24-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼ཡ༽ 24-1-2 24-1-3 ༄༅། །རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་ འདེབས་པ་བཞུགས། ༄༅། །ན་མོ་གུ་ར་བེ་བཛྲ་ཨཱ་ཙཱརྱ་ཙ་རཱ་ཎ་ན་མོ་ན་མཿ རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ གསོལ་བ་འདེབས་པ། བླ་མའི་ཡོན་ཏན་དྲན་པའི་གསལ་འདེབས་ཞེས་བྱ་བ། བླ་མ་དང་ དབྱེར་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ། ལྷ་དང་བཅས་པའི་འབྱུང་པོ་ཀུན་གྱིས་རབ་ཏུ་གུས་པས་བཏུད་ནས་གང་གི་ཞབས་སེན་ སྤྱི་བོས་བསྟེན། །ཡེ་ཤེས་སྣང་བས་ཁམས་གསུམ་ཐམས་ཅད་དུས་རྣམས་ཀུན་ཏུ་ཕྱོགས་ཀྱི་ འཁོར་ལོ་གསལ་བར་མཛད་པའི་མགོན། །གཉིས་བྲལ་རིས་མེད་མི་འགྱུར་བདེ་བས་ཐུགས་ རྒྱུད་བལྟམས་ཤིང་བརྟན་གཡོ་སྲིད་ཞི་ཀུན་གྱི་རང་བཞིན་མཁྱེན། །རྡོ་རྗེ་སློབ་དཔོན་སྟོབས་ བཅུ་མངའ་བ་ཡོན་ཏན་རྒྱ་མཚོ་རིགས་ཀྱི་བདག་པོར་གུས་པས་ཕྱག་འཚལ་བྱིན་གྱིས་རློབས། ། རྡོ་རྗེ་རྣམ་གསུམ་དབྱེར་མེད་བདེ་ཆེན་སྐུ། །ཀུན་ཏུ་ཆད་མེད་ལེགས་སྦྱར་གཞོམ་མེད་ གསུང་། །གཡོ་མེད་ལྷུན་གྲུབ་ཟུང་འཇུག་རྡོ་རྗེའི་ཐུགས། །རྒྱལ་དབང་རྡོ་རྗེ་འཆང་ལ་གསོལ་ བ་འདེབས། །རྒྱལ་བ་ཀུན་གྱི་ཟག་མེད་བདེ་སྐྱེད་མ། །སྤྲོས་བྲལ་མཁའ་ལ་ཡེ་ཤེས་འོད་ སྟོང་ཤར། །མཚན་དཔེས་རབ་སྤྲས་དཔག་ཡས་དཀྱིལ་འཁོར་ཅན། །རྡོ་རྗེ་རྣལ་འབྱོར་མ་ལ་ གསོལ་བ་འདེབས། །རྒྱལ་བ་སྲས་བཅས་ཀུན་གྱི་སྒྲ་འཛིན་དངོས། །རྒྱུད་དང་མདོ་སྡེ་མཐའ་ དག་བསྡུ་བ་པོ། །ས་བཅུའི་དབང་ཕྱུག་རྗེ་བཙུན་གསང་བའི་བདག །ཕྱག་ན་རྡོ་རྗེ་འཛིན་ 24-1-4 ལ་གསོལ་བ་འདེབས། །འདོད་པའི་ལྷ་དང་གྲུབ་པས་རྗེས་བཟུང་བས། །སྙིང་པོའི་དོན་ གཟིགས་གདོད་མའི་མགོན་པོར་གྱུར། །གྲུབ་བརྙེས་ཀུན་གྱི་གཙོ་བོ་ཟླ་མེད་པ། །ས་ར་ཧ་ པའི་ཞབས་ལ་གསོལ་བ་འདེབས། །སྤྲོས་བྲལ་རིག་པའི་རྡོ་རྗེས་མཐའ་གཉིས་བཅོམ། །རབ་ དགའ་ས་བསྒྲུབས་བདེ་བ་ཅན་དུ་གཤེགས། །དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཆོག་བརྙེས་ པ། །འཕགས་པ་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །དེ་ཡི་རྗེས་བཟུང་བློ་གྲོས་རིན་ཆེན་ གྱིས། །ལུང་བསྟན་རྔོན་པའི་སྤྱོད་པས་འགྲོ་བ་འདུལ། །སྐྱེ་འཇིག་བྲལ་བ་ཁྱབ་བདག་གོ་ འཕངས་བརྙེས། །རི་ཁྲོད་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །མཁའ་འགྲོས་དངོས་ སུ་བྱིན་རླབས་དཀའ་བ་སྤྱད། །སྤྲོས་མེད་སྤྱོད་པས་མཆོག་གི་དངོས་སུ་གྲུབ་ཐོབ། །རིག་ འཛིན་ཀུན་གྱི་གཙོ་བོ་ལཱུ་ཡི་པ། །ཀུན་ཏུ་དགེ་བའི་ཞབས་ལ་གསོལ་བ་འདེབས། །འཁོར་ བའི་གནས་ཚུལ་མཁྱེན་ནས་རྒྱལ་སྲིད་སྤངས། །ཨ་བ་དྷཱུ་ཏིའི་སྤྱོད་པས་དོན་མཆོག་གྲུབ། ། ཁྲི་དང་དྲུག་སྟོང་འཁོར་བཅས་མཁའ་ལ་གཤེགས། །དཱ་རི་ཀ་པའི་ཞབས་ལ་གསོལ་བ་ འདེབས། །གནས་ལྔ་རིག་པའི་མཐར་ཐུག་རྒོལ་བ་འཇོམས། །རིམ་ལྔའི་ལམ་ལས་མགོན་ ཁྱོད་མངོན་བྱང་ཆུབ། །ངོ་མཚར་ཆོ་འཕྲུལ་བསྟན་པས་འགྲོ་ཀུན་བརྟུལ། །རྡོ་རྗེ་དྲིལ་བུ་པ་ལ་ གསོལ་བ་འདེབས། །ཨིནྡྲ་བྷཱུ་ཏི་ལཀྵྨི་ལ་སོགས་པས། །རྗེས་སུ་བཟུང་ནས་ཚེ་གཅིག་གྲུབ་ པ་བརྙེས། །བརྟུལ་ཞུགས་སྤྱོད་པའི་རོལ་པ་མཐའ་ཡས་སྟོན། །ཀཙྪ་པ་ཡི་ཞབས་ལ་གསོལ་ བ་འདེབས། །ངེས་མེད་སྤྱོད་པས་ཟུང་འཇུག་ཆེན་པོ་བརྙེས། །དཔག་ཡས་གྲུབ་པའི་དབང་ པོས་ཁྱོད་ཞབས་བསྟེན། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས་ཀྱི་མགོན། །ཛ་ལནྡྷ་རའི་ཞབས་ ལ་གསོལ་བ་འདེབས། །ཏིང་འཛིན་བརྟན་པས་བཟུང་འཛིན་སྤྲོས་པ་བཅད། །སྤྲོས་བཅས་ སྤྱོད་པས་བདུད་དང་མུ་སྟེགས་བརྟུལ། །རྒྱལ་བས་ལུང་བསྟན་བར་དོར་རྫོགས་སངས་རྒྱས། ། ནག་པོ་སྤྱོད་པའི་ཞབས་ལ་གསོལ་བ་འདེབས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ 24-1-5 ནས། །རིམ་གཉིས་སྒོམ་པས་མཆོག་གི་དངོས་གྲུབ་ཐོབ། །མི་བསྲུན་གདུག་པའི་མཁའ་འགྲོ་ མ་ཡང་བརྟུལ། །གྲུབ་ཆེན་གུ་ཧྱ་པ་ལ་ལ་གསོལ་བ་འདེབས། །དེ་ཡི་ཞབས་བསྟེན་རྒྱུད་སྡེ་ བཞི་ལ་མཁས། །རིམ་བཞི་མཐར་ཕྱིན་སྤྱོད་པ་གསུམ་ལ་སློབ། །སྡིག་སྤྱོད་རྒྱལ་པོ་འདུལ་ མཛད་རྣམ་རྒྱལ་ཞབས། །བར་མའི་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །གཉིས་སྣང་ སྤྲིན་ཚོགས་འོད་གསལ་ནམ་མཁར་ཐིམ། །རྣམ་དག་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །མཐའ་ གཉིས་ཀུན་སྤངས་རིགས་ངན་ཚུལ་འཛིན་པ། །རྗེ་བཙུན་ཏིལླི་པ་ལ་གསོལ་བ་འདེབས། ། སྨྲ་བའི་དབང་ཕྱུག་རིག་པའི་གནས་ཀུན་མཁྱེན། །བླ་མ་དགེས་ཕྱིར་དཀའ་བ་དཔག་མེད་ མཛད། །ལས་འཕྲོ་སད་པས་ལྷན་སྐྱེས་ཡེ་ཤེས་བརྙེས། །ནཱ་རོ་ཏ་པའི་ཞབས་ལ་གསོལ་བ་ འདེབས། །སྲོག་རླུང་དབུ་མར་ཐིམ་ཤིང་རྫུ་འཕྲུལ་དང་། །ལྟ་སྟངས་ཐོགས་མེད་གྲུབ་པས་ གཞན་དོན་མཛད། །གསང་སྔགས་འཛིན་པའི་གཙོ་བོར་ཀུན་གྱིས་བཀུར། །ཕ་ན་ཕིང་གུ་པ་ ལ་གསོལ་བ་འདེབས། །ཧེ་རུ་ཀ་དཔལ་མཆོག་གིས་རྗེས་སུ་བཟུང་། །མཁས་པའི་ཕུལ་ཕྱིན་ བདེ་མཆོག་སྨྲ་བ་ཡི། །ཕྱོགས་ཀུན་ཁྱབ་མཛད་ཇོ་བོ་སུ་མཱ་ཏི། །བྷ་དནྟ་པའི་ཞབས་ལ་གསོལ་ བ་འདེབས། །བླ་མ་གུས་པར་བསྟེན་པས་གདམ་ངག་ཐོབ། །བརྩོན་པས་སྒྲུབ་པས་ནུས་ མཐུ་མངོན་དུ་གྱུར། །ལྷག་བསམ་རིན་ཆེན་མཆོག་ལྡན་ཤེས་རབ་བརྩེགས། །ཀློག་སྐྱ་ལོ་ ཙཱའི་ཞབས་ལ་གསོལ་བ་འདེབས། །བསོད་ནམས་མཐུ་ཡི་བླ་མ་དམ་པ་མཇལ། །མོས་གུས་ དབང་གིས་ཆོས་ཀུན་ཇི་བཞིན་མཁྱེན། །སྐད་གཉིས་སྨྲ་བ་མལ་གྱོ་ལོ་ཙཱ་བ། །བློ་གྲོས་གྲགས་ པའི་ཞབས་ལ་གསོལ་བ་འདེབས། །མཁྱེན་རབ་འགྲན་ཟླ་མེད་པའི་ཆོས་ཀྱི་རྗེ། །འཇམ་པའི་ དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས། །བསམ་ཡས་ཏིང་འཛིན་བརྙེས་པའི་ས་སྐྱ་པ། ། ཀུན་དགའ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །སྔོན་བསགས་གསོད་ནམས་ཡེ་ཤེས་ རྒྱ་ཆེ་བས། །རྡོ་རྗེ་འཛིན་པ་ཀུན་གྱི་རྩེ་མོར་སོན། །བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་ཡི། ། 24-1-6 བསོད་ནམས་རྩེ་མོའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་འདིའི་སྔགས་པར་གྲགས་པ་ ཀུན་གྱི་མཆོག །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་པར་འཛིན། །མངོན་ཤེས་མཐུ་ སྟོབས་ཟད་པ་མི་མངའ་བའི། །རྗེ་བཙུན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །གཞོན་ ནུའི་དུས་ནས་འཇམ་དཔལ་གཉིས་པར་གྲགས། །ལྷ་དང་བླ་མས་བྱིན་རླབས་ལུང་བསྟན་ ཐོབ། །རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་ བ་འདེབས། །གསུང་རབ་ཐམས་ཅད་གཟིགས་པ་ཙམ་གྱིས་མཁྱེན། །སྨོན་ལམ་མཐུ་ཅན་ རྒྱལ་བའི་སྲས་པོ་ནི། །འགྲོ་ལ་སྙིང་ནས་བརྩེ་བས་གཞན་དོན་མཛད། །ཆོས་རྒྱལ་འཕགས་ པའི་ཞབས་ལ་གསོལ་བ་འདེབས། །གཞུང་ལུགས་དཔག་མེད་མཁྱེན་པའི་རིན་པོ་ཆེ། །འགྲོ་ ཀུན་ཕན་བདེ་མཛད་པའི་ཐུགས་རྗེ་ཅན། །བསྟན་པ་རིན་ཆེན་སྒྲོན་མེ་ཕྱོགས་བཅུར་སྤར། ། མང་མཁར་ལོ་ཙཱའི་ཞབས་ལ་གསོལ་བ་འདེབས། །སྐྱེས་བུ་དམ་པ་དུ་མའི་ཞབས་བསྟེན་ པས། །དབང་ལུང་མན་ངག་ཐམས་ཅད་ཐུགས་སུ་ཆུད། །དམ་ཆོས་གསལ་མཛད་བཤེས་ གཉེན་དམ་པ་སྟེ། །དཔལ་ལྡན་སེང་གེའི་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་ལ་མི་ མཁྱེན་གང་ཡང་མེད། །གངས་ཅན་བསྟན་འཛིན་དུས་གསུམ་བྱུང་རྣམས་ཀྱི། །རབ་མཆོག་ གཙོ་བོ་སྐལ་བཟང་སེམས་པ་མཆོག །བུ་སྟོན་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །སྐྱེ་ དགུའི་གཙུག་རྒྱན་བསོད་ནམས་ཡེ་ཤེས་ཆེ། །མ་ལུས་ཆོས་རྣམས་ཐམས་ཅད་མཁྱེན་པར་ ཆུད། །བསླབ་གསུམ་དྲི་མེད་ཡེ་ཤེས་མུ་མཐའ་ཡས། །བསོད་ནམས་རྒྱལ་མཚན་ཞབས་ལ་ གསོལ་བ་འདེབས། །རྣམ་ཐར་གསུམ་ལ་ཉེས་སྐྱོན་ཐམས་ཅད་སྤངས། །དད་དང་བརྩོན་ འགྲུས་ཤེས་རབ་ཐོས་པ་སོགས། །གང་གི་ཐུགས་ལ་འགྲན་པ་བཞིན་དུ་གནས། །བྱང་ཆུབ་ སེང་གེའི་ཞབས་ལ་གསོལ་བ་འདེབས། །རིགས་རུས་ཆོ་འབྲང་སྐྱོན་མེད་རིགས་སུ་འཁྲུངས། ། ཐོས་པ་རྒྱ་མཚོའི་ཕ་རོལ་སོན་ནས་ཀྱང་། །བརྩེ་བའི་ཕྱག་གིས་འགྲོ་རྣམས་སྐྱོང་མཛད་པ། ། 24-1-7 ཡེ་ཤེས་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་ཆོས་ཀུན་གསན་ཅིང་ མཁྱེན། །ལྷག་པའི་ཚུལ་ཁྲིམས་གསང་གསུམ་ཉེས་ཀུན་བྲལ། །བྱིན་རླབས་སྟོབས་ཀྱིས་རྒྱ་ ཆེན་འཕྲིན་ལས་ཅན། །ཀུན་དགའ་བཟང་པོའི་ཞབས་ལ་གསོལ་བ་འདེབས། །རྩོད་དུས་ ཀུན་མཁྱེན་རིན་ཆེན་གྲུབ་ཀྱི་གསུང་། །དྲི་མེད་ཆོས་ལ་ཐོས་པས་རྒྱུད་སྦྱངས་ཤིང་། །རྡོ་རྗེའི་ སློབ་དཔོན་གནས་ཐོབ་དུས་འཁོར་བ། །རིན་ཆེན་བཀྲ་ཤིས་ཞབས་ལ་གསོལ་བ་འདེབས། ། བདེན་གཉིས་རྣམ་པར་འབྱེད་ལ་འགྲན་ཟླ་བྲལ། །སོ་སོ་ཡང་དག་རིག་པ་བཞི་རྣམས་ ཀྱིས། །འགྲོ་ཕན་བསམ་གྱིས་མི་ཁྱབ་སྤྱོད་ཡུལ་ཅན། །ཤཱཀྱ་མཆོག་ལྡན་ཞབས་ལ་གསོལ་བ་ འདེབས། །ཐོག་མེད་དུས་ནས་ཚོགས་གཉིས་བསགས་པའི་མཐུས། །ཐུགས་རྗེའི་དྲི་བསུང་ ཕྱོགས་བཅུ་མ་ལུས་ཁྱབ། །ང་རྒྱལ་མི་མངའ་མཁྱེན་པའི་གཏེར་ཆེན་པོ། །བྲག་དཀར་སེམས་ པའི་ཞབས་ལ་གསོལ་བ་འདེབས། །རང་བྱུང་ལྷན་སྐྱེས་འོད་གསལ་མངོན་དུ་གྱུར། །གནས་ ལུགས་མཁྱེན་པས་སྣང་གྲགས་སྒྱུ་མར་གཟིགས། །རླབས་ཆེན་སྤྱོད་པས་རང་གཞན་ཕན་ བདེ་བསྒྲུབས། །བཀྲ་ཤིས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །བླ་མ་ལྷག་པའི་ལྷ་ཡིས་ བྱིན་གྱིས་རླབས། །བརྟུལ་ཞུགས་དབང་ཕྱུག་ངུར་སྨྲིག་འཛིན་པའི་མཆོག །ཡེ་ཤེས་ཐུགས་རྗེ་ ཟོལ་མེད་མངའ་བ་ཡི། །ཀུན་དགའ་གྲོལ་མཆོག་ཞབས་ལ་གསོལ་བ་འདེབས། །གང་སྣང་ ཐམས་ཅད་བདེ་ཆེན་རོལ་པར་གཟིགས། །མཐའ་བྲལ་རྟོགས་པས་སྒྲིབ་གཉིས་རང་སར་ གྲོལ། །རྒྱལ་བ་རྒྱལ་སྲས་ཐམས་ཅད་འདུས་པའི་དངོས། །ལྷ་དབང་གྲགས་པའི་ཞབས་ལ་ གསོལ་བ་འདེབས། ། ཡང་ན། བགྲང་ཡས་མདོ་རྒྱུད་ཀུན་ལ་མཁྱེན་པ་རྒྱས། །ལྷན་སྐྱེས་དགའ་བའི་རོལ་པ་ དམ་ཆོས་ཀྱི། །རྒྱལ་མཚན་སྒྲེང་མཛད་རྗེ་བཙུན་རྡོ་རྗེ་འཆང་། །ཀུན་དགའ་རྒྱལ་མཚན་ ཞབས་ལ་གསོལ་བ་འདེབས། །ཕྱིན་ཆད་བརྒྱུད་པའི་བླ་མ་འདིར་འཇུག འོག་མ་རྣམས་ཕྱིན་ཆད་ཀྱང་རྩ་བའི་བླ་ 24-1-8 མའི་གསོལ་འདེབས་སུ་བྱའོ། །རིགས་ཀུན་བདག་པོ་མ་ལུས་འཁོར་ལོའི་མགོན། །གསང་གསུམ་ ཟུང་འཇུག་བདེ་ཆེན་རྡོ་རྗེའི་དངོས། །སྐྱབས་གནས་ཐམས་ཅད་གཅིག་ཏུ་འདུས་པའི་རྗེ། ། རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུམ་ དངོས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོའི་མཛོད། །རིག་གྲོལ་གཉིས་ལྡན་འདུས་པ་ཀུན་ གྱི་རྗེ། །སྐྱབས་གནས་ཀུན་འདུས་ཁྱེད་ལ་གསོལ་བ་འདེབས། །སྲིད་དང་ཞི་བའི་ཕུན་སུམ་ ཚོགས་པ་ཀུན། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་སྟོབས་ལས་བྱུང་། །མཐོ་རིས་ཐར་པའི་ལམ་ སྟོན་མཁྱེན་བརྩེའི་གཏེར། །ཆོས་རྗེ་བླ་མའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་བྱང་ སེམས་རང་རྒྱལ་ཉན་ཐོས་དང་། །ལྷ་དང་རང་བྱུང་ཁྱིམ་པ་མུ་སྟེགས་བྱེད། །བརྟན་གཡོའི་ དངོས་པོ་ཀུན་གྱི་ཚུལ་བཟུང་ནས། །གང་འདུལ་འགྲོ་དོན་མཛད་ལ་གསོལ་བ་འདེབས། ། འདུས་བྱས་ཐམས་ཅད་གློག་ལྟར་མི་རྟག་ཅིང་། །སྲིད་པ་མཐའ་དག་སྡུག་བསྔལ་གསུམ་ རང་བཞིན། །དལ་འབྱོར་ཤིན་ཏུ་རྙེད་དཀར་བསྟན་པ་ཡིས། །དང་པོར་འདྲེན་མཛད་ཁྱོད་ལ་ གསོལ་བ་འདེབས། །བདེ་སྡུག་ཀུན་གྱི་རྒྱུར་གྱུར་དགེ་སྡིག་གི །བླང་དོར་འཁྲུལ་པ་མེད་པར་ སྟོན་པ་པོ། །ངེས་པར་འབྱུང་བའི་ཚུལ་ཁྲིམས་ལམ་མཁན་གྱིས། །ཐར་པར་འཁྲིད་མཁས་ ཁྱོད་ལ་གསོལ་བ་འདེབས། །རིན་ཆེན་བྱང་ཆུབ་སེམས་ཀྱི་ནོར་སྦྱིན་ནས། །ཐེག་མཆོག་ རབ་ཏུ་ཡངས་པའི་གྲོང་ཁྱེར་དུ། །སྟོང་ཉིད་སྙིང་རྗེའི་དགའ་སྟོན་སྩོལ་མཛད་པ། །རྒྱལ་བའི་ ལམ་སྟོན་ཁྱོད་ལ་གསོལ་བ་འདེབས། །དྲི་མེད་དབང་བསྐུར་རྣམས་ཀྱིས་བྱིན་རླབས་ཤིང་། ། བསྐྱེད་པའི་རིམ་པས་སྐྱེ་འཆི་བར་དོ་ཡི། །བག་ཆགས་སྦྱངས་ཤིང་ཐ་མལ་སྣང་ཞེན་བཟློག། སྨིན་བྱེད་ལམ་སྟོན་ཆོས་རྗེར་གསོལ་བ་འདེབས། །ཨ་བ་དྷཱུ་ཏིར་གནད་དུ་བསྣུན་པ་ལས། ། རླུང་དང་ཁམས་ཀྱི་བགྲོད་པ་ཀུན་ཐིམ་པས། །གཏུམ་མོ་རྣམ་གསུམ་སྦར་བས་ཞུ་བདེ་ཐོབ། ། བདེ་སྟོང་སྟོན་མཛད་ཁྱོད་ལ་གསོལ་བ་འདེབས། །བདེ་བའི་རང་བཞིན་མཐའི་བཞིན་སྤྲོས་ 24-1-9 དང་བྲལ། །སེམས་ཉིད་བདེ་བའི་ངོ་བོར་རྣམ་གནས་པ། །རིས་མེད་ངོ་བོར་སྣང་གསུམ་རང་ བཞིན་ཐིམ། །བདེ་ཆེན་ལམ་བཟང་གསལ་ལ་གསོལ་བ་འདེབས། །ཐོག་མཐའ་མེད་པའི་ སེམས་ཉིད་བདེ་བའི་དངོས། །ཞུ་བདེའི་རྐྱེན་གྱིས་དྲི་མ་སྦྱངས་པ་ལས། །ཟུང་འཇུག་དཀྱིལ་ འཁོར་ཡན་ལག་བདུན་ལྡན་པ། །རྫོགས་རིམ་མཐར་ཐུག་སྟོན་ལ་གསོལ་བ་འདེབས། ། གདོད་ནས་མཐའ་བྲལ་བདེ་ཆེན་མཚན་དཔེས་སྤྲས། །ཐུགས་རྗེ་ཆེན་པོས་འཁོར་བ་མ་ སྟོངས་བར། །འགྲོ་ལ་ཕན་བདེའི་མཐར་ཐུག་འབྲས་རབ་སྩོལ། །སྐུ་གསུམ་མངོན་གྱུར་ཁྱོད་ ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་དང་མཁའ་ མཉམ་སེམས་ཅན་ཐམས་ཅད་ཀྱིས། །ཚེ་འདིར་བླ་མེད་བྱང་ཆུབ་འཐོབ་པ་དང་། །འཕྲིན་ ལས་ལྷུན་གྲུབ་རྒྱུན་མི་ཆད་པར་ཤོག །འདི་ལ་གཞི་བྱས་ལ་གང་མོས་ཀྱི་སྒོ་ནས་བརྒྱུད་པ་གཞན་ཡང་འདོར་ལེན་ གྱིས་ཤེས་པར་བྱའོ། ། ཞེས་པའང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་སྣྲོན་གྱི་ཚེས་ལྔ་ལ་བསམ་གཏན་སྡིངས་སུ་སྦྱར་བའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-10 ༄༅། །ཤིན་ཏུ་སྤྲོས་མེད་ཀྱི་མན་ངག་དམ་པའི་ ཉིང་ཁུ་བཞུགས། ༄༅། །ནམོབིབྷཱུཤྲཱིམནབཛྲསཏྭཱདྭིསརྦཀུལཱདྷིཔཏིསདྒུརུཙརཎཱཡ། འཇམ་དཔལ་གཤིན་ རྗེ་གཤེད་པོ་རིགས་ཀུན་བདག །སྣ་ཚོགས་ཐབས་ལ་མཁས་པས་འགྲོ་བ་འདུལ། །རྩ་བའི་ བླ་མ་སྐྱབས་གནས་ཀུན་གྱི་དངོས། །སྙིང་ནས་གུས་པས་ཁྱོད་ལ་སྐྱབས་སུ་འཆི། །ཉམ་ཐག་ འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །ཡུན་རིང་ལན་གྲངས་དུ་མར་བདག་གི་མ། ། དེ་ཕྱིར་བདག་གིས་འདི་དག་ཉེར་ཞི་ཡི། །གོ་འཕང་མཆོག་ལ་ཅི་ནས་འགོད་པར་བྱ། །ཆོས་ དབྱིངས་རིས་མེད་དག་པའི་ཕོ་བྲང་དབུས། །དཔལ་ལྡན་རྩ་བའི་བླ་མ་གཤིན་རྗེ་གཤེད། ། མ་ལུས་ཕྱོགས་བཅུའི་འདྲེན་པ་སྲས་བཅས་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །དཔལ་ལྡན་རིགས་ཀུན་བདག་པོ་རྡོ་རྗེ་སེམས། །སྐྱེ་འགྲོའི་མཐར་བྱེད་འཇོམས་ མཛད་མི་འགྱུར་བདེ། །ཡེ་ཤེས་ལྔ་བདག་གཤིན་རྗེ་གཤེད་པོ་ལ། །གསོལ་བ་འདེབས་སོ་ བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་བཙུན་མོའི་ཞལ་ལུང་འཆི་མེད་རྒྱུན། །ཟག་མེད་ཡེ་ཤེས་ ཆེན་པོས་རྟག་གསོལ་བས། །ས་དྲུག་བརྙེས་པ་བིརྦུ་པཀྵ་ལ། །གསོལ་བ་འདེབས་སོ་བྱིན་ གྱིས་བརླབ་ཏུ་གསོལ། །གྲུབ་བརྙེས་མཆོག་དེས་རྗེས་བཟུང་བདེ་བ་ཆེའི། །རྣམ་པར་རོལ་ པས་ཕྱོགས་ལས་རྣམ་རྒྱལ་གྱི། །སྤྱོད་པས་འགྲོ་བའི་དོན་མཛད་ཌོཾ་བྷི་པར། །གསོལ་བ་ འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྨད་བྱུང་སྒྱུ་མའི་སྐུ་མངའ་མ་ཧེ་ཞལ། །དཔག་ཡས་ 24-1-11 གསང་སྔགས་གྲུབ་པས་འགྲོ་དོན་མཛད། །ཐུགས་རྗེ་ཆེན་པོ་རྗེ་བཙུན་དཔལ་འཛིན་ཞབས། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཡོ་མེད་རིམ་གཉིས་ཏིང་འཛིན་གོ་ བགོས་ནས། །ཀུན་རྟོག་གཞན་སྡེ་འཇོམ་ལ་རྟག་བརྩོན་པ། །ཟབ་མོའི་དོན་གཟིགས་བློ་ བཟང་སྙིང་པོའི་ཞབས། །རྡོ་རྗེ་ཕག་མོའི་ཞབས་རྡུལ་རྙོག་མེད་གང་། །གང་གི་ཐུགས་ལ་ བཀོད་པས་ཐམས་ཅད་མཁྱེན། །མངོན་པར་བརྙེས་པ་འགྲོ་བའི་མེ་ཆོང་ཞབས། །གསོལ་ བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོ་ལས། །ཤེས་ རབ་ཡེ་ཤེས་རིན་ཆེན་ལེགས་བླངས་ནས། །འགྲོ་ལ་རབ་སྩོལ་སྐད་གཉིས་སྨྲ་བའི་ཞབས། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གང་གི་ཐུགས་རྗེའི་བདུད་རྩི་གསོལ་བ་ ལས། །གང་བློ་བདེ་བ་དམ་པའི་བློ་གྲོས་བརྙེས། །ཏིང་འཛིན་བཟང་པོ་མཆོག་བརྙེས་ས་པའི་ ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་རབ་མཆོག་དང་ཡང་དག་ ལྡན་གྱུར་པས། །ཆོས་ཉིད་དོན་གཟིགས་ལེགས་པའི་ལམ་སྟོན་པ། །བློ་ལྡན་ནུས་པ་མཆོག་ བརྙེས་སྒྲ་སྒྱུར་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཤེས་བྱ་ཀུན་ ལ་མཁྱེན་པ་ལྷག་པར་རྒྱས། །བླ་མའི་ཞབས་ཟུང་གུས་པས་བསྙེན་པ་ལས། །གནས་ལུགས་ མངོན་གྱུར་དཔལ་ལྡན་སེང་གེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །དུས་ གསུམ་སངས་རྒྱས་ཀུན་གྱི་མཁྱེན་བརྩེའི་དངོས། །གཤིན་རྗེ་ཚུལ་བཟུང་འགྲོ་ལ་ཡེ་ཤེས་ཀྱི། ། རིན་ཆེན་གྲུབ་མཛད་བུ་སྟོན་ཆོས་རྗེའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་ གསོལ། །བསོད་ནམས་ཡེ་ཤེས་གྲུ་ཆེན་ལེགས་བཟུང་ནས། །ཐར་པའི་རྒྱལ་མཚན་སྒྲེང་ལ་ ལེགས་བརྩོན་པས། །འགྲོ་ཀུན་སྒྲོལ་མཛད་དཔལ་ལྡན་བླ་མའི་ཞབས། །གསོལ་བ་འདེབས་ སོ་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་མགོན་པོའི་ཐུགས་ཀྱི་བཅུད་གསོལ་བས། །རང་ རིག་ཡེ་ཤེས་མཆོག་ལ་མངའ་བརྙེས་པ། །ངེས་དོན་གསལ་མཛད་ཕྱོགས་ལས་རྣམ་རྒྱལ་ 24-1-12 ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གཉིས་མེད་ཡེ་ཤེས་ཆེན་པོའི་ རྣམ་རོལ་ལས། །བསྟན་པའི་རྒྱལ་མཚན་འཛིན་ལ་ལྷོད་བྲལ་བ། །མཚུངས་མེད་ཆོས་ཀྱི་རྗེ་བོ་ ཤར་པ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྒྱུད་སྡེ་ཀུན་གྱི་ངེས་གསང་ ལྷན་སྐྱེས་དགའ། །འཕྲིན་ལས་བཟང་པོས་གཞན་ལ་འདོམས་མཁས་པ། །གསུམ་ལྡན་རྡོ་ རྗེ་འཛིན་དབང་ངོར་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གསུང་ རབ་ཀུན་ལ་ཐོགས་མེད་སྤོབས་པ་ཅན། །འཇམ་པའི་དབྱངས་ཀྱི་ཞལ་མངའི་བཀའ་དྲིན་ ལས། །མངོན་བརྙེས་ཤེས་རབ་ཡེ་ཤེས་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ ཏུ་གསོལ། །མཁྱེན་བརྩེའི་ཡོན་ཏན་རྨད་བྱུང་འགྲོ་བའི་དཔལ། །ཡེ་ཤེས་བཟང་པོས་འགྲོ་ བའི་རབ་རིབ་སེལ། །ཐུགས་རྗེས་མངའ་བདག་རྭ་སྟོན་ཆོས་ཀྱི་རྗེར། །གསོལ་བ་འདེབས་ སོ་བྱིན་གྱིས་བརླབ་ཏུ་གསོལ། །ཆོས་ཀུན་འགྱུར་མེད་དགའ་བཞིའི་རང་འགྲོས་ལས། །དོན་ དམ་མཆོག་ཏུ་གྲུབ་པའི་དཔལ་དང་ལྡན། །རྒྱལ་སྲས་ཆེན་པོ་སྦས་པའི་རྣལ་འབྱོར་ཞབས། ། གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་ཀུན་སྟོང་ཉིད་དགའ་བཞིའི་མཛའ་ བོ་དང་། །རྟག་ཏུ་བརྟུལ་ཞུགས་སྤྱད་པས་སྒྲིབ་ཀུན་ལས། །གྲོལ་བ་མཆོག་གི་དཔལ་མངའ་ རྗེ་བཙུན་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་ཀུན་རབ་དགའ་ རྡོ་རྗེ་འཆང་ཆེན་པོའི། །རྒྱལ་བའི་སྲིད་ལས་གཡོ་མེད་ཆོས་ཀྱི་རྗེ། །ཆོས་ཀྱི་རྒྱལ་མཚན་བླ་ མ་དམ་པའི་ཞབས། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རིས་མེད་སྟོང་པ་ ཉིད་དང་གཉིས་མེད་སྦྱོར། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས་པ་པོ། །བདེ་བའི་རང་བཞིན་ དཔལ་ལྡན་བླ་མའི་སྐུར། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །གྲག་སྟོང་མི་ ཤིགས་ནཱ་དའི་དབྱངས་མཁན་མ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒྱུ་འཕྲུལ་མཁན། །དཔལ་ ལྡན་བླ་མའི་གསུང་གི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱབ་ 24-1-13 བདག་དངོས་པོ་ཀུན་ལ་རྟག་ཏུ་ཁྱབ། །ཆོས་ཀུན་དག་པ་དམིགས་མེད་ནམ་མཁའི་དབྱིངས། ། ཐུགས་ཀྱི་རྡོ་རྗེ་རྗེ་བཙུན་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ ལ་ཕྱག་འཚལ་ཁྱོད་ལ་སྐྱབས་སུ་མཆི། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལུས་ དང་ལོངས་སྤྱོད་དགེ་བའི་དངོས་པོ་ཀུན། །དང་བའི་སེམས་ཀྱིས་ཁྱོད་ལ་དབུལ་བར་བགྱི། ། གང་ལ་བརྟེན་ནས་དུག་གསུམ་འཕེལ་འགྱུར་བའི། །དངོས་པོ་དེ་ཡང་རྗེ་བཙུན་ཁྱོད་ལ་ འབུལ། །ཐུགས་རྗེས་བཞེས་ནས་བདག་སོགས་འགྲོ་ཀུན་གྱི། །ཉོན་མོངས་དབྱིངས་སུ་དག་ པར་བྱིན་གྱིས་རློབས། །རྒྱལ་སྲས་ཀུན་ཏུ་བཟང་པོའི་སྨོན་ལམ་དང་། །ཡེ་ཤེས་ལས་གྲུབ་ མཆོད་པའི་སྤྲིན་ལྟ་བུའི། །མེ་ཏོག་ལ་སོགས་མཆོད་པ་འདི་འབུལ་གྱི། །འགྲོ་བའི་དོན་དུ་ བཞེས་ཤིག་ཆོས་ཀྱི་རྗེ། །ལུས་འདི་ཡེ་ཤེས་བདུད་རྩིར་བསྒྱུར་ནས་ཀྱང་། །བླ་མ་རྡོ་རྗེ་སེམས་ དཔའ་ལ་འབུལ་ཏེ། །དག་དང་མ་དག་སེམས་ཅན་ཀུན་ལ་སྦྱིན། །ཐམས་ཅད་ཡེ་ཤེས་ཆེ་ལ་ རོལ་བར་གྱུར། །འཇམ་དཔལ་བླ་མའི་སྐུ་གསུང་ཐུགས་རྣམས་དང་། །བདག་གི་སྒོ་གསུམ་ རོ་མཉམ་ཉིད་གྱུར་ནས། །དཀོན་མཆོག་གསུམ་དངོས་བདག་ཉིད་མཐར་བྱེད་དགྲ། །གོང་ བུ་ལས་འདས་འཇའ་ཚོན་སྐུ་ཐོབ་ཤོག །ཀུན་རྟོག་མ་ལུས་སྙིང་ནང་ཐིག་ལེར་ཐིམ། །ཚངས་ པའི་གནས་ནས་རྐང་པའི་མཐིལ་གྱི་བར། །མེ་ཤེལ་ལྟ་བུར་གཡོ་ཤིང་མི་ཤིགས་པའི། །ཐིག་ ལེའི་བུ་ག་ཕྱེ་ནས་མཐའ་ཀླས་གྱུར། །གསལ་སྟོང་རང་རིག་ཡེ་ཤེས་སྐད་ཅིག་མ། །ཆོས་ ཀུན་རང་བཞིན་ལྷུན་གྲུབ་ནམ་མཁའ་འདྲ། །བདེ་ཆེན་ཟུང་འཇུག་གཞི་རྩ་བྲལ་བའི་སེམས། ། གདོད་ནས་སྐུ་གསུམ་ངོ་བོ་མངོན་གྱུར་ཤོག །སངས་རྒྱས་ཀུན་བདག་བླ་མ་རྡོ་རྗེ་འཆང་། ། བདག་གི་བདེ་དང་སྡུག་བསྔལ་ཁྱོད་ཀྱིས་མཁྱེན། །རྒྱལ་ཁྱོད་མཉེས་ན་ཇི་ལྟར་གྱུར་ཀྱང་སླ། ། འབྲལ་མེད་ཁྱོད་ཀྱིས་ཐུགས་རྗེས་བཟུང་དུ་གསོལ། །ཐོག་མེད་དུས་ནས་དྲིན་ཅན་ཕ་མའི་ ཚོགས། །འགྲོ་དྲུག་རྣམས་ལ་སྙིང་རྗེའི་རྣལ་འབྱོར་དང་། །བདག་པས་གཞན་གཅེས་བྱང་ 24-1-14 ཆུབ་སེམས་སྒོམ་པས། །རྩ་བ་རྒྱུ་ཡི་རྣལ་འབྱོར་མཐར་ཕྱིན་ཤོག །དྷཱུ་ཏིའི་ནང་དུ་འོད་ཟེར་ལྔ་ ལྡན་རླུང་། །ནམ་ཡང་དབྱིངས་སུ་བཅིངས་པའི་སྲོག་རྩོལ་དང་། །རྟོག་གེའི་ཡུལ་ལས་འདས་ པའི་ཐབས་བཟང་པོ། །རྟེན་འབྲེལ་རྫས་ཀྱི་རྣལ་འབྱོར་གྲུབ་པར་ཤོག །གང་བློ་བདེ་བ་དམ་ པས་ཁྱབ་གྱུར་པ། །ཡེ་ཤེས་སྒྲོན་མའི་སྣང་བས་ཀུནྡའི་རྒྱུན། །འཕོ་མེད་དགའ་བཞིའི་ཐབས་ བཟང་སྒྲུབ་པ་པོ། །རྡོ་རྗེ་འཇིགས་མཛད་རྣལ་འབྱོར་མངོན་གྱུར་ཤོག །ཕྱི་རོལ་ཡུལ་ཀུན་ སེམས་ཀྱི་རང་སྣང་སྟེ། །སེམས་ནི་ནམ་མཁའ་ལྟ་བུར་ངོས་བཟུང་བྲལ། །སྐྱོན་རྣམས་གང་ ཡིན་འདི་ན་ཡོན་ཏན་གྱུར། །བར་ཆད་སེལ་བའི་ཐབས་ཀུན་རྟོགས་པར་ཤོག །ཤིན་ཏུ་སྤྲོས་ མེད་ཟུང་འཇུག་བདེ་བའི་སེམས། །སྣ་ཚོགས་ཐབས་ཀྱི་རང་ཉམས་གྱུར་པ་ན། །ཀུན་བཟང་ རྒྱལ་བུ་གཞོན་ནུ་ལ་སོགས་པའི། །སྤྱོད་པས་མཆོག་གི་དངོས་གྲུབ་སྒྲུབ་བྱེད་ཤོག །བདག་ གི་དགེ་བ་འདི་དང་སྲིད་ཞི་ཡི། །དགེ་བ་ཐམས་ཅད་གཅིག་ཏུ་སྡོམས་པ་ལས། །ནམ་མཁའི་ མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །འགྱུར་མེད་བདེ་ཆེན་དེང་ནས་མངོན་གྱུར་ ཤོག །ཅེས་ཤིན་ཏུ་སྤྲོས་མེད་ཀྱི་མན་ངག་དམ་པའི་ཉིང་ཁུ་འདི་ནི་དྷརྨརཱཛབཱངྴཀལྱནམཉྫར་གང་གི་ཞལ་གྱིས་བསྐུལ་བ་ལས་ ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོའི་བློ་མཚོ་ལས་རང་ལོ་བཅོ་བརྒྱད་ལའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-15 ༄༅། །གསང་བདག་ཕྱག་ན་རྡོ་རྗེའི་བརྒྱུད་འདེབས་བཞུགས། ༄༅། །རྒྱལ་བ་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །ཟག་མེད་བདེ་སྟེར་མཁའ་འགྲོ་ སེང་གེའི་ཞལ། །དངོས་གྲུབ་མཆོག་བརྙེས་ས་པ་ཏི་པའི་ཞབས། །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱིས་རློབས། །བརྟུལ་ཞུགས་གྲུབ་པའི་དབང་ཕྱུག་ཛ་བ་རི། །གནས་ལྔ་རིག་ པ་དེ་བ་པུཪྞའི་ཞབས། །སྐད་གཉིས་སྨྲ་བ་འགར་སྟོན་ཆོས་བཟང་ལ། །གསོལ་བ་འདེབས་ སོ་བདག་རྒྱུད་བྱིན་གྱིས་རློབས། །མཁས་གྲུབ་གཤིན་སྟོན་རིན་ཆེན་དངོས་གྲུབ་དང་། །ཧེ་རུ་ (ཀ་)དཔལ་ཞལ་གཟིགས་སྨར་སྟོན་རྗེ། །མཁས་པའི་དབང་པོ་ཤེས་རབ་རྡོ་རྗེ་ལ། །གསོལ་ བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱུད་སྡེའི་རྒྱ་མཚོ་ཐུབ་པ་ཤེས་རབ་དང་། །སྡེ་ བརྒྱད་བྲན་འཁོལ་བརྩོན་འགྲུས་སེངྒེའི་ཞབས། །བསྟན་པའི་སྒྲོན་མེ་སྨར་སྟོན་ཆོས་ཀྱི་རྒྱལ། ། གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡོན་ཏན་རིན་ཆེན་ཆ་གཞན་པག་ཤི་ དང་། །མཚུངས་མེད་ཆོས་རྗེ་དཔལ་ལྡན་སེང་གེའི་ཞབས། །སྙིགས་དུས་ཐམས་ཅད་མཁྱེན་ པ་རིན་ཆེན་གྲུབ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དབང་རྣོན་མཆོག་ གྱུར་རྒྱལ་བ་མཆོག་གྲུབ་དང་། །རྡོ་རྗེ་འཛིན་མཆོག་རིན་ཆེན་རྒྱལ་མཚན་ཞབས། །མཁས་ བཙུན་བཟང་པོའི་མཐར་ཐུག་མཁྱེན་རབ་རྗེར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་ གྱིས་རློབས། །གསང་སྔགས་རིག་པ་དཀོན་མཆོག་དཔལ་བཟང་དང་། །ཆོས་ཀྱི་རྗེ་བོ་དོན་ གྲུབ་རྒྱལ་མཚན་པ། །དེ་ཉིད་བཅུ་མཁས་བཀྲ་ཤིས་རྒྱལ་མཚན་ཞབས། །གསོལ་བ་འདེབས་ སོ་བདག་རྒྱུད་བྱིན་གྱིས་རློབས། །གསང་བདག་བྱིན་རླབས་དཔལ་ལྡན་ཆོས་ཀྱི་བཟང་། །རྩ་ 24-1-16 བའི་བླ་མ་དཀྱིལ་འཁོར་འཁོར་ལོའི་མགོན། །སྨིན་བྱེད་དབང་བཞིའི་བཀའ་བབས་རྒྱུད་ པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆ་གཞན་པག་ཤི་འཛིམས་ ཆེན་རྒྱལ་མཚན་དཔལ། །མ་ཏི་པན་ཆེན་ས་བཟང་འཕགས་པའི་ཞབས། །ངོར་ཆེན་ཀུན་ བཟང་བྲག་དཀར་སེམས་དཔའི་ཞབས། །རྒྱལ་ཚབ་སེམས་དཔའ་མཁན་ཆེན་བཀྲས་རྣམ་ པ། །གྲོལ་མཆོག་ཞབས་དང་རྗེ་བཙུན་ལྷ་དབང་གྲགས། །རྩ་བའི་བླ་མ་དཀྱིལ་འཁོར་འཁོར་ ལོའི་མགོན། །ཟབ་ཁྲིད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །གསང་བདག་གོ་འཕང་ ཐོབ་པར་བྱིན་གྱིས་རློབས། །བསྐྱེད་རིམ་བཟླས་པའི་རྣལ་འབྱོར་མཐར་ཕྱིན་ཅིང་། །རྫོགས་ རིམ་རྣལ་འབྱོར་བཞི་པོ་མཐར་ཕྱིན་ཏེ། །གསང་བདག་ཕྱག་ན་རྡོ་རྗེའི་གོ་འཕང་མཆོག །ཚེ་ འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-17 ༄༅། །ཤངས་པ་བཀའ་བརྒྱུད་ཀྱི་བརྒྱུད་པའི་ གསོལ་འདེབས་བཞུགས། ༄༅། །ༀ་སྭསྟི། དར་རྒྱས་སུ་གྱུར་ཅིག དཀྱིལ་འཁོར་ཀུན་གྱི་གཙོ་བོ་རྡོ་རྗེ་འཆང་། །བདུད་བཞི་ འཇོམས་མཛད་དཔལ་ལྡན་དགེས་རྡོ་རྗེ། །རིགས་ལྔའི་བདག་པོ་མི་བསྐྱོད་རྡོ་རྗེ་ལ། །ཕྱག་ འཚལ་མཆོད་པས་དངོས་གྲུབ་སྩལ་དུ་གསོལ། །བདེ་ཆེན་ཧེ་རུ་ཀ་དཔལ་འཁོར་ལོ་སྡོམ། ། མཁའ་འགྲོ་རྣམ་ལྔའི་གཙོ་བོ་སྒྱུ་འཕྲུལ་ཆེ། །གདུལ་དཀའ་འདུལ་མཛད་རྡོ་རྗེ་འཇིགས་བྱེད་ ལ། །མཆོད་ཅིང་གསོལ་འདེབས་དངོས་གྲུབ་སྩལ་དུ་གསོལ། །བློ་གྲོས་རིན་ཆེན་ཤཱ་བ་རི་ པ་དང་། །མཻ་ཏྲི་པ་དང་དྷ་ན་ཤྲཱི་སྟེ། །བཀའ་བབས་བླ་མ་བཞི་ལ་གསོལ་བ་འདེབས། །བཱི་ར་ སིདྡྷ་རིན་ཆེན་འབྱུང་གནས་དང་། །མི་མཉམ་རྡོ་རྗེ་ར་ཧུ་ལ་པའི་ཞབས། །བྱིན་རླབས་བླ་མ་ བཞི་ལ་གསོལ་བ་འདེབས། །ཀམྤ་ལ་དང་སློབ་དཔོན་མཚོ་སྐྱེས་དང་། །པདྨ་བྱང་ཆུབ་རྡོ་རྗེ་ གདན་པ་སྟེ། །དགེས་མཛད་བླ་མ་བཞི་ལ་གསོལ་བ་འདེབས། །ཨིནྡྲ་བྷཱུ་ཏི་ཀླུ་ཡི་རྣལ་འབྱོར་ མ། །བྲམ་ཟེ་ཆེན་པོ་ཀླུ་སྒྲུབ་ཟླ་བ་གྲགས། །གསང་འདུས་བླ་མ་ལྔ་ལ་གསོལ་བ་འདེབས། ། ཁྱི་མོའི་ཞབས་དང་པདྨ་རྡོ་རྗེའི་ཞབས། །ཛྙཱ་ན་བཛྲ་རྡོ་རྗེ་གདན་པ་སྟེ། །སྒྱུ་འཕྲུལ་བླ་མ་ བཞི་ལ་གསོལ་བ་འདེབས། །ཉ་ལྟོ་པ་དང་སློབ་དཔོན་ཡེ་ཤེས་སྡེ། །མཧཱ་བཛྲ་ལེགས་བསྡུས་ པུཎྱ་ཤྲཱི། །བདེ་མཆོག་བླ་མ་ལྔ་ལ་གསོལ་བ་འདེབས། །དཔལ་འཛིན་ཧ་རི་ཀེ་ལ་པདྨ་སྲུངས། ། འཇིགས་བྱེད་བླ་མ་གསུམ་སྟེ་རྒྱུད་སྡེ་ལྔའི། །རིང་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ། 24-1-18 འོད་གསལ་ཉིན་བྱེད་རྗེ་བཙུན་ལཱ་བ་པ། །པདྨ་ཅན་ལས་གྲུབ་བརྙེས་མཚོ་སྐྱེས་ཞབས། ། ལུང་བསྟན་བརྙེས་པ་འཕགས་པ་ཀླུ་སྒྲུབ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་ གྱིས་རློབས། །དཀའ་སྤྱད་དངོས་གྲུབ་བརྙེས་པའི་ལཱུ་ཡི་པ། །མཁའ་འགྲོས་རྗེས་བཟུང་ཀུ་ ཀུ་རཱི་པའི་ཞབས། །ངོ་མཚར་མ་ཧེའི་ཞལ་ཅན་དཔལ་འཛིན་ལ། །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱིས་རློབས། །འགྲོ་མགོན་རྡོ་རྗེ་གདན་པ་པུཎྱ་ཤྲཱི། །སྙིང་པོའི་དོན་གཟིགས་ སློབ་དཔོན་མཻ་ཏྲི་པ། །དགེས་མཛད་ཞལ་གཟིགས་དགྲ་གཅན་འཛིན་རྡོ་རྗེ། །གསོལ་བ་ འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡེ་ཤེས་མཁའ་འགྲོ་བདེ་བའི་དངོས་གྲུབ་སོགས། ། གཞན་ཡང་བླ་མ་བཅུ་ཕྲག་བཅོ་ལྔ་དང་། །དཔག་ཡས་བརྒྱུད་པའི་བླ་མའི་ཚོགས་བཅས་ ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་བ་ཀུན་གྱི་ཡུམ་གཅིག་ནཻ་གུ་ མ། །དཀྱིལ་འཁོར་རྣམ་ལྔའི་བདག་ཉིད་ཁྱུང་པོའི་ཞབས། །སྐད་གཉིས་སྨྲ་བ་དར་མ་བློ་གྲོས་ ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁྱེན་པའི་དཀྱིལ་འཁོར་རྨེའུ་ སྟོན་པ་དང་། །སྡེ་སྣོད་ཀུན་མཁྱེན་གཡོར་པོ་རྒྱ་མོ་ཆེ། །སྙིང་རྗེའི་མངའ་བདག་དངུལ་སྟོན་ རིན་དབང་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མགོན་པོ་བྲན་ དུ་འཁོལ་བའི་དཀོན་མཆོག་མཁར། །བདེ་ཆེན་མཆོག་བརྙེས་ཞང་སྒོམ་ཆོས་སེང་ཞབས། ། ཉམས་དང་རྟོགས་པའི་རྩེར་སོན་རྨོག་ལྕོག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་ གྱིས་རློབས། །འཇིག་རྟེན་དབང་པོའི་སྤྲུལ་པ་སྐྱེར་སྒང་པ། །འོད་གསལ་སྒྱུ་མའི་རོལ་རྩེད་ གཉན་སྟོན་པ། །བཀའ་རྒྱ་གྲོལ་མཛད་སངས་རྒྱས་སྟོན་པའི་ཞབས། །གསོལ་བ་འདེབས་སོ་ བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་རང་བཞིན་སློབ་དཔོན་ཨའི་སེང་གེ །བཀྲ་ཤིས་ དཔལ་དང་བྲག་ཆེན་རྡོ་རྗེ་དཔལ། །ཤངས་སྟོན་ཆོས་རྗེ་དེ་སྲས་རྒྱལ་མཚན་འབུམ། །བླ་ཆེན་ བྱམས་པ་དཔལ་དང་བློ་གྲོས་དཔལ། །ཁྱུང་པོ་ཚུལ་མགོན་རི་ཁྲོད་རས་ཆེན་དང་། །ཤངས་ 24-1-19 དཀར་བ་དང་མཉམ་མེད་སངས་རྒྱས་དཔལ། །ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་རིན་ཆེན་ དང་། །རྗེ་བཙུན་གྲོལ་མཆོག་རྣམས་ལ་གསོལ་བ་འདེབས། །མཁས་གྲུབ་གཞོན་ནུ་གྲུབ་དང་ ཞང་སྟོན་ཆེ། །མཁས་བཙུན་གཞོན་ནུ་བསོད་ནམས་ལ་སོགས་དང་། །མཁས་གྲུབ་ཆེན་པོའི་ ཐུགས་ཀྱི་མཛོད་འཛིན་པ། །ཟུང་འཇུག་མངོན་དུ་གཟིགས་པ་ཐམས་ཅད་ལ། །རྩེ་གཅིག་ གུས་པའི་ཡིད་ཀྱི་གདུང་བ་ཡིས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རང་ སེམས་ཆོས་སྐུ་ཉག་གཅིག་མ་འགགས་རྩལ། །བདེ་ཆེན་སྒྱུ་མའི་ཟློས་གར་དཔག་ཡས་སྟོན། ། སྐུ་གསུམ་རང་བཞིན་ལྷ་དབང་གྲགས་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་ གྱིས་རློབས། །བློ་གྲོས་རིན་ཆེན་ཤཱ་བ་རི་པ་དང་། །སྤྱན་གཟིགས་སྒྲོལ་མ་རྡོ་རྗེ་རྣལ་འབྱོར་ མ། །མྱུར་མཛད་ཡེ་ཤེས་མགོན་པོ་ཐུགས་རྗེ་ཅན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་ གྱིས་རློབས། །བླ་མ་མགོན་པོ་དབྱེར་མེད་རྡོ་རྗེ་སེམས། །དབང་གི་རྒྱལ་པོ་མཁའ་འགྲོའི་ ཚོགས་བཅས་ལ། །གུས་པའི་ཡིད་ཀྱིས་ལྷང་ལྷང་གསོལ་འདེབས་ན། །མཆོག་དང་ཐུན་མོང་ དངོས་གྲུབ་སྩལ་དུ་གསོལ། །འགལ་རྐྱེན་ཟློག་ཅིང་སྡིག་སྒྲིབ་ཞི་བ་དང་། །ཚེ་དང་བསོད་ ནམས་ལོངས་སྤྱོད་འཕེལ་བ་དང་། །ཁམས་གསུམ་སྐྱེ་འགྲོ་དབང་དུ་བསྡུད་པ་དང་། །དགྲ་ བགེགས་མ་ལུས་ཚར་གཅོད་འཕྲིན་ལས་མཛོད། །སྣང་བ་བསྐྱེད་པའི་རིམ་པ་མཐར་ཕྱིན་ ནས། །རིག་འཛིན་སྐུ་དང་དངོས་གྲུབ་བརྒྱད་ལ་སོགས། །དངོས་གྲུབ་རབ་འབྱམས་འབད་ མེད་གནས་འདི་རུ། །ད་ལྟ་ཉིད་དུ་ཐོབ་པར་བྱིན་གྱིས་རློབས། །མཐར་ཐུག་ལྔ་ཡི་རྒྱུད་སྡེའི་ དོན་མཆོག་ཀུན། །བླ་མ་དམ་པའི་ཞལ་གྱི་རིམ་པ་བཞིན། །མ་ནོར་མངོན་གསུམ་རྟོགས་པས་ འགྲོ་བ་ཀུན། །ཟབ་ཅིང་རྒྱ་ཆེའི་དོན་ལ་འཁྲིད་པར་ཤོག །དཔག་ཡས་རྒྱུད་སྡེ་ཀུན་གྱི་རྒྱལ་ པོ་ནི། །བདེ་དགེས་འདུས་པ་མཱ་ཡ་འཇིགས་བྱེད་དེ། །ལས་རྒྱ་གཏུམ་མོ་སྒྱུ་ལུས་འོད་གསལ་ དང་། །འཕྲིན་ལས་མཐར་ཐུག་སྟོན་པའི་དོན་རྟོགས་ཤོག །གཏུམ་མོའི་བདེ་དྲོད་ལས་རྒྱའི་ 24-1-20 བདེ་ཆེན་དང་། །སྒྱུ་ལུས་ཟུང་འཇུག་རྡོ་རྗེའི་སྐུ་འགྲུབ་ཅིང་། །འོད་གསལ་རྡོ་རྗེ་ལྟ་བུའི་ཏིང་ ངེ་འཛིན། །ད་ལྟ་ཉིད་དུ་མངོན་དུ་འགྱུར་བར་ཤོག །ཁྱད་པར་རྡོ་རྗེ་འཆང་གི་ལམ་བཟང་ མཆོག །སྒྲུབ་བརྒྱུད་ཀུན་གྱི་སྙིང་པོ་ཟླ་མེད་པ། །དཔལ་ལྡན་གྲུབ་ཆེན་ཤངས་པའི་བཀའ་ བརྒྱུད་འདི། །དར་ཞིང་རྒྱས་ལ་ཡུན་རིང་གནས་གྱུར་ཅིག །ཅེས་པའང་ཤངས་པ་བཀའ་བརྒྱུད་ཀྱི་བཀའ་ བབས་བརྒྱུད་པའི་གསོལ་འདེབས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས་རང་ལོ་ཉེར་ལྔ་པ་ལ་རི་གོང་དཔལ་གྱི་གནས་སུ་ མྱུར་མཛད་རང་བྱུང་གི་སྐུའི་སྤྱན་སྔར་སྦྱར་བའོ།། །།དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-21 ༄༅། །སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་གྱི་ བརྒྱུད་འདེབས་བཞུགས། ༄༅། །ན་མོ་ཧ་ཡ་གྲི་བཱ་ཡ། རབ་དམར་ཉི་མ་འབུམ་གྱི་གཟི་བརྗིད་ཅན། །རབ་དྲག་རྡོ་ རྗེའི་གད་མོས་ས་གསུམ་གཡོ། །རབ་གསལ་ཐབས་ཤེས་ཟུང་འཇུག་བདེ་བའི་ཐུགས། །རབ་ འཇིགས་ཁྲོ་བོའི་རྒྱལ་པོ་ཁྱོད་ལ་འདུད། །མ་ཆགས་པདྨའི་རིགས་ཀྱི་ཁྲོ་རྒྱལ་ནི། །ཐུགས་ རྗེས་རབ་འཁྲུགས་མི་བཟད་རྟ་གདོང་ཅན། །ཞལ་གསུམ་ཕྱག་དྲུག་སྦོམ་ཐུང་ཞབས་བརྒྱད་ བསྒྲད། །གར་དགུའི་ཉམས་དང་ལྡན་པ་ཁྱོད་ལ་བསྟོད། །ལྷ་མཆོག་ཁྱོད་ཀྱིས་བདག་ལ་ཞལ་ སྟོན་ཅིང་། །སྡེ་བརྒྱད་མ་ལུས་བྲན་དུ་འཁོལ་བ་དང་། །ཞི་རྒྱས་དབང་དྲག་ལས་ཀུན་འགྲུབ་ པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཆར་སྤྲིན་ལྟར་གནག་ཁྲོས་ པའི་སྐུ། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས། །མྱུར་མཛད་ཡེ་ཤེས་མགོན་པོ་ལ། ། གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བདེ་བ་ཅན་ན་འོད་དཔག་མེད། །པོ་ཊ་ལ་ན་སྤྱན་རས་ གཟིགས། །དེ་ཡི་དྲུང་ན་རྟ་མགྲིན་རྒྱལ། །རྒྱལ་བ་གསུམ་ལ་གསོལ་བ་འདེབས། །པདྨ་ཅན་ ལས་དངོས་གྲུབ་བརྙེས། །སློབ་དཔོན་པདྨ་འབྱུང་གནས་ལ། །གུས་པའི་ཡིད་ཀྱིས་གསོལ་ བ་འདེབས། །ཕྱག་རྒྱའི་དངོས་གྲུབ་སྩལ་དུ་གསོལ། །ལྷོ་ཕྱོགས་དཔལ་གྱི་རི་བོ་རུ། །གྲུབ་ ཐོབ་ཤཱ་བ་རི་པ་ལ། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བདེ་ཆེན་དངོས་གྲུབ་སྩལ་དུ་ གསོལ། །རི་བོ་མེ་ལྟར་འབར་བ་རུ། །མངའ་བདག་མཻ་ཏྲི་ཆེན་པོ་ལ། །གུས་པའི་ཡིད་ཀྱིས་ གསོལ་བ་འདེབས། །སྙིང་པོའི་དངོས་གྲུབ་སྩལ་དུ་གསོལ། །དགེས་པ་རྡོ་རྗེའི་གྲུབ་པ་ཐོབ། ། 24-1-22 དགྲ་གཅན་འཛིན་སྦས་རྡོ་རྗེ་ལ། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཞལ་མཐོང་ དངོས་གྲུབ་སྩལ་དུ་གསོལ། །རྒྱུད་སྡེ་ལྔ་བདག་ཁྱུང་པོའི་ཞབས། །རྟོགས་པ་མཐར་ཕྱིན་རྨོག་ ལྕོག་པར། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཕྱག་ཆེན་དངོས་གྲུབ་སྩལ་དུ་གསོལ། ། སྙིང་རྗེ་ཆེན་པོ་སྐྱེར་སྒང་པ། །དམ་ཅན་བྲན་ཁོལ་གཉན་སྟོན་ཞབས། །གུས་པའི་ཡིད་ཀྱིས་ གསོལ་བ་འདེབས། །ཐུགས་རྗེའི་དངོས་གྲུབ་སྩལ་དུ་གསོལ། །བཀའ་རྒྱ་སྒྲོལ་མཛད་སྟོན་ པའི་ཞབས། །དེ་ཡིས་རྗེས་བཟུང་ཤངས་སྟོན་ལ། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། ། འཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ། །ཁྱུང་པོ་གསུམ་པ་ཚུལ་ཁྲིམས་མགོན། །རས་ ཆེན་སངས་རྒྱས་སེང་གེའི་ཞབས། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བདེ་དྲོད་ དངོས་གྲུབ་སྩལ་དུ་གསོལ། །མཁྱེན་རྩེའི་རང་བཞིན་ཤངས་དཀར་བ། །བཤད་སྒྲུབ་རྩ་ལག་ ཀུངས་ལུང་པ། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བྱིན་རླབས་དངོས་གྲུབ་སྩལ་དུ་ གསོལ། །ཡེ་ཤེས་འབར་བ་ནམ་མཁའི་མཚན། །སྦས་པའི་སངས་རྒྱས་རྒྱ་སྒོམ་རྗེར། །གུས་ པའི་ཡིད་ཀྱིས་གསོལ་བ་འདེབས། །མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །འཇམ་དབྱངས་ ཀུན་དགའ་གྲོལ་མཆོག་དང་། །དེ་སྲས་ལུང་རིགས་རྒྱ་མཚོའི་ཞབས། །གུས་པའི་ཡིད་ཀྱིས་ གསོལ་བ་འདེབས། །མ་ལུས་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་འཆང་ཆེན་བླ་མ་ཞབས། ། དེ་ཡི་རྗེས་བཟུང་རྣལ་འབྱོར་པར། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །ཅི་འདོད་ དངོས་གྲུབ་སྩལ་དུ་གསོལ། ། ཞེས་པའང་འཕྲིན་ལས་རྣམ་རྒྱལ་ཞེས་བྱ་བས་བསྐུལ་ནས་ཏཱ་ར་ནཱ་ཐས་སྦྱར་བའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-23 ༄༅། །འཕགས་པའི་ཡུལ་གྱི་རྒྱལ་བ་རྒྱལ་སྲས་སློབ་དཔོན་ ཆེན་པོ་བཞི་བཅུ་རྩ་གསུམ་ལ་ཕྱག་འཚལ་ བསྟོད་པའི་རབ་བྱེད་བཞུགས། ༄༅། །འཕགས་པའི་ཡུལ་གྱི་རྒྱལ་བ་རྒྱལ་སྲས་སློབ་དཔོན་ཆེན་པོ་བཞི་བཅུ་རྩ་གསུམ་ལ་ཕྱག་འཚལ་བསྟོད་པའི་ རབ་བྱེད། ༀསྭསྟིཔྲཛབྷྱཿ དགེ་ལེགས་ཚོགས་གཉིས་བྱེ་བ་བརྒྱ་ཡི་འཇུག་ངོགས་ལས་འོངས་ ཤིང་། །ཉེས་པ་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཟབ་ཞི་སྤྲོས་བྲལ་བ། །རྟག་བརྟན་གཡུང་ དྲུང་དཔལ་བརྙེས་གང་སྐུའི་འོད་ཟེར་ཆ་ཤས་ཙམ། །སྙིང་ལ་རེག་པས་མུན་པ་ཀུན་སེལ་ཤཱཀྱ་ སེངྒེར་འདུད། ། སྟོན་པ་འགྲོ་བའི་བླ་མར་གུས་བཏུད་ནས། །སྟོན་པའི་དམ་ཆོས་གསལ་མཛད་སྒྲོན་མེ་ མཆོག །སྟོན་པ་གཉིས་པར་གྱུར་པ་རྣམས་ལ་ཡང་། །སྟོན་པ་བཞིན་དུ་གུས་པས་བདག་ འདུད་དོ། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། ། དཔག་ཡས་མཁྱེན་པའི་གཏེར་ཆེན་པོ། །འགྲོ་ཀུན་སྒྲོལ་མཛད་ལ་ཕྱག་འཚལ། །རྒྱལ་བ་ས་ བཅུའི་དབང་ཕྱུག་ནི། །རྒྱལ་ཚབ་གཞོན་ནུའི་སྐུར་སྟོན་པ། །མི་ཕམ་ཆོས་རྗེའི་ཞབས་པད་ལ། ། རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཐུགས་རྗེའི་མངའ་བདག་རྡོ་རྗེ་འཛིན། །མ་ལུས་སྔགས་ ཀྱི་རྒྱུད་མཐའ་དག །སྡུད་མཛད་ཨིནྡྲ་བྷུ་ཏཱི་ཆེ། །བཅུ་གཉིས་ས་ཡི་བདག་པོར་འདུད། །རྒྱལ་ བས་ལུང་བསྟན་གཞན་དོན་མཛད། །རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་ 24-1-24 གཤེགས་པ་ཡི། །འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ། །རྒྱལ་སྲས་བཞི་ལ་བསྟོད་པའོ། ། ཀླུ་སྒྲུབ་ཀླུ་ཡི་དབང་པོ་ཡི། །རིན་ཆེན་ཐུགས་ཀྱི་གསང་མཛོད་འཛིན། །ཟབ་དང་རྒྱ་ཆེ་ འགྲོ་བ་ཡི། །ཉེར་མཚོ་འཕགས་པ་ལྷ་ལ་འདུད། །མི་ཕམ་མགོན་པོའི་ཞལ་གྱི་ལུང་། །བདུད་ རྩི་གསོལ་མཛད་ཤིང་རྟ་ཆེ། །འོད་བྱེད་ས་ཡི་རྟོགས་པ་བརྙེས། །འཕགས་པ་ཐོགས་མེད་ལ་ ཕྱག་འཚལ། །དེ་ཡི་ཞབས་རྡུལ་རིན་ཆེན་གྱིས། །བསྐལ་བཟང་གྱུར་པའི་སྡོམ་བརྩོན་མཆོག། ཀུན་མཁྱེན་གཉིས་པ་དབྱིག་གི་གཉེན། །མཁས་པའི་ཁྱུ་མཆོག་ལ་ཕྱག་འཚལ། །འཇམ་ པའི་དབྱངས་ཀྱི་སྲས་པོ་ནི། །ཕྱོགས་ཀྱི་གླང་པོ་ཞེས་གྲགས་པ། །ལུང་རིགས་སྨྲ་བ་ཀུན་གྱི་ གཙོ། །ལོག་སྨྲ་ཚར་གཅོད་ལ་ཕྱག་འཚལ། །རྡོ་རྗེ་ཐེག་པའི་དངོས་གྲུབ་བརྙེས། །རྒོལ་བ་ངན་ པའི་ཝ་ཚོགས་འཇོམས། །སྨྲ་བའི་སེང་གེ་རིག་པའི་རྒྱལ། །ཆོས་ཀྱི་གྲགས་པ་ལ་ཕྱག་འཚལ། ། འདུལ་བ་བདུད་རྩིའི་ཆུ་གཏེར་ནི། །གསོལ་མཛད་དྲང་སྲོང་བརྟུལ་ཞུགས་འཛིན། །གྲུབ་ བརྙེས་ཐོས་པའི་ཕ་རོལ་སོན། །ཡོན་ཏན་འོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་དམ་པའི་རྒྱལ་ མཚན་ནི། །ཚུལ་ཁྲིམས་གོས་ཀྱི་ལྷབ་ལྷུབ་ཅན། །སྡོམ་བརྩོན་དམ་པ་འཇིག་རྟེན་སྒྲོན། །ཤཱཀྱ་ འོད་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པའི་འོད་ཟེར་གྱིས། །[རྡོ་རྗེ་?]ཐམས་ཅད་ཡོངས་ གསལ་བ། །ཐུགས་རྗེས་རང་གི་སྐུ་ཡང་བཏང་། །དཔའ་བོ་མ་ཁོལ་ལ་ཕྱག་འཚལ། །མཐའ་ བྲལ་ཡེ་ཤེས་སྤྲོས་བྲལ་བ། །ཟབ་མོ་ཞི་བའི་གནས་མཆོག་ལ། །མངའ་བརྙེས་མང་ཐོས་དད་ པའི་ས། །རབ་མནོན་ལེགས་ལྡན་ཞབས་ལ་འདུད། །འཇམ་དབྱངས་ཞབས་པད་རྟག་བརྟེན་ པ། །འདུལ་འཛིན་མཁས་པ་ཀུན་གྱི་རྗེ། །རིག་འཛིན་རྒྱལ་པོ་ཐུགས་རྗེ་ཅན། །ཞི་བ་འཚོ་ལ་ ཕྱག་འཚལ་ལོ། །སྤྲོས་བྲལ་མཐར་ཐུག་མངོན་གྱུར་ནས། །འཆད་རྩོད་རྩོམ་པས་གཞན་དོན་ མཛད། །ཆོས་མཆོག་བརྙེས་ནས་བརྟུལ་ཞུགས་ཀྱི། །སྤྱོད་མཛད་ཟླ་བའི་ཞབས་ལ་འདུད། ། འཇིག་རྟེན་དབང་ཕྱུག་གཉིས་པ་བཞིན། །ཐུགས་རྗེས་འགྲོ་ཀུན་སྒྲོལ་བར་བརྩོན། །མཁས་ 24-1-25 པའི་མཁས་པ་སྨྲ་བའི་ཕུལ། །ཙཎྜ་གོ་མི་ལ་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་དགོངས་པ་ བཞིན། །རྒྱུད་སྡེ་ཀུན་ལ་སྤོབས་པ་ཐོབ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས། །ཀུན་དགའ་ སྙིང་པོ་ལ་ཕྱག་འཚལ། །རང་གཞན་གྲུབ་མཐའ་རྒྱ་མཚོ་ནི། །ཀུན་གྱི་མཐར་སོན་རྩོད་དུས་ ཀྱི། །ཀུན་མཁྱེན་རིན་ཆེན་འབྱུང་གནས་ཆེ། །ཞི་བའི་ཞབས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ སེམས་ཀྱི་རི་བོང་ཅན། །མཁྱེན་པའི་འོད་དཀར་དཔག་གཡས་འཕྲོ། །འགྲོ་བས་སྐྱབས་ཅིག་ ཨ་ཏི་ཤ །དཱི་པངྐ་ར་ལ་ཕྱག་འཚལ། །མདོ་རྒྱུད་ཕྱི་རོལ་བསྟན་བཅོས་སོགས། །ཐམས་ཅད་ མཁྱེན་ཅིང་བར་མ་དོར། །མཆོག་གི་དངོས་གྲུབ་མངོན་དུ་མཛད། །འཇིགས་མེད་འབྱུང་ གནས་ལ་ཕྱག་འཚལ། །འཇིག་རྟེན་གྱི་སྒྲོན་མེ་ཤིང་རྟ་ཆེན་པོ་བཅུ་དྲུག་ལ་བསྟོད་པའོ། ། དཔལ་ལྡན་རྡོ་རྗེ་སེམས་དཔའ་དངོས། །བདེ་ཆེན་རྡོ་རྗེའི་གོ་འཕང་བརྙེས། །འབྱུང་པོ་ ཀུན་གྱིས་ཞབས་ལ་མཆོད། །བདེ་ཆེན་པདྨ་རྡོ་རྗེར་འདུད། །དང་པོའི་མགོན་པོ་ཡེ་ཤེས་སྐུ། ། ཐོག་མ་མེད་ནས་མངོན་གྱུར་ནས། །རིག་པའི་བརྟུལ་ཞུགས་སྤྱོད་པའི་ཚུལ། །ས་ར་ཧ་ལ་ ཕྱག་འཚལ་ལོ། །འཆི་མེད་རྡོ་རྗེའི་གོ་འཕང་ཐོབ། །མི་གཡོའི་ས་ལ་རབ་བཞུགས་པ། །གྲུབ་ པ་རིག་པ་འཛིན་པའི་གཙོ། །ཀླུ་ཡི་བྱང་ཆུབ་ལ་ཕྱག་འཚལ། །ཤབཱར་ཡི་ཚུལ་བཟུང་ནས། ། སྤྱོད་པའི་གྲུབ་པ་མཆོག་གྲུབ་པས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ། །རྣལ་འབྱོར་དབང་ཕྱུག་ དེ་ལ་འདུད། །འཇམ་དཔལ་སྲས་ཀྱི་ཐུ་བོ་པ། །བྷུ་སུ་ཀུ་ཡི་སྤྱོད་པ་སྤྱད། །སྣ་ཚོགས་ཐབས་ཀྱི་ འགྲོ་བ་འདུལ། །ཞི་བའི་ལྷ་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །མི་སྲུན་སྐྱེ་ བོ་དཔག་ཡས་བཏུལ། །བདུན་པ་རིང་དུ་སོང་བའི་ས། །རབ་དྲུག་རྟ་མཆོག་ཞབས་ལ་འདུད། ། མཚན་མའི་རྒྱ་ལས་རབ་གྲོལ་ནས། །དག་པའི་ས་ཆེན་མངོན་གྱུར་པ། །འགྲོ་བའི་ཉོན་ མོངས་དྲ་བ་གཅོད། །ལྭ་བའི་ཞབས་ལ་ཕྱག་འཚལ་ལོ། །སྤྲོས་བཅས་སྤྱོད་པས་བདག་ཉིད་ ཀྱི། །རང་བཞིན་མངོན་གྱུར་འདོད་ལྡན་རྣམས། །རྗེས་སུ་འཛིན་མཛད་མི་བདག་ནི། །ཨིནྡྲ་ 24-1-26 བྷཱུ་ཏི་ལ་ཕྱག་འཚལ། །དཀའ་བ་དུ་མ་རྣམས་མཛད་ནས། །རྡོ་རྗེ་ཕག་མོའི་ཞལ་ལུང་བརྙེས། ། གྲུབ་པ་ཀུན་གྱི་གཙོ་བོའི་གཙོ། །ལཱུ་ཡི་པ་ལ་ཕྱག་འཚལ་ལོ། །འབྱུང་པོ་ཀུན་གྱི་བླ་མ་ནི། ། ཐུན་མོང་ཡོན་ཏན་བརྒྱད་བརྙེས་ནས། །སླད་ནས་མཆོག་གི་གྲུབ་པར་གྱུར། །ཀུཀུརཱི་པ་ལ་ ཕྱག་འཚལ། །རྡོ་རྗེ་བཙུན་མོས་རྗེས་བཟུང་ནས། །ས་དྲུག་རྟོགས་པ་མངོན་དུ་གྱུར། །ཀུན་ བཟང་སྤྱོད་པས་འགྲོ་དོན་མཛད། །བི་རཱུ་པ་ལ་ཕྱག་འཚལ་ལོ། །ཡན་ལག་བཅུ་གཉིས་རབ་ འགགས་ཏེ། །འཇིག་རྟེན་པ་ཡི་སྤྱོད་ལས་གྲོལ། །ལྷ་ལྕམ་ལཀྵྨཱི་ཞེས་བྱ་བ། །རྒྱལ་བའི་ཡུམ་ གཅིག་ལ་ཕྱག་འཚལ། །རིམ་པ་ལྔ་པོ་རབ་རྫོགས་ནས། །ངོ་མཚར་དཔག་ཡས་སེམས་ཅན་ སྒྲོལ། །ཧེ་རུ་ཀ་དཔལ་གཉིས་པ་བཞིན། །གཎྜ་པ་ལ་ཕྱག་འཚལ་ལོ། །ཉེ་བའི་ཞིང་དུ་རྣམ་ རོལ་བའི། །སྒྱུ་མའི་རོལ་རྩེད་བགྲངས་ཡས་ཀྱིས། །མུ་སྟེགས་ངན་པ་ཀུན་བཏུལ་བ། །ཌོམྦྷི་ པ་ལ་ཕྱག་འཚལ་ལོ། །གང་བློ་དང་པོའི་རྡོ་རྗེ་ནི། །མགོན་པོ་ཁྱོད་ཀྱིས་མངོན་སུམ་མཛད། ། རྡོ་རྗེ་འཛིན་དང་དབྱེར་མེད་པ། །ཛལནྡྷརའི་ཞབས་ལ་འདུད། །ས་སྐྱོང་མི་སྲུན་ཚུལ་གྱིས་ནི། ། སྤྲོས་བཅས་སྤྱོད་པ་ལ་བརྩོན་པས། །དབང་རྣོན་རྡོ་རྗེ་སེམས་དཔའ་གྲུབ། །ཧརིདཱར་ལ་ཕྱག་ འཚལ་ལོ། །གྲུབ་ཆེན་འཕགས་པའི་ས་ལ་བཞུགས་པ་བཅུ་དྲུག་ལ་བསྟོད་པའོ། ། བསམ་གྱི་མི་ཁྱབ་ཏིང་ངེ་འཛིན། །རྒྱལ་བའི་ཡེ་ཤེས་མཆོག་མཁྱེན་ནས། །འགྲོ་བ་ཀུན་ ལ་འདོམས་མཛད་པ། །ཏོག་རྩེ་པ་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ཀྱི་ཞལ་ལུང་ ཐོབ། །བདེ་ཆེན་རབ་གྲུབ་ཐབས་དང་ནི། །ཤེས་རབ་དོན་ལ་མངའ་བརྙེས་པ། །སངས་ རྒྱས་ཡེ་ཤེས་ཞབས་ལ་འདུད། །དང་པོར་ཞི་བའི་རྗེས་འབྲང་བ། །ཕྱི་ནས་ཡང་དག་ལམ་ལ་ ཞུགས། །ཕྲ་ཡང་ལ་སོགས་བརྒྱད་གྲུབ་པ། །གོརཀྵ་ལ་ཕྱག་འཚལ་ལོ། །དཔག་ཡས་རྒྱུད་ སྡེའི་མངའ་བདག་ནི། །རིམ་གཉིས་བརྟན་པས་འགྲོ་དོན་མཛད། །བརྟུལ་ཞུགས་སྤྱོད་པའི་ ཞལ་མངའ་ནས། །ཀཧྣ་པ་ལ་ཕྱག་འཚལ། །ཏིལླྀ་ཞབས་སེན་ཅོད་པན་ནི། །ལེགས་པར་ 24-1-27 བཅིངས་པས་གྲུབ་པ་ཡི། །འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ཅན། །ནཱ་རོ་ཏ་པ་ལ་ཕྱག་འཚལ། ། རིག་པའི་གནས་ལྔ་ཀུན་ཆུབ་ནས། །རི་ཁྲོད་ཞལ་ལྔའི་བཀའ་དྲིན་གྱིས། །གྲུབ་པ་བརྙེས་ ནས་སྤྱོད་པ་མཛད། །མཻ་ཏྲི་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ཕྱུག་དྲུག་ལ་བསྟོད་པའོ། ། གཞན་ཡང་དུས་གསུམ་དག་གི་ལམ། །ཁམས་གསུམ་དག་ཏུ་གང་གཤེགས་པའི། །བྱང་ ཆུབ་སེམས་དཔའ་གྲུབ་པ་མཆོག །ཀུན་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་ ཕྲེང་བ་སྤེལ་བ་ལས། །རབ་མཛེས་དགེ་བས་སེམས་ཉིད་རིན་ཆེན་ཡང་། །རིམ་གཉིས་སྲད་ བུ་ལ་རྒྱུས་གྲུབ་པ་ཡི། །ཕྲེང་བཟང་རྡོ་རྗེ་འཛིན་པའི་རྒྱན་དུ་གྱུར། ། ཅེས་པའང་ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་བཅོ་བརྒྱད་པ་ལ་ བྱང་ཆེན་ཞེས་པའི་དབེན་གནས་དམ་པར་སྦྱར། འདིར་མཚོ་སྐྱེས་ནི་དཔལ་བདེ་བ་ཆེན་པོ་ཡིན་ལ། ཨིནྡྲབྷཱུཏི་ནི་རྒྱུད་སྡུད་པ་པོ་ཨིནྡྲབྷཱུཏི་ ཆེན་པོའི་རྗེས་སུ་བྱོན་པ་པདྨ་བཛྲ་དེ་ཉིད་དང་ལུས་མེད་རྡོ་རྗེའི་སློབ་མ་ཡིན་གྱི། རིན་ཆེན་རྡོ་ རྗེའི་བླ་མ་ཨིནྡྲབྷཱུཏི་ཆུང་བ་མ་ཡིན་ལ། མཚོ་སྐྱེས་ཆུང་བའི་སློབ་མ་ཨིནྡྲབྷཱུཏི་བར་པ་ཡང་མ་ ཡིན་ནོ། །ལྭ་བ་པ་ནི་ཡོངས་སུ་གྲགས་པ་སྟེ་ལོ་བཅུ་གཉིས་གཉིད་ལོག་ཟེར་བ་ཨིནྡྲབྷཱུཏིའི་བླ་ མ་ཡིན། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པར་བཤད་པའི། ཨིནྡྲབྷཱུཏི་དབང་པོའི་བློ་ལྭ་བ་པར་ མཚན་གསོལ་བ་དང་གཅིག་གམ་བརྟག་ཅིང་། དེ་བཞིན་དུ་ལཱུ་ཡི་པའི་སློབ་བརྒྱུད་གྲུབ་ཆེན་ ཀམྤལ་དང་ཡང་བརྟག་འཚལ། དེས་ན་ཨིནྡྲབྷཱུཏི་ཡང་མཛད་པ་ཕྱོགས་འདྲ་བཞི་ཙམ་ཨོཌྱན་ ཁོ་ནར་ཡང་བྱུང་སྣང་བས་སཧཛ་གྲུབ་པའི་གཞུང་འགྲེལ་ཙམ་ཡིད་ལ་བཞག་ནས་དགག་ སྒྲུབ་དོན་མེད་དོ། །ཏོག་རྩེ་པ་ཆེ་བ་བསམ་མི་ཁྱབ་བརྩམ་མཁན་དེ་འདི་ཡིན་ལ། ཀོཏལི་པ་ ཆུང་བ་ཤནྟི་པའི་སློབ་མ་ཡིན། ཛལནྡྷར་པ་ནཱ་རོའི་སློབ་མ་ཞིག་ཀྱང་བྱུང་མོད། འདི་གྲུབ་ཆེན་ དང་པོའི་མགོན་པོ་དེའོ། །སློབ་དཔོན་ཆེན་པོ་ཀུན་སྙིང་ཟླ་གྲགས་དང་དུས་མཉམ་ཙམ་ལས་ 24-1-28 བག་ཙམ་སྔ་བ་ཡིན་ཞེས་རྒྱ་གར་གྱི་འཕགས་སྐོར་བ་རྣམས་འདོད་ལ་ཡེ་ཤེས་ཞབས་ཀྱི་ཕྱིས་ བྱུང་བར་བོད་རྣམས་འདོད་མོད། དེ་ཀུན་སྙིང་གཞན་ཞིག་ཡིན་ནམ་སྙམ་མོ། །རྣལ་འབྱོར་ དབང་ཕྱུག་དྲུག་ནི་རགས་པའི་ལུས་གནས་མ་གྱུར་བར་དུ་མཆོག་མ་བརྙེས་ལ། བར་མ་དོ་ དང་། ལུས་གནས་གྱུར་ནས་རིང་ཤིག་ནས་བརྙེས་པ་དག་ཡིན། གྲུབ་ཆེན་བཅུ་དྲུག་པོ་དངོས་ གྲུབ་གཉི་ག་བརྙེས་པ་སྟེ། དེ་ལྟར་འཕགས་ཡུལ་ན་གྲག་པ་ལྟར། རྒྱལ་བ་རྒྱལ་སྲས་སློབ་ དཔོན་ཆེན་པོ་བཞི་བཅུ་རྩ་གསུམ། མཁས་གྲུབ་ཆེས་ཆེ་བའི་གཙོ་བོ་རགས་པ་དག་མདོར་ སྨོས་པའོ། ། ཞིབ་ཏུ་བརྗོད་པར་ག་ལ་ལགས། །ཀཧྣའི་སློབ་མ་གྲུབ་བརྙེས་པ། །བདུན་ཅུ་རྩ་བརྒྱད་ ཡི་དམ་ལྷའི། །སྣང་བ་ཐོབ་པ་ལ་སོགས་པ། །སྟོང་དང་བཞི་བརྒྱ་ཡོད་ཅེས་གྲགས། །རྒྱལ་ བས་ལུང་བསྟན་སློབ་མ་དྲུག །གཞན་ལའང་དེ་ཡིས་མཚོན་པར་སྣང་། །ཞེས་པའང་ཀུན་ དགའ་སྙིང་པོས་སྨྲས།། །།དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-29 ༄༅། །གུ་རུའི་གསོལ་འདེབས་བཞུགས། ༄༅། །ན་མོ་གུ་རུ། དཔལ་ལྡན་སྣང་བ་མཐའ་ཡས་ཀྱི། །ཐུགས་རྗེའི་མཐུ་ལས་གང་ སྤྲུལ་པ། །པདྨ་འབྱུང་གནས་གྲུབ་པའི་གཙོ། །འཆི་མེད་སྐུ་ལ་གསོལ་བ་འདེབས། །ཕུང་པོ་ ཁམས་དང་སྐྱེ་མཆེད་ལ་སོགས་པའི། །མ་དག་ལས་སྣང་གདོད་ནས་རང་འགགས་པ། །སྤྲོས་ བྲལ་ཅིར་ཡང་མེད་པའི་གནས་ལུགས་གཟིགས། །སྐྱེ་མེད་པདྨ་རྒྱལ་པོའི་སྐུ་ལ་འདུད། །ཕུང་ པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི། །རང་བཞིན་རྣམ་དག་གདོད་ནས་རང་ཤར་བ། ། སྤྲོས་བྲལ་ཅིར་ཡང་འཆར་བའི་གནས་ལུགས་གཟིགས། །འགགས་མེད་པདྨ་རྒྱལ་པོའི་སྐུ་ ལ་འདུད། །རྣམ་ཤེས་སེམས་དང་སེམས་བྱུང་ལ་སོགས་པའི། །འཁྲུལ་པའི་སྣང་བ་གདོད་ ནས་རང་འགགས་པ། །སེམས་ཉིད་རྒྱུན་ཆད་མེད་པའི་གནས་ལུགས་གཟིགས། །འཇིག་ མེད་པདྨ་རྒྱལ་པོའི་སྐུ་ལ་འདུད། །དགེ་དང་མི་དགེ་ལུང་མ་བསྟན་སོགས་པའི། །ལས་ རྣམས་རང་བཞིན་གདོད་ནས་སྟོང་པའི་ངང་། །རྒྱུ་འབྲས་ཅིར་ཡང་འཆར་བའི་གནས་ལུགས་ གཟིགས། །མཐའ་བྲལ་པདྨ་རྒྱལ་པོའི་སྐུ་ལ་འདུད། །སེམས་ཅན་ལས་ཉོན་སྡུག་བསྔལ་ལ་ སོགས་པའི། །ཀུན་རྫོབ་ཐམས་ཅད་གདོད་ནས་སྟོང་པའི་ངང་། །སྙིང་རྗེ་ཅིར་འཆར་ཡང་ བའི་གནས་ལུགས་གཟིགས། །ཟུང་འཇུག་པདྨ་རྒྱལ་པོའི་སྐུ་ལ་འདུད། །མ་དག་སྣོད་བཅུད་ ཡེ་ནས་སྟོང་པའི་ངང་། །དག་སྣང་ལྷ་སྐུ་རང་ཤར་འཇའ་ཚོན་འདྲ། །སྐྱེད་རིམ་མཧཱ་ཡོ་གའི་ ལམ་སྟོན་པ། །སྣང་སྟོང་པདྨ་འབྱུང་གནས་སྐུ་ལ་འདུད། །མ་དག་རྩ་རླུང་ཡེ་ནས་སྟོང་པའི་ ངང་། །ཐིག་ལེ་བདེ་སྟོང་རང་ཤར་རྨི་ལམ་འདྲ། །རྫོགས་པ་ཨ་ནུ་ཡོ་གའི་ལམ་སྟོན་པ། །ལྷན་ 24-1-30 སྐྱེས་པདྨ་འབྱུང་གནས་སྐུ་ལ་འདུད། །འཁོར་འདས་སྣང་སྲིད་མ་བཅོས་སྤྲོས་དང་བྲལ། །རང་ རིག་རང་གསལ་ཐིག་ལེ་ལུ་གུ་རྒྱུད། །རྫོགས་ཆེན་ཨ་ཏི་ཡོ་གའི་ལམ་སྟོན་པ། །ལྷུན་གྲུབ་ པདྨ་འབྱུང་གནས་སྐུ་ལ་འདུད། ། ཅེས་པའང་རྨི་ལམ་དུ་གསལ་བར་རྩིས་པ། སད་པ་ན་ཡང་མ་རྗེད་པ་དག །རང་ལོ་ཉེར་ དགུའི་དུས་ཀྱི་ལོ་གསར་བ་ལའོ།། །།མངྒ་ལཾ།། གཅིག་ཞུའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-31 ༄༅། །རྩ་བའི་བླ་མ་རྗེ་བཙུན་བྲག་སྟོད་པ་ཆེན་པོའི་ གསོལ་འདེབས་བྱིན་རླབས་ཆར་འབེབས་ སོགས་བཞི་བཞུགས། ༄༅། །ན་མོ་གུ་ར་ཝེ། ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཞིང་། །རབ་ཏུ་ ཡངས་པར་སངས་རྒྱས་ཀུན་གྱི་དངོས། །མཚུངས་མེད་རྗེ་བཙུན་བླ་མ་རྡོ་རྗེ་འཆང་། །ནམ་ ཡང་ཆོས་ཀུན་སྒྲིབ་མེད་གསལ་ལེར་བཞུགས། །བདག་ལ་སྐྱབས་གཞན་མ་མཆིས་ཆོས་ཀྱི་ རྗེ། །མགོན་ཁྱོད་མཉེས་ན་ཅི་ལྟར་གྱུར་ཀྱང་སླ། །བདག་གི་གནས་སྐབས་ཅི་འདྲ་ཁྱོད་ཀྱིས་ མཁྱེན། །ནམ་ཡང་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །རྒྱལ་བ་ཁྱོད་ཀྱི་སྐུ་གསུང་ཐུགས་ གསུམ་དང་། །བདག་གི་སྒོ་གསུམ་མཉམ་ཉིད་ངོ་བོར་གྱུར། །ནམ་ཡང་འབྲལ་བ་མེད་དོ་ བདག་སོགས་ཀུན། །ཁྱབ་བདག་ཁྱོད་ཀྱི་གོ་འཕང་མྱུར་ཐོབ་ཤོག །འདི་ཉིད་དད་ལྡན་སློབ་མ་འགའ་ དང་ཨོ་ལོ་དོན་གྲུབ་རྒྱལ་པོས་བསྐུལ་བའོ།། །།མངྒ་ལཾ། ༄༅། །ན་མོ་གུ་ར་ཝེ། མེ་མོ་ལུག་ལོ་དུས་ཀྱི་རྒྱལ་པོ་དང་། །ཁྲུམས་སྟོད་རྒྱལ་མོས་དུས་ སྟོན་སྤེལ་བའི་ཚེ། །རྩྭ་མཆོག་དང་མཚུངས་བྱང་ཕྱོགས་ས་གཞི་དེར། །འགྲོ་བའི་ཉི་མ་ནུབ་ པའི་སྒྱུ་མ་བསྟན། །དྲིན་ཅན་ཆོས་རྗེ་བླ་མ་རིན་པོ་ཆེ། །ཁྱོད་ཐུགས་ནམ་མཁའི་དབྱིངས་ལྟར་ དག་པ་ལ། །སྒྲིབ་གཉིས་གདོད་ནས་སྤངས་པ་མངོན་གྱུར་ཡང་། །འགྲོ་བའི་དོན་དུ་ཚུལ་སྟོན་ 24-1-32 འདི་ཅི་ལགས། །ཆུ་རྫིང་དང་པོར་ཟླ་བའི་གཟུགས་བརྙན་འཆར། །ཆུ་སྐམ་འདམ་རྫབ་གྱུར་ ན་དེ་མི་སྣང་། །ཟླ་བ་ལ་ནི་འཕོ་དང་འགྱུར་བ་མེད། །ཟླ་གཟུགས་གསལ་དང་མི་གསལ་ཆུ་ ཡི་ཁྱད། །སྐལ་ལྡན་ཡིད་ལ་རྗེ་བཙུན་བླ་མ་འཆར། །སྐལ་མེད་སྣང་ངོར་མྱ་ངན་འདས་ཚུལ་ མཐོང་། །བླ་མ་རྗེ་ལ་སྐྱེ་འཆི་འཕོ་འགྱུར་མེད། །སྐུ་གཟུགས་མཐོང་དང་མི་མཐོང་སྐལ་བའི་ ཁྱད། །འོན་ཀྱང་གནས་ཚུལ་མངོན་དུ་མ་གྱུར་པས། །བློ་དམན་བདག་གི་བློ་ལ་དེ་མ་ཆུད། ། རྗེ་ཡི་སྐུ་དྲིན་ཁོ་ནས་བདག་ཅག་འཚོ། །ད་ནི་མགོན་མེད་གྱུར་ན་ཇི་ལྟར་བྱ། །རྩེ་གཅིག་ མོས་པས་ཁྱོད་དྲུང་འོངས་པ་རྣམས། །ཞལ་རས་ཙམ་ཡང་ལྟ་བའི་སྐལ་མེད་པར། །གདུང་ བའི་མཆི་མ་དྲག་པོ་ཆར་བཞིན་འབབས། །ཐུགས་རྗེས་གཟིགས་ཤིག་བླ་མ་ཆོས་ཀྱི་རྗེ། ། ཤིན་ཏུ་འཕོངས་ཤིང་ཟས་གོས་ལ་སྲེད་པ། །དེ་དག་ཚིམ་པར་མི་མཛད་འདོར་ལགས་སམ། ། འཇིགས་སྐྱོབ་དོན་དུ་ཁྱེད་ལ་སྐྱབས་སོང་བ། །གྲངས་མེད་དེ་དག་ད་ནི་ཇི་ལྟར་བྱ། །རྡོ་རྗེ་ གདན་མཚུངས་རི་ཁྲོད་རྒྱལ་པོ་འདིར། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྐོར་བཞིན་དུ། །སྐལ་ ལྡན་སངས་རྒྱས་ས་ལ་མི་འགོད་པར། །བླ་མ་ཐུགས་རྗེ་ཅན་དེ་གང་དུ་གཤེགས། །སྡུག་ བསྔལ་དུ་མས་གཟིར་བའི་སེམས་ཅན་རྣམས། །དངོས་སུ་བདེ་ལ་འགོད་པར་མཛད་འཕྲོ་ ལ། །གཅིག་ཆར་བོར་ནས་དབྱིངས་སུ་གཟིམས་པ་འདི། །ཐབས་མཁས་ཡིན་ཀྱང་ཐུགས་རྗེ་ ཆུང་ངམ་སྙམ། །དངོས་དང་བརྒྱུད་ནས་འགྲོ་ལ་ཕན་པའི་སླད། །བདུད་རྣམས་འཇོམས་ལ་ ཤིན་ཏུ་དཔའ་བ་ལགས། །ཁྱོད་ཉིད་ད་རེས་ཁོ་ན་བདུད་ཀྱི་སྡེ། །དགའ་བར་མཛད་པའི་རྒྱུ་ ཡང་གང་ཞིག་ལགས། །གལ་ཏེ་བདག་ཅག་རྗེས་འཇུག་འགའ་ཞིག་དག །གེགས་ཀྱི་དབང་ སོང་ལོག་པའི་ལམ་གོལ་ན། །སྔར་ནི་ཁྱེད་ཀྱིས་དངོས་སུ་ལམ་སྟོན་ཅིང་། །གེགས་སེལ་ མཛད་དེ་ད་ནི་ཇི་ལྟར་བྱ། །ཡུན་རིང་བསྒོམས་ཀྱང་མཉམ་བཞག་མ་བརྟན་ཅིང་། །ཡོན་ཏན་ མ་སྐྱེས་སྐྱེས་ཀྱང་མ་འཕེལ་ན། །སྔར་ནི་རྗེ་ཡིས་འཕྲལ་དུ་བོགས་འདོན་ཀྱང་། །ཕྱིན་ཆད་ 24-1-33 ཡེ་ཤེས་འཕེལ་སྐྱེད་སུ་ཡིས་བྱེད། །རྗེ་དང་མ་བྲལ་ན་ནི་གཞན་སུ་དང་། །འབྲེལ་ཐག་ཆད་ ཀྱང་དེ་རང་དགའ་བ་ལ། །བྲལ་ཀྱང་ཆོག་པའི་གཞན་དང་མ་བྲལ་ཞིང་། །འབྲལ་དུ་འཕངས་ པའི་རྗེ་དང་བྲལ་ལོ་སྙམ། །ཡིད་ལ་གདུང་བ་བཟོད་གླགས་མེད་པ་ལ། །ཐུགས་རྗེ་ཅན་གྱིས་ གཟིགས་པར་མི་མཛད་དམ། །འཁོར་བའི་གནས་སུ་མགོན་མེད་འཁྱམས་པ་ལ། །མཐུ་ཆེན་ ཁྱོད་ཀྱིས་སྐྱོབ་པར་མི་མཛད་དམ། །ཁྱེད་སྐུ་སྣང་སྟོང་མཁའ་ལྟར་ཁྱབ་པ་ལ། །གཤེགས་ བཞུད་མི་དགོས་གང་ལ་ཅི་འདུལ་སྟོན། །འགྲོ་བ་འདུལ་བའི་སྤྲུལ་པ་སྟོན་མཉམ་ལ། །སྔར་ གྱི་དེ་ཀ་བསྟན་ན་མི་རུང་ངམ། །ཁྱོད་གསུང་གྲགས་སྟོང་རྩོལ་བ་མི་མངའ་བར། །གང་འདུལ་ ཆོས་ཀྱིས་འགྲོ་བ་འདུལ་མཉམ་ལ། །སྔར་ལུགས་བཞིན་དུ་བདག་ཅག་ལྟོས་བཅས་རྣམས། ། གདམས་པ་ཟབ་མོས་ཚིམ་པར་མི་མཛད་དམ། །ཁྱོད་ཐུགས་སྤྲོས་མེད་ནམ་མཁའ་ལྟ་བུ་དེ། ། སྣང་གྲགས་ཀུན་ལ་རྟག་ཏུ་བཞུགས་མཉམ་ལ། །གཟི་བྱིན་རྒྱས་པའི་སྐུ་ལུས་དེར་བཞུགས་ ན། །བདག་ཅག་རྣམས་ལ་དེ་རང་ཕན་པ་ལ། །གར་བཞུགས་ཐམས་ཅད་དག་པའི་ཞིང་ ལགས་པས། །ཞིང་འདིར་ཁྱོད་ཐུགས་སྐྱོ་བ་ཅི་ལགས་ན། །གཞན་དོན་རྩོལ་མེད་ལྷུན་གྱིས་ གྲུབ་པ་ལ། །ཞི་བདེར་ངལ་གསོ་མཛད་དེ་གང་ལགས་ན། །སེམས་ཅན་གཅིག་ལ་ཕན་པའི་ ཕྱིར་དུའང་། །བསྐལ་པ་གྲངས་མེད་དཀའ་སྤྱད་མཛད་པ་ཡི། །ཐུགས་སྟོབས་ཡོད་བཞིན་ བདག་ཅག་འདོར་བ་ནི། །ཐུགས་དམ་བཅས་པ་ད་སྡོད་ཞིག་གམ་ཅི། །བདག་ཅག་རྣམས་ཀྱི་ སྐལ་བའི་སྐྱོན་ལགས་ན། །སྐལ་མེད་རྣམས་ལ་ཕན་འདོགས་མི་མཛད་པར། །བོར་ནས་འགྲོ་ བ་སྨིན་ཐབས་རུང་ལགས་སམ། །སྐལ་མེད་གཟིགས་ཀྱིན་བཞུགས་སུ་ཐང་བ་ལ། །བདག་ ལུས་མཚན་ལྡན་རྗེ་ཡི་སྐུ་སླད་དུ། །བོར་ནས་བླ་མ་བཞུགས་ན་དགའ་བ་ལ། །དྲེད་པོ་བདག་ འདྲ་རྗེས་ལ་ལུས་པ་འདི། །རྗེས་འཇུག་རྣམས་ཀྱི་བསོད་ནམས་དམན་པའི་སྐྱོན། །ཁྱོད་སྐུ་ ཆོས་ཀྱི་དབྱིངས་སུ་ཐིམ་པ་ན། །རྣམ་པར་གྲོལ་བའི་དམ་ཆོས་ནུབ་པར་གྱུར། །མངོན་སུམ་ 24-1-34 ཡང་དག་ལམ་ལ་མ་ཁྲིད་ན། །གཟུགས་བརྙན་ཆོས་ཀྱིས་ཕན་པ་མི་གདའ་ལགས། །རེ་ཤིག་ བདེ་ཡང་ཉོན་མོངས་འཕེལ་བའི་རྒྱུ། །དར་ཡང་འཁོར་བའི་འཕེལ་སྐྱེད་རྒྱས་པ་ཡི། །སེམས་ ཅན་བདེ་ཐབས་བསྟན་པའི་དར་རྒྱས་ཞེས། །སྲིད་པའི་ལས་ཀྱིས་མི་ཀུན་མགོ་བོ་འཁོར། ། འོན་ཀྱང་བླ་མ་རྗེ་དེའི་སྐུ་དྲིན་གྱིས། །ཐུགས་ཡིད་དབྱེར་མེད་འདི་ལ་ངལ་བསོ་བྱེད། །གང་ ཤར་བཟོ་མེད་མ་བཅོས་གཉུག་མའི་གཤིས། །ཕ་ཕོགས་འདི་འདྲ་ཐོབ་པས་ཚིམ་ནས་བདོག། རང་སེམས་རྗེན་པ་འདི་ཀ་བླ་མའི་ཐུགས། །གྲགས་སྟོང་སྣང་སྟོང་འདི་ཀ་གསུང་དང་སྐུ། ། སྲིད་གསུམ་ཐམས་ཅད་རྗེ་དང་དབྱེ་བ་མེད། །འཕྲིན་ལས་འདི་ལ་རྒྱུན་ཆད་ག་ལ་སྲིད། །བླ་ མར་ལམ་ལམ་མིག་དང་ཡིད་ལ་ཤར། །གསུང་སྐད་ལྷང་ལྷང་མོས་གུས་དུང་དུང་པོ། །རང་ སེམས་ལས་གཞན་བླ་མ་མི་གདའ་ལ། །རང་སེམས་ལས་གཞན་རང་དང་མོས་གུས་མེད། ། ཆོས་ཀུན་གནས་ལུགས་རང་སེམས་བླ་མའི་ཐུགས། །མཐའ་བྲལ་རང་སོ་ཟིན་པར་བྱིན་ གྱིས་རློབས། །སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །བསྟན་ལ་བྱ་བ་བྱེད་པར་བྱིན་ གྱིས་རློབས། །ཞེས་ལུག་ལོ་སྨིན་དྲུག་གི་ཚེས་བཅུའི་ནུབ། །བླ་མ་དྲན་པའི་གདུང་ཤུགས་དྲག་པོས། །གདུང་དབྱངས་ཀྱི་ གསོལ་འདེབས་མང་དུ་བྱས་པ་ལ། །ཕྱིས་མ་བརྗེད་པར་དྲན་ཚོད་གཅིག་ཡི་གེར་བྲིས་པའོ།། །།མངྒ་ལཾ། ༄༅། །ན་མོ་གུ་ར་ཝེ། རྒྱལ་བ་སྲས་དང་བཅས་པ་ནི། །ཀུན་གྱི་ཐུགས་དང་དབྱེར་ མེད་པའི། །འགྲོ་མགོན་བླ་མ་རིན་པོ་ཆེ། །ལྷ་དབང་གྲགས་པའི་ཞབས་ལ་འདུད། །ཀུན་ ཁྱབ་རང་བཞིན་ལྷན་ཅིག་སྐྱེས། །ཕྱག་རྒྱ་ཆེན་པོའི་རྣམ་རོལ་མཁན། །ས་ར་ཧ་དང་དབྱེར་ མེད་པའི། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །སྤྲོས་པའི་བདུད་བཞི་སྡེར་བཅས་བརྟུལ། ། འོད་གསལ་ཉི་མ་འབུམ་གྱི་གཟི། །ལྭ་བ་པ་དང་དབྱེར་མེད་པའི། །དྲིན་ཆེན་བླ་མའི་ཞབས་ ལ་འདུད། །དཀའ་བ་སྤྱད་པས་དེ་ཉིད་གཟིགས། །རླུང་སེམས་གཉིས་ལ་རང་དབང་ཐོབ། ། 24-1-35 ལཱུ་ཡི་པ་དང་དབྱེར་མེད་པའི། །འདྲེན་མཆོག་བླ་མའི་ཞབས་ལ་འདུད། །སྙིང་པོའི་རྟོགས་ པ་མཐར་ཐུག་ཀྱང་། །ངེས་མེད་ཚུལ་གྱིས་སེམས་ཅན་འདུལ། །ཤཱ་བ་རི་དང་དབྱེར་མེད་པའི། ། མཚན་ལྡན་བླ་མའི་ཞབས་ལ་འདུད། །འབྱུང་པོ་ཀུན་གྱིས་ཞབས་ལ་བཏུད། །མཁའ་འགྲོ་ ཀུན་གྱི་ཚོགས་ཀྱི་གཙོ། །ཀུ་ཀུ་རི་པའི་ངོ་བོ་ཉིད། །རྗེ་བཙུན་བླ་མ་ལ་ཕྱག་འཚལ། །འདོད་ ཡོན་ཡེ་ཤེས་བདུད་རྩིར་བསྒྱུར། །ཞུ་བདེ་འགྱུར་མེད་བདེ་ཆེན་སྐུ། །ཨིནྡྲ་བྷཱུ་ཏིའི་ངོ་བོ་ཉིད། ། དྲིན་ཅན་བླ་མ་ལ་ཕྱག་འཚལ། །བདུད་དང་མུ་སྟེགས་ཚར་གཅོད་ཅིང་། །ཕྱོགས་ལས་རྣམ་ རྒྱལ་སྤྱོད་པ་ཅན། །བི་རུ་པ་ཡི་ངོ་བོ་ཉིད། །མཐུ་ལྡན་བླ་མ་ལ་ཕྱག་འཚལ། །ངོ་མཚར་རྣམ་ འཕྲུལ་དཔག་ཡས་ཀྱིས། །རྡོ་རྗེ་ཐེག་པ་རྒྱས་མཛད་པ། །ཌོམྦི་ཧེ་རུ་ཀ་ཡི་དངོས། །སྐྱབས་ མཆོག་བླ་མ་ལ་ཕྱག་འཚལ། །དེ་ལྟར་རྩ་བའི་བླ་མ་དང་། །གྲུབ་ཆེན་བརྒྱད་པོ་དབྱེར་མེད་ལ། ། མོས་གུས་གདུང་བས་གསོལ་བ་འདེབས། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །རྡོ་རྗེ་སྒྱུ་འཕྲུལ་ འཁོར་ལོའི་ཚོགས། །བདེ་ཆེན་འོད་གསལ་དབྱིངས་སུ་སྡོམ། །མཚན་ལྡན་བླ་མའི་ཚུལ་སྟོན་ པའི། །འཁོར་ལོ་སྡོམ་པ་ཁྱོད་ལ་བསྟོད། །ཧེ་ནི་ཐུགས་རྗེ་ཆེན་པོ་ཉིད། །བཛྲ་ཤེས་རབ་སྟོང་ པ་སྟེ། །མཚུངས་མེད་བླ་མའི་ཚུལ་སྟོན་པའི། །དགྱེས་པའི་རྡོ་རྗེ་ཁྱོད་ལ་བསྟོད། །དུས་ནི་མི་ འགྱུར་བདེ་བ་ཐབས། །འཁོར་ལོ་ཤེས་རབ་སྟོང་པའི་གཟུགས། །རྡོ་རྗེ་སློབ་དཔོན་ཚུལ་སྟོན་ པའི། །དུས་ཀྱི་འཁོར་ལོ་ཁྱོད་ལ་བསྟོད། །གསང་བ་སྐུ་གསུང་ཐུགས་རྡོ་རྗེ། །ཟུང་འཇུག་ འདུས་པའི་བདག་ཉིད་དེ། །འདུས་པའི་ངོ་བོ་བླ་མ་རྗེ། །རྡོ་རྗེ་འཆང་ཆེན་ཁྱོད་ལ་བསྟོད། །སྐུ་ ནི་སྒྱུ་འཕྲུལ་དྲྭ་བ་སྟེ། །གསུང་ནི་འཇམ་དབྱངས་གཤིན་རྗེ་གཤེད། །ཐུགས་ནི་རྡོ་རྗེ་དབྱིངས་ ལགས་ཏེ། །བླ་མའི་སྐུ་གསུང་ཐུགས་ལ་བསྟོད། །དཔལ་མཆོག་དང་པོའི་རྡོ་རྗེ་ཆེ། །རིག་པའི་ སྐྱེས་བུ་གདོད་མའི་མགོན། །རྡོ་རྗེ་གདན་བཞི་ལ་བཞུགས་པ། །བླ་མ་ཡེ་ཤེས་རྡོ་རྗེར་འདུད། ། གཞན་ཡང་སངས་རྒྱས་བདེ་སྐྱོང་དང་། །སྒྱུ་འཕྲུལ་ཆེ་སོགས་ཡི་དམ་ལྷ། །དཔག་མེད་ 24-1-36 མཐའ་ལས་འདས་པའི་ཚུལ། །རྣམ་འཕྲུལ་སྤྲོ་བ་ཁྱེད་ལ་འདུད། །དེ་ལྟར་རྩ་བའི་བླ་མ་དང་། ། ཡི་དམ་ཐམས་ཅད་དབྱེར་མེད་ལ། །མོས་གུས་གདུང་བས་གསོལ་བ་འདེབས། །མཆོག་ དང་ཐུན་མོང་དངོས་གྲུབ་སྩོལ། །རྒྱལ་བའི་བསྟན་པ་སྐྱོང་མཛད་པ། །དཔལ་ལྡན་མགོན་པོ་ ལྕམ་བྲལ་ཡང་། །ཁྱོད་ཀྱི་ནུས་མཐུའི་རང་གཟུགས་ཏེ། །ཆོས་སྐྱོང་རྒྱལ་པོ་བླ་མར་འདུད། ། བདེ་ཆེན་ཐུགས་རྗེ་རང་སྣང་ལས། །དཔའ་བོ་མཁའ་འགྲོ་སྡེ་ལྔ་སྤྲུལ། །སྒྲུབ་པོའི་བསམ་ པ་རྫོགས་པར་མཛད། །དེ་ཕྱིར་ཁྱོད་ལ་གུས་ཕྱག་འཚལ། །ཁྱོད་ཀྱི་ཐུགས་རྗེའི་འཕྲིན་ལས་ ནི། །ལ་ལར་ཕྱོགས་སྐྱོང་བཅུར་སྟོན་ལ། །འཇིག་རྟེན་སྐྱོང་བ་སྡེ་བཞི་སོགས། །གང་འདུལ་ སྐུ་ཅན་ཁྱོད་ལ་འདུད། །སེམས་ཅན་བསམ་པའི་བྱེ་བྲག་གིས། །ཁྱོད་ནི་བརྟན་གཡོ་ཀུན་གྱི་ ཚུལ། །རྣམ་རྟོག་མི་མངའ་རྒྱུན་མི་འཆད། །རྨད་བྱུང་འཕྲིན་ལས་མཛད་ལ་འདུད། །དེ་ལྟར་ རྩ་བའི་བླ་མ་དང་། །མཁའ་འགྲོ་ཆོས་སྐྱོང་དབྱེར་མེད་པ། །མོས་གུས་གདུང་བས་གསོལ་བ་ འདེབས། །བར་ཆད་ཞི་བར་བྱིན་གྱིས་རློབས། །བདུད་བཞི་འཇོམས་པར་བྱིན་གྱིས་རློབས། ། ནད་གདོན་མཐའ་དག་སེལ་བ་དང་། །ཅི་བསམ་གེགས་མེད་འགྲུབ་པ་རུ། །དཔལ་ལྡན་བླ་ མས་བྱིན་གྱིས་རློབས། །ཞེས་པ་ནི་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་གཅིག་ཆོག་རྒྱལ་པོ་རང་གི་རྩ་བའི་བླ་མ་རྗེ་བཙུན་བྲག་ སྟོད་པ་ཆེན་པོ་ལ་གསོལ་བ་བཏབ་པ་སྟེ། ལུག་ལོ་སྨིན་དྲུག་གི་ཟླ་བའི་ཚེས་བཅུའི་ནུབ། གདུང་དབྱངས་དྲག་པོས་གསོལ་བ་ བཏབ་པས། ཐོ་རངས་རྨི་ལམ་དུ་གྲུབ་ཆེན་བརྒྱད་དང་སྦྱར་བ་ཡན་ཆད་ཀྱི་བསྟོད་པ་འདི་བྱས་པ་རྨིས་ཤིང་། ལྷག་མ་རྣམས་ཁ་ འགེངས་སུ་བསྒྲིགས་པ་དེ་གཙང་སྨྱོན་ཀུན་དགའ་དཔལ་བཟང་གིས་བསྐུལ་ནས་ཡི་གེ་བགྱིས་པའོ།། །།མངྒ་ལཾ། ༄༅། །ༀ་སྭཱསྟི་པྲཛྙཱ་བྷྱཿ དཔལ་ལྡན་ཀུན་ཁྱབ་ལྷན་ཅིག་སྐྱེས་པའི་དངོས། །སྲས་བཅས་ རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། །ཁྱབ་བདག་རྡོ་རྗེ་འཆང་གི་ངོ་བོ་ཉིད། །ལྷ་དབང་གྲགས་ པའི་ཞབས་ལ་གསོལ་བ་འདེབས། །ལྷར་བཅས་འགྲོ་ལ་ཕན་བདེ་སྩོལ་བའི་དབང་། །གྲགས་ 24-1-37 ལྡན་ཀུན་ལས་ལྷག་པའི་ཐུགས་རྗེ་ཡིས། །མོས་ལྡན་མཐའ་དག་ཆོས་སྐུའི་གནས་སུ་འཁྲིད། ། བླ་མ་ཀུན་འདུས་ཁྱེད་ལ་གསོལ་བ་འདེབས། །ལྷག་པའི་ལྷ་རྣམས་ཀུན་དང་གཉིས་སུ་མེད། ། རབ་འབྱམས་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གཙོ། །སྲིད་གསུམ་ཀུན་ཏུ་སྙན་པའི་གྲགས་ པས་ཁྱབ། །ཡི་དམ་ཀུན་དངོས་ཁྱེད་ལ་གསོལ་བ་འདེབས། །ལྷ་དབང་ཀླུ་སོགས་ཀུན་གྱིས་ ཞབས་ལ་བཏུད། །སྐད་ཅིག་དྲན་ན་དཔལ་དང་གྲགས་པ་ཐོབ། །མཚན་ཙམ་འཛིན་པས་ བར་ཆད་ཐམས་ཅད་སེལ། །ཆོས་སྐྱོང་ཀུན་འདུས་བླ་མར་གསོལ་བ་འདེབས། །ཐབས་ མཁས་ཤེས་བྱ་ཀུན་གཟིགས་ལྷ་ཡི་ལྷ། །ཆོས་ཉིད་མངོན་གྱུར་དབང་ཕྱུག་བརྒྱད་ཀྱི་དངོས། ། ཚོགས་མཆོག་ཀུན་གྱི་གཙོ་བོར་རབ་ཏུ་གྲགས། །སྐྱབས་གསུམ་འདུས་པའི་གཙོ་ལ་གསོལ་ བ་འདེབས། །འཕགས་པའི་ཡུལ་དང་ཕྱོགས་འདིར་བྱོན་པ་ཡི། །གྲུབ་བརྙེས་མང་པོས་བྱིན་ རླབས་ལུང་བསྟན་བརྙེས། །བླ་མ་མཆོག་དང་ཐུགས་ཡིད་དབྱེར་མེད་པས། །ཇི་ལྟའི་གནས་ ལུགས་གཟིགས་པ་ཁྱོད་ལ་འདུད། །སྐུ་གསུང་ཐུགས་ཀྱི་སྐྱོན་རྣམས་མ་ལུས་སྤངས། །འགྱུར་ མེད་མཆོག་གི་གོ་འཕང་མངོན་གྱུར་ནས། །རིགས་མེད་དག་པའི་དཀྱིལ་འཁོར་བགྲང་ཡས་ ཅན། །ཟུང་འཇུག་མངོན་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དཔའ་བོ་མཁའ་འགྲོའི་དབང་ཕྱུག་ དཔག་ཡས་ཀྱི། །ཚོགས་ཀྱི་གཙོ་བོར་ཡང་ཡང་དབང་བསྐུར་བརྙེས། །རིག་པའི་བརྟུལ་ ཞུགས་མཆོག་གི་གཞན་དོན་མཛད། །ཨ་ཝ་དྷཱུ་ཏིའི་ཞབས་ཁྱོད་གུས་པས་མཆོད། །ཁྱོད་ནི་ སྐྱབས་གནས་ཀུན་གྱི་རྣམ་འཕྲུལ་ཏེ། །སྐྱབས་གནས་ཀུན་ཡང་ཁྱོད་ཀྱིས་རྣམ་འཕྲུལ་ལགས། ། སྐྱབས་གཞན་མེད་དོ་སྙིང་ནས་གསོལ་བ་འདེབས། །སྐྱབས་མཆོག་ཁྱོད་ཀྱིས་བདག་ཅག་ བསྐྱབ་ཏུ་གསོལ། །ནད་གདོན་ཉེར་འཚེ་མི་མཐུན་ཀུན་ཞི་ཞིང་། །དམ་ཆོས་དགེ་བའི་ཕྱོགས་ ཀུན་འཕེལ་བ་དང་། །རྩེ་གཅིག་སྒྲུབ་པ་ཉམས་སུ་ལོངས་པ་རུ། །དཔལ་ལྡན་བླ་མས་བྱིན་ གྱིས་བརླབ་ཏུ་གསོལ། །བདག་ཅག་འགྲོ་ཀུན་གནས་སྐབས་ཐམས་ཅད་དུ། །བླ་མ་རྗེ་དང་ 24-1-38 ནམ་ཡང་མི་འབྲལ་ཞིང་། །ཁྱོད་གསུང་འཛིན་ཅིང་ཁྱོད་ཉིད་མཉེས་བྱེད་ལ། །ཁྱོད་ཀྱི་འཕྲིན་ ལས་རྒྱ་ཆེར་སྒྲུབ་པར་ཤོག །ཅེས་རྩ་བའི་བླ་མ་དམ་པ་ལ་གསོལ་བ་འདེབས་པ་བྱིན་རླབས་ཆར་འབེབས་ཞེས་པ་ འདི་ཡང་། བླ་མ་མཆོག་གི་ཞབས་ཟུང་རིང་དུ་བསྟེན་པའི་མཆེད་གྲོགས་བྱམས་པ་དཔལ་ལྡན་གྲགས་པས་བསྐུལ་ནས། ཏཱ་ར་ནཱ་ ཐས་ཐ་སྐར་གྱི་ཉ་བའི་ཚེས་བཅོ་ལྔ་ལ་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ།། །།དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-39 ༄༅། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས་པའི་སྐོར་ལས། བླ་མའི་རྣལ་འབྱོར་རྩ་བའི་བླ་མ་ཐམས་ཅད་ལ་ གསོལ་བ་འདེབས་པའི་རབ་ཏུ་ བྱེད་པ་བཞུགས་སོ། ། ༄༅། །ༀ་སྭ་སྟི། རྣམ་དག་སྐུ་ནི་སྐྱོན་བྲལ་འཁྲུལ་པ་མེད། །ཕུན་ཚོགས་གསུང་དབྱངས་ ཤེས་བྱ་མ་ལུས་ཁྱབ། །ཟབ་དང་རྒྱ་ཆེའི་དེ་ཉིད་མཁྱེན་པའི་ཐུགས། །རྡོ་རྗེ་གསུམ་དངོས་ དཔལ་ལྡན་བླ་མར་འདུད། །སྒྲིབ་གཉིས་བག་ཆགས་བཅས་པ་གཏན་ནས་སྤངས། །དག་ པ་གཉིས་ལྡན་ཡོན་ཏན་ཐམས་ཅད་རྫོགས། །རང་གཞན་དོན་གྱུར་སྐུ་གཉིས་མངོན་མཛད་ པ། །འཁོར་འདས་མ་ལུས་སྤྲུལ་པར་མཛད་ལ་འདུད། །གཡོ་མེད་སེམས་ཀྱིས་བསྟེན་ན་སྐད་ ཅིག་ལ། །བྱིན་གྱིས་བརླབས་པས་བླ་མེད་བྱང་ཆུབ་བམ། །ཡང་ན་འདོད་པ་མཆོག་དང་ཐར་ པ་ཡི། །དམ་པ་ངེས་པར་སྦྱིན་མཛད་ཁྱོད་ལ་འདུད། །ལྷན་སྐྱེས་ཟུང་འཇུག་སྲིད་གསུམ་བདེ་ ཆེན་དངོས། །དམིགས་མེད་ཐུགས་རྗེས་ཁམས་གསུམ་འགྲོ་ཀུན་སྒྲོལ། །མཁྱེན་བརྩེའི་ནུས་ པའི་ཡོན་ཏན་ཟད་མི་མངའ། །ཆོས་དབྱིངས་རྣམ་དག་གཡོ་མེད་ཁྱོད་ལ་འདུད། །ཉིད་ཀྱི་ཡེ་ ཤེས་གཅིག་གི་རང་སྣང་ལས། །མ་ལུས་རྒྱལ་བ་སྲས་བཅས་སྤྲིན་སྤྲོ་བ། །བདེན་པ་གཉིས་ཀྱི་ རྣམ་ཐར་ཆད་མི་མངའ། །སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་འདུད། ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་ བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བདག་ནི་སྐྱབས་གནས་གཞན་ཀུན་པས། །བ་ 24-1-40 སྤུའི་ཁུང་བུ་གཅིག་ལ་ཡང་། །ལྷག་པར་ཡང་ནི་དད་ལགས་པ། །རྨོངས་པས་མ་ཡིན་རྒྱུ་དང་ བཅས། །སངས་རྒྱས་ཀུན་ལས་ཆེས་ལྷག་པར། །རྒྱུད་སྡེ་ཀུན་ཏུ་རྒྱལ་བས་བསྔགས། །མདོ་ སོགས་ཀུན་ཏུའང་མཚུངས་པར་གསུངས། །རྒྱལ་བས་ནན་ཏན་བསྟོད་ལ་འདུད། །ཕྱོགས་ བཅུའི་འདྲེན་པ་སྲས་བཅས་ཀྱིས། །བྱང་སེམས་རྡོ་རྗེ་བཞིན་དུ་ལྟ། །ཐམས་ཅད་ཉིན་རེ་ དུས་བཞིན་དུ། །ཕྱག་འཚལ་མཆོད་ནས་འདི་སྐད་དུ། །བདག་ཅག་དེ་བཞིན་གཤེགས་ཀུན་ གྱི། །ཕ་མ་སྟོན་པ་ཁྱོད་ཅེས་སྒྲོག །སྟོན་པ་རྡོ་རྗེ་འཛིན་ཁྱོད་ལ། །སྐྱོབ་པར་བཅས་པས་ཕྱག་ འཚལ་ལོ། །གྲངས་མེད་བསྐལ་པར་རྒྱལ་རྣམས་ལ། །རིན་ཆེན་ཞིང་མཆོག་ཕུལ་བ་བས། ། ཁྱོད་ཀྱི་སྐུ་ལ་ཏིལ་མར་གྱི། །ཐིགས་པས་མཆོད་ནའང་བསོད་ནམས་མཆོག །ཅི་ཕྱིར་ཞེ་ན་ སངས་རྒྱས་ཀྱི། །ཡེ་ཤེས་མ་ལུས་ཁྱོད་ལས་བྱུང་། །མཆོད་པ་ཐམས་ཅད་སྤངས་ནས་ནི། །རྗེ་ བཙུན་ཁྱོད་ལ་མཆོད་ཅིང་འདུད། །རྡོ་རྗེ་གསུམ་གྱི་དངོས་གྲུབ་ཚོགས། །ཉིད་ཀྱི་སྐུ་གསུང་ ཐུགས་ལ་གནས། །ཁྱོད་ནི་གང་ལའང་མི་གནས་ཏེ། །མཁའ་མཉམ་འོད་གསལ་རྨད་བྱུང་ ཆེ། །རྩོད་པའི་དུས་འདིར་རྡོ་རྗེ་སེམས། །དངོས་སུ་མཐོང་བའི་སྐལ་མེད་པས། །སློབ་དཔོན་ གཟུགས་ཀྱིས་སྒྲུབ་རྣམས་ལ། །བརྩེ་བས་མཆོད་པ་ལེན་ལ་འདུད། །རིགས་ལྔའི་དཀྱིལ་ འཁོར་ཡེ་ཤེས་ལྔ། །འགྲོ་བ་འདུལ་ཕྱིར་ཕུང་པོ་ལྔ། །ཚད་མེད་ལྷ་མོ་བཞིའི་དཀྱིལ་འཁོར། ། འབྱུང་བཞིར་སྟོན་པ་ཡ་མཚན་རྨད། །སྤྱན་སོགས་ཡང་ནི་སེམས་དཔའ་བརྒྱད། །ཚིགས་ སོགས་ཡང་དག་ཁྲོ་བོ་བཅུ། །གཟུགས་སོགས་ཡང་ནི་རྡོ་རྗེ་མ། །ཡེ་ཤེས་སྐུ་ལ་བདག་ཕྱག་ འཚལ། །སྐྱེ་འཇིག་ཅན་གྱི་སྐུའོ་ཞེས། །ལོག་པར་བཟུང་བ་གནོང་ཞིང་འགྱོད། །དེ་བས་ བསམ་པ་ཐག་པས་བཤགས། །བདག་ཀྱང་ཁྱོད་ལྟར་མངོན་གྱུར་ཅིག །བྱང་ཆུབ་ཕྱོགས་ཆོས་ སུམ་ཅུ་བདུན། །བཅོམ་ལྡན་སྐུ་ཡི་ཆ་ཤ་ལགས། །ཅོད་པན་རིགས་ལྔ་བ་སྤུ་རྣམས། །དགྲ་ བཅོམ་ལགས་ཏེ་དེ་བས་འདུད། །འཇིག་རྟེན་ལྷ་རྣམས་ཁྱོད་ཀྱི་གདན། །སྲིད་གསུམ་བླ་མ་ 24-1-41 ཁྱོད་ཉིད་ལགས། །ཁྱོད་ནི་དཀོན་མཆོག་གསུམ་ལགས་ཤིང་། །རིན་ཆེན་གསུམ་གྱི་བྱེད་པོར་ གསུངས། །གཡོ་སྒྱུ་ཚིག་ཙམ་མ་ཡིན་པར། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བསམ་པ་ ཐག་པས་སྐྱབས་སུ་འཆི། །ལྷག་པར་དད་པས་ཕྱག་འཚལ་ལོ། ། དམངས་རིགས་ཉིས་སྟོང་བྲམ་ཟེ་གཅིག་དང་མཉམ། །དེ་བཞིན་བྲམ་ཟེ་དགེ་སློང་རྡུལ་ མེད་དང་། །ཡེ་ཤེས་ལྡན་རྣམས་སྟོང་ཕྲག་གཉིས་གཉིས་སུ། །བསྒྲེས་པའང་སློབ་དཔོན་ གཅིག་དང་ཞིང་མཉམ་པར། །གསུངས་ཕྱིར་མགོན་པོ་རྡོ་རྗེ་སློབ་དཔོན་ཁྱོད། །ཞིང་གི་རབ་ མཆོག་ཕུལ་དུ་དབྱུང་མེད་པས། །རྒྱལ་ཁྱོད་མཉེས་པར་བྱས་ན་ཀུན་མཁྱེན་མཆོག །ཡེ་ཤེས་ བླ་མེད་ཐོབ་པར་ཡང་ཡང་གསུངས། །སློབ་དཔོན་རྡོ་རྗེ་སེམས་དཔའ་མཆོད་པ་དེས། །བསོད་ ནམས་ཀུན་བྱས་དཀའ་ཐུབ་ཐམས་ཅད་བསྟེན། །སྡིག་འཇོམས་སྡུག་བསྔལ་ཞི་མཛད་སྲིད་ པ་ཡི། །རྒྱ་མཚོའི་འཇིངས་ལས་སྒྲོལ་མཛད་ལ་ཕྱག་འཚལ། །ཁྱོད་ལ་རྗེས་མཐུན་གུས་པས་ ཡོན་ཕུལ་ན། །རིམས་སོགས་གནོད་པ་མི་འབྱུང་ཕྱོགས་བཅུ་ཡི། །རྒྱལ་བ་ཀུན་ལ་ཕུལ་བར་ འགྱུར་བས་ན། །དངོས་གྲུབ་མཆོག་ནི་ངེས་པར་ཐོབ་པར་གསུངས། །བདག་གི་དུས་གསུམ་ དགེ་བ་ལུས་ལོངས་སྤྱོད། །ཡོངས་སུ་བཟུང་བ་མེད་པའི་མཆོད་རྫས་དང་། །སྨོན་ལམ་སྔགས་ དང་ཕྱག་རྒྱ་ཏིང་འཛིན་གྱིས། །རབ་བསྒྲུབས་ཕྱི་ནང་གསང་བའི་མཆོད་པ་འབུལ། ། ཁྱོད་ལ་བརྙས་པར་བྱེད་པ་ཀུན། །རྒྱལ་པོ་མེ་དང་དུག་དང་རིམས། །ལོག་འདྲེན་རྣམས་ ཀྱིས་བསད་ནས་ཀྱང་། །རྟག་ཏུ་དམྱལ་བར་འཚེད་པར་གསུངས། །ཁྱོད་ལ་བརྙས་ཤིང་ སྨད་ན་ནི། །སངས་རྒྱས་ཀུན་ལ་བརྙས་ཤིང་སྨད། །གཟིམ་ཆ་སྟན་དང་ལྷམ་དང་གདུགས། ། འགོམ་ཤིང་ཅོ་འདྲི་བྱེད་པ་ནི། །དོན་རིང་དཔལ་ཉམས་ནད་ཀྱིས་ཐེབས། །སྐུ་ཡི་གྲིབ་མ་ལ་ འགོམ་པ། །མཆོད་རྟེན་བཤིག་དང་འདྲ་བར་གསུང་། །དེ་འདྲ་བགྱིས་གང་སོ་སོར་བཤགས། ། སྙིང་ནས་སློབ་དཔོན་སྨོད་པ་ནི། །རྨི་ལམ་དུ་ཡང་འགྲུབ་མི་འགྱུར། །སློབ་དཔོན་ཡོན་ཏན་ 24-1-42 བཟུང་བྱ་ཡི། །སྐྱོན་ནི་ནམ་ཡང་མི་ལྟ་གསུང་། །ཡོན་ཏན་གཟུང་བས་དངོས་གྲུབ་སྟེར། །སྐྱོན་ བཟུང་བས་ནི་དངོས་གྲུབ་ཉམས། །བདག་གི་སྒོ་གསུམ་བག་མེད་པས། །ཉེས་པར་བགྱིས་ ཀུན་འཐོལ་ལོ་བཤགས། །ཁྱོད་ཀྱི་བ་སྤུ་ཉག་རེ་ཡི། །བསོད་ནམས་ལ་ཡང་དུས་གསུམ་གྱི། ། རྒྱལ་བའི་འཕྲིན་ལས་ཐམས་ཅད་ཀྱིས། །ཆར་ཡང་བསྐྲུན་པར་མི་ནུས་པས། །ཉིད་དང་ཉིད་ ཀྱི་རྗེས་བཟུང་དང་། །ཉིད་ལ་མཆོད་དང་ཕྱག་འཚལ་སོགས། །བསོད་ནམས་མི་ཟད་བྱེད་ པ་ལ། །ལྷག་པར་དང་བས་ཡི་རང་ངོ་། །བསྐལ་པ་བྱེ་བར་མདོ་རྒྱུད་ལ། །ཐོས་བསམ་སྒོམ་ པས་རབ་སྦྱངས་ཀྱང་། །བླ་མའི་མན་ངག་མེད་པ་ཡིས། །བྱིན་རླབས་རིམ་པ་མི་རྙེད་གསུང་། ། བླ་མའི་ལུང་ཐོབ་དངོས་གྲུབ་མཆོག །འབད་མེད་ཐོབ་པར་འགྱུར་བས་ན། །བདག་ སོགས་འཆིང་བ་ལས་སྒྲོལ་ཕྱིར། །ཟབ་མོའི་འཁོར་ལོ་སྐོར་བར་བསྐུལ། །འོད་གསལ་ལྷན་ སྐྱེས་བདེ་བ་ཆེ། །ཐམས་ཅད་སྟོང་པ་བླ་མ་ཡི། །དྲིན་གྱིས་གསལ་བར་འགྱུར་བར་གསུང་། ། བདག་བྱིན་རླབས་པ་མ་རྙེད་ན། །ངལ་བ་འབྲས་མེད་དེ་བཞིན་དུ། །བླ་མས་འཕོངས་ པས་སྔགས་དང་ནི། །ཕྱག་རྒྱ་རྙེད་པར་མི་འགྱུར་བས། །མྱ་ངན་མི་འདའ་བཞུགས་གསོལ་ འདེབས། །མཐོ་རིས་གནས་སུ་ལྷ་ཡི་དབང་། །ས་སྟེང་འཁོར་ལོ་བསྒྱུར་བ་ཉིད། །ས་འོག་ གདེངས་ཅན་བདག་པོའི་ཚུལ། །ༀ་ཡིག་གཙང་མ་རིག་བྱེད་མཆོག །འགྲོ་བའི་བླ་མ་ཕ་མ་ གཉེན། །གྲོགས་དང་མགོན་དང་བྱེད་པོ་དང་། །སྐྱོན་འཇོམས་ཡོན་ཏན་ཀུན་གྱི་གནས། །རྡོ་ རྗེའི་རྣལ་འབྱོར་ཅན་ལ་འདུད། །ཀུན་འགྲོའི་ཡེ་ཤེས་བརྟན་གཡོ་ཀུན། །འགྲོ་འོང་མེད་པར་ ཁྱབ་མཛད་པ། །སྐྱེས་བུའི་ཁྱུ་མཆོག་ཐུབ་དབང་པོ། །དབུལ་དང་མགོན་མེད་ཐམས་ཅད་ཀྱི། ། སྐྱོབ་པ་ཡིད་བཞིན་ནོར་བུ་ལ། །མི་བཟད་འཁོར་བས་འཇིགས་པ་བདག །འདི་ཕྱི་ཀུན་ཏུ་ སྙིང་ཐག་པས། །སྒོ་གསུམ་དད་པས་ཁྱོད་བསྟེན་ནོ། ། རྡོ་རྗེའི་རིགས་ལ་སློབ་དཔོན་བཟུང་བ་ནི། །དམ་ཚིག་ཀུན་གྱི་རྩ་བར་ཡང་ཡང་གསུངས། ། 24-1-43 མྱོས་བྱེད་དམན་པའི་མཆོད་དང་སྦྱིན་སྲེག་ནི། །མར་དང་བྲལ་བ་འབྲས་མེད་རིགས་ཀྱི་ ཆོས། །བཏང་བའི་མི་རིགས་དོན་མེད་དེ་ལྟ་བུར། །སློབ་དཔོན་དང་བྲལ་ཆོས་ཀྱང་དོན་མི་ འགྲུབ། །དེ་ཕྱིར་དམ་ཚིག་ཀུན་ལས་ཁྱད་པར་དུ། །སློབ་དཔོན་དམ་ཚིག་འབད་ནས་བཟུང་ བར་བགྱི། །དུས་དང་གནས་སྐབས་དག་ནི་ཐམས་ཅད་དུ། །དཔལ་ལྡན་བླ་མའི་འཕྲིན་ལས་ སྒྲུབ་པར་ཤོག །ཁྱོད་ཉིད་གང་ལ་མཉེས་པ་དེ་བསྒྲུབས་ནས། །མི་མཉེས་བྱེད་པ་ཐམས་ཅད་ སྤང་བར་ཤོག །ཁྱོད་ཉིད་དགྱེས་པར་གྱུར་ན་བདག་ཅག་རྣམས། །བྱང་ཆུབ་མཆོག་ཐོབ་ལས་ ཀྱང་ལྷག་པ་ཉིད། །གལ་ཏེ་ཁྱོད་མི་མཉེས་ན་ཚེ་འདི་ལ། །བྱང་ཆུབ་འཐོབ་ཀྱང་དོན་མཆོག་ འགའ་མ་མཆིས། །བདག་གཞན་དུས་གསུམ་དགེ་བ་མ་ལུས་པ། །གཅིག་ཏུ་བསྡུས་པའི་ སྟོབས་ལས་ཚེ་འདི་ལ། །མཆོག་གི་དངོས་གྲུབ་དམ་པ་མངོན་འགྱུར་ཞིང་། །རྟག་ཏུ་བླ་མ་ མཉེས་ཤིང་མཆོད་བྱེད་ཤོག །བདག་ཅག་འཁོར་བའི་བཙོན་རར་ཆུད་རྣམས་ལ། །འདྲེན་པ་ ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །མོས་གུས་རྒྱུན་ཆད་མེད་པར་གསོལ་བ་འདེབས། ། ཐུགས་རྗེས་གཡེལ་བ་མེད་པར་གཟིགས་སུ་གསོལ། །རྡོ་རྗེ་སློབ་དཔོན་སྐུ་དང་བདག་གི་ ལུས། །དབྱེར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །དཔལ་ལྡན་བླ་མ་ཅི་གསུང་སྒྲུབ་པ་དང་། ། གསུང་ངག་དབྱེར་མེད་གསུང་གི་རྡོ་རྗེར་ཤོག །ཐུགས་ཀྱི་གསང་བའི་མཛོད་ཀུན་འཛིན་ པ་དང་། །ཐུགས་ཡིད་དབྱེར་མེད་འདྲེ་བར་བྱིན་གྱིས་རློབས། །བདེ་སྟོང་ཟུང་འཇུག་སྟོང་ ཉིད་སྙིང་རྗེའི་ངང་། །ཐབས་ཤེས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་མཆོག །སྐྱེ་མེད་འོད་ གསལ་མངོན་སུམ་མཐོང་ཞིང་རྟོགས། །རྡོ་རྗེ་འཆང་དངོས་ཁྱོད་དང་མཚུངས་པར་ཤོག །བླ་ མ་སངས་རྒྱས་དངོས་སུ་མཐོང་བ་དང་། །ཞི་ལྷག་དབྱེར་མེད་ཏིང་འཛིན་རབ་འབྱམས་དང་། ། སྒོ་གསུམ་སྤྱོད་པ་རྣམ་དག་དྲི་མེད་ཅན། །གཟུང་འཛིན་འཁོར་བའི་གནས་ལས་གྲོལ་བར་ ཤོག ། 24-1-44 བསམ་ཡས་བརྗོད་བྲལ་རླབས་ཆེན་ཐབས་མཆོག་དཔག་མེད་པས། །ད་ལྟ་ཉིད་དུ་ མཆོག་གི་དངོས་གྲུབ་སྐུ་བཞིའི་བདག །ནམ་མཁའི་མཐར་ཐུག་འགྲོ་རྣམས་ཐེག་མཆོག་ལ་ བཀོད་ནས། །མྱུར་དུ་ཕན་བདེས་ཞིང་ཀུན་ཁྱབ་པར་བྱིན་གྱིས་རློབས། །ཞེས་བླ་མའི་རྣལ་འབྱོར་རྒྱུད་ ཀྱི་དོན་བཞིན་དུ་གོ་བདེ་བའི་ཚིག་གིས་བསྟོད་པའོ། ། གཞན་ཡང་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་གསུང་འདི་ལྟ་བུས་བསྟོད་དེ། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་ དང་རུས་པ་ཁྲག་མེད་ཀྱང་། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱོད་ཀྱི་སྐུ་ནི་སྟོན་པར་ མཛད། །སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། །ཁྱོད་ནི་ འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཆུ་ཟླ་ལྟ་བུར་བཟུང་དུ་ མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་ མེད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་ དག་ནི་ཐམས་ཅད་དུ། །ཁྱོད་ནི་རྟག་ཏུ་མཉམ་འཇོག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ ལོ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང་། །སྣ་ཚོགས་ཉིད་ལ་ སྙོམས་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་གསུམ་ལས་ནི་རྣམ་གྲོལ་ ཞིང་། །ནམ་མཁའ་དང་ནི་མཉམ་གྱུར་ལ། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་ མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་ མི་བརྟེན་ཅིང་། །ཕྱིན་ཅི་ལོག་ལས་རྣམ་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། ། རྣམ་རྟོག་མེད་ཅིང་ཀུན་རྟོག་མེད། །ཐུགས་ནི་རབ་ཏུ་མི་གནས་པ། །བསམ་གྱིས་མི་ཁྱབ་ པ་ཡི་ཐུགས། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་། ། སྤྲོས་མེད་གོས་པ་མེད་པ་ལྟར། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ ཁྱོད་ལ་ཕྱག་འཚལ་ལོ། ། 24-1-45 གང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་དང་འཕེལ་མེད་དངོས་དང་དངོས་མེད་ མིན། །ངོ་མཚར་གཟུགས་ཅན་ཡིན་ཅིང་ངོ་མཚར་མིན། །གནས་པར་གྱུར་མིན་མྱུར་དུ་འགྲོ་ མ་ཡིན། །ཡོད་དང་མེད་པའི་ཐ་སྙད་རྣམ་དང་བྲལ། །བསོད་ནམས་གཟུགས་མིན་སྡིག་པའི་ གཟུགས་མ་ཡིན། །བསོད་ནམས་སྡིག་གི་བདག་མིན་མཆོག་གྱུར་པ། །རྒྱུ་དང་མི་རྒྱུའི་བདག་ ཉིད་འགྲོ་གཉེན་གཅིག །ཡེ་ཤེས་རང་བཞིན་མི་ཡི་སེང་གེ་གང་། །མི་ཟད་ལུས་ཐོབ་མ་ལུས་ འགྲོ་བའི་རྒྱུ། །ཁྱོད་ནི་ཡོན་པོའི་ལུས་ཀྱང་དྲང་པོ་ཡིན། །བསྟན་ལ་གནས་མེད་གྱུར་ཀྱང་ གནས་པ་ཡིན། །ཁྱོད་ནི་མིག་བཙུམ་གྱུར་ཀྱང་རྣམ་རྒྱས་སྤྱན། །ཁྱོད་ནི་མཉམ་མ་བཞག་ཀྱང་ མཉམ་བཞག་ཡིན། །ཁྱོད་ནི་ཚིག་དང་ལྡན་ཡང་བརྗོད་བྲལ་ཡིན། །ཁྱོད་ནི་ལོངས་སྤྱོད་ལྡན་ ཡང་བཟུང་བྲལ་ཡིན། །ཁྱོད་ནི་འཇིག་རྟེན་མགོན་ཡང་གཞན་བྲན་གྱུར། །གང་ཞིག་དེ་ཉིད་ གཟིགས་ཤིང་ཉེས་ཀུན་ཟད། །ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་ཀྱི། །བྱང་ཆུབ་སྐད་ཅིག་ བརྙེས་ལ་ཕྱག་འཚལ་ལོ། ། ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །སྣང་བ་གསུམ་པོ་སྤངས་པ་ཡི། །མངོན་པར་བྱང་ ཆུབ་མཐོང་བར་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །སློབ་དཔོན་ཆེན་པོ་བདག་ འཚལ་ལོ། །ཐོག་ཐ་མེད་ཅིང་ཞི་བ་དང་། །ཉོན་མོངས་ཐམས་ཅད་རྣམ་འཇོམས་པ། །ལུས་ དང་ངག་དང་སེམས་སྦྱོང་བ། །རྡོ་རྗེ་ཆེན་པོ་བདག་འཚལ་ལོ། ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། །ཁྱོད་ཀྱིས་བདག་ལ་སོགས་པ་ འཇིགས་པ་ཆེ་ལས་སྐྱོབས། །འགྲོ་བའི་བླ་མ་རྗེ་བཙུན་ཁྱོད་ཀྱིས་གདུང་བ་སེལ། །ཆེ་བའི་ཆེ་ ཁྱོད་ཁམས་གསུམ་གཏོང་སླད་སྐྱེ་བོ་སྐྱོངས། །ཐོག་མ་མེད་ཁྱོད་ང་རོ་ཐིགས་པ་སྟེང་ཆ་མེད། ། རྗེ་བཙུན་ཡི་གེ་མེད་ཁྱོད་བདུད་རྩི་བདེ་སྟོང་རབ་དགའ་བྱེད། །འགྲོ་ལ་ཕན་ཕྱིར་བདེ་བས་ 24-1-46 སངས་རྒྱས་རྣམས་ཀུན་ལ། །རབ་དགྱེས་བདེ་བའི་མགོན་ཆེན་ཁྱོད་ཀྱིས་གཏང་བར་མཛོད། ། སྐྱོན་གྱིས་མ་གོས་བླ་ན་མེད་པའི་བྱང་ཆུབ་ལམ། །སྣ་ཚོགས་སྡུག་བསྔལ་ཞི་མཛད་སྐོམ་པ་ ངོམ་མཛད་ཅིང་། །འཁོར་བའི་རྦ་ཀློང་ཐར་མཛད་བདེ་ལ་འགོད་མཛད་ཅིང་། །དངོས་ཀུན་ རྒྱལ་བས་མི་དཔོགས་ལམ་འདི་བསྟན་པར་མཛོད། །ཞི་བའི་ཞི་བ་རྡུལ་དང་རབ་བྲལ་ཟུམ་ པ་སྤངས། །སྒོམ་པ་ལས་འདས་མཁའ་འདྲ་དྲི་མས་མ་གོས་པ། །སྒྱུ་མས་ཀུན་འདས་འདོད་ པ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་འདྲའི་རྗེ་བཙུན་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །དྲེགས་ མེད་འཇིགས་མེད་བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར། །འཁོར་བར་འཚོ་བར་འཇིག་རྟེན་དམྱལ་ རྩུབ་མ་ལྷུང་བར། །ཁྱོད་གསུང་དམ་ཚིག་སྡོམ་པ་ཐུན་མོང་མིན་པ་རྣམས། །བདག་ལ་སོགས་ པས་རྟག་པར་རབ་ཏུ་བསྐྱང་བར་བགྱི། ། གར་ཆེན་རྣམ་པར་རོལ་པས་གར་མཛད་ཅིང་། །སྣ་ཚོགས་ཕྱག་མཉེ་གཅུ་དང་སྒྲིམ་པ་ ཡིས། །པད་མོ་ལོ་མ་འཇམ་པོ་བརྒྱད་ཕྱེ་ལ། །གཉིས་མེད་བདེ་རྒྱུ་རྡོ་རྗེ་གཞག་པར་མཛོད། ། གསང་བའི་དེ་ཉིད་མི་ཉམས་གསལ་བར་འགྱུར། །རྡོ་རྗེ་འདམ་སྐྱེས་ཟླ་བ་པད་དག་འདུ། ། ཐབས་ཤེས་ལས་བྱུང་དངོས་ཀུན་དེ་ཉིད་མཆོག །བདག་ལ་ཕན་ཕྱིར་སྦས་པ་བཤད་དུ་ གསོལ། །ཞེས་སོགས་ཇི་ལྟར་འོས་པས་བསྟོད་ཅིང་གསོལ་བ་གདབ་པར་བྱའོ། །བདག་འཇུག་སོགས་ཀྱི་སྐབས་འགའ་ཞིག་ དང་། བླ་མའི་རྣལ་འབྱོར་གྱི་ཚེ་གསོལ་འདེབས་འདི་གལ་ཆེ་ཞིང་། ཅི་ཐོད་ཐོད་དུ་མི་བྱ་སྟེ་གསང་བར་བྱའོ། ། ཞེས་པ་བླ་མའི་རྣལ་འབྱོར་རྩ་བའི་བླ་མ་ཐམས་ཅད་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་འདི་ཡང་ཏཱ་ར་ནཱ་ཐས་རང་ ལོ་ཉེར་གསུམ་སྣྲོན་གྱི་ཚེས་དྲུག་ལ་བསམ་གཏན་སྡིངས་སུ་སྦྱར་བའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-47 ༄༅། །རྗེ་བཙུན་དམ་པ་ཀུན་དགའ་བཀྲ་ཤིས་ཀྱི་ ཞབས་ལ་བསྟོད་པ་བཞུགས། ༄༅། །ༀ་སྭཱ་སྟི་པྲཛྙཱ་བྷྱཿ རྒྱལ་བ་རྣམས་ཀྱི་མཁྱེན་བརྩེའི་ངོ་བོ་ཉིད། །འགྲོ་ཀུན་ དགའ་བའི་ངོ་མཚར་འཕྲིན་ལས་ཅན། །བཀྲ་ཤིས་དགེ་ལེགས་མཛད་པས་ཕྱོགས་ཀུན་ཁྱབ། ། མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །མཁྱེན་པས་རྟེན་འབྲེལ་གནད་ཀུན་ ཐུགས་སུ་ཆུད། །བརྩེ་བས་མཐའ་འཁོབ་ཡུལ་ཀུན་ཆོས་ལ་བཀོད། །ནུས་པས་བྱང་ཆུབ་ མཆོག་ལ་འགྲོ་ཀུན་འདྲེན། །སྐྱབས་གསུམ་ངོ་བོ་ཁྱེད་ལ་གསོལ་བ་འདེབས། །ཚངས་སྤྱོད་ མཐར་ཕྱིན་འདུས་པ་ཀུན་གྱི་རྗེ། །བྱང་ཆུབ་སེམས་ཀྱི་སེམས་ཅན་མ་ལུས་སྒྲོལ། །གང་སྣང་ རྡོ་རྗེ་གསུམ་གྱི་རོལ་པར་མཁྱེན། །སྡོམ་གསུམ་ལྡན་པའི་གཙོ་ལ་གསོལ་བ་འདེབས། །མི་ མཐུན་མེད་ཅིང་མཐོང་ན་དང་བའི་སྐུ། །ཡན་ལག་དྲུག་ཅུའི་གསུང་གི་གསང་བ་ཅན། །བདེ་ སྟོང་མཐའ་དབུས་བྲལ་བ་འགྱུར་མེད་ཐུགས། །གསང་གསུམ་འཁོར་ལོའི་མགོན་ལ་གསོལ་ བ་འདེབས། །ཐུགས་རྗེའི་དབང་ཕྱུག་ཁྱེད་འདྲ་གཞན་མ་མཆིས། །སྲིད་གསུམ་དམ་པའི་ ཆོས་ཀྱི་འཁོར་ལོ་སྒྱུར། །རྒྱལ་བ་ཀུན་ལས་ལྷག་པའི་འཕྲིན་ལས་ཅན། །བཅོས་མིན་དད་ པས་ཁྱོད་ལ་གསོལ་བ་འདེབས། །མཉམ་མེད་དཔལ་ལྡན་བླ་མ་དམ་པ་ཁྱོད། །སྲིད་མཐའི་ བར་དུ་ཞབས་པད་བརྟན་པ་དང་། །གཞེད་དོན་ཐམས་ཅད་ལྷུན་གྱིས་གྲུབ་པ་དང་། །སྐུ་ གསུང་ཐུགས་ཀྱི་བར་ཆད་ཞི་བར་ཤོག །དཀོན་མཆོག་རིན་ཆེན་དབུ་འཕངས་མཐོ་བ་དང་། ། 24-1-48 བདག་སོགས་རྟག་ཏུ་ཐུགས་རྗེས་འཛིན་པ་དང་། །སྐྱེ་འགྲོའི་བདེ་སྐྱིད་གོང་ནས་གོང་འཕེལ་ ཞིང་། །སངས་རྒྱས་བསྟན་པ་རིན་ཆེན་དར་བར་ཤོག ། ཅེས་དཔལ་སྟག་ལུང་ཐང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་དམ་པ་ཀུན་དགའ་བཀྲ་ཤིས་ཀྱི་ཞབས་ ལ་བསྟོད་པ་འདི་ནི་ཏཱ་ར་ནཱ་ཐས་གསོལ་བ་བཏབ་པའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-49 ༄༅། །རྗེ་བཙུན་དཔལ་སྟག་ལུང་པ་མཆོག་གི་ སྤྲུལ་པའི་སྐུའི་ཞལ་མངའ་ལ་ བསྟོད་པ་བཞུགས། ༄༅། །ༀ་སྭཱསྟི། ཚོགས་གཉིས་དཔལ་ལས་འཁྲུངས་པ་འགྲོ་བའི་མགོན། །ངག་ གི་དབང་ཕྱུག་བཤེས་གཉེན་ཚུལ་འཛིན་པ། །ཕྱོགས་ལས་རྣམ་རྒྱལ་ངོ་མཚར་སྤྲུལ་པའི་ སྐུ། །སྲིད་གསུམ་སྐྱབས་གཅིག་ཁྱོད་ལ་གསོལ་བ་འདེབས། །ལྷག་པའི་ཚུལ་ཁྲིམས་སྐྱོན་ བྲལ་རྣམ་པར་དག །མནལ་ལམ་དུ་ཡང་ཉེས་པའི་དྲི་མ་སྤངས། །ངུར་སྨྲིག་འཛིན་པ་ཀུན་ གྱི་གཙུག་གི་རྒྱན། །གནས་བརྟན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །ལྷག་པའི་ཏིང་ འཛིན་སྒོ་བརྒྱ་འབྱེད་པའི་ཕུལ། །ཁམས་གསུམ་ལས་འདས་ཟབ་མོའི་དོན་ཉིད་ལས། །ནམ་ ཡང་གཡོ་མེད་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་སྲས་ཀུན་གྱི་གཙོ་ལ་གསོལ་བ་འདེབས། །ལྷག་ པའི་མཁྱེན་པས་ཆོས་ཀུན་མ་ནོར་མཁྱེན། །རྟག་ཆད་མཐའ་བྲལ་རིས་མེད་དབུ་མའི་ལམ། ། ཐུགས་སུ་ཆུད་ནས་གཞན་ལ་འདོམས་མཁས་པ། །རྗེ་བཙུན་དཔལ་ལྡན་བླ་མར་གསོལ་བ་ འདེབས། །མདོ་རྒྱུད་ཀུན་ལ་སྨྲ་བའི་སེང་གེ་སྟེ། །དམིགས་མེད་ཐུགས་རྗེས་ཆོས་ཀུན་མཉམ་ ཉིད་དགོངས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་འདུས་པའི་དངོས། །ཁྱོད་ལ་ཟོལ་མེད་སྙིང་ནས་ གསོལ་བ་འདེབས། །དེ་ལྟར་གུས་པས་གསོལ་བ་བཏབ་པ་ཡིས། །དུས་རྣམས་ཀུན་ཏུ་འདུ་ འབྲལ་མེད་པ་དང་། །དྲི་མེད་བསླབ་གསུམ་རིན་ཆེན་འབྱོར་པའི་གཙོ། །འགྲོ་མགོན་བླ་མའི་ 24-1-50 གོ་འཕང་ཐོབ་པ་ཤོག །ཐོག་མེད་དུས་ནས་བརྩེ་བས་བསྐྱངས་པའི་མ། །མཁའ་མཉམ་འགྲོ་ ཀུན་བྱང་ཆུབ་ཐོབ་པ་དང་། །འཇིག་རྟེན་བདེ་ཞིང་དམ་ཆོས་འཕེལ་བ་དང་། །འགལ་རྐྱེན་ཞི་ ཞིང་འདོད་དོན་འགྲུབ་པར་ཤོག ། ཅེས་རྗེ་བཙུན་དཔལ་སྟག་ལུང་པ་མཆོག་གི་སྤྲུལ་པའི་སྐུའི་ཞལ་མངའ་ལ་བསྟོད་པ་འདི་ཡང་ཏཱ་ར་ནཱ་ཐས་གསོལ་བ་ བཏབ་པའོ།། །།ཤུ་བྷ་མཱསྟུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-51 ༄༅། །བླ་མ་དམ་པ་ཤྲཱི་མཱན་དྷརྨྨ་བྷ་དྲའི་ཞབས་ལ་ བསྟོད་པ་བཞུགས། ༄༅། །ན་མོ་གུ་ར་བེ། རྡོ་རྗེ་འཛིན་དབང་སངས་རྒྱས་བསྟན་པའི་དཔལ། །རྣམ་པ་ཀུན་ ལྡན་ཆོས་ཀུན་སྒྲིབ་མེད་གཟིགས། །དམ་ཆོས་ལམ་བཟང་གསལ་མཛད་རིན་པོ་ཆེ། །དཔལ་ ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་རྒྱུད་སྡེའི་ངེས་གསང་དེ་ཉིད་བཅུ། ། བླ་མ་དམ་པའི་རིམ་ལས་འོངས་པའི་ཆོས། །མན་ངག་བཟང་པོའི་བདུད་རྩིས་ཐུགས་རྒྱུད་ གཏམས། །ཆོས་རྗེ་རིན་པོ་ཆེ་ལ་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་འཆང་གི་རྒྱལ་ཚབ་ ཆེ། །ཀུན་མཁྱེན་གཉིས་པའི་དམ་ཆོས་རིན་ཆེན་སྒྲོན། །གསང་སྔགས་བསྟན་པ་མི་ནུབ་རྒྱལ་ མཚན་འཛིན། །འཕྲིན་ལས་བཟང་པོའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་སངས་ རྒྱས་ཀུན་གྱི་གཙུག་གི་རྒྱན། །ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །ཆོས་ཀུན་མཆོག་ གྱུར་བདེ་ཆེན་ལམ་བཟང་ལ། །འདྲེན་མཛད་བླ་མའི་ཞབས་ལ་གསོལ་བ་འདེབས། །རྟག་ཏུ་ འགྲོ་ལ་ཐུགས་རྗེས་ཉེར་བཟུང་ནས། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །སྐུ་གསུང་ ཐུགས་ཀྱི་བར་ཆད་ཀུན་བྲལ་ཤིང་། །དགོངས་དོན་ཐམས་ཅད་གེགས་མེད་འགྲུབ་གྱུར་ཅིག། ཅེས་པའང་བླ་མ་དམ་པ་ཤྲཱི་མཱན་དྷརྨྨ་བྷ་དྲའི་ཞབས་ལ་བསྟོད་པ་ཏཱ་ར་ནཱ་ཐས་གསོལ་བ་བཏབ་པའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-52 ༄༅། །གྲུབ་པའི་དབང་ཕྱུག་རྗེ་བྲག་སྟོད་པ་གང་གི་ ཞབས་བརྟན་བཞུགས། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག །ཏིཥྛཱནྟུ། དཔལ་ལྡན་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། ། ཁམས་གསུམ་འགྲོ་བའི་གཏན་གྱི་སྐྱབས་གཅིག་པུ། །ལྷ་བཅས་འཇིག་རྟེན་ཀུན་གྱི་དབང་ ཕྱུག་གཙོ། །མཆོག་ཏུ་སྙན་པར་གྲགས་པས་ཕྱོགས་ཀུན་ཁྱབ། །དཔལ་ལྡན་བླ་མའི་ཞབས་ པད་བརྟན་གྱུར་ཅིག །གནས་སྐབས་ཀུན་ཏུ་ཐུགས་རྗེས་འཛིན་པ་དང་། །སངས་རྒྱས་བསྟན་ པ་ཕྱོགས་བཅུར་རྒྱས་པ་དང་། །ཚེ་འདིར་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ལྷ་ཡི་ དབང་པོ་ལ་སོགས་གྲུབ་པ་དང་། །རིག་འཛིན་དྲེགས་ལྡན་ཀུན་གྱིས་མཆོད་འོས་པ། །དཔག་ ཡས་དཔའ་བོ་མཁའ་འགྲོའི་འཁོར་ལོའི་མགོན། །རྡོ་རྗེ་འཛིན་པར་གྲགས་པ་ཀུན་གྱི་ཕུལ། ། དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །གནས་སྐབས་ཀུན་ཏུ་ཐུགས་རྗེས་འཛིན་ པ་དང་། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །ཚེ་འདིར་དངོས་གྲུབ་ཐོབ་ པར་བྱིན་གྱིས་རློབས། །ལྷག་པའི་ལྷ་རྣམས་ཀུན་གྱི་མགོན་ཁྱོད་ལ། །དངོས་སུ་བྱིན་རླབས་ དབང་གིས་བདེ་ཆེན་བརྙེས། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །བདེ་བ་ཆེར་ གྲགས་འགྱུར་མེད་མངོན་གྱུར་པ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །གནས་ སྐབས་ཀུན་ཏུ་ཐུགས་རྗེས་འཛིན་པ་དང་། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། ། ཚེ་འདིར་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །རྡོ་རྗེ་འཆང་དབང་ཁྱོད་ཀྱི་ཞབས་པད་ 24-1-53 ལ། །དངོས་སུ་རེག་པས་བདག་ཀྱང་བསྐལ་བ་བཟང་། །ཉིད་ཀྱི་བ་སྤུའི་ཁུང་བུ་རེ་རེ་ཡང་། ། ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཉིད། །ཇི་ལྟ་ཇི་སྙེད་ཤེས་བྱའི་གནས་ཚུལ་ ཀུན། །སྐད་ཅིག་རེར་ཡང་ལྷུན་གྲུབ་ཐུགས་སུ་ཆུད། །དེ་ལྟ་བས་ན་བདག་ཅག་འགྲོ་ཀུན་ལ། ། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ནམ་མཁའི་མཐས་གཏུགས་སེམས་ཅན་ ཐམས་ཅད་ཀྱི། །འདྲེན་པའི་དཔལ་དུ་ཞབས་པད་བརྟན་པ་དང་། །དམ་པའི་ཆོས་ཀྱི་འཁོར་ ལོ་བསྐོར་བ་དང་། །རྟག་བརྟན་གཡུང་དྲུང་དཔལ་ལ་བཞུགས་སུ་གསོལ། ། ཞེས་པའང་གྲུབ་པའི་དབང་ཕྱུག་རྗེ་བྲག་སྟོད་པ་གང་གི་ཞབས་ལ་ཏཱ་ར་ནཱ་ཐས་གསོལ་བ་བཏབ་པའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-54 ༄༅། །ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་གྱི་ཞབས་ལ་ བསྟོད་པ་བཞུགས། ༄༅། །ༀ་སྭཱ་སྟི་པྲཛྙཱ་བྷྱཱཿ གསུང་རབ་རྒྱ་མཚོའི་དོན་ལ་དབང་སྒྱུར་བ། །ལམ་བཟང་རིན་ ཆེན་གླིང་གི་དེད་དཔོན་ཆེ། །སྙན་གྲགས་ས་གསུམ་ཀུན་གྱི་རྣ་བའི་རྒྱན། །འཇམ་དབྱངས་ དཔལ་ལྡན་བླ་མར་གསོལ་བ་འདེབས། །སྔོན་བསགས་སྨོན་ལམ་རྒྱ་ཆེའི་མཐུ་སྟོབས་ལས། ། ལྷ་དང་བླ་མས་མངོན་གསུམ་ཐེ་ཚོམ་བསལ། །ཆོས་ཉིད་ཟབ་མོའི་དོན་ལ་རང་བྱན་ཆུད། ། འཇམ་དབྱངས་རྗེ་བཙུན་བླ་མར་གསོལ་བ་འདེབས། །མདོ་རྒྱུད་ཀུན་གྱི་ཚིག་དོན་ཐུགས་ སུ་ཆུད། །དམ་ཆོས་དགའ་སྟོན་ཕྱོགས་བརྒྱར་སྩོལ་བར་མཛད། །ཕྱོགས་ལས་རྣམ་རྒྱལ་རྒྱལ་ མཚན་རྟག་ཏུ་སྒྲེང་། །འཇམ་དབྱངས་དཔའ་བོ་བླ་མར་གསོལ་བ་འདེབས། །རབ་བརྟན་ ལྷག་བསམ་དག་པའི་ནོར་འཛིན་སྟེང་། །རབ་གསལ་སྤྲོས་བྲལ་གཟིགས་པའི་འོད་བརྒྱ་ འགྱེད། །རབ་དཀར་གངས་རིའི་ལྗོངས་ཀྱི་རྒྱན་གཅིག་པུ། །རབ་འབྱམས་མཁྱེན་བརྩེའི་ གཏེར་ལ་གསོལ་བ་འདེབས། །ལུས་ཅན་ཀུན་ལ་མ་ལྟར་ཐུགས་བརྩེ་བས། །རབ་དགའི་ ལམ་མཆོག་བསྩལ་ནས་སྲིད་ལས་སྒྲོལ། །བདུད་དཔུང་ཀུན་འཇོམས་བསྟན་པའི་རྒྱལ་ མཚན་འཛིན། །འཇམ་དབྱངས་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །སྙིགས་དུས་འགྲོ་ བའི་སྐྱབས་གཅིག་ཐུགས་རྗེ་ཅན། །རྒྱལ་རྣམས་དགེས་པའི་མཛད་པས་དུས་ཀུན་འདའ། ། སྐྱོན་བྲལ་གསུང་གིས་འགྲོ་ལ་རྗེས་སུ་གདམས། །བཤེས་གཉེན་དམ་པའི་གཙོ་ལ་གསོལ་བ་ 24-1-55 འདེབས། །སངས་རྒྱས་ཀུན་འདུས་རྡོ་རྗེ་འཆང་ཆེན་པོ། །རབ་དགའ་ལ་སོགས་བཅུ་གཉིས་ ས་ཡི་མགོན། །འཕྲིན་ལས་རྒྱལ་མཚན་དུས་ཀུན་ནུབ་མི་མངའ། །བླ་མ་མཆོག་གི་ཞབས་ ལ་གསོལ་བ་འདེབས། །ས་སྟེང་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེར། །གུས་པའི་ཡིད་ཀྱིས་རྩེ་ གཅིག་གསོལ་བ་འདེབས། །བདག་སོགས་བཀའ་ཡི་འབངས་སུ་གྱུར་རྣམས་ལ། །ད་ལྟ་ཉིད་ དུ་བྱིན་གྱིས་བརླབ་ཏུ་གསོལ། །ཡོན་ཏན་ཀུན་གྱི་རྩ་བ་བླ་མ་ལ། །གདུང་བའི་སེམས་ཀྱིས་ གསོལ་བ་སྙིང་ནས་འདེབས། །སྐྱབས་ལ་བབ་པོ་ཆོས་རྗེ་རིན་པོ་ཆེ། །འཁོར་བའི་གནས་ ལས་ད་ལྟ་ཉིད་དུ་དྲོངས། །ངེས་པར་འབྱུང་བས་ལྷག་བསམ་རྣམ་པར་དག །སྤྲོས་བྲལ་ལྟ་ བ་རྟོགས་པར་གསོལ་བ་འདེབས། །དག་སྣང་ཕྱོགས་མེད་བླ་མའི་མོས་གུས་དང་། །ཞི་ལྷག་ ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །བདག་དང་ནམ་མཁའི་མཐས་གཏུགས་སེམས་ ཅན་རྣམས། །ཚེ་འདིར་བྱང་ཆུབ་འགྲུབ་པར་གསོལ་བ་འདེབས། །འགྲོ་ཀུན་མངོན་མཐོ་ངེས་ ལེགས་དོན་གཉིས་འགྲུབ། །ཕན་བདེ་འབྱོར་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་པ་དོན་གྱི་སླད་ དུ་མཚན་ནས་སྨོས་ཏེ་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་ས་སྟེང་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་གྱི་ཞབས་ ལ་བསྟོད་པ་འདི་ནི་རྗེ་དེ་ཉིད་ལ་བཀའ་དྲིན་གསུམ་མནོས་པའི་ཀུན་དགའ་སྙིང་པོས་གསོལ་བ་བཏབ་པའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-56 ༄༅། །དཔལ་ལྡན་བླ་མའི་ཚོགས་ལ་བསྟོད་པ་དང་ བརྟན་བཞུགས་ཀྱི་ཚིགས་སུ་བཅད་པ་ རྣམས་བཞུགས། (ཀུན་དགའ་རྒྱལ་མཚན་སོགས་ཀྱི་གསོལ་འདེབས་ཞབས་བརྟན་སོགས་ཆོས་ཚན་བཅུ་ཡོད།) ༄༅། །ༀ་སྭསྟི། ནམོམཧཱསྠཱབཱིརབཛྲདྷྲ གྨཏྭཤྲཱིམནདུརཱཧནཱམཱིསདྒཽརྭཱནནྡདྷྭཛཔཱདཀམལཱཡ། (དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་གི་བདག་ཉིད་གནས་བརྟན་ཆེན་པོ་མཚན་བརྗོད་པར་དཀའ་བ་ཀུན་དགའ་རྒྱལ་མཚན་གྱི་ ཞབས་ཀྱི་པདྨོ་ལ་ཕྱག་འཚལ་ལོ།།) གཞོམ་མེད་གསུང་རབ་ཀུ༵ན་གྱི་དག༵འ་སྟོན་ལ། །ནམ་ཡང་རོལ་མཛད་ཞབས་སེན་ཡིད་ བཞིན་ནོར། །མཁས་མང་རལ་པའི་ཁྲི་ལ་རྒྱ༵ལ་མཚ༵ན་བཞིན། །རྟག་ཏུ་བསྟི་མཛད་ཆོས་ཀྱི་ དབང་པོས་འདུད། །མཁས་ཀུན་དགའ་བའི་ལེགས་བཤད་དྲི་མེད་ཀྱི། །འོད་བརྒྱ་འགྱེད་པ་ རྟག་ཏུ་ལྷུར་ལེན་པས། །མགོན་ཁྱོད་འགྲོ་ལ་ཡིད་བཞིན་རྒྱལ་མཚན་གྱི། །གོ་འཕང་བླ་མེད་ བརྙེས་པའི་ཞབས་པད་འདུད། །ལྷག་བསམ་ཆུ་འཛིན་བརྒྱ་ཡིས་ལེགས་བསྐྲུན་པ། །རྒྱལ་བ་ ཀུན་གྱི་ཞལ་ལུང་བདུད་རྩིའི་རྒྱུན། །རྟག་ཏུ་གསོལ་མཛད་གནས་བརྟན་ཀུན་གྱི་གཙོ། །རྒྱལ་ སྲས་མཆོག་གི་ཞབས་ལ་གསོལ་བ་འདེབས། །ཞབས་པད་རྡུལ་ཕྲེང་འཐུག་པོས་ཐོས་མང་ ཅན། །དྲེགས་ལྡན་འཇིགས་རུང་དྲི་མེད་ཁྲིམས་ལྡན་གྱི། །ལྷ་དབང་རལ་པའི་ཆུ་མཚོར་ལྷན་ 24-1-57 ཅིག་མནན། །ལྷ་ཡི་ལྷར་གྱུར་དཔལ་ལྡན་བླ་མར་འདུད། །ཆོས་ཀུན་བསྐྱེད་མཛད་དངོས་ ཀུན་ཟ་མ་ཏོག །རིས་མེད་བླ་མ་སེམས་ཀྱི་རྡོ་རྗེའི་དངོས། །གཡོ་མེད་དགའ་བཞིས་མཉེས་ མཛད་རྡོ་རྗེ་ཡི། །ཐེག་པ་མཆོག་གི་རྒྱལ་མཚན་ལ་ཕྱག་འཚལ། །རང་བཞིན་འོད་གསལ་ རང་ཉམས་རྣལ་འབྱོར་གྱིས། །མཐའ་ཡས་སྒྱུ་མའི་སྣང་བ་འགོག་པར་བརྩོན། །མི་ཟད་རྒྱན་ གྱི་འཁོར་ལོ་ཉིད་ཀྱི་ཐུགས། །ནམ་ཡང་ཡོངས་སུ་སད་ལ་གསོལ་བ་འདེབས། །ཀུན་རྫོབ་ ལས་དང་བྱེད་པོས་མ་བསྒྲིབས་པར། །བླ་མེད་དོན་དམ་གཏོར་བླུང་ངེས་པ་ཡིས། །འགྱུར་ མེད་དགའ་བཞིའི་ཁྱིམ་དུ་རང་སེམས་མགྲོན། །རྟག་ཏུ་རེ་སྐོང་ཁྱོད་ལ་གསོལ་བ་འདེབས། ། དཔལ་ལྡན་རིགས་ཀུན་བདག་པོའི་རྒྱལ་སྲིད་ལ། །མངོན་པར་འདོད་པས་བདེ་འབྱུང་མིག་ འཕྲུལ་གྱིས། །ཀུན་རྟོག་གཞན་འཕྲུལ་དབང་པོ་སྡེར་བཅས་བཏུལ། །བདུད་ཀུན་བཅོམ་ པའི་དཔའ་བོ་ཁྱོད་ཕྱག་འཚལ། །གདོད་མའི་བདག་ཉིད་ཉིན་བྱེད་འོད་རིས་ཀྱིས། །མ་ལུས་ བརྟན་གཡོའི་མུན་པ་བཅིལ་ལས་སླར། །ཡེ་ཤེས་འཇའ་རིས་ཚོན་བརྒྱས་རྣམ་བཀྲ་བའི། ། དག་སྣང་ལྷ་སྐུའི་གོ་འཕང་མཆོག་བརྙེས་འདུད། །མཁའ་མཁའ་ཐིག་མིག་ས་འཛིན་རྩ་ ཐིག་རླུང་། །མི་ཕྱེད་གོ་བགོས་ཤེས་རབ་རྡུལ་གྱི་བདག །དཔའ་བོ་གང་དེས་གཡོ་ཅན་ལམ་ གཉིས་པོ། །ཕྱེད་མར་འཐག་ལ་མངོན་བརྩོན་ཁྱོད་ལ་འདུད། །དཔལ་ལྡན་ཉི་མས་བཞུ་བའི་ ཟླ་ཞུན་རྒྱུན། །བདེ་སྟོང་ཡེ་ཤེས་མཆོག་གི་ཉལ་འགྲོ་དེས། །དུས་ཀྱི་འདབ་མའི་གདུང་བ་ ཀུན་བསལ་བ། །དཔལ་ལྡན་བདེ་བའི་རྡོ་རྗེ་ཁྱོད་ལ་འདུད། །སྒྱུ་མའི་རྡོ་རྗེ་དངོས་པོ་ཀུན་གྱི་ གཟུགས། །གཞོམ་མེད་སྒྲ་དབྱངས་ཡན་ལག་ཐམས་ཅད་པ། །ཐུགས་ཀྱི་རྡོ་རྗེ་དཔལ་ལྡན་ རིགས་གཅིག་སྟེ། །རྡོ་རྗེའི་རྦ་རླབས་གསུམ་བརྙེས་ཁྱོད་ལ་འདུད། །མི་བདག་ཐིག་ལེ་ཀུན་ འདར་ཁྱིམ་དུ་བརྟན། །ལྷན་སྐྱེས་ལང་ཚོ་རྒྱས་ཁེངས་ཡིད་བཟང་བུ། །རྣམ་ཀུན་དྲི་ལེན་མར་ ཆགས་དགའ་བ་ཡི། །རྒྱལ་མཚན་ནུབ་པ་མི་མངའ་ཁྱོད་ལ་འདུད། །གཡོ་མེད་བདེ་བའི་ཁྱིམ་ 24-1-58 དུ་ཡེ་ཤེས་ཀྱི། །རྦ་རླབས་མཆོག་ལ་རྩེ་དགས་རྟག་རོལ་ཡང་། །ངེས་ལྡན་ཀུན་དང་ངེས་པའི་ ལམ་སོགས་ཀྱིས། །བདེ་ཆེན་ལམ་དུ་དཀྲི་ལ་ལྷོད་མི་མངའ། །མཁའ་ལ་ཕ་མཐའ་མེད་མོད་ རྒྱལ་ཁྱོད་ཀྱི། །ཡོན་ཏན་གཟུགས་ཅན་ཉིད་ན་དེར་མི་ཤོང་། །མཐའ་ཡས་དེ་ཡི་ཐ་གྲུ་མཇལ་ འདོད་ནས། །འོལ་སྤྱིར་བགྱིད་པའི་བློ་འདི་ངོ་མཚར་ཏོ། །མདོར་ན་ཕྱོགས་བཅུའི་རྒྱལ་བ་ ཐམས་ཅད་ཀྱི། །ལྷག་པར་བསྔགས་གང་མགོན་པོ་ཁྱོད་ཀྱིའང་སྟེ། །ཆ་ཙམ་བརྗོད་པའི་དགེ་ བས་སེམས་ཅན་ཀུན། །རྒྱལ་བ་ཁྱོད་དང་དེ་རིང་མཚུངས་པར་ཤོག །ཅེས་མཚུངས་པ་མེད་དཔལ་ ལྡན་བླ་མ་དམ་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། སྭཱནནྡདྷྭཛཤྲཱིའི་ཞལ་སྔ་ནས་ལ་རྡོ་རྗེ་ཐེག་པའི་ངེས་གསང་བླ་ན་མེད་པ་ རྣམས། ལམ་འབྲས་བུ་དང་བཅས་པའི་མན་ངག་དང་ཕྱོགས་མཐུན་པར་བསྟོད་པ་ལམ་བཟང་གྲུབ་པ་ཞེས་བྱ་བ་ཤཱཀྱའི་དགེ་སློང་། སྭཐདྷྭཛཱནནྡགརྦྷཤྲཱིས་བདག་ཉིད་ཡི་དམ་དུ་བྱ་བའི་སླད་དུ་ཐུན་མཚམས་གཅིག་ལ་བྲིས་པ་སྟེ་རང་ལོ་བཅུ་བདུན་པ་ལ། སྟེང་ ཁེབས་ཆོས་གྲྭར་རོ། །འདིས་ཀྱང་སེམས་ཅན་ཐམས་ཅད་ཡེ་ཤེས་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག། །།དགེ་ལེགས་འཕེལ། ༄༅། །ༀསྭསྟིཏིཥྛབྷབནྟུ། གཞོམ་མེད་ཡེ་ཤེས་རྡོ་རྗེ་མཆོག་བརྙེས་པ། །གནས་བརྟན་ཆེན་པོ་ མང་ཐོས་ཀུན་གྱི་གཙོ། །འགྲོ་བའི་ཉེར་འཚོ་མི་ཕམ་ཆོས་ཀྱི་རྗེ། །ཞིང་འདིར་བསྐལ་བརྒྱར་ ཞབས་ཟུང་བརྟན་གྱུར་ཅིག །འདི་ཡང་རྗེ་དེ་ཉིད་ལའོ། །དགེ་སློང་ཀུན་དགའ་སྙིང་པོས་བྲིས།། །། ༄༅། །ན་མོ་གུ་རུ་ཏྲི་རཏྣཱ་ཡ། (འདི་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་ཀུན་དགའ་རྒྱལ་མཚན་ལ་ བརྟན་བཞུགས་ཕུལ་བ་བྱིན་རླབས་ཀྱི་རྟགས་ཅན་དུ་བྱུང་ངོ་།།) དཔལ་ལྡན་ཁྱབ་བདག་མི་འགྱུར་རྡོ་རྗེའི་སྐུ། ། གཞོམ་མེད་སྲིད་དང་ཞི་བའི་དཔྱིད་ཀྱི་དཔལ། །དང་པོའི་མགོན་པོ་རྗེ་བཙུན་བླ་མ་མཆོག། ཞིང་འདིར་བསྐལ་བརྒྱར་ཞབས་པད་བརྟན་གྱུར་ཅིག །སུ་པྲ་ཏིཥྠ་བཛྲ།། །། 24-1-59 ༄༅། །ༀ་སྭ་སྟི། བརྟན་པར་གྱུར་ཅིག (སྟག་ལུང་རིན་པོ་ཆེ་ཀུན་དགའ་བཀྲ་ཤིས་ལ་ཕུལ་བ།) དཔལ་ལྡན་ འགྱུར་མེད་གང་གི་སྐུ་གསུང་ཐུགས། །དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དངོས། ། འགྲོ་བའི་སྐྱབས་གཅིག་དཔལ་ལྡན་བླ་མའི་ཞབས། །ཞིང་འདིར་བསྐལ་བརྒྱར་ཞབས་ ཟུང་བརྟན་གྱུར་ཅིག །འགྲོ་ཀུན་དགའ་བའི་དམ་ཆོས་གཞལ་མེད་ཁང་། །བཀྲ་ཤིས་སྒོ་བརྒྱ་ འབྱེད་ལ་མངོན་བརྩོན་པ། །ཕྱོགས་ལས་རྣམ་རྒྱལ་རྗེ་བཙུན་ཆོས་ཀྱི་རྗེ། །སྲིད་མཐའི་བར་ དུ་ཞབས་པད་བརྟན་གྱུར་ཅིག །རིས་མེད་ཐུགས་རྗེའི་དཀྱིལ་འཁོར་རྒྱས་པ་ལས། །མཁྱེན་ པའི་འོད་ཀྱིས་ཤེས་བྱ་མ་ལུས་ཁྱབ། །ཆོས་ཀྱི་རྒྱལ་པོ་དཔལ་ལྡན་བླ་མའི་ཞབས། །སྲིད་པ་ ཇི་སྲིད་བར་དུ་རྟག་བཞུགས་གསོལ།། །།དགེ་ལེགས་འཕེལ། སུ་པྲ་ཏིཥྠ། ༄༅། །དུས་གསུམ་སངས་རྒྱས་ཀུན་ལས་ཆེས་ལྷག་པའི། །རྗེ་བཙུན་བླ་མ་ཁྱེད་ལ་ གསོལ་བ་འདེབས། །བདག་ལ་རེ་ས་གཞན་ན་ཡོད་མིན་པས། །ནམ་ཡང་འབྲལ་བ་མེད་ པར་བྱིན་གྱིས་རློབས། །ཕ་བླ་མ། ཕ་བླ་མ། ཕ་བླ་མ། དགེ་ལེགས་འཕེལ། ༄༅། །ནམོསངྒུརུནིཏྨཎཀཱཡཱཡ། མཐའ་ཡས་འགྲོ་བའི་ཡིད་མཚོར་རྟག་འཆར་བའི། ། མ་ལུས་ཤེས་བྱའི་ཟླ་རིས་ཕ་མཐའ་གང་། །གཟིགས་པ་བྲལ་བས་རྟག་ཏུ་གཟིགས་གྱུར་ པས། །མགོན་ཁྱོད་བསྐལ་བརྒྱར་ཞབས་ཟུང་བརྟན་རྒྱུར་ཅིག །སྒྱུ་འཕྲུལ་སྐུ་དང་གཞོམ་མེད་ རྡོ་རྗེའི་གསུང་། །ལྷུན་གྲུབ་ཐུགས་ཀྱི་རྡོ་རྗེའང་ཁྱོད་ཉིད་དེ། །ཁྱབ་བདག་ཡེ་ཤེས་རྡོ་རྗེའང་ རྒྱལ་བ་ཁྱོད། །སྐུ་བཞིའི་བདག་ཉིད་ཞབས་པད་བརྟན་པར་ཤོག །དཔག་ཡས་ཉེས་པའི་ ཚོགས་རྣམས་དྲུང་ཕྱུང་ནས། །མཐའ་ཡས་འགྲོ་བ་བདག་གིར་མཛད་པ་པོ། །ལྷན་སྐྱེས་ཁྱིམ་ དུ་བཅུ་དྲུག་ཐིག་ལེ་འཆང་། །ཁྲིམས་ལྡན་ཀུན་གྱི་མགོན་པོར་སྤྱི་བོས་འདུད། །སྐྱེ་རྒུའི་བདག་ 24-1-60 པོ་བླ་མེད་ཡེ་ཤེས་ཀྱི། །རྡོ་རྗེའི་བདག་ཉིད་ཁྱོད་ཞབས་རྡུལ་ཕྲེང་གང་། །བདག་ཅག་རལ་ པའི་ཁྲི་ལ་དུས་རྟག་ཏུ། །ཨེ་མ་ངལ་བསོའི་དཔལ་ལ་རྟག་བཞུགས་གསོལ། །སྙིང་རྗེའི་རྟ་ ལྗང་གྱིས་དྲངས་པདྨོའི་གཉེན། །ཞིང་འདིའི་མཚན་མོའི་དྲེགས་པ་བཅིལ་བའི་སླད། །བདག་ ཅག་འགྲོ་བའི་དཔལ་དུ་དེང་བྱོན་ན། །སྲིད་པ་ཇི་སྲིད་བར་དུ་བཞུགས་སུ་གསོལ། །སྟག་ལུང་ སྤྲུལ་སྐུ་རིན་པོ་ཆེ་ལ་བརྟན་པར་བཞུགས་སུ་གསོལ་བའོ།། །། ༄༅། །ༀ་སྭསྟི། ན་མོ་སརྦ་བུདྡྷ་བོ་དྷི་སཏྭཱཏྨ་ཏྭ་ཤྲཱི་མཱནྶཏྒུ་རུ་ཙ་ར་ཎཱ་པདྨ་ཡ། ཁྱབ་བདག་ དྲེགས་ལྡན་ལུང་རིགས་སྨྲ་ཀུན་གྱི། །གཙུག་གི་ནོར་བུའི་རྒྱ་མཚོར་རྟག་འགྲོགས་པའི། །ཁྱོད་ ཞབས་པདྨོའི་གཟུགས་བརྙན་ཇི་སྙེད་པ། །བདག་བློར་ཤར་བའི་ཚུལ་རྣམས་འདིར་བརྗོད་ བྱ། །ཨེ་མ་ཧོ། མཐའ་ཡས་ལུང་རིགས་གྲུ་ཆེན་ཚོགས་གཉིས་བཞིན། །ལེགས་པར་བཟུང་ ལས་སྲིད་ཞིའི་རྒྱ་མཚོའི་ཡི། །ཕ་རོལ་མཆོག་ཏུ་འགྲོ་རྣམས་འགོད་བཞེད་པས། །གོ་འཕང་ མཆོག་བརྙེས་ཁྱོད་ལ་གསོལ་བ་འདེབས། །ཇི་སྙེད་རྒྱལ་བའི་ཞལ་ལུང་བདུད་རྩིའི་རྒྱུན། །དེ་ རྙེད་རིགས་སྨྲའི་འཇུག་ངོགས་ལས་འོང་བ། །ཉིད་ཐུགས་ཡེ་ཤེས་རྒྱ་མཚོར་རོ་མཉམ་གྱུར། ། དཔལ་ལྡན་བླ་མ་ཆོས་ཀུན་བདག་པོར་འདུད། །ཉིད་ཀྱི་སྐུ་གསུང་ཐུགས་ལ་ཉེས་པའི་དྲི། ། རྨི་ལམ་དུ་ཡང་འཇུག་བའི་གོ་སྐབས་ཅི། །བདག་ལྟའི་ཐ་བ་རིང་དུ་རྣམ་སྤངས་ཀྱང་། །འགྲོ་ ཀུན་བདག་གིར་མཛད་པ་ཁྱོད་ལ་འདུད། །ཁྱབ་བདག་དམིགས་མེད་ཐུགས་རྗེ་འོད་དཀར་ ཅན། །མཆོག་ཏུ་མི་འགྱུར་དབང་པོ་ཐམས་ཅད་པ། །ལྷན་སྐྱེས་འོད་བརྒྱ་འཆང་བ་བཅུ་དྲུག་ གི །ཆ་ཤས་ཡོངས་རྫོགས་གནས་བརྟན་ཆེན་པོར་འདུད། །རྒྱལ་ཁྱོད་ཞབས་ཀྱི་པདྨོར་དུས་ ཀུན་ཏུ། །བདག་ཅག་དང་བའི་ཡིད་ཀྱིས་གསོལ་འདེབས་ན། །ཁྱོད་ཀྱི་ཐུགས་རྗེས་ནམ་ཡང་ མ་བསྐྱུད་པར། །འཁོར་བའི་མཚོ་ལས་མྱུར་དུ་བསྒྲལ་ཏུ་གསོལ། །ཅེས་འདི་ཀུན་དགའ་སྙིང་པོ་ཡིས། ། 24-1-61 དད་ལྡན་སློབ་མས་བསྐུལ་བ་ལས། །དཔལ་ལྡན་རྡོ་རྗེ་འཛིན་བསྟོད་དེ། །ལྷ་ལམ་སྦྲང་བུའི་གོམ་པས་བཞིན། །མངྒལབྷབནྟུ། ༈ ཐོགས་མེད་དུས་ནས་ཉེས་པ་ཀུན་བཅོམ་སྟེ། །རྫོགས་སངས་ཡོན་ཏན་ཐམས་ཅད་ གྲུབ་གྱུར་པ། །ལུང་རིགས་རྒྱ་མཚོར་རབ་གྲགས་བདག་ཅག་གི །སྟོན་པ་གཉིས་པར་གྱུར་ པའི་ཞབས་ལ་འདུད། །ཅེས་པ་འདི་གཉིས་ཀུན་དགའ་སྙིང་པོས་རང་གི་ཡིད་དམ་བྱ་བའི་སླད་དུ་སྟེ། ཉང་སྟོད་གསེར་ གླིང་དུའོ།། །། ༄༅། །ན་མ་བཛྲཱ་ཙརྱ་ཤཥྛཙརཎཱཡ། ལྷ་མིའི་དབང་པོ་ཀུན་གྱི་ཅོད་པན་ལ། །ཞབས་ སེན་ཟླ་རིས་ནམ་ཡང་བཀོད་པ་ལས། །འཇིག་རྟེན་གསུམ་ན་མཆོག་ཏུ་གྲགས་པ་ཡི། །འོད་ བརྒྱ་འགྱེད་མཁས་དཔལ་ལྡན་བླ་མར་འདུད། །ཆོས་ཀུན་ངོ་བོ་དོན་དམ་འགྱུར་མེད་ལྷ། ། བདེ་བའི་རྡོ་རྗེ་དབང་པོ་ཐམས་ཅད་པ། །མཆོག་གི་དངོས་གྲུབ་ཅེས་གྲགས་གང་དེ་ཉིད། ། མངོན་བརྙེས་མགོན་པོ་ཁྱོད་ལ་གསོལ་བ་འདེབས། །ལྷ་མི་ཀུན་གྱི་དཔལ་དུ་གྲུབ་པའི་ དབང་། །རྒྱལ་ཁྱོད་བསྐལ་བརྒྱར་ཞབས་པད་བརྟན་པ་དང་། །བདག་སོགས་འགྲོ་ལ་ཐུགས་ རྗེས་ཉེར་བཟུང་ནས། །གཞོམ་མེད་རྡོ་རྗེའི་གདན་ལ་རྟག་བཞུགས་གསོལ། །ༀ་སུ་པྲ་ཏིཥྠ་བཛྲ་ཡེ་ སྭཱཧཱ། མངྒ་ལབིསྟཱརཀུརུ། དཔལ་ལྡན་བླ་མ་དམ་པ་གང་གིས་ཀྱང་མི་མཉམ་པའི་གྲུབ་པའི་དབང་ཕྱུག མཚན་བརྗོད་པར་དཀའ་ བ་དེ་བེནྡྲཀིརྟིའི་(ལྷ་དབང་གྲགས་པ་)ཞབས་ཀྱི་པད་མོ་བརྟན་པར་གསོལ་བ་འདི་ནི་ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོས་ཕུལ་ བའོ།། །།བཀྲ་ཤིས་དར་རྒྱས་འཕེལ་ལོ། ། ༄༅། །ༀ་སྭསྟི་པྲཛྙཱ་བྷྱཿ རྒྱ་ཆེན་ཚོགས་གཉིས་རབ་བརྟན་དཔག་བསམ་ཤིང་། །བྱམས་ དང་སྙིང་རྗེའི་ཡལ་འདབ་ཕྱོགས་བཅུར་རྒྱས། །སྐྱེ་དགུའི་བསོད་ནམས་དཔལ་དུ་བྱོན་གྱུར་ པ། །འཕྲིན་ལས་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །སྙན་པའི་གྲགས་པས་སྲིད་གསུམ་ 24-1-62 འཇིག་རྟེན་ཁྱབ། །སྐྱོན་བྲལ་སྤྱོད་པས་བྱང་ཆུབ་འབའ་ཞིག་སྒྲུབ། །བསླབ་གསུམ་དྲི་མེད་ ཀུན་སྤྱོད་རྣམ་པར་དག །ངེས་འབྱུང་ཐུགས་ནས་འཁྲུངས་ལ་གསོལ་བ་འདེབས། །ཞུམ་པ་ མི་མངའ་བདག་གཞན་བརྗེ་བའི་ཐུགས། །མཐོང་བའི་མོད་ལ་དད་པའི་བ་སྤུ་གཡོ། །རིང་དུ་ བསྟེན་ན་ལྷག་པར་གུས་པ་སྐྱེ། །ལེགས་པར་བརྟགས་པས་སྐྱོན་བྲལ་ཁྱོད་ལ་འདུད། །རབ་ འབྱམས་གཞུང་ལུགས་ཀུན་ལ་མཁྱེན་པའི་སྤྱན། །རབ་གསལ་བྱང་ཆུབ་སེམས་ཀྱིས་ཐུགས་ རྒྱུད་བལྟམས། །རབ་ཟབ་ཆོས་ཉིད་དོན་ལ་དབང་འབྱོར་བའི། །རབ་དཀར་ཐུགས་རྗེའི་ གཏེར་ལ་ཕྱག་འཚལ་ལོ། །དགེ་བའི་བཤེས་ཀྱི་མཚན་ཉིད་ཀུན་མངའ་ཞིང་། །སྐྱོན་ཀུན་ སྤངས་པའི་ཆོས་རྗེ་རིན་པོ་ཆེ། །བཀའ་དྲིན་མཚུངས་མེད་བླ་མའི་ཞལ་སྔ་ནས། །བསྐལ་པར་ ཞབས་པད་གཡོ་མེད་བརྟན་པར་ཤོག །ཅེས་པའང་ཏཱ་ར་ནཱ་ཐས་གསོལ་བ་བཏབ་པའོ།། །།མངྒ་ལཾ། ༄༅། །ༀ་སྭཱསྟི་དཱིརྒ་ཨ་ཡུ། ལྷར་བཅས་ཁམས་གསུམ་དབང་ཕྱུག་མཆོག་གི་གཙོ། །ས་ གསུམ་སྙན་བའི་གྲགས་པས་ལེགས་ཁྱབ་པ། །ཆོས་ཀྱི་རྒྱལ་པོ་རྗེ་བཙུན་རིན་པོ་ཆེ། །རྡོ་ རྗེ་འཆང་དབང་ཞབས་པད་བརྟན་གྱུར་ཅིག །ལྷ་མི་ཀླུ་དང་གནོད་སྦྱིན་དབང་པོས་མཆོད། ། དྲེགས་ལྡན་ཆེན་པོ་ཀུན་གྱིས་ཞབས་པད་བརྟེན། །དཔའ་བོ་མཁའ་འགྲོའི་གཙུག་གིས་ བརྒྱན་གྱུར་པ། །བླ་མ་སྐུ་ཚེ་བརྟན་པར་གསོལ་བ་འདེབས། །བླ་མ་ཡི་དམ་ལྷ་དང་དཀོན་ མཆོག་གསུམ། །སྲུང་མའི་དབང་པོར་གྲགས་པ་ཀུན་གྱིས་མཐུས། །རྗེ་བཙུན་བླ་མ་ལྷ་དབང་ གྲགས་པའི་ཞབས། །སྐུ་ཚེ་རིང་ཞིང་འཕྲིན་ལས་རྒྱས་གྱུར་ཅིག །ཅེས་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རྩ་ བའི་བླ་མ་ལ་བརྟན་བཞུགས་སུ་གསོལ་བ་བཏབ་པའོ།། །།དགེ་ལེགས་འཕེལ། དཱིརྒ་ཨ་ཡུ། སུ་པྲ་ཏིཥྛ། གཅིག་ཞུས་སོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-63 ༄༅། །རྗེ་བཙུན་ཀུན་དགའ་རྒྱལ་མཚན་ལ་ གསོལ་འདེབས་བཞུགས། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག གང་ལ་ཡེ་ཤེས་དཔལ་གྱིས་རབ་སྤྲས་ཐུགས་རྗེའི་ དབང་ཕྱུག་ནི། །འགྲོ་ཀུན་སྒྲོལ་བར་མངོན་བརྩོན་མ་ལུས་ལུས་ཅན་མགོན་གཙོ་བོ། །སྲིད་ པའི་སྡུག་བསྔལ་ལས་ཀྱང་བདེ་བའི་ལམ་སྟོན་བླ་མ་མཆོག །རབ་དགའི་ཆོས་ཀྱི་རྒྱལ་མཚན་ དཔལ་ལྡན་མཛད་པ་བཟང་པོར་འདུད། །ལྷ་དང་མི་ཡི་བླ་མ་མཆོག་ཁྱོད་རྒྱལ་བའི་སྲས་པོ་ སྟེ། །ཉིད་ཀྱི་ཡོན་ཏན་ཆ་ལའང་ད་ལྟ་གཞན་གྱིས་བསྐྲུན་མ་ནུས། །སྡོམ་བརྩོན་སྡེ་སྣོད་འཛིན་ པ་ཀུན་ཡང་རྗེ་བཙུན་ཞབས་པད་བརྟེན། །སྔགས་རིག་གྲུབ་པའི་རིགས་ཀྱི་གཙོ་བོས་འཁོར་ ལོ་བསྒྱུར་ལ་བསྟོད། །རིག་པའི་རྒྱལ་པོ་ཡེ་ནས་མཁྱེན་པའི་དཀྱིལ་འཁོར་མ་བསྒྲིབས་ གསལ། །དེ་ལ་སླར་ཡང་ཡང་ཡང་ཡེ་ཤེས་རྡོ་རྗེ་འོད་འབར་བས། །གདུལ་བྱ་གླིང་བཞིའི་ མུན་ནག་རབ་རིབ་སེལ་བར་རབ་བརྩོན་པ། །བླ་མ་ཉི་མ་དེ་ལ་རྟག་ཏུ་གུས་པས་ཕྱག་འཚལ་ ལོ། །ཡོན་ཏན་འབྱུང་གནས་ཀུན་དགའི་ཚུལ་ཁྲིམས་དྲི་མེད་མཆོག་གྱུར་པ། །རྒྱལ་ཉིད་སྒོ་ གསུམ་མཛད་ལ་འཁྲུལ་པའི་ཆ་ཤས་ཕྲ་མོ་ཡང་། །མི་མངའ་དེ་ཕྱིར་ཐར་པའི་རྒྱལ་མཚན་ འཛིན་ཁྱོད་ཀུན་མཁྱེན་ལགས། །དེ་ལྟས་ཁྱོད་ལ་དྲེགས་ལྡན་ལྷ་དང་ལྷ་མིན་སྲིད་གསུམ་ བསྟོད། །བླ་གོས་ངུར་སྨྲིག་སྣང་བས་ཕྱོགས་ཆ་ཀུན་འགེངས་ཚུལ་ཁྲིམས་ཀྱི། །དྲི་བསུང་ས་ སྟེང་ས་འོག་སུམ་རྩེན་ཀུན་ཏུ་སྐྱེས་བུ་ཀུན། །ཡིད་འཕྲོག་བྱེད་པ་དེ་ཉིད་ཀྱིས་ཀྱང་འགྲོ་བ་ 24-1-64 མ་ལུས་འདྲེན། །གྲགས་པའི་གཞིར་གྱུར་ཁྲིམས་ལྡན་ཀུན་གྱི་རྗེ་བོ་ལ་ཕྱག་འཚལ། །རྟོགས་ དཀའ་ཕྲ་བའི་གཞུང་ལུགས་ཀུན་ལ་རིགས་པའི་རྡོ་རྗེ་ཡིས། །རྣམ་པར་ཕྱེ་ན་རྟོག་གེའི་བདག་ པོ་ཀུན་ཀྱང་བག་ཡོད་འགྱུར། །རིགས་དང་མི་རིགས་གནས་ལ་རིགས་དང་མི་རིགས་མ་ འདྲེས་མཁྱེན། །སྨྲ་བའི་སེངྒེ་ཁྱོད་ཞབས་པདྨོ་གཙུག་གི་ནོར་བུས་མཆོད། །སྨྲ་བའི་སེངྒེ་སྨྲ་ བའི་རྒྱལ་པོ་སྨྲ་བའི་དབང་ཕྱུག་སྟེ། །གསུང་རབ་རྒྱ་མཚོའི་གསུང་གི་སྙིང་པོ་གསུང་བའི་སློབ་ དཔོན་མཆོག །རྗེ་བཙུན་བླ་མ་རྗེ་བོ་དམ་པ་རྗེ་བཙུན་གསང་བའི་མཛོད། །དམ་ཆོས་མངའ་ བདག་དམ་པའི་ཐུགས་ལྡན་དམ་པ་ལ་ཕྱག་འཚལ། །རྡོ་རྗེ་ཡེ་ཤེས་རྡོ་རྗེ་བདེ་ཆེན་རྡོ་རྗེ་རབ་ གྲུབ་དཔལ། །དཔལ་ལྡན་བླ་མ་དཔལ་མཆོག་དང་པོ་དཔལ་གྱི་གོ་འཕང་མཆོག །མཆོག་ཏུ་ དགའ་བའི་མཆོག་གི་རིགས་ལས་མཆོག་གི་དཀྱིལ་འཁོར་སྤྲོ། །སྤྲོས་བྲལ་ཆོས་སྐུ་སྤྲོ་བའི་ རྡོ་རྗེ་སྤྲོ་དགའི་ངོ་བོར་འདུད། །རབ་མཆོག་རབ་བདེ་གཉིས་མེད་ཡེ་ཤེས་ཡེ་ཤེས་ཕྱུལ་བྱུང་ བ། །གང་ལ་གང་གིས་སྒྱུ་འཕྲུལ་དཀྱིལ་འཁོར་དཀྱིལ་འཁོར་ཁྱབ་བདག་ནི། །ཀུན་ཏུ་ཀུན་ ལ་རིགས་བྲལ་རྟག་པ་རྟག་པའི་གོ་འཕང་ཆེ། །མངོན་སུམ་མངོན་གྱུར་ཁྱོད་ནི་བླ་མའི་བླ་མ་ ལེགས་པར་ངེས། །དེ་ལྟར་བསྟོད་པས་གཙོ་བོ་ཁྱོད་དང་ནམ་ཡང་འབྲལ་མེད་པར། །ཚེ་འདི་ ཉིད་ལ་འདོད་དང་ཐར་པའི་དངོས་གྲུབ་ཐོབ་པ་དང་། །འགྲོ་བ་ཀུན་ཡང་རྫུ་འཕྲུལ་དངོས་ གྲུབ་གྲུབ་པས་སངས་རྒྱས་ཤོག །འདི་ནི་དགེ་སློང་ཀུན་དགའ་སྙིང་པོས་གསོལ་བ་བཏབ་པ་ སྟེ། །བསྟོད་པ་འདི་དང་ལེགས་བྱས་ཀུན། །གཅིག་ཏུ་བསྒྲེས་པའི་སྟོབས་ཉིད་ལས། །ལྷ་དང་ མི་ཡིས་བསྟོད་པའི་གནས། །འགྲོ་ཀུན་དགྲ་ལས་རྒྱལ་བར་ཤོག །རྗེ་བཙུན་མཚན་བརྗོད་པར་དཀའ་ བ་ཀུན་དགའ་རྒྱལ་མཚན་ལ་གསོལ་བ་འདེབས་པ་འདི། རྗེ་ཉིད་དབྱིངས་སུ་གཤེགས་ནས་ཟླ་བ་ཕྱེད་བཅས་བཅུ་ལོན་པའི་ སྐབས་ལ་རྟིང་སྐྱེས་སུའོ།། །།མངྒ་ལཾ། བིསྟཱ་ར་ཀུ་རུ། དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-65 ༄༅། །རྣལ་འབྱོར་དབང་ཕྱུག་བུདྡྷགུཔྟནཱཐའི་ཡོན་ཏན་རྗེས་ སུ་དྲན་པའི་བསྟོད་པ་བཞུགས། ༄༅། །ༀ་སྭསྟི། ནམོགུརབེ། དཔག་མེད་དཔག་ཡས་ཀུན་ཏུ་དགའ་བ་དཔལ་ལྡན་བླ་ མ་ལ། །གང་གིས་མི་མཉམ་མོས་པས་སྤྱི་བོས་འདུད་བགྱིད་དེ། །སྙིང་རྗེ་མཆོག་དང་བདེ་བ་ ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་རྡོ་རྗེའི་འབྲས་བུ་མཆོག་བརྙེས་དཔལ་ལྡན་ལ་ཕྱག་འཚལ། ། ཡེ་ཤེས་འབྱུང་གནས་ཁྱོད་ནི་དབང་པོ་ཐམས་ཅད་པ། །མཆོག་ཏུ་མི་འགྱུར་རང་རིག་རྟག་པ་ མཆོག་ཏུ་རྟག །དེ་འདྲའི་དེ་བཞིན་གཤེགས་པའི་ཡེ་ཤེས་རྨད་བྱུང་བ། །རྗེ་བཙུན་མགོན་པོ་ སྐྱབས་གཅིག་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །ཐལ་མོ་སྦྱར་ཏེ་སྤྱི་བོར་བཀོད་ནས་བླ་མར་ ཕྱག་བགྱི་བ། །དེ་ཡང་བདེ་ཆེན་གནས་ལ་རིག་འགྱུར་མ་ལགས་སམ། །ཡོན་ཏན་གཏེར་གྱུར་ ཕྱག་རྒྱའི་དངོས་གྲུབ་རྒྱལ་རྣམས་ཀྱི། །ཟ་མ་ཏོག་གྱུར་བླ་མ་གུས་པས་ཕྱག་འཚལ་ལོ། །ཤེས་ རབ་པདྨར་བདེ་བ་ཆེན་པོ་ནོར་བུར་གནས་པ་སྟེ། །གང་གི་སྟོང་པ་ཕྱག་རྒྱ་མཛེས་མར་གང་ གྱུར་ནས། །ཤིན་ཏུ་རབ་ཕྲ་ལྷན་ཅིག་སྐྱེས་པ་གྲུབ་པ་ཁྱོད་ནི་བླ་མ་སྟེ། །འགྲོ་བ་ཀུན་ལ་མ་ འདྲིས་མཛའ་བཤེས་སངས་རྒྱས་སྦས་པའི་མགོན། །ཆུ་སྐྱེས་ཟེ་འབྲུ་གསར་པ་སྐྱེད་བྱེད་བུང་ བ་ནི། །སྦྲང་རྩི་འཐུང་བ་གང་འདི་སྡོམ་བརྩོན་ཀུན་གྱི་གཙོ་བོའི་གཙོ། །སྲིད་མེད་བླ་མ་སྲིད་ གསུམ་བདག་པོ་བུདྡྷགུཔྟ་ཁྱོད། །ཕྱག་རྒྱའི་གྲུབ་པས་སྤྲོས་པ་ཐམས་ཅད་སྤངས་པ་ལགས། ། ཨེ་མ་བླ་མ་ཨེ་མ་ཧོ་བླ་མ་ཁྱོད་ནི་རྡོ་རྗེའི་ཚིག་དག་ལ། །སྨྲ་བའི་སེང་གེ་དྲི་མེད་ཐུགས་ཀྱི་ 24-1-66 དཀྱིལ་འཁོར་ཟབ་མོ་ལས། །འགྲོ་ལ་བདུད་རྩིའི་ཆུ་ཀླུང་འབེབས་པ་རྒྱལ་བ་ཀུན་གྱི་སྲས། ། གཉིས་སྤྲོད་ལ་སོགས་འགྱུར་བདེ་རྨི་ལམ་ན་ཡང་ཉིད་ཀྱིས་སྤངས། །ལས་དང་ཡེ་ཤེས་ཕྱག་ རྒྱ་ཡོངས་སྤངས་ཤིན་ཏུ་དྭངས་པའི་འོད་ཟེར་ལས། །ཐ་དད་མ་ཡིན་རང་གི་རིག་མ་ཉིད་ཀྱི་ བརྙེས་པ་ཡང་། །ལུས་དང་བསམ་པའི་དབྱེ་བ་མེད་པ་ཤེས་དང་ཤེས་བྱ་ཟད། །རྣམ་ཤེས་ཡེ་ ཤེས་སྤངས་དང་སྤོང་མེད་རྡོ་རྗེ་བཙུན་མོས་བསྟན། །ཨོ་རྒྱན་ཡུལ་དུ་དག་པའི་འཁོར་ལོ་རིས་ མེད་འོད་བརྒྱའི་ཕྲེང་། །འཇིག་རྟེན་གསུམ་དུ་ལྷ་ཚོགས་བརྡལ་བས་ཐམས་ཅད་སྟོང་པར་ གཟིགས། །བྷཱིམེཤྭརར་ཀེང་རུས་དབྱུག་པས་གཡོ་ཅན་ལམ་གཉིས་པོ། །རབ་ཏུ་བཀག་པས་ དབུ་མའི་ལམ་དུ་ལོངས་སྤྱོད་བྱས་འདི་ཨཱ་ཧོ་ཀྱེ། །ཨུ་ཤིར་འགོག་པའི་རྡོ་རྗེར་ཐུགས་ཀྱི་སྒྲོན་ མེ་གསལ་གྱུར་གཞན་དུ་ནི། །ཙཎྜིལི་ཡི་བདེ་བ་མཆོག་དང་གནས་གསུམ་འབྱུང་པོ་མ་རྣམས་ གྲོགས། །ཀླུ་སྒྲུབ་ཡེ་ཤེས་སྐུ་ཡང་ལམ་དང་བཅས་པ་གསེར་གྱི་རིར་རྟོགས་ནས། །འཆི་མེད་ ཡེ་ཤེས་ལུས་ལ་དབུགས་དབྱུང་སིངྒ་ལར་བརྙེས་སོ། ། འོད་གསལ་ལས་ནི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གཟུགས་བརྙན་མཆོད་རྟེན་ སོགས། །ལུང་བསྟན་རྨི་ལམ་ལོངས་སྤྱོད་རྫོགས་པར་མངོན་བྱང་ཆུབ་པས་ལུས་བཟུང་ནས། ། སྤྲུལ་པས་སྤྲུལ་པའི་འགྲོ་དོན་མཛོད་ཅེས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐུལ་བ། །རྡོ་རྗེ་ འཆང་གི་དབུགས་དབྱུང་བརྙེས་པ་ཁྱོད་ཀྱི་ཡོན་ཏན་བརྗོད་པའི་ངལ་བས་ཅི། ། བདག་ནི་ཁྱོད་ཀྱི་ཡོངས་བཟུང་ན། །ཅི་ལྟར་གྱུར་ཀྱང་དངོས་གྲུབ་མཆོག །ཁྱོད་ཀྱི་བཏང་ ན་སྲིད་ཞི་ཡི། །ཕུན་ཚོགས་ཐམས་ཅད་གྲུབ་ཀྱང་ཅི། །བདག་ནི་ཐུགས་རྗེས་འཛིན་པར་ཤོག། བདག་སེམས་རིགས་ཀྱི་མྱུ་གུ་ལ། །བྱིན་རླབས་བདུད་རྩིའི་ཆར་ཟིམ་གྱིས། །རྗེ་བཙུན་ ཐུགས་རྗེའི་སྐྱེད་ཚལ་དུ། །འགྲོ་བའི་དཔག་བསམ་ལྗོན་པར་གྱུར། །གཞན་དུ་ནམ་ཡང་མ་ འགྲོ་ཤིག །མར་གྱུར་འགྲོ་བ་མ་ལུས་པ། །ཐམས་ཅད་དེ་ལྟར་འགྱུར་བར་ཤོག ། 24-1-67 ཅེས་ཤིན་ཏུ་མྱུར་བར་སྟབས་ཤིང་བྲིས་པས། དོན་གོང་འོག་འཁྲུགས་པ་དང་ཚིག་རིང་ཐུང་དང་། ཕྲད་དང་སྡེབ་འཁྲུགས་ པར་གྱུར་མོད་ནའང་། དོན་ལ་སྟོན་པ་ལ་ནོར་བ་དང་། འཁྲུལ་པ་མེད་པས་སྙན་ངག་དང་སྡེབ་སྦྱོར་མཁན་རྣམས་ལ་བཟོད་པ་ འབུལ་ལོ། །མཆོག་གི་རྡོ་རྗེ་སློབ་དཔོན་མཚན་བརྗོད་པར་དཀའ་བའི་རྣལ་འབྱོར་དབང་ཕྱུག་བུདྡྷགུཔྟནཱཐའིཡོན་ཏན་རྗེས་སུ་ དྲན་པའི་བསྟོད་པ་ཀུན་དགའ་སྙིང་པོས་རང་ལོ་བཅུ་དྲུག་པ་ལ་བྲིས།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། ཕྱི་ར། ༩༩ གཉིས་ཡིན།) 24-1-68 ༄༅། །གྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར་བཞུགས། ༄༅། །ༀནམོབཛྲདྷཱརཱཡ། དུས་གསུམ་སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང་། །རིགས་ ཀུན་བདག་པོ་དཔལ་ལྡན་བླ་མ་ལ། །སྙིང་ནས་གུས་པས་ཕྱག་འཚལ་གསོལ་བ་འདེབས། ། ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །རསྨིཤྭརརཱམའི་ཡུལ། །དགའ་བྱེད་ ནགས་དང་ཉེ་བ་ན། །ཨིནྟྲལིངྒའི་གྲོང་ཁྱེར་དུ། །རྗེའུ་རིགས་བཟང་པོའི་སྲས་སུ་བལྟམས། ། མཆེད་ནི་བརྒྱད་ལས་ཐ་ལྟག་སྟེ། །གྲུབ་ཆེན་(ཏིཏྠཱནཱཐ་)འབབ་སྟེགས་མགོན་པོ་ལ། །ཆུང་ ངུའི་དུས་ནས་ཡབ་ཀྱིས་ཕུལ། །བླ་མའི་ཞབས་བསྟེན་ཌི་ལི་ཡི། །བིཀྲམབྷོག་ནགས་དང་། ། ཧརིདྷྭོར་འཕྲོག་བྱེད་སྒོར། །རྣལ་འབྱོར་སྤྱོད་པས་ལོ་དགུ་བཞུགས། །ཏིང་འཛིན་དཔག་ ཡས་ཐུགས་ལ་འཁྲུངས། །རཱམཱཀྵརབརཎཤཱི། །ཡི་གེ་རྩིས་སོགས་སྔོན་ནས་མཁྱེན། །གོརཀྵ་ ཡི་གསུང་རབ་ནི། །(རིག་བྱེད་ཆེན་པོ་)མཧཱབེདསྭཔཾམབེད(རང་རིག)། །གསལ་བ་ཞེས་དང་སྲོག་ གི་རྒྱུད། །དེ་བཞིན་པྲཎཤྲིངྑ་(སྲོག་ལུ་གུ་རྒྱུད)ལ། །དེ་ཡི་མན་ངག་ལྔ་བཅུ་ལྷག །ལས་ཚོགས་ དཔག་མེད་རིགས་སྔགས་ཐོས། །བྲམཟེ་(བྷཧྨཱ་ནཱ་ཐ་)མགོན་དང་ནག་པོ་(ཀྲིཥྞ་ནཱ་ཐ་)མགོན། །དེ་ ལའང་གདམ་པ་མང་པོ་གསན། །བཱརཱཧཱི་ནི་རྣལ་ལམ་དུ། །ཡང་ཡང་བྱོན་ནས་ཐེ་ཚོམ་བསལ། ། དེ་ནས་སིནྡྷུའི་གནས་ཆེན་པོ། །ཧིངྒལཱ་ཙིར་བྱོན་པའི་ཚེ། །ཁྱི་དང་ཆོམ་ཀུན་སྟག་སོགས་ ཀྱི། །འཇིགས་པ་ལས་ཀྱང་ཏིང་འཛིན་འཁྲུངས། །རང་བྱུང་རྡོ་སྐུ་ལྷ་མོར་གཟིགས། །ལུང་ བསྟན་ས་ཧེར་བྷི་ཐར་ཞེས། །ངོ་མཚར་དཔེ་མེད་གྲོང་ཁྱེར་དེར། །ཡུམ་གཅིག་ལུས་འཚོང་ ཆ་བྱད་ཀྱི། །བཀྲུ་བཤལ་དབུ་ལ་བོར་བ་ན། །ལྟ་བའི་ངེས་པ་གཏིང་ནས་རྙེད། །ཨཽ་རྒྱན་ 24-1-69 ཡུལ་དུ་མཚན་མ་ཐོབ། །གོ་ཁ་ཁོ་རཱ་ས་ན་དང་། །མཁམོལཏཱནསྭོ། །སྟག་གཟིག་སྡིག་སྤྱོད་ ཡུལ་ཁམས་སུ། །བརྟུལ་ཞུགས་མཛད་ནས་ཀསྨིར། །ནདྷསཌྡྷ་སོགས་སུ་བྱོན། །བྷཏྲིཀྵཏྲ་ ཀསྐར། །གནས་རྣམས་བགྲོད་པར་མཛད་ནས་ནི། །བླ་མའི་དྲུང་དུ་བྱོན་པ་ན། །རབ་དགེས་ བྷིམེཤྭར་དང་། །ཨུ་ཤིར་ཡམཱརིསྠཱ་དང་། །ཡཱབྷུའི་མུ་སྟེགས་གནས་རྣམས་དང་། །སཽ་རཥྚ་ཡི་ ཀླ་ཀློ་ཡི། །བིཥླམིལི་གནས་དག་ཏུ། །ཨ་བདྷཱུཏིའི་སྤྱོད་པ་ཡིས། །དེ་དག་རྣམས་སུ་རིམ་གྱིས་ བྱོན། །ཀཙྩ་ཏུ་ནི་བླ་མ་མཇལ། །ལྷོ་ཕྱོགས་ཡངས་པའི་ཡུལ་བགྲོད་ནས། །རི་བོར་བདེ་བས་ བྱིན་དུ་ནི། རྒྱལ་པོའི་གྲུབ་བརྙེས་འཕྲོག་བྱེད་འོད། །སེངྒ་སྒྲའི་ནགས་ནང་དུ། །ཡུམ་གཅིག་ དཱིནཀར་མཇལ། །དཔལ་ལྡན་སངས་རྒྱས་མཉམ་སྦྱོར་དང་། །སྡོམ་པ་རྣམ་པར་རྩེན་པ་དང་། ། ལྷན་ཅིག་སྐྱེས་པའི་དེ་ཉིད་དང་། །ཧིརདཱརའི་གླུ་དབྱངས་སོགས། །མན་ངག་དཔག་ཏུ་མེད་ པ་གསན། །འགྲོ་ལྡིང་ཡུལ་དུ་མངོན་ཤེས་ཅན། །སུ་མཱ་ཏི་ལ་བདེ་དགྱེས་གསན། །པཱལཱཏ་ དང་གཛའི་སྣ། །ཛྷ་མི་གི་རིར་ཀླུ་སྒྲུབ་མཇལ། །སིངྒ་ལར་ནི་དབུག་དབྱུང་བརྙེས། །གྲགས་ འབྱུང་ཞི་བ་ཤནྟི་པའི། །དངོས་སློབ་ལ་ཡང་གདམས་པ་གསན། །ཛབིདྭཱཔའི་ནགས་གླིང་དུ། ། དགེས་པའི་རྡོ་རྗེའི་བྱིན་རླབས་མཛད། །ཨ་མུཀ་དང་ཨཽལིངྒ། །གླིང་ཕྲན་མང་པོར་བྱོན་པའི་ ནི། །སླར་ཡང་ཛགཏྣཱཐ་རུ། །གྲུབ་ཆེན་ཤནྟིགུཔྟ་མཇལ། །མཐའ་ཡས་རྒྱུད་སྡེའི་ངེས་གསང་ གསན། །ཧརིཔུཉྫར་ཆོས་མིག་དབྱངས། །གཞན་ཕན་དགའ་བའི་དབྱངས་སོགས་བརྟེན། ། བིམྤཛྙན་རུཔཀཱཡར། །དེ་རྣམས་དཀྱིལ་འཁོར་རེ་རེར་གཟིགས། །བྱང་ཆུབ་ཆེན་པོའི་ལུང་ བསྟན་བརྙེས། །གནས་ཆེན་བརྒྱད་དང་མུ་སྟེགས་པའི། །བསྟི་གནས་ཕལ་ཆེར་ཞབས་ཀྱིས་ བཅག །ཟླ་ཉི་སྦྲུལ་གླིང་དྷཱ་ན་ཤྲི། །སཱདྷཱ་དྷཱིཔ་གསེར་གླིང་གསུམ། །རཁང་པཻ་གུཔྲཏཀལ། ། གླིང་ཕྲན་དཔག་ཡས་རྣམས་བྱོན་ནས། །བྱང་ཕྱོགས་འདིར་བདག་ཐུགས་རྗེས་བཟུང་། ། སླད་མར་བལ་ཡུལ་ཙམྤ་སོགས། །ཨ་བ་དྷཱུ་ཏིའི་སྤྱོད་པ་ཡིས། །འགྲོ་དོན་མཛད་ཅིང་རིམ་ 24-1-70 གྱིས་ནི། །འཕགས་པའི་ཡུལ་དུ་ཕེབས་ཞེས་ཐོས། །དགེའོ།། ཀུན་དགའ་སྙིང་པོས་བརྗེད་ཐོར་བྱང་ཆེན་ དུའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ར། ༩༩ ཡིན།) 24-1-71 ༄༅། །ཁྲིད་བརྒྱ་བརྒྱུད་པའི་ལོ་རྒྱུས་ཁ་སྐོང་ བཞུགས་སོ། ། སརྦ་དཱ་མངྒ་ལཾ། ༄༅། །ན་མོ་གུ་རུ། ཁྲིད་བརྒྱ་བརྒྱུད་པའི་ལོ་རྒྱུས་ཀྱི་ཁ་སྐོང་། བླ་མ་ལ་ཕྱག་འཚལ་ལོ། ། དེ་ཡང་ཟབ་ཁྲིད་བརྒྱ་དང་བརྒྱད་ལས། དོན་བཞི་པ་བདེ་མཆོག་བོང་ཞལ་ཅན་གྱི་རྫོགས་ རིམ་ཡན་ཆད་ཀྱི་ལོ་རྒྱུས། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་མཛད་ཟིན་ཅིང༌། དེ་མན་ཆད་རྩོམ་འཕྲོར་བཞུགས་པ། འདིར་ཁ་འགེངས་ཀྱི་ཚུལ་དུ་བརྗོད་པར་བྱའོ། ། དེ་ལ་ཕག་མོ་སྒོམ་དྲུག་གི་ཁྲིད་ནི། ཞལ་གཉིས་མའི་ཞུང་ཆེ་ཆུང༌། དབུ་བཅད་མའི་ གཞུང་ཆེ་ཆུང༌། དོན་གྲུབ་མའི་གཞུང་ཆེ་ཆུང་སྟེ། གཞུང་དྲུག་ཏུ་གྲགས་པ་དང༌། ཁ་སྐོང་སྦྱིན་ སྲེག་གི་གཞུང་དང་བཅས་པ་ལ་བརྟེན་པ་ཡིན་ཅིང༌། དེ་ཡང་ཞལ་གཉིས་མ་འདི་ལ་རྒྱ་བལ་ ཕན་ཆད་ན། ཨཽ་ཊཱི་ཡཱ་ན་གསང་བའི་མན་ངག་གི་ཕག་མོར་གྲགས་ཤིང་ནན་ཏར་རྩིས་ཆེ་ལ། སློབ་དཔོན་ལྡོང་ངར་བར་གྲགས་པ་ཤཱ་བ་རི་པས་མཛད་པའི་ཞལ་གཉིས་མའི་གཞུང་ཆུང་བ་ འདི་ཤིན་ཏུ་བྱིན་རླབས་ཆེ། འདི་ཨིནྡྲ་བོ་དྷི་ཆུང་བས་མཛད་ཅེས་གཞན་དུ་གྲགས་ཀྱང་ལྡོང་ ངར་བས་ཨིནྡྲ་བོ་དྷི་ཆུང་བས་རྗེས་སུ་བཟུང་བ་ཙམ་ལ་བཏགས་པ་ཡིན་ཞིང༌། ཕྱིས་སློབ་ དཔོན་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་ཇོ་བོ་བྷུ་གྨའི་སྒྲུབ་ཐབས་སྙན་ངག་ཤིན་ཏུ་ལེགས་པ་ ཞིག་རྩོམ། རྒྱ་གར་བལ་བོའི་པཎྜི་ཏ་ཀུན་ལ་བསྟན་པས་སྐྱོན་ཡེ་{ནས་མ་མཐོང་སྟེ་[མ་ 24-1-72 ཐོགས་ཏེ]། མཁས་པའི་གྲགས་པས་ཁྱབ། བལ་བོའི་བློན་པོ་ཆེན་པོས་བླ་མར་བསྐུར། མེཉྫ་ གླིང་{པ་[ས]གཞིས་དང་བཅས་ཏེ་ཕུལ། ལོངས་སྤྱོད་དང་སྐུ་བསོད་ཤིན་ཏུ་ཆེ་བར་ཡོད་ སྐབས། སྙན་ངག་མཁས་པའི་ང་རྒྱལ་གྱིས་ཞལ་གཉིས་མའི་གཞུང་ཆེ་བར་གྲགས་པ་དེ་ཁོ་ ན་ཉིད་ཡེ་ཤེས་གྲུབ་པ་དང༌། དོན་གྲུབ་མའི་གཞུང་ཆེ་བ་བརྩམས་པས་མཁའ་འགྲོའི་བཀའ་ མ་གནང་ཞིང༌། གསང་སྔགས་ཟབ་མོ་སྙན་ངག་ཏུ་བཀྲལ་བའི་ཉེས་པས་བློན་པོའི་སྲིའུ་མ་ སོས། ཆར་འབེབ་གཅོད་མ་ཐུབ། ལོ་ཉེས་ཆེན་པོ་བྱུང༌། ལོངས་སྤྱོད་ཆུ་བཅད་པ་བཞིན་སོང་ བ། སླར་ཡང་བཤགས་པའི་སྒྲུབ་པ་ལོ་གསུམ་མཛད་པས། རྗེ་བཙུན་མས་དངོས་སུ་ཞལ་ བསྟན། བསྟན་བཅོས་འདི་མ་བརྩམས་པར་སྒོམ་ན་འཇའ་ལུས་སུ་འགྱུར་བ་ཡིན་ནའང་དེས་ གེགས་བྱས། འོན་ཀྱང་ད་ཕྱིན་ཆད་སྒྲུབ་ཐབས་དེ་གཉིས་ཀྱང་ངས་བྱིན་གྱིས་བརླབས་ནས་ སེམས་ཅན་མང་པོ་ལ་ཕན་ཐོགས་ཤིང་ཁྱོད་ཉིད་ཀྱི་ལས་ཐམས་ཅད་ཐོགས་པ་མེད་པར་ འགྲུབ་པོ་ཞེས་ལུང་བསྟན། སྐུ་བསོད་སྔར་ལས་བརྒྱ་འགྱུར་གྱིས་འཕེལ། བལ་བོ་དང༌། མ་ གྷ་དྷའི་རྒྱལ་པོ་གཉིས་ཆར་གྱི་བླ་མར་སོང༌། གཞུང་དེ་གཉིས་ཀྱང་རྒྱ་བལ་ཀུན་ཏུ་དར་བར་ འགྱུར་རོ། །ཕྱིས་ཆོས་འདིའི་བདག་པོ་ཧང་ངུ་དཀར་པོ་ལ། དཔྱལ་ལོ་ཙཱ་བ་བསོད་ནམས་ རྒྱལ་མཚན་གྱི་སྲས་དཔྱལ་ལོ་ཀུན་དགའ་རྡོ་རྗེས་སྤྱོད་ལམ་དང་འབུལ་བས་མཉེས་པར་བྱས་ ཏེ་གསན། ཆོས་སྐོར་འདི་རྫོགས་པར་ཞུ་བ་ལ་བལ་བོར་ལན་གསུམ་བྱོན། དེ་སྐབས་གཞུང་ དྲུག་གི་བཤད་པ་ནི་ཤིན་ཏུ་དར་རྒྱས་ཆེ། རྔོག་ལོ་ཆེན་པོས་ཀྱང་འགྱུར་མཛད། གདམས་ངག་ ཡོངས་རྫོགས་ལ་ཤིན་ཏུ་མཁས་པའང་ལོ་ཙཱ་བ་ཁུ་ནེ་ཙོ་དང་རྨ་བན་ཆོས་འབར་དང༌། སྣུབས་ སྟོན་རྒྱལ་ཡེ་སོགས་མང་དུ་བྱུང་ནའང༌། དཀའ་སྤྱད་དང་ནན་ཏན་དཔག་ཏུ་མེད་པ་མཛད་ པའི་སྟོབས་ཀྱིས་དཔྱལ་ཁོ་ན་བྱིན་རླབས་དང་འཕྲིན་ལས་ཆེ་བར་བྱུང་བས། ཕག་མོ་དཔྱལ་ ལ་ཐུག་ཅེས་གྲགས་སོ། ། 24-1-73 ནཱ་རོ་ཆོས་དྲུག་ནི། བཀའ་བཞི་བརྒྱུད་པའི་གདམས་ངག་གི་བཅུད་བསྡུས་པའང་ཡིན་ ཅིང༌། ངོ་བོ་ནི་གྲུབ་ཆེན་ནཱ་རོ་པས་མར་པ་ལ་དགྱེས་རྡོར་གྱི་སྙིང་པོ་དྲིལ་ནས་གཏུམ་མོ་ལས་ རྒྱ་བསྟན། གསང་འདུས་ཀྱི་སྙིང་པོ་དྲིལ་ནས་སྒྱུ་ལུས་འོད་གསལ་རྨི་ལམ་གསུམ་བསྟན། ལམ་གྱི་ཡན་ལག་ཏུ་གདན་བཞིའི་འཕོ་བ་གྲོང་འཇུག་གཉིས་བསྟན་པའི་ཉམས་ལེན་བྱིན་ རླབས་ཀྱི་བརྒྱུད་པའི་གདམས་ངག་ཡིན་ནོ། །འདིར་ཆོས་དྲུག་མི་འདྲ་བ་མང་དུ་བཞུགས་ ཀྱང༌། ཁྲིད་དོན་དྲུག་པར་བགྲང་རྒྱུ་འདི་ཆོས་དྲུག་གསེར་ཞུན་མ་ཡིན་ནོ། ། ནི་གུ་ཆོས་དྲུག་སོགས་ལ། ཡེ་ཤེས་མཁའ་འགྲོ་ནི་གུ་ནི། ནཱ་རོ་པའི་ལྕམ་དུ་གྱུར་པ་སོགས་ ལོ་རྒྱུས་ཀུན་ཁྱབ་དང༌། ཁྱད་པར་ཤར་ཕྱོགས་ལྭ་བ་པ་ལ་གདམས་པ་ཅུང་ཟད་གསན། སློབ་ དཔོན་དེ་ཉིད་དང་ལྷན་ཅིག་ཞག་བདུན་དུ་བསྒོམས་པས། ཡེ་ཤེས་མཁའ་འགྲོ་མ་འཇའ་ ལུས་སུ་གྱུར། ས་བརྒྱད་པའི་རྟོགས་པ་མངོན་དུ་མཛད། ཤར་ཕྱོགས་ལྭ་བ་པའི་སྤྱི་གཙུག་ ནས་སྦར་མཐིལ་ཙམ་ཞིག་ལུས་སྐད། འདི་ལྭ་བ་པ་ཆུང་བ་ཡིན་ནོ། །མཚན་ནི་གུ་ཞེས་པ་ནི། ལེགས་སྦྱར་དང་བསྟུན་ཏེ། ནི་གུཔྟ་ཞེས་ངེས་གསང་ངམ། ངེས་སྦས་ཞེས་པ་ཡིན་པར་ཡང་ གྲགས་ལ། དོན་དུ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བརྡའི་སྐད་ཞིག་གོ །དེ་ལ་མཐར་ ཐུག་ལྔ་དང་ལྡན་པ། གྲུབ་ཆེན་ཁྱུང་པོས་འཕགས་ཡུལ་ཡོངས་ཁྱབ་ཏུ་གྲགས་པའི་རྒྱུད་ གཞུང་ཡང་མང་དུ་གསན་ཅིང༌། ཁྱད་པར་ཐུན་མོང་མ་ཡིན་པས་ས་ག་ཟླ་བའི་ཚེས་བཅོ་ལྔའི་ ནུབ་མོ་ཟླ་བ་སྐྱ་རྒྱངས་སེ་ཤར་བ་ན་སྤྲུལ་པའི་དཀྱིལ་འཁོར་དུ་སྒྱུ་ལུས་དབང་མོ་ཆེ་བསྐུར། ཐོ་རངས་ཀྱི་དུས་སུ་མནལ་ལམ་དུ་ཆོས་དྲུག་ཚར་གཅིག་གསན། ཕྱིས་དངོས་སུ་གཉིས་ཏེ་ ལར་ཚར་གསུམ་གསན། དེ་ནས་འགྲོ་མགོན་སངས་རྒྱས་སྟོན་པའི་བར་ཆིག་བརྒྱུད་དུ་བཀའ་ རྒྱས་བཏབ་པ་ལྟར་གནས་ཤིང༌། འགྲོ་མགོན་སྟོན་པ་དེ་ལ་ཞི་བྱེད་སྤྱོད་ཡུལ། ཇོ་བོ་རྗེ། ནཱ་ རོ་པ་སོགས་ཀྱི་གདམས་ངག་དང༌། ཤངས་ཆོས་ཉིད་ཀྱིའང༌། མཻ་ཏྲི་པ། རཱ་ཧུ་ལ། རྡོ་རྗེ་གདན་ 24-1-74 པ་སོགས་ཀྱི་གདམས་ངག་གིས་རྗེས་སུ་བཟུང་བའི་སློབ་མ་དཔག་ཏུ་མེད་པ་ཡོད་ཅིང༌། ནི་ གུ་དང་སུ་ཁའི་གདམས་ངག་ཆ་ཤས་ཐོབ་པ་ནི་མཐའ་ཡས་ཀྱང༌། སྨིན་གྲོལ་ཆ་ལག་དང་ བཅས་པ་ཡོངས་སུ་རྫོགས་པར་གནང་བ་ནི་སློབ་དཔོན་ཨའི་སེང་གེ། མཁས་གྲུབ་ཤངས་ སྟོན། མཁས་གྲུབ་གཞོན་ནུ་གྲུབ་གསུམ་ཡིན་ལ། ཕྱི་མ་གཉིས་ལས་བརྒྱུད་ཚུལ་མི་འདྲ་བ་ དཔག་ཏུ་མེད་པ་གྱེས་ནའང༌། མཁའ་འགྲོའི་ཐེམ་ཡིག་གིས་བསྡོམས་པའི་ཕྱིར། བརྡ་དོན་ གཉིས་ཀ་ནས་མི་འདྲ་བ་གཏན་ནས་མེད་ཅིང༌། བཅོས་སླད་དང་བྲལ་བའི་ཕྱིར། སྒྲུབ་བརྒྱུད་ ཀུན་གྱི་ཡང་རྩེར་བཞུགས་པ་ཡིན་ནོ། །དེ་ལ་ནི་གུའི་གདམས་སྐོར་འདི་ཀུན་ནི། སྤྱིར་མདོ་ རྒྱུད་ཐམས་ཅད་ཀྱི་དགོངས་པ། ཁྱད་པར་མཐར་ཐུག་སྟོན་པ་རྒྱུད་སྡེ་ལྔའི་སྙིང་པོ། ཡང་སྒོས་ ཐུན་མོང་མ་ཡིན་པ། སྡོམ་པ་རྒྱ་མཚོ་དང༌། རིན་ཆེན་རྒྱ་མཚོའི་སྙིང་པོ་ཁོལ་ཕྱུང་དུ་བཞེད་དོ། ། ཕྱག་ཆེན་གའུ་མ་ནི། ཁྱུང་པོས་འདིའི་རྩ་ཚིག་ཏ་ལའི་ལོ་མ་ལ་བྲིས་ཏེ། ཙན་དན་གྱི་ གའུར་བཅུག་ནས། གཅེས་སྤྲས་ཆེན་པོས་བསྣམས་ཏེ་བྱོན་པས། གའུ་མར་མཚན་ཐོག་པ་སྟེ། ཐབས་ཤེས་གཉིས་ཀྱི་གའུར་རིག་པ་སེམས་ཀྱི་ནོར་བུ་བཅུག་པ་སོགས་ཀྱི་སྒྲ་བཤད་བྱེད་པ་ ནི་སྙིང་པོས་དབེན་པའི་འཆལ་གཏམ་ཙམ་མོ། ། འདིའི་སྦྱོར་དངོས་རྗེས་གསུམ་གྱི་གདམས་ངག་ནི། མཁའ་འགྲོ་ནི་གུའི་གསུང་ལས་ ནམ་ཡང་མི་འདའ་ལ། རྟོགས་པ་དོན་གྱི་བརྒྱུད་པ་ནི། མཁའ་འགྲོ་ནི་གུ། སུ་ཁ་སིདྡྷི། མཻ་ཏྲི་ པ་གསུམ་གྱི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་བ་ཡིན། ངོ་སྤྲོད་ཀྱི་སྐབས་གྲུབ་ཆེན་ཁྱུང་པོས། ཕྱི་རོལ་ཡུལ་ལ་སྣང་སྟོང་རྒྱ་ཡིས་གདབ། །རིག་པ་སེམས་ལ་གསལ་སྟོང་རྒྱ་ཡིས་གདབ། ། རང་ལུས་ལྷ་སྐུ་བདེ་སྟོང་རྒྱ་ཡིས་གདབ། །ཅེས་རྒྱས་གདབ་གསུམ་གྱི་ཐ་སྙད་མཛད་ལ། རྗེ་ རྨོག་ཅོག་པས་ཆོས་དྲུག་གི་རྟོགས་པ་བསམ་གྱིས་མི་ཁྱབ་པ་འཁྲུངས་པའི་ཚེ། གྲུབ་ཆེན་ཁྱུང་ 24-1-75 པོ་མི་བཞུགས་པས། དེའི་གོལ་ས་གཅོད་པའི་ཕྱིར། རྗེ་སྒམ་པོ་ལ་ཕྱག་ཆེན་གསན། གནས་ ལུགས་རྟོགས་པའི་བོགས་འདོན་མཐར་ཐུག་པ་བྱུང༌། དེ་ནས་རྗེ་དྭགས་པོའི་བཞེད་པ་དང་ བསྟུན། རྒྱས་གདབ་དང་བྲལ་བའི་ཐ་སྙད་མཛད་དོ། ། ལམ་ཁྱེར་གསུམ་ནི། ཆོས་དྲུག་གི་སྒྱུ་ལུས་དབང་པོ་རབ་འབྲིང་གསུམ་ལས་འཕྲོས་པ་ ཡིན་པས་ཡལ་ག་ཞེས་གྲགས། འཆི་མེད་འཆུག་མེད་ནི། འོད་གསལ། སྒྱུ་ལུས། ཕྱག་ཆེན་ རྣམས་ཀྱི་སྙིང་པོ་དྲིལ་བ་ཡིན་པས། འབྲས་བུ་འཆི་མེད་ཅེས་གྲགས་སོ། ། {སུ་ཁ་ཆོས་དྲུག་ནི།} གྲུབ་ཆེན་ཁྱུང་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་རྒྱུད་ གཞུང་དང་འབྲེལ་བའི་ཚིག་བརྒྱུད་ཆེར་མ་གསན་ཀྱང༌། སྙིང་པོ་དོན་གྱི་གདམས་ངག་གསན་ པ་དང༌། ཟབ་མོའི་དབང་བསྐུར་བ་དང༌། གྲུབ་ཆེན་ཉིད་བརྒྱུད་འཛིན་དང་བཅས་པ་ཐམས་ ཅད་ལ་རྒྱུད་བྱིན་གྱིས་བརླབས་པ་སྟེ་གསུམ་གྱི་སྒོ་ནས་བཀའ་དྲིན་བླ་ན་མེད་པར་མཛད། འདི་ལ་གསང་སྒྲུབ་མན་ངག་གཟེར་གསུམ་ལ་སོགས་པ་ཆོས་སྐོར་ཤིན་ཏུ་ཟབ་པར་བཞུགས་ པ་ལས་སུ་ཁ་ཆོས་དྲུག་ཏུ་གྲགས་པ་ལ་ཡང་གཟེར་གསུམ་གྱི་ལྟེ་བར་སྤྲུལ་འཁོར་ལ་བརྟེན་ ནས་བྱུང་བ་ཡིན་ཞིང༌། འདི་ལ་ཡིག་རྙིང་དུ་མངོན་པ་ཅིག་བཞུགས་མོད་ཀྱང་སྔོན་དུས་དར་ རྒྱས་ཆེར་མེད། ཕྱིས་སྐུ་ཞང་མཁྱེན་རབ་རྗེས་ཤིན་ཏུ་དར་བར་མཛད་དོ། ། བདག་མེད་མའི་ནང་ཁྲིད་ནི། དམ་པ་སངས་རྒྱས་ཀྱི་ཞང་བོ་བྲམ་ཟེ་ཨཱརྱ་དེ་ཝ་གྲུབ་པ་ ཐོབ་པའི་ཆོས་ཡིན་ཅིང༌། སུ་ཁའི་ཆོས་སྐོར་འདི་ཀུན་ལ་ཁྱུང་པོའི་དུས་ཀྱི་གདམས་ངག་རྩ་བ་ རེ་དང༌། རི་གོང་དཔལ་གྱི་ཡང་དགོན་དུ། མཁའ་འགྲོ་ཉིད་ཀྱིས་ཞག་བདུན་གྱི་བར་དུ་གཉན་ སྟོན་ཆེན་པོ་ལ་དངོས་སུ་གདམས་པའི་ཟབ་ཁྱད་འདོན་རྒྱུ་རེ་ཐམས་ཅད་ལ་ཡོད་དོ། ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ནི། ནཱ་རོ་མཻ་ཏྲི་ནས་མར་མིའི་བར་དུ་གདམས་ངག་ ས་བོན་ཙམ་ལས། རྒྱས་པར་མི་བཞུགས་ལ། མཉམ་མེད་དྭགས་པོ་ལྷ་རྗེ་ལ། རྗེ་མི་ལས་ 24-1-76 ལུང་བསྟན་པ་ཐོག་ཏུ་བབས། གཏུམ་མོ་ཉིད་ལ་རྩལ་དུ་བཏོན་ནས་སྒོམ་པས། གཉལ་གྱི་སེ་ བ་ལུང་དུ་ལོ་དྲུག་ལ་རྟོགས་པ་གོང་འཕེལ་དུ་སོང་། འོལ་ཁ་དགེ་ལུང་དུ་ལོ་གསུམ་བཞུགས་ དུས་གནས་ལུགས་ཀྱི་རྟོགས་པ་མཐར་ཕྱིན་པ་བརྙེས། བརྩོན་འགྲུས་ཅན་འགའ་ཞིག་མ་ གཏོགས་གཞན་ལ་བཤད་ཀྱང་མི་ཕན་དགོངས། ལོ་ཤས་གཞན་ལ་མ་གསུངས། རྣལ་འབྱོར་ ཆོས་གཡུང་སོགས་འགའ་ཞིག་ལ་ཅུང་ཟད་གསུངས་པས། མར་མེ་གཅིག་ལས་གཉིས་ མཆེད་པ་བཞིན་དཀའ་བ་གང་ཡང་མི་དགོས་པར་རྟོགས་པ་མཐར་ཕྱིན་པ་ཤ་སྟག་བྱུང་བས་ རྒྱ་ཆེར་སྤེལ། ཕྱག་རྒྱ་ཆེན་པོའི་མངའ་བདག་གཞན་ཕན་ཀུན་ཁྱབ་ཏུ་གྱུར་པ་ཡིན། དེ་ཕྱིན་ ཆད་བོད་དུ་སྦྱར་བ་གསང་སྔགས་གསར་རྙིང་དུ་གྲགས་པའི་སེམས་ཁྲིད་ཕལ་ཆེ་བ་ཡང་འདི་ ལ་{བསྒྲུན་པ་[བཀྲུན་མ་]བྱས་པ་ཤས་ཆེའོ། ། ལྔ་ལྡན་ནི་ངོ་བོ་[དེ་]ཉིད་དང་{བྲལ་བས་[འདྲ་བ་ལས་]ཕག་གྲུའི་ཚོགས་ཆོས་ གསུངས་པའི་གནད་ཆེ་བ་འགའ་ཞིག་རྗེ་འབྲི་གུང་པས་རྩལ་དུ་བཏོན་པས། ལྔ་ལྡན་འབྲི་ གུང་པའི་ཁྱད་ཆོས་ཞེས་གྲགས་པ་ཡིན་ནོ། །ཡི་གེ་བཞི་པ་ཡང་འགྲོ་མགོན་ཕག་གྲུས་དགེར་ སྒོམ་ཞིག་པོ་ལ་ཇི་ལྟར་གནང་བའི་རིམ་པ་བཞིན་ཡིན་ལ། ཕྱིས་རྒྱང་རོ་གསེར་སྡིངས་པ་ཡབ་ སྲས་ཀྱིས་དར་རྒྱས་སུ་མཛད་པ་ཡིན་ནོ། ། སྐུ་གསུམ་ངོ་སྤྲོད་ནི། བྱིན་རླབས་དོན་བརྒྱུད་བླ་མ་གོང་མ་རྣམས་ལ་འདེད་པ་ཙམ་མ་ གཏོགས་ཀརྨ་པག་ཤིའི་ཐུགས་ལ་འཁྲུངས་པའི་ཆོས་ཡིན་ཅིང༌། གྲུབ་ཐོབ་ཨོ་རྒྱན་པ་ལ་ཁོ་ རང་གི་ཆོས་ཐམས་ཅད་ཀྱི་དོན་བརྒྱུད་གཏད་སྐབས་ཀྱང༌། འདི་ཁོ་ན་གནང་བ་ཡིན་ཅེས་ ཟེར། རླུང་སེམས་དབྱེར་མེད་ཀྱང་ཀརྨ་ཀམ་ཚང་ཉིད་ལ་གྲགས་པའི་ཟབ་ཆོས་སུ་གནང༌། ཆོས་དྲུག་སྲས་མཁར་མ་ནི། རྗེ་མར་པས་སྲས་མདོ་སྡེ་འབུམ་ལ་གནང༌། ཤོག་དྲིལ་རྣམས་ སྲས་མཁར་དུ་གཏེར་དུ་སྦས། གཏེར་སྟོན་ཆོས་དབང་རིན་པོ་ཆེས་གཏེར་ནས་ཕྱུང༌། ཞལ་ 24-1-77 བཤུས་ནས་མ་ཕྱི་རང་གནས་སུ་བཞུགས་སུ་གསོལ། ལྷ་རིན་ཆེན་དབང་གི་རྒྱལ་པོའི་ཆོས་ སྐལ་དུ་མཁྱེན་ནས་གནང༌། ལྷ་པ་ལས་རྒྱ་ཆེར་འཕེལ། གཉོས་པ་རྣམས་བར་སྐབས་སུ་བཀའ་ བརྒྱུད་ཀྱི་བསྟན་འཛིན་དུ་བཞུགས་པ་ཡིནའང༌། བཀའ་བརྒྱུད་ནང་སེལ་ཟུར་ཟློས་ལ་བརྟེན་ པའི་ཆོས་འདི་ལ་འཐིང་སླད་བྱེད་པའང་འགའ་རེ་བྱུང་སྣང་ངོ་། ། རྔོག་པས་བསྲེ་འཕོར་གྲགས་པ་ནི། དགྱེས་རྡོར་རྩ་བཤད་ཀྱི་དགོངས་དོན་མན་ངག་ ཟབ་མོ་བླ་ན་མེད་པ་ཡིན་ཅིང༌། དེ་ཡང་མངའ་བདག་མར་པས། རྒྱ་གར་ལན་རྟིང་མ་བསྐོར་ བའི་སྐབས། བླ་མ་སེནྡྷེ་པས་ལུང་བསྟན། དཔལ་ནཱ་རོ་པའི་ཞབས་རྗེས་ལ་ཞག་བདུན་ གསོལ་བ་བཏབ་པས་དངོས་སུ་ཞལ་གཟིགས། བྱིན་རླབས་ཞུ་དགོངས་ཏེ་རྒྱུགས་ཀྱང་རྗེས་ མ་ཟིན། ཐོད་པ་རྣམ་སྣང་གིས་གང་བ་བདུད་རྩིར་བྱིན་གྱིས་རླབས་པ་བོར་འདུག་པས། གསོལ་ བ་ཙམ་གྱིས་ཏིང་ངེ་འཛིན་དཔག་ཏུ་མེད་པ་འཁྲུངས། ཡང་གསོལ་བ་བཏབ་པས་ཞག་བདུན་ ནས། དཔལ་ནཱ་རོ་པ་ཆེན་པོ་དང་མཇལ། ཁྱོད་ཅི་འདོད་གསུངས། དགྱེས་རྡོར་བཤད་པར་ ཞུས་པས། ལྷ་དགུའི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར། རྒྱུད་དང་གདམས་པ་ཚར་ གཅིག་གསུངས། དབང་དོན་ཇི་བཞིན་དུ་ངོ་འཕྲོད་ཅིང་ཐེ་ཚོམ་ཐམས་ཅད་ཆོད་དོ། །ད་དུང་ བདེ་མཆོག་དང་གསང་འདུས་ཞུའམ་སྙམ་པ་ལ། ཁྱོད་ཀྱིས་དགྱེས་རྡོར་གོའམ་གསུངས། གོ་ ལགས་ཞུས་པས་འོ་ན་དེས་ཆོག་མོད་གསུངས་ནས་མི་སྣང་བར་སོང་ངོ་། །སྔ་ཕྱིར་མངའ་ བདག་མཻ་ཏྲི་པ་ཡུན་རིང་དུ་བསྟེན་ཅིང༌། རྒྱུད་གདམས་ངག་མཐའ་ཡས་པ་གསན་ནའང༌། ནཱ་ རོའི་ལུགས་གཙོ་བོར་མཛད་པའང་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་གནད་ཀྱིས་ ཡིན། འདི་སྐབས་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལོ་རྒྱུས་ལ་འདྲ་དཔེ་བླངས་ནས་མར་པས་ དབང་ཞུ་ས་འདམ་ཀ་ནོར་བའི་ལོ་རྒྱུས་འཆད་པ་སོགས་ལ་སྙིང་པོ་ཅི་ཡོད། སྙན་གྱི་ཤོག་དྲིལ་ བཞི་ནི། དགྱེས་རྡོར། གསང་འདུས། མཧཱ་མཱ་ཡ། གདན་བཞི་རྣམས་ཀྱི་ཟབ་དོན་ཁྱད་པར་ཅན་ 24-1-78 རེ་རེ་ཡིན་ཅིང༌། མཚུར་སྟོན་དབང་གི་རྡོ་རྗེས་རྗེ་མར་པ་ལ་འབུལ་ཆེན་བཞི་ཕུལ་བའི་སྐབས་ སོ་སོར་གདམས་ངག་རེ་རེ་གནང་བ་ཡིན་ལ། འདི་ལ་ཡིག་རྙིང་མང་དུ་བཞུགས། ཤོག་དྲིལ་ བཞིའི་མིང་ཅན་གསར་པ་ཟོང་མ་ཞིག་དེང་སང་ཀུན་ཁྱབ་ཏུ་འདུག་གོ །རས་ཆུང་སྙན་བརྒྱུད་ ནི། བརྒྱུད་པ་བཅུ་གསུམ་དུ་ཆིག་བརྒྱུད་ཡིན་པར་གྲགས་ལ། ཞང་ལོ་གྲུབ་པ་དཔལ་ནས་རྒྱ་ ཆེར་དར་བ་ཡིན་ནོ། ། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུར་གྲགས་པ་ནི། སྔོན་གྲུབ་ཐོབ་ཏིལླི་པས། ཨཽ་ ཊཱི་ཡ་ན་ནས་ཚུར་བྱོན་དུས་ནུབ་རེ་བཞིན་མཁའ་འགྲོ་མ་རྣམས་ཀྱི་ལུས་མི་སྣང་བར་རྩ་ཚིག་ རྣམས་ནམ་མཁའ་ནས་བསྒྲགས་པས། ལུས་མེད་མཁའ་འགྲོའི་ཆོས་སུ་གྲགས་ཤིང༌། མཁའ་ འགྲོ་དེ་ངོ་བོ་ཕག་མོ་དོན་གྲུབ་མ་ཡིན་ཡང་གསུངས། དང་པོ་བཞི་མར་པ་དང་ཕྱི་མ་ལྔ་རས་ ཆུང་པས་རྒྱ་གར་ནས་འབད་དེ་བཙལ་བ་ཡིན་ནོ། ། འགྲོ་མགོན་ཞང་གི་ཆོས་སྐོར་ནི། ཐུན་མོང་བ་འབྲི་སྒོམ་དང་དྭགས་པོའི་ལུགས། ཐུན་ མོང་མ་ཡིན་པ་རྒྭ་ལོ་དང༌། བཻ་རོའི་ལུགས་རྣམས། བདེ་མཆོག་ཡིན་ངེས་རྒྭ་ལོ་ཙྭ་བ། ཕག་མོ་ ཡིན་ངེས་མལ་ཡེར་པ་བ། སྒྲོལ་མ་ཡིན་ངེས་རྒྱ་གར་བཻ་རོ། སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ངེས་ དྭགས་པོ་སྒོམ་ཚུལ་ཏེ། ཡིན་ངེས་རྣམ་བཞིའི་ཞལ་གདམས་ཀྱི་སྙིང་པོ་ཐབས་ལམ་{བརྒྱ་ རྩའི་[ཟབ་རྒྱའི་]སྐོར་དང༌། གྲོལ་ལམ་གདམས་པ་ཤོག་ཅིག་མ་ལྟར་སྐལ་ལྡན་ཅིག་ཅར་དུ་ ངོ་སྤྲོད་པ་ཡིན་ནོ། ། རྒྭ་ལོའི་སྦྱོར་དྲུག་ནི། རྒྭ་ལོས་ཙཱ་མི་ཆེན་པོ་ལ། ལས་དང་པོ་པ་ནས་སངས་མ་རྒྱས་ཀྱི་བར་ དུ་དམིགས་པ་སྤོ་མི་དགོས་པའི་གདམས་ངག་ཞུས་པས། བསྐྱེད་རིམ་འཁོར་ལོ་བདེ་མཆོག་ དང༌། རྫོགས་རིམ་སྦྱོར་དྲུག་སྟན་ཐོག་གཅིག་མ་གནང༌། ལོ་བདུན་སྒོམ་པས་དྲོད་ཆེན་པོ་ཐོབ། དུར་ཁྲོད་བསིལ་བ་ཚལ་དུ་ཟླ་བ་བཅུ་གཅིག་སྤྱོད་པ་མཛད། གཏུམ་མོ་ཞག་བདུན་མ་ཡང་དེ་ 24-1-79 དུས་མཁའ་འགྲོས་གནང་བ་ཡིན། དེ་ནས་རྒྱ་བོད་ཐམས་ཅད་གྲུབ་ཐོབ་རྩོད་མེད་དུ་གྱུར། གྲུབ་རྟགས་མཐའ་ཡས་པ་མངའོ། ། ཐེལ་ལུགས་ཀྱི་ཆོས་སྐོར་དུ་གྲགས་པ་ནི། རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་ཞེས་[གྲགས་] པ་དེ་ཉིད་ནས་མགོ་བཟུང་སྟེ། གདན་ས་ཐེལ་བ་རྣམས་ཀྱི་བཀའ་སྲོལ་ལ་ཟེར་བ་ཡིན་ཏེ། སྔོན་འགྲོ་མགོན་ཕག་མོ་གྲུ་པས། མགོ་སྟོན་ཆོས་བློ་ལ་གནང་བའི་ཐབས་ལམ་ཚིགས་བཅད་ མ་སོགས་སོར་བཞག་པའི་སྒོ་ནས་འཁྲིད་པ་རྣམས་ཡིན་ལ། ཕྱིས་སྤྱན་སྔ་བསོད་ནམས་རྒྱལ་ མཚན་པའི་ཡི་གེ་ལྟར་བྱེད་དོ། ། འབྲི་གུང་དགོངས་གཅིག་གི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་རྣམས་ནི། འཇིག་རྟེན་ མགོན་པོ་གཡེ་ཆུང་ཕུ་ལུང་གི་དབང་མོ་ཕུག་དགོན་དུ་བཞུགས་པའི་སྐབས་{ཆོས་བཅུ་[བཅུ་ ཆོས་]དང་གསུམ་ཆོས་ཐུགས་ལ་ཤར། རྟེན་འབྲེལ་གྱི་གནད་ཐམས་ཅད་མཁྱེན། གྲུབ་མཐའ་ འདི་རྣམས་ཐུགས་ལ་སྐྱེས། ཕྱིས་མདོ་སྡེ་རབ་འབྱམས་གཟིགས་དུས་ཀྱང༌། བཀའི་དགོངས་ དོན་དེ་ཁོ་ན་བཞིན་དུ་འདུག་སྐད། འདི་རྣམས་ཕལ་ཆེ་བ་དོན་ཤིན་ཏུ་བཟང་ཡང་ཚིག་གཞན་ དང་མི་མཐུན་པས་ཕལ་ཆེར་གྱིས་འགོག་ཅིང༌། རྗེས་འཇུག་ཚོ་ཡང༌། སངས་རྒྱས་མྱ་ངན་ ལས་འདས་ནས་སུས་ཀྱང་མ་བསྐོར་བའི་ཆོས་འཁོར་ཞིག་འདིར་བསྐོར་ཟེར། གཞན་ཀུན་དང་ མི་མཐུན་པའི་གནོང་བསྐུར་འདུག་སྟེ། གནད་མ་དགོངས་པ་འདྲའོ། ། སྟག་ལུང་ཆོས་དྲུག་ནི། ནཱ་རོ་ཆོས་དྲུག་གཞན་ལས་ཟབ་ཁྱད་དུ་བྱེད་པའི་གནད་འགའ་ རེ་ཡོད་ཅིང༌། འགྲོ་མགོན་ཕག་གྲུའི་དགོངས་པ་ལས་གཞན་དུ་ཡེ་མ་འཁྱོགས་པ་ཞིག་གོ ། དཔལ་ལྡན་འབྲུག་པར་གྲགས་པ་འགྲོ་མགོན་གཙང་པ་རྒྱ་རས་ལ་བཞུགས་པའི་གདམས་ ངག་རྣམས་སྡོང་པོ་གསུམ་སྒྲིལ་དུ་འདུ་བར་གྲགས་ཏེ་སྡོང་པོ་གསུམ་ནི། ལྟ་བ་སྒམ་པོ་ ལུགས། གདམས་ངག་རས་ཆུང་ལུགས། རྟེན་འབྲེལ་ཁོ་བོ་ལུགས། ཞེས་པ་རྣམས་སོ། །དེའི་ 24-1-80 དང་པོ་ནི། ཕྱག་ཆེན་རྗེ་སྒམ་པོ་པ་ནས་ཕག་གྲུ་ལའང་བརྒྱུད་པ་སྟེ་ལྷན་ཅིག་སྐྱེས་སྦྱོར་ཉིད་ ཡིན། གཉིས་པ་ནི། ལུགས་འདིའི་དབང་དང་གདམས་ངག་ཤས་ཆེ་བ་ཉིད་དེ། ལོ་གཙང་ སུམ་པ་ནས་བརྒྱུད་པ་ཡིན་ལ། དེ་གཉིས་གཙོ་བོར་གླིང་རས་ལས་བརྒྱུད། གསུམ་པ་ནི། རྒྱ་ རས་ཉིད་ཀྱིས་སངས་རྒྱས་རབས་བདུན་ཞལ་གཟིགས་པ་ལ་གསན་པའོ། །དེ་དག་ལས་ལག་ ལེན་ཉེར་མཁོ་བླ་སྒྲུབ་ལ་བྱིན་རླབས་ཀྱི་བརྒྱུད་པའི་དབང་དུ་བྱས་ནས་ཆོས་དྲུག་དང་མཐུན་ལ། གདམས་ངག་ངོ་བོ་ནི། བི་བྷུ་ཏི་ཙནྡྲའི་གཞུང་གི་རྗེས་སུ་འབྲངས་སོ། ། རོ་སྙོམས་སྐོར་དྲུག་ལ་ཆ་ཚང་པའི་ས་བོན་ཙམ་ནི། ལུས་མེད་མཁའ་འགྲོའི་ཆོས་སྐོར་གྱི་ ནང་ན་བཞུགས་པ་དེར་སྣང་ལ། ད་ལྟའི་རོ་སྙོམས་ཆེན་མོ་འདི་ནི། རྗེ་རས་ཆུང་པས་མཁར་ ཆུར་གཏེར་དུ་སྦས་པ། རྒྱ་རས་ཀྱིས་ཕྱུང་བར་གྲགས་པའི་གཏེར་མ་དང༌། བཀའ་མ་སྙན་ བརྒྱུད་ཀྱི་ཚུལ་དུ་བཞུགས་པ་གཉིས་འདུས་ཡིན་པར་བྱེད་དོ། །གདམས་ངག་དེ་དང་འཁྲིད་ ཆེན་བརྒྱད་ཀྱིས་ཁྲིད་པ་ལ་རྒྱ་རས་ཀྱི་སློབ་བརྒྱུད་ཐམས་ཅད་མཐུན་ཀྱང༌། འདིར་བརྒྱུད་པ་ སེང་གེ་དགུ་ཚར་སོགས་བར་འབྲུག་ཉིད་འདེད་དོ། ། སྨད་འབྲུག་ཏུ་གྲགས་པ་ནི། རྗེ་ལོ་རས་ཀྱིས་བྱང་དབུ་རི་སོགས་སྨད་ཕྱོགས་སུ་དགོན་ གནས་བཏབ། འགྲོ་དོན་ཆེ་བར་བྱུང་བ་ཡིན་ཏེ། ཁྱད་ཆོས་ཐུབ་པ་ལྔ་ལྡན་གྱི་འཁྲིད་མཛད་ དོ། ། སྟོད་འབྲུག་ནི། རྒྱལ་བ་རྒོད་ཚང་པ་རྗེས་འབྲང་དང་བཅས་པ་ཡིན་ལ། དེའི་སྲོལ་འཛིན་ གྱི་གཙོ་ཆེ་ཤོས་རང་རྒྱལ་པ་ཡང་དགོན་པ་ཡིན་ཅིང༌། ཁོང་གིས་བོད་ཡུལ་གྱི་གསང་སྔགས་ གསར་རྙིང་གི་གདམས་པ་ཟབ་དགུ་ལས། སྒྲུབ་པ་པོ་ལ་ཉེ་བར་མཁོ་ཚད་བསྡུས་པ་ཡོན་ ཏན་ཀུན་འབྱུང༌། བར་དོ་འཕྲང་སྒྲོལ། རྡོ་རྗེ་ལུས་ཀྱི་སྦས་བཤད་སོགས་རི་ཆོས་སྐོར་གསུམ་ ཡན་ལག་དང་བཅས་པ་མཛད་དོ། །མགོན་པོ་ཕྱག་བཞི་པའི་སྐུ་རགས་མའི་ཁྲིད་སྲོག་ཐིག་ཏུ་ 24-1-81 གྲགས་པ་ནི། སྤྱིར་རྒྱ་བལ་ཀུན་ན་མགོན་པོའི་རིགས་ལ་ཕྱག་བཞི་པ་གྲགས་ཆེ་བས། བོད་ཀྱི་ ལོ་ཙཱ་བ་ཐ་དད་ལས་བརྒྱུད་པ་མང་ཡང༌། དཔལ་ཆེན་རྒྭ་ལོ་མགོན་པོ་བྲན་བཞིན་དུ་འཁོལ་ བ་ཡིན་པས་ལུགས་འདི་ལ་འགྲན་ཟླ་མེད་པ་ཡིན་ལ། དེ་ལའང་ཙཱ་མི་དང༌། ཨ་བྷྱ་ལ་གསན་ པའི་སྐོར་དང་། བསིལ་བ་ཚལ་ནས་གཏེར་ནས་ཕྱུང་བ་དང༌། མགོན་པོ་ལས་མཁན་དང་ བཅས་པས་དངོས་སུ་བཤད་པ་སྟེ་གསུམ་དང༌། ཁོང་ཉིད་ཀྱི་ཐུགས་ལས་འཁྲུངས་པའི་མན་ ངག་ཀྱང་དཔག་ཏུ་མེད་པ་ཡོད། འདིར་མཆོག་སྒྲུབ་ཀྱི་སྐོར་འདི་རྣམས་རྒྭ་ལོའི་བུ་ཆེན་ཁམས་ པ་ཨ་སེང་ལ་ཕག་གྲུས་གསན། བེ་བུམ་སྐུ་རགས་ལ་གདམས་པ་སོགས་རྩིས་པོ་ཆེར་མཛད་ པས། སྐུ་རགས་མར་གྲགས་པ་ཡིན་ཅིང༌། འདི་ལའང་འཁོར་ལོ་བཞི་མ་དང༌། ལྔ་མ་མི་ཟབ་ པའི་ལུགས་དང༌། གཉིས་མ་དང༌། གཅིག་མ་ཟབ་གནད་མཐར་ཐུག་ཏུ་མཛད་ཀྱང༌། འདིར་ ཐམས་ཅད་གཅིག་དྲིལ་དུ་དྲིལ་བ་ཡིན། སྔོན་དུས་འདིའི་ལས་ཚོགས་དར་ཡང་མཆོག་སྒྲུབ་འདི་ དཀོན་པས། བྱ་རོག་མ་ནི་ཤིན་ཏུ་དཀོན། །བྱ་འདྲ་ཞིག་གིས་ས་གཞི་ཁྱབ། །ཅེས་[གྲགས་] སོ། ། གུར་གྱི་ནང་ཁྲིད་ནི། འདི་ཕྱོགས་སུ་བསླན་པའི་ཡིག་རྙིང་ཡིག་འཕྲེང་གསུམ་ཙམ་བྱས་པ་ ཞིག་མ་གཏོགས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཡན་ཆད་དུ་བྱོན་པའི་ ཡིག་རིགས་མེད། ཞལ་སློབ་ལས་ཚོགས་ཀྱི་མན་ངག་ལ་ཤིན་ཏུ་མཁས་པར་གྲགས་པ་ཡར་ ལུང་པ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་འདི་སྙན་བརྒྱུད་ཡི་གེར་འཁོད་པའི་ཐོག་མ་ཡིན་ པར་འདོད་དོ། ། དོ་ཧ་སྐོར་གསུམ་ལས་དམངས་དོར་གྲགས་པ་དོ་ཧ་མཛོད་ཀྱི་གླུ་དང༌། དོ་ཧའི་ཆིངས་ ཀྱི་གླུ་ཞེས་བྱ་བ་ལ་སོགས་པ་འཕགས་ཡུལ་དུ་སྔོན་དུས་ནས་ཡོད་པ་ཧ་ཅང་དར་རྒྱས་མི་ཆེ་ བས། རིན་ཆེན་རི་བོ་དང༌། ལྷའི་རི་བོ་ཞེས་པའི་གཙུག་ལག་ཁང་གཉིས་ན་དཔེ་ཙམ་བཞུགས་ 24-1-82 པ་ལས། གདམས་ངག་གི་རྒྱུན་ཆད་པ་ལྟར་གྱུར་པ་མངའ་བདག་མཻ་ཏྲི་པས་ཤཱ་བ་རི་པ་ལ་ གསན་ནས། ཆེས་དར་བར་མཛད། སྐུ་འདའ་ཁར་ཐུགས་སྲས་བཞིའི་ནང་གི་རྒྱ་གར་ཕྱག་ ན་ལ་བྱང་ཕྱོགས་སུ་འགྲོ་དོན་གྱིས་ཤིག་པར་ལུང་བསྟན་པ་ལྟར། བལ་བོད་ཐམས་ཅད་དུ་ འགྲོ་དོན་ཆེར་བྱུང༌། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་ གཉིས། བཀའ་ཡིས་བསྐུལ་བའི་ཆོས་བཞི་རྣམས་ཀྱི་བཤད་སྒྲུབ་ཤིན་ཏུ་དར་བར་མཛད། དོ་ ཧ་མཛོད། སྔ་གོང་ཇོ་བོ་རྗེས་ལྡོག་གི་ཚད་སྣར་བཤད་པའི་དབུ་གཙུགས་ཤིང༌། ནག་ཚོ་ལོ་ཙཱ་ བས་ཅུང་ཟད་བསྒྱུར་བ་ན། རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། མར་མེ་ཅི་དགོས་ལྷ་བཤོས་ ཅི་དགོས། ཞེས་སོགས་རྣམས་བོད་ལ་མི་ཕན་པ་ཅིག་ཡོང་བ་འདྲ་ཞེས་གསུངས། ཕྱིས་ མཆིམ་ཕུར་འཕྲོ་ནས་བསྒྱུར་བས། དུག་གི་སྔགས་ཅན་དུག་གིས་མི་ཚུགས་བཞིན། །ཞེས་ པའི་སྐབས་སུ་འདི་བོད་ལ་གནོད་པ་ལས་མི་འོང་ཞེས་ཕྱིན་ཆད་མི་བསྒྱུར་བར་གསོལ་ནས། བསྒྱུར་ཟིན་པ་ཡན་ཆད་ཀྱི་དཔེ་མཆོད་རྟེན་ཞིག་ཏུ་བཞུགས་སུ་གསོལ་སྐད། མངའ་རིས་སུ་ ལོ་ཙཱ་བ་གཞན་ལ་བརྟེན་ནས་ཚར་གཅིག་བསྒྱུར་ཟིན་པ་ཡང་གྲགས། དབུས་གཙང་དུ་མ་ དར། ཕྱིས་རྟིང་བརྒྱུད་པ་གཞན་ལས་བྱུང་བ་ཡང་ཡོད་མོད་ཀྱི། གཙོ་བོར་རྒྱ་གར་ཕྱག་ནས། ཇོ་གདན་མངའ་རིས་པ་ཞེས་བྱ་བ་ལ། ཁྱོད་དབུ་མ་དང་སེམས་ཕྱོགས་ལ་མཁས་པས། སྙིང་ པོའི་སྐོར་གྱི་བདག་པོ་གྱིས་ཞེས་ལུང་བསྟན་པ་ལྟར། དེ་ལས་འཕེལ་ཞིང་དོ་ཧ་གཞན་གཉིས་ རྒྱ་བལ་ན་ནི་གྲགས་ཆུང་ལ། བོད་དུ་ཤིན་ཏུ་དར་བ། དེ་ཡང་བལ་བོ་ཨ་སུ་ཁོ་ན་ལས་བརྒྱུད་པ་ འདེད་དགོས་སོ། ། གྲུབ་ཐོབ་ཆོས་དྲུག་ཏུ་གྲགས་པ་ནི། སངས་རྒྱས་པའི་སློབ་དཔོན་དུ་གྱུར་པ་གྲུབ་ཐོབ་ བརྒྱད་ཅུ་རྩ་བཞིས་བསིལ་བ་ཚལ་གྱི་གནོད་སྦྱིན་མོ་སྡུག་བསྔལ་གྱིས་ཉམ་ཐག་པའི་དོན་དུ་ རིན་ཆེན་ཕྲེང་བ་ཞེས་བྱ་བ། མཁའ་འགྲོ་མ་ཀོ་ཀི་{ལི་}ལ་དང༌། དྷརྨ་{བི་[ཝཾ་]ཤ་ཞེས་བྱ་བ་ 24-1-83 གཉིས་ལ་གསུངས་ཤིང༌། དེ་གཉིས་ཀྱིས་གནོད་སྦྱིན་མོ་ལ་བསྟན། དེས་ཀྱང་འདི་བསྒོམས་ པས་བདེན་པ་མཐོང་བའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆེན་མོར་གྱུར་ཏོ། །སྤྱིར་གྲུབ་ཐོབ་ བརྒྱད་ཅུ་རྩ་བཞིར་གྲགས་པ། རལ་གྲི་ཁྱུ་མཆོག་རོ་ཙ་ན། །ཞེས་པ་ནས། རྨ་བྱ་གཏེར་གྱི་ བུམ་པའོ། །ཞེས་པའི་བར་དུ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པའི་དངོས་གྲུབ་རེ་རེ་ གྲུབ་ཅིང༌། གང་གྲུབ་པའི་དངོས་གྲུབ་དེ་ཉིད་ཀྱི་བདག་པོར་གྱུར་ནས། གཞན་{ལས་མྱུར་ བའི་[ལ་སྦྱིན་པའི་]མཐུ་སྟོབས་ཅན་བརྒྱད་ཅུ་རྩ་བཞི་ཡོད་པ་གདོད་མ་ནས་གྲུབ་པའི་གྲུབ་ ཐོབ་ཡིན་ལ། འདིར་བསྟན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ནི། སྔགས་ཀྱི་སློབ་དཔོན་ཆེན་པོ་སྔ་ ཕྱིར་བྱོན་པ་ཤ་སྟག་ཡིན་ཅིང༌། ཕྱིས་ནུབ་ཕྱོགས་སཽ་རཥྚའི་ཡུལ་གྱི་ཆ་ཤས་ཀནྟ་མ་ར་ཞེས་ པར་རྒྱལ་པོ་ཀུནྫི་{ཀ་}ཞེས་བྱ་བ་ཞིག་གི་དུས། མཁའ་འགྲོ་མ་གཉིས་ཀྱིས་ཕོ་ཉ་བྱས་ཏེ་ གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་སྤྱན་དྲངས། ཚོགས་ཀྱི་འཁོར་ལོ་བསྐོར། རྡོ་རྗེའི་གླུ་རེ་ བླངས། རྒྱལ་པོས་ཀྱང་སྐུ་བརྙན་རེ་བཞེངས། སྐུ་དྲུང་དུ་དེ་དུས་བླངས་པའི་དོ་ཧ་རྣམས་བྲིས། ཕྱིས་རྒྱལ་རབས་ལྔའི་བར་དུ་ཡང་ལན་རེ་བྱོན་ཡང་ཟེར། དེ་སྐབས་པཎྜི་ཏ་དཔའ་བོ་འོད་ གསལ་གྱིས་གྲུབ་ཐོབ་རྣམས་མཇལ་བར་བཞེད་པ་ལ། ཞབས་རྗེས་མ་ཟིན། མཁའ་འགྲོ་ མ་གཉིས་ཀྱི་གདམས་ངག་ཐམས་ཅད་བསྟན་པས་གྲུབ་པ་བརྙེས། དོ་ཧ་ཐུང་ངུ་རྣམས་ཕྱོགས་ གཅིག་ཏུ་བསྡུས་པའི་གླེགས་བམ་མཛད་དོ། །དོ་ཧ་དང་རིན་ཆེན་ཕྲེང་བ་རྩ་བ་གཉིས་མི་ཉག་ ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱི་བསྒྱུར་བའི་རྒྱ་གཞུང་རྩོད་མེད་མཁས་པ་ཀུན་གྱི་ཡིད་ཆེས་ཅན་ ཡིན་ཅིང༌། ལོ་རྒྱུས་དང་འགྲེལ་པ་རྣམས་པཎྜི་ཏ་འཇིགས་མེད་དཔལ་གྱི་གསུང་ལ་ལོ་ཙཱ་བས་ ཟིན་བྲིས་བྱས་པ་ཡིན་པར་གྲགས་སོ། ། པདྨ་ལམ་རིམ་ནི། སློབ་དཔོན་པདྨའི་དགོངས་པ་རྫོགས་པ་ཆེན་པོའི་མན་ངག་གནུབས་ ཆེན་སངས་རྒྱས་ཡེ་ཤེས་ནས་བརྒྱུད། ཟུར་ཤཱཀ་འབྱུང་ལ་བཀའ་བབས་པའི་ཁུང་མ་རང་དུ་ 24-1-84 སྣང་ལ། གུ་རུའི་གཏེར་ཆོས་རྣམས་ཕར་བཞག བཀའ་མར་གྲགས་པའི་སྔ་འགྱུར་རང་{རྐང་ [སྣང་]ལ་རྫོགས་ཆེན་གྱི་ཆོས་སྐོར་ཕལ་ཆེ་བ་བི་མ་ལ་དང༌། བཻ་རོ་ཙ་ན་ནས་བརྒྱུད་པ་ཤས་ ཆེ་ཞིང༌། སངས་རྒྱས་གསང་བ་དང་གནུབས་ཆེན་གྱིས་བྲུ་ཤ་ནས་བླངས་པ་དང་རྒྱ་ནག་གི་ཧྭ་ ཤང་བདུན་བརྒྱུད་དང༌། རྒྱ་གར་གྱི་སློབ་དཔོན་བདུན་བརྒྱུད་སོགས་མང་གིས་སློབ་དཔོན་ པདྨ་ནས་བརྒྱུད་པའི་རྫོགས་ཆེན་ནི་འདི་ཁོ་ནར་མངོན་ནོ། ། རྒྱལ་པོ་བཀའ་འབུམ་གྱི་ལྷའི་སྒྲུབ་ཐབས་དང༌། ཞལ་གདམས་ཀྱི་རྩ་བ་རྣམས་ནི་ཆོས་རྒྱལ་ སྲོང་བཙན་སྒམ་པོས་མཛད་ངེས་པར་སྣང་བས། འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་ དངོས་དང༌། བོད་རང་གི་ཕ་ཆོས་རྙིང་མ་རང་དུ་འདུག འདི་རྣམས་སློབ་དཔོན་པདྨས་གཏེར་ ཏུ་སྦས་པ་ཡིན་པར་གྲགས་ཤིང༌། ལོ་རྒྱུས་དང་ཆ་ལག་ཤས་ཆེ་བ་ཞིག་ནི་གཏེར་སྟོན་གྲུབ་ ཐོབ་དངོས་གྲུབ་དང༌། ཉང་རལ་ལ་སོགས་པས་མཛད་ཡིན་ནོ། ། ནོར་བུ་མཐོང་གྲོལ་ནི། ཕྱག་རྫོགས་གཉིས་ཀའི་དོན་ཚང་བ་ཡིན་ལ། བྲམ་པ་ཀུན་ དགའ་བཟང་པོས་གཏེར་ནས་ཕྱུང་བ། ས་ར་ཧ། ཤཱ་བ་རི། མི་ཏྲ་ཛོ་ཀི། སློབ་དཔོན་པདྨ། ཡུམ་ ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་སྟེ། གྲུབ་ཆེན་ཡ་བརྒྱད་ཀྱི་དགོངས་པ་འདུས་པ་ཡིན་ནོ་ཟེར། སེམས་ཁྲིད་ཡིད་བཞིན་ནོར་བུ་ནི། རྗེ་དྭགས་པོས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ལ་ཆིག་བརྒྱུད་ དུ་གནང༌། ཁོང་གིས་ཀྱང་ཙཱ་རིའི་གནས་སྒོ་ཕྱེ། གདམས་པ་རྣམས་གཏེར་ཏུ་སྦས། ཕྱིས་དེ་ ཉིད་ཀྱིས་སྐྱེ་བ་དུང་མཚོ་རས་པས་གཏེར་ནས་ཕྱུང་སྟེ་དར་བར་མཛད་པ་ཡིན་ནོ། ། འདིར་སྨྲས་པ། དེ་ལྟར་རྒྱལ་བ་དགྱེས་པའི་ལམ་གྱི་མཆོག །མདོ་རྒྱུད་ཟབ་མོའི་དགོངས་ པ་ཁོལ་ཕྱུང་དང༌། །གྲུབ་ཐོབ་ཉམས་སྐྱུགས་གདམས་པ་ཆེར་ཟབ་པ། །བཞག་པར་འོས་ མིན་བརྒྱ་རྩ་བརྒྱད་པོ་ཡི། །བྱུང་ཁུངས་ལོ་རྒྱུས་ཤིན་ཏུ་ངོ་མཚར་བ། །ཕྱོགས་ཞེན་ཅན་གྱིས་ བསྒྲིགས་པའི་རྫུན་གཏམ་དང༌། །འཇིག་རྟེན་ཁ་སྐད་རྗེས་སུ་མ་འབྲང་པར། །ཡིད་ཆེས་ 24-1-85 ཁུངས་དང་ལྡན་པ་འདིར་བཀོད་དོ། །ཁྲིད་བརྒྱའི་ངེས་གནས་གསལ་མཛད་གང་དེ་ཡིས། ། བརྒྱུད་པའི་ཁུངས་ཀྱི་ལོ་རྒྱུས་འཕྲོར་མཛད་པ། །བདག་ཅག་རྣམས་ཀྱིས་ལེགས་བྱས་སྤེལ་ བའི་ཕྱིར། །དོན་ལྡན་དགོངས་པ་ཅན་གྱི་མཛད་པར་ངེས། །སྔོན་བྱོན་མཆོག་དེའི་དགོངས་ པ་སྐང་བ་དང༌། །སྐལ་མཉམ་གཞན་ལའང་ཕན་པར་འགྱུར་བའི་ཕྱིར། །ཅུང་ཟད་ཡི་གེར་ འགོད་པའི་ངལ་བ་ཡང༌། །དོན་ཅན་ཡིན་སྙམ་འདི་ལ་སྤྲོ་བ་སྐྱེས། །ཁྱད་པར་བླ་མ་མཆོག་ གི་ངེ་གསང་བཀའ། །གཅིག་ཏུ་བཅིངས་ནས་གང་ལ་སྩོལ་བ་འདི། །མ་ལུས་རྒྱལ་བ་སྲས་དང་ བཅས་རྣམས་ཀྱི། །འཕྲིན་ལས་ཡིན་པར་ནམ་ཡང་གདོན་མི་ཟ། ། དེ་ལྟར་ཁྲིད་བརྒྱ་བརྒྱུད་པའི་ལོ་རྒྱུས་ཀྱི་ཁ་སྐོང་འདི་ནི། རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་ པའི་བདག་ཉིད་རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཆང་ལྷ་དབང་གྲགས་པའི་ཞབས་དྲུང་དུ་བཀའི་ གནང་བ་ནོད་དེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་རྩ་གསུམ་པ་དང་པོར་ཚེས་པ་ལ་ བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ།། །།ཤུ་བྷ་མསྟུ་སརྦ་ཛཱ་ག་ཏཱཾ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ར། ༡༤༤ དང་འཛམ་པར་གཉིས་ལ་དཔེ་བསྡུར་བྱས།) སྔོན་མ་འཛམ་པར་མ་དང་ཕྱི་མ་འབྲས་གནས་བཅུའི་དཔེ་རྙིང་ཡིན།{ [ ] འཛམ་ཐང་པར་མ་ཁོ་ནར་ཡོད།{ } དབུས་བྲིས་མ་ཁོ་ནར་ཡོད།[ ] 24-1-86 ༄༅། །རིགས་ལྡན་གྱི་སྤྲུལ་གཞི་གསལ་བྱེད་ཡིག་ཆུང་ མཐོང་གྲོལ་ལགས། ༄༅། །ན་མོ་བུདྡྷཱ་ཡ། ཤམྦྷ་ལའི་ཡུལ་དུ་བྱོན་པ་དང་། འབྱོན་པར་འགྱུར་བའི་ཆོས་ རྒྱལ་རིགས་ལྡན་རྣམས་ཀྱི་ངེས་གནས་ལ། བདག་གི་འདོད་པའི་ཁྱད་པར་མི་འདྲ་བ་ཕྲན་ བུ་ནི། ཐོག་མར། ལོ་འདི་ནས་ནི་དྲུག་བརྒྱའི་ལོས། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །ཞེས་ པ་ནས། འགྲེལ་བཤད་བྱེད་པ་དཔལ་འཛིན་དང་། །ཞེས་པའི་བར་གསལ་བར་བརྗོད་ནས། རིགས་ལྡན་བཟང་པོ་མན་ཆད་ལ། གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་ སེམས་པ་གཞན། །བཅུ་གསུམ་དག་གིས་རིམ་པ་བཞིན། །རིགས་ལྡན་རིགས་ལ་འབྱུང་ འགྱུར་ཏེ། །ཞེས་པ་ལ། ཕལ་ཆེར་གྱི་སྔར་ཆོས་རྒྱལ་བརྒྱད་ཀྱི་སྐབས་སུ་བསྟན་པའི། བྱང་ ཆུབ་སེམས་དཔའ་བཞི་དང་། ཁྲོ་བོ་བཞི་པོ་དེ་རྣམས་སྤེལ་གྱིན་འདབ་པར་འདོད་པ་དང་། ཡང་པད་དཀར་ཡན་གྱི་སྐབས་སུ་གསུངས་པའི། ཁྲོ་བོ་བཞི་ལན་ཕྱེད་དང་གསུམ་དང་། བྱང་ སེམས་དྲུག་ལན་གཉིས་བཟླ་བར་འདོད་ན། ཁྲོ་བོ་བཅུ་དང་། བྱང་ཆུབ་སེམས་དཔའ་བཅུ་ གསུམ་ཞེས་སྤྲུལ་གཞི་མི་འདྲ་བ་བཅུ་དང་བཅུ་གསུམ་དུ་གསུངས་ཀྱི། ཁྲོ་བོའི་སྤྲུལ་པ་བཅུ་ དང་། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཉེར་གསུམ་ཞེས་མ་གསུངས་པས། སྤྲུལ་གཞི་བརྒྱ་ དང་བཅུ་གཉིས་ལས་མེད་པར་འདོད་པ་ནི་མི་འཐད་དོ། །ཡང་འགའ་ཞིག དུས་འཁོར་གྱི་ དཀྱིལ་འཁོར་ལ་བཀོད་པའི་ཁྲོ་བོ་བཅུ་དང་། སྒྱུ་འཕྲུལ་དྲྭ་བའི་བྱང་ཆུབ་སེམས་དཔའ་བཅུ་ གསུམ་ཡིན་གསུང་ཞིང་། དེ་ཡང་རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་ལ་འདོད་ལ། དཔལ་ལྡན་རྒྱུ་སྐར་ 24-1-87 གྱི་དཀྱིལ་འཁོར་བཅུ་གཉིས་ལ་དེའི་དཀྱིལ་འཁོར་ཡོད་པས། མི་འབྲེལ་བ་མེད་གསུང་ལ། དེ་ལ་ཁ་ཅིག་དེ་མི་འཐད་དེ། འོ་ན་ཁྲོ་བོ་བཅུ་ཡང་གསང་འདུས་བཞིན་དུ་བྱེད་དགོས་ པར་འགྱུར། དཔལ་ལྡན་རྒྱུ་སྐར་གྱི་ནང་ན་དེ་ཡང་ཡོད་པས་སོ་ཞེས་ཟེར་ཞིང་། གཞན་ཞེས་ པའི་ཚིག་ཡོད་མེད་ལ་རྩོད་པ་མང་ན་ཡང་། དགོས་དོན་ཆེར་མིང་སྣང་ངོ་། །(གཞན་ཞེས་པ་ཕལ་ཆེ་ བ་སྔར་པད་དཀར་ཡན་ཆད་དུ་བསྟན་པ་ལས་གཞན་ཞེས་བྱས་ན་ལེགས་ཤིང་། རྒྱུད་གཞན་དང་ཁྲོ་བོ་ལས་(ཚེག་བར་ཁ་ཤས་ མི་གསལ།)པའང་མི་འགལ་ལ། གཞན་མཆོག་ཏུ་སྦྱར་ཀྱང་རུང་ངམ་སེམས་སོ།།) ཁྲོ་བཅུ་གསང་འདུས་བཞིན་དུ་ བྱེད་དགོས་པར་(ཚེག་བར་གཅིག་གཉིས་ཞིག་མི་གསལ།)ནི། འདོད་ལན་བཏབ་པས་ཆོག་སྟེ། དུས་ འཁོར་དང་གསང་འདུས་ཀྱི་དཀྱིལ་འཁོར་ཁྲོ་བཅུ་ངོ་བོ་གཅིག་པས། དུས་འཁོར་གྱི་ཡིན་པ་ དང་མི་འགལ། སྒྱུ་འཕྲུལ་དྲྭ་བ་ནི། འཇམ་དཔལ་སྒྱུ་དྲྭ་ལ་བྱས་ན་ལེགས་ཏེ། མཚན་བརྗོད་ ཙམ་མ་གཏོགས། འཇམ་དཔལ་རྒྱུ་དྲྭའི་རྒྱུད་ཆེ་བ་བོད་ན་མ་འགྱུར་ཡང་། དེའི་རྒྱུད་རྒྱས་པ་ ལ་བརྟེན་ནས། སྒྲུབ་ཐབས་དང་དཀྱིལ་འཁོར་གྱི་ཆོ་ག འཇམ་དཔལ་གྱི་སྤྲུལ་པར་གྲགས་ པའི་རྒྱ་གར་གྱི་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པ། འཇམ་དཔལ་རྡོ་རྗེ་འབྱུང་བ་ ཞེས་བྱ་བ། ཆོས་དབྱིངས་གསུང་དབང་བསྡུས་པའི་དཀྱིལ་ཆོག་ལས་བཤད་པ་ལྟར་སྦྱར་ན་ ཤིན་ཏུ་འགྲིག་ཅིང་། ཁྲོ་བོ་བཅུའི་གོ་རིམ་ནི། གསང་འདུས་སོགས་རྒྱུད་གཞན་ལྟར་བྱས་ན་ ལེགས་ཏེ། ཐོག་མར་གཤིན་རྗེ་གཤེད་སྨོས་པའི་ཤུགས་ལས་རྟོགས་སོ། །སྤྲུལ་གཞིའི་དཔྱད་ པ་དེ་ཙམ་མོ། ། གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དེ་བར་བྱང་ཆུབ་སེམས་དཔའ་ཞེས་པའི་དངོས་ བསྟན་དང་། དེའི་སྔོན་དུ་འགྲེལ་པའི་ཚིག་ལ། རིམ་པ་ཇི་ལྟ་བའི་གཤིན་རྗེ་མཐར་བྱེད་ལ་ སོགས་པའི་ཁྲོ་བོ་བཅུ་དང་། སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་གསུམ་ པོ་རྣམས་ཏེ། གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དེ་དག་གི་བར་བར་དུ། བྱང་ 24-1-88 ཆུབ་སེམས་དཔའ་བཅུ་གསུམ་པོ་རྣམས་ལུང་བསྟན་པ་ཞེས་གསུངས་པའི་དངོས་བསྟན་ལྟར་ ན། ཐོག་མར་ཁྲོ་བོའི་སྤྲུལ་པ་འབྱུང་བ་ལྟར་སྣང་ཞིང་། དེ་ལྟར་ན་རེ་རེ་སྤེལ་བའི་མཐར། བྱང་ཆུབ་སེམས་དཔའ་གསུམ་འདུས་ཏེ། བྱང་ཆུབ་སེམས་དཔའ་བཅུ་པ་དེ་(ཚེག་བར་ཞིག་མི་ གསལ།) བའི། བྱང་ཆུབ་སེམས་དཔའ་བཞི་གྲངས་ཆགས་སུ་འབྱུང་ངོ་། །འོན་ཀྱང་དེ་ཙམ་ལ་ ངེས་པ་མེད་དེ། བསྟན་བཅོས་རྩོམ་པ་རྣམས་ཀྱི། དོན་ཉུང་བ་རྣམས་ཐོག་མར་བརྗོད་ཅིང་། མང་བ་རྣམས་ཀྱིས་བརྗོད་ན་ལེགས་པར་བཞེད་པས་བཤད་པའི་གོ་རིམ་ཙམ་དུ་བཤད་དེ། བྱང་ཆུབ་སེམས་དཔའ་གཅིག་གི་རྗེས་སུ་ཁྲོ་བོ་གཅིག་སོགས་སྤེལ་ན་ལེགས་སམ་མཉམ་ པའི་རྣམ་པར་རྟོག་པ་ཡང་འབྱུང་སྲིད། འོན་ཀྱང་། འགྲེལ་བཤད་བྱེད་པ་ལ་བདག་དང་། རྒྱུད་སྟོན་པར་བྱེད་པ་ལ་གཤིན་རྗེ་མཐར་བྱེད་ལ་སོགས་པ་རྣམས་ཞེས་གསུང་པས། ཐོག་མ་ ཁྲོ་བོ་ནས་མགོ་འཛིན་དགོས་ལ། དེང་ཡང་ཆོས་རྒྱལ་གྱི་སྐབས་ཀྱི་རིག་པ་སྦྱར་ན། དང་པོར་ ཁྲོ་བོ་གཅིག དེ་རྗེས་བྱང་ཆུབ་སེམས་དཔའ་གཉིས། ཁྲོ་བོ་རྫོགས་རྗེས་སུ་གཉིས་སྦྱར་ན་ ལེགས་པར་མཐོང་བས། འདི་ལྟར་སྦྱར་བར་བྱ་སྟེ། བཟང་པོ་ནི་གཤིན་རྗེ་གཤེད། རྣམ་རྒྱལ་ ནི་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད། བཤེས་གཉེན་བཟང་པོ་ནི་ཕྱག་ན་རིན་ཆེན། ཕྱག་དམར་ནི་ཤེས་རབ་མཐར་བྱེད། ཁྱབ་འཇུག་སྦས་པ་ནི་བློ་གྲོས་རྒྱ་མཚོ། ཉི་མ་གྲགས་ ནི་པདྨ་མཐར་བྱེད། ཤིན་ཏུ་བཟང་པོ་ནི་རྡོ་རྗེ་སྙིང་པོ། རྒྱ་མཚོ་རྣམ་རྒྱལ་ནི་བགེགས་མཐར་ བྱེད། རྒྱལ་དཀའ་ནི་མཐུ་ཆེན་ཐོབ། ཉི་མ་ནི་མི་གཡོ་བ། སྣ་ཚོགས་གཟུགས་ནི་ཟླ་བའི་འོད། རིགས་ལྡན་ཟླ་བའི་འོད་ནི་འདོད་པའི་རྒྱལ་པོ། མཐའ་ཡས་ནི་དྲ་བ་ཅན་གྱི་འོད། ས་སྐྱོང་ནི་ དབྱུག་སྔོན་ཅན། དཔལ་སྐྱོང་ནི་དཔག་མེད་འོད། སེང་གེ་ནི་སྟོབས་པོ་ཆེ། རྣམ་གནོན་ནི་ སྤོབས་པ་བརྩེགས་པ། སྟོབས་པོ་ཆེ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བ། མ་འགགས་པ་ནི་མྱ་ ངན་དང་མུན་པ་ངེས་པར་འཇོམས(་པའི་བློ་གྲོས་)མིའི་སེང་གེ་ནི་གནོད་མཛེས་རྒྱལ་པོ། དབང་ 24-1-89 ཕྱུག་ཆེན་པོ་ནི་ཀུན་ཏུ་བཟང་པོ། མཐའ་ཡས་རྣམ་རྒྱལ་ནི་བློ་གྲོས་མི་བཟད་པ། དྲག་པོ་ནི་ འཇམ་དཔལ་ལོ། །ཁྲོ་བོ་དང་བྱང་སེམས་སྤེལ་བའི་རིམ་པ་ལ་དཔྱད་པ(་དེ་ཙམ་མོ)། (ཚེག་བར་ ཞིག་མི་གསལ།) ལོ་ཙཱ་བའི་རྗེས་འབྲང་རྣམས་དྲག་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པར་འདོད་ སྐད་དེ། ཟླ་བཟང་དང་གྲགས་པ་དང་དྲག་པོ་སྟེ་གསུམ་པོ་གཙོ་བོར་འདུག་པ་ལ། རིགས་ གསུམ་མགོན་པོ་ཚང་བར་བསམ་པ་འདྲ། འགའ་ཞིག་ཕྱག་རྡོར་དུ་བཞེད་པ་ཡང་(དྲག་པོ་ཚངས་ པ་ལྷ་དབང་གསུམ་པ་རིགས་གསུམ་ཚང་བར་སེམས་ན།) རྒྱུད་པ་གོང་མ་འགའ་ཞིག་གི་ངག་སྒྲོས་(ཡོད་པ་ཙམ་ སྐྱར་བ་)ཡིན། ལུང་ནང་ལེའི་རྡོ་རྗེ་ཅན་ཞེས་པ་(མ་?)རྟེན། རིག་པ་ཕྱག་ན་རྡོ་རྗེ་གདུལ་དཀའ་ མཐའ་དག་འདུལ་བ་ལ་བསམ་པར་གདའ། ( (ཚེག་བར་ཁ་ཤས་མི་གསལ།)འདུལ་དཀའ་འདུལ་བ་ཕྱག་ རྡོར་(ཚེག་བར་ཞིག་མི་གསལ།)ཡིན་ན་བགེགས་མཐར་བྱེད་དུ་བྱེད་དགོས་པར་འགྱུར་(ཚེག་བར་ཞིག་མི་གསལ།)། ཕྱག་ རྡོར་ཞི་བ་ཡིན་ན་སེམས་པ་གཞན་ལས་སྔགས་པའི་རྒྱུ་མཚན་མེད་ཅིང་། རིགས་གསུམ་མགོན་པོ་ཡང་བྱ་རྒྱུད་པ་ཁོ་ན་ལ་གྲགས་ པས་བརྡ་བཤད་ཡིན་པས་སོ།།) བླ་མའི་གསུང་སྒྲོས་ལ་དཔྱད་པས་མཛད་པར་བཀོད་པ་ཙམ་ཡིན། དཔྱད་ནས་འཁྲུལ་བ་མིན་པས་(མཁས་མིན་དུ་སོང་དོར་པའི་)སྐྱོན་སུབ་བྱེད་མི་དགོས་ཏེ་རབ་དབྱེ། མཛད་པ་པོ་རང་། སློབ་དཔོན་ཟླ་གྲགས་ཚད་མར་མཛད་ཀྱང་། གོང་མའི་གསུང་ལ་ཚིག་སྣ་ སྲིང་ཤིང་ཁ་སྐོང་མཛད་པའི། རྒྱུད་སྡེ་སྤྱི་རྣམ་དུ་ལན་གཉིས་བཀག་པ་བཞིན་ནོ། །འཇམ་ དཔལ་གྱི་སྤྲུལ་པར་འགྱུར་བ་ལ། བྱང་ཆུབ་སེམས་དཔའི་གོ་རིམ་གྱིས་ཀྱང་འགྲུབ། (རྩ་རྒྱུད་ ཀྱི་ལུང་དང་)དཔལ་ལྡན་གྲགས་པ་ཕྱག་ན་མདུང་ཐུང་ཅན་ཞེས་པས་གསལ་བར་འགྲུབ། དེ་ནི་ ཡིག་ནོར་བྱུང་བ་ཡིན་ནོ་སྙམ་ན། དེའི་རྒྱ་སྐད་དུ། སམྱཀ་ཡཱ་ནཱ་བྷི་རཱུ་དྷོ་ད་ནུ་ཀུ་ལ་བྷ་ཡ་དཿ ཤྲཱི་ཡ་ཤཿ སེལླང་པཱ་ཎིཿ ཤེས་ཡོད་དེ། སམྱཀ་ནི་ཡང་དག ཡཱ་ན་ཐེག་པ། ཨ་བྷི་རཱུ་དྷོ་མངོན་ པར་འཛེགས་པ། ད་ནུ་ལྟ་མིན། ཀུ་ལ་རིགས། བྷ་ཡ་དཿའཇིག་པ་གཏེར་བ། ཤྲཱི་དཔལ། ཡ་ ཤཿགྲགས་པ། སེལླང་རྡོ་རྗེ་རྩེ་གཅིག་པ་བྱ་བ་ལྕགས་མདུང་གི་མིང་ཡིན། པ་ཎིཿཕྱག་ནའོ་ 24-1-90 ཞེས་པ་སྟེ། གྲགས་པའི་སྐད་དོད་ཡ་ཤཿཞེས། དེའི་ཐད་དུ། དྲག་པོའི་སྐད་དོད་རུ་དྲ་ཡོད་ པར་གྱུར་ན། ཡི་གེ་ཡང་ལྕི་འཁྲུགས་ཏེ། འཕྲེང་འཛིན་གྱི་སྡེབ་སྦྱོར་ཞིག་པར་འགྱུར་ཏེ། འདི་ སྐབས་ཤྲཱི་ཡ་ཤཿཞེས་པའི་འབྲུ་གསུམ་པོ། ཐོག་མཐའ་གཉིས་ལྕི་ཞིང་དབུས་མ་ཡང་བ་ཡིན། ཤྲཱི་རུ་དྲ་ཞེས་པ་བྱུང་ན། ཐོག་དབུས་ལྕི་ཞིང་ཐ་ལ་ཡང་བར་འགྱུར། ཤྲཱི་རོ་དྲཿཞེས་པ་བྱུང་ན་ ནི་གསུམ་གར་ལྕི་བར་འགྱུར་བའི་ཕྱིར། སྡེབ་སྦྱོར་ཤིན་ཏུ་འཁྲུགས་པ་འགྱུར་རོ། །རིག་པས་ ཀྱང་ཐོབ་སྟེ། རྒྱུད་འདི་དང་འགྲེལ་པ་འདིར་འཇམ་དཔལ་ཁོ་ན་ལ་སྔགས། དཀྱིལ་འཁོར་ གྱི་གཙོ་བོ་ཡང་འཇམ་དཔལ་དང་གཉིས་སུ་མེད་པ་ཡིན་ཏེ། ལས་ཚོགས་ཀྱི་འཁོར་ལོའི་གཙོ་ བོ་ཐམས་ཅད། འཇམ་དཔལ་ཞི་ཁྲོའི་སྔགས་སུ་བྱུང་བའི་ཕྱིར། སྟོན་པ་ཤཱཀྱ་སེང་གེ་ཡང་། དུས་ཀྱི་འཁོར་ལོ་གྱུར་པ་ནི། འཇམ་དཔལ་རྡོ་རྗེ་འཆང་ངམ། འཇམ་དཔལ་ཧེ་རུ་ཀར་གྱུར་ པ་ཡིན་ལ། བསྡུས་རྒྱུད་སྟོན་པ་པོ་ཡང་འཇམ་དཔལ་ཡིན་ཅིང་། འཁོར་ལོ་ཅན་ཡང་། དུས་ དེའི་ཚེ་སྟོན་པར་འགྱུར་བས། འཇམ་དཔལ་དུ་རིགས་པས་ཀྱང་འཐད་པ་ཡིན་ནོ། །འཁོར་ ལོ་ཅན་གྱི་སྤྲུལ་གཞི་ལ་དཔྱད་པ་དེ་ཙམ་མོ། །མཚན་ཡང་དག་པ་བརྗོད་པ་འདི། ཡོ་གར་ འགྲེལ་བ་རྣམས་དང་། རྒྱ་བོད་མང་པའི་གདོད་པ་ནི། སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པའི་ལེའུ་ གཅིག ཏིང་ངེ་འཛིན་དྲྭ་བའི་ལེའུ་ཞེས་བྱ་བ། ལོགས་སུ་ཕྱུང་བ་དུམ་བུའི་རྒྱུད་གཅིག་ཡིན་ པར་འདོད། དུས་འཁོར་བ་རྙིང་པ་རྣམས་དེ་འདྲའི་དཔྱད་པ་མི་མཛད། རང་ལུགས་ལ། ཏིང་ ངེ་འཛིན་དྲྭ་བའི་ལེའུ་ཞེས་བྱ་ཡང་། རྒྱུད་གཞན་གྱི་དུམ་བུ་བྱུང་བའི་རྒྱུད་ཡིན་མི་དགོས་ཏེ། རྔ་བོ་ཆེའི་ལེའུ་ཞེས་བྱ་བའི་མདོ་སྡེ་བཞིན་ནོ། །དེས་ན་འདི། གླེང་གཞི་ནས་རྗེས་སུ་ཡི་རང་ གི་བར་ཆ་ཚང་དུ་བཞུགས་པས། རྒྱུད་ཡོངས་རྫོགས་ཡིན་ལ། ཁྲི་དྲུག་སྟོང་པ་ལས་ཕྱུང་ཞེས་ པ་ཡང་། དོན་གྱི་སྙིང་པོ་ཕྱུང་བ་ཡིན་པས། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་བསྡུས་རྒྱུད་ཡིན་ པར་ངེས་སོ། །རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ནི་(མཚན་དང་དོན་ 24-1-91 ཕྱོགས་མཐུན་ཡིན་ལ་ངོ་བོ་)མི་གཅིག་པར་མངོན་ཏེ། རྣམ་སྣང་རྒྱུད་དྲྭ་ནི། ཆགས་ཅན་རྗེས་འཛིན་ ཡིན་ལ། འདི་ནི་གཏི་མུག་ཅན་རྗེས་འཛིན་ཡིན་ཅིང་། དུས་ཀྱི་འཁོར་ལོའི་ཆ་མཐུན་གྱི་རྒྱུད་ དུ་མངོན་ནོ། །ཞར་(ཚེག་བར་ཞིག་མི་གསལ།)བྱུང་བ་མཚན་བརྗོད་ལ་དཔྱད་པ(་དེ་ཙམ་མོ)འོ། ། ལེགས་བཤད་ཕྲ་མོ་སྣ་རེ་དང་། །ཕྱོགས་རེ་ཙམ་གྱི་ཡིག་ཆུང་གི །ངོ་བོ་བདག་ལ་དོན་ དངོས་མེད། །འདིས་ཀྱང་མཁས་སུ་མི་རང་མོད། །དོན་དང་མཐུན་ཞིང་མ་ནོར་ན། །འདི་དང་ མཐུན་པར་དཔྱད་པར་ཞུ། །(མི་)འདི་ཡི་ལེགས་བཤད་ཡིན་ནོ་ཞེས། །གྲགས་པ་སྒྲག་ཀྱང་མི་ འཚལ་ལོ། །ཅི་སྟེ་ནོར་པར་རྟོགས་གྱུར་ན། །བླུན་པོའི་ཆོས་ཉིད་ཡིན་པར་དགོངས། །རྟོགས་ དཀའི་གནས་ལ་བདག་འདྲའི་བློ། །མཆོག་ཏུ་གསལ་བ་ག་ལ་ཡིན། །འདི་ཡང་རྣམ་རྟོག་ཙམ་ ཡིན་པས། །ཅི་སྟེ་མིན་ན་གཞན་དུ་གྱིས། །ཀུན་རྟོག་གཙོར་བྱས་མཉམ་པོ་ལ། །གཞན་པས་ ལག་པ་ཡིན་ནམ་སྙམ། ། ཡང་སྨྲས་པ། སྡོམས་སུ་ན། ནམ་མཁའ་མཛོད་དང་ཕྱག་ན་རིན་ཆེན་དང་། །བློ་གྲོས་རྒྱ་ མཚོ་རྡོ་རྗེ་སྙིང་པོ་དང་། །མཐུ་ཆེན་ཐོབ་དང་ཟླ་འོད་དྲྭ་བ་ཅན། །དཔག་མེད་འོད་དང་སྤོབས་ པ་བརྩེགས་པ་དང་། །མྱ་ངན་མུན་པ་ངེས་པར་འཇོམས་པའི་བློ། །ཀུན་བཟང་བློ་གྲོས་མི་ བཟད་འཇམ་དཔལ་དང་། །ས་སྙིང་མཁའ་སྙིང་སྤྱན་རས་གཟིགས་རྣམས་སོ། ། ཞེས་འཇམ་དཔལ་སྒྱུ་དྲྭའི་སེམས་པ་བཅུ་དྲུག་ཡིན་ནོ། །བཅུ་གསུམ་པ་སྔར་གྱི་ལས་ གཞན་པར་མ་སོང་། སྤེལ་བར་འདུ་མི་འདུ་བརྟག་དཀའ་ཡང་། གཞན་རྣམས་སྔར་གྱི་ལས་ གཞན་པ་དང་སྤེལ་བ་ཡིན་པས། ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ། གཅིག་མ་གཏོགས་ པ་ཞེས་པ་ལྟ་བུ་ཡིན་པས། གཅིག་དམིགས་བསལ་ཡིན་པས་མི་འགལ་ལོ། །ཞེས་པའང་ཏཱ་ ར་ནཱ་ཐས་སྨྲས་པའོ།། །།དགེའོ།། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༣ ཡིན། དཔེ་ཧ་ཅང་མི་གསལ།) 24-1-92 ༄༅། །ཤིན་ཏུ་གསང་བ་རང་སྣང་ཉམས་ཀྱི་ཆོས་སྐོར་ འགའ་ཞིག་བཞུགས་སོ། ། (ཚན་པ་བདུན་ཡོད།) ༼༡༽ ༄༅། །(གདན་བཞིའི་རྡོ་རྗེའི་གླུ་ཆེ་ཆུང་དུས་ཀྱི་ངེས་པ་དང་བཅས་པ།) ༀ་ན་མོ་ན་མ། རྡོ་རྗེ་མཁའ་འགྲོ་ མའི་ཚོགས་ལ་ཕྱག་འཚལ་ལོ་བྱིན་གྱིས་བརླབ་ཏུ་གསོལ། ཀེ་ལི་ཀེ་ལ་དགྱེས་མཛད་རོལ། །ཀ་ཏ་ལི་ཡི་བསྐྱེད་ཚལ་ན། །ལྗོན་(དྷཱུ་ཏི་)ཤིང་གཅིག་ ལ་མེ་ཏོག་དགུ། །དེ་ལ་བུང་བ་(དབང་ཤེས་)སྦྲང་རྩི་འཐུང་(ནང་དུ་ཟློག)། །སྙིང་(ལུས་)པོ་(བདེན་གྲུབ་) མེད་ཀྱང་(ལྷན་སྐྱེས་ཀྱི་)འབྲས་བུ་བྱུང་། །ཀེ་ལི་ཀེ་ལ་ཧ་ས་ཧེ་ཧ་ས་ཧེ། །བྷིནྡྷ་པའི་རི་(ཆོས་འཁོར་) ལ་རྒྱུ(འི་རླུང་)། །དབྱུག་གུ་(སྲོག་གི་)ཅན་གསུམ་རིལ་བའི་ཆུ(བྱང་སེམས་)། །བ་ལང་(རྨིག་པའི་)ལམ་ དུ་འཐུངས་པས་ཚིམ། །ཚངས་སྐུད་(དྷཱུ་ཏི་)མདུད་པ་གསུམ་བོར་ནས(་གྲོལ)། །ༀ་ཡིག་(སོགས་ རྡོར་ཟླས་)གླུར་ལེན་བདེ་བར་རྒྱུ། །ཀེ་ལི་ཀེ་ལ་ཧ་ས་ཧེ་ཧ་ས་ཧེ། །(མཆུ་)སྤྲིན་ནི་ནམ་མཁའི་ འདོད་འཇོ་སྟེ། །འོ་མའི་ཆར་ཟིལ་འབེབ་པ་འཐུང་། །གངས་རིའི་རྩེ་མོའི་ཆུ་(སྤྱི་བོའི་)ཀླུང་འདི། ། པདྨའི་མཚོ་ལ་བབས་པ་ན། །ཉི་མ་(གཏུམ་མོ་)ཤར་བས་(སྙིང་ཁའི་མདུད་པ་)ཁ་བྱེའོ། །ཀེ་ལི་ཀེ་ལ་ ཧ་ས་ཧེ་ཧ་ས་ཧེ། །ཡང་ནི་ས་འོག་ཉམས་དགའ་ན། །(ལྟེ་བར་ཙཎྜ་)མེ་ཅན་ལན་བདུན་འཁྱིལ་ བའི་སྦྲུལ། །(སྤྱི་བོའི་)འོ་མ་འཐུང་ཞིང་(སྙིང་གའི་ཐིག་ལེ་བཞུ་བའི་)དཔལ་འབྲས་ཟ། །དུག་(བདེ་བ་) རྣམས་(སྟོང་པ་དང་དབྱེར་མེད་པའི་)བདུད་རྩིར་སོང་བ་ནི། །ངོ་མཚར་ཆེའོ་ལྷ་མོའི་དཔལ། །ཀེ་ལི་ 24-1-93 ཀེ་ལ་ཧ་ས་ཧེ་ཧ་ས་ཧེ། །རི་དྲུང་ལྗོན་པའི་རྩ་བ་(བདེ་སྐྱོང་དུ་རླུང་ཐིམ་)ན། །ཡིད་འཕྲོག་བུ་མོ་(ཕྱག་རྒྱ་ མོའི་རླུང་གི་)གླུ་དབྱངས་ལེན། །པད་མའི་སྐུད་པ་(སྣ་གཉིས་)འཁལ་བ་ནི། །དཔྱིད་ཀ་(བདེ་བ་འཁོར་ ལོ་བཞིར་)འཁྱམས་པར་གྱུར་པ་སྟེ། །གྲོགས་མོ་(ཕྱག་རྒྱ་གསུམ་དང་སྟོང་པ་)བདག་ལ་(ལྷན་སྐྱེས་)མི་ དགའ་འམ། །ཀེ་ལི་ཀེ་ལ་ཧ་ས་ཧེ་ཧ་ས་ཧེ། །མཆོད་(ཆོས་འཁོར་)རྟེན་མཆོད་པའི་རོལ་མོ་འདི། ། (དེས་)སྟོན་ཀའི་ནམ་མཁའི་(དང་མཉམ་པའི་འོད་གསལ་)ཁོང་དུ་རྒྱུ། །ཆུ་དང་ཉི་མའི་འོད་ཟེར་ལས། ། (ཡེ་ཤེས་སྐུ་)ཨིནྡྲ་དྷ་ནུ་ངོ་མཚར་ཆེ། །(ཡོན་ཏན་ནི་)མཛེས་མ་འདི་ལ་འབྱོར་པ་གང་། །ཀེ་ལི་ཀེ་ ལ་ཧ་ས་ཧེ་ཧ་ས་ཧེ། །ཡིད་འཕྲོག་རི་ཡི་རྩེ་མོ་ན(ལུས་འདི)། །གསེར་གྱི་གྲོང་ཁྱེར་ཡིད་འོང་ཞིག། རིན་ཆེན་(རྣམ་ཤེས་)བདུན་གྱིས་བརྒྱན་(གནས་གྱུར་)པ་ན། །རང་(རྫོགས་རིམ་)བྱུང་རྒྱལ་པོ་(བདེ་སྟོང་ འདོད་ཆགས་ཀྱི་)གསེར་འོད་ཅན། །རྩེད་མོའི་རོལ་པར་བཅས་ཏེ་བཞུགས། །ཀེ་ལི་ཀེ་ལ་ཧ་ས་ ཧེ་ཧ་ས་ཧེ། །གདན་བཞི་ལ་སོགས་པའི་ངེས་དོན་དཔའ་བོའི་གླུ་དབྱངས་བསམ་སྡིངས་སུ་ཡི་ གེར་བྲིས་པ་སྟེ། གཞན་ཡང་། དོན་བསྡུ་ལ། (བསྐྱེད་རིམ་)དང་པོ་བའི་ནུ་མས་བསྒྱུར། །སྟོང་པས་སྟོང་པའི་ སྐར་(ཛོ་ཏི་)མས་ལས་སྒྲུབ་བྱེད། །གོ་པཱ་དེ་ཀའི་ལམ་ལས་ནི། །ཆུ་ཤིང་སྙེ་མ་ཕྱེ་ནས་འཇུག་པ་ སྟེ། །འདི་ལས་བདེ་བ་ཅི་ཡང་སྐྱེ། །ནཱ་ག་བའི་ནུ་མས་ཀྱང་དེ་བཞིན། །ནང་གི་མེ་དང་མཆོད་ རྟེན་བུམ། །སྟོང་པར་བཅུག་ན་རྟག་པའི་སྐུ་འདི་འབྱུང་། །ཆོས་རྣམས་རང་བཞིན་མེད་པ་ སྟེ། །ཡུལ་ནི་གཟུགས་བརྙན་སེམས་ནི་འཇའ་ཚོན་འདྲ། །རྒྱལ་བའི་ཡེ་ཤེས་སྒྱུ་མ་བཞིན། ། ལས་དང་འབྲས་བུ་རྫུན་ཡང་བདེན་པའི་ཚུལ། །སྔ་མའི་ཕྱི་ཉིན་བྲིས། ཨཱརྱ་དེ་བ་གླུ་དབྱངས་ མཁན། །དཔའ་བོ་མ་ཏངྒིས་བསྡུས་པ། དེ་སྐད་ཀྱང་སྨྲས་སོ། །དགའ་བའི་བདུད་རྩི་འོད་ཟེར་ ཅན། །ཨཱ་ཤཱ་ཊ་བྷོ་དམར་པོ་ཡི། །གོས་ལྡན་མདའ་ཐོགས་ཉི་བཅས་ཀྱི། །ཆུང་མ་ཟླ་འོད་རྡུལ་ ལྡན་གྱིས། །སྐྱ་རེངས་སར་པའི་གོས་གྱོན་པ། །འདི་ནི་དུས་ཀྱི་ངེས་པའོ། །སངས་རྒྱས་བྱང་ 24-1-94 ཆུབ་སེམས་ཁྲོ་བོ། །གཉིད་ལོག་དཔའ་བོ་མཁའ་འགྲོར་བཅས། །གསང་ནས་གསང་བའི་ ཡུལ་དུ་སོང་། །དེ་ན། བུ་གཅིག་སྔོ་སར་མ་ལ་ནི། །འཇའ་འོད་མཛེས་པའི་གྲོང་ཁྱེར་ཡོད། ། དེ་མཐོང་དེ་ན་སིངྒ་ལའི། །བླ་མ་དང་ནི་གདོལ་པ་བཞུགས། །གླུ་ལེན་ལྕགས་ཀྱི་ཆུ་སྣོད་ གཅིག །བྱང་ཕྱོགས་གྲོང་ཁྱེར་མཛོད་ཀྱི་ཆུས། །བཀང་ནས་ལུས་ཕྲ་མ་དེས་སྨྲ། །བླ་མས་ལན་ གསུམ་སྡིགས་ཤིང་སྤྱོས། །ཁ་དོག་འདི་ནི་ཁང་པར་གྱུར། །དེ་ཚེ་ནགས་ཚལ་འདིར་འདིས་ འབོད། །དེ་ནས་མེ་དགྲ་འདིས་ཁྱོད་ལེགས། །དེ་སྲིད་འདི་དང་འཐམས་ཤིག་གསུང་། །ཕྱི་ ནས་རྗེས་མཐུན་མངོན་གྱུར་ནའང་། །ད་དུང་གསོལ་འདེབས་ཐུགས་རྗེ་ཅན། །འདི་འདྲའི་ཡ་ མཚན་དཔག་ཡས་མཐོང་། །ཞེས་པའང་སྔ་མ་ལས་ཟླ་བ་གསུམ་ཙམ་སོང་ནས་བྱང་ཆེན་དུའོ།། །།བཀྲ་ཤིས། ༼༢༽ ༄༅། །ངོ་མཚར་གསང་བའི་གཞུང་ཐུན་མོང་མ་ཡིན་པ་ཧེ་ཧེ་ཧེ་ཧེ། ༀ་བཱ་རཱ་ཧཱི་ཙ་ར་ཎཱ་ཡ་ན་མོ། གནས་ མཁའ་རོ་ལ་འོག་ན་ཕར་འབབ་ཆུ་དྲག་པོའི་འགྲམ་དུ་ཅུང་ཟད་གཅིག་ངལ་གསོ་ཡིན་བསྡད་ དུས། མིག་སྨན་ལྟར་མཛེས་གོས་འཆང་ཞིང་། །སྟོད་གཡོགས་སྤྲིན་དཀར་ལྷབ་ལྷུབ་ཅན། །རི་ དྭགས་མིག་ཅན་གཞོན་ནུ་ཞིག །རབ་དཀར་རོ་མཆོག་བརྒྱ་ལྡན་བཅུད། །ཡོངས་སུ་གང་བའི་ སྣོད་ཐོགས་ནས། །འཁོར་བཅས་ཚིམ་པར་བྱས་པ་ན། །ཡིད་ཀྱི་རྒྱ་མཚོ་ཉམས་བརྒྱའི་རླབས། ། བདེ་ཆེན་ལྦུ་ཕྲེང་རོལ་པ་འཛིན། །སྔོ་སངས་དུ་བའི་དཀྱིལ་འཁོར་ན། །ས་འཛིན་རྒྱ་བཅས་ གླིང་མང་པོ། །མཐའ་ཡས་རྒྱ་ཚད་དང་ལྡན་པ། །དེ་དབུས་སེང་གེའི་ཁྲི་ལ་ནི། །ཤཱཀྱ་སེང་གེ་ གོ་པཱར་བཅས། །ཧ་ཧ་ཕཊ། དེ་ནས་གོ་པཱས་ཞུས་པ་ནི། །བཅོམ་ལྡན་ལམ་འདིས་ལྷ་རྣམས་ ཀྱང་། །གྲོལ་ལམ་འོན་ཏེ་མི་ཁོ་ན། །རྒྱལ་ཁྱོད་བྱང་ཆུབ་སྙིང་པོར་རམ། །མ་ཡིན་ཁབ་ཏུ་གྲོལ་ 24-1-95 བ་ལགས། །ལས་སམ་འོད་ཀྱི་ཕྱག་རྒྱ་ནི། །གང་གི་འབྲས་བུ་དག་ལ་སྦྱར། །གསང་སྔགས་ གང་ཞིག་ཟླ་བར་མཛད། །མགོན་པོ་ཅི་ལྟར་ལྷ་རུ་གྱུར། །དེ་ནས་ཤཱཀྱ་ཐུབ་པ་དེ། །ཞལ་ནས་ འོད་འཕྲོ་འདི་སྐད་གསུང་། །ལམ་འདིས་ས་འོག་ཀླུ་རྣམས་དང་། །རིག་འཛིན་ལྷ་མིན་བུ་མོ་ དང་། །གཞོན་ནུ་དར་བབ་རྒན་པོ་དང་། །མི་དང་གནོད་སྦྱིན་མ་མོ་དང་། །ལྷ་རྣམས་འགྲུབ་ པར་ཐེ་ཚོམ་མེད། །དུད་འགྲོ་ཤིན་ཏུ་བླུན་པོ་དང་། །བདེ་མེད་ཡི་དྭགས་དམྱལ་བ་ཡིས། །ཚེ་ གཅིག་སངས་རྒྱས་མི་འགྲུབ་སྟེ། །བདེ་ཆེན་རིག་ན་དེ་ཡང་འགྲུབ། །ང་ནི་སེར་སྐྱར་བདེ་ཆེན་ བརྟན། །བྱང་ཆུབ་སེམས་ནི་བརྟན་གྱུར་ནས། །མཐུ་དང་རྫུ་འཕྲུལ་བཟི་ཆེ་བའི། །བུད་མེད་ སྟོང་ཕྲག་དྲུག་ཅུ་ཡང་། །ང་ལ་དགའ་ཞིང་གུས་པ་ཡིན། །གོ་པཱ་ལ་སོགས་རིག་འཛིན་གྱི། །བུ་ མོ་མཐུ་ཆེན་ཐམས་ཅད་དང་། །ལས་ཀྱི་སྦྱོར་བས་འདོད་ཆེན་ཅན། །སྤྱོད་པ་སྤྱད་པས་དེར་ སངས་རྒྱས། །ང་ཡང་དྲུག་ཁྲིར་སྤྲུལ་བྱས་ནས། །ཐུན་མཚམས་བརྒྱད་དུ་ལོངས་སྤྱོད་བྱེད། ། གལ་ཏེ་མི་མོ་འགྲོ་འོང་ལའང་། །ཡུན་རིང་ཉིད་དུ་ཐོགས་འགྱུར་ན། །མི་མོ་དྲུག་ཁྲི་སྒྱུ་འཕྲུལ་ ཅན། །འབྲས་བུའང་ལས་ཀྱི་ཕྱག་རྒྱས་འགྲུབ། །སྔགས་ཀྱི་རྒྱལ་པོ་ཡི་གེ་ཧཱུཾ། །བདེ་ཆེན་སྐྱེ་ མེད་ངང་དུ་བཟླས། །སྒྲ་ནི་བྲག་ཆ་བཞིན་ཏུ་བལྟ། །ང་ནི་རྒྱལ་བ་ཧེ་རུ་ཀ །ཁྱོད་ནི་ཕག་མོར་ གྱུར་པ་ཡིན། །འོན་ཀྱང་འཇིག་རྟེན་འདོད་སྤྱོད་ལ། །སྡིག་ཏོ་ཞེས་ཟེར་མི་སྙན་བརྗོད། །བུ་ མོ་ཁྲག་ཁྲིག་སྤྱོད་དགེ་སློང་། །འབུམ་ཕྲག་ཆང་འཐུང་བྲམ་ཟེ་སྟེ། །ཅི་འདོད་ཟ་བ་དཀའ་ཐུབ་ བོ། །དེ་ནས་སྐྲ་བྲེགས་ངུར་སྨྲིག་གྱོན། །ནགས་ཚལ་ཆུ་བོ་སྟི་གནས་བརྟེན། །འདོད་ཆགས་ བྲལ་བའི་ཚུལ་བྱས་ནས། །འགྲོ་ལ་སངས་རྒྱས་སྟོན་འདོད་དེ། །རྡོ་རྗེའི་གདན་དུ་ཕྱིན་པ་ན། ། བདུད་རྣམས་ཉེ་བས་ལྷགས་ནས་བྱུང་། །ང་ནི་ཁྲོ་བོ་ཧཱུཾ་ཀ་ར། །འཇིག་རྟེན་གསུམ་ལས་རྒྱལ་ བར་གྱུར། །བདུད་རྣམས་བསད་སྐྲད་བཅོམ་ཞིང་བརྡུངས། །བློ་ངན་ཁྲོ་ལ་དགའ་ནའང་། །བློ་ ཆེན་བྱམས་པ་ལ་མོས་པས། །བདུད་རྣམས་བྱམས་པས་བརྟུལ་ཞེས་བསྟན། །དེ་ནས་ཤཱ་རི་བུ་ 24-1-96 དང་ནི། །མཽདྒལ་ཡ་ན་ཀུན་དགའ་བོ། །འོད་སྲུང་ལ་སོགས་དགྲ་བཅོམ་དང་། །སྐྱེ་དགུ་བདག་ སོགས་དགེ་སློང་མ། །རབ་སྣང་ལ་སོགས་རྒྱལ་པོ་རྣམས། །རང་རང་རིག་མ་དཔའ་བོར་ བཅས། །ཕྱག་འཚལ་ནས་ནི་བདག་ཅག་རྣམས། །ལྷ་ནི་གང་གི་ངོ་བོར་འགྱུར། །ཐབས་ཤེས་ རྒྱས་གདབ་ཇི་ལྟར་སྒོམ། །ཟླ་བ་འགྲིབ་པར་མི་འགྱུར་གང་། །དགྲ་བཅོམ་བཞི་ནི་རིགས་ བཞི་དང་། །ང་ནི་མི་བསྐྱོད་རྡོ་རྗེ་ཡིན། །གྲགས་འཛིན་རི་དྭགས་སྐྱེས་མ་དང་། །ཨུཏྤལ་ མདོག་དང་སྐྱེས་དགུའི་བདག །ས་འཚོ་མ་ཞེས་བྱ་བ་ལྔ། །གཟུགས་སོགས་རྡོ་རྗེ་མ་ལྔའོ། ། གསལ་རྒྱལ་གཤིན་རྗེ་མཐར་བྱེད་དེ། །ཤར་པ་ཤེས་རབ་གཟུགས་ཅན་སྙིང་། །པད་མ་རབ་ སྣང་བགེགས་མཐར་བྱེད། །མ་སྐྱེས་དགྲ་འདི་མི་གཡོར་འགྱུར། །ང་ནི་བུད་མེད་གཟུགས་ འཛིན་ཅིང་། །གོ་པཱ་སྐྱེས་བུར་བསྟན་པར་བྱེད། །བདེ་བའི་ཐབས་རྣམས་སྒྲུབ་པའི་ཕྱིར། །གོ་ པཱ་ཐབས་སུ་བརྗོད་པ་ཡིན། །བདེ་ཆེན་ཤེས་པ་ཉིད་ཀྱི་ཕྱིར། །ང་ནི་ཤེས་རབ་ཅེས་སུ་བརྗོད། ། ཧཱུཾ་ནི་སྙིང་ཁའི་ནང་ན་གནས། །ང་ཡིས་བདུད་རྣམས་ཧཱུཾ་གིས་བཅོམ། །བྱང་ཆུབ་ཤིང་ལ་ལྟ་ བ་དང་། །དེ་ཁོ་ན་ཉིད་སྒོམ་བྱས་ཤིང་། །ལུས་ནང་ཧཱུཾ་གི་སྔགས་བཟླས་པས། །ཁུ་བ་སྟེང་དུ་ འགག་པའི་ཕྱིར། །གཞི་སོགས་ས་འོག་བདུན་གཡོས་ནས། །ནོར་འཛིན་མ་ཡིས་ང་ལ་བསྟོད། ། མི་རྣམས་དེ་ལྟར་བསྒོམས་ན་ནི། །ཟླ་བ་མི་འགྲིབ་འཕེལ་བར་འགྱུར། །དེ་ནས་མེ་ཡི་འབྲས་ བུ་དང་། །ལྷན་ཅིག་རྡོ་རྗེའི་འོད་གསལ་གྱུར། །ས་རྡོ་ལ་སོགས་སྣང་བ་རྒྱས། །འོན་ཀྱང་ཞག་ གསུམ་ལྷན་སྐྱེས་ངང་། །རྡོ་བས་སྣད་པའང་བདེ་བར་ཤར། །དེ་ནས་བརྗེད་པ་འཇིགས་ནས་ བྲིས། །ཡི་གེ་ཉུང་བར་བྱ་བའི་ཕྱིར། །ཚིགས་བཅད་དུ་ནི་སྡེབ་པ་ཡིན། །ཞེས་པའང་ཏཱ་ར་ནཱ་ ཐ་ཡིས། །སྒྱུ་འཕྲུལ་འདི་ལ་ངོ་འཚར་ནས། །ཧ་བོ་གངས་ཀྱི་མགུལ་པ་རུ། །རང་ལོ་ཉེར་ལྔ་པ་ ལ་བྲིས།། །།བཀྲ་ཤིས་འཕེལ་བརྟན། 24-1-97 ༼༣༽ ༄༅། །ༀ་སྭཱ་སྟི། ཁོ་བོ་གླང་ཐང་གཟིམས་ཁང་ན་ཡོད་པའི་དུས། སྨིན་དྲུག་གི་ཟླ་བའི་ ཚེས་བཅུ་བདུན་གྱི་ནུབ་མོ། བུད་མེད་མང་པོ། ཤཱཀྱའི་བསྟན་འཛིན་ཆོས་ཀྱི་རྗེ། །ཐེག་མཆོག་གྲུབ་པའི་འཁོར་ལོས་སྒྱུར། །ལུང་རིགས་ མན་ངག་ཀུན་དང་ལྡན། །ཤཱཀྱ་མཆོག་ལྡན་ལ་ཕྱག་འཚལ། །ཞེས་འར་འུར་ཅ་ཅོ་བྱེད་ཅིང་ འདུག དེ་ནས་ནམ་མཁའ་ནས། ལྷའི་རྣམ་པ་གཟི་བརྗིད་ཆེ་བ་མཆོད་པ་མང་པོ་དང་བཅས་ ནས་བྱོན་བྱུང་བ། མཚན་ཅི་ཟེར་བྱས་པས། ཤཱཀྱ་ཤཱཀྱ་ཟེར་ཏེ། ཉམས་ཟ་ཟི་མང་དུ་ཡོད། བསྟོད་པ་འདི་ཚིག་མི་ལེགས་ཀྱང་བྱིན་རླབས་ཆེན་པོ་ཡོད་པས་ཁ་ཏོན་བྱའོ།། །།དགེའོ།། ༼༤༽ ༄༅། །ན་མོ་གུ་ར་ཝེ། དམ་པ་ཁྱོད་ཀྱི་མཚན་ཅི་ལགས། ཞིང་ཡང་གང་ན་ཡོད་པ་ ལགས། ཞེས་ཞུས་པས། མིང་ནི་རིན་ཆེན་སྣང་བ་འོད་ཀྱི་རྒྱལ་མཚན་ཞེས་བྱ། སྔོན་ནི་ཤཱཀྱ་ མཆོག་ལྡན་ཞེས་བྱ་བ། སྡེ་སྣོད་གསུམ་གྱི་དྲང་ངེས་འབྱེད་པ་ལ་མཐུ་ཐོབ་པ། རྒྱལ་བའི་ བསྟན་པ་ལ་བྱ་བ་ཆེན་པོ་བྱས་པ་དེ་ཡིན་ནོ། །ཁོ་བོའི་རྣམ་པར་སྨིན་པའི་ལུས་ནི། དགའ་ ལྡན་ཞེས་བྱ་བར་བླངས། རྗེ་བཙུན་འཕགས་པ་བྱམས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཐེག་ པ་ཆེན་པོའི་དམ་ཆོས་ཀྱི་དགའ་སྟོན་ལ་སྤྱོད་མོད་ཀྱི། ཁོ་བོ་ལ་ནི། གནས་པ་མེད་ཅིང་འགྲོ་ བའང་མེད། །དེ་ལ་ཞིང་དང་འཁོར་གྱི་ཚད་བཟུང་ག་ལ་ཡོད། །ཉི་མ་ཤར་ན་རི་དང་ནགས་ ཚལ་ཐང་རྣམས་ལ། །གོས་པ་མེད་ཅིང་འོད་ཀྱིས་གཅིག་ཅར་སྣང་བར་འགྱུར། །ནམ་མཁའ་ འདི་ལ་འགྲོ་འོང་གནས་པའི་མཐའ་བྲལ་བ། །དེ་བཞིན་ང་ཡི་སྐུ་ཡང་འགྲོ་འོང་སྐྱེ་འཆི་ མེད། །ཇི་ལྟར་ནམ་མཁའ་ཁྱབ་ཅིང་ནམ་ཡང་མི་འགྱུར་བ། །ཞིང་དང་གདུལ་བྱའི་ཚད་ཀྱང་ 24-1-98 ཟད་མེད་ཕྱོགས་རིས་གྲོལ། །གལ་ཏེ་དེ་ལྟ་ན། ངེས་པ་ཁོ་ནར་གདོན་མི་འཚལ་བའི་གནས་ ལུགས་ཀྱི་བཀའ་དྲིན་ཅུང་ཟད་གཅིག་འཚལ་ལོ། །ཞེས་ཞུས་པས། ཁམས་ནི་བཞུ་དང་སྲ་ བ་དང་། །དེ་བཞིན་སྡོང་པོ་རྒྱས་བྱེད་བཞི། །འགྱུར་དང་རང་བཞིན་སྣང་བ་དང་། །ནུས་པ་ ཞེས་བྱ་སེམས་རྣམ་བཞི། །སྒྱུར་དང་མི་འགྱུར་རྗེས་འགྲོ་དང་། །སྣང་བཅས་ནུས་པ་འཕེལ་ བ་རྣམས། །ལམ་གྱི་མཚན་ཉིད་བཞི་ཞེས་བརྗོད། །གློ་བུར་དག་དང་རང་བཞིན་དག །འཕྲིན་ ལས་ཡོན་ཏན་བཞི་འབྲས་བུ། །སྣོད་དང་སེམས་དང་ལམ་དང་འབྲས། །བཞི་བཞི་བཅུ་དྲུག་ མངོན་བརྗོད་དོ། །དེ་དག་རྣམས་ལ་རིམ་པ་བཞིན། །གསེར་སོགས་སྔོན་འགྱུར་ཕྱིས་མི་ འགྱུར། །ཤེལ་དང་རྡོ་སོགས་མི་འགྱུར་བ། །རྩ་ཤིང་ལ་སོགས་སྡོང་པོ་སྟེ། །ཆུ་མེ་རླུང་རྣམས་ རྒྱས་བྱེད་ཡིན། །གོམས་ལས་ཐོབ་འགྱུར་འགྱུར་བ་དང་། །རང་སེམས་མ་འགགས་རྟག་རང་ བཞིན། །རང་སེམས་གནས་དོན་ལུས་སུ་སྣང་། །རང་བཞིན་དབྱེར་མེད་ནུས་ཡོན་ཏན། །ངན་ པའི་རང་བཞིན་བཏང་བ་སྒྱུར། །བཞི་དང་མཐུན་སྒོམ་རྗེས་འགྲོ་སྟེ། །ལམ་རྟགས་ཉམས་ སོགས་སྣང་བར་བཅས། །སྒྲིབ་བྱེད་བྲལ་བས་གུས་པ་འཕེལ། །སྒྲིབ་གཉིས་མི་སྐྱེའི་ཆོས་ ཅན་དང་། །དག་ཅིང་གསལ་བ་དག་པ་གཉིས། །ལྷུན་གྲུབ་ཞིང་དག་འཕྲིན་ལས་ཏེ། །ནུས་ པ་མངོན་དུ་འགྱུར་ཡོན་ཏན། །སེམས་ལས་དོན་དང་ལམ་དང་འབྲས། །གཞི་ལམ་འབྲས་ བུའི་རྣམ་པར་སྣང་། །བཞི་ཚན་བཞི་པོ་རེ་རེར་སྦྱར། །འདི་དག་དེ་ཉིད་བཅུ་དྲུག་ཡིན། །མི་ རྟག་མི་གཙང་བདག་མེད་དང་། །སྙིང་རྗེ་སྨོན་པའི་སེམས་ལ་སོགས། །སྡོམ་པ་དམ་ཚིག་ཆོ་ ག་ནི། །བཞི་བཞི་དང་པོའི་མངོན་རྟོགས་ཡིན། །སྟོང་ཉིད་ལྷ་ཡི་འཁོར་ལོ་དང་། །བདེ་ཆེན་ སྒྲུབ་བྱེད་གཉིས་པ་ཡིན། །ཉམས་དང་ཆོས་བརྒྱད་མ་ཞེན་པས། །ཡེ་ཤེས་སྤེལ་བ་གསུམ་ པའོ། །ཕར་ཕྱིན་དྲུག་དང་བསྡུ་བ་བཞི། །སྨིན་གྲོལ་བྱེད་པ་བཞི་པ་ཡིན། །སེམས་ལས་སྣང་ བ་རིས་མཐུན་ཏེ། །ལམ་ཡང་གཞི་དང་འབྲས་བུར་མཐུན། །སེམས་ནི་རང་བཞིན་མི་འགྱུར་ 24-1-99 རྡོ་རྗེ་འདྲ། །ཡེ་ཤེས་རང་རིག་རང་གསལ་རྒྱུན་མི་འཆད། །གསལ་བ་དེ་ལ་དག་པའི་འཁོར་ ལོ་སྒོམ། །རང་བྱུང་འབྲས་བུ་མ་ནོར་མངོན་དུ་འགྱུར། །དེར་ཁང་བཟང་ཕ་ཀིར་ལྡེང་གསུང་། དེར་ཕྱིན་པ་ན། ལྷ་མོ་བརྒྱ་སྟོང་མང་པོས་བསུ་བ་དང་། ནང་དུ་རིན་པོ་ཆེའི་ཁྲི་ཆེན་པོ་ལ་ བཞུགས་ཏེ། མཆོད་པའི་འབྱོར་པ་ས་དང་བར་སྣང་ཁེངས་པ་ལ་དབང་བསྒྱུར་བར་མཛད་ དོ། །དེ་ནས་དེར་ཡུན་རིང་དུ་ཆོས་ཀྱི་དགའ་སྟོན་ཟད་པ་མེད་པ་དང་། ལོངས་སྤྱོད་ཀྱི་མངོན་ པར་མཐོ་བ་དུ་མ་ལ་བདག་ཉིད་ཀྱང་ལོངས་སྤྱད་ནས། སླར་ཡང་རང་གནས་སུ་ཕྱིན་པ་སྙམ་ བྱེད་པ་ན་གཉིད་སད། དེར་རྣ་བ་ན་དུང་སྒྲ་བརྒྱ་ཙམ་གྱི་སྒྲ་ཆེན་པོ་ཞིག་སྣང་ངོ་། །གླང་ཐང་ གཟིམས་ཁང་དུ་བྱུང་བ་རྨི་ལམ་གྱི་སྣང་བའི་ཆོས་ཅུང་ཟད་ཅིག་ཏཱ་ར་ནཱ་ཐས་བྲིས་པ་དགེ་ ལེགས་འཕེལ།། ༼༥༽ ༄༅། །ༀ་སྭཱ་སྟི། སངས་རྒྱས་ཀུན་གྱི་སྲས་གཅིག་པུ། །མཐའ་དག་རྒྱལ་བ་ཀུན་གྱི་ དངོས། །རྒྱལ་བའི་མདུན་ན་རྒྱལ་ཚབ་ཚུལ། །ཤཱཀྱ་མཆོག་ལྡན་ལ་ཕྱག་འཚལ། ། ཟབ་དོན་རྡོ་རྗེའི་ཚིག་འདི་འཆད་པར་བྱེད་པ་ལ། གླེང་སླང་བས་འབྲས་བུའི་རྣམ་བཞག་ བཤད་པ་དང་། རྡོ་རྗེའི་ཚིག་དངོས་བཤད་པ་དང་། རྗེས་ཕུན་སུམ་ཚོགས་པའི་བཀོད་པ་རྒྱ་ ཆེར་བསྟན་པའོ། ། དང་པོ་ནི། དམ་པ་ཁྱོད་ཀྱི་མཚན་ཅི་ལགས་ཞེས་པ་ནས། བཀའ་དྲིན་ཅུང་ཟད་ཅིག་ འཚལ་ལོ་ཞེས་པའི་བར་སྟེ། སྤྱིར་དམ་པ་འདི་ཉིད་རྒྱལ་ཚབ་བྱམས་པ་མགོན་པོ་དང་དབྱེ་བ་ མེད་པ་ཡིན་མོད་ཀྱི། རྗེ་བཙུན་བྱམས་པའི་དྲུང་དུ་ཆོས་ཀྱི་དགའ་སྟོན་ལ་སྤྱོད་པ་ལྟར་སྟོན་ པ་ནི་སྤྲུལ་པ་ཡིན་པར་ཤེས་པར་བྱའོ། །གནས་པ་མེད་ཅིང་ཞེས་པ་ལ། གནས་པ་ནི་ཀུན་ 24-1-100 གཞི་རྣམ་ཤེས་ཏེ། དེ་གནས་གྱུར་པས་འགྲོ་བ་དྲུག་ཏུ་སྣང་བ་མེད་པའོ། །ཡང་ན་གནས་པ་ དང་འགྲོ་འོང་མེད་པའོ། །གང་ཀུན་གཞི་རྣམ་ཤེས་གནས་མ་གྱུར་པ་དེ་སྲིད་དུ་གཟུང་འཛིན་ གཉིས་སྣང་ལས་མ་གྲོལ་བའི་ཕྱིར། ཕྱོགས་ཆ་ཉེ་རིང་ཡོད་ལ། དེ་གནས་གྱུར་པ་ལ་དེ་ཡང་ མེད་པས། ཞིང་དང་འཁོར་གྱི་ཚད་བཟུང་ག་ལ་ཡོད། ཅེས་པའོ། །ཉི་མ་ཤར་ན་སོགས་ཀྱི་ དོན་ཆོས་ཉིད་གནས་ཚུལ་གྱི་སྐུ་འདིས་བདག་རྐྱེན་བྱས་ནས་གདུལ་བྱ་གཞན་སྣང་དུ་ཕྱོགས་ རིས་མེད་པར་འགྲོ་བའི་དོན་སྤྱོད་མོད་ཀྱི། སྐུའི་ངོ་བོ་དེ་ལ་ཀུན་རྫོབ་ཀྱི་ཆོས་ཀྱི་གོས་པ་མེད་ པའི་དོན་ནོ། །ནམ་མཁའ་འདི་ལ་ཞེས་པ་ལ་སོགས་པ་ལ། སངས་རྒྱས་རང་སྣང་གི་སྐུ་དེ་ ཡང་། ཆོས་ཀྱི་དབྱིངས་དང་དབྱེ་བ་མེད་པའི་ཕྱིར། འཕོ་འགྱུར་མེད་པའོ་ཞེས་པའི་དོན་ཏེ། ཚིག་དོན་གཞན་ནི་གོ་སླའོ། ། གཉིས་པ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས་སོ། །དང་པོ་ནི། སྣོད་ཀྱི་བསྡུས་ པའི་ཁམས་ལ་དབྱེ་ན། བཞུ་བའི་ཁམས་དང་། སྲ་བའི་ཁམས་དང་། དེ་བཞིན་དུ། སྡོང་པོའི་ ཁམས་དང་། རྒྱས་བྱེད་ཀྱི་ཁམས་ཏེ་བཞིའོ། །ནང་སེམས་ཀྱི་ནུས་པ་ནི་བཞི་སྟེ། འགྱུར་བའི་ སེམས་དང་། རང་བཞིན་གྱི་སེམས་དང་། སྣང་བའི་སེམས་དང་། ནུས་པའི་སེམས་ཞེས་བྱ་ བ་བཞིའོ། །ལམ་གྱི་མཚན་ཉིད་ནི། སྒྱུར་བའི་མཚན་ཉིད་དང་། མི་འགྱུར་བའི་རྗེས་སུ་འགྲོ་ བའི་མཚན་ཉིད་དང་། སྣང་བ་དང་བཅས་པའི་མཚན་ཉིད་དང་། ནུས་པ་འཕེལ་བའི་མཚན་ ཉིད་རྣམས་སོ། །འབྲས་བུའི་ཆོས་བཞི་ནི། གློ་བུར་རྣམ་དག་གི་ཆོས་དང་། རང་བཞིན་རྣམ་ དག་གི་ཆོས་དང་། འཕྲིན་ལས་དང་། ཡོན་ཏན་ཏེ་བཞིའོ། །སྣོད་དང་སོགས་ནི་གོ་སླའོ། ། གཉིས་པ་རྒྱས་བཤད་ལ། དེ་ཉིད་བཅུ་དྲུག་གི་རང་བཞིན་རྒྱས་པར་བཤད། གཞི་ལམ་ འབྲས་གསུམ་གྱི་འབྲེལ་རྩི་བ། དེ་དག་སོ་སོའི་ཉམས་ལེན་གྱི་རིམ་པ་བསྟན་པ། གདན་ཐོག་ གཅིག་ཏུ་ཇི་ལྟར་སྒོམ་པའི་ཚུལ་ལོ། ། 24-1-101 དང་པོ་ནི། གོང་དུ་མདོར་བསྟན་པ་དེ་དག་ལ་རིམ་པ་བཞིན་དུ། གསེར་དང་དངུལ་ལ་ སོགས་པ་སྔོན་གསེར་རྡོ་དང་དངུལ་རྡོ་ཡོད་པ་ལན་གཅིག་མེས་བཞུ་བ་ལ་སོགས་པའི་རྐྱེན་ གྱིས། གསེར་དངུལ་དུ་འགྱུར་ཞིང་། གསེར་དངུལ་དུ་སོང་བ་དེ། དེ་ནས་ཕྱིས་བསྒྱུར་དུ་ མེད་པ་ནི་བཞུ་བའི་ཁམས་སོ། །ཤེལ་དང་རྡོ་བ་ལ་སོགས་པ་བཞུ་བ་དང་གདུང་བའི་བྱ་བ་ མི་ནུས་པ་རྣམས་ནི། མི་འགྱུར་བ་སྟེ་སྲ་བའི་ཁམས་སོ། །རྩ་དང་ཤིང་ལ་སོགས་པ། ས་བོན་ དང་རྩ་བ་ལས་འཕྲལ་འཕྲལ་དུ་སྐྱེ་ཞིང་སྨིན་པར་འགྱུར་བ་ནི་སྡོང་པོའི་ཁམས་ཏེ། དེ་གསུམ་ ནི་ས་ཁམས་ཤས་ཆེ་བ་ཡིན་ནོ། །ཆུ་མེ་རླུང་གསུམ་ནི། དེ་རྣམས་རྒྱས་བྱེད་ཡིན་པའི་ཕྱིར། རྒྱས་བྱེད་ཀྱི་ཁམས་ཞེས་བྱའོ། །བཞི་ཚན་གཉིས་པ་ལ། རང་སེམས་ཀྱི་སྣང་ཆ་ནུས་པ་ཐ་ དད་པའི་དབང་དུ་བྱས་ནས། གོམས་པ་ལས་ཐོབ་པར་འགྱུར་བའི་ནུས་པ་ནི། འགྱུར་བའི་ མཚན་ཉིད་དེ། དེ་ཡང་ཞེ་སྡང་གོམས་ན། ཞེ་སྡང་ཆེན་པོར་འགྱུར་བ་དང་། སྙིང་རྗེ་གོམས་ ན་སྙིང་རྗེ་ཆེན་པོར་འགྱུར་བ་ལ་སོགས་པའི་ནུས་པའོ། །རང་སེམས་སྟོང་པའི་གསལ་སྣང་ གི་རྩལ་མ་འགག་པ་གང་དུ་ཡང་འཆར་བ། གསལ་སྟོང་གཉིས་ཀར་གདོད་མའི་རང་བཞིན་ ཡིན་པའི་ཕྱིར། རྟག་ཏུ་རྒྱུན་མི་འཆད་པ་ནི་རང་བཞིན་གྱི་མཚན་ཉིད་དོ། །རང་གི་སེམས་ལ་ བག་ཆགས་བསགས་པའི་སྣང་བ་སྣོད་ཀྱི་འཇིག་རྟེན་གྱི་བསྡུས་པའི་གནས་སུ་སྣང་བ་དང་། གཟུགས་སོགས་ཕྱི་དོན་དུ་སྣང་བ་དང་། ནང་གི་སྐྱེ་མཆེད་དྲུག་གིས་བསྡུས་པའི་ལུས་སུ་སྣང་ བའི་ནུས་པ་ནི་སྣང་བའི་མཚན་ཉིད་དོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད། རང་བཞིན་ དབྱེར་མེད་ཀྱི་སྒོ་ནས་ནུས་མཐུའི་ཚུལ་དུ་ཚང་བ་ནི་ནུས་པའི་མཚན་ཉིད་ཞེས་བྱའོ། །རང་ བཞིན་དབྱེར་མེད་ནུས་པའི་ཚུལ་དུ་གནས་པའི་ཚུལ་ནི། དཔེར་ན་སྨན་སྣ་ཚོགས་བསྡུས་པའི་ ཁུ་བ་ལ། སྨན་དེ་ཐམས་ཅད་ཀྱི་ནུས་པ་ཡོད་དེ། འོན་ཀྱང་སྨན་དེ་དག་གང་གི་ཡང་གཟུགས་ མི་མཐོང་ལ། སྨན་སོ་སོའི་ཁུ་བ་ཐ་དད་དུ་འབྱེད་པར་ཡང་མི་ནུས་མོད། དེ་འཐུང་ན་སྨན་སོ་ 24-1-102 སོའི་ནུས་པ་མ་ཉམས་པར་ཐམས་ཅད་འབྱུང་བ་བཞིན། སེམས་འདི་ལའང་། སངས་རྒྱས་ ཀྱི་ནུས་པ་ཐམས་ཅད་གནས་ཀྱང་། མི་མཐོང་ཞིང་སོ་སོར་འབྱེད་མི་ཐུབ་པ། དེ་ཉིད་ལམ་ བསྒོམས་པས་སོས་བཏབ་པའི་ཚེ། ཐམས་ཅད་མངོན་དུ་འགྱུར་བ་ཡིན་ནོ། །ལམ་བསྒོམས་ པ་ཐམས་ཅད་ཀྱང་མཚན་ཉིད་བཞི་ལྡན་གྱི་བྱེད་པ་ཅན་ཏེ། ལམ་གང་ཞིག་བསྒོམས་པས་ སེམས་རྒྱུད་དེའི་བློ་བུར་གྱི་དྲི་མ་ངན་པའི་རང་བཞིན་ཅན་བཏང་བའམ། གཏོང་བར་འགྱུར་ བ་ནི་བསྒྱུར་བའི་མཚན་ཉིད་ཅན་དང་། ཆོས་ཐམས་ཅད་སྤྲོས་བྲལ་ཡིན་པའི་ཕྱིར། སྤྲོས་ བྲལ་སྒོམ་པ་དང་། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ་ལ་མི་རྟག་པར་སྒོམ་པ་སོགས། གཞི་དུས་ཀྱི་ཆོས་ཉིད་དང་མཐུན་པར་སྒོམ་པ་ནི། མི་འགྱུར་བའི་རྗེས་སུ་འགྲོ་བའི་མཚན་ ཉིད་དེ། སྐབས་འདིར་མི་འགྱུར་བའི་གོ་དོན། ཀུན་རྫོབ་དང་དོན་དམ་གང་ཡིན་ཀྱང་། དེའི་ རང་བབས་ཀྱི་མིང་ཡིན་ནོ། །ཕྱིར་མི་ལྡོག་པའི་རྟགས་སོགས་ལམ་རྟགས་དང་། ཉམས་ཀྱི་ སྣང་བ་སྣ་ཚོགས་དང་། མངོན་ཤེས་དང་། རྫུ་འཕྲུལ་ལ་སོགས་པའི་ལམ་གྱི་ཡོན་ཏན་འཆར་ ཐུབ་པའི་ཆ་ནི། སྣང་བ་དང་བཅས་པའི་མཚན་ཉིད་དོ། །ལམ་བསྒོམས་པས་འབྲས་བུ་མངོན་ དུ་འགྱུར་བ་ལ། སྒྲིབ་བྱེད་ཀྱི་སྐྱོན་རྣམས་རིམ་གྱིས་བྲལ་བ་ན། ནུས་པའི་མཚན་ཉིད་གོང་ འཕེལ་དུ་འགྲོ་བ་ནི་ནུས་པ་འཕེལ་བའི་མཚན་ཉིད་དོ། །སྒྲིབ་གཉིས་མི་སྐྱེ་བའི་ཆོས་ཅན་ དུ་བྱས་པ་ནི། རང་བཞིན་གྱིས་དག་པའི་མཚན་ཉིད་དང་། གསེར་གྱི་ངོ་བོ་ནམ་ཡང་གཡའ་ མ་ཡིན་པ་ལྟར། སེམས་ཀྱི་རང་བཞིན་སྒྲིབ་པའི་ངོ་བོར་ནམ་ཡང་མ་སྐྱེས་པས། སེམས་ ཀྱི་རང་བཞིན་སྒྲིབ་གཉིས་ཀྱིས་དག་ཅིང་། གསལ་བ་རྒྱུན་མི་འཆད་པ་ནི་རང་བཞིན་གྱིས་ དག་པ་ཡིན་ལ། རྣམ་པར་རྟོག་པ་མེད་བཞིན་དུ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བ་དང་། རང་ གི་ཡེ་ཤེས་ཀྱི་རང་སྣང་ལས་བྱུང་བའི་ཞིང་ཁམས་རྣམ་པར་དག་པ་འཆར་བ་ནི་འཕྲིན་ལས་ དང་། རབ་རིབ་བསལ་བའི་ཚེ། མིག་གི་གདོད་མའི་ཡོན་ཏན་གཟུགས་གསལ་བར་མཐོང་ 24-1-103 བ་འབྱུང་བ་བཞིན། སེམས་ཀྱི་གདོད་མའི་ནུས་པ་མངོན་དུ་གྱུར་པ་ནི་ཡོན་ཏན་ནོ། །སྤྱིར་ སེམས་ཀྱི་ནུས་པ་ལས། ཕྱི་རོལ་གྱི་དོན་དུ་སྣང་བའི་རྣམ་རིག་དང་། སེམས་ཀྱིས་སེམས་ཉིད་ ཀྱི་ངོ་བོར་གྱུར་པའི་ལམ་བསྒོམས་པས་སེམས་སྣང་དུ་གྱུར་པའི་དྲི་མ་འདག་པ་དང་། སེམས་ སྣང་ཙམ་གྱི་ལམ་ནི་ཡོན་ཏན་མང་པོ་ཐོབ་པ་དང་། སེམས་སྣང་ཙམ་གྱི་འབྲས་བུ་མངོན་དུ་ འགྱུར་བའི་ཕྱིར། རྩ་བ་སེམས་གཅིག་པུ་སྣང་ཆ་གཞི་ལམ་འབྲས་བུ་གསུམ་དུ་སྣང་བ་ཡིན་ ནོ། །དེ་ལ་གོང་དུ་བཤད་པའི་བཞི་ཚན་དང་པོ་གཉིས་གཞི་དུས་དང་། གཞན་གཉིས་ལམ་ དང་འབྲས་བུར་སྦྱོར་བ་ལས། སེམས་ཀྱི་རང་བཞིན་གདོད་མ་ལ་ནུས་པ་བཞི་ཡོད་པའི་རྟེན་ འབྲེལ་ལས། སྣོད་ཀྱི་འཇིག་རྟེན་ལ་ཆོས་བཞི་འཆར་བ་དང་། ལམ་བྱེད་པའི་མཚན་ཉིད་ བཞི་ལྡན་དུ་ཉམས་སུ་ལེན་དགོས་པ་དང་། འབྲས་བུའང་ཁྱད་པར་བཞི་ལྡན་དུ་འཆར་བ་ ཡིན་ནོ། །དེ་ཡང་སེམས་ལ་འགྱུར་བའི་ནུས་པ་ཡོད་པའི་གནད་ཀས། ཕྱི་རོལ་དུ་འགྱུར་བའི་ བྱ་བ་བྱེད་པ་བཞུ་བའི་ཁམས་ཀྱི་སྣང་བ་འཆར། ལམ་བསྒོམས་པའི་ཚེ། གོམས་པ་ལས་ཐོབ་ པ། དཔེར་ན་སྔོན་སྙིང་རྗེ་མེད་པས། སྙིང་རྗེ་གོམས་པའི་ཚེ་སྔ་མ་ལས་འགྱུར་ནས། སྙིང་རྗེ་ ཆེན་པོར་འགྲོ་ལ། དེ་ཉིད་གོམས་པ་མཐར་ཐུག་པའི་ཚེ། དེ་ཁོ་ནར་གནས་ཀྱི། ཕྱིས་སྙིང་རྗེ་ མེད་པར་མི་ཟློག་པ་དང་། འབྲས་བུ་གྲུབ་པའི་ཚེ། བློ་བུར་རྣམ་དག་མངོན་དུ་གྱུར་པ་ཡིན་ ནོ། །དེ་བཞིན་དུ་སེམས་རང་བཞིན་མི་འགྱུར་བའི་རྟེན་འབྲེལ་གྱིས། ངོ་བོ་བསྒྱུར་དུ་མི་ བཏུབ་པའི་སྲ་བའི་ཁམས་ཀྱི་སྣང་བ་འཆར། ལམ་ཡང་འགྱུར་བ་མེད་པ་དེ་ཉིད་ཀྱི་རྗེས་སུ་ འབྲངས་ཏེ་སྒོམ་དགོས། འབྲས་བུའང་རང་བཞིན་རྣམ་དག་གདོད་ནས་མི་འགྱུར་བ་མངོན་ དུ་བྱེད། སེམས་སྣང་བ་དང་བཅས་པ་ཡིན་པའི་གནད་ཀས། རྩ་ཤིང་ལོ་ཐོག་ལ་སོགས་པ་ འཕེལ་འགྲིབ་མ་ངེས་པ་སྣ་ཚོགས་བྱེད། ལམ་གྱི་སྐབས་སུ་ཡང་ཉམས་རྟགས་སྣ་ཚོགས་ འཆར་འབྲས་བུ་ཞིང་དང་མཛད་པ་མཐའ་ཡས་པ་སྟོན། སེམས་ལ་ནུས་པའི་མཚན་ཉིད་ཡོད་ 24-1-104 པའི་རྟེན་འབྲེལ་གྱིས། རགས་པ་ས་ཁམས་ལ། ཁྱབ་བྱེད་དུ་འཇུག་ཅིང་འཕེལ་འགྲིབ་ཀྱི་ བྱ་བ་བྱེད་པའི་འབྱུང་བ་ཕྲ་མོ་གསུམ་གྱི་སྣང་བ་འཆར། ལམ་སྒོམ་པའི་ཚེ། ནུས་པ་གོང་དུ་ འཕེལ་བས་སེམས་ཀྱི་རང་བཞིན་མངོན་དུ་འགྱུར་བ་ལ་གྲོགས་བྱེད། གྲོགས་བྱས་པ་དེས་ འབྲས་བུའི་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་ཏེ། དེ་ལྟར་ན་བཞི་ཚན་བཞི་པོ་རེ་རེའི་དང་ པོ་བཞི་རྟེན་འབྲེལ་གྱི་འགྲོས་གཅིག་པ་སོགས་ཐམས་ཅད་ཀྱི་ཐ་མ་བཞིའི་བར་དུ་སྦྱར་བར་ བྱའོ། །འདི་དག་ནི་དེ་ཁོ་ན་ཉིད་བཅུ་དྲུག་ཅེས་བྱ་སྟེ། གནས་ལུགས་གཏན་ལ་འབེབས་བྱེད་ ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཅེས་བྱའོ། ། གསུམ་པ་ནི། མི་རྟག་པ་སྒོམ་པ་སོགས་དམིགས་བཅས་ཀྱི་སྒོམ་རྣམས་ནི་བཞི་ཚན་ དང་པོའི་ཉམས་ལེན་ཡིན་ཏེ། དེ་དག་རང་བཞིན་གདོད་མའི་ཉམས་ལེན་མ་ཡིན་པའི་ཕྱིར། དང་པོར་ནི་གཞི་འགྱུར་བའི་ཚུལ་མིན་ལ། གོམས་པ་བརྟན་ནས་ནི་མི་འགྱུར་བས་སོ། །རང་ བཞིན་གདོད་མའི་སྟོང་ཉིད་དང་། ལྷའི་འཁོར་ལོ་སྟེ་དཀྱིལ་འཁོར་སྒོམ་པ་དང་། རྫོགས་རིམ་ གྱི་བདེ་བ་ཆེན་པོ་སྒྲུབ་པ་རྣམས་ནི། བཞི་ཚན་དུ་སྦྱར་བ་གཉིས་པའི་ཉམས་ལེན་ཡིན་ཏེ། ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པ་དང་བྲལ་བ་དང་། ལུས་ཀྱི་རང་བཞིན་ལྷ་སྐུ། སེམས་ ཀྱི་རང་བཞིན་བདེ་ཆེན་གདོད་མ་ནས་གྲུབ་པའི་ཕྱིར་རོ། །ཉམས་སྐྱོང་ཞིང་ཡེ་ཤེས་སྤེལ་བ་ ནི་བཞི་ཚན་དུ་སྦྱར་བ་གསུམ་པའི་ཉམས་ལེན་དང་། མདོའི་ལུགས་ཀྱི་ལམ་རང་དོན་ཕར་ ཕྱིན་དྲུག གཞན་དོན་བསྡུ་དངོས་བཞི། སྔགས་ལུགས་ཀྱི་སྨིན་བྱེད་ཀྱི་དབང་དང་། གྲོལ་ བྱེད་ཀྱི་ལམ་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ནི། ཡོན་ཏན་མངོན་པར་སྒྲུབ་པ་ ལ་མི་དགོས་ཁ་མེད་ཡིན་པའི་ཕྱིར། བཞི་ཚན་དུ་སྦྱར་བ་བཞི་པའི་ཉམས་ལེན་ནོ། །སེམས་ ཀྱི་ནུས་པ་ལས་ཕྱི་རོལ་གྱི་སྣང་བའང་ནུས་པ་དེ་དང་རིགས་མཐུན་དུ་འཆར་ཞིང་། དེ་གཉིས་ དང་འབྲས་བུ་དང་ཡང་རྣམ་པ་མཐུན་པར་ལམ་བསྒོམས་པས། གཞི་དུས་ཀྱི་སེམས་ཀྱི་ནུས་ 24-1-105 པ་འབྲས་བུར་སྨིན་པ་འབྱུང་བ་ཡིན་ནོ། ། བཞི་པ་ནི་ལམ་སྒྲུབ་པར་གདམས་པ་སྟེ། སེམས་ནི་རང་བཞིན་མི་འགྱུར་བ་རྡོ་རྗེ་དང་ འདྲ་བ། སྤྲོས་པའི་དྲི་མ་ཐམས་ཅད་དང་བྲལ་ཞིང་། ཡེ་ཤེས་རང་རིག་རང་གསལ་ནམ་ཡང་ རྒྱུན་མི་འཆད་པ་ཡིན་ལ། རང་བཞིན་གསལ་བ་དེ་ལ། ལམ་སྣང་སྟོང་གཉིས་སུ་མེད་པ་དག་ པའི་འཁོར་ལོ་སྒོམ་པས་རང་བྱུང་སྟེ། གཞི་གདོད་མ་མ་ནོར་ཞིང་མ་འཁྲུལ་བར་མངོན་དུ་ འགྱུར་ཞེས་པའོ། ། ཚིག་དོན་རྟོགས་པར་དཀའ་བ་རྣམས། །ཉུང་གསལ་གོ་བདེའི་ངག་གིས་བཀོད། །དགེ་ དེས་ཐེག་ཆེན་དམ་ཆོས་ཀྱི། །འབྱོར་པས་ཕྱོགས་ཀུན་ཁྱབ་པར་ཤོག ། གསུམ་པ་རྗེས་ཕུན་སུམ་ཚོགས་པའི་བཀོད་པ་རྒྱ་ཆེར་བསྟན་པ་ནི། དེར་ཁང་བཟང་ ཞེས་སོགས་སྟེ་གོ་སླའོ། །ཞེས་པ་འདི་རྡོ་རྗེའི་ཚིག་ངེས་པར་བྱེད་པ་སྟེ། སངས་རྒྱས་འོད་ དཔག་མེད་ཀྱི་རྣམ་འཕྲུལ་གླང་རི་ཐང་པ་ཆེན་པོའི་གདན་སར་བཞུགས་པ་དགེ་བའི་བཤེས་ གཉེན་ཆེན་པོ་བྱང་ཆུབ་སེམས་པ་སངས་རྒྱས་ལྷུན་གྲུབ་ཀྱི་གསུང་གིས་བསྐུལ་བ་དང་། སྨྲ་ བའི་སེང་གེ་བློ་གྲོས་དཔལ་བཟང་ལ་སོགས་པ་དོན་གཉེར་མང་པོས་བསྐུལ་བའི་ངོར་ཏཱ་ར་ ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས། ༼༦༽ ༄༅། །ན་མོ་གུ་རུ། འདིར་རྒྱལ་བ་རྒྱལ་སྲས་ཆེན་པོའི་ཚུལ་འཛིན་པ། རིན་ཆེན་སྣང་ བ་འོད་ཀྱི་རྒྱལ་མཚན་ནམ། རྗེ་བཙུན་ཤཱཀྱ་མཆོག་ལྡན་གྱི་ཞལ་སྔ་ནས་ཀྱིས་གསུངས་པའི་རྡོ་ རྗེའི་ཚིག་འདིའི་དོན་ཉམས་སུ་བླང་བའི་རིམ་པ་ནི། དང་པོར་སོ་ཐར་རིགས་བདུན་གང་ཡང་ རུང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་པར་བླང་། རྣལ་འབྱོར་བླ་མེད་ཀྱི་དཀྱིལ་ 24-1-106 འཁོར་གང་ཡང་རུང་བར་དབང་བཞི་རྫོགས་པར་བླང་། དམ་ཚིག་དང་སྡོམ་པ་མིག་འབྲས་ བཞིན་དུ་ལེགས་པར་བསྲུངས། དེ་ནས་ཉམས་སུ་བླང་བའི་རིམ་པ་ལ་ཐུན་མོང་པ་ཐབས་ གཙོ་བོར་གྱུར་པའི་ཁྲིད་དང་། ཐུན་མོང་མ་ཡིན་པ་ཐབས་ཤེས་ཟུང་དུ་འབྲེལ་བའི་འཁྲིད། དེའི་བོགས་དབྱུང་ཞིང་གེགས་བསལ་བའི་འཁྲིད། ཚོགས་གཉིས་རྒྱ་ཆེར་སྤེལ་བའི་འཁྲིད་དེ་ བཞི་ལས། དང་པོ་ནི། རང་གི་མདུན་དུ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ དང་བཅས་པ་གསལ་བཏབ་ལ། སྐྱབས་སུ་འགྲོ་བ་ལན་གསུམ་བྱ། དུས་འདི་ནས་བརྩམས་ ཇི་སྲིད་བར། །སྡིག་པ་ཀུན་ལས་བདག་ཟློག་ཅིང་། །ལུས་དང་ངག་དང་ཡིད་སྒོ་ནས། །དགེ་ ལ་རབ་ཏུ་བརྩོན་པར་བགྱི། །ཞེས་ཐེག་དམན་དང་ཐུན་མོང་གི་སྡོམ་པ་བཟུང་བ་ལན་གསུམ། སྔོན་གྱི་སངས་རྒྱས་བྱང་སེམས་ཀྱི། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་ ཀྱང་སེམས་བསྐྱེད་ཅིང་། །བྱང་ཆུབ་སྤྱོད་པའང་སྤྱད་པར་བགྱི། །ཞེས་ལན་གསུམ་གྱིས་ཐེག་ ཆེན་ཐུན་མོང་མ་ཡིན་པའི་སེམས་བསྐྱེད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་ ལན་གསུམ་གསོལ་བ་བཏབ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། ། ཞེས་བུམ་པའི་ཆུས་དབང་བསྐུར། ལུས་ལྷ་སྐུ་གསལ་སྟོང་ལ་སེམས་བཏད་བུམ་དབང་ངོ་། ། བྱང་ཆུབ་ཀྱི་སེམས་སྔགས་ཀྱི་སྒྲ་དང་བཅས་པ་ཁར་ཕབ། ༀ་ཨཱཿཧཱུཾ་ཞེས་བརྗོད། ངག་ གྲགས་སྟོང་ལ་སེམས་གཏད། གསང་དབང་ངོ་། །དེ་རྣམས་འོད་དུ་ཞུ། རང་ཉིད་ལ་ཐིམ་ པས། རང་ལུས་བདེ་བས་གང་། སེམས་བདེ་སྟོང་ལ་མཉམ་པར་བཞག ཤེས་རབ་ཡེ་ཤེས་ ཀྱི་དབང་ངོ་། །སྤྲོས་པའི་མཐའ་བཞི་དང་བྲལ་བའི་ངང་དུ་ཅུང་ཞིག་སྒོམ། དབང་བཞི་པའོ། དེ་ནི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་དམ་ཚིག་གསོ་བའོ། །དེ་ནས་བདག་དང་སེམས་ཅན་ 24-1-107 ཐམས་ཅད་ནམ་འཆི་ཆ་མེད་འཆི་བ་ལ་ཅིས་ཀྱང་མི་ཕན། ཤི་བའི་ཚེ་ཕངས་པ་ཐམས་ཅད་ ཤུལ་དུ་ལུས། དེར་མ་ཟད་འཇིག་རྟེན་གྱི་ཁམས་འདི་ཡང་མི་རྟག་ཅིང་མི་བརྟན། སྙིང་པོ་མེད་ པའི་རང་བཞིན་ཅན་ཡིན་ཅེས་མི་རྟག་པའི་སྒོ་ནས་འཁོར་བ་ཐམས་ཅད་ལ་ཡིད་འབྱུང་བར་ བྱ་དེ་ཉིད་ཡང་ཡང་སྐྱར་སྐྱིན་སྒོམ། ཐུན་མཇུག་ཏུ་དགེ་རྩ་བྱང་ཆུབ་ཏུ་བསྔོ། དེ་ལྟར་ཉིན་ཐུན་ གསུམ། མཚན་ཐུན་གསུམ་སྟེ་དྲུག་བསྒོམ་པར་བྱའོ། །སྐྱབས་འགྲོ་སྔོན་དུ་འགྲོ་བས་སྡོམ་པ་ གསུམ་བླང་བ་ནི་ཐུན་གྱི་སྔོན་འགྲོ་དང་དགེ་རྩ་བསྔོ་བ་རྗེས་ཏེ། འདི་གཉིས་ཐམས་ཅད་ལ་ འདྲའོ། །དེ་ལྟར་ན་དམིགས་སྐོར་གཅིག་གོ ། དེ་ནས་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ཏེ། ངན་སོང་གསུམ་ ན་ཚོར་བ་སྡུག་བསྔལ་བསྲན་དུ་མེད། མཐོ་རིས་ཀྱི་བདེ་སྐྱིད་མི་བརྟན་ཅིང་འཇིག ལུས་ སེམས་ལ་སྡུག་བསྔལ་དཔག་ཏུ་མེད་པ་རྒྱུན་མི་འཆད་པ་ཡོད། ལས་ཉོན་སྡུག་བསྔལ་གསུམ་ གྱི་འཁོར་ལོ་སྐོར་བ་འདི་ལས་ཅིས་ཀྱང་ཐར་དགོས་པ་འདུག་སྙམ་དུ་སྡུག་བསྔལ་གྱི་སྒོ་ནས་ འཁོར་བ་མཐའ་དག་ལ་སྐྱོ་ཤས་དྲག་ཏུ་བསྐྱེད་དེ་དམིགས་སྐོར་གཉིས་པའོ། ། ལུས་འདི་མི་གཙང་ཞིང་སྙིང་པོ་མེད་པའོ་སྙམ་དུ་སྒོམ་པ་ནི་དམིགས་སྐོར་གསུམ་པའོ། ། ང་ཞེས་བྱ་བ་ནི་ཕྱི་ཡུལ་དང་ནང་ལུས་དང་བར་གང་ན་ཡང་མི་གནས་པའི་ཕྱིར། བདག་ ནི་གང་དུའང་གྲུབ་པ་མེད་དོ་ཞེས་སྒོམ་པ་ནི་དམིགས་སྐོར་བཞི་པའོ། ། ཕ་མར་གྱུར་པའི་སེམས་ཅན་རྣམས། འཁོར་བར་སྡུག་བསྔལ་སྣ་ཚོགས་པ་མྱོང་བ་སྙིང་ རྗེ། འདི་རྣམས་བདེ་ན། སྐྱིད་ན་སྙམ་པ་ནི། བྱམས་སྙིང་རྗེ་དེ་དམིགས་སྐོར་ལྔ་པའོ། ། སེམས་ཅན་འདི་རྣམས་བྱང་ཆུབ་མཆོག་ལ་རེག་པའི་དོན་དུ། བདག་སངས་རྒྱས་མྱུར་དུ་ ཐོབ་པར་བྱའོ། །ཞེས་ཡང་ཡང་སྒོམ་པ་ནི་དམིགས་སྐོར་དྲུག་པའོ། །དེ་རྣམས་ནི་སྔོན་འགྲོའི་ འཁྲིད་དོ། ། 24-1-108 གཉིས་པ་ནི། ལུས་རྣམ་སྣང་གི་ཆོས་བདུན་བཅས་ལ། སེམས་སྤྲོས་པའི་མཚན་མ་ ཐམས་ཅད་དང་བྲལ་བའི་ངང་ནས། ཁ་ནང་ལོག་གི་ཤེས་པས་ཆེར་གྱིས་བལྟས་པ་ན། གཞི་ གདོད་མ་ནས་ངོས་བཟུང་ཐམས་ཅད་དང་བྲལ་ཞིང་གསལ་བའི་ཆོས་མི་འདོར་བ། འགྱུར་ མེད་ཀྱི་དབྱིངས་དེ་ལ་རང་ངོ་ཤེས་པས་སྐྱོང་བ་ནི་སྟོང་པ་ཉིད་སྒོམ་པ་སྟེ། རང་རིག་མངོན་ སུམ་གྱི་རྣལ་འབྱོར་ཞེས་ཀྱང་བྱ། བདེ་གཤེགས་སྙིང་པོ་སྒོམ་པ་ཞེས་ཀྱང་བྱ། གཉིས་མེད་ཡེ་ ཤེས་ཀྱི་རང་ཞལ་ལྟ་བ་ཞེས་ཀྱང་བྱ། ཡོངས་གྲུབ་ཀྱི་རྣལ་འབྱོར་ཞེས་ཀྱང་ཟེར་ཏེ་དམིགས་ སྐོར་བདུན་པའོ། ། རང་སེམས་ལྷ་སྐུ་གསལ་སྟོང་འཇའ་ཚོན་ལྟ་བུ་ལ་སེམས་གཏོད་པ་ནི། ལྷ་སྐུ་གསལ་ སྟོང་སྒོམ་པ་སྟེ་དམིགས་སྐོར་བརྒྱད་པའོ། ། རླུང་བུམ་ཅན་ཁ་སྦྱོར་དུ་བཟུང་ཞིང་། ལུས་ཁོང་སྟོང་དུ་སྒོམ་པའི་ལྟེ་བའི་དབུས་ན། མར་མེ་སོར་བཞི་པ་ཁྲིག་ཁྲིག་གཡོ་བ། དེ་གཡོས་པས་ལུས་བདེ་ལམ་ལམ་འདུག་པ་གཅིག་ བསྒོམས་ལ། ཐུར་སེལ་ཁོང་འཐེན་གྱི་སྦྱོར་བས་ཅུང་ཟད་བདེ་བ་བསྐྱེད། དེ་ནི་བདེ་བ་སྒོམ་ པ་སྟེ། དམིགས་སྐོར་དགུ་པའོ། ། དེ་གསུམ་སོ་སོ་ལ་ཉམས་རྟགས་ཐོན་ན། རང་བཞིན་འགྱུར་མེད་བརྗོད་བྲལ་དེ་ཁའི་ ངང་ནས། སེམས་ཀྱི་རོ་བདེ་བར་ལྷང་ངེ་བ། སྣང་ཆ་ལྷ་སྐུར་ལམ་མེ་བ། ཁ་ནང་ལྟས་ཀྱི་ཤེས་ པས་ངོ་ཤེས་དང་མ་བྲལ་བ། དེ་ཁོ་ན་སྒོམ་སྟེ། གཡོ་མེད་ཀྱི་བདེ་ཆེན་ཟུང་འཇུག་གཉིས་མེད་ ཡེ་ཤེས་དོན་དམ་གྱི་རྣལ་འབྱོར་འདི་ནི་དམིགས་སྐོར་བཅུ་པའོ། །དེ་གསུམ་དངོས་གཞིའོ། ། གསུམ་པ་ནི། སེམས་ཀྱི་གསལ་བའི་ཉམས་ལ་མ་ཞེན་ཞིང་སྒྱུ་མ་ལྟ་བུར་ཤེས་པར་བྱ། དེ་བཞིན་དུ་བདེ་བ་དང་སྟོང་པའི་ཉམས་ལ་ཡང་མ་ཞེན་པ་བྱ། བསྟོད་པ་དང་། བདེ་བ་དང་། ལོངས་སྤྱོད་ཕུན་ཚོགས་རྙེད་པ་ལ་སོགས་པ་རྣམས་ལ་ཞེན་པ་དང་དགའ་སྤྲོ་མི་བྱ། སྨད་ 24-1-109 པ་དང་སྡུག་བསྔལ་དང་། དབུལ་འཕོངས་ལ་སོགས་པ་རྣམས་ལ་སྐྱོ་བ་དང་མི་དགའ་བ་མི་ བྱ། ཐམས་ཅད་རྨི་ལམ་ལྟ་བུ་མཉམ་པ་ཉིད་དུ་ཤེས་པར་བྱ། བདེ་སྡུག་དང་དགའ་མི་དགའ་ སོགས་ཀྱི་སྣང་བ་ཅི་ཤར་ཐམས་ཅད་འཛིན་མེད་ཀྱི་དབྱིངས་སུ་ཅི་ཐུབ་བསྲེའོ། ། བཞི་པ་ནི། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་རྣམ་པ་ཐམས་ཅད་དུ་བསླབ་པར་བྱའོ་ཞེས་དམ་བཅའ་ཡང་ནས་ཡང་ དུ་བྱ་སྟེ་དམིགས་སྐོར་བཅུ་གཅིག་པའོ། ། དེ་བཞིན་དུ་བསྡུ་བའི་དངོས་པོ་བཞི་ལ་སློབ་པའི་དམ་བཅའ་བྱ་སྟེ། དམིགས་སྐོར་བཅུ་ གཉིས་པའོ། ། སེམས་ཅན་འདི་རྣམས་མྱུར་དུ་སངས་རྒྱས་ཀྱི་ས་ལ་འགོད་དགོས་པས། ཕ་རོལ་ཏུ་ཕྱིན་ པའི་ལམ་ཡང་ཤིན་ཏུ་འགོར་ཏེ། དེ་བས་ན་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ལམ་གྱིས་ ཚེ་འདི་ཉིད་ལ་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་ཞེས་དམ་བཅའ་ཡང་ཡང་བྱ། དམིགས་ སྐོར་བཅུ་གསུམ་པའོ། ། དེ་གཉིས་རྗེས་སམ་ཡན་ལག་གི་ཆོས་ཏེ། དེ་ལྟར་ན་ས་བཅུ་གསུམ་དང་ཆོས་མཚུངས་ དམིགས་སྐོར་བཅུ་གསུམ་མོ། ། འཁྲིད་བཞི་པོ་དེ་ལ་ནི་བཞི་ཆོས་ཞེས་བྱའོ། །བཞི་ཆོས་ཀྱི་སྙིང་པོ་ནི། གནས་ལུགས་ཀྱི་ ལྟ་བ་ངོ་སྤྲོད་པ་སྟེ། འདི་ལ་གཟུང་འཛིན་རང་བཞིན་མེད་པར་ངོ་སྤྲོད་པ་དང་། རང་རིག་ཡེ་ ཤེས་དོན་དམ་དུ་ངོ་སྤྲོད་པ་དང་། དེ་ཉིད་བདེ་ཆེན་ཟུང་འཇུག་ཏུ་ངོ་སྤྲོད་པའོ། ། དང་པོ་ནི། སེམས་ཀྱི་རང་བཞིན་ལ་མཉམ་པར་བཞག་པའི་ངང་ནས། ཕྱི་སྣང་བ་ལ་ ཆེར་གྱིས་བལྟས་པས་ངོ་ཤེས་འོངས་ཏེ། ཡུལ་དང་སེམས་ལ་དབྱེ་བའི་ས་མཚམས་ཕྱེ་བ་མེད་ དེ། སྣང་བ་དེ་ཉིད་རང་གི་སེམས་ཡིན་པས་གཟུགས་སུ་སྣང་བ་ལམ་མེ་བ་དང་། སྒྲར་སྣང་ 24-1-110 བ་ལྷང་ངེ་བ་དང་། དེ་བཞིན་དུ་དྲི་རོ་རེག་བྱར་སྣང་བ་ཐམས་ཅད་ཀྱང་རང་སེམས་གཅིག་པོ་ དེ་ལས། ལོགས་སུ་སྣང་བ་མེད་པར་ཐག་བཅད། དེ་ནི་གཟུང་འཛིན་རྫས་ཐ་དད་མེད་པར་ གཏན་ལ་དབབ་པ་སྟེ། ངོ་སྤྲོད་དང་པོའོ། ། དེ་ནས་རང་སེམས་ཀྱི་འཆར་སྒོ་ཉོན་མོངས་དང་རྣམ་རྟོག་ཅི་ཤར་བ་ཐམས་ཅད། མེ་ ལོང་ནང་གི་གཟུགས་བརྙན་ལྟར། གདོད་མ་ནས་སྣང་ལ་ངོས་བཟུང་མེད་པར་ངོ་ཤེས་ཀྱིས་ གཏན་ལ་ཕབ། དེ་ནི་གཟུང་འཛིན་གཉིས་རང་བཞིན་མེད་པར་གཏན་མ་ཕབ་པས་ངོ་སྤྲོད་པ་ སྟེ། ངོ་སྤྲོད་གཉིས་པའོ། ། ཡུལ་སྣང་དང་སེམས་ཀྱི་འཆར་སྒོ་ཅི་བྱུང་ཡང་། རང་སྣང་འཁྲུལ་པ་ཙམ་ལས། སེམས་ ཀྱི་རང་བཞིན་ལ་ནམ་ཡང་མ་གོས་པར་གཏན་ལ་དབབ་པ་ནི་ཀུན་བརྟགས་བློ་བུར་གྱི་དྲི་མ་ གདོད་ནས་ཡོད་མ་མྱོང་བར་ངོ་སྤྲོད་པ་སྟེ། ངོ་སྤྲོད་གསུམ་པའོ། ། གཉིས་པ་ནི། སེམས་ཀྱི་ངོ་བོ་ངོས་བཟུང་དང་བྲལ་བ་བརྗོད་པའི་ཡུལ་ལས་འདས་ཀྱང་། རང་རིག་རང་གསལ་ནམ་ཡང་རྒྱུན་མི་འཆད་པ་དང་། ཡུལ་སྣང་དང་རྣམ་རྟོག་ཤར་མ་ཤར་ གྱི་ཁྱད་པར་ལ་འཕོ་འགྱུར་གང་ཡང་མེད་པར་ཉམས་སུ་མྱོང་བས་གཏན་ལ་འབེབས་པ་ནི། ། གཉིས་མེད་ཀྱི་ཡེ་ཤེས་དོན་དམ་བདེན་པར་ངོ་སྤྲོད་པ་སྟེ། ངོ་སྤྲོད་བཞི་པའོ། ། གསུམ་པ་ནི། སེམས་ཀྱི་སྣང་ཆ་མ་འགགས་པ། དག་མ་དག་གི་སྣོད་བཅུད་ཀྱི་སྣང་བར་ འཆར་དུ་རུང་བ་ནི། སྣང་སྟོང་བརྗོད་དུ་མེད་པའི་ཕྱིར། དག་པའི་དཀྱིལ་འཁོར་དང་། དེ་ཉིད་ ཀྱི་ངོ་བོ་འཕོ་འགྱུར་གཏན་ནས་མེད་པ། རོ་བདེ་བར་ཤར་བ་ནི། ལྷན་ཅིག་སྐྱེས་པའི་བདེ་བ་ ཆེན་པོ་སྟེ། དེ་གཉིས་མིང་འདོགས་ཐ་དད་མ་གཏོགས་ངོ་བོ་ལོགས་ལོགས་མེད་པར། རིག་ པ་སྐད་ཅིག་མ་གཅིག་པོ་འདིའི་སྟེང་དུ་གཏན་ལ་འབེབས་པ་ནི། རང་སེམས་ཟུང་འཇུག་ཏུ་ བསྟན་པ་སྟེ། ངོ་སྤྲོད་ལྔ་པའོ། ། 24-1-111 འབྲས་བུ་རྒྱལ་བ་རིགས་ལྔ་མཚོན་པའི་བརྡར་ངོ་སྤྲོད་རིམ་པ་ལྔའོ། །དེ་ལྟར་ན་བཞི་ ཆོས་དང་སྙིང་པོ་ངོ་སྤྲོད་དེ། ཕུན་ཚོགས་ལྔ་ལྡན་གྱི་འཁྲིད་ཅེས་བྱའོ། །འཁྲིད་དང་པོ་གནས་ ཕུན་ཚོགས་དང་འདྲ་སྟེ། ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་ཡིན་པས་སོ། །འཁྲིད་གཉིས་ པ་སྟོན་པ་ཕུན་ཚོགས་དང་འདྲ་སྟེ། འདི་ཉིད་གཙོ་བོ་ཡིན་པས་སོ། །འཁྲིད་གསུམ་པ་དུས་ ཕུན་ཚོགས་དང་འདྲ་སྟེ། གེགས་སེལ་ཞིང་བོགས་ཐོན་པ་དེ་ཉིད་དུས་ཀྱི་མཆོག་ཡིན་པས་སོ། ། འཁྲིད་བཞི་པ་འཁོར་ཕུན་ཚོགས་དང་འདྲ་སྟེ། གཉིས་པའི་འཁོར་ཡིན་པས་སོ། །འཁྲིད་ལྔ་ པ་ཆོས་ཕུན་ཚོགས་དང་འདྲ་སྟེ། གཙོ་འཁོར་དེ་གཉིས་ཀྱི་ཉམས་སུ་མྱོང་བྱ་ཡིན་པས་སོ། །དེ་ ལྟར་ན་འདི་ལ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་འཁྲིད་ཅེས་བྱ་བའི་རྒྱུ་མཚན་དེ་དག་ཡིན་ནོ། ། ཞེས་པ་འདི་ནི་སྡེ་སྣོད་འཛིན་པ་ཤཱཀྱ་བསྟན་འཛིན་དང་། སྨྲ་བའི་དབང་པོ་བློ་གྲོས་དཔལ་ བཟང་དང་། རབ་འབྱམས་སྨྲ་བ་ཀུན་དགའ་བློ་གྲོས་ཀྱིས་ཀྱང་བསྐུལ་ནས། རྒྱལ་ཁམས་པ་ ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས་འཕེལ། ༼༧༽ ༄༅། །གདམས་པ་རྨི་ལམ་མ། ༀ་སྭཱ་སྟི། སངས་རྒྱས་ལ་ཕྱག་འཚལ་ལོ། །ཡིད་མི་འཁྲུགས་ པ་ནད་མེད་མཆོག །ལང་ཚོ་རྣམས་ཀྱི་ལས་དབང་པོ་ནི། །གསལ་བ་མཆོག་ཏུ་གྱུར་པ་ཡིན། ། ཡིད་མི་བདེ་མེད་བདེ་བའི་མཆོག །ནོར་གྱི་མཆོག་ནི་ཆོག་ཤེས་ཏེ། །རེ་བ་སྤངས་པ་དབང་ དང་ལྡན། །མི་སྙན་མི་སྨྲ་གྲགས་ལྡན་ཏེ། །མནར་སེམས་པོ་མེད་ཡིད་འོང་མཆོག །འགལ་ རྐྱེན་སྤངས་པ་སྐལ་ལྡན་གཙོ། །འགྱོད་པས་མི་འཆི་ཚེ་རིང་སྟེ། །མངོན་མཐོའི་ཡོན་ཏན་ རྣམ་དགུ་ལ། །ཆགས་པ་མེད་པར་བརྩོན་པར་བྱ། །ལམ་ལ་འཇུག་པ་སྐལ་བཟང་སྟེ། །ནོར་ རྣམས་སྤངས་པ་སྦྱིན་པའི་མཆོག །སྡིག་ཀུན་སྤངས་པ་དགེ་བའི་གཙོ། །མི་གཡེངས་བསམ་ 24-1-112 གཏན་མཆོག་ཡིན་ནོ། །འཛིན་མེད་ཤེས་རབ་ཀུན་གྱི་མཆོག །རང་དོན་ལེགས་སྒྲུབ་གཞན་ དོན་ཏེ། །འདི་དག་ངེས་པར་ལེགས་པ་ཡི། །ལམ་གྱི་སྡེ་ཚན་ཉིད་དུ་ཤེས། ། ཞེས་མན་ངག་འདི་ཡང་ཀུན་དགའ་སྙིང་པོས་གཙང་བདེ་མཆོག་རྩེའི་དགོན་པར་བྲིས།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-113 ༄༅། །འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་ དཀའ་འགྲེལ་འགྲན་ཟླ་མེད་པའི་རྒྱལ་པོ་ ཚིག་ལེའུར་བྱས་པ་ བཞུགས་སོ། ། ༄༅། །ན་མོ་བུདྡྷ་ཡ། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྙིང་པོའི་འགྲེལ་པ་ ཚིག་ལེའུར་བྱས་པ། བླ་མ་དང་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། ། གང་གིས་བདག་བློ་གསལ་མཛད་པའི། །བླ་མ་མཆོག་ལ་གུས་པས་འདུད། །རྒྱལ་བ་མི་ ཕམ་མགོན་པོ་ལའང་། །ཡང་དང་ཡང་དུ་ཕྱག་འཚལ་ལོ། །(༡) ཤེས་རབ་ཕ་རོལ་ཕྱིན་པའི་ ཚུལ། །གཉིས་མེད་ཡེ་ཤེས་རང་ངོ་བོ། །དེ་ལ་གཉིས་སུ་མེད་ཚུལ་གྱིས། །དངོས་པོ་ཐམས་ ཅད་ཕྱག་འཚལ་འདུད། །(༢) རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་ མ་སྟེ། །དེ་ཡི་སྙིང་པོ་མདོར་བསྡུས་པ། །ཉི་ཤུ་ལྔ་པ་བདག་གིས་བཤད། །(༣) སློབ་དཔོན་ ཕལ་ཆེར་(འབུམ་ནས་སྡུད་པའི་བར་མ་གཏོགས་)མདོ་འདི་སོགས། །དངོས་པོ་བརྒྱད་པོ་མི་འཆད་པས། ། ཤེས་ཕྱིན་དངོས་གཞིའི་མདོ་མ་ཡིན། །ཤེས་ཕྱིན་མདོ་ཡི་ཡན་ལག་སྟེ། །(༤) རྣམ་ཐར་སྒོ་ གསུམ་སོགས་སྟོན་པས། །(ཕར་ཕྱིན་གྱི་)སྙིང་པོ་མདོར་བསྡུས་ཙམ་ཡིན་གསུང་། །ཤེས་རབ་ཕ་ རོལ་ཕྱིན་ཚུལ་ལ། །མོས་པའི་སྐལ་བ་བཟང་པོ་ཡིས། །(༥) འདི་ཡི་དོན་སེམས་བསྒོམ་པ་ 24-1-114 ལས། །ཇི་ཞིག་ལྟར་ལ་རྙེད་དཀའ་བའི། །དངོས་བརྒྱད་ལམ་རིམ་རྙེད་པ་འདི། །རྒྱལ་བ་སྲས་ བཅས་རྣམས་ཀྱི་མཐུ། །(༦) འདི་ལ་(སྤྱི་དོན་གཞུང་དོན་གཉིས། དང་པོ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་ གཉིས། དང་པོ་ཐུན་མོང་ལ་)ཤེས་ཕྱིན་ངོ་བོ་དང་། །ཉམས་ལེན་བསྒོམ་པའི་མན་ངག་དང་། །བགྲོད་ བྱ་ལམ་གྱི་རིམ་པའོ། །དང་པོ་ཕྱོགས་ཀྱི་གླང་པོ་ཡི། །(༧) བརྒྱད་སྟོང་དོན་བསྡུ་བཞིན་དུ་ བཟུང་། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་ དེ་དོན་སྦྱོར་བ་ཡི། །(༨) གཞུང་ལམ་དག་ལ་དེ་ཡི་སྒྲ། །གཉིས་པ་(བསྒོམ་པའི་མན་ངག་ལ་ལྟ་སྒོམ་སྤྱོད་ འབྲས་བཞི་ལས་)ལྟ་བ་བདག་མེད་གཉིས། །སྒོམ་པ་ཞི་གནས་ལྷག་མཐོང་གཉིས། །སྤྱོད་པ་ཕ་ རོལ་ཕྱིན་དྲུག་སོགས། །(༩) འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །གསུམ་པ་(བགྲོད་བྱ་ལམ་རིམ་ལ་) ལམ་ལྔ་ས་བཅུ་དང་། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །འདི་དག་ཤིན་ཏུ་རྒྱ་ཆེ་བ། །(༡༠) མི་ཕམ་མགོན་པོའི་གཞུང་བཞིན་ལྟོས། །ད་ནི་ཐུན་མོང་མིན་དོན་བཤད། །མདོ་འདི་ནམ་ ཞིག་གསུངས་པ་དང་། །མཐར་ཐུག་དགོངས་པ་གང་དུ་གནས། །(༡༡) དངོས་སུ་གསུང་བ་པོ་ ཡང་སུ། །འདི་ཡི་དགོས་སོགས་ཆོས་བཞི་གང་། །མི་ཡི་ཡུལ་དུ་ཇི་ལྟར་དར། །འདི་དག་མདོ་ ཡི་བཤད་པ་ལ། །(༡༢) འཇུག་པའི་ཐོག་མར་སྦྱར་བར་བྱ། །དུས་ནི་ཡུམ་རྒྱས་རྣམས་ལས་ སྔོན། །དགོངས་པ་ངེས་འགྲེལ་ལ་སོགས་པར། །རྒྱལ་བ་ཉིད་ཀྱིས་བཀྲལ་ཕྱིར་དང་། །(༡༣) (འཁོར་ལོ་ཐ་མར་མ་ཟད་)ཤེས་ཕྱིན་ཉིད་ཀྱི་མདོ་སྡེར་ཡང་། །བྱམས་ཞུས་ལེའུར་མཚན་ཉིད་ གསུམ། །གསུང་ཕྱིར་དགོངས་པའི་མཐར་ཐུག་ནི། །རྣམ་རིག་དབུ་མ་ལས་གཞན་མིན། ། (༡༤) གནས་སྐབས་གདུལ་བྱ་ལ་ལྟོས་ནས། །ངོ་བོ་ཉིད་མེད་སྨྲ་བའང་རུང་། །འདི་ཡི་ཚིག་ དོན་ཕལ་ཆེ་བ། །སྨྲ་མཁས་རྣམས་ཀྱི་རྟོགས་སླ་ཞིང་། །(༡༥) རྒྱ་བོད་མཁས་པ་སྔོན་བྱོན་ རྣམས། །ཀུན་གྱིས་ཡང་ཡང་བཤད་པའི་ཕྱིར། །སྦས་དོན་མངོན་རྟོགས་རིམ་པ་འདི། །ཤེས་ ན་ཚིག་དོན་སྔར་བྱུང་བའི། །(༡༦) འགྲེལ་བཤད་དང་བསྟུན་བཤད་པར་བྱོས། །གསུང་བ་པོ་ 24-1-115 ལ་བཀའ་གསུམ་ཚང་། །བརྗོད་བྱ་དངོས་བསྟན་ལམ་ལྔ་དང་། །མཚན་ཉིད་གསུམ་པོ་ཡང་ ཡང་བསྟན། །(༡༧) སྦས་དོན་མངོན་རྟོགས་བརྒྱད་ཅར་འཆད། །དགོས་པ་ལ་སོགས་གཞན་ དང་མཚུངས། །ཡུམ་གྱི་མདོ་སྡེ་རྒྱས་པ་ལས། །སྔ་རོལ་མི་ཡི་ཡུལ་དུ་བྱོན། །(༡༨) ཕྱོགས་ འདིར་དྲི་མེད་བཤེས་གཉེན་གྱིས། །བསྒྱུར་ཅིང་བཤད་ལ་རྒྱས་པར་མཛད། །དངོས་བསྟན་ ཚིག་ནི་བསྡུས་དོན་ནི། །འདི་སྐད་བདག་ཐོས་ལ་སོགས་པས། །(༡༩) གླེང་གཞི་ཕུན་སུམ་ ཚོགས་ལྔ་བསྟན། །དེ་ཚེ་བཅོམ་ལྡན་ལ་སོགས་པས། །མདོ་སྡེ་ཟབ་མོའི་གླེང་སློང་གི །ཚུལ་ གྱི་ཤེས་ཕྱིན་ཟབ་མོ་འདི། །(༢༠) འཛིན་འཆང་འཆད་དང་སྒོམ་པ་ཀུན། །རྒྱལ་བའི་ནུས་མཐུ་ ཁོ་ནར་བསྟན། །ཤཱ་རི་བུས་ཤེས་བྱ་ལ་སོགས། །ཤེས་རབ་ཕ་རོལ་ཕྱིན་ཚུལ་ལ། །(༢༡) སྤྱོད་ པའི་དྲི་བ་མཚམས་སྦྱོར་བཅས། །ཕུང་པོ་ལྔ་སྟོང་ཞེས་སོགས་ཀྱིས། །སྟོང་པ་ཉིད་ནི་གསལ་ བར་སྟོན། །དྲི་མ་དྲི་བྲལ་མེད་ཅེས་པས། །(༢༢) ཀུན་བྱང་རྟེན་འབྲེལ་བཀག་པའི་ཕྱིར། ། མཚན་མ་མེད་པའི་རྣམ་ཐར་དང་། །བྲི་གང་མེད་པའི་ཚིག་གིས་ནི། །འབྲས་བུ་བཀག་ཕྱིར་ སྨོན་མེད་བསྟན། །(༢༣) དེ་ལྟར་ཅུང་ཟད་མདོར་བསྟན་པའི། །རྒྱས་བཤད་གཟུགས་མེད་ ཅེས་སོགས་ཏེ། །གཟུགས་མེད་སོགས་ཀྱིས་སྟོང་ཉིད་བསྟན། །མ་རིག་མེད་སོགས་མཚན་ མེད་དེ། །(༢༤) སྡུག་བསྔལ་མེད་སོགས་སྨོན་མེད་དོ། །ཤེས་ཕྱིན་འདི་ལ་གནས་སོགས་ཀྱིས། ། ལམ་གྱི་ཕན་ཡོན་བསྟན་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་སྔགས་སོགས། །(༢༥) ཕན་ཡོན་ དང་བཅས་གཟུངས་སྔགས་བསྟན། །དེ་ལྟར་ཞེས་སོགས་ཤེས་ཕྱིན་ལ། །སློབ་པར་རྗེས་སུ་ གདམ་པ་ཡིན། །དེ་ནས་བཅོམ་ལྡན་ཏིང་འཛིན་ལས། །(༢༦) བཞེངས་སོགས་མདོ་ཡི་ཚིག་ གིས་ནི། །དོན་བསྡུས་སྒོ་ནས་ཐེ་ཚོམ་བསལ། །དེ་སྐད་བཀའ་བསྩལ་ཞེས་སོགས་ཀྱིས། ། ཡིད་རང་སྒོ་ནས་འཇུག་བསྡུད་པའོ། །(༢༧) ད་ནི་མན་ངག་མངོན་རྟོགས་བཤད། །མཁྱེན་ གསུམ་རྒྱུད་ལྡན་རྟེན་བཤད་དང་། །འབྲས་ལམ་ཤེས་ཕྱིན་སྒོམ་པ་པོའི། །གཙོ་བོ་རྟེན་གྱི་ 24-1-116 གང་ཟག་བསྟན། །(༢༨) བསྒོམ་བྱ་ལམ་གྱི་མངོན་རྟོགས་བཤད། །བགྲོད་བྱ་ལམ་གྱི་ངོ་བོ་ བསྟན། །རྗེས་གདམས་མཐུན་འགྱུར་ཡིད་རང་སྟེ། །དོན་ཚན་བདུན་དུ་བཤད་པར་བྱ། །(༢༩) དང་པོ་གླེང་གཞིས་ལེགས་བསྟན་ཏེ། །ཉན་ཐོས་ཞི་འཚོལ་ལ་སོགས་ཀྱི། །ཚིག་དང་སྦྱོར་ བར་འདོད་ན་ཡང་། །བློ་ལྡན་ཇི་ལྟར་དགའ་པ་མཛོད། །(༣༠) གཉིས་པ་ཐུབ་ཆེན་ཏིང་འཛིན་ ལ། །བཞུགས་པ་ལ་སོགས་མདོ་ཚིག་གིས། །འབྲས་བུའི་ཤེས་ཕྱིན་སངས་རྒྱས་དང་། །ལམ་ གྱི་ཤེས་ཕྱིན་རྒྱལ་བའི་སྲས། །(༣༡) འཕགས་པ་རྣམས་ཀྱི་བསྒོམ་བྱ་སྟེ། །སོ་སོ་སྐྱེ་དང་ཐེག་ དམན་གྱི། །འཕགས་པའང་ཤེས་ཕྱིན་སྒོམ་མོད་ཀྱི། །ཤེས་ཕྱིན་ཡོངས་རྫོགས་མེད་པར་སྟོན། ། (༣༢) གསུམ་པ་ལ་ནི་དངོས་པོ་བརྒྱད། །དེ་ནས་སངས་རྒྱས་ཞེས་པ་ནས། །བྲི་བ་མེད་ཅེས་ བྱ་བའི་བར། །རྣམ་པ་ཐམས་ཅད་མཁྱེན་ཉིད་སྟོན། །(༣༣) གཟུགས་ནི་སྟོང་པ་ཞེས་སོགས་ ཀྱིས། །མཁྱེན་པའི་ངོ་བོའང་གསལ་བསྟན་ཅིང་། །ཁྱད་པར་རྣམ་མཁྱེན་མཚོན་བྱེད་ཆོས། ། ཤེས་ཕྱིན་སློབ་པར་འདོད་སོགས་ཀྱི། །(༣༤) དྲིས་ལན་སེམས་བསྐྱེད་ངོ་བོ་དང་། །ཇི་ལྟར་ བསླབ་དང་འདི་ལྟར་ལྟ། །ཞེས་པའི་ཚིག་གིས་གདམས་ངག་དང་། །ཕུང་པོ་ལྔ་སྟོང་ཞེས་བྱ་ བས། །(༣༥) ངེས་འབྱེད་ཡན་ལག་རྣམ་བཞི་སྟོན། །གཟུགས་ལ་སྟོང་ཉིད་བཞི་སྦྱོར་གྱིས། ། ཆོས་དབྱིངས་རང་གི་ངོ་བོ་དང་། །རང་བཞིན་དབྱེར་མེད་ཆོས་ཅན་གྱི། །(༣༦) དབྱེ་བའང་ ཤུགས་ལ་འཕངས་པ་ཡིན། །ཆོས་རྣམས་སྟོང་ཉིད་ཞེས་སོགས་ཀྱིས། །དམིགས་པ་གསལ་ བར་བསྟན་པ་དང་། །མཚན་ཉིད་མེད་དང་མ་སྐྱེས་པས། །(༣༧) ཆེད་དུ་བྱ་བ་ཤུགས་ལ་ བསྟན། །བྲི་བ་མེད་དང་གང་མེད་ཀྱིས། །སྒྲུབ་པ་རྣམ་བཞིའི་ངོ་བོ་ཡང་། །གསལ་བསྟན་དབྱེ་ བ་ཤུགས་ལ་འཕངས། །(༣༨) དེ་ལྟར་རྣམ་མཁྱེན་མཚོན་བྱེད་བཅུ། །ལེགས་པར་ཤེས་དེ་ཚུལ་ འདིར་མཁས། །དེ་དག་གི་ནི་རྒྱུ་མཚན་ཡང་། །སེམས་བསྐྱེད་ངོ་བོ་འདོད་པ་སྟེ། །(༣༩) ཁྱད་ པར་ཕར་ཕྱིན་སློབ་འདོད་ཅེས། །འཇུག་སེམས་འདི་ལས་གསལ་བ་ཅི། །ཇི་ལྟར་བསླབ་སྙམ་ 24-1-117 དོགས་ཅན་ལ། །སློབ་ཚུལ་འདོམས་པ་གདམས་ངག་ཡིན། །(༤༠) སྦྱོར་ལམ་བཞི་ཀའི་ཉམས་ ལེན་ཡང་། །ཕུང་སོགས་སྟོང་པར་བསྒོམ་པ་སྟེ། །ཅུང་ཟད་གསལ་སྣང་སྐྱེས་པས་ན། །རྟོག་ བསྒོམ་ཁོ་ན་མ་ཡིན་ལ། །(༤༡) ཆོས་ཉིད་མངོན་སུམ་མ་རྟོགས་ཤིང་། །འཛིན་པ་ཅུང་ཟད་ དང་བཅས་པས། །རྟོག་མེད་མངོན་སུམ་ལམ་ཡང་མིན། །གལ་ཏེ་འཕགས་པའི་ལམ་ཡིན་ན། ། (༤༢) སྟོང་པར་ལྟ་ཞེས་ཅི་ཕྱིར་གསུངས། །འཕགས་རྣམས་གང་དུའང་མི་ལྟའོ། །གལ་ཏེ་ ཐོས་བསམ་ཙམ་ཡིན་ན། །ཕྱིན་ཅི་ལོག་གི་བློ་ཅན་ཕྱིར། །(༤༣) ཡང་དག་པར་ཞེས་གསུང་མི་ འགྱུར། །དེ་ཕྱིར་སྦྱོར་ལམ་ཁོ་ནའོ། །ཆོས་རྣམས་ཐམས་ཅད་སྟོང་ཉིད་དེ། །མགོན་པོ་བྱམས་ པས་འདི་སྐད་གསུངས། །(༤༤) མེད་པའི་སྟོང་པ་ཉིད་ཤེས་ཤིང་། །དེ་བཞིན་ཡོད་པའི་སྟོང་ ཉིད་དང་། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །(༤༥) ཀུན་ བརྟགས་ཀུན་རྫོབ་དུ་ཡང་མེད། །གཞན་དབང་བདེན་པར་གྲུབ་པས་སྟོང་། །ཡོངས་གྲུབ་ གཉིས་ཀྱིས་སྟོང་པའི་ཕྱིར། །ཆོས་རྣམས་ཐམས་ཅད་སྟོང་ཉིད་ཡིན། །(༤༦) གཟུགས་ནི་སྟོང་ པ་ཞེས་གསུངས་པས། །གཟུགས་ཀྱི་ཀུན་བརྟགས་མེད་པར་བསྟན། །སྟོང་ཉིད་གཟུགས་སོ་ ཞེས་པས་ནི། །གཟུགས་སྣང་འཆར་བ་དོན་མེད་ཀྱང་། །(༤༧) གཟུགས་ཀྱི་གཞན་དབང་རྣམ་ རིག་དེ། །གཟུགས་སུ་སྣང་བར་སྟོན་པ་ཡིན། །གཟུགས་ལས་གཞན་ན་སྟོང་ཉིད་དང་། །སྟོང་ ཉིད་ལས་གཞན་གཟུགས་མེད་ཅེས། །(༤༨) གསུངས་པས་ཆོས་ཉིད་ཡོངས་གྲུབ་དང་། ། གཟུགས་འཛིན་ཅན་གྱི་རྣམ་རིག་དེ། །ངོ་བོ་གཅིག་དང་ཐ་དད་བཀག །གཟུགས་ལ་དཔེར་ མཚོན་མཛད་ནས་ནི། །(༤༩) སྟོང་པ་ཉིད་དུ་བསྟན་པ་འདིས། །ཆོས་རྣམས་ཆོས་དབྱིངས་ གཅིག་པར་བསྟན། །ཆོས་ཅན་ཕུང་པོ་ལྔ་པོ་དག །སོ་སོར་བསྟན་པས་ཆོས་ཐ་དད། །(༥༠) བསྟན་ཕྱིར་སྒྲུབ་པའི་རྟེན་གྱུར་པ། །ཆོས་དབྱིངས་འདི་ལས་གསལ་བ་གང་། །ཆོས་རྣམས་ ཐམས་ཅད་སྟོང་ཞེས་པས། །དམིགས་པ་ཆོས་རྣམས་ཐམས་ཅད་བསྟན། །(༥༡) མཚན་ཉིད་ 24-1-118 མེད་དང་མ་སྐྱེས་པ། །མ་འགགས་ཞེས་པས་རིམ་པ་བཞིན། །སེམས་དང་རྟོགས་པ་སྤངས་པ་ སྟེ། །ཆེན་པོ་གསུམ་པོ་གསལ་བར་མཛད། །(༥༢) སྒྲུབ་པ་རྣམ་པ་བཞི་པོ་ནི། །སྐྱོན་ཡོན་རང་ བཞིན་མེད་རྟོགས་པས། །སྐྱོན་སྤངས་ཡོན་ཏན་བསྒྲུབ་པའི་ཕྱིར། །སྒྲུབ་ཅིང་ཉམས་སུ་ལེན་ པ་སྟེ། །(༥༣) དྲི་མ་བྲི་བ་མེད་ཅེས་དང་། །ཡོན་ཏན་གང་བ་མེད་ཅེས་པས། །ཤིན་ཏུ་གསལ་ བར་ངེས་ཤེས་བསྐྱེད། །དེ་ལྟར་གཞི་ལམ་འབྲས་གསུམ་གྱི། །(༥༤) ཆོས་ཀུན་རྣམ་པ་ཐམས་ ཅད་དུ། །སྐྱེ་མེད་བཤད་པས་རྣམ་མཁྱེན་ཡིན། །གཟུགས་མེད་ཅེས་པ་ལ་སོགས་པས། །ཕུང་ ཁམས་སྐྱེ་མཆེད་མ་ལུས་པ། །(༥༥) མེད་པར་བསྟན་པས་མཐོང་སྒོམ་གྱི། །ལམ་ཤེས་དམིགས་ པ་བསྟན་པའི་ཕྱིར། །ཚིག་དེ་དག་གིས་ལམ་ཤེས་སོ། །མ་རིག་མེད་ཅེས་བྱ་ལ་སོགས། །(༥༦) ཉན་རང་གཉིས་དང་ཐུན་མོང་གི །མངོན་རྟོགས་ཐབས་མིན་གཞི་ཤེས་དང་། །མ་རིག་ཟད་པ་ མེད་སོགས་ཀྱིས། །ཐབས་མཁས་གཞི་ཤེས་བསྟན་པ་ཡིན། །(༥༧) སྡུག་བསྔལ་བ་དང་ཞེས་ སོགས་ཀྱིས། །རྣམ་ཀུན་མངོན་རྫོགས་སྦྱོར་བ་ཡི། །བསྒོམ་བྱ་རྣམ་པ་གསལ་བར་བསྟན། ། དེ་ཕྱིར་རྣམ་རྫོགས་སྦྱོར་བའོ། །(༥༨) རྒྱལ་སྲས་རྣམས་ལ་ཐོབ་མེད་ཕྱིར། །ཡུམ་ལ་བརྟེན་ ཅིང་གནས་ཞེས་པས། །གོམས་པ་བརྟན་བྱེད་སྦྱོར་བ་ནི། །ཤིན་ཏུ་གསལ་ཕྱིར་རྩེར་ཕྱིན་པའི། ། (༥༩) སྦྱོར་བ་རང་གི་ངོ་བོ་བཤད། །སེམས་ལ་སྒྲིབ་མེད་སྐྲག་མེད་ཅེས། །རྟགས་ཀྱི་རྩེ་མོའི་ སྦྱོར་བའོ། །ཕྱིན་ཅི་ལོག་ནས་མཐར་ཕྱིན་བར། །(༦༠) མཐར་གྱིས་པ་ཡི་སྦྱོར་བ་སྟེ། །འདིར་ ནི་ཕྱིན་ལོག་རྣམ་པ་གསུམ། །བསླབ་པ་ཕྱིན་ཅི་ལོག་གཉེན་པོར། །ཕ་རོལ་ཕྱིན་པ་དྲུག་པོ་ བསྟན། །(༦༡) ལྟ་བ་ཕྱིན་ཅི་ལོག་བཞི་ལ། །གཉེན་པོར་དངོས་ཀུན་བདག་མེད་གསུངས། ། རྟག་ལ་མི་རྟག་འཛིན་པ་སོགས། །ལོག་ལྟ་ཕྱིན་ཅི་ལོག་གཉེན་པོར། །(༦༢) རྗེས་དྲན་དྲུག་པོ་ བསྟན་པའི་ཕྱིར། །ཕྱིན་ཅི་ལོག་ལས་འདས་ཞེས་པས། །མཐར་གྱིས་པ་ཡི་མཚོན་བྱེད་ཆོས། ། བཅུ་གསུམ་མདོར་བསྡུས་པ་ཡིས་གསུངས། །(༦༣) དེ་དག་མཐར་གྱིས་གོམས་པ་ལ། ། 24-1-119 མཐར་གྱིས་པ་ཡི་སྦྱོར་བ་ཞེས། །གསུངས་པ་མཐར་ཕྱིན་ཞེས་པས་བསྟན། །དུས་གསུམ་ རྒྱལ་བ་ཡུམ་འདི་ལ། །(༦༤) བརྟེན་ནས་མངོན་པར་སངས་རྒྱས་ཞེས། །གསུངས་པ་སྐད་ཅིག་ མའི་སྦྱོར་བ། །ཡིན་ཏེ་ཅི་ཕྱིར་སངས་རྒྱས་རྣམས། །སྐད་ཅིག་གཉིས་པར་འཚང་རྒྱ་བའི། ། (༦༥) ལམ་ལ་སྦྱོར་བ་དེར་རྟགས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་སྔགས་སོགས། །འབྲས་བུ་ ཆོས་སྐུའི་མངོན་རྟོགས་ཏེ། །འདི་ལ་སྔགས་ཞེས་བྱ་བ་ནི། །(༦༦) བདག་ཡིད་མཚན་མ་ལས་ སྐྱབས་ནས། །གཞན་དག་སྐྱོབ་པའི་དོན་དུ་སྦྱར། །ཤེས་རབ་ཕ་རོལ་ཕྱིན་ཞེས་པས། །ངོ་བོ་ ཉིད་སྐུའི་སྤངས་པ་བསྟན། །(༦༧) རིག་པ་ཞེས་པས་རྟོགས་པ་སྟེ། །བླ་ན་མེད་པས་ལོངས་ སྐུའོ། །མི་མཉམ་མཉམ་པ་སྤྲུལ་པའི་སྐུ། །སྡུག་བསྔལ་ཞི་བ་འཕྲིན་ལས་སོ། །(༦༨) དེ་ནས་ འབྲས་བུ་ཆོས་སྐུ་དེ། །མི་རྫུན་བདེན་པར་བསྟན་པ་ཡིས། །ཆོས་དབྱིངས་འགྱུར་མེད་བདེན་ གྲུབ་ནི། །མདོ་འདིས་མཆོག་ཏུ་གསལ་བར་བསྟན(༦༩)། །བཞི་པ་བགྲོད་བྱ་ལམ་ངོ་བོ། ། སྔགས་ལ་དུམ་བུ་ལྔར་བསྒོམས་པས། །སྟོན་ཅེས་འཇམ་པའི་དབྱིངས་ཀྱི་སྲས། །དམ་པ་ སངས་རྒྱས་གསུང་བ་ནི། །(༧༠) དཔྱོད་ལྡན་ཀུན་གྱིས་བླང་བར་བྱོས། །སོང་བ་ཞེས་པ་ལན་ གཉིས་ཀྱིས། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །ཕ་རོལ་སོང་ཞེས་མཐོང་ལམ་སྟེ། །(༧༡) འཁོར་བའི་ཕ་རོལ་སོང་ཕྱིར་རོ། །ཕ་རོལ་ཡང་དག་སོང་ཞེས་པ། །དེ་ཡི་རྒྱུན་སྦྱོར་སྒོམ་པའི་ ལམ། །བྱང་ཆུབ་ཅེས་པ་མཐར་ཕྱིན་ནོ། །(༧༢) རྗེས་གདམས་སོགས་གསུམ་རྟོགས་པར་སླ། ། ཡུམ་རྒྱས་རྣམ་དང་ཚིག་གི་ལམ། །མི་མཚུངས་ཕྱིར་ན་དངོས་པོ་བརྒྱད། །མི་སྟོན་སྙམ་དུ་མི་ བསམ་སྟེ། །(༧༣) འབུམ་སོགས་གཅིག་གཅིག་ལས་བསྡུས་དང་། །འདི་ནི་མདོ་གཞན་དུས་ གཞན་དུ། །གསུངས་ཕྱིར་ངག་ཚིག་གཅིག་མི་དགོས། །སངས་རྒྱས་མཐུ་ཞེས་བྱ་ལ་སོགས། ། (༧༤) ཚིག་ཀྱང་ཕལ་ཆེར་མཚུངས་པའང་ཡིན། །ཡོངས་ཡེ་ཡུམ་མདོ་རྒྱས་པའང་། །ཤིང་རྟ་ ཆེན་པོ་རྣམ་མང་གིས། །དངོས་བརྒྱད་བཤད་པ་མ་མཛད་པས། །(༧༥) འདི་ལའང་གཅིག་ཏུ་ 24-1-120 མི་དགོས་མོད། །སྟོང་ཕྲག་བརྒྱ་པ་ལ་སོགས་ལ། །དངོས་བརྒྱད་སྦས་དོན་ཆིངས་ཡོད་ཀྱི། ། འདི་ལ་སྦྱོར་བ་རང་བཟོ་ཙམ། །(༧༦) ཡིན་ཅེས་ཐེ་ཚོམ་མི་བྱ་སྟེ། །རྒྱུ་མཚན་གོང་དུ་བཤད་ པ་ལྟར། །ལུང་དང་རིགས་པས་གྲུབ་ཕྱིར་དང་། །མཚན་ལས་ཀྱང་ནི་རྟོགས་ཕྱིར་རོ། །(༧༧) ཤེས་ཕྱིན་རང་གི་ངོ་བོ་ཙམ། །བསྟན་པས་སྙིང་པོར་འགྱུར་ན་ནི། །རབ་རྩལ་རྣམ་པར་གནོན་ པ་ཡིས། །ཞུས་པའི་མདོ་སོགས་ཅི་ཕྱིར་མིན། །(༧༨) གཞུང་ཉུང་ཁོ་ནས་ཡིན་ན་ནི། །ཡི་གེ་ གཅིག་མའང་ཅིས་མི་འཇོག །དེ་ཕྱིར་ཤེས་ཕྱིན་མདོ་ཀུན་གྱི། །སྙིང་པོ་འདུས་པར་འཇོག་ དགོས་པས། །(༧༩) དངོས་བརྒྱད་དོན་བཟང་མི་སྟོན་ན། །སྦས་དོན་མངོན་རྟོགས་མེད་འགྱུར་ བས། །ཀུན་གྱི་དོན་སྟོན་ག་ལ་ཞིག །ཤེས་ཕྱིན་མདོ་ཕྲན་མང་ན་ཡང་། །(༨༠) འདི་ཉིད་ཁོ་ན་ ཤེས་ཕྱིན་གྱི། །སྙིང་པོར་བཞག་པའི་ནུས་པ་དང་། །དམ་པ་ཐམས་ཅད་ཤེས་ཕྱིན་གྱི། །མདོ་ ཕྲན་གཞན་པས་འདི་ཁོ་ན། །(༨༡) མཆོག་ཏུ་གཅེས་པར་མཛད་པ་ཡི། །དགོངས་པའི་སྙིང་ པོའང་ཤེས་པར་བྱོས། །ཉན་ཐོས་རྒྱལ་སྲས་དབྱེ་བ་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ། (༨༢) བདག་མེད་གཉིས་དང་མཚན་ཉིད་གསུམ། །སྟོང་ཉིད་བཅུ་དྲུག་རྟེན་འབྲེལ་དང་། ། བདེན་བཞི་སྤྱི་དང་བྱེ་བྲག་དང་། །ཡེ་ཤེས་དང་ནི་འཕྲིན་ལས་སོགས། །(༨༣) ཤེས་རབ་ཕ་ རོལ་ཕྱིན་རྒྱས་དང་། །ཐེག་ཆེན་མངོན་པ་སོགས་སུ་ཤེས། །གཞུང་ཉུང་བ་ལ་དོན་མང་བ། ། ཚུལ་འདི་ཇི་བཞིན་རྟོགས་པ་དཀོན། །(༨༤) སྔོན་གྱི་དམ་པ་མཁས་རྣམས་ཀྱི། །ཐུགས་ མཚོར་ལེགས་བཤད་ནོར་བུ་འདི། །བཞུགས་པ་ཤ་སྟག་ཡིན་མོད་ཀྱི། །ཡི་གེའི་ལམ་དུ་ འཁོད་པ་མེད། །(༨༥) དེ་ཕྱིར་ཕྱི་རབས་མཁས་རློམ་ཅན། །རྙེད་དང་གྲགས་འདོད་འདི་དག་གི ། འདི་འདྲའི་ལེགས་བཤད་ག་ལ་ཤེས། །ཕྱི་ནས་མདོ་འདི་སྦས་དོན་དང་། །(༨༦) སྦྱོར་བ་ འགའ་ཞིག་བྱུང་སྲིད་ན། །བདག་གམ་བདག་རྗེས་འབྲང་པའམ། །བདག་གི་ལེགས་བཤད་ བརྐུས་པ་རུ། །བློ་ལྡན་རྣམས་ཀྱིས་ཤེས་པར་མཛོད། །(༨༧) དེང་དུས་ལེགས་བཤད་གསར་ 24-1-121 པ་ཅུང་ཟད་ཙམ། །མཐོང་ན་དེ་ལ་བརྟེན་ནས་རྟོག་བཟོའི་ཚིག །བརྒྱ་ཕྲག་བརྩོམ་ཞིང་ལེགས་ བཤད་སྨྲ་བ་པོ། །དེ་ལ་སྡང་སྨྲ་བྱེད་ཅིང་བཤད་པ་ངོམ། །(༨༨) གཡོ་ཅན་དམ་པར་བརྫུས་ པས་ས་གཞི་ཁྱབ། །དྲང་པོའི་རང་བཞིན་སྐྱེ་བོ་བརྒྱ་ལ་འགའ། །སྔོན་མེད་ལེགས་བཤད་ གསར་དུ་སྦྱོར་ན་མཁས། །བདག་བསྟོད་གཞན་སྨོད་སྐྱེ་བོ་དམ་པ་མིན། །(༨༩) མདོ་སྡེ་ཀུན་ གྱི་སྙིང་པོ་མཆོག་འདི་ལ། །རྒྱས་འགྲེལ་བྱེད་པ་དཔག་ཏུ་མེད་མོད་ཀྱི། །ལེགས་སྦྱངས་སྒོམ་ ཞིང་རྟགས་མཚན་རྙེད་པ་ལས། །སྦྱར་བའི་རྣམ་བཤད་འདི་ནི་རྒྱལ་པོ་ཡིན། །(༩༠) ཞེས་པ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་འགྲེལ་པ་ཚིག་ལེའུར་ བྱས་པ་ཞེས་བྱ་བ། ཤེས་རབ་སྙིང་པོའི་དཀའ་འགྲེལ་འགྲན་ཟླ་མེད་པ་སྟེ། མདོ་ཚིགས་ བཅད་ཉི་ཤུ་རྩ་ལྔས་དངོས་པོ་བརྒྱད་སྟོན་ཅིང་རྒྱལ་བའི་བཀའི་དོན་མཐའ་དག་འདུས་པའི་ ཚུལ་དུ་དགོངས་པ་འགྲེལ་བ། འགྲེལ་པའི་རྒྱལ་པོ་འདི་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ལ། རབ་འབྱམས་སྨྲ་བ་ཤཱཀྱ་རྒྱལ་མཚན་ལ་སོགས་པས་བསྐུལ་ནས། རང་ལོ་ཉེར་དགུ་པ་ཆུ་མོ་ ཡོས་ཀྱི་ལོ་ནག་པའི་ཟླ་བའི་ཉེར་གཉིས་ཀྱི་ཉིན། ཐུན་མཚམས་གཅིག་ལ་སྦྱར་བའོ། །འདིས་ ཀྱང་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་གྱུར་པའི་རྒྱལ་བའི་བསྟན་པ་ཕྱོགས་ཐམས་ ཅད་དུ་དར་བར་གྱུར་ཅིག། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-122 ༄༅། །ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་ གསལ་བར་བྱེད་པ་ཞེས་བྱ་བའི་ རབ་ཏུ་བྱེད་པ་བཞུགས་སོ། ། ༄༅། །ༀ་སྭཱསྟི། ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་གསལ་བར་བྱེད་པ་ཞེས་བྱ་ བའི་རབ་ཏུ་བྱེད་པ། རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། ། གང་ལས་འཕགས་པ་ཀུན་བསྐྱེད་པའི། །ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན། །དེ་ལ་བཏུད་ ནས་(འདི་ཐད་ཀྱི་མདོ་བྱང་སེམས་ཀྱི་དགེ་འདུན་ཉི་ཤུ་དང་སྦྱོར་བ་གྲངས་སྒྲིག་ལུགས་ལེ་བརྒྱད་མ་ལྟར་བྱས་ཀྱང་དབང་རྩ་ བའི་བཤད་པ་ལས་མ་འདས་ཤིང་། ཐེག་ཆེན་གྱི་དགེ་འདུན་ལ་ཉི་ཤུའི་གྲངས་ངེས་ཉི་སྣང་ཕྱིན་ཆད་ཀྱི་འགྲེལ་པ་ལ་ཡོད་ཀྱི་མདོ་ བསྟན་བཅོས་ཚད་མ་གང་ནའང་མེད་པས། དབྱིག་གཉེན་གྱི་བཤད་སྲོལ་ལྟར་ན་མདོ་དང་མཐུན་པས། ཡེ་ཤེས་ལེགས་པར་ མཐོང་ཞིང་དེའི་ཕྱིར་)རྒྱལ་སྲས་ཀྱི། །རྣམ་བཞག་མདོ་བཞིན་(ཏེ་འབུམ་ཉི་ཁྲི་ལྔ་སྟོང་པ་ཁྲི་བརྒྱད་སྟོང་པ་རྣམས་ ནས་འབྱུང་བ་ལྟར་)བཤད་པར་བྱ(འོ)། །དེ་ལ་(བྱང་ཆུབ་སེམས་པའི་)ངོ་བོ་(དང་བྱང་སེམས་ཀྱི་)ངེས་ཚིག་ དང་། །(མཚན་ལྷའི)རྣམ་གྲངས་(་དང་)(བྱང་སེམས་ཀྱི་)རྟགས་དང་(རྒྱལ་སྲས་ཞེ་ལྔའི་)དབྱེ་བ་དང་། །(ཕྱེ་ བ་)སོ་སོའི་དོན་དང་(དེ་དག་གི་རབ་དབྱེ་)རྣམ་ངེས་ཏེ། །(ཐེག་ཆེན་དགེ་འདུན་གྱི་རྣམ་གཞག) དོན་ཚན་ བདུན་དུ་ཤེས་པར་བྱ(འོ)། །(དང་པོ་)ངོ་བོ་ཐེག་ཆེན་(ཏུ་རིགས་སད་པའི་)རྒྱས་འགྱུར་གྱིས(རིགས་ཀྱི་)། ། ཁྱད་པར་(ཏུ་)བྱས་པའི་(ཀུན་གཞི་ཡེ་ཤེས་)དེ་བཞིན་ཉིད(དྲི་མ་བཅས་པའམ་མ་དག་དག་པའི་སྐབས་སོ་?)། ། (དེའི་རྒྱུ་མཚན་)རྒྱལ་སྲས་(བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་)ཞེས་བྱ(ས)་སྟོང་ཉིད་(དེ་གཉིས་སྟོང་ 24-1-123 གི་?ཡེ་ཤེས་)ཀྱི། །བླ་དྭགས་(ཏེ་འདིར་ནི་?རྣམ་པ་)ཡིན་ཅེས་(བརྒྱད་སྟོང་པ་ལ་)གསུང་(པའི་)ཕྱིར་རོ། ། (གཉིས་པ་)ངེས་ཚིག་(སྟེ་སྒྲ་བཤད་)དེ་ཉིད་བཟང་རྟོགས་(དོན་ཆེན་ལེགས་རྟོགས་དང་ཞེས་)སོགས། །(དང་ གསུམ་པ་མིང་གི་)རྣམ་གྲངས་བྱང་(ཆུབ་)སེམས་(པ་སེམས་དཔའ་)སོགས་བཅུ་དྲུག །(དང་བཞི་པ་བྱང་ འཕགས་ཀྱི་)རྟགས་ནི་(རྩེ་དང་སྙན་པར་སྨྲ་བ་དང་སོགས་)ལྔ་སྟེ་དེ་དག་རྣམས། །མི་ཕམ་མགོན་པོའི་ གཞུང་(མདོ་སྡེ་རྒྱན་)བཞིན་ཤེས(པར་བྱའོ། །ལྔ་པ་)། །དབྱེ་བ་(ནི་)བཞི་བཅུ་རྩ་ལྔ་སྟེ(དེ་ཡང་)། །སྔ་ཕྱི་ ངེས་(པའི་བྱང་ཆུབ་སེམས་པ་)༼ཀ༽དང་ཐབས་མི་མཁས(པའི་བྱང་ཆུབ་སེམས་པ་དང་)༼ཁ༽། །ཞིང་མཆོག་ འགྲོ་(བའི་བྱང་ཆུབ་སེམས་པ་)༼ག༽དང་མིར་སྐྱེ་(བའི་བྱང་ཆུབ་སེམས་པ་)༼ང༽དང་། །ལྷར་སྐྱེ་(བའི་བྱང་ཆུབ་ སེམས་པ་དང་)༼ཅ༽ཚངས་པར་སྐྱེ་(བའི་བྱང་ཆུབ་སེམས་པ་)༼ཆ༽བ་དང་། །དགའ་ལྡན་སྐྱེ་སྟོན་(བའི་བྱང་ ཆུབ་སེམས་པ་དང་)༼ཇ༽མཆོད་(མཆན་ཁ་ཤས་མི་གསལ།)འགྲོ་(བའི་བྱང་ཆུབ་སེམས་པ་)༼ཉ༽དང་། །ཐེག་ ཆེན་ཞིང་འགྲོ་(བའི་བྱང་ཆུབ་སེམས་པ་དང་)༼ཏ༽ཚེ་དཔག་མེད༼ཐ༽(པའི་ཞིང་དང་)། །ཞིང་ངན་འདུལ་ (བའི་བྱང་ཆུབ་སེམས་པ་)༼ད༽དང་གསུམ་དོན་བྱེད(པའི་བྱང་ཆུབ་སེམས་པ་དང་)༼ན༽། །དང་པོར་སྐྱོན་མེད་ (ལ་)འཇུག་(པའི་བྱང་ཆུབ་སེམས་པ་དང་)༼པ༽ལུང་(བསྟན་པའི་བྱང་ཆུབ་སེམས་པ་དང་)༼ཕ༽ཐོབ(་པའི་བྱང་ཆུབ་ སེམས་པ་དང་)། །སྨིན་(པར་)བྱེད་(པའི་བྱང་ཆུབ་སེམས་པ་དང་)༼བ༽ཐོད་རྒལ་(བའི་བྱང་ཆུབ་སེམས་པ་དང་)༼མ༽ ཐེག་(པ་)གསུམ་(ལ་)འགོད(པའི་བྱང་ཆུབ་སེམས་པ་དང་)༼ཙ༽། །(དགའ་ལྡན་གྱི་)གནས་སྦྱོང་(བའི་བྱང་ཆུབ་ སེམས་པ་དང་)༼ཚ༽རིང་(པའི་བྱང་ཆུབ་སེམས་པ་དང་)༼ཛ༽གནས་མཐའ་ཡས་སྤྱོད(པ་པའི་བྱང་ཆུབ་སེམས་པ་ དང་)༼ཝ༽། །དག་པ་(པའི་བྱང་ཆུབ་སེམས་པ་དང་)༼ཞ༽རྒྱུན་གཅོད་(པའི་བྱང་ཆུབ་སེམས་པ་དང་)༼ཟ༽ཕྱིན་ དྲུག་འགོད(པའི་བྱང་ཆུབ་སེམས་པ་དང་)༼འ་ཡ་ར་ལ་ལ་ཤ་ས༽། །(ཤར་ཕྱོགས་ཀྱི་སོགས་སྦྱར་ཏེ་)ཕྱོགས་བཅུའི་ ཞིང་མཆོག་སྦྱོང་བ་(འི་བྱང་ཆུབ་སེམས་པ་དང་)༼ཧ་ཨ་ཀི་ཁི་གི་ངི་ཅི་ཆི་ཇི་ཉི་༽དང་། །མཚན་(མཆོག་)སྟོན་ (པའི་བྱང་ཆུབ་སེམས་པ་དང་)༼ཏི༽དབང་གསལ་(བ་ཞེས་བྱ་བའི་བྱང་ཆུབ་སེམས་པ་དང་)༼ཐི༽བདེ་བར་ འགྲོ(བའི་བྱང་ཆུབ་སེམས་པ་དང་)༼དི༽། །དགེ་བ་ཅན་(ཞེས་པའི་བྱང་ཆུབ་སེམས་པ་དང་)༼ནི༽དང་(འགྲོ་བས་) 24-1-124 སྡུད་(པར་)བྱེད་(པ་ཞེས་པའི་བྱང་ཆུབ་སེམས་པ་དང་)༼པི༽དང་། །ཆོད་བྱེད་(ཞེས་པའི་བྱང་ཆུབ་སེམས་པ་དང་) ༼ཕི༽ལོག་ལྟ་ཅན་འདུལ་ལོ(བའི་བྱང་ཆུབ་སེམས་པ་རྣམས)༼བི༽། །(དྲུག་པ་གཡེང་བ་)དེ་དག་དོན་ནི་ མདོ(འི་དོན)་བཞིན་(ཚིག་ཉུང་ངུ་)བསྡུ(བར་བྱའོ་དེ་ཡང་)། །ཤཱ་རི་བུས་ནི་(སྐབས་དེ་ལས་ཆོས་ཀྱི་གཏམ་རྒྱ་ཆེན་ པོར་འགྱུར་བར་ཤེས་ནས་)བཅོམ་ལྡན་ལ། །(ཚེ་འདི་ཤེས་)ཕྱིན་(ལ་)སྤྱོད་(པ་དེ་སྔ་མ་)གང་ནས་(ཚེ་འཕོས་ཕྱི་ མ་)གང་དུ་འཕོ(ཞིང་སྐྱེ་བར་འགྱུར)། །ཞེས་ཞུས་(པ་ལ་)རྒྱལ་བས་ལན་གསུངས་པ(་ནི)། །༼ཀ༽༡རབ་ ནི་སངས་རྒྱས་(དངོས་སུ་བཞུགས་པའི་)ཞིང་གཞན་(ནས་འདིར་འཕོས་པ་)དང་། །༢འབྲིང་ནི་དགའ་ལྡན་ (ནས་འདིར་འཕོས་པ་དང་)༣ཐ་མ་ནི། །(ཐེག་ཆེན་ལ་སྤྱོད་པའི་)མི་ནས་འདིར་འཕོས་(པ་ཡིན་ཏེ་)དེ་དག་(ཀྱང་ འཕགས་པ་རྣམས་སྨོན་ལམ་དང་གཞན་རྣམས་དགེ་བའི་ལས་ཀྱིས་འཕངས་ཏེ་དེ་)ལ། །༡རིམ་བཞིན་(རབ་ནི་)ཚེ་ འདིར་ཤེས་ཕྱིན་འགྲུབ(ཅིང་སྐྱེ་བ་ཀུན་ཏུ་ཤེས་ཕྱིན་སྒོམ་པ་དང་སངས་རྒྱས་བཞུགས་པའི་ཞིང་དུ་སྐྱེ་ཞིང་མཆོད་ཕྱིར་ རོ)། །༢(འབྲིང་)སྐྱེ་བ་གཅིག་གིས་ཐོགས་པ་(ཕྱིན་དྲུག་ལས་མ་ཉམས་ཤིང་ཏིང་ངེ་འཛིན་གཟུངས་ཀྱི་སྒོ་ཡང་ཐོབ་ པ་)དང་། །༣(ཐ་མ་ཤེས་ཕྱིན་འགྲུབ་པའི་དུས་)མ་ངེས་(པ་)དབང་པོ་བརྟུལ་པོ(་གཟུངས་དང་ཏིང་ངེ་འཛིན་ཐོབ་ པའི་དུས་ཀྱང་མ་ངེས་པ)འོ། །ཕྱི་མ་(འདི་ནས་ཚེ་འཕོས་པ་)འདི་(བརྒྱད་པ་)ལ་མི་གཡོའི་ས། །ཕྱིར་མི་ལྡོག་ པ་ཐོབ་མ་གཏོགས(་ཏེ་དེ་ནི་སེམས་ཅན་གྱི་དོན་དུ་མིར་སྐྱེ་ཞིང་འཕོ་བའི་དབང་རྣོན་ནོ)། །དེ་ལ་ཤེས་ཕྱིན་ འགྲུབ་པ(འི་གོ་དོན)་ནི། །བརྩོན་པས་མི་རྟོག་(པ་ལ་)རྩེ་གཅིག་(ཏུ་)གནས(ཤིང་)། །དེ་ལས་(ཞི་ལྷག་ ཟུང་འཇུག་གི་)བསམ་གཏན་ལས་(སུ་)རུང་སྟེ། །རྒྱལ་བ(་སངས་རྒྱས་ཀྱི་ཡེ་ཤེས་འདི་འདྲའོ་ཞེས་དེ)འི་ ཉམས་དྲོད་ཐོབ་པའོ། །(བྱང་ཆུབ་སེམས་པ་སེམས་དཔའ་ཆེན་པོ་ཞེས་གསུངས་པས་གསུམ་ཅར་འཕགས་པའི་དབང་ དུ་བྱས་ལ་ལྷར་བྱུང་གསུམ་ཅར་ལ་བྱིས་པའང་ཡོད་དོ་དཔེ་དེ་དག་ལ་དབྱེ་ན།?) གཞན་ཡང་བསམ་གཏན་ཐོབ་ (པས་)ལྷར་སྐྱེ(་བ་ནི་ལྷ་ཚེ་རིང་པོ་ཞེས་གསུངས་པས་གཟུགས་ཁམས་པ་གཙོ་ཆེའོ)། །ཡང་ན་མིར་སྐྱེ་(ནས་)རྒྱལ་ ལ་(བསྙེན་)བསྐུར(་བ་གཉིས་སུ་ཡོད་དེ་དེ་དག་ལ)། །དབང་པོ་བརྟུལ་པོའང་ཡོད་དེ་ཀུན། །(གང་དུ་འཕོ་ བའི་ལན་ནི་སེམས་བསྐྱེད་ནས་སངས་རྒྱས་མ་ཐོབ་བར་ལ་)རྟག་ཏུ་སངས་རྒྱས་(བཞུགས་པའི་)ཞིང་དུ་སྐྱེ(ཞིང་ 24-1-125 སངས་རྒྱས་དང་མི་འབྲལ་ལོ)། །དང་པོ་འདི་ནི་(རྒྱལ་སྲས་ཀྱི་དབྱེ་བ་)མདོར་(བསྡུས་སུ་)བསྟན་(པ་)ཡིན(་ལ)། ། དབྱེ་བ་རྒྱས་བཤད་(ནི་)ལྷག་མ(་ཞེས་བཞི་པོ)འོ། །(ཕྱི་མ་ཕན་ཆེད་སྔ་མར་ལུས་ཀྱང་འགའ་ཞིག་ལ་འདུས་པའང་ ཡོད་དོ།།)༼ཁ༽ཐབས་མི་མཁས་པ་(དབང་བརྟུལ་ཞིག་)བསམ་གཏན་(བཞི་)ནི། །ཐོབ་པ་སྤངས་ནས་ འདོད་ཁམས་སྐྱེ(་ཏེ་ཐབས་མཁས་མ་ཐོབ་ན་བསམ་གཏན་མ་སྤངས་བཞིན)། །༼ག༽བསམ་གཟུགས་(བརྒྱད་) བྱང་ཕྱོགས་(སོ་བདུན་)ཚད་མེད་(བཞི་)ཐོབ(ནས་རྒྱུ་སྙོམས་འཇུག་གི་བསམ་གཟུགས་ཀྱི་དབང་གིས)། །ཁམས་ གསུམ་(ཏུ)མི་སྐྱེ་(སངས་རྒྱས་བཞུགས་པའི་)ཞིང་མཆོག་(ཏུ་)འགྲོ(་བ)། །དེ་ནི་(ཕ་ཆེར་ས་བཅུ་པ་བ་སྟེ་?) སྐལ་བཟང་འདིར་འཚང་རྒྱ(མི་རིགས་ཏེ་སྐལ་བཟང་ནི་མཚོན་བྱེད་དེ་རང་དུས་ཀྱིས་སྐལ་པ་དེ་ལའོ)། །༼ང༽ བསམ་གཏན་སོགས་(གཟུགས་མེད་བྱང་ཕྱོགས་་་་)ཐོབ་(ཀྱང་)ཐབས་མཁས་ཀྱིས། །(སྲིད་པ་ལ་ཆགས་ པས་མིན་ཀྱང་སེམས་ཅན་སྨིན་པའི་ཕྱིར།) མི་ཡི་གཙོ(བོ་བྲམ་ཟེ་མ་ཁྱིམ་བདག་ཤཱི་ས་ལ་ལྟ་བུ)ར་སྐྱེས་(ནས་)འགྲོ་ (བ་)སྨིན་(པར་)བྱེད། །(བསམ་གཟུགས་ཐོབ་ཀྱང་)༼ཅ༽འདོད་ལྷར་(རིགས་དྲུག་སྐྱེས་ནས་སེམས་ཅན་སྨིན་པ་དང་) ཞིང་སྦྱོང་རྒྱལ་བ་མཉེས(པར་བྱེད་དོ)། །༼ཆ༽བསམ་གཟུགས་ཐོབ་ནས་ཚངས་གནས་(སུ་)སྐྱེ་ (བར་སྟོན་ཏེ་ཚངས་པ་གཙུག་ཕུད་ལྟ་བུ་ཚངས་རིས་ཡོངས་སྟེང་?ནས་ཞིང་ཐམས་ཅད་ཆོས་འཁོར་སྐུལ་བ་སོགས་བྱེད་དོ།)། ། ༼ཇ༽བསམ་གཏན་སོགས་(ཏིང་འཛིན་)སྒྲུབ་(ནས་)དགའ་ལྡན་(དུ་)སྐྱེ(བར་སྟོན་པ་བྱམས་པ་ལྟ་བུའོ)། ། དེ་ཡང་ཚེ་གཅིག་ཐོགས་པར་སྟོན(ཏེ་སྐུའི་རྒྱལ་པོར་གྱུར་པ་དེ་སླར་མིར་སྐྱེས་ནས་སངས་རྒྱས་པར་སྟོན་ནོ)། ། ཁམས་(མངོན་ཤེས་དྲུག་ཐོབ་པ་དག་)༼ཉ༽གསུམ་(ཏུ་)མི་སྐྱེ་(བར་)ཡིད་ལུས་ཀྱིས། །སངས་རྒྱས་ མཆོད་ཕྱིར་ཞིང་འགྲོ་(བ་གཙོ་བོར་སངས་རྒྱས་མཆོད་པ་ཁོ་ནའི་ཆེད་)དང་། །༼ཏ༽ཐེག་དམན་(ཀྱི་སྒྲ་)མི་ གྲག་(པའི་)ཞིང་རྣམས་སུ། །མངོན་ཤེས་དྲུག་གིས་བརྩེན་པ་དང་། །༼ཐ༽(མངོན་ཤེས་དྲུག་ཐོབ་པ་དག་) ཚེ་རིང་(བའི་)ཞིང་ནས་ཞིང་དུ་(སངས་རྒྱས་མ་ཐོབ་བར་དུ་)འདོང་(བ་དང་)། །༼ད༽(མངོན་ཤེས་དྲུག་ཐོབ་པ་ འགའ་ཞིག་དང་)མུན་པའི་ཞིང་དུ་དཀོན་མཆོག་(གསུམ་གྱི་ལེགས་པ་?)སྒྲོག(ཏེ་སངས་རྒྱས་མཚན་མི་སྒྲག་པར་ སངས་རྒྱས་མཚན་ཡང་དག)།འདི་གསུམ་(ས་དང་པོ་ནས་སངས་རྒྱས་མ་ཐོབ་བར་དུ་)རྟག་ཏུ་ཞིང་ངེས་པའོ(ཅིག་ 24-1-126 ཆར་སྤྲུལ་པ་སྣ་ཚོགས་འབྱུང་བ་རྣམས་མ་རྟོགས་སོ)། །༼ན༽(བསམ་གཏན་སོགས་ཐོབ་པ་)ཁམས་གསུམ་(དུ་)མི་སྐྱེ་ (ཡང་ཁམས་གསུམ་སེམས་ཅན་གྱི་)དོན་བྱེད་(པ་)དང་། །༼པ༽(དང་པོ་)སེམས་བསྐྱེད་(པ་)ནས་བརྩམས་ (སྐྱེ་བ་དེ་ཉིད་ལ་)སྐྱོན་མེད་(པ་ལ་)འཇུག(པ་སྟེ།) (སྐྱོན་མེད་པ་ནི་གསུམ་སྟེ་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་དྲི་ བཅས་དེ་བཞིན་ཉིད་དང་བྱང་ཆུབ་སེམས་པའི་སྐྱོན་མེད་པ་མཐོང་སྤངས་སྤངས་པ་དང་ཆོས་སྐྱོན་མེད་པ་ཆོས་ཀྱི་སྐུའོ།། (མཆན་ ཁ་ཤས་མི་གསལ།)) ༼ཕ༽སེམས་(དང་པོ་)བསྐྱེད་(པ་)ནས་བརྩམས་(ཏེ་)སངས་རྒྱས་(ཀྱི་ཞིང་དང་རིགས་ དང་མཚན་)ངེས (མཆན་ཁ་ཤས་མི་གསལ།)། །དེ(འི)་བསྟན་(པ་)ཡུན་རིང་(དུ་)གནས་པ་(ནི་མཚོན་བྱེད་ དེ་བསྟན་པ་གནས་ཚད་ངེས་པ་)དང་། །(བསྒྲགས་པས་དེ་དག་ཁམས་གཞན་འབྱེད་པར་?ཅེས་པ་ལྟར་རོ།།) ༼བ༽(སེམས་ བསྐྱེད་པ་སྐྱེ་བ་)ཐོག་མ་ཉིད་ནས་(ཤེས་ཕྱིན་སྒོམ་ཞིང་དུ་མ་དང་ལྷན་ཅིག་ཞིང་ལྟ་བ་དང་སེམས་ཅན་)སྨིན་(ཞིང་) སྦྱོང་(སངས་རྒྱས་མཆོད་པར་)བྱེད(པ་དང་)། །༼མ༽(ས་དང་པོ་ནས་ས་བརྒྱད་ཐོབ་བར་དུ་ནི་ཁམས་གསུམ་དུ་སྤྲུལ་པས་ དོན་བྱེད་ཅིང་རང་ཉིད་)ཐོད་རྒལ་སྙོམས་པར་འཇུག་(རྟག་ཏུ་སྒོམ་པ་)ལ་མཁས(པ་དང་)། །༼ཙ༽ལམ་(གྱི་ ཆོས་བྱང་ཕྱོགས་)དང་(ཐེག་པ་ཆེ་ཆུང་གི་)འབྲས་(བུའི་)ཆོས་(སྟོབས་བཅུ་དང་འབྲས་བུ་བཞི་སོགས་)ཐོབ་(པ་)དེ་ དག །(ཤེས་རབ་ཀྱི་ཕར་?)ཕྱིན་(ལ་)སྤྱོད་(པས་རང་ཉིད་ཐེག་དམན་མངོན་དུ་མི་ཕྱེད་ཀྱང་གདུལ་བྱ་རྣམས་སོ་སོའི་རྣམ་ པ་དང་མཚམས་པར་)བྱང་ཆུབ་གསུམ་ལ་འགོད(པ་ལ)། །འདི་ནི་ཕྱིར་མི་ལྡོག་(པའི་ས་བརྒྱད་པ་ཐོབ་པ་ དག་)ཏུ་ཤེས((མཆན་ཁ་ཤས་མི་གསལ།)ལམ་གྱི་ཆོས་ནི་དངོས་སུ་ཐོབ། ཉན་ཐོས་རང་རྒྱལ་གྱི་རྟོགས་པ་ཐམས་ཅད་ རིས་མཐུན་ཐོབ་པས་ཏེ། འདིའི་ཐད་ཀྱི་མདོ་ལས་ཤཱ་རི་བུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཡེ་ ཤེས་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་པ་སེམས་དཔའ་ཆེན་པོའི་བཟོད་པ་ཡིན་ཏེ་ཞེས་གསུངས་པས་སོ། །སངས་རྒྱས་ཀྱི་ཡོན་ ཏན་རྣམས་ཀྱི་ཉམས་དྲོད་ཐོབ་པའོ།)། །༼ཚ༽དགའ་ལྡན་(གྱི་)གནས་སྦྱོང་(བ་ལ་བསྟུན་པས་?)སྐལ་(པ་) བཟང་(པོ་འདི་)ལ། །མངོན་པར་འཚང་རྒྱ་ངེས་པ་དང་(དེ་སྐལ་བཟང་གི་མཚོན་བྱེད་དེ་གོང་དང་འདྲའོ།)། ། ༼ཛ༽སྐྱེ་བ་གཅིག་གིས་ཐོགས་པ་འགའ། །(ལམ་དང་འབྲས་བུའི་)ཆོས་ཐོབ་བདེན་བཞི་(རྟོགས་ཀྱང་) མངོན་མི་བྱེད(པ་དེ་མ་བྱས་པའི་ཚུལ་སྟོན་པའོ།)། །༼ཝ༽བསྐལ་པ་ཚད་མེད་(པར་རྫོགས་སྨིན་སྦྱང་གསུམ་བྱེད་ 24-1-127 པས་)མངོན་(པར་)བྱང་ཆུབ(པ་འཇམ་དཔལ་ལྟ་བུའོ)། །༼ཞ༽(སྒོ་གསུམ་གྱི་)ལས་གསུམ་དག་ཅིང་ཆོས་ སྟོན་(པ་)དང་། །༼ཟ༽(ཞིང་ཀུན་ཏུ་འགྲོ་ཞིང་དེ་དག་ཏུ་)ངན་སོང་གསུམ་(གྱི་)ལམ་རྒྱུན་གཅོད་དང་། ། ༼འ༽(ཕྱིན་དྲུག་ལ་སྤྱོད་ཅིང་ལྷག་པར་)ཟང་ཟིང་(གི་)འདོད་རྒྱུ་ཐམས་ཅད་སྩོལ(་ཞིང་གཞན་གཙོ་བོར་སྦྱིན་པ་ ལ་འགོད་པ་དང་)། །དེ་བཞིན་(གཙོ་བོར་)ཚུལ་ཁྲིམས་༼ཡ༽(གཙོ་བོར་)བཟོད་པ་༼ར༽དང་། །(གཙོ་བོར་) བརྩོན་འགྲུས་༼ལ༽(གཙོ་བོར་) བསམ་གཏན་(གཙོ་བོར་)༼ཤ༽ཤེས་རབ་(རྣམས་སོ་སོ་)ལ། །འགོད་ ཅིང་དམ་(པའི་)ཆོས་སྟོན་པ་༼ས༽དང་། །སངས་རྒྱས་(ཀྱི་)གཟུགས་སུ་སྤྲུལ་(པ་)སྟོན་པས། ། (ཕྱོགས་བཅུའི་)ཞིང་རྣམས་ལ་ནི་རྟགས་བཟུང་སྟེ། །(དེ་དག་ལས་ཀྱང་)ལྷག་པར་ཞིང་སྦྱོང་(ཤིང་) དེའི་ཞིང་དུ། །ཚེ་གཅིག་(གིས་)ཐོགས་པ(འི་བྱང་སེམས)་ཁོ་ན་འབྱུང་(བ་ཞིང་སྦྱོང་རྒྱ་ཆེ་ཞིང་ཡུན་རིང་བའི་ མཐུ་དེ་དཔེར་ན་བདེ་བ་ཅན་ལྟ་བུའོ)། །དེ་ལ་༼ཧཨཀིཁིགིངིཅིཆིཇིཉི༽ཕྱོགས་བཅུའི་(ཞིང་དུ་འགྲོ་བའི་)དབྱེ་བས་ བཅུ(འོ)། །༼ཏི༽(རང་ཉིད་)མཚན་དཔེ་ཅན་གྱི་ལུས་(སུ)སྤྲུལ་ཏེ། །མཚན་(དཔེ་)ལ་མོས་པས་(བྱང་ ཆུབ་ཀྱི་)ས་བོན་(སོས་)འདེབས(པ་དང་)། །(འདི་ལ་འཕྲོས་ལ་དེ་ལྟ་བས་ན་བྱང་ཆུབ་སེམས་པས་)སྒོ་གསུམ་(གྱི་) དག་པར་བྱ་ལ་གདམས། །༼ཐི༽(རང་ཉིད་དད་སོགས་)དབང་(པོ་)གསལ་(ཡང་)བདག་བསྟོད་གཞན་ དམོད་སྤང་(པ་དང་)། །(སོ་སོ་སྐྱེ་བུའི་དུས་ནའང་དལ་བ་མེད་པར་)དགེ་བ་ཁོ་ནས་དུས་འདའ་(བའི་རིགས་) དང་༼དི༽། །༼ནི༽(སྦྱོར་ལམ་གྱིས་)ཕྱིར་མི་ལྡོག་པ་མ་ཐོབ་ཀྱང་། །འགྲོ་བ་ངན་པར་(ངན་འགྲོ་དང་དབུལ་ པོ་སོགས་སུ་)མི་འགྲོ་(བ་)དང་། །༼པི༽(སྦྱིན་པ་དང་ཚུལ་ཁྲིམས་ལ་གཙོ་བོར་བྱེད་པ་བཞིན་)འཁོར་ལོས་བསྒྱུར་ བ་ཉིད་(དུ་)གྱུར་ཏེ། །(དགེ་བ་བཅུ་དང་སྦྱིན་པ་དང་སྙན་སྨྲས་)འགྲོ་རྣམས་སྡུད་དང་(དེ་དང་འདྲ་བ་ལས་རྒྱལ་ སྲིད་བརྒྱ་སྟོང་ལ་གནས་པའི་)༼ཕི༽སངས་རྒྱས་མཆོད། །༼བི༽ལོག་ལྟ་ཅན་ལ་རྒྱལ་བའི་ཆོས། །རབ་(ཏུ་) སྟོན་(ཅིང་རང་ཉིད་ཀྱང་)ཆོས་(དེ་)དང་མི་འབྲལ་བར། །བྱེད་པའི་རྒྱལ་སྲས་འདི་དག་གོ །འདི་ རྣམས་བརྟན་(པ་རྒྱལ་སྲས་)ལ་སངས་རྒྱས་(ཀྱི་ཡོན་ཏན་སོགས་)ཆོས(་རྣམས)། །འཕེལ་བ་ཡང་དག་ (པར་)འབྱུང་(བའི་)རིམ་མོ། །དེ་ལྟ(་བ)ས་(ན་)ཤེས་ཕྱིན་ལ་སྤྱོད་(པའི་)ཚེ། །ཁ་ན་མ་ཐོའི་(ལུས་ངག་ 24-1-128 ཡིད་ཀྱི་)ལས་གསུམ་སྤོངས(་ཤིག)། །དེ་སྐད་རྣམ་པར་འདྲེན་པ་ཡིས། །ལེགས་(པར་)གསུངས་ (ཏེ་)དགེ་འདུན་(དཀོན་མཆོག་གི་རྣམ་གཞག་གསུངས་པའི་)གཏམ་ཆེན་པོའོ། །(བདུན་པ་རབ་དབྱེ་རྣམ་ངེས་ལ་ བཅུ་ལས་དང་པོ་(མཆན་ཁ་ཤས་མི་གསལ།)དཔྱད་པ་ནི།) འདི་རྣམས་ལ་ནི་སོ་སྐྱེ་ཡོད། །(སྤྱིར་སེམས་དང་པོ་ བསྐྱེད་པ་ཞེས་གསུངས་པ་མདོ་འདི་དང་གཞན་དུ་གསུངས་པ་རྣམས་མཐོང་ལམ་ལ་གསུངས་པ་མང་ཡང་འདིར་ནི།) སེམས་ ནི་དང་པོ་བསྐྱེད་པ་ཞེས། །(དགེ་འདུན་དཀོན་མཆོག་གི་)སྐབས་འདིར་(ཡུམ་གྱི་)མདོ་ལས་གསུངས་པ་ རྣམས(སླར་ཡང་སྐྱོན་མེད་པ་ལ་འཇུག་པ་ཡང་གསུངས་པ་དང་རྒྱལ་སྲས་ཞེ་གཉིས་པའི་སྐབས་སུ་སེམས་དང་པོ་བསྐྱེད་པ་ རྣམས་ལས?)། །ངན་འགྲོར་སྐྱེ་བ(་མི་སྲིད་པ)འི་དོགས་(པ་ཆེད་ཀྱིས་)གཅད་(པའི་)ཕྱིར། །འཕགས་(པ་) མིན་(དེས་ན་)ཐོག་མའི་སེམས་བསྐྱེད་དོ། །འདིར་བསྟན་(རྒྱལ་སྲས་དངོས་དང་ཞོར་བྱུང་)ཐམས་ཅད་ ཡོངས་(སུ་)བསྡུ་ན། །(སྐྱེ་བ་གཅིག་ཐོགས་དང་ཕྱིར་མི་ལྡོག་པ་དང་ཁམས་གསུམ་མི་སྐྱེ་ཞེས་དང་སྐྱོན་མེད་པ་དང་དགའ་ ལྡན་དུ་སྐྱེ་བ་དང་དེ་ཡོད་)ས་མཚམས་དམིགས་བསལ་(ཅན་གང་དུ་ཡོད་མེད་རྣམས་)མ་གཏོགས་པ། ། (གཞན་རྣམས་)ཚོགས་ལམ་ཆེ(ན་པོ)་ནས་མཐར་ཕྱིན་(གྱི་)བར(དུ་ཇི་སྐད་བཤད་དེ་དང་དེ་གཙོ་བོར་སྤྱོད་པ་ ཡིན་ནོ)། །(རྒྱལ་སྲས་)གཉིས་པ་འཕགས་པའི་ཕྱོགས་ལ་ཉུང་(མོད་ཀྱི་དཀོན་མཆོག་ཏུ་འགྲོ་རྒྱུ་འཕགས་ པའོ།)། །བཅུ་དགུ་པ་ནི་(བདེན་བཞི་མངོན་དུ་མི་བྱེད་པའི་)ཚུལ་སྟོན་ཙམ(དེ་(མཆན་ཁ་ཤས་མི་གསལ།) པའོ)། །བདེ་(བར་)འགྲོ་(དང་)དགེ་(བ་)ཅན་སོགས་(སོ་སྐྱེ་ཡིན་ནམ་སྙམ་ན་མ་ཡིན་ཏེ་)དེ་ལྟའི། །རིགས་ ཅན་(གྱི་)འཕགས་པ་རྣམས་(སྐབས་འདིའི་གཙོ་བོ་)ཡིན་ཏེ། །དེ་ཕྱིར་(བྱང་སེམས་)སོ་སྐྱེ་(མང་དུ་ཡོད་པ་ རྣམས་)ཞར་བྱུང་(དུ་བཤད་པ་)ཙམ(མོ)། །(གཉིས་པ་ཞིང་དུ་སྤྱོད་ཚུལ་ལ་)གསུམ་པ་བརྒྱད་པ་བཅུ་གཉིས་ པ། །ཁམས་གསུམ་(དུ་)མི་སྐྱེ་(བར་)སྤྲུལ་པ་(ཁམས་གསུམ་སྟོན་པ་)ཅན(ཏེ)། །(སོ་སྐྱེ་ཁམས་གསུམ་དུ་མི་སྐྱེ་ བ་མེད་པས་འཕགས་པ་ཁོ་ནའོ།།) དགུ་པ་བཅུ་པ་ཞིང་བཟང་(སྦྱོང་བ་)དང་། །བཅུ་གཅིག་ཐ་མ་ཞིང་ངན་ སྦྱོང་(བ་དང་)། །ལྷག་མ་སྣ་ཚོགས་(པའི་)འཇིག་རྟེན་(དུ་)སྤྱོད། །(གསུམ་པ་དབང་པོ་རྣོ་རྟུལ་ནི་)དང་པོ་ (མཆན་ཁ་ཤས་མི་གསལ།)གསུམ་ཡིན་གཉིས་པ་དམན(པ་དང་)། །མཚན་སྟོན་(དང་)དབང་(པོ་) 24-1-129 གསལ་(བ་ཅན་)ལ་འབྲིང་(པོ་དང་རྣོན་པོ་གཉིས་ཀ་)ཡོད(་ལ)། །ལྷག་མ་(རྣམས་)དབང་རྣོན་ཡིན་ཞེས་ བྱ(འོ། །སྤྱིར་བསྟན་པ་དེ་ནང་ཚན་དུ་རྣོ་རྟུལ་ཡོད་དོ)། ། (བཞི་པ་དཀའ་བའི་ཁྱད་པར་ནི།) གཞན་ཡང་(དཀའ་དུ་མས་ལམ་མྱུར་བ་)དཀའ་ཐུབ་ཅན་དང་ནི། ། (དཀའ་བ་ཉུང་ཞིང་འཇུག་པ་བདེ་ལ་ལམ་འགོར་བའི་)བདེ་བར་སྤྱོད་པ་རྣམ་པ་གཉིས(དང་)། །(ལྔ་པ་དཔེ་སྒོ་ ནས་དབྱེ་བ་ནི།) གཞན་ནི་རྫི་བོ་ལྟ་བུ་སོགས(ཏེ་རྒྱལ་པོ་ལྟ་བུ་དང་མཉན་པ་ལྟ་བུའོ)། །དེ་བཞིན་བྱང་ཆུབ་ སྤྱོད་(པ་དང་བཟང་པོ་སྤྱོད་པ་)སོགས་དང་། །(དྲུག་པ་ཆོས་ཉིད་རྟོགས་ཚུལ་གྱིས་དབྱེ་ན་)རིམ་པས་རྟོགས་(པ་) དང་ཅིག་ཆར་རྟོགས(་པ་དང་)། ། (རིམ་པ་དང་ཅིག་ཅར་)སྤེལ་མར་རྟོགས་པའི་བྱེ་བྲག་(གིས་དབྱེ་བ་) དང་། །(བདུན་པ་གཞན་ཡང་དཔྱད་པའི་སྒོ་བསྟན་པ་ནི་)ཞིང་སྦྱོང་བ་དང་འཁོར་སྡུད་(པ་)དང་། །(སངས་ རྒྱས་)མཆོད་(ཚུལ་)དང་ཡུལ་(གདུལ་བྱ་)དང་སྐྱེ་བ་ནི། །ལེན་ཚུལ་ཐ་དད་(པ་)རྣམ་(པར་)དབྱེ་བས། ། རྣམ་གྲངས་དུ་མ་སྤྲོ་བར་རུང་(ངོ་)། །(དགུ་པ་སྐྱབས་ཡུལ་ལ་དཔྱད་པ་དངོས་ནི་འཕགས་པ་ཕྱིར་མི་ལྡོག་པ་ནི་ ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ་ཞེས་གསུངས་ན་དེ་ཡང་གང་ཞེ་ན་)ཕྱིར་མི་ལྡོག་མཚམས་(ཚོགས་སྦྱོར་དང་ས་བརྒྱད་ པ་སོགས་)མང་(དུ་)ཡོད་ཀྱང་། །(སྐབས་འདིར་ས་དང་པོ་པ་ཡན་ཆད་ཀྱི་)བྱང་སེམས་འཕགས་པ་སྐྱབས་ ཡུལ་དངོས(་ཡིན་ནོ།)། །(དེ་ལས་འཕྲོས་པ་ནི་)ཐེག་དམན་དགེ་འདུན་ཉི་ཤུ་(མངོན་རྟོགས་རྒྱན་དུ་གསུངས་པ་ ནི་མདོ་སྡེ་གཞན་གྱི་རྗེས་སུ་འབྲངས་པ་སྟེ་དེ་བསྟན་པ་)ནི། །(ཉན་རང་)དེ་དེའི་རིགས་ཅན་འདུལ་དོན་(དུ་ཡིན་ ཏེ་ཉན་ཐོས་ཞི་བ་འཚོལ་རྣམས་ཞེས་པ་དང་འདྲ་སྟེ་དེ་)དང་། །(ཉན་རང་དང་)ཐུན་མོང་(གི་ལམ་འབྲས་ཀྱི་)མངོན་ རྟོགས་(རྣམས་)ཐོབ་(པར་)བྱ(་བ)འི་ཕྱིར(་དང་)། །གདུལ་བྱའི་དོན་དུ་(བྱང་སེམས་སོ་སྐྱེའི་སྐྱབས་སུ་) ཁས་བླང་(པ་ཙམ་ཡིན་)གི །བརྟན་པ་(སོ་སྐྱེ་)རྣམས་ཀྱི་(ཡང་)སྐྱབས་གནས་(དངོས་)མིན(་ན་འཕགས་ པ་རྣམས་ཀྱི་ལྟ་ཅི་སྨོས་དེས་ན་སྤྱིར་སློབ་དཔོན་སོ་སོའི་འདོད་པ་ཐམས་ཅད་སྒྲིག་མི་ཐུབ་མོད་ཟླ་གྲགས་ཀྱིས་སྐྱབས་བདུན་ཅུ་པ་ ཉན་རང་བྱང་སེམས་ཀྱི་སྐྱབས་གནས་སུ་བཤད་པ་དང་བྱམས་ཆོས་སུ་བཀག་པའི་དགོངས་པའང་དེ་ཡིན་ནོ་དེ་ལྟར་དགེ་འདུན་ ཉི་ཤུ་དང་)། །ཐེག་ཆེན་(གྱི་དགེ་འདུན་)རྒྱལ་སྲས་ཞེ་ལྔ་དེ། །(ཐེག་པ་ཆེ་ཆུང་གི་དགེ་འདུན་ཀུན་དྲིལ་བས་)དེ་ 24-1-130 ལྟར་དགེ་འདུན་དྲུག་ཅུ་(རྩ་)ལྔ། །(བཤད་པ་ཐེག་པ་གསུམ་གར་གྱི་དགེ་འདུན་འདུས་པས་རེ་ལྔ་པོ་)ཐེག་(པ་) གསུམ་(གྱི་)རིགས་ཅན་འདུལ་(བའི་)ཕྱིར་(ཐེག་ཆེན་དུ་)བསྟན(དེ་ཡང་ཡུམ་མདོས་དངོས་སུ་དགེ་འདུན་ཉི་ ཤུ་དེ་དབྱེ་བ་མ་གསུངས་ཀྱང་འབྲས་བུ་བཞི་དང་གང་ཟག་བརྒྱད་པོ་ཡང་ཡང་གསུངས། རང་རྒྱལ་ཡང་ཡང་བསྟན་པས་དེ་དག་ མ་ངེས་པ་སྐྱེས་ཕྱིར་ཐེག་པ་ཆེ་ཆུང་གི་མདོ་གཞན་དང་བསྟུན་ནས་བྱམས་པས་གསུངས་པ་ཡིན་ལ་འདི་རྣམས་དགེ་འདུན་ཉི་ཤུ་ ལ་སྦྱོར་ན་གྲངས་དང་ཐ་སྙད་བདུན་ཡུལ་དུ་འགྲོ་ཞིང་གོ་རིམ་(མཆན་ཁ་ཤས་མི་གསལ།)སྐྱོན་ཡོད་གསུངས་སོ།)། །(བཅུ་ པ་ཕྱག་དངོས་ལ་རྟག་པ་ནི་)བློ་ལྡན་(བྱང་སེམས་)ཁྱིམ་གནས་(སོ་སྐྱེས་ཀྱང་དགྲ་བཅོམ་ལས་ཆེས་ལྷག་པའི་ཕྱིར་ན་ འཕགས་པ་ལྟ་ཅི་སྨོས་དེས་ན་ཁྱིམ་(མཆན་ཁ་ཤས་མི་གསལ།)དེས་)ཉན་ཐོས་ཀྱི། །རབ་བྱུང་འཕགས་(པ་)ལ་ ཕྱག་བྱའམ(ཞེ་ན)། །(སྤྱིར་སེམས་བསྐྱེད་མ་ཐག་དང་བྱང་སེམས་དུད་འགྲོར་གྱུར་པ་ལའང་དགྲ་བཅོམ་པས་ཕྱག་བྱ་བར་ ཡང་བཤད་མོད་བྱང་སེམས་)སོ་སྐྱེས་(ཁྱིམ་པས་བསྟན་པ་མི་ཉམས་པ་དང་མ་དད་པ་སྤང་མི་)དགོས་པའི་ཕྱིར་ཕྱག་ བྱ(་བའི་སྐབས་ཡོད་དེ)། །ས་ཐོབ་(ཁྱིམ་པའི་ཚུལ་འཛིན་)པས་ནི་དེ་ཡང་མིན(ཏེ་གོང་གི་དགག་བྱ་དེ་ལྟ་བུ་ནི་ མེད་པས་སོ།)། །ཅི་ཕྱིར་(ན་)བྱང་འཕགས་(ཐམས་ཅད་)ཆོས་ཉིད་ཀྱི། །རབ་བྱུང་ཁོ་ན་ཡིན་ཕྱིར་(དེ་ རབ་བྱུང་བ་མཉམ་པོ་ལ་སྤངས་རྟོགས་བྱང་སེམས་ལྷག་པའི་ཕྱིར་)རོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་གྱི། །མདོ་ བཞིན་(དགེ་འདུན་དཀོན་མཆོག་)རྣམ་པར་བཤད་པ་ལས། །དགེ་བ་ཅུང་ཟད་གང་ཐོབ་པ། །འགྲོ་ ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། ། ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་གསལ་བར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་ པ་(ཁོ་བོའི་སྦྱར་བའི་ཤེར་སྙིང་འགྲེལ་པའི་ཆ་ལག་ཏུ་འགྱུར་བ་)འདི་ནི་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དཔལ་ཇོ་ མོ་ནང་གི་རི་ཁྲོད་དུ་སྦྱར་བ་སྟེ། (བརྟོན་པ་བཞི་ལྡན་ཆེན་པོའི་འགྲེལ་པ་མདོ་ལུགས་མར་བཤད་མདོས་དང་ཙམ་ ལས་ཞིབ་བཤད་མ་མཛད་པའི་ཕྱིར་དེའི་ཞབས་ཐོག་ཏུ་དེ་ཤིང་རྟ་ཆེན་པོའི་གསུང་ནི་གྲ་མི་ཤོབ་པ་ཡང་ཁོ་བོའི་ཚིག་རྣམས་གྲ་ སྡེབས་སུ་བྱའོ།།) (འབུམ་པ་དང་ཉི་ཁྲི་དང་ཁྲི་བརྒྱད་སྟོང་པ་རྣམས་གཅིག་ཏུ་འབབ་ལ་ལེའུ་བརྒྱད་མ་དང་དེ་རྣམས་མི་མཐུན་ མོད་ཐུབ་པའི་བཀའ་དངོས་ལ་ལེའུ་ཡང་འདི་བཞིན་འོང་བ་མི་བདེ་ལ། ཁྱད་པར་གཞན་ན་མེད་པའི་ཚིག་མང་པོ་འདུག་པ་མདོ་ 24-1-131 གསུམ་གར་དུ་ཚིག་དེ་རྣམས་ཁོ་ན་ཅིག་ཅར་ནུབ་འགྲོ་བའི་རྒྱུ་མཚན་མེད་ཅིང་། དེས་ན་ཉི་ཁྲི་ལེ་བརྒྱད་མ་དང་། བརྒྱད་སྟོང་ཕྲེང་ མཆན་འདི་ལ་འཕགས་སེང་གི་ཕྲི་བསྣན་ཡོད་པར་གྲགས་པ་དོན་ལ་གནས་སོ། །ཅེས་ཀུན་མཁྱེན་གསུང་བ་མད་པར་མཐོང་བས་) རྒྱལ་བ(འི་མདོ་སླད་མེད་རྣམས་དང)་རྒྱལ་ཚབ་(བྱམས་པའི་རྒྱན་གྱི་དགོངས་པ་དང་)ཐོགས་མེད་སྐུ་མཆེད་ (གཉིས་ཀ་དེ་དབྱིག་གཉེན་གྱིས་དངོས་སུ་བྲལ་བའི་ཐོགས་མེད་ཀྱང་འདི་བཞེད་པར་ཐེ་ཚོམ་མེད་དེ་དེ་དག་)དང་། །མངའ་ བདག་བཙན་པོ་(ཁྲི་སྲོང་ལྡེ་བཙན་གྱི་འབུམ་ཊཱིཀ་ལས་བཤད་པས་དེ་)ལས་སོགས་(པ་སྤྲུལ་པའི་སྐྱེས་བུ་རྣམས་ བཤད་པ་)འདི་ཉིད་བཞེད། །(དེ་ལ་འབུམ་ཊཱིཀ་ཆེན་པོ་འཕྲོ་ཅན་ནི་འཕང་ཐང་མར་རྩན་པོས་མཛད་པ་བཤད་པ་འཐད་ དེ། དེ་ན་རྒྱ་གར་ཀྱི་སྐད་ལས་ཞེས་པའི་ཚིག་ཡོད་པས་དཾཥྚ་སེ་ནའི་འགྲེལ་པ་(མཆན་ཁ་ཤས་མི་གསལ)། དཀར་ཆག་གོང་ མ་གཉིས་སུ་དཾཥྚ་སེ་ནས་འབུམ་ཊཱིཀ་ཡོད་པར་བཤད་པ་དེ་འདི་ཡིན་པའི་རྒྱུ་མཚན་མེད་ཅིང་། དཾཥྚ་སེ་ན་ལས་རྩན་པོའི་ཡིན་ན་ ཁུངས་ཀྱང་ཆེའོ།།) འགྲེལ་བྱེད་གཞན་(འཕགས་སེང་རྗེས་འབྲང་དང་བཅས་པའི་རྒྱ་གར་བ་རྣམས་དང་། བོད་ཀྱི་ཊཱིཀ་ བྱེད་གཞན་ཐམས་ཅད་ཉི་ཁྲི་ལེ་བརྒྱད་མ་དང་སྦྱོར་ཤིང་། དགེ་འདུན་ཉི་ཤུའི་མདོ་ཡིན་པར་འདོད་པས་དྲི་བ་བ་རེག་བརྒྱད་པ་ལ་ སྦྱར་ལན་གྱི་རབ་འབྲིང་ཆོས་ཀྱིས་ཆོས་འབྲང་དང་། ཐ་མ་སྦ་བའི་རྗེས་འབྲང་ལ་སྦྱར་བ་སོགས་མི་བདེ་བ་ཤིན་ཏུ་མང་ཞིང་རྒྱལ་ སྲས་ཞེ་ལྔའི་བཤད་པ་ལུང་སྟོངས་སམ་བཤད་ཚུལ་འདི་དེ་རྣམས་)ལ་མ་གྲགས་(ཤིང་)ལུགས་འདི་ནི། །(བོད་དུ་) བརྟོན་པ་བཞི་ལྡན་(དུ་མཚན་གསོལ་བ་དེ་(མཆན་ཁ་ཤས་མི་གསལ།)ཀུན་མཁྱེན་ཤེས་རབ་རྒྱལ་མཚན་)གང་དེ་ (ཁོ)ས་གསལ་བར་མཛད(པའི་རྗེས་སུ་འབྲངས་པའོ)། །རང་ལོ་སུམ་ཅུའི་ལོ་གསར་དུ་ཚེས་པ་ལའོ།། །། (མཆན་བུའང་རང་ཉིད་ཀྱིས་སྦྱར་བའོ།། །།) དགེ་ལེགས་འཕེལ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན་ནའང་བསྐྱར་པར་ཞིག་ཡིན་རྐྱེན་དཔེ་ཤིན་ཏུ་ངན་པས་མཆན་ བུ་རྣམས་གསལ་ལ་མི་གསལ་བ་ཞིག་ཡིན་ཀྱང་། མཆན་བུ་ཕལ་མོ་ཆེ་མ་ལྷག་པར་འདིར་བཀོད་ཡོད། ཆད་ལྷག་གི་ནོར་བ་ཆེ་ བས་ཀློག་པ་པོར་ཆེད་དུ་ཞུའོ།།) 24-1-132 ༄༅། །སེམས་ཀྱི་ཕྱག་རྒྱ་དྲི་མ་མེད་པའི་ལུང་རྡོ་རྗེ་ཐེག་པ་ མཐའ་དག་གསལ་བར་བྱེད་པ་བཞུགས། ༄༅། །བླ་མ་ལ་ཕྱག་འཚལ་ལོ། །སེམས་ཀྱི་ཕྱག་རྒྱ་དྲི་མ་མེད་པའི་ལུང་རྡོ་རྗེ་ཐེག་པ་ མཐའ་དག་གསལ་བར་བྱེད་པ་འདི་ལ། བཤད་པ་ལ་འཇུག་པའི་བྱ་བ། བཤད་པ་ཉིད་ཉེ་ བར་དགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། ། དང་པོ་ལ་མཆོད་བརྗོད། དམ་བཅའ། འཇིག་རྟེན་དབང་ཕྱུག་གིས་གསུངས་པར་བསྟན་ པས་མཚམས་སྦྱར་བའོ། ། གཉིས་པ་ལ་གསུམ། སྤྱན་རས་གཟིགས་ཀྱིས་རྒྱས་པར་གསུངས། དྭ་ཀནྟི་པས་རྟོགས་ པ་བརྗོད། ཅིས་ཀྱང་ལམ་ལ་འབད་པར་གདམས། དང་པོ་ལ། རིམ་གཉིས་སྒོམ་དགོས་པའི་ རྒྱུ་མཚན། སྒོམ་པ་པོའི་གང་ཟག གང་དུ་སྒོམ་པའི་གནས། སྒོམ་ཚུལ་རྒྱས་པར་བཤད་པ། ། དེའི་དོན་བསྡུ་བ། ལམ་འདི་རྟོགས་པའི་ཕན་ཡོན་ཏེ་དྲུག་ལས། བཞི་པ་ལ། ལམ་དངོས་རྒྱས་པར་བསྟན། ལམ་རྟགས་མཚན་མ་བཤད། འབྲས་བུ་ཐོབ་ ཚུལ་བསྟན། ཐོབ་བྱེད་ལམ་གྱི་རབ་དབྱེ་སྟེ་བཞི་ལས། དང་པོ་ལམ་དངོས་ལ། བསྐྱེད་རིམ་ བསྡུས་ཏེ་བཤད། རྫོགས་རིམ་རྒྱས་པར་བཤད། བོགས་འདོན་སྤོགས་ཆོག་བཤད་པའོ། ། དང་པོ་ལ་སྔོན་འགྲོ་དང་དངོས་གཞི་གཉིས། དེ་ལ་འཆི་བ་དང་། བར་དོ་དང་། སྐྱེ་བ་ ལམ་དུ་འཁྱེར་ཚུལ་ལོ། །དེ་ལ་གང་དུ་སངས་རྒྱ་བའི་གནས། ཇི་ལྟར་སངས་རྒྱ་བའི་ཚུལ། སངས་རྒྱས་པའི་མཛད་པ་སྟེ་གསུམ་ལས། ཐ་མ་ལ། རྒྱུ་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ 24-1-133 སྒོམ་པ། འབྲས་བུ་ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་སྤྲོ་བ། རྡོ་རྗེ་བཞི་བྱིན་ གྱིས་བརློབ་པའོ། ། གཉིས་པ་རྫོགས་རིམ་ལ། གང་ལ་སྒོམ་པའི་ཡུལ། ཇི་ལྟར་སྒོམ་པའི་ཚུལ། སྒོམ་ཚུལ་གྱི་ རང་བཞིན་སྒོམ་པས་ཐོབ་པའི་ཡེ་ཤེས་སོ། །དང་པོ་ལ། ཐིག་ལེ་བཞི་བཤད་པ། སྔགས་ཀྱི་ དེ་ཉིད་བསྟན་པ། འདོད་ཡོན་གྱི་བདེ་ཆེན་བཤད་པའོ། ། དང་པོ་ལ་བཤད་པ་དང་། བསྡུ་བ་གཉིས། དང་པོ་ལ་བདེ་བ་སྙིང་ཁའི་ཐིག་ལེ། གདུང་ བ་རྡུལ་གྱི་ཐིག་ལེ། སྟོང་པ་ཡིད་ཀྱི་ཐིག་ལེ། རང་རིག་ལྷན་སྐྱེས་ཀྱི་ཐིག་ལེའོ། ། གཉིས་པ་སྔགས་ཀྱི་དེ་ཉིད་ལ། སྔགས་ཀྱི་དེ་ཉིད་དང་། དེའི་བྱེད་ལས་སོ། །བཞི་པ་ལ། རྡོ་རྗེའི་ལུས་སྒྲུབ་པ་དང་། རྡོ་རྗེའི་སེམས་སྒྲུབ་པའི་འདོད་ཆགས་ལམ་དུ་བྱེད་པའོ། ། གཉིས་པ་ཇི་ལྟར་སྒོམ་ཚུལ་ལ། བཤད་པར་དམ་བཅའ་བའི་སྒོ་ནས་མཚམས་སྦྱར། ལམ་གྱི་རྐྱེན་ཕྱག་རྒྱ་བཤད་པ། ལམ་གྱི་ངོ་བོ་ཡན་ལག་བཞི་བཤད་པའོ། ། དེ་ལ་བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན། དེ་རྣམས་ཀྱི་དོན་བསྡུ་བ་སྟེ་ལྔ་ལས། དང་པོ་གཉིས་ལ། ཀ་རཱ་ཎ་བཅིང་བ། ཡན་ལག རང་གི་ངོ་བོ། བྱེད་ལས་མིང་སྟེ་བཞི་བཞིའོ། ། གསུམ་པ་ལ། ཀ་རཱ་ཎ། ངོ་བོ་བྱེད་ལས་མིང་། ཞུ་བདེ་འབྱུང་ཚུལ་དང་། བདེ་བའི་དམ་ཚིག སྒོམ་ཚུལ་གཞན་བསྟན་པ། རླུང་སེམས་ཀྱི་བགྲོད་པ་གནས་སྐབས་སུ་འགག་ཚུལ་ལོ། ། བཞི་པ་ལ། རིགས་ཀྱི་ཕྱག་རྒྱ། ཀ་རཱ་ཎ། ངོ་བོ་བྱེད་ལས་མིང་། བོགས་འདོན་ཆོས་ གསུམ་སྒོམ་པ། སྐུ་གཉིས་འགྲུབ་པའི་རྒྱུ་སྤྲོ་བསྡུ། མས་བརྟན་གྱི་བདེ་བ་སྒོམ་པ། འོད་ གསལ་དུ་འཇུག་པའི་ཐབས་ཏེ་བརྒྱད་དོ། ། གསུམ་པ་སྒོམ་ཚུལ་གྱི་རང་བཞིན་ལ། ཡན་ལག་དྲུག་ཏུ་དགོས་པའི་རྒྱུ་མཚན་དང་། དོན་དངོས་པོ། དེ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། ། 24-1-134 གསུམ་པ་ལ། སོར་སྡུད། བསམ་གཏན། སྲོག་རྩོལ། འཛིན་པ། རྗེས་དྲན། ཏིང་ངེ་འཛིན་ ཏེ་དྲུག་ལས། དང་པོ་ལ། མིང་དང་། ངོ་བོ་དང་། བྱེད་ལས། གཉིས་པ་ལ་མིང་དང་། ངོ་བོ་ དང་། ཡན་ལག དེ་ལ་རྟོག་པ། དཔྱོད་པ། དགའ་བ། བདེ་བ། རྩེ་གཅིག་གམ་ཤེས་རབ་པོ། ། གསུམ་པ་ལ། མིང་དོན། རྒྱུ། ངོ་བོ། སྒོམ་ཚུལ། བཞི་པ་ལ། འཛིན་པའི། ཡན་ལག་དངོས། དེའི་རྟགས་སྣང་ཉེར། དམིགས། བོགས་འདོན་སྤྲོ་བསྡུའི་རྣལ་འབྱོར། དང་པོ་ལ་མིང་དོན། ངོ་བོ་སྒོམ་ཚུལ་ལོ། ། ལྔ་པ་ལ། ངོ་བོ་མདོར་བསྟན། དབྱེ་བ་རྒྱས་པར་བཤད། འབྲས་བུ་བསྡུས་ཏེ་བསྟན་པའོ། ། དབྱེ་བ་ལ། དཀྱིལ་འཁོར་ལྷའི་རྗེས་དྲན་བདུན། ཞིང་སྦྱོང་བའི་རྗེས་དྲན་ལྔ། བདེ་སྟོང་རྗེས་ དྲན་བཞིའོ། ། དྲུག་པ་ལ། རྒྱུ་སྦྱོར་བའི་ཏིང་ངེ་འཛིན། འབྲས་བུ་རྫོགས་པའི་ཏིང་ངེ་འཛིན། ཏིང་ངེ་ འཛིན་གྱི་མིང་དོན་བསྟན་པའོ། ། གསུམ་པ་སྒོམ་པས་ཐོབ་པའི་ཡེ་ཤེས་ལ། ཡེ་ཤེས་འཆར་བའི་རྒྱུ་མཚན། ཡེ་ཤེས་དངོས་ བཤད་པ། དང་པོ་ལ། ཕྱག་རྒྱའི་ལམ་པའི་དགའ་བ་བཞི་འཆར་བའི་རྒྱུ་མཚན། རྣལ་འབྱོར་ ལམ་པའི་དགའ་བ་བཞི་འཆར་བའི་རྒྱུ་མཚན། ཐིག་ལེ་སྤྲོ་བསྡུའི་བྱེད་ལས་སོ། །གཉིས་པ་ ལ་ཞུ་བདེ་དང་། རང་བཞིན་ལྷན་སྐྱེས་གཉིས་ལས། དང་པོ་ལ། དབྱེ་བཞི། དགའ་བ་བཞི། དབྱེ་བ་དགའ་བ་ཉི་ཤུའོ། ། གཉིས་པ་ལ། རང་བཞིན་ལྷན་སྐྱེས་ཀྱི་ཁྱད་པར་བཤད། དེ་རྟོགས་དཀའ་བར་བསྟན། དེ་ལ་ལོག་རྟོག་དགག ལྷན་སྐྱེས་རྟོགས་པའི་ཐབས་ཀྱི་གཙོ་བོ་བསྟན། དེ་དངོས་པོ་ཐམས་ ཅད་ལ་ཁྱབ་ཚུལ། ལྷན་སྐྱེས་དངོས་བསྟན་པ། དེ་རྟོགས་པས་གྲོལ་ཚུལ། དེ་ལང་གཤེགས་ཀྱི་ མདོའི་ལུང་གིས་སྒྲུབ་པ། ལྔ་པ་ལ་བསྟན། བཤད་གཉིས་ལས་དང་པོ་ལ། དངོས་པོ་ཐམས་ 24-1-135 ཅད་ལ་རྒྱུ་ལྷན་སྐྱེས་ཁྱབ་ཚུལ། འབྲས་བུ་སངས་རྒྱས་ཁྱབ་ཚུལ། གཉིས་པ་ལ། ཡུལ་དུས་ ཐམས་ཅད་དུ་ཁྱབ་པ་དང་། དངོས་པོ་ཐམས་ཅད་ལ་ཁྱབ་པའོ། །དྲུག་པ་ལྷན་སྐྱེས་དངོས་ལ་ བསྟན་བཤད་གཉིས། དེ་ལ་ཟབ་པ་དང་། རྒྱ་ཆེ་བ་དང་། ཟུང་འཇུག་བཤད་པའོ། །བདུན་པ་ ལ། ལྷན་སྐྱེས་གསལ་བར་འཆར་ཚུལ། དེས་ཡེ་ཤེས་མཚོན་ཚུལ། དེ་ལས་མོས་པ་ཐོབ་ཚུལ། དེས་སྤང་བྱ་སྤོང་ཚུལ། བརྒྱད་པ་ལ་མཚམས་སྦྱོར། ལུང་དངོས། ལུང་དོན་གྱིས་ལམ་གཞན་ རྣམས་ལྷན་སྐྱེས་ཀྱི་འཇུག་སྒོར་བསྟན་པའོ། །བར་པ་ལ་ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་དང་། དེས་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་ཚུལ་ལོ། ། གསུམ་པ་བོགས་འདོན་སྤོགས་ཆོག་ལ། སྤྱོད་པ་དང་། བཙན་ཐབས་ཀྱི་སྦྱོར་བ་གཉིས་ ལས། དང་པོ་ལ། ཁྱད་པར་གྱི་སྤྱོད་པ། སྤྱོད་པའི་སྤྱིའི་དབྱེ་བ། སྔགས་ཀྱི་སྤྱོད་པ་མྱུར་བདེར་ བསྟན་པའོ། །དང་པོ་ལ་དྲོད་ཐོབ་པའི་སྤྱོད་པ། བདེན་པ་མཐོང་བའི་སྤྱོད་པ། ས་བཅུའི་སྤྱོད་ པ། ས་བཅུ་ཐོབ་ཚུལ་ལོ། ། གཉིས་པ་ལ། སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། བསྐྱེད་རིམ་པའི་དངོས་ གྲུབ་སྤྱོད་པ་ལ་རག་ལས་པའོ། །གཉིས་པ་བཙན་ཐབས་ལ་ལྷའི་རྣལ་འབྱོར་གྱི། སྔགས་ཀྱི་ དེ་ཉིད་ཀྱི། མཆོག་གི་ལས་སྦྱོར་གྱི། རླུང་དབུ་མར་མཇུག་པ་རྣལ་འབྱོར་ལམ་པའི། ཆགས་ ལམ་བདེ་ཆེན་གྱི། འོད་གསལ་བཙན་ཐབས་ཀྱི་སྦྱོར་བ། རྒྱས་འདེབས་ཉམས་སུ་ལེན་ཚུལ་ ཏེ་བདུན་ལས། གཉིས་པ་ལ། མཚམས་སྦྱོར། སྔགས་ཀྱི་དེ་ཉིད་དངོས། འདི་མེད་མི་རུང་དུ་ བསྟན་པའོ། ། གཉིས་པ་ལ། སྔགས་བཏུ་བ། འཁོར་འདས་ཀྱི་རྩ་བར་བསྟན་པ། ལྷ་ཡི་ཐུགས་སྐུལ་ ཚུལ་ལོ། །གཉིས་པ་ལ་འཁོར་བའི་རྩ་བ་དང་། མྱང་འདས་ཀྱི་རྩ་བའོ། །དེ་ལ་ལྷ་དང་། སྔགས་ དང་། ཕྱག་རྒྱ་ཐམས་ཅད་ཀྱི་རྩ་བར་བསྟན་པ་དང་། ཕན་ཡོན་ནོ། །དེ་ལ། སྤྱི་དང་ཁྱད་པར་ 24-1-136 གྱི་ཐུན་མོང་དང་། གནས་སྐབས་དང་མཐར་ཐུག་གི་མཆོག་གི་དངོས་གྲུབ་པོ། །གསུམ་པ་ལ། བསྟན་བཤད་གཉིས་དེ་ལ། གཞི་དུས་ཀྱི་བྱེད་ལས། ལམ་དུས་ཀྱི་བྱེད་ལས། གཉི་གའི་ལས་ གསུམ་བསྟན་པའོ། །འདིའི་སྐབས་སུ་གཞུང་(ཁྲགས་ཁྲུགས་?)སུ་ཡོད་པས་སྡེབ་པོ། ། བཞི་པ་ལ། བྱེད་ལས་དང་། སྒོམ་ཚུལ་ལོ། །ལྔ་པ་ལ། སྦྱོར་བ་བདུད་རྩི་བརྟེན་པ། དངོས་ གཞི་ཕྱག་རྒྱའི་རྣལ་འབྱོར། རྗེས་ཐམས་ཅད་དུ་མཚོན་པ། དང་པོ་ལ་ཕྱི་ནང་གཉིས། གཉིས་ པ་ལ། ཞུ་བདེའི་ལྷན་སྐྱེས་ངོས་འཛིན་པ། ཁུ་བ་སྟེང་དུ་དྲང་བ། ལུས་ལ་དགྲམ་པའོ། །དང་ པོ་ལ། ཁྱད་པར་ལྔ་བཤད་པ། ཕྱིའི་སྦྱོར་བ་བཞི། ནང་གི་སྦྱོར་བ་བཞིའོ། །དེ་ལ་བསྙེན་སྒྲུབ་ བཞིའོ། ། དྲུག་པ་ལ་མཚམས་སྦྱོར། སྒོམ་ཚུལ། འཕོ་བའི་དུས། འབྲས་བུ་འགྲུབ་ཚུལ། ཆགས་ ལམ་པའི་འཕོ་བ་སྒོམ་ཚུལ་ལོ། །གསུམ་པ་འབྲས་བུ་ལ། བསྟན་བཤད་གཉིས་ལས། ཕྱི་མ་ ལ། མངོན་བྱང་ལྔ་ལས་འཚང་རྒྱ་ཚུལ། རིག་མའི་སྐྱེས་བུ་སྒྲུབ་ཚུལ། འབྲས་བུ་དངོས་བཤད་ པ། ཡན་ལག་བཅུ་གཉིས་འགགས་པའི་ས་ཐོབ་ཚུལ། སངས་རྒྱས་ནས་ཆོས་སྟོན་ཚུལ་ལོ། ། གཉིས་པ་ལ་ཁ་སྦྱོར་བདུན། དབྱུག་བརྒྱད། ཡན་ལག་བཅུ་དྲུག སྐུ་བཞི། རྡོ་རྗེ་བཞི་ རྣམས་སོ། །སེམས་ཀྱི་ཕྱག་རྒྱའི་བསྡུས་དོན་རགས་པ་འདི་ཡང་རང་ལོ་ཉེར་གཉིས་པ་ལ་ཏཱ་ ར་ནཱ་ཐས་བསམ་སྡིངས་སུ་སྦྱར་བའོ།། །།དགེ་ལེགས་གོང་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-137 ༄༅། །ཡི་གེ་བཞིའི་སྒྲོན་མ་བཞུགས་སོ། ། ༄༅། །ༀསྭཱསྟིཔྲཛྙཱབྷྱཱཿ སངས་རྒྱས་ཀུན་གྱི་གསང་བ་ཅན། །ཡེ་ཤེས་གསུམ་གྱི་ཕ་མཐར་ གཤེགས། །རྣམ་པ་ཐམས་ཅད་མཁྱེན་པའི་དངོས། །འཇམ་དབྱངས་བླ་མའི་ཞབས་ལ་འདུད། ། གང་གི་གསུང་གི་འོད་ཟེར་ཆ་ཤས་ཙམ། །གདུལ་བྱའི་སྙིང་ལ་ཤར་བ་ཁོ་ནས་ཀྱང་། །སྒྲིབ་ པའི་སྨག་རུམ་ཡུད་ཀྱིས་འགོག་པ་ཅན། །དེ་འདྲ་ལེན་པ་གང་ཡིན་ངོ་མཚར་རྨད། ། འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་གྱི་བདུད་རྩི། དཔལ་རྣལ་ འབྱོར་དབང་ཕྱུག་དྭོཀནྟིའི་ཞབས་ཀྱི་མན་ངག སེམས་ཀྱི་ཕྱག་རྒྱའི་སྙིང་པོ། ཁཌྒཔཱད་ཡི་ གདམས་པ། ཛམཱརིབཛྲ་བར་སྙན་རྒྱུད། དེ་ནས་ༀཀཱརབཛྲ། ཛྙཱནམིཏྲ། ཤནྟིགུཔྟ། བུདྡྷགུཔྟནཱཐཱ་ རྣམས་ལས་རྒྱུད་ནས་ཡི་གེ་བཞི་པའི་གདམ་པ་འདི། ཕྱོགས་འདིར་བདག་གི་ཐོས་པའི་སྐལ་ བ་ཙམ་དུ་གྱུར་ཅིང་། འདི་རྒྱུད་སྡེ་གང་གི་རྫོགས་རིམ་ཡིན་མི་གསལ་ཡང་། གཙོ་ཆེར། རྒྱུད་ ཀྱི་རྒྱལ་པོ་འདུས་པ་དང་མཐུན་ནོ། །དེ་ཡང་མདོ་ཙམ་སྨོས་ན། ཧསཨཏ་ཡི་གེ་བཞི་པོ་ཧ་ཡིག་ གིས་རླུང་རགས་པ་ཕྲ་བ་ལ་བསྡུད། སེམས་མི་ཤིགས་པ་ལ་འདུ། ས་ཡིག་གིས་གཏུམ་མོ་ སྦར་བས་རླུང་དབུ་མར་བརྟན། དཔེའི་འོད་གསལ་གྱི་རིང་རྒྱུ་ཡེ་ཤེས་གསུམ་མངོན་དུ་བྱེད། ཨ་ཡིག་གིས་དེ་སྟོང་པར་བསྡུས་པས་དཔེའི་འོད་གསལ་གྱི་དངོས་རྒྱུ། རྣམ་མེད་ཅིག་གཙོ་ བོར་མངོན་དུ་བྱེད། རླུང་ཨ་བ་དྷཱུ་ཏིར་དེངས། ཏ་ཡིག་གིས་ལྷན་སྐྱེས་ལས་དཀྱིལ་འཁོར་སྤྲོ་ བ་དང་། ལུགས་ལྡོག་གི་དགའ་བའི་མཐར་ཐིག་ལེའི་སྤྲོ་བསྡུས་ལོངས་སྐུ་རྗེས་སུ་མཐུན་པ་ བསྒྲུབས་ནས་ཐིག་ལེ་བཞི་སྦྱོང་བའོ། །ཡི་གེ་བཞི་པོ་འདིའི་ལམ་ཡང་། ཆགས་ཅན་རིགས་ 24-1-138 ཀྱི་ལྷ་མོ་ལ་བརྟེན་པ་དང་། རྟོག་ཅན་རྣལ་འབྱོར་ལ་བརྟེན་པ་གཉིས་གཉིས་ཏེ། དང་པོ་ལ་ ཐིག་ལེ་དང་། ལྷ་(ཆགས་)མོའི་ལུས་ལ་བརྟེན་པ། གཉིས་པ་ལ། སྔགས་དང་ཕྱག་(ཆགས་)རྒྱ། གསུམ་པ་ལ། སྔགས་དང་ཡེ་(ཆགས་)ཤེས། བཞི་པ་ལ་ཕྱག་(ཆགས་)རྒྱ་དང་རྣལ་འབྱོར་ཏེ་རྩ་ བའི་གྲངས་བརྒྱད་དོ། ། དེ་ལ་དང་པོར། རྣལ་འབྱོར་ལ་བརྟེན་པ་བཞིའི་དམིགས་རིམ་ནི། འདི་ལྟར་ཧ་ཡིག་ གི་སྒོམ་དོན་ཏེ། སྟོང་ཉིད་དམིགས་མེད་ཀྱི་ངང་ནས་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་འཁྱུད་རྒྱ། ལྷག་མ། གཡས་ གཉིས་པདྨ། རལ་གྲི། གཡོན་གཉིས། རིན་ཆེན། འཁོར་ལོ་འཛིན་པ། རྡོ་རྗེའི་དཀྱིལ་ཀྲུང་ ཅན་རིན་པོ་ཆེའི་རྒྱན་དང་དར་གྱི་ཤམ་ཐབས་འཕྱར་བ། མཚན་དཔེས་སྤྲས་ཤིང་། རལ་པའི་ ཟུར་ཕུད་ཅན། འོད་ཟེར་སྣ་ཚོགས་ཀུན་ནས་འཕྲོ་བ། རང་འོད་ཀྱི་ཡུམ་དང་སྦྱོར་བ། ཡང་ན། ཕྱག་གཉིས་པད་མའི་སྡོང་པོ་དང་། དྲིལ་བུ་འཛིན་ཅིང་། ཞལ་གཅིག་པ་ཁྱད་པར་གཞན་འདྲ་ བ། དེའི་རྩ་ཨབདྷཱུཏིའི་སྙིང་ཁའི་གནས་ན། ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཁུ་ཁྲག་འདྲེས་ པ་ལས་གྲུབ་པ་པད་མ་དམར་པོ་འདབ་བརྒྱད་སར་པ། ཤིན་ཏུ་དྭངས་པའི་ཆུ་མཚོ་ལས་ཕྱུང་ མ་ཐག་པ་ལྟར་ཆུ་ཟིལ་གཡོ་བའི་མདོག་དབྱིབས་ལྟ་བུ་ཟེའུ་འབྲུ་དམར་སེར་གྱིས་གཡོགས་ པའི་ནང་ན་ཨཱཿདམར་པོ་འོད་འཕྲོ་བ། དེ་ནས་རླུང་ལན་གསུམ་ཕྱིར་བསལ། ཨཱཿཡི་འོད་ ཀྱིས་འགྲོ་བའི་དྲི་མ་སྦྱངས། བྱང་ཆུབ་ལ་བཀོད། སངས་རྒྱས་སྲས་དང་བཅས་པ་དང་ལྷན་ ཅིག་བྱང་ཆུབ་ཀྱི་སེམས་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། སྟེང་འོག་གི་རླུང་ཁ་སྦྱར་བཟུང་ བས། སླར་འདུས་བ་སྤུའི་བུ་ག་ནས་ཞུགས། ཨཱཿལ་ཐིམ། ཞུ་བ་ལས་ཐིག་ལེ་ཡུངས་འབྲུ་ ཙམ་ཁ་དོག་སྣ་ཚོགས་འོད་ཟེར་མཐའ་ཡས་པ་འཆར་བ་ཞིག་བསམ། མི་བདེ་ན་རླུང་དལ་ བུས་གཏོང་། ཡང་རན་པར་བརྔུབས་ནས་འཛིན། དེ་ལྟར་རླུང་འབྱུང་བའི་ཚེ་འོད་འཕྲོས་སྦྱང་ ། 24-1-139 བརྔུབ་པའི་ཚེ་སླར་འདུས་ཐིག་ལེ་ལ་ཐིམ་པ་སྔར་ལྟར་འབད་པར་བྱའོ། །འདི་ལ་གོམས་ པས། རྣམ་རྟོག་མེད་བཞིན་དུ། ལྷ་སྐུ་ཐིག་ལེ་སོགས་ཀྱི་གསལ་སྣང་བརྟན་པ་དང་། རླུང་ མཉམ་རྒྱུར་ངེས་པ་ཅན་དུ་འབྱུང་། དེ་ནས་ས་ཡིག་གི་དོན་ནི། ཨཱཿཞུ་བའི་ཐིག་ལེ་སྒོམ་པ་ ཡན་སྔ་མ་བཞིན་ལ། ལྟེ་བར་རྡུལ་གྱི་ཐིག་ལེ་ཉུང་འབྲུ་ལྟར་ཕྲ་བ། རེག་བྱ་ཆེས་ཚ་བ། དམར་ ཞིང་འཚེར་བ་སྒོམ། དེ་ནས་རླུང་རོ་བསལ། རླུང་ལྟེ་བར་ཁ་སྦྱར། ལྟེ་བའི་གཏུམ་མོའི་ཐིག་ལེ་ ལས་མེ་ལྕེ་ཟེར་མ་དབུ་མའི་ནང་ནས་ཡར་འཕྲོས། སྙིང་ཁའི་ཐིག་ལེ་ལ་བསྣུན་པས། དཀར་ པོའི་ཆ་རྣམས་སུ་ཞུ། ཐིག་ལེ་ཀུནྡའི་ངོ་བོ་འོད་ཟེར་དཀར་པོའི་རྒྱུན་གྱི་ཕྲེང་བ་བབས། གཏུམ་ མོ་ལ་ཐིམ། དེ་ལྟར་འབར་འཛག་གཉིས་ཀའི་ཚེ། ཐིག་ལེ་གཉིས་ཀ་ལས་ཀྱང་འོད་ཟེར་སྣ་ལྔ་ འཕྲོས། དབུ་མ། རང་ལུས། སྣོད་བཅུད་ཐམས་ཅད་རིམ་གྱིས་ཁྱབ། ཐམས་ཅད་ཞུ། སླར་ རིམ་གྱིས་འདུས། ཐིག་ལེ་གཉིས་ལ་ཐིམ། འདི་ལ་གོམས་པས། མཐོང་ཉམས་ཟླ་འོད། ལུས་ ཉམས་བདེ་བ། སེམས་ཉམས་གསལ་ཞིང་རྟོག་པ་མེད་པ་འབྱུང་། དེ་ནས་དེ་དང་འདྲ་བ་ ལས། དམར་ཆ་ཞུ། ཁམས་དམར་པོ་འོད་དམར་པོའི་རྣམ་པར་གཏུམ་མོ་ལ་ཐིམ། འདི་ལས། མཐོང་ཉམས་ཉི་འོད། ལུས་ཉམས་བདེ་བ་མི་བཟོད་པ། སེམས་ཉམས་ཏིང་ངེ་འཛིན་ལས་ མ་གཡོས་བཞིན་དུ་དགའ་ཁྲོ་ཚིམ་པ་འདོད་པ་སོགས་སྣ་ཚོགས་པའོ། །དེ་ནས་ཡང་འདྲ་བ་ ལས། རླུང་ཁ་དོག་ལྔ་པ་རང་ཉིད་ཞུ། འོད་ཟེར་སྣ་ལྔའི་རྣམ་པ་ལྟེ་བར་ཐིམ་པར་སྒོམ་པས། མཐོང་ཉམས་ཅི་ཡང་མི་སྣང་། ལུས་ཉམས་བདེ་བ་ཆེས་པས་རེག་བྱ་མི་ཚོར། སེམས་ཉམས་ སྟོང་ཉིད་རིག་ཙམ་བརྒྱལ་བ་ལྟ་བུ་འཆར་རོ། །འདིར་ཧ་ཡིག་ལ་རླུང་ཕྱིར་འགྲོ་ཚེ་སྤྲོ། ནང་དུ་ འོང་ཚེ་བསྡུ་ལ། ས་ཡིག་གིས་སྐབས་འདིར། རླུང་འཛིན་ཐང་རེ་ལའང་སྤྲོ་བསྡུ་མང་པོར་བྱ་ བ་ཉིད་ལེགས་པས། སེམས་ཤུགས་ཆད་པ་བཞིན་གྱུར་ན། ངལ་བསོ་བ་ཐིག་ལེ་ལ་སེམས་ འཛིན་པ་ཉིད་ཡིན་ནོ། །དེ་ནས་དེ་ལ་གོམས་པས། དམིགས་པའི་གཞི་སྔ་མ་ལྟ་བུ་བསྒོམས་ 24-1-140 ནས། ཐིག་ལེ་གཉིས་ཀྱི་འབར་འཛག་དང་དེ་ནས་འོད་ཟེར་སྤྲོས། ཁམས་གསུམ་འོད་དུ་ཞུ། རང་ལ་ཐིམ། དེ་ཨབདྷཱུཏི་ལ། དེ་གཏུམ་མོ་ལ། དེ་དང་། སྙིང་ཁའི་ཐིག་ལེ་རོ་གཅིག་འདྲེས། དེ་ཡང་ཇེ་དྭངས་ཇེ་དྭངས་ལ་སྟོང་པར་སྦྱངས་ནས་མཉམ་པར་བཞག དེ་ལྟར་ཡང་ཡང་ གོམས་པས། མཐོང་ཉམས། སྟོང་གཟུགས་སྣ་ཚོགས་ལུས་ཉམས་བདེ་ལ་ཞེན་པ་མེད་པ། སེམས་ཉམས་བདེ་བའི་ངང་ལས། གསལ་བ་སྙིང་རྗེ། མཉམ་པ་ཉིད་སོགས་འཛིན་སྟངས་སྣ་ ཚོགས་པ་འབྱུང་། སྐབས་འདིར་སེམས་འཛིན་སྟངས་རྣམ་པ་ཐ་དད་པ་དེ་དག་ལྷ་སྐུར་སྒོམ་ པས་བོགས་འབྱིན་པར་འགྱུར། དེ་ཉིད་མཐའ་ནས་དབུས་སུ་ཡལ་བར་སྒོམ་པ་ཡང་ཡང་ བྱའོ། །དེ་རྣམས་ལ་གོམས་ནས། ཏ་ཡིག་གི་དོན་སྒོམ་པ་ལ། ཞུ་བདེ་ལྷན་སྐྱེས་ལས། དཔེའི་ དོན་དམ་བདེན་པ་སྒྲུབ་པ་དང་། ལུགས་ལྡོག་གི་མཐར་རང་བཞིན་ལྷན་སྐྱེས་ལས་བདེ་བ་ ཆེན་པོའི་ལྷ་སྐུ་སྒྲུབ་པ་དང་། དེའི་ཡེ་ཤེས་བརྟན་རྒྱས་སུ་བྱས་པས་གཉུག་མའི་སྐུ་བསྒྲུབ་པ་ དང་། ཞིང་སྦྱོང་བ་སྟེ་བཞི་ལས། དང་པོ་ནི། རང་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་དུ་གསལ་ བའི་སྤྱི་བོ་ནས་ནོར་བུའི་བར་དུ་ཨབདྷཱུཏི་ཤིན་ཏུ་ཕྲ་ཞིང་འོད་འཕྲོ་བ་གསལ་གདབ། དེ་ནས། ཡབ་ཡུམ་རྗེས་སུ་ཆགས་པས་སྙོམས་པར་ཞུགས་པས། རྩའི་གནས་ཐམས་ཅད་ཀྱི་རླུང་དང་ ཐིག་ལེ་ཞུ། དབུ་མའི་ལམ་བརྒྱུད། གསང་བ་བདེ་སྐྱོང་གི་འཁོར་ལོར་བྱོན། ཐམས་ཅད་ཀྱི་ དྭངས་མའི་དྭངས་མ་ཟིལ་པའི་ཐིགས་པ་ལྟ་བུ། རྡོ་རྗེའི་ལམ་ནས་ནོར་བུའི་རྩེ་མོར་འཐོན་ པ་ཐིག་ལེ་ཉུང་ཀར་སྦོམ་པོའི་ཚད་ཙམ་འོད་ཟེར་དཔག་མེད་འཕྲོ་བ། ཕྱེད་ཡུམ་གྱི་དབུ་མའི་ མས་སྣ་དང་། ཕྱེད་ཡབ་ཀྱི་རྡོ་རྗེའི་བུ་གར་ཆུད་པ་ལ་སེམས་རྩེ་གཅིག་ཏུ་བཞག དེ་ལ་སེམས་ བརྟན་ན། ཐིག་ལེ་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་ཁེངས། སངས་རྒྱས་བྱང་སེམས་ དང་སེམས་ཅན་ཐམས་ཅད་ཀྱི་བདེ་བ། རྟེན་བྱང་ཆུབ་སེམས་ཀུནྡ་དང་བཅས་པ་འོད་ཟེར་གྱི་ རྣམ་པར་བྱུང་། སླར་འདུས། ཐིག་ལེ་ལ་ཐིམ། དེ་ལྟར་ཡང་ཡང་སྒོམ། (༡)ཡང་གཞན་འདྲ་ 24-1-141 བ་ལ། སངས་རྒྱས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱས་སླར་བསྡུའོ། །(༢)ཡང་དེ་དང་འདྲ་ བ་ལ། སྣོད་བཅུད་མཐའ་ནས་བསྡུས་ནས་མཉམ་པར་བཞག (༣)འདི་གསུམ་བདེ་བ་དང་། བྱིན་རླབས་འཇུག་པ་དང་། བདེ་སྟོང་སྦྱོར་བ་ལ་རིམ་པ་བཞིན་རྒྱ་ཆེར་བསྔགས་པས། སྔ་ ཕྱིའི་གོ་རིམ་འདི་བཞིན་སྒོམ་པ་ལེགས་པ་ཉིད་ཡིན་ལ། འདི་ལ་ཤིན་ཏུ་གོམས་པས། ལུས་ སེམས་གཉི་གའི་བདེ་བ་རོ་ཅིག་པའི་རང་གཟུགས་ལ་སྤྲོ་བའི་ཚེ་ལྷ་སྐུ་དང་འོད་ཀྱི་ནམ་ མཁའ་ཁྱབ་པ་དང་། བསྡུ་བའི་ཚེ། ཐིག་ལེའི་གསལ་སྣང་དང་། ཐིག་ལེའི་ནང་དུ་ལྷ་སྐུ་དང་ དཀྱིལ་འཁོར་རབ་འབྱམས་སོགས་སྟོང་གཟུགས་མཐོང་། ཡུལ་ཕལ་ཆེར་ནུབ་ཅིང་། བདེ་ བས་བརྒྱལ་བ་དང་། མིག་འཛུམ་རེ་ལའང་སྤྲོ་བསྡུ་ལན་དཔག་མེད་ནུས་པ་སོགས་འབྱུང་ སྟེ། དེ་ལ་ཐིག་ལེའི་འོད་ཀྱིས་སྣང་བ་ཐམས་ཅད་ཐིག་ལེ་དང་། དེ་ཡང་བསྡུས་ནས་བདེ་བའི་ ངོ་བོ་ཙམ་ལ་འཛིན་མེད་དུ་བཞག འདི་ལ་གོམས་པས། མཐོང་ཉམས་རྩོལ་མེད་དུ་སྤྲོ་བསྡུ་ དངོས་སུ་འབྱུང་། སེམས་ཉམས་རྣམ་མེད་དང་བདེ་བ་ཟུང་སྦྱོར་འབྱུང་ལ། གཉིས་པ་ནི། དེ་ བརྟན་ནས། ལྟེ་བར་ཐིག་ལེ་བསྒོམས་པས་ལྷན་སྐྱེས། དེ་ནས་སྙིང་ཁར་ཁྱད་དགའ། དེ་ནས་ མགྲིན་པར་མཆོག་དགའ། དེ་ནས་སྤྱི་བོར་དགའ་བ། དེ་རྣམས་ལ་དམིགས་པ་ནི། ཞུ་བདེའི་ ཐིག་ལེ་དེ་གྱེན་དུ་དྲངས། ལྟེ་བ་ལ་སོགས་པའི་གནས་བཞི་པོ་དེ་དག་ཏུ་ཐིག་ལེ་བཀོད་ནས། སྔར་བཞིན་སྤྲོ་བསྡུའི་ཚུལ་གསུམ་པོ་དག་བྱའོ། །ལྔ་པོ་འདི་རྣམས་ལ་གོམས་པས། རིམ་པ་ ཇི་ལྟ་བར། འཁོར་ལོ་རྩ་ཁམས་རླུང་རྣམས་ཀྱི་དྭངས་མ་ལྷ་སྐུའི་རྣམ་པར་དངོས་སུ་སྣང་། དེ་ ནས་ཡང་། སྣ་སྒོར་ཐིག་ལེ་སྔ་མ་ལྟར་ལ་སྤྲོ་བསྡུ་བྱས་པས། རླུང་སེམས་ཀྱི་འགྲོ་འོང་ཐམས་ ཅད་ལྷ་སྐུར་སྒྱུར་བ་ཡིན། གསུམ་པ་ནི། མཉམ་གཞག་གི་ཚེ་ལྷ་སྐུ་ཙམ་ལ་སེམས་གཞག་ཅིང་ སེམས་ཀྱི་འགྲོ་འོང་ཕྲ་མོ་ལ་རྡོར་བཟླས་བྱ་སྟེ། དེ་ཡང་གཟུགས་སོགས་སྣང་བ་ལ་སེམས་ གནས་པའི་ཚེ་ༀ་སྣང་བ་ནུབ་པའི་ཚེ་ཨཱཿ སེམས་གཡོ་མེད་དུ་གནས་པའི་ཚེ་ཧཱུཾ་གི་གདངས་ 24-1-142 བདེ་བའི་སྒྲ་དང་བསྲེས་ནས་སྒོམ། འདིས་སེམས་ཀྱི་འགྲོ་འོང་ཐམས་ཅད་སྟོང་ཉིད་ལ་འཇུག རྗེས་ཐོབ་ཀྱི་ཚེ། རླུང་སེམས་གཉིས་ཀའི་འགྲོ་འོང་ལ་རྡོར་བཟླས་བྱས་པས། སྐད་ཅིག་ གཅིག་ལ་སྟོང་པ་ལས་རགས་པའི་ལུས་ལས་ཐ་དད་དུ་བྱེད་པའི་ལྷ་སྐུར་ལྡང་ཞིང་། ཡང་སྟོང་ པ་ལ་འཇུག་ནུས་ན། བཞི་པ་ནི། རླུང་སེམས་ཀྱི་ཐིག་ལེ་དེ། གཟུགས་སྒྲ་དྲི་སོགས་གང་སྣང་གི་སྟེང་དུ་སྒོམ་ ནས་མཉམ་པར་བཞག་པས། མ་དག་པའི་སྣང་བ་འགགས་ཏེ། དག་པའི་སྣོད་བཅུད་དུ་ འགྱུར། འདི་ལ་རིང་དུ་གོམས་པས། རིམ་བཞིན་ས་བཅུ་བགྲོད་ནས། འོད་ཀྱི་རིག་མ་དང་ སྦྱར་བས་འབྱུང་ལུས་སྟོང་པར་འགགས་ཤིང་། བདེ་བ་དང་། རླུང་ཙམ་ལས་གྲུབ་པས་ཡེ་ ཤེས་ཀྱི་ལུས། ཁམས་ལྔའམ་ཀུནྡ་དྭངས་མའི་དྭངས་མ་ཤིན་ཏུ་ཕྲ་བ་ཙམ་ལས་གྲུབ་པའི་ལུས་ སུ་འགྱུར། དེ་ནས་རང་འོད་ཀྱི་རིག་མ་ལ་བརྟེན་ནས། ལུགས་འབྱུང་གི་ལྷན་སྐྱེས་ཀྱི་ཚེ་ཆོས་ སྐུ་དང་། ལུགས་ལྡོག་གི་ཚེ་ལོངས་སྐུར་ལྡང་བས། ཚུལ་དེ་ལྟར་ཕྱག་རྒྱ་ཆེན་པོ་མཆོག་གི་ དངོས་གྲུབ་ལ་སྦྱོར་བ་ནི། སེམས་ཀྱི་ཕྱག་རྒྱའི་ཕྱོགས་ཅིག་གོ ། ཟུང་འཇུག་ལྷན་སྐྱེས་རྒྱལ་བའི་རྒྱལ་སྲིད་མཆོག །རིན་ཆེན་ཡན་ལག་བདུན་གྱི་མངའ་ བདག་ནི། །དབང་ཕྱུག་བརྒྱད་ཀྱི་ལང་ཚོའི་རྩེར་སོན་ནས། །ཁ་སྦྱོར་རོལ་བའི་དགའ་སྟོན་ཆེ་ ལ་སྤྱོད། །གོ་འཕང་མཆོག་དེ་བརྙེས་པ་གང་གི་ཞབས། །བདག་གི་སྤྱི་བོར་ནམ་ཡང་ངེས་པར་ གྱུར། །ལམ་བཟང་རིན་ཆེན་འདིས་ཀྱང་འགྲོ་རྣམས་ལ། །ཟུང་འཇུག་འོད་བརྒྱ་འགྱེད་པ་ཉིད་ དུ་ཤོག ། སྨྲས་པ། འཇུག་ངོགས་བདེ་བ་ཉིད་དུའང་ཉམ་ཆུང་དག །རྡེག་འཆོས་ཇི་བཞིན་རྨོངས་ རྣམས་འདི་ན་དེ། །རྒྱུད་སྡེ་རྣམས་དང་འཐུན་པར་བྱོས་ཤིག་ཅེས། །བདག་ནི་དེ་སྐད་རིང་དུ་ སྒྲོགས་པར་བྱེད། ། 24-1-143 ད་ནི་རིགས་ཀྱི་ལྷ་མོ་ལ་བརྟེན་པའི་ལམ་ཕྱོགས་ཙམ་སྨོས་ན། དམིགས་པ་དངོས་རྣམས་ ཕལ་ཆེར་སྔ་མ་ལྟར་ལ། ཡན་ལག་གི་ཁྱད་པར་འགའ་ཞིག་ཡོད་པ་མདོ་ཙམ་བརྗོད་པར་ བྱའོ། ། དེ་ལ་དང་པོ། ཧ་ཡིག་གི་དོན་ནི་རིགས་ཀྱི་ལྷ་མོ་མི་མོ་པདྨ་ཅན་ནམ། གླུ་དབྱངས་མཁན་ ལ་སོགས་པ། སེམས་བསྐྱེད་ཅིང་དཀྱིལ་འཁོར་དུ་དབང་བསྐུར་བ་དམ་ཚིག་དང་ལྡན་ཞིང་། རིམ་པ་དང་པོ་བསྐྱེད་རིམ་ལ་བསླབས་པ་ཞིག་ལ་སྒྲུབ་ཅིང་། ས་ཡིག་དང་ཨཱཿཡིག་ལ་ཡང་དེ་ བཞིན་དང་། ཏ་ཡིག་གི་ཚེ། ལྷ་དང་རིག་འཛིན་ལྷ་མིན་སོགས་ལས་བྱུང་བ་དང་། རྡོར་བཟླས་ ཡན་ཆད་དུ། ཡེ་ཤེས་ཀྱི་ལྷ་མོ་རྣམས་སྔགས་ལ། དང་པོ་གཉིས་གཅིག་ཏུ་མ་ངེས་སོ། །དེའང་ འདི་ལྟར། སྔར་བཤད་པ་ལྟར་ཟླ་བ་ཕྱེད་དམ། ཟླ་གཅིག་ཏུ་བསླབས་ནས། རང་དང་རིགས་ ཀྱི་ལྷ་མོ་གཉིས་ཀའི་སྐྱེ་མཆེད་རྡོ་རྗེ་གསུམ་བྱིན་གྱིས་བརླབས་ནས། དཽ་ལ་ཞེས་པས། ཨཱལིངྒ་ དང་ཙུམྦྷ་དང་། ཙཱ་ཤ་ཀ་དང་། ཨོཋདཱད་དང་། ཙཱལི་ཀ་རྣམས་ཀྱིས་རཽམོཋའི་བདེ་བ་དང་སྙིང་ ཁའི་ཐིག་ལེ་རོ་གཅིག་ཏུ་བྱས་པ་ལ་སེམས་བཟུང་བདེ་བ་གཡོ་བ་ན། ཐིག་ལེ་སྤྲོ། མྱོང་ཙམ་ ན་བསྡུའོ། །ཐིགས་པའི་ཟིལ་པ་ཅུང་ཟད་འཕོ་བ་ལྟ་ན། ཧྲཱིཿ ཞེས་ལན་བདུན་དང་། སྨིན་ མཚམས་སུ་སྤྱན་དམར་པོ་འབྱེད་འཛུམ་བྱེད་པ་ལ་དམིགས་པས་བཟུང་། གདེང་ཅན་ཚངས་དང་ཚངས་པའི་རླུང་། །གདེངས་ཅན་ཡུལ་དུ་དྲང་བར་བྱ། །ལན་ གསུམ་སྤྲུག་པས་མི་འཕོའོ། །ས་ཡིག་ནི། དེ་མཐར་ཕྱིན་ནས། གཏུམ་མོ་ཁྲག་གི་ཐིག་ལེ་རྡོ་ རྗེའི་དབུས་ན་བསམས་ནས། མཁའ་གསང་བྱིན་གྱིས་བརླབས་ཏེ། བཛྲཀམལསཉྫོག་ཙམ་ ལ་གནས་པས་ལས་ཀྱི་གཏུམ་མོ་སྦར་ཞིང་། སྤྲོ་བསྡུ་སོགས་སྔ་མ་ལྟར་སྒོམ་པས། སྔ་མ་དང་ ཆ་འདྲ་བའི་ཉམས་འབྱུང་ཞིང་། འོན་ཀྱང་ཞུ་བདེ་ལ་ཅུང་ཟད་ཁྱད་པར་ཡོད་དོ། །ཨཿཡིག་གི་ དོན་ནི། མཱཋནཡོག་ཡིས་ལྟེ་བའི་ཐིག་ལེའི་འོད་ཀྱིས་རང་ལ་ཐིམ། དེ་ནས་བདེ་བའི་ཉམས་ 24-1-144 དང་འོད་ཟེར་གཅིག་ཏུ་སྲེས། སླར་ཡང་བསྡུས་ནས། བདེ་བའི་ངོ་བོ་ཙམ་ལ་དམིགས་མེད་ དུ་བཞག ཏ་ཡིག་གི་སྐབས་སུ། དངོས་དང་ཡེ་ཤེས་ཀྱི་ཁྱད་པར་མ་རྟོགས་ཕལ་ཆེར་འདྲ་ལ། ཨ་ཡི་སྐབས་འཕོ་མེད་དུ་འཛིན་པ་སྦྱོར་བ་ལ་འབད་དགོས་ཤིང་། ཏ་ཡི་གི་སྐབས་འདིར་དེ་ ལྟ་བུའི་རྩོལ་བ་མི་དགོས་སོ། །འདི་དག་རྣམས་སུ་སྤྲོ་བསྡུ་སོགས་ཏིང་འཛིན་དང་དགའ་བའི་ སྐད་ཅིག་མ་ཉི་ཤུ་སྦྱོར་བ་ཕྱག་རྒྱ་དང་སྤྲད་པས་དངོས་སུ་མངོན་དུ་བྱེད་པ་ན། སྐད་ཅིག་མ་ རྣམས་ངོས་ཟིན་ངེས་བྱས་ལ་སྤྲོ་བསྡུ་དང་སྦྱོར་བའི་གནད་སོ་སོ་མ་འཆུགས་པར་བྱའོ། །ཞེས་ པ་ནི། ཏིང་ངེ་འཛིན་དང་ཕྱག་རྒྱའི་ཁྱད་པར་ཕྱེད་པའི་ཕྱིར་མདོ་ཙམ་སྨོས་ཀྱི། མི་མཁོ་བའི་ ཕྱིར་མ་སྤྲོས་སོ། །འདི་ལྟ་བུའི་ཆགས་གྲོལ་གྱི་དབྱེ་བ་དང་། མཚན་ཉིད་ནི་འདུས་པ་བདེ་ དགྱེས་སོགས་རྒྱུད་སྡེ་རྣམས་ཀྱི་དགོངས་པར་ཆེས་གསལ་ཞིང་། དབྱེ་བ་དང་མཚན་ཉིད་ འདི་དག་དེང་སང་གངས་ཅན་གྱི་མན་ངག་སྨྲ་བ་དག་དང་། རྒྱུད་སྡེ་ལ་རིང་དུ་མ་སྦྱངས་པའི་ མཁས་རློམ་རྣམས་ཀྱི་སྤྱོད་ཡུལ་མ་གྱུར་པ་ཞིག་གོ ། མཐོང་ཐོས་མང་པོའི་ཁུར་གྱིས་རབ་ངལ་བའི། །ཆེར་རློམ་གླང་ཆེན་གང་དག་ངེས་དོན་ གྱི། །ཨམྲའི་ཚལ་དུའང་རྟོག་གེ་ཧ་ལའི་ཕྲེང་། །ཤིང་སྐམ་འཆའ་བར་བྱེད་འདི་མྱ་ངན་འོས། ། ངེས་དོན་ཟབ་མོ་མཐོ་རིས་དལ་འགྲོའི་རྒྱུན། །ལེགས་བཤད་རླབས་ཕྲེང་གཡོ་བའི་བདུད་ རྩི་དེ། །རྡོ་རྗེ་འཆང་དབང་ཞལ་གྱི་འབབ་སྟེགས་ལས། །ཨཱ་ཧོ་ཉམས་པ་མེད་པར་ཕྱོགས་ འདིར་སོན། ། ཞེས་པ་ཡང་ཏཱ་ར་ནཱ་ཐས་སྨྲས་པ་སྟེ། འདི་ནི་ཡི་གེ་བཞི་པའི་མན་ངག་ཉིད་གཞིར་བཞག ཆགས་གྲོལ་གྱི་དབྱེ་བ་དང་། མེད་མི་རུང་གི་མ་ཚང་ཁ་སྐོང་དགོས་པ་རྣམས་སེམས་ཀྱི་ཕྱག་ རྒྱ་ལས་བླངས་ཏེ་མ་བུ་བསྡེབས་ནས་ཤིན་ཏུ་ཉུང་ངུ་ལ་མོས་པ་རྗེས་སུ་བཟུང་བའི་ཕྱིར་བྱས་ པ་སྟེ། གོ་དོན་གལ་ཆེ་བ་རྣམས་ནི་མདོར་བསྡུས་ཙམ་རྣམ་པར་བཤད་པར་འབྲི་བར་འདོད་ 24-1-145 དོ། །རང་ལོ་བཅུ་དགུ་པ་ལ་བྲིས་པའོ།། །། དགེ་ལེགས་འཕེལ།། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-146 ༄༅། །གདན་བཞིའི་རྒྱུད་དོན་ཚོལ་བའི་ ཚིགས་བཅད་བཞུགས། ༄༅། །ནམོགུརུམཉྫུནཱཐཱཡ། རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་ རྒྱུད་རྒྱལ་པོ། །རྡོ་རྗེ་གདན་བཞིའི་ཆུ་གཏེར་ཆེ། །ཡོན་ཏན་རིན་ཆེན་འབྱུང་གནས་ལ། །དེང་ སང་གངས་རིའི་ཁྲོད་འདི་ཡི། །མཁས་རྨོངས་ཐམས་ཅད་འཇུག་འདོད་མེད། །ངལ་བ་འབྲས་ མེད་ལ་འབད་དང་། །འབྲས་བཅས་འདོར་བ་རྨོངས་པའི་ཚུལ། །སྔོན་བྱོན་གངས་ཅན་མཁས་ པ་ལ། །དབང་དང་རིམ་གཉིས་དར་བར་བྱུང་། །རི་རབ་ལྟ་བུའི་ཤིང་རྟ་ཆེ། །རྒྱལ་བ་གཉིས་ པ་རྣམས་ཀྱིས་ཀྱང་། །བཤད་པ་རྒྱས་པ་མ་མཛད་ཅིང་། །རྒྱུད་འདི་འཆད་པའི་ཁུར་འཆང་བ། ། འགའ་ཞིག་རྒྱུད་དོན་འབྱེད་ལ་བརྟུལ། །ཨཱརྱ་དེ་བའི་གཞུང་རྣམས་དང་། །བྷ་བ་བྷ་ཊ་རྣམ་ རྒྱལ་དབང་། །ཨ་བྷ་ཡ་དང་སྨྲྀཏི་དང་། །བལ་ཡུལ་མཁས་པ་འགའ་ཞིག་དང་། །དགེ་བའི་ གོ་ཆ་ལ་སོགས་པའི། །གཞུང་འགྲེལ་མན་ངག་བླངས་བྱས་ཤིང་། །ནཱ་རོ་ཏ་པའི་མན་ངག་ (མར་པ་ལས་བརྒྱུད་པ་)སྦྱར། །བསྡུས་པའི་རྒྱུད་རྒྱལ་རྒྱ་མཚོ་ལ། །བཤད་རྒྱུད་གཉིས་ཀྱི་གྲུ་བཟུང་ ནས། །སོང་ན་ངེས་དོན་ནོར་བུ་རྙེད། །མི་གསལ་གསལ་བྱེད་ཁ་སྐོང་རྒྱུད། །གསང་བའི་རབ་ བྱེད་ལ་འདྲིས་བྱ། །རྫོགས་རིམ་གནད་རྣམས་རྙེད་པར་འགྱུར། །རིམ་གཉིས་བསྙེན་སྒྲུབ་ལ་ སོགས་ལ། །ཤིན་ཏུ་གཅེས་པ་སྔགས་དུམ་ཡིན། །རྫོགས་རིམ་དངོས་རྣམས་དམིགས་པ་ནི། ། རྒྱུད་ཀྱི་ཚིག་དོན་ཡིད་ཆེས་ཅན། །ཞེས་སྨྲས་སོ།། །། 24-1-147 ༄༅། །གདན་བཞིའི་རྒྱུད་ལ་འཇུག་པ་དངོས་གྲུབ་ སྙེ་མ་ཞེས་བྱ་བ་བཞུགས། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག གླུའི་དོན་གོ་བདེ་བར་དཀྲོལ་བ་རྒྱུད་ལ་འཇུག་པ་ དངོས་གྲུབ་སྙེ་མ་ཞེས་བྱ་བ་བླ་མ་ལ་ཕྱག་འཚལ་ལོ། ། བསྐྱེད་རིམ་རོལ་རྩེད་ཡབ་ཡུམ་མཉམ་སྦྱར་བའི། །དགྱེས་མཛད་ནོར་བུའི་རོལ་པ་ཕྲ་ ཐིག་གི་(སྔགས་དུམ་རྡོར་སེམས་ཡབ་ཡུམ་སྐབས་ནས་འབྱུང་)། རྣལ་འབྱོར་གྱིས་ནི་རླུང་སེམས་མས་སྣར་ སྡུད། །དཔྲལ་བའི་བ་ནུའམ་བ་ལང་རྨིག་པ་ཡིས། །སྟེང་གི་སྣ་རྩེར་སྡུད་བྱེད་དེའི་བདེ་བས། ། རྒྱས་འདེབས་དེ་ཡིས་དེ་ཡི་རང་ངོར་འཆར། །ཀུན་རྟོག་སྡུད་པར་བླ་ཆེད་སྒོ་དགག་པའི། ། སྦྱོར་བས་དབང་ཤེས་རྒྱུ་བ་ཟློག་པར་འགྱུར། །དེ་ནི་རྫོགས་རིམ་དངོས་ཀྱིས་ནུས་ན་ཡང་། ། འདི་ཟློག་ན་ནི་རྫོགས་རིམ་སྒྲུབ་བླ་བས། །འདིར་བརྗོད་འདི་ཡིས་ཀུན་རྟོག་ཤུགས་དྲག་ དང་། །རླུང་རྣམས་ནང་དུ་ཟློག་པའི་རྟགས་ལྔ་འབྱུང་། །སྙིང་གའི་དབུས་ཀྱི་ལྟེ་བའི་དྷཱུ་ཏི་ནི། ། བ་ལང་རྨིག་པའི་གཙོ་བོ་ཡིན་པར་གསུངས། །དབུས་ཀྱི་རྩ་མདུད་ནང་དུ་མི་ཤིགས་པའི། ། ཐིག་ལེར་མཉམ་གཞག་སྲོག་རྩོལ་རླུང་སེམས་འཆིང་། །རྩ་མདུད་དགྲོལ་ཕྱིར་རྡོ་རྗེའི་ བཟླས་པ་བྱེད། །དེ་ཡིས་མདུད་པ་གྲོལ་ནས་འཆིང་བྱེད་དམ། །ལྷོད་པོར་བྱས་ནས་འཕྲལ་དུ་ དགྲོལ་བའི་ཐབས། །ངང་གིས་འབྱུང་བའི་འགྲོས་དང་ལྷན་ཅིག་ཏུ། །ཚངས་པའི་མེ་སྟེ་ཀླུ་ དབང་འཁྱིལ་པ་འབར། །སྤྱི་བོའི་བ་ནུ་བཞུ་བའི་ཐིག་ལེ་དབབ། །བུམ་ཅན་སྦྱོར་བས་ཆུ་ཤིང་ སྙེ་མ་འབྱེད། །དེ་ལས་དགའ་བཞིའི་ཉམས་ནི་ཅི་ཡང་འབྱུང་། །འདི་ནི་འོད་གསལ་གནས་ 24-1-148 མཆོག་སྙིང་ག་རུ། །སྟེང་འོག་འཁོར་ལོ་གཉིས་ཀྱི་འབར་འཛག་ཀུན། །ཐིག་ལེར་ཐིམ་པའི་ སྒོ་ནས་གནད་དུ་བསྣུན། །འདི་ལ་གོམས་ནས་འཁོར་ལོ་བཞི་འགྲོས་ལ། །དབབ་ཟློག་ སྟོབས་ལས་སྙིང་གར་གཟུང་འཛིན་རླུང་། །ཐིམ་པར་བྱེད་པ་ཀླུ་དབང་འཁྱིལ་པ་དང་། ། གསང་བའི་སྦྱིན་སྲེག་ཅེས་བྱའི་མིང་ཅན་དང་། །བ་ཡི་ནུ་མའི་མན་ངག་ལེགས་སྦྱར་རོ། ། ཡང་ན་ཆུ་ཤིང་སྙེ་མའི་སྔོན་དུ་སྒོམ། །སྙིང་གའི་རྩ་མདུད་དབྱེ་དཀའ་དོན་ཆེ་བ། །གཞན་དུ་ རླུང་སེམས་འདུས་ན་དབྱེ་བླའོ། །ཐོག་མར་ཡས་བབས་མས་བརྟན་བདེ་བསྒྲུབས་ཏེ། །ཕྱི་ ནས་དེ་ཉིད་སྙིང་གར་སྡུད་ཐབས་ཤེས། །དེ་ནས་མཆོད་རྟེན་བུམ་པའི་མན་ངག་ལས། །ཡི་གེ་ དགུ་པས་རགས་པའི་རླུང་བསྡུས་པ། །གཅིག་པུ་བསྡུས་པས་ཕྲ་བའང་ཐིམ་པ་ན། །དཔེ་ཡི་ འོད་གསལ་མངོན་དུ་བྱེད་པ་སྟེ། །འདི་སྒྲུབ་བྱེད་ལ་ཆུ་ཤིང་མེ་ཏོག་གཅེས། །དང་པོར་ཡི་གེ་ མང་པོས་སྡུད་བླ་ཞིང་། །ཕྱི་ནས་དེ་ཁོ་ན་ཡི་སྲེག་བླུགས་དང་། །ཡི་གེ་གཅིག་པས་བསྒྲུབས་ ན་ལེགས་པ་སྟེ། །འོན་ཀྱང་གཉིས་ཀ་མཐུ་དང་ལྡན་པ་ཡིན། །སྣང་གསུམ་དཔེ་ཡི་འོད་ གསལ་སྟོང་པ་བཞིར། །སྦྱོར་བ་སྐབས་འདིར་ཤིན་ཏུ་གནད་ཆེའོ། །བདེ་བ་དེ་ལས་སྒྱུ་ལུས་ ལྷ་སྐུ་ནི། །རླུང་སེམས་ཙམ་ལས་ཤིན་ཏུ་ཕྲ་བའི་གཟུགས། །རླུང་ཐིམ་བདེ་སྟོང་ངང་ལས་རླུང་ ལྡང་ཚེ། །དེ་ཉིད་ལྷ་སྐུ་དངོས་སུ་བསྐྱེད་ཅེས་གསུང་། །མཆོད་{སྦྱིན་[རྟེན་]བུམ་པ་དེ་ཉིད་ སྦྱིན་བསྲེག་གི །རིལ་གཞིག་གཉིས་ཀྱིས་སེམས་ནི་འོད་གསལ་འཇུག །དངོས་སུ་བཅུག་ པས་དོན་གྱི་འོད་གསལ་འབྱུང་། །དེ་ལས་ཟུང་འཇུག་སྐུ་རུ་ལྡང་བ་ཡིན། །ཀླུ་དབང་ཡབ་ སྲས་མན་ངག་འདི་ཉིད་ནི། །རིམ་པ་ལྔ་ལྡན་ཞེས་གསུངས་ལེགས་བཤད་དེ། །སྔ་རབས་ འགའ་ལའང་འཁྲུལ་པ་བག་ཙམ་སྣང་། །དིང་སང་མཁས་རྨོངས་ཀུན་ལ་མིང་ཡང་ནུབ། ། མཆོད་རྟེན་བུམ་པར་སྒྱུ་མ་གསུམ་རྒྱུད་སྦྱོར། །དེ་ལས་སྒྱུ་ལུས་རྣམ་གསུམ་སྒྲུབ་པའི་ཚུལ། ། རགས་པའི་ལུས་ལ་ཡེ་ཤེས་སེམས་དཔའི་ཚུལ། །རྗེས་ཐོབ་ས་དང་སྐྱེ་བ་ལེན་པ་ནའོ། ། 24-1-149 བསྡུས་དང་གཉིད་དང་འཆི་བའི་གནས་སྐབས་ལ། །ཏིང་ངེ་འཛིན་གྱི་འོད་གསལ་སྒོམ་པ་ དང་། །དེ་ལས་ལངས་པའི་རླུང་སེམས་དྭངས་མ་གསུམ། །རྡོ་རྗེ་སེམས་དཔའ་ལོངས་སྤྱོད་ རྫོགས་པར་བསྐྱེད། །དགུ་པོ་འཕགས་པའི་དགོངས་པ་ཉིད་ཡིན་ཏེ། །དཔེ་དོན་འོད་གསལ་ མཆོད་རྟེན་བུམ་པས་སྒྲུབ། །སྒྱུ་ལུས་གཉིས་ནི་རྗེས་ཐོབ་ཕྲ་རགས་ཁྱད། །འདུན་པས་རྨི་ལམ་ བཟུང་སྦྱངས་གོམས་པ་ཡིས། །ཆུ་ཤིང་སྙེ་མའི་བོགས་འདོན་དེ་ནས་ནི། །སད་དུས་བདེན་ གཉིས་སྒྲུབ་པའི་ཐབས་མཆོག་ཡིན། །ནོར་བུ་སྙིང་ག་གཉིད་དང་མགྲིན་གསང་བ། །རྨི་ལམ་ གནས་ཏེ་དེ་ནི་ཆུ་ཤིང་དང་། །རྨིག་པ་ནོར་བུ་ཐིག་ལེ་འོད་གསལ་དང་། །མགྲིན་པའམ་ཀླུ་ དབང་འཁྱིལ་པ་རྨི་ལམ་ལའོ། །རྒྱུད་དུ་གསལ་བར་ཚིག་ཟིན་མེད་ན་ཡང་། །དོན་རྒྱས་ཀླུ་ སྒྲུབ་མན་ངག་ནཱ་རོའི་གསུང་། །འདི་ལ་བོད་ཀྱི་བཤད་པ་སྣ་ཚོགས་བྱུང་། །ཕྱག་རྒྱའི་ལམ་ རྒྱས་ཡང་ཡང་གསུངས་པ་དང་། །རྡོར་དྲིལ་ཆུ་ཤིང་བ་ནུ་བ་ལང་རྨིག །གསང་བའི་བཤད་ པས་ཤིན་ཏུ་གསལ་བར་བྱུང་། །རབ་ལ་བ་ལང་རྨིག་པར་སྲོག་འཆིང་བས། །ཆུ་ཤིང་ལ་ནི་ ཕལ་ཆེར་འབྱེད་བྱེད་པ། །ཙཻརྱཀུམྦྷའི་སེམས་དམིགས་སྒྱུ་ལུས་དང་། །དོན་གྱི་འོད་གསལ་ ཟུང་འཇུག་ངེས་དོན་གྱི། །རྡོར་དྲིལ་ཉིད་ཡིན་ཕྱག་རྒྱའི་སྲོག་རྩོལ་ལས། །ངེས་པར་སྒྲུབ་སྟེ་དེ་ དག་གསང་བ་ཡི། །བཤད་པའི་དོན་དུ་ལེགས་པར་ཁོ་བོས་རིག །རྡོར་དབྱིངས་དབང་ཕྱུག་ མ་ནི་མྱུར་འགྲོར་བཅས། །དྷཱུ་ཏཱིར་གཞུག་པས་དཔྱིད་ནི་འཇུ་བྱེད་ལ། །རླུང་ཐིམ་བདེ་སྟོང་ ཤར་ཚེ་སྤྲོས་བྲལ་ངང་། །སྒྱུ་མ་གསུམ་དང་ཟུང་འཇུག་རྣམ་གཉིས་དང་། །ལས་ཀྱི་ཕྱག་ རྒྱའམ་ཡེ་ཤེས་ཕྱག་རྒྱའི་དོན། །འོག་སྒོའི་ལམ་ནི་ཐུན་མོང་མིན་པ་ཞིག །རྡོར་སེམས་སྒྲུབ་ ཐབས་སྭཱདྷིཥྛ་ནར་གསུངས། །བསྐྱེད་རིམ་སྒྱུ་ལུས་ཟུང་འཇུག་སྐབས་གསུམ་པོ། །སྤྱོད་པའི་ དུས་ཀྱི་སྐབས་ཡིན་སྤྱོད་པ་ཡང་། །ལས་དང་པོ་དང་ཅུང་ཟད་བརྟན་པ་དང་། །བརྟན་པ་ཆེར་ ཐོབ་ཡང་ན་རྒྱལ་ཚབ་དང་། །སྨྱོན་པའི་བརྟུལ་ཞུགས་ཕྱོགས་ལས་རྣམ་རྒྱལ་སོགས། །སྤྲོས་ 24-1-150 བཅས་ལ་སོགས་རྩ་བར་ཚོགས་འཁོར་དང་། །བརྡ་དང་བརྡ་ལན་སྦྱོར་གདན་བཞི་པ་དང་། ། སྔགས་ཀྱི་དུམ་བུར་རྒྱས་པར་གསུངས་ལ་ལྟོས། །ཕྱག་རྒྱའི་རྣལ་འབྱོར་ཤིན་ཏུ་གསང་བ་ དང་། །ཟུང་འཇུག་སྤྱོད་སོགས་རྒྱུད་སྡེ་གཞན་དང་མཐུན། །ཕལ་ཆེར་རྒྱུད་འགྲེལ་དག་ནས་ རྒྱས་བཤད་ཕྱིར། །དེ་དག་རྣམ་པར་འབྱེད་པར་མི་སྤྲོའོ། །རེ་རེར་རིམ་དྲུག་ལ་ལར་རིམ་ལྔ་ དང་། །སྦྱོར་བ་ཕྱོགས་མཐུན་ཙམ་ཡིན་དེ་འདྲ་གང་། །ཇི་བཞིན་ཤེས་ན་མཐའ་གཅོད་ཉིད་དུ་ འགྲོ། །འདི་ལས་བཞི་པོ་ཡོངས་རྫོགས་མ་བླངས་པར། །འགྲུབ་པའང་ཡོད་མོད་རེ་རེས་ལམ་ རྫོགས་པས། །གཅིག་གིས་ཆོག་ཅེས་སྨྲ་བའང་ཧ་ཅང་ཐལ། །མྱུར་བས་ཅིག་ཅར་ལམ་ཞེས་ འདིར་བརྗོད་ཀྱི། །{རྒྱུད་[གཞན་]དག་འདོར་བ་རྒྱུད་ཀྱི་དགོངས་པ་མིན། །ཆོས་འཁོར་ཕྱི་ མའི་གཟུང་འཛིན་རགས་པའི་རླུང་། །བུ་ག་དགུར་རྒྱུ་སྐུ་ཡི་སྒོ་ཞེས་ཟེར། །ནང་གི་ཕྱོགས་ ལས་འབྱུང་བཞི་རྩ་བའི་རླུང་། །གསུང་དང་མི་ཤིགས་རླུང་གི་གནས་ཆུ་ཤིང་། །མེ་ཏོག་འབྱེད་ པ་ཐུགས་སུ་རབ་ཏུ་གྲགས། །དམིགས་པའི་ཁྲིད་རིམ་བཀོད་པ་མང་མཐོང་ཡང་། །རྣམ་ བཤད་རྣམས་ནའང་གནད་རྣམས་མ་སྤྲོས་པ། །ཕྱི་ནས་སྙན་རྒྱུད་ཆད་པས་ནུབ་པར་གྱུར། ། འདིར་ནི་མན་ངག་གནད་རྣམས་མདོ་ཙམ་བཤད། །དམིགས་པའི་རྣལ་འབྱོར་མན་ངག་ཉན་ པ་དང་། །རྒྱུད་འགྲེལ་དག་ལས་རྟོགས་པར་བྱ་དགོས་སོ། །གཞན་ཡང་ཅུང་ཟད་ཉེར་འཁོ་ བར། །རྒྱུ་རྒྱུད་བདག་གི་གདན་ཡིན་ཏེ། །དབང་དང་བསྐྱེད་རིམ་གཞན་གྱི་གདན། །དབུ་མར་ འཇུག་བྱེད་སྦྱོར་བའི་གདན། །བདེ་སྟོང་ལ་སོགས་གསང་བའི་གདན། །རྣམ་ཤེས་གཟུང་ འཛིན་སྣང་བ་དང་། །ལས་ཉོན་དང་ནི་སྡུག་བསྔལ་བའམ། །ཡན་ལག་བཅུ་གཉིས་ཞེས་བྱ་ བའོ། །དབང་བཞིའང་རིམ་གྱིས་གདན་བཞི་སྟེ། །དང་པོའི་སྐུ་དང་སྤྲུལ་པ་ཡི། །དཀྱིལ་ འཁོར་ཡེ་ཤེས་འཁོར་ལོ་དང་། །ཕྱག་རྒྱ་བཅིང་ལ་སོགས་པ་དག །དེ་བཞིན་ཡེ་ཤེས་སྐུ་དང་ ནི། །བ་ལང་རྨིག་སོགས་རྣམ་གསུམ་དང་། །མཆོད་རྟེན་བུམ་དང་འོག་སྒོའོ། །སྒྱུ་མ་འོད་ 24-1-151 གསལ་ཟུང་འཇུག་འབྲས། །གཞི་དང་དབང་དང་བསྐྱེད་རིམ་དང་། །དྷཱུ་ཏིར་བཅུག་དང་ ཞུགས་པ་ཡི། །གདན་ནམ་གནས་ཞེས་བཤད་པ་ཡིན། །ཡུལ་ཅན་ཤེས་དང་ཡུལ་གྱི་ནི། ། རྣམ་པ་དང་ནི་རྟོགས་པ་དང་། །རང་གི་མཚན་ཉིད་རང་བཞིན་གཅིག །ངེས་དོན་དགོངས་ མིན་སྤྱི་དོན་ཡིན། །སེམས་དང་འདོད་ཆགས་སྦས་མཐར་ཐུག །རིམ་བཞིན་གསུམ་གྱི་དབྱེ་ བ་ཡིས། །སྙིང་མགྲིན་སྤྱི་བོ་ལྟེ་བ་བཞི། །བདག་སེམས་གཞན་ངོ་སྣང་སྟོང་སྦྱོར། །ལྷན་སྐྱེས་ གནས་ནི་གསང་བའོ། །སྐྱེས་པ་ཁུ་བ་ཟླ་བ་དང་། །བུད་མེད་རྡུལ་ཉི་སྦྱོར་བ་དང་། །ལྷན་སྐྱེས་ ངོ་བོར་རོ་མཉམ་པའམ། །དེ་བཞིན་སྟོང་ཉིད་སྐུ་བདེ་ཆེན། །དབྱེར་མེད་རང་བཞིན་མཉམ་ ཉིད་དོ། །སྟོང་དང་རྟེན་འབྲེལ་རོ་གཅིག་དང་། །ཐབས་ཚུལ་གཙོ་དང་རྒྱུད་ཀྱི་སྦྱོར། །འོད་ གསལ་ཡེ་ཤེས་ཚིག་གི་དོན། །གདན་བཞིར་གཙོ་བོར་ཁོ་བོ་སྨྲ། །གཞན་གྱིས་མ་རྟོགས་རྒྱུད་ ལས་གསལ། །གཞན་ཀུན་མཚན་དོན་འཆད་ལ་མཛེས། །བརྟན་གཡོ་ཀུན་ལ་སྦྱོར་ཚུལ་ནི། ། འཆད་པའང་བརྟགས་ཏེ་རིགས་ན་བླང་། །སྦྱོར་བ་ཚོགས་བསགས་དང་པོའི་སྐུ། །དཀྱིལ་ འཁོར་སྤྲོ་དང་རྒྱས་གདབ་སོགས། །རྣལ་འབྱོར་བཞི་རུ་འདོད་པའང་ཡོད། །འགའ་ཞིག་ གཞན་དུ་འཆད་པར་བྱེད། །དང་པོའི་སྐུ་སོགས་སྦྱོར་བ་སྟེ། །དམ་ཡེའི་དཀྱིལ་འཁོར་མཆོད་ རྒྱས་གདབ། །བཟླས་པ་ཐིག་ལེ་ལུས་དཀྱིལ་སོགས། །ཕྱི་མ་གཉིས་ཏེ་རྣལ་འབྱོར་གསུམ། ། སྤྱི་ཡི་དགོས་པ་སྣང་ཞེན་ཟློག །བྱང་ཆུབ་སེམས་དང་སྟོང་ཉིད་ཀྱིས། །སེམས་ཀྱི་དྲི་མ་སྦྱོང་ བ་ཡིན། །འཆི་བའི་འོད་གསལ་སྟོང་པ་ལ། །རླུང་གཡོས་རྣམ་ཤེས་གསུམ་དང་ལུས། །བར་ དོ་མངོན་བྱང་ལྔས་སྒྲུབ་སྟེ། །སྔོན་གྱི་བསོད་ནམས་སད་པ་ལས། །སླར་ཡང་མི་རུ་སྐྱེ་བ་སྟེ། ། ཁུ་ཁྲག་སེམས་དང་ཡན་ལག་རྫོགས། །ལས་མཐུན་འགྲོ་རྣམས་བསྐྱེད་པ་ཀུན། །འགྱུར་ བདེ་བག་ཆགས་སྣང་བ་ནི། །དོན་དམ་གླུ་དང་རྡོ་རྗེ་བཟླ། །སྐུ་དང་ང་རྒྱལ་ཡན་ལག་སོགས། ། ཟླ་བ་རྡོ་རྗེ་ས་བོན་ལས། །སྤྲོ་བསྡུས་བསྐྱེད་ནས་ལྷ་ཚོགས་སྤྲོ། །སྙོམས་འཇུག་བདེ་སྟོང་ 24-1-152 རྒྱས་འདེབས་ཀྱིས། །སྦྱོང་ཞིང་ལྷ་ཚོགས་སྤྲོ་བསྡུ་ནི། །ཁམས་སྦྱོང་འབྲས་བུའི་གོ་འཕང་ནི། ། མངོན་བྱང་ལྔ་ཡིས་སངས་རྒྱས་ནས། །ཐབས་ཤེས་དབྱེར་མེད་ཡེ་ཤེས་སྐུ། །མི་ཕྱེད་རྡོ་རྗེའི་ ང་རྒྱལ་བྱ། །གོ་ཆ་མཚན་དཔེ་རྫོགས་པ་སྟེ། །མཆོད་སོགས་མཛད་པ་རྒྱུན་མི་འཆད། །དེ་ ནས་སྤྲུལ་པ་རགས་པའི་སྐུ། །རང་གཞན་སངས་རྒྱས་དབྱེར་མེད་པ། །རྟོགས་ཕྱིར་ཡེ་ཤེས་ རྒྱས་འདེབས་བྱེད། །སྐུ་གསུང་ཐུགས་དང་ལས་རྣམས་ནི། །ཕྱག་རྒྱས་དབང་མེད་བསྐུལ་ བར་གསུངས། །དང་པོ་མངལ་སྐྱེས་སྤྲུལ་པ་ནི། །སྒོང་སྐྱེས་རླུང་ལས་རྫུས་སྐྱེས་དང་། །ས་ བོན་དྲོད་གཤེར་སྐྱེས་སྦྱོང་ཟེར། །བསྐྱེད་རིམ་སྤྱི་ཡི་གནད་དང་དྲི། །སྦྱོང་ཚུལ་སྤྱི་བཞིན་ཤེས་ པར་བྱ། །སྤྱི་བོ་ལྕེའུ་ཆུང་བ་ནུར་དྲན། །ཀུན་རྫོབ་གསང་བའི་གཉིས་སུ་དབྱེ། །ཀུན་རྫོབ་ ཡོངས་སུ་བཏགས་པ་སྟེ། །གསང་བ་ཐབས་ཤེས་སྣ་རྩེར་སྦྱར། །ནོར་བུས་ཟེའུ་འབྲུ་བསྐུལ་ བ་དང་། །དྷཱུ་ཏཱི་ཁ་སྦྱོར་ལྕེའུ་ཆུང་སྤྱི། །(ནང་གི་)སྦྱིན་སྲེག་ལྟེ་བའི་མེ་དང་ནི། །དེ་ཉིད་སྲེག་ བླུགས་ཕྲ་བའི་རླུང་། །རགས་པར་བཅས་པའི་རྗེས་གཞིག་ཉིད། །ལྟེ་སྙིང་བ་ལང་རྨིག་པ་སྟེ། ། དེ་ཡི་མི་ཤིགས་ཐིག་ལེའོ། །སྙིང་གའི་རྩ་མདུད་ཆུ་ཤིང་གི །མེ་ཏོག་འདྲ་བས་དེ་སྐད་བརྗོད། ། ཀླུ་དབང་འཁྱིལ་པ་ཚངས་པའི་མེ། །མཆོད་རྟེན་བུམ་པ་ཆོས་འཁོར་དང་། །སྤྲུལ་པ་ཁ་སྦྱོར་ ཉིད་ལ་བརྗོད། །འདི་ཡང་སྙིང་ག་གཙོ་བོ་ཡིན། །བསྐྱེད་རིམ་སེམས་དཔའ་གསུམ་བརྩེག་ནི། ། ཡེ་ཤེས་མི་ཤིགས་ཐིག་ལེ་དང་། །ཏིང་འཛིན་ཕྲ་བའི་རླུང་མཚོན་པའོ། །དབང་བྱེད་གཞན་ སེམས་ཤེས་པ་དང་། །གྲོང་དུ་འཇུག་དང་གོང་འཕོ་སོགས། །རྫོགས་རིམ་ལས་ཚོགས་ཡན་ ལག་ཡིན། །འཕོ་བས་བསྡུས་ནས་གཞན་དུ་འཕོ། །བདེ་བའི་སྟོབས་ལས་སྒྱུ་ལུས་ནི། །གཞན་ དུ་མ་སོང་རགས་དང་འབྱེད། །འཕེན་པ་ཆད་ན་གཞན་དུ་འགྲོ། །གྲོང་འཇུག་སྒྱུ་ལུས་ལས་ སྒྲུབ་ཅེས། །གངས་ཅན་རྨོངས་པ་འགའ་ཞིག་སྨྲ། །རྒྱུད་འདིར་སྟོང་ཉིད་མཐའ་བྲལ་དོན། ། ཞིབ་མོར་གསུངས་པའང་རིག་པར་བྱོས། །རྩ་རླུང་ཐིག་ལེའི་འགྲོས་ལ་སོགས། །འདི་ཡི་ 24-1-153 ལམ་གནད་སྦྱོར་བ་ཡི། །རབ་བྱེད་ཀྱིས་ནི་རྒྱས་པར་འཆད།། །། ༈ གསང་བའི་གདན་ལ་སོགས་པར་རྫོགས་རིམ་ནི། །རྣམ་མང་བཤད་པ་དེ་དག་རྟོགས་ འདོད་ན། །རྩ་བཤད་སྦྱོར་བ་ཤིན་ཏུ་གལ་ཆེ་བས། །དེ་ལྟར་མཛོད་ཅིག་བློ་དང་ལྡན་རྣམས་ ཀྱེ། །བདེ་དགེས་གསང་འདུས་དུས་འཁོར་ལ་སོགས་པའི། །ཟབ་མོའི་གནད་ཀྱང་ཀུན་གྱིས་ བཤད་པ་མཛད། །དེ་ལྟར་འདི་མིན་བདག་གིས་འདི་སྦྱར་བ། །ཅུང་ཟད་ངེས་པའི་མཚན་མ་ རྙེད་ནས་ཡིན། ། རྒྱུད་འདིའི་རྒྱུད་འགྲེལ་རྣམས་ནས་ཀྱང་རིམ་གཉིས་སྒོམ་ཚུལ་ཙམ་མ་གཏོགས། གནད་ རྣམས་རྒྱས་བཤད་ཆེར་མ་བྱུང་། ཁྲིད་ཡིག་སྒྲུབ་དཀྱིལ་སོགས་ལས་རིམ་གཉིས་ཀྱི་མཐའ་ གཅོད་ཟུར་པའི་ཡི་གེའང་གསལ་པོ་བྱང་ཕྱོགས་འདི་ན་ཆེར་མེད་པས། དེང་སང་ཆེར་རློམ་ ཀུན་ཀྱང་རང་གིས་མ་གོ་བ་དང་གྲགས་ཆུང་བའི་རྒྱུ་མཚན་གྱིས་རྩིས་མེད་དུ་བོར་བས། དབང་ཚིག་ཤར་མ་རེ་ཙམ་དང་བཀླགས་ཆོག་རེ་ཙམ་མ་གཏོགས། རྒྱུད་བཤད་ལྟ་ཞོག ལུང་ ཁྲིད་ཙམ་ཡང་ཕལ་ཆེར་ནུབ་པ་མཐོང་ནས། ལམ་གནད་ཀྱི་སྙིང་པོ་མགོ་སྨོས་ཙམ་ཁུངས་ བསྟན་པ་ཡིན་ལ། ལར་མི་སྒོམ་མི་བསམ་རང་གྲོལ་སོགས་ཀྱི་ཆོས་སྐད་སྐམ་པོ་རེས་ཚིམ། བསྐྱེད་རྫོགས་ཟབ་མོ་མཚན་བཅས་སོ་ཞེས་སྨོད་པའི་སྐབས་སུ་ཕྱོགས་འདིར་གཞན་ལ་ཕན་ པ་དཀའ་ཡང་རང་བློ་གོམས་པའི་ཕྱིར་དང་། བརྗེད་བྱང་དུ་སྔར་བརྗོད་དུས་ཀྱི་ངེས་པའི་ཕྱི་ དེ་ཉིན་བྲི་བར་བརྩམས་པ་རེ་ཞིག་བོར། ཕྱིས་རང་ལོ་བཅུ་དགུ་པ་ལ་ཆོས་གྲྭ་གསེར་མདོག་ ཅན་དུ་སྦྱར་བ་ཡིན། རིམ་གཉིས་ཀྱི་དམིགས་རིམ་བྱང་ན་གནད་འདི་ལྟ་བུས་མཚོན་པའི་ རྒྱས་པ་ཐམས་ཅད་བཤད་ཅིང་ཉན། དེ་བྱང་ནས་རྒྱུད་འགྲེལ་ཉན་པའམ་བལྟ་བར་བྱའོ། ། མཁས་པ་སྔ་མའི་བསྐྱར་ཟློས་ལ། །རང་གིས་ལེགས་བཤད་ཡིན་ཞེས་ཟེར། །སྔོན་བྱོན་ གཞན་གྱིས་མ་བཀོད་པའི། །ལེགས་བཤད་སྨྲ་བ་གང་དེ་མཁས། །དངོས་གྲུབ་སྙེ་མ་སྦས་པ་ 24-1-154 མིག་འབྱེད་ཅེས་བྱ་བ་བསྐྱེད་རྫོགས་ཀྱི་གནད་ཟབ་མོ་ཐུན་མོང་བ་རྣམས་གཞན་དུ་རྟོགས་ པར་བྱ་བ་ཐུན་མོང་མ་ཡིན་པ་རྣམས་མི་གསལ་བ་གསལ་བར་བྱེད་པ་ཞེས་བྱའོ། །ཕྱོགས་ བྲལ་ཀུན་དགའ་སྙིང་པོ་སྟེ། །ཏཱ་ར་ནཱ་ཐ་ཞེས་བྱ་བས། །བླ་མ་རྡོ་རྗེ་སེམས་དགོངས་པ། །རྣམ་ རྒྱལ་གྱི་ནི་ལོ་ལ་སྦྱར།། །།དགེ་ལེགས་འཕེལ། དིརྒཱཡུ།། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༢༥ དང་། ཕྱི་མ། ༧༥༡ དཔེ་གཉིས་ཡོད།) 24-1-155 ༄༅། །རྣམ་གྲོལ་སྙེ་མ་ཞེས་བྱ་བའི་གླུ་བཞུགས། ༄༅། །ན་མོ་བཛྲ་ཌཱ་ཀཱ་ཡ།(རྒྱ་གར་སྐད་དུ། བིམུཀྟམཉྫརིནཱམཧདཱཏ། བོད་སྐད་དུ། རྣམ་པར་གྲོལ་བའི་སྙེ་ མ་ཞེས་བྱ་བའི་གླུ། སངས་རྒྱས་ལ་ཕྱག་འཚལ་ལོ།།) ཨཱརེཧོ། (མདོར་བསྟན་)རི་རྒྱལ་རྒྱ་མཚོ་གླིང་བཞི་ཉི་ཟླ་ དང་བཅས་པ། །དེང་ནས་(ཚེག་བར་བཞི་མི་གསལ།)ཤིན་ཏུ་ཆེ་བར་མཐོང་། །ཡ་མཚན་དཔལ་ ནི་འགྱུར་མེད་གཞན་དུ་བསྒྱུར་བས་ཏེ། །དག་ཅིང་རྣམ་དག་དྲི་མེད་སྒྲིབ་བྲལ་ཡེ་ཤེས་སྐུ། ། (བསྐྱེད་རིམ་པའི་)ཐིག་ལེ་ཕྲ་མོའང་རབ་བརྟགས་དཀྱིལ་འཁོར་ཏེ། །སེམས་ནི་(ཟབ་གསལ་) གཟུགས་དང་དེའང་དངོས་པོ་མེད་ཅེས་གཅིག་ཏུ་གསལ་སྣང་བ། །བུད་མེད་སྦྱོར་ལས་ཐིག་ ལེ་བཀག་པས་གཉིད་ཀྱིས་མྱོས། །སད་ཚེ་སྣང་བ་དབང་པོའི་གཞུ་ཡིས་གང་། ། {བསྐྱེད་རིམ་(ཀྱང་?)བས་ཡེ་ཤེས་ཀྱི་སྐུ་འགྲུབ་པ་བཀག(༡)། ཡེ་ཤེས་སྐུའི་ངོ་བོ་དང་རྒྱུ་བསྟན(༢)། དེའི་རྒྱུ་གཏུམ་ མོ་དང་(༣)། རྩ་རླུང་ཐིག་ལེའི་ངེས་དོན(༤)། དེ་ལས་བདེ་ཆེན་ཐོབ་ཚུལ(༥)། དེའི་དོགས་ཅོད(༦)། ལྷན་སྐྱེས་མཚོན་པའི་ རྐྱེན(༧)། ངོ་བོ(༡༠ག)དབྱེ་བ(༩ཁ)ཁྱད་པར་དང(༨ཀ)དུས་སོ། །གླུ་དབྱངས་ཀྱི་རྒྱུད་དང་པོའོ། །} (རྫོགས་རིམ་)དེ་ལྟ་ན་ཡང་། (༡)ལྷ་ནི་ཟླ་བ་ཡི་གེ་མཚོན་ཆ་ལས་བྱུང་བའི། །ཁ་དོག་ དབྱིབས་སུ་རྣམ་པར་བརྟགས་པ་དེ་ཡིས་ནི། །རྫོགས་སངས་ཡེ་ཤེས་བསྒྲུབས་ཀྱང་མཐའ་ ཡས་སྐལ་པར་མིན། །འབྲས་འདོད་ཀོ་ཊའི་སྙེ་མ་སྲུང་བའི་ངལ་བ་བཞིན། །བཅོས་མའི་ རང་བཞིན་དེ་ནི་རྣམ་པར་རྟོག་པས་ཉམས། ། (༢)ནམ་ཞིག་ཀུན་ཏུ་གསལ་བར་རང་ལུས་ ལྷ་ཉིད་དེ། །ཐམས་ཅད་དུ་ནི་ཐམས་ཅད་རྣམ་པ་སྣ་ཚོགས་པར། །འཆར་ཞིང་རྟག་པ་རྡུལ་ དང་ཡིད་ལས་ཡོངས་འདས་པས། །འདི་ནི་དངོས་ཀུན་རབ་བྲལ་དངོས་ལས་གཞན་མ་ཡིན། ། 24-1-156 (༣) སྟོང་ཉིད་ལྟེ་བའི་མེ་སྟེ་འདིས་ནི་འཁོར་བ་དང་། །མྱ་ངན་འདས་པ་ཀུན་ཟ་དེ་ནི་ཡང་ དག་མཐའ། ། (༤)རྩ་དང་ཁམས་དང་རླུང་ནི་ཤིང་དང་དེ་ཡི་ནི། །བཅུད་དང་བཤོར་རླུང་ལྟ་ བུར་ལྟ་དེ་བ་ལང་བཞིན། །རྗེ་བོ་དམ་པའི་དྲིན་གྱིས་འབར་བ་འདི་སྐད་སྨྲ། །མི་གཡོ་བ་དང་ དེ་ཡི་དབུས་ན་དཔེ་མེད་བདེ་བ་ནི། །སྐྱོད་པ་མེད་པར་ཕྱོགས་རྣམས་ཀུན་ཏུ་འགྲོ་དང་སེམས་ ཉིད་ནི། །བསམ་དུ་མེད་པས་ཀུན་ཏུ་སྣང་ལ་མཁའ་བཞིན་གནས་པའོ། ། (༥)ཚངས་པའི་མེ་ ཡིས་རི་བོང་འཛིན་པ་ཞུ་བ་ལས། །དགའ་བ་བླ་ན་མེད་པ་རྣམ་པར་རྒྱས་པར་འགྱུར། །མེ་ ལྕེས་ཁུ་བ་མ་ལུས་སྤྱི་བོར་འཕངས་གྱུར་པའི། །བདེ་བ་བླ་མེད་དེ་ལ་ཚད་བཟུང་ཡོད་མ་ཡིན། ། (༦)རྒོད་དང་འཁྲིག་པའི་མི་བཟད་སྡུག་བསྔལ་མཐའ་མེད་ལ། །རྣལ་འབྱོར་དམ་པའི་བདེ་ ཞེས་བློ་ངན་འཁྲུལ་པར་གྱུར། །མོ་གཤམ་ལས་སྐྱེས་སྐྱེས་བུ་མཁས་པ་ཨཱ་ཧོ་རྨད། །གཡོ་བའི་ སེམས་སྐྱེས་བདེ་བ་ཆེན་པོ་ག་ལ་ཡོད། །ནམ་མཁའི་མེ་ཏོག་ཡ་མཚན་འདི་ལྟ་སུ་ཡིས་མཐོང་། ། གཡོ་བའི་བདེ་ཆེན་མྱོང་དང་མྱོང་འགྱུར་སྐྱེས་བུ་གང་། །གང་དག་བུད་མེད་སྦྱོར་ལས་བདེ་ ཆེན་སྒྲུབ་འདོད་རྨོངས། །སྨིག་རྒྱུའི་རྗེས་འགྲོ་རི་དྭགས་ཤིན་ཏུ་སྐོམ་དང་མཚུངས། །མར་མེ་ བཟུང་བས་ནོར་བུ་མཚན་དུས་ཚོལ་བ་ན། །རྙེད་ནས་སྒྲོན་མེ་ཕྱི་ནས་རབ་ཏུ་འདོར། ། (༧) པདྨ་ཅན་གྱི་རིན་ཆེན་ནང་གནས་བདེར་སྣང་བ། །ལྷན་སྐྱེས་རིན་ཆེན་རྙེད་ནས་ངལ་བས་ གནས་མི་བྱ། ། (༨)གང་གི་ཆུ་སྐྱེས་བུང་བའི་བར་ན་རབ་གནས་པའི། །བདེ་བ་གང་ཡིན་ མཁས་པ་དག་གིས་བླང་བར་བྱོས། ། (༩)དེ་ནི་རྣམ་བཞིའི་བདག་ཉིད་(༡༠)གཡོ་བ་མེད་པའོ། ། {སྣང་བ་ཀུན་བདེ་ཆེན་གྱི་རྒྱས་འདེབས་པ(ཀ)། དེས་རྣམ་རྟོག་གཅོད་ཚུལ(ཁ)། བདེ་ཆེན་སྒྲུབ་པའི་རྐྱེན་མདོར་བསྡུས་ པ(ག)། རྐྱེན་གྱི་གཙོ་བོ(ང)། དེ་སྒྲུབ་པའི་སྤྱོད་པ་ལ་འཁྲུལ་པ་བཀག(ཅ)། རང་ལུགས་ལ་(ཚེག་བར་ཁ་ཤས་མི་གསལ།) ཀྱི་ལྷ་དང་(ཆ)། གནས་(ཇ) དང་(ཉ)ཕྱག་ཆེན་གྱིས་བདེ་བ་སྒྲུབ་པ། ལས་རྒྱས་བདེ་བ་(ཏ)དང་དགོས་པ(ཐ)། དེའི་ཡེ་ཤེས་ 24-1-157 སྐུ་འགྲུབ་ཚུལ(ད)། ལྷན་སྐྱེས་ཀྱི་ངོ་བོ་དཔྱད་པ(ན)། ཉམས་པ་དང་(པ)། དེ་ཉིད་མེད་པའི་སྐྱོན(ཕ)། བདེ་སྟོང་སྦྱོར་བ(བ)། དེས་སེམས་སྦྱོང་བ(མ)། ཕྱི་སྤངས་ནས་ཕྱག་ཆེན་སྒྲུབ(ཙ)། བདེ་སྟོང་དང་(ཚ)། སྤྱོད་པའི་(ཚེག་བར་ཁ་ཤས་མི་གསལ།) དེ་བླ་མའི་ཞལ་གདམས་(ཟ) (ལན་ཐོབ་?)པ་ཤིས་བརྗོད་ཀྱི་(འ)ཙནྡྲ་མི་ཉམས་པར་གདམས། སྟོང་ཉིད་(ཡ)དང་། དབང་ གི་ཡེ་ཤེས་(ར)ལ། ལོག་རྟོག་མི་བཅད་(ལ)། སྟོང་པ་དང་(ཤ)འོད་གསལ་འཆར་(ས)ཚུལ། དེ་སྒྲུབ་པའི་ཐབས་(ཧ)མཐའ་ གཉིས་(ཨ)དང་། སེམས་(ཀི)གསུམ་སྤངས་པ། ཁམས་ཐིམ་ཚུལ(ཁི)། དེའི་བདེ་བའི་སྐུ་(གི)དང་། སྒྱུ་མ་(ངི)ལྟ་བུ། ཕན་ཡོན་ དང་(ཅི)བཅས། སྤྱོད་ལམ(ཆུ)། བྱང་ཆུབ་པའི་ལུས་གནད(ཇི)། གནས(ཉི)། གྲོགས(ཏི)། དུས(ཐི)། ཕྱིའི་སྤྲོས་སྤང་(དི)། ཚིག་གིས་(ནི)མི་མཚོན། དངོས་གྲུབ་ཀྱི་ལྟས(པི)། སེམས(ཕི)། ལུས(བི)། འདོད་ཡོན་ལ་(མི)གནད་དུ་བསྣུན་པ་གདམས་ པ་རྒྱུད་གཉིས་པའོ།།} (ཀ)ཨཱ་ཨི་ཨ་རི་ཁམས་གསུམ་འཇིག་རྟེན་བདུན་གྱི་གོས་སྣ་ཚོགས། །འདོད་ཆགས་ཆེན་ པོས་ཚོན་གཅིག་སྒྱུར་བ་ན། །(ཁ)བདག་དང་གཞན་དུ་རིག་པར་མི་འགྱུར་ལ། །བཟང་མོ་དྲན་ པ་མེད་ཅིང་སྣང་མེད་ཅེས། །ཧ་ཌི་བ་ཡིས་ཡུལ་(རྒྱལ་ཁམས་)མཐའ་ཀུན་ཏུ་སྨྲས། །(ག)ཡིད་དང་ མིག་ནི་རེངས་པ་དང་། །ཁུ་བ་མི་གཡོ་རླུང་རྣམས་འཆིང་། །ཟོ་ཆུན་འཁོར་ལོ་ཆུས་ཁེངས་པ། ། དཔྱིད་ཀའི་དུས་ཀྱི་དང་པོ་ལ། །རྣམ་པར་མ་རྟོག་ཧ་ཌི་བ། །(ང)རླུང་གི་འཕྱར་གཡེངས་ཅན་ གྱི་བུ་མོ་སྟེ། །རང་ཁྱིམ་ནང་དུ་བཀུག་ལ་འདོད་པ་བྱོས། །ཕུག་ཏུ་མར་མེ་སྤོར་ཤིག་ཧ་ཌི་བ། ། ཡན་ལག་ཡན་ལག་འཁྱུད་ནས་འདོད་པ་སྤྱད། །ཟ་ཞིང་འཐུང་དང་ཉལ་དང་རྩེད་མོ་ལས། ། ཀློག་དང་ཁ་དོན་མི་བྱའོ། །(ཅ)ཛཱ་ལནྡྷ་ར་རང་གི་ཁྱིམ་ན་འདུག །བཱ་ར་ཎ་ཤི་དྭ་རི་ཀ་དག་ ཏུ། །རྣམ་རྨོངས་ཕྱུགས་རྣམས་རང་ཉིད་སྡུག་བསྔལ་བྱེད། །ལྷ་ལ་སྡུག་བསྔལ་སྟེར་བས་རང་ ཉིད་འཕྲོག་བྱེད་པ། །བྱོལ་སོང་པདྨའི་སྐྱེ་གནས་སྡིག་པའི་ཁུར་པོ་ཅན། །(ཆ)ཧ་ཌིས་སྨྲས་པ་ ལུས་ནི་ལྷ་ཡིན་ཏེ། །(ཇ)གནས་དང་ཉེ་གནས་རང་གི་ལུས་ཉིད་ཡིན། །ཡུལ་ཀུན་འཁྱམ་པའི་ རྣལ་འབྱོར་ངལ་བར་མ་གྱུར་ཏམ། །(ཉ)བྱ་བ་མེད་པར་གཞག་པ་ན། །བདེ་བ་ལས་ནི་བདེ་བ་ 24-1-158 འབྱུང་། །རྣམ་པ་མང་དང་རྣམ་པ་བདེ། །དབུགས་དབྱུང་གཉིས་སུ་ཤེས་པར་བྱ། །(ཏ)བཟང་ མོ་ཁྱོད་མཐོང་རླུང་ཉམས་ནས། །བདེ་བའི་ཉི་མ་ཤར་རོ་ཀྱཻ། །མུན་པར་ཉི་མ་ཤར་བས་ནི། ། ཛཱ་ལནྡྷ་ར་གད་མོ་རྒོད། །གཟུགས་མཛེས་ལྟ་ཞིང་འདོད་པའི་གཏམ། །གླུ་ལེན་གར་དང་སྐྱེ་ གནས་རེ། །དྲི་ཞིམ་མ་མཆུའི་རོ་མྱང་བྱེད། །བྱ་བ་ཀུན་ལས་བདེ་བའི་རང་བཞིན་འདི་འདྲ་ བ། །(ཐ)མེ་ཡི་དོན་དུ་གཙུབ་ཤིང་གཙུབ་པར་བྱ། །གཙུབ་ཤིང་མེད་ན་མེ་ནི་གང་དུ་འབྱུང་། ། ཤེས་རབ་མེད་ལ་ལྷན་ཅིག་སྐྱེས་པ་མེད། །(ད)བཅུད་ཀྱིས་རེག་པའི་ཁམས་རྣམས་ལྷན་ཅིག་ སྐྱེས་པ་ཡི། །གསེར་དུ་སྒྱུར་བས་དངོས་ཀུན་ཡེ་ཤེས་གཟུགས་སུ་འགྱུར། །ལྕགས་ཁམས་མ་ ཟད་གསེར་དུ་ག་ལ་འགྱུར། །ལྕགས་ཀྱི་དྭངས་མ་སྲང་གཅིག་ནི། །ཡེ་ཤེས་ལུས་ཞེས་བླ་མ་ དམ་པ་གསུང་། །(ན)འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་ནི་མི་དམིགས་ སོ། །(པ)འདོད་ཆགས་ཉམས་པས་དམྱལ་བར་འགྲོ། །(ཕ)པྲ་ཙོ་ད་ནི་ཆོས་སུ་སྟོན་བྱེད་པ། ། ཕྱུགས་བདག་འདབ་ཆགས་འདོད་ཆགས་སྤྱོད་པའི་ཚུལ། །སེམས་ལ་དྲི་མ་སྟུག་པོས་ད་ ཅི་བྱེད། །(བ)ཡིད་ནི་གཡོ་ཞིང་བཅིངས་པ་དང་། །ནམ་མཁའ་ནམ་མཁའི་རང་བཞིན་སྒོམ། ། (མ)བཅུད་ཆེན་གང་དུའང་གཡོ་བ་མི་བྱེད་ན། །དེ་ཚེ་སེམས་ཀྱི་གསེར་ནི་དྲི་མེད་ཡིན། །(ཙ) གཟུགས་བཟང་ཡན་ལག་མཆོག་དང་རྩ་ཕྲ་བ། །སྐྲ་བཟང་དུལ་བའི་བུ་མོས་བདེ་སྦྱིན་བྱེད། ། ཤེས་རབ་ཅན་ལ་བུད་མེད་ཕྱག་རྒྱས་ཅི། །ཕྱག་རྒྱ་ཆེན་པོའི་མ་ཧ་མ་ཡིས་སེལ། །རྟག་ཏུ་ འཁྱུད་ཅིག་རིགས་ངན་ཧ་ཌི་བ། །(ཚ)རྟོག་གེ་ཚད་མའི་ཤེས་རབ་དང་། །བུ་མོའི་བདེ་བའང་ སྡིག་ཅན་ཧུ། །(ཛ)རང་གི་ལུས་ལ་གོམས་པ་ན། །ས་བཅུའི་ལྷ་མོས་བདེ་བ་སྟེར། །ཡུལ་ཀུན་ དག་ཏུ་ཐང་ཆད་ན། །ཕུང་པོ་སངས་རྒྱས་ལ་སྡིག་པས། །མཚམས་མེད་མ་བྱེད་བདེ་བ་ཅན། ། ཧ་ཌིས་མན་ངག་རྟོགས་ནས་ཛོ་གི་ཀུན་ལ་སྨྲས། །(ཝ)རྩ་དང་དཔའ་བོའི་སྦྱོར་བ་ལས། །རླུང་ རྣམས་རང་ཁྱིམ་སོང་བ་ན། །སོ་སོ་རང་རིག་བརྗོད་པ་ཆད། །ཨ་རི་འཁོར་ལོའི་ལྟེ་བ་ཆ་ཤས་ 24-1-159 ཚུལ། །ཐིག་ལེ་ཡེ་ཤེས་ཚུལ་མཆོག་ཡང་དག་མཆོག །སེམས་ནི་ཞོག་དང་བརྒྱད་པོ་དེ་རུ་འོ། ། མེ་ཡི་འཁོར་ལོ་གཉིས་སྤྲོད་ན། །(ཞ)བདེ་བ་འདི་ལ་ཡེ་ཤེས་སུ། །དེ་ནི་ངོ་བོས་སྟོང་པ་ཡིན། ། རྨོངས་པའི་གནས་ལ་སྟོང་པར་མ་སེམས་ཅིག །(ཟ)དཔལ་ལྡན་འཁོར་ལོ་སྡོམ་པར་གསལ་ གང་ཡིན། །ལྭ་བའི་རྣལ་འབྱོར་ཅན་གྱིས་བཀའ་དྲིན་ཐོབ། །ཟླ་བ་ཉི་མ་གང་དུ་ཐིམ། །ཤར་ བ་མེད་ཅིང་ནུབ་པ་མེད། །ཀུརྨ་པ་ད་རྡོ་རྗེ་ཅན། །ལྷན་སྐྱེས་བླ་མ་ས་སྤྱོད་ཞབས། །རྣམ་རྟོག་ སྡིག་པ་མ་བྱེད་ཅེས། །སེམས་ཅན་འདི་དག་རྣམས་ལ་གདམས། །(འ)རྣ་རྒྱན་མགོན་པོས་ད་ སྨྲ་བ། །སློབ་དཔོན་སྟོན་པ་རྡོ་རྗེ་སེམས་པ་ཉིད། །མཉེས་པར་མ་བྱས་འདོད་པའི་དངོས་གྲུབ་ ཅི། །བསྟེན་ཅིང་བསྒྲུབས་ན་ཡུད་ཀྱིས་འབྱུང་བ་སྟེ། །ཨ་ཧོ་ཕྱག་རྒྱའི་དངོས་གྲུབ་འདི་འདྲ་བླ་ མའི་ཞལ། །གོ་བི་ཙཎྜ་རྒྱལ་གྱུར་ཅིག །ཀུ་སུམྦྷ་ཡི་མེ་ཏོག་འདི། །སོ་ཀའི་དུས་སུ་རབ་ཏུ་རྒྱས། ། མེ་ཏོག་རྙིང་པར་མ་གྱུར་ཅིག །(ཡ)ནམ་མཁའ་ལྟ་བུར་རྗེས་སུ་དཔོག་བྱེད་དང་། །(ར་ལ) གསུམ་པ་བཞི་པ་རབ་ཏུ་འཁྲུལ་གྱུར་པའི། །སྨྲ་པོ་རྣམས་ནི་སྡིག་བཅས་སངས་རྒྱས་པ། །ཞི་ བའི་རྗེས་སུ་འབྲང་བྱེད་པྲ་ཡ་ཀར། །ཉེ་དུ་མོ་ལ་བགྲོད་ནས་གངྒའི་སྒོར་འཆོངས་ཤིག །ཡང་ ན་འཕྲོག་བྱེད་སྒོ་རུ་མཆོད་སྦྱིན་བྱོས། །(ཤ)མངོན་སུམ་གྱིས་ནི་ནམ་མཁའི་ཚད་མར་བྱས། ། (ས)རང་ལུས་ཡུལ་ཀུན་བགྲོད་ན་རྟོག་མེད་མས། །ཉི་ཟླ་ཟོས་པས་སྐྱ་རེངས་ཤར་བར་གྱུར། ། (ཧ)བསམ་དང་བསམ་བྱ་ཡོངས་སྤངས་ནས། །ཡོད་དང་མེད་དང་རྟག་དང་ཆད། །མི་བསམ་ ཞེས་ཀྱང་མི་བསམ་མོ། །(ཨ)ཡུལ་ལ་ཆགས་བྲལ་ཀུན་ཏུ་རྨད། །འདོད་ཆགས་ཀྱིས་ནི་ཉེས་ པ་མཐའ་དག་སྐྱེད། །(ཀི)གསུམ་ལས་འདས་པ་ཡིད་མི་བྱེད། །སེམས་དང་སེམས་བྱུང་མ་ རིག་པ་ལས་འདས། །(ཁི)ཆུ་དང་མེ་དང་ས་དང་རླུང་། །གཅིག་ནས་གཅིག་ཏུ་ལོག་པར་གྱུར། ། ས་ཆུ་མེ་རླུང་ནམ་མཁའ་ནི། །ནམ་ཞིག་རླུང་ནི་སེམས་ལ་ཐིམ། །(གི)དེ་འདྲའི་བདེ་ཆེན་དེ་ ལས་ནི། །འོད་ཀྱི་དཀྱིལ་འཁོར་སངས་རྒྱས་སྐུ། །སྲིད་པ་གསུམ་པོ་འདི་ཉིད་གཅིག་པུར་ 24-1-160 བྱོས། །(ངུ)སྒྱུ་མ་དང་ནི་སྨིག་རྒྱུ་དང་། །རྨི་ལམ་བཞིན་དུ་ཤེས་གྱུར་ནས། །(ཅི)ལུས་རྣམས་ སྐྱོད་དམ་ཅ་ཅོ་སྨྲ། །ས་རིས་འབྲི་བར་བྱེད་ན་ཡང་། །ཕྱག་རྒྱ་སྔགས་དག་དཀྱིལ་འཁོར་ཡིན། ། (ཆུ)གྲོང་པའི་ཆོས་ནི་སྤྱད་བྱས་ལ། །སངས་རྒྱས་ཐམས་ཅད་བདེ་བས་མཆོད། །(ཇི)རྡོ་རྗེ་ཁུ་ ཚུར་རབ་བཅིངས་ཤིང་། །རྡོ་རྗེ་ཨ་བ་དྷཱུ་ཏིར་ལྟ། །རྫོགས་བྱང་ཆུབ་པའི་དཀྱིལ་ཀྲུང་ཅན། ། ཡང་དག་མཁའ་སྤྱོད་ཆེན་པོར་འགྲོ། །གཞན་དག་འགྲེང་བའི་ངལ་བ་ཅན། །འཁོར་བར་ འཁོར་བ་རྣམ་པར་སྒྲུབ། །(ཉི)ཐམས་ཅད་རང་ལ་གནས་སོ་ཧ་ཌི་བ། །རྣ་ཆ་མཐོན་པོ་དེ་བཱི་ཀོ་ ཊར་སོང་། །(ཏི)མཁའ་འགྲོ་མ་འདུས་ཟླ་བའི་བདེ་བ་སྟེ། །(ཐི)ནམ་ལངས་ཚོལ་ཤིག་སངས་ རྒྱས་རང་ལ་ཡོད། །(དི)རང་སྙིང་གཞན་དུ་མ་ཚོལ་ཧ་ཌི་བ། །རང་གི་དེ་ཉིད་གཞན་ལ་མ་འདྲི་ ཤིག །(ནི)རྟོག་གེ་ལུང་དང་ཐ་སྙད་ཚད་མ་དང་། །དཔེ་དང་ཚིག་གིས་ནམ་ཡང་མཚོན་དུ་མེད། ། ཐོས་པས་མ་ཡིན་མཐོང་(ཚེག་བར་གསུམ་མི་གསལ།)འགྱུར། །(པི)ཕྱག་རྒྱ་གྲུབ་པའི་རྣལ་འབྱོར་ དཔག་ཚད་བྱེ་བར་འབར། །ལྷ་མོས་མཆོད་ཅིང་སྟོང་གསུམ་སྣང་བར་བྱེད། །སེངྒེ་འཕྲོག་ པོ་མེས་པོས་ཕྱག་བྱེད་མེ་ཏོག་ཆར་འབབ་ཅིང་། །ས་གཡོས་སྒྲ་འབྱིན་བདུད་རྣམས་རྔངས་ ཤིང་རྡོ་རྗེའི་ཆར་འབབ་ལ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་འགྲོ་བའི་བླ་མ་ཕན་པར་འགྱུར། ། (ཕི)དཀྱིལ་འཁོར་སྔགས་དང་ཆོ་ག་རླུང་ཐིག་ལེ། །(མི་?)དང་མི་མོ་ཐམས་ཅད་སེམས་ཉིད་ དེ། །དགེ་དང་སྡིག་པ་གང་ཡང་མེད་པས་ན། །ཁ་དོན་སྙུང་བར་གནས་པས་ཅི་ཞིག་བྱ། །(བི) སེམས་ཉིད་(ལུས་པ་?)བདེ་ཕྱིར་ལུས་ལ་མཆོད་པར་བྱེད། །(མི)ཡིད་འོང་མ་དང་ཅི་འདོད་ བཤད་པར་བྱ། །འབར་བས་སྨྲས་སོ་དངོས་གྲུབ་ཐམས་ཅད་ཐོབ། ། {ཁམས་ཀྱི་བགྲོད་པ་འགགས་པ(ཙི)། སེམས་ཀྱི་གནས་ལུགས(ཚི)། དེའི་བདེ་སྟོང་མ་གཏོགས་པའི་སྐྱོན(ཛི)། སེམས་ བདེ་བར་རྟོགས་པར་གདམས(ཝི)། (དེར་?)སྒྲུབ(ཞི)། མདོ་རྒྱུད་ཀྱི་(འདི་ཉིད་?)བསྟན(ཟི་འི)། མན་ངག་ཉིད་སྔགས(ཡི)། འབྲས་བུ་(རི)དེ་ཉིད་བདུན(ལི)། ཡེ་ཤེས་སྐུའི་བྱེད་(ཤི)ལས། ལྷའི་དོན(སི)། ཁམས་འདྲེས་པའི་(ཧི)བྱེད་ལས། ཡས་མས་ 24-1-161 (ཨི)ཀྱི་བདེ་བའི་བྱེད་ལས། དེ་སྐྱེ་བ་(ཀུ)སྤྲུལ་པའི་ཚུལ། སེམས་ཀྱི་དག་པ་དང་(ཁུ)རང་བཞིན། དེ་རྟོགས་པའི་(གུ)གྲོལ་བའོ། ། རྒྱུ་གསུམ་པའོ།།} ཨ་ལ་ལ་ལ་ཧོ། (ཙི)ལྕི་བའི་ཐར་བས་ལུས་ནི་ཀུན་ཏུ་བྱུགས་པར་གྱུར། །འདོམ་དཀྲིས་ཉི་ མ་བཞུ་བའི་ཁུ་བས་རབ་ཏུ་སྦགས། །བཅུ་དྲུག་རྣམ་རྫོགས་རི་བོང་འཛིན་པ་སྤྱི་བོའི་རྒྱན་དུ་ བྱས། །བདག་པོ་སྲིད་དང་སྲིད་པ་བ་སྤུར་བསྡུད་དེ་ང་ཡིན་ནོ། །(ཚི)ཀ་ཡེ་ནམ་མཁའི་མཐའ་ དབུས་ངས་མ་མཐོང་། །རྒྱ་མཚོའི་ཀློང་ལ་ཅི་ཡང་གཡོ་བ་མེད། །སྒྱུ་མའི་གར་ལ་སྙིང་པོ་སུ་ ཡིས་མཐོང་། །རིན་ཆེན་དྭངས་མ་ཀུན་ཏུ་ཀུན་ནས་གསལ། །རླུང་གིས་མ་སྐྱོད་རྒྱ་མཚོའི་ རླབས་མི་འབྱུང་། །ཞགས་པ་རྣམས་ནི་དྲངས་པས་དམ་པོར་འགྱུར། །ཀླུ་ཡི་མདུད་པ་ངོ་བོ་ ཉིད་ཀྱིས་གྲོལ། །ཨ་རཱེ་གོ་བི་ཙཎྜ་རྒྱལ་གྱུར་ཅིག །ཆུ་ཉིད་མིན་པའི་རྦ་རླབས་གང་དུ་མཐོང་། ། (ཛི)འོད་གསལ་སེམས་ལ་རྟོག་གེའི་ཤེས་པས་ཅི། །བདེ་བར་མི་རྟོགས་སྟོང་ཉིད་དེས་ཅི་བྱ། ། ཤེས་རབ་དང་བྲལ་བདེ་བ་བྱུགས་དང་འདྲ། །(ཝི)དེ་བས་བདེ་བ་ཆེ་འདི་བཟུང་བར་བྱོས། ། (ཞི)ཨཱ་རེ་དྲུག་དྲུག་གྲོལ་བའི་དོན་དུ་ལུས་ནི་མི་གཡོ་གཡོ་མེད་པར། །ཙཎྜ་ལཱི་དང་རིམ་ དང་རིམ་མིན་རླུང་དང་དགའ་བ་ཡང་། །ཧ་ཧེ་བརྒྱད་དང་ཁྱོགས་སོགས་ལུས་སྒྱུར་ཕྱག་རྒྱ་ གཅིག་པུ་སྟེ། །དེ་དོན་དུ་སྟེ་དེ་དག་བཅུ་བཞི་བཅུ་བཞིའི་བདག་ཉིད་དོ། །(ཟི་འི)མདོ་སྡེ་གཞུང་ ལུགས་སྔགས་རྣམས་འདི་ཉིད་སྟོན། །ལྷན་སྐྱེས་རང་བཞིན་མ་ཤེས་པས། །དེ་ལ་ངལ་བ་ འབྲས་བུ་མེད། །(ཡི)བླ་མའི་མན་ངག་ཚད་འདིས་ཆོག །སྤོངས་ཤིག་རྟོག་གེ་སྡེབ་སྦྱོར་ཟློས་ གར་བློ། །ངན་གཡོས་བྲིད་བྱེད་བརྡ་སྤྲོད་དེ་ཡིས་ཅི། །སྡེ་སྣོད་གཞུང་ལུགས་རྣལ་འབྱོར་སྤྱོད། ། མ་ཐོས་ཞེས་ནི་སྡུག་མི་བྱ། །མན་ངག་བདུད་རྩིའི་བཅུད་འདི་ནི། །དེ་རིང་བསྟན་ནོ་བཟང་ མོ་ཀྱཻ། །(རི་ལི)ཕྲ་ཞིང་ཤིན་ཏུ་རྟོགས་དཀའ་བ། །དངོས་པོ་ཀུན་ཏུ་སྣང་བ་པོ། །འཇིག་རྟེན་ གསུམ་དུ་ཁྱད་པར་གནས། །བདེ་བ་ཆེན་པོ་རབ་ཏུ་རྟག །ཡེ་ཤེས་སྟོང་པའི་དབུས་ཀྱི་འཇའ་ 24-1-162 ཚོན་ནི། །རྡོ་རྗེའི་སྐུ་སྟེ་(ཚེག་བར་ལྔ་མི་གསལ།)། །དེ་འདྲའི་རིན་ཆེན་སེམས་ལ་ཕྱག་འཚལ་ལོ། ། དེ་ཉིད་གཅིག་སྟེ་བདུན་ནི་མང་ཡིན་ནོ། །(ཤི)ཨཱ་རེ་ཨཱ་ཧོ་དག་པའི་ལྷ་ནི་རྣམས་བསྒོམས་ པས། །སྐྱེ་བ་འགགས་ཏེ་ཀུན་ལ་བདེ་བ་སྦྱིན་པར་བྱེད། །(སི)རྟོག་པས་རབ་དབེན་རྣམ་རྟོག་ ལྟ་བུའི་རྟོག་མེད་ཀྱིས། །མཐོང་ཞིང་མི་སྨྲ་རང་ལུས་ལས་བྱུང་ལྷ་ཞེས་བྱ། །(ཧི)ཁུ་ཁྲག་སྲེས་ པས་འཆི་མེད་ཁང་པར་མྱུར་དུ་འགྲོ། །(ཨི)སྟེང་འགྲོའི་རང་བཞིན་བདེ་བའི་ཆུ་འབེབས་རི་ བོང་ཅན། །དེ་ནི་འོག་དང་སྟེང་འགྲོས་བདེ་བ་རྣམས་རྒྱས་ཏེ། །མི་འཛག་དྲི་བྲལ་(ཀུ)སྐྱེ་བའི་ མཐའ་རྣམས་མ་ལུས་འཇུག །(ཁུ)གང་ཡང་འཆི་མེད་རྒྱ་མཚོ་གཡོ་མེད་པ། །རང་རིག་དངོས་ དང་དངོས་མེད་རྣམ་བྲལ་བ། །ཇི་ལྟར་ཆུ་འཛིན་ནམ་མཁར་རྣམ་དག་བཞིན། །ནམ་མཁའི་ ལམ་དུ་རླུང་ཐིམ་བདེ་བར་གྱུར། །(གུ)མཐའ་མེད་ཡེ་ཤེས་ཐོག་མེད་པའི། །ཡེ་ཤེས་དེ་ཉིད་ བླ་ན་མེད། །གཞི་གྱུར་བདེ་ཆེན་དགའ་བའི་སེམས། །གང་དུ་མ་ཆད་འདི་མཐོང་བས། །དང་ པོའི་མགོན་པོར་ད་གྱུར་ཏོ། ། (ངུ)གང་ལས་དེ་ཉིད་མི་ཤེས་ༀ་གླུར་ལེན། སྐད་གདངས་མཐོན་པོས་མགྲིན་པ་སྡུག་ བསྔལ་བྱེད། །བརྡེག་དང་ངལ་བའི་ཀློག་པ་འདིས་ཅི་བྱ། །རིགས་ངན་བོང་བུ་དེ་དག་གང་ ན་འདུག །(ཅུ)ཨཱ་ཨི་ཨཱ་རི། ཨཱ་ལི་ཀཱ་ལི་གཡོན་དང་གཡས། །དབུས་ན་སྒྲ་གཅན་ཐིག་ལེ་ཧཱུཾ། ། དེ་ཉིད་འདི་ཞེས་སྨྲ་བྱེད་ཧ་ཌི་བ། །(ཆུ)གཞན་ནི་སྔགས་དང་ཆོ་གའི་སྦྱོར་བ་མེད། །གསུམ་ནི་ གཅིག་ཏུ་བྱ་བ་དང་། །རླུང་གི་རང་བཞིན་གནས་པ་ཉིད་ལ་ཞོག །ལྡང་འཇུག་གནས་པ་འདི་ འདྲ་གསང་སྔགས་ཏེ། །(ཇུ)པདྨའི་ལྟེ་བ་བརྒྱད་པོ་ཕུག །ཕྱིན་པས་འགྲོ་འོང་ཆད་པ་ཨཱ་ཧོ་ཧཻ། ཧཻ྅་ཛཱི྅། (ཉུ)མཐོ་རིས་ས་འོག་ཉི་མ་ཟླ་(ཚེག་བར་གཉིས་མི་གསལ།)། །ནམ་མཁའི་དབུས་སུ་ རླུང་རྣམས་དེངས་པ་ན། །འདི་འདྲའི་བདེ་བ་ད་ནི་གཞན་ལ་མེད། །རྨོངས་པའི་རབ་རིབ་རླུང་ དང་སེམས་མཉམ་འགག །ངས་ནི་མན་ངག་ཐམས་ཅད་བསྟན་པ་ཡིན། །(ཏུ)འཇམ་དང་རྩུབ་ 24-1-163 དང་སྲ་དང་པདྨའི་རྩ་ཅན་མ། །གདོལ་མ་གླང་(ཚེག་བར་ཁ་ཤས་མི་གསལ།)ལོ་ལོན་སྐྱེ་གནས་ སྲ། །ཡང་ན་སྐྲ་དང་ཡན་ལག་རིང་ཞིང་སྙི་བའམ་མ་དང་སྲིང་མོ་སོགས། །རྣམ་མང་སྦྱོར་ བས་སྤྱོད་ཅིང་ཁྱིམ་དུ་རྡོ་རྗེའི་ཐིག་ལེ་བཀག་ནས་སྒོམ། །དེ་ཡིས་དཀྱིལ་འཁོར་དཔག་མེད་ ལུས་ལས་འཕྲོ། །(ཐུ་དུ)ཡིད་ཀྱི་བུ་མོ་(ཚེག་བར་ཁ་ཤས་མི་གསལ།)དྲུག་བཅུ་བཞིས། །(པུ)ཡང་ ན་ལྟེ་བའི་དབྱུག་པ་མ་ལ་སྤྱོད། །(ཕུ)རྩ་ཡི་རླུང་གིས་འཁོར་ལོ་ཞུ། །སླར་ཡང་རླུང་གིས་ལྡོག་ པར་བྱེད། །ལྷན་སྐྱེས་སྦྱོར་བས་སྐྱེ་བོ་ཀུན། །རྟག་ཏུ་བྱེད་ཅིང་སྟོན་བྱེད་ཀྱང་། །སུས་ཀྱང་མ་ གོ་ཀྱེ་མ་ཕྱུགས། །(བུ)རང་ལུས་ལས་བྱུང་མཁའ་མཉམ་ཀློག་དང་མཉམ། །བདེ་སྦྱིན་ཆུང་མ་ རྙེད་ནས་གཞན་ལ་མ་བསྟེན་ཅིག །(མུ)རྣམ་རྟོག་དང་ནི་མི་མོས་ཁྱོད་ལ་ཅི། །(ཙུ)ལུས་ཀྱི་རེག་ པ་སྡུག་བསྔལ་གཅིག །སེམས་ནི་དམ་པའི་བདེ་བ་ཡིན། །(ཚུ)སེམས་ལས་གཞན་ན་ལུས་ མེད་པས། །མཛེས་མ་ད་ནི་ལུས་ཀྱི་བདེ་བའང་དྲི་མེད་ཡིན། །(ཛུ)གང་བློ་བདེ་བ་(དམ་པ་ ?)ཕྲ། །ནམ་མཁའ་ཕྲ་བའང་ཡུད་ཀྱིས་རྟོགས། །(ཝུ)དངོས་དང་དངོས་མེད་རྣམ་དཔྱད་བདེ་ མི་སྟེར། །ཤེས་(ཡུམ་དཀར་)རབ་ངན་ལ་དག་(དུ་སོགས་)པའི་དཀྱིལ་འཁོར་མེད། །(ཆོས་དབྱིངས་) ནམ་མཁའ་ལག་པས་འཛིན་ཞེས་རྟོག་གེ་པ། །དང་པོའི་ལས་ཅན་འོད་གསལ་དཀྱིལ་འཁོར་ མཐོང་། །(ཞུ)དུ་བ་མཐོང་བས་རབ་རིབ་ཞིའོ་ཀྱེ། །(ཟུ)ཨཱ་རེ་བདེ་ཆེན་སྙིང་རྗེ་སྡུག་བསྔལ་ སྐྱོབ། །དཀྱིལ་འཁོར་མཐའ་ཡས་པས་ནི་ཞི་ལས་བརྒལ། །གཉིས་ཀྱི་སྡུག་བསྔལ་མི་སྣང་ གཞན་དུ་སྣང་། །(འུ)ལྷན་ཅིག་སྐྱེས་པའི་དྲི་བྲལ་ཞིང་། །(ཡུ)མུན་པ་ཕུག་ནས་སྣང་བ་ཤར། ། སྙིང་དང་སྤྱི་བོར་དེ་དེ་ཐིམ། །(རུ)རང་གི་རིག་པའི་ཡེ་ཤེས་འདི། །འོད་གསལ་ཐོག་མཐའ་ མེད་པ་སྟེ། །རང་བཞིན་ལྷན་སྐྱེས་བདེ་སྤྲོས་ཀུན། །ཉེ་བར་ཞི་བ་ངོ་མཚར་ཆེ། །(ལུ་)རླུང་གི་ རང་བཞིན་སྐུ་གཉིས་དབྱེར་མེད་དེ། །(ཤུ)རྣམ་པའི་མཆོག་ཀུན་དང་ནི་ལྷན་སྐྱེས་བདེ། །རབ་ མཆོག་མཆོག་དང་འབྱུང་བའི་ལུས་བཞི་པོ། །དེ་ལྟར་དེ་བཞིན་དེ་ལྟས་དེ་ལྟ་ནི། །ཐེ་ཚོམ་མེད་ 24-1-164 པར་ཐོབ་ཅེས་ཧ་ཌི་བས། །ཧ་ཋའི་དབུས་སུ་དེ་རིང་བསྟན་པ་ཡིན། །(སུ)དེ་འདྲའི་སངས་རྒྱས་ ཡེ་ཤེས་རང་ལ་ཡོད། །ནམ་མཁའ་ལྟ་བུ་གཞན་དུ་མ་ཚོལ་ཞིག །ལྟེ་བའི་དབུས་ན་མཆོག་གི་ དབང་ཕྱུག་མ། །མཁའ་མཉམ་ཡིན་ཡང་རང་གི་ལུས་ལ་གནས། །ཞལ་ཕྱག་རྣམ་པའི་ཚུལ་ ཅན་དུ། །སྐྱེས་པ་ཙམ་གྱིས་རྣམ་པར་གནས། །རྣལ་འབྱོར་པས་ནི་ཐིག་ལེ་བརྩེགས་པར་སྣང་། ། (ཧུ)དེས་ནི་བེམ་པོ་གཅོད་པར་བྱེད། །(ཨུ)ཡེ་ཤེས་སྐུ་ལ་བེམ་པོར་མ་ལྟ་ཤིག །(ཀེ)ཉི་ཟླའི་ དབུས་ན་ནཱ་ད་གནས་པ་འདིས། །བཅུ་གཉིས་བཅུ་དྲུག་བཅུ་གཉིས་འཁོར་ལོ་བསྐོར། །ཡོན་ ཏན་བརྒྱད་པོ་རགས་དང་ཕྲ་བར་བྱེད། །དེ་འདྲའི་འཁོར་བ་གང་དུ་ཟློག །(ཁེ)ལུས་སེམས་ རོ་གཅིག་གྱུར་པ་ན། །དེ་ཚེ་རྡོ་རྗེའི་སངས་རྒྱས་ཡིན། །(གེ་ངེ)བརྐམ་ཤིང་རྨོངས་ན་མི་འགྲུབ་ སྟེ། །དེ་བས་ཁྱིམ་ནི་བོར་བྱས་ལ། །མགོ་བྲེག་དབྱུག་པ་ཁ་ཕོར་བོར་བ་ཐོགས། །བསམ་ དང་བྱ་བའི་སྡུག་བསྔལ་དེ་བོར་ལ། །(ཅེ)མི་སྨྲ་ལྐུག་པའི་དངོས་པོས་གཉུག་མའི་ངང་དུ་ཞོག། སྒོམ་དུ་མེད་པའི་ཞོག་ཅིག་ཧ་ཌི་བ། །(ཆེ)ཇི་ཙམ་སྒོམ་དང་ཀློག་དང་ཁྱིམ་གྱི་ལས། །གཡེང་ བ་མང་པོས་མི་གྲུབ་སྡུག་བསྔལ་རྒྱུ། །ཕམ་པ་ངན་ངོན་རྒྱལ་སྲིད་དེ་བོར་རུང་། །གཉུག་མའི་ བདེ་བ་ཤེས་ན་ག་ལ་ཆགས། །(ཇེ)མཐོང་དང་ཐོས་དང་དྲི་དང་རོ། །གང་རེག་དེ་དག་བདེ་བ་ ཆེ། །སྨྱོན་པ་ཧ་འདྲི་བས་ནི་ནགས་སུ་ལང་ལོང་སྤང་། །(ཉེ)བདེ་བས་མཐོང་ཡང་གཉིས་སུ་ མཐོང་བ་མེད། །གཉིས་ཀྱིས་ཐར་པ་ག་ལ་ཐོབ། །གཉིས་སུ་མི་བྱ་གཅིག་ཏུ་བྱོས། །(ཏེ)ཡུལ་ དང་ཡུལ་འཁོར་ཐམས་ཅད་ས་བཅུ་ཡིན། །(ཐེ)སྔགས་སྐྱེས་ཞིང་སྐྱེས་མཆོག་གི་རྣལ་འབྱོར་ མ། །རིང་ནས་མྱུར་འོངས་རིག་པའི་སྐྱེས་བུ་ལ། །བདེ་བའི་དངོས་གྲུབ་དམ་པ་ཀུན་སྟེར་ཏེ། ། ཛཱ་ལཱནྡྷ་རས་ཡུལ་གཞན་ལ་བསྐོར་རོ། །(དེ)ལྷ་མོ་ཀླུ་མོ་མི་མོ་གནོད་སྦྱིན་མོ། །རིག་འཛིན་ བུ་མོས་ཕྱག་རྒྱའི་དངོས་གྲུབ་ནི། །(ནེ)ལྷན་ཅིག་སྐྱེས་མས་ཉི་མ་(པེ)གཅིག་གིས་འགྲུབ། ། སངས་རྒྱས་བྱང་ཆུབ་སེམས་དང་རྡོ་རྗེ་མ། །སྐད་ཅིག་དེ་ལ་ནམ་མཁའ་གང་བར་སྣང་། །གླུ་ 24-1-165 གར་མཁན་གྱི་བུ་མོ་ཆོས་འབྱུང་བདེ། །ལྷན་ཅིག་ཧ་ཌི་བ་ནི་རྒྱལ་སྲིད་སྤྱོད། །མཁའ་མཉམ་ རྡོ་རྗེ་སེམས་པ་རང་དགའོ། །(ཕེ)ཁྱིམ་དང་ལྷ་ཁང་འཁོར་དང་གཉེན་གྱིས་བཅིངས། །ཆེན་ པོར་ལྟ་(ཚེག་བར་གསུམ་མི་གསལ།)ལྷག་པར་འཁྱམས། །(བེ)རང་ལ་ཆེད་དུ་ཆེ་བར་མ་བྱེད་ཅིག། དེ་བས་རང་ཉིད་ཅི་དགའ་དོར་ན་འོང་། །(མེ)རྒྱུ་མེད་རྐྱེན་གྱིས་མི་བསྒྱུར་རང་བཞིན་སྤངས། ། རྩ་བྲལ་བདེ་བ་རྒྱུན་མི་ཆད་པར་བྱ། །(ཙེ)གནས་ལུས་མཆོག་འཛིན་བོར་ན་(ཚེག་བར་གསུམ་ མི་གསལ།)། །(ཚེག་བར་གསུམ་མི་གསལ།)་གྱིས་བཅིང་བ་མེད་པར་སྤྱད། །ཅེས་པ་ནི། བི་མུཀྟམཉྫ་ རི་ཞེས་བྱ་བ། དོན་དམ་པའི་གླུ་དབྱངས་བདེ་བ་མཉམ་པ་ངེས་པར་བྱེད་པ་རྒྱུད་ཐམས་ཅད་ ཀྱི་ཡི་གེ་མཆོག་དང་ལྡན་པ་མཆོག་གི་དངོས་གྲུབ་ཐོབ་པའི་སློབ་དཔོན་(ཚེག་བར་ཁ་ཤས་མི་ གསལ།)་མགོན་པོ་ཛཱ་ལཱནྡྷ་རའི་ཞབས་ཀྱིའོ། །(ཨ་ཀ་ཡང་བཤད་པ་?)ལྷོ་ཕྱོགས་ཀྱི་རྒྱུད་དུ་ འཁྲུངས་པ་རྗེ་བཙུན་བུདྡྷ་གུཔྟ་དང་། ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་སདྱ་ནཱ་ཐ་དང་། བླ་ མ་ཆེན་པོ་ཀམྦ་ལ་ནིརྦ་ཎ་ཤྲཱི་རྣམས་ཀྱི་ཞལ་སྔ་དང་། བོད་ཀྱི་དགེ་སློང་རྨོངས་པ་ཀུན་དགའ་ སྙིང་པོས་གཡར་ཁྲལ་དུ་འཚལ་བའོ།། །།དར་རྒྱས་འཕེལ་བརྟན། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ར། ༦༨༧ ཡིན། གསལ་བཤད་ལ་འདིའི་མ་ཡིག་མི་གསལ་བ་མང་བས་ མཆན་བུ་སོགས་ཁ་ཤས་བཀོད་མེད།) 24-1-166 ༄༅། །དེ་ཁོ་ན་ཉིད་བདུན་གྱི་འགྲེལ་པ་སློབ་དཔོན་ སངས་རྒྱས་སྦས་པས་མཛད་པ་བཞུགས། ༄༅། །ༀསྭཱསྟི། ན་མཿསིདྡྷཾ། རྒྱ་གར་སྐད་དུ། སཔྟ་ཏ་ཏྭ་བྲིཏྟི། བོད་སྐད་དུ། དེ་ཉིད་ བདུན་གྱི་འགྲེལ་པ། སངས་རྒྱས་ལ་ཕྱག་འཚལ་ལོ། །སློབ་དཔོན་འགྲོ་བའི་བླ་མ་ལ། །བཏུད་ ནས་དེ་ཉིད་རབ་ཏུ་བཤད། །ཐུབ་པ་ཆེན་པོའི་ཆོས་རྣམས་ཀྱི། །ཕུང་པོ་སྟོང་ཕྲག་བརྒྱད་བཅུ་ བཞི། །གང་གིས་དེ་ཉིད་མི་ཤེས་པ། །དེ་ཡི་ཐམས་ཅད་འབྲས་བུ་མེད། །དེ་བས་བཅུད་ལེན་ དམ་པ་སྟེ། །དེ་ཁོ་ན་ཉིད་ཡང་དག་ལེན། །དེ་ཉིད་གཅིག་པུ་སྟོང་པ་ཉིད། །གཉིས་ནི་རིམ་པ་ གཉིས་སུ་བརྗོད། །དཀྱིལ་འཁོར་ལྷ་དང་སྔགས་ཡེ་ཤེས། །བཞི་པོའང་རབ་ཏུ་བརྗོད་པ་ཡིན། ། གཞན་དུ་རྣམ་པ་བཅུ་བཞིར་བསྟན། །ལུས་དང་སྤྱོད་པ་སྤྲོས་ལ་སོགས། །ཤེས་རབ་མ་ཡི་བྷ་ ག་དང་། །ཁུ་བ་བཅིངས་སྦྱོར་དེ་བཞིན་ནོ། །ཉི་མ་ཟླ་བའི་རླུང་དགག་དང་། །བདག་མེད་དོན་ དང་ཡེ་ཤེས་སྐུ། །འོད་གསལ་བར་ནི་འཇུག་པ་དང་། །ཞུ་བ་ཁུ་བའི་ལུས་བདེ་བ། །ཡང་དག་ མཐའ་ལས་རྡོ་རྗེའི་ལུས། །མི་གནས་མྱང་འདས་རང་ཐིག་ལེ། །ཕྱག་རྒྱ་མཆོག་གིས་གནས་ བཅིངས་པ། །རྒྱལ་བས་དབང་བསྐུར་ཉེར་བཞིའི་རླུང་། །གསུམ་གྱིས་ཐིམ་པའི་དེ་བཞིན་དུ། ། བཟླས་དང་གནས་དང་ཐིམ་པ་དང་། །བདེ་བ་རྣམས་ནི་སྔགས་སུ་བརྗོད། །དེ་རྫོགས་པ་ཡི་ ཕྱོགས་ཉིད་ཡིན། །ཟབ་དང་རྒྱ་ཆེ་ཁྱབ་པ་དང་། །རྟག་པ་སྐུ་དང་ཟུང་འཇུག་བདེ། །གཅིག་གི་ རང་བཞིན་བདུན་དུ་བསྒྲགས། །ངོ་བོ་དང་པོའི་རྒྱུད་དུ་བརྗོད། །གཞི་དང་རྒྱུ་དང་རྐྱེན་རྣམས་ 24-1-167 དང་། །དམིགས་པ་རྣམ་པ་བྱེད་པ་དང་། །ལས་དང་འབྲས་བུ་ཞེས་པ་ནི། །གཉིས་པའི་རྒྱུད་དུ་ བརྗོད་པར་བྱ། །གཅིག་དང་དང་པོ་གཉིས་པ་རྣམས། །བསྡུས་དང་རྒྱས་དང་ཆེར་རྒྱས་པའོ། ། རང་བཞིན་མེད་དང་རང་རིག་པ། །འཕེལ་དང་བྲི་བ་མེད་པ་དང་། །རྣམ་པར་མི་རྟོག་སྣང་བ་ པོ། །བསོད་ནམས་ཡེ་ཤེས་ཡུལ་དང་ནི། །དམིགས་པ་འཇུག་པ་ལས་རྣམས་ནི། །རྒྱ་ཆེ་རབ་ ཏུ་བཤད་པ་ཡིན། །ཡུལ་དང་དུས་དང་རྒྱུད་གསུམ་དང་། །སྟོང་དང་མཉམ་པ་ཉིད་ཀྱིས་ཁྱབ། ། རྒྱུན་མི་འཆད་ཅིང་འགོག་པ་མེད། །ཕྲ་རབ་མེད་ཅིང་འགྱུར་བ་མེད། །བསམ་ཡས་ཡེ་ཤེས་ རྟག་པ་ཉིད། །ཁ་སྦྱོར་རང་བཞིན་བདེ་བ་དང་། །སྙིང་རྗེ་ཆེན་པོ་གསུམ་རང་བཞིན། །ཡིད་ནི་ རླུང་བཅས་ཐིམ་པ་དང་། །ཞུ་བ་དང་ནི་མི་འཛག་བདེ། །སྟོང་པ་ལས་སྐྱེས་སྡུག་བསྔལ་འགོག། གར་ཡང་ཕྱིན་དང་མི་གཡོ་བ། །ཡིད་དང་རླུང་གི་ལུས་ཅན་དང་། །སྐད་ཅིག་གཅིག་གིས་ ཀུན་སྟོན་དང་། །མཚན་དང་དཔེ་བྱད་སྤྲིན་སྤྲོ་བ། །དེ་ནི་རྡོ་རྗེའི་སྐུ་རུ་གསུངས། །གཉིས་མིན་ མི་རྟོག་རང་བཞིན་ཞུགས། །སྣང་མེད་ཀུན་ཏུ་ཀུན་ནས་སྣང་། །ནམ་ཡང་གཡོ་བ་མེད་པའི་ ཕྱིར། །རྡོ་རྗེ་སེམས་པའི་ཟུང་འཇུག་གོ །ཡང་ན་ཀུན་གྱི་གཞི་དང་ནི། །འཇིག་རྟེན་འཇིག་རྟེན་ འདས་པའི་དབང་། །བློ་ལྡན་སྐྱེད་དང་རྫོགས་འབྱུང་བ། །སྐུ་གསུམ་གྱིས་ཀྱང་བཤད་པར་བྱ། ། རང་བཞིན་དང་ནི་སྤང་བྱ་དང་། །གྲོགས་དང་འགལ་ཟླ་གྱ་ནོམ་དང་། །ཟག་བཅས་ཟག་པ་ མེད་རྒྱུན་ཆད། །རྟག་པ་ལ་སོགས་ཁྱད་པར་གྱི། །ཐེ་ཚོམ་བསལ་བར་བྱ་བ་ཡིན། །མན་ངག་ མེད་པའི་མཁས་སྨྲ་ལ། །འདི་ཡི་གཏམ་ཡང་ཡོད་མ་ཡིན། །སྦྱོར་བ་བདུན་དང་དེ་ཉིད་བདུན། ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །དབང་བསྐུར་བཞི་པ་བླ་ན་མེད། །ཤེས་རབ་ཡེ་ཤེས་རང་ བཞིན་ནོ། །མེ་ལོང་ལ་སོགས་ཡེ་ཤེས་ནི། །དེ་ཉིད་རྣམ་པ་ལྔ་རུ་བརྗོད། །ངོ་བོ་ཉིད་དང་ཡེ་ ཤེས་དང་། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ནི། །སྐུ་ཡི་དེ་ཉིད་རྣམ་པ་བཞི། །གཞན་ཡང་ དབང་ཕྱུག་དེ་ཉིད་བརྒྱད། །ལྷན་ཅིག་སྐྱེས་དང་ཕྲ་བའི་བདག །རང་བཞིན་མེད་དང་རྒྱ་ཆེ་ 24-1-168 དང་། །སྐུ་དང་མཁྱེན་དང་ལས་ཀྱིས་ཁྱབ། །ཐིག་ལེ་དགའ་བ་འོད་གསལ་དང་། །ཡེ་ཤེས་སྐུ་ དང་སྒྱུ་མའི་ཚུལ། །དེ་ལྟར་བཅུ་གཉིས་གསུངས་པའང་ཡིན། །ཨེ་མའོ་ལྷན་སྐྱེས་བདག་ཉིད་ ཆེ། །ཆོས་རྣམས་ཀུན་གྱི་རང་བཞིན་ཉིད། །སྣ་ཚོགས་ཁོངས་སུ་ཆུད་ཅིང་རྒྱས། །ཨེ་མའོ་བདེ་ ཆེན་འདོད་པ་ཡིས། །ས་གསུམ་པོ་ནི་གང་བ་སྟེ། །ཨེ་མའོ་ཇི་ལྟ་ཇི་ལྟར་བཟའ། །ཨེ་མའོ་ཞི་ བའི་བདེ་བ་འབབ། །ཨེ་མའོ་བདེ་བ་བདེ་ཆེན་པོ། ། སྒྱུ་མའི་རྣམ་འཕྲུལ་ཚོགས་པ་རྣམས་ལ་དེ་ཤེས་ཇི་བཞིན་ཉིད། །སྐྱོ་དང་དགའ་བ་མཐའ་ དག་མཉམ་པ་ཉིད་དུ་རབ་སྤྱོད་ཅིང་། །འཇིགས་དང་འཇིགས་པར་བྱེད་མེད་བདེ་བ་འབྱུང་ བའང་ཡོད་མ་ཡིན། །དེ་ལྟར་རྣལ་འབྱོར་པ་ནི་རང་བཞིན་དེ་བཞིན་ཉིད་རྗེས་འགྲོ། ། འགྲོ་བ་ཆུ་ཡི་ཟླ་བ་ཇི་བཞིན་མཐོང་གྱུར་ཅིང་། །ཐོས་པ་དང་ནི་བྲག་ཆ་གཅིག་ཏུ་ཡང་ དག་འཇུག །སེམས་ཀྱང་མྱ་ངན་སྨིག་རྒྱུ་ལྟ་བུར་ལྟ་བྱ་ཞིང་། །བཟའ་བ་བཏུང་བ་ནམ་མཁའ་ ལྟ་བུ་གང་གི་ཚེ། །བསྣམས་པ་དག་ནི་ནམ་མཁའི་མེ་ཏོག་དྲི་ལྟ་བུ། །ཟླ་བ་ཉི་མ་ཇི་བཞིན་ བསྐོར་བ་བྱེད་པའི་ཡིད། །ཡང་དག་གནས་པ་རྣམས་ཀྱང་རི་རབ་དེ་མཚུངས་ཏེ། །དམིགས་ པ་གཞོན་ནུ་མ་ཡི་རྨི་ལམ་ཇི་བཞིན་ནོ། །ཐ་སྙད་དག་ནི་སྒྱུ་མ་མིག་འཕྲུལ་ལྟ་བུར་གནས། །དེ་ ལྟར་ཇི་བཞིན་ལྷན་སྐྱེས་བདེ་འབྱུང་དེ་བཞིན་དུ། །དངོས་པོའི་རང་བཞིན་དང་བྲལ་བསམ་ གྱིས་མི་ཁྱབ་ཚུལ། །རྟག་ཏུ་འཆར་བ་བདེ་གཤེགས་ལམ་མཆོག་ཕྱག་འཚལ་ལོ། །བདེ་བ་ རྣམ་པ་ཐམས་ཅད་དང་། །སོ་སོར་འབྱེད་དང་རང་བཞིན་སྟོང་། །ལྷུན་གྲུབ་མཉམ་པ་ཉིད་ དང་མཉམ། །དེ་ཉིད་ཟབ་དང་རྒྱ་ཆེ་བ། །ཐབས་དང་ཤེས་རབ་ཡན་ལག་བདུན། །འདིར་ ནི་རེ་ཞིག་ཁུ་བ་གསུམ། །དེ་བཞིན་རླུང་ཡང་རྣམ་པ་གསུམ། །སེམས་དང་ཡེ་ཤེས་རྣམ་ གསུམ་ནི། །འགྱུར་མེད་བདེ་བ་དམ་པ་ཡིན། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ ཀུན་གྱི་རྣམ་པར་སྤངས། །རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ། །འགྲོ་ཀུན་གཡོན་ལས་བྱུང་ 24-1-169 བ་ཡིན། །དུས་དང་རྣམ་པ་ཐམས་ཅད་དུ། །རྣལ་འབྱོར་ཅན་ནི་སྣ་ཚོགས་འཇུག །ཡེ་ཤེས་ དཀྱིལ་འཁོར་དཔག་མེད་དེ། །རྩ་རྣམས་ཐམས་ཅད་མཁའ་འགྲོ་མ། །ཕུང་པོ་ལྔ་ཡང་དཀྱིལ་ འཁོར་ཏེ། །འདི་ལྟར་སྣང་དང་མི་སྣང་ཀུན། །དཀྱིལ་འཁོར་དམ་པ་ཉིད་དུ་ཤེས། །ཡི་གེ་ བརྒྱ་པ་ཞེས་དང་པོ། །ངེས་པར་བརྗོད་པ་འདི་གསུངས་པ། །འགྱུར་མེད་དམ་པ་རིགས་བརྒྱ་ སྟེ། །རྣམ་པ་ཀུན་ཏུ་ནཱ་དའི་དབྱངས། །གསང་སྔགས་བརྟན་པ་མི་འགྱུར་བ། །གཅིག་པུ་ཞེས་ པ་བདག་ཉིད་སེམས། །མིང་ཙམ་མིང་སྟེ་དངོས་པོ་ཀུན། །འོད་གསལ་བར་ནི་བཟླས་པ་བྱ། ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང་། ། གང་ཡང་དྲུག་པའི་སངས་རྒྱས་ཞེས་བྱ་བ། །གཅིག་པུ་ཉམས་ནི་དུ་མས་གར་མཛད་དོ། ། གང་ལ་དངོས་ཀུན་གསལ་ཡེ་ཤེས། །མ་བརྟགས་པར་ཡང་ཐམས་ཅད་མཁྱེན། །རང་བཞིན་ སྟོང་ཉིད་རྣམ་ཤེས་པ། །དེ་ཚེ་ཐམས་ཅད་ཤེས་པར་འགྱུར། །ཆོས་ཀུན་ངོ་བོ་རབ་ཤེས་པས། ། རྣམ་ཀུན་ཤེས་པ་ཉིད་དུ་འགྱུར། །ཇི་ལྟ་ཇི་སྙེད་གནས་པ་ཀུན། །མངོན་སུམ་གྱིས་ནི་ཚད་ མར་བྱེད། །རྟེན་ཅིང་འབྲེལ་འབྱུང་སྐྱེ་མེད་ནི། །ཡོད་དང་མེད་དང་ཡོད་མེད་འདས། །རྒྱུ་དང་ རྐྱེན་གྱི་འདུས་མ་བྱས། །གཅིག་དང་དུ་མ་དང་བྲལ་བ། །ཐོག་མཐའ་མེད་ཅིང་ཟག་པ་མེད། ། ཡུལ་དང་དུས་ལས་ཡོངས་འདས་པ། །གཟུང་འཛིན་མེད་ཅིང་ཁམས་ཀྱང་མེད། །བདག་ མེད་ཆོས་ལས་ཡང་དག་བྱུང་། །རང་རིག་བདེ་ཆེན་འདི་སྟོང་པ། །ཆོས་རྣམས་ཀུན་གྱི་སྙིང་པོ་ ནི། །སྟོང་ཉིད་གཅིག་པུ་དེ་ལེན་པས། །རྣམ་པ་ཐམས་ཅད་མཚན་ཉིད་བྲལ། །དཀྱིལ་འཁོར་ དེ་ཉིད་ཡང་དག་རིག །རང་བཞིན་དྲི་མ་གཏན་བྲལ་ཤིང་། །ནང་གི་བདེ་རིག་ཡོན་ཏན་གང་། ། ཆོས་ཀྱི་ལུས་ནི་ལྷུན་གྲུབ་པའོ། །ཉེས་པ་ཐམས་ཅད་རྣམ་སྤངས་ཤིང་། །རང་བཞིན་གཅིག་ ཏུ་གྱུར་པ་སྟེ། །སྣང་བ་མེད་ཅིང་གཡོ་བ་མེད། །ཙན་དན་སྟེའུ་མཚུངས་པ་དང་། །གཅིག་ དང་དུ་མ་མཉམ་པར་གྱུར། །སྐུ་དང་ཡེ་ཤེས་ཟུང་འཇུག་པ། །དེ་ནི་བདེན་གཉིས་མཉམ་པ་ 24-1-170 ཉིད། །གཉིས་སུ་མི་སྣང་གཉིས་སུ་མེད། །ཇི་ལྟ་བུད་མེད་བྱིས་གཏམ་རྗེས་ཡི་རང་། །ཆགས་ སྨྲ་ཕྲད་པའི་གཏམ་ཡང་རྗོད་བྱེད་ལ། །ལམ་ཡང་བརྗོད་ཅིང་འཆིང་བར་བྱེད་པ་ལྟར། །རྣལ་ འབྱོར་ལམ་ངན་དེ་ལྟར་ཤེས་པར་བྱ། །ཡང་དག་བྲལ་དང་ཐོས་པ་དང་། །ཡུལ་དང་གང་ཟག་ དུས་དག་ལ། །ཉེ་རིང་མེད་ཕྱིར་རབ་ཏུ་ཁྱབ། །ཡེ་ཤེས་འགྱུར་བ་མེད་པ་དང་། །སྐུ་ནི་རྒྱུན་མི་ འཆད་ཕྱིར་རྟག །ལས་ཀྱི་ཕྱག་རྒྱ་རྙོག་པ་ཅན། །སྐད་ཅིག་དྲུག་ཅུ་བཞི་དག་དང་། །བྱེད་པའང་ དྲུག་ཅུ་བཞིས་དབྱེ་བས། །སྤྲོས་པ་རྣམ་པ་དུ་མ་ཡིན། །སྟོང་ཉིད་ཕྱག་རྒྱའི་བདེ་ཆེན་པོ། །སྤྲོས་ པ་མེད་ཅིང་ཀུན་རྟོག་འཇོམས། །སྦྱོར་བ་སྟོང་དུ་མ་ཆོག་པ། །དྲག་པོ་ཡིས་ནི་གང་བཤད་ པ། །དེ་ལྟ་བུར་ཡང་དེ་བསྟན་པ། །སྟོང་ཉིད་བདེ་ཆེན་སྒྲུབ་བྱེད་པའོ། །འཁྱུད་དང་ཙུམྤ་དེ་ བཞིན་དུ། །སོ་ཡིས་བདག་དང་སེན་རིས་བརྒྱད། །སྦྱོར་དང་སྒྲ་དང་ཉེད་པ་དང་། །སྐྱེས་པའི་ ཚུལ་བརྒྱད་དྲུག་ཅུ་བཞི། །འདྲེན་པ་བཅོམ་ལྡན་བདེན་ཉིད་གསུང་། །འོན་ཀྱང་དོན་ལྡན་དོན་ གཞན་ཚིག །དེ་འདྲའི་ཚུལ་གྱིས་གཞན་ཉིད་གསུངས། །ལས་དང་དམ་ཚིག་ཆོས་སྤྲོས་པ། ། ཕྱག་རྒྱ་ཆེན་པོ་སྤྲོས་མེད་ཅེས། །བརྗོད་ནའང་སྤྲོས་དང་བཅས་དེའི་ཕྱིར། །དེ་འདྲའི་བདེ་བ་ དེ་ཉིད་མིན། །རྟོག་དང་མེད་དང་མེད་དངོས་དང་། །སྦྱོར་བྱུང་ལས་ནི་བདེ་ཆེན་མིན། །སོ་སོ་ རང་རིག་མཚན་ཉིད་དོ། །ཞུ་བ་བདེ་བ་ཐུན་མོང་མིན། །དེ་ཡིས་ཁྱད་པར་བྱས་རང་བཞིན། ། ཡེ་ཤེས་སྐུ་ནི་ཡེ་ཤེས་དང་། །རྣམ་པར་དག་པའི་སྐུ་གཉིས་ཏེ། །རྣམ་པར་དག་པ་སྦྱོར་བ་ བདུན། །ཟག་བཅས་ཟག་མེད་རྣམ་ཕྱེ་བས། །ཡེ་ཤེས་རྣམ་ཤེས་རྣམ་གསུམ་བརྗོད། །དེ་ཡི་ སྐུ་ཡང་དེ་ཉིད་དེ། །ཧེ་རུ་ཀ་དཔལ་རྒྱལ་ཆེན་པོ། །འདོད་པ་ཀུན་གྱི་དབང་ཕྱུག་གཙོ། །ཀུན་ཏུ་ ཕྱག་དང་ཞབས་ལྡན་ཤིང་། །ཀུན་ཏུ་སྤྱན་དང་དབུ་དང་ཞལ། །ཀུན་ཏུ་ཐོས་ལྡན་འཇིག་རྟེན་ ན། །ཐམས་ཅད་གཡོགས་པས་རྣམ་པར་གཞུགས། །མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ ཅིག་གིས་ནི་སྐུ་གཅིག་འགྱུར། །སྐད་ཅིག་རྣམ་པའི་རྣལ་འབྱོར་གྱིས། །སྐད་ཅིག་གིས་ནི་ 24-1-171 གསང་སྔགས་བརྗོད། །སྔོན་ནས་ཇི་ལྟ་ཕྱིས་དེ་ལྟར། །རང་དང་གཞན་གྱི་སྒྲིབ་འཇོམས་པས། ། རྡོ་རྗེའི་སྐུ་རུ་གསུངས་པ་ཡིན། །རྡོ་རྗེ་འཆང་བའི་སྐུ་ཟུང་འཇུག །མེ་ལོང་ནང་གི་གཟུགས་ བརྙན་དང་། །ཆུ་ཟླ་འཇའ་ཚོན་ལྟ་བུར་ནི། །ཤེས་རབ་ཡེ་ཤེས་དབང་དང་ནི། །བསྐྱེད་པར་ ཡང་ནི་མཚོན་པར་བྱ། །གནས་པ་དེ་ལྟར་བསྒོམས་པས་འགྲུབ། །གཅིག་དང་གཉིས་གསུམ་ བཞི་པ་དང་། །བཞི་དང་ལྔ་དང་བདུན་པ་གསུམ། །བཅུ་བཞི་རེ་རེར་ཕན་ཚུན་བསྡུ། །ཁོ་བོ་ སྙིང་པོ་ལ་དགའ་བས། །སྤྲོས་པས་རྣམ་པར་མ་ཕྱེའོ། །ཡང་དག་རྫོགས་སངས་རྒྱས་པའི་སྐུ། ། འདིས་ནི་ཉེ་བར་བསྟན་པ་སྟེ། །རྣམ་པ་གཞན་ནི་གཞན་གྱིས་བསྟན། །བླ་མའི་མན་ངག་ དམ་པ་སྟེ། །གཞན་གྱིས་ཡོངས་སུ་མི་ཤེས་སོ། །བཅུ་གཉིས་ས་དང་ལམ་གྱི་ཚུལ། །གཞན་ དག་གཞན་དུ་རྣམ་པར་བཀྲོལ། །མཆོག་གི་དངོས་གྲུབ་དེ་ཡི་ནི། །རྟགས་ནི་རྣམ་པ་བརྒྱད་དུ་ དྲན། །ཐམས་ཅད་གསལ་བྱེད་སྒྲོན་མ་ནི། །དང་པོའི་མཚན་མ་དག་ཏུ་ལྟ། །གསལ་བྱེད་གློག་ གི་ཆ་ཙམ་སྟེ། །མཚན་མ་གཉིས་པ་དག་ཏུ་རྟག །དཀར་པོའི་འོད་ཀྱི་ཚུལ་ཅན་ནི། །ཕྱོགས་ བཅུ་དག་ཏུ་ལྟ་བྱ་སྟེ། །ཉོན་མོངས་འབྱིན་པ་གསུམ་པ་ཡིན། །རྣལ་འབྱོར་པ་ཡི་རྣམ་པར་རྟག། འདོད་པའི་ལྷ་ཡི་ལོངས་སྤྱོད་ནི། །བཞི་པ་རྣམ་ཤེས་དག་ཏུ་བསྟན། །གཟུགས་དང་རེག་ སོགས་ལྷ་མོ་ནི། །ཕྱོགས་ཀྱི་ཡེ་ཤེས་ལྔ་པ་ཡིན། །དྲུག་པ་གཟུགས་མེད་ཡེ་ཤེས་ཏེ། །བདུན་ པ་དག་ནི་ཆོས་ཀྱི་དབྱིངས། །བརྒྱད་པ་རང་ཉིད་འདོད་བཞིན་དུ། །སངས་རྒྱས་འབྲས་བུ་ དག་ཡིན་ནོ། །གང་ཞིག་འདི་ནི་རྟག་སྒོམ་པ། །ས་ལ་འདོད་པ་ཀུན་དབང་ཕྱུག །དེ་བཞིན་ གཤེགས་པའི་ས་ཐོབ་ཅིང་། །རྣལ་འབྱོར་པ་རྣམས་འཕོ་ཚེ་དཔལ། །ཁྲག་འཐུང་སོགས་ དཔའ་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། ། རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །གླུ་ཡི་མཆོད་པ་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་ འཁྲིད་པར་བྱེད། །སྐྱེ་དང་སྐྱེ་བར་བདེ་གཤེགས་ཀྱི། །རིགས་སྐྱེ་ཆོས་ལྡན་རྒྱལ་པོར་འགྱུར། ། 24-1-172 འཇིག་རྟེན་པ་དང་འདས་པའི་དབང་། །བསྐྱེད་དང་རྫོགས་འབྱུང་རིམ་པར་ཡང་། །སངས་ རྒྱས་འདི་བཞིན་དེ་ཉིད་བདུན། །འབད་དེ་བསྒོམ་པར་བྱའོ་ཀྱེ། །འདི་དང་གཞན་གྱི་ལེགས་ བྱས་ཀྱིས། །དཔག་མེད་འགྲོ་བ་མ་ལུས་པ། །སྐྱོན་ཀུན་བྲལ་ན་ཅིས་མ་རུང་། །ནམ་ཞིག་ཡོན་ ཏན་ཀུན་ལྡན་འགྱུར། །ཏཱ་ར་ནཱ་ཐས་གསོལ་བ་བཏབ་གྱུར་པས། །དཔལ་ལྡན་འཁོར་ལོ་སྡོམ་ པར་ཡང་དག་གསལ། །ཛ་ལནྡྷ་རིས་གླུ་རུ་བླངས་པའི་དོན། །དེ་ཉིད་བདུན་གྱི་འགྲེལ་པ་ འབད་དེ་བྱས། ། ཞེས་པ་ནི་དེ་ཁོ་ན་ཉིད་བདུན་གྱི་འགྲེལ་པ་ཤར་ཕྱོགས་ཀམྤལ་པ་དང་གཉིས་སུ་མ་ མཆིས་པ། སངས་རྒྱས་སྦས་པའི་ཞལ་སྔ་ནས་མཛད་པའོ། །རྡོ་རྗེ་སློབ་དཔོན་ཆེན་པོ་གུ་རུ་ལྷོ་ ཕྱོགས་པ་དེ་ཉིད་དང་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་འཚལ་བའོ།། །།མངྒ་ལཾ། ཀུརུབནྟུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ར། ༦༨༧ དང་། དབུས་གཙང་པར་རྙིང་གཉིས་དང་བསྡུར་ཡོན།) 24-1-173 ༄༅། །ནི་གུའི་ཆོས་དྲུག་གི་ཁྲིད་ཡིག་ བཞུགས་སོ། ། ༄༅། །ༀ་སྭསྟི། ན་མ་སངྒུ་ར་ཝེ། དཔལ་ལྡན་མཚན་དཔེ་རབ་རྒྱས་རྡོ་རྗེའི་སྐུ། །འགྲོ་ ཀུ༵ན་དག༵འ་བྱེད་སྙི༵ང་པོ༵འི་དོན་སྟོན་གསུང༌། །རྡོ་རྗེ་འཆང་དངོས་མཁའ་ལྟར་ཁྱབ་པའི་ ཐུགས། །འཇམ་མགོན་རྗེ་བཙུན་བླ་མའི་ཞབས་ལ་འདུད། །མཁའ་འགྲོ་བྱེ་བའི་ཐུགས་ཀྱི་ བཅུད། །ཆོས་དྲུག་སྙིང་པོའི་གདམས་པ་ནི། །གྲོལ་ལམ་ཟབ་མོ་བླ་ན་མེད། །ཐུན་མོང་མ་ ཡིན་གང་འདིར་བྲི། ། ད་ལྟའི་ཤིང་རྟ་རྣམས་ཀྱི(་ནི?)། །ཇི་བཞིན་མ་རྟོགས་གནད་གང་དག །ཟབ་མོ་ཟབ་པར་ སྣང་བ་རྣམས། །བླ་མའི་ཞལ་ལས་གསལ་བར་ཞུས། ། འདིར་རྒྱུད་སྡེ་ལྔའི་ཡང་སྙིང་རྫོགས་རིམ་ནི་གུ་ཆོས་དྲུག་ཅེས་གྲགས་པ། མཁའ་འགྲོའི་ ཞལ་གདམས་ཐུན་མོང་མ་ཡིན་པ། ཁྱབ་བདག་སྡོམ་པའི་ངོ་བོ་རྗེ་བཙུན་ཀུན་དགའ་སྙིང་ པོའི་ཞལ་སྔ་ལས་བྱུང་བ་འདི་རྣམས་བཀའ་གྲོལ་སྟེ། ཟིན་བྲིས་སུ་བྱ་བ་ནི། སྤྱིར་ནི་གུ་ཆོས་དྲུག་ལ། རྒྱས་འབྲིང་བསྡུས་གསུམ་ཤིན་ཏུ་བསྡུས་ པ་དང་བཞི་ལས། འདིར་བསྡུས་པ་ཉམས་ལེན་གནད་དུ་སྒྲིལ་བ་འདི་ལ། དང་པོར་གནས་ དབེན་པར། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། གནས་ཁང་འདི་ཉིད་ཐ་མལ་མ་ཡིན་པ་བདེ་ བ་ཅན་ལྟ་བུའམ། མངོན་དགའ་ལྟ་བུའམ། སངས་རྒྱས་ཐམས་ཅད་འདུས་པའི་དྲིན་ཅན་རྩ་ 24-1-174 བའི་བླ་མའི་མཁྱེན་པའི་ཡེ་ཤེས་ལས་སྤྲུལ་པའི་དག་པའི་ཞིང་དུ་བསམ། ཐོག་མར་དལ་ འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། འཁོར་བའི་ཉེས་དམིགས་བསམ་ ཞིང་ཅི་ནས་ཀྱང་དམ་པའི་ཆོས་ཞིག་བྱ་དགོས་པ་འདུག དེ་ཡང་ནམ་འཆི་ཆ་མེད་པས། ད་ ལྟ་ཉིད་དུ་བྱ་སྟེ། བཤད་སྒྲུབ་གཉིས་ལས་སྒྲུབ་པ་ཉམས་སུ་བླང༌། དེའི་ནང་ནས་ཟབ་ལམ་ ནི་གུའི་ཆོས་དྲུག་(ཚེག་བར་ཁ་ཤས་མི་གསལ།)། དེ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ ལས། དང་པོ་ལ་ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས། དང་པོ་ ཐུན་མོང་གི་སྔོན་འགྲོ། སྐྱབས་འགྲོ་སེམས་བསྐྱེད། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དག་བྱེད་ ཨ་ཡི་སྟོང་རའོ། ། དང་པོ་ནི་ལུས་རྣམ་སྣང་གི་ཆོས་བདུན་ནམ། ལུས་གནད་ཅི་རིགས་པར་བྱས། རང་གི་ མདུན་གྱི་ནམ་མཁའི་དབྱིངས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི་ཡངས་ཤིང་རྒྱ་ ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་དང་ཉི་མ་དང་ཟླ་བའི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་ བསྣོལ་ཏེ་འཛིན་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང༌། དར་གྱི་ན་བཟའ་དང་རིན་པོ་ཆེས་ བརྒྱན་པ། བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པར་བསམ། དེ་ལ་བདག་དང་ བདག་གི་ཕ་མ་སྡང་བའི་དགྲ་གནོད་བྱེད་ཀྱི་བགེགས། ཡུལ་དེའི་གཞི་བདག་གཙོར་བྱས་ རིགས་དྲུག་གི་སེམས་ཅན་ཐམས་ཅད་སྐྱབས་ཞུ་བར་བློ་ལིང་བཀལ་ཏེ། མྱང་འདས་ཀྱི་སར་ སྐྱེལ་ལམ་ངན་སོང་དུ་(སྐྱུར་?)རམ། སྐྱིད་སྡུག་ཅི་བྱུང་ཡང༌། བླ་མ་རང་མཁྱེན་སྙམ་པས། སྐྱབས་སུ་འགྲོ་སྟེ་ངག་ནས་འགྲོ་(བ་ནམ་མཁའ་?)དང་མཉམ་པའི་སེམས་ཅན་ཐམས་ཅད་ དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། སྐྱབས་ཀུན་འདུས་ 24-1-175 བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆི་ལགས་སོ། །ཞེས་ལན་བདུན་དགུ་ཉེར་གཅིག་བརྒྱ་སོགས་ ཅི་ནུས་བྱ། མདུན་གྱི་བླ་མ་རྡོ་རྗེ་འཆང་དེ་འོད་དུ་ཞུ་ནས་རང་ལ་ཐིམ་པས། བླ་མའི་ཐུགས་ དང་རང་གི་སེམས་དབྱེར་མེད་ཆུ་ལ་ཆུ་བཞག་མར་ལ་མར་བཞག་པ་ལྟ་བུར་བསམ། བདེ་ སྡུག་(ཚེག་བར་ཁ་ཤས་མི་གསལ།)གང་ཡང་ཡིད་ལ་མི་བྱེད་པར་སེམས་ཧད་དེ་མཉམ་བཞག་ གསུངས། སེམས་བསྐྱེད་ནི་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་ མར་མ་གྱུར་པ་མེད། དེ་ཡང་ལན་རེ་ཙམ་མ་ཡིན་ཡང༌(ཚེག་བར་ཁ་ཤས་མི་གསལ།)དང་བྱམས་ པས་བསྐྱངས་པའི་ཕ་མ་ཡིན། འདི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་སྙམ་ པས། ངག་ནས་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་ བྱ། དེའི་ཕྱིར་དུ་ཟབ་ལམ་ནི་གུའི་ཆོས་དྲུག་ཉམས་སུ་བླང་བར་བགྱིའོ། ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། དག་བྱེད་ཨའི་སྟོང་ར་སྟོང་ར། ནད་གདོན་ སེལ་བྱེད། རྟགས་གསུམ་སྟོང་རའི་ཁྱད་པར་དང༌(ཚེག་བར་ཁ་ཤས་མི་གསལ།)རང་གི་སྤྱི་བོར་ པདྨ་དང་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ། སྐུ་གཟི་མདངས་དང་ལྡན་པ་ལྟ་བས་ཆོག་ མི་ཤེས་པ། བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པར་གསལ་བཏབ། ངག་ཏུ་ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེ། སེམས་ཅན་ཐམས་ ཅད་ཀྱི་དོན་དུ་བདག་གི་ནད་གདོན་ཐམས་ཅད་ཞི་བར་མཛད་དུ་གསོལ། སྡིག་སྒྲིབ་ཐམས་ ཅད་དག་པར་མཛད་དུ་གསོལ། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་ཅི་ནུས་བྱ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ཀླད་པ་གཏི་མུག་གི་རང་ བཞིན་ཅན་སྦྱངས་ནས་ཐོད་པ་དུང་དཀར་གྱི་གཞལ་ཡས་ཁང་ལྟ་བུ། དཀར་གསལ་འོད་ དང་ལྡན་པ་མདོར་ན་འཇའ་འོད་དཀར་པོའི་གུར་ཁྱིམ་ལྟ་བུར་གསལ་བཏབ། དེའི་དབུས་སུ་ ཆོས་འབྱུང་དཀར་པོ་གྲུ་གསུམ་རྩ་བ་ཕྲ་བ་མགྲིན་པར་ཟུག་པ། གདེངས་ཆེ་བ་གྱེན་དུ་བསྟན་ 24-1-176 པ། གྲུ་གཅིག་མཛོད་སྤུ་དང༌། གཉིས་རྣ་ལྟག་གཡས་གཡོན་དུ་བསྟན་པ། དཀར་ཞིང་གསལ་ བ། དེའི་དབུས་སུ་ཨ་དཀར་པོ་དཀར་གསལ་འཚེར་ལ་འོད་འཕྲོ་བ། ཕྱེད་ཆོས་འབྱུང་གི་ནང་ དུ་གསལ་ཞིང༌། ཕྱེད་ཆོས་འབྱུང་གི་ནང་དུ་རྣམ་ཕྱང་གི་ཚུལ་དུ་བསམ། དེ་ལ་རང་གི་སེམས་ གཏད་དེ། ཅི་ནུས་ནུས་བསྒོམ། འཇོག་ཁར་ཨ་དེ་ལས་བདུད་རྩི་དཀར་པོ་སྐྱ་ནར་བྱུང༌། ཆོས་ འབྱུང་གི་ནང་ཐམས་ཅད་གང་སྟེ་ལུད་ནས། ཐོད་པ་དང༌། ལུས་ཀྱི་ནང་སེན་མོ་དང་བ་སྤུ་ སྐྲའི་ནང་ཐམས་ཅད་གང་ནས། བདག་གི་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་ཐམས་ ཅད་དབང་པོའི་སྒོ་དང་། བ་སྤུའི་བུ་ག་ནས་བདུད་རྩིས་དེད་པའི་ཚུལ་གྱི་དུད་ཁུའི་རྣམ་པས་ ནག་ནུར་ནུར་ཐོན་པར་བསམ། ཡང་བདུད་རྩི་ཚངས་བུག་ནས་ལུས་ཀྱི་ཕྱི་ནས་མར་དཀར་ ཞལ་བྱུང་བའི་སྣ་ལ་སྔར་བཞིན་སྡིག་སྒྲིབ་ནག་ནུར་བྱུང་ས་འོག་ཐག་རིང་དུ་སོང་བར་བསམ། རང་གི་ལུས་དེ་དཀར་གསལ་དྭངས་པ། འཇའ་འོད་དཀར་པོའི་གུར་ཁྱིམ་ལྟ་བུར་བསམ་ལ་ ཅུང་ཟད་མཉམ་པར་བཞག གཉིས་པ་ནད་སེལ་བའི་དམིགས་པ། སྟོང་ར་ཇི་ལྟར་བསྒོམ་རྗེས་ལ། ཨ་ལས་བདུད་ རྩི་བབས། གྲང་པའི་ནད་ཕལ་ཆེར་ལུས་ཀྱི་སྨད་ན་གནས་པས། ཨ་ལས་བདུད་རྩི་ཁ་དོག་ དམར་བ་རེག་བྱ་ཚ་བའི་རྣམ་པ་བྱུང་ནས། གང་ན་བའི་ས་དེར་བབས་པས་ནད་ཁ་དོག་སྔོན་ པོ་དུ་བ་ལྟ་བུ་དེའི་ཐད་ཀྱི་བུ་ག་ནས་བུན་གྱིས་ཕྱིར་བརྡས་པར་བསམ་མོ། །ཚ་བའི་ནད་ཕལ་ ཆེར་སྟོད་ཀྱི་ཡུལ་དུ་བྱུང་ལ། དེ་ལ་ཨ་ལས་བདུད་རྩི་དཀར་ཞིང་བསིལ་བ་ག་བུར་གྱི་རྒྱུན་ལྟ་ བུ་བྱུང་ནས་གང་ན་བའི་ས་དེར་བབས་པས། ནད་དེ་ཁ་དོག་དམར་བུན་གྱིས་ཕྱིར་བརྡས་པར་ བསམ། རླུང་གི་ནད་ལ་བདུད་རྩི་དེ་ལྕི་ཞིང་སྣུམ་པའི་རྣམ་པས། གང་ན་བའི་གནས་དེ་ནས་ ཕྱིར་བརྡས་པར་བསམ། གདོན་སེལ་བའི་དམིགས་པ་ནི་སྟེང་གི་གདོན་ལ། ཨ་ལས་ངོ་བོ་ བདུད་རྩི་ཡིན་པ། ཁྲོ་བོ་ཕྱག་རྡོར་གྱི་རྣམ་པ་དཔག་ཏུ་མེད་པ་བྱུང་སྟེ། ཡེ་ཤེས་ཀྱི་མེས་གཞོབ་ 24-1-177 ཐུལ་གྱིས་བསྲེགས་པ་དང༌། དཔག་ཚད་སོགས་རྒྱང་རིང་དུ་བསྐྲད་པར་བསམ། དེ་བཞིན་དུ་ རྒྱལ་པོ་ལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན། ཀླུ་སོགས་འོག་གདོན་ལ་ཕྱག་རྡོར་དང་ཡེ་ཤེས་ཁྱུང་ཁྲ། བདུད་སྡིག་ཅན་དང་ལྷའི་བདུད་སོགས་ཆོས་ལ་བར་དུ་གཅོད་པ་ལ་ཁྲོ་བོའི་རྒྱལ་པོ་མི་གཡོ་ བ་དང༌། གདོན་བགེགས་ཐམས་ཅད་འདུལ་བར་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་དཔག་ཏུ་མེད་ པ་བྱུང་ནས། གོང་བཞིན་བསད་ཅིང་བསྐྲད་པར་བསམ་པའོ། ། གསུམ་པ་རྟགས་གསུམ་སྟོང་རའི་ཁྱད་པར་ལ། རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་ སུ། ཉམས་ཀྱི་སྣང་བ་དང༌། རྨི་ལམ་ལྟ་བུར་ནམ་མཁའ་ལ་འཕུར་བ་དང༌། ལུས་ལ་ཁྲུས་བྱ་ བ་དང༌། གོས་དཀར་པོ་གྱོན་པ་སོགས་ཀྱང་རྟགས་སུ་འཛིན་ལ། ཁྱད་པར་བློ་ཆོས་སུ་འགྲོ་ བ་དང༌། བླ་མ་ལ་དད་པ་ཆེར་སོང་བ། དགེ་སྦྱོར་ལ་བློ་ཕྱོགས་ཤིང་གཉིད་སོགས་ཆུང་དུ་སོང་ བ་རྣམས་ནི་སྡིག་སྒྲིབ་དག་པའི་རྟགས་སོ། །ནད་དག་པའི་རྟགས་སུ་རྨི་ལམ་མམ་གཉིད་ཀྱི་ སྣང་བ་ལ། ལུས་ལ་གནག་ཁྲག་འཛག་པ་སོགས་འབྱུང་བའོ། །གདོན་འཐོན་པའི་རྟགས་སུ། སྡོམ་དང་སྡིག་པ་དང༌། སྦྲུལ་སོགས་སྲོག་ཆགས་ལུས་ལས་འཐོན་པ་འབྱུང་བའོ། ། འདིར་གསུངས་པ། བདེ་ཆེན་འཁོར་ལོ་ཟླ་བའི་ཆ། །སྐྱེ་མེད་ཡིག་འབྲུ་དམ་པ་ལས། །ཡེ་ ཤེས་བདུད་རྩི་རྟོག་བབས་པས། །དྲི་མའི་དྲི་མ་ཀུན་བཀྲུས་སོ། །ཞེས་གསུངས། དངོས་གཞི་ལ་དྲུག་སྟེ། ཐར་ལམ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་གཉིད་འཁྲུལ་རང་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་ རྒྱས། བར་དོ་རྒྱལ་བ་ལོངས་སྐུའོ། །དེ་ཡང་། གཏུམ་མོ་ལམ་གྱི་རྨང་རྡོ་ཡིན། །སྒྱུ་ལུས་ལམ་ གྱི་གཞུང་ཤིང་ཡིན། །རྨི་ལམ་ལམ་གྱི་ཚོད་འཛིན་ཡིན། །འོད་གསལ་ལམ་གྱི་འབྲས་བུ་ཡིན། ། འཕོ་བ་ལམ་གྱི་སྐྱེལ་མ་ཡིན། །བར་དོ་ལམ་གྱི་བསུ་མ་ཡིན། ། དང་པོ་ཐར་ལམ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ལས། སྔོན་འགྲོ་ལུས་ 24-1-178 གནད་མེའི་སྟོང་ར་ནི། ལུས་གནད་ལུས་རྣམ་སྣང་ཆོས་བདུན་བཅས། རང་གི་སྤྱི་བོར་པདྨ་ དཀར་པོ་ཟླ་བའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ ཞལ་གཅིག་ཕྱག་གཉིས་པ་མཚན་དཔེ་གོང་བཞིན། བདག་ལ་དགྱེས་པའི་ཞལ་འཛུམ་བག་ དང་ལྡན་པར་བསྒོམ། ངག་ཏུ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་ རིན་པོ་ཆེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་གི་ལུས་ལ་བདེ་དྲོད་ཁྱད་པར་ཅན་སྐྱེ་ བར་མཛད་དུ་གསོལ། སེམས་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བར་མཛད་དུ་ གསོལ། ཞེས་ཅི་མང་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་འཆང་དེ་འོད་དུ་ཞུ་ནས་རང་ལ་ཐིམ་ པས། ཅུང་ཟད་མཉམ་པར་བཞག རང་སྐད་ཅིག་གི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་ དམར་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ པ། ཞབས་གཡས་བརྐྱངས་གཡོན་ཅུང་ཟད་བསྐུམ་པ། མི་རོ་དཀར་པོ་མགོ་གཡས་སུ་བསྟན་ པའི་སྙིང་ཁ་མནན་པ་མི་མགོ་སྐམ་པོ་ལྔ་ཡི་དབུ་རྒྱན། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་ པའི་རྒྱན་ལྔ་དང་ལྡན་པ། སྐུ་དམར་ཞིང་གསལ་བ་མེའི་རང་བཞིན་ཅན་ཚ་ཞིང་ཁོང་སྟོང་དུ་ བསམ། ལྟེ་བའི་ཐད་ཀྱི་ནང་དུ་མེའི་གོང་བུ་དམར་ཞིང༌། ཚ་བ་གང་ལ་རེག་ཀྱང་འབར་འགྲོ་ བ་ལྟ་བུ། ལྟེ་བའི་ཐད་ཀྱི་རྒྱབ་མདུན། མཁལ་མའི་ཐད་གཉིས་ཏེ་བཞིར་མེ་བྱ་སྒོང་ཙམ་བཞི་ དམིགས་ལ། རླུང་རོ་ལན་གསུམ་མམ་དགུ་སྦུད། དེ་ནས་རླུང་དལ་བུས་ནང་དུ་བརྔུབས་ལ། ལྟེ་བའི་འོག་ཏུ་ཕྱིར་མནན། འོག་རླུང་ཅུང་ཟད་འཐེན་ལ། ལྟོ་བ་ཅུང་ཟད་བསྐུམ་པས་མེ་སྒོང་ རྣམས་གཅིག་ལ་གཅིག་འཐབ་སྟེ། མེ་སྟག་དམར་སྐྱས་ལུས་ཀྱི་ནང་ཐམས་ཅད་མེའི་རང་ བཞིན་རབ་ཏུ་ཚ་བར་བསམ། རླུང་འཛིན་ཐེངས་བདུན་ཡན་བྱ་གསུངས། གཉིས་པ་དངོས་གཞི་བྱིན་རླབས་བླ་མའི་གཏུམ་མོ། གཏུམ་མོ་ཟས་སུ་ཟ་བ། གོས་སུ་ གྱོན་པ། གདན་དུ་བཏང་བའོ། ། 24-1-179 དང་པོ་ནི་རང་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པའི་བར་གོང་བཞིན། རང་རྡོ་རྗེ་རྣལ་འབྱོར་ མ་ཁོང་སྟོང་དེའི་ལུས་ཀྱི་དབུས་ནས་ཡར་རྩ་དབུ་མ་ཁ་དོག་དམར་བ་སྦ་ལྕག་ཕྲ་བ་ཙམ། རྩ་ བ་ལྟེ་འོག་སོར་བཞིར་ཟུག་པ། ཡས་སྣ་ཚངས་བུག་ཏུ་གཅད་ཁའི་ཚུལ་དུ་གནས་པ། མཚན་ ཉིད་བཞི་དང་ལྡན་པ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་སྣལ་མ་ལྟར་ཕྲ་བ། ཏིལ་གྱི་མར་ མེ་ལྟར་གསལ་བ། རྒྱ་སྐྱེག་གི་ཁུ་བ་ལྟར་དམར་བ། ལུས་ཀྱི་དབུས་ལས་ཅུང་ཟད་རྒྱབ་ཏུ་ཉེ་ བ་ཙམ། དེ་ཡང་དམར་དྭངས་སྲབ་ཅིང་ཁོང་སྟོང༌། དེའི་གཡས་སུ་རོ་མ་དམར་མོ། གཡོན་དུ་ རྐྱང་མ་དཀར་མོ། དེ་གཉིས་དབུ་མ་ལས་བུན་འགྲོས་ཀྱི་ཕྲ་བ་མས་སྣ་གཉིས་དབུ་མའི་ནང་ དུ་ཅུང་ཟད་ཚུད་ཅིང༌། ཡས་སྣ་གཉིས་ཚངས་བུག་དུ་དབུ་མ་ལ་བཀབ་པའི་ཚུལ་གྱིས་མདུན་ དུ་བཀུག་ནས་ཅུང་ཟད་གྱེས་པ་སྣ་གཉིས་སུ་ཟུག་པ། དབུ་མའི་ནང་གི་ཡས་སྣར་ཧཾ་མགོ་ཐུར་ དུ་བསྟན་པ་སོར་གང་ཙམ། མས་སྣར་རཾ་དམར་པོ་སོར་གང་ཙམ་མགོ་གྱེན་ལྟ་བར་བསམ། རང་གི་གསང་སྒོར་རླུང་གི་དཀྱིལ་འཁོར་ཟླ་གམ་སྔོ་སྐྱ་རབ་ཏུ་གཡོ་བར་བསམ། རླུང་རོ་ལན་ དགུ་ཕྲུགས་སུ་བུས། དལ་བུས་ནང་དུ་རྔུབ། ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ལ། ལྟེ་བའི་རཾ་དེ་དྲིན་ཅན་རྩ་བའི་བླ་མ་རྣལ་འབྱོར་མའི་རྣམ་པ་ཅན། སྐུ་མདོག་དཀར་པོ་ཞལ་ གཅིག་ཕྱག་གཉིས། གཡས་ཌཱ་མ་རུ་དང༌། གཡོན་ཀ་པཱ་ལ་དང༌། ཁ་ཊྭཱཾ་ག་བསྣམས་ཤིང༌། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྐུའི་ཕྱི་ནང་ཐམས་ཅད་མེའི་རང་བཞིན། དེ་ལས་ཆེས་ རབ་ཏུ་འབར་དབུ་མའི་ནང་ཐམས་ཅད་གང༌། ཡས་སྣའི་ཧཾ་ཡང་ཕུག་སྟེ། ཚངས་བུག་ནས་ ཐོན། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མེ་ལྕེས་རེག་ཅིང་བདེ་ དྲོད་ཀྱི་མཆོད་པས་མཉེས་པར་བྱས། དེ་རྣམས་དགྱེས་ནས་འོད་དུ་ཞུ་བ། མར་ཞུ་བ་ལྟ་བུ་མེ་ ལྕེ་དང་བཅས་རང་གི་ཚངས་བུག་ནས་ཞུགས་ཧཾ་ལས་བདུད་རྩི་དཔག་ཏུ་མེད་པ་བབས། ལྟེ་ བའི་བླ་མ་ལ་འཕོག་པས། འགར་གྱི་ལྕགས་སྲེག་པ་ལ་མར་ཁུ་ཕོག་པ་ལྟར། སིར་སྒྲ་དང་ 24-1-180 བཅས་འབར། མེས་ལུས་གང་སྤྱི་བོའི་ཧཾ་ལ་འཕོག བདུད་རྩི་བབས་པ་སྐྲ་ཤད་འཛིངས་པ་ལྟ་ བུ་སེམས་གཏད་ལ་མཉམ་པར་བཞག་གསུངས། བྱིན་རླབས་བླ་མའི་གཏུམ་མོ་འདི་གཏུམ་ མོ་དངོས་གཞིའི་དུས་སུ་ལན་གསུམ་ལྔ་ཙམ་བསྒོམས་ན་ལུས་ལ་བདེ་དྲོད་སྐྱེ་བར་འགྱུར་བ་ གཞན་ལ་མེད་པའི་ཁྱད་ཆོས་ཡིན་གསུང༌། གཉིས་པ་གཏུམ་མོ་ཟས་སུ་ཟ་བ་ནི། ལུས་གནད་དང་རང་རྡོ་རྗེ་རྣལ་འབྱོར་མར་བསམ་ པའི་བར་དང༌། རྩ་གསུམ་གསལ་གདབ་པ་སོགས་གོང་བཞིན། རླུང་རོ་དགུ་ཕྲུགས་སུ་བུས། དལ་བུས་ནང་དུ་རྔུབ། ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་པས་རླུང་གཡོས་རཾ་ལ་ འཕོག་མེ་འབར་མེ་རབ་ཏུ་ཕྲ་བ་སྐྲ་དུམ་བརྒྱར་བཏང་བའི་ཆ་ཙམ་དམར་ཞིང་གསལ་བ་དབུ་ མའི་ནང་ནས་ཡར་སོང༌། སྤྱི་བོའི་ཧཾ་ལ་འཕོག་པས། ཧཾ་ལས་བདུད་རྩི་སྐྱ་ནར་བྱུང་བ། བ་ ཐག་གམ་སྡོམ་ཐག་ལྟ་བུ་ཕྲ་བ་ཐུར་དུ་བབས། རཾ་ལ་འཕོག་པས་མེ་ཤིན་ཏུ་ཕྲ་བ་མང་དུ་བྱུང༌། ཧཾ་ལས་བདུད་རྩི་མང་དུ་བྱུང་བ། དབུ་མའི་ནང་སྐྲ་ཤད་འཛིངས་པ་ལྟ་བུ་ལ་མཉམ་པར་ བཞག རླུང་འཛིན་ཐེངས་བརྒྱད་ཡན་ཅི་མང་བྱ་གསུངས། གསུམ་པ་གོས་སུ་གྱོན་པ་ནི། དམིགས་པ་གོང་གི་དེ་ཀའི་ངང་ནས། མཐར་དབུ་མ་ དང་ལུས་ཀྱི་ཕྱི་ནང་ཐམས་ཅད་མེར་སོང༌། རང་གི་གོས་ཀྱང་མེ་རབ་ཏུ་འབར་བ། མདོར་ན་ གནས་ཁང་གི་ཕྱི་ནང་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མེ་འབར་བར་བསམ་མོ། ། བཞི་པ་སྟན་དུ་འདིང་པ་ཡང་གོང་ལྟར་མེ་རབ་ཏུ་འབར་ནས་རང་གི་སྟན་དང་ས་གཞི་ ཐམས་ཅད་རབ་ཏུ་འབར་བར་བསམ། དེ་རྣམས་ཐུན་རྣམས་ཡང་ཡང་བྱ་གསུང༌། རླུང་རྟར་ ཞོན་པ་ཞེས་པ་ཡང༌། གང་དུ་འགྲོ་བའི་དུས་སུ། ལུས་གནད་མེ་ཏོག་གྲུབ་ཆིང་བཅས། རླུང་ ཁུག་པ་ཉེར་ཅིག་བཟུང༌། དེ་ནས་ལག་པ་གཉིས་མེ་ཏོག་གྲུབ་ཆིང་ལྟར་བྱས་ལ། འཆན་ཁུང་ དུ་རླུང་གི་ལྷ་མོ་དཀར་ལྗང་རེ་བསམ། དེ་གཉིས་ཀྱིས་བཏེག་ནས་གང་འདོད་པའི་ས་དེར་ 24-1-181 སྐད་ཅིག་གི་སླེབ་པར་བསམ་པས། སྐད་ཅིག་གིས་སླེབ་པར་འགྱུར་རོ། ། གསུམ་པ་རྗེས་ལ་གཉིས་ཏེ། སྲིད་པའི་དབང་ཞུ་བ་དང་། བགེགས་རང་གྲོལ་ལོ། །དང་ པོ་ལུས་གནད་དང་བླ་མ་བསྒོམ་པའི་བར་སྔར་བཞིན་ལས། རང་རྡོ་རྗེ་རྣལ་འབྱོར་མར་ གསལ་ཞིང༌། འཇིག་རྟེན་པའི་ཚོགས་ཁམས་སུ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པ། བློས་ཁྱུད་ཚད་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ། ཡིད་ཀྱིས་སྤྲུལ་ནས་འབུལ་བར་ བསམ་ཞིང༌། ངག་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ ཆེ་ལ་ཕྱི་མེ་ཏོག་བདུག་སྤོས། ནང་ཤ་ལྔ་བདུད་རྩི་ལྔ། གསང་བ་བདེ་སྟོང་གི་ཡེ་ཤེས། ཡང་ གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དམ་པ་འདི་འབུལ་ལོ། །བཞེས་ནས་བདག་ལ་དབང་བཞི་ རྫོགས་པར་བསྐུར་བར་མཛད་དུ་གསོལ། །ཞེས་པ་གསོལ་བ་བཏབ་ཅིང་མཉམ་པར་བཞག་ པས་བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་དཀར་པོ་དཔག་ཏུ་མེད་པ་བྱུང་བ། རང་གི་སྤྱི་བོ་ནས་ ཞུགས། སྨིན་མཚམས་ཡན་ཆད་གང༌ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་ཡན་ ཆད་གང་ངག་གི་དྲི་མ་དག གསང་བའི་དབང་ཐོབ། སྙིང་ཁ་ཡན་ཆད་གང་ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་རྐང་མཐིལ་ཡན་གང༌། བླ་མ་ཡང་འོད་དུ་ཞུ། རང་གི་ལུས་ ལ་ཐིམ། བླ་མའི་སྐུ་གསུང་ཐུགས་དང༌། རང་གི་ལུས་ངག་ཡིད་གསུམ་ཆུ་ལ་ཆུ་བཞག་པ་དང་། མར་ལ་མར་བཞག་པ་ལྟ་བུ་དབྱེར་མེད་དུ་བསམ། ཅུང་ཟད་མཉམ་པར་བཞག ལུས་ངག་ ཡིད་གསུམ་གྱི་དྲི་མ་དག དབང་བཞི་ཐོབ་པར་བསམ་གསུངས། བླ་མའི་རྣལ་འབྱོར་འདི་ ཟུར་དུ་བྱེད། སྐྱབས་གསུམ་སྔོན་དུ་སོང་ནས་བྱ་གསུངས། གཉིས་པ་བགེགས་རང་གྲོལ་ནི། ལུས་ཀྱི་སྟོད་སྨད་ལ་ནད་བྱུང་ན། འཁྲུལ་འཁོར་དང་། དམིགས་པའི་བགེགས་སེལ་གསུངས། འདིར་གསུངས་པ། ཐིག་ལེ་འབར་འཛག་དགའ་བཞིའི་འགྲོས། །བདེ་སྟོང་ཡེ་ཤེས་རྨད་ 24-1-182 བྱུང་པས། །སངས་རྒྱས་ལག་རྩེར་སྐད་ཅིག་ལའོ། །ཞེས་གསུངས། གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གསུམ་སྟེ། དབང་པོ་རབ་བླ་མ་དམ་པ་ གྲོགས་སུ་བརྟེན། འབྲིང་ཚིག་གཞན་གྱིས་བར་མ་ཆོད་པ། ཐ་མ་མལ་ཅིག་ཏུ་ཏིང་ངེ་འཛིན་ སྐྱོང་བའོ། ། དང་པོ་ལ་གཉིས་ཏེ། མོས་གུས་བླ་མའི་རྣལ་འབྱོར་ལམ་ཁྱེར་དང༌། སྤྱིར་སྣང་བདེན་ མེད་ལམ་ཁྱེར་རོ། ། དང་པོ་ནི་ལུས་གནད་ཅི་རིགས་སུ་བྱས་ལ། པདྨ་དང་ཉི་མའི་གདན་གྱི་སྟེང་དུ་རང་ཉིད་ དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ དྲིལ་བུ་འཛིན་པ། ཡུམ་ལ་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་ དོ་ཤལ་འཆང་ཞིང་རུས་པའི་རྒྱན་དྲུག་གིས་བརྒྱན་དང་ལྡན་པ། སྟག་གི་ལྤགས་པའི་ཤམ་ ཐབས་ཅན། ཞབས་གཡས་བརྐྱང་གཡོན་ཅུང་ཟད་བསྐུམ་པའི། གཡོན་གྱི་འཇིགས་བྱེད་སྔོན་ པོ་དང༌། གཡས་ཀྱི་དུས་མཚན་མ་དམར་མོ་མནན་པ། ཞལ་གཅིག་ཕྱག་གཉིས་གཡས་གྲི་ གུག་དང༌། གཡོན་ཐོད་ཁྲག་འཛིན་པ་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་ དོ་ཤལ་ཅན། རུས་པའི་རྒྱན་ལྔ་དང་ལྡན་པ་ཡབ་ལ་འཁྱུད་པ་ཅིག་ཏུ་བསམ། རང་གི་སྤྱི་ བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། སྣ་ཚོགས་པདྨ་ དང་ཉི་མ་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ དང༌། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཤིང༌། དར་གྱི་ན་བཟའ་དང་རིན་པོ་ཆེས་བརྒྱན་ པ། བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པར་བསམ་ལ། དེའི་ཐུགས་ཀ་ནས་འོད་ ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ། སངས་རྒྱས། ཆོས། དགེ་འདུན། 24-1-183 མཁའ་འགྲོ་ཆོས་སྐྱོང་། མདོར་ན་སྐྱབས་ཡུལ་ཐམས་ཅད་སྤྱན་དྲངས། སྤྱི་བོའི་བླ་མ་རྡོ་རྗེ་ འཆང་ལ་ཐིམ་པས་བླ་མ་ཀུན་འདུས། ཡི་དམ་ཀུན་འདུས། སངས་རྒྱས་ཀུན་འདུས། དགེ་ འདུན་ཀུན་འདུས། མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་གསོལ་བ་བཏབ་ན་ཨ་ཅང་ ཆེ། མཚན་ཐོས་པས་ཀྱང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱབས་ནུས་པ་གཅིག་ ཏུ་བསམ། དེའི་མདུན་དུ་བདག གཡས་སུ་ཕ། གཡོན་དུ་མ། གཞན་ཡང་སྡང་བའི་དགྲ། གནོད་པར་བྱེད་པའི་བགེགས། ཡུལ་དེའི་གཞི་བདག་གི་གཙོ་བྱས་རིགས་དྲུག་སེམས་ཅན་ ཐམས་ཅད་ཡིད་མོས་གུས་ཀྱི་དུང་ཤུགས་དྲག་པོས་ལུས་ཀྱི་སྐོར་བ། ངག་གི་གསོལ་འདེབས་ ཀྱི་འུར་ལྡིར་དང༌། གཞན་ཡང་ས་རྡོ་རི་བྲག་འབྱུང་བའི་སྒྲ་རྣམས་ཀྱང༌། གསོལ་འདེབས་ཀྱི་ སྒྲར་བསམ་ཞིང་ངག་ནས་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། བླ་མ་རིན་ པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་བྱིན་གྱིས་བརླབ་ཏུ་ གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྒྱུ་ལུས་འབྱོང་བར་མཛད་ དུ་གསོལ། རྨི་ལམ་འབྱོང་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་ གྲུབ། ད་ལྟ་ཉིད་དུ། མྱུར་བ་ཉིད་དུ། འདུག་ས་འདི་ཉིད་དུ་ཐོབ་པར་མཛད་དུ་གསོལ། ཞེས་ གསོལ་བ་དྲག་ཏུ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་ཐིམ་ཞིང༌། ད་ལྟའི་སྣང་བ་འདི་ཚུགས་ མི་ཐུབ་པའི་ཉམས་རྩི་བུན་པ་ལ། སེམས་གཏད་ལ་མཉམ་པར་བཞག་གསུངས། གཉིས་པ་ཕྱིར་སྣང་བདེན་མེད་ནི། མཉམ་པར་བཞག་པས་སེམས་འཕྲོ་ན་སེམས་ལ་ རྣམ་རྟོག་གི་ཉམས་སྤྱི་ཤར་ཡང༌། འདི་ཉམས་ཙམ་མ་གཏོགས་བདེན་པར་གྲུབ་པ་ཅིག་ཀྱང་ མེད། སྒྱུ་མ་ལྟ་བུ་ཡིན། ཆུ་ནང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་ནམ། མདང་གི་རྨི་ ལམ་བཞིན་དུ་སྣང་ཡང་བདེན་པར་གྲུབ་པ་ཅིག་ཀྱང་མེད་པར་ཐག་བཅད་ལ་མཉམ་པར་ བཞག་གསུངས། 24-1-184 