟག་པའི་དོན་གཞན་དོན་བྱེད་པར་སྒྲུབ་པའི་ཆོས་ ཅན་གྱི་ཁྱད་པར་དང་འགལ་བར་བཞག་སྟེ། དེ་དེ་ཡི་ཆོས་ཅན་གྱི་ཁྱད་པར་དུ་བརྗོད་ཅིང་ བཟུང་སྟེ་བཀག་པའི་སྒོ་ནས་དེ་ཡི་ཚོགས་དོན་བཀག་པས་སོ། ། དངོས་སུ་མ་སྨྲས་ན་བསྒྲུབ་བྱར་ཇི་ལྟར་ཤེས་ཞེ་ན། གྲངས་ཅན་ཆོས་ཅན། མི་རྟག་ སོགས་བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱར་དངོས་སུ་མ་བརྗོད་ཀྱང་དེ་ཡི་བསྒྲུབ་བྱར་ འདོད་པར་ཐལ། ཁྱོད་སངས་རྒྱས་པ་དང་བདག་ཡོད་མེད་རྩོད་པའི་སྐབས་སུ་དེ་ཁོ་ན་དེ་ཡི་ འདོད་ཡུལ་གྱི་བསྒྲུབ་བྱར་བྱས་ནས་མིག་སོགས་གཞན་དོན་བྱེད་པར་བསྒྲུབ་པའི་རང་རྒྱུད་ ཀྱི་སྦྱོར་ངག་མ་འཆོལ་བར་སྨྲས་པས་སོ། །བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ ཡིན་ན། སྐྱོན་ཅིར་འགྱུར་ཞེ་ན། འདུས་བསགས་ཆོས་ཅན། མིག་སོགས་བདག་དོན་བྱེད་སྒྲུབ་ 1-1-340 ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། བདག་དོན་བྱེད་པ་དེ་དེ་སྒྲུབ་ཀྱི་མཐུན་ཡུལ་གྱི་བསྒྲུབ་ བྱ་དངོས་ཡིན་ཅིང་དཔེར་བཟུང་བའི་མལ་ཆ་དང་སྟན་ལ་སོགས་པ་ལ་རྗེས་འགྲོ་མི་བྱེད་པའི་ ཕྱིར། ཇི་སྐད་དུ། སློབ་དཔོན་དབྱིག་གཉེན་གྱིས། བདག་གཞན་ཞེ་ན། དེ་མ་གྲུབ་པའི་དཔེ་ ལའོ་ཞེས་གསུངས་པས་སོ། །འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་སྒྲུབ་ ཀྱི་རྟགས་འགལ་བར་ཐལ། མིག་སོགས་བདག་དོན་བྱེད་པ་དེ་ཁོ་ན་དེ་སྒྲུབ་ཀྱི་འདོད་ཡུལ་ གྱི་བསྒྲུབ་བྱ་དངོས་ཡིན་ཞིང་དེ་ལ་གནོད་པའི་ཕྱོགས་ཆོས་ཡིན་པས་སོ། །ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་བསྒྲུབ་བྱ་ཅི་ཡིན་ཏེ། མེད་པར་ཐལ། བདག་ ཡོད་མེད། གང་ལ་རྩོད་པའི་ཕྱིར་དུས་སུ་བདག་བསྒྲུབ་པའི་ཆེད་དུ་བཀོད་པའི་ཆེད་དུ་བཀོད་ པའི་བདག་དོན་བྱེད་པ་དེ་བསྒྲུབ་བྱ་མིན་ཞིང༌། དེ་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་དངོས་ ཡིན་པས་སོ། །འདོད་ཡུལ་བསྒྲུབ་བྱ་ཡིན་པ་ལས་གཞན་དུ་སྨྲས་ཙམ་ཁོ་ན་བསྒྲུབ་བྱ་ཡིན་ ན། གྲངས་ཅན་ཁྱེད་ལྟར་ན། སྒྲ་བྱེ་བྲག་ཏུ་བཤད་དུ་མེད་པར་སྨྲ་བའི་བརྡ་སྤྲོད་པ་ཆོས་ཅན། མིང་གི་སྒྲ་རང་གི་ངོ་བོའི་དོན་ལྡན་ཡིན་པ་དེ་མིང་གི་སྒྲ་དོན་ལྡན་དུ་བསྒྲུབ་པའི་བསྒྲུབ་བྱར་ མི་འདོད་པར་ཐལ། དེ་དེ་ཡི་བསྒྲུབ་བྱར་དངོས་སུ་མ་སྨྲས་པས་སོ། །འདོད་ན། ཆོས་ཅན། མིང་གི་སྒྲ་ཕྱི་རོལ་གྱི་དོན་ལྡན་ཡིན་པ་དེ་དེ་ཡི་བསྒྲུབ་བྱར་འདོད་པར་ཐལ། དེ་དེར་འདོད་ པའམ་སྔ་མ་དེ་དེར་འདོད་པ་གང་རུང་ཡིན་ཞིང་སྔ་མ་དེ་དེར་མི་འདོད་པས་སོ། །དོན་ལྡན་ ཙམ་དེ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མིང་སྒྲ་ཆོས་ཅན། སྒྲ་བྱེ་བྲག་ཏུ་བཤད་དུ་ཡོད་པར་ སྨྲ་བའི་བརྡ་སྤྲོད་པའི་ངོར་ཁྱོད་དོན་ལྡན་ཙམ་དུ་རྟགས་ཡང་དག་གིས་སྒྲུབ་པ་འབྲས་བུ་མེད་ པར་ཐལ། དེས་ཁྱོད་དེར་ངེས་ཟིན་མ་བརྗེད་པས་སོ། ། གསུམ་པ་ལ་གཉིས། དངོས་ཀྱི་དོན་དང༌། མཚུངས་པ་སྤང་བའོ། །དང་པོ་ནི། གྲངས་ ཅན་པའི་འདུས་བསགས་ཀྱི་རྟགས་ལས་ཆོས་དཔེ་ལས་རྗེས་འགྲོ་མེད་པ་དང་རྟགས་འདོད་ 1-1-341 ཡུལ་དང་འགལ་བར་བསྟན་པ་འདིས་ནི། རྒྱང་འཕེན་པས་བུམ་པ་ཆོས་ཅན། ལུས་སེམས་ རྫས་གཅིག་པའི་ལུས་དང་བུམ་པ་གང་རུང་ཟླ་དང་བཅས་པ་ཡིན་ཏེ། ཨུད་པ་ལ་ལས་རྫས་ གཞན་ཡིན་པའི་ཕྱིར། རྩིག་པ་བཞིན། ཞེས་པའི་གཉིས་བཅས་སྦྱོར་བ་ལ་ཡང་རྗེས་འགྲོ་ མེད་པ་དང༌། རྟགས་འགལ་བ་དག་བསྟན་པའི་ཡིན་ནོ། །རྩིག་པ་ཆོས་ཅན། དེ་ཡི་བསྒྲུབ་ བྱའི་ཆོས་སུ་བཟུང་བྱ་དངོས་ཁྱོད་ལ་རྗེས་སུ་འགྲོ་བར་མེད་པར་ཐལ། ལུས་སེམས་རྫས་ གཅིག་པའི་སྐྱེས་བུའི་ལུས་ཀྱི་བཟླ་བཅས་ཁོ་ན་དེ་ཡི་བསྒྲུབ་བྱའི་ཆོས་དངོས་གང་ཞིག ཁྱོད་ དེ་འདྲའི་ལུས་གྱི་ཟླ་བཅས་སུ་མ་གྲུབ་པའི་ཕྱིར། ཨུད་པ་ལ་ལས་རྫས་གཞན་ཆོས་ཅན། དེ་ ཡི་བསྒྲུབ་བྱ་དང་འགལ་བར་ཐལ། བུམ་པ་ལུས་སེམས་རྫས་གཅིག་པའི་སྐྱེས་བུའི་ལུས་ཀྱི་ བཟླ་བཅས་དེ་ཁོ་ན་དེ་ཡི་འདོད་ཡུལ་གྱི་བསྒྲུབ་བྱ་ཡིན་ཅིང་དེ་ལ་གནོད་པས་སོ། །ཅི་སྟེ་ཡང་ དེ་འདྲའི་ལུས་བུམ་གང་རུང་གི་བཟླ་བཅས་ཀྱི་སྤྱི་ཙམ་ཁོ་ན་བསྒྲུབ་པར་བྱ་བར་འདོད་པ་སྐྱོན་ མེད་ཅེ་ན། བུམ་པ་ཆོས་ཅན། དེ་འདྲའི་ལུས་བུམ་གང་རུང་ཁྱོད་ལས་དོན་གཞན་དུ་རྟགས་ ཡང་དག་གིས་གྲུབ་པ་མིན་པར་ཐལ། དེ་འདྲའི་ལུས་ཀྱི་བཟླ་བཅས་སུ་མི་འགྱུར་ཞིང་བུམ་པ་ དེ་ཉིད་ཀྱང་ཁྱོད་ལས་དོན་གཞན་དུ་མེད་པས་སོ། །དེ་ལྟའི་ལུས་བུམ་གང་བུམ་པ་ལས་དོན་ གཞན་དུ་ཡོད་ཅེས་པའི་རྒྱང་འཕེན་གྱི་ཚིག་འདི་ཆོས་ཅན། མི་ཤེས་པས་ཀུན་ནས་བླངས་པ་ ཡིན་ཏེ། ཞེན་པའི་བརྗོད་བྱས་སྟོང་པ་རྗོད་པས་སོ། ། གཉིས་པ་ནི། སྒྲ་དང་བུམ་པའི་མི་རྟག་པ་གཅིག་ལ་གཅིག་རྗེས་འགྲོ་མེད་པའི་ཁྱད་པར་ གྱིས་བརྟག་ན། བྱས་པས་སྒྲ་འཇིག་པར་གྲུབ་པ་ལའང་མཚུངས་སོ་ཞེ་ན། བྱས་པ་ཆོས་ཅན། སྒྲ་བུམ་གཉིས་ཀྱི་མི་རྟག་པ་གཅིག་ལ་གཅིག་རྗེས་འགྲོ་མེད་པས་ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་ རྟགས་སྐྱོན་ཅན་དུ་འགྱུར་བ་མ་ཡིན་པར་ཐལ། སྒྲ་བུམ་གཉིས་ཀ་ལ་ཁྱབ་པའི་སྤྱི་འཇིག་པ་ ཙམ་གྲུབ་པའི་སྒྲ་ལ་ནི་མི་རྟག་པ་ཙམ་དེ་ལྡན་གྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར་རོ། ། 1-1-342 དེ་བཞིན་དུ། བུམ་པ་ཆོས་ཅན། དེ་འདྲའི་ལུས་བུམ་གང་རུང་གི་བཟླ་བཅས་སུ་རྟགས་ ཡང་དག་གིས་མི་འགྲུབ་པར་ཐལ། དེ་འདྲའི་ལུས་བུམ་གང་རུང་ཁྱོད་ལས་དོན་གཞན་དུ་ ཡོད་ན། ཁྱོད་ཀྱང་དེ་དང་ལྡན་པར་འགྱུར་བ་ལ་དེ་འདྲའི་དོན་གཞན་མེད་པས་སོ། །མི་རྟག་ པ་ཆོས་ཅན་སྒྲ་ལས་གཞན་ལ་རྗེས་འགྲོ་མེད་པར་ཐལ། སྒྲ་ཡིས་ཁྱད་པར་དུ་བྱས་པས་སོ་ཞེ་ ན། ཆོས་ཅན་ཐལ་བ་ལྟར་དེ་འགྱུར་བ་མ་ཡིན་པར་ཐལ། མ་འབྲེལ་བ་བཟློག་པ་སྟེ་སྒྲས་མི་ ལྡན་རྣམ་གཅོད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར། རྣམ་གཅོད་ཆོས་ཅན། ཁྱོད་གང་ཡིན་གཞན་ ལྡན་རྣམ་དཔྱོད་ཁོ་ན་མ་ཡིན་ཏེ། ཁྱོད་ལ་མི་ལྡན་དང་གཞན་ལྡན་རྣམ་དཔྱོད་རྣམ་པ་གཉིས་ ཡོད་པས་སོ། །གལ་ཏེ་སྒྲ་ལ་མི་རྟག་ཙམ་གྲུབ་ན་གློག་སོགས་ལ་གྲུབ་ཟིན་པས་གྲུབ་ཟིན་ སྒྲུབ་པར་འགྱུར་ཞེ་ན། བྱས་པ་ཆོས་ཅན། སྒྲ་ལ་སྤྱི་མི་རྟག་ཙམ་བསྒྲུབ་པར་བྱ་བ་ཡིན་པས་དེ་ སྒྲུབ་ཀྱི་གྲུབ་ཟིན་བསྒྲུབས་པའི་སྐྱོན་ཅན་མིན་པར་ཐལ། ཁྱོད་སྒྲ་ལ་མི་རྟག་པ་མི་ལྡན་རྣམ་ དཔྱོད་དུ་བསྒྲུབ་པའི་ཚུལ་གསུམ་ཡིན་པ་དེ་ནིའོ། ། བཞི་པ་ནི། འདོད་ཡུལ་བསྒྲུབ་བྱ་བསྟན་པ་འདི་ནི་བསལ་བ་ཡིན་ནོ། །སྒྲ་ལ་མི་རྟག་ བསྒྲུབ་ན་ཆོས་ཅན། སྒྲས་ཁྱད་པར་དུ་བྱས་པའི་ཆོས་ཅན་མི་རྟག་པ་དོན་གཞན་ཆོས་མི་རྟག་ པས་ཁྱད་པར་དུ་བྱས་པའི་ཆོས་ཅན་སྒྲ་དོན་གང་རུང་སྒྲུབ་དགོས་པ་ལ་བྱས་པས་དེ་གཉིས་ བཀག་པས་དེ་སྒྲུབ་ཀྱི་བསྒྲུབ་བྱ་དང་འགལ་བར་འགྱུར་ཏེ་སྒྲ་ཡི་སྟེང་དུ་དེ་གཉིས་འགོག་ པས་སོ། །ཞེས་སྨྲ་བ་བསལ་ལོ། །བྱས་པ་ཆོས་ཅན། སྒྲ་ལ་མི་རྟག་པ་བསྒྲུབ་ན། སྒྲ་ཡི་སྟེང་ དུ་སྒྲ་ཡི་མི་རྟག་པ་སྒྲ་ལས་དོན་གཞན་ནམ་མི་རྟག་པའི་སྒྲ་མི་རྟག་པ་ལས་དོན་གཞན་གཉིས་ པོ་དེ་སྒྲ་མི་རྟག་སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་ཡིན་པའི་རྒྱུན་མཚན་གྱིས་སྒྲ་ཡི་སྟེང་དུ་དེ་ གཉིས་བཀག་པས་དེ་སྒྲུབ་ཀྱི་རྟགས་འགལ་བ་མ་ཡིན་པར་ཐལ། སྒྲ་ཡི་སྟེང་དུ་དེ་གཉིས་དེ་ སྒྲུབ་ཀྱི་འདོད་ཡུལ་གྱི་བསྒྲུབ་བྱ་མིན་པས་སོ། །ཆོས་ཅན་ལ་ནི་ནས་བསྒྲུབ་འདོད་མ་ཡིན་ལ། 1-1-343 སྔ་མ་དེ་རང་རྒྱུད་དུ་བྱས་ཏེ་གཞན་འདྲ་བར་སྦྱར་རོ། །ཆོས་ཅན་རྟགས་དེར་ཐལ། །ཆོས་ཅན་ སྒྲ་འདིར་ཆོས་མི་རྟག་པ་འབའ་ཞིག་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཡིན་པས་སོ། ། གཉིས་པ་རང་ཉིད་པ་ལ་ལྔ། ཡོངས་དཔྱོད་རྣམ་དཔྱོད་དགོས་པ་བསྟན། རྣམ་དཔྱད་དེ་ དེ་རྒྱས་པར་བསྟན། རྣམ་དཔྱད་དེ་ལ་རྩོད་པ་སྤང༌། གཞན་ལུགས་བཀག རང་ལུགས་བསྡུས་ ཏེ་བསྟན། ཡོངས་དཔྱོད་དགོས་པས་གཞན་ཡང་བསལ་བའོ། ། དང་པོ་ནི། ཟུར་གྱི་བདག་ཉིད་ཅེས་པའི་སྒྲ་ཆོས་ཅན། དོན་ཡོད་དེ། ཆོས་ཅན་སྒྲ་ལྟ་བུ་ གཅིག་ལ་བསྟན་བཅོས་ལ་ནམ་ཡོན་དང་མི་རྟག་པ་སོགས་དུ་མ་རྣམ་པར་བཞག་ཀྱང༌། སྔར་ རྒོལ་བའི་བདག་ཉིད་ཀྱིས། བསྒྲུབ་བྱར་འདོད་པའི་ཚོགས་དོན་ཡང་དག་ཡིན་ན། དེ་ཡི་ བསྒྲུབ་བྱ་ཡིན་གྱི་དེས་མི་འདོད་པའི་སྒྲ་རྟག་ནམ་ཡོན་ལྟ་བུ་དེ་ཡི་བསྒྲུབ་བྱ་མིན་ནོ་ཞེས་རྟོག་ པའི་ཆེད་དུ་རྨོངས་པས་སོ། ། གཉིས་པ་ལ་བཞི། ལུང་དོན་བསྒྲུབ་བྱར་འདོད་པའི་མུ་སྟེགས་དགག དེ་ལྟར་འདོད་ པའི་རང་གཞན་སྟེ་གཉིས་དགག དེ་ལྟར་འདོད་པའི་རང་སྟེ་དགོས་སུ་དགག ཞར་ལ་མཚན་ ཉིད་ལྔའི་རྣམ་དཔྱད་བསྟན། དང་པོ་ལ་འདོད་པ་བརྗོད་སུན་འབྱིན་བཤད། དང་པོ་ནི། བྱེ་བྲག་པས་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ན། དཔྱོད་པ་པ་ན་རེ་དེ་སྒྲུབ་ ཀྱི་གཏན་ཚིགས་འགལ་བ་དང་དམ་བཅའ་བསལ་བའི་སྐྱོན་དུ་འགྱུར་བར་ཐལ། གཟེགས་ ཟན་གྱི་ལུང་དོན་དེ་གཅིག་ལ་གནོད་པའི་ཕྱིར། ཁྱབ་སྟེ། བྱེ་བྲག་པས་གཟེགས་ཟན་གྱི་ བསྟན་བཅོས་ཁས་བླངས་པའི་ཕྱིར་ན། ལུང་དོན་ཐམས་ཅད་བསྒྲུབ་བྱར་བཟུང་དགོས་སོ་ ཟེར་བ་ལ་བྱེ་བྲག་པའང་དེ་ལྟར་ཁས་ལེན་ནོ། གཉིས་པ་ནི། བྱས་པ་ཆོས་ཅན་དྲི་རྟག་པ་པའི་སའི་ཡོན་ཏན་བཟློག་པའི་ཕྱིར་སྒོ་ནས་ཀྱང་སྒྲ་མི་རྟག་ པར་བསྒྲུབ་པ་ན་གཏན་ཚིགས་འགལ་བར་ཐལ། དེ་ཡི་སྒོ་ནས་ཀྱང་གཟེགས་ཟན་གྱི་ལུང་ 1-1-344 དོན་གཅིག་བཀག་པའི་ཕྱིར། སྒྲ་ལ་དྲི་ཡིས་ཡོན་ཏན་བསྒྲུབ་པའི་སྐབས་མིན་པའི་ཕྱིར། འགལ་བ་མིན་ཞེ་ན། བྱས་པ་ཆོས་ཅན། སྒྲ་ལ་ནམ་ཡོན་བཀག་པས་ཀྱང་དེ་སྒྲུབ་ཀྱི་གཏན་ ཚིགས་འགལ་བ་མ་ཡིན་པར་ཐལ། སྒྲ་ལ་ནམ་ཡོན་དེ་སྒྲུབ་ཀྱི་བསྒྲུབ་བྱ་མིན་རིགས་དེར་ མཚུངས་པས་སོ། །ཅི་སྟེ་མི་མཚུངས་ཏེ་འདིར་ཆོས་ཅན་སྒྲ་དེ་སྐབས་སུ་བབ་པ་ཡིན་པས་ ནམ་ཡོན་སྐབས་སུ་བབ་སྟེ་སྒྲ་ལ་མི་རྟག་པ་བསྒྲུབ་པའི་ཕྱིར། དེས་ན་དེ་བཀག་པས་རྟགས་ འགལ་བར་འགྱུར་གྱི་དྲི་སའི་ཡོན་ཏན་དེ་ལྟར་མིན་པས་སོ། །ཞེ་ན། ཆོས་ཅན་དྲི་རྟག་པ་སའི་ ཡོན་ཏན་ལ་གནོད་པས་ཀྱང་སྒྲ་མི་རྟག་པར་བསྒྲུབ་པའི་བསྒྲུབ་བྱ་ལ་གནོད་པར་ཐལ། དྲི་རྟག་པ་སའི་ཡོན་ཏན་ལ་གནོད་པས་ཀྱང་གཟེགས་ཟན་གྱི་བསྟན་བཅོས་ཀྱི་དོན་གཅིག་ ལ་གནོད་པས་སོ། ། ཅི་སྟེ་ཆོས་ཅན། སྒྲ་ཡི་ཆོས་ཡིན་པ་དང་སོགས་པས་བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་ཡིན་ པ་སོགས་ཀྱི་སྒྲུབ་བྱེད་ཀྱི་ནམ་ཡོན་དེ་དེའི་བསྒྲུབ་བྱ་རྒོལ་བས་འདོད་པ་ཡིན་པར་བརྗོད་ ན། བསྒྲུབ་འདོད་སྐྱེ་ཚུལ་དང་རྟོགས་ཚུལ་འདི་ལྟར་ཡིན་ཏེ། རྩོད་པའི་ཚེ། ཕྱི་རྒོལ་སྒྲ་རྟག་ པར་ཁས་ལེན་པ་དང༌། ཐེ་ཚོམ་ཟ་ནས་དེ་ཡི་སྒྲུབ་བྱེད་འདྲི་བ་ལ་སོགས་པའི་གནས་སྐབས་ འགའ་ཆོས་ཅན། དེས་དེ་ཁྱོད་ལས་སྔར་རྒོལ་གྱི་རྒྱུད་ལ་དེ་ཡི་སྒྲུབ་འདོད་འཇུག་པའི་གཞིར་ རྒྱུར་འགྱུར་ཏེ་དེ་ཡི་རྒྱུ་ཚོགས་གྲངས་ཚང་པ་ཡིན་པས་སོ། ། དེ་རྟོགས་ནས་དེ་དག་གང་གིས་ལ་སྒྲ་མི་རྟག་སྒྲུབ་ཀྱི་སྒྲུབ་ངག་ཡན་ལག་གཉིས་ལྡན་ འགོད་བྱེད་ཀྱི་སྔ་རྒོལ་ཡང་དག་ཆོས་ཅན། སྒྲ་མི་རྟག་པ་བསྒྲུབ་བྱར་འདོད་དེ། སྒྲ་རྟག་མི་ རྟག་རྩོད་པའི་སྐབས་སུ་དེ་ཡི་སྒྲུབ་བྱེད་མ་འཆོལ་བར་སྨྲས་པས་སོ། །ཞེས་པས་སྒྲུབ་འདོད་ དེ་རྟོག་པ་ཡང་སྐབས་དེ་དག་གིས་ཤེས་སོ། །དེ་ལྟར་ཡིན་པ་ལ་བྱས་པས་སྒྲ་མི་རྟག་སྒྲུབ་ཀྱི་ སྔར་རྒོལ་ཆོས་ཅན། རྟག་པ་དེ་ཡི་ནམ་ཡོན་དེ་ཡི་བསྒྲུབ་བྱར་འདོད་དགོས་པ་མ་ཡིན་པར་ 1-1-345 ཐལ། ནན་གྱིས་ཏེ་དེ་དེར་འདོད་པའི་སྒྲུབ་བྱེད་མེད་ཅིང༌། དེར་འདོད་པ་སྐབས་སུ་མ་བབ་ པས་སོ། །དེས་ན་དེ་ལྟར་འདོད་ཅེས་པ་རིགས་པ་མེད་ཀྱི་གསལ་བར་དབང་ཕྱུག་གི་སྤྱོད་པ་ བཞིན་ཡིན་ནོ། ། འབྲས་བུའི་རྟགས་ཅན་ཡིན་(མིན་)ལ། སྒྲ་བཏགས་པ་ནམ་ཡོན་དེའི་བསྒྲུབ་བྱར་ཁྱོད་ འདོད་པ་མ་ཡིན་ཏེ། ཡིན་ན་དེ་དེ་ལྟར་སྒྲུབ་པའི་འབྲས་རྟགས་དགོས་པ་ལ་དེ་ལྟར་བསྒྲུབ་ པའི་འབྲས་བུའི་རྟགས་ཅན་མིན་པས་སོ། །འཁྲུལ་པ་ནས་འགྱུར་ལ། ཆོས་ཅན་བསྒྲུབ་བྱ་སྤྱི་ ཡི་ཕྱོགས་གཅིག་ལ་སོགས་པའི་རྟགས་ཀྱིས་ཁྱོད་དེ་དེའི་བསྒྲུབ་བྱ་འདོད་པར་མི་འགྲུབ་པར་ ཐལ། ཁྱོད་དེ་དེ་ཡི་བསྒྲུབ་བྱར་འདོད་པར་བརྗོད་པས་ཏེ་དམ་བཅས་པའི་དོན་ལ་འཁྲུལ་ པས་ཏེ། ཁྱོད་དེ་དེར་མི་འདོད་པར་མངོན་སུམ་གྱིས་གྲུབ་པའི་དོན་གྱིས་གནོད་པར་འགྱུར་ བས་ཕྱིར། དངོས་པོའི་རྟགས་ལ་ལུང་ཙམ་གྱིས་མི་གནོད་པར་སྟོན་པ་ནི། མེད་ན་ནས་ཅི་ ཞིག་གནོད་ལ་བྱས་པ་ཆོས་ཅན། རྟག་པ་ནམ་ཡོན་ལ་གནོད་ཀྱང་སྒྲ་མི་རྟག་པ་ལ་མི་གནོད་ པར་ཐལ། རྟག་པ་ནམ་ཡོན་དང་མི་རྟག་པ་གཉིས་ཅི་ཡང་མིན་པའི་འབྲེལ་མེད་ཡིན་པས་སོ། ། ཆོས་ཅན། རང་གི་སྤྱོད་ཡུལ་སྟེ་ཁྱོད་ཀྱིས་སྒྲ་མི་རྟག་པར་འགྲུབ་པ་ལ་སྒྲ་རྟག་སྟེ་སྟོན་གྱི་ ལུང་གནོད་སྒྲུབ་དུ་ཁས་ལེན་པ་ལ་ལྟོས་དགོས་པ་མིན་ཏེ། ཁྱོད་དེ་སྒྲུབ་གྱི་དངོས་པོ་སྟོབས་ ཞུགས་གྱི་རྗེས་དཔག་སྟེ་རྟགས་མིན་པའོ། །ཞེས་སྔར་བཤད་ཟིན་ཏོ། ། དེས་གྲུབ་ནས་གྲུབ་ལ་དེ་ཆོས་ཅན་ཁྱོད་ཀྱི་གྲུབ་པའི་སྒྲ་མི་རྟག་པ་དེ་དེ་ལ་ལྡོག་ཕྱོགས་ སུ་བྱ་མི་ནུས་པར་གྲུབ་སྟེ་རྟགས་སྔར་ལྟར་རོ། །དེ་ཆོས་ཅན་ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ དེ་ཡི་ཚེ། སྒྲ་རྟག་སྟོན་གྱི་ལུང་གིས་མི་གནོད་དོ། །ཁྱོད་ཀྱིས་དེ་བསྒྲུབ་པའི་སྟོབས་ཁས་ལེན་ པ་ལ་མི་ལྟོས་པར་རོ། །རྒོལ་བས་བཀོད་པའི་རྟགས་ཀྱིས་ལུང་ལ་གནོད་པ་དེ་ཡི་ཚེ་རྒོལ་ 1-1-346 བས་རྩོད་པ་དོར་བས་རྒོལ་བའི་ཁས་བླངས་འགལ་བར་འགྱུར་ཞེ་ན། བྱས་པས་སྒྲ་མི་རྟག་པར་བསྒྲུབ་པའི་སྔར་རྒོལ་ཆོས་ཅན། དངོས་པོ་སྟོབས་ཞུགས་ཀྱི་ རིགས་པས་སྒྲ་མི་རྟག་པར་དཔྱོད་པ་དེ་ཡི་ཚེ། སྒྲ་རྟག་སྟོན་གྱི་ལུང་ཚད་མར་ཁས་བླངས་པའི་ རྒྱུ་མཚན་གྱིས་དེ་ལ་གནོད་བྱེད་བཀོད་པས་ཡང༌། རང་གི་ཁས་བླངས་འགལ་བ་མིན་ཏེ། དེ་ ཡི་ཚེ་དེ་ཁྱོད་ཀྱིས་ཚད་མར་ཁས་བླངས་པ་མེད་པའི་ཕྱིར། ལུང་དོན་ལ་དཔྱོད་པ་འདི་ནི་ཆོས་ ཅན། ཁྱོད་སྔོན་དུ་བཏང་ནས་རྟོག་ལྡན་ལུང་ཁས་ལེན་པར་འཐད་དེ། ལུང་རྣམ་དག་ཡིད་ ཆེས་སུ་ཁས་ལེན་པའི་ཐབས་ཡིན་པས་སོ། །ལུང་ཆོས་ཅན། དངོས་པོ་སྟོབས་ཞུགས་དེ་ཡི་ཚེ་ ཁྱོད་ཁས་བླངས་པ་ཡོད་ཀྱང༌། ཁྱོད་ཁོ་ན་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལ་གནོད་སྒྲུབ་ཀྱི་ ཡན་ལག་མིན་ཏེ། ཤིན་ལྐོག་ལ་སྤྱོད་པའི་ཚེ་ན། གནོད་སྒྲུབ་ཀྱི་ཡན་ལག་དུ་འགྱུར་བས་སོ། ། དེ་ལྟར། མངོན་རྫས་གྱི་ཡུལ་རྣམ་པར་དག་ནས། ཤིན་ལྐོག་གཏན་ལ་འབེབས་པའི་ དུས་ད་ལྟ་ལྟ་བུ་དེ་ནི་ཆོས་ཅན་བསྟན་བཅོས་ཡོངས་སུ་འཛིན་པར་འདོད་པ་སྟེ། ཁས་ལེན་ པར་རིགས་པའི་དུས་ཡིན་ཏེ། ཤིན་ལྐོག་གཏན་ལ་འབེབས་པའི་དུས་ཡིན་པས་སོ། །ཤིན་ ལྐོག་སྟོན་པའི་བསྟན་བཅོས་རྣམ་དག་ཆོས་ཅན། ཁྱོད་ཀྱིས་རང་གི་དོན་དང་འགལ་བར་དམ་ བཅས་པ་ལ་གནོད་བྱེད་དུ་འགྱུར་ཏེ། ཚུར་མཐོང་གིས་ཤིན་ལྐོག་རྟོགས་པའི་ཐབས་སུ་ཁྱོད་ ངེས་པར་ཁས་བླངས་དགོས་པའི་ལུང་ཡིན་དགོས་པས་སོ། ། དེས་གྲུབ་ནས་མི་རུང་ཕྱིར་ལ། ཆོས་ཅན་ཁྱོད་ཀྱིས་གྲུབ་པའི་དོན་དཀར་ཆོས་སྡུག་ བསྔལ་འབྱིན་བྱེད་ཡིན་པར་འདོད་པར་མི་རུང་སྟེ། དཀར་ཆོས་སྡུག་བསྔལ་བྱེད་དུ་ཁས་ བླངས་ན་སྔ་ཕྱི་འགལ་བར་འགྱུར་བས་སོ། ། ཤིན་ལྐོག་ལ་དཔྱོད་པའི་རྟོགས་ལྡན་ཆོས་ཅན། བསྟན་བཅོས་སམ་ལུང་གི་གནས་ 1-1-347 གསུམ་པ་ཤིན་ལྐོག་ལ་རྟོག་དཔྱོད་འཕོ་བ་ན་ལུང་ཁས་ལེན་པར་རིགས་པ་དང་ལྡན་པ་ཡིན་ ཏེ། དེར་ཁས་མ་བླངས་ན་ཤིན་ལྐོག་ལ་དཔྱོད་པའི་སྐབས་ཀྱི་རྟེན་མེད་པས་སོ། ། ལུང་ཁས་བླངས་པའི་དུས་དེར་ཡང་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱའི་ཆོས་དང་ནི་མེད་ ནི་མི་འབྱུང་བའི་འབྲེལ་ཡུལ་ལ་གནོད་པའི་རྟགས་དེ་དེ་བསྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་ སྤང་བར་བྱ་བ་ཡིན་ཏེ། དེས་དེ་ལ་གནོད་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དངོས་ལ་གནོད་པས་ སོ། །ཆོས་ཅན་འབྲེལ་མེད་ཀྱི་ལུང་དོན་གཞན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱའི་ཆོས་ དངོས་ལ་གནོད་པ་མིན་ཏེ། ཡིན་ན་བྱས་པས་དྲི་ནམ་ཡོན་ལ་གནོད་པས་སྒྲ་མི་རྟག་སྒྲུབ་ཀྱི་ འདོད་ཡུལ་ལ་གནོད་པ་སོགས་སྐྱོན་ཐུག་མེད་དུ་འགྱུར་བས་སོ། །ཡུལ་གང་ལ་དཔྱོད་ཀྱང་ ལུང་ཁས་ལེན་དགོས་ཞེ་ན། ཤེས་བྱ་ཆོས་ཅན། སྔོན་ལྐོག་ལ་དཔྱོད་ལ་ཀུན་ལ་ལུང་ཁས་ལེན་མི་དགོས་པར་ཐལ། བསྟན་བཅོས་དག་བཟུང་ཞེས་ལུང་འདི་གང་གིས་བྱས་ཏེ། དེ་དགོས་པའི་རིགས་པ་ཡང་དག་ མེད་པས་སོ། །གྲུབ་མཐའ་སྟེ། ལུང་ལ་བློ་ཁ་མི་ཕྱོགས་པའི་ཕྱུགས་རྫི་ཆོས་ཅན། ཁྱོད་ཀྱིས་ དུ་བའི་རྟགས་ལས་ལ་ལ་མེ་རྟོགས་པར་མི་འགྱུར་བར་ཐལ། ལུང་སྒྲུབ་བྱེད་དུ་ཁས་མི་ལེན་ པ་དེ་ནིའོ། །ལུང་དང་ལྷན་ཅིག་སྐྱེས་པས་སམ་སྐྱོན་ཡོན་མཐོང་ནས་ཡིན་ཏེ། དང་པོ་ལྟར་ ན། དེ་འདྲའི་སྐྱེ་བོ་ཆོས་ཅན། རང་སྐྱེས་དུས་ཉིད་ནས་ལུང་དང་རང་ཆས་སུ་འབྲེལ་པར་སྐྱེས་ པས་དཔྱོད་པ་ཀུན་ལ་ལུང་ཁས་ལེན་དགོས་པ་མ་ཡིན་པར་ཐལ་རེང་པོ་སྟེ་རང་སྐྱེ་དུས་ཉིད་ ནས་ལུང་དང་རང་ཆས་སུ་མ་འབྲེལ་བར་སྐྱེས་པས་སོ། །གཉིས་པ་ལྟར་ན། ཆོས་ཅན་ལུང་གི་སྐྱོན་ཡོན་ཚད་མས་མཐོང་ནས་སྤྱོད་པ་ཀུན་ལ་ལུང་ཁས་ལེན་མི་ དགོས་པར་ཐལ། ལུང་དོན་ཚད་མས་གྲུབ་པའི་ཡོན་ཏན་དང༌། ལུང་ལ་ཚད་མས་གནོད་པའི་ སྐྱོན་མ་མཐོང་བས་སོ། །དེས་ན། ཀྱེ་མ་གྲུབ་མཐའ་མི་ཟད་པའི་གདོན་དང་འདྲ་བ་འདི་ནི་ 1-1-348 ཁྱོད་ལ་སུ་ཡིས་བགོས་པ་ཡིན་ཞེས་བཅས་སོ། ། གལ་ཏེ་ནས་འགྱུར་ཞེ་ན་ལ་མཐུན་རྐྱེན་པའི་སྟེང་དུ་ལུང་དོན་ཀུན་གྱིས་ཁྱབ་པ་གྲུབ་ པའི་རྟགས་གཅིག་ཁོ་ན་རྟགས་ཡང་དག་ཡིན་པས་ལུང་དོན་གཅིག་ལ་གནོད་ན་རྟགས་ འགལ་བ་ཡིན་ནོ། །ཞེ་ན། ཤེས་བྱ་ཆོས་ཅན། རྟག་ཡང་དག་མེད་པར་ཐལ། རྟག་དངོས་ ལ་སོགས་པའི་ལུང་དོན་ཀུན་གྱིས་མཐུན་དཔེའི་སྟེང་དུ་ཁྱབ་པའི་རྟགས་འདི་ནི་འཇིག་རྟེན་ འདས་ལུགས་ཏེ་མེད་པས་སོ། །ཁྱབ་བསལ་ལོ། །སྒྲ་ཆོས་ཅན་ཁྱོད་ལ་ཆོས་ཏེ་རྟག་པ་ནམ་ ཡོན་མ་གྲུབ་པས། མི་རྟག་པ་མ་གྲུབ་པར་ཇི་ལྟར་འགྱུར་ཏེ། མི་འགྱུར་བར་ཐལ། རྟག་པ་ ནམ་ཡོན་ཏེ་མི་རྟག་པ་དང་འབྲེལ་མེད་ཅི་ཡང་མིན་པས་སོ། ། བྱས་པ་ཆོས་ཅན། སྒྲ་རྟག་པ་ནམ་ཡོན་ལ་གནོད་ཀྱང་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་སྐྱོན་ ལྡན་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། དེ་ལ་གནོད་ཀྱང་སྒྲ་ལ་མི་རྟག་པ་བསྒྲུབ་པའི་ཚུལ་ གསུམ་ཡིན་པས་སོ། ། ལུང་དོན་ཀུན་གྱིས་མ་ཁྱབ་ཀྱང་ཆོས་ཅན་དེ་ཡི་ཆོས་སུ་ལུང་ལས་བཤད་པ་ཀུན་གྱི་ མཐུན་དཔེ་ལ་ཁྱབ་པ་བསྟན་དགོས་སོ་ཞེ་ན། ཚིག་ཆོས་ཅན་རང་སྨྲ་བ་པོའི་སྐྱེས་བུ་སེམས་ ལྡན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཆོས་སྐྱེས་བུའི་ཆོས་སུ་བཤད་པའི་དོན་དམ་ པའི་སྐྱེས་བུ་རྟག་པ་སོགས་ཀྱིས་བཤད་མཐུན་དཔེའི་སྟེང་དུ་ཁྱབ་པ་འགྲུབ་པ་མེད་པའི་ཕྱིར། དུ་བ་ཆོས་ཅན་ལ་ལ་མེ་དཔོག་མི་ནུས་པར་ཐལ། ཆོས་ཅན་ལའི་ཆོས་ད་ལྟར་གྱི་མེ་དང་ཡུལ་ འདི་ཡི་རྩྭ་ཡི་མེ་སོགས་ཀྱིས་མཐུན་དཔེའི་སྟེང་དུ་མ་ཁྱབ་པས་སོ། ། མི་འཁྲུལ་ནས་ལྡོག་པ་མ་ཡིན་ལ། བྱས་པ་ཆོས་ཅན། སྒྲ་རྟག་པ་ལ་གནོད་པས་མི་རྟག་ པ་ལ་འབྲེལ་པ་ལྡོག་པ་མ་ཡིན་པར་ཐལ། གནོད་ཀྱང་མི་རྟག་པ་ལ་བདག་གཅིག་ཏུ་འབྲེལ་ བས་སོ། །དུ་བ་ཆོས་ཅན། དུ་ལྡན་ལ་མེ་མེད་ལ་གནོད་པས་མེ་ལ་འབྲེལ་བས་ལྡོག་པ་མིན་ 1-1-349 ཏེ། གནོད་ཀྱང་མེ་ལ་དེ་བྱུང་དུ་འབྲེལ་བས་སོ། །ལུང་ལ་རྟགས་ཀྱིས་གནོད་ན་ལུང་ཤེས་པའི་ ངོར་ཡང་རྟགས་སུ་མི་འགྱུར་ཞེ་ན། དེ་ནི་འདོད་ནས་འགྱུར་མ་ཡིན་ལ། བྱས་པ་ཆོས་ཅན། ལུང་ཤེས་པའི་རང་གི་ཕྱིར་རྒོལ་ གྱི་ངོར་ཡང་ཁྱོད་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་ཡི་ངོར་ཡང་དེ་སྒྲུབ་ ཀྱི་ཚུལ་གསུམ་ཡིན་པས་སོ། །ལུང་དོན་ལ་གནོད་བྱེད་འགོད་པའི་རྒོལ་བ་ཚར་བཅད་ཡིན་ ཞེ་ན། གཏན་ཚིགས་ནས་ཅི་བྱས་ལ། བྱས་པར་སྒྲ་མི་རྟག་པར་སྒྲུབ་བྱེད་ཀྱི་སྔར་རྒོལ་ཆོས་ ཅན། བྱས་པ་སྒྲ་རྟག་པའི་གནོད་བྱེད་དུ་བཀོད་པའི་ཆ་ཁོ་ན་ནས། ཁྱོད་རྒོལ་བ་ཚར་བཅད་ ཀྱི་གནས་མིན་པར་ཐལ། ཁྱོད་ཀྱིས་བྱས་པ་དེ་དེ་ཡི་གནོད་བྱེད་དུ་བརྗོད་དམ་བརྗོད་ཀྱང་ རུང༌། དེས་དེ་ལ་དངོས་པོའི་སྟོབས་ཀྱིས་གནོད་པས་སོ། །གནོད་བྱེད་དུ་བརྗོད་རུང་མ་ བརྗོད་རུང་དངོས་པོའི་སྟོབས་ཀྱིས་གནོད་དམ་མ་བརྗོད་ན་མི་གནོད་པ་ལ་བརྗོད་པས་དེས་ དེ་ལ་གནོད། དང་པོ་ལྟར་ན། དེས་རྗོད་ནས་དེ་སྐྱེད་མིན་ལ། བྱས་པ་ཆོས་ཅན། དེ་ཡི་སྔར་རྒོལ་དེས་སྒྲ་རྟག་པའི་ གནོད་བྱེད་དུ་མས་བརྗོད་ན་དེ་ལ་མི་གནོད་པ་ལ། དེས་དེར་བརྗོད་པའི་ཉེས་པ་ཁོ་ན་ལ་ སྒྲ་རྟག་པ་ནམ་ཡོན་ལ་གནོད་བྱེད་དུ་གསར་དུ་སྐྱེས་པ་མ་ཡིན་པར་ཐལ། དེ་ལ་དངོས་པོའི་ སྟོབས་ཀྱིས་གནོད་པས་སོ། །བསལ་པ་ཁས་སོ། ། གཉིས་པ་གལ་ཏེ་ཁས་བླངས་པའི་དོན་ལ་མ་བརྟགས་པར་གནོད་བྱེད་བརྗོད་པའི་ཕྱིར་ རྒོལ་བ་དེ་སྐྱོན་ཅན་ནོ་ཞེ་ན། གལ་ཏེ་ནས་སྐྱོན་ཅན་ཡིན་ལ། དེ་ཡི་སྔར་རྒོལ་ཆོས་ཅན། དེ་ཡི་ གནོད་བྱེད་དུ་བརྗོད་པའི་ཆ་ནས། ཚར་བཅད་འབབ་པའི་མི་རིག་པ་ཅུང་ཟད་ཀྱང་བྱེད་པ་མ་ ཡིན་པར་ཐལ། དེ་དེའི་གནོད་བྱེད་དུ་མ་བརྗོད་ཀྱང༌། དེས་དེ་ལ་གནོད་པས་སོ། །འདོད་ན། 1-1-350 ཆོས་ཅན་དེ་ལྟར་བརྗོད་པའི་ཆ་ཁོ་ན་ནས་རྒོལ་བ་སྐྱོན་ཅན་མ་ཡིན་པར་ཐལ་ལོ། །འོ་ན་དོན་ ལ་མ་གྲུབ་པ་ལ་སོགས་པའི་རྟགས་འགོད་པའི་རྒོལ་བ་སྐྱོན་དུ་མི་འགྱུར་རོ། །ཞེ་ན་སྒྲ་མི་ རྟག་སྒྲུབ་ཀྱི་རྟགས་ཡང་དག་འགོད་དགོས་པ་ན། དེ་མ་བཀོད་པར་མིག་གི་བཟུང་བྱ་དེ་སྒྲུབ་ ཀྱི་རྟག་ཡང་དག་ཏུ་རློམས་ནས་འགོད་པའི་སྔར་རྒོལ་ཆོས་ཅན། རྒོལ་བ་སྐྱོན་ཅན་དུ་འགྱུར་ ཏེ། དེ་སྒྲུབ་ཀྱི་རྟགས་ཡང་དག་འགོད་དགོས་པ་ན། དེ་མ་བཀོད་པར་དེ་སྒྲུབ་ནུས་ཀྱི་དོན་ མེད་པའི་རྟགས་ལྟར་སྣང་དུ་བརྗོད་པའི་རྒོལ་བ་ཡིན་པས་སོ། །དོན་མེད་ཅེས་པའི་རྟགས་ སྒྲུབ་པ་མིག་གི་བཟུང་བྱ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ལྟར་སྣང་ཡིན་ཏེ། འདོད་ཡུལ་ སྒྲ་མི་རྟག་པར་སྒྲུབ་པའི་ནུས་པ་མེད་པས་སོ། ། དེ་བསྒྲུབ་ནས་མ་ཡིན་ལ། སྒྲ་མི་རྟག་སྒྲུབ་གྱི་སྔར་རྒོལ་དེ་ཆོས་ཅན། བྱས་པ་སྒྲ་མི་རྟག་ པའི་རྟགས་སུ་བཀོད་པ་འདིར་བྱས་པས་སྒྲ་རྟག་པ་ནམ་ཡོན་ལ་གནོད་ཀྱང་ཁྱོད་རྒོལ་བ་ ཚར་བཅད་མིན་ཏེ་བྱས་པ་སྒྲ་མི་རྟག་པར་བསྒྲུབ་ནུས་པས་སོ། ། གལ་ཏེ་ནས་ལུགས་ཡིན་ནོ་ལ། བྱས་པ་ཆོས་ཅན། སྒྲ་རྟག་པ་ནམ་ཡོན་ཁྱོད་ཀྱིས་སྒྲ་མི་ རྟག་པའི་བསྒྲུབ་བྱ་ཡིན་པས་དེ་ལ་གནོད་པས་སྒྲ་མི་རྟག་པའི་བསྒྲུབ་བྱ་ལ་གནོད་པ་མིན་ ཏེ། དེ་དེ་ཡི་བསྒྲུབ་བྱ་མིན་པས་སོ། །མི་རིགས་པ་བཀག་པས་རིགས་པ་འགོག་པར་བྱེད་དོ། ། ཞེས་བྱ་བ་རྒྱལ་རིགས་ངན་པའི་ཆོས་ལུགས་དང་འདྲ་བ་ཡིན་ནོ། ། དོན་ཀུན་ནས་ཉམས་འགྱུར་ལ། ཤེས་བྱ་ཆོས་ཅན། རྟགས་ཡང་དག་དང་དེ་ཡི་བསྒྲུབ་བྱ་ མེད་པར་ཐལ། ཕྱི་ནང་གི་ལུང་དོན་ཀུན་རང་གི་བསྒྲུབ་བྱར་ནས། དེ་བསྒྲུབ་པའི་རྟགས་ཡང་ དག་མེད་པས་སོ། །ཁྱབ་པ་ཁས་སོ། ། སྒྲ་ལ་རྟག་པ་ནམ་ཡོན་མིན་པ་བསྒྲུབས་པས་མི་རྟག་ པ་བསྒྲུབ་པ་ལ་མི་གནོད་ན་སྙན་བྱས་སྒྲ་ལ་རྟག་པ་གྲུབ་ན་བྱས་པ་སྒྲ་མི་རྟག་པར་བསྒྲུབ་ པའི་འགལ་བ་ལ་མི་འཁྲུལ་བ་ཅན་གྱི་སྐྱོན་དུ་མི་འགྱུར་ཞེ་ན། 1-1-351 ཆོས་ཅན་ནས་གནོད་འགྱུར་ལ། སྒྲ་ཆོས་ཅན། རྟག་པར་ཚད་མས་གྲུབ་ན་མི་རྟག་པ་ ཡིན་པ་ལ་གནོད་པར་འགྱུར་ཏེ། རྟག་མི་རྟག་དག་ཏུ་མི་རུང་བའི་ཕྱིར་ཏེ། དེ་གཉིས་ཕན་ཚུན་ སྤང་འགལ་ཡིན་པས་སོ། ། འདིར་ནི་ནས་མ་ཡིན་ལ། མི་རྟག་པ་དང་རྟག་པ་ནམ་ཡོན་མིན་པ་འདི་ཆོས་ཅན། སྒྲ་ དེ་ཁྱེད་གཉིས་གཅིག་ཏུ་གྲུབ་པས་གཅིག་ཏུ་གྲུབ་པ་ལ་གནོད་པ་མེད་དེ། ཁྱོད་སྒྲ་ལ་གཞི་ མཐུན་དུ་འདུ་བས་སོ། །མི་རྟག་པ་དང་ནམ་ཡོན་མིན་པ་དེ་དག་གནོད་བྱ་གནོད་བྱེད་མིན་ ཞིང་མི་རྟག་པ་དེ་ནམ་ཡོན་དང་འབྲེལ་བ་མེད་ཀྱང་བྱས་པས་སྒྲ་རྟག་པ་ནམ་ཡོན་ལ་གནོད་ ན་གཟེགས་ཟན་གྱི་བསྟན་བཅོས་ཀྱི་དོན་གཅིག་སླད་པའི་ཕྱིར་སྒྲ་མི་རྟག་པ་ལ་གནོད་ཅེ་ན། ཐམས་ཅད་ནས་འགྱུར་ལ། ཤེས་བྱ་ཆོས་ཅན། བྱས་པས་དྲི་རྟག་པ་བ་ཡོན་དང་རྩོལ་ བྱུང་གིས་སྒྲ་རྟག་པ་ནམ་ཡོན་ལ་གནོད་པའི་འགལ་སྒོ་ནས་ཀྱང་བྱས་པས་སྒྲ་མི་རྟག་པར་ བསྒྲུབ་པའི་གྲུབ་པ་ལ་གནོད་པར་ཐལ། དེ་ཡི་སྒོ་ནས་ཀྱང་གཟེགས་ཟན་གྱི་ལུང་དོན་བཀག་ པས་སོ། ། འབྲེལ་ཡོད་ནས་གནོད་འགྱུར་ཞེ་ན་ལ། ནམ་ཡོན་དེ་སྒྲ་དང་འབྲེལ་པ་ཡོད་ཀྱི་དྲི་དང་ འབྲེལ་པ་མེད་པས་སྒྲ་ཡི་སྟེང་དུ་བྱས་པས་རྟག་པ་ནམ་ཡོན་ལ་གནོད་ན་སྒྲ་མི་རྟག་པ་ལ་ གནོད་ཀྱི་རྟགས་གཞན་གྱི་ཆོས་ཅན་དྲིས་སོགས་ཀྱི་སྟེང་དུ་ས་ཡོན་སོགས་ལ་གནོད་པས་དེ་ ལ་གནོད་པ་མིན་ཞེ་ན། མ་ཡིན་ཏེ་ནས་དཔྱད་ཕྱིར་རོ་ལ། བྱས་པ་ཆོས་ཅན། དྲི་རྟག་པ་ས་ཡོན་བཀག་པས་ ཀྱང་དེ་ཡི་རྟགས་འགལ་བར་ཐལ། དེ་ཡང་དེ་ཡི་འདོད་ཡུལ་གྱི་བསྒྲུབ་བྱ་ཡིན་པའི་ཕྱིར། དེ་ གཟེགས་ཟན་གྱི་ལུང་ལས་བཤད་པས་སོ། །ཁྱབ་པ་ཁས་སོ། ། མེད་ན་ནས་བྱས་ལའང་མཚུངས་སོ་ལ། ཤེས་བྱ་ཆོས་ཅན། རྩོལ་བྱུང་གི་དྲི་རྟག་པས་ས་ 1-1-352 ཡོན་ལ་གནོད་པས་ཀྱང་བྱས་པས་སྒྲ་མི་རྟག་སྒྲུབ་ཀྱི་འདོད་ཡུལ་ལ་གནོད་པར་ཐལ། གནོད་ པས་ཀྱང་བྱེ་བྲག་པའི་ལུང་དོན་གཅིག་བཀག་པར་མཚུངས་པས་སོ། །ཁྱབ་པ་ཁས་སོ། ། གཉིས་པ་ལ་གཉིས། འདོད་པ་བརྗོད་པ་དང༌། སུན་འབྱིན་བཤད་པའོ། །དང་པོ་ནི། གལ་ཏེ་རྒོལ་བས་བསྟན་བཅོས་ཁས་བླངས་ན་དེ་ཡི་ཕྱིར་བསྟན་བཅོས་ལ་བཤད་པར་མཐོང་ བ་མ་ལུས་པ་ཀུན་རྒོལ་བའི་རྟགས་སྦྱོར་གཅིག་གི་བསྒྲུབ་བྱ་ཡིན་ཞེས་ཀུན་བཏུས་བཤད་ བྱེད་དང་བྱེ་བྲག་པ་ཟེར་རོ། ། གཉིས་པ་ལ་དོན་དངོས་དང་སྐྱོན་སྤོང་དགག་པའོ། །དང་པོ་ནི། དཔེ་དང་ནས་ཐལ་བར་ འགྱུར་ལ། སྒྲ་མི་རྟག་སྟེ་མིག་གི་བཟུང་བྱ་ཡིན་པའི་ཕྱིར། བློ་བཞིན་ཞེས་སོགས་དཔེ་རྟགས་ མ་གྲུབ་པ་བརྗོད་པའི་ཚིག་ཆོས་ཅན། ད་ལྟ་གཞན་དོན་རྟགས་ཀྱི་དམ་བཅར་ཐལ། རང་གི་ བསྟན་བྱ་ལུང་ལས་བཤད་པ་ཞིག་བརྗོད་པས་སོ། །དཔེ་མ་གྲུབ་ན་ཆོས་ཅན་ད་ལྟ་གཞན་ དོན་བསྒྲུབ་བྱ་ཐལ། ལུང་ལས་བཤད་པས་སོ། ། གཉིས་པ་ནི། གལ་ཏེ་སྒྲུབ་བྱེད་ཉིད་དུ་བརྗོད་པའི་དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་མ་ ཡིན་དེ་ཡིན་པ་དགག་པའི་དོན་དུ་རིགས་སྒོར་འདོད་པ་དང༌། ཀུན་བཏུས་སུ་ཁོ་ན་སྨོས་པའི་ ཕྱིར་ཞེ་ན། དཔེ་རྟགས་མ་གྲུབ་པ་ཆོས་ཅན། ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་པ་འདོད་པ་དང་ ཁོ་ནའི་ཚིག་ཙམ་ལས་ལྡོག་པ་མ་ཡིན་པར་ཐལ། ད་ལྟ་གཞན་དོན་བསྒྲུབ་བྱར་རིགས་པ་ཐོབ་ པའི་ཕྱིར་ཏེ། ལུང་ལས་བཤད་པའོ། །དཔེ་རྟགས་མ་གྲུབ་པ་བསྒྲུབ་བྱ་མ་ཡིན་ཏེ། སྔར་རྒོལ་ བས་བསྒྲུབ་བྱར་མི་འདོད་པས་སོ། །ཞེ་ན། རྒོལ་བ་ནས་མིན་ལ། རྟག་པ་ནམ་ཡོན་ཆོས་ཅན། སྒྲ་མི་རྟག་པར་བསྒྲུབ་པའི་འདོད་ ཡུལ་གྱི་བསྒྲུབ་བྱ་མིན་པར་ཐལ། དེ་ཡི་སྔར་རྒོལ་བས་དེ་ཡི་བསྒྲུབ་བྱར་མི་འདོད་པས་སོ། ། འདོད་ན། 1-1-353 དེ་ཚེ་ནས་འགལ་ལ། ཆོས་ཅན་དེ་ཡི་བསྒྲུབ་བྱ་ཡིན་པའི་སྒོ་ནས་བྱས་པ་ཁྱོད་ལ་གནོད་ པས་བྱས་པ་དེ་དེ་སྒྲུབ་ཀྱི་རྟགས་ཅི་ཞིག་འགལ་ཏེ་འགལ་བ་མ་ཡིན་པར་ཐལ། ཁྱོད་དེ་ཡི་ བསྒྲུབ་བྱ་མིན་པས་སོ། ། གསུམ་པ་ལ་གཉིས། རང་སྒྲ་སྨོས་པ་དོན་མེད་འགྱུར། ཡོད་པར་འདོད་པའི་གཞན་ལན་ དགག་པའོ། །དང་པོ་ནི། ལུང་དོན་ཐམས་ཅད་བསྒྲུབ་བྱ་ཡིན་ཞིང༌། རང་ཉིད་ཀྱི་སྒྲས་ཀྱང་དེ་ ལྟར་སྟོན་ན། ལྔ་ལྡན་གྱི་རང་ཉིད་ཀྱི་སྒྲ་ཆོས་ཅན། བསྒྲུབ་བྱའི་མཚན་ཉིད་ལྔ་ལྡན་གྱི་ཚིག་ ལྔའི་ཡ་གྱལ་དུ་བཀོད་པ་དོན་མེད་པར་ཐལ། ཕྱོགས་ཀྱི་མཚན་ཉིད་ལས་ཕྱི་རོལ་དུ་འགྱུར་ བའི་བརྗོད་བྱ་ཅན་ཡིན་པས་མ་གྲུབ་ན་ལུང་དོན་ཀུན་རྟགས་གཅིག་གི་བརྗོད་བྱར་སྟོན་པ་ བུད། གཉིས་པ་ལ་གསུམ། ལུང་ལས། འཇུག་འདོད་འདི་སྐུང་ཡིག་དཔྱོད་པ་འཇུག་པའི་ དོན་དུ། གྲགས་ཟིན་རྟེན་དུ་ཤེས་པའི་དོན་དུ། ཆོས་ཅན་བསྒྲུབ་བྱར་གཅོད་པའི་དོན་དུ་སྨོས་ པ་དགག་པའོ། ། དང་པོ་ནི་རྩོད་དུས་སུ་སྔར་ཁས་བླངས་པའི་བསྟན་བཅོས་ནོར་ནས་བསྟན་བཅོས་ གཞན་ལ་རྒོལ་བ་རང་གི་འདོད་པ་ཙམ་གྱིས་འཇུག་པ་ལས་འགལ་བ་མེད་དོ་ཞེས་རྟོགས་ པའི་དོན་དུ་རང་ཉིད་སྨོས་ཞེ་ན། འོ་ན་ནས་གང་ལས་ཡིན་ལ། དེ་ཡི་རང་སྒྲ་ཆོས་ཅན་རྩོད་དུས་སུ་རྒོལ་བ་བསྟན་བཅོས་ ལ་འདོད་པས་འཇུག་ནུས་པར་རྟོགས་པའི་ཆེད་ཁོ་ནར་ལྔ་ཡ་གྱལ་དུ་སྨོས་དགོས་ཏེ་མི་ དགོས་པར་ཐལ། དེ་དེ་ལྟར་ནུས་སམ་སྙམ་པའི་དགོས་པ་ཡོད་ན། དེ་ལྟར་སྨོས་པར་རིགས་ པ་ཡིན་པ་ལ། དེ་ལྟར་མི་ནུས་སྙམ་པའི་དགོས་པ་མེད་པའི་ཕྱིར། དེ་ཡི་རྒྱུ་མཚན་རྒོལ་བ་ རྟོག་ལྡན་རང་ཉིད་འདོད་པས་ལྟོས་གཞན་འཛིན་པ་ཚད་མས་བཀག་གམ་མ་བཀག དེ་ནི་ ཚད་མས་བཀག་པ་མེད་ཅེ་ན། 1-1-354 འཛིན་ནས་ནུས་ལ། རྒོལ་བ་རྟོག་ལྡན་ཆོས་ཅན། ཁྱོད་བསྟན་བཅོས་འདོད་པས་འཛིན་ ནུས་པར་ཤེས་པའི་ཆེད་ཁོ་ནར་ལྔ་ཡི་ཡ་གྱལ་དུ་རང་སྒྲ་སྨོས་མི་དགོས་པར་ཐལ། དེ་ཡི་དོན་ དུ་དེ་མ་སྨོས་ཀྱང་རང་གི་འདོད་པས་བསྟན་བཅོས་གཞན་ངེས་པར་འཛིན་པའི་ཕྱིར། དང་པོ་ ལྟར་ན། གལ་ཏེ་ནས་འཇུག་པར་འགྱུར་ལ་ཆོས་ཅན། རང་ཉིད་ཀྱི་ཚིག་ཙམ་ལས་རང་གི་འདོད་ པ་ཙམ་གྱིས་བསྟན་བཅོས་གཞན་འཛིན་པར་མི་འགྱུར་བར་ཐལ། རང་གི་འདོད་པས་བསྟན་ བཅོས་གཞན་འཛིན་པ་ཚད་མས་བཀག་པས་སོ། །གཉིས་ཀའི་རྟགས་བསལ་ལོ། །ཆོས་ མཆོག་ལྟར་ན། ཆོས་ཅན་དང་བསམ་པ་འཛིན་པ་གང་གིས་ལྡོག་པར་ནུས་ཀྱི་སྦྱོར་བ་སྔ་མ་ ལྟར་བྱས་ནས་བསྟན་བཅོས་གཞན་དེ་ཡི་དོན་ཚད་མས་བཀག་པ་མེད་ན་རང་ཉིད་མ་སྨོས་ ཀྱང་ཁྱོད་ཀྱིས་བསྟན་བཅོས་གཞན་འཛིན་པ་གང་གིས་ཀྱང་ལྡོག་མི་ནུས་པར་འཛིན་ཅིང་དེ་ ཚད་མས་བཀག་ན་རང་ཉིད་ཀྱི་ཚིག་ཙམ་ལས་བསྟན་བཅོས་གཞན་ལ་འཇུག་པར་མི་བྱེད་ པའི་ཕྱིར་ཞེས་སོ། ། དེ་དག་ནས་ཅིས་མི་ཐོབ་ལ། རྒོལ་བ་བླུན་པོ་ཆོས་ཅན། ཁྱོད་བསྟན་བཅོས་འདོད་པ་ འཛིན་པའི་ཆེད་ཁོ་ནར་ལྔ་ཡི་ཡ་གྱལ་རང་སྒྲ་སྨོས་མི་དགོས་པར་ཐལ། དེ་ཡི་དོན་དུ་དེ་མ་ སྨོས་ཀྱང་ཁྱོད་སྔར་ཡང་ལུང་རང་གི་འདོད་པ་ཙམ་གྱིས་འཛིན་ཅིང་འཛིན་པ་ལྟར་དུ་ཕྱིས་ ཀྱང་རང་གི་འདོད་པ་ཙམ་གྱིས་བསྟན་བཅོས་གཞན་འཛིན་པ་ཐོབ་པས་སོ། ། འདོད་གནོད་མེད་ནས་མཛད་དོ་ལ། བསྒྲུབ་བྱའི་མཚན་ཉིད་ཀྱི་རང་སྒྲ་ཆོས་ཅན། དོན་ ཡོད་དེ། སྔར་རྒོལ་མི་འདོད་པའི་སྒྲ་རྟག་པ་ནམ་ཡོན་སོགས་སྒྲ་མི་རྟག་སྒྲུབ་ལ་སོགས་པའི་ བསྒྲུབ་བྱ་ཡིན་ནམ། སྙམ་པའི་ལོག་རྟོག་སེལ་བའི་ཆེད་ཡིན་པས་སོ། །ཆོས་ཅན་དེ་སེལ་ ནུས་ཏེ་རྟག་པ་ནམ་ཡོན་སོགས་ལ་གནོད་ཀྱང༌། སྒྲ་མི་རྟག་པ་ལ་སོགས་པའི་འདོད་ཡུལ་ 1-1-355 ལ་གནོད་པ་མེད་པ་དང་དེ་དེའི་བསྒྲུབ་བྱ་མིན་པ་དང༌། དེ་ལ་གནོད་པས་དེ་ཡི་བསྒྲུབ་བྱ་ལ་ གནོད་ན་དྲི་རྟག་པ་ས་ཡོན་ལ་གནོད་པས་ཀྱང་སྒྲ་མི་རྟག་པ་ལ་གནོད་པ་སོགས་སྐྱོན་ཐུག་པ་ མེད་པར་བསྟན་པས་སོ། ། གཉིས་པ་ནི། གཞུང་ལུགས་ནས་སྒྲ་བརྗོད་ཟེར་གྱི་དོན། རྟགས་ཡང་དག་གི་རྩོལ་བཞི་ ཆོས་ཅན། རྒོལ་བ་གཉིས་ཀས་མཐུན་སྣང་དུ་གྲུབ་པར་རྟོགས་དོན་དུ་རང་སྒྲ་སྨོས་ཞེ་ན། དཔྱད་པ་ནས་གྲུབ་གྱུར་ཏེ་ལ། གཞན་དོན་རྟགས་ཡང་དག་གི་རྩོད་པའི་རྟེན་ཆོས་ཅན་ དེ་ཆོས་ཅན། རྒོལ་བ་གཉིས་ཀས་མཐུན་སྣང་དུ་གྲུབ་པར་རྟོགས་པའི་ཆེད་ཁོ་ནར་ལྔ་ལྡན་ གྱི་རང་སྒྲ་སྨོས་མི་དགོས་པར་ཐལ། མ་སྨོས་ཀྱང་རྒོལ་བ་གཉིས་ཀྱིས་ཁྱོད་ཀྱི་སྟེང་དུ་ཁྱོད་ཀྱི་ ཁྱད་པར་གྱི་ཆོས་ལ་དཔྱད་པ་བྱེད་པའི་སྐབས་ལས་དེ་ལྟར་རྟོགས་པར་འགྱུར་བས་སོ། ། རང་འདོད་ནས་མེད་ཕྱིར་རོ་ལ། རང་སྒྲ་ཆོས་ཅན། རྒོལ་བ་གཉིས་ཀས་མཐུན་སྣང་དུ་ མ་གྲུབ་པའི་ཆོས་ཅན་གཞན་དོན་རྟགས་ཡང་དག་གི་རྩོད་གཞི་ཆོས་ཅན་ཡིན་པ་དཔྱད་པའི་ ཆེད་ཁོ་ནར་ལྔ་ཡི་ཡ་གྱལ་དུ་སྨོས་མི་དགོས་པར་ཐལ། མ་སྨོས་ཀྱང་རྒོལ་བ་གཉིས་པོ་རང་ གི་མཐུན་སྣང་དུ་མ་གྲུབ་པའི་ཆོས་ཅན་གྱི་སྟེང་དུ་དེ་ཡི་ཁྱད་པར་གྱི་རྒོལ་བ་རྩོད་པ་མེད་པའི་ ཤུགས་ཏེ་བཅད་པས་སོ། ། གསུམ་པ་ནི། ཅི་སྟེ་ནས་བརྗོད་ནའི་དོན་ཕྱིར་རྒོལ་གྱིས་གྲུབ་ཟིན་གྱི་ཆོས་ཅན་ཡན་གར་ བ་གཞན་དོན་བསྒྲུབ་བྱ་མིན་པར་རྟོགས་པའི་དོན་དུ་རང་སྒྲ་སྨོས་ཞེ་ན། རང་གི་ནས་དེ་རྟོགས་ལ། ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཆོས་ཅན་ཡན་གར་བ་གཞན་ དོན་བསྒྲུབ་བྱ་མིན་པ་ཆོས་ཅན། ཁྱོད་རྟོགས་པའི་ཆེད་ཁོ་ན་ལྔ་ལྡན་གྱི་རང་སྒྲ་སྨོས་མི་དགོས་ པར་ཐལ། དེ་མ་སྨོས་ཀྱང་བསྒྲུབ་བྱའི་མཚན་ཉིད་ཀྱི་ངོ་བོ་ཞེས་པའི་ཚིག་དེས་ཁྱོད་རྟོགས་ པར་བྱེད་ནུས་པས་སོ། ། 1-1-356 གྲུབ་དང་ནས་ལྡན་འགྱུར་ལ། དེ་ཡི་ཚིག་ཟུར་གྱི་ངོ་བོ་ཞེས་པའི་སྒྲ་ཆོས་ཅན། དོན་ཡོད་ དེ་ཕྱིར་རྒོལ་གྱིས་གྲུབ་ཟིན་པའི་ཆོས་ཅན་ཡན་གར་བ་གཞན་དོན་བསྒྲུབ་བྱར་དོགས་པ་ སེལ་བྱེད་ཡིན་པས་སོ། །དེ་ཡི་ཁོ་ནའི་སྒྲ་ཆོས་ཅན། དོན་ཡོད་དེ། སྒྲུབ་བྱེད་དུ་བཀོད་བཞིན་ པ་རྣམས་དེར་སོང་བཞིན་པའི་ངོར་དེ་དུས་ན་གཞན་དོན་བསྒྲུབ་བྱར་དགོས་པ་སེལ་བྱེད་ ཡིན་པས་སོ། །མ་གྲུབ་པའི་ཆོས་ཅན་རང་སྒྲ་ཡིན་པ་སྨོས་ཞེ་ན། རྗེས་སུ་ནས་བཤད་པ་ཡིན་ལ། ཆོས་ཅན་རང་མཚན་ཡན་གར་བ་རྟགས་ཡང་དག་གི་ བསྒྲུབ་བྱའི་ཆོས་མིན་པ་ཆོས་ཅན། ཁྱོད་རྟོགས་པའི་ཆེད་ཁོ་ནར་ལྔ་ལྡན་གྱི་རང་སྒྲ་སྨོས་མི་ དགོས་པར་ཐལ། མ་སྨོས་ཀྱང་སློབ་དཔོན་གྱིས་རང་དོན་ལེའུར་རྗེས་དཔག་ཆོས་ཅན་དང་ མཐུན་དཔེ་གཉིས་ཀྱི་སྤྱི་ཡི་ཡུལ་ཅན་དུ་བསྟན་པས་ཁྱོད་རྟོགས་པར་ནུས་པས་སོ། །མ་གྲུབ་ པའམ་གྲུབ་པའི་ཆོས་ཅན། ཡན་གར་བ་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ཡིན་པ་དཔྱད་ པ་ཆོས་ཅན། ཁྱོད་ཀྱི་ཆེད་ཁོ་ནར་ལྔ་ལྡན་གྱི་རང་སྒྲ་སྨོས་མི་དགོས་པར་ཐལ། མ་སྨོས་ཀྱང་ སློབ་དཔོན་གྱིས་རང་དོན་ལེའུར་རྗེས་དཔག་སྤྱི་ཡི་ཡུལ་ཅན་དུ་བསྟན་པས། ཁྱོད་བྱེད་ནུས་ པས་སོ། །ཅི་སྟེ་ཆོས་ཅན་བསྒྲུབ་བྱའི་ཆོས་སུ་བྱས་ན། དེ་ལས་སྐྱོན་ཅི་འགྱུར་དྲིས་པས། དེ་ དེར་མི་འགྱུར་ཏེ། རྟགས་ཀྱི་བསྒྲུབ་པར་མི་ནུས་པས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་གྲུབ་ན་སྒྲུབ་ མི་དགོས་ལ་མ་གྲུབ་ན་ཆོས་ཅན་མ་གྲུབ་པས་རྟགས་ཕྱོགས་ཆོས་མེད་པ་དང་མཐུན་དཔེའི་ རྗེས་འགྲོ་མེད་པས་མཐུན་དཔེ་བསྒྲུབ་བྱའི་ཆོས་ཀྱིས་སྟོང་བའི་ཕྱིར་ཞེ་ན། འདི་དེ་ནས་འདོད་མིན་ལ། ཆོས་ཅན་མ་གྲུབ་པ་རྟགས་ཕྱོགས་ཆོས་མེད་པ་དང༌། བསྒྲུབ་ བྱའི་ཆོས་མཐུན་དཔེ་རྗེས་འགྲོ་མེད་པས་མཐུན་དཔེ་བསྒྲུབ་བྱའི་ཆོས་སྟོང་བ་འདི་ཆོས་ཅན། ཕྱོགས་སྐྱོན་ཁོ་ན་མ་ཡིན་པར་ཐལ། ཕྱོགས་ཆོས་དང་མཐུན་དཔེའི་སྐྱོན་ཡིན་པས་སོ། །ཁྱབ་ སྟེ། ཡན་ལག་ཕྱི་མ་ཕྱོགས་ཆོས་དཔེ་བརྗོད་པ་ལ་ལྟོས་པའི་སྐྱོན་ཡིན་ན་ཕྱོགས་སྐྱོན་དུ་འདོད་ 1-1-357 པ་མིན་པས་སོ། །སོ་སོར་སྦྱར་རོ། །དེ་དག་ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་ཆོས་སྒྲུབ་མི་ནུས་ པས་སོ། །ཞེ་ན། དེ་ལྟར་ནས་གནོད་ཕྱིར་རོ་ལ། འགལ་མ་ངེས་མ་གྲུབ་པའི་རྟགས་ཐམས་ཅད་ཆོས་ཅན་ དེ་སྒྲུབ་ཀྱི་ཕྱོགས་སྐྱོན་དུ་ཐལ། དེའི་ཕྱོགས་སྒྲུབ་མི་ནུས་པས་སོ། ། དེ་ཕྱིར་ནས་བཞིན་ལ། སྒྲ་ཉན་བྱ་མིན་ཅེས་པའི་དམ་བཅའ་ཆོས་ཅན། དམ་བཅའི་སྐྱོན་ ཡིན་ཏེ། དམ་བཅས་ཙམ་གྱིས་དམ་བཅའ་ལྟར་སྣང་དུ་འབྲེལ་བས་སོ། །གཞན་མིན་ཏེ་ལ། རྟགས་དཔེའི་སྐྱོན་ཆོས་ཅན། ཕྱོགས་སྐྱོན་ཁོ་ན་མིན་ཏེ་ཕྱོགས་ཀྱི་མཚན་ཉིད་ཀྱིས་བསལ་བྱ་ མིན་པས་སོ། ། བཞི་པ་ནི། རྒྱུ་སོགས་ནས་བཤད་པ་མིན་ལ། བསྒྲུབ་བྱའི་མཚན་ཉིད་ལྔ་ལྡན་ཆོས་ཅན། རྟགས་དཔེའི་སྐྱོན་ཁོ་ན་སེལ་བྱེད་མིན་ཏེ། གཞན་དོན་བསྒྲུབ་བྱའི་མ་ཁྱབ་ཁྱབ་ཆེས་སེལ་ བར་བྱེད་པས་སོ། །མ་ཁྱབ་ཁྱབ་ཆེས་གང་གང་གིས་སེལ་ན། རང་ཉིད་ནས་བྱེད་པ་ཡིན་ལ། རང་ཉིད་ཁོ་ནས་ངོ་བོ་དང་མ་གསལ་བ་ཞེས་པའི་སྒྲ་ རྣམས་ཆོས་ཅན་ཆོས་འདྲ། རྒོལ་བས་ཁས་མ་བླངས་པའི་ལུང་དོན་དང་དཔེ་རྟགས་མ་གྲུབ་ པ་དང༌། ཕྱིར་རྒོལ་གྱིས་ངེས་ཟིན་མ་བརྗོད་པ་དང༌། ཚད་མས་གནོད་པ་གཞན་དོན་རྟགས་ ཡང་དག་གི་བསྒྲུབ་བྱ་ཡིན་པ་སེལ་བྱེད་ཡིན་པས་སོ། །འདོད་ནས་སེལ་བར་བྱེད་ལ། འདོད་ སྒྲ་ཆོས་ཅན། ཆོས་འདྲ། ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱ་མིན་པ་སེལ་བར་བྱེད་ པས་སོ། །བསྒྲུབ་བྱར་ནས་མཚན་ཉིད་ལ། བསྒྲུབ་བྱར་འོས་པ་སྔར་རྒོལ་གྱིས་བསྒྲུབ་བྱར་ ཁས་བླངས་པར་འགྱུར་བ་མཚན་གཞི་གཞན་དོན་བསྒྲུབ་བྱའི་མཚན་ཉིད་དུ་མཚོན། དེ་ཡི་ རྣམ་འཇོག་ཡིན་པ་དེ་ཉིད་ཀྱི་ཕྱིར་རིགས་པའི་སྒོ་ལས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ནི། ཕྱོགས་སོ་ཞེས་བཤད་དོ། །ཇི་ལྟར་དེ་དེ་ཡི་མཚན་ཉིད་དུ་འགྱུར་ཞེ་ན། དེ་རྣམས་ནས་ཉིད་ 1-1-358 མེད་ལ། གྲུབ་ཟིན་སོགས་ཆོས་ཅན། ཁྱོད་ཕྱོགས་ཡང་དག་མ་ཡིན་ཏེ། བསྒྲུབ་བྱའི་མཚན་ ཉིད་ཀྱི་དོན་མ་ཚང་བས་སོ། ། བསལ་བ་གནོད་ལ། ཤེས་བྱ་ཆོས་ཅན། ཚད་མས་བསལ་བ་ ཕྱོགས་མིན་ཏེ། དེ་ལ་གནོད་པ་འབབ་པས་སོ། ། ལྷག་མ་ནས་མེད་ཕྱིར་རོ་ལ། གྲུབ་ཟིན་སོགས་གཞི་ཆོས་ཅན། ཕྱོགས་མ་ཡིན་ཏེ། བསྒྲུབ་བྱར་འོས་པ་སྔར་རྒོལ་གྱི་བསྒྲུབ་བྱར་ཁས་བླངས་པ་དེ་མ་ཡིན་པས་སོ། ། གསུམ་པ་ནི། རང་ཉིད་དང་འདོད་སྒྲས་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པ་ གཅོད་དེ། དེ་སྔར་རྒོལ་གྱིས་ད་ལྟ་བསྒྲུབ་བྱར་མི་འདོད་པས་སོ། །དེས་ན་ཁོ་ན་སྨོས་པ་དོན་ མེད་ཅེ་ན། བསྒྲུབ་བྱའི་མཚན་ཉིད་ལྔ་ལྡན་འདིར་བསྟན་བྱ་བ་གཙོ་བོར་མ་འབྲེལ་ན་རང་ ཉིད་འདོད་པ་བསྒྲུབ་བྱ་ཡིན་ནོ། །ཞེས་བརྗོད་པ་ཡིས་ཁོ་ན་ཅེས་པའི་ངེས་བཟུང་གི་དོན་མ་ འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་མིན་ པར་རྟོགས་ནུས་ཞིང་ཡིན་པ་གཅོད་ནུས་ཡང་ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་ལྔ་ལྡན་ གྱི་རང་ཉིད་འདོད་པའི་སྒྲ་ཆོས་ཅན། ཁོ་ན་ཞེས་པའི་ངེས་བཟུང་དང་མ་སྦྱར་ན་མ་འོངས་ པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་པ་ གཅོད་མི་ནུས་ཏེ། མ་སྦྱར་ན་བྱ་བའི་སྒྲ་བསྟན་བྱ་བ་ཁྱོད་ཀྱི་མཐའ་ན་གཙོ་བོར་འབྲེལ་བའི་ རྒྱུ་མཚན་གྱིས་བསྒྲུབ་བྱར་རང་ཉིད་འདོད་པ་བསྟན་པར་བྱ་བ་ཕྱོགས་ཡིན་ཞེས་པ་ཙམ་གྱི་སྒྲ་ ཡིན་པས་སོ། །དེས་ན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་ བསྒྲུབ་བྱར་ཐལ། སྐྱོན་མེད་ཅེ་ན། ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་རིང་ཉིད་ཀྱིས་སོ། ། པའི་སྐད་ཀྱི་བྱིངས་ཨི་ཥ་ལ་རྐྱེན་ནིཥྛ་སྟེ་གྱུར་པ་ཞེས་པའི་དོན་ཡོད་ཀྱང༌། ཞེས་པའི་སྐྱོན་ སྤོང་བར་གཟིགས་ནས་ད་ལྟ་བ་ལས་དུས་གཞན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་ དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པ་བཅད་པའི་ཕྱིར་དུ། ཁོ་ནའི་ངེས་བཟུང་བཤད་ 1-1-359 པ་ཡིན་ནོ། །ཁོ་ན་ཞེས་པའི་སྒྲ་ཆོས་ཅན། དོན་ཡོད་དེ། དེ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་ པ་བཅད་པའི་ཆེད་ཡིན་པས་སོ། །འདོད་སྒྲ་ད་ལྟ་བ་ལ་འཇུག་པ་ཡིན་མོད་དཔེ་རྟགས་མ་ གྲུབ་པ་ད་ལྟ་བསྒྲུབ་བྱར་ཐལ་བའི་སྐྱོན་མེད་ཅེ་ན། ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་ འདིར་ནི་འདོད་པའི་སྐད་ཀྱི་དབྱིངས་ཨི་ཥ་ལ་རྐྱེན་ནིཥྛ་སྟེ་གྱུར་པ་ཞེས་པའི་དོན་ཡོད་ཀྱང་ ཀུན་བཏུས་ཀྱི་བསྒྲུབ་བྱའི་མཚན་ཉིད་ཀྱི་འདོད་ཚིག་ཆོས་ཅན། ཁྱོད་ད་ལྟར་བའི་དུས་ཁོ་ན་ ལ་འཇུག་པའི་རྒྱུ་མཚན་གྱིས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་བའི་དཔེ་རྟགས་མ་གྲུབ་པ་ ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་པ་གཅོད་ནུས་ཀྱི་ཡན་ལག་མ་ཡིན་པར་ཐལ། བསྟན་བྱ་ལ་ གཙོ་བོར་འབྲེལ་བའི་འདོད་ཚིག་ཙམ་ཡིན་པས་སོ། །རིགས་སྒོར་ཡང་ཁོ་ནའི་སྒྲ་སྦྱོར་དགོས་ པར་འགྱུར་ཏེ་མ་འོངས་པར་འཁྲིད་བྱེད་བསྒྲུབ་བྱའི་སྒྲ་ཡོད་ཅེས་པས་སོ། །ཞེ་ན། རིགས་ སྒོར་སྒྲུབ་བྱའི་མཚན་ཉིད་སྟོན་པའི་འདོད་པར་གྱུར་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་མ་འོངས་ པ་ན་བསྒྲུབ་བྱར་འགྱུར་བའི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་པ་འགོག་ སྟེ། དེ་དེ་ཡིན་པར་འཕེན་ནུས་ཀྱི་ཡན་ལག་ཡིན་པས་སོ། ། བཞི་པ་ནི། རང་སྒྲ་ཆོས་ཅན། རྒོལ་བ་བསྟན་བཅོས་ལ་འདོད་པས་འཇུག་པའི་དོན་དུ་ རྨོངས་པ་མི་རིགས་པར་ཐལ། ཁྱོད་དེ་དག་རྗོད་བྱེད་མིན་པའི་ཕྱིར། དེས་ན་རང་ཉིད་ཀྱི་སྒྲ་ ཆོས་ཅན། བསྟན་བཅོས་ལ་འདོད་པས་འཇུག་པའི་སོགས་མ་བསྟན་པས་བསྟན་བྱ་མེད་པ་ མིན་ཏེ། བསྟན་བཅོས་ཀུན་ལ་ལྟོས་པ་མེད་པར་སྔར་རྒོལ་བདག་ཉིད་ཀྱི་འདོད་པའི་ཚོགས་ དོན་དེ་ཉིད་ནི་བསྒྲུབ་བྱ་ཉིད་དུ་བསྟན་པའི་ཕྱིར། ལྔ་པ་ནི། རང་སྒྲ་དེ་ནི་ཆོས་ཅན། སངས་རྒྱས་པ་མི་འདོད་པའི་རྟག་པ་ནམ་ཡོན་དང་ དོན་གཅིག་ལ་འབྲེལ་བའི་འདོད་པ་མི་རྟག་པ་ལ་གནོད་ཀྱང་སྒྲ་མི་རྟག་པའི་ཕྱོགས་གསལ་ བ་དང་གཏན་ཚིགས་ཀྱི་འགལ་བའི་སྐྱོན་མེད་ཉིད་དུ་བསྟན་ཏེ། གནོད་ཀྱང་ཇི་ལྟར་བསྒྲུབ་ 1-1-360 བྱ་དངོས་ལ་གནོད་པ་མེད་པར་བསྟན་པས་སོ། ། གསུམ་པ་ལ་བཞི། སེལ་བྱེད་གང་གིས་མ་བསལ་བ་དང་བཅས་ཏེ་བཤད། བསལ་གཞི་ རང་རྟེན་སྨོས་པའི་ཡོངས་སྤྱོད་ཀྱི་དགོས་པ་བསྟན། ཁྱད་པར་མ་གྲུབ་པ་སོགས་ཕྱོགས་སྐྱོན་ དུ་མི་སྟོན་པའི་རྒྱུ་སྟེ། ཆོས་ཀྱི་ངོ་བོ་གསལ་བས་གཞན་ཡང་བསྟན་པའི་ཚུལ། དང་པོ་ལ་བཞི། བསྒྲུབ་བྱ་ཡིན་ནམ་བསལ་དགོས། བསལ་པ་བསྒྲུབ་བྱ་མིན་པར་ བསྟན། བསལ་དབྱེ་ཞར་བྱུང་བཅས་ཏེ་བཤད། བསལ་པ་སོ་སོར་རྒྱས་པར་བཤད་པའོ། ། དང་པོ་ནི། བསྒྲུབ་བྱར་ཁས་པ་དེ་ཡང་མངོན་རྗེས་ཀྱིས་ཚད་མ་དག་གིས་བཀག་པ་མེད་ པ་གཅིག་ཡིན་པར་སློབ་དཔོན་འདོད་དེ། ཀུན་བཏུས་སུ། མངོན་སུམ་དོན་དང་རྗེས་དཔག་ དང༌། །ཡིད་ཆེས་གྲགས་པས་རང་རྟེན་ལའོ། །ཞེས་སོ། གཉིས་པ་ནི། གཏན་ཚིགས་ནས་རྟེན་མ་ཡིན་ལ། ཤེས་བྱ་ཆོས་ཅན། གཞན་དོན་རྟགས་ ཡང་དག་གི་བསྒྲུབ་བྱ་ཡིན་ན་ཚད་མས་མ་བསལ་དགོས་ཏེ། ཚད་མས་བསལ་བ་ཡིན་ན་ གཏན་ཚིགས་ཡང་དག་གི་རྟེན་ནུས་ཡུལ་མིན་དགོས་པའི་ཕྱིར་ཏེ་གཞན་དོན་གཏན་ཚིགས་ ཡང་དག་ཡིན་ན་གང་ལ་འགོད་བྱ་སྐྱེས་བུའི་ངོར། ཐེ་ཚོམ་སྟེ་བསྒྲུབ་བྱ་གྲུབ་བསལ་མེད་པ་ གཅིག་དགོས་པས་སོ། ། གསུམ་པ་ནི། ཚད་མ་གཉིས་ཡིན་པས་བསལ་བའི་གཉིས་ཡིན་མོད། བཞིར་ཇི་ལྟར་ འགྱུར་ཞེ་ན། རྗེས་སུ་ནས་བཤད་ལ། ཤེས་བྱ་ཆོས་ཅན། ཚད་མ་གཉིས་སུ་འདུ་ཡང་ཚད་ མས་གནོད་པ་དེ་རྣམ་པ་བཞིར་བཤད་དུ་རུང་སྟེ། གནོད་བྱེད་ཀྱི་ཚད་མ་ལ་མངོན་སུམ་དང་ རྗེས་དཔག་གསུམ་དུ་དབྱེར་ཡོད་པས་སོ། །རྗེ་དཔག་གསུམ་དུ་འབྱེད་ན་ཡིད་ཆེས་དང་ གྲགས་པའི་རྗེ་དཔག་གི་ཡུལ་རྟགས་གཉིས་གང་དུ་འདུ་ཞེ་ན། དེ་ལ་ནས་བཏགས་ཏེ་ལ། རྒོལ་བའི་རང་ཚིག་དང་རྒོལ་བས་ཁས་བླངས་པའི་བསྟན་ 1-1-361 