2-1-1 ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་ གསུང་འབུམ། ༼པོད་གཉིས་པའོ། །༽ 2-1-2 དཀར་ཆག ཐོག་མའི་གླེང་བརྗོད། .........................................................................(1) རྗེ་ཀུན་སྤངས་པ་ཆེན་པོའི་རྣམ་ཐར་ཉུང་བསྡུས། .......................................(1) ༄༅། །སྔོན་འགྲོ་དང་དབེན་གསུམ་གྱིས་ཁྲིད་ཡིག་བཞུགས་སོ། །..............(325) ༄༅། །ཟབ་ལམ་གྱི་ཐོག་མར་དགེ་བའི་ཁྲིད་བཞུགས་སོ། །.......................(337) ༄༅། །ཟབ་ལམ་གྱི་བར་དུ་དགེ་བའི་ཁྲིད་ཡིག་བཞུགས་སོ། །..............(353) ༄༅། །ཟབ་ལམ་གྱི་ཐ་མར་དགེ་བའི་ཁྲིད་བཞུགས། །..............(369) དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་སྦྱོར་བ་ཡན་ལག་དྲུག་གི་ ས་ལམ་བགྲོད་ཚུལ། .......................................................................(167) ༄༅། །སྦྱོར་དྲུག་གི་ངོ་སྤྲོད་ཀྱི་ས་གཅོད་མདོ་ཏིང་ངེ་འཛིན་དང་ བཅས་པ་བཞུགས་སོ། །......(389) ༄༅། །དཔལ་དུས་ཀྱིས་འཁོར་ལོའི་བསྡུས་རྒྱུད་རྩ་འགྲེལ་ལས་ཕྱུང་པའི། དབང་རབ་འབྱེད་རྩ་འགྲེལ་གྱི་ས་གཅོད། རྡོ་རྗེའི་ཚིག་འབྱེད་གསལ་སྒྲོན་ ཞེས་བྱ་བ་བཞུགས་སོ། །...............................................(395) ༄༅། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་རྡོ་རྗེ་རྣལ་འབྱོར་ བཞིའི་བསྙེན་བསྒྲུབ་ཀྱི་བསྡུས་དོན་བཞུགས་སོ། །...........................(401) 2-1-3 ༄༅། །ཡུ་མོའི་གསལ་སྒྲོན་བཞིའི་ས་གཅོད་ལགས་སོ། །.........................(403) ༄༅། །སྦྱོར་བ་ཡན་ལག་དྲུག་པ་དཔལ་ཤྭ་རི་ནས་བརྒྱུད་པའི་གཞུང་ བཞུགས་སོ། །...............................................(407) ༄༅། །ཤྭ་ཝ་རིའི་གཞུང་ཆུང་འགྲེལ་བ་དང་ བཅས་པ་བཞུགས། .........................................(419) ༄༅། །དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་བཞུགས་སོ། །.........(433) དཔལ་དུས་ཀྱི་འཁོར་ལོའི་མན་ངག་ཡེ་ཤེས་སྤྱན་བསྒྲུབ་ཀྱི་ས་གཅོད། .........(300) དག་བྱ་དག་བྱེད་བཞུགས། ...........................(1) དབང་མདོར་བསྟན་གྱི་བསྡུས་དོན། .............................................................(302) ལམ་འབྲས་རྡོ་རྗེ་ཚིག་རྐང་གི་འགྲེལ་བ་ཚིག་དོན་གསལ་བྱེད་སྒྲོན་མ། ............(1) ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་མངོན་རྟོགས་ བསྐྱེད་རིམ་གསལ་སྒྲོན་བཞུགས། ..............................................(311) ༄༅། །དཔལ་ལྡན་དུས་འཁོར་གྱི་མངོན་རྟོགས་གསལ་སྒྲོན་བཞུགས་སོ། །........(439) ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཤིན་ཏུ་མདོར་བསྡུས་པ་ རིན་ཆེན་སྒྲོན་མེ་བཞུགས་སོ། །...........................(449) ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སློབ་དཔོན་དབང་གི་ ཆོ་ག་བཞུགས་སོ། །......(463) ༄༅། །དཔལ་མཁའ་འགྲོ་རྒྱ་མཚོའི་བསྟོད་པ་ཀུན་མཁྱེན་ཆེན་པོས་ མཛད་པ་བཞུགས་སོ། །.......................................(429) དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཆོས་སྐུ་འོད་ཟེར་གྱི་ 2-1-4 རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ། ....................................(368) པར་བྱང་སྨོན་ཚིག.......................................................................................(453) 2-1-5 2-1-6 ༄༅། །སྔོན་འགྲོ་དང་དབེན་གསུམ་གྱིས་ཁྲིད་ཡིག་ བཞུགས་སོ། ། ༄༅། །ཨེ་མ་ཧོ། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་ ཕྱག་འཚལ་ལོ། །ཐེག་པ་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་ཞིང༌། མདོ་རྒྱུད་ཐམས་ཅད་ཀྱི་ སྙིང་པོ་བསྡུས་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་ འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མྱུར་དུ་བགྲོད་པའི་ཉེ་ལམ་མཐར་ ཐུག གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཐམས་ཅད་ཀྱི་འཇུག་ངོགས་སམ་གཤེགས་ཤུལ། སྐྱེས་ བུ་བརྩོན་འགྲུས་ཅན་ཚེ་གཅིག་ལུས་གཅིག་ལ་གྲོལ་བར་བྱེད་པའི་ཐབས་ཤེས་ཟུང་འཇུག་ གི་ལམ་ཁྱད་པར་ཅན། མཁའ་འགྲོས་སྣོད་མིན་ལ་སྦས་ནས་གསང་བའི་དོན། རིགས་ལྡན་ གྱིས་སྣོད་ལྡན་གྱི་དོན་དུ་གསལ་བར་ཞུ་ཤིང་བསྔགས་པ། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་ བ་ཡན་ལག་དྲུག་པ་ཞེས་གྲགས་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་བྱེད་པ་ལ་བཞི་ ལས། གང་དུ་ཁྲིད་ན་གཞི་སེམས་ཉིད་རང་བཞིན་སྐྱེ་མེད་སྟོང་པ་ཉིད་དུ་མ་རིག་པའི་གཟུང་ འཛིན་གྱི་རྣམ་པར་རྟོག་པ་ཅན་འདི་འཁྲིད། གང་དུ་འཁྲིད་ན། འབྲས་བུ་རྣམ་པར་མི་རྟོག་ པའི་ཡེ་ཤེས་ཀྱི་སྐུ་དང་གསུང་དང་ཐུགས་ཅན་གྱི་སངས་རྒྱས་སུ་འཁྲིད། གང་གིས་འཁྲིད་ན། ལྟ་བ་རྣམ་པར་མི་རྟོག་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་དེ་དང༌། ལམ་རྣམ་པར་མི་ རྟོག་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམ་པའི་སྒོ་ནས་ཁྲིད། ཇི་ལྟར་འཁྲིད་ན་ཡིད་ཆེས་པའི་ རྐྱེན་གསུམ་དང་ལྡན་པའི་བརྡའ་ཐབས་ལ་བརྟེན་ནས་འཁྲིད་དེ། འགྲེལ་ཆེན་ལས། སྔགས་ 2-1-7 ཀྱི་ཐེག་པ་འདིར་ཡིད་ཆེས་པའི་རྐྱེན་རྣམ་པ་གསུམ། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། རེ་ ཞིག་དང་པོར་ཡིད་ཆེས་པའི་རྒྱུད་ཀྱི་རྐྱེན་དང༌། དེ་ནས་ཡིད་ཆེས་པའི་བླ་མའི་རྐྱེན་དང༌། དེ་ ནས་ཡིད་ཆེས་པས་རང་གི་རྐྱེན་ཏེ། ཡིད་ཆེས་པའི་རྐྱེན་འདི་གསུམ་གྱིས་ཡོངས་སུ་དག་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡིན་ནོ། །གཞན་དུ་ན་ཡིད་ཆེས་པའི་རྐྱེན་ གསུམ་དང་བྲལ་བའི་ལམ་གང་བླ་མས་སློབ་མ་ལ་བརྗོད་པ་དེས། ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་འབྲས་བུ་སྟེ་བར་མི་འགྱུར་ཏེ། སློབ་མ་དེའི་འདོད་པ་ལ་རྨོངས་པའི་ཕྱིར། ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། ། དེ་ལ་གཉིས་ལས། སྔོན་དུ་འགྲོ་བའི་ཁྲིད་དང༌། དངོས་གཞིའི་ཁྲིད་དོ། ། དང་པོ་ལ་གཉིས། ཐུན་མོང་གི་དང༌། ཐུན་མོང་མ་ཡིན་པའི་སྔོན་དུ་འགྲོ་བའི་ཁྲིད་དོ། ། དང་པོ་ལ་བཞི་ལས། རྒྱུད་སྣོད་དུ་རུང་བར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་འཁྲིད་ནི། ཕྱོགས་བཅུ་ཐམས་ཅད་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། བདེ་བ་ཅན་ནམ་འོག་མིན་ཆེན་ པོ་ལྟ་བུ་ཞིང་ཁམས་རྣམ་པར་དག་པའི་གཞལ་མེད་ཁང་དུ་གྱུར་པའི་རང་གི་མདུན་ཕྱོགས་ སུ་ཁྲི་གདན་སྣ་ཚོགས་པའི་སྟེང་དུ་སངས་རྒྱས། རང་བཞིན་སྐྱེ་བ་མེད་པའི་ཆོས་ཀྱི་སྐུའི་ སངས་རྒྱས། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུའི་སངས་རྒྱས་དཔག་ཏུ་ མེད་པ་ཏིལ་གྱི་གང་བུ་ལྟར་གང་བར་བསྒོམ། སངས་རྒྱས་ཀྱི་མདུན་རང་གི་རྒྱབ་ཕྱོགས་སུ་ ཁྲི་གདན་སྣ་ཚོགས་པའི་སྟེང་དུ་དམ་པའི་ཆོས། རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་ དོན་དམ་པའི་ཆོས། རྣམ་པ་གླེགས་བམ་ཡིག་འབྲུ་སྣ་ཚོགས་པའི་གཟུགས་ཅན་དཔག་ཏུ་ མེད་པས་བྲག་རི་ལྟར་བལྟམས་པར་བསྒོམ། སངས་རྒྱས་ཀྱི་གཡས་རང་གི་གཡོན་ཕྱོགས་ སུ་ཁྲི་གདན་སྣ་ཚོགས་པའི་སྟེང་དུ། བྱང་ཆུབ་སེམས་དཔའི་དགེ་འདུན། རང་བཞིན་རྟོགས་ པ་ཡེ་ཤེས་ལས་ཕྱིར་མི་ལྡོག་པའི་ས་ལ་གནས་པ། རྣམ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ 2-1-8 ཆ་ལུགས་ཅན། ཤེས་རབ་ཀྱི་སེམས་དཔའ་འཇམ་དཔལ། ཐབས་ཀྱི་སེམས་དཔའ་སྤྱན་ རས་གཟིགས་དབང་ཕྱུག མཐུ་སྟོབས་ཀྱི་སེམས་དཔའ་ཕྱག་ན་རྡོ་རྗེ། སྐལ་བཟང་གི་སེམས་ དཔའ་བྱམས་པ་མགོན་པོ་ལ་སོགས་པ་དཔག་ཏུ་མེད་པས་གང་བར་བསྒོམ། སངས་རྒྱས་ཀྱི་ གཡོན་རང་གི་གཡས་ཕྱོགས་སུ་ཁྲི་གདན་སྣ་ཚོགས་པའི་སྟེང་དུ། ཉན་ཐོས་དང་རང་སངས་ རྒྱས་ཀྱི་དགེ་འདུན་རང་བཞིན་ཆོས་ཉིད་བདེན་པའི་དོན་མངོན་སུམ་དུ་མཐོང་པའི་འཕགས་ པ། རྣམ་པ་དབུ་ཟླུམ་དང་ཞབས་རྗེན་དུ་བཞུགས་ཤིང༌། ཆོས་གོས་ངུར་སྨྲིག་གི་རྒྱལ་མཚན་ འཛིན་པ་དཔག་ཏུ་མེད་པས་གང་བར་བསྒོམ། དབུས་ནས་དགོས་འདོད་ཐམས་ཅད་འབྱུང་ བའི་དཔག་བསམ་གྱི་ལྗོན་ཤིང་གིས་བཏེག་པའི་ཐོག་པད་མ་འདབ་མ་བཅུ་དྲུག་(པའམ་སྟོང་ དང་ལྡན་)པས་གཡོགས་པའི་སྟེང་ཕྱོགས་སུ་ཁྲི་གདན་སྣ་ཚོགས་པའི་སྟེང་དུ། བླ་མ་དང་ཡི་ དམ་ལྷ་ཚོགས། རང་བཞིན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་རྣམ་འཕྲུལ། རྣམ་པ་རང་ གི་བླ་མ་དང་ཡི་དམ་ལྷའི་སྐུར་སྣང་བ་དཔག་ཏུ་མེད་པས་གང་བར་བསྒོམ། འོག་ཕྱོགས་སུ་ ཁྲི་གདན་སྣ་ཚོགས་པའི་སྟེང་དུ་མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ། རང་བཞིན་བྱང་ ཆུབ་སེམས་དཔའ་ཆེན་པོ། རྣམ་པ་རང་རང་གི་གཟུགས་སྣ་ཚོགས་དང་ལྡན་ཞིང་མཚོན་ ཆ་སྣ་ཚོགས་འཛིན་པས། བདག་ཉིད་དང་ཆོས་བྱེད་པ་རྣམས་ཀྱི་བར་ཆད་བསྲུང་བཞིན་པ་ དཔག་ཏུ་མེད་པས་གང་བར་བསྒོམ། དེ་དག་གི་དབུས་སུ་པད་སྡོང་སྣ་ཚོགས་པའི་སྟེང་ན་ བདག་ཉིད་དང་སེམས་ཅན་ཐམས་ཅད་གནས་ནས། སྐྱབས་སུ་འགྲོ་བར་བསྒོམས་ཏེ། དེ་ ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྲིད་པ་འཁོར་བའི་སྡུག་བསྔལ་ རྒྱུ་བཅས་ལས་བསྐྱབ་ཅིང༌། ཐར་པ་མྱ་ངན་ལས་འདས་པའི་བདེ་བ་རྒྱུ་བཅས་ལ་དགོད་པའི་ དོན་དུ། སྐྱབས་གནས་དངོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པར་ བྱ། དེའི་ཆེད་དུ་དུས་ད་ནས་བཟུང་སྟེ། ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ། བླ་མ་ལ་འདྲེན་ 2-1-9 པ། ཡི་དམ་ལ་རྒྱུད་བྱིན་གྱིས་རློབས་པ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། དགེ་འདུན་ ལ་གྲོགས། མཁའ་འགྲོ་ཆོས་སྐྱོང་ལ་བསྲུངས་མ་ཞུ། ཞེ་ཐག་པ་ནས་སྐྱབས་དང་མགོན་དང་ དཔུང་གཉེན་ཞུ་བར་བསམས་ཏེ། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་རྣམས་ན་བཞུགས་པའི་དམ་པའི་ཆོས་ རྣམས་ལ་སྐྱབས་སུ་འཆིའོ། །ཕྱོགས་བཅུ་རྣམས་ན་བཞུགས་པའི་འཕགས་པའི་དགེ་འདུན་ རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་དགེ་བའི་བཤེས་གཉེན་རྣམས་དང་ཡི་དམ་ལྷ་ཚོགས་ རྣམས་ལ་སྐྱབས་སུ་མཆིའོ། །མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ་ཡེ་ཤེས་ཀྱི་སྤྱན་དང་ ལྡན་ལ་རྣམས་[ལ་སྐྱབས་སུ་མཆིའོ། །ཞེས་དོན་དྲན་བཞིན་པས་ཉི་ཤུ་རྩ་གཅིག་ལ་སོགས་ པ་ཅི་རིགས་པར་བརྗོད་དེ། དེ་ནས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང༌། ཡི་དམ་གྱི་ ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཇོ་བོ་དཀོན་མཆོག་ཐུགས་རྗེ་ཆེན་པོ་དང་ ལྡན་པ་གསུམ་གྱིས་བྱིན་གྱིས་བརླབ་ཏུ་གསོལ། མཁའ་འགྲོ་ཆོས་སྐྱོང་བའི་བསྲུངས་མ་ཡེ་ ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བློ་ལ་ཆོས་མིན་གྱི་རྟོག་ པ་མི་རྒྱུ་བར་བྱིན་གྱིས་བརླབ་ཏུ་གསོལ། རྒྱུད་ལ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ] བདག་དང་མཐའ་ཡས་པའི་ སེམས་ཅན་ཐམས་ཅད་ཀྱི་ལམ་གྱི་གནས་སྐབས་ཐམས་ཅད་དུ། མི་དང་མི་མ་ཡིན་པའི་བར་ དུ་གཅོད་ཐམས་ཅད་མེད་ཅིང་མི་འབྱུང་ཞིང་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། {སེམས་ རྒྱུད་ལ་ཆོས་མིན་གྱི་རྣམ་པར་རྟོག་པའི་རྒྱུ་བ་གང་ཡང་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་ གསོལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ ཁྱབ་པ་ཐམས་ཅད་དུས་ཅིག་ཅར་དུ་མངོན་དུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ རྣམས་ཀྱི་གནས་ལུགས་ཐབས་ཤེས་ཟུང་འཇུག་གི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱིན་གྱིས་ 2-1-10 བརླབ་ཏུ་གསོལ། སྐྱེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཚེ་གཅིག་ལུས་ གཅིག་ལ་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། } ཞེས་བྱིན་བརླབས་ཞུ། ཞུས་པ་བཞིན་བྱིན་ བརླབས་བྱུང་བར་བསྒོམ་མོ། ། ༈ གཉིས་པ་སྡིག་སྒྲིབ་དང་དམ་ཚིག་གི་ཉེས་པ་དག་པར་བྱེད་པ་ཡི་གེ་བརྒྱ་པའི་ཁྲིད་ ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་གི་སྤྱི་བོར་{པཾ་ལས་}པད་མ་དང་{ཨ་ ལ་}ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོ། དེ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་གི་ཉེས་ པ་ཐམས་ཅད་དག་པར་སྦྱངས། ཚུར་འདུས་ནས་རྡོ་རྗེ་ལ་ཐིམ་པ་དང༌། དེ་ཡོངས་སུ་གྱུར་ པ་ལས་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་ གཉིས་པ། གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་སྙེམས་མ་ སྐུ་མདོག་དམར་མོ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཉིས་ཀ་རིན་པོ་ཆེ་ དང་རུས་པའི་རྒྱན་གྱིས་སྤྲས་པ། སྙོམས་པར་ཞུགས་ནས་ཡབ་རྡོ་རྗེ་དཀྱིལ་དཀྲུང་དང་ཡུམ་ པད་མའི་འདུག་སྟངས་ཀྱིས་བཞུགས་པར་བསམ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་ཧཱུཾ་ གིས་མཚན་པ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ཏེ། དེ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་ སྤྱན་དྲངས་ནས་བཞུགས་པའི་ཐུགས་བསྐུལ་བས། སྙོམས་པར་ཞུགས་པ་ལས། ཡེ་ཤེས་ཀྱི་ བདུད་རྩི་བྱུང་བས་ཡབ་ཡུམ་གཉིས་ཀྱི་སྐུ་གང༌། ཐུགས་ཀའི་ཧཱུཾ་ལས་{བདུད་རྩིའི་}འཛགས་ ཏེ། བདག་ཉིད་ཀྱི་སྤྱི་གཙུག་ནས་ཞུགས་པས། ཚེ་ཐོག་མ་མེད་པ་ནས་ཀྱི་སྡིག་སྒྲིབ་དང་དམ་ ཚིག་གི་ཉེས་པ་ཐམས་ཅད་ཁ་དོག་ནག་པོའི་ཚུལ་དུ་གཤང་གཅིའི་ལམ་གཉིས་དང༌། རྐང་ འཐིལ་གཉིས་ནས་ཐོན་ཏེ། ཤུལ་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་ཁ་དོག་དཀར་པོས་ཁེངས་ 2-1-11 པར་བསམ་ཞིང༌། སྔགས་བརྒྱ་རྩ་ལ་སོགས་པ་ཅི་རིགས་པར་བཟླ་བར་བྱའོ། །ཐུན་འཇོག་ ཁར་བཤགས་བསྡམས་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དུ་ བསྡུས་ལ། ཡབ་ཡུམ་ལ་བསྟིམ། ཡབ་ཡུམ་འོད་དུ་གྱུར་པ་བདག་གི་སྤྱི་བོ་ནས་ཐིམ་ནས། ལུས་ཐམས་ཅད་ལ་ཁྱབ་པས། ལས་དང་ཉོན་མོངས་པ་དང་ཤ་རུས་ཁྲག་ལ་སོགས་པ་རྣམ་ པར་སྨིན་པ་ལས་གྲུབ་པ་ཐམས་ཅད་དག་ནས། སྦྲུལ་ཤུན་རྗེས་པ་ལྟར་གྱུར་པའི་ངང་ལས་ བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་དཔའ་ཆུ་ཟླ་ལྟ་བུར་གྱུར་པར་བསྒོམས་ལ་ བསྔོ་བ་བྱའོ། ། ༈ གསུམ་པ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ནི། དམིགས་ རྟེན་དུ་འབྱོར་པ་དང་བསྟུན་པའི་མཎྜལ་ལེགས་པར་བཤམས་པ་དེ་རྒྱུ་བདག་གཞན་སེམས་ ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་ལས་གྲུབ་པ། རིན་པོ་ཆེའི་ མཎྜལ་བརྒྱ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་མཉམ་པ། ལྕགས་རི་ ཆེན་པོས་བསྐོར་པའི་དབུས་སུ་རི་བོ་མཆོག་རབ། ཤར་དུ་ལུས་འཕགས་པོ། ལྷོ་རུ་འཛམ་བུ་ གླིང༌། ནུབ་ཏུ་བ་ལང་སྤྱོད། བྱང་དུ་སྒྲ་མི་སྙན། རི་རབ་ཀྱི་ཤར་དུ་ཉི་མ། ནུབ་ཏུ་ཟླ་བ། [ལྷོར་ སྒྲ་གཅན། བྱང་དུས་མེ། ] དབུས་སུ་རིན་པོ་ཆེ་སྣ་བདུན། བཀྲ་ཤིས་ཀྱི་རྫས་བརྒྱད། གཏེར་ ཆེན་པོའི་བུམ་པ་ལ་སོགས་པ་ལྷ་དང་མིའི་འདོད་པའི་ཡོན་ཏན་མ་ཚང་པ་མེད་པ། ཀུན་ཏུ་ བཟང་པོའི་མཆོད་སྤྲིན་ལས་གྲུབ་པ། ས་གཞི་དང་བར་སྣང་ཐམས་ཅད་ཁེངས་པ། དྭངས་ ཤིང་ཐོགས་པ་མེད་པ་བློས་གསལ་བར་དམིགས་ཏེ། བླ་མ་དང་དཀོན་མཆོག་རྣམས་ལ་ཕུལ་ བས། ཐུགས་རྗེའི་དབང་གིས་བཞེས་ནས་རྒྱུད་བྱིན་གྱིས་རློབ་པར་བསམས་ཏེ། བདག་ གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་རྣམས། །རིན་ཆེན་མཎྜལ་ཀུན་བཟང་ མཆོད་པའི་ཚོགས་བཅས་པ། །བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ། ། 2-1-12 ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་དོན་སེམས་ བཞིན་པས་བརྗོད་ཅིང༌། ཡང་དང་ཡང་དུ་ཕུལ་ལ་གསོལ་བ་དྲག་ཏུ་གདབ་པར་བྱའོ། ། བཞི་པ་བྱིན་བརླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་འཁྲིད་ནི། རང་གི་སྤྱི་ བོའི་ཐད་ཀར་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་དུ། པད་ཉི་ཟླ་བའི་གདན་ལ། བླ་མ་ དཔལ་དུས་ཀྱི་འཁོར་ལོ་རྡོ་རྗེ་འཆང་གི་བདག་ཉིད། ཕྱག་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་ པ། རྡོ་རྗེའི་དཀྱིལ་དཀྲུང་གི་བཞུགས་པ། སྐུ་ལ་དར་སྣ་ཚོགས་ཀྱི་ནབ་བཟས་ཀླུབས་ཤིང༌། རིན་པོ་ཆེའི་བརྒྱན་ཐམས་ཅད་ཀྱིས་སྤྲས་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་ བཞག་པ། སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་དམིགས་ལ། བླ་མ་ཐམས་ཅད་ འོད་ཀྱིས་བསྡུས་ནས་བསྟིམས་ཏེ། འདི་ཉིད་སངས་རྒྱས་དང་ཆོས་དང་དགེ་འདུན་{ཐམས་ ཅད་}གྱི་ངོ་བོ། བླ་མ་ཐམས་ཅད་བསྡུས་པའི་བདག་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། ཚེ་འདི་དང་ཕྱི་མའི་བདེ་སྐྱིད་ཐམས་ཅད་ཀྱི་ འབྱུང་གནས་ཡིན་ངཻས་སུ་བསམས་ལ། མཆི་མ་འཁྲུག་པ་ཙམ་དུ་མོས་གུས་བྱ། མཆོད་པའི་ ཡོ་བྱད་ཐམས་ཅད་འབུལ། དགྲ་གཉེན་དང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ ཕུལ་ནས། བསྟོད་པས་བསྟོད་དཻ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་དོན་ལ་གསོལ་བ་ དྲག་ཏུ་གདབ་བོ། །དེ་ནས་བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པས་བླ་མའི་སྐུ་གསུང་ ཐུགས་དང༌། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསམ་ལ། དེའི་ངང་ལ་ ལུས་ངག་ཡིད་གསུམ་མ་བཅོས་པར་རང་ལུགས་སུ་བཞག་གོ། གཉིས་པ་ལ་གཉིས་ལས། རྫོགས་པའི་རིམ་པའི་རྟེན་ལྷ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་ པ་ནི། དེ་ནས་བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་དཔའ་བོ་ལྷན་ཅིག་སྐྱེས་པར་སྐད་ཅིག་ དྲན་རྫོགས་ཀྱིས་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་བསྐྱེད་ནས། གསལ་གདབ་པ་ 2-1-13 ནི། ཡབ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུ་བསྣམས་པས་ཡུམ་ལ་ འཁྱུད་པ། ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དང་ལྡན་པ། ཞབས་གཡས་དམར་པོ་བརྐྱང་ ཞིང༌། གཡོན་དཀར་པོ་ཅུང་ཟད་བསྐུམ་པས། པད་མ་ཟླ་བ་ཉི་མ་སྒྲ་གཅན་གྱི་གདན་ལ་ བཞུགས་པ། སྐུ་ལ་རྡོ་རྗེའི་རྣ་རྒྱན། མགུལ་རྒྱན། སྐ་རགས། ཕྱག་གདུབ། ཞབས་གདུབ་ཅན། རལ་པའི་ཅོད་པན་སྤྱི་བོར་བཅིངས་པའི་རྩེ་མོར་སྣ་ཚོགས་རྡོ་རྗེས་མཚན་པ། གཙུག་ཏོར་དུ་ རྡོ་རྗེ་ནོར་བུ་དང༌། ནོར་བུའི་སྟེང་དུ་ཟླ་ཕྱེད་དང་དར་དཔྱངས་ཀྱིས་མཛེས་པ། སྐུ་ཐམས་ཅད་ ལ་ཐལ་ཆེན་གྱིས་བརྒྱན་དང༌། ཕྲག་པ་ལ་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། སྟག་གི་ལྤགས་ པའི་ཤམ་ཐབས་དཀྲིས་པ། འཕྲ་མེན་བརྒྱའི་མགོ་བོའི་ཕྲེང་བ་ཕྲག་པ་ལ་འཕྱང་བ། དབུ་ ལ་ཐོད་སྐམ་ལྔའི་དབུ་བརྒྱན་ཅན། གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་དང་ལྡན་པའོ། །ཡུམ་ སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་ཁྲག་འཛིན་པ། ཞལ་མཆེ་བ་ གཙིགས་ཤིང༌། སྤྱན་གསུམ་དང་ལྡན་མ། སྐྲ་གྲོལ་བའི་དབུ་ལ་ཐོད་སྐམ་ལྔས་བརྒྱན་ཅིང༌། ལྔ་བཅུའི་དོ་ཤལ་བྱས་པ། ཞབས་གཡོན་བརྐྱང་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། སྐུ་ གཅེར་བུ་རིན་པོ་ཆེ་དང༌། ཕྱག་རྒྱ་ལྔའི་བརྒྱན་གྱིས་མཛེས་པའོ། །དེ་ལྟར་ཡབ་ཡུམ་གཉིས་ སྣང་ལ་རང་བཞིན་མེད་པ། བར་སྣང་གི་འཇའ་ཚོན་ལྟ་བུ་ཡེ་ཤེས་ཀྱི་མེ་འོད་རབ་ཏུ་འབར་ བའི་དབུས་ན་བཞུགས་པར་བསྒོམས་ལ། དེའི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པར་ཉི་མ་ལ་ ཨཱཿ སྙིང་ཁར་སྒྲ་གཅན་ལ་ཧཱུཾ། ལྟེ་བར་དུས་མེ་ལ་ཧོཿ སྤྱི་གཙུག་ཏུ་ནམ་མཁའ་ལ་ཧཾ། གསང་ གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྗང་ཁུ་ལ་ཀྵ་བསམ་མོ། །དེ་ནས་ཡབ་ཡུམ་ཡིག་འབྲུ་དང་ བཅས་པ་སྙོམས་པར་ཞུགས་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱི་རོལ་སྣོད་ཀྱི་ འཇིག་རྟེན་ཐམས་ཅད་ལ་ཕོག་པས་ཡི་དམ་ལྷ་ཡི་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་ སེམས་ཅན་ཐམས་ཅད་ལ་ཕོག་པས་ཡི་དམ་ལྷ་ཚོགས་སུ་གྱུར་པར་བསམ། ཡང་འོག་མིན་ 2-1-14 དུ་འཕྲོས་པས་ཡི་དམ་དུས་ཀྱི་འཁོར་ལོ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ཐམས་ཅད་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པས། ཡི་དམ་ཀུན་འདུས་པའི་བདག་ཉིད་ དུ་གྱུར་པར་བསམ། ཡང་འོད་འཕྲོས་པས་རྩ་བའི་བླ་མ་སྤྱན་དྲངས། དེ་ཡིས་དབང་བསྐུར་ ནས། རང་གི་སྤྱི་བོའི་གཙུག་ཏུ་རིགས་ཀྱི་བདག་པོའི་རྣམ་པར་བཞུགས་པར་བསམ། དེ་ལས་ འོད་ཟེར་འཕྲོས་པས་ཆོས་འབྲེལ་ཡོད་ཚད་ཀྱི་བླ་མ་བརྒྱུད་པ་དང་བཅས་པ་ཐམས་ཅད་སྤྱན་ དྲངས། རྩ་བའི་བླ་མ་ལ་གཉིས་སུ་མེད་པར་ཐིམ་པས། བླ་མ་ཀུན་འདུས་པའི་བདག་ཉིད་དུ་ གྱུར་པར་བསྒོམ་མོ། ། གཉིས་པ་དབེན་{གནས་[པ་གསུམ་]བསྟེན་པས་སྦྱང་བ་གསུམ་བྱ་ཞིང་ཁམས་མི་ལྡོག་ པར་གསོ་བ་ལ་བཞི་ལས། ལུས་དབེན་པར་གནས་པས་ལུས་སྦྱང་བ་ནི། འོ་སྐོལ་རྣམས་ཀྱིས་ ཚེ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ། ལུས་འདི་བླངས་ལ་འདི་མ་བླང་མེད་པ་སྣ་ ཚོགས་པ་ཞིག་བླངས་ནས། བྱ་བྱེད་ལ་འདི་བྱས་ལ་འདི་མ་བྱས་མེད་པའི་བྱ་བྱེད་ཅིག་བྱས་ ཏེ། བྱས་པ་ཐམས་ཅད་དོན་མེད་འཁོར་བའི་རྒྱུ་འབའ་ཞིག་ཏུ་སོང་བ་ལས་མེད་པས། ད་དེ་ རིང་ནས་ལུས་ཀྱི་ཉམས་ལེན་དུ་ལུས་དབེན་པར་གནས་པས་ལུས་སྦྱང་བར་བྱའོ། །དེ་ཡང་ ལུས་མི་དགེ་བའི་བྱ་བྱེད་སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད་དེ་གསུམ་གྱིས་དབེན། དེར་མ་ཟད་ལུས་ལུང་མ་བསྟན་གྱི་བྱ་བྱེད། སོ་ནམ་དུས་བཞིའི་ལས་ལ་ཚོང་སྐྱེད་འཕེལ། རྒྱུ་ འགྲུལ་མཆོང་རྒྱུག་ལ་སོགས་པ་དྲག་ཤུལ་གྱི་བྱ་བྱེད་ཐམས་ཅད་ཀྱིས་དབེན། དེར་མ་ཟད་ ལུས་དགེ་བའི་བྱ་བྱེད་ཆོས་ཕྱག་ཙམ་མ་གཏོགས་པ། ཕྱག་དང་བསྐོར་བ་ལ་སོགས་པ་ཆོས་ ཕྱོགས་ཀྱི་བྱ་བྱེད་ཐམས་ཅད་ཀྱིས་ཀྱང་དབེན་པར་གནས་པས། ལྡང་ཙ་ན་ཡང་དལ་བུས་ ལྡང༌། འགྲོ་ཙ་ན་ཡང་དལ་བུས་འགྲོ། འདུག་ཙ་ན་ཡང་དལ་བུས་འདུག་ཅིང༌། རེ་ཞིག་ལུས་ ལྷོད་གློད་ལ་ངལ་གསོ་རུ་གཞུག །དེ་ཅི་སྟེ་ན། ལུས་བྱ་བྱེད་ཀྱིས་འཁྲུགས་ཙ་ན་རྩ་འཁྲུགས། 2-1-15 རྩ་འཁྲུགས་ཙ་ན་རྩ་ནང་ནས་གཡོ་བའི་རླུང་འཁྲུགས། རླུང་འཁྲུགས་ཙ་ན་རླུང་སེམས་འཇུག་ པ་གཅིག་པས་སེམས་འཁྲུགས་ནས། ལམ་མི་རྟོག་པའི་ཏིང་ངེ་འཛིན་མི་སྐྱེ་བའི་སྐྱོན་ཡོད་ པས་སོ། །ཡང་ལུས་ལྷོད་གནས་ཙ་ན་རྩ་ལྷོད་འགྲོ། རྩ་ལྷོད་སོང་ཙ་ན་རྩ་ནང་ནས་གཡོ་ བའི་རླུང་ལྷོད་གནས། རླུང་ལྷོད་གནས་ཙ་ན་རླུང་སེམས་འཇུག་པ་གཅིག་པས་སེམས་ལྷོད་ གནས། སེམས་ལྷོད་གནས་ཙ་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བའི་དགོས་པ་ཡོད་ པས་སོ། །དེས་ན་ལུས་དབེན་པར་གནས་པས་ལུས་སྦྱང་བ་ནི། རྐང་པ་དཀྱིལ་དཀྲུང་བཅའ། ལག་པ་གཉིས་པུས་མོ་ལ་བཀབ་པའམ། མཉམ་བཞག་གམ། རླུང་དབུ་མར་འཇུག་པའི་ ཕྱག་རྒྱ་བཅའ། སྒལ་ཚིག་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་སྒུ་བར་བྱས་ལ། མིག་འབྱེད་ འཛུམས་མི་བྱེད་པར་སྨིན་མཚམས་ཀྱི་ཐད་ཀའི་མུན་ནག་གི་ནམ་མཁར་ཧྲིག་གེ་བལྟའོ། ། ངག་དབེན་པར་གནས་པས་རླུང་སྦྱང་བ་ནི། འོ་སྐོལ་རྣམས་ཀྱིས་ཚེ་ཐོག་མ་མེད་པ་ནས་ ཐ་མ་ད་ལྟ་ཡན་ཆད་དུ། ངག་གིས་འདི་སྨྲས་ལ་འདི་མ་སྨྲས་སམ། འདི་བརྗོད་ལ་འདི་མ་ བརྗོད་མེད་པ་ཞིག་སྨྲ་བརྗོད་ལ་སོགས་བྱས་ཏེ། བྱས་པ་ཐམས་ཅད་དོན་མེད་འཁོར་བའི་ རྒྱུ་འབའ་ཞིག་དུ་སོང་བ་ལས་མེད་པས། ད་དེ་རིང་ནས་ངག་གི་ཉམས་ལེན་དུ། ངག་དབེན་ པར་གནས་པས་རླུང་སྦྱང་བར་བྱའོ། །དེ་ཡང་ངག་གི་མི་དགེ་བའི་སྨྲ་བརྗོད། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཏེ་བཞིས་དབེན། དེར་མ་ཟད། ངག་ལུང་མ་བསྟན་གྱི་སྨྲ་བརྗོད། ཀུ་ རེའི་འཆལ་རྒོད་དང༌། ལོང་གཏམ་སྣ་ཚོགས་ལབ་པས་དབེན། དེར་མ་ཟད་དགེ་བའི་སྨྲ་ བརྗོད། མདོ་འདོན་པ་དང༌། སྔགས་བགྲང་པ་ལ་སོགས་པ་ཆོས་ཀྱི་སྨྲ་བརྗོད་ཐམས་ཅད་ ཀྱིས་ཀྱང་དབེན་པར་གནས་པས། རེ་ཞིག་གལ་པོ་ཆེའི་ཚིག་འགའ་རེ་མ་གཏོགས་པ་ངག་ སྨྲ་བ་བཅད་ནས་རླུང་ལྷོད་གློད་ལ་ངལ་གསོ་རུ་གཞུག །དེ་ཅི་སྟེ་ན། ངག་སྨྲ་བརྗོད་བྱས་ན་ རླུང་ཤོར་ནས་རྩ་ནང་དུ་རང་གནས་སུ་མི་གནས། རླུང་རྩ་ནང་དུ་རང་གནས་སུ་མི་གནས་ཙ་ 2-1-16 ན། རླུང་སེམས་འཇུག་པ་གཅིག་པས་སེམས་མི་གནས། སེམས་མི་གནས་ཙ་ན་ལམ་མི་རྟོག་ པའི་ཏིང་ངེ་འཛིན་མི་སྐྱེ་བའི་སྐྱོན་ཡོད་པས་སོ། །ཡང་ངག་སྨྲ་བརྗོད་ཀྱིས་དབེན་ཙ་ན་རླུང་རྩ་ ནང་དུ་རང་གནས་སུ་གནས། རླུང་རྩ་ནང་དུ་རང་གནས་སུ་གནས་ཙ་ན་རླུང་སེམས་འཇུག་པ་ གཅིག་པས་སེམས་ལྷོད་སོང་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བའི་དགོས་པ་ཡོད་ པས་སོ། །དེས་ན་ངག་སྨྲ་བརྗོད་ཀྱིས་དབེན་པར་གནས་པས་རླུང་སྦྱང་བ་ནི། རླུང་གི་དུག་ སྣ་བུག་གཡོན་ནས་གསུམ། གཡས་ནས་གསུམ། དབུས་ནས་གསུམ་དལ་བུས་བུས་ཏེ་ཕྱུང་ ལ། རྣམ་པར་རྟོག་པའི་གཉེན་པོར་དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་རྡོ་རྗེའི་བཟླས་ པ་ཅུང་ཟད་བྱས་ཏེ། དེ་ཡང་རླུང་གཡས་གཡོན་དབུས་གང་ནས་རྒྱུ་བརྟག་ནས། གཡོན་ནས་ རླུང་འགྲོ་འོང་རྗེས་སུ་དྲན་པ་སྐུ་རྡོ་རྗེའི་བཟླས་པ། གཡས་ནས་རླུང་འགྲོ་འོང་རྗེས་སུ་དྲན་པ་ གསུང་རྡོ་རྗེའི་བཟླས་པ། དབུས་ནས་རླུང་འགྲོ་འོང་རྗེས་སུ་དྲན་པ་ཐུགས་རྡོ་རྗེའི་བཟླས་པ་ བྱས་ལ། སོ་སོར་སྤོང་པ་ལྟ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པའི་དུས། རླུང་གཡོན་ ནས་གཡས་སུ་འཕོས་མ་ཐག་པས་ས་རླུང་རྒྱུ་བའི་དུས་ཡིན་པས་ངོས་བཟུང་ངོ༌། ། སེམས་དབེན་པར་གནས་པས་སེམས་སྦྱང་བ་ནི། འོ་སྐོལ་རྣམས་ཀྱིས་ཚེ་ཐོག་མ་མེད་ པ་ནས་ཐ་མ་ད་ལྟ་ཡན་ཆད་དུ། སེམས་ཀྱིས་འདི་དྲན་ལ་འདི་མ་དྲན་ནམ། འདི་བསམས་ ལ་འདི་མ་བསམས་སམ། འདི་འགྱུས་ལ་འདི་མ་འགྱུས་མེད་པ་ཞིག་དྲན་བསམས་འགྱུས་པ་ བྱས་ཏེ། བྱས་པ་ཐམས་ཅད་དོན་མེད་འཁོར་བའི་རྒྱུ་འབའ་ཞིག་ཏུ་སོང་པ་ལས་མེད་པས། ད་དེ་རིང་ནས་སེམས་ཀྱིས་ཉམས་ལེན་དུ་སེམས་དབེན་པར་གནས་པས་སེམས་སྦྱང་བར་ བྱའོ། །དེ་ཡང་སེམས་མི་དགེ་བའི་སྤྲོ་བསྡུ། བརྣབ་སེམས། གནོད་སེམས། ལོག་ལྟའི་སེམས་ ཏེ་གསུམ་གྱིས་དབེན། དེར་མ་ཟད་སེམས་ལུང་མ་བསྟན་གྱི་སྤྲོས་བསྡུས། འདས་པའི་རྗེས་ གཅོད། མ་འོངས་པའི་སྔུན་བསུ། ད་ལྟར་གྱི་རིག་པ་ལ་བརྩི་བགྲང་གིས་དབེན། དེར་མ་ཟད་ 2-1-17 སེམས་དགེ་བའི་སྤྲོ་བསྡུས། སྔར་བྱས་ཤེས་ཀྱི་ཆོས་དྲན་པ་དང༌། སེམས་ཀྱི་བསམ་བསྒོམ་ ལ་སོགས་པ་ཆོས་ཕྱོགས་ཀྱི་དྲན་རྟོག་ཐམས་ཅད་ཀྱིས་ཀྱང་དབེན་པར་གནས་པས། རེ་ཞིག་ སེམས་ལྷོད་གློད་ལ་ངལ་གསོ་རུ་གཞུག །དེ་ཅི་སྟེ་ན་སེམས་ངལ་མ་གསོ་བར་རྣམ་པར་རྟོག་ པའི་སྤྲོ་བསྡུ་རུ་སོང་ན། ལམ་མི་རྟོག་པའི་ཏིང་ངེ་འཛིན་མི་སྐྱེ་བའི་སྐྱོན་ཡོད་པས་སོ། །ཡང་ སེམས་རྣམ་པར་རྟོག་པའི་སྤྲོ་བསྡུས་དབེན་པར་ལྷོད་གནས་ཙ་ན། རྣམ་པར་མི་རྟོག་པའི་ཏིང་ ངེ་འཛིན་རྒྱུད་ལ་སྐྱེ་བའི་དགོས་པ་ཡོད་པས་སོ། །དེས་ན་སེམས་རྣམ་པར་རྟོག་པའི་སྤྲོ་བསྡུས་ དབེན་པར་གནས་པས་སེམས་སྦྱང་བ་ནི། ཡིད་འཛིན་མེད་དུ་ཅི་ཡང་མི་མནོ་མི་བསམ་[མི་ ཡེངས་]པར་ཧྲིག་གེ་བཞག དེའི་དུས་སུ་བསྒོམ་འོང་ངམ་མི་འོང་དང༌། རྟགས་མཐོང་འདོད་ ལ་སོགས་པའི་དྲན་བསམ་འགྱུ་བའི་རྟོག་པ་སྐྱེས་ན་ཡང་རྗེས་མི་གཅད། རྒྱུན་མི་མཐུད་ པར་འཕྲོ་རྦད་རྦད་བཅད་ལ་ཐོལ་སྐྱེས་རྦད་ཆོད་དུ་གཏོང་པ་གལ་ཆེའོ། །དེ་ཡང་དྲན་བསམ་ འགྱུ་མཁན་དང༌། འཕྲོ་གཅོད་མཁན་ཐམས་ཅད་རང་སེམས་ཡིན་པས། སེམས་དེ་ཉིད་དྲན་ བསམ་འགྱུ་བ་མེད་པར་རང་དྭངས་སུ་བཞག་པས། ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ སྐྱེ་སྟེ། དེ་ལྟར་ཡང༌། མདོ་རྒྱས་འབྲིང་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པའི་དབེན་པ་ལས་སྐྱེས་པའི་ དགའ་བ་དང༌། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཞེས་ སོགས་དང༌། རྩ་རྒྱུད་ལས། ལུས་ངག་སེམས་ནི་དབེན་པ་ཡིས། །མི་རྟོག་ཏིང་འཛིན་སྐྱེ་ བར་ངེས། །མི་རྟོག་ཏིང་འཛིན་སྐྱེས་པ་ཡིས། །མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས། ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། ངག་གི་ལོངས་ སྤྱོད་ལ་ལྟོས་པ་མེད་པ་དང༌། ཡིད་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། འཛག་པའི་བདེ་ 2-1-18 བའི་ལོངས་སྤྱོད་ལ་ལྟོས་པ་མེད་པ་ནི་བསྙེན་པ་སྟེ། ལུས་ངག་ཡིད་དང་ཚངས་པར་སྤྱོད་པའི་ དམ་ཚིག་རྣལ་དུ་ཕེབས་པ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ལྷའི་མཆོག་སྟེར་བ་ཡིན་ གྱི། སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །ཞེས་དང༌། མན་ངག་ལས། བྱིས་པ་ གཞུག་དང་བུམ་པ་དང༌། །གསང་བ་ཡེ་ཤེས་སྔོན་སོང་བས། །བཞི་པ་ཡིས་ནི་དབང་བྱས་ཏེ། ། དམ་ཚིག་རྩ་བ་ཡན་ལག་ཅན། །དེ་ཡིས་དབེན་པར་གནས་བྱས་ལ། །སོ་སོར་སྡུད་པ་འདི་ ལྟར་བསྒོམ། །ཞེས་སོགས་གསུངས་སོ། །དེ་ལྟར་ལུས་ངག་ཡིད་གསུམ་དབེན་པར་གནས་ ནས་སྦྱང་བ་གསུམ་ཞག་གྲངས་ཅི་རིགས་པར་བྱས་པས་དབེན་པར་གནས་པ་དང༌། འབྱོངས་ པའི་རྟགས་ལུས་ངག་སེམས་གསུམ་ལ་འཆར་ཏེ། ལུས་ངལ་ཞིང་དུབ། རོ་སྟོད་ན། དབང་པོ་ སྒོ་ལྔ་རང་བཞིན་གྱིས་ཧད་དེ་{ཧ་རེ་[ཧད་དེ་]བལྟས་པས་འོང༌། ངག་ཤུས་འདེབས། རྔམ་ པ་འདར། དབྱལ་ཕྱ་འོང༌། སེམས་སྔར་རྟོག་པ་མང་པོ་འཕྲོ་བ་དེ་ད་མི་འཕྲོ་བར་ཁ་ཐོམ་མེ་ རྟོག་མེད་དུ་གནས་པའོ། །དེའི་དུས་སུ་མུན་ཁང་སྐྱ་འོད་པ་ལ་སོགས་པ་རྟགས་འགའ་མཐོང་ ན་དབེན་པར་གནས་ཤིང་འབྱོངས་པ་ཡིན་ནོ། །དེའི་དུས་སུ་ཁམས་མི་ལྡོག་པར་གསོ་བ་ ནི། མཚན་མོའི་རྣལ་འབྱོར་གྱི་གནས་ཁང་སྣང་བ་འབྱུང་པའི་བུག་པ་རྟ་རྔ་ཤོང་པ་ཙམ་ཡང་ མེད་པར་ཚགས་བསྡམས་པའི་ནང་དུ་ཞུགས་ནས་བསྡད་དེ། དབེན་པར་གནས་ནས་སྦྱོང་ བ་དང༌། བསྒོམ་པའི་དུས་སུ་ཟས་བདུན་ལས། ཡིད་ལ་སེམས་པའི་ཟས་རྣམ་པར་རྟོག་པའི་ ཁམས་གསོ་བཅད་ནས། ཏིང་ངེ་འཛིན་གྱི་ཟས་རྣམ་པར་མི་རྟོག་པའི་བསྒོམ་མ་སྐྱེས་ཀྱི་བར་ དང༌། སྐྱེས་ནས་ཀྱང་ཅུང་ཟད་བརྟན་པ་མ་ཐོབ་ཀྱི་བར་དུ་གཉིད་དང་ལུས་ཤེད་ཆུང་དུ་སོང་ ནས་ཁམས་ལྡོག་སྲིད་པས། ཟས་གཞན་ལྔ་བསྟེན་ལ་ཁམས་གསོ་བར་བྱ་སྟེ། ཁམས་གྱི་ཟས་ ཚོད་མ་སྡོར་ཅན་ཚོས་པ་སུམ་ཡར་གཏང༌། ཐབས་དང་ཤེས་རབ་ཀྱི་རྫས་འཛོམ་པའི་བཟའ་ བཏུང་འདྲངས་ལ་ཚོད་ཟིན་པ། འཕྲོད་པ་སྣ་མང་དུ་བསྟེན་ནོ། །རེག་པའི་ཟས་གོས་ཡང་ལ་ 2-1-19 དྲོ་བ་གོན་ནས་བསིལ་གྲོད་སྙོམས་པར་བྱས་ལ། སྐབས་སུ་བསྐུ་མཉེ་ལེགས་པར་བྱའོ། ། གཉིད་ཀྱི་ཟས་ཉིན་མཚན་གོ་མ་ལོག་པར་ཉིན་མོ་གཉིད་སྤངས་ལ་མཚན་མོ་ཚིམ་པར་ ལོག་གོ། རྣམ་པར་ཤེས་པའི་ཟས་ཚོགས་དྲུག་ཡུལ་ཡིད་དུ་འོང་མི་འོང་གི་རྗེས་སུ་འབྲངས་ བའི་ཆགས་སྡང་གི་རྟོག་པར་མ་སོང་བར་བྱས་ལ། རང་ལུགས་སུ་བཞག་གོ། ཚངས་པར་ སྤྱོད་པའི་ཟས་འཛག་བཅས་ཀྱི་བདེ་བ་ལ་རེ་ལྟོས་མེད་པར་ཚངས་སྤྱོད་ཀྱི་སྡོམ་པ་གཏན་དུ་ ཐུབ་ནའང་རབ་ཏུ་དགའ། ཁྱིམ་པ་ལ་སོགས་པ་དེ་མ་ཡིན་ནའང་ཏིང་ངེ་འཛིན་ལ་བརྟན་པ་ མ་ཐོབ་ཀྱི་བར་དུ་ཚངས་སྤྱོད་ཀྱིས་སྡོམ་པ་ལ་གནས་པར་བྱའོ། །དེ་ལྟར་ན་ནང་པར་གནངས་ དུས་བཞིན་དུ་ཟས་ཞིམ་མམ། གཉིད་བྱུང་ངམ། ཁམས་མ་ལོག་གམ། སེམས་གནས་ཀྱིན་ འདུག་གམ། དྲིའོ། །ཟས་མི་ཞིམ་པའམ། གཉིད་མ་བྱུང་ཟེར་ན་ཁམ་ཟས་ཞིམ་པོ་ཟར་བཅུག་ ལ་སྣུམ་མཉེ་བྱ། ཁམས་ལོག་ན་བཅོས། སེམས་མི་གནས་ན་(གཉིད་ལོག་བསྟིམས་པ་ལ་སོགས་པ་) རྟོག་པ་གཅོད་པའི་ཐབས་བྱའོ། །སེམས་ཅན་ཐམས་ཅད་ལ་ལམ་རྣམ་པར་མི་རྟོག་པའི་ཏིང་ ངེ་འཛིན་སྐྱེ་བར་གྱུར་ཅིག ། གཉིས་པ་དངོས་གཞིའི་ཁྲིད་ནི་བརྒྱུད་པ་སོ་སོའི་མན་ངག་གི་དཀྱུས་ལས་ཤེས་པར་ བྱའོ། །ཆོས་རྗེ་ཀུན་སྤངས་ཞང་གིས། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དགའ་གཞོན་ནུ་ ལ་སོགས་པའི་ཞུས་ནས། ཡི་གེར་བཀོད་པའོ། །ཁྲིད་ཐེབས་ངེས་པའི་སློབ་མ་ལ་མ་རྟོགས་ པ། གདམས་ངག་རྐུན་མའི་རིགས་ཀྱི་ལག་ཏུ་ཡི་གེ་མི་འཁྱར་བར་མཛད་པར་ཞུ། འདིས་ སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག །དགེའོ། །ཞུས་དག མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༣༠༤ དང་འབྲས་དཔེ་རྙིང༌། ཕྱི་མ། ༡༤༨ ཕྱི་མ། ༡༢༡ ཕྱི་ཀ༡༤༩ བཅས་ ཡིན། ཕྱི་ཀ༢༣༧ གོར་རྟགས་འདི་ཕྱི་མ། ༡༤༨{ }ཁོ་ན་ལ་ཡོད། 2-1-20 རྟགས་འདི་འབྲས་སྤུངས་དཔེ་རྙིང་ཕྱི་མ༡༢༡[ ]ཁོ་ན་ལ་ཡོད། གོར་རྟགས་འདི་ཕན་ཚུན་ཚིག་མི་འདྲ་བས་སྔོན་མ་ཕྱི་མ། ༡༤༨ ཕྱི་མ། ༡༢༡{ [ ]ཡིན་པས་འདེམས་དགོས། 2-1-21 ༄༅། །ཟབ་ལམ་གྱི་ཐོག་མར་དགེ་བའི་ ཁྲིད་བཞུགས་སོ། ། ༄༅། །ཨེ་མ་ཧོ། སངས་རྒྱས་ཀུན་འདུས་དཔལ་ལྡན་བླ་མ་དང༌། །སྐུ་བཞིའི་བདག་ ཉིད་དཔལ་ལྡན་དུས་འཁོར་ལ། །སྒོ་གསུམ་མཆོག་ཏུ་གུས་པས་ཕྱག་འཚལ་ཏེ། །ཟབ་ལམ་ འཁྲིད་ཡིག་མདོར་བསྡུས་དོན་གསལ་བྲི། ། གཉིས་པ་དངོས་གཞིའི་ཁྲིད་ནི། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་དང༌། དཔལ་ གསང་བ་འདུས་པའི་རྒྱུད་ཕྱི་མ་ལ་སོགས་པ་ལས། སོ་སོར་སྤོང་དང་བསམ་གཏན་དང༌། ། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་ དྲུག་ཏུ་འདོད། །ཅེས་གསུངས་པའི། བསྐྱེད་རྫོགས་ཟུང་འཇུག་བསྒོམ་པའི་སྦྱོར་བ་ཡན་ལག་ དྲུག བསྙེན་སྒྲུབ་{ཡན་ལག་[རྣམ་པ་]བཞི་དང༌། རྡོ་རྗེའི་རྣལ་འབྱོར་བཞིར་བསྡུས་ནས། དགེ་བ་གསུམ་གྱི་འཁྲིད་རིམ་པ་གསུམ་{གྱིས་[གྱི་]མཐར་འབྱིན་ཏེ། དཔལ་དུས་འཁོར་ ཞབས་ཆེན་པོས་གསུངས་པའི་སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ཤེས་བྱ་སྟེ། །རབ་ཀྱིས་ དང་པོར་རྟོགས་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་རིམ་པས་ བསྒོམ། །ཞེས་གསུངས་པས། (སམ་བུ་ཊི་ལས། ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲ་བ་ ནི། །སྤངས་ནས་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །ལམ་རིག་རྣམ་པར་རྟོག་ མི་བྱ། །རྣམ་རྟོག་གཏི་མུག་ཆེན་པོས་ཏེ། །ཞེས་སོགས་གསུངས། )དེ་ལྟར་འདིར་གསུམ་ལས། དང་པོ་སོ་སོར་སྤོང་དང་བསམ་གཏན་བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར། 2-1-22 ཐོག་མར་དགེ་བའི་འཁྲིད་ལ་གཉིས་ལས། དང་པོ་བསྙེན་པའི་ཡན་ལག་གི་སྔོན་འགྲོ་སོ་སོར་ སྤོང་བའི་འཁྲིད་ནི། སྙན་བརྒྱུད་ལས། སྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ {ནི་[ཉིད་] འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། །འབྱུང་བ་ལམ་རྟགས་མ་ནོར་ འབྱུང༌། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །སོ་སོའི་རྟོག་པ་ཐམས་ཅད་སྡུད། །ཅེས་གསུངས་པས། དེ་ལ་དྲུག་ལས། དང་པོ་སོ་སོར་སྤོང་བའི་མཚན་དོན་ནི། རྒྱུ་ལས་དང་པོ་པས་མིག་ལ་སོགས་པའི་ཡུལ་ ཅན་དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ལྔ་སོ་སོར་འཛིན་པའི་རྗེས་སུ་འབྲངས་པའི་ {དུག་[དུས་]གསུམ་གྱི་རྣམ་པར་རྟོག་པ་སྤངས་པས། འབྲས་བུ་འཁོར་བའི་སྡུག་བསྔལ་ ཐམས་ཅད་རང་འགགས་སུ་སྤོང་{པ་སྟེ[བས་ཏེ]། [དེ་ལ་]དཔལ་གསང་བ་འདུས་པ་ལས། དབང་པོ་རྣམས་ཀྱིས་མཐོང་ནས་ཀྱང༌། །རང་གི་འཇུག་ཡུལ་ཐམས་ཅད་{ལ[ཀྱང་]། །འདོད་ པ་སོ་སོར་སྤོང་བས་ན། །སོ་སོར་སྤོང་བ་ཞེས་བཤད་དོ། །ཞེས་[པ་]དང༌། མཚན་བརྗོད་ ལས། དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་ དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་སོ། །དེ་བཞིན་དུ་སོ་སོར་གཅོད་ དང༌། སོ་སོར་ཞི་ཅེས་ཀྱང་བྱའོ། །ཡང་འཁོར་བ་སེམས་ཅན་གྱི་རྒྱུ། ཆོས་མིན་རྣམ་རྟོག་ཡིད་ བྱེད་དང༌། འདས་པ་སངས་རྒྱས་ཀྱི་རྒྱུ། རྣམ་པར་མི་རྟོག་ཡིད་ལ་མི་བྱེད་པའི་ཏིང་ངེ་འཛིན་ སོ་སོར་རྟོག་{པ་}དཔྱོད་ཅིང༌། སོ་སོར་འབྱེད་{པ་སྟེ}[པས་ཏེ]། མདོ་རྒྱས་འབྲིང་ལས། གང་རྣམ་པར་རྟོག་པ་ནི་མི་དགེ་བའི་ཆོས་སོ། །རྣམ་པར་མི་རྟོག་པ་ནི་དགེ་བའི་ཆོས་སོ། ། ཞེས་དང༌། ཡིད་ལ་བྱེད་པ་ནི་མི་དགེ་བའི་ཆོས་སོ། །ཡིད་ལ་མི་བྱེད་པ་ནི་དགེ་བའི་ཆོས་སོ། ། ཞེས་དང༌། ཡིད་ལ་བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་བྱེད་ཅིང་གནས་པར་བྱེད་པ་ཡིན་ ནོ། །ཡིད་ལ་མི་ཕྱེད་{པ་ནི་[པས་]ཁམས་གསུམ་དུ་འདྲེ་བར་{མི་}བྱེད་ཅིང་གནས་པར་བྱེད་ 2-1-23 པ་{མ་}ཡིན་ནོ། །ཞེས་སོགས་གསུངས་སོ། །ཡང་ན་འཁོར་བ་སེམས་ཅན་གྱི་རྒྱུ། དབང་པོ་ ལྔས་ཡུལ་ལྔ་སོ་སོར་འཛིན་པའི་རྣམ་རྟོག་བསྡུས་ཤིང༌། མགོ་མནན་ནས། འདས་པ་སངས་ རྒྱས་ཀྱི་རྒྱུ། ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་པས། འབྲས་བུ་རྫོགས་པའི་ སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་{སྡུད་[བསྡུས་]པ་སྟེ། དཔལ་དུས་ཀྱི་ འཁོར་ལོ་བསྡུས་པའི་རྒྱུད་ལས། སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་འབྲེལ་པ་ རྣམས་ཀྱིས་རབ་ཏུ་མི་འཇུག་ཉིད། །ཅེས་[པ་]དང༌། དེ་ཉིད་ཀྱི་འགྲེལ་པ་ལས། འདིར་སོ་ སོར་སྡུད་པའི་མིང་ནི། དངོས་པོ་ལ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་རྣམས་ཀྱི་འབྲེལ་བའི་ སེམས་མི་འཇུག་ཅིང༌། རྣམ་པར་ཤེས་པ་སྟོང་པའི་གཟུགས་ཀྱི་[ཡུལ་གྱི་]ཡུལ་རྣམས་ལ་ འཇུག་པ་ནི། གཞན་མིག་ལ་སོགས་པ་རྣམ་པ་ལྔ་ཞེས་བྱའོ། །ཞེས་[པ་]དང༌། (ཤ་བ་རི་དབང་ ཕྱུག་གི་)མན་ངག་ལས། མིག་ལ་སོགས་པའི་དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ལྔ་ མི་ལེན་པའོ། །ཞེས་[གསུངས་]སོ། ། གཉིས་པ་དུས་མཚམས་ནི། སྙན་རྒྱུད་ལས། (དཔྲལ་བའི་ཐིག་ལེར་སྲོག་ཅུག་ལ་)གཡས་པ་ ས་ཡི་རླུང་དུས་བསྒོམ། །ཞེས་པ་སྟེ། དེའི་རྒྱུ་མཚན་{ནི}། བསྡུས་རྒྱུད་ལས། ས་ནི་ཆུ་ལ་ འཇུག་འགྱུར་དེ་བཞིན་{ཆུ་ནི་}མེ་ལ་མེ་ནི་རླུང་ལ་འཇུག་པར་འགྱུར་བ་འོ། །རླུང་ནི་སྟོང་ པ་ལ་སྟེ་སྟོང་པ་མཚན་མ་རྣམ་པ་བཅུར་འགྱུར་མཚན་མ་རྣམ་པ་ཀུན་ལྡན་དུ། །རྣམ་པ་ཀུན་ ལྡན་མཆོག་ཏུ་མི་འགྱུར་བདེ་བ་དམ་པ་[དེ་ནི་]ཡེ་ཤེས་སྐུ་རུ་{འགྱུར་བར་}བརྗོད་པ་སྟེ། །ཡེ་ ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་རོ་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་རུ་མི་བདག་ཀྱེ། ། ཞེས་སོ། །ཕྱི་ནས་སྲོད་དང་ཐོ་རངས་དང༌། སྔ་དྲོ་ཕྱི་དྲོ་གསལ་ལ་རྟོག་མེད་དུ་གནས་པའི་ ཡེ་ཤེས་སྐྱེ་[བའི་]དུས་ཡིན་པས་བསྒོམ་ཞིང༌། ནམ་གུང་ཉིན་གུང་བྱིང་ནས་གསལ་བའི་ཡེ་ ཤེས་འཇིག་ཅིང༌། (སོ་སོར་)དྲོ་དགོངས་དགོད་ནས་རྟོག་མེད་ཀྱི་ཡེ་ཤེས་འཇིག་དུས་ཡིན་ 2-1-24 པས་མི་བསྒོམ་པར་ཐུན་མཚམས་བྱའོ། ། ༈ གསུམ་པ་ཡན་ལག་ལ་གསུམ། སོ་སོར་སྤོང་བའི་ཐབས་ཉིན་མཚན་གྱི་རྣལ་འབྱོར་ བསྒོམ་པ་དང༌། སོ་སོར་སྤོང་བའི་སྒོམ་ལམ་ཏིང་ངེ་འཛིན་ངོ་སྤྲད་པ་དང༌། སྒོམ་འཕྲོ་ལ་ཤི་ ཡང་རྣལ་འབྱོར་གོམས་[པའི་]སྟོབས་འཇུག་པར་བསྟན་པའོ། ། དང་པོ་ནི། མདོ་བརྒྱད་སྟོང་པ་ལས། ཀོའུ་ཤི་ཀས་སྨྲས་པ། འཕགས་པ་རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བསླབ་པར་འདོད་པས་གང་ལ་བསླབ་པར་ བགྱི། རབ་འབྱོར་གྱིས་སྨྲས་པ། ཀོའུ་ཤི་ཀ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་ བསླབ་པར་འདོད་པས་ནམ་མཁའ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བསླབ་པར་འདོད་པས། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བསླབ་ པར་བྱའོ། །ཞེས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་བསྒོམས་ པའོ། །ཞེས་[པ་]དང༌། མཚན་བརྗོད་ལས། ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་{སྦྱིན་ [བཞིན་]ནོར་བུ་ཆེན་པོ་འཆང༌། །ཞེས་དང༌། རྩ་རྒྱུད་ལས། སོ་སོར་སྤོང་བ་ཕྱག་རྒྱ་ཆེ། །ནམ་ མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་[པ་]དང༌། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ ཕྱི་མ་ལས། མཚན་{མོའི་[མའི་]སྦྱོར་བས་དུ་བ་ལ་སོགས་སླར་ཡང་ཉིན་མོ་ནམ་{མཁར་ [མཁས་]འབར་བ་ལ་སོགས་པ། །སོ་སོར་སྡུད་པའི་རྣལ་འབྱོར་པ་ཡིས་དུས་གསུམ་དངོས་ པོ་ནམ་མཁའི་དཀྱིལ་དུ་སོན་པར་མཐོང༌། །ཞེས་གསུངས་པའོ། །{དེའི་}དང་པོ་བླ་གབ་ཅན་ མཚན་མོ་གསང་མེད་ནམ་མཁའི་རྣལ་འབྱོར་ལ་གསུམ་ལས། བསྒོམ་པའི་གནས་ནི། (ཀུན་ སྤངས་ཀྱི་གནས་ནི་)དབེན་ཁང་རང་བཞིན་གྱིས་མུན་པ་གནག་པ་ས་ཕུག་[གམ་]བྲག་ཕུག་ {དང་[གམ]། (འབྱོར་ལྡན་གྱི་གནས་)སྒྲུབ་{གནས་[ན་]ས་མཐོ་སར་བྱས་པ། ཐོག་མཐོ་བ། ཕྱོགས་མཚམས་ཐམས་ཅད་དུ་ཞལ་བ་བྱས་པ། གསལ་དཀར་ཕྱི་རུབ་ལ་ནང་ཡངས་པ་དང་ 2-1-25 ལྡན་པ། སྒོ་འཁྱོག་རིམ་པ་གསུམ་པའམ་འཛུལ་སྒོ་ཅན། སྒོམ་དུས་སྣང་བ་འབྱུང་བའི་བུག་ པ་ཅུང་ཟད་ཀྱང་མེད་པར་བསྡམས་པའི་ནང་དུ་སྟེ། སྙན་རྒྱུད་ལས། མཚན་མོ་བླ་{ཁབས་ [ཁབ་]བཅས་(པ་གསེང་མེད་པའི་ཁང་)པ་རུ། །ནམ་མཁའ་ལ་དམིགས་སྟོང་ཉིད་བསྒོམ། །སྲོད་ དང་ཐོ་རངས་གུང་ལ་མིན། །ཞེས་སོ། ། གཉིས་པ་བསྒོམ་པའི་ཚུལ་ལ་གཉིས་{ལས}། དང་པོ་མཉམ་བཞག་དངོས་གཞིའི་དུས་ སུ་མི་གཡོ་བ་གསུམ་དང་ལྡན་པར་གཞག་པ་ལ་གསུམ་ལས། ལུས་རྩ་མི་གཡོ་བར་གཞག་པ་ ནི། {སྔོན་འགྲོ་བཞི་དང་གཉིས་པོ་སྔོན་དུ་བཏང་ནས། } རྐང་པ་དཀྱིལ་དཀྲུང་བཅའ། ལག་ པ་གཉིས་པུས་མོའི་སྟེང་དུ་བཀབ་པའམ། མཉམ་གཞག་གི་ཕྱག་རྒྱའམ། ཡང་ན་མཐེ་བོང་ གཉིས་ཀྱིས་སྲིན་ལག་གི་རྩ་བ་མནན་པའི་ཁུ་ཚུར་བཅངས་{པ[ལ]། ལྟེ་འོག་གམ་བརླ་ སྟེང་དུ་བཞག །<དབང་པོ་ལས། ཁུ་ཚུར་བརླའི་སྟེང་དུ་རྡོ་རྗེའི་གདན་ལ་གནས་པ། རྒྱལ་བའི་བདག་པོའི་རྡོ་ རྗེ་ཕྱག་རྒྱར་འགྱུར། ཞེས་སོ། །>སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་སྒུ་བར་བྱས་ པའི་ལུས་མི་གཡོ་མི་འགུལ་བར་གནས་ནས། མིག་གཉིས་འབྱེད་འཛུམ་མི་བྱེད་པར། (རང་ གི་གཞི་ལ་ལྟ་ཚུལ་མཐོ་དམའ་གང་འདུག་དང་བསྟུན་ནས་)སོ་མར་བཞག་པའི་མིག་འབྲས་མི་འགུལ་ བར་ཧྲིག་གེ། སྣ་སྒོ་ནས་(རླུང་རྒྱུ་བ་ཐུང་རིང་གི་ཚད་)སོར་བཅུ་ུགཉིས་སམ་བཅུ་དྲུག་གི་ནམ་ མཁའ་ལ་བལྟ་སྟེ། རྩ་རྒྱུད་ལས། མིག་གཉིས་མ་ཕྱེ་མ་བཙུམས་པས། །ཞེས་སོ། །ཡང་ན་ མིག་གཉིས་བགྲད་ལ་སྤྱི་གཙུག་ཏུ་བལྟ་སྟེ། བསྙེན་པར་དང་པོའི་རྣལ་འབྱོར་པ་ཡིས་ནམ་ མཁར་རྣམ་བཅུ་འཁོར་ལོ་ཅན་གྱི་ཁྲོ་བོའི་བལྟ་སྟངས་ཀྱིས། ཞེས་[པ་]དང༌། གསང་འདུས་ ལས། བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་སུ་འབད་དེ་བལྟ་བར་བྱ། །ཞེས་(པ་ནི། མིག་མི་འཛུམ་པར་བལྟ། མིག་ཁྲོས་པའི་ཚུལ་དུ་བལྟ། མིག་ངལ་མི་གསོ་བར་ལྟ། ཡིད་འཛིན་པ་མེད་པར་བལྟའོ། ། ཞེས་)དང༌། ཤེར་ཕྱིན་ལས། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཞེས་ 2-1-26 གསུངས་སོ། །ངག་རླུང་མི་གཡོ་བར་གཞག་པ་ནི། རླུང་གི་དུག་དབྱུང་གསུམ་གསུམ་སྟེ་དགུ་ དབྱུང་བར་བྱས་ནས། དབུགས་ཆེད་དུ་ནང་དུ་མི་བཟུང༌། ཆེད་དུ་ཕྱིར་མི་བཏང་པར་{རྔམ་ [རྔུབ་]པ་རང་སོར་གཞག་གོ། དེ་ལྟར་གཞག་པས་རླུང་ནང་དུ་ཟིན་དྲགས་པའི་གེགས་ཚད་ ནད་དང༌། ཕྱིར་བཏང་དྲགས་པའི་གེགས་གྲང་ནད་མི་འབྱུང་པའོ། །སེམས་རིག་པ་མི་གཡོ་ བར་གཞག་པ་ལ་བཞི་ལས། སེམས་ཅི་ཡང་མི་སེམས་པར་གཞག་པ་ནི། སེམས་མ་བཅོས་ གཉུག་མའི་ངང་དུ་ཅིར་ཡང་མི་སེམས། ཅི་ཡང་ཡིད་ལ་མི་བྱེད་པར་མ་ཡེངས་པར་ཏིང་ངེ་ འཛིན་པ་སྟེ། རྩ་རྒྱུད་ལས། སེམས་ནི་གཡོ་བ་མེད་བྱས་ནས། །དུ་བ་ལ་སོགས་རྣམ་བསྒོམ་ བྱ། །ཞེས་[པ་]དང༌། དངོས་མིན་དངོས་པོར་བསྟེན་ནས་སུ། །དངོས་པོ་དངོས་པོ་མིན་པར་ བྱ། །སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་སེམས་པར་མི་བྱའོ། །ཞེས་[པ་]དང༌། བསམ་པ་ཐམས་ཅད་རྣམ་སྤངས་ནས། །ཉིན་མཚན་གཅིག་ནི་བལྟ་བར་གྱིས། །དེ་ལ་རྟགས་ ནི་མ་མཐོང་ན། །དེ་ཚེ་ང་ཡིས་བརྫུན་སྨྲས་ཡིན། །ཞེས་གསུངས་སོ། །དེ་ནི་ཤེས་པ་ཅི་ཡང་ མི་{བསམ་[སེམས་]པར་གཞག་པ་ལྷ་ཁང་གི་ལྡེར་སོ་ལྟ་བུའི་མན་ངག་གོ། སེམས་རིག་པ་ རྩེ་གཅིག་ཏུ་གཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། ཡིད་མིག་རླུང་ གསུམ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁའ་ལ་རྩེ་གཅིག་ཏུ་མ་ཡེངས་པར་ཏིང་ངེ་འཛིན་པ་ སྟེ། རྩ་རྒྱུད་ལས། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་ བྱ། །རྒྱལ་བའི་ཡོན་ཏན་ངེས་པར་འབྱུང༌། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། །ཅེས་[པ་] དང༌། རྩེ་གཅིག་རྣལ་འབྱོར་སྒོམ་པར་བྱེད། །ཡིད་ལ་ཅི་ཡང་མི་བསམ་མོ། །[མ་བསམ་ པ་ཡི་སྣང་བ་རུ། །དུ་བ་ལ་སོགས་སྣ་ཚོགས་འབྱུང༌། །]ཞེས་གསུངས་སོ། །དེ་ནི་རྣམ་ཤེས་སྒོ་ གཅིག་ཏུ་བཏོན་ནས་གཞག་པ་སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའི་མན་ངག་གོ། ཤེས་པ་ད་ ལྟར་བ་འཛིན་མེད་དུ་གཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་ 2-1-27 འདས་པའི་རྗེས་མི་གཅད། མ་འོངས་པའི་སྔུན་མི་བསུ། ད་ལྟ་བ་ལ་བརྩི་བགྲང་མི་བྱ་བར། ཤེས་པ་ད་ལྟར་བ་མ་བཅོས་གཉུག་མའི་ངང་དུ་རྣམ་རྟོག་གང་ཡང་མེད་པར་མ་ཡེངས་པར་ ཏིང་ངེ་འཛིན་{པ་སྟེ}[པས་ཏེ]། རྩ་རྒྱུད་ལས། དང་པོ་ཐོག་མཐའ་དང་བྲལ་ཞིང༌། །བར་ མ་ཙམ་ཞིག་བསྟེན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང༌། །དེ་ལ་མཚན་མ་བཅུ་འབྱུང་ ངོ༌། །ཞེས་གསུངས་སོ། །<མན་ངག་ལས་ཀྱང༌། སྔར་རྗེས་མི་བཅད་སྔུན་མི་བསུ། །ད་ལྟར་འཛིན་མེད་ནམ་ མཁར་བཞག །དུས་གསུམ་རྟོག་པའི་རྒྱུ་འགྲུལ་འཆད། །ད་ལྟར་འཛིན་མེད་ཏིང་འཛིན་གནས། །ཞེས་གསུངས་སོ། །> དེ་ནི་དུས་གསུམ་བར་མ་རྟོག་མེད་དུ་{གཞག་[བཞག་]པ། སྤུན་གསུམ་གྱི་བར་མ་དང་ འགྲོགས་པ་ལྟ་བུའི་མན་ངག་གོ། སེམས་གློད་ནས་{རང་གྲོལ་དུ་}གཞག་པ་ནི། ལུས་ངག་མི་ གཡོ་བར་སྔར་བཞིན་བཞག་ནས། སེམས་མ་བཅོས་[པ]གཉུག་མའི་ངང་དུ་ལྷོད་གློད་ནས། གང་དུ་ཡང་མི་རྟོག་པར་མ་ཡེངས་པར་ཏིང་ངེ་འཛིན་པ་སྟེ། རྩ་རྒྱུད་ལས། བཅིངས་ན་ཕྱོགས་ བཅུར་བརྒྱུགས་ནས་འགྲོ། །བཀྲོལ་ན་གཡོ་མེད་གནས་པ་ལྟར། ། འཛའ་མོ་བདག་གིས་རྔ་མོང་མཐོང༌། །བདག་ལ་ཕྱིན་ཅི་ལོག་པར་སྣང༌། །[ས་ར་ཧས། འཇུར་བུས་བཅིངས་པའི་སེམས་ཉིད་འདི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་སྐུད་ པར་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་གློད་ན་བདེ། །]ཞེས་གསུངས་སོ། །དེ་ནི་སེམས་ གློད་ན་རང་གྲོལ་{དུ་}གནས་པ་རྔ་མོ་བཀྲོལ་བ་ལྟ་བུའི་མན་ངག་གོ། དེ་ལྟར་རྟོག་པ་གཅོད་པའི་མན་ངག་བཞི་པོ་ཀུན་ལ་མ་ཡེངས་པར་ཏིང་ངེ་འཛིན་པ་[ནི་] ཤིན་ཏུ་གཅེས་ཏེ། མདོ་ལས། སེམས་ཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ན། གཞན་གྱི་ དོན་ལྟ་སྨོས་ཀྱང་ཅི་དགོས། སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི། དུས་གསུམ་{གྱི་}སངས་ རྒྱས་ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། །དེ་དག་གི་སྐབས་སུ་བལྟ་བ་དང༌། དྲི་བ་ ལེགས་པར་བྱས་ལ། ཉམས་མྱོང་རིམ་ཅན་དང༌། རིམ་མེད་གང་སྐྱེས་དང་སྦྱར་བའི་རྟགས་ 2-1-28 དང༌། རྟགས་ཅན་གྱི་སྣང་བའི་ཉམས་སྐྱོན་ཅན་དུ་སྣང་བ་སྐྱོན་མེད་དུ་ངོ་སྤྲོད་པ་ལ་སོགས་ པ། དང་པོ་སྒོམ་འདེབས་པ་ལ་མཁས་པ། བར་དུ་སྒོམ་གྱི་ཉམས་མྱོང་སྐྱོང་བ་ལ་མཁས་པ། མཐར་ཉམས་མྱོང་ཡོན་ཏན་དུ་བསྒྱུར་བ་ལ་མཁས་པར་{བྱ་སྟེ[བྱས་ཏེ]། དཔལ་ལྡན་བླ་མ་ དམ་པས་འདེབས་སྐྱོང་བསྒྱུར་བའི་ཚུལ་ལས་ཤེས་པར་བྱའོ། ། ༈ གཉིས་པ་རྗེས་ཐོབ་ཐུན་མཚམས་ཀྱི་དུས་སུ་དབེན་པ་གསུམ་བསྟེན་ནས་གནས་པ་ ནི། མཉམ་བཞག་གི་དགེ་བ་བསྔོས་ནས་སྔོན་འགྲོ་བཞིན་[དུ་]ལུས་(དགེ་མི་དགེ་ལུང་མ་བསྟན་ གྱི་)བྱ་བྱེད་ཀྱིས་དབེན་པ་{དང་}། ངག་(དགེ་མི་དགེ་ལུང་མ་བསྟན་གྱི་)སྨྲ་བརྗོད་ཀྱིས་དབེན་པ་ {དང་}། སེམས་(དགེ་མི་དགེ་ལུང་མ་བསྟན་གྱི་)རྣམ་རྟོག་གི་སྤྲོ་བསྡུས་དབེན་པར། སྒོ་གསུམ་ རང་ལུགས་སུ་ལྷོད་གློད་ནས་ངལ་གསོ་བར་བྱའོ། ། ༈ གསུམ་པ་སྤོགས་པའི་ཆོ་ག་ནི། སྙན་བརྒྱུད་ལས། སོ་སོར་སྡུད་པའི་སྤོགས་པ་ནི། ། བྱེད་བཅིངས་དྲག་ཏུ་བརྩམ་པར་བྱ། །ཞེས་དང༌། [སྙན་བརྒྱུད་ལས། འབོལ་བའི་སྟན་ལ་ བྱེད་པ་ནི། །ལུས་བསྲང་རྡོ་རྗེ་སྐྱིལ་ཀྲུང་བཅའ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །གསུས་ སྦྱར་ལྕེ་བཟློག་མིག་གྱེན་བཟློག །གཙུག་ཏོར་བསྒྱུར་བའི་ལྟ་སྟངས་སོ། །དེས་ནི་རླུང་རྣམས་ འཆིང་བར་བྱེད། །ཅེས་སོ། །]རྩ་རྒྱུད་ལས། བྱེད་པ་ནན་བཅིངས་མན་ངག་གིས། །སྲིད་པ་ གསུམ་པོ་གཡོ་མི་འགྱུར། །ཞེས་གསུངས་པས། བྱེད་པ་ནི། རོ་རྐྱང་གི་རྩ་རླུང་ཐིག་ལེ་དང་ རྣམ་རྟོག་ཡིན་{ཅིང་}། དེ་དག་བཙན་ཐབས་སུ་ནན་གྱིས་བཅིང་བ་ནི། ལུས་གནད་དང་ལྟ་ སྟངས་ཡིན་པས། ཤེས་མི་ཤེས་བལྟས་ཤིང་མི་ཤེས་ན་འདྲ་བའི་དཔེ་དྲུག་ལྟར་ལེགས་པར་ བསླབ་པར་{བྱ་སྟེ[བྱས་ཏེ]། (གཅུན་དྲགས་ན་གློད། གློད་དྲགས་ན་བཅུན་དུ་འཇུག་པ་རྣམས་བླ་མའི་) ཞལ་ལས་ཤེས་པར་བྱའོ། ། ༈ གཉིས་པ་བླ་གབ་མེད་པ་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་ལ་གསུམ་ལས། 2-1-29 བསྒོམ་པའི་གནས་ནི། (ཀུན་སྤངས་པའི་གནས་)ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་ས་རིའི་རྩེ་ མོའམ། ཐང་ཡངས་{པོར་[པོ་]རང་གི་ལུས་མི་མཐོང་ཙམ་དུ་བསྐྱོར་བ་དང༌། (འབྱོར་ལྡན་ གྱི་གནས་)ཁང་ཐོག་གམ་གཡབས་འོག་ཏུ་སྟེ། སྙན་བརྒྱུད་ལས། ཉིན་མོ་བླ་གབ་མེད་པ་སྟེ། ། ནམ་མཁའ་ལ་བལྟ་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་གུང་ལ་མིན། །ཞེས་སོ། །སྒོམ་{པའི་}དུས་ནི། མཚན་རྟགས་{རྣམས་}རྫོགས་པར་མཐོང་ནས་སྔ་དྲོ་དང་ཕྱི་དྲོ་བསྒོམ་[གྱིས། ] ཉིན་གུང་མི་ བསྒོམ་སྟེ། སྙིང་པོ་གསལ་བ་ལ་སོགས་པ་ལས། སྔ་དྲོ་ཉི་མ་རྒྱབ་ཕྱོགས་ཏེ། །ཆུ་འཛིན་དང་ ནི་བྲལ་བ་ཡི། །ནམ་མཁའ་དྭངས་པར་གྱུར་པ་{ལ[ལས]། །རྩེ་གཅིག་མི་རྟོག་བསྒོམ་པར་ བྱ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །{ཉི་[ཉིན་]ཕྱེད་མིག་ལ་གནོད་ཕྱིར་སྤང༌། །ཞེས་གསུངས་ སོ། ། སྒོམ་པའི་ཚུལ་ལ་གསུམ[ལས]། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མི་གཡོ་བར་{གཞག་[བཞག་]པ་ནི། རང་འདི་ན་ཡོད་པ་ལ་མི་བལྟ། ཡུལ་ཕ་གི་ན་ ཡོད་པ་ལ་མི་བལྟ་བར་སྤྲིན་མེད་པའི་ནམ་མཁའ་ཤིན་ཏུ་དྭངས་པའམ། སྤྲིན་དང་བཅས་{ན་ [ཏེ་]བར་སྣང་དུ་བལྟས་ཏེ། གང་དུ་ུཡང་མི་རྟོག་པར་རྩེ་གཅིག་ཏུ་མ་ཡེངས་པར་ཏིང་ངེ་ འཛིན་པ་སྟེ། རྣལ་འབྱོར་རྩེ་གཅིག་གནས་པས་ཆུ་འཛིན་བྲལ་བའི་ནམ་མཁར་སྣང་བ་ཁེངས་ པའི་ལྟ་བས་བལྟ་བར་བྱ[འོ]། །ཞེས་སོ། ། གཉིས་པ་ངོ་སྤྲོད་ནི་གསལ་སྒྲོན་བཞིའོ། །གསུམ་པ་ནི། སྙན་བརྒྱུད་ལས། སོ་སོར་སྡུད་ པའི་རྟགས་མཐོང་ཞིང༌། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་ལམ་དམ་པ་དང་འཕྲད། །དེ་ ནས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིད་ ལྡན་གལ་ཏེ་རྣལ་འབྱོར་མ་ཐོབ་འཆི་བར་{འགྱུར་བ་[གྱུར་པ་]ན། །དཔལ་ལྡན་མི་ཡི་འཇིག་ རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །{དེ་ཡིས་} 2-1-30 སྔོན་དུ་གོམས་པས་[པ་དེ་ཡིས་]སླར་ཡང་ཡེ་ཤེས་རྣལ་འབྱོར་མཆོག་ཏུ་རྒྱ་ཆེན་ཉམས་སུ་ ལེན་པར་འགྱུར། །ཡེ་ཤེས་ཐོབ་པར་གྱུར་ནས་མི་ཟད་མཆོག་གི་གནས་འགྲོ་སླར་ཡང་གང་ དུའང་སྐྱེ་བ་མ་ཡིན་ནོ། །ཞེས་པའོ། ། བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ལའང་གསུམ་ལས། མཚན་མོའི་རྣལ་འབྱོར་ གྱི་ངེས་པའི་རྟགས། གཡས་ཀྱི་འབྱུང་བ་ལུགས་བཟློག་གི་རླུང་རྫོགས་རིམ་ཐིམ་པས་འཆི་ བ་སྦྱོང་བ་ནི། (ཕ་རྒྱུད་)གསང་འདུས་རྒྱུད་ཕྱི་མ་ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་ དུ་བ་ལྟ་བུ་དང༌། །གསུམ་པ་མཁའ་{སྣང་[མཉམ་]མེ་ཁྱེར་བཞིན། །བཞི་པ་མར་མེ་ལྟ་བུ་ དང༌། །ལྔ་པ་སྤྲིན་མེད་ནམ་མཁའ་འོ། །ཞེས་དང༌། (མ་རྒྱུད་)རྡོ་རྗེ་གུར་ལས། དང་པོ་སྤྲིན་ གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་{འདྲ[སྟེ]། །བཞི་པ་ མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་{བ་སྟེ[བས་ཏེ]། །སྤྲིན་མེད་ནམ་མཁའ་འདྲ་བ་ ཉིད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ། །དངོས་གྲུབ་ཉེ་བར་གྱུར་པ་ཡིན། །ཕྱི་ནས་སྒྱུ་མའི་ རྣམ་པ་ནི། ཁམས་གསུམ་རྒྱུ་ུདང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་གྲུབ། །ཅེས་[པ་]དང༌། ནམ་མཁར་ཆགས་པའི་སེམས་ཀྱིས་མིག་མི་འཛུམས་པ་དང་ནི་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་ རྣམས་ཀྱིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་མར་མེ་དྲི་མ་མེད་པའི་རབ་གསལ་ ཉིད། །ཅེས་པ་ལ་སོགས་པའོ། །ཉིན་མོའི་རྣལ་འབྱོར་གྱི་ངེས་པའི་རྟགས། གཡོན་གྱི་འབྱུང་ བ་ལུགས་འབྱུང་གི་རླུང་བསྐྱེད་རིམ་གོ་ལོག་པས་སྐྱེ་བ་སྦྱོང་བ་ནི། མཚན་བརྗོད་ལས། ནམ་ མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ(འབར་བ)། །འོད་ཆེན་རྣམ་པར་སྣང་ བར་བྱེད། །ཡེ་ཤེས་འོད་ཟེར་ལྷང་ངེ་བ(ཟླ་བ)། །འགྲོ་བའི་མར་མེ་(ཉི་མ་)ཡེ་ཤེས་སྒྲོན(སྒྲ་ གཅན)། །གཟི་བརྗིད་ཆེན་པོ་འོད་གསལ་བ(གློག)། །རིག་པའི་རྒྱལ་པོ་གསང་སྔགས་<སྟོང་ གཟུགས་>མཆོག །<ཐིག་ལེར་དམིགས་བཅས་དམིགས་མེད་མི་འགྱུར་བའི་བདེ་བས་>གསང་སྔགས་ 2-1-31 རྒྱལ་པོ་དོན་ཆེན་བྱེད། །ཅེས་[པ་]དང༌། (མེ་འོད་)འབར་དང་ཟླ་བ་ཉི་མ་(ནི་འོད་དམ་དབྱིབས་ འདྲའོ་)རྡོ་རྗེ་(སྒྲ་གཅན་གྱི་ཐིག་ལེ་ནག་པོ་)དང་ནི་མཆོག་གི་ཆ་(གློག་དཀར་བ་དམར་བ་འཁྱུག་པ་མི་རྟག་ པ་)དང་གཞན་ཡང་ཐིག་ལེ་<ཐིག་ལེར་དམིགས་བཅས་དམིགས་མེད་མི་འགྱུར་བའི་བདེ་བས་>ཉིད་ (ནི་ལྗང་ཁུ་ལ་སོགས་པ་སྣ་ཚོགས་ཐིག་ལེ་ཆེན་པོའི་ནང་ན་གནས་པའི་ཐིག་ལེ་ཕྲ་མོ་ནི་ངུར་སེར་ལ་སོགས་པ་སྣང་ པ། ཆ་འཕྲ་བ་འཚེར་བ་འདར་བ་གཞིག་པར་དཀའ་བ་འོད་ཟེར་འཕྲོ་བ་ལྟ་བུ་མཐོང་པ་)རྣམས་སོ། །ཞེས་ པའོ། །ཉིན་མཚན་གཉིས་ཀའི་རྟགས་དང་རྟགས་ཅན་ནི། རྩ་རྒྱུད་ལས། མ་བསམ་པ་ཡི་སྣང་ བ་དང༌། །དུ་བ་ལ་སོགས་མཚན་མ་དེ། །ཤེས་རབ་གཟུགས་ནི་མཁའ་མཉམ་དང༌། །ཡོད་ དང་མེད་ལས་རྣམ་འདས་པའི། །སེམས་ཀྱི་རྐྱེན་གྱིས་དོན་རྣམས་དང༌། །རྡུལ་ཕྲན་ལས་ སྐྱེས་ཚོགས་པ་རྣམས། །ཀུན་ཏུ་ཡོངས་སུ་སྤངས་པའོ། །དུ་བ་སྨིག་རྒྱུ་མེ་ཁྱེར་དང༌། །མར་མེ་ འབར་དང་ཟླ་ཉི་དང༌། །མུན་ཅན་ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་གསལ་བའོ། ། མིག་གཉིས་མ་ཕྱེ་མ་བཙུམས་པས། །གང་ཞིག་སྟོང་པར་མ་བརྟགས་པར། །རྨི་ལམ་བཞིན་ དུ་གཟུགས་མཐོང་འགྱུར། །ཞེས་[པ་]དང༌། (ཐིག་ལེ་ནག་པོ་)དེ་དབུས་སངས་རྒྱས་སྐུ་ནི་ཡུལ་ དང་རྣམ་པར་བྲལ་བ་སྤྲུལ་དང་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ཇི་སྲིད་ངེས་པར་རི་མོ་ནག་ པོ་དྲི་མེད་འོད་ཟེར་འཕྲོ་བ་མཐོང་བ་དུས་ཀྱི་རྩ་ཡིས་སོ། །དེར་ནི་ཐམས་ཅད་མཁྱེན་པའི་སྐུ་ ནི་ཆུ་ནང་ཉི་མ་རྙོག་བྲལ་བཞིན་དུ་བརྗོད་མེད་སྣ་ཚོགས་མདོག །ཡུལ་དང་རྣམ་པར་བྲལ་ བའི་རྣམ་པ་མ་ལུས་རང་གི་སེམས་ཏེ་གཞན་གྱི་སེམས་ཉིད་མ་ཡིན་ནོ། །ཞེས་{པ་}དང༌། སྙན་བརྒྱུད་ལས། དེ་ལྟར་བསྒོམས་པས་ཡུལ་སོགས་འགག །ནང་དུ་ལྷ་ཡི་མིག་སོགས་ཏེ། ། སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང༌། །ཆོས་ལ་ཕ་རོལ་བཅུ་གནས་པ། །ལྷ་ལ་ལྷ་མོ་ བཅུ་ཞེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །མར་ མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ 2-1-32 ཕྱིན། །འབར་བ་ཟླ་ཉི་སྒྲ་གཅན་གློག །ཐིག་ལེ་དྲུག་སྟེ་ཐ་མ་ནི། །ཐམས་ཅད་སྒྱུར་མཐོང་ རྟགས་ཅན་ཏེ། །འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ནས་ཕྱེད་ཕྱེད། ། སྤྲུལ་སྐུ་ལོངས་སྐུ་རྟོག་མེད་དོ། །རྡོ་རྗེ་བསླང་པའི་བདེ་བ་འབྱུང༌། །བསྒོམས་པས་དུས་རྩར་ རི་མོ་ནག །མཐོང་བ་ནང་དུ་སྟོང་གཟུགས་སོ། །དེས་ནི་སྟོང་གཟུགས་རྟོགས་པར་བྱེད། །ཅེས་ སོགས་གསུངས་སོ། །རང་སེམས་སྣང་སྟོང་འོད་གསལ་དེའི་ཡིན་ལུགས་དང༌། དེ་གཞན་ གྱིས་མི་མཐོང་ཞིང༌། {དེ་}ལམ་དུ་འགྱུར་བའི་རྒྱུ་མཚན་ནི། ས་ཡི་རྣམ་པ་སྣང་ཡང་སྲ་བ་མིན་ དང་ཆུ་ཡི་གཟུགས་སུ་སྣང་ཡང་ཆུ་མིན་གཤེར་བ་མེད་པའི་ཕྱིར། །མེ་ཡི་རྣམ་པར་སྣང་ཡང་ མེ་མིན་རླུང་གི་གཟུགས་སུ་སྣང་ཡང་གཡོ་བ་མེད་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ ཡང་མཐོང་སྟེ་དཀར་དང་སྔོ་བ་ལ་སོགས་སྣ་ཚོགས་མཐོང་ཡང་ཁ་དོག་མིན། །རྣམ་པ་ཀུན་ ལྡན་ཡིན་ཡང་གཞན་གྱིས་མི་མཐོང་རང་སེམས་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ུསྟོབས་ཀྱིས། ། ཞེས་[པ་]དང༌། དང་པོར་སྟོང་པའི་བྱང་ཆུབ་ངེས་པར་འགྱུར་ཏེ་སླར་ཡང་དེ་ནས་ཟླ་བའི་ ཐིག་ལེ་སྡུད་པའོ། །དེ་ལས་གཟུགས་བསྐྱེད་པ་དང་{དེ་ནས་}རབ་མཆོག་རོ་ཡི་རིགས་ལ་ཡི་ གེ་[རྣམས་ནི་]དགོད་པ་ཉིད་དུ་འགྱུར། །ཞེས་སོགས་དང༌། སྒྱུ་འཕྲུལ་དྲ་བ་ལས། གཟུགས་ མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ ཐམས་ཅད་སྣང་བའི་དཔལ། །གཟུངས་བརྙན་མ་ལུས་འཆང་བ་པོ། །མཚུངས་པ་མེད་ཅིང་ཆེ་ བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། ། དར་པ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པའོ། །ཚད་མ་ནི་མངོན་སུམ་བཞི་ལས། ལམ་མ་ནོར་ བ་མཚོན་པའི་རྟགས་དང་རྟགས་ཅན་དེ་དག་ནི་རྣལ་འབྱོར་པའི་དབང་པོའི་མངོན་སུམ་ཚད་ མས་མཐོང་བ་གཙོ་ཆེ་བར་བལྟའོ། །ལྔ་པ་དག་དབྱེ་ནི། དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་ པ་དྲུག་ཚན་གཅིག དག་བྱེད་(ཕྱི་ལྟར་ན་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་(ནང་ལྟར་ན་) 2-1-33 སོ་སོར་སྡུད་ཀྱི་ཡན་ལག་གིས། དག་པའི་འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་རྡོ་རྗེ་ སེམས་དཔའ་ལ་སོགས་{པ་}དྲུག་<གསང་སྔགས་རྒྱལ་པོ་སོར་སྡུད་མན་ངག་གིས། །ཀུན་རྫོབ་ཡེ་ཤེས་ ཕུང་པོ་ཡེ་ཤེས་ཁམས། །ཡིད་ཀྱི་དབང་པོ་སྒྲ་དང་དབང་པོ་མཆོག །མི་སྐྱོད་འབབ་པ་སྤངས་པ་དེ་རྣམས་གཞན། ། དོན་དམ་རྡོ་རྗེ་སེམས་དཔའ་སྣ་ཚོགས་ཡུམ། །ཀུན་ཏུ་བཟང་པོ་སྒྲ་ཡི་རྡོ་རྗེ་མ། །གནོད་མཛེས་རྒྱལ་པོ་ཤིན་ཏུ་སྔོན་ མོ་སྟེ། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས་ལ་འདུད། །>ཚན་གཅིག་འགྲུབ་སྟེ། སོ་སོར་སྡུད་པ་རྒྱལ་ བའི་དབང་པོ་ཉིད་དང༌། ཞེས་སོ། །དག་བྱེད་དབྱེ་ན་དུ་བ་ལྟ་བུ་ལ་སོགས་པ་རྟགས་བཅུའོ། ། དྲུག་པ་འབྲས་བུ་ནི། སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་པས་ཚིག་གི་མཆོག་སོགས་ སྟེར་ནུས་པ་སྟེ། སོ་སོར་སྡུད་པའི་རྣལ་འབྱོར་པ་ནི། །ཡུལ་དང་རྣམ་པར་བྲལ་གྱུར་ཞིང༌། ། སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ༌། །ཞེས་པ་ལ་སོགས་པ་གསུངས་སོ།། །། ༈ གཉིས་པ་བསྙེན་པའི་ཡན་ལག་[གི་]དངོས་[གཞི་]བསམ་གཏན་གྱི་ཁྲིད་ནི། སྙན་ བརྒྱུད་ལས། གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་བརྟན་ཕྱིར་བྱེད་པའོ། ། ཞེས་གསུངས་པས། དེ་ལ་དྲུག་ལས། དང་པོ་བསམ་གཏན་གྱི་མཚན་དོན་ནི། བསམ་པ་དུ་བ་ལྟ་བུ་ལ་སོགས་པ་སྣ་ཚོགས་ པའི་སྟོང་པའི་གཟུགས་བརྙན་ལ་རྩེ་གཅིག་ཏུ་བརྟན་པའི་ཡན་ལག་དྲུག་དང་ལྡན་པ་སྟེ། ཤེས་རབ་རྟོག་དང་དཔྱོད་པ་དང་ནི་དགའ་དང་བདེ་བ་མི་གཡོ་རྩེ་གཅིག་སེམས་ནི་བསམ་ གཏན་ནོ། །ཞེས་པ་དང༌། རྒྱུད་ཕྱི་མ་ལས། བསམ་གཏན་གྱིས་ཀྱང་དེ་ལ་སེམས་བརྟན་བྱས་ པས་ཕྱི་རོལ་དངོས་པོ་རྣམས་པར་སྤོང༌། །ཞེས་པའོ། ། གཉིས་པ་དུས་མཚམས་ནི། སྙན་བརྒྱུད་ལས། དུས་ནི་ནམ་མཁའ་རྒྱུ་དུས་སོ། །ཞེས་པ་ ནས་མགོ་བརྩམས་ནས་རྟག་ཏུ་བསྒོམ་སྟེ། རྩ་རྒྱུད་ལས། གཟུགས་ཏེ་རྟག་ཏུ་བསྒོམ་པར་བྱ། ། ཞེས་གསུངས་སོ། ། 2-1-34 གསུམ་པ་ཡན་ལག་ལ་གསུམ་ལས། སྒོམ་པའི་གནས་ནི། {སྔར་གྱི་[སྔགས་ཀྱི་]ཉིན་ མཚན་གྱི་གནས་སུའོ། ། གཉིས་པ་བསྒོམ་པའི་ཚུལ་ལ་གསུམ་ལས། (འགྲེལ་ཆེན་ལས། ) ལུས་ནི་ས་གའི་འདུག་ སྟངས་སམ། ཡང་ན། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མི་གཡོ་བར་ {གཞག་[བཞག་]པ་ནི། སྙན་བརྒྱུད་ལས། ངོ་བོའི་ཡུལ་ནི་སྟོང་གཟུགས་ཏེ། །ཞེས་[པ་] དང༌། སྒོམ་པ་སྔར་(སོ་སོར་སྡུད་)གྱི་སྟོང་གཟུགས་ལ། །སེམས་བཞག་ནམ་མཁར་ལྟ་བ་ཡིན། ། ཞེས་[པ་]དང༌། སྟོང་ཉིད་སེམས་འཇུག་ཤེས་རབ་སྟེ། །དངོས་རྣམས་སེམས་འཛིན་རྟོག་ པའོ། །དེ་འཛིན་འཇུག་པ་དཔྱོད་པ་སྟེ། །སེམས་ཀྱིས་ཀུན་བཞག་དགའ་བའོ། །བདེ་བ་ཕུན་ ཚོགས་མི་གཡོ་བདེ། །ཞེས་[པ་]དང༌། གཞན་ཡང་སྦས་པ་མིག་འབྱེད་ལས། བསམ་གཏན་ ཞེས་བྱ་བ་ནི་དམིགས་པའི་ཡུལ་དེ་ཉིད་ལས་སེམས་མི་གཡོ་ཞིང་[སེམས་]མི་ལྡེག་པར་ བརྟན་པར་གནས་པ་ནི་བསམ་གཏན་དང་པོའོ། །ཞེས་པའི་ཡན་ལག་དྲུག་དང་ལྡན་{པར་ [པའི་]ཏིང་ངེ་འཛིན་པ་སྟེ། དེ་ལ་ཤེས་རབ་ནི་སྟོང་པའི་གཟུགས་བརྙན་དེ་ཉིད་སྣང་བའོ། ། དེ་ཉིད་དོན་དམ་པ་ཆོས་ཉིད་ཀྱི་ཡི་དམ་ལྷའི་ཞལ་མཐོང་བ་ཡིན་པས་དངོས་པོ་ཐམས་ཅད་ ཀྱི་རང་བཞིན་སྟོང་པ་ཉིད་ཤེས་པའོ། །དེ་ཉིད་ཉམས་སུ་མྱོང་བའི་སྟོང་པ་ཉིད་ཐམས་ཅད་ མཁྱེན་པའི་ལམ་དུ་འགྱུར་བ་ཡིན་ཏེ། གཞན་ཆད་པ་དང་ཉི་ཚེ་བའི་སྟོང་ཉིད་དང༌། ཉམས་ སུ་མ་མྱོང་བ་བེམས་པོའི་སྟོང་ཉིད་ནི་བསྒོམས་ཀྱང་ལམ་དུ་མི་འགྱུར་བར་གསུངས་སོ། །རྟོག་ པ་ནི་སྟོང་པའི་དངོས་པོར་འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་ བ་ནི་སྟོང་{པའི་[པ་ཉིད་ཀྱི་]གཟུགས་བརྙན་ལ་སེམས་ཆགས་པའོ། །བདེ་བ་མི་གཡོ་བ་ ནི་སྟོང་པའི་གཟུགས་བརྙན་དང་ལྷན་ཅིག་པའི་སེམས་བདེ་བའོ། །རྩེ་གཅིག་པ་ནི་སྟོང་པ་ ཉིད་ཀྱི་གཟུགས་ལས་སེམས་གཞན་དུ་མི་གཡོ་བར་བརྟན་{པ་[པར་བྱ་]སྟེ། རྩ་རྒྱུད་ལས། 2-1-35 མཆོག་ཏུ་མི་འགྱུར་བསྒོམས་པ་ཡིས། །དབུ་མ་ཡོངས་སུ་སྦྱང་བྱས་ནས། །ཞེས་[པ་]དང༌། མེད་པའི་གཟུགས་ལ་བསྒོམ་པ་ནི། །རྣལ་འབྱོར་རྣམས་ལ་དེ་བསྒོམ་མིན། །སྟོང་པར་མ་ བརྟགས་མཐོང་བའི་ཕྱིར། །སེམས་ལ་དངོས་དང་དངོས་མེད་མིན། །ཇི་ལྟར་མེ་ལོང་པྲ་ལས་ ནི། །དངོས་མེད་ལས་སྐྱེས་བུ་མོས་མཐོང༌། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །འདས་དང་ མ་འོངས་ཆོས་{དེ་}བཞིན[མཐོང་]། །དེ་མེད་པ་ཡི་དངོས་ཡོད་མིན། །དངོས་པོ་མེད་པའི་ དོན་ཡོད་པ། །རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས། །ཆོས་ཅན་མེད་པ་ལས་ནི་ཆོས། །སྐྱེ་བ་ འདི་ནི་མཐོང་བས་ན། །ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། །རེ་བ་ཐམས་ཅད་རྫོགས་ མཛད་{པ[པའི]། །གཞོན་ནུ་མ་ཡི་པྲ་ལས་ནི། །མ་མཐོང་པ་ཡི་རྐུན་མོ་མཐོང༌། །ཉི་ཚེ་བ་ཡི་ མིག་གཉིས་ཀྱིས། །བསྐྱོད་དེ་སྒྲུབ་པ་པོ་ཡིས་མཐོང༌། །གལ་ཏེ་ཡོད་པའི་གཟུགས་མཐོང་ན། ། བདག་གི་{གདོང་པ་[དངོས་པོ་]ཅིས་མི་མཐོང༌། །འོན་ཏེ་མེད་པའི་གཟུགས་མཐོང་ན། །རི་ བོང་རྭ་སོགས་ཇི་ལྟར་མིན། །མིག་གཞན་གྱིས་ནི་མི་མཐོང་སྟེ། །བདག་གི་མིག་གིས་ཀྱང་མི་ མཐོང༌། །མ་སྐྱེས་པ་ནི་མཐོང་བ་ཡིན། །གཞོན་ནུ་མ་ཡི་{བུ་[པྲ་] བཞིན་ནོ། །ཞེས་གསུངས་ པས། མཆོག་ཏུ་མི་འགྱུར་བའི་སྟོང་གཟུགས་རྟག་ཏུ་སྒོམ་པའོ། ། གསུམ་པ་སྤོགས་པའི་ཆོ་ག་ལ་གསུམ་ལས། ཉིན་མོ་ལམ་འོད་གསལ་བསྒོམ་པ་ནི། སྙན་བརྒྱུད་ལས། བསམ་གཏན་སྟོང་གཟུགས་དྲག་ཏུ་བསྒོམ། །ཞེས་པས། འདིར་གསུམ་ སྟེ། ཡེ་ཤེས་སྤྱན་སྒྲུབ་ལས། དྷཱུ་ཏཱི་ནང་དུ་འོད་གསལ་{གཟུང་[བཟུང]། །རྟོག་མེད་སེམས་ ཀྱིས་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང༌། །གསང་སྔགས་ཆོས་ལ་མཁས་པར་ འགྱུར། །ཞེས་[པ་]དང༌། སྲོག་རྩོལ་སྒོ་རུ་འོད་གསལ་{གཟུང་[བཟུང]། །རྒྱུ་བ་རླུང་གི་དེ་ ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལ་སོགས་དབང་དུ་འདུ། །ཞེས་ [པ་]དང༌། སྣང་བའི་སྟེང་དུ་འོད་གསལ་{གཟུང་[བཟུང]། །ཕྲ་བའི་འོད་ལ་བརྟེན་ནས་ནི། ། 2-1-36 རགས་པའི་འོད་ཆེན་ངོ་སྤྲད་པས། །རྟོག་མེད་འོད་ལས་སྲིད་འདས་སྣང༌། །ཞེས་པའི་དོན་ མི་གཡོ་བ་གསུམ་ལྡན་གྱིས་བསྒོམ་སྟེ། ཞལ་ལས་ཤེས་སོ། །དེ་ལྟར་ཡང་སེམས་རང་འོད་ ཀྱིས་རང་རིག་པའི་གསལ་སྟོང་འཛིན་པ་མེད་པའི་ཏིང་ངེ་འཛིན་སྤྲིན་མེད་ནམ་མཁའ་ལྟ་བུ་ བསྒོམ་སྟེ། གསང་བ་འདུས་པ་ལ་སོགས་པ་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་ པར་བྱ་བ་དངོས་པོ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་ པའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་ འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པས་མཉམ་པ་ཉིད། །རང་སེམས་གདོད་ནས་མ་ སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོགས་དང༌། ནམ་མཁའ་ཆེ་རྒྱུད་ཀྱི་སྙིང་པོ་ ལས། འོད་གསལ་ནམ་མཁའ་ཆེན་པོ་ཉིད། །ཆོས་སྐུའི་རང་བཞིན་རྟོགས་གྱུར་ན། །དངོས་ གྲུབ་ཡོད་རུང་མེད་ཀྱང་རུང༌། །དེ་ཉིད་དངོས་གྲུབ་ཆེན་པོ་ཡིན། །ཞེས་[པ་]དང༌། (རིམ་ལྔའི་) རིམ་པ་གསུམ་པ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་བ་ཡིན། ། དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་ པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། ། བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདི་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །ཞེས་ [པ་]དང༌། ཨརྱ་དྷེ་བས། མངོན་པར་བྱང་ཆུབ་[པ་]ལས། སུས་ཀྱང་མ་བྱས་མ་བཅོས་པའི། ། མ་བསླད་མི་འགྱུར་དེ་བཞིན་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་པས། །མངོན་པར་ བྱང་ཆུབ་ཅེས་བརྗོད་དོ། །ཞེས་སོགས་གསུངས་སོ། །མཚན་མོ་གཉིད་འོད་གསལ་{གཟུང་ [དུ་བཟུང་]བ་ནི། མལ་བདེ་བ་སྔས་མཐོ་བར་བྱས་ཏེ། ལུས་ངག་མི་གཡོ་བར་སྔར་བཞིན་ བཞག་ནས་སེམས་མི་གཡོ་བ་ནི། གཉིད་ལོག་ཁར་འཇིག་རྟེན་དང་འཇིག་རྟེན་ལས་འདས་ 2-1-37 པའི་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་སྤངས་ནས། འོད་གསལ་མི་རྟོག་པའི་ངང་དུ་ བཞག་པས། གཉིད་མཐུག་ན་རྨི་ལམ་མེད་པའི་སེམས་གསལ་སྟོང་དུ་གནས་པ་འབྱུང་སྟེ། འོད་གསལ་ཟིན་མ་ཟིན་གཉིད་སད་རྗེས་སུ་ནམ་མཁར་བལྟས་པས་ཤེས་ཏེ། བླ་མའི་ཞལ་ ལས་ཤེས་པར་བྱའོ། །གཉིད་སྲབ་ན་གཉིད་སྲབ་མོའི་འོད་གསལ་ཟིན་པའི་རྟགས་ཉམས་ སྣང་དང་བཅས་པ་འབྱུང་ངོ༌། །དེ་ལྟར་གཉིད་དུས་ཐམས་ཅད་དུ་སྦྱང་བར་བྱ་སྟེ། ཀྱེའི་རྡོ་རྗེ་ ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། ཞེས་གསུངས་སོ། །དེ་ བཞིན་དུ་འཆི་{ཁར་སེམས་[བ་]འོད་གསལ་གྱི་ངང་དུ་བཞག་པས་འཆི་སེམས་ཀྱི་ཐ་མ་རྣམ་ ཤེས་སྟོང་ཉིད་འོད་གསལ་དུ་ཐིམ་པའི་ཚེ། སེམས་འོད་གསལ་དེ་ངོས་ཟིན་ཏེ་སྟོང་གསལ་ རྟོག་མེད་ཆོས་སྐུར་སངས་རྒྱས་པ་ལས་གཟུགས་སྐུའི་སྣང་བ་འབྱུང་སྟེ། ཨརྱ་དྷེ་བས་བདག་ བྱིན་གྱིས་བརླབ་པ་ལས། ས་ཡི་ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་ རླུང་ཕྲའི་ཁམས་ལའོ། །རླུང་ནི་སེམས་ལ་ཐིམ་པར་འགྱུར། །སེམས་ནི་སེམས་ལས་བྱུང་ལ་ ཐིམ། །སེམས་ལས་བྱུང་བ་མ་རིག་པར། །དེ་ཡང་འོད་གསལ་བར་འགྲོའོ། །སྲིད་པ་གསུམ་ པོ་འདི་ལྟར་འགག །ཅེས་[པ་]དང༌། རིམ་ལྔ་ལས། ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་ དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་སྟོང་པ་འོད་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་ འགྱུར། །ཞེས་སོགས་གསུངས་སོ། །ཐུན་བསྒོམ་{གྱིས་[གྱི་]མཉས་རྗེས་བསྲེ་བ་ནི། རྣམ་ གཡེང་ཅན་གྱི་གནས་སུ་མུན་ཁང་ཆུང་ངུ་བསྒྲུབས་ཏེ་སྔར་བཞིན་བསྒོམ་པ་དང༌། འགྲོ་འཆག་ ལ་སོགས་པ་སྤྱོད་ལམ་ཐམས་ཅད་དུ་དྲན་པས་[བཟུང་ནས་]ལུས་ངག་སེམས་ཤུགས་ཆད་ པའི་ཉམས་ལ་སོགས་པ་ལ་སྦྱར་ཏེ། རྗེས་ཐོབ་ཐམས་ཅད་དུ་མཉམ་བཞག་གིས་ཟིན་པར་ བསྒོམ་སྟེ། ཀྱེའི་རྡོ་རྗེ་ལས། བཟའ་དང་བཏུང་དང་{བླུགས་[གླུབས་]པ་དང༌། །ཉལ་དང་ ལོག་དང་སེམས་པ་དང༌། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་{སྔོན་[མངོན་]དུ་ 2-1-38 འགྲོ་བར་འགྱུར། །ཞེས་[པ་]དང༌། རྐང་པ་འཁྲུད་དང་ཟ་བ་དང༌། །འཐོར་འཐུང་སོ་རྩི་ཟ་བ་ དང༌། །ཙན་དན་གྱིས་ནི་ལག་ཉེད་དང༌། །སྨད་གཡོགས་ཀྱི་ནི་སྐེད་འགེབས་དང༌། །འབྱུང་ དང་སྨྲ་དང་འགྲོ་བ་དང༌། །འདུག་དང་[སྨྲ་དང་]ཁྲོ་[བ་]དང་{རྒོད་པ་དང་}། །བཅོམ་ལྡན་ འདས་མ་བསྟེན་པ་ན། །ཤེས་རབ་བརྟུལ་ཞུགས་ཅན་གྱིས་ནི། །རྣམ་འབྱོར་མ་ནི་རྣམ་པར་ བསྒོམ། །ཞེས་[པ་]དང༌། སཾ་བུ་ཊི་ལས། གཟུགས་རྣམས་སྣ་ཚོགས་{བལྟ་[ལྟ་]བ་དང༌། །སྒྲ་ ནི་རྒྱས་པར་ཉན་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །སྨྲ་བ་དང་ནི་རྒོད་པ་དང༌། །ལས་དེ་ རྣམས་ནི་བྱེད་པ་ན། །སེམས་ནི་གཞན་དུ་མི་འགྲོ་བར། །དེ་ཉིད་རིག་པའི་རྣལ་འབྱོར་པས། ། རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། ། བཞི་པ་རྟགས་ཚད་ནི་གཉིས་ལས། རྟགས་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཕྱི་ རོལ་གྱི་གཟུགས་ལ་སོགས་པའི་ཡུལ་ལ་མི་འཇུག་པར། གཞན་ཤའི་མིག་ལ་སོགས་པ་ རྣམས་ནང་སྟོང་གཟུགས་ཡུལ་དུ་བྱེད་པར་རོ་མཉམ་པ་ལ་སོགས་པ་འབྱུང་སྟེ། སྙན་བརྒྱུད་ ལས། འབྱུང་བའི་རིམ་པ་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་གཞག་ རྗེས་ཐོབ་མེད་པར་མཐོང༌། །བསམ་གཏན་ཆགས་པའི་བདེ་བ་འབྱུང༌། །ལྷ་མོས་བསྐུལ་ལ་ ལུང་བསྟན་ཐོབ། །ཅེས་གསུངས་པའོ། །མཚན་མ་ནི་སོ་སོར་སྡུད་དང་འདྲའོ། ། ལྔ་པ་དག་དབྱེ་ནི། དག་བྱ་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག དག་བྱེད་(ཕྱི་)བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ། (ནང་)བསམ་གཏན་གྱི་ཡན་ལག་ གིས། དག་པའི་འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་དྲུག་ <གསང་སྔགས་རྒྱལ་པོ་བསམ་གཏན་ཡན་ལག་གིས། །ཀུན་རྫོབ་རྣམ་ཤེས་ཕུང་པོ་ནམ་མཁའི་ཁམས། །རྣ་བའི་ དབང་པོ་ཆོས་ཁམས་གསང་གནས་དག །ས་བོན་འབབ་པ་སྤངས་པ་དེ་རྣམས་གཞན། །དོན་དམ་མི་བསྐྱོད་རྡོ་རྗེ་ དབྱིངས་ཕྱུག་མ། །ཕྱག་ན་རྡོ་རྗེ་ཆོས་ཀྱི་ཁམས་མ་དང༌། ཁྲོ་ཆེན་གཙུག་ཏོར་དྲགས་ཅན་མ་རྣམས་ཏེ། །ཆོས་དབྱིངས་ 2-1-39 ཡེ་ཤེས་བླ་མའི་ཞབས་ལ་འདུད། །>ཚན་གཅིག་འགྲུབ་སྟེ། བསམ་གཏན་མི་བསྐྱོད་པ་ཞེས་སོ། ། དག་བྱེད་དབྱེ་ན་དུ་བ་ལྟ་བུ་ལ་སོགས་པའི་ཡུལ་བཅུ་ལ་ཡུལ་ཅན་བཅུ་པོ་གཅིག་ཏུ་བརྟན་ པའི་དབྱེ་བས་བཅུའོ། ། དྲུག་པ་འབྲས་བུ་ནི། སྤྱན་ལྔའི་མངོན་ཤེས་ཐོབ་པ་སྟེ། །བསམ་གཏན་སྦྱོར་བ་དག་པ་ཡི། ། མངོན་པར་ཤེས་པ་ལྔ་རྣམས་ནི། །ཐོབ་པར་འགྱུར་རོ་མི་བདག་ཀྱེ། །ཞེས་པ་ལ་སོགས་པ་ གསུངས་སོ། །དེ་དག་ནི་སྙན་བརྒྱུད་ལས། སྟོང་གཟུགས་རྟོགས་པས་བསྙེན་པར་གསུངས། དེ་གཉིས་ཐོག་མར་དགེ་བའོ། །ཞེས་པའོ། །སྐབས་འདིར་བཀའ་རྒྱ་བཞི་ཡིས་གདབ་པར་ བྱའོ། །སོ་སོར་སྡུད་དང་བསམ་གཏན་རིག་པ་མཁའ་ལྡིང་གི་མན་ངག་གིས་སེམས་[དང་] ནམ་མཁའ་བསྲེ་བས་ཡུལ་སྣང་སྟོང་དབྱེར་མེད་ཟུང་འཇུག་རྟོག་པ་མེད་པའི་ཏིང་ངེ་འཛིན་ གྱི་རྒྱལ་པོ་བསྒོམ་པ། བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ལུས་རྩ་དང་སྣང་བ་སྤྲུལ་ སྐུར་{བསྒྲུབ་[སྒྲུབ་]པ། ཐོག་མར་དགེ་བའི་ཁྲིད་ཡིག་འདི། སྐྱེས་མཆོག་དམ་པ་(མཁན་ཆེན་ བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་)རྣམས་ཀྱིས་ཞུས་ཤིང་བསྐུལ་བ་དང༌། སྣོད་ལྡན་མོས་ གུས་ཅན་(བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་གཞོན་ལ་སོགས་)གྱི་སློབ་བུ་དུ་མས་གསོལ་བ་བཏབ་ པའི་ངོར། དཔལ་མི་བསྐྱོད་རྡོ་རྗེས། སྒྲུབ་གནས་བཟང་པོ། དཔལ་ནགས་རྒྱལ་གྱི་དབེན་ གནས་མཁའ་སྤྱོད་བདེ་ལྡན་དུ་བཀོད་པའོ། །༈ །།སྙན་བརྒྱུད་བཀའ་རྒྱ་ཅན་ཡི་གེར་ བཀོད་པ་ཡིན་པས། སྣོད་མིན་གྱི་ལག་ཏུ་ཡི་གེ་མི་འཁྱར་བར་གསང་བ་གལ་ཆེ། ཤིན་ཏུ་ གསང་{པའི་[ཆེན་གྱིས་]རྒྱས་གདབ་པར་བྱའོ། །ཨྠྀི སྐྱེས་བུ་སུས་ཀྱང་ཡི་གེ་ལ་བཅོས་སླད་ དང་སྣོན་འབྲིད་མི་མཛད་པར་ཞུ། གལ་ཆེ་གལ་ཆེ། དགེའོ། ། <༈ སྒོམ་པ་ནི། རྩ་རྒྱུད་ཡེ་ལེ་ལས་གསུངས་པ་འདི་ལྟ་སྟེ། <སོ་སོར་སྡུད་ཀྱི་>དུ་ བ་ལ་སོགས་བསྒོམ་བྱ་ཞིང༌། །<བསམ་གཏན་གྱི་སེམས་ནི་>སེམས་ནི་གཡོ་བ་མེད་བྱས་ཏེ། ། 2-1-40 <སྲོག་རྩོལ་རྡོ་རྗེ། བཟླས་པས་>དབུ་མ་སྦྱང་བ་བྱས་ནས་ནི། །<ཏིང་ངེ་འཛིན་གྱི་>མཆོག་ཏུ་མི་ འགྱུར་བསྒོམ་པར་བྱ། །<རྩ་འཁོར་ལོ་དྲུག་གི་>པདྨ་རྡོ་རྗེ་རབ་བཀོད་ནས། །<རླུང་སེམས་ཀྱི་ རླུང་སེམས་གནས་>སྲོག་ནི་ཐིག་གེར་གཞུག་པར་བྱ། །འཁོར་ལོ<སྟེ་འཛིན་པའོ་རྗེས་དྲན། གཏུམ་ མོའི་རྗེས་སུ་ཞུ་བའི་དྲུག་གི་རྩའི་>ར་ཐིག་ལེ་ཐིག་ལེ་ཡི། །གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་ ཏུ་རྟག་རེངས་རྣལ་འབྱོར་པས། །རྟག་ཏུ་སྟེང་དུ་ཁུ་བར་འགྱུར། །<ཡན་ལག་དྲུག་གི་>ཕྱག་ རྒྱ་ཆེན་པོའི་སྦྱོར་བ་ཡིས། །རྡོ་རྗེ་འབེབས་པར་བྱིན་གྱིས་རློབས། །<དེ་ལྟ་བུའི་>མཆོག་ཏུ་ མི་འགྱུར་སྐད་ཅིག་ནི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། ། རྡོ་རྗེ་སེམས་<བཅུ་ུགཉིས་བྱོན་པའི་>དཔར་རང་ཉིད་འགྱུར། །ཞེས་གསུངས་སོ།། །།གཅིག་ ཞུས་དག །> མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༣༠༤ དང༌། འབྲས་དཔེ་རྙིང༌། ཕྱི་ཀ། ༣༠༩ དང་ཕྱི་མ། ༡༤༨ གཉིས་ཡིན། རྟགས་འདི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ། ༣༠༩ཁོ་ན་ལ་ཡོད། { } རྟགས་འདི་འབྲས་སྤུངས་དཔེ་རྙིང་ཕྱི་མ། ༡༤༨ ཁོ་ན་ལ་ཡོད། [ ] རྟགས་འདི་ཕན་ཚུན་ཚིག་མི་འདྲ་བས་སྔོན་མ་ཕྱི་ཀ། ༣༠༩ ཕྱི་མ། ༡༤༨ ཡིན་པས་འདེམས་དགོས། །{ [ ] འདི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༣༠༤མཆན་དང་ལྷག་མ་ཁ་ཤས་ཡོད་རིགས་ལ་བཀོད་ཡོད། < > 2-1-41 ༄༅། །ཟབ་ལམ་གྱི་བར་དུ་དགེ་བའི་ཁྲིད་ ཡིག་བཞུགས་སོ། ། ༄༅། །ཨེ་མ་ཧོ། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་ ཕྱག་འཚལ་ལོ། །གཉིས་པ་སྲོག་རྩོལ་དེ་བཞིན་འཛིན་པ་ཉེ་བར་སྒྲུབ་པའི་ཡན་ལག གསུང་ རྡོ་རྗེའི་རྣལ་འབྱོར་བར་དུ་དགེ་བའི་འཁྲིད་ལ་གཉིས་ལས། དང་པོ་ཉེ་བར་སྒྲུབ་པའི་ཡན་ལག་གི་སྔོན་འགྲོ་སྲོག་རྩོལ་གྱི་འཁྲིད་ནི། སྙན་བརྒྱུད་ ལས། དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་འགྱུར་བདེ་བ་སྐྱེ་བའི་ཕྱིར། །སྲོག་རྩོལ་ཡན་ ལག་བསྒོམ་པར་བྱ། །ཞེས་གསུངས་པས། དེ་ལ་དྲུག་ལས། དང་པོ་སྲོག་རྩོལ་གྱི་མཚན་དོན་ནི། མ་རྒྱུད་ཀྱེའི་རྡོ་རྗེའི་གདམ་ངག་ལམ་འབྲས་དང་ བཅས་པ་ནི། སྣ་གཡོན་ནས་རྒྱུ་བའི་རླུང་སྲོག གཡས་ནས་རྒྱུ་བའི་རླུང་རྩོལ་བ་ཞེས་འདོད་ དེ། འདིར་དེ་ལ་ཡང་མི་བྱེད། ཕ་རྒྱུད་གསང་བ་འདུས་པའི་གདམ་ངག་རིམ་ལྔ་དང་བཅས་ པ་ནི། རླུང་ནང་དུ་འཇུག་པ་སྲོག ཕྱིར་འབྱུང་བ་རྩོལ་བ་ཞེས་འདོད་དེ། འདིར་དེ་ལ་ཡང་ མི་བྱེད། གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་པ་ལྟར་ན། སྲོག་ནི་རླུང་ཡིན་ལ། རྩོལ་བ་ནི་འགོག་པ་སྟེ། དེ་ཡང་(གང་འགོག་)རྣམ་ཤེས་རྟོག་པའི་རྩ་ཉི་ཟླའི་ལམ་ནས་འབྱུང་ བ་ལས་ཀྱི་རླུང་རྒྱུ་བ་འགོག་པས། རྣམ་པར་(གང་དུ་འགོག་)མི་རྟོག་ཡེ་ཤེས་ཀྱི་རྩ་དབུས་མར་ རླུང་བཅུ་པོ་རྣམས་འཇུག་ཅིང༌། དབུ་མའི་ཐིག་ལེར་ཆུད་པའི་ཡེ་ཤེས་ཀྱི་རླུང་འགྲོ་འོང་བྱེད་ པ་ཐུགས་རྡོ་རྗེའི་སྔགས་བཟླས་བགྲང་{པ་[པས་](འགོག་པས་སོ་)སྟེ། སྲོག་རྩོལ་བས་ནི་རླུང་ 2-1-42 རྣམས་ལམ་གཉིས་རྒྱུ་བ་ཉམས་པར་འགོག་སྟེ་དབུས་མར་སྲོག་རྣམས་གཞུག་པའོ། །ཞེས་ [པ་]དང༌། རྒྱུད་ཕྱི་མ་ལས། སྲོག་རྩོལ་གྱིས་ནི་སྲོག་གི་རླུང་དག་ཉི་ཟླའི་རྒྱུ་བ་བྲལ་ནས་མུན་ པར་རྒྱུ་བར་བྱེད། །ཞེས་པའོ། ། གཉིས་པ་དུས་མཚམས་ནི། སྣ་ཚོགས་སྟོང་གཟུགས་བརྟན་པར་མཐོང་ནས[བསྒོམ་ སྟེ]། སྙན་བརྒྱུད་ལས། འདུ་བྱེད་ཕུང་པོ་རླུང་རྒྱུའི་དུས། །ཞེས་པ་ནས་དང་པོ་མགོ་བརྩམས་ ཏེ། ཉི་ཟླའི་ལམ་ནས་སྲོག་རྒྱུ་བ་མ་བྲལ་གྱི་བར་དུ་བྱའོ། ། ༈ གསུམ་པ་ཡན་ལག་ལ་ལྔ་ལས། སྲོག་རྩོལ་དུས་ནམ་གྱི་ཚེ་བྱ་བ་ནི། གཟུགས་མཐོང་ དེ་ཡི་འོག་ཏུ་ནི། །ཞེས་{དང་[པའོ]། སྐུ་མཐོང་གྱུར་ནས། ཞེས་པའོ། །ཁ་ཅིག་ཐོག་མར་ རླུང་སྦྱོར་བྱེད་པ་ནི། (ཞིང་ལ་ཆུ་དགོས་པ་ལ། འོལ་ཁ་དང་ཡུར་བ་མ་བསལ་བར་ཆུ་འབེབས་པ་ལྟར། རྩ་ སྟོང་ཕྲག་བདུན་ཅུ་རྩ་གཉིས་ལས། རྐ་དང་འདྲ་བའི་)རྩ་དབུ་མ་སྟེང་འོག་ཁ་བཙུམས་པ་དེར་རླུང་མི་ འཇུག་པས། འཁོར་བའི་རྩ་རོ་རྐྱང་གི་རྩ་འདབ་དང་འབྱུང་བ་ལས་ཀྱི་རླུང་རྒྱས་ནས་རྣམ་ རྟོག་འཕེལ་བ་ལ་སོགས་པའི་སྐྱོན་དུ་འགྱུར་ལ། སྟོང་གཟུགས་མཐོང་ནས་(རྐ་དང་འདྲ་བའི་) དབུ་མ་ཁ་བྱེ་བ་དེར་རླུང་ངེས་པར་འཇུག་པ་ལ་སོགས་པའི་ཡོན་ཏན་ཡོད་པས་སོ། ། གཉིས་པ་གནས་གང་ལ་བྱ་བ་ནི། སྟེང་དང་འོག་ཏུ་རྩ་གསུམ་{ལ[ལས]། །ཞེས་དང༌། སྙན་བརྒྱུད་ལས། ཡུལ་ནི་རྩ་གསུམ་རླུང་ཡིན་ནོ། །ཞེས་པའོ། ། གསུམ་པ་དགོས་པ་ཅིའི་དོན་དུ་བྱ་བ་ནི། ལུས་ངག་སེམས་ཀྱི་རྩ་གསུམ་ནས་རྒྱུ་བའི་ རླུང་འཕོ་བ་བཅུ་གཉིས་འགོག་པས། གནས་འཁོར་ལོ་བཞིར། སྤང་བྱ་སྒྲིབ་པ་བཞི་དག་ ནས། འབྲས་བུ་སྐུ་བཞི་འགྲུབ་ཅིང༌། ས་བཅུ་གཉིས་ཐོབ་པའི་དོན་{དུ་སྟེ[དུས་ཏེ]། ལུས་ ངག་སེམས་ནི་དགག་པའི་ཕྱིར། །ཞེས་[པ་]དང༌། ཆགས་དང་ཆགས་བྲལ་མཐའ་དང་དང་ པོར་སོང་བའི་སྐད་ཅིག་མ་ནས་ཁྱབ་བདག་དབུགས་ཀྱི་གྲངས་འཕེལ་ལོ། །ཞེས་{དང་[སོ]། 2-1-43 {འདི་[དེ་]ཉིད་ཀྱི་འགྲེལ་པ་ལས། ས་བཅུ་གཉིས་ཀྱི་ཐོབ་ཚུལ་གསུངས་སོ། ། བཞི་པ་དུས་ཇི་ཙམ་དུ་བྱ་བ་ནི། ཚངས་པར་སྤྱོད་པ་ལ་གནས་པས། ཟླ་བ་དྲུག་ལ་སོགས་ པའི་ཉིན་མཚན་རེ་རེར་ཐུན་རྒྱུན་མ་ཆད་པར། འཛག་མེད་བདེ་མཉམ་{གྱི་ཉམས་}ནམ་ཐོབ་ ཀྱི་བར་དུ་བྱ་སྟེ། ཀྱེའི་རྡོ་རྗེ་ལ་སོགས་པ་ལས། ཟླ་དྲུག་གོམས་པའི་སྦྱོར་བ་ཡིས། །འགྲུབ་ འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་སོགས་དང༌། རྒྱུན་མི་འཆད་པར་[བྱ་]ཞེས་དང༌། བརྟུལ་ ཞུགས་ཅན་རྣམས་ལམ་གྱི་སེམས་ནི་ཟླ་བ་དྲུག་གིས་{རེག་པ་[རེ་དོགས་]བྲལ་ནས་བདེ་ མཉམ་འགྱུར་བའོ། །ཞེས་[པ་]དང༌། ཉིན་མཚན་སོ་སོའི་དུས། {ཞེས་}གསུངས་པ་དང༌། སྙན་བརྒྱུད་ལས། <དུས་>ཟླ་བ་དྲུག་ཏུ་ུ<ལས་བརྒྱ་སྤངས་ཏེ་སྲོག་རྩོལ་>བརྩོན་བྱས་པས། ། ཞག་རེ་འཕོ་ཆེན་བཅུ་གཉིས་པོའི། །འཕོ་རེར་རླུང་<རགས་པ་དྲག་པོར་རྒྱུ་བ་>བཅུ་འགག་ འགྱུར་ཏེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ<འི་དྲག་པོར་རྒྱུ་བ་>འགག །དེ་ཡིས་<དལ་བར་རྒྱུ་བའི་> ལྟེ་བར་<སྟེང་འོག་>རླུང་གཉིས་འདོམ<ཏེ་ཐབས་པས>། །ཡེ་ཤེས་གཏུམ་མོ་འབར་བ་ ཡིས། །<གཡོན་རླུང་ལྔ་>སངས་རྒྱས་<གཡས་རླུང་ལྔ་>ལྷ་མོ་བཅུ་བསད་ནས། །<སྤྱི་གཙུག་ གི་ཧཾ་ཞུ་བའི་>ཁུ་བ་བཅས་པའི་<དག་པ་>བདེ་བ་འབྱུང་<བཞིའོ>། །སྟེང་དང་<བདེ་པའི་> འོག་ཏུ་གནས་གཉིས་འདོད། །<དགའ་བ་བཞི་ལས་བཅུ་དྲུག་འབྱུང༌། །>ཅེས་གསུངས་སོ། ། ལྔ་པ་ཐབས་ཚུལ་ཇི་ལྟར་བྱ་བ་ནི། སྲོག་རྩོལ་བྱ་ཞེས་དང༌། སྲོག་གི་རླུང་ཉིད་རབ་ཏུ་ དགག་པར་བྱས་པ་དང༌། ཞེས་{སྟེང་[ཏེ་]སྲོག་འགོག་པས་འོག་ཐུར་སེལ་རང་འགགས་སུ་ འགག་པར་གསུངས་ཏེ། བུམ་པ་ཞབས་ཚགས་ཅན་བཞིན་ནོ། །དེའི་ཐབས་སྙན་བརྒྱུད་རྡོ་ རྗེའི་ཚིག་དྲུག་པོ་ལ། ཚིག་ཟིན་པ་ཚིག་གི་འཁྲིད། དོན་ཤེས་པ་དོན་གྱི་འཁྲིད། ཉམས་མྱོང་ ཤར་བ་ཉམས་མྱོང་གི་འཁྲིད། ཡོན་ཏན་སྐྱེས་པ་འབྲས་བུའི་འཁྲིད་བཞི་བཞིས་སྐྱོང་བ་ནི། དཔལ་ལྡན་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱ་སྟེ། དེ་ཡང་འདིར་ལྔ་ལས། 2-1-44 དང་པོ་སྔོན་འགྲོ་དང་གེགས་སེལ་གྱི་རླུང་སྦྱོར་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་བ་ལ་ གཉིས་ལས། དང་པོ་རྩ་ལམ་ཇི་ལྟར་སྦྱང་བ་ལ་གསུམ་ལས། ལུས་རྩའི་འདུག་སྟངས་ནི། སེམས་དཔའི་དཀྱིལ་དཀྲུང་དང༌། ཙོག་དཀྲུང་ལ་སོགས་པ་བཅས་ནས་ལུས་དྲང་པོར་བསྲང་ སྟེ། འགབ་སྟན་དང་མ་བྲལ་བར་གནས་པའོ། །ངག་རླུང་གི་སྦྱོར་བ་ནི། གསང་འདུས་རིམ་ ལྔ་ལ་སོགས་པ་ལས། བརྗོད་དང་དམིགས་པར་བཅས་པ་དང༌། །བརྡར་གྱུར་དང་ནི་དོན་ དམ་མོ། །ཞེས་པ་བཞི་ལས། དང་པོ་བརྗོད་པ་རྡོ་རྗེའི་བཟླས་པ་འདིར་མི་བྱེད་{པས[ལ]། དམིགས་པ་རྡོ་རྗེའི་ བཟླས་པ་ནི། གཡས་གཡོན་དབུས་ཀྱི་རླུང་དམར་དཀར་ལྗང་(སྔོ་ར་ཟེར་)བར་རམ། ཡང་ ན་འཇུག་པ་ཨོཾ་དཀར་པོ་དང༌། [ནང་དུ་]གནས་པ་ཧཱུཾ་སྔོན་པོ་དང༌། ལྡང་བ་ཨཱཿདམར་པོར་ རྗེས་སུ་དྲན་པའི་སྐུ་གསུང་ཐུགས་རྡོ་རྗེའི་བཟླས་པ། རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་ དང༌། བརྡར་གྱུར་རྡོ་རྗེའི་བཟླས་པ་ནི། །ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ ལས། སྣ་བུག་གཡོན་ནས་རླུང་འཇུག་གནས། ལྡང་བ་རྗེས་སུ་དྲན་པ་སྐུ་དང༌། དེ་བཞིན་དུ་ གཡས་ནས་གསུམ་གསུང་དང༌། གཉིས་ཀ་ནས་གསུམ་ཐུགས་རྡོ་རྗེའི་བཟླས་པ་བགྲང་སྟེ། ཟླ་བ་ཉི་མར་ཨ་སོགས་ཀ་སོགས་རྣམ་གསུམ་འགྲོ་འགྱུར་སྐུ་རྡོ་རྗེ་ལ་སོགས་པའི་བཟླས་པ་ སྟེ། ཞེས་[པ་]དང༌། ཉི་ཟླ་སྒྲུབ་པ་ལས། འཇུག་དང་གནས་དང་འབྱུང་བ་གསུམ། །ཡི་གེ་ གསུམ་གྱིས་རྩ་ལམ་སྦྱང༌། །རྡོ་རྗེ་དཀྱིལ་དཀྲུང་སོགས་གནས་པའི། །རྡོ་རྗེ་བཟླས་པའི་རིམ་ པ་ཡིས། །རླུང་ནི་ལམ་དུ་བྱེད་པར་འགྱུར། །ཞེས་{སོགས་}གསུངས་པའོ། །དེ་ཡང་ཐུགས་ རྡོ་རྗེའི་བཟླས་པའི་དུས་སུ་{ནང་དུ་}གནས་པ་ཧཱུཾ་ཇེ་རིང་བྱ་ཞིང༌། ནང་དུ་འཇུག་པ་ཨོཾ་དང༌། ཕྱིར་ལྡང་པ་ཨཱཿཇེ་ཐུང་བྱ་བར། སྦས་པ་མིག་འབྱེད་ལས་གསུངས་པས་དེ་བཞིན་དུ་བྱའོ། །རྡོ་ རྗེའི་བཟླས་པ་འདི་ཉིད་རླུང་སྦྱོར་ཐམས་ཅད་ཀྱི་སྔོན་འགྲོ་དང༌། ཐུན་མཚམས་སུ་བྱས་པས་ 2-1-45 རླུང་ལམ་འབྱོངས་ཏེ། ཁམས་སྙོམས་ནས་རྩ་རླུང་གི་གེགས་མི་འབྱུང་པ་དང༌། གལ་ཏེ་[རླུང་ གགས་]བྱུང་ཡང་རྡོ་རྗེའི་བཟླས་པ་ནང་དུ་སྲོག་{ཐུར་}འབྲེལ་ཞིང༌། ཕྱི་ཅུང་ཟད་རིང་པ་དེ་ རང་གིས་གེགས་སེལ་བ་ལ་སོགས་(འཕྲིན་ལས་བཞི་འགྲུབ་)པའི་ཕན་ཡོན་དཔག་མེད་མདོ་ རྒྱུད་ཐམས་ཅད་དུ་གསུངས་པས་རྒྱུན་དུ་བྱའོ། །དོན་དམ་རྡོ་རྗེའི་བཟླས་པ་ནི། སེམས་རིག་ པའི་ཏིང་ངེ་འཛིན་ཏེ། དེ་ཡང་འགོག་པ་རྡོ་རྗེའི་བཟླས་པ་ཡན་ལག་དྲུག་གི་རྣལ་འབྱོར་དང༌། ཨ་སྐྱེ་མེད་སྟོང་གསལ་{ཅིར་[སྤྱིར་]ཡང་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། སོ་སོར་ སྡུད་པ་ལ་སོགས་དྲུག་གིས་གསེར་བཟང་པད་མར་སྐུ་དང་གསུང་དང་ཐུགས་ཀྱི་སྦྱོར་བ་དང༌། ། རྡོ་རྗེ་གསུམ་བསྒོམ་བྱས་པས་དགའ་བ་ལ་སོགས་རྡོ་རྗེ་དང་ནི་ཆུ་སྐྱེས་རོ་མཉམ་གྱུར་པའོ། ། ཤེས་རབ་ཆུ་སྐྱེས་ལ་ནི་ཐུགས་ཀྱི་ཐིག་ལེ་ལྷན་ཅིག་སྐྱེས་བདེའི་དབང་ལས་གཞོམ་དུ་མེད་ པར་བསྒོམ། །ཞེས་[པ་ལ་]སོགས་དང༌། མཚན་བརྗོད་ལས། འདི་ལྟར་སངས་རྒྱས་བཅོམ་ ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ ཆེན་ཡི་གེ་དམ་པ་སྟེ། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་{ཏུ་[ཀུན་]བརྗོད་པ་སྤངས་པ་ སྟེ། །བརྗོད་པ་ཀུན་གྱི་རྒྱུ་ུཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་[པ་]དང༌། གསང་འདུས་རིམ་ལྔ་ལས། ཨ་ཡིས་བཤད་པའི་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱི་སྙིང་པོར་ འགྱུར། །ཞེས་[པ་ལ་]སོགས་[པ་]གསུངས་སོ། ། གཉིས་པ་སྦྱོང་དུས་ཀྱི་ཉམས་རྟགས་ནི་ལྔ་ལས། ལུས་ཉམས་རྩ་གསུམ་གྱི་སྒོ་གྲོལ་ འགགས་ཀྱིས་བདེ་མི་བདེ་ངེས་པ་དང༌། རླུང་ཉམས་རླུང་སྣ་སྒོ་གང་ནས་ཇི་ལྟར་རྒྱུ་བ་ངེས་ པ་དང༌། སེམས་ཉམས་རིག་པ་གསལ་སྟོང་རྟོག་མེད་ཀྱི་བྱེ་བྲག་ངེས་པ་དང༌། མཐོང་ཉམས་ རླུང་རྟགས་ཀྱི་རྣམ་པའི་བྱེ་བྲག་གསལ་བར་ངེས་པ་དང༌། རྨི་ཉམས་རྡོ་རྗེའི་བཟླས་པ་མང་ ཉུང་གིས་རྨི་ལམ་འཇམ་རྩུབ་ལ་སོགས་པ་ངེས་པའོ། ། 2-1-46 གཉིས་པ་འབྱོངས་ནས་འཇམ་རླུང་དགང་སྟོང་གི་སྦྱོར་བས་སྲོག་དབུ་མའི་ཐིག་ལེར་ གཞུག་པ་ལ་གཉིས་ལས། དང་པོ་སྲོག་དབུས་མར་ཇི་ལྟར་གཞུག་པ་ལ་གསུམ་ལས། ལུས་ནི་(འགྲེལ་ཆེན་ལས། ) གཡོན་ནས་རླུང་རྒྱུ་ན་རྐང་པ་གཡས་བསྐུམ་གཡོན་བརྐྱང་བཅས་ནས། ཀྱེའི་རྡོ་རྗེ་ལས། དབང་གི་ལྟ་སྟངས་གཡོན་ན་གནས། །གཡོན་པ་ནས་ནི་གཟུགས་བརྙན་གཉིས། །ཞེས་བལྟ་ བའོ། །གཡས་ནས་རླུང་རྒྱུ་ན་རྐང་པ་གཡོན་བསྐུམ་གཡས་བརྐྱང་བཅས་ནས། གཡས་པའི་ ཆ་ལ་དགུག་པ་ཉིད། །གཡས་ནས་ཀྱང་ནི་གཟུགས་བརྙན་གཉིས། །ཞེས་བལྟའོ། །ངག་ནི་ ལྟོ་སྟོང་ལ་སོགས་པའི་དུས་སུ་ཐོག་མར་རླུང་སྣ་གང་ནས་རྒྱུ་བལྟ་སྟེ། རླུང་རོ་བུས་ལ། གཡོན་ ནས་རྒྱུ་ན་གཡས་སུ་བལྟས་ཏེ། འོག་སྒོ་ཅུང་ཟད་བསྡམས་{ནས[ཏེ]། སྟེང་རླུང་དལ་བུས་ ནང་དུ་དགང་པས་རླུང་དབང་དུ་བསྡུས་ཏེ། གཡོན་དུ་བལྟས་ནས་ནང་ཏུ་བཟུང་ལ། ཁྱེངས་ ཙམ་ལ་རྩོལ་བས་ནང་དུ་མི་དགག་པར་མི་བདེ་བ་མེད་ཙམ་ན་གཡས་ནས་གསུང་རྡོ་རྗེའི་ སྔགས་བཟླས་དལ་བུས་{གཏང་[བཏང་]ངོ༌། །གཡས་ནས་རྒྱུ་ན་གཡོན་དུ་བལྟས་ཏེ། གཡས་ནས་སྟེང་རླུང་མྱུར་དུ་ཕྱིར་ཕྱུང་སྟེ། ནང་དུ་དལ་བུས་དཀུག་པས་བཀུག་ནས། ལྟེ་བར་ ཅུང་ཟད་འཐེན་པས་འོག་སྒོ་བསྡམས་ཏེ། གཡས་ཀྱི་ཆར་བལྟས་ནས། རླུང་བཟུང་ལ། མི་ བདེ་བ་མེད་ཙམ་{ན་[ནས་]གཡོན་ནས་སྐུ་རྡོ་རྗེའི་སྔགས་བཟླས་དལ་བུས་{གཏང་[བཏང་] ངོ༌། །དེ་ཁོ་ན་ལྟར་ལན་རེ་མོས་སུ་བྱས་ལ། དང་པོ་མགོ་བརྩམས་པའི་ཕྱོགས་ལ་དགང་ བ་བཞི། ཕྱོགས་གཅིག་ལ་གསུམ་སྟེ། བདུན་ལ་ཐུན་རེར་བྱས་པའི་ཐུན་མ་ཆག་པར་ཟླ་བ་ གཅིག་གི་བར་དུ་ནང་རེ་བཞིན་དུ་བྱ། དེ་ལ་ཅུང་ཟད་གོམས་ནས། ཐུན་བཞི་ལ་སོགས་པ་ རིམ་པ་བཞིན་དུ་ཅི་རིགས་པར་བསྣན་ཏེ། ཁམས་ཚོད་དང་སྦྱར་ལ་རྒྱུན་དུ་བྱའོ། །འདི་ནི་ འཆི་བསླུ་རྣམས་ཀྱི་མཆོག་ཏུ་གསུངས་སོ། །དེ་ལྟར་རྩ་རྒྱུད་ལས། སྲོག་ནི་ཐིག་ལེར་གཞུག་ 2-1-47 པར་བྱ། །ཐིག་ལེ་འཁོར་ལོ་རྣམ་རིམ་པས། །ཞེས་[པ་]དང༌། དཀའ་འགྲེལ་པད་མ་ཅན་ <རྩ་རྒྱུད་དྲངས་པ་>ལས། དེ་ལྟར་ཡན་ལག་གསུམ་པ་ཡིས། །རྣལ་འབྱོར་པས་ནི་སྲོག་རྩོལ་ བྱ། །གཡས་དང་གཡོན་གྱི་རྩ་གཉིས་ཀྱི། །ལམ་དགག་དབུ་མར་འབབ་པར་བྱ། །དབུ་མར་ སྲོག་ནི་ཞུགས་ནས་སུ། །ས་སོགས་དཀྱིལ་འཁོར་བཅུ་པོ་ནི། །གཡས་པ་དང་ནི་གཡོན་པ་ཡི། ། རྩ་ལ་རྟག་ཏུ་དགག་པར་བྱ། །(དེ་ཡང་འགྲོ་དང་འོང་བའི་ཕྱིར། །སྲོག་རྩོལ་རྣམ་པ་བཅུ་པའོ། །)ཞེས་ དང༌། སྙིང་པོ་གསལ་བ་ལས། བར་མར་དབུགས་འབྱུང་མཆོག་ཡིན་ཏེ། །གཤང་གཅི་དང་ནི་ ཟླ་ཉི་ཡི། །རྩ་བཞི་དང་ནི་ཡང་དག་ལྡན། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །སངས་རྒྱས་ ལྔ་ཡིས་བྱིན་གྱིས་བརླབས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །སྲོག་དང་རྩོལ་བ་ཞེས་བྱར་བཤད། ། ཞེས་[པ་]དང༌། ཉི་ཟླ་བསྒྲུབ་པ་ལས། འཁྲུལ་འཁོར་སྦྱོར་བ་མཁས་པ་ཡིས། །རླུང་ལྔ་ཨ་ བ་དྷཱུ་ཏཱིར་གཟུད། །རྒྱུ་བ་དག་པ་རང་གནད་བསྒོམ། །ཞག་ལྔས་ཨ་བ་དྷཱུ་ཏཱི་རུ། །ཚུད་པའི་ རྟགས་ནི་འབྱུང་བར་འགྱུར། །ཞེས་སོགས་གསུངས་སོ། །སེམས་ནི་རྟགས་དང་རྟགས་ཅན་ གྱི་{གཟུགས་བརྙན་}བསྒོམས་པའོ། ། གཉིས་པ་སྲོག་དབུ་མར་ཆུད་པའི་རྟགས་ནི་ལྔ་ལས། ལུས་རྟགས་སྨིན་མཚམས་སུ་ འདུས་ཤིང༌། གཙུག་ཏོར་དུ་ཟ་འཕྲིག་ལ་སོགས་པ་དང༌། རླུང་རྟགས་དབུགས་རྒྱུ་བ་མི་ཚོར་ ཞིང༌། བརྟགས་ན་སྣ་སྒོ་གཉིས་ཀ་ནས་ཤིན་ཏུ་དལ་བར་རྒྱུ་བ་དང༌། སེམས་རྟགས་ཤེས་པ་ གསལ་སྟོང་རྟོག་པ་མེད་པར་གནས་པ་དང༌། མཐོང་རྟགས་དུ་བ་ལྟ་བུ་ལ་སོགས་པ་དང༌། སྣ་ཚོགས་ཐིག་ལེ་ལྟ་བུ་ལ་སོགས་པ་གསལ་ལ་བརྟན་པར་སྣང་བ་དང༌། རྨི་རྟགས་འཕུར་བ་ དང༌། རྟ་རྒྱུག་པ་རྨི་བ་ལ་སོགས་པ་འབྱུང་ངོ༌། ། གསུམ་པ་ཆུད་ནས་རྩུབ་རླུང་བུམ་པ་ཅན་གྱི་སྦྱོར་བས་སྲོག་དབུས་མའི་ཐིག་ལེར་བཅིང་ པ་ལ་གསུམ་ལས། དང་པོ་བུམ་པ་ཅན་བསྒྲུབ་པ་ལ་གསུམ་ལས། ལུས་ནི། (འགྲེལ་ཆེན་ལས། ) 2-1-48 ཟླུམ་པོའི་འདུག་སྟངས་བཅས་ནས། ཕྱག་རྒྱ་རྡོ་རྗེ་ཁུ་ཚུར་ཐུགས་ཀར་བསྣོལ་ཅིང༌། [སྙན་ བརྒྱུད་ལས། རྐང་པ་གཅིག་གིས་གཅིག་མནན་ཅིང༌། །ཐེ་འོང་ནང་བཅུག་ཁུ་ཚུར་བསྡམས། ། ཞེས་སོ། །]ལྟ་སྟངས་སྨིན་མཚམས་སུ་བལྟ་སྟེ། ཉེ་བར་བསྒྲུབ་ལ་བགེགས་མཐར་བྱེད་ཀྱི་ ལྟ་སྟངས་ཀྱིས་ནི་བདུད་རྩིའི་གནས་སུ་གྱུར་དང་ཡན་ལག་དྲུག །ཅེས་[པ་]དང༌། གསང་ འདུས་ལས། ཉེ་བར་སྒྲུབ་པའི་དུས་སུ་ནི། <སྙན་རྒྱུད་ལས།> བདུད་རྩི་འཁྱིལ་བའི་གཟུགས་ <ལྟ་སྟངས་>སུ་བལྟ། །ཞེས་[པ་]དང༌། ཀྱེའི་རྡོ་རྗེ་ལས། དབུས་སུ་རེངས་པའི་ལྟ་སྟངས་ ཉིད། །སྣ་ཡི་རྩེ་མོའི་དབུས་སུ་གཉིས། །ཞེས་གསུངས་པའོ། །ངག་ནི་སྣ་སྒོ་གཉིས་ཀ་ནས་ རླུང་མཉམ་པར་རྒྱུ་བའི་ཚེ་དབུས་སུ་བལྟས་ནས[སོ]། །སྟེང་རླུང་ཕྱིར་བུས་ཏེ་མྱུར་དུ་བཀུག་ པ་དང༌། འོག་སྒོ་རྣམ་པར་སྡུད་པས་བསྡམས་ཏེ། དབུས་སུ་ཁ་སྦྱོར་དུ་གནས་པས་རེངས་སུ་ བཅུག་ལ་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ[མོ]། །བདེ་ན་མྱོས་བྱེད་{བླུད་[སླུད་]དེ། ནམ་མི་ ཐུབ་ཙ་ན་འོག་སྒོ་ཐེན་བྱས་ཏེ། སྣ་སྒོ་གཉིས་ཀ་ནས་ཐུགས་རྡོ་རྗེའི་སྔགས་བཟླས་དལ་བུས་ {གཏང་[བཏང་]སྟེ། འགྲེལ་ཆུང་པད་མ་ཅན་ལས། དེ་ནས་སྲོག་དང་རྩོལ་བ་ཡིས། །འབྱུང་ བ་དང་ནི་དགང་བ་གཉིས། །དོར་ནས་བུམ་པར་བྱེད་པ་ནི། །དབུས་མར་རྣལ་འབྱོར་པ་ཡིས་ {བྱ[བྱས]། །ཞེས་[པ་]དང༌། དེར་ཇི་ལྟར་བྱ་བ་ནི། རྩ་རྒྱུད་དང༌། གསང་འདུས་རིམ་ལྔ་ ལས། མྱུར་བ་དང་ནི་རྣམ་སྡུད་དང༌། །རེངས་པ་དང་ནི་སྔགས་སྦྱོར་བ། །བླ་མས་སློབ་མའི་རྣ་ དྲུང་དུ། །རབ་ཏུ་འབད་དེ་བརྗོད་པར་བྱ། །ཞེས་[པ་]དང༌། ཀྱེའི་རྡོ་རྗེ་ལས། {དབྱུང་[འབྱུང་] བ་ཉིད་ཀྱིས་ལྟུང་བར་བྱེད། །རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་དགུག་པར་ བྱེད། །ཞི་བ་ཡིས་ནི་རེངས་པར་བྱེད། །ཅེས་[པ་]དང༌། སྙན་བརྒྱུད་ལས། ཕྱི་རུ་དང་པོ་རླུང་ {བཏོར་[གཏོར་]ནས། །ནང་དུ་མྱུར་དང་རྣམ་སྡུད་དང༌། །རེངས་དང་སྔགས་སྦྱོར་བརྡའ་ ཡིས་ནི། །བུམ་པ་ཅན་དང་རྡུལ་མཐའ་ཡིས། །རླུང་གཉིས་དབུས་སུ་བཅུག་བཅིངས་པས། ། 2-1-49 རླུང་བཅུ་རབ་ཏུ་ཞི་བར་བྱ། །རྡོ་རྗེ་མེ་ལ་སྲོག་ཞུགས་པའི། །བདེ་བ་ངེས་པར་སྐྱེ་བར་འགྱུར། ། ཞེས་[པ་ལ་]སོགས་[པ་]གསུངས་སོ། །སེམས་ནི་སྔར་དང་འདྲའོ། ། གཉིས་པ་བུམ་པ་ཅན་གྱི་ཚད་ལ་གསུམ་ལས། ཐུན་རིང་ཐུང་གི་ཚད་ནི། བུམ་པ་དང་ པོ(གསང་གནས་སུ)། བར་པ(ལྟེ་བར་)། གོང་མ་(སྙིང་ཁར་)གསུམ་དུ། བུམ་པ་ཅན་ཆུང༌། འབྲིང༌། ཆེན་པོ་གསུམ་བསྒྲུབ་སྟེ། དེ་ཡང་པུས་མོ་ལ་ཐལ་མོ་རེ་བསྐོར་ནས་སེ་གོལ་རེ་{ཏོག་ [རྟོག]པའི་ཡུན་ཙམ། སུམ་ཅུ་རྩ་དྲུག་དང༌། བདུན་ཅུ་རྩ་གཉིས་དང༌། བརྒྱ་རྩ་བརྒྱད་ཐུབ་ པ་བུམ་པ་ཅན། ཆུང༌། འབྲིང༌། རབ་ཀྱི་ཚད་ཡིན་ལ། འབྱོངས་ནས་རིང་ཚད་ངེས་པ་མེད་ དོ། །དེ་ལྟར་ཐུན་བཞིའམ་བརྒྱད་ལ་སོགས་པར་རྒྱུན་ཏུ་བཅིངས་ན་རྩ་མདུད་ཐམས་ཅད་ གྲོལ་ཞིང༌། རྩ་ཆད་ཐམས་ཅད་མཐུད་ནས། ཐུན་མོང་དང་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་ པར་རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་དུ་གསུངས་སོ། །མཐོ་སྣང་གི་ཚད་ནི། དབང་རབ་ འབྱེད་ཀྱི་འགྲེལ་པ་ལས། ཚད་གསུངས་པ་ནི། ཇི་སྲིད་ངེས་པར་རང་གི་ལུས་ལ་འོད་ཟེར་ འཁོར་ལོས་ཡོངས་སུ་བསྐོར་བར་བྱེད་པ་མཐོང་བའི་བར། །ཞེས་བྱ་བ་ནི་སྔོན་དུ་གསུངས་ པའི་སྐུ་ལས་ནང་དུ་མཐོང་ནས་འོང་ངོ༌། །དེ་ལྟ་བུ་མཐོང་[པ་]ན་སྤང་པར་བྱ་སྟེ། གཞན་དུ་ ན་དུས་མ་ཡིན་པར་འཆི་བར་འགྱུར་རོ། །ཞེས་གསུངས་{པའོ[སོ]། །ལུས་ཉམས་ཀྱི་ཚད་ནི། སྤྱི་གཙུག་ཚ་ཞིང་ན་བའི་ཚེ་ཐུན་{གཞག་[བཞག་]སྟེ། སྲོག་སྡུད་{པ་ཡིས་[པའི་]ཀུན་ནས་ བདེ་མཉམ་འབྲས་བུ་སྟེར་བ་སྤྱི་བོའི་བར་ནི་དེ་སྲིད་འདོད་{པ་སྟེ[པས་ཏེ]། །དེ་ལས་སྟེང་དུ་ འདོད་པ་མིན་པ་ཕུང་པོ་ངེས་པར་ཉམས་ནས་འཆི་བས་འཇིགས་པར་བྱེད་པའི་རྒྱུ། །གཙུག་ ཏོར་དབྱེ་བ་བྱས་ཏེ་འགྲོ་ན་བདེ་བ་དམ་པའི་གནས་སུ་ངེས་པར་སྦྱོར་བར་བྱེད་པ་ཉིད། །ཕུང་ པོ་དངོས་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་འགྲོ་སྟེ་འོན་ཀྱང་འཇིག་རྟེན་པ་རྣམས་ འཕྱ། །ཞེས་གསུངས་སོ། །དེ་ལས། བར་དོར་འཚང་རྒྱའི་མན་ངག་ནི། །འོག་རླུང་སྟེང་གི་བུ་ 2-1-50 གར་གདོན། །ཅེས་པ་ཤུགས་ལ་འབྱུང་པའོ། །འཕོ་བ་དང་བར་དོའི་གདམ་ངག་ཞལ་ལས་ ཤེས་པར་བྱའོ། ། གསུམ་པ་ཚད་དང་ལྡན་པའི་ཉམས་ནི་ཉམས་མྱོང་ལྔ་པོ་ཐམས་ཅད་དང་པོ་རྩུབ་ཉམས་ ཟུག་ཟེར་དང་བཅས་པ་སྐྱོན་དུ་འཆར། [བར་དུ་ཅི་རིགས་པ་འཆར། ] མཐར་འཇམ་ཉམས་ བདེ་སྟོང་དང་བཅས་པ་ཡོན་ཏན་དུ་སྐྱེ་སྟེ། མྱོང་ཆ་སྐྱེ་ཚུལ་རྣམས་འདིར་ཡི་གེར་བྲིས་ན་མང་ འགྲོ་བས། བླ་མས་ཉམས་སུ་མྱོང་བའི་གསུང་དང༌། རང་གིས་རླུང་བཅིངས་པའི་ཉམས་མྱོང་ ལས་ཤེས་པར་བྱའོ། ། བཞི་པ་མ་ཆུད་ཅིང་མ་འཆིངས་ན་(སྤོགས་ཆོག་)དྲག་རླུང་བཙན་ཐབས་ཀྱི་སྦྱོར་བས་ཉི་ ཟླའི་ལམ་དགག་པ་ལ་གསུམ་ལས། དང་པོ་ཉི་ཟླའི་རྩ་ལམ་ཇི་ལྟར་དགག་པ་ལ་གསུམ་ལས། ལུས་ནི་སོ་སོར་སྡུད་སོགས་ རྣམས་ཀྱིས་ནི། །སྔགས་པ་རྣམས་ཀྱིས་འདོད་པ་ཡི། །དངོས་གྲུབ་གལ་ཏེ་ཐོབ་པར་མ་གྱུར་ ན། །སྒྲ་ཙམ་གོམས་པས། ཞེས་པའི་འགྲེལ་པ་སྦས་པ་མིག་འབྱེད་ལས། ད་ནི་སྦྱོར་བ་ཡན་ ལག་དྲུག་{གི་} བསྒྲུབ་པའི་ཐབས་བསྟན་པར་བྱ་སྟེ། དེ་ལ་རྣལ་འབྱོར་པ་རྣམས་ཀྱིས་བཙན་ ཐབས་ཀྱི་སྦྱོར་བ་ཤེས་པར་{བྱ་སྟེ[བྱས་ཏེ]། འདིར་གང་གི་ཚེ་སོ་སོར་སྤོང་[བ་]ལ་སོགས་ པ་རྣམས་ཀྱིས་སྟོང་པ་ཉིད་ཀྱི་སྐུ་སྣ་ཚོགས་ཀྱི་གཟུགས་མཐོང་ཡང་(བདེ་སྟོང་མི་སྐྱེ་ན་)རྣལ་ འབྱོར་པས་སྲོག་མ་བསྡམས་པས་མི་འཛག་པའི་བདེ་{བའི་[བ་]སྐད་ཅིག་མ་མི་སྐྱེ་ན། དེའི་ ཚེ་རྣལ་འབྱོར་པས་འཆད་པར་འགྱུར་བའི་ནཱ་ད་(རྩ་)ལ་བཙན་ཐབས་ཀྱི་སྦྱོར་བས་གོམས་ པར་བྱས་ལ་ཉམས་སུ་བླང་བར་{བྱ་སྟེ[བྱས་ཏེ]། དེ་ལ་རྣལ་འབྱོར་པས་ལུས་བསྲང་སྟེ། (སེམས་དཔའི་)དཀྱིལ་མོ་དཀྲུང་བཅས་ལ། དབུགས་སོར་བཞག་ཅིང༌། སེམས་མ་ཡེངས་པར་ གནས་ཤིང༌། ཞེས་པའོ། །ངག་ནི་རྩ་ལོངས་སྤྱོད་ཀྱི་རྦ་རླབས་གཉིས་གཉིད་ལོག་ཆུང་འབྲིང་ 2-1-51 ཆེན་པོ་གསུམ་ལས། ཆུང་ངུར་མནན་ལ་བཙིར་ཏེ། ཀྱེའི་རྡོ་རྗེ་ལས། ལོངས་སྤྱོད་ཀྱི་ནི་རླབས་ གཉིས་ལས། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་ རྣལ་འབྱོར་པ་ཡིས་བཙིར། །ཞེས་དང༌། སྦས་པ་མིག་འབྱེད་ལས། ལག་པ་གཡས་པས་རྩེ་ ཆུང་ངམ་གཉིད་ལོག་རྩ་གཉིས་{བགས་[བགག་]ཀྱིས་མནན་ཅིང་མི་གཡོ་བར་གནས་པར་ བྱའོ། །ཞེས་དང༌། སྙན་བརྒྱུད་ལས། བཙན་ཐབས་སྦྱོར་བས་རླུང་བཟུང་{པ[པས]། །སྤྱི་བོ་ མི་ནའི་བར་དུ་བྱ[འོ]། །ཞེས་པ{འོ[དང་]། །སེམས་ནི་འདིར་ཟུང་འཇུག་རྟོག་མེད་ཀྱི་ཏིང་ ངེ་འཛིན་གསུམ་པོ་ཅིས་ཀྱང་སྐྱེ་བས་བསྒོམ་མོ། ། གཉིས་པ་བཀག་པ་ཚད་ལས་ཐལ་དྲགས་པའི་སྐྱོན་ནི། སྲོག་རྩོལ་རབ་ཏུ་བྱ་བ་སྙིང་ཁ་ (ཚ་བ་) དང་ནི་དེ་བཞིན་མགོ་བོ་ཇི་སྲིད་མེར་གྱུར་བར་དུ་སྟེ། །དེ་སྟེང་སྟོབས་ཀྱིས་རྩོལ་བ་ མི་བྱ་བྱས་ན་པད་མར་ཤིན་ཏུ་བརྒྱལ་བར་གྱུར་ནས་ཀྱང༌། །སྤྱི་གཙུག་དབྱེ་བ་བྱས་ནས་ཕུང་ པོ་དང་ནི་ཁམས་རྣམས་རྣམ་པར་སྤངས་ཏེ་ཤི་བར་གྱུར་པ་ན། །ཕྱག་རྒྱའི་སྦྱོར་བ་རབ་ཏུ་ཞིག་ པས་སྐྱེས་བུ་རྣམས་ལ་ཚེ་འདིར་བདེ་མཉམ་འབྲས་བུ་སྟེར་བ་མིན། །ཞེས་གསུངས་སོ། ། གསུམ་པ་ཚད་དང་ལྡན་པར་བཀག་པའི་ཡོན་ཏན་ནི། ཀྱེའི་རྡོ་རྗེ་(དེ་ཉིད་ཀྱི་འཕྲོ་)ལས། དེ་ལས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟ་ བའམ། །ལྐུགས་པའི་རྨི་ལམ་ཇི་ལྟ་བའོ། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་ དང་སྟོང་མིན་ཧེ་རུ་ཀ །ཞེས་དང༌། སྦས་པ་མིག་འབྱེད་ལས། དེ་ལྟར་ཡང་ནས་ཡང་དུ་(རྟགས་ ན་གེགས་ཡོང་པས་)མི་{དྲག་པ་[གྲག་པར་]གྲངས་མང་(པ་ན་གེགས་ཡོང་བས་ཉུང་)བར་བྱས་ལ། རོ་སྟོད་དང་སྤྱི་བོ་མི་ན་བ་དེ་ཙམ་དུ་བྱས་ནས། རྩ་དབུས་མར་སྲོག་གི་རླུང་(དབང་མེད་དུ་)རྒྱུ་ བ་ཉིད་ཀྱིས་ཤེས་རབ་ཀྱི་པད་མར་གནས་པའི་རྡོ་རྗེ་ནོར་བུའི་ནང་དུ་(རྡོ་རྗེ་)ཆུད་པའི་བྱང་ ཆུབ་ཀྱི་སེམས་ཀྱི་ཐིག་ལེ་(ལུས་ངག་སེམས་ཡེ་ཤེས་)བཞི་མི་འཕོ་བར་འགོག་པའི་བདེ་བ་ཡིས་ 2-1-52 བརྒྱའི་ཆར་ཡང་མི་ཕོད་པའི་རྒྱུ་མཐུན་པའི་མི་འཛག་པའི་སྐད་ཅིག་མའི་བདེ་བ། ལྷན་ཅིག་ སྐྱེས་པའི་སྐུའི་དོན་བསྒྲུབས་པས། མཐོང་བར་ཚེ་འདི་ཉིད་ལ་འགྱུར་རོ། །དེ་ནི་བཙན་ཐབས་ ཀྱི་སྦྱོར་བ་དང་པོའོ། །ཞེས་གསུངས་{པའོ[སོ]། ། ལྔ་པ་བཀག་པས་འོག་སྒོ་མཚན་ཐབས་སུ་འགགས་ན་སྟེང་སྲོག་{གཏང་[བཏང་]བའི་ སྦྱོར་བས་དགྲོལ་བ་ནི། རྡོ་རྗེའི་བཟླས་པ་ནང་དུ་སྟེང་སྲོག་འོག་ཐུར་དང་འབྲེལ་པར་རྔུབས་ ནས། ཕྱིར་(སྣ་ནས་)རིང་དུ་{གཏང་[བཏང་]བ་དང༌། (ཁ་ནས་)ཧ་ཐུང་དང༌། ཧཱ་རིང་ལ་ སོགས་པ་བཏོན་པས་དགྲོལ་ཏེ། རྩ་རྒྱུད་ལས། ཟླ་བ་ཉི་མའི་རྩ་འགགས་ན། །དྲི་ཆེན་དྲི་ ཆུའི་རྩ་འགག་གོ། སྟེང་དུ་སྒྲ་གཅན་རྩ་འགགས་ན། །འོག་ཏུ་ས་བོན་འབབ་མ་འགག །གྲོལ་ ནས་འདི་རྣམས་གྲོལ་བར་འགྱུར། །སྐྱེད་པ་དང་ནི་སྡུད་བྱེད་མ། །སྲོག་དང་ཐུར་སེལ་ལམ་ གསུམ་གྱི། །རྩ་རྣམས་ཀུན་སྤྱོད་འདི་ཡིན་ནོ། །ཞེས་གསུངས་{སོ[པའོ]། ། བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ནི་གཡས་གཡོན་གྱི་སྡུད་སྐྱེད་ཀྱི་རླུང་བཅུ་ རྟག་ཏུ་དབུས་མར་རྒྱུ་བ་བཅིངས་པས། རླུང་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་དང༌། ཅི་ཙམ་བཅིངས་ ཀྱང་ཐུབ་པ་ལ་སོགས་པ་དང༌། སྙན་བརྒྱུད་ལས། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་ སེལ་མི་འཛག་བདེ་བ་འཛག །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ལ་སོགས་མི་རྟོག་ བདེ། །ཞེས་གསུངས་པའོ། །ཚད་མ་ནི་མངོན་སུམ་བཞི་ལས། དེ་དག་ལ་སོགས་པ་ནི་<སྙན་ བརྒྱུད་ལས་>རྣལ་འབྱོར་པའི་ཡིད་ཀྱི་མངོན་སུམ་<ཞེས་བྱའོ་ཞེས་པའི་>ཚད་མས་ཤེས་པ་ གཙོ་ཆེ་བར་བལྟའོ། ། ལྔ་པ་དག་དབྱེ་ནི། དག་བྱ་འདུ་བྱེད་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག དག་བྱེད་ (ཕྱི་)བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་(ནང་)སྲོག་རྩོལ་གྱི་ཡན་ལག་གིས། དག་པའི་ འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་དོན་ཡོད་གྲུབ་པ་ལ་སོགས་པ་དྲུག་ཚན་གཅིག་ 2-1-53 འགྲུབ་སྟེ། སྲོག་སྡུད་པ་ནི་རལ་གྲི་ཅན་{དང་}། ཞེས་སོ། །དག་བྱེད་དབྱེ་ན། འཁོར་ལོ་ལྔའི་ དབུ་མའི་ཐིག་ལེ་ནས། རླུང་བཅུ་འགྲོ་བ་དང་འོང་བའི་དབྱེ་བས་བཅུའོ། ། དྲུག་པ་འབྲས་བུ་ནི། སངས་རྒྱས་དང་བྱང་ཆུབ་སེམས་{དཔས་[དཔའ་]བསྟོད་བཀུར་ བསྔགས་པ་སྟེ། སྲོག་ཉིད་རྩོལ་བས་དག་པ(ཡི)ས། །རི་བོང་ཅན་(དག་)ཉི་བྲལ་ནས། །བྱང་ ཆུབ་སེམས་དཔའ་མཆོད་པར་བྱེད། །ཅེས་པ་ལ་སོགས་པ་གསུངས་སོ། །༈ །། གཉིས་པ་ཉེ་བར་སྒྲུབ་པའི་ཡན་ལག་དངོས་དེ་བཞིན་འཛིན་པའི་ཁྲིད་ནི། སྙན་བརྒྱུད་ ལས། རླུང་སེམས་རབ་ཏུ་བརྟན་{པའི་[བྱའི་]ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། ། ཞེས་གསུངས་པས། དེ་ལ་དྲུག་ལས། འཛིན་པའི་མཚན་དོན་ནི། རླུང་སེམས་དབུ་མའི་ཐིག་ ལེའི་ནང་དུ་ཚུད་པ་དེ་དཔྲལ་བ(སྐུ)འི་ཐིག་ལེར་བརྟན་པར་འཛིན་པ་སྟེ། ཐིག་ལེ་རུ་ནི་སྲོག་ {གཞུག་པ་སྟེ་[ཞུགས་པས་ཏེ་]གཉིས་ཀའི་འགྲོ་བ་གཞོམ་ཞིང་རྩེ་གཅིག་སེམས་བྱེད་འཛིན་ པའོ། །ཞེས་[པ་]དང༌། རྒྱུད་ཕྱི་མ་ལས། འཛིན་པའི་ཡན་ལག་གིས་ནི་དབུགས་ཀྱི་འབྱུང་ འཇུག་བྲལ་ཞིང་སླར་ཡང་ཐིག་ལེར་འཛིན་པར་བྱེད། །ཞེས་པའོ། ། གཉིས་པ་དུས་མཚམས་ནི། དང་པོ། སྙན་བརྒྱུད་ལས། ཚོར་བའི་ཕུང་པོ(འི་རླུང་)དབུ་ མར་གནས(པའི་དུས)། །ཞེས་པ་ནས་མགོ་བརྩམས་ནས། རླུང་(དྲག་པོར་)རྒྱུ་བ་མ་འགགས་ བར་ཏུ་བྱའོ། ། གསུམ་པ་ཡན་ལག་ལ་གཉིས་ལས། འཛིན་པ་དུས་ཇི་ཙམ་དུ་བསྒྲུབ་པ་ནི། ལོ་ཕྱེད་ དང་ནི་ལོ་གཅིག་དག་ཏུ་བླ་མའི་ངེས་པའི་དབང་ལས་ཇི་སྲིད་བརྟན་པར་འགྱུར་གྱི་བར། ། དེ་ནས་ཕྱག་རྒྱའི་སྦྱོར་བ་ཡིན་ཏེ་ཉིན་ཞག་ཅུང་ཟད་རྣམས་ཀྱིས་འགྱུར་བ་མེད་པ་ཉིད་དུ་ འགྱུར། །ཞེས་སོགས་གསུངས་པའོ། །<གཉིས་པ་དགོས་པ་ཅིའི་དོན་ཏུ་བསྒྲུབ་པ་ནི། རྩ་རྒྱུད་ལས། ནོར་བུར་ཐུགས་དང་གསང་བར་གསུང༌། །ལྟེ་བར་སྐུ་ནི་བདེ་ཆེན་ཕྱིར། །དག་པའི་སྐུ་ལས་སྤྲོས་པ་ནི། །ཆོས་དང་ 2-1-54 ལོངས་སྤྱོད་སྤྲུལ་སྐུ་ནི། །སྟེང་དུ་ཤེས་རབ་དག་ཏུ་འགྱུར། །འོག་ཏུ་ཤེས་རབ་དག་ཏུ་རྒྱལ་པོ་ཀྱེ། །ཞེས་གསུངས་སོ། །> {གཉིས་<གསུམ་>པ་འཛིན་པའི་ཚུལ་ཇི་ལྟར་བསྒྲུབ་པ་ལ་གཉིས་ལས། དང་པོ་གཏུམ་ མོ་ཡེ་ཤེས་ཀྱི་མེ་འབར་བྱེད་དྲག་རླུང་སྲོག་ཐུར་བསྲེ་བའི་སྦྱོར་བས་བདུད་དང་ཉོན་མོངས་ བཅོམ་པའི་འཆི་མེད་བསྒྲུབ་པ་ལ་གསུམ་ལས། དང་པོ་སྲོག་ཐུར་ཇི་ལྟར་བསྲེ་བ་ལ་གསུམ་ལས། ལུས་ནི། གཡོན་རླུང་རྒྱུ་ན་(འགྲེལ་ ཆེན་ལས། ) གཡོན་རོལ་གྱི་འདུག་སྟངས་བཅས་ནས། གཏིང་བ་གཡས་པས་འོག་སྒོ་དགག། བརླ་གཡས་པ་དང་བྱིན་པའི་བར་དུ་རྡོ་རྗེ་བཅུག་ལ་བསྡམ། དེ་བཞིན་གཡས་དང༌། ཡང་ན་ ས་གའི་འདུག་སྟངས་ལ་སོགས་པ་བཅས་ནས། ཕྱག་རྒྱ་དང་ལྟ་སྟངས་<གྱི་སྲོག་རྩོལ་>སྔར་ དང་འདྲའོ། །ངག་ནི། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །ཞེས་གསུངས་པས། སྟེང་དུ་སྲོག་ (ཤེས་རབ་འཛིན་པའི་)རླུང་རྒྱུན་དུ་མ་བཅིངས་ན། འོག་ཏུ་ཐུར་སེལ་(ཐབས་བཟུང་པའི་རླུང་)མི་ འགག་པས་འཛིན་པ་མི་ཐོབ་ལ། སྟེང་དུ་སྲོག་རླུང་<ཤེས་རབ་འཛིན་པའི་>རྒྱུན་དུ་བཅིངས་ ན། འོག་ཏུ་ཐུར་སེལ་འགག་<ཐབས་བཟུང་པའི་རླུང་>པས། རིལ་བ་ཞབས་ཚགས་ཅན་ བཞིན་དུ། བྱང་སེམས་འཛིན་འདྲེན་གྱི་ནུས་པ་ཐོབ་སྟེ། རྩ་རྒྱུད་ལས། སྟེང་དུ་ཤེས་རབ་དག་ ཏུ་འགྱུར། །འོག་ཏུ་ཐབས་འགྱུར་རྒྱལ་པོ་ཀྱེ། །ཞེས་གསུངས་སོ། ། དེ་ནས་དབུ་མའི་རླུང་ཁ་སྦྱོར་རྒྱུན་དུ་བཅིངས་ནས་བསྐྱོད་དེ། རྩ་རྒྱུད་ལས། རྣལ་འབྱོར་ པ་དེས་ཧཱུཾ་ཕཊ་(བརྗོད་ར་ཟེར་)བྱ། །ཞེས་གསུངས་པས། འོག་སྒོ་དྲག་ཏུ་འཐེན་ཏེ། ཕྱི་རླུང་ཧཱུཾ་ རིང་(བརྗོད་ཚུལ་)གྱིས་རིང་དུ་བཏོན། ནང་རླུང་ཧུཾ་ཐུང་(བརྗོད་ཚུལ་)གིས་སྲོག་ཐུར་འདྲེས་པར་ གསང་གནས་སུ་ནོན་པར་མནན། གསང་རླུང་ཕཊ་ཧཱུཾ་རིང་པོས་(དཔྲལ་བའི་ཐིག་ལེར་)དྲག་ ཏུ་སྟེང་དུ་འཐེན་ཏེ། ཧཱུཾ་ཕཊ་ཀྱིས་དྲག་ཏུ་(གསང་གནས་དུསུ་མེར་)འོག་ཏུ་མནན་ནས། ཕྱི་རླུང་ འདྲའོ། །དེ་ལྟར་ཡང༌། རྩ་རྒྱུད་ལས། འཆི་ལྟས་མཚན་ཉིད་ཤེས་བྱས་ནས། །སྲོག་ནི་ཐིག་ 2-1-55 ལེར་ངེས་པར་གཞུག །ཅེས་[པ་]དང༌། (སྟེང་རླུང་འོག་ཏུ་ནོན་པ། འོག་རླུང་སྟེང་དུ་འགྲོངས་པ། བར་རླུང་ ཕྱིར་ཐོན་པར་བྱས་པས་)ལྟེ་བར་གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། ། སྤྱན་{མ་[ལ་]སོགས་དང་མིག་སོགས་རྣམས། །བསྲེགས་ཏེ་རི་བོང་ཅན་ཧཾ་འཛག །ཅེས་ དང༌། ཁ་བསྡམས་པ་རུ་བྱས་ནས་ཕྱིར་སོང་རླུང་རྣམས་མཐའ་དག་སྣ་ཡི་བུ་ག་གཉིས་ནས་ ནི། །སྲོག་ཉིད་སྟོབས་ཀྱིས་མགྱོགས་པར་རབ་བཀུག་དྲི་མེད་གློག་མཚུངས་ཐུར་རྒྱུའི་རླུང་ དང་ཡང་དག་སྤྲད་དེ་{གཟུང་[བཟུང་]། །ཞེས་དང༌། སྙན་བརྒྱུད་ལས། ཡུལ་ནི་བདེ་བའི་ རླུང་ཉིད་དེ། །བརྟན་པར་འཛིན་པས་འཛིན་པའོ། །ཞེས་སོགས་གསུངས་པའོ། །སེམས་ནི། དྲག་རླུང་གི་དང་འདྲའོ། ། གཉིས་པ་སྲོག་ཐུར་འདྲེས་པའི་ཡོན་ཏན་ནི། རྣལ་འབྱོར་གོམས་པའི་དུས་སུ་ཟླ་བ་ཉི་ མ་དག་ནི་མེ་ཡི་དབུས་སུ་རོ་མཉམ་གྱུར་པ་སྟེ། ལུས་ལ་ཟས་ལ་སོགས་པའི་བཀྲེས་པ་དང་ ནི་སྐོམ་པ་འཇོམས་ཤིང་འཆི་བ་མེད་པ་སྟེར་བར་བྱེད། །ཅེས་གསུངས་པ་དང༌། སྙན་བརྒྱུད་ ལས། འཆི་བདག་ལ་སོགས་ཀྱིས་མི་ཚུགས། །འགྲོ་དང་འོང་པ་ཟད་བྱེད་པས། །ཉོན་མོངས་ བདུད་སོགས་ཟད་{བྱེད་པའི[བྱས་ནས]། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཞེས་པ་ ལ་སོགས་པའོ། ། གསུམ་པ་མ་འདྲེས་པའི་སྤོགས་པའི་ཆོ་ག་ལ་གསུམ་ལས། ལུས་ངག་སེམས་ཀྱི་བྱེད་པ་ ནི་ཞལ་ལས་ཤེས་པར་བྱ་སྟེ། སྙན་བརྒྱུད་ལས། རླུང་སེམས་དྲག་ཏུ་ཐིག་ལེར་གཞུག །ཅེས་ དང༌། དྷཱུ་ཏཱིར་རླུང་ནི་ཚུད་པ་ནི། །ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་ཐིག་ལེ་ བཞི་པོ་ལ། །རིམ་དང་ཅིག་ཆར་རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོར་བྱ། །དེ་ ལ་མི་གཡོ་བརྟན་གྱུར་པས། །ཐིག་ལེར་ཆགས་པའི་བདེ་བ་སྐྱེ། །བུད་མེད་ཀུན་ལ་སྙོམས་ ཞུགས་ཀྱང༌། །ཐིག་ལེ་ལྟུང་པར་མི་འགྱུར་རོ། །ལུང་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། །ཞེས་ 2-1-56 པ་ལ་སོགས་པ་གསུངས་པའོ། ། གཉིས་པ་འཆི་མེད་བསྒྲུབ་པའི་ཡན་ལག་ཏུ་ལྕེ་གསུམ་བསྐྱོད་པའི་སྦྱོར་བས་ནང་གི་ བདུད་རྩིའི་བཅུད་མྱང་ཞིང་བཏུང་{པས་ནད་མེད་པ་[བ་]ལ་གཉིས་ལས། དང་པོ་བདུད་རྩི་ ལྕེ་སྦྱོར་གྱིས་ཇི་ལྟར་བཏུང་བ་ལ་གསུམ་ལས། ལུས་ནི། དཀྱིལ་དཀྲུང་བཅིང་བར་བྱ་སྟེ་ཁ་ ཕྱེ་བ་དང་སོ་རྣམས་ཕན་ཚུན་དུ་ནི་རེག་པ་མིན་པ་དང༌། །ཞེས་པའོ། །ངག་ནི། རྒྱུན་དུ་དབུ་ མའི་ནང་གི་བདུད་རྩིའི་བཅུད་བཏུང་པས། སྲོག་རླུང་ལྟེ་བའི་དབུས་སུ་བཅུག་ནས་ནད་མེད་ བསྒྲུབ་པར་བྱ་སྟེ། བདུད་རྩི་ལྡན་བྱས་ནས་ནི་ཕྱི་རོལ་རླུང་རྣམས་བཀུག་སྟེ་ལྟེ་བའི་དབུས་སུ་ རབ་ཏུ་བཅུག་བྱས་ན། །ཞེས་གསུངས་{པའོ[སོ]། །སེམས་ནི། དཔྲལ་བར་ཐིག་ལེ་དཀར་པོ་ དབྱངས་ཀྱིས་ཡོངས་སུ་བསྐོར་བ་བསམས་ནས་བདུད་རྩི་རྣམས་ནི་འཛག་པར་བྱེད། །ཅེས་ གསུངས་པའོ། ། གཉིས་པ་བདུད་རྩི་མྱངས་ཤིང་འཐུངས་པའི་ཡོན་ཏན་ནི། མཆོག་གི་ལུས་ལ་ཡང་ དག་འགགས་ནས་ཡང་དག་ལྟུང་པ་དང་ནི་ལྟོགས་[པ་]དང་དུག་རྣམས་ངེས་པར་འཇོམས། ། ཞེས་གསུངས་པའོ། ། བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ནི། སྲོག་ཐུར་གྱི་རླུང་ལྟེ་བར་འཐབས་པས་ ཙན་དྷ་ལིའི་མེ་འབར་ནས། ཇི་ཙམ་ཟོས་འཐུངས་བྱས་པ་ཐམས་ཅད་ཀྱི་སྙིགས་མ་ནད་དུ་མི་ འགྱུར་ཞིང༌། དྭངས་མ་ཟག་པར་མི་འགྱུར་བའི་སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེའི་བྱང་སེམས་མི་ འཛག་པར་འཛིན་པའི་བདེ་བ་ཐོབ་ཅིང༌། དེའི་རྟགས་སུ་དུས་ཀྱི་རྩར་རི་མོ་ཕྲ་ནག་ངེས་པར་ མཐོང་བ་<སྟེ། སྙིང་པོ་གསལ་བ་ལས། ཇི་སྲིད་ཐིག་ལེ་ནང་དུ་ནི། །རི་མོ་ཕྲ་ནག་སྐྲ་ཡི་ཚད། །དེ་མཐོང་འོད་ གསལ་གོ་འཕང་ནི། །རྣལ་འབྱོར་པ་ཡིས་མཐོང་བ་ཡིན། །ཞེས་>དང༌། སྙན་བརྒྱུད་ལས། ཚེ་རིང་ནད་ མེད་ཁམས་ཆ་སྙོམས། །ཞེས་པ་ལ་སོགས་པའོ། །ཚད་མ་ནི་སྲོག་རྩོལ་དང་འདྲ<སྟེ། སྙན་རྒྱུད་ 2-1-57 ལས། དེ་ཡང་ཡིད་ཀྱིས་མངོན་གསུམ་མོ། །ཞེས་པ་>འོ། ། ལྔ་པ་དག་དབྱེ་ནི། དག་བྱ་ཚོར་བའི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག དག་བྱེད་ (ཕྱི་ལྟར་)བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལམ་(ནང་)འཛིན་པའི་ཡན་ལག་གིས། དག་པའི་ འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་རིན་ཆེན་འབྱུང་ལྡན་ལ་སོགས་པ་དྲུག་ཚན་ གཅིག་འགྲུབ་སྟེ། འཛིན་པ་རིན་པོ་ཆེའི་ཕྱག་ཅན་དག་ཀྱང༌། ཞེས་{པ[བྱ]འོ། །དག་བྱེད་ དབྱེ་ན། འཁོར་ལོ་ལྔའི་དབུ་མའི་ཐིག་ལེར་རླུང་བཅུ་འཛིན་པའི་དབྱེ་བས་བཅུའོ། ། དྲུག་པ་འབྲས་བུ་ནི། འཛིན་པའི་སྟོབས་ཀྱིས་བདུད་དང་ཉོན་མོངས་བཅོམ་ནས་སྟོབས་ བཅུ་ཐོབ་{པ་སྟེ[པས་ཏེ]། །འཛིན་པའི་ནི་སྟོབས་ཀྱིས་ནི་བདུད་དང་ཉོན་མོངས་པ་ལ་ སོགས་པའི་ཚོགས་རྣམས་རབ་ཏུ་བཅོམ་ནས་སྟོབས་བཅུར་ཞུགས་པའོ། །ཞེས་པ་ལ་སོགས་ པ་གསུངས་སོ། །དེ་དག་ནི། སྙན་བརྒྱུད་ལས། ཉེ་བར་བསྒྲུབ་པ་ཞེས་བཤད་དེ། །དེ་གཉིས་ བར་དུ་དགེ་བའོ། །ཞེས་པའོ། །སྲོག་རྩོལ་དེ་བཞིན་འཛིན་པ་ཤེས་བྱ་བུམ་པར་གཞུག་པའི་ མན་ངག་གིས། སེམས་དང་རླུང་དུ་བསྲེ་བས། ཤེས་པ་གསལ་སྟོང་དབྱེར་མེད་ཟུང་འཇུག་ རྟོག་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམ་པ། ཉེ་བར་སྒྲུབ་པའི་ཡན་ལག གསུང་རྡོ་ རྗེའི་རྣལ་འབྱོར། ངག་རླུང་དང༌། སྒྲ་ལོངས་སྐུར་སྒྲུབ་པ། བར་དུ་དགེ་བའི་འཁྲིད་ཡིག་འདི། སྐྱེས་མཆོག་དམ་པ་(ཆོས་རྗེ་འཇམ་དབྱངས་ཆེན་པོ་ལ་སོགས་པ་)རྣམས་ཀྱིས་ཞུས་ཤིང་བསྐུལ་བ་ དང༌། སྣོད་ལྡན་མོས་གུས་ཅན་(བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་གཞོན་ལ་སོགས་)གྱི་སློབ་བུ་དུ་ མས་གསོལ་བ་བཏབ་པའི་ངོར། དཔལ་མི་བསྐྱོད་རྡོ་རྗེས། སྒྲུབ་གནས་བཟང་པོ། དཔལ་ ནགས་རྒྱལ་གྱི་དབེན་གནས་མཁའ་སྤྱོད་བདེ་ལྡན་དུ་བཀོད་པའོ། །༈ །། ཤིན་ཏུ་གསང་ཆེན་གྱི་རྒྱས་གདབ་པར་བྱའོ། །སྙན་བརྒྱུད་བཀའ་རྒྱ་ཅན་ཡི་གེར་བཀོད་ པ་ཡིན་པས། སྣོད་མིན་གྱི་ལག་ཏུ་ཡི་གེ་མི་འཁྱར་བར་གསང་བ་གལ་ཆེ། སྐྱེས་བུ་སུས་ཀྱང་ 2-1-58 ཡི་གེ་ལ་བཅོས་བསླད་དང་སྣོན་འབྲིད་མི་མཛད་པར་ཞུ། དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། འདིས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །ཞུས་སོ། ། མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༣༠༤དང༌། དཔེ་རྙིང༌། ཕྱི་ཀ། ༣༠༩ ཕྱི་མ། ༡༤༨ གཉིས་ཡིན། གོར་རྟགས་འདི་ཕྱི་ཀ༣༠༩ཁོ་ན་ལ་ཡོད། { } གོར་རྟགས་འདི་འབྲས་སྤུངས་དཔེ་རྙིང་ཕྱི་མ། ༡༤༨ ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕན་ཚུན་ཚིག་མི་འདྲ་བས་སྔོན་མ་ཕྱི་ཀ༣༠༩ ཕྱི་མ། ༡༤༨ ཡིན་པས་འདེམས་དགོས། { [ ] རྟགས་འདིར་འབྲས་དཔེ་རྙིང་ཕྱི་ཀ༣༠༤ མཆན་དང་གཞུང་གང་ཡིན་ལ་བཀོད་ཡོད། < > དཔེ་འདི་ཕན་ཚུན་མི་འདྲ་བ་ཤིན་ཏུ་མང་བས་མཁས་པ་རྣམས་ཀྱིས་དཔྱད་བསྡུར་གནང་རོགས་ཞུ། 2-1-59 ༄༅། །ཟབ་ལམ་གྱི་ཐ་མར་དགེ་བའི་ ཁྲིད་བཞུགས་སོ། ། ༄༅། །ཨེ་མ་ཧོ། དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དཔལ་དུས་ཀྱི་འཁོར་ལོ་ལ་ ཕྱག་འཚལ་ལོ། ། གསུམ་པ་རྗེས་སུ་དྲན་པ་བསྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར་དང༌། ཏིང་ངེ་ འཛིན་བསྒྲུབ་པ་ཆེན་པོའི་ཡན་ལག་ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐ་མར་དགེ་བའི་འཁྲིད་ལ་ གཉིས་ལས། དང་པོ་བསྒྲུབ་པ་ཆེན་པོའི་སྔོན་འགྲོ་སྒྲུབ་པའི་ཡན་ལག་རྗེས་སུ་དྲན་པའི་འཁྲིད་ནི། སྙན་བརྒྱུད་ལས<སྲོག་རྩོལ་གྱི་བདེ་བ་བསྐྱེད་འཛིན་པས་བརྟན་པར་ཟིན་པ>། དེ་ནས་བདེ་བ་སྤེལ་ སྦྱང་ཕྱིར། །རྗེས་སུ་དྲན་པའི་ཡན་ལག་བསྒོམ། །ཞེས་གསུངས་པས། དེ་ལ་དྲུག་ལས། དང་པོ་རྗེས་དྲན་གྱི་མཚན་དོན་ནི། ལྟོགས་ན་ཟས་དང་སྐོམ་ན་བཏུང་བ་ལ་སོགས་པ་ དྲན་པ་ལྟར། དུས་མེར་སྲོག་རླུང་ཞུགས་པའི་སྟོབས་ཀྱིས་ལྟེ་བར་གཏུམ་མོའི་མེ་འབར་བས་ སྤྱི་གཙུག་གི་ཧཾ་ཞུ་བའི་བྱང་སེམས་དུས་མེར་འཛག་པའི་བདེ་བ་སྐྱེས་པའི་རྗེས་སུ་ཕྱག་རྒྱ་ དྲན་པ་སྟེ། གང་ཞིག་ལྟེ་བར་གཏུམ་མོར་གྱུར་པས་ངེས་པར་ལུས་དང་ནམ་མཁའ་རུ་ནི་རྗེས་ སུ་དྲན་པར་འགྱུར། །ཞེས་དང༌། རྒྱུད་ཕྱི་མ་ལས། རྗེས་སུ་དྲན་པས་ཟླ་བ་བཞིན་དུ་རང་གི་ གཟུགས་ལས་ནམ་མཁར་འོད་མང་འཕྲོ་བར་བྱེད། །ཅེས་གསུངས་པ་དང༌། སྙན་བརྒྱུད་ ལས། ཡུལ་ནི་བདེ་བ་ཉིད་ཡིན་ཏེ། །བདེ་བ་རྒྱུད་ལ་དྲན་པའོ། །ཞེས་པའོ། ། 2-1-60 གཉིས་པ་དུས་མཚམས་ནི། དང་པོ། སྙན་བརྒྱུད་ལས། འདུ་ཤེས་(སམ་)ཡེ་ཤེས་རླུང་ རྒྱུའི་དུས། །ཞེས་པ་ནས་མགོ་བརྩམས་ནས། ལུས་བདེ་སྟོང་དུ་གྱུར་ནས། སེམས་ཀྱིས་མི་ འགྱུར་བའི་བདེ་བ་ཆེན་པོ་མ་ཐོབ་ཀྱི་བར་དུའོ། ། གསུམ་པ་ཡན་ལག་ལ་གསུམ་ལས། དང་པོ་རྗེས་སུ་དྲན་པའི་གནས་ནི། གྲོང་དང་ འབྲོག་དགོན་དུར་ཁྲོད་མི་གཙང་པ་དང་གཙང་དང་གནས་དང་ཁང་པ་ལྷ་ཡི་གནས་རྣམས་ སུ། །ཞེས་པའོ། ། གཉིས་པ་ཐབས་ཚུལ་ལ་ལྔ་ལས། དང་པོ། རྗེས་སུ་དྲན་པ་དུས་ནམ་གྱི་ཚེ་བསྒོམ་པ་ ནི། རང་གཞན་གྱི་ཁམས་བྱང་ཆུབ་ཀྱི་སེམས་འཛིན་འདྲེན་གྱི་སྟོབས་ནུས་ལ་རང་དབང་ཐོབ་ ནས། རིམ་པར་ཡེ་ཤེས་དང༌། ལས་ཀྱི་ཕྱག་རྒྱ་རྗེས་དྲན་བསྒོམ་མོ། །འཛིན་འདྲེན་མི་ནུས་ན། རྩ་ལྟུང་བྱུང་ནས་དམྱལ་བར་འགྲོ་བར་གསུངས་ཏེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་ བ་ནི་ལྔ་པ་ཡིན། །ཞེས་དང༌། འགྲེལ་{པ་}ཆེན་{པོ་}ལས། བརྒྱ་ལམ་གཡོ་བའི་དབང་གིས་ རྩ་བའི་ལྟུང་བ་བྱུང་ན་དམྱལ་བའི་སྡུག་བསྔལ་འདི་ཉིད་དོ། །ཞེས་གསུངས་སོ། ། གཉིས་པ་ཕྱག་རྒྱ་གང་དང་[གང་]བསྒོམ་པ་ནི། མཚན་བརྗོད་ལས། ཤེས་དང་ཤེས་ བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །འགྲོ་ བའི་བསྙེན་བསྐུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱིས། །དོན་གྱི་དམ་ པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་ པ། །ཞེས་[པ་]དང༌། (གཞི་འཛག་མེད་དམ་ཚིག་གི་ཕྱག་རྒྱ་དང༌། དཔེ་ལས་ཀྱི་ཕྱག་རྒྱ་དང༌། ལམ་ཡེ་ཤེས་ ཆོས་ཀྱི་ཕྱག་རྒྱ་དང༌། འབྲས་བུ་ཕྱག་རྒྱ་ཆེན་པོའོ། །)དེས་ན་ཕྱག་རྒྱ་ བཞི་ཡིས་མི་འགྱུར་བདེ་འབྲས་ སྟེར་བས་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་བ་ནི། །ཞེས་པའོ། ། གསུམ་པ་དགོས་པ་ཅིའི་དོན་དུ་བསྒོམ་པ་ནི། རྩ་རྒྱུད་ལས། འཕེལ་བར་འགྱུར་བ་མི་ 2-1-61 འགྱུར་བའོ། །ཞེས་དང༌། དུས་རྣམས་ཀུན་ཏུ་རོལ་པའི་དགའ་བ་ཉིད་ལ་གནས་ན་འཇིག་ རྟེན་ལམ་ལས་རྣམ་པར་གྲོལ་འགྱུར་ཏེ། །རིགས་དང་རིགས་མིན་རྣམ་རྟོག་སྤངས་པའི་ བཟའ་བཏུང་ལ་སོགས་ལོངས་སྤྱོད་རྣམས་ཀྱིས་ལུས་ལ་སྟོབས་བདེ་སྟེར། །ཞེས་སོགས་ དང༌། སྙན་བརྒྱུད་ལས། འཕོ་བའི་བག་ཆགས་སྤངས་བྱས་པས། །སྒྲིབ་པ་གསུམ་པོ་དག་ པར་འགྱུར། །ཆགས་པ་(ཡེ་ཤེས་ཀྱི་སྒྲིབ་པ་)ཤིན་ཏུ་སྦྱང་བར་བྱ། །དེ་དོན་བསྒོམས་པས་ བདེ་ཆེན་ནི། །ལྷན་ཅིག་སྐྱེས་པ་སྐྱེ་བར་འགྱུར། །མངོན་ཤེས་དྲུག་ཀྱང་{ཆེར་[ཆར་]འགྱུར་ ཞིང༌། །གཟུགས་སྐུ་རྣམ་གཉིས་མངོན་སུམ་མཐོང༌། །ངེས་པར་ལུང་བསྟན་ཐོབ་པར་འགྱུར། ། ཞེས་གསུངས་{པའོ[སོ]། ། བཞི་པ་དུས་ཇི་ཙམ་དུ་བསྒོམ་པ་ནི། ཡེ་ཤེས་ཀྱི་སྒྲིབ་པ་ཆགས་པའི་གནས་སྐབས་བཅུའི་ རྟོག་རྟགས་ནམ་བྱུང་བའི་ཚེ་བསྒོམ་ཞིང༌། མཐར་སྒྲིབ་པ་བཞི་རྫོགས་པར་དག་ནས། སྐུ་ བཞི་རྫོགས་པར་ནམ་ཐོབ་ཀྱི་བར་{དུ་}བསྒོམ་སྟེ། སེམས་དང་འདོད་དང་ཡན་ལག་ཚ་དང་ པད་མའི་ཞལ་མཆོག་རབ་ཏུ་སྐམ་དང་ཟས་མི་ཞིམ་པ་དང༌། །འདར་བ་དང་སྟེ་སྨྱོ་དང་རྨོངས་ པར་གྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་རབ་ཏུ་བརྒྱལ་བ་ལྟར། །རྡོ་རྗེ་ཅན་གྱིས་དུ་བ་ལ་ སོགས་རྣམ་བཅུ་པོ་རྣམས་རབ་གསལ་སྲོག་ཆགས་ལུས་ཀྱི་གནས་སྐབས་ཏེ། །འཇིག་རྟེན་ དུ་ནི་དེ་རྣམས་ཡིད་བསྲུབས་པ་ལས་རྒྱལ་བ་གང་དང་གང་འདོད་ངེས་པར་རབ་ཏུ་འབྱུང༌། ། ཞེས་དང༌། དེ་ནས་ཕྱག་རྒྱའི་སྦྱོར་བ་ཡིན་ཏེ་ཉིན་ཞག་ཅུང་ཟད་རྣམས་ཀྱིས་འགྱུར་བ་མེད་པ་ ཉིད་དུ་འགྱུར། །ཞེས་གསུངས་སོ། ། ལྔ་པ་ཚུལ་ཇི་ལྟར་བསྒོམ་པ་ལ་གཉིས་ལས། ཐོག་མར་འཛིན་འདྲེན་ནུས་པར་བསྒྲུབ་པ་ ལ་{གཉིས་ལས། དེ་ཇི་ལྟར་བསྒྲུབ་པའི་ཚུལ་ལའང་}གསུམ་ལས། ལུས་ནི། ཆོས། ལོངས། སྤྲུལ་སྐུ་དྲང་སྲོང་ཁྲོ་བོ་དང༌། ཞི་མ་ཁྲོ་དང༌། ཞི་བའི་འདུག་སྟངས་དང༌། ལྟ་སྟངས་བཅའ། 2-1-62 ངག་རླུང་གི་[འཁྲུལ་]འཁོར་{ལོ་}ནི། རླུང་མཉམ་རྒྱུ་འམ། བུམ་པ་ཅན་གྱི་རྗེས་སུ་འོག་སྒོ་ དྲག་ཏུ་ཡར་འཐེན་ཏེ། ཕྱི་རླུང་ཧཱུཾ་རིངས་{ཕཊ་}ཀྱིས་ཕྱིར་རིང་དུ་བཏོར་ནས། ནང་རླུང་ཛཿཧཱུཾ་ བཾ་ཧོཿ ཧིས་<ཐིག་ལེ་>ཡེ་ཤེས་དགུག་གཞུག་བཅིང་མཉེས་(གསང་གནས་སུ་)རོ་མཉམ་བྱས་ ལ། གསང་རླུང༌། <སྔར་གྱི་ཡི་གེ་རྣམས་འཕྲལ་ཏེ་>ལཱི་ཨཱུ་རཱི་ཨཱིའི་ཀླུས་ལྟེ་སྙིང་མགྲིན་དཔྲལ་བར་ དྲངས་(པས་དེ་བཞིན་གཤེགས་)ཏེ། འོག་ཏུ་སྔར་བཞིན་མནན་ནས། ཕྱི་རླུང་འདྲའོ། །གཞན་ཡང་ ཕྱི་ནང་གི་རླུང་སྔར་བཞིན་བྱས་ནས། གསང་རླུང༌། <སྔར་གྱི་ཡི་གེ་རྣམས་འཕྲལ་ཏེ་>ལི། ལླྀ་ལུ་ ལྼྀ་ལི་ལཾ་ལཿ ལཱཾ་ལས་ལྟེ་བར་དང༌། ཨུ། ཝླྀ་ཝུ་ཝྼྀ་ཝི་ཝཾ་ཝཿ ཝཱཾ་ཝས་སྙིང་ཁ་དང༌། རྀ། རླྀ་རུ་ཪྼྀ་ རི་རཾ་རཿ རཱཾ་རས་མགྲིན་པར་དང༌། ཨི། ཡླྀ་ཡུ་ཡྼྀ་ཡི་ཡཾ་ཡཿ ཡཱཾ་ཡས་དཔྲལ་བ་དང༌། ཨ། ཨལ་ ཨོ་ཨར་ཨེ་ཨཾ་ཨཿ ཨཱཾ་ཨ(ར་ཧ་ཟེར་)ས་གཙུག་ཏོར་གྱི་བར་དུ་དྲངས་(པས་དེ་བཞིན་གཤེགས་)ཏེ། {འོག་ཏུ་སྔར་བཞིན་མནན་<པས་རོ་མཉམ་དུ་བསྲེས་>ནས། ཕྱི་རླུང་འདྲའོ། །ཡང་ནང་རླུང་ འོག་ཏུ། } ཛ་ཧཱུཾ་བཾ་ཧོཿ ཧཱིས་སྔར་བཞིན་མནན་(པས་རོ་མཉམ་དུ་བསྲེས་)ནས། ཨཾ། མླྀ་མུ་མྼྀ་མི་ མཾ་མཿ མཱཾ་མས་ལྟེ་སྙིང་དང༌། ཨ། རླྀ་རུ་ཪྼྀ་རི་རཾ་རཿ རཱཾ་རས་མགྲིན་པར་དྲངས་ཏེ། ཧ། ཧླྀ་ཧུ་ ཧྼྀ་ཧི་ཧཾ་ཧཿ ཧཱཾ་ཧས་ཕྱིར་རིང་དུ་བཏང་ངོ༌། །རླུང་སྦྱོར་འདི་{གསུམ་[གཉིས་]རླུང་རིང་ཁུག་པ་ རེ་ལ་བྱེད་པ་ཡིན། གནད་འཆོལ་ན་གེགས་ཡོང་བས། འདི་བཞིན་མཁས་པ་གལ་ཆེ(འདི་རྩལ་ སྦྱོང་པ་ཡིན་པས། ཉིན་མཚན་རེ་ལ་རླུང་ཁུག་པ་ཐུན་ཆུང་རེ་རེ་གཉིས་གཉིས་པས་མང་པ་མི་བྱ)འོ། །དེ་བཞིན་ དུ་གཞན་ཡང་རང་བཞིན་གྱི་ཡི་གེ་དང༌། ཡོན་ཏན་གྱི་ཡི་གེ་དང༌། འཕེལ་བའི་ཡི་གེ་དང༌། གསུམ་གྱི་ཡི་གེ་ཐུང་ངུ་རྣམས་ཀྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས། གསང་གནས་ བདེ་སྐྱོང་གི་འཁོར་ལོར་(སྤྱན་དྲངས་ནས་བྱོན་པས་)བསྐྱེད་ཅིང༌། རིང་པོ་དང༌། ཤིན་ཏུ་རིང་པོ་ རྣམས་ཀྱིས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར་(དེ་བཞིན་ གཤེགས་པས་)བསྡུ་བར་{བྱ་སྟེ[བྱས་ཏེ]། དེ་དག་གི་གནད་རྣམས། དཔལ་ལྡན་བླ་མ་དམ་པ་ 2-1-63 མཉེས་པར་བྱས་པའི་ཞལ་ལས་ཤེས་པར་བྱའོ། །གཞན་ཡང༌། འདིར་ཉམས་རྟགས་ལྔ་སྐྱེ་ ཚུལ་ནི། བླ་མའི་ཞལ་དང༌། རང་གི་ཉམས་མྱོང་ལས་ཤེས་པར་{བྱའོ[བྱས་ཏེ]། །དེ་ལྟར་ མཚན་བརྗོད་ལས། འཛིན་པ་ཆེན་པོ་རྡོ་རྗེའི་ཞགས། །རྡོ་རྗེ་ལྕགས་ཀྱུ་<མར་>ཞགས་ <ཡར་>པ་ཆེ། །ཞེས་[པ་]དང༌། རྩ་རྒྱུད་ལས། འཕོ་བ་རྡོ་རྗེར་བཀག་པ་ཡིས། །མཚན་ {མ་[མོ་]འཕྲང་པོའི་རྣལ་འབྱོར་གྱིས། །ཞེས་[པ་]དང༌། འདིར་ནི་ཡེ་ཤེས་དགུག་པ་ཤིན་ ཏུ་སྟོབས་ཅན་གྱིས་ཏེ་སླར་ཡང་གཞུག་པ་རྨོངས་བྱེད་ཀྱིས། །རེངས་བྱེད་ཀྱིས་ནི་ངེས་པར་ འཆིང་སྟེ་མཆོག་ཏུ་བདེ་བའི་དབང་ལས་ང་རྒྱལ་བྱེད་པས་མཉེས་པར་བྱེད། །འཁོར་ལོ་ལ་ནི་ ཡེ་ཤེས་འཁོར་ལོ་རོ་མཉམ་པར་ནི་བྱེད་པ་རྡོ་རྗེ་ཤུགས་ཀྱིས་བྱེད་པའོ། །དེ་ལྟར་རྣལ་འབྱོར་ མ་ཡི་རྒྱུད་དུ་ཁྲོ་བོ་ལྷ་མོ་རྣམས་ཀྱིས་ངེས་པར་རབ་ཏུ་གསལ་བར་བྱ། །ཞེས་པ་ལ་སོགས་པ་ རྩ་འགྲེལ་ལས་གསུངས་པ་{དང་}། སྙན་བརྒྱུད་ལས། དྷཱུ་ཏཱིར་རླུང་ནི་ཚུད་{པ་[པས་]ནི། ། ལམ་དུ་མི་འགྱུར་ཐིག་ལེར་གཞུག །ལུས་སོགས་ཐིག་ལེ་བཞི་པོ་ལ། །རིམ་དང་ཅིག་ཅར་ རླུང་སེམས་ནི། །ངེས་པར་བཙུད་ནས་མི་གཡོར་བྱ། །དེ་ལས་མི་གཡོ་བརྟན་གྱུར་པས། །ཐིག་ ལེར་ཆགས་པའི་བདེ་བ་སྐྱེ། །བུད་མེད་ཀུན་ལ་སྙོམས་ཞུགས་ཀྱང༌། །ཐིག་ལེ་ལྷུང་བར་མི་ འགྱུར་རོ། །ལུང་སྟོན་བདེ་སྐྱེ་ལུས་བརྟན་འགྱུར། །ཞེས་[པ་]དང༌། རླུང་སེམས་དྲག་ཏུ་ཐིག་ ལེར་གཞུག །ཅེས་གསུངས་པའོ། །སེམས་ནི་རླུང་སྦྱོར་འདི་ལས་ཉམས་[སུ་]མྱོང་བདེ་སྟོང་ ཅིས་ཀྱང་སྐྱེ་བས་བསྒོམ་པར་བྱའོ། ། <གཉིས་པ་ཉམས་རྟགས་ལྔ་སྐྱེས་ཚུལ་ནི། བླ་མའི་ཞལ་དང༌། རང་གི་ཉམས་མྱོང་ལས་ཤེས་པར་བྱའོ། །> གཉིས་པ་གྲུབ་ནས་ཕྱག་རྒྱའི་རྣལ་འབྱོར་བསྒོམ་པ་ནི། རྩ་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་ སྙོམས་འཇུག་དང༌། །ཡེ་ཤེས་ཕྱག་རྒྱ་ལ་དམིགས་དང༌། །ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་བས། ། འཕེལ་བར་འགྱུར་བ་མི་འགྱུར་བའོ། །ཞེས་[པ་]དང༌། དེ་ལྟར་ཆུང་ངུ་<འདོད་གཟུགས་མཆོག་ 2-1-64 གི་དངོས་གྲུབ་>ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་བསྒྲུབ་པ་རྣམ་པ་གསུམ་དུ་ འགྱུར། །ཕྱག་རྒྱ་གསུམ་ནི་རྣམ་ གསུམ་འགྱུར་བའི་དབང་ལས་སྐབས་གསུམ་ཞེས་བྱ་ཡང་དག་(ལས་)རྟོག་པ་(ཡེ་ཤེས་) བཟང་མོ་(ཆེན་མོ་)རྣམས། །ཞེས་དང༌། མན་ངག་(སྙན་བརྒྱུད་)ལས། དབྱེ་བ་གསུམ་སྟེ་ བསྒོམ་སྟོབས་དང༌། །ལག་པ་བུད་མེད་སྦྱོར་བ་ཡིས། །འཁོར་གནས་དཔྲལ་གནས་བྱང་ སེམས་དབབ། །རྡོ་རྗེ་ནོར་བུར་རབ་བཟུང་པ། །དངུལ་ཆུའི་དཔེ་ཡིས་ཤེས་བྱས་ལ། །{སྤྱི་ བོ་སྟེང་ནས་འོག་ཏུ་རྡོ་རྗེ་གཅིག །དེ་འདྲ་རླུང་སེམས་གཏད་པས་ནི། །དགའ་བ་གནས་བཞི་ ལ་བཅུ་དྲུག་སྐྱེ། །དཔེ་དོན་ཡར་ངོ་ཆགས་ཆེན་མཚན་ཉིད་དོ། །}རས་བལ་<མཆེད་སླ་ཡལ་ སྐྱེན་>སྟག་པ་<འབྲིང་>བེ་ཤིང་<མཆེད་བཀའ་ཡལ་བ་བུལ་བའི་>དཔེས། །སྤྲོས་བཅས་སྤྲོས་ མེད་ཤིན་ཏུ་མེད། །ཅེས་གསུངས་པས། འདིར་གསུམ་སྟེ། དབང་པོ་བརྟུལ་པོས་ལས་ཀྱི་ཕྱག་ རྒྱ་ མཚན་ལྡན་ཇི་ལྟར་རིགས་པ་བརྟེན་པ་ཕྱག་རྒྱ་<ལས་རྒྱ་ཡེ་ཤེས་རྒྱ་ཕྱག་ཆེན་འཛག་མེད་> བཞི་སྦྱོར་སྤྲོས་བཅས་ཀྱི་སྤྱོད་པ་དང༌། དབང་པོ་འབྲིང་པོས་ཡེ་ཤེས་ཀྱི་ཕྱག་རྒྱ་དཀྱིལ་ འཁོར་གྱི་ལྷ་ཡབ་གྲངས་དང་མཉམ་པ་བསྟེན་པ་ཕྱག་རྒྱ་<ལས་རྒྱ་ལས་གཞན་>གསུམ་སྦྱོར་ སྤྲོས་པ་མེད་པའི་སྤྱོད་པ་དང༌། དབང་པོ་རྣོན་པོས་ཕྱག་རྒྱ་ཆེན་མོ་སྟོང་གཟུགས་རི་རབ་ཀྱི་ རྡུལ་དང་མཉམ་པ་བསྟེན་པ་ཕྱག་རྒྱ་<ཕྱག་ཆེན་འཛག་མེད་>གཅིག་སྦྱོར་ཤིན་ཏུ་སྤྲོས་པ་མེད་ པའི་སྤྱོད་པ་བྱ་བའོ། ། དང་པོ་ནི་{འདོད་པའི་}ཆགས་ཅན་དགེ་བསྙེན་ལ་སོགས་པས་ཐུན་མོང་འདོད་ཁམས་ ཀྱི་དངོས་གྲུབ་དང༌། མཆོག་གི་དོན་དུ་གཞན་ལུས་ཐབས་ལྡན་གྱི་རྣལ་འབྱོར་བསྒོམ་པ་སྟེ། དེ་ལ་གསུམ་ལས། མཚན་ཉིད་[དང་]ལྡན་པའི་རྣལ་འབྱོར་མ་བཙལ་བ་ནི། (མ་རྒྱུད་)ཀྱེའི་ 2-1-65 རྡོ་རྗེ་ལས། དལ་ཞིང་མི་གཡོ་མ་ཉིད་དང༌། །སྙན་པར་སྨྲ་ཞིང་ཡིད་འོང་མ། །སྐྲ་བཟང་དབུས་ སུ་གཉེར་མ་གསུམ། །ཕལ་པས་པད་མ་ཅན་དུ་བརྗོད། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་ མ། །དེ་རྙེད་ནས་ནི་དངོས་གྲུབ་འགྱུར། །ཞེས་[པ་]དང༌། ཤིན་ཏུ་བཞིན་བཟང་མིག་ཡངས་ མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བར་ རྟོགས་པར་གྱིས། །ཞེས་[དང་]། (གཉིས་མེད་)རྩ་རྒྱུད་ལས། བཅུ་དྲུག་ལོ་ལོན་རིགས་ཅན་ མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོ་ཤིན་ཏུ་བསླབ་བྱས་ནས། །དབང་བསྐུར་ བསྒྲུབ་པ་ནས་བརྩམས་ཏེ། །ཞེས་སོགས་གསུངས་པའོ། ། གཉིས་པ་རྙེད་ནས་སྙོམས་འཇུག་གི་རྣལ་འབྱོར་བསྒོམ་པ་ནི། <ཕ་རྒྱུད་>གསང་པ་ འདུས་བའི་རྒྱུད་ཕྱི་མ་ལས། <དགའ་བ་བཞི་ལ་བསྙེན་སྒྲུབ་བཞི་སྦྱར་ཏེ།> བསྒྲུབ་བྱ་སྒྲུབ་པར་ཡང་ དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །རྡོ་རྗེ་པད་མ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་ པ་ཞེས་བཤད་དོ། །ཡི་གེ་ཧཱུཾ་དང་ཕཊ་ལྡན་པ། །བསྐྱོད་པ་བསྒྲུབ་པ་ཞེས་བཤད་{ལ[པ]། །ངོ་ བོ་ཉིད་{དེ་[བདེ་]ཞི་བདེ་བ། །བསྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་[པ་]དང༌། རིམ་ལྔ་ ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་ གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་[པ་ལ་]སོགས་[པ་]དང༌། <མ་རྒྱུད་>ཀྱེའི་རྡོ་རྗེ་ལས། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། ། ཐབས་དང་བཅས་ན་{འདི་[དེ་]ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་ པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་པའི་ བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་[པ་]དང༌། ཐབས་དང་ ཤེས་རབ་ཆོ་ག་ཡིས། །དེ་ཉིད་རིག་པས་རྟག་ཏུ་མཆོད། །ཇི་སྲིད་བྱེ་བར་མི་འགྱུར་བར། ། རབ་ཏུ་འབད་པས་བསྟེན་པ་ཉིད། །མ་གསང་སྦྲུལ་དང་ཆོམ་རྐུན་དང༌། །ས་སྤྱོད་མེ་ 2-1-66 ཡིས་སྡུག་བསྔལ་བྱེད། །ཅེས་སོགས་དང༌། <གཉིས་མེད་གྱི་རྒྱུད་>རྩ་རྒྱུད་ལས། འདོད་ན་ སྤྱོད་པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །ཞེས་[པ་]དང༌། བུད་མེད་ སྤྱོད་པ་དེ་རྣམས་ཀྱིས། །རྣལ་འབྱོར་པ་ཡི་བྱ་བ་ནི། །ཚངས་པར་སྤྱོད་པ་ལ་གནས་ནས། ། བུད་མེད་ལ་བསྲུབ་སྤྱོད་པ་སྟེ། །རྩ་བའི་རྒྱུ་བ་དག་སྦྱོར་བས། །དེ་བཞིན་རྒྱུན་དུ་སྤྱོད་པས་ ནི། །བྱང་ཆུབ་སེམས་ནི་དབབ་བྱ་ཞིང༌། །བྱང་ཆུབ་སེམས་དེ་སྟེང་གཤེགས་བྱ། །ཞེས་[པ་] དང༌། པད་མར་རྡོ་རྗེ་རབ་བཅུག་ལ། །གྱེན་དུ་བྱང་སེམས་རྒྱུན་དུ་བྱ། །ཞེས་དང༌། གཞན་མ་ དངོས་པོའི་མཐའ་ཀུན་ནི། །<འཁོར་བ་>བསྐྱེད་པ་དང་ནི་སྡུད་བྱེད་རྒྱུ། །<འཛག་བཅས་དང་ དེ་མེད་པ་>སྲིད་ནས་མྱ་ངན་འདས་པར་བྱོན། །<ཡས་འབབ་མས་བརྟན་གཉིས་ཀ་འཕེལ་བའི་>དེ་ ནས་སླར་ཡང་སྲིད་པར་གཤེགས། །རང་ཕྱོགས་གཉིས་ལ་<ཡར་ངོས་>ཟླ་བཞིན་དང༌། ། བགྲོད་པ་གཉིས་ལ་<མི་ཉམས་པ་ལྷོ་བགྲོད་བྱང་བགྲོད་བྱེད་ཀྱང་ཟླུམ་སྐོར་མི་ཉམས་པའི་>ཉི་བཞིན་ ནོ། །ཞེས་[པ་]དང༌། ཤེས་རབ་ལས་སྐྱེས་ཟླ་བའི་ཐིག་ལེ་ཡིས་ཀྱང་རྡོ་རྗེ་ནོར་བུའི་འགྱུར་ མེད་གསུམ་ནི་བསྒྲུབ་པར་འགྱུར། །ཞེས་དང༌། ཕྱག་རྒྱའི་དངོས་གྲུབ་རྣམས་ལ་ཁྱབ་བདག་ བདེ་བ་མཆོག་གྱུར་བུད་མེད་རབ་འདུས་བྲལ་བས་སྟེར་བ་མིན། །དེ་ཕྱིར་དེ་ཉིད་ཉིན་མཚན་ དུས་སུ་རྣལ་འབྱོར་པ་ཡིས་ཐར་པའི་དོན་དུ་རབ་ཏུ་བསྒྲུབ་པར་བྱ། །ཞེས་[པ་]དང༌། དངུལ་ ཆུའི་དགྲ་ནི་མེ་སྟེ་མེ་དང་རྣམ་པར་བྲལ་བའི་དངུལ་ཆུ་བཅིངས་པ་ས་སྟེང་གནས་ན་མེད། །མ་ བཅིངས་པས་ནི་གསེར་གྱི་བྱ་བ་མིན་ཏེ་གསེར་དང་བྲལ་ན་གསེར་འགྱུར་མཁན་གྱི་ལོངས་ སྤྱོད་མེད། །དེ་བཞིན་བུད་མེད་སྦྱོར་དང་བྲལ་ན་རྣལ་འབྱོར་པ་ཡི་སེམས་ནི་རྟག་ཏུ་འཆིང་ བ་མེད་པར་འགྱུར། །མ་བཅིངས་པས་ནི་ལུས་འབིགས་མིན་ཏེ་མ་ཕུག་ལུས་ཀྱིས་ལྷན་ཅིག་ སྐྱེས་པའི་བདེ་བ་འདིར་སྟེར་མེད། །ཅེས་[པ་]དང༌། རྡོ་རྗེ་པད་མ་དག་གི་གཉིས་སྦྱོར་གང་ ཡིན་དེ་ཡིས་གནས་པའི་བདེ་བ་འཕེལ་བར་རབ་ཏུ་བྱ། །བླ་མའི་ངེས་པའི་སྟོབས་ཀྱིས་མཐའ་ 2-1-67 དང་འབར་བའི་དབུས་དང་མཆོག་ཏུ་དགའ་དང་ལྷན་ཅིག་སྐྱེས་མཚམས་དང༌། །གཉིད་དང་ བརྒྱལ་བའི་དབུས་དང་ཡེ་ཤེས་དང་ནི་རྣམ་ཤེས་དབུས་སུ་འདི་ཉིད་འཕེལ་བར་ཐེ་ཚོམ་མེད། ། བདུད་དང་ཉོན་མོངས་འཇོམས་ཤིང་རྒྱལ་བའི་བདག་པོ་ལ་གནས་རྣལ་འབྱོར་པ་ཡིས་ལོ་ གཅིག་སྦྱོར་བ་ཡིས། །ཞེས་[པ་]དང༌། དབུས་མར་སྲོག་ནི་རབ་གཞུག་པ་དང་ཡུལ་དང་རྣམ་ པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་{པ་སྟེ[པས་ཏེ]། །རང་གི་རྡོ་རྗེ་པད་མར་{གཞུག་ [འཇུག་]ཅིང་སྤྲོ་དང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་གཞུག་པའོ། །བདེ་བའི་ས་བོན་མ་ལྷུང་ པ་ལས་ཤིན་ཏུ་བདེ་བར་འགྱུར་འདི་རྣལ་འབྱོར་པ་ཡི་རྣལ་འབྱོར་ཏེ། །བསྒྲུབ་པར་བྱ་བ་ཕྱག་ རྒྱའི་དོན་དུ་གཙོ་བོ་མཆོག་ཏུ་གྱུར་པ་དཔལ་ལྡན་གསང་ཆེན་ལས་གསང་ཆེན། །ཞེས་སོགས་ དང༌། སྙན་བརྒྱུད་ལས། ཆགས་ཅན་སྦྱོར་དྲུག་མན་ངག་ནི། །དབབ་དང་བཟུང་དང་བཟློག་ པ་དང༌། །གནས་སུ་བསྐྱལ་ལ་རྩ་མིག་གདབ། །རླུང་བསྲེ་སྦྱོར་བ་དྲུག་པོས་བྱ། །ཞེས་[པ་] དང༌། ཉི་ཟླ་བསྒྲུབ་པ་ལས། ཆགས་ཅན་བདེ་སྟོང་སྤེལ་འདོད་ཀྱིས། ཁ་སྦྱོར་རླུང་བཅིངས་ འཛིན་བསྒྲུབས་ཏེ། །རྡོ་རྗེ་ཆུ་འཐུང་བསླབས་སྦྱངས་ནས། །མཚན་ཉིན་ལྡན་པའི་བུ་མོ་ལ། ། སྐྱབས་འགྲོ་དབང་བསྐུར་སྣོད་དུ་བྱ། །གཟུགས་<ངག་ཟེར་>སྒྲས་ཆགས་པ་རྒྱས་པར་ བྱ། །སྤྱོད་དེས་དྭངས་མ་གཡོ་བར་བྱ། །སྔོན་འགྲོ་གསུམ་གྱིས་སྦྱང་བྱས་ནས། །འདུ་ཤེས་ གསུམ་ལྡན་བསྒོམས་པ་ཡི། །ལུས་ལ་རིགས་དྲུག་ས་བོན་དགོད། །བསྐྱེད་དང་སྡུད་པའི་རིམ་ པ་ཡིས། །རྡོ་རྗེ་པད་མ་བྱིན་གྱིས་བརླབ། །དངོས་གཞི་སྙོམས་འཇུག་སྦྱོར་བ་ཡིས། །དབབ་ བཟུང་བདེ་སྟོང་རོ་མཉམ་བྱ། །རྗེས་སུ་བཟློག་ཅིང་གནས་སུ་བསྡུ། །དགྲམ་བྱས་གཉིས་མེད་ བསྲེས་ལ་བསྒོམ། །རུས་སྦལ་འགྲོས་སུ་དལ་བུས་དབབ། །དགོས་པ་གཉིས་ལ་མཁས་པར་ བྱ། །ཐུར་སེལ་རླུང་ནི་གསུམ་དུ་འགྱུར། །བདེ་འཕེན་རྒྱུན་འགྲོགས་རབ་འཇུག་དང༌། ཁྱབ་ བྱེད་རྒྱས་པའི་རླུང་གིས་བཟུང༌། །རྒྱུན་འགྲོགས་བསྐྱོད་པའི་སྦྱོར་བ་ཡིས། །ཟླ་བ་འཛིན་ 2-1-68 ལ་མཁས་པ་ཡིན། །ཐུར་སེལ་དབང་ནི་ཐོབ་པ་ན། །བདེ་འཕེན་ཆོས་འབྱུང་གཉིས་མེད་ བསྲེས། །རབ་འཇུག་རླུང་གི་གནད་དུ་བཟུང༌། །རྒྱུན་འགྲོགས་ཀྱིས་ནི་ཉི་འོད་འདྲེན། །ཟླ་ བ་རྒྱུན་འགྲོགས་ཀྱིས་འདྲེན་ནི། །ཡི་གེ་གསུམ་གྱིས་གྱེན་ལ་བཟློག །ཚངས་པར་ལྷན་སྐྱེས་ མྱོང་བསྡུས་པས། །མགོ་བོ་ན་ན་དགྲམ་པར་བྱ། །སེམས་དང་རླུང་ནི་རིམ་གྱིས་དགྲམ། །ཉི་ ཤུ་རྩ་གཅིག་རིམ་པས་སོ། །རླུང་སེམས་གཉིས་སུ་མེད་བསྲེས་ལ། །ཞེན་པ་ཡེ་ཤེས་གཉིས་ མེད་བྱས། །བདེ་སྟོང་ཟུང་འཇུག་ཏིང་འཛིན་བསྒོམ། །དྭངས་མའི་དྭངས་མ་འདྲེན་པ་དང༌། ། དྭངས་མའི་བདེ་བ་བསྐྱེད་པ་དང༌། །བདེ་བ་རྩལ་སྦྱང་ཐབས་ལ་མཁས། །དེ་ནི་རྣལ་འབྱོར་ ཆེན་པོར་འགྱུར། །ཞེས་པའོ། ། གསུམ་པ་བསྒོམ་ཐབས་ཤེས་མ་ཤེས་ཀྱི་སྐྱོན་ཡོན་ནི། མདོ་ལས། ཐབས་ཆེན་རྣམས་ དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་ བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་[པ་]དང༌། འདུལ་བ་དོན་ཡོད་པར་གྲུབ་ པའི་རྒྱུད་ལས། གང་གིས་བླུན་ པོ་(ཡབ་ཀྱིས་ཡུམ་འཆིང༌། ཡུམ་གྱིས་ཡབ་འཆིང༌། གཉིས་ཀས་གཞན་) འཆིང་འགྱུར་བ། །དེ་ཡིས་མཁས་པས་ཡོངས་སུ་(ཡུམ་ལ་བསྟེན་ནས་ཡབ་གྲོལ། ཡབ་ལ་བསྟེན་ནས་ ཡུམ་གྲོལ། དེ་གཉིས་ལ་བསྟེན་ནས་གཞན་)གྲོལ། །ཞེས་[པ་]དང༌། དཔལ་དོན་དམ་བསྙེན་པ་ལས། འདོད་ཆགས་གང་ཞིག་གིས་ནི་སེམས་ཅན་ལྷུང་གྱུར་པ། །དེ་ཉིད་ཀྱིས་ནི་རྣལ་འབྱོར་སྲིད་ པའི་ཕ་རོལ་བགྲོད། །དུག་གང་གིས་ནི་སེམས་ཅན་འཆི་བར་འགྱུར་བ་ཡིན། །དུག་{སྔགས་ [ལྔ་]ཤེས་པས་དེ་ཉིད་ཀྱིས་ནི་ནད་འཕྲོག་བཞིན། །ཞེས་སོགས་གསུངས་པ་དང༌། འགྲེལ་ ཆེན་དང༌། སྦས་པ་མིག་འབྱེད་ལས། རྣལ་འབྱོར་པ་བླ་མ་དམ་པའི་མན་ངག་རྙེད་པ་རྣམས་ ནི་གྲོལ་བའི་རྒྱུར་འགྱུར་ཞིང་ཏིང་ངེ་འཛིན་བརྟན་པར་འགྱུར་རོ། །བླ་མའི་མན་ངག་གིས་མ་ ཟིན་པ་རྣམས་ནི་ཏིང་ངེ་འཛིན་གྱི་རྒྱུར་མི་འགྱུར་ལ། དུག་གསུམ་སླར་བསྐྱེད་དེ་འཁོར་བའི་ 2-1-69 རྒྱུར་བསགས་ནས་འབྲས་བུ་ངན་སོང་དུ་ལྷུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ རོ། །གལ་ཏེ་འདོད་ཆགས་ལ་ལོངས་སྤྱད་པས་གྲོལ་བའི་རྒྱུར་གྱུར་ནས། བླ་ན་མེད་པའི་ བྱང་ཆུབ་ཐོབ་ན་ནི། དུད་འགྲོའི་རིགས་ཁྱི་དང་ཕག་དང་བུང་བུ་ལ་སོགས་པ་དང༌། འཕྱོན་ མ་རྣམས་ཀྱིས་ཀྱང་འདོད་ཆགས་ལ་ལོངས་སྤྱད་པས་གྲོལ་བའི་རྒྱུར་གྱུར་ནས་སངས་{རྒྱས་ པར་[རྒྱ་བར་]རིགས་ཏེ། དེ་རྣམས་ཀྱིས་ལོངས་སྤྱད་པས་གྲོལ་བའི་རྒྱུར་མི་འགྱུར་བར་ འཆིང་བའི་རྒྱུར་གྱུར་ནས། འབྲས་བུ་ངན་སོང་དུ་ལྟུང་ཞིང༌། སེམས་ཅན་དམྱལ་བར་སྲེག་ པ་དང༌། འཚེད་པའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་ན་བླ་མ་དམ་པའི་གདམས་ངག་ ཤིན་ཏུ་ཡང་གལ་ཆེ་སྟེ་བཙལ་བར་བྱའོ། །ཞེས་སོགས་གསུངས་པའོ། ། གཉིས་པ་ནི། འདོད་པའི་ཆགས་བྲལ་རབ་བྱུང་ལ་སོགས་པས། ཐུན་མོང་གཟུགས་ ཁམས་ཀྱི་དངོས་གྲུབ་དང༌། མཆོག་གི་དོན་དུ། རང་ལུས་ཐབས་ལྡན་གྱི་རྣལ་འབྱོར་བསྒོམ་པ་ སྟེ། དེ་ལ་གསུམ་ལས། སྔོན་དུ་འགྲོ་བའི་བྱ་བ་ནི། ལུས་ངག་སེམས་གསུམ་སྐུ་གསུང་ཐུགས་ བསྐྱེད་པའི། །གནས་དྲུག་མཁའ་གསང་བྱིན་བརླབས་ཐུགས་བསྐུལ་བསྒོམ། །ཞེས་པ་སྟེ། རྩ་ རྒྱུད་ལས། སྐུ་གསུང་ཐུགས་དང་ཆགས་པ་<ཡི་>རྣམས། །དཔྲལ་བ་ལ་སོགས་རྣམས་སུ་ དགོད། །སྭཱཧཱ་གསང་བ་གཙུག་ཏོར་དུ། །དེ་ནས་པད་མ་རྣམ་སྦྱང་བྱ། །ཨཱཿལས་པད་མ་འདབ་ བརྒྱད་པ། །ཧཱུཾ་ལས་རྡོ་རྗེ་དང་ལྡན་པ། །དེ་ལྟར་རྡོ་རྗེ་དང་བཅས་པད། །ཤེས་རབ་ཐབས་ཀྱི་ རྒྱུ་ཉིད་དོ། །ཧཱུཾ་ལས་བདག་གི་རྡོ་རྗེ་ཉིད། །རྩེ་མོ་ལྔ་པ་བསམ་པར་བྱ། །དེ་དབུས་པད་མ་ འདབ་བརྒྱད་པ། །ཨ་ཡིག་ལས་ནི་རབ་ཏུ་བརྟག །དེ་ལྟར་པད་བཅས་རྡོ་རྗེ་ཉིད། །པད་མ་ལ་ ནི་གཞག་པར་བྱ། །རྣལ་འབྱོར་པ་དེས་ཧཱུཾ་ཕཊ་བརྗོད<བྱ>། །བྷ་གར་ལིང་ག་རབ་མནན་ པས། །མངལ་དུ་རྡོ་རྗེ་འཛིན་པའི་རྒྱུ། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། ཁམས་གསུམ་པོ་ནི་མ་ ལུས་པ། །སངས་རྒྱས་སྐུ་(གཟུགས་སུ་ར་ཟེར་)གསུང་ཐུགས་བསྒོམ་བྱ། །ཞེས་[པ་]དང༌། སཾ་ 2-1-70 བུ་ཊི་ལས། བསྟན་པ་ལ་སྨོད་པའི་འཇིགས་པ་དང༌། སྐྱེ་བོ་གདུག་པ་ཅན་གྱི་ནང་དུ། རྣལ་ འབྱོར་པ་རང་གི་སེམས་འབའ་ཞིག དེར་བསམས་ལ། དེ་ལ་ལྷག་པར་མོས་པ་མངོན་དུ་ བྱའོ། །ཞེས་པའི་དོན་ཀྱང་ཡིན་ནོ། །དངོས་གཞིའི་བྱ་བ་ལ་གསུམ་ལས། (འགྲེལ་ཆེན་ལས། ) ལུས་ནི་པད་མའི་འདུག་སྟངས་སམ། (ཡང་ན་)བརྐྱང་བསྐུམ་གྱིས་འདུག་སྟངས་བཅའ། ལྟ་ སྟངས་གསང་འདུས་ལས། བསྔགས་པ་ཆོ་ག་ཤེས་པ་ཡིས། །(ཞི་མ་ཁྲོ་)བསྒྲུབ་པ་ལྷ་ཡི་སྦྱོར་ བས་(ཐད་ཀར་)བལྟ། །ཞེས་པའོ། །<སྙན་བརྒྱུད་ལས། ལྟ་སྟངས་རང་ལྟའི་ལྟ་བ་སྟེ<མིག་སྣ་རྩེར་ ཕབ>། །འདུ་ཤེས་གལ་ལྟེ་འཐེ་ཆུང་གཞུག<འཛུབ་མོ་ནས>། །ཅེས་སོ། །>ངག་རླུང་གི་འཁོར་ ལོ་ནི། བདེ་སྟོང་དབྱེར་མེད་ལྷན་སྐྱེས་ཡེ་ཤེས་པ། །དགུག་གཞུག་བཅིང་མཉེས་རོ་མཉམ་ ཀླུ་ཡིས་བསྐུལ། །ཞེས་པ་<སྔར་དང་འདྲ་>སྟེ། མཚན་བརྗོད་ལས། རང་གི་ལག་གིས་རྡོ་ རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་[པ་]དང༌། རྩ་རྒྱུད་ལས། འོག་མིན་གྱི་ནི་ མཐར་ཐུག་པ། །གཟུགས་ཁམས་ཡེ་ཤེས་ཕྱག་རྒྱས་སོ། །ཞེས་[པ་]དང༌། པད་མ་རྡོ་རྗེའི་སྒྲ་ ཡང་བྱ། །རང་གི་ལག་པ་ཆུ་སྐྱེས་ཏེ། །བདེ་བའི་རྒྱུ་རུ་གསོར་བར་བྱ། །ས་བོན་མི་འདོར་བ་ བདེ་བ། །འཆི་བ་ཡི་ནི་འཇིགས་འཕྲོག་པ། །འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་དང༌། ཁུ་བའི་ཆོས་ཅན་བདུད་རྩི་ཉིད། །ཐིག་ལེའི་གཟུགས་ཀྱིས་འཛག་པ་ན། །བཅུ་དྲུག་ཕྱེད་ཕྱེད་ ཐིག་ལེ་འཛིན། །<ཡས་འབབ་>ཐིག་ལེའི་རྣལ་འབྱོར་ཞེས་སུ་བརྗོད། །<མས་བརྟན་>ཆ་ མེད་ཆ་ལས་འདས་པ་ནི། །རྒྱུ་འཐུན་ལ་སོགས་སྟེང་དུ་འགྲོ། བསམ་བརྟན་བཞི་ཡི་རྩེ་མོ་ འཛིན། །ཕྲ་མོའི་རྣལ་འབྱོར་ཞེས་སུ་བརྗོད། །ཅེས་[པ་]དང༌། ཛ་ག་ཏ་(ལག་པའི་འཆང་)ཞེས་ བྱ་བར་དུ། །རྒྱལ་མཚན་རབ་ཏུ་{བཅུག་[བཀོད་]བྱས་ལ། །ཡིད་འོང་ལྷ་མོ་རབ་བསམས་ ཏེ། །དེ་ལ་ཀུན་ཏུ་སྙོམས་འཇུག་བྱ། །ངེས་པར་བདེ་ཆེན་རྒྱས་པར་འགྱུར། །སོ་སོར་སྡུད་པ་ གོམས་མིན་ན། །དེ་ནི་བྱ་བ་མ་ཡིན་ཏེ། །ཉམས་པའི་གནས་སུ་འགྱུར་ཕྱིར་རོ། །ཞེས་སོགས་ 2-1-71 དང༌། དབུས་མར་སྲོག་གཞུག་པ་ནི་ཉི་མ་དང་བཅས་ཟླ་བར་གྱུར་པ་གཡས་དང་གཡོན་པ་ བཅིངས་པ་དང༌། །ཕྱག་རྒྱ་དང་ནི་སྦྱོར་བའི་སེམས་ཀྱིས་མཆོག་ཏུ་བདེ་བར་གྱུར་པ་རྡོ་རྗེ་ཡང་ དག་སད་པ་དང༌། །བདེ་བ་དམ་པའི་དོན་དུ་པད་མར་རྡོ་རྗེ་བསྐྱོད་དམ་རང་གི་ལག་པའི་པད་ མས་གསོར་བ་ཡིས། །ས་བོན་མ་བཏང་བདེ་བ་དེ་ནི་འཆི་བའི་འཇིགས་པ་འཇོམས་པ་དཔལ་ ལྡན་བླ་མའི་ཞལ་ཉིད་དོ། །ཞེས་[པ་]དང༌། རྡོ་རྗེ་ནོར་བུའི་ཐིག་ལེ་ཆུ་སྐྱེས་འགྲོ་བ་སྟོབས་ ཀྱིས་བཟུང་སྟེ་བསྒྲུབ་པར་བྱ། །ཞེས་པའི་འགྲེལ་པ། སྦས་པ་མིག་འབྱེད་ལས། ཡང་བཙན་ ཐབས་ཀྱི་སྦྱོར་བ་གཉིས་པ་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཤེས་རབ་མ་དང་ སྙོམས་པར་ཞུགས་ཤིང༌། མཉམ་པར་འཇོག་པའི་དུས་སུ། {སྙིང་རྗེའི་[རྡོ་རྗེའི་]བདག་ཉིད་ ཀྱི་གསང་བའི་གནས་ཐུར་སེལ་གྱི་སྒོ་གཡའ་བའམ། ལུས་བེར་བ་ལངས་པའི་དུས་དེ་ཉིད་དུ། རྡོ་རྗེ་ནོར་བུའི་རྩ་བར་ལག་པ་གཡས་པ(འི་འཐེབ་སོར་སྦྱར་བ)ས་མནན་ཅིང༌། ལུས་མི་གཡོ་ བར་སེམས་བདེ་བ་ལ་གཏད་ཅིང༌། ཡར་དྲང་པ་དང༌། རྒྱུ་ཞབས་ཀྱི་ཤ་ཚིགས་པ་ལ་སྦྱར་བ་ དང༌། མིག་<སྟེང་བྱ་>བགྲད་པ་དང༌། རྐང་པའི་མཐེ་བོང་ནང་དུ་བསྐུམ་པ་དང༌། རྟིང་པ་ ཕྱིར་རྐྱང་པས། ཤེས་རབ་མ་དང་ཐབས་གཉིས་ཆར་ཡང༌། མི་འགུལ་མི་གཡོ་བར་བདེ་བ་ ལ་སེམས་གཏད་ཅིང་གནས་པ་ནི། བཙན་ཐབས་ཀྱི་སྦྱོར་བ་གཉིས་པའོ། །ཞེས་གསུངས་ པའོ། །སེམས་ནི་(མར་འབབ་)ཐིག་(ཡར་བརྟན་)ཕྲའི་རྣལ་འབྱོར་<སྒྲིབ་པ་མེད་པའི་>བདེ་ སྟོང་གི་ཏིང་ངེ་འཛིན་བསྒོམ་པའོ། །རྗེས་སུ་བྱ་བ་ནི། <སྤྱི་བོར་>རྒྱས་གདབ། <དེ་ནས་རིམ་ གྱིས་བབས་ཏེ་ལུས་ཐམས་ཅད་ལ་>དབང་བསྐུར་སྐུ་གསུང་ཐུགས་བྱིན་གྱིས་བརླབ། བརྟན་པར་ བྱེད་ཅིང་ཟུང་འཇུག་ལམ་གསུམ་བསྒོམ། །ཞེས་པ་སྟེ། གཞན་ཡང༌། (སྒྲིབ་པ་མེད་པའི་བདེ་བ་) གང་ཞིག་ཅུང་ཟད་ཡོད་པ་སྤྲོས་ཏེ་(ལུས་ཐམས་ཅད་ལ་)ཁྱབ་(པའི་)བདག་(ཉིད་ཀྱི་བྱང་སེམས་) དཀྱིལ་འཁོར་དུ་ནི་(དུར་ཁྲོད་)འབྱུང་སྐྱེས་(བྱེ་བ་ཕྱེད་དང་བཞི་དང་ནང་དུ་བ་སྤུའི་)མཐར་ཐུག་གོ ། 2-1-72 སེམས་ཅན་ཀུན་གྱི་དོན་དུ་མཆོག་གི་ཡོན་ཏན་རྣམ་པ་སྣ་ཚོགས་<ཐམས་ཅད་>རང་གི་ལུས་ ལ་རིག་པར་བྱ། །ཞེས་[པ་]དང༌། ལུས་དང་བྲལ་བ་ལས་ནི་ཁྱབ་བྱེད་ཐར་སྟེར་སངས་རྒྱས་ གཞན་ནི་གང་ཡང་ཅུང་ཟད་ཡོད་པ་མིན། །ཞེས་སོགས་གསུངས་པའོ། །དེ་ལྟར་(སྦྱོར་དངོས་ རྗེས་)གསུམ་གྱིས་འཛག་མེད་བདེ་སྟོང་ཉམས་སུ་ལེན་པའི་མན་ངག ཐུན་མོང་མ་ཡིན་པའི་ ཁྱད་ཆོས་ཀུན། དཔལ་ལྡན་བླ་མ་དམ་པ་ཤིན་ཏུ་མཉེས་པར་བྱས་ནས་ཞུས་ཏེ་ལེགས་པར་ བསླབས་ལ་ཤེས་པར་བྱའོ། ། གསུམ་པ་ནི། སྐྱེས་བུ་རྣལ་འབྱོར་ཐམས་ཅད་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་ ཐོབ་པའི་དོན་དུ། རང་སེམས་ཐབས་ལྡན་གྱི་རྣལ་འབྱོར་བསྒོམ་པ་སྟེ། དེ་ཡང་ལུས་ངག་ སེམས་ནི་བསམ་གཏན་དང་མཐུན་ཏེ། མི་གཡོ་བསམ་གཏན་གྱི་སྦྱོར་བས་བསྒོམས་པས་སོ། ། དེ་ལྟར་མཚན་བརྗོད་ལས། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ཏེ་འཇིག་ པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། ། དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་ འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་[པ་]དང༌། རྩ་རྒྱུད་ ལས། རྣལ་འབྱོར་ཆེན་པོས་ཐམས་ཅད་མཁྱེན། །ཕྱག་རྒྱ་ཆེན་མོའི་ཡན་ལག་བསྒོམ། །འགྱུར་ མེད་བདེ་བ་བསྒྲུབས་ནས་ནི། །ཚེ་གཅིག་ཉིད་ལ་སངས་རྒྱས་འགྱུར། །ཞེས་[པ་]དང༌། ལས་ ཀྱི་ཕྱག་རྒྱ་ཡོངས་འདོར་ཞིང༌། །བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང༌། །མཆོག་ཏུ་མི་འགྱུར་ སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་མོ་རྣམ་བསྒོམ་བྱ། །ཞེས་[པ་]དང༌། མོ་གཤམ་བུ་མོའི་སྦྱོར་བ་ ཡིས། །རྨི་ལམ་བདེ་བར་འགྱུར་བ་ལྟར། །ནམ་མཁའ་ལས་བྱུང་སྟོང་གཟུགས་ནི། །བསྟེན་ པས་བདག་ལའང་དེ་བཞིན་ནོ། །ཞེས་[པ་]དང༌། ལས་ཀྱི་ཕྱག་རྒྱ་དྲི་མ་དང་བཅས་སེམས་ གཡེངས་བྱེད་དེ་ཡེ་ཤེས་ཕྱག་རྒྱ་རྣམ་པར་རྟོག་ཡིན་པས། །ཡང་དག་སྤངས་ཏེ་རྫོགས་པའི་ 2-1-73 བྱང་ཆུབ་རྒྱུར་ནི་རྒྱལ་མཆོག་སྐྱེད་བྱེད་ཕྱག་རྒྱ་བཟང་མོ་བསྒོམ་པ་ནི། །གོས་པ་མེད་ཅིང་མི་ འགྱུར་མུན་འཇོམས་ཀུན་ལ་ཁྱབ་པ་མཁའ་མཚུངས་རྣལ་འབྱོར་པ་ཡིས་བགྲོད་བྱ་བ། །ལུས་ ལ་གནས་པའི་ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཇོམས་པ་དུས་ཀྱི་འཁོར་ལོའི་རྗེས་ཁྱབ་ པའོ། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ནམ་མཁར་སེམས་ཉིད་མེ་ལོང་ནང་གི་གཟུགས་ བརྙན་བཞིན་དུ་སྟེ། །དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད་པས་ འཇིག་རྟེན་གསུམ་རྣམས་སྣང་གྱུར་པ། །ཕྱི་དང་ནང་རྣམས་ལ་ནི་ཐ་དད་མེད་པར་ཡུལ་དང་ རྣམ་པར་བྲལ་བའི་སྣང་བ་ཙམ་ནི་ནམ་མཁར་གནས། །འགྲོ་བ་དུ་མའི་སེམས་ཀྱི་གཟུགས་ ལ་སེམས་ཉིད་ཀྱིས་ནི་མཁྱུད་པར་བྱེད་དེ་དེ་དག་གཅིག་པའོ། །ཞེས་[པ་]དང༌། སྙན་བརྒྱུད་ ལས། སྟེང་དང་འོག་ཏུ་རྡོ་རྗེ་གཅིག །དེ་འདྲར་རླུང་སེམས་གཏད་པས་ནི། །དགའ་བ་བཞི་ ལས་བཅུ་དྲུག་སྐྱེ། །ཡར་ངོ་ཆགས་ཆེན་མཚན་ཉིད་དོ། །ཞེས་སོགས་གསུངས་པའོ། ། གསུམ་པ་སྤོགས་པའི་ཆོ་ག་ནི། སྙན་རྒྱུད་ལས། ཆགས་{པ་[ལ་]ལས་རྒྱ་མང་ལ་སྦྱར། ། བདེ་ཆེན་རོ་མཉམ་དག་ཏུ་བྱ། །ཞེས་[པ་]དང༌། ལུས་གཟིར་གྲགས་ལ་ལས་རྒྱས་བསལ། ། དེ་ནས་སྤྱོད་པ་གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་དྲུག །སྟོབས་སོགས་ཡོན་ཏན་ ཀུན་རྫོགས་{པ[ལ]། །ཚེ་འདིར་ངེས་པར་ཐོབ་འགྱུར་བའོ། །ཞེས་པའོ། ། བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ནི་བྱང་སེམས་བདེ་བ་ཆེན་པོ་ཇི་ཙམ་ཕབ་ ཀྱང་རྡོ་རྗེ་ནོར་བུ་ལས་ཕྱིར་མི་འཕོ་བར་ཡར་{བརྟན་པར་}ལྡོག་ཅིང་འཕེལ་བས། ལུས་ སེམས་དང་སྣང་བ་བདེ་སྟོང་དུ་ཤར་བར་གྱུར་ (པ་དང༌། གཞན་ཡང༌། སྙན་བརྒྱུད་ལས། འཕོ་བའི་ བག་ཆགས་སྤང་བྱས་པས། །སྒྲིབ་པ་གསུམ་པོ་དག་པར་འགྱུར། །ཆགས་པ་ཤིན་ཏུ་སྦྱང་བར་བྱ། །དེ་དོན་བསྒོམས་ པས་བདེ་ཆེན་ནི། །ལྷག་ཅིག་སྐྱེས་པ་སྐྱེ་བར་འགྱུར། །མངོན་ཤེས་དྲུག་ཀྱང་ཆེར་འགྱུར་ཤིང༌། །གཟུགས་སྐུ་རྣམ་ གཉིས་མངོན་གསུམ་ཐོབ། །ངེས་པར་ལུང་བསྟན་ཐོབ་པར་འགྱུར། །ཞེས་གསུངས་)པའོ། །ཚད་མ་ནི་མངོན་ 2-1-74 སུམ་བཞི་ལས། དེ་ལྟ་བུ་ལ་སོགས་པ་[རྣམས་]རྣལ་འབྱོར་པའི་རང་རིག་པའི་མངོན་སུམ་ ཚད་མས་ཉམས་སུ་མྱོང་བ་གཙོ་ཆེ་བར་བལྟའོ། ། ལྔ་པ་དག་དབྱེ་ནི། དག་བྱ་འདུ་ཤེས་ཀྱི་ཕུང་པོ་ལ་སོགས་དྲུག་ཚན་གཅིག དག་བྱེད་(ཕྱི་) ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ། (ནང་)རྗེས་སུ་དྲན་པའི་ཡན་ལག་གིས། དག་པའི་ འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་འོད་དཔག་མེད་ལ་སོགས་པ་དྲུག་ཚན་གཅིག་ འགྲུབ་སྟེ། གདོལ་པ་རྗེས་སུ་དྲན་པ་པད་མ་འཛིན་པར་ཡང་ནི་འགྱུར་ཏེ། ཞེས་པའོ། །དག་ བྱེད་དབྱེ་ན། རྩ་དབུ་མར་རླུང་སེམས་འདུས་པའི་འདོད་ཆགས་ཀྱི་གནས་སྐབས་བཅུ་དག་ བྱེད་ཀྱི་དབྱེ་བས་བཅུའོ། ། དྲུག་པ་འབྲས་བུ་ནི། དྲི་མེད་འོད་འཕྲོའི་དཀྱིལ་འཁོར་དང་{ནི་}ཡེ་ཤེས་ཀྱི་གཟུགས་ སུ་འགྱུར་བ་སྟེ། རྗེས་དྲན་གྱིས་ནི་དག་པས་དྲི་མེད་འོད་ཀྱི་དཀྱིལ་འཁོར་དང་ནི་གཞན་ཡང་ ཡེ་ཤེས་གཟུགས་སུ་འགྱུར། །ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནི། སྙན་བརྒྱུད་ལས། བསྒྲུབ་པ་ཞེས་ནི་གསུངས་པའོ། །ཞེས་པའོ། །༈ །། གཉིས་པ་སྒྲུབ་པ་ཆེན་པོའི་ཡན་ལག་དངོས་ཏིང་ངེ་འཛིན་གྱི་འཁྲིད་ནི། སྙན་བརྒྱུད་ ལས། དེ་ནས་མི་འགྱུར་<རྗེས་དྲན་མར་བཅད་ཀྱི་མི་འགྱུར་བ་ནི་མི་འཛག་པ་ཡིན་་་་དབང་མི་གཡོ་བའོ་ གསུངས་>བདེ་བསྒྲུབ་ཕྱིར། །ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ཞེས་གསུངས་པས། དེ་ ལ་དྲུག་ལས། དང་པོ་ཏིང་ངེ་འཛིན་གྱི་མཚན་དོན་ནི། འགྱུར་མེད་བདེ་སྟོང་དབྱེར་མེད་ཟུང་ འཇུག་ལ་རྩེ་གཅིག་ཏུ་ཏིང་ངེ་འཛིན་པ་སྟེ། ཐབས་<བདེ་བ་>དང་ཤེས་རབ་<སྟོང་གཟུགས་> བདག་ཉིད་ཀྱིས་ནི་མི་འགྱུར་བདེ་བའི་དབང་ལས་ཡེ་ཤེས་སྐུ་ནི་ཏིང་ངེ་འཛིན། །ཞེས་[པ་] དང༌། རྒྱུད་ཕྱི་མ་ལས། ཏིང་ངེ་འཛིན་གྱིས་ཞུ་བ་རྡོ་རྗེ་ནས་བརྩམས་མགོ་བོ་དྲི་མེད་བདེ་ བས་གང་བར་འགྱུར། །ཞེས་གསུངས་པ་དང༌། སྙན་བརྒྱུད་ལས། ངོ་བོ་བདེ་སྟོང་གཉིས་ 2-1-75 <དབྱེར་>མེད་དེ། །དེ་ལ་རྩེ་གཅིག་གནས་པའོ། །ཞེས་པའོ། ། གཉིས་པ་དུས་མཚམས་ནི། དང་པོ་སྙན་བརྒྱུད་ལས། ཡེ་ཤེས་རླུང་རྒྱུའི་དུས་སུའོ། ། ཞེས་པ་ནས་མགོ་བརྩམས་ནས། འགྱུར་མེད་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པ་མཐར་ཕྱིན་ གྱི་བར་དུའོ། ། གསུམ་པ་ཡན་ལག་ལ་གཉིས[ལས]། གནས་སྐབས་སློབ་པའི་དང༌། མཐར་ཐུག་མི་ སློབ་པའི་ཏིང་ངེ་འཛིན་ནོ། །དང་པོ་ལ་གཉིས་ལས། དང་པོ་འགྱུར་མེད་ཀྱི་བདེ་བ་རིག་པས་ བདེ་སྟོང་བསྒོམ་པ་ལ་གསུམ་ལས། ལུས་ནི་རྣམ་སྣང་གི་འདུག་སྟངས་སམ། (འགྲེལ་ཆེན་ ལས། )མཉམ་པའི་འདུག་སྟངས་བཅའ། ལྟ་སྟངས་གསང་འདུས་ལས། བསྒྲུབ་པ་ཆེན་པོའི་ དུས་སུ་ནི། །སངས་རྒྱས་(ཤཱཀྱའི་)གཙོ་(བོ་བསྟན་པའི་)བདག་(པོའི་)གཟུགས་སུ་(སྣ་རྩེར་)བལྟ། ། ཞེས་པའོ། །༼སྙན་རྒྱུད་ལས། སངས་རྒྱས་ཞི་བའི་ལྟ་སྟངས་བདེ། །ལག་པ་ཏིང་འཛིན་ཕྱག་ རྒྱའོ། །ཞེས་པའོ། །༽ངག་ནི་རྡོ་རྗེའི་བཟླས་པ་དང༌། །ལྕེ་གསུམ་གྱི་ནི་སྦྱོར་<གྱི་རླུང་སྦྱོར་ཟེར་> བ་དང༌། །སྟེང་འོག་གི་རླུང་དབང་དུ་{བྱ་[བསྡུ་]བའི་རླུང་སྦྱོར། བར་རླུང་འཛིན་པ་<ནི་ ལྟ་བ་ཕྱིར་ཕུལ་ནས་གསུས་པ་ལྡིར་བྱས་པའོ། །འདི་ལ་ཁ་ཅིག་གཏམ་སྨྲ་བ་དང་མིག་གསལ་བའི་བུམ་པ་ཅན་ཟབ་ པ་ཡོད་དོ་ཟེར་གསུང་>ཙམ་ལས། རླུང་སྦྱོར་གཞན་མི་བྱ་བར་གསུངས་སོ། །སེམས་ནི་སོར་ སྡུད་དུས་སུ་མཐོང་བའི་ཡུལ་སྣང་སྟོང་དང༌། སྲོག་རྩོལ་དུས་སུ་ཤར་བའི་ཤེས་པ་གསལ་ སྟོང་དང༌། རྗེས་དྲན་དུས་སུ་མྱོང་བའི་ཉམས་མྱོང་བདེ་སྟོང་དབྱེར་མེད་ཟུང་འཇུག་རྟོག་པ་ མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་བསྒོམ་པ་སྟེ། སྦས་པ་མིག་འབྱེད་ལས། བཞི་པ་ཞེས་པ་ ནི། སེམས་གང་དུ་ཡང་མི་གཡོ་བའི་ཏིང་ངེ་འཛིན། བྱ་{བཙལ་[བ་བརྩལ་]ཐམས་ཅད་དང་ བྲལ་བའི་སེམས་མཉུག་མར་གནས་པ། ཤེས་པ་གང་གིས་ཀྱང་མ་བཅོས་པ་རྐྱེན་དང་མ་ཕྲད་ པའི་གསལ་བར་གནས་པ་དེ་ནི། དཔེའི་བཞི་པས་མཚོན་པའི་ཡང་དག་པའི་བཞི་པ་ཞེས་ 2-1-76 བྱ་སྟེ། སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་དུ་གྱུར་པའོ། །རྣལ་འབྱོར་པ་རྣམས་ཀྱིས་ནི། དཔེས་མཚོན་ནས་བཞི་པ་རྙེད་པའོ། །ཞེས་[པ་]དང༌། སྙན་བརྒྱུད་ལས། བསྒོམ་པ་དམིགས་ བཅས་སྟོང་གཟུགས་དང༌། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་ པར་གནས། །དངོས་པོ་ཐམས་ཅད་བདེར་འཆར་རོ། །ཞེས་[པ་]དང༌། རྩ་རྒྱུད་ལས། ཆགས་ ལས་མ་གཏོགས་བདེ་བ་ནི། །གཞོན་ནུ་མ་ཡིས་སྨྲ་མི་ནུས། །ལང་ཚོས་བདེ་བ་ཐོབ་ནས་ནི། ། རང་གི་བདེ་བ་རིག་པར་འགྱུར། །དེ་བཞིན་ཏིང་འཛིན་བྲལ་བ་ཡིས། །བདེ་བ་བརྗོད་པར་ མི་ནུས་ཏེ། །ཏིང་ངེ་འཛིན་གྱིས་མི་འགྱུར་ཐོབ། །རྣལ་འབྱོར་པ་རྣམས་རང་གིས་རིག །ཅེས་ [པ་]དང༌། བདེ་བ་མི་འཇིག་རྩེ་གཅིག་ཞི་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྦྱོར་འདི་སྒྲུབ་པ་ ཆེན་པོའོ། །ཞེས་[པ་]དང༌། མཆོག་ཏུ་མི་འགྱུར་བ་ཡིས་འགྱུར་བ་བཅོམ་སྟེ་སྐྱེས་པར་གྱུར་པ་ འདི་ནི་ལྷ་ཡི་དབང་པོ་སྟེ། །རྣམ་པ་ཀུན་གྱི་ཐིག་ལེ་སྣ་ཚོགས་སྒྱུ་མ་འཛིན་པ་རྒྱལ་བ་མ་ལུས་ རྣམས་ཀྱི་བདག་པོའོ། །ཞེས་[པ་]དང༌། ནམ་མཁའ་ཆེ་རྒྱུད་ཀྱི་སྙིང་པོ་ལས། གང་ཞིག་ཀུན་ རྫོབ་ལ་གནས་པ། །སྒྱུ་མའི་དེ་ཉིད་མཛེས་པ་གང༌། །འོད་གསལ་དེ་ཉིད་རང་བཞིན་དང༌། ། གང་ཞིག་གཉིས་སུ་མེད་གྱུར་པ། །འོ་མ་མར་བཞིན་ཐ་མི་དད། །ཟུང་འཇུག་རྡོ་རྗེ་ཞེས་བྱའོ། ། {ཞེས་གསུངས་པའོ། །} གཉིས་པ་དེ་མ་རིག་ཀྱང་ཆགས་བྲལ་དུ་མི་བྱ་{བའི་སྤོགས་ཆོག་[བར་བསྟན་པ་]ནི། {སྙན་བརྒྱུད་ལས། བདེ་ཆེན་རོ་མཉམ་དག་ཏུ་བྱ། །ཞེས་དང༌། } རྩ་རྒྱུད་ལས། ཆགས་བྲལ་ <དེ་ཐིག་ལེ་ཉམས་པ་>ལས་ནི་སྡིག་གཞན་མེད། །བདེ་ལས་བསོད་ནམས་གཞན་པ་མེད། ། དེ་བས་རྟག་པར་མི་འགྱུར་{བདེས[བདེ]། །སེམས་ནི་དབུག་བྱ་མི་དབང་ཀྱེ། །ཞེས་[པ་] དང༌། མི་འགྱུར་བ་ལས་ཐམས་ཅད་མཁྱེན། །སྐྱེས་པ་མ་རིག་ཐེ་ཚོམ་ཟ། །ཡིད་ལ་བདེན་མིན་ དེ་ལྟ་ནའང༌། །ཆགས་བྲལ་བར་ནི་མི་བྱའོ། །འཕོ་བ་ལས་ནི་ཆགས་བྲལ་འགྱུར། །ཆགས་ 2-1-77 བྲལ་ལས་ནི་སྡུག་བསྔལ་འབྱུང༌། །སྡུག་བསྔལ་ལས་ནི་སྐྱེས་བུའི་ཁམས། །ཟད་ལས་འཆི་ བ་ཞེས་སུ་བརྗོད། །ཤི་ལས་དེ་ནས་སླར་ཡང་སྲིད། །སྲིད་པ་ལས་ནི་སླར་འཆི་འཕོ། །དེ་ལྟར་ ཆགས་བྲལ་བྱུང་བ་ལས། །སེམས་ཅན་གཞན་དུ་སྲིད་པ་མེད། །དེ་བས་འབད་པ་ཐམས་ཅད་ ཀྱིས། །འཕོ་བའི་བདེ་བ་སྤང་པར་བྱ། །གང་གིས་སྲིད་པའི་འཆིང་པ་ལས། །མི་འགྱུར་བདེ་ {འགྱུར་[བ་]རྣལ་འབྱོར་པའོ། །ཞེས་[པ་]དང༌། དེ་ལྟར་སེམས་ནི་རྣམ་པ་བཞི་{གནས་ [རྣམས་]སྲིད་པ་རྣམ་གསུམ་གྱུར་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས། །ཁྱབ་བྱེད་ བདེ་མཉམ་འབྲས་སྟེར་ཐར་པའི་རྒྱུ་རུ་རྣལ་འབྱོར་དབང་པོ་རྣམས་ཀྱིས་བསྲུང་བར་བྱ་བ་ནི། ། རྣལ་འབྱོར་རྣམས་ལ་མཆོག་གི་བདེ་བ་སྐྱེད་བྱེད་ས་བོན་ཐིག་ལེ་བཏང་ན་ཐར་པར་ག་ལ་ འགྱུར། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་འདི་བརྟུལ་ཞུགས་ཅན་རྣམས་ཀྱིས་ནི་རྒྱུན་ དུ་སྤང་པར་བྱ། །ཞེས་གསུངས་པའོ། ། གཉིས་པ་ནི། ལམ་ཞུ་བདེ་འགྱུར་མེད་དང༌། རང་བཞིན་འགྱུར་མེད། བདེ་སྟོང་དབྱེར་ མི་ཕྱེད་པའི་མི་རྟོག་ཏིང་ངེ་འཛིན་མཐར་ཕྱིན་པས། འབྲས་བུ་གནས་འཁོར་ལོ་བཞིར་སྒྲིབ་ པ་བཞི་དག་ཅིང༌། སྐུ་བཞི་དང༌། རྡོ་རྗེ་བཞི་རྫོགས་པར་ཐོབ་པའི་ཏིང་ངེ་འཛིན་ཏེ། རྩ་རྒྱུད་ ལས། རྟེན་དང་བརྟེན་པའི་{འབྲེལ་པ་[རྟེན་འབྲེལ་]ནི། །ཇི་སྲིད་མི་འགྱུར་ཉིད་དུ་འགྱུར། ། སེམས་ཀྱིས་མི་འགྱུར་ཉིད་ཐོབ་ནས། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །མི་འགྱུར་བ་ ལས་སྐྱེས་པའི་སྐུ། །མཛོད་སྤུའི་འཁོར་ལོར་སོན་པ་ལ། །ཨ་ལི་ཀ་ལིའི་སྦྱོར་བ་ཡིས། །ཧཱུྃ་ ཡིག་མི་འདོད་རྒྱལ་པོ་ཀྱེ། །ཞེས་[པ་]དང༌། གཟུགས་དང་གཟུགས་མིན་རྣམ་པར་གྲོལ། ། མེ་ལོང་ལ་ནི་པྲ་བཞིན་ནོ། །སྲིད་པར་གཟུགས་ནི་མི་འོང་སྟེ། །འགྱུར་མེད་མྱ་ངན་འདས་མི་ འགྲོ། །ཕན་ཚུན་མཁྱུད་པས་ཞི་བ་ནི། །<རྡོ་རྗེ་སེམས་དཔའ་>མ་ནིང་གི་ནི་གོ་འཕང་མཆོག། ཅེས་[པ་]དང༌། ཕྱག་རྒྱ་ཆེ་ལ་རབ་འཁྱུད་པས། །རྡོ་རྗེ་འབེབས་པར་བྱིན་གྱིས་བརླབས། ། 2-1-78 སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་མཆོག་ཏུ་མི་འགྱུར་བའི། །སྐད་ཅིག་གང་ལ་{མི་ ཡི་བདག[རྒྱལ་པོ་ཀྱེ]། །རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །ཞེས་[པ་]དང༌། སད་ དང་རྨི་ལམ་རང་བཞིན་དག་དང་གཞན་ཡང་གཉིད་ལོག་པ་དང་དེ་བཞིན་དུ་རྒྱའི་རང་བཞིན་ རྣམས། །ལུས་གནས་པ་དང་དབུགས་ཉིད་ཐིམ་པ་རྣམ་པར་རྒྱུ་དང་ཡུལ་ལ་བསྐྱོད་པ་མེད་ པའི་སེམས་ཐིམ་པ། །ཡེ་ཤེས་གནས་དང་བུད་མེད་དང་ནི་རབ་འདུས་པ་ལས་བྱང་ཆུབ་ སེམས་{ཞུ་[ཞུར་]གྱུར་པའི་སྐད་ཅིག་ནི། །སྤྲུལ་པ་ལ་སོགས་རིམ་པས་{སྐུ་ཡི་[ཐུགས་ཀྱི་] རྡོ་རྗེ་{ལ་སོགས་[རྣམ་པ་]བཞི་རུ་ངེས་པར་རབ་ཏུ་འགྱུར་བའོ། །ཞེས་[པ་]དང༌། སྙན་ བརྒྱུད་ལས། དཔལ་ལྡན་མི་འགྱུར་བདེ་བ་སྐྱེ། །<རང་ལུས་>སངས་རྒྱས་དངོས་སུ་ཡང་ དག་མཐོང༌། །དེ་ལ་བརྟན་པར་གྱུར་པ་དེས། །ཐིག་ལེ་གྱེན་ལོག་སྤྱི་བོར་འགྲོ། རྡོ་རྗེ་ནོར་ བུར་ངོ་བོ་ཉིད། །ཐོབ་ནས་ཆོས་དང་ལོངས་སྐུ་དང༌། །སྤྲུལ་སྐུ་གནས་བཞིར་ཐོབ་པར་འགྱུར། ། རྡོ་རྗེ་བཞི་དང་རྣམ་ཐར་དང༌། །བྱང་ཆུབ་བཞི་ཡང་རྟོགས་པར་འགྱུར། །གསང་གནས་བཞི་ ཡང་རྟོགས་པར་འགྱུར། །གསང་གནས་སྤྱི་བོར་རླུང་དག་ནི། །སྟོང་དང་བརྒྱད་བརྒྱ་<ས་བཅུ་ གཉིས་རིམ་པར་>འགགས་པ་ཡིས། །ས་ནི་བཅུ་གཉིས་རིམ་པས་ཐོབ། །སྐུ་ནི་བཅུ་དྲུག་དག་ པར་འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། །<མཚན་བརྗོད་ལས། །རྡོ་རྗེ་ཟླ་བ་དྲི་མེད་འོད། །རྡོ་རྗེ་ཉི་ མ་སྣང་བ་ཆེ། །ཞེས་པའོ། །>མི་གནས་མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ཅད་རྫོགས་ པར་འགྱུར། །ཏིང་འཛིན་དབང་བསྒྱུར་ཙམ་གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་གྱུར་ནས། ། དྲི་མ་མེད་པར་དག་པར་འགྱུར། །ཞེས་[པ་]དང༌། ཨརྱ་དྷེ་བས་མངོན་པར་བྱང་ཆུབ་ལས། ཟུང་འཇུག་ཏིང་འཛིན་ལ་བསླབས་པས། །མི་སློབ་ཟུང་འཇུག་ཆོས་སྐུ་ཐོབ། །ཡིད་བཞིན་ ནོར་བུ་རིན་ཆེན་ལྟར། །མི་རྟོག་སྨོན་ལམ་དབང་གིས་{ནི[ན]། །གཟུགས་སྐུ་ལ་སོགས་ཡོན་ ཏན་རྣམས། །གདུལ་བྱ་དག་པའི་ངོ་ལ་སྣང༌། །ཞེས་པ་ལ་སོགས་པ་གསུངས་པའོ། ། 2-1-79 བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ནི་ལུས་སེམས་དང་སྣང་བ་ཐམས་ཅད་བདེ་ སྟོང་གཉིས་མེད་དུ་འཆར་བ་ལ་སོགས་པའི་རྟགས་སྣང་དཔག་ཏུ་མེད་པ་འབྱུང་བར་<རྒྱུད་ ཐམས་ཅད་ལས་>གསུངས་སོ། །ཚད་མ་ནི་མངོན་སུམ་བཞི་ལས། དེ་དག་ལ་སོགས་པའི་ཡོན་ ཏན་གྱི་འཆར་ཚུལ་ཀུན། རྣལ་འབྱོར་འཕགས་པའི་མངོན་སུམ་ཚད་མས་མཁྱེན་པ་གཙོ་ཆེ་ བར་བལྟའོ། ། ལྔ་པ་དག་དབྱེ་ནི། དག་བྱ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག །དག་ བྱེད་(ཕྱི་)སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལམ། (ནང་)ཏིང་ངེ་འཛིན་གྱི་ཡན་ལག་གིས། དག་ པའི་འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་རྣམ་པར་སྣང་མཛད་ལ་སོགས་པ་དྲུག་ ཚན་གཅིག་འགྲུབ་སྟེ། དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །ཞེས་པའོ། །དག་བྱེད་དབྱེ་ ན། འགྲེལ་ཆེན་ལས། <གབ་པ་གཡོན་གྱི་>རླུང་བཅུ<འི་རྒྱུ་བ་>མེད་པའི་ཕྱིར། ཞེས་པས། (གཡས་གཡོན་གྱི་)རླུང་བཅུ(འི་རྒྱུ་བ་)འགགས་པའི་དབྱེ་བས་བཅུའོ། ། དྲུག་པ་འབྲས་བུ་ནི། དུས་ཅུང་ཟད་{ཀྱིས་}ཡེ་ཤེས་ཀྱི་སྐུ་བཞི་རྫོགས་པར་ཐོབ་པ་སྟེ། དེ་ནས་ཏིང་ངེ་འཛིན་{གྱིས་}དག་པས་ཉིན་མཚན་ཅུང་ཟད་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་ པར་འགྱུར། །ཞེས་པ་ལ་སོགས་པ་རྒྱས་པར་(སྦས་པ་མིག་འབྱེད་ལ་སོགས་པ་ལས། དེའི་ཕྱིར་ཏིང་ངེ་ འཛིན་དེས་དག་པས་ན། ལུས་དང༌། ངག་དང༌། སེམས་དང༌། ཡེ་ཤེས་དྲི་མ་མེད་པར་བྱས་པ་ཡིན་ཏེ། རྣལ་འབྱོར་ པ་དེས་ཉིན་ཞག་གཅིག་གམ། ཟླ་བ་གཅིག་གམ། ཟླ་བ་གསུམ་མམ། ཟླ་བ་དྲུག་གམ། ལོ་གཅིག་གམ། ཐ་ན་ལོ་ གསུམ་དང༌། ཟླ་བ་ཕྱེད་དང་གཉིས་ཀྱིས་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ། མཆོག་གི་དངོས་གྲུབ་སྟེར་བར་འགྱུར་རོ། །ཞེས་) གསུངས་སོ། །དེ་དག་ནི་སྙན་བརྒྱུད་ལས། སྒྲུབ་པ་ཆེན་པོ་ཞེས་བཤད་དེ། །དེ་གཉིས་ཐ་མར་ དགེ་བའོ། །ཞེས་པའོ། །༼དེ་ལྟར་༽ རྗེས་དྲན་ཚོར་བ་རྗེས་འབྲེལ་གྱི་མན་ངག་གིས་སེམས་ དང་བདེ་བ་བསྲེ་བས། ཉམས་མྱོང་བདེ་སྟོང་དབྱེར་མེད་ཟུང་འཇུག་རྟོག་པ་མེད་པའི་ཏིང་ངེ་ 2-1-80 འཛིན་གྱི་རྒྱལ་པོ་བསྒོམ་པ་སྒྲུབ་པའི་ཡན་ལག་ཐུགས་རྡོ་རྗེའི་རྣལ་འབྱོར། སེམས་ཐིག་ལེ་ དང༌། རིག་པ་ཆོས་ཀྱི་སྐུར་སྒྲུབ་པ་དང༌། ཏིང་ངེ་འཛིན་ཐམས་ཅད་ལྷུན་གྲུབ་ཀྱི་མན་ངག་ གིས་སེམས་དང་བདེ་སྟོང་གཉིས་མེད་དུ་བསྲེ་བས། ཡུལ་ཐམས་ཅད་སྣང་སྟོང༌། ཤེས་པ་ ཐམས་ཅད་གསལ་སྟོང༌། ཉམས་མྱོང་ཐམས་ཅད་བདེ་སྟོང༌། དབྱེར་མེད་ཟུང་འཇུག་རྟོག་པ་ མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོར་ལྷུན་གྱིས་གྲུབ་པས་རྩོལ་མེད་དུ་བསྒོམ་པ་སྒྲུབ་པ་ཆེན་ པོའི་ཡན་ལག ཡེ་ཤེས་རྡོ་རྗེའི་རྣལ་འབྱོར། ལུས་ངག་ཡིད་ཡེ་ཤེས་བཞི། སྐུ་གསུམ་དབྱེར་ མེད་ངོ་བོ་ཉིད་ཀྱི་སྐུར་སྒྲུབ་པ། ཐ་མར་དགེ་བའི་ཁྲིད་[ཡིག་]རྫོགས་སོ།། །།{ཤིན་ཏུ་གསང་ ཆེན་ལས་ཀྱང་ཆེས་གསང་ཆེན་གྱི་རྒྱས་གདབ་པར་བྱའོ། །}གཞན་ཡང༌། འགྲེལ་ཆེན་ལྟར། བསྐྱེད་རྫོགས་ཟུང་འཇུག་བསྒོམ་པའི་སྦྱོར་བ་ཡན་ལག་དྲུག་ཏུ་འདོད་ཅེས་པའི་དྲུག་པོ་རེ་རེ་ ལའང༌། མཚན་དོན། ཡན་ལག དག་དབྱེ། འབྲས་བུ་སྟེ། དོན་བཞི་བཞིས་ཁྲིད་ནས། སྦྱོར་ བ་རེ་རེ་ལའང༌། ཡན་ལག་དྲུག་དྲུག་ཚང་བར་བསྒོམ་ཞིང༌། རེས་འགའ་སྟན་ཐོག་གཅིག་གི་ སྟེང་དུ་སྦྱོར་བ་ཡན་ལག་དྲུག་ཀ་ཐུན་གཅིག་ལ་ཡང་ཚང་བར་བསྒོམ་སྟེ། སྙན་བརྒྱུད་ལས། {དེ་ལྟར་(སྦྱོར་བ་)ཡན་ལག་དྲུག་པོ་ལ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །སངས་རྒྱས་ འདྲ་བར་འགྱུར་བ་སྟེ། །<དབང་པོ་དང་བརྩོན་འགྲུས་ཐ་མས་ཀྱང༌།> (ཁ་ཅིག་)ས་དང་(པོ་)ཐོབ་ པ་ཞེས་ཀྱང་འདོད། ཁམས་དྲུག་སྦྱངས་པས་ཡེ་ཤེས་དྲུག །རིགས་དྲུག་ཕ་རོལ་ཕྱིན་པ་དྲུག། མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རླུང་དྲུག་ཡེ་ཤེས་བླ་མ་(དང་པོའི་སངས་རྒྱས་)གསུང༌། ། } འདི་མིན་མཆོག་ནི་མི་འགྲུབ་ཞེས། །གསུངས་པས་ངེས་པར་འདི་བསྒྲུབ་བྱ། །རྟོག་ལམ་ འཇིག་རྟེན་འཁོར་གསུངས་པས། །བསྐྱེད་རིམ་ལ་སོགས་ཅི་ཞིག་བྱ། །ཞེས་གསུངས་པའོ། ། གཞན་ཡང༌། གལ་ཏེ་ལམ་དུ་ཞུགས་པ་འཆི་བར་གྱུར་པ་དེའི་ཚེ་ཞེན་པ་དེ་ཡིས་སྐྱེ་བ་གཞན་ ལའོ། །ཞེས་པ་དང༌། སྙན་བརྒྱུད་ལས། སྦྱོར་དྲུག་མན་ངག་ཡོད་པ་དག །མ་བསྒོམས་ན་ཡང་ 2-1-81 སྐྱེ་བདུན་འགྲུབ། །ཅེས་པའི་དོན་ནི་བརྗོད་མི་དགོས་པར་ཤེས་པར་བྱའོ། །༈ །། འཁྲིད་ཡིག་འདི་ནི། སངས་རྒྱས་རྡོ་རྗེ་འཆང་ནས་རིགས་ལྡན་དང༌། དཔལ་དུས་འཁོར་ ཞབས་པ་ཡབ་སྲས་གསུམ་ནས། པཎ་ཆེན་ཟླ་བ་མགོན་པོ་ལ་སྙན་དུ་བརྒྱུད་པའི་སྔོན་ཆད་ ཡི་གེ་མེད་པའི་བཀའ་རྒྱ་ཅན་ལ་གཞི་བྱས། ཐོག་མར་དགེ་བའི་ཁྲིད། དཔལ་ཤྭ་བ་རི་དབང་ ཕྱུག་ནས། པཎ་ཆེན་བྷི་བྷུ་ཏ་ཙནྡྲ་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། བར་དུ་དགེ་བའི་ཁྲིད། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་ནས། ཆོས་རྗེ་ས་སྐྱ་པཎ་ཆེན་ལ་སྙན་དུ་བརྒྱུད་པ་བཞིན་བྲིས། ཐ་ མར་དགེ་བའི་ཁྲིད། རྒྱུད་འགྲེལ་མན་ངག་ནས་ཇི་ལྟར་གསུངས་པ་བཞིན་དུ་བྲིས་པ་ཡིན་ནོ། ། གཞན་ཁྲིད་ཚུལ་རྣམས་བརྒྱུད་པ་སོ་སོའི་མན་ངག་ལས་ཤེས་པར་བྱའོ། །༈ །། རྒྱུད་རྒྱལ་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི། །ཟབ་ལམ་སྙན་བརྒྱུད་ཁྲིད་ཡིག་བྲིས་པ་ ལ། །ཉེས་མཆིས་བླ་མ་ལྷ་སྲུངས་ཚོགས་ལ་བཤགས། །ལེགས་དགེས་འགྲོ་ཀུན་དཔལ་ལྡན་ དུས་འཁོར་ཤོག །མདོ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུང་པ། དཔལ་ལྡན་དུས་ཀྱི་འཁོར་ལོའི་ {གདམ་[མན་]ངག །ཟབ་ལམ་རྡོ་རྗེའི་རྣལ་འབྱོར། ཆེས་ཟབ་པ་ལས་ཀྱང་ཟབ་པར་གྱུར་ པ། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་བཅུད་ལེན་དང༌། གསེར་འགྱུར་གྱི་མན་ངག །ཟབ་ལམ་གསལ་བྱེད་སྒྲོན་མ་ཞེས་བྱ་བ་འདི་ནི། སྐུ་གསུང་ ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ཆེ་བ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ སྐྱེས་མཆོག །ཆོས་རྗེ་འཇམ་དབྱངས་ཆེན་པོ་བཞི་ཐོག་པའི་གསུང་བྱོན་པ་དང༌། གཞན་ ཡང་(མཁན་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པ་)དམ་པ་མང་པོས་ཞུས་ཤིང་ བསྐུལ་བ་དང༌། སྣོད་ལྡན་མོས་གུས་ཅན་གྱི་སློབ་བུ་(བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ དགའ་གཞོན་ནུ་ལ་སོགས་པ་)དུ་མས་ཡང་དང་ཡང་དུ་གསོལ་བ་བཏབ་པའི་སྟོབས་ཀྱིས། བླ་མ་དང་ཡི་དམ་གྱི་ལྷ་དང༌། དཀོན་མཆོག་བཀའ་སྲུངས་དང་བཅས་པའི་ཚོགས་ལ། ཨ་ 2-1-82 བ་དྷཱུ་ཏཱི་པས་མཆོད་གཏོར་ཕུལ་ཏེ། སེམས་ཅན་ཐམས་ཅད་ཀྱིས་སྒྲིབ་པ་བཞི་བཅོམ་ཞིང་ སྐུ་བཞི་རྫོགས་པར་ཐོབ་པའི་དོན་དུ། སྙན་བརྒྱུད་ཡི་གེར་བྲི་བར་གསོལ་བ་དྲག་ཏུ་བཏབ་ ནས། དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། དཔལ་མི་བསྐྱོད་རྡོ་རྗེས། བསྒྲུབ་གནས་ བཟང་པོ། དཔལ་ནགས་རྒྱལ་གྱི་དབེན་གནས་མཁའ་སྤྱོད་བདེ་ལྡན་དུ་བཀོད་{ནས[པའོ]། ཆོས་རྗེ་འཇམ་དབྱངས་ཆེན་པོའི་དྲུང་དུ་གཟིགས་སུ་ཕུལ་ཞིང༌། དྲུང་ནས་ཞུ་དག་མཛད་དེ། གཏན་ལ་ལེགས་པར་ཕབ་པའོ། །སྙན་བརྒྱུད་བཀའ་རྒྱ་ཅན་ཡི་གེར་བཀོད་པ་ཡིན་པས། སྣོད་མིན་གྱི་ལག་ཏུ་ཡི་གེ་མི་འཁྱར་བར་གསང་བ་གལ་ཆེ། [ཤིན་ཏུ་གསང་ཆེན་ལས་ཀྱང་ གསང་ཆེན་གྱི་རྒྱས་གདབ་པར་བྱའོ། །]སྐྱེས་བུ་སུས་ཀྱང་ཡི་གེ་ལ་བཅོས་བསླད་དང་སྣོན་ འབྲིད་མི་མཛད་པར་ཞུ། འདིས་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་རྒྱུ་བཅས་ལས་མྱུར་དུ་བསྒྲལ་ནས། ཐར་པ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ ཐོབ་པའི་ཐབས་མཆོག་དམ་པར་གྱུར་ཅིག །དེ་ཁོ་ན་བཞིན་ཅིས་ཀྱང་གྱུར་ཅིག །དགེའོ། །གུ་ ཧྱ། ཨྠྀི། དགེའོ།། །། [ཀུན་སྤངས་མི་བསྐྱོད་རྡོ་རྗེའི་ཟབ་ལམ་འདི། །སྤྱན་སྔ་གྲགས་པ་བྱང་ཆུབ་ཐུགས་དམ་ དུ། །གོང་དཀར་གཉེར་ཆེན་དཔོན་གྲགས་རྒྱ་མ་པས། །སྦྱིན་བདག་བགྱིས་ཏེ་རིན་ཆེན་ བཟང་པོས་བཞེངས། །ཞུ་དག་པ་ཡང་དེ་ཉིད་ཁོ་ནའོ། ། ༈ འདིའི་སྔོན་འགྲོ། ཐོག་མཐའ་བར་དགེའི་ཁྲིད་ངོ་སྤྲོད་དང་བཅས་པ་ཐོབ་པའི་བརྒྱུད་ པ་ནི། སངས་རྒྱས། ༡ ཟླ་བཟང༌། ༢ ལྷ་དབང༌། ༣ གཟི་བརྗིད། ༤ ཟླ་བས་བྱིན། ༥ ལྷའི་དབང་ ཕྱུག༦ སྣ་ཚོགས་གཟུགས་ཅན། ༧ ལྷའི་དབང་ལྡན། ༨ འཇམ་དབྱངས་གྲགས་པ། ༩ པད་ དཀར། ༡༠ བཟང་པོ། ༡༡ རྣམ་རྒྱལ༡༢པཎ་ཆེན་ལུགས་ལ་འདི་ནས་རྒྱ་གར་། བཤེས་གཉེན་ 2-1-83 བཟང་པོ། ༡༣ ཕྱག་དམར། ༡༤ ཁྱབ་འཇུག་སྦས་པ། ༡༥ ཉི་མ་ཤིང་ཕོ་སྤྲེའུ་ཉི་སྒྲོལ་བྱེད་ལ་ཉི་ མ་གྲགས་རྒྱལ་སར་ཕེབས་གྲགསམེ་མཁའ་རྒྱ་མཚོ། ༡༦ ཤིན་ཏུ་བཟང་པོ། ༡༧ རྒྱ་མཚོ་རྣམ་ རྒྱལ། ༡༨ རྒྱལ་དཀའ། ༡༩ ཉི་ཉི་མ་གཉིས་པོའི་བར་ལ་དྲུག་ཅུ་སྐོར་དྲུག་དང་ལོ་བཞི་བཅུ་སོང༌། ཉི་མ་ནས་ལོ་གསུམ་སོང་བ་ན། དྲུག་ཅུ་སྐོར་གཅིག ཟད་པ་རྫོགས་པ་ན་མེ་མཁའ་རྒྱ་མཚོའི་ རྩིས་གཞི་རྫོགས་པར་ཞལ་སྔ་ནས་བཞེད། ཡིད་བཟང་པ་དང་མི་མཐུན། མིག་དམར་ཤིང་ཕོ་ བྱི་བ་ལ་ཉི་མ་རྒྱལ་སར་ཕེབས་མ། ༢༠ སྣ་ཚོགས་གཟུགས། ༢༡ ཟླ་བའི་འོད། ༢༢ མཐའ་ཡས། ༢༣ ས་སྐྱོང༌། ༢༤ དཔལ་སྐྱོང༌། ༢༥ པོ་ཏ་ལའི་གར་དབང་ལ། དཔལ་སྐྱོང་ཡན་མ་གཏོགས་རིགས་ ལྡན་ལ་ཐོད་གྱོན་པ་བཅུ་གཅིག་འདུག དུས་ཞབས་པ་ཆེ་བ། ༢༦ ཆུང་བ། ༢༧ ཁ་ཆེ་ཟླ་བ་ མགོན་པོ། ༢༨ སྒོམ་པ་དཀོན་མཆོག་བསྲུང༌། ༢༩ སྒྲོ་སྟོན་གནམ་ལ་བརྩེགས། ༣༠ ཡུ་གསལ་ སྒྲོན་བཞི་མོ། ༣༡ སྲས་དྷརྨེ་ཤྭར། ༣༢ ནམ་མཁའ་འོད་ཟེར། ༣༣ ནམ་མཁའ་རྒྱལ་མཚན། ༣༤ འཇམ་གསར་ཤེར་འོད། ༣༥ ཆོས་སྐུ་འོད་ཟེར། ༣༦ ཀུན་སྤངས་ཁྲིད་ཡིག་པ། ༣༧ ཨཀྵོ་བྷྱ་བཛྲ། རྒྱལ་བ་ཡེ་ཤེས། ༣༨ ཡོན་ཏན་རྒྱ་མཚོ། ༣༩ ཀུན་མཁྱེན་དོལ་བུ་བ། ༤༠ ཆོས་རྗེ་བྱང་རྒྱལ་བ། ༤༡ གནམ་གང་རིན་པོ་ཆེ། ༤༢ དེས་བདག་ལའོ། །༤༣] མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༣༠༤། དཔེ་རྙིང༌། ཕྱི་ཀ། ༣༠༩ ཕྱི་མ། ༡༤༨ གཉིས་ཡིན། གོར་རྟགས་འདི་ཕྱི་ཀ། ༣༠༩ཁོ་ན་ལ་ཡོད། { } གོར་རྟགས་འདི་འབྲས་སྤུངས་དཔེ་རྙིང་ཕྱི་མ། ༡༤༨ ཁོ་ན་ལ་ཡོད། [ ] གོར་རྟགས་འདི་ཕན་ཚུན་ཚིག་མི་འདྲ་བས་སྔོན་མ་ཕྱི་ཀ། ༣༠༩ ཕྱི་མ། ༡༤༨ ཡིན་པས་འདེམས་དགོས། { [] 2-1-84 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒོ་ནས་སྦྱོར་བ་ཡན་ལག་ དྲུག་གི་ས་ལམ་བགྲོད་ཚུལ་ བཞུགས། ༄༅། །ན་མོ་རཏྣ་ཤྲཱི་ཀཱ་ལ་ཙཀྲ་ཡ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། ས་བཅུ་དང་ ལམ་ལྔའི་སངས་རྒྱས་ཀྱིས་ཡོན་ཏན་རྫོགས་པར་བཞེད་པ་དེ་ཉིད། དཔལ་དུས་ཀྱི་འཁོར་ ལོའི་དགོངས་པས་སྦྱོར་བ་ཡན་ལག་དྲུག་གི་ས་ལམ་དེ་ཐམས་ཅད་ལུས་འདི་ཉིད་ལས་ བགྲོད་པར་གསུངས་པས། དེ་ལུས་ལ་སྦྱར་ན་སྤྱིར་ལུས་འདི་ལ་རྩའི་གཙོ་བོ་གསུམ་དང༌། འཁོར་ལོ་དྲུག་རྟེན་ཏུ་གྱུར་པ་ལས། བརྟེན་པའི་རླུང་བཅུ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་ བརྒྱ་རྒྱུ་བས་ལུས་ཅན་རྣམས་ལ་འཆི་བའི་འཇིག་པ་སྟེར་བའོ། །རྣལ་འབྱོར་པ་རྣམས་ལ་ཚེ་ རིང་བ་དང༌། ནད་མེད་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟེར་བ་ཡིན་ ཏེ། དེ་ཡང་སྦྱོར་བ་ཡན་ལག་དྲུག་གི་ས་བཅུ་དང་ལམ་ལྔ་བགྲོད་པའི་ཚུལ་ནི། བསྙེན་པའི་ ཡན་ལག་སོ་སོར་[ཡོད་[སྤོང་]པ་དང༌། བསམ་གཏན་གྱི་ཡན་ལག་གིས་ཚོགས་ལམ་(ཆུང་ངུ་ འབྲིང་པོ་ཆེན་པོ་དང་)གསུམ་བགྲོད་དེ། རླུང་བཅུ་དབུ་མའི་མས་སྣར་འཚོགས་ཤིང་འདུས་པ་ལས། ལམ་རྟགས་བཅུའི་ལམ་འཆར་བས་ན། ཚོགས་ལམ་ཆེན་པོ་སྟེ་གསུམ་མོ། ། དེ་ནས་ཉེར་བསྒྲུབ་ཀྱི་སྲོག་རྩོལ་དང་འཛིན་པས་སྦྱོར་ལམ་(ལ་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་ དང་)བཞི་བགྲོད་དེ། སྲོག་རླུང་གཡས་གཉིས་དབུ་མའི་མས་སྣར་བཅིངས་པས་གཏུམ་མོའི་ 2-1-85 དུས་ཀྱི་མེས་དྲོས་ཏེ། དུག་གསུམ་བསྲེགས་པའི་དྲོད་འབྱུང་བས་ན་དྲོད་དེ། དེའི་འོད་ཟེར་གྱི་ རྩེ་མོ་གྱེན་དུ་ལོག་པའི་ཧཾ་གི་ཐིག་ལེ་ཞུ་བ། གསང་བའི་ནོར་བུ་ནས་ཕྱིར་མི་འཕོ་བར་བྱང་སེམས་གྱེན་དུ་ལོག་པས་ན་རྩེ་མོའོ། །དེ་ལས་ ཡས་བབ་མས་བརྟན་གྱི་དགའ་བ་བཞིའི་བདེ་བ་ལ་བཟོད་པས་ན་བཟོད་པའོ། ། དེ་ནས་བསྒྲུབ་པའི་རྗེས་དྲན་ཡར་ངོ་ཆགས་པ་དཀར་པོའི་ཆ་བཅོ་ལྔ་པ་རྫོགས་ཤིང༌། མར་ངོ་ཆགས་བྲལ་ནག་པོའི་ཆ་རྡོ་རྗེ་ནོར་བུ་ལས་ཕྱིར་མ་འཕོས་པའི་སྐད་ཅིག་མ་གཅིག་ལ་ མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ། ལྷན་ཅིག་སྐྱེས་པའི་དགའ་བ་མངོན་དུ་བྱས་པ་ ནི། སྦྱོར་ལམ་ཆོས་མཆོག་ཆེན་པོ་སྟེ། འཇིག་རྟེན་པའི་བདེ་བའི་ཆོས་ལས་བཞི་སྟོང་གི་ཆར་ ཡང་མི་ཚད་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉམས་སུ་མྱོང་བའོ། །སྦྱོར་ལམ་ནི་དམིགས་ པ་དང་བཅས་པའི་སྟོང་ཉིད་ལ་དམིགས་པ་མེད་པས་མི་འགྱུར་བའི་བདེ་བ་རོ་མཉམ་པར་ སྦྱོར་བས་ན་སྦྱོར་ལམ་མོ། ། དེ་ནས་བསྒྲུབ་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་གསང་གནས་ནས་རྡོ་རྗེ་ནོར་བུ་ལས། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྟེང་ནས་འཕོ་བ་གཅིག་གིས་རླུང་སྟོང་བརྒྱད་བརྒྱ་བཀག་ པས། མ་རིག་པ་འགགས་ནས། རྡོ་རྗེ་ནོར་བུར་བྱང་སེམས་ཀྱིས་གང་ཞིང་བརྟན་པ་ལས། ཕྱི་ ཆོས་ཉིད་ཀྱི་དོན། ནང་འགྱུར་མེད་བདེ་སྟོང་གི་དོན་མངོན་སུམ་དུ་མཐོང་བས་ན་མཐོང་ལམ་ མོ། །དེ་ལ་ཡེ་ཤེས་དང་འབྲས་བུའི་ཤ་ཡི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཅིག་མཐོང་བར་འགྱུར་རོ། ། ཡང་འཕོ་བ་གཉིས་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། འདུ་བྱེད་འགགས་ནས། གསང་ བའི་འཁོར་ལོར་བྱང་སེམས་བརྟན་པའི། སྒོམ་ལམ་(དུ་སློབ་པའི་ཟུང་འཇུག་གི་)ཆུང་ངུའི་ཆུང་ངུ་ བགྲོད་ནས། ས་གཉིས་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཉིས་མཐོང་བར་ 2-1-86 འགྱུར། འཕོ་བ་གསུམ་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། རྣམ་པར་ཤེས་པ་འགགས་ནས། ལྟེ་བའི་ཕྱེད་མན་ཆད་བྱང་སེམས་བརྟན་པས། སྒོམ་ལམ་ཆུང་ངུའི་འབྲིང་པོ་བགྲོད་ནས། ས་ གསུམ་པ་ཐོབ་སྟེ། ལྷའི་སྤྱན་རྣམ་པར་དག་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཞི་ མཐོང་བར་འགྱུར་རོ། ། འཕོ་བ་བཞི་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། མིང་དང་གཟུགས་འགགས་ནས། ལྟེ་བའི་འཁོར་ལོའི་བྱང་སེམས་བརྟན་པས། སྒོམ་ལམ་ཆུང་ངུའི་ཆེན་པོ་བགྲོད་ནས། ས་བཞི་ པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱད་མཐོང་བར་འགྱུར་རོ། ། འཕོ་བ་ལྔ་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། སྐྱེ་མཆེད་དྲུག་འགགས་ནས། སྙིང་ ཁའི་འཁོར་ལོའི་ཕྱེད་མན་ཆད་བྱང་སེམས་བརྟན་པས། སྒོམ་ལམ་འབྲིང་གི་ཆུང་ངུ་བགྲོད་ ནས། ས་ལྔ་པ་ཐོབ་སྟེ། སངས་རྒྱས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་མཐོང་བར་འགྱུར་རོ། ། འཕོ་བ་དྲུག་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། རེག་པ་འགགས་ཏེ། སྙིང་ཁ་མན་ ཆད་དུ་འཕོ་བའི་སྲོག་རླུང་[ཁྲི་[སྟོང་?]བརྒྱད་བརྒྱ་བཀག་པས། རེག་པ་འགགས་ནས། སྙིང་ཁའི་འཁོར་ལོར་བྱང་སེམས་བརྟན་པས། སྒོམ་ལམ་འབྲིང་གི་འབྲིང་བོ་བགྲོད་ནས། རྣམ་པ་ལྔས་མངོན་པར་བྱང་ཆུབ་པ། ས་དྲུག་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ སུམ་ཅུ་རྩ་གཉིས་མཐོང་བར་འགྱུར་རོ། ། འཕོ་བ་བདུན་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། ཚོར་བ་འགགས་ནས། མགྲིན་པའི་འཁོར་ ལོའི་ཕྱེད་མན་ཆད་བྱང་སེམས་བརྟན་པས། སྒོམ་ལམ་འབྲིང་གི་ཆེན་པོ་བགྲོད་ནས། ས་ བདུན་པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་རྩ་བཞིའི་མཐར་ཐུག་པ་མཐོང་ 2-1-87 བར་འགྱུར་རོ། ། འཕོ་བ་བརྒྱད་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། སྲེད་པ་འགགས་ནས། མགྲིན་པའི་འཁོར་ལོའི་བྱང་སེམས་བརྟན་པས། སྒོམ་ལམ་ཆེན་པོའི་ཆུང་ངུ་བགྲོད་ནས། རྣམ་ པ་ཉི་ཤུས་མངོན་པར་བྱང་ཆུབ་པ། ས་བརྒྱད་པ་ཐོབ་སྟེ། ཕྱིར་མི་ལྡོག་པ་ཐོབ་པའི་མངོན་ པར་ཤེས་པ་ནི། ཤེས་རབ་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ་ནས། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་མཐོང་བར་འགྱུར་རོ། ། འཕོ་བ་དགུ་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། ལེན་པ་འགགས་ནས། དཔྲལ་བའི་ ཕྱེད་མན་ཆད་བྱང་སེམས་བརྟན་པས། སྒོམ་ལམ་ཆེན་པོའི་འབྲིང་པོ་བགྲོད་ནས། ས་དགུ་ པ་ཐོབ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ལྔ་བཅུ་རྩ་དྲུག་གི་མཐར་ཐུག་པ་ མཐོང་བར་འགྱུར་རོ། ། འཕོ་བ་བཅུ་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། སྲེད་པ་འགགས་ནས། དཔྲལ་བའི་ འཁོར་ལོར་བྱང་སེམས་བརྟན་པས། སྒོམ་ལམ་ཆེན་པོའི་ཆེན་པོ་བགྲོད་ནས། སྒྱུ་འཕྲུལ་དྲྭ་ བས་མངོན་པར་བྱང་ཆུབ་པ། ས་བཅུ་པ་ཐོབ་སྟེ། བྱང་ཆུབ་སེམས་དཔའ་འཇམ་དབྱངས་དང་ མཚུངས་སོ། །མངོན་ཤེས་ནི། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་མི་ལས་འདས་པ་ཐོབ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་བཅུ་གཉིས་ཀྱི་མཐའ་ཚུན་ཆད་མཐོང་ངོ༌། ། འཕོ་བ་བཅུ་གཅིག་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། སྐྱེ་བ་འགགས་ནས། གཙུག་ ཏོར་གྱི་ཕྱེད་མན་ཆད་བྱང་སེམས་བརྟན་པས། བསླབ་པ་མཐར་ཕྱིན་པའི་ལམ་བགྲོད་དེ། ས་ བཅུ་གཅིག་པ་སངས་རྒྱས་ཀྱི་ས་ཐོབ་སྟེ། སྒྲིབ་པ་གསུམ་(ནི་ཉོན་སྒྲིབ་ཤེས་སྒྲིབ་སྙོམས་འཇུག་གི་ སྒྲིབ་པ་)སྤངས་པ་ཞེས་པའི་དོན། མངོན་ཤེས་ནི། ཡེ་ཤེས་ཀྱི་སྤྱན་ལྔ་ཐོབ་པས། ཕྱོགས་བཅུའི་ འཇིག་རྟེན་ཁམས་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིའི་མཐར་ཐུག་པ་མཐོང་བར་འགྱུར་རོ། ། 2-1-88 འཕོ་བ་བཅུ་གཉིས་པའི་རླུང་སྟོང་བརྒྱད་བརྒྱ་བཀག་པས། རྒ་ཤི་འགགས་ནས། གཙུག་ ཏོར་གྱི་འཁོར་ལོར་བྱང་སེམས་བརྟན་པས། ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་ ཐམས་ཅད་གཙུག་ཏོར་གྱི་འཁོར་ལོར་བཀག་པས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། ། དག་པ་རྣམ་པ་བཅུ་གཉིས་འཆང༌། །ཞེས་གསུངས་སོ། །ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་ ས་ཚེ་འདི་ཉིད་ལ་ཐོབ་པའི། ཡེ་ཤེས་ཀྱི་སྤྱན་ལྔས་སྟོང་སྤྱི་ཕུད་དང༌། སྟོང་གཉིས་པ་བར་ མ་དང༌། སྟོང་གསུམ་གྱི་འཇིག་རྟེན་ཁམས་དང༌། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་དང༌། ཕྱོགས་བཅུའི་འཇིག་རྟེན་ཁམས་གངྒཱའི་ཀློང་གི་བྱེ་མ་སྙེད་ཀྱི་གྲངས་དཔག་ཏུ་ མེད་པ་བརྗོད་ཀྱིས་མི་ལང་བ་མཐོང་བར་འགྱུར་རོ། །དེ་ནས་འདོམས་ཀྱི་སྦ་བ་སྦུབས་སུ་ ནུབ་སྟེ། རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ་ནི། རྡུལ་དབུ་མའི་མས་སྣར་སྒྲིབ་པ་མེད་པར་མནན་ ནོ། །དབུའི་གཙུག་ཏོར་ལྟར་མི་སྣང་བར། བདེ་བ་ཐམས་ཅད་དེར་བཟུང་ནས། །རྡོ་རྗེ་ཟླ་བ་ དེ་ཉིད་འོད། །ཅེས་པ་ནི། བྱང་སེམས་དབུ་མའི་ཡར་རྩེར་སྒྲིབ་པ་མེད་པར་བཅིངས་ཏེ། དབུ་ ལ་ཟླ་བས་བརྒྱན་པའོ། ། དེ་ལྟར་སེམས་རྣམ་པར་རྟོག་པ་དང་བཅས་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་ སྟོང་པ་ཉིད་ཀྱི་གཟུགས་བརྙན་གྱིས་ཟོས་པས་དེའི་ངོ་བོར་གྱུར་པའོ། །ཕུང་ཁམས་སྐྱེ་མཆེད་ སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་བཅས་པའི་རྣམ་པ་མི་འགྱུར་བའི་བདེ་བས་ཟོས་པ་ཐམས་ ཅད་འགྱུར་མེད་བདེ་སྟོང་གི་རོ་གཅིག་ཏུ་འགྱུར་ཏེ། སྤང་བྱ་མ་ལུས་པ་ཐམས་ཅད་སྤངས་ ཤིང༌། འཐོབ་བྱ་མ་ལུས་པ་ཐམས་ཅད་ཐོབ་པས་ལུས་འདི་ཉིད་ལ་སངས་རྒྱས་(ཀྱི་སར་མི་སློབ་ པའི་ཟུང་འཇུག་གི་ལྷ་སྐུར་གྱུར་)པའི་ཚད་དོ། །འབྲིང་འཆི་ཁའམ་བར་དོ། ཐ་མ་སྐྱེ་བ་གཅིག་གམ་ བདུན་གྱིས་སངས་རྒྱས་ཐོབ་པའོ། །སྦྱོར་བ་ཡན་ལག་དྲུག་གི་ས་ལམ་བགྲོད་ཚུལ། ཆོས་རྗེ་ 2-1-89 ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་མཛད་པའོ།། །།མངྒ་ལཾ། ། (མ་དཔེ་ནི་དཔལ་རྩེའི་དཔེ་མཛོད་ཀྱི་ཡི་གེ་ཞིག་ལགས། ) ཐུབ་ཁམ་གཉིས་ནས་གཅིག་ཞུས་ཟིན། ༈ མཚན་མོའི་དུས་སུ་དམིགས་པ་བརྟད་རེས་ཀྱི་རླུང་ཨ་བ་དྷཱུ་ཏཱིར་འགགས་པའི་རྟགས་ ཀྱང་འཆར་ཞིང༌། གཏུམ་མོའི་འབར་སྣང་གིས་འཁོར་ལོ་རྣམས་འཁོར་གདང༌། རྩ་གནས་ཐམས་ ཅད་གཡོ་ཞིང་མི་ཤིགས་པའི་འོད་ཟེར་ཀུན་ཏུ་ནུབ་པའི་བདེ་ཉམས་དང་བཅས་པ། སྟོང་པའི་ སྒྲ་སྣ་ཚོགས་པའི་འཆར་ཚུལ་ལ། ཐོག་མ་རོལ་མོའམ་གླུ་དབྱངས་ལ་སོགས་པར་སྣང་བ་དེ། འཇུག་ཏུ་ཚིག་དོན་ཅན་གྱི་སྒྲ་སྣ་ཚོགས་སུ་འགྱུར་བ་ཞག་རེ་བཞིན་དྲག་པར་འོང་བ་ཟླ་ཤེས་ བྱུང༌། ཇི་ཞིག་ལྟར་ནས་སྣང་བ་དེ་ཡང་གཞན་དུ་གྱུར། དེ་ཡང་རང་བཞིན་འཕོ་འགྱུར་མེད་པ་ ལ། སྣང་བ་འཕོ་འགྱུར་ལྟར་འཆར་བ་འདི། ས་སྟེང་ནས་ཟླ་བ་འཕེལ་འགྲིབ་ལ་ལྟས་པ་དང་ འདྲའོ། །རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་ཐར་མ་བཅོས་ལྷུག་པའི་རྟོགས་བརྗོད་ལས་སོ།། །། (མ་དཔེ་མ་རྙེད། ) 2-1-90 ༄༅། །སྦྱོར་དྲུག་གི་ངོ་སྤྲོད་ཀྱི་ས་གཅོད་མདོ་ཏིང་ངེ་འཛིན་དང་ བཅས་པ་བཞུགས་སོ། ། ༄༅། །ན་མོ་ཤྲཱི་ཀཱ་ལ་ཙཀྲ་ཡེ། སོ་སོར་སྤོང་བའི་མཚན་དོན། ཡན་ལག དབྱེ་བ། འབྲས་བུའོ། །གཉིས་པ་ལ་གཉིས། སོ་སོར་སྤོང་བའི་ཐབས་ཉིན་མཚན་གྱི་རྣལ་འབྱོར་བསྒོམ་ པ་དང༌། སོ་སོར་སྤོང་བའི་བསྒོམ་ཏིང་ངེ་འཛིན་ངོ་སྤྲད་པའོ། ། དེ་ལ་བཞི་ལས། ལམ་ཏིང་ངེ་འཛིན་གྱི་རྒྱུ་ཚོགས་ངོ་སྤྲད་པ་ནི་དབེན་གསུམ་བརྟེན་པ་ དེའོ། །ལམ་ཏིང་ངེ་འཛིན་སྐྱེ་བའི་ཚུལ་ངོ་སྤྲད་པ་ནི། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པ། ། བསམ་ཏན་ལམ་གྱི་སྐྱེ་ཚུལ་ཡིན། །ཞེས་པ་ལ་སོགས་པས་ངོ་སྤྲད་དོ། །ལམ་ཏིང་ངེ་འཛིན་ རང་གི་ངོ་བོ་ངོ་སྤྲོད་པ་ལ་གཉིས། མདོ་དང་བསྟན་ཆོས་ཀྱི་དང༌། རྒྱུད་དང་མན་ངག་གི་ཏིང་ ངེ་འཛིན་ངོ་སྤྲད་པའོ། ། དང་པོ་ལ་གཉིས་ལས། མདོ་སྡེ་ལས་གསུངས་པའི་ཏིང་ངེ་འཛིན་ངོ་སྤྲད་པ་ལའང་བདུན་ ལས། རྒྱུའི་ཏིང་ངེ་འཛིན་ངོ་སྤྲད་པ་ནི། དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེམས་མེད་ པ་ཞེས་འདྲེ། བྱ་བ་མེད་པ་ཞེས་པ་ལ་སོགས་པས་ངོ་སྤྲད། རང་གི་ངོ་བོ་ཞི་གནས་ཀྱི་ཏིང་ངེ་འཛིན་ངོ་སྤྲད་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་ བྱ་བའི་ཏིང་ངེ་འཛིན་དང༌། མི་གཡོ་བ། གཡོ་བ་མེད་པ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་ དམིགས་པ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཐ་དད་མེད་པ། ཆོས་ཐམས་ཅད་ཀྱི་དངོས་པོ་ མི་བསྒྲུབ་པ། ཆོས་ཐམས་ཅད་མི་དམིགས་པ། སེམས་གནས་པ་ཞེས། སེམས་རབ་ཏུ་གནས་ པ། སེམས་མེད་པར་རྣམ་པར་གནས་པ། དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ། རྡོ་ 2-1-91 རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལྟར་དུ་གནས་པ་གཅིག་ཏུ་རྣམ་པར་བཀོད་པ། རྣམ་ པ་གཅིག་ཏུ་གྱུར་པ། ཚོལ་བ་མེད་པ། གནས་ལ་བརྟེན་པ་མེད་པ། མངོན་པར་དམིགས་པ་ མེད་པ། གནས་མེད་པར་སྤྱོད་པ། གནས་སུ་བྱ་བ་མེད་པ། རྣམ་པར་དོར་བ་མེད་པ། ཡི་གེ་ དང་བྲལ་བ། འགྱུར་བ་མེད་པ། རྣམ་པར་འབྱེད་པ་མེད་པ། གཡུལ་ལས་བརྒལ་བ། བདེ་ བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ། ཏིང་ངེ་འཛིན་མཉམ་པ་ཉིད། ཁྱེངས་པ་མེད་པ། མཚན་མ་དང་བྲལ་བ་ཞེས་པ་ལ་སོགས་པའི་སྒོ་ནས་སྤྲད། ཞི་གནས་དེ་མཚོན་པར་བྱེད་པ་དཔེའི་ཏིང་ངེ་འཛིན་ནི་ངོ་སྤྲད་པ་ནི། རིན་ཆེན་ཕྱག་རྒྱ་ ཞེས་བྱ་བའི་ཏིང་ངེ་འཛིན་དང༌། སེང་གེ་རྣམ་པར་རྩེ་བ། སེང་གེ་རྣམ་པར་བསྒྱིངས་པ། གློག་ ལྟ་བུ། རྡོ་རྗེ་ལྟ་བུ། རི་རབ་འདྲ་བ། ནམ་མཁའ་དང་མཚུངས་པ་ཞེས་པ་ལ་སོགས་པའི་སྒོ་ ནས་ངོ་སྤྲད། ཞི་གནས་ཀྱ་ངང་ནས་ལྟ་བ་ལྟ་སྟངས་ཀྱི་ཏིང་ངེ་འཛིན་ངོ་སྤྲད་པ་ནི། སྤྱི་གཙུག་རྣམ་པར་ལྟ་ བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། ཕྱོགས་རྣམ་པར་ལྟ་བ། ཆོས་ཐམས་ཅད་ལ་ལྟ་བ། ཆོས་ ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ལྟ་བ། རང་བཞིན་ལྟ་བ། བྱེ་བྲག་མེད་པར་ལྟ་བ་ཞེས་བྱ་བ་ལ་ སོགས་པའི་སྒོ་ནས་ངོ་སྤྲད། ཞི་གནས་ཀྱི་ངང་ནས་བལྟས་པས་མཐོང་པ་ལྷག་མཐོང་གི་ཏིང་ངེ་འཛིན་ངོ་སྤྲད་པ་ནི། རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ ངེ་འཛིན་དང༌། འོད་ཟེར་བསྒྲུབ་པ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན། དྲི་མ་མེད་པའི་སྒྲོན་ མེ། སྒྲོན་མ་འབར་བ། ནམ་མཁའ་རྒྱས་པར་འགྱེངས་པ། འོད་མཐའ་ཡས་པ། འོད་བྱེད་པ། སྒོ་ཀུན་ཏུ་སྣང་བ། འོད་དྲི་མ་མེད་པ། སྣང་བ་བྱེད་པ། ཀུན་ཏུ་སྣང་བ། རྣམ་པ་ཐམས་ཅད་ དུ་འོད་བྱེད་པ། ཟླ་བ་བཟང་པོ། ཟླ་བའི་རྒྱལ་མཚན་དཔལ། ཟླ་བ་དྲི་མ་མེད་པར་རྒྱས་པའི་ 2-1-92 འོད། ཉི་མ་སྒྲོན་མ། སྣང་བ་གསལ་བ། ཤེས་རབ་སྒྲོན་མ། རྡོ་རྗེའི་དཀྱིལ་འཁོར་རིན་ཆེན་ མཐའ། གཟི་བརྗིད་འོད་པ། གཟི་བརྗིད་དཔལ་གྱིས་འབར་བ། ཡེ་ཤེས་དཔལ། གློག་གི་ སྒྲོན་མ། གློག་གི་འོད། རྣམ་པར་མངོན་པར་བསྒྲུབ་པ། རྒྱན་ཆེན་པོ་མེ་ཏོག་བཀྲམ་པ། པད་ མ་བཀོད་པ། མེ་ལོང་གི་དཀྱིལ་འཁོར་སྣང་བ་བསྒྲུབ་པ། རྡུལ་མེད་པ། རྡུལ་དང་བྲལ་བ། དེ་ བཞིན་གཤེགས་པ་མཐོང་བ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཡི་གེ་མཉམ་པར་ བགོད་པ། མིང་ངེས་པར་འཇུག་པ། བརྡ་དང་སྒྲ་ལ་འཇུག་པ། སྒྲ་དབྱངས་ཀྱི་ཡི་གེ་དང་ བྲལ་བ། མིང་དང་ངེས་པའི་སྒྲ་དང་ཚིག་དང་འབྲུ་ཞེས་བྱ་བ་ལ་སོགས་པའི་སྒོ་ནས་ངོ་སྤྲད། ཞི་ལྷག་ཟུང་དུ་ཆུད་པའི་བྱེད་ལས་ཀྱི་ཏིང་ངེ་འཛིན་ངོ་སྤྲོད་པ་ནི། དཔའ་བར་འགྲོ་བ་ཞེས་བྱ་ བའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་ཀྱི་ཕྱག་རྒྱ། ཆོས་དམ་པའི་ཕྱག་རྒྱ། ཆོས་ཐམས་ ཅད་ལ་འཇུག་པའི་ཕྱག་རྒྱ། ཡོངས་སུ་འཛིན་པ། ཆོས་ཀྱི་དབྱིངས་སུ་ངེས་པ། ངེས་པའི་རྒྱལ་ མཚན་དཔལ། ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ། ཚིག་བླ་དྭགས་ལ་ཡང་དག་ པར་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་སྒྲ་བསྒྲུབ་པ། སྒྲ་ལ་མཁས་པའི་རྗེས་སུ་སོང་པ། སྒྲ་དང་ཚིག་དང་འབྲུ་སྣ་ཚོགས་སྒྲུབ་པ། དགའ་བ་བྱེད་པ། དགའ་བ་སྤོང་བ། བྱ་བ་བྱེད་པ། རྣམ་པར་འཐོར་པ། དམིགས་པ་གཅོད་པ། རབ་རིབ་མེད་པ། གནས་དམིགས་སུ་མེད་པ་ ལ་བརྩོན་པ། ཡུལ་ལས་བརྒལ་བ། ཡོངས་སུ་གཅོད་པ། ནེམ་ནུར་རྣམ་པར་སེལ་པ། ནེམ་ བུར་གཅོད་པ། མི་ཤེས་པ་སེལ་པར། ལྟ་བར་གྱུར་པའི་ཐིམས་པོ་ཐམས་ཅད་སྤོང་བ། མཆོད་ སྦྱིན་ཐམས་ཅད་ཡོངས་སུ་སྦྱོང་བ། ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་ བ། འགལ་བ་དང༌། འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ། མཐུན་པ་དང་འགལ་ བ་མེད་པ། ཆོས་ཀྱི་དབྱིངས་ལས་ངེས་པར་འབྱུང་བ། དབུགས་འབྱིན་པ་སྦྱིན་པ། བདུད་ཀྱི་ དཀྱིལ་འཁོར་རྣམ་པར་འཇོམས་པ། འཇིག་རྟེན་གསུམ་ལས་མངོན་པར་འཕགས་པ་ཞེས་བྱ་ 2-1-93 བ་ལ་སོགས་པའི་སྒོ་ནས་ངོ་སྤྲད། ཞི་ལྷག་ཟུང་དུ་ཆུད་པའི་ཕན་ཡོན་གྱི་ཏིང་ངེ་འཛིན་ངོ་སྤྲད་པ་ནི། ཆོས་ཐམས་ཅད་ལས་ ཤིན་ཏུ་འཕགས་པ། ཡང་དག་པར་འཕགས་པ། ཆོས་ཀྱི་འཕགས་པ། ཆོས་ཐམས་ཅད་ལས་ མངོན་པར་འཕགས་པ། ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ། དཔུང་ རྣམ་པར་བཀོད་པ། དབང་པོ་དཔལ། རྒྱུན་གྱི་རྗེས་སུ་སོང་བ། སྒྲོལ་ཞི། ཉོན་མོངས་པ་སྤོང་ བ། ཀུན་ནས་ཉོན་མོངས་པ་མེད་པ། བག་ཆགས་ཐམས་ཅད་ལས་དབྱེན་པ། དག་པ་དམ་པ། ཟད་མི་ཤེས་པ། ཟད་པ་དང་བྲལ་བ། ཟད་མི་ཤེས་པའི་ཟ་མ་ཏོག་འཇིག་པ་མེད་པ། ཉམས་ པ་མེད་པ། ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ། སེང་གེ་མངོན་པར་སྒྲོགས་པ། སྤྱོད་པ་ དང་ལྡན་པ། ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ། དགེ་བའི་ལོ་ཐོག་རྒྱས་ཤིང་གསལ་ བ། བྱང་ཆུབ་ཀྱི་ཡན་ལག་ཡོད་པ། སྤོབས་པ་མཐའ་ཡས་པ། མི་མཉམ་པ་དང་མཉམ་པ། རྟོགས་པས་སྲིད་པའི་བཞི་ཐམས་ཅད་ཁོང་དུ་ཆུད་པ། གཟུངས་ཀྱི་བློ་གྲོས། སྙིང་པོ་དང་ལྡན་ པ། སྙིང་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ། མི་ཤེས་པ་དང་བྲལ་བ། མུན་པ་དང་བྲལ་བ། ལེ་ལོ་དང་བྲལ་བ། མི་འཕྲོགས་པ་དང་བྲལ་བ། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ། སྒྲིབ་པ་མེད་པའི་མཐའ། རྒྱལ་བ་ཐོབ་པ། ཕྱིར་མི་ལྡོག་པའི་མིག །མངོན་པར་ཤེས་པ་དང་ སྟོབས་དང༌། མི་འཇིགས་པ་ཐོབ་པ། ཆོས་ཐམས་ཅད་ལས་འདའ་བ། ཆོས་ཐམས་ཅད་ལ་ ངེས་པར་འབིགས་པ། ཆོས་ཐམས་ཅད་ཀྱི་སྦྱོར་བ་རྒྱ་མཚོ། ཉོན་མོངས་པ་མེད་པར་ཡང་དག་ པར་གཞོལ་བ། ཉོན་མོངས་པ་དང༌། བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་ པར་གཞོལ་བ། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བ། ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་ མཁའ་ལྟ་བུར་གྱུར་པ། སེམས་ནམ་མཁའ་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་ པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །རབ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ 2-1-94 ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐེག་པ་ཆེན་པོའོ། །ཞེས་པ་ནི་ཏིང་ངེ་འཛིན་བརྒྱ་ ཉི་ཤུའི་མདོར་བསྟན་ལ་རྒྱས་བཤད་མཆན་དུ་བཏབ་ཅིང༌། རྟག་ཏུ་ངུས་དེ་བཞིན་གཤེགས་ པ་གཟིགས་དུས་ཀྱི་ཏིང་ངེ་འཛིན་གྱིས་བརྒྱན་པའོ། །གཞན་ཡང༌། ཏིང་ངེ་འཛིན་བརྒྱ་ཉི་ ཤུའི་ལུང་བསྟན་བཞིན་ངོ་སྤྲོད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཆོས་ཐམས་ ཅད་དངོས་པོ་མེད་ཅིང་ངོ་བོ་ཉིད་ཀྱི་ཕྱིར། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། དེ་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་ མེད་པ་ཞེས་བྱ་བ་སྟེ། རྒྱ་ཆེ་བ་མཆོག་ཏུ་བྱ་བ། ཚད་མེད་པར་ངསེ་པ། ཉན་ཐསོ་དང་ རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕགྲོས་པ་སྟེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཏིང་ ངེ་འཛིན་འདི་འབའ་ཞིག་གིས། རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པས་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱའམ། འོན་ཏེ་དེ་ལྟ་བུའི་ཏིང་ངེ་འཛིན་གཞན་དག་ཀྱང་ཡོད། རབ་འབྱོར་གྱིས་སྨྲས་ པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། ཏིང་ངེ་འཛིན་གཞན་དག་ལ་རྣམ་པར་སྤྱོད་པ་ལས་ཀྱང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བར་ འགྱུར་བ་ཡོད། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཏིང་ངེ་འཛིན་གཞན་དག་གང་གིས་ རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན། རབ་འབྱོར་གྱིས་ སྨྲས་པ། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་ 2-1-95 པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ལ་སོགས་པས་ངོ་ སྤྲད། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས། རྟག་ཏུ་ངུ་ལ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་གསུངས་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་འཛིན་པའི་ཏིང་ངེ་འཛིན་དུ་གྱུར་ པ་རྣམས་ངོ་སྤྲད་ན། འདི་ལྟ་སྟེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ ངུ་དེ་ལྟར་འདུག་བཞིན་དུ། དེའི་ཚེ་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ སྐྱེས་པར་འགྱུར་རོ། །ཆོས་ཐམས་ཅད་དབེན་པ། གཡོ་བ་མེད་པ་དང༌། རློམ་པ་མེད་པ་དང༌། ཁེངས་པ་མེད་པ་དང༌། རོ་ཅིག་པ་དང༌། མུ་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་ པ་དང༌། ནམ་མཁའ་མུ་མེད་པ། རྒྱ་མཚོ་མུ་མེད་པ། རི་རབ་སྣ་ཚོགས་པ། ནམ་མཁའ་རྟོག་པ་ མེད་པ། གཟུགས་མུ་མེད་པ། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་ པར་ཤེས་པ་མུ་མེད་པ། སའི་ཁམས་མུ་མེད་པ། ཆུའི་ཁམས་མུ་མེད་པ། མེའི་ཁམས་མུ་མེད་ པ། རླུང་གི་ཁམས་མུ་མེད་པ། ནམ་མཁའི་ཁམས་མུ་མེད་པ་རྡོ་རྗེ་ལྟ་བུ། ཆོས་ཐམས་ཅད་མ་ འདྲེས་པ། ཆོས་ཀྱི་རང་བཞིན་དམིགས་སུ་མེད་པ། རྣམ་པར་འཇིག་པ་མཉམ་པ་ཉིད། བྱེད་ པ་མེད་པ། བསམ་གྱིས་མི་ཁྱབ་པ། ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཏེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་དེ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་ དྲུག་ཅུ་ཐོབ་པར་གྱུར་ཏོ། །ཞེས་གསུངས་སོ། །དེ་དག་ལ་སོགས་པ་མདོ་སྡེ་ནས་གསུངས་ པའི་ཏིང་ངེ་འཛིན་རྣམས་ཅི་རིགས་པ་ངོ་སྤྲད་ཅིང༌། མདོ་སྡེའི་དོན་གཏན་མ་འབེབས་པའི་ བསྟན་ཆོས་ཕྱིན་ཅི་མ་ལོག་པའི་ཏིང་ངེ་འཛིན་རྣམས་ཀྱང་ངོ་སྤྲད། དེ་ནས་རྒྱུད་དང་མན་ངག་ གི་ཏིང་ངེ་འཛིན་རྣམས་ཀྱང་གདུལ་བྱའི་བློ་ལ་གང་འབབ་པ་དང་བསྟུན་ལ་ངོ་སྤྲད་པར་བྱའོ། ། ལམ་ཏིང་ངེ་འཛིན་ཉམས་སུ་མྱོང་བ་ངོ་སྤྲད་པ་ལ་གསུམ་སྟེ། གསལ་སྒྲོན་གསུམ་དང་བསྟུན་ 2-1-96 ལ་ངོ་སྤྲད་དོ། །དེ་ལའང་གསུམ། ཕྱི་སྣང་བ་སྣ་ཚོགས་ཕྱག་རྒྱ་ཆེན་མོ་དམིགས་པ་དང་བཅས་ པའི་སྟོང་གཟུགས་སུ་དང༌། ནང་རིག་པ་སྣ་ཚོགས་འོད་གསལ་ཆོས་ཀྱི་སྐུ་དམིགས་པ་མེད་པའི་ སྙིང་རྗེ་བདེ་བ་ཆེན་པོར་དང༌། དེ་གཉིས་སུ་མེད་པའི་དབྱེར་མེད་ཟུང་འཇུག་མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་སུ་ངོ་སྤྲད་པའོ། །དང་པོ་ལ་བཞི། སྦྱང་གཞི་སེམས་ཅན་གྱི་ལས་སྣང་ དང༌། སྦྱོང་བྱེད་ལམ་རྣལ་འབྱོར་པའི་ཉམས་སྣང་དང༌། སྦྱངས་འབྲས་བདེ་བར་གཤེགས་ པའི་ཤིན་ཏུ་དག་སྣང་དང༌། དེ་གསུམ་མཚོན་བྱེད་བདེན་མེད་ཀྱི་དཔེ་སྣང་སྣ་ཚོགས་ཕྱག་རྒྱ་ ཆེན་པོ་དམིགས་པ་དང་བཅས་པའི་སྟོང་གཟུགས་ངོ་སྤྲད་པའོ། །ཞེས་པའི་ཡི་གེ་པ་ནི་ཀ་ལིན་ཛྲཱ་ རའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང༌། ཕྱི་ཀ ༣༠༩ ལགས། ) 2-1-97 ༄༅། །དཔལ་དུས་ཀྱིས་འཁོར་ལོའི་བསྡུས་རྒྱུད་རྩ་འགྲེལ་ལས་ཕྱུང་ པའི། དབང་རབ་འབྱེད་རྩ་འགྲེལ་གྱི་ས་གཅོད། རྡོ་རྗེའི་ཚིག་འབྱེད་གསལ་སྒྲོན་ ཞེས་བྱ་བ་བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡ་དམ་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་ འཚལ་ལོ། །སྐུ་ལྔ་ཡེ་ཤེས་ལྔ་བདག་ཉིད། །རྡོ་རྗེ་སེམས་ལ་ཕྱག་འཚལ་ཏེ། །དབང་གི་རབ་ འབྱེད་རྩ་འགྲེལ་གྱི། །ས་གཅོད་འདུས་གསལ་བདག་གིས་བྲི། །འདིར་གསུམ། རྒྱུད་འགྲེལ་ གྱི་མཚན་དོན་བསྟན། མཚན་ཅན་གཞུང་དོན་བཤད། གཞུང་ཡོངས་སུ་རྫོགས་པའི་བྱ་བའོ། ། དང་པོ་ལ་གཉིས། མཚན་(རྒྱ་)དོན་(རྒྱ་)དངོས་དང༌། སྟོན་པ་(དཔལ་གཉིས་)ལ་ཕྱག་ འཚལ་བའོ། ། གཉིས་པ་ལ་གསུམ། མཆོད་(གང་ཞིག་)པར་བརྗོད་དེ་འགྲེལ་པ་(གང་དག་)བརྩམ་པར་ དམ་བཅའ་ཞིང་རྩོམ་(གཞན་)པའི་རྒྱུ་མཚན་བསྟན། རྒྱུད་འགྲེལ་གྱི་དཀའ་དོན་ཟབ་མོ་ བསྟན་པ་ངེས་དོན་དུ་དགྲོལ། རྒྱུད་གསུངས་པ་(རྐང་གཉིས་)དང་འགྲེལ་པ་མཛད་པའི་གོ་ རིམ་བསྟན་ནས་འགྲེལ་པར་(རབ་)ཚར་བའི་དགེ་བསྔོ་བའོ། །བར་པ་ལ་གཉིས། གླེང་(ཀུན་) གཞི་ཕུན་སུམ་ཚོགས་པ་བསྟན། རྒྱུ་འགྲེལ་གྱི་ཟབ་དོན་ཕུན་སུམ་ཚོགས་པ་བཤད་པའོ། །དེ་ 2-1-98 ལ་བཞི། རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་བསྐུར་བས་ཇི་ལྟར་སྨིན་ཚུལ་དང༌། ལམ་དུས་སུ་གྲོལ་ བྱེད་ཀྱི་ལམ་དབང་བསྒོམས་པས་ཇི་ལྟར་གྲོལ་བའི་ཚུལ་དང༌། འབྲས་བུའི་དུས་སུ་སྨིན་གྲོལ་ གྱི་དབང་ཐོབ་པས་སངས་རྒྱས་པའི་ཚུལ་དང༌། ལམ་དང་འབྲས་བུའི་དབང་གི་མཚམས་སྦྱོར་ སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པའོ། ། དང་པོ་ལ་གསུམ། སྔོན་དུ་དཀྱིལ་འཁོར་དུ་གཞུག །ཞུགས་ནས་དངོས་གཞི་དབང་ བསྐུར། བསྐུར་རྗེས་སུ་བྱ་བའི་རིམ་པ་བསྟན་པའོ། །དང་པོ་ལ་ལྔ། ཡེ་ཤེས་དབབ། གོས་ (ལུས་)བསྐོན་ཅིང་མིག་དགབ། བརྟུལ་ཞུགས་(ཀུན་)ཉི་ཤུ་རྩ་ལྔ་སྦྱིན། མེ་ཏོག་བྱིན་པ་(དེ་ ལྟར་)དོར་ནས་ལས་ལྷའི་རིགས་བསྟན། ལྷའི་གཙོ་བོ(ཕྱི)འི་འདུག་སྟངས་ཀྱི་དབང་བསྐུར་ བར་བསྟན་པའོ། །དང་པོ་ལ་གསུམ། དབབ་པའི་ཆོ་ག །ཕེབས་པའི་རྟགས། ཕབ་པ་(སྤངས་) གཤེགས་པའི་ཕྱི་ནས་བསྲུང་པའོ། །དང་པོ་ལ་གཉིས། དབབ་(བཞི་)ཆོག་དྲང་དོན་དུ་ གསུངས་པ། ཕེབས་(དེ་ལ་)རྒྱུ་དང་དབབ་ཚུལ་བསྟན་པའོ། ། གཉིས་པ་ལ་བཞི། ཁྲོ་(དེ་ལ་)བོ་དང༌། སྐུ་(ལུས་)གསུམ་དང༌། ཡུམ་(དང་པོ་)ལྔ་དང༌། སེམས་(མིག་)དཔའ་དྲུག །ཕེབས་པའི་རྟགས་སོ། །གཉིས་པ་ལ་གཉིས། དབང་འོག་མ་ འཇིག་རྟེན་བྱིས་པ་གཞུག་པའི་དབང་བདུན་དང༌། དབང་གོང་མ་ཐུན་མོང་མཆོག་གི་དབང་ ལྔ་ཇི་ལྟར་བསྐུར་བའོ། ། དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཆོ་གའོ། །དང་པོ་ལ་བཞི། བུམ་(ད་ ནི་)པའི་རྫས་དང་རྒྱུ་དང༌། རྫས་(འོན་)གཞུག་ཚུལ་དང་བུམ་གྲངས་དང༌། དབང་(དེ་དག་) གང་དུ་བསྐུར་བའི་གནས་དང༌། མེ་(དེ་ནས་)ཏོག་དོར་(དེའི་)རྗེས་སུ་སྤྱན་ཕྱེ་ནས་ལྷ་ངོ་བསྟན་ པའོ། །གཉིས་པ་ལ་(དེ་ནས་སློབ་)བདུན་ཏེ་གོ་སླའོ། །གསུམ་པ་ལ་དྲུག །རྣམ་དག་(དེ་ནས་) གི་ཆོས་མདོར་བསྟན། ཐོབ་དུས་གོ་(དེ་ནས་)བར་བྱ་ཞིང་གནང་པ་སྦྱིན། རྒྱུད་(ཡང་)གཞན་ 2-1-99 ན་དབང་རྣམ་དག་མེད་པར་བསྟན། དམ་(ད་ནི་)ཚིག་གི་དབྱེ་བས་རྣམ་དག་གི་ཆོས་རྒྱས་པར་ བཤད། དབང་(ད་ནི་)བདུན་གྱི་དག་པ་དང༌། དབང་(ད་ནི་)བཅུ་གཅིག་གི་འབྲས་བུ་བསྟན། ཐོབ་པའི་དམ་ཚིག་མ་ཉམས་པར་བསྲུང་ཚུལ་བསྟན་པའོ། །དེ་ལ་བཞི། ཉམས་(གཞན་)པའི་ ཉེས་པ། ཉམས་(དབང་)ན་གསོ་བ། སོས་(སླར་)པ་ན་ཐུབ་བོར་འགྱུར་བ། ལྟུང་(ད་ནི་རྩ་)བ་ འབྱུང་བའི་ཚུལ་བསྟན་པའོ། །དེ་ལ་བཅུ་བཞི་སྟེ་གོ་སླའོ། ། གཉིས་པ་དབང་གོང་མ་ལྔ་བསྐུར་ཚུལ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་ བཤད་པའོ། །དང་པོ་ལ་གསུམ། དབང་(དེ་ལྟར་)གི་རྣམ་གཞག་དང༌། དམ་ཚིག་དང༌། དབང་ རྟེན་(ད་ནི་བུམ་)དང་ལམ་གྱི་ཕྱག་རྒྱ་དང༌། དབང་(འདིར་)གི་དགོས་པ་དང་བསྐུར་ཚུལ་བསྟན་ པའོ། །གཉིས་པ་ལ་གསུམ། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང༌། འཇིག་རྟེན་ ཐུན་མོང་(དེ་ནི་བུམ་)གི་དབང་གསུམ་དང༌། འཇིག་རྟེན་ལས་འདས་པ་མཆོག་གི་དབང་བཞི་ པ། ཇི་ལྟར་བསྐུར་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། རིག་(དེ་ནས་)མ་རྣམ་དག་ དབུལ། གནང་པ་ཞུ་(དེ་ལྟར་ན་)ཞིང་གསོལ་བ་གདབ། ཕྱག་རྒྱས་(སྒྲ་)འཁོད་ཅིང་མ་ཁྱུད་པ། དབང་(འདི་)བསྐུར་ཚུལ་དངོས་སོ། །གཉིས་པ་ལ་གསུམ་སྟེ་གོ་སླའོ། ། གསུམ་པ་ལ་གསུམ། བླ་མས་ཕན་ཡོན་དང་ཉེས་དམིགས་ཀྱི་སྒོ་ནས་སྡོམ་པ་སྦྱིན། སློབ་ (བཞི་)མས་ཡོན་ཕུལ་ཏེ་དབང་གི་རབ་དབྱེ་ཞུ་བའི་གསོལ་བ་གདབ། བླ་མས་ཞུས་པའི་ལན་ དུ་ཐུན་མོང་མཆོག་གི་དབང་གི་རབ་དབྱེ་བསྟན་པའོ། །དང་པོ་ལ་གསུམ། འཛག་(དེ་ནས་) མེད་ཀྱི་ལམ་མཆོག་ཏུ་བསྟན། ཟགས་(འོན་ཏེ་)པའི་ཉེས་དམིགས། ཟགས་(སྨན་)ན་ཇི་ལྟར་ བྱ་བའོ། །གསུམ་པ་གཉིས། ཤེས་རབ་མ་བསྟེན་པ་འཇིག་རྟེན་པ་དང་ཐུན་མོང་པའི་དབང་ གསུམ་ལམ་གྱི་རྒྱུ་དྲང་དོན་དུ་དང༌། ཕྱག་རྒྱ་ཆེན་མོ་(དེ་རྗེས་)བསྟེན་པ་མཆོག་གི་དབང་བཞི་ པ་ལམ་གྱི་ངོ་བོ་ངེས་དོན་དུ་བསྟན་པའོ། །དང་པོ་ལ་བཞི། ཤེས་རབ་མ་ལས་ཡེ་(དེ་ནས་བླ་) 2-1-100 ཤེས་སྐྱེ་མི་སྐྱེའི་བྱེ་བྲག་དང༌། དགའ་བདེའི་(འགྲོ་བ་)ཡེ་ཤེས་སྐྱེ་བའི་རིམ་པ་དང༌། དགའ་ (ད་ནི་)བ་བཅུ་དྲུག་གི་སྦྱོར་བ་བཞི་དང༌། དབང་རྟེན་དང་ལམ་བསྒོམ་པའི་ཕྱག་རྒྱའི་རྣམ་དག་ བསྟན་པའོ། །དེ་ལ་གཉིས། ཕྱག་(ད་ནི་ལས་)རྒྱ་དྲུག་དང༌། ཕྱག་རྒྱ་(དེ་ནི་སྐུ་)གསུམ་གྱི་རྣམ་ དག་བསྟན་པའོ། །གསུམ་པ་དབང་བསྐུར་རྗེས་སུ་བྱ་རིམ་ལ་གསུམ། ཚོགས་འཁོར་བྱ་(དེ་ ལྟར་སློབ་)བར་གནང་ནས་ལྷ་མོ་རྣམས་ལ་སྙན་གསན་དབབ་པ། ཉིན་བར་(དེ་ཉིད་)གཞོན་ནུ་ མ་ཚིམ་ཞིང་དགེ་འདུན་མཉེས་པར་བྱ་བ། མཚན་མོ་སྔགས་པ་རྣམས་ལ་ཚོགས་ཀྱི་འཁོར་ལོ་ བསྐོར་བའོ། །དེ་ལ་གསུམ། རང་རང་གི་གདན་(དེ་ནས་སྐྱེ་)ལ་བཞུགས་སུ་གསོལ་བ། སྡེར་ སྣོད་ཀྱི་རིམ་(དེ་བཞིན་)པ་བཤམ་པ། མཆོད་(དེ་ནས་ཆང་)རྫས་ཕུལ་བས་ཚིམ་པར་བྱ་བའོ།། །། གཉིས་པ་ལམ་དབང་ལ་གཉིས། དབང་གི་(འཇིག་)རབ་ཏུ་དབྱེ་བ་དང༌། ཕྱེ་བའི་དབང་ གི་དོན་ཉམས་སུ་བླང་པའོ། །དེ་ལ་གཉིས། འཇིག་རྟེན་(དེ་ཡང་)པའི་དབང་གསུམ་ལས་ འགྱུར་མེད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མི་སྐྱེ་བས་ལམ་གྱི་རྒྱུ་དྲང་དོན་དུ་དང༌། འཇིག་རྟེན་ལས་འདས་པའི་དབང་བཞི་པ་ལས་འགྱུར་མེད་བདེ་སྟོང་གཉིས་སུ་མེད་པའི་ ཡེ་ཤེས་སྐྱེ་བས། ལམ་གྱི་ངོ་བོ་ངེས་དོན་དུ་བསྟན་པའོ། །དེ་ལ་གཉིས། མདོར་བསྟན་པ་ དང༌། རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། ཕྱག་རྒྱ་ཆེན་མོ་བསྟེན་(གཞན་ཡང་)པའི་ ལམ་(འཇིག་)དབང་བསྒོམ་ཚུལ་དང༌། ལམ་རྒྱ་ཆེན་མོ་(གཞན་ཡང་ལུས་)བསྟེན་པས་འབྲས་ བུ་ཐོབ་ཚུལ་དང༌། ལམ་དབང་(ཤེས་རབ་)ཐོབ་པ་དཔལ་ལྡན་བླ་མ་ལ་ལྟོས་པར་བསྟན་པའོ། ། གཉིས་པ་ལ་དྲུག །ལུས་རྩའི་(ད་ནི་རང་)བྱེད་པ་བཅིངས་ནས་སོ་སོར་སྡུད་དང་བསམ་གཏན་ ཐོག་མར་དགེ་བའི་ལམ་ཡུལ་སྣང་སྟོང་དང༌། ངག་རླུང་གི་བྱེད་པ་བཅིངས་(བདེ་བ་)ནས་སྲོལ་ རྩོལ་དང་འཛིན་པ་བར་དུ་དགེ་བའི་ལམ་ཤེས་པ་གསལ་སྟོང་དང༌། སེམས་ཐིག་ལེའི་བྱེད་ 2-1-101 པ་(དེ་བས་ན་)བཅིངས་ནས་རྗེས་དྲན་དང་ཏིང་ངེ་འཛིན་མཐའ་མར་དགེ་བའི་ལམ་ཉམས་ མྱོང་བདེ་སྟོང་དབྱེར་མེད་ཟུང་འཇུག་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་དང༌། ཐོག་མར་ དགེ་བའི་ལམ་(ད་ནི་གཟུགས་)སོ་སོར་སྤོང་དང་བསམ་གཏན་གྱི་དུས་སུ་མཐོང་པ་ཤེས་རབ་ དམིགས་བཅས་སྣ་ཚོགས་སྟོང་གཟུགས་ཀྱི་མཚན་ཉིད་དང༌། བར་དུ་དགེ་བའི་(ད་ནི་)ལམ་ སྲོག་རྩོལ་དང་འཛིན་པའི་དུས་སུ་སྲོག་རྩོལ་བས་འགོག་པའི་གནས་རྩ་གསུམ་གྱི་གནས་ ཚུལ་དང་འགྲོ་བ་བསྟན་པ། མཐའ་མར་དགེ་བའི་ལམ་རྗེས་དྲན་དང་ཏིང་ངེ་འཛིན་གྱི་དུས་ སུ་(ད་ནི་)རྣལ་འབྱོར་གོམས་པས་ཕྱག་རྒྱ་གསུམ་བསྟེན་ནས་རྡོ་རྗེ་བཞི་བསྒྲུབ་པའོ།། །། ༈ གསུམ་པ་འབྲས་བུའི་དབང་ལ་བཞི། གཡས་པའི་ས་(ད་ནི་དཀྱིལ་)རླུང་རྒྱུ་དུས་ ལམ་རྣལ་འབྱོར་བསྒོམས་པས་འབྲས་བུ་མཆོག་གི་དངོས་གྲུབ་སྐྱེ་བ་འདི་ཉིད་ལ་དང༌། མར་ འབབ་ཀྱི་དགའ་བ་(ད་ནི་སྐུ་)བཅུ་དྲུག་འགགས་པ་ལས་འབྲས་བུ་སྐུ་བཅུ་དྲུག་དང་ལྡན་པའི་ དུས་ཀྱི་འཁོར་ལོར་དང༌། སད་(ད་ནི་)པ་ལ་སོགས་པའི་གནས་བཞིའི་རྡོག་པ་འགགས་པ་ ལས་འབྲས་བུ་སྐུ་བཞི་དང་རྡཽ་རྗེ་བཞིར་དང༌། དེ་(བཞི་)ལྟར་ཐིག་ལེ་འཛག་པ་བསྲུངས་ནས་ འཛག་མེད་དུ་བཅིངས་ནས་ཇི་ལྟར་བྱོན་པ་དེ་བཞིན་དུ་གཤེགས་པ་ལས་འགྲུབ་པར་བསྟན་ པའོ།། །། ༈ བཞི་པ་སྤྱོད་ལམ་ལ་གསུམ། རྗེས་ཐོབ་(སྐབས་སུ་)ཐུན་མཚམས་སུ་བྱ་བའི་རིམ་ པ་སྤྱོད་ལམ་གྱི་རྣལ་འབྱོར་མདོར་བསྟན། དོན་དམ་འཇིག་རྟེན་ལས་འདས་པའི་བདེན་པ་ དབང་བཞི་པའི་སྤྱོད་ལམ་གཏན་ལ་དབབ། ཀུན་རྫོབ་འཇིག་རྟེན་པའི་བདེན་པ་ཚོགས་ མཆོད་ཀྱི་སྤྱོད་ལམ་གྱི་རྣལ་འབྱོར་རྒྱས་པར་བཤད་པའོ། །བར་པ་ལ་གསུམ། དབང་བཞི་ པའི་ལམ་(ད་ནི་དོན་)རྒྱུད་ཀུན་གྱི་སྙིང་པོའི་དོན་དུ་ཆོས་ཐམས་ཅད་གསུངས་པས་མདོར་ བསྟན། དབང་བཞི་པའི་དོན་ལ་འཁྲུལ་པ་བཀག་པས་བཞི་བའི་སྤྱོད་ལམ་རྒྱས་པར་བཤད། 2-1-102 སྒྱུ་འཕྲུལ་དྲྭ་(དེ་ལྟར་)བས་བཞི་པའི་ལམ་དགེ་བ་གསུམ་དུ་གསུངས་པས་དོན་བསྡུ་བའོ། ། བར་པ་ལ་གསུམ། དབང་བཞི་པའི་(དེ་ལ་)དོན་ལ་གཞན་གྱི་འཁྲུལ་པ་སྤྱིར་དགག །དབང་ (དེ་ཡང་)གསུམ་པའི་སྤྱོད་ལམ་ལ་དབང་བཞི་པའི་སྤྱོད་ལམ་དུ་འཁྲུལ་བ་ཁྱད་པར་དུ་དགག། དེ་དག་ཤེས་བྱེད་ཀྱི་ལུང་དོན་བཤད་པས་བཞི་པའི་སྤྱོད་ལམ་ངེས་དོན་དུ་ཤེས་པའོ། །དེ་ལ་ ལྔ། རྒྱུད་ཀུན་གྱི་བདག་(བཞི་པ་འཛག་)པོ་སྒྱུ་འཕྲུལ་དྲྭ་བའི་དང༌། ཀྱེ་རྡོ་རྗེའི་(འཇིག་)རྩ་རྒྱུད་ ཀྱི་དང༌། དཔལ་(དེ་བཞིན་)གསང་བའི་དང༌། མཁའ་(གང་དུ་)འགྲོ་མ་རྡོ་རྗེ་གུར་གྱི་དང༌། དམ་ པ་དང་པོའི་རྩ་(དེ་བཞིན་དུ་)རྒྱུད་ཀྱི་ལུང་དོན་བཤད་པའོ། །གསུམ་པ་ལ་གཉིས། ཚོགས་(དེ་ ལྟར་)ཟས་བྱིན་གྱིས་བརླབ་པ་དང༌། སྤྱན་དྲངས་གཤེགས་གསོལ་ཇི་ལྟར་བྱ་ཚུལ་བསྟན། ཨེ་ བཾ་(དེ་ནས་)བདེ་སྟོང་གི་དཀྱིལ་འཁོར་ལྷ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་དུ་བསམ། དེ་ནས་(ངོ་བོ་ཉིད་ཀྱི་)དཀྱིལ་འཁོར་གྱི་ལྷ་དང་རྒྱུད་སྡེའི་ལྷ་ཐམས་ཅད་དེར་ཚིམ་པར་མཆོད་ པའོ། ། གསུམ་པ་གཞུང་རྫོགས་པའི་བྱ་བ་ལ་གཉིས། (དཔལ་)རྒྱུད་འགྲེལ་(དབང་)གང་གིས་ བསྡུས་མཛད་ཀྱི་ཁ་བྱང་བསྟན། ལོ་པཎ་(རྒྱ་བོད་)གང་གིས་བསྒྱུར་བའི་འགྱུར་བྱང་གླག་པའོ། ། དབང་རབ་འབྱེད་པ་རྩ་འགྲེལ་གྱི། ། ས་གཅོད་འདུས་གསལ་སྒྲོན་མ་འདི། ། བརྩེ་བས་གཞན་ཕན་བསམ་པས་སྦྱར། ། དགེ་བས་འགྲོ་ཀུན་སངས་རྒྱས་ཤོག ། དཔལ་དུས་ཀྱིས་འཁོར་ལོའི་བསྡུས་རྒྱུད་རྩ་འགྲེལ་ལས་ཕྱུང་པའི། དབང་རབ་འབྱེད་ རྩ་འགྲེལ་གྱི་ས་གཅོད། རྡོ་རྗེའི་ཚིག་འབྱེད་གསལ་སྒྲོན་ཞེས་བྱ་བ་འདི་ནི། དཔལ་མི་བསྐྱོད་ 2-1-103 རྡོ་རྗེས། དབེན་གནས་དམ་པ་དཔལ་ནག་རྒྱལ་གྱི་བདེ་བ་ཅན་དུ་བཀོད་པའོ། །རྫོགས་སོ།། །། དགེའོ། །ལེགས་སོ།། །། མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ཀ ༣༡༦ 2-1-104 ༄༅། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་རྡོ་རྗེ་རྣལ་འབྱོར་ བཞིའི་བསྙེན་བསྒྲུབ་ཀྱི་བསྡུས་དོན་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་དང༌། ཡི་དམ་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་སྙིང་པོའི་བཅུད། མཁའ་འགྲོས་དངོས་སུ་གསུངས་པའི་མན་ ངག །རྡོ་རྗེ་བཞི་ཡི་བསྙེན་བསྒྲུབ་ལ་གསུམ། ཀླད། གཞུང༌། འཇུག་གི་དོན་ཏོ། ། དང་པོ་ལ་གཉིས། མཆོད་བརྗོད་དང༌། བྲི་བར་དམ་བཅའོ། །གཉིས་པ་གཞུང་དོན་ལ་ གསུམ། བསྙེན་བསྒྲུབ་བཞི་ཇི་ལྟར་ཉམས་སུ་བླང་ཚུལ། ཉམས་ལེན་དུས་སུ་བྱུང་པའི་གེགས་ སེལ། དེ་ལྟར་ཉམས་སུ་བླངས་པས་ཐོབ་པའི་འབྲས་བུ། བསྟན་པའོ། ། དང་པོ་ལ་གཉིས། བསྙེན་པ་དང༌། བསྒྲུབ་པའོ། །དང་པོ་ལ་གཉིས། ལུས་རྩའི་བྱེད་པ་ བཅིངས་ནས་བསྙེན་པའི་ཡན་ལག་སྐུ་རྡོ་རྗེ་དང༌། ངག་རླུང་གི་བྱེད་པ་བཅིངས་ནས་ཉེ་བར་ བསྒྲུབ་པའི་ཡན་ལག་གསུང་རྡོ་རྗེའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ལ་གཉིས། རྩ་བསྙེན་ གྱི་རྣལ་འབྱོར་ཇི་ལྟར་བསྒོམ་པ། བསྒོམས་པས་ཉམས་མྱོང་འབྱུང་ཚུལ་བསྟན་པའོ། ། གཉིས་པ་ལ་གཉིས། འབྱུང་འཇུག་གནས་གསུམ་ལམ་དུ་བྱེད་པ་རྡོ་རྗེའི་བཟླས་པས་རྩ་ རླུང་སྦྱང༌། འབྱོངས་ནས་སྟེང་འོག་བར་གསུམ་གྱི་རླུང་ལ་རང་དབང་ཐོབ་པར་བསྒྲུབ་པའོ། ། དེ་ལ་གསུམ། འཇམ་རླུང་དགང་གཏོང་གི་སྦྱོར་བས་སྟེང་རྒྱུ་སྲོག་གི་དང༌། རྩུབ་རླུང་བུམ་པ་ ཅན་གྱི་སྦྱོར་བས་བར་རྒྱུ་སྲོག་ཐུར་གཉིས་ཀའི་དང༌། དྲག་རླུང་སྲོག་ཐུར་སྲེ་བའི་སྦྱོར་བས་ 2-1-105 འོག་རྒྱུ་ཐུར་སེལ་གྱི། རླུང་ལ་ར་དབང་ཐོབ་པར་བསྒྲུབ་པའོ། ། གཉིས་པ་བསྒྲུབ་པ་ལ་གཉིས། སེམས་ཐིག་ལེའི་བྱེད་པ་བཅིངས་ནས་སྒྲུབ་པའི་ཡན་ ལག་ཐུགས་རྡོ་རྗེའི་དང༌། རྩ་རླུང་ཐིག་ལེའི་བྱེད་པ་གསུམ་ཀ་བཅིངས་ནས་སྒྲུབ་པ་ཆེན་པོའི་ ཡན་ལག་ཡེ་ཤེས་རྡོ་རྗེའི། རྣལ་འབྱོར་བསྒོམ་པའོ། ། དང་པོ་ལ་གཉིས། ཡེ་ཤེས་ཕྱག་རྒྱ་ལ་བརྟེན་ནས་རང་ལུས་ཐབས་ལྡན་གྲོལ་ལམ་གྱི་ དང༌། ལས་ཀྱི་ཕྱག་རྒྱ་མ་བརྟེན་ནས་གཞན་ལུས་ཐབས་ལྡན་ཐབས་ལམ་གྱི། རྣལ་འབྱོར་ བསྒོམ་པའོ། ། དང་པོ་ལ་གཉིས། སྔོན་དུ་བསྐྱེད་པའི་རིམ་པ་གསལ་གདབ། ཐེབས་ནས་རང་ལུས་ ཐབས་ལྡན་གྱི། རྣལ་འབྱོར་བསྒོམ་པའོ། ། གཉིས་པ་ལ་གསུམ། ཐོག་མར་ཡབ་ཡུམ་ཐབས་ཤེས་ཀྱི་རིགས་བརྟག །རིགས་ཤེས་ ནས་གཞན་ལུས་ཐབས་ལྡན་གྱི་རྣལ་འབྱོར་བསྒོམ། བསྒོམས་ཀྱང་ཕལ་པའི་ཤེས་རབ་ལས་ མི་འགྲུབ་ན། དག་པའི་ཤེས་རབ་ལས་འགྲུབ་པའོ། །བར་པ་ལ་གསུམ། སྔོན་འགྲོ། །དངོས་ གཞི། རྗེས་སོ། ། གཉིས་པ་གེགས་སེལ་ལ་གསུམ། མདོར་བསྟན། རྒྱས་བཤད། དོན་བསྡུ་བའོ། །བར་ པ་ལ་ལྔ། འབྱུང་པ་ཆ་མ་སྙོམས་པའི་དང༌། སྟེང་འོག་ཏུ་རླུང་ལོག་པའི་དང༌། ཐིག་ལེ་འགྱིལ་ བའི་དང༌། གཟེར་ཟུག་དྲོ་བྲལ་གྱི་དང༌། རྩ་ལམ་འགགས་པའི། གེགས་བསལ་བའོ། ། གསུམ་པ་ལ་གཉིས། ཡི་གེ་བདུན་གྱི་གད་མོའི་སྒྲ་བསྒྲགས་པ་དང༌། འབྱུང་ལྔའི་དཀྱིལ་ འཁོར་གསལ་བའི་འཁྲུལ་འཁོར་གྱིས། ཐིག་ལེ་འགྱིལ་བའི་གེགས་བསལ་བའོ། ། ལྔ་པ་ལ་གཉིས། གླིང་བཞི་རི་རབ་ལ་ཉི་ཟླའི་རྒྱུ་བ་འགགས་པའི་དང༌། དྲི་ཆེན་དྲི་ཆུའི་ རྒྱུ་ལམ་འགགས་པའི། གེགས་བསལ་བའོ། ། 2-1-106 གསུམ་པ་ཐོབ་པའི་འབྲས་བུ་ལ་བཞི། དྲི་མ་བཞི་དག་པས་བདེ་ཆེན་སྐུ་བཞིར་གྲོལ་ བར་དང༌། རླུང་འཕོ་བ་བཅུ་གཉིས་འགགས་པས། ས་བཅུ་གཉིས་ཐོབ་པར་དང༌། ཤེས་སྒྲིབ་ སྤངས་པའི་ཀུན་མཁྱེན་དང༌། ཉོན་སྒྲིབ་ལས་རྒྱལ་བཅོམ་དུ་འགྱུར་བར་དང༌། བདུད་རྩིའི་ དྭངས་མས་སྙིགས་མ་ཟོས་པས་འབྱུང་ལུས་རྡོ་རྗེའི་སྐུར་འགྲུབ་པར། བསྟན་པའོ། ། གསུམ་པ་མཇུག་དོན་ལ་གཉིས། མན་ངག་གི་ཆེ་བའི་ཡོན་ཏན་བརྗོད་པ། བྲིས་པའི་ ནོངས་པ་བཟོད་པར་གསོལ་བའོ། །རྡོ་རྗེ་བཞིའི་བསྙེན་བསྒྲུབ་ཀྱི་བསྡུས་དོན། དཔལ་མི་ བསྐྱོད་རྡོ་རྗེས། དཔལ་ནགས་རྒྱལ་གྱི་དབེན་གནས། བདེ་བ་ཅན་དུ་བཀོད་པའོ། །རྫོགས་ སོ། །དགེའོ། །ཧེ་ཧཱེ། མ་ཕྱི་འབྲས་སྤུངས་དཔེ་རྙིང་ཕྱི་ཀ ༡༤༩ 2-1-107 ༄༅། །ཡུ་མོའི་གསལ་སྒྲོན་བཞིའི་ས་གཅོད་ ལགས་སོ། ། ༄༅། །ཨེ་མ་ཧོ། ཨེ་བཾ་བདེ་སྟོང་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ལ་གུས་པས་ ཕྱག་འཚལ་ལོ། །སྐུ་བཞིའི་བདག་ཉིད་དཔལ་ལྡན་དུས་འཁོར་དང༌། །དུས་འཁོར་བདག་ ཉིད་དཔལ་ལྡན་བླ་མ་ལ། །སྒོ་གསུམ་རྟག་ཏུ་གུས་པས་ཕྱག་འཚལ་ནས། །གསལ་སྒྲོན་རྣམ་ བཞིའི་བསྡུས་དོན་ཅུང་ཟད་བྲི། །དེ་ལ་རེ་ཤིག་འདིར་བཞི་སྟེ། ཕྱི་སྣང་བ་སྣ་ཚོགས་ཕྱག་རྒྱ་ ཆེན་མོ་དམིགས་པ་དང་བཅས་པའི་སྟོང་གཟུགས་སུ་ངོ་སྤྲོད་པའི་མན་ངག་སྟོང་ཉིད་གསལ་ སྒྲོན་དང་(༡)། ནང་རིག་པ་སྣ་ཚོགས་ འོད་གསལ་ལ་ཆོས་ཀྱི་སྐུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོར་ངོ་སྤྲོད་པའི་མན་ངག་ འོད་གསལ་གསལ་སྒྲོན་དང་(༢)། དེ་གཉིས་གཉིས་སུ་མེད་པའི་ཟུང་འཇུག་མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་ཆེན་པོར་ངོ་སྤྲོད་པའི་མན་ངག་ཟུང་འཇུག་གསལ་སྒྲོན་དང་(༣)། ཟུང་ འཇུག་ལམ་གྱི་འབྲས་བུ་ཕྱག་རྒྱ་ཆེན་མོ་མཆོག་གི་དངོས་གྲུབ་དབང་ཐོབ་ཏུ་ངོ་སྤྲད་པའི་མན་ ངག་ཕྱག་རྒྱ་ཆེན་པོ་གསལ་སྒྲོན་(༤)བཤད་པའོ། ། དང་པོ་(སྟོང་)ལ་གསུམ། མན་ངག་གི་སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་སུ་བསྟན་ པའོ། ། དང་པོ་ལ་གཉིས། མཆོད་བསྟོད་དང༌། བཤད་པར་(སྔགས་ཀྱི་)དམ་བཅའ་བའོ། །དང་པོ་ ལ་གཉིས། བླ་ མ་(གང་ཞིག་)དང༌། ཡི་དམ་(རྟོག་པའི་)ལ་བསྟོད་པའོ། །གཉིས་པ་ལ་གསུམ། 2-1-108 འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྤྱིར་བསྟན་པ་དང༌། གཉིས་སུ་མེད་པའི་རྒྱུད་ཀྱི་ ལམ་བྱེ་བྲག་ཏུ་བཤད་པ་དང༌། དེ་དག་(དེ་ལྟ་བས་ན་)གི་དོན་གསལ་བར་བསྡུ་བའོ། །དང་པོ་ ལ་ལྔ། གསང་སྔགས་ཀྱི་ཐེག་པ་ནི་(ཇི་ལྟར་)༡ལམ་ཁྱད་པར་ཅན་གསལ་བར་སྟོན་པར་དང༌། ༢ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པར་དང༌། ༢སངས་རྒྱས་ཐམས་ཅད་ཀྱི་བསྟན་པའི་སྙིང་ པོར་དང༌། ༢ཐབས་ཁྱད་པར་ཅན་དུ་གྱུར་པས་གྲོལ་བར་དང༌། གསང་(ཅི་)སྔགས་སྟོང་པ་ དང་སྙིང་རྗེ་རྒྱུད་ཀྱི་གླེང་གཞི་ཨེ་བཾ་བདེ་སྟོང་དུ་བསྟན་པའོ། ། གཉིས་པ་ལ་གཉིས། རྫོགས་པའི་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་བའི་(དེ་ལ་)སྟོང་པ་ ཉིད་དགག་པ་དང༌། ལམ་དུ་འགྱུར་བའི་སྟོང་པ་ཉིད་སྒོམ་པར་བསྟན་པའོ། །དེ་ལ་གཉིས། མདོར་(འོ་ན་ལམ་)བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། ཐམས་ཅད་མཁྱེན་ པའི་སངས་རྒྱས་ཀྱི་ལམ་དུ་འགྱུར་བའི་ཕྱག་རྒྱ་ཆེན་མོ་དམིགས་བཅས་སྟོང་གཟུགས་གསལ་ བར་སྟོན་པའི་ཚིག་རྐང་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པའི་དོན་རྒྱས་ པར་བཤད་པའོ། །དང་པོ་ལ་ལྔ། ཕྱག་རྒྱ་ཆེན་མོའི་དོན་དང༌། དེ་སྒྱུ་མའི་རྗེས་མཐུན་དུ་དང༌། དེ་ནམ་མཁའ་དང་མཉམ་པར་དང༌། དེ་ཡིད་ཀྱི་སྟོང་གཟུགས་དང༌། དེ་མེ་ལོང་གི་གཟུགས་ དང་འདྲ་བར་བསྟན་པའོ། །དང་པོ་ལ་གསུམ། (དེ་ལ་)བསྟན། (ཕྱག་རྒྱ་)བཤད། (དེ་ལྟར་) བསྡུ(ས་ནས་)བའོ། །གཉིས་པ་ལ་གཉིས། ཕྱག་རྒྱ་དེ་འཇིག་རྟེན་གསུམ་གྱི་སྣང་བ་སྟོན་ པར་བྱེད་པ་དང༌། ༡དེ་དྲི་མེད་གློག་འདྲའི་འོད་དུ་མ་འཕྲོ་བར་བྱེད་གཟུགས་སུ་བསྟན་པའོ། ། གསུམ་པ་ལ་བཞི། ཕྱག་རྒྱ་དེ་ཕྱི་དང་ནང་ལ་དབྱེར་མེད་པར་དང༌། དེ་ཡུལ་དང་བྲལ་བའི་ སྟོང་གཟུགས་སུ་དང༌། དེ་དང་པོ་ནམ་མཁར་(ས་ལ་གནས་) མཐོང་བར་དང༌། དེ་རང་སེམས་ ཀྱི་སྣང་བ་མངོན་སུམ་ཙམ་ལམ་དུ་བསྟན་པའོ། །བཞི་པ་ལ་གསུམ། ཕྱག་རྒྱ་དེ་སེམས་དང་ སེམས་བྱུང་རང་བཞིན་དུ་དང༌། དེ་ལ་འགྲོ་བ་དུ་མའི་སེམས་ཀྱིས་མཁྱུད་པ་ ལམ་དུ་འགྱུར་ 2-1-109 བ་དང༌། དེ་གཅིག་ཡང་དུ་མའི་ཚུལ་དུ་སྣང་བར་བསྟན་པའོ། །གསུམ་པ་ལ་ལྔ། མན་ངག་ བརྩམས་(སྟོང་ཉིད་)པའི་དགེ་བས་འགྲོ་བ་ཀུན་གྱིས་རྡོ་རྗེ་འཛིན་པ་ཐོབ་པར་བསྔོ་བ་དང༌། མན་ངག་འདི་རྒྱུད་འགྲེལ་(འདི་ལྟར་)བླ་མའི་བཀའ་དང་མཐུན་གྱི་གཞན་གཞུང་དང་མི་ མཐུན་པར་དང༌། རྒྱུད་འགྲེལ་བླ་མའི་(ཁ་ཅིག་སྔོན་)མན་ངག་(དེ་ཕྱིར་)གིས་དམན་པའི་གཞུང་ དང་མི་མཐུན་པའི་རྒྱུ་མཚན་དང༌། བསྟན་པའི་སྙིང་པོའི་མན་ངག་འདི་བློ་དམན་ལོག་ལྟ་ཅན་ ལ་མི་བསྟན་པར་སྦ་བར་དང༌། རྒྱུད་འགྲེལ་བླ་(བདག་ནི་)མའི་དྲིན་གྱིས་སྟོང་ཉིད་ལམ་འགྱུར་ གྱི་མན་ངག་བཀོད་པར་བསྟན་པའོ།། །། དགེའོ། ། ༈ མན་ངག་གཉིས་པ་(འོད་)ལ་གསུམ། མན་ངག་གི་སྔོན་འགྲོདངོས་གཞི། རྗེས་སུ་ བསྟན་པའོ། ། དང་པོ་ལ་གཉིས། མཆོད་བསྟོད་(སྙིང་རྗེ་)དང༌། བཤད་(འོད་)པ་དམ་བཅའ་བའོ། ། གཉིས་པ་ལ་གསུམ། མདོར། རྒྱས། བསྡུ་བའོ། །དང་པོ་ལ་གཉིས། སྤྱིར་(དེ་ལ་འོད་) བསྟན་པ་དང༌། མཐའ་(དེ་དམིགས་)བཀག་ནས་གསལ་བར་བསྟན་པའོ། ། ༈ གཉིས་པ་ལ་གསུམ། གཞི་དང༌། ལམ་དང༌། འབྲས་བུ་འོད་གསལ་བཤད་པའོ། ། དང་པོ་ལ་བཞི། སེམས་ཀྱི་ངོ་བོ་རྟོག་མེད་དང༌། དེའི་རྟེན་(གཞན་ཡང་)དངོས་པོ་ལྷན་ཅིག་ སྐྱེས་པའི་དང༌། དེའི་(གཞན་ཡང་)དཔེ་ཞུ་བདེ་ལྷན་ཅིག་སྐྱེས་པའི་དང༌། དེའི་(གཞན་ཡང་) བཞོན་པའི་རྟ་རླུང་འོད་གསལ་བཤད་པའོ། །དང་པོ་ལ་གསུམ། སྤྱིར་(དེ་ལས་ཀྱང་)བསྟན། མིང་གི་རྣམ་(ངོ་བོ་དེ་ཉིད་)གྲངས་བྱེ་བྲག་ཏུ་བཤད། དོན་(དེ་ལ་རྒྱུད་)བསྡུ་བའོ། །གཉིས་པ་ལ་ གསུམ། འོད་གསལ་བའི་ལམ་(གཞན་ཡང་གཙོ་བོར་ནི་)ལས་གཞན་གྱིས་རྫོགས་པའི་བྱང་ཆུབ་ མི་ཐོབ་པར་བསྟན། འོད་གསལ་བའི་ལམ་གྱི་ངོ་བོ་དང་ཡོན་ཏན་བཤད། འོད་གསལ་བའི་ ལམ་ཉིད་ལས་ཕྱོགས་ཅིག་པའི་ལམ་མི་བསྒོམ་པར་བསྟན་པའོ། ། 2-1-110 གཉིས་པ་ལ་གཉིས། འོད་གསལ་བའི་ལམ་གྱི་ངོ་བོ་དང༌། (ཅི་འོད་)ཡོན་ཏན་བཤད་ པའོ། །དང་པོ་ལ་གཉིས། འོད་གསལ་བའི་ལམ་(དེའི་)གྱི་ངོ་བོ་ལྷན་ཅིག་སྐྱེས་པའི་དབང་ བཞི་པ་བསྒོམ་པར་དང༌། སེམས་ཀྱི་(ཅིའི་ཕྱིར་)ངོ་བོ་རྟོག་མེད་ལྷན་སྐྱེས་བསྒོམས་པས་ཟུང་ འཇུག་ལྷན་སྐྱེས་འཆར་བར་བསྟན་པའོ། །གསུམ་པ་ལ་གསུམ། འབྲས་བུ(འི་དབང་)འོད་ གསལ་སྤྱིར་བསྟན། (༡)གཉིས་སུ་མེད་པའི་ཡེ་ཤེས་བྱེ་བྲག་ཏུ་བཤད། (འོ་ན་རྣམ་)རྟོག་མེད་ ཡེ་ཤེས་ལས་དོན་འབྱུང་ཚུལ་བསྟན་པའོ། ། ༈ གསུམ་པ་ལ་གཉིས། སྤྱིར་(དེ་ལྟར་)བསྡུ་བ་དང༌། མཐའ་(གཞན་དག་ལམ་)བཀག་ནས་ བསལ་བར་བསྡུ་བའོ། །གསུམ་པ་རྗེས་ལ་གསུམ། བདེ་གཤེགས་(མཁའ་དང་)སྙིང་པོའི་མདོ་ རྒྱུད་མན་ངག་ལས་གསལ་བར་གསུངས་ཀྱང་རང་འདོད་ཀྱིས་སྦྱར་བ་འཁྲུལ་བར་བསྟན། (༢)བླ་མའི་དྲིན་མེད་(དེས་ཕྱིར་འཁྲུལ་དང་)ཀྱིས་རྟོགས་དཀར་བསྟན། ཟབ་མོ་རྟོགས་(དེའི་ ཕྱིར་བསྟན་)དཀའི་དོན་བསྡུས་པ་ལ་མི་སྨད་ཅིང་རྟག་པར་བསྟན་པ་དང་དགེ་བ་བསྔོ་བའོ།། །། དགེའོ། ། ༈ མན་ངག་གསུམ་པ་(ཟུང་)ལ་གསུམ། མན་ངག་གི་སྔོན་འགྲོ(གཉིས་མེད་)། དངོས་ གཞི། (ལྷ་ཡི་)རྗེས་སུ་བསྟན་པའོ། །གཉིས་པ་ལ་གསུམ། (དྲི་མེ་འོད་)གཉིས་མེད་ཟུང་འཇུག་ གི་ལམ་སྤྱིར་བསྟན། གཉིས་མེད་ཟུང་འཇུག་གི་ལམ་བྱེ་བྲག་ཏུ་བཤད། (དེ་ལྟར་སྟོང་)མཐའ་ བཀག་ནས་གསལ་བར་བསྡུ་བའོ། །གཉིས་པ་ལ་བཞི། འབྲས་བུ་གཉིས་སུ་མེད་པའི་ཡེ་ ཤེས་(ཀྱི་སྐུ་ནི་)དང༌། དེའི་ལམ་ཐབས་ཤེས་ཟུང་འཇུག་(ཇི་ལྟར་)ངོས་བཟུང་དང༌། དེ་ཉིད་ གསང་སྔགས་རྡོ་རྗེ་ཐེག་པར་དང༌། སྔགས་ཀྱི་ཐེག་པ་བསྒོམ་མི་ཤེས་འཁོར་བར་བསྟན་ པའོ།། །། ༈ མན་ངག་བཞི་པ་(ཕྱག་)ལ་གསུམ། མན་ངག་གི་སྔོན་(བླ་མ་རྗེ་)འགྲོ། དངོས་གཞི། 2-1-111 (འདིའི་དོན་)རྗེས་སུ་བསྟན་པའོ། །གཉིས་པ་ལ་གསུམ། ཕྱག་(རྡོ་རྗེ་ཐེག་)རྒྱའི་འདོད་ཚུལ་དང༌། (ངེས་དོན་གྱི་)ཕྱག་རྒྱ་གསུམ་གྱི་དངོས་གྲུབ་སྤྱིར་བསྟན། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་ གྲུབ་བྱེ་བྲག་ཏུ་བཤད། མཆོག་གི་དངོས་གྲུབ་རྐྱེན་གསུམ་ལས་འགྲུབ་པར་བརྗོད་པས་བསྡུ་ བའོ། །གཉིས་པ་ལ་གསུམ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བེམ་སྟོང་དང་(ཡང་ཁ་ཅིག་) ཆད་སྟོང་ལས་འདོད་པ་དགག །(འོ་ན་)ཕྱག་རྒྱ་ཆེན་(པོ་ཇི་)མོའི་དབང་བསྐུར་ཐོབ་ཏུ་ངོས་ བཟུང༌། ལམ་(འོ་ན་)དབང་(བསྐུར་ནས་)བསྒོམས་པས་མཐོང་བའི་བདེ་སྟོང་དུ་བསྟན་པའོ། ། གསུམ་པ་ལ་གཉིས། ཡིད་ཆེས་པའི་(ཡང་ན་བྱང་ཆུབ་)རྐྱེན་གསུམ་ལྡན་པའི་ལམ་སྤྱིར་བསྟན། བྱེ་བྲག་ཏུ་བཤད་པའོ། །དེ་ལ་གསུམ། ཡིད་ཆེས་པའི་(དེ་ལ་)རྒྱུད་ཀྱི་རྐྱེན་དང༌། བླ་མའི་(དེ་ ལྟར་འཆད་)རྐྱེན་དང༌། (དེ་)རང་གི་རྐྱེན་(ནི་)འཛོམས་པའི་ལམ་བསྒོམས་ པས་ཕྱག་རྒྱ་ཆེན་ པོ་མཆོག་གི་དངོས་གྲུབ་ཐོབ་པར་བསྟན་པའོ།། །། མདོ་དང་རྒྱུད་འགྲེལ་མན་ངག་ཟབ་མོ་ལས། ། གསུངས་བཞིན་གསལ་སྡེབ་མན་ངག་གསལ་སྒྲོན་བཞི། ། བསྡུས་འགྲེལ་ཉུང་འདུས་དོན་གསལ་བྲིས་དགེ་དེས། ། མཐོང་ཐོས་ཀུན་ལ་དོན་བཞི་ངོ་འཕྲོད་ཤོག ། དཔལ་དུས་ཀྱི་འཁོར་ལོའོ་ངོ་སྤྲོད་བཞིའི་མན་ངག །རྗེས་གྲུབ་ཐོབ་ཆེན་པོ་ཡུ་མོས་ མཛད་པའི་གསལ་སྒྲོན་བཞིའི་ས་གཅོད་སྒྲོན་མ་གསལ་བྱེད་ཅེས་བྱ་བ་འདི་ནི། དཔལ་དུས་ ཀྱི་འཁོར་ལོའི་རྣལ་འབྱོར་པ། དཔལ་མི་བསྐྱོད་རྡོ་རྗེས། སྒྲུབ་གནས་བཟང་པོ། དཔལ་ ནགས་རྒྱལ་གྱི་དབེན་གནས། མཁའ་སྤྱོད་བདེ་ལྡན་དུ་བཀོད་པའོ།། །།ཞུས་སོ། །དགེའོ། ། མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ལ ༣༥༧ 2-1-112 ༄༅། །སྦྱོར་བ་ཡན་ལག་དྲུག་པ་དཔལ་ཤྭ་ རི་ནས་བརྒྱུད་པའི་གཞུང་ བཞུགས་སོ། ། ༄༅། །ན་མཿགུ་རུ་བྷྱཿ དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་དུས་ཀྱི་འཁོར་ལོ་ ལ་ཕྱག་འཚལ་ལོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་སྙིང་པོ། རྣལ་ འབྱོར་གྱི་དབང་ཕྱུག་རྣམས་ཀྱི་གསང་ཆེན་ནམ། ཐབས་ཀྱི་འཇུག་སྒོ། དུས་གསུམ་གྱི་བཅོམ་ ལྡན་འདས་རྡོ་རྗེ་འཆང་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག སྦྱོར་ བ་ཡན་ལག་དྲུག་པ་འདི་ལ་སྤྱི་དོན་གཉིས་ཏེ། གདམས་པ་སྤྱི་དོན་དང༌། གཞུང་དོན་ནོ། ། དང་པོ་ལ་གཉིས་ཏེ། བྱིན་རླབས་ཀྱི་ཆུ་རྒྱུན་ཞུགས་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་བར་མ་ ཆད་པར་བསྟན་པ་དང༌། དེ་ལྟར་གྲུབ་ཐོབ་བརྒྱུད་པའི་གདམས་ངག་བླང་ལུགས་བསྟན་པའོ། ། དེའི་དང་པོ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། རྣལ་འབྱོར་གྱི་དབང་ཕྱུག་ དཔལ་ཤྭ་བ་རི་པ་ལ་དངོས་སུ་གསུངས། དེ་ལ་བླ་མ་བི་བྷུ་ཏི་ཙནྡྲས་གསན་པ་ནི། བླ་མ་ཉིད་ བལ་ཡུལ་ཐང་བྷེ་ཧ་རི་ན་བཞུགས་པའི་དུས་སུ། རྒྱ་གར་ནས་བྱོན་པའི་རྣལ་འབྱོར་པ་རྣ་ བ་ལ་རི་དྭགས་ཀྲི་ཎ་ས་ལེའི་རྭ་བཙུགས་པ། དེའི་ལྤགས་པས་སྐུ་སྨད་དཀྲིས་པ། རས་ཀྱི་ འགའ་ཆར་ཐབས་སུ་བསྣམས་པ། ལང་ཚོ་དར་ལ་བབ་པ་ཅིག་བྱོན་ནས་འདིར་ཞག་འགའ་ སྡོད་པ་ཡིན་གསུང༌། དེར་སྒྲ་སློབ་ཏུ་བཅུག་པའི་བྲང་ཁང་དུ་བཞུགས་པས་སྒྲ་སློབ་པ་རྣམས་ 2-1-113 ན་རེ། རྣལ་འབྱོར་པ་འདི་ངོ་མཚར་ཅན་ཅིག་གདའ་ཟེར་བས། བླ་མ་པས་སྤྱན་དྲངས་ཏེ་ ཆོས་ཀྱི་གསུང་གླེང་མཛད་པས། གང་ཞུས་པ་ཐམས་ཅད་ཤར་ཤར་བྱུང་བས། དཔལ་ཤྭ་བ་ རི་པ་ཡིན་པར་མཁྱེན་ཏེ། ཡིན་ནམ་ཞུས་པས་ཡིན་གསུང་བ་དང༌། དེར་ཚོགས་ཀྱི་འཁོར་ལོ་ བསྐོར། མཎྜལ་ཕུལ་ནས་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་པོ་ལམ་ཐམས་ཅད་ཀྱི་མཆོག་གཅིག་ ཞུ་ཞུས་པས། སྦྱོར་བ་ཡན་ལག་དྲུག་གི་གདམས་པ་རྫོགས་པར་གནང་ནས། ད་ང་འགྲོ་ གསུང༌། ཁྱེད་གར་གཤེགས་ཞུས་པས། ནུབ་ཕྱོགས་ཁ་ཆེར་འགྲོ། གདུལ་བྱ་ལས་ཅན་ཡོད། དེ་ནས་དཔལ་གྱི་རི་ལ་འགྲོ་གསུངས་ནས་གཤེགས་སོ། །ཐང་བྷེ་ཧ་རིར་ཞག་ཉི་ཤུ་རྩ་གཉིས་ བཞུགས་སྐད་དོ། །བླ་མ་བི་བྷུ་ཏི་ཙནྡྲ་ནི་རྒྱ་གར་ཡུལ་ཤར་ཕྱོགས་ནཱ་ལེནྡྲ་པ། དགོས་ཛ་གྷ་དྷ་ ར་པ་ཡིན་ཞིང༌། རིགས་རྒྱལ་རིགས་མང་པོས་བསྐུར་བའི་སྡེ་ལས་རབ་ཏུ་བྱུང་བ། སྤྱིར་རིག་ པའི་གནས་ལྔ་ལ་མཁས་ཤིང༌། ཁྱད་པར་དུ་གསང་སྔགས་ལ་མཁས་པ། ཐོག་མར་འཇམ་ དཔལ་དང༌། འཁོར་ལོ་སྡོམ་པ་ལ་སོགས་པ་ཐུགས་དམ་གྱི་ལྷ་ཚོགས་དུ་མ་ཞལ་གཟིགས་ ཤིང༌། ལུང་བསྟན་ཐོབ་པ། རི་ཁྲོད་དབང་ཕྱུག་ལ་སོགས་པ་གྲུབ་ཐོབ་དུ་མ་ལ་གདམས་པ་ ཐོབ་པ། ཡོན་ཏན་གྱི་ཚོགས་བརྗོད་ཀྱིས་མི་ལང་བ་མངའ་བ་དེ་ལ། བླ་མ་དཔྱལ་དོན་ཡོད་ བཟང་པོས་ཞུ་བ་པོ་མཛད་ནས། ལྷོ་པ་ཚུལ་གཞོན་དང༌། མར་སྟོན་གཡང་འབར་དང༌། ཆོས་ སྐུ་འོད་ཟེར་ལ་སོགས་པ་བདུན་ལ་གནང༌། བླ་མ་མར་སྟོན་ལ་རྣལ་འབྱོར་སེང་གེ་འབུམ་ གྱིས་ཞུས། སེང་འབུམ་དང༌། ཆོས་སྐུ་འོད་ཟེར་གཉིས་ཀ་ལ་དཔལ་མི་བསྐྱོད་རྡོ་རྗེས་ཞུས་ པས་གནང་བ་ལགས་སོ། ། གཉིས་པ་གདམས་པ་ཉམས་སུ་བླང་བ་ལ་སྤྱི་དོན་གསུམ། གང་གིས་ཉམས་སུ་ལེན་ པའི་གང་ཟག་གི་མཚན་ཉིད་དང༌། གང་དུ་ཉམས་སུ་བླང་བ་གནས་ཀྱི་མཚན་ཉིད། དེ་ཇི་ ལྟར་ཉམས་སུ་ལེན་པའི་ཚུལ་བསྟན་པའོ། ། 2-1-114 དང་པོ་ནི། རྟོག་པའི་དྲ་བ་བསྐྱེད་རིམ་ལ་མ་ཆགས་ཤིང༌། འདི་ཉིད་ལ་མཆོག་གི་དངོས་ གྲུབ་ཐོབ་པར་འདོད་པའི་བརྩོན་འགྲུས་ཅན་དང༌། སྡོམ་པ་གསུམ་དང་ལྡན་པ་དང༌། བླ་མ་ དང་རྡོ་རྗེ་འཆང་གི་རྒྱུད་ལ་མངོན་པར་དད་པ་གསུམ་དང་ལྡན་པའོ། །དེ་ཡང་རྒྱུད་ལས། དད་ དང་ངེས་དང་བསྟན་དང་ལྡན་པའི་མིས། །སྒྲུབ་ཐབས་དྲུག་བཤད་ཉམས་སུ་བླངས་གྱུར་ན། ། མི་དེས་བདེ་བ་ངེས་པར་ཐོབ་ཞེས་གསུངས་སོ། ། གཉིས་པ་གནས་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། དང་པོ་ནི། གནོད་སྦྱིན་དང་ གཅན་ཟན་ཁྲོ་བོ་དང༌། མི་དང་མི་མ་ཡིན་པའི་གཡེང་འཚེ་མེད་པ། མཐུན་རྐྱེན་འཛོམ་པ། ཡོ་ བྱད་སྒྲུབ་བླ་བ། གསང་སྔགས་སྒྲུབ་པའི་གནས་སུ་བསྔགས་པ་དུར་ཁྲོད་ལ་སོགས་པའོ། ། གཉིས་པ་ཐུན་མོང་མ་ཡིན་པ་ནི། མཚན་མོ་དང༌། ཉིན་མོའི་གནས་སོ། །དང་པོ་ནི། དབེན་ཁང་རང་བཞིན་གྱིས་མུན་པ་གནག་པ་རྡོ་རྗེ་གདན་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་སྒྲུབ་ཁང་ (དཔལ་ཤྭ་ཝ་རི་དབང་ཕྱུག་གིས་གཟིགས་གསུང་གསུང་ངོ་)ལྟ་བུ་ཕུག་གསུམ་རིམ་དང་ལྡན་པའམ། མདོར་ན་སྣང་བ་འབྱུང་བའི་བུག་པ་ཁབ་མིག་ཙམ་ཡང་མེད་པའོ། །ཉིན་མོ་ནི། རིའི་རྩེ་མོ་ལ་ སོགས་ས་ཕྱོགས་དབེན་པར་རང་གི་ལས་གཞན་གྱིས་མི་མཐོང་ཙམ་སྐྱོར་བའོ། ། གསུམ་པ་ཉམས་སུ་བླང་ཚུལ་ལའང་གསུམ། སྔོན་འགྲོ། དངོས་གཞི། རྗེས་དང་ གསུམ་མོ། །སྔོན་འགྲོ་ནི་ལེ་ལོ་དང༌། གཡེང་བས་མི་འཁྱེར་བར་བརྩོན་འགྲུས་ཀྱིས་འཇུག་ པའི་གནད། འཁོར་བ་ལ་སྐྱོ་བ་བསྐྱེད་ཅིང༌། འཆི་བ་མི་རྟག་པ་དང༌། དལ་འབྱོར་རྙེད་པར་ དཀའ་བ་སྒོམ་པ་དང༌། བསོད་ནམས་ཀྱི་ཚོགས་རྫོགས་པའི་གནད། བླ་མ་དང་རྡོ་རྗེ་སྤུན་ལ་ ཚོགས་ཀྱི་འཁོར་ལོ་བསྐོར་བ་དང༌། བྱིན་རླབས་མྱུར་དུ་འཇུག་པའི་གནད་མཎྜལ་འབུལ་ཞིང་ གསོལ་བ་སྒོ་གསུམ་གུས་པས་གདབ་པ་དང༌། གང་བྱས་ཐར་པའི་ལམ་དུ་འགྲོ་བའི་གནད་ཅི་ བྱེད་སེམས་བསྐྱེད་ཀྱིས་ཟིན་པར་བྱ་བ་དང༌། བར་ཆད་ཀྱིས་མི་ཚུགས་ཤིང་མྱུར་དུ་ཡེ་ཤེས་ 2-1-115 སྐྱེ་བའི་གནད། ཡི་དམ་བསྐྱེད་རིམ་དང༌། བླ་མ་དྲན་རྫོགས་སུ་སྒོམ་པའོ། ། དངོས་གཞི་ཕྱག་རྒྱ་ཆེན་པོ་སྒོམ་པ་ནི། གདམས་ངག་དཀྱུས་སུ་ཤེས་པས་བྱའོ། །རྗེས་ ལ། བསྔོ་བ་དང༌། སྨོན་ལམ་རྣམ་དག་རྒྱ་ཆེན་གདབ་པ་གལ་ཆེའོ། །མདོར་ན་ལྟ་བ་འདི་ཉིད་ བསྐྱང་ཞིང༌། འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་མི་སྤྲོ་བར། སེམས་ལྷོད་གློད་ནས་བཞག་གོ། གཉིས་པ་གདམས་ངག་གི་གཞུང་བཀྲོལ་བ་ལ་གསུམ་སྟེ། གདམས་ངག་གི་མཚན་དོན་ བསྟན་པ། མཚན་ཅན་གཞུང་བཤད་པ། གཞུང་ཡོངས་སུ་རྫོགས་པའི་བྱ་བའོ། ། དང་པོ་ལ་གཉིས་ཏེ། མཚན་དོན་དངོས་དང༌། མཚན་ཅན་གཞུང་ཕྱག་འཚལ་བའོ། ། གཉིས་པ་ལ་གསུམ། མཆོད་པར་བརྗོད་དེ་བཤད་པར་དམ་བཅའ་བ། དམ་བཅས་པ་མན་ ངག་ཉམས་སུ་བླང་བ། གདམ་ངག་རྫོགས་པའི་རྗེས་ཀྱི་བྱ་བའོ། ། གཉིས་པ་ལ་གསུམ་སྟེ། འགྲེལ་པའི་དཀྱུས་ན་གསལ་བར་སྣང་ངོ༌། ། ༈ ཤྭ་བ་རིའི་གཞུང་བཞུགས། ༄༅། །རྒྱ་གར་སྐད་དུ། ཡོ་ག་ཥཊ་ཨཾ་ག་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་ དྲུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སོ་སོར་གཅོད་དང་ བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། ། རྣལ་འབྱོར་ཡན་ལག་དྲུག་ཏུ་གསུངས། །མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ ཆུད་གྱུར་པ། །ཕྱི་ནང་རྟོག་འགགས་རྟགས་འབྱུང་བ། །སོ་སོར་གཅོད་པའི་ཡན་ལག་ཡིན། ། རྟགས་རྣམས་བརྟན་པར་གྱུར་པ་ལ། །ཤེས་རབ་རྟོག་དཔྱོད་དགའ་བདེ་དང༌། །རྩེ་གཅིག་ 2-1-116 མི་གཡོ་རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་ཡིན། །རླུང་བཅུ་དབུ་མར་ཆུད་གྱུར་ པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང༌། །རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་གྱི་ནི་ ཡན་ལག་གོ། སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡི། །ཧཾ་ གི་ཐིག་ལེར་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་གོ། རླུང་སེམས་ཐིག་ལེར་ཟིན་སྟོབས་ ཀྱིས། །གཏུམ་མོའི་མེ་འོད་སྣང་བ་དང༌། །བདེ་དྲོད་ཁྱད་པར་ཅན་འབྱུང་བ། །རྗེས་སུ་དྲན་ པའི་ཡན་ལག་ཡིན། །རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། ། སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང༌། །དེ་ནང་འགྲོ་དྲུག་ལ་སོགས་ དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་ བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིར་པའོ། ། རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ཤྭ་བ་རི་དབང་ཕྱུག་གིས། མཧཱ་པཎྜི་ཏ་བི་བྷུ་ ཏི་ཙནྡྲ་ལ་གསུངས་པའོ། །དེས་སྒྲ་རང་བསྒྱུར་དུ་གསུངས་པའོ།། །། ༈ རྒྱ་གར་སྐད་དུ། ཡོ་ག་ཥཊ་ཨཾ་ག་བྲྀ་ཏི་ཧྲི་ད་ཡ་ལ་གྷུ་ནཱ་མ། བོད་སྐད་དུ། རྣལ་འབྱོར་ ཡན་ལག་དྲུག་པའི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ ཕྱག་འཚལ་ལོ། ། རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། །རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །ཞེས་པས་ མཆོད་པར་བརྗོད་དེ། བཤད་པར་དམ་བཅས་པའི་མན་ངག་ཉམས་སུ་བླང་བ་ལ། མདོར་ བསྟན་དང༌། རྒྱས་བཤད་གཉིས་ལས། མདོར་བསྟན་ནི། དབང་པོ་ལྔ་ཡུལ་ལྔ་ལ་སོ་སོར་འཛིན་པའི་རྣམ་པར་རྟོག་པ་གཅོད་པ་ དང༌། དུ་བ་ལྟ་བུ་ལ་སོགས་པའི་སྣ་ཚོགས་སྟོང་གཟུགས་མཐོང་བ་ལས་བསམ་པ་གཞན་དུ་ མི་གཡོ་བར་བརྟན་པ་དང༌། སྲོག་རླུང་གཡས་གཡོན་ནས་རྒྱུ་བ་རྩོལ་བས་འགོག་པས་དབུ་ 2-1-117 མའི་ཐིག་ལེར་ཆུད་པ་དང༌། རླུང་དབུ་མར་ཆུད་པ་དེ་ཀ་བཞིན་དུ་སྤྱི་གཙུག་གི་ཧཾ་གི་ཐིག་ ལེར་ཟིན་པའི་སྟོབས་ཀྱིས་བྱང་སེམས་ཞུ་བ་དུས་མེར་ཞུགས་པའི་གཏུམ་མོའི་མེ་ལྟེ་བར་ འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པ་དང༌། ཕྱག་རྒྱ་ཆེན་མོའི་སྟོང་གཟུགས་བསྟེན་པ་ལས་བྱུང་ བའི་འགྱུར་མེད་བདེ་སྟོང་གི་ཏིང་ངེ་འཛིན་ཏེ། དེ་ལྟར་ན་གཞི་སེམས་ཅན་གྱི་སེམས་ཉིད་ལ། ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྣམ་དག་གིས། འབྲས་བུ་རྟོག་མེད་ཡེ་ཤེས་ཀྱི་སྐུས་ དོན་མཛད་པའི་སངས་རྒྱས་སུ་འབྱོར་པར་བྱེད་པའི་ཐབས་མཆོག་ཡན་ལག་དྲུག་དཔལ་ དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་སོ། ། གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སོ་སོར་གཅོད་པ་ལ་གཉིས་ལས། སོ་སོར་གཅོད་པའི་དོན་ནི། མིག་ལ་སོགས་པའི་དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ ལྔ་མི་ལེན་པའོ། ། གཉིས་པ་ཐབས་ལ་གསུམ་ལས། དང་པོ་མཚན་མོའི་རྣལ་འབྱོར་སྒོམ་པ་ནི། དབེན་ཁང་ མཚན་ཉིད་དང་ལྡན་པར་སྟན་བདེ་བ་ལ་འདུག་སྟེ། མི་གཡོ་བ་ནི་གསུམ་ལྡན་གྱིས། །བསྒོམ་ པ་ནི། དེ་ལ་ལུས་མི་གཡོ་བར་བཞག་པ་ནི། (བྱེད་པ་ལྔ་ནི། )རྐང་པ་སྐྱིལ་ཀྲུང་བཅའ། སྒལ་ ཚིགས་དྲང་པོར་བསྲང༌། ལག་པ་གཉིས་ཁུ་ཚུར་བརླ་སྟེང་བཞག མགྲིན་པ་ཅུང་ཟད་སྒུ་བར་ བྱ། མིག་མི་འཛུམས་པར་མདུན་གྱི་ནམ་མཁར་ཧྲེག་གེ་བ་སྣའི་སྒོ་ནས་སོར་བཅུ་གཉིས་སམ་ བཅུ་དྲུག་གི་ཐད་དུ་ལུས་མི་གཡོ་མི་འགུལ་བར་བལྟ་བ་སྟེ། དེ་སྐད་དུ་ཡང༌། མིག་གཉིས་མ་ ཕྱེ་མ་བཙུམ་པས། །ཞེས་གསུངས་སོ། ། ངག་མི་གཡོ་བར་གཞག་པ་ནི། དབུགས་ཆེད་དུ་ུནང་དུ་མི་བཟུང༌། ཆེད་དུ་ཕྱིར་མི་ བཏང༌། རང་སོར་བཞག་གོ། དེ་ལྟར་བཞག་པས་རླུང་ནང་དུ་ཟིན་དྲགས་པའི་གེགས་སྟོད་དུ་ ཚ་བ་དང༌། སྨད་དུ་གྲང་བའི་གེགས་སྨད་དུ་གྲང་བའི་ནད་མི་འབྱུང་ངོ༌། ། 2-1-118 སེམས་མི་གཡོ་བར་བཞག་པ་ནི། སེམས་མ་བཅོས་པར་གཉུག་མའི་ངང་དུ་ཤེས་པ་ད་ ལྟ་བ་ལ་རྩེ་གཅིག་ཏུ་བཞག་པ་ཅི་ཡང་མི་སེམས་མི་མནོ་བར་ལྷོད་དེ་གློད་ནས་ཏིང་ངེ་འཛིན་ པའོ། །དེ་ལ་ཡང་གསུམ། དང་པོ་ཤེས་པ་ད་ལྟ་བ་འཛིན་མེད་དུ་བཞག་པ་ནི། ལུས་མི་གཡོ་མི་འགུལ་བར་མིག་ ཧྲིག་གེ་བཞག །ངག་མི་གཡོ་བར་སྨྲ་བརྗོད་དང་བྲལ་བར་བཞག །སེམས་འདས་པའི་རྗེས་ མི་གཅོད། མ་འོངས་པའི་སྔུན་མི་བསུ། ད་ལྟ་བ་ལ་རྩི་བགྲང་མི་བྱ་བར། གཉུག་མ་འཛིན་ མེད་དུ་ས་ལེ་བཞག་པའི་ཏིང་ངེ་འཛིན་པའོ། །དེ་སྐད་དུ་ཡང༌། དང་པོ་ཐོག་མཐའ་དང་བྲལ་ ཞིང༌། །བར་མ་ཙམ་ཅིག་བསྟེན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང༌། །དེ་ལས་མཚན་མ་ བཅུ་འབྱུང་ངོ༌། །ཞེས་གསུངས་པས། དུས་གསུམ་བར་མ་རྟོག་མེད་དུ་བཞག་པ་སྤུན་གསུམ་ བར་མ་དང་འགྲོགས་པ་ལྟ་བུའི་མན་ངག་གོ། ཤེས་པ་རྩེ་གཅིག་ཏུ་བཞག་པ་ནི། ལུས་དང་ངག་མི་གཡོ་བ་སྔར་བཞིན་བཞག་ནས། ཡིད་མིག་རླུང་གསུམ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁའ་ལ་རྩེ་གཅིག་ཏུ་ཧྲིག་གེ་འཛིན་པ་ སྟེ། དེ་སྐད་དུ། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་བྱ། ། རྒྱལ་བའི་ཡོན་ཏན་ངེས་པར་འབྱུང༌། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། །ཅེས་གསུངས་ པས། དེ་ནི་རྣམ་ཤེས་སྒོ་གཅིག་ཏུ་སྟོད་ནས་བཞག་པ་སྤྲེའུ་སྒོ་གཅིག་ཏུ་བཏགས་པ་ལྟ་བུའི་ མན་ངག་གོ། སེམས་ཅི་ཡང་མི་སེམས་པར་བཞག་པ་སྔར་བཞིན་ལས། སེམས་ས་ལེ་འཛིན་མེད་ཅི་ ཡང་ཡིད་ལ་མི་བྱེད་པར་སྟོང་པའི་ངང་དུ་འཛིན་པ་སྟེ། དེ་སྐད་དུ། དངོས་མིན་དངོས་པོར་ བསྟེན་ནས་སུ། ། དངོས་པོ་དངོས་པོ་མིན་པར་བྱ། །སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་སེམས་ 2-1-119 པར་མི་བྱའོ། ། ཞེས་གསུངས་པ་དེ་ནི། ཅི་ཡང་མི་སེམས་པ་ལྷ་ཁང་གི་ལྡཻར་བཟོ་ལྟ་བུའི་མན་ངག་གོ། སེམས་ལྷོད་ནས་བཞག་པ་ནི། ལུས་ངག་མི་གཡོ་བ་སྔར་བཞིན་ལ། སེམས་བཅས་ བཅོས་དང་ཕྲལ་བའི་ངང་དུ་ཁོང་ལྷོད་ནས་གང་དུ་ཡང་མི་རྟོག་པར་མ་ཡེངས་པར་ཏིང་ངེ་ འཛིན་པའོ། །དེ་སྐད་དུ་ཡང༌། བཅིངས་ན་ཕྱོགས་བཅུར་རྒྱུགས་ནས་འགྲོ། །བཀྲོལ་ན་གཡོ་ མེད་གནས་པ་ལྟར། །མཛའ་མོ་དག་གིས་རྔ་མོ་མཐོང༌། །བདག་ལ་ཕྱིན་ཅི་ལོག་པར་སྣང༌། ། ཞེས་གསུངས་པས། དེ་ནི་སེམས་ལྷོད་ན་རང་གྲོལ་དུ་གནས་པ་རྔ་མོ་དཀྲོལ་བ་ལྟ་བུའི་མན་ ངག་གོ། དེ་ལྟར་རྣམ་རྟོག་གཅོད་པའི་མན་ངག་བཞི་པོ་ལ་མ་ཡེངས་པར་ཏིང་ངེ་འཛིན་པའོ། །དེ་ ནི་ཤིན་ཏུ་ཡང་གཅེས་ཏེ། ཡུམ་ལས། སེམས་ཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ན། གཞན་གྱི་དོན་ལྟ་ཅི་སྨོས། སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི། དུས་གསུམ་སངས་རྒྱས་ ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། །དེ་ལྟར་མི་གཡོ་བ་གསུམ་ལྡན་དུ་བསྒོམས་པས། དུ་བ་ལྟ་བུའི་ཏིང་ངེ་འཛིན་ལ་སོགས་པ་རྟགས་བཅུ་ཐུན་གཅིག་ལ་ཡང་འབྱུང་བར་གསུངས་ ཏེ། དེ་ཀའི་ངང་ལ་མི་གཡོ་བ་གསུམ་དང་མ་བྲལ་བར་ཉམས་སུ་བླངས་ན། རྟགས་བཅུ་ རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་རྣམས་ཞག་གཅིག་ལའང་འབྱུང་སྟེ། དེ་སྐད་དུ་ཡང༌། བསམ་པ་ཐམས་ཅད་རྣམ་སྤངས་ནས། །ཉི་མ་གཅིག་ནི་རྟག་པར་གྱིས། །དེ་ལ་ཡིད་ཆེས་མ་ བྱུང་ན། །དེ་ནི་ང་ཡིས་རྫུན་སྨྲས་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་དམ་བཅའ་བ་མཛད་པ་ ནི། འདི་ལྟ་བུ་མ་ཡིན་པ་རྣམ་རྟོག་གི་འཁོར་ལོ་སྒོམ་པ་ནི་ཉིན་ཞག་གཅིག་ལ་རྟགས་འབྱུང་ བ་མ་ཡིན་ནོ། ། ༈ དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམ་པ་ནི། མཚན་མོའི་རྟགས་རྣམས་རྫོགས་པར་ 