གཉིས་པ་དབང་པོ་འབྲིང་གི་ཚིག་གཞན་གྱིས་བར་མ་ཆོད་པར་ཁྲིད་པ་ལ་གཉིས་ཏེ། རང་ལུས་སྣང་སྟོང་ལྷ་སྐུ་དང༌། སྤྱིར་སྣང་སྒྱུ་མ་ལམ་ཁྱེར་རོ། ། དང་པོ་ནི་རང་ཡི་དམ་དུ་བསྐྱེད་ལ། བླ་མ་རྡོ་རྗེ་འཆང་དུ་བསྐྱེད་པ་གོང་བཞིན། བླ་མ་ལ་ གསོལ་བ་བཏབ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། ཅུང་ཟད་མཉམ་པར་བཞག་ཅིང༌། རང་ ཡི་དམ་དུ་གསལ་བ་འདི་ཡང་སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ཆུ་ནང་གི་ཟླ་བ་མེ་ལོང་ནང་གི་ གཟུགས་བརྙན་ལྟར་བདེན་མེད་དུ་སོང་བར་མཉམ་པར་བཞག་གསུངས། གཉིས་པ་སྤྱིར་སྣང་སྒྱུ་མ་ལམ་ཁྱེར་ནི། སེམས་ལ་སྣང་བའི་རི་ཁང་ཁྱིམ་དངོས་པོ་ སོགས་དང༌། སྣང་གྲགས་ཀྱི་ཆོས་ཐམས་ཅད། སྒྱུ་མ་རྨི་ལམ་སོགས་སུ་བདེན་མེད་ཀྱི་སྟེང་དུ་ འཛིན་མེད་དུ་མཉམ་པར་བཞགས་གསུངས། གསུམ་པ་དབང་པོ་ཐ་མ་མལ་གཅིག་ཏུ་ཏིང་ངེ་འཛིན་བསྐྱེད་པ་ལ་བཞི་སྟེ། འགྲོ་དྲུག་སྒྱུ་ མར་འཆར་བྱེད། ནད་གདོན་སྒྱུ་མ་ལམ་ཁྱེར། འཆར་བྱེད་ཡོན་ཏན་ཚོགས་དྲུག ཞེན་མེད་སྒྱུ་ མ་རང་ཤར། དང་པོ་ནི། བླ་མ་རང་ལ་ཐིམ་པའི་བར་གོང་བཞིན། རང་ཡི་དམ་དུ་གསལ་བའམ་ལྟེ་ བའི་ཐད་ཁའི་ནང་དུ་ཆོས་འབྱུང་དཀར་པོ་གྲུ་གསུམ་རྩ་བ་ཕྲ་བ་གསང་གནས་སུ་ཟུག་པ་ གདེངས་ཁ་ཕྱེ་བ་གྱེན་དུ་བསྟན་པ། གྲུ་གཅིག་ལྟེ་བ་དང༌། གཉིས་མཁལ་མ་གཉིས་ཀྱི་ཐད་དུ་ ཟུག་པར་བསམ། ཅུང་ཟད་མཉམ་པར་བཞག་པས། ཆོས་འབྱུང་གི་ནང་དུ་འགྲོ་དྲུག་སེམས་ ཅན་དཔག་ཏུ་མེད་པ་ཡོད་པར་བསམས། འདི་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན། རྨི་ལམ་ལྟ་བུ་ ཡིན། བདེན་མེད་ལ་བདེན་པར་བཟུང་ནས་འཁོར་བར་འཁྱམས་པ་སྙིང་རེ་རྗེ། འདི་རྣམས་ འཁོར་བ་ལས་ཐར་བ་བླ་མ་མཁྱེན་སྙམ་པར་བྱའོ། །དེ་རྣམས་ཡལ་ནས་སྟོང་སང་ངེ་ལ་ མཉམ་པར་བཞག་གསུངས། 24-1-185 གཉིས་པ་ནད་གདོན་སྒྱུ་མ་ལམ་ཁྱེར་ལ་གཉིས་ཏེ། ནད་ལམ་ཁྱེར་དང༌། གདོན་ལམ་ ཁྱེར་རོ། །དང་པོ་བླ་མ་བསྟིམ་པའི་བར་གོང་བཞིན། རང་གི་གང་ན་ས་དེ་ག་བླ་མར་བསྒོམས་ ལ་གསོལ་བ་བཏབ། ཡང་ན་ནད་ཀྱི་ཟུག་ཟེར་དེ། འདི་དག་སྒྱུ་མ་ཡིན། རྨི་ལམ་ཡིན་བསམ་ ལ་མཉམ་པར་བཞག་གསུངས། གཉིས་པ་གདོན་ལམ་ཁྱེར་ནི། རང་ཡི་དམ་དུ་བསྐྱེད། བླ་མ་རང་ལ་བསྟིམ། གདོན་དེ་ རང་གི་མདུན་དུ་ཡོད་པར་བསམས། རང་ཡི་དམ་དུ་གསལ་བའི་ལྟེ་བའི་ནང་དུ། ཆོས་འབྱུང་ དཀར་པོ་བསམ། རླུང་བརྔུབས་པ་ན་གདོན་སྣ་བུག་ནས་ནང་ལ་དྲངས། ལྟེ་བའི་ཆོས་འབྱུང་ གི་ནང་དུ་བཅུག ཆོས་འབྱུང་གི་ཁ་བསྡུས་ལ། རླུང་གིས་དཀྲུགས་པས། གདོན་དེས་རིགས་ དྲུག་གི་གནས་རྣམས་མཐོང་ཞིང༌། སྡུག་བསྔལ་མྱོང་ནས་འགྱོད་པ་སྐྱེས་པར་བསམས། རླུང་ ཕྱིར་བུས། གདོན་དེ་སྣ་བུག་ནས་ཐོན་མདུན་དུ་དམིགས་ནས་ལན་ཆགས་ཀྱི་གཏོར་མ་སྦྱིན། སྙིང་རྗེ་བསྒོམས་པས་རིང་དུ་སོང་གཏད་མེད་དུ་ཡལ་བར་བསམ་ལ་མཉམ་པར་གཞག་ གསུངས། གསུམ་པ་འཆར་བྱེད་ཡོན་ཏན་ཚོགས་དྲུག་ནི། དྲོད་སྐྱེ་ཐིག་ལེ་ཐུབ་རྨི་ལམ་འབྱོངས་ ཡུལ་སྣང་སེམས་ཅན་སྨིན་གྲོལ་སྒྱུ་མ་རང་ཤར་དེ། སྒྱུ་མ་ལ་སྦྱངས་པས་དྲུག་དྲུག་སྐྱེ་བའོ། ། བཞི་པ་ཞེན་མེད་སྒྱུ་མ་རང་ཤར་ནི། སྒྱུ་ལུས་འབྱོངས་པའི་རྟགས་སུ། ཙནྡ་གྱི་ལྡེ་གུས་ ཅིག་ནས་བྱུགས་པ་དང༌། སྟེའུས་ཅིག་ནས་གཞོགས་པ་དང༌། ཕྱོགས་ཅིག་ནས་མཆོད་པ་ ཕུལ་བ་ལ་བདེ་སྡུག་མེད། རང་གི་ཕྱོགས་ཅིག་ནས་བསྟོད་པ་བརྗོད་ཅིང་ལྷའི་བུ་མོ་ཡིད་དུ་ འོངས་པས་མཆོད་པ་དང༌། ཕྱོགས་གཅིག་ནས་སྡང་བའི་མིས་སྨད་པ་བརྗོད་ཅིང༌། མཚོན་ ཆས་བརྡེག་པ་དང༌། གནོད་པར་བྱེད་པ་ལ་ཁྱད་མེད་ཅིང་ཆགས་སྡང་མི་སྐྱེ་ན། ཞེན་མེད་སྒྱུ་ མ་ལྟ་བུ་རང་ཤར་ཡིན་གསུངས། བློ་སྣ་མང་པོ་དགེ་སྦྱོར་གྱི་སད། འཕོ་སྐྱས་མང་པོ་དགེ་སྦྱོར་ 24-1-186 གྱི་སད། འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། ལོང་གཏམ་མང་པོ་དགེ་སྦྱོར་གྱི་སད་དེ་བཞི་ སྤོངས། དེ་ཡང་འདུན་པ་གསུམ་སྦྲགས་དང་མ་བྲལ་བ་ཅིག་དགོས་སྟེ། བླ་མའི་མོས་གུས། ནམ་འཆི་ཆ་མེད། ཀུན་ལ་སྒྱུ་མ་ལྟར་བདེན་མེད། འདི་གསུངས་པ། སྣང་སྟོང་སྒྱུ་མའི་རྩིས་ཟིན་པས། །གང་ཤར་ཐམས་ཅད་ལྷ་སྐུ་ཡིན། ། སྒྱུ་མར་ཤེས་ལ་སངས་རྒྱས་དང༌། །དམྱལ་བ་ལ་ནི་ཁྱད་ཅི་ཡོད། །ཞེས་གསུངས། གསུམ་པ་ནི་རྨི་ལམ་གཉིད་འཁྲུལ་རང་དག་ལ་དྲུག་སྟེ། རྨི་ལམ་བཟུང་བ། སྦྱང་བ། སྤེལ་བ། སྤྲུལ་བ། བསྒྱུར་བ། ཡུལ་སྣང་གཏན་ལ་དབབ་པའོ། ། དང་པོ་བཟུང་བ་ལ་གཉིས་ཏེ། རང་སེམས་ཐིག་ལེ་དབང་བཞིའི་གནད། དེ་ལ་མ་ཟིན་ ན་གནད་འཕྱུག་མེད་དགུ་ལ་བཟུང་བའོ། ། དང་པོ་ནི། ལུས་གནད་ཅི་རིགས་པས། རང་ཡི་དམ་དུ་གསལ་བ་ལ། བླ་མ་རྡོ་རྗེ་འཆང་ དུ་བསྐྱེད་པ་སྒྱུ་ལུས་ཀྱི་སྐབས་བཞིན་ལས། ངག་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ འདུས་པའི་ངོ་བོ། བླ་མ་རིན་པོ་ཆེས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་འཛིན་ བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། རྨི་ལམ་ ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་རང་ལ་བསྟིམ། བླ་ མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་མར་ལ་མར་བཞག་པ་ལྟ་བུ་དབྱེར་ མེད་དུ་བསམ། ཅུང་ཟད་མཉམ་པར་བཞག རང་ཡི་དམ་དུ་གསལ་བའི་ལུས་ཀྱི་ནང་དུ་རྩ་ དབུ་མ་ཁ་དོག་དཀར་པོ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ་མར་སྣ་གསང་གནས་སུ་ཟུག་ པ། ཡར་སྣ་ཚངས་བུག་ཏུ་ཟུག་པ་ཤེལ་གྱི་ཀ་བ་ལྟར་དྲང་བ། དཀར་གསལ་དྭངས་ཤིང་དྲི་མ་ མེད་པ། དེའི་ཡས་སྣའི་ནང་དུ། ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བ། མས་སྣའི་ནང་དུ་ཧཱུཾ་དམར་ པོ་མགོ་གྱེན་དུ་ལྟ་བར་བསམ། སྤྱི་བོའི་ཧཾ་ལས་ཐིག་ལེ་དཀར་པོ་སྲན་མ་ཙམ་ཅིག་ཆད་སྙིང་ 24-1-187 ཁར་བབས་གཏི་མུག་དག མས་སྣའི་ཧཱུཾ་ལས་ཐིག་ལེ་དམར་པོ་སྲན་མ་ཙམ་ཅིག་ཆད་སྙིང་ ཁར་སླེབས་འདོད་ཆགས་དག ཞེ་སྡང་རང་དག་སུ་སོང་བར་བསམ། རྨི་ལམ་གྱི་འདུན་པ་ དྲག་པོའི་ངང་ནས་སྙིང་གི་ནང་གི་ཐད་དབུ་མའི་ནང་དུ། ཐིག་ལེ་གཉིས་འབྲོས་འདེད་ཀྱིས་ གཡས་སྐོར་དུ་འཁོར་ཞིང་རེག་ཙམ་རེག་ཙམ་དང༌། རེག་པས་ལུས་སེམས་བདེ་འཆིལ་བ། མཐར་ཐིག་ལེ་གཉིས་འདྲེས་ཤིང་གཏད་མེད་དུ་ཡལ་བ་དམིགས་མེད་དུ་བཞག དེ་ནས་འདི་ རྣམས་རྨི་ལམ་རང་ཡིན་སྙམ་དུ་བསམ། མདུན་པ་དྲག་ཏུ་བསམ་པར་བྱའོ། །དེ་ལ་ཐིག་ལེ་ འཁོར་བས་བུམ་དབང༌། རེག་པས་གསང་དབང༌། ལུས་སེམས་བདེ་འཆིལ་བས་ཤེས་རབ་ ཡེ་ཤེས། ཐིག་ལེ་འདྲེས་ཤིང་མཐར་ཡལ་ནས་མེད་པ་བཞི་པ་ཡིན་གསུངས། གཉིས་པ་གནད་འཕྱུག་མེད་དགུས་འཛིན་པ་ལ་གསུམ། ལུས་ཀྱི་གནད་གསུམ། དམིགས་པའི་གནད་གསུམ། དུས་ཀྱི་གནད་གསུམ་ནི། ཐོ་རངས་ནམ་ལངས། ཉི་ཤར་ གསུམ་ལ་འཛིན་ན་བཟུང་བླ་གསུངས། ལུས་ཀྱི་གནད་གསུམ་ནི། རབ་རྡོ་རྗེ་སྐྱིལ་ཀྲུང་། འབྲིང་ཙོག་པུ། ཐ་མ་སེང་གེའི་ཉལ་ སྟབས། དམིགས་པའི་གནད་ལ་གསུམ་སྟེ། རྟོགས་པ་མེད་པ་མ་འཛིན་པ་ལ་གཉིས་དང༌། རྟོག་ བཅས་(དེ་ནས་མ་དཔེ་ལ་ལྡེབ་༡ཆད།) དཔག་ཏུ་མེད་པ་རེ་བྱུང༌། ལུས་ཀྱི་ནང་ཐམས་ཅད་གང་ འདི་རྨི་ལམ་ཡིན་བསམ་ཞིང༌། མཐར་འོད་ཟེར་དང་རང་ལུས་གཏད་མེད་དུ་ཡལ་བར་བསམ་ ཞིང༌། མཉམ་པར་བཞག་གསུངས། ༼གཉིས་པ༽གསུམ་པ་བདག་མེད་མ་སྦྱང་བ་ནི། བླ་མ་བསྟིམ་པའི་བར་གོང་བཞིན། རང་ཡི་དམ་དུ་ གསལ་བའི་མདུན་དུ། པདྨ་ཉི་མའི་གདན་གྱི་སྟེང་དུ། བདག་མེད་མ་སྐུ་མདོག་སྔོན་པོ་ཞལ་ གཅིག་ཕྱག་གཉིས། གཡས་གྲི་གུག་དང་གཡོན་ཀ་པཱ་ལ་འཛིན་པ། གར་སྟབས་ལིང་ངེ་བ་ 24-1-188 ཅིག་བསམ། དེའི་གསང་གནས་སུ་ཡི་གེ་ༀ་ཨཱཿསྭཱཧཱ་ཞེས་པ་བཀོད་ཅིང་ངག་དུ་ཡང་ཉེར་ གཅིག་བཟླ། དེ་ལས་འོད་འཕྲོས། རང་ལ་འཕོག་པས། རང་ཡི་དམ་དུ་གསལ་བ་དེ་སྔར་ བས་ཀྱང་སྔོ་ཞིང་དྭངས་པར་སོང༌། འདི་རྨི་ལམ་ཡིན་པར་འདུག་བསམ་ཞིང་མཐར་བདག་ མེད་མ་འོད་དུ་ཞུ་རང་གི་གསང་གནས་སུ་ཞུགས། དབུ་མའི་ནང་བརྒྱུད་ལུས་ཐམས་ཅད་གང་ ཞིང་ལུས་བདེ་བས་ཁྱབ་མཐར་གཏད་མེད་དུ་ཡལ་བར་བསམ་མཉམ་པར་བཞག་གསུངས། བཞི་པ་མདུན་པས་སྦྱང་བ་ནི། བླ་མ་བསྟིམ་པ་སོགས་གོང་བཞིན་ལས་མཉམ་པར་ བཞག་པས་སེམས་ལ་རྣམ་པར་རྟོག་པ་ཅི་ཤར་ཡང༌། རྨི་ལམ་གྱི་མདུན་པ་དྲག་པོས་གདོང་དུ་ དངོས་པོ་ཅི་བྱུང་ལ་ཕར་ཐལ་ཚུར་ཐལ་དང་ཅི་དྲན་གྱིས་སྦྱོང་གསུངས། ཡ་ང་བ་ཐམས་ཅད་ ཐོག་རྫིས་ཀྱི་དམིགས་པ་བྱ་གསུངས། གསུམ་པ་སྤེལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤེལ་བ་དང༌། གང་ཐུལ་དུ་སྤེལ་བའོ། །དང་ པོ་ལ། འབྱུང་བ་ཕྲ་རགས་ལ་སྤེལ་བ་དང༌། སེམས་ཅན་ཕྲ་རགས་ལ་སྤེལ་བ་གཉིས། དང་པོ་རང་ཡི་དམ་དུ་གསལ་བའི་བར་གོང་བཞིན། རང་གི་དམིགས་ཡུལ་དུ་ས་རྡོ་ སོགས་འབྱུང་བ་ཕྲ་བ་ཤར་བ་ན། དེ་ཁོ་ན་གཉིས་གསུམ་བཞི་ལྔ་སོགས་སྤེལ་ཞིང་གྲངས་ མེད་པར་སྤེལ། ཡང་མང་པོ་ཞིག་ཏུ་བསྡུ་བ་སོགས་དང༌། འབྱུང་བ་ཆེན་པོ་ལ་ཡང་དེ་ལྟར་བྱ་ ཞིང་ཆེན་པོ་ཆུང་ངུ་དང༌། ཆུང་ངུ་ཆེན་པོ་དང་སྤེལ་བའོ། །དེ་ལྟར་བྱས་པས་མཚན་མོ་རྨི་ལམ་ སྤེལ་གསུངས། གཉིས་པ་སེམས་ཅན་ཕྲ་རགས་ལ་ཡང་དེས་མཚུངས། གཉིས་པ་གང་ལ་གང་འདུལ་དུ་ སྤེལ་བ་རྨི་ལམ་སྤྲུལ་པའི་གང་འདུལ་དང་དམིགས་པ་མཚུངས། བཞི་པ་སྤྲུལ་བ་ལ་གཉིས་ཏེ། ཐུག་ཕྲད་དུ་སྤྲུལ་བ་དང༌། གང་འདུལ་དུ་སྤྲུལ་བའོ། །དང་ པོ་བླ་མ་བསྟིམ་པའི་བར་གོང་བཞིན། རང་འབྱུང་པ་བཞི་གང་དང་ཐུག་ཀྱང་ཐུག་ཕྲད་དུ་ 24-1-189 སྤྲུལ་ཏེ། ས་དང་ཕྲད་ན་རང་སར་སྤྲུལ། དེ་བཞིན་དུ་འབྱུང་བ་གཞན་ལ་ཡང་བྱ་གསུངས། དེ་ བཞིན་སེམས་ཅན་ལ་བྱ། གཉིས་པ་གང་འདུལ་ལ་གཉིས། འཇིག་རྟེན་པའི་གང་འདུལ་དང༌། འཇིག་རྟེན་ལས་ འདས་པའི་གང་འདུལ་ལོ། ། དང་པོ་ནི། རང་ཡི་དམ་དུ་གསལ་བའི་བར་གོང་བཞིན། བྱིའུ་འདུལ་བ་ལ་ཁྲ་དང༌། ཁྱི་ ལ་སྤྱང་ཀི། སྤྱང་ཀི་ལ་སྟག སྟག་གཟིག་སོགས་ལ་སེང་གེ ། སེང་གེ་ལ་མེ་དཔུང་དུ་སྤྲུལ་བའོ། ། གཉིས་པ་འཇིག་རྟེན་ལས་འདས་པའི་གང་འདུལ་ནི། ཡི་དམ་དུ་གསལ་བའི་བར་གོང་ བཞིན། རྒྱལ་པོ་འདུལ་བ་ལ་རྟ་མགྲིན། གཟའ་ལ་ཕྱག་རྡོར། ཀླུ་ལ་ཕྱག་ན་རྡོ་རྗེ་དང༌། ནམ་ མཁའ་ལྡིང་། གདོན་བགེགས་དྲག་པོ་ལ་འཇིགས་བྱེད། གཞན་ཡང་མི་གཡོ་བ་སོགས་ཁྲོ་ བོར་སྤྲུལ་ནས་འདུལ་པ་ཡིན་གསུངས། ལྔ་པ་རྨི་ལམ་བསྒྱུར་བ་ལ་བཞི་སྟེ། འབྱུང་བཞི་ཕྲ་རགས་སུ་བསྒྱུར་བ་སེམས་ཅན་ཕྲ་ རགས་སུ་བསྒྱུར་བ། ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ། སྣང་སྟོང་ཞེན་བྲལ་དུ་བསྒྱུར་བའོ། ། དང་པོ་ནི་བླ་མ་བསྟིམ་པའི་བར་གོང་བཞིན། སྣང་བ་ལ་འབྱུང་པ་ཕྲ་རགས་གང་ཤར་ ཡང༌། རང་ལུས་དེར་བསྒྱུར་ཞིང་གཅིག་དུ་མ། དུ་མ་གཅིག་སོགས་ཅི་མང་དུ་བསྒྱུར་ཞིང༌། རྨི་ ལམ་གྱི་མདུན་པ་དྲག་ཏུ་བྱས་པ་རྨི་ལམ་གྱི་དུས་སུ་བསྒྱུར་ཐུབ་གསུངས། གཉིས་པ་སེམས་ ཅན་ཕྲ་རགས་ཀྱང་དེས་མཚོན། གསུམ་པ་ལྷ་སྐུ་སྣ་ཚོགས་སུ་བསྒྱུར་བ་ནི། རང་ཡི་དམ་དུ་གསལ་བའི་བར་གོང་བཞིན། ལྷ་མང་པོ་གཅིག་ཏུ་བསྒྱུར་བ། གཅིག་མང་པོར་བསྐྱེད། ཞལ་མང་པོ་ཉུང་ངུར་བསྒྱུར་བ། ཉུང་ ངུ་མང་པོར་བསྒྱུར་བ། སྐུ་མདོག་དཀར་པོ་དམར་པོར་བསྒྱུར་བ། སེར་པོ་སྔོན་པོར་བསྒྱུར་པ་ 24-1-190 སོགས་དང༌། འཇམ་དབྱངས་ཕྱག་རྡོར་དུ་བསྒྱུར་བ། སྤྱན་རས་གཟིགས་སྒྲོལ་མར་བསྒྱུར་བ་ སོགས་རྨི་ལམ་གྱི་སྣང་བ་ལ་གང་བསྒྱུར་བསྒྱུར་ཡིན་བསམ་པར་བྱ་གསུངས། བཞི་པ་སྣང་སྟོང་ཞེན་བྲལ་དུ་བསྒྱུར་བ་ནི། བླ་མ་བསྟིམ་པ་སོགས་གོང་བཞིན། ལྷ་དེ་ དག་ཀྱང་སྣང་ཡང་རང་བཞིན་མེད་པར་བསམ་པ་དང༌། གསལ་བ་དེ་དག་ཀྱང་འཛིན་མེད་དུ་ བསམ་པ་དང༌། དེ་བཞིན་དུ་རང་ལུས་ལ་བདེ་དྲོད་སོགས་སྐྱེས་པ་ལ་བདེ་བ་ལ་ཞེན་པ་མེད་ པ་ཐམས་ཅད་སྒྱུ་མ་དང༌། རྨི་ལམ་ལྟ་བུར་བསམ་པས་མཉམ་པར་བཞག་གསུངས། དྲུག་པ་ཡུལ་སྣང་བཏབ་ལ་དབབ་པ་ལ་བཞི་སྟེ། རབ་དམིགས་མེད་ཡུལ་སྣང༌། འབྲིང་ གང་བསམ་གསལ་མཐོང༌། ཐ་མ་ཡིད་ལུས་མཁའ་ལྡིང༌། དམན་པ་དམིགས་པའི་ཡུལ་སྣང་ དང་བཞིའོ། ། དང་པོ་ནི་སངས་རྒྱས་དག་པའི་ས་ལ་གནས་པ་ལྟ་བུ་མ་བསམས་ཀྱང༌། ཞིང་ཁམས་ དཔག་མེད་མཐོང་བའོ། ། གཉིས་པ་རང་གི་གང་བསམ་པའི་སངས་རྒྱས་ཀྱི་ཞིང་སོགས་གསལ་ཞིང་བགྲོད་པའོ། ། གསུམ་པ་ཡིད་ལུས་མཁའ་ལྡིང་ནི། རང་ནམ་མཁའ་ལྡིང་དུ་སྤྲུལ་ནས་སངས་རྒྱས་ཀྱི་ ཞིང་བལྟ་བའོ། ། བཞི་པ་དམན་པ་དམིགས་པའི་ཡུལ་སྣང་ལ་གསུམ་སྟེ། བདག་མེད་མ་ཡུལ་སྣང་གསལ་ བྱེད། ཨ་ཡུལ་སྣང་གསལ་བྱེད། ཐིག་ལེ་ཡུལ་སྣང་གསལ་བྱེད་དང་གསུམ་མོ། ། དང་པོ་ནི་བླ་མ་བསྟིམ་པའི་བར་གོང་བཞིན། རང་ཡི་དམ་དུ་གསལ་བའི་ལྟེ་བར་ཆོས་ འབྱུང་གི་ནང་དུ་ༀ་ཨཱཿསྭཱཧཱ། བཀོད་ལ། ངག་ཏུ་ཡང་ཉེར་གཅིག་བཟླ་སྟེ། དེ་ལས་འོད་ཟེར་ འཕྲོས་རང་གི་སྣ་སྦུག་ནས་ཐོན། སེམས་ཅན་ཐམས་ཅད་ལ་ཕོག སྡིག་སྒྲིབ་སྦྱངས། ཐམས་ ཅད་ཡི་དམ་གྱི་ལྷར་འགྱུར། རང་རང་གི་སྙིང་པོ་དི་རི་རི་སྒྲོག་པར་བསམས། འོད་ཟེར་ཚུར་ 24-1-191 འདུས་རང་གི་ལྟེ་བའི་ཡིག་འབྲུ་ལ་ཐིམ་པས། ཆོས་འབྱུང་གི་ནང་དུ་བདག་མེད་མ་ཚོན་གང་ པ་རབ་ཏུ་གསལ་བ་ཅིག་བསྒོམས། རང་གང་བསམ་པའི་ཡུལ་དེ་སྨོས་ལ། ངག་ནས་ཡི་དམ་ གྱི་ལྷ་ཁྱེད་ཀྱི། དོ་ནུབ་ཡུལ་སྣང་གཏན་ལ་ཕེབས་པར་མཛད་དུ་གསོལ། ཞེས་གསོལ་བས་ བདག་མེད་མ་ཞལ་འགྱུར་ཏེ། དེའི་ཐུགས་ཀར་འོད་ཀྱི་ཐིག་ལེ་སྐྱ་འཁྱིལ་བ་མེ་ལོང་ནང་དུ་ རང་གང་འདོད་པའི་ཞིང་སོགས་གསལ་བར་བསམ་པས། རྨི་ལམ་དུ་ཡུལ་སྣང་བསྟན་ལ་ ཕེབས་གསུངས། གཉིས་པ་ཨའི་ཡུལ་སྣང་གསལ་བྱེད་ནི། བླ་མ་བསྟིམ་པའི་བར་གོང་བཞིན། རང་ཡི་ དམ་དུ་གསལ་བའི་ལུས་ཀྱི་ནང་དུ་རྩ་དབུ་མ་དཀར་པོ་བསམ། དེའི་སྙིང་ཁའི་ཐད་ཀྱི་དབུ་ མའི་ནང་དུ། ཨ་དཀར་ཞིང་གསལ་བ་ཅིག་བསམས། དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་ མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བསམ་པས། རྨི་ལམ་དུ་ཡུལ་ སྣང་གཏན་ལ་ཕེབས་གསུངས། གསུམ་པ་ཐིག་ལེ་ཡུལ་སྣང་གསལ་བྱེད་ནི། བླ་མ་བསྟིམ་པའི་བར་གོང་བཞིན། རང་ ཡི་དམ་དུ་གསལ་བའི་ལུས་ཀྱི་ནང་དུ་རྩ་དབུ་མ་དཀར་ཞིང་དྭངས་པ་གསང་གནས། ཡར་སྣ་ ཚང་བུག་དུ་ཡོད་པའི། ཡར་སྣ་ཧཾ་དང༌། ལྟེ་བར་ཨཾ་དང༌། གསང་གནས་སུ་ཧཱུཾ་བསམ། ཧཾ་ལས་ ཐིག་ལེ་དཀར་པོ་སྲན་མ་ཙམ་ཆད་སྙིང་གར་བབས། ཧཱུཾ་དང་ཨཾ་ལས་ཐིག་ལེ་དམར་པོ་སྲན་ མ་ཙམ་ཆད་སྙིང་ཁར་སླེབ། ཐིག་ལེ་དེ་འདྲེས་པས་དཀར་ལ་དམར་བའི་འོད་ཟེར་འཕྲོས་ པར་གྱུར། ཉི་མ་ཤར་བ་ལྟར་གསལ་བར་བསམ། ཡང་འོད་དེ་བུ་གུ་ལྟ་བུའི་ནང་ནས་བལྟས་ པས་ཐམས་ཅད་གསལ་བར་བསམ་པས། རྨི་ལམ་དུ་ཡུལ་སྣང་གཏན་ལ་ཕེབས་གསུངས། སྒྱུ་ལུས་དང་རྨི་ལམ་གྱི་ཐུན་མཚམས་རྣམས་སུ་ཡང་འབྲལ་མེད་གསུམ་བཅས་ཏེ། བླ་མ་ལ་ མོས་གུས་འབྲལ་མེད་སེམས་ཅན་ལ་སྙིང་རྗེ་འབྲལ་མེད་སྤྱིར་སྣང་སྒྱུ་མ་རྨི་ལམ་དུ་བསམ་པ་ 24-1-192 འབྲལ་མེད་དགོས་གསུངས། འདིར་གསུངས་པ། ཐབས་ཀྱི་བསད་འདི་འཕྲུལ་ཆེན་པོ། །འདུན་པ་སྐད་ཅིག་ཉིད་ལ་ ཡང༌། །ཆོ་འཕྲུལ་དཔག་མེད་ཨ་འཐས་བྲལ། །འཁོར་བའི་རྒྱ་མདུད་ཡིད་ཀྱིས་སྒྲོལ། །ཞེས་ གསུངས་ལ། བཞི་པ་འོད་གསལ་གཏི་མུག་རང་སངས་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་ མོ། །སྔོན་འགྲོ་ལ་བཞི་སྟེ། རྩ་བ་མི་རྟག་སྐྱོ་ཤས། ཡལ་ག་སྤྱོད་ལམ་དམ་རྫས། ལོ་འདབ་ ཐབས་(ལམ་བདེ་དྲོད་?)རང་དྭངས། གསོལ་འདེབས་མེ་ཏོག་འཆར་བྱེད་དོ། ། དང་པོ་ནི་འཆི་བ་མི་རྟག་པ་དྲག་ཏུ་བསམ་པ། ཚེ་འདི་དང་འཁོར་བ་མཐའ་དག་ལ་བློ་ ལོག་པའི་ངེས་འབྱུང་སྐྱོ་ཤས་དྲག་ཏུ་བྱའོ། ། གཉིས་པ་སྤྱོད་ལམ་དམ་རྫས་ནི། འོད་གསལ་འཛིན་པའི་དུས་སུ། ལུས་དྲག་ཤུལ་གྱི་ ལས་དང༌། འགྲུལ་དྲག་པོ་སོགས། རྔུལ་ཐོན་པའི་ལས་མི་བྱ་ཞིང༌། ཁ་ཟས་ཅུང་སྣུམ་པར་བྱ་ གསུངས། དམ་རྫས་ནི་མཁའ་འགྲོ་སྡེ་ལྔ་ལ། ཐོད་པ་དུམ་བུ་གཅིག་པ་མཚན་ལྡན་གྱི་ནང་དུ། གཏོར་མ་རྒྱན་དང་བཅས་པ་བཤམས། བྱིན་གྱིས་བརླབས་ལ། དར་སོགས་ཀྱི་གྲིལ། སྔར་ མཚམས་སུ་མི་གཞན་གྱིས་མ་མཐོང་བར་སྦ་བ་ནི། དམ་རྫས་ཀྱི་རྟེན་ནོ། །གུ་གུལ་དང་ཤ་ ཆེན་གྱི་དུད་པས་བདུག་ཅིང༌། ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ལ་གཏོར་མ་འབུལ། གསུམ་པ་ཐབས་ལམ་བདེ་དྲོད་རང་དྭངས་ནི། འོད་གསལ་འཛིན་པའི་དུས་སུ་གཏུམ་མོ་ ལ་འབད་པའོ། ། བཞི་པ་གསོལ་འདེབས་མེ་ཏོག་འཆར་བྱེད་ནི། མོས་གུས་ཀྱི་དུང་ཤུགས་དྲག་པོས་བླ་ མའི་རྣལ་འབྱོར་བསྒོམ་ཞིང་བླ་མ་ལ་གསོལ་བ་དྲག་དུ་འདེབས་པའོ། ། དངོས་གཞི་ལ་བཞི་སྟེ། འོད་གསལ་བཟུང་བ། ལམ་ཁྱེར་བསྲེ་བ། མཐར་ཐུག་གོ །དང་ 24-1-193 པོ་ལ་གསུམ་སྟེ། བདག་མེད་མ་ལ་འོད་གསལ་བཟུང་བ། ཨ་ལ་འོད་གསལ་བཟུང་བ། བླ་མ་ ལ་འོད་གསལ་བཟུང་བའོ། །དང་པོ་ནི། རང་ཡི་དམ་དུ་གསལ་བའི་བར་གོང་བཞིན་སྤྱི་བོར་ གདན་བཞི་རྫོགས་ཀྱི་སྟེང་དུ། བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། མཚན་དཔེས་བརྒྱན་ཅིང་སྤྱན་གསུམ་པ། དུར་ཁྲོད་ཀྱི་ཆས་བརྒྱད་པ་བདག་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན་པར་བསམ་ལ། ངག་ནས། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཟིན་པར་མཛད་གསོལ། ཞེས་གསོལ་བ་བཏབ། བླ་མ་འོད་དུ་ཞུ་རང་ལ་བསྟིམས་ཅུང་ཟད་མཉམ་པར་བཞག རང་ཡི་དམ་དུ་གསལ་བའི་ཀླད་ རྒྱའི་སྟེང་། ཐོད་པའི་འོག་ཏུ་པད་ཉིའི་གདན་སྲན་མ་གཤགས་པ་ཙམ་གྱི་སྟེང་དུ་བདག་མེད་ མ་སྐུ་མདོག་སྔོན་མོ་སྐུ་ཆུང་ལ་ཞལ་ཕྱག་ཚང་བ་ཞིག་བསམ། དེའི་ཐུགས་ཨ་དཀར་པོ་དྭངས་ གསལ་འོད་ཀྱི་རང་བཞིན། ཨའི་འོད་ཀྱི་བདག་མེད་མ་གསལ། བདག་མེད་མའི་འོད་ཀྱིས་ རང་གི་ཀླད་པ་གཏི་མུག་གི་རང་བཞིན་ཅན་སྦྱངས། འོད་ཀྱི་རང་བཞིན་གྱི་ལུས་ཐམས་ཅད་ གསལ་བར་བསམ། ཨ་ལ་སེམས་གཏད་ལ་མཉམ་པར་བཞག་གསུངས། གཉིས་པ་ཨ་ལ་སེམས་བཟུང་བ་ནི། བླ་མ་བསྟིམ་པའི་བར་གོང་བཞིན། རང་ཡི་དམ་ དུ་གསལ་བའི་ལུས་ཀྱི་ནང་དུ། རྩ་དབུ་མ་དཀར་པོ་མདའ་སྨྱུག་འབྲིང་པོ་ཙམ་ཡར་སྣ་སྤྱི་བོ་ དང༌། མར་སྣ་གསང་གནས་སུ་ཟུག་པ། དེའི་ལྟེ་བའི་ཐད་ཀྱི་ནང་དུ་ཨ་དཀར་པོ་འོད་ཀྱི་རང་ བཞིན་ཅན་ཞིག་གསལ་བཏབ། ཨའི་འོད་ཀྱི་དབུ་མའི་ནང་དང་ལུས་ཐམས་ཅད་གསལ། ཨ་ ལ་སེམས་གཏད་ལ་མཉམ་པར་བཞག་གསུངས། གསུམ་པ་བླ་མ་ལ་འོད་གསལ་འཛིན་པ་ནི། བླ་མ་བསྟིམ་པའི་བར་གོང་བཞིན། རང་ཡི་ 24-1-194 དམ་དུ་གསལ་བའི་ལུས་ཀྱི་ནང་དུ། རྩ་དབུ་མ་དཀར་པོ། དེའི་སྙིང་ཁའི་ཐད་དུ་པདྨ་དཀར་པོ་ འདབ་མ་བཞི་པ། དེའི་དབུས་སུ་རང་གི་རྩ་བའི་བླ་མ་སྐུ་མདོག་དཀར་པོ་ཚོན་གང་པ། དེའི་ ཐུགས་ཀར་ཧཱུཾ་དཀར་པོ་དངུལ་ཆུའི་མདོག་ལྟ་བུ་འོད་འཕྲོ་བར་བསམ། ཧཱུཾ་གི་འོད་ཀྱི་བླ་མ་ གསལ། བླ་མའི་འོད་ཀྱི་རང་གི་ལུས་ཐམས་ཅད་གསལ་བར་བསམ་ཞིང༌། ཧཱུཾ་དེར་སེམས་ གཏད་ལ་མཉམ་པར་བཞག་གསུངས། གཉིས་པ་ལམ་ཁྱེར་ལ་གཉིས་ཏེ། ཉིན་མོ་སྐུ་གསུམ་ལམ་ཁྱེར་དང༌། མཚན་མོ་སྐུ་གསུམ་ རང་ཤར་རོ། ། དང་པོ་འོད་གསལ་འཛིན་ཕྱིར་མཉམ་པར་བཞག་པས་གཏད་མེད་ཀྱི་སེམས་ཧད་དེ་དེ་ ལ་ཅུང་ཟད་སྣང་ཆ་བྱུང་བ་དེ་སྤྲུལ་སྐུ། སྟོང་པ་ཆོས་ཀྱི་སྐུ། སྣང་སྟོང་དབྱེར་མེད་ལོངས་སྤྱོད་ རྫོགས་པའི་སྐུའོ། །འདི་ཉིན་མོའི་དུས་སུ་ཐམས་ཅད་དུ་སྦྱངས། གཉིས་པ་ནི་ཉིན་མོ་དེ་ལྟར་དུ་བསྒོམས་པས། འོད་གསལ་ཟིན་ལ། མཚན་མོ་མ་ཟིན་ན། མཚན་མོ་གཉིད་དུ་འགྲོ་ཁར། རྟོག་པ་གཞན་གྱིས་བར་མ་ཆོད་པར། མདུན་པ་དྲག་པོ་གྲིམ་ ཆ་དང་བཅས་པས་བསྒོམས་ན་ཉིན་མཚན་བསྲེ་ཐུབ་པ་ཡིན་གསུངས། ༼གསུམ་པ༽གཉིས་པ་མཉམ་རྗེས་བསྲེ་བ་ནི། མཉམ་བཞག་གི་སྐབས་སུ་འོད་གསལ་ཟིན་ཡང༌། འོད་ གསལ་གྱི་དྲན་པས་ཡང་ཡང་སླེབས་པར་བྱས་པས་མཉམ་རྗེས་བསྲེ་བ་ཡིན་གསུངས། རྗེས་ ཐོབ་ཀྱི་སྐབས་སུ་མ་ཟིན་ན། ཐུན་མཚམས་སུ་བློ་བུར་དུ་ལྡང་བ་དང༌། རྟོག་པ་གཞན་གྱི་ དབང་དུ་མ་ཤོར་བར་འོད་གསལ་གྱི་མདུན་པའི་ངང་ནས་ལྡང་བ་དང༌། འགྲོ་འཆག་ཉལ་ འདུག་གི་དུས་སུ་ཡང༌། འོད་གསལ་གྱི་དྲན་པས་ཡང་ཡང་སླེབས་པར་བྱས་པས་མཉམ་རྗེས་ བསྲེ་བ་ཡིན་གསུངས། གསུམ་པ་གསལ་སྟོང་བསྲེ་བ་ནི། འོད་གསལ་གྱི་དམིགས་པའི་སྟེང་དུ་མཉམ་པར་ 24-1-195 བཞག་པས། དེའི་ངང་ནས་སེམས་བཅོས་མིན་དེ་ལ་གསལ་ཆ་བྱུང་བ་ལ་མ་ཞེན་ཅིང༌། སྟོང་ པ་ལ་མ་འབྱམས་པར་གྲིམ་ཆ་དང་བཅས་ལྟ་སྟངས་ཅུང་ཟད་སྟོད་ཅིང་མཉམ་པར་བཞག་ པས་གསལ་སྟོང་ཟུང་འབྲེལ་དུ་བསྲེ་བ་ཡིན་གསུངས། བཞི་པ་བདེ་སྟོང་བསྲེ་བ་ནི། གོང་ལྟར་མཉམ་པར་བཞག་པས། རང་ལ་བདེ་བའི་ཉམས་ ཅི་ཤར་ཡང༌། མ་ཆགས་སྒྱུ་མ་རྨི་ལམ་གྱི་དྲན་འདུན་གྱི་སླེབས་པར་བྱ་བ་དང༌། སྟོང་པའི་ ཆ་ལ་མ་འབྱམས་པར་ཤེས་པ་གྲིམ་པ་དང་བཅས། ཆེ་རེ་གཏད་པས་བདེ་བར་སྣང༌། དེའི་ ངོ་བོ་ཅི་ཡང་མ་གྲུབ་པ་དེ་ལ་མཉམ་པར་བཞག་པས། བདེ་སྟོང་ཟུང་འབྲེལ་དུ་བསྲེ་བ་ཡིན་ གསུངས། གསུམ་པ་རྗེས་ལ་ལྔ་སྟེ། དམ་ཚིག་སྤྱི་དང་བྱེ་བྲག་བགེགས་སེལ་ཉེས་སྐྱོན་དང་དག བོགས་འདོན་ཐེ་ཚོམ་གཅོད་བྱེད། ཁྱད་འཕགས་འཆར་སྒོ་ངོས་འཛིན། ཉམས་དྲོད་ཉིན་ མཚན་ཁྱད་པར་རོ། ། དང་པོ་ནི། དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་དང་ཡན་ལག་གི་ལྟུང་བ་བརྒྱད་བསྲུང་ ཞིང་གཞན་ཡང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་བསྲུང་བའོ། །བྱེ་བྲག་དུ་འོད་གསལ་ འཛིན་པའི་གནད་ཡིན་པས། བླ་མ་ལ་མོས་གུས་དྲག་ཏུ་བྱ་ཞིང༌། སེམས་ཅན་ལ་སྙིང་རྗེ་ བསྒོམ་པ་དང༌། ཀུན་མ་ཉམས་པ་གལ་ཆེ་གསུངས། གཉིས་པ་བགེགས་སེལ་ནི། འོད་གསལ་གྱི་ཉམས་སྐྱེས་པ་ལ། འདི་ལྟ་བུའི་ཉམས་ གཞན་ལ་མེད་པས་ང་རང་བཟང་པོའོ་སྙམ་པའི་ང་རྒྱལ་བྱུང་ན། བགེགས་ཡིན་ཅིང་བར་ཆད་ འབྱུང་བས་སྒྱུ་མ་རྨི་ལམ་གྱི་དྲན་འདུན་གྱིས་སླེབས་པར་བྱའོ། །ཡང་སྟོང་པའི་ཉམས་སྐྱེས་ ན། བླ་མ་ལ་མོས་གུས་ཀྱང་མི་བྱ་སྟོང་པ་ཡིན་སེམས་ཅན་ལ་སྙིང་རྗེ་ཡང་མི་བསྒོམ་ཞིང༌། རྒྱུ་ འབྲས་ཀྱང་མི་བདེན་ཐམས་ཅད་སྟོང་པ་ཡིན་སྙམ་ན་འོད་གསལ་གྱི་བགེགས་ཡིན་པས། བླ་ 24-1-196 མ་ལ་མོས་གུས་དྲག་ཏུ་བྱ་ཞིང༌། གསོལ་བ་འདེབས་པ་དང༌། སེམས་ཅན་ལ་སྙིང་རྗེ་བསྒོམས་ པས། བགེགས་སེལ་གསུངས། གསུམ་པ་བོགས་འདོན་ནི། བླ་མ་ལ་མོས་གུས་དང་སེམས་ཅན་ལ་སྙིང་རྗེ་བསྒོམས་ པས་བོགས་འདོན་པས་འདི་གལ་ཆེ་གསུངས། ཁྱད་འཕགས་འཆར་སྒོ་ངོས་འཛིན་ཚུལ་དང༌། ཉམས་རྟོགས་ཉིན་མཚན་ཁྱད་པར་ནི། ཉམས་རྟོགས་སྐྱེས་ནས་བླ་མས་ངོ་སྤྲོད་གསུངས། འདིར་གསུངས་པ། གཏི་མུག་ན་བུན་ཚོགས་རྣམས་དེ། །འོད་གསལ་ནམ་མཁའི་ དབྱིངས་སུ་ཞི། །ཁམས་གསུམ་ཁྱབ་པའི་ཉི་འོད་འདིས། །སྨྲ་རུ་མེད་པའི་དོན་ཅིག་མཐོང༌། ། ཞེས་གསུངས་སོ། ། ལྔ་པ་འཕོ་བ་ལ་གཉིས་ཏེ། སྦྱང་བ་དང༌། ལས་ལ་སྦྱར་བའོ། ། དང་པོ་ནི། སྤྱིར་འཕོ་བ་རྣམ་པ་བཞི་ཙམ་གསུངས་ཀྱང༌། འདིར་ཉམས་སུ་ལེན་པའི་ ཕྱག་ལེན། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བའི་འཕོ་བ། ཡེ་ཤེས་དཀར་ཁུང་མ་ནི། རང་ཡི་དམ་དུ་གསལ་བའི་སྤྱི་བོར་བླ་མ་བསྒོམ་པའི་བར་སྒྱུ་ལུས་ཀྱི་སྐབས་བཞིན། གསོལ་ འདེབས་ནི། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་ རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། བར་དོར་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་ གསོལ་བཏབ། བླ་མ་རང་ལ་བསྟིམ། རང་ཡི་དམ་དུ་གསལ་བའི་ལུས་ཀྱི་ནང་དུ། རྩ་དབུ་ མ་དཀར་ཞིང་གསལ་བ། སྦོམ་ཕྲ་སྦ་ལྕག་ཙམ། རྩ་བ་གསང་གནས་སུ་ཟུག་ཅིང༌། ཡར་སྣ་ ཚངས་བུག་ཏུ་ཟུག་པ་རྒྱ་མཐོང་ཁ་ཕྱེ་བ་ལྟར་སྐྱ་ཐ་ལེ་ཡོད་པར་བསམ། ལུས་ཀྱི་ལྟེ་བའི་ཐད་ ཀྱི་དབུ་མའི་ནང་ཆོས་འབྱུང་ཤིན་ཏུ་གསལ་བ་རྩ་བ་ཐུར་དུ་ཟུག་པ་གདེངས་ཀ་ཆེ་བ་གྱེན་ དུ་བསྟན་པའི་གྲུ་ཅིག་ལྟེ་བ་དང༌། གཉིས་མཁལ་མ་གཉིས་སུ་བསྟན་པ། དེའི་ཁ་མཚམས་ 24-1-197 ཀྱི་དབུས་སུ་ཨ་དཀར་པོ་ལྡང་ཞིང་གཡོ་བ་དངུལ་ཆུ་ལྟ་བུ་ཞིག་བསམ། རླུང་རོ་ལན་གསུམ་ བུས། ནང་དུ་བརྔུབས་ལ་ལྟེ་འོག་ཏུ་ཅུང་ཟད་མནན། འོག་རླུང་དྲག་ཏུ་འཐེན་ལ་རང་གི་ལྟེ་བ་ རྒལ་ཚིགས་པ་ལ་ལན་གསུམ་བརྡབས་པས་ཆོས་འབྱུང་ལྷེབས་ལྷེབས་ཁ་སྡེབ་པའི་ཐ་མ་ལ་ རླུང་གི་ཤུགས་དྲག་གི་ཨ་དེ་སྐྱེས་བུས་མདའ་འཕངས་པ་བཞིན་དུ་དབུ་མའི་ནང་ནས་ཚངས་ བུག་ཏུ་སྐྱ་རྒྱང་ཐོན། ནམ་མཁར་ཡལ་གྱིས་སོང་བར་བསམ། དེ་ལྟར་ལན་བདུན་བཅུ་གཅིག་ ཙམ་བྱ། དམིགས་པ་ཅུང་ཟད་མི་གསལ་ན་ཉེར་གཅིག་བྱ་ཞིང༌། ཐ་མ་འཇོག་ཁར་ཨ་དེ་ནམ་ མཁའ་ནས་སྐྱ་ལམ་བྱུང་། རང་གི་སྤྱི་བོ་ནས་ཞུགས་དབུ་མའི་ནང་གི་ཆོས་འབྱུང་དུ་སླེབས། ལུས་བདེ་འཆིལ་བྱུང་ཞིང༌། ཨ་དེ་བརྗིད་དང་ལྡན་པར་གྱུར་ཞིང༌། ཚངས་བུག་རྡོ་རྗེ་རྒྱ་གྲམ་ གྱིས་ཁ་བཅད་པར་བསམ། དེ་ལྟར་བྱས་པས་འཕོ་བ་འབྱོངས་པའི་རྟགས་སུ་རབ་སྤྱི་བོ་རྡོལ་ ཞིང་ཆུ་སེར་འཛག་པ། འབྲིང་སྤྱི་གཙུག་སྐྲངས་པ། ཐ་མའང་སྤྱི་བོ་ཟ་བ་འགུལ་བ་འཕྲུག་པ་ སོགས་འབྱུང་བས། རྟགས་མ་བྱུང་བར་སྦྱང་གསུངས། གཉིས་པ་ལས་ལ་སྦྱར་བ་ནི། ནམ་ཞིག་རླུང་གཉིས་མཉམ་དུ་རྒྱུ་བ་ལ་སོགས་འཆི་ལྟས་ ངེས་པ་བྱུང་བ་དང༌། གོང་ལྟར་འཕོ་ལ། མི་འབེབས་སོ། །ལེགས་པར་འབྱོངས་ནས་འཕོ་མ་ རན་པ་ལ་དམིགས་པ་བསྒོམས་པས། ལུས་འདར་བརྒྱལ་འགྲོ་ཚད་བྱུང་ན། སྤྱི་བོར་རིན་པོ་ ཆེའི་སྣོད་(བྱང་མ་སྐབ་?)ནས་གནོན་གསུངས། འདིར་གསུངས་པ། གཙན་ཐབས་འཕོ་བའི་གདམས་ངག་འདིས། །མཚམས་མེད་བྱས་ པའང་གྲོལ་བར་འགྱུར། །དབྱིངས་སུ་འཕོ་བ་འདི་ཡིས་ཆོག །འགྲོ་བ་དྲུག་དུ་འཁོར་བ་ཅི། ། ཞེས་གསུངས་སོ། ། དྲུག་པ་བར་དོ་ལ་བཞི་སྟེ། རབ་བར་དོ་དང་པོའི་འོད་གསལ། འབྲིང་རྒྱལ་བ་ལོངས་སྐུ་ རང་ཤར། ཐ་མ་སྤྲུལ་སྐུ་འགག་མེད་རང་ཤར། དམན་པ་གནད་འཕྱུག་མེད་དང་བཞིའོ། ། 24-1-198 དང་པོ་ཚེ་འདིར་འོད་གསལ་མངོན་དུ་གྱུར་པས། བར་དོ་སྦྱང་བ་ཟུང་དུ་མི་དགོས་པའོ། ། གཉིས་པ་ཡང་རྒྱལ་བ་ལོངས་སྐུ་དང་། སྤྲུལ་སྐུ་རང་ཤར་གཉིས་འདིར་ཕྱག་ལེན་ལ་ཆིག་ སྒྲིལ་དུ་ཉམས་སུ་ལེན་པ་ལ། རང་ཡི་དམ་དུ་གསལ་བའི་སྤྱི་བོར་བླ་མ་བསྐྱེད་པ་སྒྱུ་ལུས་ཀྱི་ སྐབས་བཞིན་གསོལ་འདེབས་གོང་གི་ཤམ་བུར་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། བླ་ མ་རང་ལ་བསྟིམ། རང་གི་མདུན་དུ་ཆོས་འབྱུང་སྔོན་པོ་སྔོ་སང་ངེ་བ་ཞིག་གསལ་བཏབ་ལ། འདི་མ་དག་རྣམས་ལ་མའི་མངལ་ཡིན་ཅིང༌། དག་པ་ལ་འོག་མིན་ཆོས་ཀྱི་ཕོ་བྲང་ཡིན་པར་ བསམ། ཆོས་འབྱུང་དེའི་དབུས་སུ་ཡི་གེ་ཧཱུཾ་སྔོན་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོས་ ཆོས་འབྱུང་ལ་ཕོག་པས་རིགས་དྲུག་དུ་སྔར་སྐྱེ་གནས་བཞིའི་སྐྱེ་སྒོ་དང་ལན་ཆགས་སྦྱངས། ད་ལྟར་སྐྱེས་པའི་སྐྱེ་སྒོ་དང་ལན་ཆགས་སྦྱངས། མ་འོངས་པའི་ལན་ཆགས་སྦྱངས་ཤིང་སྐྱེ་ སྒོ་བཀག འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་ཉིད་འཁོར་ལོ་ བདེ་མཆོག་ཏུ་བསམས་པའི་སྤྱི་བོར་བླ་མ་སྒྱུ་ལུས་ཀྱི་སྐབས་བཞིན་བསྒོམ། དུས་གསུམ་ སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། སེམས་ཅན་ཐམས་ཅད་ཀྱི་དོན་ དུ་བདག་འཛིན་བློས་ཐོངས་པར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་ གསོལ། བར་དོ་ལོངས་སྐུ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་བླ་མ་རང་ལ་ ཐིམ། ཅུང་ཟད་མཉམ་པར་བཞག ད་ལྟའི་ལུས་འདི་བར་དོའི་ལུས་ཡིན་པར་འདུག སྣང་བ་ འདི་བར་དོའི་སྣང་བར་འདུག འདི་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་སྙམ་པའི་དྲན་འདུན་དྲག་ཏུ་བྱ་ ཞིང༌། ད་ལན་བར་དོ་ལ་བོར་དོར་ངོ་མ་ཤེས་ན་འཁོར་བར་འཁྱམ་པ་འདུག འཁོར་བ་ན་སྡུག་ བསྔལ་མི་བཟོད་པ་བསམ་གྱིས་མི་ཁྱབ་པ་འདི་ལྟ་བུ་འདུག་སྙམ་པའི་སྐྱོ་ཤས་དྲག་པོས་ང་ཤི་ བ་ཡིན་པར་འདུག་སྙམ་པས་བར་དོ་ཡིན་པར་ཐག་བཅད་ནས། ས་རྡོ་རི་བྲག་སོགས་མིག་ 24-1-199 ཡུལ་དུ་གཟུགས་སུ་སྣང་བ་ཐམས་ཅད་ཡི་དམ་འཁོར་ལོ་བདེ་མཆོག་དུ་བསྒོམས། འབྱུང་ བའི་སྒྲ་དང་རོལ་མོ་ལ་སོགས་རྣ་བའི་ཡུལ་གྱི་སྒྲ་ཐམས་ཅད། ༀ་ཧྲཱིཿཧ་ཧ་ཧཱུཾ་ཕཊ་སོགས་ཡི་ དམ་གྱི་སྙིང་པོར་བསྒོམ། ཡིད་ལ་བསམ་པ་འདི་དག་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ བདེན་པར་གྲུབ་པ་གཅིག་ཀྱང་མེད་པར་ཐག་བཅད་ནས་བསྒོམས་པས་བར་དོ་ལོངས་སྤྱོད་ རྫོགས་པའི་སྐུ་ཐོབ་པའོ། ། བཞི་པ་གནད་འཕྱུག་མེད་ནི། གོང་གི་ཆོས་འབྱུང་གི་གཡས་སུ་ཞེ་སྡང་སྐྱེ་བའི་རིགས་ དང༌། སེམས་ཅན་ཕོ་ཐམས་ཅད་ཡི་དམ་འཁོར་ལོ་སྡོམ་པར་བསྒོམ། འདོད་ཆགས་སྐྱེ་བའི་ ཡུལ་དང་སེམས་ཅན་མོ་ཐམས་ཅད་ཆོས་འབྱུང་གི་གཡོན་དུ་རྡོ་རྗེ་རྣལ་འབྱོར་མར་བསྒོམས་ པ་ནི་གནད་འཕྱུག་མེད་དོ། ། བར་དོར་སྣང་བ་འཆར་ལུགས་ནི། ལུས་ཀྱི་འབྱུང་པ་རིམ་པར་ཐིམ་པ་སྟེ། ས་ཆུ་ལ་ ཐིམ་པས་ཕྱི་རྟགས་སུ་ལུས་ལྕི་བ་དང༌། བྱིང་བ་ལྟ་བུ་བྱུང༌། ནང་རྟགས་སུ་འོད་གསལ་དུ་བ་ ལྟ་བུའི་ཉམས་བྱུང༌། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ་ཞིང༌། སྨིག་རྒྱུ་ལྟ་བུའི་ཉམས་བྱུང༌། མེ་ རླུང་ལ་ཐིམ་པས་ལུས་ཀྱི་དྲོད་ཡལ་ཞིང་མེ་ཁྱེར་ལྟ་བུའི་ཉམས་བྱུང་། རླུང་རྣམ་པར་ཤེས་པ་ ལ་ཐིམ་པས་ཕྱི་དབུགས་ཆད་ཅིང་མར་མེ་གཡོ་འགུལ་མེད་པ་ལྟ་བུའི་ཉམས་བྱུང༌། དེ་ནས་ འོད་གསལ་སྣང་བ་མཆེད་པ་སྟེ་ཞེས་འབྱུང་སྟེ། དེ་ནས་རླུང་རགས་པ་ཕལ་ཆེར་བསྡུས་པས། རང་གི་ཕ་ལས་ཐོབ་པའི་ཁམས་དཀར་པོའི་ཆ་སྤྱི་བོའི་ཧཾ་ཞུ་སྟེ་སྙིང་ཁར་བབས་པས། འོད་ གསལ་སྣང་བའི་ཉམས་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་ཟླ་བ་ཤར་བ་ལྟ་བུ་སྐྱ་ལམ་ པ་འབྱུང་ལ། དེའི་ཚེ་ཞེ་སྡང་ལས་གྱུར་པའི་རྣམ་པར་རྟོག་པ་སོ་གསུམ་འགག་གོ །དེ་ནས་ རང་གི་མ་ལས་ཐོབ་པའི་ལྟེ་བའི་ཁམས་དམར་པོའི་ཆ། ཐིག་ལེ་དམར་པོ་འབར་ནས་སྙིང་ ཁར་སླེབས་པས་འོད་གསལ་མཆེད་པའི་ཉམས། ནམ་མཁའ་སྤྲིན་མེད་ལ་ཉི་མ་ཤར་བ་ལྟ་བུ་ 24-1-200 དམར་སེར་གོང་ལས་མི་གསལ་ཙམ་འབྱུང་ལ། དེའི་ཚེ་འདོད་ཆགས་ལས་གྱུར་པའི་རྟོག་པ་ བཞི་བཅུ་འགག་གོ །དེ་ནས་ཐིག་ལེ་གཉིས་དང་རང་གི་སྙིང་ལ་གནས་པའི་སེམས་ཀྱི་བརྟེན་ ནཱ་ད་དང༌། རླུང་གི་རང་བཞིན་གསུམ་འདྲེས་པས། འོད་གསལ་ཐོབ་པའི་ཉམས་མུན་པ་ལྟ་ བུ་ནག་ཐོམ་པ་དང༌། བརྒྱལ་བ་ལྟ་བུ་འབྱུང༌། དེའི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ འགག་གོ །དེ་ནས་ལས་ངན་པ་རྣམས་འོད་གསལ་ཉེར་ཐོབ་ཅེས་ཟེར་ཐམས་ཅད་སྟོང་པར་ འཆར་ཏེ། བར་དོའི་ལུས་གྲུབ་རྣམ་པར་ཤེས་པ་ད་ལྟ་ལས་བདུན་འགྱུར་དང་བཅུ་དྲུག་འགྱུར་ དང་སུམ་ཅུ་འགྱུར་གྱི་ཕྲ་བ་རྩལ་ཤིན་ཏུ་ཆེ་བ་ཞིག་འབྱུང་ལ། དེའི་ཚེ་གཤིན་རྗེའི་ཕོ་ཉས་ ཁྲིད་པ་དང༌། སྣང་བ་དགྲར་ལངས་ཏེ་དམྱལ་བ་དང༌། ཡི་དྭགས་ཀྱི་གནས་མཐོང་ནས། དེ་ ལ་རྣལ་འབྱོར་པས། ཚེ་འདིར་བླ་མའི་གདམས་ངག་དང་བར་དོའི་དམིགས་པ་སོགས་སྦྱངས་ པའི་འོད་གསལ་བུ་དང་བར་དོའི་འོད་གསལ་མའི་ཚུལ་གྱིས་འཕྲད་པས། འོད་གསལ་མ་ བུ་མཇལ་ནས་འཁྲུལ་སྣང་མི་འབྱུང་བ་དང༌། བྱུང་རུང་གཤིན་རྗེའི་ཕོ་ཉ་སོགས་གཟུགས་ ཐམས་ཅད་ཡི་དམ་གྱི་སྐུ་དང༌། སྒྲ་ཐམས་ཅད་ཡི་དམ་གྱི་སྙིང་པོ། སྣང་བ་ཐམས་ཅད་སྒྱུ་མ་ རྨི་ལམ་དུ་རྟོགས་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བའོ། །དེ་ཡང་མ་ཟིན་ན་སྐྱེ་བ་ ལེན་པའི་ཚེ་སྔ་མའི་སྒོ་གང་ཡང་སྐྱེ་བའི་སེམས་ཅན་དེ་འཁྲིག་པ་སྤྱོད་པ་སོགས་མཐོང་ནས་ དེ་ལ་ཆགས་སྡང་དང་མིག་སེར་སྐྱེ་བས། དེའི་ཚེ་གོང་གི་གནད་འཕྱུག་མེད་དུ་དམིགས་པས། ཕོ་མོ་དེ་རྣམས་ཡི་དམ་ཡབ་ཡུམ་དུ་བསྒོམས་པས། ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་ གསུངས། འདིར་གསུངས་པ། བར་དོ་འདུན་པས་འཛིན་པ་འདི། །ལས་དང་པོ་པ་ལ་ངོ་མཚར་ཆེ། ། དག་པ་རབ་འབྱམས་ཁོ་ན་ལ། །སྲིད་པའི་ལས་སྣང་ཡོད་མ་ཡིན། །ཞེས་གསུངས་སོ། ། གསུམ་པ་ནི། དངོས་གཞིའི་ཆོས་དེ་རྣམས་ལ་ཡང་གནད་དྲུག་ཡོད་དེ། ཐར་ལམ་རྩོལ་ 24-1-201 བའི་གནད། སྒྱུ་ལུས་བདེན་མེད་ཀྱི་གནད། རྨི་ལམ་(ཚེག་བར་ཁ་ཤས་མི་གསལ།) འོད་གསལ་ མོས་གུས་ཀྱི་གནད། འཕོ་བ་རྩེ་གཅིག་གི་གནད། བར་དོ་སྐྱོ་ཤས་ཀྱི་གནད་དེ། གནད་འདི་ རྣམས་གཙོ་བོར་བཟུང་ཞིང་ཉམས་ལེན་དང༌། དེ་ལ་སྐྱོན་དྲུག་སྤོངས་ཏེ། ཐར་ལམ་ལ་འཕྲེང༌། སྒྱུ་ལུས་ལ་ཐས། རྨི་ལམ་ལ་འབྱམས། འོད་གསལ་ལ་འདུག འཕོ་བ་ལ་འཕྲོས། བར་དོ་ལ་ འཁྲུལ་ཞེས་པ་སྟེ། སྐྱོན་དེ་རྣམས་ཀྱི་དབང་དུ་མ་ཤོར་བར་ཉམས་ལེན་སྐྱོང་བ་གལ་ཆེ་ཞིང་ ཐུན་མཚམས་རྣམས་སུ་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་དུ་ བསྔོ་བར་གསུངས་སོ། ། བླ་མའི་ཞལ་ལུང་མདོ་ཙམ་བྲིས་པ་འདིས། །རིན་ཆེན་གླིང་ལས་ནོར་བུ་ལེན་པ་ལྟར། ། ཆ་ཤས་ཙམ་མོ་འདི་ལས་དགེ་བ་གང༌། །རྣམ་དཀར་དེ་ཡང་འགྲོ་ལ་རབ་བྱིན་པས། །ལྷར་ བཅས་འགྲོ་བ་ཀུན་གྱི་སྐྱབས་གནས་མཆོག །རྗེ་བཙུན་བླ་མ་མཁྱེན་པའི་ལྷ་ལམ་ལས། ། ཚད་མེད་ཐུགས་རྗེའི་ཆུ་འཛིན་འཁྲིགས་པ་ཡི། །ངེས་དོན་ཆོས་དྲུག་བདུད་རྩིའི་ཆར་རྒྱུན་ ཕབ། །བདག་བློ་བྱིས་པའི་རང་བཞིན་སྣོད་དམན་པས། །ཆ་ཤས་ཙམ་ལོངས་པ་ལ་འགལ་ འཁྲུལ་གྱི། །ཉེས་པའི་ཚོགས་ཀུན་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྲུང་རྣམས་ལ་བཟོད་ པར་གསོལ། །ཞེས་པ་འདི་ཡང་རྗེ་བཙུན་སྤྲུལ་པའི་སྐུ་འཇམ་དབྱངས་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་ བཟང་པོའི་ཞལ་ལུང་ཇི་ལྟ་བ་བཞིན། དཔལ་ཤངས་པ་བཀའ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་ ཆེན་འཁོར་ལོ་སྡོམ་པའི་ཕོ་བྲང་བསམ་སྡིངས་ཡང་དགོན་དུ་ཟིན་བྲིས་སུ་བཏབ་པའོ། །འདི་ཉིད་རྗེ་བཙུན་རིན་པོ་ཆེའི་སྤྱན་ལམ་ དུ་ཕབས་ཞུས་དག་གནང་བའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༢ ཡིན།) 24-1-202 ༄༅། །འཇམ་པའི་རྡོ་རྗེའི་བསྟོད་པ་བླ་ན་མེད་པའི་ཡོན་ཏན་ འཕེལ་བར་བྱེད་པ་འཕེལ་བའི་ཕྲེང་བ་ཅན་ ཞེས་བྱ་བ་བཞུགས་སོ། ། ༄༅། །ནམོམཉྫུབཛྲཡ། འཇམ་དབྱངས་བླ་མའི་ཞབས་ཀྱི་པད་མོར་གུས་པས་ཕྱག་ འཚལ་ལོ། ། འཇམ་དབྱངས་བླ་མ་རྡོ་རྗེ་ཅན། །དབྱེར་མེད་ཞབས་ཀྱི་ཆུ་སྐྱེས་ནི། །ཟུར་ཕུད་མཆོག་ལ་ གུས་བཅིངས་ཏེ། །ཡོན་ཏན་འཕེལ་བྱེད་བསྟོད་པ་བརྩམས། ། དགེ ། །ལེགས། །དཔལ། །གཏེར(༡)། །རྗེ་བཙུན། །ཁྱོད་ཀྱི། །བདག་ལ། །མཆོད་ སྩོལ (༢)། །རྒྱལ་བའི་སྲས། །འཇམ་པའི་དབྱངས། །མཁྱེན་པའི་གཏེར། །ཁྱོད་ལ་འདུད(༣)། ། ཆོས་ཀྱི་རྗེ་བོ། །འཇམ་པའི་དཔལ་གྱི། །མཁྱེན་པའི་འོད་ཀྱི། །བདག་བློའི་མུན་སེལ(༤)། ། གུར་གུམ་གཞོན་ནུ་ལྟར། །དམར་སེར་འོད་དཔུང་འཁྲིགས། །མིག་སྨན་ལྟར་གནག་པའི། ། ཟུར་ཕུད་ལྔ་པ་ཁྱོད(༥)། །རྟག་ཏུ་གུས་པས་བསྟེན་ན། །དཔག་ཡས་སེམས་ཅན་མ་ལུས། །དེ་ རིང་ཁོ་ནར་རྨོངས་པའི། །རབ་རིབ་བསལ་བར་མཛོད་ཅིག(༦) །འཇམ་པའི་རྡོ་རྗེ་རྒྱལ་བ་ཡི། ། ཡབ་གཅིག་གཞོན་ནུའི་སྐུར་སྟོན་པ། །དཔག་ཡས་སྤྲུལ་པའི་དཀྱིལ་འཁོར་ཅན། །བདག་ལ་ ཐུགས་རྗེའི་བཀའ་དྲིན་མཛོད(༧)། །འཇམ་གཉེན་ཞབས་པད་ལི་ཁྲིའི་རྡུལ་ཕྲེང༌། །ལུས་མེད་ དཔུང་བཅས་ཅི་ཡང་སྲེག་བྱེད། །ཡ་མཚན་འདི་ལྟ་འོད་ཀྱི་ཤིང་རྟར། །མཚུངས་པའི་དམར་ 24-1-203 འོད་འདི་ཡིས་ལགས་གྲང༌(༨)། །འདོད་ཆགས་ཀུ་མུད་རབ་རྒྱས་བྱེད་མིན་ལ། །ཉོན་མོངས་ ར་རི་མེད་པའི་ཟླ་འོད་ཅན། །ཁྱོད་ཞལ་བདུད་རྩིའི་འདོད་འཇོ་མཛེས་མ་འདིས། །དགའ་ མའི་བདག་པོ་མུན་པར་བཅུག་འདི་མཚར(༩)། །ཁྱོད་ཀྱི་ཞབས་སེན་ཆུ་གཏེར་དགའ་བའི་ སྣང་བརྙན། །རལ་པའི་ཆུ་མཚོ་དྭངས་པར་ཤར་བའི་དམན་པའང་། །དྲེགས་ལྡན་ངང་པའི་ རྒྱལ་པོས་གུས་པས་བརྟེན་འོས། །འཁོར་བས་དུབ་པ་ངལ་སོའི་བསྟི་གནས་མཆོག་གྱུར(༡༠)། ། ཉིན་བྱེད་ཞལ་དཀྱིལ་འོད་ཟེར་དྲ་བ་བརྒྱས་ཁེབས་པ། །ཡིད་འོང་འོད་དཀར་གཡོ་ལྡན་ ཚེམས་བཟང་ཟླ་མཛེས་བརྒྱན། །མ་ལ་ཡ་དང་ག་པུར་ནགས་ཀྱི་བསེར་བུའི་དཔལ། །མཚན་ ཙམ་ཐོས་པའི་རབ་དགའ་ཡིས་ཀྱང་ཐོབ་པར་གྱུར(༡༡)། །སྣང་བྱེད་གཞོན་ནུའི་རྒྱ་མཚོར་ ཨིནྡྲནཱིལའི་འོད་ཅན། །དབང་པོའི་གཞུ་མཛེས་ཤར་བ་ཇི་བཞིན་སྨིན་དཀྱུས་རབ་སྡུག །ཉི་ ཟླའི་ཟེར་བཅས་ཨུཏྤལ་སྔོན་པོ་སར་པ་ཁ་བྱེ། །ཇི་ལྟ་བ་བཞིན་མཐོན་མཐིང་སྤྱན་གྱིས་ ཡང་ཡང་གཟིགས་མཛོད(༡༢)། །མཚན་མོའི་ནོར་བུས་དགེ་ལེགས་བྱིན་པའི་པུནྚརིཀའི་ དབུས། །མེ་ཏོག་ཟས་ཅན་དགའ་བས་རོལ་པའི་དཔལ་དང་འགྲོགས་པ་ཡི། །གང་གི་སྤྱན་ ནི་མཁྱེན་པ་བཞིན་དུ་དག་ཅིང་དྲི་མེད་པ། །བདག་ཀྱང་རྨོངས་པའི་རབ་རིབ་བསལ་ནས་དེ་ བཞིན་སྒྲུབ་པར་འདོད(༡༣)། །འཇམ་པའི་རྡོ་རྗེ་ཁྱོད་ཀྱི་དབུ་སྐྱེས་བུང་བ་ལྟར་ནག་ཡིད་འོང༌། ། མཐོན་ཀའི་རྡོ་རྗེ་དྲི་མེད་འོད་སྟོང་འཕྲོ་བའི་རིན་ཆེན་རྒྱན་ཕྲེང༌། །དབྱར་སྐྱེས་སྟུག་པོའི་ དབུས་ནས་སྐད་ཅིག་འོད་གསལ་འབར་བའི་སྣང་བ། །འགྱེད་མཁས་མིག་ལ་བདུད་རྩིའི་ དཔལ་སྟེར་ཟུར་ཕུད་ལྔ་པ་ལ་འདུད(༡༤)། །གནག་ཅིང་འཇམ་ལ་མ་འཁྲུགས་ཟར་བུ་སིལ་ སིལ་བུན་བུན་དལ་བུར་གཡོ། །གང་འདི་མཐོང་ན་བདེ་སོགས་མ་ཡང་འདོད་པས་བརྒྱལ་ བས་ལྷུང་འགྱུར་ལ། །ཀ་ཏའི་བུ་མོ་ཡིད་ཞུམ་ངོ་ཚས་ཁ་བའི་ས་འཛིན་བསྟེན་པ་བཞིན། །གང་ གི་མདངས་འོད་རྣམ་བཀྲ་ཤར་བས་ཀུན་གསལ་དབང་སྔོན་ལྟར་མཛེས་གྱུར(༡༥)། །ཡིད་ 24-1-204 འཕྲོག་སྣ་ཚོགས་མདངས་གསལ་གེ་སར་རྡུལ་བརྒྱས་འདྲེན་བྱེད་དགའ་སྟོན་འདབ་བརྒྱའི། ། ཕྲེང་བ་དང་ནི་ས་བརྡུབ་(སོར་གདུབ་)མ་ལི་ཀ་ཡི་ཕོན་པོས་ཟུར་ཕུད་ངོས་བརྒྱན། །ནམ་མཁའ་ ཨུཏྤལ་སྔོན་པོའི་མིག་ཟུང་མཛེས་སྡུག་ཟོལ་གྱིས་ལྟ་བར་བྱེད་ན། །གཡས་ཞལ་འགྲན་ཟླར་ བྱེད་པ་མིན་ནམ་གཅིག་ཤོས་སྟོན་ཟླ་གཞོན་ནུ་གང་བ(༡༦)། །རབ་དགྱེས་འཛུམ་པའི་དབུ་ བ་འཕྲེང་ལྡན་གསུམ་རྩེན་དལ་འགྲོ་ཡིད་ཀྱི་བདུད་རྩི་སྟེ། །ཐུན་མཚམས་སྨུག་རྩི་སར་པའི་ ཚོན་གྱིས་འཁུར་ཚོས་དམར་བའི་སྔོ་སངས་ན་ཆུང་མ། །འཇོ་སྒེག་རྒྱུ་སྐར་ཕྲེང་ལྡན་ཕྱོགས་ཀྱི་ དུལ་བ་འཕྲོག་བྱེད་མ་དེའི་བརྟན་པ་འགོག །དཔལ་ལྡན་ནམ་མཁའི་འོད་ཟེར་གོས་ཅན་ཡན་ ལག་བདུན་གྱི་རྟ་ལྗང་བདག་པོ་སྟེ(༡༧)། །པདྨ་རཱ་གའི་ལྷུན་པོ་ལ་ཆགས་མཚམས་སྤྲིན་གཞོན་ ནུ་དཀྲིགས་པའི་ལང་ཚོའི་དཔལ་ཡོན། །བདེ་སོགས་བདག་པོའི་གཞུ་ཡི་འཁྲི་ཤིང་འབུམ་ ཕྲག་རྒྱས་པའི་འོད་གསལ་ཛཱི་བ་ཀ་ཡི། །རབ་འཇམ་ལྟ་ན་སྡུག་པའི་མདབ་མ་བརྒྱར་ཡང་ཟེ་ འབྲུའི་སོ་ཕྲེང་རབ་དཀར་བཞད་འདི། །ཀཻལཤ་མཚུངས་འབུམ་ཕྲག་རྒྱུ་སྐར་བདག་པོ་ལས་ ཀྱང་མཚན་མོའི་ནོར་བུ་ལགས་གྲང༌(༡༨)། །དཔྲལ་བའི་དབྱེས་ནི་ཟླ་བ་རྒྱས་མཚུངས་ལེགས་ པར་ཕྱེད་པའི་སྐྲ་མཚམས་ལེགས་མཐོ་ཀིརབཿ །འཕྲོག་བྱེད་མཚོན་པའི་དུང་ལྟར་དཀར་ གསལ་གཡས་སུ་འཁྱིལ་བའི་རི་མོ་དང་ལྡན་མཛོད་སྤུ་ནི། །དྲི་མེད་སྨིན་མའི་དབུས་ན་མཛེས་ ཤིང་ཤངས་ཀྱི་གཟེངས་མཐོ་བིམ་པ་ལྟར་དམར་གཡོ་བའི་སྒྲོས། །གློག་དམར་འཁྱུགས་ པའི་ཞགས་པས་བཅིངས་པའི་གསེར་གྱི་ས་འཛིན་མཆོག་ཏུ་དོགས་པ་སྐྱེད་པར་བྱེད(༡༩)། ། གདོང་ལྔ་པ་ལྟར་སྐུར་སྟོད་རྒྱས་ཤིང་ཐོང་ཀ་ལྷུན་པོའི་ངོས་ལྟར་ཡངས་པ་མཐོ་ཞིང་ཟླུམ་ པའི། །དཔུང་བཅས་ཕྱག་ནི་གླང་པོའི་སྣ་ལྟར་རིང་ཞིང་མཛེས་ལ་དྲ་བས་ལེགས་འབྲེལ་ངང་ པའི་རྒྱལ་བཞིན། །ཕྱག་སོར་རྣམས་ཏེ་ཐམས་ཅད་མདོག་སྣུམ་དམར་བའི་འོད་ཆགས་སེན་ མོའི་ཡལ་འདབ་ཕྲེང་མཛེས་མངར་(དངར་)བའི། དཔག་བསམ་ལྕུག་ཕྲན་གཞོན་ནུ་ལྟར་རིང་ 24-1-205 རྒྱས་འཇམ་གཞོན་ཤ་ཆགས་པའི་ཕྱག་ཞབས་མཐིལ་ན་རབ་བཀྲའི(༢༠)། །རྩིབས་སྟོང་ལྡན་ པའི་གསེར་གྱི་འཁོར་ལོ་མ་འདྲེས་གསལ་ཞིང་རྫོགས་པའི་གཟུགས་བརྙན་ཡིད་འོང་དུས་ཀྱི་ ཕྱག །རབ་མཛེས་ནོར་བུའི་སོར་གདུབ་བཀྲ་ལྡན་ཟུང་ཞིག་རྗེ་བཙུན་དགའ་མའི་རེག་བདེ་ རྒྱས་པའི་ཆུ། །བསིལ་བ་འདྲེན་བྱེད་སྤུ་ལོང་མྱུ་གུ་སར་པ་བསྒྲུབས་ནས་སྒེག་པའི་ཉམས་ བཅས་དམ་པོར་འཁྱུད། །བདེ་བའི་ཆར་རྒྱུན་ལེགས་འཐུང་ཉ་ལྕིབས་དྭངས་གསལ་འདོད་ བསྐྱེད་མུ་ཏིག་ཕྲེང་མཛེས་འགྲམ་པ་ཆུ་ཐིགས་འཛིན(༢༡)། །དངོས་འཛིན་འཁྲི་ཤིང་དྲུངས་ ནས་གཅོད་པའི་ཤེས་རབ་རལ་གྲི་གདོད་ནས་སྤྲོས་བྲལ་ཕྱག་གཡས་མཐིལ་ལ་ཆགས་འདི། ། དཔག་བསམ་ཡལ་འདབ་རྩེ་མོར་ཨུཏྤལ་འདབ་སྟོང་ཤར་རམ་རི་དབང་རྩེ་མོར་ཡ་མུ་ན་ ཡི། །ཆུ་ཀླུང་འཕྱུར་བའམ་ཡང་ན་དབང་སྔོན་ནམ་མཁའི་བུ་མོར་ཕྱག་རྒྱས་འཁྱུད་འདི་སྲེད་ ལྡན་སུ་ཞེས་ཡིད་ནི། །དཔྱང་ཐག་འཛིན་ཅིང་གཞན་ནི་ཀུབལ་སྔོན་ཡལ་ག་ལས་སྐྱེས་སྙེ་མ་ རིན་ཆེན་ཟེ་འབྲུའི་ཕྲེང་ལྡན(༢༢)། །མེ་ཏོག་འཕྲེང་བཅས་མདའ་དང་གཞུས་སྤྲས་དབང་པོའི་ མཚོན་བཅས་ཆུ་ཕྲན་མ་དང་དགའ་དགུར་བྱེད་པའི་ཀུལིཤཱ། །བརྟན་པའི་སྙིང་ཡང་སྐད་ཅིག་ གིས་གཡོ་ཡིད་ཀྱི་མཚོན་ཆ་འདི་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་ཅེས་བདག །ཡིད་ ནི་ཡ་མཚན་སྐྱེས་ནས་གུས་པས་འདུད་དོ་རྒྱལ་བ་ཁྱོད་ལྟར་ནམ་ཞིག་བདག་ཀྱང་འཇམ་ པའི་དབྱངས་སུ་འགྱུར། །ཡང་ཡང་གུས་པས་གསོལ་བ་འདེབས་ན་རེ་རེར་ངག་གི་དབང་ ཕྱུག་སྩོལ་ཤིག་དེ་གཅིག་གཅིག་གིས་སེམས་ཅན་ཀུན(༢༣)། །སྣ་ཚོགས་ཆུ་སྐྱེས་འདབ་སྟོང་ དབུས་ན་སྟོན་ཟླའི་ཕྲེང་བས་ཀུན་ནས་དཀྲིགས་པའི་གེ་སར་འཛུམ་པའི་འོད་ཟེར་བཞད་ འདྲར། །རྡོ་རྗེའི་དཀྱིལ་ཀྲུང་བརྟན་པར་བཞུགས་པའི་འཇམ་པའི་སྐུ་ནི་དཔལ་དང་ལྡན་པ་ ལི་ཁྲིའི་ལུས་ཅན་ཉིད་བྱེད་འབུམ་གྱི། །འོད་ཟེར་རྒུན་ཆང་འཐུངས་པས་རབ་མྱོས་ག་པུར་ རྩེ་དགའི་ཐིག་ལེ་དགོད་པས་ཀུན་གསལ་དགའ་མའི་ཁེངས་པ་འཕྲོག་བྱེད། །ཡ་མཚན་ 24-1-206 དགའ་སྟོན་ཅི་ཡང་ལྟ་ཕྱིར་སྣར་མའི་བདག་པོ་རིངས་འོངས་རབ་དཀར་བདུད་རྩི་འཛག་ པའི་བཞིན་རས་རྒོད་བཞིན(༢༤)། །སིལ་ཁྲོལ་རྣ་བའི་བཅུད་ལེན་དྲིལ་བུའི་ཕྲེང་ལྡན་བརྡུབ་ (གདུབ་)མཛེས་འོག་པག་མགུལ་རྒྱན་འོད་འབར་གསེར་གྱི་རྣ་རྒྱན་སྙན་དག་ལ། །པདྨོའི་ཚལ་ ལ་འོད་སྟོང་བདག་པོས་བརྒྱན་དུ་བྱེད་བཞིན་ལྷ་རྫས་འཇའ་འོད་རྣམ་པར་བཀྲ་བའི་ལྷབ་ ལྷུབ་ནམ་བཟས་དཀྲིས། །ལང་ཚོ་རྒྱས་པས་ལྟ་བས་མི་ངོམ་མཚན་དཔེས་སྤྲས་པའི་གཞོན་ ནུའི་ལུས་ཅན་ཚོགས་གཉིས་ནོར་བུའི་རི་བོ་མཆོག་ཏུ་འཁྲུངས། །ཕྱག་གི་ཡལ་ག་ཕན་བདེའི་ གྲིབ་བསིལ་འདོད་དགུའི་འབྲས་བུ་རྒྱ་ཆེར་བརྡལ་བས་རབ་བརྗིད་རྗེ་བཙུན་དཔག་བསམ་ ལྗོན་པ་སྟེ(༢༥)། །སྦྲུལ་ནག་སྟོང་གི་ཆུན་པོས་སྤྲས་ཤིང་གཞན་གྱི་མི་ཐུབ་མཚོན་ཆའི་འཁྲུལ་ འཁོར་གཡུལ་ངོར་རབ་དཔའ་གནོད་སྦྱིན་གཤིན་རྗེ་མ་ལུས། །ལྟས་པ་ཙམ་གྱི་ཐལ་བར་བྱེད་ ཅིང་ཞབས་ནི་བརྡབས་པས་ས་གཞིར་བཅས་པའི་རི་དབང་ཤིག་ཤིག་འདར་ཞིང་ཆུ་གཏེར་ བདུན་ཡང༌། །རབ་ཏུ་འཁྲུགས་ཤིང་རྦ་རླབས་གནམ་དུ་བསྐྱོད་ནས་འུར་འུར་ཆེམ་ཞེས་ས་ འོག་བདུན་དུ་ལྷ་མིན་ཀླུ་རྣམས་སྔངས་ཤིང་སྐྲག་བྱེད། །ཧ་ཧའི་གད་རྒྱངས་རི་བོ་རལ་ཞིང་ བདུད་རྣམས་གཞལ་མེད་ཁང་བཅས་ཞིག་ནས་ཧཱུཾ་སྒྲས་བརྒྱལ་བྱེད་དྲག་པོའི་མེ་ལྕེ་འཇིག་ རྟེན(༢༦)། །གསུམ་ཡང་རབ་འགེངས་དུས་ཀྱི་དུད་སྤྲིན་མུན་གནག་བསྟིབས་པ་རྡོ་རྗེའི་མེ་ ཆར་རབ་འབེབ་འབྲུག་གི་སྒྲ་ཆེན་རྒྱུད་མར་རབ་སྒྲོག་པ། །དབྱར་གྱི་སྤྲིན་ནག་སྟོང་གི་རུམ་ ནས་འབུམ་ཕྲག་གློག་འགྱུ་ལྟ་བུར་འཇིགས་རུང་ཁྲག་འཛག་མགོ་ཕྲེང་ཀེང་རུས་བརྒྱན་དང་ མ་རུངས་རྣམས། །འཕྲལ་དུ་བསད་ནས་རྒྱུ་མ་ཁྲག་བཅས་ཞལ་དུ་གསོལ་བའི་མི་བཟད་ བཅོམ་ལྡན་གཤིན་རྗེ་གཤེད་པོ་དེ་ཡང་ཁྱོད་ཀྱི་ཡེ་ཤེས་ཀྱི། །རྣམ་པར་འཕྲུལ་པ་བདུད་ཀྱི་ བདུད་ཁྱོད་འཇམ་དཔལ་དཔའ་བོ་རབ་ཏུ་ཞི་བའི་རྣམ་འཕྲུལ་ངོ་མཚར་བདག་ཅག་བདུད་ བཞི་ལས་སྐྱོབས་ཤིག(༢༧) །བཅོམ་ལྡན་དེ་ཡི་དགའ་མ་མཆོག་ནི་ཚོགས་གཉིས་འཁྲི་ཤིང་ 24-1-207 སྙེ་མ་ཉིད་དེ་འདོད་པའི་ཆུང་མ་གཞན་ནམ་ཟླ་བ་སར་པ་ལྟ་བུའི་མཁའ་འགྲོ། །དཀར་མོའི་ བདག་པོ་རལ་པའི་རྩེ་ལ་ཀུ་མུད་འོད་ཀྱིས་ལྷམ་མེར་བསྟི་བ་ཉིན་བྱེད་ཚ་ཟེར་ཡན་ལག་བྱེ་ བའི་ཚོགས་རྣམས་སྟེང་དུ་བླངས་ནས། །དབུ་ལ་བཀོད་བཞིན་གཙུག་གི་ནོར་བུས་རྣམ་སྤྲས་ མེ་ཏོག་ཕོན་པོའི་རླུང་གཞོན་གྱིས་བོས་བུང་བའི་འཕུར་ལྡིང་རྔ་ཡབ་རླུང་གིས་བསྐྱོད་པའི་ སྙན་གོང༌། །ཨུཏྤལ་ཕྲེང་མཛེས་དལ་བུས་སྐྱོད་ལྡན་ཛཱ་ཏིའི་མེ་ཏོག་རྒྱས་ཕྲེང་ངད་ལྡང་ཕྱོགས་ ཀུན་སྤུ་ལོང་གོས་ཀྱིས་སྒྲིབ་བྱེད་མ་ལ་ཡ་ཡི་ངོས་ལ(༣༠)། །རྐང་མཐིལ་ཚོན་གྱིས་ཐིག་ལེ་ འགོད་ཅིང་ནུ་མའི་དཔལ་འབྲས་ཁུར་འཛིན་རིག་འཛིན་བུ་མོ་མཆོག་གི་མཛེས་པ་འགོག་ལ་ གཅིག་ཏུ་གཞོལ་བའི་ངལ་འདི་ཅི་སླད་མཛད། །རྟུལ་འཆང་དེ་སྐད་གླུར་ལེན་པ་བཞིན་སྙན་ ཆ་གདུབ་ཁོར་དར་གྱི་ཅོད་པན་རྣམ་བཀྲ་ལྷ་རྫས་ན་བཟའི་ཚོགས་རྣམས་ཕང་ཕུང་མིག་གི་ འོད་ཟེར་རྣམ་པར་འབྲིད། །རིང་འཇམ་སྡུག་ལ་སྣུམ་པའི་སྐྲ་ཚོགས་བུང་བ་ལྟར་གནག་ཕྱེད་ བཅིངས་ལྷག་མ་སིལ་བུར་གྲོལ་བའི་ཟར་བུ་དག་གིས་སྐུ་སྟོད་ཁེབས་ཤིང་ཡིད་འཕྲོག་ལྷས་ མའི་དཔལ། །རེག་ན་བདེ་བའི་ལན་བུར་བཅས་ཤིང་མཐོན་མཐིང་སྣུམ་འཇམ་མ་འཛིངས་ གཞུ་ཡི་དབྱིབས་འདྲ་ལྷག་པར་ཡིད་དུ་སྡུག་པའི་སྨིན་ལེགས་མ་དེ་རྒྱལ་བའི་ཡུམ་གཅིག་ ལགས(༣༣)། །དང་པོ་རྣམས་སོ། ། ༈ ཨུཏྤལ་མཐིང་ཀ་སར་དུ་བྱེ་བ་བཞིན། །རབ་བཀྲ་ལྟ་ན་སྡུག་པའི་སྤྱན་དཀྱུས་རིངས་ ཤིང་གཡོ། །འོད་དཀར་ཅན་དབུས་མིག་སྨན་ལྟར་གནག་པའི། །རི་བོང་གཟུགས་བཞིན་ སྤྱན་བཟང་དཀར་ནག་ཕྱེད་ཅིང་དག །བིམྦ་ལྟར་དམར་མཆུ་སྒྲོས་དྭངས་གསལ། །མཛེས་ པའི་ཞལ་ནི་ཡིད་དུ་འོང༌། །རོ་མཆོག་སྦྲང་རྩིའི་དཔལ་གཏེར་རབ་དམར། །ཆུ་སྐྱེས་རྐང་ དྲུག་འཇིབ་ཅིང་རོལ། །དབྱིབས་ལེགས་ཤངས་ཀྱི་རྒྱུད་ནི་རིངས་ཤིང་གསལ། །ཡིད་ཀྱི་ངལ་ སྟེགས་ལེགས་མཐོ་མཐོང་ན་བདེ། །རབ་གཉེན་མདོག་ལེགས་སྙན་གྱི་བུག་པར་ཉི་ཟླ་ལྟར། ། 24-1-208 ས་གསུམ་སྣང་བྱེད་རིན་ཆེན་རྣ་རྒྱན་འཕྱངས་ཤིང་མཛེས། །སྐར་མའི་ཕྲེང་བ་ལྟར་གསལ་མུ་ ཏིག་དོ་ཤལ་གང༌། །དྲི་མེད་མཁའ་འདྲའི་འོ་འཛིན་ངོས་ལ་རོལ་བ་འདི། །གསེར་གྱི་ཆུ་མཚོར་ དཔྱིད་ཀ་ཡི། །དོ་ཤལ་ངང་མོའི་ཕྲེང་བ་བཞིན། །ནུ་མ་འབྲས་བུའི་ལྕིད་ཀྱི་དུད་པ་ཡི། །སྐེད་ སྐབས་ལྕུག་ཕྲན་ལྡེམ་པ་མཛེས་མའི་འཁྲི་ཤིང་འདི། །གུར་གུམ་གཞོན་ནུ་ཟླ་ཤེལ་ཨནྡ་རྙིལ་ དག་པའི། །འོད་གསལ་གཞིན་གྱི་མནྡཱརབཱ་རྒྱས། གདོང་གི་ཛམྦུའི་གསེར་སྦྱངས་བཙོ་མ་ཇི་ བཞིན། །གསལ་གསལ་འབར་འབར་གཟི་འོད་ཅན། །འོ་མའི་རྒྱ་མཚོར་བསིལ་ལྡན་དགའ། ། ཤར་བ་ཉིད་དམ་གངས་རི་རྩེ་མོ་ཤིན་ཏུ་མཐོ་བ། །ཟླ་འོད་ཞུ་བ་བབས་འདྲའི་ངོས་ལ་འཆར་ ཀ་སར་པའི་འོད། །འོད་རིས་གོས་དམར་གཡོག་འདྲའི་ཞལ་དཀྱིལ་དཀར། །དཀར་སྣུམ་ མདངས་གསལ་སྙིང་དུ་རབ་སྡུག་ཁུར་ཚོས་དམར་ཞིང་འཇམ། །འཇམ་དབྱངས་དགའ་མ་ བདག་སྙིང་ལ་བཞུགས་ཤིག །གཉིས་པ་རྣམས་སོ། ། བཻཌརྱ་ཡི་ས་འཛིན་རྣོན་པོས། །གནམ་སྔོན་ཕུག་པ་གང་གི་ཁྲག་རྒྱུན། །དབང་སྔོན་ གཞུ་འདྲའི་བཅུད་ཀྱི་ཐིགས་པས། །རྣམ་པར་སྦགས་པ་ལྟ་བུའི་ཞལ་གཞན(༡)། །རབ་སྔོ་ ཀུབཱའི་ནགས་ཚལ་ལྟར་འཁྲུལ་རི་དྭགས་མིག་གི །རོལ་རྩེད་མིན་ནམ་ངོ་མཚར་འདི་ཀོ་རི་ བོང་མཚན་མར། །ཇི་ལྟ་བུར་རྟག་འཁྲང་ཞིང་རབ་རྒྱས་ནུ་མའི་ཁུར་འཛིན། །ལུས་ཕྲ་ཡིད་ཀྱི་ སྲུབ་ཤིང་མིན་ནམ་ཡིད་འཚོ་དང་བར་ཇི་ལྟར་བྱེད(༢)། །ཙནྡ་ལྗོན་པའི་ངོས་ལས་བབས་པའི་ ཐང་ཆུ། །ཟླ་ཞུན་ཐིག་ལེའི་ཕྲེང་བ་སར་པས་ནུ་མ། །བརླ་དང་འགྲམ་པའི་ཐ་མར་བརྒྱན་ནས་ རེག་པ་མཆོག །འཇམ་པའི་དཔལ་གྱི་འཇམ་པའི་དབྱངས་བྱེད་རྡོ་རྗེ་བདེ་བ་མ(༣)། །རལ་གྲི་ ཉག་ཕྲན་རབ་རྒྱས་མདབ་སྔོན་ས་སྟོབས། །རིན་ཆེན་གཞུ་འཛིན་གཡུར་ཟ་འཁྲིལ་ལྡེམ་རབ་ ཕྲ། །ཟླ་ཚེས་ལྟ་བུར་ལུས་ཕྲ་འཁྲིལ་བག་ཆགས་མཛེས། སིད་ཀྱི་སྒྲ་བརྙན་ཁུ་བྱུག་དབྱངས་ བཅས་མགུལ་ནས་འཁྱུད(༤)། །རབ་འཇམ་བདེ་ལྡན་དང་བའི་ལྗིང་བུར་སེན་མོའི། །ཟླ་ 24-1-209 རིས་ཡང་ཡང་ཤར་ནས་ཕྱག་རྒྱས་འཁྱུད་སྦྱོར་བ། །ལང་ཚོ་ཅན་ལ་འདོད་པའི་སློབ་དཔོན་ ནི་ཙུ་ལར་ནི། །ཙཱུཏའི་དོག་པས་མི་ཕྱེད་ཕྱག་རྒྱ་བཅིངས་པ་བཞིན(༥)། །ཡིད་འཕྲོག་དགའ་ བའི་ཁྱིམ་དབུས་བདེ་བའི་རྒྱལ་མཚན་བསྒྲེངས་བྱས་རབ་མྱོས། །དྲན་པའི་ཁྲོན་པ་བདུད་ རྩིའི་ཆུ་ཀླུང་མེ་ཏོག་ལམ་དུ། །ཉི་མའི་འོད་ཀྱི་ཟླ་བ་ཞུ་བའི་ཆུས། །སར་པ་སར་པའི་དཔྱིད་ ཀྱི་དགའ་སྟོན་རིགས་ཀྱི་དཀྱིལ་འཁོར་མཚན་དཔེའི་དཔལ(༦)། །རྟག་པ་མི་འཁྲུགས་རིན་ ཆེན་དབང་པོ་ཚེ་དཔག་མེད་དང་དོན་གྲུབ། །སྤྱན་མ་བདག་མ་དཀར་མོ་ཏཱརཱ་དེ་བཞིན་དུ། ། འདོད་པའི་ཡོན་ཏན་ལྷ་མོ་སྡུག་མ་དགའ་བའི་ས་གཞི་མཆོད་སྤྲིན་དཔག་ཡས་དང་བཅས། ། ཁྲོ་བོའི་དབང་པོ་བཅུ་དང་དབང་པའི་བྱང་ཆུབ་སེམས་རྣམས་རབ་སྤྲོ་བ(༧)། །རིན་ཆེན་ སྒྲོན་མ་ཟུར་མིག་འདོད་པའི་མདའ་འཕེན་རབ་དགའ་གླུ་དབྱངས། །བདེ་བའི་ག་པུར་འཐུལ་ ཞིང་དྲི་བསུང་དབུགས་ཀྱི་སྤོས། །མཆུ་སྒྲོས་པད་མཚོར་ཚེམས་དཀར་ངང་མོ་རོལ། །རབ་ ཆགས་མཚན་མོ་གཞད་དམར་གདོང་གི་སོ་སྒྲིབ་མདབ་ལེགས་མྱང་ཞིང་འཇིབ(༨)། །རེག་ པ་ཙམ་གྱིས་ཡིད་ཀྱི་ཆུ་ཁུར་བན་བུན་གཡོ་ཞིང༌། །རེག་བདེའི་མདོངས་མཐའ་ཅི་ཡང་གར་ བྱེད། །མཐོང་བ་ཁོ་ནར་བཟུང་འཛིན་རི་མོ་བཀྲ་བ་ཉམས་ནས་དྲི་མེད་ཡིད་མཁའ། །འོད་ གསལ་སྔོ་བསང་ལང་ཚོའི་དཔལ་འབར་མྱོས་བྱེད་གསེར་གྱི་འཁྲི་ཤིང་འདོད་དགའི་ཚལ་དུ་ བསྐྲུན་པའི(༩)། །འགྱུར་མེད་བདེས་མྱོས་སྤུ་ལོང་མྱུ་གུ་ལྷན་སྐྱེས་ཡོངས་འདུའི། །སྐྱེད་མོས་ ཚལ་བྱེད་བདེ་བའི་ཆར་རྒྱུན་འདི་ནི་སྟོང་ཉིད་མཁའ་ལས་རབ་བྱུང༌། །གཉིས་དགྱེས་ཁྱིམ་ དུ་རབ་མཛེས་ཡེ་ཤེས། །གཞོན་ནུ་གང་སྐུ་བདེ་བའི་འདོད་ཆར་རབ་བརྡོ་འོད་གསལ་ན་ཆུང་ དང་འདུས་སྤྲོས་བྲལ་གཉིས་ལོག(༡༠) །ཤེས་རབ་བདེ་སྟོང་བུད་མེད་གཟུགས་དང་ཐབས་ ནི་སྐྱེས་བུ། །གཉིད་ལས་ལངས་ཚེ་ཁམས་གསུམ་མཐའ་དག་དག་པའི་འཁོར་ལོ་ཤར་བ་ ཉིད་ལས། །ཡེ་ཤེས་མི་ཕྱེད་རྡོ་རྗེ་བགྲང་ཡས་དཔག་ཡས་མཐའ་ཡས་མཐའ་ལས་འདས་པ་ 24-1-210 འཇམ་དབྱངས་བླ་མ། །ཞབས་སེན་མེས་པོའི་སྤྱི་བོར་ངལ་བསོ(༡༡)། །ཐུགས་རྗེའི་རིན་ཆེན་ འགྲོ་བའི་ཆུ་གཏེར། །ངོགས་སོང་ད་དུང་ཁྱོད་ནི་མཁྱེན་བརྩེའི་གཏེར་ལ་བདག་ཡིད། །སོམ་ ཉིར་སྤྱོད་ལགས་གཞན་ཡང་ཆུ་སྐྱེས་ཉིན་བྱེད་མགོན་བཅས་ལགས་ན་ཁྱོད་ཞལ། །པད་མོས་ ཉི་མ་ཟིལ་མནན་འདི་ཅི་ཡ་མཚན་ཕ་མཐའ་མི་མངའ་རྗེ་བཙུན་མཁྱེན་པའི་གཏེར་ཀྱཻ(༡༢)། ། གསུམ་པ་རྫོགས་སོ། ། རྗེ་བཙུན་འཇམ་པའི་རྡོ་རྗེའི་ཞལ་གྱི་པད་མོ་ལ། །མིག་གི་བུང་བ་རབ་བཀོད་བསྟོད་ པའི་གླུ་བླངས་པའི། །དགེ་བས་འཇམ་དཔལ་མཁྱེན་པའི་སྦྲང་རྩི་སྤྱོད་པ་དང༌། །ཐམས་ཅད་ མཁྱེན་པའི་སྤྱན་ལྔ་ལྡན་པར་བདག་གྱུར་ཅིག ། བླ་ན་མེད་པའི་ཡོན་ཏན་འཕེལ་བ་ཞེས་བྱ་བ་འཇམ་པའི་རྡོ་རྗེ་ལ་བསྟོད་པ་བྲྀཏྟའི་སྡེབ་ སྦྱོར་རྣམས་དང་མཐུན་པར་དགེ་སློང་ཀུན་དགའ་སྙིང་པོས་འཇམ་པའི་རྡོ་རྗེ་ལ་བཅོས་མིན་ དུ་དད་པ་སྐྱེས་ནས་རང་ལོ་ཉི་ཤུ་པ་ལ་རིའི་དབང་པོ་མོན་རྩེའི་མགུལ་ཆོས་འཁོར་(སྐྱེ་ཡུལ་) སྡིངས་སུ་སྦྱར། བོད་སྐད་ལ་སྡེབ་སྦྱོར་ཇི་བཞིན་ཡེ་ནས་སྒྲིག་མི་བཏུབ་ཅིང་ཕྱོགས་འདྲ་ རྟགས་ན་དཔེར། ཚ་རེག་༼ཛ༽ཞི་བ་མ་༼ས༽ཡིན་ཀྱང༌༼ག༽། ཞེས་པ་ལ་༼ཛསག༽ཕྱོགས་མཐུན་ ཡོད་ཀྱང་ཡོད་མེད་ལ་བརྗོད་བདེ་མི་བདེ་ཉམས་འགྱུར་གསལ་བར་མི་ཐོན་ལ། དེར་མ་ཟད། ངལ་བསོ་དང༌། ལྕི་ཡང་གི་ཡི་གེ་བོད་ཀྱི་ཚིག་ལ་ཤིན་ཏུ་དཀོན་པས་ཐམས་ཅད་སྒྲིག་མི་ཐུབ་ པ་ཟ་འོག་གི་རི་མོ། ལྭ་བ་ལ་ཇི་ལྟར་མཁས་ཀྱང་མི་འབྱུང་བ་ལྟར་བློ་སྐྱོན་མ་ཡིན། སྐད་ཀྱི་ སྐྱོན་ཡིན་པས། བོད་ལ་ཚིག་གི་ཕྲད་དང་སྡེབ་མ་འཁྲུགས་པར་བྱེད་པ་སྡེབ་སྦྱོར་གྱི་དོད་ཡིན་ ནོ། །དེས་ན་མཉམ་པའི་བརྒྱད་པ་ཁོ་ན་ལ་ཡང༌། འདྲ་མཚུངས། གཞལ་དཔག་ལ་སོགས་དུ་ མ་ཞིག་སྟེ། རྒྱུན་ཆགས་ཀྱི་བར་དུ་ནང་སེལ་དཔག་ཏུ་མེད་པ་རྣམས་ཀྱི་དོད་ཀུན་སྒྲིག་ཏུ་མ་ བཏུབ་པས་ཡིག་འབྲུ་ཚེག་བར་མང་ཉུང་ཙམ་ཕྱོགས་མཐུན་དང༌། ཕྱེད་མཉམ་དང་མི་མཉམ་ 24-1-211 པ་རྣམས་ཀྱི་ཚེག་བར་ཙམ་ལ་ཡང་དོད་མཉམ་ཐུབ་པའི་ངེས་པ་དཀའ་ཡང༌། བོད་སྐད་ ཉིད་ལ་ཕྱོགས་མཐུན་དོད་དུ་སྦྱོར་རིགས་པ་སྦྱར་རོ། །སྙན་ངག་གི་སྦྱོར་གཞི་ངོ་མཚར་ཅན་ དང༌། སྦྱོར་བ་བརླིང་བ་དང༌། སྦྱར་རྒྱན། རབ་རྟོག ཏིང་ངེ་འཛིན་སོགས་རྒྱན་ཆེན་པོ་རྣམས་ ཀྱིས་འཕོངས་པ་འདི་ནི། སྤྱིར་བློ་གྲོས་སྟོབས་ཆུང་ཞིང༌། ཁྱད་པར་ཐུན་གསུམ་ལ་ཤིན་ཏུ་ མྱུར་བར་བཀོད་པའི་སྟོབས་ཀྱིས་ཏེ། ཚིག་སྦྱོར་བདག་པོ་རྣམས་བཟོད་མཛོད།། །།དགེའོ།། ཤུབྷམཱསྟུསརྦཛགཏཾ། རྭ་སྒྲེང་དུ་ཐུན་གཅིག་ཆོས་འཁོར་སྡིངས་སུ་གཉིས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-212 ༄༅། །འཇམ་པའི་རྡོ་རྗེའི་བསྟོད་པ་བསྡུས་པ་བཞུགས། ༄༅། །ན་མོ་མཉྫུབཛྲཡ། མཚམས་སྤྲིན་མདོག་ཅན་མཚན་དཔེས་སྤྲས་པའི་སྐུ། ། གདངས་སྙན་ཡན་ལག་དྲུག་ཅུའི་གསང་བ་ཅན། །ཟབ་དང་རྒྱ་ཆེའི་ཐུགས་ནི་རྒྱ་མཚོ་བཞིན། ། རྗེ་བཙུན་འཇམ་པའི་རྡོ་རྗེ་ཁྱོད་ལ་འདུད། །སྙིང་རྗེ་ཆེན་པོའི་ཨུཏྤལ་རབ་རྒྱས་དང༌། །ཤེས་ རབ་འོད་འབར་རལ་གྲི་སྔོ་སངས་འཛིན། །བདག་ཏུ་ལྟ་བའི་རི་བོ་འཇོམས་པ་ལ། །རྡོ་རྗེ་ ལས་ཀྱང་ལྷག་པའི་མཚོན་ཆ་ལེགས། །བདེ་སྟོང་མདའ་གཞུ་གཉིས་མེད་སྦྱོར་བ་ཡི། །འཕོ་ མེད་བདེ་བ་རྡོ་རྗེའི་དཀྱིལ་ཀྲུང་ཅན། །ལྷན་ཅིག་སྐྱེས་པའི་ཡུམ་དང་མཉམ་པར་སྦྱོར། །བདེ་ བ་ཆེན་པོའི་རྡོ་རྗེ་ལ་ཕྱག་འཚལ། །དེ་ཡི་སྙིང་དབུས་གཞོམ་མེད་མི་ཤིགས་པ། །དངོས་ཀུན་ རོ་ཅིག་ཐིག་ལེའི་སྒྱུ་འཕྲུལ་ལས། །སྲིད་ཞིའི་དཀྱིལ་འཁོར་དཔག་ཡས་སྤྲོ་བ་ནི། །བདེ་ཆེན་ དག་པའི་འཁོར་ལོར་ཤར་བ་ན། །སྤྲོས་པ་ཐམས་ཅད་དབྱིངས་སུ་ཞི་གྱུར་ཀྱང༌། །འདོད་ ཆགས་ཆེན་པོ་བདེ་ཆེན་ལྷ་ཡི་སྐུ། །ཡན་ལག་བདུན་དང་ལྡན་པའི་གོ་འཕང་མཆོག །རོ་མྱང་ བརྒྱད་ཀྱི་རྩེ་མོར་ཕྱིན་པར་ཤོག །ཅེས་པའང་ཀུན་དགའ་སྙིང་པོས་སྨྲས་པའོ།། །། དགེ་ལེགས་འཕེལ། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-213 ༄༅། །འཇམ་དཔལ་གྱི་སྒྲུབ་ཐབས་བཞུགས། ༄༅། །རྒྱལ་ཀུན་སྲས་ཀྱི་ཐུ་བོ་ནི། །ཀུན་གྱི་མཆོག་གྱུར་འཇམ་དཔལ་ལ། །གུས་པས་བཏུད་ནས་སྒྲུབ་པའི་ཐབས། ། ངོ་མཚར་ཆེན་པོ་འབྲི་བར་བྱ། །འགྲུབ་ན་མཎྜལ་མཆོད་པ་སྔོན་དུ་བཏང༌། གང་ལྟར་ཡང༌། སྨོན་པ་བྱང་སེམས་དང་སྟོང་པ་ཉིད་བསྒོམ། ཤུ་ནྱ་ཏའི་སྔགས་བརྗོད། རང་གི་སྙིང་གར་པད་ ཟླ་ལ། དྷཱིཿཡིག་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་འཕགས་པ་འཇམ་དཔལ་གུར་གུམ་གཞོན་ ནུའི་མདོག་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང༌། ཕྱག་གཡོན་ པོ་ཏིས་མཚན་པའི་ཨུཏྤལའི་སྡོང་བུ་འཛིན་པ། རོལ་པའི་སྟབས་ཀྱི་བཞུགས་ཤིང་མི་བསྐྱོད་ པས་དབུ་ལ་སྤྲས་པ། ཟུར་ཕུད་ལྔ་པའམ། རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ ཆེས་བརྒྱན་པ། ཞབས་ཀྱི་དྲུང་དུ་ཁྲོ་བོ་གཤིན་རྗེ་གཤེད་པོ། མཐིང་ནག་ཐོད་པའི་འཕྲེང་བ་ ཅན། གཡས་འཇམ་དཔལ་གྱི་ཞབས་ལ་བརྟེན་པའམ་ཕྱག་འཚལ་བ། གཡོན་ཐོ་བ་རྭ་ཉི་ཤུ་ པ་འཛིན་ཅིང༌། ཁྲོ་བོའི་ཆ་བྱད་རྫོགས་པའོ། །ཡེ་ཤེས་སྤྱན་འདྲེན་གནས་གསུམ་བྱིན་རླབས་བྱ། ན་མཿས་ མནྟ་བུདྡྷ་ནཾ་ༀ་ར་ར་སྨ་ར་ཨ་པྲ་ཏི་ཧ་ར་ཤཱ་ས་ནཾ། ཀུ་མཱ་ར་རཱུ་པ་དྷ་རི་ཧཱུཾ་ཕཊ་སྭཱཧཱ། ཐུན་མཚམས་ སུ། འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ་ཀློག་པ་དང༌། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་འདོན་པ་སོགས་ཆོས་སྤྱོད་ ཅི་ནུས་སུ་བྱའོ། ། བློ་ལྡན་ཀུ༵ན་ནས་དག༵འ་བ་ཡི། །སྒྲུབ་ཐབས་སྙི༵ང་པོ༵་འདི་ཙམ་ཡིན། །མི་སྒོམ་ན་ནི་རྒྱས་པས་ཅི། །སྒོམ་ན་བསྡུས་ཀྱང་དོན་ མཆོག་གྲུབ། །ཉེ་བའི་སྲས་བརྒྱད་ལས་འཇམ་དཔལ་གྱི་སྒྲུབ་ཐབས་སོ།། །།མངྒ་ལཾ། 24-1-214 ༄༅། །འཕགས་པ་སྤྱན་རས་གཟིགས་ཀྱི་ སྒྲུབ་ཐབས་བཞུགས། ༄༅། །དམིགས་མེད་ཐུགས་རྗེ་མཁའ་ལྟར་ཁྱབ། །རྒྱལ་སྲས་ཀུན་གྱི་ཐུ་བོ་ནི། །སྤྱན་རས་གཟིགས་དབང་ལ་བཏུད་དེ། ། སྒྲུབ་ཐབས་མདོ་ཙམ་བྲི་བར་བྱ། ། ཐུགས་རྗེ་ཆེན་པོའི་དབང་ཕྱུག་མཚན་ཐོས་པ་དང་བཟུང་བ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་བའི་འཕགས་ མཆོག་དེ་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱི་སྒོ་ནས། ཕྱག་དང༌། མཆོད་པ་དང༌། བསྟོད་པ་དང༌། བསྐོར་བ་བྱས་ ལ། བྱང་ཆུབ་ཀྱི་སེམས་བསྒོམ། ཤུ་ནྱ་ཏའི་སྔགས་དོན་བསམ། རང་གི་སྙིང་གར་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ ལས། འཇིག་རྟེན་མགོན་པོ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྐུ་ལུས། རལ་པའི་ཐོར་ཚུགས་ ཀྱི་ངོས་ལ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བཞུགས་པ། ཕྱག་གཉིས་ཐུགས་ཀར་ ཆོས་འཆད་ཀྱི་ཕྱག་རྒྱའམ། གཡས་མཆོག་སྦྱིན་དང༌། གཡོན་གདན་ལ་བརྟེན་པས། པདྨ་ དཀར་པོའི་སྡོང་བུ་འཛིན་པ། རི་དྭགས་ཀྱི་པགས་པ་ཕྲག་གཡོན་པ་ལ་གནས་པ། དར་དང་ རིན་པོ་ཆེའི་རྒྱན་ཅན་གཡས་བརྐྱང་བའི་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་དྲུང་དུ་ཁྲོ་ རྒྱལ་རྟ་མགྲིན་དམར་པོ། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དབུའི་སྟེང་ན་རྟ་མགོ་ ལྗང་ཁུ་རྟ་སྐད་འཚེར་བ། ཕྱག་གཡས་ཕྱག་འཚལ་བ་དང་གཡོན་པས་བེ་ཅོན་དཀར་པོ་འཛིན་ པའོ། །ཡེ་ཤེས་པ་སྤྱན་དྲངས། མཆོད་པས་མཆོད། རང་ལ་གཞུག ༀ་ཨཱཿཧཱུཾ་གིས་གནས་གསུམ་བྱིན་གྱིས་བརླབས། ན་ མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཀཱ་རུ་ཎེ་ཀཱ་ 24-1-215 རུ་ཎེ། མཧཱ་ཀཱ་རུ་ཎ། པྲ་ཏིཥྛི་ཏེ་ཀ་རུ་ཎཱ་ཡ་སྭཱཧཱ། ཞེས་ཅི་ནུས་སུ་བཟླས། ལྷ་སྐུ་འོད་གསལ་དུ་བསྡུས་ཏེ་དགེ་བ་ བསྔོ། ཐུན་མཚམས་སུ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཞེས་བྱ་བའི་མདོ་དང༌། ཟ་མ་ཏོག་བཀོད་པ་དང༌། འཕགས་མཆོག་འདི་ ཉིད་ཀྱི་མཚན་བརྒྱ་སོགས་འདོན་ནོ། ། ཀུ༵ན་ལས་དག༵འ་བའི་སྒྲུབ་ཐབས་འདི། །སྙི༵ང་ནས་ཉམས་ལེན་བྱས་གྱུར་ན། །འཇིག་རྟེན་དབང་པོ༵་ཉིད་མཚུངས་པའི། ། གོ་འཕང་ཐོབ་འགྱུར་ཨ་ལ་ལ། །འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་སོ།། །།མངྒ་ལཾ།། 24-1-216 ༄༅། །ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་བཞུགས། ༄༅། །ན་མོ་གུ་རུ། སངས་རྒྱས་ཀུན་གྱི་གསང་གསུམ་ལ། །ནང་བྱན་ཆུད་པ་མཐུ་སྟོབས་དབང༌། །རྡོ་རྗེ་འཆང་བ་ལ་ འདུད་དོ། །བདག་ཀྱང་ཁྱེད་དང་མཚུངས་པར་ཤོག ། སྔགས་དང་རྒྱུད་ལ་མངོན་པར་དགའ་བ་རྣམས་འཕགས་པ་ཕྱག་ན་རྡོ་རྗེ་ལ་བློ་གཏད་འཆའ་དགོས་ཏེ། སྔགས་དང་རྒྱུད་ ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །སྐྱབས་སེམས་ཚད་མེད་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝའི་སྔགས་ བརྗོད། ཧཱུཾ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཉི་མ་ལ་ཧཱུཾ། དེ་ལས་འོད་འཕྲོས་དོན་གཉིས་ བྱས་འདུས་པ་ལས། འཕགས་མཆོག་ཕྱག་ན་རྡོ་རྗེ་ཞི་བ་ལྗང་ཞུ། རིན་པོ་ཆེའི་སྲོག་ཞུ་ཅན། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་ལ་བརྒྱན་པ། ཕྱག་གཡས་ཐུགས་ཀར་ འབར་བའི་རྡོ་རྗེ་གསོར་བའི་ཚུལ་དང༌། གཡོན་གདན་ལ་བརྟེན་པ། ནམ་བཟའ་མཆོག་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་བཞད་ཅིང་རོལ་པའི་སྟབས་ཀྱིས་བཞུགས་པ། ཟླ་ བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ཡང་ན་སྐུ་མདོག་སྔོན་པོར་བྱས་ཀྱང་རུང༌། དེའི་དྲུང་དུ་བདུད་རྩི་འཁྱིལ་ པ། ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། ལྗང་ཁུའམ། སྔོ་སངས་དགྲ་སྟ་འཛིན་པའོ། །དེ་ནས་ཡེ་ཤེས་ དགུག་གཞུག་དང༌། སྒོ་གསུམ་བྱིན་རླབས་བྱ། ན་མོ་བཛྲ་པཱ་ཎ་ཡེ། མཧཱ་བཛྲ། པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ ཏ། ཤ་རཱི་རཱནཱརྒ་ཏཱ་ཡ། བཛྲ་ཤཱ་རཱི་རཾ། མེ་ཀུ་རུ་བཛྲ་ཨ་དྷིཥྛ་ན་སྭཱཧཱ། སྙིང་པོའོ། །དེ་བཞིན་གཤེགས་པའི་ སྐུ་གསུང་ཐུགས་ཀྱི་གསང་བའི་མདོ་དང༌། གསང་བདག་ཉིད་ཀྱི་མཚན་བརྒྱ་རྩ་བརྒྱད་པ་ཀློག མཆོད་པ་དང་གཏོར་མ་ལ་ཡང་ བརྩོན་པར་བྱའོ། ། བདེ་གཤེགས་ཀུ༵ན་གྱི་འཕྲིན་ལས་ནི། །རབ་དག༵ས་སྒྲུབ་མཛད་སེམས་པ་ཆེ། །དེ་ཡི་མངོན་རྟོགས་སྙི༵ང་པོ༵་ཙམ། །ཨུ་དུམ་ 24-1-217 བ་རའི་མེ་ཏོག་འདྲ། །ཉེ་བའི་སྲས་བརྒྱད་ལས་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་སོ།། །།མངྒ་ལཾ།། (སྒྲུབ་ཐབས་གསུམ་གྱི་མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་ཀ་རྟགས་མི་གསལ་ཞིག་ཡིན།) 24-1-218 ༄༅། །དྲན་པ་གཅིག་པ་ཞེས་བྱ་བ་བདེ་ཆེན་མྱུར་དུ་ སྒྲུབ་པའི་ཐབས་བཞུགས་སོ། ། ༄༅། །ༀསྭསྟི། ན་མོ་བཛྲཌཱཀཱཡ། དྲན་པ་གཅིག་པ་ཞེས་བྱ་བ། །བདེ་ཆེན་མྱུར་དུ་སྒྲུབ་པའི་ཐབས། །སྒྱུ་ འཕྲུལ་ཆེན་མོ་གཙོ་བོ་ལ། །བཏུད་ནས་བདག་གིས་ཏེ་པོར་བྲི། ། ཟབ་མོའི་རྒྱུད་སྡེ་ཆེན་པོ་མཧཱམཱཡའི་དགོངས་དོན་དྲན་པ་གཅིག་པ་ཉམས་ལེན་དུ་འདོད་པས། དང་པོར་བསྐྱེད་རིམ་དྲན་པ་ གཅིག་པ་ལ། ཡབ་ཡུམ་ལ་བརྟེན་པ་གཉིས་ལས། ཐོག་མ་ནི་སྐྱབས་སེམས་སྔོན་དུ་སོང་ནས། རང་སྐད་ཅིག་གིས་རྡོ་རྗེ་ མཁའ་འགྲོར་གསལ་བའི་སྙིང་ཁར་ཟླ་བ་ལ་ཧྲཱིཿསྔོན་པོ་དེ་ལས་འཕྲོས། སྒྱུ་འཕྲུལ་ཆེན་མོ་ལྷ་ ལྔའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ཕྱག་འཚལ། ཡན་ལག་བདུན་པ་བྱ། ཚད་མེད་བཞི་ བསྒོམས་ཏེ། རང་ལ་བསྟིམ། ཤཱུ་ནྱ་ཏ༴ སྟོང་པའི་ངང་ལས་མདུན་དུ་ཧཱུཾ་ལས་བསྲུང་བའི་འཁོར་ལོའི་ ནང་དུ་ཆུད་པའི་དངོས་གྲུབ་སྟེར་བའི་དུར་ཁྲོད་ཆེན་པོའི་དབུས་སུ། ཆུ་སྐྱེས་དམར་པོ་ཀུན་ ནས་ཁ་དོག་སྣ་ཚོགས་པའི་འོད་ཕུང་དཀྲིགས་པའི་ལྟེ་བ་ལ་ཨ་ལས་ཟླ་བ་དམར་པོ་དང༌། ཧྲཱིཿལས་དཔལ་རྡོ་རྗེ་མཁའ་འགྲོ་ཨིནྡྲ་ནཱི་ལ་ལྟར་སྔོ་བ། སྒེག་ཅིང་མཁྲང་བག་ཆགས་པ། སྔོ་ སེར་དམར་ལྗང་བའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མདའ་གཞུ་ཁ་ཊྭཱཾ་ཀ་པཱ་ ལ་འཛིན་པའི་ཕྱག་བཞི་པ། སྟག་ལྤགས་དང་མགོ་བོའི་འཕྲེང་བ་ཅན། སྐྲ་གྱེན་དུ་བརྫེས་ ཤིང༌། ཕྱག་རྒྱ་ལྔ་དང་ལྡན་པ། གཡོན་བརྐྱང་གི་གར་སྟབས་ཅན། སངས་རྒྱས་མཁའ་འགྲོ་མ་ དང་མཉམ་པར་སྦྱོར་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པ། རང་གི་སྙིང་ཁར་ཉི་མ་ 24-1-219 ལ་ཧྲཱིཿབསམ་ནས། མདུན་གྱི་ཧེ་རུ་ཀ་ལ་ཕྱི་ནང་གི་མཆོད་པས་མཆོད། མཆེ་བ་གཙིགས་ཤིང་སོགས་ཀྱིས་བསྟོད། རྡོ་ རྗེ་ཧེ་རུ་ཀས་བདག་ལ་བྱིན་གྱིས་རློབས་ཤིག ཅེས་གསོལ་བ་བཏབ་པས། ཧེ་རུ་ཀ་སྙིང་གའི་ ཧཱུཾ་དང༌། བསྲུང་འཁོར་སོགས་ལུས་ལ་ཐིམ་པས། ལུས་རྟེན་གྱི་དཀྱིལ་འཁོར་དང༌། ཧཱུཾ་ཡིག་ བརྟེན་པའི་དཀྱིལ་འཁོར་དཔལ་ཧེ་རུ་ཀར་གསལ་བར་གྱུར། ནུས་ན་ལྷ་ལྔ་ཀའང་གསལ་འདེབས། ནང་གི་ཧེ་རུ་ཀའི་ཐུགས་ཁར། ཟླ་ཉིའི་བར་དུ་ཧྲཱིཿཡིག་གསང་སྔགས་ཀྱི་སྒྲ་སྒྲོགས་པ་ལ་རྩེ་གཅིག་ཏུ་ དམིགས་ནས། ༀ་ཨཱཿཧྲཱིཿཧཱུཾ་ཧཱུཾ། ཞེས་བཟླ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷའི་རང་བཞིན་དུ་ཤེས་པར་བྱས་ཏེ། དགེ་ བ་བསྔོས་ནས་ཐུན་མཚམས་ལ་འཇུག་གོ ། ཕྱི་མ་ཡུམ་ལ་བརྟེན་པ་ནི། ཕལ་ཆེར་སྔ་མ་ཉིད་ལས་ཁྱད་པར་ནི། ས་བོན་ཧཱུཾ་གི་གནས་སུ་ༀ་དཀར་པོ་བཀོད། སངས་ རྒྱས་མཁའ་འགྲོ་མ་ཡབ་དང་འདྲ་བ་ལས་སྐྲ་གྲོལ་གཅེར་བུ་ལྷ་མོའི་མཚན་ཉིད་ཡོངས་སུ་ རྫོགས་པ། རང་སྣང་གི་ཡབ་དང་སྦྱོར་བ། དེའི་མིག་གཉིས་སུ་ༀ་དཀར་པོ། མགྲིན་པར་ ཨཱཿདམར་པོ། དཔྲལ་བར་ཙི་སེར་པོ། རྣ་བ་གཉིས་ལ་ཨ་དམར་པོ། སྣར་ཁེ་དཀར་པོ། སྙིང་ ཁར་ར་དམར་པོ། གནས་གསུམ་དུ་ༀ་ཨཱཿཧཱུཾ། མཆོད་པ་མན་སྔར་བཞིན་ༀ་ཨཱཿༀ་ཧཱུཾ་ཧཱུཾ་ཞེས་དང༌། ༀ་ བུདྡྷཌཱཀཱིནཱི་ཨཱཿཧྲཱིཿཧཱུཾ་སྔགས་སོ། ། དེ་ནས་རྫོགས་རིམ་དྲན་པ་གཅིག་པ་ནི། ལུས་གནད་རྩའི་ཆུན་པོའི་འདུག་སྟངས་སམ། རྡོ་རྗེ་དང་པདྨ་དང་སྲོག་ཤིང་གི་དཀྱིལ་ཀྲུང་གང་རུང་ཅན་གྱི་ཆོས་བདུན་བཅས། རང་ལྷར་ གསལ་བའི་ཨབདྷཱུཏི་ནང་ནམ་མཁའི་རླུང་དྭངས་མས་གང་བ་དེའི་ནང་གིསྤྱི་བོར་རླུང་སྔོན་ པོ་ཟླ་གམ། མགྲིན་པར་མེ་དམར་པོ་གྲུ་གསུམ། ལྟེ་བར་ས་སེར་པོ་གྲུ་བཞི། སྙིང་ཁར་ཆུ་ དཀར་པོ་ཟླུམ་པོ་རྣམས་བསྒོམས་ནས་འཁོར་ལོ་ལྟར་བསྐོར་བས་རླུང་རོ་ལན་གསུམ་བུས། བརྔུབས་པས་སྤྱི་བོའི་རླུང་སྔོ་བུན་པ་དང༌། མགྲིན་པའི་མེ་དམར་ལྷབ་སོང་བ་གཉིས་སྙིང་ ཁར་གཅིག་ཏུ་འདྲེས་ཉི་མར་གྱུར། ཐུར་སེལ་དྲངས་པས་ལྟེ་བའི་ས་སེར་ཞུན་མ་ལྟ་བུ་དང༌། 24-1-220 སྙིང་ཁའི་ཆུ་ཟླ་འོད་ལྟར་དཀར་ཕྱུར་བ་སྙིང་ཁར་འདྲེས་ཟླ་བར་གྱུར། ཉི་ཟླ་བླ་འོག་འགྱུར་ ཏེ་ཟླ་བ་སྟེང་དུ་སོན། དེ་གཉིས་ཀྱི་དབུས་སུ་ནམ་མཁའི་རླུང་དང་སེམས་དབྱེར་མེད་པ་ཧཱུཾ་གི་ རྣམ་པར་གནས་པ། དཔེར་ན་གའུ་ཁ་སྦྱོར་གྱི་ནང་དུ་ནོར་བུ་བཅུག་པ་ལྟ་བུ། དེ་ལ་རྩེ་གཅིག་ ཏུ་བསྒྲིམས་ནས་གཞག དེས་སྐྱོ་ན་ཧཱུཾ་ལས་རླུང་འོད་ཀྱི་བདག་ཉིད་བྱུང༌། ཟླ་བ་སིང་སྒྲ་དང་ བཅས་ནས་ཕུག ཟླ་བའི་བུ་ག་ནས་འགྲོ་འོང་བྱེད་པར་བསམ། ཡི་གེ་འབྲུ་གསུམ་གྱི་གདངས་ དང་བཅས་རྡོར་བཟླས་བྱ། དམིགས་པས་ལྷག་པར་སྐྱོ་ན། བརྟན་གཡོའི་ཡུལ་སྣ་ཚོགས་ལ་ དམིགས་ནས། འོད་ཟེར་སྤྲོ་བ་དང༌། ཡུལ་གྱི་བཅུད་བསྡུ་བའི་བཟླས་པར་བྱ་སྟེ། ཐོག་མར་ ༀ་གྱིས་དབྱུང༌། ཧཱུཾ་གིས་རྔུབ། ཨཱཿཡིས་བཀག་པ་སྟེ་རྡོར་བཟླས་སོ། །སླར་ཡང་ཟླ་བའི་བུག་ པ་ནས་ཧཱུཾ་ལ་སེམས་གཏད། རླུང་མི་བདེ་བ་མེད་ཙམ་དུ་བཟུང༌། དེ་ནས་དལ་བུས་བུས་ལ་ དྲག་ཏུ་བརྔུབས་ནས་འཛིན། དེ་ཁོ་ན་རྟག་ཏུ་བསྒོམ་པར་བྱའོ། །དེས་མ་གྲུབ་ན་རྦ་རླབས་ བརྩིར་བའི་ཡེ་ཤེས་ལན་འགའ་ངོས་བཟུང་ནས་སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བསྒྲུབས་རྗེས་ སྔར་གྱི་རྣལ་འབྱོར་ལ་སྦྱར་བས་འགྲུབ་པོ། ། རྡོར་བཟླས་གཙོ་བོ་ཡིན་ལ་འདི་གཉིས་བོགས་འདོན་ཏེ། དེའི་ཚེ་སེམས་ཡུད་ཅིག་ གནས་ལ་ཡུད་ཅིག་མི་གནས་པ་དེའི་ཚེ། སྨིག་རྒྱུ་ལྟར་འོད་ཀྱི་དྲྭ་བ་མཐོང༌། དེའི་ཚེ་བར་ འགར། ཆུ་ཀླུང་བཅོད་པ་སྟེ་ནཱདཱིཚེདའི་རླུང་སྦྱོར་ཡང་བག་རེ་བྱ། འདིས་བོགས་འདོན་པ་ འོག་མ་རྣམས་ལ་ཡང་མཚོན་ནོ། །དེ་ནི་རང་དགར་རྒྱུ་བ་ལས་འཕྲལ་དུ་འགྲོ་འོང་འགོག་པ་ སྟེ་ལྟེ་བར་དྲག་ཏུ་ཁ་སྦྱར་བས། ལུས་ཀུན་ཁྱབ་པར་བསམ་པ་ཡིན་ནོ། །དེ་ནས་རྩོལ་བ་བྱས་ ན་གང་འདོད་ཀྱི་བར་དུ་གནས་ལ་མེད་པར་འདོད་པ་ན་ཡང་མེད་པར་འགྲོ་བ་ན་དུ་བ་དང་ སྤྲིན་གྱི་རྣམ་པ་མཐོང་ངོ༌། །དེ་ནས་རྩོལ་མེད་དུ་གནས་ལ་ཅི་འདོད་དུ་ལྡང་ནུས་པ་ན་མཁའ་ སྣང་ལྟ་བུ་མཐོང་ངོ༌། །དེ་ནས་སེམས་གནས་པའི་མཐུ་ལས་སྣང་བ་ཀུན་གང་དུ་ཡང་མ་གྲུབ་ 24-1-221 པའི་སྟོང་སང་ངེ་བར་གྱུར་པ་ན་མར་མེ་ལྟ་བུ་མཐོང་ངོ༌། །ཀུན་གྱི་ཐ་མར་ཤིན་ཏུ་སྦྱངས་པའི་ ལུས་སེམས་ཀྱི་བདེ་བ་དང་སྟོང་པ་དབྱེར་མེད་དུ་ཤར་བ་ན་ནམ་མཁའ་སྤྲིན་མེད་ཀྱི་སྣང་བ་ འབྱུང་སྟེ་རྟགས་ལྔའོ། །དམིགས་པ་ལ་སེམས་གནས་ཙམ་དང་ལུས་སེམས་བདེ་སྟོང་ཙམ་ རིམ་པ་དང་པོར་ཡང་གྲུབ་མོད། གནས་སྐབས་ལྔ་པོ་འདི་དག་ལ་ཚུལ་ཐུན་མོང་མ་ཡིན་པ་རེ་ ཡོད་པའང་ཤེས་དགོས་ལ། དེ་བརྟན་པར་གྱུར་ནས། ལུས་གནད་ལ་ངེས་པ་མེད་པས་རླུང་ སྦྱོར་སྔ་མ་དང་འདྲ་བ་ལས། རྔུབ་པའང་དལ་བུས་བྱ་ལ། དམིགས་པ་ཧཱུཾ་གིས་འོད་ཟེར་དྲི་མ་ མེད་པས་ཁམས་གསུམ་འོད་དུ་ཞུ་རང་ལ། དེ་ཐིག་ལེ་ལ་ཐིམ། ཡང་ཡང་དེ་ཉིད་ལ་རྩེ་གཅིག་ ཏུ་མཉམ་པར་གཞག་པས་རླུང་རྒྱུ་བ་མི་མངོན་པ་ཙམ་དུ་འགྱུར། དེ་ཡང་ཇེ་ཕྲ་ལ་སྟོང་པར་ སྦྱངས། དེ་ལྟར་ཡང་ཡང་གོམས་པས་རླུང་དྷཱུ་ཏིར་འཆིང་ལ། དེ་ནས་སྟོང་པ་ལས་རླུང་ལྡང་ བ་དང་ལྷན་ཅིག་ལྷ་སྐུ་རྣམ་པ་ཐམས་ཅད་དུ་སྒོམ་པ་སླར་ནས་སླར་དུ་སྒོམ། འདི་ཁོ་ནས་ཀྱང་ ཡོན་ཏན་བརྒྱད་འབྱུང་ལ། ཕལ་ཆེར་ནི་ཡོན་ཏན་བརྒྱད། ལས་ཀྱི་ཕྱག་རྒྱ་ལས་འཐོབ་པོ། ། དེ་ལྟར་དགའ་བ་བཞི་སྟོང་པ་དོན་དམ་པ་ལ་སྦྱར་ནས། ལྷ་སྐུ་བདེ་བ་ཆེན་པོར་སྐྱེད་དེ། འདོད་ཡོན་ལྔ་ལ་སྤྱོད་པ་ན་དགའ་བཞིའི་སྐད་ཅིག་ངོས་ཟིན་པས་སྟོང་ཉིད་དུ་བསྒྲུབ་པར་ བྱ་སྟེ། མཐར་གྱིས་དངོས་གྲུབ་མཆོག་ལ་སྦྱོར་བའོ། །བཟའ་བའི་དམ་ཚིག་ཤ་ལྔ་བདུད་རྩི་ ལྔའི་རང་བཞིན་ཡེ་ཤེས་བདུད་རྩིར་བསྒོམས་ལ། ༀ་ཨཱཿགུཧྱབྷཀྵཨཱབྷཀྵེཧཱུཾ། ཞེས་བྱིན་གྱིས་ བརླབས་ནས། ཐ་མལ་གྱི་རྣམ་རྟོག་སྤངས་ལ་ལོངས་སྤྱད། ཉལ་བའི་ཚེ། དང་པོའི་རྣལ་ འབྱོར་པས། སྣང་བ་ཀུན་སྡུད་རིམ་གྱིས་བསྡུས་ནས། དམིགས་མེད་ཀྱི་ངང་ནས་ཉལ་ཞིང༌། གཉིས་པའི་གནས་སྐབས་སུ་རྨི་ལམ་གྱི་མན་ངག་ལ་སྦྱོར་ཞིང་། གསུམ་པའི་གནས་སྐབས་ སུ་བདེ་བ་ཆེན་པོའི་ལྷའི་སྐུ་བསྒྲུབ་པར་བྱ་བ་ཉིད་ཡིན་ཏེ། དེ་གཉིས་ཀྱི་མན་ངག་ནི་གཞན་དུ་ རྟོགས་པར་བྱའོ། ། 24-1-222 