བཅོས་ཆོས་ཅན། འབྲས་རྟགས་སུ་འདུས་ཏེ། རྒོལ་བས་རང་གི་བསྟན་བྱའི་དོན་གྱི་འབྲས་ བུར་ཁས་བླངས་པའི་སྒོ་ནས་རང་གི་བསྟན་བྱའི་དོན་དེ་དོན་ལ་དེ་ལྟར་གནས་པར་དཔོག་ པའི་ཁས་བླངས་འབྲས་རྟགས་ཡིན་པས་སོ། །ཡིད་ཆེས་རྗེས་དཔག་ཆོས་ཅན། འབྲས་རྟགས་ ལ་བརྟེན་པའི་རྗེས་དཔག་ཏུ་འདུས་ཏེ་ཁས་བླངས་འབྲས་རྟགས་ལས་རང་ཡུལ་རྟོགས་པའི་ རྣམ་རྟོག་ཡིན་པས་སོ། ། འགྲོ་ལ་ནས་རྟགས་ལ། གྲགས་པའི་རྟགས་ཆོས་ཅན། རང་བཞིན་གྱི་རྟགས་སུ་འདུས་ ཏེ། རང་གི་བསྒྲུབ་བྱའི་ཆོས་སྒྲུབ་ཆོས་ལ་བདག་གཅིག་འབྲེལ་བའི་ཚུལ་གསུམ་ཡིན་པས་ སོ། །གྲགས་པའི་རྗེས་དཔག་ཆོས་ཅན། རང་བཞིན་རྟགས་ལ་བརྟེན་པའི་རྗེས་དཔག་ཏུ་ འདུས་ཏེ། གྲགས་རྟགས་ལས་རང་ཡུལ་རྟོགས་པའི་ཚད་མ་ཡིན་པས་སོ། ། བཞི་པ་ལ་བཞི། ཡིད་ཆེས་པས། གྲགས་པས། མངོན་སུམ་གྱིས། རྗེས་དཔག་གིས་ བསལ་པ་རྒྱས་པར་བཤད་པའོ། །དང་པོ་ནི། ཡིད་ཆེས་པ་ནི་གང་ཞེ་ན། ཡང་དག་ནས་ཡིད་ཆེས་ལ་རྒོལ་བ་བདག་དང་རྒོལ་བས་ཚད་མར་ཁས་བླངས་པའི་ བསྟན་བཅོས་མཁན་པོ་ཆོས་ཅན། རྒོལ་བས་ཡིད་ཆེས་ཀྱི་གནས་སུ་ཁས་བླངས་ཏེ། ཁྱོད་ ཀྱིས་རང་རང་གི་བསྟན་བྱའི་དོན་དོན་མཐུན་དུ་ངེས་ནས་སྟོན་པའི་ངག་འཇུག་པར་རྒོལ་ བས་མངོན་པར་འདོད་པས་སོ། ། ལུང་དང་རང་ཚིག་ཏུ་ལྷན་གཅིག་ཏུ་འཐད་པའི་རྒྱུ་མཚན་རྒོལ་པའི་རང་ཚིག་དང་རྒོལ་ བས་ཚད་མར་ཁས་བླངས་པའི་བསྟན་བཅོས་ཆོས་ཅན། ཀུན་བཏུས་སུ་སེལ་བྱེད་སྟོན་པའི་ སྐབས་སུ་ཡིད་ཆེས་ཞེས་སྟོན་པའི་ལྷན་ཅིག་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཁས་བླངས་ འབྲས་རྟགས་སུ་ཁས་བླངས་པས་དེའི་སྐབས་སུ་དེར་བསྡུས་པས་སོ། ། ཇི་ལྟར་ནས་མི་འགྱུར་བ་ལ། རྒོལ་བའི་རང་ཚིག་ཆོས་ཅན། རྒོལ་བས་བདེན་ཚིག་ཏུ་ 1-1-362 ཞེས་ཁས་བླངས་ཏེ་རྒོལ་བས་དེར་ཁས་མི་ལེན་ན་ཉན་པ་པོས་ངག་ཁྱོད་ཀྱི་དོན་རྟོགས་པའི་ ཆེད་དུ་ངག་ཁྱོད་འཇུག་པར་མི་འགྱུར་བ་ལ། དེ་ཡི་ཕྱིར་དུ་ངག་ཁྱོད་འཇུག་པས་སོ། ། དེ་བཞིན་ནས་དཔྱོད་པ་ཡང་ལ། རྒོལ་བ་ཆོས་ཅན། བསྟན་བཅོས་ཚད་མར་ཁས་བླངས་ སྟེ། དེ་དེར་ཁས་མི་ལེན་ན་བསྟན་བཅོས་ལས་དེར་གྲགས་པའི་ཤིན་ལྐོག་གི་ཆོས་ཅན་གྱི་ ཆོས་ལ་དཔྱོད་ཅིང་ཁས་ལེན་པར་མི་རིགས་པ་ལ་བསྟན་བཅོས་ལ་བརྟེན་ནས་དེ་ལ་དཔྱོད་ ཅིང་ཁས་ལེན་པས་སོ། །རྒོལ་བའི་རང་ཚིག་དང་རྒོལ་བས་ཚད་མར་ཁས་བླངས་པའི་བསྟན་ བཅོས་ཆོས་ཅན། ཀུན་བཏུས་སུ་ཡིད་ཆེས་ཞེས་ལྷན་གཅིག་བསྡུད་པའི་རྒྱུ་མཚན་ཡོད་དེ། རྒོལ་བས་ཚད་མར་ཁས་བླངས་པར་མཚུངས་པར་མཐོང་བའི་རྒྱུ་མཚན་གྱིས་དེར་བསྡུས་ པས་སོ། །དེ་གཉིས་ལྷན་ཅིག་གི་བཤད་པའི་དགོས་པ་ཅི་ཞེ་ན། བསྟན་བཅོས་དེའི་ནས་ལྷན་ཅིག་བཤད་ལ། ཤིན་ལྐོག་སྟོན་པའི་བསྟན་བཅོས་རྣམ་ དག་འདི་ཆོས་ཅན། ཀུན་བཏུས་སུ་རྒོལ་བའི་རང་ཚིག་དང་ཡིད་ཆེས་ཞེས་ལྷན་གཅིག་ བཤད་པ་ལ་དགོས་པ་ཡོད་དེ། ཁྱོད་དང་རྒོལ་བའི་རང་ཚིག་རྒོལ་བས་ཚད་མར་ཁས་བླངས་ སྟོབས་ཀྱིས་གནོད་སྒྲུབ་དུ་མི་འཇུག་པར་མཚུངས་པར་རྟོགས་པའི་ཆེད་དུ་དེར་དེ་དང་ལྷན་ ཅིག་བཤད་པས་སོ། ། དེས་ན་ནས་བསྟན་པ་ཡིན་ལ། རང་ཚིག་འགལ་བ་དང་བསྟན་བཅོས་དང་འགལ་བའི་ དམ་བཅའ་ཆོས་ཅན་ཁྱེད་གཉིས་ལ་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་མེད་ཅེས་དཔེར་ བརྗོད་གཅིག་ཏུ་སློབ་དཔོན་གྱིས་བསྟན་པ་ལ་རྒྱུ་མཚན་ཡོད་དེ། རང་ཚིག་བསྟན་བཅོས་ གཉིས་རྒོལ་བས་ཚད་མར་ཁས་བླངས་པས་གནོད་བསྒྲུབ་དུ་བཞག་གི་དངོས་པོའི་སྟོབས་ ཀྱིས་གནོད་བསྒྲུབ་དུ་མི་འཇུག་པར་མཚུངས་པའི་རྒྱུ་མཚན་གྱིས་ཁྱེད་གཉིས་ལ་དེ་གཅིག་ཏུ་ སློབ་དཔོན་གྱིས་བཤད་པས་སོ། །དགོས་པ་ལའང་སྦྱར་རོ། ། 1-1-363 ཚད་མ་ནས་ཕྱིར་རོ་ལ། ཡིད་ཆེས་གསལ་བ་འཆད་པ་ན་ཆོས་ཅན། དེ་དེ་གཉིས་ཀྱི་ དཔེར་བརྗོད་དུ་རུང་སྟེ། སྤྱིར་གཞལ་བྱའི་དོན་ཅན་གྱི་ཚད་མ་མེད་ན་བསྟན་བཅོས་རང་ཚིག་ གང་ཡང་བདེན་དོན་ཅན་དུ་མི་རུང་བས་སོ། ། རང་ཚིག་ནས་དཔེ་ལ། དེ་འདྲའི་བདེན་ཞེན་གྱིས་དམ་བཅས་པའི་རྒྱབ་རྟེན་ཚད་མ་ཡོད་ ཚིག་ཆོས་ཅན། རང་ཚིག་འགལ་བའི་དམ་བཅའ་ལ་བསལ་བའི་དཔེ་ཡིན་ཏེ། ཚིག་གཅིག་ ཉིད་བརྗོད་བྱ་དངོས་ཤུགས་འགལ་བ་དམ་བཅས་པའི་ཚིག་ཡིན་པས་སོ། ། ལུང་ལ་ནས་ཡིན་ལ། ཤེས་བྱ་ཆོས་ཅན། ཚིག་དེ་ལུང་དང་འགལ་བའི་དམ་བཅའི་ ཕྱོགས་ཙམ་མཚོན་པའི་དཔེ་ཡིན་ཏེ། གཞལ་བྱ་ཤིན་ལྐོག་བསྒྲུབ་པའི་ཚད་མ་མེད་པར་དམ་ བཅས་པའི་དམ་བཅའ་དེ་བསྟན་བཅོས་དང་འགལ་བའི་དམ་བཅའ་ཡིན་པས་སོ། །དེ་ལ་ གསལ་པའི་དཔེ་ནི། སྦྱིན་སོགས་དཀར་ཆོས་ཚེ་འཕོས་ནས་སྡུག་བསྔལ་སྟེར་བཅས་པའི་ དམ་བཅའ་ཆོས་ཅན། ལུང་དང་འགལ་བའི་དམ་བཅའི་བསལ་བའི་དཔེ་ཡིན་ཏེ། གཞི་ཆོས་ ཅན། ཤིན་ལྐོག་གི་སྟེང་དུ་ཤིན་ལྐོག་སྟོན་པའི་ལུང་རྣམ་དག་གི་དོན་གྱི་བཟློག་ཕྱོགས་དམ་ བཅས་པའི་དམ་བཅའ་ལྟར་སྣང་ཡིན་པས་སོ། །ཆོས་ཅན་ཚད་མས་གྲུབ་པའི་སྟེང་དུ་ལུང་ དང་འགལ་བ་གནོད་གེགས་ཅིར་འགྱུར་ཞེ་ན། དེ་ལ་ནས་གེགས་བྱེད་འགྱུར་ལ། དཔྱོད་པ་པའི་སྒྲ་རྟག་སྟོན་གྱི་བསྟན་བཅོས་ཆོས་ ཅན། དཔྱོད་པ་པས་སྒྲ་མི་རྟག་པར་ཚད་མའི་སྟོབས་ཀྱིས་མ་དེ་བཞིན་དུ་སྒྲ་མི་རྟག་པར་དམ་ བཅས་པའི་དམ་བཅའ་ལ་དངོས་པོའི་སྟོབས་ཀྱིས་གནོད་པ་མིན་ཏེ། དེ་དང་ཕན་ཚུན་གེགས་ བྱེད་ཙམ་དུ་འགྱུར་བའི་ཕྱིར་ཏེ། དེ་དང་དམ་བཅའ་འགལ་བ་ནུས་མཚུངས་ཡིན་པས་སོ། ། དཔེར་ན་ང་ཡི་མ་ཤམ་མོ་ཞེས་པའི་རང་ཚིག་བཞིན་དེ་ཡང་ནས་བདག་ལ་ཆོས་ཅན་དང་ ཆོས་གནོད་མ་ཡིན་དང་གཅིག་དེ་དང་དཔྱོད་པ་པའི་རང་ཚིག་སྔ་ཕྱི་འགལ་བ་ཡིན་པས་སོ། ། 1-1-364 དེ་དག་ནས་གནོད་བྱེད་འགྱུར་ལ། སྒྲ་མི་རྟག་པར་ཚད་མའི་སྟོབས་ཀྱིས་ངེས་ནས་སྒྲ་མི་ རྟག་པར་དམ་བཅས་པའི་ཚིག་ཆོས་ཅན། སྒྲ་རྟག་པར་བདེན་ཞེན་གྱིས་དམ་བཅས་པའི་ཚིག་ ལ་གནོད་དེ། དེ་ཡི་དོན་གྱི་བཟློག་ཕྱོགས་དམ་བཅས་པའི་རྒྱབ་རྟེན་ཚད་མ་ཡོད་པའི་བདེན་ ཚིག་ཡིན་པས་སོ། །ནུས་པ་མཚུངས་པའི་དམ་བཅའ་ཇི་ལྟར་གནོད་ལ། གནོད་པ་མ་ཡིན་ གཉིས་པོ་དག ། ནུས་པ་མཚུངས་ཕྱིར་དང་གཅིག་གོ། དེ་ལྟ་མིན་ན་རིགས་བྲལ་གྱི་དམ་བཅའ་ཇི་བཞིན་དོན་ཅན་གྱི་རྗེས་དཔག་ལ་ནི་ཇི་ལྟར་ གནོད་ལ། སྒྲ་རྟག་སྟོན་གྱི་ལུང་ཆོས་ཅན། རྗེས་དཔག་གིས་གྲུབ་པའི་སྒྲ་མི་རྟག་པའི་དམ་ བཅའ་ལ་མི་གནོད་པར་ཐལ། རྒྱབ་རྟེན་ཚད་མ་མེད་པའི་ལུང་ཡིན་པས་སོ། ། ལུང་རྣམས་ནས་བཟློག་པ་ཡིན་ལ་ཆོས་ཅན། ལུང་རྣམས་ཚད་མ་ཡིན་པའི་རྒྱུ་མཚན་ གྱིས་རྗེས་དཔག་གི་ཡུལ་ལ་གནོད་བྱེད་མ་ཡིན་པར་ཐལ། ལུང་ཚད་མ་ཡིན་པས་སོ། ། དེ་ཡི་ཕྱིར་ནས་འདི་འདོད་ལ་ཆོས་ཅན་དང་རྟགས་དེ་ལ་མ་འོངས་པ་ན་ཆོས་དང་གཅིག་ གོ། རང་གི་དོན་ལ་ལུང་རྣམ་དག་གིས་གྲུབ་པའི་རང་གི་དོན་གྱི་བཟློག་བཟླས་གནོད་དེ དེས་ན་ནས་ཕྱི་རོལ་འགྱུར་མིན་ལ། ལུང་རྣམ་དག་ཆོས་ཅན། རྟགས་ཡང་དག་ཏུ་འདུས་ ཏེ། རྒོལ་བས་ཚད་མ་འདོད་པའི་སྟོབས་ཀྱིས། རང་གི་དོན་དང་འགལ་བའི་དམ་བཅའ་ལ་ གནོད་པའི་ཚིག་ཡིན་པས་སོ། ། ཡང་ཡུལ་གྱི་ནས་བྱས་པ་ཡིན་ལ་ཆོས་ཅན། དེར་འདུ་ཡང་དངོས་པོའི་སྟོབས་ཀྱི་རྟགས་ དང༌། རྗེས་དཔག་ལས་ཐ་དད་པར་བསྟན་པ་ལ་དོན་ཡོད་དེ་དེ་གཉིས་དང་ཡུལ་གྱི་ཁྱད་པར་ བསྟན་པའི་ཕྱིར་དུ་དེ་གཉིས་ལས་ཐ་དད་དུ་བྱས་པས་སོ། ། དེ་ལྟ་མིན་ན་དངོས་པོའི་སྟོབས་ཀྱི་རྟགས་དང་རྗེས་དཔག་དང་ལུང་རྣམ་དག་ཆོས་ཅན། རྟགས་དང་རྗེས་དཔག་གི་བསལ་པའི་གྲངས་བསྟན་པའི་ཆེད་ཁོ་ན་ཀུན་བཏུས་སུ་སེལ་བྱེད་ 1-1-365 རྩ་བའི་དབྱེ་བསྡུ་སྟོན་པའི་ནང་དུ་ལ་སོགས་ལོགས་སུ་དངོས་སུ་བསྟན་པར་ཐལ། དེ་ཡིན་ པའམ་ཡུལ་ཐ་དད་དུ་རྟོགས་པའི་ཆེད་དུ་དེར་དེ་ལྟར་དངོས་སུ་བསྟན་པ་གང་རུང་གཅིག་ ཡིན་ནས་ཕྱི་མ་དེ་མིན་པས་སོ། །འདོད་ན་ཐལ་ཆེས་པའམ། འབྲས་རང་མ་དམིགས་པའི་ རྟགས་དང་རྗེས་དཔག་ཀུན་ཆོས་ཅན། དེར་ལ་སོགས་ལོགས་སུ་དངོས་སུ་བསྟན་དགོས་ པར་ཐལ། རྟགས་དང་རྗེས་དཔག་གི་བསལ་པ་ཡིན་པས་སོ། ། གལ་ཏེ་རྟགས་དང་རྗེས་ དཔག་གི་བསལ་དབྱེ་བསྟན་པའི་ཆེད་དུ་ཐ་དད་དུ་བསྟན་པ་མིན་ན། ལོགས་ཤིག་བྱས་པ་ དོན་མེད་འགྱུར་ལ་དངོས་པོའི་སྟོབས་ཀྱི་རྟགས་དང་རྗེས་དཔག་དང་ལུང་རྣམ་དག་ཆོས་ ཅན། དེར་མངོན་སུམ་དོན་དང་ཞེས་སོགས་མངོན་སུམ་དོན་དང་ལོགས་ལོགས་སུ་བསྟན་པ་ དོན་མེད་པར་ཐལ། དེ་གཉིས་གང་ཡང་མ་ཡིན་ཞིང་དེ་གང་ཡང་མ་ཡིན་ན། དེ་ལས་གཞན་དེར་ཁྱེད་གཉིས་ སོ་སོར་བསྟན་པ་ལ་དོན་མེད་པས་སོ་འོ་ན་རིགས་སྒོར་རང་ཚིག་བསྟན་བཅོས་ལས་ཐ་དད་ དུ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། རང་གི་ཚིག་ནས་བྱེད་ཡིན་ལ་རིགས་སྒོར་རང་ཚིག་ བསྟན་བཅོས་ལས་ཐ་དད་པར་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ་རྒྱབ་རྟེན་ཚད་མ་མེད་ པའི་ཚིག་སྔ་ཕྱིའམ་དངོས་ཤུགས་འགལ་བ་བརྗོད་པ་དག་གེགས་བྱེད་ཙམ་ཡིན་གྱི་རྒྱབ་རྟེན་ ཚད་མ་ཅན་གྱི་ཚིག་དང་ཤིན་ལྐོག་སྟོན་པའི་བསྟན་བཅོས་རྣམ་དག་ནི་གནོད་བྱེད་དུ་འཇུག་ གོ་ཞེས་རྟོགས་པའི་ཆེད་ཡིན་པས་སོ། ། དེ་ཡི་ནས་གནོད་བྱེད་ཅེ་ན། བསྟན་བཅོས་ཆོས་ཅན། ཆོས་ཅན་ཀུན་གྱི་སྟེང་དུ་རང་དང་ འགལ་བའི་དམ་བཅའ་ལ་དངོས་པོའི་སྟོབས་གྱིས་གནོད་བྱེད་རྒོལ་བས། ཚད་མར་ཁས་ བླངས་པས་སོ་ཞེ་ན། གལ་ཏེ་ནས་ཡིན་ནམ་ཅི་ལ། ཆོས་ཅན་དངོས་པོའི་སྟོབས་ཁོ་ནས་གནོད་བྱེད་དུ་འཇུག་ 1-1-366 པ་མ་ཡིན་པར་ཐལ། རྒོལ་བས་གནོད་བྱེད་དུ་མི་འདོད་ན་གནོད་བྱེད་མིན་པས་སོ། ། རང་ཚིག་འགལ་ནས་མེད་འགྱུར་ལ། བསྟན་བཅོས་དང་འགལ་བའི་དམ་བཅའ་ཆོས་ ཅན། གེགས་བྱེད་པའི་ཚུལ་གྱིས་འགལ་བར་ཐལ། རང་ཚིག་འགལ་བ་ཡིན་པས་སོ། །རྟགས་ ཁས་སོ། །འདོད་ན། བསྟན་བཅོས་དེ་དངོས་པོའི་སྟོབས་ཁོ་ནས་གནོད་བྱེད་དུ་འཇུག་པ་བུད། སྐྱེས་བུའི་ནས་ཚད་མ་ཉིད་ལ། བསྟན་བཅོས་ཆོས་ཅན། རང་དང་འགལ་བའི་དམ་ བཅའ་ལ་དངོས་པོའི་སྟོབས་ཀྱི་གནོད་བྱེད་མིན་པར་ཐལ། སྐྱེས་བུའི་འདོད་པ་ཙམ་གྱིས་ གནོད་བྱེད་ཀྱི་ཚད་མར་བྱས་པས་སོ། །རྟགས་བགསལ་ཁས་སོ། ། དེས་ན་ནས་ཉེས་པ་མེད་ལ། སྒྲ་ཉན་བྱ་ཡིན་པ་དང་སྒྲ་མི་རྟག་ལྟ་བུ་ཆོས་ཅན། བསྟན་ བཅོས་ལ་མ་བརྟེན་པར་མི་རྟོགས་པའི་ཉེས་པ་མེད་དེ། སོ་སྐྱེའི་དངོས་པོའི་སྟོབས་ཀྱི་ཚད་ མས་གྲུབ་པས་སོ། ། ལྐོག་གྱུར་ནས་མི་འཇུག་ལ། ཤིན་ལྐོག་ཆོས་ཅན། སྐྱེ་བོས་ཁྱོད་ལ་དཔྱོད་པ་ན་བསྟན་ བཅོས་ཁས་ལེན་དགོས་ཏེ་ལུང་ཁས་མི་ལེན་ན་སྐྱེ་བོས་ཁྱོད་མི་རྟོགས་ཅིང་སྐྱེ་བོས་རྟོགས་ བྱ་ཡིན་པས་སོ། །ལུང་ཚད་མ་མ་ཡིན་ན་རྟགས་དོན་རྟོགས་པའི་ཆེད་དུ་མི་རུང་ཞེ་ན་བསྟན་ བཅོས་འདི་ལ་རྟགས་དཔྱད་ན་ཕལ་ཆེར་ནི་སྔ་ཕྱི་འགལ་བ་བརྗོད་པ་ཡིན་ཏེ། དེ་ཡང་འདི་ ལྟ་སྟེ། འདི་ལ་ནས་བརྗོད་ཡིན་ན། ལུང་ཆོས་ཅན། ཁྱོད་ཡིན་ན་འཇུག་བྱའི་ལུང་རྣམ་དག་ ཡིན་པས་ལ་མ་ཁྱབ་སྟེ། ཁྱོད་ཡོང་ཡིན་དོན་སྔ་ཕྱི་འགལ་བ་བརྗོད་པ་ཡང་ཡིན་པ་ཡོད་པས་ སོ། །དེ་ཡང༌། འདི་ལྟ་སྟེ་ནས་དག་འགྱུར་པའོ་ལ། རིག་བྱེད་བཞི་ཆོས་ཅན། སྔ་ཕྱི་འགལ་བ་ བརྗོད་ཀྱི་འཇུག་བྱའི་བསྟན་བཅོས་རྣམ་དག་མིན་ཏེ་ཆགས་སོགས་སྡིག་པའི་རྩ་བ་དང་ཁྲུས་ ཀྱིས་སྡིག་པ་རྩད་ནས་དག་པར་བསྟན་པས་སོ། ། མཐོང་དང་ནས་བཟུང་བྱར་བྱ་ལ་བསྟན་བཅོས་ཏེ། སངས་རྒྱས་ཀྱི་གསུང་རབ་ཆོས་ཅན། 1-1-367 རྟོག་ལྡན་གྱི་བཟུང་བྱའི་འཇུག་བྱ་ཡིན་ཏེ། མཐོང་བ་མངོན་ལྐོག་དང་མ་མཐོང་བ་ཤིན་ལྐོག་ སྟོན་པ་ལ་རིགས་པས་གྲུབ་པ་དང་རང་ཚིག་གིས་གནོད་པ་མེད་པ་སྟེ། དཔྱད་པ་གསུམ་གྱིས་ དག་པའི་ལུང་ཡིན་པས་སོ། །ཕྱིར་སྤྱོདདཔྱོད་འཇུག་འགྱུར་ལ་ལུང་ལ་སྤྱོདདཔྱོད་པ་ཆོས་ ཅན། དགོས་པ་ཡོད་དེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ལ་རྟོགས་ལྡན་འཇུག་པའི་ཆེད་ ཡིན་པས་སོ། ། གཉིས་པ་ལ་དྲུག་ལས། དང་པོ་རུང་བས་ཁྱབ་ཅིང་གྲགས་པས་རྟགས་པ་ནི། སྐྱེས་བུའི་ ནས་བཀག་མེད་ལ་འདོད་སྒྲས་ཏེ། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་ཀྱིས་བརྗོད་རུང་དོན་ ཐམས་ཅད་ལ་བཀག་པ་མེད་དེ། སྐྱེས་བུའི་བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཚིག་ཡིན་ པས་སོ། །ཕྱིར་ན་གནོད་མེད་ལ་ཆོས་ཅན། དོན་ཐམས་ཅད་ཀྱི་བརྗོད་དུ་རུང་བ་ལ་གནོད་པ་ མེད་དེ། དེ་བཀག་པ་མེད་པས་སོ། །ངག་ནས་ཡིད་ཆེས་ཡིན་ལ། རི་བོང་ཅན་ཆོས་ཅན། ཟླ་ བའི་སྒྲས་བརྗོད་རུང་མ་ཡིན་པ་ལ་གྲགས་པའི་དོན་གྱིས་གནོད་དེ། ཁྱོད་ལ་ཟླ་བའི་ངག་སྟེ་ སྒྲ་དེ་བརྡ་མཐུན་པའི་འཇིག་རྟེན་སྐྱེ་བོ་རྣམས་ཀྱིས་འདོད་པ་རྣམ་རྟོག་ཡིད་ཆེས་པའི་གཏིང་ ཚུགས་པའི་ཚུལ་གྱིས་གྲུབ་པས་སོ། ། ཐ་སྙད་ལས་ནས་བརྗོད་ལ། ཟླ་བའི་སྒྲས་བརྗོད་རུང་དེ་ཆོས་ཅན། གྲགས་པ་ཞེས་ བཏགས་པའི་རྒྱུ་མཚན་ཡོད་དེ། ཟླ་བ་ཟླ་བ་ཞེས་པའི་བརྗོད་པ་སྒྲ་ཡི་ཐ་སྙད་ཙམ་གྱིས་གྲུབ་ ཅིང་བཞག་ལ་རྟོག་དཔྱོད་ཡིད་ཀྱི་ཐ་སྙད་ཀྱི་སྦྱར་བས་སོ། ། གཉིས་པ་ཞར་ལ་གནོད་བྱེད་དངོས་ཉིད་བཤད་པ་ནི། བརྗོད་རུང་གིས་བརྗོད་མི་རུང་ ལ་གནོད་ཀྱི་མངོན་སུམ་སོགས་ཀྱིས་དམ་བཅའ་ལྟར་སྣང་གི་དོན་ལ་ཇི་ལྟར་གནོད་ཅེ་ན། མངོན་སུམ་སོགས་ནས་བཏགས་ནས་བརྗོད་ལ། སྒྲ་རང་མཚན་འཛིན་པའི་མངོན་སུམ་ ཆོས་ཅན། སྒྲ་རང་མཚན་ཉན་བྱ་མིན་པ་དང་དངོས་སུ་འགལ་ནས་གནོད་པ་མིན་ཏེ། ཁྱོད་ 1-1-368 ཀྱི་གཞལ་བྱ་སྒྲ་རང་མཚན་ཉན་བྱ་ཡིན་པས་མིན་པ་ལ་གནོད་པ་ལ་འཇལ་བྱེད་ཁྱོད་ཀྱི་མིང་ གིས་སྒྲོ་བཏགས་ནས་ཁྱོད་ཀྱིས་དངོས་སུ་གནོད་ཅེས་བརྗོད་ཅེས་པ་ཙམ་ཡིན་པས་སོ། །སྒྲ་ མི་རྟག་རྟོགས་ཀྱི་རྗེས་དཔག་སོགས་ལའང་སྦྱར་རོ། ། གསུམ་པ་བརྗོད་རུང་འགོག་ན་དེ་ཡིས་གནོད་པ་ནི། དེ་ལ་བརྟེན་ནས་བདག་མེད་པ་ལ་ སྐྱེས་བུའི་འདོད་དང་རྗེས་འབྲེལ་དང་གཅིག་གོ། བྱས་དང་ཉིད་ཀྱི་རུང་ལ་རི་ཅན་ཆོས་ཅན། སྔར་བརྡ་བྱས་པ་ཟླ་སོགས་དང་བུམ་སོགས་ཀྱི་སྒྲས་བརྗོད་དུས་རྟོགས་ཡུལ་ན་ཡོད་པས་སོ། ། དོན་ཙམ་དང་ནས་གནོད་པར་འགྱུར་ལ། ཟླ་སོགས་དང་བུམ་སོགས་ཀྱི་སྒྲ་ཆོས་ཅན། རི་ ཅན་ཁྱོད་ཀྱི་བརྗོད་རུང་ཡིན་པས། མིན་པར་དམ་བཅས་པའི་དོན་ལ་གནོད་དེ། དོན་ཐམས་ ཅད་ཀྱི་རྗོད་བྱེད་དུ་རུང་བས་སོ། ། བཞི་པ་བརྗོད་རུང་གྲགས་པར་སློབ་དཔོན་བཞེད་པ་ནི་སློབ་དཔོན་གྱིས་སྒྲ་བྱུང་གྲགས་ པས་གནོད་པར་བཤད་ཀྱི་རུང་བས་གནོད་པར་མ་བཤད་ཅེ་ན། གྲགས་པ་མེད་ནས་སྒྲ་ཀུན་འབྲེལ་ལ། བུམ་སོགས་ཆོས་ཅན། ཟླ་བར་དངོས་སུ་གྲགས་ ཟིན་པ་མེད་ཀྱང་ཟླ་བའི་སྒྲ་དེ་ཁྱོད་ཀྱི་རྗོད་བྱེད་དུ་རུང་སྟེ། མེད་ཀྱང་དཔེ་བརྗོད་དུ་རུང་བས་ སོ། །དེས་ན་ནས་གྲུབ་པ་ཡིན་ལ། ཆོས་ཅན་དེ་ཡི་བརྗོད་བྱར་རུང་སྟེ། དེ་རྗོད་བྱེད་དུ་འཇུག་ པའི་རྒྱུ་མཚན་དངོས་སུ་ཚང་བས་སོ། ། ལྔ་པ་དེ་ཡི་ཤེས་བྱེད་ལུང་གཉིས་དྲང་བ་ནི་བརྗོད་རུང་གྲགས་པར་བཞེད་པ་ལས་ གཞན་དུ་མི་བཞེད་ནས་ལུང་ལ་དཔྱད་པའི་དགོས་པ་ཅི་ཞེ་ན། གང་ལ་ཐུན་མོང་མ་ཡིན་པའི་ ཕྱིར། རྗེས་སུ་དཔག་པ་མེད་ལ་སྒྲ་ལས་བྱུང་བའི་གྲགས་པ་དང་འགལ་བའི་དོན་གྱིས་ན་ གསལ་བ་དེ་ཡང་ཕྱོགས་མ་ཡིན་ནོ། །ཞེས་སོ། ། 1-1-369 གཞན་དུ་འདིར་ནས་མི་འགྱུར་ལ། ཡོད་པའི་ཕྱིར་རི་ཅན་ཟླ་བའི་སྒྲས་བརྗོད་རུང་མིན་ ཞེས་པའི་གཏན་ཚིགས་ཡོད་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་པར་མི་འགྱུར་ བར་ཐལ། ཟླ་བར་གྲགས་མ་ཟིན་པ་དུ་མ་ཡོད་པས་སོ། །མ་ཁྱབ་ན་སྒྲ་དེ་ཡི་བརྗོད་བྱར་ རུང་བ་ལ་སྒྲ་དེ་སྔར་ནས་ཁོ་ལ་གྲགས་ཟིན་ཁོ་ན་དགོས་པ་བུད། དེ་འགོག་རྗེས་དཔག་ལས་ འགྱུར་ཏེ་ལ། རི་ཅན་ཆོས་ཅན། ཁྱོད་ཟླ་བའི་སྒྲས་བརྗོད་རུང་ཡིན་པ་སྟེ། རྗེས་དཔག་གིས་ འགོག་པར་ཐལ། དེ་ཚད་མས་འགོག་ཅིང་མངོན་སུམ་གྱིས་མི་འགོག་པས་སོ། །མ་གྲུབ་ན་ སྒྲ་དོན་ལ་ནས་ཕྱིར་ལ། མངོན་སུམ་ཆོས་ཅན། དེ་མི་འགོག་པར་ཐལ། རི་ཅན་ཟླ་བའི་སྒྲས་ བརྗོད་དུ་རུང་མི་རུང་གང་ལས་ཀྱང་སྤང་རྟོགས་བྱེད་དུ་མི་འཇུག་པའི་བློ་ཡིན་པས་སོ། ། གང་ལ་ཡོད་ནས་ལྡན་པར་བརྗོད་ལ། ཀུན་བཏུས་སུ་དམ་བཅའ་ལྟར་སྣང་གི་དཔེར་ བརྗོད་འགོད་པའི་སྐབས་སུ་རི་ཅན་ཟླ་བ་མིན་ཏེ་ཡོད་བརྟག་པའི་ཕྱིར། ཞེས་ཡོད་པ་དཔེར་ བརྗོད་པ་ཆོས་ཅན། དགོས་པ་ཡོད་དེ། རི་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་བསྒྲུབ་པའི་ རྟགས་ཐམས་ཅད་དེ་ཡི་མཐུན་ཕྱོགས་ལ་མེད་པ་འབའ་ཞིག་གོ། ཞེས་རྟོགས་པའི་ཆེད་ཡིན་ པས་སོ། ། སྒྲ་ནི་བརྡ་ལ་ནས་གྲགས་པ་གསུངས་ལ། ཤེས་བྱ་ཆོས་ཅན། ཟླ་བའི་སྒྲས་བརྗོད་རུང་དེ་ ཤེས་བྱ་ཀུན་ལ་མ་གྲུབ་པ་མིན་ཏེ། རྗོད་བྱེད་ཀྱི་སྒྲ་བརྡ་ལ་བརྟེན་ནས་དོན་གོ་བར་བྱེད་ཅིང་ བརྡ་དེའང་དོན་ལ་མི་ལྟོས་པར་འདོད་པ་ཙམ་གྱིས་འཇུག་པས་སོ། །སློབ་དཔོན་གྱིས་སྒྲ་བྱུང་ གྲགས་པ་ཞེས་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ་རི་ཅན་ཟླ་བའི་སྒྲས་བརྗོད་རུང་ཡིན་ པ་ལ་སྒྲུབ་བྱེད་ཡང་དག་ཡོད་པས་དེ་དགག་མི་ནུས་སོ། །ཞེས་རྟོགས་པའི་ཆེད་ཡིན་པས་སོ། ། རྗེས་སུ་དཔག་པས་ནས་ཡིན་ཕྱིར་རོ་ལ། སྒྲ་བྱུང་ཞེས་སོགས་ལུང་གཉིས་པ་ཆོས་ཅན། 1-1-370 དངོས་པོའི་སྟོབས་ཀྱི་རྟགས་ཡང་དག་བསྒྲུབ་བྱའི་བཟློག་ཕྱོགས་སྒྲུབ་པའི་རྟག་མེད་པར་ སྟོན་པ་ཡིན་ཏེ། ཡོད་པ་དེ་རི་ཅན་ཟླ་བའི་སྒྲས་བརྗོད་རུང་བསྒྲུབ་པའི་གྲགས་པའི་རྟགས་ ཡང་དག་ཡིན་པའི་རྒྱུ་མཚན་གྱིས་དེ་ཡི་བསྒྲུབ་བྱའི་བཟློག་ཕྱོགས་བསྒྲུབ་པའི་རྟགས་ཡང་ དག་མེད་པར་སྟོན་པའི་ཕྱོགས་གླང་གི་མདོ་ཚིག་ཡིན་པས་སོ། ། ཡང་ན་ནས་བརྗོད་པ་ཡིན་ལ། གང་ལ་ཐུན་མོང་མིན་པའི་ཕྱིར་རྗེས་སུ་དཔག་པ་མེད་ ལ། ཞེས་པའི་ལུང་དང་པོ་ཆོས་ཅན། རི་ཅན་ཟླ་བའི་སྒྲས་བརྗོད་རུང་དག་པ་བར་བསྒྲུབ་པའི་ རྟགས་ཡང་དག་མེད་པར་བརྗོད་པ་ཡིན་ཏེ། དེ་སྒྲུབ་ཀྱི་རྟགས་སུ་གང་བཀོད་ཐམས་ཅད་དེ་ ཡི་མཐུན་ཕྱོགས་ལ་མེད་པ་ཁོ་ནར་བསྟན་པས་སོ། །དོན་ལའང་སྦྱར་རོ། ། དེས་ན་ནས་ཡུལ་ཅན་ཉིད་ལ། རི་བོང་ཅན་ཟླ་བའི་སྒྲས་བརྗོད་རུང་དག་པ་བར་བསྒྲུབ་ པའི་རྟགས་ཡང་དག་མེད་པར་བསྟན་པ་ཆོས་ཅན། དོན་ཡོད་དེ། གྲགས་རྟགས་དངོས་པོའི་ སྟོབས་ཀྱི་རྟགས་ལས་ཡུལ་ཐ་དད་དུ་སྟོན་པར་བྱེད་པས་སོ། །ཡུལ་ཐ་དད་དུ་བསྟན་པ་ལ་ དགོས་པ་ཅི་ཞེ་ན། དེས་ན་དངོས་ནས་ཤེས་སྟན་རྩ་བར་ཞེས་བསྟན་ལ། གྲགས་རྟགས་ཆོས་ཅན། དངོས་ པའི་དབང་ཁོ་ནས་སྒྲུབ་བྱེད་དུ་མི་འཇུག་གི་རང་གི་བསྒྲུབ་བྱ་དེ་བརྡ་དང༌། འདོད་པ་ཙམ་ གྱིས་གྲུབ་པ་ཞིག་ཡིན་ཏེ། དངོས་པོའི་སྟོབས་ཀྱིས་རྟགས་ཡང་དག་ལས་དངོས་ནུས་ཡུལ་སོ་ སོ་ཁོ་ནའི་སྒྲུབ་བྱེད་དུ་འཇུག་པའི་ཚུལ་གསུམ་ཡིན་པས་སོ། ། གྲགས་རྟགས་དངོས་པོའི་སྟོབས་ཀྱི་རྟགས་ལས་ཡུལ་ཐ་དད་དུ་བསྟན་པ་ཆོས་ཅན། དོན་ཡོད་དེ། གྲགས་རྟགས་ཐམས་ཅད་དངོས་པོའི་སྟོབས་ཀྱིས་གྲུབ་པའི་བསྒྲུབ་བྱ་མི་སྒྲུབ་ ཀྱི་བརྡ་དང་འདོད་པ་ཙམ་གྱིས་གྲུབ་པའི་རང་གི་བསྒྲུབ་བྱ་བསྒྲུབ་པོ་ཞེས་བསྟན་པས་སོ། ། སྔར་རྗེས་དཔག་མེད་པར་བརྗོད་པ་ཡིན་པ་ལ་ཇི་ལྟར་རྗེས་དཔག་མེད་པར་བརྗོད་པ་ཡིན་ 1-1-371 པ་ལ་ཇི་ལྟར་རྗེས་དཔག་མེད་ཅེ་ན། རི་བོང་ཅན་ནས་འདོད་པར་འགྱུར་ལ། རི་ཅན་ཟླ་བའི་སྒྲས་བརྗོད་རུང་དག་པ་བར་མི་ འདོད་པའི་རྒོལ་བ་ཆོས་ཅན། ཟླ་བའི་སྒྲས་བརྗོད་རུང་དག་པ་བ་མེད་པར་ཐལ། ཡོད་ན་རི་ ཅན་དེ་ཡིན་དགོས་པ་ལ་རི་ཅན་དེ་མིན་པས་སོ། ། འདོད་ན་དེ་ཕྱིར་ནས་ཅན་ལ། ཡོད་པ་ཆོས་ཅན་རི་ཅན་ཟླ་བའི་སྒྲས་བརྗོད་རུང་དག་པ་ བར་བསྒྲུབ་པའི་མཐུན་དཔེ་མེད་པར་ཐལ། དེས་བརྗོད་རུང་དག་པ་བ་མེད་པས་སོ། །འདོད་ ན། དེ་ནི་ནས་འདོད་ལ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་དཔེ་དང་བསྒྲུབ་བྱའི་ཆོས་ཅན་ལ་ཐུན་ མོང་དུ་ཡོད་པ་མིན་པར་འདོད་དགོས་པར་ཐལ་ལོ། །རིགས་སྒོའི་འགྲེལ་བྱེད་ཁ་ཅིག གང་ ལས་ཐུན་མོང་མིན་ཞེས་སོགས་ལུང་དང་པོས་རི་ཅན་གྲགས་པའི་དབང་གིས་ཟླ་བའི་སྒྲས་ བརྗོད་རུང་བསྒྲུབ་པའི་རྟགས་ཐུན་མོང་མ་ཡིན་པ་བསྟན་པ་ཡིན་ཏེ། འཇིག་རྟེན་ན་ཟླ་བ་ གཅིག་ཡོད་ཀྱི་གཉིས་པ་མེད་པའི་ཕྱིར་རོ་ཟེར་རོ། ། དཔེ་འདི་ཉིད་ནས་བཤད་ལ། ཤེས་བྱ་ཆོས་ཅན། རི་ཅན་ཟླ་བའི་སྒྲས་བརྗོད་མི་རུང་དུ་ དམ་བཅས་པའི་དཔེ་གཅིག་པུ་ཁོ་ན་ལ་གྲགས་པས་གནོད་པ་ཁོ་ནའི་དབང་དུ་བྱས་ནས་ལུང་ ཕྱི་མ་སྒྲ་བྱུང་གྲགས་པ་ཞེས་བཤད་པར་ཐལ། གང་ལ་ཐུན་མོང་མིན་ཞེས་སོགས་ལུང་དང་ པོས་རི་ཅན་གྲགས་པའི་དབང་གིས་ཟླ་བའི་སྒྲས་བརྗོད་རུང་དུ་བསྒྲུབ་པའི་འཐུན་དཔེ་མེད་ པས་རི་ཅན་ཁོ་ན་ཟླ་བའི་སྒྲས་བརྗོད་རུང་དུ་བསྟན་པས་སོ། །རྟགས་ཁས་སོ། །འདོད་ན་ མིན་ནས་མཚན་ཉིད་ཕྱིར་ལ་ཆོས་ཅན་དེ་མིན་པར་ཐལ། ལུས་གཉིས་པ་དེས་ཆོས་གང་དང་ གང་བཟླས་སོགས་ཀྱི་སྒྲས་བརྗོད་མི་རུང་དུ་མ་བཅས་པ་ཐམས་ཅད་ལ་གྲགས་པས་གནོད་ པས་ཁྱབ་པར་བསྟན་པས་སོ། ། ཇི་ལྟར་ན། དེ་བཞིན་ནས་གནོད་ཕྱིར་རོ་ལ། ཆོས་ཅན་དང་ཆོས་འདྲ། ཤིང་ད་ཏྲིག་ཤིང་ 1-1-372 སྒྲས་རྗོད་མི་རུང་དུ་དམ་བཅས་བ་ལའང་གྲགས་པས་གནོད་པར་བསྟན་པས་སོ། ། འདི་ཡང་ནས་མཐོང་བའི་ཕྱིར་ལ། ཤེས་བྱ་ཆོས་ཅན། རི་ཅན་ལས་གཞན་ཟླ་བའི་སྒྲས་ བརྗོད་རུང་མེད་པ་མིན་པར་ཐལ། དྲི་ཡི་བསྟན་བཅོས་ལས་ག་བུར་ལ་ཟླ་བ་དང་ཁམས་ཀྱི་ བསྟན་བཅོས་ལ་དངུལ་ཆུ་ལ་ཟླ་བ་ཞེས་བརྗོད་པར་མཐོང་བས་སོ། ། བརྡ་ལས་ནས་ཉིད་ཀྱང་ཅི་ལ། ཟླ་བ་ཞེས་པའི་སྒྲ་ཆོས་ཅན། རི་ཅན་ཁོ་ན་ལ་ཐུན་མོང་ མིན་པར་རྗོད་བྱེད་དུ་འཇུག་པ་མ་ཡིན་པར་ཐལ། བརྡ་ཡི་དབང་གིས་རྗོད་བྱེད་དུ་འཇུག་ པས་སོ། །རྒྱན་ལྟར་ན། འགྲེལ་བྱེད་ན་རེ། གལ་ཏེ་རི་ཅན་ལ་ལར་དེ་ཁོ་ན་ལ་ཟླ་བའི་སྒྲ་དེ་རྗོད་བྱེད་དུ་གྲུབ་ཀྱི་ག་བུར་སོགས་ལས་ སྤོས་སྦྱོར་མཁན་ལ་སོགས་པས་རང་དགར་སྦྱར་བ་ཙམ་མོ། །ཞེ་ན་ཟླ་བའི་སྒྲས་བརྗོད་རུང་ དེ་ཆོས་ཅན། རི་ཅན་ལ་དངོས་པོའི་སྟོབས་ཁོ་ནས་གྲུབ་པར་ཐལ། དེ་ཁོ་ན་ལ་ཡོད་ཀྱི་གཞན་ ལ་མེད་པས་སོ། །མདོར་ན་རི་ཅན་ཆོས་ཅན། ཁྱོད་ཟླ་བའི་སྒྲས་བརྗོད་མི་རུང་གི་དམ་བཅའ་ དེ་གྲགས་པས་གནོད་པའི་དཔེར་མི་འཐད་པར་ཐལ། རི་ཅན་ལ་གྲགས་པས་གྲུབ་པར་ཁས་ ལེན་ཞེ་ན། རི་བོང་ཅན་ནས་བཟློག་མེད་ཕྱིར་ལ། ག་བུར་དངུལ་ཆུ་སོགས་ཆོས་ཅན། ཟླ་བའི་སྒྲས་ བརྗོད་རུང་བཟློག་པ་མེད་པར་ཐལ། ཟླ་བར་གྲགས་པས་སོ། །འོན་ཏེ་ག་བུར་སོགས་དེ་ ཚིམ་པར་བྱེད་པ་ལ་སོགས་པའི་དངོས་པོ་ཡིན་པས་ཟླ་བའི་སྒྲ་དངོས་པོའི་སྟོབས་ཀྱིས་གྲུབ་ བོ་ཞེ་ན། རི་ཅན་ཆོས་ཅན། ཁྱོད་ལའང་ཟླ་བའི་སྒྲ་དངོས་པོའི་རྒྱུ་མཚན་འཛིན་གྱིས་འཇུག་པ་ བཟློག་པ་ཡོད་པར་ཐལ། ཚིམ་པར་བྱེད་པ་དང་ཡིད་དགའ་བར་བྱེད་པས་སོ། ། འདོད་ན། རི་ ཅན་ཟླ་བའི་སྒྲས་བརྗོད་མི་རུང་གི་དམ་བཅའ་ལ་གྲགས་པས་གནོད་པར་མི་འགྱུར་བར་ཐལ་ ལོ། །སྐྱོན་དེ་མེད་དེ། རི་ཅན་ལ་ཟླ་བའི་སྒྲ་དངོས་པོ་རྒྱུ་མཚན་གྱིས་འཇུག་པའི་རྒྱུ་མཚན་མེད་ 1-1-373 པའི་ཕྱིར། དེ་ཡི་སྒོ་ནས་འཇུག་པ་བཟློག་གོ་ཞེ་ན། རི་ཅན་ཆོས་ཅན། ཟླ་བའི་སྒྲ་དངོས་པོའི་རྒྱུ་མཚན་གྱིས་འཇུག་པ་ལྡོག་ཀྱང་གྲགས་པས་ གནོད་པའི་ཉེས་པ་ཡོད་པ་མ་ཡིན་པར་ཐལ། ཁྱོད་ལ་སྒྲ་དངོས་པོའི་རྒྱུ་མཚན་གྱིས་འཇུག་ པའི་རྒྱུ་མཚན་མེད་པས་སོ། །འདོད་ན། རི་ཅན་ཁོ་ན་དེས་བརྗོད་རུང་མིན་ཞིང་རི་ཅན་དེས་ བརྗོད་མི་རུང་དུ་དམ་བཅས་པ་ལ་གྲགས་པས་གནོད་པ་བུད། ལྷ་ལྟར་ན་གལ་ཏེ་ག་བུར་ སོགས་ལ་ལར་ཏེ། ཁོ་ན་ལ་ཟླ་བའི་སྒྲ་དེ་གྲུབ་ན། ཤེས་བྱ་ཆོས་ཅན། ག་བུར་སོགས་ལ་ཟླ་ བའི་སྒྲ་རྗོད་བྱེད་དུ་གྲུབ་པ། དེ་དངོས་པོའི་སྟོབས་ལས་གྲུབ་པ་ཡིན་གྱི། གྲགས་པས་གྲུབ་པ་ མ་ཡིན་པར་ཐལ། ག་བུར་སོགས་ཁོ་ན་ལ་ཟླ་བའི་སྒྲ་སྟེ་གྲུབ་པས་སོ། །འདོད་ན་གྲགས་པས་ གྲུབ་པ་མེད་པར་ཐལ། ཟླ་བའི་སྒྲ་དེ་ག་བུར་སོགས་ལ་གྲགས་པས་གྲུབ་པར་ཁས་ལེན་ན། ཟླ་བའི་སྒྲ་ཆོས་ཅན། རི་ཅན་ལའང་གྲགས་པའི་དབང་གིས་འཇུག་པ་བཟློག་པ་མེད་ པར་ཐལ། ལ་ལར་གྲགས་པའི་དབང་གིས་རྗོད་བྱེད་དུ་འཇུག་ཅིང༌། རི་ཅན་ལའང་ཆེས་ གྲགས་པས་སོ། །ཆོས་ཅན་རི་ཅན་ལའང་དངོས་པོའི་སྟོབས་ཀྱིས་རྗོད་བྱེད་དུ་འཇུག་པ་ བཟློག་པ་མེད་པར་ཐལ། དངོས་པོའི་སྟོབས་ཀྱིས་རྗོད་བྱེད་དུ་གྲུབ་ཅིང་རི་ཅན་གྱི་རྗོད་བྱེད་ དུ་ཡོད་པས་སོ། །ཟུར་དང་པོ་མ་གྲུབ་ན་གང་བུར་སོགས་ཁོ་ནའི་རྗོད་བྱེད་ཡིན་པ་བུད། ཟླ་ བའི་སྒྲ་དེ་བཤད་པའི་རྒྱུ་མཚན་གྱིས་ཡོད་པ་ཁོ་ནར་འཇུག་ན་དངོས་དེ་ནས་ཡོད་མིན་ལ་ ཆོས་ཅན། ཁྱོད་ཟླ་བའི་སྒྲས་བརྗོད་མི་རུང་དུ་དམ་བཅས་པ་ལ་འདོད་རྒྱལ་བའི་གྲགས་པས་ གནོད་པ་མ་ཡིན་པར་ཐལ། ཟླ་བའི་སྒྲ་སྒྲ་ཡིན་ཅིང་དེ་བཤད་པའི་རྒྱུ་མཚན་དེ་བཤད་པའི་ རྒྱུ་མཚན་ཡོད་པ་ཁོ་ནར་འཇུག ཁྱོད་ལ་ཟླ་བའི་སྒྲ་བཤད་པའི་དབང་གིས་འཇུག་པའི་རྒྱུ་ མཚན་མེད་པས་སོ། །རྒྱུ་མཚན་དེ་ཡི་ཕྱིར་དངོས་པོ་ལ་ངེས་པ་མེད་པའི་བརྡ་ཅན་ཟླ་བའི་ སྒྲ་ཆོས་ཅན། ཁྱོད་ལས་བྱུང་བའི་ཆོས་རྣམས་ཀྱིས་བརྗོད་རུང་དོན་ཐམས་ཅད་ལ་གྲུབ་སྟེ། 1-1-374 བརྡའི་དབང་གིས་རྗོད་བྱེད་འཇུག་པར་འདོད་པ་ལ་གེགས་བྱེད་པ་མེད་པའི་ཕྱིར། རི་ཅན་ ཆོས་ཅན་ཁྱོད་ཟླ་བའི་སྒྲས་བརྗོད་དུ་རུང་བ་ཉིད་འགོག་པ་ལ། ཁྱོད་དེ་དེས་བརྗོད་དུ་རུང་ བའི་ཡུལ་ཅན་གྲགས་པ་ཞེས་བྱའི་རྗེས་སུ་དཔག་པས་གནོད་པར་བྱེད་དེ། ཁྱོད་དེས་བརྗོད་ རུང་དུ་གྲགས་པའི་རྗེས་དཔག་གིས་འཇལ་བས་སོ། །གྲགས་པའི་རྗེས་དཔག་ཇི་ལྟ་བུ་ཞེ་ན། རི་ཅན་ཟླ་བའི་སྒྲ་བརྡ་འགོག་པ་མེད་པ་ལས་སྐྱེས་པ་ཞིག་གོ། བཤད་མ་ཐག་འདིས་ནི་ཟླ་ སོགས་ཀྱི་སྒྲ་རྣམས་ཆོས་ཅན། ཁྱོད་ལ་ནི་དོན་གཅིག་ཁོ་ན་ངེས་པ་ཡོད་པ་མ་ཡིན་ཏེ། བརྡ་ བརྗེས་འཇུག་པའི་སྒྲ་ཡིན་འཇུག་པས་སོ། །ཟླ་སོགས་ཀྱི་སྒྲ་དེ་དག་རྣམས་རི་ཅན་སོགས་ དེར་བརྗོད་རུང་འགོག་པའི་དམ་བཅའ་ཆོས་ཅན། དམ་བཅའ་འགལ་བ་ཡིན་ཏེ། རང་གི་ དོན་ལ་གྲགས་པའི་དོན་གྱིས་གནོད་པའི་དམ་བཅའ་ཡིན་པས་སོ། ། བརྡ་དང་ལྡན་པའི་སྒྲ་དོན་ངེས་པར་འགལ་བ་དེས་ནི། རི་ལ་སོགས་པ་ཆོས་ཅན། འཚེད་ བྱེད་ཅེས་སོགས་བཤད་པ་རྒྱུ་མཚན་ཅན་གྱི་སྒྲ་ཡི་བཤད་པའི་རྒྱུ་མཚན་གྱིས་འཇུག་པའི་དོན་ མ་ཡིན་པར་དམ་བཅས་པ་ལ་འདོད་རྒྱལ་བའི་གྲགས་པས་མི་གནོད་དེ། འཚེད་ཅེས་སོགས་ ཀྱི་སྒྲ་དང་བཤད་པའི་རྒྱུ་མཚན་གྱིས་རང་གི་རྗོད་བྱེད་མིན་པས་སོ། །ཟླ་སོགས་ཀྱི་སྒྲ་ཆོས་ ཅན། ཁྱོད་ཀྱིས་བརྗོད་རུང་དོན་དམ་པ་རང་མཚན་ཡིན་པ་འགོག་པའི་དམ་བཅའ་ལ་འདོད་ རྒྱལ་བའི་གྲགས་པས་མི་གནོད་དེ། བརྡའི་དབང་གི་རྗོད་བྱེད་དུ་འཇུག་པས་སོ། །ཆོས་ མཆོག་ལྟར་ན་རྒྱུ་མཚན་ཅན་གྱི་སྒྲ་དང་འདོད་རྒྱལ་བའི་སྒྲ་རྣམས་ཆོས་ཅན། ཁྱོད་ཀྱིས་དོན་ དམ་པ་ཡིན་པ་འགོག་པ་ལ་གྲགས་པས་མི་གནོད་དེ། བརྡ་དང་ལྡན་པའི་སྒྲ་དོན་ངེས་པར་ འགལ་བས་སོ། ། དྲུག་པ་གྲགས་པ་ལོགས་སུ་སྟོན་པའི་རྒྱུ་ནི། འདོད་རྒྱལ་བའི་སྒྲས་བརྗོད་རུང་འགོག་ན་ གྲགས་པས་གནོད་པ་དེས་ན་གྲགས་པའི་རྟགས་ཆོས་ཅན། རྗེས་དཔག་དང་རྟགས་ཡང་དག་ 1-1-375 ལས་ཕྱི་རོལ་དུ་གྱུར་པ་མིན་ཡང་དངོས་སྟོབས་ཀྱི་རྟགས་ལས་ཐ་དད་དུ་བྱས་ཏེ་བསྟན་པ་ལ་ དོན་ཡོད་དེ། ཁྱོད་དེ་དང་ནུས་ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་དུ་ཐ་དད་དུ་བྱས་པས་སོ། ། སྔ་མར་རང་ཚིག་བསྟན་བཅོས་དེ་ལས་ཐ་དད་དུ་བསྟན་པ་བཞིན་ནོ་ཡིད་ཆེས་བསྟན་བཅོས་ ཚད་མར་ཁས་བླངས་པས་གནོད་ལ་གྲགས་པ་ནི་བརྡ་ལས་བྱུང་པའི་གྲགས་པས་གནོད་པ་ དེ་དེ་དག་དངོས་སྟོབས་ལས་ཐ་དད་དུ་བསྟན་པའི་དགོས་པར་ཇི་ལྟར་ཤེས་ཞེ་ན། ཡིད་ཆེས་ རྟགས་དང་གྲགས་པའི་རྟགས་ཆོས་ཅན་རྟགས་ཡང་དག་ཏུ་གྲུབ་ཀྱང་བསྟན་བཅོས་དང་ རང་ཚིག་རྒོལ་བས་ཁས་བླངས་པ་ཙམ་གྱིས་མི་གནོད་ཀྱི་དངོས་པོའི་སྟོབས་ཀྱིས་མི་གནོད། གྲགས་པས་གནོད་པའང་བརྡ་ལས་བྱུང་པའི་གྲགས་པས་གནོད་ཀྱི་དངོས་པོའི་སྟོབས་ཀྱིས་ འཇུག་པའི་གྲགས་པས་མི་གནོད་པར་བསྟན་པ་དེ་ཁྱེད་རྣམས་དངོས་པོའི་སྟོབས་ཀྱི་རྟགས་ ལས་ཐ་དད་དུ་བཤད་པའི་དགོས་པ་ཡིན་ཏེ། དེ་ཡིན་པར་བསྟན་པའི་ཕྱིར་དུ། ཀུན་བཏུས་ སུ་དམ་བཅའ་ལྟར་སྣང་གི་དཔེར་བརྗོད་འགོད་པའི་སྐབས་སུ་གཞལ་བྱའི་དོན་ཅན་གྱི་ཚད་ མ་དག་མེད་དོ་ཞེས་བྱ་བ་ནི། དམ་བཅས་པ་ཙམ་གྱིས་འགལ་བ་ཡིན་ལ་སྒྲ་ལས་བྱུང་བའི་ གྲགས་པ་དང་འགལ་བའི་དོན་སྦྱོར་བ་ནི་རི་བོང་ཅན་ཟླ་བ་མིན་ཏེ་ཡོད་པའི་ཕྱིར་ཞེས་དམ་ བཅས་པ་ཙམ་གྱིས་ཞེས་དང་སྒྲ་ལས་བྱུང་པའི་གྲགས་པ་ཞེས་ཡིད་ཆེས་པས་གནོད་པ་དང་ གྲགས་པས་གནོད་པ་འདི་གཉིས་ནི། གནོད་པ་འབབ་པ་རྒྱུ་མཚན་དང་བཅས་པ་རྒྱས་པར་ བརྗོད་པའོ། །མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་དམ་བཅའ་ལྟར་སྣང་ཆོས་ཅན། ཀུན་བཏུས་སུ་ཁྱེད་གཉིས་ལ་གནོད་པ་འབབ་ཚུལ་རྒྱས་པར་བསྟན་པ་མ་ཡིན་པ་མིན་པ་ ལ་རྒྱུ་མཚན་ཡོད་དེ། མངོན་སུམ་དང་དངོས་པོ་སྟོབས་ཞུགས་ཀྱི་རྗེས་དཔག་གཉིས་དངོས་ སྟོབས་གནོད་སྒྲུབ་ཏུ་འཇུག་པའི་རྒྱུ་མཚན་གྱིས་དེ་ལྟར་མ་བསྟན་པའི་ཕྱིར། གསུམ་པ་ལ་གཉིས། སེལ་བྱེད་སྐབས་གྱི་དོན་ཀྱི་དགོས་པ་བཤད། བསལ་བྱའི་སྐབས་ 1-1-376 ཀྱི་ཉན་བྱའི་དགོས་པ་བཤད། དང་པོ་ནི། མངོན་སུམ་གྱིས་གནོད་འདི་ལ་ཡང་བརྗོད་པར་བྱ་ བ་ནི་ཡོད་དོ། །མི་རྟག་ཤེས་བྱ་སོགས་ལྡོག་ཆོས་དུ་མའི་དངོས་པོ་ཉིད་དུ་གྲགས་པའི་སྒྲ་ཡི་ངོ་ བོ་ཉིད་གང་ཞིག་ནི་ཆོས་ཅན། ཁྱོད་དོན་དམ་པར་ལྡོག་ཆོས་སྣ་ཚོགས་སུ་ཡོད་པ་མ་ཡིན་ཏེ། ཡོད་ན་ལྡོག་ཆོས་སྣ་ཚོགས་པ་སྣང་བའི་བློ་སྐྱེ་དགོས་པ་ལ་སྐྱེ་བ་མེད་པའི་ཕྱིར། མངོན་སུམ་ དོན་དང་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། སྤྱི་གསལ་གཉིས་སུ་མེད་པའི་སྒྲ་རང་མཚན་ ལྟ་བུ་སྟོན་པའི་ཆེད་ཡིན་པའི་ཕྱིར་དང༌། ཉན་ཤེས་མངོན་སུམ་གྱིས་བཟུང་དོན་འདི་ཉིད་ནི་ ཉན་བྱ་ཡིན་པ་སྤོང་ན་ཉན་ཤེས་མངོན་སུམ་གྱི་སྟོབས་ཀྱིས་གནོད་པར་འགྱུར་ཞེས་རྟོགས་ པའི་ཆེད་ཡིན་པས་སོ། ། ངོ་བོ་ཉིད་དེ་ཉན་ཤེས་མ་འཁྲུལ་བའི་བཟུང་དོན་གྱི་ཆ་དེ་ཆོས་ཅན། སྒྲ་དེ་ལ་དོན་ལ་ ཡོད་པ་ཡིན་ཏེ། སྒྲ་ཡི་རང་མཚན་གྱི་ཆོས་ཡིན་པས་སོ། །ལྷག་མ་ཤེས་བྱ་ཉིད་ལ་སོགས་པ་ ལྡོག་པའི་མཚན་ཉིད་ཅན་སྤྱི་ནི་ཆོས་ཅན། དབང་ཤེས་ཀྱི་སྤྱོད་ཡུལ་མིན་ཏེ། དངོས་པོ་མེད་ པའི་ངོ་བོ་ཡིན་པ་དེའི་ཕྱིར། གཉིས་པ་ནི། སྤྱིའི་ཆོས་ཤེས་བྱ་རྣམས་ནི་ཆོས་ཅན། སྒྲ་ཡི་སྟེང་དུ་ཁྱོད་སྤོང་ཡང་ཉན་ ཤེས་མངོན་སུམ་གྱིས་གནོད་པ་ཡོད་པ་མ་ཡིན་ཏེ། མངོན་སུམ་སྟེ་མངོན་སུམ་དུ་གྲུབ་པའི་ རང་མཚན་མིན་པར་གྲུབ་པའི་ཕྱིར། ཀུན་བཏུས་སུ་དམ་བཅའ་ལྟར་སྣང་གི་དཔེར་བརྗོད་ འགོད་པའི་སྒྲ་ཉན་བྱ་མིན་ཞེས་ཉན་བྱ་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། སྒྲ་ཤེས་བྱ་ གཞལ་བྱ་སོགས་མ་ཡིན་པར་དམ་བཅས་པ་དེ་མངོན་སུམ་གྱིས་བསལ་བ་མ་ཡིན་ཞེས་ རྟོགས་པའི་ཕྱིར། དབང་ཤེས་ཀྱི་བཟུང་དོན་དོན་ཡིན་ན་རང་མིན་གྱིས་ཅི་སྟེ་མི་བརྗོད་གང་ གིས་ན་ཉན་བྱའི་དོན་སྨོས་ཞེ་ན། ཉན་ཤེས་ཀྱི་བཟུང་དོན་ཆོས་ཅན། རང་མིང་གིས་ཀྱང་དངོས་སུ་བརྗོད་མི་ནུས་སྟེ། རྣམ་ 1-1-377 པ་ཀུན་དུ་སྒྲ་ཡིས་དངོས་སུ་བརྗོད་བྱའི་དོན་མིན་པའི་ཕྱིར། དགོས་པ་གཞན་ཡང་ཡོད་དེ་ ཉན་ཤེས་མངོན་སུམ་གྱིས་བཟུང་དོན་དུ་སྟོན་པ་ལ་ཉན་བྱ་ཞེས་སྨོས་པ་ཆོས་ཅན། དོན་ཡོད་ དེ་ཉན་ཤེས་མངོན་སུམ་ལ་བརྟེན་ནས་སྒྲ་རང་མཚན་མཉམཉན་བྱར་སོ་སྐྱེས་སྒྲ་ཉན་བྱར་ རྟོགས་པ་ཉན་ཤེས་ལ་བརྟེན་པར་སྟོན་པའི་ཕྱིར་དང༌། དེར་གྲུབ་སྟོབས་ཀྱིས་སྒྲ་རང་མཚན་ ཉན་བྱ་ཡིན་པས་མིན་པ་ལ་གནོད་པར་ཡང་སྟོན་པས་སོ། ། (བཞི་པ་ལ)གཉིས་པ་ལ་བཞི། སྐབས་ཀྱི་ཆོས་ཅན་བཀག་པས་དམ་བཅར་གནོད། འབྲེལ་མེད་ ཆོས་ཅན་བཀག་ཀྱང་དེར་མི་གནོད། ཆོས་ཅན་བཀག་ལ་གནོད་པས་རྩོད་པ་སྤང༌། གནོད་ དང་མི་གནོད་ཚུལ་གཉིས་བསྡུས་ཏེ་བསྟན་པའོ། ། དང་པོ་ནི། ཀུན་བཏུས་སུ་རང་རྟེན་ལའོ་ཞེས་པ་འཆད་དེ། ཀུན་དུ་རྒོལ་བ་ནས་ཆོས་ ཅན་མིན་ལ། རང་རྟེན་ལ་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། སྐབས་ཀྱི་ཆོས་ཅན་ལ་ གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ཀྱི་སྐབས་དང་འབྲེལ་མེད་ཀྱི་བསྒྲུབ་བྱ་ལ་གནོད་ཀྱི་ སྐབས་དང་འབྲེལ་མེད་ཀྱི་བསྒྲུབ་བྱ་ལ་གནོད་པ་མ་ཡིན་ནོ་ཞེས་རྟོགས་པའི་ཆེད་ཡིན་པས་ སོ། །གཞན་དུ་ཆོས་ཅན་ནས་ཅི་ཞིག་བཀག་ལ། བྱས་པ་ཆོས་ཅན། རྟག་པ་ས་ཡོན་གྱི་ཆོས་ ཅན། དྲི་ལ་གནོད་པས་སྒྲ་མི་རྟག་པའི་འདོད་ཡུལ་ལ་མི་གནོད་དེ། དེ་ལ་གནོད་ཀྱང་སྒྲ་མི་ རྟག་པ་མ་བཀག་པས་སོ། །དེ་ཡི་དོན་དུ་རང་རྟེན་སྨོས་པ་དོན་མེད་དེ་ལྔ་ལྡན་གྱི་རང་ཉིད་ཀྱི་ སྒྲ་ལས་དེ་རྟོགས་པས་སོ། ། ཞེ་ན་དོན་འདི་མཚན་ཉིད་ནས་དོན་དེ་ལ་རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། དོན་ ཡོད་དེ། སྐབས་ཀྱི་བསྒྲུབ་བྱའི་ཆོས་ལ་གནོད་པ་ཙམ་ཁོ་ནས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ པ་མིན་གྱི་སྐབས་ཀྱི་ཤེས་འདོད་ཆོས་ཅན་ལ་གནོད་པས་ཀྱང་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ པ་རྟོགས་པའི་ཆེད་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། རྟེན་ནི་ནས་འགལ་བའི་ཕྱིར་ལ། རྟགས་ 1-1-378 ཆོས་ཅན། སྐབས་ཀྱི་ཤེས་འདོད་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་དེ། དེ་ ཁེགས་ན་སྐབས་ཀྱི་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཁེགས་པས་སོ། ། གཞན་དུ་དེ་ལྟའི་ནས་ཆོས་ཅན་སྨོས་ལ། རང་གི་ཆོས་ཅན་ཞེས་སྨོས་པ་ཆོས་ཅན། དོན་ ཡོད་དེ། སྐབས་ཀྱི་བསྒྲུབ་བྱའི་ཆོས་ལ་གནོད་པ་ཁེགས་ནས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ པ་ཡིན་གྱི་སྐབས་ཀྱི་ཆོས་ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་མི་གནོད་པར་དོགས་པ་ སེལ་བའི་ཆེད་ཡིན་པས་སོ། ། གཉིས་པ་ནི། དེ་ཡི་དོན་དུ་རང་རྟེན་སྨོས་པ་དོན་མེད་དེ། དེ་འདྲ་འདི་ཡང་ཆོས་ལ་གནོད་ པས་ཕྱོགས་ལ་གནོད་པར་བསྟན་པའི་དོན་གྱིས་གྲུབ་པ་མིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང༌། འདི་ཡང༌། དོན་གྱི་ནས་ཁས་ལེན་ཏོ་ལ་ཆོས་ཅན་དང་ཆོས་འདྲ། སྐབས་དང་འབྲེལ་མེད་ཀྱི་ ཆོས་ཅན་ཡན་གར་བ་བཀག་པས་ཀྱང་སྐབས་ཀྱི་དམ་བཅའ་བསལ་བ་དང་རྟགས་འགལ་བ་ འགྱུར་སྙམ་པའི་ལོག་རྟོགས་སེལ་བའི་ཆེད་ཡིན་པས་སོ། ། དེ་དཔེར་བརྗོད་ན། མཁས་སོགས་སོ་གཞན་དག་གི་ནས་ཞེས་བརྗོད་བཞིན་གྱི་དོན། བྱེ་ བྲག་པས་ནམ་མཁའ་ཕྱོགས་དུས་ལ་སོགས་པ་རྟག་པ་རྫས་གཅིག་གི་དངོས་པོར་འདོད་ཅིང་ སྒྲ་སོགས་འབྲས་བུའི་རྒྱུད་འདོད་པ་ལ་མཁའ་སོགས་ཆོས་ཅན། རྐྱེན་གཞན་གྱིས་བསྐྱེད་དུ་ མེད་པའི་རྟག་པ་རྫས་གཅིག་མིན་པར་ཐལ། ཡིན་ན་སྒྲ་སོགས་འབྲས་བུ་རྣམས་གཅིག་ཅར་ བསྐྱེད་དགོས་པ་ལ་དེ་རྣམས་གཅིག་ཅར་མི་བསྐྱེད་པས་སོ། །ཞེས་བཀོད་ཅིང་དེ་ཡི་རང་རྒྱུད་ དུ་སོང་ཚོད་ནི་འདུས་མ་བྱས་ནམ་མཁའ་ཆོས་ཅན། རྟག་དངོས་རྫས་གཅིག་མིན་ཏེ་དོན་བྱེད་ པས་སོ་སྟོང་བས་སོ། །ཞེས་བཤད་པ་ལ་བྱེ་བྲག་ན་རེ། རྟགས་དེ་ཆོས་ཅན། དངོས་གྱུར་གྱི་ ནམ་མཁའ་དངོས་མེད་དུ་བསྒྲུབ་པར་ཐལ། འདུས་མ་བྱས་ནམ་མཁའ་རྟག་དངོས་མིན་པར་ བསྒྲུབ་པས་སོ། །ཁྱབ་སྟེ་དངོས་གྱུར་གྱི་ནམ་མཁའ་ཉིད་འདུས་མ་བྱས་ནམ་མཁའ་ཡིན་པས་ 1-1-379 སོ་སྙམ་ནའོ། ། དེ་ལྟར་འདོད་པའི་ནས་མེད་པ་ཉིད་ལ། དོན་བྱེད་པས་སྟོང་བ་ཆོས་ཅན། དངོས་གྱུར་གྱི་ ནམ་མཁའ་དེ་འདུས་མ་བྱས་ནམ་མཁའ་རྟག་དངོས་རྫས་གཅིག་མིན་པར་སྒྲུབ་པའི་སྐབས་ ཀྱི་ཆོས་ཅན་ཡིན་པས་དེ་བཀག་པའི་སྒོ་ནས་དེ་སྒྲུབ་ཀྱི་འདོད་ཡུལ་ལ་གནོད་པ་མིན་ཏེ། དེ་ དེའི་ཆོས་ཅན་མིན་པས་སོ། ། འདི་ནི་གཉིས་ཀ་ནས་བསྟན་པ་ཡིན་ལ། ཤེས་བྱ་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱའི་ ཆོས་ཅན་ལ་གནོད་པའི་སྒོ་ནས་སྐབས་ཀྱི་ཆོས་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་དེ། སྒྲུབ་བྱའི་ཆོས་དང་ཆོས་ཅན་གཉིས་ཀ་ཚོགས་པ་དེ་བསྒྲུབ་བྱ་ཡིན་པས་སོ། །རང་རྟེན་ཞེས་ པ་སྨོས་པ་ཆོས་ཅན་དོན་ཡོད་དེ། སྐབས་ཀྱི་ཆོས་ཅན་ལས་གནོད་པའི་སྒོ་ནས་སྐབས་ཀྱི་ ཆོས་འགོག་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ཀྱི་འབྲེལ་མེད་ཀྱི་ཆོས་ཅན་ལ་གནོད་པས་དེ་ལ་ གནོད་པ་མ་ཡིན་ཞེས་བསྟན་པས་སོ། ། དེ་ལྟར་ཉིད་ནས་མིན་ལ། རྟགས་འགོད་པ་ན་ཆོས་ཅན། འབྲེལ་མེད་ཀྱི་ཆོས་ཅན་འབའ་ ཞིག་པ་རང་གི་འདོད་པའི་བསྒྲུབ་བྱ་མིན་ཞིང༌། དེ་བཀག་པས་འདོད་ཡུལ་ལ་གནོད་པར་ ཡང་མི་འགྱུར་ཏེ། བསྒྲུབ་བྱའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཡང་བསྒྲུབ་བྱ་ཡིན་ པས་སོ། ། གསུམ་པ་ནི། གལ་ཏེ་དེ་ལྟ་ན་ནས་སྔ་མ་བཞིན་གྱི་དོན། ཆོས་ཅན་ལ་གནོད་པས་བསྒྲུབ་ བྱ། གནོད་ན་སངས་རྒྱས་པས་གྲངས་ཅན་པ་བཀོད་པའི་རྟགས་འདིར་གནོད་པ་ཡོད་དེ། རྟགས་གང་ན་བདེ་སྡུག་གཏི་མུག་སོགས་གཙོ་བོར་འདོད་ཅིང་སྒྲ་སོགས་འབྲས་བུ་ཀུན་གྱི་ དངོས་རྒྱུར་ཡང་འདོད་པ་ལ་བདེ་སོགས་ཆོས་ཅན་རྐྱེན་གཞན་གྱིས་བསྐྱེད་དུ་མེད་པའི་རྟག་ དངོས་རྫས་གཅིག་མིན་པར་ཐལ། ཡིན་ན་སྒྲ་སོགས་འབྲས་བུ་ཐམས་ཅད་ཅིག་ཅར་བསྐྱེད་ 1-1-380 དགོས་པ་ལ་དེ་ཅིག་ཅར་མི་བསྐྱེད་པས་སོ། །ཞེས་བཀོད་ཅིང་དེ་ཡི་རང་རྒྱུད་ནི། བདེ་སོགས་ ཆོས་ཅན། མི་རྟག་སྟེ་རིམ་གྱིས་དོན་བྱེད་པས་སོ། །ཞེས་བཤད་པ་ལ་རྟགས་དེས་མི་རྟག་ པའི་བདེ་བ་སོགས་བཀག་པས་དེ་ཡི་བསྒྲུབ་བྱ་བཀག་པར་འགྱུར་རོ། །ཟེར་རོ། ། གལ་ཏེ་འདི་ལ་ནས་འགྱུར་བ་ཉིད་ལ། བདེ་སོགས་མི་རྟག་པར་སྒྲུབ་པ་ལ་དོན་བྱེད་ པས་སྟོང་པའི་མེད་དགག་ཉིད་བཀོད་ན། དོན་བྱེད་པས་སྟོང་བ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་ བྱ་དང་འགལ་བར་འགྱུར་ཏེ། མི་རྟག་པ་དང་ཕན་ཚུན་སྤངས་པས་འགལ་བས་སོ། ། དེ་ལྟར་ཡིན་པ་ལ་རིམ་བཞིན་ནས་འགལ་བ་མེད་ཕྱིར་ལ། རྟགས་སུ་བཟུང་བྱ་རིམ་ བཞིན་དོན་བྱེད་པ་ཡིན་པས་རིམ་བཞིན་དོན་བྱེད་པ་ཆོས་ཅན་བདེ་སོགས་མི་རྟག་པར་ བསྒྲུབ་པའི་ཆོས་ཅན་བཀག་པས་དེ་སྒྲུབ་ཀྱི་འདོད་ཡུལ་བཀག་པར་མི་འགྱུར་ཏེ། ཁྱོད་དང་ བདེ་སོགས་མི་རྟག་པའི་ཉིད་འགལ་བ་མེད་པས་སོ། །གལ་ཏེ། གཅིག་ཆར་སྒྲ་སོགས་དངོས་ པོ་ཐམས་ཅད་ཀྱི་དངོས་རྒྱུ་མིན་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ནས། མི་མཐུན་ཕྱོགས་ནས་ཁྱད་པར་འདོད་ལ། གཅིག་ཅར་འབྲས་བུ་ཐམས་ཅད་ཀྱི་དངོས་ རྒྱུ་མིན་པ་ཆོས་ཅན་དེ་བསྒྲུབ་ཀྱི་ཁྱབ་པ་མ་ངེས་ཏེ། དེ་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་པའི་ཕྱོགས་ ཆོས་ཡིན་པས་སོ། ། བཞི་པ་ནི། གང་ཕྱིར་རིང་ཉིད་ནས་བསྟན་ཏོ་ལ། དམ་བཅའ་ལ་གནོད་ཚུལ་སྟོན་པ་ ན་ཆོས་ཅན། སྐབས་ཀྱི་བསྒྲུབ་བྱའི་ཆོས་ཅན་ལ་གནོད་ན་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་ཀྱི་ འབྲེལ་མེད་ཀྱི་ཆོས་ཅན་ཏེ། འབའ་ཞིག་པའམ་ཆོས་ཅན་མི་འདོད་པའི་ཆོས་གཞན་གྱི་ཆོས་ ཅན་ལ་གནོད་པས་སྐབས་ཀྱི་བསྒྲུབ་བྱ་ལ་གནོད་པ་མ་ཡིན་ཏེ། སྔར་རྒོལ་རང་ཉིད་ཞེ་བས་ འདོད་པའི་ཆོས་སྐབས་ཀྱི་ཆོས་ཅན་ལ་བསྒྲུབ་བྱ་ཡིན་པས་སོ། །རང་རྟེན་ཞེས་པ་ཆོས་ཅན། དོན་ཡོད་དེ། དེ་ལྟར་བསྟན་པས་སོ། །རང་ཉིད་སྒྲའི་ནས་ཞེས་བརྗོད་ལ། ཆོས་གཞན་གྱི་ནི་ 1-1-381 ཆོས་ཅན་མིན་དང་གཅིག་གོ། གསུམ་པ་ནི། ཁྱད་པར་མ་གྲུབ། ཁྱད་པར་ཅན་མ་གྲུབ་གཉིས་ཀ་མ་གྲུབ་པ་སོགས་པ་ རྣམས་ཕྱོགས་སྐྱོན་ཡིན་ཏེ། ཕྱོགས་བསྒྲུབ་མི་ནུས་པས་སོ། །ཞེ་ན། སྒྲུབ་བྱེད་སྐྱོན་ནི་ནས་ཕྱོགས་སྐྱོན་ཡིན་ལ། འགལ་མ་ངེས་མ་གྲུབ་པའི་རྟགས་ཐམས་ ཅད་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་སྐྱོན་དུ་ཐལ། དེ་སྒྲུབ་ཀྱི་ཕྱོགས་སྒྲུབ་མི་ནུས་པས་སོ། ། འདོད་ན། དེ་མིན་པར་ཐལ། དམ་བཅས་ཙམ་གྱིས་ཕྱོགས་ལྟར་སྣང་དུ་གྱུར་པ་མིན་པས་སོ། ། ཆོས་ཅན་གྱི་ཁྱད་པར་མ་གྲུབ་པ་སོགས་ཀུན་བཏུས་མཛད་པས་དམ་བཅའ་ལྟར་སྣང་དུ་ཅི་ ཡི་ཕྱིར་མི་སྟོན་ཞེ་ན། ཡན་ལག་ཕྱི་མ་ནས་ཕྱོགས་སྐྱོན་མིན་ལ་རྟེན་ཆོས་ཅན། མེད་པས་རྟགས་ཕྱོགས་ཆོས་མ་ གྲུབ་པ་དང་བསྒྲུབ་བྱའི་ཆོས་མཐུན་དཔེ་ལ་རྗེས་འགྲོ་མེད་པས་མཐུན་རྐྱེན་བསྒྲུབ་བྱའི་ཆོས་ ཀྱིས་སྟོང་བ་ཆོས་ཅན། ཕྱོགས་སྐྱོན་ཁོ་ན་མིན་ཏེ། དམ་བཅས་ཙམ་གྱིས་ཕྱོགས་ལྟར་སྣང་དུ་ འགྱུར་བ་མིན་པས་སོ། ། བཞི་པ་ནི། ཁྱབ་སྟེ། ཕྱོགས་ཆོས་སོགས་ཡན་ལག་ཕྱི་མ་ལ་སྟོན་པའི་སྐྱོན་རྟགས་དཔེ་ སོགས་དང་རྗེས་འབྲེལ་ཏེ་དེས་སེལ་བ་ཙམ་ཡིན་པས་སོ། །ཞེས་སྔར་བཤད་དོ། ། འདི་སྒྲུབ་ཡན་ལག་ནས་བསྟན་པ་ཡིན་ལ། སྒྲ་ཉན་བྱ་མིན་ནོ། །བུམ་པ་རྟོག་གོ་རྗེས་ དཔག་ཚད་མ་མིན་ནོ། །རི་བོང་ཅན་ཟླ་བ་མིན་ནོ་ཞེས་པ་རྣམས་དམ་བཅའ་ལྟར་སྣང་དུ་ བསྟན་པ་ཆོས་ཅན། ཆོས་ཅན་གྱི་ཁྱད་པར་དང་ཆོས་ཀྱི་ཁྱད་པར་དང་ཆོས་ཅན་གྱི་ངོ་བོ་ལ་ གནོད་པའི་དམ་བཅའ་ལྟར་སྣང་དུ་བསྟན་ཏེ། འདོད་པའི་བསྒྲུབ་བྱ་ལ་གནོད་པའི་དམ་ བཅའ་ཀུན་དམ་བཅའ་ལྟར་སྣང་དུ་བསྟན་པས་སོ། ། དེ་ལ་དོན་ནི་ནས་བརྗོད་ལ། བྱེ་བྲག་པའི་དམ་བཅའི་ཆོས་ཅན་གྱི་ངོ་བོ་དང་ཁྱད་པར་ལ་ 1-1-382 གནོད་པའི་དམ་བཅའ་གནོད་བྱེད་དང་བཅས་པ་ཆོས་ཅན། རྣམ་འགྲེལ་འདིར་ཡང་བསྟན་ པར་རྟོགས་དགོས་ཏེ། འདིར་ཁྱོད་བསྟན་པའི་དོན་དུ་བྱེ་བྲག་པའི་དམ་བཅའི་ཆོས་ཀྱིས་ཁྱོད་ ལ་གནོད་པའི་དམ་བཅའ་གནོད་བྱེད་དང་བཅས་པ་རྒྱས་པར་བརྗོད་པས་སོ། །བྱེ་བྲག་པས་ ཡན་ལག་ཅན་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་གཅིག་བསྒྲུབ་པར་འདོད་ནས་ ཡན་ལག་ཅན་ཆོས་ཅན། ཡན་ལག་ལས་གཞན་དུ་ཡོད་དེ། མངོན་སུམ་གྱིས་མཐོང་ཐོགས་ སྒྲིབ་སོགས་བྱེད་པས་སོ། །ཞེས་འདོད་པ་ན། ལྡན་དོན་རྫས་ནས་དགོས་པ་མེད་ལ། བྱེ་བྲག་པས་ཡན་ལག་ཅན་ཡན་ལག་ལས་ གཞན་དུ་ཡོད་ཅེས་པའི་དམ་བཅའ་ཆོས་ཅན། མངོན་སུམ་གྱིས་མཐོང་བའི་ཆོས་གསུམ་ལྡན་ གྱི་ཡན་ལག་ཅན་ཡན་ལག་ལས་དོན་གཞན་དུ་ཡོད་པར་དམ་བཅས་པར་ཐལ། དེ་ཡིན་པའི་ མངོན་སུམ་གྱིས་མ་མཐོང་ཞིང་ཆོས་གསུམ་ལྡན་མིན་པའི་ཡན་ལག་ཅན་ཡན་ལག་ལས་དོན་ གཞན་དུ་ཡོད་པར་དམ་བཅས་པ་གང་རུང་ཡིན་ནས་ཕྱི་མ་དེ་མིན་པས་སོ། །ཟུར་དང་པོ་ཁས་ བླངས་གཉིས་པ་མ་གྲུབ་ན། མ་འཐོང་བ་ལས་བསྒྲུབ་འདོད་ལ། ཆོས་ཅན་ཡན་ལག་རྡུལ་ཕྲ་རབ་རྣམས་ལ་མཐོང་ སོགས་གྱི་འབྲས་བུ་མེད་པར་བྱེ་བྲག་པས་མཐོང་ནས་དེ་འབྲས་བུ་སྒྲུབ་པའི་དོན་དུ་ཆོས་ གསུམ་ལྡན་གྱི་ཡན་ལག་ཅན་ཁོ་ན་སྒྲུབ་པའི་ཆེད་དུ་ཁྱོད་དམ་བཅས་པ་མ་ཡིན་པར་ཐལ། ཆོས་གསུང་ལྡན་མིན་པའི་ཡན་ལག་ཅན་ཡན་ལག་ལས་དོན་གཞན་དུ་ཡོད་པ་དམ་བཅས་ པ་ཙམ་ཡིན་པས་སོ། །རྟགས་བསལ་ལོ། །ཆོས་གསུམ་གྱི་ཁྱད་པར་ཅན་མིན་པའི་ཀུན་རྫོབ་ པའི་ཡན་ལག་ཅན་ཡན་ལག་རྫས་གཞན་དུ་སྒྲུབ་པར་འདོད་ནས། ཁྱད་པར་ཅན་མིན་ནས་སྒྲུབ་པ་ཉིད་ལ། ཀུན་རྫོབ་པའི་ཡན་ལག་ཅན་ཆོས་ཅན། རང་ རྩོམ་བྱེད་ཀྱི་ཡན་ལག་རྣམས་ལས་རྫས་གཞན་དུ་སངས་རྒྱས་པའི་ངོར། རྟགས་ཡང་དག་ 1-1-383 གིས་བསྒྲུབ་མི་དགོས་པར་ཐལ། དེར་དེས་ངེས་ཟིན་མ་བརྗེད་པས་སོ། ། གལ་ཏེ་ཡན་ལག་ཅན་འདི་ཡན་ལག་ལ་མེད་པའི་ཡོན་ཏན་ལྕི་དང་ལྡན་ཞིང་དེ་ལས་ འོག་ཏུ་འགྲོ་བའི་བྱ་བ་ཅན་དུ་འགྱུར་ན། འཇིམ་པའི་རིལ་ལྗིད་མཉམ་བཅུ་ཚན་གཉིས་ལས་ བཅུ་ཚན་གཅིག་རིམ་གྱིས་བསྲེས་ནས་སྲང་ལ་བཅལ་བའི་འཇིམ་པ་ཆོས་ཅན། མ་སྲེས་པའི་ རང་དང་ལྗིད་མཉམ་འཇིམ་རིལ་བཅུ་པོ་དེ་དང་སྲང་གྲངས་མཉམ་པོ་ལ་བརྒར་ན་ཁྱོད་སྲང་ མདའ་ཐུར་དུ་དམའ་བར་འགྱུར་བར་ཐལ། དེ་དང་སྔར་ལྗིད་མཉམ་ཞིང༌། ཕྱིས་དེ་ལ་མེད་ པའི་ཁྱོད་ལ་སྲང་ལ་བཅལ་རུང་གི་ཡན་ལག་ཅན་དུ་མ་ལྷག་པོར་ཡོད་པས་སོ། །རྟགས་ཁས་ སོ། ། དེས་ན་ནས་མེད་པ་ལ་ཆོས་ཅན། རང་གི་ཡན་ལག་མེད་པའི་རང་གི་ཡོན་ཏན་ལྕིད་དང་ དེས་དྲངས་པའི་བྱ་བ་འོག་ཏུ་འགྲོ་བ་མེད་པར་ཐལ། ཡོད་ན་དེ་དང་སྲང་གྲངས་མཉམ་པོ་ལ་ བརྒར་ན་ཁྱོད་སྲང་འདའ་དམའ་བར་འགྱུར་དགོས་པ་ལ་མི་འགྱུར་བས་སོ། །འདོད་ན། དེ་ ཕྱིར་ནས་རྒྱུ་མིན་ལ། ཆོས་ཅན། དེ་གཉིས་ཀྱི་འཕྲོད་འདུའི་རྒྱུ་མིན་པར་ཐལ། དེ་གཉིས་མེད་ པས་སོ། །རྟགས་བསལ་ཁས་སོ། །དེ་ཕྱིར་འབྲས་བུ་ནས་དེ་མཐོང་མིན་ལ་ཆོས་ཅན། ཆོས་ གསུམ་ལྡན་གྱི་རང་གི་ཡན་ལག་ཅན་དེ་མངོན་སུམ་གྱི་བཟུང་དོན་མིན་ཏེ། དེ་ཡི་འབྲས་བུ་ དང་ངོ་བོ་གང་ཡང་ཚད་མས་མ་མཐོང་བས་སོ། ། དེས་ན་མེད་ན་ནས་གནོད་པ་ཡིན་ལ། ཡན་ལག་ཅན་ནི་ཡན་ལག་ལས་གཞན་མིན་ཏེ། སྲང་དམའ་བའི་ཁྱད་པར་འཛིན་པ་མེད་པའི་ཕྱིར། ཞེས་པའི་རྟགས་ཆོས་ཅན། བྱེ་བྲག་པས་ ཡན་ལག་ཅན་ཡན་ལག་ལས་གཞན་དུ་བསྒྲུབ་པའི་བསྒྲུབ་བྱའི་ཆོས་གྱི་ཁྱད་པར་རང་གི་ ཡན་ལག་ལ་མེད་པའི་ལྗིད་ལ་སོགས་པའི་ཆོས་གསུམ་ལ་གནོད་དེ། དེ་འདྲའི་ཆོས་གསུམ་ འགོག་པའི་ཚུལ་གསུམ་ཡིན་པས་སོ། ། 1-1-384 རྡུལ་ཕྲ་མོ་གཉིས་ནས་བརྩམས་ཏེ་གསུམ་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་མང་ པོའི་ཕྲེང་བ་སྡོམ་པ་དེ་སྲང་ལ་བཅལ་བའི་ཕྱིར་ན་དེ་ཡི་ནང་ནས་རྫས་གཞན་རེ་རེ་བ་རྣམས་ ཀྱི་ལྗིད་ཡོད་ཀྱང་སྲང་ལ་བཅལ་བས་མི་རྟོགས་ཏེ་ཕྲ་བས་སོ། །དཔེར་ན་རས་བལ་གྱི་ཚོགས་ ཆེན་པོ་བཅལ་བ་ན་རས་བལ་གྱི་འདབ་མ་ཕྲ་མོ་གཅིག་སླར་བཞག་པའི་ལྕིད་ཡོད་ཀྱང་མི་ ཚོར་བ་བཞིན་ཞེས་སོགས་བྱེ་བྲག་པ་ཟེར་རོ། ། དེ་ཡི་གཅིག་ཅར་ནས་ཚོགས་དག་ལྕིད་ནི་ཐ་དད་འགྱུར་ལ། འཇིམ་པ་ལྕིད་མཉམ་བརྒྱ་ ཚན་ཅིག་ཅར་སྡོམས་པ་དང་རྒྱ་ཚན་གཅིག་རེ་རེ་ནས་རིམ་གྱིས་སྡོམ་པའི་འཇིམ་པ་ཆོས་ཅན། ལྕིད་མི་མཉམ་པར་ཐལ་ཁྱེད་གཉིས་སྔར་ལྕིད་མཉམ་པ་ལ། ཕྱིས་གཅིག་ལས་མེད་པའི་ གཅིག་ལ་ལྕིད་ཅན་གྱི་ཡན་ལག་ཅན་གོ་དགུ་ལྷག་པོར་ཡོད་པས་སོ། ། དེས་ན། ཤེས་བྱ་ཆོས་ཅན། ཕྲ་མོ་གཉིས་ནས་བརྩམས་པའི་རྫས་ཕྲེང་ཁོ་ན་སྲང་ལ་ བཅལ་བར་མི་རིགས་པར་ཐལ། འཇིམ་པ་དེ་གཉིས་ལྗིད་མཉམ་པ་དེའི་ཕྱིར་སོ་སོར་ནས་ བཅལ་བ་ན་མ་ཥ་ལོགས་ནས་མི་རུང་ངོ་ལ། གསེར་མ་ཥ་གཅིག་ནས་སྟོང་གི་བར་སོ་སོར་ བཅལ་བ་དང་གཅིག་ནས་སྟོང་གི་བར་རེ་རེ་ནས་རིམ་གྱིས་བསྣོན་ཞིང་ལྷན་ཅིག་བཅལ་བ་ ན་དེ་གཉིས་ཆོས་ཅན། མ་ཥ་སྟོང་དུ་གྲངས་མཚུངས་པར་མི་རུང་པར་ཐལ། མ་ཥ་སྟོང་དུ་ གཅིག་གིས་མ་ཚང་བའི་ལྗིད་ལྷག་པོར་ཡོད་མེད་ཀྱི་ཁྱད་པར་ཡོད་པས་སོ། ། གལ་ཏེ་ཡུངས་དཀར་ནས་བརྩམས་ཏེ་གཉིས་སྡོམ་པ་ཡན་ཆད་ཀྱི་ཡན་ལག་ཅན་གྱི་ ཚོགས་ཆེན་པ་གོང་ནས་གོང་དུ་འཕེལ་བ་དང་ལྡན་པའི་འབྲས་བུ་ཡན་ལག་ཅན་གྱི་ཕྲེང་བའི་ ལྗི་བ་སྣོན་ཐེབས་རེ་ལ་འཕེལ་བ་རྣམས་སྲང་ལ་བཅལ་བས་རྟོགས་པ་མིན་པས་སྐྱོན་མེད་ཅེ་ ན། ཡུངས་དཀར་བར་ནས་མ་རྟོགས་ལ། ཤེས་བྱ་ཆོས་ཅན། སྲང་ལ་བཅལ་བས་རྟོགས་ 1-1-385 བྱའི་ཡན་ལག་ཅན་གྱི་ལྕིད་མེད་པར་ཐལ། ཡུངས་དཀར་གཅིག་མན་གྱི་ལྗིད་ཡིན་ཡང་ཤིན་ ཏུ་ཆུང་བས་སྲང་ལ་བཅལ་བས་རྟོགས་མི་ནུས་ཡུངས་དཀར་གཅིག་ཡན་གྱི་ཡན་ལག་ཅན་གྱི་ ལྕིད་ཡིན་ན་སྲང་ལ་བཅལ་བས་གཏན་ནས་མི་རྟོགས་པས་སོ། །ཟུར་ཕྱི་མ་ཁས་སོ། ། འདོད་ན་དེ་ཡི་རྒྱུ་ནས་འགྱུར་ལ་ཆོས་ཅན། སྲང་ལ་བཅལ་བས་རྟོགས་བྱའི་ཡན་ལག་ གི་ལྗིད་ཡོད་པར་ཐལ། དེ་ཡོད་པའམ་སྲང་ལ་བཅལ་བའི་རྟོགས་བྱའི་ཡན་ལག་ཅན་གྱི་ལྕིད་ ཡོད་པ་གང་གཅིག་ཡིན་ནས་ཕྱི་མ་དེ་མེད་པས་སོ། །རྟགས་བསལ་ཁས་སོ། ། དོན་དེ་ནས་རྟོག་པ་མེད་ལ་ཆོས་ཅན། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་གྱི་དོན་དེ་ རས་འདབ་བཞིན་དུ་མངོན་སུམ་གྱི་བཟུང་ཡུལ་དུ་ཡོད་པ་མ་ཡིན་པར་ཐལ། རས་འདབ་ མངོན་སུམ་གྱིས་མཐོང་ཡང་མངོན་སུམ་གྱིས་མཐོང་བ་མེད་ཅིང་དེ་ཡི་འབྲས་བུ་ཡང་མངོན་ སུམ་གྱིས་མ་མཐོང་བས་སོ། ། ལྗིད་ཉིད་ནས་ལྷག་ཡོད་མིན་ལ། །གསེར་མ་ཥ་སྟོང་སྡོམ་པའི་གོང་བུ་ཆོས་ཅན། རང་ གི་ཡན་ལག་ལ་མེད་པའི་རང་གི་ཡོན་ཏན་གཟུགས་ལྷག་པོ་ཡོད་པ་མིན་ཏེ། དེ་འདྲའི་ཡོན་ ཏན་གཟུགས་སོགས་ལྷག་པོ་ཅུང་ཟད་ཀྱང་ཚད་མས་རྟོགས་པ་མེད་པའི་ཕྱིར། འོ་ན་ལྗིད་ཁོ་ ན་འགག་པ་ཅི་ཞེ་ན། དམའ་མེད་དེ་ནི་ཉེར་འཚོན་ཏེ་ལ། སྲང་དམའ་བའི་ཁྱད་པར་འཛིན་པ་ མེད་པའི་ཕྱིར། ཞེས་པ་དེ་ཆོས་ཅན། ཡན་ལག་ལ་མེད་པའི་ཡོན་ཏན་ལྕིད་ཁོ་ན་འགོག་པའི་ དཔེ་མིན་ཏེ། དེ་མེད་པས་མཚོན་ནས་ཡན་ལག་ལ་མེད་པའི་ཡོན་ཏན་ཐམས་ཅད་མེད་པར་ སྟོན་པས་སོ། ། གཟུགས་སོགས་ནས་མཐོང་མེད་ཕྱིར་ལ། འཇམ་རིལ་དུ་མ་རིམ་གྱིས་བསྲེས་པའི་གོང་ བུ་ཆོས་ཅན། རང་གི་ཡན་ལག་ལ་མེད་པའི་རང་གི་ཡོན་ཏན་གཟུགས་སོགས་ལྷག་པོ་ཅུང་ ཟད་ཀྱང་མེད་པའི་ཐ་སྙད་འཇུག་ཏུ་རུང་ཏེ། དེ་ཡོད་ན་ཁྱོད་རང་བཞིན་དུ་དབང་པོའི་མངོན་ 1-1-386 སུམ་གྱིས་མཐོང་དགོས་པ་ལ་མཐོང་པ་མེད་པའི་དངོས་པོ་ཡིན་པས་སོ། ། ཁས་བླངས་ནས་སྲིད་པས་ན་ལ། བྱེ་བྲག་པས་ཡན་ལག་ཅན་ཡན་ལག་ལས་མ་རྟོགས་ པའི་རྫས་གཞན་དུ་དམ་བཅས་པའི་དམ་བཅའ་ཆོས་ཅན། དམ་བཅའ་ལྟར་སྣང་བ་ཡིན་ཏེ། ཁྱོད་ལ་ཅི་རིགས་པར་དཔྱད་ནས་བྱེ་བྲག་པའི་ཁས་བླངས་རང་ཚིག་མངོན་སུམ་རྗེས་དཔག་ གྲགས་པ་སོགས་ཀྱིས་གནོད་པའི་དམ་བཅའ་ཡིན་པས་སོ། །བྱེ་བྲག་པས་སྔར་ཡན་ལག་ ཅན་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་དུ་དམ་བཅས་པའི་དམ་བཅའ་ཆོས་ཅན། ཆོས་འདྲ་བྱེ་བྲག་པས་ཕྱིས་དེ་འདྲའི་ཆོས་གསུམ་ལྡན་མེད་པར་ཁས་བླངས་པས་གནོད་པའི་ དམ་བཅའ་ཡིན་པས་སོ། །བྱེ་བྲག་པས་དངོས་སུ་དེ་འདྲའི་ཆོས་གསུམ་ལྡན་གྱི་དོན་དམ་ དུ་ཡོད་པར་དམ་བཅས་པའི་དམ་བཅའ་ཆོས་ཅན། ཆོས་འདྲ། བྱེ་བྲག་པས་ཡན་ལག་ཅན་ ཡན་ལག་ཚོགས་པ་ཙམ་གྱིས་ཀུན་རྫོབ་པ་ཞིག་ཏུ་ཤུགས་ལ་དམ་བཅས་པའི་རང་ཚིག་གིས་ གནོད་པས་སོ། །བྱེ་བྲག་པས་ཡན་ལག་ཅན་ཡན་ལག་ལས་རྫས་གཞན་ཆོས་གསུམ་ལྡན་དུ་ དམ་བཅའ་པའི་དམ་བཅའ་ཆོས་ཅན། ཆོས་འདྲ། དེ་འདྲའི་ཆོས་གསུམ་ཡོད་ན་མངོན་སུམ་ གྱིས་དམིགས་དགོས་པ་ལ་མ་དམིགས་པས་གནོད་པའི་དམ་བཅའ་ཡིན་པས་སོ། །ཆོས་ཅན་ དང་ཆོས་འདྲ། སྲང་དམའ་བའི་ཁྱད་པར་མི་འཛིན་པའི་རྟགས་ལ་བརྟེན་པའི་རྗེས་དཔག་ གིས་གནོད་པའི་དམ་བཅའ་ཡིན་པས་སོ། །ཆོས་ཅན་དང་ཆོས་འདྲ། ཡན་ལག་ཅན་དེ་ཡན་ ལག་ཚོགས་པ་ཙམ་ལས་འཇིག་རྟེན་ན་དོན་མཐུན་དུ་གྲགས་པས་གནོད་པའི་དམ་བཅའ་ ཡིན་པས་སོ། ། ཇི་སྐད་བཤད་ནས་རྟོགས་པར་བྱ་བ་ལ། རྣམ་འགྲེལ་ལ་འཇུག་པའི་རྟོག་ལྡན་ཆོས་ ཅན། བྱེ་བྲག་པའི་དམ་བཅའི་ཆོས་ཅན་གྱི་ངོ་བོ་དང༌། ཁྱད་པར་གནོད་པའི་རྟགས་གནོད་བྱ་ དང་བཅས་པ་ཡང་རྟོགས་པར་བྱ་དགོས་ཏེ། བསྟན་བཅོས་རྣམ་འགྲེལ་དུ་བྱེ་བྲག་པའི་དམ་ 1-1-387 བཅའི་ཆོས་ཀྱི་ཁྱད་པར་ལ་གནོད་པའི་རྟགས་གནོད་བྱ་དང་བཅས་པ་དངོས་སུ་བསྟན་པས་ དེ་རྟོགས་བྱར་འཕངས་པས་སོ། །བྱེ་བྲག་པས་ཡན་ལག་རྣམས་ཡན་ལག་ལས་རྫས་གཞན་ དུ་དམ་བཅས་པའི་དམ་བཅའ་ཆོས་ཅན། དམ་བཅའ་ལྟར་སྣང་ཡིན་ཏེ། དམ་བཅའ་ཁྱོད་ཀྱི་ ཆོས་ཅན་གྱི་ཁྱད་པར་ལ་གནོད་པ་འབབ་པའི་དམ་བཅའ་ཡིན་པས་སོ། །ཆོས་གསུམ་ལྡན་ གྱི་རྫས་ཡོད་ཅེས་པའི་དམ་བཅའ་ཆོས་ཅན་ཆོས་འདྲ། དམ་བཅའ་ཁྱོད་གྱི་ཆོས་ཅན་གྱི་ངོ་བོ་ ལ་གནོད་པ་འབབ་པའི་དམ་བཅའ་ཡིན་པས་སོ། ། གཉིས་པ་ནི། ཚད་མ་མདོར། རིགས་པ་ཅན་པ་རྣམས་ན་རེ། བསྒྲུབ་བྱ་སྟོན་ཞེས་པ་འདི་ ལ། གྲུབ་པ་མེད་ལ་དོན་བཅས་ཉིད། །དེ་ལྟ་ན་ནི། དཔེ་དང་རྟགས་མ་གྲུབ་པ་བསྒྲུབ་བྱར་ ཐལ་བར་འགྱུར་ཞེས་སོགས་འཆད་དེ། རིགས་པ་ཅན་ལ་སོགས་པས་བསྒྲུབ་བྱ་བསྟན་པ་ དམ་བཅའོ་ཞེས་སྨྲ་བ་མི་འཐད་དེ། བྱ་བ་དུས་གསུམ་ནས་བསྒྲུབ་བྱར་འགྱུར་ལ། སྒྲུབ་བྱེད་དུ་བཀོད་བཞིན་པའི་རྟགས་ དཔེ་མ་གྲུབ་པ་ཆོས་ཅན། དེར་བཀོད་བཞིན་པའི་བསྒྲུབ་བྱར་ཐལ། དེར་བཀོད་བཞིན་ པའི་ཚེ་ཕྱིར་རྒོལ་གྱི་ངོ་བོ་གྲུབ་མ་ཟིན་པས་སོ། ཤེས་བྱ་ཆོས་ཅན། བསྒྲུབ་བྱ་སྟོན་པ་དམ་ བཅའི་མཚན་ཉིད་དུ་བཀོད་པ་ལ་རྟགས་དཔེ་མ་གྲུབ་པ་བསྒྲུབ་བྱར་ཐལ་བའི་སྐྱོན་འབྱུང་སྟེ། བསྒྲུབ་བྱའི་སྒྲ་དུས་གསུམ་གྱི་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་ཐམས་ཅད་ཀྱི་རྗོད་བྱེད་དུ་འཇུག་ པས་སོ། ། ཤེས་བྱེད་ནས་ལ་བརྟེན་མིན་ལ། བསྒྲུབ་བྱ་ཞེས་པའི་སྒྲ་ཆོས་ཅན་སྔར་རྒོལ་གྱིས་ད་ལྟ་ བསྒྲུབ་བྱར་འདོད་པ་ཁོ་ན་སྟོན་པ་མིན་པར་ཐལ། ཤེས་བྱེད་རྟོགས་སྦྱོར་སྐབས་ཀྱི་ཕྱིར་རྒོལ་ གྱིས་གྲུབ་མ་ཟིན་ཐམས་ཅད་རྟོགས་པར་བྱེད་པས་སོ། ། འོ་ན་མ་གྲུབ་པ་ཀུན་དེར་མི་འཕེན་པ་ཅི་ཞེ་ན། དེས་ན་དཔེ་དང་ནས་བྱས་པ་ཡིན་ལ། 1-1-388 རིག་པ་ཅན་གྱི་བསྒྲུབ་བྱ་བསྟན་པ་ནི་དམ་བཅའོ་ཞེས་པ་ལ་སློབ་དཔོན་ཕྱོགས་གླང་གིས་ དཔེ་རྟགས་མ་གྲུབ་པ་གཞན་དོན་བསྒྲུབ་བྱར་ཐལ། ཞེས་འཕངས་པ་འདི་ཆོས་ཅན། རྒྱུ་ མཚན་ཡོད་དེ། སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་གཅིག་གཞན་ དོན་བསྒྲུབ་བྱའི་མཚན་ཉིད་དུ་བཞག་པའི་རྒྱུ་མཚན་ཡིན་པས་སོ། ། དེ་ལྟ་མ་ཡིན་ན། གཞན་དུ་ནས་འགྱུར་ལ། སློབ་དཔོན་ཕྱོགས་གླང་ཆོས་ཅན། རིགས་ པ་ཅན་གྱིས་བསྒྲུབ་བྱ་སྟོན་པ་དམ་བཅའི་མཚན་ཉིད་དུ་འཇོག་པ་ལ་རི་བོང་གི་རྭ་ལ་སོགས་ མ་གྲུབ་པ་ཀུན་བསྒྲུབ་བྱར་ཐལ་ཞེས་འཕེལ་པར་རིགས་པར་ཐལ། ཁོ་ཡི་མཚན་ཉིད་ཀྱི་ཚིག་ དེས་མ་གྲུབ་པ་ཙམ་བསྒྲུབ་བྱའི་མཚན་ཉིད་དུ་འཕེན་པས་སོ། །རྟགས་ཁས་སོ། །དཔེ་རྟགས་ མ་གྲུབ་པ་བསྒྲུབ་བྱར་མི་འགྱུར་ཏེ་ལས་མིན་པའི་ཕྱིར་དང་དེ་བརྗོད་པ་དམ་བཅས་པའི་ཡན་ ལག་མིན་པའི་ཕྱིར་དང༌། གྲུབ་མཐའ་བཞི་ཡི་སྐབས་ཀྱི་མ་གྲུབ་པ་མིན་པའི་ཕྱིར་ཞེ་ན། ཐམས་ཅད་རྣམ་ནས་ནུས་མ་ཡིན་ལ། མ་འོངས་པ་ན་བསྒྲུབ་བྱར་འགྱུར་བའི་དཔེ་ རྟགས་མ་གྲུབ་པ་ཐམས་ཅད་ཆོས་ཅན། བསྒྲུབ་བྱར་ཐལ། ཤེས་བྱེད་སྐབས་ཀྱི་ཕྱིར་རྒོལ་ གྱིས་གྲུབ་མ་ཟིན་ཡིན་པས་སོ། །ཁྱབ་པ་ཁས་སོ། །འདོད་ན་ལས་སུ་ཐལ་ལོ། །ཁྱབ་པ་ཁས་ སོ། །འདོད་ན། ཁྱོད་ལས་མིན་ཞིང་གྲུབ་མཐའ་མིན་ཅེས་པའི་ལན་གྱིས་ཁྱོད་གཞན་དོན་ བསྒྲུབ་བྱ་ལས་འབྱེད་ནུས་མིན་པར་ཐལ། ལས་ཡིན་ཅིང༌། དེ་ཡི་སྒོ་ནས་གཞན་དོན་བསྒྲུབ་ བྱ་ཡིན་པས་སོ། ། སྔར་མ་གྲུབ་ནས་རུང་མིན་ལ་ཆོས་ཅན། བསྒྲུབ་བྱའི་མཚན་ཉིད་ཡན་ལག་སྟོན་པ་ཁོ་ན་ དམ་བཅའ་ཡིན་ཞེས་པའི་ལན་གྱིས་ཀྱང་ཁྱོད་གཞན་དོན་བསྒྲུབ་བྱ་མིན་པར་རུང་བ་མ་ཡིན་ པར་ཐལ། གཞན་དོན་བསྒྲུབ་བྱ་ཡིན་པའི་ཕྱིར། དེར་ཐལ། ཤེས་བྱེད་སྐབས་ཀྱི་ཕྱིར་རྒོལ་ གྱི་གྲུབ་མ་ཟིན་ཡིན་པས་སོ། །གང་གི་ནས་ཉིད་དུ་མཚུངས་ལ། ཆོས་ཅན། གྲུབ་མཐའ་ཡིན་ 1-1-389 པར་ཐལ་རྒོལ་བས་ཁས་བླངས་པས་སོ། །ཁྱབ་པ་ཁས། གལ་ཏེ་ཆོས་དང་ཆོས་ཅན་ཚོགས་ པ་བསྒྲུབ་བྱ་ཉིད་ཡིན་ཞེ་ན། གཉིས་པོ་ནས་བསྒྲུབ་བྱ་ལ། སྐྱེ་བ་ཅན་ཆོས་ཅན། མི་རྟག་པས་ཁྱད་པར་དུ་བྱས་པའི་ སྒྲའམ། སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་གང་རུང་སྒྲ་མི་རྟག་སྒྲུབ་ཀྱི་བསྒྲུབ་བྱར་ཐལ། སྒྲ་དང་མི་རྟག་པ་ཚོགས་པ་དེ་བསྒྲུབ་བྱ་ཡིན་པས་སོ། །འདོད་དེ་སྔ་མ་དེ་ཡིན་ནོ་ཞེ་ན། གཏན་ཚིགས་མཚན་ཉིད་མ་གྲུབ་འགྱུར་ལ་ཆོས་ཅན། དེ་སྒྲུབ་ཀྱི་གཞན་དོན་གྱི་རྟགས་ ཡང་དག་ཏུ་མ་གྲུབ་པར་ཐལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་དང༌། མཐུན་དཔེ་བུམ་ པ་གཉིས་ཀྱི་ཐུན་མོང་གི་ཆོས་སུ་དེ་ཡི་ཕྱིར་རྒོལ་གྱིས་མ་ངེས་ཤིང་མི་རྟག་པས་ཁྱད་པར་དུ་ བྱས་པའི་སྒྲ་དེ་དེའི་བསྒྲུབ་བྱ་ཡིན་པས་སོ། །རྟགས་ཁས་སོ། །མ་ཁྱབ་ན་དཔེ་དང་ཆོས་མཐུན་ པས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་འགལ་རྟགས་སྔ་ མའང་དེ་ལ་སྒྲིག་གོ། དཔེ་ཡི་མཚན་ཉིད་མ་གྲུབ་ལ། བུམ་པ་ཆོས་ཅན། སྐྱེ་བ་ཅན་གྱི་སྒྲ་མི་ རྟག་སྒྲུབ་ཀྱི་མཐུན་རྐྱེན་ཡང་དག་ཏུ་མ་གྲུབ་པར་ཐལ། མི་རྟག་པས་ཁྱད་པར་དུ་བྱས་པའི་སྒྲ་ དང༌། སྐྱེ་བ་ཅན་དུ་ཆོས་མཐུན་པར་དེ་ཡི་ཕྱི་རྒོལ་གྱིས་མ་ངེས་ཤིང༌། དེ་འདྲའི་སྒྲར་དེ་དེ་ཡི་ བསྒྲུབ་བྱ་ཡིན་པས་སོ། །རྟགས་ཁས་ཁྱབ་ན། སྒྲུབ་པར་བྱ་བ་དང༌། ཆོས་མཐུན་པས། དེ་ཡི་ ཆོས་ཡོད་པ་ཅན་མཐུན་རྐྱེན་ཡང་དག་གི་མཚན་ཉིད་ཡིན་པ་བུད་ཚོགས་དོན་ལ་ངེད་ཀྱི་དཔེ་ རྟགས་ཀྱི་ནང་གི་བསྒྲུབ་བྱའི་སྒྲ་དེའི་དོན་མི་སྲིད་ཕྱིར་ན། དེ་གཉིས་ཀྱི་ནང་གི་བསྒྲུབ་བྱའི་སྒྲ་ ཆོས་ཅན་ལ་འཇུག་པ་ཡིན་པར་འདོད་ན། བསྟན་བཅོས་ནས་འགྱུར་བ་ཡིན་རྩ་བར་མིན་ལ། དཔེ་རྟགས་ཀྱི་མཚན་ཉིད་སྟོན་མི་ རིགས་པ་ཅན་ཡིན་པའི་བསྟན་བཅོས་ཆོས་ཅན། དཔེ་རྟགས་ཀྱི་མཚན་ཉིད་མ་འཆོལ་བར་ སྟོན་བྱེད་དུ་དོན་མེད་པར་ཐལ། ཁྱོད་ཀྱིས་བསྟན་པའི་དཔེ་རྟགས་ཀྱིས་མཚན་ཉིད་ལ་མ་ 1-1-390 ཁྱབ་ཁྱབ་ཆེས་པའི་སྐྱོན་འཇུག་པས་དཔེ་རྟགས་ཀྱི་མཚན་ཉིད་སྐྱོན་མེད་གཞན་ཤེས་པར་ བྱས་ནས་འཇུག་དགོས་པས་སོ། ། སྒྲུབ་བྱེད་བསྟན་ནས་རྟོགས་ལ། དེ་ཡི་གཞན་དོན་བསྒྲུབ་བྱ་ཡིན་ན་དེ་ཡི་ཕྱིར་རྒོལ་གྱི་ ངེས་ཟིན་མ་བརྗེད་པ་མིན་པའི་དོན་དེ་ཆོས་ཅན། ཁྱོད་རྟོགས་པའི་ཆེད་ཁོ་ན་རིགས་པ་ཅན་ གྱི་དམ་བཅའི་མཚན་ཉིད་དུ་ཁོ་ན་སྔར་མེད་གསར་དུ་སྨོས་མི་དགོས་པར་ཐལ། རིགས་པ་ ཅན་པས་སྔར་སྒྲུབ་བྱེད་རྟགས་ཀྱི་མཚན་ཉིད་བསྟན་པའི་ཤུགས་ཉིད་ལས་ཁྱོད་རྟོགས་པས་ སོ། ། མ་གྲུབ་ན་སྔར་བཤད་ལྟར་དེ་རྟགས་ཀྱི་མཚན་ཉིད་ཡིན་པ་བུད། གཏན་ཚིགས་སོགས་ནས་དོགས་པའང་མེད་ལ། སྒྲུབ་བྱེད་དུ་བཀོད་པའི་རྟགས་དཔེ་མ་ གྲུབ་པ་ཆོས་ཅན། ཁྱོད་གཞན་དོན་བསྒྲུབ་བྱ་ཡིན་པ་སེལ་བའི་ཆེད་ཁོ་ནར་རིགས་པ་ཅན་གྱི་ དམ་བཅའི་མཚན་ཉིད་དུ་ཁོ་ན་སྔར་མེད་གསར་དུ་སྨོས་མི་དགོས་པར་ཐལ། རིགས་པ་ཅན་ གྱི་དཔེ་རྟགས་ཀྱི་མཚན་ཉིད་ལས་ཁྱོད་གཞན་དོན་བསྒྲུབ་བྱ་དོགས་པ་མེད་པར་བྱས་པའི་ ཕྱིར་ཏེ་རིགས་པ་ཅན་པའི་དཔེ་རྟགས་ཀྱི་མཚན་ཉིད་ཀྱི་ཚིག་གིས་ཁྱོད་གཞན་དོན་བསྒྲུབ་ བྱར་འཕངས་ཟིན་པས་སོ། །མ་གྲུབ་ན་དཔེ་རྟགས་ཀྱི་མཚན་ཉིད་དང་སྒྲིག་གོ། སྔར་ངེས་བཟུང་ནས་དོན་མེད་ལ། ཁོ་ནའི་སྒྲ་ཆོས་ཅན་བསྒྲུབ་བྱ་གྲུབ་ཟིན་དང་སྒྲུབ་ བྱེད་བསྒྲུབ་བྱ་མིན་པར་བསྟན་པ་ཁོ་ནའི་ཆེད་དུ་རིགས་པ་ཅན་གྱི་དམ་བཅའི་མཚན་ཉིད་དུ་ སྔར་མེད་གསར་དུ་སྨོས་པ་དོན་མེད་པར་ཐལ། རིགས་པ་ཅན་གྱི་དཔེ་རྟགས་ཀྱི་མཚན་ཉིད་ ཀྱི་ཚིག་གིས་དེ་དག་གཞན་དོན་བསྒྲུབ་བྱར་འཕངས་ཟིན་པས་སོ། ། དེ་ཕྱིར་ཤུགས་ཀྱིས་དཔེར་བརྗོད་པས་ལ། ཆོས་ཅན། དམ་བཅའ་ཁོ་ནའོ་ཞེས་དམ་ བཅའི་ཕྱིས་བརྗོད་དགོས་པར་ཐལ། དམ་བཅའི་སྔར་སྨོས་པ་དོན་མེད་ཅིང་དེ་ཡི་སྔ་ཕྱི་གང་ རུང་དུ་སྨོས་དགོས་པས་སོ། །རྟགས་ཁས་སོ། །འདོད་དགོས་པས། ཁྱབ་པའི་འབྲས་ཅན་ 1-1-391 ཡིན་པར་རྟོགས་ལ། བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་པའི་ཚིག་ཆོས་ཅན། མི་ལྡན་ རྣམ་དཔྱོད་ཀྱི་འབྲས་བུ་ཅན་དུ་ཐལ། བསྒྲུབ་བྱ་སྟོན་པ་དམ་བཅའ་ཁོ་ནའོ་ཞེས་པའི་ཚིག་ ཡིན་པས་སོ། །འདོད་ན་རྟགས་དཔེ་མ་གྲུབ་པ་ཆོས་ཅན། དམ་བཅའ་ཁོ་ནར་ཐལ། ཤེས་བྱེད་ སྐབས་ཀྱི་ཕྱིར་རྒོལ་གྱི་གྲུབ་མ་ཟིན་པ་ཡིན་པས་སོ། །རྟགས་ཁས་སོ། །གསུམ་པ་ནི། ཚད་ མ་མདོར། གཏན་ཚིགས་དམ་བཅའ་དང་འགལ་བ། །དམ་བཅའི་སྐྱོན་ཞེས་རིགས་པ་མིན། ། ཞེས་སོགས་འཆད་དེ། རིགས་པ་ཅན་པ་ན་རེ། དམ་བཅའ་བ་དང་གཏན་ཚིགས་འགལ་བ་ ནི་དམ་བཅའི་སྐྱོན་ཏེ། སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པ་ཡིན་པའི་ཕྱིར། ཞེས་པ་ལྟ་བུ་སྟེ། སྒྲ་ རྟག་ན་ཐམས་ཅད་མི་རྟག་པར་འགལ་ཐམས་ཅད་མི་རྟག་ན་སྒྲ་རྟག་པ་འགལ་ཏེ། སྒྲ་ཡང་ ཐམས་ཅད་དུ་འདུ་བས་སོ་ཞེ་ན། དམ་བཅའ་དང་རྟགས་འགལ་བའི་དོན་ཡང་རྟགས་འདོད་ཡུལ་དང་འབྲེལ་པ་མེད་པ་ ཡིན་མོད། དེ་ཡང་འདོད་ཡུལ་བསྒྲུབ་པ་ལ་ཕན་པ་མེད་པའམ་ལྷན་ཅིག་མི་གནས་པ་སྟེ་ རྟགས་ཕྱོགས་ཆོས་མ་གྲུབ་པ་ཡིན་དང་པོ་དེ་ལྟ་ན་རྟགས་ཀྱི་སྐྱོན་ནས་བསྟན་ཟིན་ཏོ་ལ། མ་ གྲུབ་པའམ་སོགས་རྟགས་སྐྱོན་བུད་དམ། ཆོས་ཅན་དེ་ཡི་དམ་བཅའི་སྐྱོན་དུ་ཐལ། དེ་ཡི་ བསྒྲུབ་བྱ་བསྒྲུབ་མི་ནུས་པས་སོ། །ཁྱབ་སྟེ། ཕྱོགས་སྐྱོན་ཡིན་ན་གཞན་རྟགས་དཔེ་ལ་ལྟོས་ པ་ནི་མ་ཡིན་ནོ། །ཞེས་བསྟན་ཟིན་ཏོ། །འདོད་མི་ནུས་ཏེ། རྟགས་སྐྱོན་ཡིན་པས་སོ། །གཉིས་ པ་ལྟར་ན། འདོད་ལ་མེད་པའང་མ་གྲུབ་ཡིན། །རྟགས་ཕྱོགས་ཆོས་མ་གྲུབ་པ་ཆོས་ཅན། དམ་བཅའི་སྐྱོན་མིན་པར་ཐལ། རྟགས་མ་གྲུབ་ཡིན་པས་སོ། ། མི་རྟག་གཏན་ཚིགས་ནས་བཟློག་པར་འགྱུར་ལ། མི་རྟག་པ་ཆོས་ཅན། སྒྲ་རྟག་པ་ འགོག་སྟེ། རྟག་པའི་འགལ་ཟླ་དངོས་སྒྲ་ཡི་སྟེང་དུ་ཚད་མས་མ་གྲུབ་པའི་དོན་དེ་ཡིན་པས་ སོ། ། 1-1-392 འདི་ལ་དཔེ་བསྟན་ནས་ཡོད་ལ། སྒྲ་རྟག་སྟེ་ཐམས་ཅད་མི་རྟག་པའི་ཕྱིར་ཞེས་པའི་སྦྱོར་ ངག་ཆོས་ཅན། མི་རྟག་པ་དེ་དེ་སྒྲུབ་ཀྱི་དམ་བཅའ་དང༌། རྟགས་འགལ་བའི་དམ་བཅའི་སྐྱོན་ མིན་པར་ཐལ། དེ་སྒྲུབ་ཀྱི་ཆོས་མཐུན་པའི་སྦྱོར་བ་ཆ་མཐུན་ཞིག་བསྟན་གྱི་མི་རྟག་པ་སྒྲ་རྟག་ སྒྲུབ་ཀྱི་རྟགས་སུ་མ་འཕངས་པས་སོ། ། ཁྱད་པར་ནས་དེ་ཁྱབ་མིན་རྩ་བར་ཡིན་ལ་ཆོས་ཅན། སྒྲ་མི་རྟག་པར་འཕེན་པ་མ་ཡིན་ པར་ཐལ། སྒྲ་རྟག་པར་དམིགས་ཀྱིས་བསལ་ཏེ་བརྗོད་ནས་ཐམས་ཅད་མི་རྟག་ཅེས་སྤྱིར་ བཏང་གི་ཚིག་དམིགས་བསལ་གྱི་རྗེས་སུ་འཇུག་པར་སྨྲས་པས་སོ། ། དེ་ལྟ་མ་ཡིན་ན་སྤྱི་རྗེས་སུ་ནས་ཅི་ཞིག་ཡོད་ལ། ཆོས་ཅན། རྟགས་དེ་ལྟར་སྨྲས་པ་དོན་ མེད་པར་ཐལ། སྒྲ་མིན་ཐམས་ཅད་མི་རྟག་པར་མ་འཕངས་པས་སོ། །དེ་ཕྱིར་ནས་གསུངས་ ལ། དེ་ལྟར་དེ་ནི་བཟློག་པར་འགྱུར་དང་གཅིག་གོ། ཡུལ་གཞན་ལ་ནས་བརྗོད་པ་ཡིན་ལ། དེ་འདྲའི་སྦྱོར་ངག་ཆོས་ཅན། སྒྲ་དེ་ཐམས་ཅད་མིན་པར་བརྗོད་པ་ཡིན་ཏེ། སྒྲ་རྟག་ལ་ཐམས་ ཅད་མི་རྟག་ཅེས་སྨྲས་པས་སོ། ། སྤྱི་ནི་ཁྱད་པར་ནས་མིན་ནོ་ལ། སྒྲ་ཆོས་ཅན། ཤེས་བྱ་ཐམས་ཅད་མིན་པ་དེ་ཁྱོད་རྟག་ སྒྲུབ་ཀྱི་མ་གྲུབ་པའི་རྟགས་སུ་ཐལ། ཁྱོད་ཐམས་ཅད་ཡིན་པས་སོ། །དཔེར་ན་སྐབས་འགར་ ཤིང་ཤ་པ་ཉིད་དམ་ཁོ་ན་ནི་ཤིང་མིན་ཞེས་བརྗོད་པ་བཞིན། དཔེར་ན་སྐབས་ནས་ཐམས་ ཅད་མིན་ལ། སྒྲ་ཁོ་ན་ཐམས་ཅད་མིན་ཞེས་པའི་ངག་ཆོས་ཅན། ཁྱོད་ཀྱི་སྒྲ་ཁོ་ནའམ་ཐམས་ ཅད་མིན་ཅེས་བརྗོད་པ་ཙམ་གྱི་སྒྲ་ཐམས་ཅད་མིན་པར་འགྱུར་བ་མིན་པར་ཐལ། ཐམས་ ཅད་སྒྲ་ཁོ་ན་ལ་འཇུག་པ་འགོག་པ་ཙམ་ཡིན་གྱི་སྒྲ་ཐམས་ཅད་ཡིན་པ་མ་བཀག་པས་སོ། ། ཁྱད་པར་ནས་མེད་འགྱུར་ཕྱིར་ལ། ཤེས་བྱ་ཆོས་ཅན། སྒྲ་མིན་ཀུན་ཡང་ཐམས་ཅད་ མིན་པར་ཐལ། སྒྲ་དེ་ཐམས་ཅད་མིན་ལ་དེ་ལྟ་ན་རྒྱུ་མཚན་མཚུངས་པས་སོ། །འདོད་ན་ 1-1-393 ཐམས་ཅད་ཡིན་པ་མེད་པར་ཐལ་ལོ། །ཤེས་བྱ་ཤེས་བྱེད་ནས་མ་གྲུབ་ཕྱིར་ལ། ཤེས་བྱ་ཆོས་ ཅན། རྩོད་གཞི་ཆོས་ཅན། ཉིད་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་མ་འགྲུབ་སྟེ། ཕྱོགས་ཆོས་ཅན་གྱི་ རྟགས་ཡིན་ན་གཞི་རྟགས་ཐ་དད་དགོས་པས་སོ། །ཆོས་ཅན་མ་གྲུབ་ལ། ཆོས་ཅན་སྒྲ་དེ་སྒྲ་ རྟག་པར་སྒྲུབ་པའི་ཕྱོགས་ཕྱོགས་སུ་མ་གྲུབ་སྟེ། རྩོད་གཞི་ཆོས་ཅན། ཉིད་དེ་སྒྲུབ་ཀྱི་ཕྱོགས་ ཕྱོགས་ཆོས་སུ་མ་གྲུབ་པས་སོ། ། དངོས་པོ་ཀུན་ནས་མཚུངས་ཤེ་ན་ལ་རང་བཞིན་གྱི་རྟགས་ཀུན་ཆོས་ཅན། དམ་བཅའི་ དོན་གྱི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པར་ཐལ། དེ་ཡི་དོན་གསུམ་གྱི་ཆོས་ཆོས་ ཅན་ཐ་དད་མེད་པས་སོ། ཞེ་ན། མིན་ནས་ཡོད་ཕྱིར་རོ་ལ། བྱས་པ་ཆོས་ཅན་སྒྲ་མི་རྟག་སྒྲུབ་ ལ། ཆོས་རྟགས་གཞི་རྟགས་ཐ་དད་མེད་པ་མིན་པར་ཐལ། སྒྲ་དང་མི་རྟག་པ་ལྡོག་པ་ཐ་དད་ པས་སོ། །དོན་དམ་ནི་ནས་ཀུན་རྫོབ་ལ། ཆོས་ཆོས་ཅན་ལྡོག་པ་ཐ་དད་པ་ཆོས་ཅན། ཀུན་ རྫོབ་ཡིན་ཏེ། དོན་དམ་པར་དཔྱད་ན་མ་གྲུབ་པའི་ཆོས་ཡིན་པས་སོ། ། ཀུན་རྫོབ་པའི་དངོས་ནས་འགྱུར་ལ། སྒྲ་བྱས་མི་རྟག་པ་ཆོས་ཅན། ཐ་མི་དད་ཀྱི་གཅིག་ དང་རྫས་གཞན་ཡིན་པ་འགོག་སྟེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པས་སོ། །དོན་དམ་ པར་ཆོས་ཆོས་ཅན་ཐ་དད་མེད་པ་ན་དཔག་བྱ་དཔོག་པར་བྱེད་པའི་ཐ་སྙད་ཇི་ལྟར་བྱ་ཞེ་ན། དཔག་བྱ་ནས་བརྟགས་པ་ཡིན་ལ། སྒྲ་བྱས་སོགས་ཆོས་ཆོས་ཅན་ཐ་དད་པ་ཡིན་ཏེ། དོན་དམ་པར་རང་མཚན་ཐ་དད་དུ་གྲུབ་པ་མིན་ཏེ། རྟོག་ངོར་ཆོས་ཆོས་ཅན་ལྡོག་པ་ཐ་དད་ དུ་གྲུབ་པ་ལ་བརྟེན་པ་བརྟགས་པ་ཙམ་ཡིན་པས་སོ། ། བདག་ཉིད་ཅི་ལྟའི་ནས་རྟེན་ཡིན་ནོ་ལ། རྟོག་པ་ལ་སྒྲ་བྱས་མི་རྟག་པ་སོགས་ཆོས་ཆོས་ ཅན་ཐ་དད་པར་སྣང་བ་ཆོས་ཅན། སྒྲ་བྱས་མི་རྟག་པ་སོགས་ཆོས་ཆོས་ཅན་ཐ་དད་པའི་ཐ་ སྙད་འཇུག་པའི་རྟེན་ཡིན་ཏེ། ཁྱོད་ཡུལ་དུ་བྱས་ནས་དེ་འདྲའི་ཐ་སྙད་འཇུག་པས་སོ། ། 1-1-394 འདི་ནི་ཐ་སྙད་ནས་བྱས་པ་ལ་ཤེས་བྱ་ཆོས་ཅན། སྒྲ་ལ་སྒྲ་རྟགས་སུ་བཀོད་པ་ན་ཆོས་ ཅན་ཉིད་རྟགས་སུ་བྱས་པ་ཡིན་ཏེ། སྒྲ་དང་སྒྲ་ལྡོག་པ་ཐ་དད་ཙམ་དུ་རྟོག་ངོར་མི་སྣང་བས་ སོ། །དེས་ན་མ་གྲུབ་བསྟན་ལ། སྒྲ་ཆོས་ཅན་སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་སྟེ། སྒྲ་ དང་གཅིག་ཡིན་པས་སོ། །འདུས་བྱས་ཡང་འདུས་བྱས་བུམ་སོགས་མི་རྟག་པར་བསྒྲུབ་པའི་ ཕྱོགས་ཆོས་མ་གྲུབ་པར་ཐལ། དེ་ཡི་གཞི་རྟགས་ཐ་དད་མེད་པས་སོ། །ཞེ་ན། དེས་ན་བྱེ་བྲག་ནས་རྟགས་ཅན་ཉིད་ལ། འདུས་བྱས་ཆོས་ཅན། འདུས་བྱས་བུམ་སོགས་ མི་རྟག་པར་བསྒྲུབ་པའི་གཞི་རྟགས་ཐ་དད་མེད་པའི་མ་གྲུབ་པ་མིན་ཏེ། བུམ་སོགས་དེ་ཁྱོད་ ཀྱི་བྱེ་བྲག་ཁྱོད་དེའི་སྤྱི་ཡིན་པའི་སྒོ་ནས་དེ་དང་ལྡོག་པ་ཐ་དད་པས་སོ། །དཔེར་ན་རྩོལ་བྱུང་ ཉིད་ཀྱི་ཕྱིར། རྩོལ་བྱུང་སྒྲ་ནི་མི་རྟག་ཅེས་པ་བཞིན་རྩོལ་བྱུང་དེ་རྩོལ་སྒྲའི་ཁྱད་པར་ཡིན་པས་ གཞི་རྟགས་ཐ་དད་མེད་པའོ་ཞེ་ན། ཕྱོགས་ཡན་ལག་ནའང་ནས་མ་གྲུབ་མིན་ལ། རྩོལ་བྱུང་ཆོས་ཅན། རྩོལ་བྱུང་སྒྲ་ཡི་ཁྱད་ པར་བྱེད་ཆོས་ཡིན་ཡང་རྩོལ་བྱུང་སྒྲ་ལས་ཐ་དད་དུ་མ་གྲུབ་པ་མ་ཡིན་པར་ཐལ། ཡིན་ཡང་ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པ་ལ་གནོད་པ་མེད་པས་སོ། །དཔེར་ན་གོང་བུ་ར་ཅན་གཡས་མ་ ཆོས་ཅན། རྟ་ཡིན་ཏེ་རྭ་ཅན་ཉིད་ཀྱི་ཕྱིར། ཞེས་པ་བཞིན། ཡང་ན་དེ་རྟོགས་ནས་ཡན་ལག་ཡིནརྩ་བར་མིན་ལ། རྩོལ་བྱུང་ཆོས་ ཅན། རྩོལ་བྱུང་གིས་སྒྲ་མི་རྟག་པར་བསྒྲུབ་པའི་དུས་སུ་རྩོལ་བྱུང་གི་སྒྲ་ཡི་ཆ་ཤས་མིན་ཏེ། རང་གིས་མི་རྟག་པར་དཔོག་པའི་ཆོས་ཅན་སྒྲ་དེ་རྩོལ་བ་ལ་ལྟོས་པའི་སྒྲ་གཅིག་ཡིན་པར་ མཚོན་པར་བྱས་ནས་རྩོལ་བྱུང་གི་སྒྲ་ཡི་ནང་དུ་འདུ་བ་ལྡོག་པའི་ཕྱིར། དཔེར་ན་གོས་དཀར་ ཅན་ཁྲིད་ཤོག་ཅེས་པ་ནས་གོས་དཀར་གྱིས་ཁྲིད་བྱའི་སྐྱེས་བུ་མཚོན་པར་བྱས་ནས་ཁྲིད་ འོང་བའི་བྱ་བའི་ནང་དུ་མི་འདུ་བ་བཞིན་ཆོས་མཆོག་གོ། ཆོས་ཐ་དད་ནས་འཐད་མ་ཡིན་ལ། 1-1-395 ཉན་བྱ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་པ་མིན་པར་ཐལ། སྒྲ་དང་ལྡོག་པ་ ཐ་དད་པས་སོ། ། གཉིས་པ་གཏན་ཚིགས་ཚད་མ་མདོར། གང་ཕྱིར་གཏན་ཚིགས་དག་དང་ནི། །དེར་སྣང་ ཕལ་ཆེར་ཕྱོགས་ཆོས་ཉིད། །དེས་ན་གཏན་ཚིགས་སོགས་དོན་གྱི། །སྔོན་དུ་དེ་དབྱེ་ཕྱོགས་ ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ ཕྱོགས་དག་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །བསྟན་པར་བྱ། །ཞེས་སོགས་ འགྲེལ་བ་ལ་གསུམ། དགུ་རུ་བཏུས་པའི་དགོས་པ་བརྗོད། །ཕྱོགས་ཆོས་ཚིག་ལ་རྩོད་པ་ སྤང༌། དགུ་པོ་སོ་སོའི་དགོས་པ་བསྟན་པའོ། ། དང་པོ་ནི། གཏན་ཚིགས་རབ་ཏུ་ནས་གསུངས་པ་ཡིན་ལ། ཕྱོགས་ཆོས་ཅན་དགུ་ཡི་རབ་ དབྱེ་མདོར་བསྡུས་པར་གསུངས་པ་ཆོས་ཅན། དོན་ཡོད་དེ་རྟགས་ཡང་དག་དང་ལྟར་སྣང་གི་ རབ་དབྱེ་རྒྱ་ཆེན་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པས་སོ། ། གཉིས་པ་ནི། རྟགས་ཆོས་ཅན་གྱི་ཆོས་ཡིན་ན་ཆོས་ཅན་གྱི་ཁྱད་པར་དུ་བྱས་པས་ཆོས་ ཅན་ལས་གཞན་ལ་མི་འཇུག་པར་ཐལ་ལོ། ཞེ་ན། ཆོས་ཀྱི་ཚིག་ཕྲད་ནས་ལྷན་ཅིག་བརྗོད་ ལ། ལྷ་སྦྱིན་གྱི་དུ་ལྡན་ལ་ལ་དུ་བ་ཡོད་པ་ཁོ་ནའོ། །ཞེས་པའི་ངག་ཆོས་ཅན་མི་ལྡན་རྣམ་ གཅོད་ཀྱི་ངག་ཡིན་ཏེ། ཁྱད་པར་དུ་ཡོད་ལ་ཁོ་ནའི་ཚིག་སྦྱར་ཏེ་དུ་ལྡན་ལ་ལ་དུ་བ་ཡོད་པར་ ཁོ་ན་ཞེས་པའི་ངག་ཡིན་པས་སོ། །ལྷས་སྦྱིན་གྱིས་སྒྲ་ཁོ་ན་ཉན་བྱའོ། །ཞེས་པའི་ངག་ཆོས་ ཅན། གཞན་ལྡན་རྣམ་གཅོད་ཀྱི་ངག་ཡིན་ཏེ། ཁྱད་པར་ཅན་སྒྲ་ལ་ཁོ་ནའི་ཚིག་སྦྱར་ཏེ་སྒྲ་ཁོ་ ན་མཉན་བྱའོ། །ཞེས་པའི་ངག་ཡིན་པས་སོ། །ལྷ་སྦྱིན་གྱིས་བ་ལས་བེའུ་བྱུང་སྲིད་པ་ཁོ་ན་ ཞེས་པའི་ངག་ཆོས་ཅན། མི་སྲིད་རྣམ་གཅོད་ཀྱི་ངག་ཡིན་ཏེ། བྱ་བ་སྲིད་པ་ལ་ཁོ་ནའི་ཚིག་ སྦྱར་ཏེ་བ་ལས་བེའུ་བྱུང་སྲིད་པ་ཁོ་ནའོ་ཞེས་པའི་ངག་ཡིན་པས་སོ། །ངེས་བཟུང་གི་ཚིག་ 1-1-396 དངོས་སུ་མ་སྦྱར་བས་རྣམ་དཔྱོད་རྟོགས་པ་ཡོད་དམ་ཞེ་ན། དེ་སྦྱར་མེད་ཀྱང་ནས་རྣམ་གཅོད་ཕྱིར་ལ། ལྷ་སྦྱིན་གྱིས་བུམ་པས་ཆུ་འོན་ཞེས་པའི་ངག་ ཆོས་ཅན། ཁྱོད་ཀྱིས་བུམ་པ་ཁོ་ན་ནར་ཆུ་ཁོ་ན་ཁྱེར་འོང་བ་ཁོ་ན་ཞེས་དངོས་སུ་མ་སྦྱར་ཀྱང་ བུམ་པ་ཁོ་ནར་ཆུ་ཁོ་ན་ཁྱེར་བ་ཁོ་ན་གོ་བར་བྱེད་དེ། དེ་ལྟར་མ་སྦྱར་ཀྱང་སྨྲ་བ་པོས་དེ་ལྟར་ བརྗོད་པར་འདོད་ནས། བུམ་པར་ཆུ་འོན་ཞེས་མ་འཆོལ་བར་བརྗོད་པའི་ངག་ཡིན་པས་སོ། ། དཔེར་ན་ནག་པ་འཕོང་རྐྱེན་པའམ་ལ། ལྷས་སྦྱིན་གྱིས་ནག་པ་མདའ་རྐྱེན་པ་ཁོ་ནའོ་ཞེས་ པའི་ངག་ཆོས་ཅན། མི་ལྡན་རྣམ་གཅོད་ཀྱི་ཚིག་ཡིན་ཏེ། ནག་པ་མདའ་རྐྱེན་པ་ཁོ་ནའོ་ཞེས་ པའི་ངག་ཡིན་པས་སོ། །སྲིད་བསྒྲུབ་འཕོང་རྐྱེན་ཞེས་པའམ་ལ། དེས་སྲིད་སྒྲུབ་ཁོ་ན་མདའ་ རྐྱེན་ཞེས་པའི་ངག་ཆོས་ཅན། གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཡིན་ཏེ། སྲིད་སྒྲུབ་ཁོ་ན་མདའ་ རྐྱེན་ཞེས་པའི་ངག་ཡིན་པས་སོ། །སྔོན་པོ་མཚོ་སྐྱེས་འགྱུར་ལ། དེས་པད་མ་སྔོན་པོ་སྲིད་པ་ ཁོ་ན་ཞེས་པའི་ངག་ཆོས་ཅན། མི་སྲིད་རྣམ་གཅོད་ཀྱི་ཚིག་ཡིན་ཏེ། པད་མ་སྔོན་པོ་སྲིད་པ་ཁོ་ ན་ཞེས་པའི་ངག་ཡིན་པས་སོ། ། དེར་ཡང་ཟླ་བོ་ནས་རྗེས་འབྲང་ཕྱིར་ལ། ངག་འཇུག་པ་ན་ཆོས་ཅན། ལྷས་སྦྱིན་དཔའ་ བ་ཁོ་ན་ཞེས་བརྗོད་པས་ལྷས་སྦྱིན་མི་དཔའ་བ་གཅོད་ཀྱི་ལྷ་སྦྱིན་མི་ཡིན་པ་སོགས་གཅོད་ པ་མིན་ཏེ། ངག་ལ་སྦྱར་བའི་ཚིག་ཕྲད་ཀྱིས་སྨྲ་བ་པོའི་འདོད་པས་དམིགས་པའི་འགལ་ཟླ་ གཅོད་པར་འཇིག་རྟེན་ན་གྲགས་པའི་ཕྱིར་དང༌། དེས་དེ་གཅོད་ནུས་པའི་ཕྱིར་དང་རྗོད་བྱེད་ སྒྲ་ནི་ཁོ་རང་གི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་ནས་དོན་སྟོན་པས་སོ། ། དེས་ན་མི་ལྡན་ནས་སྐྱོན་རྟེན་མིན་ལ། བྱས་པ་ཆོས་ཅན། སྒྲས་ཁྱད་པར་དུ་བྱས་པས་ སྒྲ་ལས་གཞན་ལ་རྗེས་འགྲོ་མེད་པ་མིན་ཏེ། མི་ལྡན་རྣམ་གཅོད་ཀྱི་སྒྲས་ཁྱད་པར་དུ་བྱས་པ་ ཙམ་ཡིན་པས་སོ། ། 1-1-397 གསུམ་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཕྱོགས་ཆོས་ཅན་དགུར་ཕྱེ་བ་ ལ་དགོས་པ་ཅི་ཡོད་ཅེ་ན། རང་བཞིན་འབྲས་བུ་ནས་གཉིས་དང་ལ། ཕྱོགས་ཆོས་ཅན་དུ་ སྒྲ་མི་རྟག་སྟེ་བྱས་པས་སོ། །རིག་བྱེད་སྒྲ་ཡི་ཆ་ཤས་འཛིན་པའི་ལྷས་སྦྱིན་གྱི་ཉན་ཤེས་མ་ འཁྲུལ་བ་ཆོས་ཅན། རང་རྒྱུར་གྱུར་པའི་སྒྲ་མི་རྟག་པ་སྔོན་དུ་སོང་སྟེ་རིག་བྱེད་སྒྲ་ཡི་རྐྱེན་ རྩལ་མ་ཐག་ཏུ་བྱུང་བའི་རིག་སྒྲའི་ཆ་ཤས་ཐོས་པའི་ཉན་ཤེས་ཡིན་པས་སོ། །ཞེས་པའི་ གཏན་ཚིགས་གཉིས་སྨོས་པ་ཆོས་ཅན། དོན་ཡོད་དེ་རང་བཞིན་རྟགས་དང་འབྲས་རྟགས་ སུ་རྟོགས་པའི་ཚུལ་གསུམ་པའི་རྟགས་ཐམས་ཅད་རྟགས་ཡང་དག་ཏུ་རྟོགས་པའི་ཆེད་ཡིན་ པས་སོ། །བཟློག་པ་གཉིས་ལ་དེར་སྒྲ་རྟག་སྟེ་བྱས་པས་སོ། །དེ་འདྲའི་ལྷས་སྦྱིན་གྱི་ཉན་ ཤེས་མ་འཁྲུལ་བ་ཆོས་ཅན། རང་རྒྱུ་རྟག་སྟེ། དེ་ཡི་ཕྱིར་ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ་ འབྲས་རང་གཉིས་རང་རང་གི་བསྒྲུབ་བྱའི་ཆོས་ཅན་ལ་རང་རང་གི་རྒྱུ་དང་ཁྱབ་བྱེད་བཀག་ པ་བསྒྲུབ་ན་རྟགས་འགལ་བར་འགྱུར་རོ། །ཞེས་རྟོགས་པའི་ཆེད་ཡིན་པས་སོ། ། རྩོད་ཕྱིར་ཁྱད་པར་ལ། དེར་སྒྲ་རྟག་སྟེ། ཉན་བྱ་ཡིན་པས་སོ། །ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ། རིགས་པ་ཅན་པ་སོགས་རྗེས་འགྲོ་མེད་པར་ལྡོག་པ་རྐྱང་པ་ཅན་གྱི་རྟགས་ཡང་ དག་ཡོད་པ་རྩོད་པ་དགག་པའི་ཆེད་ཡིན་པས་སོ། །སྤྱི་དག་སྟེ་ལ་དེར་སྒྲ་རྟག་སྟེ་གཞལ་བྱ་ ཡིན་པས་སོ། །ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ་རིགས་པ་ཅན་སོགས་ལྡོག་པ་མེད་པར་ རྗེས་འགྲོ་རྐྱང་པ་ཅན་གྱི་རྟགས་ཡང་དག་ཡོད་པར་རྩོད་པ་དགག་པའི་ཆེད་ཡིན་པས་སོ། ། ལྷག་མ་ནས་བྱེད་ཡིན་ལ། དེར་སྒྲ་ཆོས་ཅན་རྩོལ་བ་ལས་བྱུང་སྟེ་མ་བྱུང་མི་རྟག་པས་ སོ། །རྟག་སྟེ་རེག་བྱ་ཅན་ཡིན་པས་སོ། །ཞེས་སྨོས་པ་ཆོས་ཅན། དོན་ཡོད་དེ་རང་གི་མཐུན་ ཕྱོགས་ལ་ཁྱབ་པ་ཙམ་དང་མཐུན་ཕྱོགས་ཀྱི་ཕྱོགས་གཅིག་ལ་མཐོང་བ་ཙམ་དང་ཕྱོགས་ གཉིས་ཀ་ལ་ཆ་གཉིས་པ་ཙམ་གྱིས་རྟགས་ཡང་དག་ཏུ་མི་འགྱུར་གྱི། རྟགས་ཡང་དག་ཡིན་ན་ 1-1-398 རིང་གི་མི་མཐུན་ཕྱོགས་ཐམས་ཅད་ལ་མེད་པ་གཅིག་དགོས་ཞེས་རྟོགས་པའི་ཆེད་ཡིན་པས་ སོ། ། གཉིས་པ་ལ་གསུམ། ཡང་དག་གཉིས་སྨོས་པའི་དགོས་པ། ཁྱད་པར་ལྡོག་པ་ཅན་གྱི་ དགོས་པ། མ་དམིགས་ལོགས་སུ་མི་སྟོན་པས་སོ། །དང་པོ་ནི། རང་བཞིན་ཉིད་ལ་ནས་སྲིད་ ཕྱིར་ལ། རིག་བྱེད་སྒྲ་ཡི་རྐྱེན་རྩལ་མ་ཐག་ཏུ་བྱུང་བའི་རིག་བྱེད་སྒྲ་ཡི་ཆ་ཤས་ཐོས་པའི་ཉན་ ཤེས་ཆོས་ཅན། རིག་བྱེད་སྒྲ་ཡི་ཆ་ཤས་འཛིན་པའི་ལྷ་སྦྱིན་གྱི་ཉན་ཤེས་མ་འཁྲུལ་བ་རང་རྒྱུ་ སྒྲ་མི་རྟག་པ་སྔོན་དུ་སོང་བར་བསྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པ་མ་ཡིན་ཏེ། ཁྱོད་མེད་ཀྱང་སྒྲ་མི་རྟག་པ་དེ་འབྱུང་བས་སོ། ། དེ་ཕྱིར་ནས་འཇུག་ལ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་ཆ་གཉིས་པ་ཅན་ཡིན་ ཏེ། དེ་ལ་འཇུག་ཅིང་ཁྱབ་བྱེད་དུ་མི་འཇུག་པས་སོ། །སྔར་ཡོད་པ་ནས་ངེས་པ་མིན་ཏེ། རིག་ བྱེད་སྒྲ་ཆོས་ཅན་རང་འཛིན་ཉན་ཤེས་རང་གི་རྐྱེན་རྩལ་མ་ཐག་ཏུ་འབྱུང་བ་མ་ཡིན་པར་ཐལ། རང་གི་རྐྱེན་རྩོལ་བའི་སྔར་ནས་ཡོད་པའི་རྟག་པ་ཡིན་པས་སོ། །སྒྲིབ་བྱེད་དབང་ནས་མིན་ པའི་ཕྱིར་རོ། །ཤེས་བྱ་ཆོས་ཅན། རིག་སྒྲ་རྟག་པ་ཐོབ་པའི་ཤེས་པ་ལྕེ་རྐན་སོགས་རྩོལ་བའི་ དངོས་འབྲས་མ་ཡིན་པར་ཐལ། ལྕེ་རྐན་ལ་སོགས་པའི་རྩོལ་བ་དེ་རིག་སྒྲ་ཐོས་པའི་སྒྲིབ་ བྱེད་སེལ་བ་དང་སྒྲ་ཐོས་པའི་དབང་པོ་དང་རིག་སྒྲ་གང་ལའང་མི་ཕན་པས་སོ། །རྟགས་མ་ གྲུབ་ན་རིག་སྒྲ་རྟག་པ་བུད། ལྟོས་པ་མེད་པར་ནས་འགལ་བའི་ཕྱིར་ལ། རིག་སྒྲ་ཆོས་ཅན། རང་འཛིན་ཉན་ཤེས་རྟག་ཏུ་བསྐྱེད་པར་ཐལ། རྐྱེན་ལ་ལྟོས་མེད་དེ་བསྐྱེད་པས་སོ། །ཤེས་ པ་འདི་འདྲ་ནས་བརྟགས་ཡིན་ལ། སྔར་བཤད་དེ་འདྲའི་ཉན་ཤེས་ཆོས་ཅན། དེ་འདྲའི་ལྷས་ སྦྱིན་གྱི་ཉན་ཤེས་མ་གྲུབ་པ་རང་རྒྱུ་སྒྲ་མི་རྟག་པ་སྔོན་དུ་སོང་པར་དཔོག་པའི་འབྲས་རྟགས་ ཡིན་ཏེ། ཚུལ་གསུམ་གང་གི་རང་རྒྱུ་སྒྲ་མི་རྟག་པའི་འབྲས་བུར་གྲུབ་པས་སོ། ། 1-1-399 བདག་ཉིད་ཀྱིས་ནས་གྲུབ་ལ། དེར་འབྲས་རྟགས་ཀྱི་དཔེར་བརྗོད་པའི་རྩོལ་བྱུང་ཆོས་ ཅན། ཁྱོད་ཀྱིས་རང་བཞིན་རྟགས་ཀྱི་དཔེར་བརྗོད་ཡང་གྲུབ་སྟེ། མཐུན་ཕྱོགས་ལ་ཆ་གཉིས་ པའི་རང་བཞིན་རྟགས་དང་འབྲས་རྟགས་གཉིས་ཀའི་ཐུན་མོང་གི་དཔེ་ཡིན་པས་སོ། །ཀྱང་ ཐ་དད་བྱས་པ་ནི་ནས་ཤེས་མི་འགྱུར་ལ། དེར་བྱས་པ་རང་བཞིན་རྟགས་ཀྱི་དཔེར་བྱས་པ་ ཆོས་ཅན། དོན་ཡོད་དེ། རང་བཞིན་གྱི་རྟགས་ཐམས་ཅད་མཐུན་ཕྱོགས་ལ་ཆ་གཉིས་པ་ཁོ་ ནར་དོགས་པ་སྐྱེ་བའི་གནས་མེད་པར་བྱེད་པའི་ཆེད་ཡིན་པས་སོ། ། རྗེས་སུ་དཔག་པར་ནས་བཤད་དེ་ལ། གཞན་དོན་རྗེས་དཔག་ཏུ་རྟགས་ཀྱི་རབ་དབྱེ་ བཤད་པ་ཆོས་ཅན། དོན་ཡོད་དེ། མཐུན་ཕྱོགས་ལ་ཁྱབ་པ་དང་ཆ་གཉིས་པ་ལ་སོགས་པའི་ རྟགས་ཀྱི་རབ་དབྱེ་བྱེ་བྲག་ཏུ་རྟོགས་པའི་ཆེད་ཡིན་པས་སོ། ། མཚན་ཉིད་ལ་ནི་ཐ་དད་མེད་ལ། རྟགས་ཡང་དག་ཆོས་ཅན་ཁྱོད་ཀྱི་མཚན་ཉིད་ཚུལ་ གསུམ་པོ་ལས་མ་རྟོགས་པ་མེད་དེ། ཚུལ་གསུམ་པོ་ཉིད་ཁྱོད་ཀྱི་མཚན་ཉིད་ཡིན་པས་སོ། ། དེས་འདིར་ནས་བཤད་ལ། མཐུན་ཕྱོགས་ལ་ཆ་གཉིས་པའི་རང་བཞིན་གྱི་རྟགས་ཆོས་ ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེར་མ་བསྟན་པ་མ་ཡིན་པར་ཐལ། དེར་བསྟན་པའི་འབྲས་ རྟགས་ཀྱི་དཔེར་བརྗོད་ཀྱིས་ཁྱོད་བསྟན་པས་སོ། ། དེས་ན་རྩོལ་མང་བརྗོད་ལ། རིག་སྒྲའི་རྐྱེན་རྩོལ་བ་ལས་བྱུང་པའི་རིག་སྒྲའི་ཆས་གསལ་ ཏེ་ཐོས་པའི་ཤེས་པ་ནི་སྔར་བཤད་ལྟར་འབྲས་རྟགས་ཡིན་པ་དང༌། རིག་སྒྲ་ཆོས་ཅན། མི་ རྟག་སྟེ་རྩོལ་བ་ལ་སྐྱེས་པའི་ཕྱིར། ཞེས་པ་ཆ་གཉིས་པའི་རང་བཞིན་གྱི་རྟགས་ཡིན་ལ་དེ་ གཉིས་ཀ་རྩོལ་བ་ལས་བྱུང་པའི་ཕྱིར། ཞེས་ཚིག་འདྲ་བར་དཔེར་སློབ་དཔོན་གྱིས་བརྗོད་དོ། ། ཕྱོགས་ཆོས་ཅན་དུ་རྩོལ་བྱུང་འབྲས་རྟགས་ཀྱི་དཔེར་སྨོས་པ་ཆོས་ཅན། དོན་ཡོད་དེ། མཐུན་ ཕྱོགས་ལ་ཆ་གཉིས་པའི་རང་བཞིན་རྟགས་དང་འབྲས་རྟགས་དཔེར་བརྗོད་གཅིག་གིས་སྟོན་ 1-1-400 པའི་ཆེད་ཡིན་པས་སོ། །འོ་ན་འབྲས་རང་གཉིས་སོ་སོར་སྟོན་པའི་དགོས་པ་ཅི་ཞེ་ན། ཡོད་པ་གང་ནས་འདི་རབ་ཕྱེ་ལ། དུ་བ་ཆོས་ཅན། མེ་ལས་མི་འཁྲུལ་ཏེ། མེ་ལ་དེ་བྱུང་དུ་ འབྲེལ་བས་སོ། །བྱས་པ་ཆོས་ཅན། མི་རྟག་པ་ལ་མི་འཁྲུལ་ཏེ། མི་རྟག་པ་ལ་བདག་གཅིག་ ཏུ་འབྲེལ་བས་སོ། །ཕྱོགས་ཆོས་ཅན་དུ་འབྲས་རང་གཉིས་སོ་སོར་བྱེ་བ་ཆོས་ཅན། དོན་ ཡོད་དེ། འབྲས་རྟགས་རང་གི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་འབྲེལ་པའི་སྒོ་ནས་མི་འཁྲུལ་རང་ བཞིན་བདག་ཅིག་འབྲེལ་པའི་སྒོ་ནས་མི་འཁྲུལ་ལོ་ཞེས་རྟོགས་པའི་དོན་དུ་སྨོས་པས་སོ། ། ལྡན་པ་ཅན་སོགས་ནས་བཤད་པ་ཡིན་ལ། ལྡན་པ་ཅན་དང་འདུ་བ་ཅན་ལ་སོགས་པའི་ འབྲེལ་པ་ལ་བརྟེན་པའི་རྟགས་ཆོས་ཅན། རང་ལྡན་པ་ཅན་ལ་སོགས་པར་སོང་བའི་སྦྱོར་བ་ སྐོར་གཅིག་པོ་དེའི་རྟགས་ཡང་དག་མིན་པར་ཐལ། དེ་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ལ་མི་ འཁྲུལ་བར་མ་ངེས་པའི་ཕྱིར་ཏེ། དེ་ལ་བདག་ཅིག་དེ་བྱུང་གི་འབྲེལ་པ་གང་ཡང་མེད་པས་ སོ། །རྟགས་བསལ་ལོ། ། དེ་དག་ལ་མི་འཁྲུལ་བའི་འབྲེལ་པ་ཡོད་པ་མིན། ཞེ་ན། ལྡན་པ་ཅན་ལ་སོགས་པའི་ རྟགས་ཆོས་ཅན། བདག་གཅིག་དེ་བྱུང་གང་ལས་ཀྱང་མ་རྟོགས་པའི་ལྡན་འདུ་ལ་སོགས་ པའི་འབྲེལ་པ་རང་མཚན་ཁོ་ནའི་རྒྱུ་མཚན་གྱིས་རྟགས་ཡང་དག་ཏུ་གྱུར་པ་མ་ཡིན་པར་ཐལ། རང་གི་བསྒྲུབ་བྱའི་ཆོས་ལ་རང་བཞིན་འབྲེལ་པའི་སྒོ་ནས་རྟགས་ཡང་དག་ཏུ་འགྱུར་པས་སོ། ། རྟགས་བསལ་ལོ། །ཁྱབ་སྟེ། རང་བཞིན་འབྲེལ་པ་དེ་ཉིད་རྟགས་ཡང་དག་གིས་བསྒྲུབ་བྱ་ དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན་པས་སོ། ། ངེས་པ་མེད་ནས་སྒྲུབ་བྱེད་མ་ཡིནརྩ་བར་མིན་ལ། རྟགས་འགོད་པ་ན་ཆོས་ཅན། རྟགས་ ཡང་དག་ལ་རང་བཞིན་འབྲེལ་པ་ལས་མ་རྟོགས་པའི་ལྡན་འདུ་སོགས་ཀྱི་འབྲེལ་པ་མི་ འཐད་དེ། རང་གི་བསྒྲུབ་བྱའི་ཆོས་ལ་རང་བཞིན་འབྲེལ་པ་ངེས་ན་རྟགས་དེ་ཆོས་དེ་ལ་མི་ 1-1-401 འཁྲུལ་བ་ཡིན་པས་ལྡན་འདུ་སོགས་མི་དགོས་རྟགས་ཆོས་རང་བཞིན་འབྲེལ་པ་མེད་ན་ལྡན་ འདུ་སོགས་ཡོད་ཀྱང་རྟགས་ཡང་དག་ཡིན་པས་སོ། །གཉིས་པ་ལ་ལྔ། འབྲེལ་པ་མེད་པས་ སྲོག་སོགས་ལྡོག་པ་ཅན་མ་ཡིན། སྲོག་སོགས་ལྡོག་པ་ཅན་དུ་སྒྲུབ་པ་དགག མཉན་སྲོག་ མཚུངས་པས་སྲོག་ལྡོག་པ་ཅིག་པུ་ཅན་མིན། འགལ་འབྲེལ་གང་ཡང་མེད་པས་སྲོག་ལྡོག་ པ་ཅན་མིན། མཉན་བྱ་ལྡོག་མེད་ཀྱི་དཔེར་སྨོས་པས་དེ་དགག་པར་བསྟན་པའོ། །དང་པོ་ནི། བྱེ་བྲག་རིགས་པ་ཅན་དག་གསོན་ལུས་བདག་དང་བཅས་ཏེ་སྲོག་སོགས་དང་ལྡན་པས་སོ། ། ཞེས་པ་ལྡོག་པ་གཅིག་པུ་ཅན་ཡིན་ནོ་ཟེར་རོ། ། ལྡོག་ན་ཉིད་ནི་ནས་བརྗོད་ལ། སྲོག་སོགས་ཆོས་ཅན། བདག་ལ་འབྲེལ་པ་གྲུབ་པར་ ཐལ། ཁྱོད་ཀྱི་གསོན་ལུས་བདག་བཅས་ཀྱི་ལྡོག་ཁྱབ་ངེས་པས་སོ་དེ་ཡང་འབྲེལ་པ་མེད་པ་ མེད་ལ་ཆོས་ཅན། ཁྱོད་དེ་ཡི་ལྡོག་ཁྱབ་མེད་པར་ཐལ། བདག་དང་འབྲེལ་པ་མེད་པས་སོ། ། སྔ་མ་འདོད་ན། དེ་ཉིད་ནས་གནས་ལ། ཆོས་ཅན་དེ་ཡི་མཐུན་ཕྱོགས་ལ་རྗེས་འགྲོ་གནས་པར་ཐལ། བདག་དང་རང་བཞིན་འབྲེལ་པ་གྲུབ་པས་སོ། །རང་གི་བདག་ནས་ཡོད་མ་ཡིན་ལ་སྲོག་ སོགས་ཆོས་ཅན། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གང་ཡང་མ་གྲུབ་པར་ཐལ། བདག་དང་ བདག་གཅིག་དེ་བྱུང་གི་འབྲེལ་པ་གང་ཡང་མེད་པས་སོ། །ཁྱབ་སྟེ། དེ་ཡི་ལྡོག་ཁྱབ་གྲུབ་ན། རྟགས་དེ་ཡི་ཆོས་ལ་བདག་གཅིག་དེ་བྱུང་གང་རུང་གྲུབ་དགོས་པས་སོ། །མ་མཐོང་བ་ཙམ་ ནས་བཤད་ལ། མཉན་བྱ་ཆོས་ཅན། ཁྱོད་ཀྱི་སྒྲ་རྟག་སྒྲུབ་ཀྱི་ལྡོག་ཁྱབ་རྣལ་མར་གྲུབ་པའི་ རྒྱུ་མཚན་ཁོ་ནས་དེ་སྒྲུབ་ཀྱི་ལྡོག་པ་ཅན་དུ་སློབ་དཔོན་གྱིས་བཤད་པ་མ་ཡིན་ཏེ། སྐྱེས་བུ་ འགའ་ཡི་ངོར་ནི་དེ་སྒྲུབ་ཀྱི་ཕྱོགས་གཉིས་ལ་མ་མཐོང་བ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་སྒྲུབ་ ཀྱི་ལྡོག་པ་ཅན་དུ་བཤད་པས་སོ། ། 1-1-402 དེའི་ཕྱི་ནས་མ་ངེས་པ་ལ་ཆོས་ཅན། དེ་སྒྲུབ་གྱི་མ་ངེས་པའི་རྟགས་ཡིན་ཏེ། དེ་བསྒྲུབ་ཀྱི་ ལྡོག་ཁྱབ་ལ་ཐེ་ཚོམ་ཟ་ནས་ལྡོག་ཁྱབ་འཁྲུལ་པའི་ཕྱོགས་ཆོས་ཡིན་པས་སོ། །གཞན་དུ་ནས་ འགྱུར་ལ། ཆོས་ཅན་དེ་ཡི་རྟག་ཡང་དག་ཏུ་ཐལ། དེ་ཡི་ཕྱོགས་ཆོས་དང་ལྡོག་ཁྱབ་ཡིན་པས་ སོ། ། གཉིས་པ་ནི། གལ་ཏེ་གསོན་ལུས་ཆོས་ཅན། སྲོག་སོགས་ལྡོག་པར་ཐལ། བདག་ལྡོག་ པས་སོ། །བུམ་སོགས་བཞིན། ཁྱབ་སྟེ། སྲོག་སོགས་མེད་པས་བདག་མེད་པ་ལ་ཁྱབ་པར་ འགྱུར་བས་ཕྱིར་ཐལ་བ་ལས་སྲོག་སོགས་ཡོད་པས་གསོན་ལུས་བདག་བཅས་སུ་གྲུབ་པོ་ཞེ་ ན། དེ་ཡོད་མ་ཡིན་ནས་མི་རུང་ཕྱིར་ལ། ཤེས་བྱ་ཆོས་ཅན། སྲོག་སོགས་མེད་པས་བདག་ མེད་ལ་ཁྱབ་པ་མིན་པར་ཐལ། སྲོག་སོགས་དང་བདག་གཅིག་གི་འབྲེལ་པ་མེད་པས་རྫས་ གཞན་ཡིན་པས་སོ། །རིག་བྱེད་ཀྱི་མཐར་སྨྲ་བ་ལྟར་ན། སྲོག་སོགས་དེ་བདག་དེ་ཡི་བདག་ དང་བྱེ་བྲག་པ་ལྟར་ན་བདག་དེ་ལས་བྱུང་བ་ཡིན་པས་བདག་ལྡོག་ནས་སྲོག་སོགས་ལྡོག་གོ ། ཞེ་ན། གལ་ཏེ་བདག་ནི་ནས་དེ་བསྒྲུབརྩ་བར་གྲུབ་མེད་ལ་སྲོག་སོགས་ཆོས་ཅན། བདག་གི་ དངོས་འབྲས་མ་ཡིན་པར་ཐལ། བདག་ཕན་བྱེད་དུ་ཡོད་ན་ཁྱོད་སྐྱེ་བར་མཐོང་བ་མེད་ན་ སྐྱེ་བར་མ་མཐོང་བའི་དངོས་པོ་མེད་པས་སོ། །དེར་ཐལ། བདག་དེ་གཏན་ནས་ཚད་མས་ དམིགས་བྱ་མིན་པས་སོ། །སྔ་མ་ལ་ཁྱབ་པ་ཡོད་དེ་གལ་ཏེ་སྲོག་སོགས་འདི་བདག་གི་དངོས་ འབྲས་སུ་གྲུབ་ན། བདག་འཕེན་བྱེད་དུ་དམིགས་ན་དེ་སྐྱེ་བ་དམིགས། བདག་ཕན་བྱེད་དུ་ རྟོགས་པ་མིན་ན་དེ་སྐྱེ་བ་མ་རྟོགས་པ་གཅིག་དགོས་པས་སོ། །གཞན་ལ་འཐོང་མེད་ནས་ ཞེས་གང་ལས་ལ། བདག་ཆོས་ཅན། གསོན་ལུས་ལ་ཡོད་ཅིང་བུམ་སོགས་ལ་མེད་ཅེས་ཚད་ 1-1-403 མས་མི་རྟོགས་པར་ཐལ། བདག་དེ་གཞི་གང་ལ་ཡང་མཐོང་རུང་དུ་མེད་པའི་ཕྱིར། འདོད་ ན་ལྡོག་པ་ཤེས་ནས་ཇི་ལྟར་ཡིན་ལ། བུམ་སོགས་ཆོས་ཅན། ཁྱོད་བདག་མེད་དུ་ཚད་མས་ རྟོགས་པའི་སྒོ་ནས་བདག་མེད་པ་ལ་སྲོག་སོགས་མེད་པས་ཁྱབ་པ་གྲུབ་པ་མིན་པར་ཐལ། ཁྱོད་ལ་བདག་མེད་པར་ཚད་མས་ཤེས་པ་མེད་པས་སོ། ། སྲོག་སོགས་ལ་ལར་ནས་རྟོགས་པར་འགྱུར་ལ། བདག་ཆོས་ཅན་གསོན་ལུས་ལ་ཡོད་ བུམ་སོགས་ལ་མེད་པར་མངོན་སུམ་གྱིས་མི་རྟོགས་པར་ཐལ། གང་དུ་ཡང་མཐོང་རུང་མིན་ པས་སོ། །ཁྱབ་སྟེ། ཞེས་གཞུང་གཉིས་དཔེ་དོན་དུ་སྦྱར་རོ། ། རྒྱུ་གང་ཞིག་ནི་ནས་རིགས་པ་ཡིན་ལ། གསོན་ལུས་ཆོས་ཅན། བདག་མེད་པའི་ཕྱིར། སྲོག་སོགས་མེད་པར་ཐལ་ཞེས་པའི་ཁྱབ་པ་མ་ངེས་པར་ཐལ། བློ་ལ་སོགས་པ་མེད་ན་སྲོག་ སོགས་མེད་པར་འགྱུར་གྱི་བདག་ལྡོག་པས་སྲོག་ལྡོག་པ་མེད་པའི་ཕྱིར་ཏེ། བདག་སྲོག་ འབྲེལ་མེད་དོན་གཞན་ཡིན་པས་སོ། །རྟགས་བསལ་ལོ། ། གལ་ཏེ་ཅུང་ཟད་ནས་དེར་རྟོག་ན་ལ། བདག་མེད་དུ་མཐུན་པའི་ཤི་བའི་ལུས་དང་བུམ་ སོགས་རྣམས་ཅུང་ཟད་སྲོག་མེད་དུ་མཐུན་པས་ཅུང་ཟད་སྲོག་སོགས་ཡོད་པས། གསོན་ལུས་ རྣམས་བདག་བཅས་སུ་དཔོག་ནུས་ཞེ་ན། གཞལ་བྱ་ཉིད་ཕྱིར་ནས་ཅིས་མི་དཔོག་ལ། ཤེས་བྱ་ཆོས་ཅན། གསོན་ལུས་རྣམས་ བདག་བཅས་དང་གཞལ་བྱ་ཡིན་པས་གཞལ་བྱ་ཡིན་པའི་རྟགས་ཀྱིས་བུམ་སོགས་རྣམས་ བདག་བཅས་སུ་དཔོག་ནུས་པར་ཐལ། ཕྱོགས་སྔ་དེ་ཡི་ཕྱིར། རྟགས་བསལ་ལོ། །བུམ་ སོགས་བདག་བཅས་སུ་མི་དཔོག་སྟེ། དེར་གྲུབ་མཐའ་ལས་མི་འདོད་པས་སོ། །ཞེ་ན་བུམ་ སོགས་ཆོས་ཅན། བདག་བཅས་སུ་འདོད་པར་རིགས་པར་ཐལ། དེར་ཚད་མས་གྲུབ་པས་སོ། ། དེར་ཐལ། གསོན་ལུས་དང་གཞལ་བྱར་མཐུན་པས་སོ། ། 1-1-404 ཚད་མ་ཉིད་ནས་གང་གིས་ནསརྩ་བར་ནུས་ལ། ཆོས་ཅན་སྔ་མ་ལ་ཁྱབ་པ་ཡོད་དེ། དེ་ དང་དེར་ཚད་མས་གྲུབ་པ་ཉིད་དེ་དང་དེར་འདོད་པར་རིགས་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ་ དེ་དང་དེར་ཚད་མས་གྲུབ་པ་མེད་ན་ཡོད་མེད་ལ་སོགས་པའི་རྣམ་བཞག་མ་ནོར་བར་མི་ནུས་ པས་སོ། །གལ་ཏེ་བློ་སོགས་དེ་དག་ཀྱང་བདག་མེད་ན་མེད་པས་བདག་ལྡོག་ན་སྲོག་ལྡོག་གོ་ ཞེ་ན། སྲོག་དག་མིག་ནས་སྐྱེས་ཡིན་ལ། དབུགས་འབྱུང་རྔུབ་དང་མིག་འབྱེད་འཛུམས་ཆོས་ ཅན། བདག་རྟག་པ་ལས་སྐྱེས་པ་མིན་ཏེ། ལུས་ཀྱི་ནུས་པ་དང་བློ་དང་རྩོལ་བ་ལས་སྐྱེས་ པས་སོ། ། ཤིང་ཐོག་སྐྱུར་པོ་སོགས་ཀྱི་གཟུགས་མཐོང་པའམ་དྲི་ཚོར་བ་ལས་ལྕེའི་དབང་པོའི་ འགྱུར་བ་འགྲམ་ཆུ་ལྡང་བ་ཆོས་ཅན། ཆོས་འདྲ། སྐྱུར་པོ་སོགས་དྲན་པ་དང་མངོན་པར་ འདོད་པ་ལས་སྐྱེས་པས་སོ། །དྲན་འདོད་རྩོལ་བ་དེ་དག་ཆོས་ཅན། ཆོས་འདྲ། རྒྱུ་ཡུལ་དབང་ བདག་བློ་སྔ་མ་ལས་བྱུང་བས་སོ། །དེ་ཡི་རྒྱུ་ཡུལ་དབང་བློ་དེའང་ཆོས་ཅན། ཆོས་འདྲ། ཕན་ ཚུན་ལྷན་ཅིག་བྱེད་རྐྱེན་ལ་ལྟོས་པའི་རང་གི་ཉེར་ལེན་རིགས་འདྲ་སྔ་མ་ལས་བྱུང་བས་སོ། ། དེ་ཙམ་ལས་ནས་བརྟེན་ཡིན་ལ། དངོས་པོར་གྱུར་པའི་སྐྱེ་མཆེད་དྲུག་ཆོས་ཅན། ཆོས་ འདྲ། རང་རང་གི་རིགས་འདྲ་སྔ་མ་སོགས་རྒྱུ་རྐྱེན་ཚོགས་པ་ཙམ་ལས་བྱུང་བས་སོ། །དེར་ ཐལ། དེ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པས་སོ། །གཞན་དུ་རྟོག་ན་ཐུག་པ་ མེད་ལ་སྲོག་སོགས་ཆོས་ཅན། ནམ་མཁའ་དང་རི་བོང་རྭ་ལ་སོགས་པའང་རྒྱུར་ཐལ། བདག་ རྟག་པས་བསྐྱེད་པས་སོ། ། གསུམ་པ་ལ་གཉིས། མཚུངས་པའི་རྒྱུ་མཚན་དངོས། མི་མཚུངས་པའི་གཞན་ལན་ དགག་པའོ། །དང་པོ་ནི། འཁྲུལ་པ་ཉིད་ཀྱིས་ནས་འགྱུར་ལ། སྲོག་སོགས་ཆོས་ཅན། དེ་སྒྲུབ་ 1-1-405 ཀྱི་ལྡོག་ཁྱབ་འཁྲུལ་པའི་ཆ་ནས་མཉན་བྱ་སྒྲ་རྟག་སྒྲུབ་ཀྱི་ལྡོག་ཁྱབ་འཁྲུལ་པ་དང་མཚུངས་ པར་ཐལ། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་ལ་ཐེ་ཚོམ་ཟ་ནས་དེ་གཉིས་འཁྲུལ་བས་སོ། །འདོད་ ན། དེ་ཡི་རྟགས་ཡང་དག་ཏུ་འགལ། གཉིས་པ་ལ་གསུམ། མི་མཚུངས་པ་ཡི་རྒྱུ་མཚན་དགོད། དེ་ལ་གནོད་བྱེད་རིགས་པས་ བསྟན། སླར་ཡང་དེ་ཡི་སྐྱོན་སྤོང་དགག་པའོ། །དང་པོ་ནི། དེ་གཉིས་དེ་ལྟར་མཚུངས་པ་མ་ ཡིན་ཏེ། སྲོག་སོགས་ལྡོག་པ་ཅན་ཡིན་ཡང་མཉན་བྱ་དེ་ནི་དེ་ཡི་ལྡོག་པ་འཁྲུལ་བའི་ཕྱིར་ཞེ་ ན། ཇི་ལྟར་ན་མཉན་བྱ་དེ་ཆོས་ཅན། དེ་འཁྲུལ་ཏེ་དེ་ཡི་བསྒྲུབ་པ་ནི་ཉིད་ལས་ལྡོག་པ་མིན་ གྱི། དེ་ཡི་མཐུན་ཕྱོགས་ལས་ཀྱང་ལྡོག་པས་སོ། །ཞེ་ན། གཉིས་པ་ནི། འོ་ན་དོན་གྱིས་དེ་ནས་བརྗོད་འགྱུར་ལ། མཉན་བྱ་ཆོས་ཅན་སྒྲ་རྟག་སྒྲུབ་ ཀྱི་མཐུན་ཕྱོགས་ལ་འཇུག་པ་མ་ཡིན་པར་ཐལ། དེ་ལས་ལྡོག་པས་སོ། །འདོད་ན། དེ་ནི་ གཞན་ལའང་མཚུངས་ལ། སྲོག་སོགས་ཆོས་ཅན། གསོན་ལུས་བདག་བཅས་སྒྲུབ་ཀྱི་ལྡོག་ ཁྱབ་འཁྲུལ་བར་ཐལ། མཉན་བྱ་སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་མི་འཇུག་པ་བཞིན་དུ་ཁྱོད་ ཀྱང་དེ་ཡི་མཐུན་ཕྱོགས་ལ་མི་འཇུག་པར་མཚུངས་པས་སོ། །བསྒྲུབ་མིན་ཉིད་ནས་བརྗོད་པ་ ཡིན་ལ། ཆོས་ཅན་དེ་ཡི་མཐུན་ཕྱོགས་ལ་གནས་པར་ཐལ། དེ་ཡི་མི་མཐུན་ཕྱོགས་ཁོ་ན་ལས་ ལྡོག་པའི་དངོས་པོ་ཡིན་པས་སོ། ། དེ་ཡི་ཕྱིར་ནས་བརྗོད་ལ། ཤེས་བྱ་ཆོས་ཅན། རྟགས་མི་མཐུན་ཕྱོགས་ཁོ་ན་ལ་མེད་ཅེས་ པའི་ངག་གིས་རྟགས་མཐུན་ཕྱོགས་ལ་ཡོད་པར་བརྗོད་པར་ཐལ། མི་འཁྲུལ་བའི་རྗེས་སུ་ འགྲོ་ལྡོག་གང་རུང་སྟོན་པའི་ངེས་བཟུང་སྦྱར་བའི་ངག་གིས་དེ་གཉིས་ཀ་སྟོན་པས་སོ། །དེ་ ཕྱིར་རྗེས་འགྲོ་ནས་གྲུབ་མ་ཡིན་ལ། སྲོག་སོགས་ཆོས་ཅན་དེ་ཡི་མཐུན་ཕྱོགས་ཁོ་ན་ལ་མེད་ པའི་ལྡོག་ཁྱབ་མ་གྲུབ་པར་ཐལ། དེ་ཡི་མཐུན་ཕྱོགས་ལ་རྗེས་འགྲོ་མེད་པས་སོ། །བཀག་པ་ 1-1-406 འགོག་ནས་ཅི་འདྲ་ཞིག་ལ། ཆོས་ཅན། དེ་ཡི་མཐུན་ཕྱོགས་ལ་གྲུབ་པར་ཐལ། དེ་ཡི་མཐུན་ ཕྱོགས་ལ་མེད་པ་མིན་པའི་ཆོས་ཡིན་པས་སོ། ། གསུམ་པ་ལ་གཉིས། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གསལ་ བྱེད་པ་ན་རེ། བསྒྲུབ་བྱ་མེད་ནས་ཉིད་ལ་མེད་ལ། ཆོས་ཅན་དེ་ཡི་མཐུན་ཕྱོགས་ཁོ་ན་ལ་མེད་ དེ། དེ་ཡི་མཐུན་ཕྱོགས་ལས་ལྡོག་པ་མེད་པའི་ཕྱིར་ཏེ། མཐུན་ཕྱོགས་དངོས་པོར་མེད་པས་ སོ། །ཁྱབ་སྟེ། དངོས་མེད་ནི་དངོས་མེད་ལ་ཞེས་གནས་གཞི་དང་ལས་ཞེས་འབྱུང་ཁུངས་ལ་ སོགས་པ་མི་རུང་སྟེ། དོན་བྱེད་པས་སྟོང་བས་སོ། །ཞེ་ན། གཉིས་པ་ལ་གཉིས། དངོས་མེད་ལྡོག་ཞི་མིན་པ་དགག མཐུན་ཕྱོགས་དངོས་པོར་མེད་ པ་དགག་པའོ། །དང་པོ་ལ་གཉིས། དངོས་མེད་ལ་ཐ་སྙད་མི་བྱེད་པ་དགག གཞན་སེལ་ བའི་ཐ་སྙད་ཀྱིས་ལམ་རྒྱས་པར་བསྟན་པའོ། །དང་པོ་ནི། མེད་ཅེས་ལྡོག་པ་ནས་འདོད་ལ། གསོན་ལུས་བདག་བཅས་བསྒྲུབ་ཀྱི་མཐུན་ཕྱོགས་དངོས་མེད་ཆོས་ཅན། སྲོག་སོགས་ལྡོག་ པ་དེ་ཁྱོད་ལས་ལྡོག་པར་བརྗོད་པར་མི་རིགས་པར་ཐལ། འབྱུང་ཁུངས་ཀྱི་ཐ་སྙད་མི་རུང་ བས་སོ། །རྟགས་ཁས་སོ། །འདོད་ན། སྲོག་སོགས་ཁྱོད་ལས་ལྡོག་པ་མེད་ཅེས་ཁྱོད་སྨྲ་བ་ འགལ་ལོ། །ལྡོག་པ་མེད་པ་བསྒྲུབ་པ་ཡིན་ལ་ཆོས་ཅན། སྲོག་སོགས་དངོས་པོའི་རྟགས་དེ་ གྲུབ་པར་ཐལ། དེ་མེད་པ་མེད་པའི་ཆོས་ཡིན་པས་སོ། ། དངོས་ཡོད་མེད་ནས་ལྟོས་ལ། གསལ་བྱེད་པ་ཆོས་ཅན། བླུན་པོར་ཐལ། སྲོག་སོགས་ དངོས་པོ་རྣམས་དངོས་མེད་ལ་ཡོད་ཅིང་སྲོག་སོགས་ཀྱི་དངོས་པོ་མེད་པ་དེ་དངོས་མེད་ལ་ ཡོད་པ་མིན་ཞེས་པའི་རྩོད་པའི་ཚེ། ཁས་ལེན་པའི་སྐྱེས་བུ་ཡིན་པས་སོ། ། གལ་ཏེ་དེ་ལས་ནས་འདོད་དམ་ཅི་ལ། ལྡོག་པ་མེད་པ་བསྒྲུབ་པ་ཡིན་དང་གཅིག་གོ ། དེའང་མིན་ན་ནས་ཅི་སྟེ་འགོག་ལ། སྲོག་སོགས་ཆོས་ཅན། དེ་ཡི་མཐུན་ཕྱོགས་དངོས་མེད་ 1-1-407 ལ་མེད་པར་ཐལ། དེ་ལ་ཡོད་པ་མིན་པའི་ཆོས་ཡིན་པས་སོ། །བསྒྲུབ་དང་དགག་པ་ནས་མི་ སྨྲ་ཐོབ་ལ། དངོས་མེད་ཆོས་ཅན། བརྗོད་པའི་ཐ་སྙད་མི་རུང་བར་ཐལ། བསྒྲུབ་སྒྲ་དགག་ སྒྲ་གང་ཡང་མི་རུང་བས་སོ། །དེར་ཐལ། དངོས་པོ་མེད་པས་སོ། །ཁྱབ་པ་ཁས་སོ། །སྔ་མ་ ལ་ཁྱབ་པ་ཡོད་དེ། བསྒྲུབ་ཚིག་དང་དགག་ཚིག་ལས་མ་གཏོགས་པ་སྒྲ་ལས་བྱུང་བ་ཐ་སྙད་ གཞན་ཡོད་པ་མིན་པས་སོ། ། ཡོད་པ་རྣམས་ནས་མེད་པར་འགྱུར་ལ། ཤེས་བྱ་ཆོས་ཅན། སྲོག་སོགས་དགག་པའི་ ཡུལ་མེད་པར་ཐལ། ཆོས་དེ་ཡོད་པའི་གཞིར་ཆོས་དེ་དགག་མི་ནུས་ཀྱི་ཆོས་དེ་མེད་པ་ལའང་ ཆོས་དེ་ལྡོག་པ་མིན་པས་སོ། །གལ་ཏེ་ཡོད་པའི་དངོས་པོ་ཡུལ་དུས་ལ་ལྡོག་ནས་འགོག་ཅེ་ ན། ཇི་ལྟར་དེ་ཡོད་ནས་འགོག་མི་འགྱུར་ཐལ། ཤེས་བྱ་ཆོས་ཅན། ཡོད་པའི་དངོས་པོ་ཡུལ་ དུས་ལ་ལྟོས་ནས་འགོག་པ་མི་འཐད་པར་ཐལ། དངོས་པོ་ཡོད་པ་དེ་ལྟར་ཡང་དངོས་པོ་དེ་ དགག་མི་ནུས། དངོས་པོ་མེད་པ་དེ་ལྟར་ཡང་དགག་མི་ནུས་པས་སོ། ། གཉིས་པ་ལ་གསུམ། སྒྲ་དོན་ཐ་སྙད་ཀྱི་དངོས་ཡུལ་ཡིན་པར་བསྟན། རང་མཚན་དངོས་ ཡུལ་ཡིན་པ་དགག སྒྲ་དོན་ལ་ཐ་སྙད་འཇུག་ཚུལ་བཤད་པའོ། །དང་པོ་ནི། རང་མཚན་ལ་ཐ་ སྙད་བྱར་རུང་གི་དངོས་པོ་དེ་དག་མེད་པ་ལ་ཐ་སྙད་ཇི་ལྟར་རུང་ཞེ་ན། དེ་ཕྱིར་དངོས་དངོས་ ནས་འདོད་པ་ཡིན་ལ། སྒྲ་མི་རྟག་ཅེས་སོགས་སྒྲུབ་པ་དང༌། སྒྲ་རྟག་པ་མིན་ཞེས་སོགས་ དགག་པ་བྱེད་པའི་སྒྲ་རྟོག་ཆོས་ཅན་ཕྱི་རོལ་རང་མཚན་དངོས་ཡུལ་དུ་བྱེད་པ་མིན་ཏེ། སྒྲ་ དོན་དངོས་ཡུལ་དུ་བྱས་ནས་རྟོག་པའི་སྣང་ཡུལ་ལ་འཇུག་པས་སོ། ། དེ་འདྲ་མེད་ནའང་ནས་སྣང་ལ། ཆོས་ཅན་ཕྱི་རོལ་རང་མཚན་རང་གི་དངོས་ཡུལ་དུ་ མེད་ཀྱང༌། རང་གི་ཞེན་ཡུལ་རང་མཚན་ལ་དགག་སྒྲུབ་བྱས་པ་ལྟར་སྣང་སྟེ། མེད་ཡང་རང་ 1-1-408 མཚན་དེ་རྟོག་པ་ལ་སྣང་བའི་དགག་སྒྲུབ་དེ་ལྡན་པར་སྣང་ནས་རང་གི་ཞེན་ཡུལ་རང་མཚན་ དགག་སྒྲུབ་བྱེད་པར་མངོན་པས་སོ། །འོ་ན། སྒྲ་དོན་ཡོད་ཅེས་ཇི་ལྟར་བརྗོད་ཅེ་ན། དེ་ཡང་ སྒྲ་འཇུག་ནས་ཡོད་ཅེས་ལ། ངག་སྨྲ་བ་ན་ཆོས་ཅན། སྒྲ་དོན་ཡོད་ཅེས་བཞག་ཏུ་རུང་སྟེ། རྗོད་ བྱེད་ཀྱི་སྒྲ་འཇུག་པས་སོ། །ཐ་སྙད་བརྟེན་པར་འདོད་ལ། སྒྲ་དོན་ཆོས་ཅན། རང་མཚན་དུ་ ཡོད་པས་ཡོད་པར་བརྗོད་པ་མིན་ཏེ། སྒྲ་རྟོག་གི་ཡུལ་སྒྲོ་བཏགས་སུ་ཡོད་པ་ཙམ་ཡིན་པས་ སོ། ། གཉིས་པ་ནི། དེ་ལྟ་མིན་པར་རང་མཚན་ཁོ་ན་དེ་ཡིན་ན་བསྒྲུབ་ཆོས་དགག་ཆོས་རྣམས་ དངོས་པོ་དང་བདག་ཉིད་གཅིག་གམ་རྫས་ཐ་དད་དང་པོ་ལྟར་ན། དེ་ལྟ་མིན་ནས་ཐ་དད་ མེད་ཕྱིར་ལ། བུམ་པ་ཆོས་ཅན་ཁྱོད་ཀྱི་སྒྲུབ་ཆོས་སྒྲ་རྟོག་གིས་བརྗོད་ཅིང་ངེས་ན། ཁྱོད་ཉིད་ སྒྲུབ་ཆོས་སྒྲ་རྟོག་གིས། ཐམས་ཅད་བརྗོད་ཅིང་ངེས། ཁྱོད་ལ་དགག་རྒྱུའི་ཆོས་གཅིག་སྒྲ་རྟོག་ གཅིག་གིས་བཀག་ན། ཁྱོད་ལ་དགག་རྒྱུའི་ཆོས་ཐམས་ཅད་བཀག་པར་ཐལ། ཁྱོད་ཀྱི་སྒྲུབ་ ཆོས་དགག་ཆོས་ཐམས་ཅད་ཁྱོད་དང་བདག་ཉིད་གཅིག་པས་སོ། །རྟགས་ཁྱབ་ཁས། རྫས་ ཐ་དད་ཡིན་ཞེ་ན། ཐ་དད་ཡིན་ན་ནས་འདུ་མི་འགྱུར་ལ། བྱས་སོགས་བསྒྲུབ་པ་དང༌། རྟག་ དངོས་ཀྱིས་སྟོང་པ་སོགས་དགག་པ་ཆོས་ཅན། སྒྲ་ལ་གཞི་མཐུན་དུ་འདུ་བར་མི་འགྱུར་བར་ ཐལ། སྒྲ་ལས་རྫས་ཐ་དད་པས་སོ། །དཔེར་ན་གཞན་སྔོན་པོ་ལ་དགག་བསྒྲུབ་བྱས་པས་ གཞན་སེར་པོ་ལ་དགག་བསྒྲུབ་བྱས་པར་མི་འགྱུར་བ་བཞིན་ནོ། ། གསུམ་པ་ནི། སྣ་ཚོགས་ཆོས་ཀྱི་ནས་ལྟོས་ལྟ་བུར་ལ། རྗོད་བྱེད་ཀྱི་སྒྲ་དང་རྣམ་རྟོག་ ཆོས་ཅན། དོན་དམ་པར་དེ་ཡི་ཆོས་ཅན་ནམ་ཆོས་གང་ལ་ཡང་སྔར་མེད་གསར་དུ་དགག་ བསྒྲུབ་ཅི་ཡང་བྱས་པ་མིན་ཏེ། ཆོས་ཅན་སྒྲ་ལྟ་བུ་ལ་མི་རྟག་པ་ལྟ་བུའི་ཆོས་གཅིག་ཁྱོད་ཀྱིས་ བསྒྲུབས་ན་དེ་སྒྲ་ལ་གསར་དུ་བརྟེན་པ་ལྟ་བུ་དང༌། མཉན་བྱ་སོགས་གཞན་རྣམས་བཏང་ 1-1-409 སྙོམས་ལྟ་བུ་དང༌། སྒྲ་ལ་མ་བྱས་པ་ལྟ་བུའི་ཆོས་གཅིག་ཁྱོད་ཀྱིས་འགོག་ན། སྒྲ་མ་བྱས་པ་ལྟ་ བུས་གསར་དུ་དབེན་པ་ལྟ་བུ་དང༌། དེ་བྱས་པ་ལ་གསར་དུ་རྟེན་པ་ལྟ་བུར་བསྟན་ནས་འཇུག་ པའི་ཐ་སྙད་ཡིན་པས་སོ། །བྱས་པའི་ཕྱིར་སྒྲ་མི་རྟག་ཅེས་ངེས་པའི་རྗེས་དཔག་གཅིག་ཆོས་ ཅན། སྒྲ་ལ་མི་རྟག་པ་གསར་དུ་ལྡན་པ་ལྟར་སྣང་སྟེ་བྱས་པས་སྒྲ་མི་རྟག་ཅེས་སྒྲུབ་པའི་རྟོག་ པ་ཡིན་པས་སོ། །ཆོས་ཅན་སྒྲ་མཉན་བྱ་ཡིན་པ་སོགས་བཏང་སྙོམས་ལྟ་བུར་བཞག་སྟེ་དེ་ལ་ དགག་བསྒྲུབ་ཅི་ཡང་མི་བྱེད་པའི་རྟོག་པ་ཡིན་པས་སོ། །ཆོས་ཅན་སྒྲ་དེ་རྟག་པས་གསར་དུ་ དབེན་པ་ལྟར་སྣང་སྟེ་བྱས་པའི་རྟགས་ལས་སྒྲ་ལ་རྟག་པ་འགོག་པའི་རྟོག་པ་ཡིན་པས་སོ། ། བརྗོད་པའི་སྒྲ་ལའང་སྦྱར་རོ། །མེད་པ་ཡི་ནི་དོན་ལ། རྗོད་བྱེད་སྒྲ་དང་རྣམ་རྟོག་ཆོས་ཅན། རང་མཚན་གྱི་དབང་ཁོ་ནས་འཇུག་པ་ཡིན་ཏེ། རང་གི་དངོས་པོ་ཡུལ་དུ་བྱས་པ་ལྟར་གྱི་རང་ མཚན་མེད་པའི་ཡུལ་ཅན་ཡིན་པས་སོ། །ཇི་ལྟར་བློས་གཏན་ནས་མ་བཏགས་པར་ཁས་ ལེན་ལ། ཆོས་ཆོས་ཅན་གྱི་ཐ་སྙད་བྱེད་པ་ན་ཆོས་ཅན། ཆོས་ཆོས་ཅན་གྱི་ཐ་སྙད་དེ་བརྟག་པ་ ཙམ་ལ་འཇུག་པ་ཡིན་ཏེ། རྟོག་པས། ཆོས་ཅན་གཅིག་ལ་དགག་སྒྲུབ་ཀྱི་ཆོས་དུ་མར་བསྟན་ པ་བཞིན་དུ་ཆོས་ཆོས་ཅན་གྱི་ཐ་སྙད་བྱེད་པ་པོའི་སྐྱེས་བུས་ཀྱང༌། ཆོས་ཆོས་ཅན་གྱི་ཐ་སྙད་ བདེན་རྫུན་མ་ཕྱེ་བར་ཁས་ལེན་པས་སོ། །ཐ་དད་དོན་རྟེན་ཐོགས་མེད་བག་ཆགས་ནས་ གནོད་མི་འགྱུར་ལ། ཆོས་ཅན། སྒྲ་བྱས་མི་རྟག་སོགས་ཆོས་ཆོས་ཅན་ཐ་དད་པ་ལ་བདེན་ པའི་ཤེས་པས་མི་གནོད་དེ། སྒྲ་བྱས་མི་རྟག་སོགས་ཆོས་ཆོས་ཅན། ཐ་དད་པའི་ཐ་སྙད་དེ་ སྒྲ་མ་བྱས་རྟག་པ་སོགས་ལོག་པ་དུ་མ་ལས་ལོག་པའི་རྒྱུ་མཚན་གྱིས་འཇུག་ཅིང་དེ་འདྲའི་ཐ་ སྙད་དེ་བག་ཆགས་བརྟན་པ་ལས་བྱུང་བའི་ཐ་སྙད་ཡིན་པས་སོ། ། དེ་འབྲས་ཅན་ནས་དོན་ཅིག་ལ། བུམ་པ་ཆོས་ཅན། ཆུ་མི་སྐྱོར་བ་ལས་ལྡོག་སྟེ། ཆུ་སྐྱོར་ བའི་འབྲས་བུ་ཅན་ཡིན་པས་སོ། །གྲང་བ་སྐྱོབ་པ་ལས་ལྡོག་སྟེ་གྲང་བ་སྐྱོབ་པའི་འབྲས་བུ་ 1-1-410 མེད་པའི་དངོས་པོ་ཡིན་པས་སོ། །ཆོས་ཅན་ཆུ་སྐྱོར་བའི་དོན་བྱེད་གྲང་བ་སྐྱོབ་པའི་དོན་མི་ བྱེད་ཅེས་པའི་གཞི་མཐུན་གྱི་ཐ་སྙད་བྱར་རུང་སྟེ། དེ་གཉིས་ཀ་ཡིན་པར་མཚུངས་པས་སོ། ། ཐ་དད་བརྟེན་ཅན་ནས་མཐོང་བ་སྦྱོར་ལ། བུམ་པས་ཆུ་སྐྱོར་ཞེས་སོགས་བསྒྲུབ་པ་དང༌། གྲང་བ་མི་སྐྱོབ་ཞེས་སོགས་དགག་པ་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ལས་བུམ་པ་ལ་དགག་ རྒྱུའི་ཆོས་དང་བསྒྲུབ་རྒྱུའི་ཆོས་རྣམས་དོན་དམ་པར་གསར་དུ་འཕེལ་འགྲིབ་དང་ལྡན་པ་ མིན་ཡང་བུམ་པའི་སྟེང་གི་དགག་བསྒྲུབ་ཀྱི་ཆོས་རྣམས་ལ་སྐྱེས་བུ་སྦྱོར་བར་བྱེད་དེ་བུམ་པ་ དེ་དེ་ལྟ་བུའི་དགག་བསྒྲུབ་ཀྱི་ཆོས་སུ་འབྲེལ་བའི་སྒོ་ནས་ཁྱོད་ཀྱང་བུམ་པ་ལ་དགག་རྒྱུ་དང་ བསྒྲུབ་རྒྱུའི་ཆོས་རྣམས་ལ་འཇུག་ལྡོག་བྱེད་ནུས་སུ་འབྲེལ་བས་སོ། །དེས་ན་དེ་དག་ཀྱང་མི་ ཤེས་སླད་ཅན་ཅེས་པ་ལྟར་ན། ཆོས་ཅན། རང་མཚན་གྱི་གནས་ལུགས་སྣང་ནས་མི་ཤེས་ པའི་བློས་སླད་པ་ཡིན་ཏེ། བུམ་པའི་དགག་སྒྲུབ་ཀྱི་ཆོས་རྣམས་བུམ་པ་དང་རང་མཚན་ཐ་ དད་པར་ཡོད་པ་མ་ཡིན་ཡང་དེ་ལྟ་བུར་བརྗོད་པའི་སྒྲ་ཡིན་པས་སོ། །དེ་དག་བསླད་པའང་ ཤེས་པ་ཡིན་ལ། ཆོས་ཅན་རྫུན་པའམ་སླད་པ་ཁོ་ནར་ཤེས་པར་བྱས་ནས་ཐ་སྙད་བྱེད་པ་པོ་ ཐ་སྙད་ལ་འཇུག་དགོས་པ་མ་ཡིན་ཏེ། ཐ་སྙད་དུ་རང་གི་བསྟན་བྱ་ལ་སྐྱེས་བུ་མི་བསླུ་བས་ སོ། ། གཉིས་པ་ནི། ཡོད་ཉིད་སྒྲུབ་བྱེད་ནས་ཐེ་ཚོམ་འགྱུར་ལ། ཤེས་བྱ་ཆོས་ཅན། བདག་ ཡོད་སྲིད་པར་ཐལ་གསོན་ལུས་ལ་བདག་ཡོད་པའི་སྒྲུབ་བྱེད་རྟགས་ཡང་དག་འཇུག་པས་སོ། ། རྟགས་ཁས། འདོད་ན། གསོན་ལུས་བདག་བཅས་བསྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་པ་བུད། ཁས་བླངས་ཚད་མ་ནས་རིགས་མ་ཡིན་ལ། སངས་རྒྱས་ཆོས་ཅན། ཡིན་ལུགས་ལ་ དཔྱོད་པ་ན། ཁྱོད་ཉིད་ཀྱིས་བདག་མེད་པར་ཁས་བླངས་པ་ཙམ་གྱིས་བདག་མེད་པར་ཁས་ ལེན་པར་མི་རིགས་པར་ཐལ། བདག་མེད་པར་ཚད་མས་གྲུབ་པ་མེད་པར་ཁྱོད་ཀྱིས་བདག་ 1-1-411 མེད་པར་ཁས་བླངས་པས་སོ། ། མེད་ལས་ལྡོག་པ་ནས་ཐེ་ཚོམ་ཟ་ལ། སྲོག་སོགས་ཆོས་ཅན། བདག་མེད་པའི་རྒྱུ་མཚན་ གྱིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལས་ལྡོག་པར་ཚད་མས་མ་ངེས་པར་ཐལ། བདག་དེ་ཡོད་ སྲིད་པས་སོ། །འདོད་ན་དེ་ཡི་ཕྱིར་དེ་ཡི་རྒྱུ་མཚན་གྱིས་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལས་ ལྡོག་པར་ཡང་ཚད་མས་མ་ངེས་པར་ཐལ་ལོ། །ཕུང་པོ་གཉིས་ལས་ནས་ལྡོག་པ་གྲུབ་ལ་ཆོས་ ཅན། བདག་མེད་ཁོ་ན་ལས་ལྡོག་པའི་ཁྱབ་པ་གྲུབ་ན་བདག་བཅས་ལ་ངེས་པར་སྒྲུབ་དགོས་ པ་ལ། ཆོས་གཅིག་ཡིན་ན་བདག་ཡོད་མེད་གང་རུང་གཅིག་ཡིན་དགོས་པས་སོ། ། མ་མཐོང་པ་ཡིན་ཡང་ནས་ཐེ་ཚོམ་ཟ་ལ། ཆོས་ཅན་བུམ་སོགས་འགའ་ལ་མ་མཐོང་ཡང་ བདག་མེད་ཀུན་ལ་མེད་པར་མི་འགྲུབ་པར་ཐལ། མ་མཐོང་ཡང་བདག་མེད་འགའ་ཞིག་ ལ་ཡོད་སྲིད་པས་སོ། །གསལ་ལ་ཁྱབ་བྱེད་ནས་མི་ཆོད་བཞིན་ལ་ཆོས་ཅན། བདག་མེད་ ཀྱི་གསལ་བ་ཀུན་ལ་ཁྱབ་བྱེད་མིན་ཡང་བདག་མེད་ཀུན་ལ་མེད་པར་མ་ངེས་ཏེ། མིན་ཡང་ བདག་མེད་འགའ་ལ་ཡོད་སྲིད་པས་སོ། ། བཞི་པ་ལ་གཉིས། དགག་ཆོས་དང་འགལ་བ་མེད་པས་ལྡོག་པ་མེད། སྒྲུབ་ཆོས་དང་ འབྲེལ་པ་མེད་པས་ལྡོག་པ་མེད་པའོ། །དང་པོ་ནི། ཡོད་ལ་འགལ་བ་ནས་ལྡོག་པར་འགྱུར་ ལ། ཆོས་ཅན། བདག་མེད་ལ་མེད་པར་ཚད་མས་མ་ངེས་པར་ཐལ། དེ་ལ་ཡོད་པ་ལ་འགལ་ བ་མ་མཐོང་བས་སོ། །དེ་བདག་མེད་དང་རྒྱུད་པས་འགལ་ཏེ་བདག་གིས་ཁྱབ་པས་སོ། །ཞེ་ ན། དེ་ཡང་ལ་ལར་ནས་ཅི་ཡོད་ལ་ཆོས་ཅན། བདག་ལ་དེ་བྱུང་ངམ་བདག་གཅིག་ཏུ་འབྲེལ་ བ་གང་རུང་དུ་ཐལ། བདག་གིས་ཁྱབ་ནས། བདག་མེད་དང་རྒྱུད་འགལ་ཡིན་པས་སོ། །དེས་ ན་བདག་མེད་པ་ནས་ཐེ་ཚོམ་ཟ་ལ་ཆོས་ཅན། བདག་མེད་ལས་ཀྱང་ལྡོག་པར་མ་ངེས་པར་ ཐལ། དེ་དང་མི་འགལ་བའི་ཆོས་ཡིན་པས་སོ། ། 1-1-412 ལྡོག་ཏུ་ཆུག་ནས་འདོད་མ་ཡིན་ལ། ཤེས་བྱ་ཆོས་ཅན། བདག་མེད་མེད་པའི་རྒྱུ་མཚན་ ཁོ་ནས་གསོན་ལུས་བདག་བཅས་སུ་མི་གྱུར་བར་ཐལ། མཐུན་ཕྱོགས་ལསའདི་ལ་དམར་ རྟགས་སམ་སྣོག་རྟགས་ཞིག་ཡོད་པས་བརྟག། ཆོས་དེ་མེད་པ་མེད་པས་ཡོད་པ་མིན་པའི་ ཕྱིར། རྟགས་ཁས་ཏེ། དཔེར་ན་ནས་མིན་པར་འདོད་པ་བཞིན་ནོ། །གལ་ཏེ་གཏན་ཚིགས་ ནས་རྗེས་འགྲོ་ཅན་ལ། སྲོག་སོགས་ཆོས་ཅན་དེ་ཡི་མཐུན་ཕྱོགས་ལ་གྲུབ་པར་ཐལ། དེ་ཡི་ མཐུན་ཕྱོགས་ལས་ལྡོག་པ་མེད་པའི་ཆོས་ཡིན་པས་སོ། །མ་ཁྱབ་ན་རྗེས་འགྲོ་ཅན་མིན་ནས་ བདག་བཅས་མིན་ལ། ཤེས་བྱ་ཆོས་ཅན། བདག་མེད་མིན་པ་ཙམ་གྱིས་གསོན་ལུས་བདག་ བཅས་སུ་གྲུབ་པ་མིན་པར་ཐལ། མཐུན་ཕྱོགས་ལས་ལྡོག་པ་མིན་པ་ཙམ་གྱིས་མཐུན་ཕྱོགས་ ལ་ཡོད་པ་མིན་པས་སོ། ། གཉིས་པ་ལ་གཉིས། སྲོག་སོགས་བདག་བསྒྲུབ་པའི་འབྲས་རྟགས་མིན། ཞར་ལ་ བཤད་ཟིན་དྲན་པ་ལ་སྦྱར་བའོ། །དང་པོ་ལ་གསུམ། རྒྱུ་འབྲས་ལ་རྗེས་སུ་འགྲོ་ལྡོག་དགོས། བདག་སྲོག་ལ་རྗེས་སུ་འགྲོ་ལྡོག་མེད། རྒྱུ་འབྲས་ལྡོག་པ་ལ་ལྟོས་མེད་དགག་པའོ། །དང་པོ་ ནི། འཇུག་ལ་གང་གི་ནས་ཅན་གྲུབ་པ་ལ། དུ་བ་ཆོས་ཅན། མེ་མེད་ན་མི་འབྱུང་སྟེ། མེ་ཡོད་ ཁོ་ན་ལས་འཇུག་པས་སོ། ། དེ་ཕྱིར་དེ་ཉིད་ནས་འཇུག་བྱེད་ཡིན་ལ། དུ་བ་ཆོས་ཅན། ཁྱོད་ཡོད་པ་དེ་དུ་ལྡན་ལ་ལ་ མེ་ཡོད་པ་གོ་བར་བྱེད་དེ། མེ་ལྡོག་ན་ཁྱོད་ལྡོག་ཅིང༌། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པས་སོ། ། མེད་ན་ནས་ལྟོས་པ་ཡིན་ལ། མེ་མེད་ན་དུ་བ་མི་འབྱུང་བའི་འབྲེལ་བ་ཆོས་ཅན། སྲོག་སྒྲུབ་ བྱེད་གང་རུང་རུང་གིས་མི་འགྲུབ་སྟེ། རང་གི་སྒྲུབ་བྱེད་ཁྱད་པར་བ་ལ་ལྟོས་པས་སོ། །དེ་གང་ ཞེ་ན། འབྲས་བུ་མཐོང་དང་ནས་འབྲས་བུ་ཉིད་ལ། མེ་རང་ལ་ཕན་བྱེད་དུ་ཡོད་མེད་ཀྱི་རྗེས་ སུ་འགྲོ་ལྡོག་བྱེད་པ་དེ་ཆོས་ཅན། དུ་བ་མེ་ལ་མི་འཁྲུལ་བའི་སྒྲུབ་བྱེད་ཡིན་ཏེ། མེ་དུ་བའི་རྒྱུ་ 1-1-413 དང་དུ་བ་མེའི་འབྲས་བུ་སྒྲུབ་བྱེད་ཡིན་པས་སོ། ། གཉིས་པ་ནི། དེ་ཡོད་ན་ནས་ཡོད་མ་ཡིན་ལ། གསོན་ལུས་ཆོས་ཅན། སྲོག་སོགས་དེ་ ཁྱོད་ལ་བདག་རྟོགས་པར་བྱེད་པའི་རྒྱུ་དངོས་དཔོག་པའི་འབྲས་རྟགས་མིན་པར་ཐལ། སྲོག་ སོགས་ཡོད་ན་བདག་ཡོད་པར་མ་ངེས་པས་སོ། །རྟག་ཏུ་ཡོད་པའམ་ནས་མི་སྲིད་ཕྱིར་ལ། སྲོག་སོགས་ཆོས་ཅན། བདག་གི་དངོས་འབྲས་མ་ཡིན་པར་ཐལ། བདག་ཕན་བྱེད་དུ་མེད་ པས་ཁྱོད་མེད་པར་མི་འགྱུར་བའི་ཕྱིར་ཏེ། བདག་དེ་རྟག་ཁྱབ་ཏུ་ཡོད་པས་སོ། ། གསུམ་པ་ནི། རྒྱུ་འབྲས་ལ་ལྡོག་པ་མི་དགོས་ཏེ། རྒྱུ་ཡོད་པ་ལ་ལར་འབྲས་བུ་མཐོང་བ་ ཙམ་གྱི་རྗེས་འགྲོས་ཀྱང་འགྲུབ་ཟེར་རོ། །འབྲས་བུ་རང་གི་ནས་རང་བཞིན་ལ། འབྲས་བུ་ ཆོས་ཅན། རང་རྒྱུས་བསྐྱེད་བྱ་མ་ཡིན་པར་ཐལ། རང་རྒྱུ་ཕན་བྱེད་དུ་མེད་ཡང་རྒྱུ་རྐྱེན་གཞན་ ལས་བྱུང་བས་སོ། །ཁྱབ་སྟེ། འབྲས་བུའི་རང་བཞིན་འདྲ་མི་འདྲ་ཐ་དད་རྣམས་རྒྱུ་འདྲ་མི་ འདྲ་ཐ་དད་རྣམས་ལས་འབྱུང་དགོས་པའི་ཕྱིར། ཚོགས་པའི་ནུས་པ་ནས་ངོ་བོ་ཉིད་ལ། མྱུ་ གུ་སོགས་དངོས་པོ་སྣ་ཚོགས་པ་རྣམས་ཆོས་ཅན། རང་རྒྱུ་སྣ་ཚོགས་ཀྱིས་བསྐྱེད་དེ། རྫས་ རིགས་སྣ་ཚོགས་པའི་དངོས་པོ་ཡིན་པས་སོ། །ཁྱབ་སྟེ། རྒྱུ་ཚོགས་པའི་ནུས་པ་ཐ་དད་ལས་ འབྲས་བུ་ཐ་དད་སྐྱེད་དགོས་པའི་ཕྱིར། གལ་ཏེ་ཐ་དད་ནས་གཅིག་ཏུ་འགྱུར་ལ། དངོས་པོ་ ཐམས་ཅད་ལ་ཆོས་ཅན། ངོ་བོ་གཅིག་ཏུ་ཐལ། རང་རྒྱུ་སྣ་ཚོགས་ལས་མ་སྐྱེས་པའི་དངོས་ ཡིན་པས་སོ། ། འདི་ཐ་དད་བྱེད་ཐ་དད་བྱེད་མིན་ནའི་དོན། མེ་མེད་བརྒྱ་སྤྱིས་མེ་ཡི་འབྲས་བུ་དུ་བ་བྱེད་ ཅིང་མེ་མེད་ཀྱི་འབྲས་བུ་ཡང་བྱེད་པས། ཇི་ལྟར་དེ་བསྐྱེད་རང་བཞིན་གྱིས་ཁྱབ་པ་མ་ངེས་ ཞེ་ན། རང་བཞིན་གཅིག་ཉིད་ཉམས་ནས་རང་བཞིན་གཉིས་ལ་མེ་མེད་ཀྱི་རྒྱ་སྤྱི་རང་མཚན་ གཅིག་ཆོས་ཅན། རང་མཚན་གཅིག་མིན་པར་ཐལ། མེ་ལ་སོགས་པའི་རྒྱུ་ཚོགས་དང༌། མེ་ 1-1-414 མེད་ཀྱི་དངོས་པོ་གཉིས་ཡིན་པས་སོ། །དེར་ཐལ། དུ་བའི་དངོས་རྒྱུ་ལས་མེས་སྟོང་བའི་ དངོས་པོ་ཡིན་པས་སོ། ། དེས་ན་གཞན་ནི་ནས་དེ་དེ་ཉིད་ལ། ཆོས་ཅན་མེ་ལ་སོགས་པའི་རྒྱུ་ཚོགས་དེ་ཉིད་དུ་ ཐལ། དུ་བ་དངོས་སུ་སྐྱེད་བྱེད་ཡིན་པས་སོ། །དེས་སྐྱེད་རང་བཞིན་ནས་ཇི་ལྟར་འབྱུང་ལ། ཆོས་ཅན་ཁྱོད་ལས་དུ་བ་གསར་དུ་མི་འབྱུང་པར་ཐལ། དུ་བ་སྐྱེད་བྱེད་མིན་པས་སོ། །དེ་ཕྱིར་ རྒྱུ་དང་ནས་ངེས་པ་ཉིད་ལ། ཤེས་བྱ་ཆོས་ཅན། རྒྱུ་འབྲས་མི་འཁྲུལ་ཏེ། རྒྱུ་དུ་བ་གསར་བྱུང་ གི་དངོས་རྒྱུ་ཡིན་ན། མེ་ལ་སོགས་པའི་ཚོགས་པ་ཡིན་ན་དགོས་ཀྱི་དུ་བའི་རྒྱུའི་རིགས་མ་ ཡིན་པ་ལས་དུ་བ་མི་འབྱུང་བས་སོ། ། དེས་ན་རང་བཞིན་ནས་དེ་རྟོགས་འགྱུར་ལ། དུ་བ་ཆོས་ཅན། མེ་ལ་མི་འཁྲུལ་ཏེ། མེ་ འཛིན་མངོན་སུམ་ལས་མེ་དེ་ཁྱོད་ཀྱི་རྒྱུར་རྟོགས་པ་བཞིན། རྗེས་དཔག་གིས་ཀྱང་རྟོགས་ པར་འགྱུར་བས་སོ། །ཆུ་དང་འོ་མ་ནས་ཇི་ལྟར་འགྱུར་ལ། རྒྱུ་རིགས་མཐུན་པ་ལས་ཀྱང་ རིགས་གཅིག་འབྱུང་བ་ཡོད་དེ། རིགས་མི་མཐུན་པའི་ཆུ་དང་འོ་མ་གཉིས་ཀས། འབྲས་ ཆན་བཏུལ་བ་གཅིག་བསྐྱེད་པ་བཞིན་ཞེ་ན། གཤེར་ནུས་གང་ལ་ནས་གཅིག་ཉིད་ལ། རང་ འབྲས་འབྲས་ཆན་རུལ་བ་སོ་སོའི་རྒྱུར་གྱུར་པའི་ཆུ་འོ་མ་གཉིས་ཀ་ཆོས་ཅན། རིགས་གཅིག་ ཏུ་བཞག་ཏུ་རུང་སྟེ། གཤེར་བའི་ནུས་པ་ཅན་ཡིན་པའི་སྒོ་ནས་རང་འབྲས་འབྲས་ཆན་རུལ་ བའི་རྒྱུར་འདྲ་བས་སོ། ། ཅི་ཆུ་འོ་འདི་ནི་རྫས་ཐ་དད་དང་རྫས་གཅིག་པའི་བདག་ཉིད་གཉིས་ཀ་ཡིན་ནམ་ཞེ་ན། ཆུ་འོ་གཉིས་གཅིག་མིན་གྱི་རྫས་ཐ་དད་ཡིན་ན། འོ་ན་དེ་གཉིས་གཤེར་བ་ཉིད་དུ་གཅིག་པ་ ཇི་ལྟར་ཡིན་ཞེ་ན། ཤེས་བྱ་ཆོས་ཅན། ཆུ་འོ་གཉིས་ནུས་པ་གཅིག་ཡིན་ཏེ། དངོས་པོ་ཐམས་ ཅད་རང་རང་གི་ངོ་བོ་མ་འདྲེས་པར་གནས་པས་སོ། །དེ་ཡི་རང་བཞིན་ཅན་ནས་བརྗོད་ 1-1-415 ལ། རང་འབྲས་འབྲས་ཆན་རུལ་པ་གཉིས་ཀྱི་རྒྱུར་གྱུར་པའི་ཆུ་འོ་གཉིས་ཆོས་ཅན། རྫས་ཐ་ དད་ཀྱང་ནུས་པ་རིགས་གཅིག་ཅེས་བརྗོད་དུ་རུང་སྟེ། རང་འབྲས་འབྲས་རུལ་སྐྱེད་བྱེད་ཀྱི་ གཤེར་བའི་དངོས་པོར་རིགས་གཅིག་ཏུ་རྟོགས་པ་བློ་གཅིག་བསྐྱེད་པས་སོ། ། དེ་བཞིན་མེ་ནི་ནས་རྟེན་ཡིན་ལ། མེ་ཡི་ཁྱད་པར་རྣམས་ཆོས་ཅན། རྫས་ཐ་དད་ཀྱང་ མེར་རིགས་གཅིག་ཏུ་རྟོགས་པའི་ངོ་ཤེས་གཅིག་གི་རྒྱུ་ཡིན་ཏེ། ཀྱང་མེ་མིན་ལས་ལྡོག་པའི་ དངོས་པོར་འདྲ་བས་སོ། །དེས་ནི་དུ་བསྐྱེད་པ་ནས་རྟོགས་པ་ཡིན་ལ། དུ་བ་ཆོས་ཅན། དུ་ ལྡན་ལ་ལ་མེ་མེད་བཅད་པའི་སྒོ་ནས། མེ་རྟོགས་པར་བྱེད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ ཞིག་མེ་ཙམ་གྱིས་བསྐྱེད་པས་སོ། ། མེར་ཤེས་ཡན་ལག་ནས་འཁྲུལ་མེད་ཅན་ལ། དུ་བ་ཆོས་ཅན། མེ་ལ་མི་འཁྲུལ་ཏེ། བུད་ ཤིང་ལ་ལྟོས་ནས་མེར་རིགས་གཅིག་ཏུ་ཤེས་པ་བསྐྱེད་པའི་མེ་ཙམ་ལས་བྱུང་བས་སོ། །དེ་ ལྟར་ནས་འགྲུབ་ལ། འབྲས་བུ་རྣམས་ཆོས་ཅན། རང་རྒྱུ་ལ་མི་འཁྲུལ་ཏེ། རང་རྒྱུའི་འབྲས་བུ་ ཡིན་པས་སོ། ། དུ་བ་བུད་ཤིང་ནས་མེ་དེ་ཉིད་ལ། བརྒྱ་སྤྱི་ཆོས་ཅན། རང་གི་དངོས་འབྲས་སྔོ་ཕྱུར་བ་དེ་ དུ་བ་དངོས་མིན་པར་ཐལ། ཁྱོད་མེ་ལ་སོགས་པའི་རྒྱུ་ཚོགས་མིན་པས་སོ། །གལ་ཏེ་དེ་དུ་བ་ དངོས་ཡིན་ན་དེའི་ཕྱིར་ཆོས་ཅན། མེ་ལ་སོགས་པའི་རྒྱུ་ཚོགས་ཉིད་དུ་ཐལ་ལོ། །ཁྱབ་སྟེ། དུ་ བའི་རྟེན་ཉེར་ལེན་དང་བུད་ཤིང་གིས་འགྱུར་བའི་ཡན་ལག་སྟེ། རྐྱེན་དངོས་པོ་ཞིག་ལ་མེར་ འཇོག་པའི་ཕྱིར། གཉིས་པ་ནི། ཇི་ལྟར་རང་རྒྱུ་ནས་བཤད་བཞིན་ནོ་ལ། རང་བཞིན་གྱི་རྟགས་ཐམས་ ཅད་ཆོས་ཅན། རང་གི་བསྒྲུབ་བྱའི་ཆོས་ལ་མི་འཁྲུལ་ཏེ། རང་གི་བསྒྲུབ་བྱའི་ཆོས་ལ་བདག་ གཅིག་ཏུ་འབྲེལ་བར་ལྟོས་མེད་རྟགས་ལ་སོགས་པའི་བསྒྲུབ་བྱེད་ཁྱད་པར་བ་ལས་གྲུབ་ 1-1-416 པས་སོ། །དཔེར་ན་འཇིག་པ་དང་རྟགས་བྱས་པ་ཉིད་ཀྱི་འབྲེལ་བ་གོང་ལེའུ་དང་པོར་ཇི་སྐད་ བཤད་པ་བཞིན་ནོ། །ས་བཅད་མི་གོ། ལྔ་པ་ནི། ལྡོག་ཅན་མཚུངས་པར་ནས་དཔག་པར་བྱ་ལ། ཕྱོགས་ཆོས་ཅན་དགུར། སྒྲ་ རྟག་སྒྲུབ་ཀྱི་ཐུན་མོང་མིན་པའི་རྟགས་མཉན་བྱ་དཔེར་བརྗོད་པ་མཛད་པ་ཆོས་ཅན། དོན་ ཡོད་དེ། སྲོག་སོགས་དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་པར་སྒྲ་རྟགས་སྒྲུབ་ཀྱི་རྟགས་མཉན་ བྱ་དང་མཚུངས་པར་བསྟན་པའི་ཆེད་ཡིན་པས་སོ། །ཇི་ལྟར་རྟགས་ཡང་དག་མིན་ན་སྲོག་ སོགས་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡང་དག་མིན་ཏེ། དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་ལ་ཐེ་ ཚོམ་ཟ་ནས་དེ་གཉིས་འཁྲུལ་བས་སོ། །སྦྱོར་བ་སྐོར་གཅིག་གི་རྗེས་སུ་འགྲོ་ལྡོག་ལ་ཐེ་ཚོམ་ ཟ་ན་དེ་གཉིས་འཁྲུལ་པའི་ལྡོག་པ་ཅན་དུ་འདོད་པའི་རྟགས་ཐམས་ཅན་ཆོས་ཅན། དེ་སྒྲུབ་ ཀྱི་རྟགས་ཡང་དག་ཡིན་ཏེ། དེ་གཉིས་ལ་ཐེ་ཚོམ་ཟ་ནས་དེ་གཉིས་ལ་འཁྲུལ་བས་སོ། ། གསུམ་པ་ལ་གསུམ། ལྡོག་ཁྱབ་བསྟན་པས་རྒྱུ་ཁྱབ་བྱེད་མ་དམིགས་པ་དཔེར་བརྗོད་ ཟིན། རང་བཞིན་རྟགས་ཀྱི་ནང་དུ་འདུས་པས་རང་བཞིན་མ་དམིགས་པ་དཔེར་བརྗོད་ཟིན། སྣང་རུང་མ་དམིགས་པའི་སྦྱོར་བའི་དབྱེ་བ་དང་འགལ་བ་གསུམ་རྒྱས་པར་བཤད་པའོ། ། དང་པོ་ནི། རྒྱུ་དང་ངོ་བོ་ནས་མ་བཤད་དོ་ལ། རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ ཆོས་ཅན། འབྲས་རང་གི་དཔེར་བརྗོད་ལས་མ་རྟོགས་པའི་ཕྱོགས་ཆོས་ཅན་དགུ་ཡི་རབ་ དབྱེར་ཁྱེད་ཀྱི་དཔེར་བརྗོད་སློབ་དཔོན་གྱིས་དངོས་སུ་མ་བཤད་པའི་རྒྱུ་མཚན་ཡོད་དེ། དེར་ འབྲས་རང་གཉིས་རྟགས་ཡང་དག་ཏུ་བསྟན་པས་རྒྱུ་དང་ཁྱབ་བྱེད་ལྡོག་པས་འབྲས་བུ་དང་ ཁྱབ་བྱ་ལྡོག་པར་བརྗོད་པ་ལས་ཁྱོད་ཀྱི་དཔེར་བརྗོད་ཀྱང་དོན་གྱིས་འགྲུབ་པས་སོ། །འོ་ ན་ཡོད་ན་སྣང་རུང་ཞེས་པའི་དོན་སློབ་དཔོན་གྱིས་ཇི་ལྟར་བཤད་ཅེ་ན། མ་དམིགས་པ་དེ་ གཉིས་ལ་ཡོད་ན་ལྟར་རུང་གི་དོན་ཏེ་རྒྱུ་དང་ཁྱབ་བྱེད་དགག་པ་དེ་འདྲ་གཅིག་དགོས་ཞེས་ 1-1-417 བསྟན་པ་ཁོ་ནའོ། །དེ་ལའང་སྐྱེས་བུ་མཐོང་མེད་ནས་དེ་ཞེས་བསྟན་ལ། བདག་ཆོས་ཅན། གསོན་ལུས་བདག་བཅས་བསྒྲུབ་ཀྱི་མི་མཐུན་ཕྱོགས་གང་ལ་ཡང་མེད་པར་མ་ངེས་པར་ ཐལ། གང་དུ་ཡང་ཡོད་ན་མཐོང་རུང་དུ་མེད་པས་སོ། །འདོད་ན་སྲོག་སོགས་ཆོས་ཅན། དེ་ སྒྲུབ་ཀྱི་མི་མཐུན་ཕྱོགས་ཁོ་ན་ལ་མེད་པའི་ཁྱབ་པ་མེད་པར་ཐལ། དེ་ཡི་ཕྱོགས་གང་གི་བདག་ དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པར་མ་ངེས་པས་སོ། །སློབ་དཔོན་ཕྱོགས་གླང་ཆོས་ ཅན། རྒྱུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་ན་ཡོད་ན་སྣང་རུང་གི་རྒྱུ་དང་ཁྱབ་ བྱེད་བཀག་པ་གཅིག་དགོས་ཞེས་བསྟན་ཏེ། ཡོད་ཀྱང་སྣང་མི་རུང་གི་ཆོས་མ་དམིགས་པ་ གཞི་འགར་ཆོས་དེ་མེད་པར་བསྒྲུབ་པའི་རྟགས་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །ཞེས་ཁྱོད་ ཀྱི་བསྟན་བཅོས་རིགས་རྟག་ཏུ་བཤད་པས་སོ། ། འདིས་ནི་དངོས་ལ་ནས་བྱེད་ཕྱིར་ལ། མེ་མེད་ཆོས་ཅན། མཚན་མོའི་རྒྱ་མཚོ་ལ་དུ་བ་ མེད་པར་བསྒྲུབ་པར་བྱེད་དེ། དེ་ཡི་ཚུལ་གསུམ་ཡིན་པས་སོ། །ཤིང་མེད་ལའང་སྦྱར་རོ་སྔ་ མ་དག་གི་ནི་བསྒྲུབ་བར་བྱེད་ཕྱིར་རོ་ལ། འབྲས་རང་གཉིས་ཆོས་ཅན། རང་གི་ཆོས་ཅན་ལ་ ཆོས་རྣམས་གཅོད་མེད་དགག་ཙམ་སྒྲུབ་པ་མ་ཡིན་ཏེ། རང་གི་ཆོས་ཅན་ལ་ཆོས་རང་གི་ཆོས་ ཅན་ལ་ཆོས་རྣམས་གཅོད་མེད་དགག་ཙམ་སྒྲུབ་པ་མིན་བསྒྲུབ་པ་གོ་བར་བྱེད་པས་སོ། ། གཉིས་པ་ལ་ལྔ། དོན་མི་བསྒྲུབ་ཀྱི་ཐ་སྙད་སྒྲུབ་ཏུ་བསྟན། དེས་ན་རུང་བ་དཔོག་པའི་ རང་བཞིན་ཡིན་ཏེ། རུང་བ་དཔོག་པའི་རྟགས་ཀྱི་ངེས་བྱེད་བཤད། དོན་ཉིད་སྒྲུབ་པའི་གནོད་ བྱེད་རིགས་པས་བསྟན་མེད་ངེས་གོ་བྱེད་ཡིན་མིན་ཕྱེ་སྟེ་བཤད་པའོ། ། དང་པོ་ནི། དེ་ལ་དམིགས་རུང་ནས་གཞན་མིན་ལ། དམིགས་རུང་ཡོད་པའི་དོན་ཆོས་ ཅན། སྣང་རུང་དམིགས་པ་ལས་དོན་གཞན་མིན་ཏེ། དམིགས་པ་རུང་བའི་དོན་ཉིད་ཆོས་ ཅན། སྣང་རུང་དམིགས་པ་ལས་དོན་གཞན་མིན་ཏེ། དམིགས་པ་རུང་བའི་དོན་ཉིད་ཁྱོད་ 1-1-418 ཡིན་པས་སོ། །དེ་ཕྱིར་མི་ཤེས་ནས་བཞེད་པ་ཡིན་ལ། ཤེས་བྱ་ཆོས་ཅན། ཡོད་ན་ལྟར་རུང་ གི་དོན་འགའ་མེད་པའི་དོན་ཤེས་ཀྱང་དེ་ཡི་ཐ་སྙད་མི་ཤེས་པའི་སྐྱེས་བུས་དེའི་ཐ་སྙད་ཤེས་ པར་བྱ་བའི་ཕྱིར་དུ་རང་བཞིན་མ་དམིགས་པ་འཇུག་པར་བཞེད་དེ། སྣང་རུང་དམིགས་པའི་ དོན་ཉིད་སྣང་རུང་ཡོད་པ་ཡིན་པས་སོ། ། ཡུལ་མེད་ཕྱིར་དེར་ཡུལ་ཅན་ནས་བཞིན་ལ། ལྟར་རུང་བུམ་པ་ཡོད་ན་དེ་རང་འཛིན་ མངོན་སུམ་གྱིས་མཐོང་དགོས་པ་ལ་དེ་དེས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། མདུན་གྱི་ ས་ཕྱོགས་འདི་ལ་ལྟར་རུང་བུམ་པ་ཡོད་པའི་ཤེས་བརྗོད་ཐ་སྙད་དོན་མཐུན་དང་ལྟར་རུང་ བུམ་པ་ཡོད་མེད་ཐེ་ཚོམ་འགོག་སྟེ། མདུན་གྱི་ས་ཕྱོགས་འདི་ལ་ལྟར་རུང་བུམ་པ་མེད་པའི་ ཤེས་བརྗོད་ཐ་སྙད་དོན་མཐུན་དུ་འཇུག་རུང་སྒྲུབ་པའི་ཚུལ་གསུམ་ཡིན་པས་སོ། ། དམིགས་སུ་རུང་ནས་གཞན་མ་ཡིན་ལ། ཤེས་བྱ་ཆོས་ཅན། སྣང་རུང་བུམ་སོགས་ མེད་པ་དེར་སྣང་རུང་བུམ་པ་སོགས་མི་དམིགས་པ་ལས་དོན་གཞན་མ་ཡིན་ཏེ། སྣང་རུང་ དམིགས་པའི་དོན་དེ་སྣང་རུང་གི་དོན་ཡོད་པ་ཉིད་ཡིན་པས་སོ། །དེ་ཕྱིར་དེ་ཡོད་པ་ལས་ལ། ཆོས་ཅན། སྣང་རུང་གི་དོན་མ་དམིགས་པ་ཁོ་ནས་སྣང་རུང་གི་དོན་མེད་པ་ཉིད་ཡིན་ན་སྣང་ རུང་བུམ་པ་སོགས་མ་དམིགས་པའི་རྟགས་རྣམ་དཔྱོད་ཙམ་དེ་དེས་དག་པའི་ས་ཕྱོགས་སུ་དེ་ མེད་པར་བསྒྲུབ་པའི་དོན་སྒྲུབ་ཁོ་ནར་མི་མཐད་དེ། དེ་འདྲའི་དོན་བསྒྲུབ་ཀྱི་རྟགས་ཡིན་ན་ ས་ཕྱོགས་དེར་རྟགས་དེ་ངེས་པ་ན་བསྒྲུབ་བྱའི་ཆོས་དེ་ངེས་ཟིན་ནས་ཡོད་པས་སོ། །དེ་ཡི་རྒྱུ་ མཚན་ཅན་གྱི་སྒྲ་ཤེས་སྒྲུབ་ལ་ལྟར་རུང་བུམ་པ་ཡོད་ན་ཁྱོད་ཀྱིས་ལྟར་རུང་བུམ་པ་དམིགས་ དགོས་པ་ལ་ཁྱོད་ཀྱིས་བལྟར་རུང་བུམ་པ་མ་དམིགས་པའི་དབང་པོའི་མངོན་སུམ་ཆོས་ཅན། མདུན་གྱི་ས་ཕྱོགས་འདི་འཛིན་པའི་དབང་པོའི་མངོན་སུམ་ལྟར་རུང་བུམ་པ་མེད་པའི་ཤེས་ བརྗོད་ཐ་སྙད་འཇུག་རུང་སྒྲུབ་པའི་རྟགས་ཡང་དག་ཡིན་ཏེ། དེ་ཡི་ཚུལ་གསུམ་ཡིན་པས་སོ། 1-1-419 ། ཡུལ་ཅན་གྱི་མ་དམིགས་པའོ། ། སྣང་བ་མཐོང་ནས་འདི་གྲུབ་པས་ལ། རང་བཞིན་མ་དམིགས་པའི་རྟགས་འགོད་དགོས་ ཀྱི་ཕྱིར་རྒོལ་ཆོས་ཅན། སྤྱི་རིགས་ནས་ཡོད་ན་སྣང་རུང་གི་དོན་མ་དམིགས་ན། དེ་མེད་པའི་ ཐ་སྙད་འཇུག་པར་སྔར་མི་ཤེས་པ་གསར་དུ་སྒྲུབ་མི་དགོས་ཏེ། རི་བོང་གི་མགོ་ལ་རྭ་ལྟ་བུ་ ཡོད་ན་སྣང་གི་དོན་འགའ་མ་མཐོང་ན་དེ་མེད་པའི་ཐ་སྙད་སྔར་ནས་གྲུབ་ཟིན་པས་སོ། །དེ་ འབྲས་ཡིན་ཡང་ནས་འགྲུབ་ལ། རྒྱུ་མཚན་ཅན་གྱི་སྒྲ་ཤེས་སྒྲུབ་དང་གཅིག་གོ། ཡུལ་ཡོད་ན་ ཡང་ནས་འབའ་ཞིག་གོ་ལ། ཆོས་གསུམ་ལྡན་གྱི་ཡན་ལག་ཅན་གྱི་རྫས་ཡོད་ན་སྣང་དུ་རུང་ བ་ལས་དེ་མ་དམིགས་པའི་འཇིམ་པ་ཆོས་ཅན། མདུན་གྱི་འཇིམ་གོང་ལ་ཆོས་གསུམ་ལྡན་ གྱི་ཡན་ལག་ཅན་གྱི་རྫས་མེད་པའི་ཐ་སྙད་སྒྲུབ་འབའ་ཞིག་པ་ཡིན་ཏེ། མདུན་གྱི་འཇིམ་གོང་ ལ་ཁྱོད་ངེས་ཀྱང་དེ་མེད་པའི་ཐ་སྙད་ལ་རྨོངས་པའི་ཕྱིར་རྒོལ་གྱི་ངོར་དེ་མེད་པའི་ཐ་སྙད་ འཇུག་རུང་ཁོ་ན་སྒྲུབ་པའི་ཚུལ་གསུམ་ཡིན་པས་སོ། །ཇི་ལྟར་མཐོང་དང་ནས་སྒྲུབ་བཞིན་ཏེ་ ལ། ས་བོན་ཆོས་ཅན། མྱུ་གུའི་རྒྱུ་ཡི་ཐ་སྙད་བྱར་རུང་སྟེ། ཁྱོད་ཕན་བྱེད་དུ་ཡོད་ན་མྱུ་གུ་སྐྱེ་ བར་མཐོང་མེད་ན་དེ་སྐྱེ་བར་མ་མཐོང་བའི་དངོས་པོ་ཡིན་པས་སོ། །མྱུ་གུ་ཆོས་ཅན། ས་བོན་ གྱི་འབྲས་བུའི་ཐ་སྙད་བྱར་རུང་ས་བོན་གྱིས་ཕན་ནས་དེ་ཡི་རྗེས་སུ་འགྲོ་ལྡོག་བྱེད་པས་སོ། ། དེ་གཉིས་ལས་ནི་ནས་བཀོད་པ་ཡིན་ལ། ས་བོན་གྱིས་ཕན་པའི་རྗེས་སུ་འགྲོ་ལྡོག་བྱེད་པ་ པོ་ཆོས་ཅན། ཁྱོད་ལ་ས་བོན་གྱི་འབྲས་བུ་དང༌། ས་བོན་གྱི་བསྐྱེད་བྱའི་མིང་སྦྱར་བ་ལ་དོན་ ཡོད་དེ། མིང་གི་ཐ་སྙད་ཟོར་ཡང་བའི་དོན་དུ་དེ་འདྲའི་མིང་སྦྱར་བས་སོ། །མྱུ་གུ་ལ་ཕན་ནས་ དེ་ཡི་རྗེས་སུ་འགྲོ་ལྡོག་བྱས་པ་ཆོས་ཅན། མྱུ་གུའི་རྒྱུ་དང་སྐྱེད་བྱེད་ཀྱི་མིང་སྦྱར་བ་ལ་དོན་ ཡོད་དེ། དེ་ཡི་དོན་དུ་དེ་འདྲའི་མིང་སྦྱར་བས་སོ། ། གཉིས་པ་ནི། རྒྱུ་ལས་འབྲས་བུ་ནས་རང་བཞིན་ནང་འདུས་ལ། ཡུལ་ཅན་གྱི་རང་བཞིན་ 1-1-420 མ་དམིགས་པའི་རྟགས་ཆོས་ཅན། རང་བཞིན་རྟགས་སུ་འདུས་ཏེ། རང་འབྲས་ཐ་སྙད་གྱི་རྒྱུ་ ཚོགས་པ་རྟགས་སུ་བཀོད་པ་ལས་རང་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་རང་གི་ འབྲས་བུ་ཐ་སྙད་སྐྱེད་རུང་བསྒྲུབ་པའི་རྟགས་ཡང་དག་ཡིན་པས་སོ། ། ཕྱིས་གཏན་ཚིགས་ནས་མ་བསྟན་ལ། ཆོས་ཅན། ཕྱོགས་ཆོས་ཅན་གྱི་རབ་དབྱེར་རང་ བཞིན་རྟགས་ཀྱི་དཔེར་བརྗོད་ལས་ལོགས་པར་ཁྱོད་ཀྱི་དཔེར་བརྗོད་དངོས་སུ་སློབ་དཔོན་ གྱིས་མ་བསྟན་པ་འཐད་དེ། ཁྱོད་རང་བཞིན་རྟགས་ཡིན་ནས། དེར་འདུས་པས་སོ། ། གསུམ་པ་ནི། རང་བཞིན་མ་དམིགས་པའི་རྟགས་དེ་ཚད་མ་གང་གིས་གྲུབ། ཐ་སྙད་ ཀྱིས་བསྒྱུར་ཡང་ཇི་ལྟར་འགྱུར་ཞེ་ན། གཅིག་དམིགས་ཉམས་སུ་ནས་སྐྱེ་བར་འགྱུར་བ་ཡིན་ ལ། ལྟར་རུང་བུམ་པས་དབེན་པའི་ས་ཕྱོགས་རང་མཚན་གཅིག་དམིགས་པའི་དབང་པོའི་ མངོན་སུམ་ཆོས་ཅན། དེས་དབེན་པའི་ས་ཕྱོགས་འདི་ཁྱོད་ཀྱིས་དམིགས་སོ། །ལྟར་རུང་བུམ་ པ་ནི་ཁྱོད་ཀྱིས་མ་དམིགས་སོ། །ཞེས་རྟོག་པ་ཅན་གྱི་བློ་རང་འབྲས་སུ་གྱུར་པ་གཉིས་སྐྱེ་བར་ འགྱུར་ཏེ། དེས་དབེན་པའི་ས་ཕྱོགས་རང་མཚན་རང་གི་བཟུང་ཡུལ་དུ་བྱས་ནས་འཛིན་པར་ རང་མྱོང་བའི་རང་རིག་མངོན་སུམ་ལས་དོན་མཐུན་དུ་ངེས་པས་སོ། །ཉམས་སུ་མྱོང་ཞེས་ སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། མྱོང་བ་ཁྱད་པར་ནས་ཅན་དུ་རྟོགས་ལ། ལྟར་རུང་བུམ་ པས་དབེན་པའི་ས་ཕྱོགས་ཆོས་ཅན། ལྟར་རུང་བུམ་པས་དབེན་པ་རང་གིས་མི་ཤེས་ཏེ། རང་ རིག་གིས་མྱོང་བའི་རང་གི་ཡུལ་ཅན་གྱི་ཚད་མ་ལས་ལྟར་རུང་བུམ་མེད་དུ་རྟོགས་དགོས་པའི་ ས་ཕྱོགས་ཡིན་པས་སོ། །དེས་དབེན་པའི་ས་ཕྱོགས་འཛིན་པའི་དབང་མངོན་ཆོས་ཅན། བུམ་ པ་མ་དམིགས་པའི་བློར་རང་རིག་ལས་མ་གྲུབ་པར་བློ་རྫས་གཞན་གྱིས་སྒྲུབ་མི་དགོས་ཏེ། རང་མྱོང་བའི་རང་རིག་ལས་བུམ་པ་མ་དམིགས་པའི་བློར་རྟོགས་པས་སོ། །ཞེས་བསྟན་པའི་ དོན་དུ་ཉམས་མྱོང་སྨོས་སོ། ། 1-1-421 དེ་ལྟའི་བདག་ཉིད་ནས་བློ་རྒྱུ་ཡིན་ལ། དེ་འདྲའི་དབང་མངོན་དེ་མྱོང་བའི་རང་རིག་ ཆོས་ཅན། དེ་འདྲའི་དབང་མངོན་དེ་བུམ་པ་མ་དམིགས་པའི་བློར་རྟོགས་པས་འབྱེད་པའི་རྒྱུ་ མཚན་ཡིན་ཏེ་དེ་འདྲའི་དབང་མངོན་དེ་ལྟར་རུང་བུམ་པ་ལ་དམིགས་པའི་བློ་ཉམས་སུ་མྱོང་ བྱེད་ཡིན་པས་སོ། ། དེ་ཕྱིར་བློ་དབྱེ་རང་ཉིད་ལས་གྲུབ་འགྱུར་ལ། དོན་རྣམས་ཁྱད་པར་ཅན་དུ་རྟོགས་ཀྱི་ སྦྱོར་བ་ཕྱི་མ་དང་གཅིག་གོ། དེ་དག་གིས་དེ་ཡི་དོན་ལ། དོན་རྣམས་ཁྱད་པར་དུ་རྟོགས་ཀྱི་ སྦྱོར་བ་སྔ་མ་དང་གཅིག་གོ། དེ་འདྲའི་བློ་དབྱེ་རང་ཉིད་ལས་གྲུབ་པའི་དེ་ལྟ་མིན་ན། དེ་ལྟ་ མིན་ན་ཐུག་མེད་ལ། དེ་འདྲའི་དབང་མངོན་ཆོས་ཅན། ཁྱོད་ལྟར་རུང་བུམ་པ་མ་དམིགས་ པའི་བློར་མྱོང་ནས་འབྱེད་བྱེད་ཀྱི་བློ་དེ་ཡང་དེ་མིན་ལས་རྫས་ཐ་དད་པར་དེ་ལས་རྫས་ གཞན་གྱི་བློས་མྱོང་ནས་འབྱེད་དགོས། དེའང་དེ་མིན་ལས་རྫས་ཐ་དད་པར། དེ་ལས་ རྫས་གཞན་གྱི་བློས་འབྱེད་དགོས་པ་སོགས་ཐུག་མེད་དུ་འགྱུར་བར་ཐལ། ཁྱོད་བུམ་པ་མ་ དམིགས་པའི་བློར་རང་རིག་གིས་མ་གྲུབ་པར་རང་ལས་རྫས་གཞན་གྱི་བློས་མྱོང་ནས་འབྱེད་ པས་སོ། །འདོད་ན། འགའ་ཡང་ནས་མི་འགྱུར་ལ། ཆོས་ཅན། བུམ་པ་མ་དམིགས་པའི་བློར་ ཚུར་མཐོང་གི་ཚད་མས་གྲུབ་པར་མི་འགྱུར་བར་ཐལ། འདོད་པ་དེ་ཡི་ཕྱིར། རང་བཞིན་ཁྱད་ པར་ནས་གཞན་ལ་མིན་ལ། ཆོས་ཅན། བུམ་མེད་ལས་དོན་གཞན་ཡིན་ཏེ། དེས་དབེན་པའི་ དེ་འཛིན་མངོན་སུམ་དུ་རང་མྱོང་བའི་རང་རིག་གིས་སྟོབས་ལས་གྲུབ་པས་སོ། །དེ་ཕྱིར་དེ་ ནས་དེ་དམིགས་ཉིད་ལ། ཆོས་ཅན། ལྟར་རུང་བུམ་པ་མ་དམིགས་པ་ཡང་ཡིན་ཏེ། རྟགས་ འདྲའོ། ། དེས་ན་མི་དམིགས་ནས་རྟོགས་པས་ལ། ལྟར་རུང་བུམ་པ་མི་དམིགས་པའི་ཡུལ་ཅན་ གྱི་རང་བཞིན་མ་དམིགས་པའི་རྟགས་སུ་བཟུང་བྱ་དབང་མངོན་ཆོས་ཅན། རང་རིག་མངོན་ 1-1-422 སུམ་ལས་རྟོགས་ཏེ། ལྟར་རུང་བུམ་པས་དབེན་པའི་ས་ཕྱོགས་དམིགས་པའི་བློ་ཡིན་པས་སོ། ། དེ་ཡི་ཡུལ་གྱི་རང་བཞིན་མ་དམིགས་པའི་རྟགས་སུ་བཟུང་བྱ་ས་ཕྱོགས་དེ་ཆོས་ཅན། གཞན་ རིག་གིས་རྟོགས་ཏེ། ས་ཕྱོགས་ཡིན་པས་སོ། །རང་ཉིད་ཙམ་གྱིས་ནས་གོ་བྱེད་ཡིན་ལ། རྒྱུ་ མཚན་ཅན་གྱི་སྒྲ་ཤེས་སྒྲུབ་དང་གཅིག་གོ། བཞི་པ་ནི། གཞན་དུ་ནས་རྟོགས་པར་འགྱུར་གྱི་དོན། བུམ་སོགས་གྱི་ཡུལ་ཅན་བཀག་ པའི་རྟགས་རྣམ་དཔྱོད་ཅི་ལས། ལྟར་རུང་བུམ་པ་མེད་པའི་དོན་ཁོ་ན་སྒྲུབ་བོ་ཞེས་དབང་ ཕྱུག་སྡེ་དང་དཔྱོད་པ་པ་ཟེར་ན། གཞན་གྱི་དམིགས་ནས་ཐུག་མེད་འགྱུར་ལ། ལྟར་རུང་ བུམ་པས་དབེན་པའི་ས་ཕྱོགས་ཆོས་ཅན། ལྟར་རུང་བུམ་པས་དམིགས་པའི་མངོན་སུམ་ བཀག་ཙམ་དེ་ཡང་ལྟར་རུང་བུམ་པ་དམིགས་པའི་མངོན་སུམ་དམིགས་པའི་ཚད་མ་བཀག་ པ་ཙམ་གྱིས་ཁྱོད་ལ་བསྒྲུབ་དགོས་པར་ཐལ། ཁྱོད་ལ་ལྟར་རུང་བུམ་པ་དམིགས་པའི་མངོན་ སུམ་བཀག་ཙམ་གྱིས་མ་དམིགས་པས། ཁྱོད་ལ་ལྟར་རུང་བུམ་མེད་ཀྱི་དོན་ཁོ་ན་སྒྲུབ་པས་ སོ། །འདོད་ན། ཆོས་ཅན། ཁྱོད་ལ་ལྟར་རུང་བུམ་པ་དམིགས་པའི་མངོན་སུམ་དམིགས་པའི་ ཚད་མ་བཀག་ཙམ་དེ་ཡང་ལྟར་རུང་བུམ་པ་དམིགས་པའི་མངོན་སུམ་དམིགས་པའི་ཚད་མ་ ཁོ་དམིགས་པའི་ཚད་མ་བཀག་ཙམ་གྱིས་བསྒྲུབ་དགོས་དེ་ཡང་དེ་ཡི་དགག་བྱ་དམིགས་པའི་ བློ་བཀག་ཙམ་གྱིས་བསྒྲུབ་དགོས་པ་སོགས་ཐུག་མེད་དུ་འགྱུར་བར་ཐལ། སྔར་གྱི་རྟགས་ བསལ་གཉིས་ཀ་དགོད་དོ། །འདོད་ན་ཆོས་ཅན། ཁྱོད་ལ་ལྟར་བུམ་མེད་ཀྱི་དོན་རྟགས་ཡང་ དག་ལས་མི་རྟོགས་པར་ཐལ། དེ་འདྲའི་ཐུག་མེད་དུ་འགྱུར་བས་ཕྱིར། རྟགས་བསལ་ལོ། ། ལྔ་པ་ནི། སྣང་མི་རུང་གི་དོན་མེད་པར་ཇི་ལྟར་རྟོགས་ཞེ་ན། མི་སྣང་ངེས་པ་མི་རུང་ ཕྱིར་དཔེར་ནས་བཞིན་ལ། ས་ཕྱོགས་འདིར་ཆོས་ཅན། བསྐལ་དོན་ཤ་ཟ་མེད་པར་རྟགས་ ཡང་དག་གིས་མི་འགྲུབ་སྟེ། ཤ་ཟ་ཡོད་སྲིད་པས་སོ། །དཔེར་ན་ཐ་མལ་གྱི་ངོར་སེམས་ཅན་ 1-1-423 གཞན་ལ་རྣམ་རྟོག་ཕྲ་མོ་ལ་སོགས་མེད་པར་རྟགས་ཡང་དག་མེད་པར་མི་འགྲུབ་པ་བཞིན། གཞན་དུ་བཞག་པ་འགོག་འགྱུར་ལ། བསྐལ་དོན་ཐ་མལ་གྱི་ཚད་མས་མ་དམིགས་པ་ཆོས་ ཅན། གཞི་འདིར་ཐ་མར་གྱི་ངོར་བསྐལ་དོན་ཡོད་པའི་ཐ་སྙད་དོན་མཐུན་འགོག་ནུས་ཏེ། དེ་ འགོག་པའི་ཚུལ་གསུམ་ཡིན་པས་སོ། །འབྲས་བུ་ངེས་མེད་ནས་ནུས་མ་ཡིན་ལ། ཆོས་ཅན། གཞི་འདིར་བསྐལ་དོན་མེད་པར་བསྒྲུབ་པའི་རྟགས་ཡང་དག་མིན་ཏེ། ཁྱོད་ལས་གཞི་འདིར་ བསྐལ་དོན་ཡོད་མེད་གང་དུ་ཡང་ངེས་པར་བྱེད་མི་ནུས་པས་སོ། ། ངེས་པ་སྒྲུབ་ཕྱིར་ནས་བྱས་པ་ཡིན་ལ། མེ་མེད་ཆོས་ཅན། མེ་མེད་མཚན་མོའི་རྒྱ་མཚོ་དུ་ མེད་དུ་བསྒྲུབ་ནུས་ཏེ། དེའི་ཚུལ་གསུམ་ཡིན་པས་སོ། །ཁྱབ་བྱེད་མ་དམིགས་པ་ལའང་སྦྱར་ རོ། ། གསུམ་པ་ལ་གཉིས། དབྱེ་བ་དངོས། འགལ་བ་གསུམ་བཤད་པའོ། །དང་པོ་ནི། རང་གི་ སྦྱོར་བ་ནས་ངོ་བོ་སྟེ་ལ། སྣང་རུང་མ་དམིགས་པའི་སྦྱོར་བ་ཆོས་ཅན། ཁྱོད་ལ་གཉིས་སུ་ཡོད་ དེ། འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་མ་དམིགས་པའི་སྦྱོར་བ་ཡོད་པས་སོ། ། གཉིས་པ་ལ། འགལ་བ་དང་པོ་ནི། ཡོད་ན་ཡོད་པས་མེད་ཕྱིར་ལ། ཚ་རེག་སྟོབས་ཆེན་ རྒྱུན་ཆགས་ཆོས་ཅན། གྲང་རེག་སྟོབས་ཆེན་རྒྱུན་ཆགས་དང་ལྷན་ཅིག་མི་གནས་ཏེ། དེ་དང་ དངོས་པོ་ལས་གྱུར་པའི་འགལ་བ་གང་ཞིག ཁྱོད་ཁྱབ་བྱེད་དུ་བྱུང་སྟོབས་ཀྱིས་དེ་ལྡོག་པར་ འགྱུར་བས་སོ། །འགལ་བ་གཉིས་པ་ནི། རམ་ཕན་ཚུན་ཐ་དད་ནས་བཞིན་ལ། རྟག་མི་རྟག་ ཆོས་ཅན། དངོས་སུ་འགལ་བ་ཡིན་ཏེ། དངོས་སུ་ཕན་ཚུན་སྤངས་ཏེ་གནས་པས་སོ། །འགལ་ བ་གསུམ་པ་བཤད་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཚད་མ་གཞན་གྱིས་ནས་ བཞིན་ལ། རང་གྲུབ་ཙམ་ནས་འཇིག་པར་ངེས་པ་ཆོས་ཅན། རང་ལས་ཕྱིས་འབྱུང་གི་འཇིག་ རྒྱུས་འཇིག་པར་བསྐྱེད་པ་ལ་ལྟོས་བཅས་དང་རྒྱུད་འགལ་ཡིན་ཏེ། དེ་དང་ཚད་མས་གནོད་ 1-1-424 པའི་སྒོ་ནས་འགལ་བས་སོ། ། གཉིས་པ་ལ་བཞི། ལྟོས་བཅས་ལ་གནོད་བྱེད་བརྗོད་ལྟོས་མེད་འཇིག་པར་དཔེས་གྲུབ། ལྟོས་མེད་ལ་རྩོད་པ་སྤང༌། ངེས་པའི་སྦྱོར་བ་ཉིད་བཤད་པ། དང་པོ་ནི། རྒྱུ་གཞན་ལས་སྐྱེ་ ནས་ག་ལ་ཡོད་ལ། བུམ་པ་ཆོས་ཅན། འཇིག་ངེས་མ་ཡིན་པར་ཐལ། རང་ལས་ཕྱིས་འབྱུང་ གི་འཇིག་རྒྱུ་ལས་འཇིག་པར་སྐྱེད་དགོས་པས་སོ། །དངོས་པོའི་རྒྱུ་ལས་དངོས་པོའི་འཇིག་པ་ ཞེས་པའི་དངོས་པོ་ཤིག་བྱེད་གཅིག་འབྱུང་བས་དེས་འཇིག་ངེས་ཤེ་ན། དངོས་པོའི་རྒྱུ་ལས་ ནས་ཅི་ཞིག་བྱ་ལ་ཆོས་ཅན། རང་རྒྱུས་རང་གིས་འཇིག་པ་བསྐྱེད་དེས་ཁྱོད་འཇིག་པར་བྱེད་ པ་མི་འཐད་པར་ཐལ། རང་རྒྱུ་ལས་རང་ཉིད་འཇིག་པར་སྐྱེས་པས་སོ། །གལ་ཏེ་བུམ་སོགས་ ཀྱི་རྒྱུ་དེས་བུམ་སོགས་ཀྱི་འཇིག་པ་བུམ་སོགས་ལས་རྫས་གཞན་ཞིག་བསྐྱེད་པས་དེས་ བཤིག་པས་བུམ་སོགས་དེ་ནི་འཇིག་པར་འགྱུར་ཞེ་ན། འཇིག་པ་དོན་གཞན་དེས་དངོས་པོ་ དེ་ཉིད་འཇིག་པའི་ངང་དུ་བསྐྱེད་ན་ཅི་ཞིག་ཏུ་འགྱུར་ཞེས་དྲིས་པས་ཅིར་ཡང་མི་འགྱུར་ཏེ། དངོས་པོའི་གནས་ལུགས་ཡིན་པས་སོ། །ཞེ་ན། འཇིག་པ་དོན་གཞན་དེས་བུམ་སོགས་ཀྱི་ བདག་ཉིད་དུ་གྱུར་པའི་འཇིག་པ་བྱེད་དམ་དོན་གཞན་ཁོ་ན་བྱེད། དང་པོ་ལྟར་ན། དེ་ནི་བདག་ཉིད་ནས་བྱེད་པ་གང་ལ། བུམ་སོགས་ཀྱི་འཇིག་པ་ཆོས་ཅན། བུམ་སོགས་ ཀྱི་འཇིག་པ་དོན་གཞན་དེས་ཁྱོད་ལ་མི་འབབ་པར་ཐལ། བུམ་སོགས་ཀྱི་བདག་ཉིད་ཡིན་ པས་སོ། །གསུམ་པ་ཁས་སོ། གཉིས་པ་ལྟར་ན། གཞན་བདག་ལ་ཕན་འདོགས་ནས་གང་ཅི་ ཞིག་ལ། བུམ་སོགས་ཀྱི་འཇིག་པ་དོན་གཞན་དེ་ཆོས་ཅན། བུམ་སོགས་ཀྱི་འཇིག་རྒྱུ་མ་ཡིན་ པར་ཐལ། འཇིག་པ་བུམ་སོགས་ལས་དོན་གཞན་ཁོ་ན་བྱེད་པས་སོ། །རྟགས་བསལ་ལོ། ། གཉིས་པ་ནི། ལྟོས་མེད་དངོས་པོ་ནས་བཞིན་ལ། བུམ་པ་ཆོས་ཅན། འཇིག་པའི་ངང་ཅན་ ཡིན་ཏེ་རང་ལས་ཕྱིས་འབྱུང་གི་འཇིག་རྒྱུ་ལ་ལྟོས་མེད་གྱི་དངོས་པོ་ཡིན་པས་སོ། ། 1-1-425 གསུམ་པ་ནི། ལྟོས་པ་མེད་ནས་འགྱུར་ཞེ་ན་ལ། བུམ་སོགས་ཆོས་ཅན། སྐད་གཅིག་ ཀྱང་དངོས་པོར་མི་འགྱུར་བར་ཐལ། ཕྱིས་རྒྱུ་ལ་ལྟོས་མེད་འཇིག་པས་སོ། །ཞེ་ན། དེ་ལྟར་ འགྱུར་ཏེ་ནས་ཇི་ལྟར་འགྱུར་ཏེ་ལ། ཤེས་བྱ་ཆོས་ཅན། དངོས་མེད་ཡིན་ན་སྐྱེས་ཙམ་ནས་ འཇིག་པར་མི་འགྱུར་ཏེ། སྐྱེས་ཙམ་ན་འཇིག་རྟེན་ན་དངོས་པོ་གྲུབ་དགོས་པས་སོ། ། བཞི་པ་ནི། གང་དག་དེ་ཡོད་ནས་ཚོགས་པ་བཞིན་ལ། དངོས་པོའི་འཇིག་པ་ཡང་དངོས་ པོའི་རྒྱུ་མིན་པའི་ཕྱིས་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་དངོས་པོའི་རྒྱུ་ལས་སྐྱེས་པ་ཡིན་ལ། གང་ཆོས་དེར་ཡོད་པ་ཕྱིས་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་ཆོས་དེར་སྐྱེས་ ན་ཆོས་དེར་ཡོད་པར་ངེས་རྒྱུ་ཚོགས་ནུས་པ་ཐོགས་མེད་ཀྱིས་འབྲས་བུ་བསྐྱེད་པར་ངེས་པ་ བཞིན་ནོ། །གཞན་དོན་ལེའུའི་འགྲེལ་བའོ།། །། གསུམ་པ་ལ་གསུམ། གཞུང་དོན་དཀའ་བར་བསྟན་པ། གཞུང་གཞན་ཕན་རྒྱ་ཆེན་པོར་ བསྟན་པ། གཞུང་ཇི་ལྟར་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། བློའི་ནུས་པ་ཆུང་བ་མེད་པས་ ཆེན་པོ་ཅན་དེ་དག་གིས་ཀྱང་ཆོས་ཉིད་ཟབ་མོའི་དེ་ཉིད་མངོན་སུམ་དུ་རྟོགས་པ་མེད་པ་ཅན་ དང༌། བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་དོན་དམ་པ་ མཐོང་བ་མེད་པ་ཅན་ཡིན་པའི་ཕྱིར། འགྲོ་བ་རྣམས་ཀྱི་ནང་ན་རང་དང་མཚུངས་པར་བསྟན་ བཅོས་འདི་ཡི་དངོས་ཤུགས་ཀྱི་དོན་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་རྟོགས་པ་རྙེད་པར་དཀའ་བས། ཁོ་བོའི་གཞུང་འདི་ཡི་བརྗོད་བྱ་མཐར་ཕྱིན་པར་རྟོགས་པ་ནི་རང་གི་བློ་གྲོས་ཀྱི་ལུས་ལ་ཐིམ་ ཞིང་ནུབ་པ་ཉིད་དུ་འགྱུར་ཏེ། དཔེར་ན་རྒྱ་མཚོ་ལ་ནི་ཆུ་བོ་བཞི་དང་རླབས་ལ་སོགས་པ་བྱུང་ ཡང༌། ཡང་དེ་ཉིད་ལ་ཐིམ་པ་བཞིན་ནོ། ། གཉིས་པ་ནི། ཁོ་བོའི་གཞུང་ལུགས་འདི་མི་ཤེས་པའི་མུན་པ་སེལ་བའི་ཕྱིར་དང༌། ལྟ་བ་ ངན་པའི་ནགས་ཚང་ཚིང་བསྲེག་པའི་ཕྱིར་དང༌། འཕགས་པ་འཇམ་དཔལ་ཉིད་ཀྱིས་གསོལ་ 1-1-426 བ་མ་བཏབ་པར་ཡང་ཡོངས་སུ་རྗེས་སུ་བཟུང་བའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་ པའི་ཡང་དག་པ་རིགས་པའི་ལམ་གསལ་བར་བསྟན་པའི་ཕྱིར་དང༌། ཡོན་ཏན་བརྒྱས་མཚོན་ པའི་ཡོན་ཏན་མཐའ་ཡས་པའི་འོད་སྟོང་དང་ལྡན་པའི་ཕྱིར་དང༌། བློ་གྲོས་ངན་པ་ལེགས་ བཤད་ཀྱིས་ཉིན་མོ་སྤོང་ཞིང་རིགས་པའི་ཚ་ཟེར་གྱིས་འཇིགས་པའི་མཚན་མོའི་བྱ་རྣམས་ ཀྱིས་སྤངས་པ་དེ་ལྟ་མོད་ཀྱི། བློ་གྲོས་ཀྱི་མིག་རྣམ་དག་དང་ལྡན་པའི་མཁས་པའི་པདྨོ་མཐའ་ ཡས་པ་རྒྱས་པར་བྱེད་པས་ན་ཉིད་མོར་བྱེད་པའོ། །གཟུགས་ཅན་གྱི་རྒྱན་ནོ། ། གསུམ་པ་ནི། རྒྱ་གར་གྱི་མཁན་པོ་སོགས་སོ། །གསུང་རབ་རྒྱ་མཚོའི་དབྱིངས་ལ་དབང་ ཐོབ་ཅིང༌། །ཡང་དག་ལྟ་བའི་བློ་མིག་རབ་ཏུ་གསལ། །ཞལ་ནས་ལེགས་བཤད་མུ་ཏིག་འཕྲོ་ བའི་ཉ། །མཁས་པའི་ནང་ནས་མཁས་མཆོག་ཀུན་དགའ་དཔལ། །དེས་མཛད་རྒྱས་པའི་ བསྟན་བཅོས་རྣམ་འགྲེལ་གྱི། །རྒྱས་འགྲེལ་ཡིད་ཀྱི་མུན་སེལ་ཞེས་བྱ་ཡི། །སྙིང་པོ་བླངས་ ནས་མདོ་ཙམ་བཀོད་པ་འདི། །དོན་དུ་གཉེར་བ་དག་གིས་བསྐུལ་བའི་ངོར། །དགེ་སློང་ བསོད་ནམས་བཟང་པོས་སྦྱར་བའོ། །འདི་ཡི་དགེ་བས་མཁའ་མཉམ་སེམས་ཅན་གྱི། །མ་ རིག་སྤྲིན་ཕུང་རབ་རིབ་བསལ་བ་དང༌། །མཉམ་དུ་ཡེ་ཤེས་ཉིན་བྱེད་འོད་སྟོང་འབར། །རྣམ་ གྲོལ་ཐར་བའི་སྣང་བ་རྒྱས་པར་ཤོག ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་ བ་རྫོགས་པར་བྲིས་པའི་ཡི་གེ་པ་ནི་ཤཱཀྱའི་དགེ་སློང་རིན་བཟང་གིས་སོ།། །།འདིས་ བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །། མ་ཡིག་འབྲས་སྤུངས་དཔེ་མཛོད་ཁང་གི་ཕྱི་༼ཞ ༡༩ ༽བྲིས་མ་གློག་པར་གཅིག་མ་གཏོགས་ལག་སོན་མ་བྱུང་བས། སྐུང་ ཡིག་མང་བ་དང༌ཚིག་ཁ་ཤས་ནག་ཤར་བྱས་པ་མཚལ་རྟགས་སམ་སུབ་རྟགས་གང་ཡིན་མི་ཤེས་པ་བས་བརྟག་དགོས་པ་མང༌།