2-1-120 མཐོང་ནས། དབེན་གནས་མཚན་ཉིད་དང་ལྡན་པར་སྟན་བདེ་བ་ལ་འདུག་སྟེ། སྔ་དྲཽ་དང་ཕྱི་ དྲཽ་ཉི་མ་ལ་རྒྱབ་བསྟན་ནས། རང་འདིར་ཡོད་པ་ལ་མི་ལྟ། ཡུལ་གཞན་ན་འདུག་པ་ལ་མི་ལྟ་ བར་སྤྲིན་མེད་ནམ་མཁའ་དྭངས་པའམ། བར་སྣང་དུ་ལྟ་སྟེ། མི་གཡོ་བ་གསུམ་དང་ལྡན་པ་ སྔར་བཞིན་བསྒོམ་པར་བྱའོ། །ཉིན་གུང་མིག་ལ་གནོད་པས་མི་སྒོམ་མོ། །དེས་ན་དབེན་པ་ གསུམ་ལ་གནས་པར་བྱའོ། ། ༈ གཉིས་པ་(གསུམ་སུ་ཟེར་)བསྒོམས་པས་མཐོང་བའི་རྟགས་ནི། དེ་ལྟར་བསྒོམས་པས་ ཨ་བ་དྷཱུ་ཏཱིར་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་སྡུད་རིམ་གྱིས་རྒྱུ་བ་ལྔ་དང༌། གཡོན་ ནས་ནམ་མཁའ་རླུང་མེ་ཆུ་སའི་རླུང་བསྐྱེད་རིམ་གྱིས་རྒྱུ་བ་ལྔ་སྟེ། རླུང་བཅུ་རང་ཤུགས་ཀྱིས་ ཆུད་པར་གྱུར་པས། ཕྱི་གཟུང་བ་ཡུལ་གྱི་རྟོག་པ་དང༌། ནང་འཛིན་པ་སེམས་ཀྱི་རྟོག་པ་ཕྲ་ རགས་ཅི་རིགས་པར་འགག་སྟེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པའི་ཚེ། མཚན་ མོའི་རྣལ་འབྱོར་གྱི་ངེས་པའི་རྟགས། དུ་བ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་ུདང༌། སྲིན་བུ་མེ་ཁྱེར་ལྟ་ བུ་དང༌། མར་མེ་ལྟ་བུ་དང༌། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་རྣམས་མཐོང་བའོ། །ཉིན་མོའི་ རྣལ་འབྱོར་གྱིས་ངེས་པའི་རྟགས། འབར་བ་ལྟ་བུ་དང༌། ཟླ་བ་ལྟ་བུ་དང༌། ཉི་མ་ལྟ་བུ་དང༌། ར་ཧུ་ལའི་དཀྱིལ་འཁོར་ལྟ་བུ་དང། གློག་ལྟ་བུ་རྣམས་མཐོང་བའོ། ། དེ་ལྟར་རྟགས་ཅན་ཡེ་ཤེས་ཀྱི་ཐིག་ལེ་ལྗང་ཁུ་དང༌། ཐིག་ལེ་ནག་པོ་རིན་པོ་ཆེའི་སྣང་བ་ ལྟ་བུ་འབྱུང་ངོ༌། །དེ་ལྟར་ཡང་དང་ཡང་དུ་བསྒོམས་པས། ཐིག་ལེ་སྣ་ཚོགས་སྟོང་གཟུགས་སུ་ མཐོང་བ་ནི། དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་འབྱུང་བ། །སོ་ སོར་གཅོད་པའི་ཡན་ལག་གོ། ཞེས་དང༌། དེ་སྐད་དུ། སེམས་ནི་གཡོ་བ་མེད་བྱས་ནས། །དུ་ བ་ལ་སོགས་བསྒོམ་པར་བྱ། །ཞེས་པའོ། ། ༈ གསུམ་པ་སྒོམ་གྱི་གེགས་བྱིང་རྒོད་སྤང་བ་ནི། རྒྱུད་ལས། བཀྲེས་པ་དང་ནི་གཉིད་ 2-1-121 དང་ངལ་བ་དང༌། །དབང་ཕྱུག་དང་ནི་ལོངས་སྤྱོད་ཡིད་ཆགས་དང༌། །ནོར་དང་བསྟོད་སྒྲ་ ཆོས་དང་རིགས་རྣམས་ཀུན། །མི་དེས་སྐྱོན་བཅུར་ཤེས་པར་བྱས་ལ་སྤང༌། །ཞེས་གསུངས་ པས། བྱིང་རྒོད་ཀྱི་རྒྱུ་མ་ལུས་པར་སྤངས་ལ་སྒོམ་མོ། །གལ་ཏེ་རྒོད་ན་རང་སྐད་ཅིག་གིས་ཡི་ དམ་གྱི་ལྷར་བསྐྱེད་པའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་མ་ལུས་པ་ ལ་ཕོག་པས་འོད་དུ་གྱུར། འོད་ཚུར་འདུས་པས་བདག་ལ་ཕོག་ཅིང་འོད་ཏུ་གྱུར་ཏེ། ཇེ་ཆུང་ ཇེ་ཕྲ་ལ་རིམ་གྱིས་འདུས་པས་སྟོང་པར་མོས་ཏེ། ལྟ་སྟངས་ཅུང་ཟད་སྨད་ལ་སྒོམ་མོ། །གལ་ ཏེ་བྱིང་ན་གདན་བདེ་བ་ལ་སྐྱིལ་ཀྲུང་བཅས་པའི་པུས་མོ་ལ་ལག་པ་གཉིས་འཇུས་ལ་རླུང་ཁ་ སྣ་ནས་ནར་དྲངས་ཏེ་ཐུབ་ཚད་དུ་བཟུང༌། མི་ཐུབ་པའི་དུས་སུ་ཁ་སྣ་གསུམ་ནས་དྲག་ཏུ་ཕུའོ། ། དེ་ལྟར་ཡང་ཡང་ལྟ་སྟངས་སྟོད་ལ་སྒོམ་མོ། ། ༈ གཉིས་པ་བསམ་གཏན་ལ་གཉིས་ལས། བསམ་གཏན་གྱི་ངོ་བོ་ནི། དུ་བ་ལ་སོགས་ ཀྱི་རྟགས་རྣམས་བརྟན་པར་མཐོང་བར་འགྱུར་བ་ལ། སེམས་གཞན་དུ་མི་འཕྲོ་བར་རྩེ་ གཅིག་ཏུ་བརྟན་པའོ། །ཐབས་ལ་དྲུག་ལས། ཤེས་རབ་ནི་སྟོང་པའི་གཟུགས་བརྙན་དེ་ཉིད་ སྣང་བའོ། །རྟོག་པ་ནི་དོན་དམ་གྱི་དངོས་པོར་འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པར་ བྱེད་པའོ། །དགའ་བ་ནི་སྟོང་པའི་གཟུགས་བརྙན་ལ་ཆགས་པའོ། །བདེ་བ་ནི་སྟོང་པའི་ གཟུགས་བརྙན་དང་ལྷན་ཅིག་པའི་སེམས་སོ། །རྩེ་གཅིག་པ་ནི་སྣ་ཚོགས་སྟོང་པ་ཉིད་ཀྱི་ གཟུགས་སྣང་བ་དེ་ཉིད་ལ་སེམས་མི་གཡོ་མི་ལྡེག་པར་རྟོག་མེད་དུ་གནས་པའོ། །དེ་བས། རྟགས་བཅུ་བརྟན་པར་གྱུར་པ་ལ། །ཤེས་རབ་རྟོག་སྤྱོད་དགའ་བདེ་དང༌། །རྩེ་གཅིག་མི་གཡོ་ རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་གོ། ཞེས་དང༌། དེ་སྐད་དུ། མཆོག་ཏུ་མི་འགྱུར་ བསྒོམས་པ་ཡིས། །དབུ་མ་ཡོངས་སུ་སྦྱང་བར་བྱ། །ཞེས་གསུངས་སོ། ། ༈ གསུམ་པ་སྲོག་རྩོལ་ལ་ཡང་གཉིས་ལས། སྲོག་རྩོལ་གྱི་དོན་ནི། རླུང་བཅུ་དབུ་མར་ 2-1-122 ཆུད་གྱུར་པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང༌། །ཞེས་པས། སྲོག་ནི་རླུང་ཕྱིར་རྒྱུ་བ་ཡིན་ ལ། རྩོལ་བ་ནི་འགོག་པ་སྟེ། གཡས་གཡོན་གྱི་རྒྱུ་བའི་རླུང་བཅུ་དབུ་མར་ཆུད་པས་གཅིག་ ཏུ་གྱུར་པའོ། །ཐབས་ནི། སྣ་ཚོགས་སྟོང་པའི་གཟུགས་བརྙན་ལ། མི་གཡོ་མ་ལྡེག་པར་ བསྒོམས་པས་རླུང་བཅུ་དབུ་མར་ཆུད་ནས་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་ བའི་འཁོར་ལོ་བཞིའི་ནང་ནས་རྒྱུ་བ་ན་བྱེད་པ་ནི། རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་ གྱི་ནི་ཡན་ལག་གོ། ཞེས་དང༌། དེ་སྐད་དུ། སྲོག་ནི་ཐིག་ལེར་གཞུག་པར་བྱ། །ཐིག་ལེ་འཁོར་ ལོ་རྣམས་རིམ་པས། །ཞེས་གསུངས་སོ། ། ༈ བཞི་པ་འཛིན་པ་ལ་གཉིས་ལས། འཛིན་པའི་དོན་ནི། སྲོག་རླུང་དབུ་མའི་ཐིག་ལེའི་ ནང་ཆུད་པ་དེ་བརྟན་པར་འཛིན་པའོ། ། བཟུང་བར་བྱ་བའི་ཐབས་ནི། སྟོང་པ་ཉིད་ཀྱི་གཟུགས་བརྙན་ལ། འཛིན་པར་བྱེད་པའི་ སེམས་ཞུགས་པར་བསྒོམས་པས་རླུང་སེམས་སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོའི། ཧཾ་གི་ཐིག་ ལེར་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་གོ། དེ་སྐད་དུ། འཕོ་བ་རྡོ་རྗེ་བཀག་པ་ཡིས། ། མཚན་མ་འཁྲང་པོའི་རྣལ་འབྱོར་པ། །ཞེས་གསུངས་སོ། ། ༈ ལྔ་པ་རྗེས་དྲན་གྱི་ཡན་ལག་ལ་གཉིས་ལས། རྗེས་སུ་དྲན་པའི་དོན་ནི། ལྟོགས་ན་ ཟས་དང༌། སྐོམ་ན་བཏུང་བ་དྲན་པ་ལྟར། བདེ་བ་ཆེན་པོའི་ཐིག་ལེར་རླུང་སེམས་འདུས་པའི་ བྱང་སེམས་ཞུ་བ་དུས་མེར་ཞུགས་པས་ལྟེ་བར་གཏུམ་མོའི་མེ་འབར་བའི་རྗེས་སུ་ཕྱག་རྒྱ་ དྲན་པའོ། །ཐབས་ནི་སྟོང་པའི་གཟུགས་བརྙན་ལ་འཁྱུད་པའི་སེམས་ཏེ། རྣམ་པར་རྟོག་པ་ ཐམས་ཅད་དང་བྲལ་བར་བསྒོམས་པས། རླུང་སེམས་བདེ་ཆེན་འཁོར་ལོའི་ཧཾ་གི་ཐིག་ལེར་ ཟིན་པའི་སྟོབས་ཀྱིས་ལྟེ་བར་གཏུམ་མོའི་མེ་འབར་བའི་སྐུ་གཟུགས་དང༌། རང་ལ་འོད་ཀྱིས་ བསྐོར་བའི་སྣང་བ་དང༌། ལུས་ལ་བདེ་དྲོད་ཁྱད་པར་ཅན་འབྱུང་བ་ནི། རྗེས་སུ་དྲན་པའི་ཡན་ 2-1-123 ལག་ཡིན་ཏེ། དེ་སྐད་དུ། པད་མར་རྡོ་རྗེ་རབ་བཅུག་ནས། །གྱེན་དུ་བྱང་སེམས་རྒྱུན་དུ་བྱ། ། ཞེས་གསུངས་སོ། ། ༈ དྲུག་པ་ཏིང་ངེ་འཛིན་ལ་གཉིས་ལས། ཏིང་ངེ་འཛིན་གྱི་དོན་ནི། བཟུང་བའི་ཡུལ་སྣང་ སྟོང་དང༌། འཛིན་པའི་ཤེས་པ་གསལ་སྟོང་དང༌། ཉམས་སུ་མྱོང་བའི་ཚོར་བ་བདེ་སྟོང་ཟུང་ འཇུག་སེམས་རྩེ་གཅིག་ཏིང་ངེ་འཛིན་པའོ། ། ཐབས་ནི། མི་གཡོ་བ་གསུམ་ལྡན་གྱིས་བསྒོམས་པས་སོ་སོའི་རྟོག་པ་ཕྲ་རགས་ཅི་ རིགས་ཆོད་དེ། རླུང་དབུ་མར་ཆུད་པའི་རྟགས་བཅུ་རྫོགས་པར་མཐོང་བར་གྱུར་པ་ན། ཐིག་ ལེ་ལྗང་ཁུ་དང༌། ནག་པོ་ཆེན་པོ་ལ་སོགས་པའི་སྣང་བ་འབྱུང་ཞིང༌། དེ་ནས་འོད་ཟེར་གྱི་ཐིག་ ཕྲན་ཤིན་ཏུ་ཆ་ཕྲ་བ་སྣ་ཚོགས་དང་ལྡན་པའི་ཐིག་ལེ་ཆེན་པོ་དེ་ལ། རེ་ཁཱ་ནག་པོའི་ཐིག་ལེའི་ སྣང་བ་འབྱུང་ངོ༌། །དེའི་ནང་དུ་རགས་པ་འགྲོ་བ་རིགས་དྲུག་ལྟ་བུ་ལ་སོགས་པའི་གཟུགས་ བརྙན་སྣ་ཚོགས་པ་མཐོང་བ་དང༌། དེའི་དུས་སུ་གཞོམ་དུ་མེད་པའི་སྒྲ་སྙན་སྣ་ཚོགས་ཐོས་ པ་དང༌། དྲི་བཟང་པོ་སྣ་ཚོགས་བྲོ་བ་དང༌། རོ་བཟང་པོ་སྣ་ཚོགས་མྱང་བ་དང༌། རེག་བྱ་ ཁྱད་པར་ཅན་རེག་པ་འབྱུང་ཞིང༌། དུས་ཀྱི་རྩའི་ཐིག་ལེ་རེ་ཁཱ་ནག་པོའི་ནང་དུ། ཤིན་ཏུ་ཕྲ་ བའི་སྤྲུལ་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་མཐོང་བར་གྱུར་པ་དེ་ཉིད་ནི་སྣ་ཚོགས་ གཟུགས་བརྙན་འོད་གསལ་བ་ཡིན་ཞིང༌། ཕྱག་རྒྱ་ཆེན་པོ་ཡང་དེ་ཡིན་པར་ཕྱག་རྒྱ་ཆེན་པོ་ ཐིག་ལེའི་རྒྱུད་ལས། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །མི་ འགྱུར་བདེ་བ་བསྐྱེད་པ་པོ། །ཕྱག་རྒྱ་ཆེན་མོ་ཁྱོད་ལ་འདུད། །ཅེས་གསུངས་པས་སོ། །དབང་ བཞི་པའི་དོན་ཡང་དེ་ཡིན་པ་གསུངས་སོ། །དེའི་དུས་སུ་རྣལ་འབྱོར་པ་ལ་མཐོང་ལམ་རྣམ་ པར་མི་རྟོག་པའི་ཡེ་ཤེས་སྐྱེའོ། །གསུང་ངོ༌། །དེ་ལྟ་བུའི་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་སྣང་བ་སྣ་ ཚོགས་གཟུགས་བརྙན་འོད་གསལ་དོན་དམ་རྟག་བརྟན་བདེ་བ་ཆེན་པོ་དེ་དང༌། རྣལ་འབྱོར་ 2-1-124 པའི་སེམས་ཉིད་ཆོས་སྐུ་འོད་གསལ་བ་འདི་ནི་དབྱེར་མེད་གཅིག་ཏུ་གྱུར་པ་ན། ཏིང་འཛིན་ ཡན་ལག་མཐར་ཕྱིན་པའོ། །དེ་སྐད་དུ། ཕྱག་རྒྱ་ཆེ་ལ་རབ་འཁྱུད་པས། །རྡོ་རྗེ་འབེབས་པར་ བྱིན་གྱིས་བརླབས། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་མཆོག་ཏུ་མི་འགྱུར་བར། ། སྐད་ཅིག་གང་ལ་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔར་བདག་ཉིད་འགྱུར། །ཞེས་གསུངས་སོ། ། ༈ གསུམ་པ་དོན་བསྡུ་བ་ནི། སྦྱོར་བ་ཡན་ལག་དྲུག་ཉམས་སུ་ལེན་པའི་དུས་སུ། རིམ་ པ་བཞིན་བསླབ་མི་དགོས། དྲུག་ག་མི་གཡོ་བ་གསུམ་ལྡན་གྱིས་སྒོམ་མོ། །དེ་ཡང་མཚན་ མོའི་རྟགས་མ་རྫོགས་ཀྱི་བར་དུ་མཚན་མོའི་རྣལ་འབྱོར་སྒོམ། དེ་ནས་ཉིན་མོ། ཉིན་མོའི་ རྣལ་འབྱོར་སྒོམ། རྟགས་བཅུ་རྫོགས་ནས། མཚན་མོ། མཚན་མོའི་རྣལ་འབྱོར། ཉིན་མོ། ཉིན་མོའི་རྣལ་འབྱོར་སྒོམ། སྔར་བཞིན་རེ་མོས་སུ་བསྒོམས་ཀྱང་ཆོག་གསུང་ངོ༌། །དེ་ནས་ ཀྱང་རྟགས་བྱུངཙམ་ལ་ལྟོས་ནས་མི་བཞག་པར། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་པའི་བར་ དུ་རྒྱུན་མ་ཆད་པར་བསྒོམ་པར་བྱའོ། །གསུང་ངོ༌། ། དེ་ནས་གཉིས་པ་དེ་ལྟར་བསྒོམས་པའི་འབྲས་བུ་ནི། གནས་སྐབས་སུ་དེ་བཞིན་ གཤེགས་པའི་ཞལ་མཐོང་ཞིང༌། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་དང༌། མཐར་ཐུག་ དམིགས་པ་མེད་པའི་སྟོང་པ་ཉིད་དང་དམིགས་པ་དང་བཅས་པའི་བདེ་བ་ཆེན་པོ་ཟུང་དུ་ འཇུག་པ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་སྐུ་ལྔའམ། གཞི་དབྱེར་མེད་པའི་དང་པོའི་ སངས་རྒྱས། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ། རྣམ་གྲངས་མང་པོ་ཅན་གྱི་མཚན་ཅན་ ཐོབ་པར་གསུངས། གཞན་དོན་དུ་བསོད་ནམས་ཀྱི་ཚོགས་དང༌། སྨོན་ལམ་རྒྱ་ཆེན་པོ་ལས་ འཁྲུངས་པའི་སྐུ་གཉིས་ཀྱིས་འགྲོ་བའི་དོན་ཐམས་ཅད་མཆོག་ལ་བཀོད་ཀྱི་བར་དུ་མཛད་ པར་འགྱུར་རོ། །ཞེས་རྒྱུད་འགྲེལ་རྣམ་དག་རྣམས་ནས་གསུངས་སོ། །རྣལ་འབྱོར་ཞག་ཟླ་ལོ་ བསྒོམ་པས། །རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །རྣལ་འབྱོར་ཡན་ལག་དྲུག་གི་འགྲེལ་པ་སྙིང་ 2-1-125 པོ་བསྡུས་པ་ཞེས་བྱ་བ། སོ་སོར་གཅོད་ཀྱི་ལམ་ཡོངས་སུ་རྫོགས་པའི་དོན། སྤྲུལ་པའི་སྐུ་ཤྭ་ བ་རི་དབང་ཕྱུག་གིས། མཧཱ་པཎྜི་ཏ་བི་བྷུ་ཏི་ཙནྡྲ་ལ་གསུངས་པའི་གདམས་ངག་ཁ་འཐོར་ བ་རྣམས། དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། དཔལ་མི་བསྐྱོད་རྡོ་རྗེ་(ཀུན་སྤངས་ཆོས་ རྗེ་)ལ། སྣོད་ལྡན་རྣམས་ཀྱིས་བསྐུལ་བའི་དོན་དུ་ཕྱོགས་གཅིག་ཏུ་ཇོ་ནང་དུ་བཀོད་པའོ། ། སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག །ཞུས་དག ། མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ཀ ༢༩༢ 2-1-126 ༄༅། །ཤྭ་ཝ་རིའི་གཞུང་ཆུང་འགྲེལ་བ་དང་ བཅས་པ་བཞུགས། ༄༅། །རྒྱ་གར་སྐད་དུ། ཡོ་ག་ཥ་ཊ་ཨཾ་ག་ནཱ་མ། བོད་སྐད་དུ། རྣལ་འབྱོར་ཡན་ལག་ དྲུག་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སོ་སོར་གཅོད་དང་བསམ་ གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་ འབྱོར་ཡན་ལག་དྲུག་ཏུ་གསུངས། །མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་ གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་འབྱུང་བས། །སོ་སོར་གཅོད་པའི་ཡན་ལག་ཡིན། ། རྟགས་རྣམས་བརྟན་པར་མཐོང་གྱུར་ལ། །ཤེས་རབ་རྟོག་དཔྱོད་དགའ་བདེ་དང༌། །རྩེ་ གཅིག་མི་གཡོ་རྟོག་མེད་ནི། །བསམ་གཏན་གྱི་ནི་ཡན་ལག་གོ། རླུང་བཅུ་དབུ་མར་ཆུད་གྱུར་ པས། །འཁོར་ལོ་བཞི་ཡི་ཐིག་ལེའི་ནང༌། །རླུང་ཉིད་འགྲོ་འོང་བྱེད་པ་ནི། །སྲོག་རྩོལ་གྱི་ནི་ ཡན་ལག་ཡིན། །སྲོག་རླུང་ཐིག་ལེའི་ནང་ཆུད་པས། །རླུང་སེམས་བདེ་ཆེན་འཁོར་ལོ་ཡི། །ཧཾ་ གི་ཐིག་ལེར་ཟིན་པ་ནི། །འཛིན་པ་ཡི་ནི་ཡན་ལག་གོ། རླུང་སེམས་ཐིག་ལེར་ཟིན་སྟོབས་ ཀྱིས། །གཏུམ་མོའི་མེ་འོད་སྣང་བ་དང༌། །བདེ་དྲོད་ཁྱད་པར་ཅན་འབྱུང་བ། །རྗེས་སུ་དྲན་ པའི་ཡན་ལག་ཡིན། །རྟགས་བཅུ་རྫོགས་པར་གྱུར་པ་ན། །ཐིག་ལེ་ཆེན་པོའི་སྣང་བ་འབྱུང༌། ། སྣ་ཚོགས་ཐིག་ལེ་ཆེན་པོ་ལ། །རེ་ཁཱ་ནག་པོའི་རི་མོ་འབྱུང༌། །དེ་ནང་འགྲོ་དྲུག་ལ་སོགས་ དང༌། །ཤིན་ཏུ་ཕྲ་བའི་སྤྲུལ་སྐུ་དང༌། །ལོངས་སྐུ་དུ་མ་མཐོང་གྱུར་པ། །སྣ་ཚོགས་གཟུགས་ བརྙན་འོད་གསལ་ཡིན། །དེ་ལ་སེམས་ནི་ཐིམ་པ་ན། །ཏིང་འཛིན་ཡན་ལག་མཐར་ཕྱིན་པའོ། ། 2-1-127 རྣལ་འབྱོར་ཡན་ལག་དྲུག་པ་ཞེས་བྱ་བ། དཔལ་ཤྭ་ཝ་རི་དབང་ཕྱུག་གིས། པཎྜི་ཏ་མཧཱ་བི་བྷུ་ ཏ་ཙནྡྲ་ལ་གསུངས་པའོ། །དེས་སྒྲ་རང་འགྱུར་དུ་བསྒྱུར་ནས་ལྷོ་པ་ཚུལ་གཞོན་ལ་གསུངས་པ་ རྫོགས་སོ།། །། ༈ རྒྱ་གར་སྐད་དུ། ཡོ་ག་ཥཊ་ཨཾ་ག་བྲི་ཏི་ཧྲི་དྱ་ལ་གུ་ན་མ། བོད་སྐད་དུ། རྣལ་འབྱོར་ ཡན་ལག་དྲུག་གི་འགྲེལ་པ་སྙིང་པོ་བསྡུས་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་ འཚལ་ལོ། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ནས། རྣལ་འབྱོར་ཡན་ལག་དྲུག་བཤད་བྱ། །དེ་ ལྟར་མཆོད་བརྗོད་བཤད་པར་དམ་བཅས་ནས། དམ་བཅས་པའི་མན་ངག་ཉམས་སུ་བླང་བ་ ལ་གཉིས་ལས། དང་པོ་ཇི་ལྟར་ཉམས་སུ་བླངས་པའི་ཚུལ་ལའང་གསུམ་གྱི། མདོར་བསྟན་པ་ནི། དབང་ པོ་ལྔས་ཡུལ་ལྔ་སོ་སོར་འཛིན་པའི་རྟོག་པ་གཅོད་པ་དང༌། དུ་བ་ལྟ་བུ་ལ་སོགས་པའི་སྟོང་ གཟུགས་མཐོང་བ་ལས་བསམ་པ་གཞན་དུ་མི་གཡོ་བར་གཏན་པ་དང༌། སྲོག་རླུང་གཡས་ དང་གཡོན་དུ་རྒྱུ་བ་རྩོལ་བས་འགོག་པ་ལས་དབུ་མའི་ཐིག་ལེར་ཚུད་པ་དང༌། དེ་རླུང་དབུ་ མར་ཆུད་ནས་འཁོར་ལོ་བཞི་ལ་འགྲོ་འོང་བྱེད་བཞིན་དུ་སྤྱི་གཙུག་གི་ཧཾ་གི་ཐིག་ལེར་འཛིན་ པ་དང༌། རླུང་ཧཾ་གི་ཐིག་ལེར་ཟིན་པའི་སྟོབས་ཀྱིས་བྱང་སེམས་ཞུ་བ་དུས་མེར་ཞུགས་པའི་ གཏུམ་མོའི་ལྟེ་བར་འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པ་དང༌། ཕྱག་རྒྱ་ཆེན་པོའི་སྟོང་གཟུགས་ གཏན་པ་ལས་བྱུང་བའི་འགྱུར་མེད་བདེ་སྟོང་གི་ཏིང་ངེ་འཛིན་ཏེ། དེ་ལྟར་གཞི་སེམས་ཅན་ གྱི་སེམས་ནི་ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྣལ་མས་འབྲས་བུ་རྟོག་མེད་ཡེ་ཤེས་ ཀྱི་སྐུས་དོན་མཛད་པའི་སངས་རྒྱས་སུ་འབྱོར་པར་བྱེད་པའི་ཐབས་ཡན་ལག་དྲུག་ཏུ་དཔལ་ དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་གསུངས་པའོ། ། གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སོ་སོར་གཅོད་པ་ལ་གཉིས་ལས། 2-1-128 སོ་སོར་གཅོད་པའི་དོན་ནི། མིག་ལ་སོགས་པའི་དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ ལྔ་མི་ལེན་པའོ། ། ཐབས་ལ་གསུམ་ལས། དང་པོ་ཉིན་མཚན་གྱི་རྣལ་འབྱོར་བསྒོམ་པ་ལ་གཉིས་ལས། མཚན་མོའི་རྣལ་འབྱོར་སྒོམ་པ་ནི། དབེན་ཁང་མཚན་ཉིད་དང་ལྡན་པར་སྟན་བདེ་བ་ལ་ འདུག་སྟེ། མི་གཡོ་བ་གསུམ་ལྡན་གྱིས་བསྒོམ་པར་བྱ་སྟེ། དེ་ལ་ལུས་མི་གཡོ་བར་བཞག་པ་ ནི། རྐང་པ་སྐྱིལ་ཀྲུང་བཅའ། རྒལ་ཚིགས་དྲང་པོར་བསྲང༌། ལག་པ་གཉིས་པུས་མོའི་སྟེང་དུ་ བཀབ་པའམ། མཉམ་བཞག་གི་ཕྱག་རྒྱ་བཅའ། མགྲིན་པ་ཅུང་ཟད་རྒུ་བར་བྱས་པའི། ལུས་ མི་གཡོ་མི་འགུལ་བར་གནས་ནས་མིག་འབྱེད་འཛུམས་མི་བྱེད་པར་སོ་མར་བཞག་པའི་མིག་ འབྲས་མི་འགུལ་བར་ཧྲིག་གེ་སྣ་སྒོ་ནས་སོར་བཅུ་གཉིས་སམ་བཅུ་དྲུག་གི་ནམ་མཁའ་ལ་ བལྟ་སྟེ། དེ་སྐད་དུ། མིག་གཉིས་མ་ཕྱེ་མ་བཙུམ་པས། །ཞེས་གསུངས་སོ། ། ངག་མི་གཡོ་བར་བཞག་པ་ནི། དབུགས་ཆེད་དུ་ུནང་དུ་མི་བཟུང༌། ཆེད་དུ་ཕྱིར་མི་གཏང་ (འབྱུང་བ་དང་འཇུག་པ་ལའང་མི་བརྟག་)པར་རང་སོར་བཞག་གོ། དེ་ལྟར་བཞག་པས་རླུང་ནང་ དུ་ཟིན་དྲགས་པའི་གགས་ཚད་ནད་དང༌། ཕྱིར་གཏང་དྲགས་པའི་གགས་གྲང་ནད་མི་འབྱུང་ བའོ། །སེམས་མི་གཡོ་བར་བཞག་པ་ནི། སེམས་མ་བཅོས་གཉུག་མའི་ངང་དུ་ཤེས་པ་དང་ད་ ལྟ་བ་རྩེ་གཅིག་ཏུ་ཅི་ཡང་མི་སེམས་པར་བློ་ལྷོད་གླཽད་ནས་མ་ཡེངས་པར་ཏིང་ངེ་འཛིན་པ་དེ་ ལ་བཞི་ལས། ཤེས་པ་ད་ལྟ་བ་འཛིན་མེད་དུ་བཞག་པ་ནི། ལུས་མི་གཡོ་བར་མིག་ཧྲིག་གེ་ བཞག །ངག་མི་གཡོ་བར་སྔམ་པ་རང་སོར་བཞག །(བྱས་པ་དོན་མེད་ཡིན་པས་)སེམས་འདས་ པའི་རྗེས་མི་སྤྱད། (བྱེད་པ་ཟིན་མེད་ཡིན་པས་)མ་འོངས་པ(འི་)སྔུན་མི་བསུ། ད་ལྟ་བ་ལ་རྩི་ བགྲང་མི་བྱ་བར། ཤེས་པ་ད་ལྟ་བ་མ་བཅོས་གཉུག་མ་འཛིན་མེད་ཀྱི་ངང་དུ་མ་ཡེངས་པར་ ཏིང་ངེ་འཛིན་པ་སྟེ། དེ་སྐད་དུའང༌། དང་པོ་ཐོག་མཐའ་དང་བྲལ་ཞིང༌། །བར་མ་ཙམ་ཞིག་ 2-1-129 བསྟེན་པར་བྱ། །དེ་ལ་གནས་ཤིང་དེ་སྤོང་གང༌། །དེ་ལས་མཚན་མ་བཅུ་འབྱུང་ངོ༌། །ཞེས་ གསུངས་པའོ། །དེ་ནི་དུས་གསུམ་བར་མ་འཛིན་མེད་དུ་བཞག་པ་(སྟེ་དཔེར་ན་)སྤུན་གསུམ་ (གྱི་ཕུ་ནི་དང་མི་འགྲོག་པར་)བར་མ་དང་འགྲོགས་པ(ལྟ་བུ)འི་མན་ངག་གོ། ཤེས་པ་རྩེ་གཅིག་ཏུ་བཞག་པ་ནི། ལུས་ངག་མི་གཡོ་བ་སྔར་བཞིན་བཞག་ནས། ཡིད་ མིག་རླུང་གསུམ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁར་རྩེ་གཅིག་ཏུ་མ་ཡེངས་པར་ཏིང་ འཛིན་པ་སྟེ། དེ་སྐད་དུ། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་ མཉམ་བྱ། །རྒྱལ་བའི་ཡོན་ཏན་ངེས་པར་འབྱུང༌། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། ། ཅེས་གསུངས་སོ། ། དེ་ནི་རྣམ་ཤེས་(དབང་པོ་སྒོ་ལྔ་ལས་མིག་གི་)སྒོ(ར་རྩེ་)གཅིག་ཏུ་(བར་སྣང་དུ་)བཏོན་ནས་ བཞག་པ་(དཔེར་ན་ཁང་པ་སྒོ་ལྔ་ཡོད་པའི་)སྤྲེའུ་སྒོ་གཅིག་ཏུ་བཏགས་པ(ས་སྒོ་གཞན་དུ་མི་འགྲོ་ བ་)ལྟ་བུའི་མན་ངག་གོ། སེམས་ཅི་ཡང་མི་སེམས་པར་བཞག་པ་ནི། ལུས་ངག་མི་གཡོ་བར་ སྔར་བཞིན་བཞག་ནས། སེམས་མ་བཅོས་གཉུག་མའི་ངང་དུ་ཅི་ཡང་མི་སེམས་ཅི་ཡང་ཡིད་ ལ་མི་བྱེད་པར་མ་ཡེངས་པར་ཏིང་ངེ་འཛིན་པ་སྟེ། དེ་སྐད་དུའང༌། དངོས་(པོ་ཀུན་རྫོབ་རང་སྟོང་) མིན་(པའི་)དངོས་པོ་(སྟོང་པ་ཉིད་དུ་སོགས་)བསྟེན་ནས་སུ། །(ཕྱི་ནང་གི་)དངོས་པོ་(ཐམས་ཅད་) དངོས་པོ་མིན་(པ་རང་སྟོང་དུ་ཤེས་)པར་བྱ། །(རྣམ་ཤེས་རྟོག་པ་དང་བཅས་པའི་)སེམས་ནི་(དོན་དམ་ པའི་)སེམས་(ཉིད་)མིན་(པས་རྟོག་མེད་དུ་)བྱས་(དུ་བ་ལ་སོགས་བསྟེན་)ནས་སུ། (ཡིད་ལ་)། ཅི་ ཡང་སེམས་པར་མི་བྱའོ། །ཞེས་གསུངས་སོ། །དེ་ནི་ཅི་ཡང་མི་སེམས་པར་བཞག་པ་(དཔེར་ ན་)ལྷ་ཁང་གི་ལྡཻར་སོ་ལྟ་བུ(ཞལ་འཛུམ་མེ་སྤྱན་ཧྲིག་གེ་ཡོད་ཀྱང་ཅི་ཡང་མི་སྨྲ་ཅི་ཡང་མི་ སེམས་པ)འི་མན་ངག་གོ། སེམས་གློད་ནས་བཞག་པ་ནི། ལུས་ངག་མི་གཡོ་བ་སྔར་བཞིན་ བཞག་ནས། སེམས་མ་བཅོས་གཉུག་མའིན་ངང་དུ་ལྷོད་གློད་ནས། གང་དུ་ཡང་མི་རྟོག་པར་ 2-1-130 མ་ཡེངས་པར་ཏིང་ངེ་འཛིན་པ་སྟེ། དེ་སྐད་དུའང༌། (རྔ་མོ་)བཅིངས་ན་(མི་སྡོད་པར་)ཕྱོགས་ བཅུར་རྒྱུགས་ནས་འགྲོ། །བཀྲོལ་ན་གཡོ་(བ་)མེད་(པར་)གནས་པ་ལྟར། །མཛའ་མོ་(སྟེ་རིག་ མ་ལ་བོད་པ་)བདག་གིས་རྔ་མོ་(དེ་ལྟར་དུ་)མཐོང་(ངོ་)། །(དེ་བཞིན་དུ་སེམས་འདི་བཅིངས་དྲགས་ན་ འཕྲོས་ནས་འགྲོ་གློད་ན་གནས་པའི་)བདག་ལ་ཕྱིན་ཅི་ལོག་པར་སྣང༌། །ཞེས་གསུངས་སོ། ། དེ་ནི་སེམས་གློད་ནས་རང་གྲོལ་དུ་གནས་པ་རྔ་མོ་བཀྲོལ་བ་ལྟ་བུའི་མན་ངག་གོ། དེ་ ལྟར་རྟོག་པ་གཅོད་པའི་མན་ངག་བཞི་པོ་ཀུན་ལ་མ་ཡེངས་པར་ཏིང་ངེ་འཛིན་པ་ནི་ཤིན་ཏུ་ གཅེས་ཏེ། མདོ་ལས། སེམས་ཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ན། གཞན་གྱི་དོན་ ལྟ་སྨོས་ཀྱང་ཅི་དགོས། སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི། དུས་གསུམ་གྱི་སངས་རྒྱས་ ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། ། དེ་ལྟར་མི་གཡོ་བ་གསུམ་ལྡན་དུ་བསྒོམས་པས། དུ་བ་ལྟ་བུའི་རྟགས་ཐུན་གཅིག་ལ་ ཡང་འབྱུང་གསུང༌། དེའི་ངང་ལ་མི་གཡོ་བ་གསུམ་དང་མ་བྲལ་བར་རྟོག་པ་ཅུང་ཟད་ཀྱང་མ་ བྱུང་ན། སྨིག་རྒྱུ་ལྟ་བུའི་རྟགས་གཞན་རྣམས་ཀྱང་འབྱུང་སྟེ། དེ་སྐད་དུ། བསམ་པ་ཐམས་ཅད་ ཡོངས་སྤངས་ནས། །ཉིན་ཞག་གཅིག་ནི་བརྟག་པར་གྱིས། །དེ་ལ་ཡིད་ཆེས་<པའི་རྟག་མཐོང་ པ་>མ་བྱུང་ན། །དེ་ཚེ་<བཅོམ་ལྡན་འདས་>ང་ཡིས་ <སེམས་ཅན་ལ་>རྫུན་སྨྲས་ཡིན<ཞེས་ དབུ་སྙིང་བཞེས་པའོ>། །ཞེས་གསུངས་སོ། ། དེ་ནས་ཉིན་མོའི་རྣལ་འབྱོར་པ་ནི། མཚན་མོའི་རྟགས་རྣམས་རྫོགས་པར་མཐོང་ནས། དབེན་གནས་མཚན་ཉིད་དང་ལྡན་པར་ས་བདེ་བ་ལ་འདུག་སྟེ། སྔ་དྲོ་དང་ཕྱི་དྲོ་ཉི་མ་ལ་རྒྱབ་ བསྟན་ནས། རང་འདི་ན་ཡོད་པ་ལ་མི་ལྟ། ཡུལ་ཕ་གི་ན་ཡོད་པ་ལ་མི་ལྟ་བར། སྤྲིན་མེད་པའི་ ནམ་མཁའ་ཤིན་ཏུ་དངས་པའམ། (སྤྲིན་དང་བཅས་ན་)བར་སྣང་དུ་བལྟ་སྟེ། མི་གཡོ་བ་གསུམ་ དང་ལྡན་པས་སྔར་བཞིན་དུ་བསྒོམ་པར་བྱའོ། །ཉིན་གུང་མི་བསྒོམ་སྟེ། མིག་ལ་གནོད་པས་ 2-1-131 (གཞན་པའམ་ཡང་ན་བྱང་དུ་ཕྱོགས་པས་)སོ། །དེས་ན་སེམས་དབེན་པར་གནས་པར་བྱའོ། ། གཉིས་པ་བསྒོམས་པས་མཐོང་བའི་རྟགས་ནི། དེ་ལྟར་དུ་ཉིན་མཚན་གྱི་རྣལ་འབྱོར་ བསྒོམས་པས། ཨ་བ་དྷཱུ་ཏཱིར་གཡས་ནས་ས་ཆུ་མེ་རླུང་ནམ་མཁའི་རླུང་སྡུད་རིམ་གྱིས་རྒྱུ་བ་ ལྔ་དང༌། གཡོན་ནས་ནམ་མཁའ་རླུང་མེ་ཆུ་སའི་རླུང་བསྐྱེད་རིམ་གྱིས་རྒྱུ་བ་ལྔ་སྟེ། རླུང་བཅུ་ རང་ཤུགས་ཀྱིས་དབུ་མར་ཆུད་པར་གྱུར་པས། <ཐ་མལ་བའི་>ཕྱི་བཟུང་བ་ཡུལ་གྱི་རྟོག་པ་ དང༌། ནང་འཛིན་པ་སེམས་ཀྱི་རྟོག་པ་ཕྲ་རགས་ཅི་རིགས་པ་འགགས་ཏེ། རྣམ་པར་མི་རྟོག་ པའི་ཏིང་ངེ་འཛིན་སྐྱེས་པའི་ཚེ། མཚན་མོའི་རྣལ་འབྱོར་གྱིས་ངེས་པའི་རྟགས། དུ་བ་ལྟ་བུ་ དང༌། སྨིག་རྒྱུ་ལྟ་བུ་དང༌། སྲིན་བུ་མེ་ཁྱེར་ལྟ་བུ་དང༌། མར་མེ་ལྟ་བུ་དང༌། སྤྲིན་མེད་ནམ་ མཁའ་ལྟ་བུ་རྣམས་མཐོང་པ<མ་ངེས་པ་སྣ་ཚོགས་པ་མཐོང་སྲིད་པ>འོ། །ཉིན་མོའི་རྣལ་འབྱོར་ གྱི་ངེས་པའི་རྟགས་འབར་བ་ལྟ་བུ་དང༌། ཟླ་བ་ལྟ་བུ་དང༌། ཉི་མ་ལྟ་བུ་དང༌། ར་ཧུ་ལའི་དཀྱིལ་ འཁོར་ལྟ་བུ་དང༌། གློག་ལྟ་བུ་<མ་ངེས་པ་སྣ་ཚོགས་>མཐོང་བའོ། །(མ་ངེས་པ་ནི་ཉིན་མཚན་གཉིས་ ཀའང་སྣ་ཚོགས་སྟོང་གཟུགས་རྣམ་པ་གང་ཡང་འཆར་བའོ། །)དེ་ནས་རྟགས་ཅན་ཡེ་ཤེས་ཀྱི་ཐིག་ལེ་(ནི་ ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེར་རླུང་ཆུད་པས་)སྔོན་པོ་དང༌། (སྙིང་ག་ཐུགས་ཀྱི་)ཐིག་ལེ(ར་རླུང་ཆུད་པས་ཐིག་ ལེ་) ནག་པོ་ཆེན་པོའི་སྣང་བ་འབྱུང་ངོ༌། །དེ་ལྟར་ཡང་དང་ཡང་དུ་བསྒོམས་པས། (དཔྲལ་བར་ སྐུའི་ཐིག་ལེའི་རླུང་ཆུད་པས་)ཐིག་ལེར་སྣ་ཚོགས་སྟོང་<པའི་>གཟུགས་<སུ་>མཐོང་བ་ནི། སོ་སོར་རྟོག་པ་གཅོད་པའི་ཡན་ལག་གོ། དེ་སྐད་དུ། <གང་ལ་ཡང་>སེམས་ནི་(དངོས་པོ་གང་ ལ་ཡང་)གཡོ་བ་མེད་(པར་) བྱས་ནས། །དུ་བ་<ལྟ་བུ་>ལ་སོགས་<པའི་ལམ་>བསྒོམ་པར་ བྱ། །ཞེས་གསུངས་སོ། ། གསུམ་པ་བསྒོམ་གྱི་གགས་བྱིང་རྒོད་སྤང་བ་<ལ་གཉིས་ལས་བྱིང་བའི་རྒྱུ་>ནི། རྒྱུད་ལས། (བྱིང་བའི་རྒྱུ་)བཀྲེས་པ་<སྟེ་ལྟོགས་པ་>དང་ནི་གཉིད་ <དུ་སོང་བ་>དང་ངལ་<དུབ་དུ་སོང་ 2-1-132 བ་དང༌། །<དགོད་པའི་རྒྱུ་ནི་>(ཕྱི་ནང་གི་ནོར་ལ་སེར་སྣ་)དབང་ཕྱུག་(ཡིད་ཆགས་པ་)དང་ནི་ ལོངས་སྤྱོད་(ལ་)ཡིད་ཆགས་<པ་>དང༌། །ནོར་དང་ བསྟོད་སྒྲ(འི་སྙན་པ་དང་)ཆོས་ <བཤད་ ཉན་>དང་རིགས་(བཟང་པོ་)རྣམས་(ལ་སོགས་པ་)ཀུན། །མི་དེས་(ལམ་འདི་སྒོམ་པའི་) སྐྱོན་བཅུར་ཤེས་པར་བྱས་ལ་སྤང༌། །ཞེས་གསུངས་པས། བྱིང་རྒོད་ཀྱི་རྒྱུ་མ་ལུས་པ་ སྤངས་ལ་བསྒོམ་མོ། །གལ་ཏེ་བྱིང་ན་སྟན་བདེ་བ་ལ་འདུག་སྟེ། སྐྱིལ་ཀྲུང་བཅས་ཏེ། ལྟ་ སྟངས་སྟོད་ལག་པ་གཉིས་པུས་མོ་ལ་འཇུས་ནས་<དང་པོ་རླུང་རོ་བུས་ལ་>རླུང་ཁ་སྣ་གཉིས་ ནས་དྲག་ཏུ་དྲངས་ཏེ་ཐུབ་ཚད་བཟུང༌། མི་ཐུབ་པའི་དུས་སུ་ཁ་སྣ་གསུམ་ནས་དྲག་ཏུ་ཕུའོ། ། དེ་ལྟར་ཡང་དང་ཡང་དུ་བྱས་ཏེ་ལྟ་སྟངས་སྟོད་ལ་བསྒོམ་མོ། །གལ་ཏེ་རྒོད་ན་སྐད་ཅིག་གིས་ རང་ཡི་དམ་ལྷར་བསྒོམས་ཏེ། ཐུགས་ཀའི་ས་བོན་ལས་འོད་འཕྲོས་པས། སྣོད་བཅུད་མ་ལུས་ པ་ལ་ཕོག་པས་འོད་དུ་གྱུར། འོད་ཚུར་འདུས་རང་ལ་ཕོག་རང་ཡང་འོད་དུ་གྱུར། དེ་<ལ་ལོང་ ལ་ནས་བཏབ་པ་བཞིན་>ཇེ་ཆུང་ཇེ་ཆུང་ལས་རིམ་གྱིས་བསྡུས་ནས་སྟོང་པར་བསྒོམས་ཏེ། ལྟ་ སྟངས་སྨད་ལ་བསྒོམ་མོ། །དེ་ལྟར་ཡང་དང་ཡང་དུ་བྱས་པས་བྱིང་རྒོད་སེལ་བར་འགྱུར་རོ།། །། གཉིས་པ་བསམ་གཏན་ལ་གཉིས་ལས། བསམ་གཏན་གྱི་དོན་ནི། བསམ་པ་དུ་བ་ལ་ སོགས་པའི་རྟགས་རྣམས་བརྟན་པར་མཐོང་བར་གྱུར་པ་ལས། གཞན་དུ་མི་འཕྲོ་བར་རྩེ་ གཅིག་ཏུ་བརྟན་པའོ། །ཐབས་ལ་དྲུག་ལས། ཤེས་རབ་ནི་སྟོང་པའི་གཟུགས་བརྙན་དེ་ཉིད་ སྣང་བའོ། །རྟོག་པ་ནི་སྟོང་པའི་དངོས་པོ་འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པར་འབྱེད་ པའོ། །དགའ་བ་ནི་སྟོང་པའི་གཟུགས་བརྙན་ལ་<སེམས་>ཆགས་པའོ། །བདེ་བ་ནི་སྟོང་ པའི་གཟུགས་བརྙན་དང་ལྷན་ཅིག་པ<བདེ་བ>འི་སེམས་སོ། །རྩེ་གཅིག་པ་ནི་སྟོང་པའི་ གཟུགས་དེ་ཉིད་ལ་སེམས་མི་གཡོ་མི་ལྡེག་པར་བརྟན་པར་རྟོག་པ་མེད་པར་གནས་པའོ། ། 2-1-133 དེ་རྣམས་ནི་བསམ་གཏན་གྱི་ཡན་ལག་གོ། དེ་སྐད་དུ། (སྟོང་ཉིད་)མཆོག་ཏུ་མི་འགྱུར་(བའི་ སྣ་ཚོགས་སྟོང་གཟུགས་)བསྒོམ་པ་ཡིས། །<རྩ་>དབུ་མ་ཡོངས་སུ་<དག་པར་>སྦྱང་བར་བྱ། ། ཞེས་གསུངས་སོ།། །། གསུམ་པ་སྲོག་རྩོལ་ལ་གཉིས་ལས། སྲོག་རྩོལ་གྱི་དོན་ནི། སྲོག་ནི་རླུང་ཡིན་ལ། རྩོལ་ བ་ནི་འགོག་པ་སྟེ། གཡས་དང་གཡོན་ནས་རྒྱུ་བའི་རླུང་གི་དཀྱིལ་འཁོར་བཅུ་དབུ་མར་ཆུད་ པ་ལས་གཅིག་ཏུ་གྱུར་པའོ། །ཐབས་ནི། སྣ་ཚོགས་སྟོང་པ་ཉིད་ཀྱི་གཟུགས་ལས་སེམས་ མི་གཡོ་མི་ལྡེག་པར་བསྒོམས་པས། རླུང་བཅུ་དབུ་མར་ཆུད་ནས་ལྟེ་བ་དང༌། སྙིང་ག་དང༌། མགྲིན་པ་དང༌། དཔྲལ་བའི་འཁོར་ལོ་བཞིའི་ཐིག་ལེའི་ནང་ནས་རླུང་ཉིད་འགྲོ་འོང་བྱེད་པ་ ནི། སྲོག་རྩོལ་གྱི་ཡན་ལག་ཡིན་ཏེ། ཇི་སྐད་དུ། སྲོག་<རླུང་>ནི་ཐིག་ལེར་གཞུག་པར་བྱ། ། ཐིག་ལེ་<བཞི་>འཁོར་ལོ་རྣམ་རིམ་པས། ། ཞེས་གསུངས་སོ།། །། བཞི་པ་འཛིན་པ་ལ་གཉིས་ལས། འཛིན་པའི་དོན་ནི། སྲོག་རླུང་དབུ་མའི་ཐིག་ལེའི་ནང་ དུ་ཆུད་པར་གྱུར་པ་དེ་གཏན་པར་འཛིན་པའོ། །ཐབས་ནི། གཟུང་བར་བྱ་བ་སྟོང་པ་ཉིད་ཀྱི་ གཟུགས་བརྙན་ལ། འཛིན་པར་བྱེད་པའི་སེམས་ཞུགས་པར་བསྒོམས་པས། རླུང་སེམས་སྤྱི་ གཙུག་བདེ་ཆེན་གྱི་འཁོར་ལོ་ཡི་ཧཾ་གི་ཐིག་ལེར་ཟིན་པ་ནི། འཛིན་པ་ཡི་ནི་ཡན་ལག་གོ། དེ་ སྐད་དུ། འཕོ་བ་རྡོ་རྗེ<ནོར་བུ>ར་བཀག་པ་ཡིས། །མཚན་མ་འཕྲང་པོའི་རྣལ་འབྱོར་པས། ། ཞེས་གསུངས་སོ།། །། ལྔ་པ་རྗེས་སུ་དྲན་པ་ལ་གཉིས་ལས། རྗེས་སུ་དྲན་པའི་དོན་ནི། ལྟོགས་ན་ཟས་དང༌། སྐོམ་ན་བཏུང་བ་དྲན་པ་ལྟར། བདེ་བ་ཆེན་པོའི་ཐིག་ལེར་རླུང་སེམས་ཟིན་པས་ལྟེ་བར་(བྱང་ སེམས་ཞུ་བ་དུས་མེར་ཞུགས་པས་)གཏུམ་མོའི་མེ་འབར་བའི་རྗེས་སུ་ཕྱག་རྒྱ་དྲན་པའོ། །ཐབས་ 2-1-134 ནི། སྟོང་པའི་གཟུགས་བརྙན་ལ་འཁྱུད་པའི་སེམས་དེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ བར་བསྒོམས་པས། རླུང་སེམས་བདེ་ཆེན་འཁོར་ལོའི་ཧཾ་གི་ཐིག་ལེར་ཟིན་པའི་སྟོབས་ཀྱིས། ལྟེ་བར་གཏུམ་མོའི་མེ་འོད་འབར་བས། སྐུ་གཟུགས་དང་རང་ལ་འོད་ཀྱིས་བར་སྣང་བ་དང༌། ལུས་ལ་བདེ་དྲོད་ཁྱད་པར་ཅན་འབྱུང་བ་ནི། རྗེས་སུ་དྲན་པའི་ཡན་ལག་ཡིན་ཏེ། དེ་སྐད་དུ། <དམིགས་བཅས་སྣ་ཚོགས་སྟོང་གཟུགས་>པདྨར་<དམིགས་མེད་རང་རིག་འོད་གསལ་ལྟར་>རྡོ་རྗེ་ རབ་བཅུག་ནས། །གྱེན་དུ་<ཁམས་>བྱང་<ཆུབ་ཀྱི་>སེམས་རྒྱུན་དུ་བྱ། །ཞེས་སོ།། །། དྲུག་པ་ཏིང་ངེ་འཛིན་ལ་གཉིས་ལས། ཏིང་ངེ་འཛིན་གྱི་དོན་ནི། གཟུང་བའི་ཡུལ་སྣང་ སྟོང་དང༌། འཛིན་པའི་ཤེས་པའི་ཤེས་པ་གསལ་སྟོང་དང༌། ཉམས་སུ་མྱོང་བའི་ཚོར་བ་བདེ་ སྟོང༌། དབྱེར་མེད་ཟུང་འཇུག་ལ་སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་པའོ། །ཐབས་ནི། མི་གཡོ་ བ་གསུམ་ལྡན་གྱིས་བསྒོམས་པས། སོ་སོར་རྟོག་པ་ཅི་རིགས་པར་ཆོད་ནས། རླུང་བཅུ་དབུས་ སུ་ཆུད་པའི་རྟགས་བཅུ་རྫོགས་པ་མཐོང་བར་གྱུར་པ་ན། ཐིག་ལེ་ལྗང་ཁུ་དང་ནག་པོ་ཆེན་པོ་ ལ་སོགས་པའི་སྣང་བ་འབྱུང་ཞིང༌། <ཕྱིར་མཐོང་བ་>དེ་ནས་འོད་ཟེར་གྱི་ཐིག་ཕྲན་ཤིན་ཏུ་ ཆ་ཕྲ་བ་སྣ་ཚོགས་དང་ལྡན་པའི་ཐིག་ལེ་ཆེན་པོ་དེ་ལ། རེ་ཁ་ནག་པོའི་རི་མོ་རྣམ་པ་འབྱུང་ངོ༌། ། རེ་ཁ་དེའི་ནང་དུ་རགས་པ་འགྲོ་བ་རིགས་དྲུག་ལ་སོགས་པའི་གཟུགས་བརྙན་སྣ་ཚོགས་ པ་མཐོང་བ་དང༌། དེའི་དུས་སུ་གཞོམ་དུ་མེད་པའི་སྒྲ་སྙན་སྣ་ཚོགས་ཐོས་པ་དང༌། དུས་ཀྱི་ རྩའི་ཐིག་ལེའི་རེ་ཁ་ནག་པོའི་ནང་དུ་ཤིན་ཏུ་ཆ་ཕྲ་བའི་སྤྲུལ་སྐུ་དང༌། ལོངས་སྤྱོད་རྫོགས་ པའི་སྐུ་གཟུགས་དུ་མ་མཐོང་བར་གྱུར་པ། དེ་ཉིད་ནི་སྣ་ཚོགས་གཟུགས་བརྙན་འོད་གསལ་ བ་ཡིན་ཞིང༌། ཕྱག་རྒྱ་ཆེན་པོ་ཡང་དེ་ཡིན། དབང་བཞི་པའི་དོན་ཡང་དེ་ཡིན་ནོ། །དེ<མཐོང་ བ>འི་དུས་སུ་རྣལ་འབྱོར་པ་ལ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་གསུང་ངོ༌། །དེ་ ལྟ་བུའི་སྣང་བ་གཟུགས་སྐུ་འོད་གསལ་དེ་ལ། རྣལ་འབྱོར་པའི་སེམས་ཆོས་སྐུ་འོད་གསལ་ 2-1-135 ནི་ཐིམ་ནས་དབྱེར་མེད་དུ་གྱུར་པ་ན། ཏིང་ངེ་འཛིན་གྱི་ཡན་ལག་མཐར་ཕྱིན་པའོ། །དེ་སྐད་ དུའང༌། ཕྱག་རྒྱ་ཆེ(ན་མོ་དམིགས་བཅས་སྟོང་གཟུགས་)ལ་(རང་རིག་དམིགས་པ་མེད་པའི་སྙིང་རྗེ་)རབ་ འཁྱུད་པས། །རྡོ་རྗེ་འབེབས་པར་བྱིན་གྱིས་བརླབ། །སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་ བརྒྱ་མཆོག་ཏུ་མི་འགྱུར་བ། །སྐད་ཅིག་གང་ལ་རྒྱལ་པོ་ཀྱེ། །རྡོ་རྗེ་སེམས་དཔར་བདག་ཉིད་ འགྱུར། །ཞེས་གསུངས་སོ།། །། གསུམ་པ་དོན་བསྡུ་བ་ནི། སྦྱོར་བ་ཡན་ལག་དྲུག་ལག་ལེན་གྱི་དུས་སུ་རིམ་པ་བཞིན་དུ་ བསླབ་དགོས། དྲུག་ག་མི་གཡོ་བ་གསུམ་ལྡན་གྱིས་བསྒོམ་མོ། །དེ་ཡང་མཚན་མོའི་རྟགས་ མ་རྫོགས་ཀྱི་བར་དུ་མཚན་མོའི་རྣལ་འབྱོར་བསྒོམ། དེ་ནས་ཉིན་མོའི་རྣལ་འབྱོར་བསྒོམ། རྟགས་བཅུ་རྫོགས་པར་མཐོང་ནས་མཚན་མོའི་རྣལ་འབྱོར་བསྒོམ། ཉིན་མོ་ཉིན་མོའི་རྣལ་ འབྱོར་བསྒོམ་ཀྱང་ཆོག སྔར་བཞིན་རེ་མོས་སུ་བསྒོམས་ཀྱང་ཆོག་གསུང་དེ་ནས་རྟགས་བྱུང་ ཙམ་ལ་ལྟོས་ནས་མི་བཞག་པར་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུན་མ་ཆད་པར་ བསྒོམ་པར་བྱ་གསུང་ངོ༌། ། གཉིས་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ནི། གནས་སྐབས་སུ་དེ་བཞིན་ གཤེགས་པའི་ཞལ་མཐོང་ཞིང༌། ཚིག་གི་མཆོག་སྦྱིན་པ་ལ་སོགས་པ་དང༌། མཐར་ཐུག་ དམིགས་པ་དང་བཅས་པའི་སྟོང་པ་ཉིད་དང༌། དམིགས་པ་མེད་པའི་བདེ་བ་ཆེན་པོ་ཟུང་དུ་ ཆུད་པ། མི་འགྱུར་བའི་ཡེ་ཤེས་སྐུ་བཞི་དབྱེར་མེད་པའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ ལོ་ལ་སོགས་པའི་གོ་འཕང་མྱུར་དུ་ཐོབ་པར་གསུངས་སོ། །འགྲེལ་པ་མིག་འབྱེད་ལས། དེའི་ཕྱིར་ཏིང་ངེ་འཛིན་དག་པས་ན་ལུས་དང་ངག་དང་ཡིད་དང་ཡེ་ཤེས་དྲི་མ་མེད་པར་བྱས་ པ་ཡིན་ཏེ། རྣལ་འབྱོར་པ་དེས་ཉིན་ཞག་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གམ་ཟླ་བ་ ཕྱེད་དང་གཉིས་ཀྱི་ཉིན་མཚན་གྱིས་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ་མཆོག་གི་དངོས་གྲུབ་སྟེར་བར་ 2-1-136 འགྱུར་རོ། །ཞེས་གསུངས་སོ། །རྣལ་འབྱོར་ཞག་ཟླ་ལོ་བསྒོམས་པས། ། རྡོ་རྗེ་སེམས་དཔའི་ས་ཐོབ་ཤོག །རྣལ་འབྱོར་ཡན་ལག་དྲུག་པའི་འགྲེལ་པ་སྙིང་པོ་ བསྡུས་པ་ཞེས་བྱ་བ། སོ་སོར་གཅོད་ཀྱིས་ལམ་ཡོངས་སུ་རྫོགས་པའི་དོན། སྤྲུལ་པའི་སྐུ་ དཔལ་ཤྭ་ཝ་རི་དབང་ཕྱུག་གིས། པཎྜི་ཏ་མཧཱ་བི་བྷཱུ་ཏི་ཙནྡྲ་ལ་གསུངས་པའི་མན་ངག་ཁ་ འཐོར་བ་རྣམས། དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པ། དཔལ་མི་བསྐྱོད་རྡོ་རྗེས་སྐྱེས་ མཆོག་དམ་པ་རྣམས་ཀྱིས་ཞུས་པའི་དོན་དུ་ཕྱོགས་གཅིག་ཏུ་བཀོད་པ་རྫོགས་སོ།། །། མ་ཡིག་འབྲས་དཔེ་རྙིང༌། ཕྱི་ཀ༡༤༩ ཡང་ཕྱི་ཀ ༢༣༧གཉིས་ཡིན། འདི་གོང་དང་གཅིག་པ་ཡིན་མིན་མ་འཚལ་བས་བཀོད་པ་ཡིན། 2-1-137 ༄༅། །དཔལ་དུས་ཀྱི་འཁོར་ལོའི་བླ་མའི་ རྣལ་འབྱོར་བཞུགས་སོ། ། ༄༅། །ན་མོ་གུ་རུ་ཝེ། ཆུ་སྐྱེས་ཚལ་ལ་ཉི་དབང་ཇི་ལྟ་བར། །བདག་སོགས་བློ་ཡི་རབ་ རིབ་སེལ་མཛད་པ། །དུས་མཐའི་ཧེ་རུ་ཀ་དཔལ་ཆོས་རྗེ་ལ། །འགྲོ་རྣམས་སྒྲོལ་འདོད་བསམ་ པས་རབ་ཏུ་འདུད། །ཉིད་ཀྱི་བཀའ་སྲོལ་རྡོ་རྗེ་ཐེག་པ་ཡི། །ཉེ་ལམ་ཟབ་མོ་ཕྱོགས་བཅུར་ རྒྱས་གྱུར་པ། །བླ་མའི་བཀའ་བཞིན་གནད་དུ་བསྣུན་པའི་ཐབས། །ཉམས་ལེན་དོན་དུ་ཞལ་ གྱི་བདུད་རྩི་དགོད། །རྡོ་རྗེ་ཐེག་པའི་གནད་མ་ལུས་པ་མྱུར་དུ་ཐོབ་པའི་ཐབས་ཀྱི་དམ་པ་ནི་ བླ་མའི་རྣལ་འབྱོར་སྒོམ་པ་ཉིད་དེ། དེ་ལ་གསུམ། གོང་མའི་བཀའ་སྲོལ་ནོར་བུའི་གླིང་དུ་ བསྒྲུབ་པ་དང༌། །རྗེའི་ཐུགས་ཉམས་བདེ་སྟོང་དབྱེར་མེད་དུ་ུསྒོམ་པ་དང༌། དེ་ལྟར་བསྒོམས་ པ་ལ་བརྟེན་ནས་ཡོན་ཏན་སྐྱེ་བའི་ཚུལ་ལོ། ། དང་པོ་ལ་གཉིས། གནས་སྐབས་སུ་ཇི་ལྟར་སྒོམ་པ་དང༌། བསྒོམས་ནས་མོས་གུས་ཇི་ ལྟར་བྱ་བའོ། ། དང་པོ་གནས་སྐབས་སུ་ཇི་ལྟར་སྒོམ་པ་ནི། ཏིང་ངེ་འཛིན་དོན་དུ་གཉེར་བར་འདོད་ པས། སྤྱི་བོའི་གཙུག་ཏུ། སེང་གེའི་ཁྲི་དང་པད་ཟླའི་གདན་ལ། བླ་མ་མཛེས་ཤིང་ལྟ་བས་ ཆོག་མི་ཤེས་པ། ཞབས་དཀྱིལ་དཀྲུང་དང༌། ཕྱག་མཉམ་བཞག་མཛད་ནས་བཞུགས་པ། ཏིང་ངེ་འཛིན་གྱི་སྒོ་དུ་མའི་ངང་དུ་བཞུགས་ནས་བདག་གི་རྒྱུད་བྱིན་གྱིས་རློབ་པར་བསམ་ མོ། །རང་ཉིད་ཉམ་ང་ཞིང་བག་ཚ་ན། སེང་གེ་གདམས་པའི་གདན་ལ། བླ་མ་ཤིན་ཏུ་དཔའ་ 2-1-138 བའི་ཉམས་དང་ལྡན་པ་རུས་པའི་རྒྱན་གྱིས་སྤྲས་པར་སྒོམ། ཤེས་པ་འཁྲུག་ན། འོད་ཟེར་སྣ་ ཚོགས་འཕྲོ་བའི་གདན་ལ་བཞུགས་པར་བསམ། ཤེས་པ་བྱིང་ན་གཅན་གཟན་སྣ་ཚོགས་ཀྱི་ གདན་ལ། སྐུ་བཞེངས་ཤིང་གཅེར་བུ་དབུ་སྐྲ་རྫེས་པ། ཞལ་འཛུམ་བག་བཞད་པའི་ཉམས་ ཅན། སྤྱན་བར་སྣང་དུ་གཡོ་བའི་གཟིགས་སྟངས་ཅན། ཕྱག་གིས་བརྡ་སྣ་ཚོགས་མཛད་ཅིང་ གར་སྟབས་སྣ་ཚོགས་བསྒྱུར་བ། ཞབས་ས་ལ་སྡེབས་ཤིང་བརྐྱང་བསྐུམ་སྣ་ཚོགས་མཛད་ པ། རུས་པའི་རྒྱན་གྱིས་སྤྲས་ཤིང་ནམ་མཁའ་ལ་དྲག་ཏུ་འཕར་བ། ཐུགས་ཁ་ནས་འོད་ཟེར་ འཕྲོས་པ་སེམས་ཅན་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྲེག་པ། ཞལ་ནས་ཧ་ཧ་དང༌། ཧི་ ཧིའི་སྒྲ་དྲག་ཏུ་སྒྲོགས་པར་བསམ། ཤེས་པ་རྒོད་ཅིང་གཡེངས་ན། གཏེར་ཆེན་པོའི་བུམ་པ་ དང༌། ཉི་མའི་གདན་ལ་དཀྱིལ་དཀྲུང་འཁྱིལ་པས་བཞུགས་ཤིང༌། ན་བཟའ་སྣ་ཚོགས་ཀྱིས་ ཀླུབས་པ། མཉམ་བཞག་གི་ཕྱག་རྒྱ་ཅན། རྡོ་རྗེའི་སྤྱན་གྱིས་གཟིགས་པ། སྐུ་ཆེ་ཞིང་རི་རབ་ ལྟར་བརྟན་པ། བཀྲག་དང་གཟི་མདངས་ཕུན་སུམ་ཚོགས་པར་བསམ། ཤེས་པ་གཏད་པར་ མི་གནས་ན། དུང་གི་ཆུ་སྲིན་ནམ། ཐོག་གིས་དངོས་པོ་འབིགས་པ་ལྟར། བླ་མས་སྐུས་བདག་ གི་ལུས་ཕར་ཐལ་ཚུར་ཐལ་ཕུག་པར་སྒོམ། རང་ངམ་གཞན་གྱི་བར་ཆོད་སེལ་བར་འདོད་ན་ གང་གནོད་པར་སྣ་ཚོགས་རྡོ་རྗེའི་གདན་ལ་བླ་མ་སྐུ་མདོག་ནག་ཅིང་དབུ་སྐྲ་རྫེས་པ། ཕྱག་ གཡས་རྡོ་རྗེ། གཡོན་སྡིགས་འཛུབ་མེ་འབར་བ་གནོད་བྱེད་གང་ཡིན་པ་ལ་གཏད་པར་སྒོམ། འབྱུང་བ་འཁྲུགས་ནས་ས་སྟོབས་འཕེལ་བའི་ནད་ལ། ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་ དུ། བླ་མ་རླུང་གི་རང་བཞིན་ཅན་ནག་པོ་ཡང་ཞིང་གཡོ་བར་སྒོམ། ཆུ་སྟོབས་འཕེལ་བའི་ ནད་ལ། རཾ་ལས་མེའི་དཀྱིས་འཁོར་གྱི་སྟེང་དུ། བླ་མ་མེའི་རང་བཞིན་ཅན་དམར་པོ་ཚ་བས་ བསྲེགས་པར་སྒོམ། མེ་སྟོབས་འཕེལ་བའི་ནད་ལ། ཝཾ་ལས་ཆུའི་དཀྱིལ་འཁོར་གྱི་སྟེང་དུ། བླ་མ་ཆུའི་རང་བཞིན་ཅན་དཀར་པོ་བསིལ་བས་གྲང་བར་སྒོམ། རླུང་སྟོབས་འཕེལ་བའི་ནད་ 2-1-139 ལ། ལཾ་ལས་སའི་དཀྱིལ་འཁོར་གྱི་སྟེང་དུ། བླ་མ་སའི་རང་བཞིན་ཅན་སེར་པོ་ལྕི་བས་མནན་ པར་སྒོམ་མོ། ། གཉིས་པ་བསྒོམས་ནས་མོས་གུས་ཇི་ལྟ་བྱ་བ་ལ་དྲུག་ཡོད་པ་ལས། དང་པོ་བླ་མ་མཉེས་ པའི་ཡན་ལག་ཏུ། སྒོ་གསུམ་གུས་པས་ཕྱག་འཚལ། དངོས་སུ་བཤམས་པ་དང་ཡིད་ཀྱིས་ སྤྲུལ་པ་ལ་སོགས་པ་ཀུན་ཏུ་བཟང་པོའི་མཆོད་པས་མཆོད། གཉིས་པ་རང་གི་ཆགས་སྡང་སྤང་བའི་ཡན་ལག་ཏུ། དགྲ་གཉེན་དང་ལུས་ལོངས་སྤྱོད་ གཡོག་དང་བཅས་པ་ཐམས་ཅད་ལྟོས་པ་མེད་པར་དབུལ་ལོ། ། གསུམ་པ་བླ་མའི་ཡོན་ཏན་དྲན་པའི་ཡན་ལག་ཏུ། ཡེ་ཤེས་རྒྱ་མཚོ་(འམ་དངོས་གྲུབ་རྒྱ་མཚོ་) ལ་སོགས་པའི་དོན་སེམས་ཤིང་བརྗོད་པས་ཕྲལ་དུ་དད་གུས་དང་ངེས་ཤེས་སྐྱེའོ། ། བཞི་པ་རང་ཐུགས་རྗེས་འཛིན་པའི་ཡན་ལག་ཏུ། ཚིག་ཙམ་མ་ཡིན་པ། ལུས་བ་སྤུ་ གཡོ་ཞིང་མིག་འཆི་མ་འཁྲུག་པ་ཙམ་དུ་མོས་གུས་སྐྱེད་ནས་མགོ་བཅོལ་ཕང་དུ་སྐྱུར་གྱི་ཚུལ་ དུ་དུས་ད་ནས་གཟུང་སྟེ་མཐོ་གཏོང་དམའ་གཏོང་ཁྱེད་རང་ཤེས་སོ་སྙམ་དུ་བློ་གཏད་ནས། གནས་སྐབས་དང་མཐར་ཐུག་གི་དོན་ལ་གསོལ་བ་དྲག་ཏུ་གདབ་ཅིང་བྱིན་རླབས་ཞུའོ། ། ལྔ་པ་བླ་མའི་བྱིན་བརླབས་འཇུག་པའི་ཡན་ལག་ཏུ། བླ་མའི་གནས་བཞིའི་ཡིག་འབྲུ་ བཞི་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་བདག་གི་གནས་བཞིར་ཐིམ་པ་ལ་བརྟེན་ ནས་དབང་བཞི་རྫོགས་པར་ཐོབ་པས། སྒྲིབ་པ་བཞི་མ་ལུས་པར་དུང་ལ་རྡུལ་ཕྱིས་པ་ལྟར། སངས་ཀྱིས་དག་ནས་དངོས་གྲུབ་བཞི་ཐོབ་པར་བསམས་ལ་སེམས་མ་བཅོས་པར་བཞག་གོ ། དྲུག་པ་རང་གི་སྒོ་གསུམ་བླ་མར་འཆར་བའི་ཡན་ལག་ཏུ། བླ་མ་འོད་ཀྱི་རྣམ་པར་གྱུར་ ནས་བདག་ཉིད་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང༌། རང་གི་ལུས་ངག་ཡིད་གསུམ་ 2-1-140 གཉིས་སུ་མེད་པར་འདྲེས་པར་བསམ་མོ། །དེ་ནས་ཅིར་སྣང་བླ་མར་འཆར་བའི་ཚུལ་ནི་འོག་ ནས་འབྱུང་ངོ༌། ། གཉིས་པ་རྗེའི་ཐུགས་ཉམས་བདེ་སྟོང་དབྱེར་མེད་ཏུ་སྒོམ་པ་ནི། མཎྜལ་རྒྱས་པར་ཕུལ་ ནས་རི་རབ་ཀྱི་སྟེང་དུ་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པའི་སྟེང་དུ་པད་མ་དང་ཉི་ཟླའི་གདན་ ལ། བླ་མ་མངོན་སུམ་དུ་བྱོན་པར་བསམས་ཏེ། དེའི་སྨིན་མཚམས་སུ་རྒྱུད་པའི་བླ་མ་རྣམས་ བསྡུ་ཐུགས་ཁར་ཡི་དམ་གྱི་ལྷ་དང་རྒྱལ་བ་སྲས་བཅས་རྣམས་བསྡུ། ལྟེ་བར་མཁའ་འགྲོ་ཆོས་ སྐྱོང་རྣམས་བསྡུས་ལ། དེ་ཉིད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེད་ཅིང༌། དད་པ་གསུམ་ (འདོད་པའི་དད་པ་ཐར་ལམ་བསྒོམ་པ་ལ་སྐོམ་པ་ཆུས་གདུངས་པ་ལྟ་བུ། དང་བའི་དད་པ་བླ་མ་སངས་རྒྱས་སུ་ མཐོང་བ་བུ་ཆུང་མ་མཐོང་བ་ལྟ་བུ། ཡིད་ཆེས་པའི་དད་པ་གདམས་པ་ལ་ཐར་ལམ་དུ་ཡིད་ཆེས་པས་ནད་པ་སྨན་ བསྟེན་པ་ལྟ་བུ་)དང་ལྡན་པས་མོས་གུས་དྲག་ཏུ་བྱས་ཏེ་སྤྱི་བོར་མེ་ཏོག་ལན་གསུམ་དབུལ་ལོ། ། དེ་ལྟར་མཎྜལ་དབུལ་བ་སོགས་བྱ་ཞིང་རྟགས་ཕྲ་མོ་མ་མཐོང་གི་བར་དུ་འདོད་པའི་དོན་ལ་ གསོལ་བ་གདབ་པོ། །ཉམས་དང་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་མོས་གུས་དྲག་ལ་ཡུན་རིང་བས་ གསོལ་བ་རྒྱུན་མ་ཆད་པར་འདེབས་དགོས། མོས་གུས་མེད་ན་ཉམས་རྟོགས་མེད། མོས་ གུས་ལྟེངས་ན་ཉམས་རྟོགས་ལྟེངས། མོས་གུས་མོག་པོ་ལ་ཉམས་རྟོགས་མོག་པོ། མོས་གུས་ མཐོ་དམན་ཅན་ལ་ཉམས་རྟོགས་མཐོན་དམན་ཅན། མོས་གུས་ལོག་ན་ཐབས་ཤེས་ཀྱི་རྒྱ་ ལྡོག་གོ། མོས་གུས་དངས་ན་ཉམས་དངས༌། མོས་གུས་རིམ་གྱྀས་པ་ལ་ཉམས་རྟོགས་ རིམ་གྱྀས་པ། མོས་གུས་ཐོད་རྒལ་བ་ལ་རྟོགས་པ་ཐོད་རྒལ་བ། མོས་གུས་ཅིག་ཆར་བ་ ལ་རྟོགས་པ་ཅིག་ཆར་བ། མོས་གུས་འབར་ན་ཉམས་འབར། མོས་གུས་ཀྱི་རྒྱུན་མ་ཆད་ན་ རྟོགས་པའི་གཞུང་ཚུགས། མོས་གུས་ཀྱི་གོ་རྒྱ་མ་ལོག་པས་ཐབས་ཤེས་ཀྱི་གོ་རྒྱ་མི་ལྡོག་གོ། དེ་ལྟར་མོས་གུས་དྲག་པོས་གསོལ་བ་བཏབ་ནས། བླ་མ་འོད་ཏུ་ཞུ་བ་རང་ལ་ཐིམ་པས་ཐ་མི་ 2-1-141 དད་པར་བསམ། དེ་ནས་ནང་དུ་རང་གི་སེམས་ཉིད་ལ་ཤེས་རབ་ཀྱི་མིག་གིས་ཅེར་རེ་བལྟས་ པས་སེམས་ལ་ཡོད་མེད་ཀྱི་མཚན་མ་ཅིར་ཡང་མ་མཐོང་བའི་ངང་དུ་ཙེན་ནེ་གནས་པའི་ ངང་ལ་རིག་པ་རང་གྲོལ་ལོ། །འདི་ནི་སྐད་ཅིག་ལ་ལྟ་བཞག་མཐོང་གྲོལ་དུས་གཅིག་པའོ། ། རྟོགས་གྲོལ་དུས་གཅིག ཞི་ལྷག་དུས་གཅིག ལྟ་སྒོམ་དུས་གཅིག་མའོ། །སྦྱོར་དངོས་དུས་ གཅིག ཉམས་རྟོགས་དུས་གཅིག་མའོ། །འདི་ནི་ཅེར་མཐོང་ཅེར་ཤེས་སོ། །ཅེར་རིག་ཅེར་ ཕྲད་ཅེས་བྱའོ། །ཆིག་ཆར་བ། ཆིག་ཆོད་པ་གཉིས་མེད་པ་མཉམ་ཉིད། ཟུང་འཇུག་ཅེས་བྱ་ སྟེ་གཞི་མོས་གུས་ལ་གྲོགས་སྙིང་རྗེ། ཐབས་མ་ཡེངས་པའོ། །དེ་ཡང་རང་གི་མོས་གུས་དང་ སྦྱངས་པའི་ལས་འཕྲོ་ཤེས་ཏེ། ཧེ་བཛྲ་ལས། བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་ བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་སོ། །དེ་ནས་རིག་པ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་སྣ་ ཚོགས་སུ་སྣང་བ་འདི་བླ་མའི་ཐུགས་འགག་མེད་ཤར་བའི་རང་རྩལ་ཡིན་པས་ཇི་ལྟར་ཤར་ ཀྱང་སྐྱོན་དུ་མི་ལྟ་སྟེ་ཅེར་བལྟས་ནས་མ་ཡེངས་པར་བཞག་པས་རང་གྲོལ་ལོ། །ཆོས་ཉིད་ ཅིར་ཡང་ངོས་གཟུང་མེད་པའི་ངང་དུ་བློ་གནས་ན་བླ་མའི་ཐུགས་མཉམ་བཞག་ཆེན་པོའི་ དགོངས་པ་ཡིན་ཏེ་ཡོན་ཏན་གྱི་མཚན་མ་རང་སར་གྲོལ་ལོ། །རང་གྲོལ་གཉིས་སུ་མེད་པའི་ ངང་དུ་བློ་གནས་ན་བླ་མའི་ཐུགས་འཁོར་འདས་ཡོངས་ལ་ཁྱབ་པའི་དཔལ་ཆེན་པོ་ཡིན་པས། སྐྱོན་ཡོན་གཉི་གའི་གོལ་ས་ཆོད་ནས་གང་ཡང་འགལ་མེད་པར་རང་གྲོལ་ཆེན་པོར་གནས་ པའོ། །དེས་ན་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་བླ་མའི་སྣང་བ་དང་མི་འབྲལ་བར་བྱ་སྟེ། རྙེད་པ་ དང་བཀུར་བསྟི་དཔག་ཏུ་མེད་པ་ཐོབ་ཀྱང་རང་གི་ཕོ་རྒོ་དང་མོ་རྒོར་མི་བརྩི་བར་རྗེའི་བཀའ་ དྲིན་དུ་ུཤེས་པར་བྱའོ། །ན་ཚ་ལ་སོགས་པ་ཅི་བྱུང་ཡང་ང་ལ་འདི་ལྟར་འབྱུང་བ་མི་རིགས་ ཞེས་སུ་ལའང་ཡུས་མི་སྒོམ་པར་འདི་ནི་བླ་མའི་བཀའ་དྲིན་གྱིས་འཁོར་བའི་སྡུག་བསྔལ་རྩད་ ནས་གཅོད་པའོ་སྙམ་དུ་ཤེས་པར་བྱའོ། ། 2-1-142 གསུམ་པ་དེ་ལྟར་བསྒོམས་པ་ལ་བརྟེན་ནས་ཡོན་ཏན་སྐྱེ་བའི་ཚུལ་ནི། རང་གི་སེམས་ ཉིད་བླ་མར་འཆར་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་མ་ལུས་པ་ལ་ མངའ་བརྙེས་པ་འབྱུང༌། སྣང་བ་བླ་མར་འཆར་ཏེ་སྣང་བ་སྐུ་གྲག་པ་གསུང༌། དྲན་རིག་རྟོག་ ཚོགས་ཐམས་ཅད་ཐུགས་ཀྱི་སྣང་བ་འབའ་ཞིག་ཏུ་འཆར་བའོ། །དེ་ལྟར་ཤེས་པའི་དུས་སུ་ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་དབང་དུ་འདུས་ཏེ་དཔེར་ན་རྒྱལ་པོ་བཙོན་དུ་བཟུང་ བའི་དམངས་ལྟ་བུའོ། །འོ་ན་ཡོན་ཏན་དེ་དངོས་སུ་མི་སྣང་ངོ་ཞེ་ན། ད་ལྟ་དངོས་སུ་མི་སྣང་ ཡང་ཡོན་ཏན་ཐམས་ཅད་ཤུགས་ཀྱིས་ལྷུན་གྲུབ་ཏུ་གནས་ཏེ། སྟེང་འཁོར་ལོས་སྒྱུར་བའི་ རྒྱལ་པོ་མིའི་ལྟོ་ན་གནས་པ་བཞིན་ནོ། དེ་ལྟར་བླ་མ་སངས་རྒྱས་སུ་ཐག་ཆོད་ན། སྔ་ཕྱིའི་ དུས་ལ་མི་ལྟོས་པར་ཡོན་ཏན་ཆེན་པོ་འདི་རྣམས་འབྱུང་སྟེ། སྙེན་སྒྲུབ་དང་མཆོད་པ་དང༌། བཤགས་པ་ལ་མི་ལྟོས་པར་དེ་བཞིན་གཤེགས་པའི་ཕྲིན་ལས་མ་ལུས་པ་ལ་མངོན་སུམ་དུ་ སྦྱོར་ནུས་པ་དང༌། དམིགས་བཅས་སྟོང་ཉིད་དང༌། དམིགས་མེད་སྙིང་རྗེའི་དབང་གིས་ཤར་ བས། སེམས་ཅན་གྱི་ལོག་སྒྲུབ་སྣ་ཚོགས་པས་མི་རྫི་བ་དང༌། སྒྲིབ་པའི་ཚོགས་མ་ལུས་པ་ རྩོལ་མེད་ཏུ་རང་སར་དག་པས། ཐམས་ཅད་ཀྱང་དག་པའི་སྣང་བ་ཆེན་པོར་འཆར་བ་དང༌། དགེ་བའི་ཆོས་མ་བཙལ་བར་ལྷུན་གྱིས་གྲུབ་པས་གཉིས་འཛིན་གྱི་རྣམ་པར་རྟོག་པ་ཐམས་ ཅད་རང་སར་གྲོལ་བ་དང༌། བླ་མའི་ཐུགས་དང་རང་གི་སེམས་དབྱེར་མེད་ཏུ་འདྲེས་པས་ གཞུང་རྡོ་རྗེའི་ཚིག་གི་མདུད་པ་མ་ལུས་པར་འགྲོལ་ནུས་པ་དང༌། སྦྱངས་པ་དང་གོམས་པ་ ལ་མི་ལྟོས་པར་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་འཇུག་པར་ནུས་པ་དང༌། བསམ་པ་སྦྱོར་བའི་ དུས་ཀྱིས་བར་མ་བཅད་པར། ལམ་དང་འབྲས་བུའི་ཡོན་ཏན་རྣམས་ཅི་རིགས་པར་མཐོང་ བར་འགྱུར་རོ། །ཡོན་ཏན་ཆེན་པོ་འདི་རྣམས་ནི་བླ་མ་སངས་རྒྱས་དངོས་སུ་མཐོང་བ་ལས་ ངེས་པར་འབྱུང་པའོ། །རྗེ་བཙུན་བླ་མའི་ཉམས་བླང་དོན། །བཀའ་དྲིན་ཞབས་ནས་ཞུས་ 2-1-143 ཤིང་བཀོད། །འདི་བརྟེན་མཁའ་མཉམ་སེམས་ཅན་རྣམས། །ཅིར་སྣང་བླ་མར་རང་གྲོལ་ ཤོག །དཔལ་དུས་ཀྱི་འཁོར་ལོའི་བླ་མའི་རྣལ་འབྱོར་རྗེ་གོང་མ་རྣམས་ཀྱི་བཀའ་སྲོལ་མཁས་ པ་ཆེན་པོ་དྷརྨ་ཤྭ་རས་བཀོད་པ་ལས་དཔལ་མི་སྐྱོད་རྡོ་རྗེས། རང་གི་བླ་མའི་གསུང་གིས་ཅུང་ ཟད་བརྒྱན་ཏེ། དཔལ་མཁར་ཆུང་གི་དབེན་གནས་སུ་བྲིས་པའོ། །ལུང་མ་ཐོབ་པ་ལ་དཔེ་མི་ སྟོན་པའི་བཀའ་རྒྱ་ཡོད་དོ། །རྒྱ་རྒྱ་རྒྱ། སྣོད་ལྡན་སྐྱེས་བུ་དུ་མ་ལ་དཔེ་འདི་རྣམས་འཕྲོད་པར་ གྱུར་ཅིག །དགེའོ།། །། མ་ཕྱི་ནི་འབྲས་དཔེ་རྙིང༌། ཕྱི་ཀ༢༩༢ དང་ཕྱི་ཀ༢༧༥ གཉིས་ཡིན། 2-1-144 ༄༅། །དཔལ་དུས་ཀྱི་འཁོར་ལོའི་མན་ངག་ཡེ་ཤེས་སྤྱན་ བསྒྲུབ་ཀྱི་ས་གཅོད་བཞུགས་སོ། ། ༄༅། །ཤྲཱི་ཀཱ་ལ་ཙཀྲ་ཡེ་ན་མོ། དཔལ་དུས་ཀྱི་འཁོར་ལོའི་མན་ངག་ཡེ་ཤེས་སྤྱན་བསྒྲུབ་ ལ་གསུམ། མན་ངག་གི་མཚན་དོན་བསྟན། མཚན་ཅན་གཞུང་དོན་བཤད། གཞུང་ཡོངས་ སུ་རྫོགས་པའི་བྱ་བའོ། །དང་པོ་ལ་གཉིས། མཚན་དོན་(རྒྱ་གར་སྐད་)དངོས་དང༌། ཡི་དམ་ལ་ (དཔལ་རྡོ་རྗེ་)ཕྱག་འཚལ་བའོ། ། གཉིས་པ་ལ་གཉིས། མཆོད་པར་བརྗོད་(སྐུ་གསུང་ཡོན་)དེ་བཤད་པར་དམ་བཅའ་(དཔལ་ ལྡན་དུས་)བ། མན་ངག་གི་བསྒྲུབ་པས་འབྲས་བུ་ཐོབ་ཚུལ་བསྟན་པའོ། ། དེ་ལ་གཉིས། གང་དུ་བསྒྲུབ་པའི་གནས་(དུར་ཁྲོད་ཤིང་དྲུང་)དང༌། དེར་བསྒྲུབས་པའི་ འབྲས་བུ་ཐོབ་ཚུལ་ལོ། །དེ་ལ་གཉིས། སྤྱན་ལྔའི་བསྒྲུབ་པས། སྐྱེ་བ་འདི་ཉིད་དུ་དང༌། འཆི་ ཁ་ཕན་ཆད་དུ་སངས་རྒྱས་ཐོབ་པའི་ཚུལ་བསྟན་པའོ། ། དང་པོ་ལ་གསུམ། སྤྱན་ལྔའི་བསྒྲུབ་པ་ཉམས་སུ་བླང་ཚུལ་དང༌། བླངས་པས་སངས་རྒྱ་ བའི་ཚུལ་བསྟན་པ་(རང་བཞིན་)དང༌། དེ་ལ་(བཞི་)བཅོམ་ལྡན་འདས་ཀྱིས་དམ་བཅས་ཚུལ་ལོ། ། དང་པོ་ལ་གཉིས། སྔོན་དུ་འགྲོ་བ་(ཕྱི་ནང་གསང་)དང༌། དངོས་གཞིའི་བསྒྲུབ་པའོ། །དེ་ལ་ བཞི། ཤའི་(དཀྱིལ་ཀྲུང་བཅས་)དང༌། ལྷའི་དང༌། ཆོས་དང༌། ཤེས་རབ་ཀྱི་(སྤྱི་དང་) དང༌། སངས་ རྒྱས་ཀྱི་སྤྱན་བསྒྲུབ་པའོ། ། གཉིས་པ་(ལྷའི་སྤྱན་བསྒྲུབ་)ལ་གསུམ། ནམ་མཁར་སེམས་ཆགས་ཀྱི་(རྡོ་རྗེ་)དང༌། (བཞི་) གནས་ཤིང་མཁའ་ཡི་དང༌། (བཞི་)གཟུགས་བརྙན་གཉིས་ཀྱི་སྦྱོར་བས་བསྒྲུབ་པའོ། །གསུམ་ 2-1-145 པ་(ཆོས་ཀྱི་སྤྱན་བསྒྲུབ་)ལ་གཉིས། སྤྱན་གཉིས་ཇི་ལྟར་བསྒྲུབ་པ། བསྒྲུབས་པའི་སྤྱན་གཉིས་ཀྱི་(ཀུན་)ངོ་བོའོ། །དང་པོ་(སྤྱན་གཉིས་ཇི་ལྟར་བསྒྲུབ་པ་)ལ་གཉིས། བསྒྲུབ་པ་མདོར་(བཅོམ་)དང༌། རྒྱས་པའོ། །དེ་ལ་གསུམ། (བཞི་)དྷཱུ་ཏཱིའི་ནང་དུ་དང༌། (བཞི་) སྲོག་རྩོལ་སྒོ་རུ་དང༌། (བཞི་)སྣང་བའི་སྟེང་དུ་འོད་གསལ་བཟུང་བའོ། །བཞི་པ་(སངས་རྒྱས་ ཀྱི་སྤྱན་བསྒྲུབ་)ལ་གཉིས། སྐུ་གསུམ་(ད་ནི་སངས་)དང༌། ཡེ་ཤེས་ལྔ་(རྟོག་མེད་གསལ་)མཐོང་བར་ བསྒྲུབ་པའོ། །གཉིས་པ་ལ་གསུམ། འཆི་བ་ཆོས་སྐུ་(སྐྱེ་བ་སྐྱེད་)དང༌། བར་དོ་ལོངས་སྐུ་(འཆི་བ་ འོད་) དང༌། (བཞི་)སྐྱེ་བ་སྤྲུལ་སྐུར་སངས་རྒྱས་པའི་ཚུལ་བསྟན་པའོ། ། གཞུང་རྫོགས་པའི་བྱ་བ་ལ་གཉིས། སྤྱན་བསྒྲུབ་ཀྱི་གདམས་ངག་བྲི་བའི་རྒྱུ་མཚན་ (དུས་འཁོར་ཤེས་)དང༌། གང་གིས་མཛད་(དུས་ཀྱི་འཁོར་)བསྒྱུར་གྱི་ཁ་བྱང་(རྒྱ་གར་ཤར་)ཀླག་པའོ། ། རྫོགས་སོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང༌། ཕྱི་ཀ ༢༩༣ སོགས་ལགས། ) 2-1-146 ༄༅། །དབང་མདོར་བསྟན་གྱི་བསྡུས་དོན། ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འགྱུར་མེད་ལས་འཁྲུངས་ ཡེ་ཤེས་སྐུ། །གཉིས་མེད་དང་པོའི་སངས་རྒྱས་ཕྱག་འཚལ་ཏེ། །དབང་གི་དོན་ཀུན་གསལ་ བར་མདོར་བསྟན་པའི། །རྒྱུད་འགྲེལ་བསྡུས་དོན་ཕྱོགས་ཙམ་བདག་གིས་བྲི། །འདིར་གསུམ། རྒྱུད་འགྲེལ་མཚན་དོན་དངོས། སྟོན་པ་ལ་ཕྱག་འཚལ་བ་གཉིས་ཀྱིས་རྒྱུད་འགྲེལ་གྱི་མཚན་ བསྟན་པ། མཚན་ཅན་གྱི་གཞུང་དོན་བཤད་པ། གཞུང་དོན་ཡོངས་སུ་རྫོགས་པའི་བྱ་བའོ། ། བར་པ་ལ་གཉིས། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་དང་། རྒྱུད་ཟབ་མོ་ངེས་ པའི་དོན་དུ་དགྲོལ་བའོ། ། དེ་ལ་གསུམ། སྡུད་པ་པོ་ཟླ་བ་(ད་ནི་)བཟང་པོས་ཞུས་པ། སྟོན་པ་བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། བཀའ་སྩལ་ནས་(དབང་གི་སྒྲུབ་པ་)ཞུ་བ་པོ་ལ་གཏད་པའོ། །བར་པ་ལ་གསུམ། སྟོན་པས་(བཅོམ་)ཞུ་བ་པོ་ལ་མདོར་བསྟན་བཤད་པར་ཞལ་གྱིས་བཞེས་པ། བཞེས་ནས་སྤྱི་ རྒྱུད་མདོ་རྒྱས་དང་། ཇི་ལྟར་བཤད་སྒྲུབ་ཀྱི་རྣམ་བཞག བྱེ་བྲག་ཏུ་དབང་གི་བསྒྲུབ་མདོར་ བསྡུས་པས་གང་བསྒྲུབ་ཚུལ་བསྟན་པའོ། །དེ་ལ་གཉིས། དབང་གི་(ད་ནི་བཞི་)བསྒྲུབ་པའི་ དོན་སྤྱིར་(གང་ཡང་)བསྡུས་ཏེ་བསྟན་པ། བྱེ་བྲག་ཏུ་ཕྱེ་སྟེ་བཤད་པའོ། །དེ་ལ་གཉིས། དབང་ གི་ངོ་བོ་གང་བསྐུར་བ(ད་ནི་གྲངས་ཅུང་བཞི་)། (དེ་ཉིད་)དགོས་པ་གང་གི་དོན་དུ་(ལུས་ངག་)བསྐུར་ བ། དཀྱིལ་འཁོར་(དེ་ལྟར་བཞི་)གང་ལ་བརྟེན་ནས་བསྐུར་བ། ཚུལ་ཇི་ལྟར་བསྐུར་བ་(དབང་ བདུན་པོ་)བཞིས་དབང་འོག་མ་གཞུག་པའི་དབང་། བདུན་བསྐུར་བས་དག་ཅིང་འཇུག་པའི་ 2-1-147 ཚུལ། དབང་གོང་མ་ཐུན་མོང་མཆོག་གི་དབང་བཞི་བསྐུར་བས་དག་ཅིང་སྨིན་པའི་ཚུལ་ལོ། ། དེ་ལ་ལྔ། (དེ་ལྟར་)དབང་གི་(བུམ་དབང་)ངོ་བོ་གང་བསྐུར་བ། རྟེན་(ཁྱད་)གང་ལ་བརྟེན་ནས་ (འགྱུར་ཞིང་)བསྐུར་བའི་ཁྱད་པར། དགོས་པ་(མངོན་པར་)གང་གི་དོན་དུ་བསྐུར་བ་རྟེན་གྱི་(གཞན་) གང་ཟག་ལ་(བྱིས་པ་)དཔེ་གང་དང་འདྲ་བར་བསྐུར་བའི་ཚུལ། ཇི་ལྟར་བསྐུར་བས་སྨིན་ཅིང་ གྲོལ་བའོ། ། དེ་ལ་གཉིས། བུམ་དབང་། (དེ་ཡང་། ཤེས་རབ། གཞན། ཡུན་རིངས། གསང་། ) གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་(ཡུན་རིངས་)དབང་བསྐུར་བས་ཇི་ལྟར་སྨིན་པའི་ཚུལ་དང་གསུམ་གྱིས་ ཀུན་རྫོབ་འཇིག་རྟེན་པ་ཐུན་མོང་དབང་བསྐུར་བས་ཇི་ལྟར་སྨིན་པའི་ཚུལ། དོན་དམ་འཇིག་ རྟེན་ལས་འདས་པ་མཆོག་གི་དབང་བསྐུར་བས་ཇི་ལྟར་སྨིན་ཅིང་གྲོལ་བའི་ཚུལ་ལོ། ། དེ་ལ་གསུམ། རྒྱུ་དུས་སུ་སྨིན་བྱེད་དབང་བསྐུར་(དེ་ལྟར་)བས་ཇི་ལྟར་སྨིན་པའི་ཚུལ། ལམ་དུས་སུ་གྲོལ་བྱེད་ཀྱི་དབང་བསྒོམས་པས་ཇི་ལྟར་གྲོལ་བའི་ཚུལ། འབྲས་བུའི་དུས་སུ་ སྨིན་གྲོལ་གྱི་དབང་ཐོབ་ནས་སངས་རྒྱས་པས་དོན་གཉིས་འགྲུབ་ཚུལ་བསྟན་པའོ། ། དང་པོ་ལ་གསུམ། དང་པོའི་སངས་རྒྱས་(ད་ནི་ཕྱག་རྒྱ་)དྲུག་གིས་དོན་བྱེད་ཚུལ། དག་བྱའི་ གཞི་རིགས་དྲུག་ཚན་དྲུག་ཇི་ལྟར་དག་པའི་ཚུལ། དག་པའི་འབྲས་བུ་དྲུག་མཚོན་བྱེད་(རིགས་) གདོང་དྲུག་ཏུ་བསྟན་པའོ། ། གཉིས་པ་ལ་གཉིས། དབང་གི་བསྒྲུབ་པ་སྔ་ཕྱི་(རྣལ་འབྱོར་)མཚམས་སྦྱར་བ། སྦྱར་བའི་ དབང་གི་བསྒྲུབ་པ་བསྟན་པའོ། ། དེ་ལ་དྲུག་ལས། བསྙེན་པའི་སྔོན་འགྲོ་དང་པོ་སོ་སོར་སྡུད་པའི་ཡན་ལག་ལ་གསུམ། གནས་གང་དུ་(ཁ་བསྐང་)བསྒོམ་པ་དང་། ཚུལ་(མིག་གཉིས་)ཇི་ལྟར་བསྒོམས་པས་(མ་བསྡམས་པ་) རྟགས་(དེ་ལྟར་)གསལ་(དུ་བ་)བར་མཐོང་བ། དཔེ་ཅི་(གང་ཞིག་)དང་འདྲ་བར་མཐོང་བ་གཉིས་ 2-1-148 ཀྱིས་བསྒོམས་པས་མཐོང་བའི་རྟགས་སོ། །བསྙེན་པ་དངོས་བསམ་གཏན་གྱི་ཡན་ལག་ལ་ བཞི། (དེ་ལྟ་བུ་)ཡུལ་གང་གང་ལ་དམིགས་ནས་བསྒོམ་པ(གཟུགས་དེ་བསྒོམ་པར་བྱ་)། དུས་(རྟག་ཏུ་) ཇི་ཙམ་དུ་བསྒོམ་པ། ཚུལ་(མེད་པའི་)ཇི་ལྟར་བསྒོམ་པ། སྟོང་(དེ་ཉིད་)གཟུགས་དཔེ་གང་ལྟར་ (མེ་)མཐོང་བ། (འཇིག་)མཐོང་བའི་ཕན་(ཆོས་ཅན་)ཡོན་དཔེས་བསྟན་པ། གང་གི་(གཉིས་)མིག་ (ཉི་ཚེ་) གིས་ཇི་ལྟར་མཐོང་ཚུལ་གསུམ་གྱིས་དམིགས་ཡུལ་སྟོང་གཟུགས་གཏན་ལ་དབབ་པའོ། །ཉེ་ བར་བསྒྲུབ་པའི་སྔོན་འགྲོ་སྲོག་(དེ་ལྟར་)རྩོལ་གྱི་ཡན་ལག་ལ་དྲུག སྲོག་རྩོལ་དུས་(གཟུགས་) ནམ་གྱི་ཚེ་བྱ། གནས་(སྟེང་དང་)གང་ལ་བྱ། དགོས་པ་(ལུས་)གང་གི་དོན་དུ་བྱ། དུས་ཇི་ཙམ་ (རྒྱུན་མི་འཆད་)དུ་བྱ། ཚུལ་ཇི་ལྟར་(སྲོག་རྩོལ་བྱ་)བྱ། བྱ་བའི་གནས་རྩའི་ཀུན་སྤྱོད་བསྟན་པའོ། ། དེ་ལ་གསུམ། རྡོ་རྗེའི་ལུས་ལ་གནས་པའི་རྩ། རྩ་གང་ནས་གང་འབབ་པ། རྩའི་སྒོའི་ འགག་འགྲོལ་(ཟླ་བ་)བྱེད་ཚུལ་བསྟན་པའོ། ། དང་པོ་ལ་གསུམ། རྒྱུ་ས་རྩ་(ཟླ་བ་)ལམ་དང་། རྒྱུ་བ་ཁམས་རིགས་ཀྱི་(ཆུ་མེ་)སྒོ་ནས་རྩ་ དྲུག་ཏུ་དབྱེ་བ་དང་། གཉིས་ཀྱིས་སྟེང་འོག་སྟོད་སྨད་ཀྱི་སྒོས་རྩ་དྲུག་ཏུ་དབྱེ་བ། ལུས་ངག་ སེམས་ཀྱི་རྩ་གསུམ་དུ་བསྟན་པ(གང་རྣམས་)། (ད་ནི་)ཐབས་(བཞི་)(ཀྱི་སྐུ་)ཤེས་རབ་ཀྱི་རྩ་རིགས་ གཉིས་སུ་བསྡུ་བའོ། ། གཉིས་པ་ལ་གསུམ། རྩ་དྲུག་ཏུ་ཕྱེ་བའི་དང་། རྩ་གསུམ་དུ་བསྟན་པའི་དང་། རྩ་གཉིས་སུ་ བསྡུས་པས་རྩའི་འབབ་པ་བསྟན་པའོ། ། དང་པོ་ལ་གཉིས། དུས་སྦྱོར་མི་མཉམ་(སྟེ་)པའི་འབབ་པའི་འཆི་ལྟས་སུ་དང་། རྩ་དབུ་ མའི་རྩའི་རང་བཞིན་(མུན་ཅན་)དང་འབབ་པ་དང་། དུས་སྦྱོར་(གཞན་)མཉམ་པའི་རླུང་གི་ འབབ་གྲངས་(ཉི་མ་)བསྟན་པ་དང་གསུམ་གྱིས་དུས་སྦྱོར་མི་མཉམ་པའི་དང་། རླུང་གི་(སྟེང་དུ་) ཁམས་རིགས་དྲུག་གི་འབབ་པ་བསྟན་པའོ། ། 2-1-149 གཉིས་པ་ལ་གཉིས། འགྱུ་བ་བདུད་རྩི་(ཟླ་བའི་)དང་། འཁོར་ལོའི་(ལྟེ་བའི་)གནས་གང་ ནས་རླུང་གང་རྒྱུ་བ། རྩ་དབུ་མ་ནས་རྒྱུ་བའི་འགྲོ་འོང་(ལྟེ་བ་ནས་)དང་འབབ་པ་བསྟན་པ་དང་། གཉིས་ཀྱིས་གཡོ་བའི་རླུང་གི་ཁམས་འབབ་པ་བསྟན་པའོ། ། གསུམ་པ་ལ་གསུམ། (བཞི་)ཐབས་(སྟེང་)ཤེས་རབ་ཀྱི་རྩའི་འབབ་པ། རྩ་དབུ་མའི་མིང་ (རྡུལ་)གི་རྣམ་གྲངས་བསྟན་པ་དང་གིས་འགྱུ་བ་བདུད་རྩིའི་ཁམས་ཀྱི་འབབ་པ། གཡོ་བ་རླུང་ གི་ཁམས་ཀྱི་འབབ་པ་བསྟན་པ། ཐབས་ཤེས་རབ་དང་(བྱང་ཆུབ་དང་)གཉིས་མེད་ཀྱི་མཚོན་ བྱེད་བསྟན་པའོ། ། ཉེ་བར་བསྒྲུབ་པ་དངོས་འཛིན་པའི་ཡན་ལག་ལ་བཞི་། སྔོན་དུ་དུས་དང་དུས་མིན་འཆི་ བའི་ལྟས་བསྟན་པ། མདོ་(འདི་ལ་)རྒྱས་(ཀུན་)གཉིས་ཀྱིས་འཆི་ལྟས་ཤེས་ནས་སྲོག་འཛིན་ པས་འཆི་བ་བསླུ་བ། འཛིན་པ་ཐོབ་པས་(གཙུག་ཏོར་)འཆི་མེད་འགྲུབ་པའི་ཡོན་ཏན། འཛིན་ པ་མ་(དགའ་བྲལ་)གྲུབ་པས་འཆི་མེད་མ་གྲུབ་པའི་སྐྱོན་བསྟན་པ་དང་གཉིས་ཀྱིས་འཆི་བ་ བསླུས་པ་དང་། མ་བསླུས་པའི་སྐྱོན་ཡོན་བསྟན་པའོ། །དེས་ན་(དེ་པས་)འཛིན་པ་ཐོབ་པར་ བྱ་བ་གདམས་པ། འཛིན་པ་(མཛོད་སྤུ་)ཐོབ་པས་སངས་རྒྱས་ལུགས་བསྟན་པ། འཁོར་འདས་ ཕྱིན་ཅི་(སྟོན་པའི་)ལོག་ཏུ་འགྱུར་ཚུལ། འཛིན་པ་(ནོར་བུ་)ཐོབ་པའི་མཐར་ཐུག་གི་འབྲས་བུ་ བསྟན་པ་བཞིས་འཛིན་པ་ཐོབ་ནས་འཆི་བ་བསླུས་ནས་འཆི་མེད་གྲུབ་པའི་འབྲས་བུའོ། ། དང་པོ་ལ་གཉིས། འཆི་ལྟས་དངོས་གཡས་(མཉམ་)གཡོན་དང་། དབུ་མའི་འཆི་ལྟས་ (ཕྱོགས་)འབྱུང་བའི་རྒྱུ་མཚན་གཉིས་ཀྱིས་འབྱུང་བའི་རྒྱུ་མཚན་ཏོ། ། དང་པོ་ལ་གཉིས། དུས་མིན་འཆི་བ་(ལོ་)གཡས་གཡོན་གྱི་དང་། དུས་སུ་འཆི་བ་དབུ་ མའི་འཆི་ལྟས་བསྟན་པའོ། ། དང་པོ་ལ་(ད་ནི་)གཉིས། ལོ་གསུམ་གྱི་འཆི་ལྟས་(གཡོན་པ་)སྤྱིར་དང་། (དེ་ལྟར་)གཡས་ཉི་ 2-1-150 མའི་(ལྔ་ཕྱོགས་)དང་། གཡོན་(ཟླ་བ། ད་ནི་)ཟླ་བའི་འཆི་ལྟས་བསྟན་པ་དང་གཉིས་ཀྱིས་བྱེ་བྲག་ ཏུ་སོ་སོར་འཕེལ་བ་བསྟན་པའོ། ། སྒྲུབ་པ་ཆེན་པོའི་སྔོན་འགྲོ་སྒྲུབ་པ་རྗེས་སུ་དྲན་པའི་ཡན་ལག་ལ་བཞི། ཕྱག་རྒྱ་(ལས་ཀྱི་) གང་ལ་བརྟེན་ནས་ཇི་ལྟར་བསྒྲུབ་པ། དགོས་པ་(འཕེལ་བར་)ཅི་ཐོབ་པའི་དོན་དུ་བསྒྲུབ་པ། བསྒྲུབ་པས་འགྱུར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ་བའི་ཚུལ། སྐྱེས་ནས་དེ་བསྒོམས་པས་ འབྲས་བུ་ཐོབ་ཚུལ་བསྟན་པའོ། ། གསུམ་པ་ལ་གཉིས། རང་བཞིན་(འཕེལ་)དང་། ཞུ་བདེ་འགྱུར་མེད་ལྷན་ཅིག་སྐྱེས་པའི་ ཡེ་ཤེས་སྐྱེ་བའི་ཚུལ་ལོ། ། དེ་ལ་གཉིས་སྔོན་དུ་ཐིག་ལེ་(ལུས་ངག་)བཅིང་བ། དཀར་ཕྱོགས་ནག་(ཇི་ལྟར་རིམ་)ཕྱོགས་ ཀྱི་དུས་སུ་ཞུ་བདེའི་(དེ་གཉིས་དབུས་སུ་ཞུ་)ཡེ་ཤེས་སྐྱེ་འཇིག་ངོས་བཟུང་བ། ཕྱོགས་གཉིས་ ཀྱི་དབུས་སུ་ཞུ་བདེའི་ཡེ་ཤེས་རྫོགས་པར་བསྟན་པ། རྫོགས་ནས་དགའ་བྲལ་བཅོམ་པར་ (གཙུག་ཏོར་)འགྱུར་མེད་ཡེ་ཤེས་སུ་བསྟན་པ་གསུམ་གྱིས་བཅིངས་ནས་ཡེ་ཤེས་རྫོགས་པར་ བྱའོ། ། བཞི་པ་ལ་གསུམ། འགྱུར་མེད་ཀྱི་བདེ་བ་ཇི་ལྟར་བསྒོམ་པའི་(གཞན་ལ་)ཚུལ། མདོར(རྫོགས་པ་)། རྒྱས། (དེ་ཉིད་) བསྡུ་བ་(དེ་ལྟར་)གསུམ་གྱིས་དེ་བསྒོམས་པས་འབྲས་བུ་མཆོག་ མི་འགྱུར་ཐོབ་པའི་ཚུལ། འབྲས་བུ་ཐོབ་ཚུལ་ལ་མི་འཐད་པ་སྤང་བའོ། །དེ་ལ་གཉིས། བདེ་ སྟོང་རྟོགས་པར་དང་། དྲི་མ་དག་པར་མི་འཐད་པ་སྤང་བའོ། །དང་པོ་ལ་གཉིས། རྩོད་པ་ (མཆེ་)དང་། ལྤགས་པ་(ཇི་ལྟར་)གསེར་འགྱུར་གྱི་དཔེས་སེམས་དྲི་མེད་དུ་འགྱུར་བ་དང་། ནོར་ བུ་(ཆེན་པོ་)རྡོ་ལ་རེག་པའི་དཔེས་སེམས་(འདིར་མང་)བདེ་གསལ་དུ་འགྱུར་བར་དང་། གསེར་ འགྱུར་གྱི་དཔེས་སེམས་དྲི་མེད་ཡེ་ཤེས་སུ་འབིགས་པར་བསྟན་པ་གསུམ་གྱིས་དེ་སྤང་པའོ། ། 2-1-151 གཉིས་པ་ལ་གཉིས། རྩོད་པ་(སེམས་ལ་)དང་(ཇི་ལྟར་)ཟངས་ལ་བཅུད་ཀྱི་དཔེས་སེམས་ཀྱི་ དྲི་མ་ཉམས་ཀྱི་ཡེ་ཤེས་ཉམས་མེད་དུ་དང་། (ཇི་ལྟར་བཅུད་)ལྕགས་ལ་གསེར་འགྱུར་གྱི་དཔེས་ མི་འགྱུར་བ་དེས་སེམས་ཕུག་མ་ཕུག་གི་ཡོན་སྐྱོན་བསྟན་པ་དང་གཉིས་ཀྱིས་དེ་སྤང་བའོ། ། བསྒྲུབ་པ་ཆེན་པོ་དངོས་ཏིང་ངེ་འཛིན་གྱི་ཡན་ལག་ལ་གསུམ། ཏིང་ངེ་(གཞན་ཡང་)འཛིན་ གྱིས་མཆོག་(ཆགས་ལས་)མི་འགྱུར་ཐོབ་པར་རིགས་པས་བདེ་སྟོང་བསྒོམ་པ། དེ་མ་རིག་ཅིང་ཐེ་ ཚོམ་(མི་འགྱུར་)ཟ་ཡང་ཆགས་བྲལ་དུ་མི་བྱ་བར་བསྒོམ་པ་གཉིས་ཀྱིས་ཐར་ལམ་འགྱུར་མེད་ བདེ་སྟོང་གི་ཏིང་ངེ་འཛིན་བསྒོམ་པ། འཆིང་ལམ་དུ་འགྱུར་བདེ་དང་རྟོག་བསྒོམ་གྱི་ཏིང་ངེ་ འཛིན་སྤང་བ། བདེ་སྟོང་(དེ་ཡང་)རྒྱུ་འབྲས་ཕན་ཚུན་རྒྱས་གདབ་ཟུང་འཇུག་ཏུ་དང་། བདེ་སྟོང་ (གཞན་ཡང་)རྒྱུ་འབྲས་དབྱེར་མེད་བྱང་ཆུབ་(སྟོང་ཉིད་)སེམས་སུ་དང་། བདེ་སྟོང་མཐའ་བྲལ་གྱི་ སྦྱོར་བ་(མྱང་འདས་)རྡོ་རྗེ་རྣལ་འབྱོར་མཆོག་ཏུ་བསྟན་པ་དང་གསུམ་གྱིས་བདེ་སྟོང་ཟུང་འཇུག་ གི་ཏིང་ངེ་འཛིན་ལམ་མཆོག་ཏུ་བསྟན་པའོ། ། གསུམ་པ་ལ་གཉིས། (བཞི་)འཕོ་བའི་བདེ་བ་(དེ་ཉིད་)འཁོར་བའི་རྒྱུ་དང་། འཆིང་བྱེད་ རྣལ་འབྱོར་པས་སྤང་བ། རྟེན་བྱང་སེམས་འཕོ་(འདོད་)མི་འཕོ་ལས་རྟེན་པ་སེམས་བདེ་སྡུག་ ཏུ་འབྱུང་བ། (བཞི་)རྟེན་བྱང་སེམས་(འོ་ན་)ལས་རྟེན་སེམས་ཀྱིས་མཆོག་མི་འགྱུར་ཐོབ་ནས་ འབྲེལ་པ་འདོར་བ་གསུམ་གྱིས་རྟེན་འགྱུར་བདེའི་དང་། བསྐྱེད་རིམ་རྟོག་བསྒོམ་གྱི་(དེ་ཡང་མི་ འགྱུར་)ཏིང་ངེ་འཛིན་སྤང་པའོ། ། གཉིས་པ་འབྲས་བུའི་དབང་ལ་གཉིས། འབྲས་བུ་བདེ་སྟོང་(གཟུགས་དང་)དབརྱེ་མེད་མཆོག་ ཏུ་མི་འགྱུར་བ་ཡེ་ཤེས་ཀྱི་སྐུ་དང་། བདེ་སྟོང་ཡེ་ཤེས་དེ་(བཞི་)རྒྱུ་ལས་(ཤེས་རབ་)མ་བསྐྱེད་ཅིང་ རྒྱས་གདབ་ལས་གྲོལ་བར་དང་། བདེ་སྟོང་ཡེ་ཤེས་དེ་སྤངས་རྟོགས་རྫོགས་པའི་རང་འབྱུང་ 2-1-152 སངས་རྒྱས་སུ་བསྟན་པ་དང་གསུམ་གྱིས་རྒྱུ་མེད་རང་འབྱུང་ཡེ་ཤེས་ཀྱི་སྐུར་ཇི་ལྟར་སངས་ རྒྱས་པའི་དང་། སངས་རྒྱས་དེས་རང་དོན་དང་གཞན་དོན་ཇི་ལྟར་འགྲུབ་པའི་ཚུལ་བསྟན་ པའོ། ། དེ་ལ་གསུམ། དོན་འགྲུབ་(གཞན་)ཚུལ་(རྡོ་རྗེ་)མདོར། རྒྱས་གཉིས་(དོན་ཆེན་)ཀྱིས་སེམས་ དཔའ་དྲུག་ཏུ་རྒྱས་པས་གཞན་དོན་འགྲུབ་ཚུལ། ཕུང་པོའི་(དེ་ནི་མི་)དང་། ཁམས་ཀྱི་(ཡིས་) དང་། དབང་པོའི་(ཡིད་དང་)དང་། ཡུལ་གྱི་(སྒྲ་དང་)རིགས་དྲུག་དག་པས་དོན་འགྲིབ་ཚུལ་དང་ བཞིས་དག་བྱ་རིགས་དྲུག་པས་རང་དོན་འགྲུབ་ཚུལ། དག་རྒྱས་ཀྱི་(རིགས་)འབྲས་བུ་དྲུག་ མཚོན་བྱེད་གདོང་དྲུག་ཏུ་བསྟན་པའོ། ། གསུམ་པ་གཞུང་རྫོགས་པའི་བྱ་བ་ལ་གསུམ། རྩ་རྒྱུད་རྒྱས་པའི་(འཇིག་རྟེན་)ལེའུ་གང་ ནས་བཀོལ་ངོས་གཟུང་བས་རྒྱུད་དང་། (མཁས་)རྩོམ་པའི་རྒྱུ་དང་བརྩམས་པའི་དགེ་བ་བསྔོ་ བས་འགྲེལ་པ་དང་། གང་གིས་(དང་པོ་)མཛད་ཅིང་བསྒྱུར་(ཁ་)བའི་ཁ་བྱང་ཀླགས་པས་རྒྱུད་ འགྲེལ་གཉིས་ག་ཡོངས་སུ་རྫོགས་པར་བྱ་བའོ།། །། དབང་མདོར་བསྟན་(རྒྱུད་འགྲེལ་གྱི་)པའི་བསྡུས་དོན་ཕྱོགས་ཙམ་འདི། །རང་དང་བློ་ དམན་གཞན་ལ་ཕན་དོན་དུ། །ཡི་གེར་བཀོད་པ་མཁའ་འགྲོའི་ཚོགས་བཟོད་ཅིང་། །དགེ་ བས་འགྲོ་དྲུག་མྱུར་དུ་སངས་རྒྱས་ཤོག། །། རྒྱུ་དུས་སུ་སྨིན་བྱེད་ཀྱི་དབང་བསྐུར་ནས་ལམ་དུས་སུ་གྲོལ་བྱེད་ཀྱི་དབང་བསྒོམས་ པས། འབྲས་བུ་དང་པོའི་སངས་རྒྱས་རང་འབྱུང་ཡེ་ཤེས་ཀྱི་སྐུ་ཐོབ་པར་གསལ་བར་སྱོན་ པའི་རྒྱུད། དབང་མདོར་བསྟན་གྱི་འབྱེད་འགྲེལ་འདི། དཔལ་མི་བསྐྱོད་རྡོ་རྗེས་དཔལ་མཁར་ ཆུང་གི་དབེན་གནས་སུ་བཀོད་པའོ།། །། འགྲོ་བ་སེམས་ཅན་ལ་ཕན་པར་གྱུར་ཅིག། ལེགས་པར་བྲིས་སོ། །ཞུས་དག་གོ། ། 2-1-153 མ་ཡིག་ནི་གཙང་དཔེ་རྙིང་བ་གདོང་རྟགས་མེད། 2-1-154 ༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རྩ་བརྒྱུད་བླ་མ་ཐམས་ཅད་ དང་། །ཡི་དམ་ཀུན་ལ་ཕྱག་འཚལ་ཏེ། །ལམ་འབྲས་རྡོ་རྗེ་ཚིག་རྐང་གི། །འགྲེལ་གསལ་ཚིག་ ཉུང་དོན་རྒྱས་བྲི། ། ༈ དེ་ལ་འདིར། གཉིས་པ་ལ་གསུམ་ལས། དང་པོ་མཚན་ཕྱག་བསྟན་པ་ནི། རྒྱ། དཔལ་ ཞེས་པ་ལ་སོགས་པའོ། ། ༈ གཉིས་པ་ཚིག་དོན་བཤད་པ་ལ་གསུམ། བླ་མ་དམ་པ་ལ་མཆོད་པར་བརྗོད་དེ། ལམ་ འབྲས་གདམ་ངག་བྲི་བར་དམ་བཅས་པས་མདོར་བསྟན། ལམ་འབྲས་བུ་དང་བཅས་པའི་ གདམ་ངག་གི་ཚིག་དོན་ཉམས་སུ་བླང་ལུགས་ཀྱིས་རྒྱས་པར་བཤད། ལམ་འབྲས་བུ་དང་ བཅས་པའི་གདམ་ངག་ཡོངས་སུ་རྗོགས་པའི་རྗེས་ཀྱི་བྱ་བས་མཇུག་བསྡུ་བའོ། ། དང་པོ་ལ་གཉིས་ལས། དང་པོ་བླ་མ་དམ་པའི་ཞབས་ལ་བཏུད་དེ་ཕྱག་འཚལ་བའི་མཆོད་ བརྗོད་ནི། བླ་མ་དམ་པའི་ཞབས་པད་ལ་བཏུད་དེ་ཞེས་པ་སྟེ། དེ་ལ་བཏུད་དེ་ཕྱག་འཚལ་ ཞེས་གཞིར་བླང་ངོ་། ། དེ་ལ་བཞི་ལས། གང་གིས་བཏུད་དེ་ཕྱག་འཚལ་ན་སྐབས་ཀྱི་སྟོབས་ཀྱིས་རྣལ་འབྱོར་ གྱི་དབང་ཕྱུག་ཆེན་པོ་བིར་ཝ་པ་ལ་སོགས་པས་སོ། །གང་ལ་བཏུད་དེ་ཕྱག་འཚལ་ན་བླ་མ་ ལ་སྟེ། དེ་ཡང་(རྩ་རྒྱུད་ཀྱི་)བླ་མ་ཅིག་ཉིད་ལ་བླ་མ་བཞིར་དབྱེ་བ་ལ་དྲུག་ལས། གང་ལས་དབྱེ་ བའི་གཞི་ནི་བླ་མ་དམ་པ་ཙམ་ལ། ཇི་སྙེད་དབྱེ་བའི་གྲངས་ནི་བཞི། གང་དག་དབྱེ་བའི་ངོ་བོ་ ནི་ཕྱི་ནང་ལུས་ཀྱི་དཀྱིལ་འཁོར་དུ། (སྦྱང་གཞི་)ལུས་ཀྱི་དྲི་མ་དག་པར་བྱེད་པ། (སྦྱོང་བྱེད་)བུམ་ པའི་དབང་བསྐུར་ནས། ལམ་བསྐྱེད་པའི་རིམ་པ་དང་། ཕྱི་ནང་སྒྲོ་འདོགས་གཅོད་ཅིང་། ལྟ་ བ་ཟུང་འཇུག་གི་ངོ་བོ་ཉིད་ལ་སོགས་པ་(ལུས་སྤྲུལ་སྐུར་)སྟོན་པར་བྱེད་པའི་བླ་མ། གསང་བ་ 2-1-155 བྷ་གའི་དཀྱིལ་འཁོར་དུ། (སྦྱང་གཞི་)ངག་གི་དྲི་མ་དག་པར་བྱེད་པ། (སྦྱོང་བྱེད་)གསང་བའི་ དབང་བསྐུར་ནས། ལམ་བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། ལྟ་བ་རང་བྱུང་གི་ཡེ་ ཤེས་ཆེན་པོ་ལ་སོགས་པ་(ངག་ལོངས་སྐུར་)སྟོན་པར་བྱེད་པའི་བླ་མ། དེ་ཁོ་ན་ཉིད་རྩ་བ་བྱང་ ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། (སྦྱང་གཞི་)སེམས་ཀྱི་དྲི་མ་དག་པར་བྱེད་པ། (སྦྱོང་བྱེད་)ཤེས་ རབ་ཡེ་ཤེས་ཀྱི་དབང་བསྐུར་ནས། ལམ་དཀྱིལ་འཁོར་འཁོར་ལོ་ཐབས་གྲོལ་དང་། ལྟ་བ་ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་སོགས་པ་(སེམས་ཆོས་སྐུར་)སྟོན་པར་བྱེད་པའི་བླ་མ། མཐར་ ཐུག་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། (སྦྱང་གཞི་)མཐར་ཐུག་གི་དྲི་མ་དག་པར་ བྱེད་པ། (སྦྱོང་བྱེད་)བཞི་པའི་དབང་བསྐུར་ནས། ལམ་རྡོ་རྗེ་རྦ་རླབས་དང་། ལྟ་བ་ཆོས་ཐམས་ ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ལ་སོགས་པ་(རྟེན་པ་རྣམ་ཤེས་ངོ་བོ་ཉིད་ཀྱི་སྐུར་)སྟོན་ པར་བྱེད་པའི་བླ་མ། རྡོ་རྗེ་སློབ་དཔོན་བཞིའོ། །གང་གིས་འབྱེད་པའི་རྒྱུ་མཚན་ནི། བླ་མ་ ངོ་བོ་གཅིག་ཉིད་ལ་དབང་དང་ལམ་དང་ལྟ་བ་ལ་སོགས་པ་སྟོན་པར་བྱེད་པའི་ཡོན་ཏན་གྱི་ ལྡོག་པ་མི་འདྲ་བ་བཞི་ཡོད་པའི་ཆ་ནས་བླ་མ་བཞིར་ཕྱེ་བ་ཡིན་ནོ། །ཇི་ལྟར་ཕྱེ་བའི་དོན་ནི་ གསུམ་ལྡན་གྱི་བླ་མ་གཅིག་གི་སྟེང་དུ་ངོ་བོ་ཅིག་ལ། ཡོན་ཏན་གྱིས་ཕྱེ་པའི་ལྡོག་པ་ཐ་དད་ ཡིན་ཏེ། གཞན་དུ་(རྒྱུད་ཐ་དད་ཀྱི་)ངོ་བོ་ཐ་དད་ཀྱང་སྲིད་པར་བལྟའོ། །དེ་ལྟར་ཕྱེ་པའི་གྲངས་ དང་གོ་རིམ་ངེས་པ་ནི་དབང་བསྐུར་བྱའི་སློབ་མའི་རྒྱུ་ལ་གནས་པ་རྟེན་དཀྱིལ་འཁོར་བཞི་ ལས། དབང་གིས་སྨིན་པ་དབང་བཞི་བསྐུར་ནས། དབང་དང་འབྲེལ་པའི་ལམ་གོམས་པ་ བཞི། ལམ་དང་འབྲེལ་པའི་ལྟ་བ་ཉམས་སུ་མྱོང་བ་བཞི། ལྟ་བ་དང་འབྲེལ་པའི་གྲུབ་མཐའ་ སྙོགས་པ་བཞི། གྲུབ་མཐའ་དང་འབྲེལ་པའི་འབྲས་བུ་མངོན་གྱུར་དུ་ཐོབ་པ་བཞིའི་ལྡོག་ པ་ནས་དབང་བསྐུར་མཁན་གྱི་བླ་མ་ཡང་བཞི་ཁོ་ནར་གྲངས་དང་གོ་རིམ་དེ་ལྟར་ངེས་པའོ། ། དེ་ཡང་། དམ་པའི་ཞེས་བྱ་བ་ནི་གསུམ་ལྡན་གྱི་བླ་མ་སྟེ། བདག་གི་ལུས་ངག་སེམས་ལ་སྨིན་ 2-1-156 ལམ་དབང་བཞི་རྫོགས་པར་བསྐུར་ནས། རྒྱུད་སྡེ་ཟབ་མོ་རྣམས་བཤད་དེ། སྨིན་གྲོལ་ གྱི་གདམ་ངག་ཀུན་རྫོགས་པར་གསུངས་ཤིང་། ཤེས་པར་བསླབས་པས་དྲིན་ཆེ་བའི་ཕྱིར་ དམ་པ་ཞེས་པའམ། ཡང་ན་བླ་མས་མན་ངག་གི་ཆོས་བསྟན་པ་བཞིན་སློབ་མས་ལེགས་པར་ བསྒོམས་པས། ཇི་ལྟར་བསྟན་པ་དང་མཐུན་པར་རང་ལ་ཉམས་མྱོང་སྐྱེས་པས་གདུལ་བྱ་མོས་ གུས་ཅན་གྱི་བསམ་པ་ཚིམ་སྟེ། བླ་མ་དང་ཆོས་ལ་ཡིད་ཆེས་ཁྱད་པར་ཅན་སྐྱེས་པའི་ཉམས་ མྱོང་རྗེས་སུ་དྲན་པའི་ཚད་མས་དམ་པར་གྲུབ་པའི་བླ་མའི་སྐུ་གསུང་ཐུགས་གསུམ་དང་རང་ གི་ལྷག་པ་ལྷའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཐ་མི་དད་པའི་ཕྱིར་ན་དམ་པ་སྟེ། དེ་ལ་བཏུད་དེ་ ཕྱག་འཚལ་བའོ། །ཚུལ་ཇི་ལྟར་བཏུད་དེ་ཕྱག་འཚལ་ན་ཞབས་པད་ལ་བཏུད་དེ་ཞེས་པ་སྟེ། དེ་ལ་གཉིས། རྟོགས་པ་མཇལ་བའི་ཕྱག་དང་། དད་ཅིང་གུས་པའི་སྒོ་ནས་བཏུད་དེ་ ཕྱག་འཚལ་བའོ། ། དང་པོ་ནི་ཞབས་ནི་བླ་མ་དམ་པ་བཞི་པོའི་ལྟ་བ་ཉམས་མྱོང་སྐྱོན་མེད་བཞི་པོ་སོ་སོ་ བཞིན་མཐར་ཕྱིན་པའི་ཡེ་ཤེས་ཡིན་ལ། པད་མ་ནི་དཔེར་ན་པད་མ་འདམ་ནས་སྐྱེས་ཀྱང་ འདམ་གྱི་དྲི་མས་མ་གོས་པ་ལྟར། ལྟ་བ་བཞི་པོ་ཡང་འཁོར་བ་ནས་འཁྲུངས་ཀྱང་འཁོར་ བའི་སྐྱོན་དང་། ལྟ་བ་སྐྱོན་ཅན་བརྒྱད་པོ་རང་རང་སོ་སོའི་དྲི་མས་མ་གོས་པའི་ལྟ་དགོངས་ ཀྱི་པད་མའམ། ཡང་ན་ཆོས་སྐུ་རྡོ་རྗེ་འཆང་། ལོངས་སྐུ་དཔལ་ཀྱེའི་རྡོ་རྗེ། སྤྲུལ་སྐུ་དཔལ་རྡོ་ རྗེ་བདག་མེད་མའི་ལྟ་དགོངས་ཀྱི་པད་མ་ལ། བཏུད་དེ་ནི་(སྔོན་བྱུང་རྣམ་འཕྲུལ་དུ་)རྣལ་འབྱོར་ གྱི་དབང་ཕྱུག་ལ་སོགས་པས་རྟོགས་པ་མཇལ་བའི་ཕྱག་འཚལ་བ་ཡིན་ཏེ། དེ་སྐད་དུ། ཇི་ ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ནི་རྗེས་ཞུགས་ལྟར། །རང་གིས་རང་གི་ཡེ་ཤེས་ནི། ། ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་པའོ། ། གཉིས་པ་ནི། (རྗེས་འཇུག་མངོན་རྟོགས་སུ་)བླ་མ་དེའི་སྐུའི་དམའ་ཤོས་ཞབས་པད་ཡིན་ལ། 2-1-157 དེ་ལ་བདག་གི་ཡན་ལག་གི་མཆོག་མགོ་བོས་རེག་ཅིང་བཏུད་དེ་ཕྱག་བྱས་ན་སྐུ་ཐམས་ཅད་ ལ་ཕྱག་འཚལ་བར་འགྲོ་བས། བདག་ལ་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་སྐྱེད་པར་བྱེད་ པས་ན་བླ་མ་ལ་སངས་རྒྱས་དངོས་ཡིན་པའི་འདུ་ཤེས་བསྐྱེད་པའི་དང་བའི་དད་པ་ཁྱད་པར་ ཅན་གྱིས་ཀུན་ནས་བསླང་སྟེ། ལུས་ངག་ཡིད་གསུམ་གུས་པས་བཏུད་དེ་ཕྱག་འཚལ་བའོ། ། དགོས་པ་ཅིའི་དོན་དུ་བཏུད་དེ་ཕྱག་འཚལ་ན་གདམ་ངག་གི་གཞུང་(ཆུང་བསྡུས་པ་)འབྲི་བའི་ ཐོག་མར། ཡུལ་བླ་མ་དམ་པ་ལ་མཆོད་བརྗོད་བྱས་པས་སྐྱེས་བུ་དམ་རྣམས་དང་བྱེད་ཚུལ་ མཐུན་ཞིང་གཞུང་མཛེས་པ་དང་། ཚོགས་རྫོགས་ཤིང་སྒྲིབ་པ་དག་པས་བར་ཆད་ཞི་ནས་ (འབྲི་བར་)དམ་བཅས་མཐར་ཕྱིན་པར་འགྱུར་བའོ། ། ༈ གཉིས་པ་ལམ་འབྲས་གདམས་ངག་བྲི་བར་དམ་བཅས་པས་མདོར་བསྟན་པ་ནི། བཏུད་དེ་ཕྱག་འཚལ་ནས་བྱ་བ་ཅི་མཛད་ཅེ་ན། ལམ་འབྲས་གདམས་ངག་གསུང་མདོ་བྲི་བར་ བྱ་ཞེས་པ་སྟེ། དེ་ཡང་བྲི་བར་བྱ་ཞེས་གཞིར་བླང་ངོ་། ། དེ་ལ་བཞི་ལས། གང་གིས་བྲི་བར་བྱ་ན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་ པས་སོ། །གང་བྲི་བར་བྱ་ན་ལམ་འབྲས་གདམས་ངག་གོ། །དེ་ལ་ལམ་འབྲས་འབྲིང་ རྒྱས་བསྡུས་པ་གསུམ། ཟབ་འབྲིང་ཐ་གསུམ་སྟེ། རྒྱས་པ་ལ་གཉིས་ལས། གནས་སྐབས་ཀྱི་ ལམ་འབྲས་ནི། འཁོར་ལོ་རྩོམ་པ་འཁོར་བ་དང་འདས་པ(ཐུན་མོང་པ)འི་ལམ་འབྲས་གཉིས། འཁོར་ལོ་འཆམ་པ་(ལུས་བྷ་ག་བྱང་སེམས་)དང་། འཁོར་ལོ་བསྐོར་བ(ས་དང་པོ་ཡན་ཆད་པ)འི་ལམ་ འབྲས་གཉིས། འཇིག་རྟེན་པ་(ཚོགས་སྦྱོར་གཉིས་)དང་། འཇིག་རྟེན་ལས་འདས་པ(མཐོང་སྒོམ་ མཐར་ཕྱིན་པ་གསུམ་པ)འི་ལམ་འབྲས་གཉིས། དྲོད་ཀྱིས་བསྡུས་པ་(མི་བརྟན་ཏེ་སླུ་བ་གསུམ་)དང་། རྟགས་ཀྱིས་བསྡུས་པ(བརྟན་ཏེ་མི་སླུ་བ)འི་ལམ་འབྲས་གཉིས། ཡེ་ཤེས་འཇུག་ལྡོག་(ཕན་འདོག་པ་ ཆུང་བ་)དང་། 2-1-158 རྣམ་རྟོག་འཇུག་ལྡོག་གིས་བསྡུས་པ(གནོད་པ་ཆུང་ཞིང་ཕན་འདོགས་ཆེ་བ)འི་ལམ་འབྲས་གཉིས་ ཏེ། རྣམ་གྲངས་ཀྱི་ཚུལ་གྱིས་བཅུའོ། །མཐར་ཐུག་གི་འབྲས་བུ་ནི་གསུམ་སྟེ། བདག་དོན་གྱི་ རྟེན་འབྲེལ་འགྲིག་པའི་ཆེ་བ་ཚོགས་ཡོངས་སུ་རྫོགས་པའི་སྐུ་ལྔ་རང་བཞིན་གྱིས་ལྷུན་གྲུབ། གཞན་དོན་གྱི་རྟེན་འབྲེལ་འགྲིག་པའི་ཆེ་བ་སེམས་མ་བསྐྱེད་པ་བསྐྱེད་པ་དང་། ལོང་བ་ རྣམས་ཀྱི་མིག་གིས་གཟུགས་མཐོང་པ་ལ་སོགས་པ་དུ་མ། བདག་གཞན་གཉིས་ཀའི་རྟེན་ འབྲེལ་འགྲིག་པའི་ཆེ་བ། འཁོར་ཚོམ་བུ་གཅིག་དང་བཅས་ཏེ་སངས་རྒྱ་བའོ། །གདམས་ངག་ ནི་(འབྲས་བུ་ལམ་དུ་བྱེད་པས་ན་)ལམ་འབྲས་བུ་དང་བཅས་པའི་གདམས་ངག (གནས་གྱུར་ཡེ་ཤེས་སུ་ འདོད་པས་ན་)འབྲས་བུ་ལམ་དང་བཅས་པའི་གདམས་ངག (ཐམས་ཅད་ཕྱི་ནང་གསང་བའི་རྟེན་འབྲེལ་ ལས་འབྱུང་བས་)གཅིག་ཤེས་པས་མང་པོ་ཤེས་པའི་གདམས་ངག སྐྱོན་ཡོན་ཏན་དུ་སློང་ཤེས་ པས་རེ་དོགས་ཀྱི་འཕྲང་སེལ་བའི་གདམས་ངག དངོས་གྲུབ་རང་ལས་འབྱུང་པར་ཤེས་ པས་རེ་ཞིང་རྩོལ་བའི་བློ་སེལ་བའི་གདམས་ངག ཐམས་ཅད་ཏིང་ངེ་འཛིན་དུ་ངོ་ཤེས་པས་ བསམ་གཏན་གྱི་གེགས་སེལ་བའི་གདམས་ངག (སྲིན་པོ་སོགས་ཀྱི་)བར་ཆད་(ཀྵ་ཡིག་སོགས་ཀྱི་) རྟེན་འབྲེལ་དུ་ངོ་ཤེས་པས་(ཕྱི་རོལ་)བདུད་ཀྱི་བར་ཆད་སེལ་བའི་གདམས་ངག (ཉམས་སྐྱོན་ཅན་ ལ་སོགས་པའི་)གོལ་ས་ཐམས་ཅད་ལམ་དུ་སྒྱུར་ཤེས་པས་གསེར་(རང་སེམས་གང་ལ་ཟིན་པ་)འགྱུར་ གྱི་རྩི་ལྟ་བུའི་གདམས་ངག་ལ་སོགས་པ་ཟབ་ལ་རྒྱ་ཆེ་བའི་གདམས་ངག་བྲི་བར་བྱ་ཞེས་ པའོ། ། ཚུལ་ཇི་ལྟར་བྲི་བར་བྱ་ན། གསུངས་མདོ་ཞེས་པ་སྟེ། དེ་ཡང་རྒྱལ་བ་ཆོས་སྐུ་རྡོ་རྗེ་འཆང་ གིས། ལོངས་སྐུ་དཔལ་ཀྱེའི་རྡོ་རྗེ་ལ་སོགས་ལ་གསུངས། སྤྲུལ་སྐུ་དཔལ་རྡོ་རྗེ་བདག་མེད་ མ་སོགས་ལ་གསུངས། སྤྲུལ་སྐུས། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པ་ ལ་གསུངས་ནས། གཞན་(མང་པོའི་)དོན་དུ་ཡི་གེར་བྲི་བའི་རྗེས་སུ་གནང་པ་ཐོབ་པ་བཞིན་ 2-1-159 ཚིག་ཉུང་ལ་དོན་རྒྱས་པར་སྟོན་པའི་མདོ་རྩ་སྟེ། (བླ་མ་དམ་པའི་མན་ངག་མེད་པ་ཕལ་ཆེ་བ་ཡིས་རྟོགས་ དཀའ་བ་)རྩ་བ་རྡོ་རྗེ་ཚིག་རྐང་(འདོད་པའི་དོན་ཐམས་ཅད་འབྱུང་པས་)ཡིད་བཞིན་གྱི་ནོར་བུ་རིན་པོ་ ཆེ་ལྟ་བུ་འདིར་(བཀའ་མདོ་རྒྱུད་ཀྱི་)སྡེ་སྣོད་གསུམ་གྱི་(སྙིང་པོ་)དེ་ཁོ་ན་ཉིད་(ཀྱི་ལམ་འབྲས་)མདོར་ བསྡུས་ཏེ་བྲི་བར་བྱའོ། །དགོས་པ་གང་གི་དོན་དུ་བྲི་བར་བྱ་ན། བྲི་བར་དམ་བཅས་པ་མཐར་ ཕྱིན་པའི་གདམས་ངག་གི་(རྩ་བ་རྡོ་རྗེ་)ཚིག་(རྐང་ཉུང་འདུས་ཀྱི་)དོན་ཉམས་སུ་བླངས་པས། ཐུན་ མོང་(གྲུབ་ཆེན་བརྒྱད་སོགས་)དང་། མཆོག་གི་དངོས་གྲུབ་(འགྲོ་བཞི་ཐིམ་པས་ཐམས་ཅད་མཁྱེན་པ་) མྱུར་དུ་ཐོབ་པའོ།། །། ༈ གཉིས་པ་ལ་གཉིས། ལམ་འབྲས་བུ་དང་བཅས་པའི་གདམས་ངག འབྲིང་རྒྱས་བསྡུས་ གསུམ་དུ་བསྟན་པ་དང་། ཟབ་འབྲིང་ཐ་གསུམ་དུ་བསྟན་པའོ། ། དང་པོ་ལ་གསུམ། ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་འཁྲིད་ཀྱི། གཞི་ བཅའ་པ་ལམ་འབྲས་འབྲིང་པོས་མདོར་བསྟན་དང་། གཞུང་བསྲང་པ་ལམ་འབྲས་རྒྱས་པས་ རྒྱས་བཤད་དང་། མཇུག་བསྡུ་བ་ལམ་འབྲས་བསྡུས་པས་མདོར་བསྡུས་བསྟན་པའོ། ། དང་པོ་ལ་གསུམ། གཞི་དག་བྱ་མ་དག་འཁྲུལ་པའི་སྣང་པ་དང་། ལམ་དག་བྱེད་ཉམས་ མྱོང་གི་སྣང་པ་དང་། འབྲས་བུ་དག་བྱ་དག་བྱེད་ཀྱི་ཤིན་ཏུ་དག་པའི་སྣང་པ་བསྟན་པའོ། ། དེ་གསུམ་རེ་རེ་ལའང་དོན་གསུམ་གསུམ་སྟེ། རྟེན། རྒྱུ། སྣང་ལ། གང་ཡིན་པའོ། །དེ་ ལ་མ་དག་པའི་སྣང་པའི། རྟེན་ནི་གཞི་སེམས་ཅན་པ་སྟེ། སྤྱིར་རིགས་དྲུག་གིས་བསྡུས་པའི་ སེམས་ཅན་(གཟུང་འཛིན་)ལས། ཁྱད་པ(མིའི་)ར་དུ་གང་ཟག་གཅིག་གི་རྒྱུད་ལ་གཞག་གོ། །རྒྱུ་ ནི་ཉོན་མོངས་པ་སྟེ། (འཁོར་བ་ཐོག་མ་མེད་པ་ནས་ཀྱི་)ཉོན་མོངས་པ་དང་། ལས་ཀྱི་བག་ཆགས་ ཀྱི་དབང་གིས་སོ། །རང་གི་ངོ་བོ་ནི་དེ་ལ་མ་དག་པའི་སྣང་པ་སྟེ། དེ་ལ་གཉིས། ལས་དང་། རྐྱེན་སྣང་འཁྲུལ་པའི་སྣང་བའོ། །དང་པོ་ལ་གཉིས་ལས། 2-1-160 ལས་སྤྱི་མཐུན་གྱི་སྣང་པ་ནི། ཡང་དག་ཀུན་རྫོབ་གཟུང་འཛིན་དངོས་པོའི་སྣང་པའོ། །ལས་ སོ་སོའི་སྣང་པ་ནི་ལོག་པའི་ཀུན་རྫོབ་(རིས་དྲུག་སོ་སོ་)རང་རང་གི་ལས་ཀྱིས་བདེ་སྡུག་སོགས་ སྣ་ཚོགས་སུ་སྣང་པའོ། ། གཉིས་པ་ནི་བད་ཀན་གྱི་ནད་ཅན་ལ་སོགས་ལ་སྐྲ་ཤད་འཛག་པ་ལ་སོགས་པ་དུ་མར་ སྣང་པའོ། ། ༈ གཉིས་པ་ཉམས་མྱོང་སྣང་པའི། རྟེན་ནི་ལམ་བསྒོམ་པའི་རྣལ་འབྱོར་པ་སྟེ། དེ་ལ་ གསུམ། (ཟ་མ་མ་ནིང་། དབང་པོ་མ་ཚང་། ཞ་འུར་མིན་པ་)ལུས་ཁྱད་པར་དུ་གྱུར་པའི་དང་། (ཐོས་བསམ་ དང་བསླབ་པ་དང་དབང་གིས་)རྒྱུད་ཡོངས་སུ་དག་པའི་དང་། (ལས་འཕྲོ་སད་པ་ལ་སོགས་གསུམ་གང་རུང་ གིས་)ཉམས་མྱོང་རྒྱུད་ལ་སྐྱེས་པའི། གང་ཟག་རྣལ་འབྱོར་པའོ། །རྒྱུ་ནི་ཏིང་ངེ་འཛིན་པ་སྟེ། དེ་ཡང་བསམ་བརྟན་གྱི་སྔོན་འགྲོ་དགུའི་འཁྲིད་ཚར་བར་བྱས་ནས། དངོས་གཞིའི་འཁྲིད་ ནི། མཚན་མ་དང་བཅས་པའི་དང་། མཚན་མ་མེད་པའི་བསྒོམ་(ལུས་མི་འགུལ། མིག་མི་འཛུམས། རྟེན་མི་འགྱུར། ཡིད་ཏིང་ངེ་འཛིན་པའི་ཡན་ལག་བཞིས་)ཞི་གནས་དང་། ལྷག་མཐོང་ཟུང་དུ་ཆུད་པའི་ ཏིང་ངེ་འཛིན་སྐྱེས་པའི་ཉམས་རྟགས་མཐོང་ངེས་སུ་བླ་མས་བསྒོམ་གདབ་ཅིང་། སློབ་མས་ བསྒོམ་པར་བྱའོ། ། དེའི་ཤུགས་ཀྱིས་བསྟན་པ་བསྒོམས་པའི་སྟོབས་ཀྱིས་(ནང་རྟེན་འབྲེལ་)རྩ་ཡི་གེའི་ཕོ་བྲང་དུ་ (གསང་པ་རྟེན་འབྲེལ་)རླུང་སེམས་མཁའ་འགྲོ་ཡུམ་ཡབ་བཅུའི་འདུ་འཕྲོད་ཀྱིས་སེམས་ཀུན་ གཞི་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་ཏེ། དེ་ཡང་སེམས་རང་རིག་གིས། རང་བཞིན་ སྟོང་པའི་ཏིང་ངེ་འཛིན། ཤེས་པ་གསལ་སྟོང་དང་། མཚན་ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན། ཡུལ་སྣང་སྟོང་དང་། ངོ་བོ་ཟུང་འཇུག་གི་ཏིང་ངེ་འཛིན། ཉམས་མྱོང་བདེ་སྟོང་། དབྱེར་མེད་ 2-1-161 རྣམ་པར་མི་རྟོག་འོད་གསལ་བའི་ཏིང་ངེ་འཛིན་མ་ཡེངས་པར་བསྒོམས་(གསང་སྔགས་རྙིང་མ་པ། དེ་བཞིན་ཉིད་ཀྱི། ཀུན་ཏུ་སྣང་གི། རྒྱུའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་རིམ་པ་གསུམ་གྱིས་བསྐྱེད་རྫོགས་གཉིས་ ཀ་བསྒོམ་པ་ཡིན་ཏེ་ ལགས་ཧེ། )ཤིང་། རྗེས་སུ་བསྔོ་བ་དང་། སྨོན་ལམ་གྱིས་རྒྱས་གདབ་པར་བྱའོ། །གཞན་ཡང་ ཏིང་ངེ་འཛིན་གྱི། རྒྱུ། ངོ་བོ། ཕན་ཡོན། གེགས་སེལ། ས་མཚམས། བསྟན་པ་ལྔས་གཞན་དུ་ ཤེས་པར་བྱའོ། །རང་གི་ངོ་བོ་ནི་དེ་ལ་ཉམས་ཀྱི་སྣང་བ་(དྲོད་ཀྱིས་བསྡུས་པ་དང་རྟགས་ཀྱིས་བསྡུས་ པའོ། །)ཞེས་བྱ་བ་རྒྱུད་ལ་འབྱུང་པ་ལ་འཇུག་སེལ་ལ་སོགས་པ་གསུམ་ལྔ་བཅོ་ལྔ་སྟེ། དེ་ལ་ ལམ་གསུམ་ནི། (གང་རུང་ལ་སེམས་གནས་པ་) འཇུག་པ་སེལ་བའི་དང་། (དེས་ཀྱང་་་་)ཆགས་པ་གཅོད་པའི་དང་། (ཟུང་འཇུག་གསུམ་)བྱང་ཆུབ་ ཆེན་པོའི་ལམ་མོ། །ཉམས་གསུམ་ནི་(ན་ཚ་སོགས་)ལུས་དང་། (ཉོན་མོངས་པ་ སོགས་)སེམས་དང་། (རྟ་རྨི་བ་སོགས་)རྨི་ཉམས་སོ། །རྟེན་འབྲེལ་གསུམ་ནི། རླུང་ལོག (དུ་བ་)མཐོང་སྣང་(མ་ངེས་མཐོང་སྣང་སོགས)། (སྲིན་པོ་སོགས་)རྨི་ལམ་(རང་འཕུར་བ་སོགས་)གྱི་ རྟེན་འབྲེལ་ལོ། །དྲོད་གསུམ་ནི། རྣམ་རྟོག་སྔོན་དུ་སོང་པའི་དང་། (ཉི་ཟླ་མཐོང་བ་སོགས་)ཁམས་ དགུ་འདུས་པའི་དང་། ཐིག་ལེ(འི་བདེ་བ)འབར་ཞིང་འདུས་པའི། དྲོད་ དོ། །ཏིང་ངེ་འཛིན་གསུམ་ནི། (ཡུལ་གྱིས་སྟོང་པ་སོགས་)རང་བཞིན་སྟོང་པའི་དང་། (ཉམས་ ང་སོགས་དང་ལྷ་སྐུ་སོགས་)མཚན་ཉིད་སྣ་ཚོགས་ཀྱི་དང་། ངོ་བོ་ཟུང་འཇུག་(༣)གི། ཏིང་ངེ་འཛིན་ གྱི་ཉམས་སོ། །དེ་ལྟར་ཉམས་བཅོ་ལྔ་ཐམས་ཅད་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས། ཏིང་ངེ་ འཛིན་དུ་ངོ་ཤེས་པར་བྱས་ལ་ལམ་དུ་བསྲལ་ལོ། ། ༈ གསུམ་པ་དག་པའི་སྣང་པའི་རྟེན་ནི། འབྲས་བུ་བདེ་བར་གཤེགས་པ་སྟེ། དེ་ལ་ བཞི། ཕྱི་དབྱིབས་ཀྱི་བདེ་གཤེགས་ཏེ། (བསྐྱེད་རིམ་དང་འབྲེལ་པས་)ཚོགས་གཉིས་ཀྱི་ལམ་བདེ་ 2-1-162 བ་ནས་གཤེགས་པས་སོ། །ནང་སྔགས་ཀྱི་བདེ་བར་གཤེགས་ཏེ། (ཙན་ཌ་ལི་དང་འབྲེལ་པས་) དབུ་མའི་ལམ་བདེ་བ་ནས་གཤེགས་པས་སོ། །གསང་པ་དབང་གི་བདེ་གཤེགས་ཏེ། (ཕྱག་ རྒྱའི་ལམ་)ཡུམ་གྱི་མཁའ་བདེ་བ་ནས་གཤེགས་པས་སོ། །(རྡོ་རྗེ་རྦ་རླབས་དང་འབྲེལ་པས་)དེ་ཁོ་ན་ ཉིད་མཐར་ཐུག་གི་བདེ་གཤེགས་ཏེ། རྣམ་ཐར་སྒོ་བཞིའི་ལམ་བདེ་བ་ནས་གཤེགས་པས་སོ། ། རྒྱུ་ནི་དག་པ་སྟེ། དེ་ཡང་ལམ་དུ་དག་བྱེད་ཏིང་ངེ་འཛིན་བསྒོམས་པས། འབྲས་བུ་དག་བྱ་ སྒྲིབ་གཉིས་དག་པའོ། །ཡང་ན་འོག་ནས་འབྱུང་པས་འགྲོས་བཞི་ཐིམ་པས་དག་པའོ། །རང་ གི་ངོ་བོ་ནི་དེ་ལ་སྐུ་མི་ཟད་པ(འི་སྣང་པ་)ནི། (མདོ་བཞིན་དུ་)སྐུའི་གསང་བ་བསམ་གྱིས་མི་ཁྱབ་ པ་དང་། (མཆོག་དང་མཆོག་མིན་)སྐུ་ཐམས་ཅད་པ། གསུང་མི་ཟད་པ(འི་སྣང་པ་)ནི། (མདོ་བཞིན་དུ་) གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། (དུས་གཅིག་ཏུ་ཐམས་ཅད་གོ་ཞིང་། རིས་དྲུག་གི་སྐད་ དུ་ཆོས་སྟོན་པས་)གསུང་ཐམས་ཅད་པ། ཐུགས་མི་ཟད་པ(འི་སྣང་པ་)ནི། (མདོ་བཞིན་དུ་)ཐུགས་ཀྱི་ གསང་བ་བསམ་གྱིས་མི་ཁྱབ་པ་དང་། (ཡེ་ཤེས་ལྔ་ཇི་ལྟ་བ་ཇི་སྙེད་པ་ཐམས་ཅད་དུས་གཅིག་མཁྱེན་པས་) ཐུགས་ཐམས་ཅད་པའོ། །རྒྱན་ནི་ཡོན་ཏན་གྱི་རྒྱན་ཏེ། (སྐྱེས་བུའི་རྒྱན་བཞིན་)རང་གཞན་གཉིས་ ཀ་ལ་མཛེས་པའི་ཡོན་ ཏན་གྱི་རྒྱན་མི་ཟད་པའོ། །འཁོར་ལོ་ནི་འཕྲིན་ལས་ཀྱི་འཁོར་ལོ་སྟེ། མཛད་པ་འཕྲིན་ལས་ ཀྱི་འཁོར་ལོ་མི་ཟད་པ་(འདུལ་བྱེད་)དོན་བྱེད་པ་དང་། (གདུལ་བྱ་)དོན་བྱས་པ་གཉིས་ཀས་ཀྱང་ འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་རྩོལ་མེད། ལྷུན་གྲུབ། རྒྱ་ཆེན། རྒྱུན་མི་འཆད་པར་བྱེད་པའོ། །མདོར་ན་རང་གི་རྣམ་ཤེས་ཡོངས་སུ་དག་པའི་ཡེ་ཤེས་ཉིད་ ལས་མ་གཏོགས་པ་འཁོར་འདས་ཀྱི་སྣང་པ་ཐ་དད་པ་མེད་པར་རྟོགས་ཏེ། དེ་ཙམ་ན་(བདག་ གི་རྒྱུད་གཅིག་གིས་རྟོགས་པ་ལ་) འཁོར་འདས་རོ་གཅིག (གོམས་པའི་དུས་)ལམ་དང་འབྲས་བུ་(གྲུབ་པའི་དུས་སུ་གྱུར་ཙམ་ན་) 2-1-163 རོ་གཅིག (སྔར་)སེམས་ཅན་དང་(ཕྱིས་)སངས་རྒྱས་རོ་གཅིག (སེམས་ཅན་ཙ་ན་)སྤང་བྱ་དང་ གཉེན་པོ་(ཏིང་ངེ་འཛིན་ལ་)རོ་གཅིག དེ་ཙམ་ན་(རྟོགས་པ་གཅིག་གི་སྤྱོད་ཡུལ་དུ་གྱུར་པས་) བླང་དོར་གཉིས་མེད། (ཉོན་མོངས་)སྤངས་(པ་དང་ཡེ་ཤེས་)ཐོབ་(པ་)གཉིས་མེད་དེ། ཤིན་ ཏུ་དག་པའི་སྣང་པ་ཞེས་བྱའོ། །རྒྱས་པར་ནི་སྣང་གསུམ་གྱི་འཁྲིད་དང་། ལམ་འབྲས་འབྲིང་ དུ་བསྟན་པ་ལོགས་ན་ཡོད་པ་ལས་ཤེས་པར་བྱའོ།། །། ༒ ད་ནི་གཉིས་པ་ལམ་འབྲས་བུ་དང་བཅས་པའི་གདམ་ངག་གི་འཁྲིད་ཀྱི་གཞུང་ བསྲང་པ་ལམ་འབྲས་རྒྱས་པས་རྒྱས་བཤད་བསྟན་པ་ལ་གཉིས། གནས་སྐབས་ཀྱི་ལམ་འབྲས་དང་། མཐར་ཐུག་གི་འབྲས་བུ་བསྟན་པའོ། །དང་པོ་ལ་ གསུམ། འཁོར་ལོ་བརྩོམ་པ་འཁོར་འདས་ཐུན་མོང་གི་དང་། འཁོར་ལོ་འཆམ་པ་འཇིག་རྟེན་ པའི་དང་། འཁོར་ལོ་སྐོར་བ་འཇིག་རྟེན་ལས་འདས་པའི། ལམ་འབྲས་བསྟན་པའོ། ། དང་པོ་ལ་གཞུང་ཚོམ་བུ་དྲུག་ཏུ་བསྟན་ཀྱང་། དོན་གྱི་འབྲེལ་རྩིས་ན་བཞི། ལམ་འབྲས་ བུ་དང་བཅས་པའི། རྒྱུ་གསུམ་གྱི་འཁྲིད་རིམ། འཁྲིད་ཀྱི་བོགས་དབྱུང་པ། རྟེན་འབྲེལ་ལྔ་ འགྲིག་ཚུལ། ལམ་གྱི་བར་ཆད་བསྲུང་པ། བསྟན་པའོ། ། དང་པོ་ལ་གཉིས། སྤྱིར་དང་། བྱེ་བྲག་ཏུ་བསྟན་པའོ། །དང་པོ་ནི་ཨེ་ཝཾ་ལ་སོགས་ཡིག་ བྲིས་དཔེ་དང་། རྗོད་བྱེད་བརྡ་དང་། བརྗོད་བྱ་དོན་རྒྱུད་ནི་གཞི་ལམ་ འབྲས་བུའི་རྒྱུད་གསུམ་མོ། ། གཉིས་པ་ལ་གསུམ། ཀུན་གཞི་རྒྱུ་རྩ་རྒྱུད་དང་། ལུས་ཐབས་ལམ་བཤད་རྒྱུད་དང་། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་བསྟན་པའོ། །དང་པོ་ནི་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་ ཚང་པ་རྩ་རྒྱུད་ཅེས་གསུངས་ཏེ། དེ་ཡང་ཀུན་གཞི་ནི་འཁོར་ འདས་ཀུན་གྱི་བག་ཆགས་བསགས་པ་དང་། དག་པའི་གཞི་སྟེ། རབ་ཏུ་མི་གནས་པའི་རྒྱུད་ 2-1-164 ལས། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་པའི་གཞི་མའང་ ཡིན། །ཞེས་གསུངས་པའོ། །རྒྱུ་ནི་འབྲས་བུ་(སྐུ་ལྔ་ཡེ་ཤེས་ལྔ་སོགས་)སྐྱེ་རུང་གི་ནུས་པའི་མཐུ་ལ་ བྱ་སྟེ། དེ་ཡང་སེམས་ཀུན་གཞི་ཆོས་ཉིད། མ་རྟོགས་ཤིང་ཐབས་ཀྱིས་མ་ཟིན་ན་འཁོར་བའི་ དང་། རྟོགས་ཤིང་ཐབས་ཀྱིས་ཟིན་ན་འདས་པའི་རྒྱུ་བྱེད་པས་ན་རྒྱུའོ། །རྒྱུད་ནི་སེམས་ཅན་ ནས་སངས་རྒྱས་རྡོ་རྗེ་འཛིན་པའི་བར་དུ་སེམས་ཉིད་རང་རིག་(གི་ཕྲེང་པ་)རྒྱུན་མི་འཆད་པ་ལ་ རྒྱུད་ཅེས་བྱ་སྟེ། དཔལ་གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་ པའང་རྒྱུད་དུ་རབ་ཏུ་གྲགས། །ཞེས་གསུངས་སོ། །འཁོར་འདས་ཚང་པས་རྩ་རྒྱུད་ཅེས་པ་ནི། འཁོར་བའི་ཆོས་(དམྱལ་སོགས་)ཐམས་ཅད་མཚན་ཉིད་པའི་ཚུལ་གྱིས་ཚང་། ལམ་རྣལ་འབྱོར་ གྱི་ཆོས་(བསྐྱེད་རྫོགས་)ཐམས་ཅད་ཡོན་ཏན་གྱི་ཚུལ་དུ་ཚང་། འབྲས་བུ་འདས་པའི་ཆོས་(སྐུ་ལྔ་ ཡེ་ཤེས་ལྔ་སོགས་)ཐམས་ཅད་ནུས་མཐུའི་ཚུལ་དུ་ཚང་པས། ཀུན་གཞི་ལ་རྩ་(ཤིང་སྡོང་དང་འདྲ་བ་) རྒྱུད་ཅེས་བྱ་སྟེ། (དཔེ་བརྡ་)མདོ་རྒྱུད་མན་ངག་ལས། རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་ རྣམས་ཀུན་གྱི་རྩ་བ་ཡིན། །ཞེས་གསུངས་སོ། ། དེས་ན་འཁོར་འདས་ཀུན་གྱི་གཞི་རྩ་བ་ཡིན་པ་དེ། བཀའ་མདོ་རྒྱུད་བསྟན་བཅོས་ དང་། ལུང་རིགས་མན་ངག་གི་ཐབས་ཀྱིས་གཏན་ལ་ཕབ་ནས་ཉམས་སུ་བླངས་པས་སངས་ རྒྱ་བར་བཤད་པས། རྩ་འགྲེལ་ཡིན་པར་ཤེས་པར་བྱའོ། ། ད་ནི་གཉིས་པ་ལ་གཉིས་ལས། སྤྱིར་བསྟན་པ་ནི་ལུས་ཐབས་རྒྱུད་སོགས་པ་ཡང་ཞེས་ པ་སྟེ། དེ་ལ་ཕྱི་ལུས་ནི་འབྱུང་བཞི་བསགས་ཤིང་འདུས་པའི་ལུས། ནང་ལུས་ནི་རྩ་རླུང་ཁམས་ བདུད་རྩི་བསགས་ཤིང་འདུས་པའི་ལུས། མཐར་སེམས་ ལུས་བྲལ་ནས་ཤུལ་དུ་ལུས་པས་ན་ལུས་སོ། །དེ་ལྟར་ཡིན་ཡང་ཁམས་དགུ་ཚང་པའི་སྐྱེས་ བུ་ཆེན་པོ་ནི་སེམས་ཀུན་གཞི་རྩ་རྒྱུད་ལ་གདོད་མ་ནས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ 2-1-165 རིགས་ས་བོན་ནམ་རྒྱུའི་ཚུལ་དུ་གནས་པ་དེ། ཐབས་ལུས་རྟེན་འབྲེལ་འགྲིག་པས་སེམས་ རྟོགས་ནས་སངས་རྒྱ་བའི་ཐབས་ལུས་ཡིན་པས་ལུས་ཐབས་རྒྱུད་དོ། །སོགས་ནི་ལུས་བཤད་ རྒྱུད་ཀྱང་ཡིན་ཞེས་སྦྲེལ་ཏེ། བརྟེན་པ་སེམས་ཀུན་གཞི་འཁོར་འདས་ཀྱི་རྩ་བ་དེ། རྟེན་ལུས་ ལ་རྟེན་འབྲེལ་འགྲིག་པས་སེམས་རྟོགས་ནས་སངས་རྒྱ་བར་ལུས་ཀྱིས་གསལ་བར་བཤད་ པས་ལུས་བཤད་རྒྱུད་ཅེས་བྱའོ། ། གཉིས་པ་བྱེ་བྲག་ཏུ་བསྟན་པ་ལ་གཉིས། ལུས་ཐབས་དང་། ལུས་བཤད་རྒྱུད་བསྟན་ པའོ། །དང་པོ་ལ་གསུམ། སྨིན་ལམ་དབང་བཞི་བསྐུར་བའི་ལམ་འབྲས་དང་། གྲོལ་ལམ་ བསྐྱེད་རྫོགས་བཞི་བསྒོམས་པའི་ལམ་འབྲས་དང་། ལམ་ གྱི་དམ་ཚིག་བསྟེན་བསྲུང་དང་བསྐང་མཆོད་བསྟན་པའོ། ། དང་པོ་ནི། གདན་གསུམ་སོགས་ལྔ་པ་བཞིས་རྒྱུའི་དབང་བསྟན། ཞེས་སྦྲེལ་ཏེ། དེ་ཡང་ གདན་གསུམ་ནི་དཀྱིལ་འཁོར་བཞི་ཅར་ལ་སྦྱར་རོ། །སོགས་ནི་རིགས་གསུམ་མམ་དབང་ བཞི་སོགས་བཞིའོ། །ལྔ་པ་བཞིས་ནི། (ཐོག་མར་དབང་བསྟན་ཏེ། དེ་མིན་ན་ལམ་བསྟན་དུ་མི་བཏུབ་པས་) དཀྱིལ་འཁོར་གང་ལས། དབང་གང་ཐོབ་པ། དེས་དྲི་མ་གང་དག་པ། ལམ་གང་བསྒོམ་པ། འབྲས་བུ་གང་ཐོབ་པ་སྟེ། ལྔ་ཚན་བཞིས་བསྟན་པ་ལས། དེ་ལ་དང་པོ་དཀྱིལ་འཁོར་བསྟན་པ་ གདན་གསུམ་ནི། སངས་རྒྱས་དང་བྱང་ཆུབ་སེམས་པའི་གདན། རིག་མ་ལྷ་མོའི་གདན། ཁྲོ་བོ་དང་ཁྲོ་མོའི་ གདན་ནོ། །དེ་ལ་(རིགས་ལྔ་གང་རུང་)སངས་རྒྱས་ཀྱི་གདན་དབུས་སུ། བྱང་ཆུབ་སེམས་ དཔ(བརྒྱད་པོ)འི་གདན་ནང་གི་ཕྱོགས་མཚམས་སུ། རིག་མ་ལས་ (སྤྱན་སོགས་ལྔའི་)ཡེ་ཤེས་ཀྱི་ རིག་མའི་གདན་དབུས་སུ། (དབང་དུས་སོགས་སུ་)དངོས་ཀྱི་རིག་ མའི་གདན་གཡོན་དུ། (གཟུགས་རྡོ་རྗེ་སོགས་)ལྷ་མོའི་གདན་ཡང་རོ་གཅིག་པའི་ཚུལ་ 2-1-166 ལ་སོགས་པ་ཡིས་ནང་གི་ཕྱོགས་མཚམས་སུ། ཁྲོ་བོ་དང་ཁྲོ་མོའི་གདན་ནི་ཕྱིའི་ཕྱོགས་ མཚམས་སུའོ། །འདི་དག་ནི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡིན་ནོ། ། གཞན་ཡང་བུམ་དབང་ལུས་ལ་བསྐུར་བའི་གདན་གསུམ། ནང་ལུས་གནས་པ་རྩ་ ཡིག་དང་གསང་དབང་ལུས་ལ་བསྐུར་བའི་གདན་གསུམ། གསང་བ་བྷ་ག་སོགས་ ཀྱི་ངག་གཡོ་བ་སྙིང་པོ་རླུང་ཡིག་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་སེམས་ལ་བསྐུར་བའི་གདན་ གསུམ། དེ་ཁོ་ན་ཉིད་རྩ་བ་བྱང་སེམས་འགྱུ་བ་བདུད་རྩིའི་ཁམས་དང་། དབང་བཞི་པ་ཆོས་དབང་དོན་དམ་བྱང་སེམས་ལ་བསྐུར་བའི་གདན་གསུམ། མཐར་ ཐུག་བརྟེན་པ་རང་རིག་རྣམ་ཤེས། དག་པའི་དཀྱིལ་འཁོར་ལ་བརྩི་བར་བྱའོ། ། གཉིས་པ་དབང་གང་ཐོབ་པ་ནི། བུམ་དབང་(རིག་པའི་དབང་ལྔ། དྲུག་པ་རྟུལ་ཞུགས། རྡོ་རྗེ་སློབ་ དཔོན། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དོ། །)བཅུ་གཅིག་གསང་དབང་རྣམ་པ་ (ཡུམ་ཡབ། ཡབ་ཡུམ་གྲོལ་སྟོབས་ལས་ཐོབ་པ་)བཞི་ལས་གང་རུང་། ཤེས་རབ་ཡེ་ཤེས་(རྟེན་དང་ཉམས་ མྱོང་)གཉིས། བཞི་པ་(ཚིག དོན། རྟེན་ཅན། ལམ། འབྲས་བུ་)རྣམ་པ་ལྔ་ལས། རྟེན་ཅན་ལ་སོགས་པ་ ལྔ་ཅི་རིགས་པར་ཐོབ་པ་ཡིན་ནོ། ། གསུམ་པ་དྲི་མ་གང་དག་པ་ནི། ལུས་ངག་སེམས་དང་གསུམ་ཅར་གྱི་དྲི་མ་དག་སྟེ། (ཟངས་ཀྱི་གཡའ་དག་པ་བཞིན་)ཐ་མལ་པ་བཅོམ་པའོ། ། བཞི་པ་ལམ་གང་བསྒོམ་པ་ནི་བསྐྱེད་རིམ་ལ་སོགས་པ་བསྒོམ་དུ་རུང་ལ། ལྔ་པ་འབྲས་ བུ་གང་ཐོབ་པ་ནི་སྐུ་རྣམ་པ་བཞི་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། ། དེ་དག་ཀྱང་དངོས་ཀྱི་རིག་མ་ལ་བརྟེན་ནས་ཐོབ་ན་རབ། ཡེ་ཤེས་ཀྱི་རིག་མ་ལ་ བརྟེན་ནས་ཐོབ་ན་འབྲིང་། ཚིག་དབང་ཙམ་གྱི་ཐོབ་ན་ཐ་མའོ། །རྒྱུའི་དབང་ཞེས་ བྱ་བ་ནི། ཐོག་མར་བླ་མ་ལས་ཐོབ་པ་སྟེ། སྣོད་དག་པའམ་ཞིང་ས་དག་པ་ལྟ་བུའོ། ། 2-1-167 རྒྱས་པར་ནི་དབང་བསྐུར་ལེན་གྱི་དབང་ཆུ་རྒྱས་འབྲིང་བསྡུས་གསུམ་ལས་ཤེས་པར་བྱའོ། ། གཉིས་པ་ནི་ལམ་དུ་བསྐྱེད་རིམ་སོགས་དྲུག་པ་བཞིས་བསྟན་ཞེས་གསུངས་ཏེ། དེ་ཡང་ དབང་བཞིའི་གྲོལ་ལམ་དུ་བསྐྱེད་རིམ་སོགས་རེ་རེ་ལ་(ཚོགས་)ལམ་(དྲོད་)གོམས་པ། ལྟ་བ་ (སྦྱོར་ལམ་དྲོད་)ཉམས་སུ་མྱོང་པ། གྲུབ་མཐའ་(འདས་པའི་ལམ་གསུམ་)རྟོགས་པ། འདའ་ཀ་མ་(གང་ ཟག་འབྲིང་ལ་)འཕོ་བ། བར་དོ་དྲན་པའི་མཚམས་སྦྱོར། འབྲས་བུ་ཐོབ་པ། གང་ཡིན་པ་སྟེ་དྲུག་ པ་བཞིས་བསྟན་པ་ལས། དང་པོ་བུམ་དབང་གི་གྲོལ་ལམ་དུ་བསྙེན་པའི་ཡན་ལག་གི་ལམ་ འབྲས་བསྟན་པའི་དྲུག་ནི། ལམ་བསྐྱེད་པའི་རིམ་པ་དབྱིབས། ལྟ་བ་ངོ་བོ་རྣམ་པ་གསུམ། གྲུབ་མཐའ་འཁོར་འདས་དབྱེར་མེད། འདའ་ཀ་མ་གོང་དུ་འཕོ་བ། མ་འཕོས་ན་བར་དོ་དྲན་ པ་བཞི་ཡིས་མཚམས་སྦྱོར། འབྲས་བུ་སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པའོ། ། དེ་ལ་དང་པོ་ནི། མངོན་རྟོགས་རྒྱས་འབྲིང་བསྡུས་གསུམ་ལས་ཤེས་པར་བྱའོ། །གཉིས་ པ་ནི། ལྷ་སྐུ་ལ་སོགས་རིམ་བསྐྱེད་དུས་སུ་སྣང་ཕྱོགས་དང་། རིམ་སྡུད་ཀྱི་དུས་སུ་སྟོང་ཕྱོགས་ དང་། བསྐྱེད་ནས་མ་བསྡུས་པའི་བར་དུ་སྣང་སྟོང་ཟུང་ འཇུག་གི་ངོ་བོ་ཉིད་ཉམས་སུ་མྱོང་པ་སྟེ། དེ་རེ་རེ་ལའང་མ་རིག་པའི་སྣང་བ་ལས་ལོག་ པ(རིག་པ་གསལ་བས་ཟིན་པ)འི་ཆོས་ཅན། ཡིད་ཀྱིས་ཀུན་བརྟགས་དང་བྲལ་བ (རྟེན་མེད་དུ་སྐྱེས་ པའི་ཐད་ཀ)འི་ཆོས་ཉིད་དེ། དེ་ཡང་(རིག་པ་གཅིག་གིས་བསྡུས་པ་)ངོ་བོ་ཅིག་ལ་ལྡོག་ཚུལ་གྱིས་ (འཇོག་ཚུལ་མི་འདྲ་བ་)ཐ་དད་དོ། ། གསུམ་པ་ནི། འཁོར་འདས་ལམ་གསུམ་གྱི་རིག་སྣང་ཐམས་ཅད་ལྷ་སྐུ་ལ་སོགས་པ་ སྣང་སྟོང་དབྱེར་མེད་དུ་འཆར་བས་གྲུབ་མཐའ་སྙོགས་ཏེ། ལོ་ཀ་ལས་འདས་པའི་ལམ་ས་ དང་པོ་ནས་ས་དྲུག་ལ་སྟོང་གསུམ་ཡུངས་འབྲུར་ཚུད་པ་ལ་ཆེ་ཆུང་མེད། རྩིག་པ་དང་རི་ལ་ སོགས་པ་ལ་ཐོགས་པ་མེད། ཆུ་བོ་གྱེན་ལ་བཟློག་ནུས། ཉི་ཟླ་སོགས་གཏེང་པར་འཛིན། 2-1-168 གཅིག་ལས་མང་པོར་བྱེད་ཅིང་མང་པོ་ལས་ཅིག་ཏུ་བྱེད་པ་ལ་སོགས་པ་འབྱུང་ངོ་། ། བཞི་པ་ལ་གསུམ། ཐོག་མར་འཆི་ལྟས་བརྟག་པ་དང་། འཆི་ལྟས་བྱུང་ན་འཆི་བ་བསླུ་བ་ དང་། འཆི་བ་མ་བསླུས་ན་འཕོ་བ་བྱ་བའོ། ། དེ་ལ་གཉིས་ལས། དང་པོ་ལོ་ཀ་ལས་མ་འདས་པར་འཕོ་བ་དང་(སྔོན་མ་གཉིས་)དེ་གསུམ་ ལོགས་སུ་ཡི་གེ་མཛད་པ་ལས་ཤེས་པར་བྱའོ། ། གཉིས་པ་ལོ་ཀ་ལས་འདས་པར་འཕོ་བ་ལ་གསུམ་ལས། དང་པོ་འདའ་ཀ་ མའི་སྣང་བ་སྒྱུར་བའི་འཕོ་བ་སྦྱང་པ་(གཙོ་ཆེ་བ་)ནི། སྤྱོད་ལམ་དང་གཉིད་དུ་འགྲོ་ཀར་སྦྱངས་ ནས། ངེས་པར་འཆི་ལྟས་བྱུང་པའི་ཚེ། ལྷ་དང་བླ་མ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། མཆོད་པ་ཡོད་ན་ཐམས་ཅད་ཡོངས་སུ་གཏང་། མེད་ནའང་ མཆོད་པ་ཅི་འབྱོར་གྱིས་མཆོད་ལ་ཡིད་ཀྱིས་གཏང་། ཚོར་བ་དང་མ་ཚོར་བའི་དམ་ཚིག་གི་ ཉེས་པ་ཐམས་ཅད་བཤགས། དེ་ནས་མདུན་དུ་གང་ལུས་ལེན་པར་འགྱུར་བའི་སྣང་བ་སྣ་ ཚོགས་འབྱུང་པའི་ཚེ། བདག་ཉིད་ལྷར་བསྒོམས་པ་དོར་ནས། མདུན་གྱི་སྣང་བ་དེ་ལྷར་དྲན་ པར་བྱས་པས། ལྷའི་སྣང་བ་དེ་དང་བདག་གི་ཤེས་པ་རོ་གཅིག་ཏུ་གྱུར་ཏེ། བར་དོའི་སྣང་བ་ མི་འཆར་བར་རིག་པ་འཛིན་པ་ལ་སོགས་པར་འགྱུར་རོ། ། གཉིས་པ་འོད་ཀྱི་གོང་བུའི་འཕོ་བ་གོམས་པར་བྱ་བ་(གཙོ་ཆེ་བ་)ནི། ལུས་ཙོག་པུར་བྱས། ལག་པ་གཉིས་ལྟག་པ་ནས་བསྐོར། སྔོན་འགྲོ་སྔ་མ་བཞིན་བྱ། དེ་ནས་རང་གི་སྙིང་གི་ནང་ དུ་འོད་ཀྱི་གོང་བུ་མཐེ་བོང་ཙམ་བསྒོམ། དེ་ལས་འོད་ཀྱི་གོང་བུ་རེ་ཆད་པས། དང་པོ་གཤང་ གཅི་གཉིས་ཀྱི་སྒོ་དགག དེ་ནས་ལྟེ་བ། དེ་ནས་ཁ། དེ་ནས་སྣ་གཉིས། དེ་ནས་མིག་གཉིས། དེ་ནས་རྣ་བ་གཉིས། མཛོད་སྤུའི་བར་དུ་དགག་གོ། །དེ་ནས་ལྟེ་བའི་ནང་གི་གནས་སུ། རླུང་ གི་དཀྱིལ་འཁོར་ཟླ་བ་ཕྱེད་པ་ 2-1-169 ལྟ་བུ་ཆེ་ཆུང་ཅི་རིགས་པ་གཅིག་བསམ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། ཟླ་ བའི་སྟེང་དུ། སེམས་ཀྱི་རྟེན་ཧཱུཾ་མཐིང་ནག་ཆེ་ཆུང་ཅི་རིགས་པ་གཅིག་བསྒོམས་ལ། སྟོབས་ཀྱིས་ཧཱུཾ་དྲག་ལ་རིང་བར་དྲང་། རླུང་དང་ཟླ་བ་ཧཱུཾ་གསུམ་རིམ་གྱིས་ཡར་བྱོན། དེ་བཞིན་དུ་ཉི་ཤུའི་བར་དུ་བྱས་པས་མགྲིན་པར་བྱོན། ཉི་ཤུ་རྩ་གཅིག་ལ་ཚངས་པའི་ས་ྒོ བསལ་ཏེ། སྒོ་ནས་རྟེན་དང་བརྟེན་པར་བཅས་པ་གནད་གསུམ་འདྲེས་པས་ལྷག་པ་ལྷའི་ཐུགས་ ཀར་འཕངས་ན་གྲུབ་མཐའ་སྙོགས་པའམ་རིག་པ་འཛིན་པ་ལ་སོགས་པར་མི་འགྱུར་མི་སྲིད་ དོ། ། གསུམ་པ་ཧི་ཀའི་སྒྲའི་འཕོ་བས་ལས་ལ་སྦྱར་བ་ནི། ཡང་སྔོན་འགྲོ་དང་ལུས་ ཀྱི་འཁྲུལ་འཁོར་བཅའ་བ་སྔར་དང་འདྲ་བར་བྱས་པ་ལ་སྔར་གྱི་ཐིག་ལེས་སྒོ་རྣམས་དགག རླུང་ དང་ཟླ་བ་ཧཱུཾ་རྣམས་ནི་ལྟེ་བར་བསྒོམས་ལ། ཧིཀ་ཅེས་པ་ཉི་ཤུས་མགྲིན་པའི་བར་དུ་དྲང་། ཉི་ཤུ་ རྩ་གཅིག་པས་ཚངས་པའི་སྒོ་ནས་སྔ་མ་བཞིན་འཕངས་ན་གྲུབ་མཐའ་སྙོགས་པའམ་རིག་པ་ འཛིན་པ་ལ་སོགས་པར་འགྱུར་རོ། ། ལྔ་པ་ནི་ཞལ་ལས་ཤེས། དྲུག་པ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་ འདིར་མ་བརྗོད་དོ།། །། ༈ གཉིས་པ་གསང་དབང་གི་གྲོལ་ལམ་དུ་ཉེ་བར་བསྙེན་པའི་ཡན་ལག་གི་ལམ་འབྲས་ བསྟན་པའི་དྲུག་ནི། ལམ་བདག་བྱིན་གྱིས་བརླབས་པའི་རིམ་པ། ལྟ་བ་རང་བྱུང་གི་ཡེ་ཤེས་ བཞི། གྲུབ་མ་འདྲེས་པ་ཡོངས་སུ་རྫོགས་པ་འདའ་ཀ་འོད་གསལ་བའི་འཕོ་བ། མ་འཕོས་ན་ བར་དོ་དྲན་པ་གསུམ་གྱིས་མཚམས་སྦྱོར། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ གྱིས་ལྷུན་གྲུབ་ཐོབ་པའོ། ། དང་པོ་ནི་སྤྱིར་ཐམས་ཅད་མཁྱེན་པས་(གདུལ་བྱའི་བསམ་པ་དང་། རྡོ་རྗེ་ལུས་ཀྱི་གནས་ 2-1-170 ལུགས་ལ་གཅིག་ལ་དགོངས་ནས་)བསམ་གྱིས་མི་ཁྱབ་པ་གཅིག་གསུངས་ན་ཡང་། འདིར་གཉིས་ ཏེ། རླུང་སྦྱོར་དང་། དམིགས་བསྒོམ། ཟབ་མོས་བདག་བྱིན་གྱིས་བརླབ་རིམ་བསྟན་པའོ། ། དང་པོ་ནི་རླུང་གི་དབྱེ་བ་སྤྱིར་མང་དུ་གསུངས་ཀྱང་། ངོ་བོ་འཇུག གནས། ལྡང་པ་གསུམ་ དང་། ལྡང་། འཇུག གནས་པ་གསུམ་ལས་མི་འདའ་བས། དེ་དྲུག་ལམ་དུ་བྱེད་པའི་རླུང་སྦྱོར་ བཞི་སྟེ། ཐོག་མར་རླུང་འཇུག་གནས་ལྡང་པ་གསུམ་བྱང་ཆུབ་ཆེན་པོའི་ལམ་དུ་བྱེད་པ་འཇམ་ རླུང་རྡོ་རྗེའི་བཟླས་ པའི་རླུང་སྦྱོར་གསུམ་གྱིས་རྩ་རླུང་འབྱོངས་པར་སྦྱངས་པའི་དང་། རྩ་རླུང་འབྱོངས་ ནས་(བརྟན་ཞིང་སོགས་དབྱུང་པའི་ཕྱིར་)རླུང་ཕྱིར་ལྡང་པ་ལམ་དུ་བྱེད་པ་དབྱུང་པའི་རླུང་སྦྱོར་ལྔས་ རླུང་དབུ་མར་གཞུག་ཅིང་འབྱོངས་པར་སྦྱང་པའི་དང་། རླུང་ཕྱིར་དབྱུང་པ་འབངྱོས་ནས་རླུང་ ནང་དུ་འཇུག་པ་ལམ་དུ་བྱེད་པ་དགང་པའི་རླུང་སྦྱོར་ལྔས་རླུང་ དབུ་མར་གཞུག་ཅིང་འབྱོངས་པར་སྦྱང་པའི་དང་། རླུང་དབུ་མར་ཚུད་ཅིང་འབྱོངས་ནས་རླུང་ ནང་དུ་གནས་པ་ལམ་དུ་བྱེད་པ་ཁ་སྦྱོར་གྱི་རླུང་སྦྱོར་ལྔས་རླུང་ཐིག་ལ་རྣམ་རྒྱལ་ཐོབ་པར་ བསྒྲུབ་པའི། རླུང་སྦྱོར་ཉམས་སུ་བླང་ལུགས་བསྟན་པའོ། ། དང་པོ་ནི་སྔོན་འགྲོ་བསམ་བརྟན་གྱི་ཡན་ལག་(དགུ་པོ་)རྣམས་ཚང་པར་བྱས་ལ། དངོས་ གཞི་རླུང་ནང་དུ་འཇུག་པ་ནས་མགོ་བཟུང་སྟེ། གཡས་གཡོན་དབུས་གང་ནས་རྒྱུ་ཡང་། ནང་ དུ་འཇུག་པ་ༀ་དཀར་པོ། ནང་དུ་གནས་པ་ཨཱཿདམར་པོ། ཕྱིར་ལྡང་བ་ཧཱུཾ་སྔོན་པོར། དམིགས་ པ་དྲན་པའི་སྐུ་གསུང་ཐུགས་རྡོ་རྗེའི་བཟླས་པ་བྱ། ཡང་ནང་དུ་རྒྱུས། ནང་དུ་གནས། ཕྱིར་ རྒྱུས་ཞེས་དྲན་པར་བྱ་ཞིང་བཟླས། དེ་ནས་སྣ་གཉིས་ཀ་ནས་མཉམ་པར་རྒྱུ་བའི་ཚེ་རྔན་ དགས་རིམ་གྱིས་བྱིན་ཏེ། ནང་ དུ་རིང་དུ་རྒྱུས། ནང་དུ་ཅུང་ཟད་གནས། ཕྱིར་ཐུང་དུ་རྒྱུས་ཞེས་དྲན་པའི་བརྡ་གྱུར་རྡོ་རྗེའི་ 2-1-171 བཟླས་པ་བགྲང་སྟེ། ཨ་སྐྱེ་མེད་ཀྱི་དོན་བསྒོམ་པ་དོན་དམ་རྡོ་རྗེའི་བཟླས་པས་ལམ་སྦྱང་ པར་བྱའོ། །རྗེས་སུ་ཡིད་འཇུག་ཡུལ་བརྟག ལྟ་བ་བསྐྱང་། དྲོད་(རླུང་རྒྱུ་བ་ངེས་པ་རྣམ་པ་གསལ་བ་ སོགས་)ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་། དགེ་བ་ སངས་རྒྱས་སུ་བསྔོས་ལ། ཁམས་(ཀྱིས་)ཚོད་གཟུང་ངོ་། །སྔོན་འགྲོ་རྗེས་ཀུན་འདྲའོ། ། གཉིས་པ་ལ་གཉིས། སྣ་དང་། ཁ་ནས་དབྱུང་བའོ། །དང་པོ་ནི་(གཡོན་)སྲོག་བཀག་ནས་ རྩོལ་བ་དང་། (གཡས་པའི་)རྩོལ་བ་བཀག་ནས་སྲོག་དང་། སྣ་གཉིས་ཀ་ནས་དབྱུང་། ཕྱིར་ཐུབ་ ཚད་མནན། བཏང་པ་ལ་ནང་དུ་ཡོང་དུ་མི་གཞུག་པ་གནད་དུ་ཆེའོ། ། གཉིས་པ་ནི་སྒྲ་མེད་དུ་དང་། སྒྲ་བཅས་སུ་དབྱུང་བའོ། །གསུམ་པ་ལ་གཉིས། སྣ་དང་། ཁ་ནས་དགང་པའོ། །དང་པོ་ནི་(གཡས་)རྩོལ་བ་བཀག་ནས་(གཡོན་དང་)སྲོག་དང་། (གཡོན་དང་)སྲོག་བཀག་ནས་(གཡས་)རྩོལ་བ་དང་། སྣ་གཉིས་ཀ་ནས་དགང་། (ཤེས་པ་ལྟེ་བའི་ ཨཾ་ལ་ཐིམ་པར་བསམ་)ནང་དུ་ཐུབ་ཚད་དུ་གནན། དགང་པ་ལ་ཕྱིར་(དྲག་པོར་)མི་གཏང་པ་གནད་ ཆེའོ། ། གཉིས་པ་ནི་(ནམ་མཁའ་ཟས་སུ་ཟ་བ་)སྒྲ་མེད་དུ་དང་། (རིམས་ཚད་སེལ་ལགས་ན་)སྒྲ་བཅས་སུ་ དགང་པའོ། །དབྱུང་དགང་གཉིས་གོ་སླའོ། །བཞི་པ་ལ་གཉིས། རླུང་ནང་དུ་གནས་པ་ལམ་དུ་ བྱེད་པ་སྲོག་ཐུར་ཁ་སྦྱོར། འཆིང་པ་རྩུབ་རླུང་བུམ་པ་ཅན་ གྱི་རླུང་སྦྱོར་རིམ་པ་གསུམ་གྱིས་དང་། འཆིངས་ནས་རླུང་སྟེང་འོག་སྲེ་བ་དྲག་རླུང་ འདྲེན་པ་ཞི་དྲག་གི་རླུང་སྦྱོར་གཉིས་ཀྱིས། རླུང་ཐིག་ལས་རྣམ་རྒྱལ་ཐོབ་པར་ བསྒྲུབ་པའི་རླུང་སྦྱོར་ཉམས་སུ་བླང་ལུགས་བསྟན་པའོ། །དང་པོ་ནི་ལུས་དཀྱིལ་དཀྲུངས་སུ་ གནད་ལ་དབབ། ཤེས་པ་ལྟེ་བའི་ཨ་ལ་སོགས་པ་ལ་གཏད་དེ། དང་པོར་འོག་རླུང་ཅུང་ཟད་ བསྐུམ། དེ་ནས་སྟེང་རླུང་གཞུག དེ་ནས་འོག་རླུང་དྲག་ཏུ་ 2-1-172 བསྐུམ། དེ་ལྟ་བུའི་གནད་གསུམ་མ་འཁྲུལ་བ་གཅེས་(སྟེང་རླུང་འོག་མཉམ་དུ་འགྲོ་བ་དང་མི་འགྲོ་ བ་མ་འཁྲུལ། འོག་མ་བློད་པར་སྟེང་དུ་འགྲོ་ན་འཁྲུལ་གསུང་བས་)སོ། །དེ་ཡང་རླུང་གནོན་པའི་ཚད་ནི་ བུམ་པ་ཅན་དང་པོ་གསང་གནས་སུ་ཁ་སྦྱོར་བའི་ཚད་པུས་མོ་ལ་ཐལ་མོས་བསྐོར་ཏེ་སེ་གོལ་ རེ་ཏོག་པ་སུམ་ཅུ་རྩ་དྲུག བར་པ་ལྟེ་བར་ཁ་སྦྱོར་བའི་ཚད་བདུན་ཅུ་རྩ་གཉིས། གོང་མ་སྙིང་ ཁར་སྦྱོར་བའི་ཚད་བརྒྱ་རྩ་བརྒྱད་ཙམ་བུམ་པ་ཅན་ཆུང་འབྲིང་ཆེན་པོ་ཞེས་བྱའོ། །(དེ་ལྟར་བུམ་ པ་ཅན་)གསུམ་པོ་རིམ་པར་འབྱོངས་ནས་ཉི་མ་རེ་ལ་ཐུན་ཆུང་རེ་འཕེལ་དུ་བཅུག་ན་མཐར་ རྒྱུན་མི་འཆད་པར་ཁ་སྦྱར་དུ་ཐུབ་པ་(ཡོན་ཏན་ཆེན་པོ་)འབྱུང་ངོ་། །དེ་ལྟར་ཙོག་པུ་ལ་སྦྱང་། དེ་ ལ་འབྱོངས་ནས་སྤྱོད་ལམ་ཉམ་ལངས་དང་འགྲོ་བ་ལ་སོགས་པའི་བྱ་ལས་བྱེད་པའི་དུས་ ཐམས་ཅད་དུ་ཡང་སྦྱང་པར་བྱའོ། །གཉིས་པ་ནི་འོག་(ཐབས་སྦྱོར་ལམ་)ཏུ་ཤེས་སོ། །འདི་རྣམས་ རྒྱས་པར་ནི་(བླ་མ་རྗེ་བཙུན་པས་མཛད་པའི་)རླུང་སྦྱོར་བདུན་གྱི་རླུང་འཁྲིད་ལས་ཤེས་པར་བྱའོ། ། ༈ གཉིས་པ་ནི་ཉམས་སུ་བླང་པའི་མན་ངག་(ཉམས་མྱུར་པས་)བཅོ་བརྒྱད་དུ་བསྡུས་ཏེ། འཁོར་ལོ་ལ་མ་བརྟེན་པ་ལ་ལྔ། མར་མེ་གསོ་བ། ཚངས་པའི་ཐོག རྩའི་རྣལ་འབྱོར། སྲུབ་ ཤིང་གི་འཁོར་ལོ། ཐིག་ལེའི་རྣལ་འབྱོར་རོ། །དེ་ལ་བཞི་སྟེ། བརྒྱད་དོ། །འཁོར་ལོ་ལ་བརྟེན་ པ་ལ་གསུམ། འཁོར་ལོ་གཅིག་དང་། གཉིས་དང་། བཞི་ལ། བརྟེན་པའོ། །གཞན་མན་ངག་ གི་གནད་ལ་བརྟེན་པ་ཉམས་མྱུར་ དུ་སྐྱེ་བ་བདུན་དུ་བསྡུ(མདོར་)འོ། །དེ་(རྒྱས་པར་ནི་)ལ་དང་པོ་ནི། བསམ་བརྟན་གྱི་ སྔོན་འགྲོ་དགུ་པོ་ཚང་པར་བྱས་ཏེ། དངོས་གཞི་ནི་ལུས་གནད་དྲུག་གསུམ་བཅོ་ བརྒྱད་ཀྱི་ཙོག་ཀྲུངས་བཅས་ལ་ཞེས་ནི་བཅུ་བདུན་པོ་ཐམས་ཅད་འདྲའོ། །དམིགས་པ་ནི་ལྟེ་ བའི་འོག་སོར་བཞིར་ཀྵ་ཡིག་དམར་ནག་མགོ་ཐུར་ལ་ལྟ་བ་གསལ་གདབ། ལྟེ་བར་ཨཾ་ཁ་ དོག་དམར་སྐྱར་གསལ་བཏབ་ལ། དེ་ནས་རླུང་མར་རྩེ་(ཕྱེད་བཅུ་གཉིས་)སྤྲད་པས། སུམ་མདོའི་ 2-1-173 མེ་འབར་ནས། ཀྵ་ཡིག་ཆེར་འབར། དེ་ཨཾ་ལ་ཕོག་པས། ཨཾ་ལས་བདུད་རྩིའི་རྒྱུན་ཕྲ་བ་བབ་ པས་ཀྵ་ཡིག་མེ་གསོས། དེ་བཞིན་དུ་འབར་འཛག་ལ་དམིགས་ཤིང་། རླུང་ཡང་རན་ཙམ་དུ་ ཁ་སྦྱར་ཏེ་བསྒོམས་ནས་ ལམ་སྦྱང་པ་ནི། དཔལ་མགོན་བྱམས་པས། དམིགས་པ་ལ་ནི་བརྟེན་ནས་སུ། ། མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་ནས་སུ། །ཤིན་ཏུ་མི་དམིགས་སྐྱེ་བར་ འགྱུར། །ཞེས་གསུངས་པ་བཞིན་མི་དམིགས་པའི་དང་། ཤིན་ཏུ་མི་དམིགས་པའི། ཏིང་ངེ་ འཛིན་ཐུན་གྲངས་དང་། ཐུན་ཚད་མེད་པར་བསྒོམ། དེ་ནས་རྗེས་སུ་ཡིད་འཇུག་ཡུལ་བརྟག ལྟ་བ་བསྐྱང་། དྲོད་ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་། དགེ་བ་རྫོགས་པའི་སངས་རྒྱས་སུ་ བསྔོས་ཏེ་ཁམས་ཚོད་གཟུང་ངོ་། ། ལམ་སྦྱང་རྩོགས་རྣམས་འོག་མ་བཅུ་བདུན་པོ་ཐམས་ཅད་དུའང་ཤེས་པར་བྱའོ། ། གཉིས་པ་ནི། (ལམ་གྱི་འཁྲུལ་འཁོར་བཅས་ལ་)རླུང་གི་(བཤང་ལམ་གྱི་)གཞུ་ཡིས་(སུམ་མདོ་)མེ་ཡི་ མདའ། །བྱང་སེམས་ཧཾ་གི་འབེན་ལ་(མེ་སོང་ནས་)བརྡེག །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། ། (ཐུན་གཅིག་ལ་སླར་)བསྐྱར་བའི་སྦྱོར་བ་མེད་པའོ། ། གསུམ་པ་ནི། དབུགས་ཕྱིར་ལྡང་པ་དང་བསྟུན་ཏེ། གཡས་རོ་མ་མེའི་རང་བཞིན་ཁ་དོག་ དམར་པོ་གསལ་གདབ། དབུགས་ནང་དུ་འཇུག་པ་དང་བསྟུན་ཏེ། གཡོན་རྐྱང་མ་ཟླ་བ་ཆུའི་ རང་བཞིན་ཁ་དོག་དཀར་པོ་གསལ་གདབ། དབུགས་ནང་དུ་གནས་པ་དང་བསྟུན་ཏེ། དབུ་ མ་ཆོས་བཞི་ལྡན་དུ་གསལ་གདབ་པ་ནི། པད་མའི་སྣལ་མ་ལྟར་ཕྲ་བ། ཆུ་ཤིང་གི་སྡོང་པོ་ ལྟར་དྲང་པ། ཏིལ་མར་གྱི་མར་མེ་ ལྟར་གསལ་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཞེས་དྲན་པར་བྱ་སྟེ། དེ་ལྟར་ཡང་ནས་ ཡང་དུ་དྲན་པར་བྱས་ལ་བསྒོམ་པར་བྱའོ། ། 2-1-174 བཞི་པ་ནི། ལུས་ཀྱི་དབུས་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁ་དོག་དམར་པོ། སྦོམ་ཕྲ་ཅི་རིགས་པ་ཅིག་གསལ་གདབ། རྩ་གཡས་གཡོན་གཉིས་ཁ་དོག་དཀར་དམར་ཅི་ རིགས་པར་གསལ་གདབ། དབུ་མ་ལ་སྲུབ་ཤིང་བྱས། རྩ་གཉིས་སྲུབ་ཐག་གི་ཚུལ་དུ་བྱས་ ལ། དབུ་མ་(སྲུབ་ཤིང་ལྟ་བུ་)བསྲུབས་ཏེ། རླུང་ནི་སྟེང་དང་འོག་གཉིས་དྲག་ཏུ་ཁ་སྦྱར་རོ། །འདི་ ལ་ཟས་དང་སྤྱོད་ལམ་གྱི་ལྕག་གིས་ བསྐུལ་ཞིང་བསྒོམ། ལྔ་པ་ལ་བཞི། སྙིང་ཁའི་ཉི་ཟླའི་ཁ་སྦྱོར། ལྟེ་བའི་དཔའ་བོ་འབའ་ཞིག གསང་ གནས་བདེ་སྟོང་མྱུར་འབྱུང་། མཛོད་སྤུ་སྐྲ་དཀར་ས་བོན། ཐིག་ལེའི་རྣལ་འབྱོར་རོ། ། དང་པོ་ནི་ལུས་དཀྱིལ་དཀྲུངས་སུ་གནད་ལ་དབབ་སྟེ། འོག་མ་གསུམ་པོ་ཡང་འདྲའོ། ། དམིགས་པ་ནི་སྙིང་སྒོང་བ་སྟོང་པ་ལྟ་བུའི་ནང་དུ་འོག་ཏུ་ཟླ་བ། སྟེང་དུ་ཉི་མ། དེ་གཉིས་སྲན་ མ་བཀས་པ་ཙམ། བར་དུ་ཐིག་ལེ་ཁ་དོག་དཀར་དམར། རྣམ་པ་གསལ་བ། ངོ་བོ་བདེ་སྟོང་ ཟུང་འཇུག་ཆོས་གསུམ་ལྡན་གཅིག་བསམ། དེ་ནས་དེ་ལ་ཡིད་ཅུང་ཟད་གཏད་པས། ཐིག་ལེ་ ལས་སིང་ཟེར་བའི་སྒྲ་བྱུང་པ་ལ་བརྟེན་ནས། སྟེང་གི་ཉི་མ་ལ་བུ་ག་རྟ་རྔ་ཤོང་པ་ཙམ་གཅིག་ བྱུང་པར་བསམ། དེ་ནས་རླུང་ཁ་ནས་སྒྲ་མེད་དུ་བཀང་པས་བུ་ག་ནས་ཐིག་ལེ་ལ་སིབ་སིབ་ བསྟིམ། དེ་ལྟར་བསྒོམས་པས་གསལ་པ་རབ་ཀྱི་མཐར་ཐུག་པ་སྐྱེའོ། །གཞན་ཡང་མངོན་ ཤེས་མྱུར་དུ་འཆར། ༈ གཉིས་པ་ནི། ལྟེ་བར་ཐིག་ལེ་ཁ་དོག་དམར་བ། རྣམ་པ་གསལ་བ། བདེ་སྟོང་ཟུང་དུ་ ཆུད་པ་ཆོས་གསུམ་ལྡན་དུ་བསམ་ལ། སྟེང་རླུང་རྩོལ་བ་བཀག་སྟེ་སྲོག་ནས་སམ། ཁ་ནས་སྒྲ་ མེད་དུ་དགང་སྟེ་མནན་ལ་ཐིག་ལེ་ལ་བསྟིམ། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་མྱུར་དུ་སྐྱེའོ། ། 2-1-175 ༈ གསུམ་པ་ནི། རྡོ་རྗེ་བུམ་པར་ཐིག་ལེ་པད་མ་རཀྟ་ལྟ་བུ། རྣམ་པ་བདེ་གསལ། ངོ་ བོ་བདེ་སྟོང་ཟུང་འཇུག་སྟེ་ཆོས་གསུམ་ལྡན་དུ་བསམ་ལ། འོག་རླུང་ཆེར་བསྐུམས་ལ་བསྒོམ། བློད་ཙམ་ན་དལ་བུས་བློད། དྲག་ཤུལ་དུ་བློད་ན་ཐིག་ལེ་ཉམས་ཏེ་འགྲོ་གསུང་། དེ་ལྟར་ བསྒོམས་པས་ནོར་བུ་འགགས་པ་སྙམ་བྱེད་པའི་བདེ་བ་འབྱུང་། ཐིག་ལེ་འཛགས་པའམ། ཆགས་པ་སྐྱེས་ན་དགྲད་པའི་མཐའ་འམ། མཛོད་སྤུར་ཤེས་པ་གཏད། དེས་ཞི་འགྲོ། དེ་ཙམ་ ན་ལྟོ་བ་འགྱུར་བ་བྱས་པས་ལུས་ཐམས་ཅད་ལ་བདེ་བ་སྐྱེའོ། །རླུང་སྦྱོར་འོག་རླུང་བྱ། ཏིང་ངེ་ འཛིན་བདེ་སྟོང་མྱུར་དུ་སྐྱེའོ། ། ༈ བཞི་པ་ནི། མཛོད་སྤུར་ཧཾ་འཁྱོག་པོ་མགོ་ཐུར་བལྟས་བསམ། དེ་ནས་རྩོལ་པའི་ རླུང་ཕྱིར་རྒྱུ་བའི་དུས་སུ་ལྕེ་ཆུང་གི་རྒྱབ་ནས་སོང་སྟེ། ཧཾ་ལ་ཕོག་པས། ཧཾ་ལས་བདུད་རྩིའི་ རྒྱུན་ལྕེ་ཆུང་གི་སུམ་གྱི་བར་དུ་བབས། (ཡང་)སུམ་དེ་ལས་བབས་པས་སྙིང་ཁའི་ཧཱུཾ་ཚིམ་པར་ བསམ། དེ་ལ་ཤེས་པ་གཏད། ཡང་རླུང་ནང་དུ་འཇུག་པ་ནའང་འབབ། དེ་ལ་ཤེས་པ་གཏད། འཛག་གཉིས་སེམས་ཉམས་དང་སྦྱར། སྐབས་སུ་ལྕེ་སྐན་ལ་སྦྱར་ཏེ། ལྕེ་རྩ་འགུལ་ཙམ་དུ་ལྕེ་ སྦྱོར་བྱ། ལྐོག་མས་ཨོལ་མདུད་མནན། རླུང་སྲོག་རྩོལ་རྡོ་རྗེ་བཟླས་པ་དང་བསྟུན་ལ་བསྒོམ། ཡོན་ཏན་སྐྲ་དཀར་དང་གཉེར་མ་མི་འོང་ཞིང་ཁམས་རྟས་པར་བྱེད་དོ། ། གཉིས་པ་(ཉམས་མྱུར་བས་)འཁོར་ལོ་ལ་བརྟེན་(པའི་དམིགས་)པ་ལ་གསུམ་ལས། དང་པོ་ འཁོར་ལོ་གཅིག་ལ་བརྟེན་པ་ནི། བཤང་སྒོར་རླུང་། སུམ་མདོར་མེ། ལྟེ་བར་ཕྱི་སྐོར་འདབ་ མ་དྲུག་ཅུ་རྩ་བཞི་ལ་ཡི་གེ་དགོད་པ་དང་བྲལ་བ། ནང་སྐོར་འདབ་མ་བརྒྱད་ལ་སྡེ་ཚན་གྱི་ གཙོ་བོ་བརྒྱད་གཡས་བསྐོར། ལྟེ་བར་ཨ་ཤིན་ཏུ་ཆ་ཕྲ་བ། ཡིག་འབྲུ་ཐམས་ཅད་ཁ་དོག་ དམར་པོར་གསལ་གདབ། དེ་ནས་འོག་རླུང་(གཡས་ནས་མེ་མ་གཡོན་ནས་གཉིད་མ་)གཉིས་མར་ རྩེ་སྤྲད་པས། རླུང་གིས་སུམ་མདོའི་མེ་བསྐུལ། ལྟེ་བའི་ཨཾ་ལ་ཕོག་ནས། ཨཾ་ལས་མེ་མདོག་ 2-1-176 དམར་ཞིང་ངོ་བོ་ཚ་བ། སོར་བཞི་ཙམ་ལ་སོགས་པར་འབར་བ་ལ་དམིགས་པ་གཏད། རླུང་ ཡང་རིམ་གྱིས་ཁ་སྦྱར་ལ་བསྒོམ། གཉིས་པ་(དྲོད་ཀྱིས་བསྡུས་པའི་རྟགས་མྱུར་བ་)འཁོར་ལོ་གཉིས་ལ་བརྟེན་(པའི་དམིགས་)པ་ནི། སྔར་གྱི་ལྟེ་བའི་སྟེང་དུ། སྙིང་ཁ་འདབ་བརྒྱད་ལ་ཡི་གེ་དགོད་པ་དང་བྲལ་བ། ལྟེ་བར་ཧཱུཾ་ཁ་ དོག་དམར་སྐྱ་མགོ་ཐུར་དུ་ལྟ་བར་བསམ། དེ་ནས་ཨཾ་ དང་ཧཱུཾ་གཉིས་རྩ་དབུ་མ(འི་རླུང་)ཤིན་ཏུ་(རྟགས་མྱུར་བ་)ཆ་ཕྲ་བས་ཟུང་སྦྲེལ་བར་བསམས་ལ། དེ་ རླུང་མར་རྩེ་སྤྲད་པས་ཨཾ་ལས་མེ་ཤིན་ཏུ་ཆ་ཕྲ་བ་ཧཱུཾ་གི་བར་དུ་འབར། ཧཱུཾ་ལས་བྱང་སེམས་ཆ་ ཕྲ་བ་ཨཾ་གི་བར་དུ་འཛགས་པས་འབར་འཛག་དཀར་དམར་གཉིས་ཀྱི་རྣམ་པ་ལ་བློ་གཏད་ དེ། རླུང་ཡང་རིམ་གྱིས་ཁ་སྦྱར་ལ་བསྒོམ། དེ་ལས་དྲོད་ཀྱིས་བསྡུས་པའི་རྟགས་རྣམས་འབྱུང་ པ་ནི་རྟགས་བཅུ་དང་། རྟགས་ཀྱི་རྟགས་ཏེ་བཅུ་གཅིག་གོ། །དེ་ལ་དང་པོ་(རླུང་)གཡས་ཀྱི་དབང་དུ་བྱས་ནས། (ས་རླུང་ ཟིན་པ་ལས་)དུ་བ། (ཆུ་ལས་)སྨིག་རྒྱུ། (མེ་ལས་)སྲིན་བུ་མེ་ཁྱེར། (རླུང་ལས་)མར་མེ་འབར་བ། (ནམ་ མཁའ་ལས་)ནམ་མཁའ་སྤྲིན་མེད་ལྟ་བུའོ། །གཡོན་(རླུང་)གྱི་དབང་དུ་བྱས་ནས། (ནམ་མཁའ་ནས་ གོ་བཟློག་པ་)འབར་བ། ཟླ་བའི་འོད་ཟེར། ཉི་མའི་འོད་ཟེར། མུན་ནག གློག མཐར་གཞའ་ ཚོན་ལྟ་བུ་རྣམས་འབྱུང་སྟེ། མཐོང་སྣང་དང་རྨི་ཉམས་ལ་ཅི་རིགས་པའོ། ། གསུམ་པ་(བརྟན་ཞིང་ཐམས་ཅད་ལ་ཁྱབ་པས་)འཁོར་ལོ་བཞི་ལ་བརྟེན་པ་ནི། ལས་བྱེད་པའི་ འཁོར་ལོ་གཉིས་ཀྱང་གསལ་གདབ། དེ་ནས་ལྟེ་བའི་འཁོར་ལོ་ཕྱི་སྐོར་འདབ་མ་དྲུག་ཅུ་རྩ་ བཞི་ལ་ཨ་ལི་བཅུ་དྲུག་ཕྲག་གཉིས་གཡོན་བསྐོར། ཧ་དང་ཀྵ་ སྤངས་པའི་ཀ་ལི་གཡས་བསྐོར། ནང་སྐོར་འདབ་མ་བརྒྱད་སྔ་མ་དང་འདྲ་སྟེ། ཡི་གེ་ཐམས་ ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་ལྟ་བའོ། །དེ་ནས་སྙིང་ཁའི་འདབ་མ་བརྒྱད་ལ་ཕྱོགས་ 2-1-177 བཞིར་བྲུཾ་(ཨཾ་ཛྲཾ་ཁཾ་)སོགས་བཞི། འཚམས་བཞིར་མཾ་(ལཾ་པཾ་ཏཾ་) སོགས་བཞི། དབུས་ཀྱི་ཧཱུཾ་འདྲ། ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་ ཐུར་ལ་ལྟ་བའོ། །མགྲིན་པར་འདབ་མ་བཅུ་དྲུག་དག་ལ་ཨ་ལི་བཅུ་དྲུག་གཡོན་སྐོར། ལྟེ་ བར་ཨ། ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་དམར་པོ་མགོ་གྱེན་ལ་ལྟ་བའོ། །སྤྱི་བོར་འདབ་ མ་སུམ་ཅུ་རྩ་གཉིས་ལ་ཨ་ལི་བཅུ་དྲུག་གཡོན་སྐོར། ཀ་ནས་ཏ་རྣལ་མའི་བར་བཅུ་དྲུག་ གཡས་སྐོར། ལྟེ་བ་ལ་ཧཾ། ཡིག་འབྲུ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་མགོ་ཐུར་ལ་ལྟ་བའོ། ། དེ་ནས་རླུང་མེ་མ་དང་གཉིད་མ་གཉིས་མར་རྩེ་སྤྲད་པས་སུམ་མདོའི་མེ་འབར་ལྟེ་བའི་ཨཾ་ལ་ ཕོག་པས། རླུང་དྲོད་ ཀྱི་རང་བཞིན་ཅན་དེ་གཡས་རོ་མ་ནས་སོང་། སྙིང་ཁའི་ཡིག་འབྲུའི་ཁམས་རྣམས་ བསྲེགས། ཡང་རོ་མ་ནས་སོང་། མགྲིན་པའི་ཡིག་འབྲུའི་ཁམས་རྣམས་བསྲེགས། ཡང་རོ་ མ་ནས་སོང་། སྤྱི་གཙུག་གི་ཧཾ་ལ་རེག་པས། ཧཾ་འོད་དུ་ཞུ་ནས། གཡོན་རྐྱང་མ་ནས་བབས། མགྲིན་པའི་ཡིག་འབྲུ་རྣམས་སྔར་བཞིན་གསོས་བཏབ་རྒྱས་པར་བྱས། ཡང་རྐྱང་མ་ནས་སོང་། སྙིང་ཁའི་ཡིག་འབྲུ་རྣམས་གསོས་བཏབ་ཅིང་རྒྱས་པར་བྱས། ཡང་རྐྱང་མ་ནས་སོང་སྟེ་ལྟེ་ བའི་ཨཾ་ལས་ཕོག་པས་ཨཾ་ཆེར་འབར་ཏེ། དབུ་མ་ཉིད་ཅུང་ཟད་ཁ་ཕྱེ་ནས་གློག་གི་ཟེར་མའི་ ཚུལ་གྱིས་དབུ་མ་ནས་སོང་སྟེ་སྙིང་ཁའི་ཧཱུཾ་དང་། མགྲིན་པའི་ཨ་གཉིས་ཀྱང་ཞེན་ཐོགས་མེད་ པར་བཅོམ་སྟེ། རེག་པ་ཙམ་གྱིས་ཧཾ་ལས་བདུད་རྩིའི་རྒྱུན་ཆ་ཕྲ་བ་དབུ་མ་ཉིད་ནས་བབས། ཨ་དེ་རིམ་གྱིས་མར་བདས་ནས་མགྲིན་པ་ནས་ལྟེ་བའི་སྟེང་སོར་བཞིའི་བར་ཙམ་དུ་ཡིད་ (རང་གང་འདོད་)འཇུག་ཡུལ་གང་བྱུང་པ་དེར་འབར་འཛག་ལ་དམིགས་ལ། རླུང་རན་ཙམ་དུ་ཁ་ སྦྱར་ལ་བསྒོམ། གསུམ་པ་མན་ངག་གི་གནད་ལ་བརྟེན་པ་ལ་བདུན་ལས། དང་པོ་མེ་དམར་སྐྱའི་ 2-1-178 དམིགས་པ་ནི་རང་གི་ལུས་ཁོང་སྟོང་དུ་དམིགས་ལ། མེ་དམར་སྐྱས་ལུས་ཀྱི་ནང་གང་བར་ བསམ། རླུང་གྲངས་ཅན་དང་གྲངས་མེད་ཉི་ཤུ་རྩ་བཞིར་བྱ། རླུང་གི་སྦྱོར་བས་ཐུན་ཚད་ གཟུང་། ཟས་དང་སྤྱོད་ལམ་གྱི་ལྕག་གིས་བསྐུལ། ཐུན་བཞིའི་ངེས་པ་བྱ། (ཉམས་མྱུར་བས་)རབ་ ཞག་གསུམ། (ཅུང་བུལ་བས་)འབྲིང་ལྔ། (སྐྱེ་དཀའ་བས་)ཐ་མ་དགུ་ན་དམིགས་པ་འཕོ། དེ་ནས་ གཉིས་པ་མེ་འབར་བ(འི་དམིགས་པ་ནི་)རྐང་མཐིལ་གཉིས་སུ་རཾ་དམར་ནག་བསམ། དེ་ལས་ མེ་འབར་ལོང་བུའི་རྩ་ནས་སོང་བརླའི་རྩ་བོ་ཆེ་ནས་ཞུགས། གསང་གནས་སུ་འཛོམ། (རྩེ་མོ) རྣོ་བ། མྱུར་(དུ་གཡོ་)བ། (ཚ་ཞིང་)དྲག་པ། (མེ་སྟག་)རྩུབ་པའི་མེ་ལ་གཏད་ལ་བསྒོམ། གསུམ་པ་ ཐིག་ལེའི་འཐབ་མོ(འི་དམིགས་པ་ནི)། བཞི་པ་མེའི་འཁོར་ལོ(འི་དམིགས་པ་ནི)། ལྔ་པ་མེ་ དྲག་ཏུ་འབར་བ(འི་དམིགས་པ་ནི)། དྲུག་པ་དེ་ལས་ཆེར་འབར་བ། བདུན་པ་དེ་ལས་ཐམས་ ཅད་མེ་འབར་བའི་༢དམིགས་པ་སྟེ། དྲུག་པོ་ཐམས་ཅད་(རླུང་གི་)ཚུལ་སྔ་མ་བཞིན་ནོ། ། གཉིས་པ་ནི་ཉོན་མོངས་པ་(ཡུལ་རྐྱེན་ལ་མ་ལྟོས་པར་སྐྱེ་བས་)རང་བྱུང་གི་ཏིང་ངེ་འཛིན། རྣམ་ པར་རྟོག་པ་(ཡུལ་རྐྱེན་ལ་མ་ལྟོས་པར་སྐྱེ་བས་)རང་བྱུང་གི་ཏིང་ངེ་འཛིན། སྨྲེལ་གཞི་(ཡུལ་རྐྱེན་ལ་མ་ ལྟོས་པར་སྐྱེ་བས་)རང་བྱུང་གི་ཏིང་ངེ་འཛིན། རང་བྱུང་གི་ཡེ་ཤེས་ཆེན་པོ་གསལ་ཞིང་ཡང་བའི་ (གསལ་སྟོང་མཆོག་གི་)ཏིང་ངེ་འཛིན་ནོ། ། གསུམ་པ་ནི་(ཚིག དོན། ངེས་ཚིག སྤོབས་པ་)ས་བཞི་ལ་རིགས་དྲུག་གི་སྐད་ཤེས། དེ་དག་གི་ སྐད་དུ་ཆོས་སྟོན་ཤེས། (རྒྱུ་)ཨ་ལི་ཀ་ལི་ལས་དབང་ཐོབ། (དེ་ལས་བྱུང་བ་) ཚིག་གི་མཆོག་གྲུབ། ཐ་སྙད་ལས་སད(དེ་སྡེ་སྣོད་གསུམ་སོགས་ཤེས)། མི་འཇིགས་པ་ བཞི་དང་། སོ་སོ་ཡང་དག་པར་བཞི་ལས་དབང་ཐོབ། གསུང་ཚངས་པའི་དབྱངས་སུ་གྱུར་པ་ ལ་སོགས་པ་ཡོན་ཏན་རྒྱུད་ལ་འཆར་རོ། ། བཞི་པ་ནི། འཆི་ཀ་མའི་རླུང་གིས་རྐྱེན་བྱས་ནས། རླུང་ཐམས་ཅད་དབུ་མར་ཞུགས་ཏེ། 2-1-179 སྟོང་གསལ་མཆོག་གི་ཏིང་ངེ་འཛིན་(རང་ཤུགས་ཀྱིས་)སྐྱེ། དེ་སྔར་གྱི་རང་བྱུང་གི་ཡེ་ཤེས་ཀྱི་ཏིང་ ངེ་འཛིན་(གྱི་ཉམས་མྱོང་)དང་འདྲེས་ནས་བར་མ་དོ་མེད་པར་གྲུབ་མཐའ་སྙོགས་པའམ། རིག་ པ་འཛིན་པ་ལ་སོགས་པར་འགྱུར་རོ། ། ལྔ་པ་ནི་ཞལ་ལས་ཤེས། དྲུག་པ་ནི། འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་ འདིར་མ་བརྗོད་དོ།། །། ༒ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་གྲོལ་ལམ་དུ་བསྒྲུབ་པའི་ཡན་ལག་གི་ ལམ་འབྲས་བསྟན་པའི་དྲུག་ནི། ལམ་དཀྱིལ་འཁོར་འཁོར་ལོ་ཐབས་ ཀྱི་ལམ། ལྟ་བ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཞི། གྲུབ་མཐའ་བདེ་སྟོང་རྒྱ་ ཆུང་བ། འདའ་ཀ་མ་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་བྱོན་པར་འགྱུར་བའི་འཕོ་བ། མ་ འཕོས་ན་བར་དོར་དྲན་པ་གསུམ་གྱི་མཚམས་སྦྱོར། འབྲས་ བུ་ཆོས་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པའོ། ། དང་པོ་ལ་གསུམ། ཐབས་མཁས་གྲོལ་ལམ་དང་། ཐབས་རྡུགས་འཆིང་ལམ་དང་། དེ་ གཉིས་ཀའི་ཤེས་བྱེད་བསྟན་པའོ། ། དང་པོ་ལ་གསུམ། ལམ་རྒྱས། འབྲིང་། བསྡུས་པའོ། །རྒྱས་པ་ལ་ལྔ། ལུས་ངག འདོད་ པ། བྱིན་བརླབས། རིགས་དག་པ། མན་ངག་གི་གནད་གྱིས་ཟིན་པ། མཉམ་པ(བསྟན་པ)འོ། ། (བཤད་པ་)དེ་ལ་དང་པོ་ནི། ཕྱག་རྒྱ་གཉིས་ཀ་ཡན་ལག་(དམ་ཚིག་བསྐྱེད། ཡེ་ཤེས་གཞུག སྐྱེ་མཆེད་ དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་བ་)བཞི་འམ། སྐད་ཅིག་གིས་ལུས་ལྷར་བསྒོམ་པ་ མཉམ། ངག་རྩ་སྔགས་ལ་སོགས་པ་ཟློས་པ་ མཉམ་པ་སྟེ། ལུང་(བརྟག་གཉིས་)ལས་ཀྱང་། ལྷ་ཡི་གཟུགས་ཀྱི་སེམས་དང་ནི། །དམ་ ཚིག་སེམས་ཀྱང་གཅིག་པ་ཉིད། །ཅེས་(པ་འདིས་སྤྲུལ་སྐུར་བྱིན་གྱིས་རློབ་པ་)འབྱུང་ངོ་། ། 2-1-180 གཉིས་པ་ནི་བདག་རིག་མ་ལ་བརྟེན་ནས་(ཐ་མལ་གྱི་རྣམ་རྟོག་སྤངས་)ལྷན་ཅིག་སྐྱེས་པའི་ཡེ་ ཤེས་མངོན་དུ་བྱ་སྟེ། རྫོགས་པའི་བྱང་ཆུབ་(འདིར་ཆོས་སྐུར་)འདོད། རིག་ མའང་བདག་ལ་བརྟེན་ནས་དེ་བཞིན་དུ་འདོད་པ་སྟེ། རྫོགས་པའི་བྱང་ཆུབ་འདོད་ པར་མཉམ་(འདིར་ལོངས་སྐུར་)པའོ། ། གསུམ་པ་ནི། (ཡབ་ཀྱིས་)མཁའ་(ཡུམ་གྱིས་)གསང་(པ་)སྣོལ་མར་བྱིན་གྱིས་བརླབས་པ་ སྟེ། ཡབ་ཀྱིས་ཡུམ་གྱི་མཁའ་མི་དམིགས་ཏེ་སྟོང་པ་ལས་ཨ་ལས་པད་མ་དམར་པོ་འདབ་མ་ བརྒྱད་པའི་ཟེ་འབྲུ་ལ་ཨས་མཚན་པར་བྱིན་གྱིས་བརླབས་པར་བསམ། ཡུམ་གྱིས་ཡབ་ཀྱི་ གསང་བའི་གནས་མི་དམིགས་(ཐ་མལ་གྱི་རྣམ་རྟོག་སྤངས་)ཏེ་སྟོང་པ་ལས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ རྩེ་ལྔ་པའི་ལྟེ་བ་ལ་ཧཱུཾ་གིས་མཚན་པའི་སྦུ་གུར་ཕཊ་དམར་ནག་མགོ་བོ་གྱེན་ལ་ལྟ་བ། (མུ་ཏིག་ ཕྲའི་དོད་) ནོར་བུ་ༀ་གིས་བྱིན་གྱིས་བརླབ། (རྭ་དབུ་མའི་རྩེར་)སྭ་ལས་རིན་པོ་ཆེའི་ཏོག བཞི་པ་ནི། སྐྱེ་བས་ཐོབ་པའི་དང་། སྦྱངས་པ་ལས་བྱུང་པའི། རིགས་དག་པའོ། །དང་ པོ་ནི་ཐབས་ཀྱི་རིགས་(ནམ་མཁའི་ཁམས་)སེང་གེ། (རླུང་)རི་དྭགས། (མེ་)རྟ་མཆོག (ཆུ་)ཁྱུ་མཆོག (ས་)གླང་ཆེན། (ཁམས་)སྣ་ཚོགས་རིགས་ཅན་ནོ། །ཤེས་རབ་ཀྱི་རིགས་(ནམ་མཁའི་ཁམས་)པད་ ཅན་མ། རི་དྭགས་ཅན་(རླུང་)མ། དུང་ཅན་(མེ་)མ། རི་མོ་ཅན་མ(ཆུ)། གླང་པོ་ཅན་མ(ས)། སྣ་ ཚོགས་(ཁམས་)ཅན་མའོ། །འདི་དག་གི་མཚན་ཉིད་ཀྱང་བླ་མའི་ཞལ་ལས་(ལོགས་སུ་)ལེགས་ པར་ཁོང་དུ་ཆུད་པར་བྱའོ། ། གཉིས་པ་ནི། (ལྟ་བ་དང་སྤྱོད་པ་ཐམས་ཅད་)ཐོས་བསམ་(དང་སོ་ཐར་དང་བྱང་སེམས་)བསླབ་ སྡོམ་དང་། དབང་བཞི་རྫོགས་(དང་)དམ་ཚིག་བསྲུང་བླང་དང་། བསྐྱེད་རྫོགས་(གཉིས་ཀྱི་) རྣལ་འབྱོར་གྱི་ཏིང་ངེ་འཛིན། གྱིས་རྒྱུད་དག་པའི་རིགས་སོ། །དེ་ལྟར་ན་(སྐྱེ་བའི་གོ་རིམ་)དང་ པོ་རིགས་དག་པ་འབྱུང་། དེ་ནས་ལུས་ངག་མཉམ་པས་སྤྲུལ་པའི་སྐུར་བྱིན་གྱིས་བརླབས་པ་ 2-1-181 འབྱུང་། དེ་ནས་བྱིན་བརླབས་མཉམ་པས་ ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབས་པ་འབྱུང་། དེ་ནས་འདོད་པ་མཉམ་པས་ཆོས་ སྐུར་བྱིན་གྱིས་བརླབས་པ་འབྱུང་པ(དེ་ལྟར་སྐུ་གསུམ་ལམ་དུ་བྱེད་པ)འོ། ། ༈ ལྔ་པ་ལ་ལྔ་སྟེ། དང་པོར་དབབ། དེ་ནས་གཟུང་། དེ་ནས་བཟློག དེ་ནས་ཁྱབ་པར་ བྱ། མཐར་མ་ཉམས་པར་བསྲུང་པའོ། ། དེ་ལ་དང་པོ་ནི། རྟེན་ཡོངས་སུ་དག་པ་དེ་ལ་ཉེ་རིང་རན་པར་བྱས་ལ། དེའི་གཟུགས་ལ་ བལྟ་ཞིང་དེས་འདོད་ཆགས་ཀྱི་མེ་འབར་བས་ཐིག་ལེ་དབབ། བདེ་བ་བསྒོམ། (ལག་པ་གཉིས་ བསྣོལ་ཏེ་མིག་སྟེང་དུ་)བགྲད་པའི་མཐས་བསྲུང་། གསང་(གནས་) ཐུབ་(སྙོམས་འཇུག་ཡང་)པར་བྱ། དེ་བཞིན་དུ་ལུས་ཀྱི་གནས་ཅི་རིགས་པ་ལ་རེག་པར་བྱ་བའི་ བར་དུ། འདོད་ཆགས་ཀྱི་མེ་འབར་བས་ཐིག་ལེ་དབབ། བདེ་བ་བསྒོམ། (ལག་པ་གཉིས་བསྣོལ་ ཏེ་མིག་སྟེང་དུ་)བགྲད་པའི་མཐས་བསྲུང་། གསང་(གནས་)ཐུབ་(སྙོམས་འཇུག་ཡང་)པར་བྱ། དེ་ ཐམས་ཅད་ལ་ཉམས་ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་པར་བྱའོ། ། དེ་ལྟར་ཐིག་ལེ་དབབ་ཅིང་(མང་དུ་)སྤེལ། སྤེལ་ཞིང་(མི་ཉམས་པར་)གཟུང་། གཟུང་ཞིང་རིམ་ གྱིས་བཟློག ཅེས་བྱ་བ་གསུམ་འབྲེལ་པ་ཅན་དུ་འབྱུང་སྟེ། སྐད་ཅིག་དང་པོ་ལ་(བྱ་བ་མང་ལ་ བདེ་བ་ཆུང་པས་)དགའ་བའི་ཡེ་ཤེས་སོ། །དེ་བྷོ་ལ་ཀ་ཀོ་ལླ་མཉམ་པར་སྦྱར་ཞིང་། ཡང་འདོད་ ཆགས་ཀྱི་མེས་ཐིག་ལེ་དབབ། བདེ་བ་བསྒོམ། བགྲད་པའི་མཐའི་འགྱུར་བས་བསྲུང་། གསང་(གནས་)ཐུབ་(སྙོམས་འཇུག་ཡང་)པར་བྱ། སྐད་ཅིག་གཉིས་པ་མ་(བྱ་བ་ཉུང་ལ་བདེ་བ་ཆེ་བས་) མཆོག་དགའི་ཡེ་ཤེས་སོ། །དེ་གཉིས་ནི་ཐིག་ལེ་འབབ་ཅིང་བདེ་ཤུགས་ཆེ་བས་ཐིག་ལེ་ འབར་བའི་དྲོད་ཅེས་བྱའོ། །དེ་ནས་སྲུབ་པ་ན་བདེ་བ་མི་རྟོག་པ་དང་ལྡན་པ་འབྱུང་སྟེ། སྔ་ མ་བཞིན་ཐིག་ལེ་ 2-1-182 དབབ་ཅིང་བདེ་བ་དང་མི་རྟོག་པ་བསྒོམ། བགྲད་པའི་མཐས་བསྲུང་། གཉིས་ཀས་(གསང་ གནས་ནས་ཐིག་ལེ་མི་འཁོར་བར་)གསང་ཐུབ་པར་བྱ་བ་གཅེས། (ཐིག་ལེ་མ་ཉམས་པར་)སྐད་ཅིག་ གསུམ་པ་ལ་དགའ་བྲལ་གྱི་དགའ་བ། ཐིག་ལེ་(ཅུང་ཟད་གྱེན་ལ་)གཡོ་བའི་དྲོད་ཅེས་བྱའོ། །དེ་ ཙམ་ན་ཐིག་ལེ་བསྲུང་དཀའ་བར་གྱུར་ན་སྟེང་རླུང་རྣམ་པར་འགོག་པའམ། འགྱུར་བ་རྣམ་ པ་དྲུག་ལ་སོགས་པས་འདིར་ཐིག་ལེ་བསྲུང་། བསྲུང་སླ་ན་སྐད་ཅིག་བཞི་པ་ལ་བསྲུང་ངོ་། །དེ་ཙམ་ན་སྲིན་པོའི་ལམ་(སྦྲིད་པ་ལྟར་)བེམ་བེམ་ བྱེད། ལྕི་ཡོར་ཡོར་བྱེད་(བདེ་ཤུགས་ཀྱིས་)ཙུབ་ཙུབ་བྱེད་པ། དྲི་ཆེན་དང་དྲི་ཆུ་ལ་སོགས་པ་ཡང་ རེས་མི་ཐོན། རེས་མི་ཐེམས། སྐྲ་རྩ་(བདེ་བ་མི་བཟོད་པས་)སེང་ སེང་བྱེད་པ། གཡལ་དང་མཆི་མ་ཅི་རིགས་པ་འབྱུང་པའི་ཚེ་ཐིག་ལེ་ཟིན་པ་ཡིན་ ནོ། །དེ་ཙམ་ན་རྟེན་ཡོངས་སུ་དག་པའི་(པད་ཅན་མའི་)རྩ་(སྐབས་ལྟར་མ་བཤད་པ་ལ་སོགས་ཀྱིས་) བཙལ་ལ། བྱིན་གྱིས་བརླབ་པ་གསུམ་སྔོན་དུ་སོང་པས། རྡོ་རྗེ་པད་མ་གཉིས་ ཁ་སྦྱོར། རྩ་གཉིས་(དབུ་མར་)ཁ་སྦྱོར། ཐིག་ལེ་(ཉི་ཟླ་)གཉིས་ཁ་སྦྱོར། རླུང་གཉིས་(ཐུར་སེལ་)ཁ་ སྦྱོར་དུ་གྱུར་པས་བདེ་བ་དང་སྟོང་པ་གཉིས་ཟུང་དུ་ཆུད་ཅིང་བདེ་བ་ངོས་གཟུང་དང་བྲལ་བའི་ ཏིང་ངེ་འཛིན་སྐྱེ་སྟེ། འདིར་ཡང་ཏིང་ངེ་འཛིན་དེ་བསྐྱང་། བསྐྲད་པའི་མཐའ་ལ་སོགས་པས་བསྲུང་། (གསང་གནས་ནས་ཐིག་ལེ་མི་འཁོར་བར་)གསང་ཐུབ་ པར་(ཐིག་ལེ་མ་ཉམས་པར་)བྱ་བ་གཉིས་ཀས་གཅེས། (ཐབས་དང་ཤེས་རབ་ཆོ་ག་ཡིས། ། དེ་ཉིད་རིག་པས་རྟག་ཏུ་མཆོད། །ཇི་ལྟར་བྱེ་བར་མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པ་ཉིད། །མ་གསང་སྦྲུལ་ དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་བྱེད། །ཅེས་གསུངས་སོ། །)དེ་ལ་འགྱུར་བ་དྲུག་གིས་བསྲུང་ ན། (ལྟེ་བའི་)རྒྱ་མཚོ་རི་རབ་(སྒལ་ཚིགས་)ལ་བསྐམ། (ཡན་ལག་)གླིང་བཞི་(བསྐུམས་ཏེ་)དབང་དུ་ བསྡུ། རོ་འཛིན་(ལྕེ་)རང་གི་གནས་སུ་(རྐན་ལ་)སྦྱར། དབང་པོའི་མཆོག་(མིག་བགྲད་ལ་)སྟེང་དུ་ 2-1-183 གཞག ངག་སྟོབས་ཀྱིས་ཧཱུཾ་དྲག་ལ་རིང་པ་དྲང་། ཏིང་ངེ་འཛིན་ཧཱུཾ་(གིས་)ཕཊ་(འདྲེན་ཕཊ་ཀྱིས་ཧཱུཾ་ འཕུལ་)མདའ་གཞུ་འཕངས་ཏེ་བཟློག་ལ། དེ་ནས་ཁྱབ་པར་བྱ་བ་ནི། ཧཱུཾ་གི་སྐ་རགས་(ལག་ལེན་ བཞིན་)བཅིང་། ཞགས་པ་(ལག་ལེན་བཞིན་)འཕང་། ལུས་གཏུན་ཤིང་གི་འཁོར་ལོ་ལྟར་(ལག་ ལེན་བཞིན་)བསྐོར། བུ་ཆུང་ གི་སྤྱོད་ལམ་(ལག་ལེན་བཞིན་)བྱས་པས་ལུས་ཐམས་ཅད་ལ་ཁྱབ་པར་བྱའོ། །སྐད་ཅིག་བཞི་ པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ། ཐིག་ལེ་(རྩ་གནས་སུ་བཀྲམ་སྟེ་མི་ཉམས་པར་)བསྟན་པའི་དྲོད་ ཅེས་ཀྱང་བྱའོ། །མི་ཉམས་པར་བསྲུང་པ་རྣམ་པ་དྲུག་ནི། འོག་ ཏུ་ཐིག་ལེ་འཛག་པ་བསྲུང་པའི་སྐབས་སུ་འབྱུང་པས་འདིར་མ་བརྗོད་དོ། ། ༈ ལམ་འབྲིང་པོ་ལ་གསུམ་ལས། སྔོན་འགྲོ་ནི། ལུས་ཀྱི་སྤྱོད་ལམ་(འདུག་སྟངས་ཙོག་པུ་) ལྡན་བྱས་ནས། །ལག་གཡས་ཉི་མ་གཡོན་པ་ཟླ(པར་དྲན་པས)། །པུས་མོ་གཉིས་ལ་བསྣོལ་ མར་དགབ། །(ངག་ཏུ་)ཧཱུཾ་རིང་ཧཱུཾ་ཐུང་མདུན་དུ་རྒུ། །(ཇི་ལྟར་བྱ་བ་ནི་)འབུད་པ་གསུམ་དང་རྔུབ་པ་ གསུམ། །(དེ་གང་དུ་བྱ་བ་ནི་)གཡས་གཡོན་དབུས་སུ་གསུམ་གསུམ་སྟེ། །ཁོར་བ་(ཁོར་ཡུག་)དག་ ཏུ་(ཡང་ཡང་བསྐྱར་ཞིང་)སྦྱང་པར་བྱ། །འདིས་ ནི་(ཐ་མས་ཀྱང་)ཉི་མ་གསུམ་པ་ན། །(རླུང་སྟོབས་ཆེ་ན་ཉིན་ཕྱེད་སོགས་ལ་)སྦ་བ་སྦུབས་སུ་ནུབ་ པར་འགྱུར། །བླ་མ་མཉེས་བྱས་ལེགས་པར་བསླབ། །དངོས་གཞི་ནི། བྱིན་གྱིས་བརླབ་(མཉམ་ པ་གསུམ་)སོགས་བྱས་ནས་ནི། །(བདེ་བ་སྐྱེས་ན་ཐིག་ལེ་གཟུང་པའི་ཕྱིར་)སྲིན་པོའི་ལམ་སྒོ་ཅུང་ཟད་ བསྡམ། །གུང་མཛུབ་གཉིས་(ཀྱི་བར་དུ་རྡོ་རྗེ་བཅུག་ལ་)ནི་དྲག་ཏུ་གཞིབས། །མིག་གཉིས་སྟེང་ དུ་བགྲད་པར་བྱ། །(ལུས་ཀྱི་གནད་གསུམ་པོ་)འདིས་ནི་ཐིག་ལེ་ཟིན་པར་འགྱུར། །ཡང་ན་(ངག་) ཧལ་ཧལ་(འབའ་ཞིག་)དྲག་ཏུ་བརྗོད། །ལུས་ཀྱི་འཁྲུལ་འཁོར་(སྟེང་རླུང་འགོག་པ་)གཞན་ཡང་བྱ། ། འདིས་ཀྱང་ཐིག་ལེ་ཟིན་པར་འགྱུར(དབབ་གཟུང་གཉིས་བསྟན་ཏོ)། །རྗེས་(སུ་འདི་དག་གིས་བཟློག་ 2-1-184 སྟེ་)གཅད་པ་ནི། གླང་ཆེན་ཧིང་(ཧིང་)དང་སྟག་མོ་(ཧཱུཾ་ཧཱུཾ་)ངུར། །གཅན་གཟན་སྐྱུགས་(ཧག་)དང་ ཝ་སྣར་སྣོམ (ཧིག)། །ལྟེ་བ་སྙིང་ཁ་མགྲིན་པ་དང་། །སྤྱི་གཙུག་དག་ཏུ་(ཤེས་པ་གཏད་དེ)རིམ་གྱིས་དྲང་། །རྣམ་ གྲོལ་རྒྱ་ཡིས་ལུས་(ཀུན་)ལ་(ཁྱབ་པར་)དགྲམ། །(བུམ་པ་ཅན་གྱིས་རླུང་སེམས་རྩ་ནང་དུ་)བརྟན་པར་ བྱེད་ཅིང་ཟུང་འཇུག་(གི་ལམ་གསུམ་)བསྒོམ། །དེ་ལ་མི་མཁས་པ་བཞི་འབྱུང་སྟེ། (སྙོམས་འཇུག་ ལ་བརྐམ་པས)དབབ་པ་ལ་མི་མཁས་ན་ཐིག་ལེ་ཉམས། གཟུང་པ་ལ་མི་མཁས་ན་བདེ་བ་ཡུན་ ཐུང་། བཟློག་པ་ལ་(ཏེ་བཞི་པོ་ངོ་མ་ཤེས་)མ་མཁས་ ན་ཆུ་དང་སྡོང་། དགྲམ་པ་(རྣམ་གྲོལ་རྒྱ་སོགས་)ལ་མ་མཁས་ནད་དུ་འགྱུར། དེ་ལ་གཉེན་པོ་ མཁས་པ་བཞི་འཇུག་སྟེ། དབབ་པ་ལ་མཁས་པ་(དལ་བུས་བསྐྱོད་པ་)རུས་སྦལ་གྱི་འགྲོས། གཟུང་པ་ལ་མཁས་པ་(སྲིན་པོའི་ལམ་བསྣམས་པ་སོགས་)ལུས་ངག་སེམས་ ཀྱི་འགྱུར་བ་དྲུག་གསུམ་དང་གཅིག བཟློག་པ་ལ་མཁས་(གླང་ཆེན་ཧི་སོགས་)པ་དུད་འགྲོའི་ འགྱུར་བ་བཞི། ཁྱབ་པར་བྱ་བ་ལ་མཁས་པ་རྣམ་གྲོལ་གྱི་རྒྱའོ། །གཞན་རླུང་གི་སྐ་རགས་ བཅིངས་པ་ལ་སོགས་པ་ནི་ལམ་རྒྱས་པ་བཞིན་ནོ། ། ལམ་བསྡུས་པ་ནི། ལག་གཡས་(ཁུ་ཚུར་ཟེར་)པད་མ་བརྐྱང་ནས་ཀྱང་(ཁུ་ཚུར་གཡོན་ སྙིང་ཁར་གཞག)། །འོག་རླུང་ཡངས་པར་གཞག་བྱས་ཏེ། །སྟེང་རླུང་རྔུབ་དགང་ཡང་ཡང་བྱ། །དེ་ ལྟར་བྱས་པས་འོག་ཏུ་འབབ། །(མིག་གྱེན་ལ་)ནམ་མཁའ་(ལྟ་བ་སེམས་འོག་མིན་གྱི་བར་དུ་གཏང་པའི་) བསྒོམ་པའི་སྦྱོར་བ་ཡིས། །ཐིག་ལེ་རྟག་ཏུ་ཟིན་པར་འགྱུར། ། ཞེས་པའོ། །ལག་ལེན་ཞལ་ལས་ཤེས་པར་བྱའོ། ། གཉིས་པ་ནི། རླུང་སེམས་ལ་རྣམ་རྒྱལ་མ་ཐོབ་བཞིན་དུ། ལམ་རྒྱ་བསྟེན་ནས་འཛག་ བདེ་དགའ་བའི་ཐབས་སྦྱོར་བྱས་ན་རྩ་ལྟུང་འབྱུང་སྟེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་ 2-1-185 སྤོང་པ་ནི་ལྔ་པ་ཡིན། །ཞེས་གསུངས་པས། རྩ་ལྟུང་བྱུང་ན་དམྱལ་བ་ལ་སོགས་པར་འགྲོ་སྟེ། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་པ་དྲི་མ་མེད་པའི་འོད་ལས། བརྒྱ་ལམ་གཡོ་(འཛག ར་ཟེར། ) བའི་དབང་གིས་རྩ་བའི་ལྟུང་པ་བྱུང་ན་ དམྱལ་བའི་དུ་ཁ་འདིས་ཉིད་དོ། །ཞེས་སོགས་གསུངས་སོ། །དེས་ན་ཐབས་རྡུགས་འཛག་བདེ་ མ་རིག་པའི་རྩ་བ། འཁོར་བར་འཆི་ལམ་སྤང་པར་བྱ་བ་ཡིན་ནོ། ། གསུམ་པ་ནི། རྣལ་འབྱོར་ཐབས་ཤེས་རླུང་སེམས་ལ་རྣམ་རྒྱལ་མ་ཐོབ་པ་དང་། ཐོབ་ པའི་བྱེ་བྲག་གིས། འཆིང་གྲོལ་གྱི་ལམ་གཉིས་སུ་འགྱུར་ཏེ། དཔལ་ཀྱེའི་རྡོ་རྗེ་ལས། སྐྱེ་བོ་མི་ བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། ། ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་པ་ལས་གྲོལ་འགྱུར། །ཞེས་དང་། ཆགས་པས་འཇིག་རྟེན་འཆང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་གྲོལ་འགྱུར། །བཟློག་ པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་སོགས་དང་། འདུལ་ བ་དོན་ཡོད་པར་གྲུབ་པའི་རྒྱུད་ལས། གང་གིས་བླུན་པོ་འཆིང་འགྱུར་བ། །མཁས་པ་དེ་ཡིས་ ཡོངས་སུ་གྲོལ། །ཞེས་སོགས་དང་། དཔལ་དོན་དམ་བསྙེན་པ་ལས། འདོད་ཆགས་གང་ཞིག་གིས་ནི་སེམས་ཅན་ལྷུང་གྱུར་པ། །དེ་ཉིད་ཀྱིས་ནི་རྣལ་འབྱོར་ སྲིད་པའི་ཕ་རོལ་འགྲོ། །དུག་གང་གིས་ནི་སེམས་ཅན་འཆིང་པར་འགྱུར་བ་སྟེ། །དུག་སྔགས་ ཤེས་པ་དེ་ཉིད་ཀྱིས་ནི་ནད་འཕྲོག་བཞིན། །ཞེས་སོགས་གསུངས། དེ་ལྟར་འཆིང་གྲོལ་གྱི་ ལམ་གཉིས་ལས། འཆིང་ལམ་སྤང་པར་བྱ་སྟེ། མཚན་བརྗོད་ལས། དངོས་དོན་མ་ལུས་ རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་རྣམ་སྤངས་ པ། །སྲིད་གསུམ་དགའ་བ་ཆེན་པོ་པ། །ཞེས་དང་། འགྲེལ་ཆེན་དང་། སྦས་པ་མིག་འབྱེད་ ལས། རྣལ་འབྱོར་པ་བླ་མ་དམ་པའི་མན་ངག་རྙེད་པ་རྣམས་ནི་གྲོལ་བའི་རྒྱུར་འགྱུར་ཞིང་། 2-1-186 ཏིང་ངེ་འཛིན་བརྟན་པར་འགྱུར་རོ། །བླ་མ་དམ་པའི་མན་ངག་གིས་མ་ཟིན་པ་རྣམས་ནི་ཏིང་ ངེ་འཛིན་གྱི་རྒྱུར་མི་འགྱུར་ལ་དུག་གསུམ་སླར་བསྐྱེད་དེ་འཁོར་བའི་རྒྱུ་བསགས་ནས་འབྲས་ བུ་ངན་སོང་དུ་ལྷུང་ཞིང་། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །གལ་ཏེ་འདོད་ཆགས་ ལ་ལོངས་སྤྱད་པས་གྲོལ་བའི་རྒྱུར་གྱུར་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་ན་ནི། དུད་འགྲོའི་ རིགས། ཁྱི་དང་། ཕག་པ་དང་། བོང་བུ་ལ་སོགས་པ་དང་། འཕྱོན་མ་རྣམས་ཀྱིས་ཀྱང་འདོད་ ཆགས་ལོངས་སྤྱད་པས་གྲོལ་བའི་རྒྱུར་གྱུར་ནས་སངས་རྒྱས་པར་རིགས་ཏེ། དེ་རྣམས་ཀྱིས་ འདོད་ཆགས་ལ་ལོངས་སྤྱད་པས་གྲོལ་བའི་རྒྱུར་མི་འགྱུར་བར་འཆིང་བའི་རྒྱུར་གྱུར་ནས། འབྲས་བུ་ངན་སོང་དུ་ལྟུང་ཞིང་། སེམས་ཅན་དམྱལ་བར་སྲེག་པ་དང་། འཚེད་པའི་དུ་ཁ་མྱོང་བར་འགྱུར་རོ། །དེས་ན་བླ་མའི་གདམ་ངག་གལ་ཆེ་སྟེ་བཙལ་ བར་བྱའོ། །ཞེས་སོགས་གསུངས་སོ། ། གཉིས་པ་ནི། གོ་རིམ་དང་། གནས་དང་། སྤང་བྱ་དང་། རང་གི་ངོ་བོ་ལ་ལྟོས་པའི་དགའ་ བ་བཞིའོ། །དེ་ལ་དང་པོ་ནི། ལམ་སྦྱང་པའི་སྐབས་ཉིད་ལས་འབྱུང་པས་ལོགས་ཤིག་ཏུ་མ་ བརྗོད་དོ། ། གཉིས་པ་ལ་གཉིས། ཕྱིའི་དང་། ནང་གི། གནས་ལ་ལྟོས་པའོ། །དེ་ལ་དང་པོ་ནི། ལུས་ ཀྱི་གནས་ཁོལ་བུ་ཁོལ་བུར་སྐྱེས་ན་དགའ་བ། ལུས་ཕལ་ཆེར་ལ་སྐྱེས་ན་མཆོག་དགའ། ལུས་ཐམས་ཅད་ལ་ཁྱབ་པར་སྐྱེས་(སྣ་ཚོགས་)དགའ་(བ་ཟེར)བྲལ། (ལུང་ལས། བདེ་བ་རྒྱུ་དང་མི་རྒྱུ་ ཀུན། །ཞེས་པས་)སྣང་བ་དངོས་པོ་ཐམས་ཅད་བདེ་བར་ཤར་ན་ལྷན་སྐྱེས་སོ། ། གཉིས་པ་ནི། སྤྱི་བོ་ནས་མགྲིན་པའི་བར་དུ་(ཉམས་མྱོང་ཅི་སྐྱེས་ཀྱང་)དགའ་བ། མགྲིན་ པ་ནས་སྙིང་ཁའི་བར་དུ་མཆོག་དགའ། སྙིང་ཁ་ནས་ལྟེ་བའི་བར་དགའ་བྲལ། ལྟེ་བ་ནས་ གསང་གནས་ཀྱི་བར་ལྷན་སྐྱེས་སོ། ། 2-1-187 གསུམ་པ་ནི་(དང་པོ་དགའ་བས་འགྲོ་བའི་གཟུགས། །ཞེས་སོགས་)གཟུང་འཛིན་གྱི་རྣམ་པར་རྟོག་ པ་རགས་རིམ་འགོག་པ་དགའ་བ། བདག་གི་རྣམ་པར་རྟོག་པ་རགས་རིམ་འགོག་པ་མཆོག་ དགའ། ཕྱག་རྒྱའི་རྣམ་པར་རྟོག་པ་འགོག་པ་དགའ་བྲལ། དགའ་བྲལ་གྱི་རྣམ་པར་རྟོག་པ་ འགོག་པ་(གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པས་བྱང་ཆུབ་བརྗོད། །ཅེས་པ་)ལྷན་སྐྱེས་སོ། ། བཞི་པ་ནི། བདེ་བའི་ཉམས་མྱོང་ཆུང་པ་དགའ་བ། བདེ་བ་ཆེར་འབར་བ་མཆོག་དགའ། བདེ་བ་མི་རྟོག་པ་དང་ལྡན་པ་དགའ་བྲལ། བདེ་བ་སྟོང་པ་གཉིས་སུ་མེད་པ་ལྷན་སྐྱེས་སོ། །ལུང་ དང་ཡང་སྦྱར་(ཞིང་དེ་ལྟ་བུས་སྦྱོར་ལམ་དྲོད་བརྟན་པར་འགྱུར་)རོ། ། གསུམ་པ་ནི། མྱ་ངན་ལས་འདས་པའི་ཆོས་ལ་སོགས་པ་རྣམས་ཅི་རིགས་པ་ རྣམས་བདེ་སྟོང་དུ་རྟོགས་པ་འབྱུང་སྟེ། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ལའོ། ། བཞི་པ་ནི། འཆི་བའི་རླུང་གིས་རྐྱེན་བྱས་ནས་རྩ་མདུད་རྣམས་དྲལ་ཏེ། སེམས་ ཀྱི་རྟེན་ཐིག་ལེ་རིམ་གྱིས་ལྷན་ཅིག་ཏུ་འཚོགས་ཏེ། དབུ་མར་ཡང་ཅུང་ཟད་ཞུགས་པས་འཆི་ ཁར་བདེ་སྟོང་མཆོག་སྐྱེ་སྟེ། རྡོ་རྗེ་ནི་སྟོང་པ། སེམས་ནི་བདེ་བ་སྟེ། སྔར་ གྱི་བདེ་སྟོང་གི་ལྟ་བ་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པ་ལ་སོགས་(པའམ་ ཆོས་སྐུ་ཐོབ་)པར་འགྱུར་རོ། ། ལྔ་པ་ནི། ཞལ་ལས་ཤེས། དྲུག་པ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་ འདིར་མ་བརྗོད་དོ།། །། ༒ བཞི་པ་དབང་བཞི་པའི་གྲོལ་ལམ་དུ་བསྒྲུབ་པ་ཆེན་པོའི་ཡན་ལག་ལམ་འབྲས་ བསྟན་པའི་དྲུག་ནི། ལམ་རྡོ་རྗེ་རྦ་རླབས་བཞི། ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་ པའི་དེ་ཁོ་ན་ཉིད། མས་བརྟན་པའི་དགའ་བ་བཞི། གྲུབ་ མཐའ་བདེ་སྟོང་རྒྱ་ཆེ་བ། འདའ་ཀ་མ་ཕྱག་རྒྱ་ཆེན་པོར་འཕོ་བ། མ་འཕོ་ན་བར་དོ་དྲན་པ་ 2-1-188 གསུམ་གྱིས་མཚམས་སྦྱོར། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ཐོབ་པའོ། ། དེ་ལ་དང་པོ་ནི། སྔོན་དུ་ལུས་སྦྱང་པ་ལ་སོགས་པ་བསམ་བརྟན་གྱི་ཡན་ལག་དགུ་ཚང་ པར་བྱས་ནས། སྲོག་རྩོལ་ལ་སོགས་པ་(རླུང་གཞན་)སྔོན་དུ་བཏང་སྟེ། ལུས་ཀྱི་འོག་རླུང་ཁ་སྦྱོར་བསྐྱོད་པ་ལུས་ཀྱི་རྡོ་རྗེ་རྦ་རླབས། ངག་རླུང་འདྲེན་པ་ཞི་ དྲག་ངག་གི་རྡོ་རྗེ་རྦ་རླབས། ཁམས་བྱང་སེམས་དཀར་དམར་འཛིན་འདྲེན་བདུད་ རྩིའི་རྡོ་རྗེ་རྦ་རླབས། བརྟེན་པ་རང་རིག་ཏིང་ངེ་འཛིན་སེམས་ཀྱི་རྡོ་རྗེ་རྦ་རླབས། བསྒོམས་ཏེ། དེ་ལ་གསུམ། རྡོ་རྗེ་རྦ་རླབས་བཞིས། ཐབས་དང་ཤེས་རབ་ཟུང་ འཇུག་བསྒོམས་པས་ཐབས་ཤེས་གཉིས་ཀའི་དང་། ཐབས་དང་ཤེས་རབ་ཀྱི་རང་ལུས་ ཐབས་ལྡན་བསྒོམས་པས་རང་དང་། ཕྱག་རྒྱ་ཆེན་མོའི་མ་བཅོས་པའི་བདེ་ སྟོང་བསྒོམས་པས་ཀུན། རྒྱུད་དག་པར་བྱ་བ་བསྟན་པའོ། །དང་པོ་ནི་ཕྱག་རྒྱ་པར་ ཅན་མ་ལ་སོགས་པ་དངོས་ལ་བརྟེན་ནས་ལམ་སྦྱང་པ་ལས། (སྐུ་གསུམ་ལམ་དུ་བྱེད་པ་) ལུས་ངག་མཉམ་པ་ལ་སོགས་པ་གསུམ་དབང་གསུམ་པའི་ལམ་དང་འདྲ་བར་བྱས་ལ། དེ་ ནས་སྐད་ཅིག་གིས་ཐབས་ཤེས་རབ་སྙོམས་པར་ཞུགས་པས། རྗེས་སུ་ཆགས་པའི་མེ་འབར། སྤྱི་གཙུག་གི་ཧཾ་ཞུ་ནས། ཡབ་ཡུམ་གཉིས་ཀའི་ཁམས་དྭངས་མ་(གཉིས་མཛེས་པས་)རྩ་མཆོག་ གི་ཟེ་བར་བྱོན། དེ་ནས་(རླུང་སེམས་ཀྱི་དྭངས་མ་)འོད་ཟེར་གྱི་རྣམ་པར་གྱུར་པ། རྩ་གཡས་རོ་མ་ ནས་ཡར་གཤེགས་སོང་སྟེ། ལྟེ་བར་བྱོན། ལྟེ་བའི་འཁོར་ལོ་ནམ་ལངས་པ་བཞིན་(བྱ་མེ་ཉི་ མས་རླུང་སེམས་ཀྱི་འོད་ཟེར་)ཡལ་ཡལ། ཉི་མ་ཤར་བ་ལྟར་(བྱང་སེམས་ཟླ་བས་དཀར་)སལ་སལ། གློ་ བ་བུས་པ་བཞིན་(རླུང་སེམས་ཀྱི་འོད་ཟེར་)ལྷང་ལྷང་གཏང་། ཡང་རོ་མ་ནས་(ཡར་གཤེགས་)སོང་། སྙིང་ཁར་བྱོན། ཆོས་གསུམ་ལྡན་དུ་དྲན(ཙམ་བྱ)། ཡང་རོ་མ་ནས་སོང་། མགྲིན་པར་བྱོན། ཆོས་གསུམ་ལྡན་དུ་དྲན(ཙམ་བྱ)། ཡང་རོ་མ་ནས་ (ཡར་གཤེགས་)སོང་། རྣ་བ་གཡས་པ་ནས་ 2-1-189 འོད་ཟེར་གྱི་རྣམ་པར་འཕྲོས། འོད་ཟེར་གྱི་(འཕྲོ་)སྒོ་(རྣ་བ་གཡས་) ལས་ལྷག་པའི་ལྷའི་དལ་འཕྲོས། སེམས་ཅན་གྱི་རྒྱུད་ལ་དབང་བཞི་བསྐུར། (བདག་ གི་རྒྱུད་སྐུ་ལྔར་སྒྱུར་ནུས་པས་)སེམས་ཅན་རྣམས་ལྷག་པའི་ལྷར་བྱས། (ཁམས་དྭངས་མའི་ཉི་ ཟླ་)གཉིས་འདྲེས་བདུད་རྩིའི་བཅུད་དུ་གྱུར། (སྤྱི་གཙུག་)ཚངས་པའི་སྒོར་ཞུགས། སྤྱི་གཙུག་ ཆོས་གསུམ་ལྡན་དུ་དྲན(ཙམ་བྱ)། ཡར་(གཤེགས་)གྱི་(ཡར་གཤེགས་)རྡོ་རྗེ་(བདེ་སྟོང་དབྱེར་མེད་པའི་) རྦ་རླབས་སོ། །ཡང་སྤྱི་གཙུག་ནས་རྩ་གཡས་རོ་མ་ནས་མར་མགྲིན་པར་བྱོན་(ཟླ་བ་)ཉི་མ་སྟོང་ གི་གཟི་བརྗིད་དང་ལྡན། སྙིང་ཁར་བྱོན་འོད་ཁ་དོག་རྣམ་ པ་ལྔར་གྱུར། རྩ་དག་པའི་ལམ་ལྟེ་བར་བྱོན། ལྟེ་བ་ནས་ཡུམ་གྱི་མཁར་སྔ་མ་བཞིན་དུ་གནས་ པ་མར་(བྱོན་)གྱི་(ཡར་གཤེགས་)རྡོ་རྗེ་(བདེ་སྟོང་དབྱེར་མེད་པའི་)རྦ་རླབས་སོ། །དེ་ལྟར་ཡར་མར་གྱི་ (རླུང་སེམས་དབྱེར་མེད་པའི་)རྡོ་རྗེ(འི་རླུང་གིས་བྱང་སེམས་བསྐྱོད་པའི་) རྦ་རླབས་ཀྱིས་(གཉེན་པོ་)བདེ་སྟོང་དབྱེར་མེད་པའི་རྡོ་རྗེའི་རྦ་རླབས་(ཡར་བྱོན་མར་གཤེགས་འཁོར་ ལོ་ལྟར་)བསྐྱེད་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་སེམས་ཀྱི་རྡོ་རྗེ་རྦ་རླབས་ཀྱིས་བསྒོམས་ པས། (སྤང་བྱ་)གཡས་གཟུངས་པའི་(བདེ་སྟོང་དབྱེར་མེད་པའི་) རྡོ་རྗེ་རྦ་རླབས་(ཀྱི་ཕྲེང་པ་)རེངས་(ཏེ་རྩ་གཡས་རླུང་ཕྱི་རྒྱུ་དབང་དུ་འདུས་གཟུང་རྟོག་ནུབ་)པ་རྣམ་པར་ (སྤང་བྱ་གཟུང་བའི་རྟོག་པ་ལས་)ཐར་པའི་ས་ྒོམཚན་མ་མེད་པ་སྟེ། འབྲས་བུ་དང་པའོོ། ། དེ་བཞིན་དུ་གཡོན་དུ་བྱ་སྟེ། འཛིན་པའི་(བདེ་སྟོང་དབྱེར་མེད་པའི་)རྡོ་རྗེ་རྦ་རླབས་(ཀྱི་ཕྲེང་པ་) རེངས་(ཏེ་རྩ་གཡོན་རླུང་ནང་འཇུག་དབང་དུ་འདུས་གཟུང་འཛིན་ནུབ་)པ་རྣམ་པར་(སྤང་བྱ་འཛིན་པའི་རྟོག་ པ་ལས་)ཐར་པའི་སྒོ་སྨོན་པ་མེད་པ་སྟེ་འབྲས་བུ་གཉིས་པའོ། །དེ་བཞིན་དུ་དབུ་མར་སྤང་བྱ་ སྟེ། གཟུང་འཛིན་གཉིས་ཀའི་(བདེ་སྟོང་དབྱེར་མེད་པའི་)རྡོ་རྗེ་རྦ་རླབས་(ཀྱི་ཕྲེང་པ་)རེངས་པ་(སྤང་བྱ་ གཟུང་འཛིན་གཉིས་ཀའི་)རྣམ་པར་(རྟོག་པ་ལས་)ཐར་པའི་སྒོ་སྟོང་པ་ཉིད་དང་། མངོན་པར་འདུས་ 2-1-190 མ་བྱས་པ་དབྱེར་མེད་པ་སྟེ། འབྲས་བུ་གསུམ་པའོ། །ཐབས་ཀྱི་རྒྱུད་དག་པར་བྱ་བ་བསྟན་ཏོ། ། དེ་བཞིན་དུ་ཤེས་རབ་ཀྱི་རྒྱུད་དག་པར་བྱ་སྟེ། རྩ་གཡས་གཡོན་གཉིས་ནས་ནི་རྣ་བ་གཉིས་ ཀྱི་སྒོར་བྱོན་ ཙམ་ལས་ཕྱིར་འཕྲོ་བ་མེད་དོ། །དབུ་མ་ནས་(ཡར་གཤེགས་)སོང་སྟེ་ཚངས་པའི་སྒོ(ར་ ཞུགས་)ནས་སོང་། སྤྲོ་བ་དང་བསྡུ་བ་བྱས་ཀྱང་རུང་མ་བྱས་ཀྱང་རུང་འདྲ་བར་བཞེད་དོ། །རྡོ་རྗེ་ རྦ་རླབས་རེངས་པ་དང་རྣམ་ཐར་སྒོ་བཞི་དང་སྦྱར་བ་ཡང་སྔ་མ་བཞིན་ཤེས་པར་བྱའོ། ། གཉིས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷ་མིའི་བུ་མོ་དང་། བུ་ཕོ་ལ་སོགས་པ་དང་སྦྱོར་པས་ བསམ་པའི་ཡབ་ཡུམ་འདུ་ཤེས་གསུམ་ལྡན་དུ་བྱིན་གྱིས་བརླབས་ནས། རང་ལུས་ཐབས་ ལྡན་གྱི་སྦྱོར་བ། རང་གི་ལག་པ་པད་རྡོ་རྗེར། །བྱིན་བརླབས་ཆུ་སྐྱེས་རྡོ་རྗེ་ཡིས། །བདེ་བའི་ རྒྱུ་རུ་གསོར་བསྲུབ་བྱ། །ས་བོན་མི་འགྱུར་བདེ་བ་ཡིས། །འཆི་བ་ཡི་ནི་འཇིགས་འཕྲོག་པ། ། འདི་ནི་དཔལ་ལྡན་བླ་མའི་ཞལ། །ཞེས་ (དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་ལས་)གསུངས་པ་བཞིན་དུ་རྣལ་འབྱོར་ཐབས་ཤེས་རབ་ ཀྱིས་རྡོ་རྗེ་རྦ་རླབས་བཞིས་བསྒོམས་པས། ཐབས་ཀྱི་དབུ་མ་ནས་ཁམས་ དྭངས་མ་དེ་འོད་ཟེར་ལྔའི་རྣམ་པར་(ཡར་གཤེགས་)སོང་ནས་གཙུག་ཏོར་མཆོག་ཏུ་ཐིམ། ཤེས་ རབ་ཀྱི་ཡང་དེ་བཞིན་དུ་དེར་ཐིམ་སྟེ། ཡེ་ཤེས་ལྔའི་ངོ་བོ་སྐུ་ལྔ་རང་བཞིན་གྱིས་ལྷུན་གྲུབ་ ཐོབ་པར་དྲན་པ་ཙམ་བྱའོ། །ཉམས་བདེ་སྟོང་ཇི་ལྟར་སྐྱེ་ངེས་ པ་མེད་དེ། ཅི་སྐྱེས་བྱུང་རྒྱལ་དུ་བསྐྱང་ངོ་། །དེ་ལྟར་ཐབས་དང་ཤེས་རབ་སོ་སོར་རིམ་པར་ སྦྱར་བས། ཐབས་དང་ཤེས་རབ་ཀྱི་རྒྱུད་རང་རང་སོ་སོར་དག་པར་བྱའོ། ། གསུམ་པ་ནི། དེ་ལྟར་རྣལ་འབྱོར་ཐབས་དང་། ཤེས་རབ་ཀྱི་རྒྱུད་དག་པར་བྱེད་པ། ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟེན་པའི་རྡོ་རྗེ་རྦ་རླབས་བཞིས། ཁམས་བྱང་སེམས་འཛག་ 2-1-191 མེད་དམ་ཚིག་གི་ཕྱག་རྒྱ་བསྒོམས་ནས། ཁྱད་པར་དུ་བརྟེན་པ་རང་རིག་རྣམ་པར་མི་རྟོག་ འོད་གསལ་བའི་ཏིང་ངེ་འཛིན་སེམས་ཀྱི་རྡོ་རྗེ་རྦ་རླབས་ཀྱིས་ཕྱག་རྒྱ་ཆེན་མོའི་མ་བཅོས་པའི་ བདེ་སྟོང་བསྒོམ་སྟེ། དེ་ཡང་ལུས་ངག་མ་བཅོས་པར་བཞག་ནས། སེམས་བཅོས་པས་བསླད་ མེད་པའི་ངང་དུ་ལྷོད་ བློད་དེ་རྩོལ་མེད་དུ་བཞག་པས། སེམས་རང་གྲོལ་མ་བཅོས་པའི་བདེ་སྟོང་བསམ་གྱིས་མི་ ཁྱབ་པ་འཆར་བ་བསྒོམས་པས་ཀུན་རྒྱུད་དག་པར་བྱ་སྟེ། བྲམ་ཟེ་ཆེན་པོ(ས་ར་ཧ་པ)འི་ཞལ་ ནས། འཇུར་རེས་བཅིངས་པའི་སེམས་ཉིད་འདི། །བློད་ན་གྲོལ་བར་ཐེ་ཚོམ་མེད། །བྲམ་ཟེ་ སྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་བློད་ན་བདེ། །ཞེས་སོགས་གསུངས་སོ། །འདི་ གསུམ་རྒྱས་པར་གཞན་(དང་པོ་གཉིས་ལམ་སྦས་བཤད་དང་གཉིས་པ་ཕྱག་རྒྱ་ཆེན་པའི་གདམས་སྐོར་)དུ་ ཤེས་པར་བྱའོ། ། གཉིས་པ་ནི་བཞི་སྟེ། (ལྟེ་བར་)རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །(སྙིང་ཁར་)རྣམ་པར་ སྨིན་པས་སྟོབས་སྟེར་བྱེད། །(མགྲིན་པར་)སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །(སྤྱི་བོར་)དྲི་མ་ མེད་པས་འཆི་མེད་འགྱུར། །ཞེས་བྱའོ། །དང་པོ་ལ་(ཡོན་ཏན་) འགྲོ་བ་ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། གཉིས་པ་(ཡོན་ཏན་)ལ་མངོན་ པར་ཤེས་པ་ཅུང་ཟད་འཆར། གསུམ་པ་ལ་(ཡོན་ཏན་)ལོ་ཀ་གྱི་ཁམས་ཀྱི་རོ་ཅི་རིགས་པ་ལ་ སྤྱོད་ནུས། བཞི་པ་ལ་(ཡོན་ཏན་)རྫུ་འཕྲུལ་ཅུང་ཟད་སྟོན་ནུས་སོ། །ཡང་དང་པོ་ལ་བདེ་སྟོང་གི་ ཏིང་ངེ་འཛིན་(བདག་རྒྱུད་ལ་ཁྱབ་)རྒྱ་ཆུང་། གཉིས་པ་ལ་(སྣང་བ་ཙམ་ལ་ཁྱབ་པ་)འབྲིང་། (མྱང་འདས་ ཙམ་ལ་ཁྱབ་པ་)གསུམ་པ་ལ་ཆེན་པོ། བཞི་པ་ལ་(འཁོར་འདས་ཐམས་ཅད་ལ་ཁྱབ་པ་)ཆེན་པོའི་ཡང་ ཆེན་པོར་འགྱུར་རོ། ། གསུམ་པ་ནི་ས་བཅུ་གསུམ་པའི་ཕྱེད་ལ་འཁོར་འདས་ཐམས་ཅད་བདེ་སྟོང་གཅིག་གི་ 2-1-192 ངང་དུ་རྟོགས་ཏེ་བླང་དོར་མེད། སྤངས་ཐོབ་མེད་པར་འགྱུར་རོ། ། བཞི་པ་ལ་གཉིས། དམིགས་པའི། མཚན་མ་དང་བཅས་དང་། མཚན་མ་མེད་པའི་ཕྱག་ རྒྱ་ཆེན་པོར་འཕོ་བའོ། །དང་པོ་ལ་གཉིས། འཆི་བ་རིམ་གྱིས་པ་དང་། ཅིག་ཅར་བའི། འཕོ་ ཚུལ་བསྟན་པའོ། ། དང་པོ་ལ་གསུམ། འཁོར་བ་གཟུང་འཛིན་རྣམ་པར་རྟོག་པའི་རྩ་སྒོ་དགག་པ་སྦྱང་། མྱང་ འདས་མི་རྟོག་ཡེ་ཤེས་ཀྱི་རྩ་སྒོ་དབྱེ་བ་གོམས་པར་བྱ། ཐར་ལམ་གཙུག་ཏོར་བདེ་ཆེན་གྱི་སྒོ་ ནས་འཕོ་བས་ལས་ལ་སྦྱར་བའོ། ། དང་པོ་ནི་ལུས་དཀྱིལ་དཀྲུངས་སམ་ཙོག་པུར་གནད་ལ་ཕབ་ནས། རང་ལུས་ཡི་དམ་ གྱི་ལྷ་སྐུ་ཕྲུ་མ་བུས་པ་ལྟ་བུར་བསྒོམས་པའི་ནང་ན། རྩ་གསུམ་སྟོང་པར་སང་ངེ་གནས་པའི་ དབུ་མའི་ཡར་སྣའི་ཚངས་བུག་ན་ཕ་ལས་ཐོབ་པའི་བྱང་སེམས་ཧཾ་དཀར་པོ་མགོ་ཐུར་བསྟན་ དཔྲལ་བའི་སྨིན་འཚམས་ཀྱི་ནང་ལྕེ་ཆུང་གི་རྩར་སྒོར་ༀ་དཀར་པོ་འཁྱིལ་པ། སྙིང་ཁ་ན་ སེམས་ཀྱི་རྟེན་ཧཱུཾ་སྔོན་པོ། མ་སྣའི་གསང་གནས་ན་མ་ལས་ཐོབ་པའི་བྱང་སེམས་དུས་མེའི་ རང་བཞིན་ཨཿཚེག་དྲག་གི་རྣམ་པ་ཅན་དམར་པོ་གསལ་གདབ། ཨཿཧཾ་ཧཱུཾ་ལས་འོད་འཕྲོས་ པས་དམར་ལ་ དཀར་ལ་སྔོ་བའི་མདངས་ཅན་འོད་ཁ་དོག་ལྔ་འཕྲོ་བའི་སྣ་ཚོགས་འོད་ཀྱི་གོང་བུའི་ཐིག་ལེ་ རྩོལ་བའི་རླུང་གི་དུས་སུ་གཡས་རོ་མའི་གཟུང་པའི་རྣམ་པར་རྟོག་པའི་རྩ་ནང་ན་ཡར་སོང་། ནམ་ལངས་པ་བཞིན་ཡལ་ཡལ། ཉི་མ་ཤར་བ་བཞིན་སལ་སལ། གློ་བ་བུས་པ་བཞིན་ལྟང་ ལྟང་བཏང་ནས། ཐིག་ལེ་ཆ་གསུམ་དུ་གྱེས་པས། གཡས་པའི་མིག རྣ་བ། སྣའི་རྩ་སྒོ་བཀག ཐིག་ལེ་མར་ལོག་ཆོས་གསུམ་ལྡན་དྲན་པས། རྩ་གཡས་སྣང་ལ་རང་བཞིན་མེད། གསལ་ལ་ ངོས་བཟུང་མེད་པ་གཞའ་ཚོན་ལྟ་བུར་སྦྱངས་ནས། རྩ་དབུ་མའི་ནང་དུ་ཐིམ། ཡང་དེ་བཞིན་ 2-1-193 དུ་སྲོག་གི་རླུང་གི་དུས་སུ་གཡོན་རྐྱང་མ་འཛིན་པའི་རྣམ་པར་རྟོག་པའི་རྩ་ཡང་སྔར་བཞིན་ སྦྱངས་ནས་དབུ་མའི་ནང་དུ་ཐིམ་པར་བསམས་ལ། སེམས་མ་བཅོས་གཉུག་མའི་ངང་དུ་ གཞག་གོ། ། ༈ གཉིས་པ་ནི། (དམིགས་པ་ཡུལ་གྱི་གཏད་སོ་ནི་)དབུ་མ་རྣམ་པར་མི་རྟོག་ཡེ་ཤེས་ཀྱི་རྩ་ཕྱི་ དཀར་བར་དམར། ནང་སྔོ་བ་སྟོང་སང་ངེ་གསལ་བའི། གསང་གནས་ན་ཨཿ ཐུགས་ཀ་ན་ཧཱུཾ། ཚངས་བུག་ན་ཧཾ། (རིག་པ་སེམས་ཀྱི་འཛིན་སོ་ན་)སྤྱི་གཙུག་གི་སྟེང་དུ་པད་ཉི་ཟླ་བའི་གདན་ལ་རྩ་ བའི་བླ་མ་རིགས་བདག་གི་ངོ་བོར་བསྒོམ། སྔར་ གྱི་ཐིག་ལེས་ཆོས་གསུམ་ལྡན་དུ་དྲན་ཙམ་བྱ། དེ་ནས་འོག་རླུང་ཡར་འཐེན་པས་ ཐིག་ལེ་ཡར་སོང་ཐུགས་ཀའི་ཧཱུཾ་ལ་བསྐོར་བ་བྱས་ཏེ། ཚངས་བུག་གི་ཧཾ་རྒྱངས་བྱུང་ རྒྱ་སྐར་ཕྱེ་བ་བཞིན་སྐྱ་ཧར་རེ་ཕྱེ། བླ་མའི་ཐུགས་ཀར་རེག་བྱས་པར་བསམ། སྟེང་རླུང་མར་ མནན་པས་ཐིག་ལེ་མར་ལོག་སྟེ། ཧཱུཾ་ལ་བསྐོར་བ་བྱས་ནས། ཨཿདམར་པོ་ལ་ཐིམ་པར་ བསྒོམ། དེ་བཞིན་དུ་ཐིག་ལེའི་འགྲོ་ལྡོག་ཉི་ཤུ་རྩ་གཅིག་ལ་སོགས་ ཅི་རིགས་པ་གོམས་པར་བྱ། ཐུན་འཇོག་པ་ན། བླ་མ་ཧཱུཾ་ཡིག་ལ་བསྟིམ། ཚངས་བུག་ཧཾ་གིས་ དགག ཐིག་ལེ་ཨཿལ་བསྟིམས་ལ། སེམས་མ་བཅོས་གཉུག་མའི་ངང་དུ་གཞག་གོ། ། གསུམ་པ་ལ་བཞི་ལས། འཕོ་དུས་ནམ་འཕོ་ན། མྱུར་དུ་ངེས་པར་འཆི་བའི་རྟགས་ རྫོགས་ནས་འཕོ་སྟེ། དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་ མིན་ལྷ་ནི་གསོད་པར་བྱེད། །ལྷ་ནི་བསད་པར་གྱུར་པ་ན། །མི་ནི་དམྱལ་བར་ངེས་པར་འཚེད། ། ཅེས་གསུངས་སོ། །འཕོ་ཡུལ་གང་དུ་འཕོ་ན། གཞོན་ནུའི་གྲོང་ཁྱེར་འོག་མིན་ཆེན་པོ་ཆོས་ཀྱི་དབྱིངས་སུ་འཕོ་སྟེ། དཔལ་བདེ་མཆོག་ མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་ལ་སྤྱོད་པའི་གནས་ 2-1-194 སུ་འཁྱེར། །དེ་འདྲའི་རྣལ་འབྱོར་པ་དང་ནི། །རྣལ་འབྱོར་མ་ ནི་ས་སྟེངས་དཀོན། །ཞེས་གསུངས་སོ། །འཕོ་སེམས་གང་འཕོ་ན། འཆི་སེམས་ཀྱི་ཐ་མ་རང་ རིག་རྣམ་ཤེས་སྟོང་གསལ་རླུང་ཐིག་དང་དབྱེར་མེད་པའི་སེམས་འཕོ་སྟེ། མདོ་ལས། ཉེ་བས་ ཆོས་ཉིད་མི་མཐོང་ཞིང་། །རིང་བས་ཀྱང་ནི་མི་མཐོང་ལ། །ཆོས་རྣམས་རང་བཞིན་ཇི་ལྟ་བ། ། འཆི་འཕོའི་ཚེ་ན་མཐོང་བར་འགྱུར། ། ཞེས་གསུངས་སོ། །འཕོ་ཚུལ་ཇི་ལྟར་འཕོ་ན། (འདུན་པ་འཕེན་པའི་ཁ་བསྒྱུར་ནི་)གོམས་བྱའི་ དམིགས་པ་སྔར་བཞིན་ལན་འགའ་གསལ་གདབ། དེ་ནས་ཧིཀ་ཅེས་པའི་ཧི་ཞེས་བརྗོད་ པས། ཐིག་ལེ་ཨཿདམར་པོ་ལ་རེག་པས་རྡོ་ཁབ་ལེན་གྱི་ཁབ་ལེན་པ་བཞིན་ཡར་བླངས་ནས། ཐུགས་ཀའི་ཧཱུཾ་སྔོན་པོ་ལ་ཐིམ། ཀ་ཞེས་པས་ཧཾ་མར་བླངས་ནས་ཧཱུཾ་ལ་ཐིམ། ཡང་ཧིཀ་ཞེས་ བརྗོད་པས་སྣ་ཚོགས་འོད་ཀྱི་གོང་བུའི་ཐིག་ལེ་ཨཿཧཾ་དང་དབྱེར་མེད་པའི་ཧཱུཾ་ཚངས་བུག་ ནས་འཐོན་ཏེ། གཙུག་ཏོར་གྱི་ བླ་མ་ལ་བསྟིམ། བླ་མ་སྐར་མདའ་ལམ་དུ་ཞུགས་པ་བཞིན་དུ་ནམ་མཁའ་ལ་རྒྱངས་ཀྱིས་ (མཐར་ཐུག་འབྲས་བུའི་བསྐྱལ་བ་ནི་)འོག་མིན་དུ་སོང་ནས། སྐུ་བཞི་དབྱེར་མེད་པའི་ངོ་བོ་ཉིད་ཀྱི་ སྐུ་ཤིན་ཏུ་རྣམ་པར་དག་པ་ཁྱབ་བདག་ཡེ་ཤེས་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་མངོན་དུ་ གྱུར་པའི་ཐུགས་ཀར་ཐིམ་པས་རྫོགས་པའི་སངས་རྒྱས་ཐོབ་པར་བསྒོམས་ཏེ། རྡོ་རྗེ་རྣལ་ འབྱོར་མ་ཀུན་ཏུ་རྟོག་པའི་རྒྱུད་ལས། རྣམ་ཤེས་རླུང་ལ་ཞོན་ནས་ནི། །འོག་གི་སྒོ་ནས་འཕོས་ ན་ནི། །ཆོས་ལ་གོམས་པའི་གང་ཟག་ཀྱང་། །ངན་སོང་དག་ཏུ་འགྲོ་བར་འགྱུར། །རྣམ་ཤེས་ རླུང་ལ་ཞོན་ནས་ནི། །སྟེང་གི་སྒོ་ནས་འཕོས་གྱུར་ན། །སྡིག་ལ་གོམས་པའི་གང་ཟག་ཀྱང་། ། མཐོ་རིས་དག་ཏུ་འགྲོ་བར་འགྱུར། །མགྲོན་པོ་ལམ་དུ་ཞུགས་པའི་མི། ། གྲོགས་ཀྱིས་སྒྱུར་བ་ཇི་བཞིན་ནོ། །ཞེས་དང་། དཔལ་ཐུན་མོང་མ་ཡིན་པའི་གསང་ 2-1-195 རྒྱུད་ལས། ཚངས་པའི་སྒོ་ནས་མཁའ་སྤྱོད་(ཆེན་པོ་ཉིད་)དུ། །འཕོ་བར་འགྱུར་རོ་སེམས་དཔའ་ ཆེ། །ཞེས་གསུངས་སོ། ། གཉིས་པ་ནི། འཕོ་བའི་ལས་སྦྱར་དྲན་པས་བཙན་ཐབས་སུ་བསྒོམས་པས་ འཕོ་སྟེ། དེ་ནས་ཡི་དམ་ལྷ་སྐུ་དང་། རྩ་དབུ་མ་གཞའ་ཡལ་བ་བཞིན་ཡལ། སེམས་མ་བཅོས་ གཉུག་མའི་ངང་དུ་ལྷོད་བློད་ལ་གང་དུ་ཡང་མི་རྟོག་པར་གཞག་གོ། ། གཉིས་པ་ནི་གཞི་ཡེ་(གདོད་མ་)ནས་འཁོར་འདས་ལམ་གསུམ་ལ་སོགས་པའི་ཆོས་ ཐམས་ཅད་ཕྱག་རྒྱ་ཆེན་པོར་ལྷུན་གྲུབ་ཏུ་གནས་པ་ཡིན་པའི་དོན། དང་པོ་ནས་ལམ་ཕྱག་རྒྱ་ ཆེན་པོ་གོམས་པར་བསྒོམ་པའི་རྣལ་འབྱོར་པ་གཅིག་ཡིན་ན། ལྟ་བ་དང་གྲུབ་མཐའ་ཡང་དེ་ཉིད་འདའ་ཀ་མའི་འཕོ་བ་ཡང་དེ་ཀའི་དོན་དང་མ་བྲལ་བ་དེ། འཆི་ཀར་སྲོག་རྩོལ་གྱི་རླུང་ཐམས་ཅད་དབུ་མར་རང་གི་ངང་གིས་ཞུགས་ནས། རྩ་མཆོག་ དེར་ཐིམ་པའི་དུས་སུ་འོད་གསལ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་རྟོགས་པ་དང་། སྔར་གྱི་ལྟ་བ་ཉམས་སུ་མྱོང་པ་དང་ འདྲེས་པའི་ཚུལ་གྱིས་གྲུབ་མཐའ་སྙོགས་ཏེ། འབྲས་བུ་རང་གྲོལ་ཕྱག་ རྒྱ་ཆེན་པོར་སངས་རྒྱས་པ་ལ་ཕྱག་རྒྱ་ཆེན་པོར་འཕོ་བ་ཞེས་བྱའོ། ། ལྔ་པ་ནི་ཞལ་ལས་ཤེས། དྲུག་པ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་ འདིར་མ་བརྗོད་དོ། །དེ་ལྟར་(སྦྱངས་པ་ཆུང་བས་)གང་ཟག་དབང་པོ་ཐ་མའི་དབང་དུ་བྱས་ནས་ (རྟེན་འབྲེལ་ལུས་ལ་འགྲིག་པའི་)ལམ་དུ་བསྐྱེད་རིམ་སོགས་ཉི་ཤུ་རྩ་བཞི་བསྟན་ཏོ། ། ༈ ད་ནི་གསུམ་པ་ལ་གཉིས་ལས། དང་པོ་སྤྱི་དང་ཁྱད་པར་གྱི་དམ་ཚིག་མི་ཉམས་པར་ བསྲུང་ཚུལ་བསྟན་པ་ནི། སྤྱིའི་དམ་ཚིག་དང་མཉམ་བཞག་གི་དམ་ཚིག་སོགས་བསྲུང་ཞེས་བྱ་ བ་(ཟབ་འབྲིང་ཐ་གསུམ་ལས་)ལམ་འབྲིང་པོ་སྟེ། དེ་ཡང་སྤྱིའི་ 2-1-196 དམ་ཚིག་རྩ་བའི་ལྟུང་པ་བཅུ་བཞི། ཡན་ལག་གི་ཉེས་བྱས་བརྒྱ་དང་ཉི་ཤུ་རྩ་གཉིས་བསྲུང་སྟེ། ལོགས་སུ་(བསྟན་པ་ལས་)ཤེས་པར་བྱའོ། །ཁྱད་པར་གྱི་དམ་ཚིག་དབང་རེ་རེ་ལ་(ཏིང་ངེ་འཛིན་སྐྱེ་ བའི་རྒྱུ་)མཉམ་བཞག་གི་དམ་ཚིག(འདྲེའོ། །) སོགས་ནི་རྗེས་སྤྱོད་ (ཏིང་ངེ་འཛིན་ཉིད་)ཀྱི་དང་། བཟའ་བ(ལུས་སེམས་ལ་ཕན་འདོགས་པ)འི་དང་། བསྲུང་བའི་དང་། མི་ འབྲལ་བ(མཐུན་པར་བསྟེན་པ)འི། དམ་ཚིག་གོ། །དེ་ལ་བུམ་དབང་གི་མཉམ་བཞག་གི་དམ་ཚིག་ བསྐྱེད། རྗེས་སྤྱོད་ཀྱི་ངོ་བོ་(ལྟ་བ་)ཉིད་གསུམ། བཟའ་བའི་བདུད་ རྩི་ལྔ་དང་ཤ་ལྔའི་རི་ལུ། བསྲུང་པའི་ལམ་བསྐྱེད་པའི་རིམ་པའི་ལྟ་བ་སྣང་སྟོང་ཟུང་འཇུག་གི་ ངོ་བོ་ཉིད་དང་འགལ་བ་མཐའ་དག མི་འབྲལ་བའི་རྡོ་རྗེ་དྲིལ་བུའོ། ། ༈ གསང་དབང་གི་མཉམ་བཞག་གི་དམ་ཚིག་(ལམ་)རྩ་རླུང་། རྗེས་སྤྱོད་ཀྱི་རང་བྱུང་གི་ (ལྟ་བ་)ཡེ་ཤེས། (ཕན་འདོགས་པ་)བཟའ་བའི་སྟོང་གསལ། བསྲུང་བའི་ལམ་རྩ་རླུང་གི་ལྟ་བ་རང་ བྱུང་གི་ཡེ་ཤེས་ཆེན་པོ་དང་འགལ་བ་མཐའ་དག(སྤོང་བས་) མི་འབྲལ་བའི་རླུང་ཞི་དྲག་གང་ རུང་(མཐུན་པ་བསྟན་པས་)ངོ་། ། ༈ ཤེས་རབ་ཡེ་ཤེས་ཀྱི་མཉམ་བཞག་གི་དམ་ཚིག་དཀྱིལ་འཁོར་འཁོར་ལོ། རྗེས་སྤྱོད་ ཀྱི་(ལྟ་བ་)ལྷན་སྐྱེས། བཟའ་བའི་བདེ་བ། བསྲུང་བའི་ཐིག་ལེ་འཛག་པ་དྲུག མི་འབྲལ་བའི་ ལས་རྒྱ་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དབང་བཞི་ པའི་མཉམ་བཞག་གི་དམ་ཚིག་རྡོ་རྗེ་རྦ་རླབས་བཞི། རྗེས་སྤྱོད་ཀྱི་ཤིན་ཏུ་རྣམ་ པར་དག་པའི་དེ་ཁོ་ན་ཉིད། བཟའ་བའི་བདེ་ཆེན་བདེ་སྟོང་། བསྲུང་བའི་སྒྲིབ་པ་གཉིས་ ལས་ཀྱང་ཤེས་བྱའི་སྒྲིབ་པ། མི་འབྲལ་བའི་པད་མ་དངོས་སམ་ཡེ་ཤེས་ཀྱིའམ་ཕྱག་རྒྱ་ཆེན་ མོའོ། །དེ་དག་གི་མི་ཉམས་པར་བསྲུང་བའི་ཚུལ་ནི་བཞི་སྟེ། ཚུལ་ཇི་ལྟ་བ་བཞིན་ཐམས་ཅད་ རྒྱུད་ལ་སྐྱེས་པས་དང་། (ལས་དང་པོ་པས་གོམས་དགོས་པས་)རྣམ་གྲངས་རྗེས་སུ་དྲན་པས་དང་། 2-1-197 ཉམས་སུ་མྱོང་པ་གཅིག་སྐྱེས་(འདི་ལ་གནད་ཐམས་ཅད་ཚང་)པས་དང་། བླ་མ་དམ་པ་ལ་གུས་པ་ ཁྱད་པར་ཅན་གྱིས། མི་ཉམས་པར་བསྲུང་པ(བསླབ་པ)འོ། ། གཉིས་པ་དམ་ཚིག་ཉམས་སྲིད་ན་ཉམས་ཆགས་བསྐང་པའི་ཐབས་ཚོགས་མཆོད་བསྟན་ པ་ནི། རྡོ་རྗེ་མཁའ་འགྲོ་སོགས་ཀྱི་ཉམས་ཆགས་བསྐང་ཞེས་གསུངས་ ཏེ། དེ་ལ་རྡོ་རྗེ་(དོན་དམ་ཆོས་ཉིད་ཀྱི་)མཁའ་འགྲོ་(ལ་རྟོགས་པ་ཡེ་ཤེས་)སོགས་ལྔ་པོ་ནི་བླ་མ། ཡང་སོགས་ཀྱི་ཡེ་ཤེས་(ཆོས་ཀྱི་སྐུའི་ནམ་)མཁའ་(ལ་གཟུགས་སྐུ་)འགྲོ་(བ་)ནི་ལོངས་སྐུ། (གདུལ་བྱ་ སྣ་ཚོགས་ཀྱི་)མ་མོ་མཁའ་(ལ་གདུལ་བྱེད་)འགྲོ་(བ)ནི་སྤྲུལ་སྐུ། ཤ་ཟ་(བར་སྣང་སྟོང་པའི་ནམ་)མཁའ་ (ལ་ལས་ཀྱི་རྫུ་འཕྲུལ་གྱིས་)འགྲོ་(བ)ནི་དུར་ཁྲོད་ཀྱི་བདག་པོ་ལ་སོགས་པ། དམ་ཚིག་(སེམས་ཉིད་སྟོང་པའི་ནམ་)མཁའ་(ལ་རྟོགས་པ་ཉམས་སྤྱོད་)འགྲོ་(བ)ནི་རྡོ་རྗེ་སྤུན་གྲོགས་སོ། ། དེ་དག་ཀུན་གྱི་ཐུགས་དམ་མ་སྐོངས་པའི་ཉམས་པ་ནི་གཉིས་ཏེ། སྲིད་པའི་དུ་ཁ་འདྲེན་པའི་ དང་། ལམ་བགྲོད་པ་ལ་ཡུན་རིང་དུ་འགོར་བའི། དམ་ཚིག་ཉམས་(པའི་ཉེས་)པའོ། ། དེ་ལ་དང་པོ་ནི་སྤྱིའི་དམ་ཚིག་དང་། ཐོག་མར་དམ་བཅས་པའི་བུམ་དབང་གི་བསྲུང་ པའི་དམ་ཚིག་ཉམས་པ་ལ་སོགས་པའོ། ། གཉིས་པ་ནི་དམ་ཚིག་ལྷག་མ་རྣམས་ཉམས་པས་(ཏིང་ངེ་འཛིན་གྱི་རྒྱུ་དང་། ཏིང་ངེ་འཛིན་ ཉིད་ལ་སོགས་པ་སྤངས་པས་)ལམ་བགྲོད་པ་དང་། དངོས་གྲུབ་ཐོབ་པ་ལ་ཡུན་རིང་དུ་འགོར་བ་ ཡིན་པས་དམ་ཚིག་ཉམས་(པའི་ཉེས་དམིགས་)ཞེས་བྱའོ། །ཆགས་པ་ནི་བླ་མའི་མོས་གུས་དང་། ཐུན་བཞིར་བསྐྱེད་རྫོགས་བསྒོམས་པ་དང་། དུས་བཞིའི་སྒྲུབ་མཆོད་ནར་མ་ལ་སོགས་ པ། ཆག་པའོ། །བསྐང་པ་ནི་དམ་ཚིག་ཐམས་ཅད་ཉམས་པའམ། བླ་མའི་མོས་གུས་ཆག་ན་ རྡོ་རྗེ་མཁའ་འགྲོ(སོགས་ལྔ་པོ)འི་ཐུགས་བསྐང་སྟེ། དེ་ཡང་འདོད་ཡོན་ལ་སོགས་ལྔས་མཉེས་པ་ སོགས་བྱ་ཞེས་གསུངས་ཏེ། 2-1-198 ཕྱིའི་འདོད་ཡོན་གཟུགས་སོགས་ལྔ་དང་། ནང་གི་འདོད་ཡོན་ཆང་སོགས་དམ་རྫས་ལྔ་དང་། གསང་བའི་འདོད་ཡོན་རིག་མ་ཁྱད་པར་ཅན་རྒྱན་གྱིས་བརྒྱན་པའི་གཟུགས་མཛེས་སོགས་ (བླ་མ་ཁྱིམ་པ་ཡིན་ན་འབུལ་བ་)དང་། སོགས་ནི་ནོར་ལོངས་སྤྱོད་འབུལ་བའི་མཉེས་པས་བསྐང་། མཉམ་བཞག་གི་དམ་ཚིག་ཉམས་ཆག་ན་ཡེ་ཤེས་མཁའ་འགྲོ་མཉེས་པས་བསྐང་དགོས་ ལ། དེ་ལ་(སེམས་གནས་པས་)བསྒོམ་(གོམས་)པ་ཚད་དུ་བསྐྱལ་བས་བསྐང་། རྗེས་སྤྱོད་ཀྱི་དམ་ ཚིག་ཉམས་ཆག་ན་མ་མོ་མཁའ་འགྲོ་མཉེས་པས་བསྐང་དགོས་ཏེ། དེ་ལ་(ཉམས་སྐྱོན་མེད་སྐྱེས་ པས་)ལྟ་བ་(ཉམས་མྱོང་)ཚད་དུ་བསྐྱལ་བས་བསྐང་། ལྷག་མ་དམ་ཚིག་གསུམ་(བཞི་བཅུ་གཉིས་) ཉམས་ པའམ་དུས་བཞིའི་སྒྲུབ་མཆོད་ནར་མ་ཆག་ན་ཤ་ཟ་མཁའ་འགྲོ་དང་དམ་ཚིག་མཁའ་ འགྲོ་མཉེས་པས་བསྐང་དགོས་ཏེ། དེ་ལ་ཤ་ཁྲག་གི་གཏོར་མ་དང་། ཚོགས་ཀྱི་ ལོངས་སྤྱོད་ཀྱིས་མཉེས་པར་བྱས་པས་བསྐང་། སོགས་བྱ་ནི། ཚིམ་པས་དགྱེས། དགའ། མགུ། རངས་པར་བྱས་ཏེ། ཉམས་ཆག་སྐོངས་པས་གྲུབ་མཐའ་སྙོགས་པ་ལ་སོགས་ པར་འགྱུར་རོ། །དེ་དག་གིས་ལམ་ཟབ་འབྲིང་ཐ་མ་གསུམ་ལས་འབྲིང་བསྟན་ཏོ། ། ད་ནི་གཉིས་པ་ལུས་བཤད་རྒྱུད་བསྟན་པ་ལ་གཉིས་ལས། མཉམ་བཞག་ཐུན་བཞིར་ ལམ་དབང་བཞི་བསྒོམས་པས་སངས་རྒྱ་ཐབས་བཤད་པའི་རྒྱུད་བསྟན་པ་ནི། ལམ་གྱི་ ཞེས་སོགས་གསུངས་ཏེ། དེ་ཡང་ལམ་གྱི་ཐུན་བཞི་ལ་ཞེས་པ་ནི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སུ་འགྲོ་བའི་ལམ། དེ་བསྒོམ་དུས་མཉམ་བཞག་གི་ཐུན་བཞིའི་དང་ པོ་ཐོ་རངས་ཀྱི་དང་། གཉིས་པ་སྔ་དྲོའི་དང་། གསུམ་པ་དགོངས་ཀའི་དང་། བཞི་པ་སྲོད་ཀྱི་ ཐུན་ལ། ལུས་ལ་བརྟེན་ནས་ཞེས་པ་ནི། རྟེན་ལུས་ཀྱི་གནས་པ་རྩའི་ཡི་གེའི་དང་། ངག་གཡོ་ བ་སྙིང་པོ་རླུང་གི་དང་། སེམས་འགྱུར་བ་ཁམས་བདུད་རྩིའི་དང་། དེ་གསུམ་ཀའམ་རྟེན་པ་ 2-1-199 རང་རིག་རྣམ་ཤེས་ཀྱི། དཀྱིལ་འཁོར་ལ་བརྟེན་ནས། དབང་བཞི་བསྒོམས་པས་ཞེས་པ་ནི། ལམ་གྱི་དབང་བཞིའི། བུམ་དབང་གི་ལམ་བསྐྱེད་པའི་དང་། གསང་དབང་གི་ལམ་རང་བྱིན་ གྱིས་བརླབ་པའི་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་དཀྱིལ་འཁོར་འཁོར་ལོའི་དང་། བཞི་པའི་དབང་གི་ལམ་རྡོ་རྗེ་རྦ་རླབས་ཀྱི། རིམ་པའི་ལམ་དབང་བསྒོམས་པས། བདེ་ཆེན་གྱི་སྒྲིབ་པ་ལྔ་འགག་ཅིང་ཞེས་པ་ ནི་བདེ་སྟོང་གི་ཡེ་ཤེས་ཆེན་པོ་(ངོ་བོ་)ཉིད་ཀྱི་སྐུ་དང་ཡེ་ཤེས་ཐོབ་ཏུ་མི་སྟེར་བའི་སྒྲིབ་པ་ བཞིའི་ལུས་ཀྱི་དང་། ངག་གི་དང་། སེམས་ཀྱི་དང་། དེ་གསུམ་ཀའི་མཐར་ཐུག་བག་ལ་ཉལ་ གྱི་སྒྲིབ་པ་འགག་ཅིང་དག་ནས། སངས་རྒྱ་ཞེས་པ་ནི། ལུས་སྤྲུལ་པའི་དང་། ངག་ལོངས་སྤྱོད་ རྫོགས་པའི་དང་། སེམས་ཆོས་ཀྱི་དང་། དེ་གསུམ་དབྱེར་མེད་དམ་རང་རིག་རྣམ་ཤེས་ངོ་བོ་ ཉིད་ཀྱི། སྐུར་སྨིན་པའི་རྫོགས་པའི་སངས་རྒྱས་འཐོབ་པའོ། །ལྔ་པོ་རིམ་པ་ཅི་རིགས་པར་ སྦྱར་རོ། །གསལ་བར་བཤད་པས་བཤད་རྒྱུད་ཅེས་ནི། དེ་ལྟར་སངས་རྒྱས་ལུགས། སེམས་ ཀུན་གཞི་རྒྱུ་རྩ་བའི་རྒྱུད་ཀྱིས་ཉམས་མྱོང་མངོན་སུམ་དུ་མ་རྟོགས་པའི་མི་གསལ་བ་དེ། རྟེན་ ལུས་ལ་རྟེན་འབྲེལ་འགྲིག་པའི་ཐབས་ཀྱི་ཉམས་མྱོང་མངོན་དུ་རྟོགས་པ་གསལ་བར་བཤད་ པས་ན། ལུས་བཤད་རྒྱུད་ཅེས་བྱའོ། ། ༈ གཉིས་པ་(ཤུགས་ལས་འབྱུང་པ་)རྗེས་ཐོབ་ཐུན་མཚམས་བཞིར་སྤྱོད་ལམ་སྦྱང་པ་དང་། གཉིད་ལམ་དུ་བྱ་བ་བསྟན་པར་བྱ་སྟེ། དེ་ལ་གཉིས། ལམ་གྱི་ཐུན་མཚམས་དང་པོ་གསུམ་གྱི་ དུས་སུ་སྤྱོད་ལམ་སྦྱང་བ་དང་། ཐུན་མཚམས་བཞི་པ་མཚན་མོ་ནམ་གུང་གི་དུས་སུ་གཉིད། ལམ་དུ་བྱ་བའོ། །དང་པོ་ནི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་ བརྩོན་འགྲུས། །བསམ་བརྟན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། ། འདི་དག་ཕ་རོལ་ཕྱིན་བཅུའོ། །ཞེས་པ་དང་། ཆོས་སྤྱོད་བཅུ་(ཆོས་སྤྱོད་མངོན་རྟོགས་ལས། ཡི་གེ་ 2-1-200 འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་དོན་བྱེད་པ་དང་། །དེ་སེམས་པ་དང་ བསྒོམ་པ་དང་། །སྤྱོད་པ་འདི་བཅུའི་བདག་ཉིད་ལས། །བསོད་ནམས་ཕུང་པོ་དཔག་མེད་འབྱུང་། །ཞེས་པས་)ལ་ སོགས་པ་དགེ་བ་ཅི་འགྲུབ་ལམ་དུ་བྱའོ། ། གཉིས་པ་ནི། བུམ། གསང་། ཤེར་ཡེའི། བཞི་པའི། དབང་གིས་སྨིན་པས་ ཐུན་བཞིར་ལམ། བསྐྱེད་པའི། བདག་བྱིན་གྱིས་བརླབ་པའི། དཀྱིལ་འཁོར་ འཁོར་ལོའི། རྡོ་རྗེ་རྦ་རླབས་ཀྱིས། རིམ་པ་གོམས་པར་བསྒོམས་པའི་རྣལ་འབྱོར་པས་མཚན་ གུང་ལྟ་བ། ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་ངོ་བོ་རང་བྱུང་གི་ཡེ་ཤེས་ཆེན་པོ། ཁམས་མར་ བབས་ཞུ་བདེ་དང་། ཁམས་ཡར་བརྟན་རང་བཞིན། ལྷན་ཅིག་སྐྱེས་པའི་ཡེ་ཤེས། ཉམས་ སུ་མྱོང་པའི་གཉིད་མཐུག་པོ་(རྨི་བ་མེད་པ་)དང་། སྲབ་མོ(རྨི་ལམ་དང་བཅས་པ)འི་དུས་སུ་གྲུབ་མཐའ་ལ་རྟགས་སུ་འཆར་བ་འཁོར་འདས་ལམ་ གསུམ། ལྷ་སྐུ་སྣང་སྟོང་དབྱེར་མེད། མ་འདྲེས་པ་རང་བྱུང་ཡེ་ཤེས་ཆེན་པོར་ཡོངས་སུ་ རྫོགས། ཞུ་བདེའི་བདེ་སྟོང་རྒྱ་ཆུང་། རང་བཞིན་གྱི་བདེ་སྟོང་ རྒྱ་ཆེ། བར་དོ་མཉམ་པའི། ཡུལ་སྣང་སྟོང་། ཤེས་པ་གསལ་སྟོང་། ཉམས་མྱོང་བདེ་སྟོང་། དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ཏིང་ངེ་འཛིན(གཉིད་མཐུག)། གཟུང་ཞིང་། (རྨི་ལམ་)སྦྱང་སྤེལ་བྱའོ། །དེ་ལྟར་བཞི་པོའི་ཚིག་རིམ་པར་སྦྱར་བའི་དོན་ལམ་དུ་ བྱས་པས། འབྲས་བུ་སྐུ་བཞི་རང་བཞིན་གྱིས་ལྷུན་གྲུབ་མངོན་དུ་གྱུར་ཏེ། དཔལ་ཀྱེའི་རྡོ་རྗེ་ ལས། གཉིད་ནི་སྤང་པར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དགག་གོ། །ཞེས་གསུངས་པའི་ དོན་ཏོ། ། ད་ནི་གསུམ་པ་ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་བསྟན་པ་ནི། འབྲས་བུའི་དབང་བཞིས་ འགྲོས་བཞི་ཐིམ་པས་ཐམས་ཅད་མཁྱེན་ཏོ་ཞེས་གསུངས་ཏེ། ཕྱག་རྒྱ་ལ་བརྟེན་པའི་དངོས་ 2-1-201 གྲུབ་ཡིན་པས་(འཁོར་ཚོམ་བུ་ལ་གྲོལ་བ་)ཕྱག་རྒྱའི་དངོས་གྲུབ་སམ། (རིག་མ་ལས་བྱུང་པས་)རིག་ མའི་སྐྱེས་བུ་ཞེས་ཀྱང་བྱ་ལ། འདིའི་གོང་ན་གཞན་མེད་པས་ཆེན་པོ། མཆོག་གི་དངོས་གྲུབ་ འབྲས་བུའི་རྒྱུད་དེ་འགྲུབ་པའི་ཉེ་བའི་རྒྱུ་མཐར་ཕྱིན་པའི་ལམ་ནི་འབྲས་བུའི་དབང་བཞིས་ ཞེས་ཀྱང་བྱ་སྟེ། བུམ་དབང་ལུས་རྩ་ཡིག་གི་འགྲོས། གསང་དབང་སྙིང་(ཡེ་ཤེས་)པོ་རླུང་གི་ འགྲོས། ཤེས་རབ་ཡེ་ཤེས་ཁམས་(དྭངས་མ་)བདུད་རྩིའི་འགྲོས། དབང་བཞི་པ་རྟེན་པ་རང་ རིག་ཡེ་ཤེས་ཀྱི་འགྲོས་སོ། །འགྲོས་བཞི་པོ་དེ་(དབུ་མར་)ཐིམ་པས་བསྒྲུབས་པའི་འབྲས་བུ་ ནི་ཐམས་ཅད་མཁྱེན་ཏོ། །ཞེས་བྱ་བ་སྐུ་སྤྲུལ་སྐུས་དང་། གསུང་ལོངས་སྐུས་དང་། ཐུགས་ ཆོས་སྐུས་དང་། དེ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུས་ཐམས་ཅད་མཁྱེན་ཏོ། །ཞེས་བྱ་བ་སྐུ་ བཞི་དང་སྐུ་ལྔའི་དངོས་གྲུབ་སྟེ། དེ་ལྟར་ན་དེ་མན་ཆད་ཀྱིས་རྒྱུད་གསུམ་དུ་བསྟན་པའི་ལམ་ འབྲས་བསྟན་ཏོ། ། ༈ ད་ནི་གཉིས་པ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་བོགས་དབྱུང་པ་ལ་གསུམ་ ལས། ཡིད་ཆེས་ཁྱད་པར་བསྐྱེད་པས་ལམ་མྱུར་དུ་བགྲོད་པའི་ཕྱིར། དང་པོ་ཚད་མ་བཞིས་ གཏན་ལ་ཕབ་པས་བོགས་དབྱུང་པ་བསྟན་པ་ནི། ཚད་མེད་བཞིས་གཞི་ལམ་འབྲས་བུ་ གཏན་ལ་ཕབ་ནས་ཞེས་གསུངས་ཏེ། དེ་ཡང་ཚད་མ་བཞི་ནི། བདེ་བར་གཤེགས་པའི་བཀའ་ ཡང་དག་པ་ལུང་གི་ཚད་མ(བརྟག་གཉིས་ལ་སོགས་པ)། (རང་གི་)བླ་མ་རྡོ་རྗེ་སློབ་དཔོན་(གྱིས་) ཉམས་(སུ་མྱོང་པའི་གདམ་ངག་)ཀྱི་མན་ངག་ཚད་མ། རྣལ་འབྱོར་པ་བདག་ཉིད་ཀྱི་(སེམས་ཉམས་ལ་ སོགས་པ་)ཉམས་མྱོང་རྗེས་སུ་དྲན་པའི་རིགས་པ་ཚད་མ། དངོས་པོའི་མཐའ་(རྟེན་འབྲེལ་ཉམས་ ཀྱི་མན་ངག་)རྟེན་ཅིང་འབྲེལ་པར་འབྱུང་པ་ལོ་རྒྱུས་ཀྱི་ཚད་མའོ། །ཚད་མ་བཞིས། གཞི་རྒྱུད་ འཁོར་བ་དང་། ལམ་ཐབས་རྣལ་འབྱོར་དང་། འབྲས་བུ་སྐུ་དང་། ཡེ་ཤེས་ཐམས་ཅད་གཏན་ ལ་ཕབ་ནས་ཞེས་པ་མཚོན་པ་ཙམ་སྟེ། རྒྱས་པར་གཞན་དུ་ཤེས་པར་བྱའོ། ། 2-1-202 ༈ ད་ནི་མྱུར་དུ་ཏིང་ངེ་འཛིན་ཁྱད་པར་ཅན་བསྐྱེད་པ་སོགས་ཀྱི་དོན་དུ། གཉིས་པ་མན་ ངག་དྲུག་གི་ཉམས་ལེན་གྱི་བོགས་དབྱུང་པ་བསྟན་པ་ལ་གཉིས། ལམ་གོམས་པའི་དང་། ལྟ་ བ་ཉམས་མྱོང་གི། གདམ་ངག་གི་ཉམས་ལེན་གྱི་བོགས་དབྱུང་པའོ། ། དང་པོ་ལ་གསུམ་ལས། མཉམ་བཞག་ཏུ་ལམ་བསམ་བརྟན་གོམས་པའི་དུག་དབྱུང་པ་ ནི། འཇུག་པ་སེལ་བའི་ལམ་ཡིད་དག་པར་བྱེད་པའི་རྣམ་པར་མི་རྟོག་བསྒོམས་པས་བསམ་ བརྟན་གྱི་དུག་དབྱུང་ཞེས་གསུངས་ཏེ། དེ་ལ་སྤྱིར་ཏིང་ངེ་འཛིན་བསྒོམ་པའི་བསམ་བརྟན་ལ་ གསུམ་ལས། དང་པོ་སེམས་ཀྱིས་ཏིང་ངེ་འཛིན་ལུགས་ནོར་པ་དྲང་དོན་སླུ་འབྲིད་སྒོམ་པའི་ ཏིང་ངེ་འཛིན་བསམ་བརྟན་དུག་ཅན་ངོས་གཟུང་པ་ནི། ཐ་མལ་གྱི་རྣམ་རྟོག་རྒྱུན་ཆགས་སུ་ འཇུག་པ་སེལ་བ། ལོ་ཀ་འཁོར་བ་དང་ཐུན་མོང་གི་དངོས་གྲུབ། གྲུབ་ཆེན་བརྒྱད་ལ་སོགས་པ་ཐོབ་ སྲིད་པའི་ལམ། ཡིད་ངན་རྟོག་དག་པར་བྱེད་པའི་བཟང་རྟོག་ཅན། སེམས་སྤྱན་ དབུ་མ་ལ་ཏིང་ངེ་གནས་པར་འཛིན་པ་ལྟ་བུ་ལ་སོགས་པ་ཚུལ་བཞིན་ཡིད་ལ་བྱེད་པའི་རྣམ་ རྟོག་བསྒོམས་པས་བསམ་བརྟན་གྱི་དུག་ཐ་མལ་གྱི་ངན་རྟོག་དབྱུང་པའི་བསྒོམ་པ་ནི་(དྲན་ རྟོགས་སླུ་བྲིད་ཀྱི་ཏིང་ངེ་འཛིན་)བཟང་རྟོག་གི་བསམ་བརྟན་དུག་ཅན་ཡིན་ལ། གཉིས་པ་སེམས་ཀྱིས་སེམས་ཏིང་ངེ་འཛིན་ལུགས་མ་ནོར་བ་ངེས་དོན་མི་སླུ་ངེས་པ་ བསྒོམ་པའི་ཏིང་ངེ་འཛིན་གྱིས་བསམ་བརྟན་གྱི་དུག་དབྱུང་པ་ན། ངན་རྟོག་(དམིགས་པ་ཅན་) དང་བཟང་རྟོག་ལ་སོགས་པའི་རྣམ་རྟོག་རྒྱུན་ཆགས་སུ་འཇུག་པ་སེལ་བ། འདས་པ་མྱང་ འདས་མཆོག་གི་དངོས་གྲུབ་རྣམ་པར་མི་རྟོག་ཡེ་ཤེས་ཀྱི་སྐུ་ལྔ། ཡེ་ཤེས་ལྔའི་འཕྲིན་ལས་ ཅན་གྱི་སངས་རྒྱས་ཐམས་ཅད་མཁྱེན་པ་ཐོབ་ པའི་ལམ། (རྟོག་པ་ཅན་གྱི་)ཡིད་ཉོན་མོངས་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་ཤེས་རྟོག་ཅན་དག་ 2-1-203 པར་བྱེད་པའི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ལ་སོགས་ པ་བསྒོམས་པས་བསམ་བརྟན་གྱི་དུག་དམིགས། རྟག། བཅོས། བསྒོམ་ལ་ སོགས་པའི་བསམ་བརྟན་གྱི་དུག་དབྱུང་པའི། དམིགས། རྟོག བཅོས། བསླད་ མེད་པའི་ཏིང་ངེ་འཛིན་ལ་སོགས་པའི་བསམ་བརྟན་དུག་མེད་བསམ་གྱིས་མི་ཁྱབ་པ་ཀུན་ བསྒོམ་པར་བྱའོ། ། གསུམ་པ་དེ་གཉིས་ཀའི་ཤེས་བྱེད་ཐུན་མོང་དུ་རིམ་པར་བསྟན་པ་ནི། མདོ་(ཡུམ་)ལས། དམིགས་པའི་འདུ་ཤེས་ཅན་ལ་ཡང་དག་པའི་བཟོད་པ་ཡང་དཀའ་ན། བླ་ན་མེད་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོགས་པ་དང་། སྤྱོད་འཇུག་ ལས། དམིགས་པས་ཕུང་པར་གྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་ཤོག །ཅེས་སོགས་ གསུངས་སོ། །མདོ་(ཡུམ་)ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ པ་ནི། ཅིང་མི་བསྒོམ་པའོ། །ནམ་མཁའ་བསྒོམ་པའོ། །དམིགས་པ་མེད་པ་བསྒོམ་ པའོ། །གཟུང་དུ་མེད་པ་བསྒོམ་པའོ། །ཞེས་དང་། (ཡུམ་གྱི་ངེས་འབྱུང་སྒྲུབ་པའི་མདོ་ རྣམས་ལས་)མ་དམིགས་པའི་ཚུལ་གྱིས་ཁམས་གསུམ་ལས་ངེས་པར་འབྱུང་བར་འགྱུར་རོ། ། ཞེས་སོགས་དང་། (དཔལ་གསང་བ་འདུས་པའི་)རྒྱུད་ལས། དངོས་པོ་མེད་ལ་བསྒོམ་པ་མེད། ། བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་བས་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་ སུ་མེད་པའོ། །ཞེས་དང་། (དཔལ་ཀྱེའི་རྡོ་རྗེ་ལས་)བསྒོམ་མེད་བསྒོམ་པ་པོ་ཡང་མེད། །ལྷ་མེད་ སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་ མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་སོགས་གསུངས། ཡང་ (ཡུམ་གྱི་)མདོ་ལས། རྣམ་པར་རྟོག་པ་ནི་མི་དགེ་བའོ། །རྣམ་པར་མི་རྟོག་པ་ནི་དགེ་བའོ། །ཡིད་ ལ་བྱེད་པ་ནི་མི་དགེ་བའོ། །ཡིད་ལ་མི་བྱེད་པ་ནི་དགེ་བའོ། །ཡིད་ལ་བྱེད་པས་ནི་ཁམས་ 2-1-204 གསུམ་འདྲེ་བར་བྱེད་ཅིང་གནས་པར་བྱེད་པ་ཡིན་ནོ། །ཡིད་ལ་མི་བྱེད་པས་ནི་ཁམས་གསུམ་ དུ་འདྲེ་བར་བྱེད་ཅིང་གནས་པར་བྱེད་པ་མ་ཡིན་ནོ། །ཞེས་སོགས་དང་། (སངས་རྒྱས་ཕལ་པོ་ཆེ་ ལས་)ཆོས་ནི་ཡོངས་སུ་མ་བསྒོམས་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ ཐོས་པ་ཡིས། །མ་འཐུང་སྐོམས་པ་ཇི་ལྟར་སེལ། །ཅེས་དང་། (ཏིང་འཛིན་རྒྱལ་པོ་དང་། རྣམ་པར་མི་ རྟོག་པའི་གཟུངས་ཀྱི་མདོ་ལུང་མཐུན་པར་)རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིས། །ཏིང་འཛིན་རྒྱལ་ པོ་འདི་བསྒོམས་ན། །རྣམ་རྟོག་བགྲོད་དཀའ་ལས་འདས་ཏེ། །རིམ་གྱིས་མི་ རྟོག་ཡེ་ཤེས་འགྱུར། །ཞེས་སོགས་གསུངས། རྒྱུད་(མཚན་ཡང་དག་པར་བརྗོད་པ་)ལས། དོན་གྲུབ་ བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། ། ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་དང་། (དཔལ་དགྱེས་པ་རྡོ་རྗེ་ལས་)རང་དང་རང་གི་ རྣམ་རྟོག་ལས། །སངས་རྒྱས་མ་ཡིན་སེམས་ཅན་ ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང་། (དེ་ཉིད་ལས་)གང་ཕྱིར་ཡིས་ཀྱིས་མི་བསྒོམ་ ཞིང་། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཐམས་ཅད་ཆོས་ནི་ཡོངས་ཤེས་ནས། །བསྒོམ་ པ་ཉིད་ནི་བསྒོམ་པ་མིན། །ཞེས་དང་། (མཁའ་འགྲོ་མ་རྡོ་རྗེའི་གུར་ ལས་)རྣམ་(སམ་བྷུ་ཏི་ནས་གསུངས་)རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་ བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཅེས་ དང་། (དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཆེན་པོ་ལས་)བདག་གི་རྣམ་པར་རྟོག་པའི་རང་ བཞིན་ཡོན་ཏན་གྱུར་པའི་འཆིང་པ་དར་གྱི་སྲིན་བུ་ཇི་བཞིན་ནོ། །བདག་གི་རྣམ་པར་མི་རྟོག་ པའི་ཡིད་ཀྱིས་ངེས་པར་བདག་ཉིད་གྲོལ་བར་འགྱུར་རོ་མིའི་བདག་པོ་ཀྱེ། །ཞེས་སོགས་ གསུངས། (དགྱེས་པ་རྡོ་རྗེའི་འགྲེལ་པ་རྡོ་རྗེ་སྙིང་ པོས་མཛད་པ་) མན་ངག་ལས། ཁྲེ་ཚེ་ལས་ནི་ས་ལུ་ནི། །ནམ་ཡང་འབྱུང་པ་མ་ཡིན་ནོ། །ཞེས་ 2-1-205 དང་། དང་པོ་རྟོག་མེད་རྒྱུ་ལས་ནི། །རྟོག་མེད་འབྲས་བུར་འགྱུར་བའོ། ། ཞེས་གསུངས་པ་དང་། (ཕྱོགས་ཀྱི་གླང་པོའི་)རྣམ་པར་རྟོག་ལས་མ་རྟོག་པར། །འཁོར་བ་ཞེས་བྱ་ ཅི་ཡང་མེད། །རྣམ་པར་རྟོག་དང་བྲལ་བས་ན། །ཁྱོད་ནི་རྟག་ཏུ་མྱ་ངན་ འདས། །ཞེས་སོགས་གསུངས། ཡང་། (ས་ར་ཧ་པས་)མ་འཆོས་མ་འཆོས་བློ་མ་ འཆོས། །བློ་ཡིས་བཅོས་པའི་སྡིག་པ་ནི། །རི་བས་ལྕི་ཞིང་མཚོ་བས་ཟབ། །བཅོས་ པའི་སྡིག་གིས་འཁོར་བར་འཁྱམ། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག །བཅོས་ པའི་ལམ་གྱི་འཕགས་ལམ་(ཐོབ་ཟེར་)མཐོང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་ གསུངས་སོ། །འོན་ཀྱང་བསམ་བརྟན་དུག་ཅན་གྱི་ཏིང་ངེ་འཛིན་ཐམས་ཅད། བསམ་བརྟན་ དུག་མེད་ཀྱི་ཏིང་ངེ་འཛིན་གྱིས་(སངས་རྒྱས་ཐམས་ཅད་མཁྱེན་པའི་)ལམ་དུ་སྒྱུར་བའི་བྱུང་རྒྱལ་དུ་ བསྐྱང་གཏང་གི་མན་ངག་ཀུན་བླ་མའི་ཞལ་ལས་ཤེས་པར་བྱའོ། ། གཉིས་པ་རྗེས་ཐོབ་ཏུ་ཡུལ་གྱི་བདུད་རྩི་བསྟེན་པ་ནི། དེས་ལམ་བསམ་བརྟན་གྱི་དུག་ ཐོན་པར་མ་(སྲིད་)གྱུར་ན། སྐོམ་པ་ཆུ་རྙོག་པ་བཞིན་ཤེས་པ་ཡུལ་འདོད་པ་ཡིན་པས། རྗེས་ ཐོབ་ཏུ་ཡུལ་གྱི་བདུད་རྩི་བསྟེན་པར་བྱ་སྟེ། རྣམ་ཤེས་ལྔས་ཡུལ་ལྔ་མ་སྤངས་པའི་བདུད་རྩི་ བསྟེན་ཞེས་བྱ་བ། མིག་(གི་རྣམ་ཤེས་ཀྱིས་ཡུལ་གཟུགས་མ་སྤངས་པའི་)ངོ་མཚར་གྱི་ལྟད་མོ་ལྟ་བ་ ནས་བཟུང་སྟེ། རེག་བྱའི་བར་དུ་(མ་སྤངས་པའི་བདུད་རྩི་)བསྟེན་པས་ཤེས་པ་ཡུལ་གྱིས་ཚིམ་ ནས་ཡུལ་(ལྔ་པོ་)དེ་ཉིད་ཀྱི་སྟེང་དུ་སེམས་(ཏིང་ངེ་འཛིན་དུ་)གནས་ཏེ། སྔར་སེམས་མི་གནས་ པ་ལ་ནི་རྣམ་རྟོག་ སྔོན་དུ་སོང་པའི་དྲོད་དུ་འགྱུར་ལ། སེམས་གནས་པ་ལ་ནི་ཡུལ་སྣ་ཚོགས་ཀྱི་བདུད་ རྩི་བསྟེན་པ་ཞེས་བྱ་བས་(མེ་འབར་བ་ལ་ཤིང་བསྣན་པ་ལྟར་)བོགས་འབྱིན་བརྒྱད་ལས་ཅིག་ཏུ་ འགྱུར་རོ། །དེ་ལ་ཡུལ་བདུད་རྩིར་གྱུར་ན་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཡུལ་བསྟེན་པས་ 2-1-206 ཐམས་ཅད་བསམ་བརྟན་དང་ལྡན་པར་འགྱུར་རམ་ན་མ་ཡིན་ཏེ། ལ་དོར་དགོངས་པ་ཡིན་ ནོ། ། གསུམ་པ་མཉམ་རྗེས་ཐུན་མོང་དུ་ལ་དོར་བ་ནི། ཆགས་པ་གཅོད་པའི་ལམ་གདོད་ནས་ རང་བཞིན་གྱིས་དག་པའི་ཕྱི་ནང་གི་ཆོས་རྣམས་སྟོང་པར་ཤར་བས་མ་དོར་ཞེས་གསུངས་ ཏེ། དེ་ལ་དོན་ནི་འདི་ཡིན་ཏེ། འཛིན་ཅིང་ཆགས་པ་གཅོད་པའི་ལམ་ནི་ཡུལ་རྣམས་གདོད་ ནས་རང་བཞིན་གྱིས་སྐྱེ་བ་མེད་པ་སྟོང་པ་ཉིདདུ་དག་པ་ཡིན་ཞིང་། གདོད་ནས་དག་པའི་ཕྱི་ ནང་གི་ཆོས་རྣམས་རྣམ་ཐར་སྒོ་བཞིའི་(གསུམ་)རང་བཞིན་ཡིན་པས། འཆིང་བ་དང་གྲོལ་བ་ གཉིས་ཀའི་རྒྱུ་མ་ཡིན་ལ་སྐྱེ་མེད་སྟོང་པ་ཁོ་ནར་ཤར་བས་ལ་དོར་ཞིང་། འཆིང་པ་དང་གྲོལ་ བ་ནི་ཐབས་ལ་མི་མཁས་པ་དང་མཁས་པ་ལ་རག་ལས་པ་ཡིན་ཏེ། བྱུང་རྒྱལ་གྱི་གནད་མ་ ཤེས་ན་ རྣམ་རྟོག་རྒྱུན་པའམ། རྣམ་རྟོག་རྐུན་བུ་བསྒོམ་པའི་བདུད་ཅེས་བྱ་བར་འགྱུར་ཏེ། ཐ་མལ་རྣམ་རྟོག་ཏུ་འགྱུར་རོ། །ཤེས་ན་རྣམ་རྟོག་སྔོན་དུ་སོང་པའི་དྲོད་དུ་འགྱུར་ ལ། །དེ་བས་ན་ཐབས་ལ་མཁས་པ་ལ་རག་ལས་པར་བྱ་ཞིང་། ཡུལ་སྐྱེ་མེད་སྟོང་པ་ཉིད་དུ་ ཤར་བས་ལ་དོར་རོ། ། གཉིས་པ་ལ་གསུམ་ལས། མཉམ་བཞག་ཏུ་ལྟ་བ་ཉམས་སུ་མྱོང་པའི་དུག་དབྱུང་པ་ནི། བྱང་ཆུབ་ཆེན་པོའི་ལམ་འགལ་འདུས་སོགས་སྐྱོན་མེད་གསུམ་གྱིས་ ལྟ་བའི་དུག་དབྱུང་ཞེས་གསུངས་ཏེ། དེ་ལ་སྤྱིར་ལྟ་བ་ནི་གཉིས་ཏེ། རྟོགས་པ་ཙམ་ ལ་ལྟ་བར་བཞག་པ་དང་། ཏིང་ངེ་འཛིན་གྱི་ཉམས་མྱོང་ལ་ལྟ་བར་གཞག་པའོ། ། དེ་ལ་དང་པོ་ནི་(འདིས་མ་རིག་སུན་འབྱིན་)ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་ལྟ་བ། (སེམས་ ཙམ་ལ་སོགས་)སོ་སོའི་གཞུང་ལ་ཞེ་འདོད་ཀྱི་ལྟ་བ། (དེ་ཉིད་ལ་ཞེན་པའི་)མོས་པའམ་གོ་ཡུལ་དུ་ 2-1-207 བྱེད་པའི་ལྟ་བ། ཕ་རོལ་ཏུ་ཕྱིན་པ་དང་(ན་)མཉམ་པའི་ལྟ་བ། སྤྲོས་ པ་ཐམས་ཅད་དང་བྲལ་བ་མཐའ་བྲལ་རབ་ཏུ་མི་གནས་པའི་ལྟ་བ་སྟེ། དེ་ལྟ་བུའི་ལྟ་བ་ རྟོགས་སུ་ཟིན་ཀྱང་། རྣམ་རྟོག་རྒྱུན་ཆགས་ཀྱི་དུག་ཞི་བར་མ་ནུས་པས། ཟག་པ་མེད་པའི་ ལམ་དུ་མི་འགྱུར་ཞིང་། བདེན་པ་མཐོང་པར་མི་འགྱུར་ཏེ། རོ་བརྒྱ་དང་ལྡན་པའི་ཟས་ཀྱང་ དུག་དང་བཅས་ན་ཕན་མི་ཐོགས་པ་བཞིན་ནོ། ། གཉིས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཟུང་(འཇུག་)དེ་ཁོ་ན་ཉིད་ཀྱི་དོན་ཉམས་སུ་མྱོང་ པའི་རྒྱ་མཚོ་དང་མ་བྲལ་བའི་ཟུང་འཇུག་རབ་ཏུ་མི་གནས་པའི་ལྟ་བ་སྟེ། དེ་ལྟ་བུའི་ལྟ་བ་ ཉམས་སུ་མྱོང་པ་ལ། ལྟ་བའི་དུག་ཤེས་བྱའི་སྒྲིབ་པ་ཉམས་སྐྱོན་ཅན་བརྒྱད་བྱུང་ན། སྐྱོན་ མེད་གསུམ་གྱིས་དུག་ཐོན་པར་འགྱུར་རོ། ། དེ་ལ་དོན་ནི་འདི་ཡིན་ཏེ། ངོ་བོ་ཉིད་ལ་སྣང་ཕྱོགས་སྟོང་ཕྱོགས་གཉིས་(ཏིང་ངེ་འཛིན་ ཡིན་ཡང་)སྐྱོན་ཅན་ཏེ། སྒྲོ་བཀུར་གྱིས་བསྡུས་པས་སོ། །རང་བྱུང་ལ། ཉོན་མོངས། རྣམ་རྟོག སྨྲེ་གཞི་གསུམ་སྐྱོན་ཅན་ཏེ། རྒོད་བྱིང་གྱིས་བསྡུས་པ་དང་། དེ་ཉིད་ཀྱིས་ སྤང་བྱ(ཉོན་མོངས་རྟོག་པ)འི་གཉེན་པོར་མི་འགྱུར་བ་དང་། ཐ་མལ་བའི་ཉོན་མོངས་པ་ལ་ སོགས་པ་དང་ཁྱད་པར་དབྱེ་བར་དཀའ་བས་སོ། །ལྷན་སྐྱེས་དང་ཤིན་ཏུ་རྣམ་པར་དག་ལ་ དགའ་བ་དང་པོ་གསུམ་སྐྱོན་ཅན་ཏེ། (ལུང་ལས། དང་པོར་འགྲོ་བ་དགའ་བའི་གཟུགས་སོགས་)སྲེད་པ་ དང་སྲེད་བྲལ་གྱིས་བསྡུས་པས་སོ། །དུག་བརྒྱད་པོ་འབྱིན་པ་ནི་ཟུང་འཇུག་སྐྱོན་མེད་གསུམ་ སྟེ། དེ་ཡང་བྱང་ཆུབ་ཆེན་པོའི་ལམ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་(སྤང་བྱ་)བྱང་ (པ་བཅོམ་རྟོག་པ་)ཆུབ་(པ་ལྡན་པ་)ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པའི་ཐམས་ཅད་ མཁྱེན་པར་བགྲོད་པའི་ལམ། འགལ་འདུས་སྐྱོན་མེད་གསུམ་ནི། ངོ་བོ་ཉིད་ལ་དུ་བ་ལྟ་བུ་ ལ་སོགས་པ་སྣང་སྟོང་དང་། རང་བྱུང་ཡེ་ཤེས་ཆེན་པོ་ལ་རྣམ་པར་མི་རྟོག་ཡེ་ཤེས་གསལ་ 2-1-208 སྟོང་དང་། ལྷན་ཅིག་སྐྱེས་དང་ཤིན་ཏུ་རྣམ་དག་ལ་ཁམས་བྱང་སེམས་འཛག་མེད་བདེ་སྟོང་། འགལ་འདུ་ཟུང་འཇུག་སྐྱོན་མེད་དང་། ཟུང་འཇུག་གི་ཉམས་མྱོང་གསུམ་གྱིས་ལྟ་བའི་དུག་ ཉམས་སྐྱོན་ཅན་བརྒྱད་ལ་སོགས་པ་ཐམས་ཅད་དབྱུང་པར་བྱའོ། །(དེ་གསུམ་མཐུན་འདུས་ཡིན་ ཟེར་ན་)སོགས་ཞེས་པ་ནི་སྣང་སྟོང་དང་། གསལ་སྟོང་། བདེ་སྟོང་། དབྱེར་མེད་འཐུན་འདུས་ ཟུང་འཇུག་སྐྱོན་མེད་གསུམ་གྱིས་ལྟ་བའི་དུག་དབྱུང་ཞེས་བསྟན་པའོ། །སྐྱོན་ཅན་བརྒྱད་ཀྱང་ ཏིང་ངེ་འཛིན་དུ་ཤེས་པར་བྱས་ལ། བྱུང་རྒྱལ་གྱི་གནད་གྱིས་(ལམ་དུ་འགྱུར་བ་བརྒྱད་པོའང་འདྲ་ བར་)སྐྱོན་མེད་སྐྱེ་སྟེ་དུག་ཐོན་པར་འགྱུར་རོ། །སྐྱོན་མེད་གསུམ་མ་སྐྱེས་ན་སྐྱེས་པའི་ཐབས་ བླ་མའི་ཞལ་ལས་ཤེས་པར་བྱའོ། ། གཉིས་པ་རྗེས་ཐོབ་ཏུ་བདུད་རྩི་བསྟེན་པ་ལ་བཞི། བུམ་དང་། གསང་དང་། ཤེར་ཡེ་དང་། དབང་བཞི་པའི། དབང་གི་ལྟ་བའི་བོགས་དབྱུང་པའི་བདུད་རྩི་བསྟེན་པའོ། ། དང་པོ་ལ་གཉིས་ལས། དང་པོ་ཟས་ནི་སྤང་པར་བྱ་བ་ཚྭ་ཧ་ཅང་ལན་ཚ་ཆེས་ པ། རི་སྒོག ཆང་ཚ་སྐྱུར། ཤ་རུལ་སུངས། རྩུབ་པའི་ཟས་རྣམས་སྤང་པར་བྱའོ། ། བསྟེན་པར་བྱ་བ་བདུད་རྩིའི་རྒྱུན་སྦྱོར་ཞེས་བྱ་བ་ལྡུམ་སྒོག་ཅུང་ཟད་བསྟེན། ཨ་རུ་ར་འོ་མར་ སྦངས་པ་རྒྱུན་དུ་མུར། ཆུ་དང་མར་བཙོས་པའི་མན་ངག་འབྲས་དུ་གསུམ་དང་སྦྲང་རྩི། དྲི་ ཆེན་དང་སྦྲང་རྩི། དེ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་སྒྲུབ་པའི་རིམ་གྲོར་གྱུར་ནས་བདུད་རྩི་ མཆོག་ཏུ་འགྱུར་རོ། ། གཉིས་པ་སྤྱོད་ལམ་ནི། སྤང་པར་བྱ་བ། མེ། ཉི་མ། དུ་བ། རྔུལ་ཐོན་པ་རྣམས་སྤང་པར་ བྱའོ། །བསྟེན་པར་བྱ་བ་དལ་བ་དང་། བག་ཡངས་ཀྱི་བདུད་རྩི་བསྟེན་པས། བུམ་དབང་གི་ལྟ་ བའི་(སྐྱོན་མེད་གསུམ་མྱོང་པ་)བོགས་འབྱིན་དུ་འགྱུར་རོ། ། གཉིས་པ་ལ་གཉིས་ལས། རླུང་ནི་རླུང་སྦྱོར་(འདྲེན་པ་ཞི་དྲག་)གང་རུང་ཅིག་གོ། ། 2-1-209 ཐིག་ལེ་ནི་ཐིག་ལེའི་རྣལ་འབྱོར་རྣམ་པ་བཞི་གང་རུང་གིས་གསང་དབང་གི་ལྟ་བ་(སྐྱོན་མེད་ གསུམ་མྱོང་པ་)མཆོག་ཏུ་འགྱུར་རོ། ། གསུམ་པ་ནི་ཕྱག་རྒྱ་ལས་ཐིག་ལེ་སྤེལ་ཞེས་པ་སྟེ། དེ་ཡང་ཕྱག་རྒྱ་མ་བསྟེན་ནས་བྱང་ སེམས་ཐིག་ལེ་སྤེལ་བའི་བདུད་རྩི་བསྟེན་པས་དབང་གསུམ་པའི་ལྟ་བའི་བོགས་འབྱིན་དུ་ འགྱུར་རོ། ། བཞི་པ་ལ་གཉིས་ལས། དང་པོ་དྭངས་མ་ལྔའི་བདེ་བ་ཞེས་པ་ནི། བདུད་རྩི་ལྔའི་དྭངས་ མའི་བདེ་བ་གང་རུང་སྐྱེས་པ་དེ། ལུས་ཐམས་ཅད་ལ་ཁྱབ་པར་འདོད་དམ། སྣང་པ་ཐམས་ ཅད་ལ་ཡང་བདེ་བས་ཁྱབ་པར་འདོད་ན། (གཡས་)རྩོལ་བ་བཀག་སྟེ་(གཡོན་)སྲོག་ནས་(རན་ པར་)གཏང་ཞིང་ཅུང་ཞིག་(མིག་སྟེང་དུ་)ལྟ་བའི་འགྱུར་བས་གོམས་པར་བྱའོ། ། གཉིས་པ་དབང་པོ་ལྔ(འི་)ཉམས་དང་མ་བྲལ་བའི་བདུད་རྩི་བསྟེན་པ་ནི། གང་དང་གང་ དུ་བདེ་བ་སྐྱེས་པ་དེ་རང་ལ་ཅུང་ཞིག་ཤེས་པ་གཏད་ལ། དེ་ནས་རླུང་འདྲེན་པ་ཞི་དྲག་གང་ རུང་གིས་དབང་པོ་ལྔའི་སྒོར་འཕང་པར་བྱ་སྟེ། དེས་དབང་པོ་ལྔའི་ཡུལ་ལ་བདེ་བའི་ཉམས་ སྐྱེས་པ་དང་མ་བྲལ་བའི་ཡུལ་གྱི་བདུད་རྩི་བསྟེན་པ་ཡིས་དབང་བཞི་པའི་ལྟ་བ་མཆོག་ཏུ་ འགྱུར་རོ། ། གསུམ་པ་མཉམ་རྗེས་ཐུན་མོང་དུ་ལ་དོར་བ་ནི། དེ་ལྟར་བདུད་རྩི་བསྟེན་པས་ལྟ་བ་ ཉམས་མྱོང་མཆོག་ཏུ་གྱུར་པ་སྐྱེས་ན་སླར་རྩ་རླུང་གི་ཟུག་འབྱུང་པར་འགྱུར་པའི་མཉམ་རྗེས་ ཐུན་མོང་དུ་ལ་དོར་བ་བསྟན་ཏེ། དེ་ལ་གསུམ། རྩ་དེ་ཉིད་ཀྱི་གནས་སུ་ལ་དོར། རླུང་རྔན་ དགས་བྱིན་ཏེ་ལ་དོར། སེམས་ཉམས་ཀྱི་དྲོད་བྱུང་རྒྱལ་དུ་ལ་དོར། དེ་ལ་ཕྱི་མ་གཉིས་ནི་འོག་ ནས་འབྱུང་(རླུང་གི་མན་ངག་བདུན་ཅུའི་སྐབས་སུ་རེ་དོགས་དང་བྲལ་བའི་སྐབས་སུ་གསུང་)། རྩར་ལ་དོར་ བ་ལ་གཉིས། འཁོར་བའི་རྩར་སྐྱོན་སེལ་བའི་དང་། འདས་པའི་རྩར་ཡོན་ཏན་འཕེལ་བའི། 2-1-210 དོན་དུ་རྩ་མདུད་དྲལ་བས་ལ་དོར་བའོ། ། དང་པོ་ནི་སྤྱིར་རྩ་རིགས་དྲུག་སྟེ། གྲུ་གུ་དྲིལ་བ། ཐགས་བརྒྱངས་པ། (མགྲིན་པ་)སྦྲུལ་ གཅུས་པ། (སྤྱི་བོར་)གདུགས་ཕུབ་པ། (ལུས་ཐམས་ཅད་ལ་)ལྗོན་ཤིང་གྱེས་པ། (སོར་ཚིགས་ཐམས་ཅད་ལ་)སྐྲ་ཤད་འཛིངས་པ། ལྟ་བུར་གནས་ཏེ། དེ་དང་དེར་ལ་དོར་བར་བྱའོ། ། དེ་ལ་འཁོར་བའི་རྩ་བཞི་དང་ནི་རོ་རྐྱང་གཉིས་ལྟེ་བ་ཡན་ཆད་ལུས་ཀྱི་གནས་གཡས་གཡོན་ གཉིས་ལ་བརྟེན་ནས་གནས་ལ། ལྟེ་བ་མན་ཆད་ནས་བཞིར་གྱེས་ཏེ། གཡས་གཡོན་གཉིས། མདུན་རྒྱབ་གཉིས་ཏེ་བཞིར་གནས་པར་བཞེད་དོ། །དེ་ཡང་གཡས་ནས་(རླུང་དང་བཅས་ཏེ་)སི་ ཧླ་དང་། གཡོན་ནས་(རླུང་དང་བཅས་ཏེ་)ག་པུར་དང་། མདུན་ནས་(རླུང་དང་བཅས་ཏེ་)བླ་རྩི་(དྲི་ཆུ) དང་། རྒྱབ་ནས་བཞི་ མཉམ(དྲི་ཆེན)། འཕེན་ཅིང་འཛིན་པར་བྱེད་པའི་རྩ་སྟེ། དེ་དག་ཀྱང་ལས་(གདོལ་པ་ཅན་)ཀྱིས་ བསྐྱེད་པའི་ལུས་དང་། སེམས་གཟུང་འཛིན་དང་བཅས་པར་བསྐྱེད་པས་འཁོར་བའི་རྩ་ཞེས་ བྱའོ། །འཁོར་ལོ་རྣམས་དང་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་སེམས་མི་གཡོ་བའི་འཁོར་ལོ་(མཛོད་ སྤུ་ནས་ཕའི་ཁུ་བ་དང་གསང་གནས་སུ་མའི་སི་ཧླལ་)གཉིས། གཡོ་བའི་འཁོར་ལོ་(ཕྱི་སོགས་)བཞི་སྟེ་ དྲུག གཞན་(ནད་འདུ་བ་བཞི་སྐྱེད་པར་བྱེད་པའི་རྩ་འདབ་སུམ་ཅུ་སོ་གཉིས་ཏེ་)ཚིགས་ཆེན་བཅུ་གཉིས་ ཀྱི་འཁོར་ལོ་བཅུ་གཉིས་ཏེ། དེ་ལྟར་བཅོ་བརྒྱདདུ་གནས་ལ། ཡང་ན་ཟུག་བྱུང་ན་དེ་དང་དེར་ལ་དོར་བར་བྱའོ། ། གཞན་རྣམས་དང་ནི་རྩ་སུམ་ཅུ་སོ་གཉིས་གཞན་རྣམས་དང་། རྩ་ཕྲན་གཞན་(སྟོང་ཕྲག་བདུན་ ཅུ་ལ་སོགས་)རྣམས་སུ་ཟུག་བྱུང་ན་དེ་དག་གི་གནས་རང་དུ་(རྩ་མདུད་དྲལ་བས་)ལ་དོར་བར་བྱའོ། ། གཉིས་པ་ནི་རྩ་དབུ་མའི་རྩ་མདུད་ཅེས་བྱ་བ་རྩ་དབུ་མར་རླུང་སེམས་དྭངས་ན། དོག་པར་ 2-1-211 འགྱུར་བའི་རྩ་མདུད་སུམ་ཅུ་སོ་གཉིས་ཡོད་པ་ལ། ས་ཐོག་མཐའ་མ་རེ་རེ་ཞེས་པ་ནི། ས་ཐོག་ མ་ས་དང་པོ་དང་། མཐའ་མ་ས་བཅུ་གཉིས་པ་ལ་རྩ་མདུད་རེ་རེ་དང་། གསུམ་པ་བཅུ་པ་ཞེས་ སོགས་ནི། བར་གྱི་ས་བཅུ་ལ་སྦྱོར་བ་མགོ་རྩོམ། དངོས་གཞི་ལོངས་སྤྱོད། མཇུག་ཡོངས་སུ་ རྫོགས་ཏེ་ཐིམ་པ་གསུམ་པ་བཅུས་བར་གྱི་རྩ་མདུད་གསུམ་གསུམ་དྲལ་ཏེ་གྲོལ་བས་ས་རེ་ རེའི་ལ་དོར། ས་བཅུ་གཉིས་ཐོབ་ཅེས་ཤེས་པར་བྱའོ། །དེ་ལྟར་(ཉེ་བར་ཕན་འདོགས་པའི་)གདམ་ ངག་དྲུག་ཏུ་བསྟན་ཏོ།། །། ༒ ད་ནི་ཚིག་དོན་གྱི་བརྒྱུད་པ་བར་མ་ཆད་པ་ལ་དངོས་གྲུབ་ཐམས་ཅད་འབྱུང་པས། གསུམ་པ་སྙན་རྒྱུད་བཞིའི་ངོ་སྤྲོད་ཀྱི་བོགས་དབྱུང་པ་བསྟན་པ་ནི། གསང་སྔགས་སྙན་རྒྱུད་ སོགས་བཞི་བར་མ་ཆད་པས་ཞེས་གསུངས་ཏེ། དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་དབང་ གི་ཆུ་བོ་མ་ནུཔ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམ་ངག་གི་སརྒ་མ་ལོག་པ། ཏིང་ངེ་འཛིན་སྐྱེས་ཁྲིད་ཀྱི་ཉམས་མྱོང་མ་ཡལ་བའི་ཚིག་སྙན་རྒྱུད་དང་། སོགས་ཞེས་པས་ དོན་ཐུགས་བརྒྱུད་བཞི་བར་མ་ཆད་པས་གདུལ་བྱ་མོས་གུས་ཅན་གྱི་བསམ་པ་ཚིམ་པར་ནུས་ པའོ། ། དང་པོ་ནི་གསུམ། རྒྱུ་དུས་ཀྱི་(རྒྱས་བསྡུས་གསུམ་གང་རུང་)དང་། ལམ་དུས་ཀྱི་(བསྒོམ་དབང་) དང་། འབྲས་བུའི་དབང་གི་(འགྲོས་བཞི་ཐིམ་པ་དག)ཆུ་བོ་མ་ནུབ་པ་སྟེ། མདོར་ན་དབང་གིས་ ལམ་ཡོངས་སུ་རྫོགས་པར་བྱེད་པའི་གཞུང་གིས་སོ། ། གཉིས་པ་ནི་གསང་སྔགས་མཐའ་བཞིའི་བདག་ཉིད་ཡིན་ཏེ། ཉམས་སུ་བླང་པའི་མཐའ། ཉམས་སུ་མྱང་པའི་མཐའ། བྱིན་གྱིས་བརླབས་པའི་མཐའ། གྲུབ་པའི་མཐའ་ཅན་(ས་དང་པོ་ ཡན་ཆད་)གྱི་བརྒྱུད་པ་མ་ཉམས་པའོ། ། གསུམ་པ་ནི་སྲིན་པོ་ལ་སོགས་པ་བདུད་དང་བར་ཆད་རྣམས་སམ། འཇིགས་ཤིང་ཉམ་ 2-1-212 ང་བ་ལ་སོགས་པ་མ་འཚམ་པ་དུ་མ་བྱུང་པའི་ཚེ། དེ་ཉིད་རྟེན་འབྲེལ་དང་ལམ་དུ་ཤེས་པ་ན། ཏིང་ངེ་འཛིན་(ཡི་གེའི་རྟེན་འབྲེལ་དུ་)ངོ་ཤེས་པས་བསམ་བརྟན་གྱི་གེགས་སེལ། བར་ཆད་ངོ་ ཤེས་པས་བདུད་ཀྱི་བར་ཆད་སེལ། སྐྱོན་ཡོན་ཏན་དུ་སློང་ཤེས། བར་ཆད་(ཡི་གེའི་རྟེན་འབྲེལ་ དུ་)དངོས་གྲུབ་ཏུ་ལེན་ཤེས་པའི་གདམ་ངག རྡོ་རྗེ་འཆང་ནས་ད་ལྟར་གྱི་རྩ་བའི་བླ་མའི་བར་ གྱིས་སརྒ་མ་ལོག་པ་ཞེས་བྱའོ། ། བཞི་པ་ནི་བར་ཆད་དང་དངོས་གྲུབ་དང་རེ་དོགས་ཐམས་ཅད་བདག་ལུས་ལ་རྩ་རླུང་གི་ རྟེན་འབྲེལ་འགྲིག་པ་ལས་འབྱུང་པར། བླ་མ་དམ་པས་ཏིང་ངེ་འཛིན་སྐྱེས་ཁྲིད་ཀྱི་ཉམས་མྱོང་ དུ་བསྟན་པས་ཉམས་མྱོང་(མ་ཡལ་བ་)རྒྱུན་མ་ཆད་པར་ཡདི་ཆེས་ཁྱད་པར་ཅན་སྐྱེས་ཏེ། བླ་མ་ལ་ སངས་རྒྱས་དངོས་ཀྱི་འདུ་ཤེས་འཇུག་པའོ། ། ༈ ད་ནི་གསུམ་པ་ལམ་འབྲས་བུ་དང་བཅས་པའི་རྟེན་འབྲེལ་ལྔ་འགྲིག་ལུགས་བསྟན་ པར་བྱ་སྟེ། དེ་ལ་གསུམ། རྟེན་འབྲེལ། ལྔ་འགྲིག་པའི་གཞི་རྟེན་ དང་། ལྔ་པོའི་ངོ་བོ་དང་། ལྔས་རྒྱུ་ལམ་འབྲས་རྫོགས་པར། བསྟན་པའོ། ། དང་པོ་ནི། མི་ལུས་ཁྱད་པར་ཅན་ལ་བརྟེན་ནས་ཞེས་པའོ། །གཉིས་པ་ནི། གཞི་མི་ལུས་ཁྱད་པར་ཅན་གྱི་སེམས་ལུས་རྩ་ཐབས་རྒྱུད་སོགས་ལས། འབྱུང་ལུས་དངོས་ པོའི་མཐའ་སྤྱི་རྟེན་ཅིང་འབྲེལ་པར་འབྱུང་པ། མི་ལུས་ཐབས་ལམ་གནས་པ་རྩ་ཡིག་ཀུན་ གཞན་དབང་ནང་རྟེན་འབྲེལ། མི་ལུས་ཐབས་ལམ་གནས་པ་རྩ་ཡིག་གི་ནང་དུ་ངག་གཡོ་ བ་སྙིང་པོ་རླུང་ཡིག་གི་རླུང་སྦྱོར་བྱང་ཆུབ་ཆེན་པོའི་ལམ། གསང་བ་རྟེན་འབྲེལ། མི་ལུས་ ཐབས་ལམ་གནས་པ་རྩ་ཡིག་གི་ནང་ནས་སེམས་ཐིག་ལེ་འགྱུ་བ་ཁམས་བདུད་རྩའི་ཆོས་ ཐམས་ཅད་དེ་ཁོ་ན་ཉིད་རྟེན་ཅིང་འབྲེལ་བར་འབྱུང་པ་ལོ་རྒྱུས་ཀྱི་ཚད་མ། འབྲས་བུ་གཞི་ མི་ལུས་ཁྱད་པར་ཅན་གྱི་ཐབས་ལམ་ལ་བརྟེན་ནས། བརྟེན་པ་སེམས་རང་རིག་ཀུན་གཞིའི་ 2-1-213 རྣམ་ཤེས་རྒྱུ་རྩ་རྒྱུད་སྒྲིབ་པ་གཉིས་སམ་བཞིས་དག་པ་སྐུ་ལྔ་བྱང་ཆུབ་ཆེན་པོ་མཐར་ཐུག་ རྟེན་འབྲེལ། ཞེས་བྱའོ། ། གསུམ་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་པ་ལྔས་རྒྱུ་གཞི་དང་ལམ་ཐབས་དང་འབྲས་ བུ་སྐུ་ལྔ་སོགས་ཡོངས་སུ་རྫོགས་པའོ། །ཞེས་པའོ། །དེ་ལ་རྟེན་འབྲེལ་ལྔ་པོ་གོང་འོག་ན་ གསལ་པོར་སྣང་བས་ཚིག་དོན་རྒྱས་པར་མ་ཕྱེ་སྟེ། ལོགས་སུ་(ཆོས་རྗེ་ས་པཎ་གྱིས་མཛད་པ་ལས་) ཤེས་པར་བྱའོ། ། ༈ ད་ནི་བཞི་པ་ལམ་འབྲས་བུ་དང་བཅས་པའི་ལམ་གྱི་བར་ཆད་བསྲུང་པ་བསྟན་པར་ བྱ་སྟེ། དེ་ལ་གསུམ། ཐབས་ཀྱི་ཕྱོགས་སུ་ལྷུང་པའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་བཞི་ ལ་བསྲུང་པ་བརྒྱད་དང་། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་པའི་རྣལ་འབྱོར་པའི་ལམ་གྱི་བར་ཆད་ བཞི་ལ་བསྲུང་པ་བརྒྱད་དང་། རྣལ་འབྱོར་པ་གཉིས་ཀའི་ལམ་ལ་ཐུན་མོང་དུ་འབྱུང་པའི་ བར་ཆད་བཞི་ལ་ཐུན་མོང་དུ་བསྲུང་པ་བཅུ་བཞི་སྟེ། ལོ་ཀ་པའི་ལམ་མན་ཆད་དུ་བསྲུང་པ་ སུམ་ཅུ་ཐམ་པས་བསྲུང་པ་ཡིན་ནོ། ། དང་པོ་ནི། ཐབས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་གཉིས། ཐབས་ཀྱི་ཕྱོགས་སུ་ལྷུང་པ་ དང་། བར་ཆད་བཞི་འཇུག་ཚུལ་དང་། དེ་བཞི་བསྲུང་པ་བརྒྱད་ཀྱིས་རིམ་པར་བསྲུང་པའི་ ཚུལ་བསྟན་པའོ། །དང་པོ་ལ་གཉིས་ལས། དང་པོ་ནི། ཐབས་ ཀྱི་ཕྱོགས་སུ་ལྷུང་བའི་གང་ཟག་ནི་གཉིས་ཏེ། (དང་པོ་ནས་ལྷ་སྐུ་ལ་སོགས་སྣང་ཕྱོགས་ལ་)མོས་པ་ དང་། འཇུག་པས་དང་། (སྣང་ཞེན་གྱི་)ཉམས་ཀྱི(ཆ་ཡི)ས། ཐབས་ཀྱི་ཕྱོགས་སུ་ལྷུང་པའོ། ། གཉིས་པ་ནི། རྣལ་འབྱོར་དེ་གཉིས་ཀའི་ལམ་གྱི་དུས་བཞིར་བར་ཆད་བཞི་ འཇུག་སྟེ། (ཐུན་བཞི་སོགས་)ལམ་ལ་འཇུག་པ་དང་ཞུགས་པ་ཉེ་(ཉམས་གཡོ་བ་ན་)འབྲེལ་གྱི་དང་། (ཉམས་སྐྱེས་པ་ཡན་ཆད་)ལམ་ལ་ཞུགས་ནས་ཏིང་ངེ་འཛིན་ཐོབ་པ་ན་ཕྱི་རོལ་བདུད་ཀྱི་དང་། 2-1-214 (ཁམས་འདུས་པ་དང་པོ་)ཏིང་ངེ་འཛིན་ཅུང་ཟད་གོམས་པ་ན་བདུད་སྟོབས་འཕེལ་བའི་དང་། (བར་པ་དང་ཐ་མ་)ཏིང་ངེ་འཛིན་བརྟན་པ་ན་ཏིང་ངེ་འཛིན་གྱི་ཉམས་ངོ་མ་ཤེས་པའི། བར་ཆད་ འཇུག་གོ། ། གཉིས་པ་ལ་གསུམ་ལས། དང་པོ་ཐབས་ཀྱི་བར་ཆད་གཉིས་ཐབས་ཀྱི་བསྲུང་ པ་བཞི་བསྟན་པ་ནི། བར་ཆད་དང་པོ་ལ་གཉིས། ལམ་ལ་འཇུག་པ་ལ་གཉེན་འདུན་དང་ཉེ་ དུ་ལ་སོགས་པ(གདུང་བས་ལམ་ནས་ཟློག་ཅིང་ཟང་ཟིང་ལ་འཛུད་པ)འི་དང་། ལམ་ ལ་ཞུགས་པ་ལ་བླ་མ་སློབ་དཔོན་དང་གྲོགས་(ངན)ཀྱི་བར་ཆད་དོ། །དང་པོ་ནི་(རྫས་) ཟང་ཟིང་གི་སྦྱིན་པ་ཕྲ་མོ་སྔོན་དུ་འགྲོ་བའི་བརྩེ་སེམས་ཀྱིས་ཤད་སྦྱང་དང་ལམ་ལ་དད་ འདུན་རྩེ་གཅིག་པའི་དད་པ་བརྟན་པོ་མ་བྲལ་བ་ཤེས་པས་བསྲུང་། གཉིས་པ་ནི་ཟང་ཟིང་གི་སྦྱིན་པ་སྔོན་དུ་འགྲོ་བའི་ཐབས་མཁས་ཀྱི་ཤད་སྦྱང་དང་། ལམ་ ལ་མོས་གུས་རྩེ་གཅིག་པའི་དད་པ་བརྟན་པོ་དང་མ་བྲལ་བ་ཤེས་པས་བསྲུང་ངོ་། །ཕྱི་རོལ་ བདུད་ཀྱི་བར་ཆད་བསྲུང་པ་ནི། (སྒྲུབ་ཐབས་སྤྱི་ལས་འབྱུང་པ་) རྡོ་རྗེ་ར་བ་ལ་སོགས་པའི་བསྲུང་འཁོར། སུམྦྷ་ནི་ལ་སོགས་པའི་(ཡིད་ཆེས་པའི་)སྔགས་ ཟློས། བླ་མ་དང་གྲོགས་གཞན་རྐྱེན་ལ་ལྟོས་པའི་(ནུས་པ་ཅན་གྱིས་གནང་པའོ། །)སྔགས་མདུད་ལ་ སོགས་པ་གསུམ་དང་མ་བྲལ་བ་ཤེས་པས་ངེས་པར་བསྲུང་ངོ་། ། གཉིས་པ་ཐབས་ཀྱི་བར་ཆད་གཅིག་ཤེས་རབ་ཀྱིས་བསྲུང་པ་གསུམ་བསྟན་པ་ནི། བདུད་ སྟོབས་འཕེལ་བའི་བར་ཆད་བསྲུང་པའི་འཁོར་ལོ་གོང་དུ་འཕོ་བ་ཡིན་ཏེ། བར་དུ་བཅད་བྱའི་ བདག གཅོད་བྱེད་ཀྱི་བདུད། བར་ཆད་གསུམ་ཀའི་ཆོས་རྣམས་སེམས་ཉིད་སྣང་པར་ཤེས་ པ། སྣང་བ་དངོས་པོའི་སྐྱོན་མེད་པ་སྒྱུ་ མར་ཤེས་པ། རང་བཞིན་མེད་པར་ཤེས་པ་གསུམ་(ཀའམ་གང་རུང་)དང་། མ་བྲལ་བ་ཤེས་པས་ 2-1-215 བསྲུང་པར་ཐེ་ཚོམ་མེད་དོ། ། གསུམ་པ་ཐབས་ཀྱི་བར་ཆད་གཅིག་རྟེན་འབྲེལ་གྱིས་བསྲུང་པ་གཅིག་བསྟན་པ་ ནི། ཏིང་ངེ་འཛིན་བརྟན་པ་ན། ཏིང་ངེ་འཛིན་གྱི་ཉམས་ངོ་མ་ཤེས་པའི་བར་ཆད་ཀྵ་ཡིག་ ལ་སོགས་པའི་གནས་སུ་རླུང་སེམས་མཉམ་པར་འདུས་པས། སྲིན་པོ་དང་ཤ་ཟ་རྡེག་པ་ ལ་སོགས་པ་མི་འཚམ་པ་དུ་མ་འབྱུང་པ་ན། རང་གི་རྩ་ཡིག་(ཀྵ་སོགས་)ནང་དུ་རླུང་སེམས་ འདུས་པའི་རྒྱུ་རྐྱེན་གཞན་དབང་དེ་ཉིད་ཀྱི་རྟེན་འབྲེལ་གྱིས་མཐོང་སྣང་བྱུང་པ་ཐམས་ཅད་ རང་སེམས་སྣང་བའི་གཟུགས་བརྙན་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་གཏིང་དང་རྒྱ་དཔག་པར་ དཀའ་བས། ཟབ་ཅིང་རྒྱ་ཆེ་བའི་རྒྱ་མཚོ་ལྟ་བུ། དེ་ཁོ་ན་ཉིད་ཀྱི་མན་ངག་ཟབ་ཅིང་རྒྱ་ཆེ་བའི་ ལྟ་བ་ཉམས་སུ་མྱོང་པའི་དོན་དང་མ་བྲལ་བ་ཤེས་པས་བསྲུང་སྟེ། དེ་ཉིད་ཐམས་ཅད་ཏིང་ངེ་ འཛིན་གྱི་ཉམས་སྣང་དུ་ངོ་ཤེས་པས་བསམ་བརྟན་གྱི་གེགས་སེལ། བར་ཆད་(གསང་ བ་རྟེན་འབྲེལ་)རང་སྣང་དུ་ངོ་ཤེས་པས་བདུད་ཀྱི་བར་ཆད་སེལ། (མ་ཤེས་པ་ལ་)སྐྱོན་(ཤེས་པ་ལ་) ཡོན་ཏན་དུ་སློང་ཤེས་པས་རེ་དོག་ཀྱི་འཕྲང་སེལ། (མ་ཤེས་ན་)བར་ཆད་(ཤེས་ན་)དངོས་གྲུབ་ཏུ་ ལེན་ཤེས་པས་བར་ཆད་ཞི་སྟེ། ངེས་པར་བསྲུང་ངོ་། །དེ་ལྟར་ན་བསྲུང་པ་བརྒྱད་ཀྱང་གསུམ་ དུ་བསྡུས་པའོ། ། གཉིས་པ་ནི་ཤེས་རབ་ཞེས་བྱ་ལ་སོགས་པ་ལ་གཉིས། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་པ་དང་། བར་ཆད་བཞི་འབྱུང་ཚུལ་དང་། དེ་བཞི་བསྲུང་པ་བརྒྱད་ཀྱིས་རིམ་པར་བསྲུང་པའི་ཚུལ་ བསྟན་པའོ། ། དང་པོ་ལ་གཉིས་ལས། དང་པོ་ནི། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་པའི་གང་ཟག་ནི་གཉིས་ ཏེ། (དང་པོ་ནས་ཤེས་པ་ལ་)མོས་པ་དང་། འཇུག་པས་དང་། (སྟོད་ཆའི་)ཉམས་ཀྱིས། ཤེས་རབ་ཀྱི་ ཕྱོགས་སུ་ལྷུང་པའོ། ། 2-1-216 གཉིས་པ་ནི་རྣལ་འབྱོར་པ་དེ་གཉིས་ཀའི་ལམ་གྱི་བར་ཆད་ལ་བཞི་འབྱུང་སྟེ། ཉམས་ང་དང་(ན་ཚ་སོགས་)དུ་ཁ་བསྐྱེད་པའི་དང་། གཟུགས་(དུ་མ་)སྟོན་པའི་དང་། སྒྲ་(ལུང་སྟོན་པ་ལ་སོགས་)བརྗོད་པའི་དང་། (ཁྱོད་ཀྱི་)ལམ་དང་ལྟ་གྲུབ་(ནོར་ཞེས་)སྒྱུར་བའི། བར་ཆད་འབྱུང་ངོ་། ། གཉིས་པ་ལ་གསུམ་ལས། དང་པོ་ལྷའི་བུའི་བདུད་སད་པ་བཞིས་བསྲུང་པ་བསྟན་པ་ནི། ལྷའི་བུའི་བདུད་འོངས་པས་བསད་པ་བཞིས་བསྲུང་ཞེས་བྱ་བ་ལ། སད་པ་བཞི་ནི་ཉམས་ ཀྱིས་སད(བསྲུང་འཁོར་གསུམ་གྱིས་བསྲུང་)། ཏིང་ངེ་འཛིན་གྱིས་(ལམ་བསྒོམ་དུས་ན་བ་ལ་སོགས་བྱུང་ན་ ཡིན་)སད། སྔགས་ཀྱིས་སད། ལྟ་གྲུབ་ཀྱིས་སད་(བཞི་པོ་མ་ཤེས་ན་མིན་)པའོ། ། གཉིས་པ་ཕྱིའི་བདུད་བརྡ་གསུམ་ཤེས་པས་བསྲུང་པ་བསྟན་པ་ནི། ཤེས་རབ་ཀྱི་ལམ་ལ་ ཕྱིའི་བདུད་ཅེས་བྱ་བ་ནི། དང་པོ་ནས་ནག་པོའི་ཕྱོགས་བར་ཆད་འབའ་ཞིག་བྱེད་པའི་བདུད་ བགེགས་ལོག་འདྲེན་དང་། འདྲེ་སྲིན་སྔར་རང་གི་ལྷ་ སྲུངས་(ཆོས་སྐྱོང་སོགས་)སུ་མཆོད་པ། ཕྱིས་མ་དགའ་བའི་གདོན་བགེགས་ལ་སོགས་པ། གཟུགས་བསྒྱུར་ནས་(ཡི་དམ་ལྷ་དང་དགེ་སློང་ལ་སོགས་པའི་ཆ་བྱད་དུ་)སྟོན་པ་དང་བཅས་པའི་སྒྲ་ བརྗོད་པས། ཁྱོད་ཀྱི་ལམ་དང་ལྟ་བ་དང་གྲུབ་མཐའ་ནོར། ངས་བསྟན་པ་འདི་མ་ནོར་བས་ (མྱུར་དུ་)ལོང་ལ་བསྒོམས་ཟེར་ནས། ལམ་(བསྐྱེད་རྫོགས་)གཉིས་དང་ལྟ་གྲུབ་བརྒྱད་ནོར་པར་ བསྒྱུར་པ་འོངས་པས་བསྒྱུར་ནས། མཐར་ཉམ་ང་དང་། དུ་ཁ་བསྐྱེད་པའི་བར་ཆད་བྱེད་པ། དབང་བཞིའི་བརྡ་ཤེས་ན་མི་འོང་། མི་ཤེས་ན་འོང་པས་བརྡ་ཤེས་པས་བསྲུང་སྟེ། དེ་ལ་རྩ་ བའི་(དབང་བཞི་དང་རིམ་པར་སྦྱར་བ་)བརྡ་ བཞི་ནི། ལྔ་བསྡུས་རྩེ་མོ་མནན་པ་(ལག་ལེན་བཞིན་)དང་། །འཐེབ་སྲིན་ཨེ་ལ་རེག་བྱེད་ཅིང་། ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ། །འཛུབ་མོས་ནམ་མཁའ་མཚོན་པའོ། ། 2-1-217 ཡན་ལག་གི་བརྡ་བཞི་ནི། སོར་མོ་ལྔ་ནི་ཕྲལ་ཏེ་བསྟན། །རྡོ་རྗེ་ཁུ་ཚུར་མི་ཕྱེད་འགྱུར། །རྡོ་རྗེ་ རྩེ་གསུམ་ཕྱར་ཏེ་བསྟན། །འཛུབ་མོས་ནམ་མཁའ་མཚོན་པའོ། ། ༈ ངག་(སྔགས་)བརྡ་བཞི་ནི། ཀ་ལ་ཤ་ཨ། ཡ་ར་ལ་ཝ། ཨེ་བཾ་མ་ཡ། ༀ་ ཨཱ་ཧཱུཾ་ཨཾ། བཞི་ནི་དབང་(སྡེ་ཚན་བཞི་ལ་ཡི་གེ་དབང་)བརྡ་(བཞི་)བཞིར་ཤེས་(པར་)བྱ། །(ཕྱི་བདུད་ཀྱི་) བར་ཆད་ངེས་པར་བསྲུང་པའོ། །རྒྱས་པར་རྣམ་གསུམ་རིག་དབྱེ་ལས་ཤེས་པར་བྱའོ། ། གསུམ་པ་ནི་ནང་གི་བདུད་གཉིས་ས་མཚམས་ཤེས་པ་གཅིག་གིས་བསྲུང་པ་བསྟན་པ་ ནི། ནང་གི་བདུད་ཅེས་བྱ་བ་ནི། ཕྱི་ནས་མི་འོང་པར་ནང་རང་སེམས་ལ་ཆོག་ཤེས་དང་། ཆོག་ མི་ཤེས་པར། འཛིན་པའི་བདུད་བགེགས་ལོག་འདྲེན་ཞེས་བྱ་བ་ལམ་སོགས་བཅུ་མཐོང་ ཐོབ་ཀྱི་ས་མཚམས་འབྱེད་མ་ཤེས་ན་འོང་། ཇི་ལྟར་འོང་ན། བསྐྱེད་རིམ་ལོ་ཀ་པའི་ལམ་(གཙོ་ ཆེ་བ་ཉིད་)གྱི་མཐོང་ཐོབ་ལ། རྫོགས་རིམ་ལོ་ཀ་ལས་འདས་པའི་ལམ་གྱི་མཐོང་ཐོབ་དུ་འཛིན་ ན་ཆོག་ཤེས་པའི་བདུད། ཡང་། རྫོགས་རིམ་ལོ་ཀ་ལས་འདས་པའི་ལམ་གྱི་མཐོང་ཐོབ་ལ། བསྐྱེད་རིམ་ལོ་ཀ་པའི་ལམ་(གཙོ་ཆེ་བ་ཉིད་)གྱི་མཐོང་ཐོབ་ཏུ་འཛིན་ན་ཆོག་མ་ཤེས་པའི་བདུད། དེ་བཞིན་དུ་སོགས་པ་ཞེས་པ་ནི། ལྟ་བ་བཞི་ཉམས་སུ་མྱོང་པའི་མཐོང་པ་ལ། གྲུབ་ མཐའ་བཞི་སྙོགས་པའི་ཐོབ་པར་འཛིན་ན་ཆོག་ཤེས་པའི་བདུད། ཡང་གྲུབ་མཐའ་བཞི་ སྙོགས་པའི་ཐོབ་པ་ལ། ལྟ་བ་བཞི་ཉམས་སུ་མྱོང་པའི་མཐོང་པར་འཛིན་ན་ ཆོག་མ་ཤེས་པའི་བདུད་ཀྱི་བར་ཆད་ཡིན་པས། ཤེས་པས་བསྲུང་ཞེས་པ་ནི། བཅུ་ པོ་མཐོང་ཐོབ་ཀྱི་ས་འཚམས་སོ་སོར་བྱེ་བྲག་ཕྱེད་པར་འབྱེད་ཤེས་པས། ནང་བདུད་ཀྱི་བར་ ཆད་བསྲུང་པའོ། །དེ་དག་གིས་ནི་ཐབས་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་བར་ཆད་བཞི་བཞི་ ལ་བསྲུང་པ་བརྒྱད་བརྒྱད་བཅུ་དྲུག་བསྟན་ཏོ། ། ༈ གསུམ་པ་ནི། གྲིབ་དང་ཐིག་ལེ་འཛག་པ་སྒྲིབ་པ་གཉིས་བསྲུང་ངོ་ཞེས་བྱ་བ་གསུངས་ 2-1-218 ཏེ། (གཙོར་འདུས་པ་དང་པོ་ལ་)གྲིབ་དྲུག་དང་། (གཙོར་བར་པ་ལ་)ཐིག་ལེ་འཛག་པ་དྲུག་དང་། (གཙོར་ཐ་མ་ལ་)སྒྲིབ་པ་གཉིས་བསྲུང་ངོ་། །དེ་ལ་གྲིབ་དྲུག་ནི། དམ་ཚིག་གི། གདོན་གྱི། གྲོགས་ངན་པའི། ཟས་ཀྱི། གནས་ཀྱི། རོའི་གྲིབ་པོ། དེ་ལ་དང་པོ་ ནི་གྲིབ་ཆེན་པོ། བར་གྱི་བཞི་འབྲིང་། ཐ་མ་ཆུང་ངུའོ། །དེ་ལ་གྲིབ་གསུམ་རྨི་ཉམས་སུ་རྟོགས་ པར་འགྱུར་ཏེ། (འབུ་སྦུར་སོགས་)གང་མི་གཙང་བར་བརྟགས། ལུས་ལ་(ཞུགས་པ་)ཆེན་པོ། གོས་ ལ་འབྲིང་པོ། གནས་ཁང་ལ་སྦགས་པར་གྱུར་ན་ཆུང་ངུའོ། །ཡང་གྲིབ་དྲུག་རྨི་ཉམས་སུ་ རྟོགས་པར་འགྱུར་ཏེ། དེ་ལ་གྲིབ་ཆེན་པོས་སྲོག་འཕྲོག འབྲིང་གིས་ལུས་སེམས་ལ་དུ་ཁ་ བསྐྱེད། ཏིང་ངེ་འཛིན་འཕྲོག ཆུང་ངུས་ཀྱང་(ཉམས་མི་སྐྱེ་)ཏིང་ངེ་འཛིན་འཕྲོག་གོ། དེ་ལ་གྲིབ་ སེལ་ནི། གྲིབ་ཆེན་པོ་(བླ་མ་ལས་)དབང་གིས་སེལ། འབྲིང་(དམ་ཚིག་མཁའ་འགྲོའི་)ཚོགས་ཀྱིས་ སེལ། ཆུང་ངུ་(རང་གི་སྙིང་པོ་བཟླས་པའི་)ཁྲུས་ཀྱིས་སེལ་བའོ། །དེ་ལ་ཁྲུས་ཀྱིས་སེལ་བའི་དབང་ དུ་བྱས་ནས་ཀྱང་། གདོན་གྱི་གྲིབ་ཆེ་འབྲིང་ཆུང་གསུམ་ལས། གྲིབ་ཆེན་པོ་ལ་(འབྲུ་སྨན་སོགས་) བུམ་པའི་ཆོ་ག་ཇི་ལྟ་བཞིན་བྱ་སྟེ། དྲག་པོའི་སྦྱིན་སྲེག་གི་ཐལ་བ། བཙན་དུག མི་རུས་ཀྱི་ཕྱེ་ མ། ཡུངས་དཀར་རྣམས་བླུགས་ལ། དྲི་ཞིམ་པོའི་ཆུས་བཀང་སྟེ། ལྷག་པ་ལྷའི་སྙིང་པོ་མང་དུ་ བཟླས་ལ། དུས་གསུམ་དུ་ཁྲུས་བྱས་ན་སེལ། འབྲིང་ནི་(གསུམ་པོའི་དོད་)རྒྱས་པའི་སྦྱིན་སྲེག་གི་ ཐལ་བས་སོ། ། ཆུང་ངུ་ནི་ཞི་བའི་སྦྱིན་སྲེག་གི་ཐལ་བས་སོ། །རིམས་ནད་གཅད་ལ་སོགས་པ་ལ་ ནི་དབང་གི་སྦྱིན་སྲེག་གི་ཐལ་བས་ཆོ་ག་ཇི་ལྟ་བ་བཞིན་བྱའོ། །གྲིབ་སྤྱི་སེལ་བ་ཡང་དབང་ གིས་སེལ། དུས་ཁྱད་པར་ཅན་གྱི་(ལྷ་གྲངས་དང་མཐུན་པ་སོགས་)ཚོགས་ཀྱིས་སེལ། ཁྲུས་ཀྱིས་ ཀྱང་སེལ། ཚ་ཚས་ཀྱང་སེལ་ཏེ་ཕྱེད་ནི་གནས་དབེན་པར་གཞག་ཅིང་(ཇི་ཙམ་བཏབ་པའི་) ཕྱེད་ནི་ཆུ་བོ་ཆེན་པོར་དོར་བར་བྱའོ། །གཞན་སྲོག་ཆགས་ཀྱི་ཚེ་བསྐྱབ་པ་དང་། ངག་གི་སྨྲེ་ 2-1-219 བཤགས་ལ་སོགས་པས་(ཡི་གེ་བརྒྱ་པ་)ཀྱང་སེལ་ལོ། །འདི་དག་ནི་ཁམས་འདུས་པ་དང་པོ་ལ་ གཙོ་ཆེར་བར་དུ་གཅོད་པས་གྲིབ་གསལ་བ་ཤིན་ཏུ་གཅེས་སོ། །ཐིག་ལེ་འཛག་པ་དྲུག་ནི། བདེ་བ་སྐྱེས་ཏེ་གང་བས་འཛག །གདོན་དང་བག་ཆགས་ཀྱིས་རྨི་ཉམས་སུ་འཛག ནད་གཞི་ ཆུ་དང་བསྡོངས་ནས་འཛག རིག་མའི་རྐྱེན་གྱིས་ཆགས་པ་སྐྱེས་ཏེ་འཛག ཁ་ཟས་མི་མཐུན་ པས་རང་ཉམས་ཏེ་འཛག (ངལ་དུབ་)སྤྱོད་ལམ་གྱིས་རྔུལ་དང་བསྡོངས་ཏེ་འཛག་གོ། དེ་ལ་ བསྲུང་པ་དྲུག་ལས། དང་པོ་ནི་(ལམ་གཞན་)འགྱུར་བ་རྣམ་པ་དྲུག ངག་(རླུང་)འདྲེན་པ་ཞི་དྲག ཁྱད་པར་དུ་སྟོབས་ཀྱི་ཧཱུཾ་ལ་སོགས་པས་བསྲུང་ངོ་། ། གཉིས་པ་ནི་གུ་གུལ་ནག་པོ། མིའི་ཀླད་པ། ཡུངས་དཀར་དང་གསུམ་བསྲེགས་པའི་ ཐལ་བ། པད་མ་རཀ་ཏ་དང་བཞི་ལེགས་པར་སྦྱར་(དང་པོ་ཡུངས་དཀར་ དང་བསྲེག དེ་ནས་གུ་གུལ་དེ་ནས་གཞན་རྣམས་)ལ། སྲོད་ཀྱི་དུས་སུ་གསང་གནས་དང་། རྐེད་ པར་བྱུག ཡང་སྐུད་པ་ནག་པོ་གཅིག་ལ་མདུད་པ་ཉེར་གཅིག་བྱས་ལ་ལྷག་པ་ལྷའི་སྙིང་པོ་ མང་དུ་བཟླས་ཏེ། རྐེད་པར་བཅིང་། བག་ཆགས་བུད་མེད་ཀྱི་དྲི་མས་ སོ། །གཞན་ལུས་ཀྱི་སྤྱོད་ལམ་(ཙོག་པུ་)དང་། (གུད་དུ་)བྱ་བའི་རྒྱུད་དང་ཐུན་མོང་པ་ལ་སོགས་ པས་ཀྱང་བསྲུང་ངོ་། ། གསུམ་པ་ནི། སྤྱིར་ཟས་བཅུད་ཅན་བསྟེན། ཚ་བ་གསུམ་གྱི་གམ་ཕྱེ་ལྟོ་སྟོང་ ལ་ཅུང་ཟད་གཏང་། གཅན་གཟན་ལ་སོགས་པ་དྲོ་བར་གྱུར་པའི་རས་མས་གསང་གནས་དང་ རྐེད་པ་བཀྲི། ལངས་ཏེ་གྲུ་མོ་སླེབ་པའི་སར་མེ་ལྔའམ་བདུན་གདབ། ངེས་པར་ཞི། བཞི་པ་ནི་འགྱུར་བ་དྲུག བགྲད་པའི་མཐའ། ཁྱད་པར་དུ་འདིའི་བསྲུང་པ་ གཞན་(ཁ་ཟས་སྨན་)རྣམས་དང་བླ་མའི་ཞལ་ལས་ལེགས་པར་ཤེས་པར་བྱའོ། །འཛག་པ་ གཉིས་ནི་སྔར་ཟས་དང་སྤྱོད་ལམ་གྱི་བདུད་རྩི་བསྟེན་པའི་སྐབས་སུ་བསྟེན་པ་དང་ཁྱད་པར་ 2-1-220 མེད་པ་ཡིན་ནོ། །འདི་ཡང་ཁམས་འདུས་པ་(དང་པོ་དང་ཐ་མ་ལ་སོགས་པ་བྱུང་ཡང་)སར་པ་ལ་གཙོ་ བོར་བར་དུ་གཅོད་པས་བསྲུང་པ་ཤིན་ཏུ་གཅེས་སོ། །སྒྲིབ་པ་ནི་གཉིས་ཏེ། ཉོན་མོངས་པའི་ དང་། ཤེས་བྱའི། སྒྲིབ་པའོ། །དང་པོ་ནི་(བྱང་ཆུབ་སེམས་དཔའི་སྤང་པར་བྱ་བ་ནི་ཉོན་མོངས་པའོ། །ཉོན་ མོངས་པའང་རྣམ་པར་རྟོག་པའོ། །།ཞེས་ གསུངས་པས་)རྣམ་རྟོག་རྒྱུན་ཆགས་ཏེ། དེ་ནི་འཇུག་སེལ་ལ་སོགས་པ་གསུམ་གྱིས་བསྲུང་། གཉིས་པ་ནི་ཏིང་ངེ་འཛིན་ཡིན་ཡང་། ཉམས་སྐྱོན་ཅན་བརྒྱད་དེ། དེ་དག་ ནི་བྱུང་རྒྱལ་གནད་ཀྱིས་(སྐྱེ་བའི་ཉམས་)སྐྱོན་མེད་གསུམ་གྱིས་བསྲུང་སྟེ། ལྟ་བའི་དུག་ དབྱུང་པ་བཞིན་དུ་ཤེས་པར་བྱའོ། །དེ་དག་གིས་ནི་རེ་ཤིག་ཐུན་མོང་གི་བསྲུང་པ་བཅུ་བཞི་ བསྟན་ལ། སྤྱིར་བསྲུང་པ་སུམ་ཅུ་བསྟན་ཏོ། །དེ་དག་རྣམས་ཀྱི་འཁོར་ལོ་གཅོམ་པ་འཁོར་ འདས་ཐུན་མོང་(གང་ཟག་གཉིས་)གི་ལམ་འབྲས་བསྟན་ཏོ།། །། ༒ ད་ནི་གཉིས་པ་ཐབས་ཤེས་ཟུང་འཇུག་ལམ་འཁོར་ལོ་གཅོམ་པ་(འབྱུང་ལུས་)ལོ་ ཀ་(པ་ལ་)པའི་(མྱ་ངན་ལས་མ་འདས་པ་སོ་སྐྱེའི་)ལམ་འབྲས་བསྟན་པ་ལས། དེའང་གཞུང་ཚོམ་བུ་ བརྒྱད་དུ་གསུངས་ཀྱང་། དོན་གྱི་འབྲེལ་བརྩིས་ན་གསུམ་སྟེ། སྤྱིར་ལམ་འབྲས་སྤྱིའི་རྣམ་ བཞག་དང་། བྱེ་བྲག་ཏུ་ཚོགས་སྦྱོར་ལམ་འབྲས་དང་། དེ་དག་གི་མཇུག་བསྡུ་བ་བསྟན་པའོ། ། དང་པོ་ལ་གཉིས་ལས། སྤྱི་དོན་བསྟན་པ་ནི། དེད་དཔོན་ལྟ་བུའི་ལམ་འཁྲིད་ལུགས་གསུམ། ཞག་ས་ལྟ་བུའི་ལམ་བགྲོད་ལུགས་གཉིས་སོ། །དང་པོ་ནི་རླུང་གིས་(སེམས་རིག་པ་འདི་གོང་ནས་ གོང་དུ་)དང་། ཁམས་བདུད་རྩིས་(སེམས་རིག་པ་འདི་གོང་ནས་གོང་དུ་)དང་། རྩ་ཡི་གེས(སེམས་རིག་ པ་འདི་གོང་ནས་གོང་དུ་)། ལམ་འཁྲིད་དོ། །དེ་ལ་དང་པོ་ནི་ལོ་ཀ་པའི་ལམ་མན་ཆད་དུ་ཁམས་ འདུས་པ་དང་པོ་ལ་གནོད་པ་སྐྱེལ་བ་དང་། བར་པ་ལ་(ཟུག་འབྲི)ཕན་གནོད་མེད་པ་དང་། ཐ་ མ་ལ་(ནད་འདུ་བ་ལ་སོགས་འཕེལ་བ་སེལ་ཏེ་)ཕན་འདོགས་པ། གཙོ་ཆེའི་རླུང་གིས་ལམ་ཁྲིད་དེ། 2-1-221 ལོ་ཀ་པའི་ལམ་ཆོད་དོ། །དེ་ནས་ལོ་ཀ་ལས་འདས་པའི་ལམ་ལ། ཟག་པ་མེད་པར་བྱེད་(ས་ དྲུག་)པའི་དང་། དེ་ནས་(ས་བཞི་)དབང་པོ་ལྔ་དང་སྟོབས་ལྔའི་དང་། དེ་ནས་(ས་གཉིས་)བྱང་ སེམས་བསྐྱོད་པ་སྟོབས་ལྔའི་དང་། དེ་ནས་(ས་ཕྱེད་)སྲོག་དང་རྩོལ་བ་ཐམས་ཅད་ཨ་ཝ་དྷཱུ་ ཏིར་ཐིམ་པའི། རླུང་གིས་ལམ་ཁྲིད། དེ་ནས་སྲོག་རྩོལ་རླུང་འགྲོས་ཐམས་ཅད་ཨ་ཝ་དྷཱུ་ཏིར་ འགགས་ནས་(ས་གསུམ་པ་ལ་) ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་འགྱུར་རོ། ། གཉིས་པ་ནི། (འདྲེ་)ཁམས་འདུས་པ་དང་པོ་ལ་ཁམས་དྭངས་སྙིགས་མ་ཕྱེ་བས་ལམ་ ཁྲིད། བར་པ་ལ་ཅུང་ཟད་དྭངས་པས་ལམ་ཁྲིད། ཐ་མ་ལ་ཕལ་ཆེར་དྭངས་པས་ལམ་ཁྲིད་ དེ་ལོ་ཀ་པའི་ལམ་ཆོད་དོ། །དེ་ནས་ལོ་ཀ་ལས་འདས་པའི་ལམ་ལ་ཁམས་དྭངས་མས་ལམ་ ཁྲིད། དེ་ནས་(ས་བཞི་)དྭངས་མའི་བདུད་རྩི་བཅུད་ཀྱིས་ལམ་(སེམས་རིག་པ་འདི་གོང་ནས་གོང་དུ་) ཁྲིད། དེ་ནས་(ས་གཉིས་)ཁམས་དྭངས་མ་ཆེན་པོ་ལྔས་ལམ་ཁྲིད། དེ་ནས་(ས་བཅུ་གསུམ་པ་ལ་) བདུད་རྩིའི་འགྲོས་དབུ་མར་ཐིམ་ནས་དྭངས་མ་མཆོག་ཏུ་འགྱུར་རོ། ། གསུམ་པ་ནི་ཡང་ཁམས་འདུས་པ་དང་པོ་ལ་མ་ངེས་པ་འཁྲུལ་སྣང་དུ་དང་། གཉིས་པ་ ལ་ངེས་པ་མཐོང་སྣང་དུ་དང་། གསུམ་པ་ལ་ཤིན་ཏུ་ངེས་པ་གསལ་སྣང་དུ། འཆར་བའི་ཡི་ གེ་ལམ་ཁྲིད་དེ། ལོ་ཀ་པའི་ལམ་མན་ཆད་ཆོད་དོ། །དེ་ནས་ལོ་ཀ་ལས་འདས་པའི་ལམ་ལ། (ས་དྲུག་)ཡི་གེ་སྟོབས་ཅུང་ཟད་དྭངས་པས་ལམ་ཁྲིད། དེ་ནས་(ས་བཞི་)ཡི་གེ་སྟོབས་ཕལ་ཆེར་ དྭངས་པས་ལམ་ཁྲིད། དེ་ནས་(ས་གཉིས་)ཡི་གེ་སྟོབས་དག་པས་ལམ་ཁྲིད། དེ་ནས་(ས་ཕྱེད་) ཡི་གེ་སྟོབས་ཕལ་ཆེར་དག་པས་ལམ་ཁྲིད་དེ། དེ་ནས་(ས་བཅུ་གསུམ་པ་ལ་)ཡི་གེའི་འགྲོས་དབུ་ མར་ཐིམ་ནས་(ཨ་ཧཾ་)མི་ཤིགས་པའི་ཡི་གེར་འགྱུར་རོ། ། གཉིས་པ་ནི། ཕ་རོལ་ཏུ་ཕྱིན་པ་སོགས་དང་)ལུང་སྒོ་བསྟུན་གྱི་དབང་དུ་བྱས་ན། ལམ་ ལྟར་ན་ལྔ་བགྲོད། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་སོ་བདུན་ལྟར་ 2-1-222 ལམ་བགྲོད་དོ། །དང་པོ་ལྟར་ན་ཕྱི་དབྱིབས་ཀྱི་ཚོགས་ལམ་ལ་སོགས་པའི་ཚོགས་ ལམ་ལ་ཆུང་འབྲིང་ཆེན་པོ་གསུམ་མོ། །སྦྱོར་ལམ་ལ་རྣམ་རྟོག་སྔོན་དུ་སོང་པ་ལ་ སོགས་པ་དྲོད་ཆུང་འབྲིང་ཆེན་པོ་གསུམ། སྦྱོར་ལམ། རྩེ་མོ་བཟོད་པ། ཆོས་མཆོག་གསུམ་ པོ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་སྟེ། སྦྱོར་ལམ་ངེས་འབྱེད་ཆ་མཐུན་གསུམ་བཞི་བཅུ་ གཉིས་སོ། །དེ་ལྟར་ཚོགས་སྦྱོར་གཉིས་ཀྱིས་ལོ་ཀ་པའི་ལམ་མན་ཆད་ཆོད་དོ། །དེ་ནས་ལོ་ཀ་ ལ་འདས་པའི་ལམ་ལ། (ཕྱི་)རྟགས་(སོགས་)གསུམ་(ཚན་)དང་པོས་མཐོང་ལམ། རྟགས་གསུམ་ གསུམ་གྱིས་བསྒོམ་ལམ། རྟགས་གསུམ་གཉིས་ཀྱིས་མཐར་ཕྱིན་པའི་ལམ་མོ། །གཉིས་པ་ལྟར་ན། དང་པོ་རླུང་ལོག་ རེངས་དང་སྣང་པ་དགྲར་ལངས་ཀྱི་འཕྲང་གི་གཉེན་པོར་(ཕ་རོལ་ཏུ་ཕྱིན་པ་ལས་གོ་བཟློག་སྟེ་ལམ་ མྱུར་དུ་བགྲོད་པའམ་དབང་དུ་བྱས་ནས་)རྫུ་འཕྲུལ་གྱི་རྐང་པ་བཞི་འགྱུར། དེ་ནས་སྟོང་པ་དགྲར་ ལངས་དང་ཉམ་ངའི་འཕྲང་གི་གཉེན་པོར་དྲན་པ་ཉེ་བར་བཞག་པ་བཞི། དེ་ནས་ཐིག་ལེ་ འབར་འཛག་དང་བདེ་བས་བརྒྱལ་བའི་འཕྲང་གི་ གཉེན་པོར་ཡང་དག་པར་སྤོང་པ་བཞི། བཅུ་གཉིས་ཀྱིས་ལོ་ཀ་པའི་ལམ་མན་ཆད་ཆོད་དོ། ། དེ་ནས་ལོ་ཀ་ལས་འདས་པའི་ལམ་ལ། ས་དྲུག་མན་ཆད་(རྩ་ལ་བརྩིས་པ་)བྱང་ཆུབ་ཀྱི་ཡན་ ལག་བདུན། ས་བཞི་ལ་(རླུང་ལ་བརྩིས་པ་)དབང་པོ་ལྔ་དང་ནུས་པ་ལྔ། ས་གཉིས་ལ་(རླུང་ཐིག་ལ་ བརྩིས་པ་)སྟོབས་བཅུ། བཅུ་གསུམ་གྱི་ས་ཕྱེད་ལ་(བརྟེན་པ་ལ་བརྩིས་པ་)འཕགས་པའི་ལམ་ཡན་ ལག་བརྒྱད་དོ། །དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉི་ཤུ་རྩ་ལྔས་འཇིག་རྟེན་ལས་འདས་ པའི་ལམ་ཆོད་དོ། ། གཉིས་པ་ཚིག་གི་དོན་བསྟན་པ་ལ་ལྔ་ལས། དང་པོ། ལམ་དང་པོ་ཚོགས་ལམ་བཞི་ ལས། ཆུང་འབྲིང་ཆེ་གསུམ་ངོས་གཟུང་པ་བསྟན་པ་ནི། ཚོགས་ལམ་ནས་ཞེས་བྱ་བ། ཚོགས་ 2-1-223 ལམ་ནི་བཞི་སྟེ། ཕྱི་དབྱིབས་ཀྱི་ཚོགས་ལམ་ནི་ལྷ་དང་བླ་མ་ཐ་མི་དད་དུ་མདུན་གྱི་ནམ་ མཁའ་ལ་སྤྱན་དྲངས་ཏེ། མཆོད་པ་ལྔ་བྱས་པ་(བསྐྱེད་རིམ་)ནས་བཟུང་སྟེ་ཚོགས་ལམ། ནང་ སྔགས་ཀྱི་ཚོགས་ལམ་ནི། ལྟེ་བའི་གནས་སུ་རླུང་སེམས་(ཙན་ཊ་ལི་)འཚོགས་པ་ནས་བཟུང་ སྟེ་ཚོགས་ལམ(ཆུང་ངུ་པ)། གསང་པ་དབང་གི་ཚོགས་ལམ་ནི་(ཕྱག་རྒྱ་མ་)ཡུམ་གྱི་མཁར་རླུང་ སེམས་ཚོགས་པ་ནས་བཟུང་སྟེ་ཚོགས་ལམ(འབྲིང་)། དེ་ཁོ་ན་ཉིད་མཐར་ཐུག་གི་ཚོགས་ལམ་ ནི་དགྱེས་སོགས་པད་ཅན་བཅུ་གཉིས་མའི་རྩ་མཆོག་གི་ཟེ་བར་རླུང་སེམས་འཚོགས་པ་ནས་ བཟུང་སྟེ་ཚོགས་ལམ་(ཆེན)མོ། །མདོར་ན་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་རྒྱུ་ཚོགས་པ་ ལ་ཚོགས་ལམ་ཞེས་བྱ་བར་བཞེད་དོ། །(ཚོགས་)ལམ་དེས་སྦྱོར་ལམ་དྲོད་དང་འབྱོར་བར་གྱུར་ པས་ན་ཚོགས་ལམ་ཆུང་འབྲིང་ཆེན་པོར་ཁམས་འདུས་པ་གསུམ་རིམ་གྱིས་འབྱུང་པའི་བྱེ་ བྲག་གིས། སྦྱོར་ལམ་དྲོད་ཆུང་འབྲིང་ཆེ་གསུམ་རིམ་གྱིས་འབྱུང་བའོ། ། གཉིས་པ་ཚོགས་ལམ་ནས་ཁམས་འདུ་ལུགས་གསུམ་གྱི་ཕྱོགས་མེད་བསྟན་ པ་ནི། ཁམས་འདུ་ལུགས་གསུམ་གྱི་ཕྱོགས་མེད་རྣམས་ཀྱིས་ཞེས་གསུངས་ཏེ། དེ་ཡང་ ཁམས་འདུ་ལུགས་གསུམ་གྱི་ཞེས་པ་ནི་ཚོགས་ལམ་ནས་ལས་འཕྲོ་ཅན་(རྒྱུ་དུས་སུ་)རང་གི་ ངང་གིས་དང་། མོས་གུས་ཅན་(ལ་བླ་མ་སོགས་ཀྱི་)བྱིན་རླབས་ཀྱིས་ དང་། བརྩོན་འགྲུས་ཅན་(ཐུན་བཞི་སོགས་)འབད་རྩོལ་གྱིས་ཁམས་འདུའོ། །དེ་ལ་ ཕྱོགས་མེད་རྣམས་ཀྱིས་ཞེས་པ་ནི་བརྒྱད་དེ། དང་པོ་ལ་སྦྱར་ན། ལས་འཕྲོ་ཅན་ལས་འཕྲོ་ ཕྱོགས་མེད་དུ་སད་པས། སྒོམ་ཏིང་ངེ་འཛིན་ཕྱོགས་མེད་དུ་སྐྱེ། དེས་རླུང་ཕྱོགས་མེད་དུ་ལོག དེས་གཏུམ་མོའི་མེ་ཕྱོགས་མེད་དུ་འབར། དེས་རྩའི་མདུད་པ་ཕྱོགས་མེད་དུ་དྲལ། དེས་ ཁམས་ཕྱོགས་མེད་དུ་འདུས། དེས་ཉམས་ཕྱོགས་མེད་དུ་ཤར། དེས་ཡོན་ཏན་ཕྱོགས་མེད་ དུ་རྒྱུད་ལ་འཆར་ཏེ་བརྒྱད་དོ། །དེ་ལ་ཡོན་ཏན་ནི་དང་པོར་ཟག་བཅས་ཀྱི་མངོན་པར་ཤེས་ 2-1-224 པ་ལ་སོགས་པ་ཡོན་ཏན་ཕྱོགས་སུ་འཆར། དེ་ནས་ཟག་མེད་ཀྱི་མངོན་ཤེས་ལ་སོགས་པའི་ ཡོན་ཏན་ཕྱོགས་མེད་དུ་འཆར་རོ། །དེ་བཞིན་དུ་མོས་གུས་ཅན་དང་། བརྩོན་འགྲུས་ཅན་ལ་ ཕྱོགས་མེད་བརྒྱད་བརྒྱད་དེ་ཉི་ཤུ་རྩ་བཞིར་(ཕྱོགས་མེད་ཉི་ཤུ་རྩ་གཅིག་པོ་ཐམས་ཅད་དང་ལྡན་ན་ཚེ་ འདི་ལ་གྲུབ་མཐའ་སྙོགས། བཅུ་བཞི་དང་ལྡན་ན་བར་དོར་གྲུབ་མཐའ་སྙོགས། བདུན་དང་ལྡན་ན་སྐྱེ་བ་བཅུ་དྲུག་ ལ་སོགས་པ་ནས་གྲུབ་མཐའ་སྙོགས་པར་འགྱུར་རོ་གསུང་སྟེ་)འགྱུར་རོ(དཔྱད་པར་བྱའོ)། །དེ་དག་ཀྱང་ དང་པོ་ཏིང་ངེ་འཛིན་གྱི་རྒྱུ། བར་པ་དྲུག་ཏིང་ངེ་འཛིན་གྱི་རང་གི་ངོ་བོ། ཐ་མ་ཕན་ཡོན་ནམ་ འབྲས་བུའོ། །འདི་རྣམས་ཀྱི་དུས་སུ་ཏིང་ངེ་འཛིན་གྱི་འཕྲང་བརྒྱད་དང་། ཉམས་བྱུང་རྒྱལ་དུ་ མི་གཏང་པའི་གནད་བཞིའི་གེགས་སེལ་དགོས་ཏེ། ལོགས་སུ་ཤེས་པར་བྱའོ། ། གསུམ་པ་སེམས་གནས་ལུགས་གསུམ་གྱི་འབྲས་བུ་བཞི་ཐོབ་རྒྱུ་བསྟན་པ་ནི། རླུང་སེམས་བདག་བྱིན་གྱིས་བརླབས་པའི་རིམ་པས་ཞེས་གསུངས་ཏེ། དེའང་ཏིང་ངེ་འཛིན་ སྐྱེས་ནས་རླུང་ལོག་པས་སེམས་གནས། རླུང་སེམས་བདག་བྱིན་གྱིས་བརླབས་པས་སེམས་ གནས། རྟེན་མཉམ་དུ་འདྲེས་པས་སེམས་གནས་ཏེ། དང་པོ་ནི་(དཔེ་)ཆུ་བཀག་པའམ་རྟ་བཟུང་པ་ལྟ་བུ། གཉིས་པ་ནི་དུག་གིས་བརྒྱལ་བ་ལ་ སོགས་པ་ལྟ་བུ། གསུམ་པ་ནི་ཆུ་ལ་ཆུ་འམ་མར་ལ་མར་བཞག་པ་ལྟ་བུའོ། ། དེ་ཐོག་མཐའ་གཉིས་ནི་འོག་ཏུ་འབྱུང་ལ། འདིར་རླུང་སེམས་(གཉིས་ཀྱིས་)བདག་བྱིན་གྱིས་ བརླབས་པའི་རིམ་པས་འབྲས་བུ་བཞི་ཐོབ་རིམ་བསྟན་ཏོ། ། བཞི་པ་བདག་བྱིན་གྱིས་བརླབས་པས་འབྲས་བུ་སྐུ་བཞི་ཐོབ་ལུགས་བསྟན་པ་ནི། ཐ་ མལ་པའི་ལུས་ངག་ཡིད་དང་བྲལ་བའི་འབྲས་བུ་བཞི་ཐོབ་ནས་ཞེས་གསུངས་ཏེ། དེ་ལ་ གཉིས་ཏེ། ཚོགས་དྲོད་ལམ་འདིར་འཆར་བའི་འབྲས་བུ་ 2-1-225 སྐུ་བཞི་ཆ་མཐུན་པ་དང་། གྲུབ་མཐའ་སོ་སོར་འཆར་བའི་འབྲས་བུ་སྐུ་བཞི་མཚན་ ཉིད་པ། ཐོབ་ལུགས་བསྟན་པའོ། །དང་པོ་(རླུང་དབུ་མར་མས་རིམ་ནས་ཆུད་དེ་ཡས་རིམ་ནས་ཟིན་པས་) ནི་རླུང་སེམས་བདག་བྱིན་གྱིས་བརླབས་པའི་རིམ་པས། སྤྱི་གཙུག་གི་འཁོར་ལོར་ཐ་མལ་ པའི་ལུས་ཀྱི་སྒྲིབ་པ་དང་བྲལ་བ། རང་གི་སྤང་བྱའི་དྲི་མ་མེད་པའི། དྲི་མ་མེད་པའི་འབྲས་བུ་ སྤྲུལ་སྐུ་ཐོབ། མགྲིན་པའི་འཁོར་ལོ་ཐ་མལ་པའི་ངག་གི་དྲི་མ་དང་བྲལ་བ། སྐྱེས་བུའི་རང་ གི་བྱེད་ལས་ལས་བྱུང་པའི། སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྐུ་ཐོབ། སྙིང་ཁའི་འཁོར་ ལོ། ཐ་མལ་པའི་ཡིད་ཀྱི་སྒྲིབ་པ་དང་བྲལ་བ། རང་ལ་ཡོད་བཞིན་རང་ལ་སྨིན་པས་རྣམ་པར་ སྨིན་པའི་འབྲས་བུ་ཆོས་སྐུ་ཐོབ། ལྟེ་བའི་འཁོར་ལོ། ཐ་མལ་པའི་སྒྲིབ་པ་གསུམ་ཀ་དང་བྲལ་ བ། རང་ལ་རྒྱུ་གནས་པ་དང་མཐུན་པར་ཉམས་སུ་མྱོང་པས། རྒྱུ་མཐུན་ལྷན་ཅིག་སྐྱེས་པའི་ འབྲས་བུ་བཞི་པ་སྐུ་གསུང་ཐུགས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ། །དེ་ལྟར་འབྲས་བུ་ སྐུ་བཞི་ཆ་མཐུན་པ་ཙམ་ཐོབ་ནས། དང་པོར་བསྐྱེད་རིམ་ཅུང་ཟད་ཙམ་བརྟན་ཏོ། །བདག་ གཞན་གྱི་ལུས་ལྷར་འཆར། ཐ་མལ་པའི་ལུས་དང་བྲལ་ཏེ། འབྲས་བུ་དང་པོའོ། ། གཉིས་པར་ནི་ཡང་དེ་ཙམ་ན་དུད་འགྲོ་ལ་སོགས་པའི་སྐད་ཅི་རིགས་པར་གོ། །ཅི་ རིགས་པར་སྨྲ་ཤེས། ངག་སྔགས་སུ་འཆར་ཐ་མལ་པའི་ངག་དང་བྲལ་ཏེ། འབྲས་བུ་གཉིས་ པའོ། ། གསུམ་པར་ནི་ཡང་དེ་ཙམ་ན་སེམས་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྒྱུན་མི་ འཆད། ལུས་ལ་བདེ་བ་རྒྱུན་མི་འཆད། དུ་ཁ་གྱི་རྐྱེན་གྱིས་ཀྱང་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ། ཐ་མལ་པའི་ཡིད་དང་བྲལ་ཏེ་འབྲས་བུ་གསུམ་པའོ། ། བཞི་པར་ནི་རླུང་སེམས་དབུ་མར་ཚུད། བཙུན་མོ(པད་ཅན་བཅུ་གཉིས་མ)ས་པང་ ནས་འཁྱུད། བདེ་སྟོང་རྒྱུན་མི་འཆད། ཉོན་མོངས་པ་བློ་བུར་བ་ལྡོག། ཆོས་བརྒྱད་ 2-1-226 ཀྱི་རྣམ་པར་རྟོག་པའི་བློ་ཡང་རིམ་གྱིས་འགག གང་ལ་ཡང་ཞེན་པ་ཆུང་སྟེ། འབྲས་བུ་(རྣམ་པར་སྨིན་པའི་རིག་འཛིན་)བཞི་པའོ། ། གཉིས་པ་ནི་འབྲས་བུ་སྐུ་བཞིའི་ངོ་བོ་ཙམ་རླུང་སེམས་མར་བྱོན་པའི་རིམ་པས་དང་། རྫོགས་པར་ཡར་གཤེགས་པའི་རིམ་པས། ཐོབ་ལུགས་ནི་རྒྱས་པར་ལོ་ཀ་ལས་འདས་པའི་ ལམ་དུ་བསྟན་པ་བཞིན་ཤེས་པར་བྱའོ། ། ལྔ་པ་ལུང་སྒོ་བསྟུན་ལྟར་ལམ་ལ་ས་མྱུར་དུ་བགྲོད་པར་བསྟན་པ་ནི། བྱང་ཆུབ་ཀྱི་ ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལྟར་ལམ་བགྲོད་ན་ཞེས་གསུངས་ཏེ། བྱང་ཆུབ་ ནི་ས་བཅུ་གསུམ་པའི་སྤངས་པ་དང་རྟོགས་པའི་ཡེ་ཤེས། ཕྱོགས་ནི་རྒྱུ་མཐུན་པའི་རིགས། ཆོས་ནི་རྣམ་པར་དཀར་བའི་ཆོས་སོ། །སུམ་ཅུ་སོ་བདུན་ནི་རྟེན་འབྲེལ་རླུང་ལ་སོགས་པ་ལ་ གཞག་སྟེ་གྲངས་སོ། །དེ་ལྟར་འདིར་ལུས་ལ་རྟེན་འབྲེལ་བསྒྲིགས་པས་ལམ་ལ་བགྲོད་(སྦྱངས་) ན་མྱུར་དུ་སངས་རྒྱས་ཞེས་ཕྱིར་བསྟན་པའོ། ། ༈ ད་ནི་གཉིས་པ་བྱེ་བྲག་ཏུ་ཚོགས་སྦྱོར་ལམ་འབྲས་བསྟན་པ་ལ་གཉིས། ཚོགས་ ལམ་གསུམ་དང་སྦྱོར་ལམ་དྲོད་གསུམ་དང་། སྦྱོར་ལམ་རྩེ་མོ་བཟོད་པ་ཆོས་མཆོག་གི། ལམ་ འབྲས་བསྟན་པའོ། ། དང་པོ་ལ་གསུམ། ཚོགས་ལམ་ཆུང་པ་རྫུ་འཕྲུལ་གྱི་རྐང་པ་བཞི། ཁམས་འདུས་པ་དང་ པོ་(སྦྱོར་ལམ་)དྲོད་ཆུང་པའི་དང་། ཚོགས་ལམ་འབྲང་པོ་དྲན་པ་ཉེར་བཞག་བཞི་ཁམས་འདུས་ པ་བར་བ་(སྦྱོར་ལམ་)དྲོད་འབྲིང་གི་དང་། ཚོགས་ལམ་ཆེན་པོ་ཡང་དག་པར་སྤོང་བ་བཞི་ ཁམས་འདུས་པ་ཐ་མ་(སྦྱོར་ལམ་)དྲོད་ཆེན་པོའི་ལམ་འབྲས་བསྟན་པའོ། ། དང་པོ་ལ་བཞི། རང་བཞིན་སྟོང་པའི་ཏིང་ངེ་འཛིན། ཤེས་པ་གསལ་སྟོང་དབྱེར་མེད་ རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི། སྐྱེ་རྒྱུ་དང་། ངོ་བོ་དང་། ཉམས་སྐྱེ་ཚུལ་དང་། ལམ་ 2-1-227 བགྲོད་ལུགས། བསྟན་པའོ། །དང་པོ་ལ་གཉིས་ལས། རྫུ་འཕྲུལ་རྐང་པ་བཞི་རང་བཞིན་ སྟོང་པའི་ཏིང་ངེ་འཛིན་གྱི་ངོ་བོ་(ཁྱད་པར་ཅན་)སྐྱེ་བའི་རྒྱུར་བསྟན་པ་ནི། བསྒོམ་པ་ཞེས་སོགས་ གསུངས་པ་ལས། ཕྱིའི་མཚན་ཉིད་རྒྱུའི་ཐེག་པའི་ལུགས་ཀྱིས། རྫུ་འཕྲུལ་གྱི་རྐང་པ་བཞི་ ནི། འདུན་པ། བརྩོན་འགྲུས། སེམས་པ། དཔྱོད་པ། རྫུ་འཕྲུལ་གྱི་རྐང་པའོ། །ནང་གསང་ སྔགས་འབྲས་བུའི་ཐེག་པའི་ལུགས་ཀྱིས། བསྒོམ་པ་མི་འཆོར་བའི་རྫུ་འཕྲུལ་གྱི་རྐང་པ་བཞི་ ནི་ལམ་མྱུར་དུ་བགྲོད་པའི་དབང་དུ་བྱས་ནས་དང་པོར་སྨོས་ཏེ། རྩ་རླུང་གཙོར་གྱུར་པའི་ དབང་དུ་བྱས་པའོ། །དེ་ལ་བསྒོམ་པ་ནི་རང་བཞིན་སྟོང་པའི་ཏིང་ངེ་འཛིན། ཤེས་པ་གསལ་ སྟོང་དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ཏིང་ངེ་འཛིན་བསྒོམ་པའོ། །མི་འཆོར་བའི་ ནི་རྟེན་འབྲེལ་རང་ལ་འགྲིག་པས་བསྒོམ་པ་ཏིང་ངེ་འཛིན་གྱི་ངོ་བོ་རྒྱུན་དུ་མི་འཆོར་བར་སྐྱེད་ པའི་རྒྱུ་བྱེད་པས་སོ། །རྫུ་བ་ནི་སྤྲུལ་པ། འཕྲུལ་བ་ནི་སྣ་ཚོགས་སུ་འགྲོ་བ། རྐང་པ་ནི་དེའི་ རྒྱུ་ཏིང་ངེ་འཛིན་ཏེ། ལམ་རྫུ་འཕྲུལ་གྱི་རྐང་པ་སྣ་ཚོགས་ཀྱིས་འབྲས་བུ་སངས་རྒྱས་ཀྱི་སར་ འགྲོ་བ་ལ། དེའི་རྒྱུ་ཏིང་ངེ་འཛིན་གྱི་རྐང་པ་དགོས་ཏེ། ཡུལ་སྣ་ཚོགས་སུ་འགྲོ་བ་ལ་དེའི་རྒྱུ་ རྐང་པ་དགོས་པ་བཞིན་ནོ། །བཞི་ནི་གྲངས་སོ། །དེ་བཞི་གང་གི་གཉེན་པོ་ཡིན་ན། རླུང་ལོག་ རེངས་དང་། སྣང་པ་དགྲར་ལངས་ཀྱི་འཕྲང་གི་གཉེན་པོ་སྟེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་ ནི། ལོ་ཀ་འཁོར་བ་དང་། འདས་པ་མྱང་འདས་གཉིས་ཀ་བསྐྱེད་པའི་[ ]ཀྱི་རླུང་གཡོན་རྐྱང་མ་ འཛིན་པའི་རྣམ་རྟོག་སྐྱེད་པ་ཐབས་ཕོའི་རྩ། སྲོག་གི་ལམ་(གཡོན་གྱི་སྣ་)སྒོ་ནས། ནམ་མཁའ་ རླུང་མེ་ཆུ་ས་ཐབས་ཕོའི་རླུང་བསྐྱེད་རིམ་གྱིས་རྒྱུ་བ་ལྔ་དང་། གཡས་རོ་མ་[ ]རྣམ་རྟོག་སྐྱེད་ པ་ཤེས་རབ་མོའི་རྩ་རྩོལ་བའི་ལམ་(གཡས་ཀྱི་སྣ་)སྒོ་ནས། ས་ཆུ་མེ་རླུང་ནམ་མཁའ་ཤེས་རབ་ མོའི་རླུང་སྡུད་རིམ་གྱིས་རྒྱུ་བ་ལྔ་སྟེ། རླུང་ཕྱོགས་མེད་དུ་ལོག་ནས། དབུས་ཀུན་དྷར་མ་[ ]མི་ རྟོག་ཡེ་ཤེས་སྐྱེད་པ་ཐབས་ཤེས་ཟུང་འཇུག་མ་ནིང་གི་རྩའི་ལམ་དུ་ཆུད་དེ། (སྣ་)སྒོ་ 2-1-228 གཉིས་ཀ་ནས་ཐབས་ཤེས་མ་ནིང་གི་རླུང་སྐྱེད་སྡུད་ཀྱི་ཆ་ཡིས་མཉམ་སྙོམས་སུ་རྒྱུ་བ་ནི་ཡེ་ ཤེས་ཀྱི་རླུང་། དྲག་པོར་རྒྱུ་བ་ཕོ་རླུང་གཡོ་འཕར་དང་། དལ་བར་རྒྱུ་ བ་མོའི་རླུང་གཡོ་འགུལ་དང་། ཤིན་ཏུ་དལ་བར་རྒྱུ་བ་མ་ནིང་གི་རླུང་འདར་སྤྲུག་དང་། ཤིན་ཏུ་དྲག་པོར་རྒྱུ་བ་ཐོད་རྒལ་གྱི་རླུང་མཆོང་རྒྱུག་གི་རླུང་(སྦྱོར་)གིས་ གཏུམ་མོ་ཡེ་ཤེས་ཀྱི་མེ་ཕྱོགས་མེད་དུ་འབར་བས། རང་བཞིན་སྟོང་པའི་ཏིང་ངེ་ འཛིན་གྱི་ངོ་བོ་སྐྱེད་པའི་རྒྱུ་བྱེད་པས་རྐང་པ་སྟེ། རྫུ་འཕྲུལ་གྱི་རྐང་པ་དང་པོ་འདུན་ པ་དང་། གཉིས་པ་བརྩོན་འགྲུས་དང་། གསུམ་པ་སེམས་དང་། བཞི་པ་དཔྱོད་པ། ཞེས་རིམ་པར་སྦྱར་རོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞིས་རླུང་ལོག་རེངས་དང་། སྣང་བ་དགྲར་ལངས་ཀྱི་འཕྲང་སྒྲོལ་ཏེ། རང་བཞིན་སྟོང་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བས་ བསྒོམ་པའོ། ། གཉིས་པ་ཁམས་འདུས་པ་དང་པོ་རང་བཞིན་སྟོང་པའི་ཏིང་ངེ་འཛིན་གྱི་ཉམས་དྲོད་སྐྱེ་ བའི་རྒྱུར་བསྟན་པ་ལ་གཉིས། སྤྱིར་དང་། བྱེ་བྲག་ཏུ་བསྟན་པའོ། ། དང་པོ་ནི་ཁམས་འདུས་པ་དང་པོ་ཞེས་བྱ་བ། (ཁམས་བཅུས་)རྩ་རིན་པོ་ཆེའི་ཕོ་ བྲང་(འཁོར་ལོ་)བཞི་ལ་སོགས་པར་(འདུ་རྒྱུ་འདུ་ཚུལ་ལ་)རླུང་(ལྔ)སེམས་(བདུད་རྩི་ལྔ་)བཅུ་(རང་ བཞིན་གྱིས་གནས་པ་)དམ་ཚིག་(འདུ་ཚུལ་ལ་)པ་དང་། (བསྒོམ་པ་ལས་བྱོན་པ་)ཡེ་ཤེས་པའི་མཁའ་ འགྲོ་ཡབ་ཡུམ་གྱི་ཚུལ་གྱིས་འདུས་པའི་(དཔེ་)རྒུན་གྱི་རླུང་པོ་ལག་ཆ་ཅན་ལྟ་བུས་རྩ་དྲལ་[ ] པས་ཞེས་བྱ་བ་དཔེ་རྒུན་གྱི་རླུང་པོ་གྲང་པའི་རེག་ཆེ་བའི་ལག་ཆ་ཅན་ལྟ་བུ་གནོད་པ་གཙོ་ཆེ་ བའི་རླུང་གིས་རྩ་དྲལ། རྩ་དྲལ་བའི་ནང་དུ་རླུང་ སེམས་དྭངས་སྙིགས་མ་ཕྱེད་པའི་ཁམས་འདུས་[ ]སེམས་གནས་པ་སེམས་ཉམས། རྟ་རྨི་བ་རྨི་ཉམས། དེ་ཙམ་ན་སྔར་རྩ་རླུང་བྱང་པར་མ་གྱུར་པས་རྩ་རླུང་གི་ཟུག་འབྱུང་པ་ལུས་ 2-1-229 ཉམས་སོ། ། གཉིས་པ་རྩ་སྣ་ཚོགས་མདུད་སོགས་སུ་[ ]ཏེ། དེ་ལ་དོན་གྱིས་བསྟན་པ་གཉིས། སྤྱི་དང་། ཚིག དོན་བསྟན་པའོ། །དང་པོ་ལ་གསུམ་ལས། རླུང་གི་རྣམ་པར་དབྱེ་བ་བཅུ་ནི། གཞི་རྩ་ བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྟེ་བཅུའོ། ། གཉིས་པ་ཉམས་སུ་བླང་བའི་གནད་བཞིའམ་བདུན་ནི་གསང་དབང་གི་ལམ་བདག་ བྱིན་གྱིས་བརླབ་པའི་རིམ་པར་བསྟན་ཟིན་ཏོ། ། གསུམ་པ་མན་ངག་གི་གནད་བདུན་ཅུ་ཐམ་པ་ནི། རླུང་རེ་རེ་ལ་མིང་གང་ཡིན་པ། གནས་ གང་ན་གནས་པ། ལས་ཅི་བྱེད་པ། དེ་ཟིན་པའི་ཟུག ཏིང་ངེ་འཛིན་གང་ཡིན་པ། རེངས་པའི་ སྐྱོན། བཅོས་པའི་ཐབས་ཏེ་བདུན་ནོ། །དེ་ལ་རྩ་ བའི་རླུང་ལྔ་ལས། མིང་ནི་(ཆུ་རླུང་)སྲོག་འཛིན་པ། གནས་སྲོག་པ་རྩ་ན་གནས། ལས་ལུས་ དང་སེམས་མི་འབྲལ་བར་བྱེད། ང་བདག་ཏུ་འཛིན་པར་བྱེད། དེ་(རྩུབ་རླུང་དུ་)ཟིན་པའི་ཟུག་ ནི་སྙིང་འཆུ་ཞིང་སྤྲུག རོ་སྟོད་གཟེར་ཞིང་ན། ཁ་ཤུས་འབྱིན་ནོ། །(འཇམ་རླུང་དུ་ཟིན་ན་)ཏིང་ ངེ་འཛིན་སྟོང་གསལ་ཡུན་རིང་བ་གཅིག་སྐྱེ། རེངས་ན་སྙིང་རླུང་ལ་སོགས་པར་འགྱུར་རོ། ། བཅོས་པའི་ཐབས་ལ་གསུམ། ལ་དོར། བདེ་བ་སྒོམ། བྱིན་གྱིས་བརླབ། ༈ མིང་ནི་(ས་རླུང་)མེ་དང་མཉམ་པར་གནས་པ། གནས་ལྟེ་བ་ན་གནས། ལས་ཁ་ཟས་ འཇུ་བར་བྱེད། དྭངས་སྙིགས་འབྱེད་པར་བྱེད། དེ་(རྩུབ་རླུང་)ཟིན་ན་ཟུག་ནི་ཕོ་བ་སྦོ། འུར་སྒྲ་ ལ་སོགས་པ་འབྱིན། (འཇམ་རླུང་དུ་ཟིན་ན་)ཏིང་ངེ་འཛིན་བདེ་སྟོང་ཡུན་ཐུང་པ་གཅིག་སྐྱེ། རེངས་ ན་དམུ་ཆུ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ མིང་(རླུང་གི་རླུང་)ནི་ཐུར་སེལ། གནས་གསང་གནས་ན་གནས། ལས་སི་ཧླ་དང་ག་པུར་ འཕེན་པར་བྱེད། སྡོམ་པར་བྱེད། བཞི་མཉམ་དང་བླ་རྩི་འཕེན་པར་བྱེད་སྡོམ་པར་བྱེད། (རྩུབ་ 2-1-230 རླུང་དུ་)དེ་ཟིན་ན་ཟུག་ནི་འགྲོ་འོང་གི་བར་དུ་ཟུག་ཅིང་ན། (འཇམ་རླུང་དུ་ཟིན་ན་)ཏིང་ངེ་འཛིན་ བདེ་སྟོང་ཡུན་རིང་པ་གཅིག་སྐྱེ། རེངས་ན་རོ་སྨད་གཤལ་ཞིང་མི་ཐེག དྲི་ཆེན་དང་དྲི་ཆུ་ལ་ སོགས་པ་དོམ། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ མིང་ནི་(མེ་རླུང་)གྱེན་དུ་རྒྱུ་བ། གནས་མགྲིན་པ་ན་གནས། ལས་སྨྲ་བ་དང་རྒོད་པར་ བྱེད། ཁ་ཟས་འཕུལ་ཞིང་གྱེན་དུ་འདྲེན་པར་བྱེད་དོ། །(རྩུབ་རླུང་དུ་)དེ་ཟིན་ན་ཟུག་ནི་མགྲིན་པ་ སྐྲང་ཞིང་ན། (འཇམ་རླུང་དུ་ཟིན་ན་)ཏིང་ངེ་འཛིན་འཛིན་ཤེས་པ་གསལ་བ་ཡུན་རིང་པ་གཅིག་སྐྱེ། རེངས་ན་རྐོག་འབྲས་ལ་སོགས་པར་འགྱུར་རོ། །བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ མིང་ནི་(ནམ་མཁའི་རླུང་)ཁྱབ་བྱེད། གནས་སྤྱི་བོ་དང་ཚིགས་ཆེན་བཅུ་གཉིས་ ལ་གནས། ལས་མཆོང་བ་དང་། རྒྱུག་པ་དང་། འདེགས་པ་དང་། འཇོག་པ་ལ་སོགས་པ་ བྱེད། (རྩུབ་རླུང་དུ་)དེ་ཟིན་ན་ཟུག་ནི་མགོ་བོ་ན། ཚིགས་ཀྱི་ཚོགས་ཐམས་ཅད་ན། (འཇམ་རླུང་དུ་ ཟིན་ན་)ཏིང་ངེ་འཛིན་ལུས་ཐམས་ཅད་བདེ་གསལ་གྱི་རྣམ་པར་སྐྱེ། རེངས་ན་ཡན་ལག་འཁུམ་ ཞིང་སྒུར་པོ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ དེ་དག་གིས་ནི་གཞི་རྩ་བའི་རླུང་ལྔའི་མན་ངག་གི་གནད་སུམ་ཅུ་རྩ་ལྔ་བསྟན་ཏོ། ། ༈ ད་ནི་ཡན་ལག་གི་རླུང་ལྔ་ལས། མིང་(འདི་ལྔ་ག་རྒྱུ་བས་ན་)ནི་རྒྱུ་བ། གནས་མིག་གཉིས་ ལ་གནས། ལས་གཟུགས་རབ་འབྲིང་ཐ་གསུམ་རིག་པར་བྱེད། དེ་ (རྩུབ་རླུང་དུ་)ཟིན་ན་ཟུག་ ནི་མིག་དང་མིག་ཕུགས་སུ་ཟུག་ཅིང་ན། (འཇམ་རླུང་དུ་ཟིན་ན་) ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་། སླར་རྟོགས་པ་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ ན་ལོང་བ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ མིང་ནི་རབ་ཏུ་རྒྱུ་བ། གནས་རྣ་བ་གཉིས་ལ་གནས། ལས་སྒྲ་རབ་འབྲིང་ཐ་གསུམ་ 2-1-231 རིག་པར་བྱེད། དེ་(རྩུབ་རླུང་དུ་)ཟིན་ན་ཟུག་ནི་རྣ་ཁུང་གཟེར་ཞིང་ན། ཅུང་ཟད་ཐོས་པ་དཀའ། (འཇམ་རླུང་དུ་ཟིན་ན་)ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་ རྟོགས་པ་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་འོན་པ་ལ་སོགས་པར་འགྱུར། སྐབས་ སུ་(རྣ་བ་ནས་)རྣག་ཁྲག་ལ་སོགས་པ་འཛག བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ མིང་ནི་ཤིན་ཏུ་རྒྱུ་བ། གནས་སྣའི་འདོམ་པ་ལ་གནས། ལས་དྲི་རབ་འབྲིང་ཐ་གསུམ་ རིག་པར་བྱེད། དེ་(རྩུབ་རླུང་དུ་)ཟིན་ན་ཟུག་ནི་སྣ་དང་སྣ་རུས་ན། (འཇམ་རླུང་དུ་ཟིན་ན་)ཏིང་ངེ་ འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པ་ཡེ་ཤེས་ཀྱི་གྲོགས་བྱེད། རེངས་ན་སྣ་ཞོམ་ཞིང་ དྲི་མི་ཚོར། བཅོས་པའི་ཐབས་སྔ་མ་བཞིན་ཏེ་བདུན་ནོ། ། ༈ མིང་ནི་མངོན་པར་རྒྱུ་བ། གནས་ལྕེ་དང་ལྕེ་ཆུང་ལ་གནས། ལས་རོ་རབ་འབྲིང་ཐ་ གསུམ་རིག་པར་བྱེད། དེ་(རྩུབ་རླུང་དུ་)ཟིན་ན་ཟུག་ནི་ལྕེ་དང་ལྕེ་ཆུང་སྐྲང་ཞིང་ན། (འཇམ་རླུང་དུ་ ཟིན་ན་)ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པ་ཡེ་ ཤེས་ཀྱི་གྲོགས་བྱེད། རེངས་ན་ལྐུགས་པ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་མ་ བཞིན་ཏེ་བདུན་ནོ། ། ༈ མིང་ནི་ཡང་དག་པར་རྒྱུ་བ། གནས་རྩ་དང་ལྤགས་པ་དང་བ་སྤུའི་ཚོགས་ཐམས་ཅད་ ན་གནས། ལས་རེག་བྱ་རབ་འབྲིང་ཐ་གསུམ་རིག་པར་བྱེད། དེ་(རྩུབ་རླུང་དུ་)ཟིན་ན་ཟུག་ནི་སྤུ་ ལུས་ཐམས་ཅད་ཚ་ཞིང་འབྲབ་པ་ལ་སོགས་པ་འབྱུང་། (འཇམ་རླུང་དུ་ཟིན་ན་)ཏིང་ངེ་འཛིན་ཡུལ་དེས་མི་གནོད་ཅིང་སླར་རྟོགས་པ་ཡེ་ཤེས་ཀྱི་གྲོགས་ བྱེད། རེངས་ན་ལྤགས་པ་འགོག་ཅིང་ཟ་འབྲུམ་ལ་སོགས་པར་འགྱུར། བཅོས་པའི་ཐབས་སྔ་ མ་བཞིན་ཏེ་བདུན་ནོ། ། ༈ དེ་ལ་བཅོས་ཐབས་གསུམ་གྱི་དང་པོ་ལ་དོར་བ་ལ་གསུམ། རྩ་(ནས་)དེ་ཉིད་ཀྱི་གནས་ 2-1-232 སུ་(གཏད་)ལ་དོར། རླུང་རྔན་དགས་བྱིན་ཏེ་(ནང་དུ་རྔུབས་ལ་ན་སར་གཏད)ལ་དོར། སེམས་ཉམས་ ཀྱི་དྲོད་(ན་བ་ཉིད་ས་མ་ཏི་ཡིན་པས་)བྱུང་རྒྱལ་ལ་དོར་རོ། ། གཉིས་པ་བྱིན་རླབས་ལ་དྲུག བླ་མ་དམ་པ(སྤྱི་བོར་བསྒོམས་ལ་མོས་གུ)ས་དང་། ལྷག་པའི་ལྷ(ཡེ་ཤེས་གཞུག་པ)ས་དང་། ནང་མཁའ་འགྲོ(ཚོགས་ཀྱིས་མཉེས་པ)ས་དང་། ཐེག་ པ་ཆེན་པོ་ཟབ་མོ་མདོ་རྒྱུད་ཀྱི(ཚིག་དོན་ངོ་མཚར་ཆེ་བས་སེམས་ཚིམ་པ)ས་དང་། སྣང་པ་སྣ་ཚོགས་ ཀྱི(ལྟད་མོ་ངོ་མཚར་ཆེ་བ)ས་དང་། རྟེན་འབྲེལ་ཟབ་མོ(མདོ་ལུང་ལ་སོགས་པ)ས་བྱིན་གྱིས་བརླབ་ པའོ། ། གསུམ་པ་བདེ་བ་སྒོམ་པ་ལ་གཉིས། (བསྒོམ་སྟེར་བཙལ་བ་དང་འདྲ་བས་)སྟེང་ལོངས་ སྤྱོད་ཀྱི་རྦ་རླབས་ཉིད་དང་། འོག་གསང་པའི་སྙོམས་འཇུག་ལ་བརྟེན་ཏེ་བདེ་བ་བསྒོམ་པའོ། ། ད་ནི་གཉིས་པ་ཚིག་གི་དོན་བསྟན་པ་ནི། རྩ་སྣ་ཚོགས་མདུད་པ་ནི་ལྟེ་བ། སོགས་ཀྱིས་ བསྡུས་པ་ཕོ་བྲང་འདུ་ས་བཞིན་ནོ། །གཞི་རྩ་བའི་རླུང་སོགས་བཅུ་ཟིན་པའི་བྱེ་བྲག་བདུན་ ནི་མིང་གང་ཡིན་པ་ལ་སོགས་སྔར་བསྟན་པ་བཞིན་བདུན། ཡན་ལག་གི་རླུང་རིམ་གྱིས་ནང་ དུ་འགག་ཅེས་བྱ་བ། གཞི་རྩ་བའི་རླུང་ལྔ་ཟིན་པའི་སྟོབས་ཀྱིས། རྒྱུ་བ་ལ་སོགས་པ་ཡན་ ལག་གི་རླུང་ལྔ་ཡང་ཁད་ཀྱིས་ནང་དུ་འགག་ཅིང་ནང་དུ་རྒྱུའོ། །ཤུགས་ཀྱིས་བསྟན་པས་དེས་ གཏུམ་མོའི་མེ་དྲོད་བབས་དེས་རྩ་དྲལ། དེས་ཁམས་འདུ་ཞེས་པ་གསུམ་ཤེས་པར་བྱས་ལ། ཁམས་དྭངས་སྙིགས་མ་བྱེད་པ་ལས་ཐིག་ལེ་ཞོ་དཀྲུགས་པའི་མར་བཞིན་དུ་(བརྟེན་པ་)མང་དུ་ ཁ་འབུ་བ་ཡིན་ནོ། །རྟེན་མཉམ་དུ་འདྲེ་བ་དང་། རྟེན་རྩ་རིན་པོ་ཆེའི་ཕོ་བྲང་དུ། བརྟེན་པ་རླུང་ དང་ཐིག་ལེ་གཞིར་གནས་པ་དང་། བསྒོམས་པའི་སྟོབས་ཀྱིས་བྱོན་པ་གཉིས། དམ་ཚིག་གི་ མཁའ་འགྲོ་དང་ཡེ་ཤེས་ཀྱི་མཁའ་འགྲོའི་ཚུལ་གྱིས་མཉམ་དུ་འདྲེས་ཏེ་བྱིན་གྱིས་རློབ་པའོ། ། ༈ གཉིས་པ་ནི་རྟེན་རྩའི་ནང་དུ་བརྟེན་པ་རླུང་གིས་གཏུམ་མོ་ཡེ་ཤེས་ཀྱི་མེ་དྲོད་འབར་ 2-1-233 བས། ཐིག་ལེ་ཞུ་བ་མང་དུ་ཁ་འབུས་ཏེ། རྟེན་མཉམ་འདྲེས་པ་དེ་ལ་བརྟེན་ནས༡་རང་ བཞིན་སྟོང་པའི་ཏིང་ངེ་འཛིན། (འཇམ་རླུང་དུ་ཟིན་ན་)སེམས་གསལ་སྟོང་དབྱེེར་མེད་མི་རྟོག་ འོད་གསལ་བའི་ཏིང་ངེ་འཛིན་དུ་ཡིད་ནང་དུ་ཟིན་ནས་གནས་ཏེ། བུམ་ནང་གི་མར་མེ་[ ]དུ་ འདུས་ནས་མིག་ལ་སོགས་པའི་དབང་པོ་ལྔ་གཟུགས་ལ་སོགས་པའི་ཡུལ་ལྔའི་རྗེས་སུ་མི་ འབྲང་པར་ཤེས་པ་གསལ་སྟོང་དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ཏིང་ངེ་འཛིན་ དུ་འཆར་ཏེ། སྤྲིན་བྲལ་གྱི་ནམ་མཁའ་བཞིན། ཕུང་པོ་ལྔ་དུལ(བ)། ཞེས་པ་ནི་(ས་མ་ཏི་གྱི་)ཕན་ ཡོན་ཏེ། དང་པོར་ཉོན་མོངས་པ་བློ་བུར་བ་ཅུང་ཟད་ལྡོག ལོ་ཀ་ཆོས་བརྒྱད་ཀྱི་རྟོག་པ་རིམ་ གྱིས་[ ]གསལ་ལ་ཞེན་པ་ཆུང་པ་ལ་སོགས་པ་བྱ་བ་བཏང་པའི་སྐྱེས་བུ་བཞིན་དང་། (ལུས་གནས་པ་རྩ་ཡིག་གི། ངག་གཡོ་བ་སྙིང་པོ་རླུང་ཡིག་གི། སེམས་འགྱུ་བ་ཁམས་བདུད་རྩའི། བརྟེན་པ་རང་ རིག་རྣམ་ཤེས་ཀྱི་)གཉེན་ལྕུག་རྣམ་པ་བཞི་ཡང་རིམ་གྱིས་འཆར་བ་ཡིན་ནོ། །ཡེ་ཤེས་ཀྱི་འགྲོ་ ལྡོག་བྱེད་(པ་)ཅེས་པ་ནི་ཏིང་ངེ་འཛིན་སྐྱེ་བའི་ཚུལ་ཏེ། ལས་དང་པོ་པ་ཁམས་འདུས་པ་དང་ པོ་ལ་སོགས་པའི་མཉམ་བཞག་གི་དུས་སུ་མི་རྟོག་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་སྐྱེ་ཡང་མི་ བརྟན་ཏེ། རྟོག་པས་དབང་བྱེད་པ་ཡིན་པས། ཡེ་ཤེས་སྐྱེ་བའི་རྗེས་ཐོབ་ཀྱི་དུས་སུ་ལྡོག་སྟེ། ཕན་འདོགས་ཆུང་པས་སྤྲིན་གསེབ་བར་གྱི་ཉི་མ་བཞིན་(ཏེ་རྗེས་ཐོབ་རྒྱ་ཡན་པ་འོང་པ་ཡིན་)ནོ། ། ༈ གསུམ་པ་ནི། དྲོད་གསུམ་གྱི་བྱེ་བྲག་གིས་མདོར་བསྡུས་ནས་བསྟན་པའི་ཕྱིར། བསྒོམ་[ ]བཞིན་ནོ། །རླུང་ལོག་ནི་གཡས་གཡོན་དབུ་མའི་རླུང་གྱེན་དུ་ལོག་པ་གསུམ་གྱིས། མཐོང་སྣང་ནི་དུ་བ་ལ་སོགས་པ། རྨི་ལམ་ནི་རྟ་རྨི་བ་ལ་ སོགས་པ། ཉམས་ནི་ལུས་ཉམས་ཏེ་རྩ་རླུང་གི་ཟུག་ལ་སོགས་པའོ། །གསུམ་གསུམ་ ནི་རྣམ་རྟོག་སྔོན་དུ་གང་སོང་བ་ལྟར་ཞེས་བྱ་བ་དྲོད་གསུམ་གྱི་བྱེ་བྲག་གིས་ཏེ། རྣམ་རྟོག་ 2-1-234 སྔོན་དུ་གང་སོང་པའི་མཐོང་སྣང་ལ་སོགས་པ་གསུམ། དེ་བཞིན་དུ་ཁམས་དགུ་འདུས་པའི་ གསུམ། ཐིག་ལེ་འབར་ཞིང་འདུས་པའི་གསུམ་སྟེ་དགུ། ཁམས་གསུམ་ཀུན་ཏུ་སྣང་ངོ་ཞེས་ བྱ་བ། ཁམས་གསུམ་འདུས་པའི་དུས་ཀུན་དུ་སྣང་པ་གཞན་མི་དམིགས་པར། དེ་ཉིད་ལ་ཏིང་ ངེ་འཛིན་དུ་གནས་པས་སོ། ། ༈ བཞི་པ་ལ་གསུམ། རྩའི་ནང་དུ་རླུང་གི་ཁམས་དང་། རྩའི་ནང་དུ་བདུད་རྩའི་ཁམས་ དང་། རྩ་ཡིག་གི་ནང་དུ་ཁམས་གསུམ། འདུས་པའི་ཏིང་ངེ་འཛིན་གྱིས་ལམ་འཁྲིད་ལུགས་ བསྟན་པའོ། ། དང་པོ་ལ་བཞི་ལས། དང་པོ་འབྱུང་པའི་རླུང་ལྔ་རིམ་ཐིམ་རང་གནས་སུ་ཟིན་པའི་ ཉམས་ནི། ས་ཆུ་ལ་ཐིམ་ན་སྨིག་རྒྱུ་ཞེས་བྱ་བ། ས་རླུང་རང་གི་གནས་ལྟེ་བར་ཟིན་ན། ཉམས་ གསུམ་ག་ལ་སྨིག་རྒྱུ་། བསྒྲེས་ཏེ་ཤེས་པར་བྱ། དེ་དག་མཆོག་གི་གནས་དབུ་མར་ཟིན་པར་ གྱུར་པ་ནི། སྨིག་རྒྱུ་ལ་སོགས་པ་ཤིན་ཏུ་གསལ་ཞིང་། ཤིན་ཏུ་བརྟན་པ་འབྱུང་ངོ་། །གཞུང་ཇི་ ལྟར་འགྲོ་ཡང་བླ་མའི་ཞལ་ལས་ཅུང་ཟད་ཙམ་ཤེས་པར་བྱའོ། ། ༈ གཉིས་པ་འབྱུང་པའི་རླུང་ལྔ་སྟོབས་འཕེལ་བའི་ཉམས་ནི། ས་ཆུ་མེ་རླུང་དང་ཞེས་བྱ་ བ་དམ་ཚིག་གི་མཁའ་འགྲོའི་ཚུལ་དུ་གཞིར་[ ]རླུང་སེམས་མཉམ་པར་འདུས་ན་ཞེས་བྱ་བ་ཡེ་ ཤེས་ཀྱི་མཁའ་འགྲོའི་ཚུལ་གྱིས་བདག་(རྒྱུད་)བྱིན་གྱིས་བརླབས་པ་ཡིན་ན། ཁམས་གསུམ་ (འདུས་པའི་དུས་)ཀུན་ཏུ་སུ་ཆུ་མེ་རླུང་ལྷ་ཤར་སྣང་ཞེས་བྱ་བ། མཐོང་སྣང་གི་ཉམས། ས་རླུང་ སྟོབས་འཕེལ་བས་བདག་རྒྱུད་བྱིན་གྱིས་བརླབས་(པའི་རླུང་ཉམས་ཤར་)ན། སེམས་ཉམས་སུ་ སེམས་ཤིན་ཏུ་དལ། ལུས་ཉམས་སུ་སྤུ་ལུས་ཐམས་ཅད་ལྕི་ཞིང་མི་ཐེག། རྨི་ཉམས་སུ་རི་ཐང་ཆེན་པོ་འགྲོ་མི་ནུས་ པ་ལ་སོགས་པ་རྨི་བ་འབྱུང་། ཆུ་རླུང་སྟོབས་འཕེལ་བས་བདག་(རྒྱུད་)བྱིན་གྱིས་བརླབས་(པའི་ 2-1-235 རླུང་ཉམས་ཤར་)ན། སེམས་ཉམས་སུ་སེམས་དྭངས། ལུས་ཉམས་སུ་སྤུ་ལུས་གྲང་། རྨི་ཉམས་ སུ་རྒྱ་མཚོ་ལ་གྲུ་འཛུགས་པ་ལ་སོགས་པ་རྨི་བ་འབྱུང་། མེ་རླུང་སྟོབས་འཕེལ་བས་བདག་ བྱིན་གྱིས་བརླབས་ན། སེམས་ཉམས་སུ་སེམས་འཕྲོ། ལུས་ཉམས་སུ་སྤུ་ལུས་ཐམས་ཅད་ཚ་ ཞིང་འབྲབ། རྨི་ཉམས་སུ་གྲོང་ཁྱེར་ཆེན་པོ་མེས་ཚིག་པ་ལ་སོགས་པ་རྨི་བ་འབྱུང་། རླུང་གི་ རླུང་སྟོབས་འཕེལ་བས་བདག་(རྒྱུད)བྱིན་གྱིས་བརླབས་(པའི་རླུང་ཉམས་ཤར་)ན། སེམས་ཉམས་ སུ་སེམས་འཕྲོ་འདུ་ཤིན་ཏུ་ཡང་། ཤེས་པ་སྐད་ཅིག་ཀྱང་མི་གནས་པར་རྣམ་པར་ རྟོག་པ་རྒྱུན་ཆགས་ཀྱི་འདུ་འཕྲོ་དུ་མ་བྱེད་ཅིང་གཉིད་ཀྱང་འཆག་གོ། ལུས་ཉམས་སུ་སྤུ་ ལུས་ཡང་རྟ་ལྟར་མགྱོགས་པ་འབྱུང་། བརྒྱ་ལ་ཞིག་གཉིད་བྱུང་ན་རྨི་ཉམས་སུ་རང་འཕུར་བ་ དང་བྱའི་ཁྱུ་མང་པོ་རྨི་བ་འབྱུང་བའོ། །ནམ་མཁའི་རླུང་སྟོབས་འཕེལ་བས་བདག་(རྒྱུད་)བྱིན་ གྱིས་བརླབས་(པའི་རླུང་ཉམས་ཤར་)ན། མཐོང་ཉམས་སུ་དྲི་མེད་ནམ་མཁའ་མཉམ་པ་མཐོང་ པའི་སྣང་བ་འབྱུང་། སེམས་ཉམས་སུ་སེམས་དྭངས་ཏེ་སྟོང་ཤས་ཆེ། ལུས་ཉམས་སུ་སྤུ་ལུས་ ཐམས་ཅད་ཚིམ་ཞིང་བདེ་ལ་དུ་ཁ་གྱི་རྐྱེན་(མེ་དང་མཚོན་སོགས་)གྱིས་ཀྱང་མི་གནོད། རྨི་ཉམས་ སུ་སྣང་པ་གང་ལ་ཡང་ཐོགས་པ་མེད་པ་རྨི་བ་འབྱུང་། ས་ཆུ་མེ་དང་ནམ་མཁའི་རླུང་གི་རྨི་ ཉམས་ཤུགས་ཀྱིས་བསྟན་ཏེ། དེ་ལྟར་ཉམས་ཉི་ཤུ་རྩ་ལྔར་ཤེས་པར་བྱའོ། ། ༈ གསུམ་པ་འབྱུང་བཞིའི་རླུང་ཆ་མཉམ་རྒྱུའི་ཉམས་ནི། འབྱུང་བཞིའི་རླུང་མཉམ་རྒྱུ་ དང་ལྷ་མོ་སྣ་ཚོགས་ཀྱི་གར་མཆོད་ཅེས་བྱ་བ། འབྱུང་བཞིའི་རླུང་(ལྷ་མོ་བཞིས་)རང་རང་གི་ གནས་སུ་(རླུང་)ཉིས་བརྒྱ་ཉི་ཤུ་རྩ་ལྔ་པ་བཞི། (བསྡོམ་པས་མགོན་པོ་གཅིག་གི་རླུང་)དགུ་བརྒྱ་ཕྲག་ གཅིག་ཏུ་མཉམ་པར་རྒྱུ་བ་ཟིན་ན་མཐོང་སྣང་དང་རྨི་ཉམས་སུ་ལྷ་མོ་(སེར་དཀར་པོ་)སྣ་ཚོགས་ ཀྱིས་གླུ་དང་གར་གྱིས་མཆོད་པ་བྱེད་པ་འབྱུང་སྟེ། འདི་ལ་ལུས་ཉམས་ནི་གཙོ་ཆུང་པས་མ་ བརྗོད་དོ། ། 2-1-236 ༈ བཞི་པ་འབྱུང་ཆུང་བཅུ་དྲུག་བཞི་ཆ་མཉམ་པའི་ཉམས་ནི། འབྱུང་བཞིའི་རླུང་སྣ་ ཚོགས་དང་ཞེས་བྱ་བ། འབྱུང་བཞིའི་རླུང་རེ་རེ་ལ་(བཞི་)བཞི་སྟེ་འབྱུང་ཆུང་(ས་བཞི་ལ་སོགས་པ་) བཅུ་དྲུག་སྣ་ཚོགས་པ་དང་། དེའི་འཕོ་བ་(བཅུ་དྲུག་བཞི་)བཞིའི་རླུང་ མཉམ་པར་ཟིན་པས་ནང་རྟེན་འབྲེལ་བྱས་ནས། ཕྱི་རོལ་ཏུ་དྲི་རོ་སོགས་སྣ་ཚོགས་ ཉམས་སུ་མྱོང་པ་སྙམ་བྱེད་པ་འབྱུང་སྟེ། འདི་ལ་ལུས་ཉམས་དང་མཐོང་སྣང་འབའ་ ཞིག་ལས་རྨི་ཉམས་ནི་མེད་དོ། །འདི་དག་ཀྱང་མཚན་ཉིད་སྣ་ཚོགས་སུ་འཆར་བའི་ཉམས་ ཡིན་ཞིང་། ཞེས་བྱ་བ། འཇིག་རྟེན་གྱི་ཁམས་ཀྱི་དྲི་དང་རོ་ལ་སོགས་པ་སྣ་ཚོགས། (ནས་ འཕོས་ན་)གཞན་རང་བཞིན་སྟོང་པ་དང་། ངོ་བོ་ཟུང་འཇུག་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་ དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །ལོ་ཀ་ལས་འདས་པའི་ལམ་དུ་རླུང་གིས་ ལམ་ཁྲིད་པ་ལྷག་མ་རྣམས་ནི་སྔར་ལམ་སྤྱིའི་རྣམ་པར་གཞག་པ་བསྟན་པ་དང་། ལོ་ཀ་ལས་ འདས་པའི་ལམ་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། ། གཉིས་པ་ལ་གསུམ་ལས། དང་པོ་བདུད་རྩིི་ལྔ་ཆ་མཉམ་པའི་ཉམས་ནི། བདུད་རྩི་ལྔ་དང་དེ་བཞིན་གཤེགས་སྐུ་སོགས་ཞེས་བྱ་བ། བདུད་རྩི་ལྔ་ཆ་མཉམ་པས་བདག་ བྱིན་གྱིས་བརླབས་པ་དང་། ཉམས་གསུམ་ཀ་ལ་(དྲི་ཆེན་ལས་རྣམ་སྣང་སོགས་) དེ་བཞིན་གཤེགས་སྐུ་ལྔ་དང་། སོགས་ནི་དེའི་རིགས་དང་ཁ་དོག་ལ་སོགས་པ་ཅི་རིགས་ པར་(མཐོང་པ་)འབྱུང་ངོ་། ། ༈ གཉིས་པ་བདུད་རྩི་གཉིས་སྟོབས་འཕེལ་བའི་ཉམས་ནི། སི་ཧླ་དང་ཉི་མ་ཞེས་བྱ་བ་ (ཁྱད་པར་དུ་)གསང་གནས་ཀྱི་མ་ལས་ཐོབ་པའི་(སི་ཧླ་)རཀྟ་སྟོབས་འཕེལ་བས་བདག་རྒྱུད་བྱིན་ གྱིས་བརླབས་པ་དང་། མཐོང་སྣང་དང་རྨི་ཉམས་སུ་སྟོང་གསུམ་ལ་སོགས་པའི་ཉི་མ་མཐོང་། ལུས་ཉམས་སུ་འོད་ཁ་དོག་དམར་པོས་བསྐོར། ག་པུར་དང་ཟླ་བ་(ཁྱད་པར་དུ་)ཞེས་བ་སྤྱི་ 2-1-237 གཙུག་གི་ཕ་ལས་ཐོབ་པའི་(ག་པུར་) ཟླ་བ་བྱང་ཆུབ་ཀྱི་སེམས་སྟོབས་འཕེལ་བས་བདག་རྒྱུད་བྱིན་གྱིས་བརླབས་པ་དང་། མཐོང་ སྣང་དང་རྨི་ཉམས་སུ་སྟོང་གསུམ་ལ་སོགས་པའི་ཟླ་བ་མཐོང་། ལུས་ ཉམས་སུ་འོད་ཁ་དོག་དཀར་པོས་བསྐོར། གསུམ་པ་བདུད་རྩིའི་ཐིག་ལེ་རྒྱས་པའི་ཉམས་ནི། རྩ་ཕྲན་རྣམས་སུ་ཐིག་ཕྲན་དང་སྐར་མ་ཞེས་བྱ་བ། རྩ་གཙོ་བོ་སུམ་ཅུ་རྩ་གཉིས་ལས་རྩ་ཕྲན་ སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་གྱེས་པ་རྣམས་སུ་ཐིག་ལེ་(ཐིག་ཕྲན་ཏེ་)ཕྲ་མོ་འཕེལ་བ་དང་། མཐོང་སྣང་དང་རྨི་ཉམས་སུ་སྟོང་གསུམ་ལ་སོགས་པའི་སྐར་མའི་སྣང་པ་མཐོང་། ལུས་ ཉམས་སུ་བ་སྤུའི་བུ་ག་ནས་གཟའ་དང་སྐར་མ་ལ་སོགས་པ་དུ་མ་འཕྲོ། དེ་དག་ཀྱང་མཚན་ ཉིད་སྣ་ཚོགས་སུ་འཆར་བའི་ཉམས་ཡིན་ཞིང་། (རང་བཞིན་སྟོང་པ་དང་ངོ་བོ་ཟུང་འཇུག་གི་)ཉམས་ གཉིས་ཀྱང་ཤུགས་ ཀྱིས་བསྟན་ལ། བདུད་རྩིས་ལམ་ཁྲིད་པ་ལྷག་མ་རྣམས་ནི་ལོ་ཀ་ལས་འདས་པའི་ལམ་ཉིད་ དུ་རྟོགས་པར་འགྱུར་རོ། ། གསུམ་པ་ལ་གཉིས། འཁོར་བ་ལོ་ཀ་དང་། མྱ་ངན་ལས་འདས་པའི་རྩ་ཡིག་གི་ནང་དུ་ ཁམས་འདུས་པའི་ཏིང་ངེ་འཛིན་གྱིས་ལམ་འཁྲིད་ལུགས་བསྟན་པའོ། ། དང་པོ་ལ་གཉིས། འཁོར་བའི་རྩའི། ཡི་གེ་ཕལ་པས་དང་། ཡི་གེ་བཅུ་བཞིས། ལམ་ འཁྲིད་ལུགས་བསྟན་པའོ། །དང་པོ་ནི་རྩ་འཛིན་(ངས། ཞ་)སོགས་སུ་ཞེས་བྱ་བ་ལ། རྩ་འཛིན་ (ངས། ཞ་)ཆུང་ངུར་འདུས་ན་ཉམས་གསུམ་ཀ་ལ་ཤི་[ ]། སོགས་ཞེས་པ་རྩ་འཛིན་(ངས། ཞ་)ཆེན་པོར་རླུང་སེམས་མཉམ་པར་འདུས་ན་ཉམས་ གསུམ་ཀ་ལ་རི་བྲག ཆགས་སྡང་རྣམ་པ་ལྔ་དང་ཞེས་བྱ་བ། སྙིང་ཁའི་ཧཱུཾ་(ཛྲི་བྲུཾ ཾ་ཨཾ་ཁཾ་)ལ་སོགས་ པ་ཉོན་མོངས་པ་ལྷའི་ཡི་གེར། རླུང་སེམས་མཉམ་པར་འདུས་ན། བདག་རྒྱུད་ལ་(འཁྲུལ་པ་ 2-1-238 ལྟར་)ཉོན་མོངས་པ་ལྔ་རང་བྱུང་དུ་སྐྱེ། གཞན་རྒྱུད་ལ་སྐྱེས་པར་སྣང་། ཉོན་མོངས་པ་ལྔའི་རྣམ་ པ་འཇོམས་པ་མཐོང་ངོ་། །འདོད་ཆགས་ཀྱི་དུག་འཇོམས། ཞེ་སྡང་གི་མེ་གསོད། གཏི་མུག་ གི་མུན་པ་སེལ། ང་རྒྱལ་གྱི་རི་ཆེན་པོ་སྙིལ། ཕྲག་དོག་གི་ལྕགས་སྒྲོག་འགྲོལ་བ་མཐོང་ངོ་། ། མྱ་ངན་གྱི་རྩ་ནི་རྐང་[ ]གནས། ལག་པའི་མཐེ་བོང་གཉིས་ན་ཕལ་པའི་ཚུལ་དུ་གནས་ཏེ། དེ་ དག་ཏུ་རླུང་སེམས་མཉམ་པར་འདུས་ན། ཉམས་གསུམ་ཀ་ལ་མྱ་ངན་རང་བྱུང་དུ་སྐྱེ། ཉམས་ང་བའི་རྩ་ནི། མཁལ་མའི་ནང་གཉིས་ན་གནས་ཏེ། དེར་རླུང་སེམས་འདུས་ན། སེམས་ཉམས་དང་རྨི་ཉམས་སུ་འཇིགས་ཤིང་ཉམ་ང་བ་འབྱུང་ལ། ལུས་ཉམས་སུ་ཉམ་ང་ བའི་སྤྱོད་ལམ་འགྱུར་བ་འབྱུང་ངོ་། །འགྲེའི་རྩ་[ ]པའི་སྲིན་ ལག་གཉིས་ལ་གཙོར་གནས། རྐང་པའི་སྲིན་མཛུབ་གཉིས་ལ་ཕལ་པའི་ཚུལ་དུ་གནས་ཏེ། དེར་རླུང་སེམས་འདུས་ན་ཉམས་གསུམ་ཀ་ལ་འགྲེས་ནོན་པ་ལྟ་བུ་ འབྱུང་། གཡལ་དང་མཆི་མའི་རྩ་ནི་འོག་ཏུ་མཁལ་མའི་ཕྱི་རོལ་གཉིས་ལ་གནས། སྟེང་ན་མིག་རྩ་འཁྱིལ་པ་གཉིས་ལ་གནས་ཏེ། དེར་རླུང་སེམས་མཉམ་པར་འདུས་ ན་ལུས་ཉམས་འབའ་ཞིག་ལ་གཡལ་དང་མཆི་མ་རྒྱུན་མི་འཆད་པར་འབྱུང་ངོ་། ། དེ་དག་གིས་ནི་ཡི་གེ་ཕལ་པས་ལམ་ཁྲིད་པ་བསྟན་ཏེ། མཚན་ཉིད་སྣ་ཚོགས་སུ་འཆར་བ་ ཡིན་ཞིང་། གཞན་ཉམས་གཉིས་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་དྲོད་ཉམས་ཐམས་ཅད་ བྱུང་རྒྱལ་དུ་བསྐྱང་ངོ་། ། ༈ གཉིས་པ་ལ་(སེམས་ཅན་གྱི་བག་ཆགས་ཀྱི་རྟེན་)གསུམ་ལས། དང་པོ་འདོད་ཁམས་ཀྱི་རྩ་ ཡིག་དྲུག་ཏུ་ཁམས་འདུས་པའི་ཉམས་ནི། ལྟེ་བར་དང་པོ་ཆགས་པ་ རིས་དྲུག་གི་ཡི་གེར་རླུང་སེམས་མཉམ་པར་འདུས་ན། རིས་དྲུག་གི་གར་སྔགས་དེར་ཁྲིད་པ་ རྨི་ལམ་ཉམས་ལྟ་བུ་ཁམས་གསུམ་ཀུན་ཏུ་སྣང་(མཐོང་ཞ་ཟེར་)ཞེས་གསུངས་ཏེ། དེ་ལ་ལྷའི་(བྷ་ 2-1-239 གའི་དཀྱིལ་འཁོར་གྱི་)ས་བོན་ཨ་ཡིག་དཀར་པོ(འི་ནང་དུ་དེས་འདྲེ)ར་རླུང་སེམས་མཉམ་པར་འདུས་ ན། ལྷའི་ཉམས་སྔར་བས་དགའ་ཞིང་། བདག་ལྷ་ཡིན་སྙམ་པ་འབྱུང་། གར་མེ་ཏོག་གི་ཕྲེང་བ་འདོགས་པ་ལ་སོགས་པ་ལུས་ཀྱི་སྤྱོད་ ལམ་འགྱུར་བ་འབྱུང་། སྔགས་ལེགས་པར་སྦྱར་བ་ལ་སོགས་པ་ལྷའི་ སྐད་འབྱུང་སྟེ། དེ་ཡང་(བྱིན་གྱིས་བརླབས་པས་)ཉམས་སེམས་ལ་འཆར། གར་ལུས་ལ་འཆར། སྔགས་ངག་ལ་འཆར་རོ། །མཐོང་སྣང་གི་གསུམ་ལ། ལྷའི་གནས་རྣམ་པར་རྒྱལ་བའི་ཁང་ བཟང་ལ་སོགས་པ་མཐོང་། ལྷ་རང་གི་བུ་དང་བུ་མོ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ་མཐོང་། བདག་གཞན་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུ་འབྱུང་ པས་རྨི་ཉམས་ཏེ་བདུན་ནོ། །མིའི་ས་བོན་ཎི་ཡིག་སྔོན་པོར་རླུང་སེམས་མཉམ་པར་འདུས་ ན། ཉམས་སྔར་བས་ལོ་ཀ་པའི་ཆོས་ལ་ལྷག་པར་དགའ་ཞིང་ཞེན་པ་འབྱུང་། གར་ཡུལ་སྣ་ ཚོགས་ཀྱི་སྤྱོད་ལམ་དང་ཆ་ལུགས་འགྱུར་བ་འབྱུང་། སྔགས་ཡུལ་སོ་སོའི་སྐད་དང་གཏམ་རྒྱུད་ སྣ་ཚོགས་ བརྗོད་པ་འབྱུང་སྟེ། ཁྱད་པར་དུ་ཉམས་སེམས་ལ་འཆར་བ་མ་ག་ཏ་ལ་སོགས་པ་སྔ་མ་བཞིན་ ནོ། །མཐོང་སྣང་གི་གསུམ་ལ་མིའི་གནས་གླིང་བཞི་མཐོང་། ཁྱད་པར་དུ་མ་ག་ཏ་ལ་སོགས་ པ་[ ]མི་རང་སྣ་པོ་ཆེ་དང་རྣ་བ་ཆེ་ལ་སོགས་པ་ལུས་མི་མཐུན་པ་དུ་མ་མཐོང་། བདག་གཞན་ ཀྱང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུ་འབྱུང་པས་རྨི་ཉམས་ཏེ་བདུན་ནོ། ། ལྷ་མ་ཡིན་གྱི་ས་བོན་སུ་ཡིག་སེར་པོར་རླུང་སེམས་མཉམ་པར་འདུས་ན། ལྷ་མ་ཡིན་གྱིས་ ཉམས་སྔར་བས་ཚིག་པ་ཟ་བ་ལ་སོགས་པ་འབྱུང་། གར་དབྱུག་པ་ལེན་པ་དང་། མཚོན་ཆ་ ལེན་པ་ལ་སོགས་པ་ལུས་འགྱུར་བ་འབྱུང་། སྔགས་རྒྱོབ་སོད་ལ་སོགས་པ་དུ་མ་འབྱུང་སྟེ། ཉམས་སེམས་ལ་འཆར་བ་ལ་སོགས་པ་གསུམ་སྔ་མ་བཞིན་ནོ། །མཐོང་སྣང་གི་གསུམ་ལ། 2-1-240 ལྷ་མ་ཡིན་གྱི་གནས་རི་རབ་ཀྱི་ཁོང་སེང་ལ་སོགས་པ་མཐོང་། ལྷ་མ་ཡིན་རང་འཐབ་རྩོད་ ཅན་དུ་མ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུ་འབྱུང་ པས་རྨི་ཉམས་ཏེ་བདུན་ནོ། །ཡི་དྭགས་ཀྱི་ས་བོན་པྲེ་ཡིག་དམར་པོར་རླུང་སེམས་ མཉམ་པོར་འདུས་ན། ཡི་དྭགས་ཀྱི་ཟས་ཟོས་ཀྱང་ལྟོགས་ཤིང་འཐུངས་ཀྱང་སྐོམ་ པ་ལ་སོགས་པ་དང་། རང་ཁ་བཀག་པའམ་བྱེ་བ་ལ་སོགས་པ་འབྱུང་། གར་བཀྲེས་སྐོམ་གྱི་ སྤྱོད་ལམ་འགྱུར་བ་ལ་སོགས་པ་འབྱུང་། སྔགས་པྲ་ཞེས་བྱ་བ་དང་། ཟས་སྐོམ་གྱི་གཏམ་བརྗོད་པ་འབྱུང་སྟེ། ཉམས་སེམས་ལ་འཆར་བ་ལ་སོགས་པ་སྔ་མ་བཞིན་ ནོ། །མཐོང་སྣང་གི་གསུམ་ལ། ཡི་དྭགས་ཀྱི་གནས་གྲོང་ཁྱེར་ཆེན་པོ་ སེར་སྐྱ་ལ་སོགས་པ་དམར་ཞིང་ཡིད་དུ་མི་འོང་བ་ལ་སོགས་པ་མཐོང་། ཡི་དྭགས་རང་ བཀྲེས་སྐོམ་ཅན་དུ་མ་མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་ དག་ཅི་རིགས་པར་རྨི་ལམ་དུ་འབྱུང་བས་རྨི་ཉམས་ཏེ་བདུན་ནོ། །དུད་འགྲོའི་ས་ བོན་དུ་ཡིག་དུད་ཁར་རླུང་སེམས་མཉམ་པར་འདུས་ན། དུད་འགྲོའི་ཉམས་སྔར་བས་བླུན་ ཞིང་གཙང་རྟོག་ཆུང་པ་ལ་སོགས་པ་འབྱུང་། གར་ཁྱི་དང་བ་ལང་ལ་སོགས་པ་དུད་འགྲོའི་ སྤྱོད་ལམ་འགྱུར་བ་དུ་མ་འབྱུང་། སྔགས་དུད་འགྲོའི་སྐད་དུ་མ་འབྱིན་ཏེ། ཉམས་སེམས་ལ་ འཆར་བ་ལ་སོགས་པ་གསུམ་སྔ་མ་བཞིན་ནོ། ། མཐོང་སྣང་གི་གསུམ་ལ། དུད་འགྲོའི་གནས་རྒྱ་མཚོ་ཆེན་པོ་ལ་སོགས་པ་མཐོང་། དུད་འགྲོ་རང་ཆུ་སྲིན་དང་ཉ་ཆེན་པོ་ལ་སོགས་པ་མཐོང་། བདག་གཞན་ཡང་དེར་ ཁྲིད་པ་ལ་སོགས་པ་མཐོང་། དེ་དག་ཅི་རིགས་པར་རྨི་ལམ་དུ་འབྱུང་པས་རྨི་ཉམས་ ཏེ་བདུན་ནོ། །དམྱལ་བའི་ས་བོན་ཏྲི་ཡིག་ནག་པོར་རླུང་སེམས་མཉམ་པར་འདུས་ན། དམྱལ་ བའི་ཉམས་ཚ་གྲང་ལ་སོགས་པའི་དུ་ཁ་དུ་མ་མྱོང་པ་འབྱུང་། ལུས་སུམ་ལྟབ་ལ་སོགས་པ་ 2-1-241 དུ་ཁ་གྱི་སྤྱོད་ལམ་བྱེད་པ་མཐོང་། སྔགས་ཀྱི་ཧུད་སི་ཏ་ཞེས་བྱ་བ་ལ་སོགས་པ་དུ་ཁ་གྱི་སྐད་ བརྗོད་པ་འབྱུང་སྟེ། ཉམས་སེམས་ལ་འཆར་བ་ལ་སོགས་པ་གསུམ་སྔ་མ་བཞིན་ནོ། །མཐོང་ སྣང་གསུམ་ལ། དམྱལ་བའི་གནས་ལྕགས་ཁང་མེ་རབ་ཏུ་འབར་པ་མཐོང་། དམྱལ་བ་རང་ ཚ་གྲང་ཅན་དུ་མ་ མཐོང་། བདག་གཞན་ཡང་དེར་ཁྲིད་པ་མཐོང་། དེ་དག་ཅི་རིགས་པ་རྨི་ལམ་དུ་འབྱུང་པས་རྨི་ ཉམས་ཏེ་བདུན་ནོ། །འདི་དག་ཀྱང་མཚན་ཉིད་སྣ་ཚོགས་སུ་འཆར་ བ་ཉམས་ཡིན་ཞིང་། གཞན་ཡང་རང་བཞིན་སྟོང་པ་དང་ངོ་བོ་ཟུང་འཇུག་ཀྱང་རིམ་པ་ཡིན་ མིན་དུ་སྐྱེ་བས་དྲོད་ཉམས་ཐམས་ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །གནས་སྦྱོང་བཞི་བཅུ་རྩ་ གཉིས་པོ་འདི་དག་ཅི་རིགས་པར་འབྱོངས་ནས། (ཕན་ཡོན་ལུས་ལ་འབྱུང་པ་)ཕྱི་ནང་གི་སྲིན་བུ་ སྤོང་། ངན་སོང་དུ་མི་འགྲོ་བའི་གདེང་འཐོབ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ཡང་ མིང་འཐོབ་པོ། །(ཞིབ་ཏུ་བརྗོད་ཀྱིས་མི་ལང་པས་)རེ་ཤིག་འདོད་ཁམས་ཀྱི་ཉམས་རགས་པ་ཙམ་ བསྟན་ཏོ། ། ༈ གཉིས་པ་གཟུགས་ཁམས་ཀྱི་རྩ་ཡིག་བཞིར་ཁམས་འདུས་པའི་ཉམས་ནི། ༀ་ལས་བསམ་བརྟན་དང་པོ་སོགས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ། རྩ་གཡོན་རྐྱང་མ་ཐབས་ ཡབ་ཕོ་རྩའི་ཡར་སྣའི་བསམ་བརྟན་དང་པོ་སོགས་ཀྱི་(ས་མ་ཏུ་གྱི་ཉམས་མྱོང་སྐྱེ་བའི་)རྟེན་ༀ་དུ་ རླུང་སེམས་མཉམ་པར་འདུས་པ་ལས། གཟུགས་ཁམས་བསམ་བརྟན་བཞིའི་ཉམས་སྐྱེ་སྟེ། དེ་ཡང་བསམ་བརྟན་དང་པོ་(་་་པོ་གང་ལ་ཡང་རགས་པར་)རྟོག་པ་དང་བཅས་ཤིང་(ཕྲ་བར་)དཔྱོད་ པ་དང་བཅས་པའི་ཤེས་རབ་ཞིབ་མོ་འཇུག་(པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་གྱི་ བསམ་བརྟན་དང་པོ་(གཉིས་པ་གསུམ་པ་བཞི་)ལ་ཉེ་བར་བསྒྲུབ་ཏེ་གནས། དེས་འདྲེ་)པའི་ཏིང་ངེ་འཛིན། སོགས་ནི་གཉིས་པ་(རྟོག་པ་མེད་ཅིང་སྤྱོད་པ་ཙམ་གྱི་)དགའ་བ་དང་བཅས་ཤིང་བདེ་བ་དང་བཅས་ 2-1-242 པའི་ཏིང་ངེ་འཛིན། གསུམ་པ་རྟོག་དཔྱོད་བྲལ་ནས་དགའ་བདེ་ལྡན་པའི་ཏིང་ངེ་འཛིན། བཞི་ པ་(ཡིད་དགའ་བ་དང་བདེ་བ་ཡང་ནུབ་པ་)བཏང་སྙོམས་ཡོངས་སུ་དག་(པ་དབེན་པ་ལས་སྐྱེས་པའི་དགའ་ བ་དང་བདེ་བ་ཅན་གྱི་བསམ་བརྟན་དང་པོ་(གཉིས་པ་གསུམ་པ་བཞི་)ལ་ཉེ་བར་བསྒྲུབ་ཏེ་གནས། དེས་འདྲེ་)པའི་ ཏིང་ངེ་འཛིན། དེ་དག་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་ཉམས་དྲོད་ཐམས་ཅད་བྱུང་རྒྱལ་དུ་ བསྐྱང་ངོ་། ། ༈ གསུམ་པ་གཟུགས་མེད་ཁམས་ཀྱི་རྩ་ཡིག་བཞིར་ཁམས་འདུས་པའི་ཉམས་ནི། ཡུམ་ གྱི་མཁའ་ཨ་ལ་ཡང་དག་པར་ཐིམ་ན་ཁམས་གསུམ་པའི་ནམ་མཁའ་སོགས་ཞེས་བྱ་བ། རྩ་ གཡས་རོ་མ་ཤེས་རབ་ཡུམ་མོའི་རྩའི་ཡར་གྱི་སྣའི་ནམ་མཁའ་མཐའ་ཡས་སོགས་ཀྱི་(ས་མ་ ཏི་གྱི་ཉམས་མྱོང་སྐྱེ་བའི་)རྟེན་ཨ་ལ་རླུང་སེམས་མཉམ་པར་འདུས་ནས་ཡང་དག་པར་ཐིམ་ན་ ཁམས་གསུམ་པའི་གཟུགས་མེད་སྐྱེ་མཆདེ་མུ་བཞའི ི་ཉམས་སྐྱེ་སྟེ། (འཁརོ་འདས་ཀྱི་)ཆོས་ཐམས་ ཅད་ནམ་མཁའ་མཐའ་ ཡས་དང་། སོགས་ནི་རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པའི་དང་། འདུ་ཤེས་མེད་འདུ་ ཤེས་མེད་མིན། སྐྱེ་མཆེད་ཀྱི་ཉམས་བཞི་ཡང་རིམ་པ་ཡིན་མིན་དུ་སྐྱེ་སྟེ་བྱུང་རྒྱལ་དུ་གཏང་ངོ་། ། རེ་ཤིག་ཁམས་གསུམ་གྱི་ཉམས་ཅི་རིགས་པ་ཙམ་བསྟན་ཏོ། ། ༈ གཉིས་པ་ནི། (རྒྱུ་དུས་ན་འཆར་བ་)ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སོགས་ཀྱི་ ཕོ་བྲང་དུ་ཨཿལ་ཐིམ་ན་གཟུང་འཛིན་གྲོལ་ཞིང་ཚོར་བ་འགག ཆོས་སྐུ་ཉམས་སུ་མྱོང་ཞེས་ བྱ་བ། (ཕྱི་དབྱིབས་ཀྱི་ཨའི་)སྙིང་པོའི་ཨཿལ་རླུང་སེམས་མཉམ་པར་འདུས་ནས་ཐིམ་ན། (གཏན་ མ་སྤངས་ཀྱང་རེ་ཤིག་)སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་གྲོལ་ཞིང་། སྤངས་པ་སྙམ་བྱེད། ཚོར་ བ་དུ་ཁ་འགག་པ་སྙམ་བྱེད། ཐོབ་བྱ་ཆོས་སྐུ་བདེ་ཆེན་ཐོབ་པ་སྙམ་བྱེད་པའི་ཉམས་སུ་མྱོང་ པ་འབྱུང་། ཧཱུཾ་ལས་སོགས་ནི། (ལྟེ་བ་དང་སྙིང་ཁར་)ཟུང་འཇུག་གི་ཧཱུཾ་དུ་རླུང་སེམས་མཉམ་པར་ 2-1-243 འདུས་པ་ལས། རང་བྱུང་གི་ཡེ་ཤེས་ཆེན་པོ་ཤིན་ཏུ་དྲི་མ་མེད་པ་གསལ་ཞིང་ཡང་བའི་ཏིང་ངེ་ འཛིན་སྐྱེ་བའི། (ཏིལ་མར་གྱི་མར་མེ་ལྟར་)གསལ་ཞིང་ནི་སེམས། (ཤིང་བར་གྱི་ཟེགས་མ་ལྟར་)(སྟོང་) ཡང་བ་ནི་ལུས། ནམ་མཁའ་ལྟ་བུ་ནི་དཔེ་སྟེ། སོགས་གསལ་ནི་ཟུང་འཇུག་གི་ཁཾ་ཨཾ་ཛྲིཾ་བྲུཾ་དུ་ ཡང་དེ་བཞིན་ནོ། །འདི་དག་ཐམས་ཅད་ཀྱང་རིམ་པ་ཡིན་མིན་དུ་སྐྱེ་བས་ཉམས་དྲོད་ཐམས་ ཅད་བྱུང་རྒྱལ་དུ་བསྐྱང་ངོ་། །དེ་དག་རྣམས་ཀྱིས་ཚོགས་ལམ་ཆུང་པ་དང་སྦྱོར་ལམ་དྲོད་ཆུང་ པའི་ལམ་འབྲས་བསྟན་ཏོ། ། ༈ གཉིས་པ་ལ་བཞི། མཚན་ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན། ཡུལ་སྣང་སྟོང་དབྱེར་ མེད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི། སྐྱེ་རྒྱུ་དང་། ངོ་བོ་དང་། ལམ་བགྲོད་ལུགས་ དང་། ཕན་ཡོན། བསྟན་པའོ། །དང་པོ་ལ་གཉིས་ལས། དྲན་པ་ཉེ་བར་བཞག་པ་བཞི་མཚན་ ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་(ཁྱད་པར་ཅན་དུ་)སྐྱེ་བའི་རྒྱུར་བསྟན་པ་ནི། བསྒོམ་པ་ ཞེས་སོགས་གསུངས་པ་ལས། ཕྱི་མཚན་ཉིད་རྒྱུའི་ཐེག་པའི་ལུགས་ཀྱིས། དྲན་པ་ཉེ་བར་ བཞག་པ་བཞི་ནི། ལུས། ཚོར་བ། སེམས། ཆོས། དྲན་པ་ཉེ་བར་བཞག་པའོ། །ནང་གསང་ སྔགས་འབྲས་བུའི་ཐེག་པའི་ལུགས་ཀྱིས། བསྒོམ་པ་མི་འཆོར་བའི་དྲན་པ་ཉེ་བར་བཞག་ པ་བཞི་ནི་ཞེས་གསུངས་ཏེ། སེམས་གཙོ་བོར་གྱུར་པའི་དབང་དུ་བྱས་པའོ། །དེའི་བསྒོམ་པ་ ནི་མཚན་ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན། ཡུལ་སྣང་སྟོང་དབྱེར་མེད་རྣམ་པར་མི་རྟོག་འོད་ གསལ་བའི་ཏིང་ངེ་འཛིན་བསྒོམ་པའོ། །མི་འཆོར་བའི་ཞེས་པ་སྔར་བཞིན། དྲན་པ་ནི་མ་ བརྗེད་པ། ཉེ་བར་ནི་མྱུར་བ། གཞག་པ་ནི་བསྒོམ་པ་སྟེ། མ་བརྗེད་པར་མྱུར་དུ་བསྒོམ་པའོ། ། བཞི་ནི་གྲངས་ཏེ། དེ་བཞི་གང་གི་གཉེན་པོར་བསྒོམ་ན། ཡུལ་འགགས་པས་ན་ཞེས་པ་སྟོང་ པ་དགྲར་ལངས་དང་། ཉམ་ང་བའི་འཕྲང་གི་གཉེན་པོར་བསྒོམ་པའོ། །དེ་ཡང་སྤྱིར་(སྟོང་པ་ ལ་གཉིས་ལས། དང་པོ་དངོས་པོའི་གནས་ལུགས་རང་བཞིན་གྱིས་སྟོང་པ་ཉིད་)སྟོང་པ་བཅོ་བརྒྱད་དམ། 2-1-244 དགུར་གནས་པ་ཡིན་ན་ཡང་། (གཉིས་པ་)སྒྲུབ་པ་པོའི་ཉམས་ལ་སྟོང་པ་ལྔ་སྐྱེ་སྟེ། ཤེས་རབ་ ཀྱི་ཨར་ཐིམ་པས་མཐོང་ཡུལ་འགགས་པ(ཉེ་འཚེ་བ)འི་སྟོང་པ། སྙིང་པོ་ཨར་ཐིམ་པས་ སྤང་བྱ་གཟུང་འཛིན་གྲོལ་བའི་(ཉོན་མོངས་མི་རྒྱུ་བ་)སྟོང་པ། འགོག་པའི་སྙོམས་འཇུག་ གི་རྩར་ཐིམ་ནས་ཚོགས་དྲུག་འགགས་(པ་ཞི་གནས་སུ་སོང་)པའི་སྟོང་པ། རླུང་གི་རླུང་སྤུ་གྲིའི་ སྟོབས་སུ་གྱུར་པས་ཡོན་ཏན་ཏིང་ངེ་འཛིན་གྱིས་སྟོང་པའི་སྟོང་པ། ཕྱི་དབྱིབས་ཀྱི་ཨར་ཐིམ་ པས་བདེ་བས་བརྒྱལ་བའི་སྟོང་པའོ། །དེ་ལ་དང་པོ་ནི་སྐྱོན་ དངོས་པོ་དང་(གཟུང་འཛིན་རགས་པའི་)མཚན་མས་སྟོང་། ཡོན་ཏན་ཏིང་ངེ་འཛིན་ཞི་གནས་དང་ ལྷག་མཐོང་གིས་སྟོངས། བསམ་བརྟན་གྱི་ཁང་བུ་(རང་རྒྱུད་)བསམ་བརྟན་གྱིས་སྟོངས། སྤང་ བྱ་མཐོང་ཡུལ་སྣ་ཚོགས་ཀྱིས་སྟོངས་ཞེས་བྱ་སྟེ། སྟོང་པ་དགྲར་ལངས་སྟོང་རྐྱང་གང་ཡང་ བྱར་མེད་དུ་གོལ་པ་དང་། རེས་འགའ་ཉམ་ང་ བའི་གཉེན་པོར། དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པ་ནི། རང་ཡི་དམ་གྱི་ལྷ་དང་བསྐྱེད་ དགུག་གི་དགོས་པ་བསམ་ཞིང་ནི་བསྐྱེད་རིམ་སྟེ། དེ་ཡང་རང་ཡི་དམ་ གྱི་ལྷ་ཡན་ལག་བཞི་རྫོགས་སུ་བསྒོམ་པ་དང་། དེའི་དམ་ཚིག་སེམས་དཔའ་ཕྱག་ རྒྱ་དྲུག་གི་རྒྱན་དང་བཅས་པ་བསྐྱེད་པ་བསྙེན་པའི་ཡན་ལག་གི་དགོས་པ་ལུས་དང་སྣང་བ་ ཐམས་ཅད་ཡི་དམ་ལྷའི་སྐུ། སྐུའི་དཀྱིལ་འཁོར་དུ་བསམ་ཞིང་དྲན་པ་ ཉེ་བར་བཞག་སྟེ། མ་བརྗེད་པར་མྱུར་དུ་ཡི་དམ་གྱི་ལྷ་བསྒོམ་མོ། །(ལྷ་)དེའི་ཕྱག་ རྒྱ་དྲུག་གི་(རྒྱན་གྱི་)དགོས་པ་བསམ་པ་ནི། (ཀྱེ་རྡོར་རྗེ་)རྩ་རྒྱུད་ལས། བླ་མ་སློབ་དཔོན་ འདོད་ལྷ་ལ། །(དྲན་པའི་ཀུན་ནས་བསླང་ནས་)ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་ འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ལ་རྣ་ཆ་བཟང་། ། སྔགས་ཀྱི་བཟླས་པ་མགུལ་རྒྱན་ཉིད། །གདུ་བུ་སྲོག་ཆགས་གསོད་པ་ཡང་། ། 2-1-245 ཕྱག་རྒྱ་བསྟེན་ཕྱིར་སྐ་རགས་ཉིད། །ཅེས་གསུངས་པའོ། །(དེའི་ཤུགས་ཀྱིས་བསྟན་པ་དང་)སྐུ་ གསུང་ཐུགས་བྱིན་གྱིས་བརླབ་པ་ཉེ་བར་བསྙེན་པའི་ཡན་ལག་གི་དགོས་པ་ངག་དང་སྒྲའི་ གྲག་ཚོར་ཐམས་ཅད་(རང་ཡི་)ཡི་དམ་ལྷའི་སྔགས་གསུང་གི་དཀྱིལ་ འཁོར་དུ་བསམ་ཞིང་དྲན་པ་ཉེ་བར་གཞག་སྟེ། སྔགས་མ་བརྗོད་པར་བཟླས་བསྒོམ་བྱའོ། ། ཡེ་ཤེས་སེམས་དཔའ་(ཛཿ)དགུག་(ཧཱུཾ་)གཞུག་(བཾ་)བཅིང་(ཧོཿས་)མཉེས་ སྒྲུབ་པའི་ཡན་ལག་གི་དགོས་པ་རང་རིག་དང་སེམས་ཀྱི་འདུ་འཕྲོ་ཐམས་ཅད་ཡི་དམ་ལྷའི་ཡེ་ ཤེས། ཐུགས་ཀྱི་དཀྱིལ་འཁོར་དུ་བསམ་ཞིང་དྲན་པ་ཉེ་བར་གཞག་སྟེ། རང་རིག་འོད་གསལ་མ་བརྗེད་པར་མྱུར་དུ་བསྒོམ་མོ། །དབང་བསྐུར་ཞིང་རིགས་ཀྱི་བདག་ པོས་རྒྱས་གདབ་པ་བསྒྲུབ་པ་ཆེན་པོའི་ཡན་ལག་གི་དགོས་པ་དབང་བསྐུར་བའི་ཆོས་གདན་ གསུམ་ཚོགས་པའི་ལྷ་ཐམས་ཅད་རིགས་གསུམ་གྱི་དཀྱིལ་འཁོར་དུ་བསམ་ཞིང་དྲན་པ་ཉེ་ བར་གཞག་སྟེ། དེ་བཞིན་གཤེགས་པ་དང་གཤེགས་མའི་རིགས་ཀྱིས་དབང་བསྐུར། བྱང་ སེམས་དཔའ་བོ་དང་། དཔའ་ མོའི། རིགས་ཀྱིས་བཀྲ་ཤིས་གསོལ། མཆོད་པ་འབུལ། ཁྲོ་བོ་དང་ཁྲོ་མོའི་ རིགས་ཀྱིས་བགེགས་བསྐྲོད་པ། མ་བརྗེད་པར་མྱུར་དུ་བསྒོམ་པའོ། །ཏིང་ངེ་འཛིན་ཆ་བསྙམ་ པས་ནི་སྔར་སྟོང་ཉམས་དང་། ཉམ་ང་འབའ་ཞིག་ཏུ་སྐྱེ་བ། དེ་ལྟར་དྲན་པ་ཉེ་བར་གཞག་པ་ བཞིའི་ཏིང་ངེ་འཛིན་གྱིས་(སླར་)སྣང་བ་སྟོང་པ་ཆ་བསྙམ་པས་(སྟོང་སྣང་)ཟུང་དུ་ཆུད་ནས། སྟོང་ པ་དང་། ཉམ་ང་དགྲར་ལངས་ཀྱི་ཕྲང་སྒྲོལ་ཏེ། མཚན་ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན་རྒྱུད་ ལ་སྐྱེ་བས། ལུས་དང་སྣང་བ་ ཐམས་ཅད་སྣང་སྟོང་དང་། ངག་དང་སྒྲ་ཐམས་ཅད་གྲག་སྟོང་དང་། རང་རིག་དང་སེམས་ཀྱི་ རྟོག་ཚོགས་ཐམས་ཅད་རིག་སྟོང་དང་། སྤྱོད་ལམ་གྱི་བྱ་བྱེད་ཐམས་ 2-1-246 ཅད་བྱེད་སྟོང་། ལྷག་པའི་ལྷའི་སྐུ། གསུང་། ཐུགས། ཕྱག་རྒྱའི། དཀྱིལ་འཁོར་གྱི་ འཁོར་ལོ་འཆར། དེ་ཙམ་ན་ལུས་སེམས་ལ་བདེ་བའི་(ཡེ་ཤེས་)རྒྱུན་བརྟན་པ་སྙམ་བྱེད་པ་ འབྱུང་། དེ་ཙམ་ན་བསྐྱེད་རིམ་ཅུང་ཟད་བརྟན་པ་ཞེས་ཀྱང་མིང་འཐོབ་པོ་གསུང་། ངེས་དོན་ ནི། རྩ་རྒྱུད་ལས། དང་པོར་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་དགོད། །གསུམ་ པ་ལ་ནི་གཟུགས་རྫོགས་འགྱུར། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པའི་འགྲེལ་པ་རྡོ་ རྗེ་སྙིང་པོས། དོན་དམ་སེམས་བསྐྱེད་དབྱེར་མེད་ཟུང་འཇུག་ཏུ་བཀྲལ་བ་བཞིན་ཏེ། དཔལ་ ལྡན་བླ་མ་དམ་པའི་ཞལ་ལས་ཤེས་པར་བྱའོ། ། གཉིས་པ་ཁམས་འདུས་པ་བར་པ་མཚན་ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན་གྱི་ཉམས་དྲོད་ སྐྱེ་བའི་རྒྱུར་བསྟན་པ་ནི། ཁམས་འདུས་པ་བར་པ་བར་པ་ཞེས་བྱ་བ་(ལྔ་ལས་བདེ་བས་ཁམས་ འདུས་པ་)རྩའི་ཕོ་བྲང་(འཁོར་ལོ་)བཞི་ལ་སོགས་པ(འི་རྩ)ར་རླུང་སེམས་ཀྱི་ཚོགས་པ་(རླུང་ལྔ་)ཡུམ་ (བདུད་རྩི་ལྔ་)ཡབ་དམ་ཚིག་པ་དང་ཡེ་ཤེས་པའི་ཚུལ་དུ་འདུས་པར་གྱུར་པ་སྟེ། (འདུས་པའི་དཔེ་) དཔྱིད་ཀྱི་རླུང་པོ་ལག་ཆ་བྲི་བ་ལྟ་བུས་རྩ་དྲལ་ཁམས་འདུས་པས་ཞེས་བྱ་བ། དཔྱིད་ཀྱི་རླུང་ པོ་གྲང་པའི་རེག་བྱའི་ལག་ཆ་བྲི་བ་ལྟ་བུ་(ལུས་སེམས་ལ་)གནོད་ཤས་ཆུང་པའི་རླུང་གིས་རྩ་ དྲལ། རྩ་དྲལ་པའི་ནང་དུ་རླུང་སེམས་ཅུང་ཟད་དྭངས་པའི་ཁམས་འདུས་པས་(འདུས་པའི་ཉམས་) རྩ་རླུང་གི་ཟུག་ཅུང་ཟད་བྲི་ཞིང་ཐིག་ལེའི་ཟུག་དང་ཞེས་བྱ་བ། དེ་ཙམ་ན་ཐིག་ལེ་ཆེར་འབར་ ཞིང་གཡོ་བས། བདེ་བ་དང་བཅས་པའི་ཟུག་རྔུ་འབྱུང་ཞིང་། དེ་ཙམ་ན་ཐིག་ལེ་འཛག་པ་ བསྲུང་པ་ཡང་གཅེས་སོ། །མཐོང་སྣང་བརྟན་ཞེས་བྱ་བ་ནི། (མེ་ལོང་གཡའ་དག་པ་བཞིན་)ཁམས་ ཞུགས་ཟད་དྭངས་ནས་རླུང་ཅུང་ཟད་བརྟན་པས་དུ་བ་ལྟ་བུ་ལ་སོགས་པ་མི་སླུ་བར་(ཕལ་ཆེར་) མཐོང་པ་ཡིན་ནོ། ། ༈ གཉིས་པ་ནི་ཚིག་མདོར་བསྡུས་ནས་དོན་རྒྱས་པར་བསྟན་ན་སྟོང་སྣང་ཆ་བསྙམས་ 2-1-247 པས་མཐོང་སྣང་བརྟན་པའི་མཚན་ཉིད་སྣ་ཚོགས་ཀྱི་ཏིང་ངེ་འཛིན་(དུ་བ་ལྟ་བུ་ལ་སོགས་པ་)ཡུལ་ སྣང་སྟོང་དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ཏིང་ངེ་འཛིན་གྱི་ཉམས་སུ་(སེམས་ ཀྱི་བག་ཆགས་ཀྱི་རྟེན་)རཀྵ་སོགས་སུ་སྲིན་པོ་སོགས་ཞེས་བྱ་བ་ལྟེ་བའི་འོག་ཀྵ་ཡིག་དེ་སྲིན་ པོའི་གནས་ཤ་ཟ་དང་འབྱུང་པོ་དང་། གཤིན་རྗེ་དང་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ ཀྱི་གནས་སོ། །དེར་རླུང་སེམས་མཉམ་པར་འདུས་ན་མཐོང་སྣང་དང་རྨི་ཉམས་སུ་སྲིན་པོ་ སོགས་མི་སྡུག་པས་བརྡེག་ཅིང་སྡིགས་པ་ལ་སོགས་པ་དུ་མ་འབྱུང་སྟེ། ལྷའི་མིག་རྣམ་པར་ དག་(པས་མཐོང་)པ་བཞིན་སྲིད་པའི་རྩེ་མོ་མན་ཆད་(མཐོང་བ་)འབྱུང་བ་སྙམ་བྱེད་པ་ཞེས་ཏེ། མཐོང་སྣང་བརྟན་པས་(ཕལ་ཆེར་མི་སླུ་བ་)ཟག་པ་དང་བཅས་པའི་(ཐོགས་བཅས་)མིག་གི་མངོན་ ཤེས་འཆར་བ་ཡིན་ནོ། །དྲིལ་ཅན་གྱི་སྒྲ་ཞེས་བྱ་བ། དྲིལ་ཅན་གྱི་སྒྲ་མཆོག་ ནི་དབུ་མའི་ཡིན་ལ། དེར་རླུང་སེམས་མཉམ་པར་འདུས་ན་བུང་པའི་སྒྲ་ལྟ་བུ་འབྱུང་། མཆོག་མ་ཡིན་པ་ནི་རྣ་བ་གཡོན་པ་ནས་ཤེས་རབ་ཀྱི་ཨའི་བར་དུ་གནས་ཏེ། དེར་རླུང་ སེམས་འདུས་ན་ཁམས་གསུམ་གྱི་སྒྲ་ཉེ་བ་དང་རིང་པ་ཅི་རིགས་པར་ཐོས་ཏེ། ལྷའི་རྣ་བ་རྣམ་ པར་དག་(པས་ཐོས་)པ་བཞིན་ཤུགས་ཀྱིས་ཤེས་པར་བྱའོ། ། གསུམ་པ་ལ་གཉིས་ལས། དང་པོ་རྩའི་ཡི་གེ་བསམ་གྱིས་མི་ཁྱབ་པའི་ནང་དུ་ཁམས་ འདུས་པའི་ཏིང་ངེ་འཛིན་གྱིས་ལམ་ཁྲིད་པ་བསྟན་པ་ནི། གསུམ་གྱིས་[ ]པས་བཤད་ཀྱི་མི་ ལང་བ་མཚོན་ཅིང་ཞེས་བྱ་བ། རླུང་རིམ་གྱིས་དྭངས་པས་བདུད་རྩི་(གང་བསྡུ་བར་འདུ་ནུས་པའོ། །) མཉེན་ལྕུག་ཏུ་འགྱུར། དེས་རྩའི་མདུད་པ་གྲོལ་ཏེ་རྩ་(ཇི་ལྟར་འདོད་པའི་)མཉེན་ལྕུག་ཏུ་འགྱུར། དེ་ཉིད་ཀྱིས་རྩ་ཡིག་དབྱིབས་སྣ་ཚོགས་སུ་འཆར་བས་རྩ་ཡིག་མཉེན་ལྕུག་ཏུ་འགྱུར། དེ་དག་ གི་སྟོབས་ཀྱིས་འབྱུང་པ་ལུས་འཁྲུགས་པ་ལ་སོགས་པའི་བར་ཆད་སེལ་བས་སྐུའི་མཉེན་ ལྕུག་ཏུ་ཡང་འགྱུར་ཏེ། མདོར་ན་མཉེན་ལྕུག་བཞི་ལས་ཀྱང་རྩའི་ཡི་གེ་དང་། བདུད་རྩིའི་ 2-1-248 མཉེན་ལྕུག་གི་སྟོབས་ཀྱིས་འཁོར་འདས་ལ་ཆོས་ཇི་སྙེད་ཡོད་པ་རྣལ་འབྱོར་པ་ལ་ཉམས་ཀྱི་ སྣང་པ་ལ་འཆར་ཏེ། ཨ་ཀྵ་ར་ཡི་གེའི་མན་ངག མི་སླུ་བ་དོན་གྱི་མན་ངག (གསང་བ་རྟེན་འབྲེལ་) གཅིག་ཤེས་པས་(འཁོར་འདས་)མང་པོ་ཤེས་པའི་མན་ངག་སྟེ། གཞི་སེམས་ ཅན་པ། ལམ་རྣལ་འབྱོར་པ། འབྲས་བུ་བདེ་བར་གཤེགས་པ་གསུམ་གྱིས་ལོ་བྱེ་བ་དུ་མས་ ཀྱང་བཤད་ཀྱིས་མི་ལང་པ་ཡི་གེའི་མན་ངག་ཚིག་གཅིག་གིས་མཚོན་ཅིང་ཤེས་པར་ནུས་སོ། ། ལྔ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་གྲགས་པ་ལམ་ལྔ་མཐར་ཕྱིན་པ། བཅུ་ནི་ས་བཅུའི་ བྱང་ཆུབ་སེམས་དཔའ་སྟེ། དེ་དག་ལ་ཡང་མཉེན་ལྕུག་བཞི་དང་ཡི་གེའི་ཚིག་གི་མན་ངག་མ་ གྲགས་པའི་ཕྱིར་གསང་པ་སྟེ། ན་རི་ཀི་རིའི་གླིང་ལ་བ་གླང་གི་སྒྲ་མ་གྲགས་པ་བཞིན་ནོ། ། གཉིས་པ་རྩའི་ནང་དུ་རླུང་ལྔ་དང་བདུད་རྩི་ལྔའི་ཁམས་འདུས་པའི་ཏིང་ངེ་འཛིན་གྱིས་ ལམ་ཁྲིད་པ་བསྟན་པ་ནི། བསྒོམ་པ་མི་འཆོར་བའི་རྒྱུ་ཞེས་བྱ་བ་ནི་ཚུལ་སྔ་མ་བཞིན་ནོ། །ཕྱི་ རྟེན་འབྲེལ་ཞེས་བྱ་བ་ནི་ཕྱི་རོལ་དུ་རགས་པར་སྣང་པའི་ཕྱིར། ཕྱིའི་ལུས་ལ་རྟེན་ཅིང་འབྲེལ་ པར་འབྱུང་པའོ། །རླུང་ལོག་པས་འཕར་གཡོ་ལ་སོགས་པ་ལུས་ཉམས། སོགས་ཀྱིས་བསྡུས་ པ་དུ་བ་(ལྟ་བུ་)ལ་སོགས་པའི་མཐོང་སྣང་། རྟ་རྨི་བ་ལ་སོགས་པའི་རྨི་ཉམས། གསུམ་གསུམ་ ནི་ཞེས་བྱ་བ་དྲོད་གསུམ་གྱི་བྱེ་བྲག་གི་དགུར་ཡང་འགྱུར་རོ། །དེ་དག་འབྱུང་པའི་རྒྱུ་ཕྱི་ནང་ གི་དེ་ཉིད་ལས་ནང་རྟེན་འབྲེལ་ནི་ནང་གི་མཁའ་འགྲོ་མ་ལྔ་ཞེས་བྱ་བ་རླུང་ལྔ་དང་། དེ་བཞིན་ གཤེགས་པའི་སྐུ་ལྔ་ནི་ཁམས་བདུད་རྩི་ལྔ་སྟེ། ནང་གི་མཁའ་འགྲོ་(ཡུམ་)ལྔ་དང་དེ་བཞིན་ གཤེགས་པ་(ཡབ་)ལྔ་ཡུམ་ཡབ་བཅུ་རྩ་རིན་པོ་ཆེའི་ཕོ་བྲང་འཁོར་ལོ་རྣམས་སུ་(མར་)བྱོན་ཞིང་ (ཡར་)གཤེགས་པ་ལས། དེ་ཡང་དམ་ཚིག་(པ་ལུས་ཀྱི་གཟུགས་དང་སེམས་ཀྱི་རྟེན་དུ་གཞིར་གནས་)པ་ དང་ཡེ་ཤེས་པ(བསྒོམས་པས་མས་བྱོན་པ)འི་ཚུལ་དུ་འདྲེ་ཞིང་བདག་རྒྱུད་བྱིན་གྱིས་བརླབས་པ་ ནི། བྱང་(པ་སངས་པ་)ཆུབ་(པ་རྒྱས་པ་)ཆེན་པོ(ས་བཅུ་གསུམ་པ)འི་རྟེན་འབྲེལ་མཛད་ཅེས་བྱ་བ་ས་ 2-1-249 བཅུ་གསུམ་པར་བགྲོད་པའི་ལམ་གྱི་རྟེན་(རྩའི་ནང་དུ་རླུང་སེམས་ཡུམ་ཡབ་)འབྲེལ་མཛད་པས་(རྩ་) ནང་གི་(རླུང་སེམས་ཀྱི་)རྟེན་འབྲེལ་དུ་ཤེས་ཤིང་ཞེས་པའོ། །དེ་དག་གིས་ནི་རེ་དོགས་དང་བྲལ་ བའི་འཐད་པ་བསྟན་པའོ། ། ༈ ད་ནི་བཞི་པ་ལ་གསུམ་ལས། དང་པོ་(དངོས་གྲུབ་སྟེར་བྱེད་གཞན་ན་མེད་པ་)དེ་ཉིད་ཀྱི་ ཕྱིར་རེ་བ་དང་བྲལ་བའི་ཡོན་ཏན་བསྟན་པ་ནི། དངོས་གྲུབ་རྣམས་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། དངོས་གྲུབ་ནི་མཆོག་གི་དངོས་གྲུབ་གྲུབ་མཐའ་བཞི་དང་སྐུ་ལྔ་ལ་སོགས་པ་ རྣམས་སོ། །རང་ལས་འབྱུང་པར་ཞེས་བྱ་བ། རང་ལུས་ནང་གི་མཁའ་འགྲོ་ལྔ་དང་དེ་བཞིན་ གཤེགས་པ་ལྔ་སྟེ་ཡུམ་ཡབ་བཅུ་ལས་འབྱུང་པར། ཤེས་ཤིང་ནི་དང་པོར་(ཐོས་བསམ་གྱིས་)བླ་ མ་ལས། ཤེས་པས་ནི་ཕྱི་ནས་(བསྒོམས་བྱུང་གིས་)བདག་ཉིད་ཀྱིས་ཉམས་མྱོང་རྗེས་སུ་དྲན་པའི་ ཚད་མས་སོ། ། རེ་བའི་བློ་སེལ་བ་ནི་ཕྱིའི་རྒྱལ་བ་སྤྲུལ་པའི་སྐུ་ལ་སོགས་པ་ལ་དངོས་གྲུབ་རེ་བ་དང་བྲལ་ བའོ། །རྩོལ་བའི་བློ་སེལ་བ་ནི་ཕྱིའི་ལྷ་མཆོད་པ་དང་། གཏོར་མ་དང་སྦྱིན་སྲེག་ལ་སོགས་པ་ རྣམས་ཀྱི་རྩོལ་བ་དང་བྲལ་(ཏེ་རྒྱུ་ནང་དུ་སྒྲོ་འདོགས་ཆོད་)བའོ། ། གཉིས་པ་དེ་ཉིད་ཀྱི་ཕྱིར་(ཕྱི་ནས་བར་ཆད་འབྱུང་པར་)དོགས་པ་དང་བྲལ་བའི་ཡོན་ཏན་ བསྟན་པ་ནི། བདུད་དང་གོལ་ས་ཞེས་བྱ་བ་རྟེན་འབྲེལ་དང་ལམ་དུ་མ་ཤེས་པའི་རྣལ་འབྱོར་ པ་ལ། སྲིན་པོ་དང་ཤ་ཟས་རྡེག་པ་དང་། འཇིགས་ཤིང་ཉམ་ང་བ་དང་འགྲེས་ནོན་པ་ལ་ སོགས་པ་བདུད་དང་། སྣང་ཕྱོགས་དང་སྟོང་ཕྱོགས་ལ་སོགས་པའི་གོལ་ས་རྣམས། རང་(ནང་ གི་གནད་)གི་རྟེན་འབྲེལ་དང་། ལམ་ཤེས་པའི་རྣལ་འབྱོར་པ་ལ་རྟེན་འབྲེལ་དང་། ལམ་དུ་ ཤེས་པས་ཆུ་བོ་ལ་ཟམ་པའམ། གྲུ་ལ་སོགས་པ་བཞིན་དུ། བདུད་དང་གོལ་སའི་སྐྱོན་རྣམས་ དངོས་གྲུབ་ཏུ་ལེན་ཤེས་པས་ཡོན་ཏན་དུ་བསླང་ཞིང་། སྐྱོན་ཡོན་ཏན་དུ་ཤེས་ནས་བདུད་དང་ 2-1-250 གོལ་སའི་བར་ཆད་ཀྱི་དོགས་པ་དང་བྲལ་ཏེ། དེ་བས་ན་བར་ཆད་རྟེན་འབྲེལ་དུ་ངོ་ཤེས་པས་ ཕྱི་རོལ་བདུད་ཀྱི་བར་ཆད་སེལ། གོལ་ས་ལམ་ཏིང་ངེ་འཛིན་དུ་ངོ་ཤེས་པས་བསམ་བརྟན་ ལམ་གྱི་གེགས་སེལ། སྐྱོན་ཡོན་ཏན་དུ་སློང་ཤེས་པས་རེ་དོགས་ཀྱི་ཕྲང་སེལ་བའི་གདམ་ ངག་ཅེས་བྱའོ། ། གསུམ་པ་དེ་ཉིད་ཀྱི་ཕྱིར་དྲོད་ཉམས་བྱུང་རྒྱལ་དུ་བསྐྱང་གཏང་བསྟན་པ་ནི། རིམ་པ་ཡིན་མིན་དུ་སྐྱེ་བའི་དྲོད་ཉམས་ཞེས་བྱ་བ། རེ་བ་དང་། དོགས་པ་དང་བཅས་པ་ གཉིས་ཀྱང་རྟེན་འབྲེལ་རིམ་པ་ཡིན་མིན་དུ་འགྲིག་པ་ཡིན་པས། དྲོད་ཉམས་ཀྱང་རིམ་པ་ ཡིན་མིན་དུ་སྐྱེ་བས་རིམ་པ་ཡིན་པར་སྐྱེ་བའི་དྲོད། ཉམས་རྟགས་བྱུང་རྒྱལ་དུ་བསྐྱང་ཞིང་། རིམ་པ་མིན་པར་སྐྱེ་བའི་དྲོད། ཉམས་རྟགས་བླང་དོར་མེད་པར་བྱུང་རྒྱལ་དུ་གཏང་(གནས་ སྐབས་སུ་བྱུང་རྒྱལ་དུ་མི་གཏང་པའི་གནད་བཞིའི་གེགས་སེལ་ཡང་ཤེས་པར་བྱའོ། །)ངོ་། །དེ་དག་རྣམས་ཀྱིས་ ཚོགས་ལམ་འབྲིང་དང་། སྦྱོར་ལམ་དྲོད་འབྲིང་གི་ལམ་འབྲས་བསྟན་ཏོ། ། ༈ གསུམ་པ་ལ་བཞི། ངོ་བོ་ཟུང་འཇུག་གི་ས་མ་ཏི། ཉམས་མྱོང་བདེ་སྟོང་དབྱེར་མེད་ རྣམ་པར་མི་རྟོག་པའི་ས་མ་ཏི་གྱི། སྐྱེ་རྒྱུ་དང་། ངོ་བོ་དང་། ལམ་བགྲོད་ལུགས་དང་། ཕན་ ཡོན་བསྟན་པའོ། ། དང་པོ་ལ་གཉིས་ལས། ཡང་དག་པར་སྤོང་སྐྱེད་བཞི་ངོ་བོ་ཟུང་འཇུག་གི་ཏིང་ངེ་འཛིན་ གྱི་ངོ་བོ་(ཁྱད་པར་ཅན་དུ་)སྐྱེ་བའི་རྒྱུར་བསྟན་པ་ནི། བསྒོམ་པ་ཞེས་སོགས་ གསུངས་པ་ལས། ཕྱི་མཚན་ཉིད་རྒྱུའི་ཐེག་པའི་ལུགས་ཀྱིས་ཡང་དག་པར་སྤོང་སྐྱེད་བཞི་ནི། སྡིག་པ་མི་དགེ་བའི་ཆོས། མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་ཡང་དག་པར་སྤོང་པའི་ཕྱིར་དང་། དགེ་བའི་ཆོས་། མ་སྐྱེས་པ་ རྣམས་སྐྱེད་པའི་ཕྱིར་དང་། སྐྱེས་པ་རྣམས་ཡང་དག་པར་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད། 2-1-251 འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་པའོ། །ཞེས་པ་བཞིའོ། །ནང་གསང་ སྔགས་འབྲས་བུའི་ཐེག་པའི་ལུགས་ཀྱིས། བསྒོམ་པ་མི་ འཆོར་བའི་ཡང་དག་པར་སྤོང་པ་བཞི་ནི་ཞེས་གསུངས་ཏེ། རླུང་ཐིག་གཙོ་བོར་ གྱུར་པའི་དབང་དུ་བྱས་པའོ། །དེའི་བསྒོམ་པ་ནི་ངོ་བོ་ཟུང་འཇུག་གི་ས་མ་ཏི། ཉམས་མྱོང་ བདེ་སྟོང་དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ས་མ་ཏི་བསྒོམ་པའོ། །མི་འཆོར་བ་ནི་ སྔར་བཞིན། ཡང་དག་པར་ནི་ཕྱིན་ཅི་མ་ལོག་པ། སྤོང་བ་ནི་འགོག་པ། སྐྱེད་པ་ནི་འཕེལ་བ་ སྟེ། ཕྱིན་ཅི་མ་ལོག་པར་འགོག་ཅིང་འཕེལ་བར་བྱེད་པའོ། །བཞི་ནི་གྲངས་ཏེ། དེ་བཞི་གང་ གི་གཉེན་པོར་བསྒོམ་ན། ཐིག་ལེ་འབར་འཛག་དང་། བདེ་བས་བརྒྱལ་བའི་འཕྲང་གི་གཉེན་ པོར། ཡང་དག་པར་སྤོང་སྐྱེད་བཞི་བསྒོམ་པ་ནི། དབང་གསུམ་གྱི་རྗེས་ལ་བྱུང་བའི་ཤེས་པ་ བསམ་པས་ནི་(རྒྱུ་དུས་སུ་དབང་ཐོབ་པའི་དོན་ལམ་དུས་སུ་ཉམས་སུ་ལེན་པའི་)དབང་(བཞི་པ་ཟེར་)རྟེན་ ཅན་ཏེ། དེ་ཡང་རྣལ་འབྱོར་ཐབས་ཤེས་རླུང་(དང་བྱང་)སེམས་ལ་ཀརྣམ་རྒྱལ་མ་ཐོབ་པས། དབང་རྟེན་ཅན་བླངས་པ་ལས་བྱང་སེམས་མར་འབབ་ཀྱི་དགའ་བ། མཆོག་དགའ། སྣ་ཚོགས་དགའ་བ་གསུམ་གྱི་རྗེས་མ་འཛག་བདེའི་དགའ་བྲལ་གྱི་དགའ་བ་ བྱུང་པའི་བདེ་སྟོང་ཉམས་སུ་མྱོང་པའི་ཤེས་པ་བསམས་པས། ཆགས་བྲལ་འཛག་བཅས་བདེ་ བའི་སྡིག་མི་དགེ་བའི་ཆོས། མ་སྐྱེས་པ་མ་སྐྱེད་པའི་ཕྱིར་དང་། སྐྱེས་པ་ཡང་དག་པར་སྤོང་ པའི་ཕྱིར་དང། རྣམ་རྒྱལ་ཐོབ་པས། དབང་རྟེན་ ཅན་བླངས་པ་ལས། བྱང་སེམས་མར། དགའ་བ་བཞིས་རིམ་པས་བྱོན་པ་ཇི་ལྟ་ བ་བཞིན། ཡར་དགའ་བ་བཞིའི་རིམ་པས་གཤེགས་པའི་དགའ་བ་གསུམ་གྱི་རྗེས་ ལ་འཛག་མེད་བདེ་བའི་ལྷན་ཅིག་སྐྱེས་པའི་དགའ་བ་བྱུང་པའི་བདེ་སྟོང་ཉམས་སུ་མྱོང་པའི་ ཤེས་པ་བསམས་པས། ཆགས་ཆེན་མི་འགྱུར་བདེ་བའི་བསོད་ནམས་ 2-1-252 དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པའི་ཕྱིར་དང་། སྐྱེས་པ་ཡང་དག་པར་བསྐྱེད་པའི་ཕྱིར། འདུན་ པ་སྐྱེད། འབད། བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན་པ་ནི། ས་མ་ཏི་གྱི་ངོ་བོ་སྐྱེད་པའི་རྒྱུ་ཡང་དག་པར་སྤོང་སྐྱེད་(པ་)དང་པོ། གཉིས་པ། གསུམ་ པ། བཞི་པ་ཞེས་སྦྱར་རོ། །དེ་ལྟར་ཡང་དག་པར་སྤོང་སྐྱེད་བཞིས་ཐིག་ལེ་འབར་འཛག་དང་། བདེ་བས་བརྒྱལ་བའི་འཕྲང་སྒྲོལ་ཏེ། ངོ་བོ་ཟུང་འཇུག་གི་ས་མ་ཏི་སྐྱེ་བས། བྱང་སེམས་འཛག་ བདེ་མ་རིག་པའི་རྩ་བ་འཁོར་བ་དུ་ཁ་གྱི་རྒྱུ་ལམ་སྤངས་ནས། འཛགས་མེད་བདེ་སྟོང་རིག་པ་ ཡེ་ཤེས་ཀྱི་རྩ་བ་མྱང་འདས་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ལམ་བསྒོམས་ཏེ། དཔལ་ཀྱེའི་རྡོ་ རྗེ་ལས། བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་དང་། དཔལ་དང་པོའི་སངས་རྒྱས་ཀྱི་རྩ་རྒྱུད་ལས། ཆགས་བྲལ་ལས་ནི་སྡིག་གཞན་མེད། །བདེ་ ལས་བསོད་ནམས་གཞན་པ་མེད། །དེ་བས་རྟག་པར་མི་འགྱུར་བདེས། །སེམས་ནི་དབུག་བྱ་ མི་དབང་ཀྱེ། །ཞེས་གསུངས་པ་ནི་ངེས་པའོ། ། གཉིས་པ་ཁམས་འདུས་པ་ཐ་མ་ངོ་བོ་ཟུང་འཇུག་གི་ས་མ་ཏི་གྱི་ཉམས་དྲོད་སྐྱེ་བའི་རྒྱུར་ བསྟན་པ་ནི། ཁམས་འདུས་པ་ཐ་མ་ཞེས་བྱ་བ། (ལྔ་ལྔས་)རྩའི་ཕོ་བྲང་ (ཁམས་འདུས་པ་)བཞི་ལ་ སོགས་པར་(འདུ་རྒྱུ་)རླུང་སེམས་ཀྱི་ཚོགས་པ་མཁའ་འགྲོ་ཡུམ་ཡབ་བཅུ་(འདུ་ཚུལ་)དམ་ཚིག་པ་ དང་ཡེ་ཤེས་པའི་ཚུལ་དུ་འདུས་པའོ། །(འདུས་ པའི་དཔེ་)དབྱར་གྱི་རླུང་པོ་ལག་ཆ་བྲལ་བ་ལྟ་བུས་རྩ་དྲལ་ཁམས་འདུས་པས་ཞེས་པ་དབྱར་གྱི་ རླུང་པོ་གྲང་པའི་ལག་ཆ་བྲལ་བ་ལྟ་བུ་(ལུས་སེམས་ལ་)ཕན་པ་གཙོ་ཆེ་བའི་རླུང་གིས་རྩ་དྲལ། རྩ་ དྲལ་བའི་ནང་དུ་རླུང་སེམས་ཕལ་ཆེར་དྭངས་པའི་ཁམས་ འདུས་པས་རྩ་རླུང་གི་ཟུག་ཞི་སྟེ་དྲོད་ཆེན་པོ་སྐྱེ་བར་འགྱུར་རོ། །(འདུས་པའི་ཉམས་) དེས་སྐྱེ་མཆེད་དྲུག་གི་རྩའི་གནས་སུ་ཐིག་ལེ་འདུས་ནས་ཞེས་བྱ་བ་མིག་ལ་སོགས་པ་སྐྱེ་ 2-1-253 མཆེད་དྲུག་གི་རྩའི་གནས་སུ་ཁམས་དྭངས་མ་འདུས་པ་ལས་རྗེས་སུ་དྲན་པ་དྲུག་ཡང་དག་ པར་ཤེས་ཞེས་བྱ་བ། སེམས་ཉམས་ཏེ་མིག་གིས་གཟུགས་ཉེ་རིང་མེད་པར་མཐོང་པ་ལ་ སོགས་པ་ཟག་བཅས་ཀྱི་མངོན་ཤེས་རིམ་པར་ཕྱོགས་མེད་དུ་འཆར་རོ། །སྤྲུལ་སྐུ་འགའ་ མཐོང་ཞེས་བྱ་བ་མཐོང་ཉམས་ཏེ། ཁམས་དྭངས་མའི་རྟེན་འབྲེལ་གྱིས་རྣལ་འབྱོར་པ་རང་ གིས་(སངས་རྒྱས་)སྤྲུལ་པའི་སྐུ་མཚན་ཉིད་པ་གཅིག་ནས་བཅུ་ལ་སོགས་པ་ཅི་རིགས་པ་ འགའམ་དཔག་བརྗོད་མེད་པ་མངོན་སུམ་མཐོང་པའོ། ། ༈ གཉིས་པ་ལ་བཞི་ལས། དང་པོ་དབང་བསྐུར་གང་ལས་བླང་པའི་(དྲུང་སེམས་ཀྱི་)བླ་མ་ བསྟན་པ་ནི། སྤྲུལ་པའི་སྐུ་ལས་ནི་རྣལ་འབྱོར་པ་རང་གིས་ཕྱི་ནང་དུ་མཐོང་པའི་སྤྲུལ་པའི་ སྐུའི་བླ་མ་དེ་བཞིན་གཤེགས་པ་ལས་ལེན་པའོ། ། གཉིས་པ་དབང་གང་གིས་ལེན་པའི་རྣལ་འབྱོར་སྐྱེས་མཆོག་བསྟན་པ་ནི། རྣལ་འབྱོར་ སྐྱེས་པ་མཆོག་ཏུ་གྱུར་པས་ཞེས་གསུངས་ཏེ། རྣལ་འབྱོར་པ་རང་གི་སྟོང་པའི་དང་། མཚན་ ཉིད་སྣ་ཚོགས་ཀྱི་ས་མ་ཏི་ཁྱད་པར་ཅན་གྱི་ཉམས་སྐྱེས་པ་ རླུང་སེམས་ལ་དབང་ཐོབ་པའི་ཚོགས་དྲོད་ལམ་པ་ཆུང་འབྲིང་ལས་མཆོག་ཏུ་གྱུར་པའི་ ཚོགས་དྲོད་ལམ་པ་ཆེན་པོ་པས་སོ། ། གསུམ་པ་དབང་རྟེན་གང་ལ་བླང་པའི་རིག་མ་བསྟན་པ་ནི། དགྱེས་སོགས་ཞེས་སོགས་ གསུངས་ཏེ། མི་དགྱེས་པ་མ་ཡིན་ཏེ་དགྱེས་པ་བསྐྱེད། སོགས་ནི་བྱིན་གྱིས་མི་རློབ་པ་མ་ ཡིན་ཏེ་བྱིན་གྱིས་རློབ། ཡོན་ཏན་མི་བསྐྱེད་པ་མ་ཡིན་ཏེ་ཡོན་ཏན་བསྐྱེད་པ(དངོས་གྲུབ་མི་འབྱུང་ པ་མ་ཡིན་ཏེ་དངོས་གྲུབ་འབྱུང་པ)འོ། །མཚན་ལྡན་ནི་གཟུགས་ལ་སོགས་པའི་མཚན་ཉིད་ཕུན་སུམ་ ཚོགས་པའོ། །པད་ཅན་ནི་ལུང་བསྟན་ པའི་བུ་མོ་པད་ཅན་གྱི་རིགས་ཏེ་རྐང་པ་དང་ལག་པ་ལ་པད་མ་འདབ་བརྒྱད་ཀྱི་རི་མོ་ཡོད་ 2-1-254 པ་ལ་སོགས་པའོ། །བཅུ་གཉིས་ལཱི་ནི་བཅུ་ཚན་གཉིས་ཏེ་ཉི་ཤུ་མའོ། །རྩ་བཙལ་ཞིང་ནི། རྩ་ ནི་པད་མའི་སྣལ་མ་ལྟར་ཕྲ། མདུང་གི་རྩེ་མོ་ལྟར་རྣོ། རལ་གྲིའི་སོ་ལྟར་གཅོད། མེ་ལོང་གི་ ངོས་ལྟར་འཇམ་ཞེས་བྱ་སྟེ་ཆོས་བཞི་ལྡན་དུ་ཤེས་པར་བྱའོ། །བཙལ་ཞིང་ནི་སྒ་བསྟད་པ་ལ་ སོགས་པའི་སྦྱོར་བས་རྩ་བཙལ་ཞིང་རྩ་རྙེད་ནས་དབང་བླང་ངོ་། ། བཞི་པ་དབང་བླང་པས་ས་མ་ཏི་སྐྱེས་བསྒོམ་བསྟན་པ་ནི། སྙིང་པོའི་ཨཿ ཀུན་འདར་གྱི་ རྩའི་སྣ་རྩེར་ཞེས་གསུངས་ཏེ། དེ་ཡང་རྣལ་འབྱོར་ཐབས་ཤེས་རླུང་ ཐིག་ལ་རྣམ་རྒྱལ་ཐོབ་པས། (ཐབས་ཤེས་འདུ་ཤེས་གསུམ་ལྡན་དུ་བྱིན་བརླབས་བྱས་ནས་)ཟུང་འཇུག་ གི་དབང་ལེན་པའི་རྩ་སྣ་འཕྲོད་པའི་ཚེ། རྩ་དབུ་མའི་ཕྱི་དབྱིབས་ཀྱི་ཨའི་སྙིང་པོ་ནང་དུས་ མེའི་ཨཿཚེག་དྲག་ཅན་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་མེ་ལྕེ་ཀུན་འདར་གྱི་རྩའི་ཡ་ སྣའི་རྩེར་ཕྱིན་པས། (ལུས་ཀྱི་ཁམས་དྭངས་མ་རྣམས་བཞུ་སྟེ་ཡར་)སྤྱི་གཙུག་གི་ཧཾ་(ཧཾ་ལས་འདུས་)ཞུ་ ནས། མར་དགའ་བ་བཞིའི་རིམ་པས་ཀུན་འདར་མའི་རྩའི་མ་སྣའི་རྩེར་བྱོན་པའི་ཐིག་ལེ་ རླུང་འཛིན་པ་ཞི་དྲག་གི་རླུང་སྦྱོར་གྱིས་གྱེན་དུ་བསྐྱོད་པས། མར་ཇི་ལྟར་བྱོན་པ་དེ་བཞིན་དུ་ ཡར་དགའ་བ་བཞིའི་རིམ་པས་ཀུན་འདར་གྱི་རྩའི་ཡ་སྣའི་རྩེར་གཤེགས་པའི་དགའ་བདེའི་ དབང་གསུམ་གྱི་རྗེས་ལ་བྱུང་པའི་(རྒྱུ་ཏིང་)ངོ་བོ་(བདེ་བ་དང་སྟོང་པ་ཟུང་དུ་ཆུད་པའི་)ཟུང་འཇུག་གི་ ཏིང་ངེ་འཛིན་ཉམས་མྱོང་བདེ་སྟོང་དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ས་མ་ཏི་ སྐྱེས་པའི་རྒྱུན་རྟག་ཏུ་བསྒོམ་པའོ། ། གསུམ་པ་ནི་དལ་རྒྱུ་ཞེས་སོགས་གསུངས་ཏེ། དེ་ཡང་(འགོག་པའི་སྙོམས་འཇུག་ཆེན་པོའི་ དུས་སུ་)དལ་རྒྱུ་ནི་གཡས་རླུང་ལྔ་གཡོན་རླུང་ལྔ་རྩ་དབུ་མར་ཞུགས་པའི་ཡེ་ཤེས་ཀྱི་རླུང་ཤིན་ ཏུ་དལ་བར་སྣ་[ ]དུ་མཉམ་པར་རྒྱུ་བ་ནི་རླུང་ཕྱིར་ལྡང་། ནང་དུ་འཇུག་པ་སོགས་ནི་ནང་དུ་ གནས་པ། རིགས་པ་ནི་རླུང་སྦྱོར་བྱང་པ། བཞིས་ནི་རླུང་འབྱུང་འཇུག་གནས་ལྡང་པ་ཐུགས་ 2-1-255 རྡོ་རྗེའི་བཟླས་པ་དང་། ལྡང་འཇུག་གནས་པ་གཉིས། [ ]བཞི་བྱང་པས་ཡིད་ནི་(ཡིད་ཀྱི་རྩ་)དབུ་ མར་འཇུག་པ་ནི་ཞུགས་པ་སྟེ། དབུ་མར་རླུང་གཉིས་ཞུགས་པའི་(ཡེ་ཤེས་ཀྱི)རླུང་སེམས(ངག)། རླུང་འདྲེན་པ་ཞི་དྲག་གི་རླུང་སྦྱོར་གྱིས་ཡར་དྲངས་པས། ལུས་རྩ་རྡོ་རྗེ་དཀྱིལ་དཀྲུངས་ བཅས་ ནི་རྩ་གཉིས་དག་པ་ཡི་གེ་ཚེའི་[ ]གྱུར་པ་སྟེ། ཉེ་ལམ་རྣམ་པར་མི་རྟོག་པ་ཡེ་ཤེས་ཀྱི་རྩ་ དབུ་མའི་སྒོ་བྱེ་བའི་ནང་དུ་རྩ་གཉིས་ཟུང་དུ་འཇུག་པའི་སྦྱོར་ལམ་ནས་ཉེ་བར་བགྲོད་པའོ། ། ངག་རླུང་རྡོ་རྗེ་དཀྱིལ་དཀྲུངས་བཅས་ནི་རླུང་གཉིས་དག་པ་ ཡེ་ཤེས་ཀྱི་རླུང་དུ་གྱུར་པ་སྟེ། ཉེ་ལམ་དུ་(གཡས་གཡོན་གྱི་)རླུང་གཉིས་ཟུང་དུ་འཇུག་པའི་སྦྱོར་ ལམ་ནས་མྱུར་དུ་བགྲོད་པའོ། །སེམས་བྱང་སེམས་རྡོ་རྗེ་དཀྱིལ་དཀྲུངས་ བཅས་ནི་བྱང་སེམས་(དཀར་དམར་)གཉིས་དག་པ་བྱང་སེམས་ཀྱི་དྭངས་མ་འཛག་མེད་དུ་གྱུར་ པ་སྟེ། ཉེ་ལམ་དུ་ཐིག་ལེ་(དཀར་དམར་)གཉིས་ཟུང་དུ་འཇུག་པའི་སྦྱོར་ལམ་ནས་བདེ་བར་ བགྲོད་པའོ། །རྟེན་པ་ཡིད་རྡོ་རྗེ་དཀྱིལ་དཀྲུངས་བཅས་ནི་ཡིད་གཟུང་འཛིན་གྱི་རྣམ་པར་ རྟོག་པ་གཉིས་དག་པའི་རྣམ་པར་མི་རྟོག་ཡེ་ཤེས་སུ་འགྱུར་བ་སྟེ། ཉེ་ལམ་དུ་ཡིད་རང་རིག་ ཉམས་མྱོང་བདེ་སྟོང་ཟུང་དུ་འཇུག་པའི་སྦྱོར་ལམ་ནས་(དབང་དུས་སུ་)སྔར་སྐྱེས་པའི་(བདེ་སྟོང་) ས་མ་ཏི་བསྒོམ་པ་ནི་རྩོལ་མེད་དུ་བགྲོད་པའོ། ། བཞི་པ་ནི་ཐིག་ལེས་ཞེས་སོགས་གསུངས་ཏེ། དེ་ཡང་ཐིག་ལེས་རླུང་ནོན་ པས་ནི་ཁམས་དྭངས་མ་རྩ་འཛོམ་པའི་གནས་སུ་[ ]སེམས་རླུང་སྦྱོར་གྱིས་བཅིངས་ པས་འཆིངས་པའི་འཛག་མེད་ཀྱི་ཐིག་ལེས་རྩ་གཡས་གཡོན་གྱི་ལས་རླུང་དང་། དབུ་མའི་ཐུར་སེལ་གྱི་རླུང་ནོན་པས་ཟག་བཅས་ཀྱི་བདེ་སྟོང་ཆོས་མཆོག་ཡན་ཆད་ཀྱི་ཉམས་ མཆོག་ཏུ་གྱུར་པ་སྐྱེའོ། །རྟོག་པ་རྣམས་ཡང་དག་པར་སྤོང་པས་ཞེས་པ་ནི་དེ་ལྟར་ཐིག་ལེས་ 2-1-256 རླུང་ནོན་པས་(འཇོམས་བྱེད་)ངན་རྟོག་དང་བཟང་རྟོག་ལ་སོགས་པའི་རྟོག་པ་རྣམས་རིམ་གྱིས་ ཡང་དག་པར་སྤོང་པ་མཐོང་ལམ་ས་དང་པོའི་ཟག་མེད་ཀྱི་བདེ་སྟོང་རྣམ་པར་མི་རྟོག་པ་ཆ་ མཐུན་པར་མཐོང་ལམ་ལ་ཉེ་བར་གྱུར་པའི་བདེ་སྟོང་རྣམ་པར་མི་རྟོག་པའི་ས་མ་ཏི་ཁྱད་པར་ ཅན་སྐྱེས་པས་(གཞོམ་བྱ་)བསྐྱེད་རིམ་ལོ་ཀ་པའི་ལམ་(གཙོ་ཆེ་བ་ཉིད་)གྱི་མཐོང་ཐོབ་ལ། རྫོགས་ རིམ་ལོ་ཀ་པ་ལས་འདས་པའི་ལམ་(གཙོ་ཆེ་བ་ཉིད་)གྱི་མཐོང་ཐོབ་ཏུ་བཟུང་ནས་ཆོག་ཤེས་པའི་ དང་། ལྟ་བ་ཉམས་སུ་མྱོང་པའི་མཐོང་པ་ལ། གྲུབ་མཐའ་སྙོགས་པའི་ཐོབ་པར་བཟུང་ནས་ ཆོག་ཤེས་པ་སོགས་ཆོག་ཤེས་པའི་བདུད་ཆོམས་(འཇ་ ཞ་ཟེར། ) པའོ། །རྔ་སྒྲ་སོགས་མི་ཐོས་པས་ཞེས་པ་ནི་དེ་ལྟར་ཐིག་ལེས་རླུང་ནོན་པས་ཟག་བཅས་ཀྱི་ བདེ་སྟོང་ཡིན་ཡང་ཟག་མེད་ཀྱི་བདེ་སྟོང་དང་ཆ་མཐུན་པ་བདེ་བ་ཆེན་པོས་ཟིལ་གྱིས་ནོན་ པའི་ས་མ་ཏི་རྔ་སྒྲ་དང་ཆ་ལང་ལ་སོགས་པའི་སྒྲ་མི་ཐོས་པ། མཐོང་ལམ་ས་དང་པོ་ལ་ཉེ་ བར་གྱུར་པའི་འཛག་མེད་བདེ་སྟོང་ལྷན་སྐྱེས་མི་རྟོག་ཡེ་ཤེས་ཀྱི་ས་མ་ཏི་ཁྱད་པར་ཅན་སྐྱེས་ པས། (གཞོམ་བྱ་)རྫོགས་རིམ་ལོ་ཀ་ལས་འདས་པའི་ལམ་(གཙོ་ཆེ་བ་ཉིད་)གྱི་མཐོང་ཐོབ་ལ། བསྐྱེད་རིམ་ལོ་ཀ་པའི་ལམ་གྱིས་མཐོང་ཐོབ་ཏུ་བཟུང་ནས་ཆོག་མི་ཤེས་པའི་དང་གྲུབ་མཐའ་ སྙོགས་པའི་ཐོབ་པ་ལ། ལྟ་བ་ཉམས་སུ་མྱོང་པའི་མཐོང་པར་བཟུང་ནས་ཆོག་མི་ཤེས་པ་ སོགས་ཆོག་མི་ཤེས་པའི་བདུད་ཆོམས་(འཇ་ ཞ་ཟེར། )པའོ། །དེ་ཡང་ཆོག་ཤེས་པ་དང་། ཆོག་ མི་ཤེས་པའི་བདུད་ལ་སོགས་པའི་བདུད་མ་ལུས་པ་ནི་མཐོང་ལམ་ཡན་ཆོད་ཀྱིས་ཆོམས་ པའོ། །དེ་དག་རྣམས་ཀྱི་ཚོགས་ལམ་ཆེན་པོ་དང་། དྲོད་ལམ་ཆེན་པོའི་ལམ་འབྲས་བསྟན་ ཏོ། །དེ་ལྟར་བསྟན་པ་ཀུན་གྱིས་ཚོགས་དྲོད་ཀྱི་ལམ། དད་མོས་ཀྱི་བསྟན་པའོ། །ད་ནི་ཚོགས་ སྦྱོར། ལམ་དྲོད་ཆེན་པོའི་ཡོན་ཏན་གྱི་ལྡོག་པ་ནས། གཉིས་པ་སྦྱོར་ལམ་རྩེ་མོ་བཟོད་པ་ཆོས་ མཆོག་གི་ལམ་འབྲས་བསྟན་པ་ལ་གསུམ་ལས། སྦྱོར་ལམ་རྩེ་མོ་ནི་ཡང་དག་པར་སྤོང་པ་ 2-1-257 བཞིས་དྲོད་ཀྱི་ཡེ་ཤེས་ ངོས་བཟུང་། ནང་གི་སངས་རྒྱས་རྣམས་ཀྱི་ལམ་ནས་ཞེས་བྱ་བ་རྣལ་འབྱོར་པ་རྣམས་ཀྱི་ ཚོགས་ལམ་ཆེན་པོའི་ལམ་ཡང་དག་པར་སྤོང་བསྐྱེད་བཞིས་མཐོང་ལམ་རྣམ་པར་མི་རྟོག་ པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་ཀྱི་མེ་དྲོད་ཀྱིས་སྤྱི་གཙུག་གི་ཧཾ་བཞུ་ནས་ཐིག་ལེ་བྱང་སེམས་ མགྲིན་པར་བྱོན་པས། དགའ་བའི་དགའ་བ་རིམ་པ་གསུམ་ལས། དགའ་བའི་ཁྱད་པར་ དགའ་བ། སྦྱོར་ལམ་དྲོད་རིམ་པ་གསུམ་ལས། སྦྱོར་ལམ་དྲོད་ཆེན་པོའི་བདེ་སྟོང་ཉིད་ཀྱི་ཡེ་ ཤེས་བགྲོད་པ། སྤྱོད་ པའི་ས་མགོ་ཟུག་པ་ངོས་བཟུང་པའི་རང་ལུས་ནང་གི་རྩ་དབུ་མར་སངས་རྒྱས་རྣམས་ནི་རླུང་ སེམས་མཁའ་འགྲོ་ཡུམ་ཡབ་བཅུ་བྱོན་གཤེགས་མཛད་པ་དག་གི་ལམ་མགྲིན་པ་ནས་འཕོས་ དགའ་བའི་དགའ་བ་བྲལ་ཏེ། ཐིག་ལེ་བྱང་སེམས་སྙིང་ཁར་བྱོན་པས་མཆོག་དགའི་དགའ་ བ་རིམ་པ་གསུམ་གྱི་བདེ་སྟོང་གི་ཡེ་ཤེས་བགྲོད་པ། སྲིད་པའི་རྩེ་མོར་ཕྱིན་ཅིང་ནི་སྲིད་པའི་ རྩ་གཡས་གཡོན་དབུས་མ་གསུམ་གྱི་དབུ་མའི་མ་སྣའི་རྩེ་མོར་དྭངས་མ་ཅུང་ཟད་ཕྱིན་པ་ ཡིན་ཅིང་། ལོ་ཀ་པའི་ཆོས་ལས་འདས་པས་ནི་ལོ་ཀ་འཁོར་བའི་འཛག་བདེའི་ཆོས་ཀྱི་ས་ མ་ཏི་ལས་འདས་པས་དབུ་མའི་མར་སྣའི་རྩེར་(རླུང་སེམས་ཀྱི་དྭངས་མ་ཅུང་ཟད་)བྱོན་པས། སྦྱོར་ ལམ་རྩེ་མོ་(ནུས་སྟོབས་)ཆུང་འབྲིང་ཆེན་པོ་གསུམ་མོ།། །། ༈ སྦྱོར་ལམ་བཟོད་པ་ནི་སྔར་མ་སྐྱེས་པའི་ཆོས་ལ་བཟོད་པར་དཀའ་བ་བཟོད་པས་ ཞེས་བྱ་བ་སྔར་ཚོགས་ལམ་མན་ཆད་དུ་མ་སྐྱེས་པའི་ཏིང་ངེ་འཛིན་དབུ་མར་རླུང་སེམས་ བརྟན་པར་འདུས་པའི་སྐབས་འདིར། ངན་འགྲོ་མེད་པའི་འཛག་མེད་བདེ་སྟོང་གི་ས་མ་ཏི་ སྐྱེས་པའི་ཆོས་ཆེན་པོ་བཟོད་པར་དཀའ་བ་བཟོད་པས། སྟོང་པ་ཉིད་ཀྱི་བདེ་སྟོང་བཟོད་ཅིང་། ཕྱི་སྒྲ་སོགས་རྣམས་ལ་སེམས་མི་འཇུག་པར་དབུ་མར་སེམས་རྣམ་པར་རྟོག་མེད་དུ་ལོག། 2-1-258 མཆོག་དགའི་དགའ་བ་བྲལ་ཏེ་ཐིག་ལེ་བྱང་སེམས་སྙིང་ཁ་ནས་འཕོས་ལྟེ་བར་བྱོན་པས། ཁྱད་པར་དགའ་བའི་དགའ་བ་རིམ་པ་གསུམ་གྱི་བདེ་སྟོང་གི་ཡེ་ཤེས་བགྲོད་པ་ན། (ལོ་ཀ་གྱི་ ཆོས་བརྒྱད་གཅིག་ཏུ་སྙོམས་པས་)སྦྱོར་ལམ་བཟོད་པ་ཆུང་འབྲིང་ཆེན་པོ་གསུམ་མོ།། །། ༈ སྦྱོར་ལམ་ཆོས་མཆོག་ནི་སྤང་བྱ་འཁོར་བའི་ཆོས་འཛག་བདེ་ལས་འདས་ཤིང་། གཉེན་ པོ་མྱ་ངན་ལས་འདས་པའི་ལམ་ཆོས་འཛག་མེད་བདེ་སྟོང་གི་རྒྱུ་ཐིག་ལེ་བྱང་སེམས་རྣམས་ལྟེ་ བ་ནས་འཕོས་ཁྱད་པར་དགའ་བའི་དགའ་བ་བྲལ་ཏེ། གསང་གནས་སུ་ཡོངས་སུ་རྫོགས་པ་ཡོན་ཏན་ལྷན་ཅིག་སྐྱེས་དགའི་དགའ་བ་རིམ་པ་གསུམ་ གྱི་བདེ་སྟོང་གི་ཡེ་ཤེས་བགྲོད་པ། ལོ་ཀ་པའི་བདེ་སྟོང་(དབྱེར་མེད་རྣམ་པར་མི་རྟོག་འོད་གསལ་བའི་ ཏིང་ངེ་འཛིན་)གི་ཆོས་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པས་(མཐོང་ལམ་སྐྱེ་བ་ལ་གང་གིས་ཀྱང་བར་མི་ ཆོད་པའི་ཟག་པ་མེད་པ་དང་པོ་ཡིན་ཏེ། སྐད་ཅིག་གཉིས་པ་ལ་མཐོང་ལམ་སྐྱེ་བར་འགྱུར་བ་)སྦྱོར་ལམ་ཆོས་ མཆོག་ཆུང་ངུ་འབྲིང་ཆེན་པོ་གསུམ་མོ། །དེ་དག་[ ]ལམ་སྤྱོད་པའི་ས་བསྟན་པའོ།། །། ༈ ད་ནི་གསུམ་པ་དེ་ལྟར་ཞེས་སོགས་གསུངས་ཏེ། དེ་ཡང་ཉམས་མྱོང་སྐྱོན་ཅན་ཞེས་ བྱ་བ་ནི་བརྒྱད་དང་། སྐྱོན་མེད་ནི་གསུམ་དང་། དེ་ནས་སྐྱོན་མེད་བཞི(འི་རྒྱུ་)ནི་ལོ་ཀ་པའི་[ ] ཆད་ཀྱི་རྩ། རླུང་། ཡི་གེ། བྱང་སེམས་ལས་འདས་པའི་རླུང་སེམས་ཀྱི་དྭངས་མ་རྣམས་མར་ བྱོན་ཏེ། རྩ་དབུ་མའི་མ་སྣའི་ཕྱི་དབྱིབས་ཀྱི་ཨར་འདུས་ནས་མར་ཇི་ལྟར་བྱོན་པ་དེ་བཞིན་ དུ་ཡར་དགའ་བ་བཞིའི་རིམ་པར་གཤེགས་པའི་རླུང་སེམས་སྤྱི་གཙུག་བདེ་ཆེན་གྱི་ཕོ་བྲང་ དུ་མཉམ་པར་འདུས་ནས་འཁོར་ལོ་བསྐོར་བ་ལོ་ཀ་ལས་པའི་(མཐོང་)ལམ་གྱི་མགོ་བརྩམས་ ཤིང་། འབྲས་བུ(སྐུ་བཞི)འི་མགོ་རྩོམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཉམས་ཚོགས་སྦྱོར་ ལམ་དུ་སྔར་བྱུང་པ་རྣམས་དང་། ད་ཡང་ལོ་ཀ་ལས་འདས་པའི་མཐོང་བསྒོམ་མཐར་ཕྱིན་ པའི་ལམ་དུ་འབྱུང་པ་རྣམས་གསུམ་དུ་བསྡུ་བའི་ཕྱིར། རང་བཞིན། མཚན་ཉིད། ངོ་བོའོ་ཞེས་ 2-1-259 གསུངས་ཏེ། དེ་ཡང་རང་བཞིན་སྟོང་པའི་དང་། མཚན་ཉིད་སྣ་ཚོགས་(དུ་བ་སོགས་)ཀྱི་དང་། ངོ་ བོ་ཟུང་འཇུག་(ཡུལ་སྣང་སྟོང་སོགས་)གི། ས་མ་ཏི་གྱི་ཉམས་མྱོང་ཞེས་བྱའོ། །དེ་དག་རྣམས་ཀྱིས་ འཁོར་ལོ་འཆམ་པ་ལོ་ཀ་པའི་ལམ་འབྲས་བསྟན་ཏོ།། །། ༒ ད་ནི་གསུམ་པ་འཁོར་ལོ་སྐོར་བ་ལོ་ཀ་པའི་ལམ་འབྲས་བསྟན་པ་ལ། གཞུང་ཚོམ་བུ་ལྔར་གསུངས་ཀྱང་། དོན་གྱི་འབྲེལ་རྩིས་ན་གཉིས་ལས། དང་པོ་སྤྱིར་འདས་ པའི་ལམ་འབྲས་ཀྱི་རྣམ་བཞག་བསྟན་པ་ལའང་གཉིས་ལས། སྤྱི་དོན་ བསྟན་པ་ནི། ལམ་ལྟར་ན་མཐོང་ལམ་བསྒོམ་ལམ་མཐར་ཕྱིན་པའི་ལམ། བྱང་ཆུབ་ཀྱི་ཕྱོགས་ ལྟར་ན་ཉི་ཤུ་རྩ་ལྔ་བྱང་ཆུབ་ཀྱི་ཆོས་ལྟར་ན་སུམ་ཅུ་རྩ་དྲུག ས་ལྟར་ ན་བཅུ་གསུམ། དེས་འདས་པའི་ལམ་རྫོགས་པ་ཡིན་ན་ཡང་། རེ་ཤིག་ས་རྣམས་ཚོམ་བུར་ བཅད་ན་བཞིར་བསྡུ། ས་དྲུག་བུམ་དབང་གི་ས། བཞི་གསང་དབང་གི་ས། གཉིས་ཤེས་རབ་ ཡེ་ཤེས་ཀྱི་ས། ཕྱེད་པ་གཉིས་དབང་བཞི་པའི་སའོ། །ཡང་(ལམ་ལྟར་ན་)དང་པོ་པ་བསྐྱེད་རིམ་ བརྟན། གཉིས་པ་ལ་བདག་བྱིན་གྱིས་བརླབ་པ་ བརྟན། གསུམ་པ་ལ་དཀྱིལ་འཁོར་འཁོར་ལོ་བརྟན། བཞི་པ་ལ་རྦ་རླབས་བརྟན་ནོ། །ཡང་ (ཞིང་ཁམས་ལྟར་ན་)དང་པོ་སྤྲུལ་སྐུའི་དང་། གཉིས་པ་ལོངས་སྐུའི་དང་། གསུམ་པ་ཆོས་སྐུའི་དང་། བཞི་པ་ངོ་བོ་ཉིད་ཀྱི་སྐུའི། ཞིང་ཁམས་ལ་དབང་ཐོབ་པའོ། །ཡང་ (དཀྱིལ་འཁོར་ལྟར་ན་)དང་པོ་ལ་ལུས་ཀྱི་དང་། གཉིས་པ་ལ་(གསང་པ་)བྷ་ གའི་དང་། གསུམ་པ་ལ་(དེ་ཁོ་ན་ཉིད་)རྩ་བ་བྱང་ཆུབ་སེམས་ཀྱི་དང་། བཞི་པ་ལ་མཐར་ཐུག་དོན་ དམ་བྱང་ཆུབ་སེམས་དང་དུས་གསུམ་བདེ་གཤེགས་བཅུད་འདུས་ཀྱི་དཀྱིལ་འཁོར་མངོན་དུ་ འགྱུར་རོ། །ཡང་(གྲུབ་མཐའ་ལྟར་ན་)དང་པོ་ལ་འཁོར་འདས་ དབྱེར་མེད་ཀྱི་དང་། གཉིས་པ་ལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་དང་། གསུམ་ 2-1-260 པ་ལ་བདེ་སྟོང་རྒྱ་ཆུང་པའི་དང་། བཞི་པ་ལ་བདེ་སྟོང་རྒྱ་ཆེ་བའི་གྲུབ་མཐའ་སྙོགས་ སོ། །གྲུབ་མཐའ་བཞིའི་ས་རེ་རེའི་དབང་དུ་བྱས་ཏེ། དོན་བརྗོད་ན། རྒྱུ་དང་། འབྲས་བུ་དང་། རྟགས་དང་། མཇུག་སྡུད་བསྟན་པ་བཞི་བཞིས་ཤེས་པར་བྱའོ། ། ༈ ད་ནི་གཉིས་པ་ཚིག་གི་དོན་བསྟན་པར་བྱ་སྟེ། (འབྱུང་ལུས)ལོ་(པ་ལ་)ཀ་(པའི་མྱ་ངན་) ལ་འདས་(པ་འཕགས་)པའི་ལམ་ལ་ཞེས་པ་ནི་ལོ་ཀ་པའི་ལམ་ཚོགས་སྦྱོར་གཉིས་ལས་འདས་ ནས། (འདས་པའི་ལམ་)མཐོང་པའི་ལམ་རྩོམ་པས་སོ། །དེ་ལ་གྲུབ་མཐའ་བཞི་པོའི་རིང་རྒྱུ་སྔར་ གྱི་དབང་བཞི་ལམ་བཞི་དང་། ཉེ་རྒྱུ་ལ་གཉིས། དབང་ནི་ཡང་བླ་མ་སྐུ་བཞི་ལས་རིམ་པར་ དབང་བཞི་བྱོན་པ་ཐུན་བཞི་ཐུན་ཚད་མེད་པར་བསྒོམ་པའི་དབང་བཅུ་དྲུག་དང་། རྟེན་འབྲེལ་ ནི་ཕྱི་ནང་སོགས་(གསང་པ་) རྟེན་ཅིང་འབྲེལ་པར་འབྱུང་པའི་ལམ་གྱིས་ཞེས་པ་ནི་ལོ་ཀ་པའི་ལམ་ས་མན་ཆད་དུ་ཕྱི་ནང་ སོགས་གསང་བའི་རྟེན་འབྲེལ་གསུམ་གྱི་ལམ་གྱིས་བགྲོད་པ་ཡིན་ལ། ལོ་ཀ་ལས་འདས་ པའི་ལམ་ས་རྟེན་ཅིང་འབྲེལ་པར་འབྱུང་པ་ལྔའི་ལམ་གྱིས་བགྲོད་པའོ། །འབྲས་བུ་ནི་སྐུ་ལྔ་ དང་། རྟགས་གསུམ་དང་། མཇུག་སྡུད་ནི་འོག་ནས་སོ་སོར་བསྟན་པའོ། ། ༈ ད་ནི་གཉིས་པ་བྱེ་བྲག་ཏུ་གྲུབ་མཐའ་བཞིའི་ལམ་འབྲས་བསྟན་པ་ལ་བཞི་ལས། དང་ པོ་བུམ་དབང་ཕྱི་ནང་དང་འབྲེལ་བ་གྲུབ་མཐའ་དང་པོའི་ལམ་འབྲས་བསྟན་པར་བྱ་སྟེ། དེ་ལ་ གཉིས་ལས། དང་པོ་བུམ་དབང་ཕྱི་ནང་དང་འབྲེལ་ བའི་མཐོང་ལམ་ས་དང་པོའི་ལམ་འབྲས་བསྟན་པ་ལ་བཞི། རྒྱུ། འབྲས་བུ། རྟགས། མཇུག་བསྡུ་བསྟན་པའོ། ། དང་པོ་ལ་གཉིས། རིང་རྒྱུ་(བརྒྱུད་རྒྱུ་)དང་། ཉེ་རྒྱུ་(དངོས་རྒྱུ་)བསྟན་པ(དེས་འདྲེ)འོ། ། དང་པོ་ལ་གཉིས་ལས། དབང་ནི་ལུས་གནས་པ་རྩ་ཡིག་གི་དྲི་མ་དག་པར་བྱེད་པ་བུམ་པའི་ 2-1-261 དབང་མཐར་ཕྱིན་པས་སོ། །ལམ་ནི་(གཉེན་པོ་)དབང་དེ་ལམ་གང་ནས་མཐར་ཕྱིན་ན་བསྐྱེད་ པའི་རིམ་པ་བསྒོམ་པའི་ལམ་ནས་མཐར་ཕྱིནཔའོ། ། གཉིས་པ་ཉེ་རྒྱུ་ལ་གཉིས་ལས། དབང་ནི་ཡང་དཔྲལ་བ་སྲིད་པ་དབང་བྱེད་བདེ་ཆེན་ འབྱུང་པའི་འཁོར་ལོའི་བླ་མ་སྤྲུལ་པའི་སྐུ་ལས་(བདེ་སྟོང་དབྱེར་མེད་རྣམ་པར་མི་རྟོག་པའི་སྤྲུལ་སྐུའི་) དགའ་བའི་དབང་བཞི་བྱོན་པ་ཐུན་བཞི་ཐུན་ཚད་མེད་པར་བསྒོམ་པའི་དབང་དང་། རྟེན་ འབྲེལ་ནི་ཕྱི་ལུས་ནང་རྩ་ཡིག་གི་རྟེན་འབྲེལ་གྱིས་སོ། ། གཉིས་པ་འབྲས་བུ་བསྟན་པ་ནི་(ཚེ་དབང་རིག་འཛིན་) (གཞན་མ་བཙལ་རང་ལུས་ནང་གི་) ལུས་གནས་པ་རྩ་ཡིག་སྤྲུལ་སྐུ་རང་བཞིན་གྱིས་ལྷུན་གྲུབ་དག་པ་ཐོབ་པར་བྱེད་པའི་རྒྱུས་ངོ་ བོ་(ཙམ་)མངོན་དུ་གྱུར་པ(དེས་ལོངས་སྐུ་སོགས་གསུམ་འདྲེ)འོ། ། གསུམ་པ་རྟགས་བསྟན་པ་ལ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་ འཆར་བ་ལ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་རྟགས། རང་སེམས་ལ་འཆར་བ་མཐོང་ལམ་གྱི་ མཐོང་ཆོས་བཞི་དང་། གཞན་སེམས་ལ་འཆར་བ་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བདུན་ བསྟན་པའོ། །དང་པོ་ལ་བཞི་ལས། དང་པོ་ནང་ལུས་ཀྱི་དཀྱིལ་འཁོར་མཐོང་པའི་ཆོས་ བསྟན་པ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ནི། ཞེས་གསུངས་པ་ལས། ཕྱི་མཚན་ཉིད་རྒྱུའི་ཐེག་པའི་ལུགས་ཀྱིས། བྱང་ཆུབ་ཀྱི་ ཡན་ལག་བདུན་ནི། དྲན་པ། ཆོས་རྣམ་པར་འབྱེད་པ། བརྩོན་འགྲུས། དགའ་བ། ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན། བཏང་སྙོམས། ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ནང་ གསང་སྔགས་འབྲས་བུའི་ཐེག་པའི་ལུགས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། བྱང་ཆུབ་ ནི་ས་དང་པོའི་ཡེ་ཤེས་ཡན་ལག་ནི་ཉེ་བའི་རྒྱུ། བདུན་ནི་གྲངས་ཏེ། རྩ་རིན་པོ་ཆེའི་འཁོར་ལོ་ བཞིའི་རྩ་མདུད་ཀྱི་ཕོ་བྲང་གི་དབྱིབས་ཨེ་བཾ་ 2-1-262 མ་ཡ་བཞིར་གནས་པ་དང་། རོ་རྐྱང་གཉིས་དབུས་མ་དང་གཙོ་མོ་གསུམ་སྟེ་བདུན་ ནང་ལུས་ཀྱི་དཀྱིལ་འཁོར་མཐོང་ནས། (སེམས་)རྟོག་པའི་(སེམས་སུ་)འགྲོ་(བ་)ལྡོག་(པར་)བྱེད་ ཅེས་པ་ནི་སྤང་བྱ་སྤོང་པའི་ཚུལ་ཏེ། སྤྱིར་ལོ་ཀ་ལས་འདས་པའི་ལམ་ཡན་ཆད་དུ་གཟུང་ འཛིན་གྱི་རྣམ་རྟོག་རགས་ཕྲ་བཞི་ལ་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་བའི་བཅུ་གཉིས་སྤོང་པ་ ལས། དེ་ཐམས་ཅད་ཀྱང་སྲིད་པའི་དུ་ཁ་དང་། ཚོར་བ་དྲག་པོ་བསྐྱེད་པའི་རྒྱུ་མི་མཐུན་པའི་ ཕྱོགས་ནི་མ་ཡིན་ལ། རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པ་དང་། ས་གོང་མ་གོང་མར་བགྲོད་ པ་ལ་འགོར་བའི་སྒྲིབ་པ་སྟེ། མདོར་ན་སྤང་བྱ་སྟོབས་ཆུང་། གཉེན་པོ་སྟོབས་ཆེ་བས་རྣམ་ པར་རྟོག་པ་བྱུང་ཡང་དེ་མ་ཐག་རྣམ་པར་མི་རྟོག་ཡེ་ཤེས་ཉིད་དུ་ཐིམ་པས་རྒྱ་མཚོ་དང་རླབས་ བཞིན་(གུད་ན་མེད་པར་)ཤེས་(དེ་མཉམ་བཞག་རྒྱ་ཡན་པར་འགྲོ་བའི་་་་)པར་བྱའོ། ། ༈ གཉིས་པ་རིས་དྲུག་གི་རྟེན་མཐོང་པའི་ཆོས་བསྟན་པ་ནི། རིས་དྲུག་གི་རྩར་སོ་སོའི་ རྟེན་མཐོང་ནས་རང་རང་གི་བག་ཆགས་གནས་པ་མཐོང་། ཁྱད་པར་ དུ་མིའི་རྟེན་མཐོང་ནས་ཞེས་བྱ་བ་ནི། (མིའི་རྟེན་)ཎི་ཡིག་མངོན་པོ་མཐོང་པས་གསང་ པ་རྟེན་འབྲེལ་བྱས་ནས་ཕྱི་རོལ་ཏུ་ཉམས་ཀྱི་སྣང་པ་ལ་མི་སླུ་བར། དགའ་ལ་ཞེས་ བྱ་བའི་ཟག་མེད་ཀྱི་བདེན་པའི་དོན་སྔར་མ་མཐོང་པ་མཐོང་བས་དགའ་བ་ཁྱད་པར་ཅན་སྐྱེ་ བ་ཡིན་ལ། གཡང་ཟ་ཞེས་བྱ་བ་སྔར་ལོ་ཀ་པའི་དུས་སུ་སེམས་ཅན་དམྱལ་བ་ལ་སོགས་པའི་ དུ་ཁ་ཇི་སྙེད་གཅིག་བདག་གིས་མྱོང་བ་དང་། འགྲོ་བ་འཁྲུལ་བ་དང་བཅས་པ་རྣམས་ལ་ཇི་ སྙེད་གཅིག་གི་དུ་ཁ་འདུག་པ་མཐོང་ལ། བདག་འཁྲུལ་པ་དང་བྲལ་ཞིང་དུ་ཁ་དེ་དག་མི་མྱོང་ བཞིན་དུ་མྱོང་པ་བཞིན་བྱེད་པའི་དོགས་པ་བྱུང་པས་གཡང་ཟ་བའོ། །ངོ་ཚ་ལ་སྐྱུག་བྲོ་བ་ནི་ སྔར་སེམས་ཅན་འཁྲུལ་པའི་དུས་སུ། མ་བག་མར་ལེན་པ་(དྲན་ནས་འཁོར་བ་ལ་ཉེས་པར་མཐོང་ པ་)དང་། 2-1-263 མི་གཙང་པ་ལ་གཙང་པར་བཟུང་པ་ལ་སོགས་པ་འཁོར་བའི་སྤྱོད་པ་རྣམས་ལ་ཡིད་འབྱུང་ པས་དེ་སྐད་ཅེས་བྱའོ། ། ༈ གསུམ་པ་འཁོར་འདས་དབྱེར་མེད་མཐོང་བའི་ཆོས་བསྟན་པ་ནི། སྔོན་བླ་མས་ཞེས་ སོགས་གསུངས་ཏེ། དེ་ཡང་སྔོན་བླ་མས་རྒྱུ་དུས་ན་(གཞིར་)གནས་པ་ ལམ་དུ་བསྐྱེད་རིམ་སོགས་སུ་བསྟན་པའི་བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད་ མཐོང་ལམ་ས་དང་པོ་ཐོབ་པ་དེ་ཙམ་ན་གྲུབ་མཐའ་དང་པོ་ལ་ཤར་བ་ནི། སྟོང་གསུམ་ཡུངས་ འབྲུར་ཆུད་པ་ལ་ཆེ་ཆུང་མེད། ཆུ་བོ་གྱེན་ལ་ཟློག ཉི་ཟླ་ རྟེན་པར་འཛིན། རྩིག་པ་དང་རི་ལ་སོགས་པ་ལ་ཐོགས་པ་མེད་པ་ལ་སོགས་པ་དུ་ མ་བདག་རྒྱུད་ལ་རྟགས་སུ་ཤར་ཏེ་མངོན་སུམ་དུ་རྟོགས་པའོ། །འགྲོ་བ་རིས་དྲུག་སོ་སོ་རང་ རང་གི་དུ་ཁ་མ་བསྒྲིབས་པར་མཐོང་སྟེ། སྙིང་རྗེ་སྐྱེ་བ་ནི་སེམས་ཅན་འཁྲུལ་པ་དང་བཅས་པ་ རྣམས་ལ་དམིགས་པའི་སྙིང་རྗེ་སྐྱེ། དེའི་སྟོབས་ཀྱིས་མཆི་ མ་ལྷུང་པ(ནི་སྤྱན་ཆབ་འབྱུང་པས་སོ)འོ། །གཞན་གྱི་སེམས་སྣ་ཚོགས་ཤེས་པ་ནི། སེམས་ཅན་གྱི་ ལས་ཀྱང་མིའི་རྟེན་གྱི་གང་ཟག་རྣམས་ཀྱི་འདོད་ཆགས་དང་བཅས་པ་ལ་སོགས་པའི་སེམས་ ཟག་མེད་ཀྱི་མངོན་ཤེས་ཀྱིས་མཐོང་པ(པས་རྒོད་བྲོ)འོ། །འདོད་ཡོན་སྣ་ཚོགས་མཐོང་པས་ རྒོད་བྲོ་བ་ནི། སྔར་མ་མཐོང་པའི་ཟག་པ་མེད་པའི་ཡེ་ ཤེས་ཀྱི་གཞལ་ཡས་ཁང་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་པའི་རྟེན་རྣམས་ཞེན་པ་ མེད་པའི་ཚུལ་གྱིས་(ཡེ་ཤེས་ཀྱི་སྣང་བ་)ལོངས་སྤྱོད་པ་མཐོང་པའོ། །བཞི་པ་ལྷན་ཅིག་སྐྱེས་པའི་ ཡེ་ཤེས་མཐོང་པའི་ཆོས་བསྟན་པ་ནི། དེ་ཙམ་ན་ལིང་ ག་བརྟན་ཞེས་སོགས་གསུངས་ཏེ། དེ་ཡང་དེ་ཙམ་ན་ལིང་ག་བརྟན་པ་ནི་ཕྱི་དབྱིབས་ ཀྱི་ཨ་ནས་ཡར་རླུང་སེམས་འདུས་ནས་དབུ་མའི་མདུད་པ་དང་པོ་གྲོལ་ཏེ། གསང་གནས་ཀྱི་ 2-1-264 འཁོར་ལོ་ཕྱེད་ཁམས་(བྱང་ཆུབ་སེམས་ཀྱི་)དྭངས་(མ་གཞ་འོད་ལྟ་བུར་གྱུར་པ་)མས་བརྟན་པ་དེ་ཙམ་ ན་(རྣལ་འབྱོར་ཕོ་མོའི་)ལིང་ག་བརྟན་པ་ཉིད་དོ། །(གང་དུ་ཇི་ལྟར་བརྟན་པ་)རྡོ་རྗེའི་རྩེར་ཞེས་བྱ་བ། ཕྱི་དབྱིབས་ཀྱི་ཨ་ནས་མདུད་པ་དང་པོ་གྲོལ་བའི་རྡོ་རྗེ་ནོར་བུའི་རྩེ་མོའི་བར་རོ། །ལྷན་ཅིག་ སྐྱེས་པའི་སར་ཞེས་བྱ་བ་ཡས་འབབ་པའི་དགའ་བ་བཅུ་དྲུག་པ(ལྷན་གཅིག་སྐྱེ་དགའི་ལྷན་སྐྱེས་ དགའ་བ)འི་སར། མས་བརྟན་པའི་དགའ་བ་དང་པོ(དགའ་བའི་དགའ་བ)འི་སར་ཐིག་ལེ་འདུས་ པས་གནས་པས་ལྟར་ཞེས་བྱ་བ་གཉིས་པ་དང་གསུམ་པའི་སར་ཡང་ཐིག་ལེ་ཡར་བརྟན་པར་ གནས་པ་ལྟར་ལྷན་ཅིག་སྐྱེས་དགའི་བདེ་སྟོང་དབྱེར་མེད་ཡེ་ཤེས་མཐོང་བའི་ལམ་སྐྱེས་པའོ། ། དེའི་དུས་སུ་ཡན་ལག་རྣམས་ཀྱིས་ཀྱང་བདེ་སྟོང་ཉམས་སུ་མྱོང་ཞིང་ལུས་སེམས་བདེ་བས་ མྱོས་ཞིང་བརྒྱལ་བ་ནི་ས་དང་པོའི་ཡེ་ཤེས་ཐོབ་པའི་ཚེ། ལུས་ཟག་ མེད་ཀྱི་བདེ་བས་མྱོས། སེམས་དགའ་བདེས་བརྒྱལ་བའོ། །(འཛིན་རྟོག་)རང་གཞན་(གཟུང་རྟོག་) ངོ་མི་ཤེས་པ(འི་མི་རྟོག་པ་)ནི་(གླེན་དུ་སོང་པ་མིན་གསུང་)མཐོང་སྤང་(གཟུང་འཛིན་)གི་རྣམ་རྟོག་མ་ ལུས་པ་སྤོང་བའོ། ། གཉིས་པ་ནི་སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་གསུམ་པ་བརྒྱ་ལ་སོགས་པ་ཞེས་བྱ་བ་སྟོང་ གསུམ་མི་མཇེད་ཀྱི་ལོ་ཀ་གྱི་ཁམས་ལ་སོགས་པའི་ཞིང་ཁམས་བརྒྱ་དང་། ལ་སོགས་པ་ནི་ དགུ་བརྒྱའི་བར་དུ་བསྒུལ་བ་ལ་སོགས་པ་ནུས་ཞིང་། སངས་རྒྱས་དེ་དག་གི་ཞལ་ལྟ་བ་དང་། དེ་དག་ཡར་ཆོས་མི་འདྲ་བ་བརྒྱ་ཉན་པ་ དང་། མར་བརྒྱ་འཆད་པ་ནི་བདག་པས་དམན་པ་གདུལ་བྱ་མི་འདྲ་བ་བརྒྱ་ལ་རང་ རང་གི་བསམ་པ་དང་མཐུན་པར་ཆོས་སྟོན། སྦྱིན་བརྒྱ་(འགྱེད་)ཞེས་བྱ་བ་མིག་གཏོང་པ་དང་། མགོ་གཏོང་པ་ལ་སོགས་པ་མི་འདྲ་བ་བརྒྱ་སྟོན་པའོ། །འོད་བརྒྱ་འགྱེད་ཅེས་བྱ་བ་ཞལ་ དཀར་པོར་སྤྲོས་ནས་དམར་པོར་བསྡུ་བ་མཐོང་པ་ལ་སོགས་པ་བརྒྱའོ། །ས་མ་ཏི་མི་འདྲ་བ་ 2-1-265 བརྒྱ་ནི། དཔའ་བར་འགྲོ་བ་དང་། སེང་གེ་རྣམ་པར་བསྒྱིངས་པ་ལ་སོགས་པ་རྒྱལ་བའི་ཡུམ་ ལས་འབྱུང་པ་ལྟ་བུ་མི་འདྲ་བ་བརྒྱ་ལ་སྙོམས་པར་འཇུག་ནུས། རྫུ་འཕྲུལ་སྣ་ཚོགས་སྐད་ ཅིག་མས་འབྱུང་ཞེས་བྱ་བ་རྫུ་འཕྲུལ་ནི་སྟོད་དུ་(གཏུམ་མོའི་)མེ་འབར་ཞིང་སྨད་དུ་(བྱང་སེམས་ཀྱི་) ཆུ་བྲུག་པ་ལ་སོགས་པ་དང་། གཅིག་ལས་མང་པོར་བྱེད་ཅིང་། མང་པོ་ལས་གཅིག་ཏུ་བྱེད་ པ་ལ་སོགས་པ་སྣ་ཚོགས་པ་བརྒྱ་སྐད་ཅིག་མས་སྟོན་ནུས་པ་འབྱུང་པའོ། །དེ་ལྟ་ བུའི་ཕྱི་རོལ་ཏུ་སྣང་པའི་ཡོན་ཏན་བརྒྱ་ཕྲག་བདུན་པོ་རྣམས་བླང་པའི་རྟེན་འབྲེལ་ནི་ནང་གི་ ཞིང་ཁམས་མཐོང་པས་སོ། །ནང་མ་མཐོང་པར་ཕྱི་མི་མཐོང་ཞེས་སྨོས་ཏེ་སྔར་གྱི་བྱང་ཆུབ་ཀྱི་ ཡན་ལག་བདུན་ནོ། ། གཉིས་པ་ནང་རྟགས་ཡེ་ཤེས་རླུང་ལ་འཆར་བ་ནི་རླུང་[ ]ཞེས་བྱ་བ་ཐིག་ལེ་བྱང་ཆུབ་ཀྱི་ སེམས་སེལ་འཛིན་བྱེད་པ་དབུ་མའི་རླུང་ཕྱིའི་སོར་གཅིག་ལ་ནང་གི་སོར་གཅིག་སྟེ། ཕྱི་ནང་ གི་སོར་གཉིས་འགགས་པ་ཡིན་ལ། གྲངས་ཀྱང་སྟོང་བརྒྱད་བརྒྱ་པ་གཅིག་དབུ་མར་ཐིམ། རྟེན་འབྲེལ་གཅིག་མ་རིག་པ་འགགས་སོ། ། གསུམ་པ་ཕྱི་རྟགས་ཐིག་ལེས་ལུས་ལ་འཆར་བ་ནི་གསང་གནས་ཕྱེད་ཐིག་ ལེས་བརྟན་ཞེས་བྱ་བ་དབུ་མའི་མདུད་པ་དང་པོ་གྲོལ་ཞིང་། གསང་གནས་ཀྱི་འཁོར་ ལོ་ཕྱེད་ཁམས་དྭངས་མའི་ཐིག་ལེས་གང་ནས་སླར་(འོག་ཏུ་)མི་ལྡོག་པར་བརྟན་པར་གྱུར་ པའོ། །བཞི་པ་འཇུག་བསྡུད་བསྟན་པ་ནི། མཐོང་ལམ་ས་དང་པོའོ་ཞེས་བྱ་བ་སྟེ། གཞུང་སྒོ་ བསྟུན་ནས་ལམ་མཐོང་ལམ་ས་དང་པོ་རབ་ཏུ་དགའ་བའི་སའོ།། །། ༈ ད་ནི་གཉིས་པ་བུམ་དབང་ཕྱི་ནང་དང་འབྲེལ་པ་བསྒོམ་ལམ་ས་ལྔའི་ལམ་འབྲས་ བསྟན་པ་ལ་བཞི། རྒྱུ། འབྲས་བུ། རྟགས། མཇུག་སྡུད་བསྟན་པའོ། ། དང་པོ་དང་། གཉིས་པ་ནི་སྔ་མའི་རྒྱུ་འབྲས་གཉིས་པོ་ཡིན་པས་གོ་སླའོ། ། 2-1-266 ༈ གསུམ་པ་རྟགས་བསྟན་པ་ལ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་ འཆར་བ་བསྟན་པ་ལ་གཉིས། བསྒོམ་ལམ་ས་གཉིས་པ་ནས་དེ་ ཁོ་ན་ཉིད་ཀྱི་རྟགས་རང་དང་། གཞན་སེམས་ལ་འཆར་བ་བསྟན་པའོ། །དང་པོ་ནི་ རྟོག་པའི་འགྲོ་ལྡོག་སོགས་འགགས་ཞེས་བྱ་བ་སྤང་བྱ་སྤངས་པའི་ཚུལ་ཏེ། གཟུང་འཛིན་གྱི་ རྟོག་པ་རགས་ཕྲ་བཞི་ལ། ཆེ་འབྲིང་ཆུང་གསུམ་དུ་ཕྱེ་བའི་བཅུ་གཉིས་ལས། དྲུག་མན་ཆད་ འགགས་པས་རྟོག་པའི་འགྲོ་ལྡོག་བྱེད་པ་འགགས་པ་ཡིན་ལ། སོགས་ནི་ཡེ་ཤེས་ཀྱི་འགྲོ་ ལྡོག་བྱེད་པ་འགག་པ་སྟེ། (མདོ་སྡུད་པ་ལས། )རྣམ་པར་མི་རྟོག་ཡེ་ཤེས་བྱ་བ་ཐམས་ཅད་བྱེད་ ཅེས་(མཉམ་བཞག་རྒྱ་ཡན་)པར་གྱུར་པའོ། ། གཉིས་པ་ནི་སྤྲུལ་པའི་སྐུའི་ཞིང་ཁམས་སྟོང་གསུམ་པ་སྟོང་ལ་སོགས་པ་བསྒུལ་བ་ལ་ སོགས་པ་ནུས་ཞེས་གསུངས་ཏེ། སྔར་གྱི་ཡོན་ཏན་བརྒྱ་ཕྲག་བདུན་པོ། (ས་གཉིས་པ་ལ་)སྟོང་ ཕྲག་བདུན་དང་། ལ་སོགས་ནི། (གསུམ་པ་ལ་)ཁྲི་ཕྲག་བདུན། (བཞི་པ་ལ་)འབུམ་ཕྲག་བདུན། (ལྔ་པ་ལ་)ས་ཡ་ཕྲག་བདུན། (དྲུག་པ་ལ་)བྱེ་བ་ཕྲག་བདུན་གྱི་བར་དུ་བསྒྲེས་ཏེ་ཤེས་པར་བྱའོ། ། དེ་ལྟར་ཡོན་ཏན་སོགས་འཕེལ་ཞེས་བྱ་བའི་དོན་ཡང་དེ་ཡིན་ཏེ། ས་དྲུག་མན་ཆད་ལ་སྦྱར་ རོ། ། གཉིས་པ་ནང་རྟགས་ཡེ་ཤེས་རླུང་ལ་འཆར་བ་ནི། རླུང་སོར་དྲུག་འགགས་ཞེས་བྱ་བ་ རླུང་ཕྱིའི་སོར་དྲུག ནང་གི་སོར་དྲུག་སྟེ་བཅུ་གཉིས་ཀྱི་ཚོད་འགགས་ལ། གྲངས་ཀྱང་ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་བ་དྲུག་དབུ་མར་ཐིམ། རྟེན་འབྲེལ་དྲུག་འགགས་ སོ། ། ༈ གསུམ་པ་ཕྱི་རྟགས་ཐིག་ལེས་ལུས་ལ་འཆར་བ་ནི་གསང་གནས་ལྟེ་སྙིང་ཐིག་ལེས་ བརྟན་ཞེས་བྱ་བ་གསང་གནས་ལྟེ་སྙིང་གི་འཁོར་ལོ་གསུམ་པོ་རེ་རེ་ལ་ས་གཉིས་གཉིས་དབུ་ 2-1-267 མའི་མདུད་པ་བཅུ་དྲུག་གྲོལ་ཏེ་ཁམས་དབུ་མའི་ཐིག་ལེ་དེ་ལས་སླར་མི་ལྡོག་པར་བརྟན་ པའོ། །ལོངས་སྐུ་འགའ་མཐོང་ཞེས་པ་(ས་དྲུག་ཐོབ་པའི་དབང་པོའི་མངོན་སུམ་གྱི་ཡུལ་དུ་)གཅིག་ ནས་བཅུ་ལ་སོགས་འགའ་འམ་དཔག་བརྗོད་ལས་འདས་པ་ཞལ་མཐོང་ཞིང་བྱིན་གྱིས་རློབ་ པ་མངོན་སུམ་དུ་མཐོང་པའོ། ། ༈ བཞི་པ་མཇུག་བསྡུད་བསྟན་པ་ནི་བསྒོམ་ལམ་ས་དྲུག་པའོ་ཞེས་པ་སྟེ། ལམ་བསྒོམ་ ལམ་ཆུང་ངུའི་ཆུང་ངུ་། འབྲིང་ཆེ་ཆེན་པོ། འབྲིང་གི་ཆུང་ངུ་། འབྲིང་ས་གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ་ སྟེ། ལུང་སྒོ་བསྟུན་གྱི་བཤད་པའོ། །དེ་ལྟར་ས་དྲུག་གིས་བུམ་དབང་གི་ས་བསྟན་ཏོ།། །། ༈ ད་ནི་གཉིས་པ་གསང་དབང་གསང་པ་དང་འབྲེལ་པ་གྲུབ་མཐའ་གཉིས་པའི་ལམ་ འབྲས་བསྟན་པ་ལ་བཞི། རྒྱུ། འབྲས་བུ། རྟགས། མཇུག་སྡུད་བསྟན་པའོ། །དང་པོ་ལ་ གཉིས། རིང་རྒྱུ་དང་། ཉེ་རྒྱུ་བསྟན་པའོ། ། དང་པོ་ལ་གཉིས་ལས། དབང་ནི་(སྤང་བྱ་)ངག་གཡོ་བ་སྙིང་པོ་རླུང་ཡིག་གི་དྲི་མ་དག་པར་ བྱེད་པ་གསང་བའི་དབང་མཐར་ཕྱིན་པས་སོ། །ལམ་ནི་(གཉེན་པོ་) དབང་དེ་ལམ་གང་ནས་མཐར་ཕྱིན་ན། བདག་བྱིན་གྱིས་བརླབ་པའི་རིམ་པ་བསྒོམ་པའི་ ལམ་ནས་མཐར་ཕྱིན་པའོ། ། གཉིས་པ་ཉེ་རྒྱུ་ལ་གཉིས་ལས། དབང་ནི་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་བླ་མ་ ལོངས་སྐུ་ལས་མཆོག་དགའི་དབང་བཞི་བྱོན་པ་ཐུན་བཞི་ཐུན་ཚད་མེད་པར་བསྒོམ་པའི་ དབང་དང་། རྟེན་འབྲེལ་ནི་གསང་བ་སྙིང་པོ་རླུང་ཡིག་གི་རྟེན་འབྲེལ་གྱིས་སོ། ། ༈ གཉིས་པ་འབྲས་བུ་བསྟན་པ་(ཚེ་དབང་རིགས་འཛིན་)ནི་ངག་གཡོ་བ་སྙིང་པོ་རླུང་ཡིག་ ལོངས་སྐུར་རང་བཞིན་གྱིས་ལྷུན་གྲུབ་དག་པ་ཐོབ་པར་བྱེད་པའི་རྒྱུས་ངོ་བོ་མངོན་དུ་གྱུར་ 2-1-268 པའོ། ། ༈ གསུམ་པ་རྟགས་བསྟན་པ་ལ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ ལ་འཆར་བ་བསྟན་པ་ལ་གཉིས་ལས། དེ་ཁོ་ན་ཉིད་ཀྱི་རྟགས་རང་སེམས་ལ་འཆར་བ་ནི། དབང་པོ་ལྔ་དང་ཞེས་སོགས་གསུངས་པ་ལས། ཕྱི་མཚན་རྒྱུའི་ཐེག་པའི་དབང་པོ་ལྔ་དང་ སྟོབས་ལྔ་ནི། དད་པའི། བརྩོན་འགྲུས་ཀྱི། དྲན་པའི། ཏིང་ངེ་འཛིན་གྱི། ཤེས་རབ་ཀྱི་དབང་ པོ་དང་། སྟོབས་དང་ཞེས་སྦྱར་བའོ། །ནང་གསང་སྔགས་འབྲས་བུའི་ཐེག་པའི་དབང་པོ་ལྔ་ དང་སྟོབས་ལྔ་ནི། དབང་པོ་ལྔ་དང་། དྭངས་མའི་རླུང་ལྔ་ལ་མངའ་བརྙེས་ཞེས་གསུངས་ཏེ། དེ་ལ་དབང་པོ་ལྔ་ལ་མངའ་བརྙེས་ཞེས་བྱ་བ། མིག་ལ་སོགས་པའི་དབང་པོ་ལྔའི་སྒོར་རླུང་ སེམས་བསྡུ་བ་ལ་དབང་ཐོབ་སྟེ་མངའ་བརྙེས་པས། དེ་ཙམ་ན་ལྟ་སྟངས་རྣམས་ལ་ཐོགས་པ་ མེད་ཅེས་བྱ་བ། ལྟ་སྟངས་བཞི་དང་བརྒྱད་ལ་སོགས་པ་དབང་ཐོབ་ སྟེ་ཐོགས་པ་མེད་པ་འབྱུང་ངོ་། །དྭངས་མའི་རླུང་ལྔ་ལ་མངའ་བརྙེས་ཞེས་བྱ་བ། སའི་རླུང་ དབུ་མར་དབང་དུ་གྱུར་པས་འབྱུང་པ་སའི་གནོད་པས་མི་རྫི། གསུམ་པོ་ དེས་བསྒྲེས་ཏེ་ཤེས་པར་བྱ། ནམ་མཁའི་རླུང་དབུ་མར་དབང་དུ་གྱུར་པས། དཔག་ ཚད་སྟོང་ལ་སོགས་པའི་གཡང་སས་ཀྱང་མི་འཇིགས་ཏེ། དེ་ཙམ་ན་ནུས་པ་སྟེ་སྟོབས་ལྔ་ལ་ ཐོགས་པ་མེད་ཅེས་བྱ་བ། [ ]བཅུའི་བར་ལ་ཡང་རླུང་ལ་སོགས་པ་དབུ་མར་ཅུང་ཟད་སྟོབས་ སུ་གྱུར་པས། འབྱུང་བ་སར་སྤྲུལ་ནུས་པ་ལ་སོགས་པ་ བཞི་དང་། བདག་གཞན་མི་སྣང་པར་སྦེད་ནུས་པ་དང་(ཐོགས་བབས་ཙམ་)ལྔ་ཅི་རིགས་ པར་འབྱུང་པར་རིག་པར་བྱའོ། །གསང་བ་བྷ་གའི་དཀྱིལ་འཁོར་དུ་རིགས་དྲུག་གི་ས་བོན་ མཐོང་ཞེས་བྱ་བ་ལྷའི་ས་བོན་ཨ་ལ་སོགས་པ་དྲུག་མཐོང་བ་གསང་བ་རྟེན་འབྲེལ་ཡིན་ལ། ཕྱི་རོལ་ཏུ་སེམས་ཅན་རྣམས་ཀྱི་སྐད་དུ་ཆོས་སྟོན་པའི་[ ]སྨོས་ཏེ་[ ]འགྲོ་བ་དྲུག་རང་རང་གི་ 2-1-269 སྐད་དང་། རང་རང་གི་བསམ་པ་དང་མཐུན་པར་ཆོས་སྟོན་པའོ། །རིགས་དྲུག་གི་ས་བོན་ དྲུག་ལ་མངའ་བརྙེས་ནས་ཆོས་སྤྱིའི་མཚན་ཉིད་ནི་(འདུ་བྱས་མི་རྟག་པ་)འདྲ་བ་ཐུན་མོང་པ་དང་། རང་གི་མཚན་ཉིད་ནི་མི་འདྲ་བ་ཐུན་མོང་མ་ཡིན་པ་ལ་སོགས་པ་དེ་དག་ལ་ཐོགས་པ་མེད་པ་ འབྱུང་ངོ་། །ལྟེ་བར་ཡི་གེ་ཕྱི་མོ་ལྟེ་བའི་ནང་སྐོར་གྱི་ཡི་གེ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་དང་། ཕྱི་སྐོར་གྱི་ཡི་གེ་ཨ་ལི་ཀ་ལི་ལྔ་བཅུ་མཐོང་ནས་ཞེས་པ་གསང་བ་རྟེན་འབྲེལ་ཏེ། དེ་ཉིད་ཀྱི་ སྟོབས་ཀྱིས། ཆོས་ཐམས་ཅད་མཁྱེན་པ། ཆོས་ཐམས་ཅད་སྟོན་པ། སྒྲིབ་ པ་མེད་པའི་ལམ་ལ་འཇུག་པ། ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ་བཞི་ དང་། དོན་དང་། ངེས་པའི་ཚིག་དང་། ཆོས་དང་། སྤོབས་པ། སོ་སོར་ཡང་དག་པར་རིག་པ་ སྟེ། སོ་སོ་ཡང་དག་པ་རིག་པ་བཞི་ལ་མངའ་བརྙེས་པ་ ནི་དབང་ཐོབ་པའི་དུས་ཏེ། ནང་རྟེན་འབྲེལ། ཕྱི་རོལ་ཏུ་མདོ་སྡེའི་(དབྱངས་ཀྱིས་བསྙད་ པའི་སྡེ། ལུང་དུ་བསྟན་པའི། ཚིགས་སུ་བཅད་པའི། ཆེད་དུ་བརྗོད་པའི། གླེང་གཞིའི། རྟོགས་པ་བརྗོད་པའི། དེ་ ལྟ་བུ་བྱུང་པའི། སྐྱེས་པ་རབས་ཀྱི། ཤིན་ཏུ་རྒྱས་པའི། རྨད་དུ་བྱུང་པའི། གཏན་ལ་ཕབ་པ་བསྟན་པའི་སྡེ་དང་)ཆོས་ གསུང་རབས་ཡན་ལག་བཅུ་གཉིས་ཐོགས་པ་མེད་ཅེས་བྱ་བ། དེ་ཙམ་ན་ངག་གི་དབང་ཕྱུག་ ཆེན་པོར་གྱུར་པའི་དུས། ཐ་སྙད་རྣམས་[ ]སད་པའི་དུས། ཚིག་ གི་མཆོག་མ་ལུས་པ་དང་མངའ་བརྙེས་པས་ཚིག་གི་མཆོག་སྟེར་བའི་དུས་ཞེས་བྱའོ། །བདུད་ རྩི་ལྔ་དང་རོ་དྲུག་ལ་ལོངས་སྤྱོད་ནུས་ཞེས་བྱ་བ་མགྲིན་པའི་འཁོར་ལོར་ཁམས་བདུད་རྩིའི་ དྭངས་མ་ལས་བྱོན་ཏེ། བརྟན་པས་ནང་དུ་ལོངས་སྤྱོད། ཕྱི་རོལ་ཏུ་འཇིག་རྟེན་གྱི་ཁམས་ཀྱི་ (ཁ། བསྐ། མངར། སྐྱུར། ཚ་བ། ལན་ཚ། )རོ་དྲུག་ལ་ལོངས་སྤྱོད་ནུས་ཞེས་འབྱུང་ངོ་། །གསུང་ཚངས་ པའི་དབྱངས་སུ་འགྱུར་ཞེས་བྱ་བའི་དོན་ཡང་སྙིང་པོའི་ཨཿ འོད་ཟེར་གྱི་ཨ་ཡང་མགྲིན་པའི་ འཁོར་ལོའི་བར་དུ་བྱོན་པས་གསང་པའི་རྟེན་འབྲེལ་བྱས་ནས་ཕྱི་རོལ་ཏུ་བདག་གཞན་ལ་ 2-1-270 རྣར་སྙན་ཅིང་ཉེ་རིང་མེད་པར་ཐོས་པ་ལ་སོགས་པ་གསུང་དབྱངས་ཡན་ལག་བཅུ་དྲུག་དང་ དྲུག་ཅུ་ལ་སོགས་པ་འབྱུང་ངོ་། །དེ་བས་ན་གསུང་ཚངས་པའི་དབྱངས་སུ་གྱུར་ ཅེས་གསུངས་སོ། །དེ་རྣམས་(སྙིང་པོའི་)ཨ་ནི་ཡིག་འབྲུ་ཞེས་སོགས་ཚིག་རྐང་དྲུག་གིས་ གསལ་ཞེས་པ། སྒྱུ་འཕྲུལ་དྲ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་ པ་ཡིན། །ཁོང་ནས་འབྱུང་པ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་ རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་གསུངས་སོ། །དེ་དག་འབྱུང་པའི་ ནང་རྟེན་འབྲེལ་བསྟན་པ་ཡང་། ནང་དུ་འཁོར་ལོ་བཞི་ལས་འཁོར་ལོ་རེ་རེ་ལའང་ས་གཉིས་ གཉིས་ཁམས་དྭངས་མ་དེ་དག་ལས་མི་གཡོ་བར་བརྟན་པར་མངོན་དུ་གྱུར་པའི་སྟོབས་ཀྱིས་ འབྱུང་ཞེས་བྱ་བའི་དོན་ཏོ། །ཚུལ་གཞན་ཡང་། ས་དྲུག་མན་ཆད་ལ་སྤྲུལ་སྐུ་ལ་རྒྱན་སྣ་དྲུག་དང་ བཅས་པ་གསལ་བ་ཡིན་ལ། འདིར་ནི་ལོངས་སྐུ་ལ་རྒྱན་དྲུག་རྒྱལ་བ་རིགས་དྲུག་གི་ངོ་བོར་ གསལ་བར་ཡང་ཤེས་པར་བྱའོ། ། གཉིས་པ་དེ་ཁོ་ན་ཉིད་ཀྱི་རྟགས་གཞན་སེམས་ལ་འཆར་བ་བསྟན་པ་ནི། ས་བདུན་ ཡན་ཆད་འཁོར་ལོ་བཞིའི་རྒྱ་ལོངས་སྐུའི་ཞིང་ཁམས་དང་དུང་ཕྱུར་ལ་སོགས་པ་བསྒུལ་བ་ལ་ སོགས་པ་ནུས་ཞེས་གསུངས་ཏེ། སྔར་ས་དྲུག་མན་ཆད་དུ་ ནི། སྤྲུལ་པའི་སྐུའི་ཞིང་ཁམས་བརྒྱ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བདུན་འགྱུར་ དུ་བསྒྲེས་པ་ཡིན་ལ། འདིར་ས་བདུན་ཡན་ཆད་འཁོར་ལོ་བཞིའི་རྒྱ་ལོངས་སྐུའི་ཞིང་ཁམས་ དུང་ཕྱུར་ཕྲག་བདུན་ལ་སོགས་པ་(ཐེར་འབུམ་ཐེར་འབུམ་ཆེན་པོ་བགྲང་ཡས་ཏེ་)བཞི་འགྱུར་དུ་ བསྒྲེས་པར་ཤེས་པར་བྱའོ། ། གཉིས་པ་ནང་རྟགས་ཡེ་ཤེས་རླུང་ལ་འཆར་བ་ནི། རླུང་སོར་བཅུ་འགགས་ཞེས་བྱ་བའི་ རླུང་ཕྱིའི་སོར་བཅུ་ནང་སོར་བཅུ་སྟེ་ཉི་ཤུ་འགགས་གྲངས་བརྒྱ་ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་ 2-1-271 པ་བཅུ་དབུ་མར་ཐིམ། རྟེན་འབྲེལ་བཅུ་འགགས་སོ། ། གསུམ་པ་ཕྱི་རྟགས་ཐིག་ལེ་ལུས་ལ་འཆར་བ་ནི་མགྲིན་སྨིན་ཐིག་ལེ་བརྟན་ཞེས་པ་ནི་ མགྲིན་གྱི་འཁོར་ལོ་གཉིས་ལ་དབུ་མའི་མདུད་པ་བཅུ་གཉིས་ཏེ་ཉི་ཤུ་རྩ་བརྒྱད་གྲོལ་ནས་ ཁམས་དྭངས་མའི་ཐིག་ལེ་དེ་ལས་མི་གཡོ་བར་བརྟན་པར་གྱུར་པའོ། ། བཞི་པ་མཇུག་བསྡུད་བསྟན་པ་ནི། བསྒོམ་ལམ་ས་བཅུ་པའོ་ཞེས་པ་སྟེ། ལམ་ བསྒོམ་ལམ་འབྲིང་གི་ཆེན་པོ། ཆེན་པོའི་ཆུང་ངུ་། འབྲིང་། ཆེན་པོ། ས་བདུན་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ཏེ་ལུང་སྒོ་བསྟུན་གྱི་ མིང་དུ་ཤེས་པར་བྱའོ།། །། ༒ ད་ནི་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་ཁོ་ན་ཉིད་དང་འབྲེལ་པ་གྲུབ་ མཐའ་གསུམ་པའི་ལམ་འབྲས་བསྟན་པ་ལ་བཞི། རྒྱུ། འབྲས་བུ། རྟགས། མཇུག་སྡུད་བསྟན་ པའོ། ། དང་པོ་ལ་གཉིས། རིང་རྒྱུ། ཉེ་རྒྱུ་བསྟན་པའོ། །དང་པོ་ལ་གཉིས། དབང་ནི་(སྤང་བྱ་) སེམས་འགྱུ་བ་བདུད་རྩའི་ཁམས་ཀྱི་དྲི་མ་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ མཐར་ཕྱིན་པས་སོ། །ལམ་ནི་(གཉེན་པོ་)དབང་དེ་ལམ་གང་ནས་མཐར་ཕྱིན་ན་དཀྱིལ་འཁོར་ ལོ་བསྒོམ་པའི་ཐབས་ཀྱི་ལམ་ནས་མཐར་ཕྱིན་པའོ། ། གཉིས་པ་ཉེ་རྒྱུ་ལ་གཉིས་ལས། དབང་ནི་ཡང་སྙིང་ཁ་ཆོས་ཀྱི་འཁོར་ལོའི་བླ་མ་ཆོས་སྐུ་ ལས་ཁྱད་པར་དགའ་བའི་དབང་བཞི་བྱོན་པ་ཐུན་བཞི་ཐུན་ཚད་མེད་པར་བསྒོམས་པས་སྐུ་ གསུམ་ཡེ་ཤེས་ལྔ་སོགས་དབང་ཐོབ་ནས་ཞེས་པ་སྟེ། དེ་ལ་སྐུ་གསུམ་གྱི་དབང་ཇི་ལྟར་ཐོབ་ན། རྟེན་ཡོངས་སུ་དག་པའི་ཕྱག་རྒྱ་ལ་འདུ་ ཤེས་གསུམ་ལྡན་གྱིས་བྱིན་གྱིས་བརླབས་ནས་ཐབས་ཤེས་རབ་སྙོམས་པར་ཞུགས་པ་ལས། 2-1-272 རྗེས་ཆགས་ཀྱི་མེས་ལུས་ཀྱི་ཁམས་དྭངས་མ་རྣམས་བཞུ་སྟེ། རྩ་ཐམས་ཅད་ཀྱི་གནས་ནས་སྤྱི་ གཙུག་གི་ཧཾ་ལ་འདུས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་ པའི་བར་དུ་བྱོན། དེ་ཙམ་ན་བདེ་སྟོང་གི་ཉམས་མྱོང་ཆུང་བས་དགའ་བ་བཞིའི་ཡེ་ཤེས། སྤང་ བྱ་(ཀུན་རྟོག་)ཉོན་མོངས་པ་ཀུན་བརྟགས་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་ལས་ཕྱེད་ ཀུན་བརྟགས་ཞི་བ། ཕྱེད་ལྷན་སྐྱེས་མ་ཞི་བས་གང་ཟག་གི་བདག་མེད་ཙམ་རྟོགས་པ། ཉན་ ཐོས་ཀྱི་ལམ་ཆོད། ཐིག་ལེ་མི་བརྟན་པར་མར་ བྱོན་སྤྲུལ་པའི་དོན་གྱིས་ན་སྤྲུལ་སྐུའི་དབང་ཐོབ། སྙིང་ཁའི་བར་དུ་བྱོན། བདེ་ སྟོང་གི་ཉམས་མྱོང་སྔར་བས་འཕེལ་བས་མཆོག་གི་དགའ་བཞིའི་ཡེ་ཤེས། སྤང་བྱ་ཉོན་ མོངས་པ་མ་རིག་པ་ལ་གཉིས་ལས། ལྷན་སྐྱེས་ཀུན་ཏུ་རྟོག་པ་ཞི་ལ། བག་ ལ་ཉལ་མ་ཞི་བས་བཞི་གསུམ་ཞི་ལ། བཞི་མ་མ་ཞི་བས་ཆོས་ཀྱི་བདག་མེད་ཕྱོགས་ གཅིག་བཟུང་པ་རང་བཞིན་མེད་པར་རྟོགས་པ་རང་སངས་རྒྱས་ཀྱི་ལམ་ཆོད། གཉིས་པོ་དེ་ བདེ་བ་ལ་ལོངས་སྤྱོད་པས་ལོངས་སྐུའི་ལོངས་སྐུའི་དབང་ཐོབ། ལྟེ་བའི་བར་དུ་བྱོན། བདེ་ སྟོང་དེ་མི་རྟོགས་པས་བརྒྱན་ཏེ་ཉམས་ཁྱད་པར་དུ་དགའ་བས། དགའ་བྲལ་གྱི་དགའ་བ་ བཞིའི་ཡེ་ཤེས་སྤང་བྱ་ཉོན་མོངས་པ་བག་ལ་ཉལ་ ཐམས་ཅད་ཞི་བས་ཆོས་ཀྱི་བདག་གི་ཕྱོགས་ཅིག་འཛིན་པའང་རང་བཞིན་མེད་པར་རྟོགས་ པ་བྱང་ཆུབ་སེམས་དཔའི་ལམ་ཆོད། མི་རྟོག་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་རྟོགས་པས་ ཆོས་ཀྱི་སྐུའི་དབང་ཐོབ་པོ། །དེ་ལྟར་སྐུ་གསུམ་གྱི་དབང་ངོ་། །དེ་ཉིད་ལ་(ཡནོ་ཏན་གྱི་ཁྱད་པར་ གྱིས་)ཡེ་ཤེས་ལྔའི་དབང་དུ་བཞག་སྟེ། ཆོས་ཐམས་ ཅད་མ་སྐྱེས་པའི་ངོ་བོར་གསལ་བས་མེ་ལོང་ལྟ་བུའི་དང་། འཁོར་འདས་ཀྱི་ཆོས་ཐམས་ ཅད་མཉམ་པ་ཉིད་དུ་རྟོགས་པས་མཉམ་པ་ཉིད་ཀྱི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུན་དྷ་ 2-1-273 དེ་ལྟ་བུ་(རླུང་བརྟན་པས་)མི་འཆོར་བར་ཡང་དག་པར་རྟོགས་པ་སོ་སོར་རྟོགས་པའི། དེ་ཁོ་ན་ ཉིད་རང་ལ་གྲུབ་པས་བྱ་བ་གྲུབ་པའི། མི་རྟོག་པའི་དོན་གྱིས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ ཀྱི་དབང་ངོ་། །སོགས་ཀྱིས་བསྡུས་པ་བདེ་སྟོང་དེ་ཉིད་ལ་(ཆོས་མཐུན་གྱི་དབང་དུ་བྱས་ནས་)ཕྱག་ རྒྱ་ལྔའི་དབང་དུའང་གཞག་སྟེ། བདེ་སྟོང་དེ་ཉིད་རྣམ་རྟོག་ལ་མི་རེག་པས་བྲམ་ཟེ་མོ། རྣམ་ རྟོག་བདེ་སྟོང་ལ་མི་རེག་པས་གཡུང་མོ། བདག་ཉིད་ཀྱི་ལུས་བདེ་ཆེན་དུ་སྒྱུར་བས་གར་མ། གཞན་ཐམས་ཅད་བདེ་ཆེན་དུ་སྒྱུར་བས་ཚོས་མ། མཚན་མ་དང་རྣམ་པར་རྟོག་པ་གསོད་པ་ ལ་གཏུམ་བས་གཏུམ་མོ། །མི་དབང་ངོ་། །དེ་ཉིད་ལ་(ཡོན་ཏན་གྱི་ཁྱད་པར་ཕྱེ་བ་)ཤྲི་ཧེ་རུ་ཀ་བཅུ་ གཅིག་གི་དབང་དུ་ཡང་གཞག་སྟེ། དེ་ཙམ་ན་གཟུགས་ཐམས་ཅད་བདེ་སྟོང་དུ་འཆར་བས་ གཟུགས་ཀྱི་ཤྲི་ཧེ་རུ་ཀ ལ་སོགས་པ་ནི་སྒྲ་དྲི་རོ་རེག་ཆོས་ ཐམས་ཅད་བདེ་སྟོང་དུ་འཆར་བས་ཤྲི་ཧེ་རུ་ཀ་དྲུག བདག་དམ་ཚིག་གི་ཤྲི་ཧེ་རུ་ ཀ (ཡེ་ཤེས་ལ་ཞུགས་པ་)གཞན་ཡེ་ཤེས་ཀྱི་ཤྲི་ཧེ་རུ་ཀ (ལུགས་སྐུ་སོགས་)བཏགས་པ་བརྡའི་ཤྲི་ཧེ་ རུ་ཀ (ཧེ་རུ་ཀ་ཞེས་)བཏགས་པ་མིང་གི་ཤྲི་ཧེ་རུ་ཀ དོན་རྣམ་ཐར་བཞི་ལ་སོགས་པ་བདེ་སྟོང་དུ་ འཆར་བ་ཐམས་ཅད་ཡེ་ཤེས་ཀྱི་ཤྲི་ཧེ་རུ་ཀ་སྟེ་བཅུ་གཅིག་གོ། །དེ་ལྟར་ན་དེ་རྣམས་བདག་ གི་ལུས་ལ་གནས་ཤིང་བྱིན་གྱིས་རློབ། བདེ་བ་ ལ་རོལ་བའི་དོན་གྱིས་ན་ལྷ་སྟེ། ལྷའི་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞིའི་དབང་ངོ་། །དེ་ལྟ་བུའི་ ཉམས་དང་ལྡན་པའི་རྣལ་འབྱོར་པས་(ཡོན་ཏན་དུ་གྱུར་པ་)ལག་པ་ཅི་སྒྱུར་བ་ཐམས་ཅད་ཕྱག་ རྒྱར་གྱུར་པས་ཕྱག་རྒྱའི་དང་། རྒ་པས་ཅི་བྱེད་པ་ཐམས་ཅད་ དཀྱིལ་འཁོར་དུ་འགྱུར་བས་དཀྱིལ་འཁོར་གྱི་དང་། ངག་གིས་ཅི་བརྗོད་པ་ཐམས་ ཅད་སྔགས་སུ་འགྱུར་བས་སྔགས་ཀྱི་དང་། སེམས་ཀྱི་ཅི་བསམ་པ་ཐམས་ཅད་ཏིང་ངེ་འཛིན་ དུ་འགྱུར་བས་བསམ་བརྟན་གྱི་དེ་ཁོ་ན་ཉིད་ཀྱི་དབང་ངོ་། །དེ་ཉིད་ཁོ་ན་ཉིད་བཞི་ཉམས་ 2-1-274 སུ་མྱོང་པའི་རྟོགས་པ་དང་ལྡན་ན་ཤེས་རབ་ལ་བརྟེན་ནས་ཡེ་ཤེས་ཀྱི་དབང་ཐོབ་ནས་དང་། མདོར་ན་དབང་དེས་གྲུབ་མཐའ་ས་བཅུ་གཅིག་པ་དང་བཅུ་གཉིས་པའི་རྒྱུ་བྱེད་པའི་ཕྱིར་ སྐབས་འདིར་སྦྱར་ཤེས་པར་བྱའོ། །རྟེན་འབྲེལ་ནི་དེ་ཁོ་ན་ཉིད་ལས་ཞེས་སོགས་གསུངས་ ཏེ། དེ་ཡང་ཁམས་བྱང་སེམས་ཀྱི་དེ་ཁོ་ན་ཉིད་འཁོར་འདས་ཀྱི་སྐྱོན་དང་ཡོན་ཏན་ཐམས་ ཅད་སྐྱེད་པའི་རྩ་བ། རྩ་ནང་གི་ཁམས་བདུད་རྩིའི་དྭངས་མ་བྱང་ཆུབ་སེམས་ཀྱི་དཀྱིལ་ འཁོར་དཀྱིལ་འཁོར་མཐོང་པས་ཀུན་དྷ་བྱང་སེམས་བརྟན་པའི་དེ་ཁོ་ན་ཉིད་བྱང་སེམས་ བདུད་རྩིས་མྱ་ངན་ལས་འདས་པའི་ཡོན་ཏན་ཐམས་ཅད་སྐྱེད་པའི་རྟེན་འབྲེལ་གྱིས་སོ། ། གཉིས་པ་འབྲས་བུ་བསྟན་པ་ནི། ཕྱག་རྒྱ་ཆེན་པོ་(སྟེ་རིག་འཛིན་)མཆོག་གི་དངོས་གྲུབ་རིག་ མའི་སྐྱེས་བུ་ཆོས་སྐུ་ཞེས་པ། སེམས་འགྱུ་བ་བདུད་རྩིའི་ཁམས་ཆོས་སྐུར་རང་བཞིན་གྱིས་ ལྷུན་གྲུབ་དག་པ་ཐོབ་པར་བྱེད་པའི་རྒྱུས་ངོ་བོ་མངོན་དུ་གྱུར་པའོ། ། གསུམ་པ་རྟགས་བསྟན་པ་ལ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་ འཆར་བ་བསྟན་པ་ལ་གཉིས། དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་རང་སེམས་ ལ་འཆར་བ་ནི། སྟོབས་བཅུ་ནི་ཞེས་སོགས་གསུངས་པ་ལས། ཕྱི་མཚན་ཉིད་རྒྱུའི་ཐེག་པའི་ ལུགས་ཀྱིས། སངས་རྒྱས་རྣམས་ཀྱི་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་པ། ལས་ དང་རྣམ་པར་སྨིན་པ། གཅིག་དང་དུ་མའི་ཁམས། དབང་པོ་ མཆོག་དང་མཆོག་མ་ཡིན་པ། མོས་པ་སྣ་ཚོགས་པ། སྡུག་བསྔལ་འགོག་པར་འགྲོ་བའི་ལམ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ། འཆི་འཕོ་དང་སྐྱེ་བ། མངོན་པར་ཤེས་པ། ཟག་པ་ཟད་པ། ཐམས་ཅད་མཁྱེན་པའི་སྟོབས་དང་། ཞེས་བྱའོ། །ནང་གསང་སྔགས་འབྲས་བུའི་ཐེག་པའི་ལུགས་ཀྱི། སངས་རྒྱས་རྣམས་ཀྱི་སྟོབས་ བཅུ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དྭངས་མའི་རླུང་ལྔ་དང་། 2-1-275 བྱང་ཆུབ་ཀྱི་སེམས་ཁམས་དྭངས་མའི་བདུད་རྩི་ལྔ་དབྱེར་མེད་པའི་ཚུལ་གྱིས་རྩ་དབུ་མའི་ ཕོ་བྲང་(འཁོར་ལོ་བཞིའི་)འདུས་ས་(ཨེ་བཾ་མ་ཡ་དག་)བཞི་ལ་སོགས་པ་གར་འདུ་བ་མཐོང་ནས། སྟོབས་བཅུ་ལ་མངའ་བརྙེས་པས་ཞེས་བྱ་བ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དྭངས་མ་རླུང་ ལྔའི། ས་རླུང་གི་དྭངས་མ་དབུ་མར་སྟོབས་སུ་གྱུར་ཏེ་ས་རླུང་ལ་མངའ་བརྙེས་པས། སའི་ ཟད་པར་གྱི་ཏིང་ངེ་འཛིན་མངོན་དུ་གྱུར་ཏེ། འབྱུང་པ་སར་སྤྲུལ་ནུས་ཤིང་། སའི་སྣང་བ་ལས་ མ་གཏོགས་པ། བདག་གཞན་གང་འདོད་ཐམས་ཅད་མི་སྣང་བར་སྦེད་ནུས། དེ་བཞིན་དུ་ ཆུ་མེ་རླུང་ནམ་མཁའ་བཞི་པོ་དེས་བསྒྲེས་ཏེ་ཤེས་པར་བྱའོ། །བྱང་ཆུབ་ཀྱི་སེམས་རླུང་གིས་ བསྐྱོད་པའི་ དྭངས་མའི་བདུད་རྩི་ལྔའི། ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱི་དྭངས་མ་དབུ་མར་སྟོབས་ སུ་གྱུར་ཏེ་ཟླ་བ་བྱང་སེམས་ལ་མངའ་བརྙེས་པས། ཟད་པར་དཀར་པོའི་ཏིང་ངེ་འཛིན་ མངོན་དུ་གྱུར་ཏེ། ཁ་དོག་དཀར་པོར་སྤྲུལ་ནུས་ཤིང་། དཀར་པོའི་སྣང་བ་ལས་མ་གཏོགས་ པ་བདག་གཞན་གང་འདོད་ཐམས་ཅད་མི་སྣང་པར་སྦེད་ནུས། དེ་བཞིན་དུ་ཁ་དོག་དམར་ སེར་སྔོ་ཁྲ་བོ་བཞི་པོ་དེས་བསྒྲེས་ཏེ་ཤེས་པར་བྱའོ། །དེ་ལྟར་(ཕྱི་ནང་གི་)སྟོབས་བཅུ་ལ་མངའ་ བརྙེས་པས་སངས་རྒྱས་རྣམས་ཆོས་སྐུ་ལས་མ་གཡོས་བཞིན་དུ་སྤྲུལ་པའི་དང་། ལོངས་སྤྱོད་ རྫོགས་པའི། སྐུའི་སྐུ་གསུང་གིས། རང་རང་གི་གདུལ་བྱ་ལ། བདེ་སྟོང་དབྱེར་མེད་ཟུང་ འཇུག་(ཨེ་བཾ་མ་ ཡ་དག་)གི་ཆོས་ཀྱི་འཁོར་ལོས། གཞན་དོན་མཛད་པ་མཐོང་པ་སྟེ། དེའི་དོན་ནི་འཕྲིན་ལས་ ཡོངས་སུ་དག་ཡིན་ནོ། །སྤྲུལ་པ་བདེ་ཆེན་དུ་ཐིག་ལེ་འདུ་བ་མཐོང་ནས་ནི། རེ་ཤིག་ཁམས་ དྭངས་མ་(མར་བྱོན་པ་)རྣམས་ལྟེ་བ་སྤྲུལ་པའི་འཁོར་ལོར་བསྡུས་ཏེ། དེ་ནས་(ཡར་དྲངས་ཏེ་)སྤྱི་བོ་ (སྤྲུལ་པ་)བདེ་བ་ཆེན་པོའི་འཁོར་ལོར་ཡར་བསྡུས་ནས་བརྟན་པར་བྱས་(པ་མཐོང་)ན་ཉམས་ཀྱི་ 2-1-276 སྣང་བ་ལ་མི་སླུ་བར་སངས་རྒྱས་རྣམས་འོག་མིན་གྱི་གནས་ན་ཟབ་མོ་ལ་བཞུགས་པ་མཐོང་ ཞེས་བྱ་བ། རྒྱལ་བ་ལོངས་སྐུ་རྣམས་ཆོས་སྐུ་བདེ་སྟོང་(དབྱེར་མེད་ཡེ་ཤེས་)སྤྲོས་བྲལ་གཅིག་ ལས་མ་གཡོས་པ་བཞིན་དུ་དེའི་ངང་ལ་བཞུགས་ཤིང་གདུལ་བྱའི་དོན་ཡང་མཛད་པར་ མཐོང་བར་ཤེས་པར་བྱ་སྟེ། འདི་ཉིད་ལ་ཆོས་སྐུའི་ཞིང་ཁམས་(ས་གཉིས་པ་)མཐོང་ཞེས་ཀྱང་ བྱའོ(ཞ་ལུགས་པ་ཟེར)། །ཡང་དེ་ཙམ་ན་ལྟེ་བ་སྤྲུལ་པར་བདུད་རྩི་ལྔ་དང་རླུང་ལྔ་འདུས་པར་ མཐོང་བ་ན་ནང་རྟེན་འབྲེལ་དུ་གྱུར་པས་ཕྱི་རོལ་ཏུ་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་སྣང་བ་ ལ་(སྐུའི་ཁྱད་པར་)རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔ་ཡབ། གནས་ཀྱི་ཁྱད་པར་(ངེས་ པ་)ཡུམ་གྱི་བྷ་ག ཆོས་འབྱུང་གི་གནས་ནང་ན་རྟེན་གྱི་དཀྱིལ་འཁོར་གཞལ་ཡས་ཁང་ཡེ་ཤེས་ ཀྱི་སྣང་བར་གྱུར་པ་ན་(དུས་ཀྱི་ཁྱད་པར་)རྟག་ཏུ་བཞུགས་ནས། འཁོར་གྱི་ཁྱད་པར་(ངེས་པ་) སྐལ་ལྡན་བྱང་ཆུབ་སེམས་དཔའ་ས་བཅུ་གཅིག་པ་དང་བཅུ་གཉིས་པ་རྣམས་ལ། བསྟན་པར་ བྱ་བའི་ཆོས་ཀྱི་ཁྱད་པར་(ངེས་པ་)ཟབ་མོ་རྡོ་རྗེ་ཐེག་པ་(རྒྱུད་སྡེ་བཞི་)གསང་བ་མཆོག་ཏུ་གྱུར་ པའི་དོན་སྒྲོགས་པ་མཐོང་ཐོས། དེའི་རྟེན་འབྲེལ་གྱི་སྟོབས་ཀྱིས་སྣོད་མིན་ལ་གསང་པའི་ དོན་སྣོད་ལྡན་གྱི་དོན་དུ་བསྔགས་པའི་ཕྱི་བྱ་སྤྱོད་ཀྱི་རྒྱུད་དང་། ནང་རྣལ་འབྱོར་གྱི་རྒྱུད་དང་། གསང་པ་རྣལ་འབྱོར་ཆེན་པོའི་རྒྱུད་དེ་རྒྱུད་སྡེ་བཞི་དང་། དེ་བཞིའི་བསྐྱེད་རྫོགས་ཀྱི་མན་ ངག་གི་ཆོས་རྣམས་ལ་ཐོགས་པ་མེད་པར་སྟོན་པ་འབྱུང་ངོ་། །ཕྱག་རྒྱ་མའི་དྭངས་མའི་དྭངས་ མ་དྲངས་པ་མཐོང་ན་ནི་ཡུམ་གྱི་རྩ་གནས་རྣམས་ནས་ཁམས་དྭངས་མའི་དྭངས་མ་ཐོགས་ པ་མེད་པར་དྲངས་པ་(མེ་ཁམས་ལྟ་བུ་)མཐོང་ན་ཕྱི་རོལ་དུ་ཉམས་ཀྱི་སྣང་བ་ལ་མངོན་པར་ ཤེས་པ་ལྔ་ལ་ཐོགས་པ་མེད་པར་འབྱུང་། ཡང་བདག་ཉིད་ཀྱི་(རང་འདོད་)རྩ་ཡིག་གི་དབྱིབས་ སྣ་ཚོགས་སུ་བསྒྱུར་ཏེ་དེ་རྣམས་སུ་རླུང་སེམས་དྭངས་མའི་དྭངས་མ་འདྲོངས་ན་ཕྱི་རོལ་ཏུ་ གཟུགས་སྣ་ཚོགས་སུ་སྒྱུར་བ་ལ་སོགས་པའི་རྫུ་འཕྲུལ་ལ་ཐོགས་པ་མེད་པ་འབྱུང་། དེ་ཉིད་ 2-1-277 སླར་(ཡོད་ཀྱི་)སྤོས་ན་ཞེས་བྱ་བ་དང་པོ་ཕོ་བྲང་གང་ནས་དྲངས་པའི་ཨ་ཡིག་ལ་སོགས་པའི་ གནས་དེ་ཉིད་དུ་སྤོས་ཏེ་བཞག་ན་ཕྱི་རོལ་ཏུ་སེམས་ཅན་གཞན་རྣམས་དང་། བདག་ཉིད་ཀྱི་ སྔོན་གྱི་སྐྱེ་བའི་གནས་དུ་མ་རྗེས་སུ་དྲན་པ་འབྱུང་ངོ་། ། གཉིས་པ་དེ་ཁོ་ན་ཉིད་ཀྱི་རྟགས་གཞན་སེམས་ལ་འཆར་བ་ནི། འབྲས་བུ་ ཆོས་ཀྱི་སྐུའི་ཞིང་ཁམས་རབ་བཀྲ་ལ་སོགས་པ་(རབ་བཀྲམ་ཆེན་པོ་)བསྒུལ་བ་ལ་སོགས་པ་ནུས་ ཞེས་པའོ། ། གཉིས་པ་ནང་རྟགས་ཡེ་ཤེས་རླུང་ལ་འཆར་བ་ནི། རླུང་སོར་བཅུ་གཉིས་འགགས་ཞེས་ བྱ་བ་རླུང་ཕྱིའི་སོར་བཅུ་གཉིས་ནང་གི་སོར་བཅུ་གཉིས་ཏེ་ཉི་ཤུ་རྩ་བཞི་འགགས། གྲངས་ ཀྱང་ལས་ཀྱི་རླུང་སྟོང་བརྒྱད་བརྒྱ་པ་བཅུ་གཉིས་དབུ་མར་ཐིམ་ནས་འགགས་ཏེ(དཔལ་ཐུན་ མོང་མ་ཡིན་པ་གསང་བའི་རྒྱུད་ལས། ཉི་ཁྲི་དང་ནི་ཅིག་སྟོང་དང་། ། དྲུག་བརྒྱར་བཅས་པའི་རླུང་དག་ནི། །ཐམས་ཅད་དབུ་མར་ཐིམ་པས་ནི། །མི་གནས་མྱ་ངན་འདས་པ་ཐོབ། །ཅེས་ གསུངས་པ། རྩ་གཡས་གཡོན་གཉིས་ནས་འཕོ་ཐབས་་་)། རྟེན་འབྲེལ་བཅུ་གཉིས་ལས་ཀྱང་མ་རིག་པ་ འགགས་པ་ནས་རྒ་ཤིའི་བར་དུ་(བཅུ་གཉིས་)འགགས་པ་ཡིན་ནོ། ། གསུམ་པ་ཕྱི་རྟགས་ཐིག་ལེས་ལུས་ལ་འཆར་བ་ནི་སྤྱི་གཙུག་ཧྲིལ་ཐིག་ལེས་བ་དན་ཞེས་ བྱ་སྤྱི་གཙུག་(དོར་)གི་འཁོར་ལོའི་བར་དུ་རྩ་མདུད་གསུམ་དང་གཅིག་སྟེ། བཞི་གྲོལ་བས་དབུ་ མའི་རྩ་མདུད་སུམ་ཅུ་སོ་གཉིས་གྲོལ་ནས་ཧྲིལ་ཁམས་དྭངས་མའི་ཐིག་ལེ་དེ་ལས་ཕྱིར་མི་ ལྡོག་པར་བརྟན་པོར་གྱུར་པའོ། །ཡན་ལག་བརྒྱད་ནི། ཡང་དག་པའི། ལྟ་བ། རྟོག་པ། ངག ལས་ཀྱི་མཐའ། འཚོ་བ། རྩོལ་བ། དྲན་པ། ཏིང་ངེ་འཛིན། འཕགས་པའི་ལམ་ཡན་ལག་གོ། །ནང་ གསང་སྔགས་འབྲས་བུའི་ཐེག་པའི་ལུགས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་ནི། 2-1-278 འཕགས་པའི་ནི་ཡེ་ཤེས་ལྔ། ལམ་ཡན་ལག་ནི་དེའི་རྒྱུ། བརྒྱད་ནི་གྲངས། ངོ་བོ་ནི་རྣམ་ཤེས་ ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་ལྔ་ཡིན་ཏེ། དེ་ཡང་ཀུན་གཞིའི་རྣམ་ཤེས་གནས་གྱུར་ པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་གནས་ གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས། སེམས་རང་བཞིན་རྣམ་དག་གི་ཆོས་ཉིད་གནས་གྱུར་པ་ཆོས་ ཀྱི་དབྱིངས་ཡེ་ཤེས་སོ། །ཡེ་ཤེས་མེ་ལོང་ནམ་སྲོད་ཀྱི་དུས་སུ་བྱང་ཆུབ་ཀྱི་སྙིང་པོར་འདུག་ པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། མཐར་ཐུག་དོན་དམ་བྱང་ཆུབ་སེམས་ཀྱི་ དཀྱིལ་འཁོར་ཆེན་པོ་མཐོང་ནས། མཐར་ཐུག་བག་ཉལ་གྱི་དྲི་མ་དག་པས། འབྲས་བུ་གཉིས་ ཐོབ་སྟེ་ཞེས་བྱ་བ(གཡས་གཟུང་པའི་རྦ་རླབས་རེངས་པ་ལས་གཟུང་པའི་རྣམ་པར་རྟོག་པ་ནུབ་པ་རྣམ་པར་ཐར་ པའི་སྒོ་མཚན་མ་མེད་པ)། འབྲས་བུ་ཤེས་ཇི་ལྟ་བ་དང་། (གཡོན་འཛིན་པའི་རྦ་རླབས་རེངས་པ་ལས་འཛིན་ པའི་རྣམ་རྟོག་ནུབ་པ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་)ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཐོབ་སྟེ་ མངོན་གྱུར་པའོ། ། གཉིས་པ་དེ་ཁོ་ན་ཉིད་རྟགས་གཞན་སེམས་ལ་འཆར་བ་ནི། ས་ཆེན་འདི་ནི་དགའ་ཞིང་ མགུ་ལ་རངས་ཞེས་བྱ་བ། སྟོང་གསུམ་གྱི་སའི་ལྷ་མོ་ཆེན་པོ་འདི་རྣམས། བདག་ཅག་གི་སྟོན་ པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས། (ཤཱཀྱ་ཐུབ་པ་)སྐད་ཅིག་མ་གསུམ་ལ་ལ་ཡང་ དག་པར་རྫོགས་པར་སངས་རྒྱས་པས། སྐད་ཅིག་མ་དང་པོ་ལ་ནི་དགའ་ཞིང་། གཉིས་པ་ལ་ མགུ་ལ། གསུམ་པ་ལ་རངས་ཞེས་པའོ། །སའི་ལྷ་མོ་དེ་དག་གི་གད་མོའི་སྒྲས་ས་རྣམ་པ་དྲུག་ ཏུ་གཡོས་རབ་ཏུ་གཡོས་ཞེས་བྱ་བ་ལ་སོགས་པ་རྒྱལ་བའི་ཡུམ་ལས་གསུངས་པ་བཞིན་ཤེས་ པར་བྱའོ། །བདུད་ཀྱི་གནས་སུ་སྒྲ་བསྒྲགས་པ་ཡ་བདུད་བཞི་འཇོམས་པས་བདུད་དཔའ་ སྐོང་བའི་ཆོ་འཕྲུལ་(བསྟན་པ་)ཡིན་ཏེ། བདུད་ཀྱི་གནས་སུ་གནམ་རྡོ་ལྟུང་བ་དང་། རྒྱ་མཚོ་ 2-1-279 ཆེན་པོ་འཁྲུགས་པ་ལ་སོགས་པའི་སྒྲ་དང་། བདུད་ཀླད་པ་འགེམས་པའི་ཆ་ལང་ལྟ་བུའི་སྒྲ་ བསྒྲགས་ཏེ། འདི་ཡང་ནམ་གུང་བདུད་བཏུལ་བའི་དུས་སུ་སྟེ་བར་ཆད་མེད་པའི་དུས་ཞེས་ བྱ་བ་དང་སྦྱར་རོ(དཔལ་བདེ་མཆོག་དང་པོ་ལས། སེམས་ཉིད་ཁོ་ན་བདུད་ཡིན་ཏེ། །སེམས་ཉིད་དེ་བཞིན་ གཤེགས་པའོ། རང་སེམས་གདུལ་བར་བྱ་བའི་ཕྱིར། །ང་ཉིད་ བདུད་འདུལ་གྱུར་པའོ། །ཞེས་གསུངས་སོ། །)། །ཕྱག་རྒྱ་ཆེན་མོའི་ཆོས་འབྱུང་གནས་སུ་ཁམས་གསུམ་ མཐོང་ནས་ནི་ཕྱག་རྒྱ་ཆེན་མོའི་ཆོས་འབྱུང་གི་གནས་སུ་ཁམས་གསུམ་འཁོར་འདས་ཀྱི་ཆོས་ ཐམས་ཅད་མཐོང་ནས་སམ། ས་བཅུ་མ་ལ་སོགས་པ་ཡུམ་གྱི་བྷ་ག་ཆོས་འབྱུང་གི་གནས་སུ་ ཁམས་དྭངས་མའི་ཡང་དྭངས་མ་ཆེན་པོ་ཐིག་ལེ་གཅིག་ལ་ཆེ་ཆུང་དང་ཡངས་དོགས་མེད་ པར་རོ་གཅིག་ཚུལ་གཅིག་པར་བལྟ་བྱ་དང་ལྟ་བྱེད་ཐ་དད་མེད་པའི་ཚུལ་དུ་ཁམས་གསུམ་ འཁོར་འདས་ཀྱི་ཆོས་ཐམས་ཅད་མཐོང་ནས། དྷ་རི་(ཌཱ་ཀི་ཞ་ཟེར)(འཕྲོག་)མ་ལ་སོགས་པ་དབང་ ཕྱུག་གི་དོན་བརྒྱད་འཆར་བ་ཡང་། དེ་ཙམ་ན་རྩ་གཉིས་ཀྱི་སྲོག་རྩོལ་གྱི་རླུང་(མཁའ་འགྲོ་ཡུམ་ ཡབ་བཅུ་)ཨ་ཝ་དྷཱུ་ཏིར་ཞུགས་པའི་རྟགས་བརྒྱད་འཆར་ཏེ། ཕྲ་ཞིང་ཡང་བ་ཕྲ་ བར་ནུས་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུ་བྱེད་ དང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། ། མཁའ་འགྲོ་མ་རྣམས་རིང་ནས་འདུ་བ་ཡང་དེ་ཙམ་ན། ནང་གི་མཁའ་འགྲོ་རིང་ནས་འདུ་བ་ སྟེ། རྩ་གནས་ཐམས་ཅད་ཀྱི་རླུང་དང་ཁམས་དྭངས་མའི་དྭངས་མ་ཆནེ་པོ་ཡུམ་ཡབ་བཅུའི་ ཚུལ་གྱིས་ཕོ་བྲང་དབུ་མར་འདུ་བ་མཐོང་ནས། ཕྱིའི་མཁའ་ འགྲོ་རིང་ནས་འདུ་བ་ཡང་། མཁའ་འགྲོ་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུ་རྣམས་སྒྲུབ་པ་པོ་བདག་གི་བ་སྤུའི་བུ་ག་རེ་རེ་ན་ཡང་ཐ་མི་དད་པའི་ཚུལ་གྱིས་ བྱིན་གྱིས་རློབ་པར་མཐོང་སྟེ། དེ་ཡང་དཔལ་ཨ་ཝ་ཏ་ནའི་རྒྱུད་ལས། ཡེ་ཤེས་སྒྲོན་མའི་ 2-1-280 མཆོག་མཐོང་ན། །རྣལ་འབྱོར་མ་རྣམས་ལེགས་འདུ་སྟེ། །པད་མའི་འབྱུང་གནས་ཉམས་ དགའ་ལ། །ངང་པའི་ཚོགས་འདུ་ཇི་བཞིན་དུ། །དམ་ཚིག་གནས་ལ་མཁའ་འགྲོ་མ། །རིང་ ནས་གནས་ཀྱང་བྱིན་གྱིས་རློབ། །ཅེས་བྱའོ། །དེ་དག་གིས་ནི་ནམ་ཐོ་རངས་མངོན་པར་བྱང་ ཆུབ་པ་དང་རྣམ་པར་གྲོལ་བའི་དུས་ཞེས་བྱ་བར་ཡང་བསྟན་ཏོ། ། གཉིས་པ་ནང་རྟགས་ཡེ་ཤེས་རླུང་ལ་འཆར་བ་ནི། སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འཇུག་ཅེས་ བྱ་བ་རྩ་གཉིས་ཀྱི་སྲོག་རྩོལ་གྱི་རླུང་ཕྱི་དབྱིབས་ཀྱི་རྩ་ཨ་ཝ་དྷཱུ་ཏི་ཡར་ཐོག་མར་འཇུག་ཅིང་། སྐད་ཅིག་གཉིས་པ་ལ་གཙུག་ཏོར་ཕྱེད་ཀྱི་བར་དུ་ཞུགས་པའོ། ། གསུམ་པ་ཕྱི་རྟགས་ཐིག་ལེས་ལུས་ལ་འཆར་བ་ནི་གཙུག་ཏོར་ཕྱེད་ཐིག་ལེས་བསྟན་ ཞེས་བྱ་བ་[ ]ནི། གཙུག་ཏོར་ཕྱེད་ཁམས་དྭངས་མའི་ཐིག་ལེ་དེ་ལས་སླར་མི་ལྡོག་པར་བརྟན་ ཅིང་། དེ་ཙམ་ན་(གསང་གནས་སུ་)འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། ལྟེ་བར་(ལྟེ་བར་) ཟབ་པ་གཡས་ཕྱོགས་སུ་འཁྱིལ་བ་དང་། ཐུགས་ཀའི་(སྙིང་ཁར་)དཔལ་བེའུ་དང་། གསུང་ (མགྲིན་པར་)ཆོས་ཀྱི་དུང་དང་། (དཔྲལ་བར་)སྨིན་འཚམས་ཀྱི་མཛོད་སྤུ་ཡང་གྲུབ་པ་ཡིན་ནོ། ། བཞི་པ་མཇུག་སྡུད་བསྟན་པ་ནི། མཐར་ཕྱིན་པའི་ལམ་ས་ཕྱེད་དང་བཅུ་གསུམ་པའོ་ ཞེས་བྱ་བ་ནི་ཆོས་སྒོ་བསྟུན་ཏེ། ལམ་ས་བཅུ་གསུམ་པའི་དངོས་རྒྱུའི་སྐད་ཅིག་མ་དེ་ཉིད། མཐར་ཕྱིན་པའི་ལམ་དུ་གཏོགས་པ་ས་ཕྱེད་དང་བཅུ་གསུམ་པ་སྟུག་པོ་བཀོད་པའི་སའོ། ། ད་ནི་གཉིས་པ་དབང་བཞི་པ་མཐར་ཐུག་དང་འབྲེལ་པས་ས་བཅུ་གསུམ་པའི་ཕྱེད་རྡོ་རྗེ་ འཛིན་འཆང་པའི་སའི་ལམ་འབྲས་བསྟན་པ་ལ་བཞི། རྒྱུ། འབྲས་བུ། རྟགས། མཇུག་སྡུད་ བསྟན་པའོ། །དང་པོ་ལ་གཉིས། རིང་རྒྱུ་དང་། ཉེ་རྒྱུ། བསྟན་པའོ། ། དང་པོ་ལ་གཉིས་ལས། དབང་ནི་བཞི་པ་སེམས་ཀྱི་དབང་མཐར་ཕྱིན་ཞེས་གསུངས་ཏེ། བཞི་པ་ནི་སྒྲིབ་པའི་མཐར་ཐུག་ལུས་ངག་ཡིད་ཀའི་དྲི་མ་བག་ཉལ་ཤིན་ཏུ་ཕྲ་བ་དག་པར་ 2-1-281 བྱེད་པའི་དབང་བཞི་པས་བསྡུས་པའི་ས་ཡིན་པས་སོ། ། སེམས་ཀྱི་དབང་མཐར་ཕྱིན་ཞེས་བྱ་བ། རྩ་གཡོན་པ་ལུས། གཡས་ངག དབུ་མ་ སེམས་ཡིན་ལས་སེམས་རྩ་དབུ་མར། ལུས་ངག་གི་རྩ་གཡོན་གཡས་ཀྱི་རླུང་སེམས་ ཐམས་ཅད་དང་པོར་ཞུགས་ནས། དེ་ནས་འགགས་ཤིང་ཐིམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་ སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་ལ་དབང་ཐོབ་པའི་དབང་མཐར་ ཕྱིན་པས་སོ། །ལམ་ནི་དབང་དེ་ལམ་གང་ནས་མཐར་ཕྱིན་ན། ཁམས་དགུ་དང་རྣམ་ཤེས་ ཀྱི་ཁམས་ལ་སོགས་པ་ཁམས་ཀུན་ཤིན་ཏུ་རྣམ་པར་དག་པར་བྱེད་པའི་ཏིང་ངེ་འཛིན་རིམ་ གསུམ་སེམས་ཀྱི་རྡོ་རྗེ་རྦ་རླབས་ཀྱི་ལམ་གྱིས། སྲིད་པ་འཁོར་བ་(རྟེན་དང་བརྟེན་པ་)རྣམ་པར་ དག་པའི་མྱ་ངན་འདས་པའི་རྩ་དབུ་མའི་མ་སྣའི་རྩེར་ཁམས་བྱང་སེམས་བརྟན་པ་ཡར་ དགའ་བཞི་རིམ་པར་གཤེགས་པས་སྐུ་བཞི་རྫོགས་པར་ཐོབ་པའི་ལམ་ནས་མཐར་ཕྱིན་པའོ། ། གཉིས་པ་ལ་གཉིས་ལས། དང་པོ་དབང་ལ་གསུམ། དབང་རྟེན་གང་ལ་བླངས་པའི་ རིག་མ་བཙལ་དགུག་དང་། རྡོ་རྗེ་སློབ་དཔོན་གང་ལ་བླང་པའི་བླ་མ་[ ]འབྲས་དབང་བཞིས་ འགྲོས་བཞི་ཐིམ་པས་སྐུ་བཞི་རྫོགས་ཐོབ། བསྟན་པའོ། ། དང་པོ་ནི་ཡང་ས་བཅུ་གསུམ་ཐོབ་ཀར་ས་བཅུ་མ་ལ་སོགས་པ་རང་གི་ཡིད་ཀྱིས་བཀུག་སྟེ་ ཞེས་བྱ་བ། ཡང་ས་བཅུ་གསུམ་ཐོབ་ཀར་ནི་ས་ཕྱེད་དང་བཅུ་གསུམ་པའི་ དུས་དེར། སྔར་ཁམས་འདུས་པ་ཐ་མ་ལ་(ཚོགས་ལམ་ཆེན་པོ་ལ་)པད་མ་ཅན་མ་ལུང་བསྟན་ པ་ལ་བསྟེན་ནས། ས་ཕྱེད་དང་བཅུ་གསུམ་གྱི་བར་དུ་བགྲོད་པ་ཡིན་ནམ། སྔར་མགྱོགས་ བྱེད་ཕོ་ཉའི་ལམ་ཀློང་དུ་གྱུར་ན་ནི་བརྟེན་མི་དགོས་ལ། དེ་ལྟར་མ་ཡིན་ན་ཡང་སོགས་ཀྱིས་ བསྡུས་པ་བདག་ས་དང་པོ་པ་ཡིན་པའི་ཚེ། རིག་མ་ཡང་ས་དང་པོ་མ། དེ་བཞིན་དུ་བདག་ས་ 2-1-282 བདུན་པ་ཡིན་པ་ན་རིག་མ་ཡང་ས་བདུན་པ་མ། དེ་བཞིན་དུ་བདག་ས་བཅུ་པ་ཡིན་པའི་ཚེ། རིག་མའང་ས་བཅུ་མ་སྟེ། རང་དང་རྟོགས་པ་མཉམ་པ་དགོངས་པ་ཡིན་པར་ཤེས་པར་བྱའོ། ། ཡང་ན་སོགས་ནི་ ས་བཅུ་མ་མ་རྙེད་ན་དག་པའི་ས་གསུམ་གྱི་ས་དགུ་མ་དང་། ས་བརྒྱད་མ་ལ་བརྟེན་ དུ་རུང་ཞེས་པའི་དོན་ཏོ། །རང་གི་ཡིད་ཀྱིས་བཀུག་ཅེས་བྱ་བ་རང་གིས་དྲན་པ་ཙམ་གྱིས་ འགྲིབ་པ་སྟེ་བྱེད་རྫས་ལ་སོགས་པ་ལ་མི་ལྟོས་པས་སོ། ། གཉིས་པ་ནི་མཐར་ཕྱིན་གྱི་ལམ་གྱིས་འགྲོས་བཞི་ཐིམ་པའི་དབང་བཞི་བླངས་པ་ལས། བླང་པའི་ཡུལ་རྡོ་རྗེ་སློབ་དཔོན་ནི་དུས་གསུམ་བདེར་གཤེགས་བཅུད་འདུས་ཡིན་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། དུས་གསུམ་ནི་གོང་ནས་རིམ་གྱིས་བྱུང་པའི་དུས་གསུམ་གྱིས། བདེར་ གཤེགས་ནི་འཁོར་ལོ་གསུམ་ནས་སྐུ་གསུམ་བམ། རྩ་གསུམ་ནས་རླུང་ལྡང་འཇུག་གནས་ གསུམ་འམ། ཐིག་ལེ་ཞུ་ བདེའི་མི་རྟོག་པ་གསུམ་(བདེ་བར་)གཤེགས་ནས་(མར་བདེ་བར་)བྱོན་པས། བཅུད་འདུས་པ་ ཡིན་ནི་རྩ་གསུམ་འབྱུང་པའི་བཅུད་དཀྱིལ་འཁོར་གྱི་ཡང་དྭངས་མའི་དྭངས་མ་ཆེན་པོར་གྱུར་ པ་འདུས་པའི་(ཐིག་ལེ་)སྐྲའི་རྩེ་མོ་ཙམ་ཡིན་ནོ། །ཡིད་དམ་ལྷ་དང་བླ་མ་དབྱེར་མེད་ལ་ཞེས་ བྱ་བ་ཐིག་ལེ་དེ་ཉིད་དངོས་གྲུབ་སྟེར་བའི་ཡིད་དམ་ལྷ་དང་། (འཇིག་རྟེན་པའི་ལམ་དུ་)སོ་སོའི་སྐྱེ་ བོའི་བླ་མ། (ས་དྲུག་)རྒྱལ་བ་སྤྲུལ་སྐུའི་བླ་མ། (ས་བཞི་)ལོངས་སྐུའི་བླ་མ། (ས་གསུམ་)ཆོས་སྐུའི་ བླ་མ། (ས་ཕྱེད་)ངོ་བོ་ཉིད་ཀྱི་སྐུའི་བླ་མ་རྣམས་དབྱེར་མེད་པར་མངོན་དུ་གྱུར་པ་ལའོ། །བླ་མ་ ཕུན་སུམ་ཚོགས་པ་དེའི་བཞུགས་པའི་གནས་(དཀྱིལ་འཁོར་)ནི། བྷ་ག་ཆོས་འབྱུང་ས་བཅུ་མ་ལ་ སོགས་པ་མཆོག་གི་ཟེ་བར་རོ། ། གསུམ་པ་ནི། འབྲས་བུ་རྫོགས་པར་དངོས་སུ་ཐོབ་པར་བྱེད་པ་བྱང་སེམས་མར་བྱོན་པ་ 2-1-283 བཞིན་ཡར་བརྟན་པའི་དགའ་བདེའི་དབང་བཞིས། འགྲོས་བཞི་དབུ་མར་ཐིམ་པས་འབྲས་ བུ་སྐུ་བཞི་རྫོགས་པར་ཐོབ་པ་སྟེ། དེ་ཡང་(ཡུམ་གྱི་རྩ་མཆོག་གི་ཟེ་བ་ནས་)མས་ཡར་བདེ་བར་ གཤེགས་པ། དགའ་བའི་དབང་བཞིས། བརྟེན་པ་རང་རིག་རྣམ་ཤེས་ཀྱི་འགྲོས་ཐམས་ཅད་ དབུ་མར་ཐིམ་པས། མཐར་ཐུག་རྣམ་ཤེས་ཀྱི་དྲི་མ་ཀུན་དག་ནས། དབུ་མའི་རྣམ་པར་མི་ རྟོག་པའི་ཡེ་ཤེས། རང་འབྱུང་གི་ཡེ་ཤེས་ཆེན་པོ་ཤིན་ཏུ་རྣམ་དག་པའི་མཆོག་ཏུ་གྱུར་ཏེ་ལྟེ་ བ་སྤྲུལ་འཁོར་ལོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད། རྒྱུ་མཐུན་གྱི་འབྲས་བུ། ངོ་བོ་ཉིད་ ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་རྫོགས་པར་ཐོབ། ཡང་མཆོག་དགའི་དབང་བཞིས། བྱང་ སེམས་འགྱུ་བ་ཁམས་བདུད་རྩིའི་འགྲོས་ཐམས་ཅད་དབུ་མར་ཐིམ་པས། བྱང་སེམས་བདུད་ རྩིའི་ཁམས་ཀྱི་དྲི་མ་ཀུན་དག་ནས་དབུ་མའི་འཇིག་མེད་ཡེ་ཤེས་ཀྱི་ཐིག་ལེ་མཆོག་ཏུ་གྱུར་ ཏེ། སྙིང་ཁ་ཆོས་ཀྱི་འཁོར་ལོར། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ། རྣམ་སྨིན་གྱི་འབྲས་ བུ། ཆོས་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་རྫོགས་པར་ཐོབ། ཡང་ཁྱད་པར་དགའ་བའི་དབང་ བཞིས། ངག་གཡོ་བ་སྙིང་པོ་རླུང་ཡིག་གི་འགྲོས་ཐམས་ཅད་དབུ་མར་ཐིམ་པས། ངག་སྙིང་པོ་ རླུང་གི་དྲི་མ་ཀུན་དག་ནས། དབུ་མའི་གཞོམ་མེད་ཡེ་ཤེས་ཀྱི་རླུང་མཆོག་ཏུ་གྱུར་ཏེ། མགྲིན་ པ་ལོངས་སྤྱོད་ཀྱི་འཁོར་ལོར། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ། སྐྱེས་བུ་བྱེད་ པའི་འབྲས་བུ་ལོངས་སྐུ་རང་བཞིན་གྱིས་ལྷུན་གྲུབ་རྫོགས་པར་ཐོབ། ཡང་ལྷན་ཅིག་སྐྱེས་ དགའ་དབང་བཞིས། ལུས་གནས་པ་རྩ་ཡིག་གི་འགྲོས་ཐམས་ཅད་དབུ་ མར་ཐིམ་པས། ལུས་རྩའི་དྲི་མ་ཀུན་དག་ནས། དབུ་མའི་གཞའ་འོད་ཡེ་ཤེས་ཀྱི་རྩ་ཕྲ་མོ་ མཆོག་ཏུ་གྱུར་ཏེ། སྤྱི་གཙུག་བདེ་ཆེན་གྱི་འཁོར་ལོར། རྣམ་པར་ཐར་པའི་སྒོ་མངོན་པར་ འདུས་མ་བྱས་པ། དྲི་མ་དང་བྲལ་བའི་འབྲས་བུ། སྤྲུལ་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་ རྫོགས་པར་ཐོབ་པ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་རང་དབང་ཐོབ་པའི་དབང་ 2-1-284 དང་། གཉིས་པ་རྟེན་འབྲེལ་ནི། ས་བཅུ་མ་ལ་སོགས་པའི་ཡུམ་གྱི་བྷ་གར་དུས་གསུམ་བདེར་ གཤེགས་བཅུད་འདུས། རླུང་སེམས་དྭངས་མའི་དྭངས་མ་ཆེན་པོ་བྱོན་ནས་ཡར་བདེ་བར་ གཤེགས་པས་འགྲོས་བཞི་ཐིམ་པའི་སྐད་ཅིག་མ་གཉིས་ལ། སྐུ་ལྔ་རྫོགས་པར་ཐོབ་པ་མངོན་ སུམ་དུ་གྱུར་པའི་མཆོག་གི་དངོས་གྲུབ་ལེན་པ་གྲུབ་པའི་རྟེན་འབྲེལ་གྱིས་ཞེས་པའོ། ། གཉིས་པ་འབྲས་བུ་བསྟན་པ་ནི། རྟེན་དང་བརྟེན་པ་གནས་གྱུར་གྱི་སྐུ་བཞི་དང་གྲུབ་སྡེ་ གཅིག་པར་ཐམས་ཅད་(རྩ་རླུང་སེམས་རིག་)གནས་གྱུར་གྱི་སྐུ་བཞི་དབྱེར་མེད། ངོ་བོ་ཉིད་ཀྱི་སྐུ་ (དྲི་མ་ཐམས་ཅད་ཀྱིས་)ཤིན་ཏུ་རྣམ་པར་དག་པ་(འཁོར་འདས་ལ་)ཁྱབ་(པའི་)བདག་(ཉིད་བདེ་སྟོང་དབྱེར་ མེད་རྣམ་པར་མི་རྟོག་)ཡེ་ཤེས་ཀྱི་སྐུ་ལྔ་རང་བཞིན་གྱིས་(རིག་འཛིན་ཆེན་པོ་)ལྷུན་གྲུབ་ཐོབ་པར་ བྱེད་པའི་རྒྱུས་རྫོགས་པར་ཐོབ་པ་མངོན་སུམ་དུ་གྱུར་ཏེ། སྐྱེ་འཇིག་མི་མངའ་བའི་དེ་བཞིན་ གཤེགས་པ། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ མངོན་པར་རྫོགས་སངས་རྒྱས་པའོ། ། གསུམ་པ་རྟགས་བསྟན་པ་ལ་གསུམ་ལས། དང་པོ་དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་ འཆར་བ་བསྟན་པ་ལ་གཉིས་ལས། འབྲས་བུ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་རྟགས་རང་སེམས་ ལ་འཆར་བ་བསྟན་པ་ནི། འབྲས་བུ་ནི་ཐོབ་སྟེ་ཞེས་པ་ནི། འབྲས་བུ་(རྩ་དབུ་མར་གཟུང་འཛིན་ གཉིས་ཀའི་རྦ་རླབས་རེངས་པ་ལས་གཟུང་འཛིན་གཉིས་ཀའི་རྣམ་རྟོག་པ་ནུབ་པ་རྣམ་པར་ཐར་བའི་སྒོ་ཉིད་དང་ མངོན་པར་འདུས་མ་བྱས་པ་དབྱེར་མེད་པའི་)ཤེས་ཇི་ལྟ་བ་དང་། ཇི་སྙེད་པ་དབྱེར་མེད་པ་མཁྱེན་པའི་ཡེ་ཤེས་གཅིག་ཐོབ་སྟེ། དེ་ཉིད་ཀྱི་རྟེན་འབྲེལ་གྱིས་སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མངོན་དུ་གྱུར་པ་ནི། དེ་བཞིན་གཤེགས་པ་ལ། འཁྲུལ་ བ། ཅ་ཅོ། བསྙེལ་བ། སེམས་མཉམ་པར་མ་བཞག་པ། 2-1-285 སྣ་ཚོགས་པའི་འདུ་ཤེས། སོ་སོར་མ་བརྟགས་པའི་བཏང་སྙོམས། མེད་པ་དང་། འདུན་པ། བརྩོན་འགྲུས། དྲན་པ། ཏིང་ངེ་འཛིན། ཤེས་རབ། རྣམ་པར་གྲོལ་བའི་ ཡེ་ཤེས་མཐོང་བ། ཡོངས་སུ་ཉམས་པ་མེད་པ། འདས་པའི། མ་འོངས་པའི། ད་ལྟར་གྱི། དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་གོ། །སྐུའི། གསུང་གི། ཐུགས་ ཀྱི། ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲངས་སོ། །ཞེས་པ་བཅོ་ བརྒྱད་མངོན་དུ་གྱུར་པའོ། །དེ་ཉིད་ཀྱི་དོན་ གྱིས་བསྟན་པ་མཐར་འབིགས་བྱེད་ཅེས་པ་སྟེ། དེ་ལ་གང་གིས་འབིགས་ན། རླུང་ སེམས་དྭངས་མའི་དྭངས་མ་ཆེན་པོ་བརྟན་པའི་བྱང་ཆུབ་སེམས་ཀྱིས་ནི་འབིགས། གང་འབིགས་ན། དབུག་པར་བྱ་བ་རྩ་དབུ་མའི་གཙུག་ཏོར་ཁ་ཕྱེ་ནས། མཐར་གཙུག་ཏོར་ མཆོག་ཏུ་འགྲོས་བཞི་ཐིམ་པར་འབིགས། ཕུག་ནས་གང་དུ་གཤེགས་ན། ཡེ་ཤེས་སྐུའི་སངས་རྒྱས་གསར་པ་དང་རྙིང་པ་བསྒྲེས་པ་མི་མངའ་བ་གཞོན་ནུའི་ཡེ་ཤེས་རང་ སྣང་ལས་གྲུབ་པའི་གཞལ་མེད་ཁང་གི་གྲོང་ཁྱེར་འོག་མིན་ཆེན་པོ་ཆོས་ཀྱི་དབྱིངས་སུ་ཆོས་ ཉིད་ཇི་ལྟ་བ་དེ་བཞིན་གཤེགས་སོ། །གཤེགས་ནས་གང་དུ་ཅི་མཛད་ན། (ཁ་ཅིག་(ཆུ། ཉན་ དབུ་) ན་རེ་ལྟ་ན་ཆད། ཟད། བརླག་ནས་མེད་པ་མ་ཡིན་ནམ་ཞེ་ན་མ་ ཡིན་ཏེ་)རང་བྱུང་ཡེ་ཤེས་ཀྱི་སྐུ་གང་དུའང་སྐྱེ་བ་མེད་པའི་དེ་བཞིན་གཤེགས་པ་འཇིག་པ་མེད་ པའི་རང་བཞིན་གྱིས་གནས་སུ་ཆོག་ཏུ་གནས་ནས། འཕྲིན་ལས་འབད་ མེད། ལྷུན་གྲུབ། རྒྱ་ཆེན། རྒྱུན་མི་འཆད་པས། གདུལ་བྱ་རང་རང་སོ་སོའི་བསམ་པ་དང་ མཐུན་པར་བྱོན་གཤེགས་བཞུགས་ནས་དོན་མཛད་ཅེས་པའི་དོན་ཏོ། ། གཉིས་པ་འབྲས་བུ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་རྟགས་གཞན་སེམས་ལ་འཆར་བ་བསྟན་ པ་ནི། འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་མ་ལུས་པ་ལ་སོགས་པ་བསྒུལ་བ་ལ་སོགས་པ་ 2-1-286 ནུས་ཞེས་པ་སྟེ། སོགས་ནི་ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་མ་ལུས་པ་བསྒུལ་བ་ལ་སགོས་ པར་ནུས་པ་ལྟ་ཅི་སྨོས་ཞེས་ཤེས་པར་བྱའོ། ། གཉིས་པ་ནང་རྟགས་ཡེ་ཤེས་རླུང་ལ་འཆར་བ་ནི་སྲོག་རྩོལ་ཨ་ཝ་དྷཱུ་ཏིར་འགགས་ཞེས་ པ་ནི་རྩ་གཉིས་ཀྱི་སྲོག་རྩོལ་གྱི་རླུང་ཐམས་ཅད་ཨ་ཝ་དྷཱུ་ཏིར་ཏེ་གཙུག་ཏོར་མཆོག་གི་གནས་ སུ་འགགས་ནས་འགྲོས་བཞི་ཐིམ་པའོ། ། གསུམ་པ་ཕྱི་རྟགས་ཐིག་ལེས་ལུས་ལ་འཆར་བ་ནི། གཙུག་ཏོར་ཧྲིལ་ཐིག་ལེས་ བརྟན་ཞེས་པ་ནི་དབུའི་གཙུག་ཏོར་མཆོག་ཧྲིལ་(རྡོ་རྗེ་ཟླ་བ་དྲི་མེད་འོད། ཅེས་པ་)ཁམས་དྭངས་ མའི་ཐིག་ལེ་དེ་ལས་མི་གཡོ་བར་བརྟན་པས་དབུའི་གཙུག་ཏོར་བལྟ་མི་མངོན་པ་གྲུབ་ནས། རྟེན་དང་བརྟེན་པ་ཐམས་ཅད་གནས་གྱུར་ཅེས་པའི་དོན་ཏོ། ། བཞི་པ་མཇུག་བསྡུ་བསྟན་པ་ནི་འབྲས་བུ་མཐར་ཕྱིན་ས་བཅུ་གསུམ་པའོ་ཞེས་པ་སྟེ། ལམ་ལྔ་ལས་འབྲས་བུ་མཐར་ཕྱིན་པའི་ལམ་བགྲོད་པ། ས་བཅུ་གསུམ་པ་རྡོ་རྗེ་འཛིན་པ་ཆེན་ པོ་རྡོ་རྗེ་འཆང་ཆེན་པོའི་སའོ། །དེ་དག་རྣམས་ཀྱིས་འཁོར་ལོ་སྐོར་བ་འཇིག་རྟེན་ལས་འདས་ པའི་ལམ་འབྲས་བསྟན་ཏོ།། །། ༒ ད་ནི་གཉིས་པ་གནས་སྐབས་ཀྱི་ལམ་འབྲས་དེ་དག་གིས་བསྒྲུབས་པའི་མཐར་ ཐུག་གི་འབྲས་བུ་བསྟན་པ་ལ། ཕྱི་དང་ཞེས་སོགས་གསུངས་ཏེ། དེ་ལ་དོན་ནི་འདི་གསུམ་ ཡིན་ཏེ། བདག་དང་གཞན་དང་། གཉིས་ཀའི་དོན། ཕུན་སུམ་ཚོགས་པའི་རྟེན་འབྲེལ་འགྲིག་ པའི་ཆེ་བ་བསྟན་པའོ། ། དང་པོ་ནི་ཕྱི་དང་ནང་གི་རྟེན་འབྲེལ་གྱིས་བསྒོམས་ཉམས་སྐྱོན་ཡོད་མེད་ཕྱེད་པས་ འགྲོས་བཞི་ཐིམ་པས་རྣམ་པ་ཐམས་ཅད་མཁྱེན་ཏོ། །ཞེས་པ་སྟེ། དེ་ལ་གཉིས་ལས། དང་ པོ་རྟེན་དང་བརྟེན་པ་བཞི་གནས་གྱུར་པའི་སྐུ་བཞི་ནི། བུམ་དབང་རྩ་ཡིག་གི་འགྲོས་ཏེ། ཕྱི་ 2-1-287 ལུས་དང་ནང་གནས་པ་རྩ་ཡིག་གི་རྟེན་འབྲེལ་གྱིས་བསྒོམས་ཉམས་སྐྱོན་ཡོད་(སྣང་ཕྱོགས་སྟོང་ ཕྱོགས་)གཉིས་དང་། (ངོ་བོ་ཟུང་འཇུག་)སྐྱོན་མེད་གཅིག་ཕྱེད་པས་རྩ་ཡིག་གི་འགྲོས་རིམ་གྱིས་ དབུ་མར་ཐིམ་པས་དབུ་མ་མཆོག་ཏུ་གྱུར། དེ་ལས་རྩ་ཡིག་གནས་གྱུར་སྐུ་ཐམས་ཅད་(མཁྱེན་) པ་སྤྲུལ་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་མངོན་དུ་གྱུར་པའི་མཆོག་གི་སྤྲུལ་པའི་སྐུ་མཚན་ དཔེ་འབར་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སོགས་པ་ནས་བཟུང་སྟེ། བཅུད་འགྲོ་བ་ མཐའ་(རིས་དྲུག་)དག་དང་། སྣོད་དཔག་བསམ་གྱི་ཤིང་ལ་སོགས་པ་མཐའ་ དག་གི་རྣམ་པར་སྣང་བས་(སྤྲུལ་སྐུའི་)གདུལ་བྱ་མཐའ་དག་གི་དོན་དུ་འགྱུར་བའོ། །གསང་ དབང་ངག་སྙིང་པོ་རླུང་མིག་གི་འགྲོས་ཏེ། (ལུས་)ཕྱི་དང་(གསང་པ་སྙིང་པོ་རླུང་ཡིག)ནང་གི་རྟེན་ འབྲེལ་གྱིས་བསྒོམས་ཉམས་སྐྱོན་ཡོད་གསུམ་དང་སྐྱོན་མེད་གཅིག་ཕྱེད་པས་རླུང་ཡིག་གི་ འགྲོས་ཐམས་ཅད་རིམ་གྱིས་དབུ་མར་ཐིམ་སྟེ། དེ་ཡང་ཁ་དོག་ཐིམ་པས་དཀར་པོ། དབྱིབས་ ཐིམ་པས་ཨ་ཧཾ་མི་ཏི་ཟུང་འཇུག་མི་ཤེས་པའི་ཡི་གེར། སྟོབས་ཐིམ་པས་བདུད་བཞི་ཟིལ་གྱིས་ གནོན་པའི་ཧཱུཾ་གི་སྟོབས་ མཆོག་ཏུ་གྱུར་པའོ། །དེ་ལས་རླུང་ཡིག་གནས་གྱུར་གསུང་(ལུས་)ཐམས་ཅད་(མཁྱེན་)པ་ལོངས་ སྤྱོད་རྫོགས་པའི་སྐུ་རང་བཞིན་གྱིས་ལྷུན་གྲུབ་མངོན་དུ་གྱུར་པའི་ལོངས་སྐུའི་གསུང་ལེགས་ པར་སྦྱར་བའི་སྐད་ནས་བཟུང་སྟེ། འགྲོ་བ་མཐའ་དག་གི་སྐད་དང་། འབྱུང་པ་མཐའ་དག་གི་ སྒྲ་དང་། ནམ་མཁའ་ལས་ཀྱང་ཡོངས་སུ་དག་པའི་སྒྲ་འབྱུང་སྟེ། (ལོངས་སྐུའི་)གདུལ་བྱ་མཐའ་ དག་གི་དོན་དུ་འགྱུར་བའོ། ། ཤེས་རབ་ཡེ་ཤེས་ཀྱི་དབང་ཁམས་བྱང་སེམས་བདུད་རྩིའི་འགྲོས་ཏེ། (ལུས་)ཕྱི་དང་ ནང་(དེ་ཁོ་ན་ཉིད་འགྱུ་བ་རྩ་བྱང་ཆུབ་སེམས་)གི་རྟེན་འབྲེལ་གྱིས་བསྒོམས་ཉམས་སྐྱོན་ཡོད་གསུམ་ དང་། སྐྱོན་མེད་གཅིག་ཕྱེད་པས་ཁམས་དགུ་ཀུན་གྱི་འགྲོས་རིམ་གྱིས་དབུ་ 2-1-288 མར་ཐིམ་པས་ཁམས་དྭངས་མའི་དྭངས་མ་མཆོག་ཏུ་གྱུར། དེ་ལས་ཁམས་བདུད་རྩི་གནས་ གྱུར་ཐུགས་(ལུས་)ཐམས་ཅད་(མཁྱེན་)པ་ཆོས་སྐུ་རང་བཞིན་གྱིས་ལྷུན་གྲུབ་མངོན་དུ་གྱུར་ པའི་རྒྱལ་བ་སྐུ་ཀུན་ཏུ་བཟད་པོ་བདེ་སྟོང་སྤྲོས་བྲལ་ལས་མ་གཡོས་པའི་ངང་དུ་བཞུགས་ པའི་བྱིན་རླབས་ཀྱིས་(ཆོས་སྐུའི་)གདུལ་བྱ་མཐའ་དག་གི་དོན་དུ་འགྱུར་བའོ། །དབང་བཞི་པ་ བརྟེན་པ་རང་རིག་རྣམ་ཤེས་ཀྱི་འགྲོས་ཏེ། (ལུས་)ཕྱི་དང་ནང་(མཐར་ཐུག་དོན་དམ་བྱང་ཆུབ་སེམས་)གི་རྟེན་འབྲེལ་གྱིས་བསྒོམས་ཉམས་སྐྱོན་ ཡོད་བརྒྱད་དང་། སྐྱོན་མེད་བདུན་ཕྱེད་པས། བརྒྱད་ལ་སོགས་པའི་ཉམས་སྐྱོན་ཅན་ཐམས་ ཅད་སྤངས་ནས་བདུན་དང་བདེ་སྟོང་མཆོག་གི་ལ་སོགས་པའི་ཉམས་སྐྱོན་མེད་ཐམས་ཅད་ རྒྱས་པས་རྣམ་ཤེས་རྣམས་རིམ་གྱིས་དབུ་མའི་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ཐིམ་ནས་ ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་གྱུར། དེ་ལས་རྣམ་ཤེས་གནས་གྱུར་སྐུ་ དང་གསུང་དང་ཐུགས་(ལུས་) ཐམས་ཅད་(མཁྱེན་)པ་ངོ་བོ་ཉིད་ཀྱི་སྐུ་རང་བཞིན་གྱིས་ལྷུན་གྲུབ་མངོན་དུ་གྱུར་ཏེ། སྐུ་ཐམས་ཅད་པའི་དུས་ན་གསུང་དང་ཐམས་ཅད་པ་ཡིན་ལ། གཉིས་པའི་ཚེ་ནའང་དེ་བཞིན་ དུ་ཡིན་པས་གྲུབ་སྟེ་གཅིག་པའི་ཚུལ་གྱིས་(ངོ་བོ་ཉིད་ཀྱི་སྐུའི་)གདུལ་བྱ་མཐའ་དག་གི་དོན་དུ་ གྱུར་པའོ། ། གཉིས་པ་སྐུ་བཞི་དབྱེར་མེད་གཅིག་གྱུར་པའི་སྐུ་ལྔ་པ་ནི། དེ་ལྟར་ཡང་འབྲས་བུའི་ དབང་བཞིས་འགྲོས་བཞི་རྫོགས་པར་ཐིམ་པས་སྐུ་བཞི་རྫོགས་པར་ཐོབ་པའི་སྐྱེས་བུ་ཆེན་ པོ་རྣམས་ཀྱི་སྐུ་བཞི་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཤིན་ཏུ་རྣམ་པར་དག་པ་ཁྱབ་བདག་ཡེ་ཤེས་ ཀྱི་སྐུ་དང་རང་བཞིན་གྱི་ལྷུན་གྲུབ་ཀྱི་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཤེས་བྱ་ཇི་ལྟ་བ་དང་ཇི་ སྙེད་པ་དབྱེར་མེད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཞེས་པའི་དོན་ཏོ། །དེ་ལྟ་བུའི་སྐུ་ལྔ་ 2-1-289 ཀ་ཡང་ཡོངས་སུ་དག་པའི་ཡེ་ཤེས་སྐུ་གཅིག་ཉིད་དེ་དང་དེར་སྣང་བ་མངོན་དུ་གྱུར་རོ། །དེ་ ལྟར་སྒྱུ་འཕྲུལ་དྲ་བ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་ བདག །ཅེས་འབྱུང་། རང་གི་ངོ་བོ་ཡིན་པར་ཡང་། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ ལུས་ཅན་དེ་བཞིན་གཤེགས། །ཞེས་འབྱུང་ངོ་། ། གཉིས་པ་ནི། བཅུ་གསུམ་རྡོ་རྗེ་འཛིན་པར་རྟེན་འབྲེལ་འགྲིག་པ་ལྟར་སྣང་ཞེས་པ་སྟེ། དེ་ཡང་མཐར་ཕྱིན་པའི་ལམ་བགྲོད་པའི་བཅུ་གསུམ་རྡོ་རྗེ་འཛིན་འཆང་ ཆེན་པོའི་སར་གདུལ་བྱ་སོ་སོ་རང་རང་གི་རྟེན་འབྲེལ་ཇི་ལྟར་འགྲིག་པ་ལྟར་སེམས་མ་སྐྱེད་ པ་བསྐྱེད་པ་དང་། ལོང་བ་རྣམས་མིག་ཐོབ་པ་དང་། ས་ནས་སར་འཕར་བ་དང་། མངོན་པར་ བྱང་ཆུབ་པ་ལ་སོགས་པའི་(རྒྱན་)ཡོན་ཏན་(འཁོར་ལོ་)འཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྣང་ བས་གདུལ་བྱ་མཐའ་དག་གི་དོན་མཛད་པ་འབྱུང་པའོ། ། གསུམ་པ་ནི་སངས་རྒྱ་ཁར་འཁོར་ཚོམ་བུ་གཅིག་དང་བཅས་ཏེ་སངས་རྒྱའོ། །ཞེས་བྱ་ བ་སྒྲུབ་པ་པོ་བདག་ཉིད་སངས་རྒྱས་ཀར། ཞིང་ཡོངས་སུ་དག་པའི་རིག་མ། སེམས་རྒྱུད་ འགྲོལ་བའི་བླ་མ། བར་ཆད་བསྲུང་ཞིང་བྱིན་གྱིས་རློབ་པའི་མཁའ་(ལྷན་ཅིག་སྐྱེས་པའི་ལྷ་ཟེར་) འགྲོ། རྒྱུད་ཡོངས་སུ་དག་པས་མོས་གུས་བྱེད་པའི་སློབ་མ་ཡི་འཁོར་ཚོམ་བུ་གཅིག་དང་། ཚོམ་བུ་ལྔ་བཅས་ཏེ་དུས་གཅིག་ལ་ སངས་རྒྱའོ། །དོན་བསྟན་པས་ཚང་དེ་ཉིད་ཀྱིས་གོ་བར་ནུས་པའི་ཕྱིར་གསུམ་པོའི་ ཚིག་གི་དོན་རྒྱས་པར་མ་ཕྱེའོ། །མཐར་ཐུག་གི་འབྲས་བུ་བསྟན་ཏོ། ། ད་ནི་གསུམ་པ་ལམ་འབྲས་བུ་དང་བཅས་པའི་གདམ་ངག་གི་འཁྲིད་ཀྱི་མཇུག་བསྡུ་ བ། ལམ་འབྲས་བུ་བསྡུས་པས་དོན་བསྡུ་བསྟན་པ་ནི། གསང་སྔགས་ཞེས་སོགས་གསུངས་ ཏེ། གསང་པ་ནི་(སམ་བུ་ཊི་ལས། )ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། 2-1-290 འཇིག་རྟེན་ལས་འདས་པའི་ཉན་ཐོས་དང་། རང་སངས་རྒྱས་དང་། ལམ་ལྔ་ས་བཅུ་པའི་བྱང་ ཆུབ་སེམས་དཔའི་ཡུལ་མ་ཡིན་པའི་ཕྱིར་གསང་པའོ། །སྔགས་ནི་སྣོད་མིན་ལ་གསང་བའི་ དོན་སྣོད་ལྡན་ལ་སྔགས་པའོ། །ཡང་ན་ནང་དུ་བྱིན་གྱིས་རློབ་པར་བྱེད་པས་རྣམ་རྟོག་དང་ སྡུག་བསྔལ་ལས་ཡིད་སྐྱོབ་པར་བྱེད་པའོ། །རྡོ་རྗེ་ནི་བདག་ཉིད་ཀྱི་ལུས་ལ་སོགས་པ་བཞི་དང་། འབྲས་བུ་རྡོ་རྗེ་འཆང་གི་སྐུ་རྡོ་རྗེ་ལ་སོགས་པ(འི་སྐུ་)བཞི་དབྱེར་མི་ཕྱེད་པ་ལམ་དུ་བྱེད་པའོ། ། ཐེག་པ་ནི་འདིས་འགྲོ་བར་བྱེད་པ་ལམ་གྱི་ཐེག་པ་དང་། འདིར་འགྲོ་ བར་བྱ་བ་འབྲས་བུའི་ཐེག་པའོ། །ཆེན་ནི་ཐེག་ཆུང་ཕྱི་བྱ་སྤྱོད་ཀྱི་རྒྱུད་དང་། ཐེག་འབྲིང་ནང་ རྣལ་འབྱོར་གྱི་རྒྱུད་དང་། ཐེག་ཆེན་གསང་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དོ། །དེའི་རྒྱུའི་ དབང་རྟོག་པས་བརྟགས་བླ་མ་ལས་དང་པོར་ཐོབ་པ་དང་། ལམ་གྱི་དབང་རྟོག་མེད་རྟོགས་རང་གི་ཐུན་བཞི་ལ་སོགས་པར་བསྒོམས་པས་དང་། འབྲས་ བུའི་དབང་ཡེ་ཤེས་སྣང་བ་འགྲོས་བཞི་ཐིམ་པས་སྐུ་ལྔ་ཐོབ་པའོ། ། ཡང་། དབང་ལམ་འབྲས་བུ་གསུམ་ལས། དབང་ནི། རྒྱུ་དང་། ལམ་དང་། འབྲས་བུའི། དབང་ངོ་། །ལམ་ལ་གཉིས་ལས། བསྐྱེད་རྫོགས་ཡ་བྲལ་ནི། ངན་རྟོག་གི་གཉེན་པོར་བཟང་ རྟོག་གི་བསྐྱེད་རྫོགས་རྟོག་པའི་བརྟགས་ནས་བསྒོམ་པ་དང་། བསྐྱེད་རྫོགས་ཟུང་འཇུག་ནི། རིམ་རྫོགས་རྣམ་པར་རྟོག་པ་མེད་པའི་ཏིང་ངེ་འཛིན་ བསྒོམས་པས་སེམས་རིམ་གྱིས་ཆོས་སྐུ་རྫོགས་ཤིང་། རིམ་བསྐྱེད་དུ་བ་ལྟ་ངན་ལ་ སོགས་པའི་ཆོས་ཉིད་རིམ་གྱིས་གཟུགས་སྐུར་བསྐྱེད་པ་ཟུང་འཇུག་མངོན་སུམ་དུ་རྟོག་པ་ དང་། འབྲས་བུ་ནི། ཡེ་ཤེས་ལྔའི་སྣང་བ་སྐུ་ལྔ་རང་བཞིན་གྱིས་ལྷུན་གྲུབ་ཡོན་ཏན་འཕྲིན་ ལས་དང་བཅས་པ་མངོན་དུ་གྱུར་པའོ། །དེ་བཞིན་ནོ་ཞེས་པ་རྟོག་པས་བརྟགས་རྒྱུ་གཞི། རྟོག་ 2-1-291 མེད་བསྒོམ་པ། རྟོགས་ལྟ་བ། དེ་ལ་སྤྱོད་པ་སྟེ་ལམ། ཡེ་ཤེས་སྣང་བ་འབྲས་བུའོ། །ཡང་རྟོག་ པས་བརྟགས་རང་བཞིན་སྟོང་པའི་ཏིང་ངེ་འཛིན། རྟོག་མེད་རྟོགས་མཚན་ཉིད་སྣ་ཚོགས་ཀྱི་ ཏིང་ངེ་འཛིན། ཡེ་ཤེས་སྣང་བ་ངོ་བོ་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །ཡང་རྟོག་པས་བརྟགས་ རྒྱུན་འཇུག་སེལ་བའི་ལམ། རྟོག་མེད་རྟོགས་ཆགས་པ་གཅོད་པའི་ལམ། ཡེ་ཤེས་སྣང་བ་ བྱང་ཆུབ་ཆེན་པོའི་ལམ་མོ། །ཡང་། རྟོགས་པ་བརྟགས་འཇིག་རྟེན་པའི་ལམ་གཙོ་ཆེ། རྟོག་ མེད་རྟོགས་འཇིག་རྟེན་ལས་འདས་པའི་ལམ་གཙོ་ཆེ། ཡེ་ཤེས་སྣང་བ་མཐར་ཐིག་གི་འབྲས་ བུ་སྟེ། དེ་སྔར་བཞིན་ནོ། །དེ་དག་གི་ལམ་འབྲས་བསྡུས་པ་བསྟན་ཏོ། ། ད་ནི་གཉིས་པ་དེ་ལྟར་བསྟན་པའི་ལམ་འབྲས་རྣམས་ཀྱང་ཟབ་འབྲིང་ཐ་ གསུམ་དུ་བསྡུས་ནས་བསྟན་པའི་ཕྱིར། ལམ་ཟབ་བླ་མ་ཞེས་བྱ་བ་གང་ཟག་དབང་ པོ་རབ་ཀྱི་ལམ་བླ་མ་དམ་པ་ལ་རྫོགས་པ་ཡིན་ཏེ། དབང་པོ་རབ་ཀྱིས་བླ་མ་(དམ་པ་)ལ་མོས་ གུས་བསྙེན་བཀུར་བྱས་པ་ཉིད་ཀྱིས། བླ་མ(དམ་པ)ས་ཚིག་གཅིག་བསྟན་པ་མེད། སློབ་མས་ ཐུན་གཅིག་བསྒོམས་པ་མེད་ཀྱང་། རྟེན་འབྲེལ་ལྔ་རང་འགྲིག་དུ་གྱུར་ནས་ཚེ་འདི་ཉིད་ལ་ གྲུབ་མཐའ་སྙོགས་པ་ལ་སོགས་པར་འགྱུར་རོ། །དམ་ཚིག་ཅེས་བྱ་བ་གང་དག་དབང་པོ་ འབྲིང་གི་ལམ་སྟེ། སྤྱིའི་དམ་ཚིག་ཉི་ཤུ་རྩ་གཉིས་དང་། སྒོས་ཀྱི་དམ་ཚིག་ཉི་ཤུ་པོ་ལ་བསླབ་ ཚུལ་གསུམ་གྱིས་བསླབ་ཤིང་། ཉམས་ན་བསྐང་ཚུལ་ལྔ་ཡིས་བསྐང་པ། སྐྱེ་བ་བདུན་ནམ་ བཅུ་དྲུག་ཚུན་ ཆད་ཀྱིས་ལམ་རྫོགས་ཤིང་གྲུབ་མཐའ་སྙོགས་པ་ལ་སོགས་པར་འགྱུར་རོ། །ལུས་སོ་སོར་ བརྟགས་པའི་འགོག་པའོ་ཞེས་བྱ་བ་གང་ཟག་དབང་པོ་ཐ་མའི་ལམ་སྟེ། ཉམས་སྐྱེ་བ་དང་། རྟེན་འབྲེལ་འགྲིག་པ་དང་། ཡིད་ཆེས་པ་དཀའ་བས་ཐ་མ་སྟེ། ལུས་ལ་རྟེན་འབྲེལ་ལྔ་རིམ་ གྱིས་འགྲིག་པ་ནས་གཉེན་པོ་ལུས་ཀྱིས་བྱེད། སྤང་བྱ་ཡང་ལུས་ཀྱིས་སྤོང་། ཐོབ་བྱ་ཡང་ལུས་ 2-1-292 ལ་ཐོབ་པས། ལུས་སོ་སོར་བརྟགས་པའི་འགོག་པའི་ལམ་འབྲས་ཞེས་བྱའོ། །དེ་དག་ཀུན་ གྱིས་ལམ་འབྲས་བུ་དང་བཅས་པའི་གདམས་ངག་རྫོགས་པར་བསྟན་ཏོ། ། ད་ནི་ཚིག་དོན་ཐམས་ཅད་རྫོགས་པར་བསྟན་པའི་ཕྱིར། གསུམ་པ་ལ་གསུམ་ལས། དང་ པོ་སྲིད་ལུས་བཞིན་དུ་བྲོད་བསྐྱེད་བསྟན་པ་ནི་སྲིད་པའི་ལུས་བཞིན་བྲོད་པ་བསྐྱེད་ཅེས་པ་ སྟེ། སྲིད་པ་མིའི་ལུས་བུ་ཆུང་། ཆུང་བུ་དེ་ཕ་ལས་དང་བསྲིངས་ནས་བསྲལ་བས། རིམ་གྱིས་ མི་ཆེད་པོར་སོང་ནས། བྱ་ལས་བྱེད་པ་འོང་པ་བཞིན་དུ། འབྲས་བུ་རྫོགས་པའི་སངས་རྒྱས་ ཐོབ་པར་བྱེད་པ་ཡང་། གཞི་སེམས་ཅན་མི་ལ་སྨོན་ལམ་དབང་བཞི་བསྐུར་ནས། གྲོལ་ལམ་ བསྐྱེད་(རིམ་གཅིག་)རྫོགས་(རིམ་གསུམ་སྟེ་)བཞི་རིམ་གྱིས་ངང་བསྲིངས་ནས། ལམ་རྟགས་དང་ འབྲས་བུའི་ཡོན་ཏན་ལ་བྲོད་པ་བསྐྱེད་དེ་བསྒོམས་པས་(སྨིན་ཅིང་གྲོལ་བའི་འབྲས་བུ་)རྫོགས་ པའི་སངས་རྒྱས་ཐོབ་པོ་ཞེས་གདམས་པའོ། ། གཉིས་པ་འདི་བྲིས་དགེ་བ་བསྔོ་བ་བསྟན་པ་ནི། འདི་བྲིས་དགེ་བས་གཞན་ བདེ་ཤོག་ཅེས་པ་སྟེ། ལམ་འབྲས་བུ་དང་བཅས་པའི་གདམ་ངག་རྩ་བ་རྡོ་རྗེའི་ཚིག་རྐང་འདི་ རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པས་བྲིས་པའི་དགེ་བས་འགྲོ་བ་གཞན་ནམ་མཁའ་ ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བདེ་བ་ཆེན་ པོའི་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་ཤོག་ཅེས་བསྔོ་བའོ། ། གསུམ་པ་ལམ་འབྲས་གདམས་ངག་རྫོགས་པར་བསྟན་པ་ནི། ལས་འབྲས་བུ་བཅས་ པའི་གདམས་ངག་དང་། མན་ངག་ཅེས་བྱ་བ། ལམ་འབྲས་བུ་དང་བཅས་པ་དང་། གདམས་ ངག་ནི་སྔར་བྲི་བར་དམ་བཅས་པའི་སྐབས་སུ་བསྟན་པ་བཞིན་ནོ། །ཡང་གདམས་ངག་ནི་ འཇིག་རྟེན་པའི་ལམ་གྱི། མན་ངག་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི། ཡང་གདམས་ ངག་ནི་ལམ་གྱི། མན་ངག་ནི་འབྲས་བུ་གཏན་ལ་དབབ་པའི། ཡང་གདམས་ངག་ནི་སྦས་པ་ 2-1-293 ལྟ་བུའི་དོན་གསལ་བར་བྱེད་པའི། མན་ངག་ནི་རང་རང་གི་ངོ་བོ་ཚེགས་ཆུང་ངུས་དགོས་པ་ དོན་ཆེན་འགྲུབ་པའི། ཡང་གདམས་ངག་ནི་བླ་མས་རྗེས་སུ་བསྟན་པའི། མན་ངག་ནི་བདག་ ཉིད་ ཀྱི་ཉམས་སུ་རྗེས་སུ་དྲན་པའི་ཚད་མ་སྐྱེས་པའི་མན་ངག་དུ་བཅས་པ་ཀུན་བསྡུས་པའི་སྙན་ བརྒྱུད་གསུངས་མོད། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པས་ བྲིས་པ་རྫོགས་སོ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་མདོ་རྩ་ བ་རྡོ་རྗེའི་ཚིག་རྐང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིར་ཝ་པས་བྲིས་པ་དཀྲུགས་པ་རྣམས་ འགྲིག་པར་བསྡེབས་ཤིང་། ཆད་ལྷག་མེད་པར་གཏན་ལ་ཕབ་ནས། ད་(གོང་འོག་)འཁྲུགས་ པ་མེད། མང་ཉུང་མེད། (དབྱི་བའི་)ཆད་(པ་སོགས། བསྣན་པའི་)ལྷག་(པ་)མེད་པར་བསྟན་པར་ རྫོགས་སོ་ཞེས་བྱ་སྟེ། ས་མ་སཱ་ཐཱ་མི་ཐི་ཞེས་བྱ་བའི་དོན་ཏོ། ། གསུམ་པ་བསྒྱུར་བྱ་བཀླག་པ་ནི་རྒྱ་ཞེས་སོགས་ཏེ་གོ་སླའོ། །ལས་འབྲས་རྩ་བ་རྡོ་རྗེ་ ཚིག་རྐང་འདི། །དཀྲུགས་བཞིན་བཤད་དམ་གང་འགྲིག་བསྡེབས་བཤད་ཀུན། །མཐའ་དྲུག་ བཤད་བཞིན་འཁྲིད་ཚུལ་ཡིན་ལགས་མོད། །ཚིག་དོན་འགྲིག་བསྡེབས་རྩ་འགྲེལ་ངོ་མཚར་ ཧེ། །དེ་ལྟར་ཚིག་དོན་བསྡེབས་ལེགས་རྩ་འགྲེལ་འདི། །སྣོད་ལྡན་ལ་སྦྱིན་སྣོད་མིན་བསྟན་ མི་བྱ། །འདི་བྲིས་དགེ་བས་སྣོད་(དང་སྐལ་བ་)ལྡན་(པ་)ཉེ་ལམ་ནས། །མྱུར་བདེ་རྩོལ་མེད་རྡོ་རྗེ་ འཆང་(ཆེན་)ཐོབ་(པར་)ཤོག། །། ༒ གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་རྩ་བ་ རྡོ་རྗེའི་ཚིག་རྐང་གི་རྣམ་འགྲེལ་མང་པོའི་ནང་ནས་མཆོག་ཏུ་གྱུར་པའི་འགྲེལ་པ(གསུམ་ལས)། སྔགས་འཆང་རྡོ་རྗེ་འཛིན་པ་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བླ་ཆེན་དཔལ་ས་སྐྱ་པ་ ཆེན་(པོ་ཀུན་དགའ་སྙིང་)པོས་མཛད་པ། ཚིག་ཉུང་ལ་དོན་རྒྱས་པའི་འགྲེལ་པ་དང་། ལྷ་རྗེ་མ་ 2-1-294 སྤྲུལ་པའི་སྐུ་ཞ་(ཆུང་)མ་ལྕམ་(ལྷ་རྗེ་ཁུམ་བུ་མ་)མིང་(ཞ་མ་ཙཎ་ཌི་)དབོན་སྲས་ཀྱིས་མཛད་པ། གཙོ་ ཆེར་ཏིང་ངེ་འཛིན་སྐྱེས་ཁྲིད་ཀྱི་ཉམས་མྱོང་གསལ་བར་བསྟན་པའི་འགྲེལ་པ་དང་། བཀའ་ བརྒྱུད་གཉིས་ཀྱི་འགྲེལ་པའི་བཅུད་བསྡུས་ནས། ཚད་མ་བཞིས་གཏན་ལ་ཕབ་ཅིང་། རྩ་བ་ རྡོ་རྗེའི་ཚིག་རྐང་དཀྲུགས་པ་(རྣམས་)བསྡེབས། གབ་པ་མངོན་(ཚིག་ཉུང་། དོན་རྒྱས། ཉམས་ལེན་དུ་ འགྲིལ་པ་)དུ་ཕྱུང་པའི་འགྲེལ་པ། ཚིག་དོན་གསལ་བྱེད་སྒྲོན་མ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་ སློང་རྡོ་རྗེ་འཛིན་པ་དཔལ་མི་བསྐྱོད་རྡོ་རྗེ་ལ། རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་ཞིང་། གཡོ་ སྒྱུ་མེད་པའི་མོས་གུས་ཅན་གྱི་སློབ་མ་དུ་མས་ཞུ་ཤིང་བསྐུལ་ནས། གནས་ཆེན་གཙང་ཇོ་མོ་ ནགས་རྒྱལ་གྱི་རི་ན། དབེན་གནས་སྐྱིད་ཕུག་བདེ་ལྡན་དུ་བཀོད་པའོ། །ཡི་གེ་སྦ་བྱ་རྒྱས་ གདབ་ཡིན། །༈ །། འདིས་ཡི་གེ་པ་ནི་སྔགས་འཆང་རྡོ་རྗེ་འཆང་ཡོན་ཏན་ཀུན་མཁྱེན་འཕགས་པའོ། ། མ་ཡིག་འབྲུག་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་རྙིང་། 2-1-295 ༄༅། །དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་མངོན་རྟོགས་ བསྐྱེད་རིམ་གསལ་སྒྲོན་བཞུགས། ༄༅། །ༀ་སྭསྟིསིདྡྷཾ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དངོས་གྲུབ་ཐམས་ཅད་ཀྱི་ འབྱུང་གནས་རྣམ་པར་དག་པའི་སྙིང་པོ་མདོར་བསྡུས་པའི་བསྐྱེད་རིམ་གསལ་སྒྲོན་ཞེས་བྱ་ བ། དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱལ་འཚལ་ལོ། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་ཟུང་འཇུག་བདེ་བ་ཆེན་པོའི་སྐུ། །བཅོམ་ལྡན་དུས་འཁོར་ དེ་ལ་གུས་པ་མཆོག་གིས་ཕྱག་འཚལ་ཏེ། །དཔལ་ལྡན་བླ་མ་དམ་པ་རྣམས་དང་རྒྱལ་སྲས་ ཀུན་གྱི་བཀའ་དྲིན་གྱིས། །སྒྲུབ་ཐབས་མདོར་བསྡུས་རྒྱུད་འགྲེལ་བླ་མའི་གསུང་བཞིན་ བདག་གིས་བྲི། ། ༈ དེ་ལ་སྒྲུབ་པ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་ལེགས་པར་ཐོབ་ཅིང་། དམ་ཚིག་ དང་ལྡན་པས་གནས་ལས་དང་རྗེས་སུ་མཐུན་པའམ། དབེན་ཞིང་རྣལ་འབྱོར་འཕེལ་བའི་ སར། (རྩ་རྒྱུད་ལས། གང་དུ་ས་སྐྱོང་ཆོས་ལྡན་དང་། །ས་འཛིན་གཞན་དང་གཡུལ་མེད་པའི། །སེམས་ཅན་གང་ དག་བདེར་གནས་པ། །དེ་ནི་རྣལ་འབྱོར་ཡང་དག་བརྩམས། །) ཉམས་སུ་བླང་པའི་རྣལ་འབྱོར་ལ་གསུམ། སྔོན་དུ་འགྲོ་བའི་རིམ་པ་དང་། དངོས་གཞི་སྒྲུབ་པའི་ཡན་ལག་དང་། རྗེས་ཐུན་མཚམས་སུ་ བྱ་བའི་རྣལ་འབྱོར་རོ། ། དང་པོ་ལ་བཞི་ལས། དང་པོ་ཉལ་བ་ལས་ལྡང་བའི་རྣལ་འབྱོར་ནི། མཚན་མོ་ཉལ་བ་ གཉིད་ཀྱི་རྣལ་འབྱོར་ལས་ཐོ་རངས་རྣལ་འབྱོར་མ་རྣམས་ཀྱིས་ཌ་མ་རུ་ལ་སོགས་པའི་སྒྲས་ 2-1-296 གཉིད་སད་པར་བསམས་ནས་ལངས་ཏེ། མདུན་གྱི་ནམ་མཁར་བླ་མ་དང་དཀོན་མཆོག་ དཀྱིལ་འཁོར་གྱི་ལྷ་ཚོགས་དམིགས་ནས་ཐལ་མོ་སྦྱར་ལ། ༀ་སརྦ་བྷི་ར་ཡོ་ཀི་ནི་ན་མཿ (དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ལ་)ཀ་ཡ་(ལུས་)ཝག་(ངག་་)ཙིཏྟ་(ཡིད་)པྲི་ན་ཡ་(དད་ཅིང་) མེ་བྷན་དྷ་ ན་མོ་ཀ་རོ་མི་(གུས་པས་ཕྱག་འཚལ་པར་བྱའོ་) ཞེས་ལན་གསུམ་བརྗོད་དེ་ཕྱག་བྱའོ། ། གཉིས་པ་ལངས་ནས་ཁྲུས་བྱ་བ(འི་རྣལ་འབྱོར་)་ལ་གཉིས་ལས། ཕྱི་ཁྲུས་བྱ་བ་ནི། བསམ་ གཏན་གྱི་གྲོགས་སུ་གྱུར་ན་དབང་བསྐུར་ལྟར་བུམ་པའི་ཆུས་ཁྲུས་བྱས་ལ། རྟེན་གྱི་སྤྱན་སྔར་ མཎྜལ་དང་མཆོད་གཏོར་བཤམ། ནང་ཁྲུས་བྱ་བ་ནི། འཇམ་པའི་སྟན་ལ་དཀྱིལ་དཀྲུངས་ བཅས་ནས། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྡོ་རྗེ་སེམས་དཔའ་ བསྒོམས་ནས་ཡི་གེ་བརྒྱ་པའི་བཟླས་བརྗོད་བྱ་སྟེ་བཤགས་སྡམ་བྱའོ། ། གསུམ་པ་བསྲུང་པ་བསྒོམ་པ་ལ་གསུམ་ལས། སྒྲུབ་པའི་གནས་བསྲུང་པ་ནི། དངོས་པོ་ མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་དངོས་པོ་མིན། །དེ་ལྟར་དངོས་པོ་དངོས་མེད་ལས། ། བསྒོམ་པ་དམིགས་སུ་མེད་པའོ། །ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ བསྒོམ་ཞིང་། (ཡེ་ཤེས་ལྔ་)ༀ་ཤཱུ་ནྱ་ཏ་ཛྙཱ་ན་(སྟོང་པ་ཉིད་ཀྱི་ཡེ་ཤེས་)བཛྲ་(རྡོ་རྗེ་)སྭ་བྷཱ་ཝ་(རང་བཞིན་) ཨཱཏྨ་ཀོ྅ཧཾ(བདག་ཡིན་)། ཞེས་པའི་དོན་དྲན་པས་བརྟན་པར་བྱའོ། །སྟོང་པའི་ངང་ལས་ཧྃ་ ལས་ནམ་མཁའི་དཀྱིལ་སྔོན་པོའི་དབུས་སུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་བཞིའ་ དབྱིབས་ཅན་རྒྱལ་མཚན་གྱིས་མཚན་པ། རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ པ་གཡུང་དྲུང་གིས་མཚན་པ། བྃ་ལསམཆུའི་དཀྱིལ་འཁོར་ཟླུམ་པོ་པད་མས་མཚན་པ། ལྃ་ ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེས་མཚན་པ། འབྱུང་པ་རྣམས་ཀྱི་སྟེང་འོག་ཏུ་ཧཱུྃ་ ལས་བྱུང་པའི་སྣ་ཚོགས་རྡོ་རྗེས་མཚན་པར་བསམས་ཏེ། ༀ་ཧཱཾ་ཡཱཾ་རཱཾ་ཝཱཾ་ལཱཾ་(འབྱུང་བ་ལྔའི་ས་བོན་) བཛྲ་ཨཱ་ཀཱ་ཤ་བཱ་ཡུ་ཏེ་ཛ་(རྡོ་རྗེ་ནམ་མཁའ་རླུང་མེ་)ཨུ་ད་ཀ་(ཆུ་)པྲི་ཐི་བཱི། (ས་)བཛྲ་སྭ་བྷཱ་ཝ། (རྡོ་རྗེའི་ 2-1-297 རང་བཞིན་)པཉྩ་དྷཱ་ཏ་བོ། (ཁམས་ལྔ་)བཛྲ་མཎྜ་ལཱ་ནི་ཀུ་རུ་ཀུ་རུ་(རྡོ་རྗེའི་དཀྱིལ་འཁོར་རྣམས་མཛོད་ མཛོད། )སྭཱཧཱ། ཞེས་བརྗོད། ཨྃ་ལས་ཟླ་བ། ཨཿལས་ཉི་མ། ཧཱུྃ་ལས་སྒྲ་གཅན། རཱ་ལས་དུས་ མེའི་དཀྱིལ་འཁོར་བཞི་པ་རྣམས་གཅིག་ཏུ་གྱུར་པ་ལས། ཕྱོགས་འཚམས་ཐམས་ཅད་དུ་རྡོ་ རྗེ་རྩེ་ལྔ་པ། སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དང་མདའི་ར་བ། འོག་ཏུ་རྡོ་རྗེ་རྩེ་གསུམ་པ་དང་མདུང་རྩེ་ གསུམ་གྱིས་བཏམས་པས་གནོད་བྱེད་གང་གིས་ཀྱང་མི་ཚུགས་པའི་ར་བ་གསུམ་དང་། དེའི་ ཕྱི་རོལ་ར་བ་ལྔས་བསྐོར་བར་བསམས་ཏེ། ༀ་ཨཱཿཧཱུཾ་རཿ(རྡོ་རྗེ་བཞིའི་ས་བོན། )བཛྲ་ཙནྡྲ་སཱུརྱ་རཱ་ ཧུ་ཀཱ་ལ་ཨགྣ་ཡཿ(རྡོ་རྗེ་ཟླ་བ་ཉི་མ་སྒྲ་གཅན་དུས་མེ་རྣམས་)ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ་པྲཱ་ཀཱ་རཱན་ཀུ་རུ་ ཀུ་རུ་(སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་རྭ་བ་རྣམས་མཛོད་མཛོད། )སྭཱཧཱ། ཞེས་བརྗོད་དོ། །དེ་ནས་འབྱུང་ པ་གཞི་གཅིག་དུ་གྱུར་ཅིང་དག་པ་ལས་། བྷྲུྃ་འམ་ༀ་ལས་བྱུང་བའི་ཁྲུ་ཉིས་བརྒྱ་པའི་གཞལ་ གཡས་ཁང་འོག་ནས་འབྱུང་པ་གསལ་བཏབ་སྟེ། ༀ་བྷྲུྃ་བི་ས་ཀཱ་ཡ་བཛྲ་བཛྲ་ཀུ་ཊཾ་གཱ་རཾ་ཀུ་ རུ་ཀུ་སྭཱ། ཞེས་བརྗོད། དེའི་དབུས་སུ་འཁོར་ལོ་རྩིབསས་བཅུ་པའི་སྟེང་དུ། པྃ་ལས་པད་མ་ ཁྲུ་བཅུ་གཉིས་པ་ལྟེ་བ་ཁྲུ་བཞི་ཡོད་པར་བསྐྱེད་དེ། ༀ་བྃ་བཛྲ་(རྡོ་རྗེའི་ས་བོན་)བྷི་སྭ་ (སྣ་ཚོགས་། ) པད་མྃ་ (པད་མའི་) ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བརྗོད། དེའི་སྟེང་དུ་རཿལས་ཉི་མའི་དཀྱིལ་འཁོར་ བསམས་ཏེ། ༀ་རཿ(ས་བོན་)བཛྲ་(རྡོ་རྗེ་)སཱུརྱ་ཨཱ་ས་ནཾ་ཀུ་རུ་ཀུ་རུ་(ཉི་མའི་གདན་གྱི་)སྭཱཧཱ། ཞེས་ བརྗོད། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། བདག་ཉིད་ཁྲོ་བོའི་དབང་པོ་རྡོ་རྗེ་ ཤུགས་སྐུ་མདོག་སྔོ་ལྗང་། ཞལ་གཅིག་ཕྱག་ཉི་ཤུ་རྩ་བཞི་ལས་ལྷག་པ་གཉིས་ཀྱི། གཡས་ ནག་པོས་ཐོད་པ་ཁྲག་གིས་གང་བ་དང་གླང་པོ་ཆེའི་ལྤགས་པའི་ལག་པ་བཟུང་ལ། གཡོན་ སེར་པོས་བདུད་ཀྱི་མགོ་བོ་དང་གླང་པོ་ཆེའི་ལྤགས་པའི་རྐང་པ་བཟུང་ཞིང་། གཉིས་ཀ་སྡིག་ མཛུབ་མཛད་པ། ཀླུ་རྒྱལ་བ་ལྗང་ཁུས་དབུ་རྒྱན་དུ་བཅིངས་པ། རྣམ་རྒྱལ་སྔོན་པོས་དར་ དཔྱངས་བྱས་པ། སྟོབས་ཀྱི་རྒྱུ་དང་པད་མ་ནག་པོས་རྣ་བ་གཉིས་ལ་བརྒྱན་པ། ནོར་རྒྱས་ 2-1-298 དང་དུང་སྐྱོང་དམར་པོས་ཕྱག་གདུབ་ཏུ་དཀྲིས་པ། མཐའ་ཡས་དང་རིགས་ལྡན་དཀར་པོས་ སྐ་རགས་དང་མགུལ་པ་བརྒྱན་པ། འཇོག་པོ་དང་པད་མ་ཆེན་པོ་སེར་པོས་ཞབས་གདུབ་ མཛད་པ། ཞབས་གཡས་དམར་པོ་བརྐྱང་ཞིང་གཡོན་དཀར་པོ་ཅུང་ཟད་བསྐུམ་པས་གཞན་ གྱིས་མི་ཐུབ་པའི་ཡི་དྭགས་མནན་པ་དང་། ཁྲོ་བོའི་ཆ་ལུགས་མ་གཏོགས་པ་དཔལ་དུས་ འཁོར་དང་འདྲ་བར་བསྐྱེད། དེའི་པང་དུ་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་ གཉིས་མ་གཡས་གྲི་གུག། གཡོན་ཐོད་པ་བསྣམས་པ་མ་གཏོགས་པ་ཞལ་བཞི་མ་དང་འདྲ་ བར་བསྒོམས་ཏེ། ༀ་ཧཱུྃ་(ས་བོན་)ཀྲོ་དྷ་ནེ་ཀྲོ་ཧྃ་ཀྲོ་དྷ་ནྃ་ཨ་ཛྙ་དྷ་ཡ་ཀ་(ཁྲོ་བོའི་དབང་པོའི་རྒྱལ་པོའི་ ང་རྒྱལ་གྱིས་)སྭཱཧཱ། ཞེས་པས་ང་རྒྱལ་བཟུང་ངོ་། ། དེ་ནས་ཁྲོ་བོ་བཅུ་སྤྲོ་བ་ནི། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ། ཧྷཱ། ཤར་དུ་ ??