1-1-1 ཇོ་ནང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་གསུང་འབུམ། ༼པོད་དང་པོ། ༽ 1-1-2 ༄༅། །དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོར་ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་རྣམ་པར་གཏན་ལ་ཕབ་པ་ མདོར་བསྡུས་པའི་རྒྱུད་ཀྱི་སྙིང་པོའི་རྒྱ་ཆེར་ འགྲེལ་པ་དྲི་མ་མེད་པའི་འོད་ བཞུགས་སོ། ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཀཱ་ལ་ཙཀྲཱ་ལ་གུ་ཏན་ཏྲ་རཱ་ཛ་ཧྲི་ཏྱ་ཊི་ཀཱ་བི་མ་ལ་པྲ་བྷ་ན་མ། བོད་སྐད་དུ། (ཀ་(ཀ་ཡ(ལུས་)འམ་)ཡིག་ལས་(ཀར་(ལས་)མ་)ནི་རྒྱུ་དག་(སྐུ་)ཞི། །ལ་(ལ་(གསུང་)ལི་པ་)ཡིག་ལས་ (གསུང་)ཀྱང་ཐིམ་པ་ཉིད། །ཙ་(ཙ་ཙི་(ཡིད་)ཏ་)ཡིག་ལས་ནི་(ཙ་ལ་)(གཡོ་བ་)གཡོ་བའི་སེམས། །ཀྲ་(ཀ་(འདོད་པ་)མའམ་) ཡིག་(ཀྲ་མ་)རིམ་(བྷན་དྷ་)པས་འཆི(ར་(ཆགས་པ་) ག)ང་བའོ། །དུས་(ཡི་གེ་གཉིས་ཀྱི་བཤད་པ་)ནི་(ཀ་ལ་)མི་འགྱུར་ཡེ་ ཤེས་བདེ། །ཐབས་ནི་སྙིང་རྗེའི་བདག་ཉིད་ཅན། །ཤེས་བྱའི་རྣམ་པ་འགྲོ་འཁོར་ལོ། །དཔལ་ནི་ཤེས་རབ་སྟོང་ཉིད་བདག ། འདི་ ནི་དཔལ་ལྡན་དུས་འཁོར་གྱི། །རྡོ་རྗེ་རྣལ་འབྱོར་ཐམས་ཅད་ཉིད། །བདེན་པ་གཉིས་པོ་འདི་ལ་གནས། །རྗོད་པར་བྱེད་པའི་ཚིག་ ཡིན་ནོ། །ཞེས་སོ། །)དཔལ་དུས་ཀྱི་(ཡི་གེའི་བཤད་པ་ནི་)འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་<ཡི་གེ་བཞིའི་ བཤད་པ་>རྒྱལ་པོའི་སྙིང་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཇམ་དཔལ་<ཡི་གེ་གཉིས་ཀྱི་བཤད་པ་>གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། ༈ སྟོང་དང་སྙིང་རྗེའི་བདག་ཉིད་ཅན། །སྲིད་གསུམ་སྐྱེ་འཇིག་མེད་པ་ཡི། །ཤེས་དང་ ཤེས་བྱ་གཅིག་པའི་སྐུ། །དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ། ། 1-1-3 ༈ རྣམ་པ་དང་བཅས་རྣམ་པ་མེད་པའི་བཅོམ་ལྡན་འདས་མ་ཤེས་རབ་མ་ཡིས་འཁྱུད་ པ་ཉིད། །སྐྱེ་འཇིག་རྣམ་པར་སྤངས་པའི་མི་འགྱུར་བདེ་བ་རྒོད་པ་ལ་སོགས་བདེ་བ་སྤངས་ མཛད་ཅིང༌། །སངས་རྒྱས་རྣམས་ནི་{སྐྱེད་[བསྐྱེད་]པར་བྱེད་པ་སྐུ་གསུམ་ལྡན་པ་དུས་ གསུམ་ཡང་དག་མཁྱེན་པ་སྟེ། །ཐམས་ཅད་མཁྱེན་པ་དང་པོ་མཆོག་གི་སངས་རྒྱས་བཅོམ་ ལྡན་གཉིས་མེད་དེ་ཉིད་ལ་ཕྱག་འཚལ། ། ༈ སངས་རྒྱས་སེང་གེའི་གདན་ལ་བཞུགས་པ་སྲིད་གསུམ་གྱིས་མཆོད་རྡོ་རྗེའི་རྣལ་ འབྱོར་རྣམ་{དག་[པར་དག་པ་]ཀ༽ནི། །སྲིད་མེད་སྲིད་པར་གཤེགས་པ་ག༽གཅིག་ཡིན་དེ་ ཉིད་ཁ༽སྐུ་ཡི་{རབ་ཏུ་}ང༽དབྱེ་བས་བཅུ་དྲུག་རྣམས། །ཤེས་དང་ཤེས་བྱ་གཅིག་{ཏུ་}གྱུར་ {པ་}རྒྱལ་བ་མཆོག་གི་དམ་ཚིག་ཡན་ལག་རྣམ་བཅུ་གཉིས། །བདེན་དོན་བྱང་ཆུབ་སེམས་ ཉིད་རྒྱལ་བ་རྡོ་རྗེའི་{གདན་[གནས་] ཏེ་དུས་{ཀྱི་}འཁོར་ལོ་ལ་ཕྱག་འཚལ། ། ༈ ཐམས་ཅད་མཁྱེན་དང་ཡེ་ཤེས་སྐུ་{ནི་[སྟེ་]རྒྱལ་བའི་བདག་པོ་ལྷན་ཅིག་སྐྱེས་དང་ ཆོས་སྐུ་དེ་བཞིན་དུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་{ནི་[སྟེ་]ཉིན་བྱེད་སྐུ་དང་པད་ མའི་འདབ་མ་བཞིན་དུ་ཡངས་པའི་སྤྱན། །རྣལ་འབྱོར་དག་པ་རྣམ་པར་ཐར་པར་གྱུར་དང་ སྲིད་དང་སྲིད་{ལས་[པ་]བྲལ་བའི་སྐུ་གསུང་ཐུགས་ཆགས་པ། །ཐབས་དང་ཤེས་རབ་ གཉིས་མེད་ལྷ་དང་ལྷ་མིན་མིས་བསྟོད་དང་པོའི་སངས་རྒྱས་དེ་ཉིད་ལ་ཕྱག་འཚལ། ། ༈ བདག་གིས་རྒྱུད་འདིའི་འགྲེལ་པ་ནི། །བདེ་བར་གཤེགས་པས་ལུང་བསྟན་དང༌། ། འཇམ་པའི་དཔལ་གྱིས་བསྐུལ་བས་ན། །འཇིག་རྟེན་མགོན་པོས་བྲི་བ་ཉིད། །བྱིས་པ་ མཁས་དང་རྨོངས་རྣམས་ལ། །རྒྱུད་གསང་<གསང་རྒྱུད་>གསལ་བར་སྟོན་པ་ནི། །མ་ཉིད་བུ་ རྣམས་ལ་ཕན་ལྟར། །ལུས་ཅན་ཐམས་ཅད་{བདེ་[བདེན་]དོན་དུ། །རྒྱས་འགྲེལ་དྲི་མ་མེད་ འོད་ཀྱིས། །རྡོ་རྗེ་སེམས་དཔའི་ཡང་དག་ལམ། །རྣལ་འབྱོར་རྣམས་ཀྱི་རིག་བྱེད་ལས། །དེ་ 1-1-4 ཕྱིར་དེ་ནི་མྱུར་དུ་བྲི། ། ༈ (མདོར་བསྡུས་གཉིས་པའི་དབུ་ནས་)འདིར་(རྩ་བའི་རྒྱུད་)དང་པོར་རེ་ཤིག་བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། འབྲེལ་པ་དང༌། དགོས་པ་དང༌། དགོས་པའི་དགོས་པ་རྣམས་མངོན་ པར་ཡང་དག་པར་བཤད་པར་བྱ་སྟེ། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་ སེམས་ཀྱི་བསམ་པས། སྐྱེ་བ་འདིར་སངས་རྒྱས་{ཉིད་}ཀྱི་འབྲས་བུ་རབ་ཏུ་སྟེར་བ། བདེ་བ་ ཆེན་པོའི་གནས། དང་པོ་མཆོག་གི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ། རྡོ་རྗེ་ སེང་གེའི་གདན་ལ་བཞུགས་པ། སངས་རྒྱས་(བཞི་)དང༌། བྱང་ཆུབ་སེམས་དཔའ་(བཅུ་གཉིས་) དང༌། ཁྲོ་བོའི་རྒྱལ་པོ་(བཅུ་གཉིས་<བཅུ་>དང༌། ལྷ་(བཅུ་གཉིས་)དང༌། ཀླུ་(བཅུ་གཉིས་<བཅུ་>དང༌། {ལྷ་མོ་ཉིད་(བཅུ་གཉིས་)དང༌། } (སྐུ་གསུང་ཐུགས་ཀྱི་སྡེ་དང་)ལྷ་མོ་ཉིད་དང༌། ལྷ་མོའི་ཚོགས་(ཏེ་བསྡུས་ ན་སྟོང་དྲུག་བརྒྱ་ཉི་ཤུ་རྣམས་)ཀྱིས་ཡོངས་སུ་བསྐོར་ཏེ་ཁམས་གསུམ་གྱིས་ཞབས་ཀྱི་པད་{མོར་[མ་ ལ་]ཕྱག་འཚལ[བ]། འཇིག་རྟེན་གསུམ་གྱི་འཁོར་ལོ་སྒྱུར་བ་ཅིག་ཆར་དུ་བསྐོར་བ། དང་པོ་ མཆོག་གི་སངས་རྒྱ་རྗེས་སུ་འགྲོ་བ་མེད་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ལ། ཟླ་བ་བཟང་པོས་གསོལ་བ་བཏབ་པས། སྟོང་ཕྲག་བཅུ་གཉིས་པ་དང་པོ་མཆོག་གི་སངས་ རྒྱས། དུས་ཀྱི་འཁོར་ལོ། རྗེས་སུ་འགྲོ་བ་མེད་པ། རྒྱུད་ཀྱི་རྒྱལ་པོ། རྡོ་རྗེ་འཛིན་པའི་ཡེ་ཤེས་ ཀྱི་སྐུའི་དཔང་དུ་གྱུར་{པ[པའི]། མཚན་ཡང་དག་པར་བརྗོད་པས་མཁྱུད་པ། རྒྱུད་ཀྱི་རྒྱལ་ པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་གི་དཔང་དུ་གྱུར་པ། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་ པ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་པ། མངོན་པར་བྱང་ ཆུབ་པ་བཞི་དང༌། རྡོ་རྗེ་བཞིས་ཡོངས་སུ་དག་པ། [སྐུ་བཞི་དང༌། ] རིགས་དྲུག་དང༌། བདེན་ པ་བཅུ་གཉིས་དང༌། དེ་ཁོ་ན་ཉིད་བཅུ་དྲུག་དང༌། སྟོང་པ་ཉིད་བཅུ་དྲུག་དང༌། སྙིང་རྗེ་བཅུ་ དྲུག་གི་བདག་ཉིད་ཅན། བརྗོད་པར་བྱ་བ་དང༌། རྗོད་པར་བྱེད་པ་དང༌། འཇིག་རྟེན་པ་བཅུ་ 1-1-5 དང༌། འཇིག་རྟེན་ལས་འདས་པ་བཅུ་གཅིག་པའི་དབང་གསལ་བར་བྱེད་པ{དང་}། ལས་ཀྱི་ ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ། འཇིག་རྟེན་པ་དང༌། འཇིག་རྟེན་ལས་ འདས་པའི་དངོས་གྲུབ་རབ་ཏུ་གསལ་བར་བྱེད་པ། འཇིག་རྟེན་གྱི་ཁམས་དང༌། ནང་དང༌། དབང་དང༌། བསྒྲུབ་པ་དང༌། ཡེ་ཤེས་ཀྱི་ལེའུ་ལྔའི་བདག་ཉིད་དམ། བརྟག་(རྟོག་པ་ར་ཟེར་)པ་ ལྔའི་བདག་ཉིད། མི་ལ་སོགས་{པ[པའི]་སེམས་ཅན་མཐའ་དག་རྣམས་ཀྱིས་ཡང་དག་པར་ རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར། ཡང་དག་པར་བཀའ་སྩལ་ཏོ། ། ༈ དེ་བས་ན་(རྩ་བའི་རྒྱུད་)འདི་ལས་བསྡུས་པའི་རྒྱུད་བསྡུ་བར་མཛད་པའི་ཕྱིར་འཇམ་ དཔལ་དེ་བཞིན་གཤེགས་པས་ལུང་བསྟན་པ་དང༌། མ་འོངས་པའི་དུས་སུ་གདུལ་བྱ་བྲམ་ ཟེ་དྲང་སྲོང་(ཉི་མའི་ཤིང་རྟ་)ལ་སོགས་པ་རྣམས་ཀྱི་དོན་དུ་(སྤྱན་རས་གཟིགས་)བདག་ཀྱང་རྒྱ་ཆེར་ འགྲེལ་པ་བྱེད་པ་དང༌། གཞན་ཡང་གཤིན་རྗེ་མཐར་བྱེད་ལ་སོགས་པ་(ཉེར་བཞི་པོ་)རྣམས་ ཀྱིས་ཀྱང་རྒྱུད་འཆད་པའི་དོན་དུ། (གནས་)ཤམ་བྷ་ལའི་ཡུལ་ལ་སོགས་པ་བྱེ་བ་(ཕྲག་)དགུ་ བཅུ་རྩ་དྲུག་གི་གྲོང་ཁྱེར་ན་གནས་པའི་(གང་གིས་ན་)སེམས་ཅན་ཐམས་ཅད་ཀྱིས་(དགོས་པ་) ཐེག་པ་ཆེན་པོའི་ལམ་ཐོབ་པར་བྱ་བའི་ཕྱིར་(གང་ན་)རྒྱུད་ཀྱི་དོན་བཀའ་སྩལ་ཏོ། །(དོན་གང་ན་) འདིར་(ཕྱིར་)རྡུལ་ཕྲ་རབ་འདུས་པ་སྔོན་དུ་སོང་པ་ལས་(ཕྱི་)འཇིག་རྟེན་གྱི་ཁམས་དང༌། (ཕྱི་) འཇིག་རྟེན་ཁམས་སྔོན་དུ་སོང་བ་ལས་(ནང་)སེམས་ཅན་དང༌། (ནང་)སེམས་ཅན་སྔོན་དུ་སོང་ པ་ལས་མངོན་པར་དབང་བསྐུར་བ་དང༌། དབང་སྔོན་དུ་སོང་བ་ལས་དངོས་གྲུབ་བསྒྲུབ་པ་ དང༌། སྒྲུབ་པ་སྔོན་དུ་སོང་བ་ལས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་{གྲུབ་[འགྲུབ་]པ་ཞེས་ བྱའོ། །དེས་ན་དང་པོར་འཇིག་རྟེན་གྱི་ཁམས་ཀྱི་བརྟག་(རྟོག་ར་ཟེར་)པ་དང༌། དེ་ནས་ནང་གི་ བདག་ཉིད་ཀྱི་བརྟག་པ་དང༌། དེ་ནས་དབང་གི་བརྟག་པ་དང༌། དེ་ནས་དངོས་གྲུབ་བསྒྲུབ་ པའི་བརྟག་པ་དང༌། དེ་ནས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒྲུབ་པའི་བརྟག་པའོ། །དེ་ 1-1-6 ལྟར་ན་རིམ་པ་ཇི་ལྟ་བས་བརྟག་པ་ལྔའི་བདག་ཉིད་དམ། རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔའི་བདག་ ཉིད་དོ། ། ༈ (རྒྱུད་རྒྱས་བསྡུས་)འདིར་ཐབས་(སྙིང་རྗེ་)དང་ཤེས་རབ་(སྟོང་པ་ཉིད་)ཀྱི་བདག་ཉིད་རྡོ་རྗེའི་ {རྣལ་འབྱོར་[སྦྱོར་བ་]དང་པོའི་སངས་རྒྱས་རྗེས་སུ་འགྲོ་བ་མེད་པ་བཅོམ་ལྡན་འདས་དུས་ ཀྱི་འཁོར་[ལོ་]ནི་བརྗོད་པར་བྱ་བ་སྟེ། དེ་ཡང་ལེའུ་ལྔའི་རང་བཞིན་དུ་གང་གནས་པའོ། ། རྗོད་པར་བྱེད་པ་ནི་(གང་ན་)དུས་ཀྱི་འཁོར་ལོ་རྗོད་པར་བྱེད་པ(འི་གཞུང་)ལེའུ་ལྔའི་བདག་ཉིད་ དོ། །ཡང་ན་དང་པོའི་སངས་རྒྱས་བཅོམ་ལྡན་ནི་བརྗོད་པར་བྱ་བའོ། །རྗོད་པར་བྱེད་པ་ནི་ དང་པོའི་སངས་རྒྱས་རྗོད་པར་བྱེད་པ(འི་གཞུང་)ཞེས་བྱ་སྟེ། བརྗོད་པར་བྱ་བ་དང༌། རྗོད་པར་ བྱེད་པ་ནི་བརྗོད་བྱ་[དང་]རྗོད་བྱེད་ཀྱི་མཚན་ཉིད་ཀྱི་འབྲེལ་པའོ། །འདི་ལས་དཀྱིལ་འཁོར་ དུ་འཇུག་པ་དང༌། འཇིག་རྟེན་པའི་དབང་(བཅུ་)བྱིན་པས་(རང་དོན་)བསོད་ནམས་ཀྱི་ཚོགས་ཀྱི་ དོན་མཛད་པ་ནི་དགོས་པའོ། །ཤེས་རབ་ཆེན་པོ་བཞི་པ་འཇིག་རྟེན་ལས་འདས་པའི་དབང་ བྱིན་པས་(ཐབས་དང་ཤེས་རབ་ཕན་ཚུན་)རྗེས་སུ་འགྲོ་བ་མེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ པས་(གཞན་དོན་)བསོད་ནམས་དང་ཡེ་ཤེས་ཀྱི་དོན་མཛད་པ་ནི་དགོས་པའི་དགོས་པ་ཞེས་ བྱའོ། ། ༈ ད་(མདོར་བསྡུས་གསུམ་པ་དང་བཞི་པའི་དབུ་ནས་)ནི་འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་ པོ་གྲགས་པ་<༡>དང༌། ཉི་མ<༢>འི་ཤིང་རྟ་༼ཀ༽སྟོན་༼ཁ༽པ་པོ་དང༌། ཞུ་བ་པོའི་འབྲེལ་ པ་ལ་སོགས་པས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ(འི་སྙིང་པོ་)རྣམ་པར་བཤད་པར་བྱ་སྟེ། འདིར་ དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་ཁང་པའི་ཤར་སྒོའི་མཐར་ནོར་བུ་རིན་པོ་ ཆེ་[ཆེན་པོ་]ཡིས་སྤྲས་པའི་ཁྱམས་སུ། ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་གདན་ལ་(འཇམ་ དཔལ་)བཞུགས་པ། (འཁོར་)ལྷ་དང་ལྷ་མ་ཡིན་དང༌། ཀླུ་རྣམས་ཀྱི་སྤྲུལ་པའི་སྐུ། (གང་གི་ཆ་བཟུང་ 1-1-7 ན་)རྒྱལ་པོ་ཆེན་པོའི་རིགས་ལས་སྐྱེས་པ། (གྲངས་)བྱེ་བ་དགུ་བཅུ་རྩ་དྲུག་(དབུ་ལ་)རིན་པོ་ཆེའི་ དབུ་བརྒྱན་(རེ་)བཅིངས་པ<རྣམས>། གྲོང་ཁྱེར་བྱེ་བ་(བྱེ་བའི་བདག་པོ་སྟེ་)དགུ་བཅུ་རྩ་དྲུག་གི་ བདག་པོ་རྣམས་ཀྱིས་ཞབས་ཀྱི་པད་མོ་ལ་ཕྱག་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་ཤེས་རབ་(ཡེ་ཤེས་)ཀྱི་སྐུ་(འཇམ་དཔལ་)ལ་ཉི་མའི་ཤིང་རྟས་གསོལ་བ་བཏབ་པས། ༈ མིའི་དབང་པོ་གྲགས་པས་(ཞུ་བ་པོ་)ཉི་མའི་ཤིང་རྟ་ལ་འདི་སྐད་ཅེས་གསུངས་{སོ་ [ཏེ]། (ཇི་ལྟར་གསུངས་ན་རང་དོན་དུ་ཞུས་པ་)ལེགས་སོ་(གཞན་དོན་དུ་ཞུས་པ་)ལེགས་སོ། །ཉི་མའི་ཤིང་རྟ་ གང་གིས་ཁྱོད་བྲམ་ཟེའི་དྲང་སྲོང་གི་རིགས་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱིས་(འབྲས་ བུ་)ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ལམ་ཐོབ་པར་བྱ་བའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་ དང་པོ་མཆོག་གི་སངས་རྒྱས་ཀྱི་བདེན་པའི་དོན་(ཁྱོད་ཀྱིས་)ཡང་དག་པའི་བསམ་པས་ཁོ་བོ་ ལ་ཉན་པར་བརྩོན་པ་(རྒྱུ་མཚན་)དེས་ན་ལེགས་སོ། །འདི(འི་རྒྱུ་མཚན་)གང་གི་ཕྱིར་(ན་)དང་པོ་ མཆོག་གི་སངས་རྒྱས་ཀྱི་བདེན་པའི་དོན་ཡང་དག་པའི་བསམ་པས་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་བྱེད་པའི་དུས་ཀྱི་འཁོར་ལོ་རྡོ་རྗེའི་རྣལ་འབྱོར་ (ཉི་མ་)ཁྱོད་ཀྱིས་ཞུས་པ་དེ་ཐམས་ཅད། སྡུད་པར་བྱེད་པ་པོ་<འཇམ་དཔལ་གྲགས་པ་>བདག་ ཉིད་ཀྱིས་བསྟན་པར་བྱ་ཡིས། <ཉི་མ་>ཁྱོད་ཀྱིས་ཀྱང་རྩེ་གཅིག་པའི་ཡིད་ཀྱིས་ཉོན་ཅིག དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་(དང་པོ་སངས་རྒྱས་སུ་){སྔོན་[སྔུན་]དུ་ ལུང་བསྟན་པའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་དོན། (གང་ན་)ཐབས་དང་ཤེས་རབ་ཀྱི་བདག་ ཉིད་(སྟོང་ཉིད་དང་སྙིང་རྗེ་རོ་མཉམ་པ་དག་)ཀྱི་རྣལ་འབྱོར་(ཚིགས་བཅད་)མེ་ཏོག་ཕྲེང་འཛིན་གྱིས་(གཞུང་ དུ་)ཡང་དག་པར་བསྡུས་ཏེ། (རྩ་བའི་)རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་(བསྡུས་ཤིང་)ཕྱུང་ནས། ༡༽ ཡང་དག་པར་རྫོགས་པའི་སངས་རྒྱས་{པར་[དང༌། ] ༢༽ཟླ་བ་བཟང་པོ་ཀ༽སྟོན་པར་བྱེད་པ་ པོ་དང༌། ཁ༽ཞུ་བ་པོའི་འབྲེལ་པས་རྒྱལ་པོ་གྲགས་པ་བདག་གིས་བསྟན་པར་བྱ་ཞེས་བྱའོ། ། 1-1-8 ༈ དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ། (གང་ན་)མིའི་དབང་པོ་ གྲགས་པ། དེ་བཞིན་གཤེགས་ཐམས་ཅད་ཀྱིས་(སྡུད་པ་པོར་)ལུང་བསྟན་པས། (རྩ་རྒྱུད་)དང་པོ་ མཆོག་གི་སངས་རྒྱས་ལས་སྟོན་པ་པོ་ལ་སོགས་པ་བསྡུས་པའི་ཚིགས་སུ་བཅད་པ་དང་པོ་ ཐམས་ཅད་མཁྱེན་དང་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་(རྩ་རྒྱུད་ལས་)ཡང་ དག་པར་གསུངས་ཏེ། འདིར་སྟོན་པ་པོ་ལ་སོགས་པ་ནི། སྟོན་པ་དང༌། གནས་དང༌། འཁོར་ ཆེན་པོ་དང༌། ཞུ་བ་པོ་དང༌། ཆོས་བསྟན་པ་དང༌། དགོས་པ་དང༌། དགོས་པའི་དགོས་པའོ། ། འདི་རྣམས་ལས་རེ་ཤིག ཐམས་ཅད་མཁྱེན་དང་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་སྟེ་པད་མའི་ འདབ་མ་བཞིན་དུ་ཡངས་པའི་སྤྱན། །སངས་རྒྱས་ཞེས་{བྱ་}བའི་ཡི་གེ་ཉི་ཤུ་རྩ་གསུམ་གྱིས་ བཅོམ་ལྡན་འདས་ཀྱིས་སྟོན་པ་པོ་བསྡུ་བར་མཛད་དོ། །སེང་གེའི་གདན་ལ་བཞུགས་ཞེས་ {པའི་[པ]ཡི་གེ་ལྔས་གནས་བསྡུ་བར་མཛད་དོ། །ལྷའི་མཆོག་གིས་ཕྱག་འཚལ་བ་དང་ ཞེས་པའི་ཡི་གེ་བདུན་གྱིས་འཁོར་ཆེན་པོ་བསྡུ་བར་མཛད་དོ། །ཟླ་བ་བཟང་པོའི་སྤྱི་བོ་ཡིས། ། རབ་ཏུ་བཏུད་{དེ་[ནས་]ལག་པའི་པད་{མ་[མོ་]ཐལ་མོ་སྦྱར་ནས་ཡན་ལག་མཆོག་གི་ སྟེང་དུ་རབ་བཞག་ནས་ཞེས་པ་ཡི་གེ་ཉི་ཤུ་རྩ་བརྒྱད་ཀྱིས་ཞུ་བ་{པོ་[པོས་]བསྡུ་བར་མཛད་ དོ། །ཀ༽ཨ་སོགས་ག༽ཀ་སོགས་འདུས་རིམ་ཁ༽དཔལ་ལྡན་དུས་ཀྱི་འཁོར་ལོའི་རྣལ་འབྱོར་ ང༽ ཞེས་པའི་ཡི་གེ་བཅུ་བཞིས་ཆོས་བསྟན་པ་བསྡུ་བར་མཛད་དོ། །མི་རྣམས་གྲོལ་བའི་རྒྱུ་ རུ་ཞུས་ཞེས་པའི་ཡི་གེ་བདུན་གྱིས་དགོས་པ་དང༌། དགོས་པའི་དགོས་པ་བསྡུ་བར་མཛད་དོ། ། དེ་ལྟ་བས་ན་རིམ་པ་ཇི་ལྟ་བ་བཞིན་དུ་ཡི་གེ་བརྒྱ་བཅུ་རྩ་བཞི་པོ་འདི་རྣམས་ཀྱིས། སྟོན་པ་ པོ་དང༌། གནས་དང༌། འཁོར་ཆེན་པོ་དང༌། ཞུ་བ་པོ་དང༌། ཆོས་བསྟན་པ་དང༌། དགོས་པ་ དང༌། དགོས་པའི་དགོས་པ་བསྡུ་བར་མཛད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ ལུང་བསྟན་པའི་འཇམ་དཔལ་གྱིས་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བསྡུས་པའོ། ། 1-1-9 ༈ འོ་ན་(གསང་འདུས་ལ་སོགས་པའི་)རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཐོས་ པ་ལ་སོགས་{པ་}གསུངས་པ་མ་ཡིན་ནམ། ཇི་ལྟར་(བསྡུས་པའི་)རྒྱུད་འདིར་འདི་སྐད་བདག་ གིས་ཐོས་པ་ལ་སོགས་པ་དང་བྲལ་བའི། ཐམས་ཅད་མཁྱེན་དང་ཞེས་བྱ་བ་ལ་སོགས་པ་ རྣམས་ཀྱིས་བསྟན་པ་ཡིན་ན། རྒྱུད་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པར་ མི་འགྱུར་ཏེ། འདི་སྐད་<གསང་འདུས་པ་སོགས་གཞན་དུ་>བདག་གིས་{ཐོས་པ་}ལ་སོགས་པ་ བཞུགས་གནས་བསྟན་པ་མེད་པའི་ཕྱིར་རོ། །ཞེས་འདིར་ཅུང་ཟད་(མ་འོངས་པའི་དུས་སུ་བྱིས་པའི་སྐྱེ་ བོ་)ཐ་སྙད་དང་ཡི་གེའི་རྗེས་སུ་འབྲངས་པ་ལ་བརྟེན་ནས་སྨྲ་བར་{གྱུར་[འགྱུར་]ན། ༈ <ལན་>དེ་ནི་མ་ཡིན་ཏེ། <རྒྱུ་མཚན་>ཅིའི་ཕྱིར་ཞེ་ན། ཆོས་སྟོན་པར་བྱེད་པ་ནི་<ཚིག་ ལ་མི་རྟོན་གྱི་>དོན་{གྱིས་[གྱི་]རྗེས་སུ་འབྲངས་པ་ལ་རྟོན་པའི་ཕྱིར་དང༌། (བདག་ཉིད་ཆེན་པོས་ དོན་དམ་དེ་ཉིད་ཡུལ་དུ་བྱས་པ་ཡིས། །རྟག་ཏུ་ཚིག་ལ་རྗེས་འབྲངས་མ་ཡིན་མཁས་པ་རྣམས། །སྒྲ་ངན་ཡུལ་སྐད་ཀྱིས་ཀྱང་ རྣལ་འབྱོར་པས་ཀྱང་དོན་ལེན་བྱེད། །ཆུ་དང་འདྲེས་པའི་འོ་མ་ངང་པས་དེ་བླངས་འཐུང་དང་མཚུངས། །)སྡུད་པ་པོ་རྣམས་ ཀྱང་ཡུལ་སྣ་ཚོགས་པའི་<རང་རང་གི་>སྐད་ཀྱི་ཁྱད་པར་གྱིས་བསྡུ་བར་མཛད་པའི་ཕྱིར་རོ། ། (བཟློག་ན་གནོད་པ་)འདིར་གལ་ཏེ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ལེགས་ པར་སྦྱར་བའི་ཚིག གྲེ་བ་དང༌། རྐན་ལ་སོགས་པའི་རྩོལ་བས་བསྐྱེད་པའི་ལེགས་པར་ སྦྱར་བའི་སྐད་(ཕྱོགས་གཅིག་པ་)ཉི་ཚེ་བ(ཡིན་པ)ས་(དེས་)དེ་བཞིན་གཤེགས་པ་ཆོས་སྟོན་པར་བྱེད་ ན། དེ་ལྟར་{ན་}ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མས་ཀྱང་དེ་བཞིན་གཤེགས་པས་ བསྟན་པར་མི་ནུས་པ་དང༌། སྡུད་པ་པོས་ཀྱང་ཉི་ཚེ་བའི་{མིག་གིས་[ཚིག་གི་]བསྟན་པ་དེ་བྲི་ བར་མི་ནུས་(ཏེ། སྐད་ཉི་ཚེ་བས་མ་ཁྱབ་པས་)སོ། །<སྐད་ཉི་ཚེ་བས་>འདིར་སྤྲུལ་པའི་སྐུ་དཔག་ཏུ་མེད་ ཅིང་མཐའ་ཡས་{པ། [པས་]དཔག་ཏུ་མེད་ཅིང་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་ སུ། དཔག་ཏུ་མེད་ཅིང་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཐམས་ཅད་ཀྱིས་ཅིག་ཅར་དུ་ 1-1-10 ཆོས་སྟོན་པར་བྱེད་མི་ནུས་(ཏེ། སྐད་ཉི་ཚེ་བས་མ་ཁྱབ་པས་)སོ། །(སྐད་ཉི་ཚེ་བས་)ཆོས་ཀྱི་ཕུང་པོ་བརྒྱད་ ཁྲི་བཞི་སྟོང་(ལ་སོགས་པ་)སྟོན་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ཞེས་ བྱའོ། །དེ་ལྟར་ཡིན་ན་འདིར། (སྟོན་པ་)སངས་རྒྱས་ཚད་མ་མ་ཡིན་པ་དང༌། (བསྟན་པ་)ཆོས་ཚད་ མ་མ་ཡིན་པ་དང༌། (འཁོར་)དགེ་འདུན་ཚད་མ་མ་ཡིན་[པ་]ཏེ། དེས་ན་དེ་བཞིན་གཤེགས་ པའི་ཚིག་ལས་ཐམས་ཅད་མཁྱེན་པ་སྟོན་པར་བྱེད་པ་གཅིག་མ་ཡིན་(ཏེ། གཅིག་གིས་ཀུན་ལ་མི་ ཁྱབ་)པ(འི་ཕྱིར་)དང༌། སེམས་ཅན་ཐམས་ཅད་ལ་དོན་སྟོན་པའི་སྐད་ཅིག་(ཀུན་)གིས་(མི་གོ་བས་ གཅིག་)མ་ཡིན་པ་དང༌། བཞུགས་པའི་གནས་གཅིག་ཏུ་(སེམས་ཅན་ཀུན་ཚོགས་པ་མ་ཡིན་པས་གཅིག་ཏུ་) བསྟན་པ་མ་ཡིན་པ་དང༌། དེ་བཞིན་གཤེགས་པ་ལ་ཞུ་བ་བྱེད་པ་ཉན་ཐོས་ཀྱི་དགེ་འདུན་(གྱིས་ ཐེག་ཆེན་མི་ཞུ་བས་)གཅིག་པུ་མ་ཡིན་ཏེ། (འོ་ན་ཇི་ལྟར་ཡིན་ན་)འདིར་སེམས་ཅན་སྣ་ཚོགས་པའི་མོས་ པའི་དབང་གིས། ཐམས་ཅད་མཁྱེན་པ་(གང་ལ་གང་འདུལ་)དུ་མ་དང༌། ཐམས་ཅད་མཁྱེན་པའི་ སྐད་(འགྲོ་བ་རིགས་དྲུག་གི་)དུ་མ་དང༌། བཞུགས་པའི་གནས་(སོ་བའི་མཆོད་རྟེན་ལ་སོགས་པ་)དུ་མ་དང༌། ཞུ་བ་པོ་(ཀུན་དགའ་བོ་ལ་སོགས་པ་)དུ་མ་དང༌། ཆོས་སྟོན་པ་(མདོ་རྒྱུད་)དུ་མ་ཞེས་བྱའོ། །དེ་ལྟ་བས་ ན་རྒྱུད་ཐམས་ཅད་དུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ། ལྷའི་སྐད་{རྐན་ དང་གྲེ་བ་[གྲེ་བ་དང༌། རྐན་]ལ་སོགས་པའི་རྩོལ་བས་བྱུང་པ་ཁོ་ནས་དེ་བཞིན་གཤེགས་ པས་ཆོས་བསྟན་པ་མ་ཡིན་ནོ། །(སྒྲ་དང་སྒྲ་མིན་རྣམ་དཔྱོད་ཆེན་པོ་ཆེད་ཆེ་བ་ཡིན་ཀུན་མཁྱེན་ལམ་དོན་གཉེར་ རྣམས་ཀྱིས། །སྣ་ཚོགས་ཡུལ་སྐད་ངན་པས་ཀྱང་ནི་བདག་ཉིད་ཆེན་པོ་མཁས་རྣམས་རྟག་ཏུ་ལམ་འཇུག་འགྱུར། །སེམས་ཅན་ རྣམས་ཀྱི་ལྷག་པར་མོས་པའི་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་གསུང་ཁྱད་པར་འཕགས། །གཞན་དུ་ལེགས་སྦྱར་སྐད་ནི་ ལྷ་དང་ཀླུས་བརྩམས་སྒྲ་སོགས་རྩོད་པའི་ཚིག་འདོད་རྣམས་དོན་ཡིན། །ཡུལ་གྱི་བརྡ་སྐད་རྣམས་ཀྱི་དོན། །ཤེས་ཕྱིར་བསྟན་ཆོས་ སྒྲ་ཅི་དགོས། །སྒྲ་དང་སྒྲ་མིན་ལས་བྱུང་པ། །ཐམས་ཅད་མཁྱེན་པའི་སྐད་མ་ཡིན། འདི་ཡིས་འགྲོ་ལ་མ་བསྟན་པས། །དེ་ཉིད་ཡེ་ ཤེས་མ་ཡིན་ནོ། །ཞེས་སོ། །) 1-1-11 ༈ དེ་ལྟར་སྔགས་ཀྱི་ཐེག་པ་འདིར་ཡང་དག་པ<བདེ་བ་ཆེན་པོ>འི་<སྐུའི་>དངོས་པོ་ གཅིག་ལ་ཡང་མིང་དུ་མ་སྟེ༌། <མིང་>མང་པོ་ལས་མིང་གཅིག་[ནི་]གཙོ་བོར་མི་འགྱུར་ ཏེ། <ཅིའི་ཕྱིར་ན་>མིང་ཐམས་ཅད་ཀྱིས་དངོས་པོ་གཅིག་གོ་བར་བྱེད་པའི་ཕྱིར་རོ། །དཔེར་ ན་བུད་མེད་གཅིག་ལ། བུད་མེད་དང༌། མི་མོ་དང༌། ལང་ཚོ་མ་ལ་སོགས་པ་རྣམས་མིང་དུ་ མ་ལས་{མིང་}ཅིག་གཙོ་བོར་ནི་མི་འགྱུར་ཏེ། མིང་ཐམས་ཅད་ཀྱིས་ཀྱང་ནུ་མ་དང་སྐྲར་ལྡན་ པའི་དངོས་པོ་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་(འདུས་པར་)ཨེ་ཡིག་དང༌། (འབུམ་ཆེན་དུ་) གསང་ཆེན་དང༌། (སྒྱུ་འཕྲུལ་དྲ་བར་)པད་མ་དང༌། (རྣལ་འབྱོར་རྗེས་རིག་ཏུ་)ཆོས་འབྱུང་དང༌། (དང་པོའི་ སངས་རྒྱས་སུ་)ནམ་མཁའི་ཁམས་དང༌། བདེ་བ་ཆེན་པོའི་གནས་དང༌། (དུས་འཁོར་དུ་)སེང་གེའི་ གདན་དང༌། (ཧེ་བཛྲ་)བྷ་ག་དང༌། (འཁོར་ལོ་སྡོམ་པར་)གསང་བའི་མིང་རྣམས་ཀྱི་ནང་ནས། ཨེ་ ཡིག་གི་མིང་གཅིག་པུ་ནི་གཙོ་བོ་མ་ཡིན་ཏེ། མིང་ཐམས་ཅད་ཀྱིས་ཀྱང་རྣམ་པ་སྣ་ཚོགས་པ་ རྣམས་སྟོང་པར་གོ་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་(འདུས་པར་འདྲེའོ)བཾ་ཡིག་དང༌། བདེ་ བ་ཆེན་པོ་དང༌། ཆགས་པ་ཆེན་པོ་དང༌། ལྷན་ཅིག་སྐྱེས་པ་དང༌། མཆོག་ཏུ་མི་འགྱུར་བ་དང༌། ཐིག་ལེ་དང༌། དེ་ཁོ་ནའི་ཡེ་ཤེས་དང༌། རྣམ་པར་དག་པའི་མིང་རྣམས་ཀྱི་ནང་ནས། བཾ་ཡིག་ གི་མིང་གཅིག་པུ་གཙོ་{བོར་[བོ་]མ་ཡིན་ཏེ། (གོང་གི་)མིང་ཐམས་ཅད་ཀྱིས་ཀྱང་ཕྱག་རྒྱ་ཆེན་ པོ་ལྷན་ཅིག་སྐྱེས་པའི་དགའ་བ་མི་འགྱུར་བའི་བདེ་བ་གོ་བར་བྱེད་པའི་ཕྱིར་རོ། ། ༈ དེ་ལྟར་ཨེ་༼ཀཡིག་དང༌། བཾ་༼ཁཡིག་དག ཀ༽རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་ པ་ཉིད་དང༌། ཁ༽ཆོས་ཐམས་ཅད་ལ་དམིགས་[པ་མེད་]པའི་སྙིང་རྗེ་དག་ཐ་མི་དད་པའི་བྱང་ ཆུབ་ཀྱི་སེམས་(ཨེ་བཾ་གིས་)གོ་བར་བྱེད་པའི་ཕྱིར་རོ། །ཨེ་དང་བཾ་ཡིག་ནི་རྡོ་རྗེ་སེམས་དཔའ་ དང༌། བྱང་ཆུབ་ཀྱི་སེམས་དང༌། དུས་ཀྱི་འཁོར་ལོ་དང༌། དང་པོའི་སངས་རྒྱས་དང༌། ཐབས་ དང་ཤེས་རབ་ཀྱི་བདག་ཉིད་དང༌། རྣལ་འབྱོར་དང༌། ཤེས་པ་དང་ཤེས་བྱའི་བདག་ཉིད་དང༌། 1-1-12 གཉིས་སུ་མེད་པ་དང༌། ཐོག་མ་(སྐྱེ་བ་)དང་ཐ་མ་(འགག་པ་)མེད་པ་དང༌། (རྣམ་རྟོག་)ཞི་བ་དང༌། (གཉིས་སུ་མེད་པས་)འདུས་པ་དང༌། (སངས་རྒྱས་ཐམས་ཅད་ཀྱི་)སྡོམ་པ་སྟེ། འདི་དག་ལ་སོགས་{པའི་ [པ]དུ་མའི་མིང་གིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཉིས་སུ་མེད་པ་རྗེས་སུ་འགྲོ་བ་ མེད་པའི་རྣལ་འབྱོར་ནི་རྣལ་འབྱོར་པས་རིག་པར་བྱའོ་ཞེས་བྱའོ། ། ༈ འདིར་<གསང་བ་>འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཨེ་བཾ་[གི་] ཡི་གེ་ནི་རྒྱུད་(དང་མདོ་སྡེ་)ལ་སོགས་པར་བཅོམ་ལྡན་འདས་ཀྱིས་ངེས་པའི་ཚིག་ལ་སོགས་པའི་ ངོ་བོར་བསྟན་ཏེ། དེ་ནི་ལྷ་རྣམས་ལྷའི་སྐད་ཀྱིས་སྨིན་པར་བྱ་བའི་ཕྱིར་སྡུད་པ་པོས་ཀྱང་རྒྱུད་ ལ་སོགས་པ་བྲིས་སོ། །དེ་ལྟ་བས་ན་ཡི་གེ་འདི་གཉིས་ནི་(གསང་བ་)འདུས་པ་ལ་སོགས་པའི་ རྒྱུད་ཀྱི་རྒྱལ་པོར་ཕྱི་བར་མི་འདོད་དོ། །འདིར་ཡི་གེ་གཉིས་ནི་བཅོམ་ལྡན་འདས་ཀྱིས་རྐན་ ལ་སོགས་པས་<ལེགས་པར་སྦྱར་བའི་སྐད་ཉི་ཚེ་བས་>བསྟན་པ་ནི་མ་ཡིན་ནོ། །མ་ཐོས་པར་ཡང་ སྡུད་པར་མཛད་པས་བྲིས་པ་ནི་མ་ཡིན་ནོ། །ཞེས་བྱའོ། ། ༈ འདིར་ཡི་གེ་(ཨེ་བཾ་)གཉིས་ཀྱི་(སྒྲ་བསྒྲུབ་དང་)ངེས་པའི་དོན་བརྗོད་པར་བྱ་སྟེ། (གཞན་དུ་) སྔོན་གྱི་ཨ་ཡིག་ནི་(ཕྱིར་)ནམ་མཁའི་ཁམས་(དབྱིངས་)དང་(ནང་དུ་)གསང་བའི་པད་མའོ། །དེ་ལ་ ཐིག་ལེ་གཉིས་(ཏེ་ཚེག་དྲག་)ནི་(ནང་དུ་)ཉི་མ་དང་ཁྲག་གོ། དེ་ལས་(ཕྱི་རོལ་གྱི་)ཨའི་ཡི་གེ་(ཕྱི་མ་)ནི་ སྒྲ་གཅན་དང་(ཕྱི་མ་)རྣམ་པར་ཤེས་པ་སྟེ། (ཕའི་)བདེ་བས་བྱིན་གྱིས་བརླབས་པའོ། །དེ་ནས་ (ཀླད་ཀོར་)ཐིག་ལེ་ནི་(ཕྱི་མ་)ཟླ་བ་དང་ཁུ་བའོ། །ཡི་གེ་ཨ་(གཉིས་པོ་)འདི་དག་གིས་{ནི་}(སྔོན་གྱི་མ་) ནམ་མཁའི་ཁམས་དང༌། གསང་པའི་པད་མ་དང༌། (ཕྱི་རོལ་གྱི་ཨ་)སྒྲ་གཅན་དང༌། རྣམ་པར་ ཤེས་པ་དག་གི་(ཨ་གཉིས་པོའི་)དབུས་ཀྱི་ཐིག་ལེ་(༠༠) གཉིས་ནི་ཉི་མ་དང་ཁྲག་སྟེ་(སྔོན་གྱི་ཨ་དང་ ཚེག་དྲག་ཟླ་ཚེས་ཀྱི་རྣམ་པ་ཅན་ལས་)ཨུ་བྱའོ། །(ཨུ་བྱས་པ་)དེ་ནས་(སྔོན་གྱི་ཨ་དང་)ཐིག་ལེ་གཉིས་(སྔོན་གྱི་མ་) ཉི་མ་དང་ཁྲག་(ཚེག་དྲག་)ལས་ཨུ་ཉིད་བྱས་པས་ཡོན་ཏན་གྱི་(ཡི་གེ་སྐྱེད་པའི་)རང་བཞིན་(གྱི་ཡི་གེ་ 1-1-13 ཨ་ཚེག་ཅན་གྱི་སྒྲ་)མེད་དོ། །ཡོན་ཏན་མེད་པས་(ཨུ་)ཡ་ནའི་ཡུལ་(ཝ་){པར་[སར་]འགྱུར་རོ། །(ཇི་ ལྟར་འགྱུར་ན་)ཕྱིར་རོལ་གྱི་ཨ་(གྱི་ཟེར་)སྒྲ་གཅན་རྣམ་པར་ཤེས་པ་དང༌། ལྷན་ཅིག་(སྦྱར་)པ་ནི་(ཨུ་ ཨའི་བར་ནས་)ཝ་ཉིད་དོ། །ཐིག་ལེ་(༠)ནི་ཟླ་བ་དང་{ཁྲག་ལས་[ཁུ་བས་](ཝ་དང་ཚེག་དྲག་)ཡང་ དག་པར་སྦྱོར་བ་སྟེ་དེ་{ནི་[ན་]ཝཾ་ཡིག་གོ། ༈ (ཝཾ་བསྒྲུབས་པས་)དེ་བཞིན་དུ་(ཨེ་བསྒྲུབ་པ་ནི་)སྔོན་གྱི་ཨ་ཡིག་ནི་(སྔོན་གྱི་མ་)ནམ་མཁའི་ ཁམས་དང་གསང་པའི་པད་མ་སྟེ། ཨ་ཡིག་{གི་}ཕྱི་ནས་བདུན་པའི་མཐའི་(སྟེ་གཅིག་གི་ཚིག་ཅན་ ལ་)ཡི་གེ་ཨི་(ཡོད་པ་དེ་)དང་ལྷན་ཅིག་(སྦྱར་པ་ཨ་ཨི་ལས་)ཡོན་ཏན་(གྱི་ཡི་གེ་ཉིད་)དུ་འགྱུར་ཏེ། དེ་ནི་ (ཨ་ཨའི་བར་ནས་)ཨེ་ཡིག་གོ། ༈ འདིར་ཨེ་ཡིག་ནམ་མཁའི་ཁམས་(དབྱིངས་)ནི་རྟེན་ནོ། །ཝཾ་ཡིག་ནི་བརྟེན་པའོ། །(གཞན་ དུ་)༡ཐིག་ལེ་གཉིས་དང༌། ༢ཨེ་{དང་}༣ཐིག་ལེ་གཅིག་དང༌། (ཕྱིར་)༡ཉི་མ་དང༌། ༢སྒྲ་གཅན་ དང༌། ༣ཟླ་བ་དང༌། (ནང་དུ་)༡ཁྲག་དང༌། ༢ཀུན་གཞིའི་རྣམ་པར་ཤེས་པ་དང༌། ༣ཁུ་བའི་ ༡༢༣བདག་ཉིད་(ཨེ་ཡིག་)ཀྱི་དབུས་སུ་(བཾ་ཡིག་སྟེ་)ཕྱི་རོལ་དང་ལུས་དང་གཞན་ཁོང་དུ་ཆུད་ པར་བྱའོ། །(དེ་ཡང་)འདིར་རྩ་བའི་རྒྱུད་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་ཡིག་ (རྣམ་པ་གྲུ་གསུམ་)དབུས་སུ་ཝཾ་ཡིག་(ཟླུམ་པོ་)སྟེ། །སངས་རྒྱས་ཀུན་གྱི་བདེ་བའི་(གནས་སམ་)གཞི། ། (ཨེ་)མཁའ་ལ་(བཾ་)རྡོ་རྗེ་སེམས་དཔའ་ནི། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཉིད། །སྐུ(འི་སྦྱོར་བ་)ནི་ ཐིག་ལེ་<ཕྱིར་>ཟླ་<བ་ནང་དུ་>ཁུ་བ། །གསུང་(གི་སྦྱོར་བ་)ནི་(ཕྱི་)ཉི་(ནང་)ཁྲག་(གཞན་དུ་)ཐིག་ ལེ་གཉིས། །ཐུགས་(ཀྱི་སྦྱོར་བ་)ནི་(ནང་)རྣམ་ཤེས་(ཕྱི་)སྒྲ་གཅན་(གཞན་དུ་)ཨ། །ཨེ་ནི་ནམ་མཁའི་ (ཁམས་ཀྱི་){རྣམ་པར་གནས[ངོ་བོ་ཉིད]། །སྐུ་གསུང་ཐུགས་ཀྱི་{རྣལ་འབྱོར་ཀྱིས[དཀྱིལ་ འཁོར་དུ]། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་དང་(ཡེ་ཤེས་)ཆགས་པ་ ཡིས། །སྲིད་པ་གསུམ་པོ(འི་བདག་ཉིད་དུ་)ཡང་དག་གནས། །ཞེས་བྱ་བའི་རྒྱུད་འདི་(གསུངས་པ་) 1-1-14 ཡིས་ལྷ་དང་མི་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། (འབྲས་བུ་)ཡང་དག་པར་རྫོགས་ པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཆེད་དུའོ། ། ༈ (གསང་བ་)འདུས་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོར་འདི་སྐད་བདག་གིས་ཐོས་པ་ ཞེས་བྱ་བ་ལ་སོགས་{པ་[པར་]བཞུགས་པའི་གནས་བསྟན་པ་དེ་བཞིན་གཤེགས་པས་ གསུངས་སོ་ཞེས་བྱའོ། །ཨེ་བཾ་(བགྱི་བ་འདི་སྐད་ཟེར་)ཞེས་བྱ་བའི་མིང་འདི་ཡིས་(རྒྱུད་ཀྱི་)དངོས་ པོ་གང་དང་(བཞུགས་གནས་)གང་དཔལ་འདུས་པ་ལ་སོགས་པར་གསུངས་པའི་དངོས་པོ་[ལ་ སོགས་པ་གསུངས་པའི་དངོས་པོ་]དེ་ཉིད་(བདེ་མཆོག་)འབུམ་{པར་བརྗོད་}པ་ལ་སོགས་ པའི་རྒྱུད་ཀྱི་རྒྱལ་པོར་གསང་པ་ཞེས་བྱ་བ་ལ་སོགས་{པས་[པ་]དེ་བཞིན་གཤེགས་པས་ གསུངས་སོ། །དེ་ཡང་བླ་མའི་མན་ངག་དང༌། རྒྱུད་གཞན་དང་གཞན་དུ་དགོངས་པའི་སྐད་ གཞན་གྱིས་(དོན་གཅིག་)ཁོང་དུ་ཆུད་པར་བྱ་སྟེ། {འདི་[འདིར་] རྩ་བའི་རྒྱུད་ལས། དགོངས་ པའི་སྐད་དང་དགོངས་མིན་དང༌། །ཇི་བཞིན་སྒྲ་དང་ཇི་བཞིན་མིན། །དྲང་པའི་དོན་དང་ངེས་ པའི་དོན། །མཐའ་དྲུག་རྒྱུད་ཀྱི་མཚན་ཉིད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། དེ་ལྟ་བས་ན་མིང་གཅིག་གཙོ་བོར་མི་འགྱུར་ཞེས་བྱའོ། ། ༈ སྔགས་ཀྱི་ཐེག་པ་འདིར་ཡིད་ཆེས་པའི་རྐྱེན་རྣམ་པ་གསུམ་བཅོམ་ལྡན་འདས་ཀྱིས་ གསུངས་ཏེ། རེ་ཞིག་དང་པོར་ཡིད་ཆེས་པའི་རྒྱུད་ཀྱི་རྐྱེན་དང༌། དེ་ནས་ཡིད་ཆེས་པའི་བླ་ མའི་རྐྱེན་དང༌། དེ་ནས་ཡིད་ཆེས་པའི་རང་གི་རྐྱེན་ཏེ། ཡིད་ཆེས་པའི་རྐྱེན་འདི་གསུམ་གྱིས་ ཡོངས་སུ་དག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡིན་ནོ(མཐར་ཕྱིན་པར་འགྱུར་གྱི་ ཟེར)། །གཞན་དུ་ན་ཡིད་ཆེས་པའི་རྐྱེན་གསུམ་དང་བྲལ་བའི་(རྟོག་དམིགས་ཀྱི་)ལམ་གང་བླ་མས་ སློབ་མ་ལ་བརྗོད་པ་{དེས་[དེ་]ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་སྟེར་བར་ མི་འགྱུར་ཏེ། སློབ་མ་དེའི་འདོད་པ་(ཡིད་ཆེས་པའི་རྐྱེན་དང་ལྡན་པའི་ལམ་)ལ་རྨོངས་པའི་ཕྱིར། (རྟོག་ 1-1-15 ལམ་)ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་པའི་འབྲས་བུ་ཐོབ་(སྲིད་)པར་འགྱུར་རོ། །ཞེས་བྱའོ། ། རྒྱུད་འདི་དང་(རྒྱུད་)གཞན་དུ་བཅོམ་ལྡན་འདས་ཀྱིས་(བསམ་པ་ཐམས་ཅད་རྣམ་སྤངས་ཤིང༌། །ཉིན་མཚན་ གཅིག་ནི་བརྟག་པར་གྱིས། །དེ་ལས་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་གྱི་ཚིག ། ཅེས་)དམ་བཅའ་བ་མཛད་ དེ། སེམས་རྣམ་པར་རྟོག་པ་དང་བྲལ་བར་བྱས་ནས། <སོ་སོར་སྡུད་པ་>ཉི་མ་གཅིག་མཚན་ མ་ཡོངས་སུ་བརྟག་པར་བྱ་སྟེ། གལ་ཏེ་རྒྱུད་དུ་གསུངས་པའི་ཆོ་ག་(སྟེ་མན་ངག་)དང༌། བླ་མའི་ མན་ངག་གིས་སློབ་མ་ལ་ཡིད་ཆེས་པའི་རྟག་མ་བྱུང་ན་དེའི་ཚེ་བཅོམ་ལྡན་འདས་ཀྱི་བརྫུན་ གྱི་ཚིག་(ཏུ་འགྱུར་རོ་)གོ། འོན་ཏེ་རྒྱུད་དུ་གསུངས་པ(ཡིད་ཆེས་པ)འི་ཆོ་གས་སློབ་མ་ལ་བླ་མས་(ཡིད་ ཆེས་པའི་) ལམ་ (སྟེར་ཟེར་)བྱིན་པ་མ་ཡིན་ན་ནི། བཅོམ་ལྡན་འདས་ཀྱི་དམ་བཅའ་བ་དེ་བརྫུན་ དུ་མི་འགྱུར་ཏེ། བླ་མས་(རྒྱུད་ནས་བཤད་པའི་)ལམ་ཡོངས་སུ་(སྟོན་)མ་ཤེས་པའི་ཕྱིར་༡དང༌། (ཤེས་ ཀྱང་གཡོ་སྒྱུ་ཅན་གྱི་)༣རྣམ་པར་མ་དག་པའི་(རྟོག་)ལམ་ཕྱིན་ཅི་ལོག་༤གི་(རྟོག་པ་)བསྒོམ་པ་བསྟན་ པའི་ཕྱིར་རོ། །འདིར་ཡང་(དེ་གང་ཡིན་ན་)དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་པའི་མཚན་མས་ ཉི་མ་གཅིག་བརྟག་{པ་[པས་]ནི། (རྣམ་པར་དག་པའི་ལམ་)དུ་བ་ལ་སོགས་པའི་མཚན་མ་སྤངས་ པའི་ཕྱིར། བཅོམ་ལྡན་འདས་ཀྱི་(ཡིད་ཆེས་པའི་)ཚིག་མ་ཡིན་ཞེས་བྱའོ། ། ༈ དེ་ལྟར་(གོང་དུ་)གསུངས་པའི་རིམ་པ་དང༌། དམ་པའི་(ཡིད་ཆེས་པའི་)ལུང་དང༌། རིགས་ པ་སྔ་མ་དང་ཕྱི་མ་མི་འགལ་བར་(བསྟན་པའི་དོན་དུ་)ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་ པས་རྒྱུད་ཀྱི་རྒྱལ་པོ་དང་པོ་མཆོག་གི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་ བསྟན་ཏོ། །ཞེས་བྱ་[བ]འོ། །འོ་ན་གང་[གིས་](ངོ་བོ་ཉིད་ཀྱི་སྐུ་)ཐམས་ཅད་མཁྱེན་པ་(ཡིན་པ་) དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་མ་ཡིན་ནམ། མིང་གཉིས་ཀྱིས་དངོས་པོ་ཅིག་གོ་བར་ བྱེད་པའི་ཕྱིར། འདིར་ཡང་ཅིའི་ཕྱིར་(རྐང་བ་འོག་མ་དང་སྦྱར་བ་)སངས་རྒྱས་བཅོམ་ལྡན་འདས་ ཞེས་ཟློས་པའི་ཚིག་གཉིས་པ་གསུངས་པ་ཅི་ལ་{དགོངས་[དགོས་]པ་ཡིན་སྙམ་དུ་(གང་ཞིག་ 17) སེམས་པར་གྱུར་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་(ཟློས་པའི་)ཚིག་འདི་ནི་བདེན་ཏེ། གང་ཐམས་ཅད་མཁྱེན་པ་(ཡིན་པ་)དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཞེས་(གཅིག་ཏུ་)བྱ་སྟེ། འོན་ཏེ་གཞན་ཁྱབ་འཇུག་དང་བདེ་བྱེད་(དྲག་པོ་)<རྟག་པ་>ལ་སོགས་པ་རྣམས་ནི་ཐམས་ཅད་ མཁྱེན་པ་ཉིད་དུ་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་<སྒྲོ་>བརྟགས་པ་སྟེ། དེ་རྣམས་ཀྱི་ ཐམས་ཅད་མཁྱེན་པ་(སྟེ་བཟློག་)བསལ་བའི་ཕྱིར་ཐམས་ཅད་མཁྱེན་པའི་སངས་རྒྱས་བཅོམ་ ལྡན་འདས་ཞེས་(ཟློས་པའི་ཚིག་)གསུངས་སོ། །འདིར་གཞན་ཁམས་གསུམ་པའི་ཁྱབ་འཇུག་ དང་བདེ་བྱེད་ལ་སོགས་པའི་ནང་ནས། གང་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་ཐམས་ ཅད་སེམས་ཅན་ཐམས་ཅད་ལ་སྟོན་[པར་བྱེད་པ་མ་ཡིན་ནོ་ཞེས་བྱའོ། །འདིར་དེ་རྣམས་ ཀྱི་ནང་ནས་ཐམས་ཅད་མཁྱེན་པའི་སྐད་ཀྱིས་ཆོས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ སྟོན་]པ་པོ་ཅིའི་ཕྱིར་མ་ཡིན་ཞེ་ན་(རྒྱུ་མཚན་)བརྗོད་པར་བྱ་སྟེ། འདིར་འགྲོ་བ་(རིགས་)དྲུག་གི་ འཁོར་བར་ལྷའི་རིགས་ལས་ཁྱབ་འཇུག་དང་བདེ་བྱེད་ལ་སོགས་པ་ཡང་དག་པར་བྱུང་པའི་ ཕྱིར་(སངས་རྒྱས་མིན་པ་)དང༌། སངས་རྒྱས་བཅོམ་ལྡན་འདས་ནི་འཁོར་བའི་ཕ་རོལ་གྱི་མཐར་ ཡང་དག་པར་སོན་པའི་ཕྱིར་རོ། །འདིར་མཚན་ཡང་དག་པར་བརྗོད་པ་(བཅུ་གསུམ་པ་)ལས། འཁོར་བ(ཁམས་གསུམ་པ)འི་ཕ་རོལ་མཐར་སོན་པ། །(སྤངས་ཐོབ་གཉིས་ཀའི་)བྱ་བ་<འཁོར་བའི་ཆུ་བོ་ བརྒལ་བས་>བྱས་པ་སྐམ་སར་གནས། །(རང་དོན་)ཡེ་ཤེས་འབའ་ཞིག་ངེས་གསལ་བ། །(གཞན་ དོན་)ཤེས་རབ་མཚོན་ཆེན་(གྱི་སྤང་བྱ་)རྣམ་(པར་)འཇོམས་{ལ[པ]། །ཞེས་དེ་བཞིན་གཤེགས་ པས་གསུངས་སོ། ། ༈ (རྒྱུན་མཚན་)དེས་ན་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སངས་ རྒྱས་ཞེས་{པ་[བྱ་བ་]ནི་ཟློས་པའི་ཚིག་མ་ཡིན་ནོ། ། ༈ གང་ཡང་ཐམས་ཅད་མཁྱེན་པ་དེ་ཉིད་ཡེ་ཤེས་(ཆོས་)ཀྱི་སྐུ་མ་ཡིན་ནམ། ཅིའི་ཕྱིར་ 1-1-16 ཡེ་ཤེས་ཀྱི་སྐུ་ཞེས་ཟློས་པའི་ཚིག་(གཉིས་པ་)དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ཞེ་ན། བརྗོད་པར་བྱ་སྟེ། འདིར་གང་ཐམས་ཅད་མཁྱེན་པ་དེ་ཉིད་ཡེ་ཤེས་ཀྱི་སྐུ་ཡིན་<པ་ཟློས་>པ་ དེ་ནི་བདེན་ཏེ། འོན་ཀྱང་(ནང་པ་)སངས་རྒྱས་པའི་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ སངས་རྒྱས་གཞན་ཡང་ཡོད་པའོ། །(ཉན་རང་)དེ་རྣམས་ཀྱི་ཡང་དག་པར་རྫོགས་པའི་སངས་ རྒྱས་ཉིད་བསལ་བའི་ཕྱིར། (ཟློས་པའི་ཚིག་)ཐམས་ཅད་མཁྱེན་པ་དང༌། ཡེ་ཤེས་ཀྱི་སྐུ་ནི་ཡང་ དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་བཅོམ་ལྡན་ འདས་ཀྱིས་ཟློས་པའི་ཚིག་(གསུངས་པ་)མ་ཡིན་ནོ། །འདིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ སངས་རྒྱས་ཀྱི་ནང་ནས་[ཅུང་ཟད་]ཀྱང་ཡེ་ཤེས་ཀྱི་སྐུུ་ནི་ཡང་དག་པར་རྫོགས་པའི་སངས་ རྒྱས་མ་བྱུང་ཞེས་བྱའོ། །འདིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནང་ནས་ཅིའི་ཕྱིར་ ཅུང་ཟད་ཀྱང་ཡེ་ཤེས་ཀྱི་སྐུའི་ཡང་དག་པར་རྫོགས་པའི་སངས་རྒྱས་མ་བྱུང་ཞེ་ན། བརྗོད་ པར་བྱ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་[རྣམས་]ཀྱི་སངས་རྒྱས་ནི་(གྲུབ་པའི་མཐའ་)ཕུང་ པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་ཕྱིར་དང༌། ཡང་དག་པར་ རྫོགས་པའི་སངས་རྒྱས་ནི་ཉོན་མོངས་པ་ཀུན་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །(རིགས་པ་) དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། ཕུང་པོ་(ལྔ་ལ་གནས་པའི་ཉོན་མོངས་)ཀུན་ལས་ རྣམ་གྲོལ་ཞིང༌། །ནམ་མཁ(སྟོང་པ)འི་ལམ་ལ་རབ་གནས་པ། །(དཔེ་)ཡིད་བཞིན་ནོར་བུ་ཆེན་ པོ་(བཞིན་དུ་ཤུ་ཀྲ་དག་པ་)འཆང༌། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག ། ཅེས་བཅོམ་ལྡན་འདས་ ཀྱིས་གསུངས་པ་དེ་ལྟ་བས་ན། ཐམས་ཅད་མཁྱེན་པ་དང་ཡེ་ཤེས་[ཀྱི་]སྐུ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ། བཅོམ་ལྡན་འདས་ ཀྱིས་ཟློས་པའི་ཚིག་ནི་(གསུངས་པ་)མ་ཡིན་ནོ། །གང་ཡེ་ཤེས་ [ཀྱི་]སྐུ་དེ་ཉིད་ཉིན་བྱེད་(ལོངས་ སྤྱོད་རྫོགས་པར་)ཀྱི་སྐུ་སྟེ། མི་ཤེས་པའི་མུན་པ་འཇོམས་པར་བྱེད་པའི་ཕྱིར་{ཏེ[རོ]། །ཅིའི་ཕྱིར་ 1-1-17 ཉིན་བྱེད་ཀྱི་སྐུ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ཟློས་པའི་ཚིག་ཏུ་འགྱུར་སྙམ་དུ་(གང་ཞིག་) དོགས་པར་གྱུར་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་ཚིག་འདི་ནི་བདེན་ཏེ། གང་ཡེ་ཤེས་ (ཆོས་)ཀྱི་སྐུ་དེ་ཉིད་མི་ཤེས་པའི་མུན་པ་འཇོམས་པའི་ཕྱིར་ཉིན་བྱེད་ཀྱི་སྐུ་ཞེས་བྱ་བ་སྟེ། འོན་ ཀྱང་རྣམ་པར་ཤེས་པར་སྨྲ་བའི་སངས་རྒྱས་{པ་[ལ་]གཞན་ཡང་ཡོད་པ་(དགོས་པ་)དེ་རྣམས་ ཀྱི་རྣམ་པར་ཤེས་པའི་ཆོས་ཉིད་བསལ་བར་མཛད་པའི་ཕྱིར། ཡེ་ཤེས་ཀྱི་སྐུ་ནི་ཉིན་བྱེད་ཀྱི་ སྐུ་སྟེ། (གྲུབ་པའི་མཐའ་)རྣམ་པར་ཤེས་པའི་ཆོས་ཉིད་ལས་འདས་པའི་ཡང་དག་པར་རྫོགས་ པའི་སངས་རྒྱས་ནི་{ཉིད་[ཉིན་བྱེད་]ཀྱི་སྐུ་ཞེས་བྱ་བ་སྟེ། (སླར་)ཟློས་པའི་ཚིག་ནི་མ་ཡིན་ནོ། ། འདིར་རྣམ་པར་ཤེས་པར་སྨྲ་{བ་རྣམས་ཀྱི་[བའི་]ནང་ནས་[ཅུང་ཟད་ཀྱང་]ཡེ་ཤེས་ཀྱི་སྐུ་ དང་ཉིན་བྱེད་ཀྱི་སྐུའི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་མ་ཡིན་ནོ། །འདིར་ གང་གི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ནང་ནས་ཡེ་ཤེས་ཀྱི་སྐུ་དང་ཉིན་བྱེད་ཀྱི་སྐུའི་ ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་མ་ཡིན་ཞེ་ན། བརྗོད་པར་བྱ་སྟེ། འདིར་ རྣམ་པར་ཤེས་པར་སྨྲ་བ་རྣམས་[ཀྱི་]ནི། (གྲུབ་པའི་མཐའ་)རྣམ་པར་ཤེས་པའི་ཆོས་ཉིད་ལ་རྣམ་ པར་གནས་པའི་ཕྱིར་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་ཤེས་པའི་ ཆོས་ཉིད་ལས་འདས་པའི་ཕྱིར་རོ། །(རིགས་པ་)དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་(ཉེར་ གསུམ་)ལས། རྣམ་པར་(རྟོག་པའི་)ཤེས་པའི་ཆོས་ཉིད་(ལས་)འདས། །ཡེ་ཤེས་(བདེ་སྟོང་)གཉིས་ མེད་ཚུལ་འཆང་བ། །རྣམ་པར་མི་རྟོག་(པ་མ་བཙལ་བར་)ལྷུན་གྱིས་གྲུབ། །དུས་གསུམ་སངས་ རྒྱས་(ལས་བྱེད་(སྐུ་འཆང་ཟེར་)པ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །{དེས་ན་[དེ་ནས་] ཡེ་ཤེས་ཀྱི་སྐུ་དང་ཉིན་བྱེད་ཀྱི་སྐུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། བཅོམ་ ལྡན་འདས་ཀྱིས་(སླར་)ཟློས་པའི་ཚིག་ནི་(གསུངས་པ་)མ་ཡིན་ནོ། ། ༈ གང་རྒྱུད་དུ་བརྗོད་པར་བྱ་བ་ཡེ་ཤེས་ཀྱི་སྐུ་དེ་ནི་གཟུགས་<སྤྲུལ་སྐུ་>མེད་པ་མ་ཡིན་ 1-1-18 ནམ། གང་པད་མའི་འདབ་མ་བཞིན་དུ་ཡངས་པའི་སྤྱན་དེ་ནི་(སྤྲུལ་སྐུ་)གཟུགས་ཅན་ཏེ། ཅིའི་ ཕྱིར་པད་མའི་འདབ་མ་བཞིན་དུ་ཡངས་པའི་སྤྱན། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ འདི་གང་ལ་དགོངས་སྙམ་དུ་དོགས་པར་གྱུར་ན། དེའི་ཕྱིར་བརྗོད་པར་བྱ་སྟེ། འདིར་རྒྱུད་ དུ་བརྗོད་པར་བྱ་བ་པད་མའི་འདབ་མ་བཞིན་དུ་ཡངས་པའི་སྤྱན་ཞེས་བྱ་བ་དེ་ནི་བྱིས་པ(སོ་ སོ)འི་སྐྱེ་བོ་རྣམས་ཀྱིས་གང་སྨྲས་པ་གཟུགས་ཅན་ནི་མ་ཡིན་ཏེ། (དེ་ཅི་སྟེ་ན་)འདིར་པད་མའི་ སྒྲས་ངེས་པའི་དོན་དུ་<ཆོས་ཉིད་>ནམ་མཁའི་ཁམས་[ལ་]བརྗོད་པ་སྟེ། པད་མ་(སྟོང་ཉིད་) ནམ་མཁའི་ཁམས་སུ་པད་མའི་འདབ་མ་(རྒྱས་པ་)བཞིན་(དུ་པད་མ་)དེར་རིགས་བརྒྱ་{བརྒྱ་[རྒྱ་] ཆེ་བའི་རངབཞིན་གྱིས་གནས་པའི་སེམས་ཅན་པད་མའི་འདབ་མ་སྟེ། ཇི་སྲིད་དེ་རྣམས་ ཀྱི་མཐར་ཐུག་པ་ནི་སྤྱན་བརྒྱའོ། །བཅོམ་ལྡན་འདས་གང་གི་(སྤྱན་གྱི་)དབང་པོ་རྣམས་དེ་ ཉིད་པད་མའི་འདབ་མ་བཞིན་[དུ་]ཡངས་པའི་སྤྱན་ཞེས་བྱའོ། །འདིར་མཚན་ཡང་དག་པར་བརྗོད་པ་(དྲུག་) ལས། (བདེ་སྟོང་འབྱེད་པ་མེད་པའི་)རྡོ་རྗེ་འབར་བ་མིག་མི་ཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་ འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག(གིས་ཀུན་ཏུ་ཁྱབ)། ཅེས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་གསུང་ལས། པད་མའི་འདབ་ མ་བཞིན་དུ་ཡངས་པའི་སྤྱན་ནི་<རྡུལ་ཕྲན་འདུས་པའི་>གཟུགས་དང་བྲལ་བའི་(སྤྲུལ་པའི་སྐུ་)ཡང་ དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། ། ༈ སངས་རྒྱས་སེང་གེའི་(ཁྲི་)གདན་ལ་བཞུགས་པ་ནི་སེང་གེའི་གདན་ནི་(འབྲས་བུའི་དུས་ སུ་ཨེ་)ནམ་མཁའི་(དམིགས་པ་དང་བཅས་པའི་སྟོང་པ་ཉིད་)ཁམས་སོ། །གཞན་ཡང་(ལམ་དུས་སུ་)ཟླ་བ་ (ལ་ལ་ན་)དང་ཉི་མ་(ར་ས་ན་)དང་(དུས་)མེ(ཨ་བ་དྷཱུ་ཏི)འི་དཀྱིལ་འཁོར་ནི་(མི་འཇིགས་པ་)སེང་གེའི་ (ཁྲི་)གདན་ཏེ། དེར་བཞུགས་པ་ནི་སེང་གེའི་(ཁྲི་)གདན་ལ་བཞུགས་པ་ཞེས་བྱའོ། །འདིར་ རྩ་བའི་རྒྱུད་<རྒྱུད་སོ་སོའི་ནས་གསུངས་པ་>ལས། <འདུས་པར་>ཨེ་དང་(བདེ་འབུམ་)གསང་ཆེན་(དང་ 1-1-19 པོའི་སངས་རྒྱས་)ནམ་མཁའི་ཁམས། །(ཧེ་བཛྲ་)བྷ་ག་<འཁོར་ལོ་སྡོམ་> ཆོས་འབྱུང་<སྒྱུ་དྲ་>པད་ མ་དང༌། །<དུས་འཁོར་>སེང་གེའི་(ཁྲི་)གདན་(ལ་)བཞུགས་རྡོ་རྗེ་ཅན། །རྒྱུད་གཞན་དུ་ནི་ ངས་བསྟན་པ། །(རྒྱུད་སོ་སོའི་སྟོན་པ་)རྡོར་འཛིན་རྡོ་རྗེ་སེམས་དཔའ་དང༌། །རྡོ་རྗེ་འཇིགས་བྱེད་ དབང་ཕྱུག་དང༌། །ཧེ་རུ་ཀ་དང་དུས་འཁོར་དང༌། །དང་པོའི་སངས་རྒྱས་སོགས་{མིང་[མིན་] དང༌། །སྣ་ཚོགས་(པའི་)ཡུལ་གྱི་ཐ་སྙད་ཀྱིས། །(ཨེ་ལ་སོགས་པ་)གནས་དང་རྟེན་གྱི་མཚན་ཉིད་ དང༌། །(རྡོ་རྗེ་འཛིན་སོགས་)བརྟེན་པ་ང་ཡིས་བརྗོད་པ་སྟེ། །སེམས་ཅན་སྣ་ཚོགས་བསམ་པ་ ཡིས། །(བརྟེན་པ་)སྟོན་པ་ཀུན་མཁྱེན་རྡོ་རྗེ་འཛིན། །སངས་རྒྱས་(རྟེན་)སེང་གེའི་(ཁྲི་)གདན་ལ་ བཞུགས། །སྟོན་པ་དུས་ཀྱི་འཁོར་ལོ་ལ། །ཟླ་བ་བཟང་པོ་ཁྱོད་ཀྱིས་ཞུས། །ཞེས་བཅོམ་ལྡན་ འདས་ཀྱིས་གསུངས་སོ། ། ༈ ལྷའི་མཆོག་གིས་ཕྱག་འཚལ་བ་[དང་]ཞེས་བྱ་བ་ནི། སངས་རྒྱས་(མི་བསྐྱོད་སོགས་དྲུག་) དང༌། བྱང་ཆུབ་སེམས་དཔའ་(ཀུན་བཟང་སོགས་)དང༌། ཁྲོ་བོའི་རྒྱལ་པོ་(གཙུག་ཏོར་སོགས་)དང༌། ལྷ་ (དབང་ཕྱུག་སོགས་)དང༌། ཀླུ་(དགའ་བོ་སོགས་)དང༌། ལྷ་མོ་ཉིད་(རྡོ་རྗེ་དབྱིངས་ཕྱུག་སོགས་)དང༌། ལྷ་མོ(ཙར་ ཙི་ཀ་སོགས་པ)འི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང༌། འདོད་པ་(༡༡)དང་གཟུགས་(༡༦)དང་ གཟུགས་མེད་པ(མུ་བཞི)འི་ཁམས་ཏེ། ཁམས་གསུམ་གྱིས་ཞབས་ཀྱི་པད་{མོ་[མ་]ལ་ཕྱག་ འཚལ་བ་(འདུས་པའི་འཁོར་ཆེན་པོ་)རྣམས་དང་ཞེས་བྱའོ། ། ༈ (ཞུ་བ་པོའི་འཁོར་)ཟླ་བ་བཟང་པོའི་སྤྱི་བོ་ཡིས། རབ་ཏུ་བཏུད་དེ་ལག་པའི་པད་{མ་[མོ་] ཐལ་མོ་སྦྱར་[ནས་]ཡན་ལག་མཆོག་གི་སྟེང་དུ་རབ་བཞག་ནས། ཞུས་ཞེས་པ་ནི། བཟང་ པོ་ཡང་འདི། ཟླ་བ་ཡང་འདི་ཡིན་པས་ཟླ་བ་བཟང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་སྙན་དུ་གྱུར་པས་རྡོ་རྗེ་ཟླ་བ་(དཔྲལ་བར་སླེབ་པས་སད་པ་ལ་སོགས་པ་བཞི་དག་པའི་)དྲི་མེད་འོད་དེ། སེམས་ཅན་ཐམས་ཅད་ཀྱི་སྐད་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ 1-1-20 རྣམས་ཀྱི་སྡུད་པ་པོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙན་དུ་གྱུར་པ་གསང་ པའི་བདག་པོ(ཕྱག་ན་རྡོ་རྗེ)འོ། །གསང་པ་ནི་(གང་ན་)ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཐེག་པ་ དག་གི་བླ་མ་(གོང་མ་)རྡོ་རྗེ་ཐེག་{པའི་[པ་དག་གི་]སྡུད་པ་པོའི་བདག་པོ་(ཕྱག་ན་རྡོ་རྗེ་)དེ་ཉིད་ ཡིན་པས་ན་གསང་བའི་བདག་པོའོ། །དེ་བཞིན་དུ་ཕྱི་འཇིག་རྟེན་ཀུན་རྫོབ་ཏུ་གསང་པའི་ སྒྲས་ནི་གནོད་སྦྱིན་རྣམས་ཏེ། དེ་རྣམས་ཀྱི་བདག་པོ་ནི། གསང་བའི་བདག་པོ་སྟེ་རོ་ལྡན་ན་ གནས་པའོ། །ཕྱི་རུ་(དྲང་དོན་དུ་)རོའི་སྒྲས་སྲོག་ཞིག་པ(སྟེ་ཉམས་པ)འི་རོའི་ཚོགས་ཏེ། དེ་འདི་ལ་ ཡོད་པས་ན་(གང་ན་)རོ་དང་ལྡན་པའི་དུར་ཁྲོད་ཀྱི་སའོ། །དེའི་གནོད་སྦྱིན་ཆེན་པོ་རྣམས་ནི་ སེམས་ཅན་རྣམས་ལ་རྣམ་པར་འཚེ་བར་བྱེད་པ་དང༌། གསོད་པ་པོ་དེ་རྣམས་ཀྱི་གནས་ནི་ (གང་ན་)རོ་དང་ལྡན་པའི་གནས་ཏེ་(དཔེར་ན་)ནགས་སུ་རི་དྭགས་ཀྱི་བདག་པོ་[སེང་གེ་] བཞིན་ དུ་རོ་[དང་]ལྡན་པའི་གནས་སུ་གནོད་སྦྱིན་གྱི་བདག་པོ་ཆེན་པོ་ཞེས་བྱའོ། །ནང་(ངེས་དོན་)དུ་ ནི་རོ་ཞེས་བྱ་བ་ནི་(ཡེ་ཤེས་ཀྱི་རླུང་དུ་)དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྒྱུ་ བ་དང༌། རྔུབ་པ་རྣམས་ཀྱི་བརྒྱ་ཕྲག་སུམ་ཅུ་རྩ་དྲུག་{གི་[གིས་]མ་གང་པ་(༡༨༠༠པ་༢)<༡༨༠པ་ ༢>འགོག་པ། དེ་(ཕྱག་ན་རྡོ་རྗེ་)འདི་ལ་ཡོད་པས་ན་(ས་བཅུ་པ་)ཆོས་ཀྱི་སྤྲིན་གྱི་ས་སྟེ། (རླུང་འགོག་ པ་)དེའི་གནས་ནི་རོ་(བཅུད་)དང་ལྡན་པ(དཔྲལ་བ)འི་གནས་སོ། །བདུད་(སད་པ་)དང་ཉོན་མོངས་ པ་(རྨི་ལམ་)དང་ཤེས་བྱའི་སྒྲིབ་པ་(གཉིད་)དང༌། (ཆགས་པ་)སྙོམས་པར་འཇུག་(གི་སྒྲིབ་)པའི་(བྱེད་པ་ པོ)གནོད་སྦྱིན་རྣམས་(ཏེ་རླུང་རྣམས་)གསོད་པར་བྱེད་པ(འི་)གནོད་སྦྱིན་གྱི་བདག་པོ(ས་བཅུ་པ)འོ། ། དེ་བཞིན་གཤེགས་པའི་སེང་གེའི་སྒྲ་ཡིས་སེམས་ཅན་ཐམས་ཅད་ལ་(རང་རང་)སོ་སོའི་སྐད་ ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་(བས་ཆོས་ལ་འཇུག་)བར་བྱེད་པ་པོ་(སྟོན་པ་སངས་རྒྱས་)དེའི་སྤྲུལ་པའི་ སྐུ་ཕྱག་ན་རྡོ་རྗེ་ནི་ཟླ་བ་བཟང་པོ་སྟེ་དེས་ཞུས་པ་(ཡིན་གྱི་སེམས་ཅན་ཕལ་པ་ལས་ནི་མ་ཡིན་)ཞེས་བྱའོ།། །། 1-1-21 ༈ (མདོར་བསྡུས་ལྔ་པ་)ད་ནི་རྡོ་རྗེའི་རྣལ་འབྱོར་བསྡུས་པ་བརྗོད་པར་བྱ་སྟེ། དཔལ་ལྡན་ དུས་ཀྱི་འཁོར་ལོའི་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྔགས་ཀྱི་ཐེག་པ(འི་ལུགས་) ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེན་པ་ལ་བརྟེན་ནས། སངས་རྒྱས་བཅོམ་ ལྡན་འདས་ཀྱིས་རྒྱུད་དང་གཞན་(ཕར་ཕྱིན་)དག་ཏུ་དོན་རྣམ་པ་གཉིས་ངེས་པར་བསྟན་ཏོ། ། (གཉིས་པོ་གང་ན་)གཅིག་ནི་འཇིག་རྟེན་ཀུན་རྫོབ་བདེན། །གཉིས་པ་དོན་དམ་ཉིད་ཡིན་ནོ། །དེ་ ལ་གང་འཇིག་རྟེན་པའི་ཀུན་རྫོབ་རྒྱས་པར་བསྟན་པ་དེ་ནི་དྲང་པའི་དོན་ཏོ། །གང་དོན་དམ་ པའི་བདེན་པ་ཉིད་བསྟན་པ་དེ་ནི་ངེས་པའི་དོན་ཏོ། །དེ་ལྟ་བས་ན་དོན་འདི་གཉིས་(གང་ལས་ ཤེས་པར་བྱ་ན་)བླ་མའི་མན་ངག་ལས་སློབ་མས་ཁོང་དུ་ཆུད་(ཅིང་རིག་)པར་བྱའོ། ། ༈ དེ་ལྟར་རྒྱུད་དང་གཞན་ཐམས་ཅད་དུ་བརྗོད་པར་བྱ་བ་རྣམས་པ་གཉིས་ཏེ། གཅིག་ནི་ འཇིག་རྟེན་པའི་ཀུན་རྫོབ་པོ། །གཉིས་པ་ནི་དོན་དམ་པ་ཉིད་དོ། །དེ་ལ་གང་འཇིག་རྟེན་{པ་ ནི་ [པའི་]ཀུན་རྫོབ་(ཀྱི་བདེན་པ་)ནི་<ནག་པོ་སོགས་>(སྐུའི་)ཁ་དོག་དང༌། (གཉིས་སོགས་)ཕྱག་དང་ (རྡོ་རྗེ་སོགས་)མཚན་མ་དང༌། (གཡས་བརྐྱང་སོགས་)དབྱིབས་དང་བཅས་པའི་བདག་ཉིད་དོ། །གང་ དོན་དམ་པའི་བདེན་པ་ཉིད་ནི་(སྐུ་སྔོ་སོགས་)ཁ་དོག་དང༌། <གཉིས་སོགས་>ཕྱག་དང་(རྡོ་རྗེ་སོགས་) མཚན་མ་དང༌། <གཡས་བརྐྱང་སོགས་>དབྱིབས་དངབཅས་པ་རྣམས་དང་བྲལ་བའོ། །འདི་དག་ {ལས་[ལ]གང་འཇིག་རྟེན་པའི་ཀུན་རྫོབ་བསྟན་པ་དེ་ནི་ཕྱི་(འཇིག་རྟེན་)དང་ནང་(ལུས་དག་)དུ་ བཅས་པས་(དགོས་པ་)འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་{དང༌། } རང་གི་སེམས་ ཀྱིས་(བསྐྱེད་རིམ་)ཡོངས་སུ་བརྟགས་པའི་ཆོས་ཏེ་འཇིག་རྟེན་(པ་དང་ཐུན་མོང་)པའི་དངོས་གྲུབ་ཀྱི་ འབྲས་བུ་སྟེར་བར་བྱེད་པ་ཞེས་བྱའོ། །གང་དོན་དམ་པའི་བདེན་པ་བསྟན་པ་དེ་ནི་(དགོས་པ་) འཇིག་རྟེན་ལས་འདས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་བསྒྲུབ་པའི་ཕྱིར། རང་གི་སེམས་ཀྱིས་(རྟོག་པ་)ཡོངས་སུ་བརྟགས་པའི་ཆོས་དང་བྲལ་བ། 1-1-22 མངོན་སུམ་དུ་རང་གི་སེམས་(དག་པའི་)སྣང་བ་རྣལ་འབྱོར་པ་རྣམས་ཀྱིས་ནམ་མཁར་(དུ་བ་ལྟ་བུ་ སོགས་)སོ་སོར་སྣང་བ་སྟེ། གཞོན་ནུ་མ་རྣམས་ཀྱིས་མེ་ལོང་ལ་པྲ་ཕབ་པའི་སྣང་བ་བཞིན་ཞེས་ བྱ་བ་སྟེ། འདོད་པའི་དོན་གྱི་འབྲས་བུ་སྟེར་བའོ། །འབྲས་བུ་ནི་མི་འགྱུར་བའི་བདེ་བའི་ཡེ་ ཤེས་ཀྱི་སེམས་སོ། ། ༈ སེམས་འདི་དག་གཅིག་པ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྡོ་རྗེའི་རྣལ་ འབྱོར་དོན་ཆེན་པོ། མཆོག་ཏུ་མི་འགྱུར་བ། དང་པོ་(འབྲས་བུ་)མཆོག་གི་སངས་རྒྱས། (དང་པོ་ རྒྱུའི་)རྗེས་སུ་འགྲོ་བ་མེད་པ། (མཚན་བརྗོད་ལས། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། ། ཡེ་ཤེས་ལས་ཅན་དེ་བཞིན་གཤེགས། །ཞེས་དང༌། རྒྱུད་ལས། ཤེས་རབ་མ་ཤེས་ཏེ། དབང་མདོར་ལས། ཤེས་རབ་རྒྱུ་ལས་ འབྲས་བུ་འབྱུང༌། །རྒྱུ་ལས་ཤེས་རབ་མ་སྐྱེས་ཕྱིར། །ཤེས་རབ་ལས་སྐྱེས་རྒྱུ་སྐྱེས་མིན། །དེ་ཕྱིར་རྒྱུ་སྐྱེས་ཡེ་ཤེས་མིན། །ཤེས་རབ་ ཡེ་ཤེས་མི་འགྱུར་བདེ། །འབྲས་བུ་དང་ནི་རྒྱུ་ཡིས་ནི། །ཕན་ཚུན་དུ་ནི་རྒྱས་གདབ་མེད། །)བཅོམ་ལྡན་འདས་དུས་ཀྱི་ འཁོར་ལོ། རྡོ་རྗེ་སེམས་དཔའ་སྟེ། རྒྱུད་དང་གཞན་ཐམས་ཅད་དུ་རབ་ཏུ་གྲུབ་ཞེས་བྱའོ། །དེ་ ཉིད་བཅོམ་ལྡན་འདས་ཀྱིས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ངོ་བོ་ ཉིད་ཀྱི་སྐུ་ཞེས་གསུངས་ཏེ། དེ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བཅས་ པ་ལས། ངོ་བོ་ཉིད་(ཀྱི་སྐུ་)དང་ལོངས་སྤྱོད་རྫོགས(པའི་སྐུ)། །སྤྲུལ་པའི་སྐུ་དང་དེ་བཞིན་གཞན། ། ཆོས་སྐུ་མཛད་དང་བཅས་པ་ནི། །རྣམ་པ་བཞི་རུ་ཡང་དག་བརྗོད། །ཅེས་བྱམས་པས་ གསུངས་སོ། །(ཕར་ཕྱིན་དྲུག་ཏུ་གསུངས་པ་)དེ་ཉིད་བཅོམ་ལྡན་འདས་ཀྱིས་འབྲས་བུའི་མཚན་ཉིད་ སྔགས་ཀྱི་ཐེག་པར་ཡང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་ཞེས་ གསུངས་ཏེ། (ཉན་རང་གི་)གཟུང་པ་དང་འཛིན་(པའི་རྟོག་)པ་སྤངས་པ་(སེམས་ཙམ་པའི་)རྣམ་པར་ ཤེས་པའི་ཆོས་ཉིད་ལས་འདས་པ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་ དང༌། (འདུས་པར་)སངས་རྒྱས་རྣམས་ཀྱི་(གསང་བ་)འདུས་པ་དང༌། །(བདེ་མཆོག་ཏུ་)ལྷ་མོ་རྣམས་ཀྱི་ 1-1-23 སྡོམ་པ་སྟེ། །(འཛག་མེད་ལྷན་སྐྱེས་ཀྱི་དགའ་བ་)འདི་དང་ཡེ་ཤེས་ཀྱི་སྐུ་ལྷན་ཅིག་རོ་མཉམ་པ་ཉིད་(དེ་ གཉིས་མེད་)ཅེས་བྱ་བ་ནི་ངེས་པའི་དོན་ཏོ། ། ༈ འདིར་རྡོ་རྗེའི་རྣལ་འབྱོར་(ཐབས་དང་ཤེས་རབ་ཀྱི་ཕྱོགས་གཉིས་ཀྱི་) རྗེས་སུ་འགྲོ་བ་མེད་ པ་འདི་(དངོས་པོ་)རྟག་པ་དང༌། (དངོས་མེད་)ཆད་པ་(ཕན་ཚུན་ལྟོས་པའི་ཕྱོགས་)རྣམ་པར་སྤངས་པ། འཇིག་རྟེན་པའི་དཔེ་(གཉིས་)ལས་འདས་པ། ཡོད་པ་དང་མེད་(པར་འཛིན་)པའི་བློ་ཡོངས་སུ་ བཏང་པ། (དཔེར་ན་)གཞོན་ནུ་མ་ཡིས་མེ་ལོང་ལ་པྲ་ཕབ་[པ་]བཞིན། རང་གི་སེམས་ཀྱིས་ མ་བརྟགས་པར་(དུ་བ་ལྟ་བུ་ལ་སོགས་པ་)མངོན་སུམ་དུ་མཐོང་པ། ཡིད་ཆེས་པའི་<རྐྱེན་གྱི་>དོན་ རྣམ་པ་(སྣ་ཚོགས་པ་)ཐམས་ཅད་པ། ནམ་མཁའ་(འི་རྣལ་འབྱོར་)ལས་བྱུང་པ། ཀུན་ཏུ་བཟང་པོའི་ དབང་པོ་ཐམས་ཅད་པ། སེམས་ཅན་ཐམས་ཅད་ཀྱི་(སེམས་ཀྱི་)བདག་ཉིད་དུ་གནས་པ། (དང་ པོ་ནས་གནས་པ་)ལྷན་ཅིག་སྐྱེས་པའི་དགའ་བ། རྒྱུ་དང་དཔེ་རྣམ་པར་སྤངས་པ། དངོས་པོ་དང་ དངོས་པོ་མེད་པ་གཅིག་པ་ཉིད་ནི་ཆོས་མི་མཐུན་པའི་དཔེ་སྟེ། རྣལ་འབྱོར་པས་ཕྱོགས་སུ་ འཛིན་པ་ཐམས་ཅད་བཤིག་(པ་ལས་བྱུང་)པའི་ཕྱིར་ཞེས་བྱའོ། །དཔེར་ན་འཇིག་རྟེན་པའི་དཔེ་ ལ། བུམ་པའི་ཆོས་མི་མཐུན་པ་ནམ་མཁའི་མེ་ཏོག་མེད་པ་སྟེ། ཐམས་ཅད་དུ་དངོས་པོ་མེད་ པའི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའི་མེ་ཏོག་གི་ཆོས་མི་མཐུན་པ་བུམ་པ་ཡོད་པ་སྟེ། ཐམས་ ཅད་དུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་དག་ཕན་ཚུན་ཆོས་མི་མཐུན་པའི་དཔེ་ཡིན་ནོ་ཞེས་ བྱའོ། །དེ་བཞིན་དུ་ཆད་པའི་ཆོས་མི་མཐུན་པ་(འཁོར་བ་)དངོས་པོ་ཡོད་པ་སྟེ། ཐམས་ཅད་དུ་ ཡོད་པའི་ཕྱིར་རོ། །(འཁོར་བ་)དངོས་པོའི་ཆོས་མི་མཐུན་པ་ཆད་པ་མེད་པ་སྟེ། ཐམས་ཅད་དུ་ མེད་པའི་ཕྱིར་རོ། །ཆད་པའི་སྒྲས་<འཁོར་བའི་>ནི་དངོས་པོ་མེད་པའི་མཚན་ཉིད་མྱང་ངན་ [ལས་]འདས་པ་ཞེས་བྱའོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་དཔེ་ནི་བུམ་པ་དང༌། ནམ་མཁའི་མེ་ཏོག་ཆོས་མི་མཐུན་པ་གཅིག་ཏུ་{འགྱུར་[གྱུར་]ཏེ། འཇིག་རྟེན་པའི་ཀུན་རྫོབ་ 1-1-24 ཏུ་ནི་བུམ་པ་དང་ནམ་མཁའི་མེ་ཏོག་<མེད་པ་>འདི་དག་གཅིག་པ་ཉིད་ནི་མེད་དེ་(ཡོད་མེད་) ཕན་ཚུན་དུ་འགལ་བའི་ཕྱིར་རོ། །ཀ༽གང་གིས་(ཀུན་རྫོབ་ཏུ་)གང་ཡོད་པ་དེ་ནི་མེད་པ་མ་ཡིན་ ལ། ཁ༽གང་(དོན་དམ་པར་)མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ། ཀ༽དངོས་པོ་དང༌། ཁ༽དངོས་པོ་མེད་ པའི་རང་བཞིན་ཉིད་དོ། །གང་གིས་(རྣམ་རྟོག་མ་རིག་པ་)ཡོད་པའི་མཚན་ཉིད་{ཀྱིས་[ཀྱི་](རྣམ་ རྟོག་མ་རིག་པ་)སེམས་ཡིན་པ་དེས་ནི་སེམས་མེད་པའི་མཚན་ཉིད་དུ་མི་འགྱུར་རོ། །གང་གིས་ [སེམས་]མེད་པའི་མཚན་ཉིད་ཀྱི་སེམས་ཡིན་པ་{དེ[དེས་]ནི་སེམས་ཡོད་པའི་མཚན་ཉིད་ དུ་མི་འགྱུར་ཏེ། (མ་རིག་པ་ཡོད་མེད་)འགལ་བའི་ཕྱིར་རོ། ། ༈ འདིར་ཡང་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་སྐུ་གཟུགས་བརྙན་རྣམ་པར་ དག་པའི་སེམས་<དེས་>གཞོན་ནུ་མའི་པྲ་ཕབ་པ་ལྟ་བུ་{ལ་}གཟུགས་ཀྱི་མཚན་ཉིད་མེད་ དེ། རྡུལ་ཕྲ་རབ་(གཅིག་ཀྱང་འདུས་པ་)མེད་པའི་ཕྱིར་རོ། །གཟུགས་མེད་པའི་མཚན་ཉིད་མེད་ དེ། (དུ་བ་ལྟ་བུ་སོགས་)སྟོང་པ་ཉིད་དུ་ཡོད་བཞིན་(པར་སྣང་)པས་སོ། །དེའི་ཕྱིར་ཀུན་རྫོབ་སྟོང་ ཉིད་གཟུགས་ཅན་དང༌། (དུ་བ་ལྟ་བུ་སོགས་)སྟོང་ཉིད་ཀུན་རྫོབ་གཟུགས་ཅན་ཏེ། འཇིག་རྟེན་ པའི་དཔེ་ལས་འདས་པའི་ཕྱིར་རོ། །གང་ཡོད་པའི་སེམས་དེ་ནི་[སེམས་]མེད་པའི་སེམས་ ཏེ། ༼ཀརྟག་པ་དང་༼ཁཆད་པའི་ཆོས་ཀྱི་མཚན་ཉིད་དང་(ཕྱོགས་གཉིས་)བྲལ་བའི་སྟོང་ཀ༽པ་ཉིད་ དང༌། སྙིང་ཁ༽རྗེ་ཐ་མི་དད་པ་ཞེས་བྱའོ། །དོན་དམ་པའི་བདེན་པའི་ཕྱིར། སེམས་(ཡོད་མེད་) གཉིས་གང་དག་ཆོས་མི་མཐུན་པས་ཡོད་པ་དང་མེད་པ་ལས་འདས་པ། དངོས་པོ་དང་དངོས་ པོ་མེད་པ་ཟད་པ། རྡོ་རྗེའི་རྣལ་འབྱོར་(སྣང་སྟོང་དང་བདེ་སྟོང་)གཉིས་སུ་མེད་པ་ཞེས་བྱ་བ་ནི། དེ་ བཞིན་གཤེགས་པའི་བཀའ་སྟེ། (ཐབས་ཤེས་ཕན་ཚུན་)རྗེས་སུ་འགྲོ་བ་མེད་པས་སོ། །འདིར་རྩ་ བའི་རྒྱུད་ལས། ཡོད་དང་མེད་(པའི་ཕྱོགས་)ལས་རྣམ་པར་འདས། །གཉིས་མེད་དངོས་དང་ དངོས་མེད་ཟད། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་རྣལ་འབྱོར་བདེ་ཆེན་པོ། །རྡུལ་ 1-1-25 ཕྲན་ཆོས་ཉིད་ལས་འདས་པ། །སྟོང་པའི་ཆོས་ནི་རྣམ་པར་སྤངས། །རྟག་དང་ཆད་ལས་རྣམ་ པར་གྲོལ། །རྡོ་རྗེ་རྣལ་འབྱོར་རྗེས་འགྲོ་མེད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ ལྟར་ན་རྒྱུད་<འདི་>དང་<རྒྱུད་>གཞན་རྣམས་སུ་(ཟབ་ལམ་)རྡོ་རྗེ(འི་)རྣལ་འབྱོར་ནི་(འབྲས་བུ་) ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པར་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་ བྱའོ། ། ༈ འདིར་རྣམ་པར་དག་པའི་རྡོ་རྗེ་རྣལ་འབྱོར་(ངོ་བོ་ཉིད་ཀྱི་སྐུ་)སྐད་ཅིག་མ་གཅིག་ལ་མངོན་ པར་རྫོགས་པར་སངས་རྒྱས་པས་ན། དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་དང༌། ལྷན་ཅིག་ སྐྱེས་པའི་དགའ་བ་སྟེ། དེ་ནི་(དཔྲལ་བ་)འདོད་པའི་སྲིད་པ(འི་ཐིག་ལེ་)ལ་མི་གནས་ཀ༽། (མགྲིན་པ་) གཟུགས་ཀྱི་སྲིད་པ(འི་ཐིག་ལེ་)ལ་མི་གནས་ཁ༽། (སྙིང་ཁ་)གཟུགས་མེད་པའི་སྲིད་པ(འི་ཐིག་ལེ་) ལ་མི་གནས་{པ་དང་}ག༽། <གཡོན་རྐྱང་མ་སྐུ་>འདོད་པའི་མྱ་ངན་ལས་འདས་པ་ལ་མི་གནས། <གཡས་རོ་མ་གསུང་>གཟུགས་ཀྱི་མྱ་ངན་ལས་འདས་པ་ལ་མི་གནས། <དབུས་སྐུན་དྷར་མ་ཐུགས་> གཟུགས་མེད་པའི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། སྲིད་པ་དང་མྱ་ངན་ལས་འདས་ པ་ལ་རབ་ཏུ་མི་གནས་པའི་ཕྱིར་རོ། །(སྲིད་འདས་)གཉིས་[པ་]ལ་ཡང་མི་གནས་ཏེ། ཕན་ཚུན་ འགལ་བའི་ཕྱིར་རོ། །སྲིད་པ་དང་མྱ་ངན་ལས་འདས་པའི་སྦྱོར་བ་ནི་གཅིག་མ་ཡིན་ཏེ། (མུན་ པ་(གྲིབ་མའི་)<ཟླ་བ་>དང༌། (ཉི་མའི་)སྣང་བ་བཞིན་ནོ<ར་ཟེར>། །དཔེར་ན་མེ་ནི་རྩུབ་སྟན་(ཕྱི་ ལྟར་ན་ཉི་མ་ནང་ལྟར་ན་ཁྲག་བསྐྱེད་རིམ་ལྟར་ན་ཨ་ཉི་མ་རྫོགས་རིམ་ལྟར་ན་གཡས་པའི་རྩ་)ལ་མི་གནས། རྩུབ་ཤིང་ (ཟླ་ཁུ་ༀ་ཟླ་བ་གཡོན་པའི་རྩ་)ལ་མི་གནས། སྐྱེས་བུའི་ལག་པའི་རྩོལ་བ་(སྒྲ་གཅན་ཀུན་གཞི་ཧཱུཾ་སྒྲ་གཅན་ དབུས་མའི་རྩ་ཡི་གེ་དག་པ་)ལ་ཡང་མི་གནས་(ཀྱང་)སོ། །(མེ་འབྱུང་བ)དེ་བཞིན་དུ་རྡོ་རྗེ་རྣལ་འབྱོར་ ཡང༌། ཕྱི་(ལོ་ཀ་)དང༌། <ལུས་>ནང་(སེམས་ཅན་)དང༌། གཞན་(དཀྱིལ་འཁོར་དང་དེ་ཁོ་ན་ཉིད་)ཐམས་ ཅད་དུ་རྣལ་འབྱོར་པས་ཁོང་དུ་ཆུད་པར་བྱའོ། །ཞེས་པའོ། །ཕྱི་སྣོད་ཀྱི་འཇིག་རྟེན་ཉི་ཟླ་སྒྲ་ 1-1-26 གཅན་གཅིག་པུ་ལས་ཀྱང་མ་བྱུང༌། དེ་གསུམ་ཀ་འཚོགས་པའི་དུས་མེའི་འདུ་འཕྲོ་ལས་བྱུང་ ངོ༌། །ནང་གཞན་དེས་འདྲེའོ། །རྩ་རྒྱུད་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །དེ་ལྟར་ནང་ བཞིན་གཞན་ཤེས་བྱ། །དེ་ལྟར་དཀྱིལ་འཁོར་གསུམ་ཤེས་ནས། །སློབ་དཔོན་དཀྱིལ་འཁོར་ བྲིས་པའོ། །ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། ། ༈ དེ་ལྟར་(ཡེ་ཤེས་དག་པས་)སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ ནི་(ལྟེ་བར་)ཡེ་ཤེས་རྡོ་རྗེ་སྟེ་དོན་ཐམས་ཅད་མཐོང་པའོ། །(སེམས་དག་པས་ཕུང་ལྔ་དག་པའི་)རྣམ་པ་ ལྔས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་(སྙིང་ཁར་)ཐུགས་རྡོ་རྗེ་སྟེ། མཆོག་ཏུ་མི་འགྱུར་ བའི་བདེ་བའོ། །(ངག་དག་པས་ཁམས་བཅོ་བརྒྱད་གཟུང་འཛིན་གཉིས་དག་པའི་)རྣམ་པ་ཉི་ཤུས་མངོན་པར་ རྫོགས་པར་སངས་རྒྱས་པ་ནི་(མགྲིན་པར་)གསུང་རྡོ་རྗེ་སྟེ། བདེན་པའི་དོན་རྣམ་པ་བཅུ་གཉིས་ དང་ལྡན་པ་སེམས་ཅན་རྣམས་ཀྱི་སྐད་སྣ་ཚོགས་ཀྱིས་{ཆོས་}སྟོན་པར་བྱེད་པའོ། །(ལུས་དག་ པས་)སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་སངས་རྒྱས་པ་ནི་(དཔྲལ་བར་)སྐུ་རྡོ་རྗེ་སྟེ། དེ་ཁོ་ ན་ཉིད་{རྣམ་པ་}བཅུ་དྲུག་རིག་པ་མཐའ་ཡས་པའི་སྒྱུ་འཕྲུལ་དྲ་བས་སྤྲོ་བའི་སྐུ་ཞེས་བྱའོ། ། ༈ འདིར་(རྒྱུ་)སེམས་ཅན་{རྣམས་}ཀྱི་གནས་སྐབས་རྣམ་(པར་རྟོག་)པ་བཞི་པོ་རྣམ་པར་ དག་པ་ནི་(འབྲས་བུ་)སྐུ་བཞིའི་མཚན་ཉིད་དུ་འགྱུར་ཏེ། བཟློག་པར་དཀའ་བའི་འདོད་ཆགས་ ཀྱི་དྲི་མས་ཀུན་ནས་གཡོགས་པ་དབང་པོ་གཉིས་ཀྱི་བདག་ཉིད་སྙོམས་པར་འཇུག་པའི་(རྟོག་) སེམས་མེད་<པ་མི་རྟོག་>པའི་སེམས་ནི་<ལྷན་ཅིག་སྐྱེས་པ་>ངོ་བོ་ཉིད་ཀྱི་སྐུ་སྟེ(སྟོང་པ་ཉིད་ཀྱི་རྣམ་ པར་ཐར་པ་དང་རྣམ་པར་དག་པའི་ཡེ་ཤེས་རྡོ་རྗེ་དང༌། ཐབས་ཤེས་རབ་ཀྱི་བདག་ཉིད་དང་རྣམ་པར་དག་པའི་རྣལ་འབྱོར་དང་ ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི)། ཐམས་ཅད་མཁྱེན་པ་(སྟེ་ཐམས་ཅད་གཟིགས་པའི་ཕྱིར་རོ་)ཞེས་བྱའོ། ། མུན་པར་མངོན་པར་གྱུར་པ་ཤིན་ཏུ་གཉིད་ལོག་པའི་སེམས་མེད་པའི་སེམས་ནི་ཆོས་ཀྱི་སྐུ་ སྟེ (མཚན་མ་མེད་པའི་རྣམ་པར་ཐར་པ་དང༌། རྣམ་པར་དག་པའི་ཐུགས་རྡོ་རྗེ་དང༌། ཐབས་ཤེས་རབ་ཀྱི་བདག་ཉིད་དང༌། ཆོས་ 1-1-27 ཀྱི་བདག་ཉིད་ཀྱི་རྣལ་འབྱོར་དང་ལམ་གྱི་རྣམ་པ་<ཐམས་ཅད་>མཁྱེན་པ་ཉིད་ཐོབ་པ་ནི)། ཡེ་ཤེས་ཀྱི་སྐུ་(སྟེ་མཆོག་ཏུ་ མི་འགྱུར་བའི་བདེ་བ་ལ་གནས་པའི་ཕྱིར་རོ་)ཞེས་བྱའོ། །སྲོག་གི་རླུང་གིས་བསྐྱེད་པའི་ཡོད་པ་དང་མེད་ པའི་རྨི་ལམ་གྱི་སེམས་མེད་པའི་སེམས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ(སྨོན་པ་མེད་པའི་རྣམ་པར་ ཐར་པ་དང༌། རྣམ་པར་དག་པའི་གསུང་རྡོ་རྗེ་དང༌། ཐབས་ཤེས་རབ་ཀྱི་བདག་ཉིད་དང༌། <སྔགས་ཀྱི་རྣལ་འབྱོར་དང༌།> ལམ་ མཁྱེན་པ་ཉིད་ཐོབ་པ་ནི)། ཉི་མའི་སྐུ་(སྟེ་དཔག་ཏུ་མེད་ཅིང་མཐའ་ཡས་པའི་སེམས་ཅན་གྱི་སྐད་ཀྱིས་ཅིག་ཅར་དུ་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྟོན་པའི་ཕྱིར་རོ་)ཞེས་བྱའོ། །རྣམ་པར་རྟོག་པ་དུ་མའི་དངོས་པོར་ འདུ་ཤེས་པ་སད་པའི་སེམས་མེད་པའི་སེམས་ནི་སྤྲུལ་པའི་སྐུ་སྟེ(མངོན་པར་འདུ་བྱེད་པ་མེད་པའི་རྣམ་ པར་ཐར་པ་དང༌། རྣམ་པར་དག་པའི་སྐུ་རྡོ་རྗེ་དང༌། ཐབས་<དང་>ཤེས་རབ་ཀྱི་བདག་ཉིད་དང༌། དབྱིབས་ཀྱི་རྣལ་འབྱོར་ དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི)། པད་མའི་འདབ་མ་བཞིན་{དུ་}ཡངས་པའི་སྤྱན་(ཏེ་ དཔག་ཏུ་མེད་ཅིང་མཐའ་ཡས་པའི་སྤྲུལ་པའི་སྐུ་ཡིས་ཅིག་ཅར་དུ་རྣམ་པ་ཐམས་ཅད་ཀྱི་སྐུའི་ཚོགས་རྫུ་འཕྲུལ་གྱིས་སྤྲོས་པའི་ ཕྱིར་རོ་)ཞེས་བྱའོ། །རྡོ་རྗེ་རྣལ་འབྱོར་འདི་རྣམས་ནི་ཡེ་ཤེས་ཀྱི་ལེའུར་(རྒྱས་པར་)བརྗོད་པར་བྱ་ སྟེ། འཇིག་རྟེན་གྱི་ཁམས་ཀྱི་ལེའུ{ར་}འདིར་མདོར་བསྟན་པ་ཙམ་ཞིག་བསྟན་པའོ། ། ༈ དེ་ལྟར་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་བདག་ཉིད་ཀྱི་རྡོ་རྗེ་རྣལ་འབྱོར་ཞུས་ པའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ཇི་ལྟ་བུ་ཞེ་ན། ཨ་སོགས་ཀ་སོགས་འདུས་ རིམ་ཞེས་བྱ་བ་སྟེ། དེ་ནི་(གང་ན་)ཨ་ལི་དང་ཀ་ལི་(རིམ་པ་)སྟེ། ཀ་ལ་སོགས་པ་ནི་གསལ་བྱེད་ ཀྱི་རིམ་པ་(གསུམ་པ་)ལ། ཀ་ཡིག་གཙོ་བོ་སྟེ། གསལ་བྱེད་ཐམས་ཅད་ཀྱི་དང་པོར་(ཀ་)བསྟན་ པའི་ཕྱིར་རམ། ཁྲག་གི་རང་བཞིན་(ཉི་མའམ་རྩ་གཡས་པ་)ལས་ཀྱང་རིག་པར་བྱའོ། །ཞེས་ {བྱ[པ]འོ། །དེ་བཞིན་དུ་ཨ་ལ་སོགས་པ་ནི་ཨ་ལིའི་རིམ་པ་(སུམ་ཅུ་)སྟེ། དབྱངས་(ཡིག་) འདུས་པ་ཞེས་བརྗོད་པར་བྱའོ། །འདིར་ཀ་ལིའི་རིམ་པ་(སུམ་ཅུ་)ནི(གང་ན)། ཀ་ཁ་ག་གྷ་ང༌། ཙ་ ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཏ་ཐ་ད་དྷ་ན། ས་ྉྤ་ཥ་ཤ་ྈྐ་ཞེས་བྱ་[བ་]སྟེ་(ཕྱི་ནང་ 1-1-28 གཞན་གསུམ་)གསལ་(བར་)བྱེད་(པས་ན་གསལ་བྱེད་)ཀྱི་རིམ་པའོ། །འདིར་ཨ་ལིའི་རིམ་པ་(སུམ་ཅུ་) ནི། (གང་ན་སྐྱེད་སྡུད་)ཨ་ཨཱ། ཨིའ་ཨཱི། རི་རཱི། ཨུ་ཨཱུ། ལི་ལཱི། ཨ་ཨཱ། ཨེ་ཨཱེ། ཨར་ཨཱར། ཨོ་ ཨཱོ། ཨལ་ཨཱལ། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ་ཞེས་བྱ་བ་སྟེ། དབྱངས་(སུ་བརྗོད་པ་ཁོང་ནས་ འབྱུང་པའི་)ཡིག་(གི་)འདུས་པའོ། །འདིར་ཨ་ལིའི་རིམ་པ་དང་ཀ་ལིའི་རིམ་པར་ལྡན་པ་ནི་(རྗོད་ བྱེད་)ཨ་སོགས་ཀ་སོགས་འདུས་པའི་རིམ་པའོ། །(རྗོད་བྱེད་)ཨ་སོགས་ཀ་སོགས་འདུས་པས་ དུས་ཀྱི་འཁོར་ལོ་མངོན་པར་རྗོད་པར་བྱེད་པ་སྟེ། ཀ ཨ་ལ་སོགས་པ་དང་ཁ ཀ་ལ་སོགས་ པ་ཀ ཐབས་དང་ཁ ཤེས་རབ་ཀྱི་བདག་ཉིད་ནི་རྣལ་འབྱོར་གྱི་རྒྱུད་དུས་ཀྱི་འཁོར་ལོ་དང་པོ་ མཆོག་གི་སངས་རྒྱས་རྗེས་སུ་འགྲོ་བ་མེད་པ་བརྗོད་པར་བྱ་བ་ལས། རྡོ་རྗེ་རྣལ་འབྱོར་[གྱི་] རྒྱུད་ཀྱི་རང་བཞིན་ཉིད་དུ་གནས་པ། (རྩ་བའི་རྒྱུད་དམ་པ་)དང་པོའི་སངས་རྒྱས་[ལ་]ཟླ་བ་བཟང་ པོས་ཞུས་པ་ཞེས་བྱ་སྟེ་ཆོས་བསྟན་པ་བསྡུས་པའོ།། །། ༈ ད་ནི་དགོས་པ་དང་དགོས་པའི་དགོས་པ་བསྡུས་པ་བརྗོད་པར་བྱ་སྟེ། མི་རྣམས་གྲོལ་ བའི་རྒྱུ་རུ་{ཞུས་[འོ་]ཞེས་བྱ་བ་ལ། མི་རྣམས་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་ངེས་པ་དང་ བྲལ་བའི་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདིར་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་ སྟེར་བ་ཞེས་བྱ་སྟེ། ངེས་པ་ནི་ཉན་ཐོས་ཀྱི་(ལུས་ངག་ཡིད་གསུམ་གྱི་)སྡོམ་པའི་མཐའ་འདོད་པ་ལྔ་ ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་{བ་[བའི་]ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ། དེ་དང་བྲལ་བ་ནི་ ངེས་པ་དང་བྲལ་བའོ། །(ཉན་ཐོས་)དེ་རྣམས་ཀྱི་སེམས་ཀྱིས་བསམ་པས་འདོད་པ་ལྔ་ལ་ཉེ་བར་ ལོངས་སྤྱོད་པར་འདོད་པའོ། །དེ་བཞིན་དུ་དབང་པོ་གཉིས་ཀྱི་བདེ་བ་ཆེན་པོ་འདོད་པ་ཞེས་ བྱ་བ་ཡང་རང་གི་སེམས་ཀྱི་བསམ་པ་ངེས་པ་དང་བྲལ་བ་གང་ཡིན་པ་རྣམས་ལ་ཞེས་བྱའོ། ། སྐྱེ་བ་འདིར་ཞེས་བྱ་བ་ནི། {མིའི་[མི་]སྐྱེ་བ་ལ་རྒྱུད་ཀྱི་རྒྱལ་པོས་སངས་རྒྱས་{ཉིད་}ཀྱི་ འབྲས་བུ་སྟེར་ཏེ། ལྷ་ལ་སོགས་པའི་འགྲོ་བ་ལྔའི་སྐྱེ་བ་(ཁམས་དྲུག་མ་ཚང་བ་)རྣམས་{ཀྱི་[ཀྱིས་] 1-1-29 ནི་(སངས་རྒྱས་ཐོབ་པ་)མ་ཡིན་ནོ། །[དེ་]ཅིའི་ཕྱིར་ཞེ་ན། (ལྔ་པོ་)ལས་མེད་པའི་སར་སྐྱེས་པའི་ ཕྱིར་རོ། །འདིར་ལྷ་ལ་སོགས་པ་(ལྔ་པོ་)རྣམས་ཀྱིས་ཀྱང་མིའི་སྐྱེ་བ་ཐོབ་ནས་སངས་རྒྱས་ཉིད་ ཀྱི་འབྲས་བུ་སྟེར་བར་འགྱུར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ངེས་པ་སྟེ། (རྒྱུ་)བསོད་ ནམས་དང་ཡེ་ཤེས་ཀྱི་ཚོགས་<བསགས་པའི་སྟོབས་>ཀྱིས་ཁམས་དྲུག་གི་བདག་ཉིད་ཅན་གྱི་ སྐྱེས་བུ་ཆེན་པོའི་གང་ཟག་ལ་<སྟེར་>ཞེས་པ(རྩ་རྒྱུད་ལས། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའི་ ཁམས་དང་ནི། །རྣམ་ཤེས་ཁམས་དང་དྲུག་ཅེས་པ། །སྐྱེས་བུ་ཆེན་པོའི་གང་ཟག་གོ། ཞེས་གསུངས་པ)འོ། །གཞན་དུ་ལས་ ངན་པ(མི་དགེ་བ་བཅུ་བྱེད་པ)འི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་ བ་མ་ཡིན་ཞེས་པ་ནི་དེ་བཞིན་གཤེགས་(པས་གསུངས་)པའི་ངེས་པའོ། །དེ་ལྟར་ན་སྔགས་ཀྱི་ ཐེག་པ་འདིར། འདི་ལྟ་སྟེ། རིགས་ངན་སྨྱུག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་ པ་པོས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་སངས་ རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེ་ན། དེ་ནི་བདེན་ཏེ་སྐྱེ་བ་འདིར་སྔོན་དུ་བྱས་ པའི་མཚམས་མེད་པ་ལྔ་ལ་སོགས་པ(དྲག་པོ){འི་}མ་རུངས་པའི་ལས་དེ། སྔགས་ཀྱི་ཐེག་པ་ འདིར་(རླུང་དབུས་སུ་ཚུད་ནས་)ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བའི་ཏིང་ངེ་འཛིན་གྱིས་བཅོམ་ པ་ཉིད་དེ། གཞན་བློ་བུར་གྱི་མི་དགེ་བ་ལ་མི་འཇུག་པར་བྱ་བའི་ཕྱིར་རྡོ་རྗེ་ཆོས་འབྱུང་(གཉིས་ མེད་ཡེ་ཤེས་)གི་ཁང་པ(ཆེན་པོ)ར་བདུད་བཞིའི་བགེགས་ལ་སོགས་པ་འཇུག་པའི་སྒོ་རྣམས་ སུ། བྱམས་[པ་]དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ལ་སོགས་པ་བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་ཀྱི་སྒོ་(བཞི་)བྱིན་པ་(ལེགས་པར་)བསྡམས་ནས། (དེར་(དེས་ཟེར་)ཕྱག་རྒྱ་ཆེན་པོ་ དང་ལྷན་ཅིག་རྡོ་རྗེ་སེམས་དཔའ་བསྒྲུབས་པའི་ཕྱིར། མཚམས་མེད་པ་ལྔ་བྱས་པ་ཡང་སྐྱེ་བ་ འདིར་སངས་རྒྱས་ཉིད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ ཡང་དག་པའི་བཞེད་པའོ། །གཞན་ཡང་སྔགས་ཀྱི་ཐེག་པར་ཞུགས་པ་ཙམ་གྱིས་མཚམས་ 1-1-30 མེད་པ་ལྔ་ལ་སོགས་པའི་མ་རུངས་པ(དྲག་པོ)འི་ལས་བྱས་པ་དེས་སྐྱེ་བ་འདིར་སངས་རྒྱས་ [ཉིད་]ཀྱི་འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ཡང་དག་ པའི་དགོངས་པ་ཡིན་ནོ། ། ༈ འདིར་(ཉན་རང་བྱང་སེམས་ཀྱི་)ཐེག་པ་གསུམ་པོར་ཡང་བཅོམ་ལྡན་འདས་ཀྱི་བཀའ་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ པའི་ཕྱིར། སྔགས་ཀྱི་ཐེག་པར་ཞུགས་ནས་སྡིག་པའི་ལས་{བྱ་[བྱས་ན་]སངས་རྒྱས་ཉིད་ཀྱི་ འབྲས་བུ་ཐོབ་པར་མི་འགྱུར་རོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པ་ཡིན་ནོ། ། ༈ (རྒྱུ་མཚན་)དེས་ན་(གསང་)སྔགས་ཀྱི་ཐེག་པ་འདིར་བཅོམ་ལྡན་འདས་ཀྱིས་(རྩ་རྒྱུད་དང་རྒྱུད་ ཕྱི་མ་ལེའུ་དྲུག་པར་)གསུངས་པ། (ཇི་ལྟར་གསུངས་ན་)རྣལ་འབྱོར་པ་ཤ་ཟ་བ་དེ་ཉིད་རྣམས་ཀྱིས་རྟག་ ཏུ་སྲོག་གཅོད་པར་འགྱུར་རོ། །(དེའི་རྒྱུ་མཚན་ནི་)གལ་ཏེ་(ཤ་ཟ་བའི་)སྲོག་གཅོད་པ་དང་བྲལ་བར་ འགྱུར་ན་(གསོད་པའི་སྲོག་གཅོད་པ་)བརྒྱ་(འབྲོ་ཟེར་)ལམ་ན་སྲིད་པར་འགྱུར་<གྱི་ཟེར་ཙམ་>བའོ། །དེ་ ལྟར་ན་ཤ་ཟ་བ་པོ་མེད་ན་གསོད་པ་པོ(འི་སྲོག་གཅོད་པ་)ཡང་(མེད་དོ(མི་རིགས་ཏེ་ར་ཟེར)། །(རྒྱུ་མཚན་) དེ་བས་ན་(ཤ་)ཟ་བ་པོ་དང་གསོད་པ་པོ་དག་གིས་(མཉམ་དུ་)སྲོག་གཅོད་པར་འགྱུར་རོ། །{དེའི་ ཕྱིར་(རྒྱུ་)སྲོག་གཅོད་པའི་ལས་མི་དགེ་བས་(འབྲས་བུ་སྲོག་གཅོད་པའི་)སེམས་ཅན་དམྱལ་བར་སྐྱེ་ བར་འགྱུར་རོ་ཞེས་གསུངས་སོ། །ཡང་(གསང་སྔགས་ཀྱི་ཐེག་པ་)འདིར་ཉི་མ་རེ་རེ་ཞིང༌། སྔགས་ པས་(ཤ་ལྔ་བདུད་རྩི་ལྔ། ཆང༌། ཕྱག་རྒྱའི་)དམ་ཚིག་བཞི་བསྟེན་{པར་བྱའོ[པའོ། །] ཞེས་བྱ་བ་ནི་དེ་ བཞིན་གཤེགས་པའི་ངེས་པའོ་ཞེ་ན། (ངེས་པ་)དེ་ནི་བདེན་ཏེ། གང་གི་ཕྱིར་(<རྣལ་འབྱོར་པ་ཆེ་གེ་ མོས་>ཤ་ཟ་བའི་དོན་དུ་གསོད་པར་)བྱེད་པའི་རྒྱུ་མཚན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ནི་(ཤ་ཟ་བ་པོ་) སྲོག་གཅོད་པར་འགྱུར་བ་ཡིན་ལ། (རྒྱུ་མཚན་)དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་(ཤ་ཟ་བའི་དོན་ དུ་གསོད་པའི་)རྒྱུ་མཚན་མེད་པ་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ(འི་ཤ་ལྔ་)ཟ་བར་བཅོམ་ 1-1-31 ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་དུ་{ལོ་ཀ་[འཇིག་རྟེན་]པ་རྣམས་གང་མི་ཟ་ བ་དང༌། གང་མི་འཚོང་(མི་ཉོ་)པའི་གོ་ཀུ་ལ་སོགས་པ(འི་ཤ་)སྟེ། <འོ་ན་སྲོག་གཅོད་དམ་ཞེ་ན་>རང་ གི་ལས་ཀྱིས་ཤི་བ་དང༌། གཡུལ་དུ་ལས་ངན་པ(འི་སྟོབས་ཀྱི་)བསད་པའམ། རང་གི་ཉེས་པས་ བསད་པའམ། (གང་ལྟ་བུ་ཞེ་ན་)ཆོམ་རྐུན་ལ་སོགས་པས་བསད་པ་དེ་ཐམས་ཅད་རྣལ་འབྱོར་པ་ རྣམས་ཀྱིས་བཟའ་བར་བྱ་བར་དེ་བཞིན་གཤེགས་པས་གསུངས་སོ། །ནོར་གྱིས་ཉོས་པ་(བྱིན་ པ་)མ་ཡིན་པ་དང༌། ཕ་མེས་ལ་སོགས་(པ་བདུན་རྒྱུད་མཆོད་)པ(མཚུན་གཏོར་བ)འི་དོན་དང༌། (མི་གསང་) མཆོད་སྦྱིན་ལ་སོགས་པའི་ཆེད་དུ་བསད་པ། རྒྱུ་མཚན་དང་བཅས་པ་མ་ཡིན་པ་དེ་ལས་ གཞན་པའི་{ཤ་ཟ་བའོ། །[ཟ་བ་པོ་]ཞེས་དེ་བཞིན་གཤེགས་པས་གསུངས་པའོ། །དེས་ན་ཉི་ མ་རེ་རེ་ཞིང་དམ་ཚིག་བཞི་གང་(སྟེན་པར་)བྱེད་པ་དེ་ནི་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་ པ(འི་ཤ་)ལྔ་དང༌། རྣམ་པར་སྣང་མཛད་ལ་སོགས་པ་(བདུད་རྩི་)ལྔ་རྣམས་ཀྱིས། ཡུངས་ཀར་གྱི་ ཚད་ཙམ་གྱི་རི་ལུ་ལྔ་(སྟེན་པ་)ཉི་མ་རེ་རེར་(ཐབས་ཤེས་ཀྱི་)དམ་ཚིག་བསྟེན་པའི་དོན་དུ་(བཟའ་བར་) བྱའོ། །རྟག་ཏུ་ཁ་ན་[མ་ཐོ་]བ་(བདག་པོ་)མེད་པའི་བུད་མེད་ཀདང༌། ཁཆང་ནི། ཀབསྒོམ་པའི་ ཕྱིར་བརྒྱལ་<ཉོན་མོངས་པ་ཟེར་>བ་(སྟེ་བྱང་སེམས་འཛག་པ་)དང་མྱོས་(ཏེ་བག་མེད་)པ<སྟེ་བཟི་བ>འི་ ཀཉོན་མོངས་པ་མེད་པའི་བར་གྱི་ཆོས་ཀྱིས་བསྟེན་པར་གསུངས་སོ། །རྩ་བའི་རྒྱུད་ལས་ཀྱང་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། ལྷ་(མཆོད་པའི་ཆེད་དུ་གསོད་པ་)དང་རང་(ཟ་བ་ དང་གནོད་པས་)འཇིགས་(པས་)ཕ་མེས་(མཆོད་པ་མཚུན་གཏོར་བ་)དང༌། །(འཇིག་རྟེན་གྱི་)དངོས་གྲུབ་ཕྱིར་ དང་ཚོང་དག་དང༌། །གདུལ་དཀའ་སྡིག་པ་བྱེད་རྣམས་ཀྱི། །སེམས་ཅན་སྐྱོན་མེད་བསད་ རྣམས་དང༌། །ཉོས་{དང་[ནས་]ཟ་དང་(ཤ་)འདོད་(པ་དང་)བཅས་པ། །ཁ་ན་མ་ཐོ་བཅས་པའི་ ཤ(ཟོས་པས་སྡིག་པར་འགྱུར་རོ)། །(འོ་ན་ཉ་ཇི་ལྟ་བུ་ལ་སྡིག་པ་མི་འབྱུང་ན། རང་གི་གང་ནས་བྱུང་)མི་ཤེས་སྣོད་དུ་ ལྷུང་<ཏེ་འོངས་འདུག་>པ་དང༌། །ཁ་ན་མ་ཐོ་མེད་(པ་)དེ་ཉིད(བཟའོ)། །སྲོག་ཆགས་གཅིག་གི་ཤ་ 1-1-32 དག་(ལ་)ནི། །(ཟ་བ་པོ་)མང་པོས་ཟོས་{ཀྱང་[པ་]བླ་(སྟེ་སྡིག་ཉུང་པ་)ཡིན་ཏེ། །སྲོག་ཆགས་(མང་པོ་) དུ་མའི་ཤ་དག་ནི། །མི་ཅིག་གིས་ནི་(ཟོས་ན་སྡིག་པ་མང་དུ་འབྱུང་བས་)བཟའ་བ་མིན། །(མང་པོ་གཅིག་ གི་ཤ་ཇི་ལྟར་བཟའ་ན་)སྙིང་རྗེ་བསྐྱེད་པའི་རང་བཞིན་གྱིས། །(བསྐྱེད་རྫོགས་)རྣལ་འབྱོར་(གྱི་ཏིང་ངེ་འཛིན་ དང་)ལྡན་པས་བཟའ་བར་བྱ། །རྣམ་པར་མི་རྟོག་པའི་སེམས(ཀྱིས)། །(རྟག་ཏུ་)ཁ་ན་མ་ཐོ་མེད་ (པའི་བུད་མེད་དང་ཆང་ལས་)གཞན་(པ་བསྟེན་པར་བྱ་བ་)མིན། །(བྲམ་ཟེ་ལ་སོགས་ལྟ་བུ་) རིགས་ལ་ཞེན་པ་ བཟློག་པའི་ཕྱིར། །བཟའ་(བ་ཤ་ལྔ་)དང་བཏུང་པ་(བདུད་རྩི་ལྔ་དང་)ཐམས་ཅད་སྦྱིན། །རིགས་(ཀྱི་ ང་རྒྱལ་)མེད་(པས་ལམ་ཟབ་མོ་)མངོན་པར་བགྲོད་པ་དག ། རྡོར་ཅན་(ལམ་དང་སྐུ་བཞིའི་)དེ་ཉིད་གཟིགས་ (པ་ཐམས་ཅད་མཁྱེན་)པས་གསུངས། །ཞེས་པའོ། ། ༈ དེ་ལྟར་གསུངས་པའི་རིམ་པས་(སྐྱེ་བོ་)ངེས་པ་དང་བྲལ་བ(འི་མི་)རྣམས་ལ་རྒྱུད་ཀྱི་ རྒྱལ་པོས། སངས་རྒྱས་ཉིད་ཀྱི་འབྲས་བུ་{རབ་ཏུ་}སྟེར་བ་སྟེ། སངས་རྒྱས་ཉིད་ནི་ཐམས་ ཅད་མཁྱེན་པ་(ངོ་བོ་)ཉིད་(སྐུ་)དང༌། རྣམ་པ་ཐམས་ཅད་མཁྱེན་པ་(ཆོས་)ཉིད་(ཀྱི་སྐུ་)དང༌། ལམ་ མཁྱེན་པ་ཉིད་(ལོངས་སྐུ་)དང༌། ལམ་གྱི་རྣམ་པ་མཁྱེན་པ་ཉིད་(སྤྲུལ་པའི་སྐུ་)དེ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེར་བ་ཞེས་བྱ་བ་ནི། སངས་ རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། ། ༈ དེ་ལྟར་(སྐྱེ་བོ་)ངེས་པ་དང་བྲལ་བ(འི་མི་)རྣམས་གྲོལ་བའི་རྒྱུ་རུ་ཞེས་{བྱ་བ་[པ་]ནི། དང་པོར་རེ་ཤིག་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པ་ནི་ དགོས་པ་སྟེ། བསོད་ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས་བསྒོམས་པའི་ སྟོབས་དང༌། (དུར་ཁྲོད་དུ་རོ་ལངས་སྒྲུབ་པ་)དཔའ་བོའི་རིམ་པ་དང༌། (གྲུབ་ཐོབ་ཀྱི་གནས་སུ་སངས་རྒྱས་བྱང་ སེམས་ཀྱིས་)བྱིན་གྱིས་བརླབས་པའི་རིམ་པ་བསྒོམས་པའི་སྟོབས་ཀྱིས་ལོ་ཀ་པའི་དངོས་གྲུབ་ སྒྲུབ་པ་ནི་(བླ་མས་)བྱིན་གྱིས་བརླབས་པ་བསྒོམས་པའི་སྟོབས་ཀྱི་དགོས་པའོ། ། 1-1-33 ༈ དེ་ནས་གོང་ནས་གོང་དུ་དགོས་པའི་ཡང་དགོས་པ་ཞེས་བྱ་བ་ལ། དགོས་པ་ནི་འདིར་ ནམ་མཁའི་ཁམས་སུ་<ལམ་>རྣམ་པར་མི་རྟོག་པའི་(ཏིང་ངེ་འཛིན་བསྒོམས་པའི་)སེམས་ཀྱིས་(རྟགས་) དུ་བ་ལ་སོགས་པའི་{མཚན་མ་[ལམ་]ཕྱག་རྒྱ་ཆེན་པོ། རྣམ་པ་ཐམས་ཅད་པ། སྣ་ཚོགས་ པའི་(གཟུགས་)སྐུའི་རང་བཞིན་གྱི་ངོ་བོ་<མཐོང་བ་>བསྒོམས་པས། མཆོག་ཏུ་མི་འགྱུར་བའི་ བདེ་བ་བསྒྲུབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ལས་ཀྱིས་མི་རྣམས་སྐྱེ་བ་འདི་ལ་ སངས་རྒྱས་ཉིད་དང༌། རྡོ་རྗེ་འཛིན་པ་(ཆེན་པོ་)ཉིད་ཅེས་བྱ་བ་ནི་དགོས་པ་(འཇིག་རྟེན་པའི་དངོས་ གྲུབ་)དང༌། དགོས་པའི་ཡང་དགོས་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་)བསྡུས་པའོ།། །། ༈ ད་ནི་(མདོར་བསྡུས་དྲུག་པ་)འདིར་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ། གྲགས་པ་མིའི་དབང་པོ་ལ་ཉི་མའི་ཤིང་རྟས་ཞུས་པས། དང་པོ་མཆོག་གི་སངས་རྒྱས་ལས་ དེ་བཞིན་གཤེགས་པས་ལུང་བསྟན་པའི་ཕྱིར། ཟླ་བ་བཟང་པོས་ཞུས་པའི་ཚིགས་སུ་བཅད་ པ་གཉིས་པ་སྨྲས་པ། སྟོང་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཞུ་བའི་ཚིགས་སུ་བཅད་ པས་རྒྱུད་དུ་སྦས་པའི་དོན་རབ་ཏུ་གསལ་བར་བྱ་བའི་སྒོ་ནས་དེ་ཉིད་འཆད་པར་འགྱུར་བས། (དགོས་པ་)བྱིས་པའི་བློ་ཅན་རྣམས་ཀྱིས་རྟོགས་{པ་}སླ་བར་བྱ་བའི་ཕྱིར་དང་པོར་རྒྱ་ཆེར་ འགྲེལ་པར་(དོན་)མདོར་བསྡུས་ཏེ་བརྗོད་པར་བྱའོ། ། ༈ འདིར་སྟོང་པ་ཞེས་བྱ་བ་ལ་སོགས་པའི་མིང་རྣམས་ཀྱིས་(ལྐོག་ཏུ་གྱུར་པ་)མ་མཐོང་པ་ དང་མཐོང་པའི་དོན་(རྟགས་སོགས་)གསལ་བར་མཛད་དེ། སོ་སོ(སྐྱེ་བོ་ཐ་མལ་པ)འི་དབང་པོའི་ སྤྱོད་ཡུལ་མ་ཡིན་པ་དང༌། (རྣལ་འབྱོར་པ་)སོ་སོའི་(ཤའི་སྤྱན་ལ་སོགས་པ་)དབང་པོའི་སྤྱོད་ཡུལ་ལོ། ། ཐམས་ཅད་དུ་དངོས་པོ་མེད་པ་དང༌། དངོས་པོ་ཡོད་པ་རྣམས་ལ་ཡང་མིང་སྔོན་དུ་སོང་པ་ ཅན་གྱི་ཐ་སྙད་དེ། (དཔེར་ན་)ནམ་མཁའི་མེ་ཏོག་ལ་སོགས་པ་(མེད་པའི་མིང་)དང༌། བུམ་པ་ལ་ སོགས་པ་(ཡོད་པའི་མིང་)བཞིན་ནོ། །འདིར་ནམ་མཁའི་མེ་ཏོག་གིས་གང་བསྟན་པའི་དངོས་ 1-1-34 མེད་ནི་(མིང་ཙམ་ཡིན་གྱི་)དངོས་པོ་མ་ཡིན་ནོ། །དེ་ལྟར་བུམ་པའི་མིང་གིས་གང་བརྗོད་པའི་ དངོས་པོ་ནི་(རྫས་སུ་གྲུབ་པ་)དངོས་པོ་མེད་པའི་མཚན་ཉིད་མ་ཡིན་ཏེ། (ཅི་སྟེ་ན་)རང་གི་མིང་གིས་ བརྗོད་པའི་ཕྱིར་རོ། །དེ་ལྟར་རྒྱུད་གཞན་དང་གཞན་དུ་བསྟན་བཅོས་ཀྱི་ཐ་སྙད་(མི་མཐུན་པ་ དང་མཐུན་པ་)དང༌། སྔགས་ཀྱི་ཡེ་གེའི་ཐ་སྙད་(མི་མཐུན་པ་དང་མཐུན་པ་)དང༌། (ཇི་ལྟར་བསྟན་ན་)ཡི་གེ་ རེ་རེའི་ཐ་སྙད་<མི་མཐུན་པ་དང་མཐུན་པ་>རྣམས་ཀྱིས་དེ་བཞིན་གཤེགས་པས་དངོས་པོ་གང་ དག་བསྟན་པ་རྣམས་(གང་གིས་བསྡུས་ན་)སྡུད་པར་བྱེད་པ་པོས་བྲིས་ཏེ། ཐམས་ཅད་རྣལ་འབྱོར་ པ་རྣམས་ཀྱིས་(ཇི་ལྟར་གོ་བར་བྱ་ན་)དྲང་པའི་དོན་དང༌། ངེས་པའི་དོན་དུ་ཁོང་དུ་ཆུད་པར་བྱའོ། ། འདིར་དངོས་པོ་གཅིག་ལ་ཡང་དངོས་པོ་མེད་པ་དང༌། དངོས་པོའི་མིང་(ཡོད་མེད་)སྣ་ཚོགས་ (སུ་བཏགས་)ཏེ། དེའི་ཕྱིར་སྣ་ཚོགས་པའི་མིང་རྣམས་ཀྱིས་བསྟན་པ་དེའི་དངོས་པོ་གཅིག་ ལ[འང༌། ] མིང་གི་རྣམ་པར་རྟོག་པ(ཐ་དད་པ)ར་རྣལ་འབྱོར་པ་རྣམས་ཀྱིས་(བརྟག་པར་)མི་བྱའོ། ། བླ་མ་དམ་པའི་མན་ངག་(བསྲེགས་བཅད་བརྡར་བའི་)གསེར་བཞིན་དུ་ཤིན་ཏུ་(ཐོས་བསམ་སྒོམ་གསུམ་ གྱིས་)བརྟགས་ཏེ། དེ་ནི་དོན་ལ་རྟོན་པ་ལ་བརྟེན་པ་ཡིན་པའི་ཕྱིར་རོ། ། ༈ འདིར་{སྟོང་[སྟོན་]པ་ལ་སོགས་པའི་མིང་རྣམས་ཀྱིས་ནི། སྟོང་པ་དང་ནི་ཡེ་ཤེས་ ཐིག་ལེ་རྡོ་རྗེ་མཆོག་འཛིན་པ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཅུ་བཞི་པོ་རྣམས་ཀྱིས་ཁམས་ {སོ་}དྲུག་པོའི་སྐྱེས་བུ་ཆེན་པོའི་གང་ཟག་འདི་བསྡུས་སོ། །འདི་ལྟ་སྟེ། (ཕུང་པོ་དྲུག་ལས་)ཡེ་ ཤེས་ཀྱི་ཕུང་པོ་(རྡོ་རྗེ་སེམས་དཔའ་)དང༌། རྣམ་པར་ཤེས་པའི་ཕུང་པོ་(མི་བསྐྱོད་པ་)དང༌། (ཁམས་དྲུག་ ལས་)ཡེ་ཤེས་ཀྱི་ཁམས་(ཤེར་ཕྱིན་མ་)དང༌། ནམ་མཁའི་ཁམས་(རྡོ་རྗེ་དབྱིངས་ཕྱུག་མ་)དང༌། (དབང་ པོ་དྲུག་ལས་)ཡིད་(ཀུན་བཟང་)དང༌། རྣ་བ་(ཕྱག་རྡོར་)དང༌། (ཡུལ་དྲུག་ལས་)སྒྲ་(རྡོ་རྗེ་མ་)དང༌། ཆོས་ཀྱི་ དབྱིངས་(ཀྱི་རྡོ་རྗེ་མ་)དང༌། (ལས་ཀྱི་དབང་པོ་དྲུག་ལས་)དབང་པོ་མཆོག་(གནོད་མཛེས་)དང༌། (དུང་ཅན་ མ་)བྷ་༡ག་(གཙུག་ཏོར་ཅན་)དང༌། (ལས་དབང་གི་ཡུལ་དྲུག་ལས་)དྲི་༣ཆུ་འཛག་པ་(ཤིན་ཏུ་སྔོན་མོ་)དང༌། 1-1-35 ༢ཁུ་བ་འཛག་པ་(དྲག་མིག་མ་)༤འདི་རྣམས་(འཕོ་བའི་བག་ཆགས་ཀྱིས་)སྒྲིབ་པ་དང་བྲལ་བ་ཉིད་ ནི། (ཡུལ་དང་ཡུལ་ཅན་)རོ་མཉམ་པ་གཅིག་ཏུ་(འདྲེས་པར་)གྱུར་པ་ཉིད་ལ་སྟོང་པར་བརྗོད་པ་ཡིན་ གྱི། ཐམས་ཅད་དུ་དངོས་པོ་མེད་པ་(རླག་པ་)ནི་མ་ཡིན་ཏེ། (ཅིའི་ཕྱིར་ན་)རྣལ་འབྱོར་པས་རང་ རིག་པའི་ཕྱིར་རོ། །(རང་རིག་པ་)དེ་ཉིད་ནི་གཞོམ་དུ་མེད་པར་རྒྱལ་བ་རྣམས་ཀྱིས་གསུངས་སོ། ། གཞོམ་དུ་མེད་པའི་འདིའི་མིང་གི་མཚན་མ་ནི(གང་དུ་འགོད་ན)། ལྷོ་ཕྱོགས་དང༌། བྱང་ཕྱོགས་ དང༌། ཤར་ཕྱོགས་དང༌། ནུབ་ཕྱོགས་རྣམས་ཀྱི་དབུས་ན། གྲི་གུག་གི་(བཞི་)རི་མོ་ཙམ་{དུ་} བརྗོད་དུ་མེད་པའི་དང་པོའི་ཡི་གེ་སྟོང་པ་ཆེན་པོ་(ཨ་)ཞེས་བྱའོ། ། ༈ དེ་ནས་ཡེ་ཤེས་ཞེས་བྱ་བ་ལ་འདིར་དང་{ཡིག་[ཡི་གེ་]ནི་བསྡུ་བའི་དོན་དུ་བརྗོད་དེ། བསྡུ་བའི་དོན་གོ་བར་བྱེད་པའི་ཕྱིར་ཡེ་ཤེས་ཞེས་བྱ་བའི་མིང་གིས། སྟོང་པ་གསུམ་པ་<རི་> ཞེས་བྱ་བར་ཁོང་དུ་ཆུད་པར་<འདྲེས་པར་>བྱའོ། ། ༈ འདི་ལྟ་སྟེ། ཚོར་བའི་ཕུང་པོ་(རིན་འབྱུང་)དང༌། མེའི་ཁམས་(གོས་དཀར་མོ་)དང༌། མིག་ (ས་སྙིང་)དང༌། རོ་(རྡོ་རྗེ་མ་)དང༌། ལག་པ་(ཤེས་རབ་མཐར་བྱེད་)དང༌། <རྐང་པའི་ཡུལ་>འགྲོ་བ་(རྨོངས་ བྱེད་མ་)སྟེ། འདི་རྣམས་ཀྱི་སྒྲིབ་པ་མེད་པ་ཉིད་རོ་མཉམ་པ་གཅིག་ཏུ་<འདྲེས་པར་>གྱུར་པ་ཉིད་ ནི། ཡེ་ཤེས་གསུམ་པ་མི་འགྱུར་བ་སྟོང་པ་ཆེན་པོ་(རི་)ཞེས་བྱ་བ་སྟེ། འདིའི་མིང་གི་མཚན་མ་ ནི་(གང་དུ་དགོད་ན་)དབུས་{པ་[མ་]གཞོམ་དུ་མེད་པའི་མཚན་མའི་ལྷོ་ཕྱོགས་སུ་བརྗོད་དུ་མེད་ པའི་ཐིག་ལེ་(ཿ)གཉིས་(ཟླ་ཚེས་སུ་འགྲོའོ་)ཞེས་བྱའོ། ། ༈ ཐིག་ལེ་ཞེས་བྱ་བའི་མིང་འདིས་སྟོང་པ་བཞི་པ་(ཨུ་)ཁོང་དུ་ཆུད་པར་བྱ་སྟེ། སྔར་གྱི་ དང་ཡིག་གིས་འདི་ལྟ་སྟེ། འདུ་ཤེས་ཀྱི་ཕུང་པོ་(འོད་དཔག་མེད་)དང༌། ཆུའི་ཁམས་(མ་མ་ཀི་)དང༌། ལྕེ་(སྤྱན་རས་གཟིགས་)དང༌། གཟུགས་(རྡོ་རྗེ་མ་)དང༌། རྐང་པ་(པད་མ་མཐར་བྱེད་)དང༌། (ལག་པའི་ཡུལ་) ལེན་པ་(ང་རྒྱལ་ཅན་མ་)སྟེ། འདི་རྣམས་ཀྱི་སྒྲིབ་པ་མེད་པ་ཉིད་རོ་མཉམ་པ་[ཉིད་]གཅིག་ཏུ་ 1-1-36 <འདྲེས་པར་>གྱུར་པ་ཉིད་ནི་ཐིག་ལེ་(༠)ཞེས་བྱ་སྟེ། ཡི་གེ་བཞི་པ་སྟོང་པ་ཆེན་པོ་(ཨུ་)ཞེས་ བྱའོ། །འདིའི་མིང་གི་མཚན་མ་(གང་དུ་འགོད་ན་)ནི། དབུས་ཀྱི་མཚན་མའི་བྱང་ཕྱོགས་སུ་བརྗོད་ དུ་མེད་པའི་ཐིག་ལེ་(༠)ཞེས་བྱའོ། ། ༈ རྡོ་རྗེ་མཆོག་འཛིན་ཞེས་བྱ་བ་ནི། རྡོ་རྗེ་མཆོག་འཛིན་པ་སྟེ། གཅིག་[ཏུ་]སྦྱོར་བའི་ ཕྱིར་རོ། །སྔར་གྱི་གསུམ་པའི་དང་ཡིག་ལས་འདི་སྟོང་པའི་མིང་(ཨི་)ཡིན་ནོ། །དང་པོ་མཆོག་ གི་མིང་གིས་སྟོང་པ་གཉིས་པ་གསུངས་སོ། །འདི་ལྟ་སྟེ། འདུ་བྱེད་ཀྱི་ཕུང་པོ་(དོན་གྲུབ་)དང༌། རླུང་གི་ཁམས་(སྒྲོལ་མ་)དང༌། སྣ་(ནམ་མཁའི་སྙིང་པོ་)དང༌། རེག་བྱ་(རྡོ་རྗེ་མ་)དང༌། ངག་གི་དབང་པོ་ (བགེགས་མཐར་བྱེད་)དང༌། བཤང་པ་འཛག་པ་(ཤིན་ཏུ་བརྩོན་འགྲུས་མ་)སྟེ། འདི་རྣམས་{ཀྱི་}སྒྲིབ་པ་ དང་བྲལ་བ་ཉིད་ནི་རོ་མཉམ་པ་གཅིག་ཏུ་<འདྲེས་པར་>གྱུར་པ་ཁོ་ན་མཆོག་ཅེས་བྱ་བ་སྟོང་པ་ ཆེན་པོ་ཡི་གེ་གཉིས་པ་(ཨི་)ཞེས་བྱའོ། །འདིའི་མིང་གི་མཚན་མ་<གང་དུ་འགོད་ན་>ནི། དབུས་ མ་གཞོམ་དུ་མེད་པའི་ཤར་ཕྱོགས་སུ་དབྱུག་པའི་རྣམ་པ་བརྗོད་དུ་མེད་པའི་རི་མོ་ཙམ་ཞེས་ བྱ[བ]འོ། ། ༈ མཆོག་གཉིས་པའི་མིང་གིས་སྟོང་པ་ལྔ་པ་(ལི་)བརྗོད་དེ། འདི་ལྟ་སྟེ། གཟུགས་ཀྱི་ ཕུང་པོ་(རྣམ་སྣང་)དང༌། སའི་ཁམས་(སྤྱན་མ་)དང༌། ལུས་ཀྱི་དབང་པོ་(སྒྲིབ་སེལ་)དང༌། དྲི་(རྡོ་རྗེ་མ་) དང༌། བཤང་ཁུང་(གཤིན་རྗེ་མཐར་བྱེད་)དང༌། (ངག་གི་ཡུལ་)སྨྲ་བ་(རེངས་བྱེད་མ་)སྟེ། འདི་རྣམས་[ཀྱི་] སྒྲིབ་པ་མེད་པ་ཉིད་རོ་མཉམ་པ་གཅིག་ཏུ་གྱུར་པ་ཉིད་ནི་མཆོག་ཅེས་བྱ་བ་ནི། སྟོང་པའི་ཡི་ གེ་ལྔ་པ་(ལི་)སྟེ། འདིའི་མིང་གི་མཚན་མ་<གང་དུ་འགོད་ན་>ནི། དབུས་མ་གཞོམ་དུ་མེད་པའི་ མཚན་མའི་ནུབ་ཕྱོགས་སུ་ཐོང་པའི་རྣམ་པ་བརྗོད་དུ་མེད་པ་ཞེས་བྱའོ། ། ༈ དེ་སྐད་གསུངས་པའི་རིམ་པས་ལྔ་པོ་རྣམས་གཅིག་ཏུ་གྱུར་པའི་སྟོང་པ་ཆེན་པོ་ཡི་ གེ་ལྔ་ནི་ཡི་གེ་(༤༠༠པར་)བཾ་(ཝཾ་)རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་སྟེ། རྡོ་རྗེ་ཞེས་བརྗོད་དོ། 39། འདིར་ཡི་གེ་ལྔ་པོ་རྣམས་(འདི་དག་ནང་དུ་ནི། ནམ་མཁའི་རླུང་དབུས་ནས་ཏེ་གཞོམ་དུ་མེད་པ་དང༌། སྲོག་གི་རླུང་ (བདུན་ཅན་<མདུན་>དུ་སྟེ་དབྱུག་པ་དང༌། གཡས་ཀྱི་རླུང་ཉི་མ་སྟེ་ཐིག་ལེ་གཉིས་དང༌། གཡོན་གྱི་རླུང་ཟླ་བ་སྟེ་ཐིག་ལེ་ གཅིག་དང༌། རྒྱབ་ཐུར་སེལ་གྱི་རླུང་སྟེ་ཐོང་པ་དང༌། འོག་ཡེ་ཤེས་ཀྱི་རླུང་སྟེ་གྲི་གུག་དུང་ཅན་མའོ། །སྣ་བུག་ནི་འདི་ལྟར་མ་ཡིན་ ནོ། །)གསལ་བྱེད་ཀྱི་མིང་གིས་བརྗོད་དུ་མེད་པ་ནི་འདི་ལྟ་སྟེ། དབུས་མའི་ཨ་ཡིག་སྟོང་པ་གྲི་ གུག་གི་རྣམ་{པར་ལྷོའི་[པའི་ལྷོར་]རི་ཡིག་སྟོང་པ་ཐིག་ལེ་གཉིས་སོ། །བྱང་དུ་ཨུ་ཡིག་སྟོང་ པ་ཐིག་ལེ་(དྲུག་)<༠>གཅིག་གོ། ཤར་དུ་ཨི་ཡིག་སྟོང་པ་དབྱུག་པའི་རྣམ་པའོ། །ནུབ་ཏུ་ལི་ ཡིག་སྟོང་པ་ཐོང་པའི་རྣམ་པ(ར་ཨ་ཨི་རི་ཨུ་ལི་སྟེ་ཐུང་ངུ་ལྔའི་རང་བཞིན་ནོ་)འོ། །འདི་ལྟར་རིངན་པོ་(ཨཱ་ ཨཱི་རཱི་ཨཱུ་ལཱི་)དང༌། ཡོན་ཏན་(ཨ་ཨེ་ཨར་ཨོ་ཨལ་)དང༌། འཕེལ་བ་(ཨཱ་ཨཱེ་ཨཱར་ཨཱོ་ཨཱལ་)དང༌། ཡ་ནཱ་དྷེ་ཤ་ (ཧ་ཡ་ར་ཝ་ལ། ཧཱ་ཡཱ་རཱ་ཝཱ་ལཱ་)<ཐུང་རིང་>དག་ཏུ་(རྐྱེན་བསྒྱུར་ན་)འགྱུར་(པར་ཤེས་པར་)ཞེས་བྱའོ། །དེ་ལྟར་ སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་ཡི་གེ་ཝཾ་དམིགས་པ་མེད་པའི་སྙིང་རྗེའི་བདག་ཉིད་དང༌། རྡུལ་ཕྲ་ རབ་ཀྱི་ཆོས་ཉིད་ལས་འདས་པ་པྲ་ཕབ་པའི་གཟུགས་དང་འདྲ་བ་ནི་རྣལ་འབྱོར་པས་རྟོགས་ པར་བྱའོ། ། ༈ འདིར་(སྟོང་པ་དྲུག་བསྟན་པ་)ཡེ་ཤེས་དང་རྣམ་པར་ཤེས་པའི་ཕུངཔོ་ལ་སོགས་པའི་ དབྱངས་རྣམས་འདི་ལྟ་སྟེ། ཡེ་ཤེས་ཀྱི་ཕུང་པོ་ནི་ཨཾ(ཤེས་རབ)། རྣམ་པར་ཤེས་པའི་ཕུང་པོ་ནི་ ཨ(ཐབས་དེས་ཤེས)། ཡེ་ཤེས་ཀྱི་ཁམས་ནི་ཨཿ ནམ་མཁའི་ཁམས་ནི་ཨཱ། རྣ་བའི་དབང་པོ་ནི་ {ཨ[ཨཾ]། སྒྲ་ནི་ཨཿ ཆོས་ཀྱི་དབྱིངས་ནི་ཨཱ། [ཡིད་ཀྱི་དབང་པོ་ནི་ཨ། ] བྷ་ག་ནི་ཧ། དྲི་ཆུ་ འཛག་པ་ནི་ཧཱ། དབང་པོ་མཆོག་ནི་ཧཾ། ཁུ་བ་འཛག་པ་ནི་ཧཱའོ། །(ཡི་གེ་བཅུ་གཉིས་ཀྱི་བརྡ་བསྟན་པ་) དེ་ལྟ་{བུའི་[བུ་ུ]དབུས་ཀྱི་གཞོམ་དུ་མེད་པ། སྒྲིབ་པ་མེད་པ་ནི་གྲི་གུག་གི་རྣམ་པ་སྟེ། མིང་ གི་མཚན་མར་ཁོང་དུ་ཆུད་པར་བྱའོ་ཞེས་པའོ། །འདུ་བྱེད་ཀྱི་ཕུང་པོ་ནི་ཨི། རླུང་གི་ཁམས་ནི་ ཨཱི། སྣའི་དབང་པོ་ནི་ཨེ། རེག་བྱ་ནི་ཨཱེ། ངག་གི་དབང་པོ་ནི་ཡ། བཤང་པ་འཛག་པ་ནི་ཡཱ། 1-1-37 (ཡི་གེ་དྲུག་གི་བརྡ་བསྟན་པ་)དེ་ལྟ་བུའི་སྒྲིབ་པ་མེད་པ་ནི་ཤར་ཕྱོགས་སུ་དབྱུག་པའི་རྣམ་པ་སྟེ། མིང་ དང་མཚན་མར་ཁོང་དུ་ཆུད་པར་བྱ་ཞེས་པའོ། །ཚོར་བའི་ཕུང་པོ་ནི་རི། མེའི་ཁམས་ནི་རཱི། མིག་གི་དབང་པོ་ནི་ཨར། རོ་ནི་ཨཱར། ལག་པའི་དབང་པོ་ནི་ར། འགྲོ་བ་ནི་རཱའ་ [སྟེ། ] (ཡི་ གེ་དྲུག་གི་བརྡ་བསྟན་པ་)དེ་ལྟ་བུའི་སྒྲིབ་པ་མེད་པ་ནི། ལྷོ་ཕྱོགས་སུ་ཐིག་ལེ་(ཿ)གཉིས་ཀྱི་མིང་དང༌། མཚན་མར་ཁོང་དུ་ཆུད་པར་བྱ་ཞེས་པའོ། །འདུ་ཤེས་ཀྱི་ཕུང་པོ་ནི་ཨུ། ཆུའི་ཁམས་ནི་ཨཱུ། ལྕེའི་དབང་པོ་ནི་ཨོ། ཡུལ་གཟུགས་ནི་ཨཱོ། རྐང་པའི་དབང་པོ་ནི་ཝ། ལེན་པ་ནི་ཝཱའོ། །དེ་ ལྟ་བུའི་སྒྲིབ་པ་མེད་{པ་ནི་[པའི་]དབུས་མའི་མཚན་མའི་བྱང་ཕྱོགས་སུ། ཐིག་ལེའི་མཚན་ མར་ཁོང་དུ་ཆུད་པར་བྱའོ། །གཟུགས་ཀྱི་ཕུང་པོ་ནི་ལི། སའི་ཁམས་ནི་ལཱི། ལུས་ཀྱི་དབང་པོ་ [ནི་]ཨལ། ཡུལ་དྲི་ནི་ཨཱལ། བཤང་པའི་དབང་པོ་ནི་ལ། སྨྲ་བ་ནི་ལཱའོ། །དེ་ལྟ་བུའི་སྒྲིབ་པ་ མེད་པ་ནི་ནུབ་ཕྱོགས་སུ་ཐོང་པའི་རྣམ་པ་སྟེ། མཚན་མར་ཁོང་དུ་ཆུད་པར་བྱའོ། །དེ་ལྟ་བུའི་ སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པ་(བཅུ་གཉིས་)དབྱངས་དང༌། ཡོན་ཏན་(དྲུག་)དང༌། འཕེལ་ བ་(དྲུག་)དང༌། ཡ་ནཱ་དྷེ་ཤ་(ཐུང་རིང་བཅུ་གཉིས་) ལས་(ཨ་དང་ཨི་ལས་ཨེར་)གྱུར་པའོ། །གང་དུ་ཕུང་པོ་ སོ་སོར་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཐ་དད་པར་འགྱུར་ཏེ། དེ་ལ་ཕུང་པོའི་གནས་དེར་རོ་དྲུག་ བཟུང་པར་བྱ་སྟེ། སྐྱུར་བ་(ཡེ་ཤེས་)དང༌། སྐ་བ་(ནམ་མཁའ་)དང༌། ཁ་བ་(རླུང་)དང༌། ཚ་བ་(མེ་) དང༌། མངར་བ་(ཆུ་)དང༌། ལན་ཚ་བ་(ས་)ཞེས་པ་སྟེ། (དེ་དག་གི་ས་བོན་རིམ་པ་བཞིན་)ཨཾ་ཨ་ཨི་རི་ ཨུ་ལི་ཞེས་{པ་[བྱ་བ་]རོ་དྲུག་གོ། ལྷག་མ་ནི་(སྔར་)བརྗོད་པའི་རིམ་པས་སོ། །དེ་ལྟ་བུ་ཁོ་ན་ སྟོང་པ་ཆེན་པོ་ཡི་གེ་ལྔ་པོ། སུམ་ཅུ་རྩ་དྲུག་གི་བདག་ཉིད་(དབྱེར་མེད་པའི་)རྡོ་རྗེར་རྒྱལ་བ་རྣམས་ ཀྱིས་གསུངས་སོ། །(བདེ་སྟོང་དབྱེར་མེད་)དེ་ཉིད་འཛིན་པས་ན་རྡོ་རྗེ་འཛིན་པའོ། ། ༈ ཐིག་ལེ་སྟོང་པ་ཡི་གེ་དྲུག་(སྟོང་པ་ཉིད་ཀྱི་གཟུགས་ནམ་མཁའི་ཁམས་ཆོས་འབྱུང་ཤེས་རབ་ཨེའོ། །ཐིག་ ལེ་སྟོང་པ་ཡི་གེ་བརྒྱ་སྟེ། ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། དབང་པོ་ལྔ་དང༌། ཡུལ་ལྔ་སྟེ་ཉི་ཤུ་པོ་རེ་རེ་ལ་ལྔ་ལྔར་ཕྱེ་བས་རིགས་ 1-1-38 བརྒྱའོ། །ཐིག་ལེ་སྟོང་པ་ཡི་གེ་མེད་ཅེས་པ་ཨེ་ཝཾ་ཅིག་ཏུ་རོ་མཉམ་པའོ། །)ནི། ཨེ་ཡིག་ཆོས་ཀྱི་འབྱུང་གནས། (མའི་) རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་སོ། །འདི་ལྟ་སྟེ། (མའི་)རྣམ་པར་ཤེས་པའི་ ཕུང་པོ་(ཧ་)དང༌། ནམ་མཁའི་ཁམས་(ང་)དང༌། རྣ་བ་(གྷ་)དང༌། ཆོས་ཀྱི་དབྱིངས་(ག་)དང༌། བྷ་ག་(ཁ་)དང༌། ཁུ་བ་འཛག་པ་(ཀ་)ཞེས་བྱ་སྟེ(དེས་འདྲེ)། འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ ཐམས་ཅད་པའི་སྟོང་པ་ཉིད་ནི༌། དབུས་{ན་[མ་]གཞོམ་དུ་མེད་པ་སྟེ། འདིའི་མིང་གི་མཚན་ མ་{ནི་}ཀ་ཡིག་གི་གསལ་བྱེད་བརྗོད་དུ་མེད་པ་ནི་ཐིག་ལེ་སྟོང་པ་ཉིད་(ནམ་མཁའ་དྲུག་རོ་མཉམ་ པ་)དང་པོ་ཞེས་བྱའོ། །འདུ་བྱེད་ཀྱི་ཕུང་པོ་(ཡ་)དང༌། རླུང་གི་ཁམས་(ཉ་)དང༌། སྣ་(ཛྷ་)དང༌། རེག་བྱ་(ཛ་)དང༌། ངག་(ཚ་)དང༌། བཤང་པ་འཛག་པ་(ཙ་)སྟེ། འདི་རྣམས་སྒྲིབ་པ་མེད་པ་རྣམ་ པ་ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ་ནི། ཤར་གྱི་མཚན་མའི་ཤར་དུ་ཙའི་ སྡེ་ཚན་གྱི་བདག་ཉིད་ཙ་ཡིག་གི་གསལ་བྱེད་བརྗོད་དུ་མེད་{པའི་[པ་]ཐིག་ལེ་[སྟོང་]སྟོང་ པ་གཉིས་པ་(རླུང་དྲུག་རོ་མཉམ་པ་)ཞེས་བྱའོ། །ཚོར་བའི་ཕུང་པོ་(ར་)དང༌། མེའི་ཁམས་(ཎ་)དང༌། མིག་(ཌྷ་)དང༌། རོ་(ཌ་)དང༌། ལག་པའི་དབང་པོ་(ཋ་)དང༌། འགྲོ་བ་(ཊ་)སྟེ། {འདིར་ [འདི་] རྣམས་སྒྲིབ་པ་མེད་པ་[རྣམ་པ་]ཐམས་ཅད་པའི་སྟོང་པ་ཉིད་འདིའི་མིང་གི་མཚན་མ་ནི་ལྷོའི་ མཚན་མའི་ལྷོ་རུ། ཊའི་སྡེ་ཚན་གྱི་བདག་ཉིད། ཊ་ཡིག་གི་གསལ་བྱེད་བརྗོད་དུ་མེད་པ་ཐིག་ ལེ་སྟོང་པ་གསུམ་པ་(མེ་དྲུག་རོ་མཉམ་པ་)ཞེས་བྱའོ། །འདུ་ཤེས་ཀྱི་ཕུང་པོ་(ཝ་)དང༌། ཆུའི་ཁམས་ (མ་)དང༌། ལྕེ་(བྷ་)དང༌། གཟུགས་(བ་)དང༌། རྐང་པའི་དབང་པོ་(ཕ་)དང༌། ལེན་པ་(པ་)སྟེ། འདི་རྣམས་སྒྲིབ་པ་མེད་པ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད། འདིའི་མིང་གི་མཚན་མ་ ནི་བྱང་གི་མཚན་མའི་བྱང་དུ། པའི་སྡེ་ཚན་གྱི་བདག་ཉིད། པ་ཡིག་གི་གསལ་བྱེད་བརྗོད་དུ་ མེད་{པ་[པའི་]ཐིག་ལེ་སྟོང་པ་བཞི་པ་(ཆུ་དྲུག་རོ་མཉམ་པ་)ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་(ལ་) དང༌། སའི་ཁམས་(ན་)དང༌། ལུས་ཀྱི་དབང་པོ་(དྷ་)དང༌། དྲི་(ད་)དང༌། བཤང་པའི་དབང་པོ་ 1-1-39 (ཐ་)དང༌། བརྗོད་པ་(ཏ་)སྟེ། འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད། འདིའི་མིང་གི་མཚན་མ་ནི། ནུབ་ཀྱི་མཚན་མའི་ནུབ་ཏུ། ཏའི་སྡེ་ཚན་གྱི་བདགཉིད་ཏ་ཡིག་གི་ གསལ་བྱེད་བརྗོད་དུ་མེད་{པ་[པའི་]ཐིག་ལེ་སྟོང་པ་ལྔ་པ་(ས་དྲུག་པོ་རོ་མཉམ་པ་)ཞེས་བྱའོ། །ཡེ་ ཤེས་ཀྱི་ཕུང་པོ་(ཀྵཿ)དང༌། ཡེ་ཤེས་ཀྱི་ཁམས་༵(ྈྐ་)དང༌། ཡིད་(ཤ་)དང༌། སྒྲ་(ཥ་)དང༌། དབང་ པོ་མཆོག( ་ྉྤ་)དང༌། དྲི་ཆུ་འཛག་པ་(ས་)སྟེ། འདི་རྣམས་སྒྲིབ་པ་མེད་པ་རྣམ་པ་ཐམས་ཅད་པའི་ སྟོང་པ་ཉིད། འདིའི་མིང་གི་མཚན་མ་ནི། དབུས་མ་གཞོམ་དུ་མེད་པའི་མཚན་མའི་འོག་ཏུ་ སའི་སྡེ་ཚན་གྱི་བདག་ཉིད། ས་ཡིག་གི་གསལ་བྱེད་བརྗོད་དུ་མེད་པ་ཐིག་ལེ་སྟོང་པ་དྲུག་པ་ (ཡེ་ཤེས་དྲུག་རོ་མཉམ་པ་)ཞེས་བྱའོ། ། ༈ དེ་ལྟར་ན་ཐིག་ལེ་སྟོང་པ་ཡི་གེ་དྲུག་པོ་ཆོས་ཀྱི་འབྱུང་གནས་ཡི་གེ་ཨེ། ཞེས་བྱ་བ་རྡོ་ རྗེ་འཛིན་པ་སྟེ། དམིགས་པ་དང་བཅས་པའི་སྟོང་པ་(ནམ་མཁའི་ཁམས་ཡིན་དམིགས་མེད་ཀྱིས་མཐོང་ པས་ནམ་མཁའ་ལས་ནམ་མཁའ་མཐོང་པ་)ཉིད་པྲ་ཕབ་པའི་རང་བཞིན་ཞེས་བྱའོ། །འདིར་ཕུང་པོ་དང་ ཁམས་ལ་སོགས་པ་རྣམས་ཀྱི་གསལ་བྱེད་རྣམས་ནི། (ཧ་རྣམ་ཤེས་ནམ་མཁའ་)ཀ་ཁ་ང་གྷ་ང༌། (ཡ་ འདུ་བྱེད་རླུང་)ཙ་ཚ་ཛ་ཛྷ་ཉ། (ར་ཚོར་བ་མེ་)ཊ་ཋ་ཌ་ཌྷ་ཎ། (ཝ་འདུ་ཤེས་ཆུ་)པ་ཕ་བ་བྷ་མ། (ལ་གཟུགས་ཕུང་ ས་)ཏ་ཐ་ད་དྷ་ན། (ཀྵ་ཡེ་ཤེས་ཕུང་པོ་ཡེ་ཤེས་ཀྱི་ཁམས་)ས་ ་ྉྤ་ཥ་ཤ་ྈྐ། (སྡུད་པ་)ཧ་ཡ་ར་ཝ་ལ་ཀྵ་(གོང་མ་ རྣམས་དྲུག་དྲུག་ཏུ་ཁ་སྐོང་བའོ་)ཞེས་བྱའོ། ། ༈ དབྱངས་(སོ་དྲུག་)དང་གསལ་བྱེད་(སོ་དྲུག་)འདི་རྣམས་ཀྱང༌། ཐུང་ངུ་(ཀུན་ཐབས་)ཀདང༌། ཁརིང་པོའི་(ཀུན་ཤེས་རབ་ཀྱི)དབྱེ་བས། ཀཕུང་པོ་དང་ཁཁམས་ལ་སོགས་པའི་དབྱེ་{བས་ [བར་]ཤེས་པར་བྱའོ། །ལུས་ཀྱི་དབྱེ་བས་ཕུང་པོ་(རྣམ་ཤེས་དེ་བཞིན་གཤེགས་པ་)དང༌། དབང་ པོ་རྣམས་(སེམས་དཔའ་དང་ཁྲོ་བོ་)ནི། དབྱངས་ཡིག་དང་གསལ་བྱེད་ཐུང་ངུའི་ཆོས་རྣམས་སོ། ། ཁམས་(རྣམས་དེ་བཞིན་གཤེགས་མ་)དང་ཡུལ་རྣམས་ནི་(སེམས་མ་དང་ཁྲོ་བོ་)དབྱངས་དང་གསལ་བྱེད་ 1-1-40 རིང་པོའི་ཆོས་རྣམས་སོ། །རོ་དྲུག་ནི་ཁམས་སུ་གྱུར་པའི་དབྱེ་བས་(ཁམས་དྲུག་ཚན་དྲུག་ལ་ཤེས་རབ་ ཀྱི་ཆ་དྲུག་(ཚན་དྲུག་)ཡི་གེ་གསལ་བྱེད་ཀྱི་ས་བོན་བྱས་པ་)ཁམས་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །(གྱ་བརྒྱད་ཆད་) ཕུང་པོ་དྲུག་ནི་དབང་པོ་དྲུག་གི་དབྱེ་བས་(ཕུང་པོ་དྲུག་ཚན་དྲུག་ལ་ཐབས་ཀྱི་ཆ་དྲུག་ཡི་གེ་དབྱངས་ཀྱི་ས་བོན་ བྱས་པ་)ཕུང་པོ་སུམ་ཅུ་རྩ་དྲུག་ཏུ་འགྱུར་རོ། །(ཇི་ལྟར་འགྱུར་ན་)འདི་ལྟ་སྟེ། རོ་དྲུག་དང༌། ཁམས་ (ལ་རོ་)<ལོ་གཉིས་>དྲུག་དང་(དེས་འདྲེའོ)། དབང་པོ་དྲུག་དང༌། ཡུལ་དྲུག་དང༌། ལས་ཀྱི་དབང་ པོ་དྲུག་དང༌། ལས་ཀྱི་དབང་པོའི་ཡུལ་དྲུག་ཅེས་བྱ་[བ་]སྟེ། རོ་དྲུག་གི་ཁམས་ཀྱི་རྣམ་[པ་] འགྱུར་རོ། །རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་དང༌། དེ་བཞིན་ དུ་(ཡུལ་དྲུག་ལ་དབང་པོ་དྲུག་བསྐུལ་བས་ན་)འདུ་བྱེད་དྲུག་དང༌། (དབང་དྲུག་གིས་ཡུལ་དྲུག་ཏུ་ཚོར་བས་ན་)ཚོར་ བ་དྲུག་དང༌། (དབང་དྲུག་ཡུལ་དྲུག་ལ་མཚན་མར་འཛིན་པ་)འདུ་ཤེས་དྲུག་དང༌། (རྡུལ་ཕྲ་རབ་ཆེན་པོས་) གཟུགས་ཀྱི་ཕུང་པོ་དྲུག་དང༌། (ཡེ་ཤེས་སྐྱེད་པར་བྱེད་པས་)ཡེ་ཤེས་ཀྱི་ཕུང་པོ་དྲུག་ཅེས་པ་སྟེ། ཕུང་ པོའི་རྣམ་འགྱུར་ཏེ། (ལེའུ་བཞི་ཆར་ནས་)འཆད་པར་འགྱུར་བས་རྒྱས་པར་བཤད་པར་བྱ་སྟེ། ལེའུ་ དང་{པོར་[པོ་]འདིར་ནི་མདོར་བསྟན་པ་ཙམ་ཞིག་ཉེ་བར་བསྟན་པའོ། ། ༈ འདིར་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་དབྱངས་(སོ་དྲུག་གི་)ཀྱི་ཚོགས་ཏེ་(ནང་དུ་)ཁུ་བ་དང་ (ཕྱིར་)ཟླ་བ་ཞེས་བྱའོ། །ཐིག་ལེ་སྟོང་པ་ཡི་གེ་དྲུག་ནི། གསལ་བྱེད་(སོ་དྲུག་)འདུས་པ་སྟེ། (ནང་ དུ་)ཁྲག་དང་(ཕྱིར་)ཉི་མ་ཞེས་བྱའོ། །འདིར་(ནང་དུ་)ཁུ་བ་དང་(ཕྱིར་)ཟླ་བ་ནི། (རྟེན་པ་)ཝཾ་ཡིག་སྟེ་ (ཐབས་སོ་)རྡོ་རྗེའོ། །(ནང་དུ་) ཁྲག་དང་(ཕྱིར་)ཉི་{མའི་[མ་ནི་](རྟེན་)ཨེ་ཡིག་སྟེ་པད་མ(ཤེས་རབ) འོ། །རྡོ་རྗེ་དང་པད་མ་འདི་དག་གང་(གཉིས་སུ་མེད་པ་)གཅིག་པ་ཉིད་ནི་རྡོ་རྗེ་སེམས་དཔའ་ཞེས་ པའོ། །རྡོ་རྗེ་ནི་མཆོག་ཏུ་(མི་འགྱུར་བའི་)བདེ་བའི་ཡེ་ཤེས་དང་ཞུ་བ(ཟླ་བ)འོ། །སེམས་དཔའ་ནི་ རྣམ་པ་ཐམས་ཅད་པའི་ཤེས་རབ་(སྟོང་པ་ཉིད་)ཀྱི་གཟུགས་བརྙན་དང་ཉི་མ་ཞེས་{སོ[བྱའོ]། ། ཡེ་ཤེས་དང་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པའི་སྒྲིབ་པ་མེད་པ་གཅིག་ཏུ་གྱུར་པ་དེ་ 1-1-41 ཁོ་ན་ཉིད་ནི་རྟག་ཏུ་འགྲོ་བའི་དོན་བྱེད་པར་འགྱུར་རོ། །དེ་ལྟ་བུ(འི་དོན་བྱེད་པ་)ཉིད་ནི་(རིགས་བྱེད་ ཀྱི་དབྱེ་ན་)སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་རྣམས་གཅིག་ཏུ་སྦྱོར་བ་ཞལ་བཞིའི་རྒྱུ་ ཡིན་ནོ། །ཡེ་ཤེས་ནི་ནུབ་ཀྱི་(ཡེ་ཤེས་ཀྱི་)ཞལ་སེར་པོ(དུས་མེ)འོ། །རྣམ་པར་ཤེས་པ་ནི་ཤར་གྱི་ ཐུགས་ཀྱི་ཞལ་ནག་པོ(སྒྲ་གཅན)འོ། །ཟླ་བ་ནི་(ཁུ་བ་སྟེ་)བྱང་གི་{ཐུགས་ཀྱི་[སྐུའི་]ཞལ་དཀར་ པོ(ཟླ་བ་)འོ། །ཉི་མ་ནི་(ཁྲག་སྟེ་)ལྷོའི་{སྟེང་[གསུང་]གི་ཞལ་དམར་པོ<ཉི་མ>འོ་ཞེས་བྱའོ། །ཉི་ མ་(ཤེས་རབ་)དང་ཟླ་བ་(ཐབས་)འདི་གཉིས་ཀྱི་ཁམས་དྲུག་དྲུག་གཙོ་བོ་དང༌། ཕལ་བའི་དབྱེ་ བས་རྟོགས་པར་བྱའོ། །(གཙོ་ཕལ་)དེ་དག་ཀྱང་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། རོ་(ནམ་ མཁའ་)དང༌། རོ་ཆེན་པོས་(ཡེ་ཤེས་)བསྐྱེད་པར་བྱེད་དེ། (དྲུག་པོ་)དེ་ལ་ཁུ་བ་(ཐབས་)ལས་སྐྱེས་པ་ (གཙོ་བོ་)ནི་གསུམ་སྟེ། མ་སྐྱེས་པ་(ཕལ་པ་)ནི་(མེ་ས་ཡེ་ཤེས་)གསུམ་མོ། །ཆུའི་ཁམས་དང༌། རླུང་ གི་ཁམས་དང༌། (ནམ་མཁའ་)རོའི་ཁམས་ཏེ། ཁམས་འདི་དག་ནི་ཁུ་བ་ལས་བྱུང་པའོ། །རོའི་ ཁམས་ནི་ནམ་མཁའི་ཁམས་ཀྱི་མིང་ཞེས་བྱའོ། །ཁྲག་(ཤེས་རབ་)ལས་བྱུང་པ་(གཙོ་བོ་)ནི་ གསུམ་སྟེ། མ་བྱུང་པ་(ཕལ་པ་ནམ་མཁའ་རླུང་ཆུ་)གསུམ་མོ། །སའི་ཁམས་དང༌། མེའི་ཁམས་དང༌། རོ་ཆེན་པོའི་(ཡེ་ཤེས་ཀྱི་)ཁམས་ཏེ། ཁམས་འདི་དག་ནི་ཁྲག་ལས་བྱུང་པའོ། །འདིར་རོ་ཆེན་པོ་ ནི་ཡེ་ཤེས་ཀྱི་ཁམས་ཀྱི་མིང་ཞེས་བྱ་སྟེ། ལྷག་མ་རྣམས་ནི་ཁུ་བ་དང༌། ཁྲག་གི་ཁམས་ལས་ བྱུང་པའོ། ། ༈ དེ་བཞིན་དུ་(ཕྱིར་)ཟླ་བ་དང་ཉི་མ་དག་ལས་བྱུང་པའི་ཁམས་གསུམ་པོ་<དག་>ནི་རིམ་ པ་ཇི་ལྟ་བ་བཞིན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་<ནང་དུ་>ལུས་དང་ངག་དང་ཡིད་དུ་འགྱུར་ རོ། །(ཕྱིར་)ཟླ་བའི་ཁམས་(ཆུ་རླུང་ནམ་མཁའ་)རྣམས་ནི་ཐབས་ཀྱི་སྐུ་གསུང་ཐུགས་སོ། །(ཕྱིར་)ཉི་ མའི་ཁམས་(མེ་ས་ཡེ་ཤེས་)རྣམས་ནི་ཤེས་རབ་ཀྱི་སྐུ་གསུང་ཐུགས་ཏེ། ཁུ་བ་དང་ཁྲག་ལས་བྱུང་ པའི་ཕྱིར་རོ། །ཁམས་(དྲུག་)འདི་རྣམས་ནི་དབང་པོ་དྲུག་ལ་སོགས་{པ་[པའི་]རིགས་དྲུག་ 1-1-42 རྣམས་སོ། ། ༈ དེ་ལྟར་ན་སྐུ་དང་གསུང་དང་ཐུགས་ཀྱི་རིགས་རྣམས་ངོ་བོ་ཉིད་ཀྱི་རིགས་དང་ལྷན་ ཅིག་རིགས་བཞིར་འགྱུར་རོ། །(ཡེ་ཤེས་ཀྱི་ཁམས་མ་རྫོགས་པར་)ཀགནས་སྐབས་གསུམ་དང༌། (ཡེ་ ཤེས་ཀྱི་ཁམས་རྫོགས་པ་)ཁགནས་སྐབས་བཞིའི་དབང་གིས་ཀསྐུ་གསུམ་དང༌། ཁསྐུ་བཞིར་འགྱུར་ རོ། །དེ་བཞིན་དུ་ཁམས་ལྔའི་རིགས་རྣམས་ནི་ཡེ་ཤེས་ཀྱི་ཁམས་དང་ལྷན་ཅིག་རིགས་དྲུག་ ཏུ་འགྱུར་རོ། །འདི་ལྟར་ཕུང་པོ་ལྔ་ནི་ཡེ་ཤེས་ཀྱི་ཕུང་པོ་དང༌། ལྷན་ཅིག་{གིས་[རིགས་]དྲུག་ ཏུ་འགྱུར་ཏེ། (གང་གི་ཡིན་ན་)མངལ་ན་གནས་པ་རྣམས་ཀྱིའོ། །བུ་མོ་རྣམས་ཀྱི་ནི་ལོ་བཅུ་གཉིས་ མ་(ལ་ཡེ་ཤེས་ཀྱི་ཁམས་རྫོགས་པ་)དང༌། སྐྱེས་པ་རྣམས་ཀྱི་ནི་ལོ་བཅུ་དྲུག་གི་(ལ་ཡེ་ཤེས་ཀྱི་ཁམས་རྫོགས་ པ་)སྟེ། བུ་མོའི་ཁྲག་{གིས་[གི་]དུས་ཀྱི་བར་གྱི་(བཅུ་གཅིག་ཡན་ཆད་)རིགས་གསུམ་དང༌། (བཅུ་ གཉིས་མན་ཆད་)ལྔར་རིག་པར་བྱའོ། །སྐྱེས་བུ་ཡི་ནི་ཁུ་བའི་བར་གྱི་(བཅོ་ལྔ་ཡན་ཆད་)རིགས་གསུམ་ དང༌། (བཅུ་དྲུག་མན་ཆད་)ལྔར་རིག་པར་བྱའོ། །ཡེ་ཤེས་ཀྱི་ཁམས་འབྱུང་པའི་དུས་ནས་(བུ་ཕོ་མོ་) གཉིས་ཀ་ཡང༌། མ་ཤིའི་བར་ལ་[རིགས་བཞི་དང༌། ] རིགས་དྲུག་ཅེས་བྱའོ། །དེ་བཞིན་དུ་ རྩ་བའི་རྒྱུད་ལས། རིགས་གསུམ་པ་དང་རིགས་ལྔ་ཉིད། །རང་བཞིན་གཅིག་དང་བརྒྱ་ཡི་ རིགས། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། །། ༈ ད་ནི་རིགས་དང་རིགས་ཅན་བརྗོད་པར་བྱ་སྟེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ ལ། འདིར་སངས་རྒྱས་ནི་(སྦྱང་གཞི་)ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་ཕུང་པོ་དྲུག་ (དག་པ་སངས་རྒྱས་དྲུག་དེས་འདྲེ་)ཅེས་བྱའོ། །ལྷ་དང་ལྷ་{མིན་[མ་ཡིན་]རྣམས་དང་ཞེས་བྱ་བ་ལ་ དང་ཡིག་གིས་ནི་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བ་སྟེ། (སྦྱང་གཞི་)ཡིད་ཀྱི་དབང་པོ་ལ་ སོགས་པ་དྲུག་དང༌། དེ་བཞིན་དུ་ཁམས་དྲུག་དང༌། ཡུལ་དྲུག་དང༌། དེ་བཞིན་དུ་ཁྲོ་བོ་དྲུག་ ནི་ལས་ཀྱི་དབང་པོ་དྲུག་གོ། ཁྲོ་མོ་དྲུག་ནི་ལས་ཀྱི་དབང་པོའི་བྱ་བ་དྲུག་གོ། ལྷ་རྣམས་ནི་ 1-1-43 ལག་པ་དང་རྐང་པའི་ཚིགས་(ཕྱོགས་སྐྱོང་)བཅུ་གཉིས་རྣམས་ལ་འཆད་པར་འགྱུར་རོ། །དེ་ལྟར་ ཙར་ཙི་ཀ་ལ་སོགས་པ་རྣམས་རྣལ་འབྱོར་མ་བརྒྱད་དོ། །ལྷ་མ་ཡིན་རྣམས་ནི་ཀླུའི་རྒྱལ་པོ་ རྣམས་དང༌། ཁྱི་གདོང་མ་ལ་སོགས་པའི་ལྷ་མོ་རྣམས་སོ།། །། ༈ ད་ནི་མུ་སྟེགས་པ་རྣམས་གཞུག་པའི་ཕྱིར་རང་བཞིན་དང་སྐྱེས་བུ་བརྗོད་པར་བྱ་སྟེ། དེ་བཞིན་དུ་རྒྱུད་དེ་དང་དེ་ལས། སྒྱུ་འཕྲུལ་ཆེན་མོ་དྲག་མོ་ཆེ། །འབྱུང་པར་བྱེད་དང་སྡུད་ བྱེད་མོ། །རང་ཉིད་བྱེད་པོ་རང་ཉིད་འཕྲོག ། རང་ཉིད་རྒྱལ་པོ་རང་ཉིད་གཙོ། །ཞེས་བཅོམ་ ལྡན་འདས་ཀྱིས་གསུངས་པ་ནི་བརྫུན་ཡིན་ཏེ། དོན་དམ་པར་ནི་(ཁམས་གསུམ་གྱི་)བྱེད་པ་པོ་ དང༌། འཕྲོག་པ་པོ་མེད་ཅིང་གཞན་ཡང་མུ་སྟེགས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའི་ ཆོས་ནི་རང་བཞིན་དང་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་མུ་སྟེགས་པ་རྣམས་ཀྱིས་ རང་བཞིན་ཉི་ཤུ་རྩ་བཞིའི་བདག་ཉིད་དེ། སྐྱེས་བུ་དང་ཉི་ཤུ་རྩ་ལྔའི་བདག་ཉིད་ཞེས་བྱ་བ་ ལ། དེ་ལ་རྩ་བའི་རང་བཞིན་ནི་འགྱུར་བ་མེད་པ་ཞེས་བྱ་སྟེ། བཞི་པའི་གནས་སྐབས་ནས་ སེམས་ཅན་རྣམས་ཀྱིས་སྐྱེད་བྱེད་ནམ་མཁའི་ཁམས་ཏེ་ཐོག་མའི་ཆེན་པོའོ། །རང་བཞིན་ ཆེན་པོ་འདི་ལས་འགྱུར་བ་གཙོ་བོ་བདུན་ནི། ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ཡིད་ (རྣམ་ཤེས་)དང༌། བློ་(དབང་པོ་)དང༌། ངར་འཛིན་པ་(ཉོན་མོངས་པ་ཅན་)ཞེས་བྱའོ། །རྣམ་འགྱུར་བཅུ་ དྲུག་ཅེས་བྱ་བ་ལ་དབང་པོ་ལྔ་རྣམས་དང༌། ཡུལ་ལྔ་རྣམས་དང༌། ལས་ཀྱི་དབང་པོ་ལྔ་རྣམས་ དང༌། དབང་པོ་མཆོག་ཅེས་བྱ་སྟེ། རང་བཞིན་(བརྒྱད་)དང༌། རྣམས་འགྱུར་(བཅུ་དྲུག་སྟེ་)ཉི་ཤུ་ རྩ་བཞིའོ། །འདིར་སྐྱེས་བུ་ནི། རང་བཞིན་ཡང་མ་ཡིན། རྣམ་འགྱུར་ཡང་མ་ཡིན་པའི་དངོས་ པོ་དང་བྲལ་བའི་(ཉེར་བཞི་ལ་)ཁྱབ་པ་ཉིད་ཅེས་བྱའོ། །ཕྱི་དང་ལུས་དང་གཞན་དུ་ཡང་ཉི་ཤུ་རྩ་ ལྔའི་བདག་ཉིད་གྲུབ་སྟེ། ཕྱིར་ནི། ཁམས་ལྔ་དང༌། སྒྲ་གཅན་དང༌། ཉི་མ་དང༌། ཟླ་བ་ཞེས་ བྱ་བ་ནི་རང་བཞིན་བརྒྱད་དོ། །མིག་དམར་ལ་སོགས་{པ་[པའི་]གཟའ་ལྔ་ནི་དབང་པོ་ལྔ་ 1-1-44 རྣམས་དང༌། ཡུལ་ལྔ་རྣམས་དང༌། ས་ལ་སོགས་པ་རྣམས་ཀྱི་རོ་དྲུག་ཅེས་བྱ་བ་སྟེ། (རྣམ་) འགྱུར་(རྣམ་)བ་བཅུ་དྲུག་གོ། དེ་ནས་བདག་ཉིད་ནི་དབང་པོ་ལ་སོགས་པ་དྲུག་པ་(རྩ་ལྔ་པ་)འཚོ་ བའི་(སྟེ་སྲོག་གི་)ལུས་སོ། ། ༈ དེ་བཞིན་དུ་ལུས་ལ་སྣ་ཚོགས་པའི་ཚད་(དང་)ནི་(ཁྲུ་བཞི་པ་ལ་སོགས་པ་)ཅེས་པ་ནི། ནང་ གི་བདག་ཉིད་ཀྱི་ལེའུ་ལས་བཤད་པར་བྱའོ། །སྲིད་པ་གསུམ་{གྱི་[གིས་]སྤྲོས་པ་ཞེས་བྱ་བ་ ལ་འདིར། ཕྱིའི་སྲིད་པ་གསུམ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཡིན་ལ། ནང་དུ་ནི་ལུས་ཏེ། སྤྲོས་{པས་[པ་]ཞེས་བྱ་བ་འཆད་པར་འགྱུར་བའི་རིམ་པས་བཤད་དུ་གསོལ་ཞེས་བྱ་བའི་ ངེས་པའོ། ། ༈ ལྷ་དང་ལྷ་མིན་བཟའ་བ་དང་ཞེས་བྱ་བ་ལ། འདིར་ལྷ་རྣམས་ཀྱི་ནི་ཉིན་མོ(འི་དུས་སུ་ུ)ཟ་ བའོ། །ལྷ་མ་ཡིན་རྣམས་ཀྱི་ནི་མཚན་མོ་ཟ་བ<འི་དུས>འོ། །དེ་བཞིན་དུ་བྱང་དུ་བགྲོད་པ་(ལྷའི་ ལམ་)དང༌། ལྷོར་བགྲོད་པ(ལྷ་མིན་གྱི་ལམ)འོ། ། ༈ དཀྱིལ་འཁོར་དབང་དག་དེ་ལྟ་བུ་རྣམས་[ཐམས་ཅད་]ལྷ་དང་མི་ཡི་བླ་མས་ཡང་ དག་བཤད་དུ་གསོལ་ཞེས་བྱ་བ་ལ། འདིར་འཇིག་རྟེན་པའི་བདེན་པས། རྡུལ་ཚོན་དང་ཐིག་ གདབ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་བཤད་དུ་གསོལ། ཡང་(རྩ་བའི་རྒྱུད་དང་པོའི་སངས་རྒྱས་ལས། རྡོ་རྗེའི་ཐིག་རྣམས་གདབ་པ་དང༌། །རྡུལ་ཚོན་ངེས་པར་དགོད་པ་ནི། །མི་བྱ་སྔགས་ཀྱི་དེ་ཉིད་ཀྱིས། །བྱེད་ན་བྱང་ཆུབ་ཐོབ་པར་ དཀའ། །ཞེས་གསུངས་པས། )དོན་དམ་པའི་བདེན་པས་ཐིག་གདབ་པ་དང་{བྲལ་བ་དང༌། } ཚོན་ དགྱེ་བ་དང་བྲལ་བ་དང༌། ཁ་དོག་དང༌། དབྱིབས་དང༌། གཟུགས་ཀྱི་ལྷ་ཉིད་དུ་རྣམ་པར་ བརྟགས་པ་བསྒོམ་པའི་སེམས་དང་བྲལ་བ། རྣམ་པ་ཐམས་ཅད་པ། ནམ་མཁའི་ཁམས་སུ་ སྣང་བ། པྲ་ཕབ་པའི་རང་བཞིན་ཅན་ལྟ་བུ་ཞེས་བྱའོ། །དེ་བཞིན་དུ་འཇིག་རྟེན་པའི་དབང་ ནི། ཆུ་དང༌། ཅོད་པན་དང༌། དར་དཔྱངས་དང༌། རྡོ་རྗེ་དྲིལ་བུ་དང༌། བརྟུལ་ཞུགས་ཆེན་པོ་ 1-1-45 དང༌། མིང་དང༌། རྗེས་སུ་གནང་བ་སྟེ་བདུན་ཞེས་པའོ། །དེ་བཞིན་དུ་གོང་མ་ནི་བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་དབང་ནི་བཅུ་ གཅིག་པ་བཞི་པ་ཞེས་བྱའོ། ། ༈ ཐམས་ཅད་ཡང་དག་བཤད་དུ་གསོལ་ཞེས་བྱ་བ་ནི། རྒྱུ་ཅིའི་ཕྱིར་ཞེ་ན། འཕགས་ པའི་ཡུལ་འདིར་མ་འོངས་པའི་དུས་སུ། རྡོ་རྗེ་སློབ་དཔོན་ནོར་(རྫས་)ལ་ཆགས་པ་འབྱུང་ པར་འགྱུར་ཏེ། ནོར་(རྫས་)གྱི་དོན་[དུ་]ནོར་ལ་མངོན་པར་ང་རྒྱལ་བ་ཅན་གྱི་ཕྱུག་པོ་རྣམས་ ཀྱི་ཁྱིམ་དུ་སོང་ནས་ཆོས་འཚོང་པར་འགྱུར་ཏེ། སྐལ་བ་དང་མི་ལྡན་པ་རྣམས་ལ་ནོར་(རྫས་) ལ་ཆགས་པས་འཇིག་རྟེན་ལས་འདས་པའི་དབང་(བཞི་པ་)སྟེར་བར་འགྱུར་རོ། །སྔར་རྒྱལ་ པོ་ལ་སོགས་པ་རྣམས་ཀྱི་མངག་གཞུག་པ་(བྲན་)རྣམས་ཕྱིས་(དབང་བསྐུར་བའི་)བླ་མར་འགྱུར་ རོ། །གཞན་ནོར་མེད་{པ་[པའི་]སྐལ་བ་དང་ལྡན་པའི་སེམས་ཅན་མི་དགེ་བ་བཅུའི་ལས་ ཀྱི་ལམ་ཡོངས་སུ་སྤངས་པ་རྣམས་ལ་འཇིག་རྟེན་ལས་འདས་པའི་དབང་(བཞི་པ་)སྟེར་བར་ མི་འགྱུར་ཏེ། (སྐལ་ལྡན་)དེ་རྣམས་ལ་ཉོན་མོངས་པ་{སྐྱེད་[བསྐྱེད་]པར་འགྱུར་རོ། །ནོར་གྱི་ དབང་གིས་གདུག་པའི་སེམས་ཅན་[རྣམས་]ལ་རྡོ་རྗེའི་ཚིག་གསལ་བར་སྟོན་པར་འགྱུར་ རོ། །གཞན་ཡང་རྡོ་རྗེའི་ཚིག་མི་ཤེས་པ་རྣམས་(རྣམ་རྟོག་གིས་བརྟགས་ནས་)ཕན་ཚུན་རྩོད་པ་བྱེད་ པར་འགྱུར་རོ། །(སྒྲ་ཚད་ལ་)མཁས་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་རྒྱུད་ཀྱི་དོན་མི་ ཤེས་བཞིན་དུ་(རྣམ་རྟོག་གིས་བརྟགས་ནས་)རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བྱེད་པར་འགྱུར་{ཏེ[རོ། །] བདུད་ཀྱི་ ༡རིགས་༢བླ་མར་༤གྱུར་ནས་༣སེམས་ཅན་རྣམས་༤ལ་རྡོ་རྗེའི་ཚིག་ཕྱིན་ཅི་ལོག་ ཏུ་སྟོན་པར་འགྱུར་རོ། །(ཇི་ལྟར་སྟོན་ན་)སངས་རྒྱས་ཀྱི་ཡེ་ཤེས་ནི་དབང་པོ་གཉིས་ལས་སྐྱེས་ པའི་(འཕོ་བའི་)བདེ་བ་ཡིན་ནོ་ཞེས་(གང་ལ་སྟོན་ན་)བྱིས་པའི་བློ་ཅན་རྣམས་ལ་གསལ་བར་བྱེད་ པར་འགྱུར་རོ། །གསུམ་པ་ཤེས་རབ་ཡེ་ཤེས་ནི་བཞི་པ་སྟེ། དེ་ལྟར་ཡང༌། དེ་བཞིན་ཏེ་ཅེས་ 1-1-46 པའི་སྒྲས་གསུམ་པའི་ཡེ་ཤེས་ལ་བཞི་པར་སྨྲ་བར་འགྱུར་ཏེ། (གསུམ་པ་)རྒྱུ་དང་(བཞི་པ་)འབྲས་ བུ་ཐ་དད་མེད་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །ཞེས་སྨྲར་འོང་སྟེ། (གང་ ཞིག་མངོན་ཤེས་དང་བྲལ་གྱིས་བྱས་པའི་བསྟན་བཅོས་དུ་མའི་རྣམ་རྟོག་ཆོས་ཀྱི་སེམས་ཀྱིས་ནི། །མཁས་པའི་ང་རྒྱལ་ལྡན་པས་ དཔལ་ལྡན་རྡོ་རྗེའི་ཐེག་ཆེན་ལ་ནི་འགྲེལ་ཆེན་བྱེད་པ་རྣམས། །གླང་ཆེན་ལོང་པ་མྱོས་པ་བཞིན་དུ་རྒྱ་ཆེན་འགྲེལ་པ་དེས་ནི་ རང་གི་རྒྱུད་དེ་འཇོམས་པར་བྱེད། །དགྲ་ཡི་སྡེ་རྣམས་རྒྱལ་བར་བྱེད་པའི་ཕྱིར་ན་འདི་ནི་རྟག་ཏུ་བདུད་ཀྱི་གཉེན་གྲོགས་ཉིད་དུ་ གནས། །རྒྱལ་བའི་བདག་པོས་བཀའ་མི་ཤེས་པའི་མཁས་པའི་མངོན་པའི་ང་རྒྱལ་ཅན་ཏེ་རང་བཞིན་རྟག་ཏུ་ལོང་པ་ཡིས། །ཐེག་ པ་མཆོག་གི་རྒྱ་ཆེར་འགྲེལ་བྱེད་ལོང་པས་གཞན་དག་ལོང་པར་བྱེད་དེ་དམྱལ་བར་རབ་ཏུ་འཇུག ། འགྱོད་དེ་སྲོག་ཆགས་གསོད་ པར་བྱེད་པ་ལ་སོགས་མི་དགེའི་ལམ་དང་བུད་མེད་བདེ་འགུགས་སེམས། །དཔལ་ལྡན་ཤེས་རབ་བདེ་འཇོམས་བྱེད་པ་རྡོ་རྗེའི་ ཚིག་མི་ཤེས་པས་ཕྱིར་རོལ་ལོངས་སྤྱོད་གྱིས་ཟིལ་གནོན། །)དེ་བཞིན་དུ་མ་འོང་པའི་དུས་སུ་གདུག་པའི་སློབ་ དཔོན་རྣམས་འཇུག་པར་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཞི་པ་ཤེས་ རབ་ཡེ་ཤེས་ཀྱི་དབང་ནི་རྒྱུད་དང་གཞན་ཐམས་ཅད་དུ་གསལ་བར་མ་མཛད་དོ། །གང་གི་ ཕྱིར་ཞེ་ན། འཕགས་པའི་ཡུལ་དུ་མཁས་པ་མངོན་པའི་ང་རྒྱལ་ཅན་གྱིས་པོ་ཏི་རྣམས་བལྟས་ ནས། དབང་དང་བྲལ་བ་རྣམས་ལ་རྡོ་རྗེའི་ཐེག་པ་སྟོན་པར་འགྱུར་རོ། །(རྒྱུ་མཚན་)དེས་ན་(ཀྱེའི་ རྡོ་རྗེ་ལ་སོགས་པའི་)རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་ལ་ལ་རྣམས་སུ་བཞི་པ་ཤེས་རབ་ཡེ་ཤེས་ ཀྱི་དབང་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་པའི་ལམ་ཤིན་ཏུ་སྦས་ཏེ། (དཔལ་དུས་ འཁོར་ལ་སོགས་པའི་)རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ལ་ལར་ནི་གསལ་ལོ། ། ༈ འདིར་དང་པོ་མཆོག་གི་སངས་རྒྱས་{ཀྱི་[ནི་]རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་དུ་ ཡང་བཞི་པ་ཤེས་རབ་ཡེ་ཤེས་རབ་ཏུ་གསལ་ཏེ། ཕྱག་རྒྱ་ཆེན་པོ་བསྒོམ་པ་དུ་བ་ལ་སོགས་ པའི་ལམ་གསལ་བར་གསུངས་པ་ནི། ཇི་ལྟར་སྔགས་དང་ལྷ་ཉིད་ཕྱིའི་དངོས་གྲུབ་བསྒྲུབ་ པ་དཔའ་བོའི་རིམ་པ་དང༌། བདག་བྱིན་གྱིས་བརླབ་པ་དང་བཅས་པའི་རིམ་པས་འོངས་པ་ 1-1-47 ལྟར། (བླ་མ་)རྡོ་རྗེ་སློབ་དཔོན་(སྙན་)བརྒྱུད་(རྐྱང་)པའི་རིམ་པས་འོངས་པ་མ་ཡིན་ཞེས་བྱའོ། ། འདི་ནི་(རྒྱུད་འགྲེལ་)རྣམ་པར་དག་(ནས་གསུངས་)པའི་རིམ་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་ བར་བྱེད་པ། (རྩ་རྒྱུད་)དང་པོ་མཆོག་གི་སངས་རྒྱས་སུ་{རབ་ཏུ་}གསལ་བར་གླེགས་བམ་དུ་ བྲིས་པ་ནི། ཆུ་བོ་སི་ཏའི་བྱང་ཕྱོགས་སུ་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སེམས་ ཀྱི་མོས་པ་[རྣམས་]མཁྱེན་ནས། བཅོམ་ལྡན་འདས་ཀྱིས་བསྟན་པ་དང༌། ཕྱག་ན་རྡོ་རྗེས་ པོ་ཏིར་བྲིས་སོ། །སེམས་ཅན་གང་ཞིག་རྣམས་ཐེ་ཚོམ་མེད་པར་གྱུར་པས། དེའི་ཕྱིར་མཚན་ ཡང་དག་པར་བརྗོད་པ་སྔགས་ཀྱི་ཐེག་པའི་ཚད་མ(དཔང་པོ)ར་བྱས་པས། སྔགས་ཀྱི་ཐེག་པ་ ཐམས་ཅད་ཀྱི་ངེས་དོན། མཚན་ཡང་དག་པར་བརྗོད་པར་བཅོམ་ལྡན་འདས་ཀྱིས། ཕྱག་ན་ རྡོ་རྗེའི་ཕྱིར་ཡང་དག་པར་བསྟན་ཏོ། ། ༈ དེ་བས་ན་གང་ཞིག་རྣམས་ཀྱིས་དང་པོ་མཆོག་གི་སངས་རྒྱས་(དཔལ་དུས་ཀྱི་འཁོར་ལོ་)མི་ ཤེས་པ་དེ་རྣམས་ཀྱིས་ནི། མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་ དག་པར་བརྗོད་པ་མི་ཤེས་པ་དེ་རྣམས་ཀྱིས་ནི། རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། ། གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེ་རྣམས་ཀྱིས་ནི། སྔགས་ཀྱི་ཐེག་པ་མི་ ཤེས་སོ། །གང་རྣམས་ཀྱིས་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་རྣམས་[ཐམས་ཅད་]འཁོར་བ་པ་ སྟེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་ལམ་དང་བྲལ་བའོ། ། ༈ དེ་ལྟར་ན་དང་པོ་མཆོག་གི་སངས་རྒྱས་ནི། བླ་མ་དམ་པས་བཤད་པར་བྱ་ཞིང༌། སློབ་མ་དམ་པ་ཐར་{པ་[པའི་དོན་]འདོད་པ་རྣམས་ཀྱིས་མཉན་པར་བྱའོ(རྒྱལ་བས་གསུངས་པའི་ ཆོ་གས་དབང་མཆོག་དམ་པ་བླངས་ནས་རྒྱུད་འདི་ཐོས་པ་དང༌། །བསྡུས་པའི་རྒྱུད་རྒྱལ་མཐའ་དག་ཡང་དག་ཡེ་ཤེས་ལམ་གནས་ པའི་རྣལ་འབྱོར་པས། །ང་རྒྱལ་ལོངས་སྤྱོད་དུ་མ་སྤངས་པའི་སེམས་ཀྱིས་བླ་མ་ལ་ནི་དད་པ་ཡིས། །སངས་རྒྱས་ཉིད་ཕྱིར་གཞན་ ལ་ཕན་སྤྱོད་པའི་གཙོ་བོའི་རྒྱ་ཆེར་འགྲེལ་པ་མཉན། །)།། །། 1-1-48 ༈ (མདོར་བསྡུས་བདུན་པའི་དབུ་ན་)ད་ནི་(ཞེས་བྱ་བ་དུས་ལ་བབ་པས་)བཅོམ་ལྡན་འདས་ཀྱི་ལན་གྱི་ གསུང༌། དང་པོ་མཆོག་གི་སངས་རྒྱས་ལས། འཇམ་དཔལ་སྡུད་པར་བྱེད་པ་པོས་ཚིགས་ བཅད་གསུམ་པ་བསྡུས་པ་དེ་ཉིད་གསལ་བར་<དགྲོལ་བ་>བྱ་སྟེ། ཟླ་བ་བཟང་པོ་ཞེས་བྱ་བ་ ལ་སོགས་པ་ལ། ཟླ་བ་བཟང་པོ་ཞེས་བྱ་བ་ནི་བོད་པའོ། །ཀྱེ་ཟླ་བ་བཟང་པོ་བདག་དགེས་དེ། ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་གང་ཞུས་པའི་དུས་ཀྱི་འཁོར་ལོའི་རྣལ་འབྱོར་(དེ་)རབ་མཆོག་ལྷ་ དང་མི་ལ་སོགས་པ་རྣམས་ཀྱིས་མི་ཤེས་པ་གང་ཁྱོད་ཀྱིས་ཞུས་པ་<རྒྱུ་མཚན་>དེས་ན། བདག་ {གི་[ནི་]དེ་ལ་དགེས་ཞེས་བྱ་བའོ། ། ༈ དེ་ལ་རབ་མཆོག་ལྷ་ནི་རྒྱལ་ཆེན་རིགས་བཞིའི་{རིས[རིགས]ཀྱི་ལྷ་ལ་སོགས་པ་ དང༌། འདུ་ཤེས་མེད་པ་དང༌། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་བར་ དུའོ། །མི་རྣམས་(རིགས་བཞི་)ནི་འཁོར་ལོ་སྒྱུར་བ་ལ་སོགས་པ་<ཕྱོགས་སྐྱོང་>རྣམས་སོ། །སྲིན་ པོ་རྣམས་ནི་བདེན་བྲལ་ལ་སོགས་པ་(ཕྱོགས་སྐྱོང་)རྣམས་སོ། །ལྷ་མ་ཡིན་རྣམས་ནི་གཞན་(ལྷ་) ལས་མ་རྒྱལ་བ་(ཐང་བཟང་རིགས་)ལ་སོགས་པ་རྣམས་སོ། །ཀླུ་རྣམས་ནི་མཐའ་ཡས་ལ་སོགས་ པ་(<ཕྱོགས་སྐྱོང་བ་>བརྒྱད་)རྣམས་སོ། །འདོད་ཆགས་དང་བྲལ་བ་རྣམས་ནི་འཕགས་པ་ཀུན་ དགའ་བོ་ལ་སོགས་པ་རྣམས་སོ། །མཆོག་གི་དྲང་སྲོང་རྣམས་ནི་[མེས་སྦྱིན་]ལ་སོགས་པ་ རྣམས་སོ། །རབ་མཆོག་ལྷ་དང་མི་ལ་སོགས་པའི་རིགས་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་ རྣལ་འབྱོར་མྱ་ངན་ལས་འདས་པ་ལ་སོགས་པ་ནས། འཛིན་པའི་མཐར་ཐུག་མི་ཤེས་པས་ཏེ། ༈ གང་གི་དང་པོ་ནི་མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སོ། །འཛིན་པའི་མཐར་ ཐུག་ནི་སའི་བར་ཏེ། (ཡེ་ཤེས་དང་སའི་)དབུས་{སུ་}མ་གསུངས་པའི་ཕྱིར་ནམ་མཁའ་དང༌། རླུང་ དང༌། མེ་དང༌། ཆུའི་ཁམས་རྣམས་ཏེ། ཁམས་འདི་རྣམས་ལ་ནམ་མཁའ་ལ་སོགས་པ་ཁྱབ་ པར་བྱ་བ་(ལྔ་)རྣམས་དང༌། ཁྱབ་པར་བྱེད་པ་ནི་ཡེ་ཤེས་ཀྱི་ཁམས་སོ། །དེ་ལྟར་ཁྱབ་པར་བྱ་ 1-1-49 བ་(ལྔ་)དང་ཁྱབ་པར་བྱེད་པའི་<ཡེ་ཤེས་>འབྲེལ་པ་ནི་རྣལ་འབྱོར་ཞེས་བྱའོ། །དེ་བཞིན་དུ་ བཅོམ་ལྡན་འདས་ཀྱིས་(རྩ་བའི་རྒྱུད་དུ་)བཀའ་སྩལ་པ། ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ ནམ་མཁའི་ཁམས་དང་ནི། །རྣམ་ཤེས་ཁམས་དང་དྲུག་ཅེས་པ། །སྐྱེས་བུ་ཆེན་པོའི་གང་ཟག་ གོ། ཞེས་གསུངས་སོ། ། ༈ ཚིག་གི་གནས་ལྡན་པ་ཞེས་བྱ་བ་ལ། ཚིག་ནི་རྣམ་པ་གཉིས་ཏེ། ཨ་ལི་དང༌། ཀ་ལིའི་ བདག་ཉིད་དོ། །དེ་དག་གི་གནས་ལྡན་ནི་ཚིག་གི་གནས་ལྡན་(ལྔ་)ཏེ། གྲེ་བ་(ནམ་)དང༌། རྐན་ (མེ་)དང༌། སྤྱི་བོ་(རླུང་)དང༌། མཆུ་(ཆུ་)དང༌། སོ(ས)འི་གནས་རྣམས་ནས་བརྗོད་པ་སྟེ། དབྱངས་ དང༌། གསལ་བྱེད་སྣ་ཚོགས་པ་རྣམས་འབྱུང་པ་ཞེས་བྱའོ། །དེ་རྣམས་ཀྱི་གནས་(ལྔ་དང་)ལྡན་ པ་ནི། ངག་[ཏུ་]བརྗོད་པ་སྔགས་ཀྱི་བརྡ་ཞེས་བྱའོ། ། ༈ འདིར་བརྡ་ནི་རྣམ་པ་གཉིས་ཏེ། གཅིག་ནི་སྔགས་ཀྱི་བརྡ་ཅན་དང༌། གཉིས་པ་ནི་དེ་ ཁོ་ན་ཉིད་ཀྱི་བརྡ་ཅན་ནོ། །དེ་ལ་སྔགས་ཀྱི་བརྡ་ཅན་གྱི་ངག་གི་<ཚིག་>བརྗོད་པ་ནི་འཇིག་ རྟེན་པའོ། །དེ་ཁོ་ན་ཉིད་ནི་དོན་དམ་པ་ངག་(ཚིག་)གི་བརྗོད་པ་དང་བྲལ་བའོ། །གང་དུ་ངག་ གི་བརྗོད་པའི་བརྡ་ཅན་དེ་ནི་ༀ་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་མིང་ངོ༌། །གང་དུ་ དེ་བཞིན་ཉིད་ཀྱི་བརྡ་ཅན་ནི། དེ་ལ། ཨ་ཀ་རོ་མུ་ཁཾ་སརྦཱ་དྷརྨྨ་ནཾ་ཨ་ཏྱཱ་ནུད་པན་ན་དྷྭཱ་ཏ་(ཆོས་ ཐམས་ཅད་བྱེད་པ་དང་བྲལ་བའི་སྒོ་ཅན་གདོད་མ་ནས་མ་སྐྱེས་པ་)ཞེས་བྱ[་བ]འོ། །དེ་བཞིན་དུ་(རྒྱུད་ཀྱི་ཤེས་བྱེད་) སྒྱུ་འཕྲུལ་དྲ་བ་སྟོང་ཕྲག་{དྲུག་ཅུ་[བཅུ་དྲུག་]པ་ལས། འདི་ལྟར་སངས་རྒྱས་བཅོམ་འདས། ། རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག ། དོན་ཆེན་ཡི་གེ་ དམ་པ་ཡིན། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་གི་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་ གྱི་རྒྱུའི་མཆོག ། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བཅོམ་ལྡན་འདས་ཀྱིས་གསུངས་ སོ། །ཡང་དེ་ཉིད་ཀྱི་ཏིང་ངེ་འཛིན་[དྲ་བའི་]ལེའུ་ལས། སྐྱེ་གནས་གསང་སྔགས་ཡི་གེ་མེད། 53། གསང་སྔགས་ཆེན་པོ་རིགས་གསུམ་པ། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་ དྲུག ། ཅེས་བྱ་བ་དེ་བཞིན་ཉིད་དོན་དམ་པའི་བརྡ་[ཅན་]ནི། སྔགས་ཀྱི་ཐེག་པར་བཅོམ་ ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་ཁམས་(གཞིག་པར་ མི་ནུས་པས་)གཞོམ་དུ་མེད་པ་ནི་བརྗོད་དུ་མེད་པ་དང༌། (ཚིག་ཏུ་)བརྗོད་དུ་མེད་པ་མ་ཡིན་པའི་ དབྱངས་དང་གསལ་བྱེད་ཀྱི་མཚན་ཉིད་ཅེས་བྱའོ། ། ༈ ནམ་མཁའི་ཁམས་ལ་སོགས་པའི་སྔགས་ཀྱི་བརྡ་ཅན་ངག་གི་བརྗོད་པའི་མཚན་ ཉིད། གྲེ་བ་དང་རྐན་ལ་སོགས་པ་ནས་བརྗོད་པའི་ཆོས་རྣམས་བཅོམ་ལྡན་འདས་ཀྱིས་ གསུངས་པ་སྟེ། (དྲང་དོན་དུ་)འདི་ལྟར། (ནམ་མཁའི་སྡེ་ཚན་)ཨ་ཀུ་ཧ་[བི་ས་ཛྫ་]ྈྐ་རྣམས་གྲེ་བ་ནས་ སོ། །(རླུང་)ཨི་ཙུ་ཡ་ཤ་{ནི་ [རྣམས་]རྐན་ལས་སོ། །(མེ་)རི་ཊུ་ར་ཥ་རྣམས་{ནི་}སྤྱི་བོ་ལས་སོ། ། (ཆུ་)ཨུ་པུ་ ཝ་ ་ྉྤ་རྣམས་ནི་མཆུ་ལས་སོ། །(ས་)ལི་ཏུ་ལ་ས་རྣམས་ནི་སོ་ལས་སོ། །དེ་ལྟར་ན་ (གྲེ་བ་དང་རྐན་ལྟ་བུ་)གནས་གཉིས་(ནས་འབྱུང་པ་བསྡོམ་པ་སྐྱང་ལྟ་བུ་)དང༌། གནས་གསུམ་(བསྡོམ་པ་ཀྲེ་ལྟ་བུ་) དང༌། གནས་བཞི་(བསྡོམ་པ་ཀྲེང་ལྟ་བུ་)དང༌། གནས་ལྔ་(བསྡོམ་པ་ཀྲེམས་ལྟ་བུ་)རྣམས་ལས་འབྱུང་པ་ སྟེ། སྔགས་(རྐྱང་པ་)དང་བརྩེགས་པ(གནས་མང་པོ་ལས་བྱུང་པ)འི་སྔགས་སུ་རིག་པར་བྱ་སྟེ། (དེ་ལྟ་ བུ་)ངག་གི་བརྗོད་པའི་བརྡ་འོ། ། ༈ (ཡི་གེ་)དེ་ཐམས་ཅད་ཀྱང་མིང་གི་ངོ་བོ་སྟེ། མིང་ཅན་རྣམས་ཀྱི་(མཚོན་བྱ་)དངོས་པོ་ རྣམས་(མཚོན་བྱེད་)གོ་བར་བྱེད་པ། འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པར་བྱེད་པའི་ཕྱིར་རོ། ། དེ་ཁོ་ན་ཉིད་ཀྱི་བརྡ་ཅན་ངག་གི་(སྒྲ་)བརྗོད་པ་སྤང་པ་སྟེ། དོན་དམ་པ་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་བསྒྲུབ་པར་བྱེད་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་ གྲུབ་དང་བྲལ་བ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་བསྟན་ཏོ་ཞེས་བྱའོ། ། ལུས་ཀྱི་དབུས་སུ་མ་ལུས་པ་ཞེས་པ་ནི། འདི་ལྟར་ལུས་པོ་ལ་ང་ཡིས་རྣམ་པར་འཆད་པར་ 1-1-50 འགྱུར་བའི་རྣལ་འབྱོར་འདི་ཉིད་མིའི་བདག་པོ་ཤིན་ཏུ་ཉོན་ཅིག དཀྱིལ་འཁོར་དང་ནི་དབང་ དག་ཞེས་བྱ་བ་ནི། (འོག་ནས་)འཆད་པར་འགྱུར་བའི་རིམ་པས། སེམས་ཅན་ཐམས་ཅད་ཀྱི་ སྒྲིབ་པ་མེད་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་རོ། །ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ ལན་(འོག་ནས་)གསུང་པ་(རྣམས་)བསྡུས་པ་མདོར་བསྟན་པའོ། ། ༈ ད་ནི་བཅོམ་ལྡན་འདས་ཀྱིས་(རྩ་རྒྱུད་)དང་པོ་མཆོག་གི་སངས་རྒྱས་ལས<གསུངས་ པ>། འཇམ་དཔལ་ཡང་དག་པར་སྡུད་པར་བྱེད་པ་པོས་(བསྡུས་རྒྱུད་དུ་)འཇིག་རྟེན་གྱི་ཁམས་ བསྡུས་པའི་ཚིགས་སུ་བཅད་པ་བཞི་པ་བསྟན་པ་གསལ་བར་(དགྲོལ་བར་)བྱ་སྟེ། དུས་ཀྱི་སྟོང་ པ་རྣམས་{ལ་[ལས་]ཞེས་བྱ་བ་ལ་སོགས་པས། སྔགས་ཀྱི་(ཐེག་པའི་)ལུགས་འདི་ལ་བཅོམ་ ལྡན་འདས་ཀྱིས་(མཚན་བརྗོད་དུ་)གསུངས་པའི། ཐེག་པ་(ཆུང་འབྲིང་ཆེ་)གསུམ་གྱི་ངེས་འབྱུང་ལ། ། (སྔགས་ཀྱི་)ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་སྔགས་པ་ནི། གང་ཡང་(ཐེག་པ་ གསུམ་དང་པོར་མ་བསླབས་པས་)ཐེག་པ་གསུམ་གྱི་དགོངས་པ(འི་དོན་)མི་ཤེས་པ་དེས་ནི། ཐམས་ཅད་ མཁྱེན་པའི་ལམ་འཇིག་པར་འགྱུར་ཏེ། སྔགས་ཀྱི་ཐེག་པར་(གསུངས་པའི་)ལྡེམ་པོར་དགོངས་ པའི་སྐད་གཞན་མི་ཤེས་པས་སོ། །(ལྡེམ་དགོངས་གང་ན་ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ་ཞེས་པ་)སྲོག་ གཅོད་པ་ལ་སོགས་པས། (ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་ཞེས་པ་ཕྱི་པ་)མུ་སྟེགས་ཀྱི་བསྟི་གནས་དང༌། (ནང་པ་སངས་རྒྱས་པའི་)ལྷ་ཁང་གི་རྫས་ལ་ཉེ་བར་ལོངས་སྤྱོད་པར་བྱེད་པ་དང༌། (ལྟ་ལོག་)རྟག་པ་ དང་ཆད་པའི་ཕྱོགས་འཛིན་པ་དང༌། ཕྱི་རོལ་གྱི་ཡུལ་གྱི་ཉེ་བར་ལོངས་སྤྱོད་ལ་(ཐབས་ཀྱིས་མ་ ཟིན་པར་)ཆགས་པས་(ལོངས་སྤྱད་པ་ལ་སོགས་པས་)དམྱལ་བར་འགྲོ་སྟེ། (དེ་རྒྱུ་གང་ལས་བྱུང་ན་)སློབ་ དཔོན་གྱིས་(ལྡེམ་དགོངས་)ལོག་པར་བསྟན་པས་(སློབ་མས་སྒྲ་ཇི་བཞིན་པར་བཟུང་ནས་)དཀོན་མཆོག་ གསུམ་(ལ་ཅོ་བྲིས་ཏེ་)སྨ་ཕབ་(པ་དང་འདྲ་བར་ཕྱིན་ཅི་ལོག་ཏུ་སྤྱད་)པའི་ཕྱིར་རོ། ། ༈ འདིར་རྒན་པ་ནི་རྣམ་པ་བཞི་སྟེ། (ནོར་གྱིས་རྒན་པ་ལ་)འཇིག་རྟེན་འདི་དང༌། (མངོན་ཤེས་ 1-1-51 དཀའ་ཐུབ་ཐོས་རྒན་གསུམ་པོ་ལ་)འཇིག་རྟེན་ཕྱི་མའི་དོན་དུ་སེམས་ཅན་རྣམས་ཀྱིས་གུས་(པས་བསྟེན་)པར་བྱའོ། །(བཞི་ པོ་)འདི་རྣམས་ལས་ཡེ་ཤེས་ཀྱིས་རྒན་པ་ནི་(གང་ན་)མངོན་པར་ཤེས་པ་ལྔ་ཐོབ་པ་དང༌། རབ་ ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པ་ནི་རྡོ་རྗེ་སློབ་དཔོན་དགེ་སློང་ངམ། ཁྱིམ་པ་ཡང་རུང༌། མཆོད་པར་བྱ[བ་]སྟེ། (ས་ཐོབ་པའི་རྡོ་རྗེ་སློབ་དཔོན་དགེ་སློང་དང་ཁྱིམ་པ་ཡང་)དགེ་སློང་བཅུ་དང་མཉམ་ པར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །(ས་ཐོབ་པ་)དེ་མེད་ན་ནི་དཀའ་ཐུབ་ཀྱིས་རྒན་པ་ ཆོས་གོས་(ངུར་སྨྲིག་)འཛིན་པ་སྟེ། ཆོས་གོས་(ངུར་སྨྲིག་)འཛིན་པ་ནི་(བསླབ་པའི་)ལོ་ཡིས་(རྒན་པས་) མཆོག་ཏུ་བྱས་པ་(ཀོའུ་དེ་ན་ཡ་ལྟ་བུ་)དང༌། སྔགས་པ་རྣམས་ནི་དབང་(གི་བྱེ་བྲག་)གིས་(རྒན་པས་) སོ། །དེ་ལ་ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ནི་ཐམས་ཅད་དུ་ཕྱག་བྱ་སྟེ། (ཅི་སྟེ་ཞེ་ན་)དཀའ་ ཐུབ་ཀྱིས་རྒན་པའི་ཕྱིར་དང༌། ཁྱིམ་པ་(ཁམས་ལ་རང་དབང་མ་ཐོབ་པ་)རྣམས་ལ་མངོན་པར་ཤེས་ པ་མེད་པའི་ཕྱིར་རོ། །ཐོས་པས་རྒན་པའི་མཁས་པ་བསྟན་པ་(བསླབ་པ་གསུམ་)གསལ་བར་བྱེད་ པ། ཕ་རོལ་(རྒོལ་བ་)སྨྲ་བའི་བདུད་ཀྱི་རིས་འདུལ་བར་བྱེད་པ་ནི་(སེམས་ཅན་རྣམས་ཀྱིས་)མཆོད་ པར་བྱའོ། །(རྒན་པ་གསུམ་པོ་)འདི་རྣམས་འཇིག་རྟེན་ཕྱི་མའི་དོན་དུ་འབད་པས་སེམས་ཅན་ རྣམས་ཀྱིས་གུས་(པས་བསྟེན་)པར་བྱའོ། །ནོར་གྱིས་རྒན་པ་ནི་(གང་ན་)རྒྱལ་པོ་སྟེ། འཇིག་རྟེན་ འདིའི་ལོངས་སྤྱོད་(འདོད་ཅིང་)དོན་དུ་གཉེར་བ་རྣམས་ཀྱིས་གུས་<པས་བསྟེན་>པར་བྱའོ། །དེ་ ལྟར་རྒན་པ་བཞི་ལ་སེམས་ཅན་རྣམས་ཀྱིས་གུས་<པས་བསྟེན་>པར་བྱའོ། །ཞེས་པའོ། །(རྒྱུ་ མཚན་)དེ་ལྟ་བས་ན་ཐེག་པ་(ཆུང་འབྲིང་ཆེ་)གསུམ་ཤེས་པ་ནི་(དེ་གསུམ་གྱི་སྡོམ་པ་ལ་གནས་པས་)དཀའ་ ཐུབ་ཀྱིས་རྒན་པའོ། །ཁྱིམ་པ་ནི་ཉན་ཐོས་ཀྱི་ཐེག་པའི་སོ་སོར་ཐར་པའི་སྡོམ་པ་ཉན་པ་ལ་ མི་དབང་སྟེ། (སོ་སོར་ཐར་པའི་)དཀའ་ཐུབ་(དང་ལྡན་པ་)མ་ཡིན་པའི་བར་དུའོ། །(རྒྱུ་མཚན་)དེ་ལྟ་ བས་ན་ཁྱིམ་ན་གནས་པ་ནི་(ཁམས་ལ་རང་དབང་ཐོབ་པས་)མངོན་པར་ཤེས་པ་ཐོབ་པ་<ཆོས་འཕགས་ ལྟ་བུ་>ལས་མ་རྟོགས་པར། རྒན་པོར་མི་འགྱུར་(མངོན་ཤེས་མ་ཐོབ་པས་ཡེ་ཤེས་ཀྱིས་རྒན་པ་མེད། རབ་ 1-1-52 ཏུ་མ་བྱུང་པས་དཀའ་ཐུབ་ཀྱིས་རྒན་པ་མེད། འདུལ་བ་མ་ཐོབ་པས་ཐོས་པས་རྒན་པ་མེད། རྒྱལ་པོ་མིན་པས་ནོར་གྱིས་རྒན་པ་ མེད་པས་སོ། །)རོ། །ཁྱིམ་ན་གནས་པ་དཀའ་ཐུབ་དང་བྲལ་བ་རྣམས་ནི་(མུ་སྟེགས་ཀྱི་)བསྟི་གནས་ དང༌། (སངས་རྒྱས་པའི་)ལྷ་ཁང་དུ་ཉེ་བར་ལོངས་སྤྱོད་{པར་[པ]ནི་ཐེག་པ་(གསུམ་པོ་)གང་དུ་ཡང་ བཅོམ་ལྡན་འདས་ཀྱིས་མ་གསུངས་སོ་ཞེས་པའོ། ། ༈ (རྒྱུ་མཚན་)དེ་ལྟ་བས་ན་(སྔགས་པས་ཀྱང་)ཐེག་པ་གསུམ་ཡོངས་སུ་ཤེས་པར་བྱ་བའི་ ཕྱིར། <བྱེ་བྲག་ཏུ་སྨྲ་བ་ལ་སྐྱེ་བའི་ཆ་ཤས་ལ་འཇིག་པའི་སེམས་རབ་ཏུ་གསལ་བར་བྱེད་པའི་གཞུང་དང༌། མདོ་སྡེ་པ་ལ་དོན་ རབ་ཏུ་གསལ་བར་བྱེད་པའི་གཞུང་དང༌། རྣལ་འབྱོར་སྤྱོད་པ་བ་ལ་རྣམ་པར་ཤེས་པ་ཙམ་རབ་ཏུ་གསལ་བར་བྱེད་པའི་གཞུང་ དང༌། དབུ་མ་པ་ལ་དོན་དམ་པའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་གཞུང་བསྟན་ཏོ། །དེ་ཡང་གདུལ་བྱ་སེམས་ཅན་གྱི་ བསམ་པའི་དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སྐལ་བ་རིང་བ་དང༌། ཉེ་བར་གྱུར་པའི་ཕྱིར་རོ། །ཞེས་གསུངས་ སོ། །> (རྒྱུད་འདིར་) དང་པོར་བྱེ་བྲག་ཏུ་སྨྲ་བའི་གཞུང་(དང་ནང་བཅུད་ཀྱི་རྒྱུ་མཚན་གྱིས་ཕྱི་སྣོད་གྲུབ་ཚུལ་) ལ་བརྟེན་ནས། རྡུལ་ཕྲ་རབ་འདུས་པའི་བདག་ཉིད་(སྣོད་)ཀྱི་འཇིག་རྟེན་གྱི་ཁམས་ཡོད་དོ། ། དེ་བཞིན་དུ་(བཅུད་སེམས་ཅན་)གང་ཟག་(གི་བདག་)ཡོད་དེ། ཁུར་ཁུར་བ་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་<སྨྲ་>པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་ལས་འཇིག་རྟེན་གྱི་ ཁམས་སྐྱེ་༼ཀ༽བ་དང་༼ཁ༽འགག་པར་རིག་པར་བྱ་སྟེ། ༼ཀ༽ཆགས་པ་དང་༼ཁ༽འཇིག་པའི་ དུས་ཀྱིས་ཞེས་བྱའོ། །དེས་ན་འཇིག་པ་ལས་སྐྱེ་བའི་དུས་ཀྱི་དབང་གིས་སོ། །སྟོང་པ་རྣམས་ ལས་ཞེས་བྱ་བ་ནི་འཇིག་[རྟེན་]པའི་ཐ་སྙད་ཀྱིས་(འཛིན་བྱེད་)མིག་ལ་སོགས་པའི་དབང་པོའི་ སྤྱོད་ཡུལ་དུ་མ་གྱུར་པ་(གང་ན་)རྡུལ་ཕྲ་རབ་ཀྱི་ངོ་བོ་རྣམས་(མི་མཐོང་པར་)གནས་པ་སྟེ། ༡ས་དང་ ༢ཆུ་དང་༣མེ་༤རླུང་རོའི་(ནམ་མཁའ་)༥རྫས་རྣམས། ༡ལྔ་<ས་ལ་>དང༌། ༢བཞི་<ཆུ་ལ་>དང༌། ༣གསུམ་<མེ་ལ་>དང༌། ༤གཉིས་<རླུང་ལ་>དང༌། ༥གཅིག་གི་ཡོན་ཏན་གྱི་རང་བཞིན་ནོ། ། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ནི་(ལྔ་པོ་)ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །ཞེས་པ་སྟེ། 1-1-53 སྟོང་པའོ། །(མིག་གིས་མཐོང་པས་སྟོང་པ་)རྡུལ་ཕྲ་རབ་དེ་རྣམས་ལས་སྐྱེས་པའི་དབང་གིས་རླུང་སྟེ། (ཇི་ལྟར་སྐྱེ་ན་)རྡུལ་ཕྲ་རབ་དེ་རྣམས་ཀྱི་ནང་དུ་དང་པོར་རེ་ཞིག་རླུང་གི་རྡུལ་ཕྲ་རབ་རྣམས་(ཕན་ ཚུན་)གཅིག་ལ་གཅིག་འབྱར་བར་འགྱུར་རོ། །(རྒྱུ་མཚན་)དེས་ན་ཀུན་ཏུ་སྦྱོར་བ་དང༌། ཡང་བ་ དང་བསྐྱོད་པ་དང༌། འགྲོ་བས་རླུང་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་མེའི་རྡུལ་ཕྲ་རབ་ རྣམས་(གཅིག་ལ་གཅིག་ཕན་ཚུན་)འབྱར་བ་ལས་རླུང་དང་ཡང་དག་པར་ལྡན་པ་ནི་ཀློག་སྟེ་(དེ་ཉིད་ལ་) མེ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ཆུའི་རྡུལ་ཕྲ་རབ་རྣམས་(གཅིག་ལ་གཅིག་ཕན་ཚུན་)འབྱར་ བ་ལས་ནི་རླུང་དང་མེ་[དང་]ཡང་དག་པར་ལྡན་པ་རྣམས་ནི་ཆར་པ་སྟེ་<དེ་ཉིད་ལ་>ཆུ་ཞེས་ བརྗོད་པར་བྱའོ། །དེ་བཞིན་དུ་སའི་རྡུལ་ཕྲ་རབ་རྣམས་འབྱར་བ་ལས་[ནི་]དབང་པོའི་གཞུ་ འཇའ་ཚོན་ཏེ། (དེ་ཉིད་ལ་)ནམ་མཁར་མཐོང་པ་ས(འི་)ཞེས་བརྗོད་པར་བྱའོ། །རོ(ནམ་མཁ)འི་ རྡུལ་ཕྲ་རབ་ནི་(བཞི་པོ་)ཐམས་ཅད་དུ་ཁྱབ་པར་བྱེད་པའོ། །དེ་ལྟར་ན་རླུང་དང་མེ་དང་ཆུ་དང་ ས་རྣམས་སྟོང་པ་ལྔ་(པ་ནམ་མཁའ་)ལས་འབྱུང་སྟེ། ཀུན་རྫོབ་འཛིན་པ་དང༌། སྲུབ་པ་དང༌། དབྱིབས་རྣམས་(གང་གིས་བྱས་ནས་)རླུང་གི་སྟོབས་ཀྱིས་སོ། །(གང་རྣམས་བྱས་ན་དང་པོ་)གླིང་རྣམས་ དང༌། (གཉིས་པ་)རི་རྣམས་དང༌། (ཐ་མ་)རྒྱ་མཚོ་རྣམས་ཏེ། གླིང་རྣམས་ནི་(རིམ་པ་)བདུན་ནོ། །རི་ རྣམས་ནི་(རིམ་པ་)བདུན་ནོ། །རྒྱ་མཚོ་རྣམས་ནི་(རིམ་པ་)བདུན་ནོ། །(དེ་བཞིན་དུ་)རྒྱུ་སྐར་[རྣམས་] དང༌། ཉི་མ་དང༌། ཟླ་བ་དང༌། སྐར་མ་དང༌། གཟའི་ཚོགས་དང༌། དྲང་སྲོང་ཞེས་བྱ་བ་ལ། རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་ཏེ། དེ་དང་འབྲེལ་པ་མཐའ་ཡས་[པ་]རྣམས་སོ། །ཉི་མ་དང་ཟླ་བ་ ནི་(དབྱིབས་དཀྱིལ་འཁོར་)ཟླུམ་པོའི་རྣམ་པའོ། །སྐར་མ་རྣམས་དང་གཟའི་ཚོགས་ཀྱང་དེ་བཞིན་ དུ་བཀྲ་ཤིས་ཏེ་མིག་དམར་ལ་སོགས་པ་ཡང་སྐར་མའི་རྣམ་པའོ། །དྲང་སྲོང་བདུན་ཡང་སྐར་ མ(སྨེ་བདུན)འོ། །ལྷ་དང་འབྱུང་པོ་རྣམས་དང་ཞེས་བྱ་བ་ལ། ལྷ་རྣམས་ནི་རྒྱལ་ཆེན་རིགས་བཞི་ ལ་སོགས་(པ་ཁམས་གསུམ་)པའོ། །འབྱུང་པོ་རྣམས་ནི་གཞན་ལས་མ་རྒྱལ་བའི་ཡིད་བཏགས་ལ་ 1-1-54 སོགས་པའོ། །ཀླུ་རྣམས་ནི་མཐའ་ཡས་(དང་དགའ་འོ་)ལ་སོགས་པའོ། །བྱོལ་སོང་སྐྱེ་གནས་རྣམ་ པ་བཞི་སྟེ། སྒོང་ང་ལས་{སྐྱེས་པ་[སྐྱེ་བ་]ནི་ནམ་མཁའ་ལྡིང་(བྱ་ཁྱུང་)ལ་སོགས་པ་སྟེ། རླུང་གི་ སྐྱེ་གནས་ལས་(སྐྱེས་པས་)སོ། །མངལ་ནས་{སྐྱེས་པ་[སྐྱེ་བ་]ནི་གླང་པོ་ཆེ<ཆེན་པོ>འི་དབང་པོ་ ལ་སོགས་པ་སྟེ། མེའི་སྐྱེ་གནས་ལས་(སྐྱེས་པས་)སོ། དྲོད་གཤེར་ལས་སྐྱེ་བ་ནི་སྲིན་བུ་རིང་པོ་ དང༌། ཕྱེ་མ་ལེབ་ལ་སོགས་པའི་སྲིན་བུ་སྟེ། ཆུའི་སྐྱེ་གནས་ལས་(སྐྱེས་པས་)སོ། །བརྫུས་ཏེ་ སྐྱེ་བ་ནི་ཤིག་ལ་སོགས་པ་སྟེ། སའི་སྐྱེ་གནས་ལས་<སྐྱེས་>ཞེས་བྱའོ། །དེ་བཞིན་དུ་བརྫུས་ ཏེ་སྐྱེ་བ་ཆེན་པོ་(སྤྲུལ་པའི་སྐུ་)ནི་རོ(ནམ་མཁ)འི་སྐྱེ་གནས་ལས་(སྐྱེས་)ཞེས་བྱའོ། །སྣ་ཚོགས་ས་ དང་ས་འོག་ཞེས་བྱ་བ་ནི་ལུང་གི་ཚིག་སྟེ། <གང་ན་>རྣམ་པ་སྣ་ཚོགས་པ་ཞེས་བྱ་བ་ནི་<གང་ན་> རྣམ་པ་{ནི}རྣམ་པ་སྣ་ཚོགས་པའི་ས་སྟེ། གླིང་(རིམ་པ་)བདུན་གྱི་རང་བཞིན་དང༌། (ཕྱིའི་གཅིག་ ལ་ཡང་)དུམ་བུ་བཅུ་གཉིས་ཀྱི་རང་བཞིན་ནོ། །དེའི་འོག་ཏུ་[ནི་]རྣམ་པ་སྣ་ཚོགས་པའི་ས་འོག་ སྟེ། (གང་གནས་ན་)ཀླུའི་གནས་དང༌། དམྱལ་བ་བདུན་གྱི་གནས་སོ། །དེར་རྣམ་པ་སྣ་ཚོགས་ པའི་ས་(གླིང་དུམ་བུ་བཅུ་གཉིས་)ལ་མི་དང༌། (ས་)འོག་ཏུ་ནི་དམྱལ་བའོ། །དང་ཡིག་ནི་(དུད་འགྲོ་དང་ཡི་ དགས་)སྡུད་པར་བྱེད་པའི་(ལུང་གི་)ཚིག་གོ། ༈ ཆུ་ལས་ཚ་འབྱུང་བཞིན་དུ་སྒོང་བ་ལས་ཀྱང་ཡིན་ཏེ་སྟོང་པ་ལས་ནི་འབྱུང་བ་ཉིད་ རྣམས་སྐྱེད། ཅེས་བྱ་བ་{ལ}། འདིར་བརྟན་པ་རྣམས་སྐྱེ་བའི་དཔེ་(ལན་)ཚ(ཆགས་པ་ལྟ་བུ)འོ། ། (གཡོ་བ་)སྐྱེ་འགྲོ་རྣམས་སྐྱེ་བའི་དཔེ་སྒོང་བ(ལྟ་བུ)འོ། །ཀྱང་ཡིག་ནི་སྡུད་པར་བྱེད་པའོ། །(དཔེར་ ན་)ཉི་མ་དང་ཕྲད་པ(འི་འོད་ཀྱིས་གདུངས་པ་)ལས་ཚ་སྟེ། ཆུའི་རྡུལ་ཕྲ་རབ་རྣམས་(ཉི་མས་གདུངས་ པས་)སྲ་བ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་(མེ་ཆུ་ཕྲད་པ་ལས་)རི་རབ་ལྷུན་པོ་ལ་སོགས་པ་བརྟན་ པ་(རྣམས་ཆགས་པ་)ཞེས་བྱའོ། །དཔེར་ན་(གཡོ་བ་རྣམས་)ཁུ་བའི་རྡུལ་ཕྲ་རབ་(བྱའི་)སྒོང་བའི་ནང་ དུ་ལུས་དང་གདོང་པ་དང་ཡན་ལག་དང་ཉིན་ལག་ཉིད་དུ་འགྲོ་བ(ར་འགྱུར་བ)འོ། །དེ་བཞིན་ 1-1-55 དུ་(གཡོ་བའི་)སྐྱེ་འགྲོ་སེམས་ཅན་རྣམས་(ཀྱང་)རིག་པར་བྱའོ། །འདིར་འཇིག་རྟེན་གྱི་ཁམས་ བསྡུས་པ་སྟེ། འཇིག་རྟེན་གྱི་ཁམས་རྒྱས་པར་{སྐྱེས་པ་[སྐྱེ་བ་](སྟེ་ཆགས་པ་)ནི་ལེའུ་ལྔ་པ་ལས་ བཤད་པར་བྱའོ།། །། ༈ ད་ནི་འཇམ་དཔལ་{གྱིས་[གྱི་]སྔར་གྱི་(རྒྱུད་དུ་)རིམ་པས་བསྟན་པ་རྡོ་རྗེའི་སྐུ་བསྡུས་ པའི་ཚིགས་སུ་བཅད་པ་ལྔ་པ་གསལ་བར་བྱ[འོ་ཟེར་སྟེ། ] སྐུ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ ཞེས་བྱ་བ་ནི་(གང་ན་)ཟླ་བ་སྒྲིབ་པ་དང་བྲལ་བའོ། །ཡེ་ཤེས་ཞེས་བྱ་བ་ནི་(གང་ན་)ཉི་མ་སྒྲིབ་པ་ དང་བྲལ་བའོ། །ནམ་མཁའ་ཞེས་བྱ་བ་ནི་(གང་ན་)ནམ་མཁའི་ཁམས་(ཏེ་རྣམ་ཤེས་)སྒྲིབ་པ་དང་ བྲལ་བ་སྟེ། དེ་ལྟར་རླུང་གི་ཁམས་དང༌། མེའི་ཁམས་དང༌། ཆུའི་ཁམས་དང་སའི་ཁམས་དང༌། བརྟན་པ་ཞེས་བྱ་བ་(ནམ་རླུང་མེ་ཆུ་ས་)ལྔའི་བདག་ཉིད་ཅན་བརྟན་པའི་ཁམས་(སྣོད་)སྒྲིབ་པ་དང་ བྲལ་བའོ། །(གཡོ་བ་)སྐྱེ་འགྲོ་ཞེས་བྱ་བ་ནི་ཁམས་དྲུག་གི་བདག་ཉིད་ཅན་གང་ཟག་གི་ཁམས་ (བཅུད་)སྒྲིབ་པ་དང་བྲལ་བའོ། །མི་མཐོང་པའི་ལྷ་ཉིད་སྐྱེ་བ་རྣམས་ཞེས་བྱ་བ་ལ། དེ་མཐོང་ པའི་ལྷ་རྣམས་སུ་ཡང་སྐྱེ་བ་(ཡང་)དེ་(ཡིན་)ལ་མི་མཐོང་པའི་ལྷ་ཉིད་སྐྱེ་བ་རྣམས་ཏེ། གཟུགས་ མེད་པའི་སྲིད་པར་(སྐྱེ་བ་)ནི་རྣམ་པར་ཤེས་པའི་ང་རྒྱལ་འཛིན་པ་ཙམ་སྟེ། ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ལ་སོགས་པ་བཞིའོ། །དེ་ལྟར་ན་སྐུ་ལ་སོགས་པ་ནི་གནས་(ནི་)རྣམ་པ་བཅུ་(རུ་) ཡེ་ཤེས་རྡོ་རྗེའི་རྟེན་དུ་བརྗོད་{དེ[པ་སྟེ]། རྡོ་རྗེའི་སྐུ་ཡང་དག་པར་འབྱུང་བ་སྔགས་ཀྱི་སྐྱེ་ གནས་སུ་ཐིག་ལེ་ལ་སོགས་པ་ཡིན་ཏེ། མིའི་བདག་པོ་[ཀྱེ་]ཞེས་{བྱ་བ་[པ་]ནི་བོད་པའོ། ། ༈ འདིར་སྔགས་ཀྱི་སྐྱེ་གནས་ལ་ཟླ་བ་[ལ་]ཐིག་ལེ་(༠)དང༌། ཉི་མ་(ལ་)ཚེག་དྲག་(ཿ) དང༌། (སྒྲ་གཅན་)ནམ་མཁའི་ཁམས་ལས་ཨ་དང༌། རླུང་གི་ཁམས་ལས་ཨི་དང༌། མེའི་ཁམས་ ལས་རི་དང༌། ཆུའི་ཁམས་[ལས་]ཨུ་དང༌། སའི་ཁམས་ལས་ལི་དང༌། བརྟན་པའི་ཁམས་(རི་ རབ་)ལས་གསལ་བྱེད་མ་དང༌། སྐྱེ་འགྲོའི་ཁམས་(འདོད་པ་དང་གཟུགས་ཁམས་)ལས་གསལ་བྱེད་ཀྵ་ 1-1-56 དང༌། གཟུགས་མེད་པ<བཞི>འི་ཁམས་ལས་གསལ་བྱེད་ཧའོ། །དེ་ལྟར་སྔགས་ཀྱི་ཚིག་འདི་ རྣམས་[ནི་](འགོད་དུས་སུ་)གཡོན་སྐོར་གྱིས་གཞག་(འཆད་དུས་སུ་མས་རིམ་གྱིས་བཤད་)པར་བྱའོཀ། དེ་གནས་(ས་བོན་རིམ་པར་རྩེག་ཙ་ན་){སྔགས་ཀྱི་[སྔར་གྱི་] གསལ་བྱེད་(མ་ཀྵ་ཧ་གསུམ་)ཕྱིས་ཀྱི་ གསལ་བྱེད་(ཡ་ར་ཝ་ལ་བཞི་པོ་དག་)ཀྱི་གོང་དུ་(རིམ་པར་)འགྲོ་བ་སྟེ། (དེ་ཡང་)ཁལི་ཡིག་ལ་སོགས་ པ་རྣམས། ཨི་(རི་ཨུ་ལི་)ཀོ་ཡ་(ར་ཝ་ལ་)ན་ཙ་ཞེས་བྱ་བས། ཡ་ན་དྷེ་ཤ་(སྟེ་རྐྱེན་གྱིས་བསྒྱུར་བའི་ཡི་གེ་བཞི་ ལས་ཨི་ཨ་)ཨ་ཡིག་ཕྱི་མས་ཡང་དག་པར་སྦྱར་(བས་ཡ་དང༌། རི་དང་ཨས་ར། ཨུ་དང་ཨས་ཝ། ལི་དང་ཨས་ལར་ འགྱུར་)རོ། །ཚེག་དྲག་(ཿ)ནི་ཟླ་བ་ཕྱེད་པའི་(☾)རྣམ་པའོ། །ཐིག་ལེ་ནི་ཟླུམ་{པོའི་(○)རྣམ་པ་ [པོ་]སྟེ། ཡེ་ཤེས་(ཨ་ནི་)རེ་གའི་རྣམ་པའོ། །སྔགས་ཀྱི་སྐྱེ་གནས་(ཨ་དང་ཨི་ལས་ཨེ། ཨ་དང་རི་ལས་ ཨར། ཨ་དང་ཨུ་ལས་ཨོ། ཨ་དང་ཨི་ལས་ཨལ་ཏེ་)ཡོན་ཏན་དང༌། འཕེལ་བ་(ཨཱ་དང་ཨི་ལས་ཨཱེ་)ལ་སོགས་ པའི་སྔགས་རྣམས་འདི་ལྟ་(བུར་ཤེས་པར་བྱ་)སྟེ། ཧ་ཀྵ་མ་ལེ་ཨུ་{རེ་[རི་]ཨི་ཨ(ཨ)ཿ (བྂ་)(ཨ་)སྟེ། ཧྐྵྨླྺྼྻྂ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཀྱི་ལུས་ཏེ། རྡོ་རྗེའི་སྐུའོ། ། ༈ (འཆགས་པའི་དུས་སུ་)ནམ་མཁའི་ཁམས་སུ་ཡ་ཡིག་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་ དུ་ར་ཡིག་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཝ་ཡིག་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་ དུ་ལ་ཡིག་ལས་སའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་མ་ཡིག་ལས་རི་རབ་ལྷུན་པོ་(རྩེ་མོ་)ལྔའི་ རྣམ་པའོ། །དེའི་སྟེང་དུ་ཀྵ་ཡིག་ལས་པད་མའི་རྣམ་པར་བསྟན་པ་(འདོད་པ་དང་གཟུགས་ཁམས་) སྐྱེ་འགྲོའི་ལུས་སོ། །དེའི་སྟེང་དུ་ཧ་ཡིག་ལས་གཟུགས་མེད་པ(བཞི)འི་ལུས་སོ། །ཚེག་དྲག་ (ཿ)ནི་ཉི་མའོ། །ཐིག་ལེ་(༠)ནི་ཟླ་བའོ། །སྒྲ་ཙམ་(ཨ་དྷ་)ལས་རྡོ་རྗེ་རྩེ་གཅིག་པའི་མཚན་མ(སྒྲ་ གཅན)འོ། །དེ་ལྟར་(ཁམས་དྲུག་)རྡོ་རྗེའི་སྐུ་(ཕྱིར་)འཇིག་རྟེན་གྱི་ཁམས་(གཞན་དུ་)དཀྱིལ་འཁོར་གྱི་ རྣམ་པ་འཆད་པར་འགྱུར་བ(ནང་ལེ་དབང་ལེ་བསྒྲུབ་ལེ)ར་བརྗོད་པར་བྱའོ། །དེ་ལྟར་ཡང་དག་པར་ འབྱུང་བ་ནི་སྔགས་ཀྱི་སྐྱེ་གནས་སུའོ། །{དེ་[འདི་]ཉིད་སླར་ལོག་པ་ལས་(ཏེ་དང་པོ་སྒྲ་གཅན་དེ་ 1-1-57 ནས་ཟླ་བ་དེ་ནས་ཉི་མ་)འཇིག་སྟེ་ཞེས་བྱ་བ་ལ། ཡང་སྡུད་པའི་དུས་སུ་འཇིག་པ་ནི་(རིམ་པར་)ཐིམ་ པ་སྟེ། འདི་ཉིད་དུ་(མི་བདག་ཀྱེ་)ཞེས་{བྱ[པ]འོ། ། ༈ དེ་ལྟར་གང་གིས་ཡང་དག་པར་རིག་པ་ཞེས་བྱ་བ་ལ། དེ་ལྟར་(རྣམ་བཅུ་དབང་ལྡན་ཆེ་བ་པོ་ ཕྱི་ནང་གཞན་གསུམ་དུ་)གསུངས་པའི་རིམ་པ་འདིས། (གང་ཟག་)གང་གིས་ཅུང་ཟད་རིག་པ་དེ་(མ་རིག་ པའི་)སྒྲིབ་པ་དང་བྲལ་བས་(དེ་ཉིད་)རྡོ་རྗེའི་སྐུ་ལ། (དེ་ལྟར་རིག་པ་)དེ་ནི་ཕྱུགས་མ་ཡིན་ཏེ་ཞེས་བྱ་ བ་ལ། (གང་ན་)ཕྱུགས་ནི་མི་ཤེས་པའོ། །སེམས་ཀྱི་རྣམ་རྟོག་གྲོལ་བའོ། །ཞེས་བྱ་བ་ལ། (གང་ ན་)རྣམ་པར་རྟོག་པ་ནི་དཀྱིལ་འཁོར་གྱི་[རྣམ་པར་]རྟོག་པའི་ཆོས་ཏེ། (དེ་)གྲོལ་བ་ནི་སེམས་ ཀྱི་རྣམ་རྟོག་གྲོལ་བའོ། །འདིའི་རྣམ་{པ་[པར་]བཅུའི་མདོར་བསྟན་པ་ནི། མཚན་ཡང་དག་ པར་བརྗོད་པའི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། འདི་ལྟ་སྟེ། རྣམ་པ་བཅུ་པོ་དོན་བཅུའི་དོན། །(སྐུ་གསུང་ཐུགས་)ཐུབ་(པའི་)དབང་(པོ་)སྟོབས་བཅུ་(དང་ལྡན་པ་ ཀུན་ལ་)ཁྱབ་པའི་བདག(པོས)། །(སེམས་ཅན་)ཀུན་གྱི་དོན་ནི་མ་ལུས་བྱེད། །(བྱེད་པ་པོ་གང་ན་)རྣམ་ (པ་)བཅུ(འི་དོན་)དབང་(དང་)ལྡན་(པའི་)ཆེ་བ་པོ(ཐོབ་པས་བྱའོ)། །ཐོག་མ་མེད་པ(འི་ལྷན་ཅིག་སྐྱེས་པ་) སྤྲོས་(པ་)མེད་(པའི་)བདག(པོ)། །(མིང་གི་རྣམ་གྲངས་)དེ་བཞིན་ཉིད་བདག་ཡང་དག་བདག། (གཞན་ དོན་དུ་)བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་(ཀ་)བཞིན་བྱེད། །(ལམ་)གཉིས་ སུ་མེད་པ་གཉིས་མེད་གསུང༌། །(རང་དོན་དུ་)ཡང་དག་མཐའ་ལས་རྣམ་པར་གནས། །(གང་ཟག་ དང་ཆོས་ཀྱི་)བདག་མེད་(རི་དགས་)སེང་གེའི་སྒྲ་དང་(འདྲ་བར་)ལྡན། །མུ་སྟེགས་རི་དགས་ངན་(པ་ དང་འདྲ་བ་རྣམས་)འཇིགས་(པར་)བྱེད། །ཅེས་དེ་བཞིན་གཤེགས་པས་གསུངས་སོ། །[རྡོ་རྗེ་སྐུ་ བསྡུས་པ་མདོར་བསྟན་པའོ]།། །། ༈ དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་ པའི་འོད་ལས། {ཕྱི[ཕྱིའི་]འཇིག་རྟེན་ཁམས་ཀྱི་ལེའུ་མདོར་བསྡུས་པ་སྟེ། ལེའུ་དང་པོའི་ 1-1-58 རྒྱུད་ཀྱི་སྙིང་པོའི་རྒྱ་ཆེར་འགྲེལ་པའོ།། །། ༈ ད་ནི་(དེ་ནས་ཟེར་)མའི་མངལ་དུ་ཞུགས་པའི་ཁུ་བ་དང་ཁྲག་དག་རྣམ་པར་འགྱུར་བ་ མངལ་ན་གནས་པ་ནས་བརྩམས་ནས་སྐྱེ་བའི་མཐར་ཐུག་པ་བརྗོད་པར་བྱ་སྟེ། ཁུ་བ་ཞེས་ བྱ་བ་ལ་སོགས་པ་ལ་འདིར་(མངལ་ནས་)སྐྱེ་བ་དང་ལྡན་པའི་ལུས་ལ་རྫས་དྲུག་ཏུ་འགྱུར་ཏེ། ཁུ་བ་ལས་རྐང་མར་དུ་འགྱུར་བ་དང༌། རུས་པར་འགྱུར་བ་དང༌། རྩ་དང་རྒྱུས་པ་རྣམས་སུ་ འགྱུར་རོ། །ཁྲག་ལས་ལྤགས་པ་དང༌། ཁྲག་དང༌། ཤ་རྣམས་སུ་འགྱུར་རོ། །[དེ་]ཅིའི་ཕྱིར་ཞེ་ ན། (ཟ་བའི་)ས་བོན་དང་(ཟ་མའི་)ཁྲག་ལས་བསྐྱེད་པ་ཞེས་བྱའོ། །འདིར་མངལ་དུ་ཟླ་བ་གཅིག་ གི་བར་དུ་ཁྲག་དང་སོ་བོན་ལས་རབ་ཏུ་བསྐྱེད་པས་བདུད་རྩི་ལྔའི་རོར་འགྱུར་རོ། །ཕྱི་ནས་ (རིམ་པས་)ས་བོན་མྱུ་གུ་ལས་ཞེས་བྱ་བ་ནི། དེ་ནས་<ཉའི་>ཟླ་བ་ཕྱི་མར། བྱང་ཆུབ་ཀྱི་སེམས་ མྱུ་གུར་གྱུར་པ(ཉ་ལྟ་བུ)འི་སྙིང་ཁའི་དབུས་ཀྱི་གནས་སུ་(སྣར་མ་ལ་སོགས་པའི་)རྩ་རྣམ་པ་(བརྒྱད་སྟེང་ འོག་གཉིས་དང་)བཅུ་སྟེ། སྲོག་ལ་སོགས་པའི་(རྩ་བ་དང་ཡན་ལག་གི་)རླུང་གི་རྟེན་དུ་འགྱུར་ཏེ། དེ་ཡང་ ཤིན་ཏུ་ཕྲ་བ་ནི་སྐྲའི་ཚད་ཙམ་དུའོ། །ལྟེ་བར་ནི་(དེ་དང་དུས་མཉམ་དུ་)ལྟེ་བའི་ཕྱོགས་སུ་བརྒྱད་པ་ བརྒྱད་ནི། ཆུ་ཚོད་ཀྱི་དབྱེ་བས་དྲུག་ཅུ་རྩ་བཞིའི་(རླུང་)རྒྱུ་(བའི་རྟེན་དུ་ཆགས་)བར་གྱུར་པ་ནི་ཤིན་ ཏུ་ཕྲ་བའོ། །(རྒྱུད་དུ་དངོས་སུ་<གསལ་བར་>)མ་གསུངས་ཀྱང༌། ཁྱིམ་བཅུ་གཉིས་ཀྱི་(རླུང་གི་)འཕོ་ བའི་དབང་གིས་རྩ་བཅུ་གཉིས་སུ་འགྱུར་བ་ནི། རྩ་དྲུག་ཅུ་རྩ་བཞིའི་རྟེན་དུ་འགྱུར་བའོ། །དེ་ བཞིན་དུ་ཤིན་ཏུ་ཕྲ་བར་གྱུར་པའོ། །སྔར་གསུངས་པའི་ལྟེ་བའི་རྩ་དེ་ཐམས་ཅད་ཀྱིས་ལག་ པ་[དང་]རྐང་པ་གདོང་གི་རྣམ་པར་བྱེད་པའི་ཕྱིར་འཕེལ་བར་འགྱུར་བ་རྣམས་(ནི་)ལག་པ་ (གཉིས་)རྐང་པ་(གཉིས་)གདོང་(མགོ་དག་)གི་གནས་རྣམས་སུ་འཕེལ་བ་སྟེ། རབ་ཏུ་སྐྱེ་བ་ལས་ ཟླ་བ་གཉིས་རྫོགས་ནས་ལག་པ་རྐང་པ་གདོང་རྣམས་ཅུང་ཟད་(ཙམ་)འདིར་ནི་མདོར་བསྟན་ པ་ཞེས་པ་ནི། འདིར་སྔར་གྱི་ཉ(དང་འདྲ་བ)འི་གནས་སྐབས་ཀྱི་ཉིན་ཞག་རྣམས་སོང་ནས་རུས་ 1-1-59 སྦལ་གྱི་(རྣམ་པ་དང་འདྲ་བའི་)གནས་སྐབས་སོ། །གདོང་དང་ལག་པ་[དང༌། ] རྐང་པའི་གནས་ རྣམས་སུ་འབུར་པོ་ལྔར་འགྱུར་{རོ[བའོ། །] ཟླ་བ་གསུམ་རྫོགས་ནས་ལག་པ་རྐང་པ་དག་ དང་མགྲིན་པ་རྣམས་ཀྱི་(འབུར་པོའི་)རྩེ་མོ་མཉམ་པ་ནི་རུས་སྦལ་ལོ། །གཞན་ཡང་ལག་པ་དང༌། རྐང་པ་དང༌། གདོང་དང་མགྲིན་པའི་ཕྱོགས་རྣམས་སུ་ཞེས་{བྱ་བ་[པ་]ལ། ལག་པ་དང་རྐང་ པ་རྣམས་ཀྱི་ཚིགས་དྲུག་རྣམས་དང༌། ཀགདོང་(དཔྲལ་བ་)དང་༡མགྲིན་པ་ནི་ཁལྷན་ཅིག་སྐྱེས་ པ་དང༌། ༢ལོངས་སྤྱོད་(འཁོར་ལོ་)རྫོགས་པའི་རྩ་ཕྲ་མོ་རྣམས་ཟླ་བ་གང་བ་བཞི་པ་རྫོགས་ནས་ འགྱུར་ཏེ། རུས་སྦལ་གྱི་གནས་སྐབས་སོ། །ཟླ་བ་ལྔ་(ནས་དགུ་པ་རྫོགས་པར་སྐྱེ་བའི་)བར་ནི་ཕག་ {པའི་[གི་]གནས་སྐབས་ཏེ། ཤ་རྣམས་ལ་ནི་བརྟེན་པའི་རུས་པ་ནམ་མཁའ་(༠)རོ་(དྲུག་)དང་ མེ་(གསུམ་)ཞེས་བྱ་བ་ནི་དྲུག་ཅུ་ལྷག་པའི་སུམ་བརྒྱའི་རུས་པ་རྣམས་སོ། །ཚིགས་རྣམས་ཀྱང་ (སུམ་བརྒྱ་དྲུག་ཅུ་)དེ་སྲིད་དོ། །ཟླ་བ་དྲུག་པ་རུ་ཡང་ཞེས་བྱ་བ། ཡང་ཡིག་(གིས་བསྡུས་པ་)ལས་ཕག་ པའི་གནས་སྐབས་སུ་ཤ་དང་ཁྲག་ཏུ་འགྱུར་བ་དང༌། ཚོར་བ་བདེ་བ་དང་སྡུག་བསྔལ་རིག་ པར་འགྱུར་བ་དང༌། (ཟླ་བ་དྲུག་པ་ནས་)མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་ དྲན་པར་འགྱུར་བ་དང༌། རང་གི་སེམས་ཀྱིས་འདོད་ཆགས་དང་བྲལ་བར་བྱེད་པ་དང༌། སྲིད་ པའི་སྡུག་བསྔལ་ལ་(ཡིད་)སྐྱོ་བར་བྱེད་ཅིང་སངས་རྒྱས་ཀྱི་ལམ་ལ་(འཇུག་པ་ལ་)བསྔགས་པར་ བྱེད་པའོ། །དེ་ནས་ཁསྨིན་མ་དང༌། སྐྲ་དང༌། བ་སྤུ་བུག་པ་རྣམས་ནི་མིག་ལ་སོགས་པ་(རྣ་བ་ སྣ་ལྕེ་ལུས་)ཡང་ཕྱི་རོལ་ཏུ་སྟེ། (དེ་དག་ཀྱང་)ཕག་གི་གནས་སྐབས་སུའོ། །ཐུབ་[པ་]ཀམཆོག་(སྟེ་ གཟའ་བདུན་)ནི་ཟླ་བ་བདུན་པ་རྫོགས་པར་གྱུར་ནས་སྐྱེ་མཆེད་(བཅུ་གཉིས་)རྣམས་ཡང་དག་པར་ རྫོགས་པར་འགྱུར་རོ། །འདིར་མངལ་གྱི་ཟླ་བ་གཅིག་གི་རྗེས་ལ་ཉིན་ཞག་སོ་སོའི་དུས་སུ་(སྟེ་ ཟླ་བ་གཉིས་པ་ནས་)སྟོང་པ་(༠)སྟོང་པ་(༠)མིག་(གཉིས་)གི་གྲངས་ནི་ཉིས་བརྒྱའི་གྲངས་ཏེ། (ཉིན་ཞག་) སོ་སོར་རྩ་<ཉིས་བརྒྱ་ཉིས་བརྒྱ་>རྣམས་སུ་<འཆགས་པར་>འགྱུར་རོ། །དེ་ནས་དྲུག་ཅུ་ལྷག་པའི་ 1-1-60 སུམ་བརྒྱའི་ཚིགས་རྣམས་དང༌། རུས་པ་རྣམས་དང༌། (རུས་པ་)དེའི་དབུས་སུ་རྐང་མར་ཡིན་ནོ། ། རོ་(མྱོང་པར་བྱེད་པ་དང་)ལྡན་(པ་)ནི་ལྕེ་སྟེ། ལྕེའི་དབང་པོ་བསྐྱེད་པའི་ཕྱིར་དང༌། སྔར་གྱི་མིག་ལ་ སོགས་པ་(རྣ་བ་སྣ་ལྕེ་ལུས་)སྲ་བར་འགྱུར་བའོ། །དེ་ནས་རོ་(མྱོང་པ་དང་)ལྡན་(པའི་ལྕེ་)སྐྱེ་བའི་དུས་ འདིར་དྲི་ཆེན་དྲི་ཆུ་རྣམས་ནི་ཟླ་ཁབ་བརྒྱད་པ་ཉིད་{ལས་[ལ་]ངའགྱུར་ཏེ་ཕག་པའི་གནས་ སྐབས་སུའོ། །དེ་ནས་བུག་པ་ཞེས་བྱ་བ་ནི་ཟླ་བ་དགུ་པ་རྫོགས་ནས་(སྐྱེ་བ་)ཡིན་ཏེ། ལ་ལར་ བཅུ་པའམ། (ཟླ་བ་རེ་)བཅུ་གཅིག་པར་(མངལ་རྫོགས་པར་)རམ་བཅུ་གཉིས་པ་(ལ་རྩ་༧༢༠༠༠ རྫོགས་ པ་)ཕག་པའི་གནས་སྐབས་ཀྱི་མཐར་སྐྱེ་བའི་དུས་སུ་དེ་ལ་སྐྱེ་གནས་ཀྱིས་བསྡམས་མི་བཟད་ སྡུག་བསྔལ་ཆེན་པོར་འགྱུར་ཞེས་བྱ་བ་ལ། མིའི་སེང་གེའི་གནས་སྐབས་སུ་མངལ་ནས་སྐྱེ་ བ་ཞེས་བྱ་སྟེ། མངལ་དུ་སྐྱེད་པའི་ངེས་<ཁྱབ་འཇུག་གི་འཇུག་པ་བཅུ་ནི། ཉ་དང་ཕག་པ་རུལ་སྦལ་རྒོད་དང༌། མིའི་སེང་གེ་མི་ཐུང་དང༌། ར་མ་གཉིས་དང་ནག་པ་དང༌། སངས་རྒྱས་ངང་པ་ཅན་ཏེ་བཅུ་ཞེས་སོ། །>པའོ། ། ༈ (ད་ནི་)འཕགས་པའི་བདེན་པ་བཞི་ལས། འཁོར་བ་པ་རྣམས་ཀྱི་སྡུག་བསྔལ་གྱི་ བདེན་པ་བརྗོད་པར་བྱ་སྟེ། མངལ་ཞེས་བྱ་བ་ལ་སོགས་པ་ལ་འདིར་འཁོར་བ་[པ་]རྣམས་ ཀྱི་དང་པོར་རེ་ཞིག་མངལ་ན་གནས་པ་རྣམས་ཀྱི་མངལ་གྱི་སྡུག་བསྔལ་(ཆེ་བའི་ཚད་)ནི་བུམ་པ་ བསྲེགས་པའི་ནང་ན་གནས་པ་དང་འདྲ་བར་འགྱུར་རོ། །སྐྱེ་བའི་དུས་སུ་(སྡུག་བསྔལ་)ཐོ་བས་ གནོན་པ་དང་འཁྲུལ་འཁོར་གྱིས་བཙིར་བ་ལྟར་<སྡུག་བསྔལ་ལོ་>རོ། །བྱིས་པའི་རང་བཞིན་ དུ་ཡང་(གཙང་སྨེ་མི་ཤེས་པ་)ཕྱི་ས་ཟ་བ་ཕག་[པ་]བཞིན་ནོ། །གཞོན་ནུ་{དང་}ལང་ཚོ་དག་ལ་ བུད་མེད་དང་བྲལ་བའི་སྡུག་བསྔལ་དང༌། ནོར་མེད་པའི་སྡུག་བསྔལ་ལ་སོགས་པའོ། །དེ་ མེད་ན་ཡང་རྒས་པ་དང་རྒ་ཤིའི་སྡུག་བསྔལ་ལོ། །སླར་ཡང་འཆི་བའི་མཐར་ངུ་འབོད་ལ་ སོགས་འགྲོ་དྲུག་འཇིགས་སྟེར་བ་སྟེ། སོགས་ཀྱི་སྒྲས་ཡིད་བཏགས་དང༌། དུད་འགྲོའི་སྡུག་ བསྔལ་དྲག་པོར་འགྱུར་ཏེ། (རྒྱུ་)སྡིག་པའི་དབང་གིས་དགེ་བ་བཅུ་ཡོངས་སུ་སྤངས་པ་ལས་ 1-1-61 (ངན་སོང་གསུམ་དུ་ཡོངས་སུ་འཁོར་རོ། །)སོ། །དེ་ལྟར་འགྲོ་བ་འདི་རྣམས་མཐའ་དག་[མ་ལུས་]སྒྱུ་མ་ ལ་རྨོངས་གྱུར་པས་སྡུག་བསྔལ་བ་ལས་སྡུག་བསྔལ་འགྱུར་ཞེས་བྱ་བ་ལ། འཁོར་བ་འདིར་ སྒྱུ་མའི་(སྐུའི་)དངོས་པོ་ལ་རྨོངས་པས་བདག་དང་བདག་གིར་འཛིན་པའི་བདག་ཉིད་{ཀྱིས་ [ཀྱི་]དམྱལ་བ་དང་ཡིད་བཏགས་དང་དུད་འགྲོའི་{འགྲོ་}བར་སྡུག་བསྔལ་འཛིན་པ་ཞེས་ བྱའོ། ། ༈ (དེ་ནས་སྡུག་བསྔལ་སྤོང་བའི་)ལམ་གྱི་བདེན་པ་བརྗོད་པར་བྱ་སྟེ། འཁོར་བའི་ཞེས་བྱ་བ་ ལ་སོགས་པ་ལ། འདིར་འགྲོ་བ་(རིགས་)དྲུག་གི་བདག་ཉིད་ཀྱི་འཁོར་བའི་ནང་ནས་གལ་ཏེ་ མི་ཉིད་དག་ཏུ་སྐྱེ་བར་གྱུར་པ་ལས། དེ་ནས་མི་རྣམས་ལ་ཆོས་ཀྱི་བློ(འི་བྱེ་བྲག་གྲུབ་མཐའ་བློ་བསྒྱུར་ བ་)ནི་མུ་སྟེགས་ཀྱི་སྦྱིན་པ་ལ་སོགས་པའི་ཆོས་རྣམས་བརྒྱ་ལམ་(ཞིག་)ན་འབྱུང་པའོ། །(ཕྱི་བ་) དེ་ལས་དགེ་བ(བཅུ)འི་དབང་གི་སངས་རྒྱས་ལ་རྗེས་སུ་ཆགས་པ་བརྒྱ་ལམ་(ཞིག་)ན་འབྱུང་བ་ ནི་སྦྱིན་པ་ལ་སོགས་པ་རྗེས་སུ་ཆགས་པ་ཡང་ངོ༌། །དགེ་བའི་དབང་{གིས་[ལས་]དང་པོའི་ ཐེག་པར་རབ་ཏུ་འཇུག་ནི་ཉན་ཐོས་དངརང་{སངས་རྒྱས་[རྒྱལ་]པའི་ཐེག་པ་ལའོ། །དེ་ ལས་དཔལ་ལྡན་རྡོ་རྗེའི་ཐེག་པ་རབ་ཏུ་འཇུག་པའོ། །རྡོ་རྗེ་[ནི་](གང་གིས་ཀྱང་)མི་ཕྱེད་པ་དང་ (གང་གིས་ཀྱང་)མི་ཆོད་པ་ཆེན་པོ་ཞེས་བྱ་སྟེ། དེ་ཉིད་ཐེག་པའོ། །རྡོ་རྗེ་ཐེག་པ་ནི་སྔགས་ཀྱི་ཚུལ་ དང༌། ཕ་རོལ་ཏུ་ཕྱིན་པའི་ཚུལ་འབྲས་བུ་དང༌། རྒྱུའི་བདག་ཉིད་(མཚུངས་པར་)རོ་གཅིག་ཏུ་གྱུར་ པའོ། །དེར་རབ་ཏུ་འཇུག་པ་ནི་རྡོ་རྗེའི་ཐེག་པར་རབ་ཏུ་འཇུག་པའོ། །དེ་ནས་མ་ལུས་སྙིང་ པོ་བསྒོམ་པའི་བློ་འཇུག་བརྒྱ་ལམ་ན་ནི་གང་གི་སེམས་དམིགས་པ་དང་བཅས་པའི་སྟོང་པ་ (རྟགས་སྣང་)ཉིད་དང༌། དམིགས་པ་མེད་པའི་སྙིང་རྗེ(མི་འགྱུར་བདེ་བ)འི་བདག་ཉིད་དུ་(སྐྱེ་བ་སྔ་མའི་) བསོད་ནམས་དང༌། ཡེ་ཤེས་ཀྱི་(ཚོགས་བསགས་པའི་)དབང་གིས་སོ། །(གཉིས་མེད་)དེ་བསྒོམས་ པ་ལས་འདོད་པའི་སངས་རྒྱས་ཉིད་དུ་འགྱུར་རོ། །དེ་ལྟར་(འདོད་པའི་)མཆོག་ཏུ་བདེ་བའི་གོ་ 1-1-62 འཕང་ལ་འཇུག་པ་ཨེ་མ་རབ་ཏུ་ཤིན་ཏུ་དཀའ་སྟེ། འཁོར་བ་པ་རྣམས་ཀྱི་འཁོར་བའི་བདེ་བ་ འདོད་པ་རྣམས་ལ་རིང་པ་{ལས་[བས་]ཀྱང་རིང་པར་འགྱུར་ཞེས་བྱའོ། ། ༈ དེ་ནས་ཀུན་འབྱུང་གི་བདེན་པ་བརྗོད་པར་བྱ་སྟེ། མངལ་དུ་ཞེས་བྱ་བ་ལ་སོགས་པ་ [རྣམས་] ལ། འདིར་དངཔོར་འཇིག་རྟེན་པའི་ཀུན་རྫོབ་ཏུ་(འབྲས་བུ་མིང་རྒྱུ་ལ་བཏགས་པ་འཁོར་བའི་ གནས་སྐབས་སུ་)རྣམ་པར་དག་པའི་སྐུ་ལ་སོགས་པ(བཞི)ར་མངལ་ནས་སྐྱེས་པ(མི)འི་ལུས་པོ་ལ་ ཡང་དག་པར་མཐོང་སྟེ། ཕྱི་ནས་(རྣམ་པར་མི་རྟོག་པས་དག་པ་ན་)དེའི་ཆོས་མི་མཐུན་པས་སངས་ རྒྱས་བཅོམ་ལྡན་འདས་ལ་ཤིན་ཏུ་རྣམ་པར་དག་པའི་སྐུ་ལ་སོགས་པ་(བཞི་ཐོབ་པར་)རྣལ་ འབྱོར་པ་རྣམས་ཀྱིས་རིག་པར་བྱའོ། །འདིར་(སྐུ་བཞི་འབྱུང་པའི་ཀུན་འབྱུང་བསྟན་པ་)མའི་མངལ་དུ་ ཇི་སྲིད་དུ་གནས་པའི་གནས་སྐབས་དེ་སྲིད་དུ་(ཟླ་བ་དྲུག་ནས་)མངོན་པར་ཤེས་པ་ལྔ་དང་ལྡན་ པས་ལུས་ཅན་རྣམས་ལ་ཤིན་ཏུ་དག་པའི་སྐུ་ཞེས་བྱའོ། །དེ་ནས་རབ་ཏུ་སྐྱེ་བའི་དུས་ནས་ བརྩམས་ནས་ཇི་སྲིད་སོ་[མ་]སྐྱེས་པ་དེ་སྲིད་དུ་ཆོས་ཀྱི་སྐུ་ཡིན་ནོ། །དེ་ནས་སོ་སྐྱེས་ནས་ཇི་ སྲིད་སོ་(རྣམས་)རབ་ཏུ་བརྗེ(ས་)བར་གྱུར་པ་དེ་སྲིད་དུ་རྒྱལ་བ་སྟེ་བྱང་ཆུབ་[ཀྱི་]སེམས་ཀྱི་རྡོ་ རྗེ་ལོངས་སྤྱོད་རྫོགས་པའི་སྐུའོ། །མིའི་བདག་པོ་(ཀྱེ་)ནི་བོད་པའོ། །དེ་ནས་སོ་རྣམས་བརྗེས་ ནས་ངེས་པར་མི་རྣམས་འཆི་བའི་མཐར་{ཐུག་པ་}སྤྲུལ་པའི་སྐུ་རུ་རབ་ཏུ་གསལ་བ་ཉིད་ ཞེས་པ་ནི་(སྐྱེ་གནས་བཞི་ལས་)མངལ་ནས་སྐྱེ་བ(འི་མི་)ཉིད་རྣམས་ལ་ཞེས་བྱའོ། །དེ་ལྟར་འདིར་ ནི་ཡེ་ཤེས་རྣམ་ཤེས་དབྱེ་བས་མངལ་དང་ཕྱི་རུ་རྣམ་པ་བཞི་རུ་འགྱུར་ནི་སྐུའི་ཚོགས་སུ་སྟེ། འདིར་ཡེ་ཤེས་ཀྱི་དབྱེ་བས་མངལ་དུའོ། །རྣམ་པར་ཤེས་པ་དྲུག་གི་དབྱེ་བས་ཕྱི་རོལ་ཏུ་ཞེས་ བྱའོ། ། ༈ སླར་ཡང་འདིར་(ཡེ་ཤེས་ཀྱི་དབྱེ་བས་)མངལ་དུ་(སྐུ་བཞི་ནི་)རེ་ཤིག་རྣམ་པར་ཤེས་པ་ནི་ ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེ་ནི་དོན་དམ་པའི་བདེ་བའི་ཡེ་ཤེས་(རྒྱུའི་འོད་གསལ་)ཞེས་ 1-1-63 བྱའོ། །ཀཟླ་བ་ཁཉི་མ་ནི་ཀཁུ་བ་དང་ཁཁྲག་གོ། འདིར་པད་མར་འདྲེས་པར་གྱུར་པ་ནི་མའི་ པད་མར་གསུམ་པོ་གཅིག་ཏུ་(འདྲེས་པར་)གྱུར་ནས་མངལ་དུ་གྲུབ་པའི་ཕྱིར་ན། མངལ་དུ་དག་ པའི་སྐུ་དེ་(ངོ་བོ་)ཉིད་(ཀྱི་སྐུ་)བཅོམ་ལྡན་འདས་སུ་བརྗོད་པར་བྱ་སྟེ། ༡མ(འི་རྡུལ་)དང་༢ཕ(འི་ས་ བོན་)དང་(སེམས་)ཀུན་གཞིའི་རྣམ་པར་ཤེས་པའི་(ཞུ་བའི་)བདེ་བའི་གནས་སྐབས་(གཅིག་ཏུ་འདྲེས་ པ་)ཡིན་པས་སོ། །ཁམས་(ལྔ་)དང་ཕུང་པོ་(ལྔ་)རྣམ་པ་བཅུ་པོ་སྐྱེ་བར་འགྱུར་བ་གང་ཞིག་(ཟླ་བ་ བཞི་པ་ལ་)རྒྱལ་བའི་ཆོས་ཀྱི་སྐུ་(གསུམ་བསྡོམ་པ་)སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེའོ། །དེ་ནས་(ཟླ་ བ་དྲུག་པ་ལ་)ནང་དུ་རྣ་བ་ལ་སོགས་པའི་དབང་པོ་རྣམས་སྒྲ་ལ་སོགས་{པའི་[པ་]ཡུལ་རྣམས་ ལས་སྐྱེ་བ་ནི། ཡོན་ཏན་གྱི་དབང་ལས་ཏེ། ཉིན་ཞག་(དུ་ཆེར་འཕེལ་བ་དག་)གི་དབང་ལས་ལོངས་ སྤྱོད་རྫོགས་པའི་སྐུ་རུ་འགྱུར་རོ། །དེ་ནས་དང་པོ་སྐྲ་ལ་སོགས་པ་སྐྱེ་སྟེ་བ་སྤུ་དང༌། དྲི་ཆེན་ དང༌། དྲི་ཆུ་གྲུབ་ནས་མངལ་ནས་སྐྱེ་བ་ནི་སྐྱེ་གནས་ལས་སྐྱེ་བའི་དུས་སུ་ནི། སྤྲུལ་པའི་སྐུར་ བརྗོད་པར་བྱ་སྟེ་མངལ་དུའོ། །དེ་ནས་(རྣམ་ཤེས་ཀྱི་དབྱེ་བས་)ཕྱི་རོལ་ཏུ་སྐུ་བཞི་སྟེ། གང་ཞིག་ སྐྱེས་པར་གྱུར་ནས་ནི་དབུས་མའི་རྩར་དང་{པོ་[པོར་]དབུགས་འབྱུང་བར་འགྱུར་ཏེ། (དབུས་ མ་ནས་རྒྱུ་བའི་རླུང་ལྔ་པོ་)དེ་ནི་ཡོན་ཏན་མེད་པ་གསུང་རྡོ་རྗེའི་སྤྱོད་ཡུལ་དུ་དེ་ཉིད་དག་པའི་སྐུ་སྟེ། དེ་ཉིད་ཇི་སྲིད་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་དབུགས་ཀྱི་ཚོགས་དེ་སྲིད་དུ་དག་ པའི་སྐུ་སྟེ། དབུས་མའི་རྒྱུ་བར་འགྱུར་རོ། །དེ་ནས་སྲོག་རྒྱུ་བའི་དབང་ལས་གང་ཞིག་སོ་ སྐྱེས་ནས་ཚིག་མི་གསལ་བ་གང་ཡིན་པ་ཡང་(ཡུལ་ལ་མཚན་མར་འཛིན་པ་འབྱུང་བས་)འདུ་ཤེས་ཀྱི་ མཚན་ཉིད་ཅན་[ཏེ། ] དེ་ནི་གསུང་[གི་]རྡོ་རྗེའི་སྤྱོད་ཡུལ་གྱི་ཆོས་ཀྱི་སྐུའོ། །དེ་ནས་གཉིས་ སྐྱེས་རྣམས་[ཀྱི་]སོ་རྣམས་བརྗེ་བར་འགྱུར་བའི་བར་དུ་(ཚིག་སྨྲ་བ་ལས་)ལོངས་སྤྱོད་རྫོགས་ པའི་སྐུ་སྟེ། ལོ་བརྒྱད་ཀྱི་མཐར་ཚིག་ཡོངས་སུ་གསལ་བ་ལས་སོ། །དེ་ནས་སོ་རྣམས་རབ་ཏུ་ བརྗེས་ནས་འཆི་བའི་མཐར་ཐུག་པ་(བྱ་བ་སྣ་ཚོགས་བྱེད་པའི་)སྤྲུལ་པའི་སྐུ་སྟེ། ཕྱི་རོལ་ཏུ་ཡིན་ནོ། 68། འདིར་མངལ་གྱི་དབུས་སུ་ལུས་<གྲུབ་པ་དག་>ཀྱི་དབྱེ་བས་སྐུ་བཞིར་འགྱུར་རོ། །ཕྱིར་རོལ་ ཏུ་སྲོག་(རླུང་གི་)རྒྱུ་བའི་དབྱེ་བས་སྐུ་རྣམ་པ་བཞིར་དབྱེ་སྟེ། ཡེ་ཤེས་༼ཀདང༌། ༼ཁརྣམ་ཤེས་ནི་ ཀནང་དང་ཁཕྱི་རོལ་ཏུ་༼ཀ༽ལུས་༼ཁ༽སྲོག་དང་༼ཀ༽ལྷན་ཁ༽ཅིག་པའོ། །འདིར་ལུས་ཀྱི་དབྱེ་ བ་རྣམས་ནི་ཁུ་བ་(ཐབས་ཀྱི་ཆ་)དང་འབྲེལ་པར་འགྱུར་རོ། །ངག་གི་དབྱེ་བ་རྣམས་ནི་ཁྲག་(ཤེས་ རབ་ཀྱི་ཆ་)དང་འབྲེལ་པར་(འགྱུར་)རོ། །དེ་ལྟར་ན་ཁྱབ་པར་བྱ་བ་(ལུས་ངག་)དང་ཁྱབ་པར་བྱེད་ པ་པོའི་(སེམས་)འབྲེལ་པའི་སེམས་ཀྱི་དབྱེ་བས་སྐུ་རྣམ་པ་བཞིར་དབྱེ་བ་ནི་(སེམས་ཅན་ལ་)སད་ པ(འི་རྟོག་པ་)ལ་སོགས་པའི་མཚན་ཉིད་ཀྱིས་སོ། །ཡེ་ཤེས་ཀྱི་དབྱེ་བས་ཀྱང་སྐུ་རྣམ་པ་བཞིར་ དབྱེ་བ་ནི་<འཁོར་བ་པ་ཡང་>དགའ་བ་ལ་སོགས་པ་བཞིའི་རང་བཞིན་ཞེས་བྱ་སྟེ། ནང་དང་ཕྱི་ རུ་ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྐུ་སྐྱེ་བའི་ངེས་པའོ།། །། ༈ ད་ནི་སྐུ་གསུང་ཐུགས་ཡེ་ཤེས་སྐྱེ་བ་བརྗོད་པར་བྱ་སྟེ། ཡེ་ཤེས་ཞེས་བྱ་བ་ལ་སོགས་ པ་ལ། འདིར་མའི་མངལ་དུ་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བ་(ཡེ་ཤེས་རྡོ་རྗེ་)སྟེ། རྣམ་ ཤེས་འདྲེས་པ་ནི་(སེམས་)ཀུན་གཞིའི་རྣམ་པར་ཤེས་པ་དང་(བདེ་བ་)འདྲེས་པ(རྒྱུའི་འོད་གསལ་བ) {སྟེ[འོ། །](དེ་ཡང་)ཉི་མ་དང་རི་བོང་ཅན་དང་བཅས་པ་ནི་(ངག་)ཁྲག་དང་(ལུས་)ཁུ་བ་རྣམས་ དང་བཅས་པའོ། །(དང་པོ་)མངལ་དུ་སྐུ་རྡོ་རྗེ་ལ་སོགས་{པ་}སྐྱེ་བ་སྟོབས་དང་ལྡན་པའི་རིམ་ པས་འབྱུང་པར་འགྱུར་ཞེས་བྱ་བ་ལ། འདིར་དང་པོར་མངལ་དུ་དཔལ་ལྡན་སྐུའི་རྡོ་རྗེར་ འགྱུར་ཏེ་ནི་(གང་གི་བར་ན་)རབ་ཏུ་སྐྱེ་བའི་མཚམས་ཀྱི་བར་དུ་(ལུས་ཀྱི་){སྐུའི་}ཡན་ལག་རབ་ ཏུ་གྲུབ་པ་(སྟེ་ལུས་རྫོགས་པ་)ཞེས་བྱ་བའི་དོན་ཏོ། །དེ་ནས་རབ་ཏུ་སྐྱེས་{པས་[པ་](ངག་རྫོགས་པ་) གསུང་རྡོ་རྗེ་སྟེ། སྲོག་རྒྱུས་ནས་སྲོག་འབྱུང་བའོ། །དེ་ནས་(སེམས་རྫོགས་པ་)ཐུགས་(རྡོ་རྗེ་)ནི་ འདུ་ཤེས་ཀྱི་(རྫས་དང་ཉེ་དུ་ལ་སོགས་པ་མཚན་མར་)འཛིན་པ་སོ་སུམ་ཅུ་རྩ་གཉིས་སྐྱེས་པར་གྱུར་པ་ སྟེ། ངེས་{པ་[པའོ་]ཞེས་བྱ་བ་ནི་གཅིག་ཏུ་ཐེ་ཚོམ་མེད་པ་ཞེས་བྱ་བའི་དོན་ཏོ། །སླར་ཡང་སོ་ 1-1-64 ལྷུང་པས་སོ་སུམ་ཅུ་རྩ་གཉིས་སྐྱེ་བ་ཡིན་ཏེ། བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་མཚམས་ སུ་(ཡེ་ཤེས་རྫོགས་པ་)ཡེ་ཤེས་རྡོ་རྗེ་སྟེ་ཁུ་བ་འཛག་པའི་གནས་སྐབས་ཀྱི་མཚན་ཉིད་དོ། །ལྷན་ ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་ནི་སྐྱེས་བུ་རྣམས་ཀྱི་སྟེ། ལོ་བཅུ་དྲུག་གི་མཚམས་སུ་ {རིག་[ཤེས་]པར་བྱའོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་གྲུབ་{པར་[པ་]བསྟན་ པའོ། ། ༈ ད་ནི་དག་པ་ལས་ཆོས་ཀྱི་སྐུ་ལ་སོགས་པ་འབྱུང་བ་བརྗོད་པར་བྱ་སྟེ། དཔལ་ལྡན་ དག་པ་ཞེས་བྱ་བ་ལ་སོགས་པ་{ལ། } འདིར་(བདེན་པ་གཉིས་ལས་)ཀུན་རྫོབ་ཀྱི་བདེན་པ་ལ་རྟེན་ ཅིང་འབྲེལ་པར་འབྱུང་པའི་ཆོས་རྣམས་(ཇི་ལྟར་གནས་ན་)སྐད་ཅིག་མས་སྐྱེ་བ་དང༌། འཇིག་པའི་ མཚན་ཉིད་(གང་ལས་འབྱུང་ན་)སྲིད་པ་ཡོངས་སུ་མ་ཤེས་པའི་མ་རིག་པའི་བག་ཆགས་ཉིད་ལས་ སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་བཞི་(གང་གི་ན་)འཁོར་བ་པ་རྣམས་ཀྱིར་ འགྱུར་ཏེ། དེ་རྣམས་ལས་སྐུའི་དབྱེ་བས་ཡིད་(དེ་སེམས་ཀྱི་བག་ཆགས་ཀྱི་དབང་གིས་གནས་སྐབས་)རྣམ་ པ་བཞིར་གནས་སོ། །(གང་ལ་གནས་ན་)སྲོག་ཆགས་རྣམས་ཀྱི་ལུས་ལ་རྣམ་པ་བཞི་ནི། འདིར་ སྲིད་པ་འཛིན་པའི་དུས་སུ་མངལ་དུ་འཇུག་པ་ན་སྙོམས་པར་འཇུག་པ་ནི་(གང་གི་གནས་སྐབས་ ན་)ཁུ་བ་འཛག་པའི་གནས་སྐབས་ཏེ། དེ་ཡང་ཀུན་རྫོབ་ཀྱི་བདེ་བ་ཆེན་པོ་ཞེས་{གསུངས་ སོ[གསུང་ངོ་]། །དེ་ཉིད་(དག་པ་ལས་)དག་པའི་(ངོ་བོ་ཉིད་ཀྱི་)སྐུ་སྟེ། དཔལ་གཉིས་སུ་མེད་པའི་ ཡེ་ཤེས་ཀུན་རྫོབ་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་པའི་དོན་ཏོ། །དེ་ལས་ཆོས་ཀྱི་སྐུ་སྟེ་གཉིད་ ལོག་པའི་(རྟོག་པ་དག་པའི་)མཚན་ཉིད་དོ། །དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་རྨི་ལམ་གྱི་ (རྟོག་པ་དག་པའི་)མཚན་ཉིད་དོ། །དེ་ལས་སྤྲུལ་པའི་སྐུ་ནི་སད་པ<རྟོག་པ་དག་པ>འི་མཚན་ཉིད་དེ་ སྐུ་རྫོགས་པའོ། །ཕྱི་རོལ་ཏུ་(ལྟེ་སྙིང་མགྲིན་དཔྲལ་བ་ན་གནས་པའི་)སྲོག་འབྱུང་པ་ནས་ཡང་(སྐུ་)རྣམ་པ་ བཞི་རུ་གསུངས་སོ། །དེ་ལྟར་དཀྱིལ་འཁོར་དུ་ཡང་(བདེ་(ཆེན་<མཆོག་>ངོ་བོ། ཐུགས་ཆོས། གསུང་ལོང་ 1-1-65 སྐུ། སྤྲུལ་སྐུ་སྟེ་)སྐུའི་དབྱེ་བར་འགྱུར་བ(འོ་ཐུགས་ལ་བཞི་གསུང་ལ་བཞི་སྐུ་ལ་བཞི་)སྟེ། རྒྱལ་བའི་བདག་ པོ་སེམས་ཅན་ཀུན་གྱི་དོན་(ཇི་ལྟ་བར་)མཛད་<པའི་>ཕྱིར་ནི་ཀུན་རྫོབ་ཀྱི་སྒྲིབ་པ་(བཞི་འམ་གཉིས་) ཟད་པའི་ཕྱིར་སངས་རྒྱས་{ཀྱི་[རྣམས་ནི་]ཐུགས་ཀྱིས་བཞུགས་པ་སྟེ། ཁམས་གསུམ་པ་ {གཞིན་[གཞན་]གྱི་སེམས་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། སྲིད་པ་ཡོངས་སུ་ ཤེས་པ་ཞེས་བྱའོ།། །། ༈ ད་ནི་སྐུ་བཞིའི་མཛད་པ་(ཅི་སྟོན་པ་)བརྗོད་པར་བྱ་སྟེ། སྤྲུལ་པ(འི་སྐུ་ུ)ཞེས་བྱ་བ་ལ་ སོགས་པ་ལ། འདིར་འཁོར་{བ་}པ་རྣམས་ཀྱི་༡སྤྲུལ་པ<འི་སྐུ་ུ>ནི་སད་པའི་གནས་སྐབས་ ཏེ། ཡིད་དང་ལུས་དང་ངག་གི་དབང་པོ་རྣམས་ཀྱི་ཡུལ་(སྣ་ཚོགས་)རྣམས་ལ་ལོངས་སྤྱོད་{བྱེད་} པ་པོ་རུ་{གྱུར་པས་[འགྱུར་བས་]སོ། །༢ལོངས་སྤྱོད་རྫོགས་པ(འི་སྐུ་)ནི་རྨི་ལམ་གྱི་གནས་ སྐབས་ཏེ། ཡོན་ཏན་དབང་ལས་ནི་བེམ་པོ་མ་ཡིན་པའི་ཡུལ་རྣམས་སེམས་ཀྱིས་མཐོང་བར་ འགྱུར་ཞེས་པ་ནི། (སྔར་གྱི་)ཡུལ་གྱི་བག་ཆགས་ཀྱི་དབང་ལས་སོ། །༢ཆོས་ཀྱི་སྐུ་ནི་གཉིད་ ལོག་པའི་གནས་སྐབས་ཏེ། གཉིད་ལོག་པ་དབང་པོ་(ཡུལ་ལ་འགྲོ་བ་)འགགས་པར་གྱུར་པ་ཞེས་ བྱ་བའི་དོན་ཏོ། །༢དག་པ(འི་སྐུ་)ནི་སྙོམས་པར་འཇུག་པའི་གནས་སྐབས་ཏེ། འདིར་(དུས་ཀྱི་ ཁྱད་པར་)ཉིན་མཚན་དུས་སུ་ནི་ཉིན་མོ་དང་མཚན་མོའི་དུས་དེར་(ཕོ་མོ་)འཁྲིག་པ་{བྱས་[སྤྱད་] པའི་སྐད་ཅིག་ལ་ཐིག་ལེ་གསུམ་གྲོལ་བ(སྟེ་འཕོ་བ)འི་མཐར་བདེ་བར་འགྱུར་བ་ནི་(ཀུན་རྫོབ་ ཀྱི་)ལྷན་ཅིག་སྐྱེས་པའི་སྐད་ཅིག་བདེ་བ་ཆེན་པོར་འགྱུར་བ་ཞེས་བྱའོ། །གང་གི་ཕྱིར་ན་ཀུན་ རྫོབ་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ཡིན་{པ་དེའི་[པས། དེ་]ཕྱིར་རྣལ་འབྱོར་པ་ཡིས་ཉིན་མཚན་ དུས་ལ་དེ་ཉིད་མི་འགྱུར་བའི་དོན་དུ་བསྒོམ་པར་བྱ་ཞེས་པ་ནི་མི་འཛག་པར་བྱ་བའི་ཆེད་དུ་ སྟེ། (འོག་ནས་)འཆད་པར་འགྱུར་བའི་(སྦྱོར་བ་)ཡན་ལག་དྲུག་ཞེས་བྱ་[བ་]སྟེ་ངེས་པའོ། །དེ་ ལྟར་(བསྒོམས་པས་)སྒྲིབ་པ་དང་བཅས་པའི་ཆོས་(མ་དག་པའི་གནས་སྐབས་བཞི་)འགགས་ནས་(དེ་ཡང་ 71) སྒྲིབ་པ་མེད་པའི་ཆོས་སུ་(དག་པའི་སྐུ་བཞིར་)འགྱུར་ཏེ། <དེ་ཡང་>སྒྲིབ་པ་མེད་པའི་ཆོས་ནི་སྐྱེ་ བ་དང་འཇིག་པ་དང་བྲལ་(བ་སྟེ་སྤངས་)བར་གྱུར་ཞེས་བྱ་[བ་]སྟེ་(རིགས་པས་འཐད་པའི་)ངེས་པའོ།། །། ༈ ད་ནི་གཡོན་བརྐྱང་པའི་འདུག་སྟངས་ལ་སོགས་པའི་རྣམ་པར་དག་པ་བརྗོད་པར་ བྱ་སྟེ། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། འདིར་འཁོར་བ་པ་རྣམས་ཀྱི་གཡོན་གྱི་རྩ་ནས་ སྲོག་ཉིད་རབ་ཏུ་རྒྱུ་ན་དེ་བཞིན་གཡས་སུ་བསྐུམ་པར་རབ་ཏུ་འགྱུར་བ་ཞེས་པས། གཡོན་ དུ་སྲོག་རབ་ཏུ་རྒྱུ་ཞིང་གཡས་བསྐུམས་པ་གང་ཡིན་པ་དེ་གཡོན་བརྐྱང་པའོ། །(རྒྱུ་མཚན་)དེས་ ན་སྲོག་ལྟར་སྔགས་ཀྱི་ལྷ་རྣམ་གཡོན་བརྐྱང་ཞིང༌། གཡས་བསྐུམས་པ་སྟེ། སྔགས་ཀྱི་ལྷ་ རྣམས་གཡོན་བརྐྱང་གི་འདུག་སྟངས་སུ་བརྗོད་པར་བྱའོ། །དེ་ལྟར་(དུས་)ཀམེ་དང་ཁཉི་མ་ རྒྱུ་བ་ཀམཉམ་དང་ཁགཡས་བརྐྱང་འདུག་སྟངས་སོ་ནི་གྲངས་ཇི་ལྟ་བ་བཞིན་དུ་དབུས་མར་ གཅིག་ཅར་གྱིས་རྒྱུ་བ་ལས་རྩ་གཉིས་(ལྷ་དང་མཚུངས་པར་)མཉམ་པའི་འདུག་སྟངས་སུ་འགྱུར་ རོ། །གཡས་སུ་རབ་ཏུ་རྒྱུ་ཞིང་གཡོན་བསྐུམ་པ་ནི་(ལྷ་དང་མཚུངས་པར་)གཡས་བརྐྱང་གི་འདུག་ སྟངས་སུ་འགྱུར་རོ། །དེ་ལྟར་ས་ག་དང༌། ཟླུམ་པོ་དང༌། རོལ་པ་དང༌། པད་མ་དང༌། རྡོ་རྗེའི་ འདུག་སྟངས་རྣམས་གང་ཡིན་པ་རིམ་པ་ཇི་ལྟ་བ་བཞིན་[དུ་]༼ཀ༽མཉམ་པ་དང༌། མི་༼ཁ༽ མཉམ་པ་ལ་གནས་(ལྷ་དང་མཚུངས་པར་)ནི་ཀ༽གཡས་ཀྱི་རྩ་འམ་ཁ༽གཡོན་གྱི་རྩ་ནས་ནམ་མཁའ་ ལ་སོགས་པའི་སྲོག་གི་རླུང་ལྔ་རྣམས་(ལྷ་དང་མཚུངས་པར་)ནི་རབ་ཏུ་རྒྱུ་བ་ཞེས་བྱ་བ་ནི། ནམ་ མཁའི་དཀྱིལ་འཁོར་རབ་ཏུ་རྒྱུ་བ་(ལྷ་དང་མཚུངས་པར་)ནི་ས་གའི་འདུག་སྟངས་སོ། །རླུང་གི་ དཀྱིལ་འཁོར་རབ་ཏུ་རྒྱུ་{བ་(ལྷ་དང་མཚུངས་པར་)ནི་[བའི་]ཟླུམ་པོའི་འདུག་སྟངས་སོ། །མེའི་ དཀྱིལ་འཁོར་རབ་ཏུ་རྒྱུ་བ་ནི་རོལ་པའི་འདུག་སྟངས་སོ། །ཆུའི་དཀྱིལ་འཁོར་རབ་ཏུ་རྒྱུ་བ་ ནི་པད་མའི་འདུག་སྟངས་སོ། །སའི་དཀྱིལ་འཁོར་རབ་ཏུ་རྒྱུ་བ་ནི་(ལྷ་དང་མཚུངས་པར་)རྡོ་རྗེའི་ 1-1-66 (དཀྱིལ་དཀྲུངས་ཀྱི་)འདུག་སྟངས་ཞེས་བྱ་སྟེ། འདུག་སྟངས་རྣམ་པར་དག་པ་དེ་དག་གིས་(རླུང་ རྣམས་)གཡོ་བ་(དང་འདར་བར་གྱུར་པ་)མེད་པའོ། །དེ་ལྟར་ལྷ་རྣམས་ཀྱི་འདུག་སྟངས་(བརྒྱད་)རྣམ་ པར་དག་པ་ངེས་པའོ།། །། ༈ ད་ནི་རྟེན་དང་བརྟེན་པའི་བསྡུས་པ་བརྗོད་པར་བྱ་སྟེ། གསང་བ་ཞེས་བྱ་བ་ལ་སོགས་ པ་ལ། འདིར་ལུས་ལ་འཁོར་ལོ་དྲུག་རྟེན་དུ་གྱུར་པ་ལ། སྐུ་བཞི་ནི་བརྟེན་པའོ། །དེ་རྣམས་སུ་ ལྷན་ཅིག་སྐྱེས་པའི་སྐུ་ནི་པད་མ་གསུམ་རྣམས་སུ་རང་བཞིན་དང་རང་བཞིན་མེད་པའི་དབྱེ་ བས་སོ། །དེ་ལྟ་བས་ན་གསང་པའི་པད་མ་དང༌། གཙུག་ཏོར་གྱི་པད་མ་དང༌། ལྟེ་བའི་པད་ མར་རྣམ་པར་དག་པའི་སྐུ་(ངོ་བོ་ཉིད་ཀྱི་སྐུ་)ལྷག་པའི་ལྷ་སྟེ། <རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་པོ་དེ་གཅིག་པུ་ ནི་ཐམས་ཅད་མཁྱེན་པའི་བདེ་བ་སྟེ། གང་ཞིག་ཕུང་པོ་ལ་སོགས་སྒྲིབ་པ་སྤངས་པའི་ཡུལ་ནི་པྲ་བརྒྱད་ཕབ་པ་ལྟ་བུའོ། །>རང་ བཞིན་མེད་པ་ནི་རྣམ་པར་མི་རྟོག་པ་(བསྒོམས་པས་སྟོང་པའི་གཟུགས་བརྙན་མཐོང་བ་)པྲ་ཕབ་པ་ལྟ་བུའོ། ། སྙིང་ཁའི་འཁོར་ལོར་ཆོས་ཀྱི་སྐུ་རུ་འགྱུར་རོ། །མགྲིན་པའི་ཆུ་སྐྱེས་སུ་ལོངས་སྤྱོད་རྫོགས་ པའི་སྐུ་སྟེ། ལྷག་པའི་ལྷ་རྣམས་སྐུའི་དབྱེ་བས་སོ། །ཐིག་ལེ་ཞེས་བྱ་བ་ནི་དཔྲལ་བའི་པད་མ་ དག་པའི་འཁོར་ལོ་རུ་སྤྲུལ་པའི་སྐུ་སྟེ། ལྷག་པའི་ལྷ་[རྣམས་]སྐུའི་དབྱེ་བས་སོ། །ཡོན་ཏན་ དབང་ལས་ཞེས་བྱ་བ་ནི་འཁོར་ལོ་རྣམས་ཡོན་ཏན་ཏེ། (གསང་བ་)ཡེ་ཤེས་དང་(གཙུག་ཏོར་)ནམ་ མཁའ་དང་(ལྟེ་བ་)སའི་ཡོན་ཏན་ནི་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་རྣམས་ཀྱིའོ། །རླུང་གི་ཡོན་ ཏན་(མ་དག་པ་སེམས་ཀྱི་རྟེན་དག་པ་)ནི་ཆོས་ཀྱི་སྐུའི་རྟེན་གྱིའོ། །མེའི་ཡོན་ཏན་(མ་དག་པ་ངག་གི་རྟེན་དག་ པ་)ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་གྱིའོ། །ཆུའི་ཡོན་ཏན་(མ་དག་པ་ལུས་ཀྱི་རྟེན་དག་པ་)ནི་སྤྲུལ་ པའི་སྐུའི་རྟེན་གྱི་ཞེས་བྱའོ། །རྟེན་དང་བརྟེན་པའི་ངོ་བོ་གསུངས་པའི་རིམ་པས། ལྟེ་བ་སྤྲུལ་ པའི་འཁོར་ལོར་(རྣམ་པར་)དག་པའི་(ངོ་བོ་ཉིད་ཀྱི་)སྐུ་ལྷག་པའི་ལྷའོ། །སྙིང་ཀཁའི་འཁོར་ལོ་ དང༌། ཁམགྲིན་པའི་འཁོར་ལོ་དང༌། གསྤྱི་བོའི་པད་མར་ཀཆོས་(ཀྱི་སྐུ་)དང༌། ལོངས་ཁསྤྱོད་ 1-1-67 རྫོགས་པ(འི་སྐུ་)དང༌། གདག་པ(འི་སྤྲུལ་པའི་སྐུ)འོ་ཞེས་བྱ་སྟེ། སྐུ(བཞི)འི་དབྱེ་བ་ངེས་པའོ།། །། ༈ ད་ནི་ལུས་ཀྱི་རྟེན་གྱི་དབྱེ་བས་རིགས་དྲུག་བརྗོད་པར་བྱ་སྟེ། ལྟེ་བ་ཞེས་བྱ་བ་ལ་ སོགས་པ་ལ། འདིར་(རྟེན་)ལུས་ཀྱི་ཁམས་དྲུག་གི་དབང་གིས་(བརྟེན་པ་)འཁོར་ལོ་དྲུག་རྣམས་ ལ་རིགས་དྲུག་རྣམས་སུ་འགྱུར་ཏེ། (དེ་ལས་)གྲངས་ཇི་ལྟ་བ་བཞིན་དུ་ཡུམ་གྱི་རིགས་{གསུང་ [གསུམ་]དངགཙོ་བོ་སྟེ་ཡབ་ཀྱི་རིགས་གསུམ་མོ། །ལྟེ་བར་སའི་(ཁམས་ཀྱི་)འཁོར་ལོར་(ཤེས་ རབ་ཀྱི་སྐུ་)འཁོར་ལོའི་རིགས་སོ། །མགྲིན་པར་མེའི་(ཁམས་ཀྱི་)པད་མར་(གསུང་)རིན་པོ་ཆེའི་ རིགས་[ཀྱིས་]སོ། །གསང་བར་ཡེ་ཤེས་ཀྱི་(ཁམས་ཀྱི་)པད་མར་(ཐུགས་)གྲི་གུག་གི་རིགས་ཡིན་ ཏེ། རིམ་པ་ཇི་ལྟ་བ་བཞིན་དུ་ཡུམ་གྱི་སྐུ་གསུང་ཐུགས་སོ། །དེ་ལྟར་སྤྱི་བོ་ཆུའི་(ཁམས་ཀྱི་)པད་ མར་(ཐབས་ཀྱི་སྐུ་)པད་མའི་རིགས་དང༌། སྙིང་{ཁ་[ཁར་]རླུང་གི་(ཁམས་ཀྱི་)པད་མར་(གསུང་) རལ་གྲིའི་རིགས་དང༌། གཙུག་ཏོར་གྱི་དབུས་སུ་ནམ་མཁའི་ཁམས་ཀྱི་པད་མར་(ཐུགས་)རྡོ་ རྗེའི་རིགས་ཡིན་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་གཙོ་བོའི་སྐུ་གསུང་ཐུགས་ཏེ། (ཡུམ་གྱི་)ཁྲག་ དང་(ཡབ་ཀྱི་)ཁུ་བ་དག་གི་རིགས་ཡིན་པའོ། །ས་ལ་སོགས་པ་ཁམས་རྣམས་ཀྱིས་བསྐྱེད་པའི་ རྣམ་པར་འགྱུར་བ་རྣམས་ཇི་ལྟར་རྗེས་སུ་མཐུན་པའི་རིམ་པས་ཞེས་བྱའོ། ། ༈ དེ་རྣམས་རླུང་དང་རྩའི་དབྱེ་བས་(རིགས་དྲུག་པོ་)དེ་ཉིད་སྨྲས་པ། དེ་རྣམས་སྟེང་འོག་རྩ་ གསུམ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་(ལྟེ་བའི་སྟེང་)སྲོག་དང་(འོག་)ཐུར་དུ་རྒྱུ་བ་ དག་ལས་རྩ་གསུམ་གྱི་མིང་གི་མཚན་ཉིད་ཀྱི་དབྱེ་བར་འགྱུར་བ་ནི། ཐུར་དུ་རྒྱུ་{བའི་[བ་] བཤང་པའི་རྩ་(ས་)འཁོར་ལོའི་རིགས་སོ། །སྲོག་གི་ཉི་མའི་རྩ་(མེ་)རིན་པོ་ཆེའི་རིགས་སོ། ཐུར་དུ་རྒྱུ་བའི་ཁུ་བའི་རྩ་(ཡེ་ཤེས་)གྲི་གུག་གི་རིགས་སོ། །དེ་ལྟར་ཡུམ་གྱི་རིགས་གསུམ་པོ་ སྐུ་གསུང་ཐུགས་སོ། །དེ་བཞིན་དུ་སྲོག་གི་ཟླ་བའི་རྩ་(ཆུ་)ནི་པད་མའི་རིགས་སོ། །ཐུར་དུ་རྒྱུ་ བའི་གཅི་བའི་རྩ་(རླུང་)ནི་རལ་གྲིའི་རིགས་སོ། །སྲོག་གི་དབུས་མ་སྒྲ་གཅན་གྱི་རྩ་<ནམ་མཁའ་> 1-1-68 རྡོ་རྗེའི་རིགས་ཞེས་བྱའོ། །གཙོ་བོའི་སྐུ་གསུང་ཐུགས་ཞེས་བྱ་སྟེ་རིགས་དྲུག་ངེས་པའོ།། །། ༈ ད་ནི་རྩ་རྣམས་ཀྱི་མིང་{དུ་}མུ་སྟེགས་པའི་མིང་རྣམས་ཀྱིས་བརྗོད་པར་བྱ་སྟེ། <གཡས་> སེར་སྐྱ་ཞེས་བྱ་བ་ལ་སོགས་པ་ལ། (གཡས་)སེར་སྐྱ་(དབུས་)ཕྲ་མོ་(གཡོན་)ལུག་སྟེ་རྩ་རྣམས་ ལམ་གསུམ་ཉིད་དུ་གནས་པ་ཞེས་བྱ་བ་ལ། (གཡོན་)ཟླ་བའི་ལམ་དུ་གནས་པ་ནི་ལུག་དང༌། (གཡས་)ཉི་མའི་ལམ་དུ་གནས་པ་ནི་སེར་སྐྱ་དང༌། (དབུས་)སྒྲ་གཅན་གྱི་ལམ་དུ་གནས་པ་ནི་ ཤིན་ཏུ་སྟོང་པ་(ཡིད་མཛེས་མ་)ཞེས་བྱའོ། །སྣར་མ་ནི་བཞི་པའོ། །གླང་ཆེན་ལྕེ་ནི་ལྔ་པའོ། །རྒྱལ་ {བ་}ཉིད་ནི་དྲུག་པའོ། །རྒྱལ་བ་ནི་འགྲོ་མེད་དེ་བདུན་པའོ། །འཕྱང་པ་ནི་ནོར་ཏེ་བརྒྱད་ པའོ། །ཀུ་ཧ་ནི་དགུ་པའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་ཏེ་བཅུ་པའོ། །དུང་ཅན་མ་ནས་བྱང་ ཆུབ་ཀྱི་སེམས་བདེ་བའི་མཐར་འཛག་པའོ། །མི་བདག་[ཀྱེ་]ཞེས་{བྱ་བ་[པ་]ནི་བོད་པའོ། ། དེ་ལྟར་དཔལ་ལྡན་རྩའི་འཁོར་ལོ་(བྱ་བའི་ལས་འཕེལ་བས་)ཚིགས་ཀྱི་དབྱེ་བ་དུ་མས་རྣམ་པ་མང་ པོར་འགྱུར་བ་ཞེས་བྱ་བ་ལ། འདིར་ལུས་ལ་ཚིགས་ཀྱི་དབྱེ་བས་ཏེ་ཚིགས་{དྲངས་[གྲངས་] དྲུག་ཅུ་ལྷག་པའི་སུམ་བརྒྱའི་དབྱེ་བས་དྲུག་ཅུ་ལྷག་པའི་སུམ་བརྒྱའི་རྩའི་(འདབ་མ་དྲུག་པའི་) འཁོར་ལོའི་དབྱེ་བར་འགྱུར་རོ་ཞེས་བྱ་བའོ། །སྲོག་ལ་སོགས་པའི་(རླུང་གི་)དབྱེ་བས་ཀྱང་(རྩ་) དེ་ལྟར་ཤེས་པར་བྱ་སྟེ། རྩའི་འཁོར་ལོ་ངེས་པའོ།། །། ༈ ད་ནི་རྩའི་འཁོར་ལོ་དེ་ཉིད་རྣམས་སུ་དབང་པོ་ལ་སོགས་པ(འི་ལྷ)ས་བྱིན་གྱིས་ བརླབས་པ་བརྗོད་པར་བྱ་སྟེ། དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། (རྩ་དེ་དང་ཕྱོགས་སྐྱོང་དེ་ཁམས་ མཐུན་པས་)འདིར་(ཤར་)དབང་{པོའི་[པོ་]འདབ་མར་སྲོག་གི་ནུས་པ་ཐུན་གཅིག་གི་བར་དུ་ དབང་པོ(ལྷ)འི་རང་བཞིན་དུ་ལོངས་སྤྱོད་དོ། །(ཤར་ལྷོའི་)མེའི་འདབ་[རུ་]མར་མེ(ལྷ)འི་རང་ བཞིན་ནོ། །(ལྷོ་)གཤིན་རྗེའི་འདབ་མར་གཤིན་རྗེ(ལྷ)འི་རང་བཞིན་ནོ། །(ལྷོ་ནུབ་)བདེན་བྲལ་ 1-1-69 གྱི་འདབ་མར་བདེན་བྲལ་(ལྷ་ཉིད་)གྱི་རང་བཞིན་ནོ། །(ནུབ་)ཆུ་ལྷའི་འདབ་མར་ཆུ་ལྷའི་རང་ བཞིན་ནོ། །(ནུབ་བྱང་)རླུང་གི་འདབ་མར་རླུང་(ལྷ་དག་)གི་རང་བཞིན་ནོ། །(བྱང་)ནོར་གྱི་འདབ་ མར་ནོར་གྱི་(ལྷའི་)རང་བཞིན་ནོ། །(བྱང་ཤར་)དབངལྡན་གྱི་འདབ་མར་དབང་ལྡན་གྱི་(ལྷའི་) རང་བཞིན་ནོ། །དེ་ལྟར་ན་འདབ་མ་འདི་བརྒྱད་དུ་སྲོག་གི་ནུས་པ་(ཕྱོགས་སྐྱོང་)དེའི་རང་བཞིན་ (རྣམས་)རྒྱུ་ཞིང་ལོངས་སྤྱོད་པ་ཞེས་བྱ་སྟེ། དབང་པོ་ལ་སོགས་པ(ལྷ)འི་རང་བཞིན་ངེས་པའོ།། །། ༈ ད་ནི་འགྲིན་པའི་{ལོངས་སྤྱོད་[འཁོར་ལོ་]བརྗོད་པར་བྱ་སྟེ། འདིར་སྙིང་ཁའི་པད་ མའི་སྟེང་ཕྱེད་དང་བཅས་པའི་སོར་མོ་བཅུ་གཉིས་ཀྱི་མཐར་མགྲིན་པའི་འཁོར་ལོར་གཟའ་ ཚོགས་དང་བཅས་{པའི་}རྒྱུ་སྐར་འཁོར་ལོ་ཡང་དག་གནས་ཞེས་བྱ་བ་ལ། དབྱུག་པའི་རྣམ་ པ་སྐར་མ་བཞི་(ཡེ་ཤེས་ཀྱི་རླུང་རྒྱུ་བ་)དང༌། (གཞན་)གཙོ་བོ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་(གཉིས་དྲིལ་བས་) འདི་རྣམས་ཀྱིས་འདབ་མ་སུམ་ཅུ་རྩ་གཉིས་ཏེ། དབྱུག་པ་བཞིའི་སྐར་མ་བོར་ནས་འདབ་ མ་ཉི་ཤུ་རྩ་བརྒྱད་རྣམས་སུ། ཉིན་ཞག་ཏུ་སྲོག་ཡང་དག་པའི་རིམ་པས་རྒྱུ་བ་ཆུ་ཚོད་དྲུག་ཅུ་ རྣམས་[ལས་]ཉི་ཤུ་རྩ་བརྒྱད་{ཀྱིས་[ཀྱི་](འདབ་མ་རེ་རེས་ཆུ་ཚོད་གཉིས་གཉིས་ཆུ་སྲང་བརྒྱད་བརྒྱད་དང༌། དབུགས་གསུམ་གསུམ་དང༌། དབུགས་གསུམ་ལ་བདུན་དུ་བགོས་པའི་){ཆས་[ཆ་]ཐོབ་པའི་འདབ་མ་སོ་སོར་ རྒྱུ་བ་ཞེས་བྱའོ། །<ཕྱི་རུ་>ཚངས་པའི་གནས་གྱུར་དཔལ་ལྡན་<ནང་>{དཔྲལ་བར་}དབྱངས་ ཀྱིས་ཡོངས་བསྐོར་པ་ལས་<བྱེད་པ་>ཐིག་ལེ་དཀར་པོ་ངེས་པར་འཛག་ཞེས་བྱ་བ་ལ། མགྲིན་ པའི་པད་མ་དེ་ཡི་ཡང་སྟེང་ཕྱེད་དང་བཅས་པའི་སོར་མོ་བཅུ་གཉིས་ཀྱི་མཐར་དཔྲལ་བའི་ པད་མ་འདབ་མ་བཅུ་དྲུག་ལས་འདབ་མ་གཉིས་བོར་བའི་འདབ་མ་བཅུ་བཞི་རྣམས་སུ་སྲོག་ ཉིན་{ཞག་[མཚན་]གྱིས་རྒྱུ་བའོ། །ཆུ་ཚོད་དྲུག་ཅུ་{ལས་[ལ་ཆ་]བཅུ་བཞིས་(ཆུ་ཚོད་བཞི་བཞི་ ཆུ་སྲང་(བཅུ་་གཅིག་བཅུ་གཅིག་<བཅུ་བདུན་བཅུ་བདུན་>དབུགས་དྲུག་གི་བདུན་ཆ་གཉིས་)ཐོབ་{པར་[པས་]སོ་ 1-1-70 སོར་འདབ་མ་བཏང་པའི་(ཡེ་ཤེས་ཀྱི་རླུང་གིས་སྣ་གཡོན་གྱི་མཚམས་ནས་ཁྱེར་བ་ནི་)ཐིག་ལེ་དང༌། (གཡས་ཀྱི་ མཚམས་ནས་ཁྱེར་བ་ནི་)ཐིག་ལེ་གཉིས་པོ་ནི་(འཁོར་ལོ་དབུས་སུ་ཁྱེར་བའི་ཕྱིར་)ལྟེ་བར་རིག་པར་བྱ་སྟེ། ཟླ་ བའི་རྐང་པ་(བཅུ་བཞི་)རྒྱུ་བ་ཞེས་བྱའོ། །ཡང་ལྟེ་བའི་འཁོར་ལོར་རྩ་དྲུག་[ཅུ་རྩ་བཞི་]འཇིགས་ མ་ལ་སོགས་པའི་མིང་ཅན་(༦༤)རྣམས་དང༌། སྙིང་ཁར་བརྒྱད་དེ་ལུག་ལ་སོགས་པའི་མིང་ ཅན་རྣམས་(༨)དང༌། མགྲིན་པར་ཐ་སྐར་ལ་སོགས་པའི་མིང་ཅན་(༣༢)རྣམས་དང༌། དཔྲལ་ བའི་རྩར་ཚེས་གཅིག་ལ་སོགས་པའི་མིང་ཅན་(༡༦)རྣམས་དང༌། གཙུག་ཏོར་དུ་(ཐུན་)མཚམས་ བཞིའི་དབྱེ་བས་དེ་ཁོ་ན་ཉིད་བཞིའི་མིང་ཅན་(༤)རྣམས་ཀྱིས་སོ། །འདི་རྣམས་ལས་མགྲིན་ པ(འི་༣༢)དང་དཔྲལ་བའི་པད་མ(བཅུ་དྲུག་པོ)འི་ནང་དུ་གྱུར་པའི་འཁོར་ལོ་འདབ་མ་བརྒྱད་པར་ རིག་པར་བྱའོ། །དེ་ལྟར་ཀལྟེ་བ་དང༌། ཁསྙིང་ཁ་དང་། གམགྲིན་པ་དང༌། ངདཔྲལ་བར་ འཁོར་ལོ་རྩིབས་བརྒྱད་(བརྒྱད་ཀུན་ལས་ཡོད་)པ་སྟེ། ཀས་དང༌། ཁཆུ་དང༌། གམེ་དང༌། ངརླུང་གི་ རང་བཞིན་ནོ། །སྤྱི་གཙུག་ཏུ་འདབ་མ་བཞི་པ་(དབུས་དང་ལྔ་)སྟོང་པའི་རང་བཞིན་ནོ། །ལྟེ་བར་ (ནང་གི་)འདབ་མ་བཞི་(དབུས་དང་ལྔ་)ནི་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ནོ། །གསང་པར་འདབ་ མ་སུམ་ཅུ་རྩ་གཉིས་ཏེ། ཕྱིའི་འདབ་མ་བཅུ་དྲུག་རྣམས་སུ་དབྱངས་(བཅུ་དྲུག་)ཀྱི་རྩའོ། །བར་ གྱི་འདབ་མ་བཅུ་རྣམས་སུ་ཕུངཔོ་(ལྔ་)དང་ཁམས་(ལྔ་དག་)ཀྱི་རྩའོ། །དེ་ནས་ནང་གི་འདབ་ མ་དྲུག་རྣམས་སུ་(ཤིན་ཏུ་)སྟོང་པ་ཉིད་(ཡེ་ཤེས་)ཀྱི་རྩ་(དྲུག་)ཞེས་བྱའོ། །དེ་ལྟར་འཁོར་ལོ་དྲུག་ གི་རྩའི་(འདབ་མའི་)གྲངས་ནི་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་སྟེ། (གཞན་ཡང་ཡེ་ལེའུའི་ མདོར་བསྡུས་བཞི་པ<འི་༡༤༤པ་>ལས། དེ་ལྟར་མགྲིན་པར་<༣༢>ཇི་ལྟ་བ་དེ་བཞིན་དུ་གསང་པར་རོ། །དཔྲལ་བར་ <༡༦>ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེར་<༡༦>རོ། །གཙུག་ཏོར་<༦༤>ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་ནོར་བུའི་རྩེ་མོར་བཞི་ཞེས་ བྱ་བ་སྟེ་ལུས་ལ་ཁྱབ་པའོ་ཞེས་སོ། །)འཁོར་ལོ་དྲུག་རྣམས་འཆད་པར་འགྱུར་བ་རྣམས་སུ་བཤད་པར་ བྱ་སྟེ། འཁོར་ལོ་དྲུག་[ཏུ་]ངེས་པའོ། ། 1-1-71 ༈ དེ་ལྟར་དང་པོ་མཆོག་གི་སངས་རྒྱས་ལས། བསྡུས་པའི་རྒྱུད་ཀྱི་སྐྱེ་བ་(སྟེ་ལྷ་རྣམས་འབྱུང་ པར་)བརྗོད་པར་བྱ་སྟེ། སུམ་ཅུ་ཞེས་བྱ་བ་ལ་སོགས་པས། འདིར་དང་པོ་མཆོག་གི་སངས་ རྒྱས་ཀྱི། ཉི་ཤུ་ལྷག་པའི་བརྒྱ་ཕྲག་བཅུ་དྲུག་ལས། སུམ་ཅུ་ཡིས་ཐོབ་པ(འི་སྙེད་པ་)ལྔ་བཅུ་རྩ་ བཞི་ཡིས་ལྷ་རྣམས་སུ་འགྱུར་རོ། །ཡང་དེ་ལ་གསུམ་གྱིས་བསྒྱུར་བ་ནི་སྐུ་གསུང་ཐུགས་ཀྱིས་ བསྒྱུར་བས(དུ་རུ་འགྱུར་ན)། དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱའི་ལྷར་འགྱུར་རོ། །(བརྒྱ་རེ་གཉིས་པོ) དེ་རྣམས་ལས་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་ལྔ་བཅུ་རྩ་བཞི་ལྷག་པའི་(བཅོ་ལྔའི་)བརྒྱའི་ གྲངས་ཏེ། དཀྱིལ་འཁོར་གྱི་(ལྷ་ཚོགས་རྣམས་ཀྱི་)བདག་པོ་དུས་ཀྱི་འཁོར་ལོ། ཐབས་དང་ཤེས་ རབ་(ཡབ་ཡུམ་)ཟུང་དང༌། (༡༥༦)ཕྱི་རོལ་ཏུ་ནི་ཕྱག་རྒྱ་དྲུག་ཅེས་(སྟེ་༡༦༢)བྱའོ། །དང་པོ་མཆོག་གི་ སངས་རྒྱས་ལས། དུས་ཀྱི་འཁོར་ལོ་འབྱུང་པ་ནི། བཅུ་ཡི་ཆ་ཡིས་(བགོས་པའི་)ཐོབ་པས་ལུག་ ལ་སོགས་པ་དུང་ཅན་མའི། མཐར་རྩའི་(འཁོར་ལོ་དྲུག་གི་)དབྱེ་བ་ཡིས་(༡༦༢)ཞེས་བྱའོ། །ཕྱི་ རོལ་དུ་དྲང་པའི་དོན་(དུ་པད་མ་ལ་གནས་པའི་ལྷ་རྣམས་)ཞེས་བྱ་སྟེ། བསྡུས་པའི་དུས་ཀྱི་འཁོར་ལོའི་ རྒྱུད་ངེས་པའོ། ། ༈ ད་ནི་(སྦྱང་གཞི་)དུས་ཀྱི་འཁོར་ལོའི་(སྐྱེས་)རྩ་རྣམས་བརྗོད་པར་བྱ་སྟེ། དེ་བཞིན་དུ་ ནི་རྩའི་འཁོར་ལོ་དང་ཞེས་བྱ་བས། འདིར་ལུས་ལ་རིགས་གསུམ་གྱི་རྩ་ནི་གསུམ་སྟེ། (གང་ན་) ཀསྐུ་དང༌། ཁགསུང་དང༌། གཐུགས་ཀྱི་ཐིག་ལེ་འཛིན་པའོ། །ཀལྟེ་བ་དང་ཁགསང་པ་དང་ གརྡོ་རྗེ་ནོར་བུ་ཞེས་བྱའོ། །དེ་བཞིན་དུ་རིགས་དྲུག་གི་རྩ་ནི་བརྐྱང་མ་དང༌། རོ་མ་དང༌། ཀུན་ འདར་མ་ཞེས་བྱ་བ་དང༌། གཤང་བ་དང༌། གཅི་བ་དང༌། ཁུ་བ་དང༌། རྒྱུ་བའི་(རྩ་དྲུག་)ཞེས་བྱའོ། ། དེ་བཞིན་དུ་རིགས་སུམ་ཅུ་རྩ་དྲུག་གི་རྩ་རྣམས་ནི་གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་ གི་རྩ་དྲུག་གོ། སྒྲ་འཛིན་པ་(གཙུག་ཏོར་དུ་)གཉིས་དང༌། (དཔྲལ་བར་)རེག་བྱ་འཛིན་པ་གཉིས་དང༌། (སྙིང་ཁར་)གཟུགས་འཛིན་པ་གཉིས་དང༌། (འགྲིན་པར་)རོ་འཛིན་པ་གཉིས་དང༌། (ལྟེ་བར་)དྲི་ 1-1-72 འཛིན་པ་གཉིས་ཏེ། འདི་རྣམས་ནི་རྩ་(སྟེ་བཅུ་དྲུག་)བཅུའོ། །ལྟེ་བའི་འཁོར་ལོའི་དབུས་ཡོངས་ སུ་བསྐོར་བ་རྣམས་སུ་འཕོ་བ་བཅུ་གཉིས་ཀྱི་རྩ་(སྟེ་ཉེར་བརྒྱད་)དང༌། ཐུན་བརྒྱད་ཀྱི་རྩ(སྟེ་སོ་དྲུག་) འོ། །དེ་ལྟར་(རྩ་དེ་)ཐམས་ཅད་ནི་རིགས་སུམ་ཅུ་རྩ་དྲུག་གི་གཙོ་བོར་(རྩ་དྲུག་)འགྱུར་ཏེ། རོ་ (དེ་ལ་ཡུལ་དང་ཡུལ་ཅན་གྱིས་སུམ་ཅུ་སོ་དྲུག་ནི་)(གཙུག་ཏོར་ལ་སོགས་པར་)དྲུག་གི་ངོ་བོ་རྣམས་དང༌། ཁམས་ དྲུག་གི་ངོ་བོ་(ཡུམ་དྲུག་)རྣམས་དང༌། དབང་པོ་དྲུག་གི་ངོ་བོ་(སེམས་དཔའ་དྲུག་)རྣམས་དང༌། ཡུལ་ དྲུག་གི་ངོ་བོ་(སེམས་མ་དྲུག་)རྣམས་དང༌། ལས་ཀྱི་དབང་པོ་དྲུག་གི་ངོ་བོ་(ཁྲོ་བོ་དྲུག་)རྣམས་དང༌། ལས་ཀྱི་དབང་པོའི་ཡུལ་དྲུག་གི་ངོ་བོ་(ཁྲོ་མོ་དྲུག་)རྣམས་སོ། །དེ་ལྟར་(ལྟེ་བར་)གཟུགས་ལ་(འཇུག་ པ་(བསྐོར་ཟེར་)ཅན་དྲུག་(རྣམ་སྣང་སྤྱན་མ་སྒྲིབ་སེལ་གྲི་མ་གཤིན་རྗེ་མཐར་བྱེད་མཐར་བྱེད་མ་དེས་འདྲེའོ)དང༌། ཚོར་ བ་(འགྲིན་པར་)ལ་འཇུག་པ་ཅན་(རིན་འབྱུང་ལ་སོགས་)དྲུག་དང༌། (སྙིང་ཁར་)འདུ་ཤེས་ལ་འཇུག་པ་ ཅན་(འོད་དཔག་མེད་སོགས་)དྲུག་དང༌། (དཔྲལ་བར་)འདུ་བྱེད་ལ་འཇུག་པ་ཅན་(དོན་གྲུབ་སོགས་)དྲུག་ དང༌། (གཙུག་ཏོར་དུ་)རྣམ་པར་ཤེས་པ་ལ་འཇུག་པ་ཅན་(མི་བསྐྱོད་ལ་སོགས་)དྲུག་དང༌། (གསང་གནས་ སུ་)ཡེ་ཤེས་ལ་འཇུག་པ་ཅན་(རྡོ་རྗེ་སེམས་དཔའ་ལ་སོགས་)དྲུག་དང་ཞེས་བྱ་སྟེ། རིགས་སུམ་ཅུ་རྩ་ དྲུག་གི་རྩ་རྣམས་ནི་(རྩ་སུམ་ཅུ་སོ་དྲུག་)རྟེན་དང་རྟེན་པའི་(རླུང་སོ་དྲུག་)འབྲེལ་པས་བདུན་ཅུ་རྩ་ གཉིས་ཞེས་བྱ་བར་ཤེས་པར་བྱའོ། ། ༈ དེ་ནས་སྨྲས་པ། དུས་ཀྱི་འཁོར་ལོའི་རྩ་རྣམས་ནི་སྤྱི་གཙུག་དུ་ནི་རྒྱ་མཚོ་ཞེས་བྱ་བ་ ལ། (ལ་སོགས་པ་རྒྱ་མཚོ་ནི་)འདབ་མ་བཞིའི་ངོ་བོ་ཅན་རྣམས་ཏེ། (ཐུན་)མཚམས་བཞི་ལ་འཇུག་ པ་ཅན་(གྱི་དབྱེ་བས་)བཞིའོ། །སྙིང་ཁར་བརྒྱད་དང་ཞེས་པ་ནི་སྣར་མ་ལ་སོགས་པའི་རྩ་རྣམས་ ཏེ། མཉམ་གནས་ལ་སོགས་(རླུང་བཅུ་)པའི་རྟེན་དུ་གྱུར་པ་ཐུན་ཚོད་སོ་སོའི་དབྱེ་བས་(ཐུན་བརྒྱད་ དུ་)གཟའ་བརྒྱད་རྒྱུའོ། །འདིར་འོག་དང་སྟེང་དུ་རྩ་གཉིས་ཏེ་(ཤིན་ཏུ་སྟོང་པ་ཡེ་ཤེས་ཀྱི་)རླུང་གི་རྟེན་ ཞེས་བྱའོ། །སྤྱི་བོར་མིའི་བདག་པོ་ནི་ཚེས་བཅུ་དྲུག་(གི་དབྱེ་བས་)འཁོར་བའོ། །མགྲིན་པར་ 1-1-73 སོའི་གྲངས་ཞེས་བྱ་བ་ནི་མགྲིན་པའི་འཁོར་{ལོ་[ལོར་]རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང༌། དབྱུག་ པ་བཞིའི་རྒྱུ་སྐར་ཅན་སུམ་ཅུ་རྩ་གཉིས་ཞེས་བྱའོ། །ལྟེ་བར་ནི་ལྟེ་བའི་པད་མར་ཉི་ཁྱིམ་(བཅུ་ གཉིས་)གྱི་རྩའི་ཕྱི་རོལ་ཏུ་ཆུ་ཚོད་ཀྱི་རྩ་(དྲུག་ཅུ་)རྣམས་ཏེ། བརྒྱད་ཀྱིས་བརྒྱད་བསྒྱུར་རྣམས་ནི་ དྲུག་ཅུ་རྩ་བཞི་རྣམས་{ལ་[ལས་]དཀྱིལ་འཁོར་དྲུག་ཅུ་རྒྱུ་བ་དང༌། (ཤིན་ཏུ་)སྟོང་པ་(ཡེ་ཤེས་ རླུང་)བཞི་རྒྱུ་བ་རྣམས་ཆུ་ཚོད་དྲུག་ཅུ་འཁོར་བ་ཅན་རྣམས་སོ། །མིའི་བདག་པོ་ཉིས་འགྱུར་ ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་སོ། །གསང་བའི་དབུས་སུ་ནི་གསང་བའི་པད་མའི་རྩ་རྣམས་ ཏེ། <ས་བོན་>ཁུ་བ་ལ་སོགས་པ་ཁམས་སུམ་ཅུ་རྩ་གཉིས་འཁོར་བ་ཅན་ཞེས་བྱའོ། ། ༈ དེ་རྣམས་ལས་རྩ་དྲུག་{གི་[གིས་]འཁོར་ལོ་དྲུག་འགོག་པར་འགྱུར་བ་དང༌། བཅུས་ ཡུལ་རྣམས་(འཇོམས་<འཛིན་>པར་འགྱུར་བ་སྟེ། དེ་རྣམས་འདུས་པའི་རངབཞིན་ཞེས་བྱའོ། ། དེ་རྣམས་ཀྱི་ཡང་ཉིས་འགྱུར་གྱིས་བད་ཀན་གྱི་ཆར་(སྤྱི་གཙུག་སྤྱི་བོ་གཉིས་ཀྱི་)ཉི་ཤུའོ། །སླར་ ཡང་ཉིས་འགྱུར་གྱིས་འཁྲིས་པའི་ཆར་(མགྲིན་སྙིང་གཉིས་ཀྱི་)བཞི་བཅུར་འགྱུར་རོ། །དེ་རྣམས་ ལས་ཀྱང་ཉིས་འགྱུར་གྱིས་རླུང་གི་ཆར་(ལྟེ་གསང་གཉིས་ཀྱི་)བརྒྱད་ཅུར་[འགྱུར་]རོ། །དེ་ལྟ་ བས་ན་ལྔ་བཅུ་རྩ་དྲུག་ལྷག་པའི་བརྒྱ་ཕྲག་གཅིག་གི་རྩ་རྣམས་ཏེ། འཁོར་ལོ་དྲུག་རྣམས་སུ་ རྣམ་པར་གནས་པ་དུས་ཀྱི་འཁོར་ལོའི་རྩ་རྣམས་སུ་ཁོང་དུ་ཆུད་པར་བྱའོ། །དེ་རྣམས་ཀྱིས་ ནི་(སྐྱོན་)ངེས་པར་འཆི་བ་སྟེར་ཞིང་(ཡོན་ཏན་)བླ་མའི་ངེས་པའི་དབང་ལས་ཚེ་དང་ནད་མེད་ སྟེར། འཁོར་ལོ་དྲུག་ལ་དུས་ཀྱི་རྩ་རྣམས་གསུངས་པས་འཆི་བའི་འཇིགས་[པ་]འཇོམས་ནི་ བླ་མའི་{མན་[གདམས་]ངག་(སྦྱོར་བ་ཡན་ལག་དྲུག་)སེམས་པར་བྱེད་ན་རྣལ་འབྱོར་པ་རྣམས་ལ་ འདིར་(དེ་ལས་)ངོ་མཚར་(ཆེ་བ་གཞན་)མེད་ཞེས་བྱའོ། ། ༈ སྤྱི་གཙུག་ཏུ་ནི་རྒྱ་མཚོ་(བཞི་)ཞེས་བྱ་བ་ནི་བཞིའོ། །དཔྲལ་བར་ཆུ་གཏེར་(བཞི་)དུས་ (བཞི་)ཀྱིས་བསྒྱུར་བ་ཞེས་བྱ་བ་ནི་བཅུ་དྲུག་སྟེ། དེ་ལྟར་ཉི་ཤུའི་རྩ་རྣམས་སུ། བད་ཀན་ཁམས་ 1-1-74 རྣམས་རབ་ཏུ་འཁྲུག་པར་བྱེད་ཞེས་བྱ[་བ]འོ། །མགྲིན་པར་སོ་ཞེས་བྱ་ནི་{རྩ་}སུམ་ཅུ་རྩ་ གཉིས་རྣམས་སོ། །སྙིང་ཁའི་ཆུ་སྐྱེས་ལ་ནི་མིག་<གཉིས་>གིས་དུས་<བཞི་>བསྒྱུར་ཞེས་བྱ་ བ་ནི་རྩ་བརྒྱད་དེ། དེ་ལྟར་ན་རྩ་བཞི་བཅུ་ལ་འཁྲིས་པའི་ཁམས་རྣམས་རབ་ཏུ་འཁྲུག་པར་ བྱེད་ཞེས་བྱའོ། །གྲངས་ཇི་ལྟ་བ་བཞིན་དུ་ལྟེ་བར་རྒྱ་མཚོ་(བཞི་)དྲུག་ཅུ་(རྩ་བཞི་)ཞེས་བྱ་སྟེ། རྩ་ དྲུག་ཅུ་རྩ་བཞི་རྣམས་དང༌། གཞན་ཡང་མིའི་{བདག་[དབང་]པོ་ནི་གསང་པའི་ཕྱི་རོལ་ཏུ་ ཡོངས་སུ་བསྐོར་པ་རྩ་{དྲུག་ཅུ་}[བཅུ་དྲུག་]སྟེ། རྩ་བརྒྱད་ཅུ་ལ་རླུང་གི་ཁམས་རྣམས་རབ་ཏུ་ འཁྲུག་པར་བྱེད་ཞེས་བྱའོ། །གཞན་ཡང་གསང་བར་ཕྱོགས་ཞེས་བྱ་བ་ནི་རྩ་བཅུ་ནང་གི་བར་ མའི་འཁོར་ལོའོ། །གཞན་ཡང་དྲུག་ཞེས་པ་ནི་དེའི་ཡང་ནང་གི་འཁོར་ལོ་སྟེ། གྲངས་ཇི་ལྟ་བ་ བཞིན་དུ་ངེས་པར་འདུས་(ནད་འབྱུང་)པར་འགྱུར་ནི་འདུས་{པ་[པས་]རབ་ཏུ་འཁྲུག་པར་བྱེད་ ཞེས་བྱ{་སྟེ[འོ། །]འགོག་པ་ཞེས་བྱ་བ་ནི་འཁོར་ལོ་དྲུག་(དུ་རླུང་རྒྱུ་བ་)འགོག་པའི་རངབཞིན་ ནོ། །དེ་ལྟར་ན་དུས་ཀྱི་འཁོར་ལོའི་རྩ་ལྔ་བཅུ་{ང་[རྩ་]དྲུག་ལྷག་པའི་བརྒྱ་ཕྲག་གཅིག་ རྣམས་ནི་<པད་མའི་ལྟེ་བ་ལ་>ལྷ་དང་ལྷ་མོའི་རངབཞིན་གྱིས་གནས་པས། <སྐྱོན་དུ་>བྱིས་པ་ རྣམས་ལ་ནི་འཆི་བ་སྟེར་བར་བྱེད་པའོ། །<ཡོན་ཏན་དུ་>རྣལ་འབྱོར་པ་རྣམས་ལ་ནི་བདེ་བ་ སྟེར་བར་བྱེད་པ་<སྟེང་འོག་>རིགས་དྲུག་གི་རྩ་རྣམས་ཀྱིས་ལྷན་ཅིག་བསྒོམ་པར་བྱ་སྟེ། <རྒྱས་ འདེབས་ཀྱི་ལྷ་རིགས་དྲུག་གི་བདག་ཉིད་སྟེང་འོག་གི་རྩ་དྲུག་བསྣན་པས་>དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱ་ཕྲག་ གཅིག་ནི་འཁོར་ལོ་དྲུག་གི་བདག་ཉིད་དུས་ཀྱི་འཁོར་ལོའི་རྩའི་བདག་ཉིད་ཅེས་བྱའོ། ། ༈ དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱ་ཕྲག་གཅིག་གི་རྩ་དེ་རྣམས་ལ་རྩ་སོ་སོར་རླུང་བཅུ་ རྒྱུ་བས་(གཡོན་དུ་)ཕུང་པོ(འི་རླུང་ལྔ་)དང་(གཡས་སུ་)ཁམས་(ཀྱི་རླུང་ལྔ་རྒྱུ་བས་)བཅུའི་རང་བཞིན་གྱིས་ རྣམ་པ་བཅུར་འགྱུར་རོ། །དེ་ལྟར་བཅུ་པོས་ཐམས་ཅད་བསྒྱུར་བས་ཉི་ཤུ་ལྷག་པའི་བརྒྱ་ཕྲག་ བཅུ་དྲུག་གི་(སྟེ་༡༦༢༠)གྲངས་སུ་འགྱུར་ཏེ། རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་ཆུ་ཚོད་རྒྱུ་བའོ། །དེ་ལྟར་ 1-1-75 དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོ་མཆོག་གི་སངས་རྒྱས་ཀྱི་ཐབས་དང་ཤེས་རབ་ ཀྱི་ལྷ་(༡༦༢༠)དེ་སྙེད་རྣམས་ཞེས་བྱའོ། །(ང་དྲུག་པ་ལས། དེ་ལྟར་དང་པོའི་སངས་རྒྱས་{ལས་[ལ་]ནི་མཁའ་ {ལག་[ལ]མིའི་བདག་པོ་(༡༦༢༠)<༡༢༠>རྣམས་ཀྱི་ལྷ་དང་ལྷ་མོ་རྣམས། །ཐབས་དང་ཤེས་རབ་ཉིན་མོ(འི་ཆ་)མཚན་ མོ(འི་ཆ)ར་འགྱུར་ཏེ་ཆ་མཉམ་(པ་)མཚན་ཕྱེད་དང་ནི་ཉིན་མོ་ཕྱེད་(ཀྱི་བར་ལ་རྒྱུ་སྐར་བཅུ་གཉིས་)ཉིད་དོ། །ཉིན་དང་མཚན་ མོའི་དུས་སུ་(ཕྱིར་)ཟླ་བའི་འཕོ་བའི་དབྱེ་བས་(ཁྱིམ་<བཅུ་>གཉིས་ནང་དུ་)གང་གིས་རང་གི་ལུས་ལ་(རླུང་འཕོ་བ་བཅུ་ གཉིས་ཐབས་ཤེས་ཀྱི་བདག་ཉིད་དང་པོའི་སངས་རྒྱས་)ཤེས་པ་ཡི། །དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེས་སྲིད་(པའི་)འཇིགས་ (པ་)བཅོམ་ནས་སྐྱེ་བ་འདི་ཉིད་དུ་ནི་སངས་རྒྱས་འགྱུར། །ཞེས་སོ། །)དེ་ལྟར་ན་རྒྱུ་སྐར་གྱི་དཀྱིལ་འཁོར་རྒྱས་ པ་ལས་འཇིག་རྟེན་པའི་ཀུན་རྫོབ་ཏུ་བད་ཀན་ལ་སོགས་པའི་ཁམས་རྒྱུ་བའི་ལྷ་ཉིད་དང༌། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་དང༌། རང་གི་ལུས་བསྒྲུབ་པའི་ཕྱིར་འཇམ་ དཔལ་གྱིས་འཁོར་ལོ་དྲུག་གི་གཙོ་བོ་བཏུས་(ནས་ཕྱུང་)པའོ། །ཞེས་བྱ་སྟེ། དུས་ཀྱི་འཁོར་ལོའི་ རྩའི་སྡོམ་པ་ངེས་པའོ།། །། ༈ ད་ནི་སྲོག་(རླུ་)གི་ནུས་པ་ལྟེ་བ་ལ་སོགས་པའི་འཁོར་ལོར་འཁོར་(པར་རྒྱུ་)བ་བརྗོད་ པར་བྱ་སྟེ། ལྟེ་བ་ཞེས་བྱ་བ་ལ་སོགས་པ[་ལ]། འདིར་ཇི་ལྟར་ཕྱི་རོལ་ཏུ་ཉི་མའི་ཁྱིམ་བཅུ་ གཉིས་རྣམས་སུ་ལོ་(གཅིག་གི་)འཕོ་བའི་དབྱེ་བས་སྐོར་བ་དེ་བཞིན་དུ། ནང་གི་(ལྟེ་བའི་)ཁྱིམ་ བཅུ་གཉིས་རྣམས་སུ་ཉིན་མཚན་སོ་སོ་ལ་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་སྲོག་གི་ནུས་པས་ སྐོར་བའོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མར་མཆོག་གི་ཆ་རྣམས་འཁོར་བ་ནི་སྲོག་གི་ནུས་ པའོ། །རིམ་པས་འཕོ་བར་འགྱུར་བ་ནི་ཁྱིམ་བཅུ་གཉིས་ཀྱི་འདབ་མ་(སྟེ་ཟླ་གཅིག་)རྣམས་སུའོ། ། སྲོག་ཟུང་རྣམས་ཀྱི་འཕོ་བ་དགུ་བརྒྱ་ཉིས་འགྱུར་རྣམས་ཀྱིས་ཞེས་བྱ་བ་ལ། འདིར་ཕྱི་རོལ་ ཏུ་ཇི་ལྟར་ཉི་མས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་ཆུ་ཚོད་ཀྱིས་འཕོ་བ་(སྟེ་ཟླ་)གཅིག་ཏུ་འགྱུར་བ་དེ་ བཞིན་དུ། (ནང་དུ་)དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་སྲོག་གི་ནུས་པ་འདབ་མ་གཅིག་ཏུ་འཕོ་ 1-1-76 བར་འགྱུར་{བའོ[རོ]། །དེ་ཡང་ཀ་ཀ་རིའི་དུས་སྦྱོར་ཞེས་བྱ་བ་ལ། འདིར་ཕྱི་རུ་ཉི་མ་སྐྱེ་ བའི་ཁྱིམ་ཀ་ཀ་རི་(ལ་ཐུག་པ་)ཡིན་པ་དེ་ལྟར་(ནང་དུ་)སེམས་ཅན་སྐྱེ་བ་ཐམས་ཅད་དུས་སྦྱོར་ཀ་ ཀ་རིའི་ཁྱིམ་དུ་སྐྱེས་པ་ཡིན་པར་རིག་པར་བྱ་སྟེ། སྲོག་(གི་དུས་སྦྱོར་)སྐྱེ་བའི་གནས་སུ་གྱུར་པས་ ཞེས་བྱ་བའི་རིགས་པ་ལས་སོ། །མི་དབང་ཀྱེ་ཞེས་{པ་[བྱ་བ་]ནི་བོད་པའོ། །ཕྱི་རོལ་ཏུ་དུས་ སྦྱོར་གང་ལ་ཉི་མ་གནས་པ་ནི་འཆར་བའི་དུས་སུ། ཉིན་མཚན་འཁོར་བ་དེ་ཉིད་དེ་རུ་རིག་ པར་བྱ་བ་ནི་ཐུར་མ་བདུན་གྱི་དབྱེ་བས་(གཟའ་གཅིག་གི་དབང་ཐང་)སོ། །དུས་སྦྱོར་ཚད་རྣམས་ ཤེས་པར་བྱ་{བ་[ཞེས་པ་]ནི་ཕྱི་རོལ་ཏུ་ཉི་མའི་འཕོ་བ་[ལ་]ཉིན་ཞག་ལྷག་པ་(སྐྱེད་ཆ་)དང་ ཆད་པ་(སྡུད་པར་)རིག་པར་བྱ་བ་ཇི་ལྟ་བ་{དེ་}བཞིན་དུ། ནང་དུ་{བླུགས་[དབུགས་]རྣམས་ ཀྱིས་ལྷག་པ་(སྐྱེད་ཆ་)དང་ཆད་{པ་[པར་](སྡུད་ཆ་)རིག་པར་བྱ་སྟེ། (ཕྱི་རུ་ལོ་གཅིག་གིས་)ཉི་མ་ལ་ཆུ་ ཚོད་ཀྱི་དབྱེ་བས་སོ། །(ནང་དུ་)ལུས་ལ་སྲོག་གི་དབུགས་ཀྱིས་ངེས་པའོ། །བུ་ལོན་ནོར་དུ་ཉིན་ མཚན་མཉམ་པར་ནི་ཀ་ཀ་རི་ལ་སོགས་པ་རྣམས་སུ་ཉིན་ཞག་གི་དབང་གིས་བུ་ལོན་(ཏེ་འབྲིད་ པ་ཡིན་)ནོ། །(དེ་ཉིད་)ཆུ་སྲིན་ལ་སོགས་པ་རྣམས་སུ་ནོར་དུ་(སྣོན་པ)འོ། །སྐར་རྩིས་[ལ་སོགས་] ལས་གསུངས་པའི་རིམ་པས་(ཟླ་བ་བཅུ་གཉིས་ཀྱི་)དུས་སྦྱོར་འཆར་བ་སྟེ། ཁྱིམ་སོ་སོའི་འཕོ་བ(འི་ མཚམས་ནས་)རྐང་པ་དངབཅས་{པ་[པའི་]ལྔ་བཅུ་རྩ་དྲུག་གི་ཆུ་ཚོད་(སྒྲ་གཅན་)ཀྱིས་(ཁྱེར་བ་)ཞེས་ བྱ་སྟེ་ཕྱི་རུའོ། །ནང་དུ་དབུགས་ཀྱི་བདག་ཉིད་དེ། གཡས་དང་གཡོན་དུ་སོ་སོར་དུས་སྦྱོར་ འཕོ་བའི་དབྱེ་(བའི་མཚམས་ནས་ལྔ་བཅུ་རྩ་དྲུག་དང་བཞི་ཆ་དབུས་མར་ཁྱེར་)བས་(མཉམ་པར་བགྲོད་པའོ་)ཞེས་ བྱ་[བ་]སྟེ། འཕོ་བ་བཅུ་གཉིས་ཀྱིས་བསྐོར་པའོ། ། ༈ ད་ནི་པད་<ཟླ་བ་གཅིག་ལ>མའི་འདབ་མ་སོ་{སོར་[སོ་]ལ་དཀྱིལ་འཁོར་ལྔ་རབ་ཏུ་རྒྱུ་ བ་བརྗོད་པར་བྱ་སྟེ། པད་མའི་འདབ་མ་རེ་རེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱི་རུ་ཉི་མ་ འཕོ་བ་རེ་རེ་རུ་(ཟླ་བ་གཅིག་ལ་)དཀྱིལ་འཁོར་ལྔ་ལྔ་ལོངས་སྤྱོད་པ་སྟེ། ཉིན་ཞག་སུམ་ཅུ་ཆུ་ཚོད་ 1-1-77 བརྒྱ་ཕྲག་བཅོ་བརྒྱད་(ལ་ལྔ་རུ་ཕྱེ་བས་)དཀྱིལ་འཁོར་ལྔའི་ལོངས་སྤྱོད་དེ། (ལྔ་ཆ་ལ་དུ་ཡོད་ན་)ཉིན་ ཞག་དྲུག་གིས་ཆུ་ཚོད་དྲུག་ཅུ་ལྷག་པའི་སུམ་བརྒྱ་ནི་དཀྱིལ་འཁོར་གཅིག་གི་ལོངས་སྤྱོད་དོ། ། དེ་བཞིན་དུ་ནང་དུ་ནི་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་རྣམས་ཀྱིས་དཀྱིལ་འཁོར་ལྔ་ལོངས་ སྤྱོད་པ་(༡༨༠༠པའི་ལྔ་ཆ་)དང༌། དབུགས་དྲུག་ཅུ་ལྷག་པའི་སུམ་བརྒྱས་དཀྱིལ་འཁོར་གཅིག་ ལོངས་སྤྱོད་པ་ཡིན་ཞེས་བྱ་བ་ནི་ངེས་པའོ། །འདིར་སོ་སོར་འཕོ་བ(བཅུ་གཉིས)འི་འདབ་[མར་] གནས་ལྔར་འགྱུར་ཏེ། འདབ་མའི་ནུབ་དང་བྱང་དང་ལྷོ་དང་ཤར་དང་དབུས་རྣམས་ཏེ། དེ་ ལ་སོ་{སོ་[སོར་]པད་མའི་འདབ་མ་རེ་རེ་རུ་རབ་ཏུ་རྒྱུ་བ་ནི་ནུབ་ཕྱོགས་ཀྱི་པད་མར་སའི་ དཀྱིལ་འཁོར་(སུམ་བརྒྱ་དྲུག་ཅུ་)རྒྱུ་བའོ། །བྱང་ཕྱོགས་སུ་ཆུའི་དཀྱིལ་འཁོར་(སུམ་བརྒྱ་དྲུག་ཅུ་)རྒྱུ་ བའོ། །ལྷོ་རུ་མེའི་དཀྱིལ་འཁོར་(སུམ་བརྒྱ་དྲུག་ཅུ་)རྒྱུ་བའོ། །ཡང་ཤར་དུ་རླུང་གི་དཀྱིལ་འཁོར་ (སུམ་བརྒྱ་དྲུག་ཅུ་)རྒྱུ་བའོ། །འདབ་མའི་དབུས་སུ་སྟོང་པ(ནམ་མཁའ་)འི་དཀྱིལ་འཁོར་(སུམ་བརྒྱ་དྲུག་ ཅུ་)རྒྱུ་བ{འོ[སྟེ]། །(ལྔ་པོ་)སོ་སོར་དྲུག་ཅུ་ལྷག་པའི་དབུགས་སུམ་བརྒྱ་འབྱིན་པ་ནི་སྲོག་གི་ དབུགས་ཞེས་བྱའོ། །དེ་ལྟར་འཕོ་བ་སོ་སོར་ལྔའི་དབྱེ་བ་རྣམས་ཀྱིས་ཡིན་ཏེ། དཀྱིལ་འཁོར་ འདི་རྣམས་སུ་དྲུག་ཅུ་ལྷག་པའི་སུམ་བརྒྱའི་དབུགས་ཀྱི་ནང་ནས་རྐང་པ་<སྟེ་བཞི་ཆ་>དང་ བཅས་པའི་{བཅུ་གཅིག་}བཅུ་གཅིག་གི་དབུགས་རྣམས་{བཟུང་[གཟུང་]པ་ནི་དུས་སྦྱོར་ <༡༢>འཆར་བའི་མཚམས་སུ་<དབུས་མར་>མཉམ་པར་རབ་ཏུ་རྒྱུ་བ་སྟེ། དྲུག་ཅུའི་དབུགས་ ལས་དམན་པ་ཞེས་བྱ་བ་(གང་གིས་དམན་ན་)ནི་རྐང་པ་གསུམ་དངབཅས་པའི་དབུགས་གསུམ་ གྱིས་མ་<༤>གང་བ་རྒྱུ་བ་ནི། (དུ་རྒྱུ་ན་)དབུགས་རྣམས་ལ་རྐང་པ་(བཞི་ཆ་)དང་བཅས་པའི་ ལྔ་བཅུ་རྩ་དྲུག་ཞེས་བྱའོ། །དེ་ལྟར་འཕོ་བའི་དབྱེ་བ་རྣམས་ནང་དུ་ནི་དུས་སྦྱོར་བཅུ་གཉིས་ མཚམས་རྣམས་ཀྱི་དབྱེ་བར་འགྱུར་བ་སྟེ། ཞེས་བྱ་བ་ནི་འཕོ་བའི་དབྱེ་བའོ། །[དེ་(ནང་པའི་ མདོར་བསྡུས་བཞི་པའི་དབུ་ནས་)ལྟར་ཉིན་མཚན་གཅིག་ལ་ཆུ་ཚོད་དྲུག་ཅུ་ལ་འཕོ་བ་བཅུ་གཉིས་ 1-1-78 རྣམས་ཏེ། དྲུག་ནི་གཡོན་གྱི་སྣའི་བུག་པར་རོ། །དྲུག་ནི་གཡས་ཀྱི་སྣའི་བུག་པ་ནས་སོ། ། བཅུ་གཉིས་ཀྱི་མཚམས་རྣམས་སུ་དབུས་མར་འཇུག་ཅིང་གནས་པའོ། །ཁམས་མཉམ་པ་སྟེ་ ལུས་ལ་ནད་དང་བྲལ་བ་རྣམས་ལའོ། །ནད་མངོན་དུ་གྱུར་པ་རྣམས་ཀྱི་ཡང་རླུང་དང་མཁྲིས་ པ་དང་བད་ཀན་རྣམས་ཀྱིས་ཁམས་རྣམས་མི་སྙོམས་པ་སྟེ་དེ་རྣམས་མི་སྙོམས་པས་སྲོག་གི་ རླུང་མི་སྙོམས་པའོ་ཞེས་གསུངས་སོ། །] ༈ ད་ནི་དཀྱིལ་འཁོར་ལྔའི་ལྷག་པའི་ལྷ་བརྗོད་པར་བྱ་སྟེ། སྟོང་པ་ཞེས་བྱ་བ་ལ་སོགས་ པ་ལ། འདིར་ཕྱི་རུ་ཉི་མ་(གཡོན་)ལུག་ལ་<སྐྱེད་ཆ>སོགས་པ་མི་མཉམ་པ(སྐྱེད་ཆ)འི་དུས་སྦྱོར་ (དྲུག་)ལ་སྟོང་པ(ནམ་མཁའ)འི་དཀྱིལ་འཁོར་ལ་སོགས་པ་ལོངས་སྤྱོད་དོ། །(གཡས་)གླང་ལ་ སོགས་པ་མཉམ་པ(སྡུད་ཆ)འི་དུས་སྦྱོར་(དྲུག་)ལ་སའི་དཀྱིལ་འཁོར་ལ་སོགས་པ་ལོངས་སྤྱོད་ དོ། །དེ་བཞིན་དུ་ནང་དུ་སྟོང་པ་ལ་སོགས་པ་དེ་ཉིད་[ལྔ་]ཞེས་བྱ་བ་ནི། སྟོང་པ་(ནམ་མཁའ་) དང༌། རླུང་དང༌། མེ་དང༌། ཆུ་དང༌། སའི་དཀྱིལ་འཁོར་རྣམས་བྱང་ནས་ཞེས་བྱ་བ་ནི། གཡོན་ པའི་སྣ་བུག་ནས་ངེས་པར་རབ་ཏུ་རྒྱུ་བའོ། །ས་{ལ་སོགས་པ་}ཞེས་བྱ་བ་ནི་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། སྟོང་པའི་དཀྱིལ་འཁོར་གཡས་པའི་སྣ་བུག་ནས་རྒྱུ་བའོ། །དེ་རྣམས་ ཀྱང་གཡོན་དངགཡས་པའི་(རླུང་གི་)དཀྱིལ་འཁོར་བཅུ་རྣམས། གྲངས་ཇི་ལྟ་བ་བཞིན་དུ་(སྣ་) གཡོན་པའི་སྟོང་པ(ནམ་མཁའ)འི་དཀྱིལ་འཁོར་དུ་སྒྲ་གཅན་ལྷག་པའི་ལྷ་ཉིད་རབ་ཏུ་རྒྱུ་བའི་ དུས་{སུའོ[སོ]། །(སྣ་)གཡས་སུ་དུས་ཀྱི་མེ(ནམ་མཁར་)འོ། །(སྣ་)གཡོན་པའི་རླུང་གི་དཀྱིལ་ འཁོར་དུ་ཟླ་བའོ། །(སྣ་)གཡས་པར་ཉི་མ(རླུང་)འོ། །(སྣ་)གཡོན་པར་མེའི་དཀྱིལ་འཁོར་དུ་ གཟའ་{ལྷག་[ལག་]གོ། (སྣ་)གཡས་པར་བཀྲ་ཤིས་(མེ་)སོ། །(སྣ་)གཡོན་པར་ཆུའི་དཀྱིལ་ འཁོར་དུ་པ་བ་སངས་སོ། །(སྣ་)གཡས་སུ་ཕུར་བུ(ཆུ)འོ། །(སྣ་)གཡོན་པར་སའི་དཀྱིལ་འཁོར་ དུ་འཇུག་རིངས་སོ། །(སྣ་)གཡས་སུ་དལ་བ(ས)འོ། །དེ་<བྱང་དུ་སྒྲོད་པ་>ལྟར་ནམ་མཁའ་ལ་ 1-1-79 སོགས་པའི་དཀྱིལ་འཁོར་(བཅུའི་རླུང་)རྣམས་ལ་བདག་པོ་(སྟེ་གཟའ་)བཅུ་རྣམས་ཞིང་ཅན་རྣམས་ སུ་འགྱུར་(ཡེ་ལེའི་བརྒྱ་ལྔ་བཅུ་ང་ལྔ་པ་ལས། གཙུག་ཏོར་(བཞི་)སྙིང་ཁའི་ཕྱོགས་(རྩ་)<དཔྲལ་བའི་གཙུག་>དང་རི་ བོང་ཅན་(དཔྲལ་བ་བཅུ་དྲུག་)དང་ཉི་མའི་གནས་ཏེ་འགྲིན་(༣༢)དང་འཁོར་ལོ་ལྷག་མ་(ལྟེ་བ་དང་གསང་གནས་)རྣམས(ལ)། {བརྒྱད་[བརྒྱ]ཅུ་རྩ་གཅིག་མཐར་གྱུར་གང་ཞིག་རབ་ཏུ་གསལ་བ་(རྒྱུ་བའི་རླུང་གཡོན་གཡས་ཀྱི་)རྣམས་བཅུ་པོ་གཟའ་སྟེ་ (གཡོན་གྱི་)ཞི་དང་དྲག<གཡས་ཀྱི>། (དུས་སྦྱོར་)དེ་རྣམས་ཀྱི་ནི་ཐོག་མ་ཐ་མའི་ཆ་ལ་ཁྱབ་བདག་ཞབས་སུ་གྱུར་པ་(ཡེ་ ཤེས་ཀྱི་རླུང་ལྔ་བཅུ་རྩ་དྲུག་དང་ཆ་བཞི་)དུས་ཀྱི་{རྩས་[ཟས་]ཟ་བ། གཟའ་(སྒྲ་གཅན་དེ་དབུ་མ་)ཡི་མཐའ་ཡིས་ཟོས་པས་ སྲིད་གསུམ་སྐྱེད་པར་མཛད་པ་མཁའ་འགྲོ་མ་(འབྱུང་པའི་རླུང་)རྣམས་རྡོ་རྗེའི་སྐུ་རུ་(དབུ་མར་)འགྱུར། །)ཞེས་བྱའོ། །དེ་ ལྟར་བྱང་དུ་ཟླ་དྲུག་ཟླ་བ་དབང་པོར་འགྱུར་ཏེ་ནི་(བྱང་དུ་བགྲོད་པ་)ལུག་དང༌། འཁྲིག་པ་དང༌། སེང་གེ་དང༌། སྲང་དང༌། གཞུ་དང༌། བུམ་པའི་ཁྱིམ་རྣམས་སོ། །གཡོན་པའི་རྩ་ལ་ཟླ་བ་ཁུ་ བའི་ཁམས་དབང་པོར་འགྱུར་རོ། །ལྷོ་རུ་(བགྲོད་པ་)ཁྱུ་མཆོག་དང༌། ཀ་ཀ་རི་དང༌། བུ་མོ་དང༌། སྡིག་པ་དང༌། ཆུ་སྲིན་དང༌། ཉའི་ཁྱིམ་རྣམས་སོ། །གཡས་པའི་རྩ་ལ་ཉི་མའི་རྡུལ་གྱི་ཁམས་ དབངཔོར་འགྱུར་རོ། །{མིའི་[མི་]བདག་ཀྱེ་ཞེས་བྱ་བ་ནི་བོད་པ་སྟེ། དཀྱིལ་འཁོར་དབང་པོ་ ངེས་པའོ།། །། ༈ ད་ནི་སྲོག་ལ་སོགས་པའི་རླུང་(གི་གནས་)རྣམས་བརྗོད་པར་བྱ་སྟེ། དེའི་ཞེས་བྱ་བ་ལ་ སོགས་པ་ལ། འདིར་ལྟེ་བའི་འཁོར་ལོའི་ནང་དུ་འདབ་མ་བཞིའི་བདག་ཉིད་དང༌། དེའི་ཕྱི་ རོལ་འདབ་མ་བརྒྱད་ཀྱི་བདག་ཉིད་དང༌། དེའི་ཕྱི་རོལ་འདབ་མ་བཅུ་གཉིས་ཀྱི་བདག་ཉིད་ དང༌། དེའི་ཕྱི་རོལ་འདབ་མ་དྲུག་ཅུ་རྩ་བཞིའི་བདག་ཉིད་དེ། འདབ་མའི་སྒྲ་ཡིས་ནི་དབུགས་ ཀྱི་(རྒྱུ་སའི་)ཆོས་ཅན་གྱི་རྩ་རྣམས་{བཟུང་[གཟུང་]པར་བྱའོ། །དེའི་ཞེས་པ་ནི་ལྟེ་བའི་འཁོར་ ལོ་ཡིས་སོ། །སྟེང་དུ་ཞེས་པ་ནི་ཕྱེད་དང་བཅས་པའི་སོར་མོ་བཅུ་གཉིས་ཀྱི་སྟེང་ན་(གང་གནས་ ན་)སྙིང་ཁའི་ཕྱོགས་ན་ནོར་གྱི་འདབ་མའི་རྩའི་འཁོར་ལོ་ཡང་དག་གནས་ནི། རྩིབས་བརྒྱད་ 1-1-80 པ་རྩ་བརྒྱད་ཀྱི་བདག་ཉིད་དེ་རྣམས་སུ་སྲོག་ལ་སོགས་པའི་(རྩ་བ་དང་ཡན་ལག་གི་)རླུང་གི་ཚོགས་ རྣམས་(གཡོན་)རི་བོང་ཅན་དང་(གཡས་)ཉི་མ་མེ་ནས་སོ། །མེ་ཞེས་བྱ་བ་ནི་(དབུ་མ་ནས་)སྒྲ་གཅན་ ནོ། །གཡོན་{པའི་[གྱི་]ཟླ་བའི་རྩ་ནས་<གཡོན་>རི་བོང་ཅན་མཚན་རྒྱུ་བ་སྟེ། ཁ་དོག་དཀར་ པོ(རྒྱུ་བ)འོ། །གཡས་ཀྱི་ཉི་མའི་རྩ་ནས་ཁ་དོག་དམར་{པོར་[པོ་]རྒྱུ་བའོ། །འདབ་མ་བརྒྱད་ ཀྱི་དབུས་ནས་ཏེ་སྒྲ་གཅན་གྱི་རྩ་ནས་དུས་[ཀྱི་]མེའི་རངབཞིན་རབ་ཏུ་རྒྱུ་བ་ནི་དུས་སྦྱོར་ (བཅུ་གཉིས་)འཆར་{བ་[བའི་]མངོན་པའི་མཚམས་སུ་(དུ་རྒྱུ་ན་)རྐང་པ་དང་བཅས་པའི་ལྔ་བཅུ་ རྩ་དྲུག་གི་དབུགས་(རྒྱུ་བ་)ཞེས་བྱའོ། །འདིར་སྙིང་ཁའི་པད་མ་འདབ་མ་བརྒྱད་དུ་ཐུན་(ཚོད་ བརྒྱད་)གྱི་འཕོ་བའི་རྩ་རུ་རིག་པར་བྱའོ། །འདི་རྣམས་མིའི་སྣའི་བུག་པ་ནས་དཀྱིལ་འཁོར་ལྔ་ རྒྱུ་བ་ཡིན་ཏེ། རྩ་དང་རྩར་སྲོག་རྒྱུ་བ་ནི་(རྩ་འདབ་གཅིག་གི་)ཕྱེད་དང་བཅས་པའི་ཆུ་ཚོད་བདུན་ (པོ་དེ་)ལ་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱི་དབུགས་{རྣམས་}འབྱུང་པ་དང་རྔུབ་པ་རྣམས་(ཀྱི་གྲངས་) སུ་འགྱུར་རོ། །ཞེས་བྱའོ། །དེ་ལ་སྲོག་ནི་(ལྟེ་བའི་)སྟེང་དུ་རྒྱུ་བའོ། །ཐུར་སེལ་ནི་(ལྟེ་བའི་)འོག་ཏུ་ རྒྱུ་བའོ། །མཉམ་གནས་ནི་ཤར་གྱི་འདབ་མ་རུ་ལྷག་(པར་དབང་དུ་བྱེད་)པའི་ལྷ་རྩ་སྣར་མ་ལའོ། ། གྱེན་དུ་རྒྱུ་བ་ནི་(ཤར་ལྷོ་)མེའི་འདབ་མར་རྩ་གླང་པོ་ཆེའི་ལྕེ་ལའོ། །ཁྱབ་བྱེད་ནི་ལྷོའི་འདབ་ མར་ཏེ་(གཡས་རོ་མ་)སེར་སྐྱའི་རྩར་རོ། །ཀླུ་ནི་<ལྷོ་ནུབ་>བདེན་བྲལ་གྱི་འདབ་མར་ཀུ་ཤའི་ རྩར་རོ། །རུས་སྦལ་ནི་<ནུབ་>ཆུ་ལྷའི་འདབ་མར་{ལུག་གི་[རྒྱལ་བའི་]རྩར་རོ། །རྩངས་པ་ ནི་(ནུབ་བྱང་)རླུང་གི་འདབ་མར་ཨ་ལམ་ཀུ་ཤའི་རྩ་ལའོ། །ལྷ་སྦྱིན་ནི་བྱང་གི་འདབ་མར་(གཡོན་) ལུག་(རྐྱང་མ་ཉིད་)གི་{རྩ་རུའོ[རྩར་རོ]། །ནོར་རྒྱལ་ནི་(བྱང་ཤར་)དབང་ལྡན་གྱི་འདབ་མར་ཀུ་ ཧའི་རྩ་ལའོ། །སྲོག་ནི་ཤིན་ཏུ་སྟོང་པའོ། །ཕྱོགས་ཀྱི་[རྩ་]གྲངས་(བཅུ་པ་)ནི་(དབུས་མ་)དུང་ཅན་ དེ་གང་བྱང་ཆུབ་ཀྱི་སེམས་འཛག་པ་དང༌། ཐུར་དུ་རྒྱུ་བ་ལྷག་པའི་ལྷ་(སྟེ་ཡེ་ཤེས་ཀྱི་རླུང་)དེ་ཉིད་ དོ། །དེ་ལྟར་རྩའི་འཁོར་ལོར་ལས་ཀྱི་དབྱེ་བས་རླུང་[རྣམས་]རྣམ་པ་བཅུ་རུ་ཡང་དག་གནས་ 1-1-81 པ་ཞེས་པ་ནི་སྲོག་(རླུང་བཅུ་)ལ་སོགས་པ་འདི་རྣམས་ཐམས་ཅད་ཀྱིས་རྩ་སྟོང་ཕྲག་བདུན་ཅུ་ རྩ་གཉིས་རྣམས་ལ་ཁྱབ་པ་སྟེ། འོན་ཀྱང་(རྩའི་)གནས་བརྒྱད་རྣམས་སུ་སྐྱེ་བ་ནི་རླུང་བརྒྱད་ <༡>ཀྱི་{རྩ་}(སྐྱེ་བ་)<༣>ཞེས་བྱའོ། །སྣར་མ་ལ་སོགས་པ་དུང་ཅན་མཐར་ཐུག་པ་རྣམས་ རིམ་གྱིས་རྩའི་འཁོར་ལོ་མཐའ་དག་རང་གི་སྙིང་ཁའི་པད་མ(འི་འདབ་མ་བརྒྱད་པོ་)ལ་ཞེས་པ་ ནི་རྩ(འི་འདབ་མ་བརྒྱད་པོ་)རྣམས་མཉམ་པའི་རླུང་ལ་སོགས་པ་<༢>སྐྱེ་བའི་གནས་ཞེས་བྱ་སྟེ། སྙིང་ཁའི་འཁོར་{ལོ་[ལོའི་]ངེས་པའོ།། །། ༈ ད་ནི་ཁམས་དྲུག་རྣམས་ལས་ཐུར་སེལ་ལ་སོགས་པའི་རླུང་རྣམས་བརྗོད་པར་བྱ་སྟེ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་[རྣམས་]ལ། འདིར་ལུས་ལ་ཡེ་ཤེས་ཀྱི་ཁམས་སུ་ཐུར་སེལ་ གྱི་རླུང་དུ་འགྱུར་ཏེ་འདིར་ཡང་<ཡེ་ཤེས་ཀྱི་ཁམས་ལ་ཟེར་དོགས་པ་ལ་>ལྔ་པའི་དོན་གྱི་བདུན་པའོ། ། དེ་ཡང་རྣམ་པ་གསུམ་ཞེས་པ་ནི་བཤང་པ་དང༌། གཅི་བ་དང༌། ཁུ་བ་འཁྲུག་པ་ཉིད་དུ་འགྱུར་ རོ། །སྟོང་པ་ལས་ཀྱང་སྲོག་གི་རླུང་ཞེས་བྱ་བ་ནི་ནམ་མཁའི་ཁམས་ལས་སོ། །ཀྱང་ཡིག་ལས་ དེ་ཡང་རྣམ་པ་གསུམ་སྟེ། གཡོན་{པ་}དང༌། གཡས་{པ་}དང༌། དབུས་མའི་{ལམ་[གནས་] ནས་རྒྱུ་བའོ། །རླུང་གི་དབུས་[གནས་]ནི་རླུང་གི་ཁམས་ཀྱི་རང་བཞིན་ལས་མཉམ་པར་ འགྱུར་རོ། །མེ་ལས་ནི་མེའི་ཁམས་ལས་{ཡང་}གྱེན་དུ་རྒྱུ་བ(འི་རླུང་)འོ། །ཆུ་ལས་ནི་ཆའི་ ཁམས་ལས་ཁྱབ་བྱེད་(ཀྱི་རླུང་)དོ། །ས་ལས་ཞེས་བྱ་བ་ནི་སའི་ཁམས་ལས་ཀླུ(འི་རླུང་)འོ། །དེ་ ནས་བར་མ་ཆད་པར་རུས་སྦལ་ལ་སོགས་པ་བཞི་རླུང་གི་ཁམས་ལས་ནི་རུས་སྦལ་(གྱི་རླུང་) ཡིན་པའོ། །མེའི་ཁམས་ལས་ནི་ཏྲེ་ཀ་ར<རྩངས་པ>འོ། །ཆུའི་ཁམས་ལས་ལྷ་སྦྱིན་(གྱི་རླུང་ཡིན་) ནོ། སའི་ཁམས་ལས་ནོར་རྒྱལ་(གྱི་རླུང་)ལོ། །(རྣམ་པར་རྒྱལ་བའི་རླུང་ནི་)ལོ་བཅུ་དྲུག་གི་མཐར་ནམ་ མཁའི་ཁམས་ལས་དགའ་བའི་རླུང་ངོ༌། །ཡེ་ཤེས་ཀྱི་ཁམས་ལས་ལྷན་ཅིག་སྐྱེས་པའི་དགའ་ བའི་རླུང་ངོ༌།། །། 1-1-82 ༈ ད་ནི་སྲོག་ལ་སོགས་པའི་བྱེད་པ(འི་ལས་)བརྗོད་པར་བྱ་སྟེ། སྲོག་ཞེས་བྱ་ལ་སོགས་ པ་ལ་འདིར་ལུས་ལ་སྲོག་གིས་ནི་སྲོག་སྟོབས་དང་ལྡན་པར་བྱེད་ཅིང༌། ཉི་མ་ནི་རི་{རབ་ [བོང་]ཅན་ཉིད་ལམ་ནས་འགྲོ་ཞེས་པ་ནི། ཉི་མའི་ལམ་ནི་(མུ་སྟེགས་པའི་མིང་)སེར་སྐྱ་འམ་ (སངས་རྒྱས་པའི་མིང་)ར་ས་ནའོ། །རི་བོང་ཅན་{གྱི་}ལམ་ནི་ལུག་གམ། ལ་ལ་ན་སྟེ་དེ་དག་གི་ ལམ་ནས་འགྲོ་ཞེས་བྱ་བ་ནི་ངེས་པར་ལྟུང་པའི་དོན་ཏོ། །བཟའ་བཏུང་མཐའ་དག་ཞེས་པ་ ནི་རོ་དྲུག་ཟོས་པ་དང༌། ཆུ་ལ་སོགས་པ་འཐུངས་པ་དེ་[མཐའ་]དག་འོག་ཏུ་ཁྱེར་{བ་[བར་] ཐུར་{དུ་}རྒྱུ་བའི་རླུང་གིས་ཞེས་བྱ་བ་ནི་(ཐུར་སེལ་ཞེས་པའི་)ལུང་གི་ཚིག་གོ། ལུས་ལ་མ་ལུས་ རོ་མཉམ་བྱེད་པ་མཉམ་པ(འི་རླུང་)སྟེ། མཉམ་གནས་ཀྱི་རླུང་གི་མིང་ནི་<ཟས་ཟོས་པ་ཁྲག་ཏུ་བྱེད་ པ་རིམས་ཀྱིས་སླད་པའི་>ཁམས་(ཟས་ཟོས་པ་ཁྲག་ཏུ་བྱེད། ཁྲག་ཤ། ཤ་རྩ། རྩ་རུས་པ། རུས་པ་རྐང་མར། རྐང་མར་ཁུ་ བའོ། །)བདུན་(གྱི་བར་)དུ་རོ་མཉམ་པར་བྱེད་ཞེས་བྱ་བའི་དོན་ཏོ། །ལུས་ལ་བསྐྱོད་བྱེད་གྱེན་ དུ་རྒྱུ་བའི་རླུང་གིས་ཀཁ་དང་ཁལག་པ་རྐང་པས་ཀགླུ་ཁགར་བྱེད་ཞེས་པ་ནི། འདིར་ལུས་ལ་ གྱེན་དུ་རྒྱུ་བ་དེ་ཉིད་ཀྱིས་ཀཁ་ཡིས་ཀླུ་ལ་སོགས་པ་དང་རྒོད་པ་དང་སྨྲ་བ་ལ་སོགས་པ་བྱེད་ པའོ། །ཁལག་པ་དང་རྐང་པས་གར་བྱེད་པ་དང༌། འགྲོ་བ་ལ་སོགས་པ་བྱེད་པ་ཞེས་བྱའོ། ། ནད་ཉིད་བྱེད་པས་ཁྱབ་བྱེད་ཞེས་བྱ་བ་རང་བཞིན་ཡོན་ཏན་དབང་ལས་ཞེས་{བྱ་བ་[པ་] ནི་ཆུའི་རང་བཞིན་དབང་གིས་ཡིན་ཏེ། དེ་བཞིན་དེ་ནི་ནད་བཞིན་དུ་ལུས་འཇོམས་པར་བྱེད་ པ་ཞེས་བྱའོ། །ཀླུ་ཡིས་སྒྲེགས་པ་ཉིད་དེ་ནི་ཀླུ་ཡིས་སྒྲེགས་པ་ཉིད་དོ། །གསལ་བར་ལག་པ་ དང་ནི་རྐང་པ་{འགུམས་[བསྐུམས་]པར་བྱེད་པ་རུས་སྦལ་རླུང་ཞེས་བྱའོ། །ཁྲོ་དང་འཁྲུག་ པ་མཐའ་དག་ནི་རྩངས་པའི་རླུང་གིས་བྱེད་དོ། །དབྱལ་བར་བྱེད་པ་ལྷ་སྦྱིན་(ཉིད་)གྱིས་བྱེད་ དོ། །ལུས་ལ་(བྱིས་པ། གཞོན་ནུ། ལང་ཚོ། རྒས་པ། འཆི་བ་)<འབྱུང་པ་ཐིམ་པར་>ལྔ་གྱུར་(ནས་ཤི་བའི་)<ནས་ དབུགས་ཆད་པའི་>མཐར་ཡང་རླུང་གཅིག་གིས་ནི་(ཅུང་ཞིག་)<ཞག་གཅིག་ཏུ་ལུས་སེམས་>མི་གཏོང་པ་ 1-1-83 [ནི་]ནོར་རྒྱལ་གྱི་རླུང་(མི་གཡོ་བ་)ཉིད་ཀྱིས་སོ། །{མིའི་[མི་]བདག་ཞེས་བྱ་བ་ནི་བོད་པའོ། ། དེ་ལྟར་(བྱེད་པ་)གསུངས་པའི་རིམ་པས་སྲོག་[ལ་སོགས་]པ་རླུང་རྣམས་(བཅུ་པོ་)ཐམས་ཅད་ ཀྱིས་ནི་རང་བཞིན་གྱུར་པའི་ཡོན་ཏན་རྣམས་[ནི་]མི་གཏོང་ཞེས་པ་ནི་ནམ་མཁའ་ལ་སོགས་ པ(རླུང་མེ་ཆུ་ས་)འི་རང་བཞིན་ཡོན་ཏན་(མི་གཏོང་)ཞེས་བྱ་བ་སྟེ། སྲོག་ལ་སོགས་པའི་བྱེད་པ་ངེས་ པའོ།། །། ༈ ད་ནི་སྣ་བུག་གཉིས་སུ་དཀྱིལ་འཁོར་ལྔ་རྒྱུ་བ་བརྗོད་པར་བྱ་སྟེ། རྩ་བར་ཞེས་བྱ་བ་ ལ་སོགས་པ་ལ། འདིར་གཡོན་དང་གཡས་ཀྱི་སྣ་བུག་གི་རྩ་བར་ནི་འོག་གི་ཆ་ལ་སའི་(རླུང་གི་) དཀྱིལ་འཁོར་རྒྱུ་བའོ། །གཡོན་དུ་ཆུ་(རླུང་)ནི་གཡོན་པ་དང་གཡས་པའི་སྣའི་བུག་པ་གཉིས་ ཀྱི་དབུས་ལ་རི་བོ་མངོན་དུ་ཕྱོགས་པ་སྟེ། ཐམས་ཅད་ཀྱི་བྱང་ན་གནས་པའི་རི་རབ་ལྷུན་ པོ་ཞེས་ཤེས་པར་བྱེད་པ་ལས་སོ། །གཡས་སུ་ནི་མེའི་(རླུང་གི་)དཀྱིལ་འཁོར་{འཁོར་}རྒྱུ་བ་ སྟེ། སྣ་བུག་གཡས་[གཡོན་]གཉིས་ཀའི་ཕྱི་རོལ་གྱི་{ཆ་[ཆར་]ཞེས་བྱ་བའོ། །སྣའི་བུག་པ་ གཉིས་ཀའི་སྟེང་དུ་རླུང་གི་དཀྱིལ་འཁོར་རྒྱུ་བའོ། །སྣ་བུག་གཉིས་ཀའི་དབུས་སུ་ནམ་མཁའ་ ཞེས་བྱ་[བ་]ནི་ས་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་ནམ་མཁའི་དཀྱིལ་ འཁོར་རྒྱུ་བའོ། །(སྣ་)གཡོན་གྱི་དུས་སྦྱོར་ (དྲུག་){དུ་}རྒྱུ་བ་ནི་གཡོན་ནོ། །(སྣ་)གཡས་ཀྱི་དུས་ སྦྱོར་(དྲུག་){དུ་}རྒྱུ་བ་ནི་གཡས་ཀྱི་དཀྱིལ་འཁོར་རྒྱུ་བའོ། །སྣའི་བུག་པ་གཉིས་ཀ་ནས་ཀྱང་ (དུས་)ཅིག་ཅར་གྱིས་མཉམ་པར་ཡེ་ཤེས་(རླུང་)ཀྱི་དཀྱིལ་འཁོར་(༥༦༤ཆ་)རྒྱུ་བ་སྲོག་གི་ནུས་པ་ ཞེས་བྱའོ། །དེ་ཡང་འབུགས་པ་ནི་ལྟེ་ཀབ་དང༌། ཁ སྙིང་ཁ་དང༌། གམགྲིན་པ་དང༌། ངདཔྲལ་ བ་དང༌། ཅགཙུག་ཏོར་དང༌། ཇསྣའི་བུག་པ་རྣམས་ལ་འབུགས་པར་འགྱུར་ཏེ། <ལྟེ་བར་>ཀཆུ་ ཚོད་(དྲུག་ཅུ་)དང༌། ཉི་ཁྱིམ་(བཅུ་གཉིས་)དང༌། <སྙིང་ཁར་>ཁཐུན་ཚོད་(བརྒྱད་)དང༌། <མགྲིན་པར་> གསྐར་མ་(ཉེར་བརྒྱད་)དང༌། <དཔྲལ་བར་>ང་ཚེས་(བཅུ་དྲུག་)དང༌། <སྤྱི་གཙུག་>ཅམཚམས་(བཞི་ 1-1-84 ཉིད་)ཀྱི་དཀྱིལ་འཁོར་གྱི་དབྱེ་བས་ཞེས་བྱའོ། །ང་ནུས་པ་ནི་སྲོག་གི་ནུས་(པས་འབུགས་)པའོ། ། མཆོག་གི་རང་བཞིན་འགྲོ་ནི་དམིགས་པ་མེད་པ(ཡེ་ཤེས་སུ)འོ། །བཅུ་གཉིས་མཐའ་ནི་སོར་མོ་ [བཅུ་]གཉིས་ཀྱི་མཐའ་དང༌། ཆའི་མཐའ་ནི་སོར་མོ་བཅུ་དྲུག་གི་མཐའ་ཞེས་བྱ་སྟེ། འདིར་ སའི་དཀྱིལ་འཁོར་རབ་ཏུ་རྒྱུ་བ་ནི་རླུང་སྣའི་བུག་པ་ནས་(ཕྱིར་)སོར་བཅུ་གཉིས་སུ་འགྲོའོ། ། དེ་ནས་(ཕྱིར་)ལྡོག་གོ། ཆུའི་དཀྱིལ་འཁོར་རླུང་<ཕྱིར་>སོར་བཅུ་གསུམ་དུ་འགྲོའོ། །དེ་ནས་ <ནང་དུ་>ལྡོག་གོ། མེའི་དཀྱིལ་འཁོར་རླུང་(ཕྱིར་)སོར་བཅུ་བཞིར་འགྲོའོ། །དེ་ནས་ལྡོག་གོ། རླུང་གི་དཀྱིལ་འཁོར་སོར་(ཕྱིར་)བཅོ་ལྔར་འགྲོའོ། །དེ་ནས་(ཕྱིར་)ལྡོག་གོ། སྟོང་པའི་དཀྱིལ་ འཁོར་[རླུང་]སོར་བཅུ་དྲུག་ཏུ་འགྲོའོ། །དེ་ནས་ལྡོག་གོ། ཡེ་ཤེས་ཀྱི་དཀྱིལ་འཁོར་རླུང་(ས་ ནས་)སའི་དཀྱིལ་འཁོར་གྱི་[མཐར་]<རྩ་གསུམ་གྱི་>དབུས་སུ་རབ་ཏུ་འཇུག་པ་(ཕྱིར་)སོར་བཅུ་ གཉིས་[ཀྱི་མཐར་]སྣ་བུག་གཉིས་སུ་རྒྱུ་བའོ། །(ནམ་མཁའ་ནས་)ནམ་མཁའི་མཐར་དབུས་སུ་ རབ་ཏུ་འཇུག་པ་(སྣ་བུག་གཉིས་སུ་)སོར་མོ་བཅུ་དྲུག་རྒྱུ་བའོ། །འདིར་ཇི་སྲིད་ཕྱི་རོལ་ཏུ་འཕེལ་ བར་གྱུར་པ་དེ་ནང་དུ་ཐུང་པའོ། །གང་ཞིག་བཅུ་དྲུག་ལ་སོགས་པ་ནས་རླུང་གི་རྩའི་དབང་ གིས་(བཅུ་གཉིས་བར་དུ་){ཐུང་ངུ་[ཐུར་དུ་]གྱུར་པ་དེ་ལྟ་ན་ནི། ལྟེ་བར་སོར་མོ་(བཅུ་དྲུག་བར་དུ་) བཞི་འཕེལ་བར་འགྱུར་{ཏེ་}ཞེས་བྱ་སྟེ། སྲོག་གི་ནུས་པ་རབ་ཏུ་རྒྱུ་བ་ངེས་པའོ།། །། ༈ ད་ནི་ཞིང་ལ་སོགས་པ་བརྗོད་པར་བྱ་སྟེ། ཞིང་ལ་སོགས་ཞེས་བྱ་བ་ལ། འདིར་ལུས་ ལ་(དང་པོ་རབ་ཏུ་དགའ་བའི་ས་)ཞིང་གཉིས་ནི་དཔུང་པའི་ཚིགས་གཉིས་སོ། །(གཉིས་པ་དྲི་མ་མེད་པའི་ས་) ཉེ་བའི་ཞིང་གཉིས་ནི་བརླའི་ཚིགས་གཉིས་སོ། །(གསུམ་པ་འོད་བྱེད་པའི་ས་)འདུན་པ་གཉིས་ནི་ གྲུ་མོ་གཉིས་སོ། །(བཞི་པ་འོད་འཕྲོ་བའི་ས་)ཉེ་བའི་འདུན་པ་གཉིས་ནི་པུས་མོའི་ཚིགས་གཉིས་སོ། ། (ལྔ་པ་སྦྱང་དཀའ་བའི་ས་)འདུས་པ་གཉིས་ནི་ལག་པའི་ཚིགས་གཉིས་སོ། །(དྲུག་པ་མངོན་དུ་གྱུར་པའི་ ས་)ཉེ་བའི་འདུས་པ་གཉིས་ནི་རྐང་པའི་ཚིགས་གཉིས་སོ། །(བདུན་པ་རིང་དུ་སོང་པའི་ས་)དུར་ཁྲོད་ 1-1-85 གཉིས་ནི་ལག་པའི་མཐིལ་གཉིས་སོ། །(བརྒྱད་པ་མི་གཡོ་བའི་ས་)ཉེ་བའི་དུར་ཁྲོད་གཉིས་ནི་རྐང་ པའི་མཐིལ་གཉིས་སོ། །(དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་)དུར་ཁྲོད་ཆེན་པོ་བཞི་ནི་ལག་པ་གཉིས་ ཀྱི་སོར་མོའོ། །(བཅུ་པ་ཆོས་ཀྱི་སྤྲིན་གྱི་ས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས༌། བཅུ་གཉིས་ རྡོ་རྗེ་འཛིན་པའི་ས་)ཉེ་བའི་དུར་ཁྲོད་ཆེན་པོ་བཞི་ནི་རྐང་པ་གཉིས་ཀྱི་སོར་མོ་ཞེས་བྱ་སྟེ་ཞིང་ ལ་སོགས་པའི་ངེས་པའོ(དེ་ལྟར་འཇིག་རྟེན་ཁམས་ལེའི་མདོར་བསྡུས་བརྒྱད་པ་ལས། དེ་ལྟར་ན་གནས་ལ་སོགས་ པ་ས་བཅུ་གཉིས་སུ་རིག་པར་བྱའོ། །ལུས་ལ་ཡང་ས་བཅུ་གཉིས་ཏེ། ལག་པ་རྐང་པ་དག་གི་ཚིགས་བཅུ་གཉིས་ཞེས་བྱའོ་ཞེས་ སོ)།། །། ༈ ད་ནི་<ཤམ་བྷ་ལའི་ཡུལ་དུ་རིགས་ལྡན་>འཁོར་ལོ་སྒྱུར་བ་དང་ཀླ་ཀློའི་རྩོད་པ་(ངེས་དོན་དུ་) རང་གི་ལུས་ཉིད་ལ་བརྗོད་(པར་རྣལ་འབྱོར་པས་ཤེས་)པར་བྱ་སྟེ། འཁོར་ལོ་ཅན་ཞེས་བྱ་བ་ལ་ སོགས་པ་ལ། གང་ཞིག་ཕྱི་རུ་འཁོར་ལོ་ཅན་ནི་ཞེས་ལེའུ་དང་པོར་བསྟན་པ་དེ་ཉིད། (ནང་ དུ་)རང་གི་ལུས་ལ་ནི་{མི་[མིའི་]ལུས་{པ་[ལ་]རྡོ་རྗེ་ཅན་ཏེ་(སེམས་འོད་གསལ་)ཐུགས་ཀྱི་རྡོ་ རྗེ་ཅན་(དབྱེར་མི་ཕྱེད་པ་)ཞེས་བྱ་བའི་དོན་ཏོ། །ལྷ་མཆོག་བདག་པོ་ནི་(ཕྱིར་)གང་དབང་ཕྱུག་ལ་ སོགས་པ་(ཕྱོགས་སྐྱོང་)བཅུ་གཉིས་ཏེ། དེ་ནི་(ནང་དུ་)ལུས་ལ་(རླུང་འཕོ་བ་)ཡན་ལག་བཅུ་གཉིས་ འགོག་པ་ཞེས་བྱའོ། །གང་རིགས་གཅིག་ནི་རང་གི་ལུས་ལ་(སྐུ་བཞི་འམ་རྡོ་རྗེ་བཞི་གཅིག་ཏུ་འདུས་ པའི་)ཡང་དག་པའི་ཡེ་ཤེས་ཡིན་ཏེ། རྒྱུ་དེའི་ཕྱིར་གང་ཕྱི་རུ་གླང་པོ་{དང་}རྟ་དང་ཤིང་རྟ་ མངག་གཞུག་(རྐང་ཐང་)འཁོར་ནི་(ནང་དུ་)ལུས་ལ་འཕགས་པའི་(སྙིང་རྗེ་ལ་སོགས་པ་)ཚད་མེད་<པ་> བཞི་ཉིད་{དོ[དེ]། །གང་ཕྱི་རུ་དྲག་པོ་ནི་ལུས་ལ་སོ་སོའི་རང་རྒྱལ་བའི་ཡེ་ཤེས་(སྐྱེས་པའི་ སེམས་)ཀྱི་མིང་ཅན་ནོ། །གང་ཕྱི་རུ་ཧ་ནུ་{མ་[མན་]དྷ་ནི་རང་གི་ལུས་ལ་ཉན་ཐོས་ཀྱི་ཡེ་ཤེས་ སྐྱེས་པ་ཞེས་བྱའོ། །དེ་ལྟར་ཕྱི་རུ་(དྲག་པོ་)འཁོར་ལོ་ཅན་ཆེན་པོ་འཁོར་དང་བཅས་པ་ནི་རང་ གི་ལུས་ལ་(ཕུང་པོ་ལ་སོགས་པ་)རིགས་གཅིག་<དུ་ལྡན་>པ་(ཅན་དུ་མ་)ཡིན་ནོ། །དེ་བཞིན་དུ་གང་ 1-1-86 ཕྱི་རུ་མ་རུངས་ཀླ་ཀློའི་དབང་པོ་(ལྷ་མ་ཡིན་)ནི་འདིར་ལུས་ལ་སྡིག་པའི་སེམས་(སུ་གྱུར་པ་རྣམས་) སོ། །གང་ཕྱི་རུ་(མཚོན་ཆ་སྣ་ཚོགས་)གཅོད་བྱེད་སྡུག་བསྔལ་སྟེར་བ་ནི་<ནང་དུ་>ལུས་ལ་མི་དགེ་ བའི་{ལས་ཞེས་བྱ[ལམ་](བཅུས་དུ་ཁ་སྟེར་བ་)འོ། །གང་ཕྱི་རུ་རྟའི་སྟོབས་ཉིད་ནི་དེའི་<ནང་དུ་> ལུས་ལ་མ་རིག་པ་འཇུག་པ་ཞེས་བྱའོ། །གང་ཕྱི་རུ་ལྷ་མིན་སྟོབས་ནི་མ་ལུས་པ་ནི་གླང་པོ་ དང༌། རྟ་དང༌། རྐང་ཐང་ལ་སོགས་པ་སྟེ། (ནང་དུ་)ལུས་ལ་(ལྷའི་བུའི་)བདུད་ཀྱི་ཕྱོགས་རྣམས་ (འདོད་ཆགས་ལ་སོགས་པ་)བཞི་པོའོ། །ཕྱི་རུ་ཀླ་ཀློ་དེ་དག་རྣམས་འཐབ་པས་སྡུད་པ་གང་ཡིན་ པ་དེ་(ནང་)རང་གི་ལུས་ལ་སྲིད་པའི་འཇིགས་པ་(རྣམ་པར་ཐར་པ་བཞི་ལ་སོགས་པས་)འཇོམས་པའོ། ། གང་ཕྱི་རུ་འཁོར་ལོ་ཅན་ཆེན་པོ་དང་རིགས་གཅིག་(ཏུ་བསྡུས་)པས་རྒྱལ་བས་དཔལ་དང་ལྡན་ པ་ནི་རང་གི་ལུས་ལ་ཐར་པའི་ལམ་(ཐོབ་(རྙེད་འབྲོ་ཟེར་)པའོ། །གང་ཕྱི་རུ་ཀེ་ལ་ས་རུ་འཁོར་ལོ་ ཅན་ཆེན་པོས་ཆོས་བྱིན་པས། དེ་རང་གི་ལུས་ལ་སྲིད་པའི་འཇིགས་པ་འཇོམས་(པར་བྱེད་པའི་ ཆོས་བྱིན་)པའོ། །གང་ཕྱི་རུ་(རིན་པོ་ཆེ་ལ་སོགས་པ་)རྫས་ཀྱིས་གང་པའི་ས་ནི་ལུས་ལ་(<ས་>ལ་སོགས་ པའི་)ཁམས་ཀྱི་ཚོགས་(བདེ་བ་ཆེན་པོར་)རྣམ་པར་དག་པའོ། །ཕྱི་རུ་གང་འཁོར་ལོ་ཅན་གྱི་{སྲས་ [བུ་]དག་༡ལྷ་དང་༢མིའི་བླ་མ་ནི་༡ཚངས་པ་<བྲམ་ཟེ་ཟེར་>དང་༢ལྷ་དབང་དག་ཏུ་གྱུར་ པ། ༼ཀརྒྱབ་ཀྱི་དུམ་བུ་[གཅིག་ཏུ་]ཀླ་ཀློའི་ཆོས་རྣམས་(ཟད་པར་)འཇོམས་པར་བྱེད་པ་དང༌། ༼ཁམདུན་དུ་ནི་མདུན་གྱི་དུམ་བུ་གཅིག་ཏུ་ཆོས་སྟོན་པར་བྱེད་པའི་<འབྱུང་པར་འགྱུར་བའི་ཞེས་བྱ་བ་> དོན་ཏོ། །དེ་ནི་(ནང་དུ་)སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ(འི་སྲས་)ཀ༽འཇམ་དཔལ་དང་། ༼ཁའཇིག་རྟེན་མགོན་པོ་དག་ནི་དེ་རང་གི་ལུས་ལ། ༼ཀདཔལ་ལྡན་རྡུལ་དང་༼ཁབྱང་ཆུབ་ཀྱི་ སེམས་ཀྱི་ས་བོན་གྱིས་བདེ་བ་སྟེར་བ་འམ། སྨོན་ཀ༽པའི་སེམས་དང༌། ཁ༽འཇུག་པའི་སེམས་ སོ། །རྒྱབ་ཀྱི་དུམ་བུར་(མི་ཡི་བླ་མ་ཚངས་པའི་གདུལ་བྱ་)ཚངས་པ་<བྲམ་ཟེ་ཟེར་>ལ་སོགས་སྣ་ཚོགས་ རིགས་ནི་དེ་རང་གི་ལུས་ལ་རྣམ་པར་དག་པའི་སངས་རྒྱས་དུ་མ་སྟེ། ཕུངཔོ་དང༌། ཁམས་ 1-1-87 དང༌། སྐྱེ་མཆེད་ཀྱི་རང་བཞིན་(སོ་དྲུག་དག་པ་)ཞེས་བྱའོ། །(ངེས་དོན་དུ་)དེ་ལྟར་ཀླ་ཀློའི་དབང་པོ་ ངེས་པར་འཐབ་པར་འགྱུར་བ་<ནང་དུ་>ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུའོ། །ཕྱི་རུ་(དྲང་ དོན་དུ་)སྒྱུ་མའི་ངོ་བོ་ཉིད་ཀྱིས་ངེས་པར་མ་{གའི་[ཀའི་]ཡུལ་དུ་ཀླ་ཀློའི་འཐབ་མོ་(ངེས་དོན་དུ་) འཐབས་པས་མིན། ཞེས་བྱ་བ་ལ། {འདི་[འདིར་]རྒྱས་པར་ནི་འཆད་པར་འགྱུར་བའི་ལེའུ་ ལྔ་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་བརྗོད་པར་བྱའོ།། །། ༈ དཔལ་དུས་ཀྱི་འཁོར་{ལོ་[ལོའི་]བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་ མ་མེད་པའི་འོད་ལས། ནང་སེམས་ཅན་ཁམས་ཀྱི་ལེའུ[ར་]མདོར་བསྡུས་པ་སྟེ། ལེའུ་གཉིས་ པའི་རྒྱུད་ཀྱི་སྙིང་པོའི་རྒྱ་ཆེར་འགྲེལ་པའོ། །<དེའི་གསེབ་ན་རྐང་ལག་གཅིག་པའི་འགྲེལ་པ་ཡོད།> ། ། ༈ ད་ནི་བླ་མ་བསྟེན་པའི་དོན་དུ་རྡོ་རྗེ་སློབ་དཔོན་བརྟག་པ་ལ་<དབང་ལེའི་>ཚིགས་སུ་ བཅད་པ་གཉིས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་<རྡོ་རྗེ་གསང་> སྔགས་ཀྱི་ཐེག་པར། དང་པོར་(དགོས་པ་)འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་ གྲུབ་(བསྒྲུབ་པར་)འདོད་པའི་སློབ་མ་རྣམས་ཀྱིས། དེ་ཡང༌། རྡོ་རྗེ་སློབ་དཔོན་ཡོངས་སུ་བརྟག་ པར་(འོག་ནས་)གསུངས་པའི་རིམ་པས་(ཡོན་ཏན་དང་སྐྱོན་)བརྟག་པར་བྱ་སྟེ། བླ་མ་ལ་བསྟེན་པར་ བྱའོ། །(དཔལ་དོན་དམ་བསྙེན་པ་ལས། འདོད་པའི་དངོས་གྲུབ་སློབ་དཔོན་ཞལ་གྱི་རྗེས་འབྲང་པར། །མ་ལུས་རྡོ་རྗེ་ཐེག་ པར་ཐམས་ཅད་མཁྱེན་པས་གསུངས། །དེ་ཕྱིར་སློབ་མ་དངོས་གྲུབ་འདོད་པས་བླ་མ་གསེར་བཞིན་དུ། །ཡོངས་སུ་བརྟགས་ ན་སྡིག་པ་ཅུང་ཟད་ཡོད་པ་མིན་ཞེས་སོ། །)གཞན་དུ་ན་བརྟག་པར་བྱ་བའི་མཚན་ཉིད་དང་བྲལ་(དེ་མ་ བརྟགས་)བའི་བླ་མ་བསྟེན་ན། སློབ་མ་རྣམས་ཀྱི་(ལམ་གྱི་)ཆོས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ཆོས་ ཕྱིན་ལོག་ཏུ་གྱུར་ན་(འབྲས་བུ་)དམྱལ་བར་འགྲོ་བར་འགྱུར་རོ། །(རྒྱུ་མཚན་)དེ་ལྟ་བས་ན་སྨྲས་པ། དང་པོར་ཡང་དག་བསྟེན་བྱའི་བླ་མ་རྣམས་ནི་དམ་ཚིག་ལྡན་པ་ཞེས་བྱ་བ་ལ། འདིར་དམ་ ཚིག་ནི་རྣམ་པ་གཉིས་ཏེ། ༼ཀ ཕྱི་དང་༼ཁ ནང་གི་བདག་ཉིད། ཀ༽དྲང་པ་དང་ཁ༽ངེས་པའི་དོན་ 1-1-88 དུ་(འོག་ནས་)འཆད་པར་འགྱུར་བའི་[རིམ་པས་]ཁོང་དུ་ཆུད་པར་བྱའོ་[ཞེས་བྱའོ། །](བླ་མ་) འདི་ལ་(ཕྱི་ནང་གི་)དམ་ཚིག་ཡོད་པས་ན་དམ་ཚིག་ཅན་ནོ། །དང་{པོར་[པོ་]བླ་མ་ཡང་དག་(པ་ སྟེ་མཉེས་)པའི་རྣམ་པས་བསྟེན་པར་བྱ་སྟེ། (ཐ་ན་)བུ་དང་ཆུང་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ བསྟེན་པར་བྱ(གཅིག)། ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཐེག་པ་{ལ་}ལྷག་པར་གནས་ཞེས་བྱ་བ་ ལ། འདིར་རྡོ་རྗེ་ཐེག་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ། མུ་སྟེགས་ དང༌། ཉན་ཐོས་དང༌། རང་རྒྱལ་བའི་ཐེག་པ་མ་དག་པ་རྣམས་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་ རྡོ་རྗེ་སྟེ། འདིས་ཐར་པར་འགྲོ་བས་(ཟབ་ལམ་)རྡོ་རྗེ་ཐེག་པའོ། །དེ་ལ་ལྷག་པར་གནས་པ(འི་ བླ་མ་)ནི། རྡོ་རྗེ་ཐེག་པ་ལ་ལྷག་པར་གནས་(གཉིས་)ཞེས་བྱའོ། །དེ་ཉིད་བསྒོམ་དང་ལྡན་{པ་} ནི། འདིར་དེ་ཁོ་ན་ཉིད་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པར་བྱེད་ པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པ་ཞེས་བྱ་སྟེ། འཆད་པར་ འགྱུར་བའི་ཡེ་ཤེས་ཀྱི་ལེའུ་ལྔ་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་བརྗོད་པར་ བྱ་སྟེ། དེ་ཁོ་ན་ཉིད་(སོ་སོར་སྡུད་)བསྒོམ་པ་དང་ལྡན་པའི་ངང་ཚུལ་(གསུམ་)ཞེས་བྱ་བའི་དོན་ ཏོ། །མ་ཆགས་ཞེས་བྱ་བ་ནི་བུ་དང་ཆུང་མ་ལ་སོགས་པ་དང༌། རང་གི་ལུས་ལ་ལྟོས་པ་མེད་ པ་(བཞི་)ཞེས་བྱའོ། །སྡིག་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི། (གང་ན)འདོད་ཆགས་དང༌། ཞེ་ སྡང་དང༌། གཏི་མུག་དང༌། ང་རྒྱལ་དང༌། ཕྲག་དོག་དང༌། སེར་སྣའི་ཚོགས་ནི་སྡིག་པ་རྣམས་ སོ། །དེ་ཉིད་རྣམ་པ་སྣ་ཚོགས་པས་གང་དང་གང་གིས་སྤངས་པ་དེ་ནི་སྡིག་པ་རྣམ་པར་སྤངས་ པ་(ལྔ་)ཞེས་བྱའོ། །བཟོད་པ་ཞེས་བྱ་བ་ནི། འབྲས་བུ་ལ་ལྟོས་པ་མེད་པའི་རང་བཞིན་ཅན་ དུ་འཇུག་པ་འདི(དྲུག་པ)འོ། རང་བཞིན་ལམ་ལ་གནས་ཞེས་བྱ་བ་ལ། ལམ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་ལམ་སྟེ། དེར་གནས་པ་ནི་(ཇི་ལྟར་གསུངས་པའི་)རང་བཞིན་(སྤྲོས་བྲལ་) ཞེས་བྱ(བདུན་)འོ། །བླ་མ་འདི་བསྟེན་པ་ལས་སློབ་མ་རྣམས་ལ་(ཟབ་)ལམ་སྟེར་(བ་སྟེ་བསྒོམས་པས་ 95) དམྱལ་བ(ལ་སོགས་པ)འི་འཇིགས་པ་འཇོམས་པར་འགྱུར་<བརྒྱད་>རོ། །དེ་ཁོ་ནའི་ཚངས་པར་ སྤྱོད་པ་ནི་གང་གིས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ(དགུ)འོ། །བདུད་རྣམས་ནི་ཕུང་པོ་ དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་རྣམས་ཏེ། བཞི་པོ་རྣམས་ཀྱི་ (འཇོམས་བྱེད་)རྡོ་རྗེའི་དབྱུག་པ་དང་འདྲ་བས་རྡོ་རྗེ་དབྱུག་<བཅུ་>པའོ། །དེ་ཡང་སའི་སྟེང་དུ་རྡོ་ རྗེ་སེམས་{དཔར་[པར་]རབ་ཏུ་གྲུབ་{པ་}ཞེས་པ་ནི་སྤྲུལ་པའི་སྐུ་ཞེས་བྱ་སྟེ(དང་པོའི་སངས་རྒྱས་ ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིངརྗེ་ལྡན་ཞིང་ བསྟན་བཅོས་རིག ། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང༌། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་བཤད་པའི་ཆོ་ག་ ཤེས། །དང་པའི་བདག་ཉིད་དབང་པོ་དུལ། །ཅེས་གསུངས་སོ། །)རྡོ་རྗེ་སློབ་དཔོན་བསྟེན་པར་ངེས་པའོ། ། ༈ ད་ནི་སློབ་དཔོན་གདུག་པ་ཅན་གྱི་སྐྱོན་བརྟག་པའི་དོན་དུ་འདིར་ཚིགས་སུ་བཅད་ པ་གསུམ་པ་ཉིད་གསུངས་པ། ང་རྒྱལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྔགས་ཀྱི་ཐེག་ པར་(འོག་ནས་འབྱུང་བའི་)ང་རྒྱལ་ལ་སོགས་པའི་སྐྱོན་དང་ལྡན་པའི་བླ་མ་གང་ཡིན་པ་དེ་ནི་སློབ་ མ་རྣམས་ཀྱིས་སྤངས་པར་བྱའོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་རུ་(སྔར་)བླ་མར་ བྱས་{ན་[ནས་]ཡང་(སེམས་ཅན་སུ་ཡང་)དམྱལ་བ་(མི་འདོད་པ་)བཞིན་དུ་བློ་ཡིས་དེ། མཁས་པས་ སྤང་པར་བྱའོ། །(བླ་མ་)འདི་ལ་ང་རྒྱལ་ཡོད་པས་{ན་}ང་རྒྱལ་ཅན་ནོ། །ང་རྒྱལ་ཡང་རྣམ་པ་ དུ་མ་སྟེ། (སྒྲ་ཚད་ལ་)མཁས་པའི་མངོན་པའི་ང་རྒྱལ་དང༌། རྫས་ཀྱིས་ཕྱུག་པའི་མངོན་པའི་ ང་རྒྱལ་དང༌། (རྡོརྗེ་སློབ་དཔོན་གྱི་ཆོས་)དེ་ཉིད་བཅུའི་ལམ་ཤེས་པའི་མངོན་པའི་ང་རྒྱལ་དང༌། གཟུགས་(དང་རིགས་)ལ་སོགས་པའི་མངོན་པའི་ང་རྒྱལ་ཏེ། (ང་རྒྱལ་)དེ་(རྣམས་)གང་ལ་ཡོད་པ་ དེ་ནི་སྤང་པར་བྱ་ཞེས་བྱའོ། །གང་སེམས་ཅན་རྣམས་(རང་བས་ཞན་པ་)འོག་མ་འོག་མར་མཐོང་ ན་ང་རྒྱལ་བྱེད་ཅིང༌། སེམས་ཅན་རྣམས་(རང་བས་ལྷག་པ་)གོང་མ་གོང་མར་མཐོང་ན་ང་རྒྱལ་ དང་བྲལ་བར་འགྱུར་བ་སྟེ། དེས་ན་(སློབ་མ་)ཡང་དག་པའི་ལམ་རིག་པས་ང་རྒྱལ་ཅན་སྙིང་ 1-1-89 རྗེ་དང་བྲལ་བ་སྤང་པར་བྱ(གཅིག་པ)འོ། །ཁྲོ་བ་མངོན་དུ་གྱུར་(གཉིས་)དང་དམ་ཚིག་བྲལ་ཅེས་ བྱ་བ་ནི། འཇིག་རྟེན་པས་སྨོད་པ(ཕྱག་རྒྱ་ལ་སོགས་པ)འི་གསང་བའི་དམ་ཚིག་གསལ་པོར་སྤྱོད་ པ་[དེ་]ནི་དམ་ཚིག་དངབྲལ་བར་གྱུར་པ་སྟེ། དེ་ཡང་སྤང་པར་བྱ(གསུམ)འོ། །རྫས་ལ་ཆགས་ པ་ཡང༌། དགེ་འདུན་དང་མཆོད་རྟེན་ལ་སོགས་པ་དང༌། བླ་མའི་རྫས་ལ་ཉེ་བར་ལོངས་སྤྱོད་ པ་ནི་རྫས་ལ་ཆགས་པའོ། །དེ་བཞིན་དུ་འཁོར་བའི་ལོངས་སྤྱོད་ཀྱི་དོན་དུ་རྫས་ཡངདག་པར་ སོག་པར་བྱེད་པ་སྤང་བ(བཞི)འོ། །ཐོས་པ་མེད་པ་ནི་རྨོངས་པ་སྟེ། ཡང་དག་པའི་ལམ་གྱི་མན་ ངག་དང་བྲལ་(བས་མི་ཤེས་)བ་ཞེས་པ(ལྔ)འོ། །དེ་བཞིན་དུ་ཡང་དག་པའི་སློབ་མ་(དམ་པ་)རྣམས་ ནི་སླུ་བའི་དོན་དུ་ལོག་པར་(བརྫུན་དུ་)སྨྲ་བ་སྟེ་སྤང་པར་བྱ(དྲུག)འོ། །བདེ་བ་དམ་པའི་གནས་ (ཏེ་དབང་གོང་མ་)ལ་འཇིགས་སེམས་དང་(བདུན་)ནི་དབང་མ་ཐོབ་ཞེས་པ་ནི། (རྡོ་རྗེ་སློབ་དཔོན་གྱི་) དབང་དང་བྲལ་བས་རྒྱུད་སྟོན་པར་བྱེད་པ་ཞེས་བྱ་སྟེ། སྤང་པར་བྱ(བརྒྱད)འོ། །ལོངས་སྤྱོད་ ལ་ཞེན་ནི་ཕྱི་རོལ་གྱི་འཁོར་བའི་ལོངས་སྤྱོད་རྣམས་ལ་ཞེན་པས་(འདོད་ཡོན་ལ་)ཡང་དག་པར་ ལོངས་སྤྱོད་པ་ཞེས་བྱ(དགུ)འོ། །བག་མེད་[པ་]ནི་ཆང་(བཟི་བར་)འཐུངས་ནས་མཉམ་པར་མི་ གནས་པས་སྤང་པར་བྱ་ཞེས་བྱ་(བཅུ་)བའི་དོན་ཏོ། །ཚིག་རྩུབ་བཅས་(བཅུ་གཅིག་)དང་འདོད་ ཅན་དབང་པོའི་དོན་གཉེར་བ་ཞེས་བྱ་བ་ནི། འདོད་པ་ཅན་དབང་པོ་གཉིས་ཀྱི་བདེ་བའི་ འཛག་བཅས་དོན་དུ་གཉེར་བ་སྟེ། སྤང་པར་བྱ་(བཅུ་གཉིས)ཞེས་བྱ་བ་ནི་དེ་བཞིན་གཤེགས་ པའི་ངེས་པའོ།། །། ༈ ད་ནི་ཤེས་རབ་ཡེ་ཤེས་ལ་སོགས་པའི་དབང་གི་དོན་དུ་སློབ་མ་དམ་པའི་མཚན་ཉིད་ བརྗོད་པར་བྱ་སྟེ། ཟབ་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྔགས་ཀྱི་ཐེག་པར་སློབ་ མ་རྣམ་པ་(ལ་གསུམ་ཡོད་ཀྱང་གཅིག་དབང་གིས་མི་འཛིན་པས་)གཉིས་ཏེ། གཅིག་ནི་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་བསྒྲུབ་པ་དོན་དུ་གཉེར་བ་དང༌། གཉིས་པ་ནི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་ 1-1-90 པ་དོན་དུ་གཉེར་བའོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དོན་དུ་གཉེར་བ་[དེ་]ནི། སྟོང་ པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་བུམ་པ་དང༌། གསང་པ་ལ་སོགས་པའི་དབང་གིས་བསྡུ་ བར་བྱའོ། །གང་འཇིག་རྟེན་གྱི་དངོས་གྲུབ་དོན་དུ་གཉེར་བ་དེ་ནི་སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་དོན་དུ་དབང་བདུན་གྱིས་བསྡུ་བར་བྱ་སྟེ། འབྲིང་པོ་ བསོད་ནམས་རྒྱུ་རུ[འོ་]ཞེས་བྱའོ། །གཞན་ཐ་མ་ནི་དབང་གིས་བསྡུ་བར་བྱ་བ་མ་ཡིན་ཏེ། དེ་ ནི་(གསང་སྔགས་ཀྱི་)དགེ་བསྙེན་གྱི་བསླབ་པས་བསྡུ་བར་བྱ་ཞེས་བྱ་བ་ནི་ངེས་པའོ། །འདིར་(ཤེས་ རབ་ཀྱི་ཡོན་ཏན་)ཟབ་ཅིང་རྒྱ་ཆེ་བའི་སེམས་ཞེས་{བྱ་བ་[པ་]ནི། གང་ལ་སྟོང་པ་ཉིད་དང༌། སྙིང་ རྗེའི་བདག་ཉིད་ཀྱི་ཆོས་ཀྱི་སེམས་ཟབ་ཅིང་རྒྱ་ཆེ་བ་ཡོད་པ་དེ་ནི་སློབ་མ་དམ་པའོ། །(རང་ བཞིན་གྱི་ཡོན་ཏན་)བླ་མའི་ངེས་པ་ལ་དགའ་བ་ནི་རྩ་བའི་ལྟུང་བ་བཅུ་བཞི་སྤོང་པ་དང༌། དགེ་བ་ བཅུའི་ཆོས་ལ་དགའ་བ་ཞེས་བྱའོ། །(མ་ཆགས་པའི་ཡོན་ཏན་)གཏོང་པའི་ངང་ཚུལ་ལྡན་ཞེས་བྱ་ བ་ནི་འདུ་འཛི་ཐམས་ཅད་རྣམ་པར་སྤོང་ཞིང༌། རྫས་ལ་སོགས་པ་ལ་ལྟོས་པ་མེད་པ(ར་སྦྱིན་པ་ བཅུ་གཏོང་པས་)ཞེས་བྱའོ། །(དད་པའི་)ཡོན་ཏན་ཤེས་ཞེས་{བྱ་བ་[པ་]ནི་དཀོན་མཆོག་གསུམ་ ལ་དད་པའོ། །(ལྟོས་པ་མེད་པའི་ཡོན་ཏན་)ཐར་པ་དོན་དུ་གཉེར་བ་ཞེས་བྱ་བ་ནི། འཇིག་རྟེན་པའི་ དངོས་གྲུབ་ལ་ལྟོས་པ་མི་བྱེད་པ་ཞེས་བྱའོ། །(བཀའ་ལས་གུས་པའི་ཡོན་ཏན་)རྒྱུད་ལ་གུས་པ་ཞེས་བྱ་ བ་ནི་རྒྱུད་དུ་གསུངས་པའི་སྡོམ་པ་སྐྱོང་པར་བྱེད་པ་ཞེས་བྱ[་བ]འོ། །(སེམས་བརྟན་པའི་ཡོན་ཏན་) གཡོ་མེད་སེམས་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་(རྟོག་བཅས་)ལ་སེམས་མི་གཡོ་བ་སྟེ། གང་ ལ་དེ་ཡོད་པ་ལ་(ནི་)སེམས་མི་གཡོ་ཞེས་བྱ[བ]འོ། །(ངག་གིས་གསང་ཐུབ་པའི་ཡོན་ཏན་)དེ་ཉིད་རྙེད་ པ་གསང་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་རྙེད་པ་རང་གིས་ཉམས་སུ་མྱོང་པར་གྱུར་པའི་བར་དེ་ སྲིད་དུ་གསང་པ་སྟེ། ཤིན་ཏུ་གསང་པ་ཞེས་བྱའོ། །གདུག་པ་རྣམས་ཀྱིས་དགེ་འདུན་འཇོམས་ པས་ཞེས་བྱ་བ་ནི། <གང་ན་>འདིར་གང་ཞིག་ནོར་དོན་དུ་གཉེར་བ་ཁྱིམ་པའི་སློབ་དཔོན་(ཐ་ 1-1-91 མ་)རྣམས་དང༌། དེ་བཞིན་དུ་དཀའ་ཐུབ་ཅན་རྣམས་གང་ཟག་གང་ཞིག་{གིས་[གི་](ཕྱི་པའི་) བསྟི་གནས་དང༌། (ནང་པའི་)ལྷ་ཁང་གི་དཀོར་ལ་ལོངས་སྤྱོད་པ་དེ་ནི་གདུག་པ་སྟེ། གདུག་པས་ དགེ་འདུན་འཇོམས་པས་ནི་(སློབ་མ་དམ་པ་)མི་དགེ་བ་བཅུའི་ལམ་ལ་(བླ་མ་དམ་པ་<མ་>ཡིན་པས་) བཅུག་ནས། (སློབ་མ་)དེ་གང་ལ་(དགེ་འདུན་དེ་)འཇིག་པ་དེ་ནི་གདུག་པ་རྣམས་ཀྱིས་དགེ་འདུན་ འཇོམས་པས་ཞེས་བྱ་སྟེ། དེ་ལྟར་གྱུར་པས་སློབ་མ་ཆེན་པོ་དེ་(ཁོ་ན་)ཉིད་རིག་པའི་བླ་མ་(དམ་ པ་)ཤིན་ཏུ་ཚོལ་བ་དང་བཅས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་སོགས་པའི་རྒྱུ་རུ་བསྡུ་བར་ བྱ་སྟེ། སོགས་པའི་སྒྲས་བཞི་པའི་དབང་གི་རྒྱུ་རུ་དེ་ཉིད་ཞེས་བྱའོ། །འབྲིང་པོ་བསོད་ནམས་ ཀྱི(ཚོགས་)རྒྱུ་རུ་བསྡུ་བར་བྱ་སྟེ། འབྲིང་པོའི་ཡོན་ཏན་དང་ལྡན་པ(འི་སློབ་མ་)དབང་བདུན་གྱི་རྒྱུ་ རུའོ། །(གཞན་ཞེས་བྱ་བ་)ཐ་མ་ནི་བསླབ་པའི་གནས་ལྔའི་རྒྱུ་རུ་བསྡུ་བར་བྱ་སྟེ། གང་གི་ཚེ་བླ་མ་ བསྟེན་པར་བྱེད་ཅིང་རྣམ་པར་འཚེ་བ་མེད་པར་བྱེད་(ན་དབང་གིས་བསྡུ་)ཅེས་བྱ་སྟེ། བཅོམ་ལྡན་ འདས་ཀྱི(ས་གསུངས་པའི་)ངེས་པ་ལས་སློབ་མ་བརྟག་{པའི་[པ་]ངེས་པའོ། ། ༈ འདིར་ནི་དུས་ཀྱི་འཁོར་ལོ་རུ། དབང་ཉིད་(དྲང་དོན་ངེས་དོན་)རྣམ་པ་གཉིས་ཏེ་(ལམ་ལ་ འཇུག་པའི་སློབ་)བུའི་ཡོན་ཏན་དབང་ལས་(དྲང་དོན་)འཇིག་རྟེན་པ(འི་དབང་བཅུ་)དང་<ངེས་དོན་འཇིག་ རྟེན་ལས་>འདས་པ་བླ་ན་མེད་པའི་(དབང་བཅུ་གཅིག་པའམ་བཞི་པའི་)ལམ་འདོད་པ་རྣམས་ཀྱི་ཡོན་ ཏན་གྱི་དབང་ལས་ཞེས་བྱ་བ་ངེས་པའོ།། །། ༈ ད་ནི་འཇིག་རྟེན་(པའི་བཅུ་)དང་འཇིག་རྟེན་ལས་འདས་པའི་དབང་གི་དོན་བརྗོད་པར་ བྱ་སྟེ། ཤེས་རབ་ཞེས་བྱ་བ་ལ་སོགས་པ་ལ། འདིར་(བྱ་བའི་)རྒོད་པ་༡དང༌། (སྤྱོད་པའི་)ལྟ་བ་ ༢དང༌། (རྣལ་འབྱོར་གྱི་)ལག་པ་བཅངས་པ་༣དང༌། (རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་)གཉིས་{གཉིས་} ༤འཁྱུད་པ་ཞེས་བྱ་བ་དབང་རྣམ་པ་<བཅུ་གཅིག་པའོ་>བཞི་སྟེ། ༡སློབ་དཔོན་དང༌། ༢གསང་ པ་དང༌། ༣ཤེས་རབ་ཡེ་ཤེས་དང༌། ༤བཞི་པ་སླར་ཡང་དེ་བཞིན་ཏེ་ཞེས་པའི་སྒྲས་བསྟན་ 1-1-92 ཏོ། །དེ་བཞིན་དུ་འདུས་པ་ལ་སོགས་པར། (དྲང་དོན་དུ་)བུམ་པ་ལ་སོགས་པའི་དབང་དེས་ནི་ (དགོས་པ་)ཀུན་རྫོབ་ཏུ་(རྡོ་རྗེ་)སློབ་དཔོན་བྱེད་པའི་དོན་དུ་བརྡ་ཙམ་ཡིན་ཏེ། (ངེས་དོན་)དེ་ཁོ་ན་ ཉིད་དུ་མི་འགྱུར་རོ། །དབང་བསྐུར་དེ་{ནི་[ཉིད་]རབ་གསལ་བ་ཞེས་བྱ་བའི་(རྒྱུད་དུ་གསུངས་ པའི་)ཚིག་འདི་ཡིས། རྒོད་པ་དང༌། ལྟ་བ་དང༌། ལག་བཅངས་དང༌། འཁྱུད་པའི་སྦྱོར་བའི་ དབང་རྣམ་པ་བཞི་ནི་དེ་ཁོ་ན་ཉིད་(ཀྱི་དབང་)དུ་མི་འགྱུར་ཞེས་བྱའོ། །འདིར་དེ་ཁོ་ན་ཉིད་(ཀྱི་ དབང་)ནི་འཛགས་པ་མེད་པ་སྟེ། ལས་ཀྱི་ཕྱག་རྒྱའི་རྒྱུས་བསྐྱེད་པ་ནི། (རིགས་པས་)རྣམ་པར་ དཔྱད་ན་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་རོ། །འདིར་གང་གི་ཚེ་ཤེས་རབ་ཀྱི་རྒྱུས་ (ཡིས་སམ་རྐྱེན་གྱིས་)བསྐྱེད་པའི་བདེ་བ་ཐབས་ཀྱི་ཡེ་ཤེས་སུ་འགྱུར་ན། དེའི་ཚེ་ཐབས་ཀྱི་རྒྱུས་ (ཡིས་སམ་རྐྱེན་གྱིས་)བསྐྱེད་པའི་བདེ་བ་ཤེས་རབ་ཀྱི་[ཐབས་ཀྱི་]ཡེ་ཤེས་[སུ་]བསྒྲུབ་པའི་དོན་ དུ་ཅིས་མི་འགྱུར། དེ་ལྟར་ན་(ཐབས་ཤེས་རབ་ཀྱི་)ཡེ་ཤེས་གཉིས་སུ་འགྱུར་ཏེ། གཉིས་ཀའི་ཡེ་ ཤེས་ཀྱི་དབྱེ་བ་ལས་སོ། །(ཡེ་ཤེས་གཉིས་སུ་སོང་བ་)དེ་ལྟ་བས་ན་གཉིས་སུ་མེད་པར་མི་འགྱུར་རོ། ། གཉིས་སུ་མེད་པ་ཉིད་[མེད་]ན་(གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུའི་)སངས་རྒྱས་ཉིད་མེད་ཅེས་བྱའོ། ། འོན་ཏེ་ཤེས་རབ་ཀྱི་ཡེ་ཤེས་ནི་ཤེས་རབ་[ཀྱི་]ཡེ་ཤེས་སུ་འགྱུར་རོ་ཞེ་ན། དེ་{ལྟར་[ལྟ་]ན་ ཡང་སྐྱོན་དུ་འགྱུར་ཏེ། (དེ་ལྟར་གྱུར་ཚོད་དུ་)ཐབས་ཀྱི་ཡེ་ཤེས་ནི་ཐབས་ཀྱི་ཡེ་ཤེས་ཞེས་བྱ་བར་ གྲུབ་པོ། །(རྒྱུ་མཚན་)དེའི་ཕྱིར་ཐབས་ཀྱི་བདེ་བ་འགྱུར་བ་རྣམ་པ་གཉིས་ཏེ། བྱིས་པ་(བུམ་ པ)[དང༌། ] དར་ལ་བབ་(པ་གསང་)པའོ། །ཤེས་རབ་(ཡེ་ཤེས་)ཀྱི་བདེ་བ་འཛག་པ་རྒན་པ་སྟེ། གཉིས་པོ་དེ་དག་གི་གང་གི་ཚེ་མི་འཛག་པར་འགྱུར་བ་ནི་(བཞི་པ་)ཕྱག་རྒྱ་ཆེན་པོའི་སྒོ་ནས་ ཏེ། དེའི་ཚེ་དབང་པོ་གཉིས་དང་བྲལ་བའི་<སྣང་སྟོང་>གཉིས་སུ་མེད་པའོ། །[རྒྱན་རྣམས་ ཐམས་ཅད་ལྡན་པའི་གསེར་ཞུན་དང་ནི་མཚུངས་པའི་ལོ་ཉིད་བཅུ་གཉིས་མ་སྟེ་བུ་མོ་མཛེས། ། ཐབས་དང་ཤེས་རབ་བདག་ཉིད་ལྡན་པས་རང་གི་རྡོ་རྗེ་ནོར་བུས་བཤད་བྱ་ཉིད་ནི་ཆགས་ 1-1-93 བྱས་ལ། །སློབ་མ་དག་པ་ཤེས་ནས་རྡོ་རྗེ་ས་བོན་བཅས་པ་ཁར་ནི་ཡང་དག་ཞུགས་པར་བྱ་བ་ ཉིད། །ཕྱིས་ནི་རང་གི་ཕྱག་རྒྱ་བུ་ལ་བྱིན་ནས་དེ་ནས་གཞན་དང་དུ་བའི་ལམ་ལ་སོགས་ལྡན་ ཡང་ཞེ་ན། །] ༈ དེ་ལྟ་བས་ན་འཇིག་རྟེན་པའི་ཀུན་རྫོབ་ཏུ་གང་ཞིག་གིས་རང་གི་ཤེས་རབ་ཀྱི་[ནི་] ནུ་མར་རེག་པ་ཉིད་(ལུས་ཀྱི་དཀྱིལ་འཁོར་དུ་ལུས་ཀྱི་སྒྲིབ་པ་དག་པར་བྱེད་པ་)ནི་བུམ་པའི་དབང་དང༌། དེ་ ནས་གཞན་ཡང་གསང་པའི་མཆོད་པ་བྱ་སྟེ། སློབ་མ་ལ་བདུད་རྩི་བྱིན་པས་མྱོང་པ་དང༌། ཕྱག་རྒྱའི་བྷ་ག་(སློབ་མ་ལ་)སྣང་པར་བྱེད་པ་དེས་ནི། (བྷ་གའི་དཀྱིལ་འཁོར་དུ་ངག་གི་སྒྲིབ་པ་དག་པར་ བྱེད་པ་)གསང་པའི་དབང་དུ་འགྱུར་རོ། །དེ་ནས་ༀ་ཡིག་ལ་སོགས་པའི་རིགས་ལྔའི་ས་བོན་ དགོད་པར་བྱ་སྟེ། འཁྱུད་པས་ནི་(ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་སེམས་ཀྱི་སྒྲིབ་པ་དག་པར་བྱེད་ པ་)ཤེས་རབ་ཡེ་ཤེས་ཀྱི་དབང་དུ་འགྱུར་བའོ། །དེས་ན་ཤེས་རབ་དང་ནི་ཞེས་བྱ་བ་ལ་སོགས་ པས་འཇིག་རྟེན་པའི་ལམ་ལ་གཞུག་པའི་དོན་དུ་བསྟན་པའོ།། །། ༈ ད་ནི་དབང་གོང་མའི་ཆོ་ག་བརྗོད་པར་བྱ་སྟེ། ཕྱོགས་ཀྱི་ལོ་ཞེས་བྱ་བ་ལ་སོགས་ པ་ལ། འདིར་བུམ་པའི་དབང་(གསང་པ་ཤེས་རབ་ཡེ་ཤེས་)ལ་སོགས་པའི་དོན་དུ། ཕྱག་རྒྱ་ཕྱོགས་ ཀྱི་ལོ་ནི། (གང་ན་)གཅིག་ནས་བཅུའི་བར་གྱི་གཞོན་ནུ་མ་སྤང་པར་བྱ་སྟེ། (དེ་)གང་གི་ཕྱིར་ན་ ཤེས་རབ་ཀྱི་ཕརོལ་ཏུ་ཕྱིན་པ། གཅིག་(པོ་དེ་)ནི་སྦྱིན་པ་ལ་སོགས་པ་རྣམ་པ་བཅུ་རྣམ་པར་ དག་པ་ལོ་རེ་རེ་(བ་བཅུ་)རུ་འགྱུར་བས། {འདི་[འདིར་]ཡང་ཇི་སྲིད་སོ་ལྷུང་པར་མ་གྱུར་པ་(ལོ་ བརྒྱད་ལ་)དེ་སྲིད་དུ། ཡེ་ཤེས་ཀྱི་ཁམས་མི་འཛག་པའི་ཕྱིར་དང༌། དེ་ནས་སོ་ལྷུང་པ་དང༌། (ལོ་ བཅུ་མ་ལ་)ནམ་མཁའི་ཁམས་སོ། །དེ་ལྟར་(ཡེ་ཤེས་དང་ནམ་མཁའི་)ཁམས་གཉིས་ཀྱིས་གཞོན་ནུ་ མའི་(ལོ་བཅུ་ཡན་ཆད་ཀྱི་)སྐྱེ་གནས་མ་ཉམས་པའོ། །དེས་ན་དེ་བལྟ་བར་བྱ་བ་དང༌། རེག་པར་བྱ་ བ་དང༌། མཆོད་པར་བྱའོ་ཞེས་བྱ་{བ}འོ། །དེ་ནས་ནི་ལོ་{བཅུ་པའི་[བཅུའི་]ཕྱིས་(གང་ན་)ལོ་ 1-1-94 བཅུ་གཅིག་དང་པོར་བྱས་ཏེ། ལོ་ཉི་ཤུའི་བར་དུ་འཁྱུད་པར་བྱའོ། །རྒྱ་མཚོ་(བཞི་)རྣམས་དང་ རོ་(དྲུག་)བཅས་ཞེས་བྱ་བ་ནི་དྲུག་དང་བཅས་པའི་བཞི་བསྟེན་པར་བྱ་བ་ནི། གཡོ་བའི་རླུང་ ལ་སོགས་པ་ཞེས་བྱ་སྟེ། དེ་བས་ན་རླུང་གི་ཁམས་ནི་ལོ་བཅུ་གཅིག་མ་ལའོ། །མེ(འི་ཁམས་)ནི་ བཅུ་གཉིས་མ་ལའོ། །ཆུ(འི་ཁམས་)ནི་བཅུ་གསུམ་མ་ལའོ། །ས(འི་ཁམས་)ནི་བཅུ་བཞི་མ་ལ་ཞེས་ བྱ་སྟེ་བཞིའོ། །སྒྲ(འི་ཁམས་)ནི་བཅོ་ལྔ་མ་ལའོ། །རེག་བྱ(འི་ཁམས་)ནི་བཅུ་དྲུག་མ་ལའོ། །རོ(འི་ ཁམས་)ནི་བཅུ་བདུན་མ་ལའོ། །གཟུགས་(ཀྱི་ཁམས་)ནི་བཅོ་བརྒྱད་མ་ལའོ། །དྲི(འི་ཁམས་)ནི་བཅུ་ དགུ་མ་ལའོ། ། ཆོས་ཀྱི་ཁམས་ནི་ཉི་ཤུ་མ་ལ་ཞེས་བྱ[་བ]འོ། །དེ་ནས་ཉི་ཤུའི་ལོའི་འོག་མའི་ཕྱག་ རྒྱ་རྣམས་ནི། (གང་ན་)མཆོག་ཏུ་འཇིགས་བྱེད་ཁྲོ་བོ་འབྱུང་པོ་ལྷ་མིན་རིགས་ཞེས་བྱ་བ་ལ། འདིར་ལོ་ཉི་ཤུའི་ཕྱི་ནས་ལོ་ཉི་ཤུ་རྩ་གཅིག་ནས་བརྩམས་ཏེ། གྲངས་ཇི་ལྟ་བ་བཞིན་དུ། ཤིན་ ཏུ་སྔོན་མོ་(ཉེར་གཅིག་)དང༌། ཤིན་ཏུ་སྟོབས་ཅན་མ་(ཉེར་གཉིས་དེས་འདྲེའོ)དང༌། རྨུགས་བྱེད་མ་ དང༌། རེངས་བྱེད་མ་དང༌། ང་རྒྱལ་ཅན་མ་དང༌། འོད་ཟེར་ཅན་མ་དང༌། སྐུལ་བྱེད་མ་དང༌། ཁྲོ་གཉེར་ཅན་མ་དང༌། རྡོ་རྗེ་ལྕགས་སྒྲོག་མ་དང༌། གཏུམ་མིག་མ་ཞེས་བྱ་སྟེ། ཁྲོ་བོ་བཅུའི་ ལྷ་མོ་<བཅུ་>རྣམས་སོ། །དེ་ནས་ལོ་སུམ་ཅུ་མ་ནས་འབྱུང་པོའི་རིགས་བརྒྱད་དེ། ཙར་ཙི་ཀ་ (རྒན་བྱེད་མ་)དང༌། ཕག་མོ་དང༌། དྲག་མོ་(དབང་ཕྱུག་ཆེན་མོ་)དང༌། དབང་མོ་དང༌། ཚངས་མ་དང༌། (དཔལ་)བཀྲ་ཤིས་ཆེན་མོ་དང༌། གཞོན་ནུ་མ་དང༌། ཁྱབ་འཇུག་མ་ཞེས་བྱའོ། །དེ་ནས་གཅིག་ གིས་དམན་པའི་ལོ་བཞི་བཅུ་ནས། ལྷ་མིན་གྱི་རིགས་བརྒྱད་དེ། ཁྱི་གདོང་མ་(སོ་དགུ་)དང༌། ཕག་གདོང་མ་(བཞི་བཅུ་དེས་འདྲེ་)དང༌། {སྟག་གདོང་མ་དང༌། } ལྕེ་སྤྱང་གདོང་མ་དང༌། བྱ་ཁྱུང་ གདོང་མ་དང༌། <བྱ་ཁྱུང་གདོང་མ་དང༌།> འུག་གདོང་མ་དང༌། བྱ་རྒོད་གདོང་མ་དང༌། བྱ་རོག་ གདོང་མ་ཞེས་བྱ་སྟེ། ལོ་བཞི་བཅུ་རྩ་དྲུག་གི་བར་དུ་བསྒོམ་པའི་ཕྱག་རྒྱ་མའོ། །དབང་གི་དོན་ 1-1-95 དུ་དྲུག་དང་གསུམ་གྱིས་བདེ་མཉམ་འབྲས་སྟེར་{བྱེད་[བ་]ཞེས་པ་ནི་མེའི་ཁམས་(མ་ལོ་བཅུ་ གཉིས་མ་)ནས་བརྩམས་ནས། ཆོས་ཀྱི་དབྱིངས་ཀྱི་(ཉི་ཤུ་མའི་)བར་དུ་ཞེས་བྱའོ། །རླུང་གི་ཁམས་ (བཅུ་གཅིག་མ་)ནི་རྡུལ་མེད་པའི་ཕྱིར་གཟུང་པར་མི་བྱ་ཞེས་པ་ནི་ངེས་པའོ། ། ༈ སྐྲག་དང་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །༈ ད་ནི་ལས་ཀྱི་ཕྱག་རྒྱའི་རྣམ་པར་དག་ པ་བརྗོད་པར་བྱ་སྟེ། སེམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། འདིར་(ཐབས་དང་ཤེས་རབ་ཀྱི་)རྒྱུད་ ཐམས་ཅད་དུ་མ་ལ་སོགས་པའི་ཕྱག་རྒྱ་(མིངཙམ་)ཐུན་མོང་དུ་གསུངས་པ་ནི། (དགོས་པ་)རྣལ་ འབྱོར་པ་རྣམས་རྗེས་སུ་ཆགས་པའི་(བདེ་བ་བསྐྱེད་པའི་)ཆེད་དུའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ (མི་འཕོ་བར་)བརྟན་པར་བྱས་པ་རྣམས་(ཀྱིས་ཟེར་)ལ་(སྤྱོད་པའི་སྐབས་སུ་)ཡིན་གྱི། གཞན་(འཕོ་བཞིན་ པ་)རྣམས་(ཀྱིས་)ལ་ནི་(མ་སོགས་དངོས་)མ་ཡིན་ནོ། །འཇིག་རྟེན་{གྱི་[པའི་]ཐ་སྙད་དང་ལྡན་པའི་ བུད་མེད་<༡>(ལ་)ནི་(ས་ལ་སོགས་པའི་)གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་(པའི་འབྲེལ་)པར་ འགྱུར་ཏེ། འདིར་(གང་གི་ཚེ་)གལ་ཏེ་རྣལ་འབྱོར་པས་(ཡིད་ཀྱིས་)བུད་མེད་སེམས་པར་བྱེད་པ་ དེའི་ཚེ། སེམས་ཀྱིས་བསམ་པར་བྱས་པ(ས་ཁམས་)མ་རུ་འགྱུར་རོ། །རེག་པར་{བྱ་ཞིང་[བྱས་ ཤིང་]འཁྱུད་པ་(ཆུ་)སྲིང་མོ(རུ)འོ། །རྡོ་རྗེ་རབ་ཏུ་ཞུགས་པ་(མེ་)བུ་མོར་འགྱུར་རོ། །བྱེད་བཅས་ ཤིན་ཏུ་བདེ་བར་གྱུར་པ་ནི་(རླུང་<དུ་>)ཚ་མོར་འགྱུར་རོ། །ཐིག་ལེ་ལྷུང་པ་(ནམ་མཁའ་)ཆུང་ མར་འགྱུར་བའོ། །ཆགས་བྲལ་(ཏེ་སྟེང་དུ་བཟློག་པ་)གཞན་གྱི་རིགས་སུ་{འགྱུར་བའི་[གྱུར་པའི་] རྣལ་འབྱོར་མ་ནི་(ཡེ་ཤེས་)གཏུམ་མོར་འགྱུར་ཏེ། འདོད་ཆགས་བྲལ་བ་{ལས་[ལ་]ཡིན་ཞེས་ པའོ། །དེ་ལྟར་རྣལ་འབྱོར་པ་ལ་ཕྱག་རྒྱ་དྲུག་ནི་ས་ལ་སོགས་པ་(དྲུག་)རྣམས་ཀྱིས་ཏེ། འདིར་ རྣལ་འབྱོར་པ་ལ་དང་པོ་(བསམ་པས་དེས་འདྲེ་)སའི་ཁམས་འཁྲུག་པ་དང༌། དེ་ལྟར་(དགའ་བ་སྡུད་པ་) ཆུ་དང༌། (སྨིན་པ་)མེ་དང༌། (འཕེལ་བ་)རླུང་དང༌། (སྟོང་པ་)ནམ་མཁའི་ཁམས་འཁྲུག་གོ། འཁྲུགས་ པ་རྣམས་ཀྱིས་འཛག་པའོ། །དེ་ལྟ་བས་ན་ས་དང༌། ཆུ་དང༌། མེ་དང༌། རླུང་དང༌། ནམ་མཁའ་ 1-1-96 དང༌། (ཡེ་ཤེས་)ཆད་པའི་དངོས་པོ་ནི། (སྟེང་དུ་བཟློག་པའི་)གནས་སྐབས་དྲུག་ཅེས་བྱ་བའོ། །དེ་ ལྟར་(སྣ་བུག་)གཡས་དང་གཡོན་གྱི་དཀྱིལ་འཁོར་ལྔ། འཕོ་བའི་དུས་(མཚམས་)སུ་འཛག་པ་(ཏེ་ ཆད་པ་ཡེ་ཤེས་ཀྱི་རླུང་དུ་)ནི་མ་ལ་སོགས་པའི་རྣམ་པར་དག་པར་རིག་པར་བྱ་སྟེ། (ཕྱི་དམ་ཚིག་གི་ཕྱག་ རྒྱ་ནི་)འཁོར་ལོ་(མ་)དང༌། རྣ་ཆ་(སྲིང་མོ་)དང༌། མགུལ་རྒྱན་(བུ་མོ་)དང༌། གདུབ་བུ་(ཚ་མོ་)དང༌། སྐ་རགས་(ཆུང་མ་)དང༌། ཐལ་བ(འི་རྒྱ་གཏུམ་མོ་)རྣམ་པར་དག་པའི་ཕྱག་རྒྱ་རྣལ་འབྱོར་{པ་[མ་] རྣམས་ཀྱི་ཞེས་བྱའོ། །དེ་བཞིན་དུ་སྦྱིན་པ་(མ་)ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་ དག་པ་ཞེས་བྱ་བ་ནི་ངེས་པའོ།། །། ༈ ད་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་གསུམ་བརྗོད་པར་བྱ་སྟེ། ཆུ་སྐྱེས་ཞེས་བྱ་བ་ལ་ སོགས་པ་ལ། འདིར་(ཐབས་ཤེས་ཀྱི་)རྒྱུད་ཐམས་ཅད་དུ་ཕྱིར་དྲང་པའི་དོན་དུ། དཔྲལ་བར་སྐུའི་ ཕྱག་རྒྱ་(ༀ་)དང༌། མགྲིན་པར་གསུང་གི་ཕྱག་རྒྱ་(ཨཿ)དང༌། སྙིང་ཁར་ཐུགས་ཀྱི་ཕྱག་རྒྱ་(ཧཱུཾ་) ཞེས་བྱའོ། །ངེས་པའི་དོན་གྱིས་ཡང་(ཨ་བ་དྷཱུ་ཏི་)ཆུ་སྐྱེས་སུ་ནི་རྡོ་རྗེ་རབ་[ཏུ་]ཞུགས་པ་ནི་(སོ་ སོར་སྡུད་དང་བསམ་གཏན་གྱིས་)རྡོ་རྗེ་རྟག་ཏུ་ལངས་པ་ནི་སྐུའི་ཕྱག་རྒྱ(ཐབས་ཀྱི)འོ། །མེ་རུ་རླུང་ནི་(སྲོག་ རྩོལ་དང་འཛིན་པས་)དབུས་མའི་རྩར་སྲོག་གི་རླུང་རབ་ཏུ་ཞུགས་པ་ནི་གསུང་གི་ཕྱག་རྒྱ་(སྨོན་ལམ་ གྱི)འོ། །(རྗེ་དྲན་དང་ཏིང་ངེ་འཛིན་གྱིས་)ཐིག་ལེ་མ་ལྷུང་པ་ནི་ཐུགས་ཀྱི་ཕྱག་རྒྱ་(སྟོབས་ཀྱི)འོ། །དེ་ལྟར་ རྣལ་འབྱོར་གསུམ་གྱི་དབུས་མ(ར་རླུང་ཚུད་པ་)ལ་བརྟེན་པའི་སྐུ་དང༌། གསུང་དང༌། ཐུགས་ཀྱི་ ཕྱག་རྒྱ་གྲངས་ཇི་ལྟ་བ་བཞིན་དུ་འགྱུར་རོ། །(ཡེ་ཤེས་ཀྱི་ཕར་ཕྱིན་)དེའི་སྟེང་དུ་ཆགས་དང་ཆགས་ བྲལ་མཐའ་དང་སྔོན་དུ་ཞེས་བྱ་བ་ལ། ཆགས་པ་ནི་དཀར་པོའི་ཕྱོགས་ཏེ། དེའི་མཐའ་(བཅུ་ དྲུག་པ་)དང༌། ཆགས་བྲལ་ནི་ནག་པོ་སྟེ་དེའི་སྔོན་དུ(བདེ་བ་ཆེན་པོ་ཡེ་ཤེས)འོ། །དེ་ལྟར་ཆགས་དང་ ཆགས་བྲལ་མཐའ་དང་སྔོན་དུ་ནི་(དགའ་བ་)ཆ་བཅུ་དྲུག་གི་གནས་ཏེ། ཇི་སྲིད་མི་འཛག་པ་དེ་ སྲིད་དུ་ཡོན་ཏན་མཐའ་དག་སྟེར་ནི་(གང་ན་)མི་འགྱུར་བའི་བདེ་བ་སྟེར་བའོ། །སྦྱོར་བས་གོ་ 1-1-97 བྱ་[བ་]བཞི་པ་ནི་སྦྱོར་བའི་ཡན་ལག་དྲུག་གིས་གོ་བར་བྱ་[བ་]སྟེ། རྣལ་འབྱོར་{པ་[མ་] རྣམས་ཀྱིས་སོ། །གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །ཕྱག་རྒྱ་སྔ་མ་(དྲུག་)དང་ཕྱི་མ་(གསུམ་ཏེ་) དགུ་རྣམས་ལས། (གཅིག་)ཡུམ་གྱི་མཆོག་ནི་(རླུང་)ཤིན་ཏུ་འདོད་པ་སྐྱེད་བྱེད་མ་སྟེ། མངལ་ནས་ སྐྱེས་པའི་དུས་ནས་མི་འཆི་བའི་མཐར་ཡིན་ཏེ། <དེ་ལྟར་ཕྱག་རྒྱ་>རྣམ་པ་བཅུ་པོ་(དེ་)ནི་(རླུང་ དབུས་སུ་ཚུད་པས་)དུ་བ་ལ་སོགས་པའི་དབྱེ་བས་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་(བཅུ་ པོ་)རྣམས་སོ། །དཔལ་ལྡན་བླ་མ་ནི་རྡོ་རྗེ་སེམས་དཔའ་འོ། །ཞལ་འདི་ནི་ཡེ་ཤེས་ཀྱི་ཞལ་ཏེ་ (ལམ་གྱི་)བཞི་པ་ཞེས་བྱ་བའི་དོན་ཏེ། དེ་ནི་རང་བཞིན་(ངོ་བོ་ཉིད་)གྱི་སྐུའི་ཆོས་ཅན་ཞེས་བྱ་བའི་ ངེས་པའོ། །དེ་ལྟར་(དགོས་པ་)སློབ་མ་དབང་བསྐུར་བའི་དོན་དུ་ཕྱག་རྒྱའི་མཚན་ཉིད་གོ་བར་ བྱ<ས>་བ་ཉིད་ནི། བླ་མས་(དུས་)ཚོགས་ཀྱི་འཁོར་ལོའི་དུས་སུ་ངེས་པ་སྦྱིན་པའོ། ། ༈ འདིར་དབང་གོང་མ་ནི་རྣམ་པ་གཉིས་ཏེ། གཅིག་ནི་(རང་གིས་མ་ཐོབ་པར་གཞན་ལ་བསྐུར་དུ་མི་ རུང་བས་)སེམས་ཅན་རྣམས་གཞུག་པར་བྱ་བའི་{ཆེད་[ཕྱིར་]དང༌། (དགའ་བ་བཞིའི་བྱེ་བྲག་དང་དབབ་ བཟློག་ལ་སོགས་པའི་)ལམ་ཡོངས་སུ་ཤེས་པར་བྱ་བའི་ཆེད་དང༌། (དབང་གོང་མ་<མ་>ཐོབ་པར་གོང་ མའི་མན་ངག་མཉན་དུ་མི་རུང་བས་)རྒྱུད་ཉན་པ་ལ་དབང་{པར་བྱ་བའི་[པའི་]ཆེད་དུ་ཞེས་བྱ[་བ] འོ། །གཞན་ནི་(དབང་གོང་མ་བསྐུར་བ་ལ་དབང་བས་)རྡོ་རྗེ་སློབ་དཔོན་ཆེན་པོའི་གོ་འཕང་སྦྱིན་པར་ བྱ་བའི་ཆེད་དང༌། (གོང་མའི་དོན་བཤད་པ་ལ་དབང་བས་)སྟོན་པ་པོ་ཞེས་བྱ་བའི་ཆེད་དུ་ཞེས་བྱའོ། ། འདིར་དབང་གོང་མ་ནི། (རྩ་རྒྱུད་ལས། ལུས་ཀྱི་དབངདང་བྷ་ག་སེམས། །དཀྱིལ་འཁོར་རྣམ་པ་གསུམ་ཡིན་ཏེ། །སྐུ་ གསུང་ཐུགས་ཀྱི་རྡོ་རྗེ་ལས། །གཞན་པའི་ཚོན་སྣ་ལྔ་པོ་མིན། །ཞེས་སོ། །)རེ་ཤིག་སྐྲག་པ་དང༌། རྣམ་པར་འཁྲུལ་ པ་ལ་སོགས་པའི་ཉེས་པ་དང༌། བྲལ་བའི་ལོ་བཅུ་གཉིས་མ་ལ་སོགས་པའི་(<ནས་>ཉི་ཤུ་མའི་ བར་)བུ་མོ་ཤིན་ཏུ་ཡོངས་སུ་སྨིན་པ་སློབ་མས་བླ་མ་ལ་དབུལ་བར་བྱའོ། །དེ་ནས་གསོལ་བ་ གདབ་པ་ལ་སོགས་པ་བྱ་སྟེ། སློབ་མས་བླ་མ་ལ་(ཆོ་ག་ནས་)འཆད་པར་འགྱུར་བའི་(སྲིད་པའི་ 1-1-98 ཅེས་སོགས་ཀྱི་)བསྟོད་པས་གསོལ་བ་གདབ་{པོ[པའོ]། །དེ་ནས་བླ་མ་མཉེས་པ་དང༌། འཇིག་ རྟེན་པའི་ཀུན་རྫོབ་ཏུ་(སློབ་མས་)ནུ་མ་ལ་རེག་པར་བྱེད་པ་ནི་སྔར་གྱི་ཕྱག་རྒྱ་(ལོ་ཉི་ཤུ་མ་)ལ་སྟེ། {དེས་ན་[དེ་ནས་]དེ་ཉིད་བུམ་པའི་དབང་ངོ༌། །དེ་ནས་(ལོ་བཅུ་དྲུག་མ་དང་)གསང་པའི་མཆོད་པ་ {བྱ་སྟེ}[བྱས་ཏེ]། སློབ་མ་ལ་(ཐབས་ཀྱི་དབང་)བདུད་རྩི་{སྦྱིན་[བྱིན་]པ་དང༌། (ཤེས་རབ་ཀྱི་དབང་) ཕྱག་རྒྱའི་བྷ་ག་སྣང་བར་བྱེད་པ་དེས་ནི་གསང་པའི་དབང་དུ་འགྱུར་ཏེ། རི་བོང་འཛིན་པ་མྱང་ དང་གསང་པ་མཐོང་པར་བྱས་པས་སོ། །དེ་ནས་(བསྒྲུབ་ལེ་ནས་བཤད་པའི་)ༀ་ཡིག་ལ་སོགས་པ་ རིགས་ལྔའི་ས་བོན་དགོད་པར་བྱ་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པར་བྱ་ཞེས་པའོ། །དེ་ ཡང་རྒྱལ་བ་སྟེ་རྡོ་རྗེ་སེམས་དཔའ་དཔང་དུ་བྱས་པ་དང༌། ཕྱག་རྒྱ་(ལོ་བཅུ་གཉིས་མ་)དེ་བླ་མས་ སློབ་མའི་ཆེད་དུ་སྦྱིན་པར་བྱ་སྟེ། ལག་པ་བཅངས་པ་དང༌། འཁྲིག་པ(འི་བདེ་བ་ལམ་དུ་)བྱེད་ པའི་དོན་དུའོ<འོ་ན་དགས་པ་དང་རབ་ཏུ་བྱུང་པ་ལ་དབང་ཇི་ལྟར་བསྐུར་ཞེ་ན། ཚིག་དབང་དུ་བསྐུར་བར་གསུངས་ཏེ། འོན་ཀྱང་ཤེས་རབ་ཡེ་ཤེས་དབང་ནི་རྒྱལ་བའི་བདག་པོའི་བཀའ་ཡིས་ས་བོན་ཞིག་ལ་སྦྱིན་པར་བྱ་ནི་དགེ་སློང་ལ་ཇི་ལྟ་བར་རྒན་ པོ་ལའོ། །དེ་བཞིན་དུ་ཤེས་རབ་རྒན་དག་ཀྱི་ཡང་དགེ་སློང་མ་ཇི་ལྟ་བ་བཞིན་སྦྱིན་ནོ་གསུངས་སོ>། །(དགོས་པ་)ཇི་ལྟར་ འདིར་སེམས་ཅན་སྐལ་བ་ངན་པ་(འཁྲིག་བདེ་ལ་ཆགས་པ་)འདི་སྣོད་དང་ལྡན་པར་བྱ་བའི་ཆེད་ དང༌། (ལམ་)བསྒོམ་པ་(འོག་ནས་གོང་དུ་)ལྷག་པར་བྱ་བ་ལ་སོགས་པའི་ཆེད་དང༌། རྒྱུད་མཉན་ པ(ལ་དབང་པ)འི་ཆེད་དུ་ཡིན་གྱི། སློབ་མ་རྣམས་ལ་རྒྱུད་སྟོན་པའི་ཆེད་དང༌། དཀྱིལ་འཁོར་བྲི་ བའི་ཆེད་དུ་མ་ཡིན་ཞེས་བྱ་སྟེ། དང་པོར་སློབ་མ་གཞུག་པའི་དབང་གི་ངེས་པའོ། །(གཞན་ཡང་) དེ་བཞིན་དུ་(བླ་མ་)སློབ་དཔོན་ཞེས་པས་(བྱ་བའི་རྒྱུད་)བརྒད་པས་ཞུ་བའི་བདེ་བ་ཉིས་འགྱུར་ གྱི་བདག་ཉིད། དེ་ཉིད་(དགེ་རྒྱས་ལ་སོགས་པའི་)ལྷའི་རྣམ་པར་དག་པའོ། །(སྤྱི་<སྤྱོད་>རྒྱུད་)གསང་ བ་ཞེས་བྱ་བས་བལྟས་པས་(མེའི་)ཡོན་ཏན་གསུམ་གྱི་བདག་ཉིད་(ཚངས་རིགས་ལ་སོགས་པའི་)རྣམ་ པར་དག་པའོ། །(རྣལ་འབྱོར་རྒྱུད་)ལག་པ་བཅངས་པ་ཞེས་བྱ་བས་(ཆུའི་)ཡོན་ཏན་བཞིའི་བདག་ 1-1-99 ཉིད་ཀྱི་(དགའ་ལྡན་ལ་སོགས་པའི་)རྣམ་པར་དག་པའོ། །(བླ་མེད་རྒྱུད་)འཁྲིག་པ་ཞེས་བྱ་བས་(སའི་) ཡོན་ཏན་ལྔའི་བདག་ཉིད་ཀྱི་ཁུ་བའི་བདེ་བས་(འདོད་ཁམས་པ་འཐབ་བྲལ་མན་ཆད་)ལྷ(ལ་སོགས་པ) འི་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་ལེའུ་ལྔ་པར་འཆད་པར་འགྱུར་བས་མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་གྲུབ་{པར་[པ་]བརྗོད་པར་བྱ་ཞེས་བྱ་སྟེ། འཇིག་རྟེན་པའི་ཀུན་རྫོབ་ ཀྱིས་སེམས་ཅན་གཞུག་པར་བྱ་བའི་དོན་དུ་(རྒྱུད་སྡེ་བཞི་ལས་)དབང་རྣམ་པ་བཞི(གསུངས་པ)འི་ ངེས་པའོ།། །། ༈ ད་ནི་དགའ་བ་བཅུ་དྲུག་གི་སྦྱོར་བ་བཞི་བརྗོད་པར་བྱ་(བརྒྱ་ཉེར་གསུམ་པ་ལས། དང་པོར་ཡང་ ནི་མི་རྣམས་ཀུན་གྱི་མིག་གིས་བལྟས་པ་འདི་ཡིས་འདོད་ཆགས་འཁྲུག་པ་དགའ་བ་སྟེ། །ཕྱི་ནས་གང་པར་རང་གི་ལུས་ལ་རབ་ ཏུ་འདུས་པ་མཆོག་ཏུ་དགའ་བ་ཉིད་དུ་འགྱུར་བའོ། །འབར་བ་ཡང་དག་རོལ་པས་རྡོ་རྗེ་ལས་ནི་པད་མར་ཐིག་ལེ་འཛག་པ་ཁྱད་ པར་དགའ་བའོ། །ཨོ་ཊ་<རྡོ་རྗེ་>ལས་ནི་ཐིག་ལེ་གསུམ་གྱི་མཐའ་རུ་བདེ་བར་འགྱུར་བདེ་ལྷན་ཅིག་སྐྱེས་དགའ་འོ། །ཞེས་པ་ ཉིད་)སྟེ། འདོད་དང་ཞེས་བྱ་བ་ལ་སོགས་པ་ལས། འདིར་སེམས་ཅན་ཐམས་ཅད་{ལ་}(བྱང་ སེམས་དཔྲལ་བར་གནས་པའི་དུས་སུ་)སད་ཀཔ་དང༌། རྨི་<མགྲིན་པར་>ཁལམ་དང༌། གགཉིད་<སྙིང་ ཁར་>ལོག་པ་དང༌། <ལྟེ་བར་>ངསྙོམས་པར་འཇུག་པའི་དབྱེ་བས་༼ཀལུས་དང༌། ༼ཀངག་ དང༌། ༼ཁསེམས་དང༌། ག༽ཡེ་ཤེས་ཀྱི་སྦྱོར་བས་སོ། །དེ་ཡང་དགའ་བ་ལ་སོགས་པའི་དབྱེ་ {བ་ཡིས་[བས་]བཅུ་དྲུག་སྟེ། དེ་ལ་(དཔེར་ན་ཤེས་རབ་ཀྱི་ནུ་མ་ལ་རེག་པ་ཙམ་ལ་བདེ་བ་སྐྱེ་བས་)འདོད་པ་ དང་ཞེས་བྱ་བ་ནི་ལུས་ཀྱི་དགའ་བ(སྟེར་རྟོག་པ)འོ། །དགའ་བ་དང་ཞེས་བྱ་བ་ནི་ངག་གི་དགའ་ བ(དངོས་གཞི)འོ། །{གཡོ་བ་ཞེས་བྱ་བ་ནི་སེམས་ཀྱི་དགའ་བ(དངོས་གཞི་སྨིན)འོ། །}མི་འགྱུར་བ་ ཞེས་བྱ་བ་མིང་གི་ཡེ་ཤེས་ཀྱི་དགའ་བ་(དངོས་གཞི་མཐར་ཕྱིན་པ་)སྟེ། བཞི་རྣམས་ཀྱིས་ནི་དགའ་ {བའི་[བ་]སྦྱོར་བ་གཅིག་ཞེས་བྱའོ། །དེ་བཞིན་དུ་(བདེ་བ་རྒྱས་པ་ལ་བཞིའི་)གང་པ་ཞེས་བྱ་བ་ནི་ ལུས་ཀྱི་མཆོག་ཏུ་དགའ་བའོ། །འདི་ལ་མཆོག་ཏུ་དགའ་བ་ལ་སོགས་པ་གསུམ་ཐ་མ་དང་ 1-1-100 པོར་བྱས་ཏེ། ངག་དང་སེམས་དང་ཡེ་ཤེས་རྡོ་རྗེ་རྣམས་(ཚིགས་བཅད་ཀྱི་)བསྡེབ་སྦྱོར་གྱི་དབང་ གིས་ཞེས་བྱའོ། །དེ་བས་ན་མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་ངག་གི་མཆོག་ཏུ་དགའ་བའོ། ། སྐྱེ་བ་ཞེས་བྱ་བ་ནི་སེམས་ཀྱི་མཆོག་ཏུ་དགའ་བའོ། །ནུས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་མཆོག་ ཏུ་དགའ་བ་ཞེས་བྱ་སྟེ། སྦྱོར་བ་གཉིས་པའོ། །(བདེ་བ་ཆེན་པོ་གཡོས་པ་ལ་བཞིའི་)འབར་བ་ཞེས་བྱ་ བ་ནི་ལུས་ཀྱི་ཁྱད་པར་གྱི་དགའ་བའོ། །ཁྱད་པར་[གྱི་]དགའ་བ་ཞེས་བྱ་བ་ནི་ངག་གི་ཁྱད་ པར་གྱི་དགའ་བའོ། །ཡུར་བ་ཞེས་བྱ་བ་ནི་སེམས་ཀྱི་ཁྱད་པར་གྱི་དགའ་བའོ། །ཐིག་ལེ་ཞེས་ བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བ་ཞེས་བྱ་སྟེ། སྦྱོར་བ་གསུམ་པའོ། །དེ་བཞིན་དུ་(བདེ་ བ་མཐར་ཕྱིན་པ་ལ་བཞིའི་)ཨོ་ཊ་ཞེས་བྱ་བ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའོ། །ལྷན་ཅིག་ སྐྱེས་པའི་དགའ་བ་ཞེས་བྱ་བ་ནི་ངག་གི་ལྷན་ཅིག་སྐྱེས་པའི་དགའ་བའོ། །གཉིད་ཞེས་བྱ་བ་ ནི་སེམས་ཀྱི་ལྷན་ཅིག་[སྐྱེས་]པའི་དགའ་བའོ། །(ན་དཱ་ཞེས་པ་ལེན་པ་ལ་འགྲོ་སྟེ། ཡི་གེ་ནའི་ཁོག་ན་ཨ་ཡོད་ པས། ཨ་ན་དཱ་བྱས་ན་ཨས་ལེན་པ་བཀག་པས་མི་ལེན་པ་ལ་འགྲོ། གཟུང་འཛིན་མི་ལེན་པས་ན་ན་དཱ་)སྒྲ་ཙམ་ཞེས་བྱ་བ་ ནི་ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་སྟེ། སྦྱོར་བ་བཞི་པའོ། །དེ་ལྟར་སྐུ་རྣམ་ པ་བཞི་སྟེ། (ལུས་ཀྱི་དགའ་བ་)སྤྲུལ་པ་དང་(དེས་འགྲེ)། ལོངས་སྤྱོད་རྫོགས་པ་དང༌། ཆོས་དང༌། ངོ་ བོ་ཉིད་ཀྱི་དབྱེ་བས་སྐུ་རྣམ་པ་བཞིའོ། །དེ་བཞིན་དུ་གསུང་(གི་དགའ་བ་ལ་སོགས་པ་)རྣམ་པ་བཞི་ དང༌། ཐུགས་རྣམ་པ་བཞི་དང༌། ཡེ་ཤེས་རྣམ་པ་བཞི་ཞེས་བྱའོ། །དེ་ལྟར་དགའ་བ་བཅུ་དྲུག་ གི་དབྱེ་བ་འཆད་པར་འགྱུར་བར་རྒྱས་{པ་[པར་]བརྗོད་པར་བྱ་སྟེ། དགའ་བ་བཅུ་དྲུག་གི་ མཐར་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ངེས་པའོ། ། ༈ དེ་ནས་(ཡུམ་གྱི་ལོ་བརྒྱད་ཅུ་ཡན་ཆད་)སྐྱེས་གནས་ཀྱི་རྡུལ་(སྤངས་[པ་]མེད་(མིན་ར་ཟེར་)དེ་ (བདེ་བའི་)ཡུལ་(མངལ་)འཇིག་པར་འགྱུར་བས། དེ་ཞིག་པ་ལས་(དགའ་བ་བཅུ་དྲུག་གི་སྦྱོར་བ་བཞི་དང་ ལྡན་པའི་དོན་)དབང་བསྐུར་(བ་)ཡོད་པ་མིན་ཞེས་པ་ནི། ཤེས་རབ་དང་ཐབས་ཀྱི་ས་བོན་ཞིག་ 1-1-101 (ནས་མེད་)པས་སོ། །(འོ་ན་རྒན་གཞོན་ལ་<སོགས་པ་>དབང་ཇི་ལྟར་བསྐུར་ཞེ་ན། རབ་ཏུ་བྱུང་བ་ལ་ཚིག་དབང་ དུ་བསྐུར་བ་བཞིན་དུ། རྒན་གཞོན་<མ་ནིང་>རྣམས་ལའང་ཚིག་དབང་དུ་བསྐུར་ཏེ་)ས་བོན་ཞིག་པས་(བདེ་བ་) བསྐྱེད་མི་ནུས་ཀྱང༌། འོན་ཀྱང་ཤེས་རབ་ཡེ་ཤེས་(ལ་སོགས་)དབང་ནི་རྒྱལ་བའི་བདག་པོའི་ བཀའ་ཡིས་(ཚིག་དབང་དུ་)ས་བོན་ཞིག་པ་རྣམས་ལ་སྦྱིན་པར་བྱ་བ་ནི། དགེ་སློང་(དང་དགེ་ཚུལ་) ལ་(ཚིག་དབང་དུ་བསྐུར་བ་)ཇི་ལྟ་བར་(ས་བོན་མེད་པའི་)རྒན་{པོ་[པ་](དང་གཞོན་ནུ་)ལའོ། །དེ་བཞིན་ དུ་དགེ་སློང་མ་(དང་དགེ་ཚུལ་མ་ལ་)ཇི་{ལྟ་[ལྟར་]བར་ཤེས་རབ་(བུད་མེད་)ཀྱི་(རྒན་གཞོན་ལ་)ཡང་ སྦྱིན་པར་བྱའོ། །དེ་ལྟར་ལོ་ཉི་ཤུ་མ་དགེ་མཚན་ཅན་(དགའ་བདེའི་)དབང་གི་དོན་དང་བྱིན་གྱིས་ བརླབ་(ནས་བདེ་ལམ་བསྒོམ་)པའི་དོན་དུ་སྟེ། (དེ་ཉིད་རྣམས་ལས་)སའི་ཁམས་ལོ་(བཅུ་བཞི་མ་དང་ཆོས་ཀྱི་ ཁམས་)ཉི་ཤུའི་བར་གྱིས་སོ། །དེ་བཞིན་དུ། ཆུ(འི་ཁམས་བཅུ་གསུམ་)དང༌། མེ་(བཅུ་གཉིས་)དང༌། རླུང་ (བཅུ་གཅིག་)དང༌། ནམ་མཁའི་ཡོན་ཏན་(གྱི་ཁམས་བཅུ་མན་ཆད་ས་བོན་མ་རྫོགས་པ་)རྣམས་(དང་ས་བོན་ཞིག་ པ་)ལོ་བརྒྱའི་བར་(རྣམས་ལ་)རྒྱལ་བའི་(བཀས་སྦྱོར་བ་)ཡན་ལག་<དྲུག་བསྒོམ་པའི་>དོན་དུ་(ཚིག་དབང་) {བརྩལ་[བཙལ་]བར་བྱའོ། །(ཚིག་དབང་)འདི་ནི་སེམས་ཅན་(རབ་བྱུང་དང་རྒན་གཞོན་དང་མ་ནིང་གི་) དོན་རྣམས་བྱེད་པས་བྱང་ཆུབ་ཀྱི་སེམས་ཀྱི་བསྙེན་པ(འི་ཡན་ལག་སོ་སོར་སྡུད་<པ་>དང་བསམ་གཏན་ བསྒོམས་པས་)འབྲས་བུ་དུ་མར་འགྱུར་བ་ནི་(དེ་ལས་)བརྟེན་པ་(དོན་དམ་)བྱང་ཆུབ་[ཀྱི་]སེམས་ བསྐྱེད་པའོ(ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །སྐུ་ཡི་དབྱིབས་ཏེ་རྫུ་འཕྲུལ་འགྲོ། །སེམས་དཔའ་ཆེན་པོ་རྡོ་རྗེ་སེམས། ། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་སེམས་དཔར་བཤད་པ་གང༌། །དངོས་པོ་དངོས་པོ་མེད་ཟད་གཙོ། །ཐོག་ མ་ཐ་མ་མེད་ཞི་བ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ)། ། ༈ གང་ཞིག་འཇིག་རྟེན་ལས་འདས་པའི་དབང་ནི་རྒྱལ་བའི་བདག་པོ་དམ་པའི་ཕྱག་རྒྱ་ བཟང་ལ་རྗེས་སུ་ཆགས་པའོ། །དེ་ཉིད་བརྗོད་པར་བྱ་སྟེ། སེམས་ཀྱི་སྣང་བ་ཙམ་ཞེས་བྱ་བ་ [ཞེས་བྱ་བ་]ལ་སོགས་པའི་ཚིགས་སུ་བཅད་པ་ནི་གོ་སླའོ། ༼༡༢དང་རྐང་༡༽ ། 1-1-102 ༈ ཤེས་རབ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། འདིར་ཤེས་རབ་དང་ཡེ་ ཤེས་གྲངས་ཇི་ལྟ་བ་བཞིན་དུ་འཛིན་པའི་སེམས་(རྣམ་ཤེས་)དང༌། གཟུང་བར་བྱ་བའི་སེམས་ (ཡེ་ཤེས་)ཏེ། དེ་ཡང་གང་གཟུང་པར་བྱ་བ་ནི་དུ་བ་ལ་སོགས་པ(འི་རྟགས་)རྣམ་པ་བཅུ་སྟེ། (དཔེ་) པྲ་ཕབ་པས་མེ་ལོང་ལ་སྣང་བ་ལྟ་བུ་དེ་ཉིད་ཡེ་ཤེས་ཏེ། (དེ་ལ་མིང་)གཟུང་བར་བྱ་བའི་སེམས་ ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེ་ལོང་དུ་རང་གི་མིག་གིས་(ལྐོག་ཏུ་གྱུར་པའི་)གཟུགས་བརྙན་ མཐོང་པ་བཞིན་དུ། རང་གི་མིག་གིས་(རྟགས་རྣམས་)འཛིན་པར་བྱེད་པ་སྟེ། ཤེས་རབ་(འཛིན་པ་) {དང་}ཡེ་ཤེས་(གཟུང་པ་དག་)ཀྱང་ངོ༌། །དབང་འདིར་ཞུགས་པ་གང་ཞིག་ཞེས་བྱ་བ་ནི། འདིར་ གཟུང་པར་བྱ་བའི་སེམས་(དུ་བ་ལ་སོགས་པ་)དེ་ལ། འཛིན་པའི་སེམས་གང་ཞིག་ཞུགས་ནས་ཕྱི་ རོལ་གྱི་ཡུལ་རྣམས་ལ་མི་འཇུག་པ་ནི། (གང་གི་དུས་ན་)སོ་སོར་སྡུད་པ་དང༌། བསམ་གཏན་ དང༌། སྲོག་སྡུད་པ་(རྩ་དབུ་མ་)དང༌། འཛིན་པ་རྣམས་ཀྱིས་འཇུག་པར་བརྗོད་དོ། །(ཡང་སྦྱོར་བ་) ཡན་ལག་དྲུག་(ལས་རྗེས་དྲན་དང་ཏིང་ངེ་འཛིན་)གི་འཇུག་པ་ནི་དེ་ནས་བདེ་བ་འཛག་པ་མེད་པ་ལྷན་ ཅིག་སྐྱེས་པ་འགྱུར་མེད་བཞི་པ་མྱ་ངན་[ལས་]འདས་པར་ངེས་ནི། (ཕྱག་རྒྱ་དང་འབྲེལ་པའི་)བདེ་ བ་བྱིས་པ་དང༌། དར་ལ་བབ་པ་འཛག་པ་དག་གི་མཆོག (གང་ན་){འཛིན་[འཇིག་རྟེན་]པའི་ དཔེ་ལས་འདས་པ། (མི་འཛག་པས་ན་)འཇིག་རྟེན་གསུམ་ན་ཀུན་ཏུ་སྤྱོད་པ་ལས་གྲོལ་བ་ཞེས་བྱ་ བའི་དོན་ཏོ། །རྒོད་པ་དང༌། ལྟ་བ་དང༌། རེག་༡པ་དང༌། ༤འཁྱུད་༣པ་དང༌། ༢ལག་པས་ བཅངས་༥པས་དང༌། འཁྲིག་པ་དང་བྲལ་བ། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་ དང་བྲལ་བ། སྟོང་པ་ཉིད་རྣམ་པ་ཐམས་ཅད་(སྣང་ལ་རང་བཞིན་མེད་པ་)སོ་སོར་སྣང་བ་ཞེས་བྱ་སྟེ། དེས་ན་སངས་རྒྱས་ཀྱི་ཞལ་ནི་ཡེ་ཤེས་ཀྱི་ཞལ་(ཏེ་ལམ་གྱི་བཞི་པའོ)ལོ། །གང་གི་ནི་སློབ་དཔོན་ གྱི་ཐུགས་ལ་གནས་པ་ནི་(སློབ་དཔོན་)རང་གིས་(ལམ་གྱི་བཞི་པས་)ཉམས་སུ་མྱོང་པའོ། །ཞལ་ལ་ གནས་པ་(སྟེ་རང་གིས་ཉམས་སུ་མྱོང་བ་དེ་)ནི་སློབ་མ་རྣམས་ཀྱིས་སོ་སོར་གོ་བར་བྱ་བའི་ཆེད་དུ་དུས་ 1-1-103 ཐམས་ཅད་དུ་(རང་)གནས་(ནས་སྟོན་)པའོ། །(དེ་ལྟར་རང་གི་ཉམས་སུ་མྱོང་པ་སྟོན་པ་)འདི་ཉིད་དཔལ་ ལྡན་བླ་མ་ནི། རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་(ཐབས་དང་ཤེས་རབ་ཀྱི་)དབང་པོ་ གཉིས་ཀྱིས་(མི་འཛག་པའི་)བདེ་བ་རྟོགས་པར་མི་འགྱུར་རོ།། །། ༈ ད་ནི་བདུད་རྩི་བཏུང་{བའི་དམ་ཚིག་གི་ངེས་པ་[བ་]བརྗོད་པར་བྱ་སྟེ། གང་ཞིག་ ཁྲག་{གིས་[གི་]བཏུང་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱི་རོལ་ཏུ་དྲང་པའི་དོན་གྱིས་ གང་ཞིག་ཁྲག་གི་བཏུང་པ་བྱེད་པ་དེ་ནི་ཤ་སྦྲང་(འཐུང་བ་ལྟར་)ཉིད་དོ། །དེ་ངེས་པའི་དོན་གྱིས་ ཨ་བ་དྷུ་ཏི་(བྱེ་)ནས་གང་འཛག་པའི་དུས་སུ་(ཤེས་རབ་ཀྱི་)རྡུལ་གྱི་ཁམས་འཐུང་པའི་ཤ་སྦྲང་ དེ་ནི་རབ་མཆོག་ལྷ་དང་མིའི་བདུད་རྩི་གཅིག་སྟེ། ཨ་བ་དྷུ་ཏི་(འབྱེད་)འགགས་(ཤེས་)པ་ཞེས་ བྱ་བའི་དོན་ཏོ། །གང་{གི་[གིས]་ཕྱི་རོལ་ཏུ་སྐྱུགས་པ་<དྲི་ཆེན་>ཟོས་[པ་]དེ་ངེས་པའི་དོན་ གྱིས་བྱང་ཆུབ་ཀྱི་སེམས་གསང་པ་ལ་སོགས་པའི་ཁ་ནས་(ཤུ་ཀྲ་)རྡོ་རྗེ་ནོར་བུར་(བཅས་<བཟློག་ པར་>གྱུར་པ་སྐྱུག་པ་(བཟློག་ནས་ཡར་བཏུང་བ་)སྟེ། ཕྱི་རོལ་ཏུ་ཤེས་རབ་ཀྱི་ཆུ་སྐྱེས་ཀྱི་ནང་དུ་མ་ ཞུགས་པ་འཛག་པ་མེད་པའོ། །དེ་ལྟར་བཤང་པ་དང༌། གཅི་བ་དང༌། ཁྲག་དང༌། ཤ་(ཆེན་གྱི་ དངས་མ་)ནི་མཆོག་ཏུ་རོ་མཉམ་ནི་མི་འཛག་པར་སྐྱུག་པ་རྣམས་(ཟོས་པ་)ནི་ནང་དུ་ཞུགས་པའོ་ ནི་འགགས་པ་སྟེ། སྒྲིབ་པ་མེད་པར་གྱུར་པའོ། །དེ་ལྟར་ཡེ་ཤེས་བདུད་རྩིར་གྱུར་པ་འཛག་པ་ མེད་པ། བདུད་རྩི་ལྔ་པོ་འདི་ནི་སྲིད་པ་གསུམ་གྱི་བླ་མས་<ཐབས་ཤེས་རབ་ཀྱི་>རྒྱུད་རྣམས་ཀུན་ ཏུ་བསྟན་ཞེས་པ་ནི། ཕྱི་རོལ་གྱི་བཤང་བ་ལ་སོགས་པ་དངོས་གྲུབ་ཀྱི་ཆེད་དུ་བསྟན་པ་མ་ ཡིན་ཞེས་བྱ་སྟེ། བདུད་རྩི(བཏུང་པ)འི་ངེས་པའོ།། །། ༈ ད་ནི་ཕྱི་རོལ་གྱི་དམ་ཚིག་བསྲུང་པ་དང་བཟའ་བ་བརྗོད་པར་བྱ་སྟེ། <གང་ཚེ་>ཤེས་ རབ་ཞེས་བྱ་བ་ལ་སོགས་པ་ལ་འདིར་(ཤེས་རབ་(ལ་<མ་དང་>སྙོམས་པར་[འཇུག་ཅིང་]བསྒོམ་ པར་བྱེད་པའི་རྣལ་འབྱོར་པས། བྱང་ཆུབ་ཀྱི་སེམས་མ་བཅིངས་པ་གང་གི་ཚེ་(ཇི་ལྟར་བྱ་ན་) 1-1-104 ཤེས་རབ་ཀྱི་ཆོས་འབྱུང་དུ་བདེ་བ་ལྷུང་པ་དེའི་ཚེ་(རིགས་ཀྱི་སྲས་བསྐྱེད་པའི་དོན་དུ་)ཤེས་རབ་ཀྱི་ ཆོས་འབྱུང་དུ་ལྷུང་པ་སླར་ཡང་རབ་ཏུ་སྤྲོ་ཞིང་བསྲུབ་པར་བྱ་སྟེ། དེ་རྒྱུ་ཅིའི་ཕྱིར་ཞེ་ན་(རིགས་ ཀྱི་སྲས་བསྐྲུན་པའི་)ཏིང་ངེ་འཛིན་གྱིས་བྱང་ཆུབ་ཀྱི་སེམས་རབ་ཏུ་{སྤྲོས་པར་[སྤྲོ་བར་]གྱུར་ ན། དེ་ཡིས་སེམས་ཅན་གང་ཞིག་དེ་རྣམས་རྒྱལ་བའི་རིགས་སུ་གྱུར་<ཏེ་འཇམ་དཔལ་ལ་སོགས་ པས་བྱིན་གྱིས་རླབས་>པའི་བྱང་ཆུབ་སེམས་དཔར་ཅུང་ཟད་འགྱུར་ནི། གང་གི་ཕྱིར་ན་བདེ་བར་ གཤེགས་པའི་རིགས་རབ་ཏུ་འཕེལ་བར་བྱེད་པ་བྱང་ཆུབ་ཀྱི་སེམས་ཡིན་པས་སོ། །(ཟླ་བ་དང་ པོ་ལ་འཇམ་དཔལ་དང༌། རྡུལ་ལྷག་ན་སྣ་ཚོགས་ཡུམ། གཉིས་པ་ལ་འཇིག་རྟེན་དབངཕྱུག་དང༌། གོས་དཀར་མོ། གསུམ་པ་ལ་ ཛམ་བྷ་ལ་དང༌། ནོར་རྒྱུན་མ་འམ། གཙུག་ཏོར་ཅན་དང༌། ཤིན་ཏུ་སྔོན་མོ། བཞི་པ་ལ་ཕྱག་ན་རྡོ་རྗེ་དང༌། སྒྲ་རྡོ་རྗེ་མའམ། སུམ་བྷ་ ར་ཙའམ། དྲག་སྤྱན་མ། ལྔ་པ་ལ་བགེགས་མཐར་བྱེད་དང༌། བརྩོན་འགྲུས་ཅན། དྲུག་པ་ལ་ཤེས་རབ་མཐར་བྱེད་དང༌། གཤིན་ རྗེ་མ། བདུན་པ་ལ་པད་མ་མཐར་བྱེད་དང༌། ང་རྒྱལ་ཅན་མ། བརྒྱད་པ་ལ་གཤིན་རྗེ་མཐར་བྱེད་དང༌། རེངས་བྱེད་མ། དགུ་པ་ལ་ སྟོབས་པོ་ཆེ་དང༌། འོད་ཟེར་ཅན། བཅུ་པ་ལ་མི་གཡོ་བ་དང༌། ཙུན་དྷ། བཅུ་གཅིག་པ་ལ་འདོད་པའི་རྒྱལ་པོ་དང༌། ཁྲོ་གཉེར་ཅན། བཅུ་གཉིས་པ་ལ་དབྱུག་སྔོན་ཅན་དང༌། རྡོ་རྗེ་ལྕགས་སྒྲོག་མའོ། །དེ་ལྟར་ཞི་ཁྲོའི་ཏིང་ངེ་འཛིན་གྱིས་སྤྲོས་པས་མངལ་དུ་གང་ སྤྲོས་པ་དེས་བྱིན་གྱིས་རླབས་པའི་སྲས་པོ་དང་སྲས་མོར་གྱུར་པར་གསུངས་སོ། །ཡང་ཟླ་བ་དངཔོ་ལ་འཇམ་དཔལ་ལ་སོགས་ པར་གསུངས་སོ། །)དེའི་ཕྱིར་(སྔགས་སྒོར་ཞུགས་པའི་རྣལ་འབྱོར་པས་རིགས་ཀྱི་སྲས་བསྐྱེད་པ། དཀྱིལ་འཁོར་སྤྲོ་བ། གསང་པའི་དབང་བསྐུར་བ། རང་དབང་གསུམ་པའི་ཉམས་མྱོང་ཚོལ་བ། གསང་བའི་མཆོད་པ་བྱ་བ། བདེ་བའི་ཚོགས་རྣམས་ མ་གཏོགས་པ། <གང་གི་འགྱུར་མེད་མ་ཐོབ་པར་མི་འགྱུར་བདེ་འདོད་དེ་ཉིད་སྡུག་ཞེས་སོ། །>)བདེ་བར་གཤེགས་ པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་བསྲུང་པ་དངབྲལ་བ། མཉམ་པར་མ་བཞག་པ་རྣམས་ཉི་མ་ སོ་སོའི་དུས་སུ་དེ་ཉིད་ཟ་བར་བྱེད་པ་ནི། ཁུ་བ་ཟ་བར་སྟོན་{པ་[པར་བྱེད་པ་]དང༌། ཤེས་ རབ་ཀྱི་མེ་ཏོག་དང་ལྡན་པའི་ཞི་བའི་བདེ་འབྲས་སྟེར་བ་ཟ་བ་རུ་སྟོན་པར་བྱེད་{པ་[པའི་] སྲིན་པོ་དང༌། བདུད་ཀྱི་ཕོ་ཉ་རྣམས་སུ་འགྱུར་བ་ནི་མིང་གི་རྣལ་འབྱོར་པས་ལོག་པར་བསྟན་ 1-1-105 པས་བྱིས་པའི་སྐྱེ་བོ་གཞན་(སློབ་མ་)རྣམས་དང༌། (སློབ་དཔོན་)རང་ཉིད་དམྱལ་བར་འགྲོ་བར་ འགྱུར་(གང་གིས་འགྱུར་མེད་མ་ཐོབ་པར། །མི་འགྱུར་བདེ་འདོད་དེ་ཉིད་སྡུག ། ཅེས་སོ)རོ། །(རྒྱུ་མཚན་)དེ་ལྟ་བས་ ན་སངས་རྒྱས་པའི་སྔགས་པས། རྡོ་རྗེ་(དང་)པད་མ་ལས་ནི་(བྱང་སེམས་)དབྱུང་བར་མི་བྱ་བར་ ཇི་སྲིད་མཆོག་གི་བདེ་བར་གྱུར་པ་མ་(འཁུམས་(ཞུམ་)པར་{འགྱུར་[གྱུར་]གྱི་བར་དུའོ། །དེ་ ལ་སངས་རྒྱས་བྱིན་གྱིས་བརླབས་པར་གང་ཚེ་རབ་ཏུ་གྱུར་ན་དེ་ཚེ་འདོད་པའི་དངོས་གྲུབ་ (ཐོབ་པར་)ངེས་པས། (ཤེས་རབ་ཀྱི་དངས་མ་)རྡོ་རྗེའི་ལམ་<དག་>ནས་ཐབས་ཀྱི་སྙིང་ཁར་རབ་ཏུ་ གཞུག་པ་དང༌། (ཐབས་ཀྱི་དངས་མ་<ཆུ་སྐྱེས་>པད་མའི་ལམ་(དག་)ནས་ཤེས་རབ་ཀྱི་སྙིང་ཁར་ རབ་ཏུ་བཅུག་པས་རང་རང་རྡོ་རྗེའི་སྙིང་ཁར་(བདེ་སྟོང་དབྱེར་མེད་པའི་)ལྷའི་འཁོར་{ལོར་[ལོ] ཞུགས་པའོ། །(མར་བྱོན་ཡར་གཤེགས་སམ་འདྲེན་རེས་)འཁོར་ལོའི་རྣམ་པར་བྱ་ཞིང་སླར་ཡང་(ཐབས་ ཤེས་གཉིས་ཀའི་)[སྙིང་ཁའི་]ལུས་སུ་གྱུར་{པ་[པའི་]འོད་ཟེར་རྣམས་ཀྱིས་གང་བར་བྱ་ཞེས་ བྱའོ། །གལ་ཏེ་འདི་ཡིས་གྲུབ་པར་མ་གྱུར་(པ་)ན་[ནི་]རྡོ་རྗེ་ནོར་བུར་[ཡང་དག་]གནས་པ་ ནི་བྱང་ཆུབ་ཀྱི་སེམས་མཐེ་བོང་དང༌། སྲིན་ལག་གིས་བླངས་ལ་བཟའ་བར་བྱའོ། །དེ་ལྟར་ ཤེས་རབ་ཀྱི་པད་མའི་ཕྱི་རོལ་ཏུ་བྱུང་པ་དེ་ཉིད་གཉིས་ཀས་ཀྱང་བཟའ་བར་བྱ་སྟེ། མ་ཟོས་ ན་དངོས་གྲུབ་མི་འབྱུང་པས་སོ། །<རིགས་ཀྱི་སྲས་མེད་ན་>ཤེས་རབ་ཆོས་འབྱུང་ལ་གནས་པ་ ཡང་<རིགས་ཀྱི་སྲས་>{བསྲུང་[བསྐྲུན་]པའི་དོན་དུ་མཐའ་དག་རྒྱལ་བའི་རིགས་རྣམས་དགོད་ པར་བྱ་བ་ནི་རྡོ་རྗེ་དྲུག་དཔྲལ་བ་དང་སྙིང་ཁ་ལ་སོགས་པ་རྣམས་སུ་ཡན་ལག་དྲུག་དགོད་ པར་བྱ་ཞེས་བྱ་བའོ། །{(ཐབས་)ཤེས་རབ་(ཀྱི་)ཆོས་འབྱུང་ལ་གནས་པར་ཡང་(གནས་དྲུག་) བསྲུང་པའི་དོན་དུ་མཐའ་དག་རྒྱལ་བའི་རིགས་རྣམས་དགོད་པར་བྱ་བ་ནི་རྡོ་རྗེ་དྲུག་དཔྲལ་ བ་དང་སྙིང་ཁ་ལ་སོགས་པ་རྣམས་སུ་ཡན་ལག་དྲུག་དགོད་པར་བྱ་ཞེས་བྱ་བའོ། །}ཤེས་ རབ་ལྡན་ཞེས་པ་ནི་རྡུལ་དང་ལྡན་པའམ་ཡང་ན་གཅིག་ཉིད་ནི་བྱང་ཆུབ་ཀྱི་སེམས་བསྲུངས་ 1-1-106 ན་བསོད་ནམས་ཆེན་པོ་འགྱུར་བས། སངས་རྒྱས་སྐུའི་ཞབས་སུ་ཡང་དག་བརྗོད་ནི་བྱང་ཆུབ་ ཀྱི་སེམས་འདིའོ། །རྨོངས་པ་བདུད་ཀྱི་རིགས་གང་ཞིག་(བྱང་སེམས་འཕོ་འཛག་ཤོར་ཉམས་སྲུང་པ་) འདི་ལ་གལ་ཏེ་འཇིགས་པར་མངོན་པར་འདོད་པ་རྡོ་རྗེ་ཅན་གྱི་གསོད་པར་འགྱུར་ནི་དེའི་ཁ་ ཡིས་སོ་ཞེས་བྱ་བ་<རྩ་རྒྱུད་ལས། ཆགས་བྲལ་ལས་ནི་སྡིག་གཞན་མེད། །བདེ་ལས་གསོད་རྣམས་གཞན་ལ་མེད། །བདེ་ ལས་སྟག་པར་མི་འགྱུར་བདེས། །སེམས་ནི་དབུག་བྱ་མི་དབང་སྐྱེད། །ཅེས་སོ། །>སྟེ། བྱང་ཆུབ་ཀྱི་སེམས་ཀྱི་དམ་ ཚིག་བསྲུང་པ་དང་བཟའ་བ་ངེས་པའོ། <༡༧> ། ༈ (དོན་དབང་གི་དམ་ཚིག་བསྟན་པའི་རྗེས་)དེ་ནས་དབང་གི་རྣམ་པར་དག་པ་བརྗོད་པར་བྱ་སྟེ། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་དང་{པོར་[པོ་]ཆུ་ལ་སོགས་པ་དབང་བདུན་ གྱིས་དབང་བསྐུར་{བར་}གྱུར་པ་ནི། (རྩ་རྒྱུད་ལས། ལུས་ངག་སེམས་ནི་དག་བྱེད་པ། །མངོན་པར་དབང་བསྐུར་ གཉིས་གཉིས་ཏེ། །རྗེས་གནང་ཡེ་ཤེས་དག་པར་བྱེད། །གཞན་ནི་ཁམས་སོགས་ཡང་དག་དག ། ཅེས་སོགས་གསུང་པས་)ས་ བདུན་དུ་ལུང་བསྟན་པ་དགེ་བསྙེན་དུ་བརྗོད་པར་བྱ་སྟེ། འགྱུར་བར་ངེས་པའོ། །(གཞན་ཡང་) བུམ་པས་(ལུས་ཀྱི་དྲི་མ་དག་པ་)དགེ་ཚུལ་དུ་ནི་འགྱུར་ན་(ས་བརྒྱད་པ་)མི་གཡོ་བར་ལུང་བསྟན་པ། སངས་རྒྱས་ཀྱི་སྲས་ཏེ་(བྱིས་པ་)གཞོན་ནུ་ཞེས་བྱ་བའོ། །དེ་ནས་གསང་པའི་དབང་གིས་(ངག་གི་ དྲི་མ་དག་པ་)དགེ་སློང་དུ་ནི་འགྱུར་ཞེས་པ་ནི། (ས་དགུ་པ་)ལེགས་པའི་བློ་གྲོས་སུ་ལུང་བསྟན་པ་ སྟེ། སངས་རྒྱས་ཀྱི་སྲས་(དར་མ་)རྒྱལ་ཚབ་པོ། །དེ་ནས་གོང་མ་ནི་གསུམ་པ་ཤེས་རབ་ཡེ་ཤེས་ ཀྱི་དབང་བསྐུར་བས(དེ་ལྟར་སེམས་ཀྱི་དྲི་མ་དག་པས)། གནས་བརྟན་ནི་(སེམས་ཅན་རྣམས་ལ་)ཆོས་སྟོན་ པར་བྱེད་པ་དང༌། སློབ་མ་སྡུད་པར་བྱེད་པ་པོར་འགྱུར་བ་སྟེ། (ས་བཅུ་པ་)ཆོས་ཀྱི་སྤྲིན་དུ་ལུང་ བསྟན་པས་<རྒྱུའི་རྡོ་རྗེ་འཆང་ལ་གཉིས་ཡོད་པ་ལས་>སངས་རྒྱས་ཉིད་གཉིས་པ་སྟེ་ངེས་པའོ། །དེ་ བཞིན་དུ་བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པ། (བུམ་དབང་) འཇིག་རྟེན་གསུམ་ན་(བྱིས་པ་)གཞོན་(ནུ་དགེ་ཚུལ་<གསང་དབང་དགེ་སློང་དུ་>ལུས་ཅིག ། (ཤེས་རབ་ཡེ་ 1-1-107 ཤེས་དབང་)གནས་བརྟན་རྒན་པོ་(དབང་བཞི་པ་)སྐྱེ་རྒུའི་བདག(པོ)། སུམ་ཅུ་རྩ་གཉིས་མཚན་འཆང་ བ། །<གསང་དབང་ཐོབ་ནས་ཉེར་བསྒྲུབ་ལ་གནས་པ་>{སྡུག་[སྡུ་]གི་འཇིག་རྟེན་གསུམ་ན་མཛེས། ། ཞེས་པ་དང༌། དེ་བཞིན་དུ། (བུམ་དབངདགེ་ཚུལ་)ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །ཉན་ཐོས་རང་ རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་པ། །འབྱུང་པ་ཆེན་པོ་རྒྱུ་གཅིག་<ས་ བརྒྱད་པའོ་>པོ། །<གསང་དབང་>དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་ དབང་པོ་ཐུལ། །(གསང་དབང་ཐོབ་ནས་ཉེར་བསྒྲུབ་ལ་གནས་པ་)བདེ་བ་རྙེད་པས་འཇིགས་མེད་ཐོབ། ། བསིལ་བར་གྱུར་པས་རྙོག་པ་མེད(པས་ས་དགུ་པའོ)། །ཞེས་བྱ་བ་དང༌། དེ་བཞིན་དུ། (ཤེས་རབ་ཡེ་ ཤེས་དབང་གནས་བརྟན་རྒན་པོ་)མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །<ཟག་མེད་ཀྱི་>ཚངས་པར་སྤྱོད་ པའི་བརྟུལ་ཞུགས་མཆོག ། (ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་བསྒྲུབ་པ་ལ་གནས་ན་)དཀའ་ཐུབ་མཐར་ ཕྱིན་དཀའ་ཐུབ་ཆེ། །རྩང་གནས་དམ་པ་གོའུ་ཏ་མ(ས་བཅུ་པའོ)། །(དབངབཞི་པ་སྐྱེ་དགུའི་བདག་པོ་) བྲམ་ཟེ་ཚངས་པ་ཚངས་པ་ཆེ། །མྱ་ངན་འདས་པས་ཚངས་པ་ཐོབ། །གྲོལ་བར་ཐར་པ་རྣམ་ གྲོལ་ལུས། །རྣམ་གྲོལ་ཞི་བ་<ས་བཅུ་གཅིག་དང་ས་བཅུ་གཉིས་པའོ་>ཞི་བ་ཉིད། །ཞེས་བྱ་བ་ནི་སློབ་ དཔོན་གྱི་དབང་ངོ་(རྐང་པ་གཉིས་)། །(རྩ་རྒྱུད་ལས། བྱིས་པ་དར་མ་དེ་ནས་རྒན། །བཞི་པ་དག་ནི་སྐྱེ་རྒུའི་བདག ། ཅེས་ དང༌། མངོན་པར་དབང་བསྐུར་རིམ་གསུམ་གྱིས། །ལུས་ངག་ཡིད་ནི་ཡང་དག་དག ། བཞི་པ་ཡེ་ཤེས་དག་པར་བྱེད། །ཡིད་དང་ ལུས་ནི་དག་བྱེད་པའོ། །ཞེས་གསུངས་སོ། །) ༈ ད་ནི་སློབ་མ་རྣམས་{ཀྱི་[ཀྱིས་]རང་གི་ལུས་<དང་རྫས་>ལ་སོགས་པ་དབུལ་བའི་ དོན་དུ་ཆའི་རྣམ་པར་འབྱེད་པའི་ངེས་པ་བརྗོད་པར་བྱ་སྟེ། ལུས་ནང་ཞེས་བྱ་བ་ལ་སོགས་ པ་ལ། འདིར་(དུས་)གང་གི་ཚེ་རྡོ་རྗེ་སློབ་དཔོན་གྱིས་དབང་བསྐུར་བ་(སློབ་མའི་བྱེ་བྲག་)ཁྱིམ་ ན་གནས་པའམ། དགེ་ཚུལ་ལམ། དགེ་སློང་རྣམས་ཀྱིས་འདི་ལྟར་དམ་བཅའ་བར་བྱ་སྟེ། བདག་གིས་དུས་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་(བླ་མ་ལ་)སྦྱིན་པར་དབུལ་བར་ 1-1-108 བྱའོ། །དེ་ལ་དང་པོ་རེ་ཤིག་ལུས་ལ་གནས་པའི་ལག་པ་དང་ནི་རྐང་པ་ལུས་ཉིད་རྣམས་ཞེས་ བྱ་བ་ནི། ལག་པ་གཉིས་དང༌། རྐང་པ་གཉིས་དང༌། ལུས་དངོས་ཏེ་ལྔ་པོ་འདི་རྣམས་ཀྱི་ནང་ ནས་དྲུག་ཆ་དབུལ་བ་(གང་ན་)ཡན་ལག་མཆོག་(མགོ་བོ་)ནི་(དགོས་པ་)སློབ་དཔོན་ལ་ཕྱག་འཚལ་ བའི་དོན་དུ་རབ་ཏུ་དབུལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཡང་དག་ པར་ལྡན་པའི་བླ་མའི་ཆེད་དུ་དེ་(ཕྱག་)ཕུལ་{ན་[ནས་]<ཕྱག་ནི་>སྦྱིན་པ་ཕུལ་བས་(ལུས་ཀྱི་ཉེས་ སྤྱོད་གསུམ་(པོ་<སྤོངས་>ཏེ་)བདེ་བའི་གོ་འཕང་ཕྱག་རྒྱ་བཟང་པོ་(འདས་པའི་དངོས་གྲུབ་)རྗེས་སུ་ཐོབ་ པར་འགྱུར་{བའོ[རོ]། །དེ་བཞིན་དུ་ལས་ཀྱི་དབང་པོ་(དྲུག་)རྣམས་ཀྱི་ནང་ནས་ངག་སྦྱིན་ པར་བྱ་བ་སྟེ། ༡ལག་པ་དང༌། ༢རྐང་པ་དང༌། ༣བཤང་ལམ་དང༌། (དབང་པོ་མཆོག་)བྷ་ག་ལ་ ༤སོགས་པའི་དབང་པོ་རྣམས་ལས་དྲུག་པ་ངག་གི་དབང་པོ་སྟེ། (ངག་གི་ཉེས་སྤྱོད་བཞི་སྤོང་ཏེ་) བདེན་པའི་ཚིགས་སྨྲ་བའི་དོན་དུ་ངག་(གི་དབང་པོ་)དབུལ་བར་བྱ་[ཞེས་བྱ་]བ་ནི་བཅོམ་ལྡན་ འདས་ཀྱི་ངེས་པའོ། །དེ་བཞིན་དུ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱི་དབང་ པོ་རྣམས་ཀྱི་ནང་ནས་དྲུག་པ་ཡོན་ཏན་དང་བཅས་པའི་ཡིད་གཡོ་སྒྱུའི་སྤྲོས་པ་དང་བྲལ་བས་ (ཡིད་ཀྱི་ཉེས་སྤྱོད་གསུམ་སྤོང་བས་)སེམས་ཅན་གྱི་དོན་དུ་སྦྱིན་པར་བྱ་ཞེས་བྱ་བ་ནི་སྦྱིན་པ་ངེས་པའོ། ། དེ་བཞིན་དུ་ཁམས་ཀྱི་ནང་ནས་ཁམས་ཀྱི་ཆ་ཞེས་བྱ་བ་ལ། ཁམས་རྣམས་ནི་གསེར་དང༌། རིན་པོ་ཆེ་དང༌། སོ་བ་ལ་སོགས་པ་སེམས་{ཅན་}མེད་པའི་རྫས་རྣམས་ཏེ། དེ་རྣམས་ཀྱང་ སྔར་ནས་གནས་པ་དང༌། བློ་བུར་དུ་བྱུང་པའི་ཁམས་རྣམས་ཀྱི་དྲུག་ཆ་དབུལ་ཏེ། (དགོས་པ་) རྣལ་འབྱོར་མ་ལ་སོགས་པ་མཆོད་པའི་དོན་དུ་ཞེས་བྱའོ། །དེ་བཞིན་དུ་རྐང་པ་གཉིས་པ་(ནི་ བྲན་)དང་རྐང་པ་བཞི་པའི་སེམས་དང་བཅས་པ་(ཕྱུགས་)རྣམས་ཀྱི་དྲུག་ཆ་དབུལ་{ཏེ[བར་བྱ་ སྟེ]། {ཆ་ལྔ་[སྔ་མ་]ནི་བདག་ཉིད་དང་(འཁོར་)གཟའ་མི(ལ་སོགས་པ)འི་ལོངས་སྤྱོད་ཀྱི་ཆེད་དུ་ གཞག་པར་བྱའོ། །དེ་བཞིན་དུ་གཞན་དག་ཀྱང་ཞེས་པ་ནི། དེ་ཁོ་ན་ཉིད་ཀྱི་(མཆོད་པའི་)ཆོ་གས་ 1-1-109 གཟུགས་དང་ལྡན་པའི་ཆུང་མ་ལ་སོགས་པའི་(རིགས་བརྒྱུད་པ་ལས་བྱུང་བའི་)དངོས་པོ་ཟླ་བ་{རེ་} རེའི་ནང་དུ་{ཡན་ལག་[ལན་]ལྔ་ལྔ་(བླ་མ་དགེ་བསྙེན་ཡིན་ན་)འདོད་{པའི་[པ་]སྦྱིན་པ་ཡིས་ དབུལ་བར་བྱ་ཞེས་པ་ནི་དེ་བཞིན་གཤེགས་(པས་རྒྱུད་དུ་གསུངས་)པའི་ངེས་པའོ། །གཞན་དུ་ན་ སྔགས་ཀྱི་ཚུལ་ལ་འདོད་པའི་སྦྱིན་པ་དེ་དང་བྲལ་ན་(སྐྱོན་ཅི་ཡོད་ན་){སྐལ་[བསྐལ་]པ་མཐའ་ ཡས་པ་རྣམས་ཀྱིས་ཀྱང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་མ་ཡིན་ཞིང༌། (དེ་ བས་)ལས་ཀྱི་ཕྱག་རྒྱ(འི་འདོད་ཁམས་)དང་ཡེ་ཤེས་ཀྱི་ཕྱག་རྒྱའི་(གཟུགས་ཁམས་ཀྱི་)དངོས་གྲུབ་ཀྱང་ ཐོབ་པར་མི་འགྱུར་ཏེ། (དྲུག་ཆ་མི་འབུལ་བ་)ཆགས་པའི་དབང་དུ་གྱུར་པ་དང༌། (བུ་ཚ་གཞན་དང་མ་ འདྲེས་པ་འདོད་པ་)རིགས་ལ་ཞེན་པས་ཞེས་བྱ་སྟེ། དེ་ལྟར་རྣམ་པར་དབྱེ་བའི་དྲུག་ཆ་དབུལ་བའི་ ངེས་པའོ།། །། ༈ ད་ནི་སྙིང་རྗེའི་དབང་བསྐུར་བ་བརྗོད་པར་བྱ་སྟེ། སྲིད་པ་{རྣམ་}གསུམ་ཞེས་བྱ་བ་ ལ་སོགས་པས། འདིར་(འདོད་པ་ལ་སོགས་པ་)སྲིད་པ་རྣམ་པ་གསུམ་ལ་གནས་པའི་འཇིག་རྟེན་ གྱི་ཁམས་ཀྱི་(ལྷ་ལ་སོགས་པའི་)འགྲོ་བ་དྲུག་གི་སེམས་ཅན་གང་ཞིག་དབང་{བ་[མ་]བསྐུར་ བ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེའི་ལྕགས་ཀྱུས་དེ་(ལྟ་བུ་སྤྲོས་པ་)རྣམས་(མ་ལུས་ ཀུན་ནས་)བཀུག་ནས། སྙིང་རྗེ་མཆོག་(ལྡན་པའི་ལུས་)གི་དཀྱིལ་འཁོར་དུ་(བུམ་)དབང་<བདུན་> བསྐུར་བར་བསྒོམ་པ་ཙམ་མོ། །སངས་རྒྱས་རྣམས་ནི་(གང་ན་)དྲི་ཆེན་དང༌། དྲི་ཆུ་དང༌། ཁྲག་ དང༌། རྐང་མར་རྣམས་དང༌། དེ་བཞིན་{དུ་}རྡོ་རྗེ་བདུད་རྩིའི་ཁུ་བས་(<བུམ་པ་དང་>གསང་པའི་ དབང་)སོ། །དྲི་མེད་རི་བོང་ཅན་ལུས་ལྟར་(བསམ་པ་ཤེས་རབ་ཡེ་ཤེས་)རོ། །དེ་ནས་རྡོ་རྗེ་ཅན་ལམ་ ཐོབ་པར་གྱུར་པར་བསྒོམ་པར་བྱ(བ་དབང་བཞི་པ)འོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་དྲི་མ་དང་ རྣམ་པར་བྲལ་བ(འི་ཁམས་གསུམ་པོ་)དེ་རྣམས་རང་གི་གནས་སུ་བཏང་སྟེ། (བཏང་པ་དེ་རྣམས་)བྱང་ ཆུབ་སྤྱོད་ལ་རྗེས་སུ་གནས་པར་བསམ་ཞེས་བྱ་[བ་]སྟེ། སྙིང་རྗེའི་དབང་གི་ངེས་པའོ།། །། 1-1-110 ༈ ད་(ཅི་སྟོན་ན་)ནི་སློབ་མ་ཨ་བ་དྷུ་ཏི་(ཀུན་སྤངས་)པ་ལ་དབང་བསྐུར་(བ་དང་སྒྲུབ་པ་རྗེས་སུ་དྲན་) བའི་ངེས་པ་བརྗོད་པར་བྱ་སྟེ། རྫས་རྣམས་ཞེས་བྱ་བ་ལ་སོགས་པས། འདིར་རྫས་རྣམས་ སྤངས་པའི་(སློབ་མ་)ཨ་བ་དྷུ་ཏི་(པ་)རྣམས་ལ་རྒྱལ་བའི་བདག་པོའི་བཀའ་ཡིས་དབང་རྣམས་ སྦྱིན་པར་བྱ་ཞེས་པ་ནི། གང་གི་ཚེ་སློབ་མ་ཨ་བ་དྷུ་ཏི་པ་རྫས་སྤངས་པ་དེའི་བླ་མས་གོ་རིམ་ ཇི་ལྟ་བ་བཞིན་དུ་(དང་པོར་བྱིས་པ་གཞུག་པའི་)དབང་བདུན་དང༌། དེ་ནས་བུམ་པ་(གསང་པ་དང་ཤེས་ རབ་ཡེ་ཤེས་)ལ་སོགས་པ་གསུམ་སྦྱིན་པར་བྱ་བ་དང༌། དེ་ལྟར་བཞི་པ་དུ་བ་ལ་སོགས་པའི་ལམ་ <སྦྱོར་བ་ཡན་ལག་དྲུག་>སྦྱིན་པར་བྱ་ཞེས་བྱ་བ་ནི་ཚིག་གིས་བསྟན་པར་བྱའོ། །དེ་བཞིན་དུ་ཡོན་ ཏན་མ་ལུས་གཏེར་ནི་(བྱང་སེམས་གཟུང་འདྲེན་གྱི་ཐབས་)རྩའི་རྣལ་འབྱོར་དང་ལྡན་པའི་མི་འགྱུར་ བའི་བདེ་བ་ཆེན་པོ་སྐད་ཅིག་{ཚིག་}གིས་སྨྲ་བར་བྱའོ། །(བྱང་སེམས་)དེ་བསྙེན་(པའི་){སྒྲུབ་ པའི་ར་ཟེར་}དོན་དུ་ལས་ཀྱི་ཕྱག་རྒྱ་མེད་པར་གྱུར་ན། (ཇི་ལྟར་བྱ་ན་)ལག་པའི་ཕྱག་རྒྱ་ངེས་ པར་སྦྱིན་པར་བྱ་སྟེ། རང་སེམས་དབང་ལས་ནི་བྱང་ཆུབ་ཀྱི་སེམས་(མི་འཛག་པར་)བརྟན་པར་ བྱ་ཞིང༌། ལག་པའི་ཕྱག་རྒྱ་དེས་(ཁམས་<མ་>འཛག་ནས་སྲིད་པ་འཁོར་བའི་)ཉེས་པ་ཐམས་ཅད་རྣམ་ པར་གྲོལ་བར་བྱེད་པར་ངེས་པའོ། །གཞན་ཡང་རྒྱལ་མཆོག་ཐུགས་གྱུར་ནི་རྡོ་རྗེའི་ཡུལ་དུ་ གྱུར་པ་ཡུམ་གྱི་<དེ་ཁོ་ནའི་>མཆོད་པ་རྣམ་པར་བྲལ་བ་ཁྱིམ་ན་གནས་པ་རྣམས་ལ་སྦྱིན་པར་ བྱ་བ་མ་ཡིན་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་དབང་{གི་}ངེས་པའོ།། །། ༈ དེ་ནས་སློབ་དཔོན་སློབ་མར་བཅས་པ་མ་ལུས་ཚོགས་ཀྱི་རིགས་རྣམས་དཔའ་བོའི་ སྟོན་མོས་ཇི་ལྟར་འདོད་པ་བཞིན་དུ་མཉེས་པར་བྱའོ། །དེ་ལ་དཔའ་བོའི་སྟོན་མོའི་རིམ་པ་ནི། <༢༤>འདི་ལྟ་སྟེ། (དང་པོར་གྲལ་རིམ་ཇི་ལྟར་བྱ་བ་ནི་)སློབ་དཔོན་ཡོངས་སུ་བརྟག་པ་ལས། འདིར་ རྡོ་རྗེ་སློབ་དཔོན་ནི་རྣམ་པ་གསུམ་སྟེ། (གང་དང་གང་ན་)མཆོག་དང༌། འབྲིང་དང༌། ཐམ་ཞེས་ བྱའོ། །འདི་ལྟ་སྟེ། (རྩ་རྒྱུད་ལས། དཀྱིལ་འཁོར་དང་ནི་(༡)ཏིང་འཛིན་དང་(༢)། །ཕྱག་རྒྱ་(༣)འདུག་སྟངས་(༤)སྟང་ 1-1-111 སྟབས་དང་(༥)། །བཟླས་བརྗོད་(༦)སྦྱིན་སྲེག་(༧)མཆོད་སྦྱིན་དང་(༨)། ལས་སྦྱོར་དང་ནི་(༩)སླར་བསྡུ་(༡༠)འོ། །ཞེས་པ་) དེ་ཉིད་བཅུ་ནི་ཡོངས་ཤེས་པའི། །གསུམ་པོ་རྣམས་{ལས་[ལ་]དགེ་སློང་མཆོག ། འབྲིང་ པོ་དགེ་ཚུལ་དུ་ནི་གསུངས། །དེ་རྣམས་ཐ་མ་ཁྱིམ་གནས་སོ། །ཞེས་དེ་རྣམས་ཀྱི་ངེས་པ་རྒྱུད་ ལས་གསུངས་པས། དགེ་སློང་དང༌། དགེ་ཚུལ་དང༌། ཁྱིམ་ན་གནས་པ་རྣམས་གཅིག་ཏུ་ འདུས་པ་ན། སྤྱིར་(རྒན་པ་བཞི་ལ་གསུམ་པོ་)དབང་བསྐུར་བས་རྒན་པའམ། གཞོན་པ་སྟེ། དེའི་ ཕྱིར་དགེ་སློང་རྡོ་རྗེ་འཛིན་པའི་གྲལ་ཁ་ཤར་དུ་བལྟ་བར་བྱ(ས་བཞི་པ)འོ། །དགེ་ཚུལ་གྱི་གྲལ་ ནི་ཁ་བྱང་དུ་བལྟ་བར་བྱ(མེ་བཞི་པ)འོ། །ཁྱིམ་ན་གནས་པའི་གྲལ་ནི་ཁ་ལྷོ་རུ་བལྟ་བར་བྱ(ཆུ་ གསུམ་པ)འོ། །དེ་ལྟར་དགེ་སློང་མའི་གྲལ་(ཁ་ཤར་དུ་)དང༌། དགེ་ཚུལ་མའི་གྲལ་(ཁ་བྱང་དུ་)དང༌། དགེ་བསྙེན་མའི་གྲལ་(ཁ་ལྷོ་རུ་)ནི་སོ་སོར་རོ། །རྒན་པ་དང་གཞོན་པ་དེ་རྣམས་ལ་གདན་ རྣམས་སོ་སོར་སྦྱིན་པར་བྱའོ། ། ༈ (གཉིས་པ་ཚོགས་དཔོན་གང་གིས་བྱ་བ་ནི་)དེ་ལ་དགེ་སློང་གང་ཞིག་དབང་གིས་རྒན་ཡང་(དེ་ ཉིད་བཅུ་མི་ཤེས་པས་)རྨོངས་པར་གྱུར་པ་དང༌། (དབང་གིས་)གཞོན་ཡང་རྒྱུད་ཀྱི་སྟོན་པ་པོར་གྱུར་ན་ དེ་དག་ལས་གང་(རྒྱུད་ཀྱི་)སྟོན་པ་པོ་དེ་ཉིད་(ཚོགས་འཁོར་རམ་དཔའ་བོའི་)སྟོན་མོ་ལ་ཚོགས་ཀྱི་གཙོ་ བོར་འགྱུར་རོ། །རྒན་པོ་(རྨོངས་པ་)ནི་ཁྱིམ་གཞན་དུ་(ཟས་ལ་སོགས་པས་)སོ་སོར་ཡང་དག་པར་ ཚིམ་པར་བྱའོ། །དེ་ལྟར་(དབང་གིས་)གཞོན་ཡང་མན་ངག་དང་ལྡན་པའི་ཆོས་<རྒྱུད་ཀྱི་>སྟོན་ པ་པོས་སེམས་ཅན་གྱི་དོན་བྱེད་ནུས་པའི་ཕྱིར་(ཐོས་པ་)རྒན་པོ་ཞེས་བྱའོ། །གཞན་ཡང་དགེ་ ཚུལ་དང་ཁྱིམ་པ་དག་སྔོན་དུ་དབང་བསྐུར་བ་(ཐོས་པ་)ཡང༌། ཇི་སྲིད་མངོན་པར་ཤེས་པ་མ་ སྐྱེས་[ཀྱི་]བར་དུ་དགེ་སློང་རྡོ་རྗེ་འཛིན་པ་ལས་རྒན་པར་མི་འགྱུར་(ཏེ་མངོན་པར་ཤེས་པ་དང་བྲལ་ བའི་ཕྱིར་)རོ(ཁྱིམ་པ་དཀའ་ཐུབ་དང་བྲལ་བ་རྣམས་ནི་བསྟི་གནས་དང་ལྷ་ཁང་དུ་ཉེ་བར་ལོངས་སྤྱོད་པར་ཐེག་པ་གང་དུ་ཡང་ བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཞེས་སོ)། །དེ་ནས་ཡང་(དབང་གིས་རྒན་པའི་ང་རྒྱལ་གྱིས་)རྩོད་པ་བྱེད་ 1-1-112 ན་དེའི་ཚེ་ནུས་པ་དྲི་བར་བྱ་སྟེ། གང་གི་ཚེ་(དགེ་ཚུལ་དང་ཁྱིམ་པ་)མངོན་པར་ཤེས་པ་ལ་སོགས་ པ་སྟོན་པར་བྱེད་ན། དེའི་ཚེ་(ཡེ་ཤེས་ཀྱིས་རྒན་པ་ཡིན་པས་)ཚོགས་ཀྱི་གཙོ་བོ་ཞེས་བྱའོ། །(གསུམ་པ་ རྫས་མཆོད་དང་ཡོན་དབུལ་བ་ནི་)དེ་ནས་ཀུན་རྫོབ་ཀྱི་བདེན་པའི་དབང་(བདུན་)གིས་(རྒན་པའི་)མངོན་ པའི་ང་རྒྱལ་གྱིས་ལོག་པའི་རྩོད་པ་བྱེད་ན་དེའི་ཚེ་(དགེ་ཚུལ་ལམ་ཁྱིམ་པ་)རང་གི་ཁྱིམ་དུ་བསྐྲད་ པར་བྱའོ། །དེ་ནས་བསྐྲད་པ་དང་དེས་{འཆད་[ཆད་]པ་(ཚོགས་བཤགས་)ཁས་ལེན་པར་བྱེད་ ན། དེའི་ཚེ་བཟའ་བ་དང༌། བཏུང་པ་ལ་སོགས་པའི་མཆོད་པ་སྦྱིན་པར་བྱ་སྟེ། ཚོགས་ཀྱི་ བདག་པོས་(ཚོགས་སམ་དཔའ་བོའི་སྟོན་མོའི་){འཆད་[ཆད་]པ་གཅད་པར་བྱའོ། །དེ་ལྟར་དགེ་སློང་ (ལ་སྔོན་ལ་)དང༌། དགེ་ཚུལ་(ལ་བར་ནས)དང༌། ཁྱིམ་པ་(ལ་མཐའ་མ་)རྣམས་ཀྱི་གོ་རིམ་ཇི་ལྟ་བས་ བཟའ་བ་དང་བཏུང་པ་སྦྱིན་ནོ། །(ཚོགས་ཀྱི་)ཡོ་བྱད་དེ་ཉིད་ཐམས་ཅད་ཤར་དུ(གཞག་པར་བྱ) འོ། །དེ་རྣམས་ཀྱི་དབུས་སུ་(རྡུལ་ཚོན་ནམ་རས་བྲིས་ལ་སོགས་པའི་)དཀྱིལ་འཁོར་(བྲི་བའམ་དགྲམ་བཞུགས་) བྱ་སྟེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་དང་པོ་བཟའ་བ་དང༌། བཏུང་བ་ལ་སོགས་ པའི་(ཚོགས་རྣམས་ཀྱི་)ཕུད་ཕུལ་ཏེ། དེ་ནས་དགེ་སློང་ལ་སོགས་སློབ་དཔོན་(གསུམ་)རྣམས་དང༌། (གསུམ་པོ་ལས་)གཞན་ཡང་(གསུམ་པོའི་)འོག་ན་གནས་པའི་དབང་བསྐུར་བ་རྣམས་ལ་མཐར་སྦྱིན་ པར་བྱའོ། །དེ་ལྟར་མ་ལུས་ཚོགས་ཀྱི་རིགས་རྣམས་ཇི་ལྟར་འདོད་བཞིན་(ཚིམ་པ་ལྔས་)མཉེས་ པར་བྱའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ལ་གནང་པ་བྱིན་ནས་ནི་(རྣལ་འབྱོར་ཕོ་མོ་) ཚོགས་པ་རྣམས་ཀྱི་དོན་དུ་སྦྱིན་པ་སྟེ། དེའི་ཚེ་(ཡོན་གྱི་)བདག་(པོ་)ཉིད་ཀྱི་ནུས་པས་འཚོགས་ པ་རྣམས་ལ་ཡོན་ཕུལ་ཏེ། ༈ (བཞི་པ་གཤེགས་ནས་ལས་རྗེས་བསྡུ་བ་ནི་དེ་ནས་)རབ་མཆོག་ཚོགས་ཀྱི་རིགས་རྣམས་(ལེགས་ པར་)མཉེས་པར་བྱས་པ་དང༌། རང་རང་གནས་སུ་གཤེགས་སུ་གསོལ་(ཏེ་ལས་རྗེས་བསྡུ་)བར་བྱ་ [ཞེས་བྱ་]སྟེ། དཔའ་བོའི་སྟོན་མོའི་ངེས་པའོ།། །། 1-1-113 ༈ ད་ནི་དབང་གི་འབྲས་བུ་བརྗོད་པར་བྱ་སྟེ། དབང་བདུན་ཞེས་བྱ་བ་ལ་སོགས་པས། འདིར་(ཆུ་ལ་སོགས་པ་)དབང་བདུན་(རྣམས་)གྱིས་(རྡུལ་ཚོན་གྱི་)དཀྱིལ་འཁོར་ཆེན་པོར་དབང་(རྣམས་) བསྐུར་བར་གྱུར་པ་ན། དགེ་བའི་དབང་གིས། ས་བདུན་དབང་ཕྱུག་ཉིད་དུ་འགྲོ་བ་ཉིད་ནི། གང་གི་ཚེ་དཀྱིལ་འཁོར་གྱི་འཁོར་{ལོ་[ལོར་]མངོན་དུ་བྱེད་པ་(དབང་པོ་ལ་ཡུལ་གྱིས་མི་གནོད་པ་) དེའི་ཚེ། ལུས་འདི་ཉིད་(མི་ནས་མིའི་སྐྱེ་བ་བདུན་)ཀྱིས་ས་བདུན་གྱི་དབངཕྱུག་[ཉིད་]དུ་འགྲོའོ། ། ཡང་{ན་}མི་དགེ་བ་བཅུ་དང་བྲལ་ནས་ཤི་བ་དེའི་ཚེ་[ལུས་འདི་ཉིད་ཀྱིས་ས་བདུན་གྱི་ དབང་ཕྱུག་ཏུ་འགྲོའོ། །]དེ་ལས་དགེ་བའི་དབང་གིས་ས་བདུན་དབང་ཕྱུག་ཉིད་དུ་འགྲོ་བ་ ཞེས་བྱ་བ་ནི་ངེས་པ་སྟེ། བསོད་ནམས་ཀྱི་ཚོགས་ཀྱིས་སོ། །(ས་བདུན་གྱི་)ཕྱིས་ནི་ཕྱིར་མི་ལྡོག་ [པ་]ལ་སོགས་{པར་[པ་]ངེས་པར་རབ་ཏུ་འཇུག་པ(ར་འགྱུར་རོ། གང་དང་གང་གི་ན་)བུམ་པ་དང་ ནི་གསང་པའི་དབང་ཞེས་བྱ་བ་ལ། འདིར་བུམ་པ་དང་གསང་པའི་དབང་དག་གིས། དབང་ བསྐུར་ནས། ཚུལ་ཁྲིམས་ཀྱི་(སྟེ་བྱང་སེམས་མ་འཛགས་པའི་)དབང་གིས་(སེམས་)ཕྱིར་མི་ལྡོག་སྟེ་(ས་ བརྒྱད་པ་)མི་གཡོ་བར་འགྱུར་རོ། །སོགས་པའི་སྒྲས་(ས་དགུ་པ་)ལེགས་པའི་བློ་གྲོས་སུ་འགྱུར་ རོ། །(དེ་གང་<དང་གང་གིས་>ན་ས་བརྒྱད་པ་)མི་གཡོ་བ་བྱང་ཆུབ་ཀྱི་སེམས་འཛག་པ་མེད་པ་ལས། (ཇི་ལྟ་འགྱུར་ན་)གང་གིས་བསྲུབས་པའི་བདེ་བ་ཆེན་པོའི་(བྱང་)སེམས་(འཛག་པ་མེད་པ་)ནི་(ས་དགུ་པ་) ལེགས་པའི་བློ་གྲོས་སོ། །འདིར་ཤེས་རབ་ཡེ་ཤེས་དབང་རྣམས་བསྐུར་བས་ནི་ཚུལ་ཁྲིམས་ ཀྱི་ཚོགས་ཀྱི་སྟོབས་ཀྱིས། སྲིད་པའི་འཇིགས་པ་འཇོམས་པ་འཇམ་དབྱངས་ཉིད་དུ་འགྱུར་ ཞེས་བྱ་བ་ནི། (ས་བཅུ་པ་)ཆོས་ཀྱི་སྤྲིན་བདེ་བ་ཆེན་པོའི་ཆར་འབབ་པ་རང་དང་གཞན་གྱི་དོན་ བྱེད་པར་འགྱུར་ཞེས་བྱ་བ་ནི་ངེས་པའོ། །དེ་(བྱིས་འཇུག་གི་དབང་བདུན་)ལྟར་བསོད་ནམས་(ཚོགས་) དང་ཚུལ་ཁྲིམས་ཀྱི་ཚོགས་སྔོན་དུ་སོང་པ་ལས། (དབང་བཞི་པ་)ཡེ་ཤེས་ཀྱི་ཚོགས་ཏེ། དེ་ཡང་ ས་བཅུ་གཅིག་པ་(ཀུན་ཏུ་འོད་)དང༌། (ས)བཅུ་གཉིས་པ་(རྡོ་རྗེ་འཛིན་པ་སྔོན་དུ་གྱུར་པའི་)རྣལ་འབྱོར་པ་ 1-1-114 སངས་རྒྱས་ཉིད་ཞེས་བྱ་བ་ནི་ངེས་པའོ། ༼༢༡དང་རྐང་པ་༡༽ ། ༈ ད་ནི་འཇིགས་པ་དང་ཉེ་བར་འཚེ་བ(འི་གནོད་པ་)ཐམས་ཅད་ཞི་བར་བརྗོད་པར་བྱ་སྟེ། དགྲ་དང་ཞེས་བྱ་བ་ལ་སོགས་པས། འདིར་རིགས་ཀྱི་བུ་གང་ལ་ལས། (རྡུལ་ཚོན་དང་ལུས་དང་བྷ་ ག་དང་སེམས་ཀྱི་)དཀྱིལ་འཁོར་བྲིས་ནས། དབང་བླངས་པ་རྣམས་ཀྱིས་ཉི་མ་རེ་རེ་ཞིང༌། རྣལ་ འབྱོར་མ་(བསྒོམ་པར་)སྔར་(ལེའུ་དང་པོར་)གསུངས་པ་རྣམས་ཀྱི་ཞབས་དང༌། ནང་དུ་ནི་(རྩ་)ཨ་བ་ དྷུ་ཏི་ལ་སོགས་པ་(དམིགས་བཅས་སྟོང་གཟུགས་)རྣམས་ཀྱི་ཞབས་དྲན་པར་བྱེད་ན། དེའི་འཇིགས་ པ་ཐམས་ཅད་འཇིགས་པར་འགྱུར་ཏེ། (མི་མཐུན་པའི་)དགྲ་ཡི(སྣོད་པ)ས་འཇིགས་པ་དང༌། སེང་ གེ་ཡིས་འཇིགས་པ་དང༌། གླང་པོ་ཆེ(ན་པོ་མྱོས་པ་)ཡིས་འཇིགས་པ་དང༌། (གྲོང་ཁྱེར་དང་ནགས་)མེ་ (འབར་བ་)ཡིས་འཇིགས་པ་དང༌། ལྟོ་འཕྱེའི་རྒྱལ་པོས་(སྦྲུལ་གྱི་)འཇིགས་པ་དང༌། (ལམ་དུ་)ཆོམ་ རྐུན་གྱིས་འཇིགས་པ་དང༌། ཞགས་པ(དང་ལྕགས་སྒྲོག་གི)ས་འཆིང་པས་འཇིགས་པ་དང་(༧)། རྒྱ་ མཚོ་འཁྲུགས་པ(ས་གཡོ་བ)ས་འཇིགས་པ་དང་(༨)། (རོ་ལངས་ལ་སོགས་པ་)ཤ་ཟ་ཡིས་འཇིགས་པ་ དང་(༩)། (ཀླུ་)ནད་ཀྱི(མཛེ)ས་(འཆི་བར་བྱེད་པ་)འཇིགས་པ་དང་(༡༠)། (ལྷའི་)དབང་པོས་(ཡི་ཕོ་ཉ་) འཚེ་བས་འཇིགས་པ་དང་(༡༡)། (གླ་ཆོལ་ལ་སོགས་པ་)དབུལ་པོའི་སྡུག་བསྔལ་གྱིས་འཇིགས་ པ་དང་(༡༢)། (གཟུགས་ངན་)བུད་མེད་བྲལ་བའི་སྡུག་བསྔལ་གྱིས་འཇིགས་པ་དང་(༡༣)། རྒྱལ་ པོ་ཁྲོས་(སྟེ་གསོད་)པས་འཇིག་པ་དང་(༡༤)། (མཁའ་ལས་)རྡོ་རྗེ་(ཐོག་)ལྷུང་པས་འཇིགས་པ་དང་ (༡༥)། (ཕྱག་རྒྱ་སྟེན་པས་)དོན་(ཆེན་པོ་མི་འགྱུར་བའི་སྟེན་བཅུད་)ཉམས་པས་འཇིགས་པ་སྟེ(༡༦)། དེ་ལྟར་ འཇིགས་པ་བཅུ་དྲུག་དང༌། (དེ་ལས་)གཞན་(ལ་སོགས་)རྣམས་(ཐམས་ཅད་)འཇིགས་པར་འགྱུར་ རོ། །འདི་རྣམས་རྒྱས་པར་ནི་ལེའུ་དང་པོར་(མྱུར་དུ་འདི་ཡི་དཔལ་ཐོབ་པ། །རྟག་ཏུ་རྣལ་འབྱོར་མ་ཞབས་ལ། ། གང་ཞིག་རྣལ་འབྱོར་རྟག་བསྒོམས་པ། །དེ་ཡི་བགེགས་ནི་ཟད་པར་བྱེད། །ཞེས་པ་ལ་སོགས་པ་)བསྟོད་པའི་སྒོ་ནས་ གསལ་བར་བསྟན་པས། དེས་ན་(འདིའི་གསེབ་ན་རྐང་ལག་བཞི་པའི་འགྲེལ་པ་ཡོད་)འདིར་མ་བཤད་དོ། ། 1-1-115 ༈ དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་ པའི་འོད་ལས། དབང་བསྐུར་བའི་ལེའུ་མདོར་བསྡུས་པ་སྟེ། ལེའུ་གསུམ་པའི་རྒྱུད་ཀྱི་སྙིང་ པོའི་རྒྱ་ཆེར་འགྲེལ་པའོ།། ༼༢༢༽ ༼༢༣༽ །། ༈ ད་(ཅི་གསུང་ན་)ནི་དུས་རྣམ་པར་དག་པ་བཅོམ་ལྡན་འདས་ཀྱི་སྐུ་རུ་{བརྟག་[བཏག་] པ་མདོར་བསྟན་པ་བརྗོད་པར་བྱ་སྟེ། ཟླ་བའི་སྐུ་དང་ཞེས་བྱ་བ་ལ་སོགས་པ་ལ། འདིར་(རྩ་ བའི་རྒྱུད་)དང་{པོའི་[པོ་]སངས་རྒྱས་ལས་(སྟོན་པ་)བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་ པ། (ཕྱི་རུ་)ཉིན་མོ་(དང་)ཉི་མ་(ནང་དུ་)ཁྲག་(ཐབས་བསམ་པ་ལས་)རྡོ་རྗེ། །(དངོས་འབྲོ་ཟེར་)བསམ་(པའི་) དབྱེ(བ)ས་མཚན་མོ་(དང་)རི་བོང་ཅན། །(ནང་དུ་)ཁུ་(ཤེས་རབ་བསམ་པ་ལས་)བ་(དང་)པད་(འབྱུང་བས་ ཤེས་རབ་ཐབས་ཀྱི་ལུས་ལས་བྱུང་བ་ཐབས་)མ་དེ་དག་གཅིག ། དུས་འཁོར་བདེ་བ་ཆེན་པོའོ། །ཞེས་བྱ་ བའོ། །དེ་བཞིན་དུ་རྒྱུད་གཞན་དུ་(དེ་རྣལ་འབྱོར་རྗེས་སུ་ཁྱབ་པར་)ཡང༌། (སྟོན་པ་)བཅོམ་ལྡན་འདས་ ཀྱིས་སྤྱིར་གསུངས་པ། ཉིན་མོ་(དག་པ་)བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་(དག་པ་)ཤེས་རབ་ ཏུ་ནི་གྲགས། །ཇི་ལྟར་ཉི་མ་(དག་པ་)དྲག་པོ་<ཡབ་>སྟེ། །དེ་བཞིན་ཟླ་བ་<དག་པ་>དབུ་མ(སྟེ་ ཡུམ་<མོ>འོ། །དེ་ལྟར་ཉི་མ་(ཐབས་)དང༌། ཟླ་བ་(ཤེས་རབ་)དང༌། ཉིན་མོ་(ཐབས་)དང་མཚན་ མོའི་<ཤེས་རབ་>དབྱེ་བས་ཉིན་ཞག་གཅིག་(དང་ལོ་གཅིག་)ལ་དུས་ཞེས་བྱའོ། །དེ(འི་)ལ་འཁོར་ ལོ་ནི་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་ཀྱི་བདག་ཉིད་(འཕོ་བ་བཅུ་ གཉིས་ལ་)རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་དང༌། ཁྱིམ་(བཅུ་གཉིས་)གྱི་འཁོར་ལོ་ འཇིག་རྟེན་པའི་ཀུན་རྫོབ་ཏུ་སེམས་ཅན་རྣམས་སྐྱེ་བ་དང༌། འཇིག་པའི་རྒྱུར་གྱུར་པའོ། །དེ་ བཞིན་(རྩ་རྒྱུད་)དུ་གསུངས་པ། དུས་ཀྱིས་(ནམ་མཁའ་ནས་)འབྱུང་པ་སྐྱེད་པར་བྱེད། །དུས་ཀྱིས་ རྟག་ཏུ་(ས་ནས་)སྡུད་པར་བྱེད། །དུས་ནི་(སྦྱོང་བྱེད་)བཅོམ་ལྡན་རྡོ་རྗེ་ཅན། །(སྦྱང་གཞི་)ཉིན་{ཞག་ 1-1-116 [མཚན་]གཅིག་(དང་ལོ་གཅིག་)གི་རང་བཞིན་ནོ། །ཞེས་བྱ་བ་སྟེ། དེ་ལྟར་(དགོས་པ་འཁོར་བ་པའི་) སྐྱེ་འཇིག་རྣམ་པར་བཤིག་པའི་དོན་དུ་རྣལ་འབྱོར་པ་རྣམས་ཀྱིས་(ཉམས་སུ་བླང་པར་)བྱ་བ་(འོག་ ནས་)འཆད་པར་འགྱུར་བའི་རིམ་པས་(གང་བསྒྲུབ་ན་)དུས་ཀྱི་འཁོར་ལོའི་སྐུ་བསྒྲུབ་པར་བྱ་བ་ རྣམ་པར་{བརྟག་[བཏག་]པ་ངེས་པ{ནི[འོ]། །ཟླ་བའི་སྐུ་དང་ཞེས་བྱ་བ་ནི་(དག་བྱ་)དུས་ སྦྱོར་བཅུ་གཉིས་ཀྱི་བདག་ཉིད་ཉིན་ཞག་སྟེ་སྐུ་གཅིག་གོ། (མཆོག་ཏུ་མི་འགྱུར་བའི་བདེ་སྟོང་རོ་མཉམ་) དེའི་(དག་བྱ་)དུས་སྦྱོར་དྲུག་<༡༢>དྲུག་གི་བདག་ཉིད་(དག་པའི་མཚོན་བྱེད་)ཞབས་གཉིས་ཟུང་ སྟེ། གཡོན་དང་གཡས་ཀྱི་ཞབས་དག་གོ། མེ་འགྲིན་ཞེས་བྱ་བ་ནི། དུས་སྦྱོར་བཞི་བཞི(པ་ གསུམ་གྱི་)འི་བདག་ཉིད་(དག་པའི་མཚོན་བྱེད་)གཡས་དང་གཡོན་དང་དབུས་མའི་འགྲིན་པ་གསུམ་ མོ། །དེ་ལྟར་རྒྱ་མཚོའི་ཞལ་ནི་དུས་སྦྱོར་གསུམ་གསུམ་<པ་བཞི་ཡི་>གྱི་བདག་ཉིད། ཤར་ དང༌། ལྷོ་དང༌། ནུབ་དང༌། བྱང་རྣམས་ཀྱི་ཞལ་བཞིའོ། །ཁ་དོག་སྣ་ཚོགས་ནི་(འོག་ནས་)འཆད་ པར་འགྱུར་བས་ཞེས་བྱའོ། །དེ་ལྟར་དཔུང་པ་དྲུག་ཞེས་པ་ནི། དུས་སྦྱོར་གཉིས་གཉིས་(པ་ དྲུག་)ཀྱི་{བདག་ཉིད་}(དག་པའི་མཚོན་བྱེད་)གཡོན་དང་གཡས་ལ(གསུམ་གསུམ་སྟེ)། ཤར་དང་ནུབ་ དང་དབུས་རྣམས་ཀྱི་དཔུང་པ་(དྲུག་)རྣམས་སོ། །དེ་བཞིན་དུ་ཉི་མའི་ཕྱག་ངར་ཞེས་པ་ནི། ཟླ་ བ་(བཅུ་གཉིས་)སོ་སོའི་བདག་ཉིད་(དག་པའི་མཚོན་བྱེད་)ཕྱག་[ངར་]བཅུ་གཉིས་རྣམས་སོ། །དེ་ ལྟར་རྒྱལ་བའི་ཕྱག་གི་པད་མ་ཞེས་{བྱ་བ་[པ་]ནི། ཟླ་བ་ཕྱེད་པ་ཉི་ཤུ་རྩ་བཞིའི་བདག་ཉིད་ (དག་པའི་མཚོན་བྱེད་)ལག་པའི་པད་མ་ཉི་ཤུ་རྩ་བཞིའོ། །དེ་ལྟར་སྟོང་པ་དྲུག་དང་མེའི་ཚིགས་ ཞེས་པ་ནི། སོ་སོར་དབུགས་དྲུག་ཅུ་དྲུག་ཅུའི་(པ་རེ་རེ་ལ་ཚིགས་རེ་རེར་བྱས་པ་ལ་སུམ་བརྒྱ་དྲུག་ཅུ་པ་དྲུག་ ལ་བཅུ་གཅིག་)བདག་ཉིད་དང༌། (དྲུག་བརྒྱ་ཡོད་པས་ལོ་གཅིག་ལ་)ཉིན་ཞག་གི་དབྱེ་བས་དྲུག་ཅུ་ལྷག་ པའི་སུམ་བརྒྱའི་སོར་ཚིགས་ཏེ། ལག་པ་(ཉི་ཤུ་རྩ་བཞི་པོ་)སོ་སོའི་སོར་མོ་ལྔ་རྣམས་ལ་ཚིགས་ གསུམ་(གསུམ་){རྣམས་}ཀྱི་དབྱེ་བས་ཚིགས་བཅོ་ལྔ་རུ་འགྱུར་བས། ཕྱག་ཉི་ཤུ་རྩ་བཞི་རྣམས་ 1-1-117 ལ། (དུ་ཡོད་ན་)དྲུག་ཅུ་ལྷག་པའི་སུམ་བརྒྱ་རུ་འགྱུར་རོ། །དེ་ལྟར་རྐང་པ་(གཉིས་པོ་)དག་རི་བོང་ ཅན་དང་ཉི་མ་(དང་)བྱིན་ཟའི་(སྒྲ་གཅན་གྱི་)དཀྱིལ་འཁོར་སྟེང་དུ་བདུད་དང་དྲག་པོ་ཞེས་བྱ་ བ་ནི། ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང་ལྷའི་བུའི་བདུད་(མནན་པར་མཚོན་) དོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང༌། ང་རྒྱལ་གྱི་བདག་ཉིད་ནི་དྲག་པོ་(མནན་ པར་མཚོན་)སྟེ། (དེ་གཉིས་)སྐྲག་བཞིན་པ་ཞབས་གཉིས་ཀྱིས་རོལ་པས་{གནོད་[མནན་]མཛད་ ཞེས་པ་ནི། དུས་ཀྱི་འཁོར་ལོས་སོ། །དེ་ཉིད་སྲིད་(པ་འཁོར་བ་)དང་སྲིད་{ཀརྒྱལ་[བྲལ་](མྱ་ངན་ ལས་འདས་པ་)ཁརོ་གཅིག་གྱུར་པ་ཞེས་པ་ནི། ༡འཁོར་བ་དང་མྱ་ཁངན་ལས་འདས་པ་གཅིག་ ཏུ་འདྲེས་པར་གྱུར་པའི་སྒྲིབ་པ་མེད་པའི་དུས་ཀྱི་འཁོར་ལོ་སྟེ། དེ་ལྟར་བསྒྲུབ་པར་བྱ་བར་ བཅོམ་ལྡན་འདས་ཀྱི(ས་རྒྱུད་དུ་གསུངས་པའི་)ངེས་པའོ།། ༼༡༽ །། ༈ ད་ནི་དེ་(ཐོབ་བྱ་)བསྒྲུབ་པའི་ཕྱིར་(ཅི་སྟོན་ན་)གནས་བརྗོད་པར་བྱ་སྟེ། སྐྱེད་མོས་ཚལ་ དང་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་པའི་ལས་བསྒྲུབ་པ་དང༌། རྗེས་སུ་འཐུན་པའི་ གནས་སུ་འགྱུར་ཏེ། སྐྱེད་མོས་ཚལ་དུ་(གང་བསྒྲུབ་ན་)དབང་དང་དགུག་པའི་དོན་དུ་སྔགས་ པས་བསྒྲུབ་པར་བྱ(ཀུན་ལ་འདྲེ)འོ། །རི་བོང་(གང་)རེངས་པ་དང༌། རྨོངས་པ་དང༌། ཕུར་བུས་ གདབ་པའི་དོན་དུའོ། །རྒྱལ་བ་མཆོག་གི་གནས་ནི་(གང་ན་)[གང་]བྱིན་གྱིས་བརླབས་པ་དང་ བཅས་པའི་མཆོད་རྟེན་ཆེན་པོར་(གང་)དངོས་གྲུབ་བརྒྱད་གྱི་དོན་དུའོ། །ལྷའི་གནས་གྱུར་ སྟོང་པར་<གང་>སྤྲད་པ་དང་རྣམ་པར་དབྱེ་བའི་དོན་དུའོ། ། དང་ཡིག་ལས་(གང་བསྡུ་ན་)རྒྱ་མཚོ་ཆེན་པོའི་འགྲམ་འམ། གྲུབ་ཐོབ་གནས་སུ་(གང་)ལས་ ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུའོ། །དུར་ཁྲོད་དུ་(གང་)གསད་པའི་དོན་དུའོ། །མཚོ་གནས་ (འགྲམ་)བཟང་པོར་ཞི་བ་དང༌། རྒྱས་པའི་དོན་དུའོ། །གསང་བའི་ས་གནས་ནི་ཕུག་གམ་སའི་ ཁང་པར་འཇིག་རྟེན་གསུམ་གྱི་རྒྱལ་{པོ་[པོར་]བསྒྲུབ་པའི་དོན་དུའོ། །དེ་བཞིན་དུ་(ཕྲིན་ 1-1-118 ལས་རྣམས་དང་)རྗེས་སུ་འཐུན་པའི་གནས་(གོང་རྣམས་)གང་ཡང་རུང་པར་སེམས་ཉིད་རབ་ཏུ་ དགའ་བར་གྱུར་པའི་(གནས་སུ་བསམ་གཏན་སྐྱེ་བའི་རྒྱུ་བྱེད་པས་)མིའི་བདག་པོ་གནས་{ས་དེ་[འདི་] རུ་བསྒྲུབ་པར་བྱའོ། །དེ་བཞིན་དུ་{གང་[ཡང་](རྒྱུད་ལས་)གསུངས་པ། གང་དུ་ས་སྐྱོང་ཆོས་ ལྡན་དང༌། །ས་འཛིན་གཞན་དང་གཡུལ་མེད་པའི། །སེམས་ཅན་གང་དག་བདེར་གནས་པ། ། དེར་ནི་རྣལ་འབྱོར་ཡང་དག་བརྩམས། །ཞེས་བྱ་བ་ནི་གནས་ངེས་པའོ།། ༼༢༽ །། ༈ ད་ནི་ཞལ་དག་པ་ལ་སོགས་པ་བརྗོད་པར་བྱ་སྟེ། འཇམ་པའི་ཞེས་བྱ་བ་ལ་སོགས་པ་ ལ། འདིར་ནང་ཚངས་ལྡན་པའི་འཇམ་པའི་སྟན་ལ་(རྡོ་རྗེ་དཀྱིལ་དཀྲུང་ལ་སོགས་པས་)ཉེ་བར་འདུག་ པར་བྱས་ནས་{ནི}། སྔར་གསུངས་པའི་བསྲུང་པ་(བསྒོམ་པ་)བྱས་ཏེ། ཞེས་བྱ་བ་ནི་དབང་གི་ ལེའུར་སྔར་གསུངས་པའི་སྲུང་པ་རྣལ་འབྱོར་པས་བྱ་སྟེ། བདུད་ལ་སོགས་པ་བསྐྲད་པ་དང༌། (དང་པོར་)སྔོན་དུ་ཞལ་ལ་སོགས་པ་དག་པར་བྱས་ནས་ཞེས་པ་ནི། བདུད་རྩི་ལྔའི་རིལ་{བུ་ [ལུ་]ཁ་རུ་བཅུག་པས་ཞལ་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་སྔར་གསུངས་པའི་ ཕྱག་རྒྱ་བཟང་པོས་སྤྱི་{བོས་[བོ་ནས་]བརྩམས་ཏེ་ཇི་སྲིད་རྐང་པའི་མཐར་ཐུག་པ་དེ་སྲིད་དུ་ བདག་ཉིད་ལ་རེག་པར་བྱས་པས་ལྷའི་སྐུ་ཡོངས་སུ་དག་པའོ། ། ༈ དེ་ལྟར་ཞལ་ལ་སོགས་པ་དག་པར་བྱས་ནས། (གཉིས་པ་ཚོགས་གཉིས་བསག་པ་ལ་བཞི་ལས་ ཚོགས་ཀྱི་ཡུལ་སྤྱན་དྲངས་པ་ནི་)དེ་ནས་སྒྲུབ་ཐབས་ཀྱི་ལེའུར་གསུངས་པའི་ཆོ་གས། བདག་ཉིད་ ལྷའི་གཟུགས་ཀྱི་རྣམ་པར་སྐད་ཅིག་གིས་བྱ་སྟེ། རང་གི་སྙིང་ཁར་བཾ་ཡོངས་སུ་གྱུར་པ་ལས། པད་མ་དམར་པོ་འདབ་མ་བརྒྱད་པའོ། །དེའི་ལྟེ་བའི་སྟེང་དུ། ༀ་ཡིག་ཡོངས་སུ་གྱུར་པ་ལས་ ཟླ་བའི་དཀྱིལ་འཁོར་རོ། །དབུས་སུ་དེ་ཉིད་ཅེས་བྱ་བ་ནི། ཀུན་རྫོབ་ཏུ་ཧཱུཾ་ཡིག་ལས་རྡོ་རྗེ་ རྩེ་ལྔ་པའོ། །དེའི་འོད་ཟེར་(རྣམ་པ་)སྣ་ཚོགས་ཞེས་པ་ནི། ཟླ་བའི་དཀྱིལ་འཁོར་རྡོ་རྗེའི་འོད་ ཟེར་ཁ་དོག་ལྔ་དང་ལྡན་པ་ལས་རྣལ་འབྱོར་པས་སྤྲོས་པས་{རྒྱས་[རྒྱལ་]པ་མ་ལུས་ཞེས་པ་ 1-1-119 ནི། དེ་བཞིན་གཤེགས་པ་རྣམས་སོ། །ནམ་མཁར་བསྒོམ་པར་བྱ་{བ་}ཞེས་པ་ནི། (ནམ་མཁར་) རབ་ཏུ་རྟོགས་པར་བྱའོ། །མཆོད་པའི་དོན་དུ་(ཧཱུཾ་ལས་སྤྲོས་པའི་)འོད་ཟེར་རྣམས་སླར་ཡང་བཀུག་ སྟེ། རང་གི་སྙིང་ཁའི་ཟླ་བའི་རྡོ་རྗེ]<འི་ལྟ་བར་ཧཱུཾ་>ལ་ཞུགས་པར་བསམ་པར་བྱའོ། །<གཉིས་ པ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་>དེ་ནས་བསྒྲུབ་པར་བྱེད་པ་པོའི་ལུས་དང་[ངག་དང་]ཡིད་ རྣམས་གུས་པས་{ཡིད་[གསུམ་]ལ་ཕྱག་འཚལ་བ་རུ་བྱ་ཞེས་བྱ་བ་ནི་ངེས་པའོ། །དེ་ན་ཟླ་ བའི་དཀྱིལ་འཁོར་ལ་མཆོད་པའི་ལྷ་མོ་བཅུ་གཉིས་ཀྱི་ས་བོན་གྱི་ཡི་གེ་རྣམས་བསམ་པར་བྱ་ བ་ནི། ༡ཀྑྒྒཧྔ་༢ཀྑྒྒཧྔཱ་༣ཙྪྫྫཧྙ་༤ཙྪྫྫཧྙཱ་ཊྛྜྜཧྞ༥་༦ཊྛྜྜཧྞཱ་༧པྥྦྦཧྨ་༨པྥྦྦཧྨཱ་༩ཏྠྡྡཧྣ་༡༠ཏྠྡྡཧྣཱ་༡༡སྐྤྵྴྐྛ་༡༢སྐྤྵྴྐྛཱ་ཞེས་ བྱ་བའི་ས་བོན་གྱི་ཡི་གེ་ལས་གྲུབ་ པ་རྣམ་གྲངས་ཇི་ལྟ་བ་[དེ་]བཞིན་དུ། ༡རྔ་རྡུང་(སྔོན་མོ་)མ་དང༌། ༢གར་མ་དང༌། ༣དྲི་མ་(ནག་མོ་)དང༌། ༤ཕྲེང་བ་མ་དང༌། ༥སྤོས་མ་ (དམར་མོ་)དང༌། ༦མར་མེ་མ་དང༌། ༧ལྷ་བཤོས་མ་(དཀར་མོ་)དང༌། ༨འབྲས་བུ་མ་དང༌། ༩སྒེག་ མོ་(སེར་མོ་)དང༌། ༡༠བཞད་མ་དང༌། ༡༡གླུ་མ་(ལྗང་ཁུ་)དང༌། ༡༢འདོད་མ་ལ་སོགས་རྣམས་ ཀྱི་དེ་བཞིན་གཤེགས་པ་རྣམས་ལ། དབང་གི་ལེའུར་གསུངས་པའི་(སྔགས་ཀྱི་)ཆོ་ག་རྣམ་པ་སྣ་ ཚོགས་པས་མཆོད་པ་བྱ་སྟེ། དེ་ནས་འཆད་པར་འགྱུར་བའི་རིམ་པས། སྡིག་པའི་རྣམ་པ་མང་ པོ་བསགས་པ་རབ་ཏུ་བཤགས་{པར་བྱ་བ་[པ]ལ་སོགས་པའོ། ༼༣༽ ། ད་ནི་སྡིག་པ་བཤགས་པའི་མཐར་བསོད་ནམས་ལ་རྗེས་སུ་ཡིད་[རང་]པར་བྱ་སྟེ། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་རྣམས་ཀྱི་དགེ་བ་ དཔག་མེད་གང་བྱས་པ། །དེ་རྣམས་ཀུན་ལ་རྗེས་སུ་ཡིད་རང་པ་དང་སྡིག་བྲལ་བྱང་ཆུབ་སྤྱོད་ ལ་རྗེས་སུ་བཞུགས་པར་ཞུ་ཞེས་{པ་[བྱ་བ་]ནི་སྔགས་{པའོ[པས་སོ]། །དེ་ནས་གསུམ་ ལ་སྐྱབས་སུ་འགྲོ་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་སྲིད་པའི་འཇིགས་པ་འཇོམས་པ་ རྣམས་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི(བསྒྲུབ་ལེའི་ཉིས་བརྒྱ་བཅུ་གསུམ་པ་ལས། སངས་རྒྱས་ཆོས་དང་དགེ་ 1-1-120 འདུན་ལ་ནི་མི་རྣམས་སྐྱབས་སུ་ཉེ་བར་འགྲོ་བ་ཐར་པའི་རྒྱུ་ཉིད་དོ། །འདིར་ནི་གཙུག་ལག་ཁང་དུ་གནས་པའི་སངས་རྒྱས་དང་ ནི་བྲིས་པའི་པོ་ཏི་འདི་རྣམས་ཆོས་བརྗོད་དང༌། །ངུར་སྨྲིག་འཛིན་པའི་དགེ་འདུན་རྣམས་ཀྱིས་ཁྱབ་བདག་བདེ་བ་མཆོག་གྱུར་སྐྱེ་ བ་འབུམ་གྱིས་སྟེར་བ་མིན། །སངས་རྒྱས་སློབ་དཔོན་ཉིད་དེ་ཆོས་ནི་ས་ཕྱོགས་སྟེང་དུ་དེ་ཡིས་བསྟན་པ་རྣམས་ལ་བྱའོ། །དགེ་ འདུན་གང་ཞིག་དེ་རུ་གནས་པའི་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བས་སེམས་བརྙེས་བྱེད་པ་སྟེ། །ཅེས་སོ)། །ཞེས་བྱ་ སྟེ། དེ་ལྟར་གསུམ་ལ་སྐྱབས་སུ་སོང་ནས་བདག་ཉིད་དབུལ་བར་{བྱས་ཏེ}[བྱ་སྟེ]། དེ་ནས་ སེམས་ཅན་གྱི་དོན་དུ་སྨོན་ལམ་གདབ་པ་སྟེ། འདིར་ནི་སེམས་ཅན་མ་ལུས་དོན་ཕྱིར་བདག་ ཉིད་རྫོགས་པའི་སངས་རྒྱས་[ཐོབ་]གྱུར་ཅིག་ཅེས་པའི་སྨོན་ལམ་གདབ་ཞེས་བྱ་བའོ། །དེ་ ལྟར་ཕྱག་འཚལ་བ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་ སུ་ཡིད་རང་པ་དང༌། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་དང༌། བསྐུལ་བ་དང༌། བསོད་ནམས་ཡོངས་སུ་བསྔོ་{བར་[བ་]ཞེས་བྱ{བ}འོ། །དེ་ལྟར་མཆོད་པ་རྣམ་པ་བདུན་བྱ་ སྟེ། (གསུམ་པ་བསྟེན་སྤང་གི་དམ་བཅའི་དྲན་པ་གསོ་བ་ལ་གཉིས་ལས། བསྟེན་བྱའི་དམ་བཅའ་དྲན་པ་གསོ་བ་ལས། ) རྩ་ བ་གསུམ་དྲན་པར་བྱ་བ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལྷག་པའི་བསམ་པ་རྣམ་ པར་དག་པ་དང༌། བདག་དང་བདག་གིར་འཛིན་པ་ཡོངས་སུ་སྤང་པར་བྱའོ། །དེ་ནས་བསོད་ ནམས་དང༌། ཚུལ་ཁྲིམས་དང༌། ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་རྣམ་ པར་བསམ་པར་བྱ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་ལྟར་ཚུལ་ཁྲིམས་དང༌། བཟོད་ པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྨོན་ལམ་ དང༌། སྟོབས་དང༌། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བསམ་པར་བྱའོ། །དེ་ནས་ཚངས་ པའི་གནས་བཞི་{དྲན་[གྲན་]པར་བྱ་སྟེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཞེས་བྱའོ། །དེ་ནས་བསྡུ་བའི་དངོས་པོ་བཞི་རྣམ་པར་བསམ་པར་བྱ་སྟེ། སྦྱིན་ པ་དང༌། ངག་སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་འཐུན་པ་ཞེས་བྱའོ། །དེ་ནས་ 1-1-121 (སྤང་བྱའི་དམ་བཅའི་དྲན་པ་གསོ་བ་ལས་)མི་དགེ་བ་བཅུ་ཡོངས་སུ་སྤང་པ་རྣམ་པར་བསྒོམ་པར་བྱ་སྟེ། སྲོག་གཅོད་པ་དང་ཀ༽། ག༽བརྫུན་དུ་སྨྲ་བ་དང༌། ཁ༽མ་བྱིན་པར་ལེན་པ་དང༌། འདོད་པས་ ལོག་པར་སྤྱོད་པ་དང༌། ང་༽ཚིག་རྩུབ་མོ་དང༌། ཕྲ་མ་དང༌། ཚིག་ཁྱལ་པ་དང༌། བརྣབ་སེམས་ དང༌། གནོད་སེམས་དང༌། ལོག་པར་ལྟ་བ་ཞེས་བྱའོ། །དེ་ལྟར་འགྱོད་པ་དང༌། རྨུགས་པ(འི་ གཉིད་)དང༌། ལེ་ལོ་དང༌། རྒོད་པ་དང༌། ཐེ་ཚོམ་ཞེས་བྱ་སྟེ། སྒྲིབ་པ་ལྔ་ཡོངས་སུ་སྤང་པར་ བྱའོ། །དེ་ལྟར་འདོད་ཆགས་དང༌། ཞེས་སྡང་དང་གཏི་མུག་དང༌། ང་རྒྱལ་ཏེ། ཉོན་མོངས་པ་ རྣམས་ཡོངས་སུ་སྤང་ངོ༌། །དེ་ལྟར་འདོད་པའི་ཟག་པ་དང༌། མ་རིག་པའི་ཟག་པ་དང༌། སྲིད་ པའི་ཟག་པ་དང༌། ལྟ་བའི་ཟག་པ་སྤང་ངོ༌། །(བཞི་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི་)དེ་ནས་རྣམ་པར་ ཐར་པ་བཞི་བསྒོམ་པར་བྱ་སྟེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ དང༌། མངོན་པར་འདུ་མི་བྱེད་པ་རྣམས་རྣམ་པར་བསྒོམ་མོ། །དེ་ལྟར་ཁམས་གསུམ་གཡོ་བ་ དང་བརྟན་པར་{བཅས་པ་[བྱས་པ་རྣམས་]ཚིགས་སུ་བཅད་པ་འདིས་རྣམ་པར་དཔྱད་པར་ བྱ་སྟེ། དངོས་{མེད་[པོ་]དངོས་པོ་མེད་པ་སྟེ། །དེ་ལྟར་དངོས་པོ་དངོས་པོར་མེད། །དེས་ན་ དངོས་པོ་དངོས་མེད་འགྱུར། །དེ་ཕྱིར་དངོས་པོ་དམིགས་སུ་མེད། །ཅེས་བྱ་སྟེ། འདིའི་དོན་ནི་ (འོག་ནས་)འཆད་པར་འགྱུར་བས་བརྗོད་པར་བྱའོ།། ༼༤༽ །། ༈ ད་ནི་རིམ་[པ་]གཉིས་ཐུན་མོང་གི་དོན་བརྗོད་པར་བྱ་སྟེ། (བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ འཛིན། །མི་འཛག་བདེ་ལ་ཕྱག་འཚལ་ཏེ། །གང་ཞིག་དེ་ཡི་ཡང་དག་ཐབས། །ཐིག་ལེའི་རྣལ་འབྱོར་བསྟན་པར་བྱ། །ཞེས་སོ། །) གཏུམ་མོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྐྱེད་པའི་རིམ་པ་ཐམས་ཅད་དུ། (མངལ་ དུ་)ལུས་གྲུབ་པ་ནི་དཀྱིལ་འཁོར་རྒྱལ་མཆོག་གོ། (སྐྱེས་ནས་)ངག་(རླུང་རྫོགས་པར་)གྲུབ་པ་ནི་ ལས་རྒྱལ་མཆོག་སྟེ། ལས་ཀྱི་དབང་པོའི་བྱ་བ་(སྨྲ་བ་ལ་སོགས་པ་)ལ་རབ་ཏུ་འཇུག་པའི་ཕྱིར་ རོ། །བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་(རྫོགས་པར་)གྲུབ་པ་ནི། ཐིག་ལེའི་རྣལ་འབྱོར་{ཏེ། [དུ་] 1-1-122 ཁུ་བ་འཛག་པ་ལས་སོ། །བདེ་བ་ལ་དམིགས་པ་ནི་ཕྲ་མོའི་རྣལ་འབྱོར་ཏེ། དེ་ཡང་(སྐྱེས་པའི་) མི་རྣམས་ཀྱི་ལོ་[བཅུ་]དྲུག་གི་མཐར་འབྱུང་{པར་འགྱུར་}བས་སོ། །(རྒྱུ་མཚན་)དེས་ན་(དག་བྱ་) དེའི་(བདེ་བ་ལ་)ཉེ་བར་ལོངས་སྤྱོད་པའི་ཆེད་དུ། བག་མ་ལེན་པ་དང༌། ལག་པ་ནས་འཛིན་པ་ ལ་སོགས་པ་བྱེད་དེ། (དག་བྱེད་)སློབ་མའི་ཆེད་དུ་(དཀྱིལ་འཁོར་དུ་བཅུག་ནས་)སློབ་དཔོན་གྱིས་(ཕྱིས་) ཤེས་རབ་གཏོད་པར་བྱེད་{དེ[དོ]། །དེས་ན་དེའི་བདེ་བ་བསྒྲུབ་པ་ལས་ཀྱི་ཕྱག་རྒྱ་ནི་(གང་ ཟག་)བྱིས་པའི་སྐྱེ་བོ་རྣམས་ལ་གསུངས་སོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་བར་མ་རྣམས་ལའོ། །ཕྱག་ རྒྱ་ཆེན་མོ་ནི་མཆོག་གི་རྣལ་འབྱོར་པའི་ཞེས་བྱའོ། ། ༈ དེས་ན་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། (ཕྱག་རྒྱ་གསུམ་གྱི་རྣལ་འབྱོར་ སྟོན་པ་ལ། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་བསྒོམས་པ་ནི། ) བཅུ་དྲུག་ལོ་ལོན་རིགས་ཅན་མ། །གཟུགས་དང་ ལང་ཚོས་བརྒྱན་པ་ལ། །དང་{པོ་[པོར་](བླ་མས་)ཤིན་ཏུ་བསླབ་བྱས་ནས། །(དུས་)དབང་ བསྐུར་བསྒྲུབ་པ་ནས་བརྩམས་ཏེ། །སྐུ་(ༀ་)གསུང་(ཨ་)ཐུགས་(ཧཱུཾ་)དང་ཆགས་(ཧོ་)པ་རྣམས། ། དཔྲལ་བ་(མགྲིན་སྙིང་ལྟེ་བ་)ལ་སོགས་རྣམས་སུ་དགོད། །ཀསྭཱ་ཁཧཱ་ཀགསང་པ་ཁགཙུག་ཏོར་ དུ། །དེ་ནས་(ཡུམ་གྱི་)པད་མ་རྣམས་སྦྱང་བྱ། །(དེ་ཡང་)ཨཿལས་པད་མ་འདབ་བརྒྱད་པ། །(དེའི་ ལྟེ་བར་)ཧཱུཾ་ལས་རྡོ་རྗེ་དང་ལྡན་པ། །དེ་ལྟར་རྡོ་རྗེ་དང་བཅས་པད། ཤེས་རབ་ཐབས་ཀྱི་རྒྱུ་ ཉིད་དོ། །(ཡབ་ཀྱི་)ཧཱུཾ་ལས་བདག་གི་རྡོ་རྗེ་ཉིད། །རྩེ་མོ་ལྔ་པ་བསམ་པར་བྱ། །(རྡོ་རྗེ)དེ(འི་) དབུས་པད་མ་འདབ་བརྒྱད་པ། །ཨ་ཡིག་ལས་ནི་རབ་ཏུ་བརྟག ། དེ་ལྟར་པད་བཅས་(རང་གི་) རྡོ་རྗེ་ཉིད། །(རིག་མའི་)པད་མ་ལ་ནི་བཞག་པར་བྱ། །རྣལ་འབྱོར་པ་དེས་(བུམ་པ་ཅན་གྱིས་)ཧཱུཾ་ ཕཊ་བརྗོད(ཚུལ་བྱ)། །(ཤེས་རབ་ཀྱི་)བྷ་གར་(ཐབས་ཀྱི་)ལིང་ག་རབ་མནན་པས། །མངལ་དུ་རྡོ་རྗེ་ འཛིན་པའི་རྒྱུ། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །ཁམས་གསུམ་པ་(ལུས་ངག་ཡིད་)ནི་མ་ལུས་པ། ། སངས་རྒྱས་(སྐུ་གསུང་ཐུགས་)གཟུགས་སུ་(སྟེ་ལུས་རྣམ་སྣང་<ངག་>རིན་འབྱུང་སེམས་དོན་གྲུབ་ཏུ་)བསྒོམ་ 1-1-123 པར་བྱ། །ལྟེ་བར་(ཧོ་ལས་)གཏུམ་མོ་སྦར་བ་ཡིས། །དེ་བཞིན་གཤེགས་པ་(ཕུང་པོའི་རྟོག་པ་)ལྔ་ བསྲེགས་ཏེ། །སྤྱན་{མ་[ལ་]སོགས་(ཁམས་ཀྱི་རྟོག་པ་)དང་མིག་སོགས་(དབང་པོའི་རྟོག་པ་)རྣམས། ། བསྲེགས་ཏེ་རི་བོང་ཅན་ཧཾ་(ལས་)འཛག ། ཁུ་བའི་ཆོས་ཅན་བདུད་རྩི(འི་དགའ་བ་བཅུ་དྲུག་)ཉིད། ། ཐིག་ལེའི་གཟུགས་ཀྱིས་འཛགས་པས་ན། །ཐིག་ལེའི་རྣལ་འབྱོར་ཞེས་སུ་བརྗོད། །བཅུ་ དྲུག་(གི་)ཕྱེད་(བརྒྱད་བརྒྱད་ཀྱི་)ཕྱེད་<རང་ཉིད་>ཐིག་ལེ་(བཞི་)འཛིན(པ)། །ཆ་མེད་ཆ་ལས་འདས་ ཀཔ་ནི། །གབསམ་གཏན་བཞིའི་རྩེ་མོ་འཛིན། །ཁརྒྱུ་འཐུན་ལ་སོགས་སྟེང་དུ་{འཕྲོ[འགྲོ]། ། (དེ་ཉིད་)ངཕྲ་མོའི་རྣལ་འབྱོར་<འདི་>ཞེས་སུ་བརྗོད། །(ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་བསྒོམ་པ་ནི་)དུང་ཅན་ མ་ནི་ཕྱག་རྒྱ་ཆེ། །(ལྟེ་བའི་འོག་མན་ཆད་)དེ་ནི་གཏུམ་{མོ་[མོར་]རབ་ཏུ་བསྟན། །ལྟེ་བའི་སྟེང་ (ཡན་ཆད་)དུ་གཡུང་མོ་སྟེ། །(སྟེང་འོག་གི་)ཨ་བ་དྷུ་ཏི་མི་སྣར་ལྡན། །(གཡས་གཡོན་ནས་ས་སེར་སོགས་) འོད་ཟེར་ལྔ་ཡི་རང་བཞིན་སྲོག ། དཀྱིལ་འཁོར་ལྔ་ནི་རྒྱུ་བྱེད་པ། (དབུ་མར་ཚུད་པས) ། སྣ་རྩེར་ ཡུངས་དཀར་ཙམ་བསྟན་ཏོ། །དེ་ཡང་སྲོག་(དབུ་མར་)སྡུད་པ་རུ་བརྗོད། །ཁམས་གསུམ་པ་ནི་ མ་ལུས་པའི། །སྲིད་པ་གསུམ་པོ་(སྒྱུ་མར་)ཡོངས་སུ་ཤེས། །སྲོག་ཉིད་འགགས་པ་ཉིད་དེ་ཡང༌། ། གཡོ་(བ་བཅུད་)དང་མི་གཡོ་(བ་སྣོད་)ཡུངས་དཀར་ཙམ། ། ༈ (ཕྱག་རྒྱ་ཆེན་མོའི་སྦྱོར་བ་བསྒོམ་པ་ནི་)སོ་སོར་སྡུད་པ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ ཉིད་དོ། །སྣ་ལྡན་(དེ་རླུང་)དེ་ནི་རབ་(ཏུ་)བརྟན་པ(ལས)། །གང་གིས་ཡིད་ཉིད་བརྟགས་པ་ཡིས། ། མཚན་མ(སྟེ་རྟགས་རྫོགས་པ)འི་མཐའ་རུ་རི་མོ་(ཕྲ་ནག་སྐྲའི་ཚད་ཙམ་)གང༌། །དེ་ཡི་གཟུགས་ནི་གཡོ་ (བ་བཅུད་)མི་གཡོ་(བ་སྣོད)། །རྣལ་འབྱོར་བསམ་གཏན་ལ་སོགས་པ། །དེ་རྣམས་མ་ལུས་(སྒྱུ་མ་ ལྟར་མཐོང་པའི་བར་དུ་)བསྒོམ་པར་བྱ། །ཞེས་པ་ནི་རྩ་བའི་རྒྱུད་དུ་གསུངས་{པའི་[པ]ངེས་པའོ། ། འདིར་མདོར་བསྡུས་ཏེ་བསྟན་པ་དེས་ན། (ཕྱག་རྒྱ་གསུམ་ཉམས་སུ་ལེན་པས་)རྩ་བའི་རྒྱུད་ཀྱི་རྗེས་ སུ་འབྲངས་ནས། ཁོང་དུ་ཆུད་པར་བྱ་ཞེས་པ་ནི་བཅོམ་ལྡན་འདས་འཇམ་དཔལ་གྱི་ངེས་ 1-1-124 པའོ། ། ༈ གཏུམ་མོ་ལྟེ་བའི་འཁོར་ལོ་ལྟོས་འགྲོ་{དབུ་[དགུ་]ཡིས་བསྒྱུར་བ་ཞེས་བྱ་བ་ལ། (གསུང་གི་དཀྱིལ་འཁོར་གྱི་ལྷ་ནང་རྩ་རུ་དག་པ་)འདིར་ལྟེ་བར་{རྩའི་[རྩ་བའི་]འཁོར་ལོ་ལྟོས་འགྲོ་དགུ་ ཡིས་བསྒྱུར་བ་ན་བདུན་ཅུ་རྩ་གཉིས་ཀྱི་བདག་ཉིད་{ནི་}ཁྱིམ་བཅུ་གཉིས་ཀྱི་རྩའི་བདག་ ཉིད་དང༌། (ཡེ་ཤེས་<ཀྱི་>རླུང་རྒྱུ་བའི་རྩ་བཞི་མ་གཏོགས་པ་)དཀྱིལ་འཁོར་དྲུག་ཅུའི་རྩའི་བདག་ཉིད་ དོ(དོན་གཉིས་སོ)། །དེ་ཡང་ལྟོས་འགྲོ་དགུ་ཡིས་བསྒྱུར་བ་(གང་གི་དག་པས་ན་)ཙར་ཙི་ཀ་ལ་སོགས་ {པ་[པའི་]ལྷག་པའི་ལྷ(དོན་གཉིས་)འོ། །(ལྟེ་བའི་)དབུས་སུ་ཧོ་ཡིག་ཡེ་ཤེས་ནི་ཡེ་ཤེས་རྡོ་རྗེས་ བྱིན་གྱིས་བརླབས་པའོ། །གློག་གི་འོད་དང་མཚུངས་པ་ཞེས་པ་ནི་(ཧོ་ལས་)གཏུམ་མོ(འི་མེ་) འབར་བའོ། །ཡེ་ཤེས་མེ་ཡིས་རབ་ཏུ་སད་པ་ཞེས་པ་ནི་ཀུན་རྫོབ་ཀྱི་ཡེ་ཤེས་འདོད་(ཆགས་) པ་སྟེ། དེའི་མེས་ནི་འདོད་(ཆགས་)པའི་མེས་རབ་ཏུ་སད་པ་ལས་ལྟེ་བར་ནི་སྤྲུལ་བའི་འཁོར་ {ལོའོ[ལོར་རོ]།། ༼ཀ༽རྣམ་པར་སྣང་མཛད་ལ་སོགས་པ་དང༌། ༼ཁ༽སྤྱན་(མ་)ལ་སོགས་ པ་བསྲེགས་པ་ནི། གཡོན་༼ཀ༽དང་༼ཁ༽གཡས་སུ་སོང་བའི་དཀྱིལ་འཁོར་ལྔ(ཁུགས་སུ་ཚུད་པ) འོ། །མིག་ལ་སོགས་པ་ནི་དབང་པོ་རྣམས་དང༌། གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། ཡིད་ཀྱི་ཡུལ་དུ་ཆོས་ཀྱི་དབྱིངས་(རྟགས་རྣམས་)འཛིན་པས་(དབང་པོ་)ཐམས་ཅད་(ཡུལ་ཐམས་ཅད་ལ་) མི་འཇུག་པ་ནི་བསྲེགས་ཞེས་བྱ་བའོ། །དེ་ལྟར་(ཕུང་པོ་ལ་སོགས་པ་)ཐམས་ཅད་བསྲེགས་ཏེ་སྤྱི་ བོའི་ཟླ་བཟང་ལས་{འཛག་}ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ས་བོན་(གང་ན་)ཧཾ་ཡིག་ ལས་འཛག་པའི་ཐིག་ལེའི་གཟུགས་གྱུར་ནི་ཁུ་བ་གློ་བུར་བ་གང་ཞིག་(གི་མིང་)ནི་དེ་ཉིད་རྡོ་རྗེ་ ཅན་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་{ཏོ[ཏེ]། (ཇི་ལྟར་བབས་ན་)སྤྱི་བོ་ནས་མགྲིན་པ་དང༌། མགྲིན་པ་ནས་སྙིང་ཁ་དང༌། སྙིང་ཁ་ནས་ལྟེ་བ་དང༌། ལྟེ་བ་ནས་གསང་བའི་པད་མར་རོ། ། ༼༥༽ པད་མ་དེ་ཉིད་ཤེས་རབ་ཀྱི་ཆོས་འབྱུང་ལ་གནས་པར་བརྗོད་པར་བྱ་སྟེ། དེ་ལྟར་(གང་ 1-1-125 གི་པད་མ་ན་)ལྟེ་བ་དང༌། སྙིང་ཁ་དང༌། མགྲིན་པ་དང༌། དཔྲལ་བ་དང༌། སྤྱི་གཙུག་གི་པད་མ་ རྣམས་ནི་ཤེས་རབ་ཀྱི་ཆོས་འབྱུང་ལ་གནས་པར་བརྗོད་པར་བྱའོ། །དེ་ལྟར་(དཀར་ཆ་ལ་སྐུ་བཞི་ དག་པ་)གསང་པར་ཞུ་བ་ལས་སྐུའི་ཐིག་ལེ་དང༌། ལྟེ་བར་གསུང་གི་ཐིག་ལེ་དང༌། སྙིང་ཁར་ ཐུགས་ཀྱི་ཐིག་ལེ་དང༌། མགྲིན་{པ་[པར་]ཡེ་ཤེས་ཀྱི་ཐིག་ལེའོ། །དེ་ལྟར་(གནག་ཆ་ལ་)ཤེས་ རབ་ཀྱི་ཆོས་འབྱུང་ལ་གནས་པའི་ཐིག་ལེ་སྟེ། བྱང་ཆུབ་ཀྱི་སེམས་དྲི་མ་དང་བྲལ་བའོ། །(སྒྲ་ ཇི་བཞིན་མིན་པ་)སླར་ཡང་དེ་བཞིན་(ངེས་པར་མ་ལུས་)སྤྲོ་བར་བྱ་བ་ནི་ཇི་ལྟར་འོངས་པ་དེ་བཞིན་ དུ་(ལྟེ་བ་སྙིང་ཁ་མགྲིན་པ་དཔྲལ་བ་རྣམས་སུ་)འགྲོ་བར་བྱ་སྟེ། ཇི་ལྟར་དཔྲལ་བ་ནས་དགའ་བ་(མཆོག་ ཁྱད་པར་ལྷན་ཅིག་དགའ་བ་)ལ་སོགས་པའི་དབྱེ་བས་འོངས་པའམ། རྣམ་པ་སྣ་ཚོགས་(པའི་དགའ་ བ་)ལ་སོགས་པའི་དབྱེ་བས་(དགའ་བ་གསུམ་ལ་)ཟླ་བའི་ཆ་བཅོ་ལྔ་ཡོངས་སུ་གང་པ་དེ་བཞིན་ དུ། རྒྱུ་མཐུན་པ་ལ་སོགས་(རྣམ་པར་སྨིན་པ་མཚན་ཉིད་དང་བྲལ་)པའི་དབྱེ་བས་སྟེང་དུ་དཔྲལ་བར་ སོང་པས་དྲི་མ་དང་བྲལ་བ་(སྤྲུལ་པའི་སྐུ་)སྤྲོ་བར་འགྱུར་རོ། །དེས་ན་རྒྱན་{རྣམས་[རྣམ་པ་]སྣ་ ཚོགས་{དང་}ལྡན་ལས་(དེས་)མེ་ལོང་ནང་གནས་ལྟ་བུ་ནི་པྲ་ཕབ་པ་ལྟ་བུས་དུས་གསུམ་(དུ་ ཁམས་གསུམ་)ལ་གནས་པ(འི་སེམས་ཅན་ནོ)འོ། །ཡེ་ཤེས་འཁོར་ལོ་རབ་ཏུ་འབྱུང་ཞེས་པ་ནི་(མར་ བྱོན་)ཐིག་ལེའི་རྣལ་འབྱོར་ལས་(ཡར་གཤེགས་)ཕྲ་མོའི་རྣལ་འབྱོར་འབྱུང་པའོ། །དེ་ལྟར་(གང་ རྣམས་འབྱུང་ན་)འདོད་པ་དང་ནི་གཟུགས་དང་གཟུགས་མེད་རྣམས་ཏེ་སྲེད་པ་རྣམ་པ་གསུམ་པོ་ རིམ་པས་སྦྱང་པར་བྱ་ཞེས་{པ་[བྱ་བ་]ལ་(ཁམས་གསུམ་སེམས་ཅན་གྱི་ལུས་ངག་ཡིད་གསུམ་)སྐུ་གསུང་ ཐུགས་ཀྱི་ཐིག་ལེ་རིམ་པས་བསྐྱེད་པའོ། །ཕྱི་ནས་ཡེ་ཤེས་འབར་བས་ཞེས་བྱ་བ་ནི་(དབང་ བསྐུར་བས་)མི་འཛག་པའི་བདེ་བ་འབར་བས་སོ། །(གང་ལ་ན་)སྲིད་གསུམ་མ་ལུས་ཞེས་བྱ་བ་ ནི་ཁམས་གསུམ་(མོ(ལའོ)། །ལན་ཅིག་གིས་ནི་འགུག་པར་བྱེད་ཞེས་བྱ་བ་ནི་སྐད་ཅིག་གིས་ དུས་གསུམ་གྱི་ཡེ་ཤེས་སོ། །ལྷའི་རྣལ་འབྱོར་ནི་ལྷའི་དཀྱིལ་འཁོར་གྱི་རྣམ་པར་(སོ་སོའི་གནས་ 1-1-126 སུ་)སྤྲོས་པའོ། །(སྦྱང་གཞི་)འཁོར་བ་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་(ཀྱི་ཐིག་ལེའི་རྣལ་འབྱོར་)ལས་ བུ་དང་བུ་མོ་རྣམས་སྤྲོས་པ་(ཕྲ་མོའི་རྣལ་འབྱོར་)སྟེ། དེ་ལྟར་(སྦྱང་གཞི་)མངལ་ནས་སྐྱེས་པ་རྣམས་ ཀྱི་ལོ་བཅུ་དྲུག་གི་མཚམས་སུ་ལུས་དང༌། ངག་དང༌། ཡིད་དང༌། ཡེ་ཤེས་རྣམས་རྫོགས་ པའོ། །དེ་ལྟར་ཀལྷ་རྣམས་ནི་བསྒོམ་པའི་སྟོབས་ཀྱིས་(སྦྱོང་)སོ། །ཁསངས་རྒྱས་རྣམས་ནི་རྣམ་ པར་ཐར་པ་བཞིའི་སྟོབས་ཀྱིས་(སྦྱོང་)ཞེས་བྱ་སྟེ། ཀཀུན་རྫོབ་(དྲང་)དང་ཁདོན་དམ་(ངེས་)པའི་ བདེན་པས་ཞེས་བྱའོ།། ༼༦༽ །། ༈ ད་ནི་ནང་གི་སྔགས་ཀྱི་བཟླས་པ་བརྗོད་པར་བྱ་སྟེ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལུས་ལ་ཟླ་བ་ཞེས་བྱ་བ་ནི་གཡོན་གྱི་རྩའོ། །ཉི་མ་ཞེས་བྱ་བ་ནི་གཡས་ཀྱི་རྩའོ། །ཨ་ སོགས་ཞེ་བྱ་བ་ནི་ཨ་ཡིག་ལ་སོགས་པ་དབྱངས་ཀྱི་ཚོགས་(ཡབ་ལྔའི་བྱེ་བྲག་)ཏེ། གཡོན་དུ་སྲོག་ ཡང་དག་པར་རྒྱུ་བའོ། །ཀ་སོགས་ཞེས་{བྱ་བ་[པ་]ནི་གསལ་བྱེད་ཀྱི་ཚོགས་(ཡུམ་ལྔའི་བྱེ་བྲག་) ཏེ། གཡས་སུ་སྲོག་ཡང་དག་པར་རྒྱུ་བའོ། །རྣམ་གསུམ་འགྲོ་འགྱུར་ཞེས་བྱ་བ་ལ། གཡོན་ དུ་འགྲོ་བའི་སྲོག་ནི་སྐུ་རྡོ་རྗེའི་བཟླས་པར་བརྗོད་པར་བྱའོ། །གཡས་སུ་འགྲོ་བའི་སྲོག་ནི་ གསུང་རྡོ་རྗེའི་བཟླས་པ་ཞེས་བརྗོད་པར་བྱའོ། །དབུས་མར་འགྲོ་བའི་སྲོག་ནི་ཐུགས་རྡོ་རྗེའི་ བཟླས་པ་ཞེས་བརྗོད་པར་བྱ་སྟེ། (གསུམ་པོ་)འདི་རྣམས་འགགས་པ་ལས་ཐམས་ཅད་མཁྱེན་ པའི་གསུང་གཞོམ་དུ་མེད་པར་འགྱུར་རོ། །{དེས་[དེ་]ན་(དེ་གསུམ་འགག་པའི་ཐབས་)ཡན་ལག་ དྲུག་གི་རྣལ་འབྱོར་བསྒོམ་པར་བྱའོ། །སོ་སོར་སྡུད་པ་ལ་སོགས་པ་དྲུག་གིས་ཞེས་བྱ་བ་ལ། (རྩ་བའི་རྒྱུད་དང་འདུས་པ་ལས་)སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་ དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཞེས་བྱ་བ་སྟེ། འདི་རྣམས་ལ་གོམས་པར་བྱ་བ་ནི་(འོག་ནས་)འཆད་པར་འགྱུར་བ་རྣམས་སོ། །(རླུང་གང་དུ་བཟུང་ ན་)གསེར་མཆོག་པད་མར་ཞེས་བྱ་བ་ནི་ལྟེ་བའི་པད་{མ་ལའོ[མོ་ལ]། །(གཡོན་)སྐུ་དང་(གཡས་ 134) གསུང་དང་(དབུས་མ་)ཐུགས་ཀྱི་སྦྱོར་བ་དང་ཞེས་བྱ་བ་ནི་(སྟེང་གི་རྩ་)གསུམ་པོར་འགྲོ་བར་ འགྱུར་བའི་སྲོག་དགག་པར་བྱ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གསུམ་བསྒོམ་བྱས་པས་ཞེས་བྱ་ བ་ནི། (འོག་གི་)ཁུ་བ་དང༌། བཤང་བ་དང༌། གཅི་བ་དགག་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ ལྟར་བཀག་པས་(གང་འབྱུང་ན་)དགའ་བ་ལ་སོགས་པ་ཞེས་བྱ་བ་{ལ[འམ]། [དགའ་བ་དང་ མཆོག་དགའ་དང༌། ] ཁྱད་པར་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བའོ། །(ཐབས་ ཀྱི་)རྡོ་རྗེ་(མི་རྟོག་པ་)དང་ནི་<ཤེས་རབ་ཀྱི་>ཆུ་སྐྱེས་(སྒྱུ་མར་)རོ་མཉམ་གྱུར་པ་ནི་མི་འཛག་པ(འི་བདེ་ སྟོང་)ཉིད་དོ། །དེ་བཞིན་དུ་རྩ་བའི་རྒྱུད་(དང་པོའི་སངས་རྒྱས་)ལས། (སྟེང་གི་རྩ་གསུམ་ལས་)དབུ་མར་ དབུགས་དབྱུང་མཆོག་དང་ནི། །(འོག་གི་རྩ་གསུམ་ལས་)དྲི་དང་ཆུ་དང་ལྷན་ཅིག་ཏུ། །རྟག་པར་ (ཕྱག་རྒྱའི་དུས་དང་སྒྲུབ་པའི་)དུས་ཀྱི་ཁྱད་པར་ལ། །རིགས་ལྡན་མ་(སྟེ་དབུས་མར་རླུང་)རྣམས་(བཅུག་སྟེ་) མཆོད་པར་བྱ། །ཞེས་པ་ངེས་པའོ། །དེ་ཡང་ཤེས་རབ་ཆུ་སྐྱེས་ལ་ནི་ཞེས་པ་ནི། གསང་པའི་ པད་མ་ལ་(ཤེས་རབ་ཀྱི་ལམ་བསྒྲུབ་པའི་དུས་སུ་)ཐུགས་ཀྱི་ཐིག་ལེ་(ཤུ་ཀྲ་)གནས་པའོ། །ལྷན་ཅིག་སྐྱེས་ པའི་བདེ་དབང་ལས་ཞེས་བྱ་བ་ནི་མི་འགྱུར་བའི་བདེ་བའི་དབང་ལས་སོ། །(དེ་ལྟར་)གཞོམ་དུ་ མེད་པར་བསྒོམ་ཞེས་པ་ནི་(བཙན་ཐབས་སྦྱོར་བས་སམ་བསྒྲུབ་ཆེན་དུས་སུ་)བྱང་ཆུབ་ཀྱི་སེམས་སྟེང་དུ་ སོང་པས་ཞེས་བྱའོ།། ༼༧༽ །། ༈ ད་ནི་(ཕྱི་དྲང་དོན་དང་ནང་ངེས་དོན་དབྱེ་བས་)བསྙེན་པ་ལ་སོགས་པ་བརྗོད་པར་བྱ་སྟེ། བསྙེན་ པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལས་དང་པོ་པས་(ཕྱག་རྒྱ་གསུམ་ལ་འཇུག་པའོ། །)བསྙེན་པ་ བྱ་སྟེ། (འོག་ནས་སྟོན་པའི་)སྒྲུབ་ཐབས་ཀྱི་ཆོ་གས་སོ། །བསྙེན་པ་བདུད་རྩི་ལྔ་ལ་སོགས་པ་ཞེས་ བྱ་བ་ལ། ཕྱིར་བདུད་རྩི་ལྔ་ནི་གཤང་བ་ལ་སོགས་པ(ལྔ)འོ། །སོགས་པའི་སྒྲས་གྷོ་ཀུ་ལ་ སོགས་པ་(ཤ་ལྔ་)སྟེ། (བཅུ་པོ་)དེ་རྣམས་ཟོས་པས་ནི་བསྙེན་པ་ཞེས་ལྷ་མཉེས་པར་བྱ་བའི་དོན་ དུའོ། །ནང་བདུད་རྩི་ལྔ་ནི་ཕུང་པོ་ལྔའོ། །སོགས་པའི་སྒྲས་ནི་དབང་པོ་ལྔ་ནི་མར་མེ་ལྔ(སྟེ་ 1-1-127 ཤ་ལྔ)འོ། །(ཕུང་པོ་ལྔ་དང༌། དབང་པོ་ལྔ་པོ་)དེ་རྣམས་ལ་ལྟོས་པ་མེད་པ་ནི་བསྙེན་པ་(ཅིའི་ཕྱིར་ཞེ་ན་)སྟེ། ལུས་དང་(ཕུང་པོ་ལྔ་)རྫས་ལ་(ཡུལ་ལྔ་)སྲེད་པ་ཡོངས་སུ་དོར་(སྟེ་ལྟོས་པ་མེད་)བའོ། །བསྙེན་པ་དེ་ ཡིས་(འབྲས་བུ་)ལྷའི་མཆོག་(སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་)སྟེར་བར་འགྱུར་གྱི། གཤང་བ་ལ་སོགས་ པ་ཟོས་པས་ནི་མ་ཡིན་ནོ། །ཆུ་གཏེར་(བཞི་)རྡོ་རྗེ་རྣམས་དང་ཞེས་བྱ་བ་ནི། (མ་ཆགས་པ་བཞི་སྟེ་ བཟའ་བཏུང་ལ་སོགས་པ་)ལུས་ཀྱི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། (གླེང་སླངས་ལ་སོགས་པ་)ངག་ གི་ལོངས་སྤྱོད་ལ་ལྟོས་པ་མེད་པ་དང༌། (སྙེད་གྲགས་ལ་སོགས་པ་)ཡིད་ཀྱི་ལོངས་སྤྱོད་ལ་ལྟོས་པ་ མེད་པ་དང༌། (ཕྱག་རྒྱ་དང་གཉིས་མེད་ལ་སོགས་པ་)འཛག་པའི་བདེ་བ་ལ་ལྟོས་པ་མེད་པ་ནི་བསྙེན་པ་ སྟེ། ལུས་(དེ་ལྟར་ལྟོས་པ་མེད་པས་)ངག་ཡིད་དང་ཚངས་པར་སྤྱོད་པའི་དམ་ཚིག་སྟེ་རྣལ་དུ་ཕེབས་ པ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་(འབྲས་བུ་)ལྷའི་མཆོག་སྟེར་བ་ཡིན་གྱི། (ལུས་ངག་ཡིད་དང་ འཛག་པའི་)སྲིད་པའི་ལོངས་སྤྱོད་ལ་ཞེན་པས་ནི་མ་ཡིན་ནོ། །སོ་སོར་ཞེས་བྱ་བ་ལ་སོགས་པ་ ལ་འདིར་སོ་སོར་སྡུད་པ་ཞེས་བྱ་བ་ནི་འཁོར་བ་པ་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་(ལྔ་) རྣམས་ཀྱིས། གཟུགས་ལ་སོགས་པའི་ཡུལ་(ལྔ་)རྣམས་འཛིན་པའོ། །(གཟུང་འཛིན་)དེ་ཡོངས་ སུ་དོར་བ་ནི་(གང་ཡིན་ན་)སོ་སོར་སྡུད་པ་ཞེས་བརྗོད་པར་བྱ་སྟེ། (དུ་བ་ལ་སོགས་པའི་)སྟོང་པ་ཉིད་ ཀྱི་གཟུགས་ལ་(ཐ་མལ་པའི་མིག་)གཞན་རྣམས་ཀྱིས་མ་ཡིན་གྱི། ཤའི་མིག་(ལྷའི། སངས་རྒྱས་ཀྱི། ཤེས་ རབ་ཀྱི། ཡེ་ཤེས་ཀྱི་སྤྱན་)ལ་སོགས་པ་རྣམས་ཀྱིས། གཞན་གཟུགས་ལ་སོགས་པའི་ཡུལ་འཛིན་པ་ ནི་བསྙེན་པའོ། །སོགས་པའི་སྒྲས་དེ་བཞིན་དུ་བསམ་གཏན་གྱི་སྦྱོར་བས་རྟག་ཏུ་བསྙེན་པའོ། ། ༈ ད་ནི་ཉེ་བར་བསྒྲུབ་པ་བརྗོད་པར་བྱ་སྟེ། སྔགས་བཟླས་ལ་སོགས་ཞེས་བྱ་བ་ནི་ འདིར་སྔགས་ཀྱི་བཟླས་པའི་མིང་ནི་སྲོག་(སྟེ་རླུང་)ཡང་དག་པར་སྡུད་པའོ། །སོགས་པའི་སྒྲས་ (ཕྱིར་)དབྱུང་པ་དང༌། (ནང་དུ་)དགང་པ་དང༌། (རེངས་པ་)བུམ་པ་ཅན་གྱི་སྦྱོར་བས་རྟག་ཏུ་ཉེ་ 1-1-128 བར་བསྒྲུབ་པའོ། །དེ་ཉིད་ཀྱིས་(འབྲས་བུ་)ལྷའི་མཆོག་སྟེར་བར་འགྱུར་གྱི། ངག་གི་བཟླས་པ་ དང༌། སྲོག་མི་སྡོམ་པས་ནི་(མཆོག་སྟེར་བ་)མ་ཡིན་ནོ། །ཞེས་པ་ནི་ངེས་པའི་དོན་ཏོ། །དྲང་པའི་ དོན་དུ་ཕྲེང་པ་(དང་སྙིང་པོ་དང་ཉེ་སྙིང་)ལ་སོགས་པའི་བཟླས་པ་(དང་ལྷ་བསྒོམ་པ་)ལ་སོགས་པ་བྱ་བ་ ཐུན་མོང་གི་དངོས་གྲུབ་ཀྱི་དོན་དུའོ། །དེ་བཞིན་དུ་འཛིན་པས་(ཐབས་ཀྱི་)རྡོ་རྗེ་དང་(ཤེས་རབ་ཀྱི་) པད་མ་ལས་སྐྱེས་པའི་བདུད་རྩི་མི་འཛག་(པར་འཛིན་)པ་ནི་ཉེ་བར་བསྒྲུབ་པ་སྟེ། ངེས་པའི་དོན་ གྱིའོ། །ཕྱི་རོལ་ཏུ་(སྟེ་བསྐྱེད་རིམ་དུ་)ལྷ་སྤྲོ་བ་ནི་དྲང་བའི་དོན་གྱིས་(ཉེར་བསྒྲུབ་)ཞེས་བྱ་སྟེ། ཉེ་བར་ བསྒྲུབ་པའོ། ། ༈ ད་ནི་བསྒྲུབ་{པ་[པར་]བརྗོད་པར་བྱ་སྟེ། དགའ་བ་ཞེས་བྱ་བ་ལ་སོགས་[པ་ལ། འདིར་དགའ་བ་ལ་སོགས་]རྡོ་རྗེ་གསུམ་གྱི་ནི་(དགའ་བ་)སྐུ་(རྡོ་རྗེ་མཆོག་དགའ་)གསུང་(རྡོ་རྗེ་ཁྱད་པར་ དགའ་བ་)ཐུགས་ཀྱི་(རྡོ་རྗེའི་)ཐིག་ལེའོ། །(སྙིང་ཁ་ལ་སོགས་པ་)ཆུ་སྐྱེས་རོ་མཉམ་གྱུར་པར་བསྒོམ་ པ་བསྒྲུབ་པར་འགྱུར་ཞེས་པ་ནི་སྙིང་ཁ་(དགའ་བ་)དང༌། ལྟེ་བ་(མཆོག་དགའ་)དང༌། གསང་{པ་ [བའི་](ཁྱད་པར་གྱི་དགའ་བ་)རྣམས་ལ་ཐིག་ལེ་(གསུམ་པོ་བྱོན་ནས་)གནས་[པ་]ཞེས་བྱ་བའི་དོན་ཏེ། དེ་ལྟར་ན་བསྒྲུབ་པའོ། །དེ་ནས་བསྒྲུབ་པ་ཆེན་པོ་ནི། གང་གི་ཚེ་ཤེས་རབ་དང་(ཐབས་)འདུས་ (པའི་)བདེ་བ་འཛག་པ་མེད་པ(ར་ཡར་བརྟན་པ་)གང་ཡིན་པ་དེའི་ཚེ་ཕྲ་མོའི་རྣལ་འབྱོར་ངེས་པར་ བསྒྲུབ་པ་ཆེན་པོ་ཞེས་བྱ་བ་ནི། ཨ་བ་དྷུ་{ཏི་[ཏིའི་]རྩ་(སྟེ་རྡོ་རྗེ་ནོར་བུའི་བུམ་པ་)ནས་སྟེང་དུ་ཁུ་བ་ (གཙུག་ཏོར་བར་དུ་)ཡང་དག་པར་སྦྱོར་བ་བསྒྲུབ་པ་ཆེན་པོའོ། །ཞེས་བརྗོད་པར་བྱ་སྟེ་ངེས་པའི་ དོན་གྱིས་སོ། །དྲང་བའི་དོན་གྱིས་ནི་ཤེས་རབ་ཆོས་འབྱུང་སྣ་རྩེར་ཡུངས་དཀར་ལ་སོགས་ པ་(སྟེ་སེམས་ཅན་ཐམས་ཅད་ལྷར་བསྐྱེད་ནས་དབང་བསྐུར་བ་དང༌། གནས་ནས་སྤྲོ་བ་)ཞེས་བྱ་བ་ནི་ངེས་པ་སྟེ། དེ་ ལྟར་ན་བསྒྲུབ་པ་ཆེན་པོར་འགྱུར་རོ།། ༼༨༽ །། ༈ ད་ནི་འབྲིང་པོ་ལ་སོགས་པའི་དབྱེ་བས་བསྙེན་པ་ལ་སོགས་པ་<བསྒྲུབ་པ་བཞི་>བརྗོད་ 1-1-129 པར་བྱ་སྟེ། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྐྱེད་པའི་རིམ་པའི་དང་པོར་སྟོང་ པའི་བྱང་ཆུབ་ཞེས་བྱ་བ་ནི་(སྦྱང་གཞི་)སྲོག་ཆགས་རྣམས་ཀྱི་འཆི་བའི་(ཚེ་འདི་ཉིད་ཀྱི་)མཐར་ཕུང་ པོ་ཡོངས་སུ་བོར་ཏེ། སྐྱེ་བའི་སའི་ཆར་(ཚེ་ཕྱི་མའི་)ཕུང་པོ་ཡོངས་སུ་འཛིན་པའི་བར་དུ་གང་ བར་མ་དོའི་སྐད་ཅིག་ལ་(མངོན་ཤེས་ཀྱིས་)སྲིད་པ་གསུམ་མཐོང་པ་སྟོང་པ་(མ་འོངས་པའི་)ཞེས་ བརྗོད་པར་བྱའོ། །ངེས་{པ་[པར་]ནི་(འགྱུར་ཏེ་)གདོན་མི་ཟ་བ(དང་པོ་ཡེ་ཤེས་རྡོ་རྗེ་བསྙེན་པ)འོ། ། དེ་ནས་ཞེས་པ་ནི་(བར་མ་དོའི་)སྐད་ཅིག་དེའི་ཕྱི་མ་ལ་ཟླ་བའི་ཐིག་ལེ་སྡུད་པའོ་ཞེས་བྱ་བ་ནི་ འདིར་(ཟླ་བ་གཅིག་ཏུ་)ཀུན་གཞིའི་རྣམ་པར་ཤེས་པས་མའི་སྐྱེ་གནས་སུ་ཁུ་བ་དང་ཐིག་ལེ་(གཉིས་) འཛིན་པ་ཉིད་སྡུད་པ(གཉིས་པ་ཐུགས་རྡོ་རྗེ་སྟེ་བསྙེན་པ)འོ། །དེ་ནས་ཁུ་བ་ལ་སོགས་(པ་ཁྲག་དང་ཀུན་ གཞི་)བཟུང་པ་ལས། གཟུགས་བསྐྱེད་པ་ཞེས་བྱ་བ་ནི་ཟླ་བ་བདུན་གྱིས་(མའི་)མངལ་དུ་འགྲུབ་ སྟེ། ལུས་{གྲུབ་[འགྲུབ་]པོ་ཞེས་བྱ་བའི་(གསུམ་པ་གསུང་རྡོ་རྗེའི་ཉེར་བསྒྲུབ་)དོན་ཏོ། །དེ་ནས་རབ་ མཆོག་རོའི་རིགས་ལ་ཞེས་བྱ་བ་ནི། (ཟླ་བ་བརྒྱད་པ་ནས་)ཕུང་པོ་ལ་སོགས་པ་(དང་ཁམས་དྲུག་) རྣམས་ལ་སྟེ། ཡི་གེ་དགོད་པ་ནི་མིག་ལ་སོགས་པ(འི་དབང་པོ་)རྣམས་གཟུགས་ལ་སོགས་པའི་ ཡུལ་རྣམས་ལ་འཇུག་པ་(བཞི་པ་སྐུ་རྡོ་རྗེ་ཉེར་བསྒྲུབ་)ཞེས་བྱའོ། །དེ་ལྟར་(སྦྱོང་བྱེད་)ལྷ་བསྒྲུབ་པ་ལ་ ཡང་(དབང་པོ་འབྲིང་པོ་)ལས་དང་པོ་པས་རྟོགས་པའི་བདག་ཉིད་བསྒོམ་པར་བྱའོ། །ཆུ་གཏེར་(དེ་ བཞི་པོ་)འདི་ནི་(ཡེ་ཤེས་རྡོ་རྗེ་ལ་སོགས་པ་བཞི་)སྤྱིའི་བསྙེན་པར་འགྱུར་ཞེས་བྱ་བ་ནི་སྐུ(རྡོ་རྗེ)། གསུང་ (རྡོ་རྗེ་)། ཐུགས(རྡོ་རྗེ་)། ཡེ་ཤེས་རྡོ་རྗེ་བསྒྲུབ་པ་རྣམས་ཀྱིའོ། །བསྒྲུབ་པ་དབུས་མ་(སྟེ་འབྲིང་པོ་)ནི་ སྲོག་བསྒྲུབ་པའོ། །འདིར་ནི་སྙི་དང་མཁྲེགས་པ་ཐབས་ནི་རྣམ་པ་བཞིར་འགྱུར་དེ་བཞིན་(སྙི་ བ་)བསྙེན་དང་(མཁྲེགས་པ་)བསྒྲུབ་པའི་ཡན་ལག་བརྗོད་ཞེས་བྱ་བ་ལ། བསྙེན་པའི་ཡན་ལག་ (སྟེ་བསྒྲུབ་པ་)དང༌། ཉེ་བར་བསྒྲུབ་པའི་]ཡན་ལག་<སྒྲུབ་པ་ཆེན་པོ་>སྟེ། ལོ་བཅུ་དྲུག་གི་མཚམས་ སུ་ཞེས་བྱ་བ་ནི་ངེས་པའོ། །འདིར་སྙི་བ་ནི་བྱིས་པ་སོ་[མ་]སྐྱེས་པ་(བསྙེན་པ་སྟེ་ཡེ་ཤེས་རྡོ་རྗེ་)དང༌། 1-1-130 སོ་སྐྱེས་པ་ལས་བྱིས་པ་བར་མ་(སྟེ་ཉེར་བསྒྲུབ་ཐུགས་རྡོ་རྗེ་སྟེ་)དང༌། སོ་ལྷུང་{པ་}ལས་གཞོན་ནུ་ མ(ལོ་བརྒྱད་པ་བསྒྲུབ་པ་སྟེ་གསུང་རྡོ་རྗེ)འོ། །མཁྲེགས་པ་ནི་སླར་སོ་སྐྱེས་ནས་ལོ་བཅུ་དྲུག་གི་མཐར་ (སྟོབས་དང་ལྡན་པའི་)དར་མ་སྟེ། བུ་{བསྐྱེད་[སྐྱེད་]<པར་ནུས་>པའི་ཕྱིར་(བསྒྲུབ་པ་ཆེན་པོ་སྟེ་སྐུ་རྡོ་རྗེ་) ཞེས་བྱའོ། །དེ་ལྟར་ན་(སྦྱོང་བྱེད་)ལྷ་རྣམས་(བསྐྱེད་པ་)ལ་(བསྙེན་བསྒྲུབ་)ཡན་ལག་རྣམ་པ་བཞི་རྣལ་ འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱ། ཞེས་བྱ་བ་ནི་འཇིག་རྟེན་པའི་བདེན་པའི་(ཀུན་རྫོབ་ཀྱི་) ངེས་པའོ།། །། ༈ ད་ནི་(དབང་པོ་རབ་ལ་)དོན་དམ་པའི་བདེན་པས་སངས་རྒྱས་ཀྱི་སྐུ་རྫོགས་པ་བརྗོད་པར་ བྱ་སྟེ། འདིར་དང་པོར་སྟོང་པའི་བྱང་ཆུབ་ཞེས་བྱ་བ་ནི། མུན་པར་ཅུང་ཟད་ཀྱང་བསམ་པར་ མི་བྱའོ། །ངེས་པར་འགྱུར་ཏེ་ཞེས་བྱ་བ་ནི། དུ་བ་ལ་སོགས་པའི་མཚན་མ་འཛིན་པ(ཡེ་ཤེས་ བསྙེན་པ་རྡོ་རྗེ་)འོ། །དེ་ནས་ཟླ་བའི་ཐིག་ལེ་སྡུད་པའོ་ཞེས་བྱ་བ་ནི་ཐིག་ལེའི་མཐར་ཐུག་པའོ། ། གཟུགས་བསྐྱེད་པ་དང་ཞེས་བྱ་བ་ནི། ཐིག་ལེ་དེ་ལ་(སྟོང་གཟུགས་)སྣ་ཚོགས་པ་མཐོང་པ་ལ་ (གཟུགས་)སྐུ་བསྐྱེད་པ་(ཐུགས་རྡོ་རྗེ་ཉེར་བསྒྲུབ་)ཞེས་བྱའོ། །དེ་ནས་རབ་མཆོག་རོའི་རིགས་ལ་ཞེས་ བྱ་བ་ནི། ཕུང་པོ་དྲུག་ལ་སོགས་པ་རྣམས་ལ་ཡི་གེ་དགོད་པ་ཞེས་བྱ་བ་ནི་ཕྱོགས་གཅིག་པ(ཉི་ ཚེ)འི་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་[དང༌། ] རྣམས་འགགས་ནས་(ཉོན་མོངས་པའི་)སྒྲིབ་ པ་མེད་པ(སྐུ་སྟེ་བསྒྲུབ་ཆེན་)འོ། །དེ་ལྟ་བས་ན་(བསྒྲུབས་པ་)ཆུང་ངུ་ལ་སོགས་པ(འབྲིང་དང་ཆེན་པོ་དང་ ཤིན་ཏུ་ཆེན་པོ)འི་དབྱེ་བས་<གསུང་རྡོ་རྗེ་བསྒྲུབ་པ་དང༌། སྐུ་རྡོ་རྗེ་བསྒྲུབ་པ་ཆེན་པོས་>ས་ཐོབ་པར་<ཡེ་ཤེས་རྡོ་ རྗེ་བསྙེན་པ་དང་ཐུགས་རྡོ་རྗེ་ཉེར་བསྒྲུབ་དང༌། གསུང་རྡོ་རྗེ་བསྒྲུབ་པ་དང༌། སྐུ་རྡོ་རྗེ་བསྒྲུབ་པ་ཆེན་པོས་>འགྱུར་ཏེ། ཇི་ སྲིད་ས་བཅུ་གཉིས་ཀྱི་དབང་ཕྱུག་(མངོན་)ཏུ་(ཐོབ་པར་)མ་གྱུར་གྱི་བར་དུའོ། །(སྲོག་དང་ལྷ་འབྱུང་བའི་ མདོར་བསྡུས་གསུམ་པ་ལས། གཞན་པ་ལས་བྱུང་རང་བྱུང་པ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །རྣམ་པར་སྣང་མཛད་འོད་ཆེན་པོ། ། ཡེ་ཤེས་འོད་ཟེར་སྣང་པར་མཛད། །ཞེས་བྱ་བ་ལ་སོགས་པ་རྣམ་པ་ལྔས་མངོན་པར་རྫོགས་་་་་་)དེ་ལྟ་བས་ན། (ས་བཅུ་ 1-1-131 གཉིས་ཆ་མཐུན་སྔོན་དུ་སྐྱེ་བས་)བདེན་དོན་རྣམ་པ་བཅུ་གཉིས་ལྡན། །(དགའ་བ་བཅུ་དྲུག་དང་དེ་ཁོ་ན་ཉིད་བཅུ་ དྲུག་ཆ་མཐུན་དངོས་སུ་སྐྱེ་བས་)དེ་ཉིད་རྣམ་པ་བཅུ་དྲུག་རིག ། (སྐུ་བཞིའི་རྣམ་གྲངས་སྐད་ཅིག་མ་གཅིག་དང་རྣམ་ པ་ལྔ་དང་)རྣམ་པ་ཉི་ཤུས་བྱང་ཆུབ་པ། །(སྒྱུ་འཕྲུལ་དྲ་བས་བྱང་ཆུབ་པ་)རྣམ་པ་ཀུན་རིག་སངས་རྒྱས་ མཆོག ། ཞེས་བྱ་བ་ནི་ངེས་པའོ། ། ༈ (ཡེ་ལེའི་རྒྱུད་འབྱུང་མདོར་བསྡུས་ལས་)རྒྱུད་གཞན་དུ་ཡང་གསུངས་པ། (རྣམ་རྟོག་གིས་བཏགས་པའི་) དངོས་པོ་(བསྐྱེད་རིམ་གྱིས་དམིགས་པ་)གང་དང་གང་གིས་ནི། །(རྟོག་པ་པོའི་)མི་རྣམས་ཡིད་ནི་(བསྐྱེད་ རྫོགས་)ཡང་དག་སྦྱོར(ཅིང་བསྒོམ)། །དེས་ནི་(རྣམ་རྟོག་གང་གོམས་པ་)དེ་ཡི་རང་བཞིན་(གྱི་ཐུན་མོང་གི་ དངོས་གྲུབ་ཏུ་)འགྱུར(ཏེ་དཔེར་ན)། །ནོར་བུ་(ཤེལ་དཀར་གཞི་གང་དུ་བཞག་པ་ལྟར་)སྣ་ཚོགས་གཟུགས་ བཞིན་ནོ། །དེས་ན་(རྣམ་རྟོག་)མི་མཐུན་པའི་ཚིག་ནི། (རིགས་པས་)དཔྱད་མི་{བཟད་[བཟོད་] ཞེས་བྱའོ། །དེ་ཡང་དོན་དམ་པ་སྟོང་པ་ཉིད་ཀྱི་གཟུགས་(བསྙན་དུ་བ་ལ་སོགས་པ་སྒྱུ་མ་ལྟར་སྣང་བ་ཉིད་) ཀྱི་རང་བཞིན་བསྒོམ་པ་ལ་རྣམ་པར་རྟོག་པ་མེད་པ་སྟེ། དེས་ན་(ཐབས་ཤེས་ཀྱི་རྒྱུད་ལ་ཡབ་ཡུམ་ ཐབས་ཤེས་)རང་སྣང་པ་(རིགས་འདྲ་མཁྱུད་པ་བསྒོམ་པ་ལས་དངོས་གྲུབ་མི་འབྱུང་སྟེ། བྱ་བ་འགལ་བའི་ཕྱིར་རོ། །དཔེར་ ན་སྐྱེས་པའམ་བུད་མེད་རང་རིགས་འདྲ་བ་མཁྱུད་པ་ལས་བུ་མི་འབྱུང་པ་བཞིན་ནོ། །)དང༌། (གཉིས་མེད་ཀྱི་རྒྱུད་ལ་ཡབ་ ཡུམ་ཐབས་ཤེས་)རང་སྣང་པ་(རིགས་འདྲ་)མ་ཡིན་པ་(འཁྱུད་པ་བསྒོམ་པ་ལས་དངོས་གྲུབ་འབྱུང་སྟེ། བྱ་བ་འགྲེལ་ པའི་ཕྱིར། དཔེར་ན་སྐྱེས་པ་བུད་མེད་རང་རིགས་འདྲ་བ་མིན་པ་འཁྱུད་པ་ལས་<བུ་ཚ་>འབྱུང་པ་བཞིན་ནོ། །)ཞེས་བྱ་བ་ མེད་དོ། །དབྱིབས་དང་ཁ་དོག་ཐམས་ཅད་དང༌། ཤེས་པ་དང་ཤེས་བྱ་དང༌། རྡུལ་ཕྲ་རབ་ཀྱི་ རྫས་ཀྱི་རྟོག་པ་ཐམས་ཅད་དང་བྲལ་བ་དག་ནི་<གང་ན་>རང་བཞིན་མེད་པའོ། །དེ་ལྟ་བས་ ན་བུམ་པ་དང༌། སྣམ་བུ་དང༌། ཤིང་རྟ་དང་དཔུང་{གི་}ཚོགས་(ཡན་ལག་བཞི་)ལ་སོགས་པ་ རྣམས་ཀྱི་སྲིད་པ་(འཁོར་བ་ཐམས་ཅད་)རང་བཞིན་མེད་པར་(སྦྱོར་བ་ཡན་ལག་དྲུག་གི་)བསྒོམ་པར་བྱ་ སྟེ། (ཆད་ལྟའི་)སྟོང་པ་ཕྱོགས་གཅིག་པ་དང༌། (སེམས་ཙམ་མན་ཆད་ཀྱི་)འཇིག་རྟེན་གྱི་ཐ་སྙད་ཐམས་ 1-1-132 ཅད་དང་བྲལ་བ་ཞེས་བྱ་བ་ནི(གང་ན)། དབུ་མ་དང་སྔགས་ཀྱི་གྲུབ་པའི་མཐའི་ལུགས་དེ་ཁོ་ན་ ཉིད་ཀྱི་ལེའུ(སྟེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པར་རིག་པ)ར། རིགས་པ་ལས་ཤེས་པར་བྱའོ།། ༼༩༽ །། ༈ ད་ནི་སྦྱོར་བ་ཡན་ལག་དྲུག་བརྗོད་པར་བྱ་སྟེ། སོ་སོར་སྡུད་པ་ཞེས་བྱ་བ་ལ་སོགས་ པ་ལ། འདིར་སོ་སོར་སྡུད་པ་ནི། དང་{པོའི་[པོ་]ལས་ཅན་གྱིའོ། །(སྦྱོར་བ་དྲུག་དང་རྒྱལ་བ་རིགས་དྲུག་ སྦྱར་བ་)རྒྱལ་བའི་དབང་པོ་ཞེས་བྱ་བ་ནི། ཡེ་ཤེས་ཀྱི་ཕུང་པོ(དག་པ་རྡོ་རྗེ་སེམས་དཔའ་)འོ། །དེ་ཡང་ མཚན་མའི་དབྱེ་བས་(ས་ལ་སོགས་པ་དག་པས་)རྣམ་པ་བཅུ་སྟེ། (ས་)དུ་བ་དང༌། (ཆུ་)སྨིག་རྒྱུ་དང༌། (མེ་)སྲིན་བུ་མེ་ཁྱེར་དང༌། (རླུང་)མར་མེ་དང༌། (ནམ་མཁའ་)འབར་བ་དང༌། (རླུང་)ཟླ་བ་དང༌། (མེ་) ཉི་མ་དང༌། (ཆུ་)སྒྲ་གཅན་(ཐིག་ལེ་ནག་པོ་)དང༌། (ས་)ཆ་ཤས་(ཀློག་)དང༌། (རྟགས་ཅན་)ཐིག་ལེ་(ལྗང་ ཁུ་)མཐོང་པའི་དབྱེ་བས་མ་བརྟགས་(པས་མི་རྟོག་)པའི་ཡེ་ཤེས་ཀྱི་ཕུང་པོའོ། །བསམ་གཏན་མི་ བསྐྱོད་པ་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་ཕུང་པོ་(དག་པ་)སྟེ། (གཟུགས་ལ་སོགས་པའི་)ཡུལ་དང་ (མིག་ལ་སོགས་པའི་)ཡུལ་ཅན་རྣམ་པ་བཅུ་(ས་བཅུ་ལ་སོགས་པ་དེས་འདྲེ)པོ་གཅིག་པ་ཉིད་དུ་མཐོང་པ་ ནི། སྣ་ཚོགས་པའི་གཟུགས་ཀྱི་བསམ་གཏན་ཞེས་བྱའོ། །སྲོག་སྡུད་པ་ནི་རལ་གྲི་ཅན་ཞེས་ བྱ་བ་ནི། འདུ་བྱེད་ཀྱི་ཕུང་པོ་(དག་པ་)སྟེ། གཡོན་(གྱི་རླུང་ལྔ་)དང་གཡས་ཀྱི་(རླུང་ལྔ་སྟེ་)དཀྱིལ་ འཁོར་བཅུ་པོ་གཅིག་ཏུ་(འདྲེས་ནས་)མཉམ་པར་གྱུར་པ་ཉིད་ཅེས་བྱའོ། །འཛིན་པ་རིན་པོ་ཆེའི་ ཕྱག་ཅན་དག་ཀྱང་ཞེས་བྱ་བ་ནི་ཚོར་བའི་ཕུང་པོ་(དག་པ་)སྟེ། སྲོག་འཛིན་པ་ལྟེ་བ་དང༌། སྙིང་ ཁ་དང༌། མགྲིན་པ་དང༌། [དཔྲལ་བ་དང༌། ] སྤྱི་གཙུག་གི་པད་མ་རྣམས་སུ་(རླུང་བཅུ་)འགྲོ་བ་ དང༌། འོང་(པ་འཛིན་)པའི་དབྱེ་བས་རྣམ་པ་བཅུ་<ས་བཅུ་ལ་སོགས་>ཞེས་བྱའོ། །གཡུང་མོ་རྗེས་ སུ་དྲན་པ་པད་མ་འཛིན་པར་འགྱུར་ཏེ་ཞེས་{བྱ་བ་[པ་]ནི་འདུ་ཤེས་ཀྱི་ཕུང་པོ་(དག་པ་)སྟེ། དེ་ ཡང་གཡུང་མོ་རྗེས་སུ་དྲན་པ(འི་རྟགས་)ནི། རྩ་{དབུ་[དབུས་]མ་ལ་<ལུས་ཚ་བ་དང་ཁ་སྐམ་པ་དང་ 1-1-133 སེམས་འཁྲུལ་བ་ལ་སོགས་པ་>འདོད་ཆགས་ཀྱི་གནས་སྐབས་བཅུའི་དབྱེ་བ(ཡེ་ཤེས་སྐྱེ་བའི་རིམ་པ)ས་ རྣམ་པ་བཅུ་ཞེས་<ས་བཅུ་ལ་སོགས་>བྱའོ། །དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན་ཞེས་བྱ་བ་ ནི་(གཟུགས་ཀྱི་ཕུང་པོ་དག་པ་)རྣམ་པར་སྣང་མཛད་དེ། ཏིང་ངེ་འཛིན་ནི་རླུང་བཅུ་འགགས་པའི་ དབྱེ་བ<ཡེ་ཤེས་སྐྱེ་བའི་རིམ་པ>ས་(ས་)རྣམ་པ་བཅུ་(ལ་སོགས་པ་)ཞེས་བྱའོ། །དེ་ལྟར་ན་བཅོམ་ལྡན་ འདས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། གང་ལ་(ལས་)རླུང་རྣམས་མི་རྒྱུ་བའི་ ཕྱིར་ཞེས་བྱ་བའི་དོན་ཏོ། །(དེ་ནས་སླར་ཡང་)རེ་རེ་ལ་ཡང་{ལྔ་}ལྔའི་ཞེས་པ་ནི་སྦྱོར་བ་ཡན་ལག་ རེ་རེ་ལ་དཀྱིལ་འཁོར་ལྔ་ལྔའི་དབྱེ་བ(རྣམས་ཀྱིས)འོ། །ཨ་ལ་སོགས་པ་དང་ཀ་ལ་སོགས་པ་ ཞེས་བྱ་བ་ནི། (གཡོན་ནས་)དབྱངས་དང་(གཡས་ནས་)གསལ་བྱེད་དེ། གཡོན་(ནས་ལྔ་)དང་གཡས་ ནས་(ལྔ་སྟེ་)སྲོག་(བཅུ་)རྒྱུ་བ་{འགག་[འགོག་]པའི་དབྱེ་བ་ཞེས་བྱ་བའི་དོན་ཏོ།། ༼༡༠༽ །། ༈ ད་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་(དོན་)ཉིད་བརྗོད་པར་བྱ་སྟེ། སོ་སོར་སྡུད་ པ་ཞེས་བྱ་བ་ལ་སོགས་པས། འདིར་སོ་སོར་སྡུད་པའི་མིང་ནི་(གང་ན་)དངོས་པོ་ལ་(རྫས་)ཡུལ་ (གཟུགས་ལ་སོགས་པ་ལྔ་)དང་ཡུལ་ཅན་(མིག་ལ་སོགས་པ་ལྔ་སྟེ་)རྣམ་པ་བཅུ་པོ་རྣམས་(གཟུང་འཛིན་)ཀྱི་ འབྲེལ་བའི་སེམས་མི་འཇུག་ཅིང༌། རྣམ་པར་ཤེས་པ་(དུ་བ་ལ་སོགས་པའི་)སྟོང་པའི་གཟུགས་ཀྱི་ ཡུལ་རྣམས་ལ་འཇུག་པ་ནི་གཞན་མིག་ལ་སོགས་པ་[རྣམ་པ་]ལྔ་ཞེས་བྱའོ(རྒྱུད་ཕྱི་མ་ལས། མཚན་ མོ་དུ་བ་ལ་སོགས་སྦྱོར་བས་སླར་ཡང་ཉིན་མོ་ནམ་མཁར་མེ་འབར་བ་ལ་སོགས་པས། སོ་སོར་སྡུད་པའི་རྣལ་འབྱོར་པ་ཡིས་དུས་ གསུམ་དངོས་པོ་ནམ་མཁའི་དཀྱིལ་དུ་སོན་པར་མཐོང་)། །དེ་བཞིན་དུ་ཤེས་རབ་ཞེས་པ་ནི་<དུ་བ་ལ་སོགས་པའི་> གཟུགས་བརྙན་དེ་ཉིད་སྣང་པའོ། །རྟོག་པ་ཞེས་བྱ་བ་(དུ་བ་ལ་སོགས་པ་)ནི་སྟོང་པའི་དངོས་ པོར་འཛིན་པའོ། །དཔྱོད་པ་ཞེས་བྱ་བ་ནི་(སྣང་སྟོང་)དེའི་དོན་(ཐེ་ཚོམ་མེད་པར་)ངེས་པར་བྱེད་པའོ། ། དགའ་བ་ཞེས་བྱ་བ་ནི་སྟོང་པའི་གཟུགས་བརྙན་ལ་ཆགས་(ཏེ་མ་ཡེངས་པར་བྱེད་)པའོ། །བདེ་ བ་མི་གཡོ་བ་ཞེས་བྱ་བ་ནི་སྟོང་པའི་གཟུགས་བརྙན་(གཟུང་པ་)དང་(དེ་འཛིན་པ<འི་མི་གཡོ་བའི་ 1-1-134 བདེ་བ་དང་>ལྷན་ཅིག་ཏུ་སེམས་བདེ་བ་(མི་གཡོ་བ་)དང་རྩེ་གཅིག་ཏུ་བྱེད་པའི་སེམས་ནི་བསམ་ གཏན་ནོ(བསམ་གཏན་གྱིས་ཀྱང་དེ་ལ་ཤིན་ཏུ་སེམས་བརྟན་བྱས་པས་ཕྱི་རོལ་དངོས་པོ་རྣམ་པར་སྤོང་)། །དེ་ལྟར་ན་ གཟུང་པ(འི་སེམས་)དང་འཛིན་པའི་(སེམས་ཀྱི་)དབྱེ་བས་རྣམ་པ་བཅུའོ། །འདིར་སྲོག་སྡུད་པའི་ ལམ་གཉིས་ཞེས་པ་ནི་(གང་དང་གང་ན་)གཡས་དང་གཡོན་གྱི་ལམ་མོ། །{ཉམས་(ཏེ་མི་འབབ་)[མི་ འབབ་]པར་འགྱུར་གྱི་བར་དུ་བྱ་(སྟེ་)ཞེས་པ་ནི་(རླུང་བཅུ་)འགོག་པའོ། །(གང་དུ་གཞུག་ན་)དབུས་ མའི་ལམ་དུ(ས་མེར་)སྲོག་རྣམས་གཞུག་པ་(སྲོག་རྩོལ་གྱིས་ནི་སྲོག་གི་རླུང་དག་ཉི་ཟླའི་རྒྱུ་བ་བྲལ་ནས་མུན་པར་ རྒྱུ་བར་བྱེད་)དེ་ཡང་རྣམ་པ་བཅུ་སྟེ། (གཡས་གཡོན་གྱི་རླུང་གི་)དཀྱིལ་འཁོར་བཅུ་འགོག་པའི་ཕྱིར་རོ། ། འདིར་ཐིག་ལེ་རུ་ནི་སྲོག་གཞུག་པ་སྟེ་ཞེས་བྱ་བ་ནི་དཔྲལ་བར་སྲོག་གཞུག་པའོ། །(སྣ་བུག་) གཉིས་ཀའི་(ནས་སྙོམས་པར་)འགྲོ་བ་གཞོམ་ཞིང་ཞེས་བྱ་བ་ནི་(ཕྱིར་)འགྲོ་བ་དང་(ནང་དུ་)འོང་བ་ བྲལ་བར་བྱེད་པའོ། །འཛིན་པ་ནི་དཔྲལ་བར་སྲོག་དང༌། སེམས་རྩེ་གཅིག་<ཏུ་འཛིན་>པའི་ དོན་ནོ(༡༽དབུགས་༣༽ཀྱི་འབྱུང་འཇུག་བྲལ་ཞིང་སླར་ཡང་༢༽འཛིན་པའི་ཡན་ལག་གིས་༤༽ནི་ཐིག་ལེར་འཛིན་པར་བྱེད)། ། གང་ཞིག་ལྟེ་བར་གཏུམ་མོར་གྱུར་པས་ཞེས་{བྱ་བ་[པ་]ནི་གཏུམ་མོའི་འོད་ཟེར་གྱིས་(ལུས་ ངག་སེམས་ཀྱི་)སྲིད་པ་གསུམ་གསལ་བའོ། །ངེས་པར་ལུས་དང་ནམ་མཁར་རྗེས་སུ་དྲན་པར་ འགྱུར་(རྗེས་སུ་དྲན་༡༽པས་༣༽རང་གི་གཟུགས་ལས་༢༽ཟླ་བ་བཞིན་དུ་༤༽ནམ་མཁར་འོད་མང་འཕྲོ་བར་བྱེད་)ཞེས་པ་ནི་ (འདོད་པ་བཅུ་སྐྱེ་བའི་དཔེ་)སྔར་གསུངས་པ་རྣམ་པ་བཅུའོ། །ཐབས་དང་ཤེས་རབ་བདག་ཉིད་ཀྱིས་ ཞེས་བྱ་བ་ནི་ཤེས་པ་(ཐབས་)དང་ཤེས་བྱ་(ཤེས་རབ་)གཅིག་ཏུ་(སྟོང་ཉིད་པ་རོ་)མཉམ་པར་གྱུར་ པའོ། །མི་འགྱུར་བའི་བདེ་བའི་དབང་ལས་ཡེ་ཤེས་སྐུ་ནི་ཏིང་ངེ་འཛིན་(ཏིང་ངེ་འཛིན་གྱིས་ཞུ་བ་རྡོ་རྗེ་ ནས་བརྩམས་མགོ་བོ་དྲི་མེད་བདེ་བས་གང་བར་འགྱུར)ཏེ། དེ་ཡང་སྲོག་ལ་སོགས་པ་<རྩ་བ་དང་ཡན་ལག་གི་རླུང་> རྣམ་པ་བཅུ་མེད་པ་ཉིད་ཞེས་བྱའོ། ། ༈ དེ་ལྟར་ན་སྦྱོར་བ་ཡན་ལག་དྲུག་{གིས་[གི་]བསྒྲུབ་པ་འདི་ནི་ཆུང་ངུ་ལ་སོགས་པའི་ 1-1-135 དབྱེ་བ་རྣམས་ཀྱིས་བསྒྲུབ་པ་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ཡང་སྣ་ཚོགས་གཙོ་བོ་དུས་ཀྱི་ འཁོར་{ལོའི་བསྒྲུབ་པའོ[ལོཡིའོ]། །ཕྱག་རྒྱ་གསུམ་ནི་རྣམ་གསུམ་འགྱུར་བའི་དབང་ལས་ [གནས་]སྐབས་གསུམ་ཞེས་བྱ་བ་ནི། འདིར་བྱང་ཆུབ་ཀྱི་སེམས་(འཁོར་ལོ་དྲུག་ཏུ་)འཛག་པར་ འགྲོ་བ་ནི་གནས་སྐབས་ཆུང་ངུ་ཙམ་མོ། །(འཛག་པ་དང་མི་འཛག་པ་གཉིས་ཀའི་ཆ་)མཐུན་པར་འགྲོ་ བ་ནི་གནས་སྐབས་འབྲིང་པོ་ཙམ་མོ། །རྒྱུ་འཐུན་པར་འགྲོ་བ་ནི་གནས་སྐབས་ཆེན་པོ་ཙམ་ མོ། །(གསུམ་པོ་)འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་(ནུ་མ་དང་སྐྲར་ལྡན་པས་)ནི་འཛག་པའི་བདེ་བ་(དང་ འདོད་ཁམས་ཀྱི་དངོས་གྲུབ་)སྟེར་བར་བྱེད་མའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་(སེམས་ཀྱིས་བརྟགས་པས་)ནི་མཐུན་ པའི་བདེ་བ་(དང་གཟུགས་ཁམས་ཀྱི་<བདེ་བ་>)སྟེར་{བར་[མར་]བྱེད་མའོ། །ཕྱག་རྒྱ་ཆེན་མོ་(རྣམ་ པར་རྟོག་པ་དང་བྲལ་བ་པྲ་ཕབ་པ་ལྟ་བུའི་རང་བཞིན་ཅན་གྱིས་)ནི་རྒྱུ་མཐུན་པའི་བདེ་བ་(དང་ཕྱག་རྒྱ་ཆེན་པོ་མཆོག་ གི་དངོས་གྲུབ་)སྟེར་བར་བྱེད་མའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་གིས་ཕྱག་རྒྱ་གསུམ་གྱི་སྦྱོར་ བ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། (གང་གིས་)རྣལ་འབྱོར་པས་(དགོས་པ)སངས་ རྒྱས་ཉིད་ཀྱི་ཆེད་དུ་(གང་ན་)སྦྱོར་བ་[ཡན་ལག་]དྲུག་[པ་]བསྒོམ་{པ[པར་བྱ]འོ།། ༼༡༢༽ །། ༈ ད་ནི་སོ་སོར་སྡུད་པ་ལ་སོགས་པའི་འབྲས་བུ་བརྗོད་པར་བྱ{འོ[་སྟེ]། སོ་སོར་སྡུད་ པ་ཞེས་བྱ་བ་ལ་སོགས་པ་ལ། སོ་སོར་སྡུད་པས་གང་གི་ཚེ་རྣལ་འབྱོར་པ་རྣམ་པར་དག་པ་ ནི་(མཉམ་བཞག་གི་དུས་སུ་དབང་པོ་ཡུལ་ལ་མི་འཕྲོ་བས་)སྟོང་པའི་གཟུགས་བརྟན་པར་གྱུར་པའོ། །དེའི་ ཚེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་ཞེས་{པའི་[པ་ནི་]ཚིག་གིས་མཆོག་སྦྱིན་པ་ལ་ སོགས་པ(འི་ཕྲིན་ལས་)སྟེར་བའོ། ། ༈ མིའི་བདག་པོ་བསམ་གཏན་སྦྱོར་བ་དག་པས་མངོན་པར་ཤེས་པ་ལྔ་རྣམས་ཐོབ་ པར་འགྱུར་བའོ། །ཞེས་བྱ་བ་ནི། འདིར་གང་གི་ཚེ་མིག་འབྱེད་འཛུམས་མི་བྱེད་པར་འགྱུར་ བའི་བསམ་གཏན་གྱིས་དག་པས་དེའི་ཚེ་ལྷའི་མིག་ལ་སོགས་(པ་ཐོབ་པས་བརྟན་གཡོ་ཐམས་ཅད་ 1-1-136 མཐོང་)པར་འགྱུར་རོ། །དེ་ལྟར་བསམ་གཏན་དག་པས་ལྷའི་རྣ་བ་ལ་སོགས་(པ་ཐོབ་པས་སྒྲ་སྣ་ ཚོགས་ཐོས་)པར་འགྱུར་རོ། །སྲོག་དང་རྩོལ་བ་དག་པས་ཞེས་བྱ་བ་ནི། འདིར་གང་གི་ཚེ་རྣལ་ འབྱོར་པའི་(གཡས་)ཉི་མ་དང༌། (གཡོན་)རི་བོང་ཅན་གྱི་ལམ་(ནས་རྒྱུ་བ་)དང་བྲལ་བར་གྱུར་ནས་ རྟག་ཏུ་{དབུ་ུ[དབུས་]མ་ནས་རྒྱུ་བ་དེའི་ཚེ་སྲོག་རྩོལ་གྱིས་{ནི་}(ལས་རླུང་ནང་དུ་བཀག་པས་)དག་ པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པར་བྱེད་ཞེས་བྱ་བ་[པ་]ནི་(བསྟོད་བསྐུར་) བསྔགས་པ་ཉིད་དོ། །འཛིན་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་གཟུང་པར་བྱ་བ་སྟོང་པ་ཉིད་ཀྱི་ གཟུགས་བརྙན་(རྟགས་དང་རྟགས་ཅན་)ལ་འཛིན་པར་བྱེད་པའི་སེམས་ཞུགས་པའོ། །ཉོན་མོངས་ (གཡས་རླུང་དང་)བདུད་(གཡོན་རླུང་)ལ་སོགས་པའི་ཚོགས་རྣམས་(དེའི་ཕྱིར་བདུད་ཅེས་བྱ་བ་ནི་སེམས་ཅན་ རྣམས་ཀྱི་འཁོར་བའི་སེམས་ཀྱི་དྲི་མའོ། །སངས་རྒྱས་ཉིད་ཅེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བའི་སེམས་སོ། །ཞེས་ སོ། །)བཅོམ་པས་<རླུང་གི་འགྲོ་འོང་གི་>སྟོབས་བཅུར་<འཁོར་ལོ་ལྔ་>ཞུགས་པ་ཞེས་བྱ་བ་ནི་སྲོག་ གི་<ཕྱིར་>འགྲོ་བ་དང༌། <ནང་དུ་>འོང་པ་ཟད་པས་གཅིག་ཏུ་<མཉམ་པར་>འདྲེས་པར་གྱུར་ པའོ། །རྗེས་དྲན་རབ་ཏུ་དག་པ་ཞེས་བྱ་བ་ནི། འདིར་གང་གི་ཚེ་སྟོང་པའི་གཟུགས་བརྙན་ ལ་འཁྱུད་པའི་སེམས་དེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་དེའི་ཕྱིར་དག་པའོ། །དེའི་ ཚེ་དྲི་མ་མེད་པའི་འོད་འཕྲོ་བའི་དཀྱིལ་འཁོར་དུ་གྱུར་པའོ། །ཡང་གི་སྒྲས་བ་སྤུའི་བུ་ག་ནས་ འོད་ཟེར་ལྔ་ཕྱུང་སྟེ་འཕྲོས་པས་སོ(དེ་བཞིན་གཤེགས་པའི་འོད་ཟེར་ཁྲི་ཕྲག་བརྒྱད་སྟོང་གི་རྒྱུ་ཡང་འདིའོ)། །ཡེ་ ཤེས་གཟུགས་སུ་{འགྱུར་[གྱུར་]ཞེས་པ་ནི་(སྒྱུ་མ་)<རྒྱུ་མཚན་>སྟོང་པ་ཉིད་ཀྱི་གཟུགས་སུ་ འགྱུར་ཞེས་བྱའོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཞེས་བྱ་བ་ནི་གཟུང་བ(འི་སེམས་)དང་ འཛིན་པའི་སེམས་དག་གཅིག་[ཏུ་]གྱུར་{པའོ། །[པ་ཉིད་ཀྱི་གང་གི་ཚེ་མི་འགྱུར་བའི་བདེ་ བར་གྱུར་པ་དེའི་ཚེ་ཏིང་ངེ་འཛིན་དུ་བརྗོད་དོ། །དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པས་དྲི་མ་ དང་བྲལ་བར་འགྱུར་རོ](རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཆེན་པོ་དེ་གཅིག་པུ་ནི་ཐམས་ཅད་མཁྱེན་པའི་བདེ་བ་སྟེ། གང་ 1-1-137 ཞིག་ཕུང་པོ་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཡུལ་ནི་པྲ་བརྒྱད་ཕབ་པ་ལྟ་བུའོ། །<ཚེ་ལ་དབང་པ་ལས་ལ་དབང་ལ་སོགས་ པའོ>)། །(དུས་)ཅུང་ཟད་(ཀྱི་)ཉིན་མཚན་རྣམས་ཀྱིས་ཞེས་བྱ་བ་ནི་(ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་གི་ཆ་ནས་ བཞག་པ་)ལོ་གསུམ་དང་ཟླ་བ་ཕྱེད་{པ་[དང་]གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཏེ། ཡེ་ཤེས་སྐུ་ ནི་འགྲུབ་འགྱུར་བའོ། །ཞེས་པ་ནི་(ཚེ་ལ་དབང་པ་ལ་སོགས་)དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ ཆུབ་སེམས་དཔར་འགྱུར་ཏེ། སོ་སོར་སྡུད་པ་ལ་སོགས་པའི་ངེས་པའོ།། ༼༡༣་དང་རྐང་པ་༢༽ །། ༈ ད་ནི་འཇིག་རྟེན་དང་འཛིན་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུ་རུ། ལུས་བསྲུང་ པའི་མན་ངག་གི་ཆོ་ག་བརྗོད་པར་བྱ་སྟེ། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་ངེས་ པར་འཁོར་བའི་སེམས་ཅན་རྣམས་སྲོག་དང་ཐུར་དུ་རྒྱུ་{བ་[བའི་]ཇི་ལྟར་(གཡས་ནས་)སྡུད་ པའི་རིམ་པས་(ཕྱི་རུ་འཕེལ་བར་)འགྲོ་བ་དང༌། (གཡོན་ནས་)སྐྱེ་བའི་རིམ་པས་(ནང་དུ་)ལུས་ལ་(འཕེལ་ བར་)འཇུག་པ་དེ་བཞིན་དུ། དེ་ལྟར་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས། བཅོམ་ལྡན་ འདས་ཀྱིས་གསུངས་པ། ཀལྟེ་བའི་ཆུ་སྐྱེས་ཁསྙིང་གམགྲིན་དང༌། །ངདཔྲལ་བ་ཅསྤྱི་གཙུག་ འདམ་སྐྱེས་སུ། །ཀས་ཁཆུ་གམེ་ངརླུང་སྟོང་པ་ལ། །(ལྟེ་བ་ནས་སྤྱི་བོར་)སྡུད་པ་ཡིས་ནི་རབ་ཏུ་འགྲོ། ། (སྤྱི་བོས་ནས་ལྟེ་བའི་བར་)སྐྱེ་བས་ས་ཡི་བར་འཇུག་སྟེ། །འགྲོ་བ་དང་ནི་འཇུག་པའོ། །ཞེས་བྱ་བ་ དང༌། དེ་བཞིན་དུ། ཐུར་དུ་རྒྱུ་བའི་ནུས་པ་ནི། །གལྟེ་ཁགསང་གནོར་བུའི་ཆུ་སྐྱེས་སུ། །ཀསྐུ་ ཁགསུང་གཐུགས་ནི་རྒྱུ་བ་སྟེ། །ཀྂའགྲོ་བ་དང་ནི་ཁྂའཇུག་པ་དང༌། །ཀྂསྡུད་དང་ཁྂསྐྱེ་བའི་རང་ བཞིན་ཅན། །ཞེས་བྱ{་བ}འོ། །རྒྱུ་དེ་ལྟ་བས་ན་དང་པོར་{རྒྱལ་བ་[རྒྱས་པ་]མ་ལུས་པའི་ ལུས་(བསྲུང་)ཏེ། (གང་ན་)ཕུང་པོ་ལྔ་ལ་སོགས་པའི་ལུས་(གང་གིས་ན་)བསྔགས་པ་རྣམས་ཀྱིས་ (གང་གི་ན་)དངོས་གྲུབ་[ཀྱི་]དོན་དུ་(ཇི་ལྟར་ན་)ཡང་དག་པར་བསྲུང་པ་སྟེ། (ཅིའི་ཕྱིར་ན་)ལུས་མེད་ ན་དངོས་གྲུབ་མེད་དེ་བདེ་བ་དམ་པ་ནི་ཟག་པ་མེད་པའི་བདེ་བ་སྐྱེ་བ་འདི་ལ་ཐོབ་པ་ཡོད་ པ་མ་ཡིན་ནོ། །(རྒྱུ་མཚན་)དེ(འི)ཕྱིར་ལུས་ཀྱི་དོན་དུ་ཞེས་བྱ་བ་ལ། ལུས་ཀྱི་དོན་ནི་བྱང་ཆུབ་ 1-1-138 ཀྱི་སེམས་ཏེ། དེ་བསྲུང་བའི་དོན་དུ་(ཇི་ལྟར་བྱ་ན་)ཉི་མ་སོ་སོའི་དུས་སུ་རྩའི་སྦྱོར་བ་བསྒོམ་ པར་བྱ་བ་ཡིས་ཞེས་པ་ནི། (གཡོན་)ལ་ལ་ན་དང་(གཡས་)ར་ས་ན་དག་གི་སྦྱོར་བ་སྟེ། དབུས་ མར་(དེ་གཉིས་ཀྱི་)སྲོག་གི་རླུང་བསྒོམ་པར་བྱ་བ་དང༌། ཐུར་དུ་རྒྱུ་བ་བཤང་བ་དང་གཅི་བ(འི་རྩ་) དང་དུང་ཅན་མར་རྩའི་སྦྱོར་བ་[བྱ་བ་]ནི་ཉིན་ཞག་དུས་ལ་དུས་སྦྱོར་བཅུ་གཉིས་སུ་རྩ(དུང་ ཅན་མ་)འི་སྦྱོར་བ་འདི་བསྒོམ་པར་བྱའོ། །འདི་རྣམས་བསྒོམས་པས་ལུས་{འགྲུབ་[གྲུབ་] པར་འགྱུར་རོ། །ལུས་གྲུབ་ནས་(ནི་)འཇིག་རྟེན་པའི་དངོས་གྲུབ་གཞན་མ་(སྲིད་གསུམ་གནས་སུ་) མངག་གཞུག་(གི་དངོས་གྲུབ་)ཉིད་དུ་རབ་ཏུ་འགྱུར་ཞེས་བྱ་བ་སྟེ། འདི་ནི་འཇིག་རྟེན་པའི་དངོས་ གྲུབ་ངེས་པའོ།། ༼༡༤༽ །། ༈ ད་ནི་རིགས་དྲུག་གི་རྩ་བསྲུང་པ་བརྗོད་པར་བྱ་སྟེ། རྩ་དྲུག་ཞེས་བྱ་བ་ལ་སོགས་པ་ ལ། འདིར་ལུས་ལ་རྩ་དྲུག་དགག་པར་གསུངས་པ་ལམ་ཉིད་རྣམ་པ་གསུམ་དུ་འགྲོ་བ་ཟླ་བ་ ཉི་མ་སྒྲ་གཅན་དབྱེ་བས་སོ་ཞེས་པ་ནི། གཡོན་དང་གཡས་དང་དབུས་མའི་ལམ་དུ་འགྲོ་བ་ སྟེ། སྟེང་དུའོ། །འོག་ཏུ་བཤང་བ་(དྲི་ཆེན་)དང༌། གཅི་བ་(དྲི་ཆུ་)དང༌། ཁུ་བའི་(ས་བོན་གྱི་)ལམ་ དུ་འགྲོ་བ་སྟེ། ཟླ་བ་ཉི་མ་མེའི་དབྱེ་བས་ཞེས་བྱའོ། །(ཉི་ཟླ་)དེ་དག་ལུས་ལ་བསྲུང་པ་ནི་རྣལ་ འབྱོར་པས་སོ། །གང་གིས་ཤེས་པར་བྱ་ན་བླ་མའི་ངེས་པའི་དབང་གིས་ཞེས་བྱ་བ་ལ། བླ་ མའི་ངེས་པ་ནི་ཡན་ལག་དྲུག་གི་རྣལ་འབྱོར་རོ། །དེས་འཆི་བ་ལས་བསྲུང་པར་བྱེད་པ་སྟེ། སྲོག་ཆགས་གང་ལ་འཆི་བ་སྟེར་བ་ཡང༌། (ཉི་ཟླ་)དེ་དག་ལུས་ལ་བསྲུངས་པ་ནི་རྣལ་འབྱོར་ པས་(ཇི་ལྟར་བསྲུང་ན་)དྲུག་རྣམས་སུ་ནི་(དུས་)གང་གི་ཚེ་སྲོག་འཇུག་{གྱུར་[འགྱུར་]ན་ནི་འདི་ དྲུག་ཏུ་སྲོག་བཅུག་པས་མི་རྣམས་ལ་རྒྱུན་དུ་ནི་དུས་ཐམས་ཅད་དུ་འཆི་བ་སྤོང་བ་སྟེ། (དེ་ཡང་) ངེས་པར་ནི་(དྲུག་ལས་ཀྱང་)གཅིག་གི་མཐར་རོ། །དྲུག་པོ་དེ་རྣམས་ཀྱི་ནང་ནས་ཕྲ་མོ་ནི་(ཡེ་ཤེས་ ཀྱི་རྩ་)ཀུན་དྷར་མ་སྟེ་དབུས་མ(འི་)འོ། །(རྒྱུ་མཚན་)དེས་ན་(ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཕྱི་ན་མ་ཡིན་ 1-1-139 ནང་ན་མིན། །སྲོག་གི་དབྱིག་པའི་ནང་ན་གནས། །ཕྲ་ཞིང་ཕྲ་བས་ཡང་དག་སྟེ། །སུམ་ཅུ་རྩ་གཉིས་འདུད་དང་ལྡན། །ཅེས་སོ། །) ཕྲ་མོ་རུ་སྲོག་མི་འཇུག་ན་རྣལ་འབྱོར་པ་རྣམས་འཆི་བའི་ཡུལ་ཉིད་གང་གིས་གཅོད་པར་བྱེད་ ཞེས་བྱ་{བ་}སྟེ། འོན་ཀྱང་(དབུ་མར་སྲོག་མ་བཅུག་ན་)འཆི་བའི་ཡུལ་མི་གཅོད་ཞེས་བྱ་བའི་དོན་ ཏོ།། ༼༡༥༽ །། ༈ ད་ནི་དུས་མ་ཡིན་པར་འཆི་བ་བསླུ་བའི་དོན་དུ་རླུང་བཅིང་བ་བརྗོད་པར་བྱ་སྟེ། ཉི་མ་ ཞེས་བྱ་བ་ལ་སོགས་པ་ལ། འདིར་(དུས་)གང་གི་ཚེ་རྣལ་འབྱོར་{པས་[པ་]དུས་མ་ཡིན་པར་ འཆི་བའི་མཚན་ཉིད་མཐོང་པ་དེའི་ཚེ་(རྩ་བའི་རྒྱུད་ལས། གཡས་པའམ་ནི་གཡོན་པ་ལ། །ཉིན་མཚན་ལྔ་དང་དེ་ བཞིན་གཅིག། །རླུང་ནི་ལྷག་པར་འབབ་པ་ན། །དེས་ན་ལོ་གསུམ་གྱིས་མི་འགྱུར། །ཅེས་དང༌། འཆི་ལྟས་མཚན་ཉིད་ཤེས་བྱས་ ལ། །སྲོག་ནི་ཐིག་ལེར་ངེས་པར་གཞུག ། ཅེས་གསུངས་པས། )ཀཉི་མ་ཁཟླ་བ་དག་ནི་འགོག་པ་ནི། ཀགཡས་ {པ་}དང་ཁགཡོན་པར་རྩ་(གཉིད་ལོག་ཆུང་ངུར་མནན་ནས་)འགོག་པའོ། །ཀམཉམ་དང་ཁམི་མཉམ་ འགྲོ་བ་ཞེས་བྱ་བ་ནི་(གཡས་མཉམ་པ་)ཀསྡུད་པ་དང་སྐྱེ་(གཡོན་མི་མཉམ་པར་)ཁབས་འགྲོ་བ་སྟེ། དབུས་མ་(སྟེང་)དང་ནི་དུས་མེ་(འོག་)ཞེས་བྱ་བ་ནི་སྒྲ་གཅན་དང་དུས་ཀྱི་མེ་སྟེ་དབུས་མའི་རྩར་ གཞུག་པར་བྱའོ། །སྲོག་དང་ཐུར་དུ་རྒྱུ་བ་གཉིས་པོ་དག་ཏུ་ཉིན་ཞག་དང་པོ་སོང་པས་ཞེས་ པ་ནི་ཉིན་ཞག་གཅིག་(དབུས་མར་)སོང་བས་དུས་མ་ཡིན་པར་འཆི་བ་བསླུ་བར་འགྱུར་ཏེ། རྣལ་ འབྱོར་པ་རྣམས་ཀྱིས་སོ། །སྲོག་གིས་ཀུན་ཏུ་གང་བར་བྱ་བ་ཉིད་ནི་དཀྱིལ་འཁོར་ལྔ་རྒྱུ་བའི་ སྲོག་གིས་ཏེ། {དབུ་[དབུས་]མ(ར་བཅུག་པ)འི་སྦྱོར་བས་སོ། །{ལག་རྐང་[རྐང་ལག་]འཐེ་ བོའི་ཚིགས་དང་སེན་མཐར་བཅས་པ་(རླུང་གིས་)གང་པར་བྱའོ། །འཁོར་ལོ་དྲུག་ནི་སྤྱི་གཙུག་ ལ་སོགས་པ་(ནས་གསང་བ་)རུའོ། །སངས་རྒྱས་(གཡོན་གྱི་རླུང་)དང་ནི་ལྷ་མོ་(གཡས་ཀྱི་རླུང་དབུས་སུ་ བཅུག་པས་འཆི་བས་)མི་འཇིགས་(འཇིགས་སྐྱོབ་)ཕྱག་(རྒྱ་)དང་པད་(མ་)འཛིན་(པ་)རྣལ་འབྱོར་པ་ ཡིས་བསྒོམ་ཞེས་བྱ་བ་ནི་གང་འཆད་པར་འགྱུར་བའི་རིམ་པས་ཞེས་བྱ་སྟེ། དུས་མ་ཡིན་པར་ 1-1-140 འཆི་བ་བསླུ་བ་ངེས་པའོ།། ༼༡༦༽ །། ༈ ད་ནི་དུས་མ་ཡིན་པར་འཆི་བ་བསླུ་བའི་ཆེད་དུ་རྩ་{འཆིང་[བཅིང་]པ་བརྗོད་པར་བྱ་ སྟེ། གཡས་ལས་ཞེས་བྱ་བ་ལ་སོགས་པ་ལ། འདིར་(དུས་)གང་གི་ཚེ་རྣལ་འབྱོར་པས་དབུས་ མར་ཉིན་ཞག་(ལྔའམ་)ཅིག་ཏུ་སྲོག་འཇུག་པར་མི་ནུས་{ན་[པ་]དེའི་ཚེ་(ཇི་ལྟར་བྱ་ན་)གཡས་ ཀྱི་དུས་མ་ཡིན་པ(འི་འཆི་ལྟས་བསླུ་བ་)ལ་སྲོག་གཡོན་དུ་ཡང་དག་པར་རྒྱུ་བར་བྱའོ། །གཡོན་གྱི་ དུས་མ་ཡིན་པ(འི་འཆི་ལྟས་བསླུ་བ་)ལ་གཡས་སུ་(སྲོག་)ཡང་དག་པར་རྒྱུ་བར་བྱ་བ་སྟེ། འདིས་ གསུངས་པ་ལྟར(བྱ་བ་ནི)། མཆན་ཁུང་གཡས་དང་གཡོན་དང་(ལག་པ་གཉིས་ཀྱིས་)ནུ་མར་སྟོབས་ ལྡན་བཙིར་ཏེ་སྲོག་ནི་འགོག་དང་བཅས་པ་ཡིས་ཞེས་{བྱ་བ་[པ་]ནི་(གཡས་ནས་ཡོད་ན་རྐང་པ་ གཡས། རྐང་པ་གཡོན་གྱི་ཁར་བསྒྲིལ་བ་ཁ་གཡས་སུ་གཅུས་ཏེ་) {འཆན་[མཆན་]ཁུང་དང་ནུ་མ་གཡས་པ་ བཙིར་(ནས་གཡོན་དུ་འཐེན་)བས་གཡོན་གྱི་རྩར་(སྲོག་)རྒྱུ་བ་དང༌། གཡོན་པ་བཙིར་(ནས་གཡས་སུ་ འཐེན་)བས་གཡས་ཀྱི་རྩ(ར་སྲོག་)རྒྱུ་བའོ། །ཟླ་བ་ཕྱེད་ཀྱིས་(ཀྱང་ནི་)ཞེས་པ་ནི་ཟླ་{བ་}ཕྱེད་དམ་ ཟླ་བ་གཅིག་གི་བར་གྱིས་སོ། །དེ་ལྟར་དུས་མིན་འཆི་བ་སྟེར་ལས་འཇོམས་པ་ནི་རྣམ་པར་ འཇོམས་པར་བྱེད་{པས་ཏེ[པ་སྟེ]། (གང་གིས་འཇོམས་ན་)རྣལ་འབྱོར་ལྡན་པའི་རྣལ་འབྱོར་པས་ ནི་དབུགས་(གཡོན་ནས་)དགང་བ་དང༌། (གཡས་ནས་)དབྱུང་པ་དང༌། (གཉིས་གཅིག་ཏུ་གྱུར་པའི་)བུམ་ པ་(ཅན་)ཞེས་བྱ་སྟེ། དེ་དང་ལྡན་པ་ནི་རྣལ་འབྱོར་དང་ལྡན་པ་ཞེས་བྱའོ། །དུས་མ་ཡིན་པར་ འཆི་བ་བསླུ་བ་ངེས་པ༼༡༧རྐང་༡ཆད༽འོ།། །། ༈ ད་ནི་རླུང་གི་ནད་ལ་སོགས་པ་(རླུང་སྦྱོར་གྱིས་)གཞོམ་པ་བརྗོད་པར་བྱ་སྟེ། ཐུར་དུ་རྒྱུ་ བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལུས་ཀྱི་ལྟེ་བ་(༦༤)དང་གསང་བར་(ཕྱིའི་བཅུ་དྲུག་སྟེ་)སྔར་ གསུངས་པའི་རྩ་བརྒྱད་ཅུས་ནི་རླུང་(ནད་)གི་སྐྱོན་བྱེད་དེ། དེ་རྣམས་ཀྱི་ཁམས་ཞི་བ་ཉིད་དུ་ བྱ་བའི་དོན་དུ་(ཇི་ལྟར་བྱ་ན་)ཐུར་དུ་རྒྱུ་བ་(འཇམ་པོས་)ཀུན་ནས་བསྐུམ་པར་བྱེད་པར་གྱུར་ན་ 1-1-141 སྔགས་པ་རྣམས་ཀྱི་ལུས་(ལ་)མཆོག་(ཏུ་)བདེ་བར་བྱེད་པ་སྟེ། རླུང་ནད་ནི་ཟུག་རྔུ་ལ་སོགས་ པ་མ་ལུས་པ་(རྣམས་)འཇོམས་ཞེས་བྱའོ། །དེ་བཞིན་དུ་དཔྲལ་བ(ར་བཅུ་དྲུག་)དང༌། སྤྱི་གཙུག་ ཏུ་(བཞི་སྟེ་)རྩ་ཉི་ཤུས་བད་ཀན་(ནད་)གྱི་ཉེས་པ་བྱེད་དེ། དེ་རྣམས་ཀྱི་ཁམས་མཉམ་པར་བྱ་ བའི་ཕྱིར། སྲོག་སྡོམ་པར་བྱ་བ་སྟེ། བད་ཀན་ལ་ཞེས་པ་ནི་བད་ཀན་གྱི་ནད་སྐྱེས་པར་གྱུར་ན་ རྣལ་འབྱོར་པས་སྲོག་(རླུང་)དགག་པར་བྱ་ཞེས་བྱའོ། །སླར་ཡང་དེ་དག་རྣམ་པར་བཏང་{པ་ [བས་]མཁྲིས་པའི་ནད་ལ་ཞེས་པ་ལ། མཁྲིས་པའི་ནད་སྐྱེས་པར་གྱུར་ན། དེ་དག་{གིས་ [ནི་]སྲོག་དང་ཐུར་དུ་རྒྱུ་བ་དག་ཕྱི་རོལ་ཏུ་{གཏང་[བཏང་](ལ་དགྲོལ་)བར་བྱ་སྟེ། འཆད་པར་ འགྱུར་བའི་རིམ་པ་ཡིས་སོ། །ཡང་ན་ཕྱིའི་རླུང་(ཁ་ནས་)དྲང་པར་བྱས་ནས་གཟུང་པ་ཉིད་(ཀྱི་ རླུང་སྦྱོར་བྱས་ན་)ནི་ལྕེའུ་ཆུང་{དུ་}ལྕེ་བཀུག་སྟེ། བདུད་རྩི་(ཟིལ་པ་)འབབ་པ་ལ་སོགས་པ་བཏུང་ པར་བྱ་སྟེ། མཁྲིས་པའི་(ཚད་)ནད་མཐའ་དག་མགྲིན་པ(འི་སོ་གཉིས་)དང༌། སྙིང་ཁའི་(བརྒྱད་དེ་) རྩ་རྣམས་བཞི་བཅུས་སྐྱེད་པར་བྱེད་དེ། དེ་རྣམས་ཀྱི་ཁམས་ཞི་བ་ཉིད་དུ་བྱ་བའི་ཕྱིར་སྦྱོར་བ་ དེ་བྱའོ། །སྟེང་དང་འོག་{ནི་[གི་]ཡང་དག་འགོག་པས་འདུས་པ་དང་ནི་རིམས་{ཀྱི་[ཀྱིས་] ནད་རྣམས་བདེ་བར་བྱེད་པ་སྟེ་ཞེས་བྱ་བ་ནི། གསང་བར་(རིམ་པ་གསུམ་གྱི་བར་མ་བཅུ་ན་མ་དྲུག་ སྟེ་)རྩ་བཅུ་དྲུག་གིས་འདུས་པའི་ནད་སྐྱེད་པར་བྱེད་དེ། དེ་རྣམས་ཀྱི་ཁམས་ཞི་བ་ཉིད་དུ་བྱ་ བའི་ཕྱིར། སྦྱོར་བ་སྟེང་འོག་{སྲོག་}གི་རླུང་དང་ཐུར་དུ་རྒྱུ་བའི་རླུང་འགོག་པར་བྱེད་པ་དང༌། རིམས་ལ་ཡང་དེ་ལྟར་(གཉིས་ཀ་འགོག་པར་)བྱེད་པ་སྟེ། རྒྱུ་ཅིའི་ཕྱིར་ཞེ་ན། གང་ལ་ལྟེ་བའི་སྟེང་ དུ་སྲོག་གི་རླུང་རྒྱུ་བ་(ལྟེ་བའི་འོག་ཏུ་)འགོག་པས་ནད་རྣམས་མཐའ་དག་འཇོམས་པའོ། །དེ་ ལྟར་ལྟེ་བའི་རྩར་གཞན་ནི་ལྟེ་བའི་འོག་ཏུ་ཐུར་དུ་རྒྱུ་བ་འགོག་པས་ནད་རྣམས་མཐའ་དག་ འཇོམས་པའོ་ཞེས་བྱ་སྟེ། རླུང་ལ་སོགས་པའི་ནད་ཉེ་བར་ཞི་བར་བྱེད་པ་ངེས་པའོ།། ༼༡༨༽ །། ༈ ད་ནི་ཁོང་པའི་ནད་གཞོམ་{པ་[པར་]བརྗོད་པར་བྱ་སྟེ། ཐུར་རྒྱུ་ཞེས་བྱ་བ་ལ་སོགས་ 1-1-142 པ་ལ། འདིར་ཁོང་པར་(དུས་)གང་གི་ཚེ་རྨུ་ཆུ་ལ་སོགས་པའི་{ཚེ་}ནད་དུ་གྱུར་པ་དེའི་ཚེ། ཐུར་ {རྒྱུའིུ་[དུ་རྒྱུ་བའི་]རླུང་ནི་རྣམ་གསུམ་ལམ་དུ་སོང་བ་ཀུན་ནས་བཅིང་ཞེས་བྱ་བ་ནི་འོག་གི་ བཤང་བ་དང༌། གཅི་བ་དང༌། ཁུ་བའི་ལམ་དུ་སོང་པ(བཅིང་པ)འོ། །དེ་བཞིན་དུ་སྲོག་ཉིད་ སྟེང་དུ་ཡང་ཞེས་པ་ནི་(སྟེང་དུ་གཡོན་)ཟླ་བ་དང༌། (གཡས་)ཉི་མ་དང༌། (དབུ་མ་)མེའི་ལམ་དུ་སོང་ བ་ཡང་ཀུན་ནས་བཅིང་པའོ། །(རླུང་)དེ་དག་ཡང་དག་པར་བསྡུས་པའི་བར་དུ་སྟོབས་ལྡན་ གྱིས་ནི་ལུས་པོ་མ་ལུས་(ཙཎ་ཊ་ལིའི་)མེ་ཡིས་ཁྱབ་པར་བྱས་པ་ན་ཞེས་པ་ནི་ཁོང་པར་མེར་རབ་ ཏུ་གྱུར་པས་མེ་འདིས་སྐྲན་(ནད་)དང༌། མཆིན་ནད་དང༌། གཞང་(འབྲུམ་གྱི་)ནད་{རྣམས་}དང༌། རྨུ་ཆུ་ལ་སོགས་པ་(རྣམས་ནི་)ཟླ་བ་གཅིག་{གི་}སྦྱོར་བས་འཇོམས་སོ། །དབུགས་མི་བདེ་དང༌། གློའི་ནད་དང༌། རྣམ་པ་གསུམ་གྱི་དུག་ཀྱང་ཞེས་བྱ་བ་ནི་བརྟན་པ་(ཕྱི་རོལ་དངོས་པོའི་དུག་)དང༌། གཡོ་བ་<སེམས་ཀྱི་དུག་>དང༌། བཅོས་མ(སྦྱར་དུག་)འོ(ཚ་བ་གསུམ་གྱི་འོད་གུ་དྲིལ་བ་སྲོག་རབ་ཏུ་རྒྱུ་བར་བཅུག་ ན་དུག་རྣམས་མེད་པར་བྱེད་པའོ)། །མིག་གི་ནད་ལ་སོགས་པའི་སྒྲས་{མགོ་བོའི་[མགོའི་]ཟུག་རྔུ་ སྤོང་པ་ཞེས་བྱ་སྟེ། ཁོང་པའི་ནད་ཉེ་བར་ཞི་བ་ངེས་པའོ། ༼༡༩༽ ། ༈ ད་ནི་རྡོ་རྗེ་ཚེར་མ་ཉེ་བར་ཞི་བར་བྱ་བ་བརྗོད་པར་བྱ་སྟེ། ལག་པ་ཞེས་བྱ་བ་ལ་ སོགས་པ་ལ། འདིར་(དུས་)གང་གི་ཚེ་སྡིག་པའི་ནད་(རིམས་)ཀྱིས་འཚེ་བར་གྱུར་པ་དེའི་ཚེ། (རྟགས་ཇི་ལྟར་འགྱུར་ན་)དང་པོར་(ལུས་)ཚ་<ཀྱ་ནད་ཀྱིས་ལུས་པོ་>བར་འགྱུར་བ་དང༌། ལག་པ་དང་ རྐང་པའི་ཚིགས་རྣམས་སུ་ན་བར་འགྱུར་བ་དང༌། མགོ་བོ་ཡང་ན་སྟེ་འདིའི་མཚན་ཉིད་ཤེས་ {པས་[པ་ན་]ནི། ཏིང་ངེ་འཛིན་ལ་དམིགས་པར་བྱའོ། །དེ་ལ་འདིའི་ཆོ་ག་ནི་བུག་པ་མེད་ པའི་ཁྱིམ་དུ་རིམ་ཅན་རབ་ཏུ་ཞུགས་ཏེ། ལག་པ་(གཉིས་)དག་བརྐྱང་(ནས་འཕྱང་)པར་བྱ་བ་ནི་ བརླའི་མཐར་རོ། །རྐང་པ་(གཉིས་)དག་ནི་པད་མ་མཉམ་པར་བྱས་ལ་སྲོག་གི་རླུང་འགོག་པའི་ བུམ་པ་ཅན་དུ་བྱེད་པའོ། །ཇི་སྲིད་ས་ལ་ལུས་པོ་མ་ལྷུང་པའི་བར་དེ་སྲིད་དུའོ། །རིམས་ནད་ 1-1-143 ཀྱིས་ས་ལ་ལྷུང་པར་འགྱུར་རོ། །དེ་ལྟར་{ན་}མ་ལྷུང་པའི་བར་དུ་ཡང་དང་ཡང་དུ་སྲོག་རྩོལ་ བྱ་བ་ནི་ངེས་པའོ། །གཞན་ཡང་རིམས་རྣམས་བྲལ་གྱི་བར་དུ་ནི་ཇི་སྲིད་གྲོལ་གྱི་བར་[དུ་] དེ་སྲིད་དུ་{བྱ་[བྱས]སྟེ། གྲོལ་ནས་མི་བྱ་ཞེས་བྱ་བ་ནི་ངེས་པའོ། །ཡང་དང་ཡང་དུ་ཏིང་ངེ་ འཛིན་ལ་གནས་པས་(ཕན་ཡོན་)འཆི་བའི་འཇིགས་བྱེད་ཚེར་མ་ངེས་པར་རབ་ཏུ་འཇོམས་ཞེས་ སོ། །སྙིང་ཁའི་པད་{མ་[མར་]ཟླ་བའི་སྟེང་དུ་རི་བོང་ཅན་ཉིད་ལྟ་བུའི་<ཡུམ་>སྣ་ཚོགས་ ཡུམ་བསྒོམ་བྱ་ཞེས་པ་ནི་སྲོག་རྩོལ་བཞིན་པས་(འདུག་སྟངས་)རྡོ་རྗེ་པད་མས་<པད་མ་དང་>ཟླ་ བའི་དཀྱིལ་འཁོར་ལ་གནས་པ། ཕྱག་གཉིས་པད་མ་དང༌། {མཆོག་[མཆོད་]སྦྱིན་མཛད་མ་ ཞལ་གཅིག་མར་(བསྒོམ་པར་བྱ་)ཞེས་བྱ་སྟེ། (ཡུམ་གྱི་བསྲུང་སྔགས་བདག་དང་གཞན་གྱི་<ནད་དང་>གནོད་པ་ ཐམས་ཅད་བསྲུང་པ་ལ་གནས་དྲུག་ཏུ་དྲན་པར་བྱ་ཞིང༌། གཞན་བསྲུང་པ་ལ་མིང་སྤེལ་ལ་ཤན་ཏིང་ཀུ་རུ་<ཀུ་རུ་>སྭཱཧཱ་ཞེས་ ངེས་པའོ། །སྡིག་པའི་ནད་ཀྱིས་ཤི་བའི་སྐྱེས་པ་ལ་ཕོའི་ཐོད་པའམ། བུད་མེད་ལ་མོའི་ཐོད་པའམ། དེ་མ་རྙེད་ན་ཇི་ལྟར་རྙེད་པའི་ ཐོད་པ་བརྡར་ཏེ། མི་བསྐྱོད་པ་དང་བསྲེས་ལ་བཏུང་བར་སྦྱིན། (སྲང་<སྲན་>ཆུང་ལ་སོགས་པ་དང༌། ཆུ་གྲང་ལ་ལན་བདུན་ མངོན་པར་བསྔགས་ནས་བཏུང་པར་སྦྱིན། འབྱུང་པོས་ཟིན་པ་ལ། ཚ་བ་གསུམ་དང་ལྷན་ཅིག་མི་བསྐྱོད་པས་བཏགས་ནས་སྦྱིན་ ནོ། །)སྡིག་པའི་ནད་ཉེ་བར་ཞི་བར་བྱ་བ་ངེས་པའོ།། ༼༢༠༽ །། ༈ ད་ནི་མཛེའི་ནད་(གསུམ་)ཞི་བར་བྱ་བའི་ཕྱིར་རིམ་པས་(གསུམ་པོ་)སོ་{སོར་[སོ་]བརྗོད་ པར་བྱ་སྟེ། ཤེས་རབ་ཞེས་བྱ་བ་ལ་སོགས་པ་ལ། (འདིར་)སྔོན་དུ་དུ་བ་ལ་སོགས་པའི་མཚན་ མ་(སྟེ་རྟགས་བཅུ་མཐར་སོན་པ་)སོང་བའི་རྣལ་འབྱོར་ཆེན་པོ་འདིས་སྲོག་རྩོལ་བསྒྲུབས་པ་ནི། ཕྱག་ རྒྱ་(གསུམ་པོ་གང་རུང་)དང་རབ་ཏུ་འདུས་པ་ལས་(རང་གི་<ཁམས་>)བྱང་ཆུབ་སེམས་བབས་པའི་ མི་འགྱུར་བའི་བདེ་བའི་སྐད་ཅིག་(གིས་མཛེ་འཇོམས་པས་ནི་)ཕྱག་རྒྱ་དང་རབ་ཏུ་འདུས་བཞིན་ པས་བྱང་ཆུབ་{ཀྱི་}སེམས་བབས་པའི་བདེ་བ་དང་བཅས་པས་(སྟེང་རྒྱུན་དུ་)སྲོག་(རླུང་)དང་ (འོག་)ཐུར་དུ་རྒྱུ་བ་(ཡང་དག་)འགོག་པ་ལས་ཏེ། སྔགས་པ་རྣམས་ཀྱིས་ལོ་ཕྱེད་ཉིད་ཀྱིས་ལུས་ 1-1-144 ཀྱི་མཆོག་ལ་མཛེ་(བྱུང་ཟིན་ཆུ་སེར་དུ་)དཀར་(ཚོས་སོང་པའམ)འཇོམས་ན་དེ་ལས་གཞན་(དངོས་སུ་མ་ བྱུང་པ་དམར་སོབ་ལ་སོགས་པ་འཇོམས་པ་)ལྟ་ཅི་ཞིག་སྨོས་ནི་གལ་ཏེ་མཛེ་མ་ཆོམས་པ་དེའི་ཚེ། (སྤོགས་ ཆོག་ནི་)རྣལ་འབྱོར་པས་(ལས་ཀྱི་)ཕྱག་རྒྱ་ལོ་བཅུ་དྲུག་མ་བསྟེན་པར་བྱ་བ་ནི། ཉི་མ་རེ་{རེར་ [རེ་]ཤའི་བཟའ་བ་དང༌། ཆང་གི་བཏུང་པ་དང་བཅས་པས་ཟླ་བ་དྲུག་གི་ནང་དུ་(ཕྱག་རྒྱ་)དེའི་ སྐྱེ་གནས་སུ་བསྲུབ་ཅིང༌། (རླུང་)བུམ་པ(ཅན་ལ་སོགས་པ)འི་སྦྱོར་བས་བྱང་ཆུབ་ཀྱི་སེམས་(མ་ འཛག་པར་)རྣམ་པར་བཟུང་པར་གྱུར་ན། མཛེའི་ནད་འཇོམས་པ་སྟེ། འདིར་དེ་བཞིན་གཤེགས་ པའི་གསུང་འདི་ལ་ཐེ་ཚོམ་མེད་{དོ[དེ]། མཛེ་(དམར་སོབ་དཀར་ཚོས་ཀྱི་<རིགས་>)འབའ་ཞིག་ འཇོམས་པ་ནི་མ་ཡིན་ཏེ། དེ་ལྟར་ལོ་གཉིས་རྫོགས་པས་བདུན་ཅུའི་ལོ་ལ་སྐྲ་དཀར་གཉེར་ མར་བཅས་པའི་རྒས་པ(འི་མཛེ་ཁྲ་བོ་)ངེས་པར་འཇོམས་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་མ་ལྷུང་ པར་ཕྱག་རྒྱ་དང་ཡང་དག་པར་སྦྱར་བས་སོ། །དེའི་རྗེས་ལ་ཞེས་པ་ནི་(མཛེ་ནག་ལས་ཀྱི་འཁོར་ལོ་ འཇོམས་པ་<ཡིས་>)རྣལ་འབྱོར་པས་སྦྱོར་བ་འདི་ལྟ་བུ་[བྱ་]སྟེ། (དུས་)ཅུང་ཟད་(ཀྱི་)ཉིན་ཞག་ རྣམས་ཀྱིས་ནི་དུས་ཀྱི་འཁོར་ལོའི་ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་གྱི་ཉིན་ཞག་རྣམས་ ཀྱིས། (སྣ་ཚོགས་སྟོང་པའི་གཟུགས་བརྙན་གྱིས་)ལམ་(སྣང་བ་འོད་གསལ་དང་)སེམས་རབ་ཏུ་(བདེ་བ་རྟོག་མེད་ འོད་གསལ་)འདྲེས་པས་ཕྱག་རྒྱའི་དངོས་གྲུབ་འགྱུར་ཞེས་བྱ་སྟེ། མཛེ་ཉེ་བར་ཞི་{བ་[བར་] ངེས་པའོ།། ༼༢༡༽ །། ༈ ད་ནི་རྒྱབ་ཀྱི་ཟུག་རྔུ་འཇིགས་པར་བྱེད་པ་བརྗོད་པར་བྱ་སྟེ། རྐང་པ་དག་ནི་དཀྱིལ་ ཀྲུང་གནས་པས་ཞེས་བྱ་བ་ལ། རྡོ་རྗེ་དཀྱིལ་ཀྲུང་ནི་གཡས་ཀྱི་བརླའི་སྟེང་དུ་རྐང་པ་གཡོན་ པ་དང༌། གཡོན་པའི་བརླའི་སྟེང་དུ་རྐང་པ་གཡས་པ་བཞག་པའི་རྐང་པ་དེ་དག་རྡོ་རྗེ་དཔུང་ པ་རྒྱབ་ཏུ་བཅིངས་པའི་ལག་པ་གཡོན་པས་རྐང་པ་གཡོན་པ་ནས་འཛིན་པ་དང༌། གཡས་ {པས་[པ་]རྐང་པ་གཡས་{པ་}ནས་འཛིན་པའོ། །རྐང་པ་དེ་དག་ལག་པའི་པད་མས་བཟུང་ 1-1-145 པས་རྒྱབ་ཀྱི་(རླུང་ནད་ཀྱི་)ཟུག་རྔུ་འཇོམས་[པར་]བྱེད་ཞེས་བྱའོ། །སྟེང་དུ་རྐང་པ་དག་དང་ མགོ་བོ་འོག་ཏུ་བྱས་ན་བད་ཀན་ནད་རྣམས་མཐའ་དག་རྣམ་པར་འཇོམས་ཞེས་བྱ་བ་དང༌། རབ་ཏུ་(དྲི་ཆུ་)འཛག་ལ་ཉིན་ཞག་ཅུང་ཟད་རྣམས་སུ་སྲོག་ཉིད་བཀག་ན་གཅིན་ནད་ངེས་པར་ འཇོམས་པར་བྱེད་པ་དང༌། ཐོ་རངས་ཆུ་བྲལ་ཁ་ཉིད་{ནི་}མ་བཀྲུས་པ་ལ་སྲིན་ལག་གིས་ནི་ སོ་རྣམས་རིམ་{པར་[པས་]གསལ་བར་བདར་བ་(བྱུགས་པ་)ཡིས། ༼༢༢༽ མིག་གི་མིག་སྨན་ འགྱུར་ཏེ་མིག་(རབ་རིབ་)གི་སྡུག་བསྔལ་(སེལ་ཅིང་)འཇོམས་པར་བྱེད་དོ། །ཐོ་རངས་(དྲི་)ཆུ་(གྲང་ མོ་)གཏོར་བ་དག་གིས་ཀྱང་མིག་གི་སྡུག་བསྔལ་འཇོམས་པར་བྱེད་དོ། །གན་རྐྱལ་ཉལ་ནས་ ལྟེ་བ་ལག་པའི་པད་མས་རྣམ་པར་བཟུང་ན་ཞེས་པ་ནི། ལག་པ་གཡོན་པས་ལྟེ་བ་འཛིན་པ་ གང་ཡིན་པ་དེ་ཡིས་མ་ཞུ་བའི་ཟུག་རྔུ་འཇོམས་ཏེ་སྲོག་(དང་ཐུར་དུ་རྒྱུ་)སྡོམ་པ་དང་བཅས་པས་ ཞེས་བྱའོ། །སྐྲངས་འབུར་བྱུང་པ་རྣམས་ལ་ཞེས་བྱ་བ་ལ་སྐྲངས་པ་ལ་སོགས་པ་བྱུང་བའི་ དུས་སུ། ཚ་མར་དང་བཅས་པའི་གོས་(རྣམས་)ཀྱིས་བཅིངས་པས་བདུག་ན་འཕེལ་བ་འཇིག་ པར་བྱེད་<དེ་འཕེལ་མི་ནུས་>པ་ཉིད་དོ། །དེ་ལྟར་ཨ་རྒ(<སྟེ་>བུ་མོ་ལོ་བཅུ་གཉིས་མ)འི་འོ་མས་རབ་ ཏུ་བྱུགས་པས་ཀྱང་ཞེས་པ་ནི་སྐྲངས་པ་ལ་སོགས་པ་དབྱུང་{པ་[པའི་]ངེས་པའོ། །ཅུང་ཟད་ སོའི་སྲིན་བུ་ཟུག་རྔུ་དང་བཅས་པ་དེའི་ཚེ་སྟག་ཤིང་ས་བོན་གྱི་ནི་དུ་བ་[སྦུ་གུ་]ལ་སོགས་པ་ {སྦུ་གུ་}ཡིས་{ནི་}བསྡུས་(ནས་བརྡུགས་)ན་སྲིན་སོགས་འཇོམས་པར་བྱེད་པ་སྟེ། སྟག་ཤིང་ནི་ (ཀན་ཏ་ཀ་རི་ཟེར་)ཚེར་མ་ཅན་ནོ་ཞེས་བྱ་སྟེ། སྲིན་ནད་ཉེ་བར་ཞི་བ་ངེས་པའོ།། །། ༈ ད་ནི་ཨ་བ་དྷུ་ཏི་(ཀུན་སྤངས་)པའི་སྨན་བརྗོད་པར་བྱ་སྟེ། འདིར་གང་གི་ཚེ་རྣལ་འབྱོར་ པའི་ཁ་ན་བར་གྱུར་པ་དེའི་ཚེ། མི་བསྐྱོད་པ་ནི་ཅུང་ཟད་དྲོ་བ་ཁར་བཟུང་པར་བྱས་ན་ཁའི་ སྡུག་བསྔལ་ཞི་བར་འགྱུར་རོ། །སོའི་ཟུག་རྔུ་ཡང་ངོ༌། །དང་ཡིག་ལས་ནི་སོའི་སྲིན་བུ་ཡང་ངོ་ (ཁ་ནི་རབ་ཏུ་གདངས་ཏེ་ལྕེ་ཆུང་འཕྱང་བ་ཉིད་ལ་སོར་མོས་ཚ་ལ་དེ་བཞིན་སྦྱར་བར་བྱ་ཞེས་སོ་)། །གང་གི་ཚེ་མགོ་བོ་ 1-1-146 ན་བ་ཡིན་པ་དེའི་ཚེ། ཐོ་རངས་མི་བསྐྱོད་སྣ་ཡིས་འཐུངས་ན་མགོ་བོའི་སྡུག་བསྔལ་འཇོམས་ པར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་སྣ་ཡིས་(དྲི་ཆུ་དྲོན་མོ་བཏུང་ན་){ཆུ་}(ནད་ གྲངས་ན་)ཡང་(ཞི་)ཞེས་བྱའོ། །གང་གི་ཚེ་རྣ་བ་ན་བར་གྱུར་པ་དེའི་ཚེ་གཅིན་དྲོན་མོ་རྣ་བར་རབ་ ཏུ་{བྱུགས[བླུགས་]པ་ན(ཞི)འོ། །མིག་གི་ནད་ལ་མི་བསྐྱོད་པ་(ཟངས་ཀྱི་སྣོད་དུ་)དྲང་པར་བྱས་ཏེ་ མིག་ལ་རབ་ཏུ་བླུགས་ན་གྲངས་ཇི་ལྟ་བ་བཞིན་དུ་(རྣ་མིག་)གཉིས་ཀའི་སྡུག་བསྔལ་འཇོམས་ པ་ཞེས་བྱའོ། །འབྱུང་པོ་ཞེས་བྱ་བ་ལ། འབྱུང་པོ་ནི་{ཡིད་བཏགས་[ཡི་དགས་]ལ་སོགས་ པས་བཟུང་པ་ལ་མི་བསྐྱོད་[པ་]ཚ་བ་(སྒ་སྤོད་པི་པི་ལིང་)གསུམ་དང་ལྡན་པ་སྣ་རུ་བླུགས་ན་བདེ་ བ་སྟེར་བ་དང༌། {སོས་[སོ་]བཏབ་པ་ལ་ཡང་ནི། སྦྲུལ་{གྱི་[གྱིས་]སོས་བཏབ་པ་ལ་ཡང་ བདེ་བ་སྟེར་བར་འགྱུར་ཞེས་བྱ་སྟེ། (རྡོ་རྗེ་འཛ་ཏི་གཞོན་ནུ་མ་དང་ཚ་བ་གསུམ་དང་ཚ་ལ་ལང་ཀ་ལི་དང་དྷེ་ཝ་ད་ ལི་དང༌། །བྷྲ་ཧྨ་ཡ་བག་ཀྵ་ར་ཏ་ཏྲི་ཉི་བྱེད་ལྡན་པ་དང་ནི་མོ་ཤམ་ཀར་ཀོ་ཊ་ཀི་དང༌། །གཤང་དང་ཤ་དང་ཁུ་བ་ཁྲག་མཉམ་པ་ཡང་ མི་བསྐྱོད་པ་ཡིས་སྦྱངས་ནས་རི་ལུ་བྱས་པ་དང༌། །སྣ་རུ་བྱིན་པས་འབྱུང་པོ་འམ་ནི་འབྱུང་མོའི་(རིགས་<རིམས་>བརྟན་པ་དང་ བྲང་འགྲོའི་དུག་རྣམས་འཇོམས། །ཞེས་སོ། །) ཁའི་ནད་ལ་སོགས་པ་ཉེ་བར་ཞི་{བར་བྱ་བ་[བ་]ངེས་ པའོ།། །། ༈ ད་ནི་རླུང་ལ་སོགས་པ(འི་ནད་བཞི་)ཉེ་བར་ཞི་(བར་བྱ་){བ་[བར་]བརྗོད་པར་བྱ་སྟེ། ལན་ཚ་དང་ནི་སྐྱུར་བས་རླུང་རྣམས་རབ་ཏུ་འཇོམས་པར་འགྱུར་ཏེ། མངར་དང་སྐ་བ་(དང་ཁ་བ་) མཁྲིས་པའི་དགྲ། ཁ་བ་(ཏིག་ཏ་སོགས་)མ་ལུས་པ་དང་ཚ་བ་གསུམ་དང་ལྡན་པའི་ཀསྨན་ནམ་ (དེ་བཞིན་བཅུད་ཀྱི་ནི་)ཁཁུ་བ་{བཟའ་}སྟེ་གབཟའ་བ་དང་ཁབཏུང་པས་བད་ཀན་འཇོམས་པར་ བྱེད་པ་ཞེས་བྱའོ། །རའི་འོ་མ་ཚ་བ་གསུམ་དང་ལྡན་པས་བད་ཀན་འཇོམས་པ་སྟེ། མ་ཧེའི་འོ་ མས་མཁྲིས་པའི་དགྲ་ནི་ཤ་ཁ་ར་དང་ལྡན་པས་སོ། ༼༢༥༽ ། རྔ་མོའི་འོ་མས་རླུང་འཇོམས་པ་ ནི་རྒྱམ་ཚ་དང་ལྡན་པས་སོ། །བ་གླང་འོ་མ་མར་གྱིས་སྡུག་བསྔལ་རྣམ་གསུམ་འཇོམས་པ་སྟེ། 1-1-147 གྲངས་ཇི་ལྟ་བ་བཞིན་དུ་རྒྱམ་ཚ་དང་ལྡན་པས་རླུང་དང༌། བད་ཀན་དང༌། མཁྲིས་པ་འཇོམས་ པ་ཞེས་བྱའོ། །མར་ཉིད་ནི་བ་གླང་གི་མར་ཏེ་(རླུང་བད་མཁྲིས་པའི་)སྡུག་བསྔལ་རྣམ་གསུམ་ འཇོམས་ཏེ། <ལ་ཕར་སྣོད་པས་>རིམས་མ་རྟོགས་པ་ཞེས་བྱ་བ་ངེས་པའོ(ཡན་ལག་བརྒྱད་པ་ལས། རླུང་ དང་མཁྲིས་པ་བད་ཀན་ཞི་བྱའི་ཕྱིར། །(ཏིང་<ཏིལ་>མར་སྦྲང་རྩི་མར་གསར་རིམ་བཞིན་བསྟེན། །ཞེས་སོ)།། །། ༈ ད་ནི་ཁ་ལ་སོགས་པའི་ནད་ཞི་བར་བྱ་བའི་དོན་དུ་སྣུམ་བསྐོལ་བ་བརྗོད་པར་བྱ་སྟེ། ཛ་ཏི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཐམས་ཅད་དུ་རྫས་ལས་བརྒྱད་འགྱུར་གྱི་ཆུ་སྟེ། ཛ་ ཏི་ནི་འདབ་མ(འམ་ཕྱེ་མ)འི་བརྒྱད་འགྱུར་གྱི་ཆུ་ལ་ཛ་ཏི་བསྐོལ་བ་{ལ་[ལས་]རྐང་པ་{ལྟག་ [ལྷག་]པ(བཞི་ཆ)འི་ཆུ་ཅུང་ཟད་དྲོ་བས་ཁའི་སྡུག་བསྔལ་ཞི་བར་འགྱུར་ཞིང༌། སོའི་ཟུག་རྔུ་ ཉིད་ཀྱང་ངོ༌། །མར་ཁུ་ནི་ཏིལ་གྱི་མར་ཁུའོ། །དངོས་པོའི་ཆུ་ནི་རའི་ཆུའོ། །དེ་དག་བསྐོལ་ བའི་ལྷག་མ་ཏིལ་གྱི་མར་རྐང་པའི་ཆ་ལུས་པར་ཚ་བ་གསུམ་དང་ཚ་རྣམས་རབ་ཏུ་བྱིན་པ་དེ་ རྣ་བར་བླུགས་ན་རྣ་བའི་ནད་འཇོམས་པར་བྱེད་ཞེས་བྱའོ། །དེ་ལྟར་མར་ནི་བ་གླང་གི་མར་ རོ། །འོ་མ་བརྒྱད་འགྱུར་དང་བསྐོལ་བའི་ལྷག་མ་མར་རྐང་པའི་ཆ་ལུས་པར་ཨ་ཧི་ནི་ན་ག་གེ་ སར་རོ། །དམར་པོ་ནི་གུར་གུམ་སྟེ་སྣ་རུ་བླུགས་པས་དེས་སྣའི་ནད་འཇིག་པ་ཉིད་དོ། ༼༢༦༽ ། ཀར་ཀོ་ཊི་ནི་(འབྲས་བུ་མེད་པས་ན་)མོག་ཤམ་(འདབ་མ་)ཐོང་པ་(འདྲ་བ་)ལྡན་(ཤུ་དག་)དང༌། ཨིན་དྲ་ (ནི་དབང་པོ་ཆུ་ཏིག་ཏ་)རྣམས་བོང་བུའི་ཆུ་དང་བཅས་པས་འབྲས་དང་ཤ་རོ་དག་ལ་བྱུགས་པས་དེ་ དག་རབ་ཏུ་འཇོམས་པ་ཞེས་བྱ་སྟེ། མདོར་བསྡུས་པའི་ངེས་པའོ། །རྒྱས་པར་ནི་(གསོ་བ་)སྨན་ གྱི་བསྟན་བཅོས་ལས་ཤེས་པར་བྱའོ།། །། ༈ ད་ནི་ཚེ(འི་རྒྱུན་)འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ་བརྗོད་པར་བྱ་སྟེ། བཤང་ པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱི་རུ་ཇི་ལྟ་བ་དེ་བཞིན་དུ་ལུས་ལ་ཞེས་བྱ་བའི་གསུང་ གིས་ཏེ། ཕྱིའི་རྫས་ལྔ་དང༌། ནང་གི་རྫས་ལྔ་གཅིག་ཏུ་བྱས་པ་ནི་བདུད་རྩི་ལྔའི་སྦྱོར་བའོ། ། 1-1-148 བདུད་རྩི་ལྔ་པོ་འདི་ཟོས་ན་(ཕན་ཡོན་)རྣལ་འབྱོར་པ་རྣམས་ལ་ཚེ་སྟེར་བར་འགྱུར་རོ། །ཕྱི་རུ་ གཤང་པའི་སྒྲས་{ནི་}བཱཻ་རོ་ཙ་ན་(རྣམ་པར་སྣང་མཛད་)སྟེ་སྟོབས་<དང་>ལྡན་(པའི་)ཞག་(མུ་ཟི་དག་) གོ། ནང་དུ་ནི་བཤང་པ་(དྲི་ཆེན་)ཉིད་དོ། །དེ་དག་ཆ་མཉམ་པར་བྱའོ། །གཅི་བ་ནི་ཕྱི་རུ་ཁྱབ་ འཇུག་དང་རྒྱལ་པོ་དག་སྟེ། བྷྲིང་ཀ་ར་ཙ<བཅུད་སྦྲང་རྩི>འི་ཁུ་བ(བྲང་རྩི)འོ། །ནང་དུ་ནི་གཅི་བ་ (དྲི་ཆུ་)ཉིད་དོ། །ཁྲག་ནི་ཕྱི་རུ་(རྡོ་རྗེ་)ལྷང་ཚེར་དང༌། ནང་དུ་བུད་མེད་ཀྱི་མེ་ཏོག་སྟེ། ཆ་མཉམ་ པ་ཞེས་བྱའོ། །ཁུ་བ་ནི་ཕྱི་རུ་དངུལ་ཆུ་དང༌། ནང་དུ་ནི་ཁུ་བ་(བཅུད་ས་བོན་)ཉིད་དེ། འདི་དག་ཆ་ མཉམ་{པོ་[པོར་]ཞེས་བྱའོ། །མི་ཤ་ནི་ཕྱི་རུ་འབྲས་བུ་གསུམ་དང༌། ནང་དུ་ནི་རྐང་མར་<དང་ ཀླད་པ་>ཏེ་འདི་དག་[ཀྱང་]ཆ་མཉམ་{པོ་[པོའོ་]ཞེས་བྱའོ། །དེ་ལྟར་བཤང་པ་ཆ་གཅིག་ དང༌། ཤ་རྐང་པས་{དམན་[རྨན་]པའི་ཆ་དང༌། ཁྲག་ཆ་ཕྱེད་དང༌། ཁུ་བ་རྐང་པ་གཅིག་ རྣམས་དེ་ལྟར་གཅིག་ཏུ་བྱས་ནས་གཅིན་གྱིས་ལན་བདུན་བསྒོ་བར་བྱའོ། །ཀུན་ནས་ཚ་བ(འི་ ཉི་མ་)ལ་ཡང་ནས་ཡང་དུ་(སྟེ་ལན་བདུན་)བསྐམ་པར་བྱ་བ་ཉིད་དོ། །དེ་ནས་ཉིན་ཞག་སོ་སོ་ལ་ དཀར་ཤ་ཙམ་དང་མར་དང་སྦྲིང་རྩི་ཟོས་ན། (དུས་)ཟླ་བ་དྲུག་{གི་}མཐར་ཚེ་སྟེར་བར་འགྱུར་ (བའི་ཟེར་){རོ[བའོ]། །དེའི་དུས་སུ་(བསྲུང་བྱ་)བུད་མེད་(ལ་སྤྱོད་པ་)དང༌། སྔ་སྔོ་དང༌། ཏིལ་མར་ དང༌། སྐྱུར་བ་དང༌། ཚ་{བ་}རྣམས་(ཟ་བ་)སྤང་ཞེས་བྱ་བ་སྟེ། བདུད་རྩི་ལྔའི་ངེས་པའོ།། །། ༈ ད་ནི་མེ་ཏོག་{སྣས་[སྣར་]བཏུང་པ་བརྗོད་པར་བྱ་སྟེ། བསམ་{བརྟན་[གཏན་]དང་ བཅས་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསམ་བརྟན་ནི་(གང་ན་)དབུས་མར་སྲོག་གཞུག་ པ་སྟེ། དེས་ལྷན་ཅིག་པ་ལ་བསམ་{བརྟན་[གཏན་]དང་བཅས་ཞེས་བྱའོ། །མེ་ཏོག་ནི་བུད་ མེད་ཀྱི་རྡུལ་ལོ། །ཕྱི་རུ་ནི་སྒྲའི་རྒྱལ་པོ་སྟེ་(འབྲིང་ཀ་ར་ཛ་(བུང་པའི་རྒྱལ་པོ)འོ། །དེའི་ཁུ་བཅུད་ <ཡས་མར་ཟ་བ་དང་>མེ་ཏོག་<སྣ་ནས་འབྱུང་པ་>དང་མཉམ་པོར་(སྲོག་དབུས་མར་བཅུག་ནས་འཛིན་འདྲེན་གྱི་) བསམ་{བརྟན་[གཏན་]དང་བཅས་ནི། བསམ་གཏན་དང་བཅས་པས་མེ་ཏོག་(རྩ་དབུས་མའི་ 1-1-149 མ་)སྣ་ཡིས་འཐུངས་པ་ཡིས་<ནི་>(ཕན་ཡོན་)རྒས་པའི་ཡན་ལག་སྐྲ་དཀར་གཉེར་མ་ལ་སོགས་ པ་[རྣམས་](དུས་)ཟླ་བ་དྲུག་གི་མཐར་འཇོམས་ཞེས་བྱ་བ་ནི་{སྣས་[སྣར་]བཏུང་པ་ངེས་ པའོ།། །། ༈ ད་ནི་མར་མེ་ལྔ་བརྗོད་པར་བྱ་སྟེ། མར་མེ་ཞེས་བྱ་བ་ལ་སོགས་པ་{ལ[ནི]། (མར་མེ་ གང་ན་)བ་གླང་[གི་]དང༌། ཁྱི་དང༌། གླང་པོ་ཆེ་དང༌། རྟ་དང༌། མི་རྣམས་ཀྱི་ཤ་སྦྲང་བུའི་སྐྱུགས་ པ་བསྲེས་པ་སྟེ། སྦྲང་{རྩིས་[རྩི་]བསྲེས་པའི་མར་མེ་ལྔ་ཟོས་པ་ཡིས་ནི་(ཕན་ཡོན་རྒས་པའི་)སྡུག་ བསྔལ་མཐའ་དག་འཇོམས་པར་འགྱུར་རོ། །གཞན་སྦྲང་བུའི་སྐྱུགས་པ་ནི་སྦྲང་ཆང་སྟེ། དེས་ ལྷན་ཅིག་པས་སྡུག་བསྔལ་མཐའ་དག་འཇོམས་པར་འགྱུར་ཞེས་བྱའོ། །དེ་ལྟར་བུད་མེད་མེ་ ཏོག་ཁུ་བ་ཉིད་དང་བསྲེས་པ་ནི། སྔར་གསུངས་པའི་ཕྱི་དང་ནང་གི་བདག་ཉིད་ཅན་(དུས་)ལོ་ གཅིག་ཟོས་ན་(རྒས་པ་འཇོམས་ཤིང་ཚེ་སྟེར་)ཞེས་བྱ་སྟེ་སྔར་གསུངས་པ་ངེས་པའོ།། ༼༢༧་དང་རྐང་པ་༡༽ །། ༈ ད་ནི་རོ་(དྲུག་ཟོས་འཐུང་དང་)བཅུད་<ལེན་>མ་ཞུ་(བ་བཞུ་བ་འཇུ་)བའི་སྨན་བརྗོད་པར་བྱ་སྟེ། ཀར་ཀོ་ཏྲི་ཞེས་བྱ་བ་ལ་སོགས་པ་ལ། འདིར་གང་གི་ཚེ་(ཕྱི་ནང་གི་དངུལ་<ཆུ་>ལ་སོགས་པའི་)བཅུད་ ལེན་(ཆེན་པོ་)མ་ཞུ་བར་(སྐྲན་ལ་སོགས་པའི་ནད་དུ་)འགྱུར་བ་དེའི་ཚེ། མོག་ཤམ་ཀར་ཀོ་{ཏི་[ཏྲི་](ཤུ་ དག་)དང༌། འདེ་བ་{འད་[དྷ་]ལི་དང༌། ཚ་བ་གསུམ་(སྒ་པི་པི་ལིང་སྤོད་)དང༌། {འབྲི་[འབྲེ་]བ་ཧ་ ཏི་(ཀན་ཏ་ཀ་རིའི་བྱེ་བྲག་)དང༌། ནིམ་{པ་[པའི་]ལོ་འདབ་དང༌། ཀེ་ར་ཏིའི་ཏིག་ཏ་སྟེ། བརྒྱད་ པོ་འདི་རྣམས་ཆུ་(ཕུལ་བརྒྱད་)དང་བསྐོལ་བས་ལྷག་མ་བརྒྱད་[ཆ་](ཕུལ་གང་){མ་}ལུས་པ་ནི་ བསྐོལ་(བའི་ཁུ་)བར་བརྗོད་དེ། ཆུ(འི་ཁུ་བ་)དེ་ཉིད་ཉིན་ཞག་གསུམ་འཐུངས་པ་ཡིས་(འཇུ་ཞིང་)ཞུ་ བར་འགྱུར་ཏེ། ཇི་{ལྟར་[སྲིད་](མ་ཞུ་བ་)དངས་ནས་(ཤིན་ཏུ་ལྟོགས་པར་གྱུར་ཏེ་)བཟའ་{བར་[བ་] འདོད་པའི་བར་དུ་བསྙུང་པར་གནས་པར་བྱ་ཞིང༌། དེ་ནས་འཕྲོད་པའི་ཟས་བཟའ་བར་བྱའོ། ། 1-1-150 དེ་བཞིན་དུ། ཟླ་བ་(ཡར་)འཕེལ་བའི་(མཚན་མོའི་ཆུ་གྲང་ངམ་སྐར་)ཆུ་ལ་སོགས་པ་འཐུངས་ནས་ ཡང་ཉི་མ་གསུམ་བསྙུང་པར་(གནས་པར་)བྱ་སྟེ། དེ་ནས་འཕྲོད་པའི་ཟས་བཟའ་འོ། །(བ་ཆུ་འམ་ དྲི་ཆུ་)མེ(ས་བསྐོལ་བ)འི་(༡༡)ཆུ་དེ་ཉིད་ཀྱིས་ཉི་མ་རེ་རེ་ཞིང་(ལུས་ཐམས་ཅད་)ཁྲུས་བྱ་བ་དང༌། (༢)དེ་ ཉིད་ཀྱིས་ཟས་བཙོ་བ་དང༌། (༢)དེ་ཉིད་བཏུང་བ་དང༌། (དུས་)ཟླ་བ་དྲུག་གམ། ལོ་གཅིག་གི་ བར་དུ་འོ་མ(འི་བཏུང་བ་)དང༌། (འོ་མས་འབྲས་ཁྲོལ་བཙོས་པའི་)ཟན་བཟའ་བར་བྱའོ། །དེ་བཞིན་དུ་ (ཨ་རུ་རས་བཏུལ་བའི་བོང་ངའི་)དུག་ཆུ་ཡང་(ཇི་སྲིད་<དུ་>)འཕྲོད་པའི་བར་[དུ་]བཏུང་ཞིང༌། རྡོ་(བྲག་ ཤུན་གྱི་)ཆུ་དང༌། (འཐུངས་རེག་རྫི་དུག་གིས་འཆི་བའི་)བྷ་ལ་ཏ་ཀའི་བསེ་ཤིང་གི་(ཞོ་ཡལ་ག་ལས་འཚར་བའི་) དུག་ཆུ་དག་ཀྱང་(བཏུང་)ངོ༌། །དེ་རྣམས་ལས་(གྱི་ཇོ་མ་ཤ་ཀ་བཞི་ཆ་ཟེར་)ཅུང་(དུག་ཆུའི་ཐུན་ཚད་ནི་)ཟད་ (འབྲོ་ཕག་ཟེར་)ཙམ་བཏུང་པར་བྱའི་ལྷག་པར་མ་ཡིན་ཏེ། འཆི་བ་སྟེར་(བར་བྱེད་)བས་སོ། །དེ་ ལྟར་དྲི་ངན་པ་(བདུད་རྩི་དྲི་ཆེན་སོགས་དང་ཤ་ལྔ་མུ་ཟི་དང་ཁྲག་དང་དེའི་མེ་ཏོག་)ཟ་བ་དང༌། ས(འི་ཞག་འདམ་དང་ རྩིགས་ཕྱེ་མ་ཟ་བ)་(འི་བཅུད་རྩ་བ་དང་འབྲས་བུ་སོགས་)དང༌། རྡོ་(ཅོང་ཞི་དང་རྡཻའུ་ཟ་བ་)དང་(ལྷང་ཙེར་ཟ་བ)། རི་ (ལས་){འོང་[བོང་](<དངུལ་ཆུ་དང་(ཆུ་བཅུད་<ཁུ་ཁྲག>)ཟ་བ(འི་རྩ་རྟག་ཏུ་ངུ་ལ་སོགས་པ་)དང༌། གཞན་ ཡང་ཤིང་{ཞུན་[ཤུན་]དང༌། ལོ་མ་(དང་རྩ་<བ་>)ལ་སོགས་པ(ཟ་བ)འི་(ལྟོ་(ར་བཟའ་ཟེར་)བ་ ལའང་(བཞུ་བའི་)ཆོ་ག(འི་རིམ་པ་)འདི་(མཆོག་ཏུ་)བསྔགས་པས་(འཕྲོད་པར་)བྱ་[བ]འོ།། ༼༢༨༽ །། ༈ ད་ནི་(དྲག་ཤུལ་གྱི་)སྟོབས་ཀྱི(ས་བཙན་ཐབས་སུ་འགོག་པའི་)རྣལ་འབྱོར་བརྗོད་པར་བྱ་སྟེ། འདིར་(སྲོག་རྩོལ་བཙན་ཐབས་མ་ནི་)གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པ་(བསམ་གཏན་)རྣམས་ཀྱིས་ སྟོང་པའི་གཟུགས་བརྙན་མཐོང་ཡང་སྔགས་པ་རྣམས་{ཀྱི་[ཀྱིས་]འདོད་པའི་དངོས་གྲུབ་ གལ་ཏེ་(བྱང་སེམས་)མི་འགྱུར་བའི་སྐད་ཅིག་[མ་]སྐྱེས་པར་མ་གྱུར་ན་སྲོག་མ་བསྡམས་པ(འི་ སྐྱོན་)སྟེ། དེའི་<སྲོག་རྩོལ་>ཚེ་སྒྲ་(རྗོད་མེད་)ཙམ་(གྱི་སྲོག་རྩོལ་སྒྲ་རིངས་)གོམས་པས་<ཐིག་ལེ་འཛིན་འདྲེན་> ནི་འཆད་པར་འགྱུར་བས་སོ། །(རྗེས་དྲན་བཙན་ཐབས་མ་ནི་)རྡོ་རྗེ་ནོར་བུའི་བྱང་ཆུབ་ཀྱི་སེམས་ 1-1-151 ཀྱི་ཐིག་ལེ་ཤེས་རབ་ཀྱི་ཆུ་སྐྱེས་སུ་འགྲོ་བ་(ཉི་ཟླའི་ལམ་བཙན་ཐབས་སུ་)སྟོབས་ཀྱིས་<བཀག་ནས་ རླུང་>སྲོག་དབུས་མར་རྒྱུ་བར་བྱས་ཏེ་འགོག་པ་ལས་(བྱང་སེམས་)མི་འགྱུར་བའི་སྐད་ཅིག་མ་ བསྒྲུབ་པར་བྱ་སྟེ། (དྲག་ཤུལ་གྱི་)སྟོབས་ཀྱི་རྣལ་འབྱོར་གྱིས་(བཙན་ཐབས་སུ་བྱང་སེམས་)མི་འཛག་ པར་བྱའོ། ༼རྐང་པ་༢༽ ། ༈ མི་མཆོག་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་ནི་གོ་སླའོ། ༼༢༩ ༣༠ ༣༡༽ ། ༈ ད་ནི་(རྡོ་རྗེ་བཞིའི་)རྣལ་འབྱོར་བསྡུ་བ་བརྗོད་པར་བྱ་སྟེ། དབུས་སུ་སྲོག་ཞེས་བྱ་བ་ལ་ སོགས་པ་ལ། འདིར་དང་པོ་རྣལ་འབྱོར་པས་དབུས་སུ་སྲོག་གཞུག་པ་ནི། (གང་དུ་ན་)ཨ་བ་དྷུ་ ཏིར་(གང་ན་)སྲོག་(རླུང་)བཅུག་པར་བྱས་ནས་མཚན་མ་(སྟེ་རྟགས་)གང་ཞིག་(སོ་སོར་སྡུད་དང་བསམ་ གཏན་དུ་)མཐོང་པར་གྱུར་པ་དེ་དཔལ་ལྡན་བླ་མ་སངས་རྒྱས་ཀྱི་སྐུ། རྡོ་རྗེའི་ཞལ་དང་པོ་རུ་ བརྗོད་པར་བྱ(སྟེ་གཞའ་ཚོན་ལྟ་བུའི་ལུས་གྲུབ་པས་<སོ་>)འོ། །དེ་ནས་ཉི་མ་དང་བཅས་ནི་གཡས་ཀྱི་ རྩ་རུ་འགྲོ་བ(འི་སྲོག་)དང༌། ཟླ་བར་གྱུར་པ་ནི་གཡོན་གྱི་རྩ་རུ་འགྲོ་བའི་སྲོག་(སྟེ་རླུང་དབུས་མར་) བཅིངས་{པ་[པར་བྱ་བ་]ངེས་པ་སྟེ། སྲོག་སྡོམ་པ་<དང་འཛིན་པ་>གཉིས་པ་གསུང་རྡོ་རྗེ(སྟེ་ གཞོམ་དུ་མེད་པའི་ངག་གྲུབ་པས་<སོ་>)འོ། །(རང་སེམས་ཐབས་ལྡན་ལ་བརྟེན་ནས་ཕྱག་རྒྱ་ཆེན་མོ་གཅིག་སྦྱོར་གྱི་སྦྱོར་བ་ བསྒོམ་པ་ནི་)ཕྱག་རྒྱ་དང་ནི་སྦྱོར་བའི་སེམས་ཀྱིས་ནི། (སྣ་ཚོགས་སྟོང་)གཟུགས་ལ་(སེམས་)རྗེས་སུ་ ཆགས་པས་བྱང་ཆུབ་ཀྱི་སེམས་ཞུ་བ་མཆོག་ཏུ་བདེ་བར་གྱུར་པ་(རླུང་བཀག་པ་)རྡོ་རྗེ་ཡང་དག་ སད་པ་དང་ཞེས་པ་ནི་གསུམ་པ་ཐུགས་རྡོ་རྗེའི་ཞལ་ལོ(རྗེས་དྲན་གྱི་བྱང་སེམས་ཀྱི་བདེ་བ་འགྲུབ་པས་སོ)། ། དེ་ནས་(སྟོང་)གཟུགས་ཀྱི་སྒོ་ནས་དགའ(བ་སྐྱེ་)བར་མ་གྱུར་པ་དེ་ལྟ་ན། (གཞན་ལུས་ཐབས་ལྡན་ལ་ བརྟེན་ནས་ལས་ཀྱི་ཕྱག་རྒྱ་སྙོམས་འཇུག་གི་སྦྱོར་བ་བསྒོམ་པ་ནི། ཡབ་ཡུམ་ལྷར་བསྐྱེད་ནས་གནས་དྲུག་དང་མཁའ་གསང་བྱིན་ གྱིས་བརླབ་པར་བྱ་སྟེ་)བདེ་བ་དམ་པའི་དོན་དུ་(ཤེས་རབ་ཀྱི་)པད་མར་<ཐབས་ཀྱི་>རྡོ་རྗེ་བསྐྱོད་དམ་ 1-1-152 (བསྒྲུབ་<སྲུབ་པ་>)ནི་དལ་བུས་བྱའོ། །འོན་{ཀྱང་[ཏེ་](མཚན་ཉིད་དང་ཆོས་དང་ལྡན་པའི་)བུད་མེད་མ་ རྙེད་པ་དེ་ལྟ་ན་(རང་ལུས་ཐབས་ལྡན་ལ་བརྟེན་ནས་ཡེ་ཤེས་ཕྱག་རྒྱ་ལྷ་དམིགས་ཀྱི་སྦྱོར་བ་བསྒོམ་པ་ནི་)རང་གི་ལག་ པའི་པད་མས་གསོར་བར་བྱ་སྟེ། བདེ་བ་མི་འཛག་པའི་དོན་དུ་བྱའི། ལྟུང་བའི་ཕྱིར་ནི་མ་ ཡིན་ནོ། །དེ་ལྟར་(ཕྱག་རྒྱའི་འམ་ཕྱིར་)ས་བོན་མ་བཏང་བས་མ་ལྷུང་པར་(ཡར་བསྟན་པར་)གྱུར་པའི་ བདེ་བ་དེ་ནི་འཆི་བའི་འཇིགས་པ་འཇོམས་པ་དཔལ་ལྡན་བླ་མའི་ཞལ་ཞེས་པ་ནི་བཞི་པ་ཡེ་ ཤེས་རྡོ་རྗེ་(སྟེ་ཏིང་ངེ་འཛིན་གྱི་བདེ་སྟོང་དབྱེད་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པས་<སོ་>)ཉིད་དོ། །(དཀར་པོ་འཇིག་ རྟེན་གསུམ་གྱི་མགོན་པོ་རི་བོང་འཛིན་པ་ལས་འཛག་འཇིག་རྟེན་སྤྱི་བོའི་སྟེང་གནས་པའི། །བདུད་རྩིས་འཆི་བ་བཤིག་ནས་སྲིད་ པའི་འཇིགས་པ་འཇོམས་པར་བྱེད་པ་ཐིག་ལེའི་གཟུགས་ལ་ཕྱག་འཚལ་ལོ། །ཅེས་སོ། །)འདི་ནི་(སྲོག་རྩོལ་བཙན་ཐབས་ཀྱི་) རྣལ་<སྒྲ་རིངས་>འབྱོར་གོམས་པ<ས་བྱ་བ>འི་ངེས་པའོ། ༼༣༢༽ ། ༈ སྣང་བ་ལ་གནས་ཞེས་{བྱ་བ་[པ་]ལ་སོགས་པའི་ཚིགས་སུ་བཅད་པ་དྲུག་ནི་གོ་ སླའོ། ༼༣༣ ནས་༣༨ གྱི་བར༽ ། ༈ ད་ནི་[འཇིག་རྟེན་དང་]འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ལམ་ བརྗོད་པར་བྱ་སྟེ། བླ་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བླ་མའི་(མན་ངག་གི་)ངེས་པའི་ དབང་གིས་སྟོང་པར་དུ་བ་ལ་སོགས་(པའི་ལམ་དང་འོད་ཟེར་གྱི་ལམ་)ཞེས་པ་ནི་(སོ་སོར་སྡུད་པ་ལ་སོགས་) འཆད་པར་འགྱུར་བའི་རིམ་པས་སོ(དཔལ་དོན་དམ་བསྙེན་པ་ལས། བླ་མའི་དྲིན་དག་གིས་ནི་སྨིག་སྒྱུ་ལ་སོགས་ པའི། །ཁྱད་པར་འཕགས་པའི་ལམ་ལ་རབ་ཏུ་འཇུག་པར་འགྱུར། །ཞེས་གསུངས་སོ)། །གཟུགས་བརྙན་ལམ་ནི་ བསྒོམ་པར་བྱ་ཞེས་པ་ནི་སེམས་རྣམ་པ་སྣ་ཚོགས་པ་དང་ལྡན་པའི་ཞེས་བྱའོ། །དེ་ནས་རྩའི་ འཁོར་ལོ་རྣམས་སུ་ནི་མཐའ་རུ་སྟེ། སྲོག་དང་ཐུར་དུ་རྒྱུ་བའི་རླུང་རྣམས་ཡང་ནི་བརྟན་པར་ བྱ་ཞེས་པ་ནི་(གང་དུ་ན་)ལྟེ་བའི་འཁོར་ལོར་(གང་གིས་ན་)རྣལ་འབྱོར་པས་སོ། །གཞན་ཡང་ཟླ་ བ་གཟའ་ཡིས་འགོག་པ་ནི་(དཔེ་)སྒྲ་གཅན་གྱིས་(ཟླ་བ་)འཛིན་པར་བྱེད་པ་བཞིན་དུའོ། །(གང་ 1-1-153 ན་)བྱང་ཆུབ་ཀྱི་སེམས་ཀྱང་(གང་གིས་ན་)རྣལ་འབྱོར་པས་ནི་(སྟེ་རླུང་)སྲོག་དང་(འོག་རླུང་)ཐུར་ དུ་རྒྱུ་བ་དག་ཕན་ཚུན་ཡང་དག་པར་(དབུས་མར་)སྦྱོར་བ་ནི་རྣལ་འབྱོར་ཏེ། དེ་གང་ལ་ཡོད་ པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་འཛག་པའི་སྐད་ཅིག་མ་འགོག་པས་ཉེ་བར་ཞི་བ་ སྟེ། རྒྱུ་མཐུན་པ་ལ་སོགས་པའི་མི་འགྱུར་བར་བྱེད་ཞེས་བྱའོ། །གང་ཞིག་དེ་ལས་ཁྱད་པར་ འདོད་པ་ཞེས་བྱ་བ་ནི། (རྣལ་འབྱོར་པ་)གང་ཞིག་དེ་ལས་(ལྟེ་བར་)རྒྱུ་མཐུན་(ངོ་བོ་ཉིད་སྐུ་ུས་བཞི་)པ་ དང༌། (སྙིང་ཁར་)རྣམ་པར་སྨིན་པ་(ཆོས་སྐུ་ས་དྲུག་)དང༌། (མགྲིན་པར་)སྐྱེས་བུ་བྱེད་པ་(ལོངས་སྐུ་ས་བརྒྱད་) དང་(དཔྲལ་བར་དྲི་མ་)བྲལ་བ་(སྤྲུལ་སྐུ་ས་བཅུ་པ་)རྣམས་ལས་ཁྱད་པར་ནི་བརྗོད་དུ་མེད་པ་འདོད་ པ་སྟེ། (དུས་)ཅུང་ཟད་(ཀྱི་)ཉིན་ཞག་རྣམས་ཀྱིས་སྐྱེ་བ་འདིར་ཞེས་པ་ལ། ཅུང་ཟད་ཉིན་ཞག་ རྣམས་ནི། དུས་ཀྱི་འཁོར་ལོའི་ལོ་གསུམ་དང༌། ཟླ་བ་ཕྱེད་པ་གསུམ་གྱི་ཉིན་ཞག (ལོ་བཅུ་པའི་ ཡེ་ཤེས་ཀྱི་(རླུང་<སྐུ་>དང་ཆ་མཉམ་)དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་(ས་བཅུ་གཅིག་དང་བཅུ་ གཉིས་པ་)ཐོབ་པར་འགྱུར་ཏེ། ཕུང་པོ་འདི་རྣམས་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་ རྣམས་ཀྱིས་སྦྱངས་པས་ཞེས་བྱའོ(སྟོང་ཉིད་ཡེ་ཤེས་ཀྱིས་ཤེས་ལ། །རྣམ་པར་དག་པ་མི་འགྱུར་བའོ། །མཚན་མེད་ ཡེ་ཤེས་ཀྱིས་ནི་སེམས། །དག་པའི་ཆོས་དག་གཉིས་མེད་པའོ། །སྨོན་མེད་ཡེ་ཤེས་ཀྱིས་ནི་གསུང༌། །དག་པའི་སྔགས་ནི་མི་ བཟད་དབྱངས། །དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་དག་པ་དྲི་མ་མེད། །ཅེས་པས་སོ)། །བསྒོམ་པ་དེ་ཉིད་ རྩ་བའི་རྒྱུད་ཀྱི་ཡེ་ཤེས་ལེའུ་ལས། (སོ་སོར་སྡུད་པ་)སེམས་ནི་གཡོ་བ་མེད་བྱས་ནས། །<དང་པོ་ ལམ་ལ་དྲུག་ལས་སོ་སོར་སྡུད་པ་>དུ་བ་ལ་སོགས་{(པའི་)རྣམ་(པ་མཐོང་པ་)བསྒོམ་བྱ། །(བསམ་གཏན་སྟོང་ ཉིད་ལས་)མཆོག་ཏུ་མི་འགྱུར་}བསྒོམས་པ་ཡིས། །<བསམ་གཏན་>དབུ་མ་ཡོངས་སུ་(དག་པར་) སྦྱང་{ཞིང་བྱ་[བྱ་ཞིང་]། །<སྟོང་ཉིད་ལས་>མཆོག་ཏུ་མི་འགྱུར་<བའི་སྣ་ཚོགས་གཟུགས་>བསྒོམ་ པར་བྱ། །(སྲོག་རྩོལ་)གསྲོག་ནི་ཐིག་ལེར་གཞུག་པར་བྱ། །ཐིག་ལེ་<བཞི་པོ་>འཁོར་ལོ་(དྲུག་པོ་) རྣམ་(པ་)རིམ་པས(སོ)། །(འཛིན་པ་བྱང་སེམས་)འཕོ་བ་རྡོ་རྗེར་བཀག་(ཏེ་བཟུང་)པ་ཡིས། །མཚན་ 1-1-154 མ་འཕྲང་པོ(ར་གྱུར་པ)འི་རྣལ་འབྱོར་གྱིས། །(རྗེས་དྲན་<གྱི་>ཤེས་རབ་ཀྱི་)པད་མར་(ཐབས་ཀྱི་)རྡོ་ རྗེ་རབ་བཅུག་ནས། །ངགྱེན་དུ་བྱང་སེམས་རྒྱུན་དུ་བྱ། །(ཏིང་ངེ་འཛིན་)ཕྱག་རྒྱ་ཆེ(ན་མོ་)ལ་རབ་ འཁྱུད་པས། །(བདེ་སྟོང་)རྡོ་རྗེ་(མར་)འབེབས་པར་(ཡར་)བྱིན་གྱིས་བརླབས། །(གཉིས་པ་འབྲས་བུ་) སྟོང་ཕྲག་ཉི་ཤུ་རྩ་གཅིག་དང༌། །དྲུག་བརྒྱ་མཆོག་ཏུ་མི་འགྱུར་བ། །{སྐད་ཅིག་(གིས་རྫོགས་པར་) གང་(པའི་དུས་)ལ་མི་ཡི་བདག(ཉིད་ནི་སངས་རྒྱས)[སྐད་ཅིག་གང་ལ་<རྫོགས་ཤིང་>རྒྱལ་པོ་<སེམས་ ཅན>ཀྱེ། <དེ་ཉིད་ནི་སངས་རྒྱས>]རྡོ་རྗེ་(ཐབས་)སེམས་{དཔའ་[པར་](ཤེས་རབ་གཉིས་སུ་མེད་པར་) བདག་ཉིད་(དུ་)འགྱུར(རོ)། །ཞེས་བྱ་བ་ངེས་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ ལམ་(འབྲས་)ངེས་པའོ།། །། ༈ ད་ནི་(ཐུན་མོང་གི་)ལས་བསྒྲུབ་པ་ཐམས་ཅད་ཀྱི་དང་པོ(འི་རྒྱུ)ར་བྱ་བ(འི་ངེས་པར་)བརྗོད་ པར་བྱ་སྟེ། དང་པོར་ཞེས་བྱ་བ་ལ་སོགས་པ་ལ། འདིར་རྣལ་འབྱོར་པས་དང་པོར་འབད་ པས་བླ་མའི་(སྦྱོར་བ་དྲུག་<གི་>)མན་ངག་ལས་བསྒྲུབ་པར་བྱ་སྟེ། (གང་ན་)དཔལ་དུས་ཀྱི་འཁོར་ ལོ་ཞེས་བྱ་བ་ནི། སྲོག་གི་རླུང་དབུས་མར་རྒྱུན་དུ་རབ་ཏུ་གཞུག་པ་ལ་བྱའོ། །{འདིར་}སྲིད་ གསུམ་སྐྱེད་མཛད་ཅེས་པ་ནི་(དམིགས་པ་དང་བཅས་པའི་)སྟོང་པ་ཉིད་ཀྱི་གཟུགས་བརྙན་ཏེ། སྲོག་ (དབུས་སུ་གཞུག་པ་)དང་གཟུགས་བརྙན་(མཐོང་པ་)གཉིས་འབད་པས་བསྒྲུབ་པར་བྱས་པ་དང༌། ཕྱི་ ནས་ས་སྟེང་གནས་སུ་གྱུར་པར་ཞི་བ་ལ་སོགས་<པའི་འཕྲིན་>ལས་རྣམས་(དབང་ལེར་)གསུངས་ པ་(བཅུ་གཉིས་པོ་)གང་ཞིག་རྣམས་བསྒྲུབ་པར་བྱ་སྟེ་ནི། འདིར་དཔེར་ན་ཕ་དང་<ཕ་འདྲ་བ་>མ་ དག་བྲལ་བའི་བུ་ཉིད་འགྲུབ་པར་མི་འགྱུར་བ་ནི་འཇིག་རྟེན་པ་རྣམས་ནི་ཀུན་ལ་གྲགས་ [སོ]། །(རྒྱུ་མཚན་)དེ་ཕྱིར་བདེ་མཉམ་འབྲས་བུ་སྟེར་བ་(ཕ་མ་དང་འདྲ་བ་)གཉིས་པོ་བསྒྲུབ་པར་ བྱ་བ་ནི་(ཕ་འདྲ་བ་)སྲོག་དང་(མ་འདྲ་བ་)གཟུགས་བརྙན་ནོ། །(དེ་གཉིས་ལས་)གཞན་དུ་(བུ་དང་འདྲ་བའི་ འཕྲིན་)ལས་རྣམས་<ཅུང་ཟད་ཀྱང་ནི་>འགྲུབ་པ་མིན་ནི་གཟུགས་བརྙན་(ལམ་དུ་བྱ་བ་)དང་སྲོག་(རླུང་ 1-1-155 དབུས་མར་གཞུག་པ་དག་)གིས་བསྒྲུབ་པར་བྱ་བ་ངེས་པའོ(སྒྲུབ་ལེའི་བརྒྱ་ང་དགུ་པ་ལས། རྣལ་འབྱོར་པ་ཡིས་དང་ པོར་དཔལ་ལྡན་སྔགས་དང་ཁྱབ་བདག་སངས་རྒྱས་གཟུགས་བརྙན་རྣམས་ནི་བསྒྲུབ་པར་བྱ། །ཕྱི་ནས་ཡོན་ཏན་དབང་ལས་ཉི་ མའི་དབྱེ་བ་ལ་གནས་དཔག་ཏུ་མེད་པའི་ལས་རྣམས་འགྲུབ་པར་འགྱུར། །སྔགས་དང་གཟུགས་བརྙན་མ་གྲུབ་པ་ན་སྲིད་གསུམ་ གནས་སུ་ཅུང་ཟད་ཀྱང་ནི་འགྲུབ་པར་འགྱུར་བ་མིན་པར་ངེས། །དེ་ཕྱིར་རང་གི་སེམས་ལ་རྟོག་པ་བྲལ་བས་སྔགས་དང་གཟུགས་ བརྙན་བསྒྲུབ་པར་བྱའོ་རྒྱལ་པོ་ཀྱེ། །ཞེས་སོ)།། །། ༈ ད་ནི་སྲོག་རྩོལ་(ཐལ་བ་ཉིད་)གྱི་{ཉེས་[ངེས་]པ་བརྗོད་པར་བྱ་སྟེ། འདིར་ལུས་ལ་ སྔགས་པས་སྲོག་རྩོལ་རབ་ཏུ་བྱ་བ་ཞེས་པ་ནི་(བཙན་ཐབས་)བུམ་པ་ཅན་དུ་རབ་ཏུ་བྱ་བ་སྟེ། (ཇི་ ཙམ་བྱ་བར་བྱ་ན་)སྙིང་ཁ་དང་ནི་དེ་བཞིན་མགོ་བོ་ཇི་སྲིད་མེར་གྱུར་བར་དུ་སྟེ་ཞེས་པ་ནི། སྙིང་ ཁ་ཚ་བ་དང༌། (དེ་བཞིན་དུ་)མགོ་བོ་ན་བར་[གྱུར་]གྱི་བར་དེ་སྲིད་དུ་སྟེ། དེ་ལས་ལྷག་པར་མི་ བྱ[འོ་ཞེས་བྱ་]བ་ནི་ངེས་པའོ། །གལ་ཏེ་དེའི་སྟེང་དུ་སྟོབས་ཀྱིས་རྩོལ་བ་མི་བྱ། བྱས་ན་(ཅི་ འགྱུར་ན་)པད་མར་ཤིན་ཏུ་བརྒྱལ་བར་གྱུར་ནས་ཀྱང་ནི། ལྟེ་བའི་པད་མར་སྲོག་བརྒྱལ་(ཏེ་དྲན་ པ་ཉམས་ནས་རླུང་གིས་ལྟེ་བ་ལ་སོགས་པའི་པད་མ་རྣམས་ཕུག་ནས་འགྲོ་)བར་འགྱུར་ཞེས་བྱའོ། །སྤྱི་གཙུག་ དབྱེ་བ་བྱས་ནས་(འཕོས་ན་རླུང་གིས་)ཕུང་པོ་དང་ནི་ཁམས་[རྣམས་]རྣམ་པར་སྤངས་ཏེ་ཤི་བར་ གྱུར་པ་ན། དེ་ལྟ་བས་ན་(ཚེ་གཅིག་)ཕྱག་རྒྱ(ཆེན་པོ)འི་སྦྱོར་བ་རབ་ཏུ་(སྒོམ་འཕྲོ་བའི་རྟེན་)ཞིག་པས་ སྐྱེས་བུ་རྣམས་ལ་ཚེ་(ལུས་གཅིག་པོ་)འདིར་བདེ་མཉམ་འབྲས་བུ་[ངེས་པར་]སྟེར་བ་མིན་(སྟེ་ཚེ་ འཕོས་ནས་སྟེར་བར་ངེས་པའོ)ཞེས་པ་ནི་སྲོག་རྩོལ་(བཙན་ཐབས་)<ཚད་ལས་>ཐལ་ཆེས་(གྲགས་)པ་སྟེ། སྲོག་རྩོལ་གྱི་ཉེས་པའོ། ། ༈ ཉིན་མཚན་དུས་སུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ༼༤༢༽ ། ༈ ད་ནི་སྟོང་པ་ཉིད་ཀྱི་སྐུ་བསྒྲུབ་པའི་དོན་དུ་ལྟ་སྟངས་བརྗོད་པར་བྱ་སྟེ། བསྙེན་པར་ ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྙེན་པར་ཞེས་བྱ་བ་ནི་དང་པོར་དུ་བ་ལ་སོགས་པའི་ 1-1-156 མཚན་མ་བསྒོམ་པ་(རྣལ་འབྱོར་པ་)དེའི་བསྙེན་པ་སྟེ། རྣལ་འབྱོར་པ་ཡིས་(ནམ་མཁར་)དུ་བ་ལ་ སོགས་པ<བཅུ>འི་མཚན་མ་འཛིན་པའོ། །དེ་ཡང་རྣམ་པ་བཅུ་སྟེ་དུ་བ་ལ་སོགས་པ་(རྟགས་ བཅུ་)དང་སེམས་ལྷན་ཅིག་ཡིད་ཆེས་པར་འགྱུར་བ་དེས་ན་རྣམ་པ་བཅུའོ། །དེ་ཡང་འཁོར་ལོ་ ཅན་གྱི་ཞེས་བྱ་བ་ནི་ཁྲོ་བོ་གཙུག་ཏོར་ཅན་གྱི་ལྟ་སྟངས་ཏེ། (ཇི་ལྟར་བལྟ་ན་)མིག་མི་འཛུམ་པར་ སྟེང་དུ་(ནམ་མཁའ་ལ་)བལྟས་པས་མཚན་མར་གྱུར་པ་མཚན་མོའི་རྣལ་འབྱོར་གྱི་རྣམ་པ་(དུ་བ། སྨིག་སྒྱུ། མེ་ཁྱེར། མར་མེ་)བཞི་དང༌། ཉིན་མོའི་རྣལ་འབྱོར་གྱི་(འབར་བ། ཟླ་ཉི། སྒྲ་གཅན། ཀློག་ཐིག་ལེ་)རྣམ་ པ་དྲུག་གོ། དེ་ནས་(ཐིག་ལེའི་དབུས་སུ་)གཟུགས་བརྙན་གྱི་(སྐུ་)མཐར་ཐུག་པ་(མཐོང་པའི་<བར་>) བསྙེན་པའི་ཡན་ལག་ཏུ་འགྱུར་ཏེ། སོ་སོར་སྡུད་པ་དང༌། བསམ་{བརྟན་[གཏན་]ཞེས་བྱའོ། ། བགེགས་མཐར་བྱེད་ཀྱི་ལྟ་སྟངས་ཞེས་བྱ་བ་ནི་(ཁྲོ་བོ་)བདུད་རྩི་འཁྱིལ་པ་སྟེ། དེའི་ལྟ་སྟངས་ བདུད་རྩིའི་གནས་སུ་གྱུར་པ་ནི། དཔྲལ་བར་(བལྟ་བར་)གྱུར་པའོ། །དེ་ཡང་བདུད་རྩིའི་གནས་ སུ་གྱུར་པ་བགེགས་མཐར་བྱེད་ཀྱི་ལྟ་སྟངས་ཀྱིས་ནི་ཡན་ལག་དྲུག་དང་ཉེ་བར་བསྒྲུབ་པའོ། ། དང་ཡིག་ལས་གཟུགས་བརྙན་མཐོང་ནས་སྲོག་སྡུད་པ་དང༌། འཛིན་(པས་རྩ་དབུ་མའི་ནང་དུ་རི་ མོ་ཕྲ་ནག་མཐོང་)པར་བྱ་ཞེས་བྱ་སྟེ། ཉེ་བར་བསྒྲུབ་པའོ། །ཤེས་རབ་ལས་སྐྱེས་ཟླ་བའི་ཐིག་ལེ་ ཞེས་བྱ་བ་ནི། འདིར་ཤེས་རབ་མ་ལ་ཆགས་པས་སྐྱེས་པའི་ཟླ་བའི་ཐིག་ལེ་སྟེ། ཟླ་བའི་ཐིག་ ལེ་སྐྱེས་པའོ། །དེ་ཡང་ཤེས་རབ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དེ་རྡོ་རྗེ་ ནོར་{བུ་ུ [བུར་]གནས་པའི་འགྱུར་མེད་གསུམ་ནི་གསང་བ(ར་ལྷན་ཅིག་སྐྱེས་དགའ་བ་)དང༌། ལྟེ་ (བར་ཁྱད་པར་གྱི་དགའ་)བ་དང༌། སྙིང་ཁ(ར་མཆོག་དགའ་)རྣམས་སུ་རྣལ་འབྱོར་བྱ་བ་བསྒྲུབ་པའི་ ཡན་ལག་གསུམ་པར་འགྱུར་རོ། །དེ་ལྟར་བསྒྲུབ་པའི་ཡན་ལག་བྱའོ། །བདེ་བ་མི་འཇིག་རྩེ་ གཅིག་ཞི་ཞེས་བྱ་བ་ནི། འདིར་བྱང་ཆུབ་ཀྱི་སེམས་བདེ་བ་མི་འཇིག་པས་རྩེ་གཅིག་པའི་སྐད་ ཅིག་གང་དེ་ཞི་བ་ཞེས་བརྗོད་པར་བྱ་སྟེ། ལྷན་ཅིག་སྐྱེས་(པའི་ཡེ་ཤེས་)པའོ། །ཡེ་ཤེས་སྦྱོར་འདི་ 1-1-157 བསྒྲུབ་པ་ཆེན་པོའོ་ཞེས་བྱ་བ་ནི། སེམས་མི་འགྱུར་བའི་བདེ་བ་དང་ལྷན་ཅིག་ཏུ་གཅིག་པ་ནི། བསྒྲུབ་པ་ཆེན་པོའི་ཡན་ལག་བཞི་པའོ། ། ༈ དེ་ལྟར་ཡེ་ཤེས་ཀྱི་བསྒྲུབ་པ་ཡན་ལག་བཞི་སྟེ། ལྷ་བསྒྲུབ་པ་བསྐྱེད་པའི་རིམ་པས་ནི་ འཇིག་རྟེན་(པའི་དངོས་སྒྲུབ་ཐོབ་)པའོ། །དེ་ཁོ་ན་ཉིད་བསྒྲུབ་པ་རྫོགས་པའི་རིམ་པས་ནི་འཇིག་ རྟེན་ལས་འདས་<པའི་དངོས་སྒྲུབ་ཐོབ་>པའོ། །དེ་བཞིན་དུ་གསུངས་པ། <དུས་གསུམ་གྱི་>སངས་ རྒྱས་རྣམས་ཀྱིས་ཆོས་བསྟན་པ། །(ཇི་ལྟར་བསྟན་ན་)བདེན་པ་གཉིས་ལ་ཡང་དག་བརྟེན། །(གང་ དང་གང་ན་)འཇིག་རྟེན་ཀུན་རྫོབ་བདེན་པ་(བསྐྱེད་པའི་རིམ་པ་)དང༌། །དོན་དམ་པའི་བདེན་ པ(རྫོགས་པའི་རིམ་པ)འོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི(ས་གསུངས་པའི་)ངེས་པའོ། །ཡང༌། རིམ་པ་གཉིས་ལ་ཡང་དག་བརྟེན། །(སྟོན་པ་)རྡོ་རྗེ་ཅན་གྱིས་(སྡུད་པ་པོ་)བདག་ལ་བསྟན། །(གང་ དང་གང་ན་)གཅིག་ནི་བསྐྱེད་པའི་རིམ་པ་སྟེ། །གཞན་ནི་རྫོགས་པའི་རིམ་པའོ། །ཞེས་བྱ་སྟེ། དེ་ ལྟར་ན་ལྷ་ཉིད་བསྒྲུབ་པ་(བསྐྱེད་པའི་རིམ་པ་)རྣམ་པར་རྟོག་པ་བསྒོམ་པའོ། །དེ་ཁོ་ན་ཉིད་བསྒྲུབ་ པ་(རྫོགས་པའི་རིམ་པ་)རྣམ་པར་མི་རྟོག་པ་བསྒོམ་པ་སྟེ། (བསྐྱེད་རྫོགས་གཉིས་ལ་བསྙེན་བསྒྲུབ་)ཡན་ ལག་བཞི་ཞེས་{བྱ་སྟེ་}རིག་པའོ། །(རྒྱུད་འབྱུང་ནས་)འདིར་(སྦྱང་གཞི་འམ་དག་བྱ་)ཇི་ལྟར་མངལ་དུ་ ལུས་(རྩ་)རྫོགས་པ་དེ་བཞིན་དུ་(སྦྱོང་བྱེད་དམ་དག་བྱེད་)ལྷ་རྣམས་རྫོགས་པ་ནི་དཀྱིལ་འཁོར་རྒྱལ་ མཆོག་དང༌། བསྙེན་པའི་ཡན་ལག་གོ། (སྦྱང་གཞི་འམ་དག་བྱ་)ཇི་ལྟར་ངག་(རླུང་)རྫོགས་པ་དེ་ བཞིན་དུ་(སྦྱོང་བྱེད་དམ་དག་བྱེད་)ལས་རྒྱལ་མཆོག་དང༌། ཉེ་བར་བསྒྲུབ་པའོ། །(སྦྱང་གཞི་འམ་དག་བྱ་) ཇི་ལྟར་(སེམས་)བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྫོགས་པ་དེ་བཞིན་དུ་(སྦྱོང་བྱེད་དམ་དག་བྱེད་)ཐིག་ ལེའི་རྣལ་འབྱོར་དང་བསྒྲུབ་པའོ། །(སྦྱང་གཞི་འམ་དག་བྱ་)ཇི་ལྟར་(ཡེ་ཤེས་)ས་བོན་འཛག་པས་ བདེ་བ་སྐྱེ་བ་དེ་བཞིན་དུ། <སྦྱོང་བྱེད་དམ་དག་བྱེད་>ཕྲ་མོའི་རྣལ་འབྱོར་དང༌། བསྒྲུབ་པ་ཆེན་པོ་ སྟེ། དེ་ལྟར་(བསྙེན་བསྒྲུབ་)ཡན་ལག་བཞིའི་བསྒྲུབ་པ་ནི་ནང་གི་ལེའུར་རྒྱས་པར་(རྩ་རླུང་ཐིག་ལེ་) 1-1-158 སྔར་གསུངས་{པ་(རྣམས་)སྦྱང་པར་[པར་སྦྱར་བར་]བྱ་ཞེས་བྱ་སྟེ་ངེས་པའོ།། ༼༤༣༽ །། ༈ ད་ནི་རྣལ་འབྱོར་གྱི་སྤྱོད་པ་བརྗོད་པར་བྱ་སྟེ། རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ ལ། འདིར་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱིའི་འོ། །གཉིས་པ་ ནི་ནང་གིའོ། །དེ་ལ་གང་ཕྱིའི་ཡིན་པ་དེ་ནི་འཇིག་རྟེན་པའི་འབྲས་བུའི་རྒྱུ་རུའོ། །གང་ནང་གི་ ཡིན་པ་དེ་ནི་འཇིག་རྟེན་ལས་འདས་པའི་འབྲས་བུའི་རྒྱུ་རུ་རྣལ་འབྱོར་པ་རྣམས་ཀྱིས་(སྤྱད་པར་) བྱའོ(རྡོ་རྗེའི་རིགས་སུ་ངེས་པར་སྲོག་གཅོད་པ་དང་རལ་གྲི་མི་བདེན་པའི་ངག་བརྗོད་བྱ་བ་དང༌། །རིན་ཆེན་དུ་ནི་གཞན་ནོར་ འཕྲོག་དང་མཆོག་གི་པད་མའི་རིགས་ཉིད་དུའང་གཞན་གྱི་བུད་མེད་བསྟེན། །འཁོར་ལོ་ཆང་དང་མར་མེ་སངས་རྒྱས་རྣམས་དང་ ཡུལ་རྣམས་མཐའ་དག་ཤིན་ཏུ་བསྟེན་པར་བྱ་བའོ། །གྲི་གུག་དུ་ནི་གདོལ་པ་མོ་ལ་སོགས་པ་བུད་མེད་མཐའ་དག་ནམ་མཁའི་ པད་མ་སྨད་མི་བྱ། །སེམས་ཅན་རྣམས་ཀྱི་དོན་དུ་ནོར་དང་ལུས་བཅས་སྦྱིན་བྱ་འདི་ནི་ཁྱོད་ཀྱིས་བསྲུང་པར་བྱ་བ་མིན། །རིགས་ ཀྱི་བུ་རྣམས་གཞན་དུ་བསྐལ་པ་གྲངས་མེད་པས་ཀྱང་སངས་རྒྱས་མིན་པར་རྒྱལ་བས་གསུངས་པར་ངེས། །ཞེས་སོ)། ། ༈ འདིར་རྣལ་འབྱོར་པ་ཡིས་སྲོག་གཅོད་པ་སྟེ་ནི་(གང་ན་)རང་གི་ལུས་ལ་(གཡས་<དང་> གཡོན་གྱི་)སྲོག་རླུང་ཉིན་མཚན་དུས་སུ་(རྒྱུ་བ་)འཇིག་པར་(བྱས་ནས་དབུས་མར་(འཇུག་པར་<རྒྱུ་བར་>) བྱེད་པ་དེ་ལ་གསུངས་ཏེ། (དགོས་པ་)ཐམས་ཅད་མཁྱེན་པ<རྣལ་འབྱོར་པ>འི་གོ་འཕང་ཐོབ་ པར་བྱ་བའི་ཕྱིར་རོ། །ཕྱི་རོལ་(སེམས་ཅན་)གྱི་སྲོག་གཅོད་པ་ནི་མ་ཡིན་ནོ། །འདིར་ཕྱིའི་སྲོག་ གཅོད་པར་གསུངས་པ་ནི་(གང་གི་དོན་དུ་)གདུལ་དཀའ་བ(འི་སེམས་ཅན་){འདུལ་[གདུལ་]བའི་ ཕྱིར་ཏེ། (རྣལ་འབྱོར་པ་)དེས་དེ་(གདུལ་དཀའ་བ་)རྣམས་ཀྱི་སྲོག་རྣལ་འབྱོར་{གྱིས་[གྱི་སྟོབས་ཀྱིས་] བཀུག་སྟེ(སྲོག་བཅད་ནས)། ཡང་(སྔར་གྱི་)དེ་ཉིད་ཀྱི་ལུས་ལ་རྣལ་འབྱོར་པས་(སྲོག་)གཞུག་པར་ བྱའོ། །དེ་ལྟར་(བྱས་)ན་གདུལ་དཀའ་བ་འདུལ་བ་སྟེ[འགྱུར་བ་སྟེ]། གདུལ་དཀའ་བ་གསོད་ པར་གྱུར་(ལྟུང་བ་འབྱུང་བས་)ན་རྣལ་འབྱོར་པ་(ཡིས་དངོས་གྲུབ་)གྲུབ་པར་མི་འགྱུར་རོ། །གང་ཞིག་ ཞལ་གྱི་སྒྲ་རྣམས་ཞེས་བྱ་བ་ལ། འདིར་ཐམས་ཅད་མཁྱེན་པའི་གསུང་ནི་(གང་ན)ཐམས་ཅད་ 1-1-159 ཀྱི་སྐད་དེ། ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ཀྱི་སེམས་ལ་<བསམ་པ་དང་མཐུན་པར་>རབ་ཏུ་ འཇུག་(པར་)འགྱུར་{ན[བ](གང་ན)། རང་རང་གི་སྐད་ཀྱི་ཁྱད་པར་གྱིས་(སྐད་མི་མཐུན་པར་)དེ་ ཉིད་[དུ་]རབ་ཏུ་མི་གནས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྐད་ཡིན་པའི་ཕྱིར་རོ། །(སྐད་ ཕྱོགས་གཅིག་ཏུ་)མི་གནས་པའི་ཕྱིར་བརྫུན་དུ་སྨྲ་བའི་ཚིག་ཉིད་ཞེས་གསུངས་སོ། །ཕྱི་རུ་ཡང་ སེམས་ཅན་སོ་སོ(ལ་ཕན་པ)འི་དོན་དུ(བརྫུན་བྱ)འོ། །སྒྱུ་འཕྲུལ་ཆེན་མོ་ཆེར་གྲགས་པས(ཏེ་གསུང་ སྣ་ཚོགས་ཀྱིས)། །འབྱུང་(པ་ལྔ་འམ་དྲུག་)དང་(ཡང་དག་པར་)སྡུད་པར་བྱེད་པ་{པོ[འོ]། །ཞེས་བྱ་བ་ ལ་སོགས་པའི་ཚིག་སེམས་ཅན་གདུལ་བའི་དོན་དུ་གསུངས་པ་དང༌། དེ་བཞིན་དུ། (གདུལ་བྱ་ དྲང་པའི་དོན་དུ་ཕོ་མོའི་)དབང་པོ་ལས་སྐྱེས་བདེ་བ་ཡིས། །(འབྲས་བུ་)སངས་རྒྱས་དེ་ཉིད་སྟེར་བར་ བྱེད(པའི་ཕྱིར་རོ)། །(དེ་ནས་)སྐྱེས་པ་རྡོ་རྗེ་འཛིན་(པའི་)རྣམ་(པ་)སྟེ། །བུད་མེད་རྡོ་རྗེ་བཙུན་མོར་ བརྗོད། །ཅེས་པ་ལ་སོགས་པའི་ཚིག་ནི་(དྲང་པའི་དོན་དུ་)བརྫུན་དུ་གསུངས་<སྨྲས་ཟེར་>པ་སྟེ། སེམས་ཅན་[རྣམས་]སླུ་བའི་ཆེད་དུ་བརྫུན་གསུངས་ན་(སྐྱོན་ཅི་ཡོད་ན་)སངས་རྒྱས་པའི་རྣལ་ འབྱོར་པ(ས་དངོས་གྲུབ་)གྲུབ་པར་མི་འགྱུར་རོ། །འདིར་(རྣལ་འབྱོར་པའི་)ལུས་ལ་སྒྲིབ་པ་མེད་པ་ ལས་བྱུང་པའི་ཐམས་ཅད་མཁྱེན་{པའི་[པ་ལས་བྱུང་བའི་]ཡེ་ཤེས་[ས་]བཅུ་གཉིས་པ་ཉིད་ དུ་བསྒྲུབ་པར་བྱེད་པའི་རྣལ་འབྱོར་པ་རྣམས་(སངས་རྒྱས་ཀྱི་ཡོན་ཏན་<བསྟན་>)གང་ཞིག་མ་བྱིན་ པར་ལེན་པར་གསུངས་སོ། །ཕྱི་རུ་ཡང་སེམས་ཅན་ལ་ཕན་པའི་དོན་དུ་བྱ་སྟེ། སྐྱེ་བོ་གཏེར་ བསྲུང་པ་པོ་རྣམས་(སེར་སྣས་)ངན་འགྲོ་(སྟེ་ཡིད་བཏགས་)ལས་གྲོལ་བར་བྱ་བའི་ཕྱིར་གཏེར་ལ་ སོགས་པ་གདོན་པར་བྱའོ། །{བདེ་[ཟླ་]བའི་ཐིག་ལེ་མ་ལྷུང་པ་རུ་གྱུར་པ་གཞན་གྱི་བུད་ མེད་བསྟེན་པ་སྟེ་ཞེས་བྱ་བ་ལ། གཞན་ནི་(གང་ན་)རྡོ་རྗེ་སེམས་དཔའ་འཁོར་བའི་ཕ་རོལ་ཏུ་ {སོན་ [སོང་]པའོ། །བུད་མེད་ནི་(གང་ན་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་{མ་[མའི་]འཁོར་བའི་ ཕ་རོལ་ཏུ་(ན་){སོན་[སོང་]པའོ། །དེའི་བུད་མེད་ནི་གཞན་གྱི་བུད་མེད་དེ་{དེའི་[དེ]བསྟེན་ 1-1-160 པའོ། །འདོད་ཆགས་མ་བྲལ་བས་ནི་རྣལ་འབྱོར་པ་མི་འགྱུར་བའི་བདེ་བ་ལ་གནས་(པ་འཁོར་ བའི་ཕ་རོལ་ཏུ་སོན་པ་ཐོབ་)པས་སོ། །ཕྱི་རོལ་ཏུ་ཡང་དབང་ལ་སོགས་པའི་དུས་སུ་(གསང་དབང་གི་རྟེན་ དུ་)རང་གི་ཆུང་མ་(བླ་མ་ལ་)བྱིན་པ་(སློབ་མ་)གང་{ཡིན་པ་[གིས་](གསུམ་པའི་དོན་དུ་)དེ་ལ་བསྟེན་ པས་ནི་གཞན་གྱི་བུད་མེད་བསྟེན་པའོ། །འདོད་ཆགས་[དང་]མ་བྲལ་བས་ཞེས་བྱ་བ་ནི། ཇི་ལྟར་བདག་ཉིད་དམ་ཚིག་ཅན་རྣམས་ཀྱིས་འདོད་ཆགས་དང་{མ་}བྲལ་བ་མ་ཡིན་པར་ (བཟུང་པ་བཟློག་ཅིང་)དམ་ཚིག་མི་ཉམས་{པར་བྱ་བའི་[པའི་]དོན་དུ་ཞེས་བྱ་བའི་དོན་ཏོ། ༼༤༤༽ ། སྲོག་བསྡུས་པའི་མེ་ཡིས་ཞེས་བྱ་བ་ལ། འདིར་སྲོག་(ནང་དུ་)འགགས་པས་གང་ལ་གཏུམ་མོ་ སྦར་བ་དེ་ནི་སྲོག་བསྡུས་མེ་ཞེས་བརྗོད་པར་བྱ་སྟེ། དེས་ན་སྲོག་བསྡུས་མེས་སོ། །རི་བོང་ ཅན་ལས་ཞུ་བའི་ཞེས་བྱ་བ་ལ། (སྲོག་བསྡུས་མེས་)བྱང་ཆུབ་ཀྱི་སེམས་བཞུ་བས་ཞུ་བའི་ཐིག་ ལེའི་གཟུགས་ཏེ། བཏུང་བ་(རྣམས་)ནི་རྡོ་རྗེའི་ཁ་ནས་སྟེང་དུ་གང་ཞིག་ལྷན་ཅིག་སྐྱེས་པའི་ དགའ་བ་སྐྱེད་པར་བྱེད་པ་དེ་རྣལ་འབྱོར་པ་རྣམས་ཀྱི་ཆང་གི་བཏུང་བར་གསུངས་སོ་ཞེས་ བྱའོ། །ཕྱི་རོལ་ཏུ་ཡང་དབང་(དང་ཚོགས་ཀྱི་འཁོར་ལོ་)ལ་སོགས་པའི་དུས་སུ་ཕྱིའི་ལྷ་རྣམས་ཀྱི་ གཏོར་མའི་དོན་དུ་(ཆང་བསྟེན་པར་)གསུངས་པ་ཞེས་བྱའོ། །འཐེ་བོའི་ཚིགས་ནས་གཙུག་ཏོར་ བར་ལ་ཞེས་བྱ་བ་ལ། འདིར། (གང་དུ་གསུངས་ན་)འདོད་པའི་བསྟན་བཅོས་ལས་བཤད་པ་འདི་ ལྟ་སྟེ། ཚེས་ཀྱི་དབང་ལས་ནི་(ཚེས་)དཀར་པོའི་ཕྱོགས་ལ་(<བྱང་སེམས་>ཇི་ལྟར་གནས་ན་)རྐང་པ་ གཡོན་པའི་འཐེབ་མོ་ལས་ཚེས་གཅིག་ལ་སོགས་པ་(ནང་དུ་ཡང་བྱང་སེམས་)འཕེལ་བ་དང༌། (ཕྱིར་) ཟླ་བའི་ཆ་[ལ་]འཕེལ་བ་སྟེ། ཉའི་མཐར་ནི་སྤྱི་གཙུག་ཏུའོ། །རང་གི་སེམས་ནི་བྱང་ཆུབ་ ཀྱི་སེམས་འགྲོ་བ་སླར་ཡང་སྤྱི་གཙུག་ནས་ནི་(གར་འགྲོ་ན་)རྐང་པ་གཡས་པའི་སོར་མོ་རྣམས་ ལ་(དུས་)ནག་པོའི་ཕྱོགས་ཀྱི་མཐའ་རུ་འདི་ཉིད་འགྲོ་བ་སྟེ། དེ་ནི་ཚེས་ཀྱི་དབང་ལས་ཇི་སྲིད་ ནག་པོའི་ཕྱོགས་ཀྱི་མཐར་ཐུག་པའི་གནམ་སྟོང་དུའོ། །དེ་ལྟར་ནག་པོའི་མཐར་བྱང་ཆུབ་ཀྱི་ 1-1-161 སེམས་(གང་ན་གནས་ན་)རྐང་པའི་མཐེ་བོར་རིག་པར་བྱའོ། །ཡང་ཟླ་བ་གཞན་གྱི་དཀར་པོའི་ [མཐར་]ཕྱོགས་ལ། གཡོན་གྱི་ཡན་ལག་ཏུ་སྔ་མ་བཞིན་དུ་(སྤྱི་གཙུག་གི་བར་)ཞེས་བྱའོ། །དེ་ལ་ སྨྲས་པ། ཚེས་དང་པོ་ལ་རྐང་པ་གཡོན་པའི་སོར་མའི་ཚིགས་དང་པོར་རོ། །གཉིས་པ་ལ་ཡང་ གཉིས་པར་རོ། །གསུམ་པ་ལ་ཡང་གསུམ་པར་རོ། །བཞི་པ་ལ་ལོང་བུའི་ཚིགས་སུའོ། །ལྔ་པ་ ལ་པུས་མོའི་ཚིགས་སུའོ། །དྲུག་པ་ལ་རྐེད་པ་དང་བརླའི་ཚིགས་སུའོ། །བདུན་པ་ལ་ལག་པ་ གཡོན་པའི་སོར་མོའི་ཚིགས་དང་པོའི་མཚམས་སུའོ། །བརྒྱད་པ་ལ་བར་མའི་མཚམས་སུའོ། ། དགུ་པ་ལ་ཚིགས་གསུམ་པར་རོ། །བཅུ་པ་ལ་{ལག་}མགོའི་ཚིགས་སུའོ། །བཅུ་གཅིག་པ་ ལ་གྲུ་མོའི་ཚིགས་སུའོ། །བཅུ་གཉིས་པ་ལ་དཔུང་མགོའི་ཚིགས་སུའོ། །བཅུ་གསུམ་པ་ལ་ སྙིང་ཁར་རོ། །བཅུ་བཞི་པ་ལ་མགྲིན་པར་རོ། །བཅོ་ལྔ་པ་ལ་དཔྲལ་བར་རོ། །ཉའི་མཐའ་ (<བཅུ་>དྲུག་གི་མགོ་ཐོད་)ལ་སྤྱི་གཙུག་ཏུ་སྟེ་དཀར་པོའི་ཕྱོགས་སོ། །ཡང་ནག་པོའི་ཚེས་གཅིག་ (བཅུ་དྲུག་)ལ་དཔྲལ་བར་རོ། །གཉིས་པ་(བཅུ་བདུན་)ལ་མགྲིན་པར་རོ། །གསུམ་པ་(བཅོ་བརྒྱད་)ལ་ སྙིང་ཁར་རོ། །བཞི་པ་(བཅུ་དགུ་)ལ་གཡས་པའི་དཔུང་མགོའི་ཚིགས་སུའོ། །ལྷག་མ་རྣམས་ནི་ གཡོན་པ་བཞིན་དུ་ལུགས་ལས་བཟློག་པ་རྐང་པ་གཡས་པའི་སོར་མོའི་རྩེ་མོའི་མཐར་ཐུག་ པ་གནམ་སྟོང་གི་མཐར་(ཏེ་ཚེས་གཅིག་<གི་>མགོ་ཐོད་)བྱང་ཆུབ་ཀྱི་སེམས་རྒྱུ་བའོ། །གང་ཞིག་ སྤྱོད་པའི་རྣལ་འབྱོར་དེ་ལ་ངེས་པར་ཉིན་མཚན་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་སྟེར། ཞེས་བྱ་བ་ལ། འདིར་བྱང་ཆུབ་ཀྱི་སེམས་གཡོན་དང་གཡས་ཀྱི་རྩ་ནས་རབ་ཏུ་རྒྱུ་བའི་དབང་ གིས་བྱང་ཆུབ་ཀྱི་སེམས་གཡོན་དང་གཡས་སུ་རྒྱུ་བ་དུས་ཐམས་ཅད་དུ་དབུས་མར་རྒྱུ་བར་ བྱས་པས་གསང་བའི་པད་མ་ལ་སོགས་པ་དྲུག་ཏུ་(ནག་པོ་ལ་<དཀར་པོ་ལ་>འོག་ཏུ་འོངས་ནས་ (དཀར་པོ་ལ་<ནག་པོ་ལ་>སྟེང་དུ་འགྲོ་བ་དེ་ནི་སྤྱོད་པའོ། །འདོད་པའི་དངོས་གྲུབ་སྟེར་བ་ནི་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་སྟེར་བའོ། །(ཕྱག་ཆེན་)དེ་རབ་ཏུ་སྟེར་བ་ནི་འདོད་པའི་དངོས་གྲུབ་སྟེར་ 1-1-162 བ་ཞེས་བྱ་སྟེ། རབ་ཏུ་གྲུབ་པའོ། །ཕྱི་རུ་ཡང་(མཚན་ཉིད་དང་དྲི་ལ་སོགས་པས་ཤེས་པར་བྱ་སྟེ་)དེ་བཞིན་ གཤེགས་པའི་བུད་མེད་རྣམས་བཟུང་པའོ། །དེ་བཞིན་དུ་ཡང༌། བུད་མེད་(ལ་)སྤྱོད་པ་(བྱེད་པ་) དེ་རྣམས་ཀྱིས། རྣལ་འབྱོར་པའི་བྱ་བ་(ཇི་ལྟར་བྱ་བ་)ནི། ཚངས་པར་སྤྱོད་པ་(སྟེ་བྱང་སེམས་མི་འཛག་ པ་)ལ་གནས་ནས། བུད་མེད་ལ་བསྲུབ་(པའི་)སྤྱོད་པ་(བྱ་)སྟེ། (ཇི་ལྟར་བྱས་ན་)རྩ་བའི་རྒྱུ་བ་དག་ སྦྱོར་བས། །དེ་བཞིན་རྒྱུན་དུ་སྤྱོད་{པས་[པ་]ནི། །བྱང་ཆུབ་སེམས་ནི་དབབ་བྱ་ཞིང༌། །བྱང་ ཆུབ་སེམས་དེ་སྟེང་གཤེགས་བྱ། །ཞེས་{རྩ་བའི་[རྩའི་]རྒྱུད་དུ་གསུངས་པའི་ངེས་{པ་[པས་] བུད་མེད་རྣམས་ལ་སྤྱོད་པའི་ངེས་པའོ། །སེམས་དང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་ བཅད་པ་གསུམ་༼༤༦ ༤༧ ༤༨༽ནི་གོ་སླ་སྟེ། དེས་ན་འདིར་འགྲེལ་བ་(གསལ་བར་)མ་བྲིས་སོ། །། ༈ ད་ནི་གཟུགས་སྣ་ཚོགས་བསྒོམ་པ་བརྗོད་པར་བྱ་སྟེ། གཅིག་ཞེས་བྱ་བ་ལ་སོགས་ པ་ལ། འདིར་(གཟུགས་ཇི་ལྟ་བུ་ན་)ཞལ་གཅིག་པའམ། སོགས་པའི་སྒྲས་ཞལ་གསུམ་པའམ། བཞི་པའམ། ལྔ་པའམ། (ཞལ་)མཐའ་ཡས་པའོ། །ཕྱག་ཞབས་མང་པོ་ཞེས་བྱ་བ་ནི་ཞབས་ དུ་མ་དང༌། ཕྱག་དུ་མས་མཚོན་ཆ་དུ་མ་འཛིན་པ་དང༌། ཁ་དོག་དུ་མ་དང༌། དབྱིབས་དུ་མ་ སྟེ། (མཚན་བརྗོད་ལས་)རྒྱལ་པོ་སྒྱུ་(མའི་རྣམ་)འཕྲུལ་སྣ་ཚོགས་འཆང་(སྟེ་རྟགས་དང་རྟགས་ཅན་ནོ)། །ཆེ་ བ་སངས་རྒྱས་རིགས་སྔགས་རྒྱལ། །ཞེས་{བྱ་}སྟེ། (གང་ཞེ་ན་)བཅོམ་ལྡན་འདས་(མཚན་ཉིད་ དང་བྲལ་བ་)སྟོང་པ་ཉིད་ཀྱི་ཡི་གེ་(མཆོག་ཏུ་མི་འགྱུར་བ་)འཛིན་པའོ། །མུན་པའི་མཐའ་ནི་ནུབ་མོའི་ དུས་སུ་མཚན་མོའི་རྣལ་འབྱོར་གྱིས་(མཐོང་)སོ། །ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་ (མཐོང་)སོ། །(ཡུམ་རྒྱས་འབྲིང་ལས་གསུངས་པ་བཞིན་)གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ པས། (མུན་ནག་གི་)ནམ་མཁའ་ལ་བལྟས་པས་(དུ་བ་ལ་སོགས་)མཐོང་པ་དེ་ནི་མཚན་མོའི་(རྟགས་ ཅེས་བྱ་བ)འོ། །བླ་གབ་མེད་པའི་ནམ་མཁའ་ལ་བལྟས་པས་(འབར་བ་སོགས་)མཐོང་པ་དེ་ནི་ཉིན་ 1-1-163 མོའི་འོ། །དེ་ལྟར་སྟོང་པའི་གཟུགས་བརྙན་གྱི་མཐར་(ཐུག་པ་རི་མོ་ཕྲ་ནག་)རྣམ་པར་བསྒོམ་པ་དེ་ ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །དེ་ནས་ཟླ་བ་ཉི་མའི་རྩ་ནི་(གཉིད་ལོག་ཆུང་ངུར་མནན་ ནས་)འགོག་པ་ཞེས་བྱ་བ་ནི། གཡོན་དང་གཡས་(ནས་རྒྱུ་བ་དག་)ཀྱི་སྲོག་འགོག་པས་སོ། །བདེ་ མཉམ་སྟེར་{བྱེད་}ཞེས་བྱ་བ་ནི་(མཆོག་ཏུ་)མི་འགྱུར་བའི་བདེ་བ་སྟེར་བ་ཞེས་བྱའོ། །ཀུན་ ནས་དྲི་མེད་ནོར་བུ་དང་མཚུངས་ཞེས་བྱ་བ་ནི། འདིར་དྲི་མ་མེད་པའི་ནོར་བུ་ཇི་ལྟར་རེག་པ་ ཙམ་གྱིས་རྡོ་ལ་སོགས་པ་རིན་པོ་ཆེར་བྱེད་དོ(རྩ་རྒྱུད་ལས། ནོར་བུ་ཆེན་པོ་རྡོ་ལ་རེག ། རེག་རྡོ་ནོར་བུར་འགྱུར་ བ་ལྟར། །སེམས་ལ་མི་འགྱུར་བདེས་རེག་ན། །སེམས་ནི་བདེ་བ་ཉིད་དུ་འགྱུར། །ཞེས་སོ)། །ཁྱབ་པར་བྱེད་པ་ཞེས་ བྱ་བ་ནི་(དབྱེར་)མི་ཕྱེད་པར་བྱེད་པའོ། །དེ་བཞིན་དུ་ས་ལ་སོགས་པ་རྣམས་ལ་ཞེས་བྱ་བ་ནི། ས་ལ་སོགས་པའི་ཁམས་(ལྔ་)རྣམས་ལ། སྟོང་པ་གཅིག་པུ་ཡིས་ནི་ས་ལ་སོགས་པ་རྣམས་ཀྱི་ དྲི་མ་དང་བྲལ་བས་(གང་ལ་ཁྱབ་ན་)ལུས་ཀྱི་ཁམས་རྣམས་ལ་ཀུན་ཏུ་ཁྱབ་པར་བྱེད་པ་དེ་ནི་སྟོང་ པ་ཉིད་ཀྱི་གཟུགས་ཅན་ནོ། །ཐོག་མ་(སྐྱེ་བ་)མེད་ཅིང་མཐའ་(མ་འགག་པ་)མེད་དབུས་(གནས་པ་) མེད་པའི་ཡུལ་མེད་ཡུལ་ཞེས་བྱ་བ་ནི། ཡུལ་དང་བྲལ་བའི་ཡུལ་སོ་སོར་སྣང་བ་སྒྱུ་མ་དང༌། རྨི་ལམ་དང༌། པྲ་ཕབ་པ་ལྟ་བུའོ། །བསྒྲུབ་པའི་དུས་ཀྱི་འཁོར་ལོ་ཞེས་པ་ནི་(རང་གཞན་ཐམས་ཅད་ ལ་)བདེ་མཉམ་སྟེར་བ་སྟེ། (འཁོར་བ་སྙིང་པོ་མེད་པ་དེས་ཟད་ལས། །སྐྱེས་བུ་རྣམས་ལ་སངས་རྒྱས་ཉིད་འབྲས་བུར། །དཔེར་ ན་ཆུ་ཤིང་ལྟ་བུ་སྨིན་པ་ནི། །ཆུ་ཤིང་ཟད་པས་འབྲས་བུ་འབྱུང་པ་ལྟར། །སྲིན་བུ་ཀར་ཀ་རི་དང་སྡིག་པའི་སེམས་ཅན་དག ། མ་ གང་ཡིན་པ་དེ་ཡིས་འཇིག་པར་བྱེད། །དེ་ལྟར་རྣལ་འབྱོར་སེམས་ནི་སྒྱུ་མ་ཡིས། །གང་ཡིན་ཟད་པ་ལས་ནི་ཐོབ་པའོ། །ཞེས་སོ། །) དཔལ་ཆེན་པོ་དང་པོ་མཆོག་གི་སངས་རྒྱས་(ཐོབ་བྱ་མ་ལུས་པ་ཐོབ་པར་)བསྒྲུབ་པ་ནི་རྫོགས་པའི་ རིམ་པས་གསུངས་ཏེ། (ཧཱུཾ་ཕཊ་ཡི་གེ་ལ་སོགས་རྟོག་སྤངས་པ། །རྫོགས་པའི་རིམ་པའི་རྣལ་འབྱོར་ཡིན། །དེ་ཉིད་ལས་ ནི་བསྒྲུབ་པ་གཞན་དག་མེད། །དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་གྱིས་ནི་དབུས་མར་རྒྱུ་བ་དང༌། །རིག་མའི་ བརྟུལ་ཞུགས་རྡོ་རྗེ་བཏུང་མིན་དང༌། །དེ་བཞིན་སྟེང་དུ་ཁུ་བ་སོང་བ་ཡི། །ལམ་འདི་དག་གིས་རྣལ་འབྱོར་པ་ཡིས་ནི། །སངས་ 1-1-164 རྒྱས་རྣམས་ཀྱི་བདེ་བ་ཐོབ་པར་འགྱུར། །མཆོག་ཏུ་མི་འགྱུར་མངོན་པར་བརྗོད་པའམ། །ཕོ་ཉ་མོ་ཀུན་ལྷན་ཅིག་སྐྱེས་པའོ། ། <ཞེས་སོ། །>)རྒྱས་པར་ནི་ཡེ་ཤེས་ཀྱི་ལེའུར་བཤད་པར་བྱའོ།། ༼༤༩༽ །། ༈ ད་ནི་(གཡས་གཡོན་གྱི་ས་ལ་སོགས་པའི་རླུང་གི་)དཀྱིལ་འཁོར་ལྔའི་ཟད་{པར་[པ་]བརྗོད་ པར་བྱ་སྟེ། ས་ནི་ཞེས་བྱ་བ་ལ་སོགས་པ་ལ། འདིར་གལ་ཏེ་རྣལ་འབྱོར་པ་མིག་མ་བཙུམ་ པར་གྱུར་པའི་ཁྲོ་བོ(རྡོ་རྗེ་གཙུག་<ཏོར་>རྒྱལ་པོ)འི་ལྟ་སྟངས་ཀྱིས་སྟོང་པ་ཉིད་ལ་(སོ་སོར་སྡུད་པས་) སེམས་བཞག་པས་གཡོན་པའམ་གཡས་པར་ས་ཉེ་བར་མཚོན་པ་ནི། གང་གི་ཚེ་གཡས་པར་ ས་རབ་ཏུ་རྒྱུ་བའི་དུས་སུ་རྣལ་འབྱོར་བསྒོམ་པར་བྱེད་པ་དེའི་ཚེ། ཆོ་ག་(སྟེ་མན་ངག་)འདི་ཡིན་ གྱི་གཡོན་གྱི་རྩར་(རླུང་ལུགས་འབྱུང་བསྐྱེད་རིམ་གྱིས་) རྒྱུ་བའི་དུས་སུ་ནི་མ་ཡིན་ཏེ། (རླུང་)ནམ་མཁའི་ དཀྱིལ་འཁོར་ལ་སོགས་པའི་རིམ་པས་(བསྐྱེད་པས་)སོ། །དེས་ན་གཡོན་པའམ་གཡས་པ་ནས་ (འབྱུང་པའི་རླུང་གི་)དཀྱིལ་འཁོར་གང་དག་རྒྱུ་བ་དེ་རྣམས་སྲོག་གི་ཆོས་ཅན་ཉིད་ཀྱི་ཕྱིར་(རླུང་)དེ་ དག་དཀྱིལ་འཁོར་དུ་བརྗོད་པར་བྱའོ། །དེས་ན་གཡས་པའི་རྩར་(ལུགས་བཟློག་ཏུ་)སའི་དཀྱིལ་ འཁོར་ལས་(སྡུད་པའམ་ཐིམ་པས་)སྲོག་ནི་ཆུའི་དཀྱིལ་འཁོར་དུ་འགྲོ་སྟེ། དེ་ལྟར་(དུ་བ་མཐོང་དེས་ འདྲེ། ཆུ་མེ་ལ། མེ་རླུང་ལ། རླུང་ནམ་མཁའ་ལ། ནམ་མཁའ་)ཡེ་ཤེས་ཀྱི་བར་དུའོ། །དེ་ལྟར་གཡོན་པའི་རྩ་ ལ་(ལུགས་འབྱུང་དུ་)ནམ་མཁའ་<རླུང་>ལ་(རླུང་མེ་ལ་མེ་ཆུ་ལ་ཆུ་ས་ལ་)སོགས་པར་འགྲོ་སྟེ་དེ་ལྟར་<ས་> སྟོང་པར་(དེ་ཡེ་ཤེས་ལ་)འགྲོ(བསྐྱེད་པའི་རིམ་པས་<སོ>)འོ། །དེ་ལྟར་སྟོང་པ་(ཉིད་བསྒོམས་པས་རླུང་བཅུ་) དུ་བ་ལ་སོགས་པའི་མཚན་མ་རྣམ་པ་བཅུ་རུ་འགྲོའོ། །(རྟགས་ཅན་ཐིག་ལེའི་དབུས་སུ་)མཚན་མ་ནི་ རྣམ་པ་ཐམས་ཅད་དང་ལྡན་པའི་གཟུགས་སུ་འགྲོའོ། །གཟུགས་ལས་(སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་ དུས་སུ་མཆོག་ཏུ་)མི་འགྱུར་བའི་བདེ་(བ་དམ་)བར་འགྲོའོ། །དེ་ཉིད་(གཞོམ་དུ་མེད་པའི་)ཡེ་ཤེས་ཏེ་<སྒྲ་ རུ་གྱུར་>ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ(ཕྱག་རྒྱ་ཆེན་པོ)འོ། །མིའི་བདག་པོ་ཡེ་ཤེས་ལས་(ལུས་)ནི་ རྫུ་(ཞིང་)འཕྲུལ་(པ་)ནི་(ས་བཅུ་པའི་དུས་སུ་)ནམ་མཁར་འགྲོ་བ་ལ་སོགས་པའོ། །(འདོད་པའི་)དངོས་ 1-1-165 གྲུབ་ནི་(སེམས་ལ་དབང་ཐོབ་པས་ལུས་ངག་ཡིད་གསུམ་ལ་<རང་>དབང་སྒྱུར་བས་ན་)ཁམས་གསུམ་གྱི་དབང་ ཕྱུག་ཏུ་འགྱུར་རོ། །སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདིར་ཞེས་བྱ་བ་ནི་(སྦྱོར་བ་ཡན་ལག་དྲུག་གི་)ལམ་ ལ་ཞུགས་པ་རྣམས་ཀྱི་ངེས་པའོ།། ༼༥༠༽ །། ༈ ད་ནི་(གཟུང་འཛིན་གཉིས་ཀ་)རང་གི་སེམས་ཀྱི་(དག་)སྣང་པ་(<ཡིན་པས་>དེ་)ལ་གཞུག་པ་ བརྗོད་པར་བྱ་སྟེ། ནམ་མཁར་ཞེས་བྱ་ལ་སོགས་པ་ལ། འདིར་སྔགས་ཀྱི་ཐེག་པ་དང༌། ཕ་ རོལ་ཏུ་ཕྱིན་པའི་ཐེག་པ་ལས(མཐུན་པར)། རྣལ་འབྱོར་གོམས་པར་བྱ་བ་ནི་གཉིས་ཏེ། (མཚན་ མོ་བླ་ཁབ་ཅན་གསེང་མེད་)ནམ་མཁར་རྣལ་འབྱོར་གོམས་པར་བྱ་བ་དང༌། (ཉིན་མོ་)བླ་གབ་མེད་ པར་<སྤྲིན་མེད་ནམ་མཁའ>རྣལ་འབྱོར་གོམས་པར་བྱ་བ་སྟེ། དེ་དག་(གཉིས་ཀས་)ནམ་མཁའ་ལ་ རྣལ་འབྱོར་དུ་བྱའོ། །དེ་ཡང་ནུབ་མོ(འི་རྣལ་འབྱོར་ནི་གནས་)བུག་པ་མེད་པའི་ཁྱིམ་དུ་མུན་པར་ ནམ་མཁར་ཆགས་པའི་སེམས་ཀྱིས་ནི་དུ་བ་ལ་སོགས་པའི་མཚན་[མ་]བལྟའོ། །མིག་མི་ འཛུམ་པ་དང་ནི་རྡོ་རྗེའི་ལམ་ལ་རབ་ཏུ་ཞུགས་རྣམས་ཀྱིས་ཞེས་བྱ་བ་ནི་འདིར་དབུས་མར་ སྲོག་(སྟེང་རླུང་རྣམས་)རབ་ཏུ་གཞུག་པ་དང༌། སྟོང་པ་ཉིད་ལ་གནས་ནས་ནམ་མཁར་(རྟགས་རྣམས་ ལ་)ཆགས་པའི་སེམས་ཀྱིས་མིག་མི་འཛུམས་པ་དང་རྡོ་རྗེའི་ལམ་ལ་རབ་ཏུ་ཞུགས་པ་རྣམས་ ཀྱིས་སོ། །(མེ་དག་ཤིང་ལ་རྟག་ཏུ་གནས་ཀྱང་ནི། །བཅད་དང་འགྱེས་པའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབ་ཤིང་རྩུབ་སྟན་ ལག་པས་རྩུབ་པ་ལས། །དེ་ལ་གནས་པ་དེ་ནི་མཐོང་པ་བཞིན། །དེ་བཞིན་དུ་ནི་སེམས་ཀྱིས་སྣང་པ་ཡང༌། །རྣམ་རྟོག་བསྒོམ་པའི་ ཐབས་ཀྱིས་མི་མཐོང་སྟེ། །དེ་ཉིད་ཁོ་ནས་དེ་ནི་མཐོང་པ་ཡིན། །རྐྱང་མ་རོ་མ་གཅིག་ཏུ་སྦྱོར་བས་སོ། །ཞེས་བྱའོ། །)སྟོང་པ་ ལས་(གཡས་ཀྱི་སའི་)དུ་བ་དང་(ཆུའི་)སྨིག་རྒྱུ་དང༌། (མེའི་)སྲིན་བུ་མེ་ཁྱེར་དང༌། (རླུང་གི་)མར་ཀམེ་ དང་(ནམ་མཁའ་)གརབ་ཏུ་གསལ་ཁབ་དྲི་མ་མེད་པ་ཉིད་ཞེས་བྱ་བ་ནི་(གང་གིས་ན་)མཚན་མོའི་ རྣལ་འབྱོར་གྱིས་མཐོང་པའོ། །འདིར་ཉིན་མོའི་རྣལ་འབྱོར་ནི་ཆུ་འཛིན་(ཏེ་སྤྲིན་དང་)བྲལ་བའི་ {ནམ་}མཁའ་ལ་སྣང་བ་རྣལ་འབྱོར་རྩེ་གཅིག་གནས་པས་ཁྱེངས་པའི་ལྟ་བས་བལྟ་བར་ 1-1-166 བྱ་ཞེས་པ་ནི། དེ་ཡང་ཡན་ལག་ཏུ་སྔ་དྲོ་དང༌། ཕྱི་དྲོ་ཉི་མ་ལ་རྒྱབ་བསྟན་ལ་བྱ་སྟེ། (དེ་ལས་) གཞན་དུ་(བྱས་)ན་ཉི་མའི་འོད་ཟེར་གྱིས་མིག་རབ་རིབ་ཅན་དུ་འགྱུར་(ཏེ་དགེ་བའི་བར་དུ་གཅོད་པའི་ ཕྱིར་)རོ། །(མཚན་མོ་རྫོགས་པའི་རྗེས་ལ་)དེ་ནས་ཡང་སྤྲིན་མེད་པའི་ནམ་མཁའ་ལ་ཉིན་མོའི་རྣལ་ འབྱོར་གྱིས་བལྟས་པས། ནམ་མཁའ་(སྟོང་པ་)ལས་བྱུང་རང་བྱུང་པ། །ཤེས་རབ་ཡེ་ཤེས་མེ་ བོ་ཆེ། །ནི་སྤྲིན་མེད་པའི་ནམ་མཁའ་ལ་(གཡོན་གྱི་ནམ་མཁའི་རླུང་དབུས་མར་འགོ་ཚུད་པའི་རྟགས་དེས་འདྲེ་) འབར་བ་མཐོང་པའོ། །དེ་ལྟར། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་ མེ་བ་ནི་(རླུང་གི་)ཟླ་བ་མཐོང་པའོ། །འགྲོ་བའི་མར་མེ་ནི་(མེའི་)ཉི་མའོ། །ཡེ་ཤེས་སྒྲོན་ནི་རྡོ་རྗེ་ [སྟེ](ཆུའི)། སྒྲ་གཅན་ནོ། །གཟི་བརྗིད་ཆེན་པོ་འོད་གསལ་བ་ནི་མཆོག་གི་ཆ་སྟེ་(སའི་)གློག་ ཞེས་བྱའོ། །སྔགས་མཆོག་མངའ་བདག་རིགས་སྔགས་རྒྱལ་ནི་(ཉིན་མཚན་གཉིས་ཀའི་རྟགས་)ཐིག་ ལེ་(ལྗང་ཁུ་)སྟེ། མཚན་མ་བཅུའོ། །འདུས་པ་ལ་སོགས་པར་མཚན་མོའི་རྣལ་འབྱོར་{གྱིས་[དུ་] (རྟགས་བཞི་)གསུངས་ལ། མཚན་ཡང་དག་པར་བརྗོད་པར་[ནི་]ཉིན་མོའི་རྣལ་འབྱོར་གྱིས་ (རྟགས་དྲུག་)བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ ནི་(རྟགས་ཅན་བརྟན་གཡོའི་)རྣམ་པ་མ་ལུས་པ་སྟེ། བུམ་པ་དང་རས་ཡུག་ལ་སོགས་པ་སྣ་ཚོགས་ (སྟོང་པ་ཉིད་)ཀྱི་གཟུགས་<སུ་>མཐོང་པ་ཞེས་བྱའོ། །(གཞན་ཡང་)དེའི་(གང་དུ་མཐོང་ན་)དབུས་སུ་ནི་ ཐིག་ལེའི་དབུས་སུའོ། །(གང་མཐོང་ན་)སངས་རྒྱས་སྐུ་ནི་ཡུལ་དང་རྣམ་པར་བྲལ་བ་ནི་(རང་བཞིན་ <དུ་>གྲུབ་པའི་)རྫས་མེད་པ་དང་(རྟོག་པས་)མ་བརྟགས་པ(འི་མི་རྟོག་པའི་སྣང་པ)འོ། །ལོངས་སྤྱོད་ རྫོགས་པའི་སྐུ་དུ་མ་ནི་དེ་ནས་རྣལ་འབྱོར་པས་སྣ་ཚོགས་པའི་གཞོམ་དུ་མེད་པའི་དབྱངས་དེ་ བཞིན་དུ་(ལྷའི་རྣ་བས་)ཐོས་པའོ། །དེ་ལྟར་གཟུགས་སྣང་བ་ལས་སྤྲུལ་པའི་སྐུའོ། །སྒྲ་སྣང་བ་ ལས་ལོངས་སྤྱོད་རྫོགས་པའི་སྐུའོ། །ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་{དེ་ལྟར་}ཉི་མ་སོ་སོ་ ལ་བལྟ་བར་བྱ་བ་ནི་(བསྙེན་པ་མཐར་ཐོན་པ་དང་)ཇི་སྲིད་ངེས་པར་<དུས་རྩར་>ཐིག་ལེའི་དབུས་སུ་ 1-1-167 རི་མོ་ནག་པོ་(དར་ནག་གི་སྐུད་པ་བརྐྱང་པ་ལྟ་བུ་)སྐྲའི་ཚད་ཙམ་དྲི་མེད་འོད་ཟེར་འཕྲོ་བ་མཐོང་པ(འི་རྒྱུ་) དུས་ཀྱི་རྩ་{ཡིས་སོ་[རུ་འོ་(ཡིས་སོ་ཟེར་)]ནི་ཨ་བ་དྷུ་ཏིའི་ནང་དུ་{(རླུང་)ཆུད་(དུས་རྩར་བརྟན་)པས་ སོ། །[<མཐོང་པར་>འགྱུར་རོ། །]དེར་ནི་ཐམས་ཅད་མཁྱེན་པའི་སྐུ་ནི་ཁམས་གསུམ་མ་ལུས་ པའོ། །༡ཆུ(འི)༣ནང་(དུ་)ཉི་མ་(སྣང་བ་)༢རྙོག་(མ་དང་)བྲལ་(བའི་)༤བཞིན་དུ་(གྲངས་འདི་ཙམ་ཞེས་) བརྗོད་(དུ་)མེད་<པའི་>སྣ་ཚོགས་(པའི་)མདོག ། ཡུལ་(ནང་རྫས་སུ་གྲུབ་པ་)དང་རྣམ་པར་བྲལ་ བའི་རྣམ་པ་(སྣང་བ་)མ་ལུས་རང་གི་སེམས་ཏེ་གཞན་གྱི་སེམས་ཉིད་མ་ཡིན་ནོ་ཞེས་{བྱ་བ་[པ་] ནི་གཞན་གྱི་སེམས་མ་ཡིན་(ཅིའི་ཕྱིར་ཞེ་ན་)ཏེ། གཞན་གྱི་སེམས་ཀྱིས་ཤེས་པ་མེད་པའི་ཕྱིར་ རོ། །འདིར་(བསྙེན་བསྒྲུབ་བཞིའི་)དང་{པོ་[པོར་(བསྙེན་པའི་དུས་སུ་)]རང་གི་སེམས་ཀྱི་སྣང་བ་དེ་ བཞིན་གཤེགས་པའི་ཤའི་སྤྱན་གྱིས་གཟིགས་སོ། །(ཉེ་བར་བསྒྲུབ་པའི་དུས་སུ་)ལྷ་ལ་སོགས་པའི་ སྤྱན་གྱིས་གཞན་གྱི་སེམས་ཤེས་པ་གཟིགས་སོ། །དེས་ན་ཆོས་ཡང་དག་པར་སྡུད་པར་སྤྱན་ ལྔ་བཅོམ་ལྡན་ཀྱིས་གསུངས་པ་ཞེས་བྱའོ། །དེ་ལྟར་རིམ་པས། ཤའི་སྤྱན་(གྱིས་པྲ་སེ་ན་མཐོང་བ་) དང༌། ལྷའི་སྤྱན་(གྱིས་གཞན་གྱི་སེམས་མངོན་ཤེས་པ་)དང༌། སངས་རྒྱས་ཀྱི་སྤྱན་(ས་དང་པོ་)དང༌། ཤེས་ རབ་ཀྱི་སྤྱན་(ས་བཅུ་)དང༌། ཡེ་ཤེས་ཀྱི་སྤྱན་(ས་བཅུ་གཉིས་)རྣམས་བསྒོམས་པའི་སྟོབས་ཀྱི་འབྱུང་ པར་འགྱུར་རོ། །དེ་ནས་མ་གཟིགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་ནི་ཐམས་ཅད་མཁྱེན་ པས་སོ།། ༼༥༢༽ །། ༈ ད་ནི་(སྣ་ཚོགས་སྟོང་)གཟུགས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ས་ཞེས་བྱ་བ་ལ་སོགས་ པ་ལ། འདིར་(མཚན་ཉིད་དང་བྲལ་བའི་)སྟོང་པ་ཉིད་(སྣ་ཚོགས་པ་)སོ་སོར་སྣང་བ་(ཡང་)རྫས་མེད་ པའོ། །དེ་ཡང་སའི་རྣམ་པར་སྣང་ཡང་ས་མིན་[ཏེ]། (སའི་མཚན་ཉིད་)སྲ་བ་མེད་པས་སོ། །ཆུའི་ གཟུགས་སུ་སྣང་{པ་[ཡང་]ཆུ་མིན་ཏེ། (ཆུའི་མཚན་ཉིད་)གཤེར་བ་མེད་པའི་ཕྱིར་སྨིག་རྒྱུའི་ཆུ་ བཞིན་ནོ། །དེ་ལྟར་མེའི་རྣམ་པར་སྣང་ཡང་(ཚ་བ་མེད་པས་)མེ་མིན་ནོ། །རླུང་གི་གཟུགས་སུ་ 1-1-168 སྣང་༡ཡང་༣གཡོ་བའི་རྫས་མེད་པའི་ཕྱིར་༢རླུང་མ་ཡིན་ནོ། །༤རྫས་མེད་པའི་ཕྱིར་སྟོང་པའི་ རྣམ་པ་ཡིན་ཡང་སྒྱུ་མའི་གྲོང་ཁྱེར་ལྟ་བུར་མཐོང་ངོ༌། །དཀར་པོ་(དང་སྔོ་བ་)ལ་སོགས་པའི་ཁ་ དོག་(སྣ་ཚོགས་)དང་ལྡན་(པར་སྣང་)༡ཡང་༣རྫས་མེད་པའི་ཕྱིར་༢ཁ་དོག་མིན་ནོ། །༤རྣམ་པ་ ཀུན་ལྡན་ཡིན་ཡང་ཐམས་ཅད་(མི་རྟོག་པ་<མ་>བསྒོམས་པའི་རླུང་དབུས་མར་མ་ཚུད་པའི་)བྱིས་པ་རྣམས་ ཀྱིས་མི་མཐོང་ངོ༌། །དེ་རྒྱུ་ཅིའི་ཕྱིར་ཞེ་ན། (རང་སེམས་དྲི་མ་)ཉོན་མོངས་དང་ནི་བདུད་ཀྱི་མཐུ་ སྟོབས་ཀྱིས་ནི། གཡོན་(ཉོན་མོངས་)དང་གཡས་(བདུད་)ཀྱི་(སྟེ་གཟུང་འཛིན་གྱི་རྟོག་པའི་)རྩར་སྲོག་(སྟེ་ རླུང་)རབ་ཏུ་རྒྱུ་བའི་ཕྱིར་{ནི་}(འཁོར་བར་གནས་པ་)ཞེས་བྱ་བའི་ངེས་པའོ།། ༼༥༣༽ །། ༈ ད་ནི་སྔར་གྱི་རྣལ་འབྱོར་གོམས་པའི་སྟོབས་(འཇུག་པ་)བརྗོད་པར་བྱ་སྟེ། རྣལ་འབྱོར་ ཞེས་བྱ་བ་ལ་སོགས་པ་ལ། མི་ཡུལ་འདིར་གང་གི་ཚེ་རྣལ་འབྱོར་(སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་ པའི་)རིག་བྱའི་རྣལ་འབྱོར་ལ་སློབ་བཞིན་པ་(རླུང་སེམས་དབང་པོ་)ཅུང་ཟད་གཡོ་བའི་ཡིད་དང་ ལྡན་པ་གལ་ཏེ་རྣལ་འབྱོར་མ་ཐོབ་(པར་)འཆི་བར་{གྱུར་པ་[འགྱུར་བ་]ན། དཔལ་ལྡན་མིའི་ འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་[སྐྱེ་]སྟེ། སངས་རྒྱས་དང་བྱང་ཆུབ་སེམས་ དཔའི་རིགས་སུའོ། །རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་རྣམ་པར་དག་པའི་ དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པའི་སེམས་དེའོ། །ལྡན་པར་ཞེས་བྱ་བ་ནི་རྣལ་འབྱོར་(དེ་)དང་ ལྡན་པར་(སྐྱེ་བར་འགྱུར་)ཏེ། རྣལ་འབྱོར་ཡོངས་སུ་མ་རྫོགས་པ(ར་ཤི་ན)འོ། །ཡང་(དེར་སྐྱེས་ནས་) དེས་སྔོན་དུ་(གཉིས་མེད་)གོམས་{པར་[པས་]སླར་ཡང་ཡེ་ཤེས་རྣལ་འབྱོར་ནི་དེ་ཁོ་ན་ཉིད་ ཀྱི་རྣལ་འབྱོར་(གྱི་ཉམས་ལེན་)ཐོབ་པར་འགྱུར་བའོ། །མཆོག་ཏུ་རྒྱ་ཆེ་ཞེས་བྱ་བ་ནི་(སྟོང་པ་ལྟ་བུ་) ཕྱོགས་གཅིག་{པ་}མ་ཡིན་པ་སྟེ། རྣམ་པ་ཐམས་ཅད་[དང་]ལྡན་པ་(བདེ་སྟོང་གཉིས་མེད་)ཉམས་ སུ་ལེན་པར་འགྱུར་བའོ། །ཡེ་ཤེས་ཐོབ་(པར་གྱུར་ནས་)ནི་(རྣལ་འབྱོར་)ཡོངས་སུ་རྫོགས་པར་གྱུར་ པ་ནའོ། །(འབྲས་བུ་)མི་{བཟད་[ཟད་]མཆོག་གི་གནས་{འགྲོ་(ཏེ་)}ཞེས་བྱ་བ་ནི་གང་ལ་ཟད་ 1-1-169 པ་མེད་པ་དེ་མི་ཟད་པ་མཆོག་གི་གནས་ཞེས་བྱ་སྟེ། ཚིག་རྣམ་པར་སྦྱར་པར་བྱའོ། །དེ་ཇི་ལྟ་ བུར་(འགྲོ་བར་)འགྱུར་བ་ཡིན་ཞེ་ན། སྨྲས་པ། སླར་ཡང་གང་དུ་ཡང་སྐྱེ་བ་མ་ཡིན་ནོ་ཞེས་པ་ ནི་(འཁོར་བར་ཡང་)སྐྱེ་བ་དང་ལྡན་པར་མི་འགྱུར་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཆོག་གི་ <གཞུག་>གནས་(ཡིན་<ནོ་>)ཞེས་བྱའོ།། ༼༥༤༽ །། ༈ ད་ནི་(འཇིག་རྟེན་ཞིག་པ་ན་སངས་རྒྱས་གང་དུ་བཞུགས་ཞེ་ན་)ལས་ཀྱི་རླུང་ལས་གྲོལ་བ་རྣམས་ཀྱི་ བཞུགས་པ་བརྗོད་པར་བྱ་{འོ[སྟེ]། སངས་རྒྱས་ཞིང་དུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ བཟང་{པོ་[པོར་]སྤྱོད་པར། བཅོམ་ལྡན་འདས་ཀྱིས་གསུངས་{པ་[པའི་གསུང་]འདི་ལྟ་སྟེ། རྡུལ་གཅིག་སྟེང་ན་རྡུལ་སྙེད་(<ཀྱི་>གྲངས་ཀྱི་)སངས་རྒྱ་རྣམས། །སངས་རྒྱས་སྲས་ཀྱི་དབུས་ ན་བཞུགས་པ་དག ། (དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །) ཞེས་གསུངས་པ་འདིའི་ཕྱིར། གང་གི་ཚེ་སངས་རྒྱས་རྣམས་ཀུན་རྫོབ་ཏུ་བཞུགས་པ་དེའི་ཚེ། རྟེན་སྤངས་ཏེ། རྟེན་(ཅི་ཡང་)མེད་པ་ནི་མ་ཡིན་ནོ། །སྒྲིབ་པ་མེད་{པའི་ཆོས་ཀྱིས་[པ་ནི་ཆོས་ ཀྱི་]དོན་དམ་པར་བཞུགས་{པ་[པར་]མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་འཕགས་ ཀྱི་ལེའུ་ལས་གསུངས་པ། སངས་རྒྱས་རྣམས་ནི་(གནས་)གང་དུ་ཡང་མ་བཞུད། (གནས་)གང་ ནས་ཀྱང་མ་བྱོན། (དུས་འདས་པ་ན་)མ་བྱུང༌། (ད་ལྟར་བ་ན་)མི་འབྱུང༌། (མ་འོངས་པ་<ན་>)འབྱུང་པར་ མི་འགྱུར་རོ་ཞེས་བྱ་སྟེ། དེས་ན་(དོན་དམ་པར་)རྡུལ་གཅིག་སྟེང་ན་(ཕྱོགས་མཚམས་ཀྱི་སྟོང་པའི་)དག་ པའི་རྡུལ་{ཕྲན་[ཕྲ་རབ་]གནས་པ་སྟེ། (གསེར་འགྱུར་གྱི་རྩི་ལྟར་)གྲུབ་པའི་{རོ་}བཅུད་ཁམས་ ཐམས་ཅད་ལ་འབུགས་པར་བྱེད་པའི་རྟེན། སྟོང་པའི་མཚན་ཉིད་སྒྲིབ་པ་མེད་པ་གང་ཡིན་པ་ ལ་སངས་རྒྱས་རྣམས་ནི་མ་ལུས་པ་དང་ཞེས་བྱའོ། །དེ་ལྟར། སངས་རྒྱས་ཀྱི་ཞིང་དུ་གྱུར་{པ་ [པར་]སྲིད་གསུམ་མ་ལུས་སྐྱེད་པར་བྱེད་པའི་ལས་དང་བྲལ་བ་ལ་གནས་པ་ནི་(འཁོར་བ་སྐྱེད་ པར་བྱེད་པའི་)ལས་ཀྱི་རླུང་(ལྔ་)དང་བྲལ་བའི་(རྟོག་བྲལ་)ཡེ་ཤེས་ཀྱི་སྐུའི་སངས་རྒྱས་རྣམས་(ཕུང་པོ་ 1-1-170 དང་ཁམས་ལ་སོགས་པ་)དག་པའི་རྡུལ་ཕྲན་དེ་རྣམས་དང་ཐབས་གཅིག་ཏུ་བཞུགས་སོ། །གཉིས་ ཀ་རོ་མཉམ་པར་ནི་དག་པའི་རྡུལ་ཕྲ་མོ་རང་བཞིན་འཕེལ་བའི་བཅུད་(འགྱུར་བ་)ནི། གྲུབ་པའི་ བཅུད་དུ་(སྟེ་མི་འགྱུར་བར་)བྱས་པ་སྟེ། (དེའི་རྒྱུ་ཡང་)འཁོར་བའི་བྱང་ཆུབ་ཀྱི་སེམས་(ཉིད་)མི་འགྱུར་ བར་{བྱ་[བྱས་]ཞེས་བྱ་བའི་དོན་ཏོ། །བཅིངས་པ་ནི་བྱང་ཆུབ་ཀྱི་སེམས་(མི་འགྱུར་བ་)རྡོ་རྗེའི་ སྲས་<ཞེས་བྱ་>ཏེ་སྨོན་པའི་སེམས་(ཉེ་བར་སྒྲུབ་པའི་མཐར་ཐོན་པ་)བག་ལ་ཉལ་གྱི་སྒྲིབ་པ་ཅུང་ཟད་ མངའ་བའོ། །(ས་ལ་སོགས་པ་)སོ་{སོར་[སོ]རེ་རེའི་བཅུད་ཀྱི་རྡུལ་ཕྲན་གཉི་གའི་ནི་ཐབས་དང་ ཤེས་རབ་ཀྱི་(རིགས་ཀྱི་)ཆོས་ཅན་(གྱི་དབང་)གྱིས་བཅིངས་པས་མི་གཡོ་བ་ལ་སོགས་པར་རབ་ ཏུ་{ཞུགས་ཏེ་[བཞུགས་]ཞེས་བྱ་བའི་དོན་ཏོ། །དེ་ལྟར་ས་ལ་སོགས་པ(འབྱུང་བ་ལྔ)འི་རྡུལ་ཕྲ་ མོ་མཐའ་ཡས་པ་(ནམ་མཁའི་མཐར་ཐུག་པ་མ་ལུས་)འདོད་ཆགས་དང་བྲལ་བ་ལ་སོགས་པ་(རིགས་) རྣམས་ཀྱིས་(གཞན་དང་མཐུན་སྣང་དུ་)ས་ལ་སོགས་པའི་(འབྱུང་པ་ལྔའི་རླུང་)ཟད་པར་མངོན་དུ་བྱས་ ཏེ། <རླུང་སེམས་>མི་གཡོ་བ་ལ་སོགས་པར་རབ་ཏུ་འཇུག་པ་ཞེས་བྱ་བའོ། །འདིར་རྡུལ་ཕྲ་ མོའི་སྒྲས་(འཁོར་ལོ་དྲུག་གི་ཐིག་ལེ་)མི་གཡོ་བ་ལ་སོགས་པའི་ས་རྣམས་སུ་བརྗོད་པར་བྱ་སྟེ། རྡུལ་ ཕྲ་རབ་(དང་བཅས་པ་) རྣམས་ནི་མ་ཡིན་ནོ། །དག་པའི་རྡུལ་ཕྲ་རབ་ཀྱི་སྒྲས་ས་བཅུ་གཉིས་ཀྱི་ རྟེན་དུ་གྱུར་པ(བདེ་བ་ཆེན་པོ)འི་སྒྲིབ་པ(འི་ཉོན་མོངས་པ་)ཐམས་ཅད་ཟད་པ་ཞེས་བྱ་བའི་དོན་ཏོ། ། (ས་བཅུ་གཉིས་པོ་)དེ་རྣམས་[ཀྱིས་]ནི་ལྷན་ཅིག་རྡོ་རྗེ་སེམས་དཔའ་(མི་མཐོང་པར་)ནམ་མཁར་ བཞུགས་ཏེ་(ཕྱིར་འཇིག་རྟེན་<གྱི་>ཁམས་དང་ནང་དུ་མི་འགྱུར་བའི་བདེ་ཆེན་)ཆགས་པའི་དུས་ཀྱི་བར་དུའོ་ ཞེས་བྱ་བ་ནི། འདིར་ཇི་སྲིད་སེམས་ཅན་(སོ་སོ་)རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ ཚོགས་མ་རྫོགས་པ་དེ་སྲིད་དུ་སངས་རྒྱས་འབྱུང་པ་(སེམས་ཅན་རྣམས་ཀྱིས་)མཐོང་པར་མི་འགྱུར་ ཏེ། (མདོ་ལས། ཇི་ལྟར་སྣོད་ནི་ཆག་པ་རུ། །ཟླ་བའི་གཟུགས་བརྙན་མི་མཐོང་སྟེ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་ རྒྱས་སྐུ་ཡང་མི་སྣང་ངོ༌། །ཞེས་སོ། །)(རྒྱུ་མཚན་)དེས་ན་ནམ་མཁར་བཞུགས་པ་ནི་ཆོས་ཀྱི་སྐུར་བཞུགས་ 1-1-171 པ་ཞེས་བྱ་བའི་དོན་ཏོ། ༼༥༥ དང་རྐང་པ་༡༽ ། ༈ ད་ནི་ཆུ་སྲིན་ལ་སོགས་པ་རྣམས་ཀྱི་རྟེན་གྱི་འཁོར་ལོའི་རྩ་རྣམས་བརྗོད་པར་བྱ་སྟེ། གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་ལ། འདིར། གཙུག་ཏོར་གྱི་འཁོར་ལོའི་ཡོངས་སུ་བསྐོར་ བ་དང་པོར་རྩ་བཞི་དབུས་སུ་གཅིག་གོ། དེ་ལྟར་སྙིང་ཁ(འི་རྩ་བརྒྱད་)ལ་སོགས་པའི་འཁོར་ལོ་ (ལྔ་)རྣམས་ལ་ཡང་ངོ༌། །དེ་ནས་གཙུག་ཏོར་གྱི་འཁོར་ལོའི་ཆུ་སྲིན་དང༌། བུམ་པ་དག་གི་རླུང་ གི་རྩིབས་ལ་སོགས་པ་ལ་རླུང་འཕོ་བ་སྟེ། འཁོར་ལོ་(རྩིབས་བརྒྱད་པ་)དང་པོ་ནམ་མཁའ་དག་ པ་ལས་རྡོ་རྗེའི་མཚན་མའོ། །དེས་ན་(དྲང་དོན་)དཀྱིལ་འཁོར་དུ་ནམ་མཁའི་འཁོར་ལོ་(རྩིབས་ བརྒྱད་)ལ་རྡོ་རྗེའི་ཕྲེང་བའོ། །དེ་ལྟར་ཉ་དང་ལུག་དག་གི་སྙིང་ཁ་རུ་གྱུར་པ་རླུང་གི་རང་བཞིན་ ལས་རླུང་གི་འཁོར་ལོ་ལ་རལ་གྲིའི་ཕྲེང་པའོ། །དེ་ལྟར་ཁྱུ་མཆོག་དང་འཁྲིག་པ་དག་{གི་[ནི་] མགྲིན་པར་གྱུར་པ་མེའི་རང་བཞིན་ལས་མེའི་འཁོར་ལོ་<རྩིབས་བརྒྱད་>ལ་རིན་པོ་ཆེའི་ཕྲེང་ པའོ། །{ཀ་[ཀར]་ཀ་རི་དང༌། སེང་གེ་དག་གི་མགོ་བོར་གྱུར་པ་ཆུའི་རང་བཞིན་ལས་ཆུའི་ འཁོར་ལོ་<རྩིབས་བརྒྱད་>ལ་པད་མའི་ཕྲེང་པའོ། །བུ་མོ་དང་སྲང་དག་གི་ལྟེ་བའི་འཁོར་ལོར་ སའི་རང་བཞིན་ལས་སའི་{དཀྱིལ་འཁོར་[འཁོར་ལོ་<རྩིབས་བརྒྱད་>]ལ། འཁོར་ལོའི་ཕྲེང་ པའོ། །སྡིག་པ་དང་གཞུ་དག་གི་གསང་པའི་འཁོར་ལོར་ཡེ་ཤེས་ཀྱི་རང་བཞིན་ལས་ཡེ་ཤེས་ ཀྱི་འཁོར་ལོ་ལ་གྲི་གུག་གི་ཕྲེང་པའོ། །(དྲང་དོན་དུ་)འཁོར་ལོ་རྩིབས་བརྒྱད་པོ་འདི་རྣམས་(ཡིན་ པ་)ལ་(ངེས་དོན་དུ་)སྟེང་དང༌། འོག་ཏུ་ཉིན་མཚན་སོ་སོ་ལ་ཆུ་སྲིན་[གྱི་]དུས་སྦྱོར་ནས་བརྩམས་ ཏེ་སྲོག་གི་རྒྱུ་བ་འདི་རྣམས་ནི་རྣལ་འབྱོར་པས་རིག་པར་བྱའོ། །{དེ་ལྟར་ཆུ་སྲིན་ལ་སོགས་ པའི་ལྷ་མོ་རྣམས་ཀྱི་དུས་སྦྱོར་གཉིས་གཉིས་ཀྱི་བར་དུ་འཁོར་ལོ་(དྲུག་པོ་རེ་རེ་རུ་)ཡང་དག་ པར་རྒྱུ་བ་ནི་དབྱུག་གུ་(སྟེ་ཆུ་ཚོད་)བཅུ་བཅུ(རྒྱུ་བ)ར་རོ། །(བསྡོམ་པས་)དེ་ལྟར་ཉིན་ཞག་གཅིག་ལ་ དབྱུག་གུ་དྲུག་ཅུས་དཀྱིལ་འཁོར་དྲུག་ཅུའི་སྲོག་རྒྱུ་ཞེས་བྱའོ། །}འདིར་གང་དང་གང་དུ་སྲོག་ 1-1-172 (ལྷག་པར་)དབང་བྱེད་པ་དེ་དང་དེ་རུ་དཀྱིལ་འཁོར་གྱི་སངས་རྒྱས་བཅོམ་ལྡན་འདས་དང༌། གཙོ་མོའི་མིང་དག་གིས་ལྷན་ཅིག་རྐང་པ་བཞི་བཅུ་རྩ་བརྒྱད་ཀྱི་རྐང་པ་གཅིག་བཟུང་པ་དང་ བཅས་པས་སྲོག་རྒྱུ་བ་(བགྲང་བ་)ནི་བཟླས་པ་སྟེ། ཕྲེང་བ(བགྲང་བ་དང་བཅས་པ)ས་ནི་མ་ཡིན་ཞེས་ བྱའོ། །དེ་ལྟར་རྐང་པ་བཅུ་དྲུག་{པ་}དང་ལྡན་པའི་དུར་ཁྲོད་ཀྱི་ལྷ་མོའི་མིང་དང༌། ལྷན་ཅིག་ {པས་}རྐང་པ་གཅིག་བཟུང་ནས་བཟླས་སོ། །རྐང་[པ་]བརྒྱད་ནི་(བདེ་ཆེན་གྱི་)པད་མའི་ལྷ་མོ་ (ནུས་མ་)བརྒྱད་དང་(ནི་)ལྷན་ཅིག་པས་འཆད་པར་འགྱུར་བའོ། །[དེ་ལྟར་ཆུ་སྲིན་ལ་སོགས་ པའི་ལྷ་མོ་རྣམས་ཀྱི་དུས་སྦྱོར་གཉིས་གཉིས་ཀྱི་བར་དུ་འཁོར་ལོ་<དྲུག་པོ་རེ་རེ་རུ་>ཡང་དག་ པར་རྒྱུ་བ་ནི་དབྱུག་གུ་<སྟེ་ཆུ་ཚོད་>བཅུ་<རྒྱུ་བར་>བཅུར་འགྱུར་རོ། །<སྡོམ་པས་>དེ་ལྟར་ཉིན་ ཞག་གཅིག་ལ་དབྱུག་གུ་དྲུག་ཅུས་དཀྱིལ་འཁོར་དྲུག་ཅུའི་སྲོག་རྒྱུ་ཞེས་བྱའོ། །]དེ་ལྟར་(ཡང་ ཉི་མའི་གནས་ནས་)ལུས་ལས་སྐྱེས་པའི་སྲིན་བུ་དང༌། མི་རྣམས་དང༌། འབྱུང་པོ་དང༌། ལྷ་དང༌། ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱི་རང་རང་གི་(གཡོན་)ཟླ་བ་༡དང༌། (གཡས་)ཉི་༢མའི་དབྱེ་བས་ རང་རང་གི་དཀྱིལ་འཁོར་རྣམས་སྐྱེ་༡བ་དང༌། ༢འཇིག་པའི་རྒྱུར་གྱུར་པའི་(རིགས་ལྡན་མ་)རྣལ་ འབྱོར་མ་(སྟེ་རླུང་)རྣམས་ཡང་དག་པར་རྒྱུ་བ་སྟེ། དེ་ལྟར་ཡང་གསུངས་པ། སྒྱུ་འཕྲུལ་ཆེན་མོ་ <གང་ན་>དྲག་མོ་ཆེ(རླུང་དེས)། །འབྱུང་(བ་)དང་སྡུད་པར་བྱེད་པ་རྣམས(ཡིན་པས)། །ཇི་ལྟར་དེ་ བཞིན་བྱེད་(པ་)པོ་རང་(རླུང་ཡིན་པས)། །འཇིགས་བྱེད་(དེ་འཁོར་བ་དང་)རྡོ་རྗེ་འཛིན་པར་(སྟེ་འདས་པ་) བརྗོད། །(ཕྱི་རོལ་པའི་)བྱེད་(པ་པོ་ལྟ་བུ་)མིན་ཤེས་རབ་(ཀྱི་)ཕ་རོལ་<ཏུ་>ཕྱིན(མ)། །(ལས་)སེམས་ ཅན་སངས་རྒྱས་(སུ་)བྱེད་(པ་)པོ་(གཞན་)མེད། །འཇོམས་(པར་བྱེད་པ་)དང་འཇོམས་(པར་བྱེད་པ་) མིན་(པ་)སངས་རྒྱས་པ(ཡིན་པར)། །ཡང་དག་སྨྲ་རྣམས་ཀྱིས་མ་གསུངས(སོ)། །(འོ་ན་གང་ལས་ བྱུང་ན་)ལུས་ངག་ཡིད་ཀྱི(ས་རླུང་ལ་ཞོན་ནས་)ཡང་དག་ལས། །དགེ་དང་མི་དགེ་གང་བྱས་པ། །དེ་ ཡི་འབྲས་བུ་སེམས་ཅན་སྤྱོད། །བྱེད་པོ་(ཁམས་གསུམ་གྱི་དབང་ཕྱུག་སོགས་)གཞན་ནི་ཅུང་ཟད་མིན། 181། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ༼༥༦༽ །། ༈ ད་ནི་འཇིག་རྟེན་པའི་དངོས་གྲུབ་(ཕྲིན་ལས་བརྒྱད་ལ་སོགས་པ་)བསྒྲུབ་པའི་ཆེད་དུ་སྔགས་ ཀྱི་བཟླས་པ་རྣམས་བརྗོད་པར་བྱ་སྟེ། ཐབས་དང་ཤེས་རབ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དུས་ཀྱི་འཁོར་ལོར་ཐབས་དང་ཤེས་རབ་ཡི་གེ་དག་ཞེས་{པ་[བྱ་བ་]ནི་འདིར་གང་གི་ ཚེ། ཤེས་རབ་ཀྱི་ས་བོན་ཐུང་པ་དེའི་ཚེ་ཐབས་ཀྱི་མངོན་དུ་ཕྱོགས་པའི་རིགས་ཀྱི་དབང་ལས་ རིང་པོར་འགྱུར་རོ། །གང་གི་ཚེ་ཤེས་རབ་{ཀྱི་[ཀྱིས་]རིང་པ་དེའི་ཚེ། ཐབས་ཀྱི་ཐུང་པར་ འགྱུར་རོ། །དེ་ལྟར་གཉིས་ཀའི་རིགས་ཀྱི་དབང་ལས་མཁའ་འགྲོ་མ་དང་མཁའ་འགྲོའི་མིང་ ཞེས་བྱ་བ་ནི། (ཤེས་རབ་)ཤེ་བཛྲ་མ་དང་(ཐབས་)སླཱེ་བཛྲ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ སླཱེ་ བཛྲ་མ་དང་ཤེ་བཛྲ་སྟེ་ས་དང་{ཆུ་[རླུང་]ཕན་ཚུན་ཐབས་དང་ཤེས་རབ་ཀྱི་དབྱེ་བས་སོ། ། དེ་ལྟར་ཆུ་དང་མེ་དག་ལས་ཥྼི་བཛྲ་མ་དང༌། ཀྤཱུ་བཛྲ་ཞེས་བྱའོ། །དེ་བཞིན་དུ་ཀྤཱུ་བཛྲ་མ་ དང༌། ཥྼི་བཛྲ་ཞེས་བྱ་སྟེ། མཁའ་འགྲོ་མ་དང༌། མཁའ་འགྲོ་ཐམས་ཅད་ཀྱི་མིང་{ངོ༌། །འདིར་ [འདིས་]ནི་བཟླས་པ(འི་ཐབས་)རྡོ་རྗེ་གསུམ་(ༀ་ཨཱཿཧཱུཾ་)དང་རྐང་པ་གཞན་ལྡན་པ་སྟེ། ༼ཀཐོག་ མ་དང་ནི་༼ཁདབུས་དང་༼གཐ་མས་དབྱེ་ཞེས་བྱ་བ་ལ། ཀ༽དང་པོར་ༀ་ཡིག་གོ། ཁ༽དབུས་སུ་ ཕྲེང་པའི་སྔགས་ཀྱི་དང་པོའི་ཚིག་ལ་སོགས་པའོ། །དེ་ནས་རྡོ་རྗེ་ཕོ་ཉ་མོ་རྣམས་ཀྱི་ས་བོན་ རྡོ་རྗེ་མཁའ་འགྲོ་དང་ལྡན་པའོ། །དེ་ནས་ཧཱུཾ་ཡིག་ཐུང་ངུ་ཐུགས་རྡོ་རྗེ་དང༌། (ཧཱུཾ་འམ་ཨཱ)རིང་པོ་ གསུང་རྡོ་རྗེའོ། །ག༽མཐར་ཕཊ་ཡིག་བྱ་བའོ། །དེ་ལ་ཕྲེང་པའི་སྔགས་ནི་(དྲང་དོན་དུ་ཚིག་དང༌། ངེས་དོན་དུ་སྲོག་སྔགས་)རྐང་པ་བདུན་ཅུ་རྩ་གཉིས་པ་སྟེ། རྐང་པ་བདུན་ཅུ་རྩ་གཉིས་པོ་དེ་རྣམས་ ལས། དང་པོ་རྐང་པ་བརྒྱད་ནི་(བདེ་ཆེན་གྱི་)པད་མའི་འདབ་མའི་ལྷ་མོ་རྣམས་ཀྱིས་ལྷན་ཅིག་ པ(འི་སྲོག་)དང༌། རྐང་པ་བཅུ་དྲུག་ནི་དུར་ཁྲོད་ཀྱི་ལྷ་མོ་རྣམས་ཀྱིས་ལྷན་ཅིག་པ་དང༌། རྐང་ པ་བཞི་བཅུ་རྩ་བརྒྱད་ནི་འཁོར་ལོ་དྲུག་གི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ 1-1-173 མིང་དང་ལྡན་པས་བཟླས་པར་བྱ་ཞེས་བྱའོ། །(དེ་རྣམས་ཇི་ལྟར་རྒྱུ་ན། རྐང་པ་དོན་གཉིས་ལས་)འདིར་ རྐང་པ་བརྒྱད་པོ་དང་དུར་ཁྲོད་བཞིའི་རྐང་པ་རྣམས་ནི་སྲོག་གིས་བྱིན་[གྱིས་]བརླབས་པའི་ བཅུ་གཉིས་དབུས་མ་ལ་རབ་ཏུ་ཞུགས་པ་ཡིས་ནི་(ཡེ་ཤེས་ཀྱི་རླུང་)ཆུ་སྲིན་ལ་སོགས་པའི་(བཅུ་ གཉིས་ཀྱི་)འཕོ་བའི་དུས་(མཚམས་)སུ་བཟླས་པར་བྱའོ། །(བཅུ་གཉིས་ཀྱི་)ལྷག་མ་རྐང་པ་དྲུག་ཅུ་ནི་ (ས་ལ་སོགས་པ་འབྱུང་པའི་)དཀྱིལ་འཁོར་ལྔ་ཡིས་བྱིན་གྱིས་བརླབས་པས་ན་སྲོག་གིས་བྱིན་གྱིས་ བརླབས་པ་སྟེ། གང་དཀྱིལ་འཁོར་དེ་དང་དེའི་ལྷག་(པར་དབང་བྱེད་)པའི་ལྷ་དེ་རྣམས་དང་ལྡན་ པའི་ཕྲེང་པའི་སྔགས་ནི་རྣལ་འབྱོར་མ་རྣམས་སུ་གྲུབ་པ་སྟེ། (གཡས་གཡོན་ནས་)རྒྱུ་བའི་དབྱེ་ བས་(རང་རང་ལས་ཀྱི་རྗེས་མཐུན་པ་)མྱུར་དུ་འགྲུབ་པར་འགྱུར་བའོ། །(དབུས་མར་)རོ་ཡིས་འགྲོ་བ་ རྣམས་ལས་གྲོལ་ནི་(གཡས་གཡོན་དུ་)འགྲོ་བ་(འཕོ་བ་)དྲུག་(གཉིས་བཅུ་གཉིས་)ལས་གྲོལ་བའི་བཅོམ་ ལྡན་འདས་རྡོ་རྗེ་མཁའ་འགྲོ་(ཡབ་)དང༌། མཁའ་འགྲོ་མ་(ཡུམ་)རྣམས་ཞེས་བྱ་བ་ནི་ངེས་ པའོ། །དེ་ལ་ཀུན་རྫོབ་(དྲང་དོན་)དུ་ཨུ་པ་པི་ལ་བ་[ལང་]ལ་སོགས་པ་དགོད་པ་ནི། ཆུ་སྲིན་ ལ་སོགས་པ་དང༌། ཀའི་སྡེ་ཚན་(དྲུག་)ལ་སོགས་པ་ཕྲེང་པའི་སྔགས་སུའོ(འདིར་རྐང་པ་བདུན་ཅུ་རྩ་ གཉིས་པ་དྲང་དོན་དུ་སྲོག་ཚིག་དབྱེར་མེད་ཀྱི་སྔགས་དང༌། ངེས་དོན་དུ་སྲོག་ཡིད་དབྱེར་མེད་ཀྱི་སྔགས་<དང༌།> རླུང་འཕོ་ བའི་འཚམས་བཅུ་གཉིས་དང༌། འཕོ་ཆུང་དྲུག་ཅུ་ལ་སྦྱར་ནས་བཟླས་པར་གསུངས་སོ)། །དེ་ལྟར་(ངེས་དོན་དུ་)ཕྲེང་པའི་ སྔགས་ཉི་མ་སོ་སོའི་དབུགས་ཀྱི་འཁོར་ལོའི་གྲངས་བཟླས་པར་བྱའོ། །འདིར་ཕྲེང་པ་(བགྲང་ བ་)དང་སྔགས་(ཚིག་ཏུ་)བརྗོད་པ་དག་གིས་ནི་མ་ཡིན་ཏེ། (འོ་ན་གང་ན་)དབུགས་ཀའཇུག་པ་དང༌། ཁདབུགས་དབྱུང་པ་དག་གིས་ལྷན་ཅིག་སྔགས་ཀྱི་ཡི་གེ་རབ་ཏུ་ཀ༽འཇུག་པ་དང༌། ཁ༽འབྱུང་ པ་ནི་(དཔེ་)མེ་ཏོག་གི་ཕྲེང་བ་བཞིན་དུ་(ནམ་མཁའ་ནས་(འཆགས་<འཕགས་>པས་)ཀལུགས་སུ་འབྱུང་ པ་(༥༠༠)དང༌། (ས་ནས་འཇིག་པས་)ཁལུགས་ལས་བཟློག་པས་(གཡོན་)ཀ༽ཟླ་བ་(གཡས་)ཁ༽ཉི་མའི་ དང་རང་བཞིན་གྱིས་བལྟ་བར་བྱའོ། །དེ་ལྟར་ཉིན་མཚན་ལྔ་ལ་(༢༡༦༠༠ལྔ་ལ་)སྟོང་ཕྲག་བརྒྱད་ 1-1-174 ལྷག་པའི་འབུམ་བཟླས་པ་ནི། རྣལ་འབྱོར་པས་ནང་དུ་(དབུགས་ཀྱི་བཟླས་པ་)བྱའོ། །ཉིན་མཚན་ (༢༡༦༠༠)ལྔ་བརྒྱས་འབུམ་ཕྲག་བརྒྱད་ལྷག་པའི་བྱེ་བའི་དབུགས་རྣམས་བཟླས་པའོ། །དེས་ནི་ (ཞག་༥༠༠)ལུས་དག་པ་སྟེ། དེ་ལྟར་(ཞག་༥༠༠)ངག་(རྣམ་པར་)དག་པ་དང༌། དེ་བཞིན་དུ་(ཞག་༥༠༠) སེམས་རྣམ་པར་དག་ལ་ཡང་སྟེ། དེ་ལྟར་ཉིན་མཚན་བརྒྱ་ཕྲག་བཅོ་ལྔས་(ལོ་བཞི་དང་ཟླ་བ་གཉིས་ ཀྱིས་)དབུགས་(འདར་བའི་)གཡོ་བ་མེད་པར་འགྱུར་ཏེ། (ལུས་རྩའི་)བུམ་པ(དག་པ)འི་གནས་སྐབས་ ཀྱི་སྲོག་(དག་པ་)ཐོབ་པ་ཞེས་བྱའོ། །དེ་ནས་(རྩ་རླུང་དག་པས་)རྣལ་འབྱོར་པ་རྣམས་ལ་མངོན་པར་ ཤེས་པ་ལྔ་སྐྱེ་བར་འགྱུར་རོ། །རྡོ་ཀ༽རྗེའི་བཟླས་པའི་རིམ་པ་དང༌། ༼ཁམ་ནིང་གི་བཟླས་པའི་ རིམ་པ་ནི་(༡༥༠༠པ་༣)ཀ༽གཡོན་པ་(སྐུ་རྡོ་རྗེ་)དང༌། གཡས་པ་(གསུང་རྡོ་རྗེ་)དང༌། ཁ༽དབུས་མ(ཐུགས་ རྡོ་རྗེ)འི་སྲོག་ཡང་དག་པར་རྒྱུ་བས་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱི་ངེས་པའོ།། ༼༥༧༽ །། ༈ ད་ནི་(གཡས་གཡོན་གྱི་རླུང་གི་)འཁོར་ལོ་ལྔའི་ཨ་བ་དྷུ་<ཡེ་ཤེས་ཀྱི་>ཏི(ར་ཆུད་པ)འི་དབུགས་ རྣམས་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་(རྡོ་རྗེ་གནས་)རྣམ་ལ་སངས་རྒྱས་ཐམས་ཅད་ (འཛག་མེད་)ཀྱི་སྡོམ་པ་(འབྱུང་བ་)བརྗོད་པར་བྱ་སྟེ། གང་ཞིག་ཞེས་བྱ་བ་ལ་སོགས་པ་ལ། འདིར་ བྱིས་པ་(སོ་སོ་སྐྱེ་བ་)གང་ཞིག་སྐྱེ(ས)བའི་དུས་སུ་(ལྟེ་བ་བཅད་པ་དང་)དབུས་མ་ནས་དབུགས་རྐང་ པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་རྣམས་ཏེ། རྐང་པ་<བཞི་ཆ་>དང་བཅས་རོ་(དྲུག་)དང་མདའ་ (ལྔ་)རུ་འགྱུར་(ང་དྲུག་)ཞེས་བྱའོ། །(ང་དྲུག་པོའི་རྗེས་)དེ་{ནས་[རྣམས་](ཡང་དུས་སྦྱོར་འཕོ་མཚམས་སུ་) འཁོར་ལོ་(ནང་གི་འདབ་མ་བཞིའི་རྩར་རྒྱུ་བ་ཐབས་ཤེས་དབྱེ་བས་)བརྒྱད་{པ་[པོ་]རྣམས་སུ་འགྱུར་(བ་ཡིན་) ཏེ་སྟེང་འོག་དབང་ལས་སྒོ་དབུས་ལ་གནས་ལྷ་མོ་རྣམས་ཞེས་བྱ་བ་ནི། དབུགས་འདི་རྣམས་ ཀྱི་(ནང་)དབུས་ནས་སྐུ་(དཔྲལ་བ་)དང༌། གསུང་(མགྲིན་པ་)དང༌། ཐུགས་(སྙིང་ཁ་)དང༌། ཡེ་ཤེས་ (ལྟེ་བའི་པད་མ་དག་)ཀྱི་ཆོས་ཅན་དབུགས་བརྒྱད་དེ། ཐབས་དང་ཤེས་རབ་ཀྱི་དབྱེ་བས་སོ། །དེ་ ཀ༽རྣམས་(དྲང་དོན་དཀྱིལ་འཁོར་དུ་)སྙིང་པོའི་པད་མའི་(བདེ་ཆེན་གྱི་)འདབ་མར་(ཡེ་ཤེས་ཀྱི་)ལྷ་མོ་ 1-1-175 བརྒྱད་(ཡེ་ཤེས་དག་པ་)དེ། འདིར་ཐོད་པ་རྣམས་དང་དཔའ་བོ་རྣམས་ནི་(བགྲང་བ་)མ་ཡིན་ནོ། ། (ངག་གི་དག་པ་)(དབུགས་དེས་འདྲེ་)ཁ༽བརྒྱད་གཟུགས་རྣམ་པར་དག་པ་སྟེ(ནང་ངོ་ཕྱི་དེས་འདྲེ་)། སའི་ འཁོར་ལོར་རོ། །ག༽བརྒྱད་འདུ་ཤེས་རྣམ་པར་དག་པ་སྟེ་ཆུའི་འཁོར་ལོར་རོ། །ང༽བརྒྱད་ཚོར་ བ་རྣམ་པར་དག་པ་སྟེ་མེའི་འཁོར་ལོར་རོ། །ཅ༽བརྒྱད་{འདུ་[དུ་དུ་]བྱེད་རྣམ་པར་དག་པ་སྟེ་ རླུང་གི་འཁོར་ལོར་རོ། །ཆ༽བརྒྱད་རྣམས་པར་ཤེས་པ་རྣམ་པར་དག་པ་སྟེ་ནམ་མཁའི་འཁོར་ ལོར་རོ། །ཇ༽བརྒྱད་ཡེ་ཤེས་རྣམ་པར་དག་པ་སྟེ་དུར་ཁྲོད་བརྒྱད་དུའོ། །(ལུས་ཀྱི་དག་པ་)དེ་ལྟར་ ཀ༽གསང་པ་དང༌། ཁ༽ལྟེ་བ་དང༌། ག༽སྙིང་ཁ་དང༌། ང༽མགྲིན་པ་དང༌། ཅ༽དཔྲལ་བ་དང༌། ཆ༽ གཙུག་ཏོར་གྱི་འཁོར་ལོ་དྲུག་རྣམས་ལ་བཞི་བཅུ་རྩ་བརྒྱད་དོ། །(དེའི་སྟེང་དུ་དུར་ཁྲོད་ཀྱི་བརྒྱད་ནི་)དེ་ ལྟར་ཇ༽སྣའི་བུག་པ་གཉིས་ལ་གཉིས་དང༌། མིག་གི་བུག་པ་གཉིས་ལ་གཉིས་དང༌། རྣ་བའི་ བུག་པ་གཉིས་ལ་གཉིས་དང༌། ལྕེའི་སྒོ་དང༌། གཙུག་ཏོར་གྱི་བུག་པ་གཉིས་ལ་གཉིས་ཞེས་ བྱ་བ་ནི་(དུར་ཁྲོད་ཀྱི་)ལྷ་མོའི་ཚོགས་(༨༨ཆད་)ཏེ། དེ་ལྟར་(བསྡོམ་པས་ཡེ་ཤེས་ཀྱི་)དབུགས་ལྔ་བཅུ་ རྩ་དྲུག་གོ། (ཡང་ལྔ་བཅུ་རྩ་དྲུག་གི་)ལྷག་མ་རྐང་པ་གཅིག་ལས་(འཆི་དུས་ཀྱི་ལྔ་བཅུ་རྩ་དྲུག་) སྐྱེས་པ(འི་ དབུགས་རིངས་)སྲིད་གསུམ་བསྐྱེད་མཛད་(དཀྱིལ་འཁོར་དུ་)ནི་སྣ་ཚོགས་ཡུམ་སྟེ། ཕྱག་(གཡས་)ན་གྲི་ གུག་དང་ནི་(གཡོན་ན་)ཉ་ཕྱིས་(ཏེ་<མི་>ཐོད་)བསྣམས་པ་སྟེ་གཡོན་{བརྐྱང་[བརྒྱང་]པ་ཡིས་ (གདན་)ཉི་མ་<དང་>ཟླ་བའི་(དཀྱིལ་འཁོར་)སྟེང་དུ་ཞེས་པ་ནི་བདུད་(འདོད་ལྷ་)དང་ཉོན་མོངས་ པ(དྲག་པོ)འི་སྟེང་དུ་{(ཡུམ་)གནས་པ་(ཡབ་)གཡས་བརྐྱང་པས་གནས་པའི་བདུད་རྩི་བདེ་བའི་ ཆ་ལྡན་ལ་[གནས་པའི་<ཡུམ་>བདུད་རྩི་བདེ་བའི་ཆ་ལྡན་ལ་<ཡབ་>གཡས་བརྐྱང་པས་ གནས་པའི་]བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་(བྱང་སེམས་)མཆོག་ཏུ་མི་འགྱུར་བ(ཉིད་ཀྱི)ས་ འཁྱུད་པ་ཞེས་བྱའོ། །དབུགས་(ལྔ་བཅུ་ང་དྲུག་པོ་)འདི་རྣམས་ཀྱི་ས་བོན་(ཕྱི་ནས་ལི་)ལ་སོགས་པ་ (དབྱངས་ཡིག་ཕྱེད་དང་བརྒྱད་)འཆད་པར་འགྱུར་བས་བརྗོད་པར་བྱ་སྟེ། དེས་ན་འདིར་མ་བརྗོད་ 1-1-176 དོ། །འདིར་ངེས་པའི་དོན་དུ་རྣལ་འབྱོར་པས་དུས་ཐམས་ཅད་དུ་(གཡས་གཡོན་ནས་རྒྱུ་བའི་)སྲོག་ དབུས་མར་གཞུག་(བསྒོམ་ར་ཟེར་)པར་བྱ་སྟེ། (ནང་དུ་)འཇུག་པ་དང་(ཕྱིར་)འབྱུང་པ་དེ་དག་(དབུས་ མར་)བརྟན་པར་(རྒྱུ་བར་)གྱུར་ནས། དུས་ཐམས་ཅད་དུ་(རླུང་)བུམ་པ་ཅན་གྱི་གནས་སྐབས་ཀྱི་ ཡན་ལག་ཏུ་འགྱུར་གྱི་བར་དུ་བྱའོ། །དེ་ནས་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་འཐོབ་ པར་འགྱུར་ཏེ། (གང་གིས་ཐོབ་ན་)སྲོག་(དབུས་མར་)བཟླས་པ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ ཀྱི་ངེས་པའོ། །དེ་ལྟར་སྲོག་(དབུས་མར་འཇུག་པ་དག་)གི་ཡན་ལག་དང་ལྡན་པའི་(སྲོག་)ཡིད་དབྱེར་ མི་{བྱེད་[ཕྱེད་]པའི་སྔགས་ཀྱི་བཟླས་པ་བྱ་སྟེ། (ཐབས་དང་ཤེས་རབ་ཀྱི་)རྒྱུད་ཐམས་ཅད་{ཀྱི་} རྡོ་རྗེའི་ཚིག་ཏུ་(འཁོར་ལོ་དྲུག་དྲུག་གཞུག་པར་)སྔར་གསུངས་སོ། །ཚིག་གིས་སྔགས་བརྗོད་པ་དང༌། ཕྲེང་བ་(བགྲང་བ་)དང་བྲལ་བའི་སྲོག་གི་བཟླས་པ་ལ། དེ་བཞིན་དུ་བཟླས་པར་བརྗོད་པར་ བྱ་སྟེ། སྲོག་(གཡས་གཡོན་ཉི་ཟླའི་ལམ་ནས་)འབྱུང་པ་དང༌། འཇུག་པ་འགོག་པའི་ཕྱིར་ཞེས་བྱའོ།། ༼༥༨༽ །། ༈ ད་ནི་རྩའི་གནས་(དྲུག་ལ་སོགས་པ་)རྣམས་སུ་(རླུང་)འགྲོ་བ་བརྗོད་པར་བྱ་སྟེ། སྒྲ་ཙམ་ ཞེས་བྱ་བ་ལ་སོགས་པ་ལ། འདིར་༡སྒྲ་༣ཙམ་ཞེས་བྱ་བ་ནི་སྙིང་ཁར་(བྱང་སེམས་)ཐུགས་ཀྱི་ ཐིག་ལེ་(གང་ན་)གཉིད་ལོག་པ་སྐྱེད་པར་བྱེད་པའོ། །༢ཐིག་ལེ་ཞེས་བྱ་བ་ནི་དཔྲལ་བར་(བྱང་ སེམས་)སྐུའི་ཐིག་ལེ་(གང་ན་)སད་པའི་གནས་སྐབས་སྐྱེད་པར་བྱེད་པའོ། །[ཆ་ཞེས་བྱ་བ་ནི་ མགྲིན་པར་<བྱང་སེམས་>གསུང་གི་ཐིག་ལེ་(གང་ན་)རྨི་ལམ་སྐྱེད་པར་བྱེད་པའོ། །]༤ཡེ་ཤེས་ ཞེས་བྱ་བ་ནི་ལྟེ་བར་(བྱང་སེམས་)ཡེ་ཤེས་ཀྱི་ཐིག་ལེ་(གང་ན་)རུ་རྒྱ་(སྟེ་སྙོམས་འཇུག་གིས་བརྒྱལ་བ་)སྐྱེད་ པར་བྱེད་པའོ། །ཞེས་བྱའོ། །བདུད་རྩིའི་གནས་སུ་འགྲོ་ཞེས་བྱ་བ་ནི། བདུད་རྩིའི་གནས་སུ་ གྱུར་པ་དཔྲལ་བ་སྟེ། དེར་འགྲོ་བ་ནི་བདུད་རྩིའི་གནས་སུ་འགྲོ་བའོ། །(ལྕགས་སྒྲོག་<ལུ་གུ་རྒྱུད་ ཟེར་>བཅིངས་[པའི་]རྩ་ཞེས་{པ་[བྱ་བ་]ནི་(གཡས་)ལ་ལ་ན་དང༌། (གཡོན་)ར་ས་ན་དང༌། ཨ་ 1-1-177 བ་དྷུ་ཏི་རྣམས་ཏེ། དེ་ཡང་(ལྕགས་སྒྲོག་<ལུ་གུ་རྒྱུད་ཟེར་>བཅིངས་པ་ནི་ལྟེ་བ་དང༌། སྙིང་ཁའི་ དབུས་སུ་ལམ་གསུམ་བྱས་ནས། ཡང་ཨ་བ་དྷུ་ཏིས་དབུས་ནས་སྙིང་ཁའི་ལྟེ་བ་དབྱེ་བ་བྱས་ ཏེ་འགྲོ་བའོ། །ཀལ་ལ་ན་དང་ཁར་ས་ན་ཀགཡོན་[པ་]དང་ཁགཡས་པའི་འདབ་མ་ལ་རབ་ ཏུ་རྒྱུ་བའོ། །དེ་ནས་སྙིང་ཁ་དང་མགྲིན་པའི་དབུས་སུ་ལམ་གསུམ་བྱས་ཏེ་འགྲོ་བའོ། །དེ་ ལྟར་མགྲིན་པ་དང༌། དཔྲལ་བའི་དབུས་སུ་ལམ་གསུམ་དང༌། དཔྲལ་བ་དང་གཙུག་ཏོར་གྱི་ དབུས་སུ་ལམ་གསུམ་མོ། །དེ་ལྟར་ལམ་གགསུམ་པ་བཞི་བྱས་(རྡོར་སྙིང་ལས། གཙུག་ཏོར་ནས་སྣའི་ <བུ་ག་གཉིས་ཀྱི་>དབུས་སུ་ལམ་གསུམ་དང་ལྔར་)ཏེ་འགྲོ་བ་ནི་མཆོག་གི་གནས་སུ་(ས་ཕྱི་རུ་)བཅུ་གཉིས་ མཐའ་ནས་(ཆུ་བཅུ་གསུམ་དང་མེ་བཅུ་བཞི་རླུང་བཅོ་ལྔ་ནམ་མཁའ་བཅུ་དྲུག ཡང་ས་ནང་དུ་བཅུ་དྲུག ཆུ་བཅོ་ལྔ། མེ་བཅུ་ བཞི། རླུང་བཅུ་གསུམ། ནམ་མཁའ་བཅུ་གཉིས་)ཆའི་མཐའ་རུ་འགྲོ་ཞེས་ནང་གི་ལེའུར་གསུངས་པ་སྟེ། ལ་ལ་ན(འི་རླུང་)སྣ་བུག་གཡོན་པ་ནས་སོ། །ར་ས་ན(འི་རླུང་)སྣ་བུག་གཡས་ནས་སོ། །ཨ་བ་ དྷུ་ཏི(འི་རླུང་)ནི་སྙོམས་པར་སྣ་བུག་གཉིས་ཀ་ནས་(ཕྱིར་བཅུ་གཉིས་དང་བཅུ་དྲུག་)འགྲོ་[བ]འོ། །དེ་ ལྟར་འོག་ཏུ་ལྟེ་བ་དང༌། གསང་པའི་དབུས་སུ་ལམ་གསུམ་བྱ་སྟེ། གཤང་པ་དང་གཅི་བའི་ རྩ་ནི་གཡོན་དང་གཡས་ནས་འགྲོ་བ་དང༌། དུང་ཅན་མ་ནི་དབུས་ནས་སོ། །གསང་པའི་པད་ མའི་འོག་ནས་བཤང་པའི་རྩ་དབུས་{སུ་[ནས་]འགྲོ་བ་དང༌། གཡོན་ནས་(ཕོ་)རྟགས་སམ་ (པད་མ་)བྷ་ག་རུ་གཅི་བ(དྲི་ཆུ)འི་རྩ་འགྲོ་བ་དང༌། གཡས་ནས་(རྟགས་སམ་བྷ་ག་རུ་)ཁུ་བ(ས་བོན་ འབབ་པ)འི་རྩ་འགྲོ་བ་ཞེས་བྱ་བ་ནི་རྩའི་རྒྱུ་བ་སྟེ། ནང་གི་ལེའུར་གསུངས་པའོ། །དེ་ལྟར་སྲོག་ དང་ཐུར་སེལ་ལམ་གསུམ་རྣམས་ནི་ཞེས་བྱ་བ་ནི། སྟེང་{དུ་[དང་]གཡོན་དང༌། གཡས་དང༌། དབུས་མའི་ལམ་(གསུམ་)རྣམས་སྲོག་གིའོ། །འོག་ཏུ་བཤང་པ་དང༌། གཅི་བ་དང༌། ཁུ་བའི་ ལམ་<གསུམ་>རྣམས་ཐུར་དུ་སེལ་བའི་འོ། །རྡོ་རྗེ་པད་མར་བཅས་ནི་བུད་མེད་རྣམས་ཀྱི་སྐྱེ་ གནས་ཀྱིས་(སྐྱེས་པ་ལ་)འཛག་པའི་ཕྱིར་རོ། །པད་མ་རྡོ་རྗེ་ནོར་བུ་དང་ལྡན་པས་(བུད་མེད་ཀྱི་བྷ་ག་ 187) ཁ་འབྱེད་པའི་ཕྱིར་རོ། །དབུས་སུ་རླུང་{དག་[དང་]འགྲོ་བ་དང་འཇུག་པ་ཡང་དག་འདུས་ པས་ནི་ལྟེ་བའི་དབུས་སུ་སྲོག་དང་ཐུར་དུ་སེལ་བ་དག་གི་རྩ་རྣམས་ནས་(རླུང་རྣམས་)འགྲོ་བ་ དང༌། འཇུག་པ་ཡང་དག་པར་འདུས་པས་(ཐ་མལ་པ་ལ་ལྟག་སྤྲོད་དུ་གནས་<པས་>)སོ། །ཡུལ་ཞེས་ བྱ་བ་ནི་རྣམ་པར་དབྱེ་བ་མེད་(པ་གཟུགས་སྒྲ་ལ་སོགས་པ་སྤྱི་ལ་འཇུག་)པའི་ཚིག་གོ། ཡུལ་དང་ཡུལ་ ཅན་མེད་པར་འགྱུར་ཞེས་{པ་[བྱ་བ་]ནི། ཡུལ་རྣམས་དང་ཡུལ་ཅན་རྣམས་ཏེ། (གང་ན)མིག་ ལ་སོགས་པ་རྣམས་གཟུགས་ལ་སོགས་པ་རྣམས་ལ་འཇུག་པ་མེད་པར་འགྱུར་བའོ། །དུ་བ་ ལ་སོགས་མཚན་མ་རྣམས་(མཐོང་པ་)ནི་(རྒྱུ་གང་ལས་བྱུང་ན་)ཨ་བ་དྷུ་ཏིའི་སྒོ་ནས་(རླུང་)བཟུང་པས་ སོ། །ཡང་གི་སྒྲ་ལས་(རླུང་)དེ་ཉིད་ལྟེ་(བ་སོགས་)བར་(བཟུང་པ་ན་)ཡང་ངོ༌། །འདི་རྣམས་གསང་ པ་ཆེན་{པོ་[པོའོ་ནི་]སྦ་བར་བྱ་བ་སྟེ། (གང་ལ་སྦས་ན་)བྱིས་པའི་སྐྱེ་བོ་རྣམས་ལ་(རྡོ་རྗེ་སྙིང་པོས། རྗེ་ བཙུན་གསང་པ་ལས་ཆེས་གསང་བ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བསྒོམ་པ་ལ་མངོན་པར་ཞེན་པ་རྣམས་ལ་གསང་བས་ན་ ཆེས་གསང་པ་ཤིན་ཏུའོ། །ཞེས་གསུངས་སོ། །)ཞེས་ངེས་པའོ།། ༼༥༩༽ །། ༈ ད་<མྱུར་ལམ་>ནི་མཐར་ཐུག་སྲོག་སྡུད་པ་བརྗོད་པར་བྱ་སྟེ། སྐུ་མཐོང་ཞེས་བྱ་བ་ལ་ སོགས་པ་ལ། འདིར་(སྣ་ཚོགས་དེ་བཞིན་གཤེགས་པའི་)སྐུ་མཐོང་པར་གྱུར་པ་དེ་ནས་ཉིན་མཚན་སོ་ སོའི་དུས་སུ་སྲོག་གི་རླུང་ཉིད་རབ་ཏུ་དགག་པར་བྱས་པ་དང་ཞེས་བྱ་བ་ནི་བུམ་པ་ཅན་དུ་བྱ་ བའོ། །(རྩ་རྒྱུད་ལས། གཟུགས་མཐོང་དེ་ཡི་འོག་ཏུ་ནི། །སྟེང་དང་འོག་ཏུ་རྩ་གསུམ་ལ། །ལུས་ངག་སེམས་ནི་དགག་པའི་ ཕྱིར། །རྒྱུན་མི་འཆད་པར་སྲོག་རྩོལ་བྱ། །ཞེས་གསུངས་སོ། །)དེ་ཡང་(ཚད་གསུངས་པ་ནི་)ཇི་སྲིད་ངེས་པར་རང་ གི་ལུས་ལ་འོད་ཟེར་(དཀར་པོའི་)འཁོར་ལོ(སྐྱ་རེངས་ཤར་བ་ལྟ་བུ)ས་ཡོངས་སུ་{འཁོར་[བསྐོར་] བར་བྱེད་པ་མཐོང་པའི་བར་ཞེས་པ་ནི། སྔོན་དུ་གསུངས་པའི་སྐུ་ལས་ནང་དུ་མཐོང་ནས་(དེ་ ལྟ་བུ་མཐོང་ནས་སྤང་པར་བྱ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་དུས་མ་ཡིན་པར་འཆི་བར་འགྱུར་རོ། །)འོང་ངོ༌། །བརྟུལ་ ཞུགས་ཅན་རྣམས་ནི་ལས་དང་པོ་པ་ཚངས་པར་སྤྱོད་པ(འི་སྡོམ་པ་ལ་གནས་པ་)རྣམས་(ཀྱིས་)སོ། 188། ལམ་གྱི་སེམས་ནི་(སྣ་ཚོགས་)སྟོང་པ་ཉིད་ཀྱི་གཟུགས་(ལམ་དུ་ཁྱེར་བ་རྣམས་)ཀྱི་སེམས་སོ། །ཟླ་ བ་དྲུག་གིས་རེག་བྱ་བྲལ་ནས་ནི་(བདེ་བ་སྐྱེ་བའི་རྒྱུ་)དབང་པོ་གཉིས་ཀྱི་འཁྲིག་པ་དང་བྲལ་ནས་ ཞེས་བྱའོ། །བདེ་མཉམ་འགྱུར་ནི་མི་འགྱུར་བའི་བདེ་བ་ཐོབ་པ<སྟེ་མཉེན་པ་སྐྱོལ་བ>འོ། །དེ་ ནས་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་ནི། (དུས་ནམ་ན)ཆགས་དང་ ཆགས་བྲལ་མཐའ་དང་[དང་]པོར་སོང་པའི་སྐད་ཅིག་མ་ནས་ཞེས་བྱ་བ་ལ། ཆགས་པ་ ཞེས་བྱ་བ་ནི་དཀར་པོའི་ཕྱོགས་ཏེ། དེའི་མཐར་སོང་པ་ནི་བཅུ་དྲུག་པའི་ཆའི་མཚན་ཉིད་དོ། ། ཆགས་བྲལ་ཞེས་བྱ་བ་ནི་ནག་པོའི་ཕྱོགས་ཏེ། དེའི་དང་པོར་སོང་པ་ནི་ནག་པོའི་ཕྱོགས་ སུ་<ཡར་གྱི་བཅུ་དྲུག་ལ་>མ་ཞུགས་པ་(དེ་)མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་ཀྱི་མཚན་ ཉིད་དེ། དེ་ཉིད་སྐད་ཅིག་མ་ནས་ཁྱབ་བདག་དབུགས་ཀྱི་གྲངས་<ཡེ་ཤེས་>འཕེལ་བ་ནི་ཁྲི་ ཕྲག་གཉིས་དང༌། བརྒྱ་ཕྲག་བརྒྱད་གཉིས་ཀྱི་གྲངས་(འཕེལ་ཏེ་བརྒྱ་ཕྲག་བཅུ་དྲུག་)ཞེས་བྱའོ(སྟེ་ཉི་ཁྲི་ ཅིག་སྟོང་དྲུག་བརྒྱ)། །(སྐད་ཅིག་གཅིག་<གིས་>ནི་)རྡོ་རྗེ་ནོར་བུའི་རྩེ་མོ་ལས་(འཕོ་ཆེན་གཉིས་ཀྱི་རླུང་)བརྒྱ་ ཕྲག་སུམ་ཅུ་རྩ་དྲུག་གི་སྐད་ཅིག་རྣམས་ཀྱིས་གསང་པར་འཕེལ་བ་སྟེ། གྲངས་དེ་ཙམ་གྱིས་ སྲོག་(སྟེང་རླུང་)འགག་པས་གསང་པའི་པད་མར་ཐོབ་པ་དེ་ས་(དང་པོ་རབ་ཏུ་དགའ་བ་དང་དྲི་མ་མེད་པ་) གཉིས་སུ་འགྱུར་རོ། །དེ་ལྟར་ལྟེ་ཀབ(ར་སུམ་བརྒྱ་དྲུག་ཅུ་)དང༌། སྙིང་ཁཁ་དང༌། གམགྲིན་པ་དང༌། ངདཔྲལ་བར་(ས་)ཀབཞི་དང༌། <ས་>ཁདྲུག་དང༌། ]<ས་>གབརྒྱད་དང༌། ངས་བཅུར་འགྱུར་ རོ། །གཙུག་ཏོར་དུ་ས་བཅུ་གཉིས་སུ་འགྱུར་ཏེ། སྲོག་(སྟེ་རླུང་ཉིས་ཁྲི་ཅིག་སྟོང་དྲུག་བརྒྱ་པོ་)ཐམས་ ཅད་ཟད་པས་ཞེས་བྱའོ(ཀྱེའི་རྡོ་རྗེ་རྩ་བའི་རྒྱུད་ལས། སྲོག་ནི་འགག་པར་གྱུར་པ་ན། །བྱང་ཆུབ་སེམས་ནི་འགག་པར་ འགྱུར། །བྱང་ཆུབ་སེམས་ནི་འགག་གྱུར་ན། །འཕོ་བ་འགག་པར་འགྱུར་བ་འོ། །འཕོ་བའི་སྐད་ཅིག་འགག་གྱུར་ན། །རྣལ་འབྱོར་ ཀུན་ལ་སངས་རྒྱས་ཉིད། །ཅེས་གསུངས་སོ)།། ༼༦༠༽ །། ༈ ད་ནི་སྲོག་སྡུད་པའི་མཚན་ཉིད་(སྐྱོན་ཡོན་)བརྗོད་པར་བྱ་སྟེ། སྲོག་ཞེས་བྱ་བ་ལ་སོགས་ 1-1-178 པ་ལ། འདིར་སྟོང་པ་ཉིད་ཀྱི་གཟུགས་བརྙན་མཐོང་ནས་རྣལ་འབྱོར་པས་སྲོག་<རྩ་དབུ་མར་> བསྡུ་བར་བྱ་སྟེ། དེ་ཡང་(ཇི་ཙམ་བྱ་བའི་ཚད་ནི་)སྤྱི་བོའི་བར་ཞེས་{པ་[བྱ་བ་]ནི་མགོ་བོ་མི་ན་བ་ དེ་སྲིད་ཀྱི་བར་དུ་བྱ་བར་འདོད་པ་སྟེ། དེ་ཡིས་(ཕན་ཡོན་)ཀུན་ནས་བདེ་མཉམ་འབྲས་བུ་སྟེར་ བར་འགྱུར་བས་སོ། །དེ་ལས་སྟེང་དུ་ཞེས་བྱ་བ་ནི། མགོ་བོ་ན་{བ་[ནས་]དེ་སྲིད་དུ་བྱེད་ན་ (བྱ་བར་)འདོད་པ་(སྐྱོན་ཅི་ཡོད་ན་)མིན་ཏེ། ཕུང་པོ་ངེས་པར་ཉམས་ནས་འཆི་བས་འཇིགས་པར་ བྱེད་པའི་རྒྱུ་རུ་འགྱུར་རོ། །གལ་ཏེ་(མགོ་བོ་ན་བའམ་འཕོ་བ་བྱེད་)ན་ནི་སྟོབས་ཀྱི་རྣལ་འབྱོར་གྱིས་ གཙུག་ཏོར་དབྱེ་བ་བྱས་ཏེ། སྲོག་འགྲོ་བའི་རྣལ་འབྱོར་པ་ནི་བདེ་བ་དམ་པའི་གནས་སུ་(སྣ་ ཚོགས་)སྟོང་པ་ཉིད་ཀྱི་སྐུ་ལ་ངེས་(པ་སྟེ་ཐེ་ཚོམ་མེད་)པར་གཅིག་ཏུ་སྦྱོར་བར་བྱེད་པ་ཉིད་དོ། །དེ་ ལྟར་ཕུང་པོ(འི་)དངོས་པོ་(དོར་ནས་)མེད་ཀྱང་རྣལ་འབྱོར་པ་ནི་བདེ་མཉམ་འགྲོ་སྟེ་ཞེས་བྱ་བ་ ནི། སངས་རྒྱས་ཀྱི་སྐུར་འགྲོ་ཞེས་བྱའོ། །རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པའི་སེམས་ (དེ་ལྟར་)འགྲོ་བའོ། །འོན་ཀྱང་འཇིག་རྟེན་པ་རྣམས་འཕྱ་ཞེས་བྱ་བ་ནི། (སྲོག་རྩོལ་གྱི་གགས་ཀྱིས་) རྣལ་འབྱོར་པ་ཤི་ཞེས་བྱ་བའི་གྲགས་པ་(ངན་པ་འབྱུང་)སྟེ། སྲོག་བསྡུ་བ(ཚད་ལས་ཐལ་དྲགས་པ)འི་ {ཉེས་[ངེས་]པའོ།། ༼༦༡༽ །། ༈ ད་ནི་དབུས་མའི་དབུགས་ཀྱི་གྲངས་བརྗོད་པར་བྱ་སྟེ། ལི་ཞེས་བྱ་ལ་སོགས་པ་ལ། འདིར་ལི་ཡིག་ལ་སོགས་པ་[གང་]དབྱངས་ཡིག་བརྒྱད་ལས། (ༀ་འདི་ལ་ཧ་བཞག་སྟེ་ༀ་ཕྱི་མས) དབྱངས་ཡིག་ཕྱེད་ཀྱིས་རྣམ་པར་{དམན་[རྨན་]པ་(བརྒྱད་པོ་དེ་ཡང་)ཡུལ་(ལྔ་)དང་ཡོན་ཏན་ (གསུམ་གྱིས་)གྱུར་པ་རྣམས་ཞེས་བྱ་བ་ནི། ལི(ས)འི་ཡོན་ཏན་དྲི་(གཙོ་བོ་)རུ་གྱུར་པ(དེས་འདྲེ)འོ། ། ཨུ(ཆུ)འི་ཡོན་ཏན་གཟུགས་སུ་གྱུར་པའོ། །རི(མེ)འི་ཡོན་ཏན་རོ་རུ་གྱུར་པའོ། །ཨི(རླུང་)འི་ ཡོན་ཏན་རེག་བྱར་གྱུར་པའོ། །ཨ(ནམ་མཁ)འི་ཡོན་ཏན་སྒྲ་རུ་གྱུར་པའོ། །ཨཾ་(ལུས་ཀྱི་ཆ་ཉིད་)གི་ ཡོན་ཏན་སྙིང་སྟོབས་སུ་<ལུས་ཆར་>གྱུར་པའོ། །ཨཿའི་ཡོན་ཏན་རྡུལ་དུ་(ངག་གི་ཆར)གྱུར་པའོ། 190། ཨཱཾ་གི་ཡོན་ཏན་མུན་པར་(ཡིད་ཀྱི་ཆར་)གྱུར་པའོ། །དབྱངས་ཡིག་ཤིན་ཏུ་རིང་པོའི་(ཨཾ་ཧ་གསུམ་གྱི་ ཡུན་ཅན་གྱི་)ཕྱེད། ཧ་གཞོམ་དུ་མེད་པ་ཞེས་བྱ་(བ་སྲོག་བཏོན་པ་)སྟེ། འདིས་{དམན་[རྨན་]པ་དང་ བཅས་པ་བདུན་ལ། དེ་ལྟར་དབྱངས་ཡིག་བརྒྱད་ལས། དབྱངས་[ཡིག་]ཕྱེད་ཀྱིས་{དམན་ [རྨན་]པ་དེ་རྣམས་ཕན་ཚུན་དབྱེ་བས་(ལི་ཨུ་རི་ཨི་ཨ་ཨཾ་ཨཿཧ་སྟེ་ཕྱེད་དང་བརྒྱད་པོ་)ཐ་དད་ཞེས་བྱ་བ་ ནི། སོ་སོར་ཕྱེད་དང་བཅས་པ་བདུན་གྱི་དབྱེ་བས་ཐ་དད་པ་(ལི་ཨུ་རི་ཨི་ཨ་ཨཾ་ཨཿཧ་སྟེ་ཕྱེད་དང་བརྒྱད་ པོ་)དེ་རྣམས་ཐམས་ཅད་བསྡུ་བའི་དོན་དུ་(ཕྱེད་དང་བརྒྱད་ལ་ཕྱེད་དང་བརྒྱད་ཀྱིས་)བསྒྱུར་ན། རྐང་པ་ དང་བཅས་རོ་དང་མདའ་རྣམས་ནི་ལྔ་བཅུ་རྩ་དྲུག་[དང་]། རྐང་པ་དང་བཅས་པར་འགྱུར་{རོ [ཏེ]། །དེ་ཡང་(ཇི་ལྟར་རྒྱུ་ན་གཡོན་པར་)ལུག་ལ་སོགས་པ<མི་ཉམས་པ>འི་དུས་སྦྱོར་(དྲུག་པོ་)རྣམས་ ལ། བྱིས་པ་(སོ་སོ་སྐྱེ་བོའི་མངལ་ནས་)<མ་>སྐྱེས་པའི་(བུའི་){དབུ་ུ[དབུས་]མའི་དབུགས་རྒྱུ་བར་ དབྱངས་ཐུང་ངུ་(ལྔ་བཅུ་རྩ་དྲུག་)རྣམས་སུ་འགྱུར་ཏེ། དེ་ནས་གཡོན་པའི་རྩའི་དཀྱིལ་འཁོར་དུ་ ཡང་དག་པར་རྒྱུ་བའོ། །དེ་ལྟར་{ཐུན་མཚམས་[དུས་སྦྱོར་]གཉིས་པ་ལ་གཡས་པར་གླང་ ལ་སོགས་པ་<ཉམས་པའི་> (མའི་>དུས་སྦྱོར་{ལ་སོགས་པ་)གཉིས་པ་}མཉམ་པ་(དྲུག་)རྣམས་ལ། དང་པོ་བྱིས་པ་<མ་ལ་>སྐྱེས་པའི་{དང་པོ་དབུ་མར་[དབུས་མའི་]དབུགས་རྒྱུ་བར་དབྱངས་ རིང་(ལྔ་བཅུ་རྩ་དྲུག་)པོ་རྣམས་ཞེས་བྱ་བའོ། །འདིར་གལ་ཏེ་ཡང༌། {ལི་[ལེ་]ལ་སོགས་པ་ གསུངས་ཏེ། འོན་ཀྱང་སྣ་བུག་གཡོན་པར་<བསམ་ནས་བརྩམས་ཏེ་>ནམ་མཁའ་ལ་སོགས་པའི་ དཀྱིལ་འཁོར་གྱིས་[སྲོག་]འགྲོ་བ་{ཏེ[ནི]། འདིར་ཡང་ལྟེ་བ་(ནས་གཙུག་ཏོར་གྱི་བར་)ལ་སོགས་ པར་ཡོན་ཏན་ལྔ་ལ་སོགས་པའི་ངེས་པ་ཡི(དབང་གི)ས། སྲོག་(གཡོན་པར་)༼ཀ༽ནམ་མཁའ་ལ་ སོགས་པ་དང༌། (གཡས་པར་)ས་༼ཁ༽ལ་སོགས་པའི་(སྐྱེད་སྡུད་ཀྱི་ཆ་)ཆོས་འཐུན་པས་<ལྟེ་བ་ལ་སོགས་ པར་> གཟུང་པར་བྱ་སྟེ། (ཨཾ་ལི་གནས་བརྩམས་ཏེ་)<ཡི་གེ་>ཐུང་༼ཀ༽པ་དང༌། (ལི་ཡིག་བརྩམས་ཏེ་)<ཡི་ གེ་>རིང་༼ཁ༽པོའི་དབྱེ་བས་མི་༼ཀམཉམ་པ་དང་༼ཁམཉམ་པའི་དུས་སྦྱོར་(གྱི་མཚམས་)དག་གི་ 1-1-179 (ཡི་གེའི་)དབྱེ་བས་(དུ་)ཤེས་པར་བྱའོ། །[ཕྱིས་ནི་]ཐུན་མཚམས་གསུམ་པར་(ཡང་ནི་)ཡུལ་(ལྔ་) དང་ཡོན་ཏན་(གསུམ་གྱི་)དབྱེ་བས་ཤིན་ཏུ་རིང་པོ་(གང་རྒྱུ་ན་)དབུས་མའི་དབུགས་རྒྱུ་སྟེ། ཞེས་ བྱ་བ་ནི་<ཐུན་མཚམས་གསུམ་པ་>འདིར་ <ཡང་>གང་གི་ཚེ་བྱིས་པ་<མ་ལ་ནས་ཕྱིར་>འཕོ་བ<མའི་ དུས་སུ་སྦྱོར་ལེ་མ་ལ>འི་(སྦྱོར་མཚམས་)དུས་སུ་གྱུར་པ་(སྐྱེ་བར་གྱི་ཟེར་)དེའི་ཚེ་(དང་པོར་)དབུས་མར་(སྐྱེད་ སྡུད་ཆའི་)སྲོག་<ཡུལ་དང་ཡོན་ཏན་དབྱེ་བ་>ཤིན་ཏུ་རིང་པོ(ང་དྲུག་རྒྱུ་བ)ར་འགྱུར་རོ། །དེ་ལྟར་(དུས་སྦྱོར་) གཡོན་(དུ་ཐུང་ངུ་)དང་གཡས་པར་སྲོག་(རིང་པོར་)རྒྱུ་སྟེ། སྔར་གསུངས་པ་འདི་རྣམས་ཀྱིས་(རྗོད་ བྱེད་)ཡི་གེ་(ཨ་ལི་ཀ་ལི་སོགས་)ཐམས་ཅད་ཀྱི་རྒྱུ་བ་(ཡང་དག་པར་)རིག་པར་བྱའོ། །འདིར་<སྐྱེད་སྡུད་ ཆའི་>ལི་ཡིག་གི་དབྱེ་བ་འདི་ལྟ་སྟེ། (དྲི་སའི་ཡོན་ཏན་)ལེ། ལླེ་(ལི་ས་)ལུ་(ཨུ་ཆུ)ལྼེ་(རི་མེ) ལི་(ཨི་རླུང་) ལཾ་(ཨཾ་སྙིང་) ལཿ(ཨ༔རྡུལ)ལཱྂ་(ཨ་མུན)ལ(ཨ་ནམ)། ཞེས་བྱ་བ་(དེས་འགྲེའོ་)དང༌། དེ་ལྟར། (གཟུགས་ ཆུའི་ཡོན་ཏན་)ཨུ། ཝླེ་ཝུ་ཝྼེ་ཝི་ཝཾ་ཝ་ཝཾཿཝཱ། ཞེས་བྱ་བ་དང༌། དེ་བཞིན་དུ། (རོ་མེའི་ཡོན་ཏན་)རེ། རླེ་ རུ་རྼེ་རི་རཾ་རཿརཱ། ཞེས་བྱ་བ་དང༌། དེ་བཞིན་དུ། (རེག་བྱ་རླུང་གི་ཡོན་ཏན་)ཨི། ཡླེ་ཡུ་ཡྼི་ཡི་ཡཾ་ཡཿ ཡཱཾ་ཡཱ<ནམ་མཁའ>། ཞེས་བྱ་བ་དང༌། དེ་བཞིན་དུ། (སྒྲ་ནམ་མཁའི་ཡོན་ཏན་)ཨ། ཨལ་ཨོ་ཨར་ཨེ་ ཨཾ་ཨཿ (ཨཱཾ(ར་ཧ་ཟེར་)(ཧཱ (གྱི་འབྲོ་ཟེར)། ཞེས་བྱ་བ་དང༌། དེ་བཞིན་དུ། (སྙིང་སྟོབས་ཀྱི་ཡོན་ཏན་)ཨཾ། མླེ་མུ་མྼེ་མི་མཾ་མཿ མཱཾ་མཱ། ཞེས་བྱ་བ་དང༌། དེ་བཞིན་དུ། (རྡུལ་གྱི་)ཨཿ རླེ་རུ་རྼེ་རི་རཾ་རཿརཱཾ་རཱ། ཞེས་བྱ་བ་དང༌། དེ་བཞིན་དུ། (མུན་པའི་)ཧ། ཧླེ་ཧུ་ཧྼེ་ཧི་ཧཾ་ཧཿཧཱཾ་ཧཱ། ཞེས་བྱ་བ་ནི་རྐང་པ་དང་ བཅས་པའི་ལྔ་བཅུ་རྩ་དྲུག་གོ། དེ་ལྟར་(ལྔ་བཅུ་རྩ་དྲུག་)རིང་པོ་དང༌། ཤིན་ཏུ་རིང་པོ་(ལྔ་བཅུ་རྩ་དྲུག་) ཡང་(ཡི་གེ་ཕྱེད་དང་བརྒྱད་ལས་<མེད་པ་ལ་བཅུ། བཅུ་རུ་>)ཕན་ཚུན་གྱི་དབྱེ་བས་རིག་པར་བྱ་༼༦༢་དང་ རྐང་པ་༡༽ཞེས་བྱའོ།། ༼༦༢༽ །། ༈ ད་ནི་གཙོ་བོའི་གདན་(གྱི་རྣམ་དག་)བརྗོད་པར་བྱ་སྟེ། གཙོ་བོ་ཞེས་བྱ་བ་ལ་སོགས་ པ་ལ། འདིར་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་རྣམས་སུ་རྣལ་འབྱོར་མ་རྣམས་ཡང་ 1-1-180 དག་པར་རྒྱུ་བ་ནི། ཀ་ཡིག་ལ་སོགས་པ་(ཙ་ཊ་པ་ཏ་པ་)རྗོད་བྱེད་(འདབ་མ་བཞི་པ་)རྣམས་སོ། །{དེ་ ནས་[དེས་ན་] གཙོ་བོའི་ཆུ་སྐྱེས་ནི་དཀྱིལ་འཁོར་(སྟེ་འཁོར་ལོ་དྲུག་)གྱི་དབུས་ཀྱི་པད་མ་(འདབ་མ་ བཞི་པ་)རྣམས་སོ། །རྡོ་རྗེ་ཐིག་ལེ་མ་ལུས་[པ་]ནི་ཐིག་ལེ་བཞི(ར་རླུང་ཚུད་པས་དགའ་བ་བཞི་)རྣམས་ སོ། །འགྱུར་མེད་ཞེས་བྱ་བ་ནི་(བྱང་སེམས་)མི་འཛག་པ་རྣམས་ཀྱིས་སོ། །(དུས་ནམ་ན་)རྡོ་རྗེ་ནོར་ བུར་གནས་པ་ཡིས་ནི་རྡོ་རྗེ་ནོར་བུར་(བྷ་ར་ཏ་ཀ་རྟོག་མེད་དུ་)གྱུར་པའི་པད་མ[་ལ]འོ། །དགའ་བ་ (བཅུ་དྲུག་)ཐམས་ཅད་ཀུན་ནས་བདེ་བ་མཉམ་པར་གནས་ཏེ་[ནི། ] <བྱང་སེམས་>མི་འཛག་པ་ ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ཅན་མས་དུས་རྣམས་ཐམས་ཅད་དུ་ནི་རྣལ་འབྱོར་མ་{རྣམས་[ཐམས་ ཅད་]ཀྱིས་(ཏེ་རླུང་དབུས་སུ་བཅུག་པས་)དགའ་བ་བསྐྱེད་པའོ། །དེ་ལྟ་བས་ན་ཟླ་བ་ཞུ་བ་ནི་མི་ འཛག་པའི་བདེ་བ་[ལ་]སྟེ། གང་ཞིག་ཞུགས་པ་དེ་དག་(ལ་མིང་ཅིར་བཏགས་ན་)བླ་མའི་[ཞལ་ ནི་]ཡེ་ཤེས་ཀྱི་ཞལ་དུའོ། །དེ་ཉིད་དུས་ཀྱི་འཁོར་ལོ་ནི་(དགའ་བ་བཞི་ལ་གནས་པའི་)རྣལ་འབྱོར་ པ་དེ་ཉིད་དུས་ཀྱི་འཁོར་ལོར་འགྱུར་{བ་[བར་]ངེས་པའོ། །དེ་ལྟར་འཁོར་ལོ་འདི་ནི་(འཆི་ བའི་)དུས་ལས་གྲོལ་བར་བྱེད་ཞེས་བྱ་བ་ནི། (འཛག་བདེ་)མ་རིགས་པ(འི་རྩ་བ་)ལ་སོགས་(པ་ཉོན་ མོངས་)པའི་ཆོས་རྣམས་ལས་གྲོལ་བར་བྱེད་པ་དང༌། བདུད་རྣམས་(རྟོག་པ་རིགས་བཞི་)ནི་ཕུང་པོ་ ལ་སོགས་པ(འི་བདུད་)བཞི་རྣམས་སོ། །འཇིགས་པར་བྱེད་པ་(གང་ན་)མཁའ་འགྲོ་མའི་འཁོར་ ལོ་(སྟེ་རླུང་རྣམས་འགགས་པ་)འདི་ཞེས་བྱ་བ་ནི་(རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཀག་པའི་)སྒྲིབ་པ་ཐམས་ཅད་ ལས་གྲོལ་བར་བྱེད་པ་སྟེ། གཞན་དུ་(རྟོག་པས་)བརྟགས་པའི་ལྷའི་ཚོགས་<བསྒོམ་པ་>པས་ནི་ མ་ཡིན་ནོ(ཞབས་གཅིག་རྡོ་རྗེ་ནོར་བུར་རྡུལ་དང་ཉི་མ་སྟེ། །གཉིས་པ་སྤྱི་གཙུག་ཁུ་བ་རི་བོང་ཅན་ལའོ། །རྟག་ཏུ་མི་ཆོད་ མི་ཕྱེད་རྗེ་བཙུན་འདོད་བདེ་དགོད། །འཇིག་རྟེན་གསུམ་གྱིས་མཆོད་པའི་གཙོ་ལ་མགོས་ཕྱག་འཚལ། །རླུང་མེ་ཆུ་སའི་དཀྱིལ་ འཁོར་རི་རབ་པད་མ་དང༌། །ཟླ་བ་ཉི་མ་སྒྲ་གཅན་བདུད་(དང་<དབང་>མགོ་བོའི་སྟེང༌། །རྗེ་བཙུན་ཞབས་བཞག་སྣ་ཚོགས་ ཡུམ་ཞབས་ལྷན་ཅིག་གནོན། །གཙོ་བོ་ལྷ་ཡི་དབང་པོས་མཆོད་ལ་མགོས་ཕྱག་འཚལ། །ཞེས་སོ)། ༼༦༣༽ ། 1-1-181 ༈ དང་པོར་དབུགས་རྣམས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ནི་གོ་ སླའོ། ༼༦༤ ༦༥༽ ། ༈ ད་ནི་ཕོ་ཉ་མོ་རྣམས་ཀྱི་ལུས་སམ་སྐྱེ་གནས་{ཀྱི་[སྐྱེ་]དྲིའི་མཚན་ཉིད་བརྗོད་པར་བྱ་ སྟེ། ཕོ་ཉ་མོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕོ་ཉ་མོ་རྣམས་ཀྱི་ལུས་སམ་པད་མ་ལ་དྲི་ལྔ་ རྣམས་སུ་འགྱུར་རོ། །དེ་ལྟར་དེ་རྣམས་(དྲི་ལ་སོགས་པའི་སྒོ་ནས་)རིགས་ལྔར་འགྱུར་ཏེ། དེ་ལ་༼ཀ༽ གླ་བའི་དྲི་དང་(ཙན་དན)། ༼ཁ༽པད་མའི་དྲི་དང༌། ༼ག༽དྲི་ཆུའི་དྲི་དང༌། ༼ང༽ཉའི་དྲི་དང་༼ཅ༽རྣག་ གི་དྲི་རྣམས་ཀྱི་རང་བཞིན་ནི་ནམ་མཁའ་ལ་སོགས་པའི་ཡོན་ཏན་དབང་ལས་གྲངས་ཇི་ལྟ་བ་ བཞིན་དུ། ༼ཀ༽དཔལ་ལྡན་བཟང་མོ་དང༌། ༼ཁ༽པད་མ་ཅན་དང༌། ༼ག༽དུང་ཅན་མ་(རྒྱ་མཚོའི་ ཆུ་ལ་སྤྱོད་མ་)དང༌། ༼ང༽རི་མོ་(སྣ་ཚོགས་)ཅན་མ་དང༌། ༼ཅ༽གླང་ཆེན་མ་ཞེས་བྱའོ། །འདི་རྣམས་ ཀྱི་གླ་བ་ལ་སོགས་པའི་དྲི་རིམ་པ་ཇི་ལྟ་བར་འགྱུར་རོ། །དཔལ་ལྡན་ཞེས་བྱ་བ་ནི་༼ཀ༽རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་མ་སྟེ། ཤིན་ཏུ་བཟང་མོའོ།། ༼ཁ༽སྒྲོལ་མ་ནི་པད་མ་ཅན་ནོ།། ༼ག༽ གོས་དཀར་མོ་ནི་དུང་ཅན་མའོ།། ༼ངམ་མ་ཀི་ནི་རི་མོ་ཅན་{ནོ [མའོ]།། ༼ཅསྤྱན་མ་ནི་གླང་ཆེན་མའོ། ༼༦༦༽ ། ༈ ད་ནི་(ཕོ་ཉ་མོ་)དེ་རྣམས་ཀྱི་(ཕྱི་)ལུས་ཀྱི་(རྟགས་ཀྱི་)མཚན་ཉིད་(ཀྱིས་རིགས་མཚོན་པ་)བརྗོད་ པར་བྱ་སྟེ། ལུས་པོ་ཕྲ་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལུས་ཕྲ་བ་དང༌། སྐྲ་རྣམས་ཕྲ་བ་ དང༌། རྐང་ལག་འཇམ་པ་དང༌། སེམས་ཅན་ལ་བརྩེ་བ་(དང་ལྡན་པ་)ཞེས་བྱ་བ་ནི་ཤིན་ཏུ་བཟང་ མོ་སྟེ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །དེ་ལྟར་ཅུང་ཟད་ལུས་ཕྲ་བ་དང༌། ཅུང་ཟད་རབ་ཏུ་ རིང་པ་དང༌། མིག་མི་གཡོ་བ་དང༌། སྐྲ་འཁྱིལ་པ་ནི་པད་མ་ཅན་ཏེ་སྒྲོལ་མའོ། །དེ་བཞིན་དུ་ངོ་ ཚ་མེད་ཅིང་འདོད་ཆགས་དྲག་ལ་བརྩོད་པ་མང་པོ་བྱེད་ཅིང་སྐྲ་ཉུང་པ་ནི་དུང་ཅན་མ་སྟེ་གོས་ དཀར་མོའོ། །བོང་རིང་ཡན་ལག་ཐམས་ཅད་རྒྱས་ལ་སྐྲ་རིང་པ་འདོད་ཆགས་ཆུང་པ་ནི་རི་མོ་ 1-1-182 ཅན་ཏེ་མ་མ་ཀིའོ། །དེ་ལྟར་ལུས་པོ་སྦོམ་ལ་ཐུང་ཞིང་འཁྲེགས་པ་ཤིན་ཏུ་ཡུལ་(ལ་དབང་པོ་མི་འགྲོ་ བས་)སྲ་བ་སྐྲ་མཐུག་པ་ནི་གླང་པོ་མ་སྟེ་སྤྱན་མའོ། །དེ་ལྟར་ཕོ་ཉ་མོ་རྣམས་དག་པའི་རིགས་ <དྲུག་>ནི་བརྒྱ་ལམ་ན་སྟེ་རིགས་(དང་མཚན་རྟགས་)རྣམས་ཐམས་ཅད་(ཕལ་ཆེ་)འདྲེས་<སྟེ་མཚན་མ་ ཀུན་ཚང་>པར་{གྱུར་པ་[འགྱུར་བ་](སྣ་ཚོགས་ཡུམ་)ཞེས་བྱ་སྟེ། ཕོ་ཉ་མོ་(མི་མོ་)སུམ་ཅུ་རྩ་དྲུག་གི་ (རིགས་དྲུག་)ངེས་པའོ། ། ༈ དེ་ལྟར་རྣལ་འབྱོར་པ་ཡང་རྣམ་པ་ལྔ་སྟེ། ༼ཀསེང་གེ་དང༌། རི་༼ཁདྭགས་དང༌། ༼གརྟ་ དང༌། ༼ངཁྱུ་མཆོག་དང༌། ༼ཅགླང་པོ་ཆེའི་རིགས་རྣམས་དབྱེ་བ་(ཡིས་)སྟེ། ཀ༽མི་བསྐྱོད་པ་ནི་ སེང་གེའོ། །ཁ༽དོན་ཡོད་གྲུབ་པ་ནི་རི་དྭགས་སོ། །(དྲི་མེད་ནོར་བུའི་ཕྱག་རྒྱ་ཅན་)ག༽རིན་ཆེན་འབྱུང་ ལྡན་ནི་རྟའོ། །(པད་ཕྱག་ཅན་<བརྒྱ་བཞི་བཅུ་>)ང༽སྣང་པ་མཐའ་ཡས་ནི་ཁྱུ་མཆོག་གོ། (འཁོར་ལོ་ ཅན་)ཅ༽རྣམ་པར་སྣང་མཛད་ནི་གླང་པོ་ཆེའོ། །དེས་ན་སྔ་མ་བཞིན་དུ་དྲི(ལྔ)འི་ངེས་པ་དང༌། རིགས་ཀྱི་ངེས་པའོ།། ༼༦༨༽ །། ༈ ད་ནི་རྣལ་འབྱོར་པ་རྣམས་ཀྱི་(ཕྱི་རྟགས་ཀྱི་)མཚན་ཉིད་(ཀྱིས་རིགས་མཚོན་པ་)བརྗོད་པར་ བྱ་སྟེ། སེང་གེ་(གནོད་པའི་)ཡུལ་དང་བྲལ་ཞིང་{དབེན་[དབྱེན་]པ་ལ་གནས་འཇིགས་པ་མེད་ ཅིང་གཏོང་འདོད་པ་དང་ཚུལ་ཁྲིམས་ལྡན་ནི་(གང་གིས་ཀྱང་མི་འཁྲུགས་པས་ན་)མི་བསྐྱོད་པ(འི་རིགས་ དེ་འདྲེ)འོ། །རི་དྭགས་(ལྟར་)མྱུར་དུ་(སྟེ་མགྱོགས་པར་)འགྲོ་དང་(བྱང་སེམས་)འཛག་དང་ཡུལ་ཡང་ པ་<སྟེ་ཆགས་པ་ཆུང་བ་>དང་སྐྲག་པའི་སེམས་དང་་ཤིན་ཏུ་འཇིགས་(སྲང་<སྲན་>ཆུང་)པ་ནི་དོན་ ཡོད་གྲུབ་པའོ། །རྟ་ནི་ངེས་པར་འདོད་ལ་ཆགས་ཤིང་གཞན་གྱི་དབང་འགྱུར་གཅིན་གྱི་དྲི་ སྟེ་ཕ་རོལ་དོན་དུ་གཉེར་ནི་རིན་ཆེན་འབྱུང་ལྡན་ནོ། །ཁྱེངས་པའི་མིག་(ཆེ་ལ་ཟླུམ་པ་)དང་དལ་ བར་འགྲོ་དང་རང་བཞིན་ཡོན་ཏན་བླུན་{པ་[པོ་]ཉའི་དྲི་ལྡན་ཁྱུ་མཆོག་འགྱུར་ནི་སྣང་པ་ མཐའ་ཡས་སོ། ༼༦༩༽ ། འདོད་པ་ཅན་དང་དལ་བར་འགྲོ་འགྱུར་(རུལ་པ་)རྣག་གི་དྲི་དང་ཤིན་ 1-1-183 ཏུ་རྨོངས་རྣམས་ངེས་པར་གླང་ཆེན་བསྒྲགས་ནི་རྣམ་པར་སྣང་མཛད་དོ། །ཞེས་བྱ་[བ་]སྟེ། དེ་ལྟར་རྣལ་འབྱོར་པ་ལ་དག་པའི་རིགས་ནི་བརྒྱ་ལམ་ན་སྟེ་ཐམས་ཅད་དུ་(དྲི་དང་མཚན་(རྟགས་ <མ་>)འདྲེས་པ(དུས་ཀྱི་འཁོར་ལོ)འི་རིགས་སོ། །དེ་ལྟར་ས་སྟེང་གནས་སུ་(རྣལ་འབྱོར་པ་<རིགས་>) སུམ་ཅུ་རྩ་དྲུག་དབྱེ་བས་ཐ་དད་པ་ནི། རིགས་དང་དྲིའི་རང་བཞིན་(ཐ་དད་དུ་)གནས་པ་(དང་) ཕན་ཚུན་དུ་འདྲེས་པར་གྱུར་པའོ། ། ༈ དེ་ལྟ་བས་ན་(རིགས་དྲུག་གི་མཚན་ཉིད་ཅན་<གྱི་>)ཕོ་ཉ་མོ་འདི་རྣམས་(ཀྱི་རིགས་ཤེས་ནས་བདེ་བ་ འཕེལ་བའི་) མཆོད་པའི་དོན་དུ་<གང་རིག་ན་>འདོད་པའི་བསྟན་བཅོས་ཡོན་ཏན་ཀུན་གྱི་གནས་ ནི་<གང་གིས་རིག་ན་> རྣལ་འབྱོར་པ་ཡིས་རིག་པར་བྱ་ཞེས་བྱ་བ་སྟེ། (དགོས་པ་)ཅིའི་ཕྱིར་ཞེ་ན། ཤིན་ཏུ་བདེ་བས་(རྣལ་འབྱོར་མ་)དགེས་པ་མེད་ན། རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡིས་དངོས་ གྲུབ་སྟེར་མི་འགྱུར་ཞེས་པ་དེའི་ཕྱིར། (དགོས་པ་)འཇིག་རྟེན་པའི་དངོས་གྲུབ་(བཅུ་གཉིས་ལ་སོགས་) ཀྱི་དོན་དུ་(གང་ཤེས་ན་)འདོད་པའི་བསྟན་བཅོས་ཤེས་པར་བྱ་ཞེས་བྱ་བ་ནི་ངེས་པའོ། ༼༧༠༽ ། ༈ {དབུས་[དབུ་]མར་སྲོག་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། ༼༧༡༽ ། ༈ འདི་ལས་ཚིགས་སུ་བཅད་པ་གཅིག་(གི་)སྦས་པ(འི་དོན་)དེ་ཉིད་དགྲོལ་བར་བྱ་སྟེ། འདིར་ནི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། འདིར་(དྲང་པའི་དོན་དུ་བློས་)བརྟགས་པའི་དཀྱིལ་ འཁོར་གྱི། འཁོར་ལོ་བསྒོམ་པ་ལ། དམ་ཚིག་སེམས་དཔའ་རྫོགས་པ་དང༌། དེ་ནས་ཡེ་ ཤེས་(སེམས་དཔའི་)འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིངས་པ་དང༌། མཉེས་ནས་རོ་ མཉམ་པར་བསྔགས་པས་བྱ་སྟེ། ཛ་ཧཱུྃ་བྂ་ཧོཿ ཞེས་པ་རྣམས་ཀྱིས་(ཛ་ལས་)རྡོ་རྗེ་ཀལྕགས་ཀྱུས་ དགུག་པ་དང༌། (ཧཱུྃ་ལས་)རྡོ་རྗེ་ཁཞགས་པས་གཞུག་པ་དང༌། (བྂ་ལས་)རྡོ་རྗེ་གལྕགས་སྒྲོག་གིས་ བཅིང་པ་དང༌། (ཧོ་ལས་)ངརྡོ་རྗེ་དྲིལ་བུས་མཉེས་པར་བྱ་སྟེ། ཀཤར་(བགེགས་མཐར་བྱེད་)དང༌། ཁལྷོ་ (ཤེས་རབ་མཐར་བྱེད་)དང༌། གནུབ་(གཤིན་རྗེ་མཐར་བྱེད་)དང༌། ངབྱང་(པད་མ་མཐར་བྱེད་)གི་སྒོ་རྣམས་ 1-1-184 ན་གནས་པའི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་སོ། །རྣལ་འབྱོར་མའི་རྒྱུད་དུ་རྡོ་རྗེ་མཁའ་འགྲོ་མ་ རྣམས་ཀྱིས་སོ། །དེ་རྣམས་ཐམས་ཅད་(ངེས་དོན་དུ་)ནང་དུ་(བསྒྲུབ་པ་རྗེས་དྲན་གྱི་དུས་སུ་སྙོམས་འཇུག་ལ་) བརྗོད་པར་བྱ་སྟེ། འདིར་ནི་(གསུམ་ལས་སྔོན་འགྲོ་ལ་གསུམ། དམ་ཚིག་སེམས་དཔའ་ཡབ་ཡུམ་འདུ་ཤེས་གསུམ་ ལྡན་དུ་བསྐྱེད། དེ་དག་གི་གནས་(དྲུག་<གསུམ་>དང་མཁའ་གསང་བྱིན་གྱིས་བརླབས། བརླབས་ནས་ཡེ་ཤེས་པའི་ཐུགས་ བསྐུལ་བསྒོམ་པའོ། །དངོས་གཞི་ལ་གསུམ་ལས། དང་པོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ལ་གཉིས་ལས་)ཡེ་ཤེས་ <པ་ནི་ཛ་ལས་>དགུག་པ་ཤིན་ཏུ་སྟོབས་ཅན་<མ་ཉིད་>གྱིས་ཞེས་བྱ་བ་ནི། གཙོ་མོ་དང་(གཙོ་བོ་) རབ་ཏུ་འདུས་པས་ཡེ་ཤེས་{སེམ་པ་[སེམས་དཔའ་](སྤྱན་དྲངས་པ་ནི་)ལྡེམ་པོར་དགོངས་པའི་ སྐད་ཀྱིས་(མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་བྱང་སེམས་)ཁུ་བ་སྟེ། དེའི་དགུགས་པ་ནི་སྲོག་ལ་ སོགས་པའི་རླུང་གིས་དགུག་པར་བྱ་བ་ནི། སྟེང་དུ་མགོ་བོར་བྱང་ཆུབ་ཀྱི་སེམས་ཀྱིས་ཡོངས་ སུ་གང་བར་བྱ་བའི་དོན་ཏོ། །དེ་ལྟར་སླར་ཡང་(གཉིས་པ་)གཞུག་པ་(ནི་ཧཱུྃ་ལས་)རྨོངས་བྱེད་(མ་ ཉིད་)ཀྱིས་(སོ་)ཞེས་བྱ་བ་ནི། (དགའ་བའི་)མེས་བཞུ་བས་ཞུ་བའི་ཐིག་ལེའི་གཟུགས་(འཁོར་ལོ་བཞི་ ལས་)མགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བ་དང༌། གསང་པའི་པད་མ་རྣམས་སུ་འཇུག་པར་བྱེད་ པ་ཞེས་བྱའོ། །(དྲངས་ནས་བྱིན་གྱིས་བརླབ་པ་ལ་གཉིས་ལས་བཅིངས་པ་ནི་(བྂ་ལས་) རེངས་བྱེད་ཞེས་བྱ་བ་ནི་ སའི་ཁམས་ཀྱིས་ངེས་པར་ཐིག་ལེའི་(གནས་དེ་རྣམས་སུ་)གཟུགས་འཆིང་པར་བྱེད་པ་སྟེ། <རླུང་གི་> ཤུགས་ཆེན་པོས་(སྟེང་ནས་)འོངས་པ་(རྡོ་རྗེ་ནོར་བུའི་ཕྱིར་)འགྲོར་མི་སྟེར་བའོ། །(མཉེས་པ་ནི་)(ཧོ་ལས་) མཆོག་ཏུ་བདེ་བའི་དབང་ལས་ང་རྒྱལ་བྱེད་(པས་(མ་)ནི་ཆུའི་ཁམས་ཀྱི་ཐིག་ལེ་(དཀར་པོ་)ཞུ་ བ་གསང་པའི་པད་མ་ནས་རྡོ་རྗེ་ནོར་བུར་སོང་པ་དེ་མི་འཛག་པའི་བདེ་(སྟོང་ལྷན་ཅིག་སྐྱེས་)བའི་ (ཡེ་ཤེས་ཀྱི་)དབང་གིས་ཆུའི་ཁམས་(བྱང་སེམས་དཀར་པོ་ཉིད་)ཀྱིས་མཉེས་པ་སྟེ། ལུས་ལ་(བདེ་བ་སིམ་ པར་ཉམས་སུ་མྱོང་བས་)བསིལ་བར་བྱེད་ཞེས་བྱའོ། །(བརླབས་ནས་དེ་བཞིན་གཤེགས་པ་ལ་གསུམ་ལས། རྡོ་རྗེ་ ཤུགས་ཀྱི་རླུང་ཐིག་ལེ་རོ་མཉམ་དུ་བསྲེ་བ་ནི་)འཁོར་ལོ་ལ་ནི་ཞེས་སོགས་དང༌། (དེ་ལྷ་མོ་གླུས་བསྐུལ་གྱིས་ཡར་ 1-1-185 བཞེངས་པ་ནི་)ཡང་དེ་ནས་སྟེང་དུ་འགྲོ་བའི་དོན་དུ་དེ་ཉིད་རྒྱུ་མཐུན་<པ་ལ་སོགས་>པའི་བདེ་བ་ སྤྱན་མ་ལ་སོགས་པ་སྔར་གསུངས་པའི་(སྲོག་རྩོལ་དང་དེ་བཞིན་འཛིན་པའི་)རྡོ་རྗེའི་གླུ་(རིངས་)རྣམས་ ཀྱིས་བསྐུལ་བར་བྱེད་པའོ། །དེ་ནས་(བསྒྲུབ་པ་ཆེན་པོ་ཏིང་ངེ་འཛིན་<གྱི་དུས་>)ལྟེ་བར་རྒྱུ་མཐུན་ པའི་(འབྲས་བུ་ངོ་བོ་ཉིད་ཀྱི་སྐུའི་)དོན་དུ་སྤྱན་མས་(ལཱིའི་ཀླུ་སྒྲ་རིང་པོས་)བསྐུལ་བར་བྱེད་དོ། །སྙིང་ཁར་ རྣམ་པར་སྨིན་པའི་(འབྲས་བུ་ཆོས་སྐུའི་)དོན་དུ་མ་མ་ཀིས་(ཨཱུ)སོ། །མགྲིན་པར་སྐྱེས་བུ་བྱེད་པའི་ (འབྲས་བུ་ལོངས་སྐུའི་)དོན་དུ་གོས་དཀར་མོས་(རཱི)སོ། །མགོ(འི་སྤྱི་)བོར་དྲི་མ་དང་བྲལ་བའི་(འབྲས་ བུ་སྤྲུལ་སྐུའི་)དོན་དུ་སྒྲོལ་མ་ཡིས་(ཨཱི)སོ། །(བཞེངས་པའི་རིགས་བདག་གིས་རྒྱས་གདབ་པ་ནི་)དེ་ལྟ་བུ་ལ་ སོགས་པས་བཞེངས་པའི་བདེ་(སྟོང་ལྷན་ཅིག་སྐྱེས་)བ(འི་ཡེ་ཤེས་)ཆེན་པོས་(གཙུག་ཏོར་དུ་རྒྱས་གདབ་པོ་) དྲི་མ་(ལུས་ངག་སེམས་དང་ཡེ་ཤེས་)མེད་པར་(རྗེས་ལ་(གསུམ་<གཉིས་>ལས་དབང་བསྐུར་བས་སྐུ་གསུང་ཐུགས་ བྱིན་གྱི་བརླབ་པ་ནི་)འགྱུར་ཏེ། (བྱིན་བརླབས་བརྟན་པར་གནས་པས་དྲི་བྲལ་དུ་བྱ་བ་ནི་)ཕུང་པོ་དང༌། ཁམས་ དང༌། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པར་བྱེད་པའོ། །(དྲི་བྲལ་ཟུང་འཇུག་གི་ཡེ་ཤེས་ གསུམ་བསྒོམ་པ་ནི་)དེས་ན་རྣལ་འབྱོར་པ་རྣམས་ཀྱིས་(ཡེ་ཤེས་གསུམ་རྒྱུན་དུ་བསྒོམས་པས་)ཐམས་ཅད་ མཁྱེན་པའི་གོ་འཕང་དུ་འགྱུར་རོ། །(རྟོག་པས་)བརྟགས་(ནས་བསྒོམ་)པའི་དཀྱིལ་འཁོར་དུ་རྣལ་ འབྱོར་མ་རྣམས་ཀྱིས་གླུ་ཡིས་(གཙོ་བོ་ཡབ་ཡུམ་)བཞེངས་པ་མ་ཡིན་ཞེས་བྱ་བ་ནི་ངེས་པའི་དོན་ ཏོ། །རྒྱུད་ཐམས་ཅད་དུ་(ཕྱི་དྲང་དོན་)ཀུན་རྫོབ་དང་(ནང་ངེས་དོན་)དོན་དམ་པར་གསུངས་པའོ། ། ༼༧༢༽ དེ་ནས་(བཞེངས་ནས་སྤྲུལ་པའི་བྱ་བ་ནི་)སྲིད་གསུམ་གནས་སུ་བདུད་རྣམས་མ་ལུས་རྡུང་པར་ བྱེད་པ་དབྱུག་པ་སྔོན་པོ་ལ་སོགས་པ་རྣམས་{ལས། ལས་དང་བྱ་བའི་དབང་པོ་ལ་སོགས་ རྣམས་}ནམ་མཁར་འགྲོ་བ་དང༌། འོང་པ་ལ་སོགས་པ་བྱེད་པ་བདུད་ལ་སོགས་པ་རྣམས་ ལ་བརྡུང་པ་ལ་སོགས་པ་བྱེད་པ་སྟེ། མི་འཇིགས་པ་བཞི་དང༌། སྟོབས་བཅུ་ཡིས་བདུད་ཀྱི་ 1-1-186 རིགས་ཐམས་ཅད་ལས། མ་ལུས་པར་རྒྱལ་བའི་ཆོས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པས་ བསྐོར་བར་མཛད་དེ། སྔར་གསུངས་པའི་མཚན་ཉིད་ངེས་ཞེས་བྱའོ། ༼༧༣༽ ། དེ་ལྟར་(སྤྲོ་བ་ ནི་)སྒྲིབ་པ་མེད་པའི་བདེ་བ་ལས་གཞན་ཡང་གང་ཞིག་ཅུང་ཟད་ཡོད་པ་སྤྲོས་ཏེ་ཁྱབ་བདག་ དཀྱིལ་འཁོར་དུ་ནི་འབྱུང་སྐྱེས་མཐར་ཏེ། (དཀྱིལ་འཁོར་དུ་)ཕྱེད་དང་བཅས་པའི་{བྱེ་[དབྱེ་] བ་གསུམ་གྱི་མཐར་ཐུག་པ་དང༌། ནང་(ངེས་དོན་)དུ་བ་སྤུའི་མཐར་ཐུག་{པ་[པའི་]སྒྲིབ་པ་ མེད་པའི་ཁམས་ཀྱི་ཚོགས་(ལ་བྱའོ་)སོ། །དེ་ཡང་སེམས་ཅན་ཀུན་གྱི་དོན་དུ་མཆོག་གི་ཡོན་ ཏན་རྣམ་པ་སྣ་ཚོགས་(ཐམས་ཅད་)རང་གི་ལུས་ལ་རིག་པར་བྱ་<ལས་དང་བྲལ་བ་ལ་ནི་ཁྱབ་བྱེད་ཐར་ སྟེར་སངས་རྒྱས་གཞན་ན་གང་ཡང་ཅུང་ཟད་ཡོད་པ་མིན་>ཞེས་བྱ་བའོ། །དེ་ལྟར་རྒྱུད་རྣམས་<སྤྲོ་བ་>དང་ ནི་སྔགས་རྣམས་སྣ་ཚོགས་(སྤྲོ་པ་)རིག་གྱུར་རྣལ་འབྱོར་མ་དང་རྣལ་འབྱོར་དབྱེ་བས་སོ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཆེད་དུ་ཞེས་བྱའོ།། ༼༧༤༨ རྐང་པ་ ༡ཆད༽ །། ༈ {དེས་ན་[དེ་ནས་](ཐབས་ཀྱི་)རྡོ་རྗེ་(དང་ཤེས་རབ་ཀྱི་)པད་མ་དག་གི་(དབང་པོ་)གཉིས་སྦྱོར་ གང་ཡིན་{པ་}དེ་ཡིས་(སྤྱི་གཙུག་ན་)གནས་པའི་(ཞུ་བའི་)བདེ་བ་རབ་ཏུ་འཕེལ་བར་བྱ་ཞེས་པ་ ནི་(དཔྲལ་བ་ན་)སྐུ་དང༌། (མགྲིན་པ་ན་)གསུང་དང༌། (སྙིང་ཁ་ན་)ཐུགས་དང༌། (ལྟེ་བ་ན་)ཡེ་ཤེས་(ཀྱི་) ཐིག་ལེའི་གཟུགས་ཀྱིས་(བྱང་སེམས་)གང་དཔྲལ་བར་(ཧཾ་དུ་)གནས་པ་ལས་(མར་)འོངས་པའི་ཁུ་ བའི་བདེ་བ[་འཕེལ་བར་བྱ]འོ། །བླ་མའི་ངེས་པའི་སྟོབས་ཀྱིས་ནི་སྔར་གསུངས་པའི་(རྩོལ་ བས་)སྲོག་(ནང་དུ་)འགོག་པས་(ཞུ་འཕེལ་དེ་བཟློག་པས་)སྟེང་དུ་འགྲོ་བའོ། །དེ་ཡང་(མ་)མཐའ་(ནོར་བུ་) དང་(གཏུམ་མོ་){འབར་བ(ལྟེ་བ)འི་[བར་མའི་]དབུས་ནི་གསང་<སྐུའི་ཐིག་ལེ་འགག་དེས་འདྲེ་>པར་ རོ། །ཁྱད་པར་(མཆོག་ཏུ་)དགའ་བ་(སྙིང་ཁ་)དང་ལྷན་ཅིག་སྐྱེས་པ(གསང་པ)འི་མཚམས་སུ་ལྟེ་ བར་(གསུང་གི་)རོ། །{གཉིད་[རྙིད་](ཀྱི་རྨི་ལམ་མགྲིན་པ་)དང་བརྒྱལ་བ(ལྟེ་བ)འི་དབུས་སུ་སྙིང་ཁར་ 1-1-187 (ཐུགས་ཀྱི་)རོ། །(སྤྱི་གཙུག་)ཡེ་ཤེས་དང་ནི་(སྙིང་ཁ་)རྣམ་ཤེས་དབུས་སུ་མགྲིན་པར་(ཡེ་ཤེས་ཀྱི་)ཏེ། (འོངས་པའི་གནས་)དཔྲལ་བའི་བར་འདི་ཉིད་དུ་(འཕེལ་ནས་)འགྲོ་བར་(ཐབས་སྲོག་བཀག་ནས་ཤེས་རབ་ ཀླུས་བསྐུལ་ན་)ཐེ་ཚོམ་མེད་དོ། །དེ་ལྟར་བདུད་དང་ཉོན་མོངས་པ་འཇོམས་ཤིང་ནི་གཡོན་(ཉོན་ མོངས་)དང་གཡས་སུ་(བདུད་)རྒྱུ་བའི་སྲོག་(སྟེང་རླུང་)རྣམས་(ནང་དུ་)འགོག་པས་སོ། །རྒྱལ་བའི་ བདག་པོ་ལ་གནས་ནི་སྟོང་པ་ཉིད་ཀྱི་གཟུགས་ལ་འཇུག་པའོ། །རྣལ་འབྱོར་པ་ཡིས་(བསྙེན་ པའི་)ལོ་གཅིག་སྦྱོར་བ་བྱས་པ་ཡིས་ཨ་བ་དྷུ་ཏིར་གནས་པའོ། །དེ་ནས་(སྲོག་རྩོལ་པས་འཛིན་པ་) བུམ་པ་ཅན་{གྱིས་[གྱི་]བདེ་བ་ཆེན་པོའི་སྐད་ཅིག་བསྐྱེད་ནས་(རྗེས་དྲན་གྱིས་)བདེ་བ་རྣམ་པར་ འཕེལ་བར་བྱ་བ་ནི་ངེས་པའོ།། །།༼༧༥༽ ༈ ད་ནི་སད་པ་ལ་སོགས་པའི་གནས་སྐབས་རྣམས་འགགས་པ་བརྗོད་པར་བྱ་སྟེ། སད་ པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འཁོར་བ་པ་རྣམས་ཀྱི་ལུས་གནས་ཞེས་བྱ་བ་ནི། སྤྱི་བོ་ ན་བྱང་ཆུབ་ཀྱི་སེམས་གནས་པའི་དུས་སུ་སད་པའི་གནས་སྐབས་ཀྱི་མཚན་ཉིད་དུ་འགྱུར་ རོ། །དབུགས་ཉིད་ཐིམ་པ་རྣམ་པར་རྒྱུ་བ་དང༌། ཞེས་བྱ་བ་ནི་མགྲིན་པ་ན་(བྱང་སེམས་)གནས་ པའི་དུས་སུ་རྨི་ལམ་གྱི་རང་བཞིན་དུ་འགྱུར་བ་གཉིས་པའོ། །ཡུལ་རྣམས་ལ་ནི་བསྐྱོད་པ་ མེད་པའི་སེམས་ཐིམ་པ་ཞེས་བྱ་བ་ནི། སྙིང་ཁར་(བྱང་)སེམས་གནས་པའི་དུས་སུ་(རྨི་ལམ་ལས་) གཞན་ཡང་དེ་བཞིན་དུ་{གཉིད་[རྙིད་]ལོག་པའི་རང་བཞིན་དུ་གྱུར་པ་གསུམ་པའོ། །ཡེ་ ཤེས་གནས་པ་ཞེས་བྱ་བ་ནི། ལྟེ་བར་(བྱང་སེམས་)གནས་པའི་དུས་སུ་བརྒྱལ་བའི་རང་བཞིན་ དུ་གྱུར་པ་བཞི་པའོ། །(བརྒྱལ་བའི་མཚན་ཉིད་གང་ན་)བུད་མེད་དང་ནི་རབ་ཏུ་འདུས་པ་ལས་བྱང་ ཆུབ་ཀྱི་སེམས་ཞུ་བར་གྱུར་པ་ནི་འཛག་པ་སྟེ། སྐད་ཅིག་མའི་མཚན་ཉིད་དོ། །(བྱང་)སེམས་ (འཕོ་བ་)རྣམ་པ་བཞི་པོ་དེ་ཉིད་འགགས་པ་ལས་(སད་པའི་རྟོག་པ་འགགས་པ་ལས་)སངས་རྒྱས་རྣམས་ ཀྱི་སྤྲུལ་པ་དང༌། (རྨི་ལམ་)ལོངས་སྤྱོད་རྫོགས་པ་དང༌། (གཉིད་ལོག་པ་)ཆོས་དང༌། (ཆགས་པའི་རྟོག་ 1-1-188 པ་འགགས་པ་ལས་)ལྷན་ཅིག་སྐྱེས་པའི་སྐུའི་མཚན་ཉིད་དུ་འགྱུར་རོ(བརྒྱལ་བ་དང་གཉིད་ལ་རབ་ཏུ་ཞུགས་ པ་ལ་རང་གི་སེམས་ནི་རང་བཞིན་མེད་དོ་མི་བདག་ཀྱེ། །སད་པའི་རང་བཞིན་རབ་ཏུ་གསལ་བར་གྱུར་པ་དེ་ནི་སྲོག་ཆགས་ རྣམས་ཀྱི་ཐར་པའི་ལམ་མ་ཡིན། །དངོས་དང་དངོས་མེད་དང་བྲལ་རྣམས་ཀྱིས་རྣལ་འབྱོར་རྣམས་ལ་ཐུགས་རྡོ་རྗེ་ལ་སོགས་བདེ་ མཉམ་འབྲས་སྟེར་མེད། །གང་ཞིག་ཤེས་རབ་ལས་འཁྱུད་རང་གི་སེམས་ལ་ལྷན་ཅིག་སྐྱེས་པའི་བདེ་མཉམ་གྱུར་པས་ཐར་སྟེར་ རོ། །ཞེས་སོ)། །དེས་ན་སྤྲུལ་པ་ལ་སོགས་པའི་<སྐུ་བཞིའི་>རིམ་པས། ཐུགས་<ལ་སོགས་པ་>ཀྱི་རྡོ་ རྗེ་རྣམ་པ་བཞི་རུ་ངེས་པར་རབ་ཏུ་འགྱུར་བའོ་ཞེས་བྱ{་བ}འོ།། །།༼༧༦༽ ༈ ད་ནི་ལུས་ལ་རྣམ་པ་བཅུ་དག་པ་བརྗོད་པར་བྱ་སྟེ། བ་སྤུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བ་སྤུ་དངསྐྲ(འི་རྟོག་པ་དག་པ་)ནི་ནམ་མཁའི་ཁམས་(ཀྱི་རྟོག་པ་དག་པའི་དེས་ཤེས་)སོ། །ལྤགས་ པ་དང་ཤ་ནི་རླུང་གི་ཁམས་སོ། །ཁྲག་རྣམ་པ་གཉིས་ནི་མེའི་ཁམས་སོ། །རོ་(ཁུ་བ་)དང་གཅི་ བ་ནི་ཆུའི་ཁམས་སོ། །རུས་པ་དང་(ཀླད་པ་བྲོ་)རྐང་མར་ནི་སའི་ཁམས་སོ། །རྩ་དང་སྲོག་ལ་ སོགས་པ(འི་རླུང་བཅུ་<གཅིག་>)ནི་ཡེ་ཤེས་ཀྱི་ཁམས་སོ། །སྒྲ་གཅན་གྱི་འཇུག་མ་(འོག་གི་དབུས་མ་ དུས་མེ་)ནི་ཡེ་ཤེས་རྡོ་རྗེའོ། །སྒྲ་གཅན་(སྟེང་གི་དབུ་མ་)ནི་ཐུགས་རྡོ་རྗེའོ། །ཉི་མ་ནི་(གཡས་)གསུང་ རྡོ་རྗེའོ། །ཟླ་བ་(གཡོན་པ་)ནི་སྐུ་རྡོ་རྗེ{སྟེ[འོ]། །བཞི་པོ་འདི་རྣམས་མ་ལུས་སྲོག་གི་(རླུང་)དབུས་ སུ་འགྲོ་བ(ན)འོ། །རྣམ་པར་ཤེས་པ་ཟླ་བའི་དབུས་སུ་ནི་ཁུ་བའི་དབུས་སུ(སོང་ནས་གནས་ སྐབས་བཞི་བསྐྱེད་པ་(དེ་<དང་>འགགས་པ་ལས་རྡོ་རྗེ་བཞི)འོ། །དྲི་མེད་ནོར་བུ་བཞིན་དུ་ནི་ཤེལ་ (<རང་བཞིན་མེད་པའི་>དཀར་གཞིའི་བྱེ་བྲག་གིས་སྣ་ཚོགས་སུ་སྣང་པ་དཀར་པོ་ལ་འགྱུར་བ་མེད་པ་)བཞིན་དུའོ། ། དངོས་པོ་ཐམས་ཅད་ལ་ནི་འཁྱུད་ཞེས་པ་ནི་(བརྟན་གཡོ་)ཀུན་ལ་(རང་བཞིན་མེད་པར་)གནས་པར་ སྦྱོར་བ་ལས་སོ། །དངོས་དང་དངོས་མེད་{གཉིས་མེད་}ཉིད་ཀྱིས་ནི། སྒྱུ་མ་ལྟ་བུ་(རང་བཞིན་ མེད་པའི་)སྟོང་པ་ཉིད་ཀྱི་གཟུགས་སྣ་ཚོགས་པ་འགྱུར་བ་མེད་པའི་བདེ་བས་ཁྱབ་པར་བྱེད་པ་ འཆི་མེད་མཆོག་གི་གོ་འཕང་གཞོམ་དུ་མེད་པ་དེ་ཞེས་བྱ་བ་{ནི་}ལུས་ལ་(བ་སྤུ་ལ་སོགས་པ་)རྣམ་ 1-1-189 པ་བཅུ་དག་པའི་ངེས་པའོ།། །།༼༧༧༽ ༈ ད་ནི་ས་བཅུ་རྣམས་ཀྱིས་(བ་སྤུ་ལ་སོགས་པ་)ཁམས་དེ་རྣམས་སྦྱོང་{པ་[པར་]བརྗོད་ པར་བྱ་སྟེ། གང་{གི་[གིས་]ལུས་ཀུན་ལ་གནས་བ་སྤུ་ལ་སོགས་[ཞེས་བྱ་བ་ལ་སོགས་]པ་ ལ། འདིར་བ་སྤུ་དང་སྐྲ(འི་རྟོག་པ་དག་པ་)ནི་རབ་ཏུ་དགའ་བ(འི་ས)འོ(དེས་ཤེས)། །ལྤགས་པ་དང་ ཤ་ནི་དྲི་མ་མེད་པའོ། །ཁྲག་དང་བཤང་པ་ནི་འོད་བྱེད་པའོ། །རོ་དང་(དྲི་)ཆུ་ནི་འོད་འཕྲོ་བའོ། ། རུས་(ཀླད་པ་བྲོ་)པ་དང་རྐང་མར་ནི་སྦྱང་དཀའ་བའོ། །རྩ་དང་སྲོག་(ལ་སོགས་པའི་རླུང་བཅུ་)ནི་ མངོན་དུ་གྱུར་པའོ། །དུས་ཀྱི་མེ་དང་ཆགས་པ(སྟེ་བཞི་པ)འི་ཁམས་(དག་པ་)ནི་རིང་དུ་སོང་པའོ། ། སྒྲ་གཅན་(ཡིད་)ནི་མི་གཡོ་བའོ། །ཉི་མ་(ངག་)ནི་ལེགས་པའི་བློ་གྲོས་སོ། །ཟླ་བ་(ལུས་ཀྱི་བདག་ ཉིད་སད་པ་དག་ལ་)ནི་ཆོས་ཀྱི་སྤྲིན་ཏེ། (བཞི་པ་)ཆགས་པ་དང་མུན་པ་(གཉིད་)དང་(རྨི་ལམ་)རྡུལ་དང་ སྙིང་སྟོབས་(སད་པ་)རྣམས་ཀུན་རྫོབ་ཀྱི་ཆོས་ཀྱིས་མངོན་པར་འཇུག་པའོ། །དེ་ལྟར་(རྣལ་འབྱོར་ པ་)གང་གི་{ལུས་}ཀུན་ལ་གནས་པ་བ་སྤུ་ལ་སོགས་པ་ཟླ་བའི་མཐར་ཐུག་[པ་བཅུ་]ནི་སྒྲིབ་ པ་མེད་པ་ལས་ས་རྣམས་བཅུ་རུ་དེ་རྣམས་གསུངས་པའོ། །བཅུ་པོ་དེ་རྣམས་ཀྱང་སྡེ་ཚན་དྲུག་ དང་[ས་]ལ་སོགས་པ་{གཞན་}རྣམས་ཀྱིས་ནི་དབྱངས་སུ་གསུངས་པའོ། །དེ་ལ་(ནམ་མཁའི་ ཁམས་དག་པ་)ཀའི་སྡེ་ཚན་ནི་རབ་ཏུ་དགའ་བ(དེས་འདྲེ)འོ། །དེ་ལྟར་གྲངས་ཇི་ལྟ་བ་བཞིན་དུ། (རླུང་)ཙ་(མེ་)ཊ་(ཆུ་)པ་(ས་)ཏ་ས་(ཡེ་ཤེས་)ཞེས་བྱ་བ་སྡེ་ཚན་དྲུག་(ས་དྲུག་)གོ། (བཞི་པ་ས་བདུན་པ་)ལ་ ཝ་ར་ཡ་ཧ། (གཉིད་ས་བརྒྱད་པ་)ཨལ་ཨོ་ཨར་{ཨེ་[ཨོ]ཨ། (རྨི་ལམ་ས་དགུ་པ་)ལི་ཨུ་རེ་ཨི་{ཨ་}(སད་ པ་དག་པ་ས་བཅུ་པ་) ཧཿ ཨཾ་ཞེས་བྱའོ། །དེ་ལྟར་(ཐབས་ཀྱི་ཐུང་ངུ་རྣམས་ལས་)ལུགས་ལས་བཟློག་པས་ ཡང་རིང་པོ་ལ་སོགས་པའི་སྡེ་ཚན་རྣམས་ནི། ཤེས་རབ་ཀྱི་ས(འི་ས་བོན་)རྣམས་སོ། །(བཅུ་པོ་) འདི་རྣམས་ཀྱིས་རྣལ་འབྱོར་(པ་ལམ་ལ་གནས་པ་)རྣམས་ལ་རྒྱུན་མ་ཆད་པར་བདེ་མཉམ་འབྲས་ བུ་སྟེར་བའོ། །དེའི་ཕྱིར་བླ་མའི་ཞབས་སུ་གྱུར་པ་(གང་ན)ནི། ཨ་བ་དྷུ་ཏིར་(རླུང་)རྒྱུ་བར་གྱུར་ 1-1-190 པའི་རྣལ་འབྱོར་{པ་རྣམས་}ཀྱིས་ནི་(དགོས་པ་)ཐར་པ(ཐོབ་པ)འི་{རྒྱུར་[དོན་དུ་]བཙལ་བར་བྱ་ ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ལུས་དང་བྲལ་བ་ལས་ནི་ཁྱབ་བྱེད་ཐར་སྟེར་ སངས་རྒྱས་གཞན་ཉིད་གང་ཡང་ཅུང་ཟད་ཡོད་པ་མིན། ཞེས་བྱ་བ་ནི། འདིར་ལུས་ཀྱི་ཁམས་ རྣམས་སྒྲིབ་པ་མེད་པས(དག་པ་)སངས་རྒྱས་ཉིད་སྟེར་བར་བྱེད་{པ་[པས། སངས་རྒྱས་ཉིད་ སྟེར་བར་བྱེད་པ་]སྟེ། ཐར་པ་སྟེར་བ་ཞེས་བྱའོ། ༼༧༨༽ ། ༈ དེ་ནས་སེམས་ཅན་རྣམས་ནི་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་བདུན་དང༌། གཞན་ ཡང་[སྲིད་གསུམ་ཞེས་བྱ་བ་]ཚིགས་སུ་བཅད་པ་དྲུག་སྟེ། བཅུ་གསུམ་༼<༧༧ ནས ༩༠ བར>༽ ནི་རྟོགས་པར་སླའོ། ། ༈ ད་ནི་འཁོར་བར་འཆིང་པ་བརྗོད་པར་བྱ་སྟེ། བདག་གི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལུས་ལ་ཕུང་པོ(ལ་ཞེན་པ)འི་ང་རྒྱལ་(བདག་)དུ་འཛིན་པས་འཁོར་བ་ནི། དེ་ཡང་བདག་ ཉིད་ལ་བདག་གི་རྣམ་པར་རྟོག་པའི་རང་བཞིན་(ཐག་པ་དང་འདྲ་བའི་)ཡོན་ཏན་གྱུར་པས་འཆིང་ པ་ཞེས་བྱ་བ་ལ། ཡོན་ཏན་ནི་(གང་ན་)ཕུང་པོ་<ལ་ཞེན་པའི་>དང༌། ཁམས་དང༌། སྐྱེ་མཆེད་ བསྡུས་པའི་ཡོན་ཏན་དུ་གྱུར་པ། སྐྱེ་བ་(འབྱུང་བ་)དང་འགག་པ(འཇིག་པ)འི་མཚན་[ཉིད་]ཅན་ དྲི་ལ་སོགས་པ(འི་ཡུལ་དུ)འོ། །(དེ་ཡང་)འཁོར་བའི་སེམས་(རྣམ་པར་<མི་>རྟོག་པའི་)དངོས་པོ་དང༌། དངོས་པོ་མེད་པའི་རྣམ་པར་རྟོག་པའི་མཚན་ཉིད་(སེམས་<དེ་>)དེའི་རང་བཞིན་ཡོན་ཏན་ (འབྲས་བུར་)གྱུར་པས་(རང་བཞིན་རྒྱུ་)འཆིང་པའི་བདག་ཉིད་དོ། །(དཔེ་)དར་གྱི་སྲིན་བུ་ཇི་བཞིན་ {ནི་[ནོ]། །བདག་ཉིད་ལས་བྱུང་པའི་ཡོན་ཏན་གྱི་སྐུད་པས་འཆིང་པའོ། །གཞན་ཡང་བདག་ གི་རྣམ་པར་མི་རྟོག་པའི་ཡིད་ཀྱིས་ངེས་པར་བདག་ཉིད་གྲོལ་བར་འགྱུར་བའོ། །ཞེས་བྱ་བ་ [ལ་]ཡང༌། དེ་ནི་བདག་གི་རྣམ་པར་མི་རྟོག་(པའི་ཏིང་ངེ་འཛིན་བསྒོམས་)པས་རང་བཞིན་ཡོན་ཏན་ གྱུར་པའི་རྣམ་པར་རྟོག་པ་(ལས་)གྲོལ་བར་འགྱུར་རོ། །དེའི་ཕྱིར་བདག་ཉིད་ཀྱི་རྣམ་པར་མི་ 1-1-191 རྟོག་པའི་ཡིད་ཀྱིས་བདག་ཉིད་འཁོར་བའི་སྡུག་བསྔལ་ལས་གྲོལ་བའོ། །དེའི་ཕྱིར་རང་གི་ ལས་ཀྱི་རང་བཞིན་ཡོན་ཏན་གྱུར་པས་(སེམས་(མི་<ཀྱི་>རྟོག་པ་)བདེ་དང་(རྟོག་པས་)སྡུག་བསྔལ་ བྱེད་དོ་རྒྱལ་པོ་ཀྱེ། རང་བཞིན་རྣམ་པར་བྲལ་ལ་(འཁོར་བར་སྐྱེ་བའི་)བྱེད་པ་པོ་(དང་བྱ་བ་)གང་བྱ་ བ་གང་ནི་ཁམས་བཅོ་བརྒྱད་དང༌། བྲལ་བ་ལ་(འཁོར་བར་སྐྱེ་བའི་)བྱེད་པ་(དང་བྱ་བ་)མེད་ཞེས་བྱ་ བའི་དོན་ཏོ། །འདིར་འཇིག་རྟེན་པ་རྣམས་མི་ཤེས་པ་ཡིས་བསྒྲིབས་ནི་(བདག་<བྱེད་པ་>ལ་ཕྱིན་ ཅི་)ལོག་པའི་བདག་བྱེད་པ་པོར་ཡོངས་སུ་བརྟགས་པས་ཞེས་བྱ་སྟེ། ལས་ཀྱི་འཆིང་པ་ངེས་ པའོ།། ༼༩༢༽ །། ༈ ད་ནི་(འབྲོ་ཟེར་)གང་མི་འགྱུར་བ་ལས་བྱུང་པའི་ལྷན་ཅིག་སྐྱེས་པའི་སྐུ་ནི་ཀཨ་ལི་(སོ་ གཉིས་)དང་ཁཀ་ལི་(བརྒྱད་ཅུ་)ལས་པད་མ་དང་ཀཟླ་བ་[དང་]ཉི་ཁམའི་གདན་ལ་ཧཱུཾ་ཡོངས་སུ་ གྱུར་པ་ལས་(ཕྱག་གི་)མཚན་མ་དང༌། དེ་ལས་བྱུང་པའི་(ལྷའི་སྐུ་)གཟུགས་དང་(ནག་པོ་སོགས་)ཁ་ དོགས་དང་ཕྱག་(གཉིས་ལ་སོགས་)དང་(གཡས་བརྐྱང་སོགས་)དབྱིབས་ཡོངས་སུ་(རྟོག་པས་)བརྟགས་ པའི་ཆོས་རྣམས་(ལྷན་སྐྱེས་སྐུ་)མ་ཡིན་ནོ། །(རྒྱུ་མཚན་)དེའི་ཕྱིར་(ཡང་དག་པའི་འབྲས་བུ་)བཅོམ་ལྡན་ འདས་ཀྱི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་{པ་[པར་བྱ་བ་](ཇི་ལྟར་འགྲུབ་པའི་ཚུལ་)བརྗོད་ པར་བྱ་སྟེ། ཨ་སོགས་ཞེས་བྱ་བ་ལ་སོགས་པ་ལ་ཨ་སོགས་ཀ་སོགས་ཞེས་བྱ་བ་ནི། ཨ་ལ་ སོགས་པ་དབྱངས་(༣༢)ཀྱི་ཚོགས་(འདུས་པ་ལས་ཟླ་བ་བསྐྱེད་པ་)དང༌། ཧའི་ཡི་གེ་(གཅིག་པུས་ཀྱང་) ནི་ཟླ་བ་སྟེ་དབྱངས་སོ་སོ་ལས་ཀྱང་(སྐྱེད་<དོ་>)ངོ༌། །ཀ་ལ་སོགས་པ་གསལ་བྱེད་(བརྒྱད་ཅུ་ དག་)ཀྱི་ཚོགས་དང༌། ཀྵ་ཡིག་(གཅིག་པུ་)ལས་ཉི་མ་སྟེ་གསལ་བྱེད་སོ་སོ་ལས་ཀྱང་(སྐྱེད་<དོ་>) ངོ༌། །དེ་ལྟར་ཨ་ཡིག་ལ་སོགས་པ་(འདུས་པ་ལས་ཟླ་བ་བསྐྱེད་པ་དབྱངས་)དང༌། ཀ་ཡིག་ལ་སོགས་ པ་(གསལ་བྱེད་)དེ་དག་ཟླ་བ་དང༌། ཉི་མའི་རྣམ་པ་སྟེ། ཧ་ཡིག་(ལས་ཟླ་བ་)དང༌། {ཀྵའི་[ཀྵ]ཡི་ གེ་(ལས་ཉི་མ་)དག་དང་གཅིག་པ་ཉིད་ནི་(གང་དང་གང་གཅིག་ན་)ཨ་ཡིག་དང་པ་ཡིག་དག་གཅིག་ 1-1-192 ཏུ་བྱས་པའི་བདག་ཉིད་ཅན་གྱི་པད་མ(གང་ན་སྲོག་ཅན་གྱི་)འོ། །(གང་ན་)ཨ་ཡིག་གམ། ཧ་ཡིག་ གི་(སྲོག་ཅན་གྱི་)བདག་ཉིད་ཅན་ནི་ཟླ་བའི་དཀྱིལ་འཁོར་རོ། །ཀྵ་<གཉིས་>ཡིག་གམ་ར་ཡིག་ (སྲོག་ཅན་)གི་བདག་ཉིད་ཅན་ལས་ཉི་མའི་དཀྱིལ་འཁོར་རྣམས་གདན་ཏེ་རྟེན་ནོ། །རྟེན་མ་ ཡིན་ནི་གདན་མ་གྲུབ་པའོ། །རྡོ་རྗེ་ཅན་ནི་བརྟེན་པ་(གང་ལ་བརྟེན་(ནས་<ན་>རྒྱུན་མི་ཆོད་པས་ན་)མི་ ཕྱེད་པ་མཆོག་ཏུ་མི་འགྱུར་བའི་བདེ་(བ་རིག་ཅིང་གསལ་)བའི་ཡེ་ཤེས་ཀྱི་སྐུར་བརྗོད་དོ། །རྡོ་རྗེ་ དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ཏེ་བརྟེན་པ་ཞེས་བྱའོ། །དེ་བཞིན་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་ པ་ལས་རྡོ་རྗེའི་མཚན་མའོ། །རྡོ་རྗེའི་མཚན་མ་ཡོངས་སུ་གྱུར་པ་ལས། ལྷའི་སྐུ་ཁདོག་(ནག་ པོ་ལ་སོགས་པ་)དང་ཕྱག་(གཉིས་ལ་སོགས་པ་)དང་དབྱིབས་(གཡས་བརྐྱང་ལ་སོགས་པ་)རྣམས་སུ་(རྣམ་པར་ རྟོག་པས་)བརྟགས་པའི་ཆོས་ཅན་གྱི་གཙོ་བོའི་(དང་འཁོར་ལོ་ལ་སོགས་པ་)མཚན་ཉིད་མི་འདོད་དེ། ཅིའི་ཕྱིར་(མི་འདོད་)ཞེ་ན། མངོན་པར་(ཞེན་པས་)དམིགས་པའི་མཚན་ཉིད་(རྣམ་པར་རྟོག་པ་ཡིན་པས་) འགྱུར་བའི་རང་བཞིན་གྱི་ཕྱིར་རོ། །འདིར་ཨ་ཡིག་ལ་སོགས་པའི་དབྱངས་དང༌། ཀ་ཡིག་ ལ་སོགས་པའི་གསལ་བྱེད་ཀྱི་ཡི་གེ་རྣམས་འགྱུར་བར་འགྲོ་བ་དང༌། (འབྱུང་པ་ལས་བྱུང་བའི་)རྟེན་ ཅིང་འབྲེལ་པར་འབྱུང་པ་སྟེ། ཡི་གེའི་བསྟན་བཅོས་ཤེས་པ་རྣམས་ཀྱིས་མི་འགྱུར་བ་ཞེས་སུ་ བརྗོད་དེ། དེ་བཞིན་དུ་ཡང་གསུངས་པ། (བྱང་<ཆུབ་ཀྱི་>སེམས་)མི་འགྱུར་བ་(སྟེ་མི་འཛག་པ་)དང་ མི་གཡོ་(བར་འགྲོ་བ་)དང༌། གཞན་(མཁའ་ཉིད་)གྱི་གནས་སུ་མི་འགྲོ་<སྟེ་འཁོར་བ་མེད་པ་>དང༌། ཨ་ ཀྵ་ར་ཡི་སྒྲའི་དབྱངས(ལས་ཀྱང་བསྟན)། ཞེས་པའི་རིམ་པ་དེ་ཡིས་བསྔགས་པ་(ངན་པ་<ཨ་ཀྵ་ར་ཞེས་ བྱ་བ་ཡི་གེ་ལ་ཟེར་བ་ཡིན་ཞེས་>)འཁྲུལ་ཏེ། ཡི་གེ་ཉིད་དབྱངས་དང་གསལ་བྱེད་ཀྱི་ཚོགས་སུ་འཛིན་ པ་སྟེ། དོན་དམ་པར་ནི་དབྱངས་དང་གསལ་བྱེད་ཀྱི་ཚོགས་ནི་ཨ་ཀྵ་ར་མ་ཡིན་ཏེ། (ངེས་དོན་ དུ་)ཨ་ཀྵ་རའི་སྒྲས་(གང་ལ་བརྗོད་ན་)མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་ལ་(མིང་གི་<རྣམ་> གྲངས་)རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་བཞིན་དུ་(རྣམ་པར་རྟོག་པ་ལ་)ཡིད་སྐྱོབ་པར་བྱེད་པའི་ 1-1-193 ཕྱིར་(མན་ཏྲ་ཏེ་མིང་གི་རྣམ་གྲངས་)སྔགས་ཀྱང་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སུ་བརྗོད་དོ། ། ༈ དེ་བཞིན་དུ་ནང་གི་བདག་ཉིད་ཀྱི་དམ་པའི་རིག་མ། (གང་ན་)ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་མ་རང་བཞིན་གྱིས་འོད་གསལ་བ། ཕྱག་རྒྱ་ཆེན་{མོ་[པོ་]ལྷན་ཅིག་སྐྱེས་པའི་བདེ་ བའི་རང་བཞིན་(མཐའ་བྲལ་<དེ་>)ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་རྫོགས་པའི་གནས་སྐབས་ ལ་(མིང་)ལྷན་ཅིག་སྐྱེས་པའི་སྐུ་ཞེས་རྒྱལ་(བ་མ་ལུས་)བས་བརྗོད་དེ། དེ་དག་(རྣམས་)ནི་རྟེན་ ཅིང་འབྲེལ་པ་ལས་འབྱུང་པའི་(ཐ་མལ་གྱི་)དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ཞིང༌། (གང་ གི་སྤྱོད་ཡུལ་ཡིན་ན་མངོན་ཤེས་<དང་>ལྡན་པ་)ལྷའི་[དབང་པོའི་]སྤྱོད་ཡུལ་དུ་གྱུར་པ་(སྟོང་པ་)རྡོ་རྗེ་ (སྙིང་རྗེ་)སེམས་དཔའ་དང༌། སངས་རྒྱས་ཀྱི་ཡུམ་(དབྱེར་མེད་པ་)མཆོག་ཏུ་མི་འགྱུར་བ་བདེ་བའི་ རང་བཞིན། རྡུལ་ཕྲ་རབ་ཀྱི་(རྫས་ཀྱི་)ཆོས་{ཅན་}ལས་འདས་པ། (དཔེ་)མེ་ལོང་གི་གཟུགས་ བརྙན་དང་རྨི་ལམ་དང་འདྲ་བ་མཆོག་ཏུ་མི་འགྱུར་བའི་རང་བཞིན་ཞེས་སོ། །དེ་ལྟར་མཆོག་ ཏུ་མི་འགྱུར་བ་ཞེས་པ་ནི། (ཕུང་པོའི་རྟོག་པས་མ་གོས་པའི་)གཟུགས་དང༌། ཚོར་བ་དང༌། འདུ་ ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ(འི་ཕུང་པོ་)རྣམས་སྒྲིབ་པ་མེད་པ(ལ་མིང་ཅིར་བཏགས་ ན)། སྟོང་པ་ཆེན་པོ་ཡི་གེ་ལྔ་རུ་གསུངས་པ་སྟེ། དེ་བཞིན་དུ་ས་དང༌། ཆུ་དང༌། མེ་དང༌། རླུང་ དང༌། ནམ་མཁའི་ཁམས་(ལྔ་)སྒྲིབ་པ་མེད་པ་(ལ་སྟོང་པ་ཆེན་པོ་)ཡི་གེ་ལྔར་གསུངས་ཞེས་པ་ དང༌། ཡི་གེ་དྲུག་ནི་(གང་ན་དབང་པོའི་རྟོག་པ་སྤངས་པ་)མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་(རྣམས་)སྒྲིབ་པ་མེད་པ(འི་གོ་བ་)སོ་སོ་རང་[རང་]གི་ཡུལ་འཛིན་པ་སྤངས་པ་ རྣམས་དང༌། དེ་བཞིན་དུ། (ཡུལ་གང་ན་)གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་ དང༌། ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པ་(ལ་སྟོང་པ་ཆེན་པོ་)ཡི་གེ་དྲུག་ཏུ་གསུངས་པ་སྟེ། དེ་ལྟར་ ཕུང་པོ་(ལྔ་)དང༌། ཁམས་(ལྔ་)དང༌། སྐྱེ་མཆེ་(བཅུ་གཉིས་)རྣམས་གཅིག་ཏུ་རོ་མཉམ་པར་གྱུར་ པ་ནི་ཐིག་ལེ་སྟོང་པ(ཡི་གེ་མེད་པ)ར་འགྱུར་ཏེ། དེ་ཡང་ཐིག་ལེ་མ་ཤོར་བ་(སྟེ་རྣམ་པར་རྟོག་པ་ཐམས་ 1-1-194 ཅད་སྤངས་པ་)ན་མཆོག་ཏུ་མི་འགྱུར་བར་བརྗོད་དོ། །མཆོག་ཏུ་མི་འགྱུར་བ་ཡང་ཡི་གེ་ཨ(ས་ མཚོན་པ་)སྟེ། ཡི་གེ་ཨ་ལས་བྱུང་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་(བདེ་སྟོང་ <བདེ་བ་>དང་ཤེས་རབ་(སྟོང་ཉིད་)ཀྱི་བདག་ཉིད་<གཉིས་མེད་>ཅན། རྡོ་རྗེ་སེམས་དཔའ་ (ཕྱོགས་གཅིག་<ལ་>གཉིས་ཀ་མ་ཡིན་པ་)མ་ནིང་གི་གོ་འཕང་(ལ་རང་དོན་)ལྷན་ཅིག་སྐྱེས་པའི་སྐུ་ཞེས་ བརྗོད་དེ། ཤེས་པ་(འོད་གསལ་)དང་ཤེས་བྱ(པྲ་སེ་ན)འི་བདག་ཉིད་ཅན་རྒྱུ་དང་འབྲས་བུ་དབྱེར་ མེད་པའི་ཕྱིར་རོ། །དེ་(ལ་མཚན་)ཉིད་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་(ཞེས་བྱ་)མཆོག་ཏུ་ མི་འགྱུར་བ<ཞེས་བྱ>འི་བདེ་བའི་གོ་འཕང་(ཐོབ་པ་<གི་གནས་>ཞེས་བྱ་སྟེ། མཚན་ཡང་དག་ པར་བརྗོད་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། འདིར་ལྟར་སངས་རྒྱས་བཅོམ་ལྡན་ འདས། །རྫོགས་པའི་སངས་རྒྱས་(ལམ་གང་ལས་བྱུང་ན་)ཨ་ལས་བྱུང༌། །ཨ་(ཡིས་)ནི་(སྐྱེ་མེད་མཚོན་ པས་)ཡིག་འབྲུ་ཀུན་གྱི་མཆོག ། དོན་ཆེན་(པོ་ཐོབ་པར་བྱེད་པས་)ཡི་གེ་དམ་པ་ཡིན། །ཞེས་པ་དང༌། དེ་བཞིན་དུ་དེ་ཉིད་ལས། གསང་སྔགས་(ནི་བརྡའི་སྔགས་ཏེ། དེའི་དོན་དམ་པའི་བརྡ་ཨེ་བཾ་ལས་)དོན་ཀུན་ སྐྱེད་པ་པོ། །ཐིག་ལེ་(ནི་ཅིག་ཡིན་ཅིང་འདུས་པས་ན་)ཆེན་པོ་(ཤེས་པ་འོད་གསལ་<ཡི་གེ་སོགས་ཀྱི་རྟོག་པས་ མ་གོས་པས་>)ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ(ནི་ཕུང་པོ་དང་ཁམས་ལྔའི་རྟོག་པ་དག་པ་བཾ)། །ཐིག་ ལེ་སྟོང་པ་ཡི་གེ་དྲུག(ནི་དབང་པོ་དང་ཡུལ་དྲུག་གི་རྟོག་པ་དག་པ་ཨེ)། །ཅེས་པའོ། །དེ་བཞིན་དུ་ཡང་རྩ་ བའི་རྒྱུད་ལས། ཨ་སོགས་(སོ་གཉིས་ལས་ཟླ་བ་དང་)ཀ་སོགས་(བརྒྱད་ཅུ་ལས་ཉི་མ་)ཡང་དག་སྦྱོར། ། རྡོ་རྗེ་སེམས་དཔའི་གདན་ཉིད་དང༌། །ཧཱུཾ་གི་ཡི་གེ་ལས་<རྡོ་རྗེ་དེ་ལས་>བྱུང་པའི། །སྐུ་(མདོག་ ཕྱག་མཚན་)ལ་སོགས་པ་མི་འདོད་དོ། །ཞེས་གསུངས་སོ། །(ཨཱ་ལི་ཀཱ་ལི་སྙོམས་འཇུག་དང༌། །ཧཱུཾ་ཕཊ་ལ་ སོགས་ཡི་གེ་སྤངས། །མི་འགྱུར་བ་ལས་སྐྱེས་པའི་སྐུ། །དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ། །ཞེས་དང༌། ) འགྱུར་བ་བཅོམ་ སྟེ་ཞེས་{བྱ་བ་[པ་]ལ། འགྱུར་བ་ནི་(གང་ན་)སྐྱེ་བ་དང་འགག་པའི་གནས་སྐབས་ཀྱི་མཚན་ ཉིད་ཀྱི་འཕོ་བའི་སྐད་ཅིག་གོ། བཅོམ་པ་ནི་(འཕོ་བ་)དེ་གང་{ན་[ལ་]མེད་པའི་མཐར་ཐུག་ 1-1-195 པ་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་དེ་ལ་དུས་ཞེས་བརྗོད་པ་སྟེ། དེ་ཉིད་རྡོ་རྗེ་ཡེ་ཤེས་ཞེས་ བྱའོ། །དེའི་དུས་ཀྱི་སྒྲིབ་པ་མེད་པའི་ཕུང་པོ་(ལྷ་སོ་བདུན་)དང༌། ཁམས་དང༌། སྐྱེ་མཆེད་དང་ (དུས་གསུམ་གྱི་རྟོག་པ་རླུང་གིས་བྱས་པས་)སྲིད་གསུམ་གཅིག་(སྟེ་ལུས་ངག་ཡིད་གསུམ་)ཏུ་གྱུར་པ་སྒྲིབ་པ་ མེད་པ་འཁོར་ལོ་སྟེ་ཤེས་བྱ་ཞེས་བྱའོ། །(ཕུང་པོ་ལ་སོགས་པ་དྲུག་ཚན་དྲུག་པོ་)དེ་ཉིད་རྡོ་རྗེ་དབྱིངས་ ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དོ། །(གདུལ་བྱ་རྣམས་ལ་སྣ་ཚོགས་སུ་སྣང་བས་)ཀུན་གྱི་རྣམ་པ་ དང་(མངོན་པར་ཤེས་པ་རྣམས་དང་ལྡན་པས་)དབང་པོ་ཐམས་ཅད་དང༌། (རླུང་བཀག་པས་ཐིག་ལེ་མ་འཕོས་ པས་)ཐིག་ལེའི་གཟུགས་དང༌། སྣ་ཚོགས་པའི་(སྣང་བ་དང་ལྡན་ཡང་རང་བཞིན་མེད་པས་)སྒྱུ་མ་འཛིན་ པའི་(དེ་གང་ན་)བཅོམ་ལྡན་འདས་ཀྱི་སྐུ་ཉིད་ཐབས་(སྣང་བ་<བདེ་སྟོང་>དང་ཤེས་རབ་(སྟོང་ཉིད་) ཀྱི་བདག་ཉིད་དེ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པར་(ཡེ་ཤེས་ལྔའི་བསྟོད་པ་ གཉིས་པ་)གསུངས་པ་འདི་ལྟ་སྟེ། (བྲ་སེ་ནའི་རང་བཞིན་དོན་ཡོད་གྲུབ་པ་ལ་ཁ་དོག་ལ་སོགས་པ་མེད་པར་སྟོན་པ་ཁ་ དོག་){གནག་[ནག་]དང་(ཕྱག་མཚན་)སྣ་ཚོགས་(སུ་སྣང་བའི་)རྡོ་རྗེ་དང་ནི་སྐྱེས་བུ་(པྲ་སེ་ན་དེ་)དཔེ་ མེད་ཀུན་ཏུ་འགྲོ་དང་སྤྲོས་པ་མེད་པ་དང༌། །(སྲོག་རྩོལ་དུས་ཀྱི་དག་པ་)རྣ་བ་དང་ནི་སྣ་དང་ཁ་དང་ མིག་དང་མགོ་{བོ་}རྣམས་དང་ནི་རྐང་ལག་རྟག་པར་ཀུན་ན་གནས། །འབྱུང་པའི་མཐའ་ མ་(རླུང་དག་ན་)སེམས་ཅན་ཀུན་གྱི་མགོན་པོ་(རླུང་གིས་)སྲིད་གསུམ་འཛིན་པ(འི་རླུང་ནང་དུ་)འཛིན་ པར་བྱེད་པ་(དེ་)རྒྱུ་(འབྱུང་བ་གསུམ་)རྣམས་རྒྱུ། (རུ་གྱུར་པའི་རླུང་དེ་)། རིག་{མིའི་[པའི་]གཙོ་བོ་རྣལ་ འབྱོར་བགྲོད་བྱ་(དེས་)བདེ་བ་དམ་པ(སྐྱེད་པར་བྱེད་པ)འི་གནས་ཏེ་(དེ་ཉིད་)དུས་ཀྱི་འཁོར་ལོ་(ཡིན་ པ་དེ་)ལ་ཕྱག་འཚལ<ལོ>། །ཞེས་པས་སོ། །དེ་བཞིན་དུ་གཞན་ཡང་ནང་གི་བདག་ཉིད་ཀྱི་ རིག་བྱ་{རྣམས་}ནི་བཅོམ་ལྡན་འདས་ཀྱིས་ནང་གི་བདག་ཉིད་ཀྱི་ལེའུ(༩༤པ)ར་གསུངས་པ། རིག་བྱེད་(བཞི་)ཡན་ལག་བཅས་དང་དྲན་པའི་གཞུང་ལྡན་(ཕྱི་རོལ་པའི་)རྟོག་གེ་(སྒྲ་ཚད་ཀྱི་)གྲུབ་ པའི་མཐའ་ཉིད་བཅས་དང་དེ་ནས་གཞན(གང་ན)། །(དྲང་སྲོང་)རྒྱས་པ་(བྷ་ཤི་ཏའི་སྙན་ངག་)དང་ 1-1-196 ནི་མེ་བཞིན་(བུས་བྱས་པ་དང་)འཇུག་སོགས་(གྲོག་མཁར་བས་སྟག་གཟིག་གི་ཆོས་བྱས་པ་དང༌། བདུད་འདས་ ལོ་རྒྱུས་ཀྱི་བསྟན་བཅོས་བྱས་པ་)འཇིག་རྟེན་བསྟན་བཅོས་མཁན་རྣམས་ཀྱིས་བྱས་སྙན་ངག་རིག་ བྱ་མིན། །རིག་བྱ་(གང་ན་)ནང་གི་རིག་བྱ་(རྣམ་པར་མི་རྟོག་པ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་)དང་ནི་མི་ འགྱུར་བ་(ཟག་མེད་བདེ་བ་)དག་ཐུབ་པ་(སངས་རྒྱས་)རྣམས་ཀྱིས་འཇིག་རྟེན་འདིར་(ཆོས་ཀྱི་འཁོར་ལོ་) གསུངས་(པ་)ཉིད། །(བདེ་བ་གང་ལ་སྐྱེ་ན་)འཇིག་རྟེན་གསུམ་པོ་མ་ལུས་པ་ལ་(དུས་ནམ་སྐྱེ་ན་)གང་ ཞིག་སྐྱེ་(བའི་དུས་སུ་སྐད་ཅིག་བདེ་བ་སྐྱེ་བ་)དང་གང་ཞིག་འགག་ལ་ཡིན་ནོ་མི་བདག་ཀྱེ། །ཞེས་པས་ སོ། །སླར་ཡང་དེ་བཞིན་དུ་(གང་གིས་ན་)དུས་ཀྱི་འཁོར་ལོ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ ཅན་གྱིས་(གང་ན་)ཤེས་པ་དང་ཤེས་བྱའི་འབྲེལ་པ་གསུངས་པ། (རྒྱུ་གཉིས་མེད་ལས་འབྲས་བུ་མཆོག་ཏུ་ མི་འགྱུར་བ་འབྱུང་བར་སྟོན་པ་)འདིར་(སེམས་ཅན་ཐམས་ཅད་ལ་)མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སྒྲིབ་པ་ ཐམས་ཅད་ཟད་པར་བྱེད་པའི་རྒྱུར་གྱུར་པ་(རང་བཞིན་གྱིས་གནས་པ་ལ་)དུས་ཞེས་གསུངས་པ་སྟེ་ ཐབས་སོ། །ཤེས་བྱ་ནི་ཁམས་གསུམ་གྱི་དངོས་པོ་(ཐམས་ཅད་ཡིད་ཀྱི་ནང་དུ་ཆུད་པས་)མཐར་ཐུག་ པའི་མཚན་ཉིད་(མཐོང་པ་)འཁོར་ལོ་སྟེ་དེ་ཉིད་ཤེས་རབ་པོ། །ཤེས་པ་དང་ཤེས་བྱ་འདི་དག་ གཅིག་ཏུ་གྱུར་པ་ནི་དུས་ཀྱི་འཁོར་ལོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ ལེའུ་ལྔ་པར་དུས་ཀྱི་འཁོར་ལོ་གསུངས་པ། (ལུས་ཉིད་)སངས་རྒྱས་ཞིང་དུ་གྱུར་པ་མཐའ་ཡས་ ཡོན་ཏན་དཔག་ཏུ་མེད་པའི་(གང་ན་)ནམ་མཁའ་ལ་སོགས་ཁམས་(ལྔའམ་དྲུག་)ལྡན་པའི། །(ཇི་ ལྟར་གནས་ན་)སྐྱེ་དང་གནས་དང་འཇིག་པའི་སྲིད་པ་རྣམ་གསུམ་ཞེས་བྱ་(གང་ལ་ཡོད་ན་)འགྲོ་བ་ དྲུག་གི་སེམས་ཅན་རྣམས་ལས་ནི(ཡོད་པའོ)། །(ཕུང་པོ་དྲུག་)སངས་རྒྱས་(ལས་ཀྱི་དབང་པོ་དྲུག་)ཁྲོ་བོ་ (ཁམས་དྲུག་དང་ལས་<ཀྱི་>དབང་པོའི་བྱ་བ་དྲུག་)ལྷ་མོར་བཅས་དང་སྙིང་རྗེའི་ཐུགས་ལྡན་<དབང་པོ་དྲུག་> བྱང་ཆུབ་སེམས་དཔའ་<ཡུལ་དྲུག་>བཙུན་མོར་བཅས་པ་ཡི། །རྒྱལ་བའི་འཁོར་ལོ་(སུམ་ཅུ་རྩ་ དྲུག་པོ་)འདི་རྣམས་ལ་ནི་སྲིད་གསུམ་འདུ་བྱེད་གཅིག་ཉིད་ཁོ་ན་ལས་ནི་བདེ་བ་འབྱུང༌། །ཞེས་ 1-1-197 པ་ལ། ཤེས་པའི་རང་བཞིན་ནི་དུས་སོ། །ཤེས་བྱའི་མཚན་ཉིད་ནི་འཁོར་ལོའོ། །ཤེས་པ་དང་ ཤེས་བྱ་འདི་དག་གཅིག་ཏུ་<དབྱེར་མེད་པར་>གྱུར་པ་ནི་དུས་ཀྱི་འཁོར་ལོ<དཔལ་ལྡན་དུས་ཀྱི་འཁོར་ ལོ་རྡོ་རྗེ་སྟེ། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །སྟོང་པ་དང་ནི་སྙིང་རྗེ་སྐུ། །དུས་ནི་ཀུན་རྫོབ་གཟུགས་ལྡན་པ། །སྟོང་པ་ འཁོར་ལོ་ཞེས་སུ་བརྗོད། །དུས་འཁོར་གཉིས་སུ་མེད་པར་འདོད། །ཅེས་སོ། །>འོ། །དེ་ལྟར་རིམ་པས་གསུངས་ པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དེ་ཉིད་(སྟོང་པ་)ཨེ་བཾ་(བདེ་བ་དག་)གི་རྣམ་པའི་རྡོ་རྗེ་ སེམས་དཔར་རྒྱལ་བས་(ཐབས་དང་ཤེས་རབ་ཀྱི་)རྒྱུད་ཀུན་[ཏུ་]བསྡུས་ནས་གསུངས་སོ(རྣམ་པར་ རྟོག་པ་བསྒོམ་ལས་འདས། །ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་དང་དབྱིབས་དག་དང༌། །རྟོག་པ་བརྗོད་པ་རྣམ་ པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང༌། །པྲ་ཕབ་པ་ཡི་རང་བཞིན་ཏེ། །ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །ཨེ་བཾ་ཡི་གེ་ ལ་ཕྱག་འཚལ)། །བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ཀྱི་ལེའུ་(དང་པོའི་སངས་རྒྱས་)ལྔ་པར་གསུངས་ པ། ཀུན་ནས་<རང་བཞིན་གྱིས་གནས་པའི་>མི་ཕྱེད་<པའི་>ཡེ་ཤེས་ནི། །རྡོ་རྗེ་ཞེས་ནི་མངོན་པར་ བརྗོད། །སྲིད་གསུམ་<ལ་>གཅིག་ཏུ་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་ཞེས་སུ་<དྲན་ ཟེར་)>བརྗོད། །ཞེས་པའོ། ། ༈ (རྒྱུད་རྣམས་སུ་མ་གསུངས་པ)དེའི་ཕྱིར་(གཉིས་སུ་མེད་པའི་ཡེ་ཤེས་ནི་རྒྱུ་ཡེ་མེད་པའམ་འགག་ཅིང་འཇིག་པ་ ལས་མི་འབྱུང་པར་སྟོན་<པ་>)འདིར་(བྱང་སེམས་)མི་འགྱུར་བ་ལས་སྐྱེས་པར་གྱུར་པ་འདི་ནི་ལྷན་ ཅིག་སྐྱེས་པའི་སྐུ་ལྷའི་དབང་པོའི་སྤྱོད་ཡུལ་ཏེ། (མི་འཛག་པས་ན་)རྣམ་པ་ཀུན་གྱི་ཐིག་ལེ་(འམ་ ལམ་གཞན་སྣང་ལ་)སྣ་ཚོགས་པའི་སྒྱུ་མ་འཛིན་པ་རྒྱལ་བ་མ་ལུས་པའི་<ཡང་ཐིག་ལེ་མི་འཛག་པ་ལས་ བྱུང་བས་>བདག་པོ་ལ་{ནི་}རྟེན་(གཞལ་ཡས་ཁང་)དང་བརྟེན་པ(ལྷ)འི་{འབྲེལ་པ་[འབྲས་བུ་] ནི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་དོན་དུ། [རྟེན་<གཞལ་ཡས་ཁང་>དང་བརྟེན་པ<ལྷ>འི་འབྲེལ་ པ་ནི་]མི་འདོད་དོ། །ཇི་ལྟར་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྟེན་དང་བརྟེན་ པའི་འབྲེལ་པ་༼༩༣མདོར་༽འདོད་པའོ། །(འོན་<འདིས་>ཀྱང་མཆོག་ཐོབ་པོ་ཞེ་ན། མི་ཐོབ་སྟེ། གཟུགས་སོགས་ 1-1-198 ཀུན་རྟོག་རྣམས་དང་ནི། །དཀྱིལ་འཁོར་ལ་སོགས་སྒོམ་གོམས་པས། །འཇིག་རྟེན་དངོས་གྲུབ་འགྲུབ་འགྱུར་གྱི། །འདོད་པའི་ དངོས་གྲུབ་ཆེན་པོ་མིན། །ཞེས་སོ། །) ༈ དེ་བཞིན་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒྲུབ་པའི་རྣལ་འབྱོར་པ་དེས། (ཇི་ལྟར་ བྱ་ན་)བླ་མ་དམ་པ་ལ་གདམ་ངག་ཐོབ་ནས་(བསམ་གཏན་གྱི་གགས་སུ་གྱུར་པའི་)གྲོགས་ངན་པ་ཡོངས་ སུ་སྤངས་ཏེ། (ཕྱག་རྒྱ་གསུམ་ལམ་དུ་བྱེད་པའི་<རྣལ་འབྱོར་པས་>)ལས་དང་པོ་པས་(རྟགས་དེ་ལས་དང་པོ་ལ་ འོང་བས་)དུ་བ་ལ་སོགས་པའི་མཚན་མ་(བཅུ་)བསྒོམ་ཞིང་(དེས་)དབུ་མ་སྦྱང་པ་ནི། (བསམ་པ་གང་ <དང་>ལྡན་པས་ཉམས་སུ་བླང་ན་)སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་མཆོག་ཏུ་བརྩེ་ བའི་སེམས་དང་ལྡན་པས། (སྤྱོད་པ་ཇི་ལྟར་བྱ་ན་)འཇིག་རྟེན་པའི་བདེན་པ་ལ་བརྟེན་ནས། བུ་ དང་ཆུང་མ་ལ་སོགས་པ་དང༌། རང་གི་ལུས་ལ(འང་)ལྟོས་པ་མེད་པས། (སྤང་བྱ་གང་ན་)མཆོད་ རྟེན་དང་ལྷ་ཁང་(དང་དགེ་འདུན་)ལ་སོགས་པ་དང༌། བླ་མའི་རྫས་ལ་ལོངས་སྤྱོད་པ་སྤངས་ ཏེ། (ལམ་གང་ལ་བརྟེན་ན་)སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་(སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་) ལ་བརྟེན་ནས། (ཇི་ལྟར་ཉམས་སུ་བླངས་ན་)བྱམས་པ་དང་སྙིང་རྗེ་དང༌། དགའ་བ་དང༌། བཏང་ སྙོམས་(ཚད་མེད་)དེ་ཚངས་པའི་གནས་བཞི་ལ་གནས་པས། (སྤང་པར་བྱ་བ་གང་<སྤང་>ན་)ཞི་བ་ ལ་སོགས་{པའི་[པ་](ཕྲིན་ལས་བརྒྱད་དང་)འཇིག་རྟེན་པའི་དངོས་གྲུབ་<བརྒྱད་>བསྒྲུབ་པར་ འདོད་པ་སྤངས་ནས། (བསམ་པ་ཇི་ལྟར་བྱ་ན་)ཐམས་ཅད་མཁྱེན་པའི་ལམ་ལ་བགྲོད་པར་འདོད་ པས། (གང་སྤངས་ན་)དཀྱིལ་འཁོར་{གྱི་}འཁོར་ལོ་ལ་སོགས་པའི་རྣམ་པར་རྟོག་{པའི་བསྒོམ་ པ་[པ་]ཡོངས་སུ་སྤངས་པ་དང༌། (ཉམས་སུ་ཇི་ལྟར་བླངས་ན་སོ་སོར་སྡུད་པས་)ནམ་མཁའི་ཁམས་ལ་ རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་(བསྒོམ་པ་ལས་རྟགས་)མེ་ལོང་གི་གཟུགས་བརྙན་བཞིན་སྐྱེ་བ་ མེད་པའི་ཆོས་(མཐོང་བ་ལ་)བལྟས་ནས། རང་གི་སེམས་སྤྲོས་པའི་སྣང་པ་(<སྟེ་>རྟགས་རྣམས་སྣང་ པ་དཔེ་)རྨི་ལམ་གྱི་དོན་དང་འདྲ་བ(སྣང་ཡང་རང་བཞིན་མེད་པ)ར་སེམས་ཀྱིས་རྡུལ་ཕྲ་མོའི་ཚོགས་ 1-1-199 ཀྱི་བདག་ཉིད་ཀྱི་ཆོས་(རིགས་པས་)རྣམ་པར་{དཔྱད་[སྤྱད་] པས་སྟོང་པ་ནི་(ཅི་ཡང་མེད་པ་)ཆད་ པའི་སྟོང་པ་ཉིད་ལས་རིང་དུ་གྱུར་{པ[པས། ] ནང་གི་བདག་ཉིད་བདེ་བ་(གང་ན་)རང་རིག་ པའི་ཆོས་ལ་(སྟེ་སེམས་ཀྱི་སྣང་པ་ལ་)རྗེས་སུ་ཆགས་པའོ། །ཕྱིའི་དབང་པོ(ལྔ་ཡུལ་ལྔ་ལ་འཇུག་པའི་བདེ་ བ)འི་རང་རིག་པའི་བདེ་བའི་ཆོས་ཡོངས་སུ་སྤངས་ནས། ཐབས་དང་ཤེས་རབ་ཀྱི་བདག་ ཉིད་ཀྱིས་(སྒྲ་ཇི་བཞིན་ནམ་སྣང་སྟོང་དབྱེར་མེད་ཀྱིས་)བྱང་ཆུབ་ཀྱི་སེམས་གཅིག་ཏུ་བརྟན་པོར་(མི་འཛག་ པར་)བྱེད་པར་ནུས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་(ཆེན་པོ་ཉིད་) ཀྱི་ལམ་(སྦྱོར་བ་ཡན་ལག་དྲུག་)གྱི་གདམས་པ་ཐོབ་པས། རྟེན་(གཞལ་ཡས་ཁང་)དང༌། བརྟེན་པ(ལྷ་) འི་<འཁོར་ལོ་ལ་སོགས་པ་>མཚན་མ་དང་(དཀར་པོ་ལ་སོགས་པ་)ཁ་དོག་དང༌། (གཉིས་ལ་སོགས་པའི་) ཕྱག་དང༌། <གཡས་བརྐྱང་ལ་སོགས་པ་>དབྱིབས་དང༌། དཀྱིལ་འཁོར་གྱི་(གཙོ་འཁོར་ལ་སོགས་པའི་) ལྷར་ཡོངས་སུ་བརྟགས་པའི་ཆོས་རྣམས་མི་འདོད་དོ། །དེས་ན་རྣམ་པར་རྟོག་པའི་སེམས་ ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་[ལ་]བརྟན་པ(ར་གནས་པ་)མེད་དེ། <རྒྱུ་མཚན་>ཅིའི་ཕྱིར་(མི་ བརྟན་)ཞེ་ན། སྐྱེ་བ་དང་འགག་པའི་ཆོས་ཅན་གྱི་ཕྱིར་རོ། །(དེ་ཡང་)འདིར་སྐད་ཅིག་གང་ལ་ གཙོ་བོ་བསྒོམ་པའི་སྐད་ཅིག་དེ་ལ་(རྟོག་གཉིས་དུས་གཅིག་ཏུ་མི་འཇུག་པས་)ཤར་ལ་སོགས་པའི་ལྷ་ རྣམས་མེད་དོ། །སྐད་ཅིག་གང་ལ་ཤར་གྱི་ལྷ་བསྒོམ་པའི་[དེའི་ཚེ་]སྐད་ཅིག་དེ་ལ་གཙོ་བོ་ལ་ སོགས་པ་མེད་དོ། །རིམ་པ་དེ་བཞིན་དུ་ལྷ་ཐམས་ཅད་ཡོད་པ་མ་ཡིན་ནོ། །གང་གི་ཚེ་(མདུན་) ཞལ་སྔོན་པོ་བསྒོམས་པ་དེའི་ཚེ་(གཡས་ཞལ་)དམར་པོ་ལ་སོགས་པའི་ཞལ་མེད་དོ། །གང་གི་ ཚེ་དམར་པོ་བསྒོམས་པ་དེའི་ཚེ་སྔོན་པོ་ལ་སོགས་མེད་དོ། །རིམ་པ་དེ་བཞིན་དུ་ཞལ་དེ་དག་ ཐམས་ཅད་ཡོད་པ་མ་ཡིན་ནོ། །སྐད་ཅིག་གང་ལ་རྡོ་རྗེའི་མཚན་མ་བསྒོམས་པ་དེའི་དུས་སུ་ རལ་གྲི་ལ་སོགས་པ་མེད་དོ། །གང་གི་དུས་སུ་རལ་གྲིའི་མཚན་མ་བསྒོམས་པ་དེའི་དུས་སུ་རྡོ་ རྗེ་ལ་སོགས་པ་མེད་དོ། །རིམ་པ་དེ་བཞིན་དུ་མཚན་མ་ཐམས་ཅད་མེད་པར་འགྱུར་རོ། །(དཔེ་ 212) ཇི་ལྟར་ཞེ་ན། བུམ་པའི་ཤེས་པ་འགགས་ནས་སྣམ་བུའི་ཤེས་པ་སྐྱེ་བ་དེ་བཞིན་དུ། དཀྱིལ་ འཁོར་གྱི་གཙོ་བོའི་ཤེས་པ་འགག་ནས་ཤར་གྱི་ལྷའི་ཤེས་པ་སྐྱེའོ། །དེ་ལྟར་ན་(གཙོ་བོའི་ཤེས་པ་) སྐྱེས་པ་རྣམས་(ཤར་གྱི་ལྷའི་ཤེས་པ་)སྐྱེས་པ་དང་(གཙོ་བོའི་ཤེས་པ་)འགགས་པས་ན་དངོས་པོ་མེད་ པའོ། །(གཙོ་བོ་སྒོམ་དུས་སུ་ཤར་ལ་སོགས་པའི་ལྷའི་ཤེས་པ་)མ་སྐྱེས་པ་རྣམས་ཀྱང་(གཙོ་བོ་)མ་(བསྒོམ་དུས་ སུ་)སྐྱེས་པས་<ཤར་ལ་སོགས་པའི་ལྷའི་>དངོས་པོ་མེད་པའོ། །སྐྱེས་པ་དང་མ་སྐྱེས་པ་མེད་པས་ ལྷ་ཐམས་ཅད་མེད་{དོ[པའོ]། །(༤༨་པ་ལས་)རྟག་དང་མི་རྟག་ལྟ་བ་དེའང་བློ་དམན་(བྱིས་པ་) རྣམས་ཀྱི་སེམས་ཉིད་སྦྱང་པར་བྱ་བའི་རྒྱུ་ཉིད་དུ(འོ)། །བརྗོད་དེ་བསྒྲུབ་ཐབས་(རྟག་ཏུ་མི་རྟག་) འདི་ཉིད་ངེས་པར་བསྒྲུབས་ན་སྙིང་པོ་ཅུང་ཟད་ཙམ་ཡང་འགྱུར་བ་མེད་པ་ཡིས(ནི་དོན་དམ་པར་ མི་འགྱུར་བས་སོ)། །བསྒྲུབ་པ་པོ་ཡིས་རྡོ་རྗེ་ཅན་གྱི་བསྒྲུབ་ཐབས་(རྣམ་པར་རྟོག་པ་)དེ་རྣམས་གང་ དག་མ་ལུས་བསྒྲུབ་ན་འཁྲུལ་པ་སྟེ། །དེ་ཕྱིར་བསྒྲུབ་པར་རང་སེམས་སྡིག་པ་རྣམ་པར་བྲལ་ བའི་དཀྱིལ་འཁོར་ཉིད་དུ་བྱའོ་རྒྱལ་པོ་ཀྱེ། །ཞེས་བྱ་བ་ནི་ངེས་པའོ། ། ༈ དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་དོན་དུ་ རྣམ་པར་རྟོག་པ(འི་ལྷ་)བསྒོམ་པར་བྱ་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་ པར་བརྗོད་པ་ལས་གསུངས་པ་འདི་ལྟ་སྟེ། (སེམས་ཀྱི་གནས་ལུགས་མཐོང་པས་རང་གཞན་གྱི་)དོན་གྲུབ་ བསམ་པ་གྲུབ་པ་སྟེ། །(དེ་གཉིས་ཀྱིས་རྒྱུ་དུས་<སུ་>)ཀུན་ཏུ་(ན་ད་ལ་སོགས་པའི་)རྟོག་པ་{རྣམ་པར་ [ཐམས་ཅད་]སྤངས། །རྣམ་པར་མི་རྟོག་(པ་བསྒོམས་པས་)དབྱིངས་མི་ཟད(སྟེ་རྣམ་པ་སྣ་ཚོགས་པའི)། ། ཆོས་དབྱིངས་དམ་པ་ཟད་(པར་)མི་ཤེས(པ་མཐོང་ནས་འོང་ངོ་)། །ཞེས་སོ། །རྡོ་རྗེ་སེམས་དཔའི་ (སྐུ་མདོག་དང་ཕྱག་མཚན་ཅན་གྱི་)ང་རྒྱལ་ཡང་མི་བྱ་སྟེ། ཡང་དེ་ཉིད་ལས་གསུངས་པ། (སེམས་ཀྱི་སྣང་པ་ མཐོང་པ་)རིག་པ་དང་ནི་ཞབས་སུ་ལྡན(པ་དེ་ལམ་འོག་ནས་གོང་དུ་ཕྱིན་པར་བྱེད་པས)། །བདེར་གཤེགས་ འཇིག་རྟེན་(པ་རྣམས་སེམས་ཀྱི་སྣང་བར་)རིག་པའི་མཆོག ། (ལྷ་ལ་སོགས་པར་)བདག་མེད་བདག་གི་ང་ 1-1-200 རྒྱལ་(ཙམ་ཡང་)མེད(པར་བྱ)། །བདེན་པ་གཉིས་ཀྱི་ཚུལ་ལ་གནས(པ་སྟེ་ཀུན་རྫོབ་རྟགས་སུ་སྣང་པ་དོན་ དམ་<དུ་>དེ་རྣམས་ལ་རང་བཞིན་མེད་པ<ས་སོ>)། །ཞེས་པས། དེ་ལྟར་དེ་བཞིན་གཤེགས་(པས་རྒྱུད་ དུ་<གསུངས་>)པའི་གསུངས་(པ་)འདིའི་ཕྱིར་རྣམ་པར་རྟོག་པའི་བསྒོམ་པ་དང༌། <ཧ་ཅང་ཀྱང་ཆེས་> རྡོ་རྗེ་སེམས་དཔའི་ང་རྒྱལ་(ཙམ་)ཡང་དོན་དམ་པའི་བདེན་པ་ལ་ཕྱོགས་པའི་རྣལ་འབྱོར་པ་ རྣམས་ཀྱིས་མི་བྱ་ཞེས་པའོ། །(ཐར་བའི་དོན་དུ་དཔའ་བོའི་རིམ་པ་དང༌། །རང་བྱིན་བརླབ་པའི་རིམ་པ་ལམ་མ་ཡིན། ། ཤིན་ཏུ་རྣམ་དག་རིམ་པ་གཅིག་པུ་ཡིས། །ཐར་པ་སྟེར་བར་སངས་རྒྱས་རྣམས་ཀྱིས་བསྟན། །མཚན་མེད་ལྔ་པོ་དག་ནི་བྱས་པ་ ཡང༌། །གང་ཞིག་དབང་གི་དོན་གྱིས་བདེ་བར་ནི། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད་རྣམས་ལས། །རྒྱལ་བའི་དབང་པོ་ རྣམས་ཀྱིས་ཡང་དག་གསུངས། །དཔའ་བོའི་རིམ་པ་ཕྱི་རོལ་མ་ཡིན་ཏེ། །ལུས་ཀྱི་སྲོག་ཟད་འདི་ལ་རབ་ཏུ་བརྗོད། །བདག་བྱིན་ བརླབ་པའི་རིམ་པ་ཞེས་བྱ་བ། །ཁམས་གསུམ་པ་ནི་སྟོང་པར་མཐོང་པའོ། །ཞེས་སོ། །) ༈ <རྒོལ་བ་>འོན་ཏེ་དེ་ཁོ་ན་ཉིད་རིག་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་གསུངས་པ། དང་{པོར་[པོ་]བསྲུང་པའི་འཁོར་ལོ་བསྒོམ་པ་ དང༌། དེ་ནས་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷའི་ས་བོན་གྱི་ཡི་གེ་<ཧཱུཾ་> བསམས་ལ། རྣམ་པར་ཐར་པའི་སྒོ་<བཞི་>ལ་སོགས་པའི་དག་པ་བྱ་བ་དང༌། ནམ་མཁའི་ དཀྱིལ་དུ་ཡེ་ཤེས་ཀྱི་ས་བོན་(ཧཱུཾ་)གྱི་འོད་ཟེར་གྱིས། དེ་བཞིན་གཤེགས་པ་རྣམས་བཀུག་ནས་ དེ་དག་ཐམས་ཅད་ལ་མཆོད་པ་(བཅུ་གཉིས་)བྱ་བ་དང༌། སྡིག་པ་བཤགས་པ་དང༌། བསོད་ ནམས་ལ་རྗེས་སུ་ཡིད་རང་པ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བདག་གི་དངོས་པོ་ དབུལ་བ་དང༌། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང༌། (ཕར་ཕྱིན་གྱི་)ལམ་ལ་གནས་པ་ དང༌། སྟོང་པ་ཉིད་ལ་དམིགས་པ་རྣམས་སྔགས་པས་བྱའོ། །དེ་ནས་ཆོས་འབྱུང་(གྲུ་གསུམ་པ་) ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པ་དང༌། དེའི་དབུས་སུ་ཡི་གེ་ཧཱུཾ་གྱུར་པ་ལས་རྡོ་རྗེའི་ ས་གཞི(ར་(གྱུར་<གུར་>ལ་སོགས་པ་)དང༌། དེ་ནས་[ཡང་ན་]ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་ 1-1-201 རླུང་ལ་སོགས་པའི་དཀྱིལ་འཁོར་(བཞི་)དང༌། རི་རབ་ལྷུན་པོའི་སྟེང་དུ་གཞལ་ཡས་ཁང་ངམ། རྡོ་རྗེ་གུར་རོ། །དེ་ནས་རྡོ་རྗེའི་སྐུ་(ཧྐྵྨླྺྼྻྂ་)ཡོངས་སུ་གྱུར་པའི་དཀྱིལ་འཁོར་མཚན་ཉིད་ཐམས་ ཅད་ཡོངས་སུ་རྫོགས་པ་ཟླ་བ་དང་ཉི་ མའི་གདན་དང་ལྡན་པའོ། །ཡང་ན་དབུས་སུ་བཾ་ཡིག་ ཡོངས་སུ་གྱུར་པ་ལས་པད་མ་དང༌། ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ རམ་རེ་ཕ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ཏེ། (རྟེན་རྫོགས་ནས་བརྟེན་པ་)དེའི་སྟེང་དུ་ ༡ཨ་ལི་(སུམ་ཅུ་སོ་གཉིས་)དང་༢ཀ་ལི་(བརྒྱད་ཅུ་)ལས་༡ཟླ་བ་དང་༢ཉི་མ་<དེ་གཉིས་ཀྱི་དབུས་སུ་>དང་ ཡེ་ཤེས་ཀྱི་ས་བོན་གྱི་ཡི་གེ་རྣམས་ཀྱིས་(ཟླ་བ་)མེ་ལོང་དང༌། (ཉི་མ་)མཉམ་པ་ཉིད་དང༌། (ཧཱུཾ་ ཡིག་ནག་པོ་)སོ་སོར་ཀུན་ཏུ་རྟོག་པ་དང༌། (གསུམ་པོ་གཅིག་ཏུ་གྱུར་པ་)བྱ་བ་ནན་ཏན་དང༌། (རྫོགས་པ་) ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཏེ། ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ལྷའི་སྐུ་(རྒྱུའི་ཧེ་ རུ་ཀ་)བསྒོམ་པ་དང༌། དེ་ནས་(ༀ་)སྐུ་(ཨ་)གསུང་(ཧཱུཾ་)ཐུགས་ཀྱི་རྡོ་རྗེ་ཤེས་རབ་ཀྱི་ཆགས་པས་ ཞུ་བ་{ལས་[ལ་]ལྷ་མོ་རྣམས་ཀྱི་རྡོ་རྗེའི་གླུས་བསྐུལ་བ་དང༌། ཡང་སྐུ་གསུང་ཐུགས་བྱིན་ གྱིས་བརླབས་ནས་རང་གི་མཚན་མ་རྫོགས་པ་ལས། དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ སྤྲོས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིངས་པ་དང༌། མཉེས་པར་ བྱ་བ་དང༌། དམ་ཚིག་གི་དཀྱིལ་འཁོར་དང་རོ་(གཅིག་ཏུ་)མཉམ་པར་བྱ་བ་དང༌། དེ་བཞིན་ གཤེགས་པ་ཐམས་ཅད་དང༌། ལྷ་མོ་རྣམས་ཀྱིས་དབང་བསྐུར་བ་དང༌། (རྒྱས་གདབ་)རྡོ་རྗེའི་ དབུ་རྒྱན་དང་ལྡན་པའི་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱི་གཟུགས་སུ་བདག་ཉིད་བསྔགས་པས་ བསྒོམ་པར་བྱ་བར་དེ་བཞིན་གཤེགས་པས་གསུངས་{ན[ནས]། འདིར་དཀྱིལ་འཁོར་གྱི་ འཁོར་ལོ་བསྒོམ་པ་ལ། རྣམ་པར་རྟོག་པའི་བསྒོམ་པ་(ཞེས་)དགག་པར་ཅིའི་ཕྱིར་གསུངས་ ཞེས། འདིར་(ལྷའི་མཚན་རྟོག་ཅན་)ཁ་ཅིག་དག་བསམ་པར་གྱུར་ན། ༈ དེའི་ཕྱིར་(ལན་)བརྗོད་པ། འདི་ནི་བདེན་ཏེ། དེ་ཁོ་ན་ཉིད་མཁྱེན་པའི་བཅོམ་ལྡན་ 1-1-202 འདས་ཀྱིས། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། སེམས་ཅན་(ཕལ་ཆེ་བ་དག་) གྱི་བསམ་པའི་དབང་གིས་(དེ་ཁོ་ན་ཉིད་ཀྱི་དོན་ལ་ཤེད་མ་བྱེ་བའི་)བྱིས་པའི་བློ་ཅན་རྣམས་<བྱ་བ་དམན་ པ་ལ་འཇུག་པའི་ལེ་ལོའི་དབང་གིས་>བརྩོན་འགྲུས་དམན་པ་དང༌། དོན་དམ་པའི་དེ་ཁོ་ན་ཉིད་<མ་ བསྒོམས་པས་>མ་རྟོག་པ་དང༌། ཟབ་ཅིང་རྒྱ་ཆེ་བའི་(གཉིས་མེད་)ཡེ་ཤེས་ལ་སེམས་སྐྲག་པ་དང༌། ཞི་བ་ལ་སོགས་པའི་ལས་(བརྒྱད་)བསྒྲུབ་པར་འདོད་པ་དང༌། དབང་པོ(ལྔ)འི་ཡུལ་གྱི་ལོངས་ སྤྱོད་ལ་ཆགས་པ་དང༌། (ཐུན་མོང་གི་དངོས་གྲུབ་ཕྲ་མོ་)རལ་གྲི་དང༌། རི་ལུ་དང༌། མིག་སྨན་དང༌། བཅུད་དང༌། བཅུད་ཀྱི་ལེན་དང༌། འཇིག་རྟེན་པའི་དངོས་གྲུབ་<བརྒྱད་>བསྒྲུབ་པ་ལ་མངོན་ པར་ཞེན་པ(འི་གང་ཟག་)རྣམས་ཀྱིས། (རྫས་དང་སྔགས་ལ་སོགས་པའི་)རྟེན་ཅིང་འབྲེལ་པར་འབྱུང་ (པ་ཐ་མལ་)པ་རྣམ་ཤེས་ནས། རྟེན་ཅིང་འབྲེལ་པར་འབྱུང་པའི་<ཐ་མལ་པའི་>དབང་པོའི་སྤྱོད་ ཡུལ་ཕྱོགས་གཅིག་པ(ཉི་ཚེ་བ)འི་དོན་བྱེད་ནུས་པར་གསུངས་པའོ། །དེས་ན་ཕྱོགས་གཅིག་ པ(ཉི་ཚེ་བ)འི་དོན་བྱེད་ནུས་པའི་ཕྱིར་དེ་བཞིན་གཤེགས་པའི་གསུང་འདི་དོན་དམ་པའི་བདེན་ པ་(ངེས་པའི་དོན་)ལ་རྟེན་པ་མ་ཡིན་ནོ། །འོན་ཀྱང་ཇི་ལྟར་དེ་བཞིན་གཤེགས་པས་(དྲང་དོན་དུ་) གསུངས་པ་ཕྱོགས་གཅིག་པ(ཉི་ཚེ་བ)འི་དོན་བྱེད་{མི་}ནུས་པའི་རྣམ་པར་(རྟོག་པས་)བརྟགས་ པའི་བསམ་གཏན་དང༌། སྔགས་དང༌། སྨན་དང༌། ནོར་བུ་དང༌། རེག་རྡོ་དང༌། རི་ལུ་དང༌། བཅུད་དང༌། བཅུད་ཀྱིས་ལེན་དང༌། རྫས་ལ་སོགས་{པའི་[པ་]ཕྱོགས་གཅིག་པ(ཉི་ཚེ་བ) འི་ནུས་པ་འབྱུང་པ་བརྟག་པར་མི་ནུས་པ་(དཔེ་)དེ་བཞིན་དུ། (དོན་)འདིར་(ལྷ་སྐུ་)དཀར་པོའི་ བསམ་གཏན་ཞི་བའི་གཟུགས་ཀྱིས་ཞི་བའི་ལས་བྱེད་ཀྱི། གསད་པ་ལ་སོགས་པའི་ལས་ [ནི་]མི་བྱེད་(དེ་ཉི་ཚེ་བ་ཉིད་)དོ། །དེ་བཞིན་དུ། (སྐུ་མདོག་) ནག་པོའི་བསམ་གཏན་དྲག་པོའི་ གཟུགས་ཀྱིས་གསོད་པར་བྱེད་དེ། དབང་ལ་སོགས་པ་ནི་མི་བྱེད་<དེ་ཉི་ཚེ་བ་>དོ། །དེ་བཞིན་ དུ་(སྐུ་མདོག་)དམར་པོའི་བསམ་གཏན་དམར་པོའི་གཟུགས་ཀྱིས་དབང་དུ་བྱེད་དེ་རེངས་པ་ལ་ 1-1-203 སོགས་པར་མི་འགྱུར་རོ། །དེ་བཞིན་དུ་(སྐུ་མདོག་)སེར་པོའི་བསམ་གཏན་སེར་པོའི་གཟུགས་ ཀྱིས་རེངས་པར་བྱེད་ཀྱི་ཞི་བ་ལ་སོགས་པ་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་དུག་{ཞི་བ་ ལ་སོགས་པ་ལ་ཡང་[ལ་ཡང་]ཤེས་པར་བྱ་སྟེ། དཔྲལ་བར་དཀར་པོའི་བསམ་གཏན་ཐིག་ ལེ(ས་བསྐོར་པ)འི་གཟུགས་ཀྱིས་དུག་མེད་པར་བྱེད་དོ། །(ཐིག་ལེ་)དམར་པོའི་བསམ་གཏན་ གྱིས་དུག་བསྐྱོད་པར་བྱེད་དོ། །(ཐིག་ལེ་)ནག་པོའི་བསམ་གཏན་གྱིས་དུག་འཕོ་བར་བྱེད་ དོ། །(ཐིག་ལེ་)སེར་པོའི་བསམ་གཏན་གྱིས་དུག་རེངས་པར་བྱེད་དོ་ཞེས་བྱ་སྟེ། (དེ་ལྟར་ན་)ཡུལ་ ཕྱོགས་གཅིག་པའི་རྣམ་པར་རྟོག་(པས་བརྟགས་)པའི་བསམ་གཏན་གྱིས་ཕྱོགས་གཅིག་པ(ཉི་ཚེ་ བ)འི་[དོན་གྱི་]བྱ་བ་བྱེད་དོ། །དེ་བཞིན་དུ་ནོར་བུ་དང་སྔགས་དང་སྨན་ལ་སོགས་པ་རྣམས་ ཀྱང་(ནུས་པ་ཕྱོགས་རེ་བར་)རིག་པར་བྱ་སྟེ། འདིར་(བཟླས་པའི་)སྔགས་བསྒྲུབས་པས་ཀྱང་ཞི་བར་ བྱེད་པ་(ན་མོ་)དེས་གསོད་པ་ལ་སོགས་པ་མི་བྱེད་དོ། །གང་གསོད་{པར་[པ་]བྱེད་པ(ཕཊ་ཀྱི) ས་དབང་ལ་སོགས་པ་མི་བྱེད་དོ། །གང་དབང་དུ་བྱེད་པ་(བཱོ་ཥ་ཊ་)དེས་རེངས་པ་ལ་སོགས་པ་ མི་བྱེད་དོ། །གང་རེངས་པར་བྱེད་པ་(བྷ་ཤ་ཏ་)དེས་ཞི་བ་ལ་སོགས་པ་མི་བྱེད་དོ། །དེས་ན་ (ཉི་ཚེ་བ་)འཇིག་རྟེན་པའི་ཡེ་ཤེས་ཀྱིས་འཇིག་རྟེན་ལས་འདས་པའི་ཐམས་ཅད་མཁྱེན་པ་བྱེད་ ནུས་པར་མི་འགྱུར་ཏེ། དེ་བཞིན་དུ་རལ་གྲི་ལ་སོགས་པ་གྲུབ་པས་ཀྱང་ངོ་(རི་ལུ་ལ་སོགས་པ་མི་ འགྲུབ)། །འོ་ན་<རྒོལ་བ་>སྔགས་གཅིག་གྲུབ་པས་ཀྱང་ལས་ཐམས་ཅད་བྱེད་པར་བཅོམ་ལྡན་ འདས་ཀྱིས་གསུངས་པ<ཅི>འི་ཕྱིར་ཕྱོགས་གཅིག་པར་ཇི་ལྟར་འགྱུར་ཞེས་འདིར་(ཐམས་ཅད་ གྲུབ་རྟོག་ཅན་)ཁ་ཅིག་བསམ་པར་{འགྱུར་[གྱུར་]ན། དེའི་<ལན་>ཕྱིར་བརྗོད་པ་འདིར་སྔགས་ ཅིག་བསྒྲུབས་པས་ཀྱང་ལས་ཐམས་ཅད་བྱེད་པ་དེ་ཚད་མར་མི་འགྱུར[་ཏེ]། <རྒྱུ་མཚན་> ཅིའི་ཕྱིར་{ཞེ་}ན། བྱ་བ(འི་དབྱེ་བ་)ཐ་དད་པའི་ཕྱིར་རོ། །འདིར་གསང་སྔགས་གཅིག་ལ་ ཡང་<ལས་>བྱ་བ་ཐ་དད་པས་(བྱེད་པའི་)དབྱེ་བ་[ཡོད་པར་]བཅོམ་ལྡན་འདས་ཀྱིས་གསུངས་ 1-1-204 པ་འདི་ལྟ་སྟེ། (ཇི་ལྟར་གསུངས་ན་)ཞི་བ་ལ་ན་མའི་མཐའ་ཅན་གྱི་སྔགས་བཟླས་སོ། །རྒྱས་པ་ལ་ སྭཱ་ཧཱའི་མཐའ་ཅན་ནོ། །འགུགས་པ་ལ་བཱོ་ཥ་ཊའི་མཐའ་ཅན་ནོ། །དབྱེ་བ་ལ་ཧཱུཾ་གི་མཐའ་ཅན་ ནོ། །དབང་ལ་བཱོ་ཥ་ཊའི་[ཀའི་]མཐའ་ཅན་ནོ། །གསད་པ་ལ་ཕཊ་ཀྱི་མཐའ་ཅན་ནོ། །དེ་ བཞིན་དུ་སྦྱིན་སྲེག་(གི་ལས་)བྱ་བ་ལ་ཡང་ཐབ་ཁུང་(ལ་སོགས་)གི་དབྱེ་བས་(ལས་)ཐ་དད་པར་ གསུངས་ཏེ། འདིར་ཐབ་ཁུང་(གི་དབྱིབས་ཀྱི་རྟེན་)ཟླུམ་པོར་(རྫས་ཀྱི་རྟེན་འབྲེལ་)ཨུ་དུམ་{འབར་[བྷ་] ར་ལ་སོགས་པའི་འོ་མ་ཅན་གྱི་ཡམ་ཤིང་དང༌། དུར་བ་དང་འོ་མའི་སྲེག་རྫས་དང༌། (ན་མོའི་) སྔགས་ཀྱིས་ཞི་{བ་[བར་]བྱེད་དེ་རྒྱས་པ་ལ་སོགས་པའི་ལས་བྱེད་པར་མི་འགྱུར་རོ། །ཐབ་ ཁུང་གྲུ་བཞི་པར་སྔོན་དུ་གསུངས་པའི་ཡམ་ཤིང་དང༌། འབྲུ་ལ་སོགས་པའི་བསྲེག་རྫས་ཀྱིས་ རྒྱས་པར་བྱེད་དེ་གསོད་པ་ལ་སོགས་{པར་[པ་བྱེད་པར་]མི་འགྱུར་རོ། །གཞུའི་རྣམ་པའི་ ཐབ་ཁུང་དུ་རུས་པའི་ཡམ་ཤིང་དང་མིའི་ཤ་དང་ཁྲག་དང་དུག་གི་བསྲེག་རྫས་ཀྱིས་གསོད་ པར་བྱེད་དེ་སྐྲོད་པ་ལ་སོགས་པ་བྱེད་པར་མི་འགྱུར་རོ། །ཐབ་ཁུང་ཟུར་ལྔ་པར་བྱ་རོག་གི་ (མཇུག་)སྒྲོའི་ཡམ་ཤིང་དང་མིའི་{ཚི་བ་[ཚིལ་]དང་སྐེ་ཚེའི་སྲེག་རྫས་ཀྱིས་སྐྲོད་པར་བྱེད་དེ། དབང་ལ་སོགས་པ་བྱེད་པར་མི་འགྱུར་རོ། །ཐབ་ཁུང་ཟུར་བདུན་པར་པ་ལ་ཤའི་མེ་ཏོག་གི་ ཡམ་ཤིང་དང་མེ་ཏོག་དམར་པོ་དང༌། རྡོ་རྗེའི་ཆུའི་བསྲེག་རྫས་ཀྱིས་འགུགས་པར་བྱེད་དེ་ དབང་ལ་སོགས་པ་བྱེད་པར་མི་འགྱུར་རོ། །ཐབ་ཁུང་ཟུར་གསུམ་པར་སེང་ལྡེང་གི་ཡམ་ཤིང་ དང་བིལ་བ་དཀར་པོའི་མེ་ཏོག་གི་སྲེག་རྫས་ཀྱིས་དབང་དུ་བྱེད་ཀྱི་རེངས་པ་ལ་སོགས་པ་ བྱེད་པར་མི་འགྱུར་རོ། །ཐབ་ཁུང་ཟུར་དྲུག་པར་བིལ་བའི་ཡམ་ཤིང་དང་(ཕྱག་དར་གྱི་)མེ་ཏོག་ རྙིང་པ་བསྲེགས་པས་རེངས་པར་བྱེད་ཀྱི་རྨོངས་པ་ལ་སོགས་པ་བྱེད་པར་མི་འགྱུར་རོ། །ཐབ་ ཁུང་ཟུར་བརྒྱད་པར་ཨ་རྒའི་ཡམ་ཤིང་དང་གསེར་(ཤིང་)གྱི་མེ་ཏོག་(དྷ་དུ་ར་)དང་ཆང་གི་སྲེག་ རྫས་ཀྱིས་རྨོངས་པར་བྱེད་ཀྱི་ཞི་བ་ལ་སོགས་པ་བྱེད་པར་མི་འགྱུར་རོ། །དེ་བཞིན་དུ་རྡུལ་ 1-1-205 ཚོན་གྱི་དབྱེ་བ་ཐ་དད་པས་ཀྱང་(ལས་ཀྱི་དབྱེ་བས་)གསུངས་ཏེ། ཞི་བ་དང་རྒྱས་པ་ལ་རྡུལ་ཚོན་ དཀར་པོའོ། །གསད་པ་དང་བསྐྲད་པ་ལ་རྡུལ་ཚོན་ནག་པོའོ། །དབང་དང་དགུག་པ་ལ་རྡུལ་ ཚོན་དམར་པོའོ། །རེངས་པ་དང་རྨོངས་པ་ལ་རྡུལ་ཚོན་སེར་པོའོ། །སླར་གསོ་བ་ལ་རྡུལ་ཚོན་ ལྗང་ཁུའོ། །དེ་བཞིན་དུ་བགྲང་ཕྲེང་གི་དབྱེ་བ་ཐ་དད་པས་ཀྱང་གསུངས་ཏེ། ཞི་བ་ལ་ཤེལ་ གྱི་བགྲང་ཕྲེང་{གིས་[གི]སྔགས་བཟླས་སོ། །རྒྱས་པ་ལ་མུ་ཏིག་གི་རྡོག་མའི་ཕྲེང་པས་སོ། ། གསད་པ་ལ་{མིའི་རུས་པའི་[མི་སོའི་]ཕྲེང་པས་སོ། །བསྐྱོད་པ་ལ་རྔ་མོའི་རུས་པའི་ཕྲེང་ པའམ་བོང་བུའི་སོའི་ཕྲེང་པས་སོ། །དབང་ལ་བོ་དེ་ཚེའི་ཕྲེང་པས་སོ། །དགུག་པ་ལ་པད་ མའི་ས་བོན་གྱི་ཕྲེང་པའམ་ཙན་དན་དམར་པོའི་ཕྲེང་པས་སོ། །རེངས་པ་ལ་རུ་རཀྵའི་ཕྲེང་ པས་སོ། །རྨོངས་པ་ལ་ལུང་ཐང་གི་ཕྲེང་པས་སོ། །སླར་གསོ་བ་ལ་(རིན་པོ་ཆེ་ལྗང་ཁུ་)མར་གད་ཀྱི་ ཕྲེང་པས་སྔགས་བཟླ་ཞེས་པའོ། །དེ་བཞིན་དུ་སྨན་དང་སྔགས་དང་ནོར་བུ་དང་རལ་གྲི་དང་ བཅུད་དང་བཅུད་ཀྱིས་ལེན་ལ་སོགས་པ་གྲུབ་པའི་རྫས་ལ་(དངོས་གྲུབ་)ཕྱོགས་གཅིག་(པ་འགྲུབ་) པའི་ཡོན་ཏན་ཡོད་དེ། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་(དངོས་གྲུབ་བསྒྲུབ་པའི་)ཡོན་ཏན་ནི་ མེད་དོ། །[ཡེ་ལེའི་མདོར་བསྡུས་བཞི་པའི་ཉེར་གསུམ་པའི་འགྲེལ་པ་ལས། འདི་རྣམས་ནི་ ཐུན་མོང་པ་རལ་གྲི་ལ་སོགས་པའི་དངོས་གྲུབ་རྣམས་ཏེ་རིག་པ་འཛིན་པའི་དངོས་གྲུབ་ཞེས་ བྱའོ། །འབྲིང་པོ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་པོ་འདི་དག་ལས་ མཆོག་ནི། ] ༈ འདིར་(མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་ཡོན་ཏན་ནི་)སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་བཅོམ་ལྡན་འདས་(གང་ལ་གང་འདུལ་གྱི་)སྤྲུལ་པའི་སྐུ་ སྣ་ཚོགས་པ་དང་(གང་ལ་གང་འདུལ་གྱི་)གསུང་སྣ་ཚོགས་པས་དུས་གཅིག་(ཅར་)ལ་སེམས་ཅན་ གྱི་དོན་བྱེད་དོ། །དེ་བཞིན་དུ་(འཇིག་རྟེན་གྱི་)དངོས་གྲུབ་ཕྱོགས་གཅིག་པ་བསྒྲུབས་པའི་རྣལ་ 1-1-206 འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ནུས་པར་མི་འགྱུར་ཏེ། (ཞི་བ་ལ་སོགས་པ་) ཕྱོགས་གཅིག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། ཡང་དག་(པར་)བདག་མེད་(པའི་ཆོས་ཉིད་)དེ་བཞིན་ཉི། །(དེ་ཁོ་ན་)ཡང་དག་(པའི་)མཐའ་སྟེ་(འགྱུར་ བའི་)ཡི་གེ་མེད། །(གཞན་དོན་ལོངས་སྐུ་)སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །(གཉིས་མེད་)ཟབ་ཅིང་རྒྱ་ ཆེའི་སྒྲ་སྒྲོགས་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎ་ཌི་སྒྲ་བོ་ཆེ། །<རང་དང་གཞན་ ལ་མཆོག་ཏུ་ཕན་པ་དམ་པའི་དོན་གྲུབ་ནི་ཤེས་རབ་ཀྱི་གཟུགས་བསྙན་བསྒོམ་པ་ཞེས་བྱའོ། །དེ་ཡང་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་ ལྔ་མ་ལེགས་པར་སྤྱད་པ་ལ་དེར་བག་ཆགས་གང་དང་གང་གི་དབང་གིས་བསྒྲུབ་པ་ལ་འཇིག་པར་འགྱུར་ཞེས་སོ། །>(ཕུང་པོ་ ལྷག་བཅས་སུ)རབ་ཏུ་མི་གནས་(ལྷག་མེད་དུ་)མྱ་ངན་འདས། །ཕྱོགས་བཅུ་ཆོས་ཀྱི་(འཁོར་ལོ་བསྐོར་བས་) རྔ་བོ་ཆེ། །(སྤྲུལ་སྐུ་)གཟུགས་མེད་གཟུགས་བཟང་ལྡན་པའི་མཆོག ། སྣ་ཚོགས་གཟུགས་ཅན་ ཡིད་ལས་བྱུང༌། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་ འཆང་པ་པོ། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་(གོ་བདུན་པ་)པ་<ལ་ སོགས་པ་> ལས། (སྤྲུལ་སྐུ་)བྱོལ་སོང་(དང་)ཡིད་བཏགས་(དང་)ལྷ་མིན་(དང་)བྲང་འགྲོ་(སྟེ་ཀླུ་དང་) ལྷ་དང་(རྒྱ་གར་)འཕགས་པ་(དང་བོད་)མི་དང་ངུ་འབོད་ལ་སོགས་པ་རྣམས{་དང་}། །འདས་(པ་) དང་མ་བྱོན་(པ་དང་)ད་ལྟར་བྱུང་པ་རྣམ་པ་གསུམ་དུ་རྟག་པར་བདེན་པའི་ཆོས་རྣམས་གསུངས་ པ་ནི། །(གསུང་གང་གིས་གསུང་ན་)སྲིད་གསུམ་མ་ལུས་རང་རང་སྐད་རྣམས་ཀྱིས་ནི་(དེ་རྣམས་) ལམ་ལ་ཡང་དག་གནས་པར་བྱེད་དེ་(སྐད་)གཞན་གྱི་མིན། །(ཕྲིན་ལས་)བདེ་མཉམ་འབྲས་བུ་ སྟེར་བ་ཐམས་ཅད་མཁྱེན་པའི་གསུང་འདི་ཡིན་ཏེ་ལྷ་སྐད་<ཉི་ཚེ་བ་>རྣམས་ཀྱིས་འབྱུང་པ་ མིན། །ཞེས་གསུངས་སོ། །ཡང་ལེའུ་དེ་ཉིད་(གོ་དྲུག་པ་)ལས་ཐམས་ཅད་མཁྱེན་པའི་སྐུ་དང་ གསུང་གི་བྱ་བ་གསུངས་པ་འདི་ལྟ་སྟེ། (བདེ་ཆེན་)གཅིག་(པོ་)དེ་(གདུལ་བྱ་)དུ་མར་མཐོང་སྟེ་ (གདུལ་བྱའི་)སྨོན་ལམ་(བཏབ་པའི་)ཡོན་ཏན་<གྱི་>དབང་གིས་ཞི་(སྐུ་)དང་ཆགས་ལ་སོགས་པའི་ 1-1-207 རང་བཞིན་གྱིས། །(ཆོས་ཀྱི་)འཁོར་ལོ་(སྐོར་བ་)ལ་གནས་(པ་གདུལ་བྱའི་)སྐྱེ་བ་སྔ་མ་ཉིད་ཀྱི་བག་ ཆགས་(ཀྱི་)སྟོབས་གྱུར་རྣམས་ཀྱི་སེམས་ལས་བྱུང་པ་ནི། །(བདེ་སྟོང་གཉིས་སུ་མེད་པའི་)དོན་གཅིག་ ལ་ནི་མ་ལུས་གསུང་(སོ་སོ་ཐ་དད་)རྣམས་སྲོག་ཆགས་རྣམས་ཀྱི་རང་རང་བསམ་པ་དང་སྦྱར་ རབ་འཇུག་པ། །(ཆོས་ཀྱི་)འཁོར་ལོ་(སྐོར་བ་)ལ་གནས་<པ་ནི་>ཁྱིམ་ན་གནས་པ(འི་གདུལ་བྱ་) རྣམས་ཀྱི་བསོད་ནམས་<ཀྱི་>དོན་དུ་(བཅོམ་ལྡན་འདས་སྤྲུལ་སྐུ་)བསོད་སྙོམས་མཛད་དུ་གཤེགས་ པའོ། །ཞེས་གསུངས་པའོ། །འདིར་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་ཇི་ལྟ་བར་མཁྱེན་པའི་ སྐུ་(སྤྲུལ་སྐུ་)དང་གསུང་(ལོངས་སྐུ་)དང་ཐུགས་(ཆོས་སྐུ་)དང་ཡེ་ཤེས་(བདེ་ཆེན་གྱི་སྐུ་)རྣམ་པར་མི་རྟོག་ པས་(གདུལ་བྱ་ལས་སད་པ་རྣམས་ཀྱི་)དོན་ཐམས་ཅད་བྱེད་པར་ནུས་པར་འགྱུར་བའོ། །དེ་བཞིན་དུ་ (ལྷ་སྐུ་ལ་སོགས་པ་)རྟོག་པའི་(མཚན་མ་དང་བཅས་པའི་)བསམ་གཏན་དང་སྔགས་ལ་སོགས་པ་གྲུབ་ པའི་རྣལ་འབྱོར་{པས་[པ་]ཐམས་ཅད་མཁྱེན་པའི་(གཞན་)དོན་བྱེད་ནུས་པར་མི་འགྱུར་རོ། ། དེ་བཞིན་དུ་(ཉན་ཐོས་)ས་(ཆུ་མེ་རླུང་ནམ་མཁའ་)ལ་སོགས་པའི་ཟད་པར་མངོན་དུ་བྱེད་པའི་ཆགས་ པ་དང་བྲལ་བ་ཡང་(འབྲས་བུ་)ཕྱོགས་གཅིག་པར་འགྱུར་བ་ནི། ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ པའི་རྫུ་འཕྲུལ་སྤྲུལ་པའི་ཕྱིར་{རོ[ཏེ]། འདིར་གང་ཆགས་པ་དང་བྲལ་{བས་[བ]སའི་ཟད་ པར་མངོན་དུ་བྱས་པ་དེས་སའི་ཟད་པར་སྤྲོ་བར་བྱེད་ཀྱི་ཆུ་ལ་སོགས་པའི་ཟད་པར་སྤྲོ་བར་ མི་ནུས་སོ། །དེ་བཞིན་དུ་ཟད་པར་སོ་སོར་སྟོང་པའི་ཟད་པར་གྱི་བར་དུ་རིག་པར་བྱའོ། །ད་ འདིར་དཀྱིལ་འཁོར་གྱི་འཁོར་ལོ་(སྤྲོ་བ་)ཡང་གང་[གིས་]གསང་བ་འདུས་པའི་འཁོར་ལོ་ སྤྲོ་བར་བྱེད་པ་དེས་བདེ་མཆོག་འཁོར་ལོ་ལ་སོགས་པའི་དཀྱིལ་འཁོར་སྤྲོ་བར་མི་ནུས་སོ། ། གང་གིས་བདེ་མཆོག་འཁོར་ལོ་ལ་སོགས་པ་སྤྲོ་བར་བྱེད་པ་དེས་གསང་བ་འདུས་པ་ལ་ སོགས་པ་སྤྲོ་བར་བྱེད་མི་ནུས་ཏེ། (རྒྱུ་འབྲས་)ཕྱོགས་གཅིག་པའི་ཕྱིར་ཞེས་བྱའོ། ། ༈ <རྒོལ་བ་>གལ་ཏེ་ཁ་ཅིག་འདི་ལྟར་བསམ་པར་འགྱུར་ཏེ། དཀྱིལ་འཁོར་གྱི་འཁོར་ 1-1-208 ལོ་ཅིག་མངོན་དུ་བྱས་པར་གྱུར་པས་(ཀྱང་)དཀྱིལ་འཁོར་ཐམས་ཅད་(མངོན་དུ་བྱས་པར་གྱུར་པ་) དང་(སྣོད་བཅུད་)ཁམས་གསུམ་པོ་ཡང་མངོན་དུ་བྱས་པར་འགྱུར་ཏེ། (<དེ་>ཅི་སྟེ་ན་ནང་)ཕུང་ པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་(དག་པ་)ལས་ཕྱི་རོལ་ན་ཁམས་ གསུམ་པ་གཞན་ཡོད་པར་མི་འགྱུར་རོ། །{ཞེ་ན། } ༈ དེ(དགག་པ)འི་ཕྱིར་བརྗོད་པ། གང་གིས་འདིར་ཁམས་གསུམ་གྱི་ཟད་<ལྔའི་བྱེ་བྲག་གམ་> པར་རམ། དཀྱིལ་འཁོར་གྱི་འཁོར་ལོ་(གསང་འདུས་ལ་སོགས་)གཅིག་མངོན་དུ་བྱས་པར་གྱུར་ པས་ཁམས་གསུམ་པོ(འི་རང་བཞིན་ཐམས་ཅད་)མངོན་དུ་བྱས་པར་འགྱུར་ན་(དེ་ཉིད་)ཐམས་ཅད་ མཁྱེན་པར་ཡང་འགྱུར་ཏེ། དེའི་ཚེ་ཐམས་ཅད་མཁྱེན་པའི་གོ་འཕངས་(སྐུ་བཞི་)ཐོབ་པས། དེ་ ལྟ་ན་ཐམས་ཅད་མཁྱེན་པ་(ངོ་བོ་ཉིད་ཀྱི་སྐུ་)དང༌། རྣམ་པ་ཐམས་ཅད་མཁྱེན་པ་(ཆོས་ཀྱི་སྐུ་)དང༌། ལམ་མཁྱེན་པ་(ལོངས་སྤྱོད་རྫོགས་པའི་སྐུ་)དང༌། ལམ་གྱི་རྣམ་པ་མཁྱེན་པ་(སྤྲུལ་པའི་སྐུ་)མངོན་དུ་ བྱེད་པར་འགྱུར་(པར་རིགས་)ཏེ། (དེ་ལྟར་ན་)ས་ལ་སོགས་པ་ཟད་པར་གཅིག་མངོན་དུ་བྱས་པར་ གྱུར་པའམ། དཀྱིལ་འཁོར་གྱི་འཁོར་ལོ་གཅིག་མངོན་དུ་བྱས་པས་ཡང་དག་པར་རྫོགས་ པའི་སངས་རྒྱས་ཉིད་དུ་འགྱུར་ན། ཉན་ཐོས་དང་རང་སངས་རྒྱས་ཉིད་ཀྱིས་གྲུབ་པ་ཐོབ་པའི་ མིང་མ་གསུངས་ཏེ། ཇི་ལྟར་(མ་གསུངས་)ཞེ་ན། འདིར་(ཉན་ཐོས་ལ་སོགས་པའི་རྒྱུ་མཚན་ཉིད་ཀྱི་)ཐེག་པ་ གསུམ་དུ་བཅོམ་ལྡན་འདས་ཀྱི་བཀའ་འདི་ལྟར་ཐོས་ཏེ། སངས་རྒྱས་ཀྱི་ཞིང་(མི་འབྱེད་)ཆེ་གེ་ མོ་དང༌། འཇིག་རྟེན་གྱི་ཁམས་(འཛམ་གླིང་)ཆེ་གེ་མོ་རུ། ཆེ་གེ་མོ(ཟས་གཙང་མ)འི་བུ་དང༌། (ཤཱཀྱ་) ཆེ་གེ་མོའི་རིགས་སུ་(དུས་)བསྐལ་པ་ཆེ་གེ་མོ་ལ་(ཤཱཀྱ་ཐུབ་པ་)སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང༌། (ལྷའི་སྤྱན་ལ་སོགས་པའི་)མངོན་ པར་ཤེས་པ་དྲུག་དང༌། ལྡན་པའི་དེ་བཞིན་གཤེགས་པ་གནས་(རྡོ་རྗེ་གདན་ལ་སོགས་པ་)ཆེ་གེ་མོ་ རུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཏེ། གནས་(བ་ར་ན་སེ་ལ་སོགས་པ་)ཆེ་གེ་མོར་ 1-1-209 བཞུགས་ནས་(ཐེག་པ་རིམ་པ་གསུམ་གྱི་)ཆོས་<མདོ་>ཀྱི་འཁོར་ལོ་བསྐོར་བར་བྱེད་དེ། སེམས་ ཅན་མོས་པ་སྣ་ཚོགས་པའི་སྐད་ཀྱིས་ཆོས་(མདོ་)ཆེ་གེ་མོ་བསྟན་ནས། སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྐད་ཅིག་ལ་སྐུས་རྫུ་འཕྲུལ་(སྣ་ཚོགས་)བསྟན་ནས། གནས་ (གྲོང་ཁྱེར་རྩ་མཆོག་སོགས་)ཆེ་གེ་མོར་ཡོངས་སུ་མྱ་ངན་ལས་འདས་ནས་(ཉན་ཐོས་ལ་སོགས་<པ་>དང་མ་ བསྐྱེད་པའི་དོན་དུ་)གདུང་ཡང་དག་པར་བསྟན་པར་{བྱས་ཏེ[བྱ་སྟེ]། གདུང་དེ་དག་(གིས་ནད་ཞི་བ་ ལ་སོགས་པ་)ཤིན་ཏུ་མཐུ་ཆེ་ཞིང་(སྒྲ་འོད་དང་ས་གཡོ་བ་ལ་སོགས་པའི་)རྫུ་འཕྲུལ་ཆེ་བར་མཐོང་ནས་ལྷ་ དང་ལྷ་མ་ཡིན་དང་མི་རྣམས་ཀྱིས་གདུང་དེ་ལ་མཆོད་པ་བྱས་(ཏེ་སངས་རྒྱས་ལ་ཆེ་བ་བརྗོད་)པ་ཡོད་ པ་ལྟར། དེ་ལྟར་(རྟོག་ལམ་བསྒོམ་པའི་འབྲས་བུ་ལ་)མ་ཡིན་ཏེ། (ཅིའི་ཕྱིར་ན་)སངས་རྒྱས་ཀྱི་ཞིང་ཆེ་གེ་ མོ་དང༌། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་དང༌། བསྐལ་པ་ཆེ་གེ་མོ་རུ་སྐྱེས་བུ་ཆེན་པོའི་མཚན་ སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། མངོན་པར་ཤེས་པ་དྲུག་དང་ ལྡན་པའི་རྣལ་འབྱོར་པ་གནས་ཆེ་གེ་མོར་སྐྱེས་ནས་ཡང་དག་པར་རྫོགས་པར་སངས་རྒྱས་ ཏེ། ཡུལ་ཆེ་གེ་མོར་བཞུགས་པ་དང༌། གནས་ཆེ་གེ་མོར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱས་ པ་དང༌། སྣ་ཚོགས་པ་ལ་མོས་པའི་སེམས་ཅན་རྣམས་ལ་{སྐད་}སྣ་ཚོགས་པའི་སྐད་ཀྱིས་ ཆོས་ཆེ་གེ་མོ་བསྟན་པ་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་དུས་ གཅིག་ཏུ་ལུས་ཀྱི་རྫུ་འཕྲུལ་བསྟན་ནས་གནས་ཆེ་གེ་མོར་ཡོངས་སུ་མྱ་ངན་ལས་འདས་ནས། གདུང་ཆེན་པོ་ཡང་དག་པར་བསྟན་པར་བྱས་པ་དང༌། གདུང་དེ་དག་{ལ་}ཤིན་ཏུ་ཆེ་བའི་(རྫུ་ འཕྲུལ་)སྤྲོ་བ་མཐོང་ནས་ལྷ་དང་ལྷ་མ་ཡིན་དང༌། མི་རྣམས་ཀྱིས་གདུང་དེ་དག་མཆོད་པ་(ཐེག་ པ་གསུམ་དུ་གསུངས་པ་)ཡོད་པར་མི་འགྱུར་རོ། །(རྒྱུ་མཚན་)དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ གཅིག་མངོན་དུ་བྱས་པས་རྣལ་འབྱོར་པ་དེ་སངས་རྒྱས་སུ་མི་འགྱུར་ཏེ། (རྒྱུ་མཚན་)ཅིའི་ཕྱིར་ ཞེ་ན། (ཐེག་པ་སྣ་ཚོགས་པའི་)ཆོས་ཀྱི་འཁོར་ལོ་བསྐོར་བ་མེད་པའི་ཕྱིར་དང༌། དེ་བཞིན་གཤེགས་ 1-1-210 པས་(རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་དུ་)ལུང་མ་བསྟན་པའི་ཕྱིར་རོ། །འདིར་དེ་བཞིན་གཤེགས་པས་ (བྱམས་པ་ལུང་བསྟན་པའི་མདོ་ལས་)ཇི་ལྟར་མགོན་པོ་བྱམས་{པས་[པ་]དེ་བཞིན་གཤེགས་པ་ཉིད་ དུ་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ། (མདོ་སྡེ་ཟ་མ་ཏོག་སྤུངས་པ་ལས་)དབང་ཕྱུག་ཆེན་པོ་མ་འོངས་ པའི་དུས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ཞེས་བྱ་བའི་ཡང་དག་པར་རྫོགས་པའི་ སངས་རྒྱས་སུ་འགྱུར་རོ། །ཞེས་(ལུང་བསྟན་)པ་དེ་བཞིན་དུ། རྣལ་འབྱོར་པ་ཁ་ཅིག་གིས་དཀྱིལ་ འཁོར་གྱི་འཁོར་ལོ་གཅིག་མངོན་དུ་བྱས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ འགྱུར་རོ། །ཞེས་(ལུང་བསྟན་)པ་དེ་བཞིན་དུ། རྣལ་འབྱོར་པ་ཁ་ཅིག་གིས་དཀྱིལ་འཁོར་གྱི་ འཁོར་ལོ་གཅིག་མངོན་དུ་བྱས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་[རོ། །] ཞེས་ལུང་{མ་བསྟན་(པ་དེའི་ཕྱིར་)[བསྟན་པ(འི་ཕྱིར་)]ཏེ། འོན་ཀྱང་(རྟོག་ལམ་པའི་)སེམས་ཅན་ {གྱི་}བསམ་པའི་དབང་གིས་རལ་གྲི་དང་རི་ལུ་དང་མིག་སྨན་དང་བཅུད་དང་བཅུད་{ཀྱིས་} ལེན་ལ་སོགས་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ ལོ་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ རྣམས་མངོན་དུ་བྱས་པས་(འགྲུབ་ན་)རལ་གྲི་ལ་སོགས་པའི་(ཐུན་མོང་གི་)དངོས་གྲུབ་བསྒྲུབ་པ་ པོས་འགྲུབ་ཀྱི་(མཆོག་གི་དངོས་གྲུབ་)ཐམས་ཅད་མཁྱེན་པ་ཉིད་འགྲུབ་པར་མི་འགྱུར་རོ། །གང་ གི་ཚེ་དཀྱིལ་འཁོར་གྱི་འཁོར་ལོ་(རྣལ་འབྱོར་པས་)བསྒོམས་པའི་སྟོབས་ཀྱིས་(འབྲས་བུ་)ཐམས་ ཅད་མཁྱེན་པ་འགྲུབ་ན། དེའི་ཚེ་(ཐེག་པ་གསུམ་པོ་)འདིར་བཅོམ་ལྡན་འདས་ཀྱི་གསུང་གིས་རང་ གི་གཞུང་(ཐེག་པ་གསུམ་)དུ་ཅིའི་ཕྱིར་(ལུང་བསྟན་)མི་བརྗོད། དེས་ན་འཇིག་རྟེན་པའི་དངོས་གྲུབ་ (དཀྱིལ་འཁོར་<འཁོར་>ལོ་སྤྲོ་ནུས་)ཀྱིས་ཐམས་ཅད་མཁྱེན་པའི་ཡོན་ཏན་(སྟོབས་བཅུ་སོགས་)སྟེར་ བར་མི་འགྱུར་ཏེ། ཕྱོགས་གཅིག་པར་(གསུང་གིས་)གསུངས་པའི་ཕྱིར་དང༌། ཐམས་ཅད་མཁྱེན་ པའི་གསུང་(གིས་གསུངས་པ་)མེད་པའི་ཕྱིར་དང༌། སྒྲིབ་པ་དང་བཅས་པའི་ལུས་{ཀྱི་[ཀྱིས་]རྫུ་ 1-1-211 འཕྲུལ་(ཡ་མ་ཟུང་)མི་སྟོན་པའི་ཕྱིར་དང༌། (རྣམ་པར་རྟོག་པའི་)སྒྲིབ་པ་དང་བཅས་པའི་(ལམ་གྱི་)ཆོས་ མངོན་དུ་བྱས་པས་རྣལ་འབྱོར་པ་ཐམས་ཅད་{མཁྱེན་}པར་མི་འགྱུར་རོ། ། ༈ དེའི་ཕྱིར་(རྣམ་པར་རྟོག་པ་)སྒྲིབ་པ་མེད་པའི་(ལམ་གྱི་)ཆོས་མངོན་དུ་བྱས་པའི་རྣལ་འབྱོར་ པས་ནི་ཐམས་ཅད་མཁྱེན་(པ་ཐོབ་)པར་འགྱུར་ཏེ། སྒྲིབ་པ་མེད་པའི་ཆོས་ཀྱི་མཚན་ཉིད་(བདེ་ སྟོང་གཉིས་མེད་བསྒོམས་པ་)ལས་ཐམས་ཅད་མཁྱེན་པའི་ལྷའི་མིག་(གིས་ཁམས་གསུམ་གྱི་གཟུགས་མཐོང་བ་) དང༌། ལྷའི་རྣ་བ(ས་སྒྲ་ཐོས་པ་)དང༌། གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་ པ་དང༌། རྫུ་འཕྲུལ་ཐམས་ཅད་དང༌། (ཉོན་མོངས་པའི་)ཟག་པ་ཐམས་ཅད་ཟད་པ་དང༌། གནས་ དང་གནས་མ་ཡིན་པ་ཐམས་ཅད་མཁྱེན་པའི་སྟོབས་དང༌། ལས་(དཀར་ནག་འདྲེས་མ་)དང་རྣམ་ པར་སྨིན་པ་<སྣ་ཚོགས་>མཁྱེན་པའི་སྟོབས་དང༌། གཅིག་དང་དུ་མའི་ཁམས་(སྣ་ཚོགས་)མཁྱེན་ པའི་སྟོབས་དང༌། (དད་པ་ལ་སོགས་པའི་)དབང་པོ་མཆོག་<རབ་>དང་མཆོག་མ་ཡིན་པ་(འབྲིང་ དང་ཐ་མ་)མཁྱེན་པའི་སྟོབས་དང༌། (སེམས་ཅན་གྱི་) མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། ཀུན་ནས་ཉོན་མོངས་པ་ (འཁོར་བ་)དང་རྣམ་པར་{ཐར་[བྱང་]པ་(མྱང་འདས་)མཁྱེན་པའི་སྟོབས་དང༌། (གང་ནས་)འཆི་འཕོ་ དང་(གང་དུ་)སྐྱེ་བ་མཁྱེན་པའི་སྟོབས་དང༌། (ལྷའི་སྤྱན་སོགས་)མངོན་པར་ཤེས་པ་(ལྔ་པོ་){ཀུན་ མཁྱེན་པ་}ཀུན་མཁྱེན་པའི་སྟོབས་དང༌། ཟག་པ་(དྲུག་པོ་)ཟད་པ་ཀུན་མཁྱེན་པའི་སྟོབས་སུ་ འགྱུར་རོ། །དེ་བཞིན་དུ་ཉི་མའི་དཀྱིལ་འཁོར་ཆེན་པོའི་འོད་གསལ་བ་ཀུན་ཏུ་འོད་ཀྱི་ས་ (དང་པོ་)དང༌། ཟླ་བའི་འོད་གསལ་བ་ཆེན་པོ་བདུད་རྩི་འོད་ཀྱི་ས་(གཉིས་པ་)དང༌། ནམ་མཁའ་ བཞིན་དུ་རབ་ཏུ་གནས་པའི་ནམ་མཁའི་འོད་ཀྱི་ས་(གསུམ་པ་)དང༌། ཡིད་དུ་འོང་པའི་རྡོ་རྗེའི་ འོད་ཀྱི་ས་(བཞི་པ་)དང༌། དབང་བསྐུར་བས་བྱིན་གྱིས་བརླབས་པའི་རིན་ཆེན་འོད་ཀྱི་ས་(ལྔ་པ་) དང༌། རང་བཞིན་དག་པ་དྲི་མའི་ཆོས་ཡོངས་སུ་སྤངས་ཤིང་མེད་པ་པད་མ་འོད་ཀྱི་ས་(དྲུག་པ་) 1-1-212 དང༌། སངས་རྒྱས་ཀྱི་ལས་བྱེད་པའི་ས་(བདུན་པ་)དང༌། དཔེ་མེད་པའི་ས་(བརྒྱད་པ་)དང༌། དཔེ་ དང་དཔེ་ཀུན་ལས་སོ་སོར་འདས་པའི་ས་(དགུ་པ་)དང༌། བླ་ན་མེད་{པ་[པའི་]ཤེས་རབ་འོད་ ཀྱི་ས་(བཅུ་པ་)དང༌། འོད་གསལ་[བ་]ཆེན་པོ་ཐམས་ཅད་མཁྱེན་པའི་ས་(བཅུ་གཅིག་པ་)དང༌། རྣལ་འབྱོར་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་སོ་སོར་རིག་པའི་ས་(བཅུ་གཉིས་<པ་>)ཞེས་བྱའོ། ། དེ་བཞིན་གཤེགས་པ་ལ་(ཐུགས་)འཁྲུལ་པ་མེད་པ་དང༌། (གསུང་)ཅ་ཅོ་མེད་པ་དང༌། (སེམས་ ཅན་གྱི་དོན་དུས་ལ་བབ་ན་)བསྙེལ་བ་མེད་པ་དང༌། སེམས་མཉམ་པར་མ་བཞག་པ་མེད་པ་དང༌། སྣ་ཚོགས་པའི་འདུ་ཤེས་མེད་པ་དང༌། སོ་སོར་རྟོག་པའི་བཏང་སྙོམས་མེད་པ་དང༌། འདུན་ པ་ཡོངས་སུ་ཉམས་པ་མེད་པ་དང༌། བརྩོན་འགྲུས་ཡོངས་སུ་ཉམས་པ་མེད་པ་དང༌། དྲན་པ་ ཡོངས་སུ་ཉམས་པ་མེད་པ་དང༌། ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མེད་པ་དང༌། ཤེས་རབ་ ཡོངས་སུ་ཉམས་པ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་པ་ཡོངས་སུ་ཉམས་པ་ མེད་པ་དང༌། འདས་པའི་དུས་{ན་[ལ་]མ་ཆགས་མ་ཐོགས་པའི་ཡེ་ཤེས་(ཀྱིས་)མཐོང་པ་ འཇུག་གོ། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་(ཀྱིས་)མཐོང་པ་འཇུག་ གོ། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་(ཀྱིས་)མཐོང་པ་འཇུག་གོ། ལུས་(སྐུ་ དག་)ཀྱི་ལས་(སྤྱོད་ལམ་བཞི་པོ་)ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་ ངོ༌། །ངག་(གསུང་)གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། ཡེ་ཤེས་ཀྱི་རྗེས་སུ་འབྲང་ ངོ༌། །ཡིད་(ཐུགས་)ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང༌། ཡེ་ཤེས་ཀྱི་རྗེས་སུ་འབྲང་ ངོ༌། །ཞེས་སོ། །དེས་ན་(གནས་)ཐམས་ཅད་ནས་ཐམས་ཅད་ཀྱི་དུས་སུ་(ཐུགས་)མཉམ་པ་ཉིད་ ལ་རབ་ཏུ་གནས་ཤིང་(རང་བཞིན་)སྟོང་པ་ཉིད་ཡང་དག་པར་རྗེས་སུ་(གྱི་ཟེར་)རྟོགས་པའི་ཕྱིར། ཤེས་རབ་(སྒྲིབ་པས་)ཡོངས་སུ་དག་པ་རྣམས་དེ་བཞིན་གཤེགས་པར་འགྱུར་ཏེ། (ཉོན་མོངས་<པ་> དང་ཤེས་བྱའི་)སྒྲིབ་པ་དང་བྲལ་བའི་མཚན་ཉིད་ཀྱི་ཕྱིར་རོ། ། 1-1-213 ༈ ཡང་སྒྲིབ་པ་དང་བཅས་པའི་ཤེས་རབ་ཡོངས་སུ་མ་དག་པ(འི་རྣལ་འབྱོར་<པ་>)ཁ་ཅིག དཀྱིལ་འཁོར་གྱི་འཁོར་ལོའི་གྲངས་(ལྔ་ལ་སོགས་པ་)དང༌། ཁ་དོག་(ནག་པོ་ལ་སོགས་པ་)དང༌། ཕྱག་ <གཉིས་ལ་སོགས་པ་>དང༌། དབྱིབས་(གཡས་བརྐྱང་<ལ་>སོགས་)ཀྱི་རྣམ་པར་རྟོག་པས་རྫུ་འཕྲུལ་ སྤྲོ་བ་རྣམས་རྡོ་རྗེ་(སྟོང་པ་ཉིད་)སེམས་དཔའི་(སྙིང་རྗེ་དབྱེར་མེད་པ་)སྟོབས་བཅུ་དང་ལྡན་པར་མི་ འགྱུར་ཏེ། འོན་ཀྱང་ཐམས་ཅད་མཁྱེན་པའི་(སྟོང་ཉིད་སྙིང་རྗེ་གཉིས་མེད་ཀྱི་)ལམ་ཉམས་པ་ལོག་ པའི་ང་རྒྱལ་ཅན་དུ་གྱུར་པས་(ཇི་ལྟར་སེམས་ན་)ཐམས་ཅད་མཁྱེན་པ་སྟོབས་བཅུ་དང་ལྡན་པ་ བདག་གོ། སྙམ་པ་སྟེ། སྟོབས་བཅུ་དང་མི་ལྡན་ཏེ་(ཅི་སྟེ་ན་)རྨོངས་པ་ཆེན་པོ་(བསྒྲུབ་བྱ་)ཕྱོགས་ གཅིག་པའི་ཕྱིར་རོ། །དེས་ན་སྟོབས་བཅུ་དང་མི་མཐུན་པའི་རྣལ་འབྱོར་པ་སྒྲིབ་པ་(གཉིས་) དང་མ་བྲལ་བའི་(འབྲས་བུ་རྫོགས་པའི་)སངས་རྒྱས་སྔོན་(བྱུང་པ་)མེད་པ་(ཁྱེད་འདོད་པ་)དེ་ཉིད་ངོ་ མཚར་(ཤིན་ཏུ་)ཆེའོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། <ཁམས་ གསུམ་གྱི་>སྡུག་བསྔལ་གསུམ་གྱི་སྡུག་བསྔལ་(གསུམ་)ཞི། །གསུམ་སེལ་མཐའ་ཡས་(ཉན་རང་ བྱང་སེམས་ཀྱི་)གྲོལ་གསུམ་ཐོབ། །སྒྲིབ་པ་(གཉིས་པོ་)ཀུན་ལས་ངེས་པར་གྲོལ། །(བདེ་བ་ཆེན་པོའི་ སྐུ་)མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་གསུངས་སོ། །དེས་ན་བཅོམ་ལྡན་འདས་ཀྱི་ གསུང་དེས་རྣམ་པར་རྟོག་པའི་གཟུགས་བསྒོམས་པའི་སྟོབས་ཀྱིས་རྣལ་འབྱོར་པ་ཐམས་ ཅད་མཁྱེན་པར་མི་འགྱུར་རོ་ཞེས་བྱའོ། ། ༈ (རྒྱུ་ཐེག་གསུམ་དུ་མ་གསུངས་ཀྱང་འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པར་)འོ་ན་<རྒོལ་བ་>དཀྱིལ་ འཁོར་གྱི་འཁོར་ལོ་(ལྷའི་སྐུ་)མངོན་དུ་བྱས་པའི་རྣལ་འབྱོར་པས་(འབྲས་བུ་)ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་འགྲུབ་པར་[འགྱུར་བར་](སྟོན་པ་)བཅོམ་ལྡན་འདས་ཀྱིས་(རྒྱུད་ཐམས་ཅད་ལས་) གསུངས་པ་མ་ཡིན་ནམ། (གཞུང་)འདིར་ཅིའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་(ལྷའི་སྐུ་)མངོན་ དུ་བྱས་པའི་རྣལ་འབྱོར་པ་(ཕྱག་རྒྱ་ཆེན་པོའི་དངོས་གྲུབ་)ཐམས་ཅད་མཁྱེན་པར་(ཅིའི་ཕྱིར་)མི་འགྱུར་ 1-1-214 ཞེས་(གྲུབ་རྟོག་ཅན་)ཁ་ཅིག་བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་སྔར་གསུངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ རྣམ་པར་རྟོག་པའི་དྲ་བས་<ཞི་སོགས་>ཕྱོགས་གཅིག་པའི་འབྲས་བུ་སྟེར་བའོ། །འོན་ཀྱང་ རྨོངས་པ་རྣམས་འཁྲུལ་ནས། ལས་ཀྱི་ཕྱག་རྒྱ་ཆེ་གེ་མོ་བཟུང་པས་གྲུབ་པ་ཐོབ་{པ་[པར་ གྱུར་པ་]མ་ཡིན་ནམ་ཞེ་ན། འདིར་(གྲུབ་པ་ཙམ་མི་དགག་སྟེ་)རི་ལུ་ལ་སོགས་པའི་སྟོབས་དང༌། སྐྱེ་བ་བདུན་པའི་སྟོབས་དང༌། རལ་གྲི་ལ་སོགས་པའི་སྟོབས་དང༌། སྔགས་ཀྱི་སྟོབས་དང༌། བསམ་གཏན་གྱི་སྟོབས་{ཀྱིས་}སམ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པའི་སྟོབས་ཀྱིས་ མི་སྣང་(པ་ལ་སོགས་)པར་འགྱུར་ཏེ། (ཉོན་མོངས་དང་ཤེས་བྱའི་)སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་ ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གྱུར་པ་ནི་མ་ཡིན་ནོ། །མཚན་ ཡང་དག་པར་བརྗོད་{པ་[པར་]ཕྱག་རྒྱ་ཆེན་པོ་འཛིན་{པར་[པ་]གསུངས་པ་འདི་ལྟ་སྟེ། བསམ་གཏན་ཆེན་{པོ་[པོའི་](རྣམ་པར་མི་རྟོག་པའི་)ཏིང་འཛིན་གནས། །ཤེས་རབ་ཆེན་{པོ་ [པོའི་](སྟོང་གཟུགས་ཀྱི་)ལུས་འཆང་པ། །(བདུད་འདུལ་བས་)སྟོབས་པོ་ཆེ་ལ་(རླུང་བཅིངས་པས་འགྲུབ་ པས་)ཐབས་ཆེ་བ། །(ཇི་ལྟར་འདོད་པ་བཞིན་འབྱུང་པས་)སྨོན་ལམ་(བདེ་བ་ཆེན་པོའི་)ཡེ་ཤེས་རྒྱ་མཚོ་སྟེ། ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། (དངོས་གྲུབ་བརྒྱད་པོ་)དེ་ཉིད་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་ཏུ་མི་འགྱུར་རོ། །ཕྱག་རྒྱ་ཆེན་པོ་(མཆོག་གི་དངོས་གྲུབ་)ནི་ཆོས་ཐམས་ཅད་ཀྱི་རང་ བཞིན་མེད་པའི་མཚན་ཉིད། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ། སངས་རྒྱས་ཐམས་ཅད་སྐྱེད་པར་བྱེད་པའི་མ་སྟེ། ཆོས་<སྟོང་གཟུགས་>འབྱུང་ གི་སྒྲས་ཀྱང་དེ་ལ་བརྗོད་དོ། །གང་གི་ཕྱིར་ན་ཆོས་(ཀྱི་)འབྱུང་(གནས་)ལས་ཆོས་ཐམས་ཅད་ རང་བཞིན་མེད་(པའི་སྟོང་)པར་འཆར་(བ་འབྱུང་)བར་འགྱུར་ཏེ། རང་བཞིན་མེད་པའི་ཆོས་(སྟོང་ གཟུགས་)རྣམས་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་ 1-1-215 སྟོང་ངོ༌། །དེ་(དག་)རྣམས་འཆར་བར་འགྱུར་བས་ན་ཆོས་འབྱུང་(པྲ་ཏི་སེ་ན་)སྟེ། (དེ་ཉིད་)སངས་ རྒྱས་ཀྱི་<སྐྱེ་>ཞིང་(ཞེས་བྱ་བ་)དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་(འབྱུང་) གནས་དང༌། བདེ་བ་(ཆེན་པོ་)སྐྱེ་བས་གནས་སུ་གསུངས་ཀྱི། (བུད་མེད་ཀྱི་བྷ་ག་)གང་ཞིག་ལས་ ཁྲག་དང་ཆུ་ངན་དང་ས་བོན་རྣམས་འབྱུང་པ་དེ་ནི་ཆོས་འབྱུང་དུ་མི་འགྱུར་ཏེ། (ཅིའི་ཕྱིར་ཞེ་ན་) འདིར་འཁོར་བ་པ་རྣམས་ཀྱི་(དང་པོ་)ཆགས་པ་དང༌། (ཕྱི་ནས་)ཆགས་པ་དང་བྲལ་བའི་ཞིང་དུ་ གྱུར་པ(འི་ཆོས་འབྱུང་)དེ་ཉིད་དེ་བཞིན་གཤེགས་པ་རྣམས་{ཀྱི(ཆོས་ཀྱི)ར་[ཀྱི་](འབྱུང་གནས་སུ་)ནི་ མི་འགྱུར་རོ། །(རྒྱུ་མཚན་)དེའི་ཕྱིར་ཆོས་[ཀྱི་]འབྱུང་གནས་ཞེས་པ་ནི་(པ་ར་མ་ཨར་ཐ་)ཆོས་ཀྱི་ དབྱིངས་ཀྱི་རང་བཞིན་ཅན་(མཚན་)སྣ་ཚོགས་ཡུམ་སྟེ། (རྩ་བ་དང་ཡན་ལག་གི་རླུང་འགགས་པས་)དུས་ ཐམས་ཅད་དུ་སྒྲིབ་པ་ཐམས་ཅད་སྤངས་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་འཁྱུད་ པའོ། །འདིར་ཆགས་པ་ནི་(བདེ་བ་)སྐྱེ་བའི་དུས་དང༌། འཛག་པ(འི་འཕོ་བ་)ནི་འགོག་པའི་དུས་ སོ། །(ཕབ་ལ་མ་འཕོས་པའི་)དེ་དག་ཉིད་སྙོམས་པར་ཞུགས་པ་ནི་མི་འགྱུར་བའི་དུས་སོ། །དེའི་ འཁོར་ལོ་ནི་(གང་ན་)རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་པ་སྟེ། (གང་ན་)ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་རྣམས་སྒྲིབ་པ་མེད་པ་ལ་(ཇི་ལྟར་བརྗོད་ན་)རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ ཆེན་པོ་ཞེས་བརྗོད་དོ། །དེ་ཉིད་(རྒྱུ་གང་ལས་བྱུང་ན་བྱང་སེམས་)མི་འགྱུར་བ་ལས་བྱུང་བ་འདི་དག་ སྐྱེ་བ་མེད་{པ་[པའི་]ཕྱག་རྒྱ་ཆེན་པོས་འཁྱུད་ཅེས་བྱའོ། །ཕྱག་རྒྱ་ཆེན་པོ་འདི། གང་དག་ སྐྱེ་བ་གཞན་གྱི་བསོད་ནམས་ཀྱི་(ཚོགས་བསགས་པའི་)བག་ཆགས་ཀྱི་དབང་དང༌། (དཔལ་ལྡན་) བླ་མ་དམ་པའི་གདམ་ངག་(སྦྱོར་བ་ཡན་ལག་དྲུག་)གི་དབང་གིས་དུས་རིང་པོར་(སྟེ་ལོ་གསུམ་ཕྱོགས་ གསུམ་)ཉིན་མཚན་<གྱི་རྣལ་འབྱོར་བསྒོམ་>དུ་<ས་>ཆོས་ཐམས་ཅད་ཀྱི་(རྣམ་པར་)རྟོག་པ་སྤངས་པ་ དང༌། (ལམ་)རང་གི་སེམས་ཀྱི་སྣང་བ་ཙམ་(གྱི་རྟགས་བཅུ་)དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་ དང་ལྡན་{པའི་[པ་](ཡོད་མེད་གཉིས་ཀྱིས་)སྟོང་པ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་{སྐྱེད་ 1-1-216 [ཆེན་པོ་བསྐྱེད་]པར་བྱེད་པ་མངོན་དུ་བྱས་པ་ནི་འཁྱུད་པ་སྟེ། དེ་ལ་(མིང་གི་རྣམ་གྲངས་)ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་ཐོབ་པ་(ཞེས་བྱའི་)ཐམས་ཅད་མཁྱེན་{པ་[པས་]སངས་རྒྱས་བཅོམ་ལྡན་ འདས་ཞེས་བརྗོད་དོ། །དེའི་ཕྱིར་(རྣལ་འབྱོར་)ལས་དང་པོ་པས་རྣལ་འབྱོར་(སྤྱོད་)པའི་སྤྱོད་པ་ (ཤ་ལྔ་བདུད་རྩི་ལྔ་ལ་ལོངས་སྤྱོད་པ་ལ་སོགས་པ་)མི་བྱ་བ་དང༌། རྣལ་འབྱོར་(སྤྱོད་པ་)པས་གྲུབ་པ་ཐོབ་ པའི་{སྤྱོད་པ་[བྱ་བ་]<དུག་ཟ་བ་དང་གཅན་ཞོན་པ་ལ་སོགས་>མི་བྱ་བ་དང༌། (སྤྱོད་པ་)གྲུབ་པ་ཐོབ་ པས་ཐམས་ཅད་མཁྱེན་པའི་མཛད་པ་(མངོན་ཤེས་དང་ལུང་སྟོན་པ་ལ་སོགས་པ་)མི་བྱ་{བ་}སྟེ། དེ་ བཞིན་དུ་ལས་དང་པོ་(པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་འོང་)པས་སྔར་གསུངས་པའི་ཆོ་གས། (ཡུལ་ཆོས་ དང་བསྟུན་ནས་)བཟའ་བ་དང༌། བཟའ་བ་མ་ཡིན་པ་ལ་སོགས་པ་བྱ་ཞེས་པའོ། །(རྒྱུ་མཚན་)དེས་ ནས་ཡུལ་དང༌། རིགས་ཀྱི་ཐ་{དད་[སྙད་]ཀྱིས། ལས་དང་པོ་པས་སྤྱད་པར་བྱ་སྟེ། སྔགས་ དང་བསམ་གཏན་གྱི་བསྒྲུབ་པ་ལ་མངོན་པར་དགའ་བས་ཇི་སྲིད་སྔགས་ཀྱི་དངོས་གྲུབ་ {གྲུབ་[སྒྲུབ་]པའམ། ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་{གྱི་[བའི་]བར་དུ(ཡུལ་ཆོས་དང་ བསྟུན་པ)འོ། །<ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པ་>(སྔགས་གྲུབ་པ་བྷིར་བ་པ་ལྟ་བུ་)དེ་ནས་རང་(གང་)འདོད་པའི་ བཟའ་བ་དང༌། བཟའ་བ་མ་ཡིན་པ་(ཐམས་ཅད་བཟའ་བ་)དང༌། བཏུང་པ་དང་བཏུང་པར་བྱ་བ་ མ་ཡིན་པ་<ཐམས་ཅད་བཏུང་པ་>དང༌། བགྲོད་པ་དང་བགྲོད་པར་བྱ་བ་མ་ཡིན་པ་(ཐམས་ཅད་ལ་ བགྲོད་པར་)བྱ་སྟེ། (སྔགས་གྲུབ་པ་བྷིར་བ་པ་ལྟ་བུ་)དེ་ལ་སུས་ཀྱང་གནོད་{པ་[པར་]བྱ་བར་ནུས་པར་ མི་འགྱུར་རོ། །དེ་བཞིན་དུ་(རྣལ་འབྱོར་<པ་>)ལས་དང་པོ་པ་སྔགས་གྲུབ་པས་རྣལ་འབྱོར་(སྤྱོད་ པ་)པར་འགྱུར་རོ། །དཀྱིལ་འཁོར་གྱི་འཁོར་ལོ་སྤྲོ་བ་དང༌། ནམ་མཁའ་{ལ་[ལས་]འགྲོ་(བ་ ལ་སོགས་)བས་གྲུབ་པ(ཐོབ་པར་འགྱུར་བ)འོ། །བདུད་དང༌། ཉོན་མོངས་པ་དང༌། (འཕོ་བའི་བག་ཆགས་) སྙོམས་པར་འཇུག་པ(འི་སྒྲིབ་པ་)དང༌། ཤེས་བྱའི་སྒྲིབ་པ་ཟད་པས་རྣམ་པ་ཀུན་ཏུ་རྫུ་འཕྲུལ་སྤྲོ་ བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཐམས་ཅད་མཁྱེན་པའི་གསུང་གིས་ཆོས་ཀྱི་ཕུང་ 1-1-217 པོའི་ཚོགས་མ་ལུས་པ་སྟོན་པའི་དབང་གིས་(རྣལ་འབྱོར་པ་གྲུབ་པ་ཐོབ་པ་དེ་)ཐམས་ཅད་མཁྱེན་པར་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། སྒྱུ་(མའི་རྣམ་)འཕྲུལ་ (གྱི་)དྲ་བ་(སྤྲུལ་པའི་སྐུ་)འོད་ཆེན་པོ། །(ལོངས་སྐུ་)རྒྱུད་ཀུན་གྱི་ནི་བདག་པོ་མཆོག ། (དེའི་རྒྱུ་དག་བྱ་ ཐམས་ཅད་དག་པས་)རྡོ་རྗེ་དཀྱིལ་ཁྲུམས་མ་ལུས་པ། །(ཆོས་སྐུ་)ཡེ་ཤེས་མ་ལུས་སྐུ་འཆང་པ། །(ངོ་བོ་ ཉིད་ཀྱི་སྐུ་)ཀུན་ཏུ་བཟང་པོ་བློ་གྲོས་བཟང༌། །(ས་གཞི་ལྟར་)ས་ཡི་སྙིང་པོ་འགྲོ་བ་(ཐམས་ཅད་ཀྱི་རྟེན་དུ་) འཛིན། །(དུས་གསུམ་གྱི་)སངས་རྒྱས་ཀུན་གྱི་ཆགས་པ་ཆེ(ན་པོ་ཐོབ་བྱ་ཐམས་ཅད་ཐོབ་པའོ)། །སྣ་ཚོགས་ <སུ་>སྤྲུལ་པའི་འཁོར་ལོ་འཆང༌། །དངོས་པོ་ཀུན་གྱི་རང་བཞིན་མཆོག(ཏུ་གྱུར་པའོ)། །དངོས་ པོ་ཀུན་གྱི་རང་བཞིན་(གྱི་ལུས་)འཛིན། །སྐྱེ་(བ་)མེད་(པའི་)ཆོས་དེ་སྣ་ཚོགས་དོན། །ཆོས་ཀུན་ གྱི་ནི་རང་བཞིན་(གྱི་སྐུ་བདེ་བ་ཆེན་པོ་)འཆང༌། །ཞེས་གསུངས་སོ། །དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོའི་ ལེའུ་ལྔ་པ(འི་༦༠༡དང་༦༠༢)ལས། དེ་ལྟ་བས་ན་(བཅོམ་ལྡན་འདས་)དུས་ཀྱི་འཁོར་ལོའི་རྫུ་འཕྲུལ་ ཆེན་པོས་སྤྲུལ་སྐུ་དུ་{མ་[མར་]རབ་ཏུ་གསལ་བ་ཡིས། །འདོད་པའི་ཁམས་(བཅུ་གཅིག་པོ་)ལ་ [རབ་ཏུ་]གནས་པའི་ལྷ་དང་ལྷ་མིན་མི་རྣམས་དོན་དུ་ཐུགས་རྗེ་ལྡན་པས་(སྤྲུལ་སྐུ་)སྤྲོས་པ་སྟེ། ། གཟུགས་ཁམས་(བཅུ་དྲུག་པོ་)རྣམས་ལ་ལོངས་སྤྱོད་རྫོགས་སྐུ་ཡིས་<ཆོས་གསུངས་>ཏེ་མཁའ་ ལ་རྒྱལ་སྲས་(བྱང་ཆུབ་སེམས་དཔའ་དང་)དགྲ་བཅོམ་རྣམས་ལ་ཆོས་སྐུ་ཡིས། །མ་ལུས་སྲིད་གསུམ་ ས་སྟེངས་(ལས་འདོད་ཁམས་པ་གཟུགས་མེད་བཞི་ཐོབ་པར་འདོད་པ་ལ་)ཟད་པར་སྟོང་{པ་[པས་]སྟོང་པ་ ལ་(མི་ཆེ་བ་ལ་སོགས་པ་བཞི་ཐོབ་པ<ར་འདོད་པ་>)སྟེ་ཟད་པར་རླུང་གིས་རླུང་ལའོ། །(དགེ་རྒྱས་ལ་སོགས་ པ་བཞི་ཐོབ་པར་འདོད་པ་ལ་) ཟད་པར་མེ་ཡི་ཆ་ཡིས་མེ་དང་ཟད་པར་(ཚད་མེད་འོད་ལ་སོགས་པ་བཞི་ཐོབ་ པར་འདོད་པ་ལ་)ཆུ་ཡིས་ཆུ་ཡི་འགྲོ་བ་རྣམས་ལ{འོ}[་སྤྲོ]། །(ཚངས་རིགས་ལ་སོགས་པ་བཞི་ཐོབ་པར་འདོད་ པ་ལ་)ཟད་པར་ས་ཉིད་ཆ་ཡི་ས་སྟེ་རྟེན་འབྲེལ་ཡུལ་གྱི་དབྱེ་{བས་[བ་](སྐུ་གསུམ་གྱི་)དངོས་པོ་ ཀུན་གྱི་རང་བཞིན་ནི། །(ཡེ་ཤེས་ཀྱི་སྐུ་)གཅིག་གི་བདག་ཉིད་(སྐུ་གསུམ་པོ་)ཀུན་ནས་ནམ་མཁའ་ 1-1-218 དང་ནི་མཉམ་པས་དག་པའི་ས་ལ་སྟོན་པར་བྱེད་པ་སྟེ། །དེ་ལྟར་སངས་རྒྱས་ཀྱི་ནི་སྐུ(བཞི) ར་འགྱུར་(བ་)འཆི་མེད་བདེ་བ་ཡེ་ཤེས་(སུ་)རོ་གཅིག་<པའི་>རང་བཞིན་(དུ་)གྱུར་པ་ལས། ། ཞེས་གསུངས་སོ། །(རྒྱུ་མཚན་)དེས་ན་(ཐབས་ཤེས་རབ་ཀྱི་རྒྱུད་དུ་)བཅོམ་ལྡན་འདས་ཀྱིས་གསུངས་ པའི་བདུད་རྩི་ལྔ་བཟའ་བ་དང༌། སྔགས་བཟླས་པ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་རྣམ་ པར་རྟོག་པ་བསྒོམ་པའི་སྟོབས་ཀྱིས། རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ སུ་མི་འགྱུར་རོ། །ཞེས་བྱའོ། ། ༈ གལ་ཏེ་སྡིག་པའི་བློ་ཅན། བླ་མ་དམ་པ་མ་ཡིན་པའི་གདམས་ངག་{གི་[གིས་](བདུད་ རྩི་ལྔ་ལ་སོགས་པ་)བཟའ་བར་ནུས་པ་རྣམས་ལ་ཆོས་སྟོན་པ། འདིར་(སྟོན་པ་)དེ་བཞིན་གཤེགས་ པས་(ཐབས་ཤེས་རབ་ཀྱི་)རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་(ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་)དམ་ཚིག་(གི་ རྫས་)ཐམས་ཅད་རྣམ་པར་རྟོག་པ་མེད་པའི་སེམས་ཀྱིས་བཟའ་{འོ[བོ་]ཞེས་གསུངས་པས། དེའི་ཕྱིར་དང་{པོར་}[པོ]རེ་ཤིག་(ལས་དང་པོ་པ་)བདག་ཉིད་ཀྱིས་བདུད་རྩི་ལྔ་བཟའ་བར་ གྱིས་ལ་ཕྱིས་གོམས་པའི་དབང་གིས་དམ་ཚིག་(གི་དངོས་གྲུབ་)འགྲུབ་པར་འགྱུར་ཏེ། དམ་ཚིག་ (གི་དངོས་གྲུབ་)གྲུབ་པས་(ཇི་ལྟར་འགྱུར་ན་)དུག་ལ་སོགས་པ་བཟའ་བར་བྱ་བ་མ་ཡིན་པ་རྣམས་ ཀྱང་བཟར་རུང་པར་འགྱུར་ཞིང༌། བཤང་པ་ལ་སོགས་པ་དྲི་ངན་པ་རྣམས་ཀྱང་དྲི་བཟང་པོར་ འགྱུར་རོ། །ཞེ་ན། ༈ ཚིག་འདི་ནི་(མཆོག་ཏུ་)ཤིན་ཏུ་ཡང་འགལ་ཏེ། ཇི་ལྟར་(འགལ་)ཞེ་ན། (དཔེར་ན་)དང་ པོར་རེ་ཤིག་མེར་འཇུག་པར་བྱ་ཞིང༌། (དེའི་དུས་སུ་ཚིག་ཀྱང་)ཕྱིས་གོམས་པའི་དབང་གིས་མེས་ མི་(གནོད་(རེངས་ཟེར་)པར་འགྱུར་བ་དེ་ཉིད་ནི་མི་སྲིད་(དེ་སྔར་ཚིག་པ་ལ་ཕྱིས་ཚིག་པར་བྱ་རྒྱུ་མེད་)པས་ སོ། །འདིར་གདུག་པ་ཆེན་པོ་ཅན་(གྱི་སློབ་དཔོན་)རྣམས་ཀྱིས། གཞན་(ཕ་རོལ་པོ་)བསླུ་བ་དང༌། ཐམས་ཅད་མཁྱེན་པའི་བསྟན་པ་(ལ་ཅོ་དྲིས་པས་)རྨ་འབེབས་པ། (རང་གི་)དམ་ཚིག་ཆེན་པོ་ 1-1-219 ཉམས་པ་རྣམས་མ་དག་པ(སླུ་བ)འི་སེམས་ཀྱིས། མནར་མེད་(པའི་དམྱལ་)པར་འགྲོའོ། །གང་ གི་ཚེ་(སློབ་དཔོན་རང་གི་)སེམས་དག་ན། དེའི་ཚེ་རྣལ་འབྱོར་པའི་བྱ་བ་ཅིའི་ཕྱིར་མི་བྱེད། འདིར་ (རང་)སེམས་དག་པའི་རྣལ་འབྱོར་པས་མེར་ཞུགས་ཀྱང་མེས་མི་འཚིག་པ་ནི་སྔགས་ཀྱི་རྒྱལ་ པོས། [(མེས་ཚིག་སྟེ་)མེ་རེངས་པར་བྱེད་ཅིང༌། ] སྔགས་ཀྱི་རྒྱལ་པོས་(མེས་ཚིག་སྟེ་)འཆི་བར་མི་ འགྱུར་རོ། །(སྔགས་ཀྱི་རྒྱལ་པོས་)གླང་པོ་བསྙོན་པ་རེངས་པར་བྱེད་ཅིང༌། གླང་པོ་ཆེ་བསྙོན་པས་ གསོད་པར་མི་ནུས་པ་དང༌། སེང་གེ་དང༌། སྟག་ལ་སོགས་པ་རྣམས་ལ་ཞོན་ཡང༌། སེང་གེ་ {ལ་སོགས་པས་[དང་སྟག་སོགས་ཀྱིས་]སྐྱུར་བར་མི་ནུས་སོ། །(སྔགས་ཀྱི་རྒྱལ་པོས་)གང་(བྱ་རོག་ འཐུང་པའི་)ཆུ་བོ་ཆེན་པོར་ཞུགས་ནའང་ཆུས་མི་འཁྱེར་བ་དང༌། (སྔགས་ཀྱི་རྒྱལ་པོས་)དུག་ཟོས་ན་ ཡང་དུག་གིས་བརྒྱལ་བར་མི་འགྱུར་བ་དང༌། (སྔགས་ཀྱི་རྒྱལ་པོས་)རལ་གྲི་ལ་སོགས་པའི་མཚོན་ ཆ་རྣམས་ཟོས་ཀྱང་མཚོན་གྱིས་ཁ་མི་ཆོད་{དེ[དོ]། །དེ་བཞིན་དུ་བཟའ་བར་བྱ་བ་མ་ཡིན་ པ་བཟའ་བ་དང༌། རང་གི་གཟུགས་(དང་རྫས་གཞན་དུ་)ཡོངས་སུ་སྒྱུར་བར་བྱེད་པ་དང༌། དེ་ བཞིན་དུ་རྣལ་འབྱོར་པ(གྲུབ་པ་ཐོབ་པ)འི་བྱ་བ་རྣམས་གྲངས་དུ་མ་རྣམས། ལས་དང་པོ་པས་བྱ་ བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་རྣམས་ཀྱི་གནས་སྐབས་བཅུ་གསུངས་ ༡ཏེ། ༣རྣལ་འབྱོར་པ་(ལམ་ལ་འཇུག་པའི་)༢དང་{པོར་[པོ]བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ དང༌། (དེ་ནས་)ཕྱིས་བྱིས་པ(ལྟ་བུར་སློབ་པ)ར་གྱུར་པ་དང༌། གཞོན་ནུ(ལྟ་བུ་ཡིག་<རྩིས་>བྱང་པ)ར་ གྱུར་པ་དང༌། (རྣལ་འབྱོར་པ་)༤ལས་དང་པོ་པ་དང༌། རྣལ་འབྱོར་སྤྱོད་(པ་བྱེད་)པར་སྐྱེ་བ་སྐྱེས་པ་ དང༌། སྦྱོར་བ་ཕུན་སུམ་འཚོགས་པ་དང༌། བསམ་པ་ཕུན་སུམ་ཚོགས་པ་དང༌། ཕྱིར་མི་ལྡོག་ པ་དང༌། དབང་ཐོབ་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་ཞེས་{བྱ[པ]འོ། །དེ་ནས་བྱང་ཆུབ་ སེམས་དཔའི་(རྣལ་འབྱོར་པ་གྲུབ་པ་ཐོབ་པ་)དབང་བཅུར་འགྱུར་ཏེ། ཚེ་ལ་དབང་པ་དང༌། ལས་ལ་ དབང་པ་དང༌། མོས་པ་ལ་དབང་པ་དང༌། ཡོ་བྱད་ལ་དབང་པ་དང༌། སྨོན་ལམ་ལ་དབང་པ་ 1-1-220 དང༌། རྫུ་འཕྲུལ་ལ་དབང་པ་དང༌། ཆོས་ལ་དབང་པ་དང༌། སེམས་ལ་དབང་པ་དང༌། སྐྱེ་བ་ ལ་དབང་པ་དང༌། ཡེ་ཤེས་ལ་དབང་པ་ཞེས་བྱའོ། །དེ་བཞིན་དུ་ས་བཅུ་སྟེ། (ས་དང་པོ་)རབ་ཏུ་ དགའ་བ་དང༌། (གཉིས་པ་)དྲི་མ་མེད་པ་དང༌། (གསུམ་པ་)འོད་བྱེད་པ་དང༌། (བཞི་པ་)འོད་འཕྲོ་བ་ དང༌། (ལྔ་པ་)སྦྱང་དཀའ་བ་དང༌། (དྲུག་པ་)མངོན་དུ་གྱུར་པ་དང༌། (བདུན་པ་)རིང་དུ་སོང་པ་དང༌། (བརྒྱད་པ་)མི་གཡོ་བ་དང་། (དགུ་པ་)ལེགས་པའི་བློ་གྲོས་དང༌། (བཅུ་པ་)ཆོས་ཀྱི་སྤྲིན་ཞེས་བྱའོ། ། དེ་བཞིན་དུ་(ས་བཅུ་པར་)ཕ་རོལ་ཏུ་ཕྱིན་པ་བཅུ་(ཁྱད་མེད་<དང་>ཁྱད་པར་ཅན་དུ་)ཡོངས་སུ་རྫོགས་ པར་འགྱུར་ཏེ། སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་ གཏན་དང༌། ཤེས་རབ་དང༌། ཐབས་དང༌། སྟོབས་དང༌། སྨོན་ལམ་དང༌། ཡེ་ཤེས་ཀྱི་ཕརོལ་ ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ན་རྣལ་འབྱོར་(སྤྱོད་)པ་བྱང་ཆུབ་སེམས་དཔར་(སྟེ་གྲུབ་ཐོབ་ཏུ་) འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། (འབྲས་བུའི་དུས་སུ་)ཕ་ རོལ་ཕྱིན་བཅུ་(རྫོགས་པར་)ཐོབ་པ་སྟེ། །(ལམ་གྱི་དུས་སུ་)ཕ་རོལ་ཕྱིན་པ་བཅུ་ལ་བརྟེན། །ཕ་རོལ་ ཕྱིན་བཅུ་(ཁྱད་པར་ཅན་དུ་)དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ(དུ་བ་ལྟ་བུ་ལ་སོགས་པ་བཅུ)འི་ཚུལ། །(ཐིག་ ལེ་འགྱུར་མེད་དེ་)མགོན་པོ་ས་བཅུ་དབང་ཕྱུག་སྟེ། །ས་བཅུ་ལ་ནི་(དེས་)རབ་ཏུ་གནས། །ཤེས་(པའི་ གནས་)བཅུ་རྣམ་པར་དག་པའི་བདག ། ཤེས་བཅུ་རྣམ་(པར་)དག་(པའི་དབང་བཅུ་)འཆང་པ་པོ། ། ཞེས་གསུངས་སོ། །(རྒྱུ་མཚན་)དེས་ན་རྣལ་འབྱོར་པ(ལས་དང་པོ་པ་དང་སྤྱོད་པ)འི་སེམས་རྣམ་པར་ དག་པ་བྱང་ཆུབ་སེམས་དཔ(འི་རྣལ་འབྱོར་གྲུབ་པ་ཐོབ་པ)ར་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་ སོ། ། ༈ འོ་ན་(ཐབས་ཤེས་ཀྱི་)རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ། ཕུང་པོ་ལྔ་ནི་རྣམ་པར་སྣང་མཛད་ ལ་སོགས་པའི་སངས་རྒྱས་རྣམས་དང༌། ཁམས་[རྣམས་]ནི་སྤྱན་མ་ལ་སོགས་པའི་ལྷ་མོ་ རྣམས་དང༌། དབང་པོ་དྲུག་ནི་ས་ཡི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ 1-1-221 དང༌། ཡུལ་རྣམས་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་དང༌། གཏི་མུག་ལ་སོགས་ པ(འི་ཉོན་མོངས་པ་བཞི་པོ་)རྣམས་[ནི་]གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོའི་རྒྱལ་པོ་(བཞི་ སྟེ་ཉེར་ལྔ་)རྣམས་སུ་(འདུས་པ་ལ་སོགས་པར་)དེ་བཞིན་གཤེགས་པས་གསུངས་པས། དེའི་ཕྱིར་ སེམས་ཅན་ཐམས་ཅད་ཀྱི་ལུས་ནི་(དེ་བཞིན་གཤེགས་པ་)སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རུ་(ད་ལྟ་ཉིད་) འགྱུར་རོ། །ཞེས་(ལུས་ལྷར་རྟོགས་ཅན་)ཁ་ཅིག་སེམས་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པར་བྱ་སྟེ། འདིར་སེམས་ཅན་རྣམས་ཀྱི་ལུས་<ད་ལྟ་ཉིད་དུ་> སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རུ་(རྒྱུད་དང་གཞན་དུ་)དེ་བཞིན་གཤེགས་པས་གསུངས་སོ་ཞེས་ རྨོངས་པ་གང་ཞིག་སྨྲ་བ་དེ་ཡང་དེ་ལྟར་མི་འགྱུར་ཏེ། དོན་དམ་པར་ཡོངས་སུ་(བརྟགས་)དཔྱད་ ན་མི་འཐད་པའི་ཕྱིར་རོ། །(ཇི་ལྟར་མི་འཐད་ན་)གང་གི་ཚེ་སེམས་ཅན་གྱི་ལུས་སངས་རྒྱས་ཀྱི་ སྤྲུལ་པའི་སྐུ་ཡིན་ན། དེའི་ཚེ་ཁམས་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་ཡང་དག་ པར་རྫོགས་པའི་སངས་རྒྱས་སུ་སྔོན་དུ་འགྱུར་རོ། །(འདོད་པ་)དེ་ལྟར་ན་སངས་རྒྱས་པར་བྱ་ བའི་ཆེད་དུ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་(བྱེད་པ་)དོན་མེད་པར་འགྱུར་{བ་དང༌། [<ཞིང་>ཀཏེ། སྔོན་གདུ་སངས་རྒྱས་པའི་ཕྱིར་རོ། །]ཁསེམས་ཅན་ཐམས་ཅད་ལ་སྐྱེ་བ་དང་ འགག་པ་དང༌། འཁོར་བར་བདེ་བ་དང༌། སྡུག་བསྔལ་བ་དང༌། ལྟོགས་པ་དང༌། སྐོམ་པ་ ལ་སོགས་པའི་གནོད་པ་འབྱུང་པར་མི་འགྱུར་ཞིང༌། མངོན་པར་ཤེས་པ་དྲུག་(དང་སྟོབས་དང་མི་ འཇིགས་པ་)ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་མང་པོ་དང་ལྡན་པར་འགྱུར་{བའོ། །སྔོན་ དུ་(ཡང་དག་པར་རྫོགས་པར་)སངས་རྒྱས་པའི་ཕྱིར་རོ། །དེ་ལྟ་བུ་དེ་བཞིན་གཤེགས་པས་(མདོ་རྒྱུད་ དུ་)ལུང་(མ་)བསྟན་པ་དང་(མངོན་སུམ་གྱིས་)མཐོང་པ་མེད་པས་ཡིད་ལ་མི་བྱའོ། །དེས་ན་སེམས་ ཅན་[རྣམས་]ནི་(ཆོས་ཅན་)སངས་རྒྱས་སུ་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡོན་ཏན་མེད་པའི་ཕྱིར་ དང༌། འཁོར་བ་ལ་རྣམ་པར་གནས་པའི་ཕྱིར་ཞེས་བྱའོ། །མཚན་ཡང་དག་པར་བརྗོད་པ(འི་ 1-1-222 བཅུ་གསུམ་པ་)ལས། (ཁམས་གསུམ་)འཁོར་བའི་ཕ་རོལ་(གྱི་)མཐར་སོན་པ། །(སྤང་བྱ་སྤངས་ཐོབ་བྱ་ཐོབ་ པའི་)བྱ་བ་བྱས་པ་སྐམ་སར་གནས། །(མི་རྟོག་པའི་)ཡེ་ཤེས་འབའ་ཞིག་(ཏུ་)ངེས་(པར་)གསལ་བ། ། ཤེས་རབ་<ཆེན་པོའི་>མཚོན་ཆས་རྣམ་(རྟོག་)འཇོམས་པ། །{ཞེས་[དེས་]དེ་བཞིན་གཤེགས་ པས་གསུངས་པ་འདིའི་ཕྱིར། སེམས་ཅན་རྣམས་ཀྱི་ལུས་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུར་ འགྱུར་བ་མ་ཡིན་ནོ་{ཞེས་བྱའོ། །} ༈ འོ་ན་དེ་བཞིན་གཤེགས་པས་གསུངས་པ། (ཡང་དང་ཡང་དུ་)བསྒོམ་པ་གོམས་པའི་དབང་ གིས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་ པར་(སྣང་བར་)གྱུར་པ་སྟེ། དེ་ཉིད་སངས་རྒྱས་ཉིད་དོ་ཞེས་(གོམས་རྟོག་ཅན་)ཁ་ཅིག་སེམས་པར་ གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། [འདིར་]གང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པའི་ (བསྒོམ་པ་)གོམས་པའི་དབང་གིས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་དཀྱིལ་ འཁོར་གྱི་འཁོར་ལོའི་རྣམ་པར་གྱུར་(པར་བསྒོམ་)པ་དེ་ཉིད་{ཀྱིས་[ཀྱི་]སངས་རྒྱས་སུ་འགྱུར་ བར་དེ་བཞིན་གཤེགས་པས་གསུངས་པ་དེ་ལྟ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་མེད་པའི་ཕྱིར་རོ། །(ཚོགས་གཉིས་མེད་ཀྱང་སངས་རྒྱས་ཐོབ་པོ་ཞེ་ན་)འདིར་གང་ གི་ཚེ་རྣལ་འབྱོར་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་བྲལ་བའི་བསྒོམ་པ་གོམས་ པའི་དབང་གིས་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ ལོའི་རྣམ་པར་འགྱུར་ཞིང༌། རྣམ་པར་རྟོག་པའི་བསྒོམ་པ་གོམས་པའི་དབང་གིས་སངས་ རྒྱས་ཉིད་དུ་འགྱུར་ན། (སྐྱོན་ཅི་ཡོད་ན་)དེའི་ཚེ་བསོད་ནམས་(ཀྱི་ཚོགས་)མེད་པ(འི་མི་)གང་ཞིག་ གིས་བདག་{རྒྱལ་}པོ་ཡིན་ནོ་ཞེས་(རྣམ་རྟོག་གིས་)སེམས་གོམས་པས་(དེ་ཉིད་)རྒྱལ་པོར་འགྱུར་ ཏེ། དེ་ཡང་(རྒྱུ་)བསོད་ནམས་ཀྱི་ཚོགས་མེད་པར་(ཡིད་སྨོན་གྱིས་)དེ་ཉིད་རྒྱལ་པོར་འགྱུར་བ་ 1-1-223 མ་མཐོང་ངོ༌། །དེ་ལྟར་(སྔོན་སྦྱིན་སོགས་)བསོད་ནམས་ཀྱི་ཚོགས་(བསགས་པ་)མེད་པར་[རྣམ་ པར་]རྟོག་པ་བརྫུན་པ(སླུ་བ)འི་(རྒྱལ་པོའི་)གཟུགས་ཀྱི་བསྒོམ་པ་གོམས་པའི་དབང་གིས་(བྲན་ པོ་དབུལ་པོ་)རྒྱལ་པོར་མི་འགྱུར་བ་ཇི་ལྟ་བ་(དཔེ་)དེ་བཞིན་དུ། བསོད་ནམས་དངཡེ་ཤེས་ཀྱི་ ཚོགས་དང་བྲལ་བའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་དབང་གིས་<དུས་>བསྐལ་པ་ གྲངས་མེད་པས་ཀྱང༌། རྣལ་འབྱོར་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་མི་འགྱུར་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་(གཉིས་རྫོགས་པར་)མེད་པའི་ཕྱིར་ཞེས་བྱའོ། །མཚན་ཡང་ དག་པར་བརྗོད་པ་(བཅུ་དྲུག་<པ་>)ལས། (དྲང་དོན་སྦྱིན་སོགས་)བསོད་ནམས་ལྡན་པ་(ངེས་དོན་སེམས་ དག་པ་)བསོད་ནམས་ཚོགས། །(དྲང་དོན་འཁོར་གསུམ་ཡོངས་སུ་དག་པ་)ཡེ་ཤེས་ཡེ་ཤེས་འབྱུང་གནས་ ཆེ། །(ངེས་དོན་བདེ་བ་ཆེན་པོ་)ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་(ཀྱི་)ཚོགས་ནི་ བསགས་པ(སངས་རྒྱས)འོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། བསོད་ནམས་ དང་ཡེ་ཤེས་ཀྱི་ཚོགས་དང་བྲལ་བས་རྣམ་པར་<དཀྱིལ་འཁོར་གྱི་འཁོར་ལོའི་>རྟོག་པའི་གཟུགས་ ཀྱི་བསྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་ཞེས་བྱའོ། ། ༈ འོན་ཏེ་གང་གི་ཚེ་(ལྷ་ལ་སོགས་པའི་)གཟུགས་བསྒོམ་པ་རྣམ་པར་རྟོག་པ་ཡིན་ཞིང༌། རྣམ་ པར་རྟོག་(པའི་དྲི་མ་ཡིན་)པའི་ཕྱིར་རྣལ་འབྱོར་པ་སངས་རྒྱས་སུ་མི་འགྱུར་ན། དེའི་ཚེ་འདིར་ (གང་ཟག་གི་)ལུས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ(འི)ཚོགས་ཀྱི་རྣམ་པར་དག་པ་<རྒྱུན་ དུ་>དེ་བཞིན་གཤེགས་པས་(རྒྱུད་དུ་)ཅིའི་ཕྱིར་གསུངས་ཞེས་(རྣམ་པར་དག་རྟོག་པ་ཅན་)ཁ་ཅིག་ བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། (གསུངས་པ་ཙམ་)དེ་དག་ནི་བདེན་ཏེ། (སྟོན་པ་)དེ་བཞིན་ གཤེགས་པས་དམ་ཚིག་གི་(བརྡའི་)སྐད་ཀྱིས་རྫས་རྣམས་ལ་(དྲི་ཆེན་ལས་)རྣམ་པར་སྣང་མཛད་ ལ་སོགས་པར་(མིང་)སོ་སོར་གསུངས་ཀྱི། བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་བཞིན་དུ་ 1-1-224 (སྒྲ་ཇི་བཞིན་པའི་)བརྗོད་བྱ་དང་རྗོད་བྱེད་ཀྱི་(དངོས་པོ་ཙམ་དུ་ཡང་)འབྲེལ་པ་མེད་དོ། །(ཇི་ལྟར་གསུངས་ ན་དམ་ཚིག་གི་སྐད་)བུད་མེད་ཀྱི་དབང་པོ་ནི་པད་མ་དང༌། སྐྱེས་པའི་དབང་པོ་ནི་རྡོ་རྗེ་དང༌། དྲི་ ཆེན་ནི་རྣམ་སྣང་དང༌། དྲི་ཆུ་ནི་མི་བསྐྱོད་པ་དང༌། ཁྲག་ནི་རིན་(ཆེན་)འབྱུང་(ལྡན་)དང༌། ཁུ་ བ་ནི་སྣང་བ་མཐའ་ཡས་དང༌། ཤ་ནི་དོན་ཡོད་གྲུབ་པ་ཞེས་གསུངས་ཏེ། འོན་ཀྱང་དེ་བཞིན་ གཤེགས་པ་ལྔ་རྣམས་ཀྱི་མཚན་གྱིས་བདུད་རྩི་ལྔའི་མིང་(དམ་ཚིག་གི་བརྡ་སྐད་ཙམ་)དུ་གསུངས་ སོ། །དོན་དམ་པར་(རྣམ་སྣང་ལ་སོགས་པའི་)ལྷ་དེ་རྣམས་དང་ལྡན་པའི་(འཇིག་མེད་)ལྷའི་ལུས་སུ་སྨྲ་ བར་ནུས་པར་མི་འགྱུར་ཏེ། ལུས་{རུས་[རུལ་]པ་འདི་(སངས་རྒྱས་ཀྱི་)སྙིང་པོ་(ཡེ་ཤེས་)མེད་པའི་ ཕྱིར་རོ། །ཞེས་བྱའོ། །མཚན་ཡང་དག་པར་བརྗོད་པ་ལས། (རུལ་ལུས་དང་འགལ་བ་) གཅིག་པུ་ སྲ་མཁྲེགས་(འཇིགས་མེད་)རྡོ་རྗེའི་བདག ། (དུ་བ་ལ་སོགས་)སྐྱེ་མ་ཐག་{པར་[ཏུ་]འགྲོ་བའི་བདག། ནམ་<སྟོང་པ་ལ་རྣལ་འབྱོར་དུ་བྱས་པ་>མཁའ་ལས་བྱུང་རང་བྱུང་པ། །ཤེས་རབ་ཡེ་ཤེས་མེ་བོ་ ཆེ། །རྣམ་པར་སྣང་མཛད་གསལ་བ་ཆེ། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། ། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་འབྱུང་གཙུག ། ནམ་མཁའི་ བདག་པོ་(རི་མོ་ནག་པོ་སྐྲའི་ཚད་ཙམ་བརྟན་གཡོ་ཐམས་ཅད་གསལ་བར་བྱེད་པ་)སྣ་ཚོགས་སྟོན། །ཞེས་བཅོམ་ ལྡན་འདས་ཀྱིས་གསུངས་པའི་ཕྱིར་ཐ་མལ་པའི་ལུས་སངས་རྒྱས་ཀྱི་སྐུ་རུ་མི་འགྱུར་རོ་ཞེས་ བྱའོ། ། ༈ འོན་ཏེ་གང་གི་ཚེ་དེ་བཞིན་གཤེགས་པ་གཟུགས་ཅན་དུ་མི་འགྱུར་བ་དེའི་ཚེ་(ལུས་ལེན་ པའི་ཆེད་དུ་སྒྱུ་མ་ལྷ་མཛེས་ཀྱི་)ལྷུམས་སུ་འཇུག་(པ་དང་ལྟམས་)པ་དང༌། གཞོན་ནུ་རོལ་རྩེད་མཛད་པ་ དང༌། བཟོ(འི་བྱེ་བྲག་)ཐམས་ཅད་(ལོ་བཅུ་དྲུག་པར་)ཡང་དག་པར་བསྟན་པ་དང༌། (ལོ་བཅུ་དགུ་ལ་) ཁྱིམ་ནས་འབྱུང་(ནས་དཀའ་ཐུབ་ལོ་(དྲུག་<དགུ་>བྱས་)པ་དང༌། བྱང་ཆུབ་སྙིང་པོར་(དཀྱིལ་དཀྲུངས་ 1-1-225 གཅིག་གིས་)བཞུགས་པ་དང༌། བདུད་<བཞི་དག་>ཀྱི་སྟོབས་བཅོམ་པ་དང༌། (སུམ་ཅུ་རྩ་གསུམ་གྱི་ ལོ་)ལྷ་ལས་བབས་(པར་ལོ་གཅིག་བཞུགས་)པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། (ལུས་ལ་) སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། འོད་ཀྱི་ དཀྱིལ་འཁོར་འདོམ་གང་པ་དང༌། སྤྱོད་ལམ་བཞི་ལ་སོགས་པའི་བྱ་བ་དང༌། ནམ་མཁའ་ལ་ གཤེགས་པ་དང་བྱོན་པ་དང༌། དེས་སེམས་ཅན་གྱི་དོན་མཛད་པར་མི་འགྱུར་རོ། །དེ་བཞིན་ དུ་དེ་བཞིན་གཤེགས་པས་(སྡོམ་པ་ཕོག་ནས་)བསྐྱེད་པའི་ཉན་ཐོས་ཀྱི་དགེ་འདུན་ཡང་མེད་པ་ དང༌། (གཟུགས་ཅན་མིན་ན་)ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། (མེ་ནང་ནས་ཞལ་སྟོན་གསུང་ བྱོན་པ་ལ་སོགས་པ་)ཆོ་འཕྲུལ་ཆེན་པོའི་(སྒོ་ནས་)གདུང་(ཡང་དག་པར་)བསྟན་པ་ཡང་མེད་པ་དང༌། སྲིད་པ་གསུམ་ན་གནས་པ་རྣམས་ཀྱིས་མཆོད་པར་འོས་པའི་དབུ་སྐྲ་དང༌། སོ་དང༌། ཤ་དང༌། རུས་པ་ལ་སོགས་པའི་གདུང་སྤྲོས་པ་མེད་པ་དང༌། གཞན་ཡང་དེ་བཞིན་གཤེགས་པ་ཤིན་ ཏུ་(ངོ་མཚར་) རྨད་དུ་བྱུང་པའི་གཟུགས་དང་ལྡན་པའི་(སངས་རྒྱས་)བཅོམ་ལྡན་འདས་གཟུགས་ (དང་ལྡན་པ་)མེད་པར་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གཟུགས་ཀྱི་སྐུ་གྲུབ་པ་ བརྫུན་པར་མི་འགྱུར་རོ། །ཞེས། འདིར་(དངོས་འཛིན་ཅན་)ཁ་ཅིག་བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་གང་གི་ཚེ་བྱིས་པའི་སྐྱེ་བོ་(ཉན་རང་)རྣམས་ཀྱིས་ གང་སྨྲས་པ་བཅོམ་ལྡན་འདས་ཀྱིས་(དྲང་དོན་དུ་)གསུངས་པའི་གཟུགས་(ཅན་)ཀྱི་དངོས་པོའི་སྐུ་ གྲུབ་པ་བརྫུན་པར་མི་འགྱུར་རོ་ཞེས་པ་དེ་ཉིད་བདེན་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྐྱེ་བ་ དང་འཇིག་པའི་ཆོས་ཅན་གྱི་(དངོས་པོ་ཡིན་པའི་)ཕྱིར་རོ། །འདིར་གང་གི་ཚེ་དོན་དམ་པར་བཅོམ་ ལྡན་འདས་(ཡུམ་གྱི་)ལྷུམས་ནས་འབྱུང་པ་(ཡོད་པ་)དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ གཤེགས་པ་དང༌། བྱོན་པའི་བྱ་བ་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དང༌། གདུང་ ཡང་དག་པར་བསྟན་པ་ཡོད་པ་དེ་ལྟ་ན། དེ་བཞིན་གཤེགས་པ་བསྒྲུབ་པའི་ཐབས་འབྲས་བུ་ 1-1-226 མེད་པ(འི་བརྫུན་པ)ར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་སྐུ་{གྲུབ་[བསྒྲུབ་] པ་ཡོངས་སུ་མྱ་ངན་ལས་འདས་པ་(ཞི་བ་)ཆེན་པོར་གྱུར་ཏེ། ཞིག་ནས་སྐུ་གདུང་ཡང་དག་པར་ བསྟན་ཅིང༌། བསྐྱེད་པའི་ལུས་(མི་རྟག་པར་)ཉམས་པའི་ཕྱིར། དེ་བསྒྲུབས་པས་བསྒྲུབ་པ་{པོ་ [པོའི་]མི་ཟད་པའི་(རྡོ་རྗེའི་)ལུས་སུ་ཇི་ལྟར་འགྱུར། དེ་དག་ཕྱིན་ཅི་ལོག་སྟེ། རང་(རྡོ་རྗེའི་ལུས་ སུ་)མ་གྲུབ་པར་<བསྒྲུབ་པ་པོ་>གཞན་(རྡོ་རྗེའི་ལུས་སུ་)བསྒྲུབ་པར་བྱེད་(པར་)མི་ནུས་པའི་ཕྱིར་རོ། ། (རྒྱུ་མཚན་)དེས་ན་གདུང་བསྟན་པས་ཤིན་ཏུ་(ངོ་མཚར་)ཆེ་བའི་མཚན་ཉིད་ཡོད་དེ། འདིར་(གྲོངས་ ནས་)གདུང་ཡང་དག་པར་བསྟན་པ་ལས་ཕྱིས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང༌། དཔེ་བྱད་བཟང་པོ་བརྒྱད་ཅུ་དང༌། འོད་ཀྱི་{རང་བཞིན་[དཀྱིལ་འཁོར་]འདོམ་གང་ པ་རྣམས་ལས་གདུང་གི་ཕུང་པོར་མི་འགྱུར་ཏེ། སྔོན་གྱི་(རྡོ་རྗེའི་)སྐུ་མེད་པའི་ཕྱིར་རོ། །ཡང་ གདུང་གི་ཕུང་པོ་རྡོ་རྗེ་སེམས་དཔའི་སྐུ་རུ་མི་འགྱུར་ཏེ། (འོ་ན་)སྐུ་མེད་ན་རྡོ་རྗེ་སེམས་དཔའི་ སྐུ་ལས་གཞན་བསྒྲུབ་ཏུ་མེད་དེ། (རྟག་མི་རྟག་གཉིས་)ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟར་ དེ་ཁོ་ན་ཉིད་མེད་པ་ནི་(འགྱུར་མེད་)ཉམས་པར་འགྱུར་ཏེ། <འོ་ན་>སྐྱེ་བ་དང་འགག་པའི་ཆོས་ ཅན་གྱི་ཕྱིར་རོ། །སྐྱེ་བ་དང་འཇིག་པའི་ཆོས་ཅན་གྱི་རྡོ་རྗེ་སེམས་དཔའ་བསྒྲུབ་པའི་དོན་དུ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་(བཅུ་)དང༌། སྟོང་པ་ཉིད་(ཉི་ཤུ་)དང༌། དྲན་པ་ཉེ་བར་བཞག་པ་ (བཞི་)དང༌། ཡང་དག་པར་སྤོང་བ་(བཞི་)དང༌། རྫུ་འཕྲུལ་གྱི་རྐང་པ་(བཞི་)དང༌། དབང་པོ་(ལྔ་) དང༌། སྟོབས་(ལྔ་)དང༌། བྱང་ཆུབ་ཀྱི་ཡན་ལག་(བདུན་)དང༌། (འཕགས་)ལམ་(ཡན་ལག་བརྒྱད་) གྱི་བདེན་པ་དང༌། བསམ་གཏན་(བཞི་)དང༌། ཚད་མེད་པ་(བཞི་)དང༌། གཟུགས་མེད་པའི་ སྙོམས་པར་འཇུག་པ་(བཞི་)དང༌། རྣམ་པར་ཐར་པའི་སྒོ་(བཞི་)དང་། མངོན་པར་ཤེས་པ་(དྲུག་) དང༌། ཏིང་ངེ་འཛིན་(བརྒྱ་ཉི་ཤུ་)དང༌། གཟུངས་(ཀྱི་སྒོ་)དང༌། སྟོབས་(བཅུ་)དང༌། མི་འཇིགས་ པ་(བཞི་)དང༌། སོ་སོ་ཡང་དག་པར་རིག་པ་(བཞི་)དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་<བཅོ་ 1-1-227 བརྒྱད་>རྣམས་འབྲས་བུ་མེད་པར་(བརྫུན་དུ་)འགྱུར་བ་དང༌། (དཀོན་མཆོག་)གསུམ་ལ་སྐྱབས་སུ་ འགྲོ་བ་དང༌། སྡིག་པ་(མི་དགེ་བ་)བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་{ཡིད་[ཡི་]རིང་ པ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་(གཉིས་)དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ དང༌། བྱང་ཆུབ་ཀྱི་སྤྱོད་པ་དུ་མ་རྣམས་འབྲས་བུ་མེད་པར་(བརྫུན་དུ་)འགྱུར་བ་དང༌། ཐོས་པ་ དང་བསམ་པ་ལས་བྱུང་པའི་ཤེས་རབ་ཀྱི་ཁྱད་པར་ཀྱང་ཁྱད་པར་མེད་པར་འགྱུར་བ་དང༌། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་ཆོ་ག་ཡང་(ངན་པ་འཁོར་བ་)སྡུག་བསྔལ་གྱི་ཆོ་གར་འགྱུར་ བ་དང༌། དོན་དམ་པའི་བདེན་པ་(རྟོགས་པར་དཀའ་བས་)ཟབ་ཅིང་རྒྱ་ཆེ་བའི་ཆོས་རྟོགས་པ་ཡང་ རྟོགས་པ་མ་ཡིན་པར་འགྱུར་བ་དང༌། འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་ པའི་དངོས་གྲུབ་བསྒྲུབ་པའི་ཆེད་དུ། རྡོ་རྗེ་ཕུར་བུ་དང༌། རྡོ་རྗེ་ར་བ་དང༌། རྡོ་རྗེའི་གུར་དང༌། བསྲུང་པའི་འཁོར་ལོ་ལ་སོགས་པ་རྣམས་ཀྱིས་བསྐོར་བ་དང༌། ཕུང་པོ་དང༌། ཁམས་དང༌། སྐྱེ་ མཆེད་རྣམས་དང༌། སྐུ་{དང་}གསུང་{དང་}ཐུགས་བྱིན་གྱིས་བརླབ་པ་དང༌། སྒོ་སྐྱོང་དགོད་ པ་དང༌། ཡེ་ཤེས་[སེམས་]དཔའ་གཞུག་པ་དང༌། དབང་བསྐུར་བ་ལ་སོགས་པས་བསྐྱེད་པ་ དང༌། ར་བ་ལྔ་དང་འབར་བའི་ཕྲེང་པ་ལས་འཇིག་རྟེན་གྱི་ཁམས་སུ་དཀྱིལ་འཁོར་སྤྲུལ་ནས། དེས་འདུལ་བའི་སེམས་ཅན་རྣམས་ལ་སེམས་ཅན་གྱི་དོན་དུ་བསོད་ནམས་ཀྱི་ཚོགས་མཆོད་ པ་སྤྲོ་བའི་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་(མཛད་པ་)རྣམས་འབྲས་བུ་མེད་ པར་(བརྫུན་དུ་)འགྱུར་ཏེ། དེ་ལྟ་{ན་}ནི་མ་ཡིན་ནོ། །(རྒྱུ་མཚན་)དེའི་ཕྱིར་རྡོ་རྗེ་སེམས་དཔའི་ ཡོན་ཏན་སྟོབས་བཅུ་དང༌། མི་འཇིགས་པ་བཞི་ལ་སོགས་པ་(ཐོབ་པ་)སྐྱེ་བ་དང༌། འཇིག་པའི་ ཆོས་ཅན་དུ་མི་འགྱུར་རོ། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་གཟུགས་ཅན་ཡིན་ན། དེའི་ཚེ་ཕྱོགས་གཅིག་ན་གནས་པས་གང་གའི་ཀླུང་གི་བྱེ་མ་སྙེད་(ཀྱི་གྲངས་)དང་མཉམ་པའི་ འཇིག་རྟེན་གྱི་ཁམས་ཀྱི་རིའི་རྒྱལ་པོ་{རི་རབ་}དུ་མའི་རྡུལ་དང་མཉམ་པའི་སེམས་ཅན་གྱི་ 1-1-228 དོན་བྱེད་པར་མི་ནུས་པར་འགྱུར་ཏེ(དེ་ཅི་སྟེ་ན)། གཟུགས་ཅན་གྱི་སྐུ་ཡིན་པའི་ཕྱིར་རོ། ། ༈ གལ་ཏེ་<མ་ནུ་>བྱིས་པའི་བློ་ཅན་གྱི་ཚིག་གིས། གཟུགས་(ཅན་)གྱི་སྐུས་ཀྱང་འཇིག་ རྟེན་གྱི་ཁམས་གཅིག་ཏུ་གཤེགས་ནས་(གཅིག་པོ་)དེ་ན་གནས་པའི་སེམས་ཅན་{རྣམས་}ཀྱི་ དོན་བྱ་{བར་[བ་]}མཛད་དེ། དེ་ནས་འཇིག་རྟེན་གྱི་ཁམས་གཞན་དུ་གཤེགས་ཤིང༌། དེ་ནས་ ཡང་གཞན་རྣམས་སུ་གཤེགས་པར་{བྱེད་[མཛད་]དོ་ཞེ་ན། དེ་ཉིད་རིགས་པས་འཐད་པར་ མི་འགྱུར་ཏེ། ཅིའི་ཕྱིར་(མི་འཐད་)ཞེ་ན། <ཅི་སྟེ་ན་>འཇིག་རྟེན་གྱི་ཁམས་གཅིག་གི་ཕྱོགས་ ཀྱི་དབྱེ་བ་ཡང་ཚད་ལས་འདས་པའི་ཕྱིར། <ཅི་སྟེ་ན་>འཇིག་རྟེན་གྱི་ཁམས་རྣམས་ཕྱོགས་ བཅུའི་དབྱེ་བས་དཔག་ཏུ་མེད་པའི་གནས་སུ་གཟུགས་ཀྱི་སྐུས་གཤེགས་ཤིང༌། གཤེགས་ ནས་སེམས་ཅན་གྱི་དོན་དུ་མཛད་པར་མི་འགྱུར་རོ། །གལ་ཏེ་བསམ་གཏན་དང༌། སྔགས་ ཀྱི་སྟོབས་ཀྱིས་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་ན་གནས་པའི་ སེམས་ཅན་རྣམས་བཀུག་ནས་མདུན་དུ་བཞག་སྟེ། དེ་རྣམས་ལ་ཆོས་སྟོན་པར་བྱེད་པ་དང༌། ལམ་ལ་གནས་པར་བྱས་ནས་རང་རང་གི་འཇིག་རྟེན་གྱི་ཁམས་སུ་གཤེགས་སུ་གསོལ་ལོ་ ཞེ་ན། དེ་ཉིད་ཤིན་ཏུ་ཡང་ཕྱིན་ཅི་ལོག་སྟེ། (ཅི་སྟེ་ན་)འཇིག་རྟེན་གྱི་ཁམས་དུ་མ་ན་གནས་ པའི་གྲངས་མེད་པའི་སེམས་ཅན་ཀུན་གྱི་གཟུགས་རྡུལ་ཕྲ་རབ་དང་མཉམ་པ་མདུན་གྱི་ནམ་ མཁའ་ལ་བཞག་པར་(མི་ཤོང་བས་)བྱ་བར་ནུས་པ་མ་ཡིན་ནོ། །འོན་ཏེ་བྱིས་པའི་བློ་ཅན་རྣམས་ ཀྱི་ཚིག་གིས། གཟུགས་ཀྱི་སྐུ་དུ་མ(ར་སྤྲུལ་ན)ས་སྟོང་གསུམ་གྱི་སྟོང་ཆེན་{པོ་[པོའི་]འཇིག་ རྟེན་གྱི་ཁམས་ཀུན་གྱི་ཞིང་རེ་རེ་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་གྱི་བྱ་བ་(དུས་གཅིག་ ཏུ་)བྱེད་དོ་ཞེས་པའི་ཚིག་དེ་དག་དོན་དམ་པའི་རིགས་པས་དཔྱད་ན་དོན་མེད་དེ། དཔེར་ན་ (འགའ་ཞིག་)དབང་ཕྱུག་གི་(གནང་བས་)མངའ་གྲུབ་པའི་ཚིགས་[རིགས་]པའི་ཚད་མ་སྤངས་ པ་(དང་འདྲ་)སྟེ། འདིར་མི་སླུ་བ(འི་དྲང་སྲོང་གི)ས་བྱས་པའི་ལུང་ལས། དབང་ཕྱུག་ནི་ཆ་མེད་པ་ 1-1-229 ཐམས་ཅད་ཀྱི་བྱེད་[པ་]པོ་སྟེ། དེ་ཡང་རྒྱུའི་བྱེད་པ་ལ་མི་ལྟོས་པ་དང༌། འདོད་པས་(དགའ་བའི་) རྩེ་འཇོའི་དོན་དུ་སྣ་ཚོགས་པ་{མང་པོ་}(མང་པོར་)སྤྲོ་བ་དང་(གཅིག་ཏུ་)སྡུད་པར་བྱེད་པ་ཞེས་ སོ། །དེ་བཞིན་དུ་དེ་དང་ཆོས་མཐུན་པའི་བཅོམ་ལྡན་འདས་གཟུགས་ཀྱི་སྐུས། སེམས་ཅན་ ཐམས་ཅད་ཀྱི་དོན་བྱེད་པ་ནི་(གནང་པས་)མངའ་གྲུབ་པ་(དབང་ཕྱུག་)བཞིན་ཏེ། ཤེས་རབ་དམན་ པའི་སངས་རྒྱས་པ་(འགའ་ཞིག་)དང༌། མུ་སྟེགས་(ངན་)པ་རྣམས་ལ་ཁྱད་པར་མེད་པར་མཁས་ པས་ཤེས་པར་བྱའོ། ། ༈ དེའི་ཕྱིར་ཚིག་འདི་ཡོངས་སུ་(བརྟགས་ན་)འཐད་པ་སྤངས་པས་(ལུང་རིགས་ཀྱིས་མི་གནོད་ པའི་)བཅོམ་ལྡན་འདས་ཀྱི་བཀའ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་ནི་ཐོག་མར་དགེ་ བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་གསུངས་པ་དང༌། དེ་བཞིན་དུ་བཅོམ་ལྡན་འདས་ ཀྱིས་(མདོ་འམ་རྩ་རྒྱུད་ལས་)གསུངས་པ། དགེ་སློང་དག་གམ་(དགེ་ཚུལ་དང་དགེ་བསྙེན་)མཁས་<པ་> རྣམས་ཀྱིས། །(དཔེར་ན་)བསྲེག་བཅད་བདར་བ(གསུམ་གྱིས་བརྟགས་པ)འི་གསེར་བཞིན་དུ། ། (ལུང་རིགས་ཀྱིས་)ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་པར་བྱ་ཡིས་གུས་(པ་ཙམ་གྱི་)ཕྱིར་ (བླང་པ་)མིན། །ཞེས་པའི་གསུངས་དེས། མཚན་ཡང་དག་པར་བརྗོད་པ་ལས་ཡོངས་སུ་དཔྱད་ ན། སངས་རྒྱས་བཅོམ་ལྡན་འདས་ནི་(རྡུལ་ཕྲ་རབ་འདུས་པའི་) གཟུགས་ཀྱི་སྐུར་མི་འགྱུར་(ནས་ གཟུགས་སྐུ་མེད་)ཏེ། གང་གི་ཕྱིར་ཞེ་ན། <ངོ་བོ་ཉིད་ཀྱི་སྐུའི་ཚིག་བཀང་ནི་>ནམ་མཁའ(འི་རྣལ་འབྱོར་)ལས་ བྱུང་པའི་ཕྱིར་དང༌། (བྱས་པ་མིན་པར་དུ་བ་ལྟ་བུ་ལ་སོགས་པ་)རང་བྱུང་པའི་ཕྱིར་དང༌། རྣམ་པ་ཀུན་ ལྡན་(ཡང་)རྣམ་པ་མེད་པའི་ཕྱིར་དང༌། (བཅུ་དྲུག་ཕྱེད་ཕྱེད་སྐུ་བཞིའི་)ཐིག་ལེ་བཞི་འཛིན་པའི་ཕྱིར་ དང༌། (དཀར་ནག་གི་)ཆ་མེད་ཆ་(བཅུ་དྲུག་)ལས་འདས་པའི་ཕྱིར་དང༌། བསམ་(པ་སྟེ་སེམས་)གཏན་ བཞིའི་རྩེ་མོ་(གཙུག་ཏོར་དུ་)འཛིན་པའི་ཕྱིར་དང༌། ཆགས་བྲལ་ལ་སོགས་(དག་པའི་)ཆགས་པ་ཆེ་ བའི་ཕྱིར་དང༌། (གང་ཟག་དང་ཆོས་ཀྱི་)བདག་མེད་པའི་ཕྱིར་དང༌། བདག་གི་(རང་འཛིན་པའི་)ང་རྒྱལ་ 1-1-230 མེད་པའི་ཕྱིར་དང༌། ཁམས་ཐམས་ཅད་མི་(འབྱུང་པ་ཆེན་པོ་རྒྱུ་གཅིག་པ)ཟད་པའི་ཕྱིར་དང༌། གསང་ སྔགས་དོན་ཀུན་བསྐྱེད་(པ་པོ་བྱང་ཆུབ་སེམས་མ་ཟགས་)པའི་ཕྱིར་དང༌། (དེ་ལས་)ཐིག་ལེ་ཆེན་པོ་(ཡི་ གེ་མེད་)མི་འགྱུར་བའི་ཕྱིར་དང༌། (ཆོས་སུམ་ཅུ་དག་པ་)སྟོང་པ་ཆེན་པོ་ཡེ་གེ་ལྔའི་ཕྱིར་དང༌། (ཆོས་ སུམ་ཅུ་རྩ་དྲུག་པ་)ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་ཕྱིར་དང༌། མཁའ་ལྟར་(རང་དོན་དང་བྲལ་བ་)མཉམ་ པ་ཉིད་ལ་གནས་པའི་ཕྱིར་རོ། །ཞེས་པས་སོ། །དེ་ལྟར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ ཞེས་པ་ནས་ཡེ་ཤེས་སྐུ་ལ་ཕྱག་འཚལ་འདུད་ཞེས་བྱ་བའི་བར་གྱིས་(སྟོན་པ་)སངས་རྒྱས་ བཅོམ་ལྡན་འདས་ཀྱིས་(སྡུད་པ་པོ་)ཕྱག་ན་རྡོ་རྗེ་ལ་(ཆོས་)བདེན་པ་གཉིས་ཀྱིས་རྡོ་རྗེ་འཛིན་ པའི་(ཡེ་ཤེས་ཀྱི་)སྐུ་གསལ་བར་བསྟན་ཞེས་པའོ། །བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ ལེའུ་ལྔ་པ་(༩༨)ལས་གསུངས་པ། (ཁྱབ་འཇུག་ལ་སོགས་དང་ཉན་རང་གི་)སངས་རྒྱས་རྣམས་ཀྱིས་ཀྱང་ ནི་(ཡིན་ནམ་མ་ཡིན་)མཁྱེན་(པ་)དཀའི་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་{རྣམས་}ཀྱི་ སྤྲུལ་པའི་སྐུ། །སྒྱུ་མའི་བདག་ཉིད་(སྣ་ཚོགས་སུ་)སྟོན་པར་མཛད་པ་(འདོད་པ་ལ་སོགས་པ་)སྲིད་པ་ གསུམ་གྱི་གནས་སུ་(དཔེ་)དབང་པོའི་གཞུ་(གཞའ་ཚོན་)དང་མཚུངས་པ་ཡི། །ལྷ་དང་མི་སོགས་ (འགྲོ་བ་རིགས་དྲུག་)རང་རང་སྣ་ཚོགས་བསམ་པ་རྣམས་ཀྱིས་ཕྱེ་ནས་རྒྱལ་བ་སེམས་ལ་འཇུག་ པ་ནི། །སྐྱེ་བ་མེད་པའི་ཆོས་འདི་(དཔེ་)ཆུ་ནང་(དུ་)ནམ་མཁའ་(སྣང་བ་)བཞིན་དུ་(གཟུགས་བརྙན་གྱི་ རྣམ་པར་)འཕྲུལ་པ་འདིར་ནི་སྐྱེད་པར་བྱེད་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་(རྒྱུད་དུ་)བཀའ་ སྩལ་པ་དེའི་ཕྱིར་བཅོམ་ལྡན་འདས་(རྡུལ་ཕྲན་འདུས་པའི་)གཟུགས་ཀྱི་སྐུར་མི་འགྱུར་ཏེ། སངས་ རྒྱས་ཐམས་ཅད་འདུས་པ(སྐུ་ཡིན་པ)འི་ཕྱིར་རོ། །གང་གི་ཚེ་སངས་རྒྱས་རྣམས་གཟུགས་(ཅན་) ཀྱི་སྐུ་རུ་འགྱུར་ན། དེའི་ཚེ་རྡུལ་ཕྲ་རབ་ཀྱི་གཟུགས་(གཅིག་)ཀྱང་འདུ་བར་མི་འགྱུར་རོ། །དེ་ ལྟར་(རྒྱུད་དུ་)གསུངས་པའི་རིམ་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་(སེམས་ཅན་རྣམས་ ཀྱིས་)ཐོས་ནས། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་(རྫོགས་རིམ་)ཟབ་ཅིང་རྒྱ་ 1-1-231 ཆེ་བའི་ཆོས་(ལམ་ལ་འཇུག་པའི་)སེམས་ཅན་རྣམས་ཀྱིས་ཡོངས་སུ་བརྟགས་ནས་མི་འཛིན་པ་ དང༌། སངས་རྒྱས་ཉིད་ཀྱི་(འབྲས་བུ་ཐོབ་པའི་)ཆེད་དུ་བླ་མ་ཡང་(དམ་པ་དང་དམ་པ་མ་ཡིན་པ་)ཡོངས་སུ་ བརྟགས་ནས། བརྟེན་པར་མི་བྱེད་པར། (ངེས་དོན་ལ་)རྨོངས་པ་ཆེན་པོ་འདོད་པ་(ལ་ཞེན་པ་)ཅན་ [འདི་]ཉིད་ཀྱིས་བདག་གི་(ཐ་མལ་པའི་)ལུས་རུལ་པ་རྣམས་སངས་རྒྱས་ཀྱི་སྐུར་འགྱུར་སྙམ་དུ་ བསམ་པར་འདོད་དེ། (དམ་པ་མིན་པའི་)མི་དགེ་བའི་བཤེས་གཉེན་དང་འདྲེས་པའི་ཕྱིར་དང༌། བླ་མ་དམ་པ་མ་ཡིན་པའི་(དྲང་དོན་གྱི་)མན་ངག་གི་ཕྱིར་རོ། ། ༈ འདིར་སྔགས་ཀྱི་ཐེག་པ་ཁ་ཅིག་ལས། དཔའ་བོ་ཡི་རིམ་པའམ། བདག་བྱིན་གྱིས་ བརླབ་པའི་རིམ་པ་ལས། (དུས་)མཚན་མོ་(གནས་)དུར་ཁྲོད་ཆེན་པོའི་སར་ཞུགས་ནས་(དུས་)ལོ་ གཅིག་གི་བར་དུ་འམ། ལོ་གཉིས་ཀྱི་བར་[དུ]འམ། མ་ཤིའི་མཐར་ཐུག་པའི་བར་དུ། (བསྒྲུབ་ པ་)སྔགས་ཀྱི་བཟླས་པ་དང༌། སྦྱིན་སྲེག་(བྱ་བ་)དང༌། བསམ་གཏན་(བསྐྱེད་རིམ་)གྱི་སྟོབས་ཀྱིས་ (འབྲས་བུ་)བཅོམ་ལྡན་འདས་ཧེ་རུ་ཀ་མངོན་དུ་བྱེད་པར་མི་ནུས་སོ། །དེ་བཞིན་དུ་(གནས་)རི་བོ་ དང༌། སྐྱེད་མོས་ཚལ་དང༌། ཆུ་ཀླུང་དང༌། རྒྱ་མཚོར་འབབ་པའི་འགྲམ་ལ་སོགས་པ་དབེན་ པ་རྣམས་སུ། རང་(དགོས་པ་)དང༌། གཞན་གྱི་དོན་དུ་ཀུན་ཏུ་བཟང་པོ་ལ་སོགས་{པ་[པའི་]ལྷ་ རྣམས་(གྱི་ཇོ་)མངོན་དུ་བྱེད་པར་མི་ནུས་(ཟེར་)སོ། །གཞན་ཡང་(རྟེན་གྱི་གང་ཟག་)བརྩོན་འགྲུས་ དམན་པ་རྣམས་ཀྱིས། (ཕྲིན་)ལས་(ཀྱི་ཚོགས་)བསྒྲུབ་པའི་ཕྱིར། (གནས་གྲོང་)ཡུལ་གྱི་རང་ཁྱིམ་ དུ་(ཆོ་ག་)སྔགས་བཟླས་པ་དང༌། སྦྱིན་སྲེག་(བྱ་བ་)དང༌། གཏོར་མ་(གཏོང་བ་)དང༌། <རྟོག་པའི་> བསམ་གཏན་དང༌། (བསྐྱེད་རིམ་)དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་བསྒོམ་པ་རྣམས་ ཀྱིས༡། (ཅི་སྟེ་ན་བསྒྲུབ་)༣གནས་ཀྱི་བྱེ་བྲག་མ་ཤེས་པ་དང༌། (བསྒྲུབ་པ་)དུས་ཀྱི་བྱེ་བྲག་མ་ཤེས་ པ་དང༌། <རང་>སེམས་མ་བརྟན་པའི་དབང་གིས(སོ)། ༢སྔགས་དང་ལྷ་[རྣམས་]མི་འགྲུབ་ (པས་སེམས་བསྐྱེད་པར་འགྱུར་རོ་གྱི་ཟེར་)པོ། ། 1-1-232 ༈ དེ་བཞིན་དུ། ཤིན་ཏུ་རྣམ་པར་{མ་}དག་པའི་རིམ་པས་ཕྱག་རྒྱ་ཆེན་པོ་(ངེས་དོན་) བསྒོམ་པའི་ལམ་ཉམས་པ། བླ་མ་དམ་པའི་གདམ་ངག་(ངེས་དོན་)སྤངས་པ་དང༌། ཆད་(པའི་སྟོང་) པར་ལྟ་བ་ཆེན་པོར་གྱུར་པའི་གདུག་པ་ཅན་གྱི་བླ་མ་རྣམས་ཀྱིས་(སློབ་མ་)བྱིས་པའི་བློ་ཅན་ ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་(ཉམས་སུ་ལེན་པར་འདོད་<པས་>ཀྱང་)ཡོངས་སུ་{དཔྱོད་པ་[སྤྱོད་པའི་] མི་ཤེས་པ་རྣམས་ལ་(གང་སྟོན་ན་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་{པར་[པ་](གསུངས་པའི་དོན་)འཆད་ པར་འགྱུར་བ་འདི་ལྟ་སྟེ། (སྟོན་པ་)བཅོམ་ལྡན་འདས་དེ་བཞིན་གཤེགས་པས། (གཞུང་)ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། ཆོས་ཐམས་ཅད་(ཡུལ་དང་ཡུལ་ཅན་གྱི་)<ངོ་བོ་>རྟོག་ པ་མེད་པ་དང༌། ཆོས་ཐམས་ཅད་(རྒྱུ་<ངོ་བོ་>སྟོང་པ་ཉིད་དང༌། ཆོས་ཐམས་ཅད་(ངོ་བོ་<རྒྱུ་> མཚན་མ་མེད་པ་དང༌། ཆོས་ཐམས་ཅད་(འབྲས་བུ་)སྨོན་པ་མེད་པ་དང༌། ཆོས་ཐམས་ཅད་ (བྱེད་པ་)མངོན་པར་འདུ་བྱེད་པ་མེད་པ་དང༌། ཆོས་ཐམས་ཅད་(ཐོག་མ་)སྐྱེ་བ་མེད་པ་དང༌། ཆོས་ ཐམས་ཅད་(ཐ་མ་འགག་པར་)མི་འགྱུར་བ་དང༌། ཆོས་ཐམས་ཅད་(ཡང་དག་པར་)རྒྱུས་སྟོང་པ་དང༌། ཆོས་ཐམས་ཅད་(ཡང་དག་པར་)བསམ་དུ་མེད་པ་{སྟེ[དང་]། དེའི་ཕྱིར་ཐམས་ཅད་མཁྱེན་པའི་ འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ ཐམས་ཅད་ལ་ལྟོས་པ་མེད་{པ་[པར་]བྱ་སྟེ། གཟུགས་ལ་གནས་པར་མི་བྱ་བ་དང༌། དེ་ བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལ་གནས་པར་མི་ བྱ་བ་དང༌། ས(སྲ་བ)འི་ཁམས་དང༌། ཆུ(གཤེར་བ)འི་ཁམས་དང༌། མེ(ཚ་བ)འི་ཁམས་དང༌། རླུང་ (གཡོ་བ་དག་)གི་ཁམས་དང༌། ནམ་མཁའི་(མི་སྒྲིབ་ཅིང་གོ་འབྱེད་པའི་)ཁམས་ལ་གནས་པར་མི་བྱ་བ་ དང༌། མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་ ལ་གནས་པར་མི་བྱ་བ་དང༌། རྣ་བའི་ཁམས་དང༌། སྒྲའི་ཁམས་དང༌། རྣ་བའི་རྣམ་པར་ཤེས་ པའི་ཁམས་(ལ་གནས་པར་མི་བྱ་བ་)དང༌། སྣའི་ཁམས་དང༌། དྲིའི་ཁམས་དང༌། སྣའི་རྣམ་པར་ 1-1-233 ཤེས་པའི་ཁམས་(ལ་གནས་པར་མི་བྱ་བ་)དང༌། ལྕེའི་ཁམས་དང༌། རོའི་ཁམས་དང༌། ལྕེའི་རྣམ་ པར་ཤེས་པའི་ཁམས་(ལ་གནས་པར་མི་བྱ་བ་)དང༌། ལུས་ཀྱི་ཁམས་དང༌། རེག་བྱའི་ཁམས་དང༌། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང༌། ཡིད་ཀྱི་ཁམས་དང༌། ཆོས་ཀྱི་ཁམས་དང༌། ཡིད་ཀྱི་ རྣམ་པར་ཤེས་པའི་ཁམས་ལ་གནས་པར་མི་བྱའོ་ཞེས་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལས་(སེམས་ཀྱིས་)བསམ་དུ་མེད་(པ་ལམ་དུ་བྱས་)པས། (འབྲས་བུ་)དེ་བཞིན་གཤེགས་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པར་(སྟོན་པ་)བཅོམ་ལྡན་འདས་ ཀྱིས་གསུངས་པའི་ཕྱིར་(ཉམས་སུ་ལེན་པས་)སེམས་{ཀྱིས་}[ཀྱི་]བསམ་དུ་མེད་པ(འི་ཡིད་ཞི་མལ་ ལེ་<བ>)འོ། །ཅིའི་ཕྱིར་ཞེ་ན། ཆགས་པ་དང་ཆགས་པ་དང་བྲལ་བའི་རང་བཞིན་{གྱིས་[གྱི་] ཕྱིར་རོ། །འདིར་སེམས་ཅན་རྣམས་ལ་(དུས་)གང་གི་ཚེ་བསམ་པ་འཇུག་པ་དེའི་ཚེ་མཆོག་ ཏུ་འདོད་པའི་དངོས་པོ་(སྟེ་ཐོབ་བྱ་)ལ་ཆགས་པར་འགྱུར་བ་དང༌། མི་འདོད་པའི་དངོས་པོ་<སྟེ་ སྤང་བྱ་>ལ་ཆགས་པ་དང་བྲལ་{བར་མི་[བའི་]འགྱུར་རོ། །དེ་གཉིས་ཀྱིས་འཁོར་བའོ། །(དུས་) གང་གི་ཚེ་ཡང་བསམ་དུ་མེད་པ་(ཡིད་མལ་ལེ་བ་)ལ་འཇུག་པ་དེའི་ཚེ། (ཇི་ལྟར་གནས་ན་)འདོད་ པའི་དངོས་པོ་ལ་ཆགས་པ་དང༌། [མི་འདོད་པའི་དངོས་པོ་ལ་ཆགས་པ་དང་]བྲལ་བ་མེད་པ་ སྟེ། དེ(འི་དགོས་པ་དེ་)བཞིན་དུ་ཆགས་པ་དང༌། ཆགས་པ་དང་བྲལ་བ་དེ་དག་མེད་པས་འཁོར་ བ་མེད་དོ། །འཁོར་བ་མེད་པས་(འབྲས་བུ་ཡང་དག་པར་རྫོགས་པའི་)སངས་རྒྱས་ཉིད་དུ་འགྱུར་རོ། ། (རྒྱུ་མཚན་)དེའི་ཕྱིར་སངས་རྒྱས་ཉིད་དུ་བསྒྲུབ་པར་བྱེད་པ་ནི་(བསམ་པའི་)མཚན་མ<འི་སྤྲོས་པ་> མེད་པ་(བློ་མ་འཕྲོས་པ་ཙམ་)སྟེ། (དེ་ཉིད་)དེ་བཞིན་གཤེགས་པའི་ཡེ་ཤེས་སོ། །གཞན་རྣམ་པར་ རྟོག་པའི་ཏིང་ངེ་འཛིན་གྱིས་མ་ཡིན་ནོ། ། ༈ དེ་ལྟར་(ལམ་ཏིང་ངེ་འཛིན་གྱི་ཚུལ་)རབ་ཏུ་མ་རྟོགས་པའི་ཆད་པར་ལྟ་བ་ཆེན་པོར་ལྷུང་པ་ (ཙེན་མུན་དང་དོན་མུན་དང་ཧོན་མུན་སོགས་)ཁ་ཅིག་བསམ་དུ་མེད་པའི་ཡེ་ཤེས་འདོད་ནས་སྨྲ་བར་བྱེད་ 1-1-234 ན། ༈ དེ(དགག་པ)འི་ཕྱིར་<ལན་>བརྗོད་པ། འདིར་གང་གི་ཚེ་(གང་ཡང་)བསམ་དུ་མེད་པའི་ ཡེ་ཤེས་(སུ་རློམ་པའི་མུན་བསྒོམ་)ཀྱིས་སངས་རྒྱས་ཉིད་སྟེར་བར་འགྱུར་ན། དེའི་ཚེ་སེམས་ཅན་ ཐམས་ཅད་[ཀྱི་]ཅིའི་ཕྱིར་སངས་རྒྱས་སུ་མི་འགྱུར་(ཏེ་འགྱུར་)ཞིང༌། {གཉིད་[རྙིད་]མཐུག་པོ་ ལོག་པ་ན་ཡང་(གཟུགས་ལ་མི་གནས་པ་ལ་སོགས་པ་འབྱུང་བས་)བསམ་དུ་མེད་པའི་ཡེ་ཤེས་སུ་འགྱུར་ ཏེ། འདོད་པའི་དངོས་པོ་ལ་(ཐོབ་བྱར་)ཆགས་པ་དང༌། མི་འདོད་པའི་དངོས་པོ་ལ་(སྤང་བྱར་) ཆགས་པ་དང་བྲལ་[བ་མེད་པ]བས་སོ། །དེའི་ཕྱིར་གཉིད་མཐུག་པོ་ལོག་པའི་གནས་སྐབས་ ན་ཆགས་པ་དང༌། ཆགས་པ་དང་བྲལ་{བ་}མེད་པའི་ཕྱིར། བསམ་དུ་མེད་པའི་ཡེ་ཤེས་(སུ་ རློམ་པའི་གཏི་བསྒོམ་)དེས། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཅིའི་ ཕྱིར་མི་འགྱུར། (རྒྱུ་མཚན་)དེས་ན་བསམ་དུ་མེད་(པའི་ཧར་སྟོམ་)པས་དེ་བཞིན་གཤེགས་པའི་ཡེ་ ཤེས་སུ་མི་འགྱུར་རོ། །གང་གི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ གྱི་ལེའུར། ཏིང་ངེ་འཛིན་(བརྒྱ་ཉི་ཤུ་ལ་སོགས་པ་)རྣམས་(སྟོན་པ་)བཅོམ་ལྡན་འདས་ཀྱིས་གསུངས་ པ། རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་པ་ལ། འདིར་(དུས་)གང་གི་ཚེ་རིན་ཆེན་ སྒྲོན་མའི་ཏིང་ངེ་འཛིན་ལ་བསམ་(དུ་མེད་ཟེར་ར་)པ་འམ། རབ་ཏུ་གསལ་བ་མེད་ན། (དུས་)དེའི་ ཚེ་རིན་ཆེན་སྒྲོན་མའི་ཏིང་ངེ་འཛིན་གྱི་མིང་དུ་ཇི་ལྟར་འགྱུར། དེ་ལྟར་ཏིང་ངེ་འཛིན་གཞན་ རྣམས་ཀྱང་བསམ་དུ་མེད་(པའི་ཏོན་མུན་དང་ཧོན་ཏོམ་)པར་མི་འགྱུར་ཏེ། (རང་སེམས་)སོ་སོ་རང་ རིག་པའི་མཚན་ཉིད་ལ་(དྲན་མེད་)བེམ་པོའི་སྟོང་པ་ཉིད་(བསྒོམ་པ་ཉིད་)མེད་པའི་ཕྱིར་རོ། །གལ་ ཏེ་བྱིས་པ་རྣམས་ཀྱི་<རྒོལ་བ་>ཚིག་གིས་འདིར་གང་གི་ཚེ་དེ་བཞིན་གཤེགས་པའི་ཡེ་ཤེས་ སོ་སོ་རང་རིག་པ་ཡིན་ན། དེའི་ཚེ་ཆོས་ཐམས་ཅད་རང་བཞིན་མེད་པར་(སྟོན་པ་)དེ་བཞིན་ གཤེགས་པས་གསུངས་པ་ཇི་ལྟར་ལགས་ཞེ་ན། དེའི་ཕྱིར་(ལན་)བརྗོད་པ། འདིར་དེ་བཞིན་ 1-1-235 གཤེགས་པའི་ཡེ་ཤེས་(ཅིར་ཡང་མི་རྟོག་པས་)ཆོས་ཐམས་ཅད་རང་བཞིན་མེད་(པ་ཅི་ཡང་མ་ཡིན་)པར་ རྟོགས་[པ་]ཞེས་བྱ་བ་ཡིན་གྱི། ཆོས་ཐམས་ཅད་དངོས་པོ་མེད་པའི་མཚན་ཉིད་(དྲན་རིག་མེད་ པའི་){གཉིད་[རྙིད་]མཐུག་པོ་ལོག་པའི་སེམས་(ལྟ་བུ་རྒྱུ་བ་བཀག་ཙམ་)ནི་མ་ཡིན་{ནོ[ཏེ]། དེ་ ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པ། (མི་རྟོག་ཡེ་ཤེས་སུ་)ཡོད་པའི་སེམས་གང་ ཡིན་པ་དེ་ཉིད་(རྣམ་རྟོག་གི་དྲི་མ་)མེད་པའི་སེམས་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་ ཞེས་བྱའོ། །གང་གི་ཚེ་རང་རིག་པ་དེ་བཞིན་གཤེགས་པའི་ཡེ་ཤེས་སུ་མི་འགྱུར་ན། དེའི་ཚེ་ སེམས་ཅན་གྱི་(གང་ལ་གང་མོས་ཀྱི་)བསམ་པའི་དབང་གིས་དེ་བཞིན་གཤེགས་{པ་[པའི་]ཆོས་ སྟོན་པར་མི་འགྱུར་ཏེ། ཆོས་ཐམས་ཅད་རབ་ཏུ་རྟོགས་པའི་རང་རིག་པ་(སྟེ་མ་རྟོགས་མ་རིག་གིས་) མེད་པའི་ཕྱིར་རོ། ། ༈ གལ་ཏེ་གང་གི་ཚེ་དབང་པོ་(གཟུགས་ཅན་)ལ་བརྟེན་པའི་རང་རིག་པར་འགྱུར་རོ། །ཞེ་ ན། དེའི་ཚེ་(དབང་པོ་ལ་བརྟེན་པ་){དེ་}ཉིད་(རྟོག་པའི་)ཆ་མེད་པ་དང༌། (དུས་)ཀུན་ཏུ་འགྲོ་བ་དང༌། (ཡུལ་)ཐམས་ཅད་དུ་ཁྱབ་པར་མི་འགྱུར་ཏེ། (དབང་པོ་ཐོགས་བཅས་ཀྱི་)སྒྲིབ་པ་དང་བཅས་པའི་ ཕྱིར་རོ། །(རྒྱུ་མཚན་)དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་རིག་པ་དང༌། (གཟུགས་ནས་ རྣམ་མཁྱེན་གྱི་བར་གྱི་)ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང༌། རྣམ་པར་མི་རྟོག་(ལྷུན་གྱིས་གྲུབ་) པ་དང༌། དབང་པོ་(ལ་རྟེན་པ་)ལས་འདས་པ་ཞེས་བྱ་སྟེ། མཚན་ཡང་དག་པར་བརྗོད་པ<འི་སོ་ སོར་ཀུན་རྟོག་ཡེ་ཤེས་བསྟོད་པའི་ཉི་ཤུ་པའི་དང་པོ་གསུམ་>ལས་གསུངས་པ་འདི་ལྟ་སྟེ། མྱ་ངན་འདས་(པ་) ཞི་མྱ་ངན་(སྡུག་བསྔལ་ལས)འདས། །ལེགས་པར་མྱ་ངན་འདས་(པ་གཉིས་ཀྱི་)མཐར་སོན། །(འཁོར་ བའི་)བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་ དཔེ་མེད་པ། །(འཇིག་རྟེན་པ་ལ་)མོ་མངོན་མི་སྣང་གསལ་བྱེད་མིན། །(བྱང་སེམས་)མི་འགྱུར་ཀུན་ འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །(འཛག་པའི་)རྡུལ་མེད་རྡུལ་བྲལ་(འཛག་པའི་) 1-1-236 དྲི་མ་མེད། །(འཛག་པའི་)ཉེས་པ་སྤངས་པ་(འཛག་པའི་)སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་ བདག ། (ཤེས་བྱ་)ཀུན་ཤེས་<ཤེས་བྱ་>ཀུན་རིག་དམ་པ་པོ། །ཞེས་བྱའོ། །དེ་བཞིན་དུ་གསུངས་ པ(བཅུ་དྲུག)། བདག་(རང་)རིག་གཞན་(ཀུན་)རིག་ཐམས་ཅད་རིག ། (སེམས་ཅན་)ཀུན་ལ་ཕན་ པའི་གང་ཟག་མཆོག ། (འཇིག་རྟེན་ན་)དཔེར་བྱ་ཀུན་ལས་ཤིན་ཏུ་འདས། །ཤེས་(པ་རྣམ་ཤེས་)དང་ ཤེས་བྱའི་(ཡེ་ཤེས་) བདག་པོ་མཆོག ། ཞེས་བྱ་བའོ། །རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ(འི་གོ་དགུ་པ་) ལས་གསུངས་པ་འདི་ལྟ་སྟེ། (སྤྲུལ་སྐུ་)ཡུལ་དང་ཡུལ་ཅན་(འབྲེལ་པ་)རྣམས་ཀྱིས་རྟོགས་པར་ དཀའ་བའི་ཀུན་གྱི་རྣམ་པ་དང་ལྡན་རྒྱལ་བའི་སྐུ་རྡོ་རྗེ། །(ལོངས་སྐུ་)སེམས་ཅན་ཀུན་གྱི་རང་ རང་བསམ་པ་དང་སྦྱར(རང་རང་དང་འཐུན་པའི་)སྐད་རྣམས་{ཀྱི་[ཀྱིས་]ནི་ཆོས་རྣམས་གོ་བྱེད་ གསུང་རྡོ་རྗེ། །(ཆོས་སྐུ་)སེམས་ཅན་(རང་རང་)རྣམས་ཀྱི་(ལས་བསགས་པའི་)སེམས་ཀྱི་རང་བཞིན་ ས་ལ་རྡོ་རྗེ་ཅན་གནས་སྣ་ཚོགས་(སུ་)སྣང་བ་ཐུགས་རྡོ་རྗེ། །(ངོ་བོ་ཉིད་སྐུ་)འཛིན་པ་པོ་རྣམས་ རང་གི་སེམས་ཉིད་(ཤེལ་)དྲི་(མ་)མེད་(པའི་)ནོར་བུ་དང་མཚུངས་(པ་)དེ་ཉིད་ཡེ་ཤེས་རྡོ་རྗེ་འོ། ། ཞེས་བྱ[བ]འོ། །དེས་ན་དབང་པོ་(ལ་རྟེན་པ་)ལས་འདས་པ་རང་ཡང་དག་པར་རིག་པ་ནི་དེ་ བཞིན་གཤེགས་པའི་ཡེ་ཤེས་ཞེས་བྱའོ།། ༼༩༣ རྒྱས༽ །། ༈ ད་ནི་འཆིང་བའི་རྒྱུ་བརྗོད་པར་བྱ་སྟེ། སྲིད་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ (གང་བཅིངས་ན་)འགྲོ་བ་དྲུག་གི་(སེམས་ཅན་ཐམས་ཅད་གང་དུ་བཅིངས་ན་)འཁོར་བར་འཚོ་བ་<གང་གིས་ བཅིངས་ན་>ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་(སྲོག་)ཀྱིས་བཅིངས་པས་འཁོར་བའོ། །གང་ གིས་(བཅིངས་)ཞེ་ན། སྲིད་གསུམ་འཇིགས་པ་ཞེས་བྱ་བ་ནི། ཕུང་པོ་(དྲུག་)དང༌། ཁམས་དྲུག་ དང༌། དབང་པོ་(དྲུག་)རྣམས་དང༌། ཡུལ་དྲུག་དང༌། ལས་ཀྱི་དབང་པོ་ལྔ་རྣམས་ལས་སྐྱེས་ པ་དང༌། དེ་ཙམ་(སྟེ་ལས་ཀྱི་དབང་པོའི་ཡུལ་ལྔ་)དང་ལས་ཀྱིས་སྐྱོན་རྣམས་ནི་(གང་ན་)དགེ་བ་དང༌། མི་དགེ་བ་རྣམས་དང༌། ཡོན་ཏན་ཡིད་དང་བློ་དང་(ཀུན་གཞི་ལས་)ངར་འཛིན་(པ་ཉོན་མོངས་པ་ཅན་ 1-1-237 གྱི་ཡིད་)དང་བཅས་[པ་]ལ་སོགས་པ་ཞེས་པས་སོ། །སོགས་པའི་སྒྲས་སྲོག་(རླུང་)གི་ནུས་པ་ (ཁུགས་སུ་མ་ཆུད་པའི་)རྩའི་རང་བཞིན་(མི་ཤིགས་པའི་ཐིག་ལེ་)ཞེས་བྱའོ། །འདི་རྣམས་ཀྱིས་བཅིངས་ རོ་ཡི་གནས་སུ་སྲོག་ཉིད་(རླུང་ལ་ཞོན་ནས་)འཁྱམ་པའོ། །སླར་ཡང་ཕྲ་མོའི་རང་བཞིན་གྱིས་ནི་ (གང་ན་)ཡང་(འཁོར་བའི་རྒྱུ་མ་རིག་པའི་རྩ་བ་)འཛག་པའི་དགའ་བ་ཞེས་བྱ་སྟེ་འཆིང་པའོ། །རགས་ ༡པ་དང་༼ཀ༽ཕྲ་༢བའི་ངོ་བོ་ནི(གང་ན)། ༣སད་པ་དང༌། རྨི་ལམ་དང༌། {གཉིད་[རྙིད་]ལོག་པ་ དང༌། ༼ཁ༽སྙོམས་པར་འཇུག་པའི་མཚན་ཉིད་རྣམས་སོ། །བསམ་པ་དོར་(ཏེ་ཤེས་པ་དང་སྲོག་བྲལ་) ནས་མི་འགྱུར་མཆོག་གི་གནས་སུ་(རྣལ་འབྱོར་པ་)གང་ཞིག་རབ་ཏུ་གཤེགས་ན་སླར་ཡང་(འཁོར་ བར་)སྐྱེ་བར་འགྱུར་བ་མིན་ཞེས་བྱ་སྟེ། འཁོར་བའི་དབང་གིས་(འཛག་བདེ་)མ་རིག་པ(འི་རྩ་བར་) ངེས་པའོ། ༼༩༤༽ ། ༈ དེ་ལྟར་སད་པ་(རྨི་ལམ་གཉིད་དུ་བྱ་)ལ་སོགས་པའི་སེམས་{ཀྱི་}མཚན་ཉིད་འཁོར་བ་པ་ རྣམས་ལ་རྣམ་པ་བཞི་{གནས་ཏེ[སྟེ]། (འདོད་པ་ལ་སོགས་པ་)སྲིད་པ་རྣམ་གསུམ་འགྱུར་བའི་ སྲོག་ཆགས་རྣམས་ཀྱི་ཐིག་ལེ(ཤུ་ཀྲ)འི་དབུས་ནི་(གང་ན་)བྱང་ཆུབ་ཀྱི་སེམས་རྟེན་དབུས་ནས་ སོ། །ཁྱབ་བྱེད་ནི་(གང་ན་)བྱང་ཆུབ་ཀྱི་སེམས་དེ་ཉིད་དོ། །བདེ་མཉམ་འབྲས་སྟེར་ནི་མི་འགྱུར་ བའི་བདེ་བའི་འབྲས་བུ་སྟེར་བ(འི་བྱང་ཆུབ་<ཀྱི་>སེམས)འོ། །ཐར་པའི་རྒྱུ་རུ་(གང་གིས་ན་)རྣལ་ འབྱོར་དབང་པོ་རྣམས་ཀྱིས་(ཕྱིར་མི་གཏང་པར་)བསྲུང་པར་བྱ་བ་ནི་(བསྲུང་པའི་ཕན་ཡོན་)རྣལ་འབྱོར་ པ་རྣམས་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེད་པར་བྱེད་པའི་[ས་བོན་]ཐིག་ལེ་བཏང་པ་ ནི་རྟེན་<པད་མར་>ལྷུང་པའོ། །ཐར་པར་ག་ལ་འགྱུར་ནི་(རྟེན་བྱང་ཆུབ་ཀྱི་སེམས་མེད་ན་དེ་ལ་)བརྟེན་ པའི་བྱང་ཆུབ་ཀྱི་སེམས་ཀྱིས་སོ། །(རྒྱུ་མཚན་)དེའི་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་འདི་ བརྟུལ་ཞུགས་ཅན་རྣམས་ཀྱིས་ནི་རྒྱུན་དུ་སྤང་པར་བྱ་ཞེས་བྱ་བ་ནི། (ལས་དང་ཡེ་ཤེས་ལ་རྟེན་པ་བུམ་ དབང་)འགྱུར་ཞིང་(གསང་དབང་)འགྱུར་བ་དང་(ཤེས་རབ་ཡེ་ཤེས་དབང་)འཛག་པ་སྤང་{པར་བྱ་ཞེས་ 1-1-238 [པ་]བྱ་སྟེ། བཅོམ་ལྡན་འདས་ཀྱི(ས་རྒྱུད་དུ་གསུངས་པའི་)ངེས་པའོ(བྱ་རྣམས་ཆུ་ནི་ཚོལ་བྱེད་ལ། །ཁུག་རྟ་ ས་ནང་ཆུ་མི་འཐུང༌། །འཁོར་བའི་བདེ་བ་མི་རྟག་པ། །དེ་ཚོལ་འདོད་པ་རྨོངས་ཆེན་པོ། །རྒྱལ་པོ་ཆེན་པོའི་བདེ་བ་ཐོག ། ཐར་ པའི་ཕྱིར་དུ་མཁས་པས་སྤངས༌། །ཞེས་སོ)། །སྟེང་དུ་རྣལ་འབྱོར་པས་བཟློག་པར་བྱས་ན། རྒྱུ་མཐུན་ པ་ལ་སོགས་པ་ནས་དྲི་མ་མེད་པའི་བར་དུ་ཇི་ལྟར་བྱོན་པ་དེ་བཞིན་དུ་(དཔྲལ་བར་)གཤེགས་ པར་འགྱུར་ཏེ། (དེས་)མི་འགྱུར་བའི་བདེ་བ་སྐྱེ་བ་ངེས་པའོ། །དེས་ན་དབང་པོ་(ལ་བརྟེན་པའི་རང་ རིག་པ་)ལས་འདས་པ་རང་ཡང་དག་པར་རིག་པ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཞེས་བྱའོ (མཆོག་ཏུ་མི་འགྱུར་བའི་བཞི་པ་ཉིད། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །ཡང་འདིར་བཞི་པ་སླར་ཡང་དེ་བཞིན་ནི། ། རང་གི་ཕྱག་རྒྱ་ཆེན་པོར་རྒྱལ་བས་གསུངས། །ཞེས་སོ)། ༼༩༥མདོར༽ ། ༈ <རྒོལ་བ་>འོན་ཏེ་གང་གི་ཚེ་རང་རིག་{པ་[པའི་]དེ་བཞིན་གཤེགས་པའི་ཡེ་ཤེས་ ཡིན་ན། དེའི་ཚེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་པ་ནི་མི་སྲིད་དེ། (དེའི་རྒྱུ་མཚན་ནི་)དེ་ བཞིན་དུ་(གང་གིས་ན་) བཅོམ་ལྡན་འདས་ཀྱིས་(གང་དུ་ན་)རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ཡང་ གསུངས་པ། ཕུང་པོ་(དང་ཁམས་)ལ་སོགས་པ་མེད་པར་ཤེས་རབ་ཡེ་ཤེས་ཉེ་བར་དམིགས་ པར་མི་འགྱུར་ཏེ། (དེས་<ན་>ཕོ་མོའི་)དབང་པོ་གཉིས་ཀྱི་སྦྱོར་བ་ལས་བྱང་ཆུབ་ཀྱི་སེམས་ འབྱུང་པའི་དུས་སུ་<སྐབས་>དགའ་བྲལ་དང༌། ལྷན་ཅིག་སྐྱེས་པ་གཉིས་ཀྱི་དབུས་སུ་ཐིག་ལེ་ གསུམ་གྱི་མཐར་(སྟེ་དགའ་བ་གསུམ་པའི་)སྐད་ཅིག་མ་གཅིག་ཙམ་(གྱི་བདེ་བ་དེ་ཉིད་)ཀུན་ཏུ་བཟང་ {པོ་[པོའི་]བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་(ལ་)རང་རིག་པའོ་ཞེས་གསུངས་པས། {འདིར་ ཇི་[འདི་]ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤངས་པའི་མྱ་ངན་ལས་འདས་པ་དབང་པོ་ ལས་འདས་པ་དེ་<ལ་>ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་ཇི་ལྟར་འགྱུར། (དཔེར་ ན་)ནམ་མཁའི་མེ་ཏོག་ལ་(ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་པའི་)མོ་{ཤམ་[གཤམ་]གྱི་བུས་དྲི་ སྣོམ་པ་(མི་སྲིད་པ་)བཞིན་དུ་རྣམ་པར་དཔྱད་ན་(རྟེན་མེད་ན་བརྟེན་པ་མི་འགྲུབ་པས་)དོན་མེད་དོ་ཞེས་ 1-1-239 འདིར་(རྟེན་རྟོག་ཅན་)ཁ་ཅིག་བསམ་པར་གྱུར་ན། ༈ དེའི་ཕྱིར་(ལན་)བརྗོད་པ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པ་ནི་མ་ཡིན་ ཏེ། (ཅིའི་ཕྱིར་ན་དབང་གི་གནས་སྐབས་ཀྱི་)བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛག་པའི་བདེ་བ་ཀུན་ཏུ་ བཟང་པོའི་བདེ་བ་ཆེན་པོ་ཤེས་རབ་ཡེ་ཤེས་(ཆེན་པོ་)མ་ཡིན་{ནོ[ཏེ]། དེ་ཅིའི་ཕྱིར་(མ་ཡིན་)ཞེ་ ན། (རྒྱུད་ལས་)བཞི་པ་དེ་ཡང་དེ་བཞིན་ཞེས་པའི་ཚིག་(གིས་བཀག་པ་)དང་<གསུམ་པའི་བདེ་བ་བཞི་པར་ འདོད་པ་>འགལ་བའི་ཕྱིར་རོ། །འདིར་གལ་ཏེ་གསུམ་པའི་<དུས་ཀྱི་>འཛག་པའི་བདེ་བ་ཤེས་ རབ་ཡེ་ཤེས། ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་བཞི་པར་འགྱུར་ན། (དེ་ལྟར་གྱུར་པ་)དེའི་ཚེ་ (བཞི་པ་ཞེས་བརྗོད་ནས་གསུམ་པར་)མི་རིགས་པའི་མི་རིགས་པ་སྨྲས་པས། དེ་ལྟར་{རིགས་པར་}མི་ འགྱུར་ཏེ། ཅིའི་ཕྱིར་(མི་འགྱུར་)ཞེ་ན། སླར་ཟློས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་(དེ་ དཔེར་ན་)ལག་པ་ཞེས་བརྗོད་ནས་ཡང་ལག་པ་དང༌། དེ་བཞིན་དུ་ཞོ་ཡང་ངོ༌། །ཞེས་པ་(ཟློས་ པའི་ཚིག་)འདི་ནི་བྱིས་པ(འི་ཚིག་)དང་(འབྲེལ་མེད་)བསྙོན་པའི་ཚིག་ཡིན་གྱི། མཁས་པ་རྣམས་ཀྱི་ ནི་མ་ཡིན་ནོ། །དེའི་ཕྱིར་བཞི་པ་ཞེས་(གསལ་བར་)གསུངས་པའི་ཕྱིར་གསུམ་པར་མི་འགྱུར་ཏེ། (བཞི་པ་)དེ་ཡང་དེ་བཞིན་ཞེས་གསུངས་པའི་ཕྱིར་ནི་ཤེས་རབ་ཡེ་ཤེས་དེ་ཉིད་དོ། །དེ་ཡང་དེ་ བཞིན་ཞེས་པའི་(དོན་)བཅོམ་ལྡན་འདས་ཀྱི་གསུང་<གང་གིས་>རབ་ཏུ་མ་རྟོགས་པ་ཉམས་ པ་རྣམས་ཀྱིས་སྨྲ་བར་འགྱུར་ཏེ། (ཇི་ལྟར་སྨྲ་ན་)བཞི་པ་དེ་ཡང་དེ་བཞིན་ཞེས་པའི་སྒྲས་བཅོམ་ ལྡན་འདས་ཀྱིས་<བཞི་པ་>གསུམ་པར་གསུངས་པས་བཞི་པའི་མིང་དུ་(བཞི་པ་)མི་འགྱུར་ཞེས་ (གང་གིས་སྨྲ་ན་)འདིར་ཆོས་མ་ཡིན་པ་ལ་ཞུགས་པའི་བྱིས་པའི་བློ་ཅན་རྣམས། དབང་པོ་གཉིས་ ལས་སྐྱེས་པའི་འཛག་པའི་བདེ་བའི་ལོངས་སྤྱོད་ལ་མངོན་པར་ཞེན་པ་དང༌། (བྱང་ཆུབ་ཀྱི་སེམས་) མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་པ་རྣམས་ཀྱིས་སོ། །(རྒྱུ་མཚན་)དེའི་ཕྱིར་བྱང་ ཆུབ་ཀྱི་སེམས་འཛག་པའི་བདེ་བ་ཀུན་ཏུ་བཟང་པོའི་བདེ་བ་ཆེན་པོའི་ཡེ་ཤེས་བཞི་པར་ 1-1-240 མི་འགྱུར་རོ། །(གང་གིས་ན་)བཅོམ་ལྡན་འདས་ཀྱིས་(གང་དུ་ན་)མཚན་ཡང་དག་པར་བརྗོད་པ་ ལས་གསུངས་པ་འདི་ལྟ་སྟེ། རྣམ་པ་(སྣ་ཚོགས་པ་)ཀུན་(དང་)ལྡན་(ཡང་རང་བཞིན་མེད་པས་ན་)རྣམ་ པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་(བཞི་)འཆང༌། །(བཅུ་དྲུག་པའི་)ཆ་མེད་(བཅོ་ལྔ་པའི་)ཆ་ལས་ འདས་པ་སྟེ། །བསམ་གཏན་བཞི{འི་[པོའི་]རྩེ་མོ་<ས་དང་པོ>འཆང༌། །ཞེས་བྱ་བའོ། །དེས་ ན་གསུམ་པ་ནི་བཞི་པར་མི་འགྱུར་རོ། །འདིར་གང་གི་ཚེ་(གསུམ་པ་)ཤེས་རབ་ཡེ་ཤེས་ཀྱི་ཐིག་ ལེ་འཕོ་བ་ལ་བཞི་པ་ཞེས་བརྗོད་ན། དེའི་ཚེ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བའི་[སངས་ རྒྱས་]བཅོམ་ལྡན་འདས་སུ་མི་འགྱུར་ཞིང༌། གང་གི་ཚེ་བཞི་པ་དགའ་བྲལ་ཡིན་ན། དེའི་ཚེ་ བཅོམ་ལྡན་འདས་དགའ་བ་དང༌། མཆོག་[དགའ་]དང༌། དགའ་བྲལ་གྱི་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྡན་པའི་བསམ་གཏན་བཞི་པོའི་རྩེ་མོ་འཆང་དུ་མི་འགྱུར་ རོ། །དེས་ན་(བཞི་པ་)དབང་པོ་(གཉིས་ཀྱི་བདེ་བ་)ལས་འདས་པ་རང་(ཡང་དག་པར་)རིག་པ་ནི་དེ་ བཞིན་གཤེགས་པའི་ཡེ་ཤེས་སོ། །(རྒྱུ་མཚན་)དེའི་ཕྱིར་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་(མི་ འཛག་པར་)ཤིན་ཏུ་བརྟན་པོར་བསྲུང་པར་བྱ་ཞིང་(པད་མར་)གཏང་པར་མི་བྱའོ། །(རྣལ་འབྱོར་པའི་) ལུས་ལ་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྤངས་པའི་ཕྱི་རོལ་ན་གནས་པའི་ཐིག་ལེ་ གཞན་དྲི་ཆུ་ལ་སོགས་པ(འི་བདུད་རྩི་ལྔ་ལ་སོགས་པ་)གང་གིས་ཀྱང་སངས་རྒྱས་ཉིད་ཀྱི་འབྲས་བུ་ སྟེར་བར་མི་འགྱུར་རོ། ། ༈ (རྒོལ་)<མ་ནུ་>འོན་ཏེ་གང་གི་ཚེ་(དབང་)གསུམ་པའི་ཤེས་རབ་ཡེ་ཤེས་བཅོམ་ལྡན་ འདས་ཀྱི་ཐིག་ལེ་འཆང་པ་མ་ཡིན་ན། དེའི་ཚེ་(རྒྱུད་ལས་)བཞི་པ་(སླར་)ཡང་དེ་བཞིན་ནོ་ཞེས་ གསུངས་པའི་(དོན་)ཤེས་རབ་ཀྱི་ཡེ་ཤེས་ཇི་ལྟ་བུ་གཅིག་ཏུ་འགྱུར་ཞེས་(ལོག་རྟོག་ཅན་)ཁ་ཅིག་ བསམ་པར་གྱུར་ན། ༈ དེའི་ཕྱིར་(ལན་)བརྗོད་པར་བྱ་སྟེ། རྡོ་རྗེའི་ཐེག་པ་འདིར་འཇིག་རྟེན་དང་འཇིག་རྟེན་ 1-1-241 ལས་འདས་པའི་བདེན་པ་ལ་བརྟེན་ནས། <སྟོན་པ་>བཅོམ་ལྡན་འདས་ཀྱིས་ཤེས་རབ་རྣམ་ པ་གསུམ་དུ་གསུངས་ཏེ། (གང་དང་གང་ན་)ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱ་དང༌། ཕྱག་ རྒྱ་ཆེན་མོ་(གསུམ་པོ་ལ་ཕྱག་རྒྱ་)ཞེས་གཅིག་ཏུ་མངོན་པར་བརྗོད་པ་དེ་རྣམས་ལས། (གང་དང་གང་ ན་)ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་ནི་འགྱུར་བའི་མཚན་ཉིད་(འཇིག་རྟེན་ པའི་བདེན་པ་ཉིད་)དོ། །ཕྱག་རྒྱ་ཆེན་མོའི་བདེ་བ་ནི་(ཡན་ལག་དྲུག་གི་)རྣལ་འབྱོར་[པ་]རྣམས་{ཀྱི་ [ཀྱིས་]མི་འགྱུར་བའི་མཚན་ཉིད་དུ་འགྱུར་(བ་འཇིག་རྟེན་ལས་འདས་པའི་བདེན་པའོ་)རོ། །འདིར་གང་ གི་ཚེ་ཤེས་རབ་ཀྱི་ཡེ་ཤེས་ནི་ཤེས་རབ་ཀྱི་ཡེ་ཤེས་ཏེ། འཛག་པའི་མཚན་ཉིད་(གང་ལས་)ཤེས་ རབ་ཀྱི་རྒྱུ་ལས་བྱུང་པའི་འབྲས་བུས་(གང་དུ་)ཐབས་ཀྱི་ཤེས་རབ་ཡེ་ཤེས་སུ་འགྱུར་བས་(དེའི་ ཕྱིར་)ཕྱག་རྒྱ་ཆེན་མོར་གྲུབ་པོ་ཞེ་ན། (དེ་ལྟར་གྲུབ་པ་)དེའི་ཚེ་ཐབས་ཀྱི་རྒྱུ་ལས་བྱུང་པའི་འབྲས་ བུ་ནི་(གང་དུ་)ཤེས་རབ་ཀྱི་ཐབས་ཀྱི་ཡེ་ཤེས་སུ་འགྱུར་བས(ཕྱག་རྒྱ་ཆེན་པོར་གྲུབ་སྟེ)། དེ་ལྟར་ (ཐབས་ཤེས་རབ་)ཕན་ཚུན་ལྟོས་པའི་ཕྱིར་ཡེ་ཤེས་གཉིས་སུ་འགྱུར་ཏེ། དེ་ལྟར་(ཐབས་ཤེས་རབ་) གཉིས་ཀའི་སོ་སོའི་ཡེ་ཤེས་སུ་འགྱུར་བའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་མེད་དོ། །(ལམ་) གཉིས་སུ་མེད་པའི་ཡེ་ཤེས་མེད་པའི་ཕྱིར་(འབྲས་བུ་)སངས་རྒྱས་ཉིད་ཀྱང་མེད་པར་འགྱུར་ ཏེ། (ཅིའི་ཕྱིར་ན་ལམ་གྱི་དུས་སུ་)རྣམ་པར་དག་པའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་དང་བྲལ་བའི་ ཕྱིར་རོ། །གལ་ཏེ་(དུས་)གང་[གང་]གི་ཚེ། ཤེས་རབ་(ལས་བྱུང་པའི་)ཡེ་ཤེས་ནི་ཤེས་རབ་[ཀྱི་] ཡེ་ཤེས་ཏེ། ཐབས་ཀྱི(ས་བྱུང་བའི་)ཡེ་ཤེས་ནི་ཐབས་ཀྱི་ཡེ་ཤེས་སོ་ཞེ་ན། དེའི་ཚེ་འདིའི་སྐྱོན་ ཡང་སྔ་མ་དང་མཚུངས་སོ། །དེ་ཡང་(གང་གིས་ན་)བཅོམ་ལྡན་འདས་ཀྱིས་(གང་དུ་ན་)མཚན་ཡང་ དག་པར་བརྗོད་པར། (གང་ན་)མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་རྣམ་པར་དག་པ་གསུངས་ པ་(ཇི་ལྟར་ན་)འདི་ལྟ་སྟེ། རྡོ་རྗེ་དཀྱིལ་དཀྲུངས་རྫོགས་སངས་རྒྱས། །སངས་རྒྱས་བརྗོད་ པའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པད་མ་སྐྱེས། །(ཆོས་<ཅན་>དང་ཆོས་ཉིད་)ཀུན་ 1-1-242 མཁྱེན་(པའི་)ཡེ་ཤེས་(རང་དོན་དུ་)མཛོད་འཛིན་པ། །(གཞན་དོན་དུ་)རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་ (པའི་སྤྲུལ་སྐུ་)འཆང༌། །ཆེ་བ་(གསང་སྔགས་)སངས་རྒྱས་(ལོངས་སྤྱོད་སྐུ་)རིགས་སྔགས་རྒྱལ<སྟེ་གསུང་ སྣ་ཚོགས་པ>། །རྡོ་རྗེ་{ནོར་བུ་[རྣོན་པོ་](སྟེ་ཆོས་སྐུས་སྤང་བྱ་མ་ལུས་གཅོད་པས་ན་)རལ་གྲི་ཆེ། །(བདེ་ཆེན་ སྐུ་)ཡི་གེ་མཆོག་(ཏུ་མི་འགྱུར་བ་)སྟེ་རྣམ་པར་དག ། ཞེས་སོ། །རྒྱུད་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ ལེའུ(འི་བརྒྱ་གོ་བརྒྱད་པ་)ལས་ཀྱང༌། ཕྱག་རྒྱ་ཆེན་པོའི་མཚན་ཉིད་གསུངས་པ་འདི་ལྟ་སྟེ། ལས་ ཀྱི་ཕྱག་རྒྱ་དྲི་མ་དང་བཅས་སེམས་གཡེང་བྱེད་དེ་ཡེ་ཤེས་ཕྱག་རྒྱ་རྣམ་པར་རྟོག་(པར་བཏགས་ པ་)ཡིན་པས། །ཡང་དག་སྤངས་ཏེ་རྫོགས་པའི་བྱང་ཆུབ་{གྱུར་[རྒྱུར་]ནི་རྒྱལ་མཆོག་སྐྱེད་ བྱེད་ཕྱག་རྒྱ་བཟང་མོ་(སྟོང་པ་ཉིད་)བསྒོམ་པ་ནི། །(དྲི་མས་)གོས་པ་མེད་ཅིང་(རང་བཞིན་མེད་པས་) མི་འགྱུར་མུན་(པ་)འཇོམས་(པའི་སེམས་ཅན་)ཀུན་ལ་ཁྱབ་པ་(དེས་)མཁའ་མཚུངས་རྣལ་འབྱོར་ པ་ཡིས་བགྲོད་བྱ་བ། །(སེམས་ཅན་ཐམས་ཅད་ཀྱི་)ལུས་ལ་གནས་པའི་ཡེ་ཤེས་གཟི་བརྗིད་སྲིད་ པའི་དྲི་མ་འཇོམས་པ་(ལམ་དེའི་མིང་)དུས་ཀྱི་འཁོར་ལོ<དེ>ས་རྗེས་(སུ་)ཁྱབ་པས། །ཕྱག་རྒྱ་ (ཡོད་མེད་ལས་འདས་པས་)སྒྱུ་མའི་རྗེས་སུ་མཐུན་པ་(གང་ན་)ནམ་མཁར་(རྟགས་མཐོང་པ་རང་གི་)སེམས་ ཉིད་(དེ་)མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་(མཐོང་)སྟེ། །(འཁོར་བའི་བག་ཆགས་<དང་བྲལ་བས་>) དྲི་<མ་>མེད་<པ་>གློག་དང་མཚུངས་པའི་(ཐིག་ལེ་)འོད་ཟེར་དུ་མ་འཕྲོ་བར་བྱེད་པས་ (ཐིག་ལེའི་དབུས་དང་རྩ་དབུས་མར་)འཇིག་རྟེན་གསུམ་རྣམས་སྣང་གྱུར་པ། །(སྣོད་)ཕྱི་དང་<བཅུད་> ནང་(ལུས་)རྣམས་ལ་ནི་(ཇི་ལྟར་སྣང་ན་)ཐ་དད་མེད་པར་ཡུལ་དང་བྲལ་བའི་སྣང་པ་ཙམ་ནི་ ནམ་མཁར་གནས(པར་མཐོང་)། །འགྲོ་བ་དུ་མའི་སེམས་ཀྱི་གཟུགས་(སྣ་ཚོགས་)ལ་སེམས་ཉིད་ ཀྱིས་ནི་འཁྱུད་པར་བྱེད་དེ་(སྣ་ཚོགས་སུ་སྣང་པ་)དེ་དག་(སེམས་ཉིད་དུ་)གཅིག་པའོ། །ཞེས་པའོ། ། དེ་བཞིན་དུ་རྩ་བའི་རྒྱུད་ལས་གསུངས་པ། ལས་ཀྱི་ཕྱག་རྒྱ་(ནུ་མ་དང་སྐྲར་ལྡན་པ་)དག་དང་ནི། ། (རྣམ་པར་རྟོག་པས་)བརྟགས་པའི་ཡེ་ཤེས་ཕྱག་རྒྱ་(ཡིས་ཁམས་འགྱུར་བར་བྱེད་པ་)ཡང༌། །མཆོག་ཏུ་ 1-1-243 མི་འགྱུར་(བའི་བདེ་བ་སྐྱེད་པར་བྱེད་པའི་)སྦྱོར་བ་ཡིས། །<གང་བསྒོམ་>ཕྱག་རྒྱ་ཆེན་མོ་(སྟོང་གཟུགས་) རྣམ་བསྒོམ་<པར་>བྱ། །ཞེས་པའོ། །དེས་ན་བཅོམ་ལྡན་འདས་ཀྱི་གསུང་འདི་ཡིས་ལས་ ཀྱི་ཕྱག་རྒྱའི་བདེ་བ་(འཛག་པ་)ནི་ཀུན་ཏུ་བཟང་པོའི་མི་འགྱུར་བའི་བདེ་བ་ཆེན་པོར་མི་འགྱུར་ རོ། །དེ་བཞིན་དུ་<ཡེ་ཤེས་ཀྱི་ཕྱག་རྒྱ་>དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་རྟོག་པ་བསྒོམས་ པའི་ཤེས་རབ་ཀྱི་བདེ་བ་(འཛག་པ་)ཡང་ཀུན་ཏུ་བཟང་པོའི་མི་འགྱུར་བའི་བདེ་བ་ཆེན་པོར་མི་ འགྱུར་ཏེ། (ཅིའི་ཕྱིར་ན་)རྣམ་པར་རྟོག་པ་ཡོངས་སུ་མ་སྤངས་པའི་ཕྱིར་རོ། །དེ་ཡང་བླ་མ་དམ་པ་ མ་ཡིན་པའི་མན་ངག་གིས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཉམས་པ(འི་ལམ་)རྣམས་ཀྱིས་<འབྲས་བུ་> བྱོལ་སོང་(ལྟ་བུ་)ཉིད་དུ་བྱེད་ཅིང་(འབྲས་བུ་)སངས་རྒྱས་ཉིད་མེད་དེ། (ལམ་)ཕྱག་རྒྱ་ཆེན་པོའི་ ཡེ་ཤེས་མེད་པའི་ཕྱིར་རོ། །རྣལ་འབྱོར་པ་བླ་མ་དམ་པའི་ལམ་སྤངས་པ་རྣམས་ཀྱིས་(སེམས་ཅི་ ལ་ཡང་)རབ་ཏུ་མི་གནས་པའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་(ཀྱི་ལམ་)ནི་རྟོགས་པར་ནུས་པ་མ་ཡིན་ ནོ། །ལམ་ཡང་(གང་ན་)བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་པའོ། །དེ་ལྟར་(འཇིག་རྟེན་ལས་འདས་པའི་) དབང་བཞི་པ་མ་རྟོགས་པའི་ཕྱིར་<འཇིག་རྟེན་པའི་>དབང་<བཅུ་པོ་>ཐམས་ཅད་དོན་མེད་པར་ འགྱུར་(ཤེས་རབ་སྦྱོར་བས་གང་གི་ཁུ་བ་ཟག ། ཟགས་པ་དེ་ཡི་བདེ་བ་ཅི་ཡིས་འཕེལ། །དཔྱིད་ལྡན་དུས་སུ་མེ་ཏོག་ཁ་ཟུམ་པ། ། ལྷུང་པ་ཨ་མྲའི་འབྲས་བུར་ཅི་ཡིས་འགྱུར། །གང་ཞིག་གིས་ནི་འགྱུར་མེད་(བདེ་<མ་>ཐོབ་པར། །མི་འགྱུར་བདེ་བ་འདོད་པ་ དེ་ཉིད་སྡུག ། ཅེས་སོ། །)རོ། ། ༈ འོན་ཏེ་(དུས་)གང་གི་ཚེ་ཀུན་ཏུ་བཟང་{པོ་[པོའི་]མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་ ཉིད་(དབང་)བཞི་པ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མ་སྤངས་པར་འགྱུར་བ་ཡིན་ན། དེའི་ཚེ་འདིར་ དབང་པོ་གཉིས་ཀྱིས་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོ་བསྒོམ་པ་འདིས་སྐྱེ་བ་<གཅིག་ པོ་>འདི་ཉིད་ལ་སངས་རྒྱས་ཉིད་དང༌། རྡོ་རྗེ་འཛིན་[པ་ཉིད་]ཐོབ་པར་(སྟོན་པ་)བཅོམ་ལྡན་ འདས་ཀྱིས་(ཕྱག་རྒྱའི་དངོས་གྲུབ་རྣམས་ལ་ཁྱབ་བདག་བདེ་བ་མཆོག་གྱུར་བུད་མེད་རབ་འདུས་བྲལ་བས་སྟེར་བ་མིན། 257། དེ་ཕྱིར་དེ་ཉིད་<ཉིན་>མཚན་དུས་སུ་རྣལ་འབྱོར་པ་ཡིས་ཐར་པའི་དོན་དུ་<རབ་ཏུ་>བསྒྲུབ་པར་བྱ། །ཞེས་སོ། །)ཅིའི་ ཕྱིར་(རྒྱུད་དུ་)གསུངས་ཞེས་(ལོག་རྟོག་ཅན་)ཁ་ཅིག་སེམས་པར་{འགྱུར་[གྱུར་]ན། ༈ དེའི་ཕྱིར་(ལན་)བརྗོད་པར་བྱ་སྟེ། འདིར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དབང་ པོ་གཉིས་ཀྱིས་སྙོམས་པར་ཞུགས་པས་བདེ་བ་ཆེན་པོ་བསྒྲུབ་པ་(གསུངས་པ་)དེ་ནི་བདེན་ཏེ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་(པའི་བརྒྱ་གོ་དྲུག་)པ་ལས་གསུངས་པ། (འཛག་ པའི་)འདོད་ཆགས་གང་གིས་སེམས་ཅན་རྣམས་ནི་ཉེ་བར་ཉམས་(པ་སྟེ་འཆིང་)པར་འགྱུར་ཏེ། (མི་འཛག་པའི་འདོད་ཆགས་)དེ་ཡིས་(མཆོག་ཏུ་མི་འགྱུར་བའི་རང་བཞིན་གྱིས་)སྐྱོབ་{པར་[པ་](སངས་རྒྱས་རྣམས་) གྲོལ་བར་འགྱུར(རོ)། །སེམས་ཅན་རྣམས་ཀྱིས་(བུ་དང་ཆུང་མ་ལ་སོགས་པ་)གང་ཞིག་ཉི་མ་སོ་སོའི་ དུས་སུ་བསྲུང་(པར་)བྱེད་(པའོ་)སྐྱོབ་པ་རྣམས་ཀྱིས་<བུ་དང་ཆུང་མ་ལ་སོགས་པ་>དེ་(རྣམས་)སྟེར་ (བར་)མཛད(པའོ)། །སེམས་ཅན་རྣམས་ཀྱིས་རང་སྙིང་ལ་གནས་བདེ་བ་(ཆེན་པོ་<བཅུ་གཉིས་>) གང་ཞིག་གཏོང་(བར་)བྱེད་(པ་དེ་)རྒྱལ་བ་(སངས་རྒྱས་)རྣམས་ཀྱིས་བསྲུང་པར་མཛད(པའོ)། །(རྒྱུ་ མཚན་)དེ་ཕྱིར་རྒྱལ་མཆོག་(དེ་བཞིན་གཤེགས་པ་རྣམས་ཀྱི་)སྤྱོད་པ་འདི་ནི་ལྷ་དང་ཀླུ་དང་ལྷ་མིན་(དང་ མི་)རྣམས་ཀྱིས་དཔྱད་པར་དཀའ་བར་འགྱུར(རོ)། །ཞེས་པའོ། །དེས་ན་རྣལ་འབྱོར་པ་རྣམས་ ཀྱིས་རིམ་པ་ཇི་ལྟ་བ་བཞིན་དུ་མཆོག་ཏུ་མི་འགྱུར་བ(འི་བདེ་བ་)བསྒྲུབ་པའི་དོན་དུ་བྱང་ཆུབ་ཀྱི་ སེམས་མི་འཆོར་བར་བྱའོ། །དེའི་ཕྱིར་(ཕོ་མོ་)དབང་པོ་གཉིས་{ཀྱིས་[ཀྱི་]སྙོམས་པར་འཇུག་ པའི་བདེ་བ་བསྒོམ་པར་གསུངས་པ་ནི་བྱང་ཆུབ་ཀྱི་སེམས་(ཤེས་རབ་གྱི་པད་མར་)འཛག་པའི་ གནས་སྐབས་ཀྱིས་མ་ཡིན་ནོ། །(འཛག་ན་སྐྱོན་ཅི་ཡོད་ན་)འཛག་པའི་བག་ཆགས་ནི་སེམས་ཅན་ རྣམས་ལ་<འཁོར་བ་>ཐོག་མ་མེད་པ་ནས་བློ་བུར་གྱི་དྲི་མའི་རང་བཞིན་ཏེ། དེ་<འཛག་པའི་བག་ ཆགས་>ཡིས་འཁོར་བའོ(སྟེ་ར་ཟེར་)(ལོ་གཅིག་བར་ལ་རྒྱ་ལམ་ན། །རི་དགས་ཟས་ཅན་ལན་གཅིག་འཕྲད། །རྡོ་རྗེའི་ གཟེགས་མའི་ཟས་ཟ་བའི། །ཕུག་རོན་རྟག་ཏུ་འདོད་ཆགས་བྱེད། །ལན་གཅིག་རྟག་ཏུ་ཁུ་འཛག་པས། །གཉིས་ཀ་ལ་ཡང་མཆོག་ 1-1-244 བདེ་མེད། །དེ་བཞིན་དཀའ་ཐུབ་ཅན་དང་འདོད་པ་ཅན། །རྨི་ལམ་དང་ནི་སད་པ་ལས་འཛག་པ། །གཉིད་ལོག་པ་ལ་སྦྲུལ་གྱིས་ སོས་བཏབ་ན། །ཁུ་བ་སྡུད་པ་མེད་པས་མི་ཚོང་ལྟར། །དེ་ལྟར་<འཛིན་པའི་>སྟོབས་མེད་<པར་བུད་མེད་ཀྱི་>སྐྱེ་གནས་ སོས་བཏབ་དང༌། །དེ་བཞིན་དཀའ་ཐུབ་ཅན་ལའང་མ་ཡིན་ནོ། །ཞེས་སོ)། ། ༈ འོན་ཀྱང་ཕྱག་རྒྱའི་<མཁྱུད་པ་>སྦྱོར་བ་གང་གིས་<ཐིག་ལེ་>འཛག་པའི་བག་ཆགས་ སུ་འགྱུར་བ་དེ་བཞིན་དུ། <རྣལ་འབྱོར་པས་>སྦྱོར་བ་དེ་ཉིད་ཀྱིས་<བཅིངས་པས་>མི་འཛག་པར་ འགྱུར་ཏེ། དཔེར་ན་དངུལ་ཆུ་དང་མེ་བཞིན་ནོ(མེ་ཡིས་རེག་ན་དངུལ་གྱི་ཆུ། མི་གནས་རབ་འབྲོས་འགྱུར་བ་ ལྟར། དེ་ལྟར་སྐྱེ་གནས་རེག་པ་ཡིས། རྟག་ཏུ་ཁུ་མི་འཛག་པ་མིན། མེ་དང་ཕྲད་ཚེ་འགྲོ་བ་དེ། སྨན་སོགས་སྟོབས་ཀྱིས་འཛིན་ པ་ལྟར། དེ་ལྟར་ཤེས་རབ་དང་ཕྲད་ཚེ། །རྣལ་འབྱོར་སྟོབས་ཀྱིས་ཁུ་བ་འཛིན། ཞེས་སོ)། །(གང་གིས་ན་)བཅོམ་ལྡན་ འདས་ཀྱིས་(གང་དུ་ན་)རྒྱུད་ཀྱི་རྒྱལ་པོའི་ལེའུ་བཞི་(པའི་བརྒྱ་ཉེར་བཞི་)པ་ལས་གསུངས་པ་འདི་ལྟ་ སྟེ། (ཕྱག་རྒྱ་གཉིས་ལམ་དུ་བྱེད་པས་ཇི་ལྟར་ཉམས་སུ་བླང་ན་<དཔེར་ན་>)དངུལ་ཆུའི་དགྲ་ནི་མེ་སྟེ་མེ་དང་ རྣམ་པར་བྲལ་བའི་དངུལ་ཆུ་བཅིངས་པ་ས་སྟེངས་གནས་ན་མེད། །(དངུལ་ཆུ་)མ་བཅིངས་པས་ ནི་གསེར་གྱི་བྱ་བ་མིན་ཏེ་གསེར་དང་བྲལ་ན་གསེར་འགྱུར་མཁན་གྱི་ལོངས་སྤྱོད་མེད། །(དཔེ་) དེ་བཞིན་(དུ་མེ་དང་འདྲ་བའི་)བུད་མེད་སྦྱོར་དང་བྲལ་ན་རྟག་ཏུ་རྣལ་འབྱོར་པའི་(ཆགས་པ་ཅན་གྱི་ བྱང་ཆུབ་ཀྱི་)སེམས་ནི་འཆིང་པ་མེད་པར་འགྱུར། །(བྱང་སེམས་)མ་བཅིངས་པ་{ཡིས་[དང་](གསེར་ གྱི་བྱ་བ་མེད་པ་དང་འདྲ་བར་)ལུས་འབུགས་མིན་<པ་འཛིན་>ཏེ་(ལོངས་སྤྱོད་མེད་པ་དང་འདྲ་བར་)མ་ཕུག་ ལུས་ཀྱིས་ལྷན་ཅིག་སྐྱེས་པའི་བདེ་བ་(ཚེ་ལུས་གཅིག་པོ་)འདིར་སྟེར་མེད། །ཞེས་སོ། །འདིར་ཇི་ ལྟར་མེ་ལ་རེག་པས་དངུལ་ཆུ་[འབྲོ་]འབྲོས་པར་འགྱུར་ཏེ། ཐབས་དང་བཅས་པས་[མེ་]དེ་ ཉིད་ཀྱིས་(དངུལ་ཆུ་)འཆིང་པར་བྱེད་དོ། །(དཔེ་)དེ་བཞིན་དུ་ཆོས་འབྱུང་ལ་རེག་པས་བྱང་ཆུབ་ ཀྱི་སེམས་འབྲོས་པར་འགྱུར་ཏེ། (སྲོག་རྩོལ་དེ་བཞིན་འཛིན་པའི་)ཐབས་དང་བཅས་པས་(ཆོས་འབྱུང་) དེ་ཉིད་ཀྱིས་(བྱང་སེམས་)འཆིང་པར་བྱེད་དོ། །ཇི་ལྟར་མེ་ཡིས་དངུལ་ཆུ་བཅིངས་པས་(ཟངས་ 259) ལྕགས་ཐམས་ཅད་གསེར་དུ་བྱེད་དོ། །དེ་བཞིན་དུ་ཆོས་ཀྱི་འབྱུང་གནས་ལ་སྦྱོར་བས་བྱང་ ཆུབ་ཀྱི་སེམས་བཅིངས་ན། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་ལ་སོགས་པ་སྒྲིབ་པ་མེད་ {པ་[པར་]བྱེད་དོ(རྡོ་དྲེག་སྐུད་པའི་གོས་ནི་མེ་ཉིད་ཀྱིས། །བསྲེགས་ན་དག་པར་འགྱུར་བ་ཇི་བཞིན་དུ། །དེ་བཞིན་དུ་ ནི་སྐྱེས་བུ་རྣམས་ལ་ནི། །ཤེས་རབ་ཡེ་ཤེས་ཀྱིས་ནི་སེམས་དག་བྱས། །ཞེས་སོ)། །དེས་ན་<དཔེ་>དངུལ་ཆུ་དང་ <དོན་>བྱང་ཆུབ་ཀྱི་སེམས་གཉིས་བརྟན་པའི་ནུས་པ་རྨོངས་པ་རྣམས་ཀྱིས་{ནི་}དཔྱད་པར་ ནུས་པ་{ནི་}མ་ཡིན་ནོ། །དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བ་དང༌། ལྷ་ལ་དམིགས་ནས་བྱང་ ཆུབ་ཀྱི་སེམས་(རླུང་དང་འཁྲུལ་འཁོར་གྱིས་བཟུང་པ་དང་བཟློག་པ་ལ་སོགས་པ་སྦྱངས་པས་<རང་>དབང་མེད་པར་ ལོག་ནས་)བརྟན་པར་བྱ་བའི་{དོན་དུ་[ཕྱིར་]གསུངས་པ་ནི། དངུལ་ཆུའི་{བསྲོ་[སྤྲོ་]བ་དང་ སྨིན་པར་བྱ་{བ་}ལ་སོགས་པ་བཞིན་{ནོ། །} ༈ དེས་ན་(རང་དང་འདྲ་བའི་ཕྱག་རྒྱ་དགོས་པ་ལས་ཅི་ཡང་མི་ཤེས་པའི་)བྱོལ་སོང་གི་ལས་ལྟ་བུ་པད་ མར་ཆུད་པའི་བྱང་ཆུབ་ཀྱི་སེམས་བཟའ་བའི་དོན་དུ་དེ་བཞིན་གཤེགས་པས་གསུངས་པ་ནི་ མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་(པའི་དོན་གསུམ་པ་)པ་ལས་ལས་ ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པ་གསུངས་པ་འདི་ལྟ་སྟེ། (སྔགས་ཀྱི་ཐེག་པ་)འདིར་ནི་རྒྱལ་བའི་ ལྷན་ཅིག་སྐྱེས་པའི་བདེ་བ་འཕེལ་བའི་དོན་དུ་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན། །དེ་ནས་ཉི་ མའི་གཟུགས་ཏེ་ལུས་(ལོངས་སྤྱོད་རྫོགས་པའི་སྐུ་)དང་གདོང་དང་ལག་པ་རྐང་པ་གཙུག་ཏོར་ཡན་ ལག་ཀུན་རྫོགས་པའི། །དབྱུག་༡པ་གློག་དང་༢རྗེས་སུ་མཚུངས་པའི་མི་འགྱུར་བདེ་བ་སྐྱེད་ བྱེད་མཚན་ཉིད་ཐམས་ཅད་ཡོངས་རྫོགས་པ། །རྡོ་རྗེ་(རྣལ་འབྱོར་ཕོ་མོ་)རྣམས་ཀྱིས་སྣང་པར་ བྱས་པས་སྲིད་གསུམ་ལུས་ལ་(རང་བཞིན་གྱིས་)གནས་པར་གྱུར་པ་ཆོས་ཀྱི་དབྱིངས་སུ་འགྱུར། ། ཞེས་པའོ(དེ་ནས་ཕྱག་རྒྱ་བཞི་ཡིས་མི་འགྱུར་བདེ་འབྲས་སྟེར་བས་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་བ་ནི། །དུས་རྣམས་ ཀུན་ཏུ་རོལ་པའི་དགའ་བ་ཉིད་ལ་གནས་ན་འཇིག་རྟེན་ལམ་ལས་རྣམ་པར་གྲོལ་འགྱུར་ཏེ། །གྲོང་དང་འབྲོག་དགོན་དུར་ཁྲོད་མི་ 1-1-245 གཙང་པ་དང་གཙང་དང་གནས་དང་ཁང་པ་ལྷའི་གནས་རྣམས་སུ། །རིགས་དང་རིགས་མིན་རྣམ་རྟོག་སྤངས་པའི་བཟང་བཏུང་ལ་ སོགས་ལོངས་སྤྱོད་རྣམས་ཀྱིས་ལུས་ལ་སྟོབས་བདེ་སྟེར། །ཞེས་སོ)། །ཡང་ལེའུ་དེ་ཉིད་(ཀྱི་བརྒྱ་བཅུ་གསུམ་པ་)ལས་ གསུངས་པ། (རྟགས་དང་རྟགས་ཅན་རྣམས་རང་གི་)སེམས་ཀྱི་སྣང་པ་ཙམ་སྟེ་(དེ་ཡང་)རང་གི་ཡིད་ལས་ སྐྱེས་པ་(དཔེ་)མེ་ལོང་གི་ནི་གཟུགས་བརྙན་ལྟ་བུར་ངེས། །(དེ་གང་གིས་བརྟེན་ན་)མ་ལུས་རྒྱལ་ སྲས་(བྱང་ཆུབ་སེམས་དཔའ་)རྣམས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་(དེ་བཞིན་དུ་)རྣལ་འབྱོར་ དབང་པོ་རྣམས་ཀྱིས་བསྟེན་བྱས་ན། །(སྣ་ཚོགས་སྟོང་པར་རྟོགས་པའི་)ཡེ་ཤེས་སྣང་བ་དེ་ཉིད་རབ་ ཏུ་ཤར་བས་<གཡས་གཡོན་གྱི་རླུང་>བདུད་དཔུང་གཡུལ་<དྲུག་>དང་བཅས་པ་(གཟུང་འཛིན་རྟོག་ པ་)<ལ་ཤེས་པ་མི་འགྲོ་བས་>མཐའ་དག་བསྲེགས་<སྟེ་བསྙེན་པ་དང་ཉེར་བསྒྲུབ་གྱིའོ་>པ་དང༌། །ཆགས་ པ་(དཀར་ཆ་)ལ་སོགས་{པ་}<གནག་ཆ་>རྣམས་ཀྱིས་རྣལ་འབྱོར་པ་རྣམས་ལུས་ལ་ལོ་གཅིག་ (བསྒྲུབ་པ་)སྦྱོར་བས་བདེ་མཉམ་འབྲས་སྟེར་བྱེད། །ཞེས་སོ། །དེས་ན་བཅོམ་ལྡན་འདས་ཀྱིས་ (རྒྱུད་དུ་གསུངས་པའི་)ངེས་པ་(དང་པོ་)དབང་པོ་གཉིས་སྙོམས་པར་ཞུགས་པ་འདིས་ཀྱང་(གང་གིས་ན་) རྣལ་འབྱོར་པ་རྣམས་ཀྱིས་(གང་སྤངས་ན་)ཕྱིའི་དབང་པོ་ལས་སྐྱེས་པའི་(བྱང་སེམས་)འགྱུར་བའི་ བདེ་བ་སྤངས་ནས་(ཕྱིས་རྒྱུན་དུ་)ཕྱག་རྒྱ་ཆེན་པོ་རང་གི་སེམས་རབ་ཏུ་སྣང་བ་ཙམ་ནི་(དུས་)བྱང་ ཆུབ་མ་ཐོབ་ཀྱི་བར་དུ་བསྒོམ་པར་བྱའོ། ། ༈ འོན་ཏེ་དེ་བཞིན་གཤེགས་པས་(མདོ་རྒྱུད་དུ་)གསུངས་པ་(སྣ་ཚོགས་ཡུམ་ལ་)ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་མེད་པ་དང༌། (མིའི་)དབང་པོ་གཉིས་ཀྱི་སྦྱོར་བ་སྤངས་ན་(རྟེན་མེད་པས་ བརྟེན་པ་)ཤེས་རབ་ཡེ་ཤེས་(ཀྱི་བདེ་བ་)རང་རིག་པར་མི་འགྱུར་ཏེ། མི་འཕོ་བའི་ཕྱིར་རོ། །ཇི་ ལྟར་ན་རྣལ་འབྱོར་པ་རང་གི་སེམས་(རྟགས་སུ་)རབ་ཏུ་སྣང་བ་ཙམ་(གྱི་ཡུམ་)ལ་རང་གི་སེམས་ ཀྱིས་རྗེས་སུ་ཆགས་པར་བྱས་པས། རང་གི་སེམས་སྒྲིབ་པ་མེད་པར་བྱེད་ཅིང༌། བདེ་བ་ཆེན་ པོ་མི་འགྱུར་བའི་ཡེ་ཤེས་ལ་ཉེ་བར་ལོངས་སྤྱོད་པར་ཇི་ལྟར་འགྱུར་ཏེ་(ཡུམ་ལ་)རྡུལ་ཕྲ་རབ་ 1-1-246 འཚོགས་པའི་ལུས་མེད་པའི་ཕྱིར་དེ་ཉིད་ཕྱིན་ཅི་ལོག་སྟེ། (དཔེར་ན་)ལྷ་སྦྱིན་རང་ཉིད་ཀྱི་ཕྲག་ པར་ཞོན་ནས་གྲོང་ཁྱེར་དུ་འགྲོ་བ་(མེད་པ་)ལྟ་བུ་ཞེས་འདིར་(ལོག་རྟོག་ཅན་)ཁ་ཅིག་བསམ་པར་ གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པར་བྱ་སྟེ། འདིར་རྨོངས་པ་གང་ཞིག་བརྗོད་པའི་རྡུལ་ ཕྲ་རབ་འཚོགས་པའི་བདག་ཉིད་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མེད་པས་སེམས་ཙམ་ གྱིས་ཤེས་རབ་ཡེ་ཤེས་རང་རིག་པར་མི་འགྱུར་བ་ནི་མ་ཡིན་ཏེ། (དེ་)ཅིའི་ཕྱིར་ཞེ་ན། བློ་བུར་ བ(སྐྱེ་བ་སྔ་མ)འི་སེམས་ཀྱི་(རྟོགས་པའི་)བག་ཆགས་ཀྱི་དབང་གིས་འདིར་ཕུང་པོ་དང༌། ཁམས་ དང༌། སྐྱེ་མཆེད་ཀྱི་མིང་དུ་བཏགས་པའོ། །བློ་བུར་བ(སྐྱེ་བ་སྔ་མ)འི་སེམས་ཀྱི་(རྟོགས་པའི་)བག་ ཆགས་དེའི་དབང་གིས་སེམས་{ཀྱི་}བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་(ཉམས་སུ་མྱོང་བ་)ལ་ རབ་ཏུ་འཇུག་གོ། དོན་དམ་པར་(རིགས་པས་)རྣམ་པར་དཔྱད་ན་ལུས་འདི་ལ་ཉེ་བར་འཚེ་བ(འི་ གནོད་པ་)ཕྲ་མོ་ཡང་མེད་དེ། འདིར་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་གྱི་ལུས་ནི་རྨི་ལམ་ གྱི་གནས་སྐབས་སུ་རབ་ཏུ་བཞག་སྟེ་འདུག་པ་འདི་ལ། (ལུས་ལ་){གནོད་པ་[རྣོད་པ་བྱེད་པ་] ཕྲ་མོ་ཅུང་ཟད་ཀྱང་{བྱེད་པ་}མེད་པར་དེའི་སེམས་སྡུག་བསྔལ་ལ་(རྨི་ལམ་དུ་)རབ་ཏུ་ཞུགས་ པ་ནི། འདིར་(ཀུན་རྫོབ་ཏུ་)འཇིག་རྟེན་པ་ཐམས་ཅད་ལ་རབ་ཏུ་གྲགས་ཏེ། གནས་སྐབས་ཀྱི་ སེམས་བག་ཆགས་གཞན་གྱི་བདག་ཉིད་ཅན་རྡུལ་ཕྲ་རབ་ཀྱི་ཚོགས་པ་སྤངས་པའི་ལུས་པོས་ ཡུལ་ཐག་རིང་པོར་འགྲོན་དུ་འགྲོ་བར་(མི་རྟོག་པ་)སྣང་སྟེ། (ཡུལ་ཐག་རིང་པོར་)འགྲོན་དུ་འགྲོ་བ་ དེའི་ལུས་ལ་<རྨི་སེམས་ཀྱི་སྣང་བ་ལ་>རྐུན་མ་ལ་སོགས་པ་རྣམས་ཀྱིས་ཉེ་བར་འཚེ་བ<འི་གནོད་ པ་>བྱས་པ་དེ་ཡིས་སེམས་[ཅན་]སྡུག་བསྔལ་བ་ལ་ཞུགས་པར་གྱུར་ཅིང༌། སྡུག་བསྔལ་བ་ {དེས་[དེ་ཡིས་]ངུ་བར་བྱེད་དེ་དེ་ཉིད་འདིར་ཤིན་དུ་ངོ་མཚར་ཆེ་སྟེ། (ཡུལ་ཐག་རིང་པོ་དེ་ན་)ལུས་ མེད་ཅིང་རྐུན་མ་ལ་སོགས་པ་ཡང་མེད་པར་རང་རིག་པའི་སེམས་སྡུག་བསྔལ་གྱི་ཤེས་པ་ 1-1-247 ལ་འཇུག་པ་དང༌། དེ་བཞིན་དུ་རྨི་ལམ་དུ་(བུ་མོ་མཛེས་མ་དང་)འདོད་ཆགས་ཆེན་པོ་ལ་ཉེ་བར་ ལོངས་{སྤྱད་[སྤྱོད་](པ་རྨིས་)པས་སེམས་བདེ་བ་ལ་རབ་ཏུ་འཇུག་པ་དེ་ཡང་(ཤིན་ཏུ་)ངོ་མཚར་ ཏེ། ལུས་(ཀྱིས་འདོད་ཆགས་སྤྱོད་པ་)མེད་ཅིང་འདོད་ཆགས་(དངོས་པོ་)ལ་ཉེ་བར་ལོངས་སྤྱོད་པ་ཡང་ མེད་པར་རང་གིས་ཡང་དག་པར་རིག་པའི་བདེ་བའི་ཡེ་ཤེས་སེམས་ཅན་རྣམས་ཀྱི་སེམས་ ལ་འབྱུང་བར་བྱེད་པའོ། །(རྒྱུ་མཚན་)དེའི་ཕྱིར་མཁས་པ་རྣམས་ཀྱིས་ཕྱོགས་གཅིག་པ(ཉི་ཚེ་ བ)འི་ཡེ་ཤེས་(ཕྲིན་ལས་བཞི་ལ་སོགས་པ་ཡང་)རྣམ་པར་དཔྱད་པར་མི་ནུས་ན། གཞན་འཁོར་བའི་ (འཕོ་བའི་)བག་ཆགས་ལས་ཤིན་ཏུ་འདས་པ་མྱ་ངན་ལས་འདས་པའི་(མི་འཕོ་བའི་)བག་ཆགས་ ལས་བྱུང་པ། རྣལ་འབྱོར་པའི་རང་རིག་པ་ཀུན་ཏུ་བཟང་པོ་མི་འགྱུར་བའི་བདེ་བ་ཆེན་པོའི་ ཡེ་ཤེས་[ནི་]རྨོངས་པ་རྣམས་(ཀྱི་རྣམ་རྟོག་)ཀྱིས་<ལོག་རྟོག་གིས་>རྣམ་པར་དཔྱད་པར་ཅིའི་ཕྱིར་ ནུས་པར་འགྱུར་(ཏེ་མི་ནུས་)ཞེས་པའོ། ། ༈ འོན་ཏེ་མུ་སྟེགས་པའི་སྡིག་པའི་བློ་ཅན་སྲོག་གི་རླུང་གི་དེ་ཁོ་ན་ཉིད་འདོད་པ་ལ་མོས་ པའི་བྱིས་པ་རྣམས་ཀྱི་ཚིག་འདི་ལྟ་སྟེ། འདིར་རྨི་ལམ་གྱི་གནས་སྐབས་ཀྱི་བག་ཆགས་རྡུལ་ ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་(ཉལ་བའི་)ལུས་ལ་དབུགས་འབྱུང་པ་དང་རྔུབ་པ་དག་ ཡོད་(པས་སེམས་ཡོད་)ཅིང༌། (དབུགས་)འབྱུང་པ་དང་རྔུབ་པ་དེ་དག་གི་མཐུས་(སད་པ་དང་ཏུ་རྒྱ་དང་ གཉིད་ལོག་པའི་)གནས་སྐབས་གསུམ་དུ་འགྱུར་ཏེ། དབུགས་འབྱུང་པ་དང་{འཇུག་[རྔུབ་]པ་ མེད་པར་ནི་(གནས་སྐབས་གསུམ་ཡོད་པ་)མ་ཡིན་ནོ་ཞེ་ན། ༈ དེ་ལྟར་ན་དེ་ཉིད་རྣམ་པར་དཔྱད་པར་བྱ་སྟེ། འདིར་གང་གི་ཚེ་(ལུས་ལ་དབུགས་)འབྱུང་ པ་དང་འཇུག་པ་ལས་མ་གཏོགས་པར་སེམས་ལ་རྨི་ལམ་གྱི་གནས་སྐབས་མེད་ན། དེའི་ ཚེ་ཇི་ལྟར་ཤི་བ་(དང་བརྒྱལ་བ་)ལ་སོགས་པའི་གནས་སྐབས་ན་ཡང་(དབུགས་)འབྱུང་པ་དང་ རྔུབ་པ་དག་མེད་ཀྱང་ཐུན་གཅིག་གི་བར་དུ་སེམས་རབ་ཏུ་གསལ་བར་{གྱུར་[འགྱུར་]བ་ 1-1-248 ནི། {དཔེར་ན་}ཇི་ལྟར་(ཏེ་དཔེར་ན་)གཤིན་རྗེའི་རྒྱལ་པོའི་བཀས་(བསྐུལ་བའི་)གཤིན་རྗེའི་ཕོ་ ཉ་རྣམས་ཀྱིས་(སྡིག་ཅན་དེའི་ཡིད་ཀྱི་)ལུས་ཁྱེར་བ་དང༌། གཤིན་རྗེའི་གྲོང་ཁྱེར་(ཤེས་པ་ལ་)རབ་ ཏུ་གསལ་ཏེ། གཤིན་རྗེའི་<རྒྱལ་པོ་>གྲོང་ཁྱེར་དེ་ན་གཤིན་རྗེའི་རྒྱལ་པོ་ཡང་(ཤེས་པ་ལ་)རབ་ ཏུ་གསལ་ལོ། །གཤིན་རྗེ(འི་རྒྱལ་པོ་)དེས་དེ་རྣམས་ཀྱིས་བཀུག་པའི་ལུས་ལ་བསོད་ནམས་ དང་སྡིག་པ་རྣམ་པར་དཔྱོད་པར་བྱེད་དེ། རྣམ་པར་དཔྱད་ནས་སྨྲས་པ། འདིའི་ཚེ་ད་དུང་ ཟད་པར་མ་གྱུར་པས། དེའི་ཕྱིར་སེམས་ཅན་འདི་མྱུར་བར་མིའི་འཇིག་རྟེན་དུ་ཇི་སྲིད་ལུས་ མ་ཉམས་(མ་རུལ་)པའི་བར་དུ་ཁྱེར་ལ་སྐྱོལ་ཅིག ཅེས་གཤིན་རྗེའི་ཕོ་ཉ་རྣམས་ལ་བཀའ་ བསྒོ་བར་འགྱུར་ཏེ། བཀའ་(བསྒོ་བ་)དེ་ཡིས་གཤིན་རྗེའི་ཕོ་ཉ་དེ་རྣམས་ཀྱིས་(ཤི་བ་)དེའི་ལུས་ མིའི་འཇིག་རྟེན་དུ་(དོར་ཏེ་)བསྐྱུར་རོ། །དེ་(དོར་ཏེ་)བསྐྱུར་[བར་]གྱུར་པས་(སྔར་གྱི་)སེམས་ཀྱི་ བག་ཆགས་ཀྱི་དབང་གིས་ཡང་(སྔར་གྱི་)ཤི་བའི་ལུས་དེ་{ཉིད་}ལ་རླུང་འབྱུང་པ་དང་འཇུག་ པར་འགྱུར་ཏེ། དེའི་ཚེ་(སྔོན་གྱི་)བག་ཆགས་གཞན་གྱི་དབང་གིས་སད་པའི་གནས་སྐབས་ སུ་འགྱུར་རོ། །<སད་པ་>དེའི་གནས་སྐབས་སུ་སེམས་རབ་ཏུ་སད་ནས། གཉེན་འདུན་གྱི་ ཚོགས་ལ་གཤིན་རྗེའི་རྒྱལ་པོས་(སྔར་)བརྗོད་པའི་ལོ་རྒྱུས་(རྣམས་)སྨྲས་ཏེ<༨༨ཆད>། དེའི་ཕྱིར་ (སྔར་གྱི་)ལུས་མེད་པ་དང༌། དབུགས་འབྱུང་འཇུག་མེད་ཀྱང༌། (འཁོར་བ་)ཐོག་མ་མེད་པའི་(དུས་ ནས་)སེམས་ཀྱི་(རྟོག་པ་)བློ་བུར་གྱི་བག་ཆགས་(རིམ་དང་རིམ་མེད་)ཡང་ནས་ཡང་དུ་སྐྱེ་བའི་དབང་ གིས་སེམས་ཅན་(ལ་གནས་སྐབས་གསུམ་)རྣམས་སུ་འགྱུར་ཏེ་རང་<སེམས་ཀྱི་>བཞིན་ཅན་ནི་མ་ ཡིན་ནོ། ། ༈ འདིར་གང་གི་ཚེ་འཁོར་བའི་བག་ཆགས་(བློ་བུར་བ་སེམས་ཀྱི་)རང་བཞིན་དུ་འགྱུར་ན། དེའི་ཚེ་སེམས་ཅན་རྣམས་སངས་རྒྱས་སུ་མི་འགྱུར་རོ། །གང་གི་ཕྱིར་ཞེ་ན། (རང་བཞིན་ལ་འགྱུར་ བ་མེད་པས་སམ་ཡང་ན་བག་ཆགས་)བློ་བུར་བ་དེ་(གཏན་)ཟད་(པའི་མེད་)པར་འགྱུར་བའི་རྒྱུ་མཚན་གྱིས་ 1-1-249 སོ། །(བག་ཆགས་)དེ་ཟད་པས་སངས་རྒྱས་ཉིད་དུ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ ལྟར་(ལུང་རིགས་ཀྱི་)རྣམ་གྲངས་དུ་མས་རྣམ་པར་དཔྱད་ན། རང་གི་སེམས་ཀྱི་བག་ཆགས་ཙམ་ འདི་ཉིད་(མ་ཟད་ན་)འཁོར་བ་དང་(ཟད་ན་)མྱ་ངན་ལས་འདས་པ་སྟེ། (བག་ཆགས་ཉིད་གང་ཡིན་ཞེ་ན་) འཁོར་བའི་བག་ཆགས་ནི་(རླུང་ཡན་པར་སོང་པས་)འཛག་པའི་མཚན་ཉིད་ཀྱི་སྐད་ཅིག་ཡིན་གྱི་མི་ འཕོ་བ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པའི་བག་ཆགས་ཀྱང་(རླུང་ཁུགས་སུ་ཚུད་པས་)མི་འཛག་ པའི་མཚན་ཉིད་ཀྱི་སྐད་ཅིག་ཡིན་གྱི། འཕོ་བ་ནི་མ་ཡིན་ནོ་ཞེས་བྱའོ། །བཅོམ་ལྡན་འདས་ ཀྱིས་རྒྱུད་ཀྱི་རྒྱལ་པོའི་ནང་གི་ལེའུ(འི་བརྒྱ་ཉི་ཤུ་པ་)ལས་གསུངས་པ་འདི་ལྟ་སྟེ། (ཉན་རང་ལྷ་དང་ ལྷ་མིན་འབྱུང་པོ་)གང་ཞིག་གང་གི་དབུས་སུ་རབ་ཏུ་ཞུགས་པའི་(ཉན་རང་)བརྟུལ་ཞུགས་དགའ་ རྣམས་རབ་ཏུ་ངེས་པར་(རང་རང་གི་གྲུབ་མཐའ་ལ་ཞེན་པའི་)ལས་ཀྱི་ཞགས་པས་བཅིངས། །དེའི་ དབུས་སུ་(བཞི་པོ་)རང་རང་རང་བཞིན་གྱུར་པ་དེའི་རིགས་(ཀྱི་བག་ཆགས་)དེའི་འཛིན་འགྱུར་ མིའི་བདག་པོ་ཀྱེ། །ཇི་སྲིད་(འཁོར་བའི་)སེམས་ཀྱི་རང་བཞིན་(འདོད་སོགས་)སྲིད་པ་རྣམ་གསུམ་ <གྱི་བག་ཆགས་>དབང་གིས་ཚོར་བ་བདེ་བ་དང་ནི་སྡུག་བསྔལ་(ཡོད་པ་)ཏེ། །{ཇི་[དེ་]སྲིད་ མཐོ་རིས་(ལྷ་)མི་ཡུལ་(དང་)ས་འོག་(དམྱལ་བ་སོགས་)འཁོར་བ་མི་བཟད་རྣམས་སུ་འཁྱམ་མོ་ མིའི་བདག་པོ་ཀྱེ། །ཞེས་བྱའོ། །དེ་བཞིན་དུ་ལེའུ་དེ་ཉིད་(ཀྱི་གོ་བདུན་པ་)ལས་རྣལ་འབྱོར་པའི་ བག་ཆགས་གསུངས་པ། རྣལ་འབྱོར་དབང་ཕྱུག་རབ་ཏུ་གཡོ་བའི་ཡིད་ལྡན་གལ་ཏེ་རྣལ་ འབྱོར་མ་ཐོབ་འཆི་བར་འགྱུར་བ་ན། །དཔལ་ལྡན་མིའི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་ པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །དེ་ཡིས་སྔོན་དུ་གོམས་པས་སླར་ཡང་ ཡེ་ཤེས་སྦྱོར་བ་མཆོག་ཏུ་རྒྱ་ཆེར་ཉམས་སུ་ལེན་པར་འགྱུར། །ཡེ་ཤེས་ཐོབ་པར་གྱུར་ནས་མི་ བཟད་མཆོག་གི་གནས་ཏེ་སླར་ཡང་གང་དུ་སྐྱེ་{བ་[བར་འགྱུར་བ་མ་]ཡིན་ནོ། །ཞེས་པའོ། ། དེས་ན་སེམས་ཀྱི་བག་ཆགས་ཀྱི་(ངོ་བོའི་)དབང་གིས་རང་རིག་པའི་ཤེས་རབ་(སྣང་སྟོང་)ཀྱི་ 1-1-250 (བདེ་སྟོང་)ཡེ་ཤེས་སུ་འགྱུར་ཏེ། རྡུལ་ཕྲ་རབ་ཀྱི་ལུས་ཀྱི་(འཕོ་བའི་)ཉེ་བར་{ལོངས་}སྤྱོད་པས་ནི་ མ་ཡིན་ནོ། །ཞེས་{བྱའོ[སོ]། ། ༈ འོན་ཏེ་སེམས་ཀྱི་བག་ཆགས་རྨི་ལམ་གྱི་གནས་སྐབས་སུ་འཁྲིག་པ་བྱས་པས་(རྡུལ་ཕྲ་ རབ་ཀྱིས་བསྐྱེད་པའི་)ཉལ་བའི་ལུས་ལ་ཁུ་བ་འབྱུང་བར་འགྱུར་གྱི། རྨི་ལམ་(སེམས་ཀྱི་བག་ཆགས་)གྱི་ ལུས་ལ་ནི་(ཁུ་བ་འབྱུང་བ་)མ་ཡིན་པས། (རྒྱུ་མཚན་)དེའི་ཕྱིར་[ལུས་]འདིའི་མཐུས་བདེ་བ་ཆེན་ པོ་རང་རིག་པར་འགྱུར་ཏེ། སེམས་ཀྱི་བག་ཆགས་ཀྱི་ལུས་ཀྱིས་(བདེ་ཆེན་རང་རིག་པ་)མ་ཡིན་ནོ། ། ཞེས་དབང་པོ་གཉིས་ཀྱི་བདེ་བ་ལ་ལོངས་སྤྱོད་པ་(ཁུ་འཕོ་རྟོག་ཅན་)ཁ་ཅིག་བསམ་(སྟེ་སྨྲ་)པར་ གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་རྨོངས་པ་གང་ཞིག་སྨྲ་བའི་རྡུལ་ཕྲ་རབ་ཚོགས་ པའི་ལུས་ལ་ཁུ་བ་འཛག་པར་འགྱུར་ཞིང་སེམས་ཀྱི་བག་ཆགས་ཀྱི་ལུས་ཀྱི་དབང་གིས་(ཁུ་ བ་འཛག་པ་)མ་ཡིན་ཞེས་པ་དེ་ཉིད་ཚད་མ་མ་ཡིན་ཏེ། ཅིའི་ཕྱིར་(མ་ཡིན་)ཞེ་ན། (རྡུལ་ཕྲན་གྱི་ལུས་) གཟུགས་མེད་པའི་{སྲིད་པ་[ལུས་]ལ་འཛག་པའི་ཕྱིར་རོ། །འདིར་གང་གི་ཚེ་(གཟུགས་མེད་པ་) རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ལུས་མེད་པའི་ཕྱིར་(ཁུ་བ་)འཛག་པར་མི་འགྱུར་ རོ་ཞེ་ན། (ཁུ་བ་)འཛག་པ་མེད་ན་འཁོར་བར་མི་འགྱུར་བ(ར་ངེས་པ་)དང༌། འཁོར་(བར་སྐྱེ་)བ་ མེད་ན་(སླར་མིར་སྐྱེས་ནས་)བདེ་བ་ཆེན་པོ་ལ་དམིགས་པ་(ལུང་ནས་གསུངས་པ་)ཡང་[མེད་པར་] འགྱུར་བའི་ཕྱིར་རོ། །(རྒྱུ་མཚན་)དེའི་ཕྱིར་ན་གཟུགས་མེད་པའི་{རིས་[རིགས་]ཀྱི་ལུས་རྣམས་ ལ་(ཁུ་བ་)འཛག་པ་མེད་པའི་ཕྱིར་(རྫོགས་པའི་)སངས་རྒྱས་{ཉིད་}ཀྱི་དོན་དུ་སླར་(མིར་)སྐྱེ་བར་ མི་འགྱུར་རོ། །གལ་ཏེ་(ཁུ་བ་འཛག་པའི་རྟེན་)རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ལུས་ མེད་པའི་ཕྱིར། གཟུགས་མེད་པ་རྣམས་ལ་ཁམ་གྱི་ཟས་ཟ་(དགོས་)བའི་ལུས་མེད་དོ། །རྡུལ་ ཕྲ་རབ་ཚོགས་པའི་བདག་ཉིད་(གཟུགས་)ཅན་གྱི་ལུས་མེད་པའི་ཕྱིར་ཁུ་བ་(འཕོ་བའི་)འཛག་པ་ 1-1-251 མེད་དོ། །ཁུ་བ་(འཕོ་བའི་)འཛག་པ་མེད་པའི་ཕྱིར་(ཁུ་བ་འཕོ་བའི་)བདེ་བ་མེད་ཅིང་འཁོར་(བར་སྐྱེ་) བ་ཡང་མེད་དོ། །ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ནང་གི་ལེའུ(གསུམ་པ) ར། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ལུས་དང་མི་འགྱུར་བའི་ཡེ་ཤེས་གསུངས་ པ་འདི་ལྟ་སྟེ། (དུད་འགྲོ་དང་མིའི་)ལུས་འདི་ཉིད་ལ་རོ་དྲུག་མ་ལུས་ཟོས་ཤིང་འཐུངས་པ་ལས་ ནི་(བ་སྤུ་དང་ལྤགས་པ་དང་ཁྲག་དང་ཤ་དང་རུས་པ་དང་རྐང་མར་དང་ཁུ་བའི་)ཁམས་ཀྱི་ཚོགས་སུ་<འདུས་པའི་ ལུས་>འགྱུར་བའོ། །འབྱུང་བ་རྣམས་{ལས་[ལ་](ཁ་བ་དང་སྐྱུར་བ་དང་ལན་ཚ་<བ་>དང་<ཚ་བ་དང་> མངར་བ་དང་སྐ་བའི་) རོ་དྲུག་ངེས་པར་རབ་གསལ་འགྱུར་ཏེ་འབྱུང་པ(ས་སྲ་བ་དང་ཆུ་གཤེར་བ་དང་མེ་ དྲོ་བ་དང་རླུང་གཡོ་བ)འི་ཚོགས་རྣམས་(རོ་)ནམ་མཁའི་ཁམས་(ཀྱི་རྡུལ་ཕྲ་རབ་ཀྱི་རང་བཞིན་)ལས་བྱུང་(སྟེ་ ས་བོན་ལས་མྱུ་གུ་བཞིན་ནོ)། །(རང་གི་སེམས་སོ་སོར་སྣང་བ་སྐྱེ་འཇིག་མེད་པའི་)སྟོང་པ་དང་ནི་(མི་འགྱུར་བའི་བདེ་ བ་)ཡེ་ཤེས་རྣམ་པར་འདྲེས་པར་གྱུར་པ(ཤེས་བྱ་དང་ཤེས་པ)ས་རོ་མཉམ་(པ་གཅིག་ཏུ་གྱུར་)པ་ལས་ འགྱུར་མེད་རྟག་(ནི་མཆོག་ཏུ་མི་འགྱུར་)པའོ། །དེ་ལྟར་འབྱུང་པ་(ནི་རིམ་པ་དུ་མ་ཡིས་ལུས་ཀྱི་ཁམས་)ལ་ གནས་(པར་)ཞི་བ་(ནི་མི་འགྱུར་བའོ་)སྲིད་(འདོད་པ་དང་གཟུགས་དང་གཟུགས་མེད་པའོ་)གསུམ་ལ་གནས་ གྱུར་པ་རང་གི་ལུས་ལ་(རྣལའབྱོར་པས་){རིག་[རེག་]པར་བྱ(འོ)། །ཞེས་སོ། ། ༈ (རྒྱུ་མཚན་)དེས་ན་དུད་འགྲོ་དང་མི་རྣམས་{སྐྱེ་བའི་རྒྱུ་ཁུ་བ་དང་[བསྐྱེད་པའི་རྒྱུ་རུ་ཁུ་ བའི་]ས་བོན་ནོ། །དེ་བཞིན་དུ་རོ་དྲུག་རྣམས་ཀྱང་ལུས་ཀྱི་ཁམས་ཉིད་དུ་འགྱུར་བ་ནི(འབྱུང་པ་) ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་(ཡོན་ཏན་) དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་བདག་ཉིད་ཅན་གྱི་སེམས་ཅན་གྱི་ཁམས་ཏེ་ ས་བོན་(ཁུ་བ་)དེ་ཉིད་རང་བཞིན་གྱི་ལུས་(རང་གི་)ལས་ལས་སྐྱེས་པའི་སྐྱེ་བ་དང་འགག་པ་ཅན་ འཆི་བའི་དུས་སུ། (ཁམས་)ལྔའི་བདག་ཉིད་ཅན་གྱི་ས་བོན་(ཁུ་བ་)དེ་ཉིད་(ཕྱིར་)འབྱུང་སྟེ། (སླར་) ཡང་(དཔེ་)རྨི་ལམ་གྱི་ལུས་བཞིན་དུ་<སྔར་གྱི་>ཕྲ་རབ་ཀྱི་ཚོགས་པ་སྤངས་པ་བག་ཆགས་ཀྱི་ 1-1-252 ལུས་སྟོང་པ་(སྟེ་བར་མ་དོའི་)མ་འགགས་པའི་ལུས་(སྔ་མ་)དེ་ཉིད་ཀྱི་བག་ཆགས་འགགས་པ། (སྐྱེ་ བ་སྔ་མའི་)ལས་ཀྱི་བག་ཆགས་ལས་བྱུང་པ། དེ་ཡང་རྡུལ་ཕྲ་རབ་འཚོགས་པའི་བདག་ཉིད་ཅན་ གྱི་<སྐྱེ་བ་ཕྱི་མའི་>ལུས་འཛིན་ཏེ། <ཇི་ལྟར་འཛིན་ན་>རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ ལུས་བཟུང་ནས། (སྐྱེ་བ་)སྔ་མའི་(ཡིད་ཀྱི་)ལུས་ཀྱི་བག་ཆགས་(བར་མ་དོར་རྨི་ལམ་དང་འདྲ་བར་)ཡོངས་ སུ་བཏང་ན་ཡང༌། ད་ལྟ་བའི་ལུས་ཀྱི་བག་ཆགས་ཀྱི་སེམས་སྐྱེའོ། །རྒྱུ་མཚན་དེས་ན་སེམས་ ཀྱི་བག་ཆགས་(རིག་)སྟོང་(འོད་གསལ་)པའི་ཕུང་པོ་རྣམས། བློ་བུར་བའི་(རྡུལ་ཕྲ་རབ་ཀྱི་)ཕུང་པོ(ལྔ) འི་ཆོས་རྣམས་སུ་འགྱུར་རོ། །བློ་བུར་བའི་(རྡུལ་ཕྲ་རབ་ཀྱི་)ཕུང་པོ(ལྔ)འི་ཆོས་རྣམས་སེམས་ཀྱི་ བག་ཆགས་སྟོང་པའི་ཕུང་པོ(བར་དོ)ར་འགྱུར་{བ་ནི་[བས]། འཇིག་རྟེན་ཕ་རོལ་དུ་(སྔ་མའི་) རྡུལ་ཕྲ་རབ་ཙམ་ཡང་མེད་དེ། ཅིའི་ཕྱིར་{ཞེ་}ན། ཕུང་པོ་སྔ་མ་ཡོངས་སུ་བཏང་ནས་ཕུང་ པོ་གཞན་(ཕྱི་མ་)འཛིན་པའི་ཕྱིར་རོ། །དེ་ལྟར་གསུངས་པའི་རིམ་པས། རོ་དྲུག་ཟ་བའི་ལུས་ འབྱུང་པ་ལྔའི་བདག་ཉིད་ཅན་འཕོ་བའི་དུས་སུ་འབྱུང་པ་ལྔའི་བདག་ཉིད་[ཅན་]ཀྱི་ས་བོན་ (འཕོ་བ་)ཅན(གྱི)། ལས་(དགེ་སྡིག་)ལས་སྐྱེ་བ་འབྱུང་ཀ༽པའོ། །[<སྐྱེ་བ་ལེན་པའི་>ག༽སེམས་ཀྱི་ བག་ཆགས་ཀྱང་འབྱུང་པ་ལྔའི་བདག་ཉིད་དུ་འགྱུར་རོ། །ཁ༽]རོ་དྲུག་གི་བཟའ་བ་ཅན་རྣམས་ (དུད་འགྲོ་དང་མི་ལས་)ང༽གཞན་ཡང་ལྷ་རྣམས་ཀྱི་རོ་དྲུག་ཟ་བའི་འབྱུང་པ་ལྔ(དང་ལྡན་པ)འི་བདག་ ཉིད་ཀྱི་ལུས་སུ་མི་འགྱུར་ཏེ། རོ་དྲུག་གི་ཟས་(ཟ་བ་)མེད་པའི་ཕྱིར་{ཏོ[ཏེ]། །ཟླ་བ་དང་ཉི་མ་ ལ་སོགས་པ་འདོད་པ་ན་སྤྱོད་པ་{དེ་}རྣམས་ཀྱི་ནི་(འབྱུང་བ་)ཆུ་དང༌། མེ་དང༌། རླུང་དང༌། ནམ་ མཁའི་{ཁམས་ཀྱི་}བདག་ཉིད་ཅན་གྱི་ལུས། (ཕུང་པོ་)གཟུགས་དང༌། རོ་དང༌། རེག་བྱ་དང༌། སྒྲ་སྟེ་ཡོན་ཏན་བཞིའི་བདག་ཉིད་ཅན། (འབྱུང་བ)ས་དང་ཡོན་ཏན་དྲི་སྤངས་པས་སྤང་པའོ། ། ཁུ་བ་ཡང་(དྲི་མེད་པའི་)ཡོན་ཏན་བཞིའི་བདག་ཉིད་ཅན་ཏེ། སེམས་ཀྱི་བག་ཆགས་འཕོ་བའི་ དུས་སུ་དེ(ཡོན་ཏན་བཞི་པོ)འི་བདག་ཉིད་ཅན་ཞེས་སོ། །གཟུགས་ལ་སྤྱོད་པ་(བཅུ་དྲུག་པོ་)རྣམས་ 1-1-253 ཀྱི་ནི་མེ་དང་རླུང་དང་ནམ་མཁའི་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ལུས་ལ། (ཡོན་ ཏན་གང་ཡོད་ན་)རོ་དང་རེག་{བྱ་[པ་དང་]སྒྲ་ཡི་སྟེ། ཡོན་ཏན་གསུམ་གྱི་བདག་ཉིད་ཅན། ས་ དང་ཆུའི་ཡོན་ཏན་ཅན། དྲི་དང་གཟུགས་སྤངས་པས་ཁུ་བ་(ས་བོན་)ཡང་(གཉིས་པོ་མེད་པའི་)ཡོན་ ཏན་གསུམ་གྱི་བདག་ཉིད་ཅན་ཏེ། སེམས་ཀྱི་བག་ཆགས་འཕོ་བའི་དུས་སུ་ཡང་(ཡོན་ཏན་གསུམ་ པོ་)དེའི་བདག་ཉིད་ཅན་གྱི་(གཟུགས་ཁམས་)བཅུ་དྲུག་པོ་རྣམས་ཞེས་སོ། །གཟུགས་མེད་པ་ན་ སྤྱོད་པ་(བཞི་པོ་)རྣམས་ཀྱི་(འབྱུང་བ་)སྟོང་པ་(ནམ་མཁའ་)ཉིད་ཀྱི་[བདག་ཉིད་]ཅན་གྱི་ལུས་ལས་ སེམས་ཀྱི་བག་ཆགས་ཙམ་(གྱི་ཁུ་བ་)སྒྲའི་ཡོན་ཏན་གྱི་བདག་ཉིད་ཅན་(འཕོ་བ་ཡིན་)ནོ། །ཁུ་ བ་ཡང་ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་ཡོན་ཏན། དྲི་དང་གཟུགས་དང་རོ་དང་རེག་བྱ་ རྣམས་སྤངས་པའོ། །དེ་ལྟར་ས་ལ་སོགས་པ་(ལྔ་པོ་)རྣམས་ཀྱི་ཡོན་ཏན་རྣམས། འདིར་གཙོ་ བོ་དང་ཕལ་པའི་ཡོན་ཏན་ཡོད་{དོ[དེ]། །གཞན་དུ་ན་ཡོན་ཏན་འདུས་པ་(སྟེ་ཕལ་པ་)རྣམས་ མེད་ན་ཡོན་ཏན་གཅིག་གིས་འཁོར་བའི་བག་ཆགས་སུ་མི་འགྱུར་ཏེ། (ནམ་མཁའ་མ་གཏོགས་པ་) བཞི་པོ་རྣམས་(ཁམས་རེ་རེ་ལ་ཀུན་ལྡན་)ཞེས་བྱའོ། །དེ་ལྟར་སྲིད་པ་(གསུམ་པོ་)རྣམས་ནི་(ལྔ་ཆར་ ཚང་པ་)དམྱལ་བ་དང༌། ཡིད་བཏགས་དང༌། དུད་འགྲོ་དང༌། མི་དང༌། ལྷ་མ་ཡིན་དང༌། (བཞི་ ཚང་བ་)རྒྱལ་ཆེན་རིགས་བཞི་དང༌། སུམ་ཅུ་རྩ་གསུམ་དང༌། འཐབ་བྲལ་དང༌། དགའ་ལྡན་ དང༌། འཕྲུལ་དགའ་དང༌། གཞན་འཕྲུལ་དབང་བྱེད་དེ་འདོད་པ་བཅུ་གཅིག་གོ། (གསུམ་ཚང་ པ་)ཚངས་{རིས་[རིགས་]དང༌། ཚངས་པ་འདུན་ན་འདོན་དང༌། ཚངས་པ་ཆེན་པོ་དང༌། འོད་ ཆུང་དང༌། འོད་གསལ་དང༌། ཚད་མེད་འོད་དང༌། དགེ་ཆུང་དང༌། ཚད་མེད་དགེ་དང༌། དགེ་ རྒྱས་དང༌། སྤྲིན་མེད་དང༌། བསོད་ནམས་སྐྱེས་དང༌། འབྲས་བུ་ཆེ་[བ་]དང༌། མི་ཆེ་བ་དང༌། མི་གདུང་པ་དང༌། གྱ་ནོམ་སྣང་དང༌། འོག་མིན་ཏེ་གཟུགས་ཁམས་བཅུ་དྲུག་གོ། (གཅིག་ལས་ མེད་པ་)ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང༌། ཅི་ཡང་ 1-1-254 མེད་པའི་སྐྱེ་མཆེད་དང༌། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དེ་གཟུགས་མེད་ བཞིའོ། ། ༈ དེ་ལྟར་ཀའདོད་པ་(༡༡)དང༌། ཁགཟུགས་(༡༦)དང༌། གགཟུགས་མེད་པ་བཞི་པོ་རྣམས་ འཕོ་བའི་དུས་སུ་གོ་རིམ་བཞིན་དུ། (དྲི་གཟུགས་རོ་རེག་སྒྲ་)ཀལྔ་དང༌། (གཟུགས་རོ་རེག་སྒྲ་)ཁབཞི་ དང༌། (རོ་རེག་སྒྲ་) གགསུམ་དང༌། {གཉིས་དང༌། } (སྒྲ་)ངགཅིག་གི་ཡོན་ཏན་གྱི་བདག་ཉིད་ཅན་ གྱི་ཁུ་{བ་ནི་[བའི་](ས་བོན་ལ་ཁམས་<དུ་>ཡོད་པ་དང་)སེམས་ཀྱི་བག་ཆགས་ཀྱི་(ཁམས་སུ་ཡོད་པ་ མཉམ་པའི་)དབང་གིས་འབྱུང་སྟེ། གཞན་དུ་ན་འཁོར་བར་(འཁྱམ་པར་)མི་འགྱུར་རོ། །རྒྱུ་མཚན་ དེས་ན་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ(འི་ང་བརྒྱད་པ)ལས། ས་(ལ་ཡོན་ཏན་ ལྔ་)དང་ཆུ(བཞི་)དང་མེ་(གསུམ་)དང་རླུང་(གཉིས་)དང་རོ་(ནམ་མཁའ་སྒྲ་གཅིག་པུ་)དང་རོ་མཆོག་ཉིད་ (ཡེ་ཤེས་)དང་རྡུལ་ཕྲན་རྣམ་པ་དྲུག་རྣམས་ནི། །དྲི་ལ་སོགས་པ་རེ་རེས་དམན་པ་ཡུལ་དང་རྣམ་ པར་བྲལ་བ་ཐ་མ་ཡེ་ཤེས་སྣང་པ་(དྲུག་པ་)སྟེ། །ཀའདོད་པ་(༡༡)གགཟུགས་(༡༦)དང་གཟུགས་ མེད་(༤)རྣམས་ལ་(འདོད་ཁམས་པ་ལ་ལྔ་ཀ་ཡོད་ཀྱང་ས་ཆུ། ) (གཉིས་གཙོ་)གཤིན་རྗེ་(གཟུགས་ཁམས་པ་ལ་ལྔ་ག་ ཡོད་ཀྱང་མེ་རླུང༌། ) ཁགཤིན་རྗེ་(གཟུགས་མེད་པ་ལ་ལྔ་ག་ཡོད་ཀྱང་ནམ་མཁའ་གཙོ་ཆེ་)རི་བོང་ཅན་(གཅིག་གཙོ་བོ་) དང་ཐ་མ་(དྲུག་པ་)ཆོས་ཀྱི་དབྱིངས(ཀྱི་ཡེ་ཤེས)། །དེ་ཉིད་རྟག་པར་རྣམ་པ་ཀུན་ཏུ་འཛག་མེད་(དུ་ གནས་ན་)ལྷན་ཅིག་སྐྱེས་པའི་བདེ་བ་(ཆེན་པོ་)ཀུན་གྱི་རྟེན་དུ་འགྱུར(རོ)། །ཞེས་གསུངས་སོ། ། ༈ (དེ་ལྟར་རྒྱུད་དུ་གསུངས་པའི་)རྒྱུ་མཚན་དེས་ན་སེམས་ཅན་རྣམས་ཀྱི་བསམ་པ(དང་སྦྱར་བ)འི་ དབང་གིས་བདེ་བར་གཤེགས་པས་(དམ་པའི་)ཆོས་བསྟན་པ་ནི་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་ པ་དང༌། རྣལ་འབྱོར་སྤྱོད་པ་པ་དང༌། དབུ་མ་པ་རྣམས་ལ་སྟེ། དེ་རྣམས་ལ་བྱེ་བྲག་ཏུ་སྨྲ་བ་ ལ་སྐྱེ་བའི་ཆ་ལ་འཇུག་པའི་སེམས་(གང་ཟག་)རབ་ཏུ་གསལ་བར་བྱེད་པའི་གཞུང་བསྟན་ཏོ། ། མདོ་སྡེ་པ་ལ་དོན་<རྡུལ་ཕྲན་>རབ་ཏུ་གསལ་བར་བྱེད་པའི་གཞུང་བསྟན་ཏོ། །རྣལ་འབྱོར་ 1-1-255 སྤྱོད་པ་པ་<ཕྱི་རོལ་>ལ་རྣམ་པར་ཤེས་པ་(སེམས་)ཙམ་རབ་ཏུ་གསལ་བར་བྱེད་པའི་གཞུང་ བསྟན་ཏོ། །དབུ་མ་པ་ལ་དོན་དམ་པའི་དེ་ཁོ་ན་ཉིད་(རང་བཞིན་སྟོང་པ་)རབ་ཏུ་གསལ་བར་བྱེད་ པའི་གཞུང་བསྟན་ཏོ། །དེ་ཡང་གདུལ་{བྱ་[བྱའི]སེམས་ཅན་(སྐལ་བ་)རིང་པར་གྱུར་པ་(ཕྱི་ རོལ་པ་)དང༌། ཉེ་བར་གྱུར་(པ་སངས་རྒྱས་)པའི་བསམ་པ(དང་ཁམས་དང་རང་བཞིན་དང་བག་ལ་ཉལ་བ)འི་ དབང་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའོ། ། ༈ འདིར་སེམས་ཅན་རྣམས་ཐོག་མ་མེད་པའི་དུས་ནས་ཀམུ་སྟེགས་པ་དང༌། ཁལྷ་ དང༌། གའབྱུང་པོ་དང༌། ངལྷ་མ་ཡིན་གྱི་ཆོས་ལ་དགའ་བ་རྣམས། ཐམས་ཅད་མཁྱེན་པའི་ ལམ་ཉམས་པ་(མི་)རིགས་བཞིའི་རིགས་གཅིག་<བྲམ་ཟེ་>{ལ་[ལས་]སེམས་པ(འབྲས་བུ)། མཐོ་རིས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པར་འདོད་པ་དེ་དག བྱེད་ཀཔ་པོ་(ཁྱབ་འཇུག་) དང༌། བདག་(རྟག་པ་ཉིད་)དུ་སྨྲ་བ་དང༌། སྒྲར་(རྟག་པ་)སྨྲ་བ་དང༌། (ལྷ་)ཁདབང་ཕྱུག་(རྒྱུ་ཉིད་)དུ་ སྨྲ་བ་དང༌། རིགས་(བཞི་ཐ་དད་)སུ་སྨྲ་བའི་ལྷ་དང༌། (འབྱུང་པོ་)གཡིད་བཏགས་ཀྱི་ཆོས་ལ་བརྟེན་ པ་རྣམས་སོ། །ངཀླ་ཀློ་ལྷ་མ་ཡིན་གྱི་ཆོས་ལ་བརྟེན་པ་རྣམས་ཀྱིས་བྱེད་པ་པོ(ཡོད་པ)ར་སྨྲ་བ་ དང༌། (ཤིང་ལ་སོགས་པ་)སྲོག་(ཡོད་པ་ཉིད་)དུ་སྨྲ་བ་དང༌། རིགས་སུ་སྨྲ་བ་(དེ་དག་)སྤངས་པ་རྣམས་ ཏེ། ཀླ་ཀློ་དང་(ཕྱི་རོལ་པ་)དེ་དག་རྣམས་གཟུང་པའི་ཐབས་སུ་(བྱེ་བྲག་སྨྲ་བ་དང་མཐུན་པར)རྡུལ་ཕྲ་ རབ་ཚོགས་པར་འཛིན་པ་དང༌། རྫུས་ཏེ་སྐྱེ་བའི་{ཆའི་[ཆ་]གང་ཟག་ལ་འཛིན་པའི་ཞེས་ པའོ། །འདི་དག་གི་བསམ་པ་རྣམས་ནི་གལ་ཏེ་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ ལུས་ཀྱི་ནང་དུ་རྟོགས་པའི་རྫུས་སྐྱེས་ཀྱི་ཆ(འཛིན་པ)འི་གང་ཟག་མེད་ན། རྡུལ་ཕྲ་རབ་ཚོགས་ པའི་བདག་{ཉིད་ཅན་}གྱི་ལུས་ཞིག་པར་གྱུར་ནས་(བརྫུས་སྐྱེས་མེད་ན་)གཞན་གང་{གི་[གིས་] ལུས་འཛིན་པར་བྱེད་པར་འགྱུར། དེའི་ཕྱིར་རྫུས་ཏེ་སྐྱེ་བའི་གང་ཟག་ཡོད་དོ། །(རྫུས་སྐྱེས་ཀྱི་གང་ ཟག་)དེས་བསྒྲུབས་པས་མཐོ་རིས་འབྲས་བུ་མྱ་ངན་ལས་འདས་(པ་ཐོབ་)པར་འགྱུར་ཏེ། མཐོ་ 1-1-256 རིས་འབྲས་བུ་ལས་གཞན་(པའི་)མྱ་ངན་ལས་འདས་པ་མེད་པར་འགྱུར་རོ། (སྙམ་པའི་དོན་)། དེ་ ཁོ་ན་{ཉིད་}འདྲི་བའི་དུས་སུ་དེ་རྣམས་རང་རང་གི་བསམ་པ་དེ་ཉིད་རིག་པའི་བཅོམ་ལྡན་ འདས་ཀྱི་མངོན་པར་ཤེས་པས་ཤེས་<ཏེ་མཁྱེན་>ནས། དེ་རྣམས་དང་མཐུན་པར་གསུངས་པ་ ཁུར་ཁུར་བ(ལྟ་བུ)འི་གང་ཟག་ཡོད་དེ། རྟག་ཅེས་ཀྱང་མི་བརྗོད། མི་རྟག་ཅེས་ཀྱང་མི་བརྗོད་ ཞེས་སོ། །བཅོམ་ལྡན་འདས་ཀྱི་གསུང་(ངེད་ཀྱི་བསམ་པ་དང་མཐུན་པས་)དེ་ཉིད་བདེན་ཏེ། (བདེན་པའི་ རྒྱུ་མཚན་)རྨི་ལམ་གྱི་གནས་སྐབས་ན་སེམས་ཀྱི་བག་ཆགས་(སྣང་པ་)ནི་གང་ཟག་སྟེ། (དེ་)རྟག་ པ་མ་ཡིན་པ་དང༌། མི་རྟག་པ་མ་ཡིན་པར་གསུང་པར་ནུས་པས། (སྟོན་པ་)དེ་བཞིན་གཤེགས་ པའི་བཀའ་འདིས་(ཇི་ལྟར་འགྱུར་ན་)ཀླ་ཀློའི་ཆོས་བཏང་ནས་<ནང་པ་>སངས་རྒྱས་པའི་བྱེ་བྲག་ ཏུ་སྨྲ་བར་འགྱུར་རོ། །ཡང་(འཁོར་)བྱང་ཆུབ་སེམས་དཔའ་རྣམས་ལ་(བཅོམ་ལྡན་འདས་)འཇིག་ རྟེན་ལས་འདས་(པ་བདག་མེད་)པའི་ཆོས་གསུངས་པ་ཐོས་པས་{འདིར་}གང་ཟག་གི་(བདག་ཏུ་) འཛིན་པ་ཡོངས་སུ་དོར་ནས། ཁ་ཅིག་(ཁད་ཀྱིས་)ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ ལམ་ལ་བརྟེན་པ་ནི། (གང་ན་)མདོ་སྡེ་པ་རྣམས་རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཅན་གྱི་ གཟུང་པ(འི་ཡུལ་)ཡོད་པ་སྟེ། (ཕྱི་རོལ་གྱི་)དོན་སྨྲ་བ་རྣམས་ཀྱི་བསམ་པ་དེ་གང་གི་ཚེ་(འདུས་མ་བྱས་) ནམ་མཁའི་ཁོངས་སུ་ཚུད་པའི་བརྟན་པ་(སྣོད་)དང་གཡོ་བའི་(བཅུད་ཀྱི་)དངོས་པོ་མེད་ན་བདེ་ འགྲོ་(གསུམ་)དང་ངན་འགྲོ་(གསུམ་)མེད་དོ། །(དེ་དག་མེད་ན་)དེའི་ཚེ་འཇིག་རྟེན་(ཁམས་)གསུམ་ ཞེས་བྱ་བ་མེད་པས་འཁོར་བ་མེད་དོ། །དེ་བཞིན་དུ་(རྒྱུ་)སེམས་ཅན་མེད་ན་(འབྲས་བུ་)མཆོག་ ཏུ་མྱ་ངན་ལས་འདས་པ་ཡང་མེད་པས་སངས་རྒྱས་མེད་དོ། །(བརྟན་གཡོའི་)རྫས་ཀྱི་དངོས་པ་ མེད་ན་བཅོམ་ལྡན་འདས་ཀྱི་(རྨད་དུ་བྱུང་བའི་)གདུང་(སེམས་ཅན་རྣམས་ལ་)ཡང་དག་པར་བསྟན་པ་ མེད་དོ། །སྙམ་པ་རྣམས་ཀྱི་ཕྱིར། དེ་བཞིན་དུ་དེ་ཁོ་ན་ཉིད་(ལྟ་བའི་)འདྲི་བའི་དུས་སུ་(བྱེ་བྲག་ ཏུ་སྨྲ་བ་)དེ་རྣམས་ཀྱི་བསམ་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་གསུངས་པ་རྡུལ་ཕྲ་རབ་ 1-1-257 ཀྱི་ཚོགས་འདུས་པའི་བདག་ཉིད་(སྲིད་པ་)མཐར་ཐུག་པའི་ལུས་གང་ཞིག་ནུས་པས་སྐྱེས་བུ་ ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ (གྲོང་ནས་)ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་དེ་ཉིད་བདེན་དེ། (དགོས་པ་)བཅོམ་ལྡན་ འདས་ཀྱི་གདུང་(མོས་པའི་རྟེན་དུ་)ཡོད་པར་བསྟན་པའི་ཕྱིར་རོ། །དེ་བཞིན་དུ་<བཅོམ་ལྡན་འདས་ མཆོག་གི་སྤྲུལ་སྐུ་>རྡུལ་ཕྲ་རབ་འདུས་པའི་བདག་ཉིད་ཅན་གྱི་ལུས་ཀྱི་ནུས་པ་(བྱེ་བྲག་ཏུ་སྨྲ་བ་དང་ ལྟ་བ་མཐུན་པས་)ཐོས་ནས་རིགས་སུ་སྨྲ་བ་དང༌། དབང་ཕྱུག་ཏུ་སྨྲ་བ་དང༌། བྱེད་པ་པོར་སྨྲ་བ་ རྣམས་བཏང་ནས། སངས་རྒྱས་པའི་མདོ་སྡེ་པར་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་ རྣམས་ལ་(བཅོམ་ལྡན་འདས་ཀྱིས་)འཇིག་རྟེན་{ལས་འདས་}པའི་ཆོས་གསུངས་པ་(མདོ་སྡེ་པ་)ཁ་ ཅིག་གིས་ཐོས་ནས་དེ་བཞིན་དུ་(ཕྱི་རོལ་གྱི་)དོན་ལ་ཞེན་པ་བཏང་ནས་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱི་ལམ་ལ་བརྟེན་པར་འགྱུར་བ་ནི། རྣལ་འབྱོར་[སྤྱོད་]པ་རྣམས་རྣམ་པ་ ཤེས་པར་(ཙམ་)འཛིན་པ་ཡོད་{པ་[པས་]དེ་རྣམས་ཀྱི་རྣམ་པར་ཤེས་པར་སྨྲ་བའི་བསམ་ པའི་དབང་དུ་བྱས་ནས་(ཇི་ལྟར་གསུངས་ན་)ཁམས་གསུམ་པ་ཐམས་ཅད་རྣམ་པར་ཤེས་པ་ཙམ་ མོ། །རྡུལ་ཕྲ་རབ་<ཆ་མེད་>རྣམས་མེད་དེ་ཆ་དྲུག་གི་ཆ་རུ་འགྱུར་བའི་ཕྱིར་རོ། །(མངོན་པ་མཛོད་ ལས། དྲུག་གིས་གཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་{ཙམ་ དུ་ནི་[ཕྲན་གཅིག་ཏུ་]འགྱུར། །ཅེས་སོ། །)ཇི་ལྟར་(དེ་དཔེར་ན་)རྨི་ལམ་གྱི་གནས་སྐབས་ན་རྡུལ་ཕྲ་རབ་ ཀྱི་རྫས་(གྲུབ་པ་)མེད་ཀྱང༌། སེམས་རབ་ཏུ་གསལ་བ་ཙམ་གྱི་དོན་(སྣང་)གྱི་བྱ་བ་ལ་འཇུག་པ་ ཡོད་པ་ལྟར། (དཔེ་)དེ་བཞིན་དུ་སད་པའི་གནས་སྐབས་ནའང་དོན་(སྣང་)རྫུན་པར་གྱུར་ཀྱང་ (ཕྱིའི་)དོན་ཡོད་པ(ལྟ)ར་སྣང་པ་ནི། (དཔེར་ན་)རབ་རིབ་ཀྱི་དྲི་མས་གོས་པའི་མིག་སྔར་སྐྲ་ཤད་ ཀྱི་དོག་པ་(འཛག་པར་སྣང་བ་)དང༌། མཁྲིས་ནད་ཅན་ལ་དུང་སེར་པོ(ར་སྣང་བ་)བཞིན་ནོ། །དེ་ལྟར་ དེ་ཁོ་ན་ཉིད་(ཀྱི་ལྟ་བ་)འདྲི་བའི་དུས་སུ་སེམས་ཀྱི་བསམ་པ་(སོགས་)མཁྱེན་ནས་བཅོམ་ལྡན་ 1-1-258 འདས་ཀྱིས་ཁམས་གསུམ་པ་(ཐམས་ཅད་)རྣམ་པར་<རྟོག་པའི་> ཤེས་པ་ཙམ་དུ་གསུངས་ཏེ། རྣམ་པར་(རྟོག་པའི་)ཤེས་པ་ལས་གཞན་(པའི་)འཁོར་བ་(པ་)མེད་དོ། །(རྒྱུ་མཚན་)དེའི་ཕྱིར་འཇིག་ རྟེན་པའི་རྣམ་པར་(རྟོག་པའི་)ཤེས་པ་འགགས་ན་སྲིད་པ(འཁོར་བ)འི་ས་བོན་ཉིད་འགགས་པས་ (དེ་ཉིད་)མྱ་ངན་ལས་འདས་པ་ཞེས་གསུངས་པ་དེ་ནི་བདེན་ཏེ། བེམ་པོ་མ་ཡིན་པ(འི་ཤེས་པ་) ལ་བདེ་བ་དང་སྡུག་བསྔལ་[བ་]རབ་ཏུ་འབྱུང་པར་འགྱུར་བ<འི་ཤེས་པ>ས། (རྣམ་པར་ཤེས་པ་) བེམ་པོ་མ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་(དང་ལྡན་པ་)འཁོར་བར་ཡོངས་སུ་གྲགས་སོ། ། (བདེ་སྡུག་)དེ་མེད་{པ་ཡོངས་སུ་[པས་]མྱ་ངན་ལས་འདས་པའོ། །དེ་ལྟར་བཅོམ་ལྡན་འདས་ ཀྱི་གསུང་(མདོ་སྡེ་པ་དང་མཐུན་པ་)ཐོས་ནས་བྱེད་པ་པོ་དང་བདག་ཏུ་སྨྲ་བ་ཡོངས་སུ་བཏང་ནས་ སངས་རྒྱས་པའི་རྣལ་འབྱོར་སྤྱོད་པ་(སེམས་ཙམ་)པར་འགྱུར་རོ། །ཡང་བྱང་ཆུབ་སེམས་དཔའ་ རྣམས་ལ་འཇིག་རྟེན་ལས་འདས་པའི་ཆོས་གསུངས་པ་(རྣལ་འབྱོར་སྤྱོད་པ་བ་)ཁ་ཅིག་གིས་ཐོས་ ནས་རྣམ་པར་ཤེས་པར་སྨྲ་བ་ཡོངས་སུ་དོར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ ལམ་ལ་བརྟེན་པར་འགྱུར་བ་ནི་དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་ལས། (གཟུང་འཛིན་)སྒྱུ་མ(ར་ སྣང་བ་)ཆེན་མོ(ས་རྟོག་འཁྲུལ་འཇོམས་པ་)དྲག་ཆེན་མོ། །འབྱུང་(པ་རྣམས་བདེ་ཆེན་དུ་)དང་སྡུད་པར་བྱེད་ པ་མོ། །ཞེས་པའོ། །དེ་ལྟར་སེམས་ཅན་(རྣམས་)གྱི་བསམ་པའི་དབང་གིས་བཅོམ་ལྡན་འདས་ {ཀྱི་[ཀྱིས་]ཆོས་(རིམ་པ་བཞིར་)བསྟན་ཏེ། བཅོམ་ལྡན་འདས་དེས་(ཕྱི་རོལ་པའི་<འདོད་པ་>)གྲེ་བ་ དང་རྐན་དང་སྤྱི་བོ་དང་སོ་དང༌། མཆུ་རྣམས་ལས་བྱུང་བའི་སྒྲ་(ལེགས་སྦྱར་ལྟ་བུ་)ཕྱོགས་གཅིག་ པས་མ་ཡིན་ཏེ། [དེ་]ཅིའི་ཕྱིར་ཞེ་ན། སེམས་ཅན་དཔག་ཏུ་མེད་ཅིང་མཐའ་ཡས་པའི་<སྒྲ་> སྐད་ཀྱི་ཕྱིར་རོ། །འདིར་ཕྱི་རོལ་པའི་(འདོད་པ་)ཕྱོགས་གཅིག་པའི་སྐད་ཀྱིས་དཔག་ཏུ་མེད་ ཅིང་མཐའ་ཡས་པའི་སེམས་ཅན་(རྣམས་)རང་རང་གི་སྐད་ཀྱིས་ཆོས་སྟོན་པ། (དུས་)བསྐལ་པ་ དུ་མས་ཀྱང་ནུས་པ་མ་ཡིན་ནོ། །(རྒྱུ་མཚན་)དེའི་ཕྱིར་སེམས་ཅན་གྱི་(མོས་པ་སྣ་ཚོགས་)བསམ་པའི་ 1-1-259 དབང་གིས་བཅོམ་འདས་ཀྱི་གསུང་(སྣ་ཚོགས་ཉིད་)དུ་མི་འགྱུར་རོ། །སེམས་ཅན་གྱི་བསམ་པའི་ དབང་གིས་བཅོམ་ལྡན་འདས་གཟུང་པ་དང་འཛིན་(པའི་རྟོག་)པས་འཁོར་བ་པར་འགྱུར་བ་ སྟེ། དེའི་ཕྱིར་སེམས་ཅན་རྣམས་ཀྱི་སྐྱེ་བ་(སྔ་མ་)གཞན་གྱི་བག་ཆགས་ཀྱི་སྟོབས་{ཀྱིས་[ཀྱི་] (དཔེར་ན་)རྨི་ལམ་གྱི་ལས་བསྐྱེད་པ་མེད་པ་བཞིན་(དུ་)བཅོམ་ལྡན་འདས་ཀྱི་སྐུ་(གང་ལ་གང་འདུལ་) སོ་སོར་སྣང་པ་དང༌། གསུང་སོ་སོར་སྣང་པར་འགྱུར་རོ། །ཇི་ལྟར་(དེ་དཔེར་ན་)རྨི་ལམ་དུ་(སྣང་ པ་)སློབ་མས་མཁན་པོ་མཐོང་པ་ལ་ཐེ་ཚོམ་{གྱི་[གྱིས་]དོན་(གཅོད་པ་)དྲི་བ་དང༌། མཁན་པོས་ ཀྱང་སློབ་མ་རྣམས་ཀྱི་ཐེ་ཚོམ་གྱི་དོན་(བཅད་ནས་)ཐེ་ཚོམ་མེད་པར་(སེལ་བར་)བྱེད་དོ། །མཁན་ པོ་(བདེན་པ་)ནི་མེད་དེ་སློབ་མའི་(སྔར་གྱི་)སེམས་ཀྱི་བག་ཆགས་(མཁན་པོ་སོགས་)སོ་སོར་སྣང་ པའོ། །(དཔེ་)དེ་བཞིན་དུ་སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ལ་རང་གི་སེམས་(སྐུ་ གསུང་དུ་)སོ་སོར་སྣང་པ་སྟེ། བཅོམ་ལྡན་འདས་ལ་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་(སྟེ་ཆོས་ ཉིད་ལས་མི་གཡོ་བས་སོ། །རྟག་ཏུ་ངུ་ལ་སྣང་པ་བཞིན་ནོ)ཅེས་སོ། ། ༈ རྒྱུ་མཚན་དེས་ན་སངས་རྒྱས་པ་རྣམ་པ་བཞིའི་སེམས་ཀྱི་བག་ཆགས་ཀྱི་སྟོབས་ ཀྱིས། བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་ཏུ་སྨྲ་བ་<བྱེ་བྲག་ཏུ་སྨྲ་བ་>རྣམས་ལ་གང་ཟག་མི་ རྟག་པ་བསྒོམ་པ་གསུངས་སོ། །དོན་དུ་སྨྲ་བ་<མདོ་སྡེ་པ་>རྣམས་ལ་ས་ལ་སོགས་པའི་ཟད་ པར་བསྒོམ་པ་དང༌། རྣམ་པར་ཤེས་པ་[སྨྲ་བ་]<སེམས་ཙམ་པ་>རྣམས་ལ་རྣམ་པར་རིག་པ་ ཙམ་གྱི་ཏིང་ངེ་འཛིན་དང༌། (མཐའ་བྲལ་རབ་ཏུ་མི་གནས་པར་སྨྲ་བ་)དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུ་ དང༌། (ཟུང་འཇུག་རབ་ཏུ་མི་གནས་པར་བསྒོམ་པ་རྣམས་ལ་) མཆོག་ཏུ་མི་འགྱུར་བའི་གཉིས་སུ་མེད་པའི་ ཡེ་ཤེས་བསྒོམ་པ་རྣམས་(གསུངས་)སོ། །དེ་བཞིན་དུ་གང་ཟག་ལ་བདག་མེད་པ་༡དང༌། ༣ཆོས་ ལ་བདག་མེད་པ་༢ཞེས་བྱ་སྟེ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་[སྤྱོད་]པ་ རྣམས་ཀྱི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །༤དབུ་མ་པ་རྣམས་ཀྱི་ 1-1-260 ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དོར་ནས་རབ་ཏུ་མི་གནས་པའི་མྱ་ངན་ འདས་པ་རྒྱུ་དང་འབྲས་བུ་འགགས་པའི་ཕྱིར་(དྲན་མེད་)ཤིན་དུ་གཉིད་ལོག་པ་(སྣ་ཚོགས་ལ་རྟོག་པ་) དང༌། སད་པའི་གནས་སྐབས་སྤངས་པ་(མེད་ཀྱང་སྣང་བ་)རྨི་ལམ་དང་(བདེ་བ་ཆེན་པོ་)བཞི་པ་ལྟ་ བུ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་བརྗོད་པ་ལས། (གཞི་ཉོན་མོངས་ པའི་)ཕུང་པོ་(དང་ཁམས་དང་སྐྱེ་མཆེད་)ཀུན་ལས་རྣམ་པར་གྲོལ(དེ་)། །ནམ་མཁའི་ལམ་ལ་རབ་(ཏུ་) གནས་པ(ལས)། །(འབྲས་བུ་)ཡིད་བཞིན་ནོར་བུ་ཆེན་པོ་(རྟོག་པ་མེད་ཀྱང་དགོས་འདོད་ཐམས་ཅད་འབྱུང་པ་ བཞིན་ཐིག་ལེ་གཙུག་ཏོར་དུ་)འཆང་(པའི)། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག ། ཞེས་གསུངས་སོ། ། (རྒྱུ་མཚན་)དེས་ན་ཕྱོགས་(གཉིས་)སུ་འཛིན་པ་(ཐམས་ཅད་)སྤངས་པའི་ཕུང་པོ་ལྷག་མ་མེད་པའི་ མྱ་ངན་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། ། ༈ འོན་ཏེ་རྨི་ལམ་གྱི་གནས་སྐབས་ན་བེམ་པོའི་ཆོས་ཅན་(རྫས་སུ་གྲུབ་པ་)མེད་པའི་བེམ་ པོ་མ་ཡིན་པར་(སྣ་ཚོགས་)སོ་སོར་སྣང་{པ་[པར་]མཐོང་པ་ནི་(རང་གི་)སེམས་ཀྱི་བག་ཆགས་ ཀྱི་དབང་གིས་ཏེ། སད་པའི་གནས་སྐབས་སུ་ཡང་བེམ་པོའི་ཆོས་ཅན་(རྫས་སུ་གྲུབ་པ་)མེད་ པའི་བེམ་པོ་མ་ཡིན་པའི་(རང་སེམས་)སོ་སོར་སྣང་པ་<ར་ཟེར་>(དུ་བ་ལྟ་བུ་སོགས་)མཐོང་པ་{མེད་ པ་}ནི་(དཔེ་གཟུགས་ཡོད་ན་དེའི་རྐྱེན་གྱིས་སྣང་བ་)མེ་ལོང་ནང་གི་གཟུགས་བརྙན་བཞིན་ནོ། །(སད་པའི་) གནས་སྐབས་འདིར་རྣལ་འབྱོར་པའི་བསྒོམ་པ་སོ་སོར་སྣང་པ་{ལ་}ཡང་རྣམ་པ་གཉིས་སུ་ གསལ་བ་སྟེ། (ནམ་མཁའི་ཟླ་བ་)ཆུ་(ནང་དུ་སྣང་བའི་) ཟླ་ལྟ་བུ་དང༌། ཆོས་ཅན་(བྱད་)ལ་ཡོད་པའི་ ཆོས་(མེ་ལོང་དུ་སྣང་བས་)སོ། །(སད་པ་)དེའི་གནས་སྐབས་ན་རྣལ་འབྱོར་(པའི་བསྒོམ་)པས་<དུ་བ་ལྟ་བུ་ ལ་སོགས་པ་>བེམ་པོའི་ཆོས་མེད་པར་རྨི་ལམ་དང་མཚུངས་པའི་(དུ་བ་ལྟ་བུ་ལ་སོགས་པ་)བེམ་པོ་མ་ ཡིན་པའི་ཆོས་རྟོག་(པས་བརྟགས་)པ་མེད་པ་དང༌། སྐྱེ་བ་མེད་པ(འི་སྣང་པ་)དང༌། (བེམས་པོའི་<ཆད་ པའི་>སྟོང་པ་ཉིད་མ་ཡིན་པ་སེམས་{ཀྱི་[ཀྱིས་]ནམ་མཁའ་ལ་(དུ་བ་ལྟ་བུ་ལ་སོགས་པ་)མཐོང་པ་ 1-1-261 འདི་ཉིད་མ་གྲུབ་པའོ། །ཅིའི་ཕྱིར་ན་ཡོད་[པ་མ་ཡིན་]པའི་ཆོས་ཅན་(བུམ་པ་<དབུ་མ་>ལྟ་བུ་) ལ་<སྣང་བའི་>ཆོས་རྣམ་པར་{དཔྱད་[སྤྱོད་]པའི་ཕྱིར་དང༌། (གཟུགས་བརྙན་དང་ཆུ་ཟླ་ལ་)སྒྱུ་མ<འི་ དཔེ་བཅུ་གཉིས་>ལྟ་བུར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་{དང་}། <དུ་བ་ལྟ་བུ་སོགས་> བེམ་པོའི་ཆོས་ཅན་<རྫས་སུ་གྲུབ་པ་>མེད་པར་བེམ་པོ་མ་ཡིན་པའི་(སྟོང་པ་ཉིད་)སོ་སོར་སྣང་ པ་(དུ་བ་ལྟ་བུ་ལ་སོགས་པ་)ནི་ཏིང་ངེ་འཛིན་གྱིས་མཐོང་པ་མེད་ཅེས་འདིར་(ཆོས་ཅན་རྟོག་ཅན་)ཁ་ཅིག་ བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་གང་བརྗོད་པ་བེམ་པོའི་སེམས་ཀྱི་བག་ཆགས་ ལ་མངོན་པར་དགའ་(ཞིང་ཞེན་)བ་རྣམས་ཀྱིས་གང་{སྨྲས་པའི་[བརྗོད་པ་]སད་པའི་གནས་ སྐབས་སུ་བེམ་པོའི་ཆོས་ཅན་(དངོས་པོ་)མེད་པར་བེམ་པོ་མ་ཡིན་པའི་སོ་སོར་སྣང་པ་མཐོང་ པ་མེད་པ་དེ་ནི་མ་ཡིན་ཏེ། (དེ་)ཅིའི་ཕྱིར་{ཞེ་}ན། པྲ་ཕབ་པས་བེམ་པོའི་ཆོས་ཅན་<དངོས་པོ་> མེད་པར་བེམ་པོ་མ་ཡིན་པའི་སོ་སོར་སྣང་པ་མཐོང་པའི་ཕྱིར་རོ། །(དེ་ཡང་)དཔེར་ན་གཞོན་ ནུ་མ་ལ་པྲ་ཕབ་པས། (འབེབས་མཁན་གྱི་)སྔགས་དང་ལྷ་{འི་[ཡིས་]བྱིན་གྱིས་བརླབས་{ཀྱི་ [པའི་]སྟོབས་ཀྱིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་པའི་(ལྐོག་ཏུ་གྱུར་པའི་)ཆོས་ རྣམས་བེམས་པོ་མ་ཡིན་པའི་སོ་སོར་སྣང་པ་མཐོང་པ་སྟེ། འདས་པ་དང༌། མ་འོངས་པ་དང་ད་ ལྟར་བྱུང་བའི་(ལྐོག་ཏུ་གྱུར་པའི་)བེམ་པོའི་(ལྐོག་ཏུ་གྱུར་པའི་)ཆོས་རྣམས་མེ་ལོང་ལ་(རྐུན་པོའི་)བཞིན་ མངོན་པར་ཕྱོགས་པ་ལས་ཀྱང་(མཐོང་པ་)མ་ཡིན་པ་དང༌། (དྲུང་ན་)བེམ་པོའི་ཆོས་མེད་ན་ཡང་ མེ་ལོང་ལ་(ལྐོག་ཏུ་གྱུར་པའི་)བེམ་པོ་མ་ཡིན་པའི་(ལྐོག་ཏུ་གྱུར་པའི་)སོ་སོར་སྣང་པ་མི་འབྱུང་པ་ཡང་ མ་ཡིན་ཏེ། ཆོས་དེ་ཡང་གཞོན་ནུ་མས་(བློས་)མ་བསམས་པའི་ཕྱིར་རོ། །(དཔེ་)དེ་བཞིན་དུ་ རྣལ་འབྱོར་[སྤྱོད་]པ་རང་གི་སེམས་(རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་)བྱིན་གྱིས་བརླབས་པའི་ མཐུས། (གནས་)ནམ་མཁའི་ཁམས་སུ་བེམ་པོའི་(དངོས་པོ་)ཁམས་གསུམ་པ་མེད་ན་ཡང༌། བེམ་ 1-1-262 པོ་མ་ཡིན་པའི་སོ་སོར་(རང་རིག་ཆོས་ཉིད་གཙང་མའི་)སྣང་པ་[མི་འབྱུང་པ་ཡང་མ་ཡིན་ཏེ། ཆོས་དེ་ ཡང་གཞོན་ནུ་མས་མ་བསམས་པའི་ཕྱིར་རོ། །(དཔེ་)དེ་བཞིན་དུ་རྣལ་འབྱོར་པ་རང་གི་སེམས་ (རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་)བྱིན་གྱིས་བརླབས་པའི་མཐུས། (གནས་)ནམ་མཁའི་ཁམས་ སུ་བེམ་པོའི་(དངོས་པོ་)ཁམས་གསུམ་པ་མེད་ན་ཡང༌། བེམ་པོ་མ་ཡིན་པའི་སོ་སོར་སྣང་བ་] མཐོང་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་སྒྲུབ་ཐབས་ཀྱི་ལེའུ(འི་བརྒྱ་གོ་བདུན་པ་)ལས། ཕྱག་ རྒྱ་སྒྱུ་མའི་རྗེས་སུ་མཚུངས་པ་ནམ་མཁར་སེམས་ཉིད་མེ་ལོང་ནང་གི་གཟུགས་བརྙན་བཞིན་ དུ་སྟེ། །དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་འཕྲོ་བར་བྱེད་པས་འཇིག་རྟེན་གསུམ་ པོ་སྣང་གྱུར་པ། །ཕྱི་དང་ལུས་རྣམས་ལ་ནི་ཐ་དད་མེད་པར་ཡུལ་དང་བྲལ་བའི་སྣང་པ་ཙམ་ ནི་ནམ་མཁར་གནས། །འགྲོ་བ་དུ་མའི་སེམས་ཀྱི་གཟུགས་ལ་སེམས་ཉིད་ཀྱིས་ནི་འཁྱུད་ པར་བྱེད་དེ་དེ་དག་གཅིག་པའོ། །ཞེས་གསུངས་སོ། །དེས་ན་བཅོམ་ལྡན་འདས་ཀྱིས་(རྒྱུད་དུ་) གསུངས་པའི་ཕྱིར་བེམ་པོའི་(རྫས་)ཆོས་མེད་ན་ཡང་བེམས་པོ་མ་ཡིན་པའི་ཆོས་(ཉིད་)སོ་སོར་ སྣང་པ་རྣལ་འབྱོར་པས་མཐོང་ཞེས་བྱའོ། ། ༈ འོན་{ཀྱང་[ཏེ་](བུ་མོ་)གཞོན་ནུ་མ་{ལ་[ལས་](པྲ་རྟེན་)མེ་ལོང་གི་པྲ་ཕབ་པས་ (ལྐོག་ཏུ་གྱུར་པ་)སོ་སོར་སྣང་པ་མཐོང་པ་དེ་སློབ་དཔོན་གྱི་བཀའ་དྲིན་གྱིས་ཏེ། <དེ་>ཅིའི་ཕྱིར་ ཞེ་ན། གཞོན་ནུ་མ་ལ་(པྲའི་)སློབ་དཔོན་གྱིས་སྔགས་དང་ལྷས་བྱིན་གྱིས་བརླབ་པ་བྱས་པའི་ ཕྱིར་ཏེ། འདིར་གཞོན་ནུ་མ་ལ་སློབ་དཔོན་གྱིས་སྔགས་དང་ལྷས་བྱིན་གྱིས་བརླབ་པར་བྱས་ པ་དེའི་བྱིན་[གྱི་]བརླབས་ཀྱི་དབང་གིས་གཞོན་ནུ་མ་ལ་མེ་ལོང་གི་པྲ་ཕབ་པས་སོ་སོར་སྣང་ པ་མཐོང་པ་(སློབ་དཔོན་གྱི་)སྔགས་དང་ལྷས་བྱིན་གྱིས་བརླབས་སྤངས་པ་ནི་མ་ཡིན་ཏེ། (རྒྱུ་མཚན་) དེའི་ཕྱིར་བླ་མའི་བཀའ་དྲིན་(བྱིན་བརླབས་)གྱིས་རྣལ་འབྱོར་པས་ཁམས་གསུམ་ཡང་སོ་སོར་ སྣང་པ་ཙམ་ནམ་མཁའི་ཁམས་སུ་མཐོང་ངོ་ཞེས། འདིར་(སློབ་དཔོན་)བླ་མའི་བཀའ་ལ་ཆགས་ 1-1-263 པ་ཁ་ཅིག་བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་གང་གི་ཚེ་རྨོངས་པ་རྣམས་སྨྲ་བའི་བླ་མའི་བཀའ་ དྲིན་གྱིས་གཞོན་ནུ་མ་ལ་སྔགས་དང་ལྷ་ཡིས་བྱིན་གྱིས་རློབ་པར་འགྱུར་བ་དེ་ནི་མ་ཡིན་ཏེ། (དེ་)ཅིའི་ཕྱིར་{ཞེ་}ན། སློབ་དཔོན་(རང་)ལ་མེ་ལོང་གི་པྲ་སོ་སོར་སྣང་པ་མེད་(པའི་ཕྱིར་)དོ། ། གང་གི་ཚེ་སློབ་དཔོན་<རང་>གྱི་བཀའ་དྲིན་{གྱིས་[གྱི་]གཞོན་ནུ་མ་ལ་སྔགས་དང་ལྷའི་ བྱིན་གྱིས་རློབ་པར་འགྱུར་ན། དེའི་ཚེ་སློབ་དཔོན་(རང་)ལ་ཡང་དེ་བཞིན་དུ་བྱིན་གྱིས་རློབ་ པར་ཅིས་མི་འགྱུར། དེ་ལྟར་ན་གཞོན་ནུ་མ་གང་ཞིག་ལ་(སློབ་དཔོན་གྱིས་)བྱིན་བརླབས་བྱས་ ནས། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་པའི་ལྐོག་ཏུ་གྱུར་པའི་ཡེ་ཤེས་ཅིས་ན་ (གཞོན་ནུ་མ་ལ་)འདྲི། གང་གི་ཚེ་(སློབ་དཔོན་)དེ་ཉིད་ལ་བྱིན་{གྱིས་[གྱི་]རླབས་[པ་]ཡོད་ན། དེའི་ ཚེ་མེ་ལོང་དུ་པྲ་ཕབ་{པས་[པ་]སོ་སོར་སྣང་པ་མཐོང་[པས་]རང་ཉིད་ཀྱིས་སྨྲ་བར་འགྱུར་ ཏེ། དེ་ལྟར་མ་ཡིན་པ་དེའི་ཕྱིར་སློབ་དཔོན་གྱི་བཀའ་དྲིན་གྱིས་གཞོན་ནུ་མ་{ལ་}སྔགས་དང་ ལྷ་ཡིས་བྱིན་གྱིས་བརླབས་པས་(མཐོང་ནས་)སྨྲ་བར་མི་ནུས་སོ། །(དཔེ་)དེ་བཞིན་དུ་རྣལ་འབྱོར་ པ་ལ་ཡང་(བླ་མས་བྱིན་གྱིས་རླབས་པས་མཐོང་པ་མ་ཡིན་)ཞེས་བྱའོ། །འོན་ཀྱང་གཞོན་ནུ་མ་ལ་(སློབ་དཔོན་ གྱིས་)སྔགས་དང་ལྷས་བྱིན་གྱིས་རློབ་པར་འགྱུར་བ་དེའི་[ཚེ་]རྒྱུ་མཚན་ཡོད་དེ། རྒྱུ་མཚན་ གང་གིས་ན་གཞོན་ནུ་མ་ལ་(ཕོ་མོའི་)དབང་པོ་གཉིས་ཡང་དག་པར་{སྦྱར་[སྦྱོར་](དེ་བྲུད་)བས་ (ཁམས་)འཕོ་བའི་བདེ་བ་ཉེ་བར་ཐོབ་པ་མེད་པའི་ཕྱིར། རྒྱུ་མཚན་དེས་ན་(སྔགས་དང་ལྷས་)བྱིན་ གྱིས་རློབ་པར་འགྱུར་ཏེ། གཞོན་ནུ་མ(ས་འཛག་པ)འི་བདེ་བ་(མ་མྱོང་བ་)བཞིན་ཞེས་འཇིག་རྟེན་ པ་ལ་ཡང་རབ་ཏུ་གྲགས་{པའོ[སོ]། །(རང་གི་བདེ་བ་མ་ཉམས་པའི་)རྒྱུ་མཚན་དེས་ན་གཞོན་ནུ་ མ་ལ་(རྐྱེན་)སྔགས་དང་ལྷ་ཡིས་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་མེ་ལོང་ལ་པྲ་ཕབ་པའི་ (དུས་གསུམ་)སོ་སོར་སྣང་པ་མཐོང་སྟེ། གཞན་དར་ལ་བབ་པ་ལ་ནི་(པྲ་ཕབ་པས་མཐོང་པ་)མ་ཡིན་ 1-1-264 ཏེ། དབང་པོ་གཉིས་(བྲུད་)ཀྱི་བདེ་བ་ཉེ་བར་ཐོབ་པའི་ཕྱིར་རོ། །གཞོན་ནུ་མ་ལ་ལྷས་བྱིན་ གྱིས་བརླབ་པ་དང༌། (དབང་པོ་སྦྱོར་མ་མྱོང་པའི་)དར་ལ་བབ་{པ་ལ་[མ་]ལྷས་བྱིན་གྱིས་བརླབས་ པ་དང་(ཁྱེའུ་)གཞོན་ནུ་དང༌། དར་ལ་བབ་པས་ཀྱང་མཐོང་ཞེས་བྱའོ། །(དཔེ་)དེ་བཞིན་དུ་རྣལ་ འབྱོར་པ་རྣམས་ཀྱིས་ཀྱང་(རང་ལ་ཡོད་པའི་བྱང་སེམས་)མཆོག་ཏུ་མི་འགྱུར་བའི་བདེ་བ(འི་རྒྱུ་རྣམ་པར་ མི་རྟོག་ཏིང་ངེ་འཛིན་)གོམས་པར་བྱས་པས་ཕྱི་རུ་(བྱང་སེམས་)འཛག་པའི་བདེ་བ་ཡོངས་སུ་སྤངས་ པའི་ཕྱིར། (དཔེ་)གཞོན་ནུ་མའི་གནས་སྐབས་བཞིན་དུ་(གཉིས་ཀྱིས་མཐུན་པར་)གྱུར་པས་འདས་ པ་དང་མ་འོངས་པ་དང་ད་ལྟར་བྱུང་པ་མཐོང་སྟེ། རང་གི་སེམས་བྱིན་གྱིས་བརླབས་པའི་ དབང་གིས་ཏེ། བླ་མའི་བཀའ་དྲིན་གྱིས་ནི་མ་ཡིན་ནོ། ། ༈ འོན་ཏེ་(བྱང་སེམས་)མཆོག་ཏུ་མི་འགྱུར་བའི་བདེ་བ་གོམས་པར་བྱས་པ་མེད་པ་དང༌། (ཁུ་བ་འཕོ་བ་<ཅན་>)ཚངས་པར་སྤྱོད་པ་མ་ཡིན་པས་ཀྱང་དུས་གསུམ་ཤེས་པར་(ཐམས་ཅད་མཁྱེན་ པས་)གསུངས་སོ། །(རྒྱུ་མཚན་)དེའི་ཕྱིར་ཚངས་པར་སྤྱོད་པ་(བསྲུང་པ་)མེད་ཀྱང༌། སྔགས་དང་ལྷ་ ཡིས་བྱིན་གྱིས་རློབ་པར་འགྱུར་ཏེ། (དེ་ལས་)གཞན་དུ་ན་[ནི་]ཅིའི་ཕྱིར་དུས་གསུམ་ཤེས་པར་ གསུངས་ཞེས་འདིར་(ཤེས་རྟོག་ཅན་)ཁ་ཅིག་བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་<ཤེས་རྟོག་ཅན་>བྱིས་པ་གང་ཞིག་སྨྲ་བའི་ཚངས་ པར་སྤྱོད་པ་(ལ་གནས་པ་)མ་ཡིན་པ་ལ་སྔགས་དང་ལྷ་ཡིས་བྱིན་གྱིས་བརླབས་པར་འགྱུར་བ་ དེ་ནི་མ་ཡིན་ཏེ། (དེ་)ཅིའི་ཕྱིར་ན། རྩིས་(མཁས་པར་)གོམས་པར་བྱས་པའི་དབང་གིས་(ཀྱང་) དོན་མཐོང་པ་དེའི་ཕྱིར། འདིར་དུས་གསུམ་གྱི་ཡེ་ཤེས་དེ་ཉིད་རྩིས་{ཀྱི་}ཡན་ལག་སྟེ་(ཕོ་ མོའི་དབང་པོ་ཕྲད་པ་དང་མ་ཕྲད་པའི་)སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་(པའི་ཤེས་)པའོ། །(སློབ་དཔོན་ གྱི་)གདམས་པའི་དབང་དང་(གཟའ་སྐར་ལ་སོགས་པའི་)རྩིས་ཀྱི་དབང་གིས་སྐྱེས་པའི་དུས་ཉམས་ པ་ལ་སོགས་པ་རྣམས་ཤེས་པ་སྟེ། དེ་བཞིན་དུ་གཞན་ཡང་ཤ་ཟ་མོ་བསྒྲུབ་པའི་དབང་གིས་ 1-1-265 (ཤ་ཟ་མོས་)རྣ་བར་སྨྲ་བ་དང༌། གཞན་ཡང་(དུར་ཁྲོད་ཀྱི་)ཞིང་སྐྱོང་བསྒྲུབས་ན་གང་དག་ཁ་ཅིག་ ལ་(ཞིང་སྐྱོང་ལ་)དེས་སེམས་ལ་སྤྲོ་བ་<ལ་སོགས་པ་>སྨྲ་བ་དང༌། {དེ་དག་ལས་གཞན་པའི་མ་ མོ་བསྒྲུབས་ན་གང་དག་ཁ་ཅིག་ལ་དེས་སེམས་ལ་སྤྲོ་བར་སྨྲ་བ་དང༌། } དེ་དག་ལས་གཞན་ པའི་མ་མོ་བསྒྲུབས་པས་གཞན་གྱི་ལུས་ལ་ཞུགས་ཏེ་བབས་ནས་(ཕན་གནོད་ལ་སོགས་)སྨྲ་བ་ དང༌། གཞན་ཡང་ཀླུའི་རྒྱལ་པོ་{བསྒྲུབས་[བསྒྲུབ་]ན་(ཀླུ་)དེས་སྦྲུལ་{གྱིས་སོ་[གྱི་སོས་] བཏབ་ནས་བརྒྱལ་བའི་ལུས་(ནད་པ་)ལ་ཞུགས་ནས་སྨྲ་བ་དང༌། གཞན་ཡང་མངག་གཞུག་ པ་བསྒྲུབས་ན་བསྒྲུབ་[པ་]པོའི་(བཀའ་བསྒོའི་)ངག་གིས་(མངག་གཞུག་)དེ་སེམས་ཅན་གྱི་ལུས་ ལ་ཞུགས་ནས་སེམས་ཅན་གྱི་ལུས་(ཏེ་འཁྲབ་སྤྲུགས་སོགས་)འབེབས་པར་བྱེད་པ་དང༌། གཞན་ ཡང་མཁའ་འགྲོ་མ་(རེ་བཞི་)དང་སྲིན་པོ་(ཤ་ཟ་)ལ་སོགས་པ་བསྒྲུབས་ན། (ཤ་ཟ་)དེས་སེམས་ ཅན་རྣམས་ཀྱི་ཁྲག་འཐུང་(པར་བྱེད་)པ་དང༌། གཞན་ཡང་འབྱུང་པོ་(ལྷ་མ་ཡིན་)བསྒྲུབས་ན་དེས་ སེམས་ཅན་རྣམས་ཀྱི་ལུས་ལ་ཞུགས་ནས་གཡོ་བ་དང་འདར་བ་ལ་སོགས་པ་བྱས་ནས་ འགྲོ་བ་དང༌། གཞན་ཡང་(བདུད་རིགས་ཀྱི་ལྷ་)བགེགས་དང་ལོག་འདྲེན་བསྒྲུབས་ན་[དེས་] སེམས་ཅན་རྣམས་ལ་བགེགས་(ཏེ་བར་ཆད་)བྱེད་པ་དང༌། གཞན་ཡང་ཞི་བའི་ལྷ་(པར་ན་ཤ་བ་རི་) བསྒྲུབས་ན་དེས་སེམས་ཅན་རྣམས་ལ་བསྲུང་པར་བྱེད་པ་དང༌། གཞན་ཡང་འདོད་(ཆགས་) པའི་ལྷ་(བདེ་བྱེད་)བསྒྲུབས་ན་སེམས་ཅན་རྣམས་ལ་འདོད་པ་[མྱོང་]ནས་ཁུ་བ་འཛག་པར་ བྱེད་པ་དང༌། གཞན་ཡང་གདུག་པ་ཅན་གྱི་ལྷ་གཞན་(དྲག་པོ་)བསྒྲུབས་ན་ཁ་ཅིག་{གིས་[གི་] སེམས་རེངས་པར་བྱེད་པ་དང༌། ཁ་ཅིག་གིས་རྨོངས་པར་བྱེད་པ་དང༌། ཁ་ཅིག་གིས་སྐྲོད་ པར་བྱེད་པ་དང༌། ཁ་ཅིག་གིས་རྣམ་པར་འབྱེད་པར་བྱེད་པ་དང༌། ཁ་ཅིག་གིས་ནི་གསོད་ པར་བྱེད་པ་དང༌། ཁ་ཅིག་གིས་{ནི་}(ལྷ་རྟེན་དུ་བཙུགས་པའི་)ཤིང་དང་མཚན་མ་འདོན་པར་བྱེད་ པའོ། །དེ་ལྟ་བུ་ལ་སོགས་{པའི་[པ]གཞན་ཡང་དུ་མ་གནོད་པ་ཕྲ་མོའི་ལས་[ནི་](སྔགས་དང་ 1-1-266 ལྷ་ཕྲ་མོ་བསྒྲུབས་པས་)མི་སྣང་པའི་གཟུགས་ཀྱིས་བྱེད་དོ། །(བསྒྲུབ་པ་པོ་)གང་གིས་འདིར་གདུག་པ་ ཅན་གྱི་ལྷ་(བར་དུ་གཅོད་པའི་)བདུད་ཀྱི་རིགས་བསྒྲུབས་ན། དེ་རྣམས་ཀྱི་ཡེ་ཤེས་ཕྲ་མོས་(རྨོངས་ པ་རྣམས་)འཕྲལ་དུ་ཡིད་ཆེས་པས། (གྲོང་མི་)རྨོངས་པ་རྣམས་ཀྱི་བླ་མ་བྱེད་པར་འགྱུར་ཏེ། ཆོས་ སྟོན་པར་བྱེད་པ་ནི་(ཁོའི་ལུང་)ཡེ་ཤེས་འཕྲལ་དུ་ཡིད་ཆེས་པའི། འདོད་དང་དུག་སོགས་སེལ་ བྱེད་བཀའ། །ཞེས་པ་ལ། གང་ལ་(གང་)འདོད་(པ་འགྲུབ་)པའི་བཀའ་དང༌། མི་སྣང་(པ་འགྲུབ་) པའི་བཀའ་དང༌། དུག་(ཟ་བ་དག་)གི་བཀའ་དང༌། ཕྲ་(མོའི་སྔགས་ཀྱི་)རབ་ཏུ་བྱེད་པ་དང༌། དབང་ ཕྱུག་ཏུ་བྱེད་པ་དང༌། གྷོ་{རིང་[རིར་](བདེ་འབྱུང་དུ་)བྱེད་པ་དང༌། ནུས་པ་ཅན་མངོན་སུམ་དང༌། ལྐོག་ཏུ་གྱུར་པ་རྣམས་ཤེས་པར་བྱེད་པའི་བཀའ་(ང་མིན་སློབ་དཔོན་གཞན་ལ་)མེད་ཅེས་སྨྲ་བའི་ མཁས་པ་དེ་ཡང་བྱོལ་སོང་<ཡིན་>སྟེ། སེམས་ཅན་ལ་གནོད་པ་བྱེད་པ་ལ་དགའ་བ་(བསླུ་བའི་ དོན་དུ་)བསོད་སྙོམས་<ལ་>རྒྱུ་ཞིང་གཅིག་པུར་གྲོགས་མེད་པར་འགྲོ་བ་(ང་ལ་འདི་ལྟ་བུ་ཡོན་ཏན་ ཡོད་དོ་ཟེར་ཞིང་)[ནི་]འཇིག་རྟེན་པ་ལ་གྲགས་པ་ཚོལ་བ་རང་(གི་སྐབས་)དོན་ཉམས་པའི་རྨོངས་ པ་ཞེས་སོ། །དེའི་ཕྱིར་འདིར་(ཐམས་ཅད་མཁྱེན་པ་)མཆོག་གི་དབང་ཕྱུག་གི་བཀས་ལོངས་སྤྱོད་པ་ དང་གྲོལ་བའི་འབྲས་བུ་སྟེར་བ། རིམ་གྱིས་(དབང་ཕྱུག་ནས་)བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་ པར་འགྱུར་བའི་དྲིན་གྱིས་(མན་ངག་)ཐོབ་པ་ཅེས་{པ་}མཆོག་གི་དབང་ཕྱུག་(དམ་པ་)ཐམས་ ཅད་མཁྱེན་པས་གསུངས་པ། (ཐུགས་བརྩེ་བར་གྱུར་པས་)བླ་མ་འདྲ་བའི་མ་མེད་དེ། །བླ་མ་འདྲ་ བའི་ཕ་ཡང་མེད། །འཇིགས་པ་ཆེན་པོ་བགྲོད་དཀའ་བའི། །འཁོར་བའི་རྒྱ་མཚོ་ལས་{སྒྲོལ་ [གྲོལ་]འགྱུར། །ཞེས་པ་དང༌། བླ་མ་གང་གིས་(མན་ངག་(ར་འདི་ཀྵ་ཟེར་)བྱིན(ནས)། །སློབ་མ་ དཔག་ཚད་བརྒྱར་གནས་ཀྱང༌། །ལོངས་སྤྱོད་ཀྱི(འབུལ་བ་)ས་ཀྱང་གྲོལ་སྟེར་ཞིང༌། །དེ་ཡི་མན་ ངག་(གིས་)ཐར་<པ་>སྟེར་<བར་>བྱེད། །ཅེས་པའོ། །དེ་ལྟར་(བསླུ་བའི་མན་ངག་གིས་)རྣམ་གྲངས་ དུ་མས་རྨོངས་པ་ཆེན་པོ་དེས། (ནོར་རྫས་ལ་)འདོད་པ་ཆེན་པོ་མངོན་དུ་གྱུར་པས་ཅུང་ཟད་ཀྱི་ 1-1-267 ཡེ་ཤེས་{ཀྱི་[ཀྱིས་](གཞན་ལ་)གོ་བར་བྱས་ནས་དེ་དག་རྗེས་སུ་འཛིན་པར་བྱེད་པ་དང༌། དེ་ ལ་ཡང་བཀའ་(ལུང་)གཏོད་པར་བྱེད་དེ། དེ་ཡང་མགུ་བ་ཆེན་པོར་གྱུར་ནས། བདག་བླ་མའི་ བཀའ་དྲིན་གྱིས་གྲོལ་བས་ད་ནི་ལས་ཐམས་ཅད་བྱ་སྟེ། (ལས་གང་ན་)མི་གཙང་བ་བཟའ་བ་ དང༌། རིགས་མ་ཡིན་པ་ལ་བགྲོད་པའི་ལས་དང༌། སྲོག་གཅོད་པ་དང༌། བརྫུན་དུ་སྨྲ་བ་དང༌། ཆང་འཐུང་པ་ལ་སོགས་པ་དེ་ལྟར་རྣམ་པ་དུ་མའི་བདུད་ཀྱི་ལས་འདིར་དངོས་གྲུབ་<ཐོབ་འདོད་> ཀྱི་དོན་དུ་བྱེད་དོ། །(བྱེད་པ་པོ་)དེ་དག་མཆོག་གི་དབང་ཕྱུག་གི་བཀའ་དྲིན་གྱིས་ལུས་(སེམས་ ལ་དབང་ཐོབ་པ་)འགྲུབ་པར་[ཡང་]མི་འགྱུར་ཏེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་ པ་རིག་པ(འི་མངོན་ཤེས་)ཡང་མེད་དེ། མཐར་འཆི་བར་འགྱུར་ཞིང་ལུས་མེས་སྲེག་པའམ། ཁྱི་ དང་བྱ་{རོག་}ལ་སོགས་{པས་[པ་]ཟ་སྟེ། སྲོག་<སྟེང་རླུང་>ཞི་བར་འགྱུར་བའམ། <སེམས་ ཀུན་གཞིའི་>རྣམ་པར་ཤེས་པ་རྡོ་རྗེ་ཅན་དུ་འགྱུར་བ་མེད་དོ། ། ༈ དེ་ལྟར་ན་ཕྲ་མོའི་སྔགས་དང་ལྷའི་བྱིན་གྱིས་བརླབས་ཀྱི་རིམ་པས་(བསྒྲུབ་པ་པོ་)ཀུན་ ཀྱང་(མཐར་)འཆི་(བའི་རྒྱུ་བྱེད་)སྟེ། ཕྲ་མོའི་སྔགས་ཀྱི་བྱིན་བརླབས་འདི་རྣམས་ཀྱིས་རྡོ་རྗེ་ཅན་ (གྱི་སྐུ་བཞི་)འབེབས་པར་མི་འགྱུར་བས། མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ལ་དགའ་(ཞིང་འདོད་) བའི་རྣལ་འབྱོར་པ་རྣམས་ཀྱིས་དཔྱད་དོ། །བཅོམ་ལྡན་འདས་ཀྱིས་མཚན་ཡང་དག་པར་ བརྗོད་པ་ལས། (འགྱུར་མེད་བདེ་སྟོང་དབྱེར་མེད་པའི་)རྡོ་རྗེ་འབར་བ(འི་ཡེ་ཤེས་ཀྱི་)མིག་མི་ཟད(ཏེ་ཐམས་ ཅད་གཟིགས་པ)། །<འགྱུར་མེད་བདེ་སྟོང་དབྱེར་མེད་པའི་>སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །(འགྱུར་མེད་བདེ་སྟོང་ དབྱེར་མེད་པའི་)རྡོ་རྗེ་འབེབས་པ་(བཞི་)འབེབས་པ་ཆེ། །མིག་བརྒྱ་པ་སྟེ་(འགྱུར་མེད་བདེ་སྟོང་དབྱེར་མེད་ པའི་)རྡོ་རྗེའི་མིག ། ཞེས་སོ། །དེ་བཞིན་དུ་ཡང་རྒྱུད་ཀྱི་རྒྱལ་པོའི་དབང་གི་ལེའུ(འི་གྱ་བརྒྱད་པ་) ལས། ལུས་(ཏེ་སྐུ་){འབེབས་[བེམས་]པ་ལ་སོགས་པ་གསུངས་པ་འདི་ལྟ་སྟེ། སྐུ་ཕེབས་པ་ ཡིས་རྣལ་འབྱོར་པ་དེ་རང་བཞིན་ཡོན་ཏན་དབང་ལས་ལུས་ཀྱི་བྱ་བ་(མཁའ་ལ་འགྲོ་བ་ལ་སོགས་པ་) 1-1-268 བྱེད་པའོ། །གསུང་ཉིད་ཕེབས་པས་སྲིད་པ་གསུམ་གྱི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ ལས་རྩོད་པ་རྒྱལ(བའི་ཟབ་དོན་འབྱུང་)། །ཐུགས་ཕེབས་པ་ཡིས་འདས་དང་མ་འོངས་ད་ལྟར་ བྱུང་པའི་གཞན་གྱི་སེམས་གྱུར་ཐམས་ཅད་ཤེས་(པ་འབྱུང་)པའོ། །ཡེ་ཤེས་ཕེབས་པས་སངས་ རྒྱས་འགྱུར་ཏེ་(སྲིད་གསུམ་ཀུན་གྱི་)བླ་མའི་བླ་མ་རྫུ་འཕྲུལ་ལྡན་པའི་སྟོན་པ་(ཐམས་ཅད་མཁྱེན་པ་) གཅིག་ཁོ་ན། །ཞེས་གསུངས་སོ། །དེས་ན་(བདེ་སྟོང་དབྱེར་མེད་པའི་)རྡོ་རྗེ་འབེབས་པ་མེད་པའི་ཕྲ་ མོའི་ལྷ་(འཇིག་རྟེན་པ་)རྣམས་ཕབ་པས་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བར་འགྱུར་བ་ནི་མ་ ཡིན་ཞེས་བྱའོ། །རེ་ཞིག་སངས་རྒྱས་ཉིད་འཇིག་རྟེན་གསུམ་གྱི་བདག་པོ་(ཐོབ་པ་)ཞེས་བྱ་བ་ རྣམ་པར་ཞོག་ལ། (འབྱུང་པོ་)ཕྱོགས་གཅིག་པའི་(ཡེ་ཤེས་)འབེབས་པས་རལ་གྲི་དང་བཅུ་དང་ བཅུད་ཀྱིས་ལེན་(གྱི་དངོས་གྲུབ་)ལ་སོགས་པ་ཡང་མི་འགྲུབ་སྟེ། ཅིའི་ཕྱིར་ན་མཆོག་གི་དབང་ ཕྱུག་(<དམ་པ་>ཐམས་ཅད་མཁྱེན་པ་དག་)གི་བཀའ་སྟེར་བའི་སློབ་དཔོན་(གདུག་པ་ཅན་)དེ་ཕ་རོལ་ གྱི་ནོར་(རྫས་)ཡོངས་སུ་ཐོབ་པར་བྱེད་པའི་ཕྱིར་རོ། །འདིར་གང་གི་ཚེ་བླ་མའི་བཀའ་དྲིན་ གྱིས་(སློབ་མ་)རྨོངས་པ་ཆེན་{པོ་[པོས་]ཡང་ཁམས་གསུམ་{པའི་[གྱི་]རྒྱལ་པོ་ཐམས་ཅད་ མཁྱེན་པའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ་ཞེ་ན། དེའི་ཚེ་ཅིའི་ཕྱིར་བླ་མ་ཕོངས་ པ(ནས་སློབ་མ་སླུ་བ)འི་སྡུག་བསྔལ་བ་ཅན་ལ་གསེར་འགྱུར་གྲུབ་(ནས་ཕོངས་པ་དང་བྲལ་)པའི་སྐལ་ བ་ཙམ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་(རིགས་ལུང་གི་)རྣམ་གྲངས་དུ་མས་རྣམ་པར་དཔྱད་ན་སྐྱེ་ བ་(འདི་དང་)གཞན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་(བསགས་པ་)དང་བྲལ་བས་ཐམས་ ཅད་མཁྱེན་པའི་གོ་འཕང་(ཐོབ་པ་)མེད་དོ། །དེའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ ཀྱི་དོན་དུ་སེམས་ཅན་<གཞན་དང་རང་ཉིད་>རྣམས་ལ་ཕན་(གདགས་)པར་བྱའོ། །རྒྱུད་ཀྱི་རྒྱལ་ པོ་ལེའུ་ལྔ་པ(འི་རེ་དྲུག་པ་)ལས། སེམས་ཅན་རྣམས་ནི་(ས་བོན་ཡོད་པས་)སངས་རྒྱས་(རིགས་)ཡིན་ ཏེ་འཇིག་རྟེན་ཁམས་འདིར་ཆེན་པོའི་སངས་རྒྱས་གཞན་ནི་ཡོད་མ་ཡིན། །(སངས་རྒྱས་ཀྱི་རིགས་ 1-1-269 ཅན་)དེ་རྣམས་རྣམ་པར་མི་རྟོག་པ(འི་ལམ་བྱིན་ནས་མི་རྟོག་མཆོད་པ་)ཡིས་མཉེས་པར་བྱས་ན་(འཁོར་ བ་)དཔག་ཏུ་མེད་པའི་སྲིད་པ་གཅོད་པར་བྱེད། །རྣལ་འབྱོར་པ་རྣམས་(ལམ་ལོག་པར་)འཁུ་བར་ བྱེད་ན་ངུ་འབོད་ལ་སོགས་དམྱལ་བ་ཆེན་པོ་རྣམས་ཀྱི་མཐར་འགྲོ་འགྱུར། །(སྐྱོན་ཡོན་གཉིས་ ཡོད་པ་)དེ(འི)་ཕྱིར་རྣམ་པར་དག་པའི་སེམས་<དང་ལྡན་པའི་རྣལ་འབྱོར་>ཀྱིས་སྐྱེ་བོ་མཁས་དང་མི་ མཁས་{རྣམས་[དག་] ལ་བརྒལ་བར་མི་བྱའོ། །(སེམས་ཅན་རྣམས་ལ་བྱམས་པ་ལ་སོགས་དག་པའི་སེམས་ ཀྱིས་འདས་པ་ཐོབ་པར་འགྱུར་རོ་མི་བདག་ཀྱེ། །ཡོན་ཏན་ཅན་རྣམས་འདོད་ཆགས་ཞེ་སྡང་ལ་སོགས་མི་དགེའི་སེམས་ཀྱིས་འགྲོ་ བ་དྲུག་ཏུ་འཁོར་བར་འགྱུར། །)ཞེས་བྱ་{བ}འོ། །དེས་ན་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སེམས་ ཅན་རྣམས་ལ་(ལམ་ཡང་དག་པར་བྱིན་པས་)ཕན་(གདགས་)པར་བྱའོ། །ཡེ་ཤེས་ཀྱི་ཚོགས་ཀྱི་དོན་དུ་ [མཆོག་ཏུ་]མི་འགྱུར་བའི་བདེ་(སྟོང་གཉིས་མེད་)བ་བསྒོམ་པར་བྱའོ། །སེམས་ཅན་གྱི་དོན་(བྱེད་ པ་)མེད་ན་(དེ་ལས་མ་གཏོགས་པར་ཟེར་)བསོད་ནམས་ཀྱི་ཚོགས་སུ་འགྱུར་བ་མ་ཡིན་ནོ། །མཆོག་ ཏུ་མི་འགྱུར་བའི་བདེ་བ་བསྒོམ་པ་མེད་ན་ཡང་ཡེ་ཤེས་ཀྱི་ཚོགས་སུ་མི་འགྱུར་(བས་བསྒོམ་པར་བྱ་) ཞེས་བྱའོ། །རྒྱུད་ཀྱི་རྒྱལ་པོའི་ལེའུ་ལྔ་པ(འི་དོན་གཉིས་པ་)ལས། དེ་བཞིན་གཤེགས་པའི་(སྙིང་ པོའི་)ཐུགས་གསུངས་པ་འདི་ལྟ་སྟེ། སེམས་ཅན་རྣམས་ལ་སྡིག་པའི་སེམས་སུ་འགྱུར་བ་(རང་ སེམས་)བདུད་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབས་པོ་མི་བདག་ཀྱེ། །བསོད་ནམས་ཡེ་ཤེས་རྗེས་ ཆགས་བདེ་སྟེར་རྟག་པར་འབྱུང་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་(རང་སེམས་)བྱིན་གྱིས་ བརླབས། །གང་(གི་)ཕྱིར་(ན་)བདེ་མཉམ་དབང་གིས་(གཡོན་རླུང་)<གཡས་རླུང་>ཉོན་མོངས་ (དང་གཡས་རླུང་)<དང་གཡོན་རླུང་>བདུད་རྣམས་མ་ལུས་བཅོམ་ནས་མྱ་ངན་འདས་པར་འགྱུར་བ་ སྟེ། །དེ(འི)་ཕྱིར་ཉི་མ་སོ་སོའི་དུས་སུ་(ཉོན་མོངས་བདུད་)དེ་ཉིད་རྣམས་ཀྱིས་(<རང་སེམས་>བདེ་ སྟོང་བསྒོམ་པ་)དེ་ལ་བགེགས་ནི་རྟག་ཏུ་དུ་མར་བྱེད(<པས་གདུལ་>བར་བྱའོ)། །ཞེས་པའོ། །དེ་ ལྟར་བཅོམ་ལྡན་འདས་ཀྱིས་(རྒྱུད་དུ་)གསུངས་པས་རྣལའབྱོར་པ་རྣམས་ཀྱིས་(ལམ་)མཆོག་ཏུ་ 1-1-270 མི་འགྱུར་བའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་(ཡན་ལག་དྲུག་)ཐར་པ(ཐོབ་པ)འི་དོན་དུ་རང་(ཉིད་)གིས་ བསྒྲུབ་པར་བྱའོ། ། ༈ (དེ་ལས་)གཞན་དུ་ན་བླ་མའི་བཀས་(གནང་པས་)ཐར་པར་མི་འགྱུར་རོ། །{དེའི་[དེ་ཅིའི་] ཕྱིར་ན་(བླ་མའི་བཀས་)བཅོམ་ལྡན་འདས་ཀྱི་ལམ་ཉེ་བར་བསྟན་པ་ཙམ་གྱི་ཕྱིར་རོ། །(རྩ་བའི་ རྒྱུད་ལས་)བཀའ་འཕོ་བའི་ཆོས་ཅན་གྱིས། །གར་ཡང་སྲོག་ཆགས་(རྣམས་ལས་)ཐར་<པ་>སྟེར་ <བ་>མིན། །ལམ་(དོན་)གཉེར་(ཙམ་)སྟོན་པའི་རྒྱུ་མཚན་གྱིས། །རྒྱལ་བས་ཐར་པ་སྟེར་(བར་) མ་གསུངས། །བླ་མའི་ཞལ་གྱི་བཀའ་(གནང་པའི་)དྲིན་(ཙམ་)གྱིས། །གལ་ཏེ་ལུས་ཅན་(སློབ་མ་) གྲོལ་འགྱུར་ན། །དེ་ཚེ་(བླ་མའི་)ཐུགས་རྗེས་ཐར་(པ་སྟེར་བར་)བྱེད་པ(འི་ལམ)། །བསྟན་པའི་ཏིང་ འཛིན་(བསྒོམ་)མི་དགོས་(པར་འགྱུར་བས་)སོ། །དེའི་ཕྱིར་ཐར་པ་དོན་དུ་གཉེར་བའི་རྣལ་འབྱོར་ པ་རྣམས་ཀྱིས་ཕྱི(རོལ་པ)འི་ལྷ་དང་སྔགས་ཀྱི་བསྒྲུབ་པ་ནི་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་ དུ་ཡང་(བསྒྲུབ་པར་)མི་བྱའོ། །(བསྒྲུབས་ན་ཅི་སྟེ་ཞེ་ན་)འདིར་ཕྱི་རོལ་པའི་ལྷ་གནོད་པ་ཕྲ་མོ་བྱེད་ པ་བསྒྲུབས་ཀྱང་བསྒྲུབ་པ་པོ་ལ་སྐྱོན་ཚོལ་བར་བྱེད་དོ། །དེའི་སྟོབས་ཀྱིས་བསྒྲུབ་པ་པོ་ལ་ གཞན་[དག་]རབ་ཏུ་གཏུམ་པའི་ལྷ་རྣམས་(གཡབས་པ་དག་)ཀྱིས་ཀྱང་གནོད་པ་ཕྲ་མོ་བྱེད་དེ། (ལྷ་)དེ་ཡིས་ཟིན་པའི་བསྒྲུབ་པ་པོས་(སྔར་)བསྒྲུབས་པའི་ལྷ་གདུག་པ་ཅན་དེ་(རང་ལ་གནོད་པའི་) དགྲ་བོར་འགྱུར་ཏེ། འཆི་བའི་དུས་སུ་(ལུང་)ཅུང་ཞིག་(ཙམ་)ཀྱང་མི་སྨྲའོ། །བསྒྲུབ་པ་པོ་ཡང་ (སངས་རྒྱས་པའི་)ཏིང་ངེ་འཛིན་མེད་པས་ཤི་ནས་(འབྲས་བུ་)དམྱལ་བར་{འགྲོ་བར་}འགྱུར་ཏེ། དེས་ན་(འཇིག་རྟེན་པའི་ལྷ་)དེ་བསྒྲུབས་པས་(འབྲས་བུ་)ཅི་ཡང་སྟེར་བར་མི་འགྱུར་ཏེ། མི་སྟོབས་ མེད་བསྒྲུབས་པ(འི་ཁས་ལེན་)བཞིན་སྨྲ་སྟེ། (ཇི་ལྟར་སྨྲ་ན་)ཀྱེ་བསྒྲུབ་[པ་]པོ་ཇི་སྲིད་དགོས་པའི་ ལས་ཐམས་ཅད་(ངས་)བྱའོ་ཞེས་སོ། །གང་གི་ཚེ་བསྒྲུབ་པ་པོས། ཁྱེད་ཀྱིས་རྒྱལ་པོ་ཆིངས་ལ་ འདིར་ཁྱེར་ལ་ཤོག་ཅེས་སྨྲས་ན། དེའི་ཚེ་ལན་གྱི་ཚིག་བརྗོད་པ། ཡུལ་དེ་ནི་བདག་ལ་ནུས་པ་ 1-1-271 མེད་དོ་ཞེས་སོ། །དེ་ལྟར་(མི་སྟོབས་མེད་བསྒྲུབས་པ་ལྟར་)ཕྲ་མོའི་ལྷ་(དོན་ཆུང་ངུ་)བསྒྲུབས་པས་(དོན་ཆེན་) ཐམས་ཅད་མཁྱེན་པའི་ཡུལ་(སྦྱིན་པའི་ནུས་པ་ང་)ལ་(མེད་ཅེས་)བཟློག་པར་བྱེད་དོ། ། ༈ <རྒྱུ་མཚན་>དེའི་ཕྱིར་ཐམས་ཅད་མཁྱེན་པའི་གོ་འཕང་འདོད་པ<འི་རྣལ་འབྱོར་ པ>རྣམས་ཀྱིས་གདུག་པ་ཅན་གྱི་ལྷ་བསྒྲུབས་པ། བླ་མའི་བཀའ་འཕོ་བའི་ཆོས་ཅན། འཁོར་ བའི་རང་བཞིན་(བསྒྲུབས་པ་ལ་)དགོས་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས། (ཆར་ཐན་)ཞི་བའི་དེ་ཉིད་(དང་)འདོད་(བདེ་བའི་)དེ་ཉིད(དང་)། །དུག་(སྔགས་)གི་དེ་ཉིད་(དང་)དེ་ བཞིན་(དུ་)བཀའ། །འཕོ་བར་བྱེད་པ(འི)སྐྱེས་བུ་ལ། །སངས་རྒྱས་(ཀྱི་)དེ་ཉིད་དེ་བཞིན་(ཐོབ་ པ་)མིན(ནོ)། །(འདོད་)ཆགས་(ལ་)སོགས་(པའི་)དྲི་མ་(དང་)ལྡན་པའི་(བྱང་)སེམས། །འཕོ་བས་ འཁོར་བར་(སྐྱེད་པར་)བྱེད་པ(འི་རྒྱུ་)སྟེ། །<རྒྱུ་>དེ་དང་བྲལ་བས་(སེམས་)རྣམ་པར་དག ། <རྒྱུ་> དག་པའི་རང་བཞིན་དྲི་མ་མེད(པའོ)། །འདི་ལ་(བཀས་)བསལ་བ་ཅི་ཡང་མེད། །(བཀས་དེ་) བསྣན་{པར་[པ་]བྱ་བ་ཅུང་ཟད་མེད(པར)། །དག་པ(འི་དྲི་མེད་)དེ་ཉིད་མི་འགྱུར་(བའི་བདེ་བ་) ཆེ(ན་པོའོ)། །དེ་ཉིད་(སེམས་)དག་པ་ཐམས་ཅད་ལ(འབྱུང་ངོ་)། །སྦྱིན་པར་བྱ་མེད་འཕྲོག་པ<ར་ བྱ་བ>མེད། །སྦྱིན་དང་འཕྲོག་པ་བླ་མ(བཀ)ས་(བྱེད་པ་)མིན། །བསོད་ནམས་ཚོགས་ནི་དམན་ རྣམས་{ཀྱི་[ཀྱིས]། །གཙོ་{བོ་[བོས་](ཁྱབ་བདག་)ཐམས་ཅད་མཁྱེན་པ་(མཆོག་གི་དབང་ཕྱུག་དམ་པ་) ཉིད། །གཞན་ལ་ཕན་པར་བྱེད་པའི་མིས། །བསོད་ནམས་ཚོགས་ནི་དམ་པ་(བསགས་པ་)དང༌། ། ཡེ་ཤེས་ཚོགས་ནི་དམ་པ་<བསགས་པ་>སྟེ། །དེ་དག་(གཉིས་)གིས་ནི་སངས་རྒྱས་མཆོག(ཐོབ་ པའོ) ། ཀཞི་བ(འི་དེ་)ཉིད་དང་འདོད་(པའི་)དེ་ཁཉིད(དང་)། །དུག་གི་དེ་ཉིད་(དང་)གརྣམ་(པ་) གསུམ་(དུ་)འགྱུར། །རིག་པ་བླ་མའི་བཀའ་(འཕོས་པ་)ཡིས་ནི། །མཆོག་ཏུ་མི་འགྱུར་བདེ་བ་ (ཐོབ་པ་)མིན། །(ཤིན་ཏུ་)ཀཕྲ་དང་བདེ་ཁའབྱུང་(པའི་གནས་དང་)རིག་གབྱེད་དང༌། །(བླ་མའི་)བཀའ་ ཡིས་{གནང་[སྣང་]པས་(རིག་པར་)འགྱུར་བ་སྟེ། །ཀསེམས་དང་ཁངག་དང་གལུས་རིག་ 1-1-272 བྱེད། །ཀགཉིད་དང་ཁརྨི་ལམ་གསད་པ་སྟེ། །(དེ་གསུམ་)ཞི་བའི་དེ་ཉིད་ཞེས་བཤད་པ<འོ>། ། རྨོངས་པ་(རྣམས་ལ་)བླ་མའི་བཀའ་ཡིས་ནི། །(འདོད་པའི་དེ་ཉིད་བྱིན་པས་)སེམས་དང་ངག་དང་ལུས་ བསྐྱོད་(པར་བྱེད་)པས། །ལུས་ཅན་རྣམས་ཀྱི་ཁུ་བ་འཕོ(བ་ལ)། །བླ་མའི་བཀའ་ཡི་དྲིན་གྱིས་ནི། ། འདོད་པ་དེ་ཉིད་ཞེས་སུ་དྲན། །དུག་(ཡོད་)ནི་དུག་མེད་ཞེས་སུ་བརྗོད། །དུག་མེད་(ནི་)དུག་ ཡོད་ཞེས་བརྗོད་པ། །བརྟན་(པའི་དུག་)དང་གཡོ་<བའི་དུག་>དང་སྦྱར་(བཅོས་ཟེར་)བ་རྣམས། ། བླ་མའི་བཀའ་ཡི་དྲིན་དག་གིས། །དུག་གི་དེ་ཉིད་ཞེས་བྱ་ནི། །འཕྲལ་དུ་(གཞན་)ཡིད་ནི་ཆེས་ པར་བྱེད(པའོ)། །དེ་(ཉིད་) གསུམ་མི་འགྱུར་བདེ་བ་(ཆེན་པོ་)མིན། །(རྒྱུ་མཚན་)དེ་ཕྱིར་(དཔལ་ལྡན་) བླ་མ(དམ་པ)འི་བཀའ་དྲིན་གྱིས། །ལུས་ཅན་ཀུན་ལས་འབྱུང་འགྱུར་བའི། །(བྱང་སེམས་)དེ་ཉིད་ བརྟུལ་ཞུགས་<ཏེ་སྡོམ་པ་དང་>ལྡན་པས་བསྒོམ(པར་བྱའོ)། །ཞེས་གསུངས་སོ། །དེ་ལྟར་བཅོམ་ ལྡན་འདས་ཀྱིས་གསུངས་པས། (རྣལ་འབྱོར་པ་)ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་(བྱང་ཆུབ་ཀྱི་ སེམས་)མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་(བདེ་སྟོང་དབྱེར་མེད་)བསྒོམ་པར་བྱའོ། ། ༈ འོན་ཏེ་གང་གི་ཚེ་(བྱང་སེམས་)མི་འཛག་པའི་ཚུལ་ཁྲིམས་མེད་པ་(རྣམས་ལ་)མངོན་པར་ ཤེས་པ་ལྔར་མི་འགྱུར་བ་མ་ཡིན་ནམ། དེའི་ཚེ་(ནང་པ་སངས་རྒྱས་པའི་)ཆོས་འཕགས་ལ་སོགས་ པའི་བྱང་ཆུབ་སེམས་དཔའ་རྣམས་དང༌། (ཕྱི་པ་མུ་སྟེགས་པའི་)དྲང་སྲོང་ཆེན་པོ་བྷ་ཤི་ཏ་(ལྷག་མ་) ལ་སོགས་པ་རྣམས་ཀྱིས་མངོན་པར་ཤེས་པ་ཇི་ལྟར་སྤྲོ་ཞེས་(ཤེས་འཛག་རྟོག་ཅན་)ཁ་ཅིག་བསམ་ པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་སྨྲས་པའི། བྱང་ཆུབ་ སེམས་དཔའ་(ཆོས་འཕགས་ལ་སོགས་པ་)རྣམས་ལ་(བཙུན་མོ་ཡོད་ཀྱང་འཛག་མེད་ཀྱི་)ཚངས་པར་སྤྱོད་པ་མེད་པ་ དེ་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་འཕོ་བ་རྣམ་པ་གཉིས་ཀྱི་ཕྱིར་རོ། །འདིར་སེམས་ཅན་རྣམས་ཀྱི་བྱང་ཆུབ་ ཀྱི་སེམས་འཕོ་བ་ནི་(དུ་ཡོད་ན་)རྣམ་པ་གཉིས་ཏེ། ཀ༽གཅིག་ནི་(དབང་མེད་དུ་ལས་)དགེ་བ་དང་མི་དགེ་ 1-1-273 བའི་ལས་ཀྱི་དབང་གིས་(འཕོ་བ་)དང༌། ༼ཁ༽གཉིས་པ་ནི་(དབང་ཐོབ་ཡོད་ཀྱང་)སེམས་ལ་དབང་ པའི་དབང་གིས་<འཕོ་བའོ>སོ། །དེ་ལ་གང་ལས་ཀྱི་དབང་གིས་(དབང་མེད་དུ་)འཕོ་བ་ནི་འཁོར་ བར་འཁོར་(ཏེ་འཁྱམ་)བའི་དོན་དུའོ། །གང་(བྱང་)སེམས་ལ་དབང་པའི་དབང་གིས་(དབང་ཡོད་དུ་) འཕོ་བ་དེ་འཁོར་བའི་འཁོར་ལོ་རུ་ལས་ཀྱིས་འཁོར་བ་རྣམས་ལ་(ཡང་དག་པའི་)ལམ་སྟོན་པའི་ དོན་དུའོ། །དཔེར་ན་(ནགས་བྷིན་ཏེའི་)འབྲོག་དགོན་དུ་ལྷུང་པའི་ལམ་ལོག་པ་རྣམས་ལ་(ལམ་རྒྱུས་ ཅན་གྱིས་)ལམ་སྟོན་པ་མེད་པར་ནི་(སྔར་)ལམ་མཐོང་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་ བར་ལྷུང་བ་རྣམས་ལ་(བྱང་སེམས་ཀྱི་)ལམ་སྟོན་པ་མེད་པར་ནི་(སྔར་)ལམ་མཐོང་པ་མེད་པའི་ ཕྱིར་རོ། །གང་གི་ཚེ་(འབྲོག་དགོན་གྱི་ལམ་ཤེས་པ་དང་འདྲ་བ་བྱང་སེམས་)ལམ་སྟོན་པ་པོ་དང༌། <སེམས་ ཅན་>ལྷན་ཅིག་འགྲོགས་ནས་(ལམ་)མ་བསྟན་ན་ཡང་དེའི་ཚེ་ལམ་མེད་དོ། །གལ་ཏེ་ལམ་སྟོན་ པ་པོ(བྱང་སེམས་ཀྱི)ས་དང་པོ་རྣམ་པར་དག་པའི་ལམ་ནས་མ་འོངས་པ་དེ་ལྟ་ན་ཡང་ལམ་(རྣམ་ དག་)མེད་པའོ། །གལ་ཏེ་(གོལ་ས་)ལམ་ཉམས་པ་རྣམས་ལ་(ལམ་)སྨྲ་བའི་སྐྱེ་བོ་ཡོད་ཀྱང་(དེའི་) སྐད་མི་ཤེས་པ་དེ་{ལྟར་[ལྟ]ན་ཡང་ལམ་(ཤེས་པ་)མེད་དོ། །དེ་ལྟར་ལམ་ཉམས་པ(འི་སེམས་ཅན་) རྣམས་སྐྲག་པར་{གྱུར་[འགྱུར་]ན་ཡང་ལམ་ཉམས་པ་མ་ཡིན་པ་(སྔར་ལམ་ལ་ཕྱིན་པ་)ནི་སྐྲག་ པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་(ཆོས་འཕགས་ལ་སོགས་པ་)རྣམས་(ལ་མི་ འཕོ་བའི་ལམ་གྱིས་)སེམས་ཅན་རྣམས་ལ་ཕན་གདགས་པའི་དོན་དུ་འཁོར་བར་འཇུག་སྟེ། ལས་ ཀྱི་རྣམ་པར་སྨིན་པའི་དབང་གིས་(རང་དབང་མེད་པར་)ནི་མ་ཡིན་ནོ། །གང་གི་ཚེ་བྱང་ཆུབ་སེམས་ དཔའ་ས་(རབ་དགའ་ལ་སོགས་པ་)བཅུའི་དབང་ཕྱུག་(ལམ་)ཕ་རོལ་ཏུ་ཕྱིན་པ་བཅུ་{ལས་[ལ]ངེས་ པར་བྱུང་པ་(ཚེ་ལ་དབང་བ་ལ་སོགས་པའི་)དབང་བཅུ་རབ་ཏུ་ཐོབ་པ་རྣམས་ལས་ཀྱི་རྣམ་པར་སྨིན་ པའི་དབང་གིས་འཁོར་བར་འཁོར་ན་(སྐྱོན་ཅི་ཡོད་ན་)དེའི་ཚེ། སེམས་ཅན་རྣམས་ལ་(འཁོར་བ་ལས་) ཐར་པ་མེད་དེ། (ཐར་)ལམ་མི་ཤེས་པས་ལམ་མི་ཤེས་པ(འི་སེམས་ཅན་)རྣམས་ལ་(རང་དབང་མེད་ 1-1-274 པར་)ལམ་གྱི་གདམས་པ་བཤད་པ་ནི། དཔེར་ན་ལོང་བས་ལོང་བ་{འཁྲིད་[ཁྲིད་]པ་བཞིན་ ནོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་(མངལ་གྱི་)སྐྱེ་བ་འཛིན་པ་ནི་སེམས་ཅན་(རྣམས་) གྱི་དོན་དུ་སྟེ། འཇིག་རྟེན་མགོན་པོ་བདག་གིས་སེམས་ཅན་གྱི་དོན་(བྱ་བ་དག་གི་)གྱི་དུས་ལ་ བབ་པའི་ཕྱིར་དམྱལ་བར་ཞུགས་པའི་དུས་སུ་བདུད་ཀྱི་རིས་རྣམས་ཀྱིས་(འགལ་བའི་(རྐྱེན་གྱི་ཚིག་ གི་<ཚིག་གི་རྒྱན་གྱིས་>བསྟོད་པ། (བྱང་སེམས་)གང་ཞིག་སྲིད་པའི་འཆིང་བ་(རྣམས་)ལས་གྲོལ་(ནས་) གནས་ཀྱང་(སླར་)སྲིད་པར་འཛིན་པའི་སེམས་ཅན་རྣམས་(འཁོར་བ་ལས་གདོན་པ་དག་)ཀྱི་དོན་ དུའོ། །སྟོང་(པ་)ཉིད་(ཀྱི་)དོན་དེ་ཡང་དག་(པར་)སྟོན་པར་མཛད་ཀྱང་དུས་ཀུན་དུ་ནི་ལས་ཀྱི་ འབྲས་བུ་དེ་མི་གཏོང༌། །(དུས་)རྟག་པར་རབ་ཏུ་ཐུགས་རྗེར་ལྡན་པས་སེམས་ཀྱི་ཉོན་མོངས་ རྣམས་ཏེ་ཡང་དག་ཡེ་ཤེས་མེ་ཡིས་བསྲེགས(པ)། །དེ་ནི་སེམས་ཅན་དོན་མཛད་(པ་ལ་དགའ་ བས་)བརྩོན་ཞིང་རྣམ་པར་མི་རྟོག་དཔྱོད་(པ་དང་)ལྡན་(པའི་)སངས་རྒྱས་དེ་ལ་བདག་<ཅག་བདུད་ རིགས་རྣམས་>ཕྱག་འཚལ(ལོ)། །ཞེས་པའོ། །དེ་ལྟར་ཡོན་ཏན་གྲངས་མེད་པ་དང་ལྡན་པ(འི་བྱང་ སེམས་)རྣམས་{ཀྱིས་[ཀྱི་]ཉོན་མོངས་པའི་སྒྲིབ་པ་རྣམས་བསྲེགས་ན་ཡང་(འཁོར་བར་)སེམས་ ཅན་རྣམས་ཀྱི་དོན་བྱེད་པའི་བདག་ཉིད་ཅན་གྱི་ཉོན་མོངས་པའི་སྒྲིབ་པ་ཤིན་ཏུ་ཕྲ་{བའི་ [བ་]ཙམ་(ནི་<དྲུང་སྐང་གཅིག་གིས་>)སྐྱེ་བ་འཛིན་པའི་དོན་དུའོ། །གཞན་དུ་ན་(ནི་)སེམས་ཅན་ རྣམས་ལ་ལམ་སྟོན་པ་མེད་དོ། །ལམ་(སྟོན་པ་)མེད་པས་འཁོར་བ་ཐོག་མ་མེད་པའི་སེམས་ ཅན་རྣམས་འཁོར་བ་ལས་ངེས་པར་འབྱུང་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔ(ས་བསྟན་པ) འི་ལམ་ཡང་དག་པ(དང་འབྲེལ་པ)མེད་པའི་ཕྱིར་རོ། །དེའི་ཕྱིར་སྔོན་གྱི་བྱང་ཆུབ་སེམས་དཔའ་ (ཆོས་འཕགས་ལ་སོགས་པ་)རྣམས་ཀྱིས་སྔོན་དུ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བརྟན་པར་བྱས་<ནས་ བུད་མེད་བསྟེན་ཞེས་>སོ། །དེ་ལྟར་(ཕར་ཕྱིན་དུ་)གསུངས་པའི་རིམ་པ་{འདིར་[འདིས་]བྱང་ཆུབ་ སེམས་དཔའ་ས་བརྒྱད་པའི་དབང་ཕྱུག་(ཆོས་འཕགས་)ལ་སོགས་པ་(ས་དང་པོ་ནས་བཅུ་པའི་བར་) 1-1-275 རྣམས་ལ་མངོན་པར་ཤེས་པ་ལྔ་ཡོད་པར་རིག་པར་བྱའོ། ། ༈ (ཆོས་འཕགས་དང་དུས་མཉམ་པའི་)དྲང་སྲོང་བྷ་ཤི་ཏ་<ལྷག་མ་>ལ་སོགས་པ་(ཁམས་འཕོ་བ་ ཅན་)རྣམས་ལ་ནི་མངོན་པར་ཤེས་པ་ལྔ་མེད་དེ། ཅིའི་ཕྱིར་ཞེ་ན། རཱ་མ་ཡཱ་ནཱ་(བསྟན་བཅོས་དྲུག་ སྟོང་)དང༌། བྷ་ར་ཏ་(བསྟན་བཅོས་འབུམ་)ཚད་མ(ར་བྱེད་པ)འི་ཕྱིར་རོ། །འདིར་(རྩོམ་པ་པོ་)དྲང་སྲོང་ བྷལ་མི་ཀས། རཱ་མ་ཡཱ་{ནཱས་[ནཱས་](གཞུང་སྟོང་ཕྲག་བཅུ་གཉིས་ར་མ་ཙན་དྲའི་གཏམ་རྒྱུད་དུ་)བཤད་པའི་ ཚིག་(བཞིན་)བྷ་ཤི་ཏས་(མངོན་ཤེས་ཡོད་ཟེར་ནས་)བྱིན་པའི་དུས་[སྦྱོར་]ལ། ལྷའི་རྒྱལ་པོ་རཱ་མཱ་ ཡཱ་ཙན་ཏྲས། ལྷ་མོ་སི་ཏ་ལག་པས་བཟུང་ནས་བག་མ་བྱས་ཏེ། དྲང་སྲོང་བྷ་ཤི་ཏ(མངོན་ཤེས་ ཅན་གྱི)ས་བྱིན་པའི་དུས་སྦྱོར་གྱི་དྲིན་དེས་(བྷ་ལེན་དང་འགྲིན་བཟངས་འཐབས་པའི་ལོ་རྒྱུས་)རཱ་མ་ཡཱ་ཙན་ ཏྲ་རྒྱལ་[པོའི་]སྲིད་ལས་ཉམས་ནས་ནགས་ཁྲོད་དུ་ཞུགས་པ་དང༌། སི་ཏ་ཡང་(སྲིན་པོས་ཁྱེར་ ནས་)རྟག་ཏུ་སྡུག་བསྔལ་དང་ལྡན་པའི་ཕྱིར་ཏེ། དེ་བཞིན་དུ་(རཱ་མ་ཡཱ་ནཱ་ལ་སི་ཏ་སྨེ་སྔགས་)སྨྲས་པ། སྔོན་གྱི་ལས་འབྲས་ལ་སྤྱོད་ཀྱི། །གཟའ་དང་སྐར་མའང་དོན་མེད་དེ། །བྷ་ཤི་ཏས་བྱིན་དུས་ སྦྱོར་གྱིས། །སྐྱེད་{བྱེད་(ཛ་ནག་བུ་ཟེར་ར་)མོ་[མོ་བདག་<ཛ་ནག་བུ་ར་ཟེར་>]ནི་སྡུག་བསྔལ་ལྡན། ། ཞེས་བྱ་བའོ། །རྒྱུ་མཚན་དེའི་ཕྱིར། རྩིས་ཀྱི་(རང་)འདོད་པའི་གཞུང་དེ་དག་{གི་མངོན་[གིས་ མཐོང་]པར་ཤེས་པ་ལྔའི་དོན་ཡང་དག་པར་{མངོན་[མཐོང་](པ་སྟེ་ཤེས་)པར་མི་འགྱུར་རོ། ། (མ་ཤེས་པ་)དེ་བཞིན་དུ། མུ་སྟེགས་པའི་[སྡིག་པའི་]བློ་ཅན་རྣམས་ཀྱི་ལོ་རྒྱུས་(རྙིང་པ་དག་)ཀྱི་ ཆོས་ཐམས་ཅད་བརྫུན་དུ་འགྱུར་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ལེའུ་ ལྔ་པ(འི་བརྒྱ་གྱ་གཉིས་)ལས། ལོ་རྒྱུས་ཀྱི་ཆོས་རྣམས་བརྫུན་པར་གསུངས་པ་འདི་ལྟ་སྟེ། (ཁྱབ་ འཇུག་གི་བཙུན་མོ་)དཔལ་མོ་དང་ནི་རྣ་ཆེན་རྟ་(འགྲིན་པ་མཐོང་)དང་ལྷའི་(དཔག་བསམ་)ཤིང་དང་གླང་ ཆེན་བདག་(ས་བསྲུང་)སྟེ་ཆུ་སྤྱོད་(ཏེ་ལྔ་རྩེན་)ཀོ་སྟམ་པ། །(གཡུང་རུ་ནོར་བུ)ཟླ་བ་(དང་)བདུད་རྩི་(ཇི་ ལྟར་བྱུང་ན་)རྒྱ་མཚོ་བསྲུབས་པས་གང་ཚེ་ལྷ་ཡུལ་ནམ་མཁར་འགྲོ་བ་(བྱུང་གང་གི་དུས་སུ་བྱུང་ན་) 1-1-276 རྒྱལ་པོ་སྟོབས་ཅན་དུས། །(དེའི་གོང་དུ་)ཟླ་བ་མེད་པས་(ཟླ་བ་ལ་བརྟེན་ནས་)གཟའ་ཚེས་དུས་ཀྱི་ བགྲང་པ་རྣམས་<མེད་>ཏེ་དེ་ལྟར་རྒྱལ་པོ་ཨན་{ད་[ཏ་]ཀ་(ལོང་པ་དང་འདྲ་བའི་རྒྱལ་སྲིད་)ཉིད་ལ། ། དེ་ཡང་དབང་ཕྱུག་(གི་)ཟླ་བ་ཕྱེད་པ་འདོད་(ཀྱང་མ་ཐོབ་)པས་འཆི་བར་འགྱུར་ཏེ་དེ(ཤི་བ)འི་ ཕྱིས་ནི་སྟོབས་ཅན་ནོ། །ཞེས་བྱ་བ་སྟེ། (རྒྱུ་མཚན་)དེས་ན་འདིར་རིགས་པས་རྣམ་པར་དཔྱད་ ན་འཇིག་རྟེན་པའི་ལོ་རྒྱུས་(རྙིང་པ་)ནི་མི་བདེན་བརྫུན་ཞེས་བྱའོ། །འོན་ཏེ་བྲམ་ཟེའི་དྲང་སྲོང་ གདུག་པ་ཅན་རྣམས་ཀྱི་ཚིག་ལས་(ཇི་ལྟར་སྨྲ་ན་)<རྙིང་པ་>འདིར་དང་པོར་རིག་བྱེད་ཀྱི་ཆོས་ (སུས་ཀྱང་མ་བྱས་པའི་)རང་བྱུང་པ་ལྷན་ཅིག་སྐྱེས་པའོ། །ཐམས་ཅད་མཁྱེན་པའི་ཆོས་ནི་ཕྱིས་བྱས་ པ་(བཅོས་མ་)སྟེ། (རྒྱུ་མཚན་)དེའི་ཕྱིར་རིག་བྱེད་ཀྱི་ཆོས་ཕུ་བོ་(རྒན་པ་བཟང་པོ་)ཞེ་ན། ༈ དེ(དགག་པ)འི་ཕྱིར་བརྗོད་པ། འདིར་དང་པོ་རིག་བྱེད་ཀྱི་ཆོས་{ཕུ་བོར་གྱུར་(པས་རྒན་) [རང་བྱུང་<པས་རྒན་>པ་ཕུང་པོར་འགྱུར་]ལ། ཕྱིས་ཐམས་ཅད་མཁྱེན་པའི་ཆོས་ནུ་{བོར་ [བོ་དེ་]བྱུང་(པས་གཞོན་)པ་ལ། དེ་ལ་འགལ་བ་ཅི་ཡོད། དང་པོ་མུན་པ་ཆེན་པོ་(དང་འདྲ་བར་རིག་ བྱེད་)ལྷན་ཅིག་སྐྱེས་པ་{འམ་[ལམ་]ཐམས་ཅད་རབ་ཏུ་མི་གསལ་བར་བྱེད་པ་སྟེ། ཕྱིས་དེ་ [རབ་ཏུ་]འཇོམས་པར་བྱེད་པའི་དོན་དུ་འོད་ཟེར་སྟོང་ལྡན་(ཉི་འོད་)གྱི་སྣང་པས་{ལས་[ལམ་] ཐམས་ཅད་གསལ་བར་བྱེད་པར་(དང་འདྲ་བར་ཐམས་ཅད་མཁྱེན་པའི་ཆོས་)འགྱུར་རོ། །མུན་པ་ཆེན་ པོ་དང་སྣང་པ་འདི་དག་ལས་མུན་པ་རང་བྱུང་ལྷན་ཅིག་སྐྱེས་{པ་}ཕུ་བོ་(རྒན་པ་བཟང་བ་)མ་ ཡིན་ཏེ། མིག་དང་ལྡན་པས་མི་འདོད་པའི་ཕྱིར་རོ། །དེ་ལྟར་སྔོན་དུ་རིག་བྱེད་ཀྱི་ཆོས་{ཆུ་ [ཕུ་]བོ་(རྒན་པ་)ནི་མྱ་ངན་ལས་འདས་པའི་ལམ་རབ་ཏུ་མི་གསལ་བར་བྱེད་པའོ། །{ཕྱི་[ཕྱིས་] ནས་དེ་གཞོམ་པའི་དོན་དུ་ཐམས་ཅད་མཁྱེན་པའི་ཆོས་ནུ་བོ་(གཞོན་པ་)ནི་མྱ་ངན་ལས་འདས་ པའི་ཆོས་རབ་ཏུ་གསལ་བར་བྱེད་པར་འགྱུར་རོ། །དེས་ན་རིག་བྱེད་ཀྱི་ཆོས་དང༌། ཐམས་ ཅད་མཁྱེན་པའི་ཆོས་འདི་དག་ལས། རིག་བྱེད་ཀྱི་ཆོས་ལྷན་ཅིག་སྐྱེས་པ་ཕུ་བོར་(བཟང་བ་)ནི་ 1-1-277 ཡེ་ཤེས་དང་ལྡན་པ་རྣམས་ཀྱིས་འདོད་པར་མི་བྱ་སྟེ། མིག་དང་ལྡན་པ་རྣམས་ཀྱིས་(ལོང་བ་ལྟར་ བྱེད་པའི་)མུན་ནག་ཆེན་པོ་<བཟང་བར་མི་འདོད་པ་>བཞིན་དུའོ། །དེས་ན་ཕུ་བོ་དང༌། ནུ་བོ་དག་ ལས་(སྐབས་འདིར་)ནུ་བོ་མཆོག་ཅེས་བྱ་སྟེ། (རྒྱུ་མཚན་)དེའི་ཕྱིར་མཆོག་ཏུ་མི་འགྱུར་བའི་(བདེ་བ་ ཆེན་པོའི་)ཡེ་ཤེས་བསྒྲུབས་པས་མྱ་ངན་ལས་འདས་པར་འགྱུར་ཞིང༌། འཕོ་བའི་བག་ཆགས་ དང་ལྡན་པའི་རིག་བྱེད་ཀྱི་ཆོས་ཀྱི་ནི་མ་ཡིན་ནོ་ཞེས་བྱའོ། །དེ་བཞིན་དུ་འདིར་(ཉ་དང་རུས་སྦལ་ ཕག་རྒོད་༡༽དང༌། །༣༽ར་མ་གཉིས་དང་ནག་པ་དང༌། །༢༽མི་ཡི་སེང་གེ་མི་ཐུང་དང༌། །༤༽སངས་རྒྱས་(བྱང་ཆུབ་པ་བདུན་པ་) ངང་པ་ཅན་དེ་(རིགས་ལྡན་)བཅུ། །ཞེས་པ་ལ་)ཉ་ལ་སོགས་པའི་ལོ་རྒྱུས་ཀྱང་(འདུས་པ་ཅན་)རིགས་ལྡན་ གྱི་མཐར་ཐུག་པ། རྣམ་པར་དཔྱད་ན་དོན་མེད་དེ། འདིར་(གང་དུ་ན་)དང་པོའི་སངས་རྒྱས་སྟོན་ པའི་དུས་སུ་(གཞུང་)འཇིག་རྟེན་ཁམས་ཀྱི་རྩིས་ཀྱི་ལེའུའི་(སྟེ་མདོར་བསྡུས་པའི་)སྐབས་སུ་(གང་གིས་ ན་)དེ་བཞིན་གཤེགས་པས་གསུངས་པ། (ལྷ་མིན་)ཀླ་ཀློའི་ཆོས་བྱུང་ནས་(དང་པོའི་སངས་རྒྱས་ཀྱི་) གྲུབ་པའི་མཐའ་(འི་རྩིས་)ཉམས་པར་གྱུར་པའི་དུས་སུ་ས་ལ་བསྡུས་པའི་(རྒྱུད་ཀྱི་)བྱེད་པ(འི་རྩིས་) འབྱུང་པར་འགྱུར་ཏེ། (དུས་ཇི་ཙམ་ན་བྱུང་ན་སངས་རྒྱས་)ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ ལོན་པ་ན། (གང་དུ་ན་)ཤམ་བྷ་ལའི་ཡུལ་དུ་(ཡབ་)ཤཀྱའི་རིགས་ལྷའི་དབང་ཕྱུག་དང༌། (ཡུམ་) ལྷ་མོ་རྣམ་པར་རྒྱལ་བའི་སྲས་སུ་(སྟོན་པ་)འཇམ་དབྱངས་གྲགས་པ་(རིགས་བཞི་)རིགས་(གཅིག་ཏུ་ འདུས་པ་དང་)ལྡན་(པ་ཅན་)དུ་འགྱུར་བར་གསུངས་པ་འདི་ལྟ་སྟེ། (སོ་བའི་མཆོད་རྟེན་དུ་ཆོས་གསུངས་པའི་) དང་པོའི་ལོ་ནས་བརྒྱ་ཕྲག་དྲུག(ན)། །གསལ་བར་རྒྱལ་པོ་གྲགས་པ་ནི། །(ཡུལ་)ཤམ་བྷ་ལ་ རུ་འབྱུང་པར་{འབྱུང་[འགྱུར]། །(གྲགས་པས་ཆོས་གསུངས་པ་)དེ་ནས་ཀླུ་ཡི་ལོ་བརྒྱ་ཡིས། །ངེས་ པར་མ་ཁའི་ཡུལ་ཉིད་དུ། །(ལྷ་མིན་)ཀླ་ཀློའི་ཆོས་ནི་རབ་ཏུ་འཇུག ། དེ་ཡི་དུས་སུ་ས་སྟེངས་ སུ། །བསྡུས་པའི་(རྒྱུད་ཀྱི་)བྱེད་པ་གསལ་བར་(འགྲེལ་པ་དྲི་མ་མེད་པའི་འོད་)ནི། །མི་རྣམས་ཀྱིས་ ནི་(འབྱུང་པར་)རིག་པར་བྱ། །(ཕྱི་རོལ་པའི་)གྲུབ་པའི་མཐའ་རྣམས་ཉམས་(པར་)བྱས་ནས། །ས་ 1-1-278 ཡི་སྟེང་རྣམས་མ་ལུས་པར། །དུས་ཀྱི་(འཁོར་ལོའི་)སྦྱོར་བ་(ཡན་ལག་དྲུག་ཕྱོགས་ཐམས་ཅད་)འབྱུང་ བར་འགྱུར། །ཞེས་པས་དེ་བཞིན་གཤེགས་པས་འཇམ་པའི་དབྱངས་(བསྡུས་རྒྱུད་སྡུད་པར་)ལུང་ བསྟན་པ་སྟེ། དེ་ཡང་(བསྡུས་རྒྱུད་དེས་)བྲམ་ཟེའི་དྲང་སྲོང་ཉི་མའི་ཤིང་རྟས་གཙོ་བྱས་པའི་བྱེ་ བ་ཕྲག་ཕྱེད་དང་བཅས་པའི་གསུམ་རྡོ་རྗེའི་ཐེག་པ་ལ་མངོན་པར་དགའ་{བ་[བའི་]རིགས་ གཅིག་ཏུ་བྱེད་པར་འགྱུར་རོ། །(རྒྱུ་མཚན་)དེའི་ཕྱིར་འཇམ་དབྱངས་ནི་རིགས་ལྡན་དུ་(འདུས་པ་ ཅན་ར་ཟེར་)འགྱུར་ཏེ། (ཁྱབ་འཇུག་འདོད་པ་ལྟར་གྲགས་པ་)བྲམ་ཟེའི་རིགས་སུ་བཞག་པ་(འཇུག་པ་བཅུ་པ་) {ནི་}མ་ཡིན་ནོ། །(ཅིའི་ཕྱིར་མ་ཡིན་ན་)གང་གི་ཚེ་གྲགས་པ་(ཁྱབ་འཇུག་གི་འཇུག་པ་བཅུ་པ་)བྲམ་ཟེའི་བུ་ རིགས་ལྡན་ཡིན་ན། དེའི་ཚེ་གང་གི་རིགས་ལྡན་ཡིན་ཏེ། (ཆོས་ཅན་)ནོར་མེད་{པར་[པ་](ཆོས་ <ཅན་>)ནོར་(དང་ལྡན་པ་)ཅན་དུ་འགྱུར་རོ། །(འདུས་པ་ཅན་)རིགས་ལྡན་གྱི་མིང་ནི་རིགས་དང་ རིགས་མ་ཡིན་པ་(ཐམས་ཅད་རྡོ་རྗེ་ཐེག་པའི་རིགས་)གཅིག་ཏུ་བྱེད་པ་སྟེ། རིགས་(གཅིག་ཏུ་)ལྡན་(པར་ བྱེད་པ་)དེ་གང་ལ་ཡོད་པ་དེ་{ནི་}རིགས་ལྡན་ནོ། །རིགས་གཅིག་ཏུ་(འདུས་པར་)བྱེད་པ་མེད་ན་ དེ་མ་ཡིན་ནོ། །དེ་ལྟར་ཡང་རིགས་(བཞི་གཅིག་ཏུ་འདུས་པ་དང་)ལྡན་(པ་)དེ་ཉིད་དུས་ཀྱི་མཐའ་རུ་ ཀླ་ཀློ་རྣམས་ཀྱི་ཆོས་མ་ཡིན་པ་(རིགས་ལྡན་དེས་)མཐོང་ནས། རི་བཞིན་(མི་འདར་)མི་འགུལ་བར་ བྱས་ནས། རྟ་མཆོག་(སྤྲོ་བ་དག་)གི་ཏིང་ངེ་འཛིན་གྱིས་དཔག་ཏུ་མེད་པའི་རྟ་མཆོག་(མཐའ་ཡས་པ་) སྤྲོས་ཏེ། དེ་རྣམས་ཀྱི་ཀླ་ཀློ་རྣམས་ཀྱི་སེམས་(བསྡིགས་པའི་)ཞུམ་པར་བྱས་ནས། དེ་རྣམས་ཀྱི་ (ཀླ་ཀློ་){རང་གི་}ཆོས་འཇིག་པར་མཛད་ཅིང༌། ཆོས་(ཕྱི་ཅི་མ་ལོག་པ་ལ་མོས་པ་)དེ་{ཉིད་[རྣམས་] སྐྱེད་པར་བྱེད་ཀྱི། <ཀླ་ཀློ་>དེ་རྣམས་ཀྱི་སྲོག་དང་བྲལ་བར་[ནི་]མི་བྱེད་དོ། །བཅོམ་ལྡན་ འདས་ཀྱིས་ནང་གི་ལེའུ(འི་ཞེ་བརྒྱད་པ་)ལས། འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་དེ་ལྷ་ མཆོག་བདག་པོ་ཡན་ལག་བཅུ་གཉིས་འགོག ། རིགས་གཅིག་ཡང་དག་ཡེ་ཤེས་ཡིན་ཏེ་གླང་ རྟ་ཤིང་རྟ་མངག་གཞུག་འཁོར་རྣམས་འཕགས་པའི་ཚད་མེད་རྣམས། །དྲག་པོ་རང་རྒྱལ་མིང་ 1-1-279 ཅན་ཉིད་དུ་རབ་ཏུ་འགྱུར་ཏེ་ཧ་ནུ་{མན་ཏ་[མ་དྷ་]ཉན་ཐོས་སྲོག་ཆགས་རྣམས། །མ་རུངས་ ཀླ་ཀློའི་དབང་པོ་སྡིག་པ་ཉིད་དེ་གཅོད་བྱེད་སྡུག་བསྔལ་སྟེར་ཉིད་མི་དགེའི་ལམ། །ཞེས་ {བྱ་བ་[པ་]ལ་སོགས་པ་གསུངས་སོ། །ཀླ་ཀློའི་རྩོད་པ་དེ་བཞིན་གཤེགས་པས་(མ་འོངས་པ་ན་ འབྱུང་པར་)ལུང་བསྟན་པ་གང་ལེའུ་དང་པོར་གསུངས་པ་ནི། རྡོའི་རྟག་མཆོག་{ཕྱིས་[ཆིབས་] ནས་ཀླ་{ཀློ་[ཀློའི་མི་] རྣམས་མཐའ་རུ་བྱེད་པར་འགྱུར་ཞེས་པ་ནི། དྲང་སྲོང་གདུག་པ་ ཅན་གྱི་སེམས་ཞུམ་པར་བྱ་བའི་དོན་དུ་(སྡིགས་པ་)སྟེ། གཞན་དུ་ན་དང་པོར་(ཆོས་ལ་)ཐེ་ཚོམ་ སྐྱེས་{པར་[པས་](དབང་མེད་དུ་)རྟོགས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ ཀྱིས་(མདོ་རྒྱུད་དུ་)བྱང་ཆུབ་སེམས་དཔས་ཐབས་ལ་མཁས་པར་(འགྱུར་བར་རིག་པར་)བྱའོ། །ཞེས་ གསུངས་སོ། །དེས་ན་ལོ་རྒྱུས་(རྙིང་པ་ཉིད་)ཀྱི་ཆོས་རྣམས་ལ་(རིགས་པས་)རྣམ་པར་དཔྱད་ན་དོན་ མེད་པར་འགྱུར་རོ། །དེ་ནས་ཡང་དྲང་སྲོང་གདུག་པ་ཅན་རྣམས་ཀྱིས་སྨྲས་པ། ལོ་རྒྱུས་(རྙིང་ པ་)དང་ནི་(དྲང་སྲོང་)ཤེད་བུའི་ཆོས། །རིག་བྱེད་ཡན་ལག་<བཞི་>དང་བཅས་(དང་གསོ་བའི་)སྨན། ། བཀའ་(གནང་བ་ཡིས་)བསྒྲུབ་པ་ནི་རྣམ་པ་བཞི། །(རིགས་<ལྡན་>ལུང་གི་)རྒྱུ་མཚན་རྣམས་ཀྱིས་ སུན་མི་གདོན། །(དྲང་སྲོང་)ཤེད་བུ་(དང་)རྒྱས་པ་(དང་)ལྷག་མ་ཡི། །རིག་བྱེད་བཞི་ནི་ལྡན་པའི་ ཚིག(རྣམས)། །ཚད་མ་(དང་ལྡན་པ་)མ་ཡིན་གང་(ཞེས་)སྨྲ་བ། །བྲམ་ཟེ(གསོད་པ)འི་གཤེད་མར་(དེ་ སྐད་སྨྲ་བ་)དེ་འགྱུར་རོ། །ཞེས་པ་དེ་ལྟ་བུ་(བཤད་པ་){ཡིས་}བྱིས་པ་རྣམས་རྨོངས་པ་སྐྱེད་པར་ བྱེད་པ་སྟེ། <རིགས་པས་>རྣམ་པར་དཔྱད་ན་དོན་མེད་པ<འི་རྫུན་ཚིག>ཡིན་ལ། (བྲམ་ཟེ་)རང་གི་ རིགས་(མ་འདྲེས་པ་)རབ་ཏུ་གནས་པར་བྱ་བའི་དོན་ཙམ་དུ་སྨྲས་སོ་ཞེས་བྱའོ། ། ༈ འོན་ཏེ་གང་གི་ཚེ་སེམས་ཅན་རྣམས་ཀྱི་(འདོད་ཆགས་<ལས་>བྱང་སེམས་)འཕོ་བའི་བག་ ཆགས་ཐོག་མ་མེད་པ་(ནས་ཡོད་པ་)མ་ཡིན་ནམ། དེའི་མཐུས་(སེམས་ཅན་རྣམས་)འཁོར་བ་ཡིན་པ་ དེའི་ཚེ། (རྒྱུ་མཚན་)ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་[པར་འབྱུང་]བའི་ཡན་ 1-1-280 ལག་མ་རིག་[པ་]ལ་སོགས་པ་བཅུ་གཉིས་(ཀྱིས་འཁོར་བར་)གསུངས་ཏེ། ཉོན་མོངས་པ་(བཞི་) དང་(གཅིག)། ལས་(བཞི་)དང་(གཉིས)། སྡུག་བསྔལ་(བཞི་དང་གསུམ་ལ་བཅུ་གཉིས་)རྣམས་ཀྱིས་རིམ་ པ་ཇི་ལྟ་བ་བཞིན་དུ་གསུམ་དུ་བསྡུ་བའོ། །དེས་ན་ཉོན་མོངས་པ་ལས་ལས་སུ་འགྱུར་རོ། ། ལས་ལས་སྡུག་བསྔལ་དུ་འགྱུར་རོ། །སྡུག་བསྔལ་ལས་སླར་ཡང་ཉོན་མོངས་པར་འགྱུར་ ཏེ། དེ་ལྟ་བུའི་སྲིད་པའི་འཁོར་ལོ་འདི་ཉིད་རྒྱུ་(ཉོན་མོངས་པས་)དང་འབྲས་བུ་(སྡུག་བསྔལ་)སྐྱེ་འགྲོ་ (རིགས་དྲུག་)ཐམས་ཅད་(རྟེན་འབྲེལ་)དེ་ལས་གཞན་པའི་(འཁོར་བར་སྐྱེད་པ་)སེམས་ཅན་གང་ཡང་ མེད་པས། སྟོང་པ་(བར་དོ་)ལས་(སྐྱེ་བའི་)ཆོས་རྣམས་འབྱུང་པ་དང༌། (སྐྱེ་བའི་)ཆོས་རྣམས་ལས་ ཀྱང་(ཡང་བར་དོ་)སྟོང་པར་འགྱུར་ཏེ། མཁན་པོའི་ཁ་དོན་ལ་སོགས་པའི་དཔེ་རྣམས་ཀྱིས་(རྟེན་ འབྲེལ་)དེ་རྣམས་ཤེས་པར་བྱའོ། །(རྒྱུ་མཚན་)དེའི་ཕྱིར་(བྱང་སེམས་)འཕོ་བའི་བག་ཆགས་འདི་[ནི་] འཁོར་བའི་འཁོར་ལོ(འི་རྩ་བ་)རུ་མི་འགྱུར་རོ། །ཞེས་འདིར་(འབྲེལ་རྟོག་ཅན་)ཁ་ཅིག་བསམ་ པར་གྱུར་ན། ༈ <ཙེ་ཏ་>དེ(དགག་པ)འི་ཕྱིར་བརྗོད་པ། འདིར་བྱིས་པ་ལ་སོགས་པ་(ཕྱིའི་རྟེན་འབྲེལ་ <གྱི་>རྟོག་པ་ཅན་)རྣམས་གང་བརྗོད་པའི་(མ་རིག་པ་ལ་སོགས་པ་)རྟེན་ཅིང་འབྲེལ་པར་འབྱུང་བའི་ ཡན་ལག་བཅུ་གཉིས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་བདག་ཉིད་ཅན་དེ་ནི་སྲིད་ པར་འཁོར་བའི་འཁོར་ལོ་ལ་སོགས་པ་(སྟེ་དེ་འགགས་པ་མྱང་འདས་)ནི་མ་ཡིན་ཏེ། (རྒྱུ་མཚན་)ཅིའི་ ཕྱིར་ཞེ་ན། བཅོམ་ལྡན་འདས་མཆོག་ཏུ་མི་འགྱུར་(ཏེ་མི་འཕོ་)བའི་རིག་པ་འཛིན་པའི་ཕྱིར་རོ། ། འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་མཆོག་ཏུ་མི་འགྱུར་(ཏེ་མི་འཛག་)བའི་རིག་པ་ (བདེ་བ་)ཆེན་པོ་འཛིན་པ་(ཁམས་གསུམ་)འཁོར་བའི་བག་ཆགས་ལས་ཤིན་ཏུ་འདས་པའི་ཕྱིར་རོ། ། དེ་(མི་འགྱུར་བ་)དང་ཆོས་མི་མཐུན་པའི་འཁོར་བ་པ་རྣམས་(ཐིག་ལེ་)འཕོ་བའི་རིག་པ་འཛིན་པ་ (ཁམས་གསུམ་)འཁོར་བའི་(སྐྱེ་བ་སྔ་མའི་)བག་ཆགས་ཀྱིས་བཟུང་བའོ། །(རྒྱུ་མཚན་)དེའི་ཕྱིར་མཆོག་ 1-1-281 ཏུ་མི་འགྱུར་བའི་[བག་]ཆགས་པ་(བདེ་བ་)ཆེན་པོ་རིག་པའོ། །འདིར་སེམས་ཅན་རྣམས་ཀྱི་ (འཁོར་བ་)ཐོག་མ་མེད་པའི་འདོད་ཆགས་ཀྱི་བག་ཆགས་དེ་ཡིས་(འདི་དང་ཕྱི་མར་)འདོད་ཆགས་ ལ་རབ་ཏུ་འཇུག་སྟེ། འདོད་ཆགས་{ཀྱང་[ཀྱིས་](ཐིག་ལེ་)འཕོ་བར་འགྱུར་བའོ། །འཕོ་བ་ ལས་<སེམས་>འདོད་ཆགས་དང་བྲལ་(ཏེ་ཐིག་ལེ་ལྷུང་)བའོ། །འདོད་ཆགས་དང་བྲལ་བ་(མི་དགའ་ བ་) ལས་(སེམས་འཁྲུགས་པའི་)ཞེ་སྡང་ངོ༌། །ཞེ་སྡང་གི་བདག་ཉིད་ལས་(དྲན་པ་ཉམས་པའི་)བརྒྱལ་ བའོ། །བརྒྱལ་བ་ཞེས་བྱ་བ་ནི་གཏི་མུག་གོ། དེ་ལྟར་འདོད་ཆགས་དང༌། ཞེ་སྡང་དང་གཏི་ མུག་(གསུམ་)གི་བདག་ཉིད་ཅན་(གྱི་རྒྱུ་ནི་)མ་རིག་པའོ། །དེ་ཡང་ནམ་མཁའི་མེ་ཏོག་གི་ཕྲེང་བ་ བཞིན་(གཏན་<ནས་>མེད་པ་ནི་)མ་ཡིན་ནོ། ། ༈ ཀམ་རིག་པ་ཞེས་པ་ནི་ཉོན་མོངས་པ་སྟེ། མ་རིག་པ་ལས་ཁའདུ་བྱེད་དེ་ལས་སོ། ། འདུ་བྱེད་ལས་གརྣམ་པར་ཤེས་པ་སྟེ་སྡུག་བསྔལ་ལོ། །གནས་སྐབས་(བཞིའི་)དང་པོ་(ནུས་པ་) ཆུང་ངུ་ཙམ་གྱི་(བསྐྱེད་པའི་དེས་འགྲེ་)ཀལུས་དང་ཁངག་དང་གཡིད་ཀྱི་བདག་ཉིད་ཅེས་བྱའོ། །དེ་ ནས་རྣམ་པར་ཤེས་པ་ལས་མིང་དང་གཟུགས་ཏེ་ཉོན་མོངས་པའོ། །མིང་དང་གཟུགས་ལས་ སྐྱེ་མཆེད་དྲུག་སྟེ་ལས་སོ། །སྐྱེ་མཆེད་དྲུག་ལས་རེག་པ་སྟེ་སྡུག་བསྔལ་ལོ། །གནས་སྐབས་ (བཞིའི་)གཉིས་པ་(ནུས་པ་)འབྲིང་པོ་ཙམ་གྱི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཞེས་བྱའོ། ། དེ་ནས་རེག་པ་ལས་ཚོར་བ་སྟེ་ཉོན་མོངས་པའོ། །ཚོར་བ་ལས་སྲེད་པ་སྟེ་ལས་སོ། །སྲེད་པ་ ལས་ལེན་པ་སྟེ་སྡུག་བསྔལ་ལོ། །གནས་སྐབས་<བཞིའི་>གསུམ་པ་ཆེན་པོ་ཙམ་གྱི་ལུས་དང་ ངག་དང་ཡིད་ཀྱི་བདག་ཉིད་ཅེས་བྱའོ། །དེ་ནས་ཉེ་བར་ལེན་པ་ལས་སྲིད་པ་སྟེ་ཉོན་མོངས་ པའོ། །སྲིད་པ་ལས་སྐྱེ་བ་སྟེ་ལས་སོ། །སྐྱེ་བ་ལས་རྒ་ཤི་སྟེ་སྡུག་བསྔལ་ལོ། །གནས་སྐབས་ བཞི་པ་ཆེན་པོའི་(ནུས་པ་)ཡང་ཆེན་པོ་ཙམ་གྱི་ལུས་(བསྐྱེད་པ་གསུམ་)དང་ངག་དང་ཡིད་ཀྱི་བདག་ ཉིད་ཅེས་བྱའོ། །དེ་ལྟར་ལུས་<བསྐྱེད་པ་གསུམ་>དང་ངག་དང་ཡིད་དང་ཡེ་ཤེས་ཀྱི་བདག་ཉིད་ 1-1-282 ཅན་གནས་སྐབས་བཞི་པོ་རྣམས་ཆུ་སྲིན་ལ་སོགས་པ་དུས་སྦྱོར་གསུམ་གསུམ་<བཞི་ཚན་གསུམ་ པ་རེ་>ལ་(ས་བཞིའི་གསུམ་ཚན་རེ་རེ་)མངལ་དང་སྒོ་དང་ཕྱིའི་དབྱེ་བ་རྣམས་ཏེ། དེ་ལ་མི་རྣམས་ཀྱི་ (ཟླ་བ་བཅུ་གཉིས་)མངལ་དུ་གནས་པའི་(མངལ་འཛིན་པའི་)ཟླ་བ་ནི་(ཁྱིམ་)ཆུ་སྲིན་ཏེ་(རྟེན་འབྲེལ་འགྲེའོ་) མ་རིག་པ་(གཉིད་ལྟ་བུ་)མངལ་གྱིའོ། །<ལུས་གཙོ་ཆེ་བ་>ཟླ་བ་གཉིས་པ་ལ་བུམ་པ་སྟེ་(ལས་འབྱུང་པའི་) འདུ་བྱེད་ནི་(ངག་གཙོ་ཆེ་བའི་)སྒོའོ། །ཟླ་བ་གསུམ་པ་ལ་ཉ་སྟེ་(དབང་ཡུལ་རིག་པའི་)རྣམ་པར་ཤེས་ པ་ནི་(ཡིད་གཙོ་ཆེ་བའི་འགྲེའོ)ཕྱི་རོལ་གྱི་ཞེས་པ་སྟེ། ཟླ་བ་གསུམ་གྱི་བདག་ཉིད་ཅན་ཆུང་ངུ་ཙམ་ མངལ་སྐྱེས་རྣམས་ཀྱིའོ། །དེ་ནས་ཟླ་བ་བཞི་པ་ལ་ལུག་སྟེ་མིང་(བཞིའི་ཕུང་པོ་)དང་གཟུགས་ མངལ་གྱིའོ། །ལྔ་པ་ལ་ཁྱུ་མཆོག་སྟེ་(དབང་པོ་)སྐྱེ་(ཞིང་)མཆེད་(པ་)དྲུག་སྒོའི་འོ། །དྲུག་པ་ལ་ འཁྲིག་པ་སྟེ་(གསུམ་འདུས་ནས་འགྱུར་པ་གཅོད་པ་)རེག་པ་ཕྱི་ཞེས་བྱ་སྟེ། ཟླ་བ་གསུམ་གྱི་བདག་ཉིད་ ཅན་འབྲིང་ཙམ་མོ། །དེ་ནས་ཟླ་བ་བདུན་པ་ལ་ཀར་ཀ་ཊ་སྟེ་(བདེ་སྡུག་)ཚོར་བ་མངལ་གྱིའོ། ། བརྒྱད་པ་ལ་སེང་གེ་སྟེ་(གཟུང་ཡུལ་ལ་){སྲིད་པ་[སྲེད་པའི་]སྒོའི་འོ། དགུ་པ་ལ་བུ་མོ་སྟེ་(ཡུལ་) ཉེ་བར་ལེན་པ་ཕྱིའི་ཞེས་བྱ་སྟེ། ཟླ་བ་གསུམ་གྱི་བདག་ཉིད་ཅན་ཆེན་པོ་ཙམ་{མོ[པའོ]། །དེ་ ནས་ཟླ་བ་བཅུ་[པ་]ལ་སྲང་སྟེ་(ཡང་)སྲིད་(ལེན་)པ་མངལ་གྱིའོ། །བཅུ་གཅིག་པ་ལ་སྡིག་པ་སྟེ་ སྐྱེ་(ཞིང་འབྱུང་)བ་སྒོའི་འོ། །བཅུ་གཉིས་པ་ལ་གཞུ་སྟེ་རྒ་ཤི་ཕྱིའི་ཞེས་བྱ་སྟེ། ཟླ་བ་གསུམ་གྱི་ བདག་ཉིད་ཅན་ཆེན་པོའི་ཡང་ཆེན་པོ་(ལུས་བསྐྱེད་པ་)ཙམ་མོ། །དེ་བཞིན་དུ་(དང་པོ་གསུམ་)ལུས་ དང་(བར་པ་གསུམ་)ངག་དང་(ཆེན་པོ་གསུམ་)ཡིད་དང་(ཆེན་པོའི་ཆེན་པོ་གསུམ་)ཡེ་ཤེས་ཀྱི་དབྱེ་བས(གོ་ རིམ་ལྟར)། (ཡང་ན་)ཡེ་ཤེས་ནི་དང་པོའི་ཆུང་ངུ་ཙམ་མོ། །ལུས་ཏེ་བཞི་པའི་བར་དུ་ཤེས་པར་ བྱའོ། །བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ཀྱི་ལེའུ(བརྒྱ་བདུན་ཅུ་པ་)ལས་གསུངས་ པ་འདི་ལྟ་སྟེ། ཉོན་མོངས་(བཞི་)ལས་ནི་ལས་(བཞི་)དང་ལས་ལས་སྡུག་བསྔལ་(བཞིར་)འགྱུར་ ཏེ་(བཅུ་གཉིས་)དེ་ལས་(རང་གི་རྒྱུད་)ཉོན་མོངས་དེ་བཞིན་(དུ་)སྡུག་བསྔལ་ལོ། །དེ་དག་སྲིད་པའི་ 1-1-283 འཁོར་ལོ་(གཅིག་ནས་གཅིག་ཏུ་)འཁོར་བ་(སྔ་མ་)རྒྱུ་དང་(ཕྱི་མ་)འབྲས་བུ་(གྲངས་)མཉམ་པ་(རྒྱུ་བཞི་ འབྲས་བུ་བཞི་)ལས་ཏེ་(དེ་རྣམས་ལས་)གཞན་དུ་སེམས་ཅན་{སྲིད་པ་}མིན། །(སེམས་ཅན་ཀུན་གཞི་) སྟོང་པ་ཉིད་ལས་ཕུང་པོ་ལ་སོགས་ཆོས་ཏེ་སླར་ཡང་འཆི་མཐར་(ཕུང་པོ་ལ་སོགས་)དེ་ལས་སྟོང་ ཉིད་(ཏེ་བར་དོ་)ཤེས་བྱའོ། །ཀློག་བྱེད་པ་དང་མར་མེ་ཆུ་དང་མེ་ཏོག་སྒྲ་དང་མེ་ཤེལ་སྐྱུར་རྩི་ས་ བོན་རྣམས་ཀྱིས་(ནི་)ཤེས(པར་བྱ)། ཞེས་བྱ་[བ་]ལ། ཀློག་[པ་]ལ་སོགས་པའི་དཔེ་རྣམས་ ཀྱིས་ཕུང་པོ་རྣམས་སྐྱེ་བ་དང་འགག་{པ་[པར་]ཤེས་པར་བྱ་སྟེ། ཇི་ལྟར་མཁན་པོའི་{གློག་ [ཀློག་]གི་རིག་པ་མ་ཟད་པར་སློབ་མས་(རིག་པ་)ཐོབ་པ་བཞིན་དང༌། དེ་བཞིན་དུ་མར་མེ་ (མ་ཟད་པ་)ལས་མར་མེ་འབྱུང་པ་དང༌། ཟླ་བ་ལས་ཆུའི་ནང་དུ་ཟླ་བ་དང༌། མེ་ཏོག་(དྲི་མ་ཡལ་བ་) ལས་གོས་ལ་དྲི་དང༌། ཉི་མ་དང་མེ་ཤེལ་ལས་མེ་དང༌། སྒྲ་(བརྗོད་པ་)ལས་སྒྲ་{སྙན་[བརྙན་] (བཞིན་)དང༌། སྐྱུར་བ་(ཟ་བ་)ལས་(གཞན་)ལྕེ་འཛག་པ་དང༌། ས་བོན་ལས་མྱུ་གུ་(སྔོན་པོ་)སྟེ། དེ་ བཞིན་དུ་ཕུང་པོ་རྣམས་ཀྱི་ཉིང་འཚམས་ནི་(ཐིག་ལེ་)འཕོ་བའི་བག་ཆགས་ཀྱི་དབང་གིས་སྦྱོར་ བར་དགོངས་པའོ། །(རྒྱུ་མཚན་)དེས་ན་བཅོམ་ལྡན་འདས་ཀྱིས་(རྒྱུད་དུ་)གསུངས་པ་འཁོར་བའི་ འཁོར་ལོ་ནི་(གང་ལས་འབྱུང་ན་)འགྱུར་བའི་འདོད་ཆགས་ལས་ཏེ་མ་རིག་པ(འི་རྩ་བ་)ཞེས་བྱའོ། ། ༈ འདིར་གང་གི་ཚེ་(འཁོར་བའི་རྩ་བ་)འགྱུར་བའི་འདོད་ཆགས་ཟད་པ་དེའི་ཚེ་(མྱང་འདས་ཀྱི་ རྩ་བ་)མཆོག་ཏུ་མི་འགྱུར་བར་འགྱུར་རོ། །མཆོག་ཏུ་མི་འགྱུར་བ་ནི་(ཆགས་པ་དང་མ་བྲལ་བ་)འདོད་ ཆགས་ཆེན་པོའོ། །འདོད་ཆགས་ཆེན་པོ་(མི་འཕོ་བ་)ལས་འདོད་ཆགས་དང་བྲལ་བ་ཟད་པའོ། ། འདོད་ཆགས་(ཀྱི་དགའ་བ་)དང་བྲལ་བ་ཞེས་པ་ནི་(ཐ་མལ་པའི་ཉོན་མོངས་པ་)ཞེ་སྡང་ངོ༌། །(ཐ་མལ་པའི་ ཉོན་མོངས་པ་)ཞེ་སྡང་ཟད་པས་(ཉོན་མི་མོངས་པའི་)ཞེ་སྡང་ཆེན་པོར་འགྱུར་ཏེ། <ཉོན་མི་མོངས་པའི་>ཞེ་ སྡང་ཆེན་པོ་ལས་བརྒྱལ་བའི་མིང་ཅན་(ཐ་མལ་པའི་ཉོན་མོངས་པ་)གཏི་མུག་<རྟོག་པ་ནུབ་སྟེ་>ཟད་ དོ། །གཏི་མུག་ཟད་པ་ལས་(ཉོན་མི་མོངས་པའི་) གཏི་མུག་ཆེན་པོར་འགྱུར་ཏེ། <ཉོན་མི་མོངས་པའི་ 1-1-284 འདོད་ཆགས་ཆེན་པོ་དང༌། <ཉོན་མི་མོངས་པའི་>ཞེ་སྡང་ཆེན་པོ་དང༌། <ཉོན་མི་མོངས་པའི་>གཏི་ མུག་ཆེན་པོ་ལས་(ཐ་མལ་པའི་ཉོན་མོངས་པ་)འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་བདག་ ཉིད་ཅན་གྱི་(རྟེན་འབྲེལ་གྱི་<ཆོས་ཕྱིན་ཅི་ལོག་པར་>)མ་རིག་པ་ཟད་{པའོ[དོ]། །(ཆོས་ཕྱིན་ཅི་ལོག་ཏུ་ རིག་པའི་ཆོས་ཕྱིན་ཅི་མ་ལོག་པར་)མ་རིག་པ་ཟད་པ་ལས་<ཆོས་ཐམས་ཅད་ཕྱིན་ཅི་ལོགས་སུ་>མ་རིག་པ་ ཆེན་པོར་འགྱུར་རོ། །དེ་བཞིན་དུ་(ཐ་མལ་པའི་ཉོན་མོངས་པ་)མ་རིག་པ་འགགས་པས་འདུ་བྱེད་ འགག་གོ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག་གོ། རྣམ་པར་ཤེས་པ་འགགས་ པས་མིང་དང་གཟུགས་འགག་གོ། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག་ གོ། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག་གོ། རེག་པ་འགགས་པས་ཚོར་བ་འགག་གོ། ཚོར་བ་འགགས་པས་སྲེད་པ་འགག་གོ། སྲེད་པ་འགགས་པས་ལེན་པ་འགག་གོ། ལེན་པ་ འགགས་པས་སྲིད་པ་འགག་གོ། སྲིད་པ་འགགས་པས་སྐྱེ་བ་འགག་གོ། སྐྱེ་བ་འགགས་པས་ རྒ་ཤི་འགག་[གོ་]ཞེས་བྱའོ། །དེ་ལྟར་(དེ་ལས་འབྱུང་གི་)ཡན་ལག་བཅུ་གཉིས་<དེ་>འགགས་ (པས་དེ་འགག་)པ་ལུགས་ལས་བཟློག་པའི་ཆོས་ཀྱིས་བཅོམ་ལྡན་འདས་ཀྱི་ཡན་ལག་(བཅུ་གཉིས་) རྣམས་ནི་སྒྲིབ་པ་དང་བྲལ་བ་ཞེས་བྱ་{བ་[བར་]རིག་པར་བྱའོ། ། ༈ འོན་ཏེ་གང་གི་ཚེ་(ཤུ་ཀྲ་)འགྱུར་བའི་འདོད་ཆགས་ཟད་པས་རྣལ་འབྱོར་པ་རྣམས་ སངས་རྒྱས་ཉིད་དུ་འགྱུར་(བར་འདོད་)ན། དེའི་ཚེ་འཆི་བདག་དང༌། ཕུང་པོ་དང༌། ཉོན་མོངས་ པ་དང༌། ལྷའི་བུ་སྟེ་བདུད་བཞི་རྣམས་བཅོམ་༡པ། དེ་༣བཞིན་གཤེགས་པས་གསུངས་༢པ་ ཅིའི་ཕྱིར། ༤དེའི་ཕྱིར་འགྱུར་བའི་འདོད་ཆགས་བཅོམ་པ་སངས་རྒྱས་ཉིད་དུ་མི་འགྱུར་རོ་ ཞེས་<ན་ནུ་>ཁ་ཅིག་བསམ་པར་གྱུར་ན། ༈ དེ(དགག་པ)འི་ཕྱིར་<ཙེ་ཏ་>བརྗོད་པ། འདིར་རྨོངས་པ་རྣམས་ཀྱིས་གང་བརྗོད་པའི་ ཕྱིའི་བདུད་རྣམས་དེ་བཞིན་གཤེགས་པས་བཅོམ་པ་དེ་ནི་མ་ཡིན་ཏེ། (དེ་)ཅིའི་ཕྱིར་ཞེ་ན། སྔ་ 1-1-285 ཕྱི་ཕན་ཚུན་འགལ་བའི་ཕྱིར་རོ། །(ཇི་ལྟར་འགལ་ན་)འདིར་གང་གི་ཚེ་སྔོན་དུ་སངས་རྒྱས་ཏེ། ཕྱི་ ནས་བདུད་བཅོམ་ན། དེའི་ཚེ་སངས་རྒྱས་ལ་སྒྲིབ་པ་མེད་པར་མི་འགྱུར་ཏེ། བདུད་ཀྱིས་ ཉེ་བར་འཚེ་བའི་(བར་དུ་གཅོད་པའི་)ཕྱིར་རོ། །འོན་ཏེ་སྔོན་དུ་བདུད་བཅོམ་ནས་ཕྱིས་སངས་ རྒྱས་པ་[ཉིད་]ཡིན་པ་དེ་ལྟ་ན་ནི་སངས་རྒྱས་མ་ཡིན་པ་སེམས་ཅན་གཞན་རྣམས་ཀྱིས་ཀྱང་ བདུད་བཞིའི་དཔུང་འཇོམས་པར་བྱེད་(ནུས་)པར་འགྱུར་རོ། །འོན་ཏེ་{སྔོན་}དུས་གཅིག་(ཅར་) དུ་བདུད་བཅོམ་པར་མཛད་དོ་ཞེ་ན། (<རྒྱུ་མཚན་>དུས་)ཅིག་ཅར་དུ་ཡང་བདུད་བཅོམ་པར་མ་ (༨༨ཆད་)མཛད་དེ། སྐད་ཅིག་གང་ལ་བདུད་{ཡོད་[བཅོམ་]པའི་སྐད་ཅིག་དེ་ལ་སངས་རྒྱས་ ཉིད་ཡོད་པ་མ་ཡིན་ཏེ། (བདུད་ཀྱི་)སེམས་སྒྲིབ་པ་དང་བཅས་པའི་ཕྱིར་རོ། །སྐད་ཅིག་གང་ལ་ སངས་རྒྱས་ཉིད་དུ་གྱུར་{པ་[པའི་]དེའི་སྐད་ཅིག་དེ་ལ་བདུད་མེད་དེ་སྒྲིབ་པ་ཐམས་ཅད་ ཟད་པའི་<སྟེ་སངས་རྒྱས་>ཕྱིར་རོ། ། ༈ (རྒྱུ་མཚན་)དེའི་ཕྱིར་སེམས་ཅན་རྣམས་ཀྱི་ལུས་དང༌། ངག་དང༌། ཡིད་གསུམ་གྱི་(ཐོག་ མ་མེད་པ་ནས་)མ་རིག་པའི་(རྩ་བ་འཕོ་བའི་)བག་ཆགས་ཀྱི་བདག་ཉིད་ནི་བདུད་བཞི་རྣམས་སོ(ཞེས་ བྱའོ)། །དེ་རྣམས་ལས་ལུས་ཀྱི་སྒྲིབ་པ་ནི་ཕུང་པོའི་བདུད་དོ། །ངག་གི་སྒྲིབ་པ་ནི་ཉོན་མོངས་ པའི་བདུད་དོ། །ཡིད་ཀྱི་སྒྲིབ་པ་ནི་འཆི་བདག་གི་བདུད་དོ། །ཕྱི་རོལ་གྱི་རིག་པ་ལ་རབ་ཏུ་ འཇུག་པ་ནི་ལྷའི་བུ་ཡི་བདུད་དོ(མི་རྣམས་སེམས་ནི་ཀུན་ནས་མི་དགེའི་འབྲས་བུ་དབང་གིས་རྨན་པའི་རིག་པ་ དག་ལ་མོས། །རིག་པ་འདི་ནི་བདག་གིས་བྱས་ལ་སྲིད་གསུམ་མཐའ་དག་སྐད་ཅིག་མ་ནི་གཅིག་གིས་དབང་དུ་བྱ། །ཞེས་པའི་ འདོད་པའི་བསམ་པ་ཡེ་ཤེས་དང་ནི་སྦྱིན་པ་རྣམ་པར་སྤངས་པས་དམྱལ་བར་རབ་ཏུ་འཇུག ། དེ་རྗེས་རྫས་དང་རང་གི་ཆུང་མ་ གཞན་གྱི་དབང་དུ་འགྱུར་ཏེ་ཀྱེ་མ་ཆོས་ངན་དག་ལ་ཞུགས། །ཞེས་སོ)། །འདིར་(བདུད་དེ་གང་ལ་འཇུག་ན་)དགེ་བ་ དང་མི་དགེ་བའི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་(ལུང་རིགས་ཀྱིས་དཔྱད་ནས་)ཡོངས་ སུ་མ་རྟོགས་པའི་བྱིས་པའི་བློ་ཅན། འཁོར་བའི་ལོངས་སྤྱོད་(ཡུལ་ལྔ་)ལ་མངོན་པར་ཞེན་པས་ 1-1-286 ལོངས་སྤྱོད་འདོད་པ་རྣམས་ལ་ལྷའི་བུའི་བདུད་ཀྱི་ཚིག་བཀའ་རུ་འགྱུར་ཏེ། (ཇི་ལྟར་འགྱུར་ ན་)འདིར་ལྷའི་བུའི་བདུད་རྣམས་ཀྱི་ཚིག་གིས་སེམས་ཅན་རྣམས་ལ་དགེ་བ་དང་མི་དགེ་ བར་འགྱུར་བ་སྨྲས་པ། ཟླ་བའི་སྟོབས་ཀྱིས་དང༌། ཉི་མའི་སྟོབས་ཀྱིས་དང༌། མིག་དམར་ གྱི་སྟོབས་ཀྱིས་དང༌། (ཡན་ལག་ལྔ་ལས་)གཟའ་(བདུན་གྱི་)ལྷག་གི་སྟོབས་ཀྱིས་དང༌། ཕུར་པའི་ སྟོབས་ཀྱིས་དང༌། པ་ཝ་སངས་ཀྱི་སྟོབས་ཀྱིས་དང༌། སྤེན་པའི་སྟོབས་ཀྱིས་དང༌། སྒྲ་གཅན་ གྱི་སྟོབས་ཀྱིས་དང༌། མཇུག་རིངས་ཀྱི་སྟོབས་ཀྱིས་ཏེ། (ཡན་ལག་ལྔ་ལས་)གཟ(བདུན་གྱི་)འི་ སྟོབས་ཀྱིས་དང༌། [ཚེས་ཀྱི་སྟོབས་ཀྱིས་དང༌། ] རྒྱུ་སྐར་(ཉེར་བདུན་)གྱི་སྟོབས་ཀྱིས་དང༌། སྦྱོར་ བའི་(ཉེར་བདུན་གྱི་)སྟོབས་ཀྱིས་དང༌། བྱེད་པའི་(བདུན་གྱི་)སྟོབས་ཀྱིས་ཏེ། དུས་སྦྱོར་གྱི་སྟོབས་ རྣམས་ཀྱིས་དགེ་བ་དང༌། མི་དགེ་བར་འགྱུར་རོ། །དེ་བཞིན་དུ་གཞན་ཡང་(མིང་གི་)དབྱངས་ འཆར་བའི་སྟོབས་ལ་མངོན་པར་དགའ་བ་རྣམས་ལ་སྨྲས་པ། གཡུལ་དུ་(མིང་གི་)དབྱངས་ འཆར་བའི་སྟོབས་ཀྱིས་རྒྱལ་བར་འགྱུར་བ་དང༌། རྣལ་འབྱོར་མ(བརྒྱད་རྒྱུ་བ)འི་སྟོབས་ཀྱིས་ དང༌། སྐར་མའི་སྟོབས་ཀྱིས་དང༌། (རྩ་བའི་)སྒྲ་གཅན་གྱི་སྟོབས་ཀྱིས་དང༌། །བཟང་པོ(ལ་སོགས་ པ)འི་(ཚེས་ཀྱི་)སྟོབས་ལ་སོགས་པ་རྣམས་ཀྱིས་གཡུལ་འགྱེད་པའི་སར་རྣམ་པར་རྒྱལ་བར་ འགྱུར་རོ<ཞེས་བྱའོ>། །དེ་བཞིན་དུ་སངས་རྒྱས་པའི་ཉན་ཐོས་རྣམས་ཀྱང་(བློ་)ཕྱིའི་རིག་པ་ལ་ རབ་ཏུ་འཇུག་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་པའི་(བཅུ་གཉིས་ཀྱི་རྩིས་ཀྱི་){དགོངས་[དགོས་] པས་སེམས་ཅན་རྣམས་ལ་དགེ་བ་དང་མི་དགེ་བར་འགྱུར་(ཞེས་བྱའོ་)རོ། །དེ་བཞིན་དུ་ལྷའི་ བུའི་ཚིག་གཞན་(མུ་སྟེགས་པ་)དག་རྣམས་ཀྱང་(ཕྱ་དང་དབང་ཕྱུག་ལ་སོགས་པའི་)ལྷའི་བཀའ་དྲིན་གྱིས་ (གནང་ན་)ཐམས་ཅད་དགེ་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་(ཕྱི་རུ་)མ་རིག་པ་ལ་རབ་ ཏུ་ཞུགས་པའི་སེམས་ཅན་རྣམས་ལ་ལྷའི་བུའི་བདུད་ཀྱི་ཚིག་གིས་སོ། །འདིར་གལ་ཏེ་སྐྱེ་ བ་གཞན་གྱི་(སྟེ་སྔ་མའི་)བསོད་ནམས་དང༌། སྡིག་པ་མེད་པར་ལྷའི་བུའི་བདུད་ཀྱི་ཚིག་(ཉི་མ་ 1-1-287 ལ་སོགས་པའི་སྟོབས་)གིས་སེམས་ཅན་རྣམས་ལ་དགེ་བ་དང་མི་དགེ་བར་འགྱུར་ན། དེའི་{ཚེ་} སྔོན་དུ་བསགས་པའི་དགེ་བ་དང་མི་དགེ་བ་དོན་མེད་དེ། (ཅི་སྟེ་ན་)ཐམས་ཅད་ཀྱང་གཟའ་ལ་ སོགས་པའི་སྟོབས་དང་སྟོབས་མ་ཡིན་པའི་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་ལྟར་ཡང་ མ་ཡིན་ཏེ་འགལ་བར་སྨྲས་པ། (བཟང་པོ་ལ་སོགས་པ་)དུས་སྦྱོར་སི་ཏ་(བག་མར་བཏང་པས་)བདེ་ལྡན་ མིན(པ་དང་)། །གནམ་སྟོང་གི་ནི་(དུས་སུ་གཡུལ་དུ་ཞུགས་པའི་)བཀའ་དྲིན་གྱིས། །(སྒྲ་སྒྲོགས་ཀྱི་བུ་) {འདུར་ཛོ་ད་[དྷུར་ཛཱོ་དཱ་]ན་མ་རྒྱལ་ཏེ(འཕམ་པ་དང་)། །(ཉེར་བརྒྱད་ལ་ཞུགས་པའི་)འཇིགས་སྡེ་(སྤུན་ ལྔ་པོ་)ཡིས་ནི་(འདུར་ཛོ་ད་ན་)རྣམ་པར་བཅོམ། །(ལྷའི་)དབང་པོའི་བུ་(སྲིད་སྒྲུབ་)ལ་{རྡེག་[བདེག་] འདོད་པའི། །(ལྷ་མ་ཡིན་)དཔའ་{བའི་[བོའི་]སྟོབས་ཅན་སར་གནས་པ(རྣམས)། །དབང་ པོའི་བུ་ཡི་(སྲིད་སྒྲུབ་ཀྱི་)མདས་ཕུག་ནས། །(ལྷ་མ་ཡིན་གྱི་)ཕྱོགས་ཀུན་ཟད་པར་བྱས་པའོ། །ཞེས་ པས་སོ། །(རྒྱུ་མཚན་)དེས་ན་སེམས་ཅན་རྣམས་སྔོན་གྱི་དགེ་བ་དང་མི་དགེ་བའི་ལས་ཀྱི་ འབྲས་བུ<འི་བདེ་སྡུག>ལ་ལོངས་སྤྱོད་པར་བྱེད་དོ། །དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་ གསུངས་པ། (སྐྱེ་བ་སྔ་མའི་)ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་བྱས་པ་ཡིས། ། སེམས་ཅན་དེ་ཡི་འབྲས་བུ(འི་བདེ་སྡུག་)སྤྱོད། །(དབང་ཕྱུག་ལ་སོགས་པ་)ལྷ་གཞན་(གྱིས་)འབྲས་བུ་ སྟེར་བ་མིན། །ཞེས་བྱའོ། །དེས་ན་གལ་ཏེ་(དབང་ཕྱུག་ལ་སོགས་པ་)ལྷའི་བཀའ་དྲིན་(རྩིས་མངོན་ཤེས་) གྱིས་གང་མཐོང་པ་ཡང་སེམས་ཅན་རྣམས་ཀྱི་སྔོན་གྱི་བསོད་ནམས་(བསགས་པ་ཉིད་)ཀྱི་སྟོབས་ ཀྱིས་ཏེ། སྡིག་པའི་སྟོབས་ཀྱིས་ནི་མ་ཡིན་ཞེས་བྱའོ། །བསོད་ནམས་ཀྱང་སེམས་ཅན་ལ་ཕན་ པར་བྱས་པ་ལས་འབྱུང་གི (འཇིག་རྟེན་པའི་)ལྷ་དང་(མཆོད་པ་)ཕ་མེས་ཀྱི་(མཚུན་གྱི་)བྱ་བ་ལ་སྲོག་ བཅད་པ་ལས་ནི་(བསོད་ནམས་འབྱུང་བ་)མ་ཡིན་ནོ། །ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ནང་ གི་ལེའུར་<བརྒྱ་བཅུ་གྱ་དགུ་པར་>ལས་ཀྱི་འབྲས་བུ་གསུངས་པ་འདི་ལྟ་སྟེ། དེའི་ཕྱིར་(དབང་ཕྱུག་ ལ་སོགས་)བྱེད་པ་པོའི་སྲོག་ཆགས་རྣམས་(ཀྱི་ལུས་)ལ་ཀ བདེ་དང་ཁ སྡུག་བསྔལ་ཅུང་ཟད་༡སྟེར་ 1-1-288 དང་༢འཕྲོག་པ་མིན། །(ཁམས་གསུམ་)འཁོར་བར་(གང་ཟག་)གང་ཞིག་གིས་ནི་སྔོན་དུ་ལས་ཉིད་ (དགེ་མི་དགེ་ལུང་མ་བསྟན་)རྣམ་གསུམ་བྱས་པའི་འབྲས་བུ་རབ་སྟེར་འགྱུར། །རྨོངས་པ་རྣམས་ཀྱི་ བློ་(སེམས་)འདིས་(བདེ་བ་)༼ཀ སྟེར་དང་(སྡུག་བསྔལ་)༼ཁ འཕྲོག་དང་ཀ༽སྐྱེད་དང་ཁ༽སྡུད་པར་བྱེད་ པར་འདོད་པ་སྟེ། །རང་གི་དབང་པོས་(རང་གི་)ལུས་{དང་[ལ་]སྐྱོན་དག་(དངོས་སུ་)མ་མཐོང་ པ་ཡིས་(ཇི་ལྟར་བྱེད་ན་)དཔག་མེད་དགེ་བ་འཕྲོག་པར་བྱེད་པའོ། །ཞེས་པའོ། །དེ་བཞིན་དུ་ ལྷའི་བུའི་བདུད་ཀྱང་ལེའུ་ལྔ་པ(འི་གྱ་དྲུག་པ་)ལས་གསུངས་པ་འདི་ལྟ་སྟེ། གང་ཚེ་སྲིད་(པ་) གསུམ་(གྱི་)བདག་པོས་མ་རུངས་(སྟེ་མངོན་སྤྱོད་)ལས་ཀྱི་རང་བཞིན་གསང་སྔགས་དུ་མ་རྣམས་ ནི་གསུངས་གྱུར་པ། །(སྔགས་)དེ་རྣམས་ཐམས་ཅད་བདུད་(ཀྱི་)ཕྱོགས་ཟད་(པར་བྱ་བའི་)ཕྱིར་ འཇིགས་པ་སྐྱེད་(པར་)བྱེད་(པ་)རྣམས་(ཡིན་)ཏེ་སྲོག་ཆགས་རྣམས་ལ་(གསད་པའི་ཕྱིར་)ཅུང་ཟད་ (ཀྱང་)མིན། །(རིག་བྱེད་ཀྱི་ཆོས་)དྲན་པ་རྣམས་(ལ་སོགས་བསྟན་བཅོས་)ཀྱི་བྱེད་པོ་གང་ཞིག་(ནི་)གཡུལ་ གྱི་ཡུལ་ལ་དགའ་བའི་གསོད་བྱེད་རྣམས་དང་མུ་སྟེགས་ཅན། །དེ་རྣམས་ལ་ནི་(དྲག་པོའི་ལས་) དེ་རྣམས་སྦྱར་བར་བྱས་པ་(གང་གིས་ན་)རྒྱལ་སྲས་དམ་པས་(གང་གི་དོན་དུ་ན་)སྲོག་ཆགས་མ་ལུས་ བསྲུང་དོན་དུ། །ཞེས་པའོ། །དེས་ན་བཅོམ་ལྡན་འདས་ཀྱིས་(རྒྱུད་དུ་)བཀའ་སྩལ་པ་འདིའི་ ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་བདུད་ཀྱི་ཚིག་གིས་(རྗེས་སུ་འབྲངས་ནས་)མ་རིག་པ་ལ་སོགས་ པ་ལ་འཇུག་པར་མི་བྱའོ། །དེ་ལྟར་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་(བདེ་གསལ་མི་རྟོག་པ་ དང་རྟོག་པའི་)བག་ཆགས་ནི་རྡོ་རྗེ་སེམས་དཔའ་དང་བདུད་དུ་སོ་སོར་སྣང་པའོ། །དེ་བཞིན་དུ་ སེམས་ཅན་རྣམས་ལ་ཀ༽བཅོམ་ལྡན་འདས་དང་༼ཁ༽བདུད་དུ་སོ་སོར་སྣང་པ་ནི་༼ཀ༽བསོད་ ནམས་ཀྱི་ཕུང་པོ་དང༌། ༼ཁ༽སྡིག་པའི་ཕུང་པོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ ཀྱི་ལེའུ་(ཡེ་ཤེས་དྲུག་གི་བསྟོད་པ་བཞི་པ་)ལས་གསུངས་པ། སེམས་ཉིད་(ཀྱི་བག་ཆགས་)ཙམ་སྟེ་སྔགས་ ཀྱི་གཟུགས་(ཏེ་ཆོས་གསུངས་པ་)ལ་ལྷ་ཡིས་ཡོངས་སུ་བསྐོར་བ་(སྤྲུལ་སྐུ་དང་)བདེ་དང་སྡུག་བསྔལ་ 1-1-289 (དུ་སྣང་བའི་)རང་བཞིན་[ཅན]། །སྐྱེས་བུ་དམ་པ་རྣམས་ལ་ཞི་བའི་གཟུགས་ཏེ་རང་(གིས་)བྱས་ (པའི་ལས་)ཉམས་(སུ་)མྱོང་(བ་)གདུག་པ་(ཅན་)རྣམས་ལ་གདུག་(པར་)བྱེད་པ། །གང་གིས་ལས་ (དགེ་སྡིག་)རྣམས་གང་དང་གང་(བྱས་པ་)རྣམས་རང་གི་{སེམས་[ཡིད་]ཀྱིས་ཆོ་ག་བཞིན་བྱས་ དེའི་འབྲས་བུ་སྟེར། །(བདུད་དང་བྲལ་བའི་)འཇིག་རྟེན་(གྱི་)དབང་ཕྱུག་(སྟེ་)སྣ་ཚོགས་གཟུགས་ ཅན་སྲིད་གསུམ་སྐྱེད་བྱེད་རྡོ་རྗེ་སེམས་དཔའ་ལ་ནི་ཕྱག་འཚལ་ལོ། །ཞེས་པའོ། །དེས་ན་ སེམས་ཅན་རྣམས་ཀྱི་རང་(རང་)གི་སེམས་ཀྱི་བག་ཆགས་(དག་མ་དག་)ཀྱི་སྣང་པ་ནི་རྡོ་རྗེ་སེམས་ དཔའ་དང་བདུད་དུ་སྟེ། བཅོམ་ལྡན་འདས་ལ་བདུད་(དུ་སྣང་བ་)མི་མངའ་(དེ་<ལྟ་>བས་ན་བདུད་ ནི་དྲི་མ་དང་བཅས་པའི་སེམས་ཏེ་སངས་རྒྱས་ནི་དྲི་མ་མེད་པའི་སེམས་སོ། །འདིར་ཕྱི་རོལ་ཏུ་སངས་རྒྱས་ཀྱིས་བདུད་གང་བཅོམ་ པ་ནི་སེམས་ཅན་རྣམས་ཀྱི་རང་གིས་སོ་སོར་སྣང་པའི་སྟེ་རྨི་ལམ་བཞིན་ནོ། །དོན་དམ་པ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི་ ལེའུ་ལྔ་པར་རྒྱས་པར་བརྗོད་པར་བྱའོ། །)ཞེས་པའོ། ། ༈ དེ་ལྟར་བརྗོད་པའི་ལུས་དང་ངག་དང་ཡིད་དང་མ་རིག་པའི་བདུད་རྣམས་ཀྱི་སྐྱེད་ པར་བྱེད་པ་པོ་<བྱང་སེམས་>འཕོ་བའི་སྐད་ཅིག་ལ་<ཕྱི་རུ་>འདོད་པའི་ལྷ་ཞེས་བརྗོད་དེ། <ལས་སོགས་སྡུད་>དེ་རྣམས་དེ་བཞིན་གཤེགས་པས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་གིས་ བཅོམ་པའོ། །<ལས་སོགས>དེ་རྣམས་བཅོམ་པ་ནི་བདུད་ཀྱི་སྟོབས་བཅོམ་པ་སྟེ། (དེས་ཅི་བྱེད་ན་) འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཁོང་ཁྲོ་དང་མ་རིག་པའི་རང་བཞིན་རྣམས་ཟད་ <པར་བྱེད་>པའོ། །འདིར་(སྐྱེ་བ་སྔ་མའི་)འཕོ་བའི་བག་ཆགས་འགགས་པས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་དང༌། ཁོང་ཁྲོ་[བ་] རྣམས་འགགས་སོ། །དེ་རྣམས་འགགས་པས་ མ་རིག་པ་འགགས་སོ། །དེ་ལྟ་བུའི་རིམ་པས་(འདུ་བྱེད་ལ་སོགས་རྟེན་འབྲེལ་)ཡན་ལག་བཅུ་གཉིས་ འགགས་སོ། །ཡན་ལག་བཅུ་གཉིས་འགགས་པས་སྲིད་པའི་འཁོར་ལོ་འགགས་སོ། །སྲིད་ པའི་འཁོར་ལོ་འགགས་པས་སྒྲིབ་པ་མེད་པའི་སངས་རྒྱས་ཉིད་དུ་འགྱུར་ཞེས་བྱའོ། ། 1-1-290 ༈ དེ་དག་ལས་(ཤེས་རབ་ཀྱི་ཆགས་པ་དང་བྲལ་བ་)ཉན་ཐོས་དང༌། (མ་བྲལ་བ་)ཕ་རོལ་ཏུ་ཕྱིན་པ་ དང༌། སྔགས་ཀྱི་ཐེག་པ་རྣམས་སུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཆོག་ཏུ་མི་འགྱུར་ བའི་སྙིང་པོ་ནི་མཚན་ཡང་དག་པར་བརྗོད་པར་དེ་བཞིན་གཤེགས་པས་གསུངས་ཏེ། (ཀུན་ གྱི་སྙིང་པོ་)འདིའི་དོན་མི་ཤེས་པར་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཉམས་པའི་བླ་མ། དམ་ པ་མ་ཡིན་པ་<བྱང་སེམས་>ཉམས་པ་(ཆོས་ཕྱིན་ཅི་ལོག་ཏུ་འཆད་པ་)རྣམས་མ་འོངས་པའི་དུས་སུ་ འབྱུང་པར་འགྱུར་ཏེ། (སློབ་དཔོན་ཐིག་ལེ་)ཉམས་པ་དེ་རྣམས་ཀྱིས་(ལམ་ལ་འཇུག་པའི་)སེམས་ཅན་ རྣམས་(ཀྱི་བྱང་སེམས་)ཉམས་པར་བྱེད་དོ། །དེས་ན་རྩ་བའི་རྒྱུད་དུ་ཡེ་ཤེས་རྣམ་པ་ལྔའི་བསྟོད་ པ་ཚིགས་སུ་བཅད་པ་ལྔ་ཡིས་རྣམ་པ་ལྔའི་བསྒོམ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ ལྟ་སྟེ། སྟོང་པ་ཉིད་དངོས་ཚོགས་པ་(དུ་བ་ལྟ་བུ་ལ་སོགས་སྒྱུ་མར་སྣང་པ་)གང༌། །(རྣམ་རྟོག་གིས་)བརྟགས་ པའི་གཟུགས་ནི་རྣམ་པར་སྤངས། །གཞོན་{ནུ་[ནུས་](གྲོང་བའི་ཆོས་ཀྱིས་མ་ཕོག་པ་)གཟུགས་ བརྙན་མེ་ལོང་ལ(སྣང་བས)། །པྲ་ཕབ་པ་དང་མཚུངས་པར་མཐོང༌། །ཞེས་པ་ནི་འཇིག་རྟེན་ལས་ འདས་པའི་བདེན་པ་གཟུགས་ཀྱི་ཕུང་པོ་(དག་པ་)མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་ཀུན་<དུ་ བ་ལྟ་བུ་ལ་སོགས་སྒྱུ་མར་སྣང་པ་>མཉམ་པ་ཉིད་གྱུར་པ། །(སེམས་ཀྱི་)རང་བཞིན་གཅིག་ནི་མི་འགྱུར་ (བར་)གནས། །(བྱང་སེམས་)མི་འགྱུར་(བའི་)ཡེ་ཤེས་ལས་བྱུང་པ། །(བདེ་བས་)ཆད་པ་མ་ཡིན་(སྟོང་ པས་)རྟག་པ་མིན། །[ཆད་པ་མ་ཡིན་རྟག་པ་མིན། །]ཞེས་{པ་ནི་[པའི་]ཚོར་བའི་ཕུང་པོ་(དག་ པ་)མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །འདུ་ཤེས་(ཆེ་འབྲིང་)ཐམས་ཅད་མི་འགྱུར་དངོས། །མི་འགྱུར་ (པའི་)རིགས་ལས་ཡང་དག་བྱུང་(བ)། །མི་འགྱུར་(བའི་བདེ་བ་)ཆེན་པའི་གོ་འཕང་འཐོབ(པ་ལ)། ། འདུ་ཤེས་(ཆེ་འབྲིང་མེད་)འདུ་ཤེས་(སུ་འཛིན་པ་)ཅན་དག་(ཀྱང་)མེད། །ཞེས་{པ་ནི་[པའི་]འདུ་ ཤེས་ཀྱི་ཕུང་པོ་<དག་པ་>སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ། །སྐྱེ་བ་(དོན་དམ་པར་)མེད་པའི་ ཆོས་རྣམས་ནི། །(སེམས་དང་སེམས་བྱུང་གི་)འདུ་བྱེད་རྣམ་པར་སྤངས་པ་སྟེ། །(དོན་དམ་པར་)བྱང་ 1-1-291 ཆུབ་མེད་ཅིང་(དོན་དམ་པར་)སངས་རྒྱས་མེད། །(དོན་དམ་པར་)སེམས་ཅན་མེད་ཅིང་(དོན་དམ་པར་) སྲོག་ཀྱང་མེད། །ཅེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་<དག་པ་>བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །རྣམ་ (པར་)ཤེས་(པ་ཚོགས་བརྒྱད་ཀྱི་)ཆོས་ལས་འདས་པ་ཡི། །ཡེ་ཤེས་དག་པ་(རྣམ་པར་)རྟོག་པ་མེད། ། ཆོས་རྣམས་(ཀྱི་)རང་བཞིན་འོད་གསལ་བ། །ཆོས་དབྱིངས་(ཀྱི་ཡེ་ཤེས་ཀྱིས་)རྟོགས་ཤིང་ཁོང་དུ་ ཆུད། །ཞེས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་<དོན་དམ་པར་>ཆོས་ཀྱི་{དབྱིངས་ཀྱི་}ཡེ་ཤེས་སོ། ། {དེ་}བཞིན་དུ་བསྡུས་པའི་རྒྱུད་ཀྱི་ལེའུ་ལྔ་པ(འི་བརྒྱ་གཅིག་པ)ལས། འཁོར་ལོའི་མཚན་མ་ལ་ སོགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕུང་པོའི་མཚན་ཉིད་དུ་གསུངས་པ་འདི་ལྟ་སྟེ། སྲིད་གསུམ་མ་ལུས་(དག་པའི་)དང་པོ་(སྟེ་རྟོག་མེད་ཕྱག་མཚན་)འཁོར་ལོ་ཡིན་ཏེ་(གཟུགས་)བདེ་བ་ {དེ་བཞིན་}(ཆེན་པོ་)རིན་ཆེན་(ཚོར་བ་)དེ་བཞིན་ཆགས་པ་པད་མ་(འདུ་ཤེས་)ཡིན། །ཉོན་མོངས་ <པའི་སྒྲིབ་པ་>ཟད་པ་རལ་གྲི་(འདུ་བྱེད་)ཉིད་དང་<བདེ་སྟོང་>དབྱེར་མེད་པའི་ཡེ་ཤེས་ཆེན་པོའི་ སྐུ་ནི་རྡོ་རྗེ(རྣམ་ཤེས་)འོ། །མི་ཤེས་(པའི་མ་རིག་པ་)གཅོད་པས་གྲི་གུག་(ཡེ་ཤེས་)ཡིན་ཏེ་རིགས་ཀྱི་ མཆོག་གྱུར་(སྟེ་དེ་བཞིན་གཤེགས་པ་)དྲུག་པོ་(ཕྱག་མཚན་)འདི་རྣམས་ཀྱིས་ནི་གང་བསྐྱེད་པ། །དེ་ རྣམས་འདི་ལྟར་རིག་པར་བྱ་བ་(དཔེ་)ནམ་མཁའ་བཞིན་དུ་རོ་མཉམ་ཕུང་པོ་(དྲུག་)ཁམས་(དྲུག་) དང་དབང་པོ་<དྲུག་ཡུལ་དྲུག་ལས་དབང་དྲུག་དེའི་བྱ་བ་དྲུག་ལ>སོགས། །ཞེས་བྱའོ། ། ༈ (རྩ་བ་དང་བསྡུས་པར་གསུངས་པ་)དེ་ལྟར་མཚན་ཡང་དག་པར་བརྗོད་པ་ལས། བཅོམ་ལྡན་ འདས་རྡོ་རྗེ་སེམས་དཔའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས། སངས་རྒྱས་དང༌། བྱང་ཆུབ་ སེམས་དཔའ་རྣམས་ཀྱི་སྙིང་པོར་(རམ་ཐུགས་སུ་)གྱུར་པ་དེ་བཞིན་གཤེགས་པས་གསུངས་པ་ ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནས། ཡེ་ཤེས་སྐུ་ལ་ཕྱག་འཚལ་འདུད། །ཅེས་བྱ་ བའི་བར་གྱི་ཚིགས་སུ་བཅད་པ་དྲུག་ཅུ་རྩ་གཉིས་ལྷག་པའི་བརྒྱ་པོ་(དེ་ཟེར་)འདི་རྣམས་བཅོམ་ ལྡན་འདས་རྡོ་རྗེ་འཛིན་པས་ཐེག་པ་ཐམས་ཅད་ལས་བཏོན་(ཏེ་ཕྱུང་)ནས་(གཞུང་)ཅུང་ཞིག་ 1-1-292 བསྡུས་པའི་སྙིང་པོ། (དུས་)ཀུན་ཏུ་བཟང་པོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་(རྒྱ་)ནམ་ མཁའི་ཁམས་ཀྱི་མཐར་ཐུག་པ་(དུས་)ཀུན་ཏུ་གསལ་བར་བྱེད་པ་རྣམ་པར་དག་པའི་ཡེ་ཤེས་ ཀྱི་ཚོགས་(བསགས་པ་)བསྡུས་པ་ཟབ་ཅིང་རྒྱ་ཆེ་བའི་གཟུགས་(སྣ་ཚོགས་)འཆང་པ། རང་བཞིན་ གྱིས་(རིག་པ་)འོད་གསལ་བ། ཐོག་མ་(རྟག་པ་)དང་ཐ་མ་(ཆད་པ་)མེད་པ། བདག་དང་བདག་ གི་བའི་བཟུང་པ(འི་ཡུལ་)དང་འཛིན་པ(འི་ཡུལ་ཅན་)ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པ། དུས་ཐམས་ཅད་དུ་ཉོན་མོངས་པ་མེད་པ། ཆོས་ཐམས་ཅད་ཀྱི་རང་བཞིན་(ཇི་ལྟ་བར་)ཤེས་པ། འཁོར་བ(འཕོ་བ)འི་བག་ཆགས་ལས་གྲོལ་བ། (འཁོར་བར་)འགྲོ་བ་དང་འོང་པ་རྣམ་པར་སྤངས་ པ། སྤྲོས་པ་མེད་པའི་རང་བཞིན་ལ་(རྒྱུ་རྐྱེན་གྱིས་མ་བསྐྱེད་པར་)རང་གི་ངང་གིས་རབ་ཏུ་ཞུགས་ པ། (སེང་གེ་རྣམ་པར་འགྱིང་པ་ལ་སོགས་པ་)རྣམ་པ་སྣ་ཚོགས་པའི་ཏིང་ངེ་འཛིན་གྱི་གཟུངས་རྣམས་ལ་ གནས་པ། (རྟོག་པ་མེད་ཀྱང་གཞན་དོན་འབྱུང་པའི་དཔེ་)བུམ་པ་བཟང་པོ་{ལ་སོགས་པ་}དང༌། (མང་པོ་ འབྱུང་པ་)དཔག་བསམ་གྱི་ཤིང་དང༌། (གང་འདོད་འབྱུང་བ་)ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་ དུ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། (ཕྱི་རོལ་པའི་)ཐུབ་པ་(དྲང་ སྲོང་)ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། སེམས་(རྣམ་པར་རྟོག་པ་)ཅན་གྱི་ཕུང་པོ་[ཆེན་པོ་] མཆོག་ཏུ་ཞི་བར་བྱེད་པ། (སྐུའི་དཔེ་རྒྱུ་ལས་མ་བསྐྱེད་པ་)སྒྱུ་མ་ལྟ་བུ་དང༌། (རང་གི་སེམས་སྣང་བ་)རྨི་ལམ་ ལྟ་བུ་དང༌། (རྐྱེན་གྱིས་སྣང་པ་)གཟུགས་བརྙན་ལྟ་བུ་དང༌། (གང་འདོད་འབྱུང་པ་)སྒྲ་བརྙན་ལྟ་བུ་སྟེ། དེ་ལྟར་(ཡེ་ཤེས་)འདི་ཉིད་སྲིད་པ་གསུམ་གྱི(ས)མཆོད་(པར་འོས་པའི་)གནས། རྣལ་འབྱོར་པའི་ ཡེ་ཤེས་རང་རིག་པ། མཆོག་ཏུ་མི་འགྱུ་བའི་བདེ་བ། རྣལ་འབྱོར་པ་རྣམས་ཀྱིས་སྤང་པར་མི་ བྱ(བར་ཉམས་སུ་བླང་པར་བྱའོ་)ཞེས་དེ་བཞིན་གཤེགས་པའི་ངེས་པའོ། ། ༈ དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ཀྱི་ལེའུར་(ཡེ་ཤེས་ལྔའི་ བསྟོད་པའི་དང་པོས་)མཚན་མ་མེད་པའི་ཐབས་གསུངས་པ། གང་ལ་ཐོག་(མ་སྐྱེ་བ་)མཐའ་(མ་འགག་ 1-1-293 པ་)དབུས་(གནས་པ་)མེད་(པ་དང་)གནས་(པ་)དང་འཆི་(བ་)དང་སྲིད་པ་(ཡང་)མེད་དེ་སྒྲ་དང་དྲི་ དང་རོ་ཡང་མེད། །རེག་བྱ་དང་ནི་གཟུགས་མེད་(ཡུལ་ལྔ་དག་པ་དང་)སེམས་དང་རང་བཞིན་(ཉེར་ བཞི་དང་)སྐྱེས་བུ་(ཉེར་ལྔ་)མེད་དེ་བཅིངས་(པ་འཁོར་བ་)དང་གྲོལ་(བ་འདས་པ་)དང་བྱེད་(པ་)པོ་མེད། ། (སྐྱེད་བྱེད་ཀྱི་)ས་བོན་གསལ་དང་དུས་(ཀྱི་འགྱུར་བ་)རྣམས་མེད་ཅིང་སྲིད་གསུམ་མཐའ་དག་(གི་ ངན་སོང་གསུམ་གྱི་)སྡུག་བསྔལ་(དང་མཐོ་རིས་གསུམ་གྱི་)བདེ་བའི་རང་བཞིན་མེད་{པའི[ཡིས]། །མྱ་ ངན་འདས་པ་མཚན་མ་མེད་པ་(ཚངས་པ་ལ་སོགས་)བྱེད་པོ་དང་བྲལ་(བ་)ཡོན་ཏན་(བརྒྱད་)མེད་ པ་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རྡོ་རྗེ་སྟེ་ཐབས་སོ། །དེ་བཞིན་དུ་མཚན་མ་མེད་པའི་ ཤེས་རབ་(ལྔ་པས་)གསུངས་པ། གཅིག་དང་དུ་མ་ཡང་ནི་(དབྱེར་མེད་དུ་)གཅིག་ལ་(ཤེས་རབ་ཀྱི་རྒྱུད་) མཉམ་དང་(ཐབས་ཀྱི་རྒྱུད་)མི་མཉམ་པ་ཡང་(གཉིས་མེད་དུ་)མཉམ་སྟེ་གཡས་(དམར་)གཡོན་(དཀར་) མདུན་(ནག་)དང་རྒྱབ(སེར་བ)། །སྟེང་(སྔོ་བ་)དང་འོག་(ལྗང་བ་)རྣམས་ངེས་པར་ཀུན་ནས་(གཡོན་) དཀར་(གཡས་){དམར་[དང་](སྟེང་)སྔོན་པོ་(འོག་)ལྗང་ཁུ་ཁ་དོག་ཆེན་པོ་སྣ་ཚོགས་གཟུགས། ། ཐུང་(བ་)རིང་(བ་)ཤིན་ཏུ་རིང་པོའི་ཡོན་ཏན་(གསུམ་དང་)བྲལ་ཞིང་(ཀུན་རྫོབ་ཏུ་)ཡོན་ཏན་དང་ བཅས་(སྒྲོལ་མ་སོགས་)བུད་མེད་(འཇམ་དཔལ་སོགས་)སྐྱེས་པར་སྣང་ན་ཡང༌། །(དོན་དམ་དུ་)སྐྱེས་པ་ བུད་མེད་མིན་པ་གང་ཞིག་ཀུན་གྱི་རྟེན་གཅིག་(སངས་རྒྱས་ཐམས་ཅད་)སྐྱེ་(པའི་)གནས་མཆོག་ ཉིད་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སེམས་དཔའ་པད་མ་སྟེ་ཤེས་རབ་པོ། །དེ་ལྟར་རྡོ་རྗེ་ སེམས་དཔའ་འོ། །དེ་བཞིན་དུ་རྩ་བའི་རྒྱུད་<ཀྱི་ཡེ་ཤེས་ཀྱི་ལེའུ་>ལས་གསུངས་པ། ཀཆུ་སྐྱེས་ (ནི་)ཤེས་རབ་ཁརྡོ་རྗེ་(ནི་)ཐབས། །ཀརྟེན་དང་ཁབརྟེན་(པ་ཐ་མི་དད་)པར་བརྗོད་པ་སྟེ། །(ཐབས་ ཤེས་)དེ་དག་གཉིས་ཉིད་(རོ་མཉམ་དུ་){སྙོམས་[འཇོམས་](པར་)འཇུག་པ། །གཉིས་(སུ་)མེད་ (ཅིང་བྱང་སེམས་)མི་འགྱུར་(བའི་)རྡོ་རྗེ་སྦྱོར། །(སྐུ་)རྡོ་རྗེའི་(སོགས་ཀྱི་){རབ་[རྣལ་]འབྱོར་རྣམ་བཞི་ པོ(དང་ལྡན་པའི)། །དུས་ཀྱི་འཁོར་ལོ་བདག་[ཕྱག་]འཚལ(ལོ)། །(གང་གིས་ན་)ཀ་ལ་པར་སྤྲུལ་ 1-1-294 (པའི་)རྒྱལ་པོ་ནི། །(རྒྱུ་མཚན་)པད་དཀར་ཆུ་སྐྱེས་འཛིན་བདག་གིས(འཚལ་ཏེ་ཐུགས་སུ་ཆུད)། །ཞེས་ པའོ།། ༼༩༥རྒྱས༽ །། ༈ ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར། ལྷའི་ མིག་ལ་སོགས་པ་{བརྗོད་[བསྒྲུབ་]པར་བྱ་སྟེ། མངོན་སུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་རྣལ་འབྱོར་པ་རྣམས་ལ་མངོན་སུམ་དང་ [ནི་]རྗེས་སུ་དཔག་པ་རྣམ་{པ་}གཉིས་{སུ་}གྱུར་པ་གང་དག་དེ་རྣམས་ལྷའི་དམིགས་པ་སྟེ་ ཞེས་པ་ནི། མངོན་སུམ་དང་རྗེས་སུ་དཔག་པ་དེ་དག་ལས། མངོན་སུམ་ཞེས་པ་ནི་(སོ་སོར་སྡུད་ པས་)དེ་ཁོ་ནའི་རྣལ་འབྱོར་(བསྒོམས་པ་ན་)མཁའ་ལ་(མཐོང་ཚུལ་)རྒྱུ་སྐར་<མཐོང་>དང་མཚུངས་ ཞེས་པ་ནི་སྐར་མའི་འཁོར་ལོ་བཞིན་དུ་འགྱུར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་དུ་མ་ཞེས་ བྱ་བ་ལ། ཤ་ལ་སོགས་པའི་སྤྱན་གྱིས་བཟུང་པ་སྲིད་པ་གསུམ་དུས་གསུམ་དུ་རྨི་ལམ་དང་ མཚུངས་པ་སྟེ། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་(སོ་སོར་སྡུད་པ་བསྒོམས་པས་) ཤའི་སྤྱན་གྱིས་(དུ་བ་ལྟ་བུ་ལ་སོགས་པ་)རྣམ་པ་སྣ་ཚོགས་པ་མཐོང་[པ་]སྟེ། མངོན་པར་ཤེས་ པ་རྣམས་དང་མི་ལྡན་པ་རྣམས་(དབང་དུ་གྱུར་པས་)སོ། །དེ་ནས་(བསམ་གཏན་གྱི་དུས་སུ་)ལྷའི་སྤྱན་ གྱིས་མཐོང་སྟེ་མངོན་པར་ཤེས་པ་དང་ལྡན་པའི་མཐར་དབང་དུ་འགྱུར་རོ། །དེ་ནས་སངས་ རྒྱས་ཀྱི་(ཆོས་ཟེར་)སྤྱན་གྱིས་མཐོང་སྟེ་འདོད་ཆགས་དང་བྲལ་བ(ས་དང་པོ)འི་འཚམས་དབང་ དུ་འགྱུར་རོ། །དེ་ནས་ཤེས་རབ་ཀྱི་སྤྱན་གྱིས་མཐོང་སྟེ་བྱང་ཆུབ་སེམས་དཔའི་(ས་གཉིས་པ་ ནས་བཅུ་པའི་)འཚམས་དབང་དུ་འགྱུར་རོ། །དེ་ནས་ཡེ་ཤེས་ཀྱི་སྤྱན་གྱིས་མཐོང་སྟེ། ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་(ས་བཅུ་གཅིག་པ་དང་བཅུ་གཉིས་པའི་)འཚམས་དབང་དུ་འགྱུར་བ་སྟེ། ཕུང་པོ་(ཉེས་པ་ཟེར་)ཀུན་ལས་རྣམ་གྲོལ་ཞིང༌། །ཞེས་བྱའོ། །དེ་ལྟར་{ན་}དེ་བཞིན་གཤེགས་ པའི་ཤའི་སྤྱན་ལ་སོགས་པ་ལྔས་(ཆོས་ཉིད་)སྟོང་པ་ཉིད་སོ་སོར་མཐོང་ངོ༌། །གཞན་སེམས་ཅན་ 1-1-295 རྣམས་ཀྱི་ཡུལ་(ཆོས་ཉིད་)སྟོང་པ་ཉིད་(མངོན་སུམ་)དུ་མ་མཐོང་པ་ནི་དམུ་ལོང་བཞིན་ནོ། །འདི་ རྣམས་{ཀྱི་རྒྱས་པ་}ནི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ<འི་གཞུང་>ལས་(ས་དང་པོ་ནས་ བཅུ་གཉིས་ཀྱི་བར་གྱི་མཐོང་སྣང་རྣམས་)བརྗོད་པར་བྱ<ས་ཟིན>སྟེ། དེ་ཁོ་ན་ཉིད་བསྒོམས་པའི་ངེས་ པའོ། ། ༈ དེ་ཁོ་ན་ཉིད་མ་ཡིན་{པ་[པའི་]བསྒོམ་པ་ཡང་(རྟོག་མེད་)མངོན་སུམ་(གྱི་ལམ་)མིན་པ་ (རྟོག་བཅས་)རྗེས་སུ་དཔག་(གི་ལམ་བསྒོམ་)པ་ཤི་བའི་ལུས་(ལ་འོང་བ་རེ་བ་)བཞིན་དུ་དེ་ཁོ་ན་ཉིད་ (གྲུབ་པ་)མེད་པས་དེ་{ཉིད་[ནི་]རྟོག་པ་སྟེ། རྣལ་འབྱོར་ཡོངས་སུ་མ་གྱུར་པ་ནི། བྱིས་པའི་བློ་ ཅན་རྨན་པ་རྣམས་ཀྱིས་བསྒོམ་པའི་དོན་དུ་{རས་རིས་[རིས་བྲིས་]ལ་སོགས་བསྟན་པར་བྱ་ ཞེས་པ་ནི་{རས་རིས་[རིས་བྲིས་]ནི་བྲིས་སྐུ་དང༌། སྡེར་སོ་དང༌། ལུགས་མ་སྟེ། སངས་རྒྱས་ དང༌། བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་བྲིས་པ་ཉིད་དམ་ (རྣམ་པར་རྟོག་པས་)ངེས་པའི་རྣམ་[པ་]ཉིད་བལྟ་བར་བྱ་བ་རྣམ་པ་རྟོག་པ་བསྒོམ་པའི་ངེས་པའོ། ། ༼༩༦༽ །། ༈ ད་ནི་རྣམ་པར་རྟོག་པ་(རྗེས་དཔག་གི་ལམ་)བསྒོམ་པའི་ཐབས་བརྗོད་པར་བྱ་སྟེ། གཟུགས་སམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བྱིས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་ [རང་]གི་ནུས་པས་གཟུགས་སམ་ཞེས་པ་ནི་{ལྷན་[ལྷ་]ཅིག་བྲིས་སྐུར་བྲིས་པ་བསྒོམ་པར་ བྱ་བའམ། དཀྱིལ་འཁོར་དང་པོར་ཡང་དག་པར་བྲིས་སྐུར་(ལ་སོགས་པ་)བྱས་ལ། དེ་(ཁོ་ན་)ཉིད་ (ཀྱི་ལམ་)མེད་པ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི་རང་གི་སེམས་ཀྱིས་ཞེས་བྱ་[བ]འོ། །དེ་ལྟར་ ན་གཟུགས་ལ་སོགས་པ་བྲིས་སྐུར་བྲིས་པ་(ལ་སོགས་པ་)ལ་རྟོག་པའོ། ། ༈ དེ་(རྟོག་མེད་མངོན་སུམ་)ཁོ་ན་ཉིད་(ཀྱི་ལམ་)དེ་ནི་ཡང་མཁའ་ལ་དེ་ཁོ་ནའི་རྣལ་འབྱོར་པ་ ཡིས་ཞེས་བྱ་བ་ནི། སྟོང་ཉིད་དང་སྙིང་རྗེའི་རྣལ་འབྱོར་པ་ཡིས་སོ། །མཐའ་དག་ཚང་པར་གྱུར་ 1-1-296 པ་རང་སེམས་མཐོང་པའོ་ཞེས་པ་ནི། (རླུང་དབུ་མར་ཚུད་པ་ན་)རྣམ་པ་ཐམས་ཅད་པའི་གཟུགས་སུ་ གྱུར་པ་(མཐོང་པ་)སྟེ། དཀྱིལ་འཁོར་གྱི་འཁོར་ལོ(བསྒོམ་པ)འི་རྟོག་པ་སྤངས་པའི་ཕྱིར་ཞེས་པའོ། ། དེ་ལྟར་ན་རྟོག་པ་སྤངས་པའི་སྟོང་པ་ཉིད་ཀྱི་གཟུགས་བརྙན་ལ་ལོ་ཕྱེད་དང་ནི་ལོ་གཅིག་ དག་ཏུ་བླ་མའི་ངེས་པའི་དབང་ལས་ཇི་སྲིད་བརྟན་པོར་{གྱུར་[འགྱུར་]གྱི་བར་ཞེས་བྱ་བ་ནི། འདིར་སོ་སོར་སྡུད་པ་དང༌། བསམ་གཏན་དང༌། སྲོག་སྡུད་པ་དང༌། འཛིན་པའི་སྟོབས་ཀྱིས་ རང་གི་<བྱང་>སེམས་ཉིད་བརྟན་པར་{གྱུར་[སྐྱེ་བར་འགྱུར་]གྱི་བར་དུའོ། །དེ་ནས་(ངེས་དོན་) ཕྱག་རྒྱ(རྗེས་སུ་དྲན་པ)འི་སྦྱོར་བ་ཡིན་ཏེ་ཅུང་ཟད་ཉིན་ཞག་རྣམས་ཀྱིས་ཞེས་བྱ་བ་ནི། (དབུ་མའི་རླུང་) དུས་ཀྱི་འཁོར་ལོའི་ཉིན་ཞག་རྣམས་ཀྱིས་ཏེ། ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་ ངེས་པའོ། །འགྱུར་བ་མེད་པ་ཉིད་དུ་འགྱུར་ཞེས་པ་ནི་ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་ སེམས་དྲི་མ་དང་བྲལ་བར་འགྱུར་{ཞེ་[ཞེས་བྱ་]བར་འབྲེལ་པའོ། ། ༈ འདིར་བྲིས་སྐུ་དང་སྐུ་གཟུགས་དང་གླེགས་བམ་བྲི་བའི་དོན་དུ་བསྙེན་བསྐུར་བ(འི་ ཉེ་གནས་དང་)ཆོས་སྟོན་པར་བྱེད་པ(འི་སློབ་དཔོན་)བཙལ་ཏེ། དེས་བྲིས་སྐུ་དང༌། [སྐུ་]གཟུགས་ བྱ་བ་ནི་དྲག་པོ་དང༌། ཞི་བ་ལ་སོགས་པ་བྱ་བའི་དོན་དུའོ། །སློབ་དཔོན་གྱིས་མཆོད་པ་བྱ་བ་ ནི་སྔར་གསུངས་པའི་ཨ་རྒ་ལ་སོགས་པ་བྱིན་ཏེ། (སྔ་གྲོ་)དགེ་འདུན་ལ་ཆོས་སྟོན་བྱ་བ་དང༌། (མཚན་མོའི་སྔགས་པ་ལ་) ཚོགས་ཀྱི་འཁོར་ལོ་བྱའོ། །ཇི་ལྟར་རབ་གནས་ཀྱི་དུས་སུ་ཨ་རྒ་འབུལ་ བ་དེ་བཞིན་དུ། དུས་གཞན་དུ་ཡང་ཇི་ལྟར་ནུས་པས་ཨ་རྒ་{དབུལ་[འབུལ་]བར་བྱ་ཞེས་བྱ་ བ་ནི་ངེས་པའོ།། ༼༩༧༽ །། ༈ ད་ནི་སྟོང་པ་ཉིད་ཀྱི་གཟུགས་མཐོང་པ་དང་སྲོག་འགོག་པས་རྣལ་འབྱོར་པ་རྣམས་ ཀྱིས་སྐད་ཅིག་ཐོབ་པར་བརྗོད་པར་བྱ་སྟེ། རླུང་རྣམས་ཞེས་བྱ་བ་ལ་སོགས་པ་ལ། སྲོག་ སྡོམ་པས་རླུང་བཅུ་(པོ་)རྣམས་ཡང་དག་པར་སྡུད་པར་འགྱུར་བ་ནི། སྔོན་དུ་གཟུགས་མཐོང་ 1-1-297 པ་དང༌། སྲོག་སྡོམ་པ་ལ་སོགས་པས་(སྲོག་གི་)རླུང་བཅུ་པོ་དེ་རྣམས་(དང་)ཐུར་སེལ་(གྱི་རླུང་) ཡང་དག་པར་བསྡུ་{བར་[བ་]བྱས་པས་གློག་གི་མེ་ཞེས་པ་ནི་ལྟེ་བར་གཏུམ་མོ(ཨ་ཝ་དྷུ་ཏི)འོ། ། <གཏུམ་མོའི་>མེ་ལྕེས་ནི་དེའི་འོད་ཟེར་གྱི་རྩེ་མོའོ། །(གཏུམ་མོའི་མེ་ལྕེ་)དེ་སྦར་བས་སྤྱི་བོ་ལས་ ནི་དཔྲལ་བར་ཟླ་བ་འཇུ་བར་བྱེད་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་སོ། །གང་ དང་གང་{གི་[གིས་]ཐིག་ལེ་ཞུ་ནས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ལས་ནི་དཔྲལ་ བ་ལས་མགྲིན་པ་དང༌། སྙིང་ཁ་དང༌། ལྟེ་བ་དང༌། གསང་པར་འགག་པར་འགྱུར་བ་སྟེ་ སྲོག་བསྡམས་པའི་སྟོབས་ཀྱིས་སྐུའི་ཐིག་ལེ་གསང་བར་འགག་[གོ] ། དེ་ལྟར་ཀགསུང་དང་ ཁཐུགས་དང་གཡེ་ཤེས་ཀྱི་ཐིག་ལེ་ཀལྟེ་བ་དང༌། ཁསྙིང་ཁ་དང༌། གམགྲིན་པར་འགག་སྟེ། འདི་ལས་ཐིག་ལེ་ཞུ་བ་གང་ཞིག་འཛགས་ནས་ཞེས་བྱ་བ་ནི། འདིར་གསང་བར་གནས་པའི་ སྐུའི་ཐིག་ལེ་སྐ་(མཁྲེགས་ར་ཟེར་)བའི་ངོ་བོ་གང་ཞིག་ཞུ་བའི་འཛགས་པ་དེ་བརྗོད་པར་བྱ་སྟེ། དེ་ནི་རྡོ་རྗེ་ནོར་བུ་ནས་སོང་རྒྱལ་མཚན་རྩེ་མོར་ཡང་དག་[འགགས་ནི་མཚན་མའི་ཁར་རོ། ། ཤེས་རབ་ཡེ་ཤེས་སྐད་ཅིག་གང་ཚེ་ཐིག་ལེའི་ཕྲེང་པ་མི་འཛག་དེ་ཚེ་བདེ་བར་ཡང་དག་] སྟེར་ཞེས་པ་རྒྱུ་དེའི་ཕྱིར་ལས་ཀྱི་ཕྱག་རྒྱའི་<འཛག་བདེའི་>ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་<ཆེན་ པོ་>མ་ཡིན་ཞེས་བྱ་བར་གྲུབ་པའོ། ༼༩༨༽ ། དེ(འི་)ཕྱིར་འཛག་པ་མེད་པའི་བདེ་བའི་སྐད་ཅིག་ འདི་ནི་རྒྱུ་གང་གིས་ན་འཛག་པ་མེད་པ(དེ)འི་ཕྱིར་(རང་བཞིན་འགྱུར་མེད་)ལྷན་ཅིག་སྐྱེས་པ(འི་བདེ་ བ་)ནི་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་(པྲ་ཏི་སེ་ན་)སྟེར་བ་སྟེ། (སད་དང་རྨི་ལམ་ གཉིད་ལོག་དང༌། །དབང་སྐྱེས་བདེ་རྣམས་ལྷན་སྐྱེས་མིན། །ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞི་རྣམས་སུ་གནས་ པ་མེད། །ལས་ཀྱི་ཕྱག་རྒྱ་ཡོངས་སུ་དོར། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེན་པོས་ཡང་དག་བསྐྱེད། །ལྷན་ཅིག་ སྐྱེས་པ་གཞན་ལས་མིན། །ཞེས་སོ། །)དེ་ཡང་ཕྱག་རྒྱ་ཆེན་མོའི་བདེ་བ་མཆོག་ཏུ་མི་འགྱུར་བའོ། །ལས་ དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་(བུམ་པ་དང་གསང་པ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་)བདེ་བ་འཛག་ 1-1-298 པ་དང༌། བདེ་{བ་[བར་]འགྱུར་བའི་ཐབས་ཏེ། (དེ་ཡང་)བྱིས་པ་དང་ལང་ཚོ་ཞེས་བྱའོ། །ཇི་ ལྟར་དངུལ་ཆུ་(དུ་བ་ལྟར་རབ་ཏུ་འགྱུ་བས་འགྲོ་བ་དང་ཙི་ཏི་ལྟར་མཆོང་པས་འགྲོ་བ་ནི་)བྱིས་པ་དང་(སྤལ་པ་ལྟར་ རབ་ཏུ་གཡོ་བས་འགྲོ་བ་ནི་)ལང་ཚོ་དང་(རྒན་པོ་འདར་བ་ལྟར་ཅུང་ཟད་གཡོ་བ་དང་འདར་བ་མེད་པ་ལྟར་ཅུང་ཟད་ཀྱང་ གཡོ་བ་མེད་པ་)རྒན་པོས་བཅིངས་པ་བཞིན་དུ། <དུ་བ་ལྟར་རབ་ཏུ་འགྱུར་བས། ཙི་ཏི་ལྟར་མཆོང་པས་འགྲོ་ བ་ནི་>དེ་ལྟར་ཁུ་བ་ཡང་བྱིས་པ་དང༌། <སྤལ་པ་ལྟར་རབ་ཏུ་གཡོ་བས་འགྲོ་བ་ནི་>ལང་ཚོ་དང་(རྒན་པོ་ འདར་བ་ལྟར་ཅུང་ཟད་གཡོ་བ་དང་འདར་བ་མེད་པ་ལྟར་ཅུང་ཟད་ཀྱང་གཡོ་བ་མེད་པ་)རྒན་པོས་བཅིངས་ན་སྒྲིབ་ པ་ཐམས་ཅད་ཟད་པ་སྟེ། སྒྲིབ་པ་ནི་(འཕོ་བའི་བག་ཆགས་<ཀྱི་>)དྲི་མ་ཞེས་བྱའོ། །བྱང་ཆུབ་(ཀྱི་) སེམས་དེ་(ཉིད་)གང་གི་ཚེ་སྟེང་དུ་དཔྲལ་བར་འགྲོ་བ་དེ་ནི་ཇི་ལྟར་འོངས་པ་དེ་བཞིན་དུ་འགྲོ་ བར་འགྱུར་བས་སེམས་ཏེ་དེ་བཞིན་གཤེགས་པའོ(དང་པོར་དེ་ཉིད་མེ་ལ་སོང་པ་ཙམ་གྱིས་རིམ་པ་བཞིན་དུ་ ཞུ་ནས་དུ་བའི་རང་བཞིན་འགྲོ་བ་སྟེ། །སྒྲ་དང་མཆོངས་ནས་འགྲོ་དང་སླར་ཡང་རབ་ཏུ་དེ་ཉིད་གཡོ་དང་གཡོ་བ་མེད་པ་རྣམས་ སུ་འགྱུར། །སྒྲ་དང་ལྡན་པ་འདབ་མས་འབུགས་པར་འགྱུར་ཅིང་འཕྱོང་པ་ཁ་བཅད་པ་ཡིས་འབུགས་སྟེ་གཡོ་བ་ནི། མདུང་གིས་ ཕུག་པས་འབུགས་ཏེ་དག་པ་གསུམ་དུ་འགྱུར་ཞིང་སླར་ཡང་གཡོ་མེད་དག་པར་བྱས་པའོ། །ཞེས་གསུངས་སོ)། །རོའི་འགྲོ་ བ་རྣམས་སུ་འགྱུར་བ་ཞེས་པ་ནི། ས་ལ་སོགས་པའི་དཀྱིལ་འཁོར་(ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་) དྲུག་ཏུ་འགྱུར་བ་རྣམས་སོ། །སྲོག་རྣམས་ཐམས་ཅད་བཀུག་སྟེ་ཞེས་པ་ནི་ཉི་ཁྲི་ཅིག་སྟོང་དྲུག་ བརྒྱའོ། །དེ་ལྟར་(རང་དོན་དུ་)ཉོན་མོངས་བདུད་རྣམས་བཅོམ་བྱས་ནས་{ནི་}(གཞན་དོན་དུ་)རྫུ་ འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་ཞེས་པ་ནི་(ཡེ་ཤེས་གྲུབ་པར་)འཆད་པར་འགྱུར་བའི་ས་ བཅུ་གཉིས་རྣམས་སོ། །(མཁྱེན་པའི་ཁྱད་པར་)སྲིད་གསུམ་བླ་མ་ཉིད་རྣམས་ཞེས་བྱ་བ་ནི་ཐམས་ ཅད་མཁྱེན་པ་ཉིད་(སྤྲུལ་བའི་སྐུ་)དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(ལོངས་སྤྱོད་རྫོགས་པའི་སྐུ་) དང༌། ལམ་མཁྱེན་པ་ཉིད་(ཆོས་ཀྱི་སྐུ་)དང༌། ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་(ངོ་བོ་ཉིད་ ཀྱི་སྐུ་)ལ་སོགས་པ(ཕུན་སུམ་ཚོགས་པ)འི་ཁྱབ་བདག་རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པ་ལ་ 1-1-299 སྐྱེ་བ་འདིར་{སྐྱེ་[སྟེར་]བའོ། ། ༈ གལ་ཏེ་(སོ་སོར་སྤོང་ལ་སོགས་པའི་)ལམ་དུ་ཞུགས་པ་གང་གི་ཚེ་རྣལ་འབྱོར་མ་ཐོབ་པར་ འཆི་བར་འགྱུར་བ་དེའི་ཚེ་(ལམ་ཟབ་ལ་)ཞེན་པ་དེ་ཡིས་ནི་བག་ཆགས་ཀྱི་སྟོབས་ཀྱིས་(དམ་ཚིག་ མ་ཉམས་ན་)ཡང་མིའི་སྐྱེ་བ་གཞན་གྱིས་(ལམ་བསྒོམས་པས་ལོངས་སྐུ་ལ་སོགས་པ་)ཐམས་ཅད་ཐོབ་སྟེ། སྐྱེ་བ་བདུན་གྱི་མཐར་ཐུག་པས་བརྩོན་འགྲུས་དང་ལྡན་པ་མ་ཡིན་པ་དང༌། (ཚེ་འདིར་)ཡང་ དག་པའི་ཡེ་ཤེས་མ་བསྒོམས་ཀྱང་(ཐོབ་པར་)ངེས་པའོ། ། ༈ འདིར་བྱང་ཆུབ་ཀྱི་སེམས་དེ་ཡང་(བརྟན་པོར་)བཅིང་པ་རྣམ་པ་གཉིས་ཏེ། (གང་ན་)ཤེས་ རབ་ཀྱི་ཆགས་པ་དང་བྲལ་བ་དང༌། ཤེས་རབ་ཀྱི་ཆགས་པ་དང་མ་བྲལ་{བས་སོ[བའོ]། ། (མདོར་བསྟན་)ཇི་ལྟར་དངུལ་ཆུ་བཅིངས་པ་བཞིན་དུ་གཅིག་ནི་སྨིན་པར་བྱ་བ་དང༌། དགྲམ་ པའི་སྦྱོར་བ་དང༌། གཉིས་པ་[ལ་]ནི་ལྕགས་ལ་སོགས་པ་ཟ་བའི་མེ་དང༌། <དངུལ་ཆུ་>བྷི་ཊ་ ཡང་དག་པར་སྦྱོར་བ་དག་གོ། དེ་དག་(རྒྱས་<པར་>བཤད་)ལས་སྨིན་པར་བྱ་བ་དང་དགྲམ་ པའི་སྦྱོར་བས་བཅིང་བའི་དངུལ་ཆུ་དེ་(དཔེ་)མེ་དྲག་པོས་བསྐོལ་ན། ཁ་ཅིག་(སྣོད་དུ་)གནས་པ་ དང༌། ཁ་ཅིག་(མི་གནས་པར་)འབྲོས་སོ། །གང་ལྕགས་དང་རིན་པོ་ཆེ་ཐམས་ཅད་ཟོས་པ་[ཤིན་ ཏུ་]མེ་དྲག་པོས་བཅིངས་པས། (ཕྱིས་རྒན་པོར་གྱུར་པ་)དེ་མེ་དྲག་པོས་བསྐོལ་བར་གྱུར་ཀྱང་ ནམ་ཡང་མི་འབྲོས་ཏེ། (ཤིན་ཏུ་རྒྱས་བཤད་)དེ་བཞིན་དུ་ཟོས་པའི་ཞུ་བའི་གནས་སྐབས་གཞན་ དུ་གྱུར་པ་འདི་ལྟ་སྟེ། (འབྲོས་ལུགས་དང་པོ་)དུ་བ་དང༌། (གཉིས་པ་)ཙི་ཏི་{ཙི་ཏི་}དང༌། (གསུམ་པ་) སྦལ་པ་མཆོང་པ་བཞིན་དང༌། (རྒན་པོར་གྱུར་པ་བཞི་པ་)འདར་བ་དང༌། (ལྔ་པ་) མི་འདར་བ་རྣམས་ ཏེ། དེ་ལྟར་དངུལ་ཆུའི་གནས་སྐབས་ལྔར་འགྱུར་རོ། །(དཔེ་)དེ་བཞིན་དུ་བསྒོམ་པ་གོམས་ པའི་དབང་གིས་བྱང་ཆུབ་ཀྱི་སེམས་གནས་སྐབས་གཞན་དུ་འགྱུར་ཏེ། ཆུང་ངུ་(བསྙེན་པ་)དང༌། འབྲིང་(ཉེར་བསྒྲུབ་)དང༌། ཆེན་པོ་(བསྒྲུབ་པ་)དང༌། ཤིན་ཏུ་ཆེན་པོ(བསྒྲུབ་པ་ཆེན་པོ)འི་དབྱེ་བས་སོ། ། 1-1-300 ༈ ཡང་གང་སྨིན་པར་བྱ་བ་དང༌། དགྲམ་པའི་སྦྱོར་བས་འཆིང་པ་ལྟར་དེས་བྱང་ཆུབ་ ཀྱི་སེམས་འཆིང་སྟེ། དེ་ལ་(སྨིན་པར་བྱ་བ་)གང་ཟག་མི་རྟག་པ་བསྒོམ་པའི་སྟོབས་ཀྱིས། (དགྲམ་ པའི་སྦྱོར་བ་)ས་ལ་སོགས་པའི་ཟད་པས་དངོས་སུ་བྱ་བའི་ཆེད་དུ་ཤེས་རབ་ཀྱི་ཆགས་པ་དང་ བྲལ་བ་ཡིས་སོ། །ཇི་ལྟར་སྨིན་པར་བྱ་བ་དང་དགྲམ་པའི་སྦྱོར་བས་ཀྱང་དངུལ་ཆུས་ལྕགས་ ཟོས་ནས་དུས་གཞན་གྱི་དབང་གིས་དེ་(དངུལ་ཆུ་)ཞུ་བའི་མཐར་གནས་སྐབས་གཞན་དུ་འགྱུར་ བ་ཇི་ལྟ་བ་དེ་བཞིན་དུ། གང་ཟག་(ཆགས་བྲལ་)མི་རྟག་པ་བསྒོམ་པ་དང༌། ས་ལ་སོགས་པའི་ ཟད་པར་བསྒོམས་པས་བེམས་པོའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཟད་པའི་ཕྱིར་གནས་ སྐབས་གཞན་དུ་འགྱུར་ཏེ། གནས་སྐབས་གཞན་ཞེས་བྱ་བ་ནི་ས་ཐོབ་པའོ། །དེ་ལ་ས་ནི་ རྣམ་པ་གཉིས་ཏེ། འདོད་ཆགས་དང་བྲལ་བའི་ས་དང༌། ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱི་ས་ཞེས་བྱའོ། །སའི་དབང་གིས་རྫུ་འཕྲུལ་ཏེ། (འདོད་ཆགས་<དང་>བྲལ་བའི་)རྣམ་པར་ གཅིག་པའི་རྫུ་འཕྲུལ་དང༌། (ཆགས་ཆེན་<པ་>སངས་རྒྱས་ཀྱི་)རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་ ལོ། །དེ་བཞིན་དུ་(འདོད་ཆགས་དང་བྲལ་བའི་)མངོན་པར་ཤེས་པ་ལྔ་དང༌། (ཆགས་ཆེན་པ་སངས་རྒྱས་ཀྱི་) མངོན་པར་ཤེས་པ་དྲུག་གོ། དེ་བཞིན་དུ་(ཆགས་ཆེན་པ་སངས་རྒྱས་ཀྱི་)དངོས་པོའི་གྲངས་མཐོང་ པ་དང༌། (ཆགས་ཆེན་པ་སངས་རྒྱས་ཀྱི་)དངོས་པོ་ཐམས་ཅད་ཀྱི་གྲངས་མཐོང་པའོ། །དེ་བཞིན་དུ་ སྐད་ཀྱི་གྲངས་ཀྱི་བདག་ཉིད་ཅན་དང༌། (འདོད་ཆགས་དང་བྲལ་བའི་)སེམས་ཅན་ཐམས་ཅད་ཀྱི་ སྐད་ཀྱི་གྲངས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་(འདོད་ཆགས་དང་བྲལ་བའི་)ཆོས་ལའང་སེམས་ ཅན་གྱི་གྲངས་ཀྱི་མཚན་ཉིད་(ཀྱི་ཆོས་)དང༌། (ཆགས་ཆེན་པ་སངས་རྒྱས་ཀྱི་)སེམས་ཅན་ཐམས་ཅད་ ཀྱི་སྐད་ཀྱི་གྲངས་ཀྱི་མཚན་ཉིད་དོ། །དེ་བཞིན་དུ་(འདོད་ཆགས་དང་བྲལ་བའི་)མྱ་ངན་ལས་འདས་ པ་ཡང་ཕུང་པོ་ལྷག་མ་དང་བཅས་པ་དང༌། (ཆགས་ཆེན་པ་སངས་རྒྱས་ཀྱི་)ཕུང་པོ་ལྷག་མ་མེད་པའོ། ། དེ་བཞིན་དུ་(འདོད་ཆགས་དང་བྲལ་བའི་)གང་ཟག་ལ་བདག་མེད་པ་དང༌། (ཆགས་ཆེན་པ་སངས་རྒྱས་ཀྱི་ 316) ཆོས་ལ་བདག་མེད་པའོ། །དེ་བཞིན་དུ་འཕགས་པའི་བདེན་པ་བཞི་བསྒོམ་པ་དང༌། ཆོས་ ཐམས་ཅད་རང་བཞིན་མེད་པ་སྟོང་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དེ་ལྟར་སའི་ཁྱད་ པར་གྱིས་སེམས་ཅན་གྱི་དོན་བྱ་བ་གཉིས་སུ་འགྱུར་ཏེ། འདི་ལྟར་ས་དང་པོ་(རབ་ཏུ་དགའ་བ་ཉི་ མའི་དཀྱིལ་འཁོར་ཆེན་པོའི་འོད་གསལ་བ་ཀུན་ཏུ་འོད་མཛེས་པའི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་གཅིག་གི་མཐར་ཐུག་པའི་མ་མཐོང་པའི་དོན་ཡང་དག་པར་སྟོན་ཏོ། །ས་གཉིས་པ་ (དྲི་མ་མེད་པ་ཟླ་བའི་འོད་གསལ་བ་ཆེན་པོའི་བདུད་རྩིའི་འོད་ཀྱི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་གཉིས་ཀྱི་མཐར་ཐུག་པར་(སྔོན་དེས་འདྲེ་)རོ། །ས་གསུམ་པ་(འོད་བྱེད་པ་ནམ་མཁའ་བཞིན་དུ་ རབ་ཏུ་གནས་པའི་ནམ་མཁའི་འོད་ཀྱི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཞིའི་མཐར་ ཐུག་པར་རོ། །ས་བཞི་པ་(འོད་འཕྲོ་བ་ཡིད་དུ་འོང་པའི་རྡོ་རྗེའི་འོད་ཀྱི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་ རྟེན་གྱི་ཁམས་བརྒྱད་ཀྱི་མཐར་ཐུག་པར་རོ། །ས་ལྔ་པ་(སྦྱང་དཀའ་བ་དབང་བསྐུར་བས་བྱིན་བརླབས་ པའི་རིན་འོད་ཀྱི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བཅུ་དྲུག་གི་མཐར་ཐུག་པའོ། ། ས་དྲུག་པ་(མངོན་དུ་གྱུར་པ་རང་བཞིན་དག་པ་དྲི་མ་མེད་པའི་ཆོས་ཡོངས་སུ་དག་པ་པད་མ་འོད་ཀྱི་ས་)ཐོབ་པས་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུམ་ཅུ་རྩ་གཉིས་ཀྱི་མཐར་ཐུག་པར་རོ། །ས་བདུན་པ་ (རིང་དུ་སོང་པ་སངས་རྒྱས་ཀྱི་ལས་བྱེད་པའི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དྲུག་ཅུ་ རྩ་བཞིའི་མཐར་ཐུག་པར་རོ། །ས་བརྒྱད་པ་(མི་གཡོ་བ་དཔེ་མེད་པའི་ས་)ཐོབ་པས་ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་བརྒྱ་ཉི་ཤུ་རྩ་བརྒྱད་ཀྱི་མཐར་ཐུག་པར་རོ། །ས་དགུ་པ་(ལེགས་པའི་བློ་ གྲོས་སེ་དང་དཔེ་ཀུན་ལས་སོ་སོར་འདས་པའི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཉིས་བརྒྱ་ ལྔ་བཅུ་རྩ་དྲུག་གི་མཐར་ཐུག་པར་རོ། །ས་བཅུ་པ་(ཆོས་ཀྱི་སྤྲིན་བླ་ན་མེད་པ་ཤེས་རབ་ཀྱི་འོད་ཀྱི་ས་)ཐོབ་ པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལྔ་བརྒྱ་བཅུ་གཉིས་ཀྱི་མཐར་ཐུག་པར་རོ། །ས་བཅུ་ གཅིག་པ་(ཀུན་ཏུ་འོད་འོད་གསལ་ཆེན་པོ་ཐམས་ཅད་མཁྱེན་པའི་ས་)ཐོབ་པས་ཕྱོགས་བཅུའི་འཇིག་རྟེན་ཀྱི་ 1-1-301 ཁམས་སྟོང་ཉི་ཤུ་རྩ་བཞིའི་བར་དུ་ལྐོག་ཏུ་གྱུར་པའི་དོན་ཡང་དག་པར་མཐོང་ཞེས་བྱའོ། །དེ་ བཞིན་དུ་སྟོང་གཉིས་པ་དང༌། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་གྲངས་ཀྱི་མཚན་ཉིད་ དོ། །སྟོང་(སྤྱི་ཕུད་)ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་གི་དབུས་ན་སྟོང་ཕྲག་རེ་རེའི་འོག་ དང༌། སྟེང་དང༌། ཤར་དང༌། ནུབ་དང༌། བྱང་དང༌། ལྷོ་དང༌། བདེན་བྲལ་དང༌། དབང་ལྡན་ དང༌། རླུང་དང༌། མེ་རུ་ཞེས་བྱའོ། །དེ་བཞིན་དུ་སྟོང་གཉིས་དང༌། གསུམ་ཞེས་བྱའོ། །དེ་ནས་ སྟོང་ཆེན་པོ་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་(ལས་དང་པོ་པའི་སེམས་ཅན་)དེ་དག་ {གིས་[གི་]མ་མཐོང་པའི་དོན་<སྨོན་ལམ་གྱི་སྟོབས་>ཡང་དག་པར་སྟོན་པ་ས་བཅུ་གཉིས་པ་ (རྡོ་རྗེ་འཛིན་པ་རྣལ་འབྱོར་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་སོ་སོར་རིག་པའི་ས་)ཐོབ་པ་[ཡང་དག་པར་]རྫོགས་ པའི་སངས་རྒྱས་སུ་འགྱུར་རོ། །(དེ་ལྟར་ས་ཐོབ་པ་དེ་)འདོད་ཆགས་དང་བྲལ་བ་རྣམས་ནི་མ་ཡིན་ ཏེ། དེ་བཞིན་གཤེགས་པའི་ས་(བཅུ་གཉིས་པ་)ཐོབ་པ་དེ་དག་བདེ་བ་ཆེན་པོ་མི་འགྱུར་བའི་སྐད་ ཅིག་ཤེས་རབ་ཀྱི་ཆགས་པ་ལས་བྱུང་པའོ། ། ༈ དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་མི་འགྱུར་བའི་སྐད་ཅིག་གིས་ས་དང་པོ་ཐོབ་ སྟེ། གྲངས་འདི་དག་གིས་[ས་]བཅུ་གཉིས་ཀྱི་བར་དུ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་ གཅིག་མི་འགྱུར་བའི་སྐད་ཅིག་རྣམས་ཀྱིས་ས་བཅུ་གཉིས་པོ་ཐོབ་པ་སྟེ། དེ་ཡང་(སྟོང་བརྒྱད་བརྒྱ་ པ་བཅུ་གཉིས་འགགས་པའི་ཕྱིར་)ཡན་ལག་བཅུ་གཉིས་འགགས་པ་དང༌། ཟླ་བ་བཅུ་གཉིས་འགགས་ [པ་དང༌། ཁྱིམ་བཅུ་གཉིས་འགགས་]པའི་ཕྱིར། ཉིན་ཞག་སུམ་བརྒྱ་དྲུག་ཅུ་འགགས་{ཏེ། ཉིན་ཞག་སུམ་བརྒྱ་དྲུག་ཅུ་འགགས་}པའི་ཕྱིར་(ལོ་གཅིག་གི་)དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ ཤུ་རྩ་གཅིག་གི་ཆུ་ཚོད་འགགས་ཏེ། དེ་བཞིན་དུ་ཕྱི་རོལ་དུ་ཆུ་ཚོད་ཀྱི་གྲངས་དང༌། དེ་ལྟར་ ལུས་ལ་(ཞག་གཅིག་གི་)དབུགས་རྣམས་འགགས་པའོ། །དབུགས་འགགས་པས་(ཟག་བཅས་ཀྱི་) ལུས་འགག་སྟེ། (མེད་དམ་ཞེ་ན་)བེམ་པོའི་ཁམས་མ་ཡིན་པ་དེས་ན་ཆགས་པ་ཆེན་པོ་སྟེ། བྱང་ 1-1-302 ཆུབ་ཀྱི་སེམས་མི་འགྱུར་བའི་སྐད་ཅིག་ཞེས་བྱའོ། །ཇི་ལྟར་དངུལ་ཆུས་ཟོས་པ་ནི་ལྕགས་ (ཟངས་)ལ་སོགས་པ་རིན་པོ་ཆེ་རྣམས་ཟོས་པ་ཉིད་ཀྱིས་དེ་དག་དངུལ་ཆུ་ཆེན་པོས་བཟུང་ནས་ (རྒན་པོར་)གནས་པ་ཉིད་ཀྱིས་ལྕགས་ལ་གང་དུ་རེག་པར་བྱས་པས་ལྕགས་དེ་རྣམས་ཀྱི་དྲི་ མས་འཕྲོག་པར་འགྱུར་(བས་གསེར་དུ་སོང་)བ་དང༌། (ལྕགས་)རྡོ་རྣམས་<ནོར་བུ་རིན་པོ་ཆེས་རྡོ་ལ་རེག་ པས་>རིན་པོ་{ཆེན་པོར་[ཆེར་](གསེར་དུ་)འགྱུར་རོ། །(དཔེ་)དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་(མི་ འཛག་པར་)བསྒོམ་པར་བྱས་པས་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་སྲོག་དང་བཅས་པ་རྣམས་ ཟོས་ནས། དེ་དག་(དངུལ་ཆུ་རྒན་པོ་དང་འདྲ་བར་)ཆགས་པ་ཆེན་པོས་བཟུང་སྟེ། གནས་པའི་ཁམས་ (དྲན་མེད་)བེམ་པོ་ཉིད་ནི་མ་ཡིན་པས། ཆགས་པ་ཆེན་པོ་(མ་ཟགས་པ་)དེས་(སེམས་ཅན་གྱི་)བསོད་ ནམས་ཀྱི་དབང་གིས་སེམས་ཅན་གང་ལ་བྱིན་གྱིས་བརླབས་པར་བྱས་པ་དེ་རྣམས་(ཤའི་སྤྱན་ལ་ སོགས་པའི་)མངོན་པར་ཤེས་པ་དང་ལྡན་པར་འགྱུར་ཏེ། (ས་དང་པོ་ནས་བཅུ་པ་ཡན་ཆད་ཡིན་པས་)ཡང་ དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་ནི་མ་ཡིན་ནོ། །ཇི་ལྟར་དངུལ་ཆུས་ཕུག་པས་ལྕགས་ རྣམས་དྲི་མ་མེད་པར་(བྱས་ནས་གསེར་དུ་)བྱེད་དེ། བེམ་པོའི་ཁམས་རྣམས་མེད་པར་ནི་མ་ཡིན་ (དེ་གསེར་དུ་ཡོད་པས་སོ་)ནོ། །གང་གི་ཚེ་བེམ་པོའི་ཁམས་ཉིད་ཀྱི་དངོས་པོ་དེ་བཞིན་དུ་(གསེར་དུ་) འགྱུར་བ་ནི། ལྕགས་རྣམས་དངུལ་ཆུས་ཟོས་ཏེ་(གསེར་དུ་)རོ་མཉམ་པར་གཅིག་ཏུ་འགྱུར་བའོ། ། དེའི་ཕྱིར་(ལྕགས་ལ་སོགས་པའི་)ཁམས་རྣམས་ཀྱང་(ལྕགས་ལ་སོགས་པའི་)ཁམས་ཉིད་དུ་མེད་དེ། (རོ་བཅུད་དང་)ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་རོ། །དངུལ་ཆུ་ཡང་དངུལ་ཆུ་{མེད་[ཉིད་] དུ་མེད་དེ། རང་བཞིན་སྔ་མ་(དངུལ་ཆུ་)ཡོངས་སུ་སྤངས་(ཏེ་གསེར་དུ་གྱུར་)པའི་ཕྱིར་རོ། །(དཔེ་)དེ་ བཞིན་དུ་ལུས་ཀྱི་(ས་ལ་སོགས་པའི་)ཁམས་རྣམས་(བྱང་ཆུབ་ཀྱི་)སེམས་དང་རོ་མཉམ་པར་གཅིག་ ཏུ་གྱུར་པས་<ས་ལ་སོགས་པའི་>ཁམས་རྣམས་ཀྱང་ཁམས་རྣམས་ཉིད་དུ་མེད་པ་དང༌། སེམས་ ཉིད་ཀྱང་<རྟོག་པ་དང་བཅས་པའི་>སེམས་ཉིད་དུ་མེད་དེ། སྔར་གྱི་འཁོར་བའི་བག་ཆགས་རྣམས་ 1-1-303 (དག་ནས་)མེད་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱིས་(ཕར་ཕྱིན་ལས་)གསུངས་པ། གང་ (འཁོར་བའི་བག་ཆགས་)མེད་པའི་སེམས་དེ་ནི་(དྲི་བྲལ་དུ་)ཡོད་པའི་སེམས་སོ་ཞེས་པའོ།། ༼༩༩༽ །། ༈ ད་ནི་རྡོ་རྗེའི་ཚིག་གི་ངེས་[པ་]བརྗོད་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ཞེས་{བྱ་བ་[པ་]ལ་ སོགས་པ་ལ། འདིར་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ནི་འདུས་པ་ལ་སོགས་པ་ཐབས་(གཙོ་ཆེ་བ་ ཉིད་)ཀྱི་རྒྱུད་དང༌། འཁོར་ལོ་སྡོམ་པ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་ཐམས་ཅད་དུའོ། །ངེས་ པར་རྡོ་རྗེའི་ཚིགའདི་ཞེས་པ་ནི་སྔར་གསུངས་པའི་མི་འགྱུར་བའི་བདེ་བའོ། །(སངས་རྒྱས་རིན་ ཆེན་ཟ་མ་ཏོག་ཁ་འབྱེད་པ་ཞེས་བྱ་བ་ལ། སངས་རྒྱས་རིན་ཆེན་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའོ། །ཟ་མ་ཏོག་ནི་རྡོ་རྗེ་ནོར་ བུའི་པད་མ་ཞེས་བྱ་བ་སྟེ། སངས་རྒྱས་རིན་ཆེན་ཟ་མ་ཏོག་དེ་ཉིད་རྒྱུད་ཀྱི་རྒྱལ་པོ་གང་གིས་ཁ་ཕྱེ་བ་ནི་སངས་རྒྱས་རིན་ཆེན་ཟ་མ་ ཏོག་ཁ་ཕྱེ་བ་ཞེས་བྱའོ། །)རྣལ་འབྱོར་པ་ལ་གསུངས་ཞེས་{བྱ་བ་[པ་]ནི་བཅོམ་ལྡན་འདས་ཀྱིས་{དེ་ བཞིན་}དུ་གསུངས་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ ཨ་(གཞོམ་མེད་སྟོང་གཟུགས་)ལས་བྱུང༌། །ཨ་ནི་(འགྱུར་བ་མེད་པས་)ཡིག་འབྲུ་ཀུན་གྱི་མཆོག ། དོན་ ཆེན་(པོ་མཆོག་ཏུ་མི་འགྱུར་བ་ནི་)ཡི་གེ་དམ་པ་ཡིན། །(གཞོམ་དུ་མེད་པའི་)སྲོག་ཆེན་པོ་ནི་སྐྱེ་བ་མེད། ། (སྨྲ་བརྗོད་ལས་འདས་པ་)ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །<འདི་ཡོད་ན་ངག་ཀུན་འབྱུང་པས་>བརྗོད་པ་ ཀུན་གྱི་རྒྱུ་ཡི་མཆོག ། <ཡི་གེའི་བདག་ཉིད་དུ་>ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་བྱ་བ་ལ་ སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བའི་མཐར་ཐུག་པ་དྲུག་ཅུ་རྩ་གཉིས་ ལྷག་པའི་ཚིགས་སུ་བཅད་པ་བརྒྱ་ཡིས་མཚན་ཡང་དག་པར་བརྗོད་པར་གསུངས་པའི་ཡེ་ ཤེས་ཀྱི་སྐུ་དེ་ཉིད། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་རྡོ་རྗེའི་ཚིག་ཏུ་གསུངས་ཏེ། བྱིས་པ་རྣམས་ ནི་སྨིན་པར་བྱ་བའི་དོན་དུ་སྣ་ཚོགས་གཙོ་བོས་སྙིང་རྗེ་མཆོག་གིས་སྦས་པའོ། །ཞེས་བྱ་བ་ནི། བྱིས་པ་རྣམས་ལ་དབང་པོ་གཉིས་ཀྱི་བདེ་བ་ཙམ་བསྟན་པར་མཛད་དོ། ། ༈ དེའི་ཕྱིར་རྡོ་རྗེའི་ཚིག་{འདི་[དེ་]ཉིད་(གསལ་པོར་)དབྱེ་བ་<བར་>བྱས་ལ་ཉིན་ཞག་སོ་ 1-1-304 སོའི་དུས་ སུ་ཞེས་པ་ནི་ཉིན་མོ་དང་མཚན་མོ་ལ(ཉམས་སུ་བླང་པར་བྱ)འོ། །རྣལ་འབྱོར་པ་ཡིས་བསྒོམ་ པར་བྱ་ཞེས་བྱ་བ་ནི་དབང་པོ་རྣོན་པོས་སྔར་གསུངས་པའི་མིག་(གི་ལྟ་སྟངས་)རྣམས་ཀྱིས་(སྦྱོར་ བ་ཡན་ལག་དྲུག་){བསྒོམས་[བསྒོམ་]པར་བྱའོ། །ཕྱག་རྒྱ་བསྒྲུབ་པའི་དོན་དུ་ཞེས་བྱ་བ་ནི་ཕྱག་ རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུའོ། །(ཕྱག་རྒྱ་)དེ་ཅི་ཞིག་ཞེ་ན། རྒྱལ་མཆོག་བསྐྱེད་པར་ བྱེད་པ་(པྲ་སེ་ན་)གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོའོ་ཞེས་པ་ནི་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་རྒྱུད་ཐམས་ཅད་དུ་བཅོམ་ལྡན་འདས་ཀྱིས་ གསུངས་པ་<གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་འདིར་རྡོ་རྗེའི་ཚིག་གོ་ཕྱེད་ནས་གསལ་པོར་གསུངས་པ་ ཡིན་པར་>རྣལ་འབྱོར་པས་རྟོགས་པར་བྱ་བ་ངེས་པའོ།། ༼༡༠༠༽ །། ༈ དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་ པའི་འོད་ལས། བསྒྲུབ་ཐབས་ཀྱི་ལེའུ་མདོར་བསྡུས་པ་སྟེ། ལེའུ་བཞི་པའི་རྒྱུད་ཀྱི་སྙིང་པོའི་ རྒྱ་ཆེར་འགྲེལ་པའོ།། །། ༈ ད་ནི་འབྲས་བུ་(ཁ་བསྐངས་)ཐོབ་པའི་དུས་ཀྱི་ཁྱད་པར་{བསྟན་[བརྗོད་]པར་བྱ་སྟེ། ཁྱབ་བདག་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བརྒྱད་ནི་གོ་སླའོ། ། ༈ ད་ནི་(ཤིན་ཏུ་)རྣམ་པར་དག་པའི་སྐུ་བཞི་བརྗོད་པར་བྱ་སྟེ། ཤེས་རབ་ཐབས་མིན་ ཞེས་བྱ་བ་ལ་སོགས་པ་ལ། འདིར་ཤེས་རབ་[ཞེས་བྱ་བ་]ནི་(ཡར་གྱི་ངོ་)ཆ་བཅོ་{ལྔའི་[པའི་] བདག་ཉིད་(དགའ་བ་བཅོ་ལྔའི་མཐའ་)དཀར་པོའི་ཕྱོགས་སོ། །ཐབས་ནི་(མར་གྱི་ངོའི་ཆ་བཅོ་ལྔའི་བདག་ ཉིད་)ནག་པོའི་ཕྱོགས་ཟླ་བའི་ཆ་འགྲིབ་པ(དེ་ཁོ་ན་བཅོ་ལྔའི་དང་པོ)འོ། །དེ་ལྟར་དཀར་པོ་ནི་(ཉི་མའི་ ཆ་འགྲིབ་ཟླ་བའི་ཆ་འཕེལ་བ་)མཚན་མོ་སྟེ(ཤེས་རབ་སྟེ)། ནག་པོ་ནི་(ཟླ་བའི་ཆ་འགྲིབ་ཉི་མའི་ཆ་འཕེལ་བ་)ཉིན་ མོའོ(ཐབས་སོ)། །དེ་ལྟར་ལྷན་ཅིག་སྐྱེས་པའི་སྐུ་ནི་(དགའ་བ་བཅོ་ལྔ་རྫོགས་ནས་བཅུ་དྲུག་པར་མ་སོང་པའི་ 1-1-305 དབུས་ཏེ་)ཤེས་རབ་མ་ཡིན་ཐབས་མ་ཡིན་ཏེ། འདི་ཉིད་(ཤིན་ཏུ་རྣམ་དག་)སངས་རྒྱས་རྣམས་ཀྱི་ ལྷན་ཅིག་སྐྱེས་པའི་(ངོ་བོ་ཉིད་ཀྱི་)སྐུའོ། །དེ་ལྟར་(སྤང་བྱ་ཐིག་ལེ་)འཛག་པ་མེད་པའི་མཚན་ཉིད་ ཏུ་རྒྱ་(བརྒྱལ་བ་)ཟད་པ་ལས་རྣལ་འབྱོར་པ་རྣམས་{ཀྱི་[ཀྱིས་]མ་ནིང་(སྟེ་ཕྱོགས་སྤངས་པ་)ཞེས་བྱ་ བར་གྲུབ་པོ། །དེ་ལྟར་ལྟེ་བ(འི་འཁོར་ལོ)ར་རྒྱུ་འཐུན་པ(འི་འབྲས་བུ་)[ནི་]ལྷན་ཅིག་སྐྱེས་པའི་(ངོ་ བོ་ཉིད་ཀྱི་)སྐུ་(ནི་ས་བཞི་པ་)སྟེ། རང་གི་དོན་ཕུན་སུམ་འཚོགས་པའོ། །དེ་ཡང་ལྷན་ཅིག་སྐྱེས་པ་(ངོ་ བོ་ཉིད་ཀྱི་སྐུ་འདི་)ལས་གཞན་གྱི་དོན་ཕུན་སུམ་འཚོགས་པའི་ཆེད་དུ་ཆོས་ཀྱི་སྐུར་ནི་(ས་དྲུག་པར་) གྱུར་པ་སྟེ། (སྤང་བྱ་)གཉིད་ལོག་པ་ཟད་པ་ལས་སོ། །དེ་ཡང་ཐབས་དང་ཤེས་རབ་རང་བཞིན་ ངེས་པར་མུན་པ་བྲལ་བ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ཡིས་ཞེས་བྱ་བ་ནི་འདིར་ཡེ་ཤེས་ནི་ རྣལ་འབྱོར་པའི་(ལྷའི་ཡིད་ཀྱིས་)འཛིན་པར་བྱེད་པའི་སེམས་སོ(དམིགས་པ་མེད་པའི་སྙིང་རྗེའོ)། །རྣམ་ པར་ཤེས་པ་ནི་(མངོན་ཤེས་ལྔ་ལས་)གཞན་གྱི་སེམས་ཤེས་པ་དང༌། གཟུང་པར་བྱ་བ་སྟེ་ཤེས་ པར་བྱ་བའི་མཚན་ཉིད་(དམིགས་པ་དང་བཅས་པའི་སྟོང་པ་ཉིད་)དོ། །དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ (འཛིན་(གཟུང་)པར་(བྱ་)བྱེད་པའི་(སྟོང་གཟུགས་སུ་སྣང་པའི་)སེམས་ཤེས་རབ་སྟེ་རྟོག་པ་དང་བྲལ་ བ(ཡེ་ཤེས་ཀྱི་སྣང་པ་ཡིན་པ)འི་ཕྱིར་རོ། །(སྟོང་གཟུགས་སུ་སྣང་པ་)(གཟུང་(འཛིན་)པའི་སེམས་ཐབས་ ཏེ་ཀུན་ཏུ་བརྟགས་པ(འི་སེམས་)སྙིང་རྗེའི་མཚན་ཉིད་དོ། །དེས་ན་(༡འཛིན་(གཟུང་)པར་(བྱེད་ (བྱ་)པ་(རང་གི་སེམས་)དང་(ཀ༽གཟུང་{འཛིན་)པར་(བྱ་(བྱེད་)བའི་(རང་གི་སེམས་ཀྱིས་)དབྱེ་བས་ཤེས་ ༢རབ་དང་ཁ༽ཐབས་ཀྱི་རང་བཞིན་གཞན་གྱི་དོན་བྱེད་པ་པོའི་ཆོས་ཀྱི་སྐུའོ། །དེ་ཡང་(གནས་) སྙིང་ཁ་ཆོས་ཀྱི་འཁོར་ལོར་(བྱང་སེམས་འཕེལ་པས་འབྲས་བུ་བཞི་ལས་)རྣམ་པར་སྨིན་པའོ། །འདིར་ ཆོས་ཀྱི་སྐུ་(དེ་)ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ནི་ཡང་(དགོས་པ་)གཞན་གྱི་དོན་ཕུན་སུམ་ འཚོགས་པའི་ཆེད་དུ་(རང་བཞིན་མེད་པའི་དཔེ་)བྲག་ཆ་བཞིན་དུ་སེམས་ཅན་དུ་མའི་(སྐད་ཀྱིས་)དོན་ རྣམས་མཛད་པ་ནི་འདིར་ལྷའི་མིག་གིས་གང་འདས་པ་དང་མ་འོངས་པའི་(སྟོང་པའི་)གཟུགས་ 1-1-306 གཟིགས་པ་<སྟོང་པའི་>གཟུགས་བརྙན་གྱི་རྣམ་པ་དང་པོའོ། །དེ་ལྟར་(ལྷའི་རྣ་བས་)སྒྲ་{གང་} (ཐོས་པ་) {བྱུང་[འབྱུང་]པ་ནི་སྒྲ་བརྙན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ཐབས་དང་ཤེས་རབ་ ཀྱི་རང་བཞིན་ལྷའི་རྣ་བའི་རྣམ་པར་ཤེས་པས་(སྒྲ་)འཛིན་པར་བྱེད་པས་(ཐབས་དང་)སྒྲ་བརྙན་ བཟུང་པར་བྱ(བ་ཤེས་རབ་པོ)འོ། །དེས་(སྔོན་གྱི་གནས་དྲན་པས་)འདས་པ་དང་མ་འོངས་པའི་དུས་ཀྱི་ གྲངས་མཁྱེན་པ་སྟེ། སྐལ་པ་ཆེ་གེ་མོ་དང༌། དུས་ཆེ་གེ་མོ་དང༌། ལོ་ཆེ་གེ་མོ་དང༌། ཟླ་བ་ཆེ་གེ་ མོ་དང༌། ཟླ་བ་ཕྱེད་པ་ཆེ་གེ་མོ་དང༌། ཉི་མ་ཆེ་གེ་མོ་ལ་སོགས་པར་ཆེ་གེ་མོ་འབྱུང་ངོ༌། །ཆེ་གེ་ མོ་འབྱུང་པར་འགྱུར་རོ་ཞེས་བྱ་བ་སྟེ། (ལྷའི་མིག་ལྷའི་རྣ་བ་སྔོན་གྱི་གནས་ཤེས་པ་གསུམ་པོ་)དེས་སེམས་ ཅན་འདུལ་ཏེ་(སྤང་བྱ་)རྨི་ལམ་གྱི་གནས་སྐབས་ཟད་པ་ལས་སོ། །(གནས་)མགྲིན་པར་(འབྲས་ བུ་བཞི་ལས་)སྐྱེས་བུ་བྱེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་(ནི་ས་བརྒྱད་པ་)སྟེ། སྟེང་དུ་(མགྲིན་པར་) བྱང་ཆུབ་ཀྱི་སེམས་སོང་པས་སོ། །འདིར་ཡང་(སངས་རྒྱས་)ལོངས་སྤྱོད་རྫོགས་པའི་སྐུ་ལས་ (ནི)སྤྲུལ་པའི་སྐུ་རུ་འགྱུར་བ་ནི་(དགོས་པ་)སེམས་ཅན་མ་ལུས་སྨིན་{པའི་[པར་བྱ་བའི་]དོན་ དུ་གྱུར་{པས་[པ་]ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཅིག་ཀྱང་སེམས་ཅན་རྣམས་ལ་ སྤྲུལ་པ་སྣ་ཚོགས་སྟོན་ཏེ། གཅིག་ནི་མ་ཡིན་ནོ། །དེ་ལྟར་དོན་དམ་པར་ཐབས་དང་ཤེས་རབ་ གཅིག་ཉིད་(ལྷའི་སྐུ་ཡིས་གདུལ་བྱ་གང་ལ་གང་འདུལ་)དུ་མར་སྦྱོར་བའོ། །ཀུན་རྫོབ་ཏུ་ནི་གཅིག་དང་ དུ་མར་འགལ་ཏེ(གཅིག་ཡིན་ན་དུ་མར་མི་འགྱུར་བས་སོ)། དེ་ཡང་(སྤང་བྱ་)སད་པའི་གནས་སྐབས་ཟད་ པ་ལས་སོ། །(གནས་)དཔྲལ་བར་<འབྲས་བུ་བཞི་ལ་མཚན་ཉིད་ཐམས་ཅད་དང་>བྲལ་བ་ནི་སྤྲུལ་པའི་སྐུ་ (ས་བཅུ་པ་)སྟེ། དེ་ཡང་(གདུལ་བྱ་ལ་)གཟུགས་རྣམས་སྣ་ཚོགས་ཀུན་དུ་སྟོན། །(བྱང་སེམས་)ནོར་བུ་ ཆེན་པོ་(ནས་)རིན་ཆེན་ཏོག(སྤྱི་གཙུག་ཏུ་འགྲོངས་པས)། ཅེས་བྱའོ། །དེ་ལྟར་ལྷན་ཅིག་སྐྱེས་པ་(ངོ་བོ་ ཉིད་ཀྱི་སྐུ་)གཅིག་པོ་དེ་ཉིད་(རྐྱེན་གྱིས་)ཆོས་དང༌། ལོངས་སྤྱོད་རྫོགས་པ་དང༌། སྤྲུལ་པ་ཞེས་བྱ་ བ་(སྐུ་)རྣམ་པ་བཞི་{སྟེ[འོ]། །{དེ་ཉིད་སྔར་གསུངས་ཞེས་བྱའོ།། ༼༩༽ །།} 1-1-307 ༈ ད་ནི་སྐུ་བཞི་(ལ་)བཅུ་དྲུག་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། འདོད་{པ་[པའི་]ཞེས་བྱ་ བ་ལ་སོགས་པ་ལ། འདིར་ཀུན་འབྱུང་གི་བདེན་པ་ལས་གང་ལ་སྐུ་གཅིག་པོ་དེ་ལ(ས་སྐུ་བཞི་ འབྱུང་ལ་སྐུ་བཞི་རེ་རེ་ལས་)གཞན་ཡང་{སྐུ་དང་}གསུང་དང་ཐུགས་ལ་སོགས་པ་(ཡེ་ཤེས་ཏེ་བཅུ་དྲུག་) ཞེས་བྱའོ། །(སྤྲུལ་<པའི་>སྐུའི་སྐུ་གསུང་ཐུགས་ཡེ་ཤེས་བཞི་ནི་སད་པའི་ལུས་ངག་སེམས་<ཡེ་ཤེས་>ཆགས་ པའི་རྟོག་པ་བཞི་དག་པ་ལས་འགྱུར་རོ། །ཞེས་སོ། །)འདོད་པ་ཞེས་བྱ་བ་ནི་ལུས་ཀྱི་དགའ་བ་འགགས་པ་ ལས་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རུ་ངེས་པར་(ས་བཅུ་པའི་དངོས་གཞི་)འགྱུར་རོ། །དེ་ལྟར་གང་ པ་རྫོགས་པ་ནི་ངག་གི་དགའ་བ་ཟད་པ་ལས་སྤྲུལ་པའི་གསུང་(ས་བཅུ་པའི་ཉེར་བསྡོགས་)ངོ༌། ། འབར་བ་ཞེས་བྱ་བ་ནི་ཡིད་ཀྱི་དགའ་བ་འགགས་པ་ལས་སྤྲུལ་པའི་ཐུགས་(ས་དགུ་པའི་དངོས་ གཞི)སོ། །ཨོ་ཊ་(ཞེས་བྱ་བ་)ནི་ཡེ་ཤེས་ཀྱི་དགའ་བ་འགགས་པ་ལས་<ནི་>མཆོག་ཏུ་བདེ་བར་ མཛད་པ་སྤྲུལ་པའི་ཡེ་ཤེས་ཏེ(ས་དགུ་པའི་ཉེར་བསྡོགགས)། དེ་ལྟར་སྤྲུལ་པའི་སྐུ་བཞིའོ(སྤྲུལ་པའི་སྐུ་ ཡི་སྐུ་གསུང་ཐུགས། །ཡེ་ཤེས་ཅིག་སྦྱོར་སྡོམ་པའོ)། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་བཞི་ ལ། (ལོངས་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་བཞི་ནི་རྨི་ལམ་གྱི་ལུས་ངག་སེམས་ཆགས་པའི་རྟོག་པ་<བཞི་>དག་<པ་>ལས་ འགྱུར་རོ། །ཞེས་སོ། །) དགའ་བ་ནི་ལུས་ཀྱི་མཆོག་དགའ་འགགས་པ་{ལས་}ལོངས་སྤྱོད་རྫོགས་ པའི་(ས་བརྒྱད་པའི་དངོས་གཞི)སྐུའོ། །མཆོག་དགའ་ཁྱད་པར་དགའ་དང་བཅས་པ་འདི་དག་རིམ་ པ་ཡིས་ཞེས་བྱ་བ་ལ། མཆོག་ཏུ་དགའ་བ་ནི་ངག་གི་མཆོག་ཏུ་དགའ་བ་ཟད་པ་ལས་ལོངས་ སྤྱོད་རྫོགས་(ས་བརྒྱད་པའི་ཉེར་བསྡོགས)པའི་གསུང་ངོ༌། །ཁྱད་པར་དགའ་བ་ནི་ཡིད་ཀྱི་ཁྱད་པར་ གྱི་དགའ་བ་འགགས་པ་ལས་ལོངས་སྤྱོད་རྫོགས་པའི་ཐུགས་{སུ[སོ། །]དེ་ལྟར་གསུང་དང་ ཐུགས་སོ(ས་བདུན་པའི་དངོས་གཞི)། །ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཡེ་ཤེས་ཀྱི་མཆོག་དགའ་ འགགས་པ་ལས། ཡེ་ཤེས་རྡོ་རྗེ་ནི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་(ས་བདུན་པའི་ཉེར་བསྡོགས་)སོ། ། དེ་ལྟར་ལོངས་སྤྱོད་རྫོགས་པའི་བཞིའོ(ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་ 1-1-308 པའོ)། ༼༡༠༽ ། དེ་ནས་ཆོས་ཀྱི་སྐུའི་བཞི་{ལས་[ལ་](ཆོས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་བཞི་ནི་གཉིད་མཐུག་ པོའི་ལུས་ངག་ཡིད་ཆགས་པའི་རྟོག་པ་དག་པར་འགྱུར་རོ། །ཞེས་སྟོན་པ། )གཡོ་བ་ནི་ལུས་ཀྱི་ཁྱད་པར་གྱི་དགའ་ བ་འགགས་པ་ལས་ངེས་པར་ཆོས་ཀྱི་སྐུ་སྟེ་སྲིད་པ་གསུམ་གྱིས་ཕྱག་བྱས་པ(ས་དྲུག་པའི་དངོས་ གཞི)འོ། །དེ་ནས་འབྱུང་པར་འགྱུར་བ་ཞེས་བྱ་བ་ནི། ངག་གི་ཁྱད་པར་གྱི་དགའ་བ་འགགས་ པ་ལས་ཆོས་ཀྱི་གསུང་(ས་དྲུག་པའི་ཉེར་བསྡོགས)ངོ༌། །གཉིད་ཞེས་བྱ་བ་ནི་ཡིད་ཀྱི་ཁྱད་པར་གྱི་ དགའ་བ་འགགས་པ་ལས་ངེས་པར་ཆོས་ཀྱི་ཐུགས་སོ(ས་ལྔ་པའི་དངོས་གཞི)། །བརྒྱལ་བ་ཞེས་ བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱི་དགའ་བ་འགགས་པ་ལས་སྲིད་པའི་འཇིགས་པ་འཇོམས་པ་ ཆོས་ཀྱི་ཡེ་ཤེས་(ས་ལྔ་པའི་ཉེར་བསྡོགས་)སོ(ཆོས་ཀྱི་སྐུ་ཡི་སྐུ་གསུང་ཐུགས། །ཡེ་ཤེས་ཅིག་སྦྱོར་སྡོམ་པའོ)། །དེ་ ནས་(ངོ་བོ་ཉིད་<ཀྱི་སྐུའི་>སྐུ་གསུང་ཐུགས་ཡེ་ཤེས་བཞི་ནི་ཆགས་པའི་ལུས་ངག་ཡིད་ཆགས་པའི་རྟོག་པ་བཞི་དག་པ་ལས་ འགྱུར་རོ། །ཞེས་སྟོན་པ་)ཡི་གེ་ཞེས་བྱ་བ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་འགགས་པ་ལས་ ངེས་པར་དག་པའི་སྐུ(ས་བཞི་པ)འོ། །དབྱངས་དང་བྲལ་བའི་ཆ་དང་ཐིག་ལེ་སྒྲ་ཙམ་རིམ་པ་ ཡིས་ཞེས་བྱ་བ་ལ། ཆ་ཞེས་བྱ་བ་ནི་ངག་གི་ལྷན་ཅིག་སྐྱེས་པའི་དགའ་བ་འགགས་པ་ལས་ དག་པའི་གསུང་(ས་གསུམ་པ)ངོ༌། །ཐིག་ལེ་ཞེས་བྱ་བ་ནི་ཡིད་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ འགགས་པ་ལས་དག་པའི་ཐུགས་(ས་གཉིས་པ)སོ། །སྒྲ་ཙམ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷན་ཅིག་ སྐྱེས་པའི་དགའ་བ་འགགས་པ་ལས་དག་པའི་ཡེ་ཤེས་(ས་དང་པོ)སོ(ལྷན་ཅིག་སྐྱེས་པའི་སྐུ་གསུང་ ཐུགས། ཡེ་ཤེས་གཅིག་སྦྱོར་སྡོམ་པའོ)། །དེ་ལྟར་ཡེ་ཤེས་རྡོ་རྗེ་སྲིད་པ་རྣམ་གསུམ་ལ་གནས་དག་པའི་ སྐུ་རུ་སྐྱེད་པར་བྱེད་པ་ནི་(གང་དུ་ན་)རྡོ་རྗེ་སེམས་དཔར་རོ། །(སྐུ་བཅུ་དྲུག་ནི་སེམས་ཅན་གྱི་)དགའ་ བ་བཅུ་དྲུག་གི་དབྱེ་བས་ཐ་དད་པ(འི་རྟོག་པ་དག་པས་མི་རྟོག་པ་དེ་ཁོ་ན་ཉིད་ཀྱི་སྐུ་བཅུ་དྲུག་རིག་པ་)ནི། དེ་ ཉིད་རྣམ་པ་བཅུ་དྲུག་<བསྡུས་པ་>རིག ། ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་རྣམ་པ་བཅུ་དྲུག་ (བསྡུས་པ་)མི་འགྱུར་བའི་བདེ་བ་ཆེན་པོ་དང༌། (རྟེན་འབྲེལ་)ཡན་ལག་རྣམ་པ་བཅུ་གཉིས་(བསྡུས་ 1-1-309 པ་)ནི་དོན་དམ་པ་དང༌། ཀུན་རྫོབ་(རླུང་འཕོ་བ་བཅུ་གཉིས་རྒྱུ་བ་འགགས་པས་)སངས་རྒྱས་རྣམས་(ལ་ སྟོང་གཟུགས་སྣང་བ་)དང༌། <རླུང་འཕོ་བ་བཅུ་གཉིས་རྒྱུ་བས་>འཁོར་བ་རྣམས་ཀྱི་(གཟུང་འཛིན་གྱི་འཁྲུལ་བའི་ སྣང་པ་)སྟེ། དེས་ན་ཡན་ལག་བཅུ་གཉིས་འགགས་པ་དང༌། (གཡས་པའི་)སྲོག་འགགས་པ་ལས་ རྡུལ་(གྱི་ཆ་)འགགས་པ་སྟེ། རྡོ་རྗེ་ཉི་མ(ས)སྣང་པ་ཆེ<ས་བཅུ་གཉིས་མཚོན>། །བདེན་(པའི་)དོན་ རྣམ་པ་བཅུ་གཉིས་ལྡན། །ཞེས་སོ། ། ༈ བཅུ་དྲུག་པའི་ཆ་ཁུ་བ་འགགས་པས། རྡོ་རྗེ་ཟླ་བ་དྲི་མེད་འོད། །དེ་(ཁོ་ན་)ཉིད་རྣམ་ པ་བཅུ་དྲུག་རིག ། ཞེས་བྱ་བ་བཅོམ་ལྡན་འདས་(སྟོང་ཉིད་སྙིང་རྗེའི་རོ་མཉམ་པ་)དུས་ཀྱི་འཁོར་ལོར་ གྲུབ་པའོ། ༼༡༡༽ ། ༈ ད་ནི་གཙོ་བོ་ལ་སོགས་པ་[རྣམས་ཀྱི་]རྣམ་པར་དག་པ་(རྩ་རྣམས་དཀྱིལ་འཁོར་གསུམ་གྱི་ ལྷར་དག་པ་ལས་)གཞན་བརྗོད་པར་བྱ་སྟེ། དུས་ཉིད་ཞེས་བྱ་བ་ལ་སོགས་པ་ལ། འདིར་དུས་ ནི་ཕྱི་དང་ནང་དུ་(རྟེན་འབྲེལ་)ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་<ནང་དུ་>ཆུ་སྲིན་ལ་སོགས་ པའི་(དུས་སྦྱོར་གྱི་)ཁྱིམ་གྱི་འཁོར་ལོ་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །དེ་ལ་(ཆོས་སྐུ་)རྒྱུའི་ཆོས་ ལྔ་དང༌། འབྲས་བུའི་ཆོས་བདུན་ཏེ། རྒྱུའི་ཆོས་ནི་ཉོན་མོངས་པ་དང་ལས་ཀྱི་བདག་ཉིད་ (ཀུན་འབྱུང་གི་བདེན་པ་)དོ། །འབྲས་བུའི་ཆོས་ནི་སྡུག་བསྔལ་གྱི་(བདེན་པའི་)བདག་ཉིད་དེ། འཇིག་ རྟེན་(དང་ནང་)གྱི་ཁམས་ཀྱི་ལེའུར་<དང་གང་ལ་>གསུངས་པའོ། །རྒྱུ་དང་འབྲས་བུའི་ཆོས་དེ་ རྣམས་དག་པ་དུས་དག་པར་འགྱུར་རོ། །(དཔལ་ལྡན་)རྡོ་རྗེ་ཅན་ནི་རྒྱུ་དང་འབྲས་བུ་(འགོག་ཟེར་ ར)འགགས་པ་ཡིས་དཀྱིལ་འཁོར་གྱི་(དབང་ཕྱུག་གཙོ་བོའི་)དག་པ་(ཉིད་དུ་འགྱུར་)སྟེ། དུས་ཀྱི་འཁོར་ ལོའི་དག་པའོ། །ལོ་དང་ཟླ་སོགས་དབྱེ་བ་ཡིས་ཞེས་བྱ་བ་ནི་(དུས་ཀྱི་འཁོར་ལོའི་དག་པ་)འཆད་ པར་འགྱུར་བར་(ཡང་)བརྗོད་པར་བྱ(མིའི་བདག་པོ་ཀྱེ)འོ། །སེམས་ཀྱི་རྣམ་པ་ནི་རྣམ་པར་དག་ (པ་གཞོམ་དུ་མེད་)པའི་སེམས་སོ། །ཉིན་མཚན་མིན་དེ་ནི་(མ་དག་པ་)འཁོར་བའི་སེམས་ཀྱི་མཚན་ 1-1-310 ཉིད་(དེ་ཡང་)སྲོག་ལ་ཞོན་པའི་རྣམ་པར་ཤེས་པའི་ཕུང་པོ་(མིན་)<ཡིན་>ཞེས་བྱའོ། །ཉིན་ མཚན་སོ་སོ་དབྱེ་བ་<ཕྱིར་>རྣམ་པར་དག་པ་སྣ་ཚོགས་ཡུམ་ཞེས་བྱ་བ་ནི། འདིར་ལོ་གཅིག་ ལ་ཟླ་བའི་དབྱེ་བས་(ཕྱིར་)དུས་སྦྱོར་བཅུ་གཉིས་དང༌། དེ་བཞིན་དུ་(ནང་དུ་)ཉིན་མཚན་རེ་རེར་ (འཕོ་བ་བཅུ་གཉིས་){འཆད་པར་[འཆར་བར་]འགྱུར་བའི་དབྱེ་བས་(ཕྱིར་)<ནང་དུ་>དུས་སྦྱོར་ བཅུ་གཉིས་སོ། །དེ་ལྟར་ཡན་ལག་བཅུ་གཉིས་འགགས་པས་ཤེས་རབ་(ཡུམ་)ཀྱི་དག་པའོ། ། (དེ་ཡང་)འདིར་ཐེག་པ་གསུམ་གྱི་(རྒྱས་གདབ་པའི་)ཕྱག་{རྒྱ་ནི་ཆོས་གང་དག་[རྒྱའི་ཆོས་ནི་གར་] སྟེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིའོ། །ལྷ་རྣམས་ཀྱི་ཕྱག་རྒྱ་སངས་རྒྱས་རྣམས་སོ། ། དགེ་འདུན་རྣམས་ཀྱི་ཕྱག་རྒྱ་དགེ་སློང་བཞིའོ། །དེ་ལྟར་ན་དགེ་སློང་(བཞི་ལ་སོགས་པ་)སྔོན་ དུ་སོང་པ་ལས་དགེ་འདུན་ནོ། །(བརྗོད་བྱ་<འབྲས་བུ་>མངོན་པར་རྟོགས་པའི་)ཆོས་གང་སྔོན་དུ་སོང་ པ་ལས་(རྗོད་བྱེད་ལུང་གི་)ཆོས་སོ། །(གཙོ་བོའི་)སངས་རྒྱས་སྔོན་དུ་སོང་པ་ལས་(འཁོར་)བྱང་ཆུབ་ སེམས་དཔའ་དང༌། ཁྲོ་བོ་ལ་སོགས་པའི་ལྷ་ཚོགས་སོ། །དེ་ལྟར་དཀྱིལ་འཁོར་དུ་གཙོ་བོ་ ནི་(དམིགས་པ་)བསམ་དུ་མེད་པའི་(འགྱུར་མེད་ཀྱི་བདེ་བ་)ཐུགས་རྡོ་རྗེ(ཡབ)འོ། །གཙོ་མོ་ནི་(དམིགས་ པ་དང་བཅས་པའི་)སྟོང་པ་ཉིད་[ཀྱི་]ཡེ་ཤེས་ཀྱི་ཆོས་ཅན་སྣ་ཚོགས་ཡུམ་ཞེས་བྱ་{བ་}སྟེ་རིགས་ པའོ།། ༼རྐང་པ་༢༽ །། ༈ ད་ནི་ཕུང་པོ་ལྔ་རྣམས་དག་པ་(རྒྱལ་བའི་རིགས་ལྔར་)བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་ དཔའ་གཅིག་པོ་འདི་ལས་དུས་མཐའི་སྤྲིན་དང་མཚུངས་པའི་ཧེ་རུ་ཀར་ནི་ངེས་པར་འགྱུར་ ནི། འཛག་པ་མེད་པའི་ཆོས་ཀྱིས་(སྒྲིབ་པ་དང་བཅས་པ་ལས་)གཞན་<པ་>རྣམ་པར་ཤེས་པ་(དག་ པ་)དེ་ནི་ཧེ་རུ་ཀའོ། །དེ་ཡང་(དགོས་པ་)གདུག་པ་(ཅན་)རྣམས་སྨིན་པར་བྱ་བའི་དོན་དུ་(གང་སྤྲོ་ན་) རྡོ་རྗེ་སེམས་དཔའ་སྤྲོ་བ་ཞེས་བྱའོ། །དེ་ཡང་རྡོ་རྗེ་སེམས་དཔའ་(དགོས་པ་)རྨོངས་པ་རྣམས་ སྨིན་པར་བྱ་བའི་དོན་དུ་(དེ་ཞི་བར་བྱེད་པ་)རྒྱལ་བའི་དམ་ཚིག་ནི་(སྒྲིབ་པ་དང་བཅས་པ་ལས་)གཞན་(པ་ 327) གཟུགས་(དག་པ་)ཏེ་རྣམ་པར་སྣང་མཛད་དུ་ངེས་པར་འགྱུར་བའོ། །དེ་ཡང་རིན་ཆེན་འབྱུང་ པ་(སྤྲོས་པའི་དགོས་པ་)སྡུག་ཕོངས་རྣམས་ཀྱིར་འགྱུར་ནི་<དགོས་པ་>སྡུག་བསྔལ་ཅན་གྱི་སེམས་ ཅན་རྣམས་ལ་སྦྱིན་པའི་དོན་དུ་རིན་ཆེན་འབྱུང་པར་{འགྱུར་བ་[གྱུར་པ་]འཛག་པ་མེད་པའི་ ཆོས་ཀྱིས་(མ་དག་པ་ལས་)གཞན་(དག་པའི་)ཚོར་བ་སྟེ། (སེར་སྣ་ཅན་གྱི་)སྡུག་བསྔལ་ཐམས་ཅད་སྤོང་ བ་ཞེས་བྱའོ། །དེ་ཡང་པད་མ་འཛིན་པ་(སྤྲོས་པའི་དགོས་པ་)ཆགས་ཅན་རྣམས་ཀྱི་ཆགས་པའི་ ཕྱིར་ནི། སྣང་བ་མཐའ་ཡས་སུ་གྱུར་པ་འཛག་པ་མེད་པའི་ཆོས་ཀྱིས་(མ་དག་པ་ལས་)གཞན་ (དག་པའི་)འདུ་ཤེས་ཏེ་(དེས་)འཛག་པ་མེད་པའི་བདེ་བ་སྟེར་བ་ཞེས་བྱའོ། །དེ་ཡང་(དགོས་པ་) བགེགས་རྣམས་གཞོམ་པའི་དོན་ཉིད་དུ་ནི་ཕྱག་གི་པད་{མར་[མ་]རལ་གྲི་འཛིན་{པ་[པའི་] དོན་ཡོད་གྲུབ་པར་འགྱུར་ནི། འཛག་པ་མེད་པའི་ཆོས་ཀྱིས་<མ་དག་པ་ལས་>གཞན་<དག་ པའི་>འདུ་བྱེད་དེ། སེམས་ཅན་སྒྲིབ་པ་མེད་པར་བྱེད་པའོ། །བདུད་ལ་སོགས་པའི་སྒྲིབ་པ་ རྣམས་རྣམ་པར་འཇོམས་པར་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་ལྔ་རྣམ་པར་དག་པ་ཞེས་ བྱའོ།། ༼༡༢༽ །། ༈ ད་ནི་ཁམས་ལྔ་རྣམས་དག་པ་བརྗོད་པར་བྱ་སྟེ། གང་ཞིག་ཞེ་སྡང་ལས་ནི་ཞེས་བྱ་ བ་ལ་སོགས་པ་ལ། འདིར་ཐ་མལ་པའི་(ཉོན་མོངས་པ་)ཞེ་སྡང་ཟད་པ་ལས་(ནི་དྲང་དོན་དུ་ཉོན་མི་ མོངས་པའི་)ཞེ་སྡང་ཆེན་པོ་སྟེ། (ངེས་དོན་དུ་མིང་ཅིར་བཏགས་ན་)གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ (མིང་གི་རྣམ་གྲངས་)རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་(དང་)སྣ་ཚོགས་ཡུམ་སྟེ། དེ་ཉིད་(དུས་མཐའི་ མེ་མཚུངས་ཏེ་)རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། (བདེ་མཆོག་ཏུ་)རྡོ་རྗེ་མཁའ་འགྲོ་མ་རུ་འགྱུར་ བའོ། །དེ་ལྟར་(ཐ་མལ་པའི་ཉོན་མོངས་པ་)གཏི་མུག་ཟད་པ་ལས་(ནི་དྲང་དོན་དུ་ཉོན་མི་མོངས་པའི་)གཏི་ མུག་ཆེན་པོ་(མིང་)སྤྱན་མའོ། །མཆོག་གི་སྙིང་རྗེས་(ཐ་མལ་པའི་ཉོན་མོངས་པ་)ང་རྒྱལ་གྱི་རྒྱུ་ཟད་པ་ ལས་(ནི་དྲང་དོན་དུ་ཉོན་མི་མོངས་པའི་)ང་རྒྱལ་ཆེན་པོ་(མིང་)མ་མ་ཀིར་གྱུར་པ(ར་གསུངས་པ)འོ། །(ཐ་མལ་ 1-1-311 པའི་ཉོན་མོངས་པ་)འདོད་ཆགས་ཟད་པ་ལས་(ནི་དྲང་དོན་དུ་ཉོན་མི་མོངས་པའི་)འདོད་ཆགས་ཆེན་པོ་[དེ་] ནི་(མིང་)གོས་དཀར་མོའོ། །མཐའ་དག་ཡོན་ཏན་མ་ལུས་གཏེར་གྱུར་(ཐ་མལ་པའི་ཉོན་མོངས་པ་) ཕྲག་དོག་ཟད་པ་(ཉིད་)ལས་(ནི་དྲང་དོན་དུ་ཉོན་མི་མོངས་པའི་)ཕྲག་དོག་ཆེན་པོར་གྱུར་པ་(མིང་)སྒྲོལ་ མའོ། །དེ་ལྟར་(བསྡུས་ནས་མ་དག་པ་ལས་)གཞན་(དག་པ་ཤེར་ཕྱིན་)ནམ་མཁའི་ཁམས་དང་(དེས་འདྲེ)། གཞན་སའི་ཁམས་(སྤྱན་མ་)དང༌། གཞན་ཆུའི་ཁམས་(མ་མི་ཀི་)དང༌། གཞན་མེའི་ཁམས་(གོས་ དཀར་མོ་)དང༌། གཞན་རླུང་གི་ཁམས་(སྒྲོལ་མ་)[དང༌། ] ཞེས་བྱ་བ་ཁམས་ཀྱི་མཚན་ཉིད་སྒྲིབ་པ་ མེད་པའི་ལུས་(དེ་གཟུགས་ཡུམ་དང་)འཛག་པ་མེད་པའི་བདེ་བ་(ཡབ་)ཞེས་བྱ་བར་གྲུབ་པོ། །འདི་ {ཉིད་[གཉིས་]དག་ནི་སྣ་ཚོགས་གཟུགས་ཏེ་{ནི་}(ཕུང་པོ་རྣམ་པར་དག་པ་)ཀདུས་ཀྱི་འཁོར་ལོ་ དང༌། (ཉོན་མོངས་དང་ཁམས་རྣམ་པར་དག་པ་)ཁསྣ་ཚོགས་ཡུམ་དག་ཀཐབས་དང་ཁཤེས་རབ་གཅིག་ ཏུ་གྱུར་པའོ། ། ༈ ཡུལ་དང་ཡུལ་ཅན་འདི་དག་ཐམས་ཅད་གཞན་དུ་གྱུར་པ་ནི་དྲི་ལ་སོགས་པ་(<ཡུལ་> དྲུག་མ་དག་པ་ལས་)ཡུལ་གཞན་(དག་པའི་ཡུལ་དྲུག་སེམས་མ་དྲུག་)དང༌། རྣ་བ་ལ་སོགས་པ་<མ་དག་ པ་ལ་>ཡུལ་ཅན་(དག་པའི་ཡུལ་ཅན་དྲུག་སེམས་དཔའ་དྲུག་)གཞན་དང༌། (དབང་པོ་རེ་རེས་ཀྱང་དབང་པོ་ཐམས་ ཅད་ཀྱི་བྱ་བ་བྱེད་ཅེས་པ་འདིའི་དོན་ནི། དེ་བཞིན་གཤེགས་པའི་སྒྲིབ་པས་དག་པའི་སྙན་བཛྲ་པ་ནི་ཡིན་པ་ལ། དེ་དབང་ པོ་ཐམས་ཅད་དང་ལྡན་པས་སེམས་ཅན་གྱི་དོན་བྱེད་པའོ། །)ངག་དང་ལག་པ་ལ་སོགས་པ་<མ་དག་པ་ལས་> གཞན་(དག་པའི་ལས་ཀྱི་དབང་པོ་དྲུག་ཁྲོ་བོ་དྲུག་)རྣམས་དང༌། ལས་ཀྱི་དབང་པོའི་བྱ་བ་<མ་དག་པ་ ལས་>གཞན་(དག་པའི་ཁྲོ་མོ་དྲུག་)རྣམས་སོ། །དེ་ལྟར་ཡང༌། (བདེ་མཆོག་བསྡུས་རྒྱུད་ལེའུ་ལྔ་པ་ལས) ཀུན་ གྱི་ལག་མཐའ་རྐང་མཐའ་(ལས་ཀྱི་དབང་པོ་དང་དེའི་བྱ་བ་དག་པ་)དང༌། །(དབང་པོ་དང་དེའི་ཡུལ་དག་པ་ ལས་སངས་རྒྱས་འབྱུང་པར་བསྟན་པ)ཀུན་གྱི་མིག་དང་མགོ་དང་ཁ། །འཇིག་རྟེན་རྣ་ལྡན་མ་ལུས་པ། ། ཐམས་ཅད་ལ་ནི་ཁྱབ་པར་གནས། །ཞེས་བྱ་བ་སྟེ་རྡོ་རྗེ་སེམས་དཔའ་འོ། །ཡང་དེ་ལྟར(རང་ 1-1-312 གི་མྱོང་པ་ན)། བདག་རིག་(གཞན་དོན་མཛད་པས་)གཞན་རིག་(ཤེས་བྱ་)ཐམས་ཅད་རིག ། (དེས་སེམས་ ཅན་)ཀུན་ལ་ཕན་པའི་གང་ཟག་(རྣམས་ཀྱི་)མཆོག ། འཇིག་རྟེན་ལྟ་བུ་(མ་དག་པ་)ལས་འདས་པ། ། ཤེས་དང་ཤེས་བྱའི་(གཉིས་སུ་མེད་པ་)བདག་པོ་མཆོག ། ཞེས་པ་དང༌། ཡང༌། དོན་གྲུབ་(སྟེ་རང་ དོན་རྫོགས་)བསམ་པ་གྲུབ་པ་སྟེ། །(དེའི་རྒྱུ་རུ་)ཀུན་ཏུ་རྟོག་པ་ཐམས་ཅད་སྤངས(ནས)། །རྣམ་པར་ མི་རྟོག་(པ་བསྒོམས་པས་)དབྱིངས་མི་ཟད<པྲ་ཏི་སེ་ན>། །ཆོས་དབྱིངས་དམ་པ་(བདེ་སྟོང་རོ་མཉམ་པ་) ཟད་མི་ཤེས། །ཞེས་བྱ་བ་ནི་མཚན་ཡང་དག་པར་བརྗོད་པར་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ གསུངས་པ་ཞེས་བྱའོ། ༼༡༣༽ ། ༈ སྦྱིན་པ་ལ་སོགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་(བཅུ་བཞི་ནས་ཉི་ཤུའི་བར་) བདུན་ནི་གོ་སླའོ། ། ༈ ད་ནི་སེམས་ཅན་གྱི་བསམ་(པ་སྣ་ཚོགས་)པའི་དབང་གིས་སངས་རྒྱས་རྣམས་ཀྱི་ བཞུགས་པ་སྣ་ཚོགས་པ་བརྗོད་པར་བྱ་སྟེ། ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པ་ལ། འདིར་གང་ ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་དང་བྲལ་བ(འི་བྱང་སེམས་དང་སངས་རྒྱས་)རྣམས་ཕུང་པོ་ལྔ(འི་ རང་བཞིན་)འཛིན་པའི་{དུས་སུ་[དོན་དུ་]མངལ་དུ་འཇུག་པ་སྟེ། རྡོ་རྗེ་བཙུན་མོའི་བྷ་ག་ནི་ (སྣ་ཚོགས་འདོད་པའི་ལྷ་མོ་འམ་སྒྱུ་མ་ལྷ་མཛེས་ལ་སོགས་<པ་>)བུད་མེད་ཀྱི་མངལ་<ཉིད་>དུ་<བྱང་སེམས་ སངས་རྒྱས་>དེ་ཉིད་ཀྱི་སྙིང་རྗེས་(ཡིས་ནི་)ཞུགས་(གྱུར་)པས་(འཇུག་པ་པོ་){ངེས་[ཉེས་]པ(འི་ལམ་) དང་བྲལ་{བའི་(མི་)[བ་ནི་(ལམ་དང་བྲལ་བ་]ཐ་མལ་པའི་སྐྱེ་བོ་འམ། བསོད་ནམས་མ་ཡིན་པ་ བསགས་པའི་སེམས་ཅན་(མ་ལུས་པ་)རྣམས་སྨིན་པར་བྱ་བའི་ཆེད་དུའོ། །དེ་བཞིན་དུ་གསུངས་ པ། ལུས་{ནི་[ཉིད་]རྡོར་རྗེའི་སྐུར་གྱུར་པའི། །གང་དུ་སངས་རྒྱས་<ཀྱང་>མི་རྟག་ན། །ཆུ་ ཤིང་(འབྲས་བུ་ཤར་བ་དང་)སྙིང་པོ་(ཞིག་ནས་འགྲོ་བ་)དང་མཚུངས་པའི། །སྐྱེ་བོ་གཞན་རྣམས་སྨོས་ཅི་ དགོས(ཏེ་མི་རྟག)། །ཞེས་བྱ་བ་ནི་རྟག་པར་སྨྲ་བ(འི་སེམས་ཅན་)རྣམས་སྨིན་པར་བྱ་བའི་དོན་དུའོ། 330། ཡང་གཙང་མའི་གནས་ལ་སོགས་པ་(གཟུགས་ཁམས་)རྣམས་༡སུ་(བཅོམ་ལྡན་འདས་ཉིད་བཞུགས་པ་) ༣གང་(ཟད་པར་བསྒོམས་པས་)སྐྱེས་པའི་༢ཉན་ཐོས་<གང་ཞིག་ཟད་པར་བསྒོམས་པས་>{༤ལྟར་[ལྷར་] གྱུར་པ་རྣམས་(ཀྱི་)ང་རྒྱལ་བཤིག་པའི་ཆེད་དུ་སྟེ། ལྷ་འདི་རྣམས་འཆི་འཕོ་བའི་དུས་སུ་སྡུག་ བསྔལ་ཆེན་པོ་(དང་ལྡན་པ་ལྟར་)བསྟན་པས་དེ་རྣམས་སྨིན་པའོ། །ཨེ་བཾ་རྣམ་པར་གང་བཞུགས་ ནི་(བདེ་)སྟོང་(གཉིས་སུ་མེད་)པ་ཉིད་དུ(བཞུགས་པ)འོ། །དེ་ནི་མཆོག་གི་ངེས་པ་དང་ལྡན་མ་ལུས་ནི་ (གང་ན་)རབ་འབྱོར་ལ་སོགས་པ་<ཉན་ཐོས་ཐེག་ཆེན་དུ་འཇུག་པ་>རྣམས་དང༌། བྱམས་པ་ལ་སོགས་ པ(འི་ཐེག་པ་ཆེན་པོ)འོ། །གོང་དུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་དགོད་པའི་དོན་དུ་ (ཕར་ཕྱིན་དང་སྔགས་ཀྱི་ཐེག་པར་)ནི་སྐུ་བཞི་བསྟན་པའོ། །སྟོང་པ་ཉིད་ཀྱི་ངོ་བོ་ནི་འདིར་འདས་པ་ དང་མ་འོངས་པའི་ཤེས་བྱ་སྟོང་པའོ། །(ཤེས་བྱ་)དེའི་ངོ་བོ་[མ་]མཐོང་པ་ནི་སྟོང་པ་ཉིད་(མཐོང་ པ་)དེ་(གང་ན་)ཟབ་པ་དང་རྒྱ་ཆེ་བའོ། །འདས་པ་དང་མ་འོངས་པ་དངོས་པོ་མེད་པ་(མཐོང་པ་)ནི་ ཟབ་པའོ། །འདས་པ་དང༌། མ་འོངས་པ་མཐོང་པ་ནི་རྒྱ་ཆེ་བའོ། །དེ་བཞིན་དུ་གསུངས་པ། (བཅོམ་ལྡན་འདས་)སྟོང་ཉིད་(ཀྱི་ཆོས་)སྨྲ་བའི་ཁྱུ་མཆོག་སྟེ། །<གང་ན་>ཟབ་ཅིང་རྒྱ་ཆེ་(གཉིས་དང་ལྡན་ པ)འི་སྒྲ་སྒྲོགས་པ། །(གསུང་གི་རྣམ་གྲངས་)ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎ་ཌེ་སྒྲ་བོ་ཆེ། ། (སྐད་ཕྱོགས་གཅིག་ཏུ་)མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །(ཡེ་ཤེས་ཀྱི་སྐུ་ སྟེ་རྡུལ་ཕྲ་རབ་ལས་གྲུབ་པའི་)གཟུགས་མེད་(རྡུལ་ཕྲན་ལས་མ་གྲུབ་པའི་གཟུགས་ཏེ་)གཟུགས་བཟང་དམ་པ་ སྟེ། །(མཚན་དཔེ་)སྣ་ཚོགས་<ཀྱི་>གཟུགས་ཅན་<དུ་སྣང་ཡང་རྫས་སུ་གྲུབ་པ་མེད་དེ་རང་གི་>ཡིད་ལས་ {སྐྱེས[བྱུང་]། །གཟུགས་རྣམས་མ་ལུས་འཛིན་པའི་དཔལ། །(མེ་ལོང་ལྟར་)གཟུགས་བརྙན་མ་ ལུས་འཆང་པ་པོ། །ཞེས་བྱ་བ་ནི་མཚན་ཡང་དག་པར་བརྗོད་པར་བཅོམ་ལྡན་འདས་ཀྱིས་ གསུངས་པའི་ངེས་པའོ། ༼༢༡༽ ། ༈ སེམས་ཅན་རྣམས་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་༼༢༢་ནས་༢༦བར་༽ལྔ་ 1-1-313 ནི་གོ་སླའོ། ། ༈ ད་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་སྟོབས་རྣམས་བརྗོད་པར་བྱ་བ་འདི་ལྟ་སྟེ། ས་ གཞི་གང་ཞིག་རྣམས་ལ་(རང་བཞིན་གྱིས་གནས་པའི་)དཔག་བསམ་ཤིང་དང་བཅུད་དང་(ཀླུ་གྲུབ་ལ་ སོགས་པས་བསྒྲུབས་ནས་སྦས་པའི་)མཆོག་གི་བཅུད་དང་རྡུལ་ཕྲན་ལས་བྱུང་པའི། །སྨན་དང་གཞན་ ཡང་བཅུད་ཀྱི་དབང་པོ་མཐའ་དག་ནད་འཇོམས་དེ་རྣམས་སེམས་ཅན་རྣམས་ཀྱིས་{མི་[མ་] མཐོང་པ་ནི་བསོད་ནམས་(བསགས་པ་)མེད་པའི་དབང་གིས་སོ། །(ཇི་ལྟར་མཐོང་ན་ནི་)གང་ཞིག་ (<མི་>རྣམས་ཀྱིས་)ཐ་མལ་པའི་རྩ་དང་ཤིང་དང་ཆུ་དང་{རྡུལ་དང་}རྡོ་དང་ལྕགས་སུ་མཐོང་ པར་འགྱུར་{རོ}། །ཡིད་བཏགས་རྣམས་ཀྱིས་(མི་ལ་)ཆུ་(རུ་སྣང་པ་)ལ་ནི་རྩང་པོ་རྣམས་ལ་མེ་ འབར་བའི་གཟུགས་སུ་མཐོང་ངོ༌། །དམྱལ་བར་གནས་པའི་མི་རྣམས་ཀྱིས་(དཔག་བསམ་གྱི་ཤིང་ དང་བཅུད་ཀྱི་རྡོ་རྣམས་)སྡིག་པའི་དབང་གིས་གཅོད་པ་དང་འབུགས་པའི་ཟུག་རྔུ་(སྐྱེད་པ་)ལ་སོགས་ {པ་[པར་]མཐོང་ངོ༌། ༼༢༧༽ ། ༈ ད་ནི་(དེ་རྣམས་གྲོལ་པའི་དོན་དུ་)སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་བརྗོད་པར་བྱ་སྟེ། འདི་ རྣམས་ཞེས་བྱ་བ་ལ་སོགས་པ་ལ་འདི་རྣམས་ནི་སེམས་ཅན་རྣམས་སོ། །དགྲོལ་བའི་དོན་ དུ་བསོད་ནམས་{ཤར་[ཤེར་](སྟེ་ལས་སད་)བའི་དུས་སུའོ། །སྲས་དང་བཅས་པ་རྒྱལ་བའི་ དབང་པོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་{རྣམས་}དང་ལྷན་ཅིག་སངས་རྒྱས་བཅོམ་ ལྡན་འདས་ལས་ཀྱི་ས་ལ་འཇུག་པ་ནི་(གང་གི་དོན་དུ་ན་)སེམས་ཅན་གདུལ་བའི་{ཆེད་[དོན་] དུའོ། །(སྒྱུ་མ་ལྷ་མཛེས་དང་རྣམ་པར་རྒྱལ་མ་ལ་སོགས་པའི་)མངལ་དུ་འཛིན་པར་མཛད་དེ་(རྒྱུ་)མཆོག་ གི་སྙིང་རྗེ་ཡིས་(འོ་)ནི་<དེ་ནས་>བྱང་ཆུབ་<མཆོག་ཏུ་>སེམས་ཉིད་བསྐྱེད་པར་མཛད་པ་དང༌། ། བདུད་དང་ཉོན་མོངས་ངེས་པར་མ་ལུས་བཅོམ་ནས་ས་སྟེང་གནས་སུ་ཆོས་ཀྱི་འཁོར་ལོ་ རབ་ཏུ་བསྐོར་བ་ནི། །སྒྱུ་མའི་སྤྲུལ་{པ་[པའི་]མཛད་དེ་སླར་ཡང་བཅོམ་ལྡན་འདས་གྱུར་དེ་ 1-1-314 ཉིད་དག་པའི་སྐུ་ལ་གཤེགས་པ་ཞེས་པ་ནི་ཇི་ལྟར་བྱོན་པ་དེ་བཞིན་དུ་(ལོངས་ཆོས་བདེ་ཆེན་ལ་) གཤེགས་པའོ། །དེ་ལྟར་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཀསྒྱུ་མ(འི་རང་བཞིན་གྱིས་ཆོས་<གང་>གསུངས་ པ་)དང༌། ཁམྱ་ངན་ལས་འདས་པ(འི་རྣམ་པ་)སེམས་ཅན་རྣམས་ལ་ཀབསོད་ནམས་{དང༌། } ཁབསོད་ནམས་མ་ཡིན་པའི་དབང་གིས་(དེ་ལྟར་གཉིས་སུ་)སོ་སོར་སྣང་{པ་[པའི་]ངེས་པའོ། ༼༢༨༽ ། ཚིགས་སུ་བཅད་པ་འདི་ནས་གཞན་ཚིགས་སུ་བཅད་པ་བཞི་༼༢༩ ༣༠ ༣༡ ༣༢༽རྟོགས་ པར་སླའོ། ། ༈ ད་ནི་སངས་རྒྱས་རྣམས་ཀྱི་ཆོས་ཡང་དག་པར་བསྡུ་བ་བརྗོད་པར་བྱ་སྟེ། ཡེ་ཤེས་ ཞེས་བྱ་བ་ལ་སོགས་པ་ལ། འདིར་དུས་ཀྱི་འཁོར་ལོའི་རྣལ་འབྱོར་པས་ཆོས་ཡང་དག་པར་ བསྡུ་བ་ཤེས་ནས། དེ་ནས་རྒྱུད་བསྟན་པར་བྱ་སྟེ། གཞན་དུ་ན་ཆོས་ཡང་དག་པར་བསྡུ་བ་ (ཤེས་པ་)དང་བྲལ་བ་རྣམས་ཀྱིས་ལམ་ངན་པ་སྟོན་པར་འགྱུར་རོ། །དེའི་ཕྱིར་ཆོས་ཡང་དག་ པར་བསྡུ་བ་བྲིས་པ། འདིར་ཡེ་ཤེས་ནམ་མཁའ་གཉིས་ཞེས་བྱ་བ་ལ། ཡེ་ཤེས་ནི་(གང་ན་) འཛིན་པར་བྱེད་པའི་སེམས་སོ། །གཟུང་པར་བྱ་བ་(གང་ན་)སྟོང་པའི་གཟུགས་ཞེས་བྱའོ། ། འདི་གཉིས་ཐབས་དང་ཤེས་རབ་སྟེ། བྷ་{ག་}དང་ལིང་ག་ཡང་དག་པར་སྦྱོར་བ་ནི་(ཐབས་ ཤེས་སྦྱོར་བ་)མ་ཡིན་ནོ། །འདིས་སེམས་ཅན་གྱི་དོན་བྱེད་པ(འི་སྐྱེས་བུ)ས་ཐེག་པ་གསུམ་སྟོན་{པ་ པོར་[པར་]འགྱུར་བ་དང༌། ཆོས་ཡང་དག་པར་སྡུད་པ་ཤེས་པར་འགྱུར་རོ། ། ༈ འདིར་(སླར་ཡང་)ཐེག་པ་གསུམ་ནི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་ པ་དང༌། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་སྟེ། (གསུམ་པོ་)འདིས་འགྲོ་(བར་བྱེད་) བས་ན་ཐེག་པའོ། །དཀོན་མཆོག་གསུམ་ནི། ཀསངས་རྒྱས་དཀོན་མཆོག་དང༌། ཁཆོས་ དཀོན་མཆོག་དང༌། དགེ་གའདུན་དཀོན་མཆོག་སྟེ། <གང་ན་>སྟོན་ཀཔ་པོ་དང༌། ཁབསྟན་ པ་དང༌། གཞུ་བ་པོ་ཞེས་བྱའོ། །དེ་ལྟར་རྩ་བ་གསུམ་ནི། (གཞན་དོན་ཁོ་ན་ལ་ཕྱོགས་པ་སྨོན་འཇུག)བྱང་ 1-1-315 ཆུབ་ཀྱི་སེམས་བསྐྱེད་པ་དང༌། (མི་མཐུན་ཕྱོགས་སྤོང་བའི་)བསམ་པ་རྣམ་པར་དག་པ་དང༌། བདག་ ཏུ་འཛིན་པ་དང༌། བདག་གིར་འཛིན་པ་ཡོངས་སུ་བཏང་པའོ། །དེ་བཞིན་དུ་སངས་རྒྱས་ལ་ སྐྱབས་པ་དང༌། ཆོས་ལ་སྐྱབས་པ་དང༌། དགེ་འདུན་ལ་སྐྱབས་པ་སྟེ། དེ་ལྟར་ན་གསུམ་ལ་ སྐྱབས་སུ་འགྲོ་བ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་ཉོན་མོངས་པ་བཞི་སྟེ། འདོད་ཆགས་ དང༌། ཞེ་སྡང་དང༌། གཏི་མུག་དང༌། ང་རྒྱལ་ཞེས་བྱའོ། །བདུད་རྣམ་པ་བཞི་སྟེ། ཕུང་པོ་ དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུ་ཞེས་བྱའོ། །འདི་རྣམས་ཀྱི་འཇོམས་པ་ པོ་སངས་རྒྱས་རྣམས་ཀྱི་ཚངས་པའི་གནས་བཞི་སྟེ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་ བ་དང༌། བཏང་སྙོམས་(ཚད་མེད་པ་)ཞེས་བྱའོ། །དེ་ལྟར་རྣམ་པར་ཐར་པ་བཞི་སྟེ། སྟོང་པ་ཉིད་ དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། (འདུ་བྱེད་ཀྱིས་མ་བསྐྱེད་པ་)མངོན་པར་འདུས་ མ་བྱས་པ་ཞེས་བྱའོ། །(ཚོགས་ལམ་)རྫུ་འཕྲུལ་གྱི་རྐང་པ་བཞི་ནི། (དེ་ཉིད་ལ་འདུན་པས་)འདུན་པ་ དང༌། བརྩོན་འགྲུས་དང༌། སེམས་དང༌། དཔྱོད་པ་ཞེས་བྱའོ། །སེམས་ཅན་རྣམས་ཀྱི་ཟག་ པ་བཞི་ནི་འདི་ལྟ་སྟེ། འདོད་པའི་ཟག་པ་དང༌། སྲིད་པའི་ཟག་པ་དང༌། མ་རིག་པའི་ཟག་ པ་དང༌། ལྟ་བའི་ཟག་པ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་མི་འཇིགས་པ་བཞི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཁྱེན་པ་ལ་མི་འཇིགས་པ་དང༌། ཆོས་ཐམས་ཅད་སྟོན་པ་ལ་མི་འཇིགས་པ་ དང༌། སྒྲིབ་པ་མེད་པའི་ལམ་ལ་འཇུག་པ་ལ་མི་འཇིགས་པ་དང༌། ཟག་པ་ཐམས་ཅད་ཟད་ པར་མཁྱེན་པ་ལ་མི་འཇིགས་པའོ། །བདེན་པ་བཞི་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་ དང༌། ཀུན་འབྱུང་གི་བདེན་པ་དང༌། ལམ་གྱི་བདེན་པ་དང༌། འགོག་པའི་བདེན་པའོ། །{ཡང་ དག་པར་རིག་པ་བཞི་ནི། ཡང་དག་པའི་དོན་དང༌། ངེས་པའི་ཚིག་དང༌། ཆོས་དང༌། སྤོབས་ པ་དང༌། སོ་སོ་ཡང་དག་པའི་རིག་པ་ཞེས་བྱའོ། །}(དེ་ལས་གཞན་)རྟོན་པ་བཞི་ནི་འདི་ལྟ་སྟེ། དོན་ལ་རྟོན་པར་བྱ་ཡི། ཚིག་ལ་རྟོན་པར་མི་བྱ་བ་དང༌། (མི་རྟོག་)ཡེ་ཤེས་ལ་རྟོན་པར་བྱ་ཡི། 1-1-316 རྣམ་པར་(རྟོག་པའི་)ཤེས་པ་ལ་རྟོན་པར་མི་བྱ་བ་དང༌། ངེས་པའི་དོན་(ལུང་གིས་ཟིན་ལ་རིགས་པས་མི་ གནོད་པ་)ལ་རྟོན་པར་བྱ་ཡི། དྲང་པའི་དོན་(ལུང་གིས་ཟིན་ཀྱང་རིགས་པས་གནོད་པ་)ལ་རྟོན་པར་མི་བྱ་ བ་དང༌། ཆོས་ལ་རྟོན་པར་བྱའི། གང་ཟག་ལ་རྟོན་པར་མི་བྱ་བ་ཞེས་བྱའོ། །(སླར་ཡང་)དྲན་པ་ ཉེ་བར་བཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ་དང༌། ཚོར་བ་དྲན་པ་ཉེ་བར་བཞག་ པ་དང༌། སེམས་དྲན་པ་ཉེ་བར་བཞག་པ་དང༌། ཆོས་དྲན་པ་ཉེ་བར་བཞག་པ་ཞེས་བྱ{་བ} འོ། །བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་ མཐུན་པ་ཞེས་བྱའོ། །འདིར་དོན་གྱི་སྒྲས་དོན་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟེ། དེའི་དོན་ དཔྱོད་པ་དང༌། {དོན་}མཐུན་པ་ཞེས་བྱའོ། །ཆོས་ཀྱི་སྦྱིན་པ་ཉིད་སྦྱིན་པ་སྟེ། ཆོས་ཀྱི་སྦྱིན་པ་ རྣམ་པ་བཞི་{ལ[ལས]། འདུས་{བྱས་[པ་]ཐམས་ཅད་མི་རྟག་པ་དང༌། ཟག་པ་དང་བཅས་ པའི་ཆོས་ཐམས་ཅད་སྡུག་བསྔལ་བ་དང༌། ཆོས་ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་ འདས་པ་ནི་(ཉེ་བར་)ཞི་བ་ཞེས་བྱའོ། །ཡང་དག་པར་སྤོང་པ་བཞི་ནི། སྡིག་པ་མ་སྐྱེས་པ་རྣམས་ མི་སྐྱེ་བར་བྱ་བའི་ཕྱིར་འདུན་པ་སྐྱེད་པ་དང༌། སྡིག་པའི་ཆོས་སྐྱེས་པ་རྣམས་ཀྱི་གཉེན་པོ་དགེ་ བའི་རྩ་བ་བསྐྱེད་པ་དང༌། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཡང་དག་པར་སྐྱེད་པ་དང༌། དགེ་ བའི་ཆོས་སྐྱེས་པ་རྣམས་སངས་རྒྱས་ཉིད་དུ་ཡོངས་སུ་བསྔོ་བའོ། །ཞེས་བྱ་སྟེ་བཞིའོ། །དེ་ལྟར་ རྣམ་པ་བཞི་རྣམས་རྒྱལ་བའི་བདག་པོའི་རྡོ་རྗེ་ཞེས་བྱ་བ་ནི། སྐུ་དང་གསུང་དང༌། ཐུགས་དང་ ཡེ་ཤེས་རྣམ་པར་དག་པ་དང༌། སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང༌། ཆོས་དང་རང་བཞིན་ {ནི་[གྱི་]སྐུ་རྣམ་པར་དག་པའོ། །བསྒོམ་པར་བྱ་བ་རྣམས་ནི་འཇིག་རྟེན་[པའི་]དངོས་གྲུབ་ ཀྱི་དོན་དུ་ལྷའི་རྣམ་པ་ཞེས་(སྐུ་བཞི་)བྱའོ། ༼༣༣༽ ། དེ་ལྟར་བྱང་ཆུབ་སེམས་{དཔའ་}རྣམས་ཀྱི་མངོན་པར་ཤེས་པ་ལྔ་ནི། ལྷའི་སྤྱན་(གྱིས་ མཐོང་པ་)དང༌། ལྷའི་སྙན་(གྱིས་ཐོས་པ་)དང༌། (ལྷའི་ཐུགས་ཀྱིས་)གཞན་གྱི་སེམས་ཤེས་པ་དང༌། 1-1-317 སྔོན་གྱི་གནས་རྗེས་སུ་དྲན་པ་དང༌། (ལྷའི་སྐུ་ཡིས་)ནམ་མཁའི་རྫུ་འཕྲུལ་ཞེས་བྱའོ། །སྟོབས་ ལྔ་ནི། དད་པའི་སྟོབས་དང༌། བརྩོན་འགྲུས་ཀྱི་སྟོབས་དང༌། དྲན་པའི་སྟོབས་དང༌། ཏིང་ངེ་ འཛིན་གྱི་སྟོབས་དང༌། ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །དེ་ལྟར་(དད་པ་ལ་སོགས་པ་)དབང་པོ་ ལྔའོ། །སེམས་ཅན་རྣམས་ཀྱི་ལྟ་བ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང༌། (རྟག་ཆད་ཀྱི་)མཐར་ འཛིན་པའི་ལྟ་བ་དང༌། ལོག་པར་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པར་ལྟ་བ་དང༌། ཚུལ་ ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་ལྟ་བ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་སྤྱན་ ལྔ་ནི། ཤའི་སྤྱན་དང༌། ལྷའི་སྤྱན་དང༌། སངས་རྒྱས་(ཆོས་)ཀྱི་སྤྱན་དང༌། ཤེས་རབ་ཀྱི་སྤྱན་ དང༌། ཡེ་ཤེས་ཀྱི་སྤྱན་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་འཇིག་རྟེན་ལས་འདས་པའི་ཕུང་ པོ་ལྔ་ནི། ཚུལ་ཁྲིམས་(ཉམས་པ་མེད་པ་དག་)ཀྱི་ཕུང་པོ་དང༌། ཏིང་ངེ་འཛིན་(ཉམས་པ་མེད་པ་དག་)གྱི་ ཕུང་པོ་དང༌། ཤེས་རབ་(ཉམས་པ་མེད་པ་དག་)ཀྱི་ཕུང་པོ་དང༌། (སྒྲིབ་གཉིས་ལས་)རྣམ་པར་གྲོལ་བའི་ ཕུང་པོ་དང༌། <སྒྲིབ་གཉིས་ལས་>རྣམ་པར་གྲོལ་བའི་ཡེ་ཤེས་(ཇི་ལྟ་བ་དང་ཇི་སྙེད་པ་)གཟིགས་པའི་ ཕུང་པོ་ཞེས་བྱའོ། །འཇིག་རྟེན་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་(ལྔ་)རྣམས་དང༌། ས་ ལ་སོགས་པའི་ཁམས་(ལྔ་)རྣམས་དང༌། དབང་པོ་རྣམས་ནི་མིག་ལ་སོགས་པ་(ལྔ་)རྣམས་སོ། ། ཡུལ་རྣམས་ནི་དྲི་ལ་སོགས་པ་(ལྔ་)རྣམས་སོ། །ལས་ཀྱི་དབང་པོ་རྣམས་ནི་ཁ་ལ་སོགས་པ་ (ལྔ་)རྣམས་སོ། །ལས་ཀྱི་དབང་པོའི་བྱ་བ་ནི་སྨྲ་བ་ལ་སོགས་པ་ལྔའོ། །ཆོས་ཀྱི་ཁམས་ཀྱིས་ ལྷན་ཅིག་ཐམས་ཅད་ལ་དྲུག་ཞེས་བྱའོ། །རྗེས་སུ་དྲན་པ་དྲུག་ནི། སངས་རྒྱས་རྗེས་སུ་དྲན་ པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། གཏོང་པ་རྗེས་སུ་དྲན་ པ་དང༌། ཚུལ་ཁྲིམས་[རྗེས་སུ་དྲན་པ་དང༌། ] ལྷ་རྗེས་སུ་དྲན་པ་[དང༌། ] ཞེས་བྱའོ། །(ཡང་ དག་པའི་)བྱང་ཆུབ་ཀྱི་ཡན་ལག་(ཏེ་རྒྱུ་)བདུན་ནི། དྲན་པ་ཡང་དག་(དེ་ཉིད་)བྱང་ཆུབ་{ཀྱི་}ཡན་ ལག་དང༌། ཆོས་རྣམ་པར་འབྱེད་པ་ཡང་དག་(དེ་ཉིད་)བྱང་ཆུབ་{ཀྱི་}ཡན་ལག་དང༌། བརྩོན་ 1-1-318 འགྲུས་ཡང་དག་(དེ་ཉིད་)བྱང་ཆུབ་{ཀྱི་}ཡན་ལག་དང༌། དགའ་བ་ཡང་དག་(དེ་ཉིད་)བྱང་ཆུབ་ {ཀྱི་}ཡན་ལག་དང༌། ཤིན་ཏུ་སྦྱངས་པ་ཡང་དག་(དེཉིད་)བྱང་ཆུབ་ཀྱི་ཡན་ལག་དང༌། ཏིང་ངེ་ འཛིན་ཡང་དག་(དེ་ཉིད་)བྱང་ཆུབ་ཀྱི་ཡན་ལག་དང༌། བཏང་སྙོམས་ཡང་དག་(དེ་ཉིད་)བྱང་ཆུབ་ ཀྱི་ཡན་ལག་གོ། མཆོད་པ་རྣམ་པ་བདུན་ནི། ཕྱག་འཚལ་བ་དང༌། མཆོད་པ་དང༌། བཤགས་ པ་དང༌། རྗེས་སུ་ཡིད་རང་པ་དང༌། (ཟབ་ཆོས་ཀྱི་འཁོར་ལོ་སྐོར་བར་)བསྐུལ་བ་དང༌། མྱ་ངན་ལས་མི་ འདའ་བར་གསོལ་བ་གདབ་པ་དང༌། ཡོངས་སུ་བསྔོ་བ་ཞེས་བྱའོ། །<འབྲོ་>འཕགས་པའི་ ལམ་གྱི་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། ཡང་ དག་པའི་ངག་དང༌། ཡང་དག་པའི་ལས་ཀྱི་མཐའ་དང༌། ཡང་དག་པའི་འཚོ་བ་དང༌། ཡང་ དག་པའི་རྩོལ་བ་དང༌། ཡང་དག་པའི་དྲན་པ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། ། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ནི། གཟུགས་སྟོང་པར་ལྟ་བ་དང༌། ཕྱིའི་(འབྲོ་) གཟུགས་དང་ནང་གི་(ནང་གཟུགས་མེད་པར་ཤེས་པས་ཕྱིའི་ར་ཟེར་)གཟུགས་སྟོང་པར་ལྟ་བ་སྟེ། (ཕྱི་ ནང་གི་)སྟོང་པའི་གཟུགས་བརྙན་སྣ་ཚོགས་སྣང་པའོ། །ཡིད་དུ་འོང་པ་དང་ཡིད་དུ་མི་འོང་པ་ མངོན་དུ་བྱས་ཏེ་སྟོང་པར་ལྟ་བ་དང༌། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྟོང་པ་ལ་ལྟ་བ་ (བཞི་)དང༌། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྟོང་པ་ལ་ལྟ་བ་(ལྔ་)སྟེ། ཐམས་ཅད་གཟུགས་ བརྙན་གྱི་རྣམ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་སྟོང་པ་ལ་ལྟ་བ་(དྲུག་)དང༌། འདུ་ཤེས་ མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་སྟོང་པ་ལ་ལྟ་བ་(བདུན་)དང༌། འདུ་ཤེས་དང་ཚོར་བ་ འགོག་པའི་སྟོང་པ་ལ་ལྟ་བ་(བརྒྱད་)སྟེ། སྟོང་པ་ཉིད་བསྒོམ་པས་སོ། །གཟུགས་ཅན་བརྒྱད་ནི། (ས་ལ་སོགས་པ་)འབྱུང་པ་ཆེན་པོ་བཞི་དང༌། གཟུགས་དང༌། [སྒྲ་དང༌། ] དྲི་དང༌། རོ་དང༌། རེག་ བྱ་(སྟེ་བརྒྱད་)ཞེས་བྱའོ། །(འབྲོ་)སྡུད་པ་པོ་རྣམས་ཀྱི་གསུང་རབ་ཡན་ལག་དགུ་ཡང་དག་པར་ བརྗོད་པར་མཛད་པ་ནི། མདོའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་ 1-1-319 པའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། དེ་ལྟ་བུ་(རྟོགས་པ་བརྗོད་འབྲོ་){འབྱུང་[བྱུང་]པའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་ རྒྱས་པ་པའི་སྡེ་སྟེ། རྨད་དུ་བྱུང་པའི་ཆོས་(འབྲོ་)ཡང་དག་པར་བསྡུ་པའི་དོན་དུའོ། །(གཞན་ཡང་ ཕྱོགས་ཀྱི་ཚན་གྱིས་)ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་(ས་བཅུ་སྟོབས་བཅུ་དབང་)བཅུ་རྣམས་<རྟེན་ འབྲེལ་བཅུ་གཉིས་>དང༌། ༼༣༤༽ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྣམས་མཆོག་ཏུ་མི་ འགྱུར་བའི་ཡེ་ཤེས་གྲུབ་པར་བསྟན་པའོ། །འདིར་དགེ་སློང་རྣམས་ཀྱི་སྦྱངས་པའི་ཡོན་ཏན་ བཅུ་གཉིས་ནི། བསོད་སྙོམས་པ་དང༌། ཆོས་གོས་གསུམ་(ལྡན་)པ་དང༌། (ཟ་གཅིག་པ་)བདན་ གཅིག་པ་དང༌། ཟས་(ལན་གཅིག་ལས་)ཕྱིས་མི་ལེན་པ་དང༌། ཙོག་པུ(ར་སྡོད་)པ་དང༌། གཞི་ཇི་ བཞིན་པ(ར་སྡོད་)དང༌། བླ་ཁབ་མེད་པ(ར་སྡོད་)དང༌། ཤིང་དྲུང་པ(ར་སྡོད་)དང༌། དགོན་པ་པ(ར་ སྡོད་)དང༌། དུར་ཁྲོད་པ(ར་སྡོད་)དང༌། ཕྱག་དར་ཁྲོད་པ་(ནས་བྱུང་པ་གྱོན་)དང་ཕྱིང་བ་པ་(གྱོན་པ་) ཞེས་བྱའོ། །<གཞན་ཡང་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུ་ཐམ་པའོ། །>འདི་(འབྲོ་)དག་ལ་སོགས་པ་ དེ་ལྟར་དང་པོར་ཆོས་ཡང་དག་པར་བསྡུ་བར་ཤེས་ནས། དེ་ནས་རང་གི་ལུས་ལ་ཁྱབ་བདག་ དམ་པའི་གཞི་ནི་མ་ནིང་སྟེ། སྔགས་པ་རྣམས་ཀྱིས་བསྒོམ་པར་བྱ་བ་ནི། སློབ་དཔོན་གྱིས་ ཞེས་བྱ་བའི་དོན་ཏོ། ༼༣༥༽ ། ༈ འདི་ནས་འོག་ཏུ་རྩིས་ཀྱི་གྲངས་ཟླ་བ་ལ་སོགས་པས་གཅིག་ལ་སོགས་པའི་མིང་རབ་ ཏུ་བཤད་པའི་ཚིགས་སུ་བཅད་པ་༼༣༦ ༣༧༽གཉིས་རྟོགས་པར་སླའོ།། །། ༈ ད་ནི་རྒྱུད་ཀྱི་ཡོན་ཏན་བརྗོད་པར་བྱ་སྟེ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ཞེས་བྱ་བ་ ལ་སོགས་པ་ལ། འདིར་ཐམས་ཅད་དུ་ནི་རྣལ་འབྱོར་མ་དང༌། རྣལ་འབྱོར་ཕའི་རྒྱུད་ཀྱི་རྒྱལ་ པོ་ཐམས་ཅད་དུའོ། །ངེས་པར་ནི་གདོན་མི་ཟ་བར་རོ། །རྡོ་རྗེ་ཅན་གྱིས་ནི་ཤཱཀྱ་ཐུབ་པ་ཡིས་ སོ། །རྡོ་རྗེ་ཞེས་བྱ་བ་ནི་(རྟོག་བཅས་ཀྱི་)སེམས་མེད་པའི་(རྟོག་མེད་)སེམས་ཀྱི་རྡོ་རྗེ་མི་ཕྱེད་པའི་ 1-1-320 ཡེ་ཤེས་ཏེ། དེ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་ཅན་ནོ། །དེ་ཡིས་རྡོ་རྗེའི་ཚིག་(འདི་)ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་སྦས་པའོ། ། ༈ (སྦེད་པ་)དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་ཡུལ་དུ་སྐྱེས་པའི་(ནང་པ་)སངས་རྒྱས་པ་(རྟོག་ གེ་སྒྲ་ཚད་ལ་)མཁས་པའི་མངོན་པའི་ང་རྒྱལ་ཅན་བླ་མ་ལ་སྲི་ཞུ་དང་བྲལ་བ་གང་དག་རྣམས་ ཀྱིས་(དབང་མ་ཐོས་པར་)གླེགས་བམ་བལྟས་པས། བདག་ཅག་རྣམས་ཀྱིས་རྡོ་རྗེའི་ཚིག་ཤེས་སོ་ ཞེས་སྨྲ་བར་འགྱུར་བས། (ནང་པ་)སངས་རྒྱས་པའི་མཁས་པ་{རྣམས་}(མངོན་པའི་)ང་རྒྱལ་(ལྡན་ པ་)དང༌། (རྡོ་རྗེ་སློབ་དཔོན་གྱི་)དབང་ཡང་དག་པར་བྱིན་པ་མེད་པའི་ཕྱིར། (འབྲས་བུ་)དམྱལ་བར་ འགྲོ་བར་འགྱུར་བས་དེའི་ཕྱིར་སྦས་སོ། །(རྡོ་རྗེའི་ཚིག་སྦས་པ་)དེ་ཉིད་ཤམ་བྷ་ལའི་ཡུལ་དུ། སྐྱེས་ པའི་སྲོག་ཆགས་རྣམས་ཀྱིས་ནི། ང་རྒྱལ་མེད་པའི་སེམས་དང་ལྡན་པ་རྣམས་ཀྱིས། ཐར་ པ(ཐོབ་པར་བྱ་བ)འི་དོན་དུ་(གང་ན་)དང་པོའི་སངས་རྒྱས་རྒྱུད་དུ་(མ་སྦས་པར་)མ་ལུས་(པ་སྟེ་ལྷག་མ་ མེད་པར་)མངོན་སུམ་(དུ་གསལ་བར་)གསུངས་པ་ཡིས་ཞེས་བྱ་བ་ནི། འཇིག་རྟེན་ལས་འདས་པའི་ རྒྱུད་ཀྱི་རྒྱལ་པོ(དཔལ་དུས་ཀྱི་འཁོར་ལོ)ར་རོ། །(དེའི་ཕྱིར་)འཇིག་རྟེན་པའི་རྒྱུད་ནི། བྱ་(དང་སྤྱོད་)བའི་ རྒྱུད་[དང་]། རྣལ་འབྱོར་གྱི་རྒྱུད་དེ། འཇིག་རྟེན་ལས་འདས་པའི་རྒྱུད་ནི། རྣལ་འབྱོར་ཕ་ དང༌། མའི་རྒྱུད་དོ། །དེ་དག་ལས་<རྒྱུད་>བླ་མ་[མ་]ལུས་མ་ཚང་མེད་པ་འཇིག་རྟེན་ལས་ འདས་པ་ཞེས་{བྱ་བ་[པ་]ནི(གང་ན)། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ(གཉིས་སུ་མེད་ པ)འི་རྒྱུད་དེ། དཔལ་ལྡན་དང་པོ་སངས་རྒྱས་རྒྱུད་དུ་རྒྱལ་བ་མཆོག་གི་བདག་པོ་ནི། ཡེ་ཤེས་ ཀྱི་སྐུ་ལྷན་ཅིག་སྐྱེས་པ་(བརྗོད་བྱ་)སྟེ། མངོན་པར་རྗོད་པར་བྱེད་པ་པོ(གཞུང་)འོ། །ཟླ་བཟང་ཀྱེ་ ཞེས་བྱ་བ་ནི་ཞུ་བ་པོ་ལ་བོད་པའོ།། ༼༣༨༽ །། ༈ ད་ནི་དུས་ཀྱི་འཁོར་ལོ་སྟོན་པ་པོའི་ཡོན་ཏན་ལ་སོགས་པ་བརྗོད་པ། མིའི་འཇིག་རྟེན་ ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་༼༣༩ ནས་ ༥༡ གི་བར་༽བཅུ་གསུམ་ནི་གོ་སླའོ།། །། 1-1-321 ༈ དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་དྲི་མ་མེད་ པའི་འོད་ལས། ཡེ་ཤེས་ཀྱི་ལེའུ་མདོར་བསྡུས་པ་སྟེ། ལེའུ་ལྔ་པའི་རྒྱུད་ཀྱི་སྙིང་པོའི་རྒྱ་ཆེར་ འགྲེལ་པའོ།། །། ༈ (འཇམ་དཔལ་གྱི་སྤྲུལ་པར་གྲགས་པ་ལ་)ཡང་དག་(པར་རྫོགས་པའི་)སངས་རྒྱས་(ཀྱི་རྩ་བའི་རྒྱུད་དུ་ བསྡུས་པའི་རྒྱུད་བསྡུས་གཅིག་པར་)ལུང་བསྟན་སྙིང་རྗེ་མཆོག་གིས་རབ་མཆོག་ཐུབ་པའི་ཚོགས་(བྲམ་ ཟེ་བྱེ་བ་ཕྲག་བཞི་)ལ་ཤེས་རབ་དབང་བྱིན་ནས། །དེ་ནས་(དཔལ་)དུས་ཀྱི་འཁོར་ལོ་(དེ་རྣམས་ལ་) རབ་ཏུ་བསྟན་པར་མཛད་དེ་སངས་རྒྱས་ལམ་ལ་མ་ལུས་བཀོད་པ་དང༌། །(རྩ་བའི་རྒྱུད་)དང་ པོའི་སངས་རྒྱས་ལས་ནི་(དུས་ཀྱི་འཁོར་ལོ་)ལེའུ་ལྔ་པའི་རྒྱུད་འདི་(གང་གིས་བསྡུས་ན་)འཇམ་ པའི་རྡོ་རྗེ་ཉིད་ཀྱིས་ཡང་དག་བསྡུས་(ཏེ་ཕྱུང་)པ་ལས། །(འགྲེལ་པ་མཛད་པའི་རྒྱུ་མཚན་དང་པོ་)དཔལ་ ལྡན་གྲགས་པས་<བསྡུས་རྒྱུད་དུ་>བསྐུལ་བའི་སྟོབས་དང་(རྒྱུ་མཚན་གཉིས་པ་)རིགས་ གཅིག་རྒྱལ་པོ་དཔལ་ལྡན་གྲགས་པའི་སྲས་སུ་(པད་མ་དཀར་པོ་)བདག་གྱུར་པ(དང་)། །(རྒྱུ་མཚན་ གསུམ་པ་)དཔལ་ལྡན་ཀ་ལ་པའི་གྲོང་དུ་(འབྱུང་པར་)ཡང་དག་སངས་རྒྱས་(ཀྱིས་རྩ་བའི་རྒྱུད་དུ་)ལུང་ བསྟན་གྱུར་པས་རབ་དགའི་སེམས་ལྡན་ནས། །(ཇི་ལྟ་བུའི་ཚུལ་དུ་བཀྲལ་ན་)དཔལ་ལྡན་རྩ་བའི་ རྒྱུད་ཀྱི་རྡོ་རྗེའི་ཚིག་(སྦས་པ་)རྣམས་གསལ་བར་ཚོལ་(བར་)བྱེད་(པའི་)བསྡུས་རྒྱུད་སྙིང་པོའི་ རྒྱས་འགྲེལ་ཉིད། །བྱས་ནས་(དྲང་སྲོང་ལ་སོགས་པ་རྣམས་ལ་)བྱིན་པའི་བསོད་ནམས་ཚོགས་ཏེ་(དྲི་ མ་མེད་པ་)ཤིན་ཏུ་དཀར་ཞིང་(ཀུན་ལ་)རྒྱས་པ་(བྱས་པའི་)པད་མ་དཀར་པོས་(བསོད་ནམས་)གང་ཐོབ་ པ(འི་དགེ་བ)། །དེ་ཡིས་(སྣོད་འཇིག་པ་ལ་བཅུད་འཇིག་པ་)འཇིག་རྟེན་<སྟེ་འཇིག་པ་ལ་བསྟེན་པ་ཁམས་གསུམ་> མ་ལུས་རྡོ་རྗེ་ཅན་གྱི་ལམ་(འགྱུར་བ་མེད་པ་)ཉིད་(དུ་)ཞུགས་ནས་རྫོགས་པའི་སངས་རྒྱས་ ཐོབ་པར་ཤོག། །། ༈ དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ 1-1-322 རྣམ་པར་གཏན་ལ་ཕབ་པ་<ཕྱོགས་གཅིག་ཏུ་>མདོར་བསྡུས་པའི་རྒྱུད་ཀྱི་སྙིང་པོའི་རྒྱ་ཆེར་ འགྲེལ་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་ སྔ་ནས་མཛད་པ་རྫོགས་སོ།། ༈ །། རྒྱ་གར་གྱི་མཁན་པོ་ཤྲི་བྷ་དྷྲ་བྷོ་དྷི་(དཔལ་བྱང་ཆུབ་བཟང་པོ་)ལ་སོགས་པའི་(སོ་མ་ན་ཐ་)ཞལ་སྔ་ ནས་{དང༌། } བོད་ཀྱི་ལོ་ཙྪ་བ་གྱི་{ཆོ་[ཇོའི་]བན་དྷེ་ཟླ་བའི་འོད་ཟེར་ལ་སོགས་པ(འབྲོ་ལོ་ཙྪ་བ་) ས་བསྒྱུར་ཅིང་ཞུས་(དག་བྱས་)ཏེ། (བཤད་ཉན་གྱིས་)གཏན་ལ་ཕབ་པ་ལས། སླད་ཀྱིས་རྒྱ་གར་གྱི་ པཎྜི་ཏ་མཁས་པ་ཆེན་པོ་ས་མན་ཏ་ཤྲི་(ཀུན་དུ་དཔལ་)དང༌། སྒྱུ་བསྒྱུར་གྱི་ལོ་ཙྪ་བ་(ར་)དགེ་སློང་ ཆོས་རབ་ཀྱིས་<བསྒྱུར་>བཅོས་ཤིང་ཞུས་(དག་བྱས་)ཏེ་(བཤད་ཉན་གྱིས་)གཏན་ལ་ཕབ་པའོ། ། [སེམས་ཅན་ཐམས་ཅད་ཀྱི་སྒྲུབ་པ་བཞི་བཅོམ་ནས། མཆོག་ཏུ་མི་འགྱུར་བའི་སྐུ་བཞི་དང་ ལྡན་པར་གྱུར་ཅིག ། དགེའོ། །ཚིག་དོན་གསལ་བའི་འབྲུ་འགྲེལ། ཡི་གེའི་མཆན་བུ་འདི་ རྣམས། དཔལ་མི་བསྐྱོད་རྡོ་རྗེས། དཔལ་ནག་རྒྱལ་གྱི་དབེན་གནས་བདེ་བ་ཅན་དུ་བཀོད་ པའི། ཡི་གེ་པ་ནི་སྐལ་པ་བཟང་པོའོ། །] ༈ དཔལ་ལྡན་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་(ཀྱི་)རྒྱལ་(པོ་)རྩ་འགྲེལ་(གསུམ་)དུ། ། ཟབ་(མོའི་)ལམ་(གྱི་ཉམས་ལེན་)རྡོ་རྗེའི་རྣལ་འབྱོར་(ཡན་ལག་དྲུག་)རྣམ་པར་གཏན་ལ་ཕབ་པ་ རྣམས། །མདོར་བསྡུས་(པའི་རྒྱུད་སྙིང་རྩ་འགྲེལ་འདི་འགྲེལ་ཆེན་དུ་བཤད་ཟིན། འཆད་འགྱུར་གྱིས་)ཇི་ལྟར་ སྡེབས་(པ་)བཞིན་(ཨ་བ་དྷུ་ཏིས་)འབྲི་དུས་(རང་གཞན་ལ་)ཕན་(ཅིང་ཐོག་བར་མཐར་){དགེའི་[བདེའི་] ལྟས་(སྣང་རྨི་ལམ་དུ་)བྱུང་ནས། །(དཔལ་)མི་བསྐྱོད་རྡོ་རྗེས་(རྒྱུད་སྙིང་རྩ་འགྲེལ་གསུམ་རྫོགས་པར་)བྲིས་ <པ་འདི་>ལས་(སློབ་བརྒྱུད་དང་ཆོས་རྐུན་རྣམས་ཀྱིས་ཉུང་དུ་)དབྲི་(བ་དང་མང་དུ་)བསྣན་(པ་)མ་བྱེད་(པར་ སྣོད་མིན་ལ་)གསང་(ཞིང་སྣོད་ལྡན་ལ་<དར་ཞིང་>)རྒྱས་<པར་>ཞུ། །དེ་ལྟར་(ལེའུ་ལྔ་པོ་)ཀུན་ལས་ བཏུས་(ཅིང་ཕྱོགས་གཅིག་ཏུ་)བསྡེབས་(ནས་)བྲིས་(པ་)ལ་ཉེས་པའི་ཆ་(ཅི་)མཆིས་<པ་>རྣམས། ། 1-1-323 སྟོང་དང་དྲུག་བརྒྱ་ཉི་ཤུའི་(དཀྱིལ་འཁོར་གྱི་)ལྷ་དང་སྲུངས་མ(དྲུག་ཅུ་ལ་སོགས་པ)འི་ཚོགས་ལ་ (བཟོད་པར་གསོལ་ཞིང་)བཤགས(སོ)། །(རྒྱུད་འགྲེལ་ཆེ་ཆུང་ཇི་ལྟ་བ་ལས་)རང་བཟོས་མ་བསླད་(པར་གྱི་ འབྲོ་ར་གསུམ་གྱི་འགྱུར་གང་) ལེགས་བྲིས་(པའི་)དགེ་བ་རྒྱ་ཆེན་(ཅིག་ཏུ་)རྣམ་(པར་)དཀར་(བ་)དེས། ། བདག་གཞན་སྲིད་གསུམ་ཀུན་གྱིས་(ཤེས་རབ་ཡེ་ཤེས་ཆེན་པོ་མི་བཟད་མཆོག་གི་གནས་)རྫོགས་པའི་ སངས་རྒྱས་(ཚེ་ལུས་གཅིག་གིས་)མྱུར་ཐོབ་ཤོག ། དགེའོ། །{དགེ་སློང་བསོད་ནམས་དཔལ་འདི་ ལ་མཉེས་པར་ཞུ། དཔོན་རྒན་བསོད་རྒྱལ་བདག་གིས་བཟབས་ནས་མང་གར་བྱང་ཆུབ་ ཕུག་(ཏུ་)བྲིས་ལེགས། }(ཚིག་དོན་གསལ་བའི་འབྲུ་འགྲེལ། ཡི་གེའི་མཆན་བུ་འདི་རྣམས། དཔལ་མི་བསྐྱོད་རྡོ་རྗེས། དཔལ་ནག་རྒྱལ་གྱི་དབེན་གནས་བདེ་བ་ཅན་དུ་བཀོད་པའི། ཡི་གེ་པ་ནི་སྐལ་པ་བཟང་པོའོ། །) མ་ཡིག་ནི་འབྲས་དཔེ་རྙིང་གཉིས་ཡོད། ཕྱི་ཀ༡༧༩ དང་ཕྱི་ཀ༧༢ བཅས་ཡིན། གོར་རྟགས་འདི་ཕྱི་ཀ༡༧༩ཅན་ཁོ་ན་ལ་ཡོད། { } གོར་རྟགས་འདི་ཕྱི་ཀ༧༢ཅན་ཁོ་ན་ལ་ཡོད། [ ] གཞུང་ཚིག་ཕན་ཚུན་མི་འདྲ་བས་སྔོན་མ་ཕྱི་ཀ༡༧༩ དང་ཕྱི་མ་ཕྱི་ཀ༧༢ཡིན་པས་འདེམས་དགོས། { [ ] མཆན་རྟགས་ནི་གོང་གསལ་དཔེ་གཉིས་མཉམ་པ་དང་ཕྱི་ཀ༡༧༩གཞིར་བཞག་ཡིན་( )ཕྱིཀ༧༢ནང་མཆན་ལྷག་པོ་ཡོད་ རིགས་ལ་རྟགས་འདི་< >བཞག་ཡོད། མཆན་ཕན་ཚུན་ཚིག་མི་འདྲ་བས་འདམ་རྟགས་( < >བཞག་ཡོད། 1-1-324 ༄༅། །དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོར་ ཟབ་ལམ་རྡོ་རྗེའི་རྣལ་འབྱོར་རྣམ་པར་གཏན་ལ་ཕབ་པ་ མདོར་བསྡུས་པའི་རྒྱུད་ཀྱི་སྙིང་པོའི་ དཀའ་འགྲེལ་པད་མ་ཅན་ བཞུགས། ༄༅། །རྒྱ་གར་སྐད་དུ། ཤྲི་ཀ་ལ་ཙཀྲ་ལ་གུ་ཏན་ཏྲ་ར་ཙ་ཧྲི་ཏྱ་པཉྩེ་ཀ་པད་མ་ནི་ན་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོའི་དཀའ་འགྲེལ་ པད་མ་ཅན་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། ། ༈ རྣམ་པ་ཀུན་ཀདུ་ཡོན་ཏན་ཁསྐྱོན་གཀུན་དང༌། །ལྡན་པར་གྱུར་དང་ངརྣམ་པར་བྲལ་ བ་དང༌། །ཀུན་ནས་སྲིད་པ་སྐྱོང་པར་མཛད་པ་ཡི། །གང་ཞིག་དེ་ལ་རྟག་ཏུ་ཕྱག་འཚལ་ལོ། ། ༈ ཐོས་པའི་ཤེས་རབ་མཚོ་ལས་སྐྱེས་པར་གྱུར་པ་དང༌། །དཔལ་ལྡན་བླ་མའི་འོད་ཟེར་ རྣམས་ཀྱིས་ཁ་ཕྱེ་གྱུར། །མ་རིག་པ་ཡི་གདུང་པ་སེལ་བར་བྱེད་པ་ཡི། །དཀའ་འགྲེལ་པད་ མ་ཅན་ནི་བདག་གིས་བྲི་བར་བྱ། །དེ་ལ་དང་པོ་རེ་ཤིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ སེམས་ཅན་ལ་ཕན་འདོགས་པའི་རང་བཞིན་དུ་གྱུར་པའི་བསོད་ནམས་ཀྱི་ཚོགས་དང༌། (བདེ་ སྟོང་)གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚོགས་ཀྱིས་དེ་(རང་)ཉིད་ཀྱི་དོན་ཕུན་སུམ་ཚོགས་པར་ མཛད་དེ། ལས་ཀྱི་ས་གཞི་འཛམ་བུ་གླིང་ལ་གནས་པར་གྱུར་པའི་སེམས་ཅན་རྣམས་ལ་ཕན་ 1-1-325 འདོགས་པའི་དོན་དུ། མ་ག་ཏའི་ཡུལ་དུ་རྒྱལ་པོ་ཟས་གཙང་མའི་རིགས་ལས་གྱུར་པའི་སྐུ་ བཞེས་ཏེ། དེ་ནས་གཞོན་ནུ་རྩེ་བ་ལ་སོགས་པ་དང༌། ཆུ་བོ་ན་ར་ཛ་ནའི་རྩར་དཀའ་ཐུབ་ཀྱི་ སྤྱོད་པ་མཛད་ལ། སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར། དཔྱིད་ཟླ་ཐ་ཆུང་གི་ཉ་ལ་བདུད་ བཅོམ་པར་མཛད་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་སུམ་དུ་ མཛད་དོ། །དེ་ནས་ཡུལ་བ་ར་ན་སེར་གཤེགས་ནས་དབང་པོ་རྟུལ་པོར་གྱུར་པ་དང༌། བླ་ན་ མེད་པའི་བྱང་ཆུབ་ལ་སྐལ་བ་དང་མི་ལྡན་པའི་སེམས་ཅན་(ལྔ་སྡེ་ལ་སོགས་པ་)རྣམས་ལ་ཐེག་པ་ འོག་མ་བཀའ་སྩལ་ཏོ། །དེ་ནས་དབང་པོ་འབྲིང་པོར་གྱུར་པ་དང༌། བླ་ན་མེད་པའི་བྱང་ཆུབ་ ལ་མྱུར་བར་སྣོད་དུ་མི་འགྱུར་བའི་སེམས་ཅན་(བྱམས་པ་ལ་སོགས་པ་)རྣམས་ལ་རྒྱུའི་(མཚན་ཉིད་ཀྱི་) རང་བཞིན་དུ་གྱུར་པ་ཐེག་པ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱ་རྒོད་ཕུང་ པོའི་རི་ལ་སོགས་པར་བཀའ་སྩལ་ཏོ། །(རྒྱུའི་ཐེག་པ་གསུངས་པའི་རྗེས་)དེ་ནས་དེ་བཞིན་གཤེགས་ པ་ལ་ཐུགས་དགོངས་ཇི་ལྟ་བུར་གྱུར་ཅེ་ན། (འབྲས་བུའི་)ཐེག་པ་ཆེན་པོ་བཀའ་གསང་སྔགས་ (རྡོ་རྗེའི་ཐེག་པ་)མ་བསྟན་པའི་བར་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་སྟོང་གི་སྟོན་པ་དང༌། (ཤེས་བྱ་) ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། གཞན་ཡང་དབང་པོ་(ཤིན་ཏུ་)རྣོན་པོར་གྱུར་པའི་སེམས་ ཅན་(མཆོག་)རྣམས་ཀྱིས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་མ་སྤྱད་པས་མྱུར་བར་(ཚེ་གཅིག་ལུས་ གཅིག་ལ་)བྱང་ཆུབ་ཐོབ་པར་མི་འགྱུར་ཞེས་བྱ་བ་ནི། ཐུགས་ལ་དགོངས་ནས། འཇམ་དཔལ་ དང༌། ཕྱག་ན་རྡོ་རྗེ་དང༌། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་སོགས་པ་དང་ ལྷན་ཅིག་ཏུ་ལྷོ་ཕྱོགས་སུ་གཤེགས་པར་ཐུགས་དགོངས་མཛད་དེ། འཕགས་པའི་ཡུལ་དུ་མྱ་ ངན་ལས་འདས་པར་(ཚུལ་)བསྟན་ནས། ལྷོ་ཕྱོགས་ཡུལ་ཤྲི་དྷ་ན་ཀ་ཊ་ཀར་གཤེགས་ལ། དེར་ ལྷ་སྟོང་དྲུག་བརྒྱ་ཉི་ཤུའི་རང་བཞིན་དུ་གྱུར་པ། (མཚོན་བྱེད་དཔེའི་དང་མཚོན་བྱ་དོན་གྱི་དཀྱིལ་འཁོར་) དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བཞེངས་སུ་གསོལ་ལོ། །དེ་ནས་ཆུ་བོ་སི་དྷའི་བྱང་དང་ 1-1-326 གངས་རིའི་ལྷོ་ཕྱོགས་སུ་ཡུལ་ཤམ་བྷ་ལ་ལ་སོགས་པ་ན་གནས་པར་གྱུར་པའི་སེམས་ཅན་ རྣམས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་པ་དང་དབང་པོ་(ཤིན་ཏུ་)རྣོན་པོར་གྱུར་པ་ དང༌། ཐེག་པ་ཆེན་པོ་བཀའ་གསང་སྔགས་ལ་སྐལ་བ་དང་ལྡན་པར་གྱུར་པ་དང༌། རིགས་ དང་གཟུགས་དང་ཐོས་པ་དང་ལང་ཚོ་དང་(དེ་དག་ལ་སོགས་པ་)སྐལ་བ་དང་མི་ལྡན་པའི་ང་རྒྱལ་ ཡོངས་སུ་དོར་བ་དང༌། འཁོར་བའི་བདེ་བ་ལ་རེ་བ(འི་འདོད་པ་)ཆད་པ་དང༌། རབ་ཏུ་མི་གནས་ པའི་མྱ་ངན་ལས་འདས་པའི་བདེ་བ་(ཐོབ་པར་)འདོད་པ་དང༌། བྱ་བ་(ངན་ཞེན་)ཐམས་ཅད་ བོར་ནས་བདག་ཉིད་གཅིག་པུ་(ཟབ་ལམ་)བསྒོམ་པར་ནུས་པ་དང༌། སྐྱེ་བ་འདི་ཉིད་ལ་(འབྲས་ བུ་)བླ་ན་མེད་པའི་བྱང་ཆུབ་གྲུབ་པར་ནུས་པར་གཟིགས་ནས་ཡུལ་ཤམ་བྷ་ལར་གཤེགས་ སོ། །དེ་ལ་དང་པོ་བགེགས་མཐར་བྱེད་ཀྱི་སྤྲུལ་པའི་སྐུ་རྒྱལ་པོ་ཉི་མའི་འོད་ཅེས་བྱ་བའི་ རིགས་ལས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རྒྱ་པོ་ཟླ་བ་བཟང་པོ་ཞེས་བྱ་བའི་སྤྲུལ་ པའི་སྐུ་བཞེས་ནས། ཡུལ་ཤམ་བྷ་ལ་སོགས་པའི་གྲོང་ཁྱེར་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ལ་ གནས་པའི་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ(མཆོག་གི་དངོས་གྲུབ་ཚེ་གཅིག་ལུས་གཅིག་གིས་ཐོབ་ པ)འི་བཀའ་གསང་སྔགས་བསྟན་པར་གསོལ་བ་བཏབ་པར་མཛད་དོ། །(སྟོན་པ་)བཅོམ་ལྡན་ འདས་ཤཱཀྱ་ཐུབ་པས་ཀྱང་མཆོག་གི་དང་པོའི་སངས་རྒྱས་(དུས་)ཀྱི་(འཁོར་ལོའི་)ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་ནས། ངེས་པ་དང་བྲལ་བའི་གདུལ་བྱའི་སེམས་ཅན་རྣམས་ལ་རང་གི་ སེམས་ཀྱི་བསམ་པ་དང་མཐུན་པར་རྒྱུད་ཀྱི་རྒྱལ་པོ་དཔལ་མཆོག་དང་པོའི་སངས་རྒྱས་རྗེས་ སུ་བསྔགས་པའི་ཚིགས་སུ་བཅད་(པ་ཚེག་བར་ཉེར་གཅིག་)པས་སྟོང་ཕྲག་བཅུ་གཉིས་པ་གཉིས་སུ་ མེད་པ་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པའི་མཚན་ཡང་དག་པར་བརྗོད་པས་ མཁྱུད་པ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མངོན་དུ་གྱུར་པ། སངས་རྒྱས་རིན་ ཆེན་ཟ་མ་ཏོག་(རྩ་དབུ་མ་)ཁ་འབྱེད་པ། མི་ལ་སོགས་པའི་སེམས་ཅན་ལ་སྐྱེ་བ་འདི་ཉིད་དུ་ 1-1-327 ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་གསལ་བར་བཀའ་སྩལ་ཏོ། ། དེ་ནས་(རྩ་)རྒྱུད་སྡུད་པ་པོ་ཉིད་མཛད་པའི་ཕྱིར་དང༌། རྒྱུད་ཀྱི་རྒྱལ་པོ་(རྒྱས་པ་)ལ་ཏི་ཀ་མཛད་ པའི་ཕྱིར་དང༌། ཡུལ་ཤམ་བྷ་ལ་སོགས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་ལ་སོགས་པ་ན་གནས་ པར་གྱུར་པའི་སེམས་ཅན་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །(དེའི་)ཕྱི་ ནས་མ་འོངས་པའི་དུས་སུ་ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པའི་བྲམ་ཟེ་བྱེ་བ་ ཕྲག་ཕྱེད་དང་བཞི་ནི། རིག་བྱེད་དང་སྒྲ་དང་བསྟན་ཆོས་ལ་སོགས་པའི་འཇིག་རྟེན་གྱི་ཆོས་ ཐམས་ཅད་ལ་མཁས་པར་གྱུར་པ། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྱན་སྔར་འདུལ་ བར་གཟིགས་ནས། སྡུད་པ་པོ་ཉིད་ཀྱིས་བསྡུས་པའི་རྒྱུད་མཛད་པའི་ཕྱིར། འཇམ་དཔལ་ ལ་ལུང་བསྟན་ཏེ། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་ནས་ཚངས་པའི་དྲང་སྲོང་ཉི་ མའི་ཤིང་རྟ་ལ་སོགས་པའི་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞིས་བླ་ན་མེད་པའི་བྱང་ཆུབ་ཐོབ་ པའི་ཕྱིར། རྩ་བའི་རྒྱུད་ལས་ཕྱུང་ནས་མེ་ཏོག་ཕྲེང་འཛིན་གྱི་ཚིགས་སུ་བཅད་པ་(ཤོ་ལོ་ཀ་)སུམ་ ཅུས་ལྷག་པའི་སྟོང་ཕྲག་གཅིག་གི་རང་བཞིན་དུ་གྱུར་པ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་ དུས་ཀྱི་འཁོར་ལོ་(བསྡུ་བར་)གྱིས་ཤིག་ཅེས་བྱ་བར་ལུང་བསྟན་ཏོ། །གཞན་ཡང་བསྡུས་པའི་ རྒྱུད་ལ་འགྲེལ་བཤད་མཛད་པའི་ཕྱིར། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་ལུང་ བསྟན་(མཛད་)ཏེ། ཕྱི་ནས་བྱང་ཆུབ་སེམས་དཔའ་རྣམས་དང༌། ཁྲོ་བོའི་རྒྱལ་པོ་ལ་སོགས་པ་ རྣམས་ལ། ཡུལ་ཤམ་བྷ་ལ་སོགས་པ་ན་གནས་པར་གྱུར་པའི་སེམས་ཅན་(ཐམས་ཅད་)ལ་ཕན་ གདགས་པའི་ཕྱིར་རྩ་བའི་རྒྱུད་དང༌། བསྡུས་པའི་རྒྱུད་(སྟོན་)པ་(བཅོམ་ལྡན་འདས་)ཉིད་ཀྱིས་ ལུང་བསྟན་ཏོ། །དེ་ལྟར་དེ་བཞིན་གཤེགས་པས་(སེམས་ཅན་)གཞན་གྱི་དོན་ཕུན་སུམ་ཚོགས་ པ་མཛད་ནས་སྤྲུལ་པའི་སྐུས་(ལོངས་སྐུ་གནས་)གང་ནས་བྱོན་པ་དེ་ཉིད་དུ་ལོངས་སྤྱོད་རྫོགས་ 1-1-328 པའི་སྐུས་གཤེགས་སོ། །དེ་ནས་བགེགས་མཐར་བྱེད་ཀྱི་སྤྲུལ་པའི་སྐུ་(ཆོས་)རྒྱལ་པོ་ཉི་མའི་ འོད་དང༌། ལྷ་མོ་རྣམ་པར་རྒྱལ་མའི་རིགས་ལས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་རྒྱལ་ པོ་ཟླ་བ་བཟང་པོ་ཞེས་བྱ་བའི་སྤྲུལ་པའི་སྐུ་བཞེས་ནས། དེ་བཞིན་གཤེགས་པས་ལུང་བསྟན་ པའི་སྟོབས་ཀྱིས་རྩ་བའི་རྒྱུད་སྡུད་པ་པོ་ཉིད་ཀྱིས་ཡུལ་ཤམ་བྷ་ལའི་སྐད་ཀྱིས་གླེགས་བམ་དུ་ བྲིས་ཏེ། (ཐེག་པ་ཀུན་གྱི་དོན་སྟོན་པའི། །རྒྱས་འགྲེལ་ཟླ་བ་བཟང་པོས་བྲིས། །གཞུང་ནི་སྟོང་ཕྲག་དྲུག་ཅུ་བཞུགས། །རྡོ་ རྗེའི་ཚིག་ཀུན་འབྱེད་པའོ། །ཞེས་པའི་)སྟོང་ཕྲག་དྲུག་ཅུ་པའི་རྒྱ་ཆེར་འགྲེལ་པ་མཛད་ནས། ཕྱག་རྒྱ་ ཆེན་པོའི་དངོས་གྲུབ་ལ་སྣོད་དུ་རུང་བའི་སེམས་ཅན་རྣམས་ལ་དེ་ཉིད་བསྟན་ཏོ། །དེ་ནས་ སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་རྫུ་འཕྲུལ་(སྣ་ཚོགས་)དང༌། བཅོམ་ལྡན་འདས་ དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པར་མཛད་ནས། སྤྲུལ་པའི་སྐུས་གང་ ནས་བྱོན་པ་དེ་ཉིད་དུ་ལོངས་སྤྱོད་རྫོགས་པའི་སྐུས་གཤེགས་སོ། །དེ་ནས་བྱང་ཆུབ་སེམས་ དཔའ་སའི་སྙིང་པོ་དང༌། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་མཐར་བྱེད་དང༌། སྒྲིབ་པ་རྣམ་པར་སེལ་ པ་དང༌། ཤེས་རབ་མཐར་བྱེད་དང༌། པད་མ་མཐར་བྱེད་དང༌། བྱང་ཆུབ་སེམས་དཔའ་ནམ་ མཁའི་སྙིང་པོས་ལོ་བརྒྱ་བརྒྱའི་བར་དུ(སེང་གེའི་ཁྲི་གདན་ལ)། ཡུལ་ཤམ་བྷ་ལ་སོགས་པ་ལ་ གནས་པར་གྱུར་པའི་སེམས་ཅན་རྣམས་ལ། རྩ་བའི་རྒྱུད་བསྟན་པར་མཛད་དོ། །དེ་ནས་བྱང་ ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་སྤྲུལ་པའི་སྐུ་ལྷའི་དབང་པོའི་རིགས་དང༌། ལྷ་མོ་ སྣ་ཚོགས་ཡུམ་གྱི་མངལ་ནས་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་(ཆོས་ཀྱི་)རྒྱལ་ པོ་གྲགས་པར་སྐུ་བཞེས་ཏེ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་ནས་རྩ་བའི་རྒྱུད་ བསྟན་པར་མཛད་དོ། །དེ་ནས་ཉི་མའི་ཤིང་རྟ་ལ་སོགས་པ་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་ ཡོངས་སུ་སྨིན་པའི་དུས་(མངོན་ཤེས་ཀྱིས་)མཁྱེན་ནས་བཅོམ་ལྡན་འདས་འཇམ་དཔལ་གྱིས་ (ཐབས་ཚུལ་སྣ་ཚོགས་ཀྱིས་)བྲམ་ཟེ་དེ་རྣམས་བསྡུ་བར་མཛད་དེ། དེ་ནས་སྤྱིར་ཟླ་འབྲིང་པོའི་ཉ་ལ་ 1-1-329 ཕྱག་ན་རྡོ་རྗེས་བཞེངས་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཁང་པའི་ནང་དུ། ཉི་ མའི་ཤིང་རྟ་ལ་སོགས་པ་རྣམས་ལ་འཇིག་རྟེན་(པ་བཅུ་)དང་འཇིག་རྟེན་ལས་འདས་པ(བཞི་པ) འི་དབང་བསྐུར་ནས་རྩ་བའི་རྒྱུད་ལས་ཕྱུང་ནས་སྡུད་པ་པོ་དེ་ཉིད་ཀྱིས་ལེའུ་ལྔའི་རང་བཞིན་ དུ་གྱུར་པ་མེ་ཏོག་ཕྲེང་འཛིན་གྱི་ཚིགས་སུ་བཅད་པ་སུམ་ཅུས་ལྷག་པའི་སྟོང་ཕྲག་གཅིག་གི་ རང་བཞིན་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བཀའ་སྩལ་ཏོ། །(སྔོན་ཚེ་གསང་བདག་ལ་ནི་དང་པོའི་སངས་རྒྱས་ རྒྱུད་བཤད་ལས། །གང་དུ་སྟོབས་བཅུ་ལྡན་པས་བསྡུས་པའི་རྒྱུད་ནི་ལུང་བསྟན་པ། །དེ་ནས་ཀ་ལ་པ་རུ་དུས་ཀྱི་འཁོར་ལོ་བསྡུས་ པའི་རྒྱུད། །འདི་ནི་འཇམ་པའི་དཔལ་གྱིས་དྲང་སྲོང་མཐའ་དག་གདུལ་ཕྱིར་གསུངས། །ཞེས་སོ། །)བྱང་ཆུབ་སེམས་ དཔའ་འཇིག་རྟེན་མགོན་པོས་ཀྱང༌། བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྲུལ་པའི་སྐུ་(ཡབ་) རྒྱལ་པོ་གྲགས་པ་དང༌། (ཡུམ་)ལྷ་མོ་སྒྲོལ་མའི་རིགས་ལས་སྤྲུལ་པའི་སྐུ་(ཆོས་རྒྱལ་)པད་མ་ དཀར་པོ་ཞེས་བྱ་བར་སྐུ་བཞེས་སོ། །དེ་ལ་བཅོམ་ལྡན་འདས་འཇམ་དཔལ་གྱིས་བསྡུས་པའི་ རྒྱུད་གླེགས་བམ་དུ་བྲི(ས་)བ་དང༌། འགྲེལ་བཤད་མཛད་པར་(ཞུ་བ་)བཀའ་སྩལ་ནས། འཇིག་ རྟེན་གྱི་ཁམས་གཞན་དུ་གཤེགས་སོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཀྱང༌། (སྔོན་དུ་)དེ་བཞིན་གཤེགས་པས་ལུང་བསྟན་པའི་སྟོབས་དང༌། (ད་ལྟ་)འཇམ་དཔལ་གྱིས་ བསྐུལ་བའི་སྟོབས་ཀྱིས་རྩ་བའི་རྒྱུད་ལས་རྗེས་སུ་འབྲངས་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་ མེད་པའི་འོད་ཞེས་བྱ་བའི་(རྒྱ་ཆེར་)འགྲེལ་བཤད། མཚན་ཡང་དག་པར་བརྗོད་པ་དཔང་པོར་ མཛད་ནས་བཀའ་སྩལ་ཏོ། །(པད་མ་དཀར་པོ་བདག་གིས་ནི། །བསྡུས་པའི་རྒྱུད་ཀྱི་བྲི་བྱས་ཏེ། །རྩ་བའི་རྒྱུད་ཀྱི་རྗེས་ འབྲངས་ནས། །གཞུང་ནི་སྟོང་ཕྲག་བཅུ་གཉིས་པའོ། །ཞེས་སོ། །) ༈ དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་དང༌། གཞན་གྱི་དོན་ཕུན་སུམ་ཚོགས་པ་ བསྒྲུབ་པའི་ཕྱིར། འཇིག་རྟེན་མགོན་པོས་ཉིད་ཀྱི་ཐུགས་དམ་ལ་ཕྱག་འཚལ་བར་མཛད་ དོ། །དེ་ཡང་གང་ལ་ཕྱག་འཚལ་ཞེ་ན། དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ་ཞེས་བྱ་བ་ལ། 1-1-330 དཔལ་ཞེས་བྱ་བ་ནི་(འགྱུར་མེད་བདེ་སྟོང་)གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ། དེ་གང་ལ་ཡོད་པ་ དེ་དཔལ་དང་ལྡན་པའོ། །དུས་ཞེས་བྱ་བ་ནི་(དུས་ནི་)ཕྱི་རུ་འདས་པ་དང་མ་འོངས་པ་དང་ད་ ལྟར་བྱུང་བའི་ཟླ་བ་དང་ཉི་མའི་བདག་ཉིད་དུ་གྱུར་པའོ། །འཁོར་ལོ་ཞེས་བྱ་བ་ནི་ལོ་དང་ཟླ་ བ་དང་ཕྱོགས་དང་ཉིན་མཚན་དང་ཆུ་ཚོད་དང་ཆུ་སྲང་དང་དབུགས་རྣམས་སོ། །ནང་དུ་དུས་ ནི་(རླུང་)གཡས་པ་དང་གཡོན་པར་ཆུ་སྲིན་ལ་སོགས་པ་དང༌། ཁྱུ་མཆོག་ལ་སོགས་པའི་འཕོ་ བ་བཅུ་གཉིས་ཏེ། འཁོར་ལོ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དུས་གང་གིས་སྒྲིབ་ པ་མེད་པའི་རང་བཞིན་དུ་མཛད་པ་དེ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །གཞན་དུ་དུས་ནི་ སྒྲིབ་པ་ཐམས་ཅད་ཟད་པར་བྱེད་པའི་རྒྱུར་གྱུར་པ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཡིན་ལ་ ཐབས་སོ། །འཁོར་ལོ་ནི་ཡིད་ནང་དུ་གནས་པར་གྱུར་པའི་ཁམས་གསུམ་པོ་ཤེས་བྱ་ཡིན་ལ་ ཤེས་རབ་སྟེ། འདི་དག་གཅིག་པ་ཉིད་ནི་དུས་ཀྱི་འཁོར་ལོའོ། །(གཉིས་མེད་མི་འགྱུར་རྗེས་འགྲོ་མེད། ། འདོད་མཆོག་མི་འགྱུར་ཆགས་པ་ཆེ། །དངོས་དང་དངོས་མེད་སྤངས་པ་ཡི། །ཡེ་ཤེས་རོ་མཉམ་ཀུན་བཟང་པོ། །ཉོན་མོངས་ མེད་དང་ཉོན་མོངས་ཆེ། །ལྷན་ཅིག་སྐྱེས་དཔལ་ཐིག་ལེ་འཛིན། །དཔལ་ལྡན་དུས་འཁོར་རྡོ་རྗེ་སྟེ། །ཐབས་དང་ཤེས་རབ་བདག་ ཉིད་སྦྱོར། །ཅེས་སོ། །)གཞན་ཡང་རྒྱུ་དང་བྲལ་བ་དང་ཐིམ་པར་གྱུར་པ་དང༌། གཡོ་བའི་སེམས་ གང་གིས་རིམ་པར་བཅིངས་པ་དེ་དུས་ཀྱི་འཁོར་ལོ་ཞེས་བྱའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སྟོང་ པ་ཉིད་དང་སྙིང་རྗེའི་བདག་ཅེས་བྱ་བ་ལ། སྟོང་པ་ཉིད་ནི་ཉམས་སུ་མྱོང་པའི་རང་བཞིན་དུ་ གྱུར་པའི་སྟོང་པ་ཉིད་ཀྱི་བདག་ཉིད་ཡིན་གྱི་(ཉམས་སུ་མ་མྱོང་པ་)བེམ་པོའི་རང་བཞིན་དུ་གྱུར་ པ(འི་སྟོང་པ་ཉིད་)ནི་མ་ཡིན་ནོ། །ཉམས་སུ་མྱོང་པ་ལ་ཡང་རྣམ་པ་གསུམ་སྟེ། ཐོག་མར་(དགེ་ བ་)ཉམས་སུ་མྱོང་པ་དང༌། བར་དུ་(དགེ་བ་)ཉམས་སུ་མྱོང་པ་དང༌། ཐ་མར་(དགེ་བ་)ཉམས་སུ་ མྱོང་པའོ། །དེ་ཡང་དུ་བ་ལ་སོགས་པའི་ལམ་གྱིས་གཟུགས་སྣ་ཚོགས་རྫོགས་ལ། མི་འགྱུར་ བའི་སྐད་ཅིག་ཐོབ་པ་ནི་ཐོག་མར་(དགེ་བ་)ཉམས་སུ་མྱོང་པའོ། །མཆོག་ཏུ་མི་འགྱུར་བའི་ 1-1-331 སྐད་ཅིག་སྟོང་བརྒྱད་བརྒྱས་ས་བཅུ་ཐོབ་པ་དང༌། མངོན་པར་ཤེས་པ་ལྔ་དང་འཇིག་རྟེན་གྱི་ དངོས་གྲུབ་ཐམས་ཅད་ཐོབ་པ་ནི་བར་དུ་(དགེ་བ་)ཉམས་སུ་མྱོང་པའོ། །མཆོག་ཏུ་མི་འགྱུར་ བའི་སྐད་ཅིག་ཉི་ཁྲི་དྲུག་བརྒྱས་ས་བཅུ་གཉིས་པ་ཐོབ་པ་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ རྡོ་རྗེ་སེམས་དཔའ་ཉིད་ནི་ཐ་མར་(དགེ་བ་)ཉམས་སུ་མྱོང་པའོ། །སྙིང་རྗེ་ཞེས་བྱ་བ་ནི་(མི་འགྱུར་ བའི་བདེ་བ་)དམིགས་པ་མེད་པའི་སྙིང་རྗེ་(ཆེན་པོ་)སྟེ། རང་རིག་པ་ཡིན་ཡང་རྟོག་པ་ལས་འདས་ པ་ཡིན་གྱི་རྟོག་པའི་རང་བཞིན་ནི་མ་ཡིན་ནོ། །དེ་དག་གི་རང་བཞིན་ནི་སྟོང་པ་དང་སྙིང་རྗེའི་ བདག་ཞེས་བྱའོ། །(སྟོང་པ་ཉིད་དང་སྙིང་རྗེའི་སྐུ། །དུས་ནི་ཀུན་རྫོབ་གཟུགས་ལྡན་པ། །སྟོང་པ་འཁོར་ལོ་ཞེས་སུ་བརྗོད། ། དུས་འཁོར་གཉིས་སུ་མེད་པར་འདོད། །ཅེས་སོ། །)དེ་ལྟ་བུ་གང་ཡིན་པ་དེ་འཁོར་བའི་རང་བཞིན་མ་ཡིན་ ནམ་ཞེ་ན། སྲིད་གསུམ་སྐྱེ་འཇིག་མི་མངའ་ཞིང་ཞེས་པ་ལ། སྐྱེ་བ་དང་རྒས་པ་དང་འཆི་བ་ལ་ སོགས་པ་གང་དུ་སྲིད་པ་ཡོད་པར་གྱུར་པ་དེ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ སྲིད་པ་གསུམ་པོ་སྟེ། དེ་ལ་སྐྱེ་བ་དང་འཇིག་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་གང་ལ་མེད་པར་ གྱུར་པ་དེ། སྲིད་གསུམ་སྐྱེ་འཇིག་མི་མངའ་བ་ཞེས་བྱ་བ་སྟེ། འཁོར་བའི་ཕ་རོལ་མཐར་སོན་ པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཤེས་དང་ཤེས་བྱ་གཅིག་པའི་སྐུ་ཞེས་བྱ་བ་ལ། ཤེས་པ་ ཞེས་བྱ་བ་ནི་རང་རིག་པའི་རང་བཞིན་དུ་གྱུར་པའི་འཛིན་པའི་སེམས་སོ། །ཤེས་བྱ་ཞེས་བྱ་ བ་ནི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་གཟུང་པའི་སེམས་ཏེ། དེ་དག་རོ་མཉམ་པ་ཉིད་ཀྱི་ རང་བཞིན་དུ་གྱུར་པས་ན། ཤེས་དང་ཤེས་བྱ་གཅིག་པའི་སྐུ་ཞེས་བྱའོ། ། ༈ དེ་ལྟར་དོན་དམ་པའི་བདེན་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ བར་མཛད་ནས། བཅོམ་ལྡན་འདས་དང་པོ་མཆོག་གི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་ དེ། རྣམ་བཅས་ཞེས་བྱ་བ་ལ་སོགས་པ་ལ། འདིར་(གཞི་)ཐོག་མ་མེད་པའི་འཁོར་བ་ནས་སྔོན་ དུ་སྐྱེས་པས་ན་དང་པོ་ཞེས་བྱའོ། །(འབྲས་བུ་)ཚངས་པ་ལ་སོགས་པ་དང༌། ཉན་ཐོས་ལ་སོགས་ 1-1-332 པ་དང༌། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་ཁྱད་པར་དུ་གྱུར་པས་ན་མཆོག་ ཅེས་བྱའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་མཁྱེན་པས་ན་སངས་རྒྱས་ཞེས་བྱའོ། །ཉོན་ མོངས་པ་ལ་སོགས་པའི་བདུད་བཞི་བཅོམ་ཞིང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་ དང་ལྡན་པས་ན་བཅོམ་ལྡན་འདས་སོ། །(ཕྱོགས་གཉིས་པ་)གཟུང་པ་དང་འཛིན་པ་དང་འཁོར་ བ་དང་མྱ་ངན་ལས་འདས་པ་དང་ཐབས་དང་ཤེས་རབ་དང༌། ཡོད་པ་དང་མེད་པ་ལ་སོགས་ པའི་གཉིས་ཀའི་རང་བཞིན་དུ་མ་གྱུར་པས་ན་གཉིས་སུ་མེད་པའོ། །གཞན་ཡང་གདུལ་བྱའི་ སེམས་ཅན་རྣམས་ལ་དོན་མཛད་པ་དང༌། ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་པས་ན་ རྣམ་པ་དང་བཅས་པའོ། །ཆོས་ཉིད་ཀྱི་ངོ་བོས་གནས་པར་གྱུར་པས་ན་རྣམ་པ་མེད་པའོ། ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་ཤེས་པར་མཛད་པས་ན་བཅོམ་ལྡན་འདས་ མའོ། །ཤེས་རབ་མ་དེ(ཡི)ས་འཁྱུད་པའོ་(ཉིད་)ཞེས་བྱ་བ་ནི་ཟླ་བ་དང་ཟླ་བའི་འོད་ཟེར་བཞིན་ དུ་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། (སྐྱེ་འཇིག་རྣམ་པར་སྤངས་པའི་)མི་འགྱུར་བདེ་བ་ཞེས་བྱ་ བ་ལ། འཁོར་བ་པ་རྣམས་ཀྱི་བདེ་བ་(ཁམས་བྱང་སེམས་)འགྱུར་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། གང་ལ་(ཁམས་བྱང་སེམས་)འགྱུར་བ་མེད་པར་གྱུར་པ་དེ་མི་འགྱུར་བའི་བདེ་བ་སྟེ། (དུས་)རྒྱུན་ མི་འཆད་པར་འཇུག་པར་གྱུར་པ་དང༌། (ལུས་སེམས་སྣང་པའི་)དངོས་པོ་ཐམས་ཅད་ལ་ཁྱབ་པར་ མཛད་པས་ན་ནམ་མཁའ་དང་འདྲ་བར་གྱུར་པ་ཞེས་བྱ་བའི་དོན་ཏོ། །འཁོར་བ་པའི་བདེ་བ་ རྒྱུ་ལས་སྐྱེས་པ་ཇི་ལྟ་བ་དེ་བཞིན་དུ་དེ་ཡང་ཡིན་ནམ་ཞེ་ན། བཞད་(རྒོད་ལ་)སོགས་བདེ་བ་ སྤངས་མཛད་ཅིང་ཞེས་བྱ་ནི། རྒོད་པ་དང་ལྟ་བ་དང་ལག་པ་བཅངས་པ་དང་གཉིས་གཉིས་ འཁྱུད་པ(འི་བདེ་བ་)ལས་འདས་པར་གྱུར་བའོ། །དེས་ཅི་མཛད་ཅེ་ན། སངས་རྒྱས་རྣམས་ནི་ སྐྱེད་མཛད་(པའི་)ཅེས་བྱ་བ་ལ། སངས་རྒྱས་རྣམས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་ དེ་བཞིན་གཤེགས་པ་རྣམས་དང༌། (དེ་རྣམས་གང་ན་)སྒྲིབ་པ་མེད་པའི་གཟུགས་ཀྱི་ཕུང་པོ་ལ་ 1-1-333 སོགས་པ་རྣམས་ཡིན་ལ། དེ་རྣམས་སྐྱེད་པར་མཛད་པས་ན་སངས་རྒྱས་རྣམས་ནི་སྐྱེད་པར་ མཛད་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སྐུ་གསུམ་དང་བཅས་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང་ལྡན་པ་སྟེ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་ བའི་དོན་ཏོ། །དེ་ཤེས་པའམ་མི་ཤེས་པའི་རང་བཞིན་ཡིན་ཞེ་ན། དུས་གསུམ་ཡང་དག་རིག་ (ཅིང་མཁྱེན་པ་སྟེ་)ཅེས་བྱ་བ་ལ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་པའི་དུས་གསུམ་པོ་ ནི་རང་བཞིན་མེད་པར་མཁྱེན་པས་ན་དུས་གསུམ་ཡང་དག་རིག་ཅེས་བྱ་སྟེ། (རྟོག་མེད་)ཤེས་ པའི་རང་བཞིན་ཡིན་གྱི་གཉིད་ལོག་པའི་རང་བཞིན་ལྟ་བུ་(རྟོག་མེད་)ནི་མ་ཡིན་ནོ། །དེ་ཉི་ཚེ་པ་ ཡིན་ནམ་ཞེ་ན། ཀུན་མཁྱེན་ཞེས་གསུངས་ཏེ། ཀུན་ཞེས་བྱ་བ་ནི་(མཁྱེན་བྱ་)བརྟན་པ་དང་གཡོ་ བའི་དངོས་པོ་རྣམས་ཏེ་དེ་རྣམས་ཇི་ལྟ་བ་སྐྱེས་པ་དང་འཇིག་པར་གྱུར་པ་མཁྱེན་པས་ཀུན་(ཏེ་ ཐམས་ཅད་)མཁྱེན་པ་ཞེས་བྱ་བའོ། ། ༈ དེ་ལྟར་བརྗོད་པར་གྱུར་པའི་ཡོན་ཏན་རྣམས་དང་ལྡན་པའི་བཅོམ་ལྡན་འདས་དང་ པོ་མཆོག་གི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་ནས། བདེན་དོན་རྣམ་པ་བཅུ་གཉིས་ ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག ། ཅེས་བྱ་བའི་སྒོ་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ ལོ་ལ་ཕྱག་འཚལ་བར་མཛད་དེ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། འདིར་དུས་ཀྱི་ འཁོར་ལོ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་(སྟོང་གཉིས་སུ་མེད་)བ་སྟེ། དེ་ལ་ཕྱག་འཚལ་ བར་མཛད་དོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ། འཕོ་བའི་བདག་ཉིད་དུ་ གྱུར་པའི་གཉིད་ལས་སངས་པར་གྱུར་པ་དང༌། མི་འཕོ་བའི་རང་བཞིན་དུ་གྱུར་པ་(རྒྱས་པར་) ཐོབ་པས་ན་སངས་རྒྱས་ཞེས་བྱའོ། །དེ་གང་དུ་བཞུགས་ཞེ་ན། སེང་གེའི་ཁྲིར་བཞུགས་ཞེས་ བྱ་བ་ལ། སེང་གེས་རི་དྭགས་ལ་སོགས་པ་གསོད་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། སྟོང་པ་ ཉིད་ཀྱིས་འཇིག་རྟེན་གྱི་ཕུང་པོ་ལ་སོགས་པ་སྒྲིབ་པ་མེད་པའི་རང་བཞིན་དུ་མཛད་པའོ། །དེ་ 1-1-334 བས་ན་སེང་གེའི་སྒྲས་སྟོང་པ་ཉིད་དུ་བརྗོད་དེ། ཁྲི་(གདན་)ཞེས་བྱ་བ་ནི་གཟུགས་སྣ་ཚོགས་ ཡིན་ལ། དུས་ཐམས་ཅད་དུ་དེ་ལ་རྟོན་མཛད་པས་ན་སེང་གེའི་ཁྲིར་བཞུགས་ཞེས་བྱའོ། ། འཁོར་བ་པ་དང་འདྲ་བ་མ་ཡིན་ནམ་ཞེ་ན། སྲིད་གསུམ་གྱིས་མཆོད་ཞེས་བྱ་བར་གསུངས་ སོ། །གང་ལ་མཆོད་ཞེ་ན། རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ་ལ། རྡོ་རྗེ་ཞེས་བྱ་བ་ནི་སྒྲིབ་པ་མེད་ པའི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་མཆོག་ཏུ་མི་ འགྱུར་བའི་བདེ་བས་(སྟོ་པ་ཉིད་དང་)རོ་མཉམ་པ་ཉིད་དུ་གྱུར་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། རྣམ་ དག་པ་ཞེས་བྱ་བ་ལ། འཁོར་བ་པ་རྣམས་ཀྱི་འཕོ་བའི་མཐུ་ཡིས་ལུས་དང་ངག་དང་སེམས་ དང་ཡེ་ཤེས་མ་དག་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་མ་ཡིན་ཏེ། འཕོ་བའི་བག་ཆགས་ལས་ འདས་པར་གྱུར་པའི་(རྣམ་པར་)དག་པ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། དེ་ཉིད་ཞེས་བྱ་བ་ནི་འཁོར་(བ་འཕོ་)བའི་བག་ཆགས་ཀྱིས་གཡོགས་པའི་དུས་སུ་ཇི་ལྟར་ཡིན་ པ་དེ། འཁོར་(བ་འཕོ་)བའི་བག་ཆགས་དང་བྲལ་བའི་དུས་སུ་ཡང་དེ་རང་ཡིན་པས་ན་དེ་ཁོ་ ན་ཉིད་ཡིན་ཅེས་བྱའོ། །དེ་ཡང་གཅིག་པུ་ཡིན་ན་ཡང་སེམས་ཅན་རྣམས་ལ་ལུས་ཀྱི་དགའ་ བ་ལ་སོགས་པའི་དབྱེ་བས་རྣམ་པ་བཅུ་དྲུག་གི་རང་བཞིན་དུ་གྱུར་པ་སྟེ། དེ་བཞིན་གཤེགས་ པ་རྣམས་ལ་ནི་སྤྲུལ་པའི་སྐུ་དང༌། སྤྲུལ་པའི་གསུང་ལ་སོགས་པའི་(སྐུའི་རབ་ཏུ་)དབྱེ་བས་རྣམ་ པ་བཅུ་དྲུག་ཏུ་གྱུར་པའོ། །དེ་གང་དུ་བཞུགས་ཞེ་ན། སྲིད་མེད་སྲིད་པར་གཤེགས་ཞེས་བྱ་ བ་ལ། འཁོར་བ་པ་རྣམས་ཀྱི་དེ་ཁོ་ན་ཉིད་(བཅུ་དྲུག་)ནི་ཐིག་ལེ་བཞི་འཕོ་བའི་བག་ཆགས་ཀྱི་ དབང་གིས་འཁོར་བ་ལ་གནས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ནི། བཅུ་ དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་ཞེས་བྱ་སྟེ། མི་འཕོ་བའི་དབང་གིས་འཕོ་བ་མི་སྲིད་པ་ཡིས་སྲིད་ མེད་(དཔྲལ་བ་སྲིད་པ་དབང་བྱེད་ཀྱི་གནས་སུ་གཤེགས་པས་ན་)སྲིད་པར་གཤེགས་ཞེས་བྱའོ། །དེ་བས་ན་ སེམས་ཅན་གྱི་དེ་ཁོ་ན་ཉིད་(བཅུ་དྲུག་ནི་)རྒྱུ་ཡིན་ལ། དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་(བཅུ་ 1-1-335 དྲུག་)ནི་འབྲས་བུ་ཡིན་ནོ། །རྒྱུ་གང་གི་ཕྱིར་ཞེ་ན། སྟོང་པ་ཉིད་བསྒོམས་པའི་སྟོབས་ཀྱིས་རྣལ་ འབྱོར་པ་རྣམས་ལ་བཞི་པའི་གནས་སྐབས་སྐྱེད་པར་བྱེད་པའི་ཡེ་ཤེས་ཀྱི་ཐིག་ལ(འི་དངས་མ་ འཛག་པ་)འགགས་ན་ལྷན་ཅིག་སྐྱེས་པའི་སྐུ་ཐོབ་སྟེ། །དེ་བཞིན་དུ་ཤིན་ཏུ་གཉིད་ལོག་པའི་ གནས་སྐབས་སྐྱེད་པར་བྱེད་པའི་སེམས་ཀྱི་ཐིག་ལེ(འི་དངས་མ་འཛག་པ་)དང༌། རྨི་ལམ་གྱི་གནས་ སྐབས་སྐྱེད་པར་བྱེད་པའི་ངག་གི་ཐིག་ལེ(འི་དངས་མ་འཛག་པ་)དང༌། སངས་པའི་གནས་སྐབས་ སྐྱེད་པར་བྱེད་པའི་ལུས་ཀྱི་ཐིག་ལེ(འི་དངས་མ་འཛག་པ་)འགགས་ན། རིམ་པ་ཇི་ལྟ་བས་ཆོས་ཀྱི་ སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ཐོབ་པར་འགྱུར་བའོ། །དེ་ལྟ་བས་ ན་སེམས་ཅན་རྣམས་ལ་འཕོ་བའི་དེ་ཁོ་ན་ཉིད་ནི་འཁོར་བ་ཡིན་གྱི་མི་འཕོ་བའི་རང་བཞིན་ ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ལ་(ནི་དངས་སྙིགས་གཅིག་མེད་པའི་དངས་མ་འབའ་ཞིག་ཏུ་ གྱུར་ནས་)མི་འཕོ་བའི་དེ་ཁོ་ན་ཉིད་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་གྱི་འཕོ་ བའི་རང་བཞིན་ནི་མ་ཡིན་ནོ། །དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པ་ལས། རྣམ་པ་ ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང༌། །ཞེས་བྱ་བ་གསུངས་སོ། །འཁོར་ བ་པ་རྣམས་(ལུས་ངག་སེམས་ཡེ་ཤེས་ཀྱི་)ཐིག་ལེ་བཞི་འཕོ་བའི་ཕྱིར་འཁོར་བའི་བག་ཆགས་ཀྱིས་ ཟོས་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་རྣམས་ནི་མ་ཡིན་ཏེ། རྒྱུ་གང་གི་ཕྱིར་ཞེ་ན། བཅུ་ དྲུག་གི་ཕྱེད་ནི་བརྒྱད་ཡིན་ལ། བརྒྱད་ཀྱི་ཕྱེད་ནི་བཞི་སྟེ་(ལུས་ངག་སེམས་ཡེ་ཤེས་ཀྱི་)ཐིག་ལེ་བཞི་ འཛིན་པའི་ཕྱིར་རོ། །དེ་བས་ན་མཚན་ཡང་དག་པར་བརྗོད་པ་ལས། དེ་ཉིད་རྣམ་པ་བཅུ་དྲུག་ རིག་ཅེས་བྱ་བར་གསུངས་སོ། །དེ་འཁོར་བའི་རང་བཞིན་ཡིན་ནམ་མྱ་ངན་ལས་འདས་པའི་ རང་བཞིན་ཡིན་ཞེ་ན། ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་པ་ཞེས་བྱ་བ་ལ། མྱ་ངན་ལས་འདས་ པའི་རང་བཞིན་གང་གིས་ཤེས་པར་བྱེད་པ་དེ་ཡེ་ཤེས་ཡིན་ལ་དེ་ཉིད་ཤེས་པ་སྟེ། ཤེས་བྱ་ནི་ ཉིད་ཀྱི་དོན་ཕུན་སུམ་ཚོགས་པའི་རང་བཞིན་དུ་གྱུར་པ་མྱ་ངན་ལས་འདས་པའོ། །འདི་དག་ 1-1-336 གཅིག་ཏུ་གྱུར་པ་ནི་ཤེས་དང་ཤེས་བྱ་གཅིག་ཏུ་གྱུར་པ་ཞེས་བྱ་བ་སྟེ། རབ་ཏུ་མི་གནས་པའི་ མྱ་ངན་ལས་འདས་པའི་མཚན་ཉིད་ཞེས་བྱའོ། །དེ་གང་གི་སྤྱོད་ཡུལ་དུ་གྱུར་ཞེ་ན། རྒྱལ་བ་ མཆོག་གི་དམ་ཚིག་ཞེས་བྱ་བ་ལ། བདུད་དང་ཉོན་མོངས་པ་ལས་རྒྱལ་བས་ན་རྒྱལ་བ་ཡིན་ ལ། (སངས་རྒྱས་)མི་བསྐྱོད་པ་ལ་སོགས་པའོ། །དེ་རྣམས་ཉིད་ཀྱི་གཙོ་བོར་གྱུར་པས་ན་མཆོག་ ཅེས་བྱ་སྟེ་རྡོ་རྗེ་སེམས་དཔའ་འོ། །དེའི་སྤྱོད་ཡུལ་དུ་གྱུར་པས་ན་རྒྱལ་བ་མཆོག་གི་དམ་ ཚིག་ཅེས་བྱ་བ་ཡིན་གྱི། འཁོར་བ་པ་རྣམས་ལ་སྤྱོད་ཡུལ་དུ་གྱུར་པ་ནི་མ་ཡིན་ནོ། །གཞན་ ཡང་རྣམ་བཅུ་གཉིས་ཡན་ལག ། བདེན་དོན་ཞེས་བྱ་བ་ལ། རྣམ་པ་བཅུ་གཉིས་ནི་ཆུ་སྲིན་ ལ་སོགས་པ་དང་ཀ། མ་རིག་པ་ལ་སོགས་པའི་རང་བཞིན་དུ་གྱུར་༡པ་ཁགཡས་༢གཡོན་ དུ་གམཉམ་དང་༣མི་མཉམ་པའི་འཕོ་བ་(ཆེན་པོ་)གཉིས་སོ། །ཡན་ལག་ནི་(འཕོ་ཆུང་)དཀྱིལ་ འཁོར་དྲུག་ཅུའི་རང་བཞིན་དུ་གྱུར་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །འཁོར་བ་པ་རྣམས་ལ་ འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་སྲོག་གི་རླུང་འབབ་པའི་ཕྱིར་བདེན་དོན་རྣམ་པ་བཅུ་གཉིས་ སྒྲིབ་པ་དང་ལྡན་པའོ། །དེ་བཞིན་གཤེགས་པ་རྣམས་ལ་འཕོ་བ་བཅུ་གཉིས་འགགས་པར་ གྱུར་པའི་ཕྱིར་སྒྲིབ་པ་མེད་པའི་ཡན་ལག་བཅུ་གཉིས་སོ། །དེ་བཞིན་དུ་མཚན་ཡང་དག་པར་ བརྗོད་པ་ལས། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་བྱ་བ་གསུངས་སོ། །དེ་གང་ཡིན་ ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ། ཀུན་རྫོབ་ཏུ་སྟེང་ནས་གང་འོངས་པ་དེ་ཉིད་དོན་དམ་ པར་ཡར་གཤེགས་པས་ན། བདེན་དོན་རྣམ་པ་བཅུ་གཉིས་ལྡན། (ཡར་གཤེགས་ཀྱི་)དེ་ཉིད་རྣམ་ པ་བཅུ་དྲུག་རིག ། ཞེས་བྱ་བ་སྟེ། (ཡར་)ལྡོག་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ ཇི་ལྟ་བུ་ཡིན་ཞེ་ན། རྒྱལ་བའི་རྡོ་རྗེ་ཚིག(གི་གནས་)ཞེས་བྱ་བ་ལ། རྒྱལ་བ་ཞེས་བྱ་བ་ནི་བཅོམ་ ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེའི་རྡོ་རྗེའི་ཚིག་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་སྒོ་དང༌། ཕལ་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་མི་ནུས་པས་ན་རྒྱལ་བའི་རྡོ་རྗེའི་ཚིག་ཞེས་བྱའོ། ། 1-1-337 ༈ དེ་ལྟར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་ནས། རྩ་བའི་ རྒྱུད་དང་བསྡུས་པའི་རྒྱུད་ཀྱི་དོན་དང་མཐུན་པར་གྱུར་པའི་སྐུ་བཞིའི་སྒོ་ནས་དང་པོའི་སངས་ རྒྱས་(དེ་ཉིད་)ལ་ཕྱག་འཚལ་བར་མཛད་དེ། ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་ལ། འདིར་ ཀུན་ཞེས་བྱ་བ་ནི་དབུགས་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་ ངོ་བོས་མཁྱེན་པས་ན་ཀུན་(ཏེ་ཐམས་ཅད་)མཁྱེན་ཞེས་བྱ་བ་ཡིན་ལ། དེ་ཉིད་(རྒྱལ་བ་ཐམས་ཅད་ཀྱི་ བདག་པོ་)བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱའོ། །ཡེ་ཤེས་སྐུ་ ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་གཟུང་པའི་སེམས་ཡིན་ཏེ། དེ་ཡང་ཆོས་ཀྱི་ སྐུ་ཞེས་བྱའོ། །དེ་བཞིན་དུ་འཕོ་བའི་ལོངས་སྤྱོད་ལས་འདས་པར་གྱུར་པ་དང༌། མཆོག་ཏུ་མི་ འགྱུར་བའི་བདེ་བ་སྐྱེས་པར་གྱུར་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་(ནི་)ཞེས་བྱ་སྟེ། དེ་ཡང་ ཇི་ལྟ་བུ་ཡིན་ཞེ་ན། ཉིན་བྱེད་སྐུ་ཞེས་བྱ་བ་ནི་མཚན་མོའི་མུན་པ་ནི་ཉིན་མོའི་ཉི་མའི་འོད་ ཟེར་རྣམས་ཀྱིས་འཇོམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་ཐོག་མ་མེད་ པའི་འཁོར་བ་ནས་གནས་པར་གྱུར་པའི་མ་རིག་པའི་མུན་པ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་ སྟོང་གིས་བཅོམ་པར་མཛད་པས་ན་ཉིན་བྱེད་འདྲ་བར་གྱུར་པའི་ལོངས་སྤྱོད་རྫོགས་པའི་ སྐུའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་སྣ་ཚོགས་པ་སྤྲུལ་ པར་མཛད་པས་ན་སྤྲུལ་པའི་སྐུ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་ པ་དང་ལྡན་པར་གྱུར་པའི་པད་མ་རྒྱས་པའི་འདབ་མ་དང་འདྲ་བར་གྱུར་པའི་སྤྱན་དང་ལྡན་ པའོ། །དེ་ལ་དོན་ཅི་ཡིན་ཞེ་ན། འདམ་ལས་སྐྱེས་པར་གྱུར་པའི་པད་མ་འདམ་གྱི་སྐྱོན་གྱིས་ གོས་པར་མ་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པ་འཁོར་ བའི་ནང་དུ་བཞུགས་པར་གྱུར་ན་ཡང༌། འཁོར་བའི་བག་ཆགས་ཀྱིས་གོས་པར་མི་འགྱུར་ ཞེས་བྱ་བའི་དཔེ་བསྟན་ཏོ། །ཅིའི་ཕྱིར་འཁོར་བའི་བག་ཆགས་ཀྱིས་གོས་པར་མི་འགྱུར་ཞེ་ 1-1-338 ན། རྣམ་པར་ཐར་པར་གྱུར་ཞེས་བྱ་བ་ལ། འཁོར་བའི་རྒྱ་མཚོ་ལས་རྣམ་པ་ཐམས་ཅད་དུ་ ཐར་པར་གྱུར་ཅིང་ཕ་རོལ་ཏུ་ཕྱིན་པས་ན་རྣམ་པར་ཐར་པ་ཡིན་ལ། དེ་ཡང་སྟོང་པ་ཉིད་ལ་ སོགས་པ་བཞི་སྟེ། དེ་རྣམས་ཀྱིས་དག་པར་གྱུར་པའི་ཕྱིར་གོས་པར་མི་འགྱུར་རོ། །གཞན་ ཡང་སྲིད་དང་སྲིད་(ལས་)མེད་སྐུ་གསུང་ཐུགས་ཆགས་པས་ཞེས་བྱ་བ་ལ། སྲིད་པ་ཞེས་བྱ་བ་ ནི་སྐྱེ་བ་ལ་སོགས་པའི་གནས་སྐབས་གང་ལས་བྱུང་པ་དེ་སྲིད་པ(འི་ལས་)ཡིན་ལ། སྲིད་(ལས་) མེད་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནས་སྐབས་དེ་རྣམས་གང་དུ་མི་འབྱུང་པ་དེ། རབ་ ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེའི་རང་བཞིན་དུ་གྱུར་པའི་སྐུ་དང་གསུང་དང་ ཐུགས་དང་ཆགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཡིན་ལ། དེ་རྣམས་ཀྱིས་དག་པར་གྱུར་པས་ན་ འཁོར་བའི་བག་ཆགས་ཀྱིས་གོས་པར་མི་འགྱུར་རོ། །དེ་གང་ཡིན་ཞེ་ན། སྟོང་པ་ཉིད་དང་ སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་གྱུར་པའི་རྣལ་འབྱོར་(དག་པར་)རོ། །གཉིས་གང་དུ་སྦྱར་ བར་གྱུར་པ་དང༌། རོ་མཉམ་པ་ཉིད་དུ་གྱུར་པས་ན་རྣལ་འབྱོར་(དག་པ་)ཞེས་བྱ་བ་ཡིན་གྱི། སྟོང་པ་ཉིད་དམ་སྙིང་རྗེ་འབའ་ཞིག་པ་ནི་མ་ཡིན་ནོ། །དེ་ཉིད་ཚིག་གིས་གསལ་པོར་མཛད་ དེ། ཐབས་དང་ཤེས་རབ་གཉིས་མིན་(པའི་གཉིས་མེད་)ཞེས་བྱ་བར་གསུངས་སོ། །ལྷ་དང་ལྷ་ མིན་མིས་མཆོད་ཞེས་བྱ་བ་ལ། ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་རྣམས་ཀྱིས་མཆོད་ པར་བྱ་བ་དང༌། བསྟོད་པར་འོས་པ་དང་བླ་མར་གྱུར་པས་ན་ལྷ་དང་ལྷ་མིན་མིས་བསྟོད་ཞེས་ བྱ་བའོ། །གཞན་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལས་གཙོ་བོར་གྱུར་པས་ན་ལྷ་ དང་ལྷ་མིན་མིས་བསྟོད་ཞེས་པའི་དོན་ཏོ། །(ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །ཉི་མའི་གཟུགས་ཏེ་གཙོ་བོའོ། ། པད་མའི་འདབ་མ་རྒྱས་འདྲའི་སྤྱན། །དེའི་དེ་ཉིད་བཅུ་དྲུག་ཕྱེད། །སྐུ་བཞིའི་བདག་ཉིད་སངས་རྒྱས་ཏེ། །རྡོ་རྗེ་སེང་གེའི་གདན་ ལ་བཞུགས། །ལྷ་དང་ལྷ་མིན་གྱིས་བསྟོད་ནས། །ཟླ་བཟང་གྱིས་བཏུད་སྔོན་གསོལ་བཏབ། །དག་དང་ཡེ་ཤེས་གཅིག་ཏུ་སྦྱོར་བ་ རྒྱལ་བ་མཆོག་གི་དམ་ཚིག་ཐུགས་དང་ཆོས་ནི་ཅིག་ཏུ་སྦྱོར། །གསུང་དང་ལོངས་སྤྱོད་གཅིག་ཏུ་སྦྱོར་བ་སྲིད་པ་གསུམ་གྱིས་མཆོད་ 1-1-339 