བདེ་ཆེན་འདུས་མ་བྱས་པའི་རང་ཉམས་ལས། །དབང་སྔོན་འོད་བརྒྱའི་དཔལ་འཛིན་ ལོངས་སྤྱོད་རྫོགས། །རྡོ་རྗེ་མཁའ་འགྲོ་མ་གཙོ་མྱུར་གྲུབ་བྱེད། །བླ་མ་དམ་པའི་མན་ངག་ཇི་ བཞིན་བཀོད། ། ལུགས་འདི་ལ་འཁོར་ལོའི་རྣལ་འབྱོར་ཟུར་དུ་སྟོན་པར་སྣང༌། ལྷག་མ་དབྱིབས་སྔགས་ ཆོས་གསུམ་གྱི་སྙིང་པོ་མཆོག་ཏུ་གྱུར་པ་འདི་ཡང༌ཏཱ་ར་ནཱ་ཐས་རང་ལོ་ཉི་ཤུ་པ་ལའོ། །འདི་ལ་ མན་ངག་གཉིས་པ་གཞན་ནི་ཅིས་ཀྱང་གལ་ཆེའོ། །མངྒལབིསྟཱརཀུརུ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-223 ༄༅། །སྐྱེར་སྒང་ལུགས་ཀྱི་རྟ་མགྲིན་བདག་བསྐྱེད་ བཞུགས། ༄༅། །ༀ་སྭཱསྟཱི། སངས་རྒྱས་ཆོས་དང་མ་སོགས་གསུམ། སེམས་ཅན་ཐམས་ཅད་སོགས་ཚད་ མེད་བཞི་ཚར་གསུམ། ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཧྲཱིཿཡིག་མེ་འོད་འཕྲོ། །དེ་ལས་རང་ཉིད་རྟ་ མཆོག་རོལ་པའི་སྐུ། །དབུས་དམར་གཡས་ལྗང་གཡོན་དཀར་ཞལ་གསུམ་ཅན། །རྡོ་རྗེ་དང་ ནི་རྩེ་གསུམ་རལ་གྲི་གཡས། །གཡོན་ན་སྡིགས་འཛུབ་མདུང་ཐུང་རྒྱུ་ཞགས་བསྣམས། །ཕྱག་ དྲུག་སྤྱན་གསུམ་མཆེ་གཙིགས་ཞབས་བརྒྱད་ཀྱིས། །སྡེ་བརྒྱད་དྲེགས་པའི་རང་བཞིན་སྦྲུལ་ བརྒྱད་གནོན། །དབུ་གསུམ་སྟེང་དུ་རྟ་མགོ་ལྗང་ནག་གསུམ། །རྟ་སྐད་འཚེར་ཞིང་ཁམས་ གསུམ་དབང་དུ་བསྡུད། །རྔོག་མའི་གསེབ་ནས་མེ་ཡི་བསྲུང་འཁོར་འགྱེད། །སྐུ་ལ་དུར་ཁྲོད་ ཆས་བརྒྱད་ཡོངས་སུ་རྫོགས། །མེ་དཔུང་དབུས་བཞུགས་ཁྲོ་རྒྱལ་ཆ་བྱད་ཚང༌། །ཐུགས་ཀར་ ཉི་སྟེང་ས་བོན་ཧྲཱིཿཡིག་དམར། །མཐའ་སྐོར་སྙིང་པོའི་སྔགས་ཀྱིས་བརྒྱན་པ་ལས། །འོད་ ཟེར་འཕྲོས་པས་གདུག་ཅན་ཚར་བཅད་ཅིང༌། །འཕགས་ཚོགས་མཆོད་ནས་སླར་ཡང་ཐིམ་ པར་གྱུར། །ༀ་ཧྲཱིཿཔདྨ་ཏ་ཀྲ་བཛྲ་ཀྲོ་དྷ་ཧ་ཡ་གྲ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཅི་ནུས་བཟླས། དགེ་བ་ འདི་ཡིས་མྱུར་དུ་བདག །ཁྲོ་རྒྱལ་རྟ་མགྲིན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་ པ། །དེ་ཡི་ས་ལ་འགོད་པར་ཤོག །རྒྱུན་གྱི་ཉམས་ལེན་ནོ། ། དུས་སྐབས་ཁྱད་པར་ཅན་གནམ་སྟོང་ལྟ་བུ་ཞིག་ལ། བདག་བསྐྱེད་སྔོན་བཞིན་བྱས་ནས། གསིལ་གཏོར་དང་ཆ་གསུམ་ སོགས་བཏང༌། གཏོར་མ་ཤོ་ལུ་གཅིག་ཆབ་ཀྱིས་བྲན། ཆ་གསུམ་ལྟར་བྱིན་གྱིས་བརླབས་ནས། ༀ་ཏྲི་ཙ་པ་ལ་ས་པཱ་རི་ 24-1-224 ཝ་ར་བྷྱཿ ༀ་ཨ་ཀཱ་རོ་སོགས་བཏགས་པ་ལན་བདུན། ཨ་ཝ་ལོ་ཀི་ཏེ་སམྦྷ་རའི་སྔགས་ཉི་ཤུ་རྩ་གཅིག་ཙམ་ བརྗོད་ནས། ས་ཕྱོགས་འདི་སྐོར་ན་གནས་པ་དང༌། གློ་བུར་དུ་འོངས་པའི་ཀླུ་དང་རྒྱལ་པོ་ལ་ སོགས་པ་འབྱུང་པོ་སྡེ་བརྒྱད་གཉུག་མར་གནས་པ་རྣམས་ཀྱིས་བདག་ཅག་ཆོས་སྒྲུབ་པའི་ གཏོང་གྲོགས་དང་གནས་པོ་བཟང་པོ་མཛོད་ཅིག བློ་བུར་དུ་ལྷགས་པ་རྣམས་རང་གནས་ སུ་སོང་ཞིག འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ལྷ་དང་དྲང་ སྲོང་བདེན་པར་སྨྲ་བ་ཐམས་ཅད་ཀྱི་བཀའ་ཡིན་ནོ། །སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་བཀའ་བདེན་པ་དང༌། ལྷ་དང་དྲང་སྲོང་གི་བཀའ་ བདེན་པ་དང༌། བདེན་པར་སྨྲ་བ་རྣམས་ཀྱི་བཀའ་བདེན་པས། ཁྱེད་རྣམས་ཀྱི་གནོད་སེམས་ ཞི་བར་རྒྱུར་ཅིག སྡུག་བསྔལ་ཞི་བར་གྱུར་ཅིག བདེ་ཞིང་འབྱོར་པར་གྱུར་ཅིག ཕན་པ་བདེ་ བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་སོགས་ བརྗོད། བདེན་བདར་སྨོན་ལམ་འདི་ལན་གསུམ་བྱས་ནས། གཙྪ་གཙྪ་སྭ་སྠཱ་ནཾ། ཞེས་པ་དང༌། གཏོར་མ་ཕྱིར་དོར་ལ། ཨ་མྲྀ་ཏ་མང་དུ་བཟླ། ཕུན་སུམ་ཚོགས་པ་མངའ་བ་སོགས་བཀྲ་ཤིས་མང་དུ་བརྗོད། ཅེས་པ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འགའ་ཞིག་ལ་ཉེར་མཁོ་ཙམ་སྨྲས་པའོ།། །། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ་༧༢༥ དང་། ཕྱི་མ་༧༥༡ གཉིས་ལ་གཏུགས་ཡོད། 24-1-225 ༄༅། །རྡོ་རྗེ་འཇིགས་བྱེད་ཀྱི་དག་པ་བཞུགས། ༄༅། །ༀསྭསྟི། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཁྲོ་རྒྱལ་རྡོ་རྗེ་ འཇིགས་མཛད་ལ། །བཏུད་ནས་དག་པའི་རིམ་པ་ནི། །རོལ་པའི་རྡོ་རྗེའི་དགོངས་པ་གང༌། ། མདོར་བསྡུས་ཚིག་གིས་རྣམ་པར་དབྱེ། ། དེ་ཡང་གསུངས་པ། དམ་པའི་དོན་དུ་རྣམ་དག་པ། །དུས་ནི་དཔའ་བོ་ཆེན་པོའི་གཟུགས། ། དུས་འཆི་བ་སྟེ། གཤིན་རྗེའི་དོན་ནི་རང་བཞིན་མེད་པར་ཡེ་ནས་དག་པའམ། ལོ་ཟླ་སོགས་ དུས་སྤྱི་ཙམ་དག་པ་དཔའ་ཆེན་འཇིགས་བྱེད་ཀྱི་སྐུར་ཤར་བའོ། །ནང་དུ་དུས་སེམས་ཅན་ རྣམས་ཀྱི་སྐྱེ་འཆིའི་འཁོར་བ་མ་ལུས་འབྱུང་བའི་ལས་རླུང༌། དེ་དྷཱུ་ཏིར་ཐིམ་པས་དོན་དམ་ པའི་བདེ་སྟོང་ཐོབ་པ་ནི་སྐུ་ལྷག་པར་ཁྲོ་བའི་དཔའ་བོར་ཤར་བའོ། །ཞལ་བརྒྱད་ཐུན་ཚོད་ བརྒྱད་ཡིན་ཏེ། །ཞལ་དགུ་ཐུན་ཚོད་སྤྱི་ཡིན་ནོ། །ཉིན་མཚན་གྱི་ཐུན་ཚོད་བརྒྱད་པོ་དག་པ་ འཇམ་དཔལ་མ་རྟོགས་ཞལ་བརྒྱད། དབྱེ་གཞི་ཐུན་ཚོད་སྤྱི་དགུ་པ་འཇམ་དཔལ་གྱི་ཞལ་ ལོ། །ནང་དུ་ཆོས་འཁོར་གྱི་རྩ་བརྒྱད་ལ། ཉིན་དང་མཚན་མོ་དལ་བཞི་བཞིའི་རླུང་རྒྱུ་ལ། དེ་ རྣམས་འབྱུང་བའི་གཞི་སྲོག་འཛིན་དང་བཅས་པ་དྷཱུ་ཏིར་ཐིམ་པ་ནི་ཞལ་དགུའོ། །སྲོག་འཛིན་ དང་ཆོས་འཁོར་གྱི་དྷཱུ་ཏི་དང་འཇམ་དཔལ་གྱི་ཞལ་རྣམས་རྩ་བའོ། །ཕྱག་དང་རྭ་གཉིས་ཟླ་ བ་དང༌། །ཟླ་བ་ཕྱེད་པ་ཡང་དག་སྦྱོར། །དབྱེ་གཞི་ཟླ་བ་བཅུ་གཉིས་དང༌། །དབྱེ་བ་ཕྱོགས་ ཉེར་བཞི་སྟེ་སོ་དྲུག་པོ་ཕྱག་སོ་བཞི་དང་རྭ་གཉིས། ནང་དུ་ལོ་གཅིག་ལ་ཁམས་བགྲོད་པ་ བཅུ་གཉིས། དབྱེ་ན་དཀར་དམར་གྱི་ཆ་འཕེལ་བ་བཅུ་གཉིས་བཅུ་གཉིས་ཏེ། སོ་དྲུག་པོ་ 24-1-226 དྷཱུ་ཏིར་ཐིམ་སྟེ་དག་པའི་ཆ་ཕྱག་དང་རྭའོ། །ཡང་ལྷོ་བགྲོད་ཟླ་བ་དྲུག་དང༌། དེ་ལ་ཕྱེ་ན་ཟླ་ སྟོད་དཀར་ཆ་འཕེལ་བའི་ཆ་དྲུག་དང༌། ཟླ་སྨད་དཀར་ཆས་འགྲིབ་པ་ཆ་དྲུག་སྟེ་བཅོ་བརྒྱད། གཡས་ཀྱི་ཕྱག་དང་རྭ་ཡིན་ལ། དེ་བཞིན་དུ་བྱང་བགྲོད་རྣམས་གཡོན་ལ་སྦྱོར་རོ། །ནང་དུ་ ལྟེ་བ་ན་རྩ་འདབ་བརྒྱད་བཅུ་དྲུག་སོ་གཉིས་དྲུག་ཅུ་རེ་བཞི་ཡོད་པའི་ནང་སྐོར་གཉིས་པ་ལ་ བཅུ་དྲུག་ཡོད་པའི་མཚམས་བཞི་སྟོང་པ་འབབ་པ་འགོག་པའི་རྩ་ཡིན་ལ་ལྷག་མ་གཡས་ གཡོན་གཉིས་ཀ་ལ་དྲུག་དྲུག་ལ་རླུང་གི་རླུང་འཕོ་བ་དྲུག་དྲུག་རྒྱུ་སྟེ་བཅུ་གཉིས། རེ་རེ་ལ་ སྟོང་བརྒྱད་བརྒྱ་པའི་འཕོ་ཆེན་གཉིས་གཉིས་ཏེ་ཉེར་བཞི། སྡོམ་པས་སོ་དྲུག་པོ་དབུ་མར་ དག་པའི་ཆ་ཕྱག་དང་རྭའོ། །འཕོ་བ་བཅུ་དྲུག་ཉིད་ལའང་སྦྱར་བ་ཡོད་པས་གཉིས་ཀ་བྱའོ། ། བཞོན་པ་བཅུ་དྲུག་དུས་དང་ནི། །ཟླ་བ་ཡི་ནི་ཞག་ཏུ་ཤེས། །ཟླ་བ་འཕེལ་འགྲིབ་ཀྱི་ཆ་བཅུ་ དྲུག་པོ་གཉིས་དག་པ་བཞོན་པ་བཅུ་དྲུག་ནང་དུ་རྐང་པའི་གཡོན་གྱི་མཐེ་བོང་ནས་སྤྱི་བོའི་ བར་རྐྱང་མ་ནས་དཀར་ཆ་འཕེལ་བ་དང༌། སྤྱི་བོ་ནས་གཡས་པའི་མཐེ་བོང་གི་བར། རོ་མ་ ནས་དམར་ཆ་འཕེལ་བས་དཀར་ཆ་འགྲིབ་པའི་ཆ་བཅུ་དྲུག་གཞི་དུས་ནས་ཡོད་ལ། ལམ་ གྱིས་ཁམས་དཀར་དམར་རླུང་དང་བཅས་པ་རོ་རྐྱང་དུ་རྒྱུ་བ་བཀག་ནས་དྷཱུ་ཏིར་ཐིམ་པས་ དག་པའི་ཆ་བཅུ་དྲུག་དང་དགའ་བ་བཅུ་དྲུག་སྟེ། འབྲས་བུ་ལྷན་སྐྱེས་མཐར་ཐུག་ལྡོག་ཆས་ བཅུ་དྲུག་ཏུ་འབྱེད་དོ། །ཞལ་ནི་གཟའ་དགུ་དག་ཏུ་ཤེས། །ནང་དུ་རྩ་བའི་རླུང་བཞི་དང༌། ། ཡན་ལག་གི་ལྔ་ཐིམ་པ་ཁ་དགུ་ཡིན་ཏེ་གོང་གི་གདོང་དང་ཐུན་ཚོད་ལ་འཆར་བའི་དབང་ དུ་བྱས་སོ། །སྤྱན་ནི་རྒྱུ་སྐར་དག་དང་སྦྱར། །ཆོས་འཁོར་ལས་གསུམ་གསུམ་དུ་གྱེས་པའི་ ཉེར་བཞི་རོ་རྐྱང་དབུ་གསུམ་སྟེ་ཉེར་བདུན་པོ་འགགས་པ། ལམ་དུ་རླུང་དགུ་ཞུགས་གནས་ ཐིམ་གསུམ་གྱི་ཟློག་ཆའོ་ཞེས་འཆད་དོ། །དགུ་པོ་ལོངས་སྤྱོད་པ་པོ་ཉེར་བདུན་པོ་ལོངས་ སྤྱོད་བྱ། སྤྱོད་པ་པོ་སྤྱད་བྱའི་སར་གོ་ས་འཕོ་བའི་ཚུལ་གྱིས་སྤྱོད་དོ། །ཞབས་ནི་འཕོ་བ་བཅུ་ 24-1-227 གཉིས་དང༌། །དུས་བཞི་དག་ནི་དེ་བཞིན་ནོ། །བསྡུད་བྱ་ཉི་ཁྱིམ་གྱི་འཕོ་བ་བཅུ་གཉིས་དང༌། སྡུད་བྱེད་དུས་བཞི་སྟེ་བཅུ་དྲུག་དག་པ་ཞབས་བཅུ་དྲུག ནང་དུ་ནི་ལྟེ་བའི་རྩ་བཅུ་གཉིས་ དང་དལ་བཞི་སྟེ་བཅུ་དྲུག་གམ་མགྲིན་པའི་བཅུ་དྲུག་པོར་རྒྱུ་བའི་རླུང་འཕོ་བ་དབུ་མར་ཐིམ་ པའོ། །མཚོན་ཆ་རྣམས་ནི་སྟོང་ཉིད་དང༌། །སྙིང་རྗེ་དག་ནི་བཅུ་དྲུག་ཉིད། །མཚོན་ཆ་ལག་ཆ་ ཞེས་བསྒྱུར་ན་བདེའོ། །གཡོན་སྟོང་ཉིད་དང་གཡས་བདེ་ཆེན་གྱི་ཡེ་ཤེས་བཅུ་དྲུག་བཅུ་དྲུག་ གོ །ཕྱག་ཐ་མ་གཉིས་ཀྱི་གླང་ལྤགས་འཛིན་པ་བདེ་སྟོང་དབྱེར་མེད་མཚོན་ལ། གླང་ཆེན་ པགས་པ་བགེགས་ཆེན་ཏེ། བིནཱཡཀའང་བསད་ན་བགེགས་གཞན་ལྟ་ཅི་ཞིག་ཞེས་མཚོན་ ལ། ནང་དུ་གཏི་མུག་བཅོམ་པའོ། །དེ་ཡང་སྟོང་ཉིད་དང་སྙིང་རྗེས་སྤོང་བའི་ཕྱིར་དེ་གཉིས་ སྔར་སྨོས་སོ། །ཐུན་མོངས་མ་ཡིན་པའི་བདེ་སྟོང་གིས་རྒྱུ་ཀུན་འབྱུང་ཟློག་ན་འབྲས་བུ་སྡུག་ བསྔལ་གང་གིས་ཟློག ཞེ་ན། དྲག་པོ་ཆེན་པོ་སྡུག་བསྔལ་ཆེ། །སེལ་བར་བྱེད་པའི་གཙོ་བོའོ། ། སྡུག་བསྔལ་ནི་ཉེར་ལེན་གྱི་ཕུང་པོ་ཐ་མལ་གྱི་སྣང་ཞེན་ཅན་འདི་ཡིན་ལ། དྲག་པོ་བྷཻ རབའི་ རྣམ་པར་བསྒོམས་པས་སྣང་ཞེན་སེལ་ལོ། །ཁ་དོག་ནག་པོ་བྱམས་པ་ཆེ། །སེམས་ཅན་ཀུན་ ལ་བྱམས་པ་མི་འགྱུར་ཞིང་ཁྱབ་པའོ། །ཐོད་པ་དག་ནི་མི་འགྱུར་བ། །ཐོད་པ་ཁམས་དཀར་ པོ་སྟེ་དེ་ལྔ་དགའ་བ་ལྔ་མི་འགྱུར་བའི་བདེ་བར་ཤར་བའོ། །དཀྱིལ་འཁོར་ལྷ་རྣམས་ཐམས་ ཅད་དག །རང་བཞིན་འབྱུང་བའི་དུས་དག་གོ །དཀྱིལ་འཁོར་ལྷག་མ་རྣམས་བདེ་སྟོང་ཡེ་ ཤེས་ཀྱི་ཡུལ། སྟོང་པ་རྣམ་པ་ཐམས་ཅད་པའོ། །དུས་གསུམ་དག་པ་སྐུ་གསུམ་མོ། །དེ་འདྲའི་ ཟུང་འཇུག་དུས་གསུམ་དུ་མི་འགྱུར་བའམ། ལྡང་འཇུག་གནས་པའི་དུས་གསུམ་པོར་རྡོ་རྗེ་ གསུམ་གྱི་བཟླས་པ་བྱས་པས་སྐུ་གསུམ་འགྲུབ་ཅེས་བརྗོད་དོ། །ཞེས་པའང་ཀུན་དགའ་སྙིང་ པོ་ཏཱ་ར་ནཱ་ཐས་ལྷུག་པར་བརྗོད་པ་རེ་ཤིག་དེ་ཙམ་མོ། །རང་ལོ་བཅུ་དགུ་པ་ལ་ཆོས་ལུང་བྱང་ རྩེར་བྲིས།། །།མངྒལབིསྟཱརཀུརུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-228 ༄༅། །མཧཱ་མ་ཡའི་སྔགས་དབྱིབས་ཆོས་གསུམ་གྱི་ ཚིགས་བཅད་བཞུགས། ༄༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཟླ་བ་སོན་མིག་སོགས་རིམ་ཡིན། །ལྷ་སྐུར་ སྒོམ་པ་དབྱིབས་ཀྱི་རྣལ་འབྱོར་ཏེ། །སྣང་སྟོང་བདེ་བས་རྒྱས་འདེབས་ཆོས་ཤེས་བྱ། །རླུང་ དང་ཐིག་ལེ་གཏུམ་མོ་སྔགས་ཤེས་བྱ། །ཡེ་ཤེས་སྐུ་ནི་དབྱིབས་སུ་ཡང་དག་བཤད། །འོད་ གསལ་རྣམ་གཉིས་མ་སོགས་ཆོས་རྣལ་འབྱོར། །བསྐྱེད་རིམ་དབྱིབས་དང་རྫོགས་རིམ་རྣལ་ འབྱོར་སྔགས། །དེ་ཉིད་སྒོམ་པ་ཆོས་སུའང་མཁས་རྣམས་བཞེད། །ཕྱག་རྒྱ་བཞི་ལ་སྦྱོར་ཚུལ་ ནི། །ལས་ནི་དབྱིབས་དང་ཆོས་དམ་ཚིག །སྔགས་དང་ཕྱག་ཆེན་ཆོས་སུ་བཤད། །དེ་སྐད་ ཀུན་དགའ་སྙིང་པོ་སྨྲ། །རྡོར་བཟླས་གཏུམ་མོ་གཉིས་ཀྱི་བྱེད་པ་འདྲ། །སྤྱོད་པ་ལ་སོགས་རྩ་ བ་གང་ཡིན་བརྟག །བགྲང་དང་རྒྱ་ཡན་རླུང་ཙམ་རྫོགས་རིམ་མིན། །བསྐྱེད་རིམ་སྐུ་གསུམ་ ལམ་བྱེད་རྫོགས་པ་ཡི། །ཐིག་ལེས་རླུང་བསྡུས་རྡོར་བཟླས་རྩ་འདུད་དགྲོལ། །འཁོར་ལོ་ སྔགས་ཀྱི་དྷཱུཏིའི་རླུང་ཐིམ་པས། །ཁམས་ཀྱི་བགྲོད་པ་འགོག་བྱེད་ཕྱག་རྒྱ་མོས། །གསུམ་པོ་ དེ་དང་འོད་གསལ་སྒྲུབ་པར་བྱེད། ། ཅེས་པ་མཧཱམཡའི་རྒྱུད་ལ་མོས་པ་ཏཱ་ར་ནཱ་ཐས་རང་ལོ་བཅུ་དགུ་པ་ལའོ།། །།ཤུབྷཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-229 ༄༅། །དབང་བཞི་པའི་འགྲེལ་ཆུང་བཞུགས་སོ། ། ༄༅། །ༀ་སྭཱསྟི། འདི་ན་སྤྲོས་བཅས་སྤྲོས་མེད་ཕྱོགས་རེ་ལ། །ཞེན་པས་རང་བསྟོད་ གཞན་ལ་སྨོད་པར་བྱེད། །དགག་སྒྲུབ་བཤད་པ་མཁན་གཅིག་མ་ལགས་ཀྱང༌། །ཆོས་ཀྱི་ གནད་ལ་འཁྲུལ་མེད་མན་ངག་ཐོབ། ། དགེས་པ་རྡོ་རྗེའི་རྒྱུད་ལས་དབང་བཞི་པའི་དོན་གསུངས་པ་ནི། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་ ཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། ། འདིའི་དོན་ལ། ཞུ་བདེ་ལྷན་སྐྱེས་ལ་སྦྱར་བ་དང༌། རང་བཞིན་ལྷན་སྐྱེས་ལ་སྦྱར་བ་ གཉིས་ལས། དང་པོ་ནི། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས། ཤེས་རབ་ཡེ༷་ཤེ༷ས་ཀྱི་སྐབས་སུ་ཐོབ་པ་འདི༷་ ནི༷། དཔེ་དང་གཏན་ཚིགས་དང༌། རྣམ་རྟོག་གི་རྟོགས་པར་མི་ནུས་པས། ཆེ༷ས་ཕྲ༷་ཞི༵ང༌། ངོ་ བོ་སྤྲོས་པ་ཐམས་ཅད་བྲལ་བས་སམ། ཡང་ན་ནམ་མཁའ་ལ་མཐའ་དབུས་མེད་པ་ལྟར། ཡེ་ ཤེས་དེ་ཡང་རྟག་ཆད་ཀྱི་མཐའ་དང་བྲལ་ཞིང༌། མཐའ་མེད་པའི་ཕྱིར། དེའི་དབུས་ཀྱང་མེད་ པས། མཐའ་དབུས་དང་བྲལ་བའི་ཕྱིར་ན༷མ་མཁ༷འི་དཀྱི༷ལ་ལྟ༷་བུ༵། རྡོ༷་རྗེ༷་ཞེས་པ་ནི། འོད་ གསལ་གྱི་ཡེ་ཤེས་ཡིན་པའི་དོན་ཏེ། སྤང་བྱ་འཇོམས་པ་ལ་མཐུ་ཆེ་ཞིང༌། ཉོན་མོངས་པས་ ཚུར་འཇོམས་མི་ནུས་པས། འོད་གསལ་ནི་རྡོ་རྗེའོ། །ཡེ་ཤེས་དེ་རྣམ་པར་རྟོག་པའི་རྡུ༷ལ་དང་ བྲ༷ལ་ཞིང༌། དེ་བསྒོམས་པས་མཚན་མ་ཐམས་ཅད་ཞི་བར་བྱེད་པ་ཉིད་དང༌། ཐ༷ར་པའི་མཆོག་ 24-1-230 སངས་རྒྱས་སྦྱི༷ན་པ་སྟེ་ཐོབ་པར་བྱེད་པའོ། །ཡེ་ཤེས་དེ་གང་ལས་མཚོན་ཞེ་ན། གཞན་ལས་ མཚོན་དུ་མེད་དེ། རང་ལས་མཚོན་དགོས་སོ་ཞེས་པ་ནི། ཁྱོད་རང་སྟེ་རང་གི་ལུས་སེམས་ལ་ གནད་དུ་བསྣུན་པ་ནི། ཁྱོ༷ད་ར༷ང་སྟེ་ཞུ་བདེའི་བདེ་སྟོང་གི་ཡེ་ཤེས་དེ༷་ཡི༷ས་སྐྱེད་པར་བྱེད་པ་ པོ་ཕ༵་དང་འདྲ་བ་ཉིད་དོ། །འདིར། ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པ་འགྱུར་ལེགས་སོ། ། གཉིས་པ་ནི། སེམས་ཀྱི་རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་སུ་གནས་པ་འདི་ནི། ཐོས་ བསམ་དང༌། འཇིག་རྟེན་པའི་སྒོམ་བྱུང་དང༌། ཆག་བྲལ་གྱི་ལམ་གྱི་མི་རྟོགས་པའི་ཕྱིར་ཆེས་ ཕྲ་ཞིང༌། རང་བཞིན་གྱི་འོད་གསལ་བའི་ཡེ་ཤེས། ངོ་བོ་ནམ་ཡང་འགྱུར་བ་མི་བསྟན་པའི་ ཕྱིར་རྡོ་རྗེ་སྟེ། དོན་དམ་པའི་འོད་གསལ་ལོ། །དེ་ནི་སངས་རྒྱས་ཀྱི་སྙིང་པོ་ཡིན་ཅིང༌། ངོ་བོ་ བརྗོད་བྲལ་ཡིན་པས་ནམ་མཁའ་དང་མཚུངས་པའོ། །འདིར་མཎྜ་ཞེས་པ་དཀྱིལ་དང་སྙིང་པོ་ གཉིས་ཅར་ལ་འཇུག་པ་ནམ་མཁའ་ལ་མ་སྦྱར་བ། རྡོ་རྗེའི་ཁྱད་ཆོས་ལ་སྦྱར་ཏེ་འགྱུར་གཞན་ དུ། རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །ཞེས་བསྒྱུར་བ་ལྟར་བཤད་ན་བདེའོ། །རྡུལ་བྲལ་ སོགས་གོང་འདྲ། རང་གི་རང་མཚོན་ཚུལ་ཡང༌། སེམས་ཞུ་བདེའི་ངོ་བོར་ཤར་བ་དེ། སེམས་ ཀྱི་རང་བཞིན་བདེ་བའི་ངོ་བོར་གནས་པ་མཚོན་པར་བྱེད་ཅིང༌། ཞུ་བདེ་དེ་ཡང་སེམས་ལས་ ལོགས་སུ་གྱུར་པ་མེད་པས། རང་སེམས་མཚོན་བྱེད་ཀྱི་དཔེ་ཡང་རང་སེམས་ཁོ་ན་ཉིད་ཡིན་ ཞེས་པའི་དོན། རང་གི་ཕ་རང་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིར་རང་བཞིན་ལྷན་ སྐྱེས་ནི། སེམས་ཀྱི་ངོ་བོ་བདེ་བར་མངོན་དུ་གྱུར་པ་ཡིན་ཏེ། དངོས་ནི་གསང་སྔགས་བླ་མེད་ ཀྱི་འཕགས་ལམ་ཁོ་ན་ན་ཡོད། རྟག་པ་བ་ནི། རྫོགས་རིམ་གྱི་རྟོག་པ་སྐྱེས་པ་ནས་འབྱུང༌། སེམས་རང་རིག་པ་གདོད་མ་ནས་བདེ་བ་གནས། རང་བཞིན་ལྷན་སྐྱེས་ཡིན་ཀྱང་འཕགས་ ལམ་མ་ཐོབ་པར་མངོན་དུ་མི་འགྱུར་བས། རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་མི་ཟེར། རང་ བྱིན་རླབས་དང༌། ཕྱག་རྒྱའི་ལམ་ལ་བརྟེན་ནས། རླུང་དབུ་མར་ཐིམ་པའི་བྱང་ཆུབ་ཀྱི་སེམས་ 24-1-231 ཞུ་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་དགའ་བ་ལ། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར། དངོས་ནི་ རྫོགས་རིམ་གྱི་རྟོགས་པ་སྐྱེས་ནས་སངས་མ་རྒྱས་བར་དུ་ཡོད། རྟགས་པ་བ་ནི་བསྐྱེད་རིམ་ དང་རྒྱུའི་དབང་གི་སྐབས་སུ་ཡང་འབྱུང༌། ཕལ་པ་རྣམས་ཀྱི་ནི་ཞུ་བདེ་ཡིན་ཀྱང་ཡེ་ཤེས་སུ་ མི་འཇོག རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དང༌། རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། དོན་དམ་པའི་དབང་བཞི་པའི་ཡེ་ཤེས་རྣམས་གཅིག་ཅིང༌། དེ་དངོས་སུ་མཚོན་ནུས་པའི་ཞུ་ བདེ་ལ། ཀུན་རྫོབ་ཀྱི་བཞི་པའི་ཡེ་ཤེས་ཞེས་བྱ། རང་བཞིན་དངོས་སུ་མཚོན་མི་ནུས་པའི་ ཞུ་བདེ་རྣམས་ནི་གསུམ་པའི་ཡེ་ཤེས་ཡིན་ནོ། །རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་རྩལ་མ་ འགགས་པ་ལྷ་སྐུར་ཤར་བ་དང་ཟུང་དུ་འཇུག་པ་ནི་བཞི་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་ནོ། །ལས་ དང་པོ་པའི་སློབ་མ་ལ་དབང་བསྐུར་བའི་ཚེ་ནི་སྟོང་པ་ཙམ་དང༌། ལྷ་སྐུ་དང་བདེ་སྟོང་གི་ མོས་པ་ཙམ་བྱེད་པ་དང༌། བཞི་པའི་ཡེ་ཤེས་ཀྱི་གོ་བ་ཙམ་འཆད་པ་དང༌། དབང་གསུམ་པ་ ལ་བརྟེན་ནས་ངོ་སྤྲོད་པ་སོགས་མི་འགལ་མོད། ཡེ་ཤེས་དངོས་ཀྱི་ངོ་འཛིན་གོང་དུ་བཤད་ པ་ལས་མི་འདའོ། །དཀྱིལ་ཆོག་ཁ་ཅིག་ལས་ཧ་ཤང་གི་སྒོམ་ཕོག་ནས། དབང་བཞི་པར་ངོ་ སྤྲོད་དུ་མི་རུང་ཞེས་ཟེར་མོད་ཀྱི། དེ་ལྟ་ན། ཧ་ཤང་ཞུ་བདེ་སྒོམ་པར་ཡང་འདོད་དགོས་ཤིང༌། གཞན་ཡང་སེམས་གསལ་སྟོང་འཛིན་མེད་ཀྱི་ལྷག་མཐོང་གི་གོ་མི་ཆོད། ཞི་གནས་རྣམ་དག་ ཡིན་ཟེར་བ་དང༌། སྐབས་འགར། དེ་ཧ་ཤང་གི་སྒོམ་ཡིན་པས་གོལ་ས་ཡིན་ཅེས་ཟེར་བ་ དང༌། ཡང་ཞི་གནས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ཅེས་ཟེར་བ་རྣམས་ནི་རང་ ཚིག་འགལ་བ་སྟེ། མི་རྟོག་པའི་ཡེ་ཤེས་སྒོམ་པའི་སྒྲུབ་པ་པོ་རྣམས་ཀྱི་ཕུན་ཚོགས་ལ་ཞེ་སྡང་ བའི་ཅ་ཅོའོ། ། ཡང་ཁ་ཅིག ལས་དང་པོ་པས་ཚོགས་དྲུག་ལྷུག་པར་འཇོག་པ་ནི། བཞི་པའི་ཡེ་ཤེས་ དངོས་ཡིན་ནོ་ཞེས་འདོད་དོ། །སྤྱིར་སྒོམ་དེ་མི་འགོག་མོད་ཀྱི། དེ་བཞི་པའི་ཡེ་ཤེས་ཡིན་ན། 24-1-232 མདོ་སྡེ་སོགས་སུ་ཡང་བསྟན་པར་འགྱུར་བའི་ཕྱིར་སྔགས་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ ཟབ་དོན་མ་ཡིན་པར་ཐལ་བར་འགྱུར། རང་ཉིད་ཀྱང་དེའི་གཞུང་དུ་ཁས་ལེན་པའི་ཏིང་ངེ་ འཛིན་རྒྱལ་པོའི་མདོ་དང༌། བྱམས་ཆོས་རྒྱུད་བླ་མ་ཡང་སྔགས་བླ་མེད་དུ་ཁས་ལོངས་ཤིག གཞན་ཡང་སྔགས་ལམ་ཟབ་ཤོས་དེ་མདོ་ནས་བསྟན་པའི་ཕྱིར། མདོ་དང་སྔགས་ལ་མཆོག་ དམན་གྱི་ཁྱད་པར་ཡང་ཅི། འདིར་སྨྲས་པ། ལུང་དང་རིགས་པས་རང་ལུགས་རྒྱ་ཆེར་གཞག་པ་དང༌། །འཁྲུལ་པའི་ ལུགས་རྣམས་ལན་བརྒྱར་སུན་དབྱུང་ནུས་མོད་ཀྱི། །རྩོད་དང་སྨྲ་ལ་དགའ་བ་མིན་པས་ཁོ་ བོས་འདིར། །ཉུང་ངུ་རྣམ་གསལ་གསོང་པོར་སྨྲས་ལ་དགའ་བར་མཛོད། ། ཅེས་པའང་རབ་འབྱམས་སྨྲ་བ་བློ་གྲོས་ཟླ་བ་ཞེས་བྱ་བས་བསྐུལ་ཏེ། ཏཱ་ར་ནཱ་ཐས་རང་ ལོ་ཉེར་ལྔ་པ་ལོ་གསར་གྱི་ཉིན་རྒྱ་མ་རིན་ཆེན་སྒང་དུ་བཀོད་པའོ། །འདིས་ཀྱང་སྙིང་པོའི་ བསྟན་པ་ཕྱོགས་ཐམས་ཅད་དུ་དང་ཞིང་རྒྱས་པར་གྱུར་ཅིག། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-233 ༄༅། །རྡོ་རྗེ་ཕག་མོའི་མཚན་དོན་བཞུགས། ༄༅། །ༀ་ཨཱཿཧཱུཾ། ན་མསྟེ་སྟུ། བླ་མ་ལ་ཕྱག་འཚལ་ལོ། །འདིར་སློབ་དཔོན་གྱི་ཞལ་སྔ་ ནས། བཱ་རཱ་ཧཱིའི་ངེས་དོན་འདི་ལྟར་གསུང་སྟེ། རྔོན་པའི་གདམ་ངག་ལས། རྫོགས་སངས་རྒྱས་ དང་རྒྱལ་སྲས་རྣམས། །ཀུན་གྱི་ཡེ་ཤེས་འདི་མི་བརྗོད། །རང་རིག་རྣམ་པ་ཀུན་དང་བྲལ། ། གཞོམ་མེད་སྒྲ་དང་རྣམ་ཀུན་པ། །འདི་ནི་དོན་དམ་བཱ་རཱ་ཧཱི། གྲུབ་ཆེན་ཧ་རི་དཱ་རས་ཀྱང་ དེའི་ཕྱིར་བརྗོད་དུ་མེད་པ་ངོ་བོ་རྣམ་པ་དང་བྲལ་ཡང་རང་གི་རིག་པའི་རྣམ་ཤེས་མི་གཞོམ་ པའི་ཤེས་རབ་རྣམ་པ་ཐམས་ཅད་པའོ། །ཞེས་གསུངས། ཡང་ཁ་ཅིག་བཱ་ནི་བཱ་ཡུ་སྟེ་གཏུམ་ མོ་སྐུལ་བ། ར་རེ་ཕ་སྟེ་གཏུམ་མོ་ཧཱ་ནི་ཧཾ་ཀཱ་ར་སྤྱི་བོའི་ཧཾ། ཨི་ནི། དི་བུ་གསལ་བ་ལའོ་ཞེས་ པས། འབར་འཛག་འདྲེས་པས་རྩ་ཁམས་གསལ་བར་བྱས་པའོ། །ཡང་བཱ་ནི་བཱ་ཡུ་དེ་ཡང་ རྣམ་པ་ལ་འཇུག་པས་སྟོང་ཉིད་ཀྱི་སྣང་བརྙན། ར་རེ་ཕ་ནི་ཡེ་ཤེས་ཀྱི་གཏུམ་མོ་སྟོང་གཟུགས་ དེ་ཉིད། ཧི་ནི་བདེ་ཆེན་ཏེ། སྟོང་གཟུགས་དེའི་ངོ་བོར་གདོད་མ་ནས་ཟུང་འཇུག་ཏུ་གནས་ པ། ཨི་ནི་དི་བུ་སྟེ་རྣམ་བཅས་སུ་བཀྲ་ལམ་མེ་བར་གསལ་བ། དེ་ལྟར་ན་བཞི་ལ། བཱ་རླུང་རཱ་ རྡུལ། ཧཱི་སྙིང་སྟོབས་གསུམ་མི་ཕྱེད་པ་ལམ་དུ་བསྒོམས་པས་འབྲས་བུར་མངོན་དུ་བྱེད་ཅེས་ འཆད་དོ། །འོན་ཀྱང་བརྩོན་འགྲུས་དཔལ་བཤེས་གཉེན་གྱིས་ནི་འདི་ལྟར་བཤད་དེ། འདིར་ ནི་རླུང་གི་ཁམས་ཀྱིས་ནི། །འགྲོ་བའི་དོན་ལ་གྲུབ་པས་ནི། །སྐུལ་ནས་བཞེངས་པ་ལྷ་མོ་ལ། ། བཱ་རཱ་ཧི་ཞེས་བརྗོད་པས་བྱ། །ཞེས་དང༌། བཱ་ཡི་སྒྲ་ནི་རླུང་ཉིད་དེ། །ཨ་ནི་འོག་གི་འཁོར་ལོ་ གནས། །དེ་ལ་སྐྱོད་པས་ར་ཉིད་དེ། །རང་ཉིད་མེ་ཡི་གཟུགས་ཅན་ཏེ། །ཆོས་རྣམས་ཀུན་གྱི་ 24-1-234 རང་བཞིན་ཉིད། །དྷཱུ་ཏི་ཨ་ཡི་རྣམ་པ་ལ། །མེ་ཡི་རང་བཞིན་རང་ཉིད་ལས། །གཉིས་སུ་མེད་ པར་སྐྱོད་པ་ལས། །ཡང་ནི་ཨ་ཡི་རྣམ་པར་ལྟར། །བདེ་བའི་དབང་ཕྱུག་འཕྲོས་པ་ལས། །ཨ་ གཉིས་སྦྱར་བས་ར་ལ་སྦྱིན། །ཞེས་དང་། ཧ་ནི་བདེ་བའི་འཁོར་ལོ་གནས། །ཨ་ཡི་ཚ་ཟེར་ འཁྱུད་པ་ཉིད། །དེ་ནས་ཀུན་ཏུ་ཁྱབ་པ་ལ། །སྣ་ཚོགས་ཐིག་ལེ་ཨེ་ཉིད་དོ། །དེ་ནས་འཇིག་ རྟེན་འདས་པའི་སེམས། །འཇིག་རྟེན་འདས་པའི་བདེ་བ་ཉིད། །ཟད་པར་མི་བྱེད་དཔལ་གྱི་ གཞི། །ཨ་ཡི་རྣམ་པའི་གཟུགས་ཅན་ནོ། །ཞེས་གསུངས་སོ། །དེ་ཡང༌། བ་འགྲོ་བ་དང་དྲི་དག་ ལ་ཡང་ངོ་ཞེས་པའི་བྱིངས་ལས་ཐུར་སེལ་གྱེན་དུ་དབུ་མར་འགྲོ་བ་ནི་བཱ་ཡིག་གི་དོན། ཨཱ་ ནི། ཨཱ་ཀ་ར་རྣམ་པ་ཀུན་དང༌། ཡང་ན་གོང་གི་བ་སྲོག་ཅན། ཨ་བ་དྷཱུ་ཏི་སྟེ་ལྟེ་བའམ་གསང་ བའི་གཏུམ་མོ། ར་ནི་རེ་ཁ་དེ་གྱེན་དུ་འབར་བ། ཨ་གོང་མ་ཨ་བ་དྷཱུ་ནོ་ཏཱི་སྡིག་པ་བཅོམ་པ་སྟེ། རྣམ་རྟོག་ཚོགས་བཅོམ་པ་ལ་གནས་པ། ཨ་འོག་མ་ཨ་ནུཏྤནྣ། ཆོས་ཐམས་ཅད་གནས་ཚུལ་ སྐྱེ་མེད་ལྷན་སྐྱེས་མཚོན་པའི་ཨ་ཤད། ཧ་ཡིག་ནི་ཧེ་རུ་ཀ་སྟེ་ཧཾ་ཡིག་གནས་ཚུལ་དང་གཅིག་ པའི་བདེ་ཆེན། ཨཱི་ནི་དི་བུ་བཀྲ་བ་སོགས་དང་མོ་རྟགས་ཏེ། སྣང་བ་སྣ་ཚོགས་པར་འཆར་བ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གཏུམ་མོའི་རོལ་པ། གཏུམ་མོ་ནི་ཙཎྜ། ཨ་ལི་ཀ་ལོག་པ་ལ་ ཁྲོ་བའམ། ཕྱུགས་ལ་ཁྲོ་བ་ཞེས་ཏེ་རྣམ་རྟོག་གམ་གཏི་མུག འཁོར་བའི་ཕྱོགས་ལ་ཁྲོ་བའོ། ། དེ་ཡང༌། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་ པའི་དོན་ཙཎྜ་ལཱིར་འཆད་དེ་འདི་ཤིན་ཏུ་ལེགས་ཤིང་བཟང་ངོ༌། །ཡང་རྔོན་པའི་གདམ་ངག་ དང༌། ཧ་རི་དཱ་རའི་ལུགས་ཀྱི་ནི་རྗེ་བཙུན་རི་ཁྲོད་ལྡོང་ངར་བ་དང་མཐུན་ཏེ། བཱ་ནི་བཱ་ཙ་སྨྲ་ བ་ལའོ་ཞེས་པས་བརྗོད་དུ་མེད་པ་སྟེ། སྒྲ་དང་རྟོག་གེ་ལས་འདས་པའོ། །སུ་འདས་ན་ར་ནི་ ཨཱ་ཀ་ར་ཨ་ཀ་ར་སྟེ། རྣམ་པ་དང་རྣམ་མེད་བྲལ་བ་སྟེ། གཉིས་ཆོས་ལས་འདས་ཤིང་བདེ་བ་ མཐའ་བྲལ་ལོ། །ཇི་ལྟར་འདས་ན། ཨཱ་ནི་ཨཱ་བི་དྱ་སྟེ་པྲ་ཏི་སྭ་སམ་བེ་ད་སོ་སོར་རང་གི་རིག་ 24-1-235 པས་སོ། །གང་དུ་འདས་ན། ཧ་ནི་ཧཾ་ཡིག་སྟེ་མི་ཤིགས་ཐིག་ལེ་དང༌། ཨ་གྷཱ་ཏ་སྟེ་གཞོམ་དུ་ མེད་པ་གཞོམ་མེད་ཀྱི་ནཱ་དའམ་སྒྲ། ཨཱི་ནི་དེའི་ཤེས་རབ་སྟེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ ཉིད་དེ། དི་བུ་བཀྲ་བའི་དོན་སྔར་ལྟར་རོ། །དེ་ལྟར་ན་སྒྲ་རྟོག་ལས་འདས་ཤིང་རང་གི་རིག་ པས་ན་མཐའ་བཞི་དང་བྲལ་བས་ཡུལ་ཡུལ་ཅན་གཅིག་ཏུ་གྱུར་པའི་བདེ་སྟོང༌། དབྱེར་མེད་ ལྷན་སྐྱེས་ཏེ་མི་ཤིགས་པའི་ཐིག་ལེ་སྦྱངས་པས་རྣམ་པ་ཐམས་ཅད་པ་མངོན་དུ་གྱུར་པ་ནི། ཙཎྜ་ལཱིའོ། །ཞེས་པའི་དོན་ཏོ། །རྡོ་རྗེ་ཕག་མོའི་མིང་གི་ངེས་དོན་བླ་མའི་བཀའ་དྲིན་གྱིས་ཚད་ དང་ལྡན་པའི་གཞུང་ལས་མཐོང་བ་རྣམས་ཉུང་ཞིང་གོ་བདེ་བར་ཏཱ་ར་ནཱ་ཐས་རང་ལོ་ཉེར་ གསུམ་པ་ལ། སྒྲུབ་གནས་དམ་པ་བསམ་གཏན་སྡིངས་ཀྱི་ཡང་དགོན་དུ་སྦྱར།། །། དགེ་ལེགས་འཕེལ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-236 ༄༅། །ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་ཀྱི་ རྣམ་བཤད་གསང་བདག་དགྱེས་པའི་ མཆོད་སྤྲིན་ཞེས་བྱ་བ་བཞུགས། ༄༅། །ༀ་སྭཱསྟི། སྟོབས་ཆེན་ཁྲོ་རྒྱལ་ཉི་མ་འབུམ་གྱི་གཟི། །གསང་སྔགས་འབྲུག་སྟོང་ ལྡིར་བའི་གད་རྒྱངས་ཅན། །མཉམ་ཉིད་ཐུགས་རྗེའི་ཁྲོ་ཆགས་ཉམས་འགྱུར་གྱི། །རབ་སྒེག་ དཔའ་བོ་གང་དེར་ཕྱག་འཚལ་ལོ། །གང་དེའི་སྒྲུབ་ཐབས་རྨད་བྱུང་གི །དོན་མཆོག་གསལ་ ཞིང་གོ་བདེ་བ། །མདོ་ཙམ་བདག་གིས་བཤད་པར་བྱ། །བརྩོན་ལྡན་སྤྲོ་བའི་ཡིད་ཀྱིས་ཉོན། ། འདིར་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་འགྲོ་བཟང་སྙིང་པོས་མཛད་ པའི་དོན་ཅུང་ཟད་ཅིག་བཤད་ན། སྒྲུབ་པ་པོ་བརྟེན་གྱི་གང་ཟག སྒྲུབ་པ་ཉམས་སུ་ལེན་ཚུལ། རྣལ་འབྱོར་ཅན་གྱི་འཕྲིན་ལས། མཐར་ཐུག་འབྲས་བུ་འགྲུབ་ཚུལ་ཏེ་བཞི་ལས། དང་པོ་ནི། འདི་ཉིད་ཀྱི་རྒྱུད་ལས། ཇི་སྐད་དུ། རྟག་ཏུ་བྱང་ཆུབ་སེམས་ཐོབ་ཅིང༌། །དམ་ ཚིག་སྡོམ་པ་ཀུན་ལྡན་པ། །ཞེས་གསུངས་ཏེ། སྡོམ་པ་གསུམ་སོ་སོའི་ཆོ་གས་རྒྱས་པར་ཐོབ་ ན་རབ། མིན་ནའང་སྐྱབས་སུ་སོང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ། དབང་བསྐུར་བའི་ཆོ་ གས་སྔགས་ཀྱི་སྡོམ་པ་ཐོབ་ཅིང༌། བྱང་སེམས་ཀྱི་བསླབ་བྱ་ལ་གནས་པ། དམ་ཚིག་བསྲུང་ བ་ལ་བརྩོན་པ། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ན་རབ། དཀྱིལ་འཁོར་ གཞན་དུ་དབང་ཐོབ་ནས། འདིའི་རྗེས་སུ་གནང་བ་ཐོབ་པས་ཀྱང་རུང་སྟེ། མཚན་ཉིད་དེ་ དག་དང་ལྡན་པའོ། ། 24-1-237 གཉིས་པ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་མོ། །དང་པོ་ལ་གང་དུ་བསྒོམ་ པའི་གནས་དང༌། དེར་དགོས་པའི་ཡོ་བྱད་རྣམས་རྒྱུད་གཞུང་ནས་བཤད་པ་ལྟར་ཚང་བར་ བྱའོ། །དེ་ནས་ཉམས་སུ་བླང་བའི་རིམ་པ་ནི། བར་ཆད་ཞི་བའི་ཕྱིར་སྔོན་འགྲོ་གཏོར་མ། སྣོད་བཅུད་བསྒྱུར་བའི་ཕྱིར་མཆོད་པ་བྱིན་རླབས། ལམ་གནད་བཟུང་བའི་ཕྱིར་སྐྱབས་འགྲོ་ སེམས་བསྐྱེད། འབྲས་བུ་ལྷ་སྐུའི་རྒྱུ་ཚོགས་སུ་ཚོགས་བསོག་རྣམ་གཉིས་ཏེ། སྔོན་འགྲོའི་ཆོས་བཞི་ལས། དང་པོ་གཉིས་ནི། མདུན་བསྐྱེད་ཀྱི་བྱ་བ་དང་མ་འབྲེལ་ན་ མ་བྱས་ཀྱང་རུང་ཞིང༌། གསུམ་པའང་གོ་སླའོ། ། བཞི་པ་ལ་གཉིས་ཏེ། བསོད་ནམས་ཚོགས་བསོག་དང་ཡེ་ཤེས་ཚོགས་བསོག་གོ །དང་ པོའི་སྐབས་གཞུང་ལས། ས་གཞི་རྣམ་པར་དག་པ་ལ་མེ་ཏོག་བཀྲམ་ནས་ཞེས་འབྱུང་བ་ནི། རྒྱུད་ལས། རྣམ་པར་དག་པའི་ས་གཞི་ལ། །དཀྱིལ་འཁོར་ཇི་ལྟར་མཛེས་པར་བྱ། །ཞེས་ པའི་དོན་ཏེ། མདུན་དུ་རྟེན་གྱི་མཎྜལ་ཚོམ་བུ་དགུ་པ་བཀོད་ནས། དངོས་སུ་བཤམས་པའི་ མཆོད་བསྟོད་རྒྱས་པ་བྱེད་པའི་ལུགས་སུ་སྣང་ལ། འོན་ཀྱང་ཕྱིས་ཀྱི་སྒྲུབ་ཐབས་ན་མེད་ཅིང༌། མདོར་བསྡུས་པའི་ཚེ་ལག་ལེན་ལ་མེད་ཀྱང་རུང་བས། མདོར་བསྡུས་ལྟར་ན། སྭ་བྷཱ་བའི་ སྔགས་བརྗོད་པ་ནི། ཚོགས་བསོག་ལྟ་བས་ཟིན་ཅིང༌། སྟོང་ཉིད་ཀྱི་རྣམ་རོལ་ཏུ་ཤེས་པའི་ ཆེད་དུ་ཡིན་ལ། རང་ལྷར་གསལ་བ་ལུས་དག་ཅིང་བྱིན་གྱིས་བརླབས་པ། སྙིང་ཁའི་ཧཱུཾ་ཡིག་ གདན་བཅས་སེམས་བྱིན་གྱིས་བརླབས་པ། འོད་ཟེར་འཕྲོ་བ་ངག་བྱིན་གྱིས་བརླབས་པ་ སྟེ། ཐ་མལ་གྱི་སྣང་ཞེན་ཅན་གྱི་ལོ་བརྒྱར་མཆོད་པ་བས། སྒོ་གསུམ་བྱིན་གྱིས་བརླབས་པས་ དག་པ་ཅན་གྱི་ལན་འགའ་མཆོད་པ་དང༌། ཚོགས་རྫོགས་ཕུལ་ཆེ་བའི་ཕྱིར་རྟེན་བྱིན་གྱིས་ བརླབས་པ་ཡིན་ནོ། །དེ་ནས་མཆོད་ཡུལ་སྤྱན་དྲང་བ་དང༌། ཕྱག་འཚལ་བ་དང༌། མཆོད་པ་ དང༌། ཚོགས་ཞིང་གཤེགས་སུ་གསོལ་བ་རྣམས་ནི་གོ་བླ་ལ། འོན་ཀྱང་སྤྱན་འདྲེན་གྱི་སྐབས། 24-1-238 ཛཿཧཱུཾ་བཾ་ཧོཿཞེས་འབྱུང་བ། གདན་གྱི་སྟེང་དུ་སྤྱན་འདྲེན་པ་དང༌། བཞུགས་པ་དང༌། མཆོད་ པའི་བྱ་བ་མ་རྫོགས་ཀྱི་བར་དུ་བརྟན་པ་དང༌། མཉེས་པར་བྱ་བའི་ཕྱིར་དུ་ཡི་གེ་བཞི་བརྗོད་ པ་ཡིན་ཏེ། སྤྱིར་ཡི་གེ་བཞི་པོ་འདི། དཀྱིལ་འཁོར་གྱི་དམ་ཡེ་བསྲེ་བའི་དོན་དུ་དགུག་གཞུག་ བཅིང༌། མཉེས་པར་བྱེད་པ་དང༌། ལྷ་རྣམས་ཀྱི་ཐུགས་ཀྱི་དམ་ཚིག་བསྐུལ་བ་དང༌། སྤྱན་ འདྲེན་ཞིང་བཞུགས་སུ་གསོལ་བ་དང༌། བྱིན་གྱིས་རློབས་པ་དང༌། དགྲ་བགེགས་འགུགས་ འདྲེན་གྱི་ལས་བྱེད་པ་དང༌། རྫོགས་རིམ་གྱི་གནས་སྐབས་སུ་རླུང་དང་ཐིག་ལེའི་འགྲོས་ཀྱི་བྱ་ བ་བྱེད་པའང་ཡོད་པས། དམ་ཡེ་བསྲེ་བའི་དགུག་གཞུག་ཁོ་ནར་བསམས་ནས། འདི་སྐབས་ ཡིན་ནོར་དུ་བསྐུར་པར་མི་བྱའོ། །གཤེགས་སུ་གསོལ་བ་ཡན་ཆད་དེ་དག་ནི་ཡུལ་མཆོག་ལ་ བསོད་ནམས་ཀྱི་ཚོགས་བསོག་པ་ཡིན་ལ་ཚད་མེད་བཞི་སྒོམ་པ་ནི། ཡུལ་དམན་པ་ལའོ། ། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསོག་པ་ནི། སྔགས་དང་པོ་བརྗོད་པས། སྣང་གྲགས་ཀྱི་ ཆོས་ཐམས་ཅད་རང་གི་སེམས་ཀྱི་སྣང་བར་ཤེས་པ་དང༌། གཉིས་པས་སེམས་ཙམ་དེ་ཡང་ རང་བཞིན་གྱིས་སྟོང་པར་ཤེས་ནས། སྟོང་པ་དང་རིག་པ་དབྱེར་མེད་པ་དེ་ལ། སངས་རྒྱས་ རྣམས་ཀྱི་ཆོས་ཀྱི་སྐུའོ་ཞེས། བརྡ་སྦྱར་གྱི་ང་རྒྱལ་འཛིན་པ་ཡིན་ལ། དེ་ལྟར་ཚོགས་བསོག་ གཉིས་པོ་དེ་ནི། སེམས་བསྐྱེད་ཅིང་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསོག་པ་རྣམ་པ་ མཐུན་པའི་སྒོ་ནས་ལམ་དུ་བྱེད་པའོ། ། གཉིས་པ་ལ། ལུས་ཀྱི་དྲི་མ་སྦྱོང་བ་ལྷའི་རྣལ་འབྱོར་གྱི་སྐུ་རྡོ་རྗེ་སྒྲུབ་པ་དང༌། ངག་གི་དྲི་ མ་སྦྱོང་བ་བཟླས་པའི་རྣལ་འབྱོར་གྱི་གསུང་རྡོ་རྗེ་སྒྲུབ་པ་དང༌། ཡིད་ཀྱི་དྲི་མ་སྦྱོང་བ་མི་རྟོག་ པའི་རྣལ་འབྱོར་གྱིས་ཐུགས་རྡོ་རྗེ་སྒྲུབ་པ་བསྲེ་གསུམ་ལས། དང་པོ་ལ་མངོན་རྟོགས་གསར་ པ་ལྟར་ན། དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག སྒོ་གསུམ་བྱིན་གྱིས་བརླབས་པ་ཉེར་ སྒྲུབ་ཀྱི་ཡན་ལག ཡེ་ཤེས་པ་བསྲེ་བ་སྒྲུབ་པའི་ཡན་ལག རྒྱས་གདབ་མཆོད་བསྟོད་སྒྲུབ་ཆེན་ 24-1-239 གྱི་ཡན་ལག་བསྲེ། ཡན་ལག་བཞིའི་ཆིངས་ཀྱིས་འཆིང་བ་ཡིན་ཏེ། གསང་བ་འདུས་པ་ལས། བསྙེན་པའི་ཏིང་འཛིན་རབ་སྦྱོར་བ། །བྱང་ཆུབ་མཆོག་ནི་བསྒོམ་པར་བྱ། །ཞེས་བྱང་ཆུབ་ བའི་མཆོག་སྟེ་སྟོང་ཉིད་ལས་ལྷ་སྐུར་བཞེངས་པ་བསྙེན་པ་དང༌། ཉེ་བར་སྒྲུབ་པ་གྲུབ་མཆོག་ ལ། །རྡོ་རྗེ་སྐྱེ་མཆེད་རྣམ་པར་དཔྱད། །ཅེས་སྐྱེ་མཆེད་བྱིན་རླབས་ཀྱི་ལྷའམ་ཡི་གེ་བཀོད་པ་ ཉེར་སྒྲུབ་ཡིན་ལ། སྐྱེ་མཆེད་དེ་ཡང་སྒོ་གསུམ་དུ་འདུས་པས། གནས་གསུམ་བྱིན་རླབས་དང་ དོན་གཅིག་ཅིང༌། སྔགས་ཀྱི་བདག་པོ་སྒོམ་པ་ཡིས། །སྒྲུབ་པའི་ཚེ་ན་བསྐུལ་བར་གསུངས། ། ཞེས་སྔགས་ཀྱི་བདག་པོ་ཡེ་ཤེས་སེམས་དཔའ་བསྐུལ་ཏེ། བདག་ཉིད་ལ་བསྟིམ་པ་ནི། སྒྲུབ་ པ་དང༌། སྒྲུབ་པ་ཆེན་པོ་བྱེད་པའི་ཚེ། །རང་སྔགས་རྡོ་རྗེ་ཅན་གྱི་གཟུགས། །དབུ་རྒྱན་ལ་ནི་ བདག་པོ་བསམ། །ཡེ་ཤེས་རྡོ་རྗེ་འགྲུབ་པར་འགྱུར། །ཞེས་རང་སྔགས་ལྷའི་བདག་པོ་རིགས་ བདག་གིས་རྒྱས་འདེབས་པའི་དབང་བསྐུར་ནི། སྒྲུབ་ཆེན་ཡིན་ནོ། །ཡང་སྒྲུབ་ཐབས་ཀྱི་རྒྱ་ གཞུང་དང༌། རྒྱུད་ཀྱི་དངོས་བསྟན་ལྟར་ན། དགེས་རྡོར་དང༌། གསང་འདུས་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་ བརྙན་རྫོགས། །བཞི་པ་ལ་ནི་ཡི་གེ་འགོད། །ཅེས་བྱང་ཆུབ་བཞི་བསྐྱེད་དུ་གསུངས་པ་ལྟར་དུ་ སྣང་སྟེ། ཡེ་ཤེས་ཚོགས་བསོག་གི་རྗེས་སུ་རྒྱུད་ལས། སྟོང་པའི་ཏིང་ངེ་འཛིན་རྣམས་བསྒོམ། ། ཞེས་སྔགས་དོན་དང་འབྲེལ་བར་མི་རྟོག་པ་ཡུན་རིང་དུ་བསྒོམ་པ། སྟོང་ཉིད་བྱང་སེམས་ ཀྱི་ཡན་ལག་དང༌། ནམ་མཁའི་ཁམས་སུ་ཨ་དང་ནི། །ཟླ་བ་དང་པོ་ཡི་གེ་ཧཱུཾ། །ཞེས་སོགས་ གདན་ས་བོན་ཕྱག་མཚན་འོད་ཟེར་སྤྲོ་བསྡུ་སོགས་ནི་གཉིས་པ་ས་བོན་བསྡུ་བ། དམ་ཚིག་པ་ བསྐྱེད་པ་ལ་ཡེ་ཤེས་པ་བསྟིམ་པ་ནི། གསུམ་པ་གཟུགས་བརྙན་རྫོགས་པའི་ཡན་ལག་སྟེ། དེ་ ལ་ཁྲོ་བོ་ཆེན་པོའི་སྐུ་ཞེས་སོགས་ཀྱིས་བསྟན་ནོ། །གནས་གསུམ་བྱིན་གྱིས་བརླབས་པ་དང༌། རིགས་མི་འགྱུར་བའི་དོན་དུ། དབང་བསྐུར་ནས། རིགས་བདག་འགོད་པ་ནི། བཞི་པ་ཡི་གེ་ 24-1-240 འགོད་པའི་ཡན་ལག་སྟེ། མགོན་པོ་ལྐོག་མ་སྙིང་ཁ་རུ། །ཞེས་པ་ནས། དག་པར་བསམ་ཞེས་ པའི་བར་དུའོ། །རྒྱ་གཞུང་ལས་རིགས་བདག་གི་རྒྱས་བཏབ་མི་གསལ་བ་ནི། བླ་མའི་མན་ ངག་ལ་རག་ལས་པའི་དབང་དུ་མཛད་པའོ། །དེ་དག་ཕལ་ཆེར་ནི་གོ་བླ་ལ། སྐུ་མདོག་མཐིང་ ཁ་ནི། ཆོས་ཉིད་མི་འགྱུར་བ་དག་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་ནི། སྟོང་ཉིད་བཅུ་དྲུག སྦྲུལ་ནག་པོ་བརྒྱད་ཀྱིས་བརྒྱན་པ་ནི། རྣམ་ཤེས་བརྒྱད་དག་པ། སྤྱན་གསུམ་ནི་དུས་གསུམ་ མཁྱེན་པ། ཞབས་གཡས་བསྐུམ་པས། འཁོར་བའི་མཐའ་ལ་མི་གནས། རྟག་པའི་མཐའ་ གནོན། གཡོན་བརྐྱང་བས་མྱང་འདས་ཀྱི་མཐའ་ལ་མི་གནས། ཆད་པའི་མཐའ་གནོན་ཞལ་ གཅིག་པ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པ། ཕྱག་གཉིས། བདེན་གཉིས་དག་ པ། རྡོ་རྗེ་རྩེ་ལྔ། ཡེ་ཤེས་ལྔ་སྟེ། སངས་རྒྱས་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བའི་རྟགས། སྡིགས་འཛུབ་ཀྱི་རྩེ་ལ་མེ་འབར་བས། རྣམ་རྟོག་དང་གདུག་པ་ཅན་བསྲེགས་པ། ན་བཟའ་ སྔོན་པོ་ཅན། ཐུགས་ཀྱི་རིགས་ཀྱི་རྟགས་སོ། །ཇི་སྐད་དུ་གཞུང་ལས། གཡོན་པ་བརྐྱང་བ་ རྣམས་ཀྱིས་ནི། །རི་བོང་འཛིན་ལ་བདེ་བར་གནས། །ཀླུ་ཡི་རིགས་ཀྱི་དགྲར་གྱུར་པ། །ཁྲོ་ རྒྱལ་སྤྱི་བོས་རབ་བཏུད་ནས། །ཞེས་གསུངས་ཏེ། འགྱིངས་བག་དང་བཅས་པའི་གཡོན་ བརྐྱང་སྒེག་པའི་ཉམས། ཟླ་བའི་གདན་ལ་གནས་པ་ཞི་བའི་ཉམས། ཧ་ཧའི་གད་མོ་དང༌། ཀླུ་ དང་ཕྱོགས་སྐྱོང་དང༌། བགེགས་དང་ལོག་འདྲེན་ཐམས་ཅད་བརླག་པར་མཛད་པའི་ནི་དྲག་ པོའི་ཉམས་ཏེ། ཉམས་གསུམ་ཚང་བ་དགོས་ཤིང༌། རྒྱན་གྱི་ཁྱད་པར་རྡོ་རྗེས་ཐོད་བྱས་པ་ དང༌། སྦྲུལ་རྒྱན་རྣམས་ནག་པོར་ཁ་དོག་གཅིག་པ་ནི་འདི་ཉིད་ཀྱི་རང་ལུགས་སུའོ། །སྦྲུལ་ བརྒྱད་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམ་པར་དག་པ་སྟེ། རྣམ་ཤེས་གནས་གྱུར་པ་ ཡེ་ཤེས་བཞི་པོ་ཡོན་ཏན་མཐའ་དག་གི་རྟེན་དུ་གྱུར་པའི་ཕྱིར་རྒྱན་དུ་བྱས་པ་སྟེ་གར་ལ་རྒྱན་ པའི་གཞི་སྐུ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟག་ནི་གཟུང་འཛིན་གཉིས་མཚོན་ཅིང་དེར་ 24-1-241 འཛིན་པ་སྤང་བ་ནི་སྟག་ལྤགས་ཀྱི་དོན་དུ་གཞན་ནས་བཤད་པ་ལྟར་བྱའོ། །རྒྱུད་ལས། ན་ བཟའ་སྔོན་པོ་གསུམ་འཇོལ་ཅན། །ཞེས་པ་ལྟར་ན། བེ་ཅོན་མའི་ལུགས་ལྟར། ན་བཟའ་ རིང་པོ་གསོལ་བར་གསལ་ལ། གཞན་ནས་སྟོད་གཡོགས་ཁོ་ནར་བཤད་པ་ལྟར་བྱའོ། །དེ་ ཡང༌། སྟོང་ཉིད་སྒོམ་པས་ཆོས་སྐུ་ལམ་དུ་བྱེད། ས་བོན་དང༌། འོད་ཟེར་སྤྲོ་བསྡུས་ལོངས་སྐུ་ ལམ་དུ་བྱེད། ཞལ་ཕྱག་ཡོངས་སུ་རྫོགས་པས་སྤྲུལ་སྐུ་ལམ་དུ་བྱེད་པ་ཡིན་ལ། དམ་ཡེ་བསྲེ་ བས་སངས་རྒྱས་ཐམས་ཅད་ཡེ་ཤེས་དང་མཛད་པ། མཉམ་པ་ཉིད་དུ་གྱུར་པ་མཚོན། གནས་ གསུམ་བྱིན་རླབས་སྔོན་དུ་བྱེད་པ་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ། མཉམ་པ་ཉིད་ཙམ་མཚོན་ཅིང༌། ཕྱི་བྱེད་པས་ནི། དེ་ཡང་མཚོན་ལ། ཁྱད་པར་སེམས་པ་ གཉིས་མི་འབྲལ་བར་རྒྱས་འདེབས་པ་ཡིན་ཅིང༌། དབང་བསྐུར་མཆོད་བསྟོད་ནི། འགྲོ་བའི་ དོན་ལ་མཐུ་དང་ལྡན་པའི་ཕྱིར། འོག་མིན་དུ་སངས་རྒྱས་ཐོབ་མ་དག་ཏུ། ཕྱོགས་བཅུའི་དེ་ བཞིན་གཤེགས་པ་རྣམས་ཀྱིས་མཆོད་ཅིང་མངའ་གསོལ་བར་མཚོན་ནོ། ། གཉིས་པ་ནི། བཀོད་པའི་བཟླས་པ་དང་སྤྲོ་བསྡུའི་བཟླས་པ་གཙོ་ཆེ་ཞིང༌། ལས་སོ་སོའི་ ཁྱད་པར་དང་འབྲེལ་བ་ནི། རྒྱུད་ལས། སྔགས་ཀྱི་ཕྲེང་བ་དེ་དག་ཀྱང༌། །ཞི་ལ་རབ་དཀར་ དབང་ལ་དམར། །རྒྱས་ལ་སེར་པོ་དྲག་ལ་ནག །རྟོག་པ་ཀུན་ཏུ་སྤངས་ཏེ་བཟླས། །སྤྲོ་དང་ བསྡུ་བའི་བྱིན་རླབས་ཀྱིས། །ཇི་ལྟར་མོས་པའི་བསམ་གཏན་བྱ། །ཞེས་གསུངས་པ་ལྟར་སོ་ སོའི་ཁ་དོག་དང༌། དབྱིབས་དང༌། འོད་ཟེར་དང་ལས་འགྲུབ་པའི་དམིགས་པ་སོ་སོར་ཤེས་ པར་བྱ་ལ། ཁྱད་པར་དུ། འཕྲིན་ལས་ལྔའམ་དྲུག་ནི། མན་ངག་ཅེས་ཡོངས་སུ་གྲགས་པ། སྣང་སྲིད་གསང་བའི་བདག་པོར་བསྒོམས་ནས། ཞབས་བརྡབས་པས། གནོད་བྱེད་རྣམས་ ཀྱི་གནས་ཞིག་ཅིང་བརྔམས་པར་བསམ་པ། ཞབས་ཀྱི་འཕྲིན་ལས་དང༌། བ་སྤུའི་ཁུང་བུ་ ནས་མེ་སྤྲོས་ཏེ་བསྲེག་པ་སྐུའི་འཕྲིན་ལས་དང༌། ལྕེའི་སྟེང་གི་རྡོ་རྗེ་སྔགས་འཕྲེང་དང་བཅས་ 24-1-242 པ་ལས། རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་ནས། གནོད་བྱེད་ལ། འབེབས་པ། གསུང་གི་ འཕྲིན་ལས་དང༌། འདི་ལ་རྒྱུད་ལས། ལྗགས་ལས་བཟླས་པའི་སྔགས་ཕྲེང་གིས། །སྟོང་ གསུམ་རབ་ཏུ་གང་བར་བསྒོམ། །ཞེས་པ་ལྟར་ན་སྔགས་འབྲུ་མེ་འབར་ཁོ་ན་སྤྲོ་བར་མངོན་ ནོ། །ཐུགས་ཀའི་ཕྱག་མཚན་ལས། ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ་དེ་སྤྲོས་ཏེ་འདུལ་བ་ ཐུགས་ཀྱི་འཕྲིན་ལས་དང༌། རྒྱན་གྱི་ཀླུ་བརྒྱད་ཀྱི་ཁ་རླངས་སྤྲོ་བ་ཡོན་ཏན་གྱི་འཕྲིན་ལས་དང་ ཕྱག་གི་རྡོ་རྗེ་གསོར་བས། རྡོ་རྗེ་དང་མཚོན་ཆའི་ཚོགས་སྤྲོས་ཏེ། དགྲ་བགེགས་ཚར་གཅོད་ པ། ཕྱག་གི་འཕྲིན་ལས་སོ་འདིའི་སྤྲོ་བ་གཉིས་ཕྱོགས་གཅིག་དུ་བསྡེབས་ནས་འཕྲིན་ལས་ ལྔར་བྱེད་པའི་ཡི་གེ་འང་སྣང་མོད་ཀྱི། འོན་ཀྱང་འདི་དག་རྒྱུད་ལས་སྣོད་བཅུད་རྡོ་རྗེ་གཏུམ་ པོར་སྒོམ་ཞེས་པ་ནས། ཧཱུཾ་ཧཱུཾ་འབྲུག་ལྟར་རབ་ཏུ་སྒྲོག །སྐད་ཅིག་ཀུན་ཏུ་བཀུག་པར་བསམ། ། ཞེས་པའི་བར་གྱིས་བསྟན་ཏེ། འཕྲིན་ལས་དྲུག་ཏུ་གསལ་ལོ། ། གསུམ་པ་ནི། འདིའི་རྫོགས་རིམ་རྣམས་ཏེ། རྒྱུད་དང་ཡི་གེ་གཞན་དུ་ཤེས་པར་བྱའོ། ། རྗེས་ཀྱི་བྱ་བ་ནི། བདག་བསྐྱེད་ཀྱི་ལྷ་ལ་མཆོད་ཅིང་བསྟོད་ནས། དགེ་བ་བསྔོ་བ་ཐུན་དང་ འབྲེལ་བའི་བྱ་བ་ཡིན་ལ། མཆོད་པ་དང་གཏོར་མ་དང་སྤྱོད་ལམ་དང༌། ཁ་ཟས་དང༌། ཉལ་ བ་དང༌། ལྡང་བའི་རྣལ་འབྱོར་རྣམས་ནི། ཐུན་མཚམས་ཀྱི་སྤྱོད་ལམ་ཞེས་བྱའོ། ། གསུམ་པ་རྣལ་འབྱོར་ཅན་གྱི་འཕྲིན་ལས་ནི། འདི་ཉིད་རྗེས་སུ་འབྲེལ་བའི་ལས་ཚོགས་ རབ་འབྱམས་རྣམས་སོ། ། བཞི་པ་མཐར་ཐུག་འབྲས་བུ་འགྲུབ་ཚུལ་ནི། རྒྱུད་ལས། ཀུན་ཏུ་རབ་དགའ་ལ་སོགས་ དང༌། །མི་སྣང་ལ་སོགས་རབ་ཏུ་འགྲུབ། །ཀུན་བརྟེན་རབ་ཏུ་སྤྱད་དགེ་ཅན། །བརྟེན་ཅན་ སྦྱོར་བ་ཉམས་སུ་དབེན། །དངོས་གྲུབ་མཆོག་ཏུ་རབ་ཏུ་གྲུབ། །ཅེས་གསུངས་ཏེ། ལྷའི་ རྣལ་འབྱོར་ལ་རེག་མཐོང་གི་མཚན་མ་རྙེད་ཅིང་ཐ་མལ་གྱི་ཞེན་པ་ལོག་པས། རྒྱུད་ལས་ཇི་ 24-1-243 སྐད་བཤད་པ་ལྟར། ཐུན་མོང་གི་དངོས་གྲུབ་བརྒྱད་ལ་སོགས་པ་འགྲུབ་ཅིང༌། ཐུན་མོང་གི་ དངོས་གྲུབ་ཐོབ་ན། རང་གཞན་གྱི་དོན་དཀའ་བ་མེད་པར་སྤྱོད་ནུས་པའི་ཕྱིར། ཕར་ཕྱིན་ དྲུག་གི་སྤྱོད་པ་དང་འཕྲིན་ལས་རྣམ་པ་བཞིའི་སྒོ་ནས། ཚོགས་བསགས་པས་གནས་སྐབས་ ཀྱི་མཆོག་གི་དངོས་གྲུབ་ས་དང་པོ་ནས་བཅུ་པའི་བར་དུ་རིམ་པས་ཐོབ་ནས། མཐར་ཐུག་གི་ མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་དོ། ། འདིར་སྨྲས་པ། ཁོ་བོས་རྒྱུད་གཞུང་མང་དུ་མཐོང་ཞིང་ཐོས། །ལག་ལེན་མན་ངག་མཐའ་ ཡས་མནོས་མོད་ཀྱིས། །ཚུལ་འདིའི་མན་ངག་ཞིབ་མོར་མ་ཐོས་པས། །བརྩལ་བཤད་བྱས་ པའི་ནོངས་པར་བཟོད་པར་གསོལ། །དབང་བསྐུར་ཐོབ་ཅིང་བཟླས་པའང་བསྙེན། །འཁྲུལ་ མེད་ཡི་གེ་མཐོང་བ་ལ། །བརྟེན་ནས་བརྩམས་ཕྱིར་རྣམ་བཤད་འདིར། །ལོག་པར་བཤད་པ་ མེད་པར་སེམས། །འདི་བྲིས་དགེ་བ་གང་ཐོབ་དེས། །བདག་དང་སྐུལ་བ་པོ་དང་ནི། །ཕ་མ་ སྔོན་འགྲོའི་སེམས་ཅན་ཀུན། །ཚེ་འདིར་གསང་བདག་ཐོབ་པར་ཤོག ། ཅེས་ཕྱག་ན་རྡོ་རྗེ་འགྲོ་བཟང་ལུགས་ཀྱི་སྒྲུབ་ཐབས་ཀྱི་རྣམ་བཤད་གསང་བདག་དགྱེས་ པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི། བན་དཔོན་ཀུན་དགའ་རྒྱལ་བཟང་ཞེས་བྱ་བས་བསྐུལ་ ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྟག་ལུང་ཐང་དུ་སྦྱར་བའོ།། །།དགེའོ།། བཀྲ་ཤིས་དགེ་ལེགས་ འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-244 ༄༅། །དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལ་བསྟོད་པ་ དངོས་གྲུབ་ཀྱི་གཏེར་ཆེན་ཞེས་བྱ་བ་ བཞུགས་སོ། ། ༄༅། །ༀ་སྭསྟི་པྲཛྙཱ་བྷྱ། དཔལ་འཁོར་ལོ་སྡོམ་པ་ལྷན་སྐྱེས་ལ་བསྟོད་པ་དངོས་གྲུབ་ ཀྱི་གཏེར་ཆེན་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། ། རབ་རྒྱས་ཨིནྡྲ་ནཱི་ལའི་ལྷུན་པོ་གང༌། །ཉིན་བྱེད་འོད་དམར་འབུམ་གྱིས་འཁྱུད་པའི་ དཔལ། །ཧེ་རུ་ཀ་དཔལ་རྡོ་རྗེ་བཙུན་མོར་བཅས། །གུས་པས་ཕྱག་འཚལ་བསྟོད་ཅིང་མཆོད་ པ་འབུལ། །རང་བཞིན་སྟོང་གསལ་གདོད་ནས་དག་པའི་དཀྱིལ་འཁོར་ལས། །མ་ལུས་ རིགས་ཀྱི་སྤྲུལ་པ་རབ་འབྱམས་ཕྱོགས་བཅུར་སྤྲོ། །ཡེ་ཤེས་ཁྲོ་ཆགས་གར་དགུའི་ཉམས་ཀྱི་ རོས་གང་བ། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་བཅས་ལ་ཕྱག་འཚལ་ལོ། །འོད་གསལ་ སྔོ་སངས་མཛེས་མའི་དཔལ། །ཟུང་འཇུག་རབ་དཀྲ་དབང་པོའི་གཞུ། །ཚོགས་གཉིས་ཆུ་ འཛིན་ལས་འཁྲུངས་པ། །བདེ་ཆེན་སྐུ་ལ་ཕྱག་འཚལ་ལོ། །ཡིད་འོང་མཚན་དཔེ་རབ་རྒྱས་ དཔག་ཡས་ལོངས་སྤྱོད་རྫོགས། །རང་སྣང་རིག་མར་ཁ་སྦྱོར་བདེ་ཆེན་རྡོ་རྗེའི་ཐུགས། །འགྲོ་ ལ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་རྒྱུན་མི་འཆད། །འགྱུར་མེད་རྟག་པའི་སྐུ་ལ་དངོས་པོ་ཀུན་ གྱིས་འདུད། །གཟུང་འཛིན་འཁྲུལ་པའི་འཁོར་ལོ་རབ་འཁོར་སྤྲོས་ཀུན་བྲལ་བར་གཡོ་མེད་ སྡོམ། །མ་ལུས་རྩ་ཡི་དྲ་བ་དྷཱུ་ཏིའི་མཆོག་དང་རབ་འབར་གཏུམ་མོའི་མེ། །དཔྱིད་ཀྱི་ཐིག་ 24-1-245 ལེའི་སྙིང་པོར་སྡོམ་མཁས་སྒྱུ་མའི་སྐུ་ཡང་འོད་གསལ་དུའོ། །ཆུ་སྐྱེས་རྡོ་རྗེ་ཡང་དག་འདུ་ མཁས་དྲ་བ་བདེ་མཆོག་ཁྱོད་ལ་འདུད། །དེ་བཞིན་ཉིད་དག་ཞལ་གཅིག་པ། །ཐབས་དང་ ཤེས་རབ་ཕྱག་གཉིས་ཀྱིས། །ཟུང་འཇུག་མཉམ་པར་སྦྱར་བ་སྟེ། །བདེན་གཉིས་ཞབས་དང་ ལྡན་ལ་འདུད། །ཕྱིན་དྲུག་ཕྱག་རྒྱའི་སྒེག་འཆང་ཡི་གེ་ལྔ་བཅུའི་མགོ་འཕྲེང་མཛེས། །དུས་ གསུམ་གཟིགས་པའི་སྤྱན་ལྡན་བདུད་བཞི་འཇོམས་པའི་མཆེ་བ་གཙིགས། །ཀུན་རྟོག་སྟག་ གི་པགས་པས་རྣམ་དཀྲིས་རིགས་ལྔའི་ཅོད་པན་ཅན། །འཕྲིན་ལས་སྣ་ཚོགས་རྡོ་རྗེས་དབུ་ རྒྱན་བདེ་ཆེན་ཟླ་བས་མཛེས། །བསྐལ་པའི་མེ་ལྟར་རབ་འབར་མཛེས་སྡུག་ལང་ཚོས་དྲེགས་ པའི་རི་དྭགས་མིག་ཅན་ཚུལ། །བུང་བའི་དཔལ་འཛིན་ལྷས་མ་རབ་གྲོལ་ཟླ་མཚན་བནྡྷུའི་མེ་ ཏོག་ཕྲེང་བ་ཆགས། །ནུ་འབུར་སྙེ་མས་དུད་བྱས་ཟུར་མིག་གཡོ་ལྡན་རབ་བཀྲ་མ་མཆུའི་སྦྲང་ ཆང་དང༌། །ཆོས་འབྱུང་རེག་པས་ཁྱབ་བདག་སྤུ་ལོངས་གཡོ་ལྡན་རྣལ་འབྱོར་མ་དཔལ་ལ་ དགྱེས་རོལ། །བཅོམ་ལྡན་ཁྱོད་ལ་བསྟོད་པ་ལས། །ད་ལྟ་ཁྱོད་ཀྱི་ཞལ་སྟོན་ཅིང༌། །ལས་ཀུན་ མྱུར་དུ་འགྲུབ་པ་དང༌། །དངོས་གྲུབ་མ་ལུས་སྩལ་ཏུ་གསོལ། །བདག་ཀྱང་བླ་མའི་བཀའ་དྲིན་ གྱིས། །ཚེ་འདི་ཉིད་ལ་ཧེ་རུ་ཀར། །ལྷན་ཅིག་རོལ་པའི་གར་བྱེད་ཅིང༌། །བདེ་ཆེན་རྡོ་རྗེ་ཐོབ་ པར་ཤོག ། ཅེས་པའང་དམ་ཚིག་དང་ལྷན་པའི་བཛྲ་རཱ་ཏཱིས་གསོལ་བ་བཏབ་ནས་ཏཱ་ར་ནཱ་ཐས་སྦྱར་ བའོ།། །།བཀྲ་ཤིས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-246 ༄༅། །དཔལ་འཁོར་ལོ་སྡོམ་པའི་རིམ་གཉིས་ལ་ བསྟོད་པ་བཞུགས། ༄༅། །ༀ་སྭསྟི་པྲཛྙཱ་བྷྱཿ (ལམ་གྱི་ལྟ་བ་བླ་མ་ཡིན་པའི་ཕྱིར་བླ་མ་དང་འཁོར་ལོའི་གཙོ་བོ་དབྱེར་མེད་འཇོག་པ་ ཉིད་དུ་ཕྱག་འཚལ་བ་ནི།) ཤྲཱི་ཙཀྲ་སཾ་བྷ་ར་ཧེ་རུ་ཀ་བི་བྷཱུ་ཙཀྲ་པ་ཏྱ་དྭཱི་སརྦ་ཏ་ཐཱ་ག་ཏཱཏྨ་ཏྭ་བཛྲ་དྷཱ་ར་ བྷཱ་ཌི་རཱ་ཀ་གུ་རུ་ཙ་རཱ་ཎ་ན་མཱསྟུ་ཏེ། (དཔལ་འཁོར་ལོ་སྡོམ་པ་ཧེ་རུ་ཀ་ཁྱབ་བདག་འཁོར་ལོའི་བདག་པོ་དང་གཉིས་ སུ་མེད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཛིན་པ་རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་བསྟོད།) (འབྲས་བུ་)ཁྱབ་བདག་དཔལ་ལྡན་ཧེ་རུ་ཀ །(ལམ་)སྲིད་དང་ཞི་བ་ཀུན་གྱི་བདག །(གཞི་) བརྟན་དང་གཡོ་བ་ཀུན་རང་བཞིན། །(གཅིག་པུ་)ཡེ་ཤེས་བླ་མེད་ལ་ཕྱག་འཚལ། །བདེ་བ་ཆེན་ པོ་ནམ་ཡང་མི་གཡོ་བ། །རྟག་པ་དམ་པ་གདོད་མའི་རང་བཞིན་ནི། །རྟག་ཏུ་ཆོས་ཀུན་ཁྱབ་ པར་རབ་ཞི་བ། །གདུང་བ་སེལ་བའི་མཆོག་ལ་སྤྱི་བོས་འདུད། །(གཙོ་བོ་ཁོ་ན་ལ་བསྟོད་པ་)དཔག་ མེད་དཔའ་བོ་དཔའ་མོ་(དཀྱིལ་འཁོར་རྒྱལ་མཆོག་གི་)སྤྲོ་(བ་དང་)བསྡུ(་བ)འི་བདག(་པོ)། །རིགས་ཀྱི་ སྤྲུལ་པའི་འོད་ཟེར་མཐའ་ཡས་(བསྐྱེད་རིམ་འདི་)འཕྲོ། །(སྤང་བྱ་)འགྲོ་བ་ཀུན་ཏུ་སྐྱེ་བའི་སྒྲིབ་བྲལ་ བྱེད། །ཤེས་རབ་(གྱི་མཆོག་གི་)ཡན་ལག་(དང་)མཉམ་པར་འདུས་(པ་ལ་)ཕྱག་འཚལ། །(སྔགས་ལ་ བསྟོད་པ་)རང་སྔགས་བདག་པོ་ཡེ་ཤེས་སེམས་པ་གང༌། །མི་ཤིགས་(ཐིག་ལེ་)ཧཱུཾ་གི་(རྣམ་པའི་)གླུ་ དབྱངས་ལེན་(པའི་སྙེམས་)པར་བྱེད། །རྗེས་སུ་ཆགས་པ(འི་རྐྱེན་གྱི)ས་རླུང་ཀུན་(དྷཱུ་ཏིར་)རབ་(ཏུ་) ཐིམ་པ(འདི་དངོས་མི་ཤིགས་ཐིག་ལེ་དང་སྐྱེ་རིམ་དུ་དམིགས་པ་འདི་ལྟར་སྒོམ་པ་ཡིན་མི་ཤིགས་པ་འདི་དོན་དམ་གྱི་སྔགས་ 24-1-247 དང་ཟླ་ཚུལ་རྡོར་བཟླས་བྱེད་ཀུན་རྫོབ་དམིགས་པ་བསྒོམས་ནས་དམ་ཚིག་བཟླས་པ་སོགས་བྱེད་པ་སྟེ་དེའི་ཕྱིར)། །བདེན་ (པ་)གཉིས་(ཀྱི་)དོན་ཅན་རིགས་སྔགས་གཙོ་ལ་འདུད། །(རྒྱུ་དེ་བསྐྱེད་པའི་ལུས་དཀྱིལ་འཁོར་ནི།) སུམ་ ཅུ་བདུན་པའི་རྩ་(མཁའ་འགྲོ་མ་)ཁམས་(དཔའ་བོ་)དཀྱིལ་འཁོར་ནི། །ནམ་མཁའི་རི་མོའི་(འཇའ་ ཚོན་)དཔལ་ཐོབ་རྡོ་རྗེ་ཡི། །ལུས་ཀྱི་དཀྱིལ་འཁོར་གསལ་བར་སྣང་བ་ཡི། །(དེ་བདེ་བའི་རང་བཞིན་) སྐད་ཅིག་(སྟེ་བདེ་བ་སྟོང་གསལ་སོགས་དཔྱིད་དང་ལྡན་པས་དོན་དམ་པའི་རྫོགས་རིམ་གྱི་)རྣམ་པ་རབ་གྲུབ་(སྟེ་ཕོ་ ཉ་གསུམ་གཅིག་ཏུ་གྱུར་པ་ལ་)སྤྱི་བོས་འདུད། །(ས་བོན་དང་བཅས་བདག་བྱིན་རླབས་པ་ནི།) དེ་ཡི་འོད་གསལ་ ཉིན་བྱེད་(ལྟ་བུ་)འཆར་བའི་གནས(་ཏེ་སྙིང་ཁ)། །རབ་(ཏུ་)མཛེས་(པར་བྱེད་པ་)དཔྱིད་(དེ་བདེ་བའི་ རང་བཞིན་)ཀྱི་དཔའ་བོ་(ཧཱུཾ་)ཐིག་ལེའི་གཟུགས། །(ཡང་ན་རྣམ་རྟོག་མི་གསལ་ཟབ་གསལ་གཉིས་མེད་ཀྱི་ཡེ་ ཤེས་གསལ་བ་ཞེས་པ་དང་མི་གསལ་བ་ཟབ་པ་དང་གསལ་བ་ནི་དེ་ཉིད་དོ།།)མི་གསལ་(བ་བེམ་པོ་ཁུ་ཁྲག་རླུང་གསུམ་) གསལ་བའི་(སེམས་དང་དབྱེར་མེད་)བདག་ཉིད་དངོས་(པོ་)ཀུན་གྱི། །བྱེད་པོ་(སྟེ་དངོས་པོ་ཐམས་ཅད་ འདིའི་མཐུ་ལས་སྣང་བས་སོ།།)དཔལ་ལྡན་ཧེ་རུ་ཀ་ལ་འདུད། །(ས་བོན་མེད་པའི་རླུང་)འོད་ཟེར་(འབྱུང་བ་) སྣ་ལྔ་རྡོ་རྗེ་གསུམ་(ཡི་གེ་འབྲུ་གསུམ་)གྱི་སྒྲས། །(དབང་པོ་སྒོ་ལྔའི་ལམ་ནས་)ཕྱོགས་བཅུའི་ཞིང་(སྟེ་འདོད་ ཡོན་ལྔ་)དང་ཆུ་སྐྱེས་ལྟེ་བ་(སྟེ་སྙིང་གའི་ཐིག་ལེ་)ལ། །འགྲོ་དང་འོང་(དང་གནས་པའི་རྡོ་རྗེའི་བཟླས་)བའི་ ཚུལ་གྱིས་(རླུང་གི་)འགྲོ་འོང་འགོག(པ་སྟེ་ཞུགས་པ་ལས)། །(ཐོབ་པ་)དེ་ཡི་(གསལ་སྟོང་གི་)ཡེ་ཤེས་(བདེ་ བར་)མངོན་(དུ་)གྱུར་(པ་)ལ་ཕྱག་འཚལ། །(སྣ་ཚོགས་རྡོ་རྗེའི་རིམ་པ་ནི་)དབང་པོ་རྣམས་དང་འབྱུང་ བའི་(དྲུག་གི་)གྲོང་ཁྱེར་(དེ་འཁོར་ལོ་བཞི་དྷཱུ་ཏིའི་སྣ་གཉིས་ཏེ་དྲུག་)གང༌(དག)། །རབ་ཏུ་བཅིང་བའི་(བུམ་ ཅན་)སྦྱོར་བས་ཐམས་ཅད་(གཡོ་མེད་)བཅོམ། །(ནོར་བུ་འགེངས་པ་ནི་)རྗེས་སུ་ཆགས་པ་(སྟེ་ཕྱག་རྒྱ་དང་ མཉམ་པར་སྦྱོར་བ་)ཡིས་ཀྱང་(རླུང་)རབ་(ཏུ་)ཞི་(ཞིང་ཐིམ་)བ(་ལས)། །དེ་ལ་དངོས་པོ་ཀུན་(དགའ་བཞི་ རིམ་པས་སྟོང་པར་ཐིམ་པའི་ཚུལ་)གྱིས་རབ་ཏུ་འདུད། །(ཛལནདྷརའི་རིམ་པ་)རླུང་རྣམས་(དེ་ལྟར་)དྭངས་ མ(་སྟེ་སྟོང་པ)འི་ངང་དུ་ཞི་བ་(ཞིང་དེ་)ལས། །ཤེས་རབ་(སྟོང་ཉིད་)ཡེ་ཤེས་(ཀྱི་ངོ་བོ་)མར་མེ་གསལ་ 24-1-248 ལྟར་(ནམ་མཁའ་སྤྲིན་མེད་ལྟ་བུ་)འབར(བས་ཏེ་རྟགས་ཅན་དུ་འབྱུང་)། །(ལྷན་སྐྱེས་)བདེ་ཆེན་འདི་ནི་དབང་ པོ་ཀུན་དང་ལྡན(་པ་སྟེ་སྒྱུ་མ་ལྟར་སྣང་ངོ་)། །(བདེ་སྟོང་མཉམ་པར་སྦྱོར་བ་)རྣལ་འབྱོར་ཆེན་པོའི་ཡེ་ཤེས་ མཆོག་ལ་འདུད། །གློག་ཕྲན་ལྟར་(རླུང་གིས་)གཡོ་(བའི་)ཙཎྜ་ལཱི་སྦྱོར་བས། །ཀུན་མུཏ་རྒྱས་པས་ ཟླ་ཟེར་འཐུངས་པ(་ལྟར་བསིལ་ཟེར་དཀར་བ)འི་འོད། །(སྤྱི་བོའི་)ཧཾ་ཡིག་བདེ་ཆེན་བདུད་རྩི་(བབས་ པས་དགའ་བཞིའི་བདེ་བའི་མཚན་རྟོག་འཇོམས་པས་)རབ་(ཏུ་)བསིལ་བའི། །རབ་བདེ་(ལྷན་སྐྱེས་ཐམས་ཅད་ སྟོང་པ་)དེ་ལ་སྤྱི་བོས་ཕྱག་འཚལ་ལོ། །(བསམ་མི་ཁྱབ་ཀྱི་རིམ་པ་)རྨི་ལམ་ལྟ་བུའི་སྤྲོས་པ་(ཐམས་ཅད་ སྟོང་པའི་)དབྱིངས་སུ་ཞི། །སྤྲིན་མེད་(ནམ་)མཁའ་(ལྟ་བུའི་འོད་གསལ་སྟོང་པའི་ངང་)ལ་(ཟུང་འཇུག་གི་དཀྱིལ་ འཁོར་)འཇའ་འོད་ཕྲེང་བ་བཞི(་དུས་སྣང་བའི་རྒྱུ)ན། །རླུང་སེམས་བདེ་བ(་གསུམ་ལས་རྣམ་པ་ལྷ་སྐུ)འི་ ངོ་བོར་ཤར་བ་ལས། །(རྒྱུ་རྐྱེན་གཞན་མེད་པས་)རང་བྱུང་དཀྱིལ་འཁོར་མངོན་དུ་གྲུབ་ཕྱག་འཚལ། ། (སྔགས་རིམ་ནི་)སྤྲོས་(པ་)དང་མཚན་མ་(ཐམས་ཅད་)ཉེ་བར་ཞི་བ་རབ་(ཏུ་)སྒྲུབ་བྱེད(པའི)། །ཙཎྜ་ ལཱི་ནི་(གཅིག་པུས་)བསྡུད་(པ་)དང་གནས་(པ་ཉེར་འཆིངས་)ཤིང་(ཡེ་ཤེས་ཀྱི་རིམ་པ་ནི་རླུང་དྷཱུ་ཏིར་)གཡོ་(བ་) མེད་པས(་རང་བཅིངས་བ་ལ་བཞི་ཙཎྜ་ལཱིའི་བྱེད་པའི་དེ་སྣང་བ?)། །དངོས་ཀུན་བདེ་བ(་ལྷན་སྐྱེས་སུ)ར་ཐིམ་ པས་((ཚེག་བར་ཞིག་མི་གསལ།)ནི་བདེ་སྟོང་)ཟུང་འཇུག་(ཏུ་)སྦྱོར་བ(འི་ལྷ་སྐུ)་བརྙེས། །(འབྲས་བུ་མདོར་ བསྟན་)སྐུ་བཞིའི་བདག་ཉིད་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །(འབྲས་བུ་ཡན་ལག་བདུན་ལས་ལོངས་ སྤྱོད་རྫོགས་པ་ནི།)མཚན་དཔེས་སྤྲས་པའི་སྐུ་མཆོག་(རླུང་སེམས་རང་བཞིན་ལས་གྲུབ་པའི་ཕྱིར་)རྡུལ་(ཕྲ་རབ་) དང་བྲལ་བ་ལྟ་བས་མི་ངོམས་(པ་)ཁྱོད་ལ་རབ་འདུད་བདག་ཀྱང་རབ་གྲུབ་མཛོད། །(ཁ་སྦྱོར་ ནི་)ཆགས་བྲལ་རྣམ་ཀུན་རིག་མའི་ཁ་སྦྱོར་བདེ་ཆེན་(ཞེས་དང་གར་སོགས་?)ཆགས་སོགས་རོལ་ མོ་རྒྱ་ཆེན་(ཏེ་དཔག་ཏུ་མེད་པ་)ལ་འདུད་བདག་ཀྱང༌། །(བདེ་ཆེན་ནི་ལམ་དུས་ཀྱི་རྐྱེན་)དགའ་མར་འདུས་ ལས་ཡན་ལག་སྤངས་པ་མི་འགྱུར་དགའ་བའི་(རང་བཞིན་)ལྷན་སྐྱེས་ཁྱོད་ལ་རབ་འདུད། །(རང་ བཞིན་དགེ་ལ་འདི་ངོ་བོ་)ཡོད་དང་མེད་སོགས་རང་བཞིན་རྣམས་བྲལ་(དེ་རྟོགས་པའི་)ཤེས་རབ་(ཀྱི་ 24-1-249 གང་ཟག་དང་ཆོས་ཀྱི་)བདག་མེད་(རྣམ་རྟོག་གིས་)གཡོ་བ་མེད་པ་ལ་འདུད། །(སྙིང་རྗེ་གང་བ་ནི་)ཐུགས་ རྗེ་ཆེན་པོས་སེམས་ཅན་(རྣམས་ལ་)རྗེས་(སུ་)ཆགས་(པས་)འགྲོ་བ་(སྲིད་པ་ནམ་)སྒྲོལ་མཛད་(ཡུལ་ དུས་)ཉེ་དང་རིང་མིན་ལ་འདུད། །(རྒྱུན་མི་འཆད་ནི།) ཐོག་མ་ཐ་མ་མེད་པའི་(སེམས་)རང་བཞིན་ (འོད་གསལ་ལྷན་སྐྱེས་བདེ་བ་ཆེན་པོས་)གསལ་བར་མངོན་གྱུར་རྟག་པའི་ཡེ་ཤེས་ལ་འདུད། །(འགོག་ པ་མེད་)ཆུ་བོའི་རྒྱུན་བཞིན་གང་གི་(ཡེ་ཤེས་དག་པའི་འབྲས་བུའི་འཆར་སྒོ་)སྐུ་ནི་ཆད་པ་མེད་པར་འགྲོ་ བའི་དོན་མཛད་ལ་འདུད། །(སྨོན་ལམ་)རྒྱལ་བ་ཧེ་རུ་ཀ་དཔལ་བསྟོད་པས་བདག་དང་མ་ལུས་ སེམས་ཅན་ཚོགས་རྣམས་རྫོགས་སངས་རྒྱས་སུ་རབ་གྲུབ་ཤོག ། ཅེས་འཁོར་ལོ་སྡོམ་པའི་རིམ་གཉིས་ལ་བསྟོད་པ། །ཀུན་དགའ་སྙིང་པོས་བྲིས་པ་ལས། ། དགེ་བ་ཅུང་ཟད་གང་ཐོབ་དེས། །འཇིག་རྟེན་མ་ལུས་རྡོ་རྗེ་ཡི། །ལམ་ལ་མྱུར་དུ་འཁྲིད་པར་ ཤོག །དྲང་སྲོང་སྲིན་པོ་རིའི་གཙུག་ལག་ཁང་དུའོ། །རང་ལོ་ཉི་ཤུ་པ་ལ་དེ་མཆན་བུས་ཅུང་ ཟད་དཀྲོལ་བ་ཡང་རང་ཉིད་ཀྱི་འོད། དགེ་ལེགས་གོང་ནས་གོང་འཕེལ་བར་ཤོག ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན། མཆན་བུ་རྣམས་ཡག་པོ་ཞིག་མི་གསལ།) 24-1-250 ༄༅། །འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ལ་རིམ་གཉིས་ ཀྱི་སྒོ་ནས་བསྟོད་པ་བཞུགས། ༄༅། །ༀསྭསྟི། ནམོབཛྲབྷཻ རབམཧཱཀྲོདྷ རཱཛཱཡ། རབ་བརྗིད་གདུག་པ་མ་ལུས་པ། ། འདུལ་མཛད་མཁྱེན་དང་བརྩེ་བའི་བདག །འཇམ་པའི་རྡོ་རྗེ་ཁྲོ་བོའི་རྒྱལ། །དེ་ལ་གུས་པས་ ཕྱག་འཚལ་ལོ། ། (བསྐྱེད་རིམ་སྟོན་)དོན་དམ་ཆོས་ཉིད་སྤྲོས་དང་བྲལ་ལས་ནམ་ཡང་གཡོ་མེད་གང་གི་ཐུགས་ ནི་ཤེས་བྱའི་དཀྱིལ་འཁོར་ཀུན་ལ་ཁྱབ་པས་ས་ཆུ་མེ་རླུང་དཀྱིལ་འཁོར་རབ་མནོན་དུས་ མཐའི་མེ་ཡང་ཟིལ་གནོན་ཆེན་པོ་ལྷབ་ལྷབ་འབར་ཕྲེང་འཁྲུག་པའི་ར་བ་མི་ཕྱེད་རྡོ་རྗེ་རབ་ ཏུ་དཀྲིགས་པར་བཀོད་ལེགས་དུ་མས་རྣམ་པར་སྤྲས་པའི་གཞལ་མེད་ཁང་བཟང་ཤིན་ཏུ་ ཉམས་དགའ་དེའི་དབུས་སུ་དྷཱིཿལས་འཁྲུངས་པའི་འཇམ་དཔལ་གཞོན་ནུ་གཞོན་ནུའི་སྐུ་ ཅན་མ་ལུས་རྒྱལ་བའི་མཁྱེན་རབ་མཐུ་སྟོབས་གཅིག་གྱུར་གླེགས་བམ་རྐང་དྲུག་དྲེགས་པ་ ཕྱག་གཡོན་པདྨའི་ཚལ་ན་རབ་རྒྱུ་ཡ་མུ་ན་རླུང་གྱེན་དུ་འཕྱུར་ལྟར་རབ་སྔོ་ཚ་ཟེར་འོད་སྟོང་ འཕྲོ་ལྡན་དཀྵི་ཎ་ཕྱོགས་འབྱུང་པོ་འཛིན་བྱེད་དཔྱིད་ཀྱི་དཔལ་མོའི་རྒྱན་དུ་གྱུར་ཞིང་མཚན་ དཔེས་སྤྲས་པའི་སྐུ་ལུས་མཆོག་དང་ཚ་ཟེར་ཡི་གེ་མཚོན་ཆ་ལ་སོགས་གཞན་ནི་བདུད་དང་ དྲག་པོ་འཇིགས་བྱེད་ལྷ་མིན་གཤིན་རྗེ་གནོད་སྦྱིན་རོ་ལངས་ཁ་བུབ་བསྒྱེལ་ནས་ཞབས་ ཀྱིས་མནན་ཏེ་རོལ་མཚོ་བདུན་དང་དུག་ཅན་པ་ཡང་སྐད་ཅིག་གཅིག་ལ་སྐེམས་པར་མཛད་ 24-1-251 ཅིང་མགུར་གྱི་བུམ་པ་ཧཱུཾ་སྒྲས་རབ་གང་ཧཱ་ཧཱ་ཕཻཾ་དང་ཕཊ་ཀྱི་སྐད་གསང་རིང་དུ་གད་རྒྱངས་ སྒྲོགས་པར་མཛད་པ་གང་གིས་ཐོས་ན་སྲིད་གསུམ་བདག་པོ་དཔུང་བཅས་རབ་ལྟུང་ཤངས་ ཀྱི་ཁོངས་ནས་དུས་མཐའི་རླུང་གིས་རི་རབ་ཆེན་པོའང་མཐོར་བར་མཛད་ཅིང་ཞབས་ཀྱི་ མཐེ་བོའི་སེན་མོའི་ཁྱོན་གྱིས་ཚངས་པའི་གནས་ཀྱི་སྟེང་ནས་གནོན་ཅིང་འཇིག་རྟེན་འཇིག་ རྟེན་འདས་པ་ཀུན་ལ་རྒྱ་ཆེར་འཁྲུགས་པས་སྡིགས་མཛུབ་མཛད་ཅིང་དཔག་ཡས་ཞལ་ནི་ དྲན་པ་ཙམ་གྱིས་གདུག་པ་མ་ལུས་སྙིང་རྩ་འདར་ཞིང་བརྒྱལ་བས་ས་ལ་ལྷུང་བར་མཛད་ ཅིང་དཔག་མེད་ཕྱག་གི་མཚོན་ཆའི་ཆར་པས་མི་བསྲུན་མགོ་ལ་བརྡེག་པར་གཟས་པས་ སྙིང་རྣམས་བཀས་ནས་ཀླད་པ་འགེམས་མཛད་རྩུབ་མོའི་སེམས་དང་བྲལ་བར་གྱུར་ཅིང་ འཇིགས་མཛད་མ་ཧེའི་ཞལ་འདི་དྲན་པ་ཙམ་གྱིས་བདུད་སྡེ་མཐའ་དག་བརླག་ཅིང་ཉོན་ མོངས་ཤེས་བྱའི་སྒྲིབ་ཀུན་བྲལ་མཛད་ཁྱོད་ཀྱི་སྐུ་གསུང་ཐུགས་དང་སྐྱེ་མཆེད་ཀུན་ཡང་ སངས་རྒྱས་སྲས་བཅས་ཀུན་གྱི་ངོ་བོ་རྡོ་རྗེ་དབང་བསྐུར་ཆེན་པོས་དབང་བསྐུར་(འདི་རྣམས་ཀྱི་ འབྲས་བུ་དང་དེའི་ཞོར་ལ་བསྐྱེད་རྫོགས་གཉིས་ཀའང་སྟོན་)མཆོད་འོས་ཆེན་པོ་ཡོན་ཏན་བརྒྱད་ལྡན་དབང་ ཕྱུག་བརྒྱད་ཀྱི་དབང་ཕྱུག་ཆེན་པོ་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་གཏི་མུག་རྡོ་རྗེ་གཤིན་ རྗེ་གཤེད་(ལྷ་བཅུ་གསུམ་)སོགས་ཡེ་ཤེས་སྤྲུལ་པའི་(དཀྱིལ་འཁོར་)ལྷ་ཚོགས་གང་དག་རོ་ལངས་ (བརྒྱད་དང་)ཆེན་པོའི་ཚོགས་ན་རོལ་བ་(རྡོ་རྗེ་མགོ་བོ་ལ་སོགས་པ་)དཔག་ཡས་འཇིག་བྱེད་འཇིགས་ རུང་གིས་བསྐོར་མཚོན་ཆའི་དཀྱིལ་འཁོར་ལ་སོགས་ཉིད་ཀྱི་སྒྱུ་འཕྲུལ་ཡེ་ཤེས་རང་སྣང་ ལས་འགྲུབ་བདེ་བ་ཆེན་པོ་ཐམས་ཅད་སྟོང་པ་འོད་གསལ་དང་སྦྱོར་ཤིན་ཏུ་འཕྲ་བའི་རླུང་ སེམས་ཙམ་ལས་ཡེ་ཤེས་དཀྱིལ་འཁོར་ལྟ་བར་མི་ངོམས་འཁོར་ལོའི་དབང་ཕྱུག་རྒྱལ་བ་ ཁྱོད་སྐུ་ལང་ཚོ་རྒྱས་པའི་(རྫོགས་རིམ་སྟོན་)ལིང་གའི་ནོར་བུ་རྣམ་པར་དགོད་པ་ལམ་གཉིས་དྷཱུ་ ཏིར་རེངས་པ་ཉིད་ལས་ཤེས་རབ་ཡེ་ཤེས་གཏུམ་མོ་སྦར་བས་རླུང་སེམས་རབ་ཏུ་ཞུ་ཞིང་ 24-1-252 བདེ་བའི་ངོ་བོར་ཡང་དག་འབབ་པས་མྱུར་འགྲོ་མ་ལུས་དབུས་མར་ཐིམ་པས་མཐའ་དབུས་ མེད་པའི་འོད་གསལ་ཤར་བ་སྤྲིན་མེད་སྟོན་ཀའི་མཁའ་ལྟར་གསལ་བ་བདེན་གཉིས་ཟུང་ འཇུག་བདེ་བ་ཆེན་པོའི་དོན་ཅན་མ་རུངས་གཏུམ་པོ་ཆགས་ཅན་རྗེས་སུ་འཛིན་པའི་སྐུར་ སྟོན་རྡོ་རྗེ་འཇིགས་མཛད་ཁྱོད་ལ་བདག་ནི་གུས་པ་ཆེན་པོས་མཆོད་པ་ཀུན་གྱིས་མཆོད་ཅིང་ བསྟོད་པ་ཀུན་གྱིས་བསྟོད་ན་བདག་སོགས་སེམས་ཅན་ཐམས་ཅད་ཉིད་ཀྱི་གོ་འཕང་མཆོག་ ལ་བཞག་པར་མཛོད། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ལ། །རིམ་པ་གཉིས་ཀྱི་སྒོ་ནས་བསྟོད། །འདི་ཡི་དགེ་ བས་སེམས་ཅན་ཀུན། །བདུད་བཞི་འཇོམས་པའི་དཔལ་ཐོབ་ཤོག ། ཅེས་དགེ་སློང་ཀུན་དགའ་སྙིང་པོས་སོ། །རང་ལོ་ཉི་ཤུ་པ་ལའོ། །ཤུབྷམྨསྟུསརྦཛགཏཾ། འབྲས་སྤུངས་སྔགས་ཁང་གི་བྷཻརབའི་སྐུ་བརྙན་དྲུང་དུ་ཕུལ་བའོ།། །།མངྒ་ལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན། མཆན་བུ་རྣམས་ཡག་པོ་ཞིག་མི་གསལ།) 24-1-253 ༄༅། །དགེས་པའི་རྡོ་རྗེ་ལ་བསྟོད་པ་གླུར་བླངས་པ་ བུང་བའི་དབྱངས་ཞེས་བྱ་བ་བཞུགས། ༄༅། །ༀན་མོཧེརུཀཱཾ། དགེས་པའི་རྡོ་རྗེ་ལ་བསྟོད་པ་གླུར་བླངས་པ་བུང་བའི་དབྱངས་ ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། ། འདུད་ཅིང་འདུད་དོ་མཆོད་པས་བདེ་གང་ཐོབ། །དགེ་བའི་བདེ་ཆེན་སྟོང་གསལ་སྟོང་ ཀུན་མཆོག །མཆོག་ཀུན་སྟོང་གསལ་སྟོང་ཆེན་བདེ་བའི་དགེ །ཐོབ་གང་བདེ་བས་མཆོད་ དོ་འདུད་ཅིང་འདུད(འདི་རྐང་པ་དང་པོ་གཉིས་མགོ་འཇུག་ནས་ལྡོག་པ་ཕྱི་མ་གཉིས་འབྱུང་)། །(རྗེས་འཁྲིད་ཡིག) དམན་དང་འབྲིང་དང་མཆོག་དང་ནི། །གཞན་རྣམས་གང་རྣམས་དེ་རྣམས་སུ། །དངོས་ཀུན་ རྣམ་ཀུན་དེ་ཀུན་གྱི། །ཚུལ་ལྟར་ཇི་ལྟར་དེ་ལྟར་སྟོན། །ཁྱོད་ནི་སྐུ་ཡང་ཐམས་ཅད་པ། །འདོད་ ཁམས་དབང་ཕྱུག་འཇིགས་པར་མཛད། །འཇིག་རྟེན་ཀུན་གྱི་ཕྱག་བྱས་པའི། །སྣ་ཚོགས་ཆུ་ སྐྱེས་སྟེང་ན་བཞུགས། །མེས་པོ་དབང་པོ་སེང་གེ་དང༌། །ཕྱུགས་ཀྱི་གཙོ་བོས་ཞབས་བསྟེན་ པ། །བདུད་བཞི་རྣམ་པར་བཅོམ་པ་ནི། །བཅོམ་ལྡན་དཀྱིལ་འཁོར་དབང་ཕྱུག་ལགས། ། དཔའ་བོ་དང་ནི་རོལ་པ་མོ། །ཡེ་ཤེས་འཁོར་ལོ་བདུད་རྩིའི་ཆར། །བདེ་ཆེན་འཇའ་འོད་རི་ མོར་བྲིས། །འཇིག་རྟེན་མ་མཐོང་ངོ་མཚར་ཆེ། །བདུད་རྩིའི་འོད་ཀྱིས་འདབ་བརྒྱ་ཁ་རྒྱས་ བྱེད། །རྒྱུན་ལྡན་རི་དབང་རྩེར་སོན་དྷ་རི་ཡ། །ས་འོག་རྟ་གདོང་འབར་བྱེད་རོ་གཅིག་འགྱུར། ། བཅོམ་ལྡན་དགེས་པའི་རྡོ་རྗེས་བསྟན་འདི་མཚར། །པདྨའི་ལྟེ་བ་དབང་རྒྱུའི་དུར་ཁྲོད་ཅེས། ། 24-1-254 བདུད་བཞིའི་ཁྲག་ལ་རོལ་བ་ཁྱོད་བཞུགས་ཏེ། །ད་ནི་བདག་ལ་བཀའ་དྲིན་ཅིས་མི་མཛད། ། ལུས་བྱུང་ལྷ་ཡི་འཇིག་རྟེན་འཁྲིད་པར་གསོལ། །ཨེ་མ་ཧོ་ཡོན་ཏན་རྒྱས་པས་རག་ལས་མེད་ འདི་ཀྱཻ། །གཙོ་བོ་སྟོན་པ་མཚན་དང་དཔེ་བྱད་ཅན། །སྲིད་གསུམ་གཞེད་པ་ཀུན་ལ་དགྱེས་ དགུར་རོལ། །སྙན་པའི་རྔ་སྒྲ་ནམ་མཁའི་ཚད་འཇལ་བྱེད། །ལྷུན་གྲུབ་བདེ་བས་ཀུན་མཁྱེན་ ལྷན་ཅིག་སྐྱེས། །འབད་རྩོལ་མེད་པའི་བརྩོན་འགྲུས་ངོ་མཚར་རྨད། །རཱམཧོརཱམཧོམཧཱ྅ཀྵརཻ། ། དགྱེས་པའི་རྡོ་རྗེའི་འདོད་མ་བཅས་འདིར་བཞུགས། །བདག་ལ་ཕྱག་རྒྱའི་དངོས་གྲུབ་སྩལ་ དུ་གསོལ། །དཔྱིད་ཀྱི་དང་པོར་མེ་ཏོག་རབ་རྒྱས་དུས། །དགའ་མའི་མགྲིན་འཁྱུད་གླུ་གར་ རབ་འཕྲུལ་བས། །ཙཱུ་ཏའི་ཚལ་དུ་བདག་ལ་དགེས་པར་མཛོད། །བཅོམ་ལྡན་ཁྱོད་ལ་བསྟོད་ པ་གླུར་བླངས་པས། །བདག་ཀྱང་སྐལ་བ་དྲུག་ལྡན་མཛོད། །བདག་དང་སེམས་ཅན་གཞན་ ཡང་མ་ལུས་པ། །བདུད་བཞི་འཇོམས་པའི་དཔའ་བོར་ཤོག ། ཅེས་པའང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཉིས་ཀྱི་རྩེར་རོ།། །།མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-255 ༄༅། །རྒྱལ་དབང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ བསྟོད་པ་བཞུགས། ༄༅། །ༀ་སྭཱསྟིདིརྒཱཡུ། རབ་བརྟན་མཚན་དཔེས་སྤྲས་པའི་དཔལ་འབར་བ། །རབ་ མཛེས་མིག་གི་བདུད་རྩི་དཔལ་ཡས་པའི། །རབ་སྣང་འོད་དཔུང་དཀྲིགས་པའི་ངོ་མཚར་ ཅན། །རབ་གསལ་སྐུ་ལ་གུས་པས་ཕྱག་འཚལ་ལོ། །ལྷུན་གྲུབ་མི་འགྱུར་སྲ་བརྟན་རྡོ་རྗེའི་ དངོས། །དངོས་ཀུན་རང་བཞིན་འོད་གསལ་སྤྲོས་བྲལ་གང༌། །གང་དུའང་མ་ཆད་རིས་མེད་ དག་པའི་དཔལ། །དཔལ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །འོད་དམར་དམར་སེར་ འོད་ཀྱི་དྲ་བས་ཁེབས། །ཉིན་བྱེད་བྱེད་པའི་སྣང་བ་འབུམ་ལས་ལྷག །ཀུན་གསལ་གསལ་ བར་འགེངས་པའི་འོད་བརྒྱ་པས། །འགྲོ་ཀུན་ཀུན་ཏུ་སྐྱོང་པར་མཛད་དུ་གསོལ། །ལྷག་ལྷག་ འོད་འབར་ནོར་བུས་སྤྲས་པའི་ཁྲི་མཆོག་འཚེར་འཚེར་འོད་ཀྱིས་ཕྱོགས་ཆ་འགེངས། །ཁྱིལ་ ཁྱིལ་འཇའ་ཚོན་རྣམ་བཀྲའི་དཔལ་འཛིན་འདོངས་མཐའ་ལྷང་ལྷང་སྙན་པའི་གླུ་དབྱངས་ ཅན། །ཕུང་ཕུང་མདངས་མཛེས་སྤུ་ལོང་གོས་གྱོན་འཁྲིལ་བག་ལྡེམ་ལྡེམ་ཟློས་གར་སྒྱུར་བ་ ནི། །མཛེས་མཛེས་ཐམས་ཅད་གཅིག་ཏུ་བསྡུས་པའི་ཡ་མཚན་མཚར་མཚར་བརྒྱད་ཀྱིས་ ཟུར་ནས་བརྟེན། །དེ་སྟེང་སྟེང་གི་སྣ་ཚོགས་ཆུ་སྐྱེས་འཇའ་འོད་རི་མོ་ལེགས་རབ་རབ་བཀྲ་ བ། །རབ་མཛེས་མཛེས་པའི་གེ་སར་ཡིད་འོང་འཆར་ཀའི་དཔལ་ལྡན་རབ་བཀྲ་བཀྲ་བའི་ དབུས། །རབ་དཀར་དཀར་བའི་ཟླ་ཞུན་འབུམ་ཕྲག་འཁྱིལ་བའི་དཀྱིལ་འཁོར་འོད་དཀར་ 24-1-256 དཀར་བའི་ཕྲེང༌། །མཛེས་སྡུག་སྡུག་པའི་ལི་ཁྲིའི་རྡུལ་འཆང་ཧྲཱིཿ་ཡི་གེས་བརྒྱན་རབ་འབར་ འབར་བའི་འོད། །འོད་ཟེར་འབུམ་གྱིས་འཕྲོ་འདུ་ལས་འཁྲུངས་གང་སྐུ་ཉི་མའི་འོད། །འོད་ རིས་སྐྱ་རེངས་དམར་བ་དང་མཚུངས་དཔེ་མེད་མཛེས་པའི་འོད། །འོད་འབར་བནྡྷུས་དགེ་ ལེགས་བྱིན་པའི་བྱི་རུའི་ལྷུན་པོའི་འོད། །འོད་ལས་ལྷག་པའི་ལྷ་མཆོག་ཚེ་དང་ཡེ་ཤེས་ དཔག་ཡས་འོད། །མཉམ་བཞག་ཕྱག་གི་དབུས་ན་རབ་བརྟན་རིན་ཆེན་བུམ་བཟང་ལས། ། ལྷུད་ལྷུད་བདུད་རྩིའི་ཆུ་རྒྱུན་བདག་གི་སྤྱི་བོར་སིམ་སིམ་ཐིམ། །མཉམ་བཞག་ཕྱག་མཐིལ་ དབུས་ན་རབ་བརྟན་རིན་ཆེན་འཁོར་ལོ་ལས། །ཆིལ་ཆིལ་བདུད་རྩིའི་ཆུ་རྒྱུན་བདག་གིས་ སྤྱི་བོར་སིམ་སིམ་ཐིམ། །བདག་དང་སེམས་ཅན་མ་ལུས་འཆི་མེད་ཀྱི། །གནས་ལ་རྒྱལ་བ་ ཁྱོད་ཀྱིས་གཞག་ཏུ་གསོལ། །བདག་དང་སེམས་ཅན་མ་ལུས་སྐྱེ་མེད་ཀྱི། །གནས་ལ་རྒྱལ་ བ་ཁྱོད་ཀྱིས་གཞག་ཏུ་གསོལ། །མཐོན་མཐིང་རལ་པའི་ཐོར་ཚུགས་གང༌། །འོད་འཕྲོ་འབར་ རོ་འབར་འཕྲོ་འོད། །འོད་སྔོན་དབང་མཛེས་དབང་སྔོན་འོད། །འོད་ཟེར་རབ་འཕྲོ་འོད་ཟེར་ འཁྱིལ། །རྒྱལ་བ་རྒྱལ་བ་རྒྱལ་ཁྱོད་རྒྱལ། །ལ་ལར་ལེགས་ལམ་ལེགས་སྟོན་ལ། །ལ་ལར་ ལས་ལ་ལེ་ལོ་སྤོང༌། །ལེགས་པའི་ལམ་ལ་ལེགས་འཇུག་ལགས། །གསེར་འོད་འབར་བའི་ གསེར་རྒྱན་ཆུ་བོའི་གསེར། །དྲིལ་བུའི་སྒྲ་སྙན་དྲིལ་ཆུང་གཡོ་ལྡན་དྲིལ། །རིན་ཆེན་འབར་ བའི་རིན་ཆེན་འཕྲ་བཀོད་རིན། །དཔག་པར་མི་ནུས་དཔག་ཡས་སུ་ཡིས་དཔག །རིན་ཆེན་ རིན་ཆེན་དུ་མས་རྣམ་བརྒྱན་རབ་མཛེས་མཛེས་པ་མཚན་དཔེས་སྒེག་པའི་ཡིད་འོང་ཡིད་འོང་། ། རིན་ཆེན་རིན་ཆེན་རི་ལྟར་རབ་བརྟན་སྐུ་མཛེས་མཛེས་གང་གང་ནས་ལྟས་ཀྱང་ཡིད་འོང་ ཡིད་འོང༌། །རིན་ཆེན་རིན་ཆེན་སྣ་ཚོགས་འོད་འཕྲོ་རབ་མཛེས་མཛེས་པའི་འོད་ཀྱི་དྲ་བ་ཡིད་ འོང་ཡོད་འོང༌། །རིན་ཆེན་རིན་ཆེན་སྣ་བདུན་འདི་དག་རབ་མཛེས་མཛེས་པ་རྒྱལ་བའི་ཡོ་ བྱད་ཡིད་འོང་ཡིད་འོང༌། །དགེ་དགེ་རྒྱལ་བ་ཚེ་དཔག་མེད་དགེ་དགེ་ལེགས་སྩོལ་བར་མཛོད་ 24-1-257 ཅིག་དགེ་དགེ ། །དགེ་དགེ་བདག་ཅག་གྲོགས་བཅས་རབ་དགེ་དགེ་བ་དག་ལ་རབ་སློབ་དགེ་ དགེ ། །དགེ་དགེ་ཐམས་ཅད་དེ་རིང་ཁུ་བོ་རབ་དགེ་དགེ་ལེགས་མ་ལུས་འགྲོ་རྣམས་དགེ་ དགེ ། །དགེ་དགེ་ཚེ་དང་ཡེ་ཤེས་འདིར་དགེ་དགེ་བར་གྱུར་ཅིག་བཀྲ་ཤིས་དགེ་དགེ ། །རྒྱལ་ བ་ཚེ་དཔག་མེད་ལ་གུས་བསྟོད་པས། །བདག་ཅག་སྡེར་བཅས་གཞན་ཡང་སྐྱེ་བོ་ཀུན། །འཆི་ བདག་ལས་རྒྱལ་འཆི་མེད་གནས་ཐོབ་ནས། །དེང་ནས་ཚེ་དཔག་མེད་མགོན་ཐོབ་པར་ཤོག། ཅེས་པའང་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་བཅུ་དགུ་པ་ལ་སྦྱར། བཀྲ་ཤིས་དགེ་ ལེགས་མི་ཟད་གོང་འཕེལ་ཤོག། །། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-258 ༄༅། །ངམ་རིངས་བྱམས་ཆེན་དུ་ཕུལ་བ་བཞུགས། ༄༅། །ༀསྭསྟི། ནམབཱཏྱམཻཏྲིནཱཐཱཡ། དགེ་ལེགས་འབྱུང་གནས་ཆེན་པོ་ལ། །རྟག་ཏུ་ གུས་པའི་ཡིད་ཀྱིས་བསྟོད། །སྲིད་དང་ཞི་བའི་དཔལ་འབྱོར་ཀུན། །ཡིད་གཉིས་མེད་པར་ གྲུབ་པའོ(༡)། །དཔལ་ལྡན་ཡོན་ཏན་ཕྱོགས་ཀྱི་དགའ་མའི་རྣ་རྒྱན་དག་དང་མཚུངས་པར་ ལེགས་བཀོད་འོད་བྱེད་འདབ་སྟོང་རྒྱས་པའི་ཞལ། །མཁྱེན་པ་བུང་བའི་ཕྲེང་བ་དག་དང་ ལྷན་ཅིག་འགྲོགས་པའི་རྩེ་དགར་རབ་ཆགས་ཡིད་འཕྲོག་ཨུཏྤལ་འཕོས་པའི་སྤྱན། །ཀུན་ གསལ་མཛེས་མའི་གཙུག་གི་ནོར་བུར་མཐའ་དག་ལྷུན་པོ་ཉེ་བར་བཀོད་ལ་འོད་དམར་ གཞོན་ནུས་འཁྱུད་པའི་དཔལ། །གང་གི་ཞབས་རྡུལ་ནོར་བུའི་ཕྲེང་བ་འཆི་མེད་བདག་པོའི་ ཟུར་ཕུད་མཆོག་ལ་ནམ་ཡང་འཆིང་མཁས་དེ་ལ་འདུད(༢)། །མཚན་དཔེས་སྤྲས་པའི་ཉིན་ བྱེད་གཞོན་ནུ་ཚངས་དབྱངས་དབྱར་རྔ་སྒྲོག་པའི་རྒྱུན་སྦྱིན་ཉིད། །ཡོན་ཏན་རིན་ཆེན་འབྱུང་ གནས་མཆོག་དང་མཐའ་དག་སྲིད་པའི་གདུང་སེལ་བདུད་རྩིས་མཚན། །དེ་འདྲ་གང་དེ་རྒྱལ་ སྲས་རྒྱལ་བ་ཀུན་གྱི་བདག་པོ་མི་ཕམ་ཁྱོད་ཉིད་དེ། །ཡང་ཡང་རབ་ཏུ་བཏུད་ནས་ཕྱག་འཚལ་ ནམ་ཡང་གཡེལ་བ་མེད་བར་གཟིགས་ཤིག་ཀྱཻ(༣)། །ལེགས་བྲིས་དཔུང་གིས་ལྷག་པར་ སྙེམས་ཤིང་དྲི་འཛིན་མི་བཟད་རལ་གྲིའི་ཕྲེང་ཐོགས་སོ་ལྡན་བདག་པོ་མཁའ་ལ་རྒྱུ་བའི་རླུང་ ཤུགས་ཀྱིས། །ཆུ་ཁུར་ཕྲེང་བ་དུམ་བུར་འཐོར་བྱེད་མྱོས་བྱེད་བདག་པོའི་མདའ་ཡི་དཔལ་ འཛིན་དྲི་ཞིམ་སེར་བུས་རིང་ནས་བོས་པའི་རྐང་དྲུག་ལྡན་པའི་ཆེནཀ །སྨྲ་བ་མྱོས་ལྡན་ཟློས་ གར་རོལ་པ་སྐད་ཅིག་མི་བརྟན་རིང་དུ་བྱེད་པའི་སྟེང་ན་རྣམ་རོལ་མཆོག་སྦྱིན་བརྒྱ་པ་སྡེ་དང་ 24-1-259 བཅས་པ་ཐམས་ཅད་ཀྱང༌། །གང་གི་མཚན་ཙམ་ཐོས་པའི་མོད་ལ་ཐལ་སྦྱར་སྤྱི་བོའི་གཙུག་ ཏུ་བཀོད་ནས་བསྟོད་དབྱངས་ལྷང་ལྷང་སྒྲོག་པར་བྱེད་དེ་ལྷ་ཡི་བླ་མ་ཁྱོད་ཕྱག་འཚལ(༥)། ། མཁར་ཉལ་རྣམས་ཀྱི་བསོད་ནམས་འདུ་བྱེད་ཉིད་ལས་ཀྱང༌། །སུམ་རྩེན་གནས་ན་རྔ་སྒྲ་ སྙན་པོ་རྟག་ཏུ་གྲགས། །དཔག་ཡས་ཚོགས་གཉིས་ལས་འཁྲུངས་ཁྱོད་ཞབས་གང་བརྟེན་ པ། །དེ་ནི་ཡེ་ཤེས་བདུད་རྩིས་ལྷག་པར་སྐལ་བཟང་གྱུར(༥)། །དགྱེས་སྒྲོག་མཆོད་འོས་ཆེན་ པོ་རོལ་བ་ཡི། །སྨིན་མ་སྐོར་ཞིང་ཀུན་སྐོར་བུང་བ་འཛིན། །རི་སྐྱེས་རི་སྐྱེས་མ་ཡི་བདག་པོ་ སྟེ། །ཟབ་མོའི་མཐར་ཆགས་འགྲོ་དང་མི་འགྲོ་བ(༦)། །བྱེད་པོ་ཡིས་ཀྱང་རྣམ་པར་མ་བསྐྲུན་ པའི། །ཡེ་ཤེས་བསོད་ནམས་ཚོགས་ཀྱི་མཐུ་བརྟས་པས། །འདྲེན་པ་ཀུན་གྱི་བྱམས་རྩེའི་རང་ བཞིན་ནི། །རྒྱལ་ཚབ་བྱམས་པ་ཞེས་བྱར་མཚན་གསོལ་བའི(༧)། །རབ་གསལ་ཞལ་རས་ དང་བ་ལ། །བལྟས་ནས་ཡང་དག་ལྟ་བ་ལ། །ནམ་ཡང་མཉམ་པར་བཞག་པ་ལ། །འབད་ ན་ཐར་པ་ག་ལ་དཀའ(༨)། །བག་ཆགས་ཐམས་ཅད་རབ་སྤངས་པ། །གཙང་བ་རྟག་པ་ བདག་དམ་པ། །ཐབས་མཁས་འཕགས་པ་བྱམས་པ་དང༌། །རྒྱལ་བ་སྲས་བཅས་ཐམས་ཅད་ ལ(༩)། །ཕྱག་འཚལ་དད་པས་དམ་བཅས་པ། །དལ་བ་བརྒྱད་དང་སངས་རྒྱས་བསྟན། །ཕྲད་ པར་དཀའ་བས་བདག་ཅག་རྣམས། །རྒྱལ་སྲས་བསླབ་པ་མཐའ་དག་ལ(༡༠)། །རྣམ་དཀར་ བསམ་པས་སྦྱར་བར་བྱ། །དཔག་ཡས་ལམ་བཟང་མཐའ་དག་རྣམས། །གསལ་བར་མཛད་ ལ་བདག་ཕྱག་འཚལ། །བགྲང་ཡས་ཕན་པར་མཛད་ལགས་ན(༡༡)། །སྲིད་འདི་ཡིད་གཉིས་ སྤྲིན་གྱིས་བསྒྲིབས། །ལྷུན་གྲུབ་ཕུལ་བྱུང་དུས་ཀུན་ཏུ། །མཁྱེན་བརྩེ་ཡེ་ཤེས་དགེ་ལེགས་ གཏེར། །ཉོན་མོངས་སྟོབས་འཇོམས་བློ་མཆོག་སྩོལ(༡༢)། །མདའ་སྦྱིན་བསིལ་ཟེར་བདུད་ རྩི་འཐུང་ལྡན་མ་ལ་ཡ་རླུང་བསིལ་ཡབ་ཅན། །བདེ་བ་དེས་ནི་ཁྱོད་སྐུ་རི་མོར་བྱས་ལས་ཚིམ་ པ་སྐྱེད་པ་ལྟར། །མི་འགྱུར་འདི་ནི་ད་དུང་ཁྱོད་ཞལ་ལྟས་ལས་འབྱུང་བ་ཉིད་དུ་ངེས། །ཆགས་ 24-1-260 བྲལ་ཀུན་གྱི་གཙོ་བོའི་གཙོ་ཁྱོད་རྟག་ཏུ་འགྲོ་ལ་མ་ཆགས་སམ(༡༣)། །མགོན་པོ་ཁྱོད་ནི་རྒྱལ་ སྲས་བདག་པོ་མ་ལགས་འགྲོ་བའི་བྲན་དུ་འཁུམས། །བྱམས་པའི་མཚོན་ཆས་རབ་སྟོབས་ འཇོམས་ལ་མངོན་དགེས་བརྩེ་མེད་འདི་ཀོ་ཅི། །སྒྲིབ་ཀུན་སྤངས་པའི་འདྲེན་པ་སྲིད་པར་ རྟག་བཞུགས་ཐུགས་རྗེ་རྒྱ་ཆེན་ཏེ། །ཡོན་ཏན་མཁའ་མཐར་ཆགས་ཤིང་ཕྱོགས་གྲོལ་དེ་ཡང་ ཡོན་ཏན་ཚད་འཇལ་བྱེད(༡༤)། །འགྲོ་རྣམས་རྩོད་དུས་མུན་པ་ནག་པོར་ཡང༌། །འོད་ཟེར་ འབྱུང་གནས་དགའ་བྱེད་དགེ་བ་ཡི། །ཆུ་གཙང་ལེན་ཅིང་བདེ་བའི་རོལ་རྩེད་ཆ། །གངས་ ཀྱི་རི་ལ་ཀེ་ལའི་རི་ལྟར་རྒྱས(༡༥)། །ཁྱོད་གསུང་སྒྲུབ་བྱེད་ཤེས་ལྡན་དག །བྱང་ཆུབ་ལས་ ཀྱང་མངོན་བྱང་ཆུབ། །མཚན་ཙམ་ཐོས་པའི་སྐབས་བྲལ་བའི། །རྨོངས་པ་འདི་དག་ཤིན་ ཏུ་ངལ(༡༦)། །བདག་ཅག་ཉོན་མོངས་མུན་པར་ནི། །རྣམ་པར་འཁོར་ལས་ཇི་ཞིག་ལྟར། ། མཆོག་གི་མིག་འབྱེད་འོད་དཀར་ཅན། །རྒྱལ་ཁྱོད་བསོད་ནམས་དབང་གིས་རྙེད(༡༧)། ། ལེགས་སྤྱད་འདི་དང་གཞན་ཡང་འཁོར་དང་ཞི་བ་ཡི། །ལེགས་པ་གང་ཡིན་སྐྱེ་བོ་མཐའ་ དག་མཆོག་ཞི་བ། །ལེགས་གྲུབ་གྱུར་ཅིག་ད་དུང་སྲིད་པ་ཇི་སྲིད་བར། །ལེགས་པའི་འབྱུང་ གནས་བསྟན་པ་རིན་ཆེན་དར་བར་ཤོག(༡༨) །ཁྲིམས་ལྡན་མང་ཐོས་མཉམ་པར་འཇོག་ལ་ བརྩོན། །ལུང་དང་རྟོགས་པའི་དམ་ཆོས་ཀུན་འཛིན་པའི། །ཚོགས་མཆོག་གོང་ནས་གོང་དུ་ འཕེལ་བ་དང༌། །མདོ་རྒྱུད་བསྟན་པ་ཕྱོགས་བཅུར་རྒྱས་གྱུར་ཅིག(༡༩)། །འགྲོ་ཀུན་དགའ་ བའི་སྙིང་པོ་ཡེ་ཤེས་རིན་ཆེན(༢༠)། །དགེ་མཚན་བཀྲ་ཤིས་བརྒྱ་ཕྲག་གིས་བརྒྱན་བསྟན་པའི་ རྒྱལ་མཚན་མཆོག་གི(༢༡)། །རྩེ་མོར་གཡོ་མེད་བཀོད་པ་ཉིད་ལས་དོན་གཉིས་དཔལ་ལྡན་ ལྷུན་གྱིས་གྲུབ་པའི་དགའ་སྟོན། །ཐམས་ཅད་གཟིགས་པའི་ལམ་མཆོག་བཟང་པོར་མཐའ་ དག་ཚིམ་བྱེད་རིམ་གཉིས་ལམ་ལས་རྡོ་རྗེ་འཛིན་པ་མཆོག་གྱུར། ། ཅེས་པ་འདི་ནི་དགེ་སློང་ཏཱ་ར་ནཱ་ཐས་ངམ་རིངས་བྱམས་ཆེན་དུ་ཕུལ་བ་སྟེ་རང་ལོ་ཉི་ 