��། ལྷོ་རུ་????། བྱང་དུ་????། ནུབ་ཏུ་ལླཱ། བརྩེགས་པ་བསམས་པ་ལས་ཧ་ཧཱ་ལས་རྣ་བ་གཡོན་ དང་། གཡས་ནས་སྟེང་དུ་གཙུག་ཏོར་ཅན་སྔོན་པོ་དང་། འོག་ཏུ་གནོད་མཛེས་ལྗང་ཁུ། ཡ་ཡཱ་ ལས་རྣ་གཡོན་དང་གཡས་ནས། ཤར་དང་ཤར་ལྷོར་བགགེས་མཐར་བྱེད་དང་དབྱུག་སནྔོ་ཅན་ ནག་པོ། ར་རཱ་ལས་མིག་གཡོན་དང་གཡས་ནས། ལྷོ་དང་ལྷ་ནུབ་ཏུ་ཤེས་རབ་མཐར་བྱེད་དང་ འདདོ་པའི་རྒྱལ་པོ་དམར་པོ། ཝ་ཝཱ་ལས་ལྕེ་དང་ཆུ་ལམ་ནས་བྱང་དང་བྱང་ཤར་དུ་པད་མ་ མཐར་བྱེད་དང་མི་གཡོ་བ་དཀར་པོ། ལ་ལཱ་བཤང་ལམ་དང་གཙུག་ཏོར་ནས། ནུབ་དང་ནུབ་ བྱང་དུ་གཤིན་རྗེ་མཐར་བྱེད་དང་སྟོབས་པོ་ཆེ་སེར་པོ་རྣམས་སྤྲོས་ལ་དགོད་དོ། ། དེ་ལྟར་སྤྲོས་པའི་ཁྲོ་བཅུ་ཀུན། །ཞལ་གསུམ་ཕྱག་དྲུག་སྤྱན་དགུ་པ། །ནག་པོའི་གཡས་ དམར་གཡོན་པ་དཀར། །རལ་གྲི་གྲི་གུག་རྩེ་གསུམ་གཡས། །ཕུབ་དང་ཐོད་པ་ཁ་ཊྭྃ་གཡོན། ། དམར་པོའི་གཡས་དཀར་གཡོན་པ་ནག །མདའ་དང་ལྕགས་ཀྱུ་ཅང་ཏེའུ་གཡས། །གཞུ་དང་ ཞགས་པ་ནོར་བུ་གཡོན། །དཀར་པོའི་གཡས་ནག་གཡོན་པ་དམར། །ཐོ་བ་མདུང་དང་རྩེ་ 2-1-299 གསུམ་གཡས། །པད་དཀར་མེ་ལོང་བགྲང་འཕྲེང་གཡོན། །སེར་པོའི་གཡས་དཀར་གཡོན་ པ་ནག །འཁོར་ལོ་དབྱུག་པ་རྡོ་རྗེ་གཡས། །དུང་དང་ལྕགས་སྒྲོགས་དྲིལ་བུ་གཡོན། །རྒྱན་ དང་རྡོ་རྗེ་ཤུགས་དང་མཚུངས། །པད་ཉིའི་གདན་གྱི་སྟེང་དུ་ནི། །གཡས་བརྐྱང་གཡོན་བསྐུམ་ བཞུགས་པ་ཡིས། །ཞལ་རྣམས་ཕྱི་རུ་གཟིགས་པ་བསྒོམ། ། དེ་ནས་དེ་རྣམས་ཀྱི་འཁོར་ལོ་དྲུག་ཏུ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ བཀོད་དེ་ཐུགས་ཁར་ཛ་ཧཱུྃ་ བྃ་ཧོ་ཧིཿ བསམས་པའི་འོད་ཟེར་གྱིས་ཡེ་ཤེས་པ་དགུག་གཞུག་བཅིང་མཉེས་རོ་མཉམ་པར་ བྱས་ལ། གཙོ་བོ་དང་སྟེང་གི་ལ་མི་བསྐྱོད་པ། ཤར་དང་ཤར་ལྷོའི་ལ་དོན་ཡོད་གྲུབ་པ། ལྷོ་ དང་ལྷོ་ནུབ་ཀྱི་ལ་རིན་ཆེན་འབྱུང་ལྡན། བྱང་དང་བྱང་ཤར་གྱི་ལ་འོད་དཔག་མེད། ནུབ་དང་ ནུབ་བྱང་གི་ལ་རྣམ་སྣང་། འོག་གི་ལ་རྡོ་རྗེ་སེམས་དཔའ་དབུ་བརྒྱན་པར་བསམ་མོ། །དེ་ནས་ ཡང་རང་གི་ཐུགས་ཁའི་ས་བོན་ལས་འོད་འཕྲོས་པས་སྐུ་གསུང་ཐུགས་ཀྱི་ལྷ་དཔག་ཏུ་མེད་ པ་གདན་དྲངས་ལ་ཡིད་ཀྱིས་མཆོད་ནས་དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། ༀ་ཨཱ་ཨཱི་རཱ་ ཨཱུ་ལཱ་ པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་བུམ་པའི་ཆུས་དབང་བསྐུར་བས་དྲི་མ་རྣམས་ དག་པར་བསམ་མོ། ། དེ་ནས་ཁྲོ་བོ་རྣམས་ཀྱི་ཐུགས་ཁ་ནས་རང་དང་འདྲ་བའི་ཁྲོ་བོ་སྨད་ཕུར་བུའི་རྣམ་པ་ཅན་ དཔག་ཏུ་མེད་པ་སྤྲོས་པས། སེམས་ཅན་ལ་གནོད་པ་བྱེད་པའི་བགེགས་དང་ལོག་པར་འདྲེན་ པ་རྣམས་རྡོ་རྗེ་ལྕགས་ཀྱུས་དགུག། རྡོ་རྗེ་ཞགས་པས་བཅིངས། གནས་དྲུག་ཏུ་ཕུར་བུས་བཏབ་ པར་བསམས་ལ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བཛྲ་ཀཱི་ལ། (རྡོ་རྗེའི་ཕུར་བུ་)ཀཱ་ཡ་(སྐུ་)ཝཱཀ་ (གསུང་)ཙིཏྟ་(ཐུགས་)ཛྙཱ་ན་(ཡེ་ཤེས་ཀྱི་)ཨ་དྷི་པ་ཏི། (བདག་པོའི་གཙོ་བོ་)ཥ་ཊ་མུ་ཁ། (གདོང་དྲུག་པ་)ཥ་ཊ་བྷུ་ཛ། (ཕྱག་ དྲུག་པ་)ཥ་ཊ་སརྦ་ཙ་ར་ཎ། (ཞབས་ཐམས་ཅད་དྲུག་པ་)སརྦ་བིགྷན་(བགེགས་ཀུན་དང་)བི་ནཱ་ཡ་ཀ(ལོག་འདྲེན་གྱི་)ཨཱ་ དྷུ་ཥྚ་ནཱཾ། (བདག་པོ་མ་ལུས་པའི་)ཀཱ་ཡ་(ལུས་)ཝཱཀ་(ངག་)ཙིཏྟ་(ཡིད་)ཛྙཱ་ནཱ་(ཡེ་ཤེས་ཀྱི་)ནི། ཀཱི་ལ་ཡ་(ཕུར་བུས་)ཀཱི་ ལ་ཡ་(བཏབ་པར་)ཧུཾ་ཧཱུཾ་(གྱིས་གྱིས་)ཕཊ་ཕཊ། ཞེས་པས་གདབ། ཡང་། ༀ་ལླཱེ་བཛྲ་(རྡོ་རྗེ་) མུད་ག་ར་(ཐོ་ 2-1-300 བས་)མཱ་རཱ་དཱི་ནཱཾ། (ལྷག་པའི་བདུད་ཀྱི་)སི་སྼ໎་ར་སི་(མགོ་བོ་)ཀན་ཋ་(མགྲིན་པ་)ཧྲི་ད་ཡ་(སྙིང་ག་)ནཱ་བྷེ་(ལྟེ་བ་)གུ་ ཧྱེ། (གསང་བ་)ཨནྟྲེ་(རྒྱུ་མའི་)བཛྲ་ཀཱི་ལ་ཀཱན། (རྡོ་རྗེ་ཕུར་བུ་ལ་)ཨཱ་ཀོ་ཊ་ཡ། (རྡུངས་) ཨཱ་ཀོ་ཊ་ཡ། (རྡུངས། )ཀྵཾ་ ཀྵཱཾ་ཀྵྼྀཾ་ཀྵྼཱྀཾ་ཀྵ་ཀྵཱ་ཀྵུཾ་ཀྵཱུཾ་ཀྵླྀ་ཀྵླཱྀ་ཧཱུཾ་(ཡིད་)ཧཱུཾ་(ངག་)ཧཱུཾཿ(ལུས་)ཕཊ་(གྱིས་)ཕཊ་(གྱིས་)ཕཊ(གྱིས)། ཞེས་ བརྗོད་དེ་རྡོ་རྗེ་ཐོ་བས་བརྡུངས་པས་གཡོ་འགུལ་མི་ནུས་པར་བསྒོམ་མོ། །དེ་ནས། ༀ་སརྦ་ཏ་ཐཱ་ ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)རཀྵཿ(བསྲུང་བའི་)ཙཀྲ་(འཁོར་ལའོི་)སྭ་བྷ་ཝ་ཨཏྨ་ཀོ་ཧྃ(རང་བཞིན་ བདག་ཡིན)། ཞེས་པའི་དོན་དྲན་པས་ང་རྒྱལ་བཟུང་ངོ་། ། དེ་ནས་ཐུགས་ཁར་ཉི་མའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བར་དམིགས་ཏེ། སྔགས་ བཟླ་བ་ནི་གྲུབ་ན་རྐང་པ་བཅུ་དྲུག་པ་དང་བདུན་ཅུ་རྩ་གཉིས་པ་ལན་བདུན་བཟླས་པས་གདུག་པ་ ཅན་ཐམས་ཅད་ཚར་གཅོད་པར་གསུངས་སོ། །དེ་མི་འགྲུབ་ན་ལག་པ་གཡོན་པ་སྙིང་ཁར་སྡིགས་ མཛུབ་བཅས་ལ། གཡས་པས་ཤར་ནས་བརྩམས་ཏེ། ཕྱོགས་བཞིར་སེ་གོལ་གདབ་ཅིང་། ༀ་སུམ་ བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ། ༀ་གྲྀཧྣ་གྲྀཧྣ་ཧཱུྃ་ཧཱུྃ་ཕཊ། གྲྀཧྣ་པ་ཡ་གྲྀཧྣ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ༀ་ཨ་ན་ ཡ་ཧོ་བྷ་ག་ཝན་བཛྲ་ཧཱུྃ་ཧཱུྃ་ཕཊཿ ཞེས་ཅི་རིགས་སུ་བརྗོད་པས་སྔགས་ཀྱི་ཡི་གེ་དེ་རྣམས་མེ་ འབར་བ་ཕྱོགས་བཅུར་འཕྲོས་པས་བདུད་དང་བགེགས་ཐམས་ཅད་བསྲེགས་པར་བསམ་ མོ། །དེ་ནས། ༀ་ཧཾ་(རྡོ་རྗེའི་ཁྲོ་བོ་རྒྱལ་པོ་གཙུག་ཏོར་ཆེན་པོ་སྟེང་གི་ཕྱོགས་བསྲུང་བར་མཛོད་མཛོད། ) བཛྲ་ ཀྲོ་དྷ་རཱ་ཛ་མཧཱ་ཨུཥྞི་ཥ་ཨུར་དྷ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། (གཞི་ཚུགས་དེས་འདྲེ། ) ༀ་ཧ་(ས་བོན་) བཛྲ་(རྡོ་རྗེ་)ཀྲོ་ཏ་(ཁྲོ་བོ་)རཱ་ཛ། (རྒྱལ་པོ་)སུམབྷ་ནི་སུམྦྷ་ཨ་(གནོད་མཛེས་ཀྱིས་)དྷོ་དྷི་ཤི་རཀྵཾ་ཀུ་རུ་ཀུ་ རུ་སྭཱཧཱ། ༀ་ཡཾ་(རྡོ་རྗེའི་ཁྲོ་བོ་རྒྱལ་པོ་ཤིན་ཏུ་སྟོབས་ཐམས་ཅད་བགེགས་མཐར་བྱེད་པ་ཤར་ཕྱོགས་བསྲུང་བར་ མཛོད་མཛོད། )བཛྲ་ཀྲོ་དྷ་རཱ་ཛ་ཨ་ཏི་བཱ་ལ་སརྦ་བིགྷྣ་ཨནྟ་ཀ་པཱུརྦ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ ཡཱ་(ས་བོན་)བཛྲ་(རྡོོ་རྗེ་)ཀྲོ་དྷ་(ཁྲོ་བོའི་)རཱ་ཛ་(རྒྱལ་པོ་)ནི་ལ་དཎྜ་(དབྱུག་པ་སྔོན་པོ་)ཨགྷྣེ་ཡྃ་དྷེ་ཤི་རཀྵྃ་ (མེའི་ཕྱོགས་སུ་བསྲུང་བའི་)ཀུ་རུ་སྭཱཧཱ། ༀ་རཾ་(རྡོ་རྗེའི་ཁྲོ་བོ་རྒྱལ་པོ་རྨུགས་བྱེད་གདུག་པའི་ཤེས་རབ་མཐར་ བྱེད་པ་ལྷོའི་ཕྱོགས་བསྲུང་བར་མཛོད་མཛོད། )བཛྲ་ཀྲོ་དྷ་རཱ་ཛ་ཛམྦྷ་ཀ་དུཥྚ་པྲཛྙཱ་ཨནྟ་ཀ་དཀྵཱི་ཎ་དི་ཤི་ 2-1-301 རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ར་(ས་བོན་)བཛྲ་(རྡོ་རྗེ་)ཀྲོ་ཏ་(ཁྲོ་བོའི་)རཱ་ཛཱ་(རྒྱལ་པོ་)ཊཀྐི་རཱ་ཛ་(འདོད་པའི་ རྒྱལ་པོ་)ནྲེ་ཏྱྃ་དྷེ་ཤི་རཀྵྃ་(བདེན་བྲལ་གྱི་ཕྱོགས་བསྲུང་པའི་)ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཝཾ་(རྡོ་རྗེའི་ཁྲོ་བོ་རྒྱལ་ པོ་ང་རྒྱལ་རྣམ་པར་ཆགས་པའི་པདྨ་མཐར་བྱེད་པ་བྱང་ཕྱོགས་བསྲུང་བར་མཛོད་མཛོད། )བཛྲ་ཀྲོ་དྷ་རཱ་ཛ་མཱ་ན་ ཀ་བི་རཱ་ག་པདྨ་ཨན་ཏ་ཀ་ཨུཏྟ་ར་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ཝཱ་(ས་བོན་)བཛྲ་(རྡོ་རྗེ་)ཀྲོ་དྷ་ (ཁྲོ་བོའི་)རཱ་ཛཱ་(རྒྱལ་པོའི་)ཨ་ཙ་ལ་ཨི་ཤ་ན་དྷེ་ཤི་རཀྵྃ་(དབང་ལྡན་གྱི་ཕྱོགས་སུ་བསྲུང་པའི་)ཀུ་རུ་ཀུ་རུ་ སྭཱཧཱ། ༀ་ལཾ་(རྡོ་རྗེའི་ཁྲོ་བོ་རྒྱལ་པོ་རེངས་བྱེད་གཤིན་རྗེ་མཐར་བྱེད་པ་ནུབ་ཕྱོགས་བསྲུང་བར་མཛོད་མཛོད། ) བཛྲ་ཀྲོ་དྷ་རཱ་ཛ་སྟམྦྷ་ཀ་ཡ་མ་ཨནྟ་ཀ་པཥྩི་མ་དི་ཤི་རཀྵཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་ལཱ་(རྡོ་རྗེའི་ཁྲོ་བོ་རྒྱལ་ པོ་སྟོབས་པོ་ཆེན་པོ་རླུང་གི་ཕྱོགས་བསྲུང་བར་མཛོད་མཛོད། )བཛྲ་ཀྲོ་དྷ་རཱ་ཛ་མཧཱ་བ་ལ་བཱ་ཡ་བྱཱཾ་དི་ཤི་རཀྵཱཾ་ ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ཅི་རིགས་སུ་བཟླས་སོ། །གྲུབ་ན་མཆོད་(རྡོ་རྗེ་འཇིགས་བྱེད་འཇིགས་པར་ བྱེད། །དཔའ་བོ་འདུལ་དཀའ་འདུལ་བ་པོ། །དུས་ཀྱི་འཁོར་ལོ་ཐོད་པ་ཅན། །ལོ་ཀ་གསུམ་རྒྱལ་ལ་ཕྱག་འཚལ། ། ལ་སོགས་པས་)བསྟོད་དང་གཏོར་མ་ཕུལ་ལ། གསང་གནས་འཁོར་ལོའི་ཧྃ་འམ་ཀྵཿལ་ཁྲོ་བོ་ རྣམས་བསྡུས་ལ། རྡོ་རྗེ་གསོར་ཞིང་། ༀ་བཛྲ་(རྡོ་རྗེ་)རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་སྭཱཧཱ། (བསྲུང་ཞིང་བསྲུང་པའི་ གཞི་ཚུགས) ཞེས་བརྗོད་པས། སྟེང་དུ་རྡོ་རྗེ་སྔོན་པོ། ཤར་ནག་པོ། ལྷོ་དམར་པོ། བྱང་དཀར་ པོ། ནུབ་སེར་པོ་རྣམས་རྩེ་ལྔ་པ། འོག་ལྗང་ཁུ་རྩེ་གསུམ་པ་མེ་འབར་བའི་ར་གུར། ཐོ་རངས་ གྲིབ་མའི་མཐའ་དང་། ས་དང་ནམ་མཁའ་སྦྱར་བའི་བར་དུ་ལྡན་པར་བསྒོམ་མོ།། །། ༈ སྒྲུབ་པ་པོ་བདག་བསྲུང་པ་ལ་གཉིས་ལས། རྡོ་རྗེ་དང་སྔགས་ནུས་པ་ཅན་གྱིས་ བསྲུང་པ་ནི། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་པོ་ལས་རྡོ་རྗེ་རྩེ་མོ་བཅུ་བདུན་ པ་དཀར་པོ་སོར་བཞི་པ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿ(དམར་པོ་)ལས་རྡོ་རྗེ་རྩེ་ མོ་སུམ་ཅུ་སོ་གསུམ་པ་སོར་ལྔ་པ། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་(ནག་པོ་)ལས་རྡོ་ རྗེ་རྩེ་མོ་དགུ་པ་ནག་པོ་སོར་བརྒྱད་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿ(སེར་པོ་)ལས་ 2-1-302 རྡོ་རྗེ་རྩེ་མོ་དྲུག་ཅུ་རྩ་ལྔ་པ་སེར་པོ་སོར་དགུ་པ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ ཧཾ་(སྔོན་པོ་)ལས་རྡོ་རྗེ་རྩེ་མོ་ལྔ་པ་སྔོན་པོ་སོར་གཉིས་པ། གསང་གནས་སུ་ཡེ་ཤེས་ཀྱི་དཀྱིལ་ འཁོར་ལ་ཀྵཿ(ལྗང་ཁུ་)ལས་རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གསུམ་པ་ལྗང་ཁུ་སོར་བཅུ་གཉིས་པ། དེ་ ནས་ཕྲག་པ་གཡོན་གྱི་རྩ་དྲུག་དང་། མཐེ་ཆུང་ལ་སོགས་པའི་ཚིགས་འོག་མ་རྣམས་སུ་རིམ་པ་ བཞིན་དུ། (སྔོན་མོ་)ང་ངི་ངྼྀ་ངུ་ངླྀ་ངཾ༌། (སྔོ་ནག་)གྷ་གྷི་གྷྀ་གྷུ་གྷླྀ་གྷཾ། (སྔོ་དམར་)ག་གི་གྼྀ་གུ་གླྀ་གཾ (སྔོ་ སྐྱ་)ཁ་ཁི་ཁྼྀ་ཁུ་ཁླྀ་ཁཾ། (སྔོ་དམར་)ཀ་ཀི་ཀྼྀ་ཀུ་ཀླྀ་ཀཾ ཕྲག་པ་གཡས་ཀྱི་རྩ་དྲུག་དང་། མཐེ་བོང་ལ་ སོགས་པའི་ཚིགས་འོག་མ་རྣམས་སུ། ཀྐཱཿ ཀྐླཱི་ཀྐཱུ་ཀྐྀ་ཀྐཱི་ཀྐཱ། ཁྑཱཿ ཁྑླཱྀ་ཁྑཱུ་ཁྑྀ་ཁྑཱི་ཁྑཱ། གྒཱཿ གྒླཱྀ་གྒཱུ་གྒྀ་གྒཱི་གྒཱ། གྷྒྷཱཿ གྷྒྷླཱྀ་གྷྒྷཱུ་གྷྒྷྀ་གྷྒྷཱི་གྷྒྷཱ། ངྔཱཿ ངྔླཱྀ་ངྔཱུ་ངྔྀ་ངྔཱི་ངྔཱ། དེ་རྣམས་ལས་རྡོ་རྗེ་སྔོན་ པོ་གྲུ་མོ་གཡོན་དང་མཐེ་ཆུང་ལ་སོགས་པའི་ཚིགས་བར་པ་རྣམས་སུ། (ནག་སྔོན་)ཉ་ཉི་ཉྼྀ་ཉུ་ཉླྀ་ ཉཾ། (ནག་པོ་)ཛྷ་ཛྷི་ཛྙྀ໏་ཛྷུ་ཛྷླྀ་ཛྷཾ། (ནག་དམར་)ཛ་ཛི་ཛྼྀ་ཛུ་ཛླྀ་ཛཾ། (ནག་དཀར་)ཚ་ཚི་ཚྼྀ་ཚུ་ཚླྀ་ཚཾ། (ནག་ སེར་)ཙ་ཙི་ཙྼི་ཙུ་ཙླྀ་ཙཾ། གྲུ་མོ་གཡས་དང་མཐེ་བོང་ལ་སོགས་པའི་ཚིགས་བར་པ་རྣམས་སུ། ཙྩཱ་ཙྩླཱྀ་ཙྩཱུ་ཙྩྀ་ཙྩཱི་ཙྩཿ ཚྪཱ་ཚྪླཱྀ་ཚྪཱུ་ཚྪྀ་ཚྪཱི་ཚྪཿ ཛྫཱ་ཛྫླཱྀ་ཛྫཱུ་ཛྫྀ་ཛྫཱི་ཛྫཿ ཛྷྫྷཱ་ཛྷྫྷླཱྀ་ཛྷྫྷཱུ་ཛྷྫྷྀ་ཛྷྫྷཱི་ཛྷྫྷཿ ཉྙཱ་ ཉྙླཱྀ་ཉྙཱུ་ཉྙྀ་ཉྙཱི་ཉྙཿ དེ་རྣམས་ལས་རྡོ་རྗེ་ནག་པོ་འཁྲིག་མ་གཡོན་དང་མཐེ་ཆུང་ལ་སོགས་པའི་ ཚིགས་གོང་མ་རྣམས་སུ། (དམར་སྔོ་)ཎ་ཎི་ཎྼྀ་ཎུ་དང་ཎླྀ་ཎཾ། (དམར་ནག་)ཌྷ་ཌྷི་ཌྷ໏་ཌྷུ་ཌྷླ໏་ཌྷཾ། (དམར་ པོ་)ཌ་ཌི་ཌྼྀ་ཌུ་ཌླྀ་ཌཾ། (དམར་སྐྱ་)ཋ་ཋི་ཋྼྀ་ཋུ་ཋླྀ་ཋཾ། (དམར་སེར་)ཊ་ཊི་ཊྼྀ་ཊུ་ཊླྀ་ཊཾ། འཁྲིག་མ་གཡས་ དང་མཐེ་བོང་ལ་སོགས་པའི་ཚིགས་གོང་མ་རྣམས་སུ། ཊྚཱ་ཊྚླཱྀ་ཊྚཱུ་ཊྚ་ཊྚཱི་ཊྚཿ ཋྛཱ་ཋྛླཱྀ་ཋྛཱུ་ཋྛྀ་ ཋྛཱི་ཋྛཿ ཌྜཱ་ཌྜླཱྀ་ཌྜཱུ་ཌྜྀ་ཌྜཱི་ཌྜཿ ཌྷྜྷཱ་ཌྷྜྷླཱྀ་ཌྷྜྷཱུ་ཌྷྜྷྀ་ཌྷྜྷཱི་ཌྷྜྷཿ ཎྞཱ་ཎྞླཱྀ་ཎྞཱུ་ཎྞྀ་ཎྞཱི་ཎྞཿདེ་རྣམས་ལས་ རྡོ་རྗེ་དམར་པོ། དཔྱི་མགོ་གཡོན་རྐང་པའི་མཐེ་ཆུང་ལ་སགོས་ པའི་ཚིགས་འོག་མ་རྣམས་སུ། (དཀར་སྔོ་)མ་མི་མྼྀ་ མུ་མླྀ་མཾ། (དཀར་ནག་)བྷ་བྷི་བྷྼྀ་བྷུ་བྷླྀ་བྷཾ་དང་། (དཀར་དམར་)བ་བི་བྼྀ་བུ་བླ໏་བཾ། (དཀར་པོ་)ཕ་ཕི་ཕྼྀ་ཕུ་ཕླྀ་ཕཾ། (དཀར་སེར་)པ་པི་པྼྀ་པུ་པླྀ་པཾ། དཔྱི་ 2-1-303 མགོ་གཡས་དང་རྐང་པའི་མཐེ་བོང་ལ་སོགས་པའི་ཚིགས་འོག་མ་རྣམས་སུ། པྤཱ་པྤླཱྀ་པྤཱུ་པྤྀ་ པྤཱི་པྤཿ ཕྥཱ་ཕྥླཱྀ་ཕྥཱུ་ཕྥྀ་ཕྥཱི་ཕྥཿ བྦཱ་བྦླཱྀ་བྦཱུ་བྦྀ་བྦཱི་བྦཿ བྷྦྷཱྀ་བྷྦྷླཱ་བྷྦྷཱུ་བྷྦྷྀ་བྷྦྷི་བྷྦྷཱཿ མྨཱ་མྨླཱྀ་མྨཱུ་མྨྀ་ མྨཱི་མྨཱཿ དེ་རྣམས་ལས་རྡོ་རྗེ་དཀར་པོ། པུས་མོ་གཡོན་དང་མཐེ་ ཆུང་ལ་སོགས་ པའི་ཚིགས་བར་པ་རྣམས་སུ། (སེར་སྔོ་)ན་ནི་ནྼྀ་ནུ་དང་ནླྀ་ནཾ། (སེར་ནག་)དྷ་དྷི་དྷ໏་དྷུ་དྷླ໏་དྷཾ། (སེར་ དམར་)ད་དི་དྼྀ་དུ་དླྀ་དཾ། (སེར་དཀར་)ཐ་ཐི་ཐྼྀ་ཐུ་ཐླྀ་ཐཾ། (སེར་པོ་)ཏ་ཏི་ཏྼྀ་ཏུ་ཏླྀ་ཏཾ། པུས་མོ་གཡས་ དང་མཐེ་བོང་ལ་སོགས་པའི་ཚིགས་བར་པ་རྣམས་སུ། ཏྟཱ་ཏྟླཱྀ་ཏྟཱུ་ཏྟྀ་ཏྟཱི་ཏྟཿ ཐྠཱ་ཐྠླཱྀ་ཐྠཱུ་ ཐྠྀ་ཐྠཱི་ཐྠཿ དྡཱ་དྡླཱྀ་དྡཱུ་དྡྀ་དྡཱི་དྡཿ དྷྡྷཱ་དྷྡྷླཱྀ་དྷྡྷཱུ་དྷྡྷྀ་དྷྡྷཱི་དྷྡྷཿ ནྣཱ་ནྣླཱྀ་ནྣཱུ་ནྣ་ནྣཱི་ནྣཿ དེ་རྣམས་ ལས་རྡོ་རྗེ་སེར་པོ། ལོང་བུ་གཡོན་དང་མཐེ་ཆུང་ལ་སོགས་པའི་ཚིགས་གོང་མ་རྣམས་སུ། (ལྗང་ སྔོན་) ྈྐ་ྈྐི་ྈྐ་໏ྈུྐ་དང་ྈྐ໏་ྈྐཾ། (ལྗང་ནག་)ཤ་ཤི་ཤྼྀ་ཤུ་ཤླྀ་ཤཾ་དང་། (ལྗང་དམར་)ཥ་ཥི་ཥྼྀ་ཥུ་ཥླྀ་ཥཾ། (ལྗང་དཀར་) ྉྤ་ྉྤི་ྉྤྀ་ྉྤ་ྉྤྀ་ྉྤཾ། (ལྗང་སེར་)ས་སི་སྼྀ་སུ་སླྀ་སཾ། ལོང་བུ་གཡས་དང་མཐེ་བོང་ ལ་སོགས་པའི་ཚིགས་གོང་མ་རྣམས་སུ། སྶཱ་སྶླཱྀ་སྶཱུ་སྶ་སྶཱི་སྶཿ ྉྤ་ྉྤྀ་ྉྤ་ྉྤྀ་ྉྤི་ྉྤཿ ཥྵཱ་ཥྵླཱྀ་ཥྵཱུ་ཥྵྀ་ཥྵཱི་ཥྵཿ ཤྴཱ་ཤྴླཱྀ་ཤྴཱུ་ཤྴྀ་ཤྴཱི་ཤྴཿ ྈྐ་ྈྐྀ་ྈྐ་ྈྐྀ་ ྈྐ་ྈྐིཿ དེ་རྣམས་ལས་རྡོ་རྗེ་ལྗང་ཁུའོ། །དེའང་ཕྲག་པ་ལ་ སོགས་པའི་ལས་ཀྱི་འཁོར་ལོ་རྣམས་ལ། རྡོ་རྗེ་རྩེ་མོ་སུམ་ཅུ་སོ་གཅིག་པ། མཐེ་ཆུང་ལ་ སོགས་པ་བྱི་བའི་འཁོར་ལོ་རྣམས་ལ་རྡོ་རྗེ་རྩེ་མོ་བདུན་པར་བསམ་མོ། །རྣ་བ་གཡོན་དང་ གཡས་སུ་ཨ་ཨཱ་ལས་རྡོ་རྗེ་སྔོན་པོ། སྣ་གཉིས་སུ་ཨེ་ཨཻ་ལས་ནག་པོ། མིག་གཉིས་སུ་ཨར་ ཨཱར་ལས་དམར་པོ། ལྕེ་དང་ལྕེའུ་ཆུང་དུ་ༀ་ཨཱོ་ལས་དཀར་པོ། རྡོ་རྗེ་དང་བཤང་ལམ་དུ་ ཨལ་ཨཱལ་ལས་སེར་པོ། སྙིང་ཁ་དང་ཁུ་བའི་རྩ་གཉིས་སུ་ཨཾ་ཨཿལས་ལྗང་ཁུ་དེ་རྣམས་ལས་ 2-1-304 རྡོ་རྗེ་རྩེ་གསུམ་པ་སོར་བཞི་པ། གཙུག་ཏོར་དང་སྤྱི་བོར་ཧ་ཧཱ་ལས་སྔོན་པོ། ལྕེ་དང་རྐན་ ལས་ཡ་ཡཱ་ལས་ནག་པོ། ལག་མཐིལ་གཉིས་སུ་ར་རཱ་ལས་དམར་པོ། རྐང་མཐིལ་གཉིས་ སུ་ཝ་ཝཱ་ལས་དཀར་པོ། བཤང་ལམ་གཡོན་དང་གཡས་སུ་ལ་ལཱ་ལས་སེར་པོ། དེ་རྣམས་རྡོ་ རྗེ་རྩེ་ལྔ་པ་སོར་གཅིག་པར་བསྒོམ་མོ། །དེ་ལྟར་བདག་ཉིད་རྡོ་རྗེའི་སྐུར་གསལ་བཏབ་པའི་ གནས་རྣམས་ནས་ཕྱོགས་བཅུར་མེ་དཔུང་ཕྱོགས་མདོག་འཕྲོས་པས་གནོད་བྱེད་ཀྱི་བདུད་ བགེགས་རྣམས་བསྲེགས་པར་བསམས་ཏེ་སེ་གོལ་གཏོག་ཅིང་། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ(རིགས་ དྲུག་གི་ས་བོན། )ཧྲཱཿཧྲཱཿཧྲཱཿཧྲཱཿ (བདུད་བཞི་བཞི་གཞོམ། )ར་ར་ར་ར། (ཡེ་ཤེས་བཞིས་བདུད་བཞི་གཞོམ་པ། ) བཛྲ་ཨ་ན་ལ། (རྡོ་རྗེའི་མེ་)སརྦ་ཨཱ་ཝ་ར་ཎ་(སྒྲིབ་པའི་ཆོས་ཐམས་ཅད་སེལ་པ། )སརྦ་དྷརྨཱ་པྲ་ལ་ཡ་སྭ་བྷཱ་ ཝ། (ཆོས་ཐམས་ཅད་འབར་བའི་རང་བཞིན་)སརྦ་མཱ་ར་ཀཱ་ཡི་ཀ (བདུད་ཐམས་ཅད་ཀྱི་ཚོགས་དང་) བིགྷྣཱ ན་ (བགེགས་དང་)བི་ནཱ་(ལོག་འདྲེན་) ཡ་ཀ་ཨཱ་དཱི་ནཱཾ། (ལ་སོགས་པ)ད་ཤ་དིཀ་ག་ཏཱ་ནཱཾ། (ཕྱོགས་བཅུར་ སོང་པའི་)ཀཱ་ཡ་(ལུས་)ཝཱཀ་ (ངག་)ཙིཏྟ་ནི། (ཡིད་)ད་ཧ་ད་ཧ། (སྲེག་ཅིང་སྲེགས་)པ་ཙ་པ་ཙ། (ཚོས་ཤིང་ ཚོས་ལ་)བྷསྨཱི་ཀུ་རུ་ཀུ་རུ་(ཐལ་བར་གྱིས་ཤིག་གྱིས་ཤིག་)ཧུཾ་ཧཱུཾ་ཕཊ་ཕཊ། ཞེས་ཅི་རིགས་སུ་བརྗོད་ ཅིང་དོན་དྲན་པར་བྱའོ། །བདུད་རྩི་ལྔ་དང་སྔགས་བྱིན་རླབས་ཅན་གྱིས་བསྲུང་པ་ནི། ནང་ མཆོད་འོག་ནས་འབྱུང་བ་ལྟར་བྱིན་གྱིས་བརླབས་ཏེ། རང་གི་ལྕེ་ཧཱུྃ་ནས་འབྲུ་ཙམ་ལས་རྡོ་ རྗེ་རྩེ་ལྔ་པ། དེའི་འོད་ཀྱིས་བདུད་རྩི་བཀུག་པར་བསམ་ཞིང་། དངོས་སུ་མཐེབ་སྲིན་གྱིས་ བཞག་པའམ། མེད་ན་བཞག་པར་མོས་ལ། ༀ་སརྦ་བྷི་ར་ཡོ་གི་ནི་པྲི་ན་(དཔའ་བོ་དང་རྣལ་འབྱོར་ མ་འདི་)ཡ་མེ་(བདག་)སྭཱཧཱ། ཞེས་བརྗོད་ནས། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ(རིགས་དྲུག་གི་ས་བོན། )པྲཛྙཱ་ཨུ་པཱ་ ཡ་(ཤེས་རབ་དང་ཐབས་ཀྱི་)ཨཱཏྨ་ཀོ(བདག་ཉིད་)ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་ཨ་དྷི་པ་ཏེ། (སྐུ་གསུང་ཐུགས་ཡེ་ ཤེས་ཀྱི་བདག་པོ་དམ་པ་)མ་མ་(བདག་གི་)ཀཱ་ཡ་(ལུས་)ཝཱཀ(ངག་) ཙིཏྟ་(ཡིད་)ཛྙཱ་ན་(ཡེ་ཤེས་)བཛྲཾ། (རྡོ་ རྗེ་)བཛྲ་ཨ་མྲྀ་ཏ་(རྡོ་རྗེ་བདུད་རྩིའི་)སྭ་བྷཱ་ཝཾ། (རང་བཞིན་གྱི་)ཀུ་རུ་ཀུ་རུ་(བྱ་བ་བྱེད་པ་)སྐནྡྷ་(ཕུང་པོ་)དྷཱ་ཏུ་ 2-1-305 (ཁམས་)ཨཱ་ཡ་ཏ་ནཾ་ནིཿ(སྐྱེ་མཆེད་)སྭ་བྷཱ་ཝཾ་སྭཱཧཱ། (རང་བཞིན་གྱི་གཞི་ཚུགས། )ཞེས་ལན་གསུམ་བརྗོད་ པས་གཙུག་ཏོར་དུ་བྃ་ཡོངས་སུ་གྱུར་པ་ལས་ཟླ་བའི་ཆ་བཅུ་དྲུག་གིས་གང་པའི་རྡོ་རྗེ་ཟླ་ བའི་དཀྱིལ་འཁོར་ལས་འོད་ཟེར་དཀར་པོ་བྱུང་པས་རང་གི་སྤྱི་བོ་ནས་རྐང་སེན་གྱི་བར་དུ། རྣམ་པར་སྨིན་པ་ལས་གྲུབ་པའི་ལྷན་ཅིག་སྐྱེས་པའི་ཤ་དང་རུས་པ་ལ་སོགས་པ་ཐམས་ཅད་ སྦྲུལ་ལྤགས་པ་རྗེ་བ་ལྟར་ལན་གསུམ་དོར་བས་ལུས་ཟླ་བ་དྲི་མ་མེད་པ་ལྟར་གྱུར་པའི་ངང་ ལས། བདག་ཉིད་དུས་ཀྱི་འཁོར་ལོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་ དྲིལ་བུ་བསྣམས་པ། ཡུམ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་ པར་བསྒོམས་ནས། ༀ་སྭ་བྷཱ་ཝ་ཤུདྡྷཿ(རང་བཞིན་གྱིས་དག་པ་)སརྦ་དྷརྨཱཿ(ཆོས་ཐམས་ཅད་)སྭ་བྷཱ་ཝ་ ཤུདྡྷོ྅ཧཾ། (རང་བཞིན་རྣམ་པར་དག་པ་ང་ཡིན། )ཞེས་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ དག་པར་མོས་ལ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧྃ་སྔོན་པོ་ལས་མི་བསྐྱོད་ པ། དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ༀ་དཀར་པོ་ལས་འོད་དཔག་མེད། མགྲིན་པར་ཉི་ མའི་དཀྱིལ་འཁོར་ལ་ཨཱཿདམར་པོ་ལས་རིན་ཆེན་འབྱུང་ལྡན། སྙིང་ཁར་སྒྲ་གཅན་གྱི་དཀྱིལ་ འཁོར་ལ་ཧཱུཾ་ནག་པོ་ལས་དོན་ཡོད་གྲུབ་པ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ཧོཿསེར་པོ་ ལས་རྣམ་པར་སྣང་མཛད། གསང་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵཿལྗང་གུ་ལས་ རྡོ་རྗེ་སེམས་དཔའ་སྟེ། རིགས་དྲུག་གི་རྣམ་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་གསལ་ བར་བསམས་ལ། ལུས་རིགས་དྲུག་གི་སྐུའི་རང་བཞིན་དུ་ང་རྒྱལ་བྱའོ། །དེ་ནས་ཕན་ཚུན་ དུ་ལག་པ་མཉེ་ཞིང་། ༀ་ཧྲཿསརྦ་ཨསྟྲ་རཱ་ཛ་(མཚོན་ཆ་ཐམས་ཅད་ཀྱི་རྒྱལ་པོ་)མཱ་ར་ཀླེ་ཤ་(བདུད་དང་ ཉོན་མོངས་པ་)ཨནྟ་ཀ་ར། (འཇོམས་པར་བྱེད་པ་)བཛྲ་ཏཱིཀྵྞ་(རྡོ་རྗེ་རྣོན་པོ་)དུཿཁ(སྡུག་བསྔལ་)ཙྪེ་ད་(གཅོད་ པ་)མཱ་མ་(བདག་གི་)ཀ་རཾ་(ལག་མཐིལ་)བི་ཤོ་དྷ་ཡ་(དག་པའི་གཞི་ཚུགས། )སྭཱཧཱ། ཞེས་བརྗོད་ལ་ལག་ པ་གཡོན་གྱི་མཐེ་ཆུང་གི་རྩ་བའི་ཚིགས་ནས་མཐེ་བོང་གི་བར་ལ་རིམ་པས། ཨ་ཨི་ར་ཨུ་ལ། 2-1-306 ཚིགས་བར་པ་ལ། ཨ་ཨེ་ཨར་ཨོ་ཨལ། སྟེང་གི་ཚིགས་ལ། ཧ་ ཡ་ར་ཝ་ལ། གཡས་ཀྱི་མཐེ་བོང་གི་ཚིགས་གོང་མ་ནས་མཐེ་ཆུང་གི་བར་གོང་མ་ལ། ལཱ་ཝཱ་རཱ་ཡཱ་ ཧཱ། བར་མ་རྣམས་ལ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། འོག་མ་རྣམས་ལ། ལཱ་ཨཱུ་རཱ་ཨཱི་ཨཱ། དེ་དག་ལས་ གཡོན་ཟླ་བ། གཡས་ཉི་མ། གཉིས་ཁ་སྦྱར་བའི་དབུས་སུ། ཧཱུཾ་སྔོན་པོ་ལས་སྒྲ་གཅན། དེ་ རྣམས་ལས་བྱུང་པའི་རྡོ་རྗེ་རྩེ་ལྔ་པར་བསམས་ཏེ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་སྤྱི་གཙུག་ནས་ རྐང་སེན་གྱི་བར་དུ་རེག་ཅིང་། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿ(རིགས་དྲུག་གི་ས་བོན་)ཀཱ་ཡ་(སྐུ་)ཝཱཀ་(གསུང་) ཙིཏྟ་(ཐུགས་)ཛྙཱ་ན་(ཡེ་ཤེས་ཀྱི་)ཨ་དྷི་པ་ཏེ་(བདག་པའི་གཙོ་)བཛྲ་(རྡོ་རྗེའི་)ཀཱ་ཡ་(ལུས་) ཝག(ངག་) ཙིཏྟ་(ཡིད་)ཛྙ་ན་(ཡེ་ཤེས་)བཛྲ་(རྡོ་རྗེ་)ཀ་ཡ་(ལུས་ཀྱི་)སྭ་བྷཱ་ཝཾ་(རང་བཞིན་གྱི་)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ པས་གསོལ་བ་བཏབ་ལ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཀཱ་ཡ་སྭ་བྷཱ་ཝ་(དེ་བཞིན་གཤེགས་པ་ཐམས་ཅད་ སྐུ་རྡོ་རྗེའི་རང་བཞིན་)ཨཱཏྨ་ཀོ྅(བདག་ཡིན་)ཧཾ། ཞེས་པས་ང་རྒྱལ་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ། མཐེ་བོང་གཉིས་ཀྱིས་སྙིང་ཁ་ལ་རེག་ཅིང་། ༀ་ཧཾླི་ྲྀཧྲི་ད་ཡཱ་(སྙིང་ཁ་)ན་མཿ མགྲིན་པར་ༀ་ཧྲཱུཾ་ གྷྲི་ཝ་ཡ་(མགྲིན་པ་)སྭཱཧཱ། དཔྲལ་བར་ༀ་ཧྲཱིཾ་སི་ར་ཤེ་པཱུ་ཤ་ཊ(དཔྲལ་བ་)། ལྟེ་བར་ༀ་ཧྲཱིཾ་ན་བྷཱེ་(ལྟེ་བ་) ཧཱུཾ། གསང་གནས་སུ། ༀ་ཧྲཱྃ་གྷུ་ཧྱཱ་ཝ་(གསང་བ་)ཥ་ཊ། གཙུག་ཏོར་དུ། ༀ་ཧྲཱི་ཤི་ཁ་ཡེ་(སྤྱི་གཙུག་) ཕཊ། ཡན་ལག་ཐམས་ཅད་ལ། ༀ་ཧྲཱི་ཀཱ་ཝ་ཙ་ཡ་(ཡན་ལག་)ཧཱུྃ། མིག་གཉིས་ལ། ༀ་ཧྲཱྃ་ནཱཻ་ཏྲ་ (མིག་)ཕཊ། ཞེས་པས་རེག་ཅིང་ཁམས་དང་མཐུན་པའི་ཁ་དོག་དྲན་པར་བྱའོ། ། དེ་ནས་ལག་པ་གཡོན་གྱིས་གཡོན་སྐོར་དུ་སེ་གོལ་གཏོག་ཅིང་། ༀ་ཧྲཿ ཨསྟྲ་ ཡ་ཕཊ། ཞེས་པའི་རྗེས་ལ། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་)ཧྲི་ད་ཡ་(སྙིང་ ག་)གྷྲི་ཝ་སི་རཿ(མགྲིན་པ་) ན་བྷེ་(ལྟེ་བ། ) གྷུ་ཧྱ་(གསང་བ། ) ཤི་ཁཱ་(གཙུག་ཏོར་)ཀ་ཝ་ཙ་(ཡན་ལག་)ནཻ་ ཏྲ(མིག་)ཨསྟྲ་(མཚོན་ཆ་)བཛྲ་ཥཊ་(ཡན་ལག་དྲུག་རྡོ་རྗེའི་)ཨཾ་ག་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། (རང་བཞིན་བདག་ ཡིན། ) ཞེས་བརྗོད་ཅིང་། ཡན་ལག་དྲུག་རྡོ་རྗེ་སྐུའི་རང་བཞིན་དུ་ང་རྒྱལ་བྱའོ། ། 2-1-307 བསྒྲུབ་བྱ་རྣལ་འབྱོར་བསྲུང་པ་ནི། བུ་གཅིག་པའི་མས་བུ་ལ་བསྒོམ་པ་བཞིན་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་འདོད་པའི་བྱམས་པ། དུ་ཁ་ དང་དུ་ཁ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ཕྲད་ཅིང་དུ་ཁ་དང་བྲལ་བ་ལ་ སྤྲོ་བའི་དགའ་བ། དགྲ་གཉེན་གང་ལ་ཡང་ཆགས་སྡང་མེད་པའི་བཏང་སྙོམས་ཏེ། ཚད་མེད་ པ་བཞིས་ཀུན་ནས་བསླངས་པའི་བྱང་ཆུབ་ཀྱི་སེམས་བརྟན་པར་བསྒོམ་མོ། །(སྔོན་གྱི་རྒྱལ་ བ་སྲས་བཅས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་མཆོག་ཏུ་ སེམས་བསྐྱེད་དོ། །བྱང་ཆུབ་སྙིང་པོའི་བར་དུ་ནི། །རིན་ཆེན་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་བྱང་ཆུབ་མྱུར་ འགྲུབ་ཤོག །མ་ལུས་སྲིད་མཚོ་ལས་བསྒྲལ་བགྱིའོ། །) ༈ བཞི་པ་ཚོགས་གཉིས་བསག་པ་ལ་གཉིས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ བསག་པའོ། །དང་པོ་ལ་གསུམ་ལས། ཚོགས་ཀྱི་ཞིང་སྤྱན་དྲང་པ་ནི། རང་བསྲུང་འཁོར་ དབུས་སུ་དུས་ཀྱི་འཁོར་ལོར་བསམས་པའི་ཐུགས་ཁར་པྃ་ལས་པད་མ་དམར་པོ་འདབ་མ་ བརྒྱད་པའི་ལྟེ་བར། ༀ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་ རྩེ་ལྔ་པ་ལྗང་ཁུ་ལས་འོད་ཟེར་ཁ་དོག་ལྔ་དཔག་ཏུ་མེད་པ་འཕྲོས་པས། བླ་མ་དང་དཀྱིལ་ འཁོར་གྱི་ལྷ་ཚོགས་ཀྱིས་མདུན་གྱི་ནམ་མཁའ་ཐམས་ཅད་གང་པ་གདན་དྲངས་ནས་འོད་ ཟེར་རྣམས་རང་གི་སྙིང་ཁའི་རྡོ་རྗེ་ལ་བཞུགས་པར་བསམ་མོ། ། ཡན་ལག་བདུན་པས་ཚོགས་བསག་པ་ནི། ལུས་དཔག་ཏུ་མེད་པ་སྤྲུལ་ནས་ཕྱག་བྱས་ པར་བསམ་ལ་ཐལ་མོ་སྦྱར་ཏེ། གང་གི་དྲིན་གྱི་སོགས་དང་། སྲིད་པའི་འཇིགས་པ་འཇོམས་ མཛད་པ། །སྲིད་པའི་སྐྱོན་གྱིས་གོས་མི་འགྱུར། །ཕུན་སུམ་ཚོགས་པ་ཀུན་གྱི་གནས། །ཁྱོད་ ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་པས་བླ་མ་དང་། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་ གསུམ་སྐྱེ་འཇིག་མེད་པ་ཡི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ 2-1-308 ལ་ཕྱག་འཚལ། །ཞེས་པས་ལྷ་ལ་ཕྱག་བྱའོ། །དེ་ནས་ཐུགས་ཁའི་ཟླ་བའི་དཀྱིལ་འཁོར་ལ་ མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན། ཀྑྒྒྷྔ་ (སྔོ་)ཀྑྒྒྷྔཱ། ཙྪྫྫྷྙ་ (གནག་)ཙྪྫྫྷྙཱ །ཊྛྜྜྷྞ་ (དམར་)ཊྛྜྜྷྞཱ །པྥྦྦྷྨ་ (དཀར་)པྥྦྦྷྨཱ། ཏྠྡྡྷྣ་ (སེར་)ཏྠྡྡྷྣཱ །ས་(ལྗང་)ས། ཞེས་པ་བརྩེགས་པ་བཅུ་གཉིས་བསམ། དེ་ལས་ལྷ་མོ་ བཅུ་གཉིས་སྤྲོས་ནས་མཆོད་པ་དབུལ་བའི་སྔགས་ནི། ༀ་བཛྲ་ཝ་དྱེ་(རྡོ་རྗེ་རོལ་མོ་མ་སྔོན་མོས་)ཝཱ་ (སྒྲ་སྙན་གྱི་བྱ་བ་བྱེད་པའི་གཞི་ཚུགས་)དྱ་པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)ནྲེ་ཏྱ་(གར་མ་)ནྲེ་ཏྱྃ་(སྔོན་ མོ་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)གྷན་དྷེ་(དྲི་མས་)གྷན་དྷ་(དྲིའི་)ཨར་ཙྪ་ནཾ་ཀུ་རུ་ཀུ་རུ་ སྭཱཧཱ། ༀ་བཛྲ་(རྡོ་རྗེ་)མཱ་ལེ་མཱ་ལ་ཨར་(ཕྲེང་བ་མོ་ནག་མོས་ཕྲེང་པའི་)ཙྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་ (རྡོ་རྗེ་)དྷཱུ་པེ་དྷཱུ་པ་ཨར་(སྤོས་མས་སྤོས་གྱི་)ཙྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)པྲ་དྷི་པེ་པྲ་དྷི་པ་ ཨར་(མར་མེ་མ་དམར་མོས་མར་མེའི་)ཙྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)ཨ་མྲི་ཏེ་ནཱེ་ཝེ་ཏྱྃ་(བདུད་རྩི་ ཞལ་ཟས་མས་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)ཨཀྵ་ཏེ་(བདུད་རྩི་མ་དཀར་མོ་)ཕ་ལ་(བདུད་རྩིའི་) ཨར་ཙྪ་ནཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)ལ་སྱ་ཝསྟྲ་ཨ་ཝ་ར་ཎ་(སྒེག་མོས་གོས་ཀྱིས་སྒྲིབ་པའི་)པཱུ་ ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)ཧཱ་སྱ་གྷཎྜ་ཨཱ་དརྴ་(བཞད་མ་སེར་མོས་དྲིལ་བུ་མེ་ལོང་གིས་)པཱུ་ཛཱཾ་ཀུ་ རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་རྗེ་)གཱི་ཏེ་གཱི་ཏན་(གླུ་མས་གླུ་ལེན་པའི་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ༀ་བཛྲ་(རྡོ་ རྗེ་)ཀཱ་མྃ་སརྦ་བུདྡྷ་བོ་ཏི་སྭ་ཏ་ཀྲོ་དྷ་ཨ་དྷི་ནཾ་བཛྲ་སུ་ར་ཏ་(འདོད་མ་ལྗང་ཁུས་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཁྲོ་བོ་ལྷག་པ་རྣམས་ལ་ཟག་མེད་ཀྱིས་མཆོད་པའི་)པཱུ་ཛཱཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་མཆོད་ པ་བཅུ་གཉིས་དཔག་ཏུ་མེད་པ་བློས་སྤྲུལ་ལ་དབུལ་ལོ། ། དེ་ནས་སྡིག་བཤགས་ལ་སོགས་བྱ་བ་ནི། (རྩ་རྒྱུད་ལས། )ཐོག་མ་མེད་པའི་འཁོར་བ་ནས། ། བདག་གིས་སྡིག་པ་གང་བྱས་པ། །སངས་རྒྱས་ཀུན་གྱི་མདུན་དུ་ནི། །དེ་ནི་ད་ལྟར་བཤགས་ 2-1-309 པར་བགྱི། །སངས་རྒྱས་དང་ནི་བྱང་ཆུབ་སེམས། །དེ་བཞིན་འཕགས་པའི་དགེ་འདུན་དང་། ། སྐྱེས་བུ་ཕལ་པ་རྣམས་ཀྱིས་ནི། །དགེ་བ་བྱས་ལ་ཡིད་རང་ངོ་། །ཉིད་དོན་མཛད་པའི་སངས་ རྒྱས་རྣམས། །གང་ཞིག་བྱང་ཆུབ་ཤིང་དྲུང་རྩར། །བཞུགས་པ་ཆོས་འཁོར་བསྐོར་བའི་ཕྱིར། ། དེ་ལ་གསོལ་བ་གདབ་པར་བགྱི། །མྱ་ངན་འདའ་བཞེད་སངས་རྒྱས་ལ། །ཐལ་མོ་སྦྱར་ ནས་ཞུ་བར་བྱ། །འགྲོ་བ་ལོང་པར་མི་འགྱུར་ཕྱིར། །བསྐལ་པའི་བར་དུ་བཞུགས་སུ་གསོལ། ། ཉོན་མོངས་རྣམས་དང་བྲལ་བ་ཡི། །བྱང་ཆུབ་སྤྱོད་པ་གནས་པར་བགྱི། །བླ་མ་རྡོ་རྗེ་འཛིན་ པ་དང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྲིད་པའི་འཇིགས་པ་སེལ་བ་ལ། །བྱང་ ཆུབ་བར་དུ་སྐྱབས་སུ་མཆི། །དེ་ལྟར་མཆོད་པ་ལ་སོགས་ཀྱིས། །བདག་གིས་བསོད་ནམས་ གང་བསགས་པ། །ཡང་དག་སངས་རྒྱས་མྱུར་ཐོབ་ནས། །སེམས་ཅན་ཀུན་གྱི་དོན་བྱེད་ཤོག། ཅེས་པ་དོན་དྲན་བཞིན་པས་ངག་ཏུ་བརྗོད་དོ། ། བསྟེན་སྤང་གི་དམ་བཅའ་དྲན་པར་བྱ་བ་ལ་གཉིས་ལས། (འགྲེལ་ཆེན་ལས། )བསྟེན་བྱའི་ དམ་བཅའ་དྲན་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ། ལྷག་པའི་བསམ་པ་རྣམ་པར་དག་པ། བདག་དང་བདག་གིར་འཛིན་པ་སྤང་པ་སྟེ་རྩ་བ་གསུམ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས་མཁས། སྨོན་ལམ། སྟོབས། ཡེ་ཤེས་ཏེ་ ཕ་རོལ་ཏུ་ཕྱིན་པ་བཅུ། བྱམས་པ། སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་ཚད་མེད་པ་བཞི། སྦྱིན་གཏོང་། སྙན་སྨྲ། དོན་སྤྱོད། དོན་མཐུན་ཏེ་བསྡུ་བའི་དངོས་པོ་བཞི། དེ་རྣམས་རྒྱུད་ལ་ བསྟེན་པར་བྱའོ་སྙམ་བྱེད་པ་དང་། སྤང་བྱའི་དམ་བཅའ་དྲན་པ་ནི། སྲོག་གཅོད་མ་བྱིན་ལེན། འདོད་ལོག བརྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བསྣབ་སེམས་། གནོད་སེམས། ལོག་ ལྟ་སྟེ་མི་དགེ་བ་བཅུ། འགྱོད་པ། གཉིད། ལེ་ལོ། རྣམ་གཡེང་། ཐེ་ཚོམ་ཏེ་སྒྲིབ་པ་ལྔ། འདོད་ ཆགས། ཞེ་སྡང་། གཏི་མུག ང་རྒྱལ་སྟེ་ཉོན་མོངས་པ་བཞི། འདོད་པ། མ་རིག་པ། སྲེད་པ། 2-1-310 ལྟ་བའི། ཟག་པ་སྟེ་ཟག་པ་བཞི། དེ་རྣམས་(ལ་སོགས་པ་སྤང་བར་བྱ་བ་)མ་ལུས་པར་སྤང་སྙམ་དུ་ དྲན་པར་བྱའོ། །དེ་ནས་ཞིང་རྣམས་གཤེགས་པར་བསམ་མོ།། །། གཉིས་པ་ནི། དངོས་པོ་མེད་ལ་བསྒོམ་པ་མེད་ཞེས་པ་ལ་སོགས་པའི་དོན་དྲན་པར་ བྱས་ལ། ཕྱི་ནང་འབྱུང་པའི་ནུས་པ་ཐིམ་པས་འཇིག་པ་བཞིན་དུ། ཆུ་ཡིས་མེ་ཟད་ཅིང་། མེ་ མེད་པས་སའི་སྲ་བ་ཟད། ས་ཡང་ལན་ཚ་བཞིན་ཆུར་ཐིམ། ཆུ་རླུང་གིས་བསྐམས། རླུང་ནམ་ མཁའ་ལ་ཐིམ་པས། གང་དུ་ཡང་མི་དམིགས་པར་ཡིད་ལ་བྱ་ཞིང་། ༀ་ཤུ་ནྱ་ཏཱ་(སྟོང་ཉིད་)ཛྙཱ་ན་ (ཡེ་ཤེས་)བཛྲ་(རྡོ་རྗེ་)སྭ་བྷཱ་ཝ་(རང་བཞིན་) ཨཱཏྨ་ཀོ་ཧཾ(བདག་ཡིན)། ཞེས་པས་སྟོང་པ་ཉིད། ༀ་ཨ་ནི་མི་ཏ་(མཚན་མ་མེད་པའི་)ཛྙཱ་ན་(ཡེ་ཤེས་) བཛྲ་(རྡོ་རྗེ་)སྭ་བྷཱ་ཝ་(རང་བཞིན་)ཨཱཏྨ་ཀོ་ཧཾ(བདག་ཡིན)། ཞེས་པས་མཚན་མ་མེད་པ། ༀ་ཨ་པྲ་ ཎི་ཧི་ཏ་(སྨོན་པ་མེད་པ་)ཛྙཱ་ན་(ཡེ་ཤེས་)བཛྲ་སྭ་བྷཱ་ཝ་(རང་བཞིན་)ཨཱཏྨ་ཀོ་ཧཾ(བདག་ཡིན)། ཞེས་པས་ སྨོན་པ་མེད་པ། ༀ་ཨ་ན་བྷི་སཾ་ཀ་ར་(མངོན་པར་འདུས་བྱས་པ་) ཛྙཱ་ན་(ཡེ་ཤེས་)བཛྲ་(རྡོ་རྗེ་)སྭ་བྷཱ་ཝ་(རང་བཞིན་)ཨཱཏྨ་ཀོ་ཧཾ(བདག་ཡིན)། །ཞེས་པས་མངོན་པར་ འདུས་མ་བྱས་པ་སྟེ། རྣམ་པར་ཐར་པའི་སྒོ་བཞིའི་ང་རྒྱལ་དྲན་པར་བྱའོ། ། དེ་ནས་དངོས་གཞི་སྒྲུབ་པའི་ཡན་ལག་ལ་གཉིས། བསྐྱེད་པའི་རིམ་པས་ཐུན་མོང་གི་ དངོས་གྲུབ་སྒྲུབ་པ་དང་། རྫོགས་པའི་རིམ་པས་མཆོག་གི་དངོས་གྲུབ་བསྒྲུབ་པའོ། ། དང་པོ་ལ་བཞི་ལས། ༡༣དང་པོ་བསྙེན་པའི་ཡན་ལག་༢དཀྱིལ་འཁོར་རྒྱལ་ མཆོག་ལ་༤གཉིས་ལས། རྟེན་གཞལ་ཡས་ཁང་བསྐྱེད་པ་ནི། སྟོང་པའི་ངང་ལས། ནམ་མཁའི་ཁམས་སུ་ཨེ་ལས་ཆོས་འབྱུང་(ཕྱི་དཀར་ལ་ནང་དམར་བའི་མདངས་ཅན་)ཡངས་ཤིང་རྒྱ་ ཆེ་བ་གྲུ་གསུམ་པ། དེའི་ཕྱི་རོལ་ཏུ། འཁོར་ལོ་རྩིབས་བཅུ་པ་རྡོ་རྗེ་ར་གུར་ གྱི་རང་བཞིན་དུ་བསྒོམ། དེའི་ནང་དུ་ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་ 2-1-311 དབྱིབས་ཅན། དཔག་ཚད་འབུམ་ཕྲག་བཞི་པ་རྒྱལ་མཚན་གྱིས་མཚན་པ། རྃ་ལས་མེའི་ དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་(དཔག་ཚད་)འབུམ་ཕྲག་གསུམ་པ་གཡུང་དྲུང་གིས་མཚན་ པ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་འབུམ་ཕྲག་གཉིས་པ་པད་མས་མཚན་ པ། ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་འབུམ་ཕྲག་གཅིག་པ་འཁོར་ལོས་མཚན་ པ་བསམ། འབྱུང་པ་རྣམས་ཀྱི་སྟེང་འོག་ཏུ་ཧཱུྃ་ལས་བྱུང་པའི་སྣ་ཚོགས་རྡོ་རྗེས་མཚན་པའོ། ། དེའི་སྟེང་དུ་མྃ་ལས་རི་རབ་ལྷུན་པོ་འོག་གི་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་སྟེང་གི་རྒྱར་ ལྔ་བཅུ་ཡོད་པ། དེའི་དབུས་སུ་ཀྵྃཿལས་པད་མ་རི་རབ་ཀྱི་ཕྱེད། དེའི་སུམ་ཆ་པད་མའི་ལྟེ་བ། དེ་དང་མཉམ་པའི་ཧཾ་ལས་ཟླ་བ། ཨཿལས་ཉི་མ། ཨྃ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་སྔོན་ པོ། དེ་རྣམས་མ་ལུས་པ་རོ་གཅིག་ཏུ་གྱུར་པས་ཧྐྵྨླྺྼྻྂ་ཞེས་པའི་ས་བོན་གྱི་ཡི་གེ་རྣམས་བསྒོམས་ ལ། དེའི་སྟེང་དུ་ཨྃ་འྃ་བྷྲུྃ་ལས་གཞལ་ཡས་ཁང་བསྒོམ་པ་ནི། སའི་དཀྱིལ་འཁོར་གྱི་མཐའ་ ཚུན་ཆད་རྣམ་པར་དག་པ་ལས། ཐུགས་ཀྱི་དཀྱིལ་འཁོར་གྱི་ནང་ནས་ནག་པོ་དམར་པོ་ དཀར་པོའི་ར་བ་གསུམ་ཡོད་པ། དེའི་ནང་ན་བྱང་སེམས་ཀྱི་འཕར་མ་དང་། བར་ས་སྟོང་ པ་དང་། དེ་བཞིན་གཤེགས་པའི་འཕར་མ་ཅུང་ཟད་མཐོ་བ། ཤར་དུ་རལ་གྲིའི་ཀ་བ་བཞི། ལྷོར་རིན་པོ་ཆེའི་ཀ་བ་བཞི། བྱང་དུ་པད་མའི་ཀ་བ་བཞི། ནུབ་ཏུ་འཁོར་ལོའི་ཀ་བ་བཞི་སྟེ་ བཅུ་དྲུག་གི་སྟེང་། རྡོ་རྗེའི་གདུང་གིས་མིག་མངས་རིས་སུ་ཕུབ་པའི་སྟེང་ཕྱུར་བུར་གྱུར་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་ཞིང་། རིན་པོ་ཆེའི་བུམ་པའི་ཏོག་གིས་བརྒྱན་པའོ། ། དཀྱིལ་འཁོར་དེའི་ཤར་ནག་པོ། ལྷོ་དམར་པོ། བྱང་དཀར་པོ། ནུབ་སེར་པོ་སྒོ་བཞི་དང་ ལྡན་པ། སྒོ་བཞིའི་ལོགས་ནས་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་སྟེང་དུ་རྟ་བབས། རིམ་ པ་གསུམ་གསུམ་བརྩེགས་པའི་རིམ་པ་སོ་སོའི་སྣམ་བུ་དང་མྱོས་པ་བསྲུང་པའི་སྟེང་ནས་ཀ་ བ་བཞི་བཞིས་བཏེག་པའི་བར་དུ་མཆོད་པའི་ལྷ་མོའི་གནས་གསུམ་གསུམ་ཡོད་པ། སྟེང་ 2-1-312 དུ་བྱ་འདབ་ཀྱིས་བཀབ་ཅིང་། དེའི་སྟེང་དུ་ཡིད་བཞིན་གྱི་ནོར་བུའི་བུམ་པའི་ཏོག་གིས་ བརྒྱན་པ། སྣམ་བུ་སོ་སོའི་རྩེ་མོ་ལ་རྒྱལ་མཚན་དང་། དབྱུག་པ་དང་མེ་ལོང་རྔ་ཡབ་རྣམས་ ཀྱིས་བརྒྱན་པ། རྟ་བབས་ཀྱི་རྩེགས་འོག་མའི་སྣམ་བུའི་གཡས་གཡོན་དུ། གླང་པོ་ཆེའི་མགོར་ སེང་གེས་མནན་པས་འདེགས་པ། བར་མ་དང་སྟེང་གི་སྣམ་བུ་ལྷ་མོ་རྣམས་ཀྱིས་འདེགས་ པའོ། །སྒོ་འཁྱུད་སོ་སོ་རིན་པོ་ཆེས་བརྒྱན་པ། འདདོ་ཡནོ་གྱི་སྣམ་བུ་དཀར་པའོི་སྟེང་ནས་ མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ། ར་བ་རྣམས་ཀྱི་སྟེང་ན། ཕ་གུ་དམར་པོ་ལ་རིན་པོ་ ཆེའི་ཕྲ་དུས་མས་སྤྲས་པ། དེའི་སྟེང་དུ་དྲ་བ་དང་དྲ་ཕྱེད་སྔོན་པོ་ལ་རིན་པོ་ཆེ་དཀར་པོའི་རྒྱན་ དུ་མས་བརྒྱན་པ། དེའི་སྟེང་དུ་རིན་པོ་ཆེ་དཀར་པོ་ལས་གྲུབ་པའི་བ་གུ་ལི་དང་ཀྲ་མ་ཤི་ཥས་ བསྐོར་བ། ཟུར་བཞིར་སྣ་ཚོགས་རྡོ་རྗེས་མཚན་པ། དེའི་ཕྱི་རོལ་དུ་ས་སེར་པོ། ཆུ་དཀར་པོ། མེ་དམར་པོ། རླུང་ནག་པོ། དེ་གཉིས་ཀྱི་དབུས་སུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ཕྱོགས་ བཞིར། འཁོར་ལོ་དམར་པོ་དང་། མཚམས་བཞིར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པས་ མཚན་པ། སྟེང་དུ་རྐང་བརྒྱད་ཀྱིས་དྲངས་པའི་ཤིང་རྟའི་སྟེང་དུ་འཁོར་ལོ་སྔོན་པོའི་ལྟེ་བར་ ནམ་མཁའི་དཀྱིལ་འཁོར། འོག་ཏུ་ནམ་མཁའ་ལྡིང་གིས་དྲངས་པའི་ཤིང་རྟའི་སྟེང་དུ་འཁོར་ ལོ་ལྗང་ཁུའི་ལྟེ་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །རླུང་གི་ཕྱི་རོལ་ཏུ་རྡོ་རྗེའི་ར་བ་ལྗང་ཁུ། དེའི་ཕྱི་མེ་རི་ཕྱོགས་ཀྱི་ཁ་དོག་ཅན་འབར་བས། བདུད་ཀྱི་ཚོགས་སྲེག་པ་ལ་གཡེལ་བ་མེད་ པ་རྣམས་ངེས་པར་བསམ་མོ། །ཡེ་ཤེས་ཀྱི་འཁོར་ལོའི་ནང་དུ། སཱྃ་ྉྤྃ་ཥཱྃ་ཤཱྃ་ྈྐྃ་(ལྗང་)རྣམས་ ལས་པད་མའི་རྩ་བ། སྡོང་བུ། འདབ་མ། གེ་སར། ལྟེ་བ་དང་བཅས་པའི་པད་མ་ལྗང་ཁུའི་ འོག་གཞི་སྔོན་པོའོ། །ལྟེ་བ་དང་མཉམ་པའི་ༀ་(དཀར་པོ་)ཨཿ(དམར་པོ་)ཧཱུཾ་(ནག་པོ་)ལས་ཟླ་(ལ་ལ་ ན་)ཉི་(ར་ས་ན་)སྒྲ་གཅན་(དབུས་མ་དག་པ་)གྱི་གདན་བསྒོམ་མོ། ། ༈ གཉིས་པ་རྟེན་པ་ལྷ་བསྐྱེད་པ་ལ་གསུམ་ལས། དང་པོ་རྟེན་འབྲེལ་དང་ 2-1-313 པོ་གསུམ་དག་པར་བྱེད་པའི་ལྷ་བསྐྱེད་པ་ནི་པད་མའི་ལྟེ་བའི་གདན་གྱི་སྟེང་དུ། (དབྱངས་ཐུང་ངུ་)ཨ་ཨི་རི་ཨུ་ལི། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་ཨཾ། ཞེས་པ་གཡོན་བསྐོར། (རིང་པོ་)ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱི་ཨཱུ་རཱི་ཨཱི་ཨཱ་ཨཿ ཞེས་པ་གཡས་བསྐོར། དེ་ དག་ལས་ཟླ་བའི་དཀྱིལ་འཁོར་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ། (གསལ་བྱེད་རིང་པོ་)ལླ་ཝྺ་ ཡྻ་ཌྜ་ཌྷྜྷ། ལླ་ཝྺ་ཪྼ་ཡྻ་ཧྷ། སྶ་ྉྤ་ཥྵ་ཤྴ་ྈྐ། ཏྟ་ཐྠ་དྡ་དྷྡྷ་ནྣ། པྤ་ཕྥ་བྦ་བྷྦྷ་མྨ། ཊྚ་ ཋྛ་ཌྜ་ཌྷྜྷ་ཎྞ། ཙྩ་ཚྪ་ཛྫ་ཛྷྫྷ་ཉྙ། ཀྐ་ཁྑ་གྒ་གྷྒྷ་ངྔ་། ཞེས་པ་རྣམས་གཡས་བསྐོར། (ཐུང་ངུ་)ང་གྷ་ག་ཁ་ཀ ཉ་ཛྷ་ཛ་ཚ་ཙ། ཎ་ཌྷ་ཌ་ཋ་ཊ། མ་བྷ་བ་ཕ་པ། ན་ངྷ་ད་ཐ་ཏ། ྈྐ་ཤ་ཥ་ ྉྥ་ས། ཧ་ཡ་ར་ཝ་ལ། ཌྷ་ཌ་ཡ་ཝ་ལ། ཞེས་པ་གཡོན་བསྐོར། དེ་དག་ལས་ཉི་མའི་དཀྱིལ་ འཁོར་མཉམ་པ་ཉིད་ཀྱི་ཡེ་ཤེས། ཉི་ཟླའི་བར་དུ་ཧཱུྃ་སྔོན་པོས་སོ་སོར་རྟོག་པའི་ཡེ་ཤེས་དེ་ རྣམས་གཅིག་ཏུ་འདྲེས་པ་ཧི་ཡིག་ནག་པོ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ཡན་ལག་གི་ཆ་ཡོངས་ སུ་རྫོགས་པ་ཧྃ་ཡིག་ལྗང་ཁུ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཧྃ་ རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དྲི་མ་མེད་པའི་འོད་ ཟེར་ལྔ་འཕྲོ་ཞིང་དགེས་པ། སྐུ་མདོག་སྔོན་པོ། མགྲིན་པ་གསུམ་པ། ཞལ་བཞི། ཕྱག་ཉི་ཤུ་ རྩ་བཞི་པའོ། །མགྲིན་པ་དབུས་མ་སྔོ་བ། གཡས་དམར་བ། གཡོན་དཀར་བ། ཞལ་བཞིའི་ མདུན་ཞལ་མཆེ་བ་གཙིགས་པ་ནག་པོ། གཡས་ཆགས་པའི་བདག་ཉིད་དམར་པོ། གཡོན་ ཞི་བ་དཀར་པོ། རྒྱབ་ཏིང་ངེ་འཛིན་ལ་གནས་པ་སེར་པོ། ཞལ་རེ་རེ་ལའང་དམར་ཞིང་ཟླུམ་ པའི་སྤྱན་གསུམ་གསུམ་དང་ལྡན་པ། སྐུ་ལ་རྡོ་རྗེའི་རྣ་རྒྱན། མགུལ་རྒྱན། རྐ་རགས། ཕྱག་ གདུབ། ཞབས་གདུབ། རལ་པའི་ཅོད་པན་སྤྱི་བོར་བཅིངས་པའི་རྩེ་མོར་སྣ་ཚོགས་རྡོ་རྗེས་ མཚན་པ། གཙུག་ཏོར་དུ་རྡོ་རྗེ་ནོར་བུ་དང་། ནོར་བུའི་སྟེང་དུ་ཟླ་ཕྱེད་དང་དར་དཔྱངས་ཀྱིས་ མཛེས་པ། སྐུ་ཐམས་ཅད་ལ་ཐལ་ཆེན་གྱི་རྒྱ་དང་། ཕྲག་པ་ལ་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་ 2-1-314 པ། སྟག་གི་ལྤགས་པས་སྨད་གཡོགས་པ། བདུད་རིགས་བརྒྱའི་མགོའི་ཕྲེང་པ་ཕྲག་པ་ལ་ འཆང་པ། དབུ་ལ་ཐོད་པ་ལྔའི་དབུ་བརྒྱན་ཅན། གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་དང་ལྡན་ པ། དཔུང་པ་དྲུག་གི་གཡས་གཡོན་གཉིས་ཁའི་དང་པོ་སྔོ་བ། བར་པ་དམར་བ། ཐ་མ་དཀར་ པོའོ། །ཕྱག་ངར་བཅུ་གཉིས་ཀྱི་གཡས་གཡོན་གཉིས་ཀའི་གཉིས་སྔོན་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ཉི་ཤུ་རྩ་བཞིའི་གཡས་ཀྱི་ནག་པོ་བཞིར། རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག དམར་པོ་བཞིར། མདའ། (མེའི་) ལྕགས་ཀྱུ། (རྡོ་རྗེའི་) ཅང་ཏེའུ། (སྒྲ་དང་བཅས་པའི་) ཐོ་ བ། དཀར་པོ་བཞིར། འཁོར་ལོ། མདུང་། དབྱུག་པ། དགྲ་སྟའོ། །གཡོན་གྱི་ནག་པོ་བཞིར། དྲིལ་བུ། ཕུབ། ཁ་ཊྭཱྃ་ཀ། ཐོད་པ། དམར་པོ་བཞིར། གཞུ། (རྡོ་རྗེ་)ཞགས་པ། རིན་པོ་ཆེ། པད་མ་དཀར་པོ། དཀར་པོ་བཞིར། དུང་། མེ་ལོང་། ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་ བཞི་པ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པའོ། །སེར་མོ་རྣམས་རྣམས་ ཀྱི་ཚིགས་དང་པོ་ནག་པོ། བར་པ་དམར་པོ། ཐ་མ་དཀར་པོའོ། །མཐེ་བོང་སེར་པོ། འཛུབ་ མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་སྔོན་པོ། ཟླ་ཉི་སྒྲ་གཅན་དུ་ མེའི་གདན་གྱི་སྟེང་དུ་ཞབས་གཡས་དམར་པོ་བརྐྱང་པས་འདོད་ལྷ་དམར་པོ་གདོང་གཅིག་ པ། ལག་པ་བཞིའི་གཡས་ན་མདའ་དང་ལྕགས་ཀྱུ། གཡོན་ན་གཞུ་དང་ཞགས་པ་བཟུང་པ། འདོད་པ་མོ་ངུ་བཞིན་པས་འཇུས་པ་མནན་པ། གཡོན་དཀར་པོ་ཅུང་ཟད་བསྐུམ་པས། དྲག་ པོ་དཀར་པོ་གདོང་གཅིག་མིག་གསུམ་པ། ལག་པ་བཞིའི་གཡས་ན་རྩེ་གསུམ་དང་ཌ་མ་རུ། གཡོན་ན་ཐོད་པ་དང་ཁ་ཊྭཱྃ་ཀ་འཛིན་པ། དབུ་མ་ངུ་བཞིན་པས་འཇུས་པ་མནན་པའོ། །དེའི་ པང་དུ་སྣ་ཚོགས་ཡུམ། སྐུ་མདོག་སེར་མོ་ཞལ་བཞི་ཕྱག་བརྒྱད་མ། ཞལ་བཞིའི་མདུན་ཞལ་ སེར། གཡས་དཀར། གཡོན་དམར། རྒྱབ་ནག་པའོ། །ཕྱག་བརྒྱད་ཀྱི་གཡས་བཞི་ན། གྲི་ གུག ལྕགས་ཀྱུ། སྒྲ་དང་བཅས་པའི་ཅང་ཏེའུ། ཕྲེང་པ། གཡོན་བཞི་ན། ཐོད་པ། ཞགས་ 2-1-315 པ། པད་མ་(དཀར་པོ་)འདབ་བརྒྱད། རིན་པོ་ཆེའོ། །ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་ པ། ཞབས་གཡོན་བརྐྱང་ཞིང་། གཡས་བསྐུམ་པས་ཡབ་ལ་ འཁྲིལ་བ། ཕྱག་རྒྱ་ལྔས་བརྒྱན་པ། དམིགས་བཅས་སྟོང་ཉིད་ཀྱི་རང་བཞིན་ཡེ་ཤེས་ཀྱི་ཕར་ ཕྱིན་ཡིན་ལ། ཤེར་ཕྱིན་ཡང་དེའི་ནང་དུ་འདུས་སོ། །སྦྱིན་པ་ལ་སོགས་པའི་རང་བཞིན་ནུས་ མ་རྣམས་པད་མའི་འདབ་མ་ལ་བསྒོམ་སྟེ། ཤར་དུ་ནག་མོ་འབར་མ། མདུན་ཞལ་གནག གཡས་དམར། གཡོན་དཀར། རྒྱབ་སེར་བ། ཕྱག་བརྒྱད་ཀྱི་གཡས་བཞི་ན། བདུག་སྤོས། ཙན་དན། གུར་གུམ། ག་པིར་གྱི་སྣོད། གཡོན་བཞི་ན། དྲིལ་བུ། པད་མ། ལྷ་ཤིང་གི་མེ་ཏོག མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བའོ། །ལྷོར་དམར་མོ་འབར་མ། མདུན་ཞལ་དམར། གཡས་སེར། གཡོན་ནག རྒྱབ་དཀར་བ། ཕྱག་གཡས་བཞི་ན། མར་མེ། མུ་ཏིག་གི་དོ་ཤལ། ཅོད་པན། གདུ་བུ། གཡོན་བཞི་ན། གོས། སྐ་རགས། རིན་པོ་ཆེའི་རྣ་རྒྱན། རྐང་གདུབ་པོ། བྱང་དུ་ དཀར་མོ་འབར་མ། མདུན་ཞལ་དཀར། གཡས་གནག གཡོན་སེར། རྒྱབ་དམར་བ། ཕྱག་ གཡས་བཞི་ན། འོ་མ། ཆུ། སྨན་བཟང་པོ། ཆང་གི་སྣོད། གཡོན་བཞི་ན། བདུད་རྩིའི་སྣོད། དངོས་གྲུབ་ཀྱི་བཅུད། བདུད་རྩིའི་འབྲས་བུ་འབྲས་ཆན་གྱི་སྣོད་དོ། །ནུབ་ཏུ་སེར་མོ་འབར་ མ། མདུན་ཞལ་སེར་བ། གཡས་དཀར། གཡོན་དམར། རྒྱབ་གནག ཕྱག་གཡས་བཞི། དུང་། གླིང་བུ། ནོར་བུ། ཌ་མ་རུ། གཡོན་བཞི་ན། པི་ཝཾ། རྫ་རྔ། ཆ་ལང་། ཟངས་དུང་ངོ་། །ཤར་ ལྷོར་དུ་བ་མ། ལྷོ་ནུབ་ཏུ་སྨིག་རྒྱུ་མ། བྱང་ཤར་དུ་མེ་ཁྱེར་མ། ནུབ་བྱང་དུ་མར་མེ་མ་སྟེ། སྐུ་ མདོག་དང་ཞལ་ཕྱག་བཞི་དང་མཚུངས་ཤིང་། ཕྱག་མཚན་རྔ་ཡབ་བརྒྱད་འཛིན་པ། ལྷ་མོ་ རྣམས་ཀྱི་ཞལ་རེ་རེའང་སྤྱན་གསུམ་གསུམ་དང་ལྡན་པ། མཉམ་པའི་སྟབས་ཀྱིས་བཞུགས་ པའོ། །གྲུ་བཞིའི་ཤར་ལྷོར་ཡིད་བཞིན་གྱི་ནོར་བུ་ནག་པོ། ལྷོ་ནུབ་ཏུ་ཆོས་ཀྱི་གྷན་ད་ྷེདམར་པོ། བྱང་ཤར་དུ་ཆོས་ཀྱི་དུང་དཀར་པོ། ནུབ་བྱང་དུ་དཔག་བསམ་གྱི་ཤིང་སེར་པོ་རྣམས་བསྐྱེད། 2-1-316 གཉིས་པ་མིང་གཟུགས་ལ་སོགས་པ་དག་པར་བྱེད་པའི་ལྷ་སྤྲོ་བ་ནི། ཡབ་ཡུམ་གཉིས་ ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཁར་ཧཱུྃ། ལྟེ་བར་ཧོ། ཡབ་ཀྱི་གཙུག་ཏོར་དུ་ཧྃ་ སྔོན་པོ། གསང་བར་ས་ལྗང་ཁུ། ཡུམ་གྱི་མཁའ་མི་དམིགས་པ་ལས། ཨཿལས་པད་མ་འདབ་ བརྒྱད་དམར་པོའི་ལྟེ་བར་ཧཱུཾ་ལས་རྡོ་རྗེས་མཚན་པ། ཡབ་ཀྱི་གསང་པ་མི་དམིགས་པ་ལས། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་སྔོན་པོའི་ལྟེ་བར་ཨཿལས་པད་མས་མཚན་པར་བྱིན་གྱིས་བརླབས་ཏེ། ཧཱུྃ་ཕཊ་ཞེས་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་པའི་སྒྲས་ཕྱོགས་བཅུའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་ཁྲོ་མོ་ལ་སོགས་པ་བསྐུལ་ནས་ཡབ་ཡུམ་ལ་གཞུག དེ་ནས་ཡུམ་ལས་འཕྲོས་ཏེ་ཡབ་ཀྱི་ཐུགས་ཁར་ཞུགས་པས། བྱང་སེམས་ཀྱི་རྣམ་པར་གྱུར་ ཏེ། ཡུམ་གྱི་པད་མའི་ནང་དུ་བབས། དེ་ཡོངས་སུ་གྱུར་པ་ལས་རྟེན་དང་བརྟེན་པར་བཅས་ པའི་དཀྱིལ་འཁོར་དུ་བསམ་མོ། །དེ་ནས་ཕྱིར་ལྷ་རྣམས་གསལ་བར་སྤྲོ་བ་ནི། དབུས་སུ་ ཨ་ལས་རྡོ་རྗེ་རྩེ་ལྔ་པ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ། ཞལ་དབུས་སྔོ། གཡས་དམར། གཡོན་དཀར་བ། ཕྱག་གཡས་གསུམ་ན། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་ན་དྲིལ་བུ། ཐོད་ པ། ཚངས་པའི་མགོ་བོ་བསྣམས་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྐུ་མདོག་ལྗང་ཁུ། ཕྱག་ མཚན་རང་དང་འདྲ་བས་འཁྱུད་པ་སྤྲོས། སེམས་ཅན་གྱི་དོན་བྱས་ནས་གཙོ་བོ་ལ་ཐིམ་པར་ བསམ། ཤར་དུ་(དཀར་འདྲེ་)པད་ཉིའི་སྟེང་དུ། ཨི་ལས་རལ་གྲི་ལས། དོན་ཡོད་གྲུབ་པ་ནག་ པོ། ཞལ་དབུས་གནག གཡས་དམར། གཡོན་དཀར་བ། ཕྱག་གཡས་ན་རལ་གྲི། གྲི་གུག རྩེ་གསུམ། གཡོན་ན་ཕུབ། ཐོད་པ། ཁ་ཊྭཱྃ་ཀ་བསྣམས་པ། སྤྱན་མས་འཁྱུད་པ། ལྷོར་པད་ ཉིའི་སྟེང་དུ། རི་ལས་རིན་པོ་ཆེ་ལས། རིན་ཆེན་འབྱུང་ལྡན་དམར་པོ། ཞལ་དབུས་དམར་བ། གཡས་དཀར་། གཡོན་གནག་པ། ཕྱག་གཡས་ན་མདའ། ལྕགས་ཀྱུ། ཅང་ཏེའུ། གཡོན་ན་གཞུ། ཞགས་པ། རིན་པོ་ཆེ་ཟུར་དགུ་ 2-1-317 པ་བསྣམས་པ། མ་མཿཀིས་འཁྱུད་པ། བྱང་དུ་པད་ཉིའི་སྟེང་དུ། ཨུ་ལས་པད་མ་ལས། སྣང་ བ་མཐའ་ཡས་དཀར་པོ། ཞལ་དབུས་དཀར། གཡས་གནག གཡོན་དམར་བ། ཕྱག་གཡས་ ན་ཐོ་བ། མདུང་། རྩེ་གསུམ། གཡོན་པ་ན་པད་དཀར། མེ་ལོང་། ཕྲེང་པ་བསྣམས་པ། གོས་ དཀར་མོས་འཁྱུད་པ། ནུབ་ཏུ་པད་ཉིའི་སྟེང་དུ། ལི་ལས་འཁོར་ལོ་ལས་རྣམ་པར་སྣང་མཛད་ སེར་པོ། ཞལ་དབུས་སེར། གཡས་དཀར། གཡོན་གནག་པ། ཕྱག་གཡས་ན་འཁོར་ལོ། དབྱུག་པ། རྡོ་རྗེ། གཡོན་ན་དུང་། ལྕགས་སྒྲོག དྲིལ་བུ་བསྣམས་པ། སྒྲོལ་མས་འཁྱུད་པའོ། ། ཤར་ལྷོར་པད་ཟླའི་(དམར་འདྲེ་)སྟེང་དུ་ཨཱི་ལས། སྒྲོལ་མ་དོན་གྲུབ་ལྟ་བུ་ལ་རྣམ་སྣང་གིས་ འཁྱུད་པ། ལྷོ་ནུབ་ཏུ་པད་ཟླའི་སྟེང་དུ། རཱི་ལས་གོས་དཀར་མོ་རིན་འབྱུང་ལྟ་བུ་ལ་སྣང་མཐས་ འཁྱུད་པ། བྱང་ཤར་དུ་པད་ཟླའི་སྟེང་དུ་ཨཱུ་ལས། མ་མ་ཀི་སྣང་མཐའ་ལྟ་བུ་ལ་རིན་འབྱུང་ གིས་འཁྱུད་པ། ནུབ་བྱང་དུ་པད་ཟླའི་སྟེང་དུ་ལཱི་ལས། སྤྱན་མ་རྣམ་སྣང་ལྟ་བུ་ལ་དོན་གྲུབ་ ཀྱིས་འཁྱུད་པ་བཞུགས་པར་བསམ་མོ། །དེ་བཞིན་གཤེགས་པའི་གཡས་གཡོན་དུ་བུམ་པ་ དཀར་པོ་བརྒྱད། ཤར་ནུབ་ཀྱི་ཁྲོ་བོའི་མདུན་དུ་སྟེང་འོག་གི་བུམ་པ་གཉིས་བསམ་མོ། །ཤར་ སྒོར་པད་ཉིའི་སྟེང་དུ་ཡ་ལས། བགེགས་མཐར་བྱེད་དོན་གྲུབ་ལྟ་བུ་ལ་རེངས་བྱེད་མ་སྤྱན་མ་ འདྲ་བས་འཁྱུད་པ། ལྷོར་སྒོར་པད་ཉིའི་སྟེང་དུ་ར་ལས་ཤེས་རབ་མཐར་བྱེད་རིན་འབྱུང་ལྟ་ བུ་ལ་ང་རྒྱལ་ཅན་མ་མ་ཀི་འདྲ་བས་འཁྱུད་པ། བྱང་སྒོར་པད་ཉིའི་སྟེང་དུ་ཝ་ལས་པད་མ་ མཐར་བྱེད་སྣང་མཐའ་ལྟ་བུ་ལ་རྨོངས་བྱེད་མ་གོས་དཀར་མོ་འདྲ་བས་འཁྱུད་པ། ནུབ་སྒོར་ པད་ཉིའི་སྟེང་དུ་ལ་ལས་གཤིན་རྗེ་མཐར་བྱེད་རྣམ་སྣང་ལྟ་བུ་ལ། སྟོབས་ཅན་མ་སྒྲོལ་མ་འདྲ་ བས་འཁྱུད་པ་བསྒོམ། ཤར་སྒོའི་གཡས་སུ་པད་ཉིའི་སྟེང་དུ་ཨེ་ལས་ནམ་མཁའི་སྙིང་པོ་དོན་ གྲུབ་ལྟ་བུ་ལ། དྲི་རྡོ་རྗེ་མས་འཁྱུད་པ། ལྷོ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་ཨར་ལས་སའི་ སྙིང་པོ་རིན་འབྱུང་ལྟ་བུ་ལ་གཟུགས་རྡོ་རྗེ་མས་འཁྱུད་པ། བྱང་སྒོའི་གཡས་སུ་པད་ཉིའི་སྟེང་ 2-1-318 དུ་ཨོ་ལས་སྤྱན་རས་གཟིགས་དབང་ཕྱུག་སྣང་བ་མཐས་ཡས་ལྟ་བུ་ལ་རོ་རྡོ་རྗེ་མས་འཁྱུད་ པ། ནུབ་སྒོའི་གཡས་སུ་པད་ཉིའི་སྟེང་དུ་ཨལ་ལས་སྒྲིབ་པ་རྣམ་སེལ་རྣམ་སྣང་ལྟ་བུ་ལ་རེག་ བྱ་རྡོ་རྗེ་མས་འཁྱུད་པ། ཤར་སྒོའི་གཡོན་དུ་པད་ཉིའི་སྟེང་དུ་ཨྃ་ལས་ཀུན་ཏུ་བཟང་པོ་རྡོ་རྗེ་ སེམས་དཔའ་(སྐུ་མདོག་ལྗང་ཁུ་ཕྱག་དང་པོ་གཉིས་གྲི་གུག་ཐོད་པ་འཛིན་པ་མིན་པ་མི་བསྐྱོད་པ་དང་འདྲའོ། །) ལྟ་བུ་ལ་ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པ། ལྷོ་སྒོའི་གཡོན་དུ་པད་ཉིིའི་སྟེང་དུ་ཨ་ལས་ཕྱག་ ན་རྡོ་རྗེ་མི་བསྐྱོད་པ་ལྟ་བུ་ལ་སྒྲ་རྡོ་རྗེ་མས་འཁྱུད་པ། ཤར་ལྷོར་པད་ཟླའི་སྟེང་དུ་ཨཱེ་ལས་ རེག་བྱ་རྡོ་རྗེ་མ་སྒྲོལ་མ་ལྟ་བུ་ལ་སྒྲིབ་པ་རྣམ་སེལ་གྱིས་འཁྱུད་པ། ལྷོ་ནུབ་ཏུ་པད་ཟླའི་སྟེང་ དུ་ཨཱར་ལས། རོ་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་ལ་ལོ་ག་དབང་ཕྱུག་གིས་འཁྱུད་པ། བྱང་ཤར་ དུ་པད་ཟླའི་སྟེང་དུ་ཨོ་ལས་གཟུགས་རྡོ་རྗེ་མ་མ་མ་ཀི་ལྟ་བུ་ལ་སའི་སྙིང་པོས་འཁྱུད་པ། ནུབ་ བྱང་དུ་པད་ཟླའི་སྟེང་དུ་ཨཱལ་ལས་དྲི་རྡོ་རྗེ་མ་སྤྱན་མ་ལྟ་བུ་ལ་ནམ་མཁའི་སྙིང་པོས་འཁྱུད་པ། བྱང་སྒོའི་གཡོན་དུ་པད་ཟླའི་སྟེང་དུ་ཨཱ་ལས་སྒྲ་རྡོ་རྗེ་མ་ཀུན་བཟང་ལྟ་བུ་ལ་ཕྱག་ན་རྡོ་རྗེས་ འཁྱུད་པ། ནུབ་སྒོའི་གཡོན་དུ་པད་ཟླའི་སྟེང་དུ་ཨཱྃ་ལས་ཆོས་དབྱིངས་རྡོ་རྗེ་མ་ཕྱག་ན་རྡོ་རྗེ་ ལྟ་བུ། ཀུན་ཏུ་བཟང་པོས་མཉམ་པར་སྦྱོར་བ་སྤྲོས་ནས་བཞུགས་པར་བསམ་མོ། །ཕྱོགས་སུ་ ཐབས་རྣམས་གཙོ་བོ་སྟེ། །མཚམས་སུ་ཤེས་རབ་གཙོ་མོའོ། །སངས་རྒྱས་བྱང་ཆུབ་སེམས་ དཔའ་རྣམས། །རྡོ་རྗེ་དཀྱིལ་དཀྲུང་དག་གིས་བཞུགས། །དེ་དག་གི་ནི་ཤེས་རབ་རྣམས། །པད་ མའི་འདུག་སྟངས་དག་གིས་གནས། །ཁྲོ་བོ་རྣམས་ནི་གཡས་བརྐྱང་ཞིང་། །ཤེས་རབ་ཁྲོ་མོ་ གཡོན་བརྐྱང་ངོ་། །རྒྱན་ལ་སོགས་པའི་ཆ་ལུགས་གཞན། །གཙོ་བོ་བཞིན་དུ་ཤེས་པར་བྱ། ། འདོད་ཡོན་གྱི་སྣམ་བུའི་ཤར་དུ་དྲི་མ་དང་ཕྲེང་བ་མ། ལྷོར་སྤོས་མ་དང་མར་མེ་མ། བྱང་དུ་ (ཡང་ན་འོག་ཏུ་)ལྷ་བཤོས་མ་དང་བདུད་རྩིའི་འབྲས་བུ་མ། (སྟེ་དྲི་ཆེན་དྲི་ཆུའི་རྩིའི་ཕྱིར་རོ། །ཞེས་འགྲེལ་ ཆེན་དུ་གསུངས་སོ། །)ནུབ་ཏུ་སྒེག་མོ་དང་བཞད་མ། (བྱང་)སྟེང་དུ་སྒྲ་མ་དང་གར་མ། འོག་ཏུ་གླུ་མ་ 2-1-319 དང་འདོད་མའོ། །སའི་ཁོར་ཡུག་གི་བྱང་ཤར་དུ་ཟླ་བ་འཆར་བཞིན་པ། ལྷོ་ནུབ་ཏུ་ཉི་མ་ནུབ་ བཞིན་པ། མེ་རླུང་གི་དབུས་ཀྱི་དུར་ཁྲོད་ཀྱི་ཤར་དུ་ཁྱི་གདོང་། ལྷོར་ཕག་གདོང་། བྱང་དུ་སྟག་ གདོང་། ནུབ་ཏུ་ལྕེ་སྤྱང་གདོང་། ཤར་ལྷོར་བྱ་ཁྱུང་གདོང་། ལྷོ་ནུབ་ཏུ་འུག་གདོང་། བྱང་ཤར་ དུ་རྒོད་གདོང་། ནུབ་བྱང་དུ་བྱ་རོག་གདོང་། གཞན་ཡང་། ཕྱོགས་སྐྱོང་། གཟའ། སྐར་མ། ཁྱིམ་བཅུ་གཉིས། དུས་བཅུ་དྲུག ནག་པོ་ཆེན་པོ། བྷྲིང་གི་རི་ཏི་ལ་སོགས་པ་འཁོར་མང་པོ་ དང་བཅས་པ། གྲུབ་པ་ཉི་ཁྲི་ཆིག་སྟོང་། འབྱུང་པོ་བྱེ་བ་ཕྱེད་དང་བཞི་སྒྲུབ་པ་པོ་ལ་དགྱེས་ ཤིང་། གདུག་པ་ཅན་ཚར་གཅོད་པ་མཚོན་ཆ་སྣ་ཚོགས་བསྣམས་པ་རྣམས་ཀྱང་སྤྲོ་ཞིང་ གསལ་གདབ་པོ། ། ༈ གསུམ་པ་སྙིང་རྗེའི་དབང་སེམས་ཅན་ཐམས་ཅད་ལ་བསྐུར་བས་ཐམས་ཅད་ལྷར་སྤྲོ་ བ་ནི། དེ་ལྟར་དཔལ་དུས་ཀྱི་འཁོར་ལོ་ཡེ་ཤེས་ལྔའི་བདག་ཉིད་རྡོ་རྗེ་སེམས་དཔའི་དབུ་རྒྱན་ ཅན་འཁོར་དང་བཅས་པ་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ དུ་བསྒོམ། ༈ དེ་ནས་ལྷ་རྣམས་ཀྱི་ཐུགས་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཏེ། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་དུ་ཞུགས་པར་ བསམ་མོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་ཚོགས་ཐམས་ཅད་གཙོ་བོའི་ ཐུགས་ཁར་ཞུགས་པས་བྱང་སེམས་སུ་ཞུ་བར་གྱུར་ཏེ། རང་གི་གསང་པའི་རྡོ་རྗེ་ལས་སྤྲོས་ པའི་བྱང་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བའི་བྱང་སེམས་ཀྱིས་སེམས་ ཅན་ཐམས་ཅད་ལ་རེག་པས་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་དྲི་མ་དག་ཅིང་། བདེ་ བས་གང་པས། ཀྵ་ཀྵི་ཀྵ་ཀྵུ་ཀྵླ་ལས་ཕུང་པོ་ལྔ་སྒྲིབ་པ་བྲལ་བའི་སངས་རྒྱས་ལྔ། ཀྵཱ་ཀྵཱི་ཀྵ་ཀྵཱུ་ ཀྵླ་ལས་ཁམས་ལྔ་ཡུམ་ལྔ། ཀྵ་ཀྵེ་ཀྵར་ཀྵོ་ཀྵླ་ཀྵཾ་ལས་དབང་པོ་དྲུག་སེམས་དཔའ་དྲུག ཀྵཱ་ 2-1-320 ཀྵཱཻ་ཀྵཱར་ཀྵཱཽ་ཀྵླ་ཀྵཿ ཡུལ་རྣམས་སེམས་མ་དྲུག ཀྵྷ་ཀྵྻ་ཀྵ་ཀྵྺ་ཀྵླ། ལས་ཀྱི་དབང་པོ་ལྔ་ཁྲོ་བོ་ ལྔ། ཀྵྷ་ཀྵྻ་ཀྵ་ཀྵྺ་ཀྵླཱ། ལས་ཡུལ་དུ་ཁྲོ་མོ་ལྔར་གྱུར་ཏེ། ཞལ་གསུམ་པའམ་སྣ་ཚོགས་ པ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དཀྱིལ་འཁོར་གྱི་རྣམ་པར་སྐད་ཅིག་གིས་གྱུར། དེ་ དག་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་ཁར་ཧཱུྃ་གིས་ཡེ་ཤེས་པར་བྱིན་གྱིས་ བརླབས་ནས་རང་རང་གི་ཞིང་དུ་གཤེགས་པར་བསམ་མོ། །རྒྱས་པར་ན་ལྷ་མོའི་གསང་པར་ ས་བོན་རེ་རེས་ལྷ་སོ་སོར་རྫོགས་པར་བྱས་ཏེ་སྤྲོའོ། ། ༈ གཉིས་པ་ལས་རྒྱལ་མཆོག་ཉེ་བར་བསྒྲུབ་པའི་ཡན་ལག་ལ་དྲུག་ལས། དང་པོར་ དམ་ཚིག་སེམས་དཔའ་བཞེངས་སྤྲོའི་ཡན་ལག་ལ་བཞི་ལས། གཙོ་བོ་འོད་དུ་ཞུ་ནས་ བཞུགས་པ་ནི། ལྟེ་བ་དང་གཙུག་ཏོར་དུ་ཧོ། དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། རྣམས་གསལ་གདབ་ཅིང་མཁའ་གསང་བྱིན་གྱིས་བརླབས་པའང་སྔར་བཞིན་བྱས་ལ། ལྟེ་ བའི་ཧོའི་འོད་ཟེར་གྱིས།འཁརོ་ལོ་རྣམས་བྱང་ཆུབ་སེམས་བཞུ་ཞིང་། ཤེས་རབ་ཀྱི་ཆགས་ པའི་བདེ་བ་ཆེན་པོས་ཡབ་ཡུམ་བཞུ་ནས་བདེ་སྟོང་དབྱེར་མེད་པའི་འོད་ཀྱི་ཐིག་ལེར་ བཞུགས་པར་བསམ་མོ། །ཞུ་བ་ལས་ལྷ་མོ་གླུས་བསྐུལ་བ་ནི། སྤྱན་མ་(བཏང་སྙོམས་བདག་ནི་ འགྲོ་བའི་ཡུམ། །རྒྱུ་མཐུན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་ པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་(དགའ་བ་)ཀཱི་བདག་སྲིང་མོ་སྟེ། །རྣམ་ སྨིན་རྣལ་འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་ བཞེངས་ལ་བདག་འདོད་མཛོད། །གོས་(སྙིང་རྗེ་)དཀར་བདག་ནི་བུ་མོ་སྟེ། །སྐྱེས་བུ་རྣལ་ འབྱོར་ལ་གནས་པ། །བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་ བདག་འདོད་མཛོད། །སྒྲོལ་(བྱམས་པ་)མ་བདག་ནི་ཚ་མོ་སྟེ། །དྲི་མེད་རྣལ་འབྱོར་ལ་གནས་པ། ། བདག་ནི་དཀྱིལ་འཁོར་རང་བཞིན་པས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །ལྷ་ 2-1-321 མོ་བཞི་ཀས་མགྲིན་གཅིག་ཏུ། སྟོང་པའི་དཀྱིལ་འཁོར་ལ་གནས་ནས། །འགྲོ་བ་སྒྲོལ་བའི་ ཐུགས་དགངོས་ཀྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྣམས། །འགྲོ་བའི་མགོན་པོས་སྤྲོ་ བར་མཛོད། །ཅེས་པས་བསྐུལ་ལོ། །བསྐུལ་བས་གཙོ་བོ་ཡབ་ཡུམ་བཞེངས་པ་ནི། འོད་ཀྱི་ ཐིག་ལེ་ཧཱུྃ་དུ་གྱུར། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དེ་ལས་དུས་ཀྱི་འཁོར་ལོ་མི་བསྐྱོད་པའི་དབུ་རྒྱན་ ཅན། ཕྲེཾ་ལས་གྲི་གུག་དེ་ལས་སྣ་ཚོགས་ཡུམ་དང་བཅས་པ་སྔར་བཞིན་གསལ་བཏབ་སྟེ་ ལྷའི་ང་རྒྱལ་གྱི་དོན་དུ། ༀ་(ངོ་བོ་ཉིད་)སུ་བི་ཤུདྡྷ་(ཀྱིས་དག་པ་)དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་(ཆོས་ཀྱི་དབྱིངས་ རང་བཞིན་བདག་མེད་ཡིན་)ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པར་བྱའོ། །བཞངེས་ནས་དམ་ཚིག་གི་དཀྱིལ་ འཁོར་སྤྲོ་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲས་ནམ་མཁར་བཞུགས་ པའི་སངས་རྒྱས་རྣམས་དང་། དཀྱིལ་འཁོར་བ་རྣམས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་ རང་གི་ལུས་ལ་ཞུགས་ཏེ་ཤེས་རབ་ཀྱི་པད་མར་ས་བོན་གྱི་ཡི་གེ་སོ་སོ་ལས་ཕྱག་མཚན། དེ་ ལས་སྐུ་མདོག་དང་ཞལ་ཕྱག་དང་མཚན་མ་བཞུགས་སྟངས་ལ་སོགས་པ་སྔ་མ་བཞིན་དུ་སྤྲོ་ བའི་ས་བོན་རྣམས་ནི། ཨ་ཨཱ་ཨྃ་ཨཿ ཧ་ཧཱ་ཧྃ་ཧཿ ནུས་མ་བརྒྱད། ཧཱུྃ་ཨཿༀ་ཧོ་ལས་ཟུར་ བཞིའི་མཚན་མ་བཞི། ཨྃ་ཨཿ ལས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཨ་ཨཱཿ ལས་མི་བསྐྱོད་ པ་ཡབ་ཡུམ་སྤྲོས་ཏེ་གཙོ་བོ་ལ་གཞུག ཨི་རི་ཨུ་ལི་ལས་རིགས་བཞི། ཨཱི་རི་ཨཱུ་ལཱི་ལས་ཡུམ་ བཞི། ཧྃ་ཧཱྃ། (སྟེང་འོག) ཧིཾ་ཧཱིཾ། (ཤར་ཤར་ལྷོ་) ཧྲྼིཾ་ཧྲྼིཾ། (ལྷོ་ལྷོ་ནུབ། ) ཧུྃ་ཧཱུྃ། (བྱང་བྱང་ཤར། ) ཧླི་ཧླཱི་ (ནུབ་ ནུབ་བྱང་)ལས་བུམ་པ་བཅུ། ཡ་ར་ཝ་ལ་ལས་ཁྲོ་བོ་བཞི། ཨ་ཨེ་ཨར་ཨོ་ཨལ་ཨྃ་ལས་སེམས་ དཔའ་དྲུག ཨཱ་ཨཱེ་ཨཱར་ཨཱོ་ཨཱལ་ཨཱྃ་ལས་སེམས་མ་དྲུག ཀྑྒྒྷྔ་ ཀྑྒྒྷྔཱ། ཙྪྫྫྷྙ་ཙྪྫྫྷྙཱ། ཊྛྜྜྷྞ་ ཊྛྜྜྷྞཱ། པྥྦྦྷྨ་ པྥྦྦྷྨཱ། ཏྠྡྡྷྣ་ ཏྠྡྡྷྣཱ། སྉྤཥཤྈྐ། སྉྤཥཤ ྈྐཱ། ལས་འདོད་ཡོན་གྱི་ལྷ་མོ་བཅུགཉིས། དུར་ཁྲོད་ཀྱི་ཤར་དུ། ཀྑྒྒྷྔ། ལྷོར་ཀྵྻྼྺླ། ནུབ་ཏུ་སྉྤཥཤྈྐ། བྱང་དུ་ཧྻྼྺླ། མཚམས་ཀྱི་མེར་ཉྫྷྫྪྩ། བདེན་བྲལ་དུ་ 2-1-322 ཎྜྷྜྛྚ། རླུང་དུ་ ནྡྷྡྠྟ། དབང་ལྡན་དུ་མྦྷྦྥྤ། ཞེས་པ་ལ་སོགས་པའི་ཡིག་འབྲུ་ དང་མཚན་མ་སྣ་ཚོགས་ལས། གདོང་མ་བརྒྱད་ལ་ སོགས་པ་སྣ་ཚོགས་པ་སྤྲོའོ། །དེ་ ལྟར་ས་བོན་རྣམས་ལས་གཡས་ཀྱི་ཕྱག་མཚན་དང་ པོར་གྱུར། དེ་ལས་སྐུ་རྫོགས་པར་ བསྐྱེད་པ་སྔར་བཞིན་རང་རང་གི་གདན་ལ་སྤྲོའོ། །གདན་གྱི་པད་མ་རྣམས་ཀྱི་རྩ་བ་དང་སྡོང་ བུ་ནི་ཨ་ལས། འདབ་མ་དང་གེ་སར་ཨཱུ་ལས་ཟླ་བ། མ་ལས་ཉི་མ། ར་ལས་དེ་རྣམས་འདུས་ པ་ༀ་ཡིག་གོ། ། གཉིས་པ་ཡེ་ཤེས་སེམས་དཔའ་དགུག་གཞུག་རྒྱས་གདབ་ཀྱི་ཡན་ལག་ལ་གཉིས་ལས། ཡེ་ཤེས་དགུག་གཞུག་བྱ་བ་ནི། རང་གི་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་ལ་ཛཿཧཱུྃ་བྃ་ཧོཿཧི་ བསྒོམ། ཛཿ ལས་རྡོ་རྗེ་ཤུགས་ཞལ་བཞད་ཅིང་མཆེ་བ་གཙིགས་པ་རྐང་པ་བརྒྱད་པའི་ཤིང་ རྟ་ལ་ཆིབས་པ་སྤྲོས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་ཅི་འདྲ་བའི་ལྟེ་བར་ལྕགས་ཀྱུས་ བཏབ། ཞགས་པས་བཅིངས། མཚོན་ཆ་སྣ་ཚོགས་ཀྱིས་བསྡིགས་པར་བྱེད་པས་བཀུག་ནས། རྡོ་རྗེ་ཤུགས་རང་ལ་བསྟིམ་མོ། །དེ་ལ་མཆོད་པ་བཅུ་གཉིས་ཀྱིས་མཆོད་དེ། ཧཱུྃ་ལས་ཤེས་ རབ་མཐར་བྱེད་ཀྱིས་གཞུག བྃ་ལས་གཤིན་རྗེ་མཐར་བྱེད་ཀྱིས་བཅིང་། ཧོ་ལས་པད་མ་ མཐར་བྱེད་ཀྱིས་མཉེས། ཧཱི་ལས་བགེགས་མཐར་བྱེད་ཀྱིས་གཙོ་བོ་ནས་བརྩམས་ཏེ་ཡེ་ཤེས་ པ་དང་དམ་ཚིག་པ་རོ་མཉམ་པ་རྒྱས་གདབ་པར་བྱའོ། ། རིགས་བདག་གིས་རྒྱས་གདབ་ནི། མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་གཉིས་ཕན་ ཚུན་ཐབས་དང་ཤེས་རབ་ཀྱི་རྒྱས་གདབ་ཡིན་པས་གཉིས་ཀ་ཐུགས་རྡོ་རྗེ། ཆོས་གོས་འཛིན་ པ། གཙུག་ཏོར་དང་ལྡན་པ། རྡོ་རྗེ་དཀྱིལ་དཀྲུངས་ཀྱིས་བཞུགས་པ། ཕྱག་རྒྱ་ས་ལ་རེག་པ་ སྤྲུལ་པའི་སྐུའི་རྣམ་པས་རྒྱས་གདབ་པོ། །རྣམ་པར་སྣང་མཛད་ལ་མི་བསྐྱོད་པ། འོད་དཔག་ མེད་ལ་རྣམ་སྣང་། རིན་འབྱུང་ལ་འོད་དཔག་མེད། དོན་གྲུབ་ལ་རིན་འབྱུང་། ཤར་དང་ཤར་ 2-1-323 ལྷོའི་ལྷ་རྣམས་ལ་དོན་གྲུབ། ལྷོ་དང་ལྷོ་ནུབ་ཀྱི་ལྷ་རྣམས་ལ་རིན་འབྱུང་། བྱང་དང་བྱང་ཤར་ གྱི་ལྷ་རྣམས་ལ་འོད་དཔག་མེད། ནུབ་དང་ནུབ་བྱང་གི་ལྷ་རྣམས་ལ་རྣམ་སྣང་། སྟེང་གི་ལ་མི་ བསྐྱོད་པ། འོག་གི་ལ་རྡོ་རྗེ་སེམས་དཔས་རྒྱས་གདབ་སྟེ། དེ་དག་ཀྱང་(དེ་དཀྱིལ་དཀྲུངས་ཀྱིས་ བཞུགས་པ་)རལ་པའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པའི་རྣམ་པའོ། ། གསུམ་པ་དབང་བསྐུར་བ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཡན་ལག་ནི། དཔྲལ་ བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ་ལས་འཁོར་ལོ་རྩིབས་བརྒྱད་ པ། དེ་ལས་སྐུ་རྡོ་རྗེ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་དཀར། གཡས་གནག གཡོན་དམར་བ། ཕྱག་གཡས་ན་འཁོར་ལོ། རྡོ་རྗེ། པད་མ། གཡོན་ན་རལ་གྲི། དྲིལ་ བུ། ནོར་བུ་འཛིན་པ། ཤེས་རབ་མ་(དམར་མོས་འཁྱུད་པ་)དང་བཅས་པ་སྤྲོས་ཏེ། ནམ་མཁའི་ ཁམས་གང་པས་སྐུ་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པར་མཛད་ནས་ རང་གི་མདུན་གྱི་ནམ་མཁར་བཞུགས་པ་ལ། ༀ་ཨ་བྷི་ཥིཉྩ་ཏུ་(དབང་བསྐུར་དུ་གསོལ་)མྃ་ཀ་ ཡ་བཛྲ་དྷ་(སྐུ་རྡོ་རྗེ་འཛིན་པ་)ར། ཞེས་གསོལ་བ་བཏབ་པས། སྐུའི་རིགས་ཀྱི་ལྷ་མོ་བདུད་རྩིས་ གང་པའི་(རིན་པོ་ཆེའི་)བུམ་པ་བསྣམས་པ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བས། (ༀ་ཨཱ་ ཨཱི་རཱི་ཨཱུ་ལཱི་པཉྩ་དྷ་ཏུ་བི་ཤོ་དྷ་ནི་སྭཱཧཱ་ཞེས་) ལུས་ཀྱི་སྒྲིབ་པ་དག་པར་བསམ། དེ་ནས་སྐུ་རྡོ་རྗེ་དཔྲལ་ བར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ལ། དཔལ་ལྡན་རྡོ་རྗེ་སྐུ་འཆང་པ། །རྡོ་རྗེ་མི་ཕྱེད་ གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །སྐུའི་རྡོ་རྗེར་མཛད་དུ་གསོལ། ། ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་ བདག་བྱིན་གྱིས་བརླབས་ནས་སུ། །སྐུའི་རྡོ་རྗེར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་བརླབས་བྱས་པར་བསམ་ལ། དཔྲལ་བར་ཟླ་བ་ ལ་ༀ་དཀར་པོ་བསྒོམ། མགྲིན་པར་རཿལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཿལས་པད་ 2-1-324 མ་དམར་པོ་འདབ་མ་བརྒྱད་པ། དེ་ལས་གསུང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། ཞལ་དབུས་ དམར། གཡས་དཀར། གཡོན་གནག ཕྱག་གཡས་ན་པད་མ། རྡོ་རྗེ། འཁོར་ལོ། གཡོན་ ན། ནོར་བུ། དྲིལ་བུ། རལ་གྲི་འཛིན་པ། ཤེས་རབ་མ་(དཀར་མོ་)དང་བཅས་པ་མགྲིན་པ་ནས་ སྤྲོས་ཏེ་ནམ་མཁའི་ཁམས་ཡོངས་སུ་གང་པས་གསུང་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ ལ་ཆོས་བསྟན་པར་མཛད་ནས། རང་གི་མདུན་གྱི་ནམ་མཁར་བཞུགས་པ་ལ། ༀ་ཨ་བྷི་ཥིཉྩ་ ཏུ་མྃ་བག་བཛྲ་ཎ། ཞེས་གསོལ་བ་བཏབ་པས་གསུང་གི་རིགས་ཀྱི་ལྷ་མོ་བདུད་རྩིས་གང་ པའི་བུམ་པ་ཐོགས་པ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བས་ངག་གི་དྲི་མ་དག་པར་ བསམ། དེ་ནས་གསུང་རྡོ་རྗེ་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་བཞུགས་ལ། དཔལ་ལྡན་ རྡོ་རྗེ་གསུང་འཆང་པ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་ སུ། །གསུང་གི་རྡོ་རྗེར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས། ། རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །གསུང་གི་རྡོ་རྗེར་ མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་ གྱིས་བརླབས་པར་བསམས་ལ། མགྲིན་པར་ཉི་མ་ལ་ཨཿདམར་པོ་བསྒོམ་མོ། །སྙིང་ཁར་ ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་དེ་ལས་ཐུགས་རྡོ་རྗེ་ནག་པོ་ཞལ་ གསུམ་ཕྱག་དྲུག་པ། ཞལ་དབུས་གནག གཡས་དམར། གཡོན་དཀར་བ། ཕྱག་གཡས་ན་རྡོ་ རྗེ། འཁོར་ལོ། པད་མ། གཡོན་ན། དྲིལ་བུ། རལ་གྲི། ནོར་བུ་འཛིན་པ། ཤེས་རབ་མ་(སེར་ མོ་)དང་བཅས་པ་ཐུགས་ཁ་ནས་སྤྲོས་ཏེ། ནམ་མཁའི་ཁམས་ཡོངས་སུ་གང་པས། ཐུགས་རྡོ་ རྗེས་འདུལ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པར་མཛད་ནས་རང་གི་མདུན་གྱི་ནམ་ མཁར་བཞུགས་པ་ལ། ༀ་ཨ་བྷི་ཥིཉྩ་ཏུ་མྃ་(དབང་བསྐུར་དུ་གསོལ་)ཏིད་ཏ་བཛྲ་(ཐུགས་རྡོ་རྗེ་)ཎ། ཞེས་གསོལ་བ་བཏབ་པས། ཐུགས་ཀྱི་རིགས་ཀྱི་ལྷ་མོ་བདུད་རྩིས་གང་པའི་བུམ་པ་བཟུང་ 2-1-325 བ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བས་སེམས་ཀྱི་དྲི་མ་དག་པར་བསམ། དེ་ནས་ ཐུགས་རྡོ་རྗེ་སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་བཞུགས་པ་ལ། དཔལ་ལྡན་རྡོ་རྗེ་ཐུགས་ འཆང་པ། །རྡོ་རྗེ་མི་ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ ཀྱི་རྡོ་རྗེར་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་དེ་བཞིན་གཤེགས། །རྡོ་རྗེ་མི་ ཕྱེད་གསུམ་གྱི་དངོས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །ཐུགས་ཀྱི་རྡོ་རྗེར་མཛད་དུ་ གསོལ། །ཞེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་བརླབས་བྱས་ པར་བསམས་ལ། ཐུགས་ཁར་སྒྲ་གཅན་ལ་ཧཱུྃ་ནག་པོ་བསྒོམ་མོ། ། དེ་ནས། ༀ་(ཡེ་ཤེས་)སརྦ་(ཐམས་ཅད་)ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་)ཀཱ་ཡ་(སྐུ་)ཝཱཀ་ (གསུང་)ཙིཏྟ་(ཐུགས་)སྭ་བྷཱ་ཝ་(རང་བཞིན་བདག་ཡིན་)ཨཱཏྨ་ཀོ་ཧཾ། ཞེས་བརྗོད་ལ་ང་རྒྱལ་བཟུང་ངོ་། ། དེ་ནས་ཤེས་རབ་མའི་དཔྲལ་བར་ༀ། མགྲིན་པར་ཨཿ ཐུགས་ཁར་ཧཱུྃ། ལྟེ་བར་ཧོ། གསང་ པར་སྭཱ། གཙུག་ཏོར་དུ་ཧྃ་དགོད་པར་བྱའོ། །རྒྱས་པར་ན་འདིར་བདག་འཇུག་བླང་པར་བྱའོ། ། བཞི་པ་བདུད་རྩི་མྱང་པ་གཟི་མདངས་བསྐྱེད་པའི་ཡན་ལག་ནི། བྱིན་གྱིས་བརླབས་ པའི་བདུད་རྩི་འཐེབ་སྲིན་གྱིས་རྩ་རྒྱུད་ཀྱི་བླ་མ་དང་། ཡི་དམ་དཀོན་མཆོག་དང་། མཁའ་ འགྲོ་ཆོས་སྐྱོང་རྣམས་ལ་ཕུལ་ནས་རང་གི་ལྕེ་ལ་མྱང་པས་ཟག་མེད་བདེ་སྟོང་གི་རོ་མྱོང་པས་ ལྷ་ཐམས་ཅད་གཟི་མདངས་དང་ལྡན་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་)ཨ་མྲི་ཏ་(བདུད་རྩི་)བཛྲ་སྭཱ་བྷ་ཝ་(རྡོ་རྗེའི་རང་བཞིན་བདག་ཡིན་)ཨཏྨ་ཀོ་ཧྃ་ཞེས་བརྗོད་ དོ། ། ལྔ་པ་མཆོད་པ་དབུལ་བ་མཉེས་པའི་ཡན་ལག་ནི། གཙོ་བོའི་ཐུགས་ཁའི་ཧཱུྃ་ལས་ལྷ་ མོ་བཅུ་གཉིས་སྤྲུལ་ཏེ། སྔར་བཞིན་མཆོད་པས་ལྷ་ཐམས་ཅད་མཉེས་པར་བསམས་ལ། ༀ་ 2-1-326 སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)པཱུ་ཛ་བཛྲ་སྭ་བྷ་ཝ་(རང་བཞིན་བདག་ཡིན་)ཨདྨ་ ཀོ་ཧྃ། ཞེས་བརྗོད་དོ། དྲུག་པ་བསྟོད་པ་བརྗོད་པ་ཡོན་ཏན་དྲན་པའི་ཡན་ལག་ནི། འདུད་ཉི་ཤུ་ལ་སོགས་པ་ དང་། གཞན་ཡང་རྐང་པ་བཅུ་དྲུག་པ་ཕྲེང་སྔགས་ཀྱིས་བསྟོད་པ་དང་། རྣམ་པར་དག་པ་དྲན་ནུས་པའི་བསྟོད་པ་དོན་དྲན་བཞིན་པས་ངག་ཏུ་བརྗོད་དེ། ༀ་སརྦ་ཏ་ཐཱ་ ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)སྟུ་སྟི་(བསྟོད་པ་)བཛྲ་(རྡོ་རྗེ་)སྭ་བྷ་ཝ་(རང་བཞིན་)ཨད་མ་ཀོ་ ཧྃ(བདག་ཡིན)། ཞེས་བརྗོད་ལ་ང་རྒྱལ་བཟུང་ངོ་། ། གསུམ་པ་ཐིག་ལེའི་རྣལ་འབྱོར་བསྒྲུབ་པའི་ཡན་ལག་ནི། ཕྱག་རྒྱ་གསུམ་ལ་བསླབ་པར་ གསུངས་པ་ནི། ལས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་དམིགས་ཡུལ་དུ་བྱས་པའམ། སོ་སོར་སྤོང་པ་ ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་པའི་དོན་ལ་མཉམ་པར་བཞག་པས། གཡས་གཡོན་རླུང་བཅུ་དབུས་མར་ཚུད། རྟགས་བཅུ་དང་སྣ་ཚོགས་འོད་ཀྱི་ཐིག་ལེ་དང་། ཕྱག་རྒྱ་ཆེན་མོ་པྲ་ཕབ་པ་ལྟ་བུའི་སྣ་ཚོགས་སྟོང་གཟུགས་མཐོང་པ་བསྒོང་ཞིང་སྲོག་རླུང་ ཕྱིར་མི་རྒྱུ་བར་བཅིངས་པས། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིའི་ལྟེ་བའི་ཧོ་ཡིག་ལས་གློག་ དང་མཚུངས་པའི་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་ནུས་པས་གཡས་ཁམས་ལྔའི་རླུང་དང་། གཡོན་ཕུང་པོ་ལྔའི་རླུང་དང་། གཟུང་ཡུལ་ལྔ་ལས། འཛིན་སེམས་ལྔ་མི་འཇུག་པར་བསྲེགས་ ཏེ། སྤྱི་གཙུག་གི་བྱང་སེམས་ཞུ་བ་མར་འོངས་པས། མགྲིན་པར་དགའ་བ། སྙིང་ཁར་མཆོག་ དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། གསང་གནས་སུ་ལྷན་ཅིག་སྐྱེས་དགའ། མ་ཉམས་ པས་བདེ་གསལ་མི་རྟོག་པའི་ཉམས་མྱོང་རྒྱུད་ལ་བསྐྱེད་དེ། ༀ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་(དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མཆོད་པ་)པཱུ་ཛ་ཨ་ནུ་ར་ག་ཏ་(རྗེས་སུ་ཆགས་པ་)བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ(རྡོ་རྗེའི་རང་བཞིན་བདག་ཡིན། )ཧཾ། ཞེེས་བརྗོད་དོ། ། 2-1-327 བཞི་པ་ཕྲ་མོའི་རྣལ་འབྱོར་སྒྲུབ་པ་ཆེན་པོའི་ཡན་ལག་ནི། སྔར་གྱི་བྱང་སེམས་གསང་ གནས་སུ་རྫོགས་ལ་མ་ཉམས་པ་སྟེ། ཇི་ལྟར་འོངས་པ་དེ་བཞིན་དུ་ཡར་དྲངས་ཤིང་གཤེགས་ པས་ལྟེ་བར་རྒྱུ་མཐུན་པའི་འབྲས་བུ་ལྷན་ཅིག་སྐྱེས་སྐུ། སྙིང་ཁར་རྣམ་སྨིན་གྱི་འབྲས་བུ་ཆོས་ སྐུ། མགྲིན་པར་སྐྱེས་བུ་བྱེད་པའི་འབྲས་བུ་ལོངས་སྐུ། དཔྲལ་བར་དྲི་མ་མེད་པའི་འབྲས་ བུ་སྤྲུལ་སྐུ་ཐོབ་པར་མོས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་)ཨ་དྷི་པ་དི་ (བདག་པོ་དམ་པ་)བཛྲ་སཏྭ་(རྡོ་རྗེ་སེམས་དཔའ་)ཧྃ་དུར་དན་ད་མ་ཀ་(གདུལ་དཀའ་འདུལ་བར་གྱིས་)ཧུཾ་ ཧཱུྃ་ཕཊ་སྭཱཧཱ། ཞེས་བརྗོད་དོ། ། གཉིས་པ་རྫོགས་པའི་རིམ་པས་མཆོག་གི་དངོས་གྲུབ་སྒྲུབ་པ་ནི། སོ་སོར་སྡུད་དང་ བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། ། རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ལ་སོགས་གསུངས་པའི་དོན་ལེགས་པར་དྲན་ པར་བྱས་ལ་སྐབས་འདིར་བསྒོམ་མོ། ། ༈ གསུམ་པ་རྗེས་ཐུན་མཚམས་ཀྱི་བྱ་བའི་རྣལ་འབྱོར་ལ་དྲུག་ལས། བཟླས་པ་བྱ་(འི་ རྣལ་འབྱོར་)བ་ལ་གཉིས་ལས། ནང་གི་བཟླས་པ་ནི་གཡོན་གྱི་རླུང་རྒྱུ་བ་སྐུ་རྡོ་རྗེའི་བཟླས་པ། གཡས་ཀྱི་རླུང་རྒྱུ་བ་གསུང་རྡོ་རྗེའི་བཟླས་པ། དབུས་མའི་རླུང་རྒྱུ་བ་ཐུགས་རྡོ་རྗེའི་བཟླས་ པར་འགྱུར་ཡང་། མཆོག་སྟེར་ཞིང་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་སུ་འགྱུར་བ་ལ། དེ་རྣམས་རྒྱུ་བ་འགག་དགོས་པའི་འགོག་པའི་བཟླས་པ་ལ་གོམས་པར་བྱའོ། །ཕྱིའི་བཟླས་ པ་ལ་གསུམ་ལས། སྔགས་བཟློས་པའི་དམིགས་པ་ནི། ཡབ་ཀྱི་ཐུགས་ཁར་པད་མ་དཀར་ པོའི་ལྟེ་བ་ལ་ཐིག་ལེ། དེ་ལ་སྔགས་འོད་ཟེར་ལྔ་འཕྲོ་བ། རྩ་དབུ་མ་ནས་རྡོ་རྗེའི་ལམ་དུ་ ཕྱུང་། དེ་ཡུམ་གྱི་མཁར་ཞུགས་སྐུའི་དབྱིབས་བརྒྱུད། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ ཞུགས། སྔགས་ཀྱི་ཐིག་ལེ་ལ་ཐིམ་པས་བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེ་བར་བསམས་ནས་ 2-1-328 བཟླས་པ་ནི་དམ་ཚིག་གི་བཟླས་པ་ཡིན་ལ། དེ་ལས་འཁོར་ལུགས་བཟློག་པ་ནི་ཡེ་ཤེས་ཀྱི་ བཟླས་པ་ཡིན་པས་དེ་ལྟ་བུའི་དམིགས་པ་གང་ཡང་རུང་པ་ལ་ཡིད་གཏད་དོ། ། བཟླས་པར་བྱ་བའི་སྔགས་ནི། ༀ་ཧྐྵྨླྺྼྻྂ་སྭཱཧཱ། ཞེས་པ་རྩ་སྔགས་དང་། ༀ་ཨཱཿཧཱུཾ་ཧོཿཧྃ་ ཀྵཿསྭཱཧཱ། ཞེས་པ་སྙིང་པོ་དང་། ༀ་ཧྲཱཾ་ཧྲཱིཾ་ཧྲྼཱིཾ་ཧྲཱུཾ་ཧྲླཱིཾ་ཧྲཿཧཱུྃ་ཕཊ་ སྭཱཧཱ། ཞེས་པ་ཉེ་བའི་སྙིང་པོའོ། ། ༀ་ཤྲཱི་ཀཱ་ལ་(དཔལ་དུས་ཀྱི་འཁོར་ལོ་)ཙཀྲ་ཧཱུྃ་(ཡབ་ཡུམ་གྱི་ས་བོན་)ཕྲེཾ་ཕཊ་སྭཱཧཱ། གཙོ་བོའི་ མཚན་སྔགས་སོ། །(ས་བོན་)ༀ་ཕྲེཾ་བྷི་ཤྭ་མ་ཏེ་(སྣ་ཚོགས་ཡུམ་)བཛྲ་ཀན་ཊ་ན་ཀན་ཊ་(རྡོ་རྗེ་ཚེར་ནད་ རླག་པར་གྱིས་ཤིག་)ཤ་ཡ་ནཱ་ཤ་ཡ་(མེ་ཏོག་ནད་ཡམས་ནད་རླག་ཅིང་)མ་མ་ ཤན་ཏིཾ་(ཞི་བའི་གཞི་ཚུགས་ཅིག)ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པ་སྣ་ཚོགས་ཡུམ་གྱི་སྒོ་ནས་བསྲུང་པའི་ སྔགས་སོ། །(དེ་བཞིན་གཤེགས་པ་ཡབ་ཡུམ་གྱི་ས་བོན་)ༀ་ཨ་ཨཱ་ཨི་ཨཱི་རི་རཱི་ཨུ་ཨཱུ་ལི་ལཱི་ཨཾ་ཨཿསྭཱཧཱ། ཞེས་པ་སངས་རྒྱས་ཡབ་ཡུམ་གྱི་སྔགས་དང་། (སེམས་དཔའ་ཡབ་ཡུམ་གྱི་ས་བོན་)ༀ་ཨ་ཨཱ་ཨེ་ ཨཻ་ཨར་ཨཱར་ཨོ་ཨཽ་ཨལ་ཨཱལ་ཞེས་པ་སེམས་དཔའ་སེམས་མའི་སྔགས་དང་། (ཁྲོ་བོ་ཡབ་ཡུམ་ གྱི་)ༀ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧཾ་ཧཿསྭཱཧཱ། ཞེས་པ་ཁྲོ་བོ་ཁྲོ་མོའི་སྔགས་སོ། །རྒྱས་པར་ན་ ཡིག་འབྲུ་དང་མཚན་སོ་སོར་བཟླས་སོ། ། དེའང་ལྷ་རང་རང་གི་མཚན་གྱི་དང་པོ་ཐུགས་ཏེ་བསྒོམ་པའི་ས་བོན། མིང་ནི་གསུང་ མཆོད་པ། མིང་ལས་ལྷག་པ་སྐུ་ཡིན་པས་བཟླས་སོ། །སྔགས་བགྲང་པའི་ཕྲེང་པ་ནི། ཞི་བ་ ལ་ཤེལ། རྒྱས་པ་ལ་མུ་ཏིག དབང་དུ་བྱ་བ་ལ་བྷོ་ཏེ་ཙེ་ལ་སོགས་པ་ལས་སོ་སོའི་ཕྲེང་པས་ བྱའོ། ། དེ་ནས་མཆོད་པ་དབུལ་བ་ལ་ཕྱི་ནང་བསྟོད་པའི་མཆོད་པ་ལ་གསུམ་ལས། དང་པོ་ ལ་གཉིས་ལས། དང་པོ་རྫས་དངོས་སུ་རིམ་པར་བཤམས་པ(འི་མཆོད་པ་)རྣམས། ༀ་ཨཿ་ཧཱུྃ་ 2-1-329 ཧྲཿཕཊས་བསངས། སྭ་བྷ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཨ་ལས་ཡོན་ཆབ་གཱ་ལས་དྲི། པཱུ་ལས་མེ་ཏོག་ལ་སོགས་པ། མཆོད་པ་རྣམས་ཀྱི་མིང་གི་ཡི་གེ་དང་པོ་ལས་མཆོད་པའི་སྤྲིན་ གྱི་ཕུང་པོ་ངོ་བོ་བཟང་ཞིང་རྒྱ་ཆེ་བ་དྭངས་ཤིང་ཐོགས་པ་མེད་པ། དུས་འཁོར་བ་མ་སྟོང་བར་ དུ་འབྱུང་པ། བྱེད་ལས་འཕགས་པ་རྣམས་མཉེས་ཤིང་། སེམས་ཅན་ཐམས་ཅད་ཚིམ་པར་ བསམས་ལ། ༀ་ཤྲཱི་(ཡེ་ཤེས་ལྔ་)ཀ་ལ་ཙཀྲ་(དུས་ཀྱི་འཁོར་ལོ་)ས་པ་རི་ཝ་ར་(འཁོར་དང་བཅས་པ་)བྷྱ་ བཛྲ་པྲ་ཝ་ར་(རབ་མཆོག་)སད་ཀ་ར་(དམ་པར་བྱེད་པ་)པྲི་ཏི་ཙྪ་ན་མོ་(ཕྱག་འཚལ་ལོ། །)ཞེས་པས་ཡོན་ ཆབ། དེ་བཞིན་དུ་སྤེལ་བ་ལ། གྷན་དྷྃ་གིས་དྲི། པུཥྤཾ་མེ་ཏོག དྷུ་པཾ་སྤོས། དཱི་པཾ་མར་མེ། ནེ་ཝེ་ ཏྱ་ཞལ་ཟས། ཨ་ཀྵ་ཏཾ་འབྲས་བུ་མི་བཟད་པ། ལ་སྱཾ་སྒེག་མོས་གོས། ཧཱ་སྱཾ་བཞད་མས་དབུ་ རྒྱན། ཝ་ཏྱཾ་རོལ་མོའི་སྒྲ། ནྲཱེ་ཏྱཾ་གར། གཱི་ཏན་གླུ་དབྱངས། ཀཱ་མཾ་པྲ་ཏི་ཙྪ་ན་མོས་ཟག་མེད་ཀྱི་ བདེ་བའི་མཆོད་པ་དབུལ་ལོ། །(ཏིང་ངེ་འཛིན་)བློས་སྤྲུལ་པའི་མཆོད་པ་ནི། ཐུགས་ཁ་ནས་སྤྲུལ་ པའི་ལྷ་མོ་བཅུ་གཉིས་ཀྱིས་ཚོགས་བསགས་པའི་སྐབས་ལྟར་མཆོད་ཅིང་འདོད་ཡོན་སྟེང་གི་ ལྷ་མོ་རྣམས་ཀྱིས་ཀྱང་མཆོད་པར་མོས་སོ། ། དེ་ནས་ནང་གི་མཆོད་པ་ལ་གཉིས་ལས། བྱིན་གྱིས་བརླབས་པ་ནི། ཐོད་པར་ཆང་ལ། བདུད་རྩིའི་རྒྱུན་སྦྱར་བ་བཤམ། མེད་ན་བསམས་ལ། སྔར་བཞིན་བསང་སྦྱང་བྱས་ཏེ། སྟོང་ པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་གྱི་སྟེང་དུ། རཾ་ལས་ མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བཞིན་པ། དེའི་སྟེང་དུ་མི་(གསུམ་ལས་)མགོའམ། བུམ་པ་གསུམ། དེའི་སྟེང་དུ་ཀ་ལས་ཐོད་པ་དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། ཕྱི་ དཀར་ལ་ནང་དམར་བའི་རྣམ་པ་ཅན་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཤུ་ལས་བྱང་སེམས་ ན་ལས་མིའི་ཤ ཤར་དུ་མྃ་ལས་ཤ་ཆེན་གྱི་དྭངས་མ། ཀླད་པ། དྷ་ལས་རྟའི་ཤ ལྷོར་ར་ ལས་ཁྲག ཧ་ལས་གླང་པོ་ཆེའི་ཤ བྱང་དུ་མུ་ལས་དྲི་ཆུ། ཀུ་ལས་ཁྱའི་ཤ ནུབ་ཏུ་བྷི་ལས་དྲི་ 2-1-330 ཆེན། གྷོ་ལས་བ་ལང་གི་ཤ དེ་རྣམས་དཔག་ཏུ་མེད་པར་བསམ། དེ་རྣམས་ལག་པ་གཡོན་པ་ བསྟན་ཏེ། དེའི་མཐིལ་དུ་ༀ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་ལས་འཁོར་ལོ་དཀར་ པོ་རྩིབས་བརྒྱད་པ་ༀ་གྱིས་མཚན་པའི་འོད་ཀྱིས་རང་བཞིན་གྱི་གནས་ནས་སྐུ་རྡོ་རྗེ་དཔག་ ཏུ་མེད་པ་སྤྱན་དྲངས་ནས། རྫས་རྣམས་ལ་ཐིམ་པས་མ་དག་པ་ལ་སོགས་པའི་དྲི་མ་རྣམས་ དག་པར་མོས་ལ། ༀ་(ཡེ་ཤེས་ལྔ་)ༀ་(སྐུའི་ས་བོན་)བཛྲ་(རྡོ་རྗེ་)ཙནྡྲ་(ཟླ་བ་)སརྦ་དྷརྨ་སུ་བི་ཤུདྡྷ་(ཆོས་ ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་གྱིས་)སྭ་བྷཱ་ཝ་སརྦ་དྷརྨཱན་(ཆོས་ཐམས་ཅད་རང་བཞིན་གྱིས་ རྣམ་པར་དག་པའི་གཞི་ཚུགས་)བི་ཤྭ་དྷ་ཡ་སྭཱཧཱ། ཞེས་བརྗོད་དོ། །ལག་པ་གཡས་པ་བསྟན་ལ་དེའི་ སྟེང་དུ་ཨཿལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཿལས་པད་མ་དམར་པོ་ཨཿས་མཚན་པའི་ འོད་ཀྱིས་གསུང་རྡོ་རྗེ་གདན་དྲངས་ཏེ། དཔག་ཏུ་མེད་པ་འཕེལ་བར་མོས་ལ། ༀ་ཨཱཿ(གསུང་ གི་ས་བོན་)བཛྲ་སུརྱ་(རྡོ་རྗེ་ཉི་མ་)སརྦ་དྷརྨ་པྲ་བོ་དྷ་ནི་(ཆོས་ཐམས་ཅད་རབ་ཏུ་གསལ་བར་བྱེད་པ་)སརྦ་ དྷརྨ ཎ་པྲ་བོ་དྷ་ན་ཡེ་(ཆོས་ཐམས་ཅད་གཡབ་པར་བྱེད་པའི་གཞི་ཚུགས་)སྭཱཧཱ། ཞེས་བརྗོད་དོ། །ལག་པ་ གཉིས་ཁ་ཕུབ་ཏུ་བྱས་ཏེ་མཐེ་བོང་བསྣོལ་བའི་དབུས་སུ་ཧཱུཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུཾ་གིས་མཚན་པའི་འོད་ཀྱིས་ཐུགས་རྡོ་རྗེ་གདན་དྲངས་ཏེ། ཐིམ་པས་གཟི་བརྗིད་དང་ལྡན་པར་འབར་བར་མོས་ལ། ༀ་ཧཱུཾ་(ཐུགས་ཀྱི་ས་བོན་)བཛྲ་ཨ་ན་ལ་ (རྡོ་རྗེའི་སེམས་)སརྦ་དྷརྨ་པྲ་དཱི་པ་ཀ་(ཆོས་ཐམས་ཅད་སྦོར་བ་བྱེད་པ་)སརྦ་དྷརྨ ཎ་པྲ་ཏི་པ་ཡ་(ཆོས་ཐམས་ ཅད་རབ་ཏུ་སྦོར་བའི་གཞི་ཚུགས་)སྭཱཧཱ། ཞེས་བརྗོད། བྱ་ཁྱུང་གི་ཕྱག་རྒྱ་བྱ་ཞིང་ལག་པའི་མཐིལ་དུ་ ཧོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་ཧོ་ལས་རྡོ་རྗེ་དྲིལ་བུ་ཧོས་མཚན་པའི་འོད་ཀྱིས་རྡོ་ རྗེ་སེམས་དཔའ་སྤྱན་དྲངས་ཏེ་ཐིམ་པས་མི་རྒས་མི་འཆི་བ་ལ་སོགས་པའི་ནུས་པ་ཕུན་སུམ་ ཚོགས་པའི་བདུད་རྩིར་མོས་ལ། །ༀ་ཧོཿ(ཡེ་ཤེས་ཀྱི་ས་བོན་)སརྦ་དྷརྨྨན་(ཆོས་ཐམས་ཅད་)བཛྲ་ཨ་ མྲི་ཏ་ཀ་ར་(རྡོ་རྗེ་བདུད་རྩིར་བྱེད་པ་)སརྦ་དྷརྨྨན་བཛྲ་ཨ་མྲི་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་བརྗོད་དོ། ། 2-1-331 དེ་ནས་མཆོད་པ་དབུལ་བ་ནི། སྲིན་ལག་གིས། བདུད་རྩིའམ་དྲི་བཟང་གིས་སའི་མཎྜལ་ ལ་ཕྱི་གྲུ་གསུམ་ཨེའི་རྣམ་པའི་ནང་དུ། ཟླུམ་པོ་བྃ་གི་རྣམ་པ་བྲིས་ལ། དེའི་དབུས་སུ་རྩ་ བརྒྱུད་ཀྱི་བླ་མ་རྣམས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ ཅད་དཀྱིལ་འཁོར་གྱི་རྣམ་པར་བཞུགས་པའི་ལྗགས་ཧཱུཾ་ལས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་ བར་བསམས་ལ། མཐེ་བོང་དང་སྲིན་ལག་གིས་གཏོར་ཞིང་། རྩ་བའི་བླ་མའི་མཚན་སྔོན་ དུ་འགྲོ་བས། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་གྱི་རྗེས་ལ་ན་མཿ ཞེས་པ་དབུལ། དེ་མ་ གྲུབ་ནའང་། ༀ་གུ་རུ་(བླ་མ་)བུདྡྷ་(སངས་རྒྱས་)བོ་དྷི་ས་ཏྭེ་བྷྱོ་ན་མཿ(བྱང་ཆུབ་སེམས་དཔའ་རྣམས་ལ་ མཆོད། ) ༀ་བུདྡྷཱ་ཡ་ན་མཿ(སངས་རྒྱས་ལ་མཆོད་དོ། །) ༀ་དྷརྨཱ་ཡ་ན་མཿ (ཆོས་ལ་མཆོད་དོ། །) ༀ་སཾ་གྷཱ་ ཡ་ན་མཿ (དགེ་འདུན་ལ་མཆོད་དོ། །) ༀ་བཛྲ་སཏྭཱ་ཡ་ན་མཿ (རྡོ་རྗེ་སེམས་དཔའ་ལ། ) ༀ་པྲཛྙཱ་པཱ་ར་ མི་ཏཱ་ཡཻ་ན་མཿ (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ། ) ༀ་སྭ་བྷཱ་བི་ཀ་ཀཱ་ཡཱ་ཡ་ན་མཿ(རང་བཞིན་ཅན་གྱི་སྐུ་ ལ། ) ༀ་དྷརྨྨ་ཀཱ་ཡཱ་ཡ་ན་མཿ(ཆོས་ཀྱི་སྐུ་ལ། ) ༀ་སཾ་བྷོ་ག་ཀཱ་ཡཱ་ཡ་ན་མཿ(ལོངས་སྤྱོད་རྫོགས་པའི་སྐུ་ལ། ) ༀ་ནིར་མ་ཎ་ཀཱ་ཡཱ་ཡ་ན་མཿ(སྤྲུལ་པའི་སྐུ་ལ། ) ༀ་ཛྙཱ་ན་བཛྲཱ་ཡ་ན་མཿ(ཡེ་ཤེས་རྡོ་རྗེ་ལ། ) ༀ་ཙིཏྟ་བཛྲཱ་ ཡ་ན་མཿ(ཐུགས་རྡོ་རྗེ་ལ། ) ༀ་བཱཀ་བཛྲཱ་ཡ་ན་མཿ(གསུང་རྡོ་རྗེ་ལ) ༀ་ཀཱ་ཡ་བཛྲཱ་ཡ་ན་མཿ(སྐུ་རྡོ་རྗེ་ལ) ༀ་ཙ་ཏུར་བི་མོ་ཀྵེ་བྷྱོ་ན་མཿ (རྣམ་པར་ཐར་པ་བཞི་རྣམས་ལ། ) ༀ་ཙ་ཏུར་པྲཧྨ་བི་ཧ་རེ་བྷྱོ་ན་མཿ(ཚངས་པའི་གནས་པ་བཞི་རྣམས་ ལ། ) ༀ་སཔྟ་ཏྲིཾ་ཤད་བོ་དྷི་པཀྵི་ཀ་དྷརྨྨེ་བྷྱོ་ན་མཿ(བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ། ) ༀ་ ཙ་ཏུར་ཤཱི་ཏི་སཱ་ཧ་སྲ་དྷརྨྨ་སྐན་དྷེ་བྷྱོ་ན་མཿ(ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ། ) ༀ་སརྦ་དྷརྨྨ་དེ་ཤ་ ཀེ་བྷྱོ་ན་མཿ(ཆོས་ཐམས་ཅད་སྡུད་པ་པོ་ལ། ) ༀ་རཏྣ་ཏྲ་ཡཱ་ཡ་ན་མཿ (དཀོན་མཆོག་གསུམ་ལ) ༀ་ཤཱཀྱ་ མུ་ན་ཡེ་ན་མཿ(ཤཱཀྱ་ཐུབ་པ་ལ། ) ༀ་ཀཱ་ལ་ཙཀྲ་ཡ་ན་མཿ (དུས་ཀྱི་འཁོར་ལོ་ལ། ) ༀ་དཱ་ན་པཱ་ར་མི་ ཏཱ་ཡཻ་ན་མཿ(སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ) ༀ་ཤི་ལ་པཱ་ར་མི་ཏཱ་ཡཻ་ན་མཿ(ཚུལ་ཁྲིམས་ཀྱི་) ༀ་ཀྵཱན་ 2-1-332 ཏི་པཱ་ར་མི་ཏཱ་ཡཻ་ན་མཿ(བཟོད་པའི་) ༀ་བིར་ཡ་པཱ་ར་མི་ཏཱ་ཡཻ་ན་མཿ(བརྩོན་འགྲུས་ཀྱི་) ༀ་དྷྱཱ་ན་པཱ་ ར་མི་ཏཱ་ཡཻ་ན་མཿ (བསམ་གཏན་) ༀ་པྲཛྙཱ་པཱ་ར་མི་ཏཱ་ཡཻ་ན་མཿ(ཤེས་རབ་) ༀ་ཨུ་པཱ་ཡ་པཱ་ར་མི་ཏཱ་ ཡཻ་ན་མཿ(ཐབས་ཀྱི་) ༀ་པྲ་ཎི་དྷ་ན་པཱ་ར་མི་ཏཱ་ཡཻ་ན་མཿ(སྨོན་ལམ་གྱི་) ༀ་བཱ་ལ་པཱ་ར་མི་ཏཱ་ཡཻ་ན་ མཿ(སྟོབས་ཀྱི་) ༀ་ཛྙཱ་ན་པཱ་ར་མི་ཏཱ་ཡཻ་ན་མཿ(ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ) ༀ་ཛ་ཡ་གྷ་ཊེ་བྷྱོ་ན་མཿ (རྒྱལ་བའི་བུམ་པ་ལ། ) ༀ་བི་ཛ་ཡ་གྷ་ཊེ་བྷྱོ་ན་མཿ (རྣམ་པར་རྒྱལ་བའི་བུམ་པ་ལ། ) ༀ་སརྦ་ཙིཧྣེ་བྷྱོ་ན་ མཿ(མཚན་མ་ཐམས་ཅད་ལ། ) ༀ་སརྦ་མུ་ཏྲ་བྷྱོ་ན་མཿ(ཕྱག་རྒྱ་ཐམས་ཅད་ལ། ) ༀ་ཙིན་ཏཱ་མ་ཎ་ཡེ་བྷྱོ་ན་ མཿ(ཡིད་བཞིན་གྱི་ནོར་བུ་ལ། ) ༀ་དྷརྨྨ་གན་ཌྱ་ན་མཿ(ཆོས་ཀྱི་གཎྜེ་ལ། ) ༀ་དྷརྨྨ་ཤཾ་ཁཱ་ཡ་ན་མཿ(ཆོས་ཀྱི་ དུང་ལ། ) ༀ་ཀལྤ་བྲྀ་ཀྵཱ་ཡ་ན་མཿ(དཔག་བསམ་གྱི་ཤིང་ལ། ) ༀ་ཨཀྵོ་བྷྱཱ་ན་མཿ(མི་བསྐྱོད་པ་ལ། ) ༀ་ཨ་ མོ་གྷ་སིདྡྷ་ཡེ་ན་མཿ(དོན་ཡོད་གྲུབ་པ་ལ། ) ༀ་རཏྣ་སཾ་བྷ་བཱ་ཡ་ན་མཿ(རིན་ཆེན་འབྱུང་ལྡན་ལ། ) ༀ་ཨ་ མི་ཏཱ་བྷཱ་ཡ་ན་མཿ(འོད་དཔག་མེད་ལ། ) ༀ་བཻ་རོ་ཙ་ནཱ་ཡ་ན་མཿ(རྣམ་པར་སྣང་མཛད་ལ། ) ༀ་ལོ་ཙ་ནཱ་ ཡཻ་ན་མཿ(སྤྱན་མ་ལ། ) ༀ་མཱ་མ་ཀྱཻ་ན་མཿ (མ་མ་ཀི་ལ། ) ༀ་པཎ་ཌ་རཱ་ཡཻ་ན་མཿ(གོས་དཀར་མོ་ལ། ) ༀ་ ཏཱ་རཱ་ཡཻ་ན་མཿ(སྒྲོལ་མ་ལ། ) ༀ་བཛྲ་དྷཱ་ཏྭཱི་ཤྭ་རཱ་ཡེ་ན་མཿ(རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ། ) ༀ་བཛྲ་ པཱ་ཎ་ཡཻ་ན་མཿ(ཕྱག་ན་རྡོ་རྗེ་ལ། ) ༀ་ཁ་གར་བྷཱ་ཡ་ན་མཿ(ནམ་མཁའི་སྙིང་པོ་ལ། ) ༀ་ཀྵི་ཏི་གརྦ་བྷཱ་ཡ་ ན་མཿ(སའི་སྙིང་པོ་ལ། ) ༀ་ལོ་ཀེ་ཤྭ་རཱ་ཡ་ན་མཿ(འཇིག་རྟེན་དབང་ཕྱུག་ལ། ) ༀ་སརྦ་ནི་བ་ར་ཎ་བི་སྐཾ་ བྷི་ནེ་ན་མཿ (ཐམས་ཅད་སྒྲིབ་པ་རྣམ་པར་སེལ་མ་ལ། ) ༀ་ས་མནྟ་བྷ་དྲ་ན་མཿ(ཀུན་ཏུ་བཟང་པོ་ལ། ) ༀ་ གན་དྷ་བཛྲཱ་ཡཻ་ན་མཿ(དྲི་རྡོ་རྗེ་མ་ལ། ) ༀ་རཱུ་པ་བཛྲ་ཡེ་ན་མཿ(གཟུགས་རྡོ་རྗེ་མ་ལ། ) ༀ་ར་ས་བཛྲཱ་ཡཻ་ ན་མཿ(རོ་རྡོ་རྗེ་མ་ལ། ) ༀ་པརྴ་བཛྲཱ་ཡཻ་ན་མཿ(རེག་བྱ་རྡོ་རྗེ་མ་ལ། ) ༀ་ཤཔྟ་བཛྲཱ་ཡཻ་ན་མཿ(སྒྲ་རྡོ་རྗེ་མ་ ལ། ) ༀ་དྷརྨ་དྷཱ་ཏུ་བཛྲཱ་ཡཻ་ན་མཿ(ཆོས་དབྱིངས་རྡོ་རྗེ་མ་ལ། ) ༀ་ཨུཥྞཱི་ཥཱ་ཡ་ན་མཿ(གཙུག་ཏོར་ལ། ) ༀ་ བིགྷྣཱན་ཨནྟ་ཀཱ་ཡ་ན་མཿ(བགེགས་མཐར་བྱེད་ལ། ) ༀ་པྲཛྙཱ་ཨནྟ་ཀཱ་ཡ་ན་མཿ(ཤེས་རབ་མཐར་བྱེད་ལ། ) ༀ་པདྨ་ཨནྟ་ཀཱ་ན་མཿ(པདྨ་མཐར་བྱེད་ལ། ) ༀ་ཡ་མ་ཨནྟ་ཀཱ་ཡ་ན་མཿ(གཤིན་རྗེ་མཐར་བྱེད་ལ། ) ༀ་ 2-1-333 སྟཾ་བྷི་ནྱཻ་ན་མཿ(རེངས་བྱེད་མ་ལ། ) ༀ་མཱ་ཎི་ནྱཻ་ན་མཿ(ང་རྒྱལ་བྱེད་མ་ལ། ) ༀ་ཛམ་བྷི་ནྱཻ་ན་མཿ(རྨུགས་ བྱེད་མ་ལ། ) ༀ་ཨ་ཏི་བཱིརྻཱ་ཡཻ་ན་མཿ(ཤིན་ཏུ་བརྩོན་འགྲུས་མ་ལ། ) ༀ་ཨ་ཏི་ནཱི་ལཱ་ཡཻ་ན་མཿ(ཤིན་ཏུ་ སྔོན་མོ་ལ། ) ༀ་སརྦ་དྷ་ར་ཎཱི་བྷྱོ་ན་མཿ(འཛིན་བྱེད་རྣམས་ལ། ) ༀ་ཥཊ་ཨཾ་གཱ་ཡ་ན་མཿ(ཡན་ལག་དྲུག་ལ་ མཆོད་དོ། །) ཞེས་པ་རྣམས་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་པའི་སྔགས་སོ། ། དེ་ནས་གསུང་སྐུའི་དཀྱིལ་འཁོར་དུར་ཁྲོད་དང་བཅས་པ་ནི། མཁའ་འགྲོ་ཆོས་སྐྱོང་གཞི་ བདག་ལ་སོགས་པ་སྲིད་པ་གསུམ་ན་གནས་པ་ཐམས་ཅད་མཆོད་པས་མཉེས་ཤིང་ཚིམ་པར་ བསམས་ལ་འདོད་པའི་དོན་ལ་གསོལ་བ་གདབ། སླར་ཡང་རང་གི་ལྕེ་ལ་བཞག་པས། ཟག་ མེད་བདེ་སྟོང་གི་རོ་མྱངས་པར་བསྒོམ་མོ། ། དེ་ནས་བསྟོད་པའི་མཆོད་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག་ལ་སོགས་པ་དང་། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཞེས་པ་ལ་སོགས་པ་འདུད་ཉི་ཤུ་དང་། གཞན་ཡང་། གང་ལ་ཐོག་མཐའ་དབུས་མེད་གནས་དང་འཆི་དང་སྲིད་པ་མེད་དེ་སྒྲ་དང་དྲི་དང་རོ་ཡང་ མེད། །རེག་བྱ་དང་ནི་གཟུགས་མེད་སེམས་དང་རང་བཞིན་སྐྱེས་བུ་མེད་ཅིང་འཆིང་དང་ གྲོལ་དང་བྱེད་པོ་མེད། །ས་བོན་གསལ་དང་དུས་རྣམས་མེད་སྲིད་གསུམ་མཐའ་དག་དུ་ཁ་ བདེ་བའི་རང་བཞིན་མེད་པ་ཡི། །མྱ་ངན་འདས་པ་མཚན་མ་མེད་པ་བྱེད་པོ་དང་བྲལ་ཡོན་ ཏན་མེད་པ་དེ་ལ་ཕྱག་འཚལ་ལོ། །གནག་དང་སྣ་ཚོགས་རྡོ་རྗེ་དང་ནི་སྐྱེས་བུ་དཔེ་མེད་ཀུན་ ཏུ་འགྲོ་དང་སྤྲོས་པ་མེད་པ་དང་། །རྣ་བ་དང་ནི་སྣ་དང་ཁ་དང་མིག་དང་མགོ་བོ་རྣམས་དང་ ལག་རྐང་རྟག་པར་ཀུན་ནས་གནས། །འབྱུང་པའི་མཐའ་སྟེ་སེམས་ཅན་ཀུན་གྱི་མགོན་པོ་ སྲིད་གསུམ་འཛིན་པ་འཛིན་པར་བྱེད་པ་རྒྱུ་རྣམས་རྒྱུ། །རིག་མའི་གཙོ་བོ་རྣལ་འབྱོར་བགྲོད་ བྱ་བདེ་བ་དམ་པའི་གནས་ཏེ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །བསྐྱེད་མཛད་སྟོབས་ལྡན་ གཟུགས་ཅན་དྲི་མེད་གློག་དང་མཚུངས་པ་ཉི་མ་བཅུ་གཉིས་དང་མཉམ་གཟི་བརྗིད་ཅན། ། 2-1-334 ཡེ་ཤེས་རྡོ་རྗེའི་སྣང་བ་མཆོག་གི་གནས་སུ་ཡང་དག་འགྲོ་བ་ཚེག་དྲག་དེ་ལ་ཕྱག་འཚལ་ ལོ། །དཀར་པོ་འཇིག་རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་ བོར་སྟེང་གནས་པའི། །བདུད་རྩིས་འཆི་བ་བཤིག་ནས་སྲིད་པའི་འཇིགས་པ་འཇོམས་པར་ བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །སེམས་ཉིད་ཙམ་སྟེ་སྔགས་ཀྱི་གཟུགས་ལ་ལྷ་ ཡིས་ཡོངས་སུ་བསྐོར་བ་བདེ་དང་དུ་ཁ་རང་བཞིན་ཅན། །སྐྱེས་བུ་དམ་པ་རྣམས་ལ་ཞི་བའི་ གཟུགས་ཏེ་རང་བྱས་ཉམས་མྱོང་གདུག་པ་རྣམས་ལ་གདུག་བྱེད་པ། །གང་གིས་ལས་རྣམས་ གང་དང་གང་རྣམས་རང་གི་ཡིད་ཀྱི་ཆོ་ག་བཞིན་བྱས་དེའི་འབྲས་བུ་སྟེ། །ལོ་ག་དབང་པོ་སྣ་ ཚོགས་གཟུགས་ཅན་སྲིད་གསུམ་སྐྱེད་བྱེད་རྡོ་རྗེ་སེམས་དཔའ་ལ་ནི་ཕྱག་འཚལ་ལོ། །གཅིག་ དང་དུ་མ་ཡང་ནི་གཅིག་ལ་མཉམ་དང་མི་མཉམ་པ་ཡང་མཚུངས་ཏེ་གཡས་གཡོན་མདུན་ དང་རྒྱབ། །སྟེང་དང་འོག་རྣམས་ལ་ནི་ངེས་པར་ཀུན་ནས་དཀར་དང་སྔོན་པོ་ལྗང་ཁུའི་ཁ་ དོག་སྣ་ཚོགས་གཟུགས། །ཐུང་རིང་ཤིན་ཏུ་རིང་པོའི་ཡོན་ཏན་བྲལ་ཞིང་ཡོན་ཏན་དང་བཅས་ བུད་མེད་སྐྱེས་པར་སྣང་ན་ཡང་། །སྐྱེས་པ་བུད་མེད་མིན་པ་གང་ཞིག་ཀུན་གྱི་རྟེན་གཅིག་བྷ་ ག་མཆོག་ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པ་དོན་དྲན་བཞིན་པས་ངག་ཏུ་བརྗོད་ དོ། ། དེ་ནས་གཏོར་མ་བཏང་པ་ནི། གང་འབུལ་བའི་གྲངས་དང་ཅི་འབྱོར་བ་བཤམས་ཏེ། བདུད་རྩི་བྱིན་གྱིས་རློབ་པའི་ཆོ་ག་ལྟར་བྱིན་གྱིས་བརླབས་ལ། ཁམས་གསུམ་རྣམ་རྒྱལ་གྱི་ ཕྱག་རྒྱ་བཅས་ལ། རང་གི་ཐུགས་ཁའི་འོད་ཟེར་གྱིས་སྤྱན་དྲང་པ་ནི། བུ་བཟང་འཁོར་དང་ གྲོགས་གཉེན་བཅས་པ་དང་། ལྷ་དང་ལྷ་མོའི་ཚོགས་ནི་མ་ལུས་བསྐོར། །ཡང་དག་དགྱེས་ པ་རྡོ་རྗེ་སེམས་དཔའ་མཆོག། སངས་རྒྱས་ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ། །ༀ་ ཧ་ཧཱ་ཧི་ཧཱི་(ཞེས་བཞད་པ་)བཛྲ་བྷཻ་ར་ཝ(རྡོ་རྗེ་འཇིགས་བྱེད)། ཨ་ཀཪྵ་ཡ་(ཁུག་ཅིག)ཨ་ཀཪྵ་ཡ(ཁུག་ 2-1-335 ཅིག)། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ(ཆིངས་ཤིག་ཆིངས་ཤིག)། ཏོ་ཥ་ཡ་ཏོ་ཥ་ཡ། ཛཿཧཱུཾ་ བཾ་ཧོཿ(དགུག་གཞུག་བཅིང་མཉེས་)བཛྲ་ཌཱ་ཀི་ནི་(རྡོ་རྗེ་མཁའ་འགྲོ་མ་)ཧྲཱི་ད་ཡ་ (ཐུགས་)ཧུཾ་ཧཱུཾ་(སྐུལ་སྐུལ་) ཕྲེཾ་ཕྲཻཾ་(གྱིས་གྱིས་)ཕཊ། ཞེས་པས་དེ་རྣམས་སྲུངས་མ་དྲུག་ཅུ་གྲུབ་པ་ཉི་ཁྲི་འབྱུང་པོ་བྱེ་བ་ཕྱེད་ དང་བཞིས་བསྐོར་བ་གདན་དྲངས་ལ། བསྡུས་པར་འབུལ་ན་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ ལ། ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ(དཔལ་དུས་ཀྱི་འཁོར་ལོ་འཁོར་དང་བཅས་པ། ) གནྡྷཾ། (དྲི) པུཥྤཾ། (མེ་ ཏོག) དྷཱུ་པཾ། (སྤོས) དཱི་པཾ། (མར་མེ) ཨ་ཀྵ་ཏཾ། (འབྲས་བུ་མ་ཉམས་པ) ཨེ་དྃ་(འདི་)བྷ་ལིཾ་ཏ་ཁ་ཁ་(གསོལ་ ཞིང་)ཁ་ཧཱི་ཁ་ཧཱི། (གསོལ་བར)ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་བརྗོད་ནས་ཕུལ་བས་ལྗགས་ འོད་ཟེར་གྱི་སྦུ་གུ་ཅན་གྱིས་གསོལ་བར་བསམས་ལ་རྗེས་ཀྱི་ཆོ་གའོ། །རྒྱས་པར་འབུལ་ན་ ཕྱག་རྒྱ་དེ་ཉིད་ཀྱིས་ཁྲོ་བོ་རྣམས་ལ། ༀ་ཨཱཿཧཱུཾ་ཧོཿ ཨཱུཥྞི་ཥ། (གཙུག་ཏོར) སུཾ་བྷ་ནི་སུཾ་བྷ། (གནོད་ མཛེས) བིགྷྣཱན་ཨནྟ་ཀ(བགེགས་མཐར་བྱེད) ནཱི་ལ་དཎྚ། (དབྱུག་སྔོན་ཅན) པྲཛྙཱ་ཨནྟ་ཀ(ཤེས་རབ་ མཐར་ཕྱིན) ཊཀྐི་རཱ་ཛ། (འདོད་པའི་རྒྱལ་པོ) པདྨ་ཨནྟ་ཀ(པདྨ་མཐར་བྱེད) ཨ་ཙ་ལ། (མི་གཡོ་བ) ཡ་མ་ ཨནྟ་ཀ(གཤིན་རྗེ་མཐར་བྱེད) མཧཱ་བ་ལེ་བྷྱཿ(སྟོབས་པོ་ཆེ) ས་པཱ་རི་ཝཱ་རེ་བྷྱཿ(འཁོར་དང་བཅས་པ) ཨི་ དཾ་བཱ་ལིཾ། (གཏོར་མ་འདི) གནྡྷཾ། (དྲི་དང་) པུཥྤཾ། (མེ་ཏོག) དྷཱུ་པཾ། (སྤོས) དཱི་པཾ། (མར་མེ) ཨཀྵ་ཏཾ། (བཟའ་བ་ མི་ཟད་པ) ད་དཱ་མ་ཧེ། (སྟེར་བས་དེ་རྣམས་སྤྱོན་ཅིག) ཏེ་ཛ་ཨཱ་ག་ཏྱ། ས་པཱ་རི་ཝཱ་ར། (འཁོར་དང་བཅས་ པ) ཤཱི་གྷྲཾ། (མྱུར་བར) ཨི་དཾ། བཱ་ལིཾ། (གཏོར་མ) གྲྀཧྞ་ཏུ། (ཟུང་ཅིག) ཁཱ་དནྟུ། (ཟོ་ཅིག) པི་ཝཱནྟུ། (འཐུང་ ཅིག) ཛཿཧཱུཾ་བཾ་ཧོཿ(དགུག་གཞུག་བཅིང་དབང་དུ་བྱས་པ) སཾ་དྲིབྟ། (ཡང་དག་པར་ཚིམ་ནས) སརྦ་སཏྭ་ ནཱཾ། (སེམས་ཅན་ཐམས་ཅད) ཤཱིནྟཾ། (ཞི་བ) པཱུཥྚིཾ། (རྒྱས་པ) རཀྵཾ། (བསྲུང་པ) ཨ་བཱ་ར་ཎ། (བསྒྲིབ་པ) གུབྟིཾ། (སྦ་བར་གྱིས) ཀུརྦནྟུ་ཧུཾ་ཧཱུཾ་ཕཊ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སྭཱཧཱ། (རྡོ་རྗེ་སེམས་དཔའི་བཀའ་བཞིན་ གཞི་ཚུགས) ཞེས་པས་དབུལ། ཟད་པར་ལ་གྲི་གུག་གི་ཕྱག་རྒྱས། ༀ་ཨཱཿཧཱུཾ་ཧོཿ ཨ་ཀཱ་ཤ། (ནམ་ མཁའ) བཱ་ཡུ། (རླུང་) ཏེ་ཛ། (མེ) ཨུ་ཏ་ཀ(ཆུ) པྲི་ཐི་ཝེ། (ས) སཱ་དྷི་བྷྱཿ ས་པཱ་རི་ཝཱ་རེ་བྷྱཿ(འཁོར་དང་ 2-1-336 བཅས་པ) ཞེས་པས་དང་། ཕྱོགས་སྐྱོང་ལ་རལ་གྲི(འམ་དབྱུག་ཏོ་སྟེ་ཁུ་ཚུར་བཅངས་གུང་མཛུབ་བསྒྲེངས་ ལ་)འི་ཕྱག་རྒྱས། ༀ་ཨཱཿཧཱུཾ་ཧོཿ པྲཧྨ། (ཚངས་པ) བིཥྞུ། (ཁྱབ་འཇུག) ནྲྀ་ཏྱ། (བདེན་བྲལ) ཝཱ་ཡུ། (རླུང་ ལྷ) ཡ་མ། (གཤིན་རྗེ) ཨགྣེ། (མེ་ལྷ) ས་མུ་ཏྲ། (རྒྱ་མཚོ) ཨི་ཤྭ་ར། (དབང་ཕྱུག) ཨིནྡྲ། (དབང་པོ) ཡཀྵེ་ བྷྱཿ(གནོད་སྦྱིན་རྣམས) ས་པཱ་རི་ཝཱ་རེ་བྷྱཿ(འཁོར་དང་བཅས་པ་) ཞེས་པ་དང་། གཟའ་ལ་རིན་པོ་ ཆེའི་ཕྱག་རྒྱས། ༀ་ཨཱཿཧཱུཾ་ཧོཿ ར་ཧུ། (སྒྲ་གཅན) ཀཱ་ལ་ཨགྣེ། (དུས་མེ) ཙནྡྲ། (ཟླ་བ) སུརྱ། (ཉི་མ) བྷུ་ཏ། (གཟའ་ལྷག) མཾ་ག་ལ། (བཀྲ་ཤིས) ཤུ་ཀྲ། (བ་པ་སངས) པྲི་ཧསྤ་ཏི། (ཕུར་བུ) ཀེ་ཏུ་(མཇུག་རིངས) ཤ་ནི་(སྤེན་པ)བྷྱཿ ས་པཱ་རི་ཝཱ་རེ་བྷྱཿ(འཁོར་དང་བཅས་པ) ཞེས་པ་དང་། ཀླུ་ལ་པད་མའི་ཕྱག་(སོར་ མོ་རྣམས་རྒྱང་ནས་མཐེ་བོང་མཐེ་ཆུང་རྒྱང་ནས་སྦྱར་ལ་)རྒྱས། ༀ་ཨཱཿཧཱུཾ་ཧོཿ ཛ་ཡ། (རྒྱལ་བ) བི་ཛ་ཡ། (རྣམ་ པར་རྒྱལ་བ) པདྨ། (པད་མ) ཀརྐོ་ཊ་ཀ(སྟོབས་ཀྱི་རྒྱུ) བ་སུ་ཀི། (ནོར་རྒྱས) ཤཾ་ཁ་པཱ་ལ། (དུང་སྐྱོང་) ཀུ་ ལི་ཀ(རིགས་ལྡན) ཨ་ནནྟ། (མཐའ་ཡས) ཏཀྵ་ཀ(འཇོག་པོ) མཧཱ་པངྨེ་(པད་མ་ཆེན་པོ་)བྷྱཿ ས་པཱ་རི་ཝཱ་ རེ་བྷྱཿ(འཁོར་དང་བཅས་པ) ཞེས་པ་དང་། འབྱུང་པོ་ལ་འཁོར་ལོའི་ཕྱག་རྒྱས། (ལག་པ་གཡས་སོར་མོ་རྣམས་བྲལ་བྱས་པ་གདན་ཟླ་བའི་སྟེང་དུ་གཡོན་དེ་བཞིན་ཁས་ཕུབ་པ་) ༀ་ཨཱཿཧཱུཾ་ཧོཿ བེ་ཏཱ་ཊ། (རོ་ལངས) བི་ཀྲི་ཏ། (གྲུལ་བུམ) མུ་ཁ་ཤྭ། (ཁྱི་གདོང་) ཀ་ཀ(བྱ་རོག་གདོང་) སཱུ་ཀ་ར། (ཕག་ གདོང་) གྲྀ་དྷ། (བྱ་རྒོད་གདོང་) བྱཱ་གྷྲ། (སྟག་གདོང་) ཨཱུ་ལུ་ཀ(འུག་གདོང་) ཛཾ་བུ་ཀ(ལྕེ་སྤྱང་གདོང་) ག་ རུ་ཊ་(བྱ་ཁྱུང་གདོང་)མུ་ཁེ་བྷྱཿ ས་པཱ་རི་ཝཱ་རེ་བྷྱཿ(གདོང་མ་རྣམས་འཁོར་དང་བཅས་པ) ཨི་དཾ་མན་ཆད་ ཐམས་ཅད་ལ་སྦྱར་ལ་དབུལ་ལོ། །དེ་ནས་འདུད་ཉི་ཤུ་ལ་སོགས་པས་བསྟོད་དོ། ། དེ་ནས་ཡུལ་དང་གྲོང་བདག་གི་གཏོར་མ་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅས་ལ། (རྡོ་རྗེ་ཁུ་ཚུར་དང་ཐེ་ཅུང་བསྒྲེངས་ནས་མཐེ་ཆུང་གཉིས་ བསྣོལ་ལ་)ༀ་ཨཱཿཧཱུཾ། ཞིང་སྐྱོང་ལ་སོགས་ཡུལ་བདག་འཁོར་དང་བཅས་པ། མ་མ་ས་པ་རི་ ཝཱ་རཱ་ཡ། (བདག་ཅག་འཁོར་དང་བཅས་པའི་ཕྱིར་)ཨི་དཾ་བ་ལིཾ། (འདི་གཏོར་མ་) གནྡྷཾ། (དྲི་)པུཥྤཾ། (མེ་ཏོག་)དྷཱུ་ 2-1-337 པཾ། (སྤོས་)པྲ་དཱི་པཾ། (མར་མེ་)ཨཀྵ་ཏཾ། (བཟའ་བ་མི་ཟད་པ་)ད་དཱ་མ་ཧེ། (སྦྱིན་གྱིས་) ས་པ་རི་ཝཱ་རཿ(འཁོར་ དང་བཅས་པ་)ཤཱི་གྷྲཾ། (མྱུར་བར་)ཨཱ་གཙྪ་ཏུ། (སྤྱོན་ནས་) ཛཿཧཱུཾ་བཾ་ཧོཿ(དགུག་གཞུག་བཅིང་དབང་དུ་བྱས་ནས་) ཨི་དཾ་བ་ལིཾ། (གཏོར་མ་འདི་)གྲྀནྷ་ཏུ། (ཟུང་ཅིག་)ཁཱ་ད་ཏུ། (ཟོ་ཅིག)པི་ཝ་ཏུ། (འཐུང་ཅིག)ས་པ་རི་ཝཱ་ ར་ཀཿ(འཁོར་བཅས་ཐམས་ཅད་ཀྱིས་)སརྦ་སཏྭཱ་ནཱཾ། (སེམས་ཅན་ཐམས་ཅད་ལ་)ཤནྟིཾ། (ཞི་བ་)པུཥྚིཾ། (རྒྱས་པ་) རཀྵ་(བསྲུང་བ་)ཨཱ་ཝ་ར་ཎ། (བསྐྱབ་པ་) གུཔྟིཾ། (སྦ་བ་) ཀ་རོ་ཏུ། (གནས་འདི་ལས་)ཨི་དཾ་སྠཱ་ནཾ། ཏྱཀྟྭཱ། བཱ་ཧྱ་མཎྜལ་(གཞན་པའི་དཀྱིལ་འཁོར་གྱི་)བྷཱུ་མྱཱཾ་(ས་གཞི་ལ་)ཏིཥྛ་ཏུ་ཧཱུཾ་ཧཱུཾ་ཕཊ། (བརྟེན་པར་) བཛྲ་དྷ་ར་ ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། (རྡོ་རྗེ་འཛིན་པའི་བཀའ་བཞིན་ཚུགས)ཞེས་པ་དང་། (མཐེ་བོང་ནང་དུ་མ་བཅུག་པ་ཁུ་ཚུར་གྱི་གདོང་བསྟན་པ། )གྲོང་བདག་ལ་ཁྱིའི་ཕྱག་རྒྱས། ༀ་ཨཱཿཧཱུཾ། གྲོང་གི་བདག་པོ། ཨཱ་གཙྪ་(སྤྱོན་ཅིག)ཨཱ་གཙྪ། (སྤྱོན་ཅིག)ཤཱི་གྷྲཾ། (མྱུར་བར་)ཨི་དཾ། བ་ལིཾ། (གཏོར་མ་ འདི་) གྲྀཧྣ་གྲྀཧྣ། (ཟུང་ཅིག་ཟུང་ཅིག་)བྷུཀྟྭཱ། (ཟོ་ཅིག)པཱི་ཏྭཱ་(འཐུང་ཅིག)ཏྲིཔྟིཾ་(ཚིམ་པར་)ཤུ་བྷ་ཙི་ཏ། ཀྲི་ ཏྭཱ། སརྦ་སཏྭཱ་ནཱཾ། (སེམས་ཅན་ཐམས་ཅད་ཀྱི་)ཤཱནྟིཾ། (ཞི་བ་)ཙིཏྟཾ། (ཡིད་དང་)ཀྲི་ཏཾ། (ལྡན་པར་གྱིས་ལ་)ཨ་པ་ ར་སྠཱ་ནཾ། (རང་གནས་སུ་)ཨ་གྷ་ཙྪ་(གཤེགས་ཅིག)ཞེས་པས་ཕུལ་ནས། གཞན་ཡང་གཏོར་མ་བཏང་ དགོས་པ་རྣམས་ལའང་བྱིན་ལ། དངོས་གྲུབ་འབྱུང་པར་གསོལ་བ་གདབ་པ་ལ་སོགས་པ་ རྒྱས་པར་བྱ་སྟེ། ལག་པའི་རྒྱབ་བསྟན་ནས་སེ་གོལ་གཏོག་ཅིང་ཀྵ་ཞེས་ལན་གསུམ་བརྗོད་ པས། སྔར་བཞིན་གདན་དྲངས་པའི་གནས་སུ་གཞུག་ཅིང་གཤེགས་སུ་གསོལ་ལོ། ། དེ་ནས་ཟས་ལ་ལོངས་སྤྱོད་པ་ནི། ཁ་ཟས་ལ་བྱིན་གྱིས་བརླབ་པ་སྔར་བཞིན་བྱས་ལ། ༀ་ གུ་རུ་དེ་ཝ་བྷྱཿ ཨགྣེ། ས་མན་དྷི། དྷྱཱ་ན་པྲ་ཎི་ནེ་སྭཱཧཱ་ཞེས་པས་བླ་མ་དང་ཡི་དམ་ལ་འབུལ། དེ་ནས་གཏོར་མ་གཅིག་བྱས་ལ། ༀ་ཨཿཧཱུཾ་གིས་བྱིན་གྱིས་བརླབས་ལ། ༀ་བྷ་ར་བྷ་ར་སམྦྷ་ ར་སམྦྷ་ར་ཧཱུྃ་ཛཿ ཨ་གྷ་ཙྪ་ཏུ་པྲེ་ཏ། (ཡི་དྭགས) བྷུ་ག་ཏ། སན་ཏ་མུ་ཁ། སུ་ར་ཡན་ཏོ། ཀྲོ་ཀྵཿཡ ཨ་ཀྵ་ཡ་ཨགྣ་ནཾ་ལ་བན་ཏུ་སྭཱཧཱ། ཞེས་པས་ཡི་དྭགས་སྤྱི་ལ་སྦྱིན། དེ་ནས། ཨྃ་ཧ་རི་ཏྱཱ་པིན་ཏི་ 2-1-338 ཀི་(འཕྲོག་མ་རྣམས་)པྲ་ཏི་ཙྪ་(མཆོད་དོ། )སྭཱཧཱ། ཆང་བུ་འཕྲོག་མ་དང་དེའི་བུ་རྣམས་ལ་སྦྱིན་ནོ། །དེ་ ནས། ༀ་ཨཿཧཱུྃ་གིས་བྱིན་གྱིས་བརླབས་པའི་ཁམ་བུ། ཨཾ་དུ་ཏི་ཀྲི་(ཕོ་ཉ་རྣམས་)ཨ་གྷྲ་གྷྲ་པ་པྲ་ ཏིཙྪ་སྭཱཧཱ། ཕོ་ཉ་རྣམས་ལ་བྱིན་ཏེ། དེ་ནས་རང་གི་སྔར་གྱི་རྣལ་འབྱོར་བརྟན་པོས། དེ་དག་ ལ་མཆོད་པའི་བསམ་པས་ཁ་ཟས་བཟང་ངན་ལ་བླང་དོར་གྱི་རྟོག་པ་སྤངས་ནས་ལོངས་སྤྱད་ པར་བྱའོ། །མཇུག་ཏུ་ཆང་བུ་ལ་སོགས་པའི་ལྷག་མ། ༀ་ཁ་ཁ། ཁཱ་ཧི་ཁཱ་ཧི། (ཟོ་ཅིག་ཟོ་ཅིག) ཨུ་ ཙིཥྚ་བ་ལིཾ་ཨུ་ཙིཥྚ་བྷཀྵ་སྭཱཧཱས་ལྷག་མ་ལ་དབང་པའི་འབྱུང་པོ་རྣམས་ལ་བྱིན་ལ་ཆོས་ཀྱི་སྦྱིན་ པ་ཟབ་མོ་དང་སྦྱིན་པས་བརྗོད། དེ་ནས་སྤྱོད་ལམ་སྦྱང་པ་ནི། བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་ པར་བཅས་པའི་རང་བཞིན་ཡིན་པ་བཞིན་དུ། གཞན་སྣང་སྲིད་ཐམས་ཅད་ལའང་དྲན་པར་ བྱ་ཞིང་། སྣང་པ་ཐམས་ཅད་སྣང་སྟོང་ལྷའི་དཀྱིལ་འཁོར། གྲག་པ་ཐམས་ཅད་གྲག་སྟོང་ལྷའི་ སྔགས། སེམས་ཀྱི་འདུ་འཕྲོ་ཐམས་ཅད་རིག་སྟོང་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱས་ ལ། འདོད་ཡོན་ཐམས་ཅད་ལ་ཞེན་པ་མེད་པས་སྤྱད་ཅིང་། རིག་པ་ཡེ་ཤེས་ཀྱི་རྩལ་སྦྱང་བའི་ ཕྱིར། ཕྱག་དང་བསྐོར་བ་དང་གཏོར་མ་དང་ཛམ་ལྷ་ལྷའི་ཆུ་སྦྱིན་ལ་སོགས་པའི་ཆོས་སྤྱོད་ཅི་ གྲུབ་ཏུ་བྱའོ། ། དེ་ནས་ཉལ་བ་གཉིད་ཀྱི་རྣལ་འབྱོར་ལ་གཉིས་ལས། ཉལ་བའི་སྔོན་དུ་ལྷ་གཤགེས་ བསྡུ་བྱ་བ་ནི། རང་ཉིད་དམ་ཚིག་སེམས་དཔའ། ཞལ་གཅིག་ཕྱག་གཉིས་པར་ཕྱུང་ནས་མཆོད་ བསྟོད་བྱ་སྟེ། དེའི་གཙུག་ཏོར་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། དེའི་ལྟེ་བར་བདེ་ཆེན་འཁོར་ལོ་ གཤེགས། དེ་བཞིན་དུ་སྙིང་ཁར་རྡོ་རྗེ་རྩེ་དགུ་པའི་ལྟེ་བར་ནུས་མ་བརྒྱད། དཔྲལ་བར་རྡོ་རྗེ་ རྩེ་མོ་བདུན་པའི་ལྟེ་བར་སངས་རྒྱས་ཡབ་ཡུམ་བརྒྱད། མགྲིན་པར་རྡོ་རྗེ་རྩེ་མོ་གསུམ་པའི་ ལྟེ་བར་སེམས་དཔའ་ཡབ་ཡུམ་བཅུ་གཉིས་དང་ཁྲོ་བོ་བཞི་གཤེགས་སུ་གསོལ་བར་བྱའོ། ། 2-1-339 དེ་ནས་དགེ་བ་བསྔོས་གཉིད་ལམ་དུ་བྱ་བ་ནི། འདི་ཡིས་ཉི་མ་དང་བཅས་ཐུབ་པའི་ རིགས་རྣམས་ཀྱིས་ཇི་ལྟ་བ་བཞིན་ཤེས་རབ་ཡེ་ཤེས་ངེས་པར་ཐོབ་གྱུར་ཅིག །དེ་ལྟར་དུས་ ཀྱི་འཁོར་ལོའི་དྲིན་གྱིས་སྲིད་གསུམ་ལ་གནས་སེམས་ཅན་རྣམས་ཀྱང་དེ་ལྟར་འགྱུར་བར་ ཤོག །སྟེང་ན་བྱང་ཆུབ་སེམས་དཔའ་གང་ཞིག་རྣམས་ཀྱིས་བདུད་ཀྱི་ཕྱོགས་གྱུར་རྣམས་དང་ ལྷ་མིན་མ་ལུས་རྣམས། །མཆོག་ཏུ་འཇིགས་མཛད་མི་ཡི་ལོ་ག་ཕྱོགས་མཚམས་ལ་གནས་ ཁྲོ་རྒྱལ་བཙུན་མོར་བཅས་པས་སྲིན་པོ་རྣམས། །ས་འོག་དུ་ནི་གདེངས་ཁའི་དབང་པོ་གང་ ཞིག་རྣམས་ཀྱིས་འཇིགས་བྱེད་མ་རུངས་ཐམས་ཅད་འཆིང་བར་བྱེད། །དེ་རྣམས་ཀུན་གྱིས་ ཉིན་མཚན་སོ་སོའི་དུས་སུ་འཇིག་རྟེན་མི་ཤེས་མ་ལུས་ཀུན་ནས་སྐྱོང་བར་ཤོག །ཞེས་ལན་ གསུམ་དམིགས་པ་མེད་པའི་ངང་ནས་བརྗོད་པར་བྱའོ། ། དེ་ནས་བདག་ཉིད་ལྷ་ཐམས་ཅད་བསྡུས་པའི་དཔའ་བོ་ཞལ་གཅིག་(ཕྱག་གཉིས་)པར་ གསལ་བའི་གནས་དྲུག་ཏུ་སྔར་བཞིན། ༀ་ཨཿཧཱུྃ་ཧོ་ཧྃ་ཀྵཿས་བསྲུངས་ཏེ་སེང་གེའི་ཉལ་ སྟབས་ཀྱིས་ཡོད་མེད་ལ་སོགས་པ་གང་དུ་ཡང་མི་རྟོག་པ་འོད་གསལ་ཆོས་སྐུའི་ངང་དུ་ གཉིད་ལོག་གོ། །རྨི་ལམ་བྱུང་ན་ལོངས་སྐུར་ཤེས་པར་བྱས་ལ། སད་ན་སྤྲུལ་པའི་སྐུར་ ལྡང་བར་བྱའོ། །དེ་ལྟར་བསྐྱེད་རྫོགས་གཉིས་ལ་ནན་ཏན་དུ་གོམས་པས་ཐོན་མོང་མཆོག་ གི་དངོས་གྲུབ་མྱུར་དུ་མངོན་དུ་བྱེད་པར་འགྱུར་རོ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་སྒྲུབ་ ཐབས་འདི། །རང་དང་རང་འདྲའི་སྐྱེ་བོ་གཞན་ལ་ཕན་དོན་དུ། །སྦྱར་ལ་ནོངས་གྱུར་བླ་མ་ མཁའ་འགྲོའི་ཚོགས་བཟོད་ཅིང་། །དགེ་བས་སེམས་ཅན་ཀུན་གྱིས་སངས་རྒྱས་མྱུར་ཐོབ་ཤོག། དཔལ་དུས་ཀྱི་འཁོར་ལོའི་མངོན་པར་རྟོགས་པ་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་ གནས་རྣམ་པར་དག་པའི་སྙིང་པོ་མདོར་བསྡུས་པའི་ཐུགས་ཀྱི་དཀྱིལ་འཁོར་གྱི་བསྐྱེད་རིམ་ 2-1-340 གསལ་སྒྲོན་ཞེས་བྱ་བ་འདི་ནི། བདག་ལ་ཐུགས་རྗེ་བརྩོན་འགྲུས་རྒྱལ་མཚན་དཔལ་བཟང་ པོ་དང་། དགེ་བའི་བཤེས་གཉེན་ཀུན་དགའ་ཤེས་རབ་དང་། མེ་ཉག་གི་དགེ་བཤེས་ནེ་ཏེ་ ཞེས་བྱ་བ་གསུམ་གྱིས་གུས་པར་གསོལ་བ་བཏབ་པའི་དོན་དུ། རིགས་ལྡན་དང་མཚུངས་ པའི་དཔལ་དུས་འཁོར་པ་ཆེན་པོ་དཔལ་ལྡན་བླ་མ་དམ་པ་ཡེ་ཤེས་རིན་ཆེན་གྱིས་མཛད་པ་ ལས། དཔལ་མི་བསྐྱོད་རྡོ་རྗེས་རྒྱུད་འགྲེལ་ཆེ་ཆུང་གཉིས་དང་། བླ་མའི་མན་ངག་དང་མཐུན་ པར་ཅུང་ཟད་གཏན་ལ་ཕབ་པ་འདི་ནི། བློ་གྲོས་མཚུངས་པ་མེད་ཅིང་དད་གུས་དང་ལྡན་པ། སྐལ་ལྡན་བཟང་པོ་དཔལ་ལགས་པས་ཞུས་ཤིང་བསྐུལ་ནས། དཔལ་ནགས་རྒྱལ་གྱི་དབེན་ གནས་བདེ་བ་ཅན་དུ་བཀོད་པའོ།། །།དགེ་བར་གྱུར་ཅིག། ཅིག་ཞུས། མ་ཡིག འབྲས་ དཔེ་རྙིང་། ཕྱི་ཀ ༢༡༨ 2-1-341 ༄༅། །དཔལ་ལྡན་དུས་འཁོར་གྱི་མངོན་རྟོགས་ གསལ་སྒྲོན་བཞུགས་སོ། ། ༄༅། །ཨོཾསྭསྟིསིདྷཾ། ན་མོ་མ་ཧ་གུ་རུ་ཤྲི་ཀཱ་ལ་ཙཀྲ་ཡེ། བདེ་སྟོང་དབྱེར་མེད་ལྷན་ཅིག་ སྐྱེས། །དཔལ་ལྡན་དུས་འཁོར་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་པ། །སྤྲོས་ སྤངས་རྣལ་འབྱོར་དོན་དུ་བྲི། །དེ་ལ་བཞི་ལས། སྒྲུབ་པའི་གང་ཟག་ནི་དཔལ་དུས་ཀྱི་འཁོར་ ལོའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའོ། །སྒྲུབ་པའི་གནས་ནི་ལས་ དང་མཐུན་པའམ། དབེན་ཞིང་རྣལ་འབྱོར་འཕེལ་བའི་ས་རུའོ། ། སྒྲུབ་ཐབས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཐུན་མཚམས་ཀྱི་རྣལ་འབྱོར་ རོ། །དང་པོ་ལ་བཞི་ལ། ལྡང་བའི་རྣལ་འབྱོར་ནི། མཚན་མོ་ཉལ་བ་གཉིད་ཀྱི་རྣལ་འབྱོར་ ལས་ཐོ་རངས་ལངས་ཏེ། མདུན་གྱི་ནམ་མཁར་བླ་མ་དང་དཀོན་མཆོག་ཡི་དམ་གྱི་ལྷ་ཚོགས་ དམིགས་ནས་ཐལ་མོ་སྦྱར་ལ་ཕྱག་བྱའོ། ། ཁྲུས་ཀྱི་རྣལ་འབྱོར་ལ་གཉིས་ལས། ཕྱི་ཁྲུས་ནི་བསམ་གཏན་གྱི་གྲོགས་སུ་འགྱུར་ན། དབང་བསྐུར་ལྟར་ཁྲུས་བྱས་ལ་རྟེན་གྱི་སྤྱན་མངར་མཎྜལ་དང་མཆོད་གཏོར་བཤམ། ནང་ ཁྲུས་ནི་སྟན་བདེ་བ་ལ་དཀྱིལ་ཀྲུང་བཅས་ནས། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ ཏུ་སེམས་བསྐྱེད་དེ། རྡོ་རྗེ་སེམས་པ་ཧེ་རུ་ཀ་བསྒོམས་ནས་ཡི་གེ་བརྒྱ་པ་བཟླས་ཏེ་བཤགས་ བསྡམ་བྱའོ། ། བསྲུང་བའི་རྣལ་འབྱོར་ལ་གསུམ་ལས། གནས་བསྲུང་པ་ནི་ལག་པ་གཡོན་པ་སྡིགས་ 2-1-342 མཛུབ་བཅས་ཏེ་སྙིང་ཁར་བཞག་ལ། གཡས་པས་ཤར་ནས་བརྩམས་ཏེ། ཕྱོགས་བཞིར་སེ་ གོལ་བརྡབ་ཅིང༌། ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། གྲྀཧྣཱ་པ་ཡ་གྲ ཧྣཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། བྷ་ག་ཝན་བཛྲ་ཧཱུཾ་ཧཱུཾ་ཕཊ། ཞེས་ཅི་རིགས་སུ་བརྗོད་པས། སྔགས་ཀྱི་ཡི་གེ་མེ་འབར་བ་ཕྱོགས་བཅུར་འཕྲོས་བདུད་དང་བགེགས་ཐམས་ཅད་བསྲེགས་ པར་བསམ་མོ། །དེ་ནས་རྡོ་རྗེ་གསོར་ཞིང་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཧཱ། ཞེས་བརྗོད་པས་ སྟེང་དུ་རྡོ་རྗེ་སྔོན་པོ་ཤར་དུ་ནག་པོ། ལྷོ་དམར་པོ་བྱང་དཀར་པོ་ནུབ་སེར་པོ་རྩེ་ལྔ་པ། འོག་ ཏུ་ལྗང་གུ་རྩེ་གསུམ་པ་མེ་འབར་བའི་ར་གུར་མེ་རི་དང་བཅས་པ། ཐོ་རངས་ནང་དུ་གྲིབ་མའི་ མཐའ་དང་ས་དང་ནམ་མཁའ་འབྱར་བའི་བར་དུ་སྒོམ་མོ། ། བདག་ལ་བསྲུང་བ་ལ་གཉིས་ལས། རྫས་ཀྱིས་བསྲུང་བ་ནི་ནང་མཆོད་འོག་ནས་འབྱུང་ བ་ལྟར་བྱིན་གྱིས་(ཨོཾ་ཨཿཧཱུཾ་ཧོས་)བརླབས་ནས། མཐེབ་སྲིན་གྱིས་ལྕེ་ལ་བཞག་པའམ། དངོས་སུ་མེད་ན་བཞག་པར་བསམས་ལ། ཨོཾ་སརྦ་(ཐམས་ཅད་)བྷི་ར་(དཔའ་བོ་)ཡོ་གི་ ནི་(རྣལ་འབྱོར་)པྲི་ན་ཡ་མེ་(ཚིམ་པར་)སྭཱཧཱ་(བདག་གི་གཞི་ཚུགས་ཤིག་)ཞེས་བརྗོད་དོ། ། སྔགས་ཀྱིས་བསྲུང་བ་ནི་ཨོཾ་ཨཿ(རྒྱལ་བ་རིག་དྲུག་གི་ས་བོན་)ཧཱུཾ་ཧོ་ཧཾ་ཀྵཿ པྲ་ཛྙ་(ཤེས་ རབ་)ཨུ་པ་ཡ་ཨད་མ་(ཐབས་)ཀོ་ཀཱ་ཡཱ་(བདག་ཉིད་)ཝག་(གསུང་)ཙིཏྟ་(ཐུགས་)ཛྙ་ན་ (ཡེ་ཤེས་)ཨ་དྷི་པ་(བདག་པོ་དམ་པ་)ཏེ། མ་མ་(བདག་གི་)ཀ་ཡ་(ལུས་)ཝག་(ངག་) ཙིཏྟ་(ཐུགས་)ཛྷ་ན་(ཡེ་ཤེས་)བཛྲ་(རྡོ་རྗེ་)བཛྲ་ཨ་མྲྀ་ཏ་(རྡོ་རྗེརབདུད་རྩིའི་)སྭ་བྷ་ཝ་(རང་ བཞིན་གྱིས་)ཀུ་རུ་ཀུ་རུ་སྐན་དྷ་(བྱ་བ་བྱེད་པ་)དྷ་ཏུ་(ཕུང་པོ་)ཨ་ཡ་(ཁམས་སུ་)ཏ་ནཾ་ནི་(སྐྱེ་ མཆེད་)སྭ་བྷ་ཝ་(རང་བཞིན་གྱི་)སྭཧཱ(གཞི་ཚུགས་ཅིག)། ཞེས་ལན་གསུམ་བརྗོད་པས་ ལུས་ཟླ་བ་དྲི་མ་མེད་པ་ལྟར་བསམས་པའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་ པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨ་དམར་པོ། སྙིང་ཁར་སྒྲ་གཅན་དཀྱིལ་འཁོར་ལ་ 2-1-343 ཧཱུཾ་ནག་པོ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་རྡོ་རྗེ་སེར་པོ། སྤྱི་གཙུག་ཏུ་ནམ་མཁའི་དཀྱིལ་ འཁོར་ལ་ཧཾ་སྔོན་པོ། གསང་གནས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵ་ལྗང་ཁུ་སྟེ། རྒྱལ་བ་ རིགས་དྲུག་གི་ས་བོན་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གསལ་བར་བསྒོམ་མོ། ། རྣལ་འབྱོར་བསྲུང་བ་ནི། བྱམས་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ ཚད་མེད་པ་བཞིས་ཀུན་ནས་བསླང་ནས། (སྨོན་པ་)སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །བྱང་ ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་མཆོག་ཏུ་སེམས་ བསྐྱེད་དོ། །བྱང་ཆུབ་(འཇུག་པ་)སྙིང་པོའི་བར་དུ་ནི། །རིན་ཆེན་གསུམ་ལ་སྐྱབས་སུ་མཆི། ། གཞད་དོན་བྱང་ཆུབ་མྱུར་འགྲུབ་ཤོག །མ་ལུས་སྲིད་མཚོ་ལས་བསྒྲལ་བར་བགྱི། །ཞེས་ བརྗོད་དེ། སྨོན་འཇུག་སེམས་བསྐྱེད་བརྟན་པར་བསྒོམ་མོ། །ཚོགས་བསག་པའི་རྣལ་འབྱོར་ ལ་གཉིས། (འདིར་མ་ཡིག་ལ་ཤོག་ངོས་གཅིག་མི་ཚང༌། )གྱི་སྟེང་དུ་བདག་ཉིད་རིག་པ་ཧཱུཾ་ ཕྲིཾ་དུ་གྱུར་པ་ལས། ཧཱུཾ་ལས་རྡོ་རྗེར་ཧཱུཾ་གིས་མཚན་པ་དང༌། ཕྲིཾ་ལས་གྲི་གུག་ཕྲིཾ་གིས་མཚན་ པ་དང༌། དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཟུང་འཇུག་ལྷན་ ཅིག་སྐྱེས་པའི་སྐུར་སྐད་ཅིག་གིས་གྱུར་པར་བསྒོམ། དེ་ཡང་ཡབ་སྐུ་མདོག་སྔོན་པོ་ཞལ་ གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེར་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཟླ་ ཉི་དང་སྒྲ་གཅན་གྱི་སྟེང་དུ་ཞབས་གཡས་དམར་པོ་རྐྱང་པས་འདོད་ལྷ་དམར་པོ་དང༌། གཡོན་ དཀར་པོ་ཅུང་ཟད་བརྐུམ་པས་དྲག་པོ་དཀར་པོ་སྙིང་ཁར་མནན་པ། ཞལ་མཆེ་བ་གཙིགས་ པ་སྤྱན་གསུམ་དང་ལྡན་པ་སྐུ་རྡོ་རྗེའི་རྣ་རྒྱན། མགུལ་རྒྱན་སྐ་རགས་ཕྱག་གདུབ་ཞབས་ གདུབ་ཅན། རལ་པའི་ཅོད་པན་སྤྱི་བོར་བཅིངས་པའི་རྩེ་མོར་སྣ་ཚོགས་རྡོ་རྗེས་མཚན་པ། གཙུག་ཏོར་དུ་རྡོ་རྗེ་ནོར་བུ་དང༌། ནོར་བུའི་སྟེང་དུ་ཟླ་ཕྱེད་དང་དར་དཔྱངས་ཀྱིས་མཛེས་པ། སྐུ་ཐམས་ཅད་ཐལ་ཆེན་གྱི་རྒྱ་དང༌། ཕྲག་པ་ལ་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། སྟག་གིས་ 2-1-344 ལྤགས་པས་སྨད་གཡོགས་པ། བདུད་རིགས་བརྒྱའི་མགོ་བའི་ཕྲེང་བ་ཕྲག་པ་ལ་འཕྱངས་ པ། དཔྲལ་བར་ཐོད་པ་ལྔའི་དབུ་རྒྱན་ཅན། གླང་ཆེན་ཀོ་རློན་གྱིས་སྟོད་གཡོགས་དང་ལྡན་ པའོ། །དེའི་(ཕྲིཾང་ལས་)པང་ན་གནས་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ ཕྱག་གཉིས་མ། ཕྱག་གཡས་གྲི་གུག་དང་བཅས་པའི་སྡིགས་མཛུབ་ནམ་མཁའ་འཕྱར་བས་ ཕྱོགས་བཅུར་སྡིགས་པ། གཡོན་ཐོད་པ་བདུད་རྩི་ལྔས་གང་བ་འཛིན་པས་ཡབ་ལ་འཁྱུད་ ཅིང་སྟོབ་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་མ། དབུ་སྐྲ་གྲོལ་བའི་དབུ་ལ་ མི་མགོ་སྐམ་པོ་ལྔས་བརྒྱན་ཅིང༌། ལྔ་བཅུའི་དོ་ཤལ་ཅན་སྐུ་གཅེར་བུ་ཕྱག་རྒྱ་ལྔ་དང་རིན་པ་ ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་བ་གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། དེ་ ལྟར་ཡབ་ཡུམ་སྟོང་པ་དང་སྙིང་རྗེའི་རང་བཞིན་དབྱེར་མེད་པའི་སྐུ་སྣང་ལ་རང་བཞིན་མེད་ པ་བར་སྣང་གི་འཇའ་ཚོན་ལྟ་བུ་ཡེ་ཤེས་ཀྱི་མེ་འོད་རབ་ཏུ་འབར་བའི་དབུས་ན་བདེ་ལྷག་གེ་ བཞུགས་པར་བསམ་མོ། ། དེ་ནས་ཡབ་ཡུམ་གཉིས་ཀའི་དཔྲལ་བར་ཨོཾ། མགྲིན་པར་ཨ། ཐུགས་ཁར་ཧཱུཾ། ལྟེ་བར་ ཧོ། གཙུག་ཏོར་དུ་ཧྃ། གསང་བར་སྭ། མཁའ་གསང་པད་མ་དང་རྡོ་རྗེར་བྱིན་གྱིས་བརླབས་ ཏེ་ཧཱུཾ་ཕཊ་ཅེས་བདེ་བ་ཆེན་པོ་ལ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩི་དང་ འོད་ཟེར་དཔག་མེད་པ་འཕྲོས་པས། སྣོད་བཅུད་ཐམས་ཅད་དག་པར་བྱས་ནས། གཞལ་ ཡས་ཁང་དང་ལྷའི་དཀྱིལ་འཁོར་དུ་གྱུར་པར་བསམ། དེ་ནས་ཡབ་ཀྱི་ཐུགས་ཁར་ཟླ་བའི་ དཀྱིལ་འཁོར་ལ་ཛ་ཧཱུཾ་བཾ་ཧོ་ཧི་བསྒོམ་པའི་ཛས་སྤྱི་གཙུག་ཏུ་དགུག ཧཱུཾ་གིས་གཞུག བཾ་གིས་ བཅིངས། ཧོས་མཉེས་ཧིས་རོ་མཉམ་པར་བྱས་ཏེ། སྤྱི་བོར་ཡབ་ལ་མི་བསྐྱོ་པ་ཡུམ་ལ་རྡོ་ རྗེར་སེམས་པའི་རྒྱས་གདབ་མ་བསྒོམ། དེ་ནས་ཡབ་ཀྱི་གནས་གསུམ་གྱི་ཨཱོཾ་ཨཱཿཧཱུཾ་གསུམ་ ལས་སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས་ལ། དེ་དག་གིས་འདུལ་པའི་ 2-1-345 སེམས་ཅན་རྣམས་ལ་ཆོས་བསྟན་པར་མཛད་ནས་རང་གི་འདུན་གྱི་ནམ་མཁར་བཞུགས་ པ་ལ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་དེ་བཞིན་གཤེགས་མ་ཀུན། ། ཐུགས་རྗེའི་བདག་ཉིན་ཅན་ཀུན་གྱིས། །བདག་ལ་དབང་ནི་བསྐུར་དུ་གསོལ། །ཨཱོཾ་(ཡེ་ ཤེས་)ཨཿབཱི་ཤི་ནྩར་ཏུ་མཾ་(བདག་ལ་དབང་སྐུར་དུ་གསོལ་)ཀཱ་ཡ་(སྐུ་)ཝཀ་(གསུང་)ཙི་ ཏ་[ཐུགས་]བཛྲ་དྷ་ར་(རྡོ་རྗེ་འཛིན་པ་)ཞེས་གསོལ་བ་གཏབ་པ་དང༌། སྐུ་གསུང་ཐུགས་ཀྱི་ རིགས་ཀྱི་ལྷ་མོ་ཡེ་ཤེས་ཀྱི་བདུད་རྩིས་གང་པའི་བུམ་པ་རྣམ་པ་རྣམས་ཀྱིས། ཇི་ལྟར་བལྟམ་ པའི་དུས་ཀྱི་ཚེ། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་ བདག་གིས་ཁྲུས་བགྱིའོ། །ཨཱོཾ་(ཡེ་ཤེས་)སརྦ་ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་) ཨ་བྷི་ཥེ་ཀ་ཏ་(དབང་སྐུར་བ་)ས་མ་ཡ་(དམ་ཚིག་གི་)ཤྲི་(དཔལ་)ཡེ་(ཚིག་)ཧཱུཾ། ཨཱོཾ་(ས་ བོན་)ཨ་རི་ཨུ་ལི་པཉྩ་(ཕུང་པོ་ལྔ་)དྷ་དུ་བྷི་ཤོ་དྷ་ནི་(རྣམ་པར་དག་པའི་)སྭཧཱ་ཞེས་བུམ་པའི་ ཆུས་དབང་བསྐུར་བས། སྐུ་གསུང་ཐུགས་ཀྱི་དྲི་མ་ཐམས་ཅད་དག་པར་བྱས་ནས་དབང་སྐུར་ བའི་ལྷ་ཐམས་ཅད་གནས་ཐམས་ཅད་(དཔྲལ་བ་མགྲིན་པ་སྙིང་ཁ་)གསུམ་གྱི། ཨཱོཾ་ཨཿཧཱུཾ་ གསུམ་ལ་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་ཡི་རང་བཞིན་དུ་གྱུར་ པར་བསྒོམས་ཏེ། ཨོཾ་སརྦ་(ཐམས་ཅད་)ཏ་ཐཱ་ག་ཏ་(དེ་བཞིན་གཤེགས་པ་ཐམས་ཅད་)ཀ་ ཡ་(སྐུ་)ཝག་(གསུང་)ཙི་ཏ་(ཐུགས་)བཛྲ་(རྡོ་རྗེ་)ས་བྷ་ཝ་(རང་བཞིན་གྱིས་དག་)ཨད་མ་ (བདག་)ཀོ་ཧཾ(ངང་ཡིན་)། ཞེས་པས་ང་རྒྱལ་བཟུང་ངོ༌། །དེ་ནས་འོག་ནས་འབྱུང་བ་བཞིན་ བདུད་རྩི་མྱངས་པས་གཟི་མདངས་བསྐྱེད། མཆོད་པ་ཕུལ་བས་མཉེས་པར་བསམ། བསྟོད་ པ་བརྗོད་པས་ཡོན་ཏན་དྲན་པར་བྱས་ཏེ། རིམ་པ་བཞིན། ཨཱོཾ་སྭ་བྷ་(དེ་བཞིན་བཤེགས་པ་ ཐམས་ཅད་ཀྱིས་)ཏ་ཐ་ག་ཏ་ཨ་མྲྀ་ཏ་(བདུད་རྩི་ཡིན་)པུ་ཛ་(མཆོད་པ་)སྟུ་སྟི་(བཏོད་པ་) བཛྲ་(རྡོ་རྗེ་)སྭ་བྷ་ཝ་(རང་བཞིན་གྱིས་དག་པ)ཨད་མ་ཀོ་ཧཾ(བདག་ཡིན་)། ཞེས་བརྗོད་ 2-1-346 པས་ང་རྒྱལ་བཟུང་ངོ༌། ། རྫོགས་པའི་རྣལ་འབྱོར་ནི། རྩ་བའི་རྒྱུད་ལ་སོགས་པ་ལས། སོ་སོར་སྡུད་དང་བསམ་ བསྟན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ ཡན་ལག་དྲུག་ཏུ་འདོད། །ཞེས་གསུང་པ་ལས། སོ་སོར་སྤོང་བ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་ བའི་མཚན་ཉིད་དོ། །རྩཻ་གཅིག་རྣལ་འབྱོར་བསྒོམ་པར་བྱེད། །ཡིད་ལ་ཅི་ཡང་མི་བསམ་མོ། ། ཞེས་དང༌། དཔལ་བདེ་མཆོག་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། མདུན་གྱི་ནམ་མཁའ་དེ་ ཉིད་ལས། །དབང་པོ་གཏད་དེ་ཅོག་བཞག་ན། གསལ་ལ་མི་རྟོག་ཡེ་ཤེས་ཀྱང༌། །སྐད་ཅིག་ ཉིད་ལ་སྐྱེ་བར་ངེས། །ལྷར་བསྒོམ་ཆེན་པའི་མན་ངག་ཡིན། །དེ་བཞིན་མུན་པ་ལས་སྒོམས་ ན། རྣམ་པར་མེད་པར་རྣམ་ཤེས་གཏུགས། །སླར་ཡང་རྣམ་ཤེས་ཀུན་བཞིར་བསྟིམས། །སྤྲོས་ པ་མེད་པའི་ཡེ་ཤེས་སྐྱེ། །རྣལ་འབྱོར་གཞན་པས་ཁྱད་པར་འཕགས། །ཞེས་པ་ལ་སོགས་པ་ སྐྱེད་རྫོགས་ཟུང་འཇུག་གི་སྦྱོར་བ་ཡན་ལག་དྲུག་བསྒོམ་མོ། ། གསུམ་པ་ཐུན་འཚམས་ཀྱི་རྣལ་འབྱོར་ལ་དྲུག་ལས། བཟླས་པའི་རྣལ་འབྱོར་ནི་ཡབ་ ཀྱི་ཐུགས་ཁའི་ཐིག་ལེ་ལས་གང་བཟློས་པའི་སྔགས་འོད་ཟེར་ལྔ་འཕྲོས་པ་རྩ་དབུ་མ་ནས་རྡོ་ རྗེའི་ལམ་དུ་ཕྱུང༌། ཡུམ་གྱི་ཁར་ཞུགས་སྐུའི་དབྱིབས་བརྒྱུད། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་ དུ་ཞུགས། ཐུགས་ཁའི་ཐིག་ལེ་ལ་ཐིམ་པའི་སྔགས་ཀྱི་འོད་ཟེར་གྱིས་བདག་དང་སེམས་ཅན་ ཐམས་ཅད་ཀྱིས་རྒྱུད་ལ་བདེ་སྟོང་གི་ཉམས་སྐྱེ་བར་བསམ་ཞིང༌། བཟླས་པ་ནི་དམ་ཚིག་གི་ བཟླས་པ་ཡིན་པས། དེ་ལ་འཁོར་ལུགས་བཟློས་པ་ནི་ཡེ་ཤེས་ཀྱི་བཟླས་པ་ཡིན་པས། གང་ རུང་ལ་དམིགས་པ་གཏད་དེ། ཨོཾ་ཧཾ་ཀྵ་མ་ལ་ཝ་ར་ཡ་སྭཱཧཱ། ཞེས་པ་རྩ་སྔགས་དང༌། ཨོཾ་ཨཿཧཱུཾ་ ཧོ་ཧཾ་ཀྵ་སྭཱཧཱ། སྙིང་པོ་དང༌། ཨོཾ་ཧྲཱཾ་ཧྲིཾ་ཧྲྼཱིཾ་ཧྲུཾ་ཧྲླིཾ་ཧྲ་སྭཱཧཱ། ཉེ་བའི་སྙིང་པོའོ། ཨོཾ་ཤྲི་ཀཱ་ལ་ཙཀྲ་ཧྲཱུཾ་ཕྲིཾ་ ཕཊ་སྭཱཧཱ། ཞེས་པ་གཙོ་བོ་ཡི་མཚན་སྔགས་སོ། །ཅི་ནུས་པ་བཟླས་སོ། ། 2-1-347 མཆོད་པའི་རྣལ་འབྱོར་རྫས་བསྟོད་མཆོད་པ་ལ་གཉིས་ལས། དང་པོ་ལ་གཉིས། ཕྱི་ དང༌། ནང་གི་མཆོད་པའོ། །དང་པོ་ལ་གཉིས་ལས། རྫས་དངོས་སུ་གཤམས་པའི་མཆོད་པ་ནི། མཆོད་རྫས་རྣམས་ཨོཾ་ཨ་ཧཱུཾ་ཧྲ་ཕཊ་བསང་སྭ་བྷ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཨ་ལས་ ཡོན་ཆབ་ལ་སོགས་པ་མིང་གི་ཡི་གེ་དང་པོ་ལས། མཆོད་པའི་སྤྲིན་གྱིས་ཕུང་པོ་ངོ་བོ་བཟང་ ཞིང་ཐོགས་པ་མེད་པ་དུས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བ། བྱེད་ལས་འཕགས་རྣམས་ མཉེས་ཤིང་སེམས་ཅན་རྣམས་ཚིམ་པར་བྱེད་པར་བསམ་ལ། ཨཱོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པ་རི་ཝ་རེ་ བྷྱ་བཛྲ་པྲ་ཝ་ར་སད་ཀ་ར་པྲ་ཏི་ཙ་ན་མོ། ཞེས་པས་ཡོན་ཆབ། དེ་བཞིན་དུ་གྷན་དྷཾ(དྲི་ཡིན་)། པུས་པཾ(མེ་ཏོག)། དྷུ་པཾ(སྤོས་)། དྷི་པཾ(མར་མེ)། ནེ་ཝ་ཏྱཾ(ཞལ་ཟས)། ཨ་ཀྵ་ཏྱ(འབྲས་བུ་ མི་ཟད་པ)། ལ་སྱ(བཞད་མ)། ཧ་སྱ(དབུ་རྒྱན)། ཝ་དྷཾ(རོལ་མའི་སྒྲ)། ནྲེ་ཏྱ(གླུ་མ)། གི་ ཏན(གར་མས་གར་)། ཀ་མཾ(ཟག་མེད་བདེ་བའི)། ཞེས་པ་ཐམས་ཅད་ལ་དབུ་ཞབས་སྤེལ་ ལ་མཆོད་པ་བཅུ་གསུམ་པ་དབུལ་ལོ། །རྫས་བློས་སྤྲུལ་བའི་མཆོད་པ་ནི། རང་གི་ཐུགས་ ཁའི་ཧཱུཾ་ལས་མཆོད་པའི་ལྷ་མོ་བཅུ་དྲུག་སྤྲུལ་ནས། ཤིན་ཏུ་ཁྱད་འཕགས་ལྷ་མོ་བཅུ་དྲུག་ ནི། །པི་ཝཾ་གླིང་བུ་རྫ་རྔ་རྫ་རྔ་ཆེ། །བཞད་མོ་སྒེག་མོ་གླུ་མ་གར་མ་དང༌། །མེ་ཏོག་སྤོས་དང་ མར་མེ་དྲི་མཆོག་དང༌། །གཟུགས་དང་རོ་དང་རེག་བྱ་རེག་བྱ་མཆོད། །བཅོམ་ལྡན་འཁོར་ དང་བཅས་ལ་རབ་ཏུ་མཆོད། །གཞན་ཡང་བློན་པོ་གླང་པོ་རྟ་མཆོག་དང༌། །བཙུན་མོ་དམག་ དཔོན་འཁོར་ལོ་རིན་ཆེན་གཏེར། །དཔག་བསམ་ཤིང་དང་བུམ་པ་བཟང་པོ་དང༌། །འདོད་ འཇོ་ལ་སོགས་རིན་ཆེན་རྣམས་ཀྱང་དབུལ། །དེ་ལས་གཞན་ཡང་མཆོད་པའི་རྣམ་པ་དག། ཇི་སྙེད་མཆིས་པ་རྣམས་ཀྱང་དབུལ་བར་བགྱིས། །རྒྱས་པར་མཆོད་པས་མཉེས་པར་བསམ་ མོ། །ནང་གི་མཆོད་པ་ལ་གཉིས་ལས། བྱིན་གྱིས་བརླབ་པ་ནི། ནང་མཆོད་སྔར་བཞིན་བསང་ སྦྱངས་བྱས་ཏེ། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ 2-1-348 ཅན་གྱི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བཞིན་པ་དེའི་སྟེང་དུ་ མི་མགོའི་སྒྱེད་པུ་གསུམ་དེའི་སྟེངས་སུ་ཀཾ་ལས་ཐོད་པ་དཀར་པོ་དུམ་བུ་གཅིག་པ་དཔྲལ་བ་ རང་ལ་བསྟན་པ་ཨས་མཚན་པ་ཕྱི་དཀར་ལ་ནང་དམར་བའི་རྣམ་པ་ཅན་ཡངས་ཤིང་རྒྱ་ཆེ་ བའི་དབུས་སུ་ཤུ་ལས་བྱང་སེམས་ན་ལས་མིའི་ཤ ཤར་དུ་མཾ་ལས་ཤ་ཆེན་གྱི་དངས་མ་ཀླད་ པ་དྷ་ལས་རྟའི་ཤ་ལྷོ་རུ་ར་ལས་རཀྟ། ཧ་ལས་གླང་པོ་ཆེའི་ཤ བྱང་དུ་མུ་ལས་དྲི་ཆུ། ཀུ་ལས་ ཁྱིའི་ཤ ནུབ་ཏུ་བྷི་ལས་དྲི་ཆེན། གྷོ་ལས་བ་ལང་གི་ཤ་བསམས་ལ། དེ་ནས་ལག་པ་གཡོན་ པ་བསྟན་པའི་མཐིལ་དུ་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་ཨོཾ་དཀར་པོས་མཚན་པའི་འོད་ཟེར་ གྱིས་དྲི་མ་རྣམ་པར་དག་པར་མོས་ལ། ཨོཾ་(ཡེ་ཤེས་)ཨོཾ་བཛྲཱ་(སྐུའི་ས་བོན་རྡོ་རྗེ་)ཙན་ཏྲ་(ཟླ་ བ་)སརྦ་དྷརྨྨ་(ཆོས་ཐམས་ཅད་)སུ་བྷི་ཤུད་དྷ་(ཤིན་ཏུ་རྣམ་པར་དག་པ་)ས་བྷ་ཝ་ཤུད་དྷ་ (རང་བཞིན་གྱིས་)སརྦ་དྷརྨྨ་ན་བི་ཤོ་དྷ་(ཡོངས་སུ་དག་པའི་)ཡ་སྭཱཧཱ། ཞེས་བརྗོད། ལག་པ་ གཡས་པ་བསྟན་པའི་མཐིལ་དུ་ཨ་ལས་ཉི་མའི་དཀྱིལ་འཁོར་ཨས་དམར་པོའི་མཚན་པའི་ འོད་ཟེར་གྱིས་དཔག་ཏུ་མེད་པར་སྤེལ་བར་མོས་ལ། ཨོཾ་ཨཿ(གསུང་གི་ས་བོན་)བཛྲ་(རྡོ་ རྗེ་)སུརྱ(ཉི་མ་)སརྦ་(ཐམས་ཅད་)དྷརྨྨ་(ཆོས་)པྲ་བྷོ་དྷ་ནི་(རབ་ཏུ་གསལ་བ་)སརྦ་དྷརྨྨན་ (ཆོས་ཐམས་ཅད་)པྲ་བྷོ་དྷ་ཡེ་(རབ་ཏུ་གསལ་བའི་)སྭཱཧཱ། ཞེས་བརྗོད། ལག་པ་གཉིས་ཀ་ ཁ་སྦུབ་སྟེ། མཐེ་བོང་བསྣོལ་བའི་དབུས་སུ་ཧཱུཾ་ལས་སྒྲ་གཅན་གྱིས་དཀྱིལ་འཁོར་ལ་ཧཱུཾ་ནག་ པོས་མཚན་པའི་འོད་ཟེར་གྱིས་གཟི་བརྗིད་འབར་བར་མོས་ལ། ཨོཾ་(ཐུགས་རྗེ་)ཧཱུཾ་(ས་བོན) བཛྲ་(རྡོ་རྗེར་)ཨ་ན་ལ་(སྒྲ་གཅན་མ་)སརྦ་དྷརྨྨ་(ཆོས་ཐམས་ཅད་)པྲ་ཏི་པ་ཀ་(རབ་ཏུ་སྦྱོར་ བ་)སརྦ་དྷརྨྨ་(ཆོས་ཐམས་ཅད་)པྲ་ཏི་པ་ཡ་(རབ་ཏུ་སྤེལ་བ་)སྭཧཱ། ཞེས་བརྗོད། ལག་པ་ བྱ་ཁྱུང་གི་ཕྱག་རྒྱ་བཅས་པའི་མཐིལ་དུ་ཧོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཧོ་སེར་པོས་མཚན་ པའི་འོད་ཟེར་གྱིས་ཡེ་ཤེས་ཀྱིས་བདུད་རྩིར་མོས་ལ། ཨོཾ་(ཡེ་ཤེས་)ཧོ་(ས་བོན་)སརྦ་དྷརྨྨ་ 2-1-349 (ཆོས་ཐམས་ཅད་)བཛྲ་(རྡོ་རྗེ་)ཨ་མྲྀ་ཏ་(བདུད་རྩིར་བྱེད་པས་)ཀ་ར་སརྦ་དྷརྨྨན་(ཆོས་ ཐམས་ཅད་)བཛྲ་(རྡོ་རྗེ་)ཨ་མྲྀ་ཏཾ་(བདུད་རྩི་)ཀུ་རུ་ཀུ་རུ་སྭཱཧཱ(གཞི་ཚུགས་ཤིག)། ཞེས་ བརྗོད། དེ་ནས་མཆོད་པ་འབུལ་བ་ནི་བདུད་རྩིས་(སྲིན་ལག་གིས་)ཨེ་གྲུ་གསུམ་གྱི་ནང་དུ་ པཾ་ཟླུམ་པོ་བྲིས་པའི་བདེ་སྟོང་གི་དབུས་སུ་རྩ་བ་དང་བརྒྱུད་པའི་བླ་མ་དང༌། ཡི་དམ་དཀོན་ མཆོག་དང་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་(རྡོ་རྗེའི་རང་བཞིན་དུ་)བཞུགས་པར་ བསམ་ལ། འཐེབ་སྲིན་གྱིས་གཏོར་ཞིང་རིམ་པ་ལྟར་མཆོད་ལ། འདོད་པའི་དོན་གསོལ་བ་ གདབ། སླར་ཡང་རང་གི་ལྕེ་ལ་བཞག་པས་ཟག་མེད་བདེ་སྟོང་གི་རོ་མྱང་བར་བསྒོམ་མོ། ། གཉིས་པ་བསྟོད་པའི་མཆོད་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་སྐྱེ་ འཇིག་མེད་པའི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ། ཡོད་མིན་མེད་མིན་མེད་པ་མིན། །གཉིས་ཀའི་བདག་ཉིད་མེད་པའང་མིན། །མུ་བཞི་ལས་ ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཞེས་སོགས་དང༌། མཆོག་སྦྱིན་ཞེས་ སོགས་འདུད་ཉི་ཤུ་དོན་དྲན་བཞིན་པས་བརྗོད། གཏོར་མའི་རྣལ་འབྱོར་ནི། ཅི་འབྱོར་བ་ གང་ལ་དབུལ་བའི་དྲངས་བཤམས་པ་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། བུ་ བཟང་འཁོར་དང་གྲོགས་གཉེན་བཅས་པ་དང༌། །ལྷ་དང་ལྷ་མོའི་ཚོགས་ཀྱིས་མ་ལུས་བསྐོར། ། ཡང་དག་དགྱེས་པའི་རྡོ་རྗེ་སེམས་པ་མཆོག །སངས་རྒྱས་ཡབ་ཡུམ་འཁོར་བཅས་གཤེགས་ སུ་གསོལ། །ཞེས་གདན་དྲངས་ལ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ནས། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་ པ་རི་(དཔལ་དུས་ཀྱི་འཁོར་ལོ་འཁོར་ལོ་དང་བཅས་པ་)ཝ་རེ་བྷྱ། གྷན་དྷཾ(དྲི་)། པུཥྤཾ(མེ་ ཏོག)། དུ་པཾ(སྤོས་)། དྷི་པཾ(མར་མེ)། ཨི་དྷཾ་བྷ་ལིཾ་(གཏོར་མ་འདི་)དྷ་ཁ་(ཞལ་)ཁཱ་ཁ་ཧི་ཁ་ ཧཱི་(གསོལ་ཞིང་གསོལ་བར་)ཧཱུཾ་ཧཱུཾ་(སྐུ་གསུང་ཐུགས་མཛོད)ཕཊ་སྭཱཧཱ། ཞེས་པ་ལན་གསུམ་ བརྗོད་དེ། ཕུལ་ལ་བསྟོད་པ་སོགས་བརྗོད། །གཞན་ཀུན་ཀྱང་ཕུལ་ལ་འདོད་དོན་ལ་གསོལ་ 2-1-350 བ་གདབ་པ་ལ་སོགས་པ་བྱ་སྟེ། ལག་(གཏོར་མའི་རྐྱང་ལྟར་ན)པའི་རྒྱབ་བསྟན་ནས། སེ་ གོལ་ཏོག་ཅིང་ཀྵ་ཞེས་བརྗོད་ཅིང༌། རང་གནས་སུ་གཤེགས་ཤིང་གཏོར་མ་གཏང་ངོ༌། ། ཟས་ཀྱི་རྣལ་འབྱོར་ནི། ཚོགས་ཟས་ནང་མཆོད་བཞིན་ནམ། བསྡུས་ན་ཨོཾ་ཨ་ཧཱུཾ་ཧོས་ ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། ཕུད་བླ་མ་དང་དཀོན་མཆོག་ལ་དབུལ། ཆང་ བུ་ལ་སོགས་པ་བྱིན་ཏེ། རང་བཞིན་སྒྱུ་མའི་ལྷར་གསལ་བའི་གནས་བཞིར། རྡོ་རྗེ་བཞི་ལ་ སོགས་པ་མཆོད་པའི་བསམ་པས། བཟའ་བཏུང་བཟང་ངན་ལ་བླང་དོར་སྤངས་ཏེ་ལོངས་ སྤྱད་དོ། །དེ་ནས་ལྷག་མ་ཨོཾ་ཁ་ཁཱ་ཁ་ཧི་ཁ་ཧཱི་ཨུ་ཙི་ཥྛ་བྷ་ལིང་དྷ་ཨུ་ཙི་ཥྛ་བྷ་ཀྵ་སྭཱཧཱས། ལྷག་ མ་ལ་དབང་བའི་འབྱུང་པོ་ལ་སྦྱིན་ཏེ། ཆོས་ཀྱི་སྦྱིན་པ་དང༌། སྦྱིན་ལན་ཡོན་བསྔོ་བ་བརྗོད་དོ། ། སྤྱོད་ལམ་གྱི་རྣལ་འབྱོར་ནི། བདག་ཉིད་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བརྟན་པོ་དང་ལྡན་ པས། སྣང་བ་ཐམས་ཅད་སྣང་སྟོང་ལྷའི་དཀྱིལ་འཁོར། དྲག་པ་ཐམས་ཅད་གྲགས་སྟོང་ལྷའི་ བསྔགས། སེམས་ཀྱི་འདུ་འཕྲོ་ཐམས་ཅད་རིགས་སྟོང་ལྷའི་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པའི་ ངང་ནས། འདོད་ཡོན་ཐམས་ཅད་ཞེན་པ་མེ་པར་ལོངས་སྤྱད་ཅིང༌། ཡེ་ཤེས་(རིག་པ་)ཀྱི་ རྩལ་སྦྱངས་པའི་ཕྱིར། ཕྱག་དང་བསྐོར་བ་ལ་སོགས་པའི་ཆོས་སྤྱོད་ཅི་གྲུབ་བྱའོ། །ཉལ་བའི་ རྣལ་འབྱོར་ནི། ཡང་སྔར་བཞིན་མཆོད་བསྟོད་དང༌། བསྔོ་བས་རྒྱས་གདབ་སྟེ། སྣོད་བཅུད་ ཡུམ་ལ་བསྡུ། ཡུམ་ཡབ་ལ། ཡབ་ཐུགས་ཁའི་ཧཱུཾ་ལ་བསྡུ། ཧཱུཾ་འཇའ་ཡལ་བ་ལྟར་གྱུར་ཏེ། སྟོང་པའི་ངང་ལས་རང་ཉིད་དམ་ཚིག་སེམས་པ་ཞལ་གཅིག་ཕྱག་གཉིས་པར་སྐད་ཅིག་གིས་ གནས་དྲུག་ཏུ་སྔར་བཞིན། ཨོཾ་ཨ་ཧཱུཾ་ཧོ་ཧཾ་ཀྵ་མི་བསྲུང་བ་བསྒོམས་ཏེ། ཡོད་མེད་ལ་སོགས་པ་ གང་དུ་ཡང་མི་རྟོག་པ་འོད་གསལ་ཆོས་སྐུའི་ངང་དུ་གཉིད་ལོག་ཅིང༌། རྨི་ལམ་བྱུང་ན་ལོངས་ སྐུར་ཤེས་པར་བྱའོ། །སད་ན་སྤྲུལ་སྐུ་ལྷའི་ང་རྒྱལ་གྱིས་ལྡང་བ་བྱའོ། །དེ་ལྟར་བསྒྲུབས་བའི་ འབྲས་བུ་ནི། བསྐྱེད་རྫོགས་ཀྱི་རྣལ་འབྱོར་བཅུ་གཉིས་རྒྱུན་དུ་གོམས་པར་བྱས་པས། ཐུན་ 2-1-351 མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་སོ། །དཔལ་དུས་ཀྱི་འཁོར་ལོ་ཡི་ལྷན་ སྐྱེས་ཀྱི་སྒྲུབ་ཐབས་འདི། རྒྱུད་སྡེ་གཞན་དང་ཅུང་ཟད་ཆ་བརྟུན་ནས། །བྲིས་ནོངས་བླ་མ་ལྷ་ བསྲུངས་ཚོགས་ལ་བཤགས། །ལེགས་དགེས་འགྲོ་ཀུན་ལྷན་སྐྱེས་མཆོག་ཐོབ་ཤོག ། དཔལ་དུས་ཀྱི་འཁོར་ལོའི་ལྷན་སྐྱེས་ཀྱི། མངོན་རྟོགས་ལྷན་སྐྱེས་གསལ་སྒྲོན་ཞེས་བྱ་བ་ འདི་ནི། རྒྱུད་འགྲེལ་བླ་མའི་མན་ངག་དང་མཐུན་པར་དཔལ་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ པ་དཔལ་མི་བསྐྱོད་རྡོ་རྗེས། རྣལ་འབྱོར་པ་སྤྲོས་སྤངས་འགའ་རེས་ཞུས་ཤིང་གུས་ལྡན་གྱིས་ ཉེ་གནས་དཔལ་ལྡན་ཤག་ཀྱ་སེ་གེས་བསྐུལ་ནས། བསྒྲུབ་གནས་བཟང་པོ་དཔལ་ནག་རྒྱལ་ གྱི་དབེན་གནས་དམ་པ་མཁའ་སྤྱོད་བདེ་ལྡན་དུ་བཀོད་པའོ། །རྫོགས་སོ། །དགེའོ།། །། མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༢༧ ཡིན། རྟགས་འདི་དོགས་པ་ཡོད་རིགས་རྣམས་ཟུར་དུ་བཅོས་ཁུལ་བྱས་[ ]ཡོད། རྟགས་འདི་( )མཆན་ཡིན། 2-1-352 ༄༅། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཤིན་ཏུ་ མདོར་བསྡུས་པ་རིན་ཆེན་སྒྲོན་མེ་ བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་རྣམས་དང་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །བདེ་ སྟོང་ཡེ་ཤེས་སྐྱེ་འཇིག་མེད་པའི་སྐུ། །དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་བཏུད་དེ། །དེ་ཡི་སྒྲུབ་ ཐབས་གསལ་བར་མདོར་བསྡུས་ནས། །རྒྱུད་འགྲེལ་བླ་མའི་གསུང་བཞིན་བདག་གིས་བྲི། ། དེ་ལ་བཞི་ལས། དང་པོ་སྒྲུབ་པ་པོའི་གང་ཟག་ནི། དཔལ་དུས་ཀྱི་འཁོར་ལོའི་དབང་ལེགས་པར་ཐོབ་ པའི་དམ་ཚིག་དང་ལྡན་པས་སོ། ། གཉིས་པ་སྒྲུབ་པའི་གནས་ནི། ལས་དང་རྗེས་སུ་ (རྩ་རྒྱུད་ལས། གང་དུ་ས་སྐྱོང་ཆོས་ ལྡན་དང༌། །ས་འཛིན་གཞན་དང་གཡུལ་མེད་པའི། །སེམས་ཅན་གང་དག་བདེར་གནས་ པའི། །དེ་ནི་རྣལ་འབྱོར་ཡང་དག་བརྩམ། །ཞེས་པའོ། །)མཐུན་པའམ། དབེན་ཞིང་རྣལ་ འབྱོར་འཕེལ་བའི་ས་རུ་འོ། །གསུམ་པ་སྒྲུབ་པའི་ཐབས་ལ་གསུམ། སྔོན་དུ་འགྲོ་བའི་རིམ་ པ། དངོས་གཞི་སྒྲུབ་པའི་ཡན་ལག །རྗེས་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་བཞི་ ལས། དང་པོ་ལྡང་བའི་རྣལ་འབྱོར་ནི། མཚན་མོ་ཉལ་བ་གཉིད་ཀྱི་རྣལ་འབྱོར་ལས། ཐོ་ རངས་ལངས་ཏེ། མདུན་གྱི་ནམ་མཁར་བླ་མ་དང༌། དཀོན་མཆོག་ཡི་དམ་ལྷ་ཚོགས་རྣམས་ 2-1-353 དམིགས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་བྱའོ། ། གཉིས་པ་ཁྲུས་ཀྱི་རྣལ་འབྱོར་ནི། བསམ་གཏན་གྱི་གྲོགས་སུ་འགྱུར་ན་དབང་བསྐུར་ ལྟར་ཁྲུས་བྱས་ལ། རྟེན་གྱི་སྤྱན་སྔར་མཎྜལ་དང་མཆོད་གཏོར་བཤམ། ནང་ཁྲུས་ནི་འཇམ་ པའི་སྟན་ལ་སྐྱིལ་ཀྲུང་བཅས་ལ། སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་བསྒོམས་ནས་ཡི་གེ་བརྒྱ་པ་བཟླས་བརྗོད་བྱ་སྟེ་བཤགས་སྡམ་ བྱའོ། ། གསུམ་པ་བསྲུང་བ་བསྒོམ་པའི་རྣལ་འབྱོར་ལ་གསུམ་ལས། སྒྲུབ་པའི་གནས་བསྲུང་ བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམ་ཞིང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་དོན་དྲན་པར་བྱའོ། །སྟོང་པའི་ངང་ལས་བདག་ཉིད་ཁྲོ་བོ་དབང་ པོ་རྡོ་རྗེ་ཤུགས་སུ་སྐད་ཅིག་གསལ་བར་བསྒོམས་ལ། ཨོཾ་ཧཱུཾ་ཀྲོ་ཏ་ནེ་ཀྲོ་ཏ་ནཾ་ཨཱ་ཛྙཱ་ད་ཡ་ཀ་ སྭཱཧཱ། ཞེས་པས་ང་རྒྱལ་བཟུང་ངོ༌། །དེ་ནས་ཐུགས་ཀར་ཉི་མའི་སྟེང་དུ། ཧཱུཾ་གི་མཐར་སྔགས་ ཀྱིས་བསྐོར་བར་དམིགས་ཏེ། ལག་པ་གཡོན་པ་སྙིང་གར་སྡིགས་མཛུབ་བཅས་ལ། གཡས་ པ་ཤར་ནས་བརྩམས་ཏེ། ཕྱོགས་བཞིར་སེ་གོལ་བརྡབ་ཅིང༌། ཨོཾ་སུཾ་བྷ་ནི་སུམ་བྷ་ཧུཾ་ཧཱུཾ་ ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་ བཛྲ་ཧུཾ་ཧཱུཾ་ཕཊ། ཅེས་ཅི་རིགས་སུ་བརྗོད་པས། སྔགས་ཀྱི་ཡི་གེ་དེ་རྣམས་མེར་འབར་བས་ ཕྱོགས་བཅུར་འཕྲོས་པས་བདུད་དང་བགེགས་ཐམས་ཅད་བསྲེགས་པར་བསམ། དེ་ནས་རྡོ་ རྗེ་གསོར་ཞིང། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བརྗོད་པས། སྟེང་དུ་རྡོ་རྗེ་སྔོན་པོ། ཤར་དུ་ནག་པོ། ལྷོ་རུ་དམར་པོ། བྱང་དུ་དཀར་པོ། ནུབ་དུ་སེར་པོ། རྩེ་ལྔ་པ། འོག་ཏུ་ལྗང་ ཁུ་རྩེ་གསུམ་པ་མེ་འབར་བའི་ར་བར་གྱུར། ཐོ་རངས་གྲིབ་མའི་མཐའ་དང༌། ཕྱི་རུ་ས་དང་ ནམ་མཁའ་སྦྱར་བའི་བར་དུ་བརྟན་པར་བསྒོམ་མོ། །སྒྲུབ་པ་པོ་བདག་བསྲུང་བ་ལ་གཉིས་ 2-1-354 ལས། རྫས་ནུས་པ་ཅན་གྱི་བསྲུང་བ་ནི། ནང་མཆོད་འོག་ནས་འབྱུང་བ་ལྟར་བྱིན་གྱི་བརླབས་ ཏེ། རང་གི་ལྕེ་ཧཱུཾ་ནས་འབྲུ་ཙམ་ལས་རྡོ་རྗེ་རྩེ་ལྔ་པར་གྱུར། དེའི་འོད་ཀྱིས་བདུད་རྩི་བཀུག་ པར་བསམ་ཞིང་དངོས་སུ་མཐེབ་སྲིན་གྱིས་བཞག་པའམ། དངོས་སུ་མེད་ན་བཞག་པར་ བསམས་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པྲི་ན་ཡ་མེ་སྭཱཧཱ། ཞེས་བརྗོད་དོ། །དེ་ནས་སྔགས་བྱིན་ རླབས་ཅན་གྱིས་བསྲུང་བ་ནི། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵཿ པྲཛྙཱ་ཨུ་པ་ཡ་ཨཱཏྨ་ཀོ། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ ན་ཨ་དྷི་པ་ཏེ་མ་མཱ་ཀ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་བཛྲ། བཛྲ་ཨ་མྲྀ་ཏ། སྭ་བྷཱ་ཝ་ཀུ་རུ་ཀུ་རུ་ཀན་དྷ་དྷཱ་ཏུ་ ཨ་ཡ་ཏ་ནཾ་ནི་སྭ་བྷཱ་ཝ་བཾ་སྭཱཧཱ། ཞེས་བརྗོད་པས་གཙུག་ཏོར་དུ་བཾ་ཡོངས་སུ་གྱུར་པ་ལས། ཆ་ བཅུ་དྲུག་གིས་གང་བའི་རྡོ་རྗེ་ཟླ་བའི་དཀྱིལ་འཁོར་ལས་འོད་དཀར་པོ་བྱུང་བས། རང་གི་སྤྱི་ བོ་ནས་རྐང་སེན་གྱི་བར་དུ་སྦྲུལ་ལྤགས་པ་རྗེ་བ་ལྟར་ལན་གསུམ་དོར་བས། ལུས་ཟླ་བ་དྲི་མ་ མེད་པ་ལྟར་གྱུར་པའི་ངང་ལས། དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་དཀར་པོ། ཞལ་གཅིག་ ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ། ཡུམ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གྲི་ གུག་ཐོད་པ་འཛིན་པར་བསྒོམས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ པའི་དོན་དྲན་པར་བྱས་ལ། གཙུག་ཏོར་དུ་ནམ་མཁའི་དཀྱིལ་འཁོར་ལ་ཧཾ་སྔོན་པོ། དཔྲལ་ བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དཀར་པོ། མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདམར་ པོ། སྙིང་གར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོ། ལྟེ་བར་དུས་མེའི་དཀྱིལ་འཁོར་ལ་ ཧོཿསེར་པོ། གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ཀྵ་ལྗང་ཁུ་སྟེ། རིགས་དྲུག་གི་ས་བོན་ འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་གསལ་བར་བསམས་ལ། ལུས་རིགས་དྲུག་གི་སྐུའི་རང་ བཞིན་དུ་ང་རྒྱལ་བྱའོ། །བསྒྲུབ་བྱ་རྣལ་འབྱོར་བསྲུང་བ་ནི། བུ་གཅིག་པོའི་མས་བུ་ལ་སྒོམ་པ་ བཞིན་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་འདོད་པའི་བྱམས་ པ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་འདོད་པའི་སྙིང་རྗེ། བདེ་བ་དང་ཕྲད་ 2-1-355 ཅིང་སྡུག་བསྔལ་དང་བྲལ་བ་ལ་སྤྲོ་བའི་དགའ་བ། དགྲ་གཉེན་གང་ལ་ཡང་ཆགས་སྡང་མེད་ པའི་བཏང་སྙོམས་ཏེ། ཚད་མེད་པ་བཞིས་ཀུན་ནས་བསླང་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་ བརྟན་པར་བསྒོམ་མོ། ། བཞི་པ་ཚོགས་བསག་པའི་རྣལ་འབྱོར་ལ་གཉིས་ལས། བསོད་ནམས་ཀྱི་ཚོགས་བསག་ པ་ནི། རང་བསྲུང་འཁོར་གྱི་དབུས་སུ། དུས་ཀྱི་འཁོར་ལོར་སྐད་ཅིག་གིས་བསམ་པའི་ཐུགས་ ཀར། པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨོཾ་དཀར་པོ་ལས་ཟླ་བའི་དཀྱིལ་ འཁོར་དེའི་དབུས་སུ་ཧཾ་ལས་རྡོ་རྗེ་རྩེ་ལྔ་པ་ལྗང་ཁུ་ལ་འོད་ཟེར་ཁ་དོག་ལྔ་དཔག་ཏུ་མེད་པ་ འཕྲོས་པས། ལུས་ཐམས་ཅད་གང་བས་སྡིག་སྒྲིབ་ཐམས་ཅད་བསྲེགས། ཕྱིར་འཕྲོས་པས་ སེམས་ཅན་གྱི་དོན་བྱས། བླ་མ་དང་ལྷའི་འཁོར་ལོས་མདུན་གྱི་ནམ་མཁའ་ཐམས་ཅད་གང་ བ་གདན་དྲངས་ནས་འོད་ཟེར་རྣམས་རང་གི་སྙིང་གའི་རྡོ་རྗེ་ལ་ཞུགས་པར་བསམ་མོ། །དེ་ ནས་ལུས་དཔག་ཏུ་མེད་པར་སྤྲུལ་ནས་ཕྱག་མཆོད་བྱས་པར་བསམས་ལ། ཐལ་མོ་སྦྱར་ ཏེ། བླ་མ་ཡི་དམ་ལྷ་ཚོགས་དང༌། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཆོད་པ་ཀུན་ གྱིས་རབ་ཏུ་མཆོད། །སྡིག་སྒྲིབ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང༌། ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །རྫོགས་པའི་ སངས་རྒྱས་མྱུར་ཐོབ་ཤོག །ཞེས་དོན་སེམས་ཞིང་ལན་གསུམ་བརྗོད་དོ། །དེ་ནས་བསླབ་པ་ གསུམ། ཕ་རོལ་ཏུ་ཕྱིན་པ་བཅུ། ཚད་མེད་པ་བཞི། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་བླང་ བྱ་རྣམས་བསྟེན་པའི་འདུན་པ་དང༌། མི་དགེ་བ་བཅུ། སྒྲིབ་པ་ལྔ། ཉོན་མོངས་པ་བཞི། ཟག་ པ་བཞི་ལ་སོགས་སྤང་བྱ་རྣམས་སྤོང་བའི་འདུན་པ་དྲག་པོ་ཡིད་ལ་བྱའོ། །དེ་ནས་ཞིང་རྣམས་ གཤེགས་པར་བསམ། ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཕྱི་ནང་འབྱུང་བའི་ནུས་པ་ཐིམ་པས་ འཇིག་པ་བཞིན་དུ། ཆུས་མེ་ཟད་ཅིང༌། མེ་མེད་པས་སའི་སྲ་བ་ཟད་དེ། ས་ཡང་ལན་ཚྭ་ 2-1-356 བཞིན་དུ་ཆུར་ཐིམ། ཆུ་རླུང་གིས་བསྐམས། རླུང་ཡང་ནམ་མཁའ་ལ་ཐིམ་པས། གང་དུ་ཡང་ མི་དམིགས་པའི་སྟོང་པ་ཉིད་དུ་བསྒོམ་ཞིང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ པས་སྟོང་པ་ཉིད་དང༌། ཨོཾ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་མཚན་མ་ མེད་པ་དང༌། ཨོཾ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྨོན་པ་མེད་པ་དང༌། ཨོཾ་ཨ་ན་བྷི་སཾ་ཀ་ར་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་མངོན་པར་འདུས་མ་བྱས་པ་ སྟེ། རྣམ་པར་ཐར་པའི་སྒོ་བཞིའི་ང་རྒྱལ་དྲན་པར་བྱའོ། ། དེ་ནས་དངོས་གཞི་བསྒྲུབ་པའི་ཡན་ལག་ལ་གཉིས་ལས། དང་པོ་བསྐྱེད་པའི་རིམ་པས་ ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་དྲུག་ལས། དམ་ཚིག་སེམས་དཔའ་བསྐྱེད་སྤྲོའི་ཡན་ལག་ ནི། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་མདངས་ཅན་ཡངས་ ཤིང་རྒྱ་ཆེ་བ་གྲུ་གསུམ་པ། དེའི་ཕྱི་རོལ་ཏུ་འཁོར་ལོ་(སྔོན་པོ་)རྩིབས་བཅུ་པ་རྡོ་རྗེའི་གུར་མེ་ རི་དང་བཅས་པ་བསྒོམ་མོ། །དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུའི་(རྒྱལ་མཚན་ གྱིས་མཚན་པ་)དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་(གཡུང་ དྲུང་གིས་མཚན་པ་)གསུམ་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་(པདྨས་མཚན་པ་) དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་(འཁོར་ལོས་མཚན་པ་)སེར་པོ་ གྲུ་བཞི་པ། (དེ་རྣམས་ཀྱི་སྟེང་འོག་ཏུ་སྣ་ཚོགས་རྡོ་རྗེས་མཚན་པ་)འབྱུང་བ་རྣམས་ཀྱི་སྟེང་ འོག་ཏུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་མཚན་པ། དེའི་སྟེང་དུ་མཾ་ལས་རི་རབ་ལྷུན་པོ་རིན་ པོ་ཆེའི་རང་བཞིན། དེའི་སྟེང་དུ་དབུས་སུ་ཀྵ་ལས་སྣ་ཚོགས་པདྨ། དེའི་ལྟེ་བའི་སྟེང་དུ་ཧཾ་ ལས་ཟླ་བ། ཨ་ལས་ཉི་མ། ཨཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་ལས་ཟླ་བའི་ དཀྱིལ་འཁོར། མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཨ་ལས་ཉི་མའི་དཀྱིལ་འཁོར། མཉམ་ པ་ཉིད་ཀྱི་ཡེ་ཤེས། དེའི་སྟེང་དུ་ཧཱུཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་སོ་སོར་རྟོག་པའི་ཡེ་ཤེས། 2-1-357 དེ་རྣམས་གཅིག་ཏུ་འདྲེས་པ་ཧཾ་ཡིག་ནག་པོ་བྱ་བ་གྲུབ་པའི་ཡེ་ཤེས། དེ་ཡན་ལག་གི་ཆ་ རྣམས་ཡོངས་སུ་རྫོགས་པ། ཧཾ་ཡིག་སྔོ་ལྗང་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས། ཧཾ་རྡོ་རྗེ་དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དྲི་མ་ མེད་པའི་འོད་ཟེར་ལྔ་འཕྲོ་ཞིང་དགྱེས་པ། སྐུ་མདོག་སྔོན་པོ། མགྲིན་པ་གསུམ་གྱི་དབུས་ སྔོ་བ། གཡས་དམར་བ། གཡོན་དཀར་བ། ཞལ་བཞིའི་མདུན་ཞལ་མཆེ་བ་གཙིགས་པ་སྔོ་ ནག །གཡས་ཆགས་པའི་བདག་ཉིད་དམར་པོ། གཡོན་ཞི་བ་དཀར་པོ། རྒྱབ་ཏིང་ངེ་འཛིན་ ལ་གནས་པ་སེར་པོ། ཞལ་རེ་རེའང་དམར་ཞིང་འཛུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྐུ་ལ་རྡོ་རྗེའི་རྣ་རྒྱན། མགུལ་རྒྱན། སྐེ་རགས། ཕྱག་གདུབ། ཞབས་གདུབ། རལ་པའི་ཅོད་ པན་སྤྱི་བོར་བཅིངས་པའི་རྩེ་མོ་སྣ་ཚོགས་རྡོ་རྗེ། གཙུག་ཏོར་དུ་རྡོ་རྗེ་ནོར་བུ་དང༌། སྐུ་ཐམས་ ཅད་ལ་ཐལ་ཆེན་གྱི་རྒྱ་དང༌། ནོར་བུའི་སྟེང་དུ་ཟླ་ཕྱེད་དར་དཔྱངས་ཀྱིས་མཚན་པ། ཕྲག་པ་ ལ་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། སྟག་ལྤགས་ཀྱིས་སྨད་གཡོགས་པ། བདུད་རིགས་ བརྒྱའི་མགོའི་ཕྲེང་པ་ཕྲག་ལ་འཆར་བ། དཔྲལ་བར་ཐོད་སྐམ་ལྔའི་ཕྲེང་པས་བརྒྱན་པ། གླང་ ཆེན་ཀོ་རློན་གྱི་སྟོད་གཡོགས་དང་ལྡན་པའོ། །དཔུང་པ་དྲུག་གི་གཡས་གཡོན་གཉིས་ཀ་དང་ པོ་སྔོ་བ། བར་པ་དམར་པོ། ཐ་མ་དཀར་བ། ཕྱག་ངར་བཅུ་གཉིས་ཀྱི་གཡས་གཡོན་གཉིས་ ཀའི་གཉིས་སྔོན་པོ། གཉིས་དམར་པོ། གཉིས་དཀར་པོ། ཕྱག་ཉི་ཤུ་རྩ་བཞིའི་གཡས་ཀྱི་ནག་ པོ་བཞིར་རྡོ་རྗེ། རལ་གྲི། རྩེ་གསུམ། གྲི་གུག །དམར་པོ་བཞིར་མདའ། ལྕགས་ཀྱུ། ཅང་ ཏེའུ། ཐོ་བ། དཀར་པོ་བཞིར་འཁོར་ལོ། མདུང༌། དབྱུག་པ། དགྲ་སྟའོ། །གཡོན་གྱི་ནག་པོ་ བཞིར། དྲིལ་བུ། ཕུབ། ཁ་ཊྭཱཾ་ག །ཐོད་པའོ། །དམར་པོ་བཞིར། གཞུ། ཞགས་པ། རིན་པོ་ཆེ། པད་དཀར། དཀར་པོ་བཞིར། དུང༌། མེ་ལོང༌། ལྕགས་སྒྲོག །ཚངས་པའི་མགོ་བོ་གདོང་བཞི་ པ་བསྣམས་པའོ། །སོར་མོ་རྣམས་ཀྱི་ཚིགས་དང་པོ་ནག་པོ། བར་པ་དམར་པོ། ཐ་མ་དཀར་ 2-1-358 པོ། མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ སྔོན་པོ། ཉི་ཟླ་སྒྲ་གཅན་གྱི་གདན་གྱི་སྟེང་དུ་ཞབས་གཡས་དམར་པོ་བརྐྱང་བས་འདོད་ལྷ་ དམར་པོ། གདོང་བཞི་པ། ལག་པ་བཞིའི་གཡས་ན། མདའ་དང་ལྕགས་ཀྱུ། གཡོན་ན་གཞུ་ དང་ཞགས་པ་བཟུང་བ། འདོད་མ་ངུ་བཞིན་པས་འཇུས་པ་མནན་པ། གཡོན་དཀར་པོ་ཅུང་ ཟད་བསྐུམ་པས། དྲག་པོ་དཀར་པོ་གདོང་གཅིག་པ་མིག་གསུམ་པ། ལག་པ་བཞིའི་གཡས་ ན། རྩེ་གསུམ། ཌ་མ་རུ། གཡོན་ན་ཐོ་བ། ཁ་ཊྭཱཾ་འཛིན་པ། དབུ་མ་ངུ་བཞིན་པས་འཇུས་པ་ མནན་པ། གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་པང་དུ་སྣ་ཚོགས་ཡུམ་སྐུ་མདོག་སེར་ མོ། ཞལ་བཞིའི་མདུན་སེར་བ། གཡས་དཀར་བ། གཡོན་དམར་བ། རྒྱབ་ནག་པ། ཕྱག་ བརྒྱད་ཀྱི་གཡས་བཞི་ན་གྲི་གུག །ལྕགས་ཀྱུ། ཅང་ཏེའུ། ཕྲེང་བ། གཡོན་བཞི་ན། ཐོད་པ། ཞགས་པ། པདྨ་འདབ་བརྒྱད་པ། རིན་པོ་ཆེ་བསྣམས་པ། དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་ པ། ཞབས་གཡོན་བརྐྱང་ཞིང༌། གཡས་བསྐུམ་པས་ཡབ་ལ་འཁྲིལ་བ། ཕྱག་རྒྱ་ལྔས་བརྒྱན་ ཅིང༌། མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་བྱས་པ་གསལ་བར་(སྣང་ལ་རང་བཞིན་མེད་པ་གསལ་ལ་ ངོས་བཟུང་མེད་པ་བདེ་ལ་ཟག་པ་མེད་པའི་)བསྐྱེད་དོ། །དེ་ནས་ཡབ་ཡུམ་གཉིས་ཀའི་དཔྲལ་བར་ ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ཧོཿ ཡབ་ཀྱི་གཙུག་ཏོར་དུ་ཧཾ་སྔོན་པོ། གསང་ གནས་སུ་ཀྵ་ལྗང་ཁུ། ཡུམ་གྱི་མཁའ་མི་དམིགས་པ་ལས། ཨ་ལས་པདྨ་འདབ་བརྒྱད་དམར་ པོའི་ལྟེ་བར་ཧཱུཾ་ལས་རྡོ་རྗེས་མཚན་པ། ཡབ་ཀྱི་གསང་གནས་མི་དམིགས་པ་ལ་རྡོ་རྗེ་རྩེ་ལྔ་པ་ སྔོན་པོའི་ལྟེ་བར་ཨ་ལས་པདྨས་མཚན་པར་བྱིན་གྱིས་བརླབས་ཏེ། བདེ་བ་ཆེན་པོ་ལ་སྙོམས་ པར་ཞུགས་པས། ཡིག་འབྲུ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། ཕྱི་སྣོད་ ཀྱི་འཇིག་རྟེན་ཐམས་ཅད་ལ་ཕོག །དྲི་མ་རྣམས་དག་ནས་གཞལ་ཡས་ཁང་དུ་གྱུར་ཏེ། ནང་ བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག །སྒྲིབ་པ་རྣམས་དག་ལྷའི་དཀྱིལ་འཁོར་དུ་གྱུར། དེ་ 2-1-359 དག་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་གིས་ཡེ་ཤེས་པར་བྱིན་ གྱིས་བརླབས་ནས་དག་པའི་ཞིང་དུ་བཞུགས་པར་བསམ་མོ། །ཡེ་ཤེས་སེམས་དཔའ་དགུག་ གཞུག་རྒྱས་གདབ་ཀྱི་ཡན་ལག་ནི། ཡབ་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ། ཛཿཧཱུཾ་བཾ་ ཧོཿཧི་བསྒོམ། ཛཿལས་བྱུང་བའི་ལྕགས་ཀྱུ་སྤྲོས་ཏེ། དེ་རང་བཞིན་གྱི་གནས་ནས་ཡེ་ཤེས་ པ། དམ་ཚིག་པ་ཅི་འདྲ་བས་གཙོ་བྱས་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་དཔག་ཏུ་མེད་པ་ སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་ལ། མཆོད་བསྟོད་(མཆོད་པ་ལྔ་དང༌། སྟོང་ པ་ཉིད་དང་སྙིང་རྗེའི་བདག །ཅེས་སོ། །)ཀྱིས་མཉེས་པར་བྱས་ཏེ། སྤྱི་གཙུག་གི་སྟེང་དུ་ བཀུག་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེས་གཞུག་ཅིང༌། བཾ་ལས་བྱུང་བའི་ཞགས་པས་བཅིངས་ ཏེ། ཧོཿལས་བྱུང་བའི་དྲིལ་བུས་མཉེས་པར་བྱས་ཏེ། ཧི་ལས་བྱུང་བའི་རྡོ་རྗེའི་དབྱུག་པས་ རོ་མཉམ་པར་བྱས་ལ། སྤྱིར་བོར་མི་བསྐྱོད་པ་ཆོས་གོས་འཛིན་པ། གཙུག་ཏོར་དང་ལྡན་པ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་རྒྱ་ས་ལ་རེག་པའི་ཚུལ་དུ་མཛད་པ། སྤྲུལ་པའི་སྐུའི་ རྣམ་པས་རྒྱས་གདབ་བོ། །དབང་བསྐུར་བ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཡན་ལག་ ནི། དཔྲལ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་ར་ལས་ ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཨོཾ་ལས་སྒྲ་གཅན་གྱི་སྟེང་དུ་ཧཱུཾ་ སྔོན་པོ་བསམས་ལ། དེ་དག་ལས་འོད་ཟེར་འཕྲོས་པས། སྐུ་གསུང་ཐུགས་རྡོ་རྗེའི་ལྷ་ཚོགས་ དཔག་ཏུ་མེད་པ་སྤྱན་དྲངས་པ་ལ་ཡིད་ཀྱིས་མཆོད་ (མཆོད་པ་ལྔ་དང༌། སྟོང་པ་ཉིད་དང་སྙིང་རྗེའི་ བདག །ཅེས་སོ། །)དེ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཾ་ཀཱ་ཡ་ཝཱཀྩིཏྟ། བཛྲ་དྷ་ར། ཞེས་གསོལ་བ་བཏབ་པས། སྐུ་གསུང་ཐུགས་རིགས་ཀྱི་ལྷ་མོ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་བཟུང་བ་རྣམས་ ཀྱིས། ཨོཾ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་པཉྩ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། ཞེས་གསུང་ཞིང་བུམ་པའི་ཆུས་བདག་ ཉིད་ལ་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ནས། སངས་རྒྱས་ཐམས་ 2-1-360 ཅད་ཀྱི་སྐུ་གསུང་ཐུགས། རྡོ་རྗེའི་རིགས་རྣམས་དཔྲལ་བ་ལ་སོགས་པར། ཨོཾ་ཨཱཿཧཱུཾ་ལ་ཐིམ་ པས། སྐུ་གསུང་ཐུགས་རྡོ་རྗེ་གྱུར་པར་སྒོམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་ བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ང་རྒྱལ་བཟུང་ངོ༌། །བདུད་རྩི་མྱང་བ་གཟི་མདངས་བསྐྱེད་པའི་ ཡན་ལག་ནི། བྱིན་གྱིས་བརླབས་པའི་བདུད་རྩི་མཐེབ་སྲིན་གྱིས། རྩ་བརྒྱུད་ཀྱི་བླ་མ་དང༌། ཡི་དམ་དཀོན་མཆོག་དང༌། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕུལ་ནས། རང་གི་ལྕེས་མྱངས་ པས་ཟག་མེད་བདེ་སྟོང་གི་རོ་མྱོང་བས། ཐམས་ཅད་གཟི་མདངས་དང་ལྡན་པར་བསམས་ ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། མཆོད་པ་འབུལ་བ་ མཉེས་པའི་ཡན་ལག་ནི། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ལྷ་མོ་བཅུ་གཉིས་སྤྲུལ་ཏེ། འོག་ནས་ འབྱུང་བ་བཞིན་མཆོད་པས་ཐམས་ཅད་མཉེས་པས་བསམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ བཛྲ་སྭ་བྷཱ་ཝ། ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། བསྟོད་པ་བརྗོད་པས་ཡོན་ཏན་དྲན་པའི་ཡན་ལག་ ནི། འོག་ནས་འབྱུང་བའི་བསྟོད་པ་དང༌། རྣམ་པར་དག་པ་དྲན་ནུས་པའི་བསྟོད་པ་ཅི་རིགས་ པར་ངག་ཏུ་བརྗོད་ལ། ཨོཾ་སརྦ་ཏ་ཐཱ་ག་སྟུ་ཏིར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ང་ རྒྱལ་བཟུང་ངོ༌། ། གཉིས་པ་རྫོགས་པའི་རིམ་པས་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བཞི་ལས། ལས་དང་ པོ་པ་ལུས་རྩ་ཡིས་བཅིངས་ནས། སོ་སོར་སྤོང་དང་བསམ་གཏན་བསྙེན་པའི་ཡན་ལག །སྐུ་ རྡོ་རྗེའི་རྣལ་འབྱོར། ཡུལ་སྣང་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཐོག་མར་དགེ་བའི་ལམ་ བསྒོམ། ལམ་གོམས་པས་ངག་རླུང་བཅིངས་ནས། སྲོག་རྩོལ་དང་འཛིན་པ་ཉེ་བར་སྒྲུབ་ པའི་ཡན་ལག །གསུང་རྡོ་རྗེའི་རྣལ་འབྱོར། ཤེས་པ་གསལ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ བར་དུ་དགེ་བའི་ལམ་བསྒོམ། ལས་བརྟན་པ་པས་སེམས་ཐིག་ལེ་བཅིངས་ནས་རྗེས་དྲན་ སྒྲུབ་པའི་ཡན་ལག །ཐུགས་རྡོ་རྗེའི་རྣལ་འབྱོར། ཉམས་མྱོང་བདེ་སྟོང་དབྱེར་མེད་ཀྱི་ཏིང་ 2-1-361 ངེ་འཛིན་དང༌། ལས་སྨིན་པ་པས་དེ་གསུམ་ག་བཅིངས་ནས་ཏིང་ངེ་འཛིན་སྒྲུབ་པ་ཆེན་པོའི་ ཡན་ལག །ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ཐམས་ཅད་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ཐ་མར་དགེ་ བའི་ལམ་བསྒོམ་མོ། ། དེ་ནས་རྗེས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་དྲུག་ལས། བཟླས་པའི་རྣལ་འབྱོར་ལ་ གཉིས། ནང་གི་བཟླས་པ་ནི། གཡས་གཡོན་དབུས་ཀྱི་རླུང་རྒྱུ་བ། སྐུ་གསུང་ཐུགས་རྡོ་རྗེའི་ བཟླས་པར་འགྱུར་ཡང༌། མཆོག་སྟེར་ཞིང་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་སུ་འགྱུར་ བ་ལ། དེ་རྣམས་རྒྱུ་བ་དགག་དགོས་པས། འགོག་པའི་བཟླས་པ་བསྒོམ་པར་བྱའོ། །ཕྱིའི་ བཟླས་པ་ནི། ཡབ་ཀྱི་ཐུགས་ཀར་པདྨ་དཀར་པོའི་ལྟེ་བ་ལ། ཐིག་ལེ་དེ་ལས་གང་བཟློ་བའི་ སྔགས་འོད་ཟེར་ལྔ་འཕྲོ་བ་རྩ་དབུ་མ་ནས་རྡོ་རྗེའི་ལམ་དུ་ཕྱུང༌། ཡུམ་གྱི་མཁར་ཞུགས། སྐུའི་ བྱིན་རླབས་བརྒྱུད། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས། སྔར་གྱི་ཐིག་ལེར་ཐིམ་པས་ བདེ་སྟོང་གི་ཉམས་རྒྱུད་ལ་སྐྱེ་བར་བསམ་ཞིང༌། བཟློ་བ་ནི། དམ་ཚིག་གི་བཟླས་པ་ཡིན་ ལ། དེ་ལས་འཁོར་ལུགས་བཟློག་པ་ནི། ཡེ་ཤེས་ཀྱི་བཟླས་པ་ཡིན་པས། དེ་ཡང་ཞི་རྒྱས་ལ་ ཁ་དོག་དཀར་པོ་པདྨའི་དབྱིབས་ལྟར་འཁོར་བ་ལ་སོགས་པ་གང་རུང་ལ་དམིགས་པ་གཏད་ དེ། ཨོཾ་ཧྐྵྨླྺྼྻྂ་སྭཱཧཱ། ཞེས་པ་རྩ་བའི་སྔགས་དང༌། ཨོཾ་ཨཱཿཧཱུཾ་ཧོཿཧཾ་ཀྵ་སྭཱཧཱ། ཞེས་པ་སྙིང་པོ་དང༌། ཨོཾ་ཧྲཱཾ་ཧྲཱིཾ་ཧྼཱྀཾ་ཧྲཱུཾའུ་ཧླཱྀཾའ་ཧྲཿསྭཱཧཱ། ཞེས་པ་ཉེ་བའི་སྙིང་པོ་དང༌། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ ཧཱུཾ་ཕྲེཾ་ཕཊ་སྭཱཧཱ། ཞེས་པ་གཙོ་བོའི་མཚན་སྔགས་སོ། །ཅི་ནུས་པ་བཟླས་སོ། །མཆོད་པའི་རྣལ་ འབྱོར་ལ་གཉིས་ལས། དང་པོ་རྫས་ཀྱིས་མཆོད་པ་ལ་ཕྱི་དང་ནང་གཉིས་ལས། དང་པོ་ལ་གཉིས། རྫས་དངོས་སུ་རིམ་པས་བཤམས་པའི་མཆོད་པ་རྣམས། ཨོཾ་ཨཱཿཧཱུཾ་ ཧོཿཧྲ་ཕཊས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས། ཨ་ལས་ཡོན་ཆབ་ལ་ སོགས་མིང་གི་ཡི་གེ་དང་པོ་ལས། མཆོད་པའི་སྤྲིན་གྱི་ཕུང་པོ་ངོ་བོ་བཟང་ཞིང་རྒྱ་ཆེ་བ་དྭངས་ 2-1-362 ཤིང་ཐོགས་པ་མེད་པ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བ། འཕགས་པ་ཐམས་ཅད་ མཉེས་ཤིང༌། སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་བསམས་ལ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་ པ་རི་ཝཱ་ར་བྷྱ་བཛྲ་པྲ་ཝ་ར་སད་ཀ་ར་པྲ་ཏིཙྪ་ན་མོ། ཞེས་པས་ཡོན་ཆབ། དེ་བཞིན་དུ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ནེ་ཝེ་ཏཾ། ཨ་ཀྵ་ཏཾ། ལ་སྱཾ། ཧཱ་སྱཾ། ཝ་དྷྱན། ནྲེ་ཏྱཾ། གཱི་ཏཾ། ཀཱ་མཾ། ཞེས་ པ་ཐམས་ཅད་ལ་དབུ་བཤམ་སྤེལ་ལ་མཆོད་ལ་བཅུ་གཉིས་དབུལ་ལོ། །རྫས་བློས་སྤྲུལ་པའི་ མཆོད་པ་ནི། ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན། (སྔོ་)ཀྑྒྒཧྔ་ཀྑྒྒཧྔཱ (གནག་)ཙྪྫྫྷྙ་ཙྪྫྫྷྙཱ(དམར་)ཊྛྜྜྷྞ་ཊྛྜྜྷྞཱ(དཀར་)པྥྦྦྷྨ་པྥྦྦྷྨཱ(སེར་)ཏྠྡྡྷྣ་ཏྠྡྡྷྣཱ(ལྗང་) སྐྤྵྴྛྐ་སྐྤྵྴྛྐཱ་ཞེས་ པ་བརྩེགས་པའི་བཅུ་གཉིས་སམ། དེ་ལ་ལྷ་མོ་བཅུ་གཉིས་ སྤྲོས་ནས་མཆོད་པ་འབུལ་བའི་སྔགས་ནི། ཨོཾ་བཛྲ་བཱ་དྷྱེ་བཱའ་ཏྱཾ་ (རྡོ་རྗེ་རོལ་མོ་མ་སྔོན་པོ་ སྒྲ་བརྙན་གྱིས་)པཱུའུ་ཛཾ་ཀུ་རུ་ཀུ་རུུ་སྭཱཧཱ(བྱ་བ་བྱེད་པའི་གཞི་ཚུགས་ཅིག)། དེ་བཞིན་དུ། ཨོཾ་ བཛྲ་ཞེས་པ་དབུ་ཐམས་ཅད་ལ་སྦྱར་ལ། ནྱེ་ཏྱེ་ནྱེ་ཏྱཾ་ (གར་མ་སྔོན་མོ)པུུ་ཛཾ། གྷནྡྷེ་གྷནྡྷ་ (དྲི་ མས་དྲི་ཡིས་)ཨར་ཙྪ་ནཾ། མཱ་ལེ་མཱ་ལ་(ཕྲེང་བ་མ་ནག་མོས་ཕྲེང་བའི་)ཨར་ཙྪ་ནཾ། དྷཱུ་པེ་དྷུ་པ་ (སྤོས་མ་སྤོས་ཀྱི་)ཨར་ཙྪ་ནཾ། པྲ་དེ་པེ་པྲ་དཱི་པ་(མར་མེ་མ་དམར་མོ་ཡིས་)ཨར་ཙྪ་ནཾ། ཨ་ མྲྀ་ཏེ་ནྱ་ཝི་ཏྱཱཾ་ (བདུད་རྩི་ཞལ་ཟས་མས་ཞལ་ཟས་ཀྱི་)པཱུ་ཛཾ། ཨཀྵ་ཏེ་ཨཀྵ་ཏ་ (བདུད་རྩི་ མ་དཀར་མོས་)ཕ་ལ་ཨར་ཙྪ་ནཾ། ལ་སྱེ་ཝསྟྲ་ཨ་ཝ་ར་ཎ་(སྒེག་མོས་གོས་ཀྱི་སྒྲིབ་པའི་)པཱུ་ ཛཾ། ཧ་སྱེ་གྷཎྜ་ཨ་དརྴ་ (བཞད་མ་སེར་མོ་དྲིལ་བུ་མེ་ལོང་གི་)པཱུ་ཛཾ། གཱི་ཏེ་གཱི་ཏ་(གླུ་མ་་)པཱུ་ ཛཾ། ཀཱ་མེ་ཀཱ་མ་(འདོད་མ་་་་)སརྦ་བུདྡྷ། བོ་དྷེ་སཏྭ་ཀྲོ་དྷ་ཨཱའ་དྷི་ནཾ། བཛྲ་སུ་ར་ཏ་པཱུ་ཛ(ཁྲོ་ མོ་ལྷག་མ་རྣམས་ཟག་མེད་ཀྱི་བྱ་བ་བྱེད་པའི་གཞི་ཚུགས)། ཞེས་པ་ཐམས་ཅད་ལ་ཀུ་རུ་ ཀུ་རུ་སྭཱཧཱ། ཞེས་པའི་བཤམ་སྦྱར་ལ། མཆོད་པ་བཅུ་གཉིས་དཔག་ཏུ་མེད་པ་བློས་སྤྲུལ་ལ་ 2-1-363 དབུལ་ལོ། །དེ་ནས་ནང་གི་མཆོད་པ་ནི། ཐོད་པར་ཆང་ལ་བདུད་རྩིའི་རྒྱུན་སྦྱར་ལ་བཤམ། མེད་ན་བསམས་ལ། སྔར་བཞིན་བསངས་སྦྱངས་བྱས་ཏེ། སྟོང་པའི་ངང་ལས་ཡཾ་ལས་རླུང་ གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་གྱི་སྟེང་དུ། རཾ་ལས་མེའི་དཀྱིལ་འཁོར་གྲུ་ གསུམ་དམར་པོ་འབར་བཞིན་པ། དེའི་སྟེང་དུ་ཀཾ་ལས་མི་མགོ་གསུམ། དེའི་སྟེང་དུ་ཀ་ལས་ ཐོད་པ་དུམ་བུ་གཅིག་པ། དཔྲལ་བ་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཤུ་ ལས་བྱང་སེམས། ན་ལས་མིའི་ཤ ཤར་དུ་མཾ་ལས་ཤ་ཆེན། དྭངས་མ་ཀླད་པ། དྷ་ལས་རྟའི་ ཤ །ལྷོར་ར་ལས་ཁྲག །ཧ་ལས་གླང་པོ་ཆེའི་ཤ །བྱང་དུ་མུ་ལས་དྲི་ཆུ། ཀུ་ལས་ཁྱིའི་ཤ །ནུབ་ ཏུ་བྷི་ལས་དྲི་ཆེན། གོ་ལས་བ་གླང་གི་ཤ །དེ་རྣམས་དཔག་ཏུ་མེད་པར་བསམས་ལ། དེ་ནས་ ལག་པ་གཡོན་པ་བསྟན་ཏེ། དེའི་མཐིལ་དུ། ཨོཾ་ལས་ཟླ་བའི་དཀྱིལ་འཁོར་ཨོཾ་དཀར་པོས་ མཚན་པའི་འོད་ཟེར་གྱིས། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རིགས་དཔག་ཏུ་མེད་པ་ སྤྱན་དྲངས་ཏེ། རྫས་རྣམས་ལ་ཐིམ་པས་མ་དག་པ་ལ་སོགས་པའི་དྲི་མ་རྣམས་དག་པར་མོས་ ལ། ཨོཾ་ཨོཾ་བཛྲ་ཙཎྜ་སརྦ་དྷརྨཱ་སུ་བི་ཤུདྡྷ་སྭ་བྷཱ་ཝ། སརྦ་དྷརྨཱན་བི་ཤུདྡྷ་ཡ་སྭཱཧཱ(རྡོ་རྗེ་ཟླ་བ་ཆོས་ ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཆོས་ཐམས་ཅད་ཡོངས་སུ་དག་པའི་གཞི་ ཚུགས་ཅིག། )། ཞེས་བརྗོད་དོ། །ལག་པ་གཡས་པ་བསྟན་ལ། དེའི་མཐིལ་དུ་ཨ་ལས་ཉི་མའི་ དཀྱིལ་འཁོར་ཨ་དམར་པོས་མཚན་པའི་འོད་ཟེར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་གསུང་རྡོ་རྗེའི་རིགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས། དཔག་ཏུ་མེད་པར་སྤེལ་ བར་མོས་ལ། ཨོཾ་ཨཿབཛྲ་སུརྱ་སརྦ་དྷརྨཱ་པྲ་བོ་དྷ་ནཱི། སརྦ་དྷརྨཱན་པྲ་བོ་དྷ་ཡ་(ཆོས་ཐམས་ཅད་ རབ་ཏུ་གསལ་བར་བྱེད་པའི་)སྭཱཧཱ། ཞེས་བརྗོད། ལག་པ་གཉིས་ཁ་ཕུབ་ཏུ་བྱས་ཏེ་མཐེ་བོང་ བསྣོལ་བའི་དབུས་སུ། ཧཱུཾ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧཱུཾ་ནག་པོས་མཚན་པའི་འོད་ ཟེར་གྱིས། ཐུགས་རྡོ་རྗེའི་རིགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་གཟི་བརྗིད་ལྡན་ 2-1-364 པར་འབར་བར་མོས་ལ། ཨོཾ་ཧཱུཾ་བཛྲ་ཨ་ན་ལ་སརྦ་དྷརྨཱ་པྲ་དི་པ་ཀ(རྡོ་རྗེ་ཆོས་ཐམས་ཅད་རབ་ཏུ་ སྦྱོར་བར་བྱེད་པའི)། སརྦ་དྷརྨཱན་པྲ་དི་པ་ཡ་སྭཱཧཱ། ཞེས་བརྗོད་དོ། །ལག་པ་གཉིས་བྱ་ཁྱུང་གི་ཕྱག་ རྒྱ་བཅས་པའི་མཐིལ་དུ་ཧོཿལས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཧོ་སེར་པོས་མཚན་པའི་འོད་ཟེར་ གྱིས། ཡེ་ཤེས་རྡོ་རྗེ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཐིམ་པས་མི་འཆི་བ་ལ་སོགས་པའི་བདུད་ རྩིར་མོས་ལ། ཨོཾ་ཧོཿསརྦ་དྷརྨཱ་བཛྲ་ཨ་མྲྀ་ཏ་ཀ་ར། སརྦ་དྷརྨཱན་ཨ་མྲ་ཏཾ་ཀུ་རུ་ཀུ་རུ་སྭཱཧཱ(ཆོས་ ཐམས་ཅད་རྡོ་རྗེ་བདུད་རྩིར་བྱེད་པའི་གཞི་ཚུགས་ཅིག)། ཞེས་བརྗོད་དོ། །དེ་ལྟར་བྱིན་གྱིས་ བརླབས་པའི་བདུད་རྩི་མཐེབ་སྲིན་གྱིས་གཏོར་ཞིང༌། རྩ་བརྒྱུད་ཀྱི་བླ་མ་དང༌། དཀོན་མཆོག་ དང༌། ཐུགས་གསུང་སྐུའི་དཀྱིལ་འཁོར་དུར་ཁྲོད་དང་བཅས་པ་མཆོད་ནས། སྙིང་ག །མགྲིན་ པ། དཔྲལ་བ། ལྕེར་རེག་ནས་རང་གི་ལུས་ཀྱི་ལྷ་མཆོད་ནས། མཁའ་འགྲོ་ཆོས་སྐྱོང་གཞི་ བདག་ལ་སོགས་པ་སྲིད་པ་གསུམ་ན་གནས་པ་ཐམས་ཅད་ལ་ཕུལ་བས་མཉེས་ཤིང་ཚིམ་ པར་བསམས་ལ། འདོད་པའི་དོན་ལ་གསོལ་བ་གདབ། སླར་ཡང་རང་གི་ལྕེ་ལ་བཞག་པས་ ཟག་མེད་བདེ་སྟོང་གི་རོ་མྱོང་པར་བསམ་མོ། ། གཉིས་པ་བསྟོད་པའི་མཆོད་པ་ནི། སྟོང་པ་ཉིད་དང་སྙིང་རྗེའི་བདག །སྲིད་གསུམ་ སྐྱེ་འཇིག་མེད་པ་ཡི། །ཤེས་དང་ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་ འཚལ། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མེད་པའང་མིན། །མུ་ བཞི་ལས་ནི་རྣམ་གྲོལ་བའི། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཞེས་སོགས་དང༌། མཆོག་ སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པ་འདུད་ཉི་ཤུའི་བསྟོད་པ་དོན་དྲན་བཞིན་ པས་བརྗོད། གཏོར་མའི་རྣལ་འབྱོར་ནི། འབྱོར་པ་དང་བསྟུན་པ་གང་ལ་འབུལ་བའི་གྲངས་ བཤམ་སྟེ། ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། བུམ་བཟང་འཁོར་དང་གྲོགས་གཉེན་ བཅས་པ་དང༌། །ལྷ་དང་ལྷ་མོའི་ཚོགས་ཀྱིས་མ་ལུས་བསྐོར། །ཡང་དག་དགྱེས་པ་རྡོ་རྗེ་ 2-1-365 སེམས་དཔའ་མཆོག །སངས་རྒྱས་ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ། །ཞེས་པས་ སྤྱན་དྲངས་ནས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ཨོཾ་ཤྲཱི་ཀཱ་ལ་ཙཀྲ་ས་པཱ་རི་ཝཱ་རེ་བྷྱཿ གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། ཨཀྵ་ཏཾ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ ལན་གསུམ་བརྗོད་ནས་ཕུལ་བས། ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་གསོལ་བར་བསམས་ལ། བསྟོད་པ་བརྗོད། དེ་བཞིན་དུ་གཞན་རྣམས་ཀྱང་ཕུལ་ནས། བསྟོད་ནས་འདོད་པའི་དོན་ལ་ གསོལ་བ་གདབ་པ་ལ་སོགས་པ་བྱ་སྟེ། གཏོར་མ་རྐྱང་ལྟར་ན་ལག་པའི་རྒྱབ་བསྟན་ནས་སེ་ གོལ་ཏོག་ཅིང་ཀྵ་ཞེས་བརྗོད་ནས། སྔར་གདན་དྲངས་པའི་གནས་སུ་གཤེགས་སུ་གསོལ་ ལོ། །ཚོགས་ཟས་ཀྱི་རྣལ་འབྱོར་ནི། ཚོགས་ཡོ་བྱད་ནང་མཆོད་ལྟར་བྱིན་གྱིས་བརླབས་པའི་ ཐབས་ཀྱི་རྫས་ལ་བྷ་ལ། ཤེས་རབ་ཀྱི་རྫས་ལ་མ་ཏ་ན། ཟན་ལ་ཏྲི་པི་ཏ་ལ་སོགས་པ་དམ་ ཚིག་གི་བརྡ་སྐད་བརྗོད་ཅིང༌། ཆ་དང་པོ་མཆོད་གྲལ་དང༌། ཆ་བར་པ་གཏོར་མར་ཕུལ་བས། བླ་མ་དཀོན་མཆོག་དང༌། ལྷ་དང་འབྱུང་པོའི་ཚོགས་རྣམས་མཆོད་ནས། ཆ་གསུམ་པའི་རྫས་ ལས་ཀྱི་རྡོ་རྗེས་པད་བསྐོར་བྱེད་ཅིང༌། འདིར་ནི་ཆོས་རྣམས་བཟང་པོ་ལྟོས། །འདུས་པ་རྣམས་ ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་གཅིག་པ་ཉིད་དུ་རོལ། །ཨ་ཧོ་ སུ་ཁ། ཞེས་བརྗོད་དེ་དྲང༌། ལེན་པ་པོས་ཀྱང་པད་བསྐོར་བྱེད་ཅིང༌། བདེ་གཤེགས་ཆོས་ལ་ རིན་ཐང་མེད། །ཆགས་སྡང་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམས་སྤངས་པའི། ། དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཨ་ཧོ་སུ་ཁ། ཞེས་བརྗོད་དེ་བླང་ངོ༌། །ཕུད་ཀྱིས་སྔར་ ལྟར་མཆོད་ནས། རང་ལྷར་གསལ་བའི་དཔྲལ་བར་དབང་བྱེད་ཀྱི་འཁོར་ལོར་སྐུ་རྡོ་རྗེའི་ རིགས་དང་བརྒྱུད་པའི་བླ་མ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་གསུང་རྡོ་རྗེའི་རིགས་དང་ རྩ་བའི་བླ་མ། སྙིང་ག་ཆོས་ཀྱི་འཁོར་ལོར་ཐུགས་རྡོ་རྗེའི་རིགས་དང་ཡི་དམ་ལྷ། ལྟེ་བ་སྤྲུལ་ པའི་འཁོར་ལོར་ཡེ་ཤེས་རྡོ་རྗེའི་རིགས་དང༌། མཁའ་འགྲོ་ཆོས་སྐྱོང་དང་འབྱུང་པོའི་ཚོགས་ 2-1-366 ཐམས་ཅད་བསྡུས་པར་དམིགས་ལ། མཆོད་པའི་བསམ་པས་ཟས་བཟང་ངན་ལ་བླང་དོར་གྱི་ རྟོག་པ་སྤང་པ་ལ་ལོངས་སྤྱོད། བཟའ་བཏུང་གིས་ཚིམ་པ་དང༌། ལྷག་མ་བསྡུས་པ་མ་ཏ་ནས་ སྦྱངས་ཏེ། ཁ་ཕྲུས་བཏབ་ནས། ཨོཾ་ཨཱཿཧཱུཾ་གིས་བྱིན་གྱིས་བརླབས་ལ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ ཨུཙིཥྛ་བྷ་ལིཾ་ཏ་ཨུཙིཥྛ་བྷཀྵ་སྭཱཧཱ། ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་བྱིན་ནས། རྡོ་རྗེའི་ གླུའི་རྗེས་སུ་བཀྲ་ཤིས་བརྗོད་ཅིང༌། ཡི་གེ་བརྒྱ་པའི་མཐར་བཟོད་པར་གསོལ་ཏེ། དགེ་བ་ འདི་ཡིས་མྱུར་དུ་བདག །དུས་ཀྱི་འཁོར་ལོ་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། ། དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོས་ཏེ། སྨོན་ལམ་བཏབ་ནས། མདུན་བསྐྱེད་རང་ལ་ བསྡུ་བའམ་གཤེགས་ལ། ལས་ཀྱི་རྗེས་བསྡུའོ། །སྤྱོད་ལམ་གྱི་རྣལ་འབྱོར་ནི། བསྐྱེད་རྫོགས་ ཀྱི་རྣལ་འབྱོར་བརྟན་པོ་དང་ལྡན་པས། སྣང་བ་ཐམས་ཅད་སྣང་སྟོང་ལྷའི་སྐུ། གྲག་པ་ཐམས་ ཅད་གྲག་སྟོང་ལྷའི་གསུང༌། རིག་པ་ཐམས་ཅད་རིག་སྟོང་ལྷའི་ཐུགས་ཀྱི་དཀྱིལ་འཁོར་དུ་ ཤེས་པར་བྱས་ལ། སྐུ་གསུང་ཐུགས་ཡེ་ཤེས་ཀྱི་རྩལ་སྦྱང་བའི་ཕྱིར། ཕྱག་དང་བསྐོར་བ་ལ་ སོགས་པ་ཆོས་སྤྱོད་ཅི་ནུས་བྱའོ། །ཉལ་བའི་རྣལ་འབྱོར་ནི། ཡང་སྔར་བཞིན་མཆོད་བསྟོད་ བྱས་ཏེ། སྣོད་བཅུད་གདན་དང་བཅས་པ་ཡུམ་ལ་བསྡུ། ཡབ་ཡུམ་གཙུག་ཏོར་གྱི་འཁོར་ལོར་ རྡོ་རྗེ་རྩེ་ལྔ་པ་བསྒོམས་པའི་ལྟེ་བར་གཤེགས་སུ་གསོལ། རང་ཉིད་དམ་ཚིག་སེམས་དཔའ་ ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་དུ་སྐད་ཅིག་གིས་བསྐྱེད་པའི་གནས་དྲུག་ཏུ་འཁོར་ལོ་ དྲུག་ལ། ཨོཾ་ཨཱཿཧཱུཾ་ཧོ་ཧཾ་ཀྵའི་བསྲུང་བ་བསྒོམ་ཏེ། སེང་གེའི་ཉལ་སྟབས་ཀྱིས་ཡོད་མེད་ལ་ སོགས་གང་དུའང་མི་རྟོག་པའི་འོད་གསལ་ཆོས་ཀྱི་སྐུའི་ངང་དུ་གཉིད་ལོག་ཅིང༌། རྨི་ལམ་ བྱུང་ན་ལོངས་སྐུར་ཤེས་པར་བྱས་ལ། སད་ན་སྤྲུལ་པའི་སྐུར་ལྡང་བར་བྱའོ། ། བཞི་པ་བསྒྲུབས་པའི་འབྲས་བུ་ནི། དེ་ལྟར་བསྐྱེད་རྫོགས་གཉིས་ནན་ཏན་དུ་གོས་པར་ བྱས་ནས། ཐུན་མོང་མཆོག་གི་དངོས་གྲུབ་མྱུར་དུ་མངོན་དུ་བྱེད་པར་གསུངས་སོ། །དཔལ་ 2-1-367 ལྡན་དུས་འཁོར་སྒྲུབ་ཐབས་མདོར་བསྡུས་འདི། །རྒྱུད་འགྲེལ་མན་ངག་བླ་མའི་གསུང་ བཞིན་སྦྱར། །ཉེས་ནོངས་འཕགས་དང་བཀའ་བསྲུང་ཚོགས་ལ་བཤགས། །ལེགས་དགྱེས་ འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ཤོག །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཤིན་ཏུ་མདོར་ བསྡུས་པ་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི། ཟབ་མོའི་དོན་ལ་ངེས་པ་རྙེད་པ་དཔལ་མི་ བསྐྱོད་ (གསང་མཚན་)རྡོ་རྗེས། སྐྱེས་མཆོག་གཞན་ཕན་གྱི་ཐུགས་དགོངས་ཅན་རྣམས་ཀྱིས་ ཞུས་ཤིང་བསྐུལ་བའི་དོན་དུ། རྒྱུད་འགྲེལ་བླ་མའི་མན་ངག་དང་མཐུན་པར། བྲག་དཀར་ ལྷུན་པོའི་རྩེའི་དབེན་གནས་སུ་བཀོད་པའོ།། །། གཅིག་ཞུས། མ་དཔེ་འབྲས་སྤུངས་ཡིག་རྙིང༌། ཕྱི་ཀ ༢༡༤ དང་གཉིས་ཡོད། 2-1-368 ༄༅། །དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སློབ་དཔོན་ དབང་གི་ཆོ་ག་བཞུགས་སོ། ། ༄༅། །ན་མཿཤྲི་ཀ་ལ་ཙཀྲ་ཡེ། དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སློབ་དཔོན་གྱི་དབང་ གི་ཆོ་ག དབང་མཆོག་ཏུ་གྲུབ་པར་བྱེད་པ་ཞེས་བྱ་བ། སྟོང་དང་སྙིང་རྗེ་རོ་མཉམ་ཐབས་དང་ ཤེས་རབ་གཉིས་མེད་ཨེ་བཾ་ཟུང་འཇུག་ལྷན་ཅིག་སྐྱེས། །རྣམ་རྟོག་དྲི་མ་རྣམས་སྤངས་ཆོས་ དབྱིངས་སྐྱོན་བྲལ་མཁའ་ལྟར་ཁྱབ་པའི་རྒྱལ་བ་རྣམས་ལ་འདུད། །ངོ་མཚར་རྨད་བྱུང་དབང་ བཞིས་སྨིན་ཅིང་དཔག་མེད་དོན་ལྡན་དོན་ཟབ་སྟོན་པའི་མཆོག་གྱུར་པའི། །རྒྱུད་འགྲེལ་ ཐོས་ཤིང་འགྲོ་དོན་བརྩོན་རྣམས་རྗེས་སུ་གཟུང་ཕྱིར་རྣམ་དག་ཆོ་ག་འདིར་བརྗོད་བྱ། ། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཆོ་གའོ། །དང་པོ་ལ་ལྔ་ལས། བཤམ་བྲི་ལེགས་ པར་བྱ་བ་ནི། གནས་དབེན་ཞིང་ཉམས་དགའ་བར། རྒྱལ་མཚན་དང༌། བ་དན་དང༌། སྟེང་ ནས་གདུགས་དང་བླ་རིས་ལ་སོགས་པས་ཁང་པ་བརྒྱན། རྟེན་དང་རིགས་དྲུག་དང་མཐུན་ པའི་མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་ལ་སོགས་པ་བཤམ། དཀྱིལ་འཁོར་དང་འབྲེལ་པ་ ཡིན་ན། དེའི་ཕྱི་རོལ་(ཤར་)དུ་ས་མཉམ་པའི་ཆ་ལ་གྲུ་བཞི་(ཁྲུ་བཞི་)པ་ར་བ་(བསྐྱེད་རིམ་གྱིས་) ལྔའི་རི་མོ་བྱས་པའི་དབུས་སུ་པད་མ་འདབ་མ་བརྒྱད་པ། ཁྲུ་དོ་པ་མཚན་མ་ལྔ་དང་བྲལ་ བ། (ལྟེ་བ་ལྗང་ཁུ་ཕྱོགས་བཞི་ཁམས་དང་བསྟུན་མཚམས་མཛེས་ཚོན་)ཁ་དོག་སྣ་ཚོགས་པའི་སྟེང་དུ། ཤིང་ལྕགས་ལ་སོགས་པའི་གདན་ལ། ཚོན་སྣ་ལྔ་ཡིས། པད་མ་བྲིས་ལ། པད་མའི་གདན་གྱི་ སྟེང་དུ་དགེ་སློང་(ཕ་ལ་ཟླ་བ། དགེ་སློང་མ་ལ་ཉི་མའི་གདན་ལ་)བཞུགས་པ་ལ། ཕྱག་རྒྱ་བརྒྱད་བུ་ 2-1-369 མོ་གཉིས། བུམ་པ་བཅུས་ཁྲུས་བྱེད་པ་ནི་མཆོག་གི་སློབ་དཔོན་ལ་བྱ་བའོ། །ཁྲུ་གཉིས་པ་རི་ མོ་ལྔས་བསྐོར་ཞིང༌། པད་མ་མེད་པའི་གདན་གྱི་སྟེང་དུ་དགེ་ཚུལ་བཞག་སྟེ། ཕྱག་རྒྱ་བཞི་བུ་ མོ་གཉིས་བུམ་པ་དྲུག་གིས་ཁྲུས་བྱ་ཞིང་དར་དཔྱངས་ལ་སོགས་པ་སྦྱིན་པ་ནི་བར་མའི་སློབ་ དཔོན་ལ་བྱ་བའོ། །ཁྲུ་གང་པ་རི་མོ་གསུམ་གྱིས་བསྐོར་བའི་སྟེང་དུ་ཕལ་བའི་གདན་ལ་དགེ་ བསྙེན་བཞག་སྟེ། ཕྱག་རྒྱ་གཅིག བུ་མོ་གཅིག་(རྣམ་པར་རྒྱལ་བའི་)བུམ་པ་གཅིག་གིས་ཁྲུས་བྱ་ ཞིང༌། ཕྱག་རྒྱ་སོར་གདུབ་སྦྱིན་པ་ནི་དམན་པའི་སློབ་དཔོན་ལ་བྱ་བའོ། ། དེ་ནས་དཀྱིལ་འཁོར་བསྒྲུབས་ལ་མཆོད་པ་ནི་མངོན་པར་རྟོགས་པ་བསྒོམས་ལ། མཆོད་བསྟོད་གཏོར་མའི་བར་རྫོགས་པར་བྱ་སྟེ། དཀྱིལ་འཁོར་དང་མ་འབྲེལ་ན་བུམ་པ་ སྔར་བཞིན་དུ་བསྒྲུབ་པར་བྱའོ། །དེ་ནས་གསོལ་བ་རིམ་པ་བཞིན་གདབ་པ་ནི། དཔལ་ལྡན་ བླ་མ་ཁྱོད་དྲིན་གྱིས། །བདེ་གཤེགས་ལམ་རྣམས་ཀུན་ཤེས་ཀྱང༌། །སྟོན་པ་མཆོག་ཏུ་མ་གྱུར་ པས། བདག་ནི་ཁྱེད་ལ་གསོལ་བ་འདེབས། །ཞེས་སྙན་གསན་ཕབ་སྟེ། དམ་བཅའ་བ་ནི། དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་དང་ནི་ བྱང་ཆུབ་སེམས། །དཔལ་ལྡན་བླ་མ་ཁྱོད་སྤངས་ནས། །བླ་མ་གཞན་ལ་དུས་ཀུན་ཏུ། །སྲོག་ དོར་ནས་ཀྱང་བསྟེན་མི་བྱ། །གཞན་ཡང་དེ་བཞིན་དུས་ཀུན་ཏུ། །གཡོ་སྒྱུ་མེད་པར་ནུས་ཚད་ ཀྱིས། །ལུས་ངག་སེམས་དང་གསུམ་པོ་ནི། གཙོ་བོའི་སྤྱན་སྔར་དབུལ་བར་བགྱི། །ཞེས་ བརྗོད་དོ། ། དེ་ནས་ཕྱག་རྒྱ་བཅུ་བླ་མ་ལ་ཕུལ་ནས། གནང་པ་བསླང་པ་ནི། ཀྱེ་ཧོ་དགོངས་ཤིག་ བཅོམ་ལྡན་འདས། །ཕ་རོལ་ཕྱིན་པ་བཅུ་ཐོབ་པ། །བདག་གིས་བྱ་བ་ཅི་ཞིག་བགྱི། །མགོན་ པོ་བདག་ལ་བཀའ་སྩོལ་ཅིག །ཅེས་ཞུས་པ་དང༌། དེ་ནས་བླ་མས། ཕྱག་རྒྱ་བཅུ་པོ་འདིའི་ ནང་ནས་རང་གི་ཕྱག་རྒྱ་ཁྱེར་ལ། དེ་དང་ལྷན་ཅིག་གསོལ་བ་ཐོབ་ཅིག་ཅེས་གསུངས་པ་ 2-1-370 དང༌། སློབ་མ་རང་གི་(དགེ་སློང་དང་དགེ་ཚུལ་གྱི་ཕྱག་རྒྱ་རིགས་ངན་མར་བཤད་)ཕྱག་རྒྱ་དང་བཅས་ པས། ཕྱག་དང་གསེར་ལ་སོགས་པ་རིན་པོ་ཆེའི་མེ་ཏོག་དང་བཅས་པའི་མཎྜལ་ཕུལ་ནས། སྤྱིར་(སྲིད་པའི་ཅེས་པ་ལ་སོགས་པས་)སྔར་བཞིན་དུ་སྐྱབས་སུ་འགྲོ་ཞིང་གསོལ་བ་བཏབ་ནས། ཁྱད་པར་གྱི་གསོལ་བ་གདབ་པ་ནི། དུས་ཀྱི་འཁོར་ལོའི་དབང་བསྐུར་བ། །འགྲོ་བ་སྐྱོབ་ ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་ལ་སོགས། །དེ་བཞིན་བདག་ལ་དེ་སྩོལ་ཅིག། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་གསོལ། །རྟག་ཏུ་བདག་ནི་ སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་བགྱི། །བདག་དང་གཞན་གྱི་དོན་གྱི་ ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །བདག་ལ་ དི་རིང་སྩལ་དུ་གསོལ། །ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ་པོ། །དེ་ནས་ཕྱག་རྒྱ་དང་ སློབ་མ་ལྷར་བསྐྱེད་པ་ནི། བུ་མོ་གཟུགས་བཟང་བ་རྒྱན་གྱིས་བརྒྱན་པ་བུ་མ་སྐྱེས་པ་བརྒྱད་ དང༌། (ཕྱག་རྒྱ་སློབ་མ་དབང་རྫས་རྣམས་ལས་བུམ་གྱི་ཆུས་བསངས་གུ་གུལ་གྱི་དུ་བས་བདུགས་ཏེ། གནས་དྲུག་ ཏུ་དྲིའི་ཐིག་ལེ་བཀོད་ལ་བསྲུང་པ་བྱ་གསུང་)གཞོན་ནུ་མ་སྐྱེ་གནས་མ་ཉམས་པ་གཉིས་ཀྱིས་རྒྱལ་ བ་དང་རྣམ་རྒྱལ་གྱི་བུམ་པ་བཟུང་པ་དེ་རྣམས་ཕྱོགས་བཞིར་སྒྲོལ་མ་ལ་སོགས་པ(ལྷོར་གོས་ དཀར་མོ། བྱང་དུ་མ་མ་ཀི་ནུབ་ཏུ་སྤྱན་མ)འི་ང་རྒྱལ་འཛིན་པའི་ལྷ་མོ་བཞི། མཚམས་བཞིར་(མེར་) རེག་བྱ་རྡོ་རྗེ་མ་ལ་སོགས་པ་(བདེན་བྲལ་དུ་རོ་རྡོ་རྗེ་མ། དབང་ལྡན་དུ་གཟུགས་རྡོ་རྗེ་མ་རླུང་དུ་དྲི་རྡོ་རྗེ་མ་) བཞིར་བསྐྱེད་པས་བསྐོར་ཞིང༌། སྒྲ་རྡོ་རྗེ་མས་དབུས་ཀྱི་གཙོ་བོ་ལ་འཁྱུད་པར་བསམ། སློབ་ མའི་ཕྱག་རྒྱ་ཆོས་དབྱིངས་རྡོ་རྗེ་མར་བསྐྱེད་ཅིང༌། བྷྲུཾ་ལས་གཞལ་ཡས་ཁང་གི་དབུས་སུ་སློབ་ མ་དུས་འཁོར་གཙོ་བོར་བསྒོམས་པའི་ཕུང་པོ་ཁམས་སྐྱེ་མཆེད་ལས་ཀྱི་དབང་པོ་ཡུལ་དང་ བཅས་པ་རྣམས་རིགས་དྲུག་ལ་སོགས་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་སྟེ། གནས་དྲུག་ བྱིན་གྱིས་བརླབ་པོ། །(དམ་ཚིག་གསུམ་དང་མི་ལྡན་པ་ལ། རྡོ་རྗེ་སློབ་དཔོན་གྱི་དབང་སྐུར་བར་མ་བཤད་ 2-1-371 དོ། །) དེ་ནས་ལྷ་ལ་རྒྱན་ཆས་དང་ཕྱག་མཚན་དགོད་པ་ལ་བཞི་ལས། ཕྱག་རྒྱ་དྲུག་གི་རྒྱན་ དགོད་པ་ནི། སྔར་གྱི་ཁྲི་གསུམ་པོ་ལ་དགེ་སློང་རྡོ་རྗེ་འཛིན་པ་ལ་སོགས་པ་གསུམ་པོ་ བཞུགས་པ་ལ(སྟེང་དུ་གདུགས་ཕུབ་གཡས་གཡོན་དུ་རྒྱལ་མཚན་བཙུགས་ཏེ)། བླ་མས་རུས་པའི་རྒྱན་ དྲུག་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དག་པའི་ཕྱག་རྒྱ་དྲུག་ཏུ་བསྐྱེད་པ་ལ། ཡེ་ ཤེས་པ་བསྟིམས་ནས། རིམ་པ་བཞིན་དུ་དགོད་པའི་སྔགས་ནི། །ཨོཾ་ཧཾ་(ས་བོན་གཉིས་)ཧཿ བཱ་ མ་ད་ཀྵི་ཎ་(གཡས་དང་གཡོན་པའི་)ཀར་ཎྞ་ཡོར་(རྣ་རྒྱན་)བཛྲ་(རྡོ་རྗེ་)ཀུན་ཊ་ལི་(འཁྱིལ་པ་ཅན་གྱིས་) ཧཱུཾ་ཧཱུཾ་ཕཊ་ཕཊ(གྱི)ས་རྣ་རྒྱན། ཨོཾ་ཨཾ་ཨཿ(ས་བོན་གཉིས་)ཀ་ཊཾ་ཀཎ་ཋེ་(རྐེད་པ་དང་འགྲིན་པ་ལ་) བཛྲ་མེ་ཁ་ལ(རྡོ་རྗེ་སྐ་རགས)། བཛྲ་ཀཎ་ཋི་ཀེ་(རྡོ་རྗེ་མགུལ་རྒྱན་)ཧཱུཾ་ཧཱུཾ་ཕཊ་ཕཊ་མགུལ་རྒྱན་དང་ སྐ་རགས། ཨོཾ་ཨ་ཨཱ་(ས་བོན་གཉིས་)བཱ་མ་ད་ཀྵི་ཎ་(གཡས་དང་གཡོན་པའི་)ཀ་ར་ཡོར་(ལག་པ་ལ་) བཛྲ་རུ་ཙ་ཀོ་(རྡོ་རྗེ་ལག་གདུབ་)ཧཱུཾ་ཧཱུཾ་ཕཊ་ཕཊ་ལག་གདུབ། ཨོཾ་ཧ་ཧཱ་(ས་བོན་གཉིས་)བཱ་མ་ད་ཀྵི་ ཎ་(གཡས་དང་གཡོན་པའི་)པཱ་དེ་ཡོར་(ཞབས་ལ་)བཛྲ་ནཱུ་པུ་རེ་(རྡོ་རྗེའི་ཞབས་གདུབ་)ཧཱུཾ་ཧཱུཾ་ཕཊ་ཕཊ་ སྭཱཧཱས་རྐང་གདུབ། ཨོཾ་ཧཾ་བཾ་(ས་བོན་གཉིས་)པཉྩ་(ལྔའི་)ཨ་ཀ་ར་(འབྱུང་པ་)མ་ཧཱ་(ཆེན་པོ་)ཤུ་ ནྱ་ཏ་(སྟོང་པའི་)སྭ་བྷ་བ་(རང་བཞིན་)མ་ཧཱ་(ཆེན་པོ་)བཛྲ་སི་རོ་མ་ཎི་(རྡོ་རྗེ་སྤྱི་གཙུག་གི་ནོར་བུ་)སི་ ར་སི་(དབུ་ལ་)སརྦ་(ཐམས་ཅད་)གེ་བྷ་མཾ་(ཐལ་བས་སྐུས་པ་)ཧཱུཾ་ཧཱུཾ་ཕཊ་ཕཊ་གཙུག་ཏོར་གྱི་ནོར་ བུ་དང༌། ཐལ་ཆེན་གྱི་རྒྱ། ཨོཾ་ཨཾ་ཨར་(ས་བོན་གཉིས་)དྷ་ཎཱ་རཱི་ཤྭ་རཾ་(སྦྱིན་པའི་དབང་ཕྱུག་)བཛྲ་ ཨདྷ་ཙན་ཏྲ(རྡོ་རྗེ་ཟླ་ཕྱེད)། བཛྲ་པ་ཊོ་དྷེ་(རྡོ་རྗེ་དར་དཔྱངས་)ཧཱུཾ་ཧཱུཾ་ཕཊ་ཕཊས་ཟླ་ཕྱེད་དང་དར་ དཔྱངས། ཨོཾ་ཨ་ཨཿ ཨཾ་(ས་བོན་གསུམ་)སརྦ་(ཐམས་ཅད་)སྭ་ར་ཀཱ་ཏྲི་(སྐུ་ལ་སེ་རལ་)སྭ་ར་ས་བྷཱ་ (གདག་པའི་རིན་)བ། བཛྲ་ཡ་ཛྙཱོ་པ་བི་ཏ་(རྡོ་རྗེ་མཆོད་ཕྱིར་ཐོགས་)ཀན་དྷེ་(དཔུང་པ་ལ་)ཧཱུཾ་ཧཱུཾ་ཕཊ་ ཕཊས་མཆོད་ཕྱིར་ཐོགས་དགོད་པ་སྟེ་ཕྱག་རྒྱ་དྲུག་དགོད་པའི་ཆོ་གའོ། ། 2-1-372 ཕྱག་རྒྱ་བཞི་པའི་ཆས་དགོད་པ་ནི། སྟག་ལྤགས་ལ་སོགས་པའི་ཆས་བཞི་ཐབས་ ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཞི་དག་པའི་ཕྱག་རྒྱ་བཞིར་བསྐྱེད་པ་ལ། ཡེ་ཤེས་པ་ བསྟིམས་ནས། རིམ་པ་བཞིན་དུ་དགོད་པའི་སྔགས་ནི། ཨོཾ་ཀྵཿ(ས་བོན)དུར་དཱན་ཏཱ་བྷི་མ་ནཱ་ (གདུལ་དཀའ་བ་འཇིགས་ཤིང་)ཀྵཱ་ཡཾ་ཀ་ར་(ཟད་པར་བྱེད་)བྱ་གྷཱ་ཙརྨྨ(སྟག་གི་ལྤགས་པ་)ཀ་ཊོ་ཧཱུཾ་ཧཱུཾ་ ཕཊ་ཕཊས་སྟག་ལྤགས་ཀྱི་སྨད་གཡོགས། ཨོཾ་ཧཾ་ཀྵཿ(ས་བོན་)དྲིཾ་ཤད་སྭ་ར་ས་པ་ཏ་ཏི་ཧྲ་ས་ དིར་གྷ་བྱཉ་ཛ་ན་སྭ་བྷཱ་བ་དེ་ཏྱ་ཀུ་ལ་(ཕྲ་མེན་མ་)ཤ་ཏ་(ཕྲུན་པ་)ཤི་རོ་བྷི་(རིགས་བརྒྱའི་)མུཎ་ད་ མ་ལེ་(མགོ་བོའི་ཕྲེང་བ་)ཀན་དྷཱེ་(ཕྲག་པ་ལས་)ཧཱུཾ་ཧཱུཾ་ཕཊ་ཕཊས་མི་མགོའི་ཕྲེང་པའི་དོ་ཤལ། ཨཱོཾ་ཧ་ཧི་ཧེ་ཧུ་ཧླི་པཉྩ་(ས་བོན་ལྔ་སྐན་དྷ་ཕུང་པོ་ལྔ་)སྭ་བྷཱ་བ་(དག་པའི་རང་བཞིན་)སི་ར་(སྤྱི་བོར་)ཀ་པ་ ལ་(ཐོད་པ་)མ་ལེ་(ཕྲེང་བ་)ཧཱུཾ་ཧཱུཾ་ཕཊ་ཕཊས་ཐོད་ཕྲེང་གི་དབུ་རྒྱན། ཨོཾ་(གཡས་ཀྱི་ཕྱག་མཚན་གྱིས་ ས་བོན་བཅུ་གཉིས་)ཀྵ་ཀྵཱ་ཀྵཱི་ཀྵཱི་ཀྵྼྀ་ཀྵྼཱྀ་ཀྵུ་ཀྵཱུ་ཀྵླྀ་ཀྵླཱྀ་ཀྵཾ་ཀྵཱཿ (གཡོན་གྱི་ཕྱག་མཚན་གྱི་ས་བོན་བཅུ་གཉིས་) ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཧླྀ་ཧླཱྀ་ཧཾ་ཧཿ སརྦ་བིགྷྣ་(བགེགས་ཐམས་ཅད་)བི་དྷ་རི་ཏ་(རྣམ་པར་གཅོད་པའི་) ག་ཛཱ་(གླང་ཆེན་)ཙར་མ་(ལྤགས་པ་)པ་ཊ་ར་(རློན་པ་)ཀ་ཏ་(ཁྲག་)པྲ་བད་(འཛག་)ཧཱུཾ་ཧཱུཾ་ཕྲེཾ་ཞེས་ པས་གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་དགོད་པ་སྟེ་ཕྱག་རྒྱ་བཞི་དགོད་པའི་ཆོ་གའོ། ། ཐབས་ཤེས་ཀྱི་ཕྱག་མཚན་དགོད་པ་ནི། གཡས་ཀྱི་ཕྱག་མཚན་བཅུ་གཉིས་ཀྵཿལས་ ཐབས་ཀྱི་ལྷར་བསྐྱེད་པ་ལ། ཡེ་ཤེས་པ་བསྟིམས་ནས། རིམ་པ་བཞིན་དུ་དགོད་པའི་སྔགས་ ནི། ཨཱོཾ་ཀྵྼཿབཛྲ་ཀྲོ་དྷ་(རྡོ་རྗེ་ཁྲོ་བོ་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཁད་ག་(རལ་གྲི་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཏྲི་ཤུ་ལ་(རྩེ་གསུམ་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཀར་ཏི་(གྲི་གུག་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་བ་ཎ་ (མདའ་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཨཾ་ཀུ་ཤ་(ལྕགས་ཀྱུ་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཌ་མ་རུ་ཀ་(ཌེའུ་ཆུང་) ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་མུད་ག་ར་(ཐོ་བ་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་ཙཀྲ་(འཁོར་ལོ་)ཧཱུཾ་ཕཊ། ཨོཾ་ ཀྵྼཿ བཛྲ་ཀུན་དྷ་(མདུང་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་དན་ཌ་(དབྱུག་པ་)ཧཱུཾ་ཕཊ། ཨོཾ་ཀྵྼཿ བཛྲ་པར་ 2-1-373 ཤུ་(དགྲ་སྟ་)ཧཱུཾ་ཕཊ་ཕྱག་གཡས་པར་མཚོན་ཆ་དགོད་པའི་ཆོ་གའོ། ། གཡོན་གྱི་ཕྱག་མཚན་བཅུ་གཉིས། ཧཱཾ་ལས་ཤེས་རབ་ཀྱི་ལྷར་བསྐྱེད་པ་ལ། ཡེ་ཤེས་པ་ བསྟིམས་ནས། རིམ་པ་བཞིན་དུ་དགོད་པའི་སྔགས་ནི། ཨོཾ་ཧྭཱཾ་བཛྲ་གྷན་ཊེ་ཧོཿ(དྲིལ་བུ་)ཕྲེཾ་ ཕཊ། ཨོཾ་ཧྭཱཾ་བཛྲ་ཁེ་ཊ་(ཕུབ་)ཧོཿཕྲེཾ་ཕཊ། ཨོཾ་ཧྭཱཾ་བ་ཁ་ཊྭཱཾ་ཀ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཀ་པཱ་ལ་ (ཐོད་པ་)ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཙཱ་པ་(གཞུ་)ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པཱ་ཤ་(ཞགས་པ་)ཧོཿཕྲེཾ་ ཕཊ། ཨོཾ་ཧྭཱཾ་བཛྲ་རད་ན་(རིན་པོ་ཆེ་)ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་པད་མ་ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤཾ་ ཁ་(དུང་)ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཨ་དར་ཤ་(མེ་ལོང་)ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཱཾ་བཛྲ་ཤྲིཾ་ཁ་ལེ་(ལྕགས་ སྒྲོགས་)ཧོཿ ཕྲེཾ་ཕཊ། ཨོཾ་ཧྭཾ་བཛྲ་ཙ་ཏུར་བེ་ཏ་མུ་ཁ་སྭ་བྷ་བ་བྲ་ཧྨ་སི་ར་(རྡོ་རྗེ་ཚངས་པའི་མགོ་བོ་ ཞལ་བཞི་པའི་རིང་བཞིན་)ཧོཿ ཕྲེཾ་ཕཊ་ཕྱག་གཡོན་པར་མཚན་མ་དགོད་པའི་ཆོ་གའོ། །ཀླུ་རྒྱལ་ བཅུའི་རྒྱན་དགོད་པ་ནི། (དུས་ཀྱི་འཁོར་ལོ་ཞི་བས་མི་ཐུལ་བ་རྣམས་)ཀླུ་རྒྱལ་བཅུའི་སྦྲུལ་རྒྱན་བཅུ། རྒྱལ་བ་རིགས་དྲུག་ཏུ་བསྐྱེད་པ་ལ། ཡེ་ཤེས་པ་བསྟིམས་ནས། རིམ་པ་བཞིན་དུ་དགོད་པའི་ སྔགས་ནི། ཨོཾ་ཧཱུཾ་(ས་བོན་)བཛྲ་(རྡོ་རྗེ་)ཛ་ཡ་(རྒྱལ་བ་)ནཱ་གྷཱེན་ཏྲ(ཀླུའི་དབང་པོ)། བཛྲ་ཛཱ་ཊཱ་ (རྡོ་རྗེ་རོལ་པ་)མུ་ཀུ་ཊ་(དབུ་རྒྱན་)བན་དྷ་(བཅིངས་པ་)ཏིཥྛ་ཏིཥྛ་(བརྟན་པ་)ཧཱུཾ་ཧཱུཾ་ཕཊ་ཕཊས་ཀླུ་ རྒྱལ་བ་ལྗང་ཁུའི་དབུ་རྒྱན། ཨོཾ་ཀྵཱུཾ་(ས་བོན་)བཛྲ་བི་ཛ་ཡ་(རྡོ་རྗེ་རྣམ་རྒྱལ་)ན་གཱེན་ཏྲ(ཀླུའི་དབང་ པོ)། བཛྲ་པཏ་ཊ(རྡོ་རྗེ་དར་དཔྱངས)། བྷན་དྷེ་(བཅིངས་པ་)ཏིཥྛ་ཏིཥྛ་(བརྟན་པ་)ཧཱུཾ་ཧཱུཾ་ཕཊ་ཕཊས་ རྣམ་རྒྱལ་སྔོན་པོའི་དར་དཔྱངས། ཨོཾ་ཧྻཾ་ཧྻཾ (ས་བོན་གཉིས་)བཛྲ་ཀར་ཀོ་ཊ་ཀ (རྡོ་རྗེ་སྟོབས་ཀྱི་རྒྱུ་)། བཛྲ་(རྡོ་རྗེ་)པད་མ་བཱ་མ་ད་ཀྵི་ཎ་(གཡས་དང་གཡོན་གྱི་)ཀུཎ་ཊ་ལ་ཡོ་(རྣ་བར་འཁྱིལ་པའི་)ཏིཥྛ་ ཏིཥྛ་(བརྟན་པ་)ཧཱུཾ་ཧཱུཾ་ཕཊ་ཕཊས་སྟོབས་ཀྱི་རྒྱུ་དང་པད་མ་ནག་པོའི་རྣ་རྒྱན། ཨོཾ་ཧྼཾ་ཧྼཾ་(ས་བོན་ གཉིས་)བཛྲ་བཱ་སུ་ཀི་(རྡོ་རྗེ་ནོར་རྒྱལ་)ཤཾ་ཁ་པ་ལ་(དུང་སྐྱོང་)བཱ་མ་ད་ཀྵི་ཎ་རུ་ཙ་ཀ་ཡོ་(གཡས་དང་ གཡོན་པའི་རྡོ་རྗེའི་ལག་གདུབ་ཀྱི་རྒྱན་)ཏིཥྛ་ཏིཥྛ་(བརྟན་པ་)ཧཱུཾ་ཧཱུཾ་ཕཊ་ཕཊས་ནོར་རྒྱས་དང་དུང་སྐྱོང་ 2-1-374 དམར་པོའི་ཕྱག་གདུབ། ཨོཾ་ཧྺཾ་ཧྺཾ་(ས་བོན་གཉིས་)བཛྲ་ཨ་ནན་ཏ་(རྡོ་རྗེ་མཐའ་ཡས་)ཀུ་ལི་ཀཱོ་ (རིགས་ལྡན་)མེ་ཁ་ལ་(སྐ་རགས་)ཀཎ་ཋི་ཀ་ཡོ་(མགུལ་རྒྱན་)ཏིཥྛ་ཏིཥྛ་(བརྟན་པ་)ཧཱུཾ་ཧཱུཾ་ཕཊ་ཕཊ་ མཐའ་ཡས་དང་རིགས་ལྡན་དཀར་པོའི་སྐ་རགས་དང་མགུལ་རྒྱན། ཨོཾ་ཧླཾ་ཧླཱཾ་(ས་བོན་གཉིས་) བཛྲ་ཏ་ཀྵ་ཀ་(རྡོ་རྗེ་འཇོག་པོ་)མ་ཧཱ་པད་མཱོ(པད་མ་ཆེན་པོ)། བཱ་མ་ད་ཀྵི་ཎ་(གཡས་དང་གཡོན་གྱི་) པཱ་ད་ནཱུ་པུ་ར་ཡོ་(རྐང་གདུབ་གྱི་རྒྱན་)ཏིཥྛ་ཏིཥྛ་(བརྟན་པར་བརྟན་པར་མཛོད་)ཧཱུཾ་ཧཱུཾ་ཕཊ་ཕཊས་འཇོག་ པོ་དང་པད་མ་ཆེན་པོ་སེར་པོའི་ཞབས་གདུབ་དགོད་པ་སྟེ་ཀླུ་རྒྱལ་བཅུའི་རྒྱན་དགོད་པའི་ཆོ་ གའོ།། །། དངོས་གཞི་ལ་ལྔ་ལས། དང་པོ་དབང་བདུན་རིམ་པར་བསྐུར་བ་ལས། བུམ་པའི་ཆུས་ དབང་བསྐུར་བ་ནི། སྤོས་ལྔ་བསྲེག་ཅིང༌། རོལ་མོའི་སྒྲ་དང་བཀྲ་ཤིས་ཀྱི་ཚིགས་བཅད་ དབྱངས་སྙན་དང་བཅས་པས་མེ་ཏོག་གཏོར་ཅིང༌། ནམ་མཁའི་ཁམས་ཐམས་ཅད་གང་བའི་ དེ་བཞིན་གཤེགས་པ་རིག་མ་ལྷ་མོ་དང་བཅས་པ་དང༌། བླ་མས་དབང་བསྐུར་བར་བསམས་ ལ། བུ་མོ་རྣམས་ཀྱིས་བུམ་པའི་ཆུས་རིམ་པར་ཁྲུས་བྱ་ཞིང༌། དབང་ཚིག་བླ་མས་བརྗོད་པ་ནི། ཁམས་གསུམ་པོས་ནི་ཕྱག་བྱས་པའི། །མངོན་པར་དབང་ནི་རྡོ་རྗེ་ཆེ། །གསང་གསུམ་གནས་ ལས་བྱུང་པ་ནི། སངས་རྒྱས་རྣམས་ལ་བསྐུར་བར་བྱ། །ཨོཾ་ཨཿཨཱི་རཱི་ཨཱུ་ལཱི་པཉྩ་དྷ་དུ་བི་ཤོ་དྷ་ ནི་སྭཱཧཱས་དུང་ཆོས་ཀྱི་ཆུས་དང༌། (དེས་འཕོ་བའི་བག་ཆགས་གནས་ངན་ལེན་གྱི་དྲི་མ་དག་ནས་མི་འགྱུར་ བའི་བདེ་བས་ལུས་ངག་ཡིད་གསུམ་གང་བར་བསམ་མོ་)ཐུགས་རྡོ་རྗེ་དང་ཁྱབ་འཇུག་ཏུ་བྱ་བའི་ཕྱིར། ཨོཾ་ཨ་ཨི་རི་ཨུ་ལི་པཉྩ་ཏ་ཐཱ་ག་ཏ་པ་རི་ཤོ་དྷ་ནི་སྭཱཧཱས(གཉིས་པ་)ཅོད་པན་གྱི་དབང་དང༌། ཨོཾ་ ཨ་ཨཱ་ཨཾ་ཨཿཧ་ཧཱ་ཧཾ་ཧཿཕྲེཾ་ཧོ་ད་ཤ་པ་ར་མི་ཏ་པ་རི་པཱུ་ར་ནི་སྭཱཧཱས་(གསུམ་པ་)དར་དཔྱངས་ཀྱི་ དབང་སྦྱིན་ནོ། ། གསུང་རྡོ་རྗེ་དང་དབང་ཕྱུག་ཆེན་པོར་བྱ་བའི་ཕྱིར། ཨོཾ་ཧཱུཾ་ཧོཿསུརྱ་ཙནྟྲ་བི་ཤོ་དྷ་ཀ་སྭཱཧཱས་ 2-1-375 ཕྱག་རྒྱ་སོར་གདུབ་བམ། མེ་ཏོག་གང་དུ་ལྷུང་པའི་(བཞི་པ་)ཕྱག་མཚན་གྱི་དབང་སྦྱིན་ནོ། ། སྐུ་རྡོ་རྗེ་དང་ཚངས་པར་བྱ་བའི་ཕྱིར། ཨོཾ་ཨ་ཨཱ་ཨེ་ཨཱེ་ཨར་ཨཱར་ཨོ་ཨཱོ་ཨལ་ཨལ་ཨཾ་ཨཿབི་ ཤ་ཡ་ཨིནྟྲ་ཡ་བྷི་ཤོ་དྷ་ནི་སྭཱཧཱ་རིན་ཆེན་(ལྔ་པ་)མཆོད་ཕྱིར་ཐོགས་སམ་ཚངས་སྐུད་ཀྱི་དབང་ བྱིན་ཏེ། སྐུའི་རྡོ་རྗེ་འཛིན་ཚངས་པ་སྟེ། །གསུང་གི་རྡོ་རྗེ་འཛིན་དབང་ཕྱུག་ཆེ། །ཐུགས་ཀྱི་རྡོ་ རྗེ་འཛིན་ཁྱབ་འཇུག་རྒྱལ། །རྡོ་རྗེ་སློབ་དཔོན་ཞེས་བྱའོ། །ཞེས་པའི་དོན་བརྗོད་དོ། ། དེ་ནས་དམ་ཚིག་གསུམ་དང་ལྡན་པ་ལ་རྡོ་རྗེ་སློབ་དཔོན་(དྲུག་པ་)མིང་གི་དབང་བསྐུར་ བ་ལས། རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྦྱིན་པ་ནི། རྡོ་རྗེ་བསངས་ཏེ་མི་དམིགས་པ་ལས། ཧཱུཾ་ལས་ རྡོ་རྗེ་བསྐྱེད་དེ། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཕྱག་ན་རྡོ་རྗེའི་ལག་ན་འདུག །ཁྱོད་ཀྱིས་ ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་(དེ་བཞིན་ གཤེགས་པ་ཐམས་ཅད་)སིདྷཾ་(དངོས་གྲུབ་)བཛྲ་ས་མ་ཡ་ཏིཥྛ་ཨེ་ཤ་ཏྭཾ་(རྡོ་རྗེ་དམ་ཚིག་གི་བརྟུལ་ཞུགས་ བརྟན་པར་)དྷ་ར་ཡ་མི་(ཟུང་ཅིག་)ཧི་ཧི་ཧི་ཧི་ཧཱུཾ་ཞེས་པས་ལག་པ་གཡས་སུ་རྡོ་རྗེ་བྱིན་ལ། ཐོག་ མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་ གྱི་བདག །རྡོ་རྗེ་སེམས་དཔའ་བདག་པོའི་གཙོ། །ཨོཾ་མ་ཧཱ་བཛྲ་(རྡོ་རྗེ་ཆེན་པོ་)ཧཱུཾ་ཞེས་བརྗོད་ དེ་ལན་གསུམ་བསོར་ཞིང༌། དེའི་དོན་དྲན་དུ་གཞུག་གོ། དྲིལ་བུ་གསུང་གི་དམ་ཚིག་སྦྱིན་པ་ ནི། དྲིལ་བུ་བསངས་ཏེ་མི་དམིགས་པ་ལས། ཨ་ལས་དྲིལ་བུར་བསྐྱེད་ལ། འདི་དེ་སངས་ རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། ། རྒྱལ་བ་བྱང་ཆུབ་མཆོག་ཏུ་བཞེད། །ཅེས་པས་ལག་པ་གཡོན་དུ་བྱིན་ལ། སྲིད་པའི་རང་ བཞིན་དག་པའི་ཕྱིར། །རང་བཞིན་གྱིས་ནི་དངོས་མེད་བྱས། །རང་བཞིན་དག་པའི་སེམས་ ལྡན་པས། །སྲིད་པ་དམ་པ་མཆོག་ཏུ་བཞེད། །ཨོཾ་བཛྲ་གྷནྡྷེ་(རྡོར་དྲིལ་)ཨཿཧཱུཾ་ཞེས་བརྗོད་དེ། བྱིན་པའི་དྲིལ་བུ་དཀྲོལ་ཞིང༌། དེའི་དོན་དྲན་དུ་གཞུག ཕྱག་རྒྱ་སྐུའི་དམ་ཚིག་སྦྱིན་པ་ནི། 2-1-376 སློབ་མ་རྣམས་ལ་(ཚངས་པའི་གནས་བཞི་དག་པའི་)ཡེ་ཤེས་ཀྱི་ཕྱག་རྒྱ་རེ་རེ་གཏད་པར་མོས་ཏེ། ཡིད་ཀྱི་ལུས་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཞེས་སུ་བརྗོད། །དམ་ཚིག་ཡིད་ནི་བརྟན་ པས་ན། །དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས། །ཨོཾ་ཧ་ཧཱ་ཡ་ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཙ་ཏུར་བྷྲ་ཧྨ་བི་ཧ་ ར་བྷི་ཤུད་དྷ་ཡེ་སྭཱཧཱ་ཞེས་པས་ཕྱག་རྒྱ་ཆེན་པོའི་སྐུའི་དམ་ཚིག་སྦྱིན་ནོ། ། དེ་ནས་རྡོ་རྗེ་སློབ་དཔོན་མིང་གི་དབང་སྐུར་བ་ནི་སློབ་མ་དུས་འཁོར་ཡབ་ཡུམ་སྙོམས་ འཇུག་བྱས་པར་བསྒོམ་ཞིང་རྡོ་རྗེ་དང་དྲིལ་བུ་འཁྱུད་པས་བཟུང་པ་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ ཆེ། །ཟུང་ཅིག་རྡོ་རྗེས་བྱིན་གྱིས་བརླབས། །དེ་རིང་(དཔལ་མི་བསྐྱོད་)རྡོ་རྗེ་(ཞེས་བྱ་བ་ལ་སོགས་ པ་)སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་པའི་དོན་བརྗོད་པར་ བྱའོ། ། དེ་ནས་(བདུན་པ་)རྗེས་གནང་སྦྱིན་པའི་དབང་བསྐུར་བ་ལ་ལྔ་ལས། མ་རིག་སྒྲིབ་ བསལ་གྱི་རྗེས་གནང་སྦྱིན་པ་ནི། གསེར་ལ་སོགས་པའི་མིག་ཐུར་བསངས་ཏེ། ཨ་སེར་པོ་ ལས་མིག་ཐུར་བསྐྱེད་ཅིང་རྩ་སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཇི་ལྟར་མིག་མཁན་རྒྱལ་ པོ་ཡིས། །འཇིག་རྟེན་ལིང་ཐོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་ རྒྱལ་བ་རྣམས་ཀྱིས་བསལ། །ཞེས་པ་དང༌། ཨོཾ་དུས་ཀྱི་འཁོར་ལོ་དིང་ཁྱོད་ཀྱི། །མིག་འབྱེད་ པར་ནི་ནན་ཏན་མཛད། །ཕྱེ་བས་ཐམས་ཅད་མཐོང་པར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། ། ཨོཾ་བཛྲ་ནཱཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿ ཞེས་བརྗོད་དེ་མིག་ཐུར་གྱིས་བྱབ་པའི་ཚུལ་དུ་བྱ་ཞིང༌། སངས་རྒྱས་ཐམས་ཅད་ཀྱིས་མ་རིག་པའི་སྒྲིབ་པ་ཐམས་ཅད་བསལ་བར་བསྒོམ་མོ། ། དེ་ནས་ཤེས་བྱ་དང་ཆགས་བྱའི་རྗེས་གནང་སྦྱིན་པ་ནི། མེ་ལོང་བསངས་ལ་ཨ་ལས་མེ་ ལོང་བསྐྱེད་དེ་སངས་རྒྱས་ཐམས་ཅད་ཀྱི་སྟོང་གཟུགས་སྣང་བཞིན་དུ་སྟོང་པ་བསྟིམས་ལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་ 2-1-377 བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །རང་བཞིན་དག་ཅིང་བདག་མེད་པ། །དེ་ ལྟར་ཆོས་རྣམས་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་ རྒྱས་རིགས་སུ་སྐྱེ། །ཞེས་བརྗོད་དེ་སྣང་(པ་མཐང་)པའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་མོ་སྟོང་ ཉིད་ཀྱི་གཟུགས་ཡིད་ཀྱི་རང་བཞིན་གྱི་ལུས་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། ། དེ་ནས་ཌ་མ་རུ་དང་དྲིལ་བུ་ལ་སངས་རྒྱས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་སྒྲ་བརྙན་ བསྟིམས་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ངེས་མཚན་ཉིད་མེད། ། ནམ་མཁའ་དང་ནི་མཉམ་སྦྱོར་བ། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་ དེ། བརྗོད་པའི་(སྒྲ་)ཆོས་ཐམས་ཅད་དོན་དམ་པའི་དེ་ཁོ་ན་ཉིད་སྒྲ་བརྙན་ལྟ་བུར་ཤེས་པར་ བྱའོ། །དེ་བཞིན་ཨ་ལས་མེ་ལོང་བསྐྱེད་དེ། རྡོ་རྗེ་སེམས་དཔའ་གཟུགས་ལྟར་བསྒོམས་པ་ བསྟིམས་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་འདི་སངས་རྒྱས་ཐམས་ ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ཀྱང་འདི་ཡིན་པར་ཤེས་པར་བྱོས་ཤིག་ཅེས་བརྗོད་དེ། རྡོ་རྗེ་སེམས་དཔའ་དང༌། སློབ་མ་གཉིས་སུ་མེད་པར་བསྒོམ་ཞིང༌། རིག་པའི་(སེམས་ཀྱི)ཆོས་ ཐམས་ཅད་ནམ་མཁའ་དང་མཉམ་པར་ཤེས་པར་བྱའོ། །དེ་བཞིན་དུ་ཧོ་ལས་མདའ་གཞུ་ བསྐྱེད་ལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་བསྟིམས་ཏེ། བླ་མས། ཨོཾ་ཧོ་སརྦ་ཏ་ཐཱ་ག་ ཏན་ཨ་ནུ་རཱ་ག་ཡ་སྭཱཧཱ་ཞེས་བརྗོད་དེ་གཏད། སློབ་མས་ཕྱོགས་བཅུར་འཕེན་པའི་ཚུལ་དུ་བྱ་ ཞིང༌། སློབ་མས་ཨོཾ་ཧོ་སརྦ་ཏ་ཐཱ་ག་ཏན་ཨ་ནུ་རཱ་ག་ཡ་མི་ཧོ། དེ་བཞིན་གཞེགས་པ་ཐམས་ ཅད་དང་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་བརྗོད་ལ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ ཆེན་པོས་རྗེས་སུ་ཆགས་པའི་སྒོ་ནས། སེམས་ཅན་རྣམས་རྗེས་སུ་འཛིན་པར་བསྒོམ་མོ། ། དེ་ནས་སེམས་ཅན་གྱི་དོན་བྱ་བའི་རྗེས་གནང་སྦྱིན་པ་ནི། མི་དམིགས་པ་ལས་ཙ་ལས་ 2-1-378 འཁོར་ལོར་བསྐྱེད་པ་ལ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་སྐུ་བསྟིམས་ཏེ། ཨོཾ་བཛྲ་ཙཀྲ་ཧེ་ དུ་(རྡོ་རྗེ་འཁོར་ལོའི་རྒྱུ་)ཞེས་པས་རྐང་པའི་བར་དུ་བྱིན་པས་སེམས་ཅན་གྱི་དོན་ལ་ཕྱོགས་ བཅུར་འགྲོ་བར་བསམས་ལ། དེང་ནས་བརྩམས་ནས་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ ཀྱི་འཁོར་ལོ་བསྐོར། །ཅེས་བརྗོད། །དེ་བཞིན་དུ་ཤཾ་ལས་དུང་ཀར་བསྐྱེད་པ་ལ་སངས་རྒྱས་ ཐམས་ཅད་ཀྱི་(ཚངས་པའི་)གསུང་(དབྱངས་)བསྟིམས་པ་ལག་པ་གཡས་སུ་གཏད་ལ། ཁྱོད་ ཀྱིས་ཐེ་ཚོམ་དོགས་མེད་པར། །གཉིས་སུ་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་ པ། །དྲི་མེད་ཀུན་ཏུ་གང་བར་གྱིས། །ཨོཾ་བྷ་ཤ་ར། དིང་ནས་བརྩམས་ཏེ་ཆོས་ཀྱི་དུང་བུས། བཤད་པར་གྱིས་ཞེས་བརྗོད། དེ་ནས་ཨ་ལས་དྲིལ་བུ་བསྐྱེད་པ་ལ་ལོངས་སྤྱོད་རྫོགས་པའི་ གསུང་ཉི་ཚེ་བ་མ་ཡིན་པ་བསྟིམས་ཏེ་ལག་པ་གཡོན་དུ་གཏད་ལ། སྔགས་སྤྱོད་ཚུལ་གྱི་ཆོ་ག་ རྣམས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་ཐོགས་དྲིན་དུ་ བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་བསྲུང་པར་བྱེད། །ཞེས་བརྗོད་ དེ་སངས་རྒྱས་ཀྱི་གསུང་ཉི་ཚེ་བ་མ་ཡིན་པས་ཆོས་བསྟན་པས། སངས་རྒྱས་ཐམས་ཅད་ཀྱང་ མཉེས་པར་ཤེས་པར་བྱའོ། །དེ་ནས་དྷ་ལས་པོ་ཏི་བསྐྱེད་པ་ལ། གཟུངས་རྣམས་བསྟིམས་ཏེ་ ཕང་དུ་བཞག་ལ། དེང་ནས་བཟུང་ནས་ཁྱོད་ཀྱིས་ནི། །རྒྱུད་རྣམས་ཀུན་(སྟོན་པ་པོར་གྱུར་ནས་) ནི་བསྟན་པར་གྱིས། །(ལས་)ཚོགས་དང་རབ་(བསྐུར་)དང་རབ་གནས་དང༌། །རྒྱུད་བཤད་ གཏོར་མ་སྦྱིན་སྲེག་དང༌། །མཆོད་དང་ལྟུང་པ་དག་པ་དང༌། །སྔགས་ཀྱི་ལུང་དང་དཀྱིལ་ འཁོར་(ཐམས་ཅད་ཀྱི་བདག་པོར་གྱུར་པ་)ཏེ། །གསང་སྔགས་ཆོ་ག་མ་ལུས་པ། །མི་བྱ་བ་ནི་ཅིའང་ མེད། །རྡོ་རྗེ་སློབ་དཔོན་ལས་རྣམས་ནི། །དེ་ནས་ཁྱོད་ཀྱིས་ཅི་དགར་བྱོས། །ཞེས་པའི་དོན་ དང་བཅས་པ་བསྟན་ཏེ། ལས་འདི་ལྟ་བུ་སྒྲུབ་པ་ལ་དབང་ཞེས་བསྟན་ཏོ། ། དེ་ནས་འཁོར་ལོ་བསྐོར་བ་དྲུག་གི་རྗེས་གནང་སྦྱིན་པ་ནི། སློབ་མ་དང་ཕྱག་མཚན་དྲུག་ 2-1-379 སྟོང་པར་བསྒོམ། སྟོང་པའི་ངང་ལས་སློབ་མ་མི་བསྐྱོད་པར་བསྐྱེད་པ་ལ་ཡེ་ཤེས་པ་བསྟིམས། ཧཱུཾ་ལས་རྡོ་རྗེ་བསྐྱེད་དེ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་ བྱུང་པ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་(གྲི་གུག་)དབང་བསྐུར་ཆེན་པོ་ སྦྱིན། །སེམས་ཅན་ཀུན་ལ་ཕན་བྱའི་ཕྱིར། །སེམས་ཅན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་ སྣ་ཚོགས་འདུལ་འགྱུར་བའི། །རྡོ་རྗེའི་(གྲི་གུག་)འཁོར་ལོ་རབ་ཏུ་བསྐོར། །ཨོཾ་ཧཾ་དྷརྨ་ཙཀྲ་ པྲ་བར་ཏ་ཀ་སྭ་ཧཱ། ཞེས་བརྗོད་དོ། །དེ་བཞིན་དུ་སློབ་མ་དོན་གྲུབ་ཏུ་བསྐྱེད་པ་ལ། ཁཾ་ལས་ རལ་གྲི། རིན་འབྱུང་དུ་བསྐྱེད་པ་ལ་ཨཾ་ལས་རིན་པོ་ཆེ། འོད་དཔག་མེད་དུ་བསྐྱེད་པ་ལ་པཾ་ ལས་པད་མ། རྣམ་སྣང་དུ་བསྐྱེད་པ་ལ་ཙཾ་ལས་འཁོར་ ལོ། རྡོ་རྗེ་སེམས་དཔར་བསྐྱེད་པ་ལ། ཀ་ལས་གྲི་གུག་བསྐྱེད་དེ་ཡེ་ཤེས་པ་བསྟིམ་པ་ ལ་སོགས་པ་སྔར་བཞིན་དུ་བྱས་ཏེ་ཚིག་གཞན་འདྲ་བ་ལས། རྡོ་རྗེ་དང་ཧཾ་གི་གནས་སུ་རལ་ གྲི་དང་ཧཱུཾ་(རིན་པོ་ཆེ་པད་མ་འཁོར་ལོ་དང་གྲི་གུག་དང་ཨ་དང་ཨོཾ་དང་ཧོ་དང་ཀྵ་)ལ་སོགས་པ་བཅུག་སྟེ། འཁོར་ལོ་སྒྱུར་བ་དྲུག་གི་རྗེས་གནང་སྦྱིན་ནོ། ། དེ་ནས་ལོངས་སྤྱོད་པ་མཆོད་པའི་རྗེས་གནང་སྦྱིན་པ་ནི། དབང་སྟེགས་ནས་བྱོན་པའི་ རྡོ་རྗེ་སློབ་དཔོན་རྒན་གཞོན་གྲལ་རིམ་པས་བཀོད་པ་རྣམས་ལ། གཉིས་མེད་ཡེ་ཤེས་སེམས་ ལྡན་པ། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་ལ་རྟག་གནས་ལ། །འདོད་པ་ལྔ་ནི་སྤྱད་ པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡ། །གཉིས་ སུ་མེད་དང་ཐོགས་མེད་དང༌། དམ་ཚིག་སྤྱོད་པའི་སྤྱོད་པ་བྱ། །སྣ་ཚོགས་དབང་ཕྱུག་ལེགས་ སྤྱད་ཅིང༌། །ཚངས་པར་སྤྱོད་དང་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་སྤྱོད་པ། །བསྒྲུབ་པ་པོས་ ནི་ཡོངས་སུ་བསྲུང༌། །རྟག་ཏུ་བསྒྲུབ་ལ་གནས་ནས་ནི། །ཡུལ་རྣམས་ལ་ནི་རྣམ་རོལ་པའི། ། གཉིས་མེད་གྲུབ་པའི་རྣལ་འབྱོར་མ། །མི་བརྟན་སྲོག་ནི་ཇི་སྲིད་བར། །བུ་ཁྱོད་ཀྱིས་ནི་གྲུབ་ 2-1-380 པར་གྱིས། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགའ་བར་ནི་ལོངས་སྤྱོད་ཅིག །ཧེ་ རུ་ཀ་དཔལ་དཔའ་བོ་ཆེ། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ ཐམས་ཅད་དང༌། །རྣལ་འབྱོར་མ་ནི་ཀུན་གྱི་གནས། །དེ་བས་འབད་པས་ཐམས་ཅད་ཀྱིས། ། ཧེ་རུ་ཀ་དཔལ་བདག་མཆོད་དོ། །འདོད་ཆགས་བྲལ་བ་ལྟ་བུ་ུཡི། །ཁམས་གསུམ་ན་ནི་སྡིག་ གཞན་མེད། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་པའི་ དོན་དང་བཅས་པ་བསྟན་པར་བྱའོ། ། གཉིས་པ་ཁྱད་པར་དུ་གྱུར་པ་གདུགས་ཀྱི་དབང་བསྐུར་བ་ནི་རིན་པོ་ཆེའི་གདུགས་ཕུབ་ པ་སློབ་མ་ལ་གཡས་སུ་བསྐོར་ཞིང༌། སྔགས་རྣམས་འཛིན་པར་གྱུར་པ་ཡིས། །སློབ་མ་འདི་ནི་ ཕུལ་བ་ལགས། །དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་ནི་འཛིན་འགྱུར་ བ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། ། སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ནི་ནན་ཏན་ བསྐྱེད་ནས་སུ། །བསྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ཞེས་བརྗོད་དོ། ། གསུམ་པ་ལུང་བསྟན་པ་ནི་བླ་མས་(རང་བཞིན་རྡོ་རྗེ་འཆང་ལ་རྣམ་པ་)ཤག་ཐུབ་ཏུ་བསྒོམས་ ལ། གཡོན་གྱིས་རྣམ་སྦྱར་རམ་ཆོས་གོས་ཀྱི་གྲ་གཉིས་སྙིང་ཁར་བཟུང༌། གཡས་པ་སྐྱབས་ སྦྱིན་གྱི་ཕྱག་རྒྱ་བྱས་ཏེ། འདིར་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་ གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཨོཾ་སརྦ་ ཏ་ཐཱ་ག་ཏ་སིདྷ་ཡ་ས་མ་ཡ་སྟོཾ་བྷུར་བུ་བ་སྭཱཿ གང་ལ་ཚུལ་འདི་དང་ཕྱག་རྒྱ་ཆེན་པོ་མཆོག་ ཏུ་གསང་བའི་ཆོ་ག་འདིས་ལུང་བསྟན་པ་དེ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ དཀྱིལ་འཁོར་འཁོར་ལོ་དང་བཅས་པ་རྣམས་མགྲིན་ཅིག་ཏུ། བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་ པར་མཛད་དེ། སྔགས་འདི་དག་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་བརྗོད་དེ་བྱའོ། ། 2-1-381 བཞི་པ་དབུགས་དབྱུང་པ་ནི། མཆོག་ཏུ་གསང་པའི་དཀྱིལ་འཁོར་འདིར། །བཅུག་པ་ དང་ནི་མཐོང་པ་ཡིས། །དེ་རིང་སྡིག་ལས་རྣམ་གྲོལ་ཞིང༌། །དེ་རིང་ཁྱེད་རྣམས་དགེ་བར་ གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་གནོད་པ་ཡོད་ མིན་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ སྡུག་བསྔལ་ལས་འདས་སོ། །ཞེས་པའི་དོན་བཤད་དེ་བྱའོ། ། ལྔ་པ་གཟེང་བསྟོད་པ་ནི། དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱེད་ཀྱིས་རྟག་ཏུ་བསྲུང་བར་ བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །བྱང་ ཆུབ་སེམས་ནི་བཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པའོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། ། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ནི་མི་སྤང་ཞིང༌། །ནམ་ཡང་དོར་བར་མི་ བྱ་སྟེ། །མི་ཤེས་པ་འང་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་ སུ་སྤངས་ནས་ནི། །དཀའ་ཐུབ་ཀྱིས་ནི་མ་གདུང་ཅིག །ཅི་བདེ་བར་ནི་བདེ་བ་ཟུང༌། །འདི་ ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་འདོར་ ཞིང༌། །སློབ་དཔོན་སྨད་པར་མི་བྱའོ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་ མཚུངས་བླ་མ་ཡི། །སློབ་དཔོན་ལ་ནི་གང་སྨོད་པ། །དེས་ནི་སངས་རྒྱས་ཀུན་སྨད་པས། །རྟག་ ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དགྲ་དང་དུག་དང་ནད། །མཁའ་འགྲོ་རྣམས་ཀྱིས་ གཙེས་པ་དང༌། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་སེམས་ཅན་དམྱལ་བར་ ལྟུང༌། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མ་ བཤོམས་པར། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་ པར་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱི་བཞིན་འབྲང་པར་མི་འགྱུར་ རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ 2-1-382 ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ ཏུ་སྦྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཆེན་ཡིན། །ཚོགས་ལ་དངོས་གྲུབ་ མཆོག་ཏུ་འགྱུར། །གང་ཕྱིར་འདི་ནི་ལེགས་གནས་པས། །དིང་ཁྱོད་སྐྱེ་བ་འབྲས་བུར་བཅས། ། ལྷ་དང་དམ་ཚིག་མཉམ་པ་རུ། །དིང་ཁྱོད་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་ བཅས་པ། །ཀུན་གྱིས་དིང་ཁྱོད་དབང་བསྐུར་བས། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །རྒྱལ་ པོའི་བདག་པོས་བསྟན་པ་ཡིན། །དེ་ནི་བདུད་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ་རབ་ཏུ་ ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་རིང་ཐོབ་པར་ཐེ་ཚོམ་མེད། །ཞེས་པས་ དམ་ཚིག་གི་ཚོགས་བསྟན་ཞིང༌། གཟེངས་བསྟོད་དོ། །རྗེས་ཀྱི་ཆོ་ག་ལ་ལྔ་ལས། རྡོ་རྗེ་སློབ་ དཔོན་རྒན་གཞོན་ཤེས་པར་བྱ་བ་ནི། དབང་བདུན་གྱི་སྐབས་བཞིན་དུ་བརྗོད་དོ། །བླ་མས་ དམ་ཚིག་གི་ཁྱད་པར་བརྗོད་པ་ནི། མངོན་པར་དབང་བསྐུར་འདི་ལྟ་བུ། །ཐོབ་ནས་ལས་ འདི་མི་བྱ་སྟེ། །དགེ་སློང་འམ་ནི་དགེ་ཚུལ་དང༌། །ཡང་ན་སློབ་དཔོན་ཁྱིམ་པ་ཡིས། །རལ་གྲི་ དང་ནི་སྣག་ཚ་དང༌། །སྐྱེ་བོ་ཀུན་ལ་བསྙེན་པ་དང༌། ཞིང་དང་ཁྱིམ་གྱི་ལས་དང་ནི། །ཚོང་ལ་ སོགས་པ་མི་བྱའོ། །གལ་ཏེ་དེ་དག་ལ་སོགས་ནི། །བྱས་ན་ཆོས་ནི་ཕྱིན་ཅི་ལོག །འགྱུར་ཏེ་ གནས་པ་འཇོམས་པའི་ཕྱིར། །མནར་མེད་པར་ནི་འགྲོ་བར་འགྱུར། །དེས་ན་སྔགས་ཀྱི་ཐེག་ པ་ལས། །མངོན་པར་དབང་སོགས་བདེ་སྟེར་མིན། །རྣམ་གཉིས་དམ་ཚིག་ཉམས་པའི་ཕྱིར། ། དམྱལ་བ་ལ་སོགས་སྡུག་བསྔལ་སྟེར། །དེ་བས་དེ་ཉིད་ལ་གནས་ནས། །དེ་དག་ལ་སོགས་ བསྲུང་བྱེད་ན། །ངེས་པར་སྐྱེ་བ་འདི་ཉིད་དུ། །ཕྱག་རྒྱ་ཆེན་པོ་གྲུབ་པར་འགྱུར། །ཞེས་པ་ལ་ སོགས་པ་གསུངས་པ་བཞིན་ངེས་པར་བྱའོ། །ཞེས་བརྗོད་དོ། །སློབ་མས་དམ་ཚིག་དང་སྡོམ་ པ་ཐམས་ཅད་བསྡུས་ཏེ་བཟུང་པ་ནི། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ ཅད་བསྒྲུབ་པར་བགྱི། །ཞེས་པ་ལན་གསུམ་གྱིས་གཟུང་པར་བྱའོ། །དབང་རྫོགས་པར་ཐོབ་ 2-1-383 པའི་ཕན་ཡོན་ནི། (འགྲེལ་ཆུང་ལས་)དེ་ལྟར་དཔལ་ལྡན་དུས་འཁོར་གྱི། །དཀྱིལ་འཁོར་དུ་ནི་ དབང་ཐོབ་འགྱུར། །དེས་ནི་མུ་སྟེགས་དཀྱིལ་འཁོར་གཞན། །དབང་ནི་ཐོབ་པར་གྱུར་པའོ། ། རྒྱུད་རྣམས་ཀུན་ནི་སྟོན་པ་དང༌། །སྔགས་རྣམས་ཀུན་ལ་གནང་སྟེར་བ། །དངོས་གྲུབ་ཀུན་ གྱི་སྒྲུབ་པ་པོ། །ལྷ་དང་མི་ཡི་མཆོད་གནས་སོ། །བཅོམ་ལྡན་འཇམ་དཔལ་དུས་འཁོར་ལོ། ། དང་པོའི་སངས་རྒྱས་ཇི་ལྟ་བར། །སློབ་མ་དབང་ཐོབ་རྒྱུད་ཐོས་ཀྱིས། །རྡོ་རྗེ་སློབ་དཔོན་དེ་ བཞིན་ལྟ། །ཞེས་པའི་དོན་བཤད་དེ། ཡང་དག་པའི་ལམ་གྱིས་གདུལ་བར་འོས་པའི་སྐྱེ་བོ་ རྣམས་ལ། གསུང་རབ་ཟབ་མོ་རྣམས་བསྟན་པར་བྱའོ། །ཞེས་བརྗོད་དོ། །རྗེས་སུ་བྱ་བའི་ རིམ་པ་རྫོགས་པར་བྱ་བ་ནི་སློབ་མས་ཕྱག་བྱ་ཞིང་ཡོན་ཕུལ་ཏེ། ཚོགས་ཀྱི་རིགས་ཇི་ལྟར་ འདོད་པ་བཞིན་མཉེས་པར་བྱས་ལ། གཞོན་ནུ་མ་བུམ་པ་སྐྱོང་ཞིང་བསྲུང་པར་བྱེད་པ་རྣམས་ ལ། གོས་ཟུང་ལ་སོགས་པ་ཕུལ་ཏེ། མཉེས་པར་བྱའོ། །དཀྱིལ་འཁོར་དང་འབྲེལ་པ་ཡིན་ན་ (སྡུད་ཚུལ་བཤད་པ་)སྔར་བཞིན་དཀྱིལ་འཁོར་བསྡུས་ལ། བཀྲ་ཤིས་དང༌། བསྔོ་བ་སྨོན་ལམ་ ལ་སོགས་པ་རྒྱས་པར་བྱའོ། །དེ་ལྟར་བཤད་འདི་སྒྲིབ་བྲལ་ཡེ་ཤེས་ཀྱི། །བླ་མེད་འོད་གསལ་ རིན་ཆེན་ཆོས་འཛིན་པས། །དུས་མཐའི་སྐྱེ་བོ་ཆོས་ལ་སྦྱར་ཕྱིར་བྲིས། །དེ་ལྟར་བྲིས་ལ་ཉེས་ པ་ཅི་མཆིས་པ། །བླ་མ་ལྷ་དང་བསྲུངས་མའི་ཚོགས་ལ་བཤགས། །ལེགས་པའི་དགེ་བ་རྒྱ་ ཆེན་དཀར་བ་དེས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །ཆོས་གྲུབ་ཆོས་ཀྱི་ རྒྱལ་མཚན་ཐོབ་པར་ཤོག །དབང་བཅུ་གཉིས་པ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་ བསྐུར་བའི་ཆོ་ག་རྫོགས་སོ།། །། དཔལ་དུས་ཀྱི་འཁོར་ལོའི་དབང་བཅུ་གཉིས་པོ་ཡོངས་སུ་རྫོགས་པར་བསྐུར་བའི་ཆོ་ག་ འདི་དག་ནི། དྲི་མ་མེད་པའི་ལུང་རིགས་ལ་སྣང་བ་ཐོབ་ཅིང༌། དྲི་མ་མེད་པའི་རྒྱུད་འགྲེལ་ གྱི་དོན་མཐོང་ལ། དྲི་མ་མེད་པའི་དབང་གི་ཆོ་གས་གཞན་ལ་ཕན་གདགས་པར་འདོད་པའི་ 2-1-384 བློ་ཅན་རྣམས་ཀྱིས་གསོལ་བ་བཏབ་པའི་དོན་དུ། དྲི་མ་མེད་ཅིང་དགོས་འདོད་འབྱུང་པའི་ མཚན་ཅན་གྱིས་སྦྱར་བ་ལས། དཔལ་མི་བསྐྱོད་རྡོ་རྗེས། འགྲེལ་པ་ཆེ་ཆུང་ལ་སོགས་པའི་ གཞུང་དང༌། ཕྱག་ལེན་གྱི་ཁྱད་པར་ཞུ་དག་བྱས་ཏེ། བླ་མ(ཡུ་མོ་ཡབ་སྲས་ལ་སོགས་པ)འི་མན་ ངག་དང་མཐུན་པར་ཅུང་ཟད་གཏན་ལ་ཕབ་ནས། དཔལ་མཁར་ཆུང་གི་དབེན་གནས་སུ་ བྲིས་པའོ། །རྫོགས་སོ། །དགེའོ། ། དང་པོའི་སངས་རྒྱས་ཉི་མ་འོད། ། ཟླ་བ་ལྷ་དབང་གཟི་བརྗིད་དང༌། ། ཟླ་སྦྱིན་ལྷ་ཡི་དབང་ཕྱུག་དང༌། ། སྣ་ཚོགས་ལུས་དང་ལྷ་དབང་པོ། ། འདུས་པ་གྲགས་པའི་རིགས་ཉིད་དང༌། ། འདུས་པ་པད་དཀར་དེ་ནས་ནི། ། འདུས་པ་བཟང་པོ་གསུམ་པ་སྟེ། ། བཞི་པ་རྣམ་རྒྱལ་དེ་བཞིན་དུ། ། བཤེས་གཉེན་བཟང་དང་རིན་ཆེན་ལག ། ཁྱབ་འཇུག་སྦས་པ་བདུན་པ་སྟེ། ། ཉི་མ་གྲགས་དང་ཤིན་ཏུ་བཟང༌། ། རྒྱ་མཚོ་རྣམ་རྒྱལ་མི་འཕམ་པ། ། ཉི་མ་འདུས་པ་བཅུ་གཉིས་པ། ། སྣ་ཚོགས་ལུས་དང་ཟླ་བའི་འོད། ། མཐའ་ཡས་དང་ནི་ས་སྐྱོང་དང༌། ། 2-1-385 དཔལ་སྐྱོང་དང་ནི་སེང་གེ་གནོན། ། སྟོབས་པོ་ཆེ་དང་མ་འགགས་པ། ། མི་ཡི་སེང་གེ་དབང་ཕྱུག་ཆེ། ། མཐའ་ཡས་རྣམ་རྒྱལ་འདུས་པ་ཅན། ། གྲགས་པ་འདུས་པ་དེ་ནས་ཡང༌། ། དེ་ཡི་བུ་ནི་འཁོར་ལོ་ཆེ། ། དྲག་པོའི་འདུས་པ་འབྱུང་པ་ཡིན། ། དེ་དག་ནང་ནས་(རིགས་ལྡན་བཞི་པ་)རྣམ་རྒྱལ་དང༌། ། དུས་འཁོར་ཞབས་པ་ཡབ་སྲས་གཉིས། ། ན་ལེན་དྲ་དང་ཟླ་མགོན་དང༌། ། དཀོན་མཆོག་སྲུངས་དང་གནམ་ལ་རྩེགས། ། ཡུ་མོ་དང་ནི་ཆོས་དབང་ཕྱུག ། མཁའ་(ནམ་མཁའ་འོད་དང་ནམ་མཁའ་ཤེས་རབ་)མཚན་གཉིས་དང་འཇམ་དབྱངས་གསར། ། བླ་མ་ཆོས་སྐུ་འོད་ཟེར་ཡིན། ། ཙི་ལུ་པ་(དུས་ཞབས་ཆེ་བ་)དང་པི་ཏོ་པ(ཆུང་བ་)། ། རིན་ཆེན་འབྱུང་གནས་སྦས་པ་དང༌། ། འཇམ་དཔལ་གྲགས་དང་ཀུན་ཏུ་དཔལ། ། ཆོས་རབ་(ར་ཡེ་ཤེས་སེང་གེ་)སེང་གེའི་(ར་འབུམ་སེང་)མཐའ་ཅན་གཉིས། ། དགའ་ལོ་དང་ནི་ཚུལ་ཁྲིམས་དར། ། བླ་མ་ཡེ་ཤེས་རིན་ཆེན་ཏེ། ། 2-1-386 བརྒྱུད་པ་གཉིས་ཀྱི་དབང་བཀའ་ཀུན། ། མི་བསྐྱོད་རྡོ་རྗེ་བདག་གིས་ཐོབ(དེ་ལས་དཔལ་ལྡན་བླ་མ་སེད་དྷི་ཀྲི་ཀས་ཐོབ)། ། དགེའོ། །ཞུས་དག་གོ། དགེ་བར་གྱུར་ཅིག ། མ་ཡིག་འབྲས་དཔེ་རྙིང་ཕྱི་ཀ༣༡༦ 2-1-387 ༄༅། །དཔལ་མཁའ་འགྲོ་རྒྱ་མཚོའི་བསྟོད་པ་ཀུན་མཁྱེན་ ཆེན་པོས་མཛད་པ་བཞུགས་སོ། ། {མཁའ་འགྲོ་རྒྱ་མཚོའི་བསྟོད་པ་བཞུགས་སོ། །} ༄༅། །དཔལ་ལྡན་བླ་མ་དམ་པ་རྣམས་དང་དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ་ ལོ། ། ཡན་ལག་བཅུ་གཉིས་སྲིད་པའི་རྩ་བཏོན་བདེན་དོན་བཅུ་གཉིས་འཁོར་ལོ་ཅན། ། ཟླ་བའི་ཆ་ཤས་བཅུ་དྲུག་རབ་འགགས་དེ་ཉིད་བཅུ་དྲུག་རིག་པའི་སྒོ། ། ཕྱོགས་གཉིས་རབ་འགགས་སྟོང་ཉིད་སྙིང་རྗེ་བཅུ་དྲུག་ཕྲག་གཉིས་དུར་ཁྲོད་ཅན། ། རྒྱལ་བ་སྐུ་བཞིའི་དཀྱིལ་འཁོར་འཁོར་ལོ་པྲ་ཕབ་བརྒྱད་དང་མཚུངས་ལ་འདུད། ༡ ། བཅོམ་ལྡན་རི་ཟླའི་ཞལ་གྱིས་ཟླ་བ་སྤྱན་གསུམ་རི་དྭགས་མཚན་མས་མཚན། ། བདུན་ཅུ་རྩ་[དྲུག་{གཉིས་}ཕྱག་གི་པདྨ་རྣམ་མང་མཚན་མའི་བུང་བས་དཀྲིགས། ། དུ་བ་འཁྱིལ་འདྲའི་རལ་པའི་ཅོད་པན་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན། ། གཡས་བརྐྱང་གར་གྱི་འཇིགས་བྱེད་དུས་མཚན་ཉི་མར་གནོན་མཛད་ཁྱོད་ལ་འདུད། ༢། དེ་ཡི་དགའ་མ་སྣ་ཚོགས་གཟུགས་མ་རྡོ་རྗེ་ཕག་མོ་རིགས་ལྡན་མ། ། [ཞལ་བཞི་ཕྱག་ནི་བཅུ་གཉིས་དང་ལྡན་ཕྱག་གི་པད་མ་བཅུ་གཉིས་མ། ། 2-1-388 རྡོ་རྗེ་ལ་སོགས་མཚོན་ཆས་བྲེལ་མ་ཨུ་མ་འཇིགས་བྱེད་གནོན་མཛད་མ། ། ཕྱག་རྒྱ་ལྔ་དང་ཐོད་པ་ལྔ་སོགས་རྒྱན་ཀུན་ལྡན་མས་འཁྱུད་ལ་འདུད། ། {ཕྱག་གི་པད་མ་བདུན་ཅུ་གཉིས་ལྡན་ཞལ་གྱི་པད་མ་སུམ་ཅུ་དྲུག ། གེ་སར་སྙིང་པོར་ཉི་མ་ལ་གནས་ཁྱབ་འཇུག་དྲག་པོ་ལ་སོགས་པ། ། བཅོ་བརྒྱད་ཞབས་ཀྱི་སོ་སོར་གནོན་མཛད་ཕྱོགས་ཀྱི་གོས་ཅན་ཁྱོད་ལ་འདུད། ༣ །} དུར་བའི་མྱུ་གུ་འཁྲིགས་པའི་ཕུང་པོ་མར་གད་འོད་ཀྱིས་གསལ་བ་བལྟའི། ། ཆུ་སྐྱེས་རབ་རྒྱས་བཞི་བཅུ་བརྒྱད་ཀྱི་འདབ་མའི་ཕྲེང་བ་རབ་རྒྱས་པར། ། རྒྱལ་བའི་བཙུན་མོ་མཁའ་འགྲོ་མ་སོགས་རྒྱལ་བ་མཆོག་གི་རྣལ་འབྱོར་མ། ། མཚམས་དང་མཚམས་སུ་བདུད་རྩིའི་སྣོད་ལྡན་སྙིང་པོའི་པདྨར་ཕྱག་འཚལ་ལོ། ༤ ། སུམ་ཅུ་རྩ་དྲུག་རྩིབས་ཀྱི་ཕྲེང་ལྡན་རྡོ་རྗེ་འཁོར་ལོ་མཐོན་འཐིང་ལ། ། མཁའ་འགྲོ་མ་དང་ལཱ་མ་ལ་སོགས་སུམ་ཅུ་དྲུག་དང་དེ་བཞིན་དུ། ། སྙིང་པོའི་འཁོར་ལོ་དམར་སེར་མདོག་ལ་རྡོ་རྗེ་འཆང་མ་ལ་སོགས་དང༌། ། ཡོན་ཏན་འཁོར་ལོ་དཀར་དམར་མདོག་ལ་བྲམ་ཟེ་[མ་{མོ}སོགས་སུམ་ཅུ་དྲུག ༥ ། ཞལ་གཅིག་ཕྱག་བཞི་ཐོད་པ་ཁ་ཊྭཱཾ་ཌ་མ་རུ་དང་གྲི་གུག་ཅན། ། གཅེར་བུ་སྐྲ་གྲོལ་རོ་ལ་གཡས་བརྐྱང་རང་འདྲའི་ཐབས་ཀྱིས་ལེགས་འཁྱུད་ཅིང༌། ། སྒོ་དང་མཚམས་སུ་ཁྭ་གདོང་མ་སོགས་ཕྱི་རོལ་དུ་ཡང་གཏུམ་དྲག་སོགས། ། རྡོ་རྗེར་གནས་པའི་དུད་ཁྲོད་བརྒྱད་ལྡན་ལྷན་ཅིག་སྐྱེས་སྐུའི་དཀྱིལ་འཁོར་རྒྱལ། ༦ ། ནམ་མཁའི་འཁོར་ལོ་ནམ་མཁའི་མདོག་ལ་མི་འམ་ཅི་མོ་ལ་སོགས་དང༌། ། རླུང་གི་འཁོར་ལོ་རླུང་གི་མདོག་ལ་མཁའ་ལྡིང་མོ་དང་ངང་མོ་སོགས། ། ས་ཡི་འཁོར་ལོ་ས་ཡི་མདོག་ལ་[བསྲེ་མོང་{སེ་མོ་}སྟག་མོ་ལ་སོགས་པ། ། 2-1-389 སུམ་ཅུ་རྩ་དྲུག་ཕོ་ཉ་[མ་{མོ་}རྣམས་རང་འདྲས་འཁྱུད་ཅིང་རོ་ལ་གནས། ༧ ། སྒོ་དང་མཚམས་སུ་ཚངས་མ་དང་ནི་དབང་ཕྱུག་མ་ལས་སོགས་རྣམས་དང༌། ། ཕྱི་རོལ་དུ་ཡང་འབར་བྱེད་དབུས་སུ་གསོད་དང་ཀུན་ཏུ་སྐྲག་བྱེད་སོགས། ། དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་གཉིས་པ་ཆོས་སྐུ་ཡི། ། དཀྱིལ་འཁོར་ཟླུམ་པོ་མི་རྟོག་འོད་གསལ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། ༨ ། མེ་ཡི་འཁོར་ལོ་མེ་ཡི་མདོག་ལ་མ་དང་ཆུང་མ་སྲིང་མོ་སོགས། ། ཆུའི་འཁོར་ལོ་ཆུ་ཡི་མདོག་ལ་མ་ཀ་ར་[མ་{མོ་}ལ་སོགས་དང༌། ། ཡེ་ཤེས་འཁོར་ལོ་སྣ་ཚོགས་མདོག་ལ་ལྷ་མིན་ཏིལ་མཆོག་མ་ལ་སོགས། ། སུམ་ཅུ་རྩ་དྲུག་རྣལ་འབྱོར་མ་རྣམས་རང་འདྲས་ལེགས་འཁྱུད་རོ་ལ་གནས། ༩ ། སྒོ་དང་མཚམས་སུ་དཀར་མོ་དང་ནི་ཆོམ་རྐུན་མ་ལ་སོགས་རྣམས་དང༌། ། ཕྱི་རོལ་ཆུའི་དཀྱིལ་འཁོར་ལ་གནས་བྱིས་པ་གསོད་སོགས་དུར་ཁྲོད་ཀྱིས། ། ཡོངས་སུ་བསྐོར་བའི་དཀྱིལ་འཁོར་གསུམ་པ་དཔལ་ལྡན་ལོངས་སྤྱོད་རྫོགས་སྐུ་ཡི། ། དཀྱིལ་འཁོར་ཟླུམ་པོ་གཞོམ་མེད་སྒྲ་བརྙན་ཐམས་ཅད་མཁྱེན་པའི་སྐད་ལ་འདུད། ༡༠ ། ཐུགས་ཀྱི་འཁོར་ལོ་མིག་སྨན་མདོག་ལ་ཀླུ་མོ་ལ་སོགས་སུམ་ཅུ་དྲུག ། གསུང་གི་འཁོར་ལོ་བཙོད་ཀྱི་མདོག་ལ་མཆོད་མ་ཟ་མ་གཉིད་མ་སོགས། ། སྐུའི་འཁོར་ལོ་གངས་རིའི་མདོག་ལ་རྒྱལ་ཆེན་བཞི་མ་ལ་སོགས་པ། ། སུམ་ཅུ་རྩ་དྲུག་རང་འདྲས་ལེགས་འཁྱུད་རོ་ལ་གནས་ཤིང་གཟི་བརྗིད་འབར། ༡༡ ། སྒོ་དང་མཚམས་སུ་ཆུ་སྐྱེས་དཀར་མོ་འགན་དྷ་རི་མ་ལ་སོགས་དང༌། ། ཕྱི་རོལ་དུ་ཡང་ཚིགས་པ་ལ་སོགས་དུར་ཁྲོད་བརྒྱད་ཀྱིས་ཡོངས་བསྐོར་བའི། ། དཀྱིལ་འཁོར་བཞི་པ་གཟུགས་མེད་གཟུགས་བཟང་རྡུལ་མེད་རྡུལ་དང་བྲལ་བའི་ 2-1-390 གཟུགས། ། པྲ་ཕབ་གཟུགས་འདྲ་སྤྲུལ་སྐུའི་དཀྱིལ་འཁོར་གྲུ་བཞི་པ་ལ་ཕྱག་འཚལ་ལོ། ༡༢ ། གྲི་གུག་རང་བཞིན་རྡོ་རྗེ་དང་ནི་པད་མ་འཁོར་ལོ་རལ་གྲི་དང༌། ། སྣ་ཚོགས་རྡོ་རྗེ་ཐོད་པ་མགོ་བོ་ཀེང་རུས་ཞགས་པ་ལྕགས་ཀྱུ་ཡི། ། ཕྲེང་བས་ཡོངས་བསྐོར་འཁོར་[ལོར་{ལོ་}གནས་པའི་ལྷ་དང་ལྷ་མོ་འཁོར་ལོའི་མདོག། ལས་ཀྱི་འཁོར་ལོ་ས་ཡི་དུམ་བུ་ས་དང་གནས་སོགས་བཅུ་གཉིས་རྒྱལ། ༡༣ ། ཐབས་དང་ཤེས་རབ་སྐུ་གསུང་ཐུགས་དང་དགའ་བ་རྣམ་བཞི་ཡེ་ཤེས་ལྔའི། ། ར་བ་གཉིས་གསུམ་བཞི་དང་ལྔ་ཡིས་རིམ་བཞིན་ཡོངས་བསྐོར་མཆོད་པ་ཡི། ། ལྷ་མོ་བརྒྱད་གཉིས་དེ་བཞིན་ཁྱམས་སུ་བཞི་ཡིས་དམན་པའི་རྒྱལ་བ་སྟོང༌། ། དེ་ལྟར་བརྒྱ་ཕྲག་བཅོ་ལྔའི་རྣམ་པ་བདེ་གཤེགས་སྙིང་པོའི་དབྱིངས་ལ་འདུད། ༡༤ ། ཁྱོད་ནི་སྲིད་པ་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན། ། ཕྲ་རབ་རྡུལ་གྱི་ཆོས་དང་བྲལ་ཡང་བརྟན་དང་གཡོ་བ་ཀུན་གྱི་གཟུགས། ། ལུས་དང་དབང་པོའི་སྦྱོར་བ་སྤངས་ཀྱང་རྟག་ཏུ་འདོད་ཆགས་ཆེ་ལ་རོལ། ། བསམ་གྱིས་མི་ཁྱབ་བརྟག་པར་དཀའ་བ་མཁའ་འགྲོ་རྒྱ་མཚོས་བདག་སྐྱོངས་ཤིག ། ཞེས་{པ་}དཔལ་མི་བསྐྱོད་རྡོ་རྗེས་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བྲིས་པའོ། །ལམ་གྷ་ལམ་ བྷ་ཝ་ཏུ། མ་ཕྱི་ནི་འབྲས་དཔེ་རྙིང་ཕྱི་མ། ༩༢༧། དང་འབྲས་དཔེ་རྙིང༌། ཕྱི་ཁ། ༡༨༠ ཡིན། རྟག་འདི་ཕྱི་མ། ༩༢༧[ ]ཁོ་ན་ལ་ཡོད། རྟག་འདི་ཕྱི་ཁ། ༡༨༠{ }ཁོ་ན་ལ་ཡོད། 2-1-391 རྟགས་འདི་དཔེ་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་མ། ༩༢༧ དང་ཕྱི་མ་ཕྱི་ཁ། ༡༨༠[ { }ཡིན་པས་དཔྱད་དགོས། 2-1-392 ༄༅། །དཔལ་ལྡན་བླ་མ་དམ་པ་ཆོས་རྗེ་ཐམས་ཅད་མཁྱེན་པ་ ཆོས་སྐུ་འོད་ཟེར་གྱི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་ གསལ་བྱེད་སྒྲོན་མ་ཞེས་བྱ་བ་ བཞུགས་སོ། ། ༄༅། །ཨེ་མ་ཧོ། དཔལ་ལྡན་བླ་མ་དམ་པ་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་དོན་གྱི་སླད་ དུ་མཚན་ནས་སྨོས་ཏེ་ཆོས་སྐུ་འོད་ཟེར་གྱི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ ཞེས་བྱ་བ། བླ་མ་དང་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ། ། ཀུན་བཟང་(ཡབ་)གཞོན་ནུ་འཇམ་(དཔལ་གསར་མ་)སོགས་འོད་ཀྱིས་ཆོ༵ས་རྣམས་རྩོལ་ མེད་ཀུན་མཁྱེན་དག་པའི་སྐུ༵་མངའ་བའི། །འོ༵ད་ལུས་མཚན་དཔེའི་ཟེ༵ར་གསལ་ཟུང་འཇུག་ བདེ་ཆེན་ལོངས་སྤྱོད་རྫོགས་པའི་གསུང་དབྱངས་མི་ཟད་སྒྲོགས། །མྱོང་སྣང་སྣ་ཚོགས་ ཐབས་ཚུལ་དཔག་མེད་ཐུགས་ཀྱི་སྤྲུལ་སྐུས་གང་འདུལ་འགྲོ་ལ་སོ་སོར་སྣང༌། །མི་རྟོག་བདེ་ གསལ་དབྱེར་མེད་ཡོན་ཏན་མཚུངས་མེད་འཕྲིན་ལས་དཔལ་ལྡན་བླ་མ་ལ་ཕྱག་འཚལ། ། སྣ་ཚོགས་གཟུགས་བརྙན་གཞོན་མེད་ཆོས་ཉིད་སྒྲ། །ཟག་མེད་དྲི་མཆོག་བདེ་ཆེན་རོས་ གང་ཆགས་པ་ཡི། །རེག་མཆོག་རྡོ་རྗེ་ཕྱི་ནང་གསང་དེའི་མཆོད་ཆནེ་གྱིས།།ཀུན་བཟང་སྤྲིན་ གྱིས་ཕྱོགས་དུས་ཀུན་གང་བླ་མ་མཆོད། །དུས་གསུམ་རྒྱལ་དང་རྒྱལ་སྲས་ཀུན། །འདུས་པའི་ བླ་མ་བླ་ན་མེད། །སྐྱབས་མཆོག་སྐྱབས་ཀྱིས་རྗེས་བཟུང་སླད། །མགོན་མེད་མགོན་མཆོག་ ལགས་ཤེས་འཚལ། །ཆོས་རྗེ་འགྲོ་མགོན་བླ་མ་ཆེན་པོ་དེའི། །ཡོན་ཏན་རྣམ་ཐར་མཛད་པ་ཅི་ 2-1-393 འདྲ་ཞིག །སྤྱོད་པ་སྤྱད་པར་གྱུར་གང་རྒྱ་མཚོ་ཆེའི། །ཆུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་ཀྱིས་ གསོན། ། བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ ཞེས་བྱ་བ་ལས། ཀླད་དོན་མཆོད་བརྗོད་དང་རྣམ་ཐར་བརྗོད་པར་བྱ་བ་བསྟན་པ་སྟེ། སྐབས་ དང་པོའོ།། །། ༈ རེ་ཤིག་འདིར་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་གཉིས་པ་སྐུ་གསུང་ ཐུགས་ཡོན་ཏན་འཕྲིན་ལས་ནམ་མཁའ་ལྟར་མུ་མ་མཆིས་པས། བསམ་ གྱིས་མི་ཁྱབ་ཅིང་བརྗོད་པར་ཡང་མི་སྤོབས་པ་ཞིག་སྟེ། འོན་ཀྱང་ཅུང་ཟད་བརྗོད་པ་དེ་ལྟ་ན། སྐྱེས་མཆོག་ཕྱོགས་སུ་མ་ལྷུང་པ་མཁས་པའི་སྐྱེ་བོ་བློ་ཆེན་ཆོས་དང་ མཐུན་པའི་གཏམ་སྐྱེས་ཀྱི་ལེགས་པར་སྤྱད་པ་ལ། མགུ་བར་གྱུར་པ་དག་གིས་ཚུལ་འདི་ མཐོང་ན། ངོ་མཚར་རབ་ཏུ་དགའ་བ་འཐོབ་ཅིང༌། དད་པ་ཅན་རྣམས་དད་པ་ལྷག་པར་ འཕེལ་ཏེ། བསོད་ནམས་སྐྲུན་ལ། བདག་ཉིད་ཀུན་གྱིས་ཀྱང༌། བླ་མའི་སྐུ་ཆེ་བའི་ཡོན་ཏན་ གྱི་ཕྲེང་བ་བསམས་ཤིང་བརྗོད་པ་ནི། བསོད་ནམས་ཀྱི་ཕུང་པོ་ཆནེ་པའོི་འབྱུང་ཁུངས་ལགས་ པར་འཚལ་ཞངི ༌། ཆེ་བའི་ཡནོ་ཏན་མཐའ་ཡས་པ་དེ་ལྟ་ནའང༌། རང་གིས་ཇི་ལྟར་མཐོང་ཞིང་ ཐོས་པའི་དོན་ལ་སྒྲོ་སྐུར་དང་བྲལ་བར་སྨྲས་པ་ལ། འགལ་བའི་ཚུལ་ཡང་མ་མཐོང་ལ། དེ་ ཡང་འདི་སྐད་དུ། འཆི་བ་ཆོས་ཀྱི་སྐུར་སངས་རྒྱས། །བར་དོ་ལོངས་སྤྱོད་རྫོགས་སྐུར་འཆར། ། སྐྱེ་བ་སྤྲུལ་སྐུ་གྲངས་མེད་འབྱོན། །བདེ་ཆེན་སྐུ་གསུམ་དབྱེར་མེད་འཁོར། །འགྲོ་དོན་མཉམ་ མེད་འོད་ཟེར་འགྱེད། །སློབ་བུ་རྣམས་ཀྱང་(གཞི་ལམ་འབྲས་བུའི་སྐུ་བཞིའི་འགྲོས་)དེ་བཞིན་མཛོད། ། ཅེས་ཡང་ཡང་གསུང་བ་ཐོས་ཏེ། དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་དགོངས་པ་དབྱེར་མེད་དུ་རྟག་པར་བཞུགས་ 2-1-394 པ་ཉིད་ཀྱི་ཕྱིར། ནམ་མཁའ་མཉམ་པའི་ཞིང་དུ། ཆོས་ཀྱི་སྐུར་དང་པོ་སངས་རྒྱས་ལ། འོག་ མིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྟོང་གསུམ་མི་མཇེད་ལ་སོགས་པ་གྲངས་མེད་པར་ གདུལ་བྱའི་སྐལ་བ་དང་འཚམ་པར། སངས་རྒྱས་ཀྱི་མཛད་པའི་རོལ་མོ་ཡང་དང་ཡང་དུ་ རྒྱ་ཆེ་རྒྱུན་རིང་ལ་གྲངས་མེད་པར་སྤྲུལ་པ་ནི། མདོ་རྒྱུད་རྣམས་ལས་བྱུང་བ་ལྟར་སྐུ་གསུང་ ཐུགས་ཡོན་ཏན་འཕྲིན་ལས་ཚད་མེད་པ་ཁོ་ནའོ། །དེ་ལྟ་མོད་ནའང་ཞིང་འདིར་བར་སྐབས་ ཀྱི་མཛད་པའི་ཆ། བདག་ཅག་ལ་སོགས་པ་ཁ་ཅིག་གི་སྣང་ཚུལ་དུ། ས་བཅུ་པའི་རྣམ་འཕྲུལ་ དང༌། ཁ་ཅིག་ལ་ཐ་མལ་པ་ལྟར་སྣང་བས་ལམ་སྦྱོང་པའི་ཚུལ་བསྟན་ནས། གདུལ་བྱ་ལམ་གྱི་རྟེན་དང༌། ལམ་དང༌། འབྲས་བུ་ལ་དགོད་པའི་ཕྱིར། རིགས་མཐུན་པར་ སྤྲུལ་ཏེ། དོན་མཛད་པ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཏེ། ཕྱོགས་བཅུ་དུས་གསུམ་ཞིང་ཁམས་མཐའ་ཡས་པར། །ཕྱོགས་བཅུ་དུས་གསུམ་སངས་ རྒྱས་ཀུན་གྱི་ངོར། །ཁྱེད་ཉིད་རྣམ་འཕྲུལ་དེ་རྣམས་ཁྱེད་ཉིད་སྐུ། །གཅིག་དང་དུ་མའི་རྣམ་ འཕྲུལ་ཨེ་མ་ཧོ། ། བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ ཞེས་བྱ་བ་ལས། (དུས་གསུམ་སངས་རྒྱས་ཐམས་ཅད་དང་)སྐུ་གསུང་ཐུགས་ཀྱི་ མཛད་པའི་འཕྲིན་ལས་(དབྱེར་མེད་པའི་ངོ་བོ་ཉིད་དུ་རྣམ་པར་ཐར་པ་)སྤྱིར་བསྟན་པ་སྟེ། སྐབས་ གཉིས་པའོ།། །། ༈ ད་ནི་འདས་པའི་དུས་ཀྱི་སྐུ་ཚེའི་མཛད་པ་རྣམ་ཐར་ཚད་མེད་པར་བསྟན་པ་ནི་འདི་ལྟ་ སྟེ། (མདོ་བསྐལ་བཟང་ལས། )དེ་བཞིན་གཤེགས་པ་བརྩོན་འགྲུས་མཐའ་ཡས་ཆོས་ཐམས་ཅད་ ཀྱི་ཚུལ་ལ་ངེས་པར་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་སྟོན་པའི་ཚེ། དེ་བཞིན་གཤེགས་པ་ ཚེ་དཔག་མེད་རྒྱལ་པོ་བསོད་ནམས་མེ་ཏོག་ཅེས་བྱ་བར་གྱུར་པ་ན། བཙུན་མོ་སྟོང་ལ་སྲས་ 2-1-395 སྟོང་དང་བཅས་པས། རྗེས་སུ་ཡི་རང་པ་ཙམ་གྱིས། མོད་ལ་བསྐལ་པ་བརྒྱད་ཁྲིར་འཁོར་བ་ བརྙིལ་ནས་ཁ་ཕྱིར་ཕྱོགས། ཕྱི་མ་ཅན་ཞེས་པའི་གཟུངས་ཐོབ། ཇི་སྐད་བསྟན་པ་ལ་ཐེ་ཚོམ་ བྲལ། དགེ་བའི་རྩ་བ་དེས་སངས་རྒྱས་འབུམ་མཉེས། ཐམས་ཅད་དུ་ཏིང་ངེ་འཛིན་ཐོབ། ལོག་པར་ལྟུང་བ་དང༌། མི་ཁོམ་པར་ནམ་ཡང་ལྟུང་བར་མ་གྱུར། རྒྱུ་དེས་བྱང་ཆུབ་ཏུ་རྫོགས་ པར་སངས་རྒྱས་ཤིང་སངས་རྒྱས་པར་འགྱུར་རོ། །བསྐལ་པ་བཟང་པོ་དེ་བཞིན་གཤེགས་པ་ རྣམས་དེའི་ཚེ་དེའི་དུས་ནས་སྲས་སྟོང་དུ་གྱུར་ཏོ། །ཞེས་པའི་སངས་རྒྱས། འཁོར་བ་འཇིག་ དང་གསེར་ཐུབ་དང༌། །འོད་སྲུང་ཤཱཀྱ་སྐྱེས་མཆོག་དང༌། །བྱམས་པ་སེང་གེ་རབ་གསལ་ དང༌། །ཞེས་པའི་བདུན་པ་སངས་རྒྱས་རབ་གསལ་བདག་ཉིད་ཆེན་པོ་འདི་ཡིན་ཏེ། སློབ་ པ་ལམ་གྱི་ཐོག་མར། བདེ་གཤེགས་རབ་གསལ་ཚོང་པར་གྱུར་པའི་ཚེ། །དེ་བཞིན་གཤེགས་ པ་མཐའ་ཡས་འོད་དེ་ལ། །ནོར་བུ་རིན་པོ་ཆེ་དག་ཕུལ་ནས་ཀྱང༌། །དང་པོ་བྱང་ཆུབ་མཆོག་ ཏུ་སེམས་བསྐྱེད་དོ། །ཞེས་པ་ནས་བརྩམས་ཏེ། བསྐལ་པ་གྲངས་མེད་པར་ཚོགས་གཉིས་ རྒྱ་ཆེན་པོ་བསགས་ལ། ཐུབ་པའི་བསྟན་པ་འདི་ཉིད་ལའང༌། ལྷོ་ཕྱོགས་ཀྱི་རྒྱུད་ཕལ་ཆེ་ བར། པཎྜི་ཏའི་སྐྱེ་བ་མང་དུ་བཟུང་སྟེ་བསྟན་པ་དང༌། སེམས་ཅན་ལ་ཕན་པ་རྒྱ་ཆེར་མཛད་ དོ། །གངས་རིའི་ཁྲོད་དུའང༌། མགོ་ཡུལ་རྒྱང་རོ་གཡའ་མ་ར་ཞེས་པར། ལྷ་རྗེ་ཆོས་བྱང་ཞེས་ པར་སྐྱེ་བ་བཞེས། དེའི་ཚེའང༌། མཚན་ཉིད་དང་སྔགས་གསར་རྙིང་ལ་སོགས་ཡོན་ཏན་ ཕུན་སུམ་ཚོགས་པའི་བདག་ཉིད་དུ་གྱུར་ཏེ། སྤྲུལ་པའི་ལྷ་ཁང་ཤིན་ཏུ་མཚར་བ། རྒྱ་ཕུབས་ རིགས་གསུམ་དང༌། གསུང་རབ་གྲངས་མེད་པ་བཞེངས་སོ། །དེ་ནས་ཁ་ཆེར་སྐུ་སྐྱེ་བ་བཞེས། རིག་པའི་གནས་ལྔ་ལ་མཁས་པའི་ཕ་རོལ་ཏུ་གྱུར། ཡུལ་དབུས་སུ་ཐུབ་པའི་བསྟན་པ་ཉི་མ་ ཤར་བ་ལྟར་གསལ་བར་མཛད། དེའི་ཚེ་ཐུགས་དམ་ལྷ་ཡིས། ཁྱེད་མ་འོངས་པ་ན་མི་མཇེད་ འདིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་བཞིན་གཤེགས་པ་ 2-1-396 རབ་གསལ་ཞེས་པར་སངས་རྒྱའོ། །ཞེས་ཡང་ཡང་ལུང་བསྟན(པ་ལྟར་མདོ་སྡེ་རྔ་བོ་ཆེ་དང༌། སིང་གྷ་ གླིང་གི་དགྲ་བཅོམ་གྱིས་མེ་ཏོག་གི་སྐྱེས་ལུང་བསྟན་ཕྲིན་དུ་བསྐུར་བ་དང༌། དཔལ་གྱི་རིའི་དྲང་སྲོང་གིས་ལུང་བསྟན་ རྣམས་མཐུན་པར)། ས་སྟེང་ཀུན་ཏུ་གྲགས་པར་གྱུར་ཏོ། །ཡང་སྒྲོལ་མས་ལུང་བསྟན་པའི་རྒྱུས། ལྷོ་གྲོ་མོ་ལས་བྱོན་ཏེ། (རྐྱང་པོ་པེ་དམར་དུ་ལམ་རིམ་བསྡུས་པ་མཛད་པ་ན། )ལུང་པ་འདི་ན་ངས་སྐྱེ་བ་ སྔ་མ་ལ་ལྷ་ཁང་མ་ཌ་(བྲེ་)ཙམ་བཞེངས་ཡོད་པ་དེ་ཙམ་ན། སྐྱེ་བོ་རྣམས་དད་པ་ཆེན་པོ་ཆེན་ པོ་ཡོད། འབྲི་ཀློག་བཤད་ཉན་ཡང་དར་ན། དེང་སང་པཎྜི་ཏ་འོངས་པ་ལ། བསོད་སྙོམས་ འབུལ་ཞིང་ཐད་དུ་འོང་བའི་རིགས་ན། དད་པ་ཉམས་པར་གྱུར་ཞིག་གམ། འཁོར་རྣམས་ལྷ་ ཁང་ལྟ་འདོད་ཀྱང༌། ཞེན་པ་ཆེན་པོ་ཆེན་པོ་སྐྱེ་གསུངས་ནས། དབུ་ཕུར་ནས་བྱོན། མ་ གདོང་འདས་པ་ན་བསྙེལ་གསོ་སྟེ་ཕྱག་མཛད། རྒྱང་རོ་ཡུལ་སྟོད་སྨད་ཀྱིས་ཤངས་ལེན་བྱས། ཐམས་ཅད་ཀྱིས་ཆོས་འབྲེལ་དང་བྱིན་རླབས་ཞུས། གྲུའི་ལྷ་ཆེན་རྡོ་རྗེ་སེམས་དཔའི་རབ་ གནས་མཛད་དེ། བྱིན་རླབས་ཅན་དུ་གྲགས། གསེར་སྡིངས་ཀྱི་རི་ནང་ཨུཏྤལ་ཁ་ཕྱེ་བ་ལྟ་བུ་ ལ་གཟིགས་ནས། ངས་མ་འོངས་པ་ན་འདིའི་ཕྱོགས་ཀྱི་སྐྱེ་བོ་མང་པོ་ལ། ཡང་དག་པའི་ལམ་ སྟོན་པར་འགྱུར་རོ་གསུངས། ཕྱིས་དེ་དང་ཉེ་བར་འཁྲུངས་ཤིང༌། ལྷ་ཁང་རྣམས་འོ་བརྒྱལ་བ་ ན། ཞབས་ཐོག་མང་པོ་མཛད་པའི་རྒྱུས། བདག་ཉིད་ཆེན་པོ་འདི་ཡིན་ནོ་ཞེས། ལྷག་པའི་ལྷ་(ལ་སོགས་པ་)ཡིས་བསྐལ་བཟང་བདུན་པ་འཇིག་རྟེན་དུ། །སྒྲོན་མར་འགྱུར་ ཞེས་ལུང་བསྟན་རྒྱ་བོད་ཀུན་གྲགས་པའི། །ཁ་ཆེ་པཎ་ཆེན་སྐུ་ཚེ(དགའ་ལྡན་ལ་སོགས་ལྷ་དང་མིར་ སྐྱེ་བ)འི་རྣམ་པར་འཕྲུལ་པ་(མང་པོ་)ལ། །འདི་ན་ཆོས་སྐུའི་འོད་ཟེར་འགྱེད་ཅེས་གངས་ཅན་ སྒྲོགས། ། བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་ མ་ཞེས་བྱ་བ་ལས། འདས་པའི་དུས་ཀྱི་མཛད་པའི་འཕྲིན་ལས་ཚད་མེད་པར་བསྟན་པ་སྟེ། 2-1-397 སྐབས་གསུམ་པའོ།། །། ༈ ད་ནི། ད་ལྟར་དུས་ཀྱི་སྐུ་ཚེ་འདི་ཉིད་ཀྱི་མཛད་པའི་རྣམ་ཐར་ཚད་མེད་པར་བསྟན་པ་ ནི་འདི་ལྟ་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །གཟུགས་སྐུའི་འཕྲིན་ལས་དུས་གསུམ་དུ། ། མཐའ་ཡས་སྐུ་ཚེ་འདི་ཉིད་ལའང༌། །འཕོ་ཡུལ་ཡབ་ཡུམ་གཟིགས་ཚུལ་དང་(༡)། །ལྷུམས་སུ་ ཞུགས་དང་(༢)བལྟམ་པ་དང་(༣)། །གཞོན་ནུ་རྩེ་ཞིང་(༤)རབ་ཏུ་བྱུང་(༥)། །དཀའ་བ་སྤྱད་དང་ (༦)བདུད་སྡེ་བཏུལ(༧)། །ཐུན་མོང་སྡེ་དང་(༨)ཐེག་ཆེན་སྔགས(༩)། །བླ་མེད་ཐེག་པའི་ཆོས་ འཁོར་གསུངས(༡༠)། ལྷ་རྣམས་སྨིན་ཅིང་(༡༡)མྱ་ངན་འདས(༡༢)། །དེ་ལྟར་མཛད་ཚུལ་བཅུ་ གཉིས་ཀྱིས། །གདུལ་བྱའི་རེ་བ་རྫོགས་པར་དགོངས། །ཞེས་བསྡུས་པའི་དོན་ལ། དང་པོ་ནི་གཟིགས་པ་ལྔའམ་དྲུག་ལ་དགོངས་ཏེ། སྙིགས་མ་ལྔའི་དུས་ཚེ་ལོ་བརྒྱ་པའི་ དྲུག་བཅུ་ཁ་རལ་ལ། (དངོས་དང་བརྒྱུད་པའི་གདུལ་བྱ་གྲངས་མེད་པའི་དོན་དུ་)མཁས་གྲུབ་དུ་མའི་ འབྱུང་གནས་རྒྱ་གར་ཡུལ་དང་མཚུངས་པའི་ཉང་སྟོད་ལ། གནས་མཁའ་འགྲོས་བྱིན་གྱིས་ བརླབས་ཤིང་རྟོགས་འཕེལ་བའི་གསེར་སྡིངས་སུ། རགི ས་ཁྱད་པར་ཅན་དུ་གྲགས་པ་སུམ་ པའི་རགི ས། །ཡབ་མདོ་རྒྱུད་དོན་ལ་མཁས་ཆེན། གྲུབ་པ་ཐོབ་པ་རྣལ་འབྱོར་གྱི་དབང་ཕྱུག་ ཆེན་པོ། དགོངས་པ་མཆོག་ཏུ་གྱུར་པ། རྡོ་རྗེ་འཆང་དང་མཚུངས་པ་ཡིན་ལ(དེའི་སྐུ་ཆེ་བའི་ རྣམ་ཐར་ཆེ་ཆུང་ལོགས་ཞིག་ན་ཡོད་དོ། །)། ཡུམ་ནི། གཅུང་ས་བྲག་སྣའི་འགར་བཙུན་མ་ཤེས་རབ་ རྒྱན་ཅེས་པ། རིགས་རུས་ཆོ་འབྲང་མ་སྨད་པ། བྱམས་པ་དང་སྙིང་རྗེ་དད་པ་ལྷག་པར་ཆེ་ བ། བློ་རྟོག་པའི་དྲ་བ་ལས་གྲོལ་བ། ཐེག་ཆེན་གསང་སྔགས་ཀྱི་རིགས་ཅན་མ། འབྲི་ཀློག་ ལ་སོགས་ཀྱིས་ཕ་རོལ་ཏུ་སོན་པ། སྤྱོད་ཕྱོགས་ལ་སོགས་དང༌། གསང་འདུས་བདེ་དགེས་ ལ་སོགས་མང་དུ་ཐོས་པ། ཤེས་རབ་དང་ཁོང་ཡངས་ཆེ་བ། བླ་མ་ལ་སངས་རྒྱས་སུ་ལྟ་ཞིང༌། ངེས་པའི་དོན་ལ་ལྷག་པར་མོས་པ་ཞིག་ལ། (རིགས་ཀྱི་སྲས་བསྐྲུན་པའི་)ཆོ་ག་མཛད་དེ། 2-1-398 རྡོ་རྗེ་འཆང་ཆེན་ཡབ་གྱུར་ཤེར་ཕྱིན་མ་དེ་ཡུམ། །ཆོས་ཀྱི་སྐུ་ལས་ལོངས་སྐུ་བདེ་འོད་ མཁའ་དབྱིངས་ཀློང༌། །དུས་གསུམ་རྫས་བྲལ་སྤྲུལ་སྐུའི་ཟེར་ནི་གང་འདུལ་དུས། །གཟིགས་ པ་དུས་ལ་འཇུག་ཕྱིར་སྨོན་ལམ་དུས་ཀྱིས་དགོངས། ། གཟིགས་པ་ལྔ་ལས་གཞི་རྟེན་ཡོན་ཏན་ཕུན་སུམ་ཚོགས་པ་ཡབ་ཡུམ་གྱི་མཛད་ཚུལ་ཀྱི་ ལེའུ་སྟེ་དང་པོའོ།། །། ༈ དེ་ནས་དེའི་ཚེ་མངལ་དུ་བྱོན་པ་ན། ཡུམ་ལ་གསང་བ་འདུས་པ་ལྷ་སོ་གཉིས་ཕོ་བྲང་ དུ་བྱོན་པའི་རྨི་ཉམས་དང་ལྡན་ཞིང༌། སད་པ་ནའང་ལུས་བདེ་ཞིང་ཤེས་པ་གསལ་ལ་མི་རྟོག་ པའི་ཉམས་གསལ་བར་གྱུར་ཅེས་གྲག །ཟླ་བའི་གྲངས་ཚང་དུ་ཉེ་བ་ན། དགེ་བཤེས་འགར་ གྲགས་པ་དབང་ཕྱུག །སྤྱན་སྔ་ན་འདུག་པ་ཞིག་གི་ཚེ། མི་རྣམས་ཅི་གླེང༌། བདག་གི་སྲིང་ མོ་ཤེས་རབ་རྒྱན་སྦྲུམ་སྐད་དོ། །ངའི་རྣ་བར་བཙུན་མ་སྦྲུམ་ཞེས་ཐོས་པས། སྐྱོན་བྱས་སེམས་ ན། འོ་ན་སླ་ཡིས། སྦྲུམ་མ་དབེན་པར་ཞོག་ལ་ཟས་སྐྱོལ་ཞིག །ཁྱེའུ་འོད་སྲུང་ཞིག་མྱུར་དུ་ བཙའ་བར་འགྱུར་གྱིས། ཡལ་བར་མ་དོར་བར། ལེགས་པར་སྐྱོངས་ཤིག །ཅེས་གདམས་ ཏེ། འདུས་པ་ཞིག་གི་ཚེ། འདི་ན་བཙུན་མ་སྦྲུམ་མ་ཡོད་དམ། ཡོད་ཅེས་གྲག་གོ། སྦྲུམ་མ་དང་ སྦྲུམ་པར་བྱེད་པ་དེ་དག་གཞན་དུ་སོང་ཞིག །སྦྲུམ་པར་བྱེད་པ་འདི་ན་མ་དམིགས་སོ། །གང་ ན་ཡོད་པ་དེ་དང་དེར་སོང་ཞིག་གསུངས་པ་དང༌། ཞང་ཡུལ་དུ་འགྲོ་བར་ཞུས་སོ། །ང་དང་ དགེ་འདུན་ལ་བརྙས་པ་ཆེ་ཡིས། ཉིན་ལམ་གྱི་ནང་མཚམས་སུ་མ་འདུག་ཞིག །ཅེས་བཀའ་ སྩལ་དྲག་པོས་བསྐྲད་དེ། གཡའ་མ་རའི་གཙུག་ལག་ཁང་ཆེན་པོ་ག་ལ་པ་དང༌། ཉེ་བར་ འབྲེལ་པར་དོང་ངོ༌། ། ཆོས་དབྱིངས་སྐྱེ་མེད་སྤྲོས་བྲལ་ཆོས་རྣམས་འབྱུང་བའི་ཁུངས། །རྣམ་ཐར་བཞི་ལྡན་ གཞལ་ཡས་སྒོ་བཞི་ཡངས་པའི་རྟེན། །ཟླ་ཉི་སྒྲ་གཅན་དྭངས་མ་ལྔ་འདུས་མངོན་བྱང་ལྔས། ། 2-1-399 ཟླ་བཅུར་ས་བཅུའི་ཚུལ་དུ་སྤྲུལ་སྐུ་ལེགས་བསྐྱེད་བཞེངས། །བརྟེན་པ་རིགས་ལྡན་ཆེན་པོ་ ལྷུམས་སུ་ཞུགས་པའི་མཛད་ཚུལ་གྱི་ལེའུ་སྟེ་གཉིས་པའོ།། །། ༈ དེ་ནས་བཀྲ་ཤིས་ཁྱི་ལོའི་(སྟོན་འབྲིང་)ཉི་མ་བཟུང་བ་དགེ་བ་འབུམ་འགྱུར་དུས་སུ། འདུས་པ་སོ་གཉིས་ཀྱི་ལྷ་ཚོགས་ཕྱིར་ཕྱུང་སྟེ། སྤྱི་དང་བྱེ་བྲག་གི་མཛད་པས་ཞིང་སྦྱངས། སེམས་ཅན་སྨིན། སངས་རྒྱས་མཆོད། ལྷུན་གྱིས་གྲུབ་པ་དང་ཐ་མི་དད་དེ། སླར་དཀྱིལ་ འཁོར་ལ་བཀོད་པའི་རྨི་ཉམས་དང་ལྡན་བཞིན་དུ་བདེ་བར་འཁྲུངས། ཕྱི་རོལ་ཏུ་རི་རྒྱ། ཀླུང་ རྒྱ། སྔོ་རྒྱ་གསུམ་བསྡམས། བླ་མ་ཆེན་པོས་དཔལ་གྱི་རྒོད་ཁུང་དུ་བདག་མེད་ལྷ་མོ་བཅོ་ལྔའི་ ཞལ་གཟིགས། བཀྲ་ཤིས་བརྒྱ་དང་བདུན་ཅུ་རྩ་དགུ་ཐུགས་ལ་འཁྲུངས། གཞན་ཡང་དེའི་ཚེ་ ལྟས་ཁྱད་པར་ཅན་མང་པོ་བྱུང་སྟེ། ས་ཆེན་ཀུན་ནས་གཡོ་ཞིང་ཀླུ་ཡི་དབང་པོས་བསྔགས། །གནམ་སྔོན་སྟོན་སྤྲིན་དཀར་ པོའི་ཟེ་བ་འོད་འབར་ངོགས། །གྲུབ་པ་རིག་འཛིན་ལྷ་རྣམས་བཞིན་འཛུམ་ལྷགས་གྱུར་ ཏེ། །བུམ་ཆུ་མེ་ཏོག་རྒྱུན་འཐོར་རྒྱལ་བར་གྱུར་ཅེས་གྲག །སྤྲུལ་སྐུ་ལྷུམས་ནས་བལྟམ་པའི་ མཛད་ཚུལ་གྱི་ལེའུ་སྟེ་གསུམ་པའོ།། །། ༈ དེ་ཉིད་བདེ་བར་བལྟམ་ཞིང་འཁྲུངས་པ་དང་སྐྱེད་ཆེར་བསྲིངས་ཏེ། གྲོང་པའི་སྐྱེ་བོ་ རྣམས་ན་རེ། ཁྱེའུ་མཛེས་ཤིང་ཡིད་དུ་འོང་ངོ༌། །མིང་ཅི། བདག་མེད་རྡོ་རྗེའོ། །ཀུན་གྱིས་ བོས་པས་དེར་ཆགས་ཏེ། ཡུམ་དེ་ཉིད་ཀྱང་འབྲི་བ་དང༌། ཀློག་པ་དང༌། སེམས་ཤིང་བསྒོམ་ པ་དང༌། ཡན་ལག་བདུན་པ་ལ་སོགས་པ་ཁ་དོན་བྱེད་པ་ན། རི་དྭགས་ཀྱི་ཕྲུག་གུ་སྐྱེས་མ་ ཐག་མའི་རྗེས་སྙོག་པ་ལྟར། ཁྱེའུ་དེའང་མ་གང་བྱེད་པའི་རྗེས་སུ་འབྲང་འདོད་པས། མོད་ལ་ མཚུངས་པར་གྱུར་ཏེ། ཡ་མཚན་དུ་ལྟ་ཞིང་ཞང་ཡུལ་དུ་འོངས་ནས་བསྐྱངས་སོ། །དུས་ཞིག་ ན། ཞང་པོས་འཕྲད་དུ་འོངས་ཏེ། སྐྱེད་ཆེའམ། ངང་ཚུལ་ཅི་འདྲ་འདྲི་བ་ན། འདི་ནི་ཚུལ་རྨད་ 2-1-400 དུ་བྱུང་ཡང་དག་སྟེ། ཤེས་རབ་དང་སྤྱོད་ཚུལ་གྱི་ཡ་མཚན་ལ་ལྟོ་ཞིག ཟེར་རོ། །སློབ་གཉེར་ ལ་གཞུག་པ་སྐབས་སུ་བབ་པར་ཤེས་ནས། བླ་མ་དགེ་འདུན་བསྙེན་བཀུར་ཏེ། བཟོད་པར་ གསོལ་ནས། དགོན་པར་འོང་བར་ཞུས་པ་དང༌། རྗེས་སུ་གནང་སྟེ། ཞང་པོ་དང་ཐབས་ཅིག་ ཏུ་ཆོས་ཉན་པར་བྱེད་པ་ན། ཤིན་ཏུ་གཞོན་པའི་ངང་ཉིད་ཀྱིས། བློས་ཕབ་སྟེ་རྐང་ལག་གི་རྩེ་ ཐབས་འབའ་ཞིག་གིས་དུས་འདའ་བ་གཟིགས་ཏེ། བདག་མེད་རྡོ་རྗེ་འདི། ང་དང་ཆོས་ལ་མ་ གུས་པ་ཞིག་གམ། ཞེས་བཀའ་སྩལ་བྱིན་པའི་མོད་ལ། ལ་གོར་རྩེ་ཐབས་བཤིག་སྟེ། ཙོག་ ཙོག་པོར་འདུག་ནས། མིག་རིག་རིག་པོར་ལྟ་ཞིང༌། ཅིའི་སླད་དུ་ཞེས་ཞུའོ། །རྩེད་འགོ་དང་ ཆོས་འགོ་འཇུག་ཐབས་གཅིག་ལ། ཐོན་པ་ནའང་དེ་ལྟ་མོད། ཆོས་རྣ་བས་ཉན་པ་ལ། རྐང་ ལག་གི་རྩེ་ཐབས་ལ་འགལ་བའི་ཚུལ་ཅི་ཞིག་མཆི། མངོན་པར་འགྱུར་གྱིས། ངས་བཤད་པ་ རྣམས་སྐྱོར་ཞིག །འདི་དང་འདི་བོ་ཞེས་ཟུར་མ་ཆག་པར་སྨྲས་པས། ཀུན་ཧ་ལས་ཏེ། ཨེ་མ་ ཧོ་ཨེ་མ་ཧོ་ཚུལ་རེ་བཟང༌། སྤྲུལ་པ་ཞིག་གམ། ཕལ་པ་རྣམས་ལ་ནི་ཚུལ་འདི་མ་མཐོང་ངོ༌། ། ཞེས་མིག་བགྲད་ནས་གདོང་ཚུགས་སུ་ལྟ་བ་ན། ཞང་པོས། དེ་ལ་དེ་ཙམ་དུ་ཁྱེད་རྣམས་ཡ་ མཚན་ཅི་ཆེ། ཞེས་སྨྲས་པས། གཞན་ཡོད་ན་མྱུར་དུ་སྟོན་ཅིག་དང་སྐབས་སུ་བབ་བོ། །འདི་ མའི་མངལ་ན་གནས་པའི་ཚེའང༌། འདུས་པ་སོ་གཉིས་སྐྱེད་པའི་རྨི་ཉམས་དང་ལྡན་ལ། སྐྱེ་བ་ ནའང་ལྷ་རྣམས་འབྱིན་པའི་ཉམས་དང་ལྡན་ལ། སྐྱེས་ནས་ཀྱང་མའི་འབྲི་ཀློག་ཁ་དོན་དང༌། བདག་གི་ཁ་དོན་གྱི་ཁྱད་པར་རྣམས་ཐོས་ཤིང་མཐོང་བ་ཙམ་གྱིས་འབད་མ་དགོས་ལ། སྔོན་ གྱི་གནས་(རྒྱ་གར་དང་ཁ་ཆེ་ལ་སོགས་རབ་ཏུ་མང་པོ་)རྗེས་སུ་དྲན་པ་དང༌། (ཚིག་དང་དོན་གྱི་)གཟུངས་ (མང་པོ་)དང་(ད་ཅི་ནས། བདག་ཏིང་ངེ་འཛིན་ལ་འབྱམ་གདའ་ཞེས་སོ། །)ཏིང་ངེ་འཛིན་གྱི་སྒོ་མང་པོ་རང་ བྱུང་ཞིང༌། སྔར་གྱི་ཆོས་ཚུལ་རྣམས་ཀྱང་དེ་འདྲའོ། །ཀུན་ཀྱང་ལྷག་པར་དད་པ་ཐོབ་སྟེ། ཕུད་ ཐུད་དུ་ཁུར་ཞིང་སྐྱེས་བུ་ཆེན་པོ་དེའི་ཐུགས་རྒྱུད་ཞི་ཞིང་དུལ་བ་དང༌། དད་པ་དང་སྙིང་རྗེ་ 2-1-401 དང་བློ་གྲོས་ཕུན་སུམ་ཚོགས་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་སེམས་དྲངས་ཏེ། དར་ དིར་དུ་སྒྲོགས་པར་བྱེད་ལ། དུས་དུས་སུ་མཐོང་བས། དགའ་བར་ཡང་བྱེད་དོ། །དབང་པོ་ དུལ་ཞིང་སྤྱོད་ཚུལ་རྣམ་པར་དག །ཆོག་ཤེས་ཤེས་རབ་སྙིང་བརྩེའི་ཡོན་ཏན་མཛེས། །སྔ་ ན་མ་མཐོང་སྐྱེ་བོ་གསར་པ་འང༌། །དེ་ལ་བྱམས་བཞིན་དེ་ཡི་དྲུང་ན་འཁོར། །དེའི་ཚེ། དྲུང་ ནས་ཀྱང་བདག་གི་བར་བཞེས་ཏེ། དེ་ཕྱིས་ཀྱི་བསྟན་བཅོས་(ཕལ་ཆེར་བ་)རྣམས་ཀྱི་སྦྱར་བྱང་ དུ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་སོ། །སྐྱེ་བོ་གསོ་ཐིགས། ཙ་ན་ཀ ཤེས་རབ་བརྒྱ་ པ། བཤེས་སྤྲིངས། དཔོན་གཡོག་གི་བསྟན་བཅོས་ལ་སོགས་ཉིད་ཀྱི་ཡིག་ཆ་དང༌། གསོ་སྤྱད། རྩིས་ཀྱི་བསྟན་བཅོས། (རིན་པོ་ཆེ་དང་)རྟ་དང་གླང་པོ་བརྟག་པ་ལ་སོགས་པ་དང༌། ཚོགས་ཆོས་ ཐང་ཐུང་དང༌། སྒྲུབ་ཐབས་འགའ་ཟུང་དང་བཅས་པ། གཞན་གྱི་ཞོར་ཉན་ཙམ་གྱིས་བག་ ཆགས་སད། སློབ་དཔོན་ཞང་པོ་ལའང༌། ལུགས་ཀྱི་བསྟན་བཅོས་མང་དུ་ཉན་ཅིང་སློབ་པས། ལུགས་ཀྱི་བསྟན་བཅོས་ཕལ་ཆེར་ཁོང་དུ་ཆུད་པར་གྱུར་ཏེ། འཇིག་རྟེན་བླང་དོར་ཚུལ་ལ་དཔྱོད་པ་དགེ། ཡ་རབས་དམ་པའི་སྤྱོད་ཚུལ་ཅི་འདྲ་ཞིག། སྤྱོད་པ་ཕུན་ཚོགས་རང་བྱུང་སྤྱོད་གྱུར་པ། །གཞོན་ནུའི་སློབ་དཔོན་གཞོན་ནུ་མཐོང་ན་ དགའ། །གཞོན་ནུའི་གནས་སྐབས་ཀྱི་མཛད་ཚུལ་གྱི་ལེའུ་སྟེ་བཞི་པའོ།། །། ༈ དེ་ནས། སྐྱེས་རབས་དང༌། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལ་སོགས། ཇོ་ བོའི་ཆོས་ཆུང་བརྒྱ་རྩ། སྤྱོད་འཇུག ཐེག་བསྡུས་ཀྱི་སྟོད། བདེན་བཞི། ཡིད་འབྱུང་བའི་མན་ ངག་དང༌། མདོ་སྡེ་ལས་ཀྱི་མེ་ལོང་ལ་སོགས་གསན་པ་ཙམ་གྱིས། འ་མ་མ། སྔར་མ་ཤི་བ་ ལྷ་ཆེ། ད་མི་འཆི་བའི་དཔང་པོ་སུ་ཡོད། འཁོར་བ་ཐོག་མཐའ་མེད་པ་འཇིགས་སུ་རུང༌། མི་ ལུས་ཁྱད་པར་ཅན་ཐོབ་ཀྱང༌། །སྙིང་པོ་མེད་ཅིང་བརྟག་མི་བཟོད། །ཐུབ་པའི་བསྟན་པ་རིན་ ཆེན་ལ། །གོ་རིམ་མྱུར་དུ་མ་བསླབས་པར། །འཆི་བདག་ཁ་རུ་དེའུ་སོང་ཀཱཻ། །བདག་ནི་རབ་ཏུ་ 2-1-402 འབྱུང་བར་ཞུ། །སྨྲས་པས། ལེགས་སོ་གསུང༌། དེའི་ཚེ་རྦ་ཚོའི་མཁན་བརྒྱུད་སྐྱེགས་གནས་ རྙིང་པ་ཆོས་ཀྱི་རིན་ཆེན་ཞེས་པ། རིགས་རུས་ཡོན་ཏན་ཕུན་སུམ་ཚོགས་པ། འཇིག་རྟེན་དང་ འདས་པའི་བླང་དོར་གྱི་ཚུལ་མི་འགལ་བའི་གནས་རིག་པ། ཉང་སྟོད་ལུང་པའི་བསྟན་པའི་ ཁུར་འཛིན་ཞིང༌། འཇིག་རྟེན་པའི་མདུན་གྲོས་ཆོས་ལ་སྒྱུར་བའི་ཐུག་པར་གྱུར་པའི་སྟོབས་ དང་ལྡན་ལ། འཇུག་པ་མཐུན་པས། སློབ་དཔོན་ཞང་པོ་གྲོགས་སུ་སྦྲན་ཏེ། གླང་པ་ཕང་ཐང་ ན། མཁས་བཙུན་ཤཱཀྱ་དར་གདན་དྲངས་ཏེ། ཆོས་མང་པོ་ཞུ་བ་དང་འཛོམ་པའི་སྤྱན་སྔར་ཕྱག་ འཚལ་ཏེ། རབ་ཏུ་འབྱིན་པར་ཞུས། དགུང་ལོ་བཅུ་གསུམ་པ་ལ་རབ་ཏུ་བྱུང༌། མཚན་ཆོས་ཀྱི་ འོད་ཟེར་ཞེས་བཏགས། བསླབ་པར་བྱ་བ་དང་བྱ་བ་མ་ཡིན་པ་བླང་ཞིང་དོར་བའི་ཚུལ་སློབ་ ཅིང༌། དང་ཚུགས་ལ་བརྩོན་པ་ལྷུར་ལེན་ཏོ། །དེ་ནས་དགུང་ལོ་ཉེར་བཞིའི་བར་དུ་(འོག་ནས་ འབྱུང་བ་ལྟར་)སློབ་ཚུལ་རྒྱས་པར་མཛད། ཉེར་ལྔ་པ་ལ་བསྙེན་པ་རྫོགས་ཏེ། སྔར་གྱི་རྣམ་ཐར་ དང་འཕྲལ་གྱི་ཚུལ་མཁྱེན་ནས། བསྟན་པ་དང་སེམས་ཅན་ལ་ཕན་པ་ཞིག་འབྱུང་གིས། ངེད་ ཀྱི་ཡོན་ཏན་རྣམས་ཀྱང་དང་ལ་ལོང༌། གཞན་དུའང་གོམས་པ་ལྷོད་པར་མ་བྱེད། ཅེས་སྤྲོ་བ་ བསྐྱེད་ཅིང་གོ་བསྐོན་པ་ན། ཕྱག་འཚལ་ཏེ་ཁས་བླངས། བཀའ་དྲིན་གསོལ། ལྷག་པ་ཚུལ་ ཁྲིམས་ཀྱི་བསླབ་པ་མཐར་ཕྱིན་པར་མཛད་དེ། ཚུལ་ཁྲིམས་པད་མའི་རྫིང་ལས་ལེགས་འཁྲུངས་པའི། །རྩ་བ་ཡོན་ཏན་ཡལ་འདབ་མེ་ ཏོག་འབྲས། །གཞི་རྟེན་སྤྱན་གྱི་འབྲས་ལྟར་ལེགས་སྲུང་ཡང༌། །དཀའ་ཐུབ་གོམས་པ་རྩོལ་ མེད་དགྲ་བཅོམ་འདྲ། ། འཁོར་བ་ལས་ཐུགས་བྱུང་སྟེ་རབ་ཏུ་བྱུང་(ནས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་དྲན་ཤེས་བཞིན་བག་ཡོད་ བརྩོན་)བའི་མཛད་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། །། ༈ དེ་ནས་སླར་རང་གི་དགོན་པར་འོངས་ཏེ། བླ་མ་ཆེན་པོ་ལ་ཕྱག་འཚལ་ནས། སྐབས་ 2-1-403 ཀྱི་གླེང་ལངས་པ་ན། འདི་ཡི་(ཤེས་རབ་དང་)སྤྱོད་ཚུལ་བཟང་པོའི་བྲིས་ནི་རྨད་དུ་བྱུང་སྟེ། ལྷའི་ དཔལ་ཡང་ཟིལ་གྱིས་གནོན་པ་ཞིག་གོ། (ཆོས་སྐུའི་འོད་ཟེར་ཤར་བའི་ཚེ། །མ་རིག་མུན་པས་བྲོས་པ་ བཞིན། །རྣམ་དཔྱོད་ཤེས་རབ་སྐྱེ་ཚུལ་ལ། །ཤེས་བྱའི་ཚོགས་རྣམས་འདར་བ་འདྲ། །བྱམས་པས་མཉམ་ཉིད་སྐྱོང་ བ་ན། །དགྲ་བོས་ལྷག་པོར་བཏུད་པ་བཞིན། །ཡོན་ཏན་ཆོས་ཚུལ་ངོམ་འདྲ་བས། །སྡིག་སྡུག་གཏམ་ངན་སྐྱེངས་པ་ འདྲ། །)ཞེས་ཤིན་ཏུ་མཉེས། བཀའ་ལུང་ཐམས་ཅད་དུས་ལ་གཏད་པར་བཞེད་ནས། གསེར་ སྡིངས་འདིར་སྡོམ་བུ་བ་གཏན་དུ་སྡོད་སེམས་སམ། མད་དོ། ཐུགས་རྗེ་ཆེན་པོས་བདག་ལ་ གཟིགས་ཏེ། མ་ཞུས་བཞིན་དུ་གནང་པར་དགོངས་པ་ནི། ཚེ་སྔོན་བསོད་ནམས་དཔག་ཏུ་ མེད་པ་བསགས་མོད། ད་ནི་གེགས་མེད་པ་ལ་འབད་པར་རིགས་སོ། །སེམས་ཏེ། མཎྜལ་ སྔོན་དུ་སོང་བའི་ཕྱག་འཚལ་ནས། མཚུངས་པ་མེད་པའི་མཁྱེན་རབ་དང་ཐུགས་རྗེའི་ བདག་ཉིད་ཆེན་པོ། སྐབས་སུ་བབ་ཀྱིས། མཁྱེན་པའི་ཆོས་རྣམས་ཀྱི་བཀའ་དྲིན་ཆེན་པོས་ བསྐྱངས་ཏེ། བདག་གི་ཤེས་རྒྱུད་སྨིན་ཅིང་གྲོལ་བར་མཛོད་ཅིག །རྣམ་གྲངས་སྨོས་ན་ཡི་ གེས་འཇིགས་པས། བྱུང་གདབ་ཆེ་ཆུང་བཞིན་དང༌། མ་འདུས་པའང་བརྩམས་ཆོས་མང་དུ་ སྣང་ལ། དེ་རྣམས་དང་འབྲེལ་བ་ཉན་ཐོས་སྡེ་པའི་གཞུང་ནས། ཨ་ཏིའི་བར་དུ། མདོ། རྒྱུད། འགྲེལ། གདམས། མང་པོའི་བཤད་བཀའ་དང༌། ཡིག་ཆ་མ་མཛད་པའི་དབང་ཆོག །རྗེས་ གནང༌། བཤད་ལུང་མང་པོ་མཛད་དེ། གོ་ཞིང་ཚིམ་མམ། ཕལ་ཆེར་ཁོང་དུ་ཆུད་མོད་ནའང༌། ། ཤེས་བྱ་ཀུན་མཁྱེན་ཐུབ་པ་བཞིན། །རྫོགས་པ་མི་མངའ་ད་དུང་དུ། །སྙིང་པོའི་དོན་ལ་ཅུང་ མ་ཚིམ། །ཞེས་གསོལ་པ་དང༌། ཕལ་བཤད་ཟིན་གྱིས། དེ་ལྟ་ན་དེ་ཐམས་ཅད་ཀྱི་སྙིང་པོ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཤིང༌། གསུང་ལ། གསུང་བར་འགྱུར་བ། སྡུད་པ་པོས་ བསྡུས། དགོངས་འགྲེལ་མཁན་པོས་བཀྲལ། པཎ་ལོ་སྐྱེ་མཆེད་ཁྱད་པར་ཅན་གྱིས་བསྒྱུར། མཁས་གྲུབ་རྣམས་ཀྱིས་ལེགས་པར་གཏན་ལ་ཕབ་པའི་དོན། ཡོངས་སུ་གྲགས་ཤིང་ཁྱད་ 2-1-404 ཆོས་དུ་མ་དང་བཅས་པ། བཤད་པའི་སྲོག་ཤིང་མ་ཆག །དབང་གི་ཆུ་བོ་མ་ནུབ། ལྷད་མ་ ཞུགས། འགྲེས་མ་ཁྱེར། དམ་མ་ཉམས། བཀའ་བརྒྱུད་གྲུབ་ཐོབ་འབའ་ཞིག་གིས་དགོངས་ ཉམས་སུ་བསྟར་ཤིང༌། ཁོ་བོའི་བར་དུ་ཉམས་རྟོགས་བྱིན་རླབས་ཀྱི་ན་བུན་མ་ཡལ་བ། མདོ་ རྒྱུད་འགྲེལ་གདམས། ཟབ་རྒྱས་ཐམས་ཅད་ཀྱི་ལྡེ་མིག །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ གཞུང་ལམ། ཐེག་པ་ཐམས་ཅད་ཀྱི་སྤྱི་ཁྲིད་ཀྱི་བཀའ་ཆེན། རྒྱ་ཆེན་སྤྱོད་པའི་(༡)དང༌། ཟབ་ མོ་ལྟ་བའི་(༡)དང༌། ཉམས་ལེན་སྒོམ་པའི་(༡)དང༌། མཐར་ཐུག་འབྲས་བུའི་(༡)དང༌། བྱིན་ བརླབས་སྨིན་གྲོལ་ཐབས་ལམ་གྱི་གནད་དུ་མ་དང་ཟུང་དུ་འབྲེལ་བའི་(༢)འཁྲིད་བྱ་ཡིས། བསྒོམ་པ་དོན་དུ་གཉེར་ཅིག །ཐོག་མར་སྔོན་འགྲོ་དང་སྤེལ་ནས། རྒྱུ་འབྲས་བདུན་གྱི་ཁྲིད་ བྱས་ཏེ། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཞི་མ་སྤྱོད་པ་རྣམ་པར་དག་ན། ལྟ་སོགས་བྱིན་རླབས་ཤུགས་ཀྱིས་འབྱུང་གསུང༌། དེ་ནས་བྱིན་རླབས་འཕོ་བའི་རྟེན་འབྲེལ་ མཛད་ནས། ལྟ་བས་གྲས་ཐག་བཅད་དེ། སྒོམ་དོན་ཉམས་ལེན་དུ་འཁྲིད། ཚུལ་འདི་ལྟ་ བས་སྒྲོ་འདོགས་ཕྱི་གཅོད་གཙོར་ཁྲིད་ནས། སྒོམ་སོགས་ཤུགས་ལ་མཚོན་པར་བཞེད། དེ་ མར་བཅད། རྒྱུ་མཚན་ཉིད། ཐེག་ཕྱོགས་ཀྱི་ཁྲིད་ཀུན་འདུས་གསུང་ངོ༌། །དེར་རྗེས་བྱིན་ རླབས་ཅན་གྱི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ། རབ་ཏིང་ངེ་འཛིན་གྱི་དབང་དང་ འབྲེལ་བ་དེ་གནང༌། དེའི་ཚེ་ཡེ་ཤེས་ཕབ་དུས་སུ་སྒོ་གསུམ་ལ། རྟགས་ཁྱད་པར་ཅན་འཁྲུངས། གཞུང་ཕལ་ཆེ་ནས་གསུམ་པ་དཔེར་བཤད། དོན་དུ་བཤད་པའང་འགའ་རེ་སྣང༌། བླ་མ་གོང་ མ་རྣམས་རབ་ལ་དོན། འབྲིང་དཔེ། ཐ་མ་དཔེ་དོན་གང་ཡང་མིན་གསུང་སྟེ། དེ་ཐམས་ཅད་ སྤྱིར་བཏང་ཡིན། དཔོན་སློབ་རྟེན་འབྲེལ་འཛོམ་ན། སྐབས་གཞན་དུའང་སྲིད་དེ། སྔོན་ཆོས་ ཚིག་བཞི་ཙམ་ལ་མི་སྐྱེ་བའི་བཟོད་སོགས་ཐོབ་པ་བཤད། ཐ་མ་ལ་དབང་བརྒྱ་ཚར་བྱས་ ཀྱང༌། དོན་པས་དཔེའི་ཐ་སྙད་ལའང་རྨོངས། ཕྱིས་ལམ་གྱིས་གསལ་འདེབས་ཁོ་ན་ལ་རག་ 2-1-405 པ་ཡིན། ཁོ་བོ་ལ་མི་ཕྱེད་པའི་དད་པ་ཡོད་ཅིང༌། བླ་མ་བཟང་པོའི་ཉམས་རྟོགས་བྱིན་རླབས་ ཀྱི་ངད་ཀྱིས། ཡེ་ཤེས་ཕབ་དུས་རང་ནས། ཉམས་རྟོགས་བྱུང་ཞུས་པས། སྔར་ཟབ་ཆོས་ཀྱི་ སེར་ལ། འདི་ཡིས་རྐྱེན་བྱས་པ་ཡིན་གསུང༌། བཞི་པའི་སྐབས་སུ། འདི་ལ་བསྒོམ་བྱ་ཅའི ང་ མེད། །མ་བཅསོ་ཤེས་པ་རང་ལུགས་ཞགོ། ཅེས་སོགས་ངོ་སྤྲད་ཅིང༌། ངེས་པ་བསྐྱེད་ནས། དེ་ དང་འབྲེལ་བར་ཕྱག་རྒྱ་ཆེན་པོའི་ཁྲིད་སྐོར་རྣམས་གནང་ནས། ཚུལ་འདི་གཙོར་སྒྲོ་འདོགས་ ནང་གཅོད། སྒོམ་ཐོག་ནས་ལྟ་སོགས་ཆིག་ཆར་འཆར་བ་ཡིན་གསུང་ངོ༌། །དེ་ནས་གདུང་པ་ གཅོད་ཅིང༌། མཐར་ཐུག་ལ་ཟློ་བར་བྱེད་པ་ལ། ཡེ་ཤེས་སྤྱི་བླུགས་སུ་དབང་བསྐུར། རྫོགས་ ཆེན་སྒོམ་དོན་ངོ་སྤྲོད་རྣམས་མཛད་དེ། ཚུལ་འདི། གཙོར་གཞི་ཐོག་ཏུ་ངོ་སྤྲོད། གཞི་འབྲས་ ཆིག་ཆོད་པ། ལམ་དོས་སྟོར་རྩོལ་མི་དགོས། འབྲས་བུ་ཡེ་སངས་རྒྱས་སུ་ངོ་སྤྲད་པའི་སྟེང་ ནས། ལྟ་སྒོམ་སྤྱོད་པ་ལྡོག་པས་འབྱེད་པ་ཡིན། ཆེན་པོ་གསུམ་རྟོགས་བྱ་མཐར་ཐུག་གོང་ཀ་ གཅིག་ཀྱང༌། རྟོགས་བྱེད་རིམ་གྱིས་པའི་བློ་ངོ་འཁྲིད་ཚུལ། ཐེག་རིམ་མ་འདྲེས་ལ་སོ་སོར་ རྫོགས་པར་ཁྲིད་པས། གོང་ནས་གོང་དུ་ཤན་ཕྱེ་ནས། བོགས་འབྱིན་ཞིང༌། ལ་ཟློས་པ་ཡིན། རེ་རེ་ལའང་ལྟ་སྒོམ་སྤྱོད་འབྲས་བྱིན་རླབས་ཚང་ནའང༌། གཙོ་ཕལ་དུ་སྟོན་ཅིང༌། གོམས་ནས་ སྟན་ཐོག་གཅིག་ཏུའང་འཁྱེར་ཞིང་མཉམ་རྗེས་བསྲེ། བློ་རབ་ཀྱིས་སྐད་ཅིག་ཉིད་ལ་ལྟ་བཞག་ མཐོང་བ་རང་གྲོལ་དུས་མཉམ་ཕྱོགས་མེད་དུ་བུན་ཤིག་གིས་སེམས་ཉིད་ཡེ་སངས་རྒྱས་སུ་ རྗེན་རྟོགས་པ་ཡིན་ནོ། །གསུང༌། ཕྱག་འཚལ་ཏེ། (བླ་མ་)རྡོ་རྗེ་འཆང་ཆེན་བྱིན་རླབས་ཀྱིས། ། (སྤྱོད་པ་)ལམ་བྱང་ཆུབ་སེམས་ལ་བརྟན་པ་ཐོབ། །(ལྟ་བ་)སྣང་སེམས་སྲིད་པ་ཧྲུལ་པོར་སོང༌། ། (སྒོམ་པ་)འགྱུ་བ་སེམས་ཀྱི་དེ་ཉིད་མཐོང༌། །(འབྲས་བུ་)ཐམས་ཅད་རྩོལ་མེད་ལྷུན་གྲུབ་རྫོགས། ། ཞེས་སོགས་ཞུས་པས། འོ་དེ་ཙུག་འོང་དགོས་པ་ཡིན། ངས་ཇི་ལྟར་ངོ་སྤྲད་པ་བཞིན་དུ། ཁྱོད་ལ་པར་བཏབ་པ་བཞིན་རྩོལ་མེད་དུ་འབྱུང་བ་འདི་བྲོད་པར་འདུག །རབ་ལ་སྐྱེ་ཚུལ་ 2-1-406 དེ་ལྟ་མོད་ནའང༌། གཞན་འཁྲིད་དུས་འདི་བཞིན་གྱིས་གསུང༌། ཆེན་པོ་གསུམ་སྒོམ་པ། ཕལ་ ཉམས་རྟགས་ཀྱི་རྩལ་ངར་ཆུངས་པས། གོ་ཡུལ་གཤིས་སྟེང་གོལ་ཏེ་སྒོ་གསུམ་ལུང་མ་བསྟན་ དུ་ལུས་པ་མང༌། ཐབས་ལམ་རྣམས་སྒོ་གསུམ་གཅུན་ཐབས་ཁ་གཟེ་ཞིང་རྣོ་བས། ཉམས་དང་ མཐོང་སྣང་མཚན་མ་མང་ཞིང་མྱུར་ཡང༌། གནས་ལུགས་རྟོགས་པའི་མཐའ་རྒྱ་མ་ཆོད་པར་ ཉམས་ལ་ཞེན་པས་གྲོལ་ཆ་ཆུང་བ་མང༌། དེས་ན་ཁྱུང་ནམ་འཕངས་ཐང་ཆོད་པ་གཤོག་པ་མ་ བརླབས་ཀྱང་རང་གནས་སུ་ངང་ཤུགས་ཀྱིས་འགྲོ་ནའང༌། བརླབས་པས་བདེ་མྱུར་དུ་ཕྱིན་པ་ ལྟར། གོ་ཡུལ་ཉམས་དང་མཚན་མས་མ་བཅིངས་པར་རྟོགས་པའི་རྩལ་ཕྱོགས་མེད་དུ་རྒྱས་ ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་རྩོལ་མེད་ཅིག་ཅར་དུ་ རང་རྒྱུད་ལ་ཕུངས་ཀྱིས་འཆར་བའི་ཐབས་ཅིག་དགོས་ཏེ། ཐབས་ལམ་གྱི་གནད་ཟབ་མོས་ གཅུན་པ། གནས་ལུགས་དང་ཐབས་ལམ་གཅིག་གེགས་གཅིག་གིས་སེལ། གཅིག་བོགས་ གཅིག་གིས་འབྱིན། ཟུང་འབྲེལ་དུ་བྱས་པས། བཟོད་རྟེན་འབྲེལ་ཐམས་ཅད་རང་འགྲིག་ལ་ སོང་སྟེ། ཞི་ལྷག །མཉམ་རྗེས། མཉམ་རྟོགས། ཐམས་ཅད་དབྱེར་མེད་ཟུང་དུ་ཚུད་ཅིང༌། ལམ་རྩོལ་མེད་བཞིན་དུ་བདེ་མྱུར་གྱིས། འབྲས་བུ་ལྷུན་གྲུབ་ལ་ཚེགས་མེད་གསུངས་ནས། གསང་འདུས་བདག་མེད་མ་ལ་སོགས་ཀྱི་མཆོག་དབང་རྣམས་མཛད་དེ། རིམ་ལྔ། ཆོས་དྲུག། བསྲེ་འཕོ་བཀའ་གཏེར། ལམ་འབྲས། སྒོམ་དྲུག་ལ་སོགས། ཐབས་ལམ་གྱི་གནད་ཡང་དག་ པ་མང་པོ་གནང་སྟེ། འཁྲིད་མཛད། གཞན་ཡང་རི་ཆོས། གེགས་སེལ། རྐྱེན་སྤྱོད་པ། གྲོགས་ དམ་ཚིག་གི་བླང་དོར། རྣལ་འབྱོར་ལམ་གྱི་སྐྱེ་ཚུལ། འབྲས་བུ་སངས་རྒྱས་ཀྱི་བཞུགས་ཚུལ་ ལ་སོགས་པས་མཐའ་བརྒྱན་པ་གནང་ནས། ཅི་ཕོད་འདུག་གསུང༌། ཀུན་བཟང་རིན་པོ་ཆེའི་ མཎྜལ་ཕུལ་ཏེ། བཀའ་དྲིན་གསོལ་བའི་མཇུག་ཏུ། གནས་པ་རྩ་ཡི་དེ་ཉིད་ཤེས། །གཡོ་བ་ རླུང་ལ་རང་དབང་ཐོབ། །བཀོད་པ་བྱང་ཆུབ་སེམས་ཀྱིས་བརྒྱན། །ལུས་ངག་སེམས་ནི་བདེ་ 2-1-407 གསལ་སྟོང༌། །རྒྱུ་ལམ་འབྲས་བུའི་བཞུགས་ཚུལ་ངེས། །ཞུས་པས། ཚིམ་མམ། དོན་མཐར་ ཐུག་དེ་ལས་ལྷག་པའི་ཚུལ། །དུས་གསུམ་སངས་རྒྱས་བྱོན་ཀྱང་མེད། །འོ་ཅག་ལ་བཀའ་ བརྒྱུད་ཀྱི་བྱིན་རླབས་དེ་ཙུག་ཏུ་ཡོད་པ་ཡིན་ཏེ། ད་འུར་གྱིས་སོང་བ་ཡིན། འོ་ཅག་ཕ་བུ་ལ་དེ་ ཙམ་རེ་སྟེ་རེ་སར་བྱུང༌། གསུངས་ནས་ཤིན་ཏུ་མཉེས། དེ་ཡི་ཚེ་ཡབ་སྲས་གཉིས་དགོངས་པ་ དབྱེར་མེད་དུ་འདྲེས་སོ། །ངེས་པའི་ཤེས་པ་ཆེན་པོ་སྐྱེས་ཏེ། བླ་མ་ལ་སངས་རྒྱས་པས་ལྷག་ པའི་འདུ་ཤེས་ཀྱི་མོས་གུས་རྒྱུན་མ་ཆད་པ་བྱུང་གསུང་ངོ༌། ། དུས་ཅིག་ན་མཁན་པོ་འཕགས་གྲགས་ཀྱིས་འདུས་པ་བསྙེན་བཀུར་ཏེ། རྫོགས་ཆེན་གྱི་ བཀའ་ལུང་ཞུས་པས། ཁོ་བོ་ལ་ཆེད་དུ་གཟིགས་ཏེ། འདི་ནི་སྐྱེས་བུ་ཆེན་པོ་ཡིན། །འདི་ནི་ སྐྱེས་བུ་དམ་པ་ཡིན། །ང་ཡི་རྟོགས་ཚུལ་ཁོ་ལ་ཡོད། །ཕྱི་རབས་དོན་གཉེར་ཁོ་ལ་དྲིས། །ཐོས་ བསམ་བསྒོམ་པ་ཅིག་ཅར་གྲུབ་པའི་སྐལ་ལྡན། ང་ཡིས་མདོ་རྒྱུད་བསྟན་བཅོས་མཐའ་དག་ གི་ལྡེ་མིག་གཏད་ཟིན་གྱིས། ལྡེ་མིག་རྣམས་ཆོངས་ལ། གཞོན་དུས་གཞན་དང་གཞན་དུའང༌། བཤེས་གཉེན་ཕྱོགས་མེད་གྲངས་མེད་བསྟེན་ལ། ཐེག་པ་མཐའ་དག་གི་ལུང་ནོད་ཅིག །ལྟོས་ ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས། ཚུལ་བཞིན་དུ་ཡིད་ལ་བྱེད་པས་ དུས་འདའ་བས། སྡེ་སྣོད་དང་རྒྱུད་སྡེ་ཐམས་ཅད་ཀྱི་སྒོ་ཕྱེ་ལ། འདོད་དགུ་འབྱུང་བའི་ནོར་ བུ་རྣམས། གདུལ་བྱའི་སེམས་ཅན་ཕྱོགས་མེད་གྲངས་མེད་རང་རང་སྐལ་བ་དང་འཚམ་པར་ བྲིམས་ཤིག །སྙིང་པོ་བསྡུས་པའི་ལྡེ་མིག་གིས། །སྒོ་ལྕགས་བརྩན་ཡང་ཕྱེད་དེ་མཆི། །ཐོག་ མར་ངེས་ཤེས་སྐྱེས་ནའང༌། །ད་དུང་རྒྱུ་མཚན་ཕྱི་ནས་སོམས། །དེ་ལྟར་བྱས་ན་ཐུབ་བསྟན་ དང༌། །སེམས་ཅན་ཀུན་ལ་ཕན་པ་བྱས། །ང་ཡིས་འབད་པའང་དོན་དང་བཅས། །དེ་རིང་ཁོ་ བོའི་བསམ་པ་རྫོགས། །གསུང་སྟེ། བཤད་ཆོས་མཚེངས་མེད་དེ་ལ་རྟེན། དེའི་ཚེ་དྲུག་ཅུ་རྩ་ གཅིག་པའི་ཆགས་ལ་ཞབས་ཅུང་བསྙུང་སྟེ། འཁོར་རྣམས་ཀྱིས་རིམ་གྲོ་ཞུས་པས། 2-1-408 དུས་ལ་བབ་ན་གང་ཡང་མི་ཕན་གསུངས་ནས་མ་གནང༌། སྒོམ་ཆེན་པས་རྐྱེན་བོགས་ སུ་གདོན་དགོས་གསུང་སྟེ། ཐུགས་དམ་ལ་བཞུགས་པས་མོད་ལ་གདངས། འགལ་རྐྱེན་དང༌། དགེ་སྦྱོར་སྲེ་བ་འདི་བོགས་ཆེ་བ་ཡིན། ད་རེས་མི་འཆི་འམ། འཆི་ན་འཆི་བ་བོགས་སུ་འདོན་ པ་ཡིན། དེ་བས་ཀྱང༌། རྩོལ་བྱས་མཚེངས་མེད་འདི་བས། རྩོལ་མེད་ཕྱོགས་མེད་ཀྱི་འགྲོ་ དོན་ཅིག་འགྲུབ་པའི་ཆེད་དུ། ལོ་གསུམ་དབེན་པར་ཞལ་གྱིས་བཞེས་ཏེ། (བླ་མ་ཆེན་པོ་)ཡང་ དགོན་དུ་བཞུགས་སོ། །དེར་(ཉིད་ཀྱིས་)དོན་གཉེར་རྣམས་ལ་ཆོས་ཅི་རིགས་པ་གསུངས་ཤིང༌། སབློ་དཔནོ་འགར་ལ། སྤྱོད་ཕྱོགས་འགའ་ཞིག་དང༌། བཀའ་གདམས་ཐོར་བུ་པ་དང༌། གོང་ མའི་དྲུང་ནས་མ་ཐོས་པ་ཁ་འཐོར་པ་དང༌། སྔགས་ཀྱི་བསྒྲུབ་ཕྲན་མང་ཞིག་དང༌། འགར་གྱི་ ཉལ་བ་རྣམ་གསུམ་ལ་སོགས་བརྩམས་ཆོས་ལེགས་པོ་འགའ་ཟུང་ཞུས་སོ། །ལོ་གསུམ་དུ་ ཉེ་བ་ན། སྤྱན་སྔ་བས་ཆབ་བླན་ཏེ། ནག་ཚང་འཇུག་པ་ན། གཡམ་པའི་བྱ་འདབས་སྟེང་ན་ བྱོན་སྣང༌། ཅི་འདག་པ་བཤིག་གྲང༌། ཆུ་བསྐྱལ་ཏེ། ཕྱག་འཚལ་སེམས་པས་མི་སྣང༌། སྒོའང་ མ་ཞིག་པར་ནང་ན་མགུར་ལེན་ཞིང་གྲགས། གསོལ་བུག་སྒོར་འདྲེན་ཚེ། ཕྱི་ན་གདའ་བ་ཇི་ ལྟར་བྱོན། ཕྱི་ན་མ་ཡིན་ནང་ན་མིན། །གཉི་ག་མ་ཡིན་གཉིས་མེད་མིན། །གཅིག་པ་མ་ཡིན་ དུ་མ་མིན། །སྣང་བ་མ་ཡིན་སྟོང་པ་མིན། །སྐྱ་བོ་མ་ཡིན་བཙུན་པ་མིན། །སྔགས་པ་མ་ ཡིན་བོན་པོ་མིན། །དེ་འདྲའི་རྣལ་འབྱོར་སྨྱོན་པ་ཞིག །གསེར་སྡིངས་དབེན་གནས་འདི་ན་ འདུག །ང་ཡིས་ཁྱོད་ལ་ལན་མ་འབྱོར། །ཁྱོད་ཀྱིས་ང་ལ་ཅིར་མཐོང་ཀཱཻ། །དེ་ལྟ་ན་འདག་ པ་གཤིག་པར་ཞུ། དགག་སྒྲུབ་མེད་དོ། །བཤིག་སྟེ་ཕྱིར་བྱོན་ཏོ། །(དུས་གསུམ་སངས་རྒྱས་རྣམ་ འཕྲུལ་གསེར་སྡིངས་པ། །མདོ་རྒྱུད་ལྟ་དགོངས་མཐར་ཐུག་རྣམ་འཕྲུལ་ཆེ། །གྲུབ་ཐོབ་ཆེན་པོ་དེ་ཡི་རྣམ་འཕྲུལ་ ལས། །གཉིས་སུ་མེད་བཞིན་འགྲོ་དོན་རྣམ་པར་འཕྲུལ། །)དེ་ལྟར་ཡབ་ཀྱི་ཆོས་ལུགས་རྣམས་གཏད་ཅིང་ མཁྱེན་པའི་རིམ་པ་དང་པོའོ།། །། 2-1-409 ༈ དེ་ནས་དེའི་ཚེ་བཤེས་གཉེན་གཙང་དྲུག་ཉང་རོ་ཀླུངས་ལ་མི་ཐོག་སྦྲེས་ཤིང་གྲགས་ པ་ཆེ་ནའང༌། ཧ་ཅང་སྦྲེས་ཆེས་པས་ཡོན་ཏན་ཆོད་ཆེན་མི་འོང་བར་མཁྱེན་ནས། ཐོག་མར་ ལུང་རིགས་ཀྱི་དབང་ཕྱུག་ཆེན་པོ་འཇམ་གསར་དང་(སྐྱེ་བ་དུ་མ་ནས་)ལས་འབྲེལ་ཡོད་པས་ སོང་ཅིག །བག་མེད་པ་མ་བྱེད་པར་ཆོས་ཅི་ཐོབ་པ་གྱིས་ཤིག། དོན་ཤིན་ཏུ་ཆེན་པོ་དང་ལྡན་ ནོ། །ཞེས་བརྫངས་ཏེ། ཆོས་རྗེ་པའི་དྲུང་དུ། གཤིན་རྗེ་གཤེད་དམར་གྱི་དབང་(ཀྱི་མཁར་)གྲུ་ ཁང་དུ་ཞུས་པའི་ཚེ། བླ་མ་གཤིན་རྗེ་གཤེད་དམར་དུ་གཟིགས། གཞན་ཡང་དབང་བྱིན་ རླབས་ལུང་རིགས་མན་ངག་མཐའ་ཡས་པར་གསན། མ་ཅིག་ཆ་རྐྱེན་གྱིས་བྲེལ་བས། ཁྲོན་ ཁུང་ནའི་རྩ་གཅུས་ཤིང༌། ཚོང་པ་(འདིའི་མཚམས་སུ་མ་དཔེ་ལྡེབ་བཅུ་གཉིས་པ་ཆད། )སུ། ངས་བྱས་ པ་བཞིན། ལུས་གནད་ཆོས་ལ་ཡིད་ཅི་ཡང་འཛིན་མེད་དུ་ཞོག་གསུང་བའི་མོད་ལ། འགྱུ་ བ་ཆུ་ཆད་རང་ཐག་གམ། །གཟུང་འཛིན་སྤྲིན་བྲལ་མཁའ་བཞིན་དག །མཐོང་སྣང་ལྷ་ཁང་ གཟུགས་བརྙན་ནམ། །ཉམས་སྣང་མེ་ལོང་གཟུགས་བརྙན་བཞིན། །བདེ་སྟོང་ལྐུགས་པའི་རྨི་ ལམ་མམ། །གཞོན་ནུ་མ་ཡི་བདེ་མྱོང་བཞིན། །བདེ་གསལ་མི་རྟོག་དབྱེར་མེད་དུ། །ཅིག་ཅར་ ལྷུན་གྲུབ་ཨེ་མ་མཚར། །ཕྱིས་སྒོམ་ཁང་དུ་བསྒོམས་པས། ཉམས་རྟོགས་འུར་ལངས་པ་བྱུང་ སྟེ། ཞུས་པས། གསལ་བ་རབ་ཀྱི་མཐར་ཕྱིན་གདའ་བ། གཞན་གྱི་སྙིང་རུས་ལ། འོ་ཅག་གི་ གདམས་ངག་འདི་ཡོད་ན། ལུང་པ་གྲུབ་ཐོབ་ཀྱིས་དགང་དུ་ཡོད་དེ་གསུང༌། ཆོས་གསུང་བ་ ན། ཐུབ་པ་དང༌། རེས་འཇམ་དབྱངས་ལ་སོགས་པར། ཆོས་རྗེ་པ་མཐོང་བ་བྱུང༌། སྔ་སྒྲོས་ ཕྱི་སྒྲོས་མི་གཅིག་པ་འགའ་རེ་གདའ་ཞུས་པས། ངས་ཏིང་ངེ་འཛིན་གང་ལ་བཞག་པ་ལྟར་ མཐོང་བར་འདུག་པ། གཞན་ལ་མ་གླེང༌། སྔར་མ་ངེས་པའི་སྒྲོས་འགྱུར་བ་ཨནེ་ཙམ་ཡདོ་ གསུང༌། དེའི་རེས་ལའང་རྒྱུད་འགྲེལ་སྲན་སྐོར་དང་བཅས་པ་རྒྱས་པར་གསུངས། ཕྱིས་སྤུར་ མཆོད་ཀྱི་ཚེ། བླ་མ་ཆོས་རྗེ་པ་དང་པོ་སངས་རྒྱས་ཀྱི་ཐུགས་དམ་ལ་བཞུགས་ཀྱིན་གདའ་བ་ 2-1-410 ལ། གཞན་གྱི་ཆོ་ང་འདི་ཅི་ཡིན་ན་སྙམ་པ་བྱུང༌། དང་པོ་མཇལ་བ་ནས། མཐར་གཤེགས་ཀྱི་ བར་དུ། ཐ་མལ་གྱི་འདུ་ཤེས་སྐད་ཅིག་ཀྱང་མ་སྐྱེས་གསུང༌། ནམ་མཇལ་རེས་ཟབ་པ་དང་ རྒྱ་ཆེ་བའི་དྲིས་རྨེད་མང་དུ་ཞུས། ཤིན་ཏུ་མཉེས་པ་ཞིག་བྱུང༌། ཕྱིས་རྨི་ལམ་དུའང་ཡང་ཡང་ བྱོན་ནས། ཆོས་མང་པོ་གསུངས་པའི་སྣང་བ་བྱུང༌། ཆོས་རྗེ་འཇམ་གསར་གྱི་གསུང་གླེང་ནམ་ བྱོན་པ་ན། རང་དབང་མེད་པར་སྤྱན་ཆབ་དང་བཅས་པ་འབའ་ཞིག་མཐོང་ངོ༌། །གཞན་ ཡང་མཁན་ཆེན་པ་ལ་སྟོད་བྱོན་པ་ན་མཇལ་བར་བཞེད་དེ། དེའི་ཚེ་ཆུ་ཞལ་གྱི་འཁྲུག་ལོང་ལ་ སོགས་ལམ་མི་བདེ་བས། ཆུ་མིག་འདུལ་གྲ་བ་ནུས་པ་ཆེ་སྟེ། ལམ་སྲུང་ཞུ་བ་དང་ལྷན་ཅིག། ཆོས་འབྲེལ་ཞིག་ཞུ་དགོངས་ཏེ། འདུལ་བའི་བྱུང་ཚུལ་ཐོན་པའི་སྐབས་སུ་བབ་སྟེ། ཐུན་ ཤས་གསན་ཅིང་ཞག་སའི་གྲྭ་པའི་དཔེ་གཟིགས་པ་ཙམ་གྱིས། ཐུགས་ལ་ཐོན་པར་དགོངས་ ནས། ཞུས་པས། ཁྱེད་རང་དཔྱོད་ཅིག །ཅེས་སོ། །ཇོ་སྲས་ཤེས་རབ་འོད་ཟེར་ལ་གླེངས་པས། ས་མདུད་སྐྱེ་བོ་དུ་མའི་བསྟི་གནས་འདིར། སྨ་བབ་ཉོ་བ་ལ་དུས་མ་ཆེ་བར། བཤུལ་རིང་ བགྲོད་པ་སྐབས་སུ་བབ་ཀྱིས། མ་དགོངས་པའི་ཐུབ་གཅོད་འདི་བཏང་ན་ལེགས་སོ། །ཁོ་ བོས་མ་བསམས་པར་བྱ་བ་ལ་ཞུགས་པ་མ་དྲན་གྱིས། ངའི་དགེ་བ་ལ་སྐབས་འགོག་པའང་ མི་རིགས་པས། ཐོག་མར་བསྙེན་བཀུར་བའི་ཆ་རྐྱེན་ལོང་དང༌། མངོན་པར་འགྱུར་གྱིས། དེ་ ལྟ་ན་བསྒྲུབ་པར་བས་སོ་ཞེས་ཏེ། དགེ་འདུན་བསྙེན་བཀུར་ནས། བཤེས་གཉེན་ཤཱཀ་གྲུབ་ ཀྱིས་ཆོས་རྗེས་བཤད་པ་ན། ཀུན་ཧ་ལས་ཏེ། དགེ་བཤེས་རྫུ་བག་པ་འདིས། རང་གི་གནས་ སུ་གླེགས་བམ་ཁོང་དུ་ཆུད་པར་བྱས་ནས། སྙན་པ་ཚོལ་བ་ཞིག་གོ། ཞེས་དང༌། ལ་ལ་ནི་རུམ་ དུ་དཔེ་བཅུག་སྟེ། ཚུལ་འཆོས་པ་ཞིག་གོ། ཞེས་དར་དིར་གླེང་བའི་ཚུལ་མཐར་གྱིས་གསན་ ཏེ། སྙེམས་སུ་ཆོས་(གཞི་)བཏེགས་པ་ན། མཚན་མོ་ཀུན་དགའ་ར་བར་གསུངས། བློ་ཡངས་ པ་ཁ་ཅིག་གིས་གཞུང་སྔར་ཁོང་དུ་ཆུད་ཀྱང༌། སྒྲོས་ལ་བརྟག་གོ། ཞེས་ལྐོག་ནས་མཉན་པས་ 2-1-411 ལྷག་ཆད་མེད་དེ། སླར་རང་གི་མལ་དོང་བ་ན། དེ་འདྲ་བའི་བློ་གྲོས་མཚུངས་པ་མེད་པ། ཁོ་ བོ་ཅག་ལའང་ཡོད་ནའང་རུང་སྟེ། ཞེས་སྨོན་ཞིང་གླེང་ངོ༌། །ལེགས་པར་གྲུབ་པ་དང༌། སླར་ ཡང་ཇ་དང་ཟང་ཟིང་གིས་བསྙེན་བཀུར་ཏེ། ཞར་ཆོས་པ་རྣམས་ལ། ངས་བཤད་པ་ལ་སྐྱོན་ ཡོད་པར་སེམས་ན། དགག་སྒྲུབ་བྱའོ་ཞེས་པ་ན། སྤོབས་པ་མེད་དེ། བཅོམ་བསྐྱུངས་ནས་ མགོ་སྨད་དེ་འདུག་གོ། ཆོས་གཞི་རྒྱ་མཚོར་བློ་གསལ་རྒྱ་མཚོའི་ཀློང༌། །ལུང་དོན་རྒྱ་མཚོ་ཐུགས་རབ་རྒྱ་མཚོས་ བླངས། །བཤད་ཁྲིམས་རྒྱ་མཚོས་གཞན་རྒྱུད་རྒྱ་མཚོར་བལྟམ། །གྲྭ་ས་རྒྱ་མཚོ་ཤེས་རབ་ རྒྱ་མཚོས་བསྟོད། །བཤེས་གཉེན་པས་འདུལ་གྲྭ་ཆེན་པོ་འདིར། ཁྱེད་པས་ཐུགས་རབ་ཆེ་ བ་མ་བྱུང༌། ཞེས་བསྔགས་ཤིང་རྫོང་བ་གནང༌། བཀའ་དྲིན་གསོལ་ནས་ལམ་སྲུང་ཞུས་ཏེ། གྲང་པོ་ལུང་ག་ལ་བར་སོང་བ་ན། དགེ་འདུན་རྣམས་དོན་ཞགས་ཀྱི་སྦྱོར་བ་ལ་ཞུགས་པ་དང་ མཚུངས་ཏེ། བཤེས་གཉེན་འཇམ་རྒྱལ་ལ། བདག་ཉིད་ཆེན་པོ་འདིས་ཀྱང༌། དེ་ཉིད་བཅུ་ དྲུག་ཞུས་ཏེ། བསྙུང་བར་གནས་པའི་ཚེ། ཐོ་རངས་ཐུན་ཅིག་མནལ་ལམ་ན། གྲུ་འཛིན་ནས་ བྱོན་པའི་སྐྱེས་བུ་དཀར་པོ་མང་པོ་ལ། རབ་ཏུ་བྱུང་བ་རྣམས་བསུ་བའི་ཚུལ་ལ་བྲེལ་ཞིང༌། ཁོ་ བོས་ཀྱང་མཆོད་པ་རྒྱ་ཆེན་ཕུལ་བ་ན། སྤྱི་བོར་ཕྱག་གིས་ཉུག་པར་མཛད་དེ། སླར་གཤེགས་ པ་རྨི། སད་པ་ན། སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་གྲགས་ན། རྒྱུ་མཚན་ཞིག་གོ་ངེས་ཏེ། གཟུངས་རྟོག་པ་ཡན་ལག །སྨན་བླའི་མདོ་ཆོག་ལ་སོགས་མང་དུ་ཞུས། ཐུགས་རྗེའི་ཞིང་ཁམས་ཁ་བ་ཅན་ལྗོངས་འདིར། །ཐུགས་རྗེའི་མཛད་པ་རབ་གསལ་ སྐྱེ་བོའི་མགོན། །ཐུགས་རྗེའི་རྣམ་འཕྲུལ་རབ་མང་གྲང་ལུང་པ། །ཐུགས་རྗེ་ཆེ་ཞེས་བསྟོད་ནས་ ཕྱོགས་གཞན་དོང༌། །ཁྲོ་ཕུར་སོང་སོང་བ་དང༌། བཤེས་གཉེན་གཟད་པ་ཤངས་སུ་ཆོས་གཞི་ བཏེག་པས་དུས་མ་མཚུངས་ཏེ། བྱེ་སྐྱིད་པ་སྦྱིན་སེང༌། མངོན་པ་ཀུན་ལས་བཏུས་སྟོན་ 2-1-412 ཆོས་ཐུན་འགའ་སོང་བ་ཞིག་དང་མཚུངས་པས། སྔར་མདོ་རྩ་བཞིན་བཤད། ཕུང་པོ་ལྔའི་ རབ་བྱེད་རྩ་འགྲེལ་ལ་སོགས་མང་ཞིག་གསན་ཏེ། བསྔགས་པ་གནང༌། བཀའ་དྲིན་གསོལ་ ཏེ། ལྷག་བསམ་ཤེས་རབ་བསྐྲུན་པའི་སྡེ་སྣོད་མཆོག །ཕུང་ཁམས་སྐྱེ་མཆེད་ཕྱི་ནང་གཏན་ ལ་འབེབས། །ལེགས་གསུངས་བསླབ་གསུམ་རབ་བསྲས་བྱེ་སྐྱིད་པ། །སྦྱིན་པའི་མཚན་ཅན་ མཁས་པ་ཆེན་པོ་དེ། །བསྟོད་དེ་བསྙེན་བཀུར་ལེགས་དཔྱད་བཤད་དེ་སོང༌། །མཐར་གྱིས་ མཁན་ཆེན་པའི་དྲུང་དུ་ཕྱིན་པ་ན། ཕྱག་འཚལ་ནས་སྐབས་ཀྱི་གླེང་ལངས་པ་ན། ལམ་གྱིས་ མ་དུབ་པས། ལམ་དུ་འདི་ལྟར་རོ་ཞེས། འདུལ་བ་རྒྱ་མཚོ་དམ་ཆོས་མངོན་པ་ལ། །ལམ་ཞར་ལན་རེ་ཐོས་ཙམ་མཁས་པའི་གྲར། ། ཚིག་དོན་མ་ལུས་ཕྲིན་བཞིན་རྩོལ་མེད་བསྙད། །བག་ཆགས་ནམ་ལངས་གཉིད་ཐུམ་སད་ པ་སྙམ། ། ཞུས་པ་དང༌། སྐྱེས་བུ་ཆེན་པོ་མཉམ་པ་མེད་དོ། །ཞེས་ཐལ་མོ་སྦྱར་རོ། །དེ་ལྟར་ལོ་ གཉིས་ཀྱི་བར་ལ་དཀའ་པོད་བཞི་ཡན་ལག་དང་བཅས་པ་མཁྱེན་པར་མཛད་པའི་རིམ་པ་ གཉིས་པའོ།། །། ༈ དེ་ནས། སློབ་དཔོན་གསང་ལྡན་ལ་གསང་སྐོར་རྣམས་གསན། བཤེས་གཉེན་ པད་རིན་དང༌། ཆོས་རྒྱལ་ལའང་ཆོས་ཕྲན་ཅི་རིགས་གསན། ཕར་ཡང་ཕུལ་ཏེ། སླར་རང་ གི་དགོན་པར་བྱོན་པའི་ལམ་དུ། སྟག་ཐོག་ན། ས་སྐྱ་པཎ་ཆེན་ཆོས་འཁོར་མཛད་པ་དང་ མཚུངས་པས། ཚོགས་ཆོས་རྒྱལ་སྲས་ལམ་བཟང་དང༌། གྲྭ་ཆོས་བདེ་དགེས་ལ་སོགས་ བཤད་སྒྲུབ་མང་ཞིག་དང༌། སྒྲ་དང་(ཚད་མ་)སྙན་ངག་སྡེབ་སྦྱོར་ལ་སོགས་ཉིད་ཀྱི་ཡིག་ཆ་ དང༌། རྒྱ་གཞུང་མང་དུ་གསུང་བ་རྣམས་གསན། ལུང་རིགས་ལ་དྲི་བ་མང་དུ་ཞུས། འཇམ་ དབྱངས་རྣམ་འཕྲུལ་གངས་ཅན་གདུལ་དོན་བྱོན། །ལྔ་རིག་རྒྱལ་པོ་ས་སྐྱ་པ་ཞེས་གྲགས། ། 2-1-413 སྙིགས་དུས་ཞིང་འདིར་ཆོས་དང་ཆོས་མིན་ལ། །ལུང་རིགས་བྱེ་བ་ཕྲག་བརྒྱའི་རྣམ་དབྱེ་ ཡིས། །ཉི་འོད་གཟི་ལྡན་རྒྱས་བཞིན་གསལ་བར་མཛད། །ཁྱེད་ཞབས་ཟེ་འབྲུར་མགོ་བཏུད་ ལེགས་བཤད་སྒྲ། །རྣར་ལྷུང་ཁོ་བོའི་སྙིང་ལ་ཁྱབ་པ་སྙམ། །མཁྱེན་བརྩེ་ལྡན་ཁྱོད་ད་དུང་ བསྐྱབ་པའི་རིགས། །ཞེས་མཚུངས་པ་མེད་པའི་མཁྱེན་རབ་ལ་བསྔགས་པ་ཞུས། སླར་རང་ ཉིད་ལའང༌། མང་ཐོས་ཤེས་རབ་ཕ་རོལ་ཕྱིན་པ་ཁྱོད། །ཚེ་སྔོན་སྦྱངས་ཕྱིར་ཚེ་འདིར་རྩོལ་ མེད་ལྡན། །ང་འདྲ་མཁས་པའི་ཐད་དུ་འདུག་འདུག་གམ། །མོད་ལ་འཁོར་ནས་གླེང་ལངས་ བྱ་བའི་རིགས། །ཞེས་རང་ཉིད་ལའང་ཤིན་ཏུ་མཉེས་ཏེ། ཕྱིས་ཤོག་གསུང་ངོ༌། །(པཎྜི་ཏ་བི་བྷུ་ ཏ་ཙནྡྲ་ལ། རྡོ་རྗེ་ཕྲེང་བ་སྐོར་གསུམ་དང༌། བདེ་མཆོག་མང་པོ་དང༌། ཁ་ཆེ་སང་གྷ་ཤྲཱི་ལ། རྡོར་ཕྲེང་གི་དབང་ཅུང་ མ་ཚང་བ་ཉེར་ལྔ་ཙམ་དང༌། སྒྲ་མདོ་ཁ་ཅིག་དང༌། )ཡང་དཔྱལ་ལོ་ཙཱ་བ་ཆེན་པོ་ཆོས་བཟང་གི་དྲུང་དང༌། བླ་མ་པད་མོ་ཅན་པ་ལ། བདེ་དགེས་ཕག་མོ་ལ་སོགས་དཔྱལ་ལུགས་མ་ལུས་པར་གསན། ལས་དྲུག་པ་མཁས་བཙུན་ཤཱཀྱ་དར་དང༌། མཁན་ཆེན་གནས་རྙིང་པ་ལ། འཇམ་དཔལ་ འགྲེལ་ཆེན་ལ་སོགས། མདོ། རྒྱུད། འགྲེལ། བསྒྲུབ། མན་ངག་དཔག་ཏུ་མེད་པ་དང༌། རྒྱུད་ སྡེ་བཞི་ལ་མཁས་ཆེན་སྲིའུ་ཆུང་བ། འཇམ་དབྱངས་སྨྲ་བའི་སེང་གེ་དང་གཉིས་སུ་མེད་པ། ལྕེ་སྟོན་མདོ་སྡེ་སེང་གེའི་དྲུང་དུ། དེ་ཉིད་འདུས་པ་རྩ་འགྲེལ་ལ་སོགས་པ། རྒྱུད་འགྲེལ་མན་ ངག་ཕྱག་བཞེས། ཕྱི་ནང་མཐའ་ཡས་པ་དང༌། (བླ་མ་མི་འགྱུར་ལ། ཡོ་ག་རྙིང་མ་མདོ་སྒྱུ་འཕྲུལ་སེམས་ ཕྱོགས། རྫོགས་ཆེན་མང་པོ་དང༌། )བླ་མ་སྐྲང་དཔེ་པ་ལ། བརྟག་གཉིས་ལྕེ་ལུགས། ཐིག་ལེ་སྐོར་ལྔ་ ལ་སོགས། མདོ་རྒྱུད་འགྲེལ་སྒྲུབ་མཐའ་ཡས་པ་དང༌། བླ་མ་སྟོན་མོ་ལུང་པ་མཁས་ཆེན་དེ་ ལ། གསང་འདུས་མར་ལུགས། ཡེ་ཤེས་ཞབས་ལུགས་ལ་སོགས། རྒྱུད་འགྲེལ་དབང་སྒྲུབ་ མང་པོ་དང༌། (ཆོས་རྗེ་ལོ་རས་ལ། འབྲུག་སྐོར་མ་ལུས་པ་དང༌། )བསམ་གླིང་པ་ཆོས་རྗེ་རྟོག་གི་དྲུང་ དུ། སེམས་བསྐྱེད་ཀྱི་ཞུ་བ་པོ་མཛད་ཅིང༌། མན་ངག་ཅི་རིགས་དང༌། མཇུགས་པ་གྲེས་ཁའི་ 2-1-414 བླ་མ་རྟག་པའི་དྲུང་དུ། གསང་འདུས་སྟོག་ལུགས་བཤད་རྒྱུད་དང་བཅས་པ་ཤིན་ཏུ་བྱང་སྟེ། སྤྱན་ཅུང་ཟད་འགྲིབས་ནའང༌། དཔེ་འཛིན་མཛད་ཀྱིན་གསན། ཡང༌། ས་སྐྱ་པཎ་ཆེན་རྒྱ་ ཡུལ་གཤེགས་ཞེས་གསན་ནས། བྱོན་པ་ན། (མང་མཁར་)དྲིལ་ཆེན་པེ་དམར་དུ་སེམས་བསྐྱེད་ གསུང་བ་དང་མཇལ་ཏེ། ཉིད་ཀྱི་ཚད་མ་རིགས་གཏེར་ཞུས་ཤིང༌། (ཀློག་འཛིན་མཛད། )ནགས་ ཕུག་ཏུ། ཀྱེའི་རྡོ་རྗེའི་དབང་ཞུས། བྲག་རམ་དུ། ཀློག་འཛིན་པ་ཁྱེད་འདྲ་བ་སྔར་ཡོད་ན་ མཁོ་བར་བྱུང་བ་ལ་གསུང༌། སྙེ་མོ་གཞུའི་ཀུན་དགའ་ར་བའི་བར་དུ། ལུང་རིགས་མན་ངག་ དཔག་ཏུ་མེད་པ་གསན། དྲི་གཏུགས་མང་པོ་མཛད། ཞབས་ལ་གཏུགས་པའི་ཕྱག་འཚལ། སྤྱན་ཆབ་ཕྱུང་སྟེ། ཆོས་རྗེ་ཉི་འོད་རྒྱ་ནག་ཡུལ་བལྟམས་ན། །གངས་ཅན་སྐལ་ངན་མུན་ཁྲོད་ གྱུར་ལགས་ཁུམས། །སེམས་རྗེས་འབྲང་ནའང་འབྱུང་ལུས་ཕྱི་མ་ལུས། །ད་ནི་མཇལ་དཀའ་ ཞུ་དོན་མཁྱེན་པས་དགོངས། །གཙོར་ཉིད་སྐུ་ཁམས་འཚོ་ཞིང་གང་བཞུགས་དེར། །རྒྱ་བོད་ ལ་སོགས་མཉམ་ཉིད་ཕྱོགས་མེད་དགོངས། །མཁྱེན་བརྩེས་འདི་ཕྱི་མངོན་མཐོ་ངེས་ལེགས་ བཀོད། །ཐུབ་བསྟན་སྤེལ་ཞིང་མྱུར་དུ་བྱོན་ཞེས་ཞུ། །ཞེས་སོགས་ཞུས་པས། ཁོ་བོ་ལས་ དབང་གངས་རིའི་ཁྲོད་འདིར་སྐྱེས། །ད་ནི་དབང་མེད་རྒྱ་ཡུལ་འགྲོ་དགོས་ཐུག །ཐུབ་བསྟན་ གསལ་བར་འདོད་ནའང་དུས་ཉིད་ཀྱི། །དབང་གིས་དེ་དང་དེ་འདྲར་གྱུར་ཞིག་མོད། །ཁྱེད་ རྣམས་ཞུ་དོན་བགྱིད་ལྟར་བདག་ཀྱང་སྨོན། །ཐུབ་བསྟན་འགྲོ་བའི་དོན་ལ་ཁདྱེ་ཀྱང་དགསོ། ། འོ་སྐོལ་དག་པའི་སེམས་ཉིད་འབྲལ་མེད་ལགས། །དག་པའི་ཞིང་དུའང་མྱུར་དུ་མཇལ་ནས་ མཆི། །ཞེས་གསུངས་ཏེ། འབྲལ་མི་ཕོད་བཞིན་དུ་ཕྱི་ཕྱག་འཚལ་ཏེ། ཐུགས་སློང་ངེ་བ་ལ་ ལོག་བྱོན་གསུང་ངོ༌། །དེ་ལྟར་གཞན་ཡང་བླ་མ་འགྲོ་མགོན་ཆོས་རྒྱལ། མཁན་ཆེན་སྣར་ཐང་ པ་མཆིམས་ལ་སོགས་པ་ཕྱི་ནང་གསར་རྙིང་རྒྱ་བོད་ཀྱི་བླ་མ་དཔག་ཏུ་མེད་དེ། (དྲུང་པས་ཆོས་ འབྲེལ་ཞུས་པའི་བླ་མ་ཇི་ཙམ་བདོག་ཞུས་པས། ཆ་ལུང་གི་རྫ་ཆུང་མ་ལ་དཀའ་ཐུབ་ཆུ་འཐུང་ཞུས་པའི་བར་གྱི་བླ་མ་ 2-1-415 གྲངས་མེད་པ་ཙམ་བདོག་གསུང༌། ཐུགས་རབ་དང་ཡོན་ཏན་སུ་ལ་མཉེས། གཙོར་གང་ལ་མཛད་ཞུས་པས། སོ་ སོ་ལ་རང་རང་གི་ཡོན་ཏན་བསམ་གྱིས་མི་ཁྱབ། རྗེ་གོང་མ་དང༌། ཆོས་རྗེ་འཇམ་གསར། ཆོས་རྗེ་ས་སྐྱ་པཎ་ཆེན་ལ་ ཆོས་མཉན་པ་དང་གླེང་ལངས་ཞུས་པའི་ཐུགས་རབ་ཙམ་དཀོན་པར་གདའ། བདག་བླ་མ་ཀུན་གྱིས་བསྐྱངས། རྗེ་ གསེར་སྡིངས་པ་མཉམ་མེད་ལགས་གསུང༌། དེ་ལྟར་)བཤེས་གཉེན་མཁས་(བཙུན་བཟང་)པ་ཕལ་མོ་ཆེ་ ནི་བསྟེན། བཤད་ཆོས་སུ་གྲགས་པ་ཕལ་ཆེ་བ་ནི། ཐོས་ཤིང་གྲས་ཐག་ཆོད། བཙུན་པའི་དང་ ཚུགས་ནི་ལྷུར་ལེན། བཟང་པའི་མཐར་ཐུག་ཏུ་ནི་གྱུར། འཆད་རྩོད་རྩོམ་པ་ལ་ནི་སྤོབས་པ་ དགེ། ཐོས་བསམ་བསྒོམ་པ་ནི་གཅིག་(ཆར་)ཏུ་གྲུབ། ཇི་ལྟ་ཇི་སྙེད་པའི་ཤེས་བྱ་ཕལ་ཆེ་བ་ནི་ ཁོང་དུ་ཆུད། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་མཐར་ཐུག་པ་ནི་གཟིགས། ལུང་རིགས་རྣམ་ པར་གལྲོ་བའི་དབང་ཕྱུག་ཆེན་པོར་ནི་གྱུར་ཏེ། རིག་བྱེད་ཀུན་ལ་དེ་ནི་ཚངས་པ་བཞིན། །སྐྱེ་བོའི་དབུས་ན་བརྒྱ་བྱིན་མངོན་སུམ་ལྟར། ། ཀུན་ལ་དོན་དཔྱོད་ཕ་དང་འདྲ་བར་གྱུར། །ཐུབ་བསྟན་བྱ་བ་ཐུབ་པ་བཞིན་དུ་དགོངས། ། དེ་ལྟར་(རྒྱ་བོད་ཀྱི་)མཁས་གྲུབ་དཔག་ཏུ་མེད་པ་ལ་གྲོས་ཐག་བཅད་དེ། ཐུགས་དགོངས་ ཚིམ་པར་གྱུར་པའི་རིམ་པ་གསུམ་པའོ།། །། དཀའ་བ་སྤྱད་དེ་ཐོས་བསམ་གྱིས་(ལྷག་པ་)ཤེས་རབ་ཀྱི་བསླབ་པ་མཐར་ཕྱིན་པར་ མཛད་པའི་ལེའུ་སྟེ་(དྲུག་)བཞི་པའོ།། །། ༈ དེའི་ཚེ་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་དུ་སྙན་པའི་དྲིལ་ཆེན་པོས་ཁྱབ་སྟེ། དགེ་འདུན་ གྱི་སྡེ་ཆེན་འོང་འདོད་འདོད་པ་ན། ནག་པོའི་ཕྱོགས་རྣམས་ཀུན་ཏུ་འཁྲུགས་ཤིང༌། སྤྱོད་ཡུལ་ ལས་འདའ་བར་ཤེས་ནས། འཁོར་རྣམས་ཀྱི་འདུ་ཤེས་སྤྱོད་ལམ་ཕྱིན་ཅི་ལོག་ཏུ་བསྒྱུར་བ་ ན། ཀུན་ལ་བུ་བཞིན་གཟིགས་པའི་ཐུགས་རྗེ་ཆེན་པོས། ཞི་ཞིང་བཏུལ་བ་ཡིན་ཏེ། གང་གིས་ གནོད་པར་བྱས་ཀྱང་བདེ་བ་ཡི། །འབྱུང་གནས་བདེ་མཆོག་བླ་མ་ཆེན་པོ་དེས། །བདེ་བར་ 2-1-416 རྗེས་སུ་བསྐྱངས་ཕྱིར་དེ་ དག་ཀྱང༌། །མྱུར་དུ་བདེ་བའི་མཆོག་ལ་བཀོད་ཞིག་མོད། །བདུད་དང་བུའང་མཉམ་སྙོམས་ སུ་མཛད་པས། ཀུན་ཀྱང་ཕ་བཞིན་དུ་ལྟ་བར་གྱུར་ཏོ། །གཞན་ཡང༌། ཇོ་མོ་མདའ་མོ་སངས་ རྒྱས་འབུམ་གྱིས། འདོལ་ཆུང་དུ་ཆོས་འཁོར་ཆེན་པོ་བྱས་པའི་ཚེ། སྡེ་སྣོད་འཛིན་པ་མང་པོ་ ཚོགས་པའི་གྲར། ལུང་རིགས་ལ་འདྲི་བ་ཐམས་ཅད་ལ་ལན་ཐོགས་(པ་མེད་)པར་བཏབ་སྟེ། ལོག་རྟོག་ཐམས་ཅད་སུན་ཕྱུང༌། ཁ་ཅིག་འདྲི་རེས་སྐྱོང་རེས་བྱ་ཟེར་བ་ན། ལུང་རིགས་ཐེག་ པ་མཐའ་དག་ལ། འདྲི་བར་སུ་འདོད་ལ་ལན་བྱའོ། །ངས་དྲི་བ་དང་སྐྱོང་འགེགས་བྱ་བའི་ ཡུལ། ད་ལྟ་གངས་ཅན་ན་སུ་ཡོད་པ་ཡིན་གསུང༌། རྒོལ་དང་ཕྱིར་རྒོལ་འབེལ་གཏམ་རབ་ རྒྱས་ཚོགས་པའི་གྲར། །སྒྲུབ་དང་སུན་འབྱིན་སེང་གེའི་སྒྲ་ཆེན་འབྲུག་སྒྲ་ལྟར། །ལུང་རིགས་ གནམ་ལྕགས་དབལ་ཟེར་འབར་བའི་མཆེ་སྡེར་གྱིས། །ཕས་རྒོལ་གླང་པོའི་ཀླད་ཕོར་མོད་ ལ་བཀས་ཞེས་གྲགས། །ཞིང་འདིར་ཁྱོད་འདྲིན་དཀོན་མོད་ཆ་ཙམ་ཕོད་པའང་སུ། །དེ་སླད་ ཆེ་བའི་ཆེན་པོའི་བསྔགས་པས་འཇིག་རྟེན་ཁྱབ། །ཅེས་རྒོལ་བ་ངན་པའི་ལོག་རྟོག་ཐམས་ ཅད་ཚར་བཅད་དེ། ཡང་དག་པའི་རྟོགས་པ་ལ་བཀོད་པ་ཡིན་ནོ། །སྔོན་གྲོག་སྔོན་(ཀླུ་བདུད་) ཡུལ་མི་ལ་བབས་པ་ལ། སུ་ལ་འཇིགས་དྲིས་པས། གསེར་སྡིངས་པ་དེ་དུས་ཐམས་ཅད། མེ་ རི་ཁྲོ་བོ་གྲངས་མེད་པའི་དབུས་ན་ཁྲོ་གཟུགས་ཆེན་པོར་བཞུགས། ངེད་རྣམས་དེ་ལ་ཤིན་ཏུ་ འཇིགས་ཞེས་དང༌། གསེར་སྡིངས་ན་བཞུགས་ཚེ། ངས་ནད་པ་ལ་བསྲུང་སྐུད་བསྐུར་བ་དང༌། ལོ་ཏོག་སྲུང་བའི་རྒྱ་ལ་འཇིག་རྟེན་འདི་ན། མི་མ་ཡིན་སུ་མཐུ་ཆེའང་མ་འདའ་བར་སོང་ཅིག། གསུང་ཕྲིན་བསྐུར་བ་ཙམ་གྱིས་བཀའ་ཉན་ཞིང༌། ལེགས་ལྡན་མགོན་པོ་འཁོར་བཅས་ཅི་ བསྒོ་བ་ཉན་པ་དང༌། བདེ་མཆོག་ལཱུ་ཨི་པའི་དབང་མོ་ཆེའི། ལས་བྱེད་རྣམས་ཆང་ཐམས་ཅད་ ཉེས་ནས། བཏུང་འདོད་གཅིག་ཀྱང་མི་གདའ་བོ་ཞུས་པས། ངས་མ་བྱིན་གོང་དུ་ཆང་ཕུད་རྐུ་ 2-1-417 བའི་ལུགས་གར་ཡོད། མགོན་གཏོར་ལ་མོ་ཤོམས། ལེགས་ལྡན་གྱིས། འབྱུང་པོ་ཆང་རྐུན་ ཐམས་ཅད་སོགས་ལ། རྐུ་འཇལ་ས་ན་མར་ཆུག་གིས། ངའི་སྡང་མིག་ཐེངས་ཅིག་གི་ཇུན་ བཟོད་པར་དཀའོ། །ཞེས་བཀའ་སྩལ་བྱིན་པའི་མོད་ལ། ཆང་ཐམས་ཅད་རོ་ནུས་ཕུན་སུམ་ ཚོགས་ཏེ། ཀུན་ཀྱང་ཡ་མཚན་གྱི་དར་དིར་དུ་གླེང་བར་གྱུར་ཏོ། །འཇིག་རྟེན་འདི་ན་མཆོག་ ཏུ་ངོ་མཚར་རྒྱུ། །ཞི་རྒྱས་དབང་དྲག་འཕྲིན་ལས་ཐོགས་པ་མེད། །ལྷ་ཆེན་དཔལ་འབར་བྲན་ བཞིན་ལེགས་པར་འཁོལ། །མི་མིན་འབྱུང་པསོ་ཀླགས་རདྙེ་ག་ལ་འགྱུར། །འཇིག་རྟེན་འདི་ ན་མི་མ་ཡིན་དྲེགས་པ་(ཅན་)ཐམས་ཅད་བཏུལ་(ཞིང་མཐུ་སྟོབས་ཀྱི་དབང་ཕྱུག་ཆེན་པོར་གྱུར་)བ་ཡིན་ ནོ། །གཞན་ཡང༌། བདག་ཉིད་ཆེན་པོ་འདིས་སྔོན་ཉིད་དུ་བདུད་བཏུལ་ཟིན་ཅིང༌། འདིར་རྣམ་ འཕྲུལ་དུ་བྱོན་པས། ཕྱི་ནང་གི་ཆོས་ལ་མངོན་ཞེན་གྱི་བདུད་ཐམས་ཅད་རང་ཐུལ་ལ་སོང་བ་ ཡིན་ཏེ། གཟུང་ཡུལ་ལས་སྣང་སྟོང་གཟུགས་སུ། །དག་ཕྱིར་ཕྱི་རོལ་བདུད་བགེགས་བཅོམ། ། སྲོག་རྩོལ་དབུ་མར་དག་པ་ཡིས། །རླུང་ཐིག་སེམས་གསུམ་གཡོ་བདུད་བཅམོ། །ཕྱི་ནང་ གཞན་པའི་བདུད་བཞི་པོ། །པྲ་བརྒྱད་ཕབ་བཞིན་བཅོམ་ན་ཡང༌། ། ཡེ་དག་སྤྲོས་བྲལ་མངོན་སུམ་དུ། །དགོངས་སླད་གང་ཚུལ་གང་གིས་བཅོམ། །བཅོམ་མེད་ བཅོམ་པའི་དོན་གཟིགས་ཤིང༌། །སྐལ་བ་དྲུག་གི་སྐལ་ལྡན་ལགས། །ཕྱི་ནང་གཞན་པའི་ བདུད་ཐམས་ཅད་བཏུལ་ཚུལ་གྱི་མཛད་པའི་རིམ་པ་དང་པོའོ།། །། ལྷག་པ་ཏིང་ངེ་འཛིན་དང་འབྲེལ་བའི་ཡོན་ཏན་ཀྱང་བསམ་གྱིས་མི་ཁྱབ་སྟེ། དུས་ ཐམས་ཅད་དུ་མཉམ་གཞག །ཆེན་པོ་(པ་)ཡིན་པའི་ཕྱིར། སྦྱང་གཞི་སྐྱེད་པའི་རིམ་པ་ལྟར། སྦྱོང་བྱེད་བསྐྱེད་རིམ་རང་བཞིན་གྱིས་བརྟན་པ་ལ། རྩོལ་བ་མེད་ཅིང༌། རྣམ་རྒྱལ། འཁོར་ ཆེན། བདག་མེད་ལྷ་མོ་བཅོ་ལྔ། འདུས་པ་སོ་གཉིས་ལ་སོགས། རྡུལ་གཅིག་གི་སྟེང་ན་རྡུལ་ 2-1-418 སྙེད་སངས་རྒྱས་གྲངས་མེད་པའི་ཐུགས་དམ་མང་པོའི་ཞལ། སྟོན་ནམ་དྭངས་པའི་སྐར་ ཚོགས་ལྟར་གཟིགས། མི་དང་མི་མ་ཡིན་གཞན་རྣམས་ཀྱིས་ཀྱང༌། དེ་ལྟར་མཐོང་བ་བྱུང་ སྟེ། ཁྱེད་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས། །ལྔ་ལྔའམ་དྲུག་དྲུག་ལ་སོགས་པ། །ལུས་དབེན་ སྐུ་ཡི་དཀྱིལ་འཁོར་གྱི། །རང་བཞིན་ (འཁྲུངས་དུས། བཞུགས། གཤེགས་)དུས་གསུམ་གསལ་ ཞེས་གྲགས། །གསུང་རྡོ་རྗེའི་བཟླས་པ་མཐར་ཕྱིན་ཏེ། དབང་དུ་མ་མཛད་ཀྱང་སྔོན་འགྲོ་ལ་ ཆེད་དུ་གཏད་པའི། བསྙེན་པ་མི་དགོས་ཤིང༌། (ཡེ་ཤེས་ཕབ་དུས་དཀའ་བཞི་པ་བྱང་ཡེས་ལ་སོགས་ང་ ལ་ད་ཅི་ནས་རྣམ་འགྱུར་ཅི་འདྲ་བྱུང་ཞེས་སྒོ་གསུམ་ལ་རྟགས་ཁྱད་པར་ཅན་སྐྱེས་ཏེ་གནམ་ས་གང་ཡིན་ཏོལ་མེད་ པའི་ཉམས་དང༌། ཏིང་ངེ་འཛིན་ཕྱོགས་མེད་དུ་ཤར་ཞིང༌། དབང་དོན་ངོ་འཕྲོད་པ་མང་པོ་དང༌། ནད་ཞི་གདོན་དྲག་ པོ་ཞི་བ་ལ་སོགས་མཐའ་ཡས་ཏེ་ཡི་གེས་འཇིགས་པས། དབང་གི་བྱིན་རླབས་ཀྱི་ངད་ཤིན་ཏུ་ཆེ་བར་གྲགས་སོ། །) ༀ་དང་ཨཱཿདང་ཧཱུཾ་དང་གསུམ། །དམ་ཆོས་འཕགས་སྐོར་མཁྱེན་པའི་སྟོན་ཆེན་འདྲ་བདོག་གེ། འབྲུ་གསུམ་གནས་ལུགས་མཁྱེན་པའི་སྟོན་ཆེན་འདྲ་བདོག་གེ། ཞེས་སོགས་ཚིག་གླུ་མཛད་ པ་ན། དོན་ཞུས་པས། འདི་ལ་གནད་ཅིག་བདོག་པ་ལགས། རླུང་སྔགས་སྟོང་པ་དབྱེར་མེད་ དུ་ཤེས་པ་འདྲའི་སྤྱོད་ཡུལ་དུ་གདའི། ཞེས་གསུང༌། མངོན་རྟོགས་རྒྱན་དང༌། སྤྱོད་འཇུག་ ཞུས་ཚེ། དེང་འདིར་སྟོན་པ་ཆོས་ཀྱི་ཆར་འབེབས་ཀྱིས། །གང་དག་ཉན་པར་འདོད་པ་འདིར་ ཤོག་ཅིག །ཅེས་གསུང་བ་ན། ཐུགས་ཀ ཞལ་དང༌། མཛོད་སྤུ་ལ་སོགས་ནས། འོད་ཟེར་ སྣ་ཚོགས་གདའ་བ། ཅིའི་རྒྱུ་ཞེས་ཞུས་པ་ན། ཏིང་ངེ་འཛིན་ཅིག་བྱས་པ་ལགས། ལས་རླུང་ (གཡོན་)གཟུང་(གཡས་)འཛིན་(པའི་རླུང་)གཉིས་བཅོམ་སྟེ། །(དབུ་མ་)ཡེ་ཤེས་རླུང་དུ་ལྷུན་གྱིས་ ལྡན། །རྐྱང་དྲུག་(དང་)ཟུང་གི་(འོད་འཕྲོ་བའི་)གནས་རྣམས ནས། །འོད་རབ་སྤྲོས་ཏེ་(སེམས་ཅན་ སྨིན་སངས་རྒྱས་མཆོད་པའི་)དོན་གཉིས་མཛད། །གསུང༌། (འཕགས་པ་ལ་སོགས་)ཁ་ཅིག་གིས་གཏུམ་ མོའི་སྒོམ་ཚུལ་ཞུས་པས། རླུང་རྩོལ་སད་སུད་ཀྱི་བདེ་དྲོད་མཚེངས་མེད། ལ་ཞེན་པ་བས། 2-1-419 གཞོན་དུས་ཟབ་རྒྱས་ཀྱི་ཆོས་ལ་ཐོས་བསམ་བསྒོམ་པ་འབུངས། རྩ་རླུང་རྩོལ་བྱས་སྐྱོངས་ པ་དཀའ། བདེ་དྲོད་སྐྱེས་ཀྱང་ལམ་རྣལ་མར་འགྱུར་བ་ལ། རྟེན་འབྲེལ་འཛོམ་པ། ཚོགས་ གཉིས་ཀྱི་བྲེ་ཁ་ཁྱེངས་པ་ཅིག་གྲོལ་བ་ཡིན། རྣལ་མར་སོང་ན། (མི་རྟོག་)རྩོལ་མེད་ཀྱི་ངང་ནས། རླུང་སེམས་ཁམས་བྱང་སེམས་ལ་དབང་ཐོབ། ནུས་པ་སེམས་ལ་ཐིམ་ཞིང༌། (ལུས་)བདེ་དྲོད་ (ཤེས་པ་)ཡེ་ཤེས་ཆེན་པོ(སྣང་བ་བདེ་བ)འི་རྩལ་དུ་འབར་བ་ཅིག་འཚལ་ཏེ། ཞལ་འཛུམ་མཛད་ ནས། འགའ་རེའི་སྤྱོད་ཡུལ་དུ་གདའི། ཞེས་ཏེ། (གཡས་གཡོན་དུ་) མི་རྟོག་དབུས་མའི་གཞུང་ལམ་ནས། །རླུང་ཐིག་(མར་)བྱོན་(ཡར་)གཤེགས་(ཏེ་)བསྐྱེད་ (པ་དང་)རྫོགས་ (པ་)གཉིས(ཀྱིས)། །ལུས་སེམས་སྣང་བ་དགའ་བདེར་འབར། །བདེ་སྟོང་རྩོལ་ མེད་མཁའ་དང་མཉམ། །དུས་ཐམས་ཅད་དུ་ཞལ་འཛུམ་དང་བཅས་ཏེ། སྐུ(རི་དྭགས་རྒྱལ་ པོ་ལྟར་ཡང་རྩལ་ཆེ་ལ་ལྷུན་པོ་ལྟར་བརྟན་ཞིང་གླང་ཆེན་ལྟར་སྟོབས་ཆེ་ལ་དཔག་བསམ་གྱི་ལྕུག་མ་ལྟར་གྲིམ་ ཞིང་རྡོ་རྗེ་ལྟར་མཁྲེགས་ལ་པད་མའི་རྩ་བ་ལྟར་གཉེན་ལ་ཤིང་བལ་ལྟར་ཡང་བ་བྱིས་པ་འོ་མས་རྒྱས་པ་ལྟར་སྦོམ་ ཞིང་གཞོན་ཤ)འི་གཟི་བརྗིད་དཀར་ལ་དམར་བའི་མདངས་(ཆུ་ཤེལ་ལྟར་)དྭངས་ཤིང་གསལ་ (ལ་སྣུམ་)བ། ལྷང་ངེ་ལྷམ་མེར་བཞུགས་པ་ཡིན་ནོ། །(རྒྱུ་མཚན་)དེས་ན་(ཐིག་ལེ་རྣལ་འབྱོར་ལ་ མངའ་བརྙེས་པས་)སེམས་དབེན་རང་གསལ་བདེ་སྟོང་དུ་གྲུབ་པ་ཡིན་ཏེ། ཀུན་རྟོག་ཀུན་སྣང་ (གཟུང་འཛིན་)རིགས་བཞི་ཡ། ི །(སེམས་ཀྱི་)ཆོས་ཅན་(ཀུན་སྣང་དང་)ཆོས་(ཉིད་རང་བཞིན་སྣང་)རྣམས་ འཁོར་ལོ་བཞིར། །(སྟོང་པ་བཞི་དགའ་བཞི་སྐད་ཅིག་བཞི་སོགས་)བཞི་ཚན་རྣམས་ཀྱི་འགྲོས་ཀྱིས་ བཤིག །(མཐར་ཐུག་)བཞི་པར་(མྱོང་རྟོགས་)རྫོགས་(ཏེ་རང་བཞིན་བརྒྱད་བཅུ་)སངས་(ལྷན་སྐྱེས་)རྒྱས་ པ་བརྙེས། །ཞེས་དང༌། རླུང་(ཕྲ་མོའི་རྣལ་འབྱོར་ལ་མངའ་བརྙེས་པས་)ཐིག་སེམས་གསུམ་དབུས་མར་ དྭངས་པས། སྐུའི་སྣང་བ་སྟོང་གཟུགས་སྒྱུ་ལུས་ལ་རྒྱུན་དུ་མངའ་བརྙེས་ཏེ། གསེར་སྡིངས་ ཆོས་ར་ན་སྐུ་ཁམས་འཆག་པའི་ཚེ(ཆོས་ཁྲིའི་ཟུར་ལ་མཉེལ་གསོ་སྟེ)། ཕྱི་ནང་ལས་(ཀྱི་སྙིགས་)སྣང་ 2-1-420 ནམ་མཁའ་ལྟར་དྭངས་ཤིང་གསལ་(བར་སྣང་)བའི་ངོགས་ཐམས་ཅད། སངས་རྒྱས་བྱང་ སེམས་འདི་ལྟར་ཏིལ་གྱི་གང་བུ་བཅེར་བ་ལྟ་བུ། མཚན་དཔེས་སྤྲས་པ། ཕྱོགས་མཚམས་ མེད། ཕྱི་ནང་མེད། སྟེང་འོག་མེད། མདུན་རྒྱབ་མེད། སྔ་ཕྱི་མེད། འདུས་མ་བྱས། (ཚད་མེད། ) ཕྱོགས་སུ་མ་ལྷུང༌། རྒྱར་མ་ཆད། སྣང་ལ་རང་བཞིན་མེད། གསལ་ལ་ངོས་གཟུང་མེད། བདེ་ ལ་ཟག་པ་མེད། གདངས་འོད་དུ་གསལ། གཤིས་སྐྱེ་བ་མེད། རྩལ་སྣ་ཚོགས་སུ་ཤར་བ། མཚན་ཉིད་གཉིས་སུ་མེད། ཁམས་དྭངས་མའི་རང་སྣང་ཆེན་པོ། བེམ་མིན་རང་བྱུང་རིག་ པའི་ཡེ་ཤེས་སུ་ལྷུན་གྱིས་གྲུབ་པ་ལ། ལྷ་ལྷ་མོ་མང་པོས་མཆོད་ཅིང༌། རོལ་མོ་སྣ་ཚོགས་ དང༌། སྐྱེ་བ་མེད་པའི་ཆོས་སྒྲ་དང༌། དྲི་ཞིམ་པོ་གྲག་ཅིང་ཚོར་ན། འོད་ཟེར་མགོན་ཁྱེད་ཚོས་ མཐོང་ཐོས་ཚོར་རེ་གསུང་བ་དང༌། རྨི་ལམ་སྒྱུ་ལུས་ལ་དབང་སྦྱོར་ཏེ། རིམ་ལྔ་གསུང་བའི་ཚེ། རྨི་ལམ་བག་ཆགས་(མ་བསྒྲིབས་པ་འོད་)ཀྱི་ལུས་ལ། རང་དབང་ཐོབ་ཙ་ན། ཞིང་སྦྱོང༌། སེམས་ ཅན་སྨིན། སངས་རྒྱས་མཆོད་པ་ལ་སོགས། ཏིང་ངེ་འཛིན་གྱི་སྒོ་གྲངས་མེད་པའི་རྣམ་འཕྲུལ་ འདི་མཐོང་ཙ་ན། རྒོད་བྲོ་ལ་ལྟད་མོར་ཆེ་བ་ཅིག་གདའ་སྟེ། འཁྲུལ་སྣང་ལ་བདེན་ཞེན་ འཆེལ་བ་མཐོང་ཙ་ན། སྙིང་རྗེ་ལ་ངུ་བྲོ། ཆགས་སྡང་རྨི་ལམ་ནང་དུའང་སྤྱོད། ཆོག་ཤེས་འཆི་ དུས་ནའང་མི་འདུག་སྟེ། བར་དོ་རླུང་སེམས་སྒྱུ་ལུས་ཀྱི་འཕྲང་ལ། སྐྱོན་ཅིག་མ་བྱུང་ན་རུང་སྟེ་ གསུང༌། ཕྱི་(སྣོད་)ནང་(ལུས་གཞན་)ཁམས་གསུམ་རྡོ་རྗེ་འཆང༌། །(རྒྱུ་ལུས་)རྩ་རླུང་སེམས་(གསུམ་) དྭངས་(པས་དཔེའི་)གཙོ་བོ་(མེ་ལོང༌། འཇའ། ཆུ་ཟླ་)གསུམ། །(སྣང༌། རྨི། བར་དོའི་)སྒྱུ་ལུས་གསུམ་ལ་ དབང་འབྱོར་པས། །(ལས་སྣང༌། བག་ཆགས། རླུང་སེམས་)འཁྲུལ་སྣང་གསུམ་ལ་ཕྱི་ཐག་བསྟུངས(ཏེ་ འཁྲུལ་བའི་ན་བུན་དབྱིངས་སུ་ཡལ་གསུང་)། །ཐུགས་སྣང་འོད་གསལ་དུ་འབྱོངས་ཏེ། ཕྱི་ནང་གི་ཆོས་ ཐམས་ཅད་སེམས་སྣང་རིག་པའི་(རང་)རྩལ། (ཉམས་སྣང་)སྣ་ཚོགས་སུ་ཤར་བརྡོ་དུས། སྐྱེ་ འགག་གནས་གསུམ་གྱིས་སྟོང་པའི། བློ་འདས་མི་རྟོག་འོད་གསལ་གདོད་ནས། ཟང་ཐལ་ 2-1-421 དུ་བཞུགས་པ་ཡིན་ཏེ། (ཐ་མལ་ཤེས་པའི་རང་འགྲོས། མ་བཅོས་གཉུག་མའི་ཞེ་ཕུགས། གང་ཤར་ཆོས་སྐུའི་ རོལ་པ། ཡེ་ཤེས་རང་ཐོད་དུ་གསལ་བ་)སྟོང་ཉིད་རྟེན་འབྲེལ་གྱི་གནས་ལུགས་འདི་ལ་བྱན་ཅིག་ཚུད་ འཚལ། (རིལ་འཛིན། རྗེས་གཞིག་)བསམ་གཏན་གཉིས་ཀྱིས་སྒྱུ་མའི་སྐུ། །(ཅིར་ཡང་)མི་རྟོག་འོད་ གསལ་(བའི་)མེ་ཡིས་སྦྱངས། །(ནང་གི་མངོན་པར་བྱང་ཆུབ་གཉིས་)ཐམས་ཅད་སྟོང་པ་རྨད་པོ་ཆེ། ། བཅོས་མེད་(ཕྱིའི་མངོན་བྱང་གཉིས་)ཐོ་རངས་(སྤྲིན་མེད་)མཁའ་ལྟར་གསལ། །གསུང༌། མནལ་ འོད་གསལ་དུ་འབྱོངས་པ་ཡིན་ཏེ། ཨུ་རྒྱན་པ་དང༌། གྲུབ་ཐོབ་སེང་གྲགས་ཀྱི། སློབ་བུ་ ཀུན་སྤངས་ཞིག ཆོས་འབྲེལ་ཞུ་བ་ན། བདག་གིས་མགོ་བོ་སྔས་ལ་མ་བཞག་ནས། ལོ་བཅུ་ གཉིས་ཐལ་ཞུ་བ་ན། དེ་ལྟར་ནུས་པ་ངོ་མཚར་ཆེ་གསུང༌། ང་རྒྱལ་སྐྱེས་ཏེ་ཡང་ཡང་བསྐྱར་ བས། ན་འདར་ན་ངོ་མཚར་རྒྱུའང་མི་བདོག །གཉིད་ལོག་ཚད་ལམ་དུ་འགྲོ་ན། ངོ་མཚར་ བ་ལགས། རྣལ་འབྱོར་དབང་ཕྱུག་ལཱུ་ཨི་(འམ་ལ་བ་)པས། ལོ་བཅུ་གཉིས་རྣལ་བས་གྲུབ་པ་ བརྙེས། གཉིད་ནི་སྤང་བར་མི་བྱ་སྟེ། །ཞེས་དང༌། རྣལ་འབྱོར་གཉིད་དང་ལྡན་པར་བྱ། །ཞེས་ སོགས་བཤད་པས། གཉིད་འོད་གསལ། རྨི་ལམ་སྒྱུ་ལུས་སུ་སྦྱོང་བ་འདི་ལམ་ཆོད་ཐབས་ ཆེ་ལ་བདེ་བ་ལགས་གསུངས་པས། དད་དེ་གདམས་ངག་ཞུས། ངེས་པ་སྐྱེས་པ་དང༌། ཆོས་ གསུང་ཚེ་ཅུང་ཟད་མནལ་བའི་ངང་ནས་ཀྱང༌། ཆོས་ཁྱད་མི་ཕྱེད་པར་གསུང་ཞིང༌། ད་ཅི་ནས། གཉིད་དུ་སོང་གདའ་གཞན་གྱིས་བལྟས་ན། གཏི་མུག་གི་བག་ཞད་ཆེ་བ་འདིའང་མི་འཐད་ གདའ་སྟེ། འོ་ནའང་དགེ་སྦྱོར་གྱི་བོགས་སུ་འགྱུར་བ་ཅིག་གདའི་དབང་ཞེས་དང༌། ཆུ་མིག་ཏུ། འགྲོ་མགོན་ཆོས་ཀྱི་རྒྱལ་པོ་ལ། ཆོས་གསན་ཚེ། དྲུང་ནས་སྤྱན་ཟུར་གཟིགས་ཤིང༌། གདའོ། ། རྣལ་མི་མཛད་པར་(བདག་གིས་)ཞུས་པས། འོ་སྐོལ་ལ་ཁྱད་མི་བདོག །གསུང་སྒྲོས་མ་ངེས་པ་ གཅིག་ཀྱང་མི་བདོག །འདི་ལྟར་ཞེས་དང༌། ཁོ་བོ་རྨི་ལམ་རང་རྒྱུད་པ། །རྨི་བ་ཡོང་ཡེ་མ་དྲན་ ཞིང༌། །བཤད་ཉན་བསྒོམ་ལ་སྒྲིབ་པ་ལྔས། །མི་སྒྲིབ་ཅེས་ཀྱང་གསུང་བ་ལགས། །ཐམས་ 2-1-422 ཅད་ཟུང་འཇུག་ཏུ་དབང་འབྱོར་ཏེ། ཆོས་ཐམས་ཅད་ཧྲིལ་གྲིལ་ན་གང་ཟབ་པ་ལགས་ཞུས་ པས། སྤྱིར་ཟབ་མི་ཟབ་བློ་ལ་རག །ཁོ་བོ་ལ་དབྱེར་མེད་ཟུང་འཇུག་འདི་བློ་ལ་འཇེན་པར་ གདའ་གསུང༌། (སློབ་པའི་)གཞི་ལམ་འབྲས་བསྡུས་ཆོས་རྣམས་སམ། །ཡང་ན་(མི་སློབ་པའི་)རྒྱུ་ འབྲས་འདས་པའི་ཆོས། །དབྱེར་མེད་(ཟུང་འཇུག་)བྱ་བྲལ་ལྷུན་རྫོགས་པ། །(ཡུལ་དུས་རང་བཞིན་) ཀུན་བཟང་རྡོར་དྲིལ་ (ཏེ་ཐབས་ཤེས་སྣང་སྟོང་ལ་སོགས་གཉིས་ཆོས་ཐམས་ཅད་བློ་འདས་)དབྱེར་མེད་ འཆང༌། །སྤྱོད་ཡུལ་ཐམས་ཅད་གནས་ལུགས་ལྷན་ཅིག་སྐྱེས་པ། རང་བྱུང་གི་ཡེ་ཤེས་སུ་ཤར་ བ་ཡིན་ཏེ། བདག་གིས། དྲུང་པ་ལ་མཉམ་རྗེས་མངའ་འམ་མི་མངའ་ཞུས་པས། ཆོས་ཉིད་ཀྱི་ དོན་ལ་མཉམ་རྗེས་མི་བདོག །ཐམས་ཅད་མཉམ་གཞག་འབའ་ཞིག་ལགས། རྟོག་མི་རྟོག་ ཐམས་ཅད་(སྤང་བླང་དགག་སྒྲུབ་མི་དགོས་ཏེ་)རོ་མཉམ་ཆིག་ཆོད་ཡེ་ཤེས་ཆེན་པོའི་རང་རྩལ་དུ་ འཆར་བ་ཅིག་འཚལ། འཇིག་དུས་ཀྱི་མེའམ་ནགས་སྟུག་པོ་ལ་མེ་ཤོར་ན། ཤིང་ལ་སྐམ་རློན་ བདོག་གེ། གཟུང་འཛིན་དབྱིངས་སུ་དག་པ་ཡེ་ཤེས་ཀྱི་རྩལ་དུ་རྫོགས་པའི་སངས་རྒྱས་ལ་ ལམ་དུ་བསླང་མི་འཚལ། འོ་སྐོལ་མཉམ་གཞག་རྣམ་པར་མི་རྟོག་ངང་ནས། རྗེས་ཐོབ་དག་ མ་དག་ཉོན་མོངས། གཟུང་འཛིན་འདོད་ཡོན་ལ་སོགས། རྐྱེན་གང་སྣང་གང་ཤར་ཐམས་ ཅད་ཤར་དུས་ཉིད་ལ། ཁོ་རང་འོད་གསལ་བློ་འདས་སྐྱེ་མེད་བདེ་བ་ཆེན་པོར། རང་བྱུང་རང་ བཞེངས་སུ་ཤར་ཞིང༌། བཅོས་མེད་བྱང་ཆུབ་སེམས་དང་རང་བྱུང་དུ་འབྲེལ་པས། ལམ་དུ་ ཆེད་ཀྱིས་བྱ་བརྩལ་ཅི་འཚལ། གང་ ཤར་རང་གྲོགས་སུ་འགྲོ་སྟེ། ཤིང་ལ་མེ་འབར་བ་རླུང་གིས་བསྐྱོད་པ་ལྟར། ཉམས་རྟོགས་ཀྱི་ རང་འུར་ཆེན་པོར་ལྡང་པ། ཐེག་པ་ཐམས་ཅད་ཀྱི་ཡིན་ལུགས་ཟབ་ཁྱད་ཐུན་མོང་མ་ཡིན་ པ་(རྟོགས་པ་)ལགས་མོད། ཡང་གཉེན་ཆོས་ཉིད་ཆེན་པོར་མཉམ། །བླང་དོར་རྩོལ་བས་མ་ བརྩལ་སླད། །རྩོལ་མེད་ཆོས་སྐུར་(གཤིས་དང་)ཡེ་མཇལ་ལགས། །(ཉམས་རྟོགས་མཚན་མའི་རྐྱེན་ 418) གང་ཤར་(ཐམས་ཅད་)བདེ་ཆེན་འོད་ཟེར་འབར། །མཐར་ཐུག་ཚད་དུས་སྐྱོལ་མ་སྐྱོལ། །རྐྱེན་ དང་ཕྲད་དུས་མངོན་པ་ལགས། །(བཅོས་རྟོག་དྲི་མ་རང་སངས་ཏེ། །བཅོས་མེད་ཡེ་ཤེས་རང་སྒོར་རྒྱས། །) གོ་ཡུལ་ཉམས་དང་མཚན་མའི་བརྡར་ཤ་མ་ཆོད་པར་བློ་ཐོག་ལས་ན། སྤང་གཉེན་ཆགས་ སྡང་གིས་འུབ་རིལ་དུ་བཅིངས་ཏེ། ཉམས་རྟོགས་ཀྱི་རྩལ་ཕྱོགས་མེད་དུ་རང་སྒོ་མི་རྒྱས། སྤང་བྱ་སྤང་གིས་མི་མཛད། གཉེན་པོ་བསྟེན་ཀྱིས་མི་ལང༌། ཆོས་ཐམས་ཅད་(སེམས་ཉིད་གཤིས་) གཉིས་སུ་མེད་པའི་གནས་ལུགས་རང་འབྱུང་གི་ཡེ་ཤེས་ཆེན་པོར། ཡེ་ནས་གནས་པའི་དོན་ (ཡིན་པ་བཞིན་)ཤེས་ཤིང་(ཤེས་པ་བཞིན་རྟོགས་)རྟོགས་པའི་སྟེང་དུ་བསྡད་པ་ལགས་སོ་གསུང༌། གཞན་ཡང་(ཏིང་ངེ་འཛིན་གྱི་སྒོ་)འཁྲུངས་ཚུལ་བསམ་གྱིས་མི་ཁྱབ་སྟེ། དེ་ཙམ་དུ་དོན་འདུ་བས་ ཡི་གེས་འཇིགས་སོ། །མཉམ་གཞག་ཏིང་ངེ་འཛིན་(གྱི་ཕུང་པོ་)ཕྱོགས་མེད་དུ་འཁྲུངས་པའི་ རིམ་པ་གཉིས་པའོ།། །། དེ་ནས། བུ་སློབ་དགེ་བའི་བཤེས་གཉེན་རབ་ཏུ་མང་པོས་གསོལ་བ་བཏབ་པའི་ངོར། ཡང་དག་པའི་རྟོགས་པ་ཇི་ལྟ་ཇི་སྙེད་པ་ལ་དགོད་པའི་སླད་དུ། ཉིད་ཀྱིས་བརྩམས་པའི་ ཆོས་སྐོར་ལ། (མཚད་ཉིད་ཐེག་པ་ལུང་ལ། )མདོ་སྡེའི་བསྡུས་དོན་དཀའ་ཚོམས། དཀོན་བརྩེགས་ ཀྱི་དཀའ་ཚོམས། བསྡུས་དོན། ཕར་ཕྱིན་འགྲེལ་ཏིག །ཆོས་ཐམས་ཅད་སྣང་བྱེད་ཆེ་ཆུང༌། (རིགས་པ་ལ། )ཚད་མ་བསྡུས་པ་སེང་གེའི་ང་རོ། དབུ་མའི་སྟོང་ཐུན། (ཐུན་མོང་ལ། )ཐེག་བསྡུས་ རྩ་འགྲེལ། ཞིབ་ཏུ་བཅོས་པ། བསྡུས་དོན། (ལག་ལེན་ལ། )དབུ་མ་ལུགས་ཀྱི་སེམས་བསྐྱེད། ཆོ་ག །དེ་ལ་སྤྲོ་བ་སྐྱེད་པའི་ལུང་སྦྱོར། སྨན་བླའི་མདོ་ཆོག་ལྷན་ཐབས། (ཏྲི་ཡ་ལ། )རྣམ་རྒྱལ་ གྱི་བསྙེན་བསྒྲུབ། ལས་སྦྱོར་ཁ་ཚར་དང་བཅས་པ། ཐུགས་རྗེ་ཆེན་པོའི་སྐུ་གསུམ་འཕོ་ བ། དཔལ་ཆེན་མོའི་མངོན་རྟོགས། འོད་ཟེར་ཅན་གྱི་མངོན་རྟོགས། (ཡོ་ག་ལ། )རྡོ་རྗེ་འབྱུང་ བ་གཙོར་གྱུར་པའི་ཡོ་ག་སྤྱིའི་མཆོད་འབུམ། རྡོར་འབྱུང༌། ཀུན་རིག །རྩེ་མོ་རིགས་བསྡུས། 2-1-423 དཔལ་མཆོག་རིགས་བསྡུས་པ་རྣམས་ཀྱི་ཐིག་རྩ། ཡོན་ཏན་ཀུན་འབྱུང་གི་མཆོད་འབུམ་ དང༌། ཐིག་རྩ། གནས། རོ་བསྲེག་གི་ཆོ་ག (ཕ་རྒྱུད་ལ། )སྒྲོན་གསལ་དོན་བསྡུ་བའི་མཇུག་སྡུད། བྱང་སེམས་ལེའུ་ཡི་འགྲེལ་མཆན། ཆོ་ག་ཉི་ཤུ་པའི་མཆན། གཉིས་མེད་རྣམ་རྒྱལ་གྱི་ཐིག་ རྩ། མཆོད་འབུམ། རིམ་ལྔའི་སྔོན་འགྲོ། (མ་རྒྱུད་ལ། )བདེ་མཆོག་ལཱུ་ཨི་པའི་དཀྱིལ་ཆོག་དང༌། མངོན་རྟོགས། མཆོད་བསྟོད་གསེར་གྱི་ཕྲེང་བ། ཕག་མོ་གཞུང་དྲུག་ལ་མཆན། ཡིག་སྣ། ཀྱེའི་རྡོ་རྗེ་ལ་རམ་རྔོག་གི་དགོངས་པ་གཅིག་ཏུ་བསྡེབས་པ། གསལ་སྒྲོན། མཆན། བསྡུས་ དོན་ལྷན་ཐབས། འཁོན་ལུགས་ཀྱི་ཏིག་ཆུང༌། ཡབ་ཡུམ་གྱི་མངོན་རྟོགས། མཆོད་འབུམ་ཆེ་ ཆུང༌། མཁན་ཆེན་གནས་རྙིང་པའི་གདུང་དབྱངས། རྡོ་རྗེ་སྙིང་པོའི་འགྲེལ་པའི་བསྡུས་དོན། དུས་འཁོར་བརྒྱུད་པ་དང༌། ཆོས་རྗེ་འཇམ་གསར་གྱི་རྣམ་ཐར། འགྲེལ་ཆུང་གི་བསྡུས་དོན། དུས་འཁོར་ཐུགས་དཀྱིལ་མངོན་རྟོགས། རྐང་པ་བཅུ་དྲུག་པའི་བསྟོད་པ། ཐིག་རྩ། (ཐུན་མོང་ ལ། )རྡོ་རྗེ་ཕྲེང་བའི་ཆོ་གའི་དོན་བསྡུ་དང༌། དཀྱིལ་འཁོར་མཚན་གྱི་བསྟོད་པ། འཁོར་ཆེན་གྱི་ མཆོད་འབུལ། ཟུང་དུ་འབྲེལ་བའི་ཆོས་བཞི། བདེ་མཆོག་བཅུ་གསུམ་མའི་ཏིང་ངེ་འཛིན་གྱི་ དབང་ཆོག །མངོན་རྟོགས། ཕྱི་རོལ་མཆོད་ཆོག །ཟབ་དོན་ཆོས་ལྔའི་ཁྲིད་ཡིག་ཆེ་ཆུང༌། ཆོས་ རྗེ་གསེར་སྡིངས་པའི་རྣམ་ཐར། རྟེན་འབྲེལ་བཅུ་གཉིས་ལ་སོགས་པ། ཉམས་རང་རྡོལ་གྱི་ མགུར། ལྟ་སྒོམ་སྤྱོད་འབྲས་བྱིན་རླབས་བརྒྱུད་པའི་གསོལ་འདེབས་ཆེ་ཆུང༌། ལེགས་ལྡན་ དང༌། ཤངས་མགོན་གྱི་བསྟོད་པ། བསྔོ་བའི་ཆོ་ག་རྒྱས་བསྡུས་ལ་སོགས། བླ་མ་དང༌། ཐུགས་ དམ་གྱིས་བྱིན་གྱིས་བརླབས་པའི་མཐུས་མང་དུ་མཛད་དེ། མདོ་རྒྱུད་ལུང་རིགས་མན་ངག་ཐམས་ཅད་ལ། །སྔོན་ཆད་གཞན་གྱིས་གོ་རྟོགས་མ་གྱུར་ པའི། །ལེགས་བཤད་རིན་ཆེན་རྒྱ་ལ་འབུར་ལྟ་བུ། །མ་འོངས་(པ་ན་)སྐལ་ལྡན་བློ་གསལ་རྒྱན་ (དུ་)འགྱུར་(གྱིས་)གསུངས། ། 2-1-424 དེ་ལྟར་བསྟན་བཅོས་ཟབ་རྒྱས་མང་དུ་བརྩམས་ཏེ་དངོས་དང་བརྒྱུད་ནས་ཕན་བཏགས་ ཚུལ་གྱི་རིམ་པ་གསུམ་པའོ།། །། གཞན་ཡང་ཁ་བ་ཅན་གྱི་གཙུག་ལག་ཁང་ཆེན་པོ་མཚུངས་པ་མེད་པ། ལྷ་སར་ཇོ་བོ་ལ་ མཇལ་བར་བཞེད་དེ་བྱོན་པ་ན། ཞལ་གཟིགས་པ་ཙམ་གྱིས། ཡང་དག་པར་རྫོགས་པའི་ སངས་རྒྱས་མངོན་སུམ་དུ་མཇལ་བ་དང་མཚུངས་པར། མི་ཕྱེད་པའི་དད་པ་ཐོབ་སྟེ། ཚུལ་ འདི་ལྟར་གསོལ་བ་བཏབ། སྐུ་གསུམ་དབྱེར་མེད་བདེ་ཆེན་མཆོག །དྲིན་ཅན་བླ་མ་རྣམས་ ལ་འདུད། །མངའ་བདག་སྤྲུལ་སྐུའི་བྱིན་བརླབས་ཀྱིས། །བོད་ཁམས་བདེ་ལ་འགོད་མཛད་པ། ། ཇོ་ཤཱཀ་རྣམ་གཉིས་མི་བསྐྱོད་པ། །སྤྱན་རས་གཟིགས་དབང་བྱམས་པའི་མགོན། །གཙང་ཁང་ བྱིན་རླབས་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །བདག་གིས་བྱང་ཆུབ་ སེམས་བསྐྱེད་ནས། །དད་པས་གསོལ་བ་གདབ་ཕྱིར་བལྟས། །བསྟན་པའི་བདག་པོ་མཐོང་མ་ ཐག །སྐུ་ཡི་ཕོ་བྲང་མདངས་གསལ་ཞིང༌། །མཛོད་སྤུ་ཞལ་དང་དཔལ་བེའུ་ལས། །དཀར་ དམར་འོད་ཟེར་འཕྲོ་ཞིང་སྡུད། །འོད་ཀྱི་ཕྲེང་བས་གདུང་སེལ་མཐོང༌། །མངོན་པར་དང་བའི་ ཏིང་འཛིན་སྐྱེས། །འགྲོ་མགོན་རྣམས་ལ་ཚུལ་འདི་ཞུས། །བདག་གིས་ཚོགས་བསྐྱངས་ཆོས་ བཤད་དང༌། །དབེན་པར་ཚོགས་སྤངས་བསྒོམ་པ་གཉིས། །ཚེ་འདིར་དགེ་སྟོབས་གང་ཆེ་ ལགས། །གོང་མའི་གདན་ས་ལ་སོགས་པ། །ཡུལ་ཕྱོགས་གང་དང་གང་ཞིག་ཏུ། །གཞུང་དང་ གདམས་ངག་གང་དང་གང༌། །བཤད་པས་ཕན་པ་ལུང་བསྟན་གསོལ། །བསྒོམ་པའི་གནས་ མཆོག་གང་ཞིག་ལགས། །ལམ་དང་ཡི་དམ་གང་གང་མྱུར། །ཕར་ཕྱིན་འགྲེལ་བཤད་བྱས་ པའི་དོན། །རྣམ་ཐར་དག་དང་མ་དག་གང༌། །བོད་ཡུལ་མཐའ་དམག་ཇི་ལྟར་འབྱུང༌། །དེ་ ལ་བཟློག་ཐབས་ཇི་ལྟར་མཆི། །མཁྱེན་བརྩེ་ལྡན་པས་གསུངས་ཞེས་གསོལ། །ཡང་ཡང་ རྩེ་གཅིག་གསོལ་བ་བཏབ། །ཕྱག་དང་བསྐོར་བ་བརྒྱ་ཚར་བྱས། །མཎྜལ་བདུག་སྤོས་མར་ 2-1-425 མེ་དང༌། །གསེར་སོགས་རིན་ཆེན་ཕྱག་ཏུ་ཕུལ། །དྲི་བཟང་སྨན་བུམ་ཕྱག་གཡོན་བཞག། འགྲེལ་བཤད་སྣང་བ་ཕྱག་རྟེན་ཕུལ། །ཀུན་བཟང་མཆོད་པ་ཡིད་ཀྱིས་སྤྲུལ། །གསོལ་ བཏབ་སྒོ་གསུམ་མཉམ་པར་བཞག །དེ་ནས་དྲན་མེད་བློ་འདས་གྱུར། །རང་སྟོང་རང་ལ་མྱོང་ བ་གསལ། །དེ་ནས་ཤཱཀ་ཐུབ་འོད་དུ་འབར། །འཕྲུལ་སྣང་རིན་ཆེན་བཀྲག་མདངས་མཛེས། ། ལྷས་བསྐོར་རྒྱལ་བས་བཀའ་བསྩལ་པ། །ཁྱོད་ཀྱིས་དང་པོར་བརྩམས་པ་ནས། །བརྩོན་ པས་བསྒྲུབས་ན་ལུས་འདི་ཡིས། །སངས་རྒྱས་མཆོག་ཐོབ་འགྱུར་བ་ལ། །བརྩོན་པ་དོར་བ་ མ་ལེགས་སོ། །འོན་ཀྱང་ང་ཡི་ཐེག་ཆེན་ཆོས། །སྟོན་པར་འདོད་ན་འདི་རྣམས་སྒྲུབས། །ལྷག་ པའི་ལྷ་ལ་གྲུབ་པའི་རིར། །སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་ཀྱིས། །སྐུ་གཟུགས་འཇམ་དཔལ་ རྩ་རྒྱུད་བཞིན། །སྐྱེ་བོ་མང་པོའི་འཚོགས་སར་བཞེངས། །གསང་སྔགས་གཞུང་གདམས་མ་ ལུས་པ། །བཤེས་གཉེན་བཟང་ལ་ལུང་ཐོབ་བྱ། །རྒས་ནད་དབུལ་བས་སྡུག་བསྔལ་བའི། ། མི་རྣམས་ཀྱི་ནི་མགོན་སྐྱབས་ཀྱིས། །དེ་ལྟར་ཁྱོད་ཀྱིས་བསྒྲུབས་གྱུར་ན། །ཡོན་ཏན་གེགས་ ཀྱི་ལས་སྒྲིབ་སེལ། །རྟེན་འབྲེལ་འགྲིག་ནས་ཚེ་འདི་ལ། །ཡོན་ཏན་རྒྱ་ཆེན་སྐྱེ་འགྱུར་ཏེ། ། འཇིག་རྟེན་གསུམ་གྱི་མགོན་པོ་དང༌། །འགྲོ་བའི་ཡིད་བཞིན་ནོར་བུར་འགྱུར། །གདངས་ སྙན་ཚིག་གིས་དེ་སྐད་གསུངས། །དེ་ཚེ་སེམས་ནི་བདེ་ཞིང་གསལ། །མི་འཇིག་ཉེར་ཞིའི་ཏིང་ འཛིན་སྐྱེས། །དེ་ནས་ཅུང་ཞིག་བདག་གིས་བསམས། །དྲིས་པའི་ལན་རྣམས་མ་བྱུང་ནས། ། ཐེ་ཚོམ་སྐྱེས་ཏེ་ད་དུང་ཡང༌། །གསོལ་བ་གདབ་བམ་སྙམ་པ་དང༌། །འོད་དང་གནས་བརྒྱན་ མ་མཐོང་སྟེ། །སྔ་མ་བཞིན་དུ་སྣང་མ་གྱུར། །གསུང་ཡང་མི་གྲག་སེམས་གསལ་སྟོང༌། །ཕྱི་ ནུབ་གསོལ་བཏབ་ཐུགས་དམ་བསྐུལ། །རྨི་ལམ་དུ་ནི་རྒྱལ་བས་བསྟན། །ཚིགས་སུ་བཅད་ པ་འདི་དག་ཡིན། །རང་གི་སྐྱོན་ལ་རྣམ་པར་བརྟག །བྲག་ནག་རྡོ་རྗེའི་རྩེ་འདྲས་བརྒྱན། ། མཐོ་བའི་དགོན་པར་སྐྱེ་བོ་རྣམས། །བྱང་ཆུབ་སེམས་མཆོག་ལ་བཀོད་ན། །སྡིག་སྤྱོད་རྒྱལ་ 2-1-426 པོས་གནོད་མི་འགྱུར། །བློ་ལྡན་གོང་ནས་གོང་དུ་འགྲོ། །དེ་ལྟར་བསྟན་ནས་གཉིད་སད་དེ། ། མི་ཕྱེད་དད་པས་བསྟོད་པ་བྱས། །མི་དམིགས་བརྟན་པའི་ཏིང་འཛིན་སྐྱེས། །གཞན་ཡང་ རྨི་ལམ་མཚན་མ་ནི། །ཁ་ཅིག་སྣང་སྟེ་མ་རྟོགས་དང༌། །མ་ངེས་སྲིད་ཕྱིར་འདིར་མ་བཀོད། ། ཡུན་རིངས་མཆོད་སོགས་མ་བསྟེན་ཅིང༌། །སྒྲིབ་པ་མ་བྱང་འོན་ཀྱང་ནི། །ངོ་མཚར་ལྷ་སའི་ སྐུ་གཟུགས་ལ། །ཡིད་ཆེས་བྱིན་རླབས་ཞུགས་སོ་སྙམ། །ཞེས་གསོལ་བ་བཏབ་བོ། ། དེའི་ཚེ་དགྲ་བཅོམ་དུ་གྲགས་པ་ཇོ་གདན་ཉལ་མས་ཀྱང༌། གཟིགས་ཤིང་གསན་ལ། ཕྱི་ རོལ་ཏུ་ནེ་ཐང་ལ་ཟས་ཀྱི་བྱ་བ་ལ་ཞུགས་པའི་ཚེའང༌། འཕྲུལ་སྣང་ནས་འོད་ཟེར་དར་ཡུག་ བརྐྱང་བ་ལྟ་བུས་སྦྲེལ་བ་གཟིགས་ཞེས་གྲག་གོ། དེ་ནས་ཐུབ་པས་ལུང་བསྟན་པ་བཞིན། འཇམ་དཔལ་རྩ་རྒྱུད་གཙོར་གྱུར་པ་ལ། ཤཱཀྱ་སེང་གེའི་ལྷ་ཚོགས་ཚང་བ་དང༌། དཔལ་ཆེན་ མོ་བ་སུ་དྷ་རའི་ལུགས་དང༌། བཀའ་བརྒྱུད་བླ་མ་ཚང་བའི་ཁྲི་རྒྱབ་ལ་བཀོད་པ་བཞེངས། རབ་ཏུ་གནས་པའི་ཚེ། ལྷ་ས་ཕྱོགས་ནས་འཇའ་ཕྲེང་ཇོ་བོའི་ཐུགས་ཀར་ཟུག་པ་ཀུན་གྱིས་ མཐོང་བ་དང༌། བཀའ་བརྒྱུད་བླ་མ་རྣམས་མངོན་སུམ་བྱོན་ཏེ། ལུང་བསྟན་པ་དང༌། ཁྱད་ པར་དུ་ནུབ་སྔ་མ་སྟ་གོན་གྱི་ནུབ་མོ། སྲོད་ལ་བག་ཆགས་ཀྱི་རྨི་ལམ། ནམ་གུང་བདུད་ཀྱི་ ཆོ་འཕྲུལ་གྱི་རྨི་ལམ། ཐོ་རངས་ལྷས་ལུང་བསྟན་པའི་རྣལ་ལམ་གྱི་དུས་སུ། དྭགས་པོ་ལྷ་ རྗེས། ཉིད་ཀྱི་དབུ་ཐོག་ཏུ་ཐུགས་དམ་བཞག་སྟེ། ལུང་བསྟན་བྱིན་རླབས་མཛད་པ་ལ་སོགས་ པ། རྟགས་མང་པོ་བྱུང་བ་དང༌། གསོལ་བ་འདེབས་པ་རྣམས་ཀྱི་ནད་ཞི། གདོན་ཞི། ཏིང་ངེ་ འཛིན་སྐྱེས་པ་དང༌། བུད་མེད་བུ་དང་ཕྲད། ནོར་མེད་ནོར་དང་ལྡན་པ་ལ་སོགས། ཕྲལ་དུ་ ཡིད་ཆེས་སྐྱེས་པའི་གཏམ་རྒྱུད་མང་པོ་ཡོད་དེ། ཡི་གེས་འཇིགས་སོ། ། སྐྱེ་བོའི་འདུ་སར་སྐྱེ་བོའི་དཔལ་མགོན་ཁུངས། །ཐུབ་པའི་གསུང་བཞིན་ཐུབ་པའི་སྐུ་ ཚབ་བཞེངས། །མི་མཐུན་ཕྱོགས་ཞི་ཐུན་མོང་མཆོག་སྟེར་བ། །ལྷ་ས་དང་མཚུངས་ལྷ་མི་ཀུན་ 2-1-427 གྱིས་བསྔགས། །ཐུབ་པ་དང་གསུང་གླེང་མཛད་དེ་གསུང་བཞིན་བསྒྲུབས་པའི་རིམ་པ་བཞི་ པའོ།། །། གཞན་ཡང༌། ཐུབ་པའི་གསུང་བཞིན་)གསེར་སྡིངས་སུ་སྦྱིན་སྲེག་བརྒྱ་ཚར་མཛད་ཅིང༌། འགྲོ་ བ་དཔག་ཏུ་མེད་པའི་སྡིག་པ་སྦྱངས་ཤིང༌། ནད་རིམས་གཞིལ་བ་དང༌། སེམས་བསྐྱེད་རྒྱ་ཆེན་ པོ་མཛད་དེ། (དགུང་ལོ་སོ་དགུ་པ་ལ། དོ་བེ་ར་བལ་ལྟུར་གྱི་)ཧོར་ལྷགས་དུས་སྐྱེ་བོ་མང་པོའི་ཚེ་སྲོག་ བསྐྱབས་པ་དང༌། བཟང་སྨན་གྲུབ་གླིང་བཏབ་སྟེ། བདག་མེད་མའི་དབང་མཛད་དུས། བུམ་ པ་ཐམས་ཅད་ཁོལ་བ་ཀུན་གྱིས་མཐོང་བ་དང༌། དགེ་སྡིངས་སུ་རྣམ་རྒྱལ་གྱི་གཟུངས་སྒྲུབ་ ནམ་བཙུགས་པའི་དུས་སུ། ཆར་ཆེན་པོ་འབབ་པ་དང༌། མགོན་པོའི་གཏོར་ཆེན་བཤམས་ པས། ཡུལ་ཁམས་ཀྱི་ནད་རིམས་རྒྱུན་འཆད་པ་དང༌། གསེར་སྡིངས་སུ་ཕྱུག་པོ་ནམ་མཁའ་ དཔལ་གྱིས་དབང་ཞུས་ཚེ། མཆོད་གཡོག་(དགེ་བཤེས་སྟོན་གྲགས་ལ་སོགས་)པས། བུམ་པའི་ མཐའ་མ་མར་མེས་བསྐོར་པས། མར་མེ་རྣམས་རང་སར་ཞོག་མཛོད། བུམ་པ་འཐག་ལ་ འཆོར་བའི་སྔགས་པ་དེ་མ་ལགས་ཞེས་དང༌། (དགེ་བཤེས་ལྷོ་བྲག་པས་བྱིན་རླབས་ཞུས་ཚེ་)རྗེ་བཙུན་ མའི་རྟེན་གསུམ་གྱི་དམ་རྫས་ཁོལ་བ་དང༌། ནག་ཚང་སྒོ་རྩ་ན། ལྷ་མོ་དུར་སོལ་དང༌། བོང་ཞོན་ མ་དཔོན་གཡོག་རྣམས། བདག་ཅག་འཕྲིན་ལས་སྒྲུབ་པ་ལགས་པས། གཏོར་མ་ཞུ་ཞེས། མངོན་སུམ་དུ་ལྷགས་པ་དང༌། བདེན་པ་གྲུབ་པས། མི་དང༌། མི་མ་ཡིན་ཐམས་ཅད་བཀའ་ ཉན་ཞིང༌། བཟང་སྨན་དུ། ཉེ་གནས་པ་(ཤེས་རབ་འོད་)ལ། ཁྱོད་ལ་ནག་ཚང་ན་ལབ་གྲོགས་དེ་ སུ་ཡིན། སུ་ཡང་མེད་དོ། །མོད་ལ་འདྲེ་ནད་བཏབ་སྟེ། ད་ཅིར་བྱས་ཏེ། འདྲེ་མིག་ཅིག་པ་འདི་ ངའི་བཙུན་ཆུང་ལ་རྐྱལ་ཁས་ཅི་བྱེད། སོང་ཅིག་གསུངས་པས་སོང་བ་དང༌། དགེ་སྡིངས་སུ་ ཤྭ་ཆུ་ཆེན་པོས་ཉེན་པར་གྱུར་པ་ན། ཤྭ་ཆུ་གཞན་དུ་སོང་ཅིག་གསུངས་པས། ཕྱོགས་གཞན་ དུ་སོང་བ་དང༌། སྣང་བ་ཟིལ་གྱིས་གནོན་པ་དང་ཟད་པར་ལ་མངའ་བརྙེས་ཏེ། ཡོལ་བ་བྲག་ 2-1-428 ལ་བྲོས་ཐབས་སུ་དབེན་པ་མཛད་དུས། ཉང་ཆུ་ལ་མ་བྱིང་པར་གཤེགས་པ། ཀུན་གྱིས་ མཐོང་བ་དང༌། རྗེས་བཅད་པས་མ་རྙེད་པ་དང༌། གསེར་སྡིངས་སུ་དབུ་རྩེ་རྩིག་པ་ལ། ཆུ་ ཀླུང་ནས་འདྲེན་པ་ལ་གཅུ་གལ་འོང་བར་གདའ་ཞུས་པས། ཆུ་ལྟག་ནས་མཆི་གསུང༌། བྱེ་ མའི་ཀློད་ཆེན་པོ་ལ། (སྟོན་པ་བཟང་པོ་ལ་སོགས་པས་)ཆུ་དཀན་ཏེར་འོང་(བྱུང་བའི་རྗེས་རང་མི་གདའ་) ཞུས་པས། ལས་གྲབས་གྱིས། ཁག་ཁུར་གྱི་གྲོས་ལ་ལས་སླ་ཡིས་གསུང་བ་ལ། མོད་ལ་ས་ སྐམ་ལ་ཆུ་གདོལ་ནས། ལས་མ་གྲུབ་བར་དུ་བྱུང་བས། ཀུན་ཡ་མཚན་སྐྱེས་པ་དང༌། གཞན་ ཡང༌། རླུང་སེམས་ཁམས་དྭངས་མ་ལ་མངའ་བརྙེས་པས། (སྔོན་བདག་རྐྱང་ཐུར་དུ་གྲྭ་ས་སྐྱོང་དུས་ ཁམས་ལོག་པ། བླ་མ་ཆེན་པོས་གསེར་སྡིངས་ནས་མཁྱེན་ཏེ། སློབ་དཔོན་པ་སྐུ་ཁམས་ལོག་ཡོད་མྱུར་དུ་འགྲོ་དགོས་ བར་འདུག །ཁོང་རང་གི་དོན་ཆེན་གྲུབ་ཀྱང་ད་རེས་ཟློག་ན་སེམས་ཅན་གྲངས་མེད་པ་སྨིན་གྲོལ་ལ་འགོད་པར་ གདའ་ཞེས་གསུངས་ནས་བྱོན་ཏེ་རྟེན་འབྲེལ་བྱིན་རླབས་མཛད་པ་དང༌། )དགེ་སྡིངས་གཙུག་ལག་ཁང་ནས། དུང་དང༌། ཀོང་བུ་ལ་སོགས་འགྲོན་བཙུན་གྱིས་བརྐུས་པས། སྲོག་ཐིག་ན་རེ་རྩ་བ་གཅོད་པ་ ཡིན་ཟེར་བས། འགྲོ་བའི་ལུས་སྲོག་ལ་གནོད་པ་མ་བྱེད། གང་དགར་ཐོང༌། དཀོན་གཉེར་ བས། (པན་གནམ་ནས། )མཆོད་རྟེན་ནང་ནས་རྙེད་འོང་བར་འདུག་གིས་གསུང༌། གསེར་སྡིངས་ ནས་(དགེ་འདུན་གྱི་)ཆུ་ཟངས་བརྐུས་པ་ཞིག་ལ། བཅིང་བ་མཛད་པས། རི་ལ་མཚན་ཚེར་ འཛེགས་ཏེ། ནང་པར་གླིང་གསེབ་ཏུ་ཁུར་བྱུང་སྟེ། མཚན་ཡལ་གྱེན་མཐུར་ཆེ་ལ་གཟུག་པ་ འདི་ལ། ཟངས་གོག་འདི་ཡར་ཁུར་མར་ཁུར་ཅི་བྱེད། འདོད་ན་མངོན་སུམ་དུ་བསླངས་པས་ ཆོག་མོད། ཕ་རྒྱབ་ཏུ་བསམས་པ་ལགས་ཏེ། མགོ་འཁོར་གདའ་བ། བཟོད་པར་གསོལ་ཏེ། ཤིན་ཏུ་སྐྱེངས་པར་གྱུར་པ་ན། ཁོ་ལྟོགས་སྐོམ་ཡུས་ཆེའོ། །བཟའ་བཏུང་དང་རྔན་པ་བྱིན་ ལ་ཐོང་གསུང༌། སྒང་པེ་ནས་ལུག་བརྐུས། བསད་སྙིང་རྗེ། ལེགས་ལྡན་འཁོར་བཅས་འདི་ རྣམས་ཀྱང༌། ནོར་ལ་ངན་པ་ཅིག་འདུག །བརྐུས་བསད་ཀྱང་བཟར་མི་ཡོང༌། སྙིང་རྗེ། བྱ་ 2-1-429 རོག་ཚང་དམག་རའི་ཧོར་མང་པོ་ལྷགས་དུས། མི་ནོར་དུད་འགྲོ་མང་པོ་ཕྱགས། ཆོས་རྗེའི་ ནམ་བཟའི་བར་དུ་བཤུས་ཏེ། གཞན་རྣམས་བློ་སྟོར་བས། བློ་མི་བདེ་བ་མི་འཚལ། ཕལ་ ཆེར་མོད་ལ་ལྡོག་པར་གདའ་སྟེ། སྲོག་ཏིག་འཁོར་བཅས་འདི་བྲེལ། འགྲོ་བ་སྙིང་རྗེ་བ་རྒྱལ་ ཁམས་སུ་ལྷགས་གདའ། འགྲོ་བའི་ཚེ་སྲོག་ལ་གནོད་པར་མ་གྱུར་ཅིག་གསུང༌། ཙེན་ཙེ་ཤེས་ རབ་དཔལ། པཎྜི་ཏའི་ཕྱིར། དབུས་སུ། ཀཱ་ལ་པའི་དྲི་གཏུགས་ལ་འགྲོ་ཞུས་པས། ད་རེས་ བར་ཆད་འབྱུང་གསུངས་ཀྱང༌། མ་ཉན་ཏེ། མི་ཆེན་ནམ་མཁའ་དར་དང་འགྲོགས་ཏེ་སོང་ བ་ན། ནད་ཀྱིས་བཏབ་སྟེ། མི་གཏོང་བར་ཤེས། ཁོ་བོའི་བླ་མ་ཐམས་ཅད་མཁྱེན་ཅིང་(དུས་ གསུམ་)གཟིགས་པའི་བཀའ་བཅག་པ་འགྱོད་དོ། །བཟོད་པར་གསོལ་ཅིག །ལུས་བར་ཆད་ དུ་སོང་ཡང༌། སེམས་ཆོས་རྗེའི་དྲུང་ཏུ་ཕྱིན་ཏེ་རེད་པས། དུས་ཐམས་ཅད་དུ་བརྩེ་བའི་ཐུགས་ རྗེ་ཆེན་པོས་བསྐྱབ་ཏུ་གསོལ། ཞེས་ཞུ་དོན་(སྟོན་པ་གྲགས་བླ་དང་ཆོས་ཀྱི་རྒྱལ་མཚན་ལ་)བསྐུར་བ་ དང༌། (དུས་གསུམ་མཁྱེན་པ་ལ་མཇལ་དུས་ཤའི་ཤང་ལེན་བྱུང་བ་འདི་རྣམས་ངས་བྱིན་བརླབས་མ་བྱས་གོང་དུ་ སུའང་མ་ཟ་ཅིག་གསུངས་བཞིན་དུ་ཁ་ཅིག་གིས་བརྐུས་ཏེ་ཟོས་ནས་ཤི་ལ་ཐུག་པ་ན་ཁོ་བོ་རང་རྒྱུད་པ་ཅུང་མིན་ཏེ་ གོ་འདྲིས་ཀྱིས་མི་ཉན་གདའ་གསུང་སྟེ་རྟེན་འབྲེལ་མཛད་པས་སོས་པ་དང༌། གནང་ཞིང་ཁར་སེར་ཆགས་ཀྱི་གྲལ་ དཔོན་གྱི་གསུང་གླེང་གསེབ་ཏུ་སང་ཕོད་ས་འབྲི་གཉིས་ཀྱི་འཁྲུག་ལོང་འབྱུང་བར་འདུག་སྟེ་སེམས་ཅན་ལ་སྐྱིད་མི་ མཆི་གསུངས་ནས་བཤུམས་པ་དང༌། )ཁ་(སྟོན་པ་རྡོ་རྗེ་འོད་ཟེར་)ཅིག་གིས་སྒོམ་ཞུས་པས། སེམས་མི་ སྡོད་པར་སྒོམ་མི་འོང༌། ངོ་ཚ། གམ་རོར་བྲོས་འགྲོ་སྙམ་པའི་ནང་པར། སྟོན་པ་སེམས་ངོ་མ་ མཐོང་བ་ལ། གམ་རོར་བྲོས་པས་ཅི་ཕན། ངོ་ཚ་མི་འཚལ། སྒོམ་སྐྱེ་བའི་སྔ་ལྟས་ལགས། ངོ་ ཚ་དང་འབྲོས་སེམས་ཁོ་རང་ལ། ནང་དུ་ལོག་ལ་ལྟོ། འབྲོས་སེམས་སྐྱེ་མེད་དུ་ལྷག་འཆར། དེ་ཉིད་ཀྱི་ངང་ལ་མ་ཡེངས། ལྟ་བྱ་བལྟ་བྱེད་གཉིས་སུ་མ་འཆོས་པར། སེམས་ངལ་སོ་རུ་ ཆུག་གསུངས་པས། སེམས་ངོ་མཐོང་བ་དང༌། ཡང་མཆེད་པོ་དགྲ་བཅོམ་ཞིག །སྒོམ་ཐོན་ 2-1-430 པ་དང༌། བོང་བཟང་འདི་བའི་རིང་ལ། ཕག་རིར་ཚོང་ལ་འབུང་དགོས་སེམས་ཤིང༌། ཆོས་ རར་འཚོགས་པ་ན། ལགས་དོར་ཞག་བོང་བཟང་གི་བེད་ལ། ལ་ཚོང་གི་བྲོད་ཆ་བྱེད་པ་བས། དལ་འབྱོར་ལུས་སེམས་འཛོམ་པའི་བེད་ལ། རང་སེམས་སངས་རྒྱས་སུ་ངོ་འཕྲོད་པའི་བྲོད་ ཆ་ལ་འབུངས་ན་མཆི། ཞེས་དང༌། གཞན་(ཆོས་ཉིད་བསོད་ནམས་)ཅིག་གིས། བསྙུང་གནས་ཞུས་ ཏེ། མ་བཟོད་པར། ཕྱེ་འགོམས་ནས། ནང་པར་དྲུང་དུ་ཕྱག་འཚལ་བ་ན། མ་མཚེངས་པའི་ དཀའ་ཐུབ་པས། ནམ་ལ་ཕྱེ་འགོམས་པ་དེ། མོ་ཚོད་ཆེ་ལགས། ཞེས་དང༌། ཁ་(སྟོན་པ་ནམ་རིན་) ཅིག་གསེར་སྡིངས་སྡོད་ཚེ། མི་ཉུང་བས། འཚེ་བ་མི་མཆིའམ་ཞུས་པས། མངོན་ཤེས་མེད་དེ། ཡི་དམ་ལ་གསོལ་བ་བཏབ་པས་སྟེང་དུ་ཁྲིགས་སེ་མཆི། ལེགས་ལྡན་ལ་གཏོར་མ་རེ་ཙམ་ བྱིན། ཅང་མི་མཆི་ཞེས་དང༌། ལྕོགས་པེའི་ཐད་དུ། འོག་གདོང་ནས་འོ་ཅག་གི་རྟ་ལ་གནོད་ པའི་གདུག་པ་ཅན་འོང་གིས། ཁང་ཧྲུལ་འདིར་ཅུང་ཞིག་ངལ་སོ་གསུངས་པ་ན། ཉེ་གནས་པ་ (ཤེས་རབ་འོད་)ཅང་མི་འོང་མྱུར་དུ་བྱོན་ན། ཉི་མའི་ཁ་ལ་དགེ་སྡིངས་སུ་སླེབ་སྟེ་སེམས་ཤིང༌། ཟུར་ནས་ཡང་ཡང་བལྟས་པས། མོད་ལ་བྱ་ཞོན་པའི་ཚོགས་ཀྱིས། གཞན་དག་འཚེ་ཞིང་སོང་ བས། ལམ་ཡོལ་བ་དང༌། ཚུར་ཤོག་རིངས་ན་ཕྱིབས་སྣ་ཁྲིད་གསུང༌། ཕྱག་འཚལ་ཏེ། དྲུང་ ནས་མངོན་པར་མཁྱེན་པར་གདའ། ཉེན་ཆེ་ཞུས་པས། མངོན་ཤེས་ཆ་མེད། དེ་ཙམ་རེ་རླུང་ ལྟས་ལའང་ཤེས་ལགས་མོད། གསུང༌། (བཟང་སྨན་པ་སློབ་དཔོན་སང་ཡོན་)འགའ་ཞིག་གིས་ལྷ་ སར་འགྲོ་བ་ལ། བར་ཆད་མི་འབྱུང་བར་བྱིན་རླབས་ཞུས་པས། ངུར་སྨྲིག་ཏུ་སྒྲོལ་མ་ལ་མར་ མེ་ཕུལ། བློ་མ་ལོག་པར་སོང༌། ཅང་མི་ཉེས་མྱུར་དུ་འཁོར་མཆི། གསུང༌། གཞན་ཡང༌། དུས་ ཀྱི་ཁྱད་པར་དང༌། སེམས་ཅན་པའི་ཉོན་མོངས་རྣམ་རྟོག་ཅི་མནོ། ཕྱག་འཐིལ་སྐྱུར་རུ་ར་ལྟར་ དགོངས་མོད་ནའང༌། ཞལ་འཛུམ་འཛུམ་མ་གཏོགས་མི་མཚོན་པར་སྣང་ངོ༌། ། སྤྱན་ལྔ་མངོན་ཤེས་རྫུ་འཕྲུལ་ཆགས་ཐོགས་མེད། །ལོང་པའི་དྲུང་ན་སྤྱན་རས་གཟིགས་ 2-1-431 དབང་འདྲ། །བྱིས་པ་ཉོན་མོངས་རྟོགས་ན་ཅིའང་རྒྱུ། །ཁྲེལ་མེད་དྲུང་དུ་སྡོད་རྣམས་ཨ་ལ་ལ། ། བློ་ཆུང་གཞན་སྣང་དུ་ཕྲ་ཆུང་གི་མཛད་པའི་རིམ་པ་ལྔ་པའོ།། །།དེ་ལྟར་བདུད་བཏུལ་བ་ ལ་སོགས་པའི་མཛད་ཚུལ་གྱི་ལེའུ་སྟེ་བདུན་པའོ།། །། ༈ ད་ནི་ནམ་མཁའ་དང་མཉམ་པའི་འགྲོ་བ་ལ། ཕན་སྟོབས་ཕ་ལྟར་བྱ་ཞིང༌། ཐེག་པ་ མཐའ་དག་གི་བཤད་པ་ཉི་མ་ཤར་བ་ལྟར་བྱ་བར་དགོངས་ཏེ། ཐོག་མར་ལུང་པ་གསུམ། མདོ་ གསུམ། རྒྱང་རོ་ལ་སོགས་པའི་སྐྱེ་རྒུ་དད་མོས་ཅན་རབ་ཏུ་མང་པོ་སྦྱིན་པའི་གཡབ་མོས་ བསྡུས་ཤིང༌། སྙན་པའི་ཚིག་གིས་ལེགས་པར་བོས་ཏེ། མདོ་སྡེ་ལས་རྒྱུ་འབྲས་གཙོར་སྟོན་ པའི། བཀའ་བསྟན་བཅོས་མང་པོའི་སྒོ་ཕྱེ་སྟེ། (ཆུང་ངུའི་ཆུང་ངུ་རྣམས་ལ་)ངན་འགྲོའི་ལས་འབྲས་ བཤད་ནས། སྒོ་མོ་ཆེ་གསུམ་ནི་བསྡམས་པ་བཞིན། ལྷ་མིའི་བདེ་འབྲས་བཤད་ནས། མངོན་ མཐོའི་སྒོ་ནི་ཕྱེ་བ་བཞིན། རྟག་ཆད་དུ་སྨྲ་བའི་ལམ་ལོག་ལས་བསྐྱོགས་ཏེ། ཐར་པའི་ལམ་པོ་ ཆེ་ལ་བཅུག་པ་བཞིན་བྱས་ཏེ། རྟེན་རང་གཞན་གྱི་འབྱོར་པའི་སྤྲོ་བ་བསྐྱེད་ནས། འཇིགས་རྟེན་ པའི་ཡང་དག་པའི་ལྟ་བ་དང༌། ལས་འབྲས་སྤྱི་དང༌། བྱེ་བྲག་གི་བསྒོམ་པ་དང༌། སྐྱབས་འགྲོ་ བསྙེན་གནས་སོགས་ཀྱི་སྤྱོད་པས་གཙོར་མངོན་པར་མཐོ་བའི་(ལམ་དང་)འབྲས་བུ་ལ་བཀོད་ དོ། །ལ་ལ་ནི། གཞི་རྟེན་ཚུལ་ཁྲིམས་སྟོན་པ། འདུལ་བ་ལུང་སྡེ་བཞིའི་དགོངས་འགྲེལ། ཡན་ལག་དང་བཅས་པ་བསྟན་ནས། སོ་སོར་ཐར་པ་རིགས་བདུན་ལ་བཀོད་དེ། འདུལ་བ་ རྒྱ་མཚོའི་ནང་ནས་ཚུལ་ཁྲིམས་རིན་ཆེན་མཆོག །བླངས་ཏེ་དལ་འབྱོར་རིན་ཆེན་རྒྱན་གྱིས་ མཛེས་ལུས་བཀྲ། །ལྷ་མིའི་བདེ་འབྱོར་ཐེམ་སྐས་དགེ་ལེགས་རིན་ཆེན་སྤེལ། །རིམ་གྱིས་ བཀོད་པའི་སྐྱེ་དགུ་འདི་ན་བགྲང་ཡས་མོད། །(ཆུང་ངུའི་འབྲིང་)ལ་ལ་ནི། (ཉན་ཐོས་བྱེ་བྲག་སྨྲ་བ་ དང་མདོ་སྡེ་པའི་གཞུང་མང་པོ་དང་)ལམ་འབྲས་ཀྱི་བླང་དོར་རྒྱ་ཆེར་སྟོན་པ། ཆོས་མངོན་པ་མཛོད་ 2-1-432 རྩ་འགྲེལ་ལ་སོགས་པ་རྒྱ་ཆེར་བསྟན་ནས། (གཞི་ཚུལ་ཁྲིམས་དག་པའི་སྟེང་དུ་)ལྟ་བ་གང་ཟག་གི་ བདག་མེད་དང༌། (འདིའི་མཚམས་སུ་མ་དཔེ་ལྡེབ་ཉེར་བདུན་པ་ཆད། )བསྐྱོད་དེ། །གཞན་ཕན་རྒྱ་ཆེན་ བཞེད་པའི་བློ་ཆེན་གྱིས། །ཏིང་འཛིན་ས་ལམ་མདོ་སྡེའི་ལམ་མཐར་བཀོད། ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོར་སྟོན་པའི་རྒྱུ་ལམ་འབྲས་བུ་ལ་བཀོད་པའི་ རིམ་པ་གཉིས་པའོ།། །། འབྲིང་གི་རབ་ཏུ་གྱུར་པ་རྣམས་ལ། ཕྱི་ནང་གི་ཕུང་ཁམས་སྐྱེ་མཆེད་ལ་སོགས། ཟབ་ པར་གཏན་ལ་འབེབས་པའི། མདོ་འགྲེལ་མང་པོ་གསུངས་(ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་ གསལ་བར་མཛད་)ཏེ། དམ་ཆོས་མངོན་པ་ཤེས་བྱའི་མཚོ་ཆེན་དཔག་ཡས་ལ། །བློ་གྲོས་ཀླུ་ཡི་ དབང་པོའི་གནས་བཅས་ཆུ་གཏེར་རྒྱས། །བློ་ལྡན་ཆུ་བྱ་སྒྲ་སྙན་ཚོགས་འདུས་བགྲངས་ཡས་ པ། །བདུད་རྩིས་ལུས་རྒྱས་ལེགས་བཤད་དར་དིར་ཕྱོགས་བཅུར་སྒྲོགས། །(ལུང་གིས་གཏན་ ལ་ཕབ་པར་མ་ཟད་དེ་)བརྒལ་ལན་གྱིས་གཏན་ལ་འབེབས་པའི་རིགས་པ། ཚད་མ་སྡེ་བདུན་ ཡན་ལག་དང་བཅས་པས། གྲས་ཐག་བཅད་དེ། འདི་ན་ལུང་རིགས་སེང་གེའི་སྒྲ་ཆེན་ཆེར་ བསྒྲགས་པས། །མི་རིགས་རི་དྭགས་རྒྱང་དུ་བསྐྲད་པ་འདྲ། །འཇུག་ངོགས་ཤེས་བྱའི་གཞལ་ བྱ་རྣམ་གཉིས་ལ། །ཚད་མ་གཉིས་ཀྱིས་ལེགས་པར་གཏན་ལ་ཕབ། །ཅེས། མ་རྟོགས་ལོག་ རྟོག་ཐེ་ཚོམ་གྱི་དྲ་བ་བསལ་ཏེ། ཡང་དག་པའི་ལྟ་བ་ལ་བཀོད་ལ། གཞན་ཡང༌། ཡུམ་གྱི་ དགོངས་པ་ཟབ་པར་སྟོན་པའི་མདོ་འགྲེལ། རིགས་ཚོགས། རང་ཐལ་གྱི་སྐོར། མན་ངག་ དང་བཅས་པ། རྒྱ་ཆེར་གསུངས་ཏེ། (གཞི་ཀུན་རྫོབ་དང་དོན་དམ་སེམས་གཉིས་ཕོག་ནས་)ལྟ་བ་རྟེན་ འབྲེལ་སྟོང་པ་ཐ་མི་དད་པའི་མཐའ་བྲལ། སྒོམ་པ་སྟོང་པ་དང་སྙིང་རྗེ་གཉིས་མེད། ཡུལ་ (ཆོས་ཉིད་)སྤྲོས་བྲལ་(ལ་ཡུལ་ཅན་གྱི་བློ་ཅིར་ཡང་)མི་རྟོག་པ། རྗེས་སྤྱོད་སྒྱུ་མ་ལྟ་བུའི་ངང་ནས། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས། འབྲས་བུ་སྐུ་གཉིས་བློ་ལྡན་སྐྱེ་བ་འགའ་ཙམ་གྱིས་ 2-1-433 འགྲུབ་ཚུལ་ལ་ལེགས་པར་བཀོད་དེ། མཐར་ཐུག་བདེ་གཉིས་དབྱེར་མེད་རྡོ་རྗེ་ཡིས། །མཐར་འཛིན་ལྟ་ངན་བྲག་རྫོང་རབ་ བཤིག་ཅིང༌། །མཐའ་བྲལ་དབུ་མའི་ནམ་མཁའ་ཡངས་པའི་ཀློང༌། །མཐའ་ཡས་རྟོག་པའི་ གཟི་འོད་རབ་རྒྱས་འཕྲོ། །མདོར་ན། ཐུབ་བསྟན་ཉི་འོད་བློ་གསལ་མཁས་རྣམས་གསལ་ བྱེད་རྒྱན། །ཐུབ་པ་ཉིད་དང་གསུང་གླེང་མཛད་ནའང་ཆེས་ལྷག་པའི། །ཐུབ་པའམ་བྱམས་ ཆེན་དངོས་ལྟར་གསུང་གི་འོད་ཟེར་གྱིས། །ཐུབ་པའི་གསུང་རབ་མ་ལུས་ཉིད་ཀྱིས་གསལ་ བར་མཛད། །ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་སྟོན་པའི་རྒྱུ་ལམ་འབྲས་བུ་ལ་བཀོད་ པའི་རིམ་པ་གསུམ་པའོ།། །། དེར་ལྟར་ན་གདུལ་བྱ་རབ་ཏུ་མང་པོ་ཐུན་མོང་མཚན་ཉིད་སྡེ་གསུམ་གྱི(ས་མངོན་མཐོ་དང་ གཙོར)་ངེས་པར་ལེགས་པའི་བྱང་ཆུབ་(གསུམ་)ལ་(རིམ་གྱིས་)བཀོད་པའི་མཛད་ཚུལ་བསྟན་ པའི་ལེའུ་སྟེ་བརྒྱད་པའོ།། །། ༈ དེ་ནས་འབྲས་བུ་རྡོ་རྗེ་ཐེག་པ་ལ་དད་པའི་གདུལ་བྱ་རབ་ཏུ་མང་པོ། ཐོག་མར་ དབང་པོ་རབ་ཀྱི་ཐ་མ་རྣམས་ལ། བྱ་བ་སྤྱི་རྒྱུད་དང༌། རིགས་གསུམ་བྱེ་བྲག་གི་གཟུངས་རྟོག་ པ། རིག་སྔགས། གསང་སྔགས་ཕོ་མོའི་རྒྱུད་འགྲེལ་སྒྲུབ་ཐབས། མན་ངག་ལག་ལེན་མང་ པོ་དང༌། ལམ་གྱི་གཞི་བུམ་པ་ཆུ་དང༌། རྗེས་གནང་རིགས་གཏད་སོ་སོ་བ་དང༌། དམ་ཚིག་ རིགས་གསུམ་སྤྱི་དང་བྱེ་བྲག་གི་བླང་དོར་དང༌། ལམ་ལྟ་བ་དོན་དམ་སྐྱེ་བ་མེད་པའི་ངང་ནས། སྣང་སྲིད་ལྷའམ། དག་པ་གསུམ་གྱི་ལྟ་བ་དང༌། བསྒོམ་པ་བསྐྱེད་རིམ་གཙོ་བོའི་ཆོ་ག་གསུམ་ གྱིས། ལྷ་ཡེ་ཤེས་པ་དང༌། དམ་ཚིག་པ་རྗེ་འབངས་ཀྱི་ཚུལ་དང༌། སྤྱོད་པ་ཁྲུས་དང་གཙང་སྦྲ་ དཀར་གསུམ་ཟ་ཞིང༌། གོས་གསུམ་བརྗེ་བས། སྒྱུ་མ་ལྟ་བུའི་ངང་ནས། སྤྲོས་བཅས་ཆོས་ སྤྱོད་བཅུ་སོགས་དགེ་བའི་བྱ་བྱེད་དང༌། འབྲས་བུ་རིགས་གསུམ་སྐྱེ་བ་བདུན་སོགས་ཀྱིས་ 2-1-434 འགྲུབ་ཚུལ་(ལ་བཀོད་)ཏེ། བྱ་རྒྱུད་དག་(པ་)གསུམ་(གྱིས་དྲི་མའི་)ཆུ་འཛིན་བྲལ་བའི་ནམ་མཁའ་ལ། །གསང་སྔགས་ བསྒོམ་བཟླས་ཉིན་བྱེད་ཚ་ཟེར་རབ་གདུངས་པས། །སྒོ་གསུམ་སྡིག་སྒྲིབ་ངན་འགྲོའི་གངས་ རྒྱུན་རབ་བཞུ་སྟེ། །རིགས་གསུམ་ལྷུན་པོའི་རིན་ཆེན་ངོགས་གསལ་ཞལ་མཐོང་གྱུར། །རབ་ ཀྱི་ཆུང་ངུའི་ཆུང་ངུ་ལ་བཀོད་པའི་རིམ་པ་དང་པོའོ།། །། ལ་ལ་ནི། གཉི་གའི་རྒྱུད་རྣམ་སྣང་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པའི། རྒྱུད་འགྲེལ་སྒྲུབ་ཐབས་མན་ངག་མང་པོ་དང༌། ལམ་གྱི་གཞི་རིག་པའི་དབང་ལྔ་དང༌། དམ་ ཚིག་རིགས་བཞིའི་སྡོམ་པའི་བླང་དོར་དང༌། ལམ་ལྟ་བ་དོན་དམ་ངང་ནས། དག་པ་གསུམ་ དང༌། བསྒོམ་པ་ཆོ་ག་གསུམ་གྱི། ལྷ་སྒོམ་དམ་ཚིག་པ་དང༌། ཡེ་ཤེས་པ་གྲོགས་པོའི་ཚུལ་ དང༌། རྫོགས་རིམ་ཞུ་ཐིམ། སྤྱོད་པ་ལྷའི་ང་རྒྱལ་གྱིས། གཙང་སྦྲ་ལྷུར་གྱུར་པའི་དེ་ཉིད་བཅུ་ དང༌། འབྲས་བུ་དེ་ཉིད་རིག་པ་བཞིའི་གོ་འཕང༌། སྐྱེ་བ་ལྔ་སོགས་ཀྱིས་འགྲུབ་པའི་ཚུལ་ལ་ བཀོད་པ་ཡིན་ཏེ། སྤྱོད་པ་རྣམ་དག་རྗེ་དང་མཐུན་གྱུར་པའི། །གཉི་གའི་རྒྱུད་དུ་གཉི་གའི་ལྟ་སྒོམ་སྤྱོད། ། གཉི་གའི་འབྲས་བུ་ཐུན་མོང་རིགས་བཞི་ཡི། །གོ་འཕང་མཆོག་གི་གནས་རབ་གསལ་བར་ མཛད། ། རབ་ཀྱི་ཆུང་ངུའི་འབྲིང་ལ་བཀོད་པའི་རིམ་པ་གཉིས་པའོ།། །། ལ་ལ་ནི། རྣལ་འབྱོར་རྒྱུད་སང་ཏྲ་ཧ། རྩ་བཤད་ཕྱི་མ། ཕྱི་མའི་ཕྱི་མ་འཕྲོས་རྒྱུད། བྱིན་ རླབས་ཀྱི་རྒྱུད་འགྲེལ། སྒྲུབ་ཐབས་ཡན་ལག །ལག་ལེན་མང་པོ་དང༌། འཇམ་དཔལ་རྒྱུད་ འགྲེལ་ཆེ་འབྲིང་ཆུང་བ་ལ་སོགས། བཤད་སྒྲུབ་མན་ངག་ལག་ལེན་མང་པོ་དང༌། ལམ་གྱི་ གཞི་རིག་པའི་དབང་ལྔ། ཕྱིར་མི་ལྡོག་པའི་དབང༌། (འཇམ་དཔལ་དུ་)གསང་བའི་དབང་ལྔ་བྱིན་ 2-1-435 ཏེ། དམ་ཚིག་རིགས་ཀྱི་སྡོམ་པ་བཅུ་བཞི། ཐུན་མོང་གི་སྡོམ་པ་བཅུ་བཞི་ལ་སོགས་བླང་དོར་ དང༌། ལམ་ལྟ་བ་དོན་དམ་ངང་ནས། དུག་ལྔ་ཡེ་ཤེས་ལྔར་ལྟ་བ་དང༌། བསྒོམ་པ་བསྐྱེད་རིམ་ སེམས་ཀྱི་སྒོམ་པ་གཙོ་བས། (ཡོ་གར་)ཐབས་རྣལ་འབྱོར་རྣམ་གསུམ། (འཇམ་དཔལ་)ཤེས་རབ་ ཏིང་ངེ་འཛིན་རྣམ་གསུམ་ལ་སོགས་(ལྷ་དམ་ཚིག་ཡེ་ཤེས་མྱུ་གུ་དང་གྲིབ་མའི་ཚུལ་)དང༌། རྫོགས་རིམ་ ཞུ་ཐིམ་དང༌། སྤྱོད་པ་དང་བས་ལྷའི་ང་རྒྱལ་གྱིས་དེ་ཉིད་བཅུའི་ལག་ལེན་ལ་སོགས་པས། རང་གཞན་གྱི་འཕྲིན་ལས་རྒྱ་ཆེན་པོ་དང༌། གོམ་པས་འདོད་ཡོན་ལ་སྤྱོད་པས། སངས་རྒྱས་ མཆོད་པ་དང༌། འབྲས་བུ་ཐུན་མོང་འདོད་གཟུགས་ཀྱི་དངོས་གྲུབ་མང་པོ་དང༌། འདས་པ་ རགི ས་ལྔའི་གོ་འཕང་སྟུག་པོ་བཀདོ་པའི་ས་ལ། སྐྱེ་བ་གསུམ་གྱིས་འགྲུབ་པའི་ཚུལ་ལ་བཀོད་ དེ། རྣལ་འབྱོར་རྒྱུད་འགྲེལ་དབང་སྒྲུབ་མཚོ་ཆེན་རབ་ཡངས་ལས། །རིམ་གཉིས་སྡོང་བུའི་ མཚོ་སྐྱེས་ཏིང་འཛིན་གེ་སར་མཐོ། །སྔགས་དང་ཕྱག་རྒྱའི་འདབ་མ་ཕྱོགས་བཅུར་རབ་རྒྱས་ པས། །སྤྲོས་བཅས་བློ་ལ་སྤྲོས་བཅས་དངོས་གྲུབ་དྲི་བསུང་ཁྱབ། ། རབ་ཀྱི་འབྲིང་གི་རབ་ལ་བཀོད་པའི་རིམ་པ་གསུམ་པའོ།། །།དེ་ལྟར་ན་གསང་སྔགས་ ཕྱི་རྒྱུད་ཀྱི་ཆོས་འཁོར་བསྐོར་བའི་ལེའུ་སྟེ་དགུ་པའོ།། །། ༈ སྐྱེ་བ་འདི་དང་བར་དོ་ལ་སོགས་ཀྱིས་འབྲས་བུ་བསྒྲུབ་པར་ནུས་པ། ཡང་རབ་ཀྱི་ཐ་ མ་རྣམས་ལ། གཡོ་བ་རླུང་ལ་གནད་དུ་བསྣུན་ཏེ་གཙོ་བོར་སྟོན་པ། རྣལ་འབྱོར་ཆེན་པོའི་རྒྱུད་ དཔལ་གསང་བ་འདུས་པ། རྩ་བཤད། འཕྲོས་རྒྱུད་དང་བཅས་པའི་འགྲེལ་སྒྲུབ། མན་ངག་ མང་པོ་དང༌། ལམ་གྱི་གཞི་དབང་བཞི་དང༌། དམ་ཚིག་རྩ་ལྟུང་ཡན་ལག་གི་བླང་དོར་སྟོན་ པའི་གཞུང་མང་པོ་དང༌། ལམ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལྟ་བ་དང༌། བསྐྱེད་རིམ། སྦྱང་ གཞི་སྦྱོང་ལམ་(འཕགས་སྐོར་)རྣལ་འབྱོར་བཞི་དང༌། (ཡེ་ཤེས་ཞབས་)བསྙེན་བསྒྲུབ་བཞི་སོགས་ 2-1-436 (དམ་ཚིག་ཡེ་ཤེས་གཉིས་མེད་)དང༌། རྫོགས་རིམ་རིམ་པ་ལྔ་སོགས་དང༌། སྤྱོད་པ་(སྤྲོས་བཅས་)སྤྲོས་ མེད། ཤིན་ཏུ་སྤྲོས་མེད་ལ་སོགས་དང༌། འབྲས་བུ་ཐུན་མོང་བརྒྱད་དང༌། སྐུ་གསུམ་དབྱེར་ མེད་ཟུང་འཇུག །རྡོ་རྗེ་འཆང་གི་གོ་འཕང་ལ་བཀོད་པ་ཡིན་ཏེ། བྱིན་རླབས་ས་གཞིར་སྨིན་ གྲོལ་དཔག་བསམ་ཤིང་ཆེན་རབ་བསྐྱེད་དེ། །རྒྱུད་སྡེའི་ཡལ་ག་འཕྲིན་ལས་ལོ་འདབ་ཕྱོགས་ བཅུར་རྒྱས། །ཉམས་རྟོགས་མེ་ཏོག་དངོས་གྲུབ་འབྲས་མཆོག་ཆེར་སྨིན་པའི། །གསང་སྔགས་ སྡོང་ཆེན་བཤེས་གཉེན་ཕྱོགས་བཅུར་གྲངས་མེད་བསྐྱེད། །གཞན་ཡང༌། ཡང་རབ་ཀྱི་འབྲིང་ པོ་རྣམས་ལ། བཀོད་པ་བྱང་སེམས་ལ་གནད་དུ་བསྣུན་པ་གཙོ་བོར་སྟོན་པ། རྣལ་འབྱོར་མའི་ རྒྱུད་སྡེ་རིགས་བཞིའམ། བཅུ་བཞིའི་རྩ་བཤད། འཕྲོས་རྒྱུད་འགྲེལ་བཤད་པ། སྒྲུབ་སྡེ་ མང་པོ་དང༌། ལམ་གྱི་གཞིར། དབང་བཞིའི་བཀའ་སྲོལ་མང་པོས་སྨིན་ཅིང༌། དམ་ཚིག་རྩ་ ལྟུང་བཅུ་བཞི་ལ་སོགས། སྤྱི་དང་ཁྱད་པར་གྱི་བླང་དོར་མང་པོ་དང༌། ལམ་ལྟ་བ་ལྷན་སྐྱེས། ཕྱག་རྒྱ་ཆེན་པོ་དང༌། བསྒོམ་པ་བསྐྱེད་རིམ། སྦྱང་གཞི་སྐྱེ་གནས་བཞི། སྦྱོང་ལམ་སྐྱེད་ཚུལ་ བཞི་དང༌། རྫོགས་རིམ་མཚན་བཅས་མཚན་མེད་ཀྱི་བཀའ་ཆེན་རབ་ཏུ་མང་པོ་དང༌། གཉིས་ མེད་ཕྱག་རྒྱ་ཆེན་པོའི་གཞུང་སྟེ་མན་ངག་མང་པོ་དང༌། སྤྱོད་པ་སྤྲོས་བཅས་སྤྲོས་མེད་ལ་ སོགས་རྣམ་པ་གསུམ་དང་བདུན་སོགས་དང༌། འབྲས་བུ་གཞི་ལམ་འབྲས་བུའི་སྐུ་བཞིའི་ ཚུལ། ཟབ་རྒྱས་ལ་བཀོད་པ་ཡིན་ཏེ། སྐལ་ལྡན་དལ་འབྱོར་དབུ་མའི་བུམ་བཟང་དགའ་བཞིའི་ ཆབ་ཀྱིས་བལྟམ། །ཉམས་རྟོགས་རིན་ཆེན་དཔག་བསམ་ཁ་རྒྱན་འཕྲིན་ལས་ཐབས་ཤེས་ ཀྱི། །གོས་ཟུང་གིས་བཅིངས་དད་དང་བརྩོན་པའི་ཐལ་སྦྱར་སྤྱི་བོར་བཞག །སྒོ་གསུམ་ཐ་ དད་(འཛིན་པའི་)དྲི་མ་(དང་བཅས་པ་)རབ་བཀྲུས་སྐུ་བཞིའི་རྒྱལ་སྲིད་གཏད། །གཞན་ཡང༌། ཡང་རབ་ཀྱི་རབ་རྣམས་ལ། རྩ་རླུང་སེམས་ཐིག་དབྱེར་མེད་དུ་གཙོར་སྟོན་པ། ཐབས་ཤེས་ གཉིས་མེད་མ་ནིང་གི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་མཚན་ཡང་དག་པར་བརྗོད་པས་འཁྱུད་ 2-1-437 པ་ཕྲན་དང་བཅས་པ། ས་བཅུ་པའི་འགྲེལ་པ་ཡན་ལག་མན་ངག་དང༌། ལམ་གྱི་གཞི། དབང་ བཅུ་གཉིས་དང༌། དམ་ཚིག །བརྟུལ་ཞུགས་ཉེར་ལྔ་དང༌། ཕྱི་ནང་གསང་བའི་བླང་དོར་དང༌། ལམ་ལྟ་བ་རྣམ་པར་མི་རྟོག་པ། སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་དང༌། བསྒོམ་ པ་བསྐྱེད་རིམ་དང༌། རྫོགས་རིམ་བསྙེན་བསྒྲུབ་བཞི་དང༌། སྤྱོད་པ་བདེ་སྟོང༌། འབྲས་བུ་ཐུན་ མོང་དང༌། མཆོག་ཏུ་མི་འགྱུར་བ། སྐུ་བཞིའི་གོ་འཕང་ལ་རིམ་པར་བཀདོ་དེ། ཤེས་བྱ་ཕྱི་ནང་ གཞན་གསུམ་གཞི་ལམ་འབྲས་བསྡུས་པའ། ི །དུས་འཁོར་རྒྱ་མཚོ་ཟབ་རྒྱས་རྒྱལ་སྲས་འགྲེལ་ པས་བསྲུབས། །ལེགས་བཤད་བཅུད་ཀྱི་སྙིང་པོ་རིགས་ལྡན་ལས་འོངས་པ། །སྐལ་ལྡན་བློ་ ལ་སྐུ་བཞི་མངོན་སུམ་བཞིན་དུ་བརྒྱན། །ཅེས་ཏེ། དེ་ལྟར་གསང་སྔགས་གསར་མའི་ཚུལ་ལ་ དད་པ་རྣམས་ལ་རྒྱུད་སྡེ་བཞིའི་འཁོར་ལོ་བསྐོར་ཞིང༌། གསང་སྔགས་སྔ་འགྱུར་ལ་དད་པའི་ གདུལ་བྱ་རབ་ཏུ་མང་པོ་ལ། ཏྲི་ཡ། ཨུ་པ། ཡོ་གའི་རྒྱུད་འགྲེལ་སྔར་དང་ཚུལ་མཚུངས་པར་ གསུངས་ཤིང༌། གཞན་ཡང༌། བསྐྱེད་པ་གཙོ་བོར་སྟོན་པ། མ་ཧཱ་ཡོ་གའི་ཐེག་པ་ལ་དད་པའི་ རིགས་ཅན་རྣམས་ལ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ(ལ་སོགས་པའི)། རྩ་རྒྱུད། བསྒྲུབ་པ། དམ་ ཚིག །དབང༌། དཀྱིལ་འཁོར། འཕྲིན་ལས་གཙོར་སྟོན་པ་ལ་སོགས། བཤད་རྒྱུད་འཕྲོས་ དང༌། ཕྲ་མོའི་སྐོར་མ་ལུས་པ་དང༌། གཞན་ཡང༌། སྒྲུབ་བཀའ་བརྒྱད་དང་འབྲེལ་བའི། རྒྱུད་ ལུང་དབང་སྒྲུབ་བཤད་གདམས། ངོ་སྤྲོད་མང་པོ་གསུངས་ཏེ། ལམ་གྱི་གཞི། (གཞན་དོན་)ཕན་ པའི་དབང་བཅུ། (རང་དོན་)ནུས་ པའི་དབང་ལྔ། (གཉིས་ཀའི་དོན་)ཟབ་མོའི་དབང་གསུམ་སྟོན་ པའི་ཆོ་གས་སྨིན་ཅིང༌། དམ་ཚིག་སྐུ་གསུང་ཐུགས་ལྔ་ཚན་ཉེར་ལྔ་ལས། སུམ་བརྒྱ་དྲུག་ཅུ་ལ་ སོགས་སྟོན་པའི་བླང་དོར་དང༌། ལྟ་བ་སྐྱེ་མེད་རྣམ་པར་མི་རྟོག་པ། བསྒོམ་པ་དམ་པ་རིགས་ བརྒྱའི་དཀྱིལ་འཁོར༌། བསྙེན་བསྒྲུབ་བཞིས་བསྐྱེད་དང༌། ཏིང་ངེ་འཛིན་རིམ་གསུམ་གྱི་ རྫོགས་རིམ་དང༌། སྤྱོད་པ། ཚོགས། རིགས། མགོན་པོ་ཀུན་སྤྱོད་ཀྱིས། འབྲས་བུ་ཀུན་བཟང་ 2-1-438 ཆོས་སྐུ། ལོངས་སྐུའི་རིགས་ལྔ་ཡབ་ཡུམ། སྤྲུལ་སྐུ་ཐུབ་པ་དྲུག་གམ། སྐུ་ལྔ་དབྱེར་མེད་རྡོ་རྗེ་ འཆང་གི་ས་ལ་བཀོད་དེ། མ་ཧཱ་ཡོ་གའི་ཁང་བཟང་དངོས་གྲུབ་རིན་ཆེན་འབྱུང་ཁུངས་བང་མཛོད་ཅན། ། རིག་འཛིན་མཁས་གྲུབ་མང་པོའི་འཇུག་ངོགས་ཟབ་རྒྱས་ལྡེ་མིག་སྒོ་ཕྱེ་ནས། ། འདི་ན་སྐལ་ལྡན་གདུལ་བྱའི་ཚོགས་ལ་དབང་བསྒྲུབ་བཤད་གདམས་དགའ་སྟོན་བཀ། ྱེ། ཐུན་མོང་རིག་འཛིན་སྐུ་གསུམ་མཆོག་གི་གོ་འཕང་གནས་རབ་གསལ་མཛད་མོད། ། ཡང་རབ་ཀྱི་ཆུང་ངུའི་ཐེག་པ་ལ་བཀོད་པའི་རིམ་པ་དང་པོའོ།། །། རྫོགས་པ་གཙོར་སྟོན་པ་ཨ་ནུ་ཡོ་གའི་ཐེག་པ་ལ་དད་པ་རྣམས་ལ། རྩ་བ་ ཀུན་འདུས་རིག་པ། བཤད་རྒྱུད་དགོངས་འདུས་ལ་སོགས། བཤད་འཕྲོས་འགྲེལ་ བསྒྲུབ། གདམས་ངག་ལག་ལེན་གསུངས་ཏེ། གཞི་དཀྱིལ་འཁོར་གསུམ་དུ། མདོ་དབང་ཆེན་ པོ་བསྐུར་ནས། དམ་ཚིག་སྐུ་གསུང་ཐུགས་དང་ཉི་ཤུ་རྩ་ལྔ་ལས། སུམ་བརྒྱ་དྲུག་ཅུ་ལ་སོགས་ ཁྱད་པར་རྟེན་བསྲུང་དང༌། ལྟ་བ་རྒྱུ་དབྱིངས་རྣམ་དག་ཡེ་ཤེས་ཆེན་པོའི་འབྲས་བུ་དབྱེར་མེད་ དང༌། བསྒོམ་པ་སྣང་སྲིད་ཐམས་ཅད་ལྷ་རུ་སྐད་ཅིག་གིས་བསྐྱེད་ཅིང༌། ཆོས་ཀྱི་དབྱིངས་ རྣམ་པར་དག་པར་ཡེ་ཤེས་ཆེན་པོ་དབྱེར་མེད་དུ་རྫོགས་པ་དང༌། སྤྱོད་པ་བླང་དོར་མེད་པའི་ ཚུལ་ལ་སབློ་ཅངི ༌། འབྲས་བུ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་བཀོད་པ་ཡིན་ཏེ། ཨ་ནུ་ཡོ་ག་མདོ་རྒྱུད་བཤད་འགྲེལ་ནམ་མཁའི་ཀློང་ནས་ཐེག་དགུའི་དབང་རིམ་གྱི། །ཆུ་ འཛིན་ཕྲེང་བའི་ཚོགས་མང་རབ་བརྩེགས་འཁྲིགས་ལས་རྒྱུད་འགྲེལ་ལེགས་བཤད་འབྲུག་སྒྲ་ ཅན། །འུར་འུར་རྒྱུད་མང་སྐབས་ན་གདམས་སྒྲུབ་ཀློང་ཕྲེང་རབ་འཁྱུག་བྱིན་རླབས་སྦྲང་ཆར་ ཕབ། །མཐའ་ཡས་གདུལ་བྱའི་ཤེས་རྒྱུན་ཀླན་ཏེ་དངོས་གྲུབ་ལོ་ཏོག་རིམ་རྒྱས་ཀུན་བཟང་ ཀྱཱཻ། ། 2-1-439 ཡང་རབ་ཀྱི་འབྲིང་གི་ཐེག་པ་ལ་བཀོད་པའི་རིམ་པ་གཉིས་པའོ།། །། ཤིན་ཏུ་རྫོགས་པ་གཙོར་སྟོན་པ་ཨ་ཏི་ཡོ་ག་ལ་དད་པ་རབ་ཀྱི་རབ་རྣམས་ལ། ཀུན་བྱེད་ རྩ་བ་བཤད་རྒྱུད་འགྲེལ་པ། ལྡེ་མིག་མན་ངག་རྣམས་དང༌། གཞན་ཡང༌། རྫོགས་ཆེན་གྱི་རྒྱུད་ གཞན་(གཡས་བསྐོར་ལ་སོགས་)འགྲེལ་པ། དབང་གདམས་ངོ་སྤྲོད་རབ་ཏུ་མང་པོ་དང༌། དེའང་ གཞི་དཀྱིལ་འཁོར་བསྐྱེད་དུ་མེད་པ། ཡེ་ཇི་བཞིན་པར། དབང་བསྐུར་དུ་མེད་པ། ཡེ་ཤེས་ རྒྱལ་ཐབས་སྤྱི་བླུགས་སུ། རིག་པའི་རྩལ་དབང་བསྐུར་ཏེ། དམ་ཚིག་རིགས་ཅན་དུ་བསྲུང་ མེད་དང༌། གཅིག་པུ་དང༌། ཕྱལ་བར་བསྲུང་ཚུལ་དང༌། ལྟ་བ་བལྟར་མེད་ཆོས་ཐམས་ཅད་ རང་འབྱུང་གི་ཡེ་ཤེས། ནམ་མཁའ་དང་མཉམ་པ་དང༌། བསྒོམ་པ་བསྒོམ་དུ་མེད་དེ། རང་ འབྱུང་གི་ཡེ་ཤེས་ཟབ་པ་རྒྱ་མཚོ་དང་མཚུངས་པ་དང༌། སྤྱོད་པ་སྤྱད་དུ་མེད་དེ། རང་འབྱུང་ གི་ཡེ་ཤེས་ཉི་ཟླ་དང་མཉམ་པ་དང༌། འབྲས་བུ་བསྒྲུབ་ཏུ་མེད་དེ། རང་འབྱུང་གི་ཡེ་ཤེས་སྐུ་ གསུམ་ལྷུན་གྲུབ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། མདོར་ན། ཐེག་པ་ན་ཐེག་པ་གཅིག་སྟེ། ཀུན་ཐེག་བྱང་ཆུབ་སེམས་ཀྱི་ཐེག་པ། ལམ་ལ་བགྲོད་དུ་མེད་དེ། བྱང་ཆུབ་སེམས་ཀྱི་ལམ་ པོ་ཆེ། ས་ན་ས་གཅིག་སྟེ། གནས་ལུགས་ཕྱོགས་མེད། རྣམ་གྲོལ་ཀུན་བཟང་དབྱེ་བ་མེད་ པའི་ས་མོ་ཆེ། གཞི་འཁྲུལ་མ་མྱོང་གི་དང༌། ལམ་རྩོལ་མི་དགོས་ཀྱི་དང༌། འབྲས་བུ་བསྒྲུབ་ མི་དགོས་ཀྱི། སངས་རྒྱས་ཏེ་ཀུན་བཟང་ཡེ་ཇི་བཞིན་པར་རྟོགས་པ། ཡིན་ཤེས་ཆིག་ཆོད་ཀྱི་ སངས་རྒྱས་ལ་བཀོད་པ་ཡིན་ཏེ། ང་ཡིས་ཐེག་བརྒྱད་གོལ་སྒྲིབ་རབ་བསལ་རྒྱུ་འབྲས་འདས་པའི་ཐེག་པ་ང༌། ། ཀུན་ཀྱང་ང་རུ་ལ་བཟླས་ང་ཉིད་ཀུན་གྱི་རང་བཞིན་ཕྱོགས་མེད་ཤར། །ང་ལས་ཀུན་ ཀྱང་བྱུང་ཞིང་ཀུན་ཀྱང་ང་ཉིད་ངང་དུ་རྒྱུན་པར་གནས། །ང་ཉིད་ཡེ་ནས་ སེམས་ཉིད་ཀུན་བྱེད་རྒྱལ་པོར་ཡིན་ཤེས་ང་ངོ་མཚར། ། 2-1-440 ཡང་རབ་ཀྱི་རབ་ཀྱི་ཐེག་པ་ལ་བཀོད་པའི་རིམ་པ་གསུམ་པའོ།། །། དེ་ལྟར་ན་ཐམས་ཅད་ཀྱང༌། རིམ་པ་(སྐྱབས་འགྲོ་ཚུལ་ཁྲིམས་སེམས་བསྐྱེད་)དབང་གིས་བགྲོད་ ཅིང༌། གཞི་བསླབ་སྡོམ་དང༌། དམ་ཚིག་གིས་བཟུང༌། ལྟ་བས་ཐག་བཅད། བསྒོམས་པས་ དོན་ཉམས་སུ་བླངས། སྤྱོད་པས་བོགས་བྱུང༌། འབྲས་བུ་ལ་ལ་བཟླས་ཏེ། མཐའ་དྲུག་ གིས་བཅིངས་པའམ། གཞི་ལམ་འབྲས་བུར་བསྡུས་ནས། ཐེག་པ་མཐའ་དག་གི་ཚིག་དོན། གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་གསུངས་ཏེ། དེའང་བདག་ཉིད་ཆེན་པོ་འདི། ཐུགས་རབ་དཔྱོད་ཕུལ་ཤིན་ཏུ་ཆེ་བའི་མཐར་ཕྱིན་ཏེ། རིགས་པ་འགལ་འབྲེལ་ངེས་ལུང་ལ་ སོགས། གཞན་གྱིས་དྲན་མ་ནུས་པ་མང་པོ་ཧལ་ཕྱིན་ཏེ། གཞན་ལ་ལུང་ལེན་པ་ན། བསྡུས་ དོན། འབྲུ་གནོན། ཕྲལ་དུ་དྲན་ཞིང༌། གཞན་ལ་ལུང་འབོགས་པ་ན། མདོ་རྒྱུད་འགྲེལ་ཆེན་ རྣམས་ལ། འཕྲལ་ལ་ས་རྒྱ་བཅད་དེ། དཀའ་བའི་གནས་ལ་འབྲུ་གནོན་དང༌། བརྟན་པའི་ མཐར་ཕྱིན་ཏེ། ཐེངས་ཅིག་ཟིན་ནས་བརྗེད་པ་ཙམ་མི་མཆི་ཞེས་དང༌། གསལ་བའི་མཐར་ ཕྱིན་ཏེ། ལན་རེ་ཟུང་རེ་ཙམ་ལ་མ་ཟིན་ན། བསྐྱར་ཞིང་ནན་ཏན་མི་ལང་ལགས་ཞེས་དང༌། དབང་བཀའ་སྣ་ཚོགས་ཞུ་བ་རྣམས་ལ། དཔེ་ལ་མི་ལྟོས་ཞིང༌། གཡས་གཡོན་བྱོན་པར། ཆོས་འདི་འདྲ་ཞུ་ཞེས་པ་ན། ཐུགས་ལ་ཤར་ཤར་བྱོན་པས། བོད་ཀྱི་དགེ་བའི་བཤེས་གཉེན་ ཅིག་ལ། ཐུགས་གནས་ཆེ་བར་གྲགས་ཏེ། (བྱམས་ཆེན་དང་ཀླུ་སྒྲུབ་དགོངས་པ་ཆེན་པོའི་དོན་གཟིགས་ པ་ལགས། ཟླ་གྲགས་དང་སེང་བཟང་ལ་སོགས་པས་སྦྱངས་པ་ལྷག་སྙམ་པ་བདོག་སྟེ་ཕན་སྟོབས་ཅིའང་མ་བྱུང༌། བོད་འདི་སྐྱེ་ས་ངན། རྒྱ་གར་ཁ་སྤུ་ཅན་དགོས་པ་འདྲ་གསུང༌། )མཉམ་པ་མེད་པའི་ཐུགས་རབ་འདི། །མི་ མཉམ་ཀུན་དང་མཚུངས་ཞེས་གདའ། །དཔེར་བྱ་ཀུན་ལས་འདས་པ་སྟེ། །དཔེ་མེད་ཀུན་ དང་མཚུངས་པའང་ལགས། །སྟོན་གྱི་མཁའ་ལྟར་དྭངས་པ་ལ། །ཚ་ཟེར་བྱེད་པས་བཞུ་ལྟར་ གསལ། །ཟབ་རྒྱས་རྒྱ་མཚོ་ནམ་མཁའ་ལྟར། །བརྟན་རྒྱུན་ལྷུན་པོ་ཆུ་བོ་བཞིན། །ཀུན་འབྱུང་ 2-1-441 དཔག་བསམ་ཤིང་སོགས་ལྟར། །ཇི་ལྟར་འཚལ་བཞིན་མངའ་བ་ལགས། །ཆོས་ལྡན་གྱི་བྱ་ བ་ལ་ཐུགས་ངང་ཤིན་ཏུ་རིང་ཞིང༌། སྐུ་ཁམས་ལ་སྐྱོ་དུབ་མི་མངའ་སྟེ། (འཕགས་པ་ལ་སོགས་) གྲྭ་པ་འགའ་ཞིག་གིས། དབང་བཀའ་མང་པོ་ཞུ་བའི་ཚེ། ཉིན་བར་གཞན་རྣམས་ལ། གསང་ འདུས། དུས་འཁོར༌། ཕར་ཕྱིན། བརྟག་གཉིས་ལ་སོགས་ཆོས་ཁ་མང་པོ་འཚལ་བར་གདའ། མཚན་མོ་དབང་གཉིས་གཉིས་སྦྱིན་གསུང་བས། བགྲེས་ཆེས་པས་སྐུ་ཁམས་ལྡོག་ཞུས་པས། མཚན་ཚེར་དབང་དང༌། ཉིན་ཚེར་ཆོས་བཤད་ཀྱང༌། ཁམས་ལྡོག་པ་དང༌། གྲིབ་བྱུང་ཟེར་མ་ མྱོང༌། གང་བྱེད་ཀྱང༌། རྩོལ་བ་མི་གདའི། སླར་ཁམས་ཀྱི་གསོས། དགེ་སྦྱོར་གྱི་གྲོགས་སུ་ཆེ་ གསུང༌། སྣ་ཚོགས་དྲིས་གཏུགས་ལ། དམིགས་ཀྱིས་བཀར་ནས་འདྲི་བ། ལན་གདབ་པར་ བཤད་དེ། ཕལ་ལ་དྲིས་པ་ན་བཟོད་པ་ཉུང་སྟེ། བདག་ཉིད་ཆེན་པོ་འདི། གཤེགས་བཞུད་ དང༌། བསྙེལ་གསོ་བ་དང༌། འཆག་པ་དང༌། གསོལ་མཛད་འཕྲོ་ལ་སོགས་སྤྱོད་ལམ་གང་ དུའང༌། སུ་གང་གིས་ཐེག་པ་ཕྱོགས་མེད་གང་ལ། ཚིགས་བཅད་བཏོན་ནས་དྲིས་པ་ན། ཞལ་ འཛུམ་དང་བཅས་ཏེ། གོང་འོག་ན་འདི་འདྲ་བདོག་ཅེས། ཚིག་ཟུར་ལེགས་པར་གསོས་ནས། དྲིས་ལན་གྱི་གོ་རིམ་སྤེལ་ནས། འཇམ་ལ་ཐེབས་པ། འཕྲོས་བཅས་ལྷོད་དེ་ཤིག་གེ་གནང་ བ་དང༌། དྲུང་སྐོར་ན་ཡོད་པ་འགས། འདྲི་མཁན་ལ་གཅན་པ་ན། གདོང་འདྲེ་འཚོང་པ་དང༌། འཕྱས་བཏགས་ན་མ་ཤེས་པའི་འདྲི་སྒོ་འགག་པའི། ཉེས་དམིགས་ཤིན་ཏུ་ཆེ། ཉེའམ། ཐག་ རིང་ཡང་རུང་སྟེ། མ་ཤེས་པ་བླ་མ་དང་མཇལ་དུས། མི་དྲི་ཁ་མེད། དྲུང་ངེ་འོངས་པ་མ་གྲུབ་ ན། ཐེ་ཚོམ་ལོག་གེ། ཡིད་ཀློང་ངེ༌། ལྡོག་དགོས། ཕྱི་ནས་རྟེན་འབྲེལ་མཇལ་འཛོམས་དཀའ། ལེགས་སོ། ཤེས་སམ། སྐྱོར་དང༌། ད་དུང་ཡང་འདི་བཞིན་ནོ། །ཞེས་བརྡ་དོན་ལེགས་པར་ སྤྲད་ནས། ཆོས་འདི་ལ་རྩད་གཅོད་པ་དང༌། འདྲི་མཁན་གྱིས་སླུ་བར་གདའ། དྲི་གཏུགས་ ཞག་པོ་རང་གཞན་ལ། ཕན་པ་ལགས་ཏེ་གསུང༌། ཐུགས་ཁྲོད་ཀློང་ཡངས་སྒྲིབ་མེད་འདི། ། 2-1-442 ནམ་མཁའི་ཀློང་ལའང་ག་ལ་མཆིས། །མཁྱེན་བརྩེ་འཕེལ་འགྲིབ་མེད་པ་འདི། །ཉི་ཟླ་ དང་ཡང་སྐྲུན་མ་མཆིས། །དུས་ལ་འདོམས་པ་བུ་ལ་མས། །ནུ་ཞོ་ལྷགས་པས་ཆེར་ལྷག་མོད། ། ནམ་དགོས་གང་དགོས་རྩོལ་མེད་དུ། །ཡིད་བཞིན་ནོར་བུ་བས་ཀྱང་ལྷག །ཀུན་ལ་དག་སྣང་ འབྱོངས་པ་ཕུལ་དུ་ཕྱིན་ཏེ། ཆོས་ལུགས་སྒྲོ་འདོགས་ཅན་འཛིན་པ་ལ། གྲྭ་པ་ཀུན་གྱིས་སྨད་ པས། དེ་འདྲ་བས་འདུལ་བའི་རིགས་ལ། དེ་འདྲ་འཚལ་བ་ལགས། གཅིག་ཏུ་ན། བདག་ གཞན་ཅིག་རྗེས་མཛོད་དང༌། དམ་པར་ཁས་འཆེ་འང༌། སྨད་ན་མཉེས་པར་དཀའ། མདོ་ རྒྱུད་ཀྱི་ལུང་སྦྱོར། གཏམ་བརྒྱུད་མང་པོ་དྲངས་ནས། འཇིགས་སུ་རུང༌། ཚུལ་འདི་འཇིག་ རྟེན་ན་གསལ་བར་སྣང་སྟེ། གཟིགས་དང༌། སྨད་ཅིང་གཙུབ་ན་འཕགས་པའང་ཁྲོ། །སྙན་ ཅིང་འཇམ་ན་དུད་འགྲོའང་དགའ། །བསླང་བ་དྲགས་ན་མ་ཡང་འབྲོས། །བྱིན་པར་གྱུར་ན་ དགྲའང་འདུན། །བསླབ་པ་དྲགས་ན་བུའང་དགྲ། ། བསྟེན་པ་གྲགས་ན་གང་ཡང་སྐྱོ། །ཡུན་དུ་འབད་ན་གང་ཡང་འགྲུབ། །རྟེན་འབྱུང་འགྲིག་ན་ ལྷུན་གྲུབ་ལགས། །གཞན་སྨད་པས། བདག་མཁས་བཙུན་བཟང་བ་ལ། མི་ཕན་གྱི་སྟེངས་ སུ། ཆགས་སྡང་དབང་གིས་ཡིད་ལ་བསམས། ངག་ཏུ་འཐོལ། གཏམ་ངན་གྱི་སྐྱེས་གཏོང་རེས་ བྱེད། ལུས་ཀྱིས་བརྡེགས། ཚོམ་བུར་ཆད། དཔུང་འཕྱར། གཡུལ་སྤྲོད། སྡེ་འཁྲུགས། གཉོད་ ཡོད་ས་མེད་ས་ནས། འགྲོ་བ་གཞན་ལའང༌། ལས་ངན་གྱི་བརྒོ་བཤའ་བཏང་བའི་གཏམ་ བརྒྱུད་མང༌། (བསྟན་པའི་ག་དར་ལ་སྙད་བཏགས་ནས། ཕྱོགས་སུ་ཞེན་པའི་ཉོན་མོངས་ཆགས་སྡང་གིས། ནུས་ པ་མེད་ན་ངལ་བར་ཟད། ཡོད་ན་བསྟན་པའི་ལྷག་རོལ་འདི་གཤིག་ཉེན་གདའོ། །)རྒྱུ་མཚན་ཡོད་རུང༌། མེད་ རུང༌། དམྱལ་ཁམས་ནས། སྲིད་རྩེའི་བར་དུ། བཟང་རུང་ངན་རུང་ལ། བགྲང་ལུང་གི་མཆུ་ བསྡུར་གྱིས་དུས་འདའ་བ་ལ། སྙིང་པོ་མེད་ཅིང༌། ཉེས་དམིགས་དཔག་ཏུ་མེད་པ་འཕེལ། ཆགས་སྡང་ཕྲག་དོག་གི་ལས་ཁམ་པོ་ཆེ་འདི། ཁོང་པ་ཆོས་པས་བདག་གི་བར་བཟུང་ནས། 2-1-443 ངེད་མི་ནག་པས་མི་ཐོབ་གདའ་ཡིས་སྐད་དེ། དད་པ་ལྡོག །བླ་མ་ལ་མོས་གུས་ཇེ་ཆེ། བསྟན་ པ་དང་ཆོས་པ་ལ་དག་སྣང་ཇེ་ཆེ། (ཕྱི་ནང་གི་ཆོས་ཐམས་ཅད་མངོན་ཞེན་དང་བདག་འཛིན་ཇེ་ཆུང༌། ) སེམས་ཅན་ལ་བྱམས་སྙིང་རྗེ་ཇེ་ཆེ་སོང་ན། ཆོས་ཆོས་སུ་སོང་རྟགས་ལགས། (རང་སྐྱོན་སྤངས་ ན་གཞན་སྐྱོན་རང་དག་ལ་འགྲོ་བ་ལགས་ཏེ། )ནང་དག་པ་ལས་ཕྱི་དང་གཞན་དུའང༌། །ཐམས་ཅད་ཡེ་ དག་གསེར་གླིང་བརྡལ་ཁྱབ་ཀློང༌། །སྙིགས་སྣང་མ་དག་རྡུལ་ཕྲན་ཙམ་ཡང་མེད། །སྐྱོན་ཚོལ་ རྟོག་ངན་དབྱིངས་སུ་ཡལ་ལམ་ཅི། །ལམ་དུ་འགྲོ་བ་ལ་བཅོས་མེད། དག་སྣང་ཕྱོགས་མེད། མཉམ་ཉིད་དུ་འབྱོངས་པ་ཅིག་འཚལ། མ་སྐྱེས་པ་ཀུན་བློས་བཅོས་ལའང༌། གོམས་སུ་མི་ གཞུག་ཁ་མེད། སྒོ་གསུམ་བསྡམས་ནས། དག་སྣང་འབྱོངས་ན་བཟང་རྟགས་ལགས། (བཤེས་ གཉེན་གཞན་ལ་ཕྲག་དོག་དང་འཁོར་འཆིང་བ་མི་མངའ་སྟེ། )སྔོན་སངས་རྒྱས་རྣམས། གསེར་གྱི་མེ་ཏོག་ ལ་སོགས་སྐྱེས་སུ་བསྐུར་ནས། སྐུ་ཉམས་དང་ལྡན་ནམ། ཞེས་སོགས་དང༌། དུས་ལ་བབ་ན། སོང་ཞིག་ཅེས་སོགས་བསྔགས་པ་མཛད་ན། འོ་སྐོལ་སངས་རྒྱས་ཀྱི་རྗེས་སུ་འབྲང་འཚལ་ གསུང་ངོ༌། །(གྲུམ་ལུང་ཡང་རྩ་བ་ལ་སོགས་)ཁ་ཅིག་གིས་གཉིས་མེད་རྣམ་རྒྱལ་ལ་སོགས་བོད་མ་ མང༌། ཞུས་པས། མངོན་ཤེས་བདོག་གམ། ཆོས་དང་གང་ཟག་གི་ཤན་འབྱེད་ལ། ང་དང་ ང་འདྲ་ཞིག་དགོས་པར་གསུངས། ཆོས་དང་གང་ཟག་བཟང་པོ་སྨད་པ་ནི། འཇིག་ཆགས་ཀྱི་ དམྱལ་བ་བཅུ་གཉིས་ལ་སོགས་པ་འཇིགས་སུ་རུང༌། རང་ཉིད་ཁུངས་མ་ལ་འཇུག་པ་འཐད་ པ་ལགས་མོད། (དྲུང་པ་གང་གི་རྗེས་སུ་འབྲང་ཞུས་པས། འོ་སྐོལ། ཆོས་སངས་རྒྱས་མཁས་པས་བཀའི་རྗེས་སུ་ བགྱིད། བསྟན་བཅོས་ས་བཅུའི་རྒྱལ་སྲས་རིགས་ལྡན་རྣམས་ཀྱི་རྗེས་སུ་གཙོར་བགྱིད། ལུང་ངེས་པའི་དོན་སྟོན་པ། རིགས་པ་དངོས་པོ་སྟོབས་ཞུགས་བརྟེན་པ་ལགས། )རང་གི་ཆོས་འགོ་འདོན་གྱི་སླད་དུ། གཞན་གྱི་ཆོས་ ལུགས་སྨོད་པ་ལ་སོགས་ལ། ཉེས་དམིགས་ཀྱི་འབྱུང་ཁུངས་དཔག་ཏུ་མེད་དེ། ཆོས་ཀུན་ གྲུབ་མཐའ་ལས་གྲོལ་མ་རྟོགས་པར། །རང་རང་གྲུབ་མཐའ་རེ་ལ་ཀུན་འཆེལ་བས། །འཇིག་ 2-1-444 རྟེན་འདི་ན་རྩོད་པའི་རྒྱུ་ཀུན་འབྱུང༌། །ཁོ་བོ་ཕྱོགས་མེད་རང་གྲོལ་ཀུན་དང་མཐུན། །(ཁ་ཅིག་ གིས། དྲུང་པ་ལ་དབང་བཀའ་ལྔ་བཅུའམ། བརྒྱའམ། ཉིས་བརྒྱའམ། སུམ་བརྒྱ་ཙམ་བདོག་གམ་ཞུས་པས། དེ་བས་ ཀྱང་མི་ཚད་དེ་མཆི་གསུང༌། དབང་བཀའ་ལ་གྲངས་མེད་པར་མངོན། གྲྭ་པ་སུ་གང་གིས་སྔར་མིང་མ་ཐོས་མ་གྲགས་ པ་མང་པོ་ལ། འདི་རང་མི་བཞུགས་སམ་སྙམ་པ་ལ། སློབ་དཔོན་འདི་ལ། གནས་ཆྒཻར། དུས་ཆྒཻ་ལ་གང་ཟག་འདི་ དང་ལྷན་ཏུ། ཆོས་འདི་དང་འདི་ཞུས། འདིའི་བརྒྱུད་ཚུལ་བཤད་ལུགས་ལག་ལེན་འདི་བཞིན་བགྱིད་ཅེས་སོགས་ གསུང་ན། བཤད་ལུང་གི་མཐའ་མི་མངོན་ཏེ། ནམ་མཁའ་སེམས་ཅན་ཆོས་རྗེའི་མཁྱེན་པའི་མཐའ། །ཕ་མཐའ་ཡས་ གསུམ་རྟོགས་པར་མ་གསུངས་སླད། །ཤེས་བྱ་མཐའ་ཡས་མཁས་པ་ཆེན་པོ་དེའི། །ལུང་མཐའ་མཁྱེན་ཚད་བཟུང་ན་ བཤགས་པའི་རིགས། །)གསན་པ་ཕྱོགས་མེད་མཛད་ཀྱང༌། ངོམས་ཁྱེངས་མི་མངའ་སྟེ། བླ་མ་ཆོས་ རྗེ་ཀུན་སྤངས་ཆེན་པོ་ལ། དཀོན་བརྩེགས་དང༌། དབུ་མ་བཞི་བརྒྱ་པ་ལ་སོགས་ཏེ། གཞན་ ཡང་ཟབ་རྒྱས་ཀྱི་གདམས་ངག་དང༌། བླ་མ་སངས་རྒྱས་འབུམ་ཆོས་ཞུ་རུ་བྱོན་རེས། མདོ་སྡེ་ ལ་སོགས་དང༌། བླ་མ་མཛོ་ལྷས་པ་ཆོས་ཞུ་རུ་བྱོན་རེས། རྡོར་ཕྲེང་གི་འཇམ་པའི་རྡོ་རྗེའི་ དབང་དང༌། བླ་མ་དབུ་ཆེ་ལ་སོགས། གཞན་ཡང་ཆོས་ཞུ་རུ་བྱོན་པ་རྣམས་ལ། ཐུགས་རྒྱལ་ མི་མངའ་བར་ཞུ་བར་མཛད་དེ། (མ་གྲགས་སྙོམས་ཆུང་དུ་བཞུགས་པ་ལ་ལུང་རིགས་མན་ངག་ཡོན་ཏན་ མང་པོ་ཐོགས་པ་འོང་གིན་གདའ་གསུང༌། )ཁ་ཅིག་གིས་རྒྱ་ཆེ་དཀྱིལ་སྟོང་ཞེས་སྨད་པས། སྟོང་མི་སྟོང་ བློ་ཤེས། འཕགས་ཆེན་ས་བཅུ་པ་རྣམས་ཀྱང་གསན་པ་མཛད་ན། འོ་སྐོལ་གྱི་ཆུ་ཐིགས་ཙམ། ད་ལྟ་མཐའ་ཡས་པའི་བག་ཆགས་བཞག་པས་སེམས་ཅན་དུ་མའི་བསམ་པ་དང་འཚམ་པར་ སྟོན་ནུས་ཤིང༌། གཅིག་མང་པོར་སྤྲོ་ཞིང༌། མང་པོ་གཅིག་ཏུ་སྡུད་པའི་གནད་ཤེས་པ་ལགས། (དྲེགས་པས་བཅིངས་པའི་ཇོ་སྲས་དང་པོད་ཆུང་རེ་གཉིས་ལ་ང་རྒྱལ་བྱེད་པའི་མི་ལ་ཡོན་ཏན་ཕྱོགས་མེད་མི་མཆི་ གསུང༌། )ཐུགས་ཕན་སེམས་ཤིན་ཏུ་(བ་)མངའ་བ་སྟེ། ཁ་ཅིག་གིས་སྒོག་རྟོག་ཆང་རྟོག་ཙམ་ལ། དབང་བྱ་བར་མ་བཤད་ཅེས་པ་ན། ཏིང་ངེ་འཛིན་གྱི་དབང་ཡང་བསྐུར་བར་བཤད་ན། ཆོས་ 2-1-445 དོན་དུ་གཉེར་བའི་ཀུན་སྤངས་པ་ཀུན་ལ། (དངོས་པོ་མི་གཙོ་གསུངས་ནས་རྟེན་འབྲེལ་ཙམ་ལ་)དུས་མ་ འགོར་བར་ཆོས་དབང་མང་པོ་བརྫངས་ཀྱིན་བཏང༌། འབྱོར་ལྡན་གཏོང་བའི་ཁུང་བཀག་པ་ ནི་མ་དྲན། (ད་ལྟ་ལོངས་སྤྱོད་དམན་པས་ཆ་རྐྱེན་གྱི་བཤམ་པ་མ་འབྱོར་བའི་རིང་ལ་དབང་ཆོས་མང་པོ་འགག་ པར་གདའ། )ཆོས་སྦྱིན་ནམ་ཕྱེད་ནས་འདོད་ནའང་བཤད་ལགས། ཞེས། (ཉིད་ཀྱིས་མཐུན་རྐྱེན་སྦྱར་ ནས་ཀྱང་)ཆོས་དབང་མང་པོ་བརྡལ་པོར་ཡང་གནང༌། དབང་མོ་ཆེ་ལ་སོགས་ལ། སྤྲང་པོ་ཡན་ ཆད་ཡར་ཁུག །(དབུལ་པོ་རྣམས་ཀྱང་འོངས་པ་དོན་ཅན་ད་རེས་ཐོག་མར་)དབང་གི་སྐལ་ལྡན་དུ་བྱ། ཞེས་དང༌། རྣམ་རྒྱལ་གཟུངས་སྒྲུབ་གཏང་རག་གི་ཚེ། དཀྱིལ་འཁོར་བཅུ་གསུམ་རེ་བཞེངས་ པས། སྒྲུབ་མཆོད་མི་ལྕོགས་ཞེས་རྒོལ་བ་ན། བཅུ་གསུམ་པས་དཔག་མེད་ཀྱང༌། དུས་ཅིག་ ལ་འགྲུབ་ལགས། ཕྱི་རྒྱུད་ཀྱི་དཀྱིལ་འཁོར་མང་པོའི། མཚན་ཐོས། ཞལ་མཐོང་བ་ཙམ་ལ། ཕན་ཡོན་དཔག་མེད་བཤད། ཕྱོགས་རིས་ཀྱི་དགེ་བཤེས་དང༌། གཉོམ་ཆུང་སྐལ་མཉམ་དུ་ མཛད་དེ། ལ་ལས་དངོས་སུ་ཕན་ཏེ། ལ་ལས་བརྒྱུད་ནས། སུས་ཕན་མི་ཤེས་གསུང༌། ཆོས་ འདོད་ཅན་སྣ་ཚོགས་ལྷགས་པ་ན། མི་རེས་ཆོས་ཁ་རེ་བཟུང་སྟེ། ཟླ་བ་དང་ལོའི་གོ་མཚམས་ མེད་པར། ཉིན་ཙེར་ཆོས་གསུང༌། མཚན་རྩེར་དབང་མཛད་དེ། སྤྱན་དམར་ཚག་སོང་ ནས། ཧ་ན་ནའོ། །འགྲོ་བ་ཀུན་ལ་གང་དང་གང་ཕན་ཞེས། །ཉིན་མཚན་དུས་དྲུག་འདི་ཉིད་ བསམས་བསམས་ནས། །བདག་གི་སྨོན་ལམ་ཆེན་པོ་གྲུབ་དུས་འདིར། །ཅི་དང་ཅི་འདོད་ སྦྱིན་པར་བདག་(ཅིས་)མི་སྤྲོ་(དེ་སྤྲོ)། །ཁྱེད་ཚོའི་ཐུགས་དགོངས་ནམ་ཚིམ་ན། བདག་གི་བསམ་ པ་ཡང་ཚིམ་པ་ལགས་གསུང༌། འཇིག་རྟེན་གྱི་བྱ་བ་ཐུགས་ཡུལ་དུ་མི་འབབ་སྟེ། ཁོ་བོ་རྣམ་ པར་མི་རྟོག་པའི་དོན་ལ་གོམས་པས། འདུ་འཛི་རྣམ་གཡེང་སྤེལ་བ་ལ། དགོས་པ་མི་གདའ་ ཞེས་དང༌། ཕྱིའི་ལོངས་སྤྱོད་དང༌། ཟས་གོས་ལ་ཐུགས་མི་འཆགས་ཏེ། དཀོན་མཆོག་མཆོད་ པ་དང༌། སེམས་ཅན་ལ་བྱིན་གསུང་ནའང༌། ཁ་ཅིག་གིས་སྐབས་འགོག་པ་དང༌། འགའ་ཞིག་ 2-1-446 གི(ཙེན་ཙེ་ཤེས་རབ་དཔལ་ལ་སོགས་པ)གསོལ་ཇ་མང་པོ་དྲངས་པ་ན། ཁྱེད་ཉིད་བསོད་ནམས་ལ་ དགོངས་ལགས་མོད། སྤྱིར་ལྕེ་ཟས་ཀྱི་རོ་ལ་ཞེན་པའི་འཚོག་ཆས་དང༌། ཁྲེལ་མེད་བཞི་ཡི་ སྤྱོད་པ་ལ་གྲོག་མི་བདོག ། འཇིག་རྟེན་རྣམ་གཡེང་གོམས་ཤིང་འཇིག་རྟེན་སྲེད། །ནང་གི་བདེ་ལ་ཞེན་མེད་བདེ་བའི་ མཆོག །ཡེ་གྲོལ་དྲན་པ་མ་ཡེངས་རང་སར་གྲོལ། །ཆོས་ལ་གོམས་ཕྱིར་དུས་གསུམ་ཆོས་ལ་ ཡེངས། །ནང་དུ་བདག་འཛིན་མེད་ཙ་ན། ཕྱི་རོལ་གང་ལ་ཡང་མངོན་ཞེན་མི་སྐྱེ་བར་གདའ། གང་བྱུང་ཅིག་ལ། མི་ཚེ་བསྐྱལ་གསུང་ངོ༌། །ཐུགས་རྗེ་ཤིན་ཏུ་ཆེ་སྟེ། སྙིགས་དུས་ཀྱི་འགྲོ་ བ་དམུ་རྒོད་མ་རུངས་པ་འདུལ་བ་ལ། ཞི་ཁྲོ་ལ་སོགས་ཐབས་མཁས་སྣ་ཚོགས་པའི་ཚུལ་ དགོས་པར་བཤད་དེ། འོ་སྐོལ་ཆོས་རྣམས་གལ་མེད་དུ་ཞིག་པས། སྦྱོར་བ་སློང་འདོད་མི་ འོང༌། བྱུང་ཡང་དངོས་གཞིར་རྒོད་ཤོར་དུ་དོགས། རྗེས་ལུགས་ཀྱི་བསྟན་བཅོས་ལྟར་མ་ སྐྱོངས་པས། གཞན་གྱི་ལོག་སྒྲུབ་སྣ་ཚོགས་ཅིག་གནད་ཚུགས་ལྟར་བྱེད་ནའང༌། ཐམས་ཅད་ གོ་བཅད་པ་བཞིན་དུ་འཛུམ་མུལ་གྱིས་བསུ་ནས། ངན་ལན་ཐམས་ཅད་བཟང་གིས་གཅལ་ ནས། འགྲོ་བ་རྣམས་གཡས་འབའ་ཞིག་ཏུ་བཅུག་སྟེ། སླར་བཟོད་པའི་རྒྱན། བྱང་ཆུབ་ སེམས་ཀྱི་གྲོགས། ལྟ་དགོངས་ཀྱི་གསལ་འདེབས་སུ་ཆེ་བར་གདའ། འབྲེལ་ཐོགས་ཀྱིས་ཅི་ འདྲའང༌། དམ་ཚིག་ཉམས་པའི་སློབ་མ་གཅིག་ཀྱང་མི་བདོག །ཐམས་ཅད་ཐབས་ཀྱིས་བྱང་ ཆུབ་ཀྱི་ལམ་ལ་བཀོད་པ་ལགས། སྙིགས་དུས་ཕན་ལན་གནོད་པར་འཇལ། །དེ་ལ་ཐུགས་ རྗེ་ལྷག་པོར་འཇུག །རྨད་དུ་བྱུང་བའི་ཐུགས་རྗེ་ལ། །སྨོན་པ་ལྷ་ཡི་ཡུལ་དུའང་གྲགས། །དེ་ ལྟར་ན་(བྱང་ཆུབ་སེམས་དཔའ་ཆེན་པོར་བཞུགས་པ་ཡིན་ལ་)འཕྲིན་ལས་ཚད་མེད་པ་(མངའ་བ་)ཡིན་ཏེ། ལྷག་བསམ་ཚད་མེད་བསྡུ་བཞི་ཕར་ཕྱིན་བཅུ། །བྱང་ཕྱོགས་སོ་བདུན་མི་འཇིགས་སོ་སོར་རིག། སྟོབས་བཅུ་དབང་སོགས་ཏིང་འཛིན་གཟུངས་རྣམས་ཀྱི། །གཏེར་ཆེན་ས་བཅུའི་རྣམ་འཕྲུལ་ 2-1-447 གདུལ་བྱའི་དཔལ། །ཞི་དུལ་གསུང་འཇམ་ཐུགས་རབ་འཇམ་པའི་དབྱངས། །ཐུགས་རྗེ་སྐྱོ་ མེད་མཉམ་སྙོམས་ཐུགས་རྗེ་སྤྱན་རས་གཟིགས། །གསང་བ་ཀུན་འཛིན་ནུས་པའི་མཐར་ཐུག་ གསང་བདག་དངོས། །ཀུན་ཀྱང་ལྷུན་གྲུབ་ཀུན་མཁྱེན་བསྟན་པའི་བདག་པོ་འདྲ། །མདོར་ ན་ཡོན་ཏན་གྱི་བདག་ཉིད་ཆེན་པོ་དེས། ཉང་རོ་ཀླུངས་ལ་བརྟན་པར་བཞུགས་ནས། དབུས་ གཙང་ཁམས་སོགས་ཀྱི། བུ་སློབ་རབ་ཏུ་མང་པོས་བསྐོར་བའི། བཤེས་གཉེན་མང་པོས་ གཙོ་བྱས་པ་ལ། ལ་ལ་ལ་མདོ་འགྲེལ་བརྒྱ་རྩ། ལ་ལ་ལ་དབང་བསྐུར་བརྒྱ་རྩ། ལ་ལ་ལ་ རྒྱུད་འགྲེལ་བརྒྱ་རྩ། ལ་ལ་ལ་གདམས་སྒྲུབ་བརྒྱ་རྩ། བསླབ་སྡོམ། བཤད་ལུང༌། དབང༌། གདམས་ཁྲིད། དྲི་གཏུགས་ལ་སོགས་ཀྱིས་སྒྲོ་འདོགས་མཐའ་ཡས་པར་བསལ་ཏེ། སྙིགས་ དུས་གངས་ཅན་འདིར། བསྟན་པའི་ཁུར་བཟུང་ནས། དངོས་དང་བརྒྱུད་པའི་གདུལ་བྱ། རབ་ཏུ་མང་པོ། སྨིན་གྲོལ་ལ་བཀོད་པ་ཡིན་ཏེ། བླ་ཆེན་ཡོན་ཏན་པད་མོའི་ཚལ་རབ་རྒྱས་པ་དེར། །བཤེས་གཉེན་བུང་བའི་རྒྱལ་པོ་ བྱེ་བ་ཕྲག་བརྒྱ་ཡིས། །སྦྲང་རྩི་ཡང་ཡང་ལེན་པ་དུས་ཀུན་འགྲན་པ་བཞིན(དུ་བླངས་ནས)། ། ཕྱོགས་སུ་འཕྱན་ཏེ་ཐུབ་བསྟན་རྩ་ལག་ཕྱོགས་བཅུར་འཕྲོ། །(གཞན་ཡང་)སྐྱེ་བོ་གྲངས་མེད་ བུང་བ་ཡི། །ན་ཆུང་ཆོས་ཀྱི་འདོད་ཆགས་ཀྱིས། །གདུངས་པ་མེ་ཏོག་(ཐེག་པ་མས་རིམ་གྱིས་)ན་ འཕོས་ཤིང༌། །(ཟབ་ཆོས་)སྙིང་པོའི་ཟེའུ་འབྲུར་འདུ་བ་མཐོང༌། །མཇུག་བསྡུས་ཏེ་སྤྱི་ཁྱབ་ཏུ་ བསྟན་པའི་རིམ་པ་བཞི་པའོ།། །། དེ་ལྟར་ན་མི་རྣམས་ལ་ཟབ་པ་དང་རྒྱ་ཆེ་བ་གཙོར་གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་ ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་གྱི་མཛད་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། ༈ གཞན་ཡང༌། འབུམ། ཉི་ཁྲི། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པ་གསུང་བའི་ཚེ། སྔར་མེད་པའི་དྲི་བསུང་ཡང་ཡང་གདའ་བས། ཅི་ལགས་ཞེས་བདག་ཅག་གིས་ཞུས་པས། 2-1-448 ཤེར་ཕྱིན་འཆད་པ་ན། དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱང་ཉན་པ་ལགས། འགྲེལ་ཆེན་མཉན་ པ་ཙམ་གྱིས། འཚོ་བའི་འབྲེལ་བ་མི་མཆི་གསུང༌། དྲུང་ནས་གུང་གཏོར་དང་འབྲེལ་བ་ན། རྡོ་ རྗེའི་མགུར་དང༌། ཆོས་ཀྱི་གསུང་གླེང་གཅིག་པོར་མཛད་དེ། (དྲུང་སྐོར་བ་)ཁ་ཅིག་གིས་ཞུས་ པས། གཉིད་མེད་པས་སྐྱོ་བ་ལགས་མོད་གསུང༌། ཆེད་དུ་གཏད་དེ་མཉན་པས། ལྷའམ། མི་མ་ཡིན་པ་ལ། ཆོས་གསུང་བའི་བྱེ་བྲག་ཏུ་ཁུམས་པ་དང༌། སྟོན་ལྕགས་བཟང་སྨན་ནས། ངེད་ཀྱི་གོས་སྟན་ལོང༌། དེར་མི་རྣམས་ལ་ཆོས་མང་པོ་བཤད། བྲག་ནག་འདིར་མི་མ་ཡིན་ རྣམས་ཀྱི་དོན་བྱ་གསུང་སྟེ། ལྷ་ཀླུ་དྲི་ཟ་གནོད་སྦྱིན་མིའམ་ཅི་ལ་སོགས། །སྣ་ཚོགས་གྲངས་ མེད་དཔུང་བཅེར་བར་སྣང་མཁའ་ལ་ལྷགས། །གུས་པས་ཕྱག་འཚལ་མཆོད་བསྟོད་གསོལ་ འདེབས་དྲུང་དུ་བརྡར། །ཆོས་དོན་བདུད་རྩི་གསུངས་ཚེ་དགའ་མགུར་མཁའ་ལ་དོང༌། ། གཞན་ཡང༌། གང་དུ་བཞུགས་པ་དེའི་གཞི་བདག་རྣམས་ཆོས་དང་གཏོར་མ་ཞུ། སྔ་སུ་ཕྱིས་ སྐྱེལ། བཞུགས་རིང་འཕྲིན་ལས་སྒྲུབ་པོ་ཞེས། ཁས་བླངས་ཀྱིན་འགྲོ་ཞེས་གྲག་གོ། ལྷ་དང་མི་མ་ཡིན་པ་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། ༈ དེ་ནས་སྐུ་ཚེའང་མཐར་གྱིས་ཕྱིན། དངོས་ཀྱི་གདུལ་བྱ་རྣམས་རྫོགས་པས། ད་ལོ་ དགུན་གསེར་སྡིངས་ཀྱི། བུ་སློབ་ལ་འཕྲད་དོ་གསུངས་ནས། དབང་ཆོས་ཞལ་ཏ་མང་པོ་ གསུངས། ཐང་པེ་པའི་བུ་སློབ་དང༌། དགེ་སྡིངས་པའི་བུ་སློབ་རྣམས་ལའང༌། དབང་ཆོས་ ཞལ་ཏ་མང་པོ་གསུངས། གདན་ས་རྣམས་སུ། སློབ་དཔོན་འོད་ཟེར་མགོན་བསྔགས། དབང་ ཆོས་ཞལ་ཏའི་ཐ་མ་ཡིན་ནོ་གསུང༌། བྱ་བཏང་དུ་བྱོན་ཏེ། ཐོད་པ་འབོར་བའི་དབེན་གནས་ སུ་སླེབ་བོ། །སྒོམ་ཆེན་པ་རྣམས་སྒོམ་འཕེལ་བར་བྱུང་བ་དེ་ལེགས། བསྟན་པའི་སྙིང་པོ་སྒྲུབ་ པ་ཉམས་ལེན་ལ་ཐུག །ནམ་འཆི་ཆ་མེད། ཤི་ནས་གང་འགྲོའི་ཏོལ་མེད། བྱ་བའི་ལས་ལ་ ཟད་ཟིན་མེད། །བཤོལ་ཏུ་རུང་བ་ཆོས་ལས་མེད། །ཚེ་ནི་མར་མེ་སྣུམ་ཟད་འདྲ། །ཡུད་ཙམ་ 2-1-449 ཚེ་ལ་བློ་སྣ་བསྟུང༌། །ཐ་སྙད་བཅད་ཀྱིན་ཐ་སྙད་འཕེལ། །ཆོས་སེམས་སྟེང་དུ་དྲིལ་ལ་ཉམས་ ལེན་འབུངས། །(ད་ལྟ་ཚེ་ཐུང་འགལ་རྐྱེན་མང་བས་མང་པོ་བློས་ལྕོགས་པར་ཉུང༌། ཤེར་ཕྱིན་ལ་བསླབས་པས་ ཀུན་ཤེས་པར་འགྱུར་བ་ལྟར། ལམ་ཆ་ཚང་མ་ནོར་བ་རེ་ལ་བརྟེན་ནས་སེམས་ཉིད་གདེང་ཚད་ཐོབ་པར་བྱེད་པ་ལ་ དབེན་པ་ཁོ་ནར་སྒོ་གསུམ་གནད་ལ་ཕབ་སྟེ་རྒྱུན་བསྲིང༌། ཚེ་འདིའི་བསྲ་བསྲེ་སྤངས་ལ་སེམས་ལ་སོ་པ་བཙུད་ལ་ གྲོགས་ཚེ་འདི་བློས་ལིངས་བཏང་ནས་སྒོམ་སྒྲུབ་ཁོ་ན་བྱེད་པ་དང་འགྲོགས་ལ། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ ཟུང་དུ། དངོས་གཞི་གང་བྱེད་ཐབས་ཤེས་ཟུང་དུ། རྗེས་བསྔོ་བ་སྨོན་ལམ་ཟུང་དུ་ཆུད་པ་སྟེ་མཉམ་རྗེས་ཐམས་ཅད་ ཐབས་ཤེས་རབ་ཀྱི་སྲང་དུ་བཅུག་ལ་)ཐོས་པའི་དོན་བསམ། བསམ་པའི་དོན་བསྒོམས། བསྒོམས་ པའི་དོན། ཉམས་རྟོགས་གོང་ནས་གོང་དུ་གྱུར་ཏེ། རང་སེམས་སངས་རྒྱས་སུ། ལ་ཟློས་པ་ རེ་མཛོད་ཅིག་(ཚེ་འདིའི་ཆེ་ཐབས་དང་ལོ་མ་དོན་དུ་གཉེར་བའི་བློ་སྣ་རིང་པོའི་ཇོ་བོ་ཆོས་ཕྱུག་པོ་སྨྲ་ལ་རབ་ ཏུ་དགའ་བ་ཐ་སྙད་དང་དཔེ་ཆ་ནོར་དུ་སོག་སོག་ནས་རང་སེམས་འཆལ་བར་ཤོར་བ་རྣམས་ཀྱི་ཁ་སྟབས་ལ་ཤོར་ ན་དགོས་དུས་སུ་སེམས་ལ་གཞག་པ་མ་བྱུང་དོགས་ཡོད་དོ་)གསུང༌། སློབ་དཔོན་འོད་ཟེར་མགོན་ལ་ སོགས་པ་ལ། གསང་འདུས་འགྲེལ་ཆུང་ལ་སོགས་གསུངས་ཏེ། དགོས་འབྲེལ་ཐོན་ཙམ་ན་ ཅུང་བསྙུང་གསུང༌། ཡོན་བདག་(ལ་པེ་འབུམ་བཙན་)ཅིག་གི་ཆོས་སྟོན་གསོལ། དད་རྫས་ཐ་ མའི་བསྔོ་བ་བྱ་གསུང༌། ཆོས་ཀྱི་ཐ་མ་བྱ་གསུང་བ་ན། (འཕགས་པ་ལ་སོགས་པས་)མི་གསུང་བར་ ཞུས་པས། ན་བ་བག་ཙམ་ལ། ཆོས་གཅག་མི་འཚལ་གསུང༌། ཡང་ཡང་ཞུས་པས་གནང་སྟེ། མ་གྲུབ་པའི་རྟགས་ཡིན། གཞན་དུའང་སྒྲོ་འདོགས་ཆོད་ལ་མིང་དོན་(དང་)ལྡན་པ་རེ་མཛོད་ གསུང༌། སྨན་དཔྱད་རིམ་གྲོ་ཞུས་པས། རྩ་སྟོན་པ་དང༌། སྨན། དཔྱད། རིམ་གྲོ། བསྙུང་དྲི། བསྐུ་ མཉེ་བྱེད་མ་མྱོང༌། ད་རེས་བྱས་ཀྱང་མི་ཕན་གསུང་ཡང༌། སྟོན་བསོད་ལ་སོགས་པ། གྲོས་ལ་ དབང་པ་རྣམས་དང༌། ཁྱད་པར་དུ། སློབ་དཔོན་འོད་ཟེར་མགོན་གྱིས། བདག་གི་དཔལ་ལྡན་ བླ་མ་དམ་པ། ཐམས་ཅད་མཁྱེན་ཅིང་དུས་གསུམ་གཟིགས་པ། ཆོས་ཀྱི་རྗེ། འགྲོ་བ་རྣམས་ 2-1-450 ཀྱི་སྐྱབས་མགོན་དམ་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། རྒྱུ་མེད་པ་ལ་བརྩེ་བའི་ཐུགས་རྗེ་ཆེན་ པོ་དང་ལྡན་པ། བདག་ཅག་རྗེས་སུ་བཟུང་སྟེ། མྱ་ངན་ལས་མི་འདའ་བར། མཐའ་ཡས་ཤིང་ གྲངས་མེད་པའི་འགྲོ་བ་རྣམས་ཀྱི་དཔལ་མགོན་ཆེན་པོ་མཛད་དེ། ཁམས་གསུམ་ཆོས་ཀྱི་ རྒྱལ་པོའི་རྒྱལ་སྲིད་བརྟན་པར་བཟུང་ནས། ལུས་ཅན་ནམ་མཁའི་མཐས་གཏུགས་པ། བླ་ ན་མེད་པའི་བྱང་ཆུབ་ལ་དགོད་པར། ཅི་ནས་ཀྱང་མཛད་དུ་གསོལ་ཞེས། གདོང་མཆི་མར་ བླགས་ནས། གསོལ་བ་བཏབ་པས། འཛུམ་པའི་ཞལ་གྱི་དཀྱིལ་འཁོར་བསྟན་ནས། ཁོ་བོ་ ཁ་ཚབས་འདོན་དུ་མི་སྟེར་ན། ཁྱེད་རྣམས་མི་འགྱོད་པའི་རྟེན་ཙམ་བྱེད་པར་ཟད་དོ་གསུང༌། (སྨན་པ་ཕ་ཇོ་གསེར་འབུམ་ལ་སོགས་པས་)ཕྱག་རྩ་ནི་བབས་ཆེ། རྣམ་འགྱུར་དེ་ཙམ་མི་གདའ། ཐུགས་ དགོངས་ལ་[ཇུག་[ཇི་ཙུག་]གདའ་ཞུས་པས། ན་བ་རྨི་ལམ་སྒྱུ་མ་ཙམ། །ན་བྱ་ན་བྱེད་ན་བའི་ ཚུལ། །ཚོགས་དུས་ཉིད་ན་སྐྱེ་བ་མེད། །བདེ་ཆེན་བྱང་ཆུབ་ཀྱི་གཞུང་ལམ་ནས། །ཆོས་སྐུའི་ འོད་ཟེར་འཕྲུལ་ཞིང་འབར། །བདེ་ནས་བདེ་བར་འཕེན་པ་སྙམ། །ཤེས་རབ་འོད། མཆོད་པ་ དང༌། གཏོར་མ་ཤོམས་ལ། མཆོད་བསྟོད་གྱིས་གསུང་སྟེ། སྨོན་ལམ་ཐུགས་བསྐྱེད་རྒྱ་ཆེན་པོ་ མཛད་དེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས(ཏེ་དབང་བླངས)། དེའི་ཚེ་ཕྱོགས་བཅུའི་སངས་ རྒྱས་ཀྱི་ཞིང་གྲངས་མེད་པ་ནས། ཁྱད་པར་དུ་སྒྲོལ་མའི་ཞིང་མང་པོ། ཞལ་ནས་ཤར་བྱོན་ཏེ། ནམ་མཁའ་དང་མཉམ་པའི་འགྲོ་བ་དུས་ཅིག་ལ་བསྒྲལ་བའི་ཕྱིར། འོད་གསལ་གྱི་ངང་ནས་ ཟུང་འཇུག་བདེ་བ་ཆེན་པོར་ལྡང་བར་བྱའོ། །དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ ཁམས་དང་སྐྱེ་མཆེད་དང༌། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཇི་ལྟར་དང་ བའི་མཚོ་དག་ལ། །ཉ་དག་མྱུར་དུ་ལྡང་བ་ལྟར། །ཐམས་ཅད་སྟོང་པ་འོད་གསལ་ལས། །སྒྱུ་ འཕྲུལ་དྲྭ་བ་མྱུར་དུ་བཞེངས། །དགུང་ལོ་དོན་དགུ་པ། (རབ་བྱུང་ལྔ་པའི་ཆུ་)འབྲུག་གི་དཔྱིད་ 2-1-451 འབྲིང༌། ཉེར་དགུའི་མཚན་ཐུན་གཉིས་པ། འདས་པའི་ཚེ། སྤྲུལ་སྐུ་སོ་གཉིས། སྒྲ་འོད་ཟེར་ དང་བཅས། བར་སྣང་ལ་ཐལ་བྱུང་དུ། མཁའ་འགྲོས་གདན་དྲངས་ཤིང་གཤེགས་པའི་ སྣང་བ། (བླ་མ་ཇོ་མཚོ་བ་ལ་སོགས་)ཁ་ཅིག་ལ་བྱུང་ཞེས་གྲག་སྟེ། དུས་ཀྱི་རྣམ་འགྱུར་གློ་བུར་མི་ རྟག་ཚུལ། །ཅི་འདྲའི་དུས་ཅིག་ད་ནི་བྱུང་བ་སྙམ། །མཚུངས་མེད་ཆོས་སྐུའི་ཉི་མ་བྱ་བཏང་གི། རི་ལ་ཆོས་ཀྱི་འོད་ཟེར་ནུབ་ནས་ཐལ། །བསྟན་པའི་སྒྲོན་མེ་པཎ་ཆེན་དེ་འདས་པས། །ཉང་ རོ་རྒྱ་དཀར་གླིང་དེ་མུན་པར་གྱུར། །ཆོས་ཀྱི་འཁོར་ལོ་ཆེན་པོ་དེ་ཞིག་པས། །བཤད་སྲོལ་ ཤིང་རྟའི་སྲོག་ཤིང་དུ་མ་ཆག །བཤེས་གཉེན་དཔག་མེད་དབུས་ན་རི་རྒྱལ་བཞིན། །འཆད་ རྩོད་རྩོམ་པའི་ཚུལ་ལ་ཕ་རོལ་སོན། །འཇིགས་མེད་སེང་གེའི་ཆོས་སྒྲ་སྒྲོགས་པ་དྲན། །མདོ་ རྒྱུད་རྩོལ་མེད་མཁན་དེ་ཞིང་གཞན་ཐལ། །དཀྱིལ་འཁོར་ཆེ་ལ་རབ་མང་ཞལ་ཕྱེ་ནས། །བདག་ འཇུག་གཞན་སྨིན་རྩོལ་མེད་ཆོ་གའི་གྲངས། །ལྔ་བཅུ་བརྒྱ་སོགས་སྐྱུས་ཐོག་རེ་ལའང་མཛད། ། རྡོ་རྗེ་འཆང་ཆེན་པོ་དེ་འོག་མིན་གཤེགས། །རིམ་གཉིས་གདམས་སྒྲུབ་གང་ལ་གང་འོས་ པ། །ཆོས་ཀྱི་སྦྲང་ཆར་བདུད་རྩིའི་རྒྱུན་ཕབ་སྟེ། །སྐལ་ལྡན་སྨིན་གྲོལ་ལམ་ལ་འགོད་པ་དྲན། ། མཚུངས་མེད་ཆོས་ཀྱི་རྗེ་དེ་ཆོས་དབྱིངས་གཤེགས། །མི་ཆེན་མི་ཆུང་གཞི་མགྲོན་སྣ་ཚོགས་ ལ། །ཆོས་དང་ཟང་ཟིང་ཅི་འདོད་ཞལ་འཛུམ་བཅས། །ཇི་ལྟར་ཚིམ་ཚིམ་ཆོས་སྦྱིན་དགའ་སྟོན་ བཀྱེ། །སྦྱིན་བདག་སྤྲུལ་སྐུ་འདི་ན་མི་སྣང་གཤེགས། ། ཞེས་པ་ལ་སོགས་ཏེ། ཐམས་ཅད་སྟོང་པ་འོད་གསལ་ཆོས་སྐུ་མངོན་དུ་མཛད་པའི་རིམ་ པ་དང་པོའོ།། །། དེ་ནས་སྐུ་ལ་སྨན་དང་དྲི་བཟང་པོ། ནམ་བཟའི་ཁྱད་པར་མང་པོ་དང༌། སྤྱན་གཟིགས་ ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། ཞག་བཅུ་བཞིའི་བར་དུ་ཉེ་བར་མཆོད་དེ། དཔྱིད་ཟླ་ཐ་ ཆུང༌། ཚེས་བཅུ་བཞི་པ་གཟའ་པ་བ་སངས་དང༌། སྐར་མ་ས་ག་འཛོམ་པའི་ཚེ། སྤུར་ཡེ་ཤེས་ 2-1-452 མེ་ཡི་མཆོད་པས་ལེགས་པར་བཞུ་སྟེ། དཔལ་མཆོག་རིགས་བསྡུས་ལ་སོགས་པའི་དཀྱིལ་ འཁོར་མང་པོ་ནི་བཞེངས། རིན་ཆེན་གངས་པ། བླ་མ་བསམ་གླིང་པ། བླ་མ་སྲིའུ་ཆུང་པ་ལ་ སོགས། དགེ་བའི་བཤེས་གཉེན་རབ་ཏུ་མང་པོས། བསྒྲུབ་མཆོད་ཕུལ་ཏེ། ཉེ་གནས་སྟོན་ བསོད་ཀྱིས་འབད་པ་བཏོན་ནས། བླ་མ་ཕྱོགས་བཅུའི་དགེ་འདུན། འདུས་པ་སྐྱེ་བོའི་ཚོགས་ བསྙེན་བཀུར། བླ་མ་གོང་མའི་གདན་ས་ལ་སོགས། བུ་སློབ་དང་བཅས་པ་མཐའ་དག་ཏུ། འབུལ་སྟོན་བསྒྲུབས། ཞག་གསུམ་ནས་གདུང་རིང་བསྲེལ་གྱི་སྙིང་པོ་ཅན། དྲི་བཟང་པོ་དང་ འོ་མར་བཅས་པས། མཆོད་དེ་གདན་དྲངས། ཐུགས་གསུང་སྒྲིབ་པ་མི་མངའ་བའི་བརྡར། ཐུགས་ལྗགས་བྱོན། ལོ་དུས་ཀྱི་བར་དུ། བུ་སློབ། ཡོན་བདག་མཐའ་དག་གིས། མཆོད་ པའི་སྤྲིན་གྱིས་མཆོད། ཐམས་ཅད་ཀྱིས་འབད་ནས། གདུང་ཁང་བྱང་ཆུབ་ཆེན་པོ་བཞེངས་ ཏེ། དགེ་སྡིངས་ན་ཐུགས། གསེར་སྡིངས་ན་ལྗགས་ཀྱིས་ཁྱད་པར་དུ་བྱས་པའི། གདུང་རིང་ བསྲེལ་རྣམས། དར་ཟབ། རིན་ཆེན་བཟང་པོ། སྨན་གྱིས་མཆོད་ནས། གཞན་ཡང་ གཟུངས། མཆོད་རྟེན་དུ་མ་དང་བཅས་པ་(ཇོ་མཚོ་བའི་ཁྲི་གདན་བཞེངས་པ་ལ་)བཞུགས་སོ། །བྱ་ བཏང་གི་བྱང་ཆུབ་ཆེན་པོ་ནའང༌། གདུང་གི་ཆ་ཤས་མཆོད་པ་དང་བཅས་ཏེ་བཞུགས་ཤིང༌། དེར་ཕྱི་རྟེན་བཞེངས་ཏེ། གདུང་ཐལ་དང༌། སྤུར་ཁང་གི་ས་ལས། སྐུ་གདུང་མང་པོ་བསྒྲུབས་ ཤིང༌། གཟུངས་མཆོད་རྟེན་མང་པོ་དང་བཅས་པ། མཆོད་བཞིན་པར་བཞུགས་ཏེ། (ཆོས་སྐུ་བྱང་ཆེན་ཚད་ལྡན་བརྗིད་ཆགས་ལོངས་སྐུའི་མཚན། །སྤྲུལ་སྐུ་རྣམ་འཕྲུལ་རང་བྱོན་འདྲ་སྟེ་བལྟས་མི་ ངོམས། །གདུང་རྟེན་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་འོད། །བྱིན་ཆེ་ལྷུན་སྟུག་ལྷ་མིའི་དགེ་ལེགས་འཕེལ་ རྟེན་བཞེངས། །གཟུངས་དང་མཆོད་རྟེན་བགྲང་ཡས་པ། །རྨད་དུ་བྱུང་བ་མཆོད་པའི་རྟེན། །སྐུ་གདུང་རིང་བསྲེལ་ མཆོད་པའི་ཞིང༌། །དར་སོགས་རིན་ཆེན་མཆོད་པ་ཡི། །རྟེན་འབྲེལ་མཆོད་རྫས་མཐའ་ཡས་པས། །ཀུན་ནས་མཆོད་ དེ་བཞུགས་པ་ལགས། །སྔགས་ཤེས་མཁས་པས་རབ་གནས་ཏེ། །བྱིན་རླབས་མངོན་སུམ་བྱུང་ཞེས་གདའོ། །)སྐུ་ 2-1-453 ཚབ་ཕྱི་རྟེན་ནང་རྟེན་བཞེངས་ཚུལ་གྱི་རིམ་པ་གཉིས་པའོ།། །། དེ་ནས་ཉེ་ལམ་གྱི་བུ་སློབ་རྣམས་ཀྱིས། གཤེགས་རྫོངས་དང༌། ཕྱི་ནང་གི་རྟེན་རྒྱ་ཆེན་ བསྒྲུབས་པའི་སྟོབས་ཀྱིས། ནུས་པ་རྫོགས་ཤིང༌། གདན་ས་པ་དང༌། ཉེ་གནས་ཀྱང་ཆ་རྐྱེན་ གྱིས་བྲེལ་བའི་སྟོབས་ཀྱིས། གདན་ས་འོག་མ་དགེ་སྡིངས་བུ་ལོན་ལ་ཤོར། ཕྱི་ནང་གི་རྟེན་གྱི་ ཞབས་ཀྱང་ཅུང་མ་ཚུད་པའི་དུས་སུ། དཔལ་ལྡན་བླ་མ་ཆེན་པོ་ཐམས་ཅད་མཁྱེན་པ། འགྲན་ ཟླ་དང་བྲལ་བ། མཁྱེན་རབ་དང༌། ཐུགས་རྗེ་ཆེན་པོའི་བདག་ཉིད་དུས་གསུམ་གཟིགས་པ་དེ་ ཉིད་ཀྱི་གསུང་གིས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་བསམ་གྱིས་མི་ཁྱབ་པ། མངའ་ བ་ཁྱེད་ཉིད་ཀྱིས། བདག་འདས་རྗེས། དགོན་པ་གོང་འོག་ངེད་ཀྱིས། གདན་སར་བསྐོས་ པའི་འོད་ཟེར་མགོན། བུ་སློབ། ཡོན་བདག་དང་བཅས་པ་ལ། སྤྱན་རྒྱང་གིས་གཟིགས་པར་ ཞུ། ཞེས་པའི་གསུང་ཆེམས་དེ། བསྒྲུབས་པའི་དུས་ལ་བབ་པོ་བསམས་ཏེ། དེའི་ཚེ། བདག་ གིས། ནང་རྟེན་གསེར་སྐུ་བྱང་ཆུབ་ཆེན་པོ་ནི། ཁྲི་རྒྱབ་ཀྱིས་བརྒྱན་ཏེ། ཀུན་ར་འོད་འབར་ བ་བཞིན། ཕྱི་རྟེན་རྣམ་རྒྱལ་འབུམ་པ་ནི། གསེར་ཆབ་ཀྱི་ནམ་བཟས་ཀུན་ནས་འོད་དུ་ལྷམ་ མེ་བར་བྱས་ཤིང༌། རྟེན་རྙིང་པ་རྣམས་ཀྱང་ལེགས་པར་གསོས་ནས། ཞབས་ཐོག་གིས་ བརྒྱན་ཏེ། ཀུན་ནས་ངོམ་པ་བཞིན་བྱས། གདན་ས་རྣམས་ཀྱི་ཡོ་འཆུས་རྣམས་ནི། དྲང་པོར་ བསྲངས། གོགས་པ་རྣམས་ནི། ལེགས་པར་གསོས། ཞབས་འདྲེན་པ་རྣམས་ནི། ཚར་བཅད། ལེགས་བྱས་རྣམས་ནི། བྱ་དགས་བསྟོད། ཅུང་ཟད་སྒྱིད་ལུག་པ་རྣམས་ལ། གོ་ཆ་བསྐོན། ཡིད་བྱུང་བ་རྣམས་ནི། སྤྲོ་བསྲིངས། སྡུག་བསྔལ་ཆུ་བོའི་རྒྱུན་ཐག་ནི། རྦད་ཀྱིས་བཅད། མྱ་ ངན་གྱི་མེ་ལྕེ་ནི། མནལ་བར་བྱས་སོ། །འགྲོ་བ་མང་པོ་སྨིན་གྲོལ་ལ་དགོད་པའི་དོན་དུ། རེ་ ཤིག་བསླབ་པ་ཕུལ་ནས། རིགས་བསྐྲུན་པའི་ཆོ་གས་སྲས་གཉིས་རིམ་མྱུར་དུ་བསྐྱེད་དེ། སླར་གནས་མཆོག་ཏུ་གྱུར་པར། མཁན་སློབ་དད་དགེ་ཕུན་སུམ་ཚོགས་པའི་སྤྱན་སྔར། ཕྱིར་ 2-1-454 བཅོས་ལེགས་པར་མཛད། གཅེན་པོ་སྤྲུལ་སྐུ་ཡོན་ཏན་ཕུན་སུམ་ཚོགས་པའི་བདག་ཉིད། སློབ་དཔོན་བློ་ལྡན་ཤེས་རབ་གཞོན་ནུ་ལ། ཞིང་གཞན་དུ་གཤེགས། གཅུང་པོ་སྲས་སུ་སྐྱེ་ བོ་ཕལ་གྱིས་མ་རིག་མ་ཤེས་པའི་གདན་ས་པ་ནི། སྐུའི་སྲས་སུ་གསལ་བར་བསྔགས་ཤིང་ བསྒྲགས། དགོན་པ་བུ་ལོན་ལ་ཤོར་བ་ནི། བླུས་ཏེ་ལེགས་པར་[བསྲད[སྤྲད]། ཆོས་ཚུགས་ནི་ ལེགས་པར་གཞུང་བསྲངས། དཀོན་གཉེར་དང༌། དུས་མཆོད་ནི། བླ་མ་བསམ་གླིང་པས་གཙོ་ མཛད། བུ་སློབ་ཆེན་པོ་ཀུན་ལ་རིམ་པར་ཞུས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ ཅད་ཀྱི་འབྱུང་ཁུངས། ཕྱི་ནང་གི་རྟེན་མཆོག་ཏུ་གྱུར་པ་རྣམས་ནི། ཕྱི་ནང་གི་རབ་གནས་ཁྱད་ པར་ཅན་གྱིས། ཁྱད་པར་ཅན་དུ་མངའ་གསོལ། ལྷ་མི་ཐམས་ཅད་ལ། དགའ་སྟོན་ཁྱད་པར་ ཅན་གྱིས། ཁྱད་པར་ཅན་དུ་བྱས་པས། ཀུན་ནས་དགའ་ཆེས། ཚེ་འདིར་དགོས་པའི་བདེ་སྐྱིད་ ཀྱི་དཔལ་གྱིས་ནི་མཁྱུད་པ་བཞིན། ཕྱི་མ་ལ་དགོས་པའི་མངོན་མཐོ་དང༌། ངེས་ལེགས་ཀྱི་ སྒོ་ནི་ཕྱེ་བ་བཞིན། རང་ལ་ཡོད་པའི་སེམས་ཉིད་ཡིད་བཞིན་ནོར་དང༌། ངོས་འཛོམ་སྤྲད་དེ། བཀའ་དྲིན་ཆེན་པོས་དུས་ཐམས་ཅད་དུ། གང་སྒོ་ནས་བསྐྱངས་པ་ནི། ཨེ་མ་ཧོ། ཐམས་ཅད་ མཁྱེན་པ་གཉིས་པ། བདག་ཅག་རྣམས་ཀྱིས་གསལ་བར་མཐོང་གིས། ད་ནི་འདོད་པའི་དོན་ གྲུབ་དམ་པ་ཡིན་ནོ། །ཞེས་ཕྱོགས་མཚམས་ཐམས་ཅད་ནས། དར་དིར་དུ་གྲག་ཅིང༌། ཐོག་ མ་བར་དང་མཐར་དགེ་བ་ལེགས་པའི་ལམ་ཐམས་ཅད་སྟོན་པའི། དཔལ་ལྡན་བླ་མ་དམ་པ་ ཀུན་སྤངས་ཆོས་རྗེའི། མཁྱེན་རབ་དང་ཐུགས་རྗེ་ཆེན་པོས་བཟུང་བ་ཡིན་ཏེ། མཁྱེན་རབ་ནམ་མཁའ་ཡངས་པ་ལ། །ཐུགས་རྗེའི་གཟི་འོད་ཕྱོགས་བཅུར་འཕྲོ། ། བརྩོན་འགྲུས་རིན་ཆེན་མཆོད་རྫས་ཀྱི། །རྒྱལ་མཚན་ཆེན་པོས་གདན་ས་མཆོད། །དཔལ་ ལྡན་མཁྱེན་བརྩེ་གདུལ་བྱའི་མགོན། །བཟང་པོས་དུས་གསུམ་བསྐྱངས་པ་ལགས། །མཇུག་ བདེ་ལེགས་ཀྱི་དཔལ་ལ་རྣམ་པར་རོལ་པར་མཛད་པའི་རིམ་པ་གསུམ་པའོ།། །། 2-1-455 དེ་ལྟར་ན་གདུལ་བྱ་ལ་རྟག་འཛིན་བཟློག་པའི་སླད་དུ་མྱ་ངན་ལས་འདའ་བའི་ཚུལ་ བསྟན་པའི་རྗེས་སུ། ཕྱི་ནང་གི་སྐུ་ཚབ་མཆོད་རྟེན་མཆོག་ཏུ་གྱུར་པ་ལ། མཆོད་ཚོགས་དགེ་ མཚན་དང༌། བཀྲ་ཤིས་ཀྱིས་ཀུན་ནས་ཀུན་ཏུ་བརྒྱན་ཏེ། གདུལ་བྱའི་དཔལ་མགོན་མཛད་པ་ བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ ཞེས་བྱ་བ་ལས། ད་ལྟར་དུས་ཀྱི་སྐུ་ཚེ་འདིའི་མཛད་པ་འཕྲིན་ལས་ཚད་མེད་པར་བསྟན་པ་ སྟེ། སྐབས་བཞི་པའོ།། །། ༈ ད་ནི་མ་འོངས་པའི་དུས་ཀྱི་མཛད་པའི་འཕྲིན་ལས་ཚད་མེད་པར་བསྟན་པ་ནི། འདི་ ལྟ་སྟེ། འོ་སྐོལ་ཚེ་འདིར་ཕན་ཆུང༌། གཞོན་དུས་གོ་ཆ་ཡོད་ཙ་ན་དོན་གཉེར་མེད། ད་རྒས་ ཤིང་ཁོགས་ཙ་ན་བྱུང་ཡང་ཕན་ཙམ་མི་གདའ། སྐྱེ་བ་ཕྱི་མ་ཕན་ཆད་ལ། འགྲོ་བ་གྲངས་མེད་ དུས་རེ་ལ། རྩོལ་མེད་དུ་གྲོལ་བར་བྱེད་ལགས་ཞེས། ཡང་ཡང་གསུང་ལ། གཤེགས་པའི་ ཚེ། སྤྲུལ་སྐུ་སོ་གཉིས་ཀྱི་རང་བཞིན། སྒྲ་འོད་ཟེར་གསུམ་ལོངས་སྐུའི་བདག་ཉིད། ཆོས་ དབྱིངས་དེ་བཞིན་ཉིད་དུ་གཤེགས་པའི་སྣང་ཚུལ། ཁ་ཅིག་ལ་བྱུང་ཞིང༌། དེ་བཞིན་དུ་ཁ་ཅིག་ ལ་ཤར་ཕྱོགས་དང༌། ཁ་ཅིག་ལ་ནུབ་ཕྱོགས་པད་མའི་ཞིང་དུ། མཁའ་འགྲོ་དང་ལྷའི་ཚོགས་ དཔག་ཏུ་མེད་པས། ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་མཆོད་བཞིན་དུ་གདན་དྲངས་ཏེ། དེར་ ཡང་སེམས་ཅན་སྨིན། སངས་རྒྱས་མཆོད་པ་ལ་སོགས། སྐུ་གསུང་ཐུགས་ཀྱི་འཕྲིན་ལས་རྒྱ་ ཆེན་མཛད་པའི། ཉམས་སྣང་བྱུང་ཞེས་གྲགས་སོ། །མདོར་ན་སྐུ་ཚེ་དུ་མར་མཐའ་ཡས་པའི་ སེམས་ཅན་སྨིན་གྲོལ་ལ་འགོད་པའི། འཕྲིན་ལས་རྒྱ་ཆེ་ལ་རྒྱུན་མི་ཆད་པ་མཛད་པའི་མཐར། སྟོང་གསུམ་མི་མཇདེ་འཇིག་རྟེན་འདརི །དེ་བཞིན་གཤེགས་པ་རབ་གསལ་དུ་སངས་རྒྱས་ཏེ། དེའང་འདི་ལྟར། སྐྱེ་བའི་ཡུལ་ནི་རྒྱུ་སྐར་ཅན་ཞེས་བྱའོ། རིགས་ནི་རྒྱལ་རིགས་སོ། །འོད་ནི་ 2-1-456 དཔག་ཚད་ལྔའོ། །ཡབ་ནི་ལེགས་པའི་བློ་གྲོས་སོ། །ཡུམ་ནི་མེ་ཏོག་ཅེས་བྱའོ། །སྲས་ནི་དུས་ རིག་གོ། རིམ་གྲོ་པ་ནི་དགའ་བའི་དབང་ཕྱུག་གོ། ཤེས་རབ་ཅན་གྱི་མཆོག་ནི་བཀྲ་ཤིས་སོ། ། རྫུ་འཕྲུལ་ཅན་གྱི་མཆོག་ནི་འབྲུག་སྒྲའོ། །འདུས་པ་དང་པོ་ལ་ནི་ཉན་ཐོས་བྱེ་བ་ཕྲག་འབུམ་ མོ། །གཉིས་པ་ལ་དུང་ཕྱུར་ཕྲག་དགུ་དང༌། བྱེ་བ་ཕྲག་དགུའོ། །གསུམ་པ་ལ་དུང་ཕྱུར་ཕྲག་ དགུ་དང༌། བྱེ་བ་ཕྲག་བརྒྱད་དོ། །སྐུ་ཚེ་ནི་བྱེ་བ་ཕྲག་དགུའོ། །དམ་པའི་ཆོས་ནི། ལོ་བརྒྱད་ ཁྲི་ལྔ་སྟོང་གི་བར་དུ་གནས་སོ། །སྐུ་གདུང་ནི་རྒྱས་པར་འགྱུར་རོ། །ཞེས་གསུངས་པས། ད་ ལྟར་གྱི་བུ་སློབ་དུ་འབྲེལ་བ་རྣམས་སྔོན་ཉིད་དུ་གྲོལ་མོད། གལ་ཏེ་མ་གྲོལ་པ་རྣམས། དེའི་ ཚེ་གྲོལ་བར་གདོན་མི་ཟ་སྟེ། (གསུང་འཕྲིན་ལས་)བདག་ཉིད་མངོན་པར་སངས་རྒྱས་ཚེ། །ཁྱེད་ རྣམས་སྨིན་ཅིང་གྲོལ་བར་འགྱུར། །ཞེས་པ་དེས་ཀྱང༌། དོན་འདི་གསལ་བར་བྱས་པས། བདག་ཉིད་ཆེན་པོ་འདི་ལ་དངོས་དང་བརྒྱུད་པའི་གསུང་དང༌། གསུང་རབ་ཀྱི་རྒྱུན་ལ་གུས་ པར་བྱེད་པ་རྣམས་ལ། བསྟོད་བཀུར་བསྔགས་ཤིང་གཟེངས་བསྟོད་པ་ལའང་སྦྱར་བར་བྱའོ། ། དུས་གསུམ་སངས་རྒྱས་འདུས་པའི་བདག་ཉིད། བླ་མ་ཐམས་ཅད་མཁྱེན་པའི་འཕྲིན་ལས་ ཚད་མེད་བསྔགས་པ་ལ་ཡང་སྦྱར་བར་བྱའོ། །དམ་པའི་ཆོས་མཉན་ཅིང༌། བསམ་བསྒོམ་ལ་ སོགས་པའི། ཕན་ཡོན་བསྔགས་པ་ལའང་སྦྱར་ལ་འབད་པར་བྱ་སྟེ། ཚུལ་འདི་གང་གིས་མཐོང་གྱུར་པ། །དད་ན་དགེ་བའི་རྩ་བ་སྐྲུན། །རྣམ་ཐར་བཞིན་དུ་ རྗེས་བསྐྱངས་ན། །འབྲས་བུ་མཆོག་ཀྱང་རྙེད་པར་སླ། ། བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ ཞེས་བྱ་བ་ལས། མ་འོངས་པའི་དུས་ཀྱི་མཛད་པ་འཕྲིན་ལས་ཚད་མེད་པར་བསྟན་པ་སྟེ། སྐབས་ལྔ་པའོ།། །། ༈ བདག་གི་ཡོངས་འཛིན་བླ་ཆེན་མཚུངས་མེད་ཆོ༵ས་སྐུ༵འི་མཁྱེན་རབ་འོ༵ད་ཟེ༵ར་ཐུགས་ 2-1-457 རྗེ་ཐུགས་ལ་རབ་ཁྱབ་སླད། །རྣམ་ཐར་ཆ་ཙམ་ཚུལ་འདི་བརྩོན་འགྲུས་ཀྱིས་བརྩམས་མཁྱེན་ གཉིས་རྒྱལ༵་མཚ༵ན་བརྗིད་པའི་དཔ༵ལ་འབྱོར་མངོན་མཐོ་བ། །མི་ཕྱེད་དད་པའི་རྩ་བ་རབ་ བརྟན་བཟ༵ང་པོ༵་དགེ་བའི་ཆུ་སྐྱེས་ཐབས་ཤེས་ཐལ་མོ་རབ་བསྐྱོད་དེ། །གཙུག་རྒྱན་རིན་ཆེན་ རྟག་པར་སྤྱི་བོའི་གཙུག་གནས་ཕྱོགས་དུས་ཀུན་ནས་འཕྱར་བགྱིད་གདུལ་བྱའི་དཔལ་དུ་ དགོངས། ། དེང་ནས་བཟུང་ནས་སྐྱེ་བར་སྐྱེ་བ་ཐམས་ཅད་དུ། །དཔལ་ལྡན་བླ་མའི་ཞབས་དྲུང་ འབྲལ་མེད་བླ་མ་ཉིད། །མཉེས་བྱེད་བླ་མའི་ཡོན་ཏན་ཀུན་ཏུ་ཀུན་བརྗོད་ཅིང༌། །སྲས་དང་ སྲས་ཀྱི་ཐུ་བོ་ཉིད་དུའང་བདག་གྱུར་ཅིག ། གཞན་ཡང་འགྲོ་བ་ཐམས་ཅད་ཀྱི། །དཔལ་མགོན་ཆེན་པོར་བདག་གྱུར་ཏེ། །ལུས་ཅན་ ཀུན་དང་ཐབས་གཅིག་ཏུ། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག ། རྒྱལ་སྲས་བློ་ཆེན་རྣམས་ཀྱི་བློ་ཡི་རྣམ་འཕྲུལ་བགྲང་ཡས་འདི། །སྙིགས་དུས་བློ་ཆུང་ རྣམས་ཀྱི་བློ་ཡི་ཁྲོད་དུ་མ་ཤོང་བཟོད་པར་མཛོད། །འདི་འདྲའི་ཚུལ་ལ་རབ་དད་གང་ཡིན་དེ་ འདྲའི་སྐྱེ་བོ་ཡིས། །འདི་འདྲའི་མཛད་པ་རབ་ཞུས་དེ་འདྲའི་རིགས་ལ་ངས་འདི་བརྗོད། །དེ་ ལྟ་མོད་ནའང་ཀུན་མཁྱེན་ཡོན་ཏན་ཕྱོགས་མེད་མཐའ་ཡས་ཚུལ། །ནམ་མཁའ་ཀུན་ནས་ འདོམ་པས་འཇལ་མཚུངས་དེ་ལྟའི་སླད། །ཡོན་ཏན་ཚད་མེད་ཚད་མའི་ཐུགས་མངའ་སྐྱེས་ མཆོག་ལ། །ཚད་མེད་གྱུར་ལ་ཚད་བཟུང་སྲིད་ནའང་བཟོད་པར་གསོལ། ། བླ་མ་ཆོས་རྗེ་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ ཞེས་བྱ་བ་ལས། མཇུག་བསྔོ་བ་སྨོན་ལམ་གྱིས་དར་ཞིང་རྒྱས་པར་འགྱུར་ཚུལ་བསྟན་པ་སྟེ། སྐབས་དྲུག་པའོ།། །། ༈ དཔལ་ལྡན་བླ་མ་དམ་པ་ཆོས་རྗེ་ཐམས་ཅད་མཁྱེན་པ། དོན་གྱི་སླད་དུ་མཚན་ནས་ 2-1-458 སྨོས་ཏེ། ཆོས་ཀྱི་འོད་ཟེར་གྱི་རྣམ་ཐར། ཡོན་ཏན་རིན་པོ་ཆེ་གསལ་བྱེད་སྒྲོན་མ་ཞེས་བྱ་བ་ འདི་ནི། ཆོས་རྗེ་དེ་ཉིད་ཀྱིས་སྐྱེ་བ་དུ་མ་ནས། རྗེས་སུ་བཟུང་ཞིང༌། སྐྱེ་བ་འདི། མངོན་ཤེས་ དང༌། ཐུགས་རྗེ་ཆེན་པོས་ཉེ་བར་བསྐྱངས་པས། ཚེ་མཐར་ཕྱིན་པ། ཆོས་རྗེ་དེ་ཉིད་ལ། ཐ་ མལ་དུ་འཛིན་པའི་རྣམ་པར་རྟོག་པ། སྐད་ཅིག་ཙམ་ཡང་མ་བྱུང་ཞིང༌། ས་བཅུའི་རྣམ་འཕྲུལ་ དུ་ཤེས་པའི་སྐལ་ལྡན། ཤཱཀྱའི་དགེ་སློང་བཙུན་པ་ཀུན་སྤངས་པ་ཞང་ལ། ཆོས་ཀྱི་རྗེ་དེ་ཉིད་ ཀྱི་སྐུ་གསུང་ཐུགས་ཀྱི་སྲས་སུ་གྱུར་པ། སློབ་དཔོན་འོད་ཟེར་མགོན་པོ་དཔལ་དང༌། སེམས་ རྒྱུད་རང་གྲོལ་དུ་འབྱོངས་པའི་སློབ་དཔོན་སྟོན་པ་བསོད་ནམས་རྒྱལ་མཚན་གྱིས་གཙོ་བྱས། དགེ་སྡིངས་པའི་བུ་སློབ་རྣམས་དང༌། སྤྱིར་བླ་མ་ཐམས་ཅད་དང༌། ཁྱད་པར་དུ་ཆོས་རྗེ་དེ་ ཉིད་ལ། མོས་པ་རྒྱུན་ཆད་མེད་པ། སྟོན་པ་འོད་འབུམ་དར་གྱིས་གཙོ་བྱས། གསེར་སྡིངས་ པའི་བུ་སློབ་ཀུན་གྱིས། ཡང་དང་ཡང་དུ་ཞུས་ཤིང༌། གསོལ་བ་བཏབ་པའི་ངོར། བླ་མ་ཆོས་ རྗེ་ཐམས་ཅད་མཁྱེན་པའི་མཛད་པའི་རྣམ་ཐར་ཚད་མེད་པར་བསྟན་པའི་རིམ་པ། ཨ་བ་དྷཱུ་ ཏཱི་པས་བཀོད་པའི། ཡི་གེའི་སྡེབ་སྦྱོར་གྱི་ཁྲིགས། ཆོས་རྗེ་དེ་ཉིད་ཀྱི་ཐུགས་ཀྱི་སྲས། མཁྱེན་ པའི་ཡོན་ཏན་རྒྱ་ཆེན་དུ་ཆོད་ཅིང༌། སྒོ་གསུམ་མི་ཕྱེད་པའི་དད་གུས་དང་ལྡན་པ། སྔགས་ འཆང་རྡོ་རྗེ་འཛིན་པ་ཡོན་ཏན་ཀུན་མཁྱེན་འཕགས་པས། ཡང་དང་ཡང་དུ་ཞུས་བསྐུལ་དང༌། ཡི་གེ་པ་བྱས་ནས། གནས་ཆེན་གཙང་ཇོ་མོ་ནགས་རྒྱལ་གྱི་རི་ནང་དབེན་གནས་བདེ་བ་ཅན་ དུ་(རབ་བྱུང་ལྔ་པའི་ལྕགས་མོ་ཕག་ལོའི་དཔྱིད་འབྲིང་གི་ཚེས་བཅོ་ལྔ་ལ་)སྦྱར་བའོ།། །།(བདག་ཉིད་ཆེན་པོ་ འདིས། བླ་མ་མཁས་གྲུབ་རབ་ཏུ་མང་པོ་ལ་ལུང་རིགས་མདོ་རྒྱུད་འགྲེལ་གདམས་དབང་སྒྲུབ་མཐའ་ཡས་པ་ཞུས་ ཚུལ་གསན་ཡིག་ཡོད་དེ། འདིར་ཡི་གེས་འཇིགས་པས་ལོགས་ཤིག་ཏུ་ཤེས་པར་བྱའོ། །ནགས་ཕུགས་དཔོན་ཤཱཀ་ གིས་བྲིས་ཧེ། ) བདེ་ལེགས་དང་བཀྲ་ཤིས་ཕུན་སུམ་ཚོགས་པས། ཕྱོགས་དུས་ཀུན་ཏུ་ཁྱབ་པར་གྱུར་ 2-1-459 ཅིག །དགེའོ།། །། (མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང༌། ཕྱི་ཀ ༧༩ ལགས།