པའི་སྐུ་དང་སྤྲུལ་པ་གཅིག་སྦྱོར་བ། །ཤེས་དང་ཤེས་བྱ་གཉིས་མེད་དེ་དག་སྲིད་དང་སྲིད་བྲལ་རྡོ་རྗེ་སེམས་དཔའ་རྣམ་བཞི་སྟེ། ། ཐབས་དང་ཤེས་རབ་བདག་ཉིད་དེ་ལ་ལྷ་མི་ལྷ་མིན་གྱིས་བསྟོད་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ། །ཅེས་སོ། །) ༈ དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་ མཛད་ནས། རྒྱུད་འདི་ལ་འགྲེལ་བཤད་གང་གིས་མཛད་ཞེ་ན། བྲི་བར་བྱ་ཞེས་བྱའོ། །གང་ གིས་ཞེ་ན། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ(འི་སྙིང་པོ་)འདི(འི་)ལ། (འགྲེལ་པ་བྱེད་པར་ནི་)དེ་བཞིན་(དུ་ བདེ་བར་)གཤེགས་པས་ལུང་བསྟན་པ་དང༌། འཇམ་པའི་དཔལ་གྱིས་བསྐུལ་བར་གྱུར་པས་ན། བདག་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་འགྲེལ་བཤད་བྲི་བར་བྱ་(བ་ཉིད་)ཞེས་ བྱ་བའོ། །འགྲེལ་བཤད་དེ་ཇི་ལྟ་བུ་ཡིན་ཞེ་ན། བྱིས་པ་མཁས་དང་རྨོངས་རྣམས་ལ་ཞེས་བྱ་ བ་ལ་སོགས་པ་གསུངས་པ་ལ། བྱིས་པ་ལ་སོགས་པ་སེམས་ཅན་རྣམས་ལ་རྒྱུད་ཀྱི་གསང་ པ་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་བཞི་པ་ལ་སོགས་པ་སྟེ། དེ་གསལ་བར་(སྟོན་པར་ནི་)བྱེད་པའོ། ། གཞན་ཡང་བུ་རྣམས་ལ་མ(ཉིད་ཀྱི)ས་ཕན་འདོགས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་(ལུས་ཅན་ གྱི་)སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དང༌། ཐུན་མོང་དུ་བདེ་བ་ཐོབ་པའི་(དོན་གྱི་)ཕྱིར་ འགྲེལ་བཤད་བྲི་བར་བྱ་ཞེས་བྱའོ། །དེ་བས་ན་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ འཇིག་རྟེན་མགོན་པོས་སེམས་ཅན་རྣམས་ལ་ཕན་གདགས་པའི་(དོན་གྱི་)ཕྱིར་མཛད་པ་ཡིན་ གྱི། ཉིད་ཀྱི་དོན་བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །འོ་ན་འཇིག་རྟེན་གྱི་བདེ་བ་སྟེར་ན་འཇིག་ རྟེན་ལས་འདས་པའི་བདེ་བ་མི་སྟེར་རམ་ཞེ་ན། རྡོ་རྗེ་སེམས་དཔའི་ཡང་དག་ལམ་ཞེ་བྱ་བ་ ནི་དུ་བ་ལ་སོགས་པའི་རྟགས་དང་ལྡན་པར་གྱུར་པ་སྦྱོར་པ་ཡན་ལག་དྲུག་སྟེ། རྣལ་འབྱོར་ པ་རྣམས་ཀྱིས་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་ལམ་དེ་འགྲེལ་བཤད་གང་ གིས་རིག་པར་བྱེད་པ་(ཡིན་པ་ལས་)དེ་བྲི་བར་བྱའོ། །(རྒྱ་ཆེར་)འགྲེལ་བཤད་ཀྱི་མཚན་ཅི་ཡིན་ ཞེ་ན། (རྒྱ་ཆེར་)འགྲེལ་བཤད་དྲི་མ་མེད་པའི་འོད་ཞེས་བྱ་བ་ལ། དྲི་མ་ཞེས་པ་ནི་འདོད་ཆགས་ 1-1-340 ལ་སོགས་པའི་བག་ཆགས་ཏེ། དེ་གང་གིས་མེད་པར་བྱེད་པ་དང༌། སེམས་ཉིད་འོད་གསལ་ བར་བྱེད་པས་ན་དྲི་མ་མེད་པའི་འོད་ཞེས་བྱ་སྟེ། དེ་བས་ན་(སྟེ་དེའི་ཕྱིར་)དེ་ཉིད་(ནི་)མྱུར་དུ་བྲི་ བར་བྱ་ཞེས་བྱ་བའི་དོན་ཏོ། །དཀའ་འགྲེལ་པད་མ་ཅན་ལས། རྒྱ་ཆེར་འགྲེལ་པ་དྲི་མ་མེད་ པའི་འོད་ཀྱི་འདོད་པའི་ལྷ་ལ་བསྟོད་ཕྱག་འཚལ་བ་དང༌། བྲི་བར་དམ་བཅའ་བ་བཤད་པའོ། ། ཕྱི་ནང་ལེའུ་ཡི་(རྒྱུད་གོ་སླའི་)དཀའ་འགྲེལ་(རྒྱུད་རྙིང་)འདིར་བྲི་མ་དགོས་སོ།། །། ༈ ད་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྟེན་བཤད་པར་བྱ་སྟེ། སྐྲག་དང་ཞེས་བྱ་བ་ལ་ སོགས་པ་ལ་འདིར་བླ་མས་སློབ་མ་ལ་བོས་ཏེ། ཀྱེ་བུ་ཁྱོད་ཉོན་ཅིག དགའ་བ་བཅུ་དྲུག་གི་ མཚན་ཉིད་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཐུན་མོང་པ་ཁྱོད་ལ་བསྟན་པར་བྱ་སྟེ། དེ་ཡང་ ཕྱག་རྒྱ་ཡོན་ཏན་དང་ལྡན་པས་རྟོགས་པར་འགྱུར་གྱི་གཞན་ལས་ནི་མ་ཡིན་ནོ། །མཚན་ངན་ གྱི་ཕྱག་རྒྱ་སྤང་པར་བྱ་བ་ལས། སྐྲག་པ་ནི་བློ་ཡངས་པས་སྔང་ཞིང་འཇིགས་པའོ། །འཁྲུལ་ པ(འི་སེམས་)ནི་དོན་ལོག་པར་འཛིན་པའོ། །གཡོ་ནི་གྱ་གྱུ་བྱེད་པའོ། །གཞན་གྱི་དབང་དུ་འགྲོ་ བ་ནི་སྐྱེས་བུ་གཞན་ལ་ཆགས་པའོ། །ནད་ཅན་ནི་གཅོང་ནད་ཅན་ནོ། །བུ་བཙས་ཞེས་པ་ནི་ བུ་བཙས་པས་སྐྱེ་གནས་ཡངས་ཤིང་བདེ་བ་མི་འབྱུང་ལ་བདེ་བ་ཉམས་པའོ། །ཁྲོ་བ་(ལྡན་པ་) ནི་སྤྲོ་ཐུང་པའོ། །ཁེངས་པ་ནི་རིགས་ལ་སོགས་པས་ང་རྒྱལ་བའོ། །(ནོར་)རྫས་ལ་ཞེན་(ཞིང་ ཆགས་)པ་ནི་རྔན་པ་འདོད་པ་སྨད་འཚོང་མའོ། །མི་བདེན་པ་ནི་བརྫུན་དུ་སྨྲ་བའོ། །རྩོད་(པ་) སྨྲ་(བ་ལ་དགའ་བ་)ནི་འཐབ་མོ་དུས་རྟག་ཏུ་བྱེད་པའོ། །ཡན་ལག་ཉམས་པ་ནི་རྐང་ལག་དང་ མིག་ལ་སོགས་པ་མ་ཚང་པའོ། །མ་དག་པ་ནི་མཚན་ཉིད་དང་མི་ལྡན་པའོ། །སྐྱོན་དེ་(ལྟ་བུ་) རྣམས་དང་ལྡན་པའི་ཕྱག་རྒྱ་ནི་ཤེས་རབ་ཡེ་ཤེས་ཀྱི་(དབང་གི་)སྐབས་སུ་(ཤིན་ཏུ་འབད་དེ་)སྤང་གི གཞན་གྱི་གནས་སྐབས་སུ་མི་སྤང་སྟེ། སྤངས་ན་རྩ་བའི་ལྟུང་པར་གསུངས་སོ། །དེ་བས་ན་ འདི་ནི་བླ་མ་དམ་པས་སྤང་བྱ་མི་དབང་ཀྱེ་ཞེས་བྱའོ། །སངས་རྒྱས་(དང་)བླ་མ་ལ་གུས་(པ་དང་) 1-1-341 དམ་ཚིག་འཛིན་དང་སྔོན་དུ་ཇི་སྐད་གསུངས་བཞིན་མཆོད། །ཞེས་པ་ནི་ཕྱག་རྒྱ་མཚན་ཉིད་ དང་ལྡན་པ་ལོ་ཉི་ཤུ་མན་ཆད་པ་རིགས་བཙུན་ལ་ཁྱོ(འི་བདག་པོ་)མེད་པ་ལ་མཆོད་པ་རྣམ་པ་ མང་པོས་(ཕྱི་ནང་གསང་པའི་)མཆོད་པར་བྱ་ཞེས་དགོངས་སོ། །དེ་ལ་དགའ་བཅུ་དྲུག་གི་མཚན་ ཉིད་ཇི་ལྟར་(གསུངས་པ་)སྐྱེ་བའོ་ཞེས་བྱ་བའོ། ༼༦༽ ། ༈ འོ་ན་འཇིག་རྟེན་ལས་འདས་པའི་དབང་གང་ཡིན་ཞེ་ན་བརྗོད་པར་མཛད་དེ། འཇིག་ རྟེན་ལས་འདས་པའི་དབང་ནི་རྒྱལ་བའི་མཆོག་གི་དབང་པོའི་ཕྱག་རྒྱ་བཟང་ལ་རྗེས་ཆགས་ པའོ་ཞེས་བྱ་བ་ལ། རྒྱལ་བ་མཆོག་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ སོགས་པའི་རིགས་དྲུག་པོའོ། །དེ་རྣམས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་ དཔའ་ཡིན་ལ་མཆོག་ཅེས་བྱ་བའོ། །དེའི་ཕྱག་རྒྱ་ནི་དམིགས་པ་དང་བཅས་པའི་སྟོང་པའི་ ཉིད་ཀྱི་རངབཞིན་དུ་གྱུར་པ་ཕྱག་རྒྱ་ཆེན་མོ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ལས་ཁྱད་པར་ དུ་གྱུར་པས་ན་བཟང་མོ་ཡིན་ལ། ཡང་ན་བླ་ན་མེད་པའི་བྱང་ཆུབ་སྟེར་བར་མཛད་པས་ན་ བཟང་མོ་ཞེས་བྱའོ། །དེ་ལ་རྗེས་སུ་(འདུས་པའི་)ཆགས་པ་ཞེས་བྱ་བ་ནི་ཉིན་མཚན་དུ་སེམས་ ཀྱིས་དེ་ཉིད་ལ་དམིགས་པའོ། །སོ་སོར་སྡུད་པ་ལ་སོགས་པས་དེ་དང་ལྷན་ཅིག་ཏུ་སེམས་རོ་ མཉམ་པ་ཉིད་གང་ཡིན་པ་དེ་འཇིག་རྟེན་ལས་འདས་པའི་དབང་ཞེས་བྱའོ། །ཕྱག་རྒྱ་ཆེན་མོ་ དེ་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཀྱི་སྣང་པ་ཙམ་(སྟེ་)ཞེས་བྱ་བ་ནི། འདིར་སྟོང་པ་ཉིད་ཀྱི་རང་ བཞིན་དུ་གྱུར་པའི་ཕྱིར་ཕྱག་རྒྱ་ཆེན་མོའི་གཟུགས་ནི་རང་གི་སེམས་ཀྱི་སྣང་པ་ཙམ་ཡིན་ གྱི། ཕྱི་རོལ་གྱི་དངོས་པོ་ནི་མ་ཡིན་ཏེ། རང་གིས་རང་ལ་སྣང་པར་གྱུར་པའི་ཕྱིར་རོ། །འོ་ན་ དེ་གང་ནས་འབྱུང་ཞེ་ན། རང་གི་ཡིད་ལས་སྐྱེས་པའི་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་དྲིན་གྱིས་ རང་གི་སེམས་ལས་སྐྱེས་པ་སྟེ། དཔེར་ན་རང་གི་གདོང་པ་མེ་ལོང་གི་གཟུག་བརྙན་དུ་རང་ ལ་སྣང་པར་འགྱུར་བ་བཞིན་དུ(ངེས་པ)འོ། །དེ་ལྟ་བུ་ཕྱག་རྒྱ་ཆེན་མོ་གང་ཡིན་པ་དེ་ལ་བླ་ན་ 1-1-342 མེད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར། ཁྱད་པར་དུ་གྱུར་པའི་རྣལ་འབྱོར་(དབང་པོ་མཆོག་ཏུ་གྱུར་)པ་ རྣམས་ཀྱིས་བསྟེན་པར་བྱའོ། །རྣལ་འབྱོར་པ་ལས་མ་གཏོགས་པ་གཞན་པ་གང་གིས་དེ་ལ་ བསྟེན་པར་བྱས་ཞེ་ན། གང་ལ་རྒྱལ་བ་མ་ལུས་སྲས་དང་བཅས་པ་སངས་རྒྱས་ཀྱིས་བསྟེན་ ཞེས་བྱ་བ་ནི། འདས་པའི་དུས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་ ལ་བསྟེན་པར་མཛད་ཞེས་བྱ་བའོ། །དེ་བསྟེན་པས་དོན་ཅི་འགྲུབ་ཞེ་ན། ཡེ་ཤེས་སྣང་པ་དེ་ ནི་རབ་ཏུ་རྒྱས་ནས་བདུད་དཔུང་གཡུལ་བཅས་མ་ལུས་བསྲེག་པར་བྱེད་ཞེས་བྱའོ། །འདིར་ སྦྱོར་བའི་ཡན་ལག་དྲུག་གིས་ཡེ་ཤེས་ཀྱི་འོད་ཟེར་(གྱི་སྐུ་)དེ་བཞེངས་པར་གྱུར་ན་ཡུལ་དང་ ཡུལ་ཅན་དང་བཅས་པའི་བདུད་ཀྱི་ཚོགས་སྲེག་པར་མཛད་དེ། (ཕྱི་ནང་གི་)དངོས་པོ་ཐམས་ ཅད་སྒྲིབ་པ་མེད་པར་མཛད་ཞེས་བྱ་བའི་དོན་ཏོ། །དེས་དོན་ཅི་འགྲུབ་ཞེ་ན། འདོད་ཆགས་ ལ་སོགས་རྣལ་འབྱོར་རྣམས་ཀྱི་ལུས་ལ་མཉམ་པའི་བདེ་སྟེར་རྣལ་འབྱོར་ལས་སོ་ཞེས་བྱ་བ་ ནི། ཡེ་ཤེས་ཀྱི་འོད་ཟེར་དེས་བདུད་ཀྱི་རང་བཞིན་དུ་གྱུར་པ་ཕུང་པོ་རྣམས་སྒྲིབ་པ་མེད་པར་ མཛད་ནས་དཔྲལ་བ་ནས་བྱང་ཆུབ་ཀྱི་སེམས་འཛག་པར་མཛད་དེ། བྱང་ཆུབ་ཀྱི་སེམས་དེ་ མར་བྱུང་པའི་དུས་སུ་(མར་བྱོན་གྱི་)དགའ་བ་བཞི་སྟེར་བར་མཛད་དོ། །དེ་ནས་རྡོ་རྗེ་རྩེ་ནས་ ཡར་ལོག་པའི་དུས་སུ་(ཡར་གཤེགས་)མཆོག་ཏུ་མི་འགྱུར་བའི་རྒྱུ་མཐུན་པ་ལ་སོགས་པའི་ འབྲས་བུ་བཞི་ནི་ལོ་ཡི་སྦྱོར་བས་སྟེར་བར་མཛད་ཞེས་བྱའོ། ༼༡༢དང་རྐང་པ་༡༽ ། ད་ནི་(བཅུ་གསུམ་ པ་)ཤེས་རབ་ཡེ་ཤེས་ལ་སོགས་པས་དབང་བཞི་པའི་མཚན་ཉིད་དང་སེམས་འོད་གསལ་བ་ (ལ་)འཇུག་པ་ནི་དྲི་མ་མེད་པའི་འགྲེལ་པ་ལས་གསལ་བར་བསྟན་པའི་ཕྱིར་འདིར་མ་བཀྲལ་ ལོ་ཞེས་བྱ་བའོ། ། ༈ འདིར་འཇིག་རྟེན་ལས་འདས་པའི་དབང་གི་བསྒྲུབ་པ་གསལ་བར་བརྗོད་པར་བྱ་ སྟེ། དབང་ལ་སོགས་པ་ཐོབ་པས་ནི། དེ་ཙམ་གྱིས་ནི་བྱ་བ་ཀུན། །རྫོགས་པ་མིན་ཞིང་བསོད་ 1-1-343 ནམས་དང༌། །ཡེ་ཤེས་ཚོགས་ནི་བསག་པ་དགོས། །རྒྱུ་དེ་བས་ན་རྣལ་འབྱོར་པས། །(རྒྱུ་ སྨིན་བྱེད་ཀྱི་)མངོན་པར་དབང་ནི་ཐོབ་མ་ཐག ། འཇིག་རྟེན་(པའི་)བྱ་བ་(ཐམས་ཅད་)དོར་ནས་ནི། ། གཉིས་མེད་ཡེ་ཤེས་བསྒོམ་པར་བྱ། །དེ་ཡང་ཕྱག་རྒྱ་ཆེན་མོ་(མཆོག་ཏུ་མི་འགྱུར་བ་)ཡི། །དངོས་ གྲུབ་འགྲུབ་ཕྱིར་བསྒྲུབ་པ་ནི། །(གང་བྱ་ན་)སྦྱོར་བའི་ཡན་ལག་དྲུག་པོ་ཡིས། །རྣལ་འབྱོར་པས་ ནི་བསྒྲུབ་པར་བྱ། །དེ་ལ་དང་པོར་རྣལ་འབྱོར་པས། །ལུས་ངག་སེམས་དང་འཕོ་བ་ཡི། །བདེ་ ལ་ལྟོས་པ་མེད་པར་(དབེན་གསུམ་)ནི(བསྟེན་པར)། །བྱས་ནས་སེམས་ནི་བསྒྲུབ་པར་བྱ། ། ༈ དེ་ལ་(འབྱོར་ལྡན་གཞི་གཅིག་ཏུ་སྡོད་པའི་གནས་རང་)ཁྱིམ་དུ་རྣལ་འབྱོར་པས། །ཡང་ན་(ཀུན་ སྤངས་ཡུལ་ཀུན་ཏུ་རྒྱུ་བའི་གནས་)ཕུག་གི་གནས་སུ་ནི། །སོ་སོར་སྤོང་པའི་ཡན་ལག་གིས། །དུ་བ་ལ་ སོགས་སྒྲུབ་པར་བྱ། །སྣ་ཚོགས་གཟུགས་ཀྱི་བར་དུ་ནི། །སོ་སོར་སྤོང་པ་བསྒོམ་པར་བྱ། །ཉི་ ཚེ་པ་ཡི་ཕུང་པོ་རྣམས། །དང་པོར་འགག་པར་འགྱུར་བ་སྟེ། །དེ་ལ་ཡེ་ཤེས་ཕུང་པོ་ནི། །དང་ པོར་རེ་ཞིག་དག་པར་འགྱུར། །དེ་ཡི་དབང་གིས་རྣལ་འབྱོར་པས། །(འབྲས་བུ་)ཚིག་གི་མཆོག་ སོགས་སྟེར་བར་འགྱུར། །དེ་ནས་སྟོང་ཉིད་གཟུགས་དེ་ནི། །ཁམས་གསུམ་པོ་ཡི་བདག་ ཉིད་མཐོང༌། །དཔེར་ན་རྨི་ལམ་སྒྱུ་མ་བཞིན། །སེམས་ཀྱིས་སོ་སོར་སྣང་པའོ། །སོ་སོར་སྤོང་ པའི་བསྒོམ་པ་ནི། །དངོས་མེད་ནམ་མཁའ་ལ་ཡིན་ཏེ། །རྣམ་རྟོག་བསྒོམ་པ་བྲལ་བའི་ཕྱིར། ། བསྒོམ་པ་དེ་ཉིད་བསྒོམ་མིན་པའོ། །བསྒོམ་པ་དེ་ཉིད་དངོས་པོ་ནི། །གང་ཞིག་མཐོང་འགྱུར་ དངོས་པོ་མིན། །འདས་དང་མ་འོངས་ད་ལྟར་གྱི། །དངོས་པོ་མ་བརྟགས་མཐོང་ཕྱིར་རོ། །དེ་ བས་སོ་སོར་སྤོང་པ་ཡི། །བསྒོམ་པ་རྣམ་རྟོག་བསྒོམ་པ་མིན། །དེ་བཞིན་དབང་མདོར་བསྟན་ པ་ལས། །མེད་པའི་གཟུགས་ལ་བསྒོམ་པ་ནི། །རྣལ་འབྱོར་རྣམས་ཀྱི་བསྒོམ་དེ་མིན། །སྟོང་ པར་མ་བརྟགས་མཐོང་པའི་ཕྱིར། །སེམས་ལ་དངོས་དང་དངོས་མེད་མིན། །ཇི་ལྟར་མེ་ལོང་ པྲ་ལས་ནི། །དངོས་མེད་ལས་སྐྱེས་བུ་མོས་མཐོང༌། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། ། 1-1-344 འདས་དང་མ་འོངས་ཆོས་དེ་བཞིན། །དངོས་པོ་དེ་ཡིས་དངོས་ཡོད་མིན། །དངོས་པོས་སྟོང་ པའི་དོན་ཡོད་ཕྱིར། །རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས། །ཞེས་པ་ལ་སོགས་པ་གསུངས་སོ། ། དེ་བཞིན་གསང་པ་འདུས་པ་ལས། །དངོས་མེད་བསྒོམ་པ་དངོས་པོ་ནི། །བསྒོམ་པར་བྱ་བ་ བསྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མིན་པས། །དེ་བས་བསྒོམ་པ་ཐོབ་མི་འགྱུར། །ཞེས་ བྱ་བ་འདི་གསུངས་པའོ། ། ༈ དེ་ལྟར་སྟོང་གཟུགས་མཉམ་ཉིད་ནི། །རྣལ་འབྱོར་པ་ཡིས་ཤེས་ནས་སུ། །ཕྱི་ནས་ དེ་ཉིད་རྣམ་ལྔ་པའི། །བསམ་གཏན་ཡན་ལག་གཉིས་པ་བསྒོམ། །བྱ་བ་ཐམས་ཅད་དོར་ ནས་སུ། །(སྟོང་)གཟུགས་དེ་ཉིད་ལ་བལྟ་བར་བྱ། །ནམ་མཁར་མཐོང་པའི་ཆོས་རྣམས་ལ། ། སེམས་འཇུག་པ་ནི་ཤེས་རབ་ཡིན། །དེ་བཞིན་(དུ་རྟོག་པ་)དེ་ཡི་དངོས་པོ་ནི། །རྣལ་འབྱོར་ པས་ནི་གཟུང་པར་བྱ། །དེ་ནས་རྣམ་པར་དཔྱོད་པ་ནི། །དངོས་པོ་འཛིན་པར་འཐད་པའོ། ། དེ་ནས་དངོས་པོ་ཐམས་ཅད་ལ། །སེམས་འཇུག་པ་ནི་དགའ་བའོ། །དེ་ནས་གཡོ་མེད་བདེ་ བ་ནི། །དངོས་ཀུན་བདེ་བ་ཕུན་སུམ་ཚོགས། །དེ་ལྟར་བསམ་གཏན་རྣམ་བཅུ་ནི། །གཟུང་ དང་འཛིན་པའི་དབྱེ་བར་འགྱུར། །སོ་སོར་སྤོང་དང་བསམ་གཏན་གྱིས། །དེ་ལྟར་བསྙེན་པའི་ ཡན་ལག་བརྗོད། ། ༈ དེ་ནས་ཡན་ལག་གསུམ་པ་ཡིས། །རྣལ་འབྱོར་པས་ནི་སྲོག་རྩོལ་བྱ། །གཡས་དང་ གཡོན་པའི་རྩ་གཉིས་ཀྱི། །ལམ་དགག་དབུས་མར་འབབ་པར་བྱ། །དབུས་མར་སྲོག་ནི་ ཞུགས་ནས་སུ། །ས་སོགས་དཀྱིལ་འཁོར་བཅུ་པོ་ནི། །གཡས་པ་དང་ནི་གཡོན་པ་ཡི། །རྩ་ལ་ རྟག་ཏུ་དགག་པར་བྱ། །དེ་ཡང་འགྲོ་དང་འོང་པའི་ཕྱིར། །རྣམ་པ་བཅུ་རུ་ཤེས་པར་བྱ། །(ཉི་ ཟླ་རྩ་)ལམ་གཉིས་འབྱུང་འཇུག་རྫོགས་ནས་སུ། །ས་སོགས་དཀྱིལ་འཁོར་(བུམ་པ་ཅན་དུ་)དགག་ པའི་ཕྱིར། །འཛིན་པ་རྣམ་པ་བཅུ་པའོ། །དེ་ལྟར་ཡན་ལག་གཉིས་ཀྱིས་ནི། །ཉེ་བའི་སྒྲུབ་པ་ 1-1-345 བརྗོད་པའོ། ། ༈ དེ་ནས་ཡན་ལག་ལྔ་པ་ནི། །རྣལ་འབྱོར་པས་ནི་བལྟ་བར་བྱ། །དབུས་མའི་རྩ་ལ་ གཏུམ་མོ་ནི། །འབར་བར་རྣལ་འབྱོར་པ་ཡིས་མཐོང༌། །དེ་ཡང་སེམ་སོགས་གནས་སྐབས་ ཀྱི། །དབྱེ་བས་རྣམ་པ་བཅུར་འགྱུར་རོ། །སེམས་ནི་བསྒྲུབ་པར་གྱུར་པའི་ཕྱིར། །བསྒྲུབ་པའི་ ཡན་ལག་གསུམ་པའོ། ། ༈ དེ་ནས་རྣལ་འབྱོར་པ་ཡི་སེམས། །རྟག་ཏུ་མཉམ་པར་བཞག་པའོ། །དེ་ནས་ཏིང་ངེ་ འཛིན་གྱིས་ནི། །མཆོག་ཏུ་མི་འགྱུར་བདེ་ཐོབ་པའོ། །ཕྱི་ནས་རྣལ་འབྱོར་པ་ལ་ནི། །བྱ་བ་ ཐམས་ཅད་རྫོགས་འགྱུར་ཏེ། །ཏིང་འཛིན་ཡན་ལག་དྲུག་པ་ནི། །བསྒྲུབ་པ་ཆེན་པོར་བརྗོད་ པའོ། ། ༈ དེ་བཞིན་གསང་འདུས་རྒྱུད་ཕྱི་ལས། །བསྙེན་དུས་གཙུག་ཏོར་ཆེན་པོ་ཡི། །གཟུགས་ སུ་འབད་དེ་རྣམ་པར་བསྒོམ། །ཉེ་བར་བསྒྲུབ་པའི་དུས་སུ་ནི། །བདུད་རྩི་འཁྱིལ་པ་ཡི་ནི་ གཟུགས། །བསྒྲུབ་པ་ལ་ནི་ལྷ་ཡི་གཟུགས། །རྣལ་འབྱོར་འདོད་པས་བསྒྲུབ་པར་བྱ། །བསྒྲུབ་ པ་ཆེན་པོའི་དུས་སུ་ནི། །སངས་རྒྱས་གཙོ་བོ་བདག་པོའི་གཟུགས། །ཞེས་བྱ་བ་ནི་གསུངས་ པའོ། །དེ་ལ་དགོངས་པའི་སྐད་ཀྱིས་ནི། །གཙུག་ཏོར་གཟུགས་ནི་སངས་རྒྱས་གཟུགས། མ་ ལུས་ཁམས་གསུམ་པ་ཡིན་ཏེ། ། ནམ་མཁའ་ཆོས་ཀྱི་འབྱུང་གནས་སུ། །སེམས་ནི་བཀོད་ནས་བསྒོམ་པར་བྱ། །བསམ་ གཏན་ཡན་ལག་གཉིས་པ་ཡིས། །དེ་ཉིད་མི་གཡོ་བ་རུ་བྱ། ། ༈ དེ་ལ་བཅོམ་ལྡན་འདས་ཀྱིས་ནི། །དམ་བཅའ་བ་ནི་མཛད་པ་སྟེ། །བསམ་པ་ཐམས་ ཅད་དོར་ནས་སུ། །ཉིན་མཚན་གཅིག་ནི་(ནམ་མཁར་)བརྟག་པར་བྱ། །དེ་ལ་(ལམ་མ་ནོར་པའི་) རྟགས་ནི་མ་བྱུང་ན། །དེ་ལྟར་(སངས་རྒྱས་)ང་ཡིས་སྨྲས་པ་བརྫུན། །དེ་ལ་དུ་བ་ལ་སོགས་ཀྱི། ། 1-1-346 མཚན་མ་(སྟེ་རྟགས་)ཡིད་ཆེས་ཡིན་འགྱུར་གྱི། །སྔགས་ལ་སོགས་པའི་མཚན་མ་ནི། །ཉིན་ མཚན་གཅིག་གིས་མ་ཡིན་ཏེ། །དེ་ལ་རྣལ་འབྱོར་པ་ཡིས་ནི། །རང་གི་ཉམས་སུ་མྱོང་འགྱུར་ ཕྱིར། །སྔོན་དུ་དུ་བ་མཐོང་ཡིན་ཏེ། །དེ་ནས་སྨིག་རྒྱུ་ལ་སོགས་སོ། །དེ་ལྟར་ཡན་ལག་གཉིས་ ཀྱིས་ནི། །སྣ་ཚོགས་གཟུགས་ནི་བརྟན་པོར་འགྱུར། ། ༈ དེ་ཚེ་རྣལ་འབྱོར་པ་ལ་ནི། །མངོན་ཤེས་ལྔ་ནི་སྐྱེ་བར་འགྱུར། །དེ་ནས་སྲོག་དང་རྩོལ་ བ་ཡིས། །དབྱུང་པ་དང་ནི་དགང་པ་གཉིས། །དོར་ནས་བུམ་པར་བྱེད་པ་ནི། །དབུས་མར་ རྣལ་འབྱོར་པ་ཡིས་བྱ། །སྲོག་རྩོལ་བ་ཡིས་དག་གྱུར་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ བསྟོད། །གཟུང་པ་དང་ནི་འཛིན་པའི་སེམས། །སྟོང་ཉིད་གཟུགས་ལ་འཇུག་གྱུར་ན། །བདུད་ དང་ཉོན་མོངས་རང་བཞིན་ནི། །རྣལ་འབྱོར་པས་ནི་ཉམས་པར་བྱེད། །རྟོག་པ་ཐམས་ཅད་ བྲལ་བ་ཉིད། །སེམས་ཀྱིས་གཟུགས་ལ་འཁྱུད་གྱུར་ན། །དེ་ཚེ་ལུས་ལ་རྣལ་འབྱོར་པས། ། འོད་ཟེར་ཁ་དོག་ལྔ་པར་སྤྲོ། །དེ་ནས་གཟུང་དང་འཛིན་པ་ཡི། །སེམས་ནི་གཅིག་པ་ཉིད་ གྱུར་ན། །མཆོག་ཏུ་མི་འགྱུར་བདེ་བ་ནི། །རྣལ་འབྱོར་པ་ལ་སྐྱེ་བར་འགྱུར། །ཏིང་ངེ་འཛིན་ གྱིས་དག་གྱུར་ན། །ལོ་གསུམ་དང་ནི་ཕྱོགས་གསུམ་གྱིས། །དབང་བཅུ་ལ་སོགས་དང་ལྡན་ པའི། །རྣལ་འབྱོར་པར་ནི་སྐྱེ་བར་འགྱུར། །དེ་ལྟར་སྟོང་ཉིད་ཏིང་འཛིན་ནི། །མཆོག་ཏུ་མི་ འགྱུར་བདེ་ཡིན་གྱིས། །འཇིག་རྟེན་པ་ལ་གྲགས་པ་ཡི། །ཡེ་མེད་པ་ནི་མ་ཡིན་ནོ། ། ༈ དེ་ལྟར་རྫོགས་པའི་རིམ་པ་ཡི། །སྦྱོར་བའི་ཡན་ལག་དྲུག་གིས་ནི། ཕྱག་རྒྱ་ཆེན་མོའི་ (མཆོག་གི་)དངོས་གྲུབ་ནི། །གྲུབ་འགྱུར་(མཚན་བཅས་)བསྐྱེད་པའི་རིམ་པས་(འགྲུབ་པ་)མིན། །དེ་ བས་རྣལ་འབྱོར་པ་ཡིས་ནི། །རྣམ་རྟོག་(མཚན་མའི་)དྲ་བ་དོར་ནས་སུ། །(བསྐྱེད་རྫོགས་ཟུང་དུ་བསྒོམ་ པའི་)སྦྱོར་བའི་ཡན་ལག་དྲུག་གིས་ནི། །རྟོག་མེད་(སངས་རྒྱས་)སེམས་ནི་བསྒྲུབ་པར་བྱ། །ཞེས་ པའོ། །དཀའ་འགྲེལ་པད་མ་ཅན་ལས་དབང་བསྐུར་བའི་ལེའུ་ཡི་གོ་སླའི་བཤད་པའོ།། །། 1-1-347 ༈ ད་ནི་(འགྲེལ་ཆེན་)དྲི་མ་མེད་པའི་འོད་(རྒྱས་པ་)ལས་(འགྲེལ་པ་)མ་བཤད་པའི་ཚིགས་ བཅད་(སྐབས་འདི་ན་བཞི་བཅུ་ཡོད་པ་ལས་འདིར་)དགུ་ནི་རྒྱས་པར་(བཤད་པར་)བྱ་སྟེ། (དང་པོར་གསུམ་ལས་) གང་ཞིག་ཞེས་བྱ་བ་ལ་སོགས་པ་ལ། འདིར་མི་རྣམས་ཀྱི་སྙིང་ཁའི་གནས་སུ་གྱུར་པ(འི་སེམས་ ཀྱི་འཆར་ཚུལ་)དང༌། རྣ་བས་ཐོས་པར་གྱུར་པའི་སྒྲ་དེ་དང་སེམས་སྦྱར་(བསྒོམས་)ན་(སྒྲ་)སེམས་རོ་ མཉམ་པ་ཉིད་དུ་འགྱུརཏེ། སེམས་དང་སྲོག་གི་རླུང་རོ་གཅིག་ཏུ་གྱུར་ནས་མཆོག་ཏུ་མི་འགྱུར་ བའི་བདེ་བ་འབྱུང་པར་འགྱུར་ཞེས་པའི་དོན་ཏོ། །གཞན་ཡང་དེའི་དབང་གིས་ལྐོག་ཏུ་གྱུར་ པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ནི་རྣལ་འབྱོར་པས་ཐོས་པར་འགྱུར་བའོ། །དེ་བཞིན་དུ་ རྣམ་པར་ཤེས་པ་རིང་པོར་གནས་པ་ཡང་རྣལ་འབྱོར་པས་བསྒོམས་པས་ཤེས་པར་འགྱུར་ བའོ། །དེ་བས་ན་བཅོམ་ལྡན་འདས་ཀྱི་ཐུགས་དང་སྙན་ཇི་ལྟ་བར་འགྱུར་བ་དེ་བཞིན་དུ་རྣལ་ འབྱོར་པས་(མངོན་ཤེས་)བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། ༼༢༩༽ ། ༈ གལ་ཏེ་རྣལ་འབྱོར་པས་བསྒོམ་པའི་དུས་སུ་བཟའ་བ་ལ་སོགས་པ་མ་རྙེད་པ་དེ་ལྟ་ ན་ནི་སེམས་མ་ཟིན་(ཏེ་ཏིང་ངེ་འཛིན་གྱི་ཟས་མ་རྙེད་)པའི་བར་དུ་གང་གིས་འཚོ་བར་བྱ་ཞེ་ན། (དཀྱིལ་ དཀྲུང་བཅིང་པར་)བྱས་ཞེས་བྱ་བ་ལ་སོགས་པ་ལ། འདིར་(གཉིས་ལས། བདུད་རྩི་ལྕེ་སྦྱོར་གྱིས་ཇི་ལྟར་བཏུང་ པ་ལ་གསུམ་ལས། ལུས་ནི་)རྣལ་འབྱོར་པས་རྡོ་རྗེ་དཀྱིལ་དཀྲུངས་བཅིང་པར་བྱས་ཏེ་ཁ་ཅུང་ཟད་ ཕྱེ་བ་དང་སོ་རྣམས་ཕན་ཚུན་དུ་ནི་རེག་པ་མིན་པར་བྱས་ཏེ། (ངག་ནི་)དེ་ནས་ཕྱི་རོལ་གྱི་རླུང་ རྣམས་བཀུག་ནས་བདུད་རྩི་ཅུང་ཟད་འཛག་པ་དང་ལྷན་ཅིག་ཏུ། ལྟེ་བའི་དབུས་སུ་རབ་ཏུ་ གཞུག་པར་བྱས་ཀན། (འབྱུང་པའི་ཕན་ཡོན་ནི་)གམཆོག་གི་ལུས་ལ་ཡང་དག་འགགས་ནས་ཡང་ དག་རྡུང་པ་དང་ནི་ལྟོགས་དང་དུག་རྣམས་(ངེས་པར་)འཇོམས། །ཞེས་བྱ་བའོ། །(སེམས་ནི་) ཁཡང་ན་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཐིག་ལེ་དཀར་པོ་གཡོན་སྐོར་དུ་དབྱངས་ཡིག་ བཅུ་དྲུག་གིས་ཡོངས་སུ་བསྐོར་བ་བསམས་ནས་བདུད་རྩི་འཛག་པར་བྱེད་པ་བསྒོམ་པར་ 1-1-348 བྱས་ན་དོན་དེ་ཉིད་དུ་བྱེད་ཞེས་བྱའོ། ༼༣༠༽ ། ༈ ཕྱི་རོལ་གྱི་རྫས་(དངུལ་ཆུ་ལ་སོགས་པའི་བཅུད་ལེན་)ལས་མ་གཏོགས་པར་རྣལ་འབྱོར་པ་ རྣམས་ཀྱིས་ཚེ་བསྒྲུབ་པ་ཇི་ལྟར་བགྱི་ཞེ་ན། ཁ་ཞེས་བྱ་བ་ལ་སོགས་པ་ལ། འདིར་(གཉིས་ལས། སྲོག་ཐུར་དབུས་མར་ཇི་ལྟར་བཅིང་པ་ལ་གསུམ་ལས། ལུས་ནི་)རྣལ་འབྱོར་པས་ཙོག་པུའི་འདུག་སྟངས་ཀྱིས་ སྟན་ལ་འདུག་སྟེ། ཁ(འི་མཆུ་བཙུམས་ཏེ་སོ་)བསྡམ་པར་བྱས་ནས་(ངག་ནི་)སྣ་བུག་གཉིས་ཀྱིས་ ཅིག་ཆར་དུ་ཕྱི་རོལ་(དུ་སོང་པ་དག་)གྱི་རླུང་(རྣམས་མཐའ་དག་)བཀུག་ལ་ཐུར་སེལ་གྱི་རླུང་འོག་ཏུ་ བསྡམ་པར་བྱའོ། །དེ་ལྟར་(ཐུན་བཞི་ལ་སོགས་པ་)རྒྱུན་མ་ཆད་པར་བྱས་ན་མ་འོངས་པའི་དུས་སུ་ (རྣལ་འབྱོར་)གོམས་པའི་དབང་གིས་གཡས་པ་(དང་)གཡོན་པ་དང་དབུས་མར་རོ་མཉམ་པ་ཉིད་ དུ་འགྱུར་ཏེ། དེའི་དབང་གིས་བཟའ་སོགས་བཀྲེས་ཉེན་སྐོམ་པ་ལུས་ཀྱིས་འཇོམས་ཤིང་ འཆི་བ་མེད་ཉིད་སྟེར་བར་བྱེད། །ཞེས་པ་ནི་དོན་དེ་ལྟ་བུ་གྲུབ་པར་འགྱུར་ཞེས་བྱ་བའོ། ༼༣༡༽ ། ༈ དེ་བཞིན་དུ་གལ་ཏེ་རྣལ་འབྱོར་པས་(ཚེ་གཟུགས་ལྟ་བའི་ཞར་ལ་ནོར་)རྫས་(འགྲུབ་)འདོད་ པར་གྱུར་པ་དེ་ལྟ་ན་ནི་དེ་བསྒྲུབ་པའི་ཐབས་ཇི་ལྟ་བུ་བགྱི་ཞེ་ན། རང་གི་གྲིབ་མ་ཞེས་བྱ་བ་ ལ་སོགས་པ་ལ། འདིར་རྣལ་འབྱོར་པས་(སྤྲིན་མེད་པའི་སྣང་བ་ལ་གནས་)ཉི་མ་ལ་(ས་ནི་གཞན་དུ་ཕྱོགས་ ཏེ་)རྒྱབ་སྟན་ནས་མདུན་དུ་གནས་པའི་རང་གི་གྲིབ་མ་ལ་ཁྱེངས་པའི་ལྟ་བས་དུས་ཁ་ཅིག་གི་ བར་དུ་བལྟ་བར་བྱས་ལ་(ཕྱི་ནས་)ནམ་མཁའ་ལ་(ནི་མངོན་དུ་)བལྟ་བར་བྱ་སྟེ། བལྟས་པས་དེའི་ དབང་གིས་ནམ་མཁའ་ལ་(སྐྱེས་བུའི་གྲིབ་གཟུགས་དང་རོ་མཉམ་པའི་)ཡན་ལག་ལ་སོགས་པ་དང་ལྡན་ པར་གྱུར་པ་དང༌། དུ་བའི་ཁ་དོག་(སོགས་བཞིན་)དུ་གྱུར་པའི་སྐྱེས་བུ་མཐོང་ངོ༌། །དེ་ལྟར་(རྣལ་ འབྱོར་པ་)ཟླ་བ་དྲུག་གི་བར་དུ་(གོམས་པར་)བསྒོམས་ན་ས་ལ་གནས་པའི་གཏེར་གྱི་བུག་པ་(རྣམས་ ནས་གཏེར་ནི་)སྟོན་པར་བྱེད་(པ་སྟེ་མཐོང་པར་འགྱུར་རོ་)དོ། །ཡང་ན་(ལྗོན་)ཤིང་གི་གྲིབ་མའི་རྩར་ 1-1-349 (ནི་རབ་ཏུ་ཞུགས་ཏེ་)འདུག་ནས་ནི་(ནམ་མཁའི་མཐིལ་དུ་)ཐིག་ལེའི་(ཕྲེང་པའི་)ཚོགས་ནམ་མཁའ་ལ་ བལྟས་ན་(མཐོང་སྟེ་)དོན་དེ་ཉིད་དུ་བྱེད་དོ། །ཞེས་བྱ་བའོ། ༼༣༣༽ ། ༈ ད་ནི་(འཁོར་བའི་)གྲོང་ཁྱེར་(ལས་)གཞན་ལ་འཇུག་པ་བསྟན་པར་མཛད་དེ། (སྲོག་གི་) ནུས་པ་གང་ཞིག་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལྟེ་བའི་འཁོར་ལོ(འི་དབུས་ན་གནས་པ་) ལས་སྲོག་གི་རླུང་ལངས་ནས་ཉིན་མཚན་དུ་གཡས་པ་དང་གཡོན་པ་ལས་ལན་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱའི་བར་དུ་འགྲོ་བ་དང་འོང་པར་བྱེད་དེ། དེ་ཉིད་སྔོན་དུ་བརྗོད་པའི་རིམ་པས་ གཡས་པ་ལ་(དང་པོར་རྒྱུ་བ་ས་རླུང་)སོར་བཅུ་གཉིས་ཀྱི་(མཐའི་)བར་དུ་ཕྱི་རོལ་ཏུ་བྱུང་ནས་ལྡོག་ ཅིང་གཡོན་པ་ལ་(དང་པོར་རྒྱུ་བ་ནམ་མཁའི་རླུང་ཆ་སྟེ)སོར་བཅུ་དྲུག་གི་བར་དུ་བྱུང་ནས་ལྡོག་པར་ འགྱུར་རོ། །སྲོག་གི་རླུང་དེ་ཉིད་(ནི་)སྲོག་རྩོལ་བས་ལྟེ་བ(འི་གནས་)ལ་བཟུང་ན་(དྲི་མེད་)ཀློག་ དང་འདྲ་(ཞིང་མཚུངས་)བར་གྱུར་པའི་དབྱུག་པའི་(གཟུགས་ཀྱི་)ཚུལ་གྱིས་ལྟེ་བ་ལས་(ཡང་དག་པར་) བསླང་ནས་སྙིང་ཁར་འགྲོ་ཞིང་སྙིང་ཁའི་(འཁོར་ལོའི་)ལྟེ་བ་ཕུག་ནས་མགྲིན་པ་དང་མགྲིན་པ་ ནས་དཔྲལ་བ་དང༌། དཔྲལ་བ་ནས་(འཁོར་ལོའི་མཐའ་རུ་སྟེ་)གཙུག་ཏོར་གྱི་བུག་གུའི་བར་དུ་འགྲོ་ སྟེ། དེར་ཕྱིན་ནས་(ཇི་སྲིད་སྟོབས་ཀྱིས་སྤྱི་གཙུག་ཕྱེ་ནས་ཕྱིའི་)ལྤགས་པ་(འབུགས་པར་བྱེད་པ་)དེ་ཁབ་(ཉིད་) ཀྱི་རྩེ་མོས་ལྤགས་པ་ཕུག་པ་བཞིན་དུ་ཕུག་ནས་འགྲོ་བར་བྱེད་དེ། ༼༣༤༽ ། ༈ དེའི་ཚེ་(དུས་དེར་)རྣལ་འབྱོར་པས་(རྩོལ་བ་དང་བཅས་)ཤིན་ཏུ་སྟོབས་ཀྱིས་འོག་ཏུ་གྱུར་ པའི་རླུང་སྟེང་(གི་ལམ་)དུ་(ཡང་དག་ཕུལ་བར་བྱས་པ་ཡིས་)གཏང་པར་བྱ་སྟེ། དེ་ལྟར་བྱས་ན་གཡས་པ་ དང་གཡོན་པའི་(ཟུང་གི་)རླུང་(རྣམས་)འགགས་ནས་(གཞན་གྱི་ལུས་ལ་འགྲོ་བར་འགྱུར་བ་ནི་)སྲོག་གི་རླུང་ དང་ལྷན་ཅིག་ཏུ་སེམས་གཙུག་ཏོར་གྱི་བུག་(པ་ངེས་པར་ཕུག་)པའི་ལམ་ནས་འགྲོ་བར་འགྱུར་རོ། ། དེ་ནས་དོན་ཅི་འགྲུབ་ཅེ་ན། དེ་ལྟར་རྡོ་རྗེ་མཐུ་ཡིས་ཡུལ་དང་ལྡན་པའི་ཡིད་(འཕོ་ཡུལ་སྣ་ཚོགས་ སྟོང་གཟུགས་བརྟན་པར་) ནམ་མཁའ་སྤྱོད་ཉིད་དུ་འགྲོ(བར་འགྱུར་བ་དང་)། གཞན་ཡང་རྣལ་འབྱོར་ 1-1-350 པས་ནི་མངོན་ཤེས་ལྔའི་རང་བཞིན་སྣ་ཚོགས་པའི་ཡུམ་འདིར་འགྱུར་རོ(རྡུལ་ཕྲན་ཆོས་ཉིད་ལ་ འདས་པ། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཕྱག་རྒྱ་ཆེན་མོ་ལ་ཕྱག་འཚལ། །སངས་རྒྱས་ ཐམས་ཅད་སྐྱེད་པའི་མ། །སྐྱེ་དང་འཇིག་པ་རྣམས་པར་སྤངས། །ཀུན་ཏུ་བཟང་མོའི་སྤྱོད་པ་སྟེ། །སྣ་ཚོགས་ཡུམ་ལ་ཕྱག་འཚལ་ ལོ)། །ཞེས་བྱ་བ་ནི། སྲོག་གི་ནུས་པ་དེས་རྣལ་འབྱོར་པ་རྣམས་ལ་མངོན་པར་ཤེས་པ་ལྔ་སྟེར་ བར་བྱེད་(པའི་རང་བཞིན་སྣ་ཚོགས་ཡུམ་ལ་འཕོ་)ཞེས་བྱ་བའོ། ༼༣༥༽ ། ༈ བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་སྟེར་བར་མཛད་པ་ཇི་ལྟ་བུ་ཡིན་ཞེ་ན། ཕྱག་རྒྱ་ཞེས་ བྱ་བ་ལ་སོགས་པ་ལ། བླ་ན་མེད་པའི་བྱང་ཆུབ་ལ་རྒྱས་བཏབ་པར་གྱུར་པའི་ཕྱག་རྒྱ་ནི་ཡོད་ པ་དང་མེད་པ་ལས་འདས་པར་གྱུར་པའི་ཕྱིར། སྒྱུ་མ་དང་(རྗེས་སུ་མཐུན་པའམ་)འདྲ་བར་ཤེས་ པར་བྱའོ། །དཔེར་ན་གཟུགས་གཅིག་པུ་ནི་མེ་ལོང་གི་ནང་དུ་མཐོང་པ་དང༌། སྔོན་གྱི་གནས་ ལ་གནས་པར་སྣང་པའོ། །ཕྱི་རོལ་གྱི་དངོས་པོ་དེ་ཉིད་མེ་ལོང་ལ་སྣང་པ་མ་ཡིན་ཏེ། རང་ ལ་གནས་པར་གྱུར་པའི་ཕྱིར་རོ། །དེ་ལས་མ་གཏོགས་པ་གཞན་ཡང་མ་ཡིན་ཏེ། དེ་ཉིད་ བཞིན་དུ་སྣང་པར་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པས་སྦྱོར་བའི་ཡན་ལག་དྲུག་ རྟག་ཏུ་བསྒོམས་པའི་དབང་གིས་རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པའི་སྟོང་པ་ཉིད་ཀྱི་ གཟུགས་ནི། ཕྱི་རོལ་ཏུ་ནམ་མཁའ་ལ་མཐོང་ཞིང་ནང་དུ་ཡིད་ཀྱི་དབང་པོས་ཀྱང་དེ་བཞིན་ དུ་མཐོང་ངོ༌། །དེ་བས་ན་ཕྱི་དང་ནང་དུ་སྣང་པར་གྱུར་པའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་པ་ལས་འདས་པར་གྱུར་པའི་ཕྱིར་རོ། །མེད་པའང་མ་ཡིན་ཏེ་ དབང་པོ་སོ་སོ་ལ་སྤྱོད་ཡུལ་གྱུར་པའི་ཕྱིར་རོ། །དེ་བས་ན་ཁྱད་པར་དུ་གྱུར་པའི་ཕྱིར། འཇིག་ རྟེན་གསུམ་སྣང་བྱེད་ཅིང་དྲི་མེད་གློག་འདྲ་འོད་ཟེར་དུ་མ་འཕྲོ་བར་བྱེད། །ཞེས་བྱ་བ་ནི་རྟེན་ དང་བརྟེན་པའི་རང་བཞིན་དུ་གྱུར་པའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཇི་ལྟ་བ་དེ་བཞིན་ དུ་བསྟན་པར་མཛད་པས་ན་འཇིག་རྟེན་གསུམ་པོ་(རྣམས་)སྣང་པར་མཛད་པ་ཞེས་བྱའོ། 369། འཁོར་བའི་བག་ཆགས་དང་བྲལ་བས་ན་དྲི་མ་མེད་པའོ། །འོད་གསལ་བའི་རང་བཞིན་དུ་ གྱུར་པས་ན་གློག་དང་འདྲ་(ཞིང་མཚུངས་ན་ཐ་དད་མེད་)བའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་ ལྔའི་རང་བཞིན་དུ་གྱུར་པས་ན་འོད་ཟེར་དུ་མ་འཕྲོ་བར་བྱེད་པ་ཞེས་བྱའོ། །དེ་གར་བཞུགས་ ཞེ་ན། ཕྱི་དང་ལུས་(རྣམས་)ལ་(ནི་ཐ་དད་མེད་པར་)ཞེས་བྱ་བར་གསུངས་སོ། །འོ་ན་གལ་ཏེ་ཕྱི་ དང་ལུས་ལ་གནས་པར་གྱུར་པ་དེ་ལྟ་ན་ནི་ཅིའི་ཕྱིར་སེམས་ཅན་རྣམས་ཀྱིས་མི་མཐོང་ཞེ་ན། ། ཡུལ་(དང་)བྲལ་ཞེས་བྱ་བར་གསུངས་ཏེ། ནམ་མཁའི་དབུས་སུ་མིག་གི་དབང་པོ་ལ་སོགས་ པས་སྟོང་པ་ཉིད་ཀྱི་དྲིན་གྱིས་ཡུལ་གཟུགས་ལ་སོགས་པ་དོར་བར་བྱེད་པའི་དུས་དེ་ལ་ཉི་མ་ དང་ཉི་མའི་འོད་ཟེར་བཞིན་དུ་ཕྱི་དང་ལུས་དབྱེར་མེད་པའི་ངོ་བོས་རྣལ་འབྱོར་པས་མཐོང་ པ་ཡིན་གྱི། གཟུང་པ་དང་འཛིན་པའི་འབྲེལ་པ་མ་ཆད་པའི་བར་དུ་ནི་མ་ཡིན་ནོ། །དངོས་ པོ་ཇི་ལྟ་བུ་ཡིན་ཞེ་ན། སྣང་པ་ཙམ་ཞེས་བྱ་བ་ནི་རྫས་ལས་འདས་པར་གྱུར་པའི་རྨི་ལམ་གྱི་ གཟུགས་བརྙན་དང༌། ཆུ་ཟླ་བཞིན་དུ་མཐོང་བའོ། །གང་དུ་མཐོང་ཞེ་ན། ནམ་མཁའ་ལ་ གནས་ཞེས་བྱ་བ་ནི། དཔེར་ན་དངས་པའི་མེ་ལོང་ལ་གཟུགས་བརྙན་མཐོང་པ་ཇི་ལྟ་བ་དེ་ བཞིན་དུ་སྤྲིན་མེད་པའི་ནམ་མཁའ་ལ་གནས་པར་མཐོང་པའོ། །ཅི་མཐོང་ཞེ་ན་སེམས་(ཀྱི་ གཟུགས་)ཞེས་བྱ་བ་ནི། བག་ཆགས་ཀྱི་དྲི་མ་ལས་འདས་པར་གྱུར་པའི་རང་གི་སེམས་(ཀྱི་སྟོང་ གཟུགས་)ཡིན་གྱི་གཞན་(གྱི་)ནི་མ་ཡིན་ནོ། །སེམས་ཀྱི་རང་བཞིན་དུ་གྱུར་པའི་སྟོང་པ་ཉིད་ ཀྱི་གཟུགས་དེ་གང་ནས་བྱུང་ཞེ་ན། སེམས་ལས་བྱུང་པ་ཞེས་བྱ་བ་ནི་དཔེར་ན། རྨི་ལམ་གྱི་ གནས་སྐབས་སུ་ཕལ་པའི་སེམས་ལས་བྱུང་པའི་ཁྱད་པར་དུ་གྱུར་པའི་དངོས་པོ་རྣམས་སོ་ སོར་སྣང་པ་ཇི་ལྟ་བ་དེ་བཞིན་དུ་འཁོར་བ་པའི་སེམས་ལས་བྱུང་བ་ཡིན་གྱི་གཞན་ལས་ནི་མ་ ཡིན་ནོ། །འོ་ན་གལ་ཏེ་སེམས་ལས་བྱུང་པ་ཡིན་པ་དེ་ལྟ་ན་ནི། ཕྱི་རོལ་ཏུ་ཇི་ལྟར་གནས་པར་ འགྱུར་ཞེ་ན། འགྲོ་བ་དུ་མ(འི་སེམས་ཀྱི་གཟུགས་)ལ་ནི་(སེམས་ཉིད་ཀྱིས་)འཁྱུད་པར་བྱེད་པ་དེ་གཅིག་ 1-1-351 གོ་ཞེས་བྱ་བ་ནི། དཔེར་ན་ཆུས་གང་(བར་གྱུར་)པའི་གྲངས་མེད་པའི་བུམ་པ་རྣམས་ཀྱི་ནང་དུ་ ཉི་མ་གཅིག་པུ་དུ་མར་སྣང་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། ཕྱག་རྒྱ་ཆེན་མོ་དེ་སེམས་ཅན་ ཐམས་ཅད་ཀྱི་སྙིང་ཁར་བཞུགས་པའོ། །རྟེན་དུ་མའི་དབང་གིས་དེ་ཡང་དུ་མར་མི་འགྱུརཏེ། དཔེར་ན་ཉི་མ་གཅིག་པུ་ནི་བུམ་པ་རེ་རེ་ལ་གཟུགས་བརྙན་དུ་གྱུར་པ་བཞིན་དུའོ། །འོ་ན་ གལ་ཏེ་རྟེན་དང་བརྟེན་པའི་འབྲེལ་པས་གནས་པར་གྱུར་པ་དེ་ལྟ་ན་ནི། རྟེན་མེད་པས་ བརྟེན་པ་མེད་པར་མི་འགྱུར་རམ་ཞེ་ན། བརྗོད་པར་བྱ་སྟེ། དེ་ལྟ་ན་ནི་མ་ཡིན་ཏེ། ཁྱབ་བྱ་ ཁྱབ་བྱེད་ཀྱི་ཚུལ་གྱིས་གནས་པ་ཡིན་གྱི། (བསྐྱེད་བྱ་སྐྱེད་བྱེད་ཀྱི་)རྟེན་དང་བརྟེན་པའི་འབྲེལ་པས་ ནི་མ་ཡིན་ནོ། །དཔེར་ན་ཉི་མ་གཅིག་པུ་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་གསལ་ བ་ཉིད་ཀྱིས་ཁྱབ་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། དེ་རང་བཞིན་ཉིད་ཀྱིས་ཁྱབ་པར་མཛད་ པ་ཞེས་བྱའོ། །དེ་ནི་གལ་ཏེ་རྟེན་དང་བརྟེན་པའི་འབྲེལ་པས་གནས་པ་དེ་ལྟ་ན་ཡང་སྐྱོན་མེད་ དེ། དཔེར་ན་བུམ་པ་ཉམས་པར་གྱུར་པས་ཉི་མ་ཉམས་པར་མི་འགྱུར་བ་དེ་བཞིན་དུ་འཁོར་ བའི་སེམས་ཉམས་པར་གྱུར་པས། མྱ་ངན་ལས་འདས་པའི་སེམས་མི་ཉམས་པར་ཤེས་པར་ བྱའོ། །དེ་བས་ན་རྟེན་དང་བརྟེན་པའི་འབྲེལ་པ་ནི་སེམས་དང་ཡེ་ཤེས་ལ་ཡིན་གྱི་ལུས་པོ་ལ་ སོགས་པ་ནི་མ་ཡིན་ནོ། །དེ་བས་ན་རང་གི་སེམས་སྣང་པར་གྱུར་པ་དང༌། འཇིག་རྟེན་གསུམ་ པོ་གསལ་བར་མཛད་པའི་ཕྱག་རྒྱ་ཆེན་མོས་ནི་བླ་ན་མེད་པའི་བྱང་ཆུབ་སྟེར་བར་མཛད་ཀྱི། (ཆད་པ་ལ་སོགས་པ་)ཉི་ཚེ་བ(འི་སྟོང་པ་)དང༌། རྣམ་པར་རྟོག་པའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ ཀྱི་ཕྱག་རྒྱ་དང༌། ལས་ཀྱི་ཕྱག་རྒྱ་ལ་སོགས་པས་ནི་མ་ཡིན་ནོ། ༼༣༦༽ ། ༈ དེ་ཉིད་བསྟན་པར་མཛད་དེ། སེམས་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་ བརྟགས་པའི་ཡེ་ཤེས་ཕྱག་རྒྱ་སྤང་ཞེས་པའོ། །འོ་ན་གལ་ཏེ་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ ཀྱི་ཕྱག་རྒྱ་དགག་པ་དེ་ལྟ་ན་ནི། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་དག་དགོས་པ་ཉིད་ 1-1-352 དུ་གསུངས་ཞེ་ན། བརྗོད་པར་བྱ་སྟེ། ཀའདིར་ལས་ཀྱི་ཕྱག་རྒྱ་དང་ཡེ་༡ཤེས་ཀྱི་ཕྱག་རྒྱའི་ ཁདངོས་པོ་གང་ཡིན་པ་དེ་འདོད་པ་ན་སྤྱོད་པའི་དངོས་གྲུབ་དང༌། ༢གཟུགས་ན་སྤྱོད་པའི་ དངོས་གྲུབ་བསྒྲུབ་པའི་ཕྱིར་ཡིན་གྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བསྒྲུབ་པའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་སྤང་བྱ་ཞིང༌། ། བརྟགས་པའི་ཡེ་ཤེས་ཕྱག་རྒྱ་ཡང༌། །མཆོག་ཏུ་མི་འགྱུར་རྣལ་འབྱོར་གྱིས། །ཕྱག་རྒྱ་ཆེན་ པོ་བསྒོམ་པར་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་སླར་ཡང་དེ་ཉིད་ལས། འདོད་པར་སྤྱོད་ པའི་དངོས་གྲུབ་ནི། །ལས་ཀྱི་ཕྱག་རྒྱས་བསྒྲུབ་པར་བྱ། །འོག་མིན་མཐུག་ཐུག་བར་དུ་ནི། ། ཡེ་ཤེས་ཕྱག་རྒྱས་གཟུགས་ཤེས་བྱ། །རྣལ་འབྱོར་ཆེན་པོ་ཀུན་མཁྱེན་ཉིད། །མི་འགྱུར་བདེ་ བ་སངས་རྒྱས་ཉིད། །ཕྱག་རྒྱ་ཆེན་མོའི་ཡན་ལག་ནི། །བསྒོམས་པས་བསྒྲུབ་བྱ་སྐྱེ་འདི་ཉིད། ། ཞེས་བྱའོ། །འདིར་ཡང་དོན་དེ་ཉིད་བསྟན་ཏེ། རྫོགས་པའི་བྱང་ཆུབ་རྒྱུ་རུ་མཆོག་གི་རྒྱལ་བ་ སྐྱེད་མཛད་ཕྱག་རྒྱ་བཟང་མོ་བསྒོམ་ཞེས་བྱའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། གོས་མེད་ཞེས་བྱ་བ་ ནི་རྟོག་པ(འི་དྲི་མ་)ཐམས་ཅད་ལས་འདས་པར་གྱུར་པས་ན་གོས་པ་མེད་པ་ཞེས་བྱའོ། །དུས་ ཐམས་ཅད་དུ་ནམ་མཁའ་བཞིན་དུ་འགྱུར་བ་མེད་པའི་ངོ་བོས་གནས་པས་ན་མི་འགྱུར་བའོ། ། མ་རིག་པའི་མུན་པ་དག་པར་མཛད་པས་ན་མུན་འཇོམས་ཞེས་བྱ་བའོ། །རྒྱུ་ལས་འདས་ པར་གྱུར་པས་ནམ་མཁའ(དང་མཚུངས་པར་)མཉམ་པའོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་ བསྟན་པར་མཛད་པས་ན། (ཀུན་ལ་)ཁྱབ་པ་མོ་ཞེས་བྱ་བའོ། །དེ་ཇི་ལྟར། ཤེས་པར་འགྱུར་ཞེ་ ན་རྣལ་འབྱོར་(རྣམས་)གྱིས་ནི་བགྲོད་(བྱ་བ་)ཞེས་བྱ་བ་ལ། རྣལ་འབྱོར་ཞེས་བྱ་བ་ནི་གཡས་པ་ དང་གཡོན་པ་གཉིས་ཁ་སྦྱར་བར་གྱུར་པའི་དབུ་མ་ཨ་བ་དྷུ་ཏི་སྟེ། དེ་བཞིན་དུ་སྲོག་དང་ཐུར་ སེལ་གྱི་སྦྱོར་བ་ནི་རྣལ་འབྱོར་དུ་བརྗོད་དོ། །གཞན་ཡང་ཆགས་པ་དང་ཆགས་པ་དང་བྲལ་ བ་རོ་མཉམ་པ་ཉིད་ནི་རྣལ་འབྱོར་རོ། །དེ་བཞིན་དུ་གོམས་པར་གྱུར་པའི་སོ་སོར་སྡུད་པ་ལ་ 1-1-353 སོགས་པའི་ཡན་ལག་དྲུག་ནི་རྣལ་འབྱོར་ཡིན་ལ། དེ་ཡིས་ཤེས་པར་འགྱུར་གྱིས། གཞན་པ་ གང་གིས་ཀྱང་(ནི་ཤེས་པ་)མ་ཡིན་ནོ། །དེ་གང་ན་གནས་ཞེ་ན། ལུས་ལ་གནས་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་(པའི་)ཞེས་བྱ་བའོ། །ངོ་བོ་ཇི་ལྟ་བུས་གནས་ཞེ་ན། ཡེ་ཤེས་གཟི་བརྗིད་ཞེས་བྱ་བ་ནི། ཤེས་པའི་ངོ་བོས་གནས་པ་ཡིན་གྱི་བེམ་པོ་ཉིད་ཀྱིས་ནི་མ་ ཡིན་ནོ། །གལ་ཏེ་རྣལ་འབྱོར་གྱི་སྟོབས་ཀྱིས་ནི་ཤེས་པར་གྱུར་པ་དེ་ལྟ་ན་ནི་དོན་ཅི་མཛད་ཅེ་ ན། སྲིད་པའི་དྲི་འཕྲོག་ཞེས་བྱ་བ་ལ། སྲིད་པའི་དྲི་མ་ནི་འཁོར་བའི་བག་ཆགས་ཡིན་ལ། དེ་ འཕྲོག་(ཅིང་འཇོམས་)པར་མཛད་པས་ན་སྲིད་པའི་དྲི་(མ་)འཕྲོག་(ཅིང་འཇོམས་)ཞེས་བྱ་བའོ། །དེའི་ དངོས་པོ་ཇི་ལྟ་བུ་ཡིན་ཞེ་ན། དུས་ཀྱི་འཁོར་ལོས་རིག་ཞེས་བྱ་བ་ནི། སྟོང་པ་ཉིད་དང་སྙིང་རྗེ་ དབྱེར་མེད་པའི་རང་བཞིན་དུ་གྱུར་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ཡིན་གྱི། སྡུག་བསྔལ་གྱི་རང་བཞིན་དུ་གྱུར་པ་འཕོ་བ་དང་རྡུལ་ཕྲ་རབ་ཀྱི་བདག་ཉིད་ནི་མ་ཡིན་ནོ། ། དེ་ལྟར་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་མོ་གང་ཡིན་པ་དེ། བཅོམ་ལྡན་འདས་ཀྱིས་ཐེག་ པ་ཆེན་པོ་བཀའ་གསང་སྔགས་ལས་མ་གཏོགས་པ་གར་ཡང་མ་བསྟན་ཏེ། དེ་བས་ན་སྔགས་ ཀྱི་ཐེག་པ་ནི་ཁྱད་པར་དུ་གྱུར་བའོ།། ༼༣༧༽ ཅིའི་ཕྱིར་ཞེ་ན། བསྟན་པར་མཛད་དེ། རྣམ་ཤེས་ཞེས་བྱ་བ་ལ་སོགས་པ་ལ་འདིར་བྱེ་ བྲག་ཏུ་སྨྲ་བའི་གཞུང་ལ་སྔོན་དུ་བརྗོད་པའི་རིམ་པས། མདོ་སྡེ་པ་སུན་དབྱུང་པར་མཛད་ དེ། སྔོན་པོ་ལ་སོགས་པའི་དངོས་པོ་སྨྲ་བར་འདོད་པ་དེ་རྣམས་རྣམ་པར་ཤེས་པར་སྨྲ་བ་པོས་ སུན་དབྱུང་པར་བྱས་ལ། སྲིད་པ་གསུམ་པོ་ནི་རྡུལ་ཕྲ་རབ་(ཀྱི་དངོས་པོ་)ལས་འདས་(ཏེ་མེད་) པར་གྱུར་པ(ན)འི་རྣམ་པར་ཤེས་པ་(ཉིད་)ཙམ་དུ་འདོད་དོ། །དེ་རྣམས་ཀྱང་སེམས་(རྣམ་ཤེས་ ཉིད་)ལས་མ་གཏོགས་པར་གཞན་པ་དངོས་པོ་གང་ཡང་མི་འདོད་ཞེས་བྱ་བའོ། །དེ་རྣམས་ལ་ ཡང་གཅིག་དང་དུ་མས་རྣམ་པར་དཔྱད་པའི་རིགས་པས་དབུ་མ་པས་སུན་དབྱུང་པར་བྱེད་ 1-1-354 དོ། །(དེ་བཞིན་དུ་)དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་གྱི། (སྲིད་གསུམ་)གཅིག་དང་དུ་མའི་རང་ བཞིན་གྱིས་རྣམ་པར་དཔྱད་ན་མཚན་ཉིད་དང་བྲལ་བའི་(མེད་པ་)ནམ་མཁའི་མེ་ཏོག་དང་འདྲ་ བ་ཡིན་གྱི་རྣམ་པར་ཤེས་པ་ཙམ་(ཡང་)ནི་མ་ཡིན་(ཏེ་མེད་པ་ཡིན་)ནོ། །དེ་བས་ན་གཟུང་འཛིན་ ལ་སོགས་པ་ལས་འདས་པར་གྱུར་པའི་དངོས་པོ་ཐམས་ཅད་བེམ་པོའི་རང་བཞིན་དུ་འདོད་ པ་དེ་རྣམས་ཀྱི་བསམ་པ་ནི་དེ་ལྟར་ཡང་མ་ཡིན་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་བྲལ་ བའི་ཕྱིར་རོ། །དེ་ཉིད་བསྟན་པར་མཛད་དེ། སངས་རྒྱས་(ཉིད་)ཤེས་རབ་གང་ལའང་(ཅུང་ ཟད་ཀྱང་)གནས་(པ་ཡོད་པ་)མིན་ཞེས་ནི་སངས་རྒྱས་པ་རྣམས་ཚིག་ནི་སྟོན་པར་འགྱུར་ཞེས་བྱ་ བ་ནི། སངས་རྒྱས་ལ་རྣམ་པ་ཐམས་ཅད་དུ་ཤེས་པའི་ངོ་བོ་ནི་མེད་དེ། གལ་ཏེ་སངས་རྒྱས་ ཤེས་པའི་རང་བཞིན་ཡིན་པ་དེ་ལྟ་ན་ནི་ཤེས་བྱ་སྔོན་དུ་འགྲོ་བ་ནི་ཤེས་པའོ། །ཤེས་པ་དང་ ཤེས་བྱ་གཉིས་ནི་གཟུང་འཛིན་གྱི་རྟོག་པ་ཡིན་གྱི། སྟོང་པ་ཉིད་ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་ སངས་རྒྱས་ཀྱི་ཤེས་རབ་དངོས་པོ་གང་ལ་ཡང་མི་གནས་ཞེས་བྱ་བར་ཕྱོགས་བཟུང་ནས་ སྟོང་པ་ཉིད་བསྒྲུབ་པར་འདོད་དེ། (མི་རྣམས་ཀྱིས་)དངོས་པོ་གང་ཡང་མ་གྲུབ་པའི་སྟོང་པ་ཉིད་ ཀྱིས་བསྒོམས་པ་དེས་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་བྲལ་བའི་བེམ་པོའི་རང་བཞིན་ དུ་གྱུར་པའི་སྟོང་པ་དེ་(ཉིད་)རྣམས་སུ་(བཟུང་པ་ན་ནི་བདེ་སྟོང་གཉིས་མེད་དུ་མི་)འགྱུར་བའོ། །རྒྱུ་དེའི་ ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་གསང་སྔགས་ཀྱི་ཐེག་པ་ལས་འཕོ་བ་མེད་པའི་ལྷན་ཅིག་ སྐྱེས་པའི་བདེ་བའི་སྐུར་བསྟན་ཏོ། །དེ་ཕྱིར་གཙོ་བོས་གང་ཞིག་འཕོ་མེད་ལྷན་ཅིག་སྐྱེས་པའི་ བདེ་སྐུ་སྔགས་ཀྱི་ཐེག་པར་བསྟན་ཞེས་བྱ་བའོ།། ༼༣༨༽ ༈ དེ་བཞིན་དུ་རྣལ་འབྱོར་པས་(སྤྱོད་པ་)བྱ་བ་གང་ཡིན་པ་དེ་ལ་དགོས་པ་དང་མི་རྒོས་ པའི་མཚན་ཉིད་ཤེས་ནས་(སྤྱོད་པ་སྤྱད་པས་)བྱ་བ་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་པ་ནི་བསྟན་ པར་མཛད་དེ། (ཉིན་མཚན་དུས་སུ་)ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་འདིར་བཅོམ་ལྡན་འདས་ 1-1-355 ཀྱིས། ཉིན་མཚན་(དུས་སུ་)བཞིན་དུ་ལས་ཀྱི་ཕྱག་རྒྱའི་(བསྟེན་པ་)བསྙེན་པ་གང་གསུངས་པ་དེ་ མཆོག་ཏུ་མི་འགྱུར་བའི་བདེ་བ་འགྲུབ་(པ་བསྒོམ་)པའི་ཕྱིར་(རང་དོན་དུ་བཤད་པ་)ཡིན་གྱི། (འདོད་ ཆགས་སྤྱད་པས་)བདེ་བ་ཉམས་པར་འགྱུར་(ཏེ་ཟད་)བའི་ཕྱིར་(རང་དོན་དུ་)ནི་མ་ཡིན་ནོ། །དེ་བཞིན་ དུ་(སྔགས་པ་རྣམས་ཀྱི་)ཆང་ནི་ཡིད་དམ་གྱི་ལྷ་དང་ཕུང་པོ་རྣམས་ཚིམ་པར་བྱ་བའི་(ཕྱིར་)གསུང་གི་ རྡོ་རྗེའི་བཏུང་པ་ཡིན་གྱི་(ངེས་པར་)བསྙོན་པར་བྱེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་བཞིན་དུ་(ཉིན་ ཞག་སོ་སོའི་དུས་སུ་)གཙང་པ་དང་མི་གཙང་པ་ལ་སོགས་པའི་ཟས་(ཀྱི་བཟའ་བ་ཐམས་ཅད་)ཟ་བ་ནི་ ཕུང་པོ་རྣམས་འཚོ་བའི་ཕྱིར་ཡིན་གྱི་(མི་འཇུ་བའི་རྒྱུར་སོང་ནས་)མ་ཞུ་བའི་ནད་ཀྱི་ཕྱིར་ནི་མ་ཡིན་ ནོ། །གཞན་ཡང་མཚན་མོའི་དུས་སུ་(དཔལ་ལྡན་)དུར་ཁྲོད་དུ་(སྐོར་ཞིང་)འགྲོ་བ(འི་སྤྱོད་པ་)གང་ ཡིན་པ་(བྱེད་པ་)དེ་དངོས་གྲུབ་ཐོབ་པའི་ཕྱིར་ཡིན་གྱི་རྩེ་བ་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ། ། དེ་བས་ན་བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་སྤྱོད་པ་གང་གསུངས་པ་དེ་ཐམས་ཅད་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པའི་ཕྱིར་ཡིན་གྱི་འཁོར་བར་འཁྱམ་ པའི་ཕྱིར་ནི་མ་ཡིན་ནོ།། ༼༤༢༽ ༈ ད་ནི་དུ་བ་ལ་སོགས་པའི་རྟགས་བཅུ་གང་ཡིན་པ་དེ་སེམས་ཅན་རྣམས་ཀྱི་གནས་ སྐབས་དང་མཐུན་པར་མཛད་དེ། (སེམས་དང་ཟེར་)བསམ་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ སེམས་ཅན་རྣམས་ལ་གལ་ཏེ་འདོད་ཆགས་ཀྱིས་སེམས་གདུང་པར་གྱུར་པ་དེ་ལྟ་ན་ནི། དང་ པོར་དེ་ཉིད་(སེམས་པ་དག་)ཀྱི་བསམ་པ་སྐྱེ་བར་འགྱུར་ཏེ། དེ་ནས་དེ་ཉིད་ལ་(འདོད་པའི་)ཞེན་པ་ དང༌། ཞེན་པ་དེའི་དབང་གིས་ལུས་པོ་(ཡན་ལག་)ཚ་བ་སྐྱེ་བ་དང༌། ཚ་བའི་དབང་གིས་ཁ(འི་ པད་མ་ཞལ་མཆོག་རབ་ཏུ་)སྐམ་པར་གྱུར་པ་དང༌། དེ་ནས་བཟའ་བ་(བའི་ཟས་མི་ཞིམ་པ་)དང་བཏུང་ པར་མི་འདོད་དེ་སེམས་ལ་ཡུལ་འདོད་ཆགས་སུ་གྱུར་པའི་ཕྱིར་རོ། །དེ་ནས་དེའི་དབང་གིས་ ལུས་པོ་འདར་བར་གྱུར་པ་དང༌། སྨྱོ་བ་དང་དྲན་པ་མེད་པ(འི་རྨོངས་པར་འགྱུར་བ་)དང་ཡིད་(ནི་ 1-1-356 སྐམ་པར་)འཁྲུལ་པར་གྱུར་པ་དང༌། (རབ་ཏུ་)ཤིན་ཏུ་བརྒྱལ་བ་(ལྟར་འགྱུར་པ་)སྟེ། གནས་སྐབས་ བཅུའི་འདོད་ཆགས་ཀྱི་དབང་གིས་སེམས་ཅན་རྣམས་ལ་སྐྱེ་བ་དེ་བཞིན་དུ་(རྡོ་རྗེ་ཅན་གིས་)རྣམ་ པར་མི་རྟོག་པ་བསྒོམས་པའི་དབང་གིས་རྣལ་འབྱོར་པ་རྣམས་ལ་དུ་བ་ལ་སོགས་པའི་རྟགས་ (རྣམ་པ་བཅུ་པོ་རྣམས་རབ་ཏུ་གསལ་བར་)སྐྱེ་བར་འགྱུར་རོ། །དེ་ནས་བསམ་པ་ལ་སོགས་པའི་དབང་ གིས་འདོད་ཆགས་དེ་གསལ་པོར་གྱུར་པ་(སྲོག་ཆགས་ལུས་ཀྱི་གནས་སྐབས་)དེ་ཇི་ལྟ་བ་དེ་བཞིན་དུ། (འཇིག་རྟེན་དུ་ནི་དེ་རྣམས་ཡིད་བསྲུབས་པ་ལས་རྒྱལ་བ་གང་དང་གང་འདོད་ངེས་པར་རབ་དུ་འབྱུང་ནི་)དུ་བ་ལ་སོགས་ པའི་རྟགས་ཀྱིས་རང་གི་སེམས་ཀྱིས་སོ་སོར་སྣང་པའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་ འདས་རྡོ་རྗེ་ཅན་གྱི་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་རྣལ་འབྱོར་པ་རྣམས་ཀྱིས་ (ལུས་ཀྱི་ནང་དུ་)མཐོང་ངོ༌། །དོན་དམ་པར་དེ་ལ་འབྲེལ་པ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན་འདོད་ པའི་ལྷ་དང་བཅོམ་ལྡན་འདས་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ཉིད་བསྟན་པར་མཛད་དེ། བསམ་པ་འདོད་དང་ཡན་ལག་རིམ་སྐྱེས་ཁ་མཆོག་པད་མ་སྐམས་ཏེ་བཟའ་བ་ལྡོག་པ་དང༌། ། སྔང་དང་བསྙོ་བ་རྨོངས་པར་གྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་དྲག་ཏུ་བརྒྱལ་བ་ནི། །རྡོ་ རྗེ་ཅན་གྱིས་དུ་བ་ལ་སོགས་རྣམ་པ་བཅུ་སྟེ་གསལ་ཡིན་སྲོག་ཆགས་རྣམས་ལུས་གནས་ སྐབས་སོ། །འཇིག་རྟེན་དག་ཏུ་ཡིད་བཙིར་བྱེད་ཀྱི་དེ་རྣམས་བརྗོད་དེ་རྒྱལ་བ་གང་ལ་འདོད་ པ་དེ་གང་ཡིན། །ཞེས་བྱ་བའོ། ༼༤༦༽ ། ༈ ད་ནི་ཕྱི་རོལ་ཏུ་དྲང་པའི་དོན་གྱིས་བཟའ་བ་ལ་སོགས་པའི་དམ་ཚིག་གང་ཡིན་ པ་དེ་ངེས་པའི་དོན་གྱིས་ནང་དུ་བསྟན་པར་མཛད་དེ། གང་ཞིག་ཞེས་བྱ་བ་ལ་སོགས་པ་ ལ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་(གང་ཞིག་)ལ་གཏུམ་མོ་ འབར་བའི་དབང་གིས་དཔྲལ་བར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་(དཀར་པོ་)ལས་ཤུ་ཀྲའི་རྒྱུན་ (རྣམས་ཉིན་མཚན་དག་ལ་)འཛག་པ་གང་ཡིན་པ་དེ་བདག་གི་ཆང་(སྟེ་)ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་ 1-1-357 པའི་དགའ་བ་སྟེར་བར་བྱེད་པ་ཆང་(བཏུང་པ་)ཡིན་གྱི། (ཆང་གཞན་)མྱོས་པར་བྱེད་པ་ཕྱི་རོལ་གྱི་ ཆང་ནི་(ཅུང་ཟད་ཀྱང་)མ་ཡིན་ནོ། །དེ་བཞིན་དུ་དྲང་པའི་དོན་གྱིས་གོ་ཀུ་ལ་སོགས་པ་ཤའི་ཟ་ བ་གང་ཡིན་པ་དེ་ངེས་པའི་དོན་གྱིས་ལྷའི་མིག་ལ་སོགས་པ(ཉིན་མཚན་སོ་སོར་འཕྲོག་པ)ས་སྟོང་ པ་ཉིད་ཀྱི་གཟུགས་མཐོང་པ་ཡིན་གྱི་(ཤ་གཞན་)སྲོག་བཅད་པ་ལས་བྱུང་པའི་ཤ་ནི་མ་ཡིན་ནོ། ། དེ་བཞིན་དུ་༡༽དྲི་༣༽ཆེན་ལ་སོགས་པའི་བདུད་རྩི་ལྔ་༢༽ཕྱི་རོལ་ཏུ་(ཟ་བ་)༤༽གང་ཡིན་པ་དེ་ ནང་དུ་(བསྙེན་པ་དག་ལ་)འཛག་པ་མེད་པའི་རང་བཞིན་དུ་གྱུར་ན་(རང་རིགས་ས་གནས་པ་)རྣམ་པར་ སྣང་ལ་སོགས་པའི་ལྷ(རྣམ་པར་དག་པའི་སྐུ)འི་རང་བཞིན་དུ་འགྱུར་(བ་ནི་བདུད་རྩི་ལྔ་རྣམས་བསྟེན་པ་ཡིན་) གྱི་ཁྱི་ལ་སོགས་པས་ཟ་བར་གྱུར་པའི་མི་གཙང་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དྲང་པའི་དོན་ གྱིས་ལས་ཀྱི་ཕྱག་རྒྱ་ལ་གང་བསྟེན་པ་སྟེ། ངེས་པའི་དོན་གྱིས་སྟོང་པ་ཉིད་ཀྱི་གཟུགས་ལ་ སེམས་(ནི་)ཞུགས་ནས་(རང་བཞིན་སྟོང་པར་)རོ་མཉམ་པ་(བདེ་བས་ཁྱབ་པ་)ཉིད་ནི་འཁྲིག་པ་ཡིན་གྱི། (སྐྱེ་གནས་ལ་)དབང་པོ་གཉིས་ཡང་དག་པར་སྦྱོར་བ་ནི་མ་ཡིན་ནོ། ༼༤༧༽ ། ༈ དེ་བཞིན་དུ་དྲང་པའི་དོན་གྱིས་ནོར་ལ་སོགས་པ་བཏང་པ་ནི་སྦྱིན་པར་གང་བརྗོད་ པ་དེ་ངེས་པའི་དོན་གྱིས་(ཏིང་ངེ་འཛིན་)ཡིད་ཀྱི་དོན་གྱི་འཕོ་བ(འི་ནོར་རྣམས་)དོར་བ་(ཡིན་)སྟེ། སེམས་མི་འཕོ་བའི་རང་བཞིན་དུ་གྱུར་པ་(ལ་ཡིད་རྩེ་གཅིག་)ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ (རྗེས་དྲན་)བུད་མེད་རྣམས་ལ་རྣམ་པ་ཐམས་ཅད་དུ་རེག་པར་མི་བྱེད་པ་ནི་མ་ཡིན་ཏེ། (བུད་མེད་) ལས་ཀྱི་ཕྱག་རྒྱའི་(དང་ནི་འདུས་པའི་)སྦྱོར་བ་ལས་ཀྱང་(སེམས་མི་འཛག་པའི་)ཚངས་པར་སྤྱོད་པ་ནི་ ཚུལ་ཁྲིམས་ཡིན་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་དུ་མི་འཕོ་བ་ཞེས་བྱ་བའི་དོན་དོ། ། དེ་བཞིན་དུ་(འཛིན་པ་)སྙན་པ་དང་མི་སྙན་པའི་སྒྲ་སོགས་(རྣམས་)ལ་(སེམས་མི་འཇུག་པར་)ཆགས་ སྡང་མི་སྐྱེ་བ་ནི་བཟོད་པ་ཡིན་ཏེ། སྟོབས་མེད་པའི་བཟོད་པ་ནི་བཟོད་པ་མ་ཡིན་ནོ། །དེ་ བཞིན་དུ་(སྲོག་རྩོལ་)གཡས་དང་གཡོན་པའི་སྲོག་གི་(རླུང་)ལམ་གཉིས་(ནས་རླུང་རྒྱུ་བ་)ཉམས་(ཅིང་ 1-1-358 འཇིག་)པར་བྱེད་པའི་ཕྱིར་ནི་རྩོལ་བ་བྱེད་པ་གང་ཡིན་པ་དེ་བརྩོན་འགྲུས་ཡིན་གྱི་དུས་ཐམས་ ཅད་དུ་འགྲོན་པོར་འཁྱམ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་(བསམ་བརྟན་)མཆོག་ཏུ་མི་འགྱུར་བའི་ (ལྷན་ཅིག་སྐྱེས་)བདེ་བའི་རང་བཞིན་དུ་གྱུར་པའི་སེམས་ཀྱི་བསྒོམ་པ་ནི་བསམ་གཏན་ཡིན་གྱི། སྡུག་བསྔལ་སྟེར་བར་བྱེད་པ་རྟོག་(རྟའི་)པའི་རང་བཞིན་དུ་གྱུར་པ(འི་རླུང་)ནི་མ་ཡིན་ནོ། །དེ་ བཞིན་དུ་(སོར་སྡུད་འགྲོ་བ་ཀུན་གྱི་སེམས་ལ་སོགས་པ་)དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང་ སེམས་ཅན་ཐམས་ཅད་ཀྱི་སྐད་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་ཤེས་པ་ (དག་)ནི་ཤེས་རབ་ཡིན་གྱི། འཇིག་རྟེན་པའི་བྱ་བ་ཤེས་པ་ནི་མ་ཡིན་ནོ། །དེ་ལྟར་དྲང་པའི་ དོན་དང་ངེས་པའི་དོན་གྱིས་དོན་འདི་ལྟ་བུར་གྱུར་པའི་རྣལ་འབྱོར་པ་གང་གིས་ཤེས་པ་དེ་ལ་ (སེམས་ཅན་)རང་གི་དོན་ཕུན་སུམ་ཚོགས་པ་དང༌། རྫུ་འཕྲུལ་དང༌། སྲིད་པ་ཉམས་པ་དང་མི་སྐྱེ་ བ་ཐོབ་པར་འགྱུར་(བ་གཞན་མ་བཞི་རྣམས་སོ། །ཞེས་བྱ་)བའོ། ༼༤༨༽ ། ༈ ད་ནི་དབུགས་རྣམས་ཀྱི་རྣམ་པར་དག་པ་བསྟན་པར་མཛད་དེ། དབུགས་དེ་ཡང་ཇི་ ལྟ་བུ་ཡིན་ཞེ་ན། དང་པོའི་དབུགས་ཞེས་བྱ་བ་ལ་སོགས་པ་ལ། འདིར་མངལ་ནས་སྐྱེས་པའི་ བྱིས་པའི་དབུས་མ་ནས་དང་པོའི་དབུགས་(རྣམས་)གང་ཡིན་དེ་ཉིད་ཡུལ་དང་ཡོན་ཏན་གྱི་ དབྱེ་བས་རྣམ་པ་བརྒྱད་དུ་འགྱུར་ཏེ། དབུས་མ་དེ་འཆི་བ་དང་སྐྱེ་བར་བྱེད་པའི་རྒྱུར་འགྱུར་ བའི་ཕྱིར་རོ། །མཁའ་འགྲོ་མ་རྣམས་ཀྱིས་བསྐོར་ནས་གནས་པའོ། །དོན་དམ་པར་མཁའ་ འགྲོ་མ་དེ་རྣམས་གང་ཡིན་ཞེ་ན། དུ་བ་ལ་སོགས་པ་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་ རྣམས་ཀྱིས་ཀུན་ནས་བསྐོར་ནས་གནས་པ་ཞེས་བྱའོ། །(རྒྱུན་དུ་རྣམ་པ་)ལམ་གསུམ་དུ་(བཏང་ པར་)འགྱུར་བའི་དབུགས་དེའི་དབང་གིས་མ་ཤེས་པའི་སེམས་ཅན་རྣམས་ཀྱིས་འགྲོ་བ་དྲུག་ ལ་(གནས་པ་རྣམས་ལ་ཁྱབ་པས་)འཁོར་བར་བྱེད་དེ་ཞེས་བྱའོ། །འོ་ན་གལ་ཏེ་དབུགས་དེའི་དབང་ གིས་འཁོར་བར་འཁོར་བར་འགྱུར་བ་དེ་ལྟ་ན་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་གིས་ 1-1-359 སྟེར་ཞེ་ན། དེ་རྣམས་དབུས་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་བརྒྱད་ཀྱི་དབུས་སུ་(སྣ་ ཚོགས་)ཐིག་ལེ་དང་གཟུགས་ཀྱི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ (དག་པའི་སྐུ་ནི་བདུད་རྩི་ཆ་འཕྲོ་བ་ཡིས་མཁྱུད་པ་)བཞུགས་ཏེ། དང་པོའི་དབུགས་ཡོན་ཏན་དང་བྲལ་བ་ ཞེས་བྱའོ། །དེ་བས་ན་གང་གིས་འཁོར་བར་འཁོར་བར་བྱེད་པའི་དབུགས་དེ་རྣམས་བཅད་ ནས་སྟོང་པ་ཉིད་ཀྱི་སྟོབས་ཀྱིས་རྒྱལ་བའི་སྐུ་དབུས་མར་སྲོག་འཇུག་པར་བྱེད་པ་དེ་ཉིད་ དུས་ཀྱི་འཁོར་ལོའི་རང་བཞིན་དུ་འགྱུར་བ་ཉིད་དོ། །ཞེས་བྱ་བའོ།། ༼༦༤༽ ༈ དབུགས་དེ་ཇི་ལྟར་བཅད་ཞེ་ན། དབུགས་བཅད་ཞེས་བྱ་བ་ལ། འདིར་གཡས་པ་ དང་གཡོན་པ་དང་དབུས་མའི་རང་བཞིན་དུ་གྱུར་པའི་ལམ་གསུམ་འགགས་པར་བྱས་ན་ དབུགས་(འཕོ་བ་)འཆད་པར་འགྱུར་ཏེ། སྟེང་གི་ལམ་གསུམ་ལས་དབུགས་(འཕོ་བ་རེ་མོས་སུ་)མི་ འབབ་པར་འགྱུར་ན། འོག་ཏུ་དྲི་ཆེན་ལ་སོགས་པའི་ལམ་གསུམ་འགག་པར་འགྱུར་(བསད་ མཐར་ནི་རྣམ་པ་གསུམ་དང་འགྲོ་བ་དྲུག་པོ་འདི་ཡང་ཡོད་པ་མིན་པར་འགྱུར)རོ། །དེ་བཞིན་དུ་དབང་མདོར་ བསྟན་ལས། ཟླ་བ་ཉི་མའི་རྩ་འགགས་ན། །དྲི་ཆེན་དྲི་ཆུའི་རྩ་འགག་སྟེ། སྟེང་དུ་སྒྲ་གཅན་ རྩ་འགགས་ན། །འོག་ཏུ་ས་བོན་འབབ་མའོ། །ཞེས་བྱ་བ་གསུངས་སོ། །འོ་ན་ལམ་གསུམ་ པོ་དེ་འགགས་པས་དོན་ཅི་འགྲུབ་ཞེ་ན། ཐིག་ལེ་འགགས་པས་ཀུན་ནས་(ཁྱབ་བདག་)གཙོ་བོ་ (དམ་པ་)མཆོག་གི་བདེ་བ་མཐའ་ཡས་སྐལ་པར་འཕེལ་(ནས་གནས་པར་གྱུར་པ་ཡིས་)ཞེས་བྱ་བ་ནི་ འདིར་སྲོག་གི་རླུང་འགགས་པར་གྱུར་ན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་(འཕོ་བའི་འགྲོ་ལྡོག་རྣམས་) འགགས་པར་འགྱུར་ཏེ་ཐིག་ལེ་(འཕོ་བའི་འགྲོ་ལྡོག་)རྣམས་འགགས་པར་གྱུར་ན་མཆོག་ཏུ་མི་ འགྱུར་བའི་བདེ་བ་ཐོབ་པར་འགྱུར་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་གྱུར་ན། སྐྱེ་བ་དང་རྒས་པ་དང་འཆི་བ་ཟད་པར་མཛད་པའི་ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ཐོབ་པར་ འགྱུར་ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་ཐ་མ་སྡུག་བསྔལ་གྱི་རང་བཞིན་དུ་འགྱུར་བའི་འཁོར་བའི་ 1-1-360 བདེ་བ་སྤངས་ཏེ་མཆོག་གི་བླ་མའི་ཞལ་ནས་གསུངས་པའི་སྦྱོར་བ་ཡན་ལག་དྲུག་རྣལ་འབྱོར་ པས་བསྒོམ་པར་བྱའོ། །གཞན་ཡང་དཀའ་ཐུབ་ཀྱི་སྤྱོད་པ་དོར་ནས། སྤྱོད་པ་(དག་ནི་)སྒེག་ པའི་གཟུགས་དང་མཆོག་ཏུ་འཇིགས་(པར་)བྱེད་(པས་)རྣལ་འབྱོར་མ་རྣམས་དགྱེས་པ་(མིན་པ) འོ་ཞེས་བྱ་བའོ། ༼༦༥༽ ། ༈ ད་ནི་རྣལ་འབྱོར་གོམས་པའི་ངེས་པ་བསྟན་པར་མཛད་དེ། དབུས་མར་ཞེས་བྱ་བ་ལ་ སོགས་པ་ལ། འདིར་དབུས་མར་སྲོག་ནི་རབ་གཞུག་པ་དང་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་ པ་སྒྲིབ་པ་མེད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ཕྱིར། དང་པོར་རྣལ་འབྱོར་པས་ སོ་སོར་སྡུད་པ་དང་བསམ་གཏན་གྱི་རྣལ་འབྱོར་གྱིས་དབུས་མ་ཨ་བ་དྷུ་ཏིར་སྲོག་གཞུག་ པར་བྱས་ནས་དུ་བ་ལ་སོགས་པའི་མཚན་མ་གང་ཞིག་མཐོང་པར་གྱུར་པའི་བར་དུ་བསྙེན་པ་ བྱའོ། །དེ་ནས་སྲོག་རྩོལ་ལ་སོགས་(ཏེ་འཛིན་)པའི་རྣལ་འབྱོར་གཉིས་ཀྱིས་གཡོན་དང་གཡས་ དང་དབུས་མའི་རང་བཞིན་དུ་གྱུར་པའི་ལམ་གསུམ་ནས་རྒྱུ་བའི་རླུང་འགོག་པའི་ཉེ་བར་ བསྒྲུབ་(པས་གཏུམ་མོའི་མེ་འབར་)པ(ར)་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཞུ་བ་རྣམས་གསང་གནས་ སུ་འཛགས་པས་རྡོ་རྗེ་(ཡང་དག་)སད་པ་དང༌། ཕྱག་རྒྱ་ཆེན་མོ་རྡུལ་ཕྲ་རབ་ལ་སོགས་པ་དངོས་ པོ་རྫས་སུ་གྲུབ་པའི་ཡུལ་དང་རྣམ་པར་བྲལ་བའི་སྟོང་པ་ཉིད་ཀྱི་གཟུགས་བརྙན་སྣ་ཚོགས་ པའི་ཡུམ་ལ་རྗེས་སུ་ཆགས་པས་འཁྱུད་པའི་སྟོབས་ཀྱིས་(བྱང་ཆུབ་ཀྱི་སེམས་ཞུ་བ་རྣམས་)རྡོ་རྗེ་ནོར་ བུ་ནས་ཡར་ལོག་སྟེ། (ལུས་)མཆོག་ཏུ་བདེ་བར་གྱུར་པའི་དུས་དང༌། (སེམས་བདེ་སྟོང་)རྣམ་པར་ མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་རོ། །གལ་ཏེ་གཟུགས་ཀྱི་སྒོ་ནས་བདེ་བར་མ་ གྱུར་པ་དེ་ལྟ་ན། རྣལ་འབྱོར་པ་འཛིན་པ་ཐོབ་པའི་རང་གི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་མཚན་ཉིད་ དང་ལྡན་པའི་པད་མར་གཞུག་ཅིང་དལ་བུས་བྱང་ཆུབ་ཀྱི་སེམས་སྤྲོ་བ་དང་དེ་ཀ་བཞིན་དུ། གཡོན་ཟླ་བ་དང་གཡས་ཉི་མའི་རླུང་དབུས་སུ་རབ་ཏུ་གཞུག་(པ་བཅིངས་)པས་མ་ལྷུང་པར་ 1-1-361 བཟུང་ནས། ཇི་ལྟར་མར་བྱོན་པ་དེ་བཞིན་དུ་(ཀླུས་བསྐུལ་ཏེ་)ཡར་གཤེགས་པར་བྱའོ། །འོན་ ཏེ་ཤེས་རབ་མ་(རྒྱུད་ནས་བཤད་པའི་)མཚན་ཉིད་དང་ལྡན་པ་མ་རྙེད་པ་དེ་ལྟ་ན། (ཡེ་ཤེས་ཀྱི་ཕྱག་རྒྱ་ བསྒོམས་ནས་)རང་གི་ལག་པའི་པད་མས་བསྐྱོད་པས་བྱང་ཆུབ་ཀྱི་སེམས་ཞུ་བར་བྱ་སྟེ། བདེ་བ་ མི་འཛག་པའི་དོན་དུ་བྱ་ཡི་འཛག་པའི་བདེ་བའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་(མི་ཉམས་པ་དམ་ ཚིག་གི་ཕྱག་རྒྱ་ནི་)བདེ་བའི་ས་བོན་མ་ལྷུང་པ་ལས་ཤིན་ཏུ་འཛག་པ་མེད་པའི་བདེ་བར་གྱུར་པ་ འདི་ནི་(འཛིན་འདྲེན་གྱི་སྟོབས་ནུས་ཐོབ་པའི་)རྣལ་འབྱོར་པས་བྱ་བའི་རྣལ་འབྱོར་ཡིན་གྱི། (རྣལ་འབྱོར་) ལས་དང་པོ་པས་བྱ་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་འགྲེལ་ པ་དྲི་མ་མེད་པའི་འོད་ལས། ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་ པས་གྲུབ་པ་ཐོབ་པའི་བྱ་བ་མི་བྱའོ། །གྲུབ་པ་ཐོབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ་ ཞེས་གསུངས་སོ། །འོ་ན་རྣལ་འབྱོར་དེ་ཉིད་གོམས་པས་དོན་ཅི་འགྲུབ་ཞེ་ན། རྣལ་འབྱོར་ གྱི་སྟོབས་ཀྱིས་སྟེང་སྲོག་གི་རླུང་(འཕོ་བ་)འགགས་པར་ནུས་པ་དེ་ལྟ་ན། འོག་ཐུར་སེལ་གྱི་ རླུང་(འཕོ་བ་)འགགས་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་(འཛག་པའི་)འགག་ནུས་པར་འགྱུར་ ཏེ། ཐིག་ལེ་འགགས་པར་གྱུར་ན་སྐལ་པ་གྲངས་མེད་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་ ཐོབ་པར་དཀའ་བའི་མཆོག་ཏུ་མི་འགྱུར་བའི་བདེ་བ་གང་ཡིན་པ་དེ་རྣལ་འབྱོར་པ་རྣམས་ ཀྱིས། (ཐབས་ཀྱི་)རྡོ་རྗེ་དང་(ཤེས་རབ་ཀྱི་)པད་མའི་སྦྱོར་བས་ཐོབ་པར་སླ་བར་འགྱུར་བའོ། །(ལམ་) མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་གྱུར་པ་ན་(འབྲས་བུ་)སྐུ་བཞིའི་བདག་ཉིད་དུ་གྱུར་ པའི་སངས་རྒྱས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོར་མིའི་སྐྱེ་བ་འདི་ཉིད་ཀྱིས་ འགྱུར་བའོ། །རྒྱུ་དེའི་ཕྱིར་སེམས་ཅན་རྣམས་ལ་འཁོར་བའི་རྒྱུར་གྱུར་པ་དང༌། སྡུག་བསྔལ་ གྱི་རང་བཞིན་དུ་གྱུར་པ་དེ་རྣལ་འབྱོར་པ་རྣམས་ལ་མྱ་ངན་ལས་འདས་པའི་རྒྱུ་དང་མཆོག་ཏུ་ མི་འགྱུར་བའི་བདེ་བའི་རང་བཞིན་དུ་འགྱུར་རོ། །(ཡེ་ཤེས་ལེའུའི་ཕྲིན་ལས་ཀྱི་གོ་སླ་ལས། དུ་བ་ལ་སོགས་ 1-1-362 པ་བསྒྲུབ་པ་བྱས་ནས་འཆི་བའི་འཇིགས་བྱེད་དབུ་མ་དག་ནི་བསྒྲུབ་པར་བྱ། །སྲོག་རྩོལ་སོགས་ལ་བསྒྲུབ་པ་བྱས་ནས་རི་བོང་ འཛིན་དཀར་ཞུ་བའི་ཐིག་ལེ་རྣམས་ནི་རབ་བསྒྲུབ་བྱ། །འདོད་ཆགས་རྒྱུ་སོགས་རྣམས་ལ་བསྒྲུབ་པ་བྱས་ནས་རབ་མཆོག་ལྷ་དང་ མི་འགྱུར་རྣལ་འབྱོར་པས་བསྒྲུབ་བྱ། །དམ་པའི་བདེ་བ་བསྒྲུབ་པ་བྱས་ནས་ལྷན་ཅིག་སྐྱེས་པའི་རྒྱལ་བའི་སྐུ་ནི་ཀུན་འགྲོ་བསྒྲུབ་ པར་བྱ། །སེམས་ཅན་རྣམས་ལ་འཆི་སྟེར་གང་ཞིག་འཆི་བ་མེད་པར་ཀུན་གྱིས་གྲུབ་པའི་སྔགས་གྱིས་བྱིན་གྱིས་རླབས། །གང་ ཞིག་བགྲོད་པར་བྱ་མིན་འདོད་པའི་དངོས་གྲུབ་སྲིད་གསུམ་གནས་སུ་དེ་ཉིད་བསམ་བརྟན་ཉིད་ཀྱིས་ཐོབ། །ཡེ་ཤེས་གང་ཞིག་ རྙེད་དཀའ་དེ་འང་ངེས་པར་བདེ་བས་བྱིན་རླབས་རྡོ་རྗེ་པད་མར་རྙེད་པར་སླ། །དེ་ལྟ་བས་ན་དེ་བཞིན་རྡོ་རྗེ་ཅན་གྱིས་སྲོག་ཆགས་ རྣམས་ལ་རྒྱུན་དུ་བདེ་མཉམ་འབྲས་བུ་སྟེར། ཅེས་སོ། །)དོན་དེ་ཉིད་དཔལ་དོན་དམ་པའི་བསྙེན་པ་ལས། འདོད་ཆགས་གང་ཞིག་གིས་ནི་སེམས་ཅན་ལྷུང་གྱུར་པ། །དེ་ཉིད་ཀྱིས་ནི་རྣལ་འབྱོར་སྲིད་ པའི་ཕ་རོལ་བགྲོད། །དུག་གང་གིས་ནི་སེམས་ཅན་ཤི་བར་གྱུར་པ་ཡི། །དུག་སྔགས་ཤེས་ པས་དེ་ཉིད་ཀྱིས་ནི་ནད་འཕྲོག་བྱེད། །ཞེས་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ གསུངས་སོ། །དེ་ལྟར་ཕྱག་རྒྱ་བཞིའི་སྦྱོར་བས་བསྒྲུབ་པར་བྱ་བ་ཕྱག་རྒྱ་ཆེན་མོའི་དངོས་ གྲུབ་ཀྱི་དོན་དུ་བསྙེན་བསྒྲུབ་གྱི་གཙོ་བོ་མཆོག་ཏུ་གྱུར་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ ཤེས་ཀྱི་དཔལ་དང་ལྡན་པའི་བསྒྲུབ་པ་རྗེས་སུ་དྲན་པ་དང༌། བསྒྲུབ་པ་ཆེན་པོ་ཏིང་ངེ་འཛིན་ གྱི་རྣལ་འབྱོར་ནི་གསང་ཆེན་ལས་ཀྱང་(ཆེས་)ཤིན་ཏུ་གསང་ཆེན་དུ་གྱུར་པ་སྟེ། སྦ་བར་བྱ་བའི་ ངེས་པའོ། ༼༧༡༽ ། ༈ དེ་བས་ན་བླ་མའི་ཞལ་ལས་སྦྱོར་བ་ཡན་ལག་དྲུག་གིས་བླ་ན་མེད་པའི་བྱང་ཆུབ་ བསྒྲུབ་པར་འདོད་པའི་རྣལ་འབྱོར་པས་ལུས་པོ་དག་པར་བྱའོ། །ལུས་པོ་དག་པར་གྱུར་ན་ (སེམས་ཉིད་)སངས་རྒྱས་ཉིད་དང་མི་གནས་པའི་མྱ་ངན་ལས་འདས་པར་འགྱུར་རོ། །རྒྱུ་དེའི་ ཕྱིར་སེམས་ལས་མ་རྟོགས་པ་ཁམས་གསུམ་ལ་སངས་རྒྱས་གཞན་མེད་པར་བསྟན་པར་ མཛད་དེ། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ 1-1-363 སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པར་ཤེས་ནས་ཐོག་མ་མེད་པའི་འཁོར་བའི་སྡུག་ བསྔལ་ཆད་པར་གྱུར་པའོ། །ཡང་ན་དེ་རྣམས་ལ་སྨོད་པ་དང་སླུ་བ་ལ་སོགས་པ་བྱས་ན་ དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཟད་པ་མེད་པའི་དུས་ཀྱི་བར་དུ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་ཡོན་ཏན་དང་སྐྱོན་ཤེས་ནས་རྣམ་པར་མ་དག་པའི་སེམས་ཀྱིས་སྐྱེས་བུ་མཁས་པ་ དང་མི་མཁས་པ་རྣམས་ལ་བརྒལ་བར་མི་བྱའོ།། ༼༧༩༽ གཞན་ཡང་སེམས་ཅན་རྣམས་མ་གཏོགས་པར་བྱམས་པ་ལ་སོགས་པའི་རྣམ་པར་ཐར་ པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་རྫོགས་པར་མི་འགྱུར་རོ། །རྒྱུ་དེའི་ ཕྱིར་སེམས་ཅན་ཐམས་ཅད་ལ་གུས་པར་བྱ་བ་དང༌། མཆོད་པར་བྱ་བ་དང༌། ཡིད་དམ་གྱི་ལྷ་ བཞིན་དུ་བལྟ་བར་བྱའོ། །གཞན་ཡང་འགྲོ་བ་དྲུག་གམ་ཁམས་གསུམ་ན་གནས་པའི་སེམས་ ཅན་རྣམས་སེམས་ཞེ་སྡང་ལ་སོགས་པའི་རང་བཞིན་ཏེ། རྒྱུ་དེའི་ཕྱིར་སེམས་ཅན་རྣམས་ སུན་དབྱུང་པར་བྱས་ན་རང་གི་དོན་གྲུབ་པར་མི་འགྱུར་རོ་ཞེས་བྱའོ། །རང་གི་དོན་མ་གྲུབ་ པ་རྣམས་ལ་གཞན་གྱི་དོན་འགྲུབ་པར་མི་འགྱུར་ཏེ། རང་གི་དོན་བསྒྲུབ་པར་མི་འདོད་པའི་ སེམས་ནི་བདུད་ཀྱི་སེམས་ཡིན་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ནི་མ་ཡིན་ནོ། ། ༼༨༠༽ ༈ དེ་བས་ན་རང་གི་དོན་དང་གཞན་གྱི་དོན་ཉམས་པར་བྱེད་པ་པོ་ནི་བདུད་ཡིན་ཏེ། གཉིས་ཀ་བསྒྲུབ་པར་མཛད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེ་ལྟར་ཤེས་ ནས་གང་གི་ཚེ་བླ་ན་མེད་པའི་བྱང་ཆུབ་ལས་སེམས་ལྡོག་པ་དང༌། སེམས་ཅན་རྣམས་ལ་ ཞེ་སྡང་ལ་སོགས་པའི་རང་བཞིན་དུ་གྱུར་པ་ཤེས་ནས་སྐད་ཅིག་དེ་ཉིད་ལས་སྟོང་པ་ཉིད་ ལ་དམིགས་པ་དང༌། བྱམས་པ་ལ་སོགས་པ་ནི་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་ཉིད་ བསྟན་པར་མཛད་དེ། སྲིད་གསུམ་གནས་སུ་ཞེས་བྱ་བ་ལ་སོགས་པ་ཞེས་བྱའོ།། ༼༨༡༽ 1-1-364 ༈ དེ་བས་ན་སྟོང་པ་ཉིད་དང་བྱམས་པ་ལ་སོགས་པའི་བསྒོམ་པ་ལས་མ་རྟོགས་པར་ བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གཞན་མ་ཡིན་པར་བསྟན་པར་མཛད་དེ། གང་ཞིག་འཇིག་ རྟེན་ཁམས་ཀྱི་ཚད་ཞེས་བྱ་བ་ནི། འདིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་དང་དབྱིབས་ལ་ སོགས་པར་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་མ་ཡིན་ ཏེ། རྒྱུ་གང་གི་ཕྱིར་ཞེ་ན། བསོད་ནམས་ཀྱི་སྟོབས་དང༌། སྡིག་པའི་སྟོབས་ཀྱིས་འཇིག་རྟེན་ གྱི་ཁམས་རྒྱ་ཆེ་བ་དང་རྒྱ་ཆུང་པར་སྣང་པའི་ཕྱིར་རོ། །འོ་ན་གལ་ཏེ་འཇིག་རྟེན་གྱི་ཁམས་ དང་སེམས་ཅན་རྣམས་ལ་ཚད་མེད་པ་དེ་ལྟ་ན་ནི། སངས་རྒྱས་ལ་ཡོད་དམ་ཞེ་ན། སངས་ རྒྱས་རྣམས་ལ་ཞེས་བྱ་བ་ནི། འདིར་སངས་རྒྱས་ཀྱི་སྐུ་ལ་ཚད་མེད་དེ། ལྷན་ཅིག་སྐྱེས་པའི་ བདེ་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །འོ་ན་གལ་ཏེ་སེམས་ཅན་དང་སངས་རྒྱས་ལ་ དོན་དམ་པར་ཚད་མེད་པ་དེ་ལྟ་ན་ནི་ཅིའི་ཕྱིར། འཇིག་རྟེན་གྱི་ཁམས་ཀྱི་ཚད་གསུངས་ཞེ་ན། ཚད་ནི་སེམས་ཅན་ཞེས་བྱ་བ་ནི་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ ཁམས་ཀྱི་ཚད་གང་གསུངས་པ་དེ། ལས་ཀྱི་ས་ལ་གནས་པའི་སེམས་ཅན་གྱི་བསམ་པ་དང་ མཐུན་པར་བསྟན་པ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ནས་གལ་ཏེ་ཉིད་ཀྱིས་འདོད་ པ་དང༌། ང་རྒྱལ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་བརྗོད་ པར་མཛད་པ་དེ་ལྟ་ན་ནི། མུ་སྟེགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་ལ་ཁྱད་པར་ མེད་དེ། སེམས་ཅན་གྱི་བསམ་པ་ལས་མ་རྟོགས་པར་འདོད་པ་དང་ང་རྒྱལ་དང་མཐུན་པའི་ ཕྱིར་རོ།། ༼༨༢༽ ༈ དེ་བས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་མ་རྟོགས་པར་དོན་དམ་པར་བཅོམ་ ལྡན་འདས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བའི་ཕྱིར། གཞན་མའི་ལམ་ གང་ཞིག་ཀྱང་མ་བསྟན་ཏེ། རྒྱུ་དེའི་ཕྱིར་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དོར་ནས། 1-1-365 བེམ་པོའི་རང་བཞིན་དུ་གྱུར་པའི་སྟོང་པ་ཉིད་ཀྱི་སྟོབས་ཀྱིས་སྐུ་བཞིའི་བདག་ཉིད་དུ་གྱུར་ པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་མི་འགྱུར་བ་བསྟན་པར་མཛད་དེ། གང་གིས་ ཞེས་བྱ་བའི་ཚིགས་སུ་བཅད་པ་༼༨༣༽བཞིས་དེ་ལྟར་དོན་བསྟན་པར་མཛད་ནས། དཔེར་ བསྟན་པར་མཛད་དེ། སྔོན་བུའི་ཤིང་ལས། ཞེས་བྱ་བ་ལ་སོགས་པ་ལ། འདིར་དཔེར་ན་ སྔོན་བུའི་ཤིང་དང་ཏིག་ཏ་ལས་ཤིན་ཏུ་ཞིམ་པའི་རང་བཞིན་དུ་གྱུར་པའི་རྒུམ་འབྲུམ་མི་སྐྱེ་བ་ དང༌། མི་འཆི་བར་བྱེད་པའི་བདུད་རྩི་ནི་མྱུར་དུ་འཆི་བར་བྱེད་པའི་དུག་ལས་མི་སྐྱེ་བ་དང༌། རྒྱ་སྐྱེགས་ཀྱི་ཤིང་ལས་ཤིན་ཏུ་ཡིད་དུ་འོང་པའི་པད་མ་དང༌། བེམ་པོའི་སྟོང་པ་ལས་རབ་ཏུ་ མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་དང༌། སྲོག་གཅོད་པ་ལ་སོགས་པའི་མི་དགེ་ བའི་ལས་ལས་འཇིག་རྟེན་གྱི་དངོས་གྲུབ་བརྒྱད་དང༌། མཆོད་སྦྱིན་གྱི་དུས་སུ་ཕྱུགས་བསད་ པ་རྣམས་ལས་ནི་མཐོ་རིས་དང༌། དབང་པོ་རྣམས་འགགས་པ་ལས་མཆོག་ཏུ་མི་འགྱུར་བའི་ གོ་འཕང་དང༌། རིག་བྱེད་ལས་ནི་ཐམས་ཅད་མཁྱེན་པའི་གསུང་དུ་མི་འགྱུར་བ་ཇི་ལྟ་བ་དེ་ བཞིན་དུ། མི་རྟག་པའི་དང་མ་དག་པའི་སེམས་ལས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེ་བར་ མི་འགྱུར་ཞེས་བྱའོ།། ༼༨༤༽ ༈ དེ་བས་ན་སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་མི་དགེ་བའི་ལས་དང་སྡུག་བསྔལ་ མྱོང་པར་མི་གང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབ་པར་ མི་འདོད་པ་དེའི་སེམས་ནི་བདུད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་བར་ཤེས་པར་བྱའོ་མི་ བདག་ཀྱེ། འོ་ན་བདུད་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ལ་བར་ཆད་ཅིའི་ཕྱིར་བྱེད་ཞེ་ན། བསྟན་པར་མཛད་ཏེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི། དེའི་ཕྱིར་མ་འོངས་པའི་དུས་སུ་ དེ་རྣམས་ཀྱི་སེམས་ནི་བདུད་རྣམས་ཀྱིས་འཁོར་བར་འཁྱམ་པར་བྱེད་པའི་ལས་ལ་འཇུག་ པར་བྱེད་ཞེས་བྱ་བའོ། །དེ་ནས་གལ་ཏེ་སེམས་ཅན་རྣམས་ལ་ཕན་ཐོགས་པའི་རང་བཞིན་དུ་ 1-1-366 གྱུར་པའི་བསོད་ནམས་ཀྱི་ཚོགས་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པར་ འདོད་པ་དེ་ལྟ་ན་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཡིས་བྱིན་གྱིས་ བརླབས་པ་ཡིན་ཞེས་བྱའོ། །རྒྱུ་གང་གི་ཕྱིར་བཟའ་བ་དང་བསྲུང་པའི་དམ་ཚིག་གིས་(ཉོན་ མོངས་)བདུད་རྣམས་བཅོམ་ནས། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པར་བསྒྲུབ་པ་པོ་ རྣམས་འགྲོ་བར་འགྱུར་བའོ།། ༼༨༥༽ ༈ དེ་བས་ན་དོན་དམ་པར་རང་གི་སེམས་ལས་མ་རྟོགས་པར་བླ་ན་མེད་པའི་བྱང་ཆུབ་ གང་གིས་ཀྱང་མི་སྟེར་བར་བསྟན་པར་མཛད་དེ། སྲིད་གསུམ་གནས་ན་ཞེས་བྱ་བ་ལ་སོགས་ པ་ནི། འདིར་གལ་ཏེ་བཅོམ་ལྡན་འདས་དང་ཡིད་སྦྱིན་གྱི་ནོར་བུས་སེམས་ཅན་ལ་དོན་ འགྲུབ་པར་བྱེད་པ་དེ་ལྟ་ན་ནི། ཅིའི་ཕྱིར་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་དོན་ད་རུང་དུ་མ་གྲུབ་པོ་ཞེ་ན། འདིར་སེམས་ཅན་རྣམས་ཀྱི་དོན་མ་ གྲུབ་པའི་རྒྱུ་ནི་སེམས་མ་དག་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་སེམས་མ་དག་པའི་ ཕྱིར་དོན་མི་འགྲུབ་པ་དེ་ལྟ་ན་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོས་པ་མེད་ཞེས་ བྱ་བའོ། །དེ་ཉིད་བསྟན་པར་མཛད་དེ། སེམས་ཅན་ལ་གནས་པ་དེ་ཞེས་པ་ལ་སོགས་པ་ ནི། འདིར་སྐྱེ་བ་སྔ་མའི་མི་དགེ་བའི་དབང་གིས་རང་གི་སེམས་ལ་གནས་པར་གྱུར་པའི་ བཅོམ་ལྡན་འདས་མཐོང་པར་མི་འགྱུར་ཏེ། དཔེར་ན་མིག་དང་བྲལ་བའི་མི་རྣམས་ཀྱིས་ཉི་ མ་མི་མཐོང་པ་བཞིན་ནོ། །དེ་ཉི་མ་ལ་སྐྱོན་མེད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་བཅོམ་ལྡན་ འདས་ལ་ཤེས་པར་བྱའོ། །རྒྱུ་དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སྐལ་བ་དང་མི་ལྡན་པའི་སེམས་ ཅན་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགོས་པ་མེད་ཞེས་བྱའོ། །དེ་བཞིན་དུ་སྐལ་བ་ དང་ལྡན་པར་གྱུར་པའི་སེམས་ཅན་རྣམས་ལ་རང་གི་སེམས་དག་པར་གྱུར་ན། སངས་རྒྱས་ ཉིད་ཀྱི་རང་བཞིན་དུ་འགྱུར་ཏེ། སངས་རྒྱས་ཉིད་ཐོབ་པའི་ཕྱིར་ཕྱི་རོལ་ན་གནས་པའི་རྒྱལ་ 1-1-367 བ་གཞན་གྱིས་ཅི་ཞིག་བྱ་སྟེ་དགོས་པ་མེད་ཞེས་བྱའོ།། ༼༨༦༽ ༈ སངས་རྒྱས་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྐྱེད་བྱེད་ཞེས་བྱ་བ་ལ་སོགས་པ་ལ། དཔེར་ ན་རྒྱུ་གང་ལས་མྱུ་གུ་མ་སྐྱེས་པར་ཉམས་པར་གྱུར་པ་དེ་ལྟ་ན་ནི་མྱུ་གུ་སྐྱེ་བ་མེད་དེ། རྒྱུ་མེད་ པའི་ཕྱིར་རོ། །ཡང་ན་མ་ཉམས་པ་ལས་སྐྱེ་བར་གྱུར་པ་དེ་ལྟ་ན་ནི། ས་བོན་དང་མྱུ་གུ་ལ་ཁྱད་ མེད་དེ། རང་བཞིན་མི་འགྱུར་པའི་ཕྱིར་རོ། །དེ་ལྟར་ཡང་མ་ཡིན་ཞེས་བྱའོ། །འོ་ན་གལ་ཏེ་ ཉམས་པ་ལས་ཀྱང་མི་སྐྱེ། མ་ཉམས་པ་ལས་ཀྱང་མི་སྐྱེ་བ་དེ་ལྟ་ན་ནི། རྒྱུ་དང་འབྲས་བུའི་ འབྲེལ་པ་ཇི་ལྟ་བུ་ཡིན་ཞེ་ན། གང་ཞིག་སྔོན་དངོས་དེ་ནི་གཞན་སྐྱེས་པ་ལས་ཤི་བ་ཞེས་ བརྗོད་རང་བཞིན་ཉིད་ཀྱིས་སྐྱེས་པ་མེད། ཞེས་བྱ་བ་ནི། འདིར་ས་བོན་གང་ཡིན་པ་དེ་མྱུ་གུ་ མ་ཡིན་ཏེ། གནས་སྐབས་གཞན་དུ་གྱུར་པའི་ཕྱིར་རོ། །ས་བོན་ལས་མ་གཏོགས་པར་མྱུ་གུ་ མ་སྐྱེས་ཏེ། རྒྱུ་གཞན་མ་དང་བྲལ་བའི་ཕྱིར་རོ། །དེ་བཞིན་དུ། རང་མིན་གཞན་མ་ལས་ཀྱང་ མིན། །གཉིས་ལས་མ་ཡིན་རྒྱུ་མེད་མེད་མིན། །སྐྱེས་པའི་དངོས་པོ་གང་ཞིག་རྣམས། །ནམ་ ཡང་ཡོད་པར་མི་འགྱུར་རོ། །ཞེས་བྱ་བར་གསུངས་སོ། །རྒྱུ་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་ འདས་སྟོང་པ་ཉིད་ལས་བདེ་བ་ཆེན་པོ་ཉིད་ཀྱིས་ཇི་ལྟར་བྱོན་པ་དེ་བཞིན་དུ། རང་བཞིན་དེ་ ཉིད་ཀྱིས་དེ་ཉིད་དུ་གཤེགས་པར་མཛད་ཞེས་བྱའོ།། ༼༨༧༽ ༈ བདེ་བའི་སྐད་ཅིག་དེ་གང་ཡིན་ཞེ་ན། བདེ་བ་ལ་གནས་བདེ་བའི་རྗེས་ཆགས་ཞེས་ བྱ་བ་ལ་སོགས་པ་ནི་མཆོག་ཏུ་མི་འགྱུར་བའི་ལྷན་ཅིག་སྐྱེས་པའི་བདེ་བའི་སྐད་ཅིག་ཡིན་ གྱི། བེམ་པོ་ལ་སོགས་པའི་རང་བཞིན་ནི་མ་ཡིན་ནོ། །གཞན་ཡང་བེམ་པོ་དང་སྡུག་བསྔལ་ ལ་སོགས་པའི་རང་བཞིན་དུ་གྱུར་པའི་ཕུང་པོ་རྣམས་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པའི་ བདེ་བས་འབིགས་པར་གྱུར་ན། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའོ། ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕུང་པོ་རྣམས་ཀྱིས་ཀྱང༌། ལྷན་ 1-1-368 ཅིག་སྐྱེས་པའི་སྐུར་སྐྱེད་པར་བྱེད་ཞེས་བྱའོ། །ལྷན་ཅིག་སྐྱེས་པའི་སྐུ་དེ་ལས་ཆོས་དང་ལོངས་ སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྐྱེས་ཏེ། སྤྲུལ་པའི་སྐུ་དེ་ལས་སླར་ཡང་དེ་བཞིན་དུ་འབྱུང་ པར་ཤེས་པར་བྱའོ། །འོ་ན་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ལྷན་ ཅིག་སྐྱེས་པའི་སྐུ་ལས་དངོས་པོ་གང་ཡང་མ་ཟིན་པའི་ཆོས་ཀྱི་སྐུ་ལ་སོགས་པ་གལ་ཏེ་སྐྱེ་བ་ དེ་ལྟ་ན་ནི། རྒྱུ་དང་འབྲས་བུ་ཐ་དད་མེད་པར་མི་འགྱུར་རམ། དཔེར་ན་འབྲས་ས་ལུ་ལས་སྐྱེ་ ཚེ་ལ་སོགས་པ་མི་སྐྱེ་བ་བཞིན་དུའོ་ཞེ་ན། བརྗོད་པར་བྱ་སྟེ། དག་པའི་ས་ལ་ས་བོན་ཞེས་བྱ་ བ་ནི། དཔེར་ན་དག་པའི་ས་ལ་འབྲས་ལ་སོགས་པའི་ས་བོན་བཏབ་ན་དུས་ཀྱི་དབང་གིས་ མྱུ་གུ་ལ་སོགས་པའི་རང་བཞིན་དུ་འགྱུར་ཏེ། མྱུ་གུ་ལ་སོགས་པ་དེ་རྣམས་གྱུར་ནས་ཕྱི་ནས་ ས་བོན་བཞིན་དུ་འབྲས་བུ་སྐྱེ་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་སྐུ་ལས་ ཆོས་ཀྱི་སྐུ་ལ་སོགས་པ་སྐྱེ་བ་ནི་སྐྱོན་མེད་པར་འགྲུབ་ཞེས་བྱ་བའོ།། ༼༨༨༽ ༈ འོ་ན་གལ་ཏེ་ལྷན་ཅིག་སྐྱེས་པའི་སྐུ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་དུ་ གྱུར་པ་དེ་ལྟ་ན་ནི་རྟེན་ལས་མ་རྟོགས་པར་ཐོབ་པར་མི་འགྱུར་ཏེ། གང་རྟེན་དང་བརྟེན་པའི་ རང་བཞིན་དུ་གྱུར་པ་དེ་རྟེན་དང་བྲལ་བའི་ཕྱིར་མི་རྟག་པར་མི་འགྱུར་རམ་ཞེ་ན། བརྗོད་ པར་མཛད་དེ། ས་དང་ཆུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ས་ལ་སོགས་པའི་དངོས་པོ་ རྣམས་ནི་དྲི་དང་གཟུགས་དང་རོ་དང་རེག་བྱ་དང་སྒྲའི་རང་བཞིན་ཡིན་ཏེ། དེ་ལ་ས་ནི་ཡོན་ ཏན་ལྔའི་རང་བཞིན་ཡིན་ལ། ཆུའི་ཡོན་ཏན་བཞི་དང༌། མེ་ལ་གསུམ་དང༌། རླུང་ལ་གཉིས་ དང༌། ཡོན་ཏན་སྒྲ་གཅིག་པུའི་བདག་ཉིད་དུ་གྱུར་པའི་ནམ་མཁའ་འོ། །ས་ལ་སོགས་པ་དེ་ ལྟ་བུའི་བདག་ཉིད་དུ་གྱུར་པའི་མི་རྣམས་ཀྱི་ལུས་པོ་ཡིན་ཞིང༌། བདེ་བའི་རང་བཞིན་དུ་གྱུར་ པའི་བྱང་ཆུབ་ཀྱི་སེམས་ཀྱང་དེ་བཞིན་དུ་གྱུར་པའོ། །ཡོན་ཏན་བཞིའི་རང་བཞིན་དུ་གྱུར་ པའི་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་བདེ་བའོ། །གཟུགས་ན་སྤྱོད་པའི་ལྷ་རྣམས་ནི་ཡོན་ 1-1-369 ཏན་གསུམ་གྱི་རང་བཞིན་དུ་གྱུར་པའི་ལུས་པོ་དང་བདེ་བའོ། །གཟུགས་མེད་པའི་ལྷ་རྣམས་ ནི་སེམས་ཀྱི་བག་ཆགས་ཙམ་གྱི་བདག་ཉིད་དུ་གྱུར་པའོ། །ཡོན་ཏན་སྒྲ་གཅིག་པུའི་བདག་ ཉིད་དུ་གྱུར་པའི་ལུས་པོ་ལ་བདེ་བ་ཤེས་པར་བྱའོ།། ༼༨༩༽ དེ་ལྟར་བརྗོད་པའི་རིམ་པས་ས་ལ་སོགས་པའི་ཁམས་དེ་རྣམས་གང་གི་ཚེ་ན་འཁོར་ བའི་བག་ཆགས་ལས་འདས་པར་གྱུར་པ་དེའི་ཚེ་རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པ་ དང་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་དུ་གྱུར་པའོ། །གཞན་ཡང་དངོས་པོ་གཅིག་གང་དུ་ཡོད་པ་ དེར་རྟེན་ཅིང་འབྲེལ་པ་ལས་འབྱུང་པའི་ཕྱིར་དངོས་པོ་གཞན་རྣམས་ཤེས་པར་བྱའོ། །རྒྱུ་དེའི་ ཕྱིར་རང་བཞིན་གྱིས་ས་ལ་དྲི་སྐྱེ། བཏགས་པའི་ངོ་བོས་(དངོས་པོས་ཟེར་)གཟུགས་ལ་སོགས་ པའོ། །དེ་ལྟར་རིམ་པ་ཇི་ལྟ་བ་དེ་བཞིན་དུ་ཆུ་ལས་གཟུགས་དང༌། མེ་ལས་རོ་དང༌། རླུང་ ལས་རེག་བྱ་དང༌། ནམ་མཁའ་ལས་སྒྲ་ནི་ཤས་ཆེ་བར་སྐྱེ་སྟེ། ཤས་ཆུང་པར་དྲི་ལ་སོགས་ པ་སྐྱེ་བར་འགྱུར་བའོ། །གཞན་ཡང་ཕུང་པོ་དང་ཁམས་རྣམས་དང༌། ཡུལ་དང་ཡུལ་ཅན་ལ་ སོགས་པའི་བྱེ་བྲག་རྣམས་ཀྱང་ཤེས་པར་བྱ་ཞེས་བྱ་བའོ། །རྒྱུ་དེའི་ཕྱིར་ས་ལ་སོགས་པའི་ དངོས་པོ་ལྔ་ནི་ཕན་ཚུན་(དུ་དེ་རྣམས་ཀྱི་)འབྲེལ་པ་ལས་མ་རྟོགས་པར་འཁོར་བ་པ་རྣམས་ཀྱི་ དོན་འགྲུབ་པར་མི་བྱེད་དོ། །དེ་བས་ན་རྣལ་འབྱོར་པས། ཕན་ཚུན་དུ་དེ་རྣམས་ཀྱི་འབྲེལ་པ་ ཆད་པར་བྱེད་ན་དེ་རྣམས་སྒྲིབ་པ་མེད་པར་འགྱུར་ཏེ། རང་རང་གི་ཡོན་ཏན་བཟུང་པའི་ཕྱིར་ རོ། །སྒྲིབ་པ་ནི་འཁོར་བའི་བག་ཆགས་ཡིན་ཏེ་དེ་དང་བྲལ་བར་གྱུར་ན་མཆོག་ཏུ་མི་འགྱུར་ བའི་བདེ་བའི་རང་བཞིན་དུ་གྱུར་པའི་མི་ཕྱེད་རྡོ་རྗེར་གྱུར་པའོ།། ༼༩༠༽ ༈ དེ་ལྟར་མ་ལུས་རྒྱལ་བ་མཆོག་ཉིད་གཅིག་པོ་ཞེས་བྱ་བ་ལ་སོགས་པ་ནི། མདོར་ བསྡུས་པར་རྣལ་འབྱོར་པས་སྐད་ཅིག་ལ་མངོན་པར་བྱང་ཆུབ་པ་ཐོབ་པ་ན། རྣམ་པ་ལྔ་དང༌། རྣམ་པ་ཉི་ཤུ་དང༌། སྒྱུ་འཕྲུལ་དྲ་བ་ལས་མངོན་པར་བྱང་ཆུབ་ཐོབ་པར་གྱུར་པར་ཤེས་པར་ 1-1-370 བྱའོ།། ༼༩༡༽ དཀའ་འགྲེལ་པད་མ་ཅན་ལས། སྒྲུབ་ཐབས་ཀྱི་ལེའུ་ཡི་གོ་སླའི་བཤད་པའོ།། །། ༈ ད་ནི་འདིར་སེམས་གྲུབ་པར་གྱུར་ནས་མངོན་པར་ཤེས་པ་དྲུག་ཇི་ལྟར་བསྐྱེད་པ་ བསྟན་པར་མཛད་དེ། གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ཅན་རྣམས་ཁུ་བ་ དང་རྡུལ་གྱི་དབྱེ་བ་ཐབས་དང་ཤེས་རབ་ཀྱི་དབྱེ་བ་སྟེ། དེ་དག་ཀྱང་སྐུ་གསུང་ཐུགས་ཀྱི་དབྱེ་ བས་རྣམ་པ་དྲུག་ཏུ་འགྱུར་བའོ། །དེ་ཡང་སྟེང་འོག་གི་རྩ་གསུམ་གྱི་དབྱེ་བས་ཤེས་པར་བྱའོ། ། དེ་བཞིན་དུ་དབང་མདོར་བསྟན་པ་ལས། ཐབས་ཀྱི་སྐུ་ནི་ཟླ་བ་སྟེ། །ཤེས་རབ་གསུང་ནི་ ཉིན་བྱེད་དོ། །ཤེས་རབ་སྐུ་ནི་དྲི་ཆེན་རྩ། །དྲི་ཆུ་འབབ་མ་གཙོ་བོའི་གསུང༌། །སྟེང་དང་འོག་གི་ རྩ་གཉིས་ནི། །མུན་ཅན་མ་དང་ས་བོན་འབབ། །ཐབས་ཀྱི་ཐུགས་ནི་མུན་ཅན་མ། །ཤེས་རབ་ ཀྱི་ནི་ས་བོན་འབབ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །སྟེང་འོག་རིགས་དྲུག་འདི་ཡིན་ཏེ། ། ཐབས་དང་ཤེས་རབ་ལུས་དངོས་ཀྱིས། །ལུས་ཅན་རྣམས་ལ་ཡང་དག་གནས། །ཞེས་བྱ་བ་ གསུངས་སོ། །རྒྱུ་དེའི་ཕྱིར་(ཁྱབ་བདག་སྐུའི་)རྩ་གཡོན་པ་འགགས་པར་གྱུར་(པའི་སྟོབས་ཀྱིས་)ན། རྣལ་འབྱོར་པ་རྣམས་(ལུས་ཀྱི་མཆོག་)ལ་ལྷའི་མིག་སྐྱེ་(བ་ཉིད་དུ་ནི་འགྱུར་)བའོ། །(དེའི་གསུང་གི་རྩ་)དྲི་ ཆུའི་རྩ་འགགས་པར་གྱུར་ན་ལྷའི་རྣ་བའོ། །(དེའི་ཐུགས་ཀྱི་རྩ་)ཨ་བ་དྷུ་ཏི་འགགས་པར་གྱུར་(པའི་ སྟོབས་ཀྱིས་)ན་གཞན་གྱི་སེམས་(ལ་གནས་པ་)ཤེས་པའོ། །(ཤེས་རབ་སྐུའི་རྩ་)དྲི་ཆེན་གྱི་རྩ་འགགས་ པར་གྱུར་(པའི་སྟོབས་ཀྱིས་)ན་(སྲིད་གསུམ་ལ་གནས་གྱུར་པ་)སྔོན་གྱི་སྐྱེ་བ་(དང་ཕྱི་མ་)རྗེས་སུ་དྲན་(པར་གྱུར་) པའོ། །(ཤེས་རབ་གསུང་གི་)རྩ་གཡས་པ་འགགས་པར་གྱུར་(པའི་སྟོབས་ཀྱིས་)ན་(ནམ་མཁའ་དང་མཚུངས་ མ་ལུས་པ་ལ་)ཀུན་ཏུ་རྣམ་པ་ཐམས་ཅད་ཀྱི་རྫུ་འཕྲུལ་ལོ(སྟོན་པར་བྱེད་དོ)།། ༼༡༽ (ཤེས་རབ་ཐུགས་ཀྱི་ རྩ་)དུང་ཅན་མ་འགགས་པར་གྱུར་(པའི་སྟོབས་ཀྱིས་)ན་(གང་ཞིག་མ་ལུས་བདེ་མཉམ་)གཞོམ་དུ་མེད་པ་ ཟག་པ་མེད་པའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་ཞེས་བྱ་བའོ། །ལྷའི་མིག་ 1-1-371 ལ་སོགས་པ་ཇི་ལྟ་བུ་ཡིན་ཞེ་ན། ལྷའི་མིག་གི་ཞེས་བྱ་བ་ལ་སོགས་པ་ནི་སྒྲིབ་པ་མེད་པའི་སྐུ་ གསུང་ཐུགས་ཀྱི་སྦྱོར་བས་དེ་ལྟར་འགྱུར་ཞེས་བྱ་བའོ།། ༼༢༽ ༈ ད་ནི་སྲོག་དང་ཐུར་སེལ་གྱི་རྒྱུ་བ་བསྟན་པར་མཛད་དེ། རྩ་གང་ཞེས་བྱ་བ་ལ་སོགས་ པ་ལ། འདིར་ཐུར་སེལ་གྱི་རླུང་(རྒྱུ་བ་དག་)གི་ལམ་གསུམ་(དུ་གྱུར་པ་གསུམ་)ནི་(གཅི་བ་)དྲི་ཆེན་དང་ (བཤང་པ་) དྲི་ཆུ་དང་(ཁུ་བ་)ས་བོན་འབབ་པའི་རྩ་(རྣམས་)སྟེ། དེ་བཞིན་དུ་སྟེང་གི་རྩ་གསུམ་ གང་ཡིན་པ་དེ་སྲོག་གི་རླུང་(རབ་ཏུ་རྒྱུ་བ་དག་)གི་ལམ་(རྣམ་པ་གསུམ་)ཡིན་ཏེ། དེ་རྣམས་ལུས་ལ་ སོགས་པའི་དབྱེ་བས་རྣམ་པ་བཅུར་འགྱུར་བའི་སྲོག་རྩོལ་བར་འགྱུར་ཏེ། (མཐའ་མ་སངས་རྒྱས་ ཞལ་ཉིད་རྣམས་སུ་འགྱུར་བ་ནི་)ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་བཅུ་པོའོ། །དེ་རྣམས་ཇི་ལྟ་བུར་ འགྱུར་ཞེ་ན། །རྣ་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣ་བ་(གཉིས་)དག་དང༌། སྣ་(གཉིས་)དག་ དང༌། མིག་(གཉིས་)དག་དང༌། ལྕེ་དང་ལྕེའུ་ཆུང་(གཉིས་)དག་དང༌། ཐིག་ལེ་དང༌། གཙུག་ཏོར་ གི་བུག་པ་དག་དང༌། ཡེ་ཤེས་ལ་རྒྱས་བཏབ་པར་གྱུར་པ་(ཅན་)བཅུ་པོ་སྟེ། སྒོ་དེ་རྣམས་ལས་ སྲོག་གི་རླུང་གིས་རྒྱུ་བར་བྱེད་ཞེས་བྱའོ།། ༼༣༽ ལམ་དེ་རྣམས་གལ་ཏེ་རྣལ་འབྱོར་པས་རྣལ་འབྱོར་གྱི་སྟོབས་ཀྱིས་འགགས་པར་ནུས་པ་ དེ་ལྟར་ན་ནི་བརྗོད་དུ་མེད་པའི་དོན་འགྲུབ་པར་མཛད་དེ། སྲོག་དང་ཐུར་སེལ་ཞེས་བྱ་བ་ལ་ སོགས་པ་ལ། འདིར་སྟེང་འོག་ཏུ་སྲོག་དང་ཐུར་སེལ་གྱི་རླུང་མི་རྒྱུ་བ(འགགས་པ)ར་བར་གྱུར་ ན། (གཡོ་བའི་རི་བོང་འཛིན་པ་ཉི་མའི་གཟུགས་སུ་འགྲོ་བ་ཉིད་ནི་)ལྟེ་བ་ནས་གཏུམ་མོ་འབར་འགྱུར་ཏེ། (པད་ མར་རྡོ་རྗེ་རབ་ཏུ་སྦྱངས་པ་ལས་ནི་ཉི་མའི་གཟུགས་)དེའི་འོད་ཟེར་རྣམས་ཀྱིས་སྲ་བའི་ངོ་བོས་གནས་པའི་ བྱང་ཆུབ་ཀྱི་སེམས་(འདིར་)ཞུ་བར་བྱེད་(པར་འགྱུར་)དོ། །བྱང་ཆུབ་ཀྱི་སེམས་ཞུ་བའི་དུས་སུ་(ཉི་ མ་ཟླ་བའི་རླུང་རྣམས་འགགས་པར་གྱུར་པ་ན་ཡང་ཤེས་བྱ་)ཡེ་ཤེས་དང༌། རྣམ་པར་ཤེས་པ་རོ་མཉམ་པའི་ རང་བཞིན་(གཅིག་)ཉིད་དུ་འགྱུར་རོ། །གཉིས་ཀ་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་འགྱུར་ན། 1-1-372 རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གྱི་ཁམས་གསུམ་པོ་ནི་སྒྲིབ་པ་མེད་པ་ཉིད་ཀྱིས་དེ་བཞིན་དུ་ འགྱུར་ཏེ། དེ་ལྟར་དེ་བཞིན་དུ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལུས་ལ་སོགས་པའི་དངོས་པོ་ ཐམས་ཅད་(བདེ་སྟོང་)རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་ཏེ་ཞེས་བྱ་བའོ། ། ༼༤༽ ༈ ད་ནི་ནང་གི་ཐུན་མཚམས་བསྟན་པར་མཛད་དེ། ཟླ་ཉི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཕྱི་རོལ་དུ་ཉ་དང་གནམ་སྟོང་གི་དུས་སུ་ཟླ་བ་དང་ཉི་མ་(གཟུགས་)ནི་སྒྲ་གཅན་གྱིས་ བཀབ་(སྟེ་བཟུང་)པར་གྱུར་ན། (ནམ་མཁར་)ཉིན་མོ་ཡང་(མིན་ཏེ་)མི་སྣང་མཚན་མོ་(ཉིད་)ཡང་(ཅུང་ ཟད་མིན་པར་)མི་སྣང་སྟེ། ཐུན་མཚམས་དེའི་ངེས་པའི་དོན་གྱིས་(དེར་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་ཀྱི་ དབུས་སུ་དུས་རྣམས་ཀུན་དུ་བདུད་རྩི་གནས་པར་གྱུར་པས་)ལུས་པོ་ལ་དངོས་གྲུབ་ཀྱི་གནས་སྐབས་ཡིན་ ཏེ། དེ་ཡང་ནང་དུ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཟླ་(བ་)ཕྱེད་(པ་)ཟད་ཞེས་བྱ་བ་ནི་འདིར་ཕྱི་ རོལ་ཏུ་ཉ་དང་གནམ་སྟོང་གི་དུས་སུ་ཟླ་བའི་ཆ་རྣམས་ཟད་པར་གྱུར་ན་ཆ་གཅིག་གི་ངོ་བོས་ ཉི་མའི་དཀྱིལ་འཁོར་ལ་ཞུགས་པར་འགྱུར་ཏེ། (ནམ་མཁའ་ལ་གནས་)ཉི་མའི་དུས་ཀྱི་དབང་གིས་ སྒྲ་གཅན་གྱི་དཀྱིལ་འཁོར་ལ་འཇུག་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། (ལུས་ཉིད་རོ་མཉམ་པར་ འགྱུར་པའོ། །ལུས་ལ་)སྲོག་དང་ཐུར་སེལ་(རྒྱུ་བ་ངེས་པར་ཟད་དེ་)འགགས་པར་གྱུར་(པའི་དུས་)ན་ལུས་ དང་ངག་དང་སེམས་འགགས་པར་འགྱུར་ཏེ། མི་རྟོག་པ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། ། ལུས་ལ་སོགས་པ་ལ་རྣམ་པར་མི་རྟོག་པར་གྱུར་ན། (གསལ་བར་)ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་པར་འགྱུར་བར་ཤེས་པར་བྱ(སྟེ་བརྗོད་པ)འོ།། ༼༥༽ དོན་དེ་ཉིད་གསལ་བར་བསྟན་པར་མཛད་དེ། ལམ་གཉིས་སྲོག་རླུང་རྒྱུན་དུ་འགོག་ པས་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལམ་(གཉིས་)གཡས་པ་དང་གཡོན་པ(འི་སྲོག་རླུང་རྒྱུན་དུ་ འགོག་པས་)འགགས་པར་གྱུར་ན་སྲོག་གི་རླུང་(རྒྱུ་བའི་ལམ་ཟླ་བ་ཉི་མའི་གཟུགས་དག་རབ་ཏུ་འཇིག་པར་གྱུར་པ་ 1-1-373 སྟེ་)འགགས་པར་འགྱུར་བའོ། །དཀྱིལ་འཁོར་དྲུག་ཅུ་ལ་སྲོག་གི་རླུང་འགགས་པར་གྱུར་པར་ ཤེས་ནས། ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་(ནས་པད་མར་རྡོ་རྗེ་རབ་ཏུ་སྦྱངས་པས་རི་བོང་ཅན་ཉིད་ ཞུ་ནས་ཉི་མའི་གཟུགས་ལ་རབ་ཏུ་ཞུགས་པ་ཡང་དག་རབ་ཏུ་སྦྱངས་)པས་མཆོག་ཏུ་མི་འགྱུར་བའི་སྐད་ཅིག་ བསྒྲུབ་པར་བྱའོ། །སྙོམས་པར་ཞུགས་པ་དེས་ཆགས་པའི་དངོས་པོ་དང་ཆགས་པ་དང་བྲལ་ བའི་དངོས་པོ་མེད་པར་(གཅིག་ཏུ་)རོ་མཉམ་པ་ཉིད་དུ་གྱུར་ན་གང་གིས་ཀྱང་རང་བཞིན་འགྱུར་ བར་མི་ནུས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་སེམས་བཞེངས་པར་ འགྱུར་ཏེ། (དེ་ལྟར་ཅུང་ཟད་དུས་ཀྱིས་)གཉིས་སུ་མེད་པའི་སེམས་བཞེངས་པར་གྱུར་༡ན་༣སངས་ རྒྱས་ཐམས་ཅད་ཀྱི་གོ་འཕང་(མཆོག་ལ་འགྲོ་བར་བྱེད་པ་ནི་)སྐུ་འཁྲུངས་པའི་གནས་༢རྣལ་འབྱོར་ པ(དེ)ས་ཐོབ་པར་འགྱུར་ཞེས་བྱའོ།། ༼༦༽ ༈ དངོས་གྲུབ་ཐོབ་པའི་དུས་སུ་རྟགས་ཇི་ལྟ་བུར་འགྱུར་ཞེ་ན་བསྟན་པར་མཛད་དེ། ཁྲོ་ བོ་དང་ནི་ཞེས་བྱ་བ་ལ་སོགས་པའོ། །དུས་ཇི་ལྟ་བུ་དེར་དངོས་གྲུབ་འགྲུབ་པར་འགྱུར་རམ་ ཞེ་ན། མཁྱེན་ནས་དུས་ཁྱད་པར་དུ་གྱུར་པ་བསྟན་པར་མཛད་དེ། ཟླ་བའི་ཉིན་མོའི་ཐོ་རངས་ ཞེས་བྱ་བ་ལ། (རི་བོང་ཅན་གྱི་)ཟླ་བའི་ཉིན་མཚན་ཞེས་བྱ་བ་ནི་ཉ་ཡིན་ལ། ཉ་དེའི་ཐོ་རངས་ཀྱི་ དུས་སུ་(འམ་ནི་ནམ་ཕྱེད་) རྣལ་འབྱོར་པ་དེ་ལ་(འདོད་པའི་དོན་)ཕྱག་རྒྱ་ཆེན་པོའི་དངོས་གྲུབ་(ངེས་ པར་)འགྲུབ་པར་འགྱུར་བའོ། །གཞན་ཡང་(ཕྱིའི་)རྟགས་ཇི་ལྟ་བུར་འགྱུར་ཞེ་ན། དུས་སྦྱོར་ ཁྱད་འཕགས་ཞེས་བྱ་བའོ།། ༼༧༽ ༈ འོ་ན་ནང་གི་རྟགས་ཇི་ལྟ་བུར་འགྱུར་ཞེ་ན། ལུས་ཀྱི་དངོས་གྲུབ་ནི་སྐུ་ནི་ཞེས་བྱ་བ་ ནི་འདིར་རྣལ་འབྱོར་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་གྱུར་པ་ན་ས་ལ་སོགས་ པ་རྡུལ་ཕྲ་རབ་ལས་འདས་(ཏེ་རབ་ཏུ་ཞིག་)པར་གྱུར་པ་དང༌། (ནམ་མཁའ་དང་མཚུངས་དང་པའི་)འོད་ གསལ་བ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་རྫོགས་པར་འགྱུར་ 1-1-374 བའི་སྐུ་ཐོབ་པར་འགྱུར་གྱི། ལུས་པོ་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་བ་ནི་མ་ཡིན་ ནོ། །གཞན་ཡང་རྒྱུ་བ་དང་མི་རྒྱུ་བའི་(འཇིག་རྟེན་གསུམ་གྱི་)དངོས་པོ་ཐམས་ཅད་གང་ཡིན་པ་ དེ་རྣམས་ཀྱང་སྒྲིབ་པ་(རྣམ་པར་བྲལ་ནས་)མེད་པར་གྱུར་པའི་དང་པ་རྨི་ལམ་བཞིན་དུ་(སྣ་ཚོགས་) མཐོང་པར་འགྱུར་རོ། །དེ་བཞིན་དུ་ངག་གི་དངོས་གྲུབ་ནི་གསུང་ནི་ཞེས་པའོ། །དེ་བཞིན་དུ་ སེམས་ཀྱི་དངོས་གྲུབ་ནི་ཐུགས་ཞེས་པའོ། །མདོར་བསྡུས་ན་འདིར་རྣལ་འབྱོར་པས་ཕྱག་རྒྱ་ ཆེན་པོ(མཆོག་ཏུ་མི་འགྱུར་བ)འི་དངོས་གྲུབ་ཐོབ་པར་གྱུར་པ་ན་དངོས་པོ་ཐམས་ཅད་སྔ་མ་མིན་པ་ བཞིན་དང༌། སྒྲིབ་པ་མེད་པར་གྱུར་པའོ།། ༼༨༽ ༈ ད་ནི་ལྷ་རྣམས་ཀྱི་རྣམ་པར་དག་པ། བསྟན་པར་མཛད་དེ། སྦྱིན་སོགས་ཞེས་བྱ་ བ་ལ་སོགས་པ་ལ། འདིར་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱིས་རྣལ་འབྱོར་པས་གང་ ལྷ་དང་ལྷ་མོ་རྣམས་(རྟོགས་པས་བརྟགས་པ་དག་)ཀྱི་བསྒོམ་པ་བྱེད་དེ། དེ་རྣམས་ཀྱི་དགོངས་པ་ནི་ ངེས་པའི་དོན་གྱིས་གཞན་ཡིན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་དུས་ཀྱི་འཁོར་ལོ་དང་ སྣ་ཚོགས་ཡུམ་ནི་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་དངོས་པོ་གང་ཞིག་ཡིན་གྱི་ སྐྱེས་བུ་དང་བུད་མེད་ཀྱི་སྦྱོར་བ་ནི་མ་ཡིན་ནོ། །དེ་བཞིན་དཀར་མོ་འབར་མ་ལ་སོགས་པ་ལྷ་ མོ་(ནུས་མ་བཅུ་)རྣམས་གང་ཡིན་པ་དེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་(དྲུག་བཞིའི་རྣམ་པ་) རྣམས་སམ། ཡང་ན་དུ་བ་ལ་སོགས་པའི་རྟགས་(བདེ་མཉམ་འབྲས་བུ་)རྣམས་སུ་ཤེས་པར་བྱ(ཞེས་ གསུངས་པ)འོ། །དེ་བཞིན་དུ་(དེ་རྣམས་ཀྱི་ཐབས་ནི་)སངས་རྒྱས་དང་ལྷ་མོ་རྣམས་ཀྱི་བར་ན་གནས་ པའི་(བྱང་སེམས་མཆོག་ཏུ་གྱུར་པས་གང་པའི་)བུམ་པ་(བཅུ་པོ་)རྣམས་(སུ་འགྱུར་)ནི་སྒྲིབ་པ་མེད་པའི་གླད་ པ་ལ་སོགས་པའི་ཁམས་རྣམས་སོ། །བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞབས་གཉིས་ ཀྱི་གདན་དུ་གྱུར་པའི་འདོད་ལྷ་དང་དྲག་པོ་(བདེ་བྱེད་)ནི་གཡས་པ་དང་གཡོན་པའི་དཀྱིལ་ འཁོར་ལྔ་ལྔའི་རང་བཞིན་དུ་གྱུར་པའི་བདུད་དང་ཉོན་མོངས་པ་(ངེས་པར་)ཟད་པའོ། །དཔག་ 1-1-375 བསམ་གྱི་ཤིང་ལ་སོགས་པ་བཞི་ནི་སྒྲིབ་པ་མེད་པའི་ལུས་ལ་སོགས་པ་(རྡོ་རྗེ་)བཞི(འི་ཚོགས་པ) འོ། །བཅོམ་ལྡན་འདས་ཀྱི་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་དྲུག་ནི་(སྟོང་པ་དྲུག་སྟེ་)ལུས་ཀྱི་རྣམ་ པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་རྣམ་པར་དག་པའོ། །(སྲིད་པ་གསུམ་གྱི་)དངོས་ པོ་ཐམས་ཅད་བསྐྱེད་པར་མཛད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་ཤེས་དང་ ཤེས་བྱའི་བདག་ཉིད་གཅིག་པའོ་ཞེས་པའོ།། ༼༡༤༽ ༈ འོ་ན་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། གང་དུ་ཞེས་བྱ་བ་ ལ་སོགས་པ་ལ་དངོས་པོ་གང་ལ་(ངེས་པར་)སྐྱེ་བ་དང་འཇིག་པའི་(རིགས་ཀྱི་)གཟུགས་(སུ་གྱུར་པ་) ཉམས་(ཏེ་བཅོམ་)པར་གྱུར་པའི་དངོས་པོ་དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་ ཏེ། (དེ་ལ་ནི་)སྒྲིབ་པ་མེད་པའི་གཟུགས་ཀྱི་ཕུང་པོ་(ནི་ཆེན་པོར་)ཞེས་བྱ་བའི་དོན་ཏོ། །དེ་བཞིན་ དུ་སྐྱེ་བ་དང་འཆི་བ་ལ་སོགས་པའི་འཁོར་བ་པའི་སྡུག་བསྔལ་གང་(རབ་)དུ་ཉམས་པར་གྱུར་ པ་(གང་ཡིན་པ་)དེ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡིན་ཏེ། (དེ་ནི་)སྒྲིབ་པ་མེད་པའི་ཚོར་ བའི་ཕུང་པོ་(ཆེན་པོར་གསུངས་པ་)ཡིན་ལ་དུས་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་མྱོང་ པར་མཛད་ཞེས་བྱ་བའོ། །གང་དུ་བུམ་པ་དང་ཀ་བ་ལ་སོགས་པ་དང༌། ཡོད་པ་དང་མེད་པ་ ལ་སོགས་པའི་(འཁོར་བའི་འདུ་ཤེས་)མིང་རྣམས་ཉམས་པར་གྱུར་པའི་སྒྲིབ་པ་མེད་པ(གང་ཡིན་པ་ དེ་ནི་རྡོ་རྗེ་ཆེན་པོ)འི་འདུ་ཤེས་ཀྱི་ཕུང་པོ་(ཉིད་)ནི་སྣང་པ་མཐའ་ཡས་ཡིན་(པར་གསུངས་)ཏེ། སེམས་ ཅན་ཐམས་ཅད་ཀྱི་སྐད་ཀྱིས་བྲག་ཆ་བཞིན་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པར་ མཛད་པའོ། །དངོས་པོ་གང་ལ་ཡང་དང་ཡང་དུ་འཁོར་བའི་འཕེལ་བ་ཉམས་པར་གྱུར་པའི་ སྒྲིབ་པ་མེད་(པ་གང་ཡིན་པ་དེ་ནི་ཐུབ་)པའི་འདུ་བྱེད་ཀྱི་ཕུང་པོ་(ཉིད་དེ་)ནི་དོན་ཡོད་གྲུབ་པ་ཡིན་(པར་ གསུངས་)ཏེ། འཕེལ་བ་དང་འགྲིབ་པ་ལས་འདས་པའི་དུས་ཐམས་ཅད་དུ་ནམ་མཁའ་བཞིན་ དུའོ།། ༼༡༥༽ 1-1-376 གང་དུ་གཉིད་(ལོག་པ་)ལ་སོགས་པའི་གནས་སྐབས་ཉམས་པར་གྱུར་པའི་སྒྲིབ་པ་མེད་ (པ་གང་ཡིན་)པའི་རྣམ་པར་ཤེས་པའི་ཕུང་པོ་(དེ་)ནི་མི་བསྐྱོད་པ་ཡིན་(པར་གསུངས་)ཏེ། དུས་ ཐམས་ཅད་དུ་ཆོས་ཉིད་གཅིག་པུ་ལ་ཞུགས་པའོ། །དེ་བཞིན་དུ་འཕོ་བའི་རང་བཞིན་དུ་གྱུར་ པའི་(མི་ཤེས་པའི་)མ་རིག་པ(འི་དངོས་པོ་)གང་དུ་ཉམས་(པར་གསུངས་)པར་གྱུར་པའི་སྒྲིབ་པ་མེད་(པ་ གང་ཡིན་)པའི་ཡེ་ཤེས་ཀྱི་ཕུང་པོ་(དེ་)ནི་ཆགས་པ་དང༌། ཆགས་པ་དང་བྲལ་བའི་གཉིས་སུ་མེད་ པའི་ཡེ་ཤེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་(པར་གསུངས་)གྱི་ཁ་དོག་དང་དབྱིབས་ ཀྱི་བདག་ཉིད་ནི་མ་ཡིན་ནོ། །དེ་བརྗོད་པའི་རིམ་པས་(དེ་རྣམས་)བཅོམ་ལྡན་འདས་རྣམ་པར་ སྣང་མཛད་ལ་སོགས་པའི་(རྒྱལ་མཆོག་དམ་པ་)དེ་བཞིན་གཤེགས་པ་དྲུག་གི་རིགས་(རྣམས་)ནི་ སྒྲིབ་པ་མེད་པའི་དངོས་པོ་ཐམས་ཅད་སྐྱེད་པར་མཛད་པའི་ཕྱིར་(རྣམ་པ་དྲུག་ནི་)རིགས་དྲུག་ཏུ་ འགྱུར་བའོ།། ༼༡༦༽ (གཞན་ཡང་)དེ་བཞིན་དུ་སྒྲིབ་པ་མེད་པའི་ས་ལ་སོགས་པའི་ཁམས་དྲུག་(དབྱེ་བ་རྣམས་)ནི་ལྷ་ མོ་སྤྱན་མ་ལ་སོགས་པ་དྲུག་ཏུ་འགྱུར་བའོ།། ༼༡༦༽ དེ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། གང་དུ་གཏི་མུག་མ་ལུས་(པ་མཐའ་དག་)ཉམས་པར་ (གསུངས་པར་)གྱུར་པ་དེ་ནི་སྤྱན་མ་ས་ཉིད་དོ། །ཞེས་བྱ་བ་ནི། བླང་བྱ་དང་དོར་བྱ་ལ་སོགས་ པའི་མི་ཤེས་པའི་བློ་གང་དུ་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་སའི་ཁམས་ནི་ལྷ་མོ་སྤྱན་ མ་ཡིན་(པར་གསུངས་)ཏེ། གཏི་མུག་དང་བྲལ་བའི་སེམས་སོ། །གང་དུ་རིགས་ལ་སོགས་པའི་ ང་རྒྱལ་ཉམས་པར་གྱུར་པའི་ཆུའི་ཁམས་ནི་མ་མ་ཀི་སྟེ། འཇིག་རྟེན་ལས་འདས་པའི་ང་རྒྱལ་ ཆེན་པོའོ། །དེ་བཞིན་དུ་འཁོར་བའི་བག་ཆགས་ཉམས་པ་ནི་སྒྲིབ་པ་མེད་པའི་མེའི་ཁམས་ གོས་དཀར་མོ་ཡིན་ཏེ། དུས་ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་ཞེན་པའོ། ། གང་དུ་བུད་མེད་དང་བྱིལ་ལ་ལ་སོགས་པའི་ཕྲག་དོག་ཉམས་པར་གྱུར་པའི་སྒྲིབ་པ་མེད་ 1-1-377 པའི་རླུང་གི་ཁམས་ནི་ལྷ་མོ་སྒྲོལ་མ་ཡིན་(པར་གསུངས་)ཏེ། དུས་ཐམས་ཅད་དུ་ཕྱག་རྒྱ་ཆེན་མོ་ (ཡིན་མིན་སྒྲོ་སྐུར་འདེབས་པ་)ལ་ཕྲག་དོག་བྱེད་པ་ཞེས་བྱའོ།། ༼༡༧༽ དེ་བཞིན་དུ་ཕལ་པའི་ཞེ་སྡང་ཉམས་པར་གྱུར་པའི་སྒྲིབ་པ་མེད་པའི་ནམ་མཁའི་ཁམས་ ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ། ཉོན་མོངས་པ་རྣམས་ལ་ཞེ་སྡང་(སྟེ་འཇོམས་པར་)མཛད་ ཞེས་བྱའོ། །དེ་བཞིན་དུ་ནོར་དང་བུད་མེད་ལ་སོགས་པའི་སེར་སྣ་གང་དུ་ཟད་པར་གྱུར་པའི་ སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཁམས་ནི་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ཡིན་ལ། དུས་ ཐམས་ཅད་དུ་མཆོག་ཏུ་མི་འགྱུར་བའི་བདེ་བ་མི་འདོར་(བར་འཛིན་)ཞེས་བྱའོ། ། ༈ དེ་བཞིན་དུ་ཡིད་ཀྱིས་(ངེས་པར་)མངོན་སུམ་དང་ལྐོག་ཏུ་གྱུར་པའི་གཟུགས་ནི་ནམ་ མཁར་(སྔར་མ་མཐོང་པ་ཉིད་)གང་གིས་མཐོང་པའི་སྒྲིབ་པ་མེད་པའི་(གང་ཡིན་པ་དེ་ནི་)མིག་གི་དབང་ པོ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གནས་ པའི་སེམས་ཅན་ཐམས་ཅད་ཀྱི་(རིང་ན་སྒྲ་བརྗོད་པའི་)སྐད་(རབ་ཏུ་)གསལ་པོར་གང་གིས་ཐོས་(པར་ གྱུར་)པའི་སྒྲིབ་པ་མེད་(པ་འདི་ནི་རྒྱལ་)པའི་རྣ་བའི་དབང་པོ་(ཆེན་པོ་)ནི་ཕྱག་ན་རྡོ་རྗེའོ། ༼༡༨༽ ། ༼༡༧༽ མངོན་སུམ་དང་ལྐོག་ཏུ་གྱུར་པའི་དྲི་བཟང་པོ་(རྣམས་ཐམས་ཅད་)གང་གིས་འཛིན་པའི་སྒྲིབ་ པ་མེད་པ(པ་ཉིད་སྟེ་མཆོག་ཏུ་བདེ་བར་གྱུར་པ་དེ་ནི་ཁྱབ་བདག་དམ་པ)འི་སྣའི་དབང་པོ་ནམ་མཁའི་སྙིང་ པོའོ། །མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་(རང་གི་)ཟླ་(བཟངས་མྱངས་)བའི་བདུད་རྩི་ (རྟག་ཏུ་)གང་གིས་མྱོང་པར་བྱེད་(པས་མྱངས་)པའི་སྒྲིབ་པ་མེད་(པ་ཡང་དག་བདེ་བ་སྟེར་བ་གང་ཡིན་)པའི་ ལྕེའི་དབང་པོ་(དེ་)ནི་འཇིག་རྟེན་དབང་ཕྱུག་གོ། སྙོམས་པར་ཞུགས་པའི་(རྡོ་རྗེ་)རེག་བྱའི་སྒྲིབ་ པ་(ཀུན་ནས་རྒྱུན་དུ་འཕྲོག་སྟེ་)མེད་པ(དེ་ནི་རྡོ་རྗེ)འི་ལུས་ཀྱི་དབང་པོ(ར་གྱུར་པ་)ནི་སྒྲིབ་པ་ཐམས་ཅད་ རྣམ་པར་སེལ་བར་བྱེད་པའོ། །གང་ཞིག་ཐབས་དང་ཤེས་རབ་(འདུས་པ་དག་)ཀྱི་རང་བཞིན་ 1-1-378 དུ་གྱུར་པའི་མཆོག་ཏུ་མི་འགྱུར་བའི་(ཆོས་དེ་དེ་ལས་)བདེ་བ་(མཉམ་པར་བཞུགས་པ་)ལ་འཇུག་པར་ གྱུར་པའི་སྒྲིབ་པ་མེད་(པ་གང་ཡིན་)པའི་ཡིད་ཀྱི་དབང་པོ་(དེ་ནི་)བྱང་ཆུབ་སེམས་དཔའ་ཀུན་ཏུ་ བཟང་པོ་ཞེས་བྱའོ། །དེ་ལྟར་བརྗོད་པའི་རིམ་པས་སྒྲིབ་པ་མེད་པའི་ཡུལ་དང་ཡུལ་ཅན་ནི་ བྱང་ཆུབ་སེམས་དཔའ་དང་ལྷ་དང་ལྷ་མོ་རྣམས་ཡིན་གྱི། རྟེན་ཅིང་འབྲེལ་པ་ལས་སྐྱེས་པ་ དང་ཉི་ཚེ་བ་ནི་མ་ཡིན་ནོ།། ༼༡༩༽ དེ་ཉིད་བསྟན་པར་མཛད་དེ། དྲུག་པོ་འདི་རྣམས་དབྱེ་བས་ཐ་དད་(དུ་ཕྱེ་ན་)ཡུལ་དང་ཡུལ་ ཅན་(དག་སྟེ་)བྱང་ཆུབ་སེམས་དཔའ་སེམས་མར་(བཙུན་མོ་)བཅས་ཞེས་བྱ་བའོ། ། ༈ ད་ནི་དེ་རྣམས་གང་གི་ཡུལ་ཡིན་པ་དང་ཇི་ལྟ་བུ་ཡིན་པ་བསྟན་པར་མཛད་དེ། གཟུགས་སོགས་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་ཏེ་(རྣམ་པ་དྲུག་རྣམས་)གཟུགས་བརྙན་ལྟ་ བུར་ཀུན་ནས་(སྤྲུལ་པའི་)སྣང་པ་དྲུག(རྣམས) དང་དང་མ་སྐྱེས་འགག་མེད་མཆོག་གི་བདེ་བྱེད་ རྙོག་པ་མེད་པ་ཡེ་ཤེས་ཀྱིས་ཤེས་པའོ། །ཞེས་བྱ་བ་ནི་འཁོར་བའི་བག་ཆགས་དང་བྲལ་བས་ ན་དང་པའོ། །སྒྲིབ་པ་མེད་པར་གྱུར་པས་ན་མ་སྐྱེས་པའོ། །ཕྱི་ནས་གོས་པར་མི་འགྱུར་བས་ ན་མི་འགག་པའོ། །འཇིག་རྟེན་གྱི་ཐ་སྙད་ལས་འདས་པར་གྱུར་པས་ན་མཆོག་གི་བདེ་བ་ བྱེད་(པ་འཛག་པ་མེད་)པའོ། །མི་རྟོག་པའི་བདག་ཉིད་དུ་གྱུར་པས་ན་རྙོག་པ་མེད་པའོ། །གཉིས་ སུ་མེད་པའི་ཡེ་ཤེས་ཀྱིས་གོ་བར་གྱུར་པས་ན་ཡེ་ཤེས་ཀྱི་(གོ་བྱ་)ཤེས་པའོ། །དེ་ལྟ་བུའི་ཡུལ་ རྣམས་ནི་གང་གིས་འཛིན་ཞེ་ན། ཁམས་གསུམ་(འགྲོ་བ་)གཞན་གྱིས་གཟུང་པར་(ནུས་པར་)མི་ འགྱུར་(ཁམས་གསུམ་)འགྲོ་(བ་)ཀུན་(གྱི་)དབང་པོའི་སྒོ་རྣམས་(ཡང་དག་)རིག་པས་སྤྱོད། །ཞེས་བྱ་ བ་ནི་དབང་པོ་དེ་ལྟ་བུར་གྱུར་པ་རྣམས་ཀྱིས་ནི་(ཤེས་པ་)ཡིན་གྱི་དབང་པོ་ཉེ་ཚེ་བས་ནི་(རིག་པ་) མ་ཡིན་ནོ་ཞེས་བྱ་བའོ།། ༼༢༠༽ ༈ ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པ་བསྟན་པར་མཛད་དེ། སེམས་ 1-1-379 ཅན་ཞེས་བྱ་བ་ལ་སོགས་པ་ལ། འདིར་(ཕྱི་)འཇིག་རྟེན་གྱི་ཁམས་དང༌། ནང་(སེམས་ཅན་)དང་ (གཞན་)དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱིས་གང་བཞུགས་པར་མཛད་པ་དེ། སེམས་ཅན་ རྣམས་(མ་ལུས་)སྨིན་པར་བྱ་བའི་(དོན་གྱི་)ཕྱིར་(དུའོ་)ཞེས་བྱའོ། །དེ་ཉིད་ངེས་པའི་དོན་དུ་ནི་(ཕྱི་ རོལ་རྣམས་ལ་སྣ་ཚོགས་ཆ་རུ་འགྱུར་ཏེ་ལུས་ལ་འབྱུང་པ་)སྲོག་གི་རླུང་(རབ་ཏུ་རྒྱུ་བ་དག་)གིས་ཀུན་ཏུ་སྤྱོད་པའི་ དབང་གིས་(གང་ཞིག་རྣམས་)གཉིད་ལོག་པའི་གནས་སྐབས་སུ་དེ་སོ་སོ་ཐམས་ཅད་ལ་སེམས་ འཇུག་པ་ནི་ཕྱི་རོལ་ཏུ་བཞུགས་པའོ། །དེ་བཞིན་དུ་ས་ལ་སོགས་པའི་དཀྱིལ་འཁོར་ལྔ་དང༌། ནམ་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་(རྣམས)ལ། ཕུང་པོ་དང་ཁམས་ལ་སོགས་པའི་ གཙོ་བོར་གྱུར་པའི་སེམས་གནས་པ་ནི་(གང་ཞིག་)རྡོ་རྗེ་བཙུན་མོའི་བྷ་གར་(རབ་ཏུ་)བཞུགས་(པ་ ཡིན་)ཞེས་བྱ་སྟེ། ༼༢༢༽ དེ་བཞིན་དུ་(གཞན་ནི་གང་ཞིག་)སྒྲ་ལ་སོགས་པའི་ཡུལ་(གྱུར་)རྣམས་ལ་སེམས་འཇུག་པ་ (མི་འཕྲོ་བ་)ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་བཞུགས་པའོ། །(དེ་བཞིན་དེ་ཁོ་ན་ཉིད་གང་ཞིག་)ཨེ་བཾ་ ཡི་གེར་བཞུགས་པ་གང་ཡིན་པ་དེ་མཆོག་ཏུ་མི་འགྱུར་བའི་བདེ་བའི་(གོ་འཕང་ལས་ནི་)གནས་ སྐབས་སུ་(སེམས་ཅན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཉིད་)སྐུ་དང་གསུང་དང་ཐུགས་ འཇུག་པ(འི་དབྱེ་བས་བཞུགས་པ་རྣམ་པ་གསུམ་)ཞེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་(ངེས་ པར་)བཅོམ་ལྡན་འདས་རྡོ་རྗེ་ཅན་(ཉིད་)ཅིག་པུ་(ལ་)ནི་གནས་གསུམ་གྱི(ས་)དབྱེ་(བར་འགྱུར་) བས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་བཞིན་དུ་ཁམས་དང་(ཡུལ་ཅན་)དབང་པོ་དང་ཡུལ་རྣམས་ དངོས་པོ་གསུམ་གྱིས་བསྐོར་བའོ། །ཕྱི་དང་ནང་དང་དཀྱིལ་འཁོར་དུ་བཞུགས་པ་ནི་(དུས་ གསུམ་བདེ་གཤེགས་)གནས་གསུམ་ལ་བཞུགས་པའོ། །འདོད་པ་དང༌། གཟུགས་དང་གཟུགས་ མེད་པའི་སྲིད་པ་གསུམ་ལ་གནས་པའི་སེམས་ཅན་(དུ་མ་)རྣམས་ལ་ཕན་འདོགས་པར་མཛད་ པས་ནི་སྲིད་པ་གསུམ་ལ་བཞུགས་ཞེས་བྱའོ།། ༼༢༣༽ 1-1-380 ༈ དེ་བཞིན་དུ་རྒྱུད་ཀྱི་རྒྱལ་པོ་རྣམས་སུ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ(འི་ ཚིག་རྣམས་འདི་ལྟར་)གང་ཡིན་པ་དེ་བཅོམ་ལྡན་འདས་(བདག་)ཀྱིས་མཁྱེན་པ་(སྟེ་ཤེས་པ་)ཡིན་གྱི་ གཞན་གྱི་ཁ་ལས་སྙན་གྱིས་ཐོས་པ་ནི་མ་ཡིན་ཏེ། ཉིད་ཀྱིས་བསྟན་པར་མཛད་པའི་ཕྱིར་རོ། ། བཅོམ་ལྡན་འདས་དེ་གང་ཡིན་ཞེས་ན། རྡོ་རྗེ་ཅན་ནི་ཞེས་བྱ་བ་ནི་རང་རིག་པའི་ངོ་བོས་(མགོ་ མགྲིན་སྙིང་ཁ་ལྟེ་བ་གསང་པ་རྣམས་ཀྱི་པད་མར་ཟླ་བ་ཞུ་བ་)དཔྲལ་བ་ལ་སོགས་པའི་འཁོར་ལོ་རྣམས་ལས་ མར་བྱོན་པའི་ལུས་དང་ངག་དང་སེམས་ཀྱི་ཐིག་ལེ་གསུམ་གྱི་ཐ་མར་ཡེ་ཤེས་ཀྱི་ཐིག་ལེའི་ངོ་ བོས་ལྷན་ཅིག་སྐྱེས་པའི་བདེ་བ་སྟེར་བའི་བུད་མེད་ཀྱི་བྷ་ག་གང་འཕོ་བར་འགྱུར་བ་དེ་དྲང་ པའི་དོན་གྱིས་བཅོམ་ལྡན་འདས་རྡོ་རྗེ་ཅན་(གྱི་དུས་)ཡིན་ཏེ། དེ་ཉིད་ངེས་པའི་དོན་གྱི་(མཆོག་ གི་པད་མ་དེ་ཐིག་ལེ་གསུམ་གྱིས་ཐར་པར་གཤེགས་པའི་)རྡོ་རྗེ་བཙུན་མོའི་བྷ་ག(ར་བརྗོད་)ནི་བདེ་བ་ཆེན་པོ་ ལ་སོགས་པའི་འཁོར་ལོ་བཞི་ཡིན་ལ། འཁོར་ལོ་དེ་རྣམས་སྐུ་ལ་སོགས་པའི་ཐིག་ལེ་བཞི་ མི་འཕོ་བའི་ངོ་བོས་གནས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་བརྗོད་དོ། །བཅོམ་ལྡན་ འདས་རྡོ་རྗེ་ཅན་གང་ཡིན་པ་དེ་སངས་རྒྱས་ཀྱི་ཞིང་དུ་བཞུགས་ནས་སེམས་ཅན་རྣམས་ལ་ ཕན་འདོགས་པར་ཤེས་པར་བྱ་བ་ནི་བསྟན་པར་མཛད་དེ། སངས་རྒྱས་ཞིང་དུ་(གཅིག་)ཞེས་ བྱ་བའོ།། ༼༢༤༽ དེ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བའི་ངོ་བོ་བཅོམ་ལྡན་འདས་གང་ཡིན་པ་དེ་སེམས་ ཅན་རྣམས་ཀྱི་རང་རང་གི་བག་ཆགས་ཀྱི་དབང་གིས་དབྱེ་བ་དུ་མས་ཐ་དད་པར་མཐོང་པར་ བསྟན་པར་མཛད་དེ། གཅིག་ནི་(གསུམ་)ཞེས་བྱ་བའོ། །འཁོར་ལོ་ལ་གནས་ཁྱིམ་ཞེས་བྱ་བ་ནི་ (སྐུ་ནི་)ཆོས་ཀྱི་འཁོར་ལོ་ལ་བཞུགས་པའི་དུས་སུ་བསོད་ནམས་དང་ལྡན་པར་གྱུར་པའི་ཁྱིམ་ (ན་གནས་)པ་རྣམས་ཀྱི་རང་ཁྱིམ་དུ་བཅོམ་ལྡན་འདས་བསོད་སྙོམས་ལ་བྱོན་པར་མཐོང་ཞིང་ བཅོམ་ལྡན་འདས་ཀྱིས་ཀྱང་སེམས་ཅན་རྣམས་ལ་བསོད་ནམས་ཀྱི་ཚོགས་བསག་པར་བྱ་ 1-1-381 བའི་ཕྱིར་དེ་བཞིན་དུ་མཛད་ཞེས་བྱའོ།། ༼༢༥༽ དེ་ལྟར་སྐུའི་མཚན་ཉིད་བསྟན་ནས་གསུང་ཇི་ལྟ་བུ་ཡིན་པ་བསྟན་པར་མཛད་དེ། དུད་ འགྲོ་(བཞི་)ཞེས་བྱ་བ་ལ་སོགས་པ་ལ། (དོན་འགྲེལ་)འདིར་འགྲོ་བ་དྲུག་ལ་གནས་པར་གྱུར་པའི་ སེམས་ཅན་ཐམས་ཅད་ལ་རང་རང་གི་སྐད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ དངོས་གྲུབ་སྟེར་བར་མཛད་པ་ནི་བཅོམ་ལྡན་འདས་ཀྱི་གསུང་ཡིན་གྱི་ལྷ་རྣམས་ཀྱི་སྐད་ཀྱིས་ ནི་མ་ཡིན་ནོ། །རྒྱུ་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་(སྐུ་གསུང་ཐུགས་ཡེ་ཤེས་ཀྱི་)མཛད་པ་ཕུང་པོ་ ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་(ཉན་རང་གི་)སངས་རྒྱས་རྣམས་ཀྱིས་ཀྱང་མི་ རྟོགས་ཏེ། (མུ་སྟེགས་ལ་སོགས་པའི་)སེམས་ཅན་ཕལ་པ་རྣམས་ཀྱིས་སྨོས་ཅི་དགོས་ཞེས་བྱའོ། ། ༈ ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པའི་ཕྲིན་ལས་ཀྱིས་སྲིད་པའི་སྡུག་ བསྔལ་འཇོམས་ཤིང༌། མྱ་ངན་ལས་འདས་པའི་བདེ་བ་སྐྱེད་པ་བརྗོད་པར་མཛད་དེ། དེ་ལྟར་ དག་པའི་སྐུ་ལས་སྐྱེས་པ་ཞིག་པ་མེད་པར་ཞེས་བྱ་བ་ལ་སོགས་པས་བསྟན་པའོ། ༼༢༩༽ ། ༈ འོ་ན་གལ་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་ལ་སོགས་པ་མཛད་པ་དེ་ལྟ་ན་ནི། ཀསྤྲོ་ བྱ་སྤྲོ་བྱེད་ཀྱི་དབྱེ་བ་དང་ཁཡན་ལག་དང་ལྡན་པར་གྱུར་པའི་ཕྱིར། ཀབཅོམ་ལྡན་འདས་ རྟོག་པ་ཅན་དང་ཁམི་རྟག་པར་མི་འགྱུར་རམ་ཞེ་ན། དཔལ་ལྡན་ཟླ་བ་ཞེས་བྱ་བ་ལ་སོགས་ པ་ནི། དཔེར་ན་ཆུ་ཤེལ་ཟླ་བའི་འོད་ཟེར་རྣམས་དང་འཕྲད་ན། མི་རྟོག་པ་ཉིད་ཀྱིས་ཆུ་འཛག་ པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། སྒྱུ་མ་དང༌། རྨི་ལམ་དང་འདྲ་བར་གྱུར་པའི་ཕུང་པོ་རྣམས་ བཞེས་ནས་སེམས་ཅན་རྣམས་ཀྱི་སྒྲིབ་པ་དག་པར་བྱ་བའི་ཕྱིར་ཆོས་བསྟན་པར་མཛད་དེ། ཆོས་ཀྱང་སྐལ་བ་ཉེ་བར་ལྡན་པ་དང༌། སྐལ་བ་རིང་པར་གྱུར་པ་རྣམས་ཀྱིས་དེ་བཞིན་དུ་ ཤེས་པར་འགྱུར་ཞེས་བྱའོ།། ༼༣༠༽ དེ་ལྟར་དེ་རྣམས་མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་ན། རང་གི་དོན་དང་གཞན་ 1-1-382 གྱི་དོན་འགྲུབ་པར་གྱུར་པ་བསྟན་པར་མཛད་དེ། དེ་ལྟ་བས་ན་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་ ཞེས་བྱ་༼༣༡༽བ་ལ་སོགས་༼༣༢༽པ་སྟེ། རྒྱུ་དེའི་ཕྱིར་གང་གི་ཚེ་ཕུང་པོ་རྣམས་སྒྲིབ་པ་མེད་པའི་ དུས་དེ་ནས་བཟུང་ནས་བཅོམ་ལྡན་འདས་སྐུ་མི་སྐྱེ་བ་དང༌། མི་འཇིགས་པ་སྟེ། མཆོག་ཏུ་མི་ འགྱུར་བའི་བདེ་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། ། ༈ ད་ནི་འདིར་བརྡའི་ཚིག་གིས་གཅིག་ལ་སོགས་པའི་གྲངས་ཀྱི་མིང་བསྟན་པར་མཛད་ དེ། གཅིག་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཟླ་བ་(གཅིག་)གཟུགས་(གཅིག་)ཀྱིས་གཅིག་ བརྗོད་པར་ཤེས་པར་བྱའོ། །དེ་བཞིན་དུ་གཤིན་རྗེ་དང་ཟུང་(གཉིས་)དང་ལག་པ་(གཉིས་)དང་ འཁྲིག་པ་(གཉིས་)དང་མིག་(གཉིས་)དང་ཕྱོགས་དང་བྱང་ལ་སོགས་པའི་བགྲོད་པས་གཉིས་ སོ། །འདོད་པ་ན་སྤྱོད་པ་ལ་སོགས་པའི་འཇིག་རྟེན་(གསུམ་)དང་འདས་པ་ལ་སོགས་པའི་དུས་ (གསུམ་)དང་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་(གསུམ་)དང་ལྷོ་ལ་སོགས་པའི་མེ་ནི་གསུམ་ མོ། །ཤར་ལ་སོགས་པའི་རྒྱ་མཚོ་(བཞི་)དང་རྫོགས་ལྡན་ལ་སོགས་པའི་དུས་(བཞི་)དང་མཆོད་ སྦྱིན་ལ་སོགས་པའི་རིག་བྱེད་ནི་བཞིའོ། །གཟུགས་ལ་སོགས་པའི་མདའ་(ལྔ་)དང༌། ས་ལ་ སོགས་པའི་འབྱུང་པ་(ལྔ་)དང་མིག་ལ་སོགས་པའི་དབང་པོ་ནི་ལྔའོ། །ཚ་བ་ལ་སོགས་པའི་ རོ་(དྲུག་)དང་དཔྱིད་ཀ་ལ་སོགས་པའི་དུས་མཚམས་ནི་དྲུག་གོ། ཉི་མ་ལ་སོགས་པའི་གཟའ་ (བདུན་)དང་འོད་སྔོན་ལ་སོགས་པའི་རི་(བདུན་)དང་རྣམ་པར་གཟིགས་ལ་སོགས་པའི་ཐུབ་པ་ ནི་བདུན་ནོ། །འཇོག་པོ་ལ་སོགས་པའི་ཀླུ་(བརྒྱད་)དང་ལྕགས་ལ་སོགས་པའི་ནོར་(བརྒྱད་)རམ་ ཤར་གྱི་ལྷ་ལ་སོགས་པའི་ལྷ་ནི་བརྒྱད་དོ།། ༼༣༦༽ ཨ་བ་དྷུ་ཏི་ལ་སོགས་པའི་རྩ་(དགུ་)དང་མིག་ལ་སོགས་པའི་བུག་པ་(དགུ་)དང༌། ཉི་མ་ ལ་སོགས་པའི་འཛིན་བྱེད་གཟའ་(དགུ་)དང་རྫས་ཀྱི་གཏེར་ལ་སོགས་པ་ནི་དགུའོ། །ཤར་ ལ་སོགས་པའི་ཕྱོགས་ནི་(བཅུ་)བཅུའོ། །དྲག་པོ་ལ་སོགས་པ་ནི་བཅུ་གཅིག་(བཅུ་གཅིག་)གོ 402། ཆུ་སྲིན་ལ་སོགས་པ་ལ་གནས་པའི་ཉི་མ་ནི་བཅུ་གཉིས་(བཅུ་གཉིས་)སོ། །འདོད་པའི་ལྷ་ལ་ སོགས་པའམ་ཡན་ལག་མེད་པ་ནི་བཅུ་གསུམ་(བཅུ་གསུམ་)མོ། །དྲང་སྲོང་ཤེད་བུད་ལ་སོགས་ པ་མ་ནུས་(བཅུ་བཞི་)དང་ས་ལ་སོགས་པ་སྲིད་པའི་གནས་ནི་བཅུ་བཞི(བཅུ་བཞི)འོ། །ཚེས་ ལ་སོགས་པ་ནི་བཅོ་ལྔའོ། །མི་བདག་རྒྱལ་པོ་ཤིང་རྟ་ལ་སོགས་པ་ནི་བཅུ་དྲུག་(བཅུ་དྲུག་)གོ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་སྐྱོན་ནི་བཅོ་བརྒྱད་(བཅོ་བརྒྱད་)དོ། །བཅོམ་ལྡན་ འདས་ཤཱཀྱ་ཐུབ་པ་ལ་སོགས་པ་རྒྱལ་བ་ནི་ཉི་ཤུ་རྩ་བཞི(རྩ་བཞི)འོ། །ས་ལ་སོགས་པ་དེ་ཁོ་ན་ ཉིད་ནི་ཉི་ཤུ་རྩ་ལྔ་(རྩ་ལྔ་)འོ། །སྟེང་འོག་གི་སོ་ནི་སུམ་ཅུ་རྩ་(སོ་གཉིས་)གཉིས་སོ།། ༼༣༧༽ ༈ ད་ནི་ལས་དང་པོ་རྣམས་ཀྱི་སྐྱོན་དང་ཡོན་ཏན་བརྗོད་པར་མཛད་དེ། མི་ཡི་ཞེས་བྱ་བ་ ལ་སོགས་པ་ལ། འདིར་(མིའི་འཇིག་རྟེན་རྣམས་སུ་)བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྤྲུལ་པའི་ སྐུའི་རང་བཞིན་དུ་གྱུར་པའི་(ཉོན་མོངས་རྣམས་བྲལ་)དཔལ་ལྡན་བླ་མ་(གང་དག་རྡོ་རྗེ་འཛིན་བདག་ཉིད་ དེ་)ལ་གང་གིས་སུན་དབྱུང་པའི་ཉེས་པ་བྱེད་པ་(སྲོག་ཆགས་རྣམས་)དེ་(ནི་)དམ་ཚིག་ཉམས་པའི་ ཕྱིར། (ངེས་པར་འདིར་ནི་)དམྱལ་བར་འཇུག་པར་འགྱུར་(ཏེ་ངོ་མཚར་མེད་ཞེས་)བའོ། །དེས་ན་གལ་ཏེ་ (དེའི་)ཐུགས་འཛིན་པའི་མཉེས་པ་བྱེད་པ་(དེ་ཡིས་བདག་མཉེས་པ་སྟེ་)དེ་ལྟ་ན་ནི་སངས་རྒྱས་ཐམས་ ཅད་ཀྱི་ཐུགས་འཛིན་པར་འགྱུར་བའོ། །(དེ་ལ་ཁྲོ་བའི་མེ་ཆེན་བྱེད་ན་བདག་ལ་ཁྲོ་བ་ཡིན་ནོ། །)དེ་ལྟར་ ཤེས་ནས་(སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུའི་ཐར་པ་སྟེར་བས་)རང་གི་དོན་ཕུན་སུམ་ཚོགས་ པ་བསྒྲུབ་པའི་ཕྱིར། དུས་ཀུན་ཏུ་(ཕྱག་བྱ་)དངོས་པོ་ཐམས་ཅད་ཀྱིས་(མཆོད་བྱ་)བླ་མ་ལ་(སྲས་ རྣམས་ཀྱིས་)གུས་པར་བྱ་ཡི་བརྒལ་བར་མི་བྱའོ།། ༼༣༩༽ དེ་ལྟར་ཤེས་ནས་སྔ་དྲོ་དང་ཉི་མ་ཕྱེད་དང་ཉི་མ་རྒས་པའི་དུས་སུ་མཎྜལ་ལ་སོགས་པ་ སྔོན་དུ་འགྲོ་བ་གང་གིས་(དཔལ་ལྡན་)བླ་མའི་ཞབས་(བཟང་པད་མར་དུས་གསུམ་རྣམས་)ལ་ཕྱག་(ནི་ འཚལ་བར་)མི་བྱེད་པ་དེ་ལས་སྡིག་པ་ཅན་གཞན་(གང་ཡང་)མེད་ཞེས་བྱ་བའོ། །དེ་བཞིན་དུ་དུས་ 1-1-383 གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར། ཡི་དམ་གྱི་ལྷ་ལ་ཡིད་དུ་འོང་ པའི་(སྣ་ཚོགས་)མེ་ཏོག་(རྣམ་པ་མང་པོ་)རྣམས་ཀྱིས་གང་གིས་མཎྜལ་མི་བྱེད་པ་དེ་ལས་གཞན་ པའི་རྨོངས་པ་(གང་ཡང་)མེད་དོ་ཞེས་བྱའོ། །མྱུར་བར་བདེ་མཉམ་སྟེར་བའི་བླ་མ་ལ་མི་གུས་ པས་གདུག་(པས་སྐྱོ་བ་བསྐྱེད་)པར་བྱེད་པ་དེ་(གང་ཞིག་མནར་མེད་པའི་)དམྱལ་བར་འགྲོ་བར་འགྱུར་ བའོ། །དེ་ལྟ་ན་ནི་དེ་ལ་མཉེས་པས་དོན་ཅི་འགྲུབ་ཞེ་ན། ཤེས་རབ་ཡེ་ཤེས་ཐོབ་ལྡན་གང་ ཡིན་(ནི་)བླ་མ་མཆོག་གི་ཞབས་(གང་)ནི་མ་(བཅུ་གསུམ་)ཉམས་མི་(གཉིས་)སྤོང་(པ་དེ་)པ(བཞི)འོ། ། ཞེས་བྱ་བ་ནི་མི་གང་གིས་ཉིན་མཚན་དུ་བླ་མས་གསུངས་པ་བཞིན་དུ་བྱེད་པའི་མི་དེ་ཕྱག་རྒྱ་ ཆེན་མོའི་དངོས་གྲུབ་འགྲུབ་པར་འགྱུར་ཞེས་བྱ་བའོ། །དེ་བཞིན་དུ་སུ་ཞིག་ཉམས་པ་ཡིན་ ཞེ་ན། གང་(ཞིག་)གིས་དུས་ཐམས་ཅད་དུ་(རྩ་གསུམ་ལ་གནས་རླུང་)ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་(དཔག་ མེད་རྣམས་)ཟད་པར་(གསོད་པ་)མེད་པ་ཉམས་པ་ཡིན་གྱི་ལུས་པོ་བོར་བ(འི་སྲོག་ཟད་པ་)ཙམ་དུ་མ་ ཡིན་ནོ། །གཞན་ཡང་དཔའ་བོ་གང་ཡིན་ཞེ་ན། རྣལ་འབྱོར་པ་གང་གིས་(མཉམ་དང་མི་མཉམ་) ལམ་གསུམ་ལ་གནས་པའི་སྲོག་གི་(རླུང་དང་ཐུར་དུ་རྒྱུ་བའི་)རླུང་(རྣམས་)འགག་པར་(གསོད་པར་) བྱེད་པ་(གང་)དེ་ནི་དཔའ་བོ་ཡིན་གྱི། སྲོག་ཆགས་གསོད་པར་བྱེད་པ་དང་འཇིག་རྟེན་པའི་ བྱ་བ་(ངན་ཞེན་)བྱེད་པ་ནི་མ་ཡིན་ནོ། །སྦྱིན་བདག་གང་ཡིན་ཞེ་ན། གང་གིས་(དཔལ་ལྡན་)བླ་མ་ (རྣམས་)ལ་རྣམ་པ་བཅུའི་སྦྱིན་པའི་དངོས་པོ་འབུལ་བའོ། །(ཏེ། རིན་ཆེན་ལྕགས་གསེར་བ་ལང་རྟ། །གླང་ ཆེན་བུ་མོ་ནོར་འཛིན་དང༌། །སྡུག་པའི་ཆུང་མ་རང་ཤ་གཏོང༌། སྦྱིན་པ་རྣམ་པ་བཅུ་རུ་འདོད། ཅེས་སོ། །)ངན་པ་གང་ཡིན་ ཞེ་ན། སེམས་ཅན་སླུ་བར་བྱེད་པ་དང༌། སྡིག་པ་བསག་པར་བྱེད་པ་དང་(རང་)སྙིང་(ཉོན་མོངས་ པའི་སེམས་)ལས་ཚིག་གཞན་དང་ཁ་ལས་(འགུགས་པའི་)ཚིག་གཞན་བརྗོད་པར་བྱེད་པའི་གཡོ་སྒྱུ་ ཅན་(རྣམས་གང་)ཞེས་བྱ་བའོ། །དེ་བས་ན་སྐྱོན་དང་ཡོན་ཏན་གྱི་བྱེ་བྲག་ཤེས་ནས་སྐྱེས་བུ་དམ་ པ་རྣམས་ཀྱིས་བདག་ཉིད་ལ་ཕན་གདགས་པའི་ཕྱིར། སྐྱོན་ཐམས་ཅད་དོར་ནས་ཁྱད་པར་དུ་ 1-1-384 གྱུར་པའི་ཡོན་ཏན་རྣམས་ལ་ཞེན་(པ་སྟེ་བླང་)པར་བྱ་བ་ནི་ངེས་པའོ།། ༼༤༡༽ ༈ ད་ནི་རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཐ་མི་དད་པའི་རང་བཞིན་བསྟན་པར་མཛད་ དེ། དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྔོན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་(སྤྲུལ་པ་ཟླ་བ་བཟང་པོའི་)ཞུ་བ་གསན་(ཏེ་དེ་ཉིད་ལྷ་དང་མིའི་བླ་ མས་ཁོང་དུ་ཆུད་)ནས་(སེམས་ཅན་ཀུན་གྱི་དོན་རྒྱུར་)རྒྱུད་ཀྱི་རྒྱས་པོ་དང་པོ་མཆོག་གི་སངས་རྒྱས་སྟོང་ ཕྲག་བཅུ་གཉིས་པ་དེ་གསུངས་སོ། །དེ་ཡང་ཨ་ལི་ཀ་ལི་དང་ལྡན་པ་བསྡུས་པའི་རྒྱུད་སྙིང་ང་ ཡིས་ཉི་མ་ཁྱོད་ལ་གཏད་དོ་ཀྱེ་བྱ་བའོ།། ༼༤༢༽ ༈ དེ་ལྟར་སངས་རྒྱས་རྣམས་ཀྱིས་བཀའ་སྩལ་(ཏེ་གསུངས་)པ་དེ་ཉིད་(ལས་ནི་)བདག་ཅེས་ བྱ་བ་ནི་བཅོམ་ལྡན་འདས་འཇམ་དཔལ་ཉིད་དེ། བདག་གིས་མེ་ཏོག་ཕྲེང་འཛིན་(དུ་བསྡེབས་པ་ དག་)གྱི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་བསྟན་ཏོ། །ཞེས་བྱའོ། །དེ་ བས་ན་འཇིག་རྟེན་མགོན་པོ་(པད་མ་དཀར་པོ་)ཁྱོད་ཀྱིས་(སྔགས་པ་རྣམས་ལ་ངེས་པར་རྡོ་རྗེའི་ཚིག་འཛིན་འདི་ ཉིད་)བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ལུང་བསྟན་པ་བཞིན་དུ་བསྟན་པར་གྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཇམ་དཔལ་གྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ལ་བཀའ་ སྩལ་གནང་པའོ། ། ༈ དེ་ནས་(བཅོམ་ལྡན་འདས་ཀྱིས་དགེ་བ་བསྔོ་བའི་)སྨོན་ལམ་འདེབས་པར་མཛད་དེ། ཤེས་རབ་ ཡེ་ཤེས་ཐོབ་གྱུར་ཉི་མ་དང་བཅས་ཐུབ་རིགས་འདི་ཡིས་གྱུར་པ་ཇི་ལྟ་བར། །དེ་བཞིན་སྲིད་ གསུམ་ལ་གནས་སེམས་ཅན་རྣམས་ནི་དུས་འཁོར་དྲིན་གྱིས་དེ་ལྟར་འགྱུར་བར་ཤོག ། ༼༤༣༽ ༈ ད་ནི་བཅོམ་ལྡན་འདས་འཇམ་དཔལ་གྱིས་ཉིད་དང་འཁོར་གྱི་ཡོན་ཏན་བརྗོད་པར་ མཛད་དེ། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བཅོམ་ལྡན་འདས་འཇམ་དཔལ་གྱིས་ 1-1-385 བྲམ་ཟེ་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞིའི་གཙོ་བོར་གྱུར་པའི་ཉི་མའི་ཤིང་རྟ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །(ཉི་མ་) ཁྱོད་(དམ་མིའི་བདག་པོ་སྲིད་པ་གཞན་དུ་)སྐྱེ་བ་སྔ་མའི་བཅོམ་ལྡན་ འདས་དུས་ཀྱི་འཁོར་ལོའི་རྣལ་འབྱོར་གྱི་སྟོབས་(ཁོ་ན་དག་)ཀྱི་(འདིར་ནི་བྲམ་ཟེ་)ཚངས་པའི་ རིགས་ལས་གང་ཟག་ཁྱད་པར་དུ་གྱུར་པར་སྐྱེས་པའོ། །(མིའི་བདག་པོ་འཇམ་དབྱངས་)བདག་ཀྱང་ འཇམ་དཔལ་གྱི་སྤྲུལ་པ་(ཉིད་)ཡིན་གྱི་སེམས་ཅན་ཕལ་པ་ནི་མ་ཡིན་ནོ། །དེ་བཞིན་དུ་(དེ་ལ་ དགའ་བར་གྱུར་པའི་)བདག་གི་བཙུན་མོ་(དཔལ་ཉིད་)ནི་སྒྲོལ་མའི་སྤྲུལ་པ་ཞེས་བྱའོ། །གཞན་ཡང་ (པད་མ་དཀར་པོ་ནི་)སངས་རྒྱས་བཅོམ་ལྡན་འདས་(མཐའ་དག་སྟེ་)ཐམས་ཅད་ཀྱི་ཐུགས་རྗེའི་ངོ་ བོར་གྱུར་པ་དང༌། འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་(གཏེར་གྱི་)གནས་སུ་ུ གྱུར་པའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་ནི་པད་མ་དཀར་པོ(འི་ཕྱག་མཚན་ཅན་) བདག་གི་སྲས་ཞེས་བྱ་བའོ།། ༼༤༤༽ དེ་ལྟར་བཅོམ་ལྡན་འདས་འཇམ་དཔལ་ལ་སོགས་པའི་རང་བཞིན་དུ་གྱུར་པའི་ཨུད་ པལ་ལ་སོགས་པའི་ཚིག་(རྐང་གཉིས་)ཉི་མའི་ཤིང་རྟས་ཐོས་ནས་ཉི་མ་འཁོར་དང་བཅས་པས་ (ཐུབ་དབང་རྣམས་ཀྱིས་དབུ་བརྒྱན་བཅས་པའི་དབུ་ཡིས་རིགས་གཅིག་)བཅོམ་ལྡན་འདས་འཇམ་དཔལ་གྱི་ ཞབས་(ཀྱི་པད་མ་)དག་ལ་ཕྱག་འཚལ་བར་མཛད་ནས། (ལག་གཉིས་ཐལ་མོ་སྦྱར་ཏེ་བཏུད་ནས་སྨྲས་པའོ། །) ༼༤༥༽ ༈ (དེ་ནས་)འགལ་བའི་རྒྱན་གྱིས་བསྟོད་པ་ནི་བསྒྲེས་དང་གཞོན་པའང་(ཉིད་ཀྱང་)ཁྱོད་ ཡིན་(སྟེ་) རྒྱལ་བ་ཀུན་གྱི་སྲས་ཀྱང་ཁྱོད་ཏེ་དང་པོའི་སངས་རྒྱས་ཁྱོད་ཅེས་བྱ་བ་ནི་འཇིག་ རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱིས་བསྒྲེས་པར་གྱུར་ན་ཡང་ནམ་ མཁའ་བཞིན་དུ་སྐུ་ལ་འགྱུར་བ་མེད་པའི་ཕྱིར་གཞོན་ནུ་མ་(ཉིད་)ཡང་ཁྱོད་ཞེས་བྱའོ། །དེ་ བཞིན་དུ་དང་པོར་སངས་རྒྱས་པ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུར་ 1-1-386 གྱུར་ན་ཡང་སེམས་ཅན་རྣམས་འདུལ་བའི་ཕྱིར་རྒྱལ་བ་(མ་ལུས་)ཀུན་གྱི་སྲས་བྱང་ཆུབ་སེམས་ དཔའི་ཚུལ་གྱིས་བཞུགས་པའོ། །དེ་བཞིན་དུ་ལས་ཀྱི་ཕྱག་རྒྱ་(བུད་མེད་དང་འདུས་)ལ་སྦྱར་བར་ མཛད་ན་ཡང་མི་འཕོ་བ་ཉིད་ཀྱིས་ཚངས་པར་སྤྱོད་པའོ། །གཞན་ཡང་གདུལ་བར་དཀའ་ བའི་སེམས་ཅན་རྣམས་འདུལ་བའི་ཕྱིར་འཇིགས་པར་གྱུར་པའི་ཞལ་མངའ་བ་དང༌། ཕྱག་ རྣམས་མཚོན་ཆ་དུ་མ་དང་ལྡན་པར་གྱུར་པའི་གཤིན་རྗེ་གཤེད་ལ་སོགས་པའི་སྤྲུལ་པའི་སྐུ་ འཁྲུངས་པར་མཛད་ན་ཡང་སེམས་ཅན་ཐམས་ཅད་ནི་ཡིད་དུ་འོང་བའི་བུ་གཅིག་པ་བཞིན་དུ་ (མཆོག་གི་)ཐུགས་རྗེ་ཆེན་པོའི་སྤྱན་གྱིས་(འཇིག་རྟེན་གཉེན་དུ་)གཟིགས་པར་མཛད་པའོ། །གཞན་ ཀ༽ཡང་ང༽གདུལ་བར་དཀའ་བའི་སེམས་ཅན་རྣམས་ཀྱི་རྩར་ཁྱོད་ཀྱི་སྐུ་(ནི་དྲག་པོའི་མཆོག་སྟེ་) འཇིགས་པར་མཛད་ག༽ན་ཡང་ཁ༽དོན་དམ་པར་(ཉོན་མོངས་པའི་)རྙོག་པ་མེད་པ་ཞི་བའི་རང་ བཞིན་དུ་གྱུར་ཅ༽པའོ། །གཞན་ཡང་(ཁྱོད་ཉིད་)སེམས་ཅན་ཐམས་ཅད་ལ་འཆི་བ་ལ་སོགས་ པའི་འཇིགས་པ་ཐམས་ཅད་ཁྱོད་ཀྱིས་འཕྲོག་(སྟེ་འཇོམས་)པར་མཛད་ན་ཡང་བླ་ན་མེད་པའི་ བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པའི་བདུད་(ཀྱི་ཚོགས་)རྣམས་ཉམས་པར་མཛད་པའི་ བདུད་ཅེས་བྱའོ། །གཞན་ཡང་འཁོར་བའི་ཞགས་པ་ལས་གྲོལ་བར་གྱུར་(པ་ཡང་ནི་ཁྱོད་ཡིན་)ན་ ཡང་སེམས་ཅན་རྣམས་སྨིན་པའི་(དོན་གྱི་)ཕྱིར་(དུ་སྲིད་པ་)འཁོར་བ(འདི)ར་སྤྲུལ་པའི་སྐུ་འཁྲུངས་ པར་མཛད་(ཡང་གྲགས་པ་ཁྱོད་ཡིན་)པའོ།། ༼༤༦༽ གཞན་ཡང་ཚངས་པའི་དྲང་སྲོང་རྣམས་ཀྱི་བླ་མར་གྱུར་པ་(ཉི་མ་)བདག་(དང་བྲམ་ཟེ་ཐུབ་ པའི་རིགས་རྣམས་ཀུན་གྱིས་ཞབས་དྲུང་ཕྱག་བྱས་ལྷུང་པ་དང་)ནི་ཁྱོད་ཀྱིས་འདུལ་བར་མཛད་པའོ། །གཞན་ ཡང་སེམས་ཅན་(མ་ལུས་སྒྲོལ་བའི་རྒྱུ་རུ་)ཐམས་ཅད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་ བྱ་བའི་ཕྱིར་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོ་(མཐའ་དག་)ས་སྟེང་དུ་ཁྱོད་ཀྱིས་གསལ་པོར་ (བསྒྲགས་པར་)མཛད་པའོ། །མ་རིག་པའི་མུན་པ་འཇོམས་པར་མཛད་པས་ན་ཁྱོད་ནི་ཉི་མ་ 1-1-387 བཞིན་དུ་གྱུར་པའོ། །དཔལ་ལྡན་ཀ་ལ་པ་རུ་འཁྲུངས་པ་ཐམས་ཅད་(ཉི་མཚུངས་ལྟ་བུར་)རྡོ་རྗེའི་ རིགས་གཅིག་ཏུ་མཛད་པས་ན་(རིགས་ལྡན་དེ་ཉིད་ལ་སའི་བདག་པོ་)རྒྱལ་རིགས་ཀྱི་སྐུ་དགུ་ཅུ་རྩ་དྲུག་ ལས་སྐྱེས་པའི་ལྷ་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་ཕྱག་འཚལ་(བར་བྱས་)བ་ཡང་ཁྱོད་ཞེས་ བྱ་བའོ། །དེ་བས་ན་མི་བཟད་འཁོར་བའི་འཇིགས་པས་བདག་ནི་ཁྱོད་ཀྱི་ཞབས་ཀྱི་པད་མར་ སྐྱབས་སུ་(ལྷག་པར་)མཆི་ཞེས་བྱ་བའོ།། ༼༤༧༽ ༈ དེ་ལྟར་འཁོར་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་འཇམ་དཔལ་ལ་ཉི་མའི་ཤིང་རྟས་ བསྟོད་པ་བྱས་ནས་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་དང་ལྷན་ཅིག་ཏུ་ཉི་མའི་ཤིང་རྟས་དཔྱིད་ ཟླ་ཐ་ཆུང་གི་ཉ(འི་མཚན་མོ་འདས་ནས་ཉིན་མོ་རབ་ཏུ་མ་ཞུགས་པའི་དུས་ཉིད་)ལ་(སྣ་ཚོགས་གཙོ་བོའི་བྱིན་གྱིས་ བརླབས་ཀྱིས་ཉི་མ་ཐུབ་པའི་སྐྱེ་བོར་བཅས་པས་)ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མངོན་དུ་ཐོབ་པར་མཛད་ ཅེས་བྱ་བའོ། །དེ་ནས་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ ཕྱིར་བདག་ཅེས་བྱ་བ་ལ་སོགས་པ(གཉིས་ཀྱི)ས་སྨོན་ལམ་བཏབ་པའོ།། ༼༤༨༽ ༈ (དེ་ལྟར་)བཅོམ་ལྡན་འདས་འཇམ་དཔལ་གྱི(མཆོག་གི་སྙིང་རྗེ)ས་ཀྱང་(སེམས་ཅན་ཀུན་གྱི་དོན་ རྣམས་མཛད་པ་པོ་ཡིས་)རྒྱུད་ཀྱི་དོན་(རྣམས་)བསྟན་པར་མཛད་ནས་བྱང་ཆུབ་སེམས་དཔའ་འཇིག་ རྟེན་མགོན་པོ་ལ་རྒྱུད་ཀྱི་འགྲེལ་པ་མཛད་པའི་ཕྱིར་དང༌། རྒྱུད་གླེགས་བམ་དུ་བྲི་བའི་ཕྱིར་ (རབ་མཆོག་ཡོན་ཏན་ཀུན་གྱི་གཏེར་ལྡན་སྲས་པོ་པད་མ་དཀར་པོ་ཉིད་ལ་)བཀའ་སྩལ་ཏོ།། ༼༤༩༽ ༈ དེ་ནས་སེམས་ཅན་རྣམས་ལ་བཀྲ་ཤིས་པར་སྨོན་(པས་ཕྲིན་ལས་བསྐུལ་བ་)པ་དང་བསོད་ ནམས་བསྔོ་(བས་བཀའ་དྲིན་པའི་ཕྱག་འཚལ་)བར་མཛད་དེ། དེ་ཡང་སྟེང་ན་བྱང་ཆུབ་སེམས་དཔའ་ ཞེས་བྱ་བ་ལ་སོགས་༼༥༠༽པ(བཞི)ས་ཕྲིན་ལས་བསྐུལ་བར་མཛད་ནས། ཐབས་དང་ཤེས་ རབ་ཞེས་བྱ་བ་ནི་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐབས་དང་ཤེས་རབ་(གཅིག་སྦྱོར་) ཀྱི་རང་བཞིན་དུ་གྱུར་པ་དང༌། རྒྱལ་བའི་བདག་པོ་རྡོ་རྗེ་སེམས་དཔའི་རྗོད་པར་བྱེད་པར་ 1-1-388 གྱུར་པ་དང༌། སྐུའི་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་བཞིའི་དབྱེ་བས་དེ་ཁོ་ན་ཉིད་རྣམ་པ་བཅུ་དྲུག་ (ལྡན་བསྡུས་པ་དག་)གི་རྗོད་པར་བྱེད་(པ་མ་ལུས་བསྡུས་)པའི་རྒྱུད་ཀྱི་རྒྱལ་པོ་དཔལ་(ལྡན་)དུས་ཀྱི་ འཁོར་ལོ་(རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ་རུ་གྱུར་པ་ཡིས། སེམས་ཅན་རྣམས་ཀྱིས་ཐར་པའི་རྒྱུ་རུ་རྒྱལ་བའི་བདག་པོས་) གང་བསྟན་པ་དེ་ཉིད་བདག་སྡུད་པ་པོ་ཉིད་ཀྱིས་(ཀྱང་)བསྟན་ནས་བསོད་ནམས་ཀྱི་ཚོགས་ གང་བསགས་པར་གྱུར་པ་དེས། སེམས་ཅན་ཐམས་ཅད་ཀྱིས་མཆོག་ཏུ་མི་འགྱུར་བའི་བདེ་ བའི་གོ་འཕང་ཐོབ་པར་གྱུར་ཅིག ། མཆོག་ཏུ་མི་འགྱུར་བའི་བདེ་བ་(ཐོབ་བྱེད་)དེ་ཉིད་ལ་བདག་ གིས་ཕྱག་འཚལ་(འདུད་)ཞེས་བྱ་བའོ། །དཀའ་འགྲེལ་པད་མ་ཅན་ལས་ཡེ་ཤེས་ཀྱི་ལེའུ་ཡི་གོ་ སླའི་བཤད་པའོ།། །།༼༥༡༽ ༈ (བརྗོད་བྱ་)ཐབས་དང་ཤེས་རབ་བདག་ཉིད་མཆོག་ཏུ་མི་འགྱུར་བདེ་བ་(དེ་)རྗོད་བྱེད་ པའི། །རྒྱུད་(ཀྱི་)རྒྱལ་(པོ་)དུས་ཀྱི་འཁོར་ལོའི་(བསྡུས་རྒྱུད་སྙིང་པོ་)འགྲེལ་བཤད་པད་མ་ཅན་ནི་ བྱས་ནས་སུ། །(དུས་འཁོར་ཞབས་ཆེན་པོ་)བདག་གིས་བསོད་ནམས་ཚོགས་ནི་གང་ཐོབ་དེ་ཡིས་ སེམས་ཅན་ཚོགས་ནི་མ་ལུས་པ། །མཆོག་ཏུ་(གྱུར་པ་)འགྱུར་བ་མེད་པའི་བདེ་བའི་གོ་འཕང་ རྟག་ཏུ་ཐོབ་གྱུར་ཅིག། །། ༈ དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ རྣམ་པར་གཏན་ལ་ཕབ་པ་མདོར་བསྡུས་པའི་རྒྱུད་ཀྱི་སྙིང་པོའི་དཀའ་འགྲེལ་པད་མ་ཅན་ ཞེས་བྱ་བ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པའི་ དཔལ་དུས་འཁོར་ཞབས་ཆེན་པོས་མཛད་པ་རྫོགས་སོ།། །། ༈ རྒྱ་གར་ནུབ་ཕྱོགས་ཁ་ཆེའི་མཁན་པོ་ཟླ་བ་མགོན་པོས་(རང་འགྱུར་དུ་)བསྒྱུར་ཅིང་ཞུས་ ཏེ་གཏན་ལ་ཕབ་པའོ།། །། ༈ ཐོག་མ་བར་དང་མཐར་དགེའི་ཆོས། །མཆོག་ཏུ་བཀྲ་ཤིས་དཔལ་འབར་ཅིང༌། །ཕྱོགས་ 1-1-389 དུས་ཀུན་ཏུ་རྒྱས་གྱུར་ནས། །འགྲོ་དྲུག་མ་ལུས་གྲོལ་བྱེད་ཤོག ། ཧེ་ཧཱེ་དགེའོ། །(རྩ་འགྲེལ་མ་བུ་ འགྲིག་པར་སྦྱར་བའི་ཡི་གེའི་མཆན་བུ་འདི་རྣམས་དཔལ་མི་བསྐྱོད་རྡོ་རྗེས་བསྒྲུབ་གནས་བཟང་པོ་དཔལ་ནགས་རྒྱལ་གྱི་དབེན་ གནས་མཁའ་སྤྱོད་བདེ་ལྡན་དུ་བཀོད་པའོ། །དགེའོ། །) འདིའི་མ་ཡིག་ནི་འབྲས་དཔེ་རྙིང་ཕྱི་ཀ༢༢༧