24-1-261 ཤུའི་རྩེར་སོན་པ་ལའོ།། །།སིདྡྷརསྟུ། སུནཱཡབྷབཏི། མངྒལཀལྱཱཎབིསྟཱར། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན། མཆན་ཁ་ཤས་ཡོད་ཀྱང་མི་གསལ།) 24-1-262 ༄༅། །བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་ལ་བསྟོད་པ་ དགའ་བའི་གླུ་དབྱངས་བཞུགས། ༄༅། །ༀ་སྭསྟི། བདེ་བ་བདེ་མཆོག་བདེ་རྒྱས་བདེ་བའི་སྐུ། །རབ་བདེ་མཆོག་བདེ་ བདེ་བའི་སྡོམ་པ་བདེ། །མཆོག་བདེ་དཔལ་བདེ་བདེ་དགའི་དཀྱིལ་འཁོར་བདེ། །བདེ་བ་ བདེ་རྒྱས་བདེ་མཆོག་བདེ་བའི་ཐུགས། །འོད་ཟེར་མཐིང་ཀའི་དྲ་བས་ཁེབས། །ཡེ་ཤེས་ དབང་ཕྱུག་མ་དང་རྩེན། །ཚངས་པ་དང་ནི་བདུད་ཀྱིས་མཆོད། །རྩེར་མཛོད་ཡོགཱམྦར་ཀཻ྅། ཨཱརེ྅སྐུ་ནི་རང་བྱུང་འོད་རྒྱས་རྩེན་པ་མི་འགོག་པ། །ཨཱར་ཧཱཻུཾ། བྲག་ཆའི་གླུ་དབྱངས་མི་གཞོམ་ རྣམ་པ་ཐམས་ཅད་པ། །ཨཻཾ྅བྷོ྅བདེ་སྟོང་རོལ་པས་བཏེག་པའི་ཐུགས་མཁའ་ན་བུན་ བཞིན། །ཨརེརེརེཧཽརྫུ་འཕྲུལ་སྒྱུ་མ་འདི་ལ་ལྟོས་ཤིག་ཨལ། །ནམ་ཀ་བཞིན་དུ་ཀུན་ཁྱབ་ ཀུན་འགྲོ་མི་འགྲོ་བ། །ཨཱརེཨཱརེདག་པའི་དབུས་ན་ཡེ་ཤེས་མཉམ་བརྒྱའི། །ཨཻའཇིག་རྟེན་ ཁམས་ཨེ་ཡེ་ཤེས་རོལ་ལྡན། །ཨཻ་བཀོད་པ་མཛད་པ་ཅི་དགའ་ལགས་ཨེ། །ཨཻ་མ་འདྲེས་ ཡན་ལག་རོ་མྱང་མཚན་བཟང༌། །ཨཻ་དཔེ་བྱད་ཀྱིས་སྤྲས་ཨལལཧོཨཻ། །(དག་པའི་དབུས་ན་ཡེ་ ཤེས་ཉམས་བརྒྱས་འཇིག་རྟེན་ཁམས། ཡེ་ཤེས་རོལ་ལྡན་བཀོད་པ་མཛད་པ་ཅི་དགའ་ལགས། མ་འདྲེས་ཡན་ལག་རོ་མྱང་ མཚན་བཟང་དཔེ་བྱད་སྤྲས། ཞེས་པ་ཡིན་དཀྱུས་ནི་སྲད་བུའི་ཀླུ་ལྟར་བརྗོད།) རྣལ་འབྱོར་ནམ་མཁའ་ཐུགས་རྩེར་ མཛོད། །མཐའ་ཡས་ཀླུ་དབང་དག་གིས་སྤྲས། །རྣལ་འབྱོར་མ་ཡི་ཚོགས་ཀྱིས་སྐོར། །དེ་ ཉིད་རྒྱལ་པོ་དམ་པའི་གཟུགས། །རལ་པའི་ཅོད་པན་མཐོན་ཀའི་རྩེ། །རྡོ་རྗེ་འབར་བས་རྣམ་ 24-1-263 པར་བརྒྱན། །བཙོ་མའི་གསེར་སྦྱངས་འོད་དང་མཉམ། །སངས་རྒྱས་སྤྲིན་ནི་དཔག་ཡས་སྤྲོ། ། རྣལ་འབྱོར་ནམ་མཁའ་རྡོ་རྗེ་སེམས། །གཏི་མུག་རྡོ་རྗེ་རྣམ་སྣང་མཛད། །མ་རུངས་གཏུམ་པོ་ འདོད་ཆགས་ཅན། །གདུལ་དཀའ་འདུལ་བའི་སྐུར་སྟོན་པ། །འོད་དམར་འབར་བའི་དབུས་ ན་སྤྱན་གསུམ་དམར། །སེང་གེའི་གདན་བཞུགས་ཨུ་མའི་བདག་པོའི་སྐུ། །དྲིལ་བུ་གཞུ་ ཐབས་ཀེང་རུས་བདེ་བ་འཛིན། །ཕྱག་འཚལ་ཐུགས་རྩེར་མཛོད་ཅིག་ཡོགཱམྦརེ། །ངོ་མཚར་ མིག་གི་བདུད་རྩི་ལ། །ཡ་མཚན་དགའ་བ་ལྷོད་པར་གྱུར། །དད་པ་དམན་པ་མ་ལགས་ཀྱང༌། ། བླ་མ་ལས་གཞན་བདག་མི་མོས། །ཡང་། སངས་རྒྱས་ཀུན་ལས་བླ་མ་ཡི། །བ་སྤུ་ཙམ་ཡང་ ཆེས་ལྷག་ན། །དཀྱིལ་འཁོར་བླ་མའི་སྐུ་གསུང་ཐུགས། །འདི་ལ་སུ་ཞིག་མི་དད་ལགས། ། དང་པོའི་རྡོ་རྗེ་པདྨར་སྐྱོད་མཛད་ནས། །བདག་ལུས་བདེ་ཆེན་ལོངས་སྤྱོད་རྫོགས་སྒྲུབ་པས། ། སེམས་ལ་རྡོ་རྗེ་སེམས་སྒྲུབ་འགྲོ་འདི་རྣམས། །འདོད་པ་མཆོག་གམ་ཡང་ན་ཐར་པར་ཤོག། མང་དུ་སྨྲས་ཀྱང་ཅི་ཞིག་བྱ། །མཧཱཙཱརྱ་འཕགས་པ་ལྷ། །བླ་མ་རྡོ་རྗེ་སློབ་དཔོན་དང༌། །རྡོ་རྗེ་ སེམས་དཔའ་གཅིག་ཏུ་འཁུམས། །ཞེས་པའང་ཏཱ་ར་ནཱ་ཐས་ཕྱི་དེ་ཉིན་བསམ་གཏན་སྡིངས་སུ་བྲིས།། །།མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-264 ༄༅། །འཇམ་དབྱངས་དམར་སེར་ལ་ བསྟོད་པ་བཞུགས། ༄༅། །བླ་མ་དང་འཇམ་དབྱངས་དབྱེར་མེད་པ་ལ་ཕྱག་འཚལ་ལོ། ། དགེ་ལེགས་ཉིན་བྱེད་བྱེ་བའི་མདངས་དང་ལྡན། །དམར་སེར་མཚར་སྡུག་འོད་ཀྱིས་ ཕྱོགས་ཆ་འགེངས། །དཔག་ཡས་མཚན་དཔེའི་གཟི་བྱིན་རབ་རྒྱས་པ། །འཇམ་དབྱངས་ མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །འདམ་སྐྱེས་དམར་པོའི་གེ་སར་གསལ་བའི་སྟེང་། ། དྲི་མེད་རབ་དཀར་ཟླ་བའི་དཀྱིལ་འཁོར་ལ། །ཨིནྡྲནཱིལའི་ས་འཛིན་འཆར་ཀའི་འོད། ། གསར་བས་དཀྲིས་པའི་དཔལ་འཛིན་གདོང་ལྔ་པ། །སྔོ་སངས་དམར་སེར་རལ་བ་གཡོ་ བའི་སྟེང་། །རོལ་བའི་སྟབས་བཞུགས་ལི་ཁྲིའི་མདོག་ཅན་གྱི། །ཐུགས་ཀའི་དཀྱིལ་འཁོར་ ཆོས་འཆད་ཕྱག་རྒྱས་མཛེས། །འཇའ་ཚོན་ལྟ་བུའི་ན་བཟའ་ལྷབ་ལྷུབ་ཅན། །སྙན་གྱི་ཐད་ གར་རབ་རྒྱས་ཨུཏྤལ་སྔོ། །ཚ་ཟེར་སྟོང་ཕྲག་འབར་བའི་རལ་གྲི་དང༌། །གསུང་རབ་ཀུན་གྱི་ གླེགས་བམ་པོ་ཏི་བསྣམས། །འཇམ་དབྱངས་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །རབ་ སྒེག་ལང་ཚོ་བརྡོ་ཞིང་འགྱེང་བའི་སྐུ། །རབ་མཛེས་རིན་ཆེན་རྒྱན་རྣམས་ཀུན་གྱིས་སྲས། ། རབ་འབར་དྲི་མེད་འོད་ཀྱི་དཀྱིལ་འཁོར་དབུས། །རབ་བརྟན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། ། ཅེས་པའང་ཀུན་དགའ་སྙིང་པོས་སྨྲས་སོ།། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། སྦྱངས་སྤྲུལ་གསུང་འབུམ་ནང་དུ་ཡང་དཔེ་ཞིག་ཡོད།) 24-1-265 ༄༅། །འཇམ་དབྱངས་དཀར་པོ་ལ་བསྟོད་པ་བཞུགས། ༄༅། །ནམོམཉྫུནཱཐཱཡ། དྲི་མེད་མཁའ་ལ་སྟོན་ཀའི་ཟླ་བ་ལྟར། །རབ་མཛེས་མཚན་དང་ དཔེ་བྱད་ཡོངས་སུ་རྫོགས། །བུང་བ་ལྟར་གནག་ཟུར་ཕུད་ལྔ་ལྡན་པའི། །རྒྱལ་སྲས་གཞོན་ནུ་ འཇམ་པའི་དབྱངས་ལ་འདུད། །རབ་དཀར་འོད་བརྒྱས་སྤྲས་པའི་ལང་ཚོ་ཅན། །མཆོག་སྦྱིན་ ཐུགས་ཀར་སོན་པའི་ཕྱག་གཉིས་པས། །དྲི་མེད་ཨུཏྤལ་དཀར་པོར་རལ་གྲི་དང༌། །སྟོང་ཕྲག་ བརྒྱ་པའི་གླེགས་བམ་བསྣམས་ལ་འདུད། །རབ་དཀར་འབར་བའི་ཤེས་རབ་འཁོར་ལོའི་ དབུས། །ས་བོན་སྔགས་བཅས་འོད་ཟེར་སྟོང་ཕྲག་འཕྲོས། །མི་ཤེས་མུན་སེལ་ཤེས་རབ་མེ་ ཆེན་གྱིས། །གཏི་མུག་མུན་པ་དྲུངས་ནས་འབྱིན་པར་ཤོག ། ཅེས་པའང་ཀུན་དགའ་སྙིང་པོའམ། ཏཱ་ར་ནཱ་ཐས་སྨྲས་སོ།། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། སྦྱངས་སྤྲུལ་གསུང་འབུམ་ནང་དུ་ཡང་དཔེ་ཞིག་ཡོད།) 24-1-266 ༄༅། །དབྱངས་ཅན་མ་ལ་བསྟོད་པ་བཞུགས། ༄༅། །ན་མོ་སྭ་ར་སྭ་སྟི་ཡེ། མརྒད་ཞུ་བ་འཁྱིལ་འདྲའི་ཆུ་གཏེར་ནི། །ཆུ་རླབས་ཆིལ་ ཆིལ་གཡོ་བའི་ལྦུ་ཕྲེང་མཛེས། །ཡིད་འཕྲོག་འདབ་བརྒྱའི་དགའ་ཚལ་བུང་བའི་དཔལ། །དེ་ དབུས་རབ་དཀར་མདབ་སྟོང་རྒྱས་པའི་སྟེང༌། །ངག་དབང་ལྷ་མོ་ངག་གི་དཔལ་སྟེར་མ། ། སྒྲ་སྙན་རྒྱུད་མང་སྒྲ་ཡིས་མཆོག་སྩོལ་མ། །དྲི་ཟའི་བུ་མོ་དྲི་ཞིམ་ལུས་འཆང་མ། །ཆགས་ པའི་ཉམས་ཅན་ཆགས་བྲལ་ཁྱོད་ལ་འདུད། །སྟོན་དུས་དག་པའི་བདུད་རྩི་འོད་ལྟར་དཀར། ། དཀར་དམར་ཆགས་པའི་འོད་ལྡན་བཞིན་རས་འཛུམ། །འཛུམ་བག་རོལ་རྩེད་འཕྱར་བའི་ ལང་ཚོ་མ། །མ་ལྟར་བརྩེ་བའི་ལྷ་མོ་ད་ཚུར་སྤྱོན། །ཧྲཱིཾ་ཧྲཱིཾ་གསང་སྔགས་ཟློས་པས་སྤྱན་འདྲེན་ ན། །འབར་འབར་འོད་ཟེར་འཕྲོ་བའི་སྐུ་སྟོན་ཅིང༌། །ལྷང་ལྷང་གསུང་གི་རྣ་བའི་བཅུད་ལེན་ སྩོལ། །ཡང་ཡང་སེམས་ཀྱི་དྲི་མ་སྦྱང་དུ་གསོལ། ། ཞེས་པའང་ཀུན་དགའ་སྙིང་པོའམ། ཏཱ་ར་ནཱ་ཐས་སྨྲས་པའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། སྦྱངས་སྤྲུལ་གསུང་འབུམ་ནང་དུ་ཡང་དཔེ་ཞིག་ཡོད།) 24-1-267 ༄༅། །འཇིག་རྟེན་དབང་ཕྱུག་ལ་བསྟོད་པ་བཞུགས། ༄༅། །ༀསྭསྟི། ཐམས་ཅད་གཟིགས་པའི་སྤྱན་དང་ལྡན་པ་འཇིག་རྟེན་དབང་ཕྱུག་ལ་ ཕྱག་འཚལ་ལོ། ། དཔལ་ལྡན་རབ་བརྗིད་གང་གའི་སྐུ་ཡང་ཡེ་ཤེས་ཆེན་པོའི་རང་སྣང་སྟེ། །འདྲེན་པ་ཀུན་ གྱི་ཐུགས་རྗེའི་འོད་སྟོང་སྨོན་ལམ་སེར་བུས་དྲངས་པ་ན། །འགྲོ་རྣམས་དད་པའི་གེ་སར་རྒྱས་ ལས་འོད་ཟེར་རྡུལ་ཕྲེང་ངོ་མཚར་བ། །གང་གིས་དཀྲིགས་པས་རབ་སྒེག་གྱུར་པའི་ཐམས་ ཅད་གཟིགས་ལ་ཕྱག་བགྱིའོ། ། གང་གསུང་རིན་ཆེན་འབྱུང་གནས་ཡན་ལག་དྲུག་ཅུའི་རླབས་ཕྲེང་ལེགས་མཐོ་ཡིད་འོང་ ཟབ་དང་རྒྱ་ཆེ་བའི། །ཡིད་སྦྱིན་ནོར་བུའི་ཕུང་པོས་ལེགས་གང་འགྲོ་དྲུག་ཆུ་གནས་སེམས་ ཅན་ཉེར་འཚོ་སྒྲ་སྐད་ཐམས་ཅད་པ། །དེ་འདྲ་གང་ཡིན་ཁྱོད་གསུང་ལགས་པས་བདག་ཅག་ རབ་འདུད་ཁྱོད་ཀྱི་གསུང་བཞིན་ནམ་ཞིག་བསྒྲུབ་པར་འགྱུར། །ཁྱོད་གསུང་བདུད་རྩིའི་ འཐུངས་པ་གང་དག་ལྷ་ལྟར་ཡེ་ཤེས་འདོད་པ་ལྔ་ལ་རབ་དགས་རྩེ་བར་བྱེད། །མཁྱེན་པ་ པདྨོའི་གཉེན་ནི་ཇི་སྙེད་གཟིགས་པའི་འོད་བརྒྱ་རབ་འཕྲོ་དངོས་པོ་ཐམས་ཅད་གསལ་བ་ པོ། །ཤེས་བྱ་ཀུན་ལ་རོ་ཅིག་ཁྱབ་པའི་ཀུན་གསལ་གང་དེ་ནམ་ཡང་བརྟན་གཡོའི་བྱེ་བྲག་ ཡོངས་ཆད་ཅིང༌། །རྟག་ཆད་ལ་སོགས་མཚན་མ་རབ་སྤངས་གང་གི་དབྱིངས་ནས་མ་རིག་ མུན་ནག་འཛོམས་ལ་མངོན་བརྩོན་པ། །བདེ་ཆེན་ཉི་མ་ཐུགས་རྗེའི་ཤིང་རྟས་ཡོངས་དྲངས་ འགྲོ་བའི་འཛིན་མ་བྱང་ཆུབ་འབྲས་བུས་བརྡལ་བར་མཛད། །ཨིནྡྲ་ནཱི་ལའི་ས་འཛིན་རབ་ 24-1-268 མཐོ་འགྱུར་བྱེད་ཆུ་དང་འདྲེས་པ་ཉིད་ལས་མཐོན་མཐིང་འོད་འཁྲུག་པའི། །ཆུ་གཏེར་མཆོག་ དང་གཞན་ནི་འོ་མའི་རྒྱ་མཚོ་རབ་དཀར་ཟླ་བ་ནོར་བུའི་ཆུ་ཀླུང་རབ་འདུས་པར། །འཁྲུལ་ པ་བསྐྱེད་མོད་ཡིད་འཕྲོག་རྒྱུ་སྐར་མཛེས་མའི་བདག་པོ་གང་གི་སྐྱེས་གནས་ངེས་པར་འདྲེན་ བྱེད་པ། །སྒྱུ་མའི་ཚོན་གྱིས་བརྟན་གཡོ་ཀུན་གྱི་སྣང་བརྙན་བྲིས་སམ་གཞན་ནི་བྱེད་པོའི་མེ་ ལོང་ཡིན་ནམ་ཅི། །དྭོ་རི་ཀ་ཞེས་རྨོངས་རྣམས་སྒྲོག་ཀྱང་ཉར་མ་གཡོ་ལྡན་ངོ་མཚར་འདི་ནི་ གཟུགས་བརྙན་ཁོ་ནར་ཟད། །ཁ་ཅིག་གསེར་སྦྱངས་དང་མཚུངས་ཆུ་རླབས་རྟ་གདོང་གསལ་ བའི་དཔལ་འཛིན་གཞན་དག་འབར་བྱེད་གཡོ་བ་ལྟའི། །ལྟོ་བ་མི་མཉམ་གྱུར་པ་བརྒྱ་ཕྲག་ ལྦུ་ཕྲེང་དོ་ཤལ་ཡིད་འོང་གིས་སྤུད་རྣམ་མང་འཇིགས་པ་དང༌། །ངོ་མཚར་ཀུན་རྟོག་བྱེ་བའི་ འབྱུང་གནས་རྣམ་པ་གཞན་ནི་བུང་བའི་དཔལ་འཛིན་གཏིང་དཔག་དཀར་བ་ཉིད། །མཚན་ མ་མཐའ་ཡས་ཀྱིས་གང་ནོར་བུའི་འབྱུང་གནས་ཀླུ་རྒྱལ་རྣམས་ཀྱིས་ཉེར་བརྟེན་ལྷ་མིན་རིག་ འཛིན་དང༌། །བདེན་བྲལ་ནོར་སྦྱིན་རབ་མཆོག་གྲུབ་པའི་ཚོགས་རྣམས་རྩེ་དགས་རོལ་ཞིང་ རྒྱུ་བའི་ཆུ་གཏེར་གང་གི་དབུས། །ཟླ་བ་ཆུ་ཤེལ་མཐོན་པོར་བརྩེགས་པའི་མགུལ་ན་ནོར་ བུའི་རྐང་ཐུང་ཡལ་གར་ཤིན་ཏུ་རྣར་སྙན་པའི། །གླུ་དབྱངས་རབ་སྒྲོག་མཛེས་སྡུག་རྒྱས་པའི་ གཉིས་སྐྱེས་ཚོགས་རྣམས་དགའ་བའི་ཡིད་ཀྱིས་བརྟེན་པས་རབ་བརྗིད་གྱུར། ། ཡིད་འཕྲོག་སྣ་ཚོགས་མེ་ཏོག་ཕྲེང་བས་བརྒྱན། །སྔོ་ལྗང་ལོ་མའི་གོས་ཀྱིས་རབ་ཀླུབས་ ཤིང༌། །འབྲས་བཟང་དཀར་འཛིན་ལྕིད་ཀྱིས་རབ་དུད་པ། །བགྲང་ཡས་ལྗོན་ཤིང་བུ་མོའི་ བསྟི་གནས་ན། །སེར་བུ་བདེ་བའི་ཉམས་ཀྱིས་སྐྱོད་པ་ཡི། །ཁྲུས་ཀྱི་རྫིང་བུ་ལང་ཚོ་བརྡོ་བ་ རྣམས། །དབུ་བ་ཁྲིགས་པའི་འཛུམ་དཀར་སྟོན་པ་དང༌། །རླབས་ཕྲེང་ལན་བརྒྱར་གཡོ་བའི་ ཟློས་གར་སྒྱུར། །ཟེ་འབྲུའི་སོ་ཕྲེང་སར་པ་ངོམ་བྱེད་པ། །འདབ་རྒྱས་མཆུ་སྒྲོས་འདར་ཤིང་ རྒོད་པ་ཡི། །ཆུ་སྐྱེས་གཞོན་ནུ་འདི་དག་སྲེད་ལྡན་ལ། །ཡིད་འབྱུང་བདག་པོས་ཡིད་ཀྱི་མཚོན་ 24-1-269 ཆར་བྱས། །བུང་བའི་ན་ཆུང་གླུ་ལེན་པརྤཱཏཱི། །ལན་བུ་ལྟར་མཛེས་སྦྲང་ཆང་གིས་མྱོས་པའི། ། སྐལ་བཟང་རྒྱུད་མང་སྦྲེང་ལ་མཁས་འདི་དག །ཕྱོགས་ཀྱི་མཛའ་བོ་བོད་ལ་མངོན་པར་ བརྩོན། །དཔྱིད་ཀྱི་དགའ་མའི་དོ་ཤལ་ལེགས་སྤེལ་བ། །ཡིད་འོང་ངང་པའི་ཚོགས་ཀྱིས་ཆུ་ རྣམས་མཛེས། །ནགས་ཀྱི་དགའ་སྟོན་སྤྱོད་ལ་བག་ཕབ་པའི། །སོ་ལྡན་ཚོགས་རྣམས་དྲེགས་ ཤིང་འགྱིངས་བས་འགྲོ། །དཔག་ཡས་རི་དྭགས་རྩེད་འཇོས་རྒྱུ་བ་ནི། །མ་དམད་འདོད་པའི་ རྣམ་འཕྲུལ་བསྒྱུར་བ་འདྲ། །རབ་འཇིགས་འཕྲོག་བྱེད་རི་དབང་ཀཻ་ལ་ཤ །འཆར་ཀའི་འོད་ རིས་སར་པས་དཀྲིས་པ་བཞིན། །སྐབས་གསུམ་བུ་མོ་ཡིད་འཕྲོག་གར་བསྒྱུར་བ། །ཀློག་ཕྲེང་ གཡོ་བའི་དཔལ་འཛིན་མཆོད་པ་བརྒྱས། །མཆོད་བྱེད་འདི་དག་སྙན་པའི་གླུ་དབྱངས་ཀྱིས། ། མཁའ་དབྱིངས་རབ་གང་རྣ་བའི་བཅུད་ལེན་བསྒྲུབས། །འཇམ་དཔལ་གཞོན་ནུ་གསང་བའི་ བདག་པོ་དང༌། །ནམ་མཁའི་སྙིང་པོ་ལ་སོགས་རྒྱལ་སྲས་དང༌། །རང་རྒྱལ་དེ་བཞིན་སྲེད་ མེད་བུ་སོགས་ཀྱིས། །ས་འཛིན་མཆོག་འདི་ཀུན་ཏུ་བརྟེན་པར་བྱས། །ནོར་བཟང་གཞོན་ནུ་ བགྲང་ཡས་འགྲོ་རྣམས་ཀྱི། །ས་མཁན་མཆོག་དེ་གང་དུ་བརྟེན་པ་ནི། །ཟླ་བ་ནོར་བུའི་ཕུག་ ན་རི་བོང་ཅན། །ཞུ་བ་འཁྱིལ་འདྲའི་རྡོ་ལེབ་ཡངས་པ་ཡིན། །ཕྱོགས་གྲོལ་ངོས་ལ་ལྗོན་པའི་ སྐྱེད་ཚལ་དང༌། །འཆི་མེད་དལ་འགྲོ་འདབ་བརྒྱའི་རྫིང་བུ་སོགས། །འཇམ་དབྱངས་མཁྱེན་ པའི་པིར་གྱི་སྒྱུ་མའི་གྲོང༌། །གསེར་གྱི་རི་མོར་བྲིས་པ་ཇི་ལྟ་བར། །ཁམས་གསུམ་རྨི་ལམ་ལྟ་ བུར་མཚོན་བྱེད་པ། །རི་བོའི་མགུལ་ན་སྤྲིན་གྱི་བླ་རེ་བྲེས། །བརྒྱ་ཕྲག་དབང་པོའི་གཞུ་ཡི་བ་ དན་འཕྱར། །མདོངས་མཐའ་ཚོགས་རྣམས་མགྲིན་པའི་སིལ་སྙན་སྒྲོག །ཆུ་གཏེར་དབུས་ན་ དབང་སྔོན་སར་པའི་དཔལ། །དབྱར་རྔ་བརྡུང་ཞིང་བདུད་རྩིའི་ཆར་ཟིམ་བུ། །རབ་འབེབས་ ཆུ་ཁུར་ཕྲེང་བ་བརྒྱ་ཡི་དབུས། །ནགས་ཀྱི་ལྷ་མོ་རྒྱལ་བ་ཀུན་གྱི་ཡུམ། །འཇིག་རྟེན་མགོན་ པོ་ཁྱོད་ལས་འཁྲུངས་པ་ཡི། །ཨཱརྱ་ཏཱ་རེ་གཞལ་མེད་ཁང་མཆོག་ན། །རབ་དགས་བཞུགས་ 24-1-270 སོ་དེ་ལྟར་རྒྱལ་ཁྱོད་ཀྱིས། །བརྟེན་པའི་གནས་མཆོག་དེ་ལའང་ཕྱག་འཚལ་ལོ། །གྲུ་འཛིན་ དཔལ་གྱི་རི་དེའི་རྩེ་མོ་ནི། །དཔག་ཚད་བཞི་ཡི་ཐ་གྲུ་མཉམ་པའི་སྟེང་། །ཟླ་ཤེལ་ལཱ་ལ་མ་ནི་ ལ་སོགས་པའི། །བྲག་རི་རྩེ་མོ་བརྒྱ་ཡིས་བསྐོར་བའི་དབུས། །འོད་སྣང་ཞེས་བྱ་འདམ་སྐྱེས་ ལྟར། །དཔལ་གྱི་དུམ་བུའི་གེ་སར་རྒྱས། །གསེར་གྱི་འོད་སྣང་གསེར་གྱིས་བརྒྱན། །རིན་ ཆེན་སྐྱེད་ཚལ་རྫིང་བུ་སོགས། །ལྷ་ཡི་འདོད་ཡོན་བརྒྱ་ཕྲག་གིས། །དེ་ལ་མངོན་པར་སྤྲས་ པར་གྱུར། །རྩེ་མོ་རིན་ཆེན་སྣ་བདུན་གྱི། །རིག་འཛིན་གྲོང་ཁྱེར་ཉམས་དགའ་བར། །མཛེས་ མ་འཁྲིལ་ཤིང་སར་པའི་དཔལ། །ལང་ཚོའི་མེ་ཏོག་རབ་རྒྱས་པས། །དཔག་ཡས་འདོད་ ཡོན་འབྲས་བུ་འཛིན། །ལམ་སྲང་ཀུན་གྱི་རྒྱན་དུ་བྱས། །ཕྲེང་བ་བ་དན་ལྡ་ལྡིར་སོགས། །སྣ་ ཚོགས་རྒྱན་གྱིས་ལེགས་པར་བརྒྱན། །ཤིན་ཏུ་མཛེས་པ་འོད་བརྒྱ་ཡིས། །དེ་ན་རྟག་ཏུ་མཚན་ མོ་བཅོམ། །དབུས་ན་མདོག་ལྔའི་ཟེར་གྱིས་རྣམ་སྤྲས་ཤིང༌། །ཁང་བརྩེགས་ཁྲག་ཁྲིག་བརྒྱ་ ཡིས་རབ་སྐོར་བ། །ཡེ་ཤེས་རང་བཞིན་གཞལ་མེད་ཁང་པ་ན། །རྗེ་བཙུན་འཇིག་རྟེན་དབང་ ཕྱུག་སྤྱན་རས་གཟིགས། །དུས་གསུམ་རྒྱལ་བ་ཀུན་གྱི་ཡབ་གཅིག་པུ། །སངས་རྒྱས་ཀུན་ གྱི་ཡེ་ཤེས་སྤྱི་ཡི་གཟུགས། །རྒྱལ་སྲས་ཐུ་བོ་གཞོན་ནུའི་ཚུལ་འཛིན་པ། །འགྲོ་བའི་མགོན་ པོ་ཁྱོད་ལ་ཕྱག་འཚལ་ལོ། །ཀཻ་ལ་ཤ་དབང་རབ་སྒེག་ཡིད་འཕྲོག་མ། །ཟླ་ཟེར་གཞོན་ནུས་ ཁྲིལ་ཞིང་འཁྱུད་པ་ལྟར། །རབ་དཀར་ཁྱོད་སྐུ་འཇའ་འོད་ཕྲེང་བ་བརྒྱས། །མངོན་པར་སྤྲས་ པའི་མིག་གི་བདུད་རྩི་ཡིན། །དགའ་ཚལ་མཆོག་ན་རོལ་བའི་ཡིད་བཟང་བུད། །ཁྱོད་སྐུའི་ རྗེས་འགྲོ་མཛེས་ཤིང་ལྟར་མི་ངོམས། །ཉིད་སྐུའི་སྣང་བ་དེ་ལས་བྱེ་བའི་ཆ། །དེ་ཉིད་ཁོ་ནས་ སྲིད་གསུམ་ལང་ཚོ་བཅོམ། །མཚན་དཔེའི་ཟེ་འབྲུ་མངོན་རྒྱས་མཆོག་བདེ་བ། །འདབ་རྒྱས་ རབ་ཡིད་འོང་བའི་ཆུ་སྐྱེས་ཉིད། །འདམ་རྫབ་སྤངས་པའི་འདམ་སྐྱེས་ཟག་མེད་ཀྱི། །ཡེ་ཤེས་ སྦྲང་རྩིའི་འབྱུང་གནས་འདི་རབ་མཚར། །སྟོན་ཟླ་དྲི་མ་མེད་འདྲའི་ཡོན་ཏན་ཞལ། །དེ་བཞིན་ 24-1-271 གཞན་དག་ཛམྦུའི་གསེར་སྦྱངས་བཞིན། །གཞན་ནི་ཉིན་བྱེད་དཔལ་ལྡན་དེ་བཞིན་དུ། །མིག་ སྨན་རྗེས་འགྲོ་ཟུང་དང་ཟུང་གིས་མཛེས། །ཀུན་གྱི་སྟེང་ནི་བི་ཛཻ་ལྷུན་པོ་གང༌། །བརྒྱ་ཕྲག་ རྟ་བདུན་ཕྲེང་བས་ལེགས་སྦུད་ནས། །ཀུན་གསལ་ཁྱིམ་དུ་གསལ་དུས་དགའ་མའི་དཔལ། ། དོན་གཉེར་འོངས་པ་ཇི་བཞིན་ཐུབ་པའི་ཞལ། །དེ་དག་ཐམས་ཅད་དཔག་ཡས་གཟི་བརྗིད་ ཅན། །འཆར་ཀའི་འོད་རིས་ཕྲ་མོས་ལེགས་སྤྲས་པའི། །སྤྱན་བཟང་དཀྱིལ་འཁོར་ཨུཏྤལ་ སྔོ་མཛེས་མས། །དབང་སྔོན་བསིལ་ཟེར་བདུད་རྩིས་འཐུངས་པ་བཞིན། ཡིད་དུ་རབ་སྡུག་ རྣམ་བཀྲའི་སྤྱན་གསུམ་ནི། །རིག་འཛིན་དགའ་མའི་ལན་བུ་གཟི་ཉམས་བྱེད། །མཆོག་ སྦྱིན་བརྒྱ་པའི་གཞུང་ལས་རྣམས་རྒལ་བ། །བུང་བའི་དཔལ་འཛིན་སྨིན་འཁྱུག་རྒྱས་པས་ བརྒྱན། །ཕྱོགས་གྲོལ་བུ་མོ་མཚན་མོའི་ཁྱིམ་བོས་ལྟར། །རབ་མཛེས་ཨཉྫ་ན་ཚོན་བྱུགས་འདྲ་ བའི། །ཐོར་ཚུགས་འདི་ནི་རིན་ཆེན་ཕྲེང་བ་ཡིས། །དཔག་ཡས་རྒྱུ་སྐར་བཞིན་དུ་རྣམ་པར་ མཛེས། །ཆུ་སྐྱེས་དཀར་པོའི་ལྡུམ་བུ་ལྟར་འཇམ་པའི། །གང་གི་ཕྱག་ནི་སྟོང་ཕྲག་རབ་ཡིད་ འོང༌། །རབ་རྒྱས་པདྨའི་འདབ་ལྟར་རྣམ་བཀྲ་བའི། །མཐོན་མཐིང་འདྲེན་བྱེད་བརྒྱ་ཕྲག་བཅུ་ ཡིས་བརྒྱན། །རབ་དཀར་མདབ་བརྒྱའི་ཟེ་འབྲུར་རྐང་དྲུག་པ། །རབ་གཡོ་ཇི་བཞིན་འཛིན་ བྱེད་ཕྲེང་བ་འདི། །དབང་སྔོན་ཞུན་མ་ལྟར་སྡུག་རི་མོ་ཡིས། །རྣམ་བཀྲ་འོད་དཀར་དྲེགས་པ་ འཇོམས་པ་བཞིན། །ཨཱ་ཛི་ན་དང་དབང་པོའི་གཞུ་ལྟ་བུར། །ཡིད་འོང་དར་གྱི་ན་བཟའ་ལྷབ་ ལྷུབ་དང༌། །རིན་ཆེན་སྣང་བ་བརྒྱ་ཡི་གཟི་འོད་ཅན། །ཛམྦུའི་གསེར་གྱི་རྒྱན་མཆོག་ཀུན་གྱིས་ སྤྲས། །འཇམ་དཔལ་ལ་སོགས་བྱང་ཆུབ་སེམས་དཔའ་དང༌། །རིག་པའི་བདག་པོ་ཁྲོ་རྒྱལ་རྟ་ མཆོག་དང༌། །རྗེ་བཙུན་སྒྲོལ་མ་ལ་སོགས་སྒྲིབ་ཀུན་ལས། །རྣམ་པར་གྲོལ་བའི་འཁོར་གྱིས་ བསྐོར་ལ་འདུད། །དེ་ལྟར་བསྟོད་པས་བདག་སོགས་སེམས་ཅན་ཀུན། །ཐུགས་རྗེའི་ལྕགས་ ཀྱུས་དེ་རིང་སྲིད་མཚོ་ལས། །ཡོངས་སུ་དྲངས་ཏེ་ཤེས་བྱ་ཀུན་གཟིགས་པའི། །སངས་རྒྱས་ 24-1-272 ཡེ་ཤེས་སྤྱན་གྱིས་བཀའ་དྲིན་སྩོལ། །གཡོ་མེད་ལམ་མཆོག་རྒྱལ་བས་བསྟན་པ་ལྟར། །ནན་ ཏན་སྒྲུབ་ལ་འགལ་རྐྱེན་ཀུན་ཞི་ཞིང༌། །ནམ་མཁའ་ལྟར་ཡང་འགྲོ་དྲུག་སེམས་ཅན་རྣམས། ། ཀུན་མཁྱེན་གོ་འཕང་དགེ་ལེགས་རབ་རྒྱས་ཤོག ། ཅེས་པ་འདི་ཡང་དགེ་སློང་ཀུན་དགའ་སྙིང་པོས་ཆོས་འཁོར་ལྷ་སར་སྦྱར་བ་སྟེ། བདག་ གི་ཡོན་ཏན་སྒྲོག་ཕྱིར་དང༌། །ཐ་སྙད་ཚིག་ལ་བྱང་བས་མིན། །ཅུང་ཟད་སྤོབས་པར་བགྱིས་ པ་ནི། །འགྲོ་ལ་ཕན་པའི་སླད་དུའོ། །དགེ་ལེགས་འཕེལ། རང་ལོ་ཉི་ཤུ་པ་ལ་ལི་ཁི་ཏཾ། ཨཱརྱ བལོཀིཏེཤྭརཱནུགྲཧབྷབནྟུསརྦསཏྭཱནཾ།། །། ཤུབྷམསྟུསརྦཛགཏཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-273 ༄༅། །ཟར་བྱང་ཕུག་གི་ཇོ་བོ་ལོཀེཤྭར་ལ་ བསྟོད་པ་བཞུགས། ༄༅། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡབ་གྱུར་རྒྱལ་བའི་སྲས་གཅིག་པུ། ། མགོན་པོ་ཆེན་པོ་ཁྱོད་ལ་ནི། །དུས་ཀུན་ཏུ་ནི་ཕྱག་འཚལ་ལོ། །འགྲོ་བ་ཀུན་གྱི་བླར་བཞུགས་ ཀྱང༌། །རྟག་ཏུ་འགྲོ་བའི་བྲན་མཛད་པའི། །ཐུགས་རྗེའི་མངའ་བདག་ཁྱོད་ཉིད་ལ། །རྟག་ཏུ་ གུས་པས་ཕྱག་འཚལ་ལོ། །འགྲོ་བ་ཀུན་ལ་དུས་རྟག་ཏུ། །མི་འཇིགས་སྟེར་ཡང་བདུད་སྐྲག་ མཛད། །དམིགས་མེད་སྙིང་རྗེ་ལྡན་པ་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །འཁོར་བའི་རྒྱ་ མཚོར་ལྷུང་གྱུར་ཅིག །སྡུག་བསྔལ་ཞགས་པས་རབ་བཅིངས་པའི། །བདག་སོགས་སེམས་ ཅན་ཐམས་ཅད་ཀུན། །རྗེ་བཙུན་ཐུགས་རྗེ་ཅན་ཁྱོད་ཀྱིས། །ཐུགས་རྗེའི་ལྕགས་ཀྱུ་ཆེན་ པོ་ཡིས། །འཁོར་བའི་མཚོ་ལས་དྲོངས་མཛོད་ལ། །ཤེས་རབ་རལ་གྲི་རྣོན་པོ་ཡིས། །སྡུག་ བསྔལ་ཞགས་པ་གཅད་དུ་གསོལ། ། ཟར་བྱང་ཕུག་གི་ཇོ་བོ་ལོཀེཤྭར་བསྟོད་པ་རང་ལོ་བཅུ་བཞི་པ་ལའོ།། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-274 ༄༅། །ཁྲོ་རྒྱལ་རྟ་མགྲིན་ལ་བསྟོད་པ་བཞུགས། ༄༅། །ན་མོ་གུ་ར་ཝེ། ཐུགས་རྗེས་འགྲོ་བ་ཀུན་ལ་རྗེས་ཆགས་པས། །ཁྲོ་བ་སྤངས་ ཀྱང་ཤིན་ཏུ་ཁྲོས་པའི་ཚུལ། །རྒྱལ་བ་ཀུན་གྱི་འཕྲིན་ལས་སྒྲུབ་མཛད་པ། །པདྨ་དབང་ཆེན་ སྐུ་ལ་ཕྱག་འཚལ་ལོ། །རབ་བརྗིད་པདྨ་རཱ་གའི་ལྷུན་པོ་ལ། །འཆར་ཀ་སར་པའི་འོད་རིས་བྱེ་ བས་བརྒྱས། །རབ་ཏུ་དཀྲིས་ལྟར་དམར་བའི་འོད་འབར་བ། །ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་ འཚལ་ལོ། །བདེ་ཆེན་ཐུགས་རྗེས་ཆགས་པའི་དབང་གྱུར་ཀྱང༌། །འདོད་པས་མ་གོས་པདྨ་ ལྟར་དག་པ། །ཡེ་ཤེས་བསྐལ་པའི་མེ་དཔུང་དབུས་ན་བཞུགས། །རྟ་མཆོག་རོལ་པ་ཁྱོད་ ལ་ཕྱག་འཚལ་ལོ། །རབ་གཞད་ལི་ཁྲིའི་རྡུལ་འཆང་རྩ་བའི་ཞལ། །ཀུནྡ་ལྟར་དཀར་གཡས་ དང་གཅིག་ཤོས་ལྗང༌། །ཆོས་དང་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་དངོས། །རབ་ཁྲོས་ ཞལ་གསུམ་ལྡན་ལ་ཕྱག་འཚལ་ལོ། །མརྐཏ་མདོག་ཅན་འགྱོགས་འགྲོའི་སྟེང་ཞལ་གསུམ། ། མངོན་པར་བསྟོད་དེ་ཆེས་ཆེར་དྲེགས་ལྡན་པས། །སྐད་ཅིག་ཙམ་གྱིས་ཁམས་གསུམ་དབང་ བསྡུད་པའི། །ཧ་ཧའི་གད་རྒྱངས་སྒྲོགས་ལ་ཕྱག་འཚལ་ལོ། །རྔོག་མ་དམར་སེར་འབར་བྱེད་ དཀྱིལ་འཁོར་ལས། །རྡོ་རྗེའི་རྭ་གུར་སྲ་བརྟན་མི་ཕྱེད་པས། །ཕྱོགས་ཀྱི་འཁོར་ལོ་འགེངས་ པར་སྤྲོ་མཛད་པ། །སྲུང་མཛད་རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །རྟག་ཏུ་རབ་འཁྲུགས་ སྤྱན་རྩ་གློག་ལྟར་འཁྱུག །སྨིན་མ་མཁྱོག་པོ་དུས་མཐའི་མེ་ལྟར་འབར། །སྔགས་ཀྱི་གད་མོས་ བདུད་སྡེའི་ཀླད་པ་འགེམས། །བདེ་གཤེགས་འདུས་པའི་གཙོ་ལ་ཕྱག་འཚལ་ལོ། །ཕ་རོལ་ 24-1-275 ཕྱིན་དྲུག་རང་བཞིན་ཕྱག་གིས་མཛེས། །རྣམ་ཐར་ངོ་བོ་ཞབས་བརྒྱད་བརྡབས་ཙམ་ཀྱིས། ། གདུག་ཅན་འབྱུང་པོ་དགྲ་བགེགས་ཡུད་ཙམ་གྱི། །ཐལ་བར་བརླག་མཛད་ཁྱོད་ལ་ཕྱག་ འཚལ་ལོ། །ཕྱག་གཡས་རྡོ་རྗེ་ཁ་ཊྭཱཾ་རལ་གྲི་འཛིན། །གཡོན་པ་སྡིགས་མཛུབ་མདུང་ཐུང་ རྒྱུ་ཞགས་བསྣམས། །ཀླུ་ཆེན་བརྒྱད་པོ་ཞབས་ཀྱི་འོག་ཏུ་མནན། །གདོན་རྣམས་འཛོམས་ མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྤུ་འཕྲེང་ཉིན་བྱེད་འབུམ་གྱི་ཚ་ཟེར་འཕྲོ། །ཁྱོད་སྐུ་མཐོང་བ་ ཙམ་གྱིས་གདོན་བགེགས་ཀུན། །སྔངས་ཤིང་སྙིང་གས་ཁ་བུབ་ལྷུང་གྱུར་ནས། །མནར་བྱེད་ ཉིད་དུ་མཛད་ལ་ཕྱག་འཚལ་ལོ། །མི་ཐུང་ཆ་བྱད་སྐུ་བོང་མུ་མཐའ་ཡས། །ཁྲོས་པའི་ཞམ་ གདངས་མཆེ་གཙིགས་ལྗགས་འགྲིལ་བ། །ལྷབ་ལྷབ་མེ་ལྕེ་འབར་བའི་སྨ་ར་དང༌། །དབུ་སྐྲ་ གྱེན་དུ་འཁྱིལ་ལ་ཕྱག་འཚལ་ལོ། །ཡན་ལག་ཐམས་ཅད་མི་རུས་ཕྲེང་བས་སྤྲས། །ཟླ་བ་ལྟར་ མཛེས་རབ་འཇིགས་ཐོད་སྐམ་ལྔས། །ཅོད་པན་བཅིངས་ཤིང་གདུག་པའི་སྦྲུལ་གྱིས་བརྒྱན། ། འཇིགས་བྱེད་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །དུག་གསུམ་དག་པ་པགས་པའི་གོས་འཆང་ ཞིང༌། །མི་སྲུན་ནག་ཕྱོགས་རྣམས་ཀྱི་མགོ་བཅད་དེ། །གདུག་སེམས་ཅན་གྱི་རྒྱུ་མའི་སྲད་བུས་ སྦྲེལ། །ཁྲག་འཛག་དོ་ཤལ་འཕྱང་ལ་ཕྱག་འཚལ་ལོ། །ཤངས་ཀྱི་ཁོང་ནས་དུས་མཐའི་རླུང་ ལྡངས་ཤིང༌། །ཉི་མ་འབུམ་ཕྲག་བརྒྱ་ཡི་གཟི་བརྗིད་ཅན། །སྡེ་བརྒྱད་མ་ལུས་བྲན་དུ་འཁོལ་ བར་མཛད། །ཁམས་གསུམ་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །མ་ཆགས་སྣ་ཚོགས་འདབ་ སྟོང་རྒྱས་པའི་སྟེང༌། །འབར་བའི་འོད་འཕྲོ་འཁྲུགས་པའི་རྟ་བདུན་བདག །དེ་སྟེང་ཧྲཱིཿཡིག་ དམར་པོ་ལས་འཁྲུངས་པ། །པདྨའི་རིགས་ཀྱི་ཁྲོ་རྒྱལ་ལ་ཕྱག་འཚལ། །རིས་མེད་རྒྱལ་བ་ ཀུན་གྱི་གསང་བ་གསུམ། །གསང་སྔགས་འབྲུ་གསུམ་རང་བྱུང་དཔའ་བོའི་གདང༌། །རྡོ་རྗེ་ གསུམ་གྱིས་གནས་གསུམ་རྒྱས་བཏབ་པ། །རིགས་ཀུན་བདག་པོ་ཁྱོད་ལ་ཕྱག་འཚལ་ལོ། ། ཁྲོ་བོའི་དཀྱིལ་འཁོར་སྐུ་ལ་འཆང་བ་པོ། །སྤྲུལ་པའི་ཕོ་ཉ་དཔག་མེད་རབ་འཕྲོ་བས། །དགྲ་ 24-1-276 བགེགས་གནོད་བྱེད་བར་ཆད་མ་ལུས་པ། །བརླག་མཛད་གཏུམ་པོ་ཁྱོད་ལ་ཕྱག་འཚལ་ལོ། ། སྔགས་ཀྱི་འཕྲེང་བ་དྲག་པོའི་མེ་ལྕེར་བཅས། །སྟོང་གསུམ་ཁྱབ་པའི་དྲག་ཤུལ་བཟོད་དཀའི་ དབྱངས། །འགྲོ་ཀུན་བདུད་བཞི་རྩད་ནས་འཇོམས་མཛད་པ། །པདྨ་རིགས་སྔགས་རྒྱལ་ལ་ ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །འཇིག་རྟེན་དབང་ཕྱུག་ཐུགས་ ཀྱི་ལྷ་ལམ་ལས། །ངོ་མཚར་ཁྲོ་བོ་དབང་པོའི་གཞུ་ལྟར་སྣང༌། །དབང་སྡུད་ཁྲོ་བོའི་རྒྱལ་ལ་ ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་མ་ལུས་པ། །དམ་རྫས་བདུད་རྩིའི་རྒྱ་མཚོར་ བྱིན་རླབས་ནས། །བཅོམ་ལྡན་སྤྲུལ་པའི་ཁྲོ་རྒྱལ་ཁྱོད་ལ་འབུལ། །ཐུགས་རྗེས་བཞེས་ནས་ བྱིན་གྱིས་བརླབ་ཏུ་གསོལ། །བྱང་ཆུབ་མཆོག་དང་ཕན་བདེ་སྒྲུབ་པ་ལ། །སྡང་བའི་སེམས་ ལྡན་མི་དང་མི་མ་ཡིན། །གནོད་བྱེད་ཚར་གཅོད་བར་ཆད་ཀུན་ཟློག་ཅིང༌། །བདེ་ལེགས་ ཐམས་ཅད་དུས་འདིར་འགྲུབ་བར་མཛོད། ། ཅེས་པའང་ཀུན་དགའ་སྙིང་པོས་རང་ལོ་ཉེར་གཉིས་ཀྱི་མཐར་བྲིས།། །། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-277 ༄༅། །མྱུར་མཛད་མཧཱ་ཀཱ་ལའི་ལས་མཛད་རྣམས་ལ་ བསྟོད་པ་བཞུགས། ༄༅། །ཧཱུཾ། ༀ་སྭཱསྟི། ཧཱུཾ། མྱུར་མཛད་ཡེ་ཤེས་མགོན་པོ་ནི། །ཆོས་ཀྱི་དབྱིངས་ལས་མ་ གཡོས་ཀྱང༌། །ཐུགས་རྗེས་གདུག་པ་འདུལ་བའི་ཕྱིར། །ལས་མཛད་ཆེན་པོར་སྤྲུལ་པ་ཡི། ། ཀྵེ་ཏྲ་པཱ་ལ་གཤེགས་སུ་གསོལ། །མ་རུངས་འཇིགས་བྱེད་གཤེགས་སུ་གསོལ། །མཆོད་ གཏོར་རྒྱ་ཆེན་འདི་བཞེས་ལ། །བསྟན་པ་སྲུང་བའི་དུས་ལ་བབ། །སྐུ་ནི་དུས་མཐའི་སྤྲིན་ ལྟར་རབ་ཏུ་གནག །བསྐལ་པའི་མུན་པ་ལྟ་བུར་ངམ་ཟ་བ། །དམ་ཉམས་དགྲ་ལ་སྡིགས་ཤིང་ འོ་དོད་འབོད། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་ཁྱོད་ལ་བསྟོད། །ཤངས་ཀྱི་ཁོང་ནས་ལྡང་བ་དུས་ མཐའི་རླུང༌། །རི་རབ་རྒྱང་དུ་འཕེན་པའི་ཤུགས་དྲག་ཅན། །གློག་དམར་འབུམ་ཕྲག་ལྟ་བུའི་ ལྗགས་སྐྱོད་པས། །མ་ལུས་དགྲ་བགེགས་རྣམས་ཀྱི་སྙིང་ཁྲག་གསོལ། །དབུ་སྐྲ་གྱེན་རྫེས་སྨ་ ར་སྨིན་མ་འབར། །གདུག་པའི་སྦྲུལ་དང་ཁྲག་འཛག་མགོ་བོས་བརྒྱན། །སྤྱན་དམར་འཁྲུག་ ཅིང་གཡོ་བས་ལོག་འདྲེན་བགེགས། །བདུད་སྡེར་བཅས་པའི་ཀླད་པ་འགེམས་ལ་བསྟོད། ། མི་བཟད་གྲི་གུག་ཐོད་པ་ཕྱག་ན་བསྣམས། །སྟོབས་ཆེ་ཤུགས་ལྡན་རབ་ཁྲོས་ཆེར་གཏུམ་ པའི། །དོམ་ནག་སྨྱོན་པ་ཆིབས་ཤིང་ཕྱོགས་ཀུན་གནོན། །ཞིང་སྐྱོང་ཆེན་པོ་ཁྱོད་ལ་ཕྱག་ འཚལ་བསྟོད། །འཇིགས་རུང་མུ་མཐའ་མེད་པའི་རྣམ་འཕྲུལ་གྱིས། །སྟོང་ཁམས་ཐམས་ ཅད་ཁྱབ་པར་སྤྲུལ་པ་ཡིས། །གདུག་ཅིང་སྡང་སེམས་ལྡན་པའི་མ་རུངས་ཀུན། །སྐད་ཅིག་ ཙམ་གྱིས་རླག་མཛད་ཁྱོད་ལ་བསྟོད། །ཆོས་བཞིན་སྒྲུབ་པ་བུ་གཅིག་ལྟར་སྐྱོང་ཞིང༌། །སངས་ 24-1-278 རྒྱས་བསྟན་པ་གཡེལ་བ་མེད་པར་སྐྱོང༌། །ཐུགས་རྗེས་ཁྲོས་པའི་ལས་མགོན་མཐུ་རྩལ་ཅན། ། གནོད་སྦྱིན་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཅག་རྣམས་ཀྱི་ཆོས་སྤྱོད་གོང་འཕེལ་ ཞིང༌། །ཕྱི་ནང་བར་ཆད་ཐམས་ཅད་ཟློག་པར་མཛོད། །དགྲ་བགེགས་ཐམས་ཅད་ད་ལྟ་ཉིད་ དུ་སྒྲོལ། །བཅོལ་བའི་འཕྲིན་ལས་གཡེལ་བ་མེད་པར་སྒྲུབས། །ཧཱུཾ་ཧཱུཾ། མཆོད་ཡོན་མེ་ཏོག་ གདུག་སྤོས་དང༌། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །རོལ་མོ་སིལ་སྙན་སྣ་ཚོགས་པས། ། ཀྵེ་ཏྲ་པཱ་ལའི་ཐུགས་དམ་བསྐང༌། །བདེ་བའི་དམ་ཚིག་བདུད་རྩི་ལྔ། །སྟོབས་ཆེན་དམ་ཚིག་ ཤ་རྣམ་ལྔ། །མྱོས་བྱེད་བཏུང་བར་བཅས་པ་ཡིས། །འཆི་མེད་བདུད་རྩིའི་ནང་མཆོད་འདིས། ། གནོད་སྦྱིན་ཆེན་པོའི་ཐུགས་དམ་བསྐང༌། །བདེ་ཆེན་གསང་བའི་མཆོད་པ་དང༌། །མཐར་ བྲལ་རྟོགས་པ་དོན་དམ་གྱི། །དེ་ཉིད་མཆོད་པ་བླ་མེད་པས། །སྟོབས་ལྡན་ནག་པོའི་ཐུགས་ དམ་བསྐང༌། །རྟ་ནག་གཡག་ནག་ལུག་ནག་དང༌། །ཁྱི་ནག་ལ་སོགས་ཕྱི་ཡི་བརྟེན། །རྡོ་རྗེའི་ མདའ་ཆེན་ནང་གི་བརྟེན། །གྲི་སྙིང་ལ་སོགས་གསང་བའི་བརྟེན། །བདུག་པའི་གོ་མཚོན་སྣ་ ཚོགས་དང༌། །མཆོད་གཏོར་རྒྱ་ཆེན་དཔག་མེད་དང་། །སྲོག་ཆགས་རྣམ་པ་སྣ་ཚོགས་དང༌། ། ལོངས་སྤྱོད་མཆོད་པ་ཐམས་ཅད་ཀྱིས། །ཞིང་སྐྱོང་ཆེན་པོའི་ཐུགས་དམ་བསྐང༌། །དམ་ཅན་ རྒྱ་མཚོའི་ཐུགས་དམ་བསྐང་། །དགྲ་བགེགས་འཇོམས་མཛད་ཐུགས་དམ་བསྐང༌། །བསྟན་ སྲུང་ཆེན་པོའི་ཐུགས་དམ་བསྐང༌། །ཧཱུཾ། དགྲ་བགེགས་བརླག་པའི་དུས་ལ་བབ། །བསྟན་པ་ བསྲུང་བའི་དུས་ལ་བབ། །བསྟན་འཛིན་སྐྱོང་བའི་དུས་ལ་བབ། །འཕྲིན་ལས་སྒྲུབ་པའི་དུས་ ལ་བབ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་ནོར་དགེ་འདུན་ལོངས་སྤྱོད་ཀུན། ། བཅོལ་ལོ་ལྟོས་སོ་མཐུ་མ་ཆུང༌། །རྣམ་དག་བསླབ་པ་ལ་བརྟེན་ནས། །ཐོས་བསམ་སྒོམ་པའི་ བྱ་བ་ཀུན། །གོང་ནས་གོང་དུ་འཕེལ་བ་དང༌། །འགལ་རྐྱེན་བར་ཆད་ཞི་བ་དང༌། །མཐུན་ རྐྱེན་ཐམས་ཅད་འགྲུབ་པ་དང༌། །ཆོས་ཀུན་རྨི་ལམ་སྒྱུ་མ་ལྟར། །རྟོགས་ནས་དངོས་གྲུབ་རྣམ་ 24-1-279 གཉིས་ཀྱི། །སྡོང་གྲོགས་དམ་པ་མཛད་དུ་གསོལ། །སྲིན་པོའི་གཟུགས་ཅན་འཇིགས་བྱེད་མི་ སྲུན་སྐུ། །གད་རྒྱངས་དྲག་པོས་སྟོང་གསུམ་སྐྱོད་པར་མཛད། །བདེན་བྲལ་བྱུང་པོའི་དམག་ ཚོགས་ཀུན་གྱི་བདག །དབང་ཕྱུག་ཛི་ན་མི་ཏྲ་ཁྱོད་ལ་བསྟོད། །གནོད་བྱེད་ཀུན་གྱི་མཐར་ བྱེད་དྲག་གཏུམ་སྟེ། །གཤིན་རྗེའི་དམག་ཚོགས་འདྲེན་པའི་དམ་ཚིག་ཅན། །མྱུར་མཛད་ཡེ་ ཤེས་མགོན་པོའི་བཀའ་གཉན་མཆོག །ལས་མཁན་ཊཱཀྐི་རཱ་ཛ་ཁྱོད་ལ་བསྟོད། །མ་རུངས་ མཚན་མོ་རྒྱུ་བ་ཀུན་གྱི་རྒྱལ། །བསྟན་དགྲ་ཐལ་བར་བརླག་པའི་ཤུགས་རྩལ་ཅན། །སྒྲུབ་ པོ་བུ་བཞིན་སྐྱོང་མཛད་དཔའ་བོ་ཆེ། །བདུད་མགོན་དྲཀྴད་ནག་པོ་ཁྱོད་ལ་བསྟོད། །མ་མོ་ མཁའ་འགྲོ་ཀུན་གྱི་གཙོ་བོ་ནི། །མ་ཅིག་འདོད་ཁམས་དབང་ཕྱུག་ནམ་གྲུ་མ། །དངོས་གྲུབ་ མ་ལུས་སྩོལ་མཛད་མཐུ་མོ་ཆེ། །སྲིད་གསུམ་དབང་སྒྱུར་མ་ལ་ཕྱག་འཚལ་ལོ། ། ཞེས་མྱུར་མཛད་མཧཱ་ཀཱ་ལའི་ལས་མཛད་རྣམས་ལ་བསྟོད་པ་འདི་ཡང་ཏཱ་ར་ནཱ་ཐས་རང་ ལོ་ཉེར་གསུམ་ལ་སྦྱར་བའོ།། །།མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-280 ༄༅། །མགོན་པོ་ཕྱག་དྲུག་པའི་བསྟོད་པ་ གསུམ་བཞུགས། ༄༅། །ནམོམཧཱཀཱལཱཡ། རབ་བརྗིད་ཤིན་ཏུ་གཏུམ་པའི་སྐུ་ཅན་བདུད་ཀྱི་བདུད། །དུས་ གསུམ་རྒྱལ་བ་ཀུན་གྱི་བཀའ་གཉན་དམ་ཆོས་དང༌། །ཆོས་བཞིན་སྤྱོད་ལ་བུ་བཞིན་བསྲུང་ བའི་ངང་ཚུལ་ཅན། །དྲེགས་ལྡན་ཀུན་གྱི་གཙོ་བོ་མཐུ་ལྡན་ཁྱོད་ལ་འདུད། །རྒྱལ་བ་ཀུན་གྱི་ སྲས་ཀྱི་ཐུ་བོ་ཐུགས་རྗེའི་མངའ་བདག་ནི། །འཇིག་རྟེན་གསུམ་གྱི་དབང་ཕྱུག་མི་བཟད་དྲག་ ཤུལ་འཇིགས་རུང་བ། །རབ་དྭངས་མཚོ་ལ་ཉི་འོད་ཕོག་བཞིན་རྣོ་ཞིང་ཚ་བ་ཡང༌། །ཤིན་ཏུ་ ཞི་བ་སྙིང་རྗེའི་ཐུགས་ཅན་ཁྱོད་ལ་བདག་བསྟོད་དོ། །ཆར་སྤྲིན་སྟོང་ཕྲག་འདུས་པ་ལྟ་བུར་ གོ་མཚམས་མེད་པའི་སྲུང་བའི་འཁོར་ལོ་རབ་དྲག་དུས་མཐའི་མེ། །མདོག་ལྔའི་ཟེར་འབར་ མེ་ལྕེ་རྣོན་པོ་ལྷབ་ལྷབ་མཆེད་པས་དཔག་ཚད་འབུམ་དུའང་བདུད་རྣམས་རབ་སྲེག་པའི། ། སྲུང་འཁོར་རྡོ་རྗེ་མི་ཕྱེད་བརྟན་པ་དེ་ཡི་དབུས་སུ་སྣ་ཚོགས་འོད་ཕྲེང་འཁྲིགས་པའི་འདབ་ བརྒྱ་པ། །ཉི་མ་བཅུ་གཉིས་ཞུ་བའི་ཚ་ཟེར་དབུས་ན་མཐིང་ནག་འབར་བའི་ཧཱུཾ་ཡིག་མི་བཟད་ སྔགས་ཀྱི་སྒྲ། །བདུད་དང་འབྱུང་པོའི་ཀླད་པ་འགེམས་བྱེད་དེ་ལས་དཔལ་ཆེན་རྡོ་རྗེ་ནག་པོ་ ཆེན་པོ་མྱུར་མཛད་ནི། །སྐྱེ་འགྲོ་ཀུན་གྱི་རེ་སྐོང་ཡིད་བཞིན་ཆར་འབེབས་ནམ་མཁའི་མཛོད་ ཀྱི་ཏིང་འཛིན་སྒོ་བརྒྱའི་བདག །དུས་མཐའི་དུད་སྤྲིན་སྟོང་ཕྲག་ལས་ཀྱང་ལྷག་པར་རབ་ གནག་བསྐལ་པ་ཆེན་པོའི་རབ་དྲག་མེ་དཔུང་འབར། །རབ་གསལ་ཆེར་འབར་མེ་སྟག་ལྷབ་ 24-1-281 ཅེས་འཁོར་ཡུག་བརྒལ་ནས་བདུད་རྣམས་སྡེར་བཅས་སྲེག་བྱེད་ཅི་ཡང་འབར། །ཀུན་ལས་ འཇིགས་པའི་འཇིགས་རུང་ཁྱོད་ཀྱི་བ་སྤུའི་འོད་ཟེར་རྣོ་ཞིང་རྩུབ་པའི་སྤྲིན་དཔུང་རབ་འདུས་ ལས། །ཧཱུཾ་ཕཻཾ་དྲག་པོའི་སྔགས་ཀྱི་སྒྲ་དབྱངས་འབྲུག་སྟོང་ལྡིར་བ་ལས་ལྷག་འུར་འུར་ཆེམ་ཆེམ་ རྒྱུད་མར་སྒྲོག །དྲག་པོ་རྡོ་རྗེའི་མེ་ལྕེའི་ཆར་འབེབས་གནོད་སྦྱིན་གཤིན་རྗེས་དགྲ་བགེགས་ མ་ལུས་ཐལ་བར་བརླགས་མཛད་པ། །ཉི་མ་ལྟར་འབར་སྡང་མིག་གཟིགས་པས་གནོད་བྱེད་ ཀུན་གྱི་ཀླད་པ་འགེམས་མཛད་ཁྱོད་ཀྱིས་བདག་ལ་སྐྱོངས། །རབ་གཡོ་སྤྱན་དམར་གསུམ་ ལྡན་སྐྲ་དང་སྨིན་མ་སྨ་ར་དམར་སེར་འོད་འབར་མཚམས་སྤྲིན་མཆེད་པ་དང༌། །སྤྲིན་ནག་ རུམ་ནས་ཀློག་དམར་འཁྱུག་པ་དང་མཚུངས་རླན་བྲལ་མི་མགོ་ལྔ་ཡི་ཕྲེང་བས་དབུ་ལ་རབ་ སྤྲས་པ། །སིནྡྷུར་མཛེས་པའི་ཐིག་ལེ་བཀོད་ཅིང་མི་བསྐྱོད་རྡོ་རྗེས་སྤྱི་བོར་རྒྱས་བཏབ་གངས་ རི་ལྟར་དཀར་བའི། །མཆེ་བའི་འོད་ཟེར་དམ་ཉམས་བསྒྲལ་བའི་སྲོག་རྩའི་ཁྲག་གིས་དམར་ འོད་འཛིན་པ་སྐྱ་རེངས་གཞོན་ནུ་བཞིན། །རིན་ཆེན་རྣ་རྒྱན་འོད་ཀྱིས་མུན་སེལ་བགེགས་ ཀུན་རབ་སྐྲོད་གཡེར་ཁའི་སིམ་ཁྲོལ་རྣར་སྙན་གདུབ་མཛེས་ཅན། །དང་པོས་གྲི་གུག་དེ་ཉིད་ མཁྱེན་པས་ཉོན་མོངས་དགྲ་བོའི་མགྲིན་པ་བཅད་ནས་གཞན་དག་གིས་ནི་བདུད། །བཞི་པོ་ དཔུང་(མཚམས་འདིར་ཤོག་ངོའི་གཅིག་ནག་པོར་གྱུར་ཡོད་པས་མི་གསལ།)དགྲ་རྣམས་ཉམས་ཤིང་ དཔལ་དང་ཚེ་དང་ཐོས་དང་ཡེ་ཤེས་བརྩོན་འགྲུས་ཕུན་སུམ་ཚོགས་པ་རབ་སྒྲུབ་མཛོད། །བླ་ མ་མགོན་པོ་དབྱེར་མེད་ལ། །བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །ཆོས་ཀྱི་བར་ཆད་ ཀུན་ཞི་ཞིང༌། །དངོས་གྲུབ་ཐམས་ཅད་ཐོབ་པར་ཤོག། །།མངྒ་ལཾ།། ༄༅། །ༀནམོམཧཱཀཱལཱཡ། རབ་མཛེས་བུང་བ་ལྟར་གནག་སྤྱན་གསུམ་དམར། །གློག་ དམར་འབུམ་ཕྲག་དུ་མའི་ལྗགས་སྐྱོད་ཅིང༌། །མཆེ་གཙིགས་དབུ་སྐྲ་སེར་པོ་གྱེན་དུ་བརྫེས། ། 24-1-282 རིགས་ལྔའི་དབུ་རྒྱན་ལྡན་ལ་ཕྱག་འཚལ་ལོ། །བགྲང་ཕྲེང་གྲི་གུག་དང་ནི་ཅང་ཏེ་དང༌། ། ཐོད་པ་རྩེ་གསུམ་ཞགས་པ་འཛིན་པའི་ཕྱག །རྣམ་པ་དུ་མས་གར་མཛད་ནག་པོ་ཆེ། །གྲུ་ མོར་ཁ་ཊྭཱཾ་བསྣམས་ལ་ཕྱག་འཚལ་ལོ། །ལོག་འདྲེན་བརྫིས་ཤིང་གར་སྟབས་དུ་མས་རོལ། ། རང་ཡུམ་དགའ་མར་སྦྱོར་མཛད་བདེ་བ་ཆེ། །ཏཌཱབའི་རྐང་སྟབས་ལྷ་མོ་བཞི། །གར་གྱི་ རོལ་པས་མཆོད་ལ་ཕྱག་འཚལ་ལོ། །སྔོན་ཚེ་ལོ་ཀེ་ཤྭ་ར་པུརྞ་བ། །བླ་མ་འོད་དཔག་མེད་པའི་ བཀས་བྱིན་རླབས། །རང་ཉིད་མཧཱ་ཀཱལའི་སྐུར་བསྟན་ཅིང༌། །གཤིན་རྗེ་གཤེད་དང་ལྷ་མོས་ གྲོགས་མཛད་ཁྱོད། །ད་ལྟ་མཱ་ལ་ཡ་དང་པོ་ཏ་ལ། །བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། ། སྤྱན་དྲངས་མཆོད་གཏོར་དབུལ་ཞིང་གསོལ་བ་འདེབས། །ཕྱི་ནང་བར་ཆད་ཐམས་ཅད་ ཟློག་པར་མཛོད། །གར་མཛད་མཧཱཀཱལ་ཕྱག་དྲུག་པའི་བསྟོད་པའོ།། །།མངྒ་ལཾ།། ༄༅། །ༀ་བདེ་ལེགས་སུ་གྱུར་ཅིག ལྷུན་སྟུག་ཀཻ་ལཤའི་རི་བོ་ལྟར། །འོད་ཟེར་བྱེ་ བས་འཁྱུད་པའི་དཔལ་འཕྲེང་ཅན། །དབང་བསྡུད་མཁའ་འགྲོ་སྟོང་གི་བདག་པོ་ནི། །མྱུར་ མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །འཛུམ་བག་བརྗིད་པའི་ཞལ་རས་ཡིད་ཙམ་ ཁྲོ། །འདོད་དགུའི་ཆར་འབེབས་དབང་གི་རྒྱལ་པོ་ཁྱོད། །ཆོས་ཉིད་ཐིག་ལེའི་སྒོ་ངར་གདོད་ མའི་སེམས། །མངོན་དུ་གྱུར་པའི་སྐུ་ལ་ཕྱག་འཚལ་ལོ། །དངུལ་ཆུའི་མདངས་གསལ་ཧཱུཾ་ཡིག་ ལས་འཁྲུངས་པ། །སྐྱེ་འགྲོའི་རེ་སྐོང་དབུལ་བའི་སྡུག་བསྔལ་སེལ། །དབུ་སྐྲ་གྱེན་བརྫེས་སྤྱི་ བོར་མི་འཁྲུགས་རྒྱལ། །རྒྱས་གདབ་ཆེན་པོས་དབང་བསྐུར་ཁྱོད་ལ་བསྟོད། །ཁ་བའི་རི་ལ་ འཆར་ཀ་སར་པ་ལྟར། །ཁྱོད་ཞལ་སྨིན་མཚམས་སིནྡྷུར་ཐིག་ལེས་མཛེས། །རིན་ཆེན་གདུབ་ བུ་འཁྲོལ་བའི་ཕྱག་དྲུག་པོ། །བླ་མེད་ཕ་རོལ་ཕྱིན་པའི་ངོ་བོར་བསྟོད། །གྲི་གུག་ཡིད་བཞིན་ ནོར་བུ་ཌཱ་མ་རུ། །ནོར་བུས་གཏམས་པའི་ཐོད་པ་བུམ་པར་བཅས། །རྩེ་གསུམ་དངོས་གྲུབ་ 24-1-283 འགུགས་པའི་ལྕགས་ཀྱུ་བསྣམས། །ཕྱག་དྲུག་མགོན་པོ་ཁྱོད་ལ་གུས་པས་བསྟོད། །ལྷབ་ ལྷུབ་དར་དང་སྟག་ལྤགས་ནམ་བཟའ་ཅན། །འོད་འབར་རིན་ཆེན་བརྒྱན་གྱི་སིལ་ཁྲོལ་དང༌། ། ནོར་བུའི་ཆུན་འཕྱང་དུ་མས་རབ་ཏུ་བརྗིད། །གཟི་བྱིན་ལྷང་ངེར་འབར་ལ་ཕྱག་འཚལ་ལོ། ། འདོད་པའི་ལོངས་སྤྱོད་ཆར་ཆེན་འབེབས་བྱེད་པ། །བིནཡཀའི་སྟེང་ན་རོལ་པས་བཞུགས། ། རབ་སྔོ་ཙནྡན་ལྗོན་པའི་ཚལ་ན་དགེས། །གནས་གསུམ་མཁའ་འགྲོའི་བདག་པོ་ཁྱོད་ལ་ བསྟོད། །ཐུགས་ཀར་དབང་གི་ལྷ་མོ་ལང་ཚོ་མ། །འཆར་ཀའི་འོད་རིས་གསལ་བ་གློག་ཕྲན་ ལྟར། །མཛེས་ཤིང་གཡོ་བའི་དངོས་གྲུབ་ལྕགས་ཀྱུ་འཛིན། །སྲིད་གསུམ་དབང་དུ་བསྡུད་ ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་ཅིང་གསོལ་བ་འདེབས་པ་དང༌། །སྙིང་ནས་ལྷ་མཆོག་ ཁྱོད་ལ་གདུང་བ་ཡིས། །མཆོད་གཏོར་འབུལ་གྱིས་བདག་ལ་མཆོག་བསྩལ་ནས། །དཔལ་ དང་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཐུགས་རྗེའི་སྤྲིན་ལས་དགེ་ལེགས་ཆར་ཕབ་ སྟེ། །འདོད་དགུའི་རྦ་རླབས་ཕྲེང་བ་ཆིལ་ཆིལ་གཡོ། །ཟས་ནོར་ལོངས་སྤྱོད་བདེ་ལེགས་ཡར་ འཕེལ་གྱི། །དཔལ་འབྱོར་རྒྱ་མཚོ་གོང་ནས་གོང་འཕེལ་ཤོག ། ཅེས་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་བསྟོད་པ་གསུམ་པོ་འདི་ནི་ཀུན་དགའ་སྙིང་པོ་ཏཱ་ ར་ནཱ་ཐས་སྨྲས་པ་སྟེ་རང་ལོ་བཅུ་དགུ་པ་ལའོ།། །།མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-284 ༄༅། །བྱང་ངམ་རིངས་ཀྱི་མཁའ་འགྲོ་རྒྱ་མཚོའི་ སྐུ་འདྲ་ལ་ཕུལ་བ་བཞུགས། ༄༅། །ༀསྭསྟཱིསིདྡྷབྷཥནྟུ། རབ་མཆོག་བདེ་བའི་རྡོ་རྗེ་དོན་དམ་མཆོག །དཔལ་མཆོག་ དང་པོའི་ཡེ་ཤེས་དཀྱིལ་འཁོར་མཆོག །བདེ་མཆོག་གཉིས་སུ་མེད་པའི་ཟུང་འཇུག་མཆོག། དོན་མཆོག་བླ་ན་མེད་པའི་ཁྱབ་བདག་མཆོག །སྒྱུ་མས་སྤྲུལ་པའི་དཀྱིལ་འཁོར་སྤྲོས་མེད་ ནི། །ཐོག་མ་མེད་པའི་རྡོ་རྗེ་སེམས་དཔའ་སྟེ། །རང་བྱུང་རིགས་ཀྱི་བདག་པོ་འཁོར་ལོ་སྡོམ། ། མཁའ་འགྲོ་རྒྱ་མཚོའི་དྲྭ་བ་སྡོམ་ལ་འདུད། །དཔྱིད་ཀྱི་འབྲས་བཟང་དྷཱུ་ཏིའི་དཔག་བསམ་ ཡལ་ག་ལས་ལྷུང་སྙེ་མ་མཆོག །གློག་ཕྲེང་མེ་ཏོག་འདབ་བརྒྱའི་རྩེ་མོར་གཉིས་བྲལ་གཉིས་ མིན་མདངས་གསལ་བ། །མཐའ་བྲལ་སྔོ་སངས་ལང་ཚོ་མར་ཡང་རྣམ་བཀྲ་བརྟན་གཡོའི་ སྣང་བརྙན་ཅན། །འདོད་པའི་རྡོ་རྗེ་དཔལ་དགྱེས་སྒྲོག་མཛད་ཉིད་དུ་བདག་ནི་རབ་ཐོབ་ཤོག། སུདྲིཥྚིསྲདྲིཥྚིཏྲིབྷུབཎཨུཙལབྷབཏི།། །།ཀལྱཎབིཔུལབིསྟཱརཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-285 ༄༅། །གཙང་བདེ་མཆོག་རྩེའི་བྱམས་པ་ལ་ ཕུལ་བ་བཞུགས། ༄༅། །ༀསྭསྟི། དཔལ་ལྡན་ཡེ་ཤེས་དྲི་མེད་གཟི་བརྗིད་ལས། །བྱམས་རྩེའི་འོད་དཀར་ ངོ་མཚར་དཔག་ཡས་སྤྲོ། །ས་བཅུའི་དབང་ཕྱུག་འགྲོ་བའི་གཉེན་གཅིག་པུ། །རྒྱལ་ཚབ་ བྱམས་པ་མགོན་པོའི་ཞབས་པད་ལ། །གུས་པའི་ཡིད་ཀྱིས་རྩེ་གཅིག་གསོལ་བ་འདེབས། ། འགྲོ་ཀུན་སྲིད་པའི་མཚོ་ལས་མྱུར་སྒྲོལ་ཞིང༌། །ཐེག་མཆོག་བདུད་རྩི་དགའ་སྟོན་རོལ་པ་ ཅན། །རྒྱལ་བ་ཁྱེད་ཀྱི་གོ་འཕང་ཐོབ་པར་ཤོག། །།མངྒ་ལཾ་བིསྟཱར་ཀུརུ། དགེ་ལེགས་གོང་འཕེལ། ཤུབྷམཱསྟུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-286 ༄༅། །འཕགས་མ་ནོར་རྒྱུན་མ་བསྟོད་པ་བཞུགས། ༄༅། །ན་མོ་ན་མཿ སྣ་ཚོགས་རིན་ཆེན་རང་བཞིན་ལྷུན་པོའི་ངོགས། །སྣང་བྱེད་ནོར་ བུའི་གཞལ་མེད་ཁང་པས་མཛེས། །ཉམས་དགའ་གསེར་གྱི་རི་བོའི་སུལ་ནང་ན། །དཔག་ བསམ་ལྗོན་པའི་ནགས་ཚལ་ལ་བརྟེན་མ། །རིན་ཆེན་ལྕུག་ཕྲན་གཞོན་ནུའི་སྐྱེད་ཚལ་ན། ། འབུམ་ཕྲག་འདོད་འཇོའི་བ་མོ་འཚོ་མཛད་མ། །འཛམ་གླིང་གསུམ་གྱི་ཁྱོན་ཡངས་དབྱིག་གི་ གཏེར། །ཡོངས་སུ་གང་བའི་བདག་མོ་ཁྱོད་ལ་འདུད། །ཟས་གོས་ཉེར་འཁོ་བསམ་མི་ཁྱབ་ པའི་བདག །བདག་མོ་རིན་ཆེན་རྒྱན་སྤྲས་གཞོན་ནུ་མ། །མ་ལྟར་གུས་པས་དཔལ་མོ་ཁྱོད་ བསྟེན་ན། །ན་ཆུང་བཟུགས་ཀྱིས་འགྲོ་བའི་དབུལ་བ་སོལ། །ཕྱག་གཡས་ཡོངས་སྨིན་པི་ཙུར་ འབྲས་བཟང་དང༌། །ཕྱག་གཡོན་རབ་རྒྱས་རིན་ཆེན་སྙེ་མ་མཛེས། །གཟུགས་མཛེས་ལྟ་བས་ མི་ངོམས་འཇམ་མཉེན་ལུས། །འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། ། ཡང་ལྕགས་ཀྱུ་ཅན་ལ། རབ་དམར་ཆུ་སྐྱེས་མཛེས་པའི་ལུས་ཕྲ་མ། །མཚར་སྡུག་འོད་དུ་འབར་ བའི་གཏེར་འཆང་མ། །ལྕགས་ཀྱུ་ནེའུ་ལེ་འཛིན་པའི་ཕྱག་གཉིས་ཀྱིས། །ཁམས་གསུམ་ དབང་དུ་བསྡུད་ལ་ཕྱག་འཚལ་ལོ། །རིན་ཆེན་ལྕུག་ཕྲན་སོགས་ཤོ་ལོ་ཀ་གཅིག་དང༌། ཕྱག་གཡས་ སོགས་ཤླཽ་ཀ་གཅིག་བཞག་ནས་གཞན་རྣམས་སྦྱར་རོ། ། གཉིས་ཀ་ལ། སྤུ་སྡུག་རབ་སྒྲིན་ཉམས་རྩལ་ཤུགས་ལྡན་པ། །གོམ་པ་གཅིག་གིས་ས་གསུམ་ ལས་རྒྱལ་བ། །ལས་ཀུན་མྱུར་དུ་སྒྲུབ་བྱེད་འབར་བའི་གདོང༌། །འཕྲིན་ལས་དབང་སྒྱུར་ཁྱོད་ ལ་སྟོད་པ་འབུལ། །ཞེས་པའང་ཏཱ་ར་ནཱ་ཐས་བྲིས་པ་སྟེ་རང་ལོ་ཉེར་གསུམ་པ་ལའོ།། །།མངྒ་ ལཾ། དཔལ་འབྱོར་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-287 ༄༅། །གྲུབ་ཆེན་ཛ་ལནྡྷ་རའི་ཞབས་ཀྱི་དོ་ཧ་རྣམ་གྲོལ་སྙེ་མའི་ དགོངས་དོན་བཞུགས་སོ། ། ༄༅། །དཔལ་ལྡན་བླ་མ་དམ་པ་མཆོག་གི་ཞབས་ལ་གྲུབ་པ་རྣམས་ཀྱིས་བཏུད། །ཀླུ་ དང་རིག་འཛིན་ལྷ་ཡིས་མཆོད་པས་ལྷ་ཡི་ལྷ། །སྔགས་རིག་གཙོ་བོ་རྒྱལ་བ་རྣམས་ཀྱིས་ དབང་བསྐུར་བ། །རྗེ་བོ་དམ་པ་དེ་ལ་གུས་པས་ཕྱག་བགྱིའོ། ། དོན་དམ་པའི་ཡི་གེ་ཆེན་པོ་རྒྱུད་སྡེའི་ངེས་གསང་ཐམས་ཅད་ཀྱི་སྙིང་པོ། གྲུབ་ཆེན་ཧ་ཋི་ བ་ཛ་ལནྡྷ་རའི་ཞབས་ཀྱི་དོ་ཧ་རྣམ་གྲོལ་སྙེ་མའི་དགོངས་དོན་ཕྱག་ལེན་དུ་མཛད་པའི་སྨར་ ཁྲིད། རྗེ་བཙུན་བླ་མ་ལྷོ་ཕྱོགས་པའི་ཞལ་སྔའི་རིམ་པ་ཐུན་མོང་མ་ཡིན་པ་དག་གཅིག་འདིར་ བཤད་པ། བསག་སྦྱང་དཀའ་བ་ཆེ་ལ་ཡུན་རིང་བ་བྱ། དང་པོར་ལྟ་སྟངས་ལ་བསླབ་སྟེ། ལྟ་ སྟངས་གསུམ་ནི། ཨ་ནི་མི་ཏ་དྲ ཥྚིཿདང་ཀཱ་ས་ཀརྨ་དང༌། དྷུ་ནོ་ཏིའོ། ། དང་པོ་ནི་ནམ་མཁའ་ལ་རྩེ་གཅིག་ཏུ་ལྟ་བའོ། །གཉིས་པ་ནི་གཡས་གཡོན་མཐོ་དམན་ སྣ་ཚོགས་སུ་ཆེར་རེ་ལྟས་ཏེ་འཇོག་པའོ། །ཐ་མ་ནི་མིག་གཉིས་ཀྱི་བར་སྣ་རྩ་ལ་ལྟ་བའོ། ། དེ་རེ་རེ་ལ་ཐོག་མར་ཞག་བདུན་བདུན་མཛད། དེ་ནས་ལྟ་སྟངས་ཐོག་མཐའ་གང་རུང་ དང༌། རྟིང་པ་གཡོན་པས་བཤང་སྒོ་དགག ལོང་བུ་མ་ཕྲད་ཙམ་རྐང་པ་སྣོལ། བར་དུ་ལིང་ག་ བསྡམས། དེ་མ་འགྲུབ་ན་རྡོ་རྗེའི་དཀྱིལ་ཀྲུང་བྱ། ལུས་ཁོང་སློད་ལག་པ་སྟོད་ཀྱི་དཀྱིལ་ཀྲུང་ བྱ། རླུང་རྡུལ་མཐའ་ཅན་ལ་བསླབ། དེ་ཡང་དང་པོར་སྣ་བུག་གཡས་བཀག་ནས་ཞག་བདུན་ 24-1-288 བསླབ། དེ་བཞིན་དུ་གཡོན་བཀག་ནས་ཀྱང་བྱ། མཐར་མ་བཀག་པར་བྱ་སྟེ། དེ་ཐམས་ ཅད་ལ་ཅི་ཡང་མི་བསམ། རྣམ་རྟོག་གང་བྱུང་འཕྲོ་གཅོད་ཅིང་བསྒོམ། མདུན་དུ་བླ་མ་ཡི་ དམ་དབྱེར་མེད་རྡོ་རྗེ་འཆང་དུ་བསྒོམ། དེ་ལས་འོད་འཕྲོས་སེམས་ཅན་རྣམས་སྦྱངས། སླར་ འདུས་ཐུགས་ཀར་སེམས་གཏད། མོས་གུས་དུང་བྱ། ཡང་མི་དམིགས་པར་གཞག དེ་ནས་ རླུང་བགང་བ་དང༌། བཞི་པ་བ་ལ་ཡང༌། རླུང་སྣ་བུག་གཡོན་ནས་རྒྱུ་བ་དང༌། གཡས་ནས་རྒྱུ་ བ་དང༌། རང་དགར་རྒྱུ་བ་བསླབ་པའི་ཚུལ་གསུམ་གསུམ་དུ་ཕྱེ་བས་དྲུག་གོ །དེ་རྣམས་རེ་རེ་ ལ་མ་མཐའ་ཡང་ཞག་བདུན་རེ་བྱེད། གུ་རུ་ཤར་ཕྱོགས་པ་ནི་འདིར་བུམ་པ་ཅན་ཟླ་བ་གཅིག་ སྒོམ་གསུང་སྟེ། ལེགས་སམ་ཡང་སྙམ་མོ། །དེ་ནས་མཛོད་སྤུར་ཟླ་བ་སེན་མོ་ཙམ་པ་བྱང་ སེམས་འཛག་པ་ཞིག་ལ་དམིགས། རླུང་རྐན་ཕུགས་སུ་དྲངས། གླད་རྒྱ་དང་ཐོད་པའི་བར་དུ་ དཀྱིལ། ལྟེ་བར་ཡང་ཁ་སྦྱར་ལྟོ་བ་ཕྱིར་བཀྱེད་བྱས་ཏེ་ཐུབ་ཚད་དུ་འཛིན། དལ་བུས་གཏོང་ ངོ༌། །དང་པོར་སྟེང་དུ་སྔར་བཞིན་དྲངས། སླར་ལྟེ་བར་ཁ་སྦྱར་བས། རྩ་གསུམ་ལ་སོགས་ པ་ཐམས་ཅད་ཁྲུ་མ་བུས་པ་བཞིན་སོང་བར་བསམ་པ་དང༌། སྟེང་དུ་མི་འདྲེན་པར་ལྟེ་འོག་ དང་བཅུ་དྲུག་མདོར་མནན་པ་དང༌། གསང་བ་རྡོ་རྗེ་རྩེ་ལྔ་པ་པའི་རྩེར་བཾ་ལྟེ་བར་ཧཱུཾ། ལྟེ་འོག་ ཏུ་ཡང་ཨ། དེ་རྣམས་དམར་སེར་ཡུངས་འབྲུ་ཙམ་རླུང་ཁ་སྦྱར། འོག་རླུང་མདུན་རྒྱབ་གཉིས་ ག་ནས་དྲག་ཏུ་དྲངས། བཾ་ཧཱུཾ་ལ། དེ་ཨ་ལ་ཐིམ་དེ་དབུ་མའི་ལམ་ནས་གླད་རྒྱའི་བར་དུ་སོང༌། སླར་རྔུབ་སྟེ་ལྟེ་བར་མནན་ནོ། །ཡང་སྟེང་རླུང་དྲག་ཏུ་མནན། འོག་སྒོ་འབྱེད་འཛུམ་གྱིས་ དྲངས་གསང་གནས་ཧཱུཾ་རིང་གིས་འདྲེན། གྱེན་ལ་འཐེན་ཅིང་རྒྱབ་ཏུ་མནན། མིག་གྱེན་དུ་ལྟ། ཁ་ཅུང་ཟད་བཙུམ་ཞིང་གཉེར། ལྕེ་རྩེ་རྐན་ལ་སྦྱར། སྐབས་འགར་མགྲིན་པ་སྐྱུངས་སྐྱུངས་ སྐྱུག་པ་ལྟར་ཡང་བྱེད་དོ། །ཡང་དེ་ཁོ་ན་ལྟར་ལས་སྤྱི་བོར་དྲངས་ཐུར་དུ་ལོག་ནས་ལྟེ་བར་ སོང་བར་བསམ་ཞིང༌། ལྟེ་བར་ཁ་སྦྱར་དུ་འཛིན་པའོ། །ཡང་རླུང་སྤྱི་བོ་ནས་རྒྱུད་དབུ་མའི་ 24-1-289 ལམ་ནས་སྙིང་ཁ་དང་ལྟེ་བ་རྒྱུད་དབུ་མའི་མས་སྣར་ཐིམ་པར་བསྒོམ། ཡང་སྤྱི་བོའི་ཧཱུཾ་སྔོན་པོ་ འོད་དུ་ཞུ་བ་དྷཱུ་ཏིའི་ནང་ལ་སྔོ་ནར་སོང༌། རྡོ་རྗེའི་རྩེར་མོར་ཕྱིན་པ་ལ་སེམས་བཟུང་ཞིང་འདི་ ལ་རླུང་བགང་བ་བསྒོམ་མོ། །དེ་རྣམས་ལ་ཡང་ཞག་བདུན་རེ་དང༌། བར་བར་དུ་ངལ་བསོ་བ་ དང༌། རེ་རེའི་མཚམས་སུ་བུམ་པ་ཅན་ཞག་ལྔ་རེ་སྒོམ་སྟེ། འདི་ལ་ནི་ཅི་ཡང་མི་བསམ་པ་ཁོ་ ན་སྟེ། དེ་དག་གི་སྐབས་སུ་མགོ་བོ་ན་བ་དང༌། རོ་སྟོད་གཟེར་ན་རླུང་མི་འཛིན་པར། དམིགས་ པ་གཅུན་པ་འདི་ཡང་ཡང་སྒོམ། སྤྱོད་ལམ་དལ་བུས་ཅི་བདེར་འདུག་པས་སེལ། གཞན་ཡང་ གེགས་སེལ་ཞལ་ལས་ཤེས་པར་བྱའོ། །དེ་རྣམས་སྔོན་འགྲོ་རླུང་གིས་འཁྲིད་པའོ། ། དངོས་གཞི་ལ་ཐུན་མོང་གི་སློབ་མ་ལ་ཐུན་མོང་གི་བརྡ་ཆད་ཁྲིད་ཡིག་ཐུན་མོང་པར་ བཤད་ཟིན་ལ། འདིར་སྦྱོར་བ་ཡན་ལག་དྲུག་སྟེ། རེ་རེ་ལ་ཡང་རྩ་བ་སྒོམ་པའི་གནད། གཉིད་དང་རྨི་ ལམ། ལམ་དུ་བྱེད་པའི་གནད། མདུན་པའི་གནད། སྟོང་པ་བསྒོམ་པའི་གནད། བདེ་བ་ བསྒོམ་པའི་གནད། གསལ་སྣང་འཆར་བའི་གནད་དྲུག་དྲུག་སྦྱོར་བ་ཡིན་ལ། འདི་སྒོམ་ཚུལ་ གྱི་སྙིང་པོ་དྲིལ་བ་ནི། དང་པོ་སོ་སོར་སྡུད་པ་ཡིན་སྟེ། རྣལ་འབྱོར་དུ་བྱ་བ་ནི། ལུས་གནད་ རྣམ་སྣང་གི་ཆོས་བདུན་ལས་ལྟ་སྟངས་སྔར་བཤད་པའི་ཐོག་མཐའ་གཉིས་པོ་གང་རུང་བྱ། ཕྱག་ལེན་ལ་སྔ་མ་གཙོ་བོ་མཛད། དེ་ཡང་ལྟ་སྟངས་ཤིན་ཏུ་མཐོ་བ་མ་ཡིན་པའོ། ། ངག་དང་པོར་རླུང་རོ་ལན་བཅུ་གཉིས་བསལ། དེ་ནས་རང་དགར་བཞག ཡིད་བཞག་ སྟངས་གསུམ་སྟེ། ཕྱི་ལ་བསྟོད་པ་དང༌། ནང་དུ་བསྟོད་པ་དང༌། རྩོལ་བྲལ་གསུམ་མོ། ། དང་པོ་ནི་གང་ཡང་མི་བསམ་པར་ནམ་མཁའ་ལ་ལྟ་བའོ། །གཉིས་པ་ནི་རིག་ཙམ་ལ་རྩེ་ གཅིག་སྒྲིམ་པ་སྟེ་འདི་རགས་པས་དང་པོ་ལས་སྒོམ་སྣེ་རྙེད་པ་སླའོ། །གསུམ་པ་ནི་ཅུང་ཟད་ རྩོལ་བ་གློད་ལ་ལྷན་ནེ་འཇོག་པའོ། །དེ་ལྟར་བཞག་པས་དུ་བ་ལ་སོགས་པའི་ལམ་གྱི་མཚན་ 24-1-290 མ་མ་ངེས་པའི་རྟགས་སམ་ཁྱད་པར་ཅན་དང་ཕལ་པའི་དབྱེ་བ་དུ་མ་ཞིག་འབྱུང་སྟེ། དུ་བ་ ལ་སོགས་པ་ནི་རགས་པའི་རྟགས་ལྔ་ཞེས་བྱའོ། །དེ་ལྟར་ཡང༌། ཆུ་དང་། མེ་དང་། ས་དང་། རླུང་གཅིག་ནས་གཅིག་ཏུ་ལོག་པར་གྱུར། ཞེས་གསུངས་པའི་ལྟས། ཟླ་བ། ཉི་མ། གློག སྒྲ་གཅན་གྱི་ཐིག་ལེ་མཐིང་ཀ་རྣམས་ལ་ཕྲ་མོའི་རྟགས་ཤེས་བྱ་སྟེ། ཐ་མ་འདི་བརྟན་པོ་ཤར་ ན། ཡན་ལག་གཉིས་པ་བསམ་གཏན་ལ་སྤོ་རན་པ་ཡིན་ནོ། །འདི་དང་འོག་མ་ཀུན་ཏུ་བོགས་ འདོན་ནི་བླ་མ་མོས་གུས་ཀྱིས་གསོལ་བ་འདེབས་པ། སེམས་ཅན་ལ་སྙིང་རྗེ། ལམ་གྱི་ཕན་ ཡོན་བསམ་པ། སྟོང་པ་ཉིད་ཀྱི་རྒྱུ་མཚན་ལ་ངེས་ཤེས་སྐྱེད་པ་སོགས་ཡིན་ལ། ཁྱད་པར་ཚེ་ འདིའི་སྙན་གྲགས་ལོངས་སྤྱོད་སོགས་ཀྱི་ལྟོས་ཐག་མ་ཆོད་པ་ཕྲ་མོ་ཞིག་ལས་མེད་རུང་དེ་ ཡོད་ན། སྒོམ་ལ་ངལ་བ་ཅི་ཙམ་བྱས་ཀྱང༌། གནས་སྐབས་ཀྱི་ཡོན་ཏན་ཐན་ཐུན་དང༌། འདི་ ཙམ་གྱི་ཡོན་ཏན་ལྟར་སྣང་རེ་སྐྱེ་སྲིད་ཀྱང༌། དེ་ལས་ལྷག་པའི་སྒོམ་གཤའ་མ་ཡེ་མི་སྐྱེ་བས། ལུས་དང་ལོངས་སྤྱོད་དང་ཚོར་བ་གསུམ་ལ་ཇི་མི་སྙམ་པ་ལ་བསླབ་པ་འདི་ཤིན་ཏུ་གལ་ཆེའོ། ། གཉིས་པ་བསམ་གཏན་ནི། །ལུས་གནད་རླུང་སྦྱོར་སྔར་དང་འདྲ། ཡིད་ཀྱིས་ནི་རྟགས་ སྣང་དེ་ཁོ་ན་ལ་རྩེ་གཅིག་ཏུ་གཏད་དེ་བཞག་པ་ལ་འབད་པ་བྱའོ། །དང་པོར་སེམས་དང་ རྟགས་སྣང་རོ་གཅིག་ཏུ་བསྲེ་བའི་རང་རིག་ཙམ་ལ་འཇོག་པ་ནི་རྟོག་པ། དེ་དང་དབྱེར་མེད་ པའི་རྟགས་སྣང་ལ་ཞིབ་མོར་དཔྱོད་པ་ནི་དཔྱོད་པ་སེམས་སྣང་གཉིས་གཅིག་ཏུ་ཤེས་པས་ ཡིད་བདེ་བ་ནི་དགའ་བ། དེས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ནི་བདེ་བ། དབང་ ཡུལ་གཅིག་ཏུ་འདྲེས་པ་ནི་རྩེ་གཅིག་པའོ། །དེ་རྣམས་རིམ་པ་བཞིན་དུ་སྐྱེ་བ་ཡིན་ཏེ། རྩེ་ གཅིག་པ་བརྟན་ནས་བོགས་འདོན་ནི། གནོན་པ་དང༌། ཕྱི་དང༌། ནང་ལ་དམིགས་པ་གསུམ་ མོ། ། 24-1-291 དང་པོ་ནི་སྔར་བས་སྦྱོར་བ་དྲག་ཏུ་བརྩམས་པ་ཡིན་ནོ། །དེ་ཡན་ཆད་ཉམས་སུ་ལེན་པ་ ལ། ས་རྡོ་རི་བྲག་སོགས་གསལ་པོར་མཐོང་བ་མ་ཡིན་པའི་ཕྱོགས་སུ་རྟགས་སྣང་འཆར་སླ་ བས། དེ་ལྟ་བུར་བསྒོམ་པར་བྱ་གསུང་སྟེ། མུན་ཁང་དང༌། ནམ་མཁའ་སྔོ་སངས་གང་རུང་ལ་ ལྟ་བ་ཡིན་ནོ། ། གཉིས་པ་ནི་དེ་ནས་སྣང་བ་འཚེར་བག་མ་ཡིན་པའི། སྣང་མིན་མུན་མིན་དུ་སྒོམ། དེ་ བརྟན་ན་གཉིས་པ་ནི་ལྟ་སྟངས་ངེས་མེད་དུ་བསླབ། སྣང་བ་སྣ་ཚོགས་ཀྱི་སྟེང་དུ་བསྒོམས། དེ་བརྟན་ན་གསུམ་པ་ནི་སྤྱིར་ལུས་ཀྱི་ནང་དང་ཁྱད་པར་རྩ་འཁོར་ལོ་བརྒྱད་པོ་སོ་སོར་རིམ་ པས་གཅིག་བརྟན་ནས་གཅིག་ལ་འབད་པ་ཡིན་ཏེ། དེ་ཡང་སྣང་བ་དང༌། རྟགས་སྣང་དང་ སེམས་གསུམ་རོ་གཅིག་པའི་ཚུལ་གྱིས་སྒོམ་སྟེ། དཔེར་ན་ཀ་བའི་སྟེང་དུ་ཐིག་ལེའི་སྣང་བ་ དྲངས། དེར་སེམས་ཞུགས་པ་བཞིན་སྒྲིམ་ནས་འཇོག་པའོ། ། ཉལ་བའི་རྣལ་འབྱོར་ནི་ཉིན་མོའི་སྒོམ་དེ་ཉིད་ལ་གཉིད་དུ་འགྲོ་ཁར་ཡང་རྩེ་གཅིག་ཏུ་ གྲིལ་བས། གཉིད་ཀྱི་རྣལ་འབྱོར་དམ་པར་འགྱུར་རོ། །དེ་ལ་ཡང་ཡང་གོམས་པས། རྨི་ལམ་ དུ་ཡང་སྒོམ་སྐྱོང་སྟེ། འདི་ལ། ཁྱད་པར་དུ་ཅི་ནས་ཀྱང༌། གཉིད་དང་རྨི་ལམ་དུ་དྲན་པར་བྱའོ་ ཞེས་འདུན་པ་དྲག་ཏུ་བྱའོ། །མཐར་དྷཱུ་ཏིར་ཐིག་ལེ་སྐྲ་རྩེའི་ཁྱོན་ལ་ཞིང་ཁམས་ཐམས་ཅད་ཀྱི་ གསལ་སྣང་བརྟན་པོར་ཤར་བ་ན། སྤོ་རན་པ་ཡིན་ནོ། ། དེ་ནས་སྲོག་རྩོལ་ནི། ཐོག་མར་ལྟེ་བའི་ཐིག་ལེ་སེར་པོ་ཡུངས་འབྲུ་ཙམ་ལ་དམིགས་པ་ ལ། རླུང་བགང་བ་དང༌། དགུག་པ་དང༌། རེངས་པ་དང་། རྡུལ་མཐའ་ཅན་རྣམས་བྱའོ། །དེ་ ལ་དགུག་པ་ནི་སྟེང་རླུང་ལྟེ་བར་བཟུང༌། འོག་རང་དགར་གཞག་པའོ། ། གཞན་གསུམ་ནི། ཨ་ཏི་ཤའི་ལུགས། རྣལ་འབྱོར་མའི་ཆོས་དྲུག་ཏུ་བསྟན་པ་དེ་ཉིད་ དང༌། ལག་ལེན་གཅིག་གོ །འདི་རྣམས་ལ་དྷཱུ་ཏིའི་ནང་གི་ཐིག་ལེ་ལ་སེམས་གཏོད་པ་ཁོ་ན་ 24-1-292 ལས་རླུང་ཐིམ་པ་དང་སྤྲོ་བའི་དམིགས་པ་མི་བྱེད་དོ། །དངོས་གཞི་ལ་རྡོར་བཟླས་དང་བུམ་ པ་ཅན་གཉིས་ལས། དང་པོ་ནི་ལྟེ་བའི་ཐིག་ལེ་ལས་རླུང་འགྲོ་འོང་འོད་ཟེར་སྣ་ལྔའི་རྣམ་པ་ འབྲུ་གསུམ་གྱི་སྐད་ཀྱི་གདངས་ཅན་དུ་མོས་ལ། འབྱུང་བ་ན་ཨཱ། འཇུག་པ་ན་ༀ། གནས་པ་ ན་ཧཱུཾ། ཞེས་ཧཱུཾ་ཐ་མར་འབྱུང་བ་བྱ་ལ། འདིའི་གནད་ནི་རྡོ་རྗེ་ཕྲེང་བ་དང༌། སེམས་ཀྱི་ཕྱག་རྒྱ་ དང༌། གསང་འདུས་ལུགས་གཉིས་ནས་ཤིན་ཏུ་རྒྱས་ལ་འགངས་ཆེ་བ་མདོར་བསྡུས་སེམས་ འགྲེལ་རྣམས་དང༌། འདི་ཉིད་ཀྱི་དོ་ཧར་འབྱུང་ངོ༌། །གལ་ཏེ་ཐིག་ལེ་སྒོམ་པ་དང༌། སྦྱོར་བ་ བཞི་པོ་སྔོན་དུ་མ་སོང་ན། འདིར་ཡང་རྩ་དང་ཐིག་ལེ་མི་སྒོམ་པར་བཟླས་པ་ཙམ་བྱེད་ཅེས་ གུ་རུ་ཤར་ཕྱོགས་པ་གསུང་ངོ༌། ། བུམ་ཅན་ནི་སྤྱི་དང་འདྲ་སྟེ་འོན་ཀྱང༌། རྔུབ་གྲུབ་མ་ཐག་ཁ་སྦྱོར་བ་དང༌། མཉམ་དུ་ མགྲིན་གུག་ཙམ་དང༌། གཏོང་ཁར་རླུང་ཅུང་ཟད་མིད་ཅིང་ཡང་གུག་ཙམ་བྱ་གསུང༌། འདི་ སྐབས་དམིགས་པ་ལྟེ་བའི་དབུ་མ་སྟོང་སང་ངེ་བར། རྟགས་སྣང་དྲངས་ནས་རྩེ་གཅིག་ཏུ་ལྟ་ བ་ཁོ་ན་ཡིན་ནོ། ། ཡང་ན་ལྟེ་བར་སྔོན་པོ་སྦྲུལ་འཁྱིལ་བ་ལྟ་བུ་སྒོམ་པ་མན་ངག་ཀྱང་ཡོད་དེ་འདིར་སྦྱོར་ ཞེས་པ་དང༌། འདིར་རྡུལ་མཐའ་ཅན་ལ་རྟག་ཏུ་གསུས་པ་མ་ཞུམ་པ་ལྡིར་རེ་བས་བྱེད་ཅེས་ ཤར་ཕྱོགས་པའི་ཞབས་གསུང་ངོ་འདི་གོམས་ནས་བོགས་འདོན་དུ་གསང་བའི་རླུང་སྦྱོར་འདི་ བྱ་སྟེ་ལག་པ་པུས་འཁྱུད་ལྟ་བུས་ཙོག་པུའི་རྐང་པ་ལ་འཁྱུད། མགོ་བོ་བཏུད་དེ་དལ་ལ་རིང་ བ་དང༌། དྲག་པ་དང་ཤིན་ཏུ་དྲག་པས་བཏུད་མར་དྲངས། དེ་དང་མཉམ་དུ་འོག་རླུང་ཡང་ དྲངས་ཁ་སྦྱོར་ཙམ་ན་ལྟག་པ་ཁྱེད་ཁྱེད་གསུམ་བྱ། དེ་འདྲ་དབུས་དང་གཡས་གཡོན་དུ་རེ་རེ་ སྟེ་ལན་གསུམ། དེ་ནས་དྲག་ཏུ་ལན་གསུམ་འབུད་ལན་གསུམ་རྔུབ་ལ་བཟུང༌། དེ་ཀ་རྒྱུན་ ཏུ་བསྒོམས་པས་ཉིན་གཅིག་ཙམ་ལ་ཐུར་སེལ་དབང་དུ་འདུ་བའམ་སྔ་མའི་ཤུགས་ཡོད་ན། 24-1-293 སྲོག་ཐུར་རོ་གཅིག་ཏུ་འཕྲལ་དུ་འདྲེ་གསུང༌། སྐྱུག་པའམ་མགོ་ན་གྱེན་ཐུར་ལ་བཅག བུ་ག་ མང་པོ་སྒོམ་གསུང༌། འདི་སྐབས་བར་བར་དུ་ཞག་འགའ་རྩོལ་བ་ཀློད་ལ་ཅི་བདེར་འདུག་ གསུང་། དེ་ནས་ལས་རྒྱ་བསྟེན་པའམ་གཏུམ་མོ་སྒོམ། སྲོག་ཐུར་འདྲེས་པའི་རྟག་བརྟན་པོ་ བྱུང་ན། སྤོ་རན་པ་ཡིན་ནོ། ། དེ་ནས་འཛིན་པ་ནི། དྷཱུ་ཏིའི་ནང་གི་ལྟེ་བར་གཏུམ་མོ་གསུམ་འཁྱོག་ཁབ་ཙམ་གསལ་ བཏབ། སྟེང་འོག་གི་རླུང་ཀུན་དེ་ལ་ཐིམ་པར་བསམ་ཞིང༌། རྟགས་སྣང་དང་བསྲེས་ཏེ་བུམ་ ཅན་དང་སྦྲགས་ནས་སྒོམ། དེ་བརྟན་ན་སྙིང་ཁའི་ཐིག་ལེ་སྔོན་པོ་དང༌། མགྲིན་པའི་དམར་ པོ་དང༌། དཔྲལ་བའི་དཀར་པོ་དང༌། སྤྱི་བོའི་ཡང་དཀར་པོ་དང་གསང་བའི་དམར་པོ་རྡོ་ རྗེའི་སྔོན་པོ། ནོར་བུའི་ཡང་དམར་པོ་རྣམས་ལ་སྒོམ་ཞིང་སྤྱི་བོ་ནོར་བུ་ལྟེ་སྙིང་རྣམས་གཙོ་ བོ་ཡིན་ནོ། །བུམ་ཅན་བརྟན་པར་བྱས་པས། དེ་དེ་རྣམས་སུ་ཞུགས་གནས་ཐིམ་གསུམ་བྱས་ པའི་མཐར། སེམས་འགོག་པའི་རྡོ་རྗེར་འཇུག་ཅིང་ཁམས་ཕྲ་བ་དང་ཁམས་རགས་པ་ཐིམ་ པའི་རྟགས་སྣང་མཐར་ཕྱིན་པར་བྱས་པས། ལྟེ་བའི་དབུས་སུ་གཏུམ་མོའི་མེ། ཡེ་ཤེས་ཀྱི་ སྐུ། ལྷའི་རྣམ་པའི་གསལ་སྣང་བརྟན་པ་ན་སྤོ་རན་པ་ཡིན་ནོ། །ལམ་གྱི་ཉེར་མཁོ་འཕོ་བ་ནི་ དྷཱུ་ཏིའི་ཡས་མས་སྙིང་ཁ་རྣམས་སུ་ཟླ་ཉི་ཧཱུཾ་སྔོན་པོ་སྒོམ། བུམ་ཅན་བྱ། ཉི་མ་ཧཱུཾ་ལ་ཐིམ་ཟླ་ བ་ཡང་ཐིམ་ཧཱུཾ་མགོ་གྱེན་དུ་བསྟན། སྤྱི་བོའི་བར་དུ་སོང་བ་ཡང་ཡང་སྒོམ་པའོ། །ལྕེའུ་ཆུང་ འཐུང་བའི་སྐབས། དཔྲལ་བར་དབྱངས་བཅུ་དྲུག་སྒོམ་གཞན་ནི་འདྲ། དེ་ནས་འཛིན་པ་དེ་ ཉིད་ལ་ལས་ཀྱི་ཕྱག་རྒྱ་དང་སྦྱར་བས་བོགས་འདོན་པའམ། ཡང་ན་གཞན་སྔར་དང་འདྲ་ བ་ལས་གཏུམ་མོ་འབར་སྤྱི་བོའི་ཐིག་ལེ་ཞུ་སྟེ་དགའ་བ་བཞི་ངོས་བཟུང༌། གལ་ཏེ་དགོས་ ན་ངག་འདྲེན་སོགས་ཀྱི་ཟློག་པ་དང་དགྲམ་པར་བྱ། འདི་གོམས་པས་ལྟེ་བ་གཙོ་བོར་གྱུར་ པའི་གནས་སུ་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ། འཛིན་པས་རྗེས་དྲན་གྲུབ་པ་ཞེས་བྱ་བ་སྤོ་རན་པའོ། ། 24-1-294 འདིར་སོ་སོར་སྡུད་ཀྱི་དམིགས་པ་གསུམ་ལ་ཟླ་བ་གཉིས་གཉིས། བུམ་ཅན་ལ་ཟླ་བ་གསུམ། གཞན་པོ་གསུམ་ལ་ཟླ་བ་ཕྱེད་ཕྱེད་དོ། །ཕྱིས་ནི་རྟོགས་པའི་རིམ་པས་སྒོམ་པ་ཡིན་ནོ། ། རྗེས་དྲན་ནི་སྟོང་གཟུགས་ཀྱི་ལྷ་མོ་དང་ལས་རྒྱ་གཉིས་གཙོ་བོ་ཡིན་ཅིང༌། དེ་ཡང་སྐབས་ འགར་གཏུམ་མོ་ཡང་སྟེ། སྟོང་གཟུགས་ཀྱི་ལྷ་མོས་བདེ་ཆེན་འཕེལ་མི་ནུས་ན་ཕྱི་མ་གསུམ་བྱ་ ལ། གང་ལྟར་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་མནན་ནས་སྒོམ་པ་ལས། ཡས་བབས་གཙོ་བོར་ གྱུར་པའི་བདེ་བ་ལྷན་སྐྱེས་ཡང་ཡང་གོམས་པས་རླུང་སེམས་ཙམ་གྱི་སྐུ་གྲུབ་ན་བརྟན་པ་ ཡིན་ནོ། །དེ་ནས་ཕྱག་རྒྱ་ཆེན་པོ་ཁོ་ན་དང་སྔར་བཞིན་མཉམ་པར་སྦྱར་བའི་ཞུ་བདེའི་མཐར་ ཡས་བརྟན་ལ་ཡང་ཡང་གོམས་པར་བྱས་པས་རྡོ་རྗེའི་རྩེར་ཐིག་ལེ་གཅིག་བརྟན། འཕོ་བའི་ རླུང་གཅིག་ཐིམ་པ་ནས་སྟོང་བརྒྱད་བརྒྱ་པ་རེ་རེ་རྫོགས་པ་ན། ས་རེ་རེ་རྫོགས་ཏེ། རླུང་ཉི་ཁྲི་ ཆིག་སྟོང་དྲུག་བརྒྱ་འགགས། རྡུལ་སྤྱི་བོ་ནས་མར་བརྩེགས་པ་དང༌། ཟླ་བ་ནོར་བུ་ནས་ཡར་ བརྩེགས་པའི་ཚུལ་གྱིས་རྟེན་བརྟེན་པའི་འབྲེལ་པ་དག་པར་འགྱུར་རོ། ། དེར་ཏིང་ངེ་འཛིན་རྫོགས་པ་ན། ཕྱག་རྒྱའི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་ པོའོ། །དྲན་ཏིང་གཉིས་ཀ་ལ་བོགས་འདོན་ལས་ཀྱི་ཕྱག་རྒྱ་ཡིན་པས། དེ་དབང་རྟུལ་ཁོ་ ན་ལ་གསུང་པ་མིན་གསུང༌། ཡང་གུ་རུ་ཤར་ཕྱོགས་བའི་ཞལ་སྔ་ནས་དང་པོ་གཉིས་ལ་ཕྲ་ མོའི་རྣལ་འབྱོར། བར་པ་གཉིས་ལ་གཏུམ་མོའི་རྣལ་འབྱོར། ཐ་མ་གཉིས་ལ་བདེ་བའི་རྣལ་ འབྱོར། བོགས་འདོན་སྤྱོད་པ་སྐབས་གསུམ་དུ་སྤྱོད། དེ་རེ་རེ་ལ་སོར་སྡུད་སོགས་ཡན་ལག་ དྲུག་ལྡན་དུ་བཞེད་དེ། ཁྱད་པར་ཕྲ་མོ་སྔར་བཀོད་པ་རྣམས་མ་གཏོགས་ཉམས་ལེན་ལ་ཁྱད་ མི་སྣང་ངོ༌། །འདིར་བསམ་གཏན་གྱི་སྐབས་སུ་ལྟ་བ་པའི་རྡོ་རྗེའི་ཚིག་རྐང་གཅིག་པའི་མན་ ངག་མནོན་པར་མཛད་དེ་ངོ་སྤྲོད་པ་ནི་ཕྱག་གཞེས་དམ་པ་སྟེ་དེ་གཞན་དུ་ཤེས་པར་བྱ་ལ། གེགས་སེལ་ནི་ཞལ་ལས་བླང་བ་དང༌། གོ་དོན་ནི་དོ་ཧ་ཉིད་རྒྱས་ཤིང་བཟང་བས། དེ་མཉན་ 24-1-295 པ་དང་འཛིན་པ་གལ་ཆེའོ། །སྔོན་འགྲོ་ཟླ་བ་བརྒྱད་དམ་དགུ་དངོས་གཞི་འཛིན་པ་ཡན་ཆད་ ཉམས་ཁྲིད་ལོ་གཉིས་ཙམ་དུ་བསྐྱངས། དེ་མན་ཆད་ཚིག་ཁྲིད་བྱ་སྟེ་ལག་ལེན་ཞིབ་ཏུ་ཤེས་ དགོས་སོ། ། འདིའི་གཞུང་ཕལ་ཆེ་བ་དང༌། མན་ངག་རྫོགས་པར་གུ་རུ་ལྷོ་ཕྱོགས་པའི་ཞབས་ལས་ མནོས་གླུའི་རྒྱུད་གསུམ་པ་ཤས་ཆེ་བ། ས་དྱ་ནཱ་ཐ་ལས་ཐོས་ཤིང་སླད་ཀྱི་དེའི་ཞུས་དག་ཅི་ རིགས་པ་དང༌། ཆེས་ཟབ་པའི་ཚིགས་བཅད་གསུམ་སྔར་ཆད་པ་བསབ་པ་དང༌། མན་ངག་ གི་ལུས་ཚང་བ་གུ་རུ་ཤར་ཕྱོགས་པ་ལས་ཞུས་ཏེ། སྙིང་པོ་ནི་དེ་དག་གོ །ཞེས་པའང་རྗེ་བཙུན་ དཔལ་སྟག་ལུང་ཐང་པའི་བཀས་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལ་བྲིས་པའོ།། །།མངྒལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-296 ༄༅། །གུ་རུ་ལྷོ་ཕྱོགས་པའི་མན་ངག་བཞུགས། ༄༅། །ན་མོ་གུ་ར་བེ། ཛ་ལནྡྷ་རའི་གཞུང་གི་རྫོགས་རིམ་ནི་འདི་མིན་ཏེ། དབུ་མའི་ ནང༌། ལྟེ་བ་སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་སུ། ཨཾ་ཧཱུཾ་ༀ་ཧཾ་རྣམས་སྒོམ་སྟེ། ཁ་དོག་ནི་ དམར་སེར། སྔོན་པོ། དམར་པོ། དཀར་པོའོ། །དེ་ནས་རླུང་བཟུང་སྟེ་རྩེ་སྤྲད་པས། གློག་ ལྟར་འབར། ཡི་གེ་རྣམས་ཕུག ཧཾ་ལས་བདུད་རྩི་བྱང་སེམས་དཀར་པོའི་རྒྱུན་འོད་ཟེར་སྣ་ལྔ་ དང་བཅས་པ་བབས། དྷཱུ་ཏིའི་ནང་མེ་དང༌། ཁུ་བའི་རྒྱུན་དང༌། ཟིལ་བན་བུན་དང༌། འཇའ་ འོད་ཀྱིས་ཁྲིག་མེར་གང༌། མཐར་བྷ་གའི་བྱ་གདོང་ལྷག་པར་རྒྱས་པའི་ནང་གི་ཐིག་ལེ་ལ་ ཐིམ། ཡང་འབར་བ་སོགས་སྐྱར་ཞིང་སྒོམ་པ་ཡིན་ནོ། །ངག་གི་བཟླས་པ་སྤང་ཞེས་པར་རྡོར་ བཟླས་བྱེད་གསུང༌། རླུང་འཇོམས་སོགས་སྲོག་རྩོལ་ཏེ། བུམ་ཅན་དང་སྦྱར་ནས་བསམ་མེད་ དུ་འཇོག་པ་ཡིན་སྟེ་སྲོག་རྩོལ་ལོ། །ཁམས་གསུམ་དང༌། རང་ལྷ་དང༌། ཡི་གེ་ཐིག་ལེ། ནཱ་ད་ རྣམས་རིམ་གྱིས་ཐིམ་པའི་རྗེས་གཞིག་དང༌། དེ་ཀའི་ངང་སྐྱོང་བའི་སྟོང་པ་ཉིད་དང༌། སླར་ སྐད་ཅིག་གིས་ལྷར་བསྐྱེད་ནས། དེ་བློས་ལྕོགས་ཚད་དུ་སྤྲོས་ནས་རྡོ་རྗེའི་བཟླས་པ་བྱ་བ་སྟེ། གཏུམ་མོ་བུམ་ཅན། འོད་གསལ། བཟླས་པ་བཞི་སྟེ་རྫོགས་རིམ་ཆ་ཚང་ཞིག་གོ །འདི་རྣམས་ ཀྱི་ལག་སློངས་ནི་རྒྱས་པར་མི་གསུང་ངོ༌། །གུ་རུ་ལྷོ་ཕྱོགས་པའི་མན་ངག་གོ ། ཞེས་པ་འདི་ཡང་ཕུལ་ཏུ་བྱུང་བའི་མཁྱེན་བརྩེའི་ནུས་པས་མི་བཟད་པ་རྒྱན་གྱི་འཁོར་ལོ་རྣམ་པར་རྒྱན་པ་རྗེ་བཙུན་དཔལ་ སྟག་ལུང་ཐང་པའི་བཀའ་སྤྱི་བོས་ནོད་དེ། ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་སྦྱར་བའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་ རྙིང་། ཕྱི་མ། ༧༥༡ ཡིན།) 24-1-297 ༄༅། །འཁོར་ལོ་སྡོམ་པའི་མན་ངག་མཆོག ། དྲན་པ་གཅིག་པ་ཞེས་བྱ་བཞུགས།། མན་ངག་འདི་ཡི་འཕྲུལ་ལས་ནི། ། དགེས་པའི་རྡོ་རྗེའི་མིག་ཀྱང་བྱེད། ། དགེའོ།། ༄༅། །ༀ་སྭསྟི། པྲབརམཱཡམཎྜལཱིནིཔྲཔཉྩཔྲབྷསྭརཿ(༄༅། །ༀསྭསྟི། རབ་མཆོག་སྒྱུ་མའི་ དཀྱིལ་འཁོར་ཅན། །འོད་གསལ་ཤིན་ཏུ་སྤྲོས་མེད་ལས།།) ཨདྭཱིཛྙཱནསྭབྷཱབཱཏྨཤྲཱིཧེརུཀནམསྟུསྟེཿ(གཉིས་མེད་ ཡེ་ཤེས་རང་བཞིན་བདག །དཔལ་དགྱེས་སྒྲོན་མཛད་ཕྱག་འཚལ་བསྟོད།།) པྲཐམཾགུརུམཎྜལཔུརྦཾགམཾཡོགབྷཱ བཱེཏ། (དང་པོར་བླ་མའི་མཎྜལ་སྔོན་དུ་འགྲོ་བས་རྣལ་འབྱོར་སྒོམ་མོ།།) ཏཏཐཤཱུནྱཏཙིནྟཱཡེཏྲ། (དེ་ལ་དེ་ནས་ སྟོང་པ་ཉིད་བསམ་མོ།།) ༀཤུནྱཏཱཛྙཱནབཛྲསྭབྷཱབཱཏྨཀོ྅ཧཾ། (ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ།)ཨཐཱ ཏྨཀྵཎཻཀཤྨཤཱནམཎྜལེཧེརུཀརཱུཔེནྡྲནཱིལཛྭལབྷཱསྐཱར། (དེ་ནས་བདག་ཉིད་སྐད་ཅིག་གིས་དུར་ཁྲོད་ཀྱི་ དཀྱིལ་འཁོར་དུ་ཧེ་རུ་ཀའི་གཟུགས། ཨིནྡྲ་ནཱི་ལ་འབར་བའི་འོད་བྱེད་པ།) ལལིཏཀྲོདྷ སུམུཏྟིབཛྲབཛྲགཎྜདྷཱར སབྱེཏརཀརཔྲཐམཾ། (རོལ་པའི་ཁྲོ་བོ་མཛེས་པའི་སྐུ་ཅན། གཡས་དང་གཡོན་གྱི་ཕྱག་དང་པོ་རྡོ་རྗེ་དང་རྡོ་རྗེ་དྲིལ་ བུ་འཛིན་པའོ།།) དྭཱིཏཱིཡགཛཱཙརྨཾཏྲྀཏིཡཾཌམརུཀཁཊྭཱཾག། (གཉིས་པ་ན་གླང་པོ་ཆེའི་ལྤགས་པའོ།། གསུམ་པ་ ན་ཌ་མ་རུ་དང་ཁ་ཊྭཱཾ་ག) པརཤུཀཔཱལཙཏུཏྠཱི། (བཞི་པ་དགྲ་སྟ་དང་ཐོད་པ།) ཀརྟིཔཱཤཔཉྩམཱི། (ལྔ་པ་ན་ གྲི་གུག་དང་ཞགས་པ།) ཏྲིཤཱུལཤཱིརཥཊྚམཱི། (དྲུག་པ་ན་རྩེ་གསུམ་དང་མགོ་བོ།) ཡརྦདཱདྭཱདཤབྷུཛཾ། (དེ་ 24-1-298 ལྟར་ཕྱག་བཅུ་གཉིས་སོ།།) ནནབཱམལཱདིཏྱམཧཱཔྲེཏཱསནསྠིརཾ། (སྣ་ཚོགས་པདྨ་ཉི་མ་ཡི་དྭགས་ཆེན་པོའི་ གདན་ལ་གནས་པ།)ནཱིལཔཱིཏརཀྟཧརིམུཁ། (སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུའི་གདོང༌།) ཏྲྀ ལོཙནཾཛཱཊཱམུཀུཊཱི། (སྤྱན་གསུམ་དང་རལ་པའི་ཅོད་པན་ཅན།) ཙུརམཎིནནབཛྲརྡྷཙནྡྲཥཊྨུདྲབྷསྨཱབྷརཱ ཎཱི། (གཙུག་གི་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་ཕྱག་རྒྱ་དྲུག་དང་(ཚེག་བར་གཉིས་མི་གསལ།)བརྒྱན་པ་ ཅན།) བྱཱགྷྲཱམྦརཱཤྩནརསིརཧརལཾབིདྷཱརཀ། (སྟག་གི་ཤམ་ཐབས་དང་མི་མགོའི་དོ་ཤལ་འཕྱང་ཞིང་འཛིན་པ།) སཧཛཱསུནྡྷརཱིབཛྲཡོགིནཱིཨཱལིངྒི། (ལྷན་སྐྱེས་པའི་མཛེས་མ་རྡོ་རྗེ་རྣལ་འབྱོར་མ་ལ་འཁྱུད་པ།) ཡོགཱིནཱིསུཪྻབྷརྞ། བཛྲཀཔཱལདྷརིཎཱི། (རྣལ་འབྱོར་མ་ཉི་མའི་ཁ་དོག་རྡོ་རྗེ་དང་ཐོད་པ་འཛིན་པ་མོ།) དཱིགཱཾབརཱིབྷགབཱནྟཱདྭསཾཡོགཙི ནྟཡེཏུ། (ཕྱོགས་ཀྱི་གོས་ཅན་བཅོམ་ལྡན་འདས་དང་གཉིས་སུ་མེད་པར་སྦྱོར་བ་བསམ་པར་བྱའོ།།) ༀཧྲིཧཧཧཱུཾཧཱུཾཕཊ། (ༀཧྲིཧཧཧཱུཾཧཱུཾཕཊ།) ཛཔཱནྟུ། (བཟླས་པ་བྱའོ།།) པརཾགུརཱུཔདེཤེསཧཛམུརྟིབོདཡ། (གཞན་ཡང་བླ་མའི་མན་ངག་ ཏུ་ལྷན་ཅིག་སྐྱེས་པའི་སྐུ་ཡང་འབྱུང་ངོ༌།།) ཏྲྀབྷཱབབཛྲབིལིལཻཤྩཱཀྲྀཏིརེཀསྭཱཀཱཡེཥུཔྲཡོགཿ (ས་གསུམ་གྱི་རྡོ་རྗེ་ རྣམ་པར་རོལ་མ་རྣམས་དང་གཅིག་ཏུ་བྱས་པ་རང་གི་ལུས་རྣམས་ལ་ཡང་དག་པར་གཞུག་གོ ། ཛཱིབམཱནྟྲབཛྲཛཱཔེདཉྫསོཿ (སྲོག་གི་སྔགས་རྡོ་རྗེའི་བཟླས་པ་འདི་ལྟ་སྟེ།) པྲཱཎཱཔྲཱཎསྠཱིརབཱཡུཀྲམཾ། (སྲོག་དང་སྲོག་མིན་བརྟན་པའི་རླུང་རྣམས་ལ་ རིམ་པས།) ༀཨཱཿཧཱུཾཀཱརཾ། (ༀ་ཨཱཿཧཱུཾ་གི་ཡི་གེའོ།།) ཨབདྷཱུཏཱིནཱཌིནཱབྷིམདྷྱཱམ། (རྩ་ཀུན་འདར་མའི་ལྟེ་བའི་དབུས་ སུ།) བིདྷུཏྲེགེམསྟཱམཧཾཧྲིདཡེཧཱུཾ། (གློག་གི་རི་མོའོ། །མགོ་བོར་ནི་ཧཾ། སྙིང་ཁར་ནི་ཧཱུཾ།) པྲཱཎཱཡམུཙཎྜལཱིཛྭལཏེན། (སྲོག་གི་རྩོལ་པས་གཏུམ་མོ་འབར་བ།) ཀཏལིཕུལླམཱདྷྨབསནྟཤྲཱབཏབྷབེན། (ཆུ་ཤིང་མེ་ཏོག་གི་དཔྱིད་འཛག་ པར་བསྒོམ་པར་བྱ་སྟེ།) ཛྙཱནཛྭལྷུཙལབྷཝིཥྱཱཏི། (ཡེ་ཤེས་འབར་བ་མཐོང་བར་འགྱུར་རོ།།) ཙཏུརཱནནྡཀྲམཾསཧ ཛསུཁཤུནྱཏཔུགནདྭཱཙིནྟམཧཱཡོགསཱམདྷཱིསྠཱིརཡེཏ། (དགའ་བ་བཞིའི་རིམ་པས་ལྷན་སྐྱེས་བདེ་སྟོང་ཟུང་འཇུག་ བསམ་མི་ཁྱབ། རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན་བསྟན་པར་འགྱུར་རོ།།) སཾཔྲམུཁཱིབཱདཱིབྲྀཛིབྷིཀྵུམཧཱཏྨཔཱརམ། (བདག་ཉིད་ཆེ་མཆོག་རྡོ་རྗེ་ཡི། །སློབ་དཔོན་ཞལ་ལུང་ཡང་དག་སྨྲས།།) བཛྲཙཪྻོཔདེཤཀྲྀཏིཏྱཱནནྡགརྦྷཏཱརཾ། (མན་ངག་བྱེད་པས་སྤོང་བ་པ། །སྒྲོལ་བྱེད་དགེ་སློང་ཀུན་སྙིང་ཡིན།) ཙཀྲསམྦརོཔདེཤསམཱཔྟཾ།། །།(འཁོར་ལོ་བདེ་ 24-1-299 མཆོག་གི་མན་ངག་རྫོགས་སོ།། །།) ཤུབྷཱམཱསྟུ། (ཤུབྷ་མཱསྟུ།) ༄༅། །ༀནམོབཛྲསཏྭཱཡ། (༄༅། །ༀ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།) དཾཥྚཀར ལམཧཱབྷཱིམམཱནྟྲཀུསུམཱབཱལིབྷུཥིཏཱ། (མཆེ་བ་གཙིགས་ཤིང་འཇིག་པ་ཆེ། །སྒྱུ་མའི་མེ་ཏོག་ཕྲེང་བས་ བརྒྱན།།) མཧཱམཾསཔྲབྷུཛནཾཤྲཱིཧེརུཀནམོནམཿ (ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ ཕྱག་འཚལ་འདུད།།) ཨེཡམཽཤུནྱཏཱནུཨཱཏྨནཾཧེརུཀ (འདིར་སྟོང་པ་ཉིད་ཀྱི་རྗེས་སུ། བདག་ཉིད་ཧེ་རུ་ཀ) ཀུབལནཱིལརསྨཱིཛཱལཤྲིཥྚིཀམུརྟི། (ཨུཏྤལ་སྔོན་པོའི་འོད་ཀྱི་དྲ་བ་སྤྲོ་བའི་སྐུ།) མདྷྱནཱིལདཀྵིཎསཱིཏབཱ མལོཧིཏོཔརདྷུམྨྲཙཏུརཱདྷིཀྐཱལཱཥྚབཱཀྟྲཾ། (ཞལ་བརྒྱད་ཀྱི་དབུས་མ་སྔོན་པོ། གཡས་དཀར་བ་གཡོན་དམར་ བ། སྟེང་དུད་ཁ་ལྷག་མ་ནག་པོའོ། །) ཥོཌཤབྷུཛཀཔཱལོདྷཱརིགཛཱཤྭཁརགཱབཱུཐནརཤརྔུལབྷིལདཧིཎཀྲ མཾ། (ཕྱག་བཅུ་དྲུག་གི་ཐོད་པ་རྣམས་ན་གླང་ཆེན་རྟ་བོང་བུ་གླང་རྔ་མོ་མི་ཤར་དུ་(ཚེག་བར་ཁ་ཤས་མི་གསལ།)རྣམས་ འཛིན་པ་གཡས་ལ་རིམ་པས་སོ།།) པྲྀཐྭིཏོཡཱགྣིམརུདྩནྟྲཪྐཡམཀུབེརཿབཱམཀྲམཾ། (ས་ཆུ་མེ་རླུང་ཟླ་བ་ཉི་ མ་གཤིན་རྗེ་ལུས་ངན་རྣམས་གཡོན་ལ་རིམ་པས་སོ།།) ཙཏུཤྩཱརཎཔདྨཧསསྲཱངྴུདྡྷོནཱཙེལལིཏཱཾ། (ཞབས་བཞི་ པདྨ་དང་འོད་སྟོང་ཅན་གྱི་སྟེང་དུ་གར་གྱི་རོལ་པའོ།།) པཱིཏསཱིཏནཱིལཤྱཱམཙཏུརྨརཀྲཱནྟ། (སེར་པོ་དཀར་པོ་སྔོན་པོ་ ནག་པོའི་བདུད་བཞི་མནན་པ།) ཀཔཱལམུཀུཊཱིརུཌམཱལཱིབནྡྷུནེཏྲཀཔིལཛཱཊཱི། (ཐོད་པའི་ཅོད་པན་དང༌། རུས་ པའི་ཕྲེང་བ་ཅན། བནྡྷུའི་སྤྱན་དང་རལ་པ་སེར་སྐྱ་ཅན་ནོ།།) དེབཱིནཻརཱཏྨཀྲོདྷཱི། (ལྷ་མོ་བདག་མེད་མ་ཁྲོ་མོ།) ཤྱཱམཱ ཀརྟིཀཀཔཱལཁཊྭཱཾགདྷཱརཱིསཾབྷུཊིཀརམུཏྟིབྷཱབཡེཏཱ། (སྔོ་བསངས་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་ པ་དང་ཁ་སྦྱོར་མཛད་པ་བསྒོམ་པར་བྱའོ།།) ཨཙཪྻོཔདེཤམ། (སློབ་དཔོན་གྱི་མན་ངག་ལས།) པྲེཏཔིཋཔྲ ཏིཧེརུཀབཛྲཀཔཱལཁཊྭཱཾགདྷཱབཱཀྵྱཱ། (རབ་སོང་གནས་ལ་དགྱེས་པའི་ཧེ་རུ་ཀ་རྡོ་རྗེ་དང་མགོ་ཐོད་དང་ཁ་ཊྭཱཾ་ག་འཛིན་ པ་བཤད་དོ།།) ཧྲིདཡེཙནྡྲརབིསམཡོགམཧཱུཾབྷབེན། (སྙིང་ཁར་ཟླ་ཉི་མཉམ་པར་སྦྱོར་བ་ལ་ཧཱུཾ་བསྒོམ་མོ།།) པུ ནརཔརམནུརཱགཡོགོབཛྲམཎིཏཱིལསིརྶོརཱུཔཱིཙིནྟཱཡེཏྲ། (གཞན་དུ་ནི་རྗེས་སུ་ཆགས་པའི་སྦྱོར་པས་རྡོ་རྗེ་ནོར་ 24-1-300 བུའི་ཐིག་ལེ་ཡུངས་ཀར་གྱི་གཟུགས་ཅན་བསམ་མོ།།) ༀ(ལྷ་འཇམ་པའི་རྡོ་རྗེ།)དེབཔིཙུབཛྲཧཱུཾཧཱུཾཧཱུཾཕཊསྭཱཧཱ། (ༀ་དེ་ བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ།) ཨིཏིམཱནྟྲཾ། (ཅེས་པ་ནི་སྔགས་སོ།།)། ཡཏྟསྨཻཏཏྟྭོཔགཏཱཾ། (གང་དེ་དེ་ཁོ་ན་ཉིད་དུ་ ཉེ་བར་འགྲོའོ། །) གྲིཏིརིཡམཱནྡགརྦྷཏཱརནཱཐཧེབཛྲོཔདེཤབིརཉྫིཏཾ།། །། (དགེས་པ་རྡོ་རྗེའི་མན་ངག་ཕྱེད་ པ་པོ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་བྱས་པའོ།།)། ཀལྱཎབྷཱཏི། (དགེ་ལེགས་དུ་གྱུར་ཅིག།) བིཔུལཏིཥྛནྟུ། གོ་དྷ་ ལ་(བདག་སྐྱོང་བརྟུལ་ཞུགས་ཅན་)བྲཱ་ཏི་ཟེར་བའི་གྲངས་ཅན་སེར་སྐྱ་པ་ཞིག་དཀོན་མཆོག་ལ་དད་པ་སྐྱེད་དེ། དེས་བསྡུམ་ནས་ བདེ་དགེས་ཀྱི་མན་ངག་འདི་ལོ་ཉེར་གཅིག་ལ་བྱང་ངམ་རིངས་སུའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༤ ཡིན།) 24-1-301 ༄༅། །དྲན་པ་གཅིག་པའི་རང་འགྲེལ་བཞུགས། ༄༅། །ༀ་སྭསྟི། སངས་རྒྱས་ལ་ཕྱག་འཚལ་ལོ། །(གྲུབ་པ་བྱཱ་ད་ལའི་གདམས་པར་གྲགས་པའི་དྲན་ པ་གཅིག་པ་འདི་ལྔ་ཞིག་འཕགས་ཡུལ་བའི་མན་ངག་རིག་པ་དག་གིས་འཆད་དེ། འཁོར་ལོ་སྡོམ་པ་དང་། སྒྱུ་མ་བདེ་མཆོག་དང༌། ཧེ་བཛྲ་དང༌། མཧཱ་མ་ཡ་དང༌། གཤིན་རྗེ་གཤེད་དེ་ལྔའོ། །གྲུབ་པ་གཞན་རྣམས་ཀྱི་དགེས་པའི་རྡོ་རྗེ་ལ་སོགས་པའི་དྲན་པ་གཅིག་ པའི་མན་ངག་གི་བསྟན་བཅོས་ནི་མཐོང་མོད། མན་ངག་དུ་ནི་མ་ཐོས་སོ། །སྡོམ་པའི་དྲན་པ་གཅིག་པ་འདི་ནི། ཀཧྣ་པ་ཛ་ཡ་ཤྲཱི། སུ་དུརྫ་ཡ། བྱཱ་ད་ལ་སོགས་བརྒྱུད་པའི་རིམ་པར་འོངས་ནས་སྦས་པའི་ཞལ་སྔའི་བཀའ་དྲིན་ལས། སློབ་དཔོན་དམ་པ་མྱང་འདས་ དཔལ་གྱི་ཞལ་ལས་མནོས་པའོ།།) ༀ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ་ཧཱུཾ་སྭཱཧཱ། འདི་ལ་བདེ་མཆོག་འཁོར་ལོ་ཡི། །དྲན་ པ་གཅིག་པའི་མན་ངག་གིས། །དགེས་པའི་རྡོ་རྗེའང་རབ་ཏུ་གསལ། །གཉིས་ཀས་ལམ་ནི་ རྒྱས་པར་གྲུབ། ། བྱཱ་ད་ལ་པ་དའི་ཞལ་ལུང༌། དགེས་པའི་རྡོ་རྗེ་དྲན་པ་གཅིག་པ་ནི། ཕྱག་རྒྱ་བཞི་པའི་ སྙིང་པོ་དང༌། མར་མེ་གཅིག་པར་བཤད་ཟིན་ལ། གཉིས་པོ་འདི་ནི་སྡོམ་པའི་མན་ངག་ཉིད་ དུ་རིག་ཅིང༌། འོན་ཀྱང་ཕྲ་མོ་ཐིག་ལེའི་གོ་རིམ་དང༌། ཀུན་རྫོབ་རྣམས་དེ་ཉིད་ལ་གློ་བུར་དུ་ འཇུག་པ་ནི། རྡོ་རྗེ་གུར་གྱི་རྒྱུད་ཆེན་པོ་ན་ཡང་གསལ་བར་སྣང་བའི་ཕྱིར་དེ་དང་ཡང་སྦྱར་བ་ མོད་ཀྱི། གཏུམ་མོ་བསྒོམ་པ་ནི་དགེས་པའི་རྡོ་རྗེར་ལྷག་པར་གསལ་ན་རྣམ་པར་ཕྱེ་བའི་འདི་ 24-1-302 ཅི་ལྟར་འོས་ཞེས་རྒོལ་བ་དེ་ནི་གནས་མེད་དེ། ཐུན་མོང་དག་ལ་ཇི་ལྟར་མཐུན་མཐུན་དུ་སྦྱར་ བ་འདི་སློབ་དཔོན་གྱི་མན་ངག་ཏུ་ཐོས་པའི་ཕྱིར་དང་དཔྱིད་ཀྱི་རྣལ་འབྱོར་སྒོམ་པའི་གཏུམ་ མོ་ནི་ཇི་ལྟར་བདེ་མཆོག་ཏུ་གསལ་བར་གཞན་དུ་མ་ཡིན་པར་རིག་གོ །རྡོ་རྗེའི་བཟླས་པ་ཡང་ གཉིས་ཀར་གསལ་མོད་ཀྱི་དཔྱིད་ཐིག་དང་ལྷག་པར་འགྲེལ་བའི་ཕྱིར་བསྟན་བཅོས་ཀྱི་གོ་ རིམས་སུ་བདག་གིས་རྣམ་པར་བཞག་གོ །དེའི་ཕྱིར་སྒྲུབ་པའི་ཐབས་གཉིས་སོ་ཞེས་གླེགས་ བམ་སོ་སོར་མི་བྱ་སྟེ་མ་ཚང་བ་ལས་དག་པར་མི་འགྱུར་ལ། གཉི་གས་ནི་བྱང་ཞིང་རྫོགས་པ་ དགེ་བར་འགྱུར་རོ་ཞེས་གདམས་སོ། །བདག་ནི་རྣམ་ཀུན་ཉེས་བྲལ་ཡིན་མོད་ཀྱང༌། །མན་ ངག་འདི་ནི་སྐྱོན་བྲལ་ཀུན་ཏུ་དགེ །སྤྱོམས་པས་བྱས་མིན་འདི་ནི་རྒྱུད་པར་བཅས། །བླུན་ བློའི་གཟུ་ལུམ་མ་ཡིན་བསྟན་བཅོས་མཐོང༌། །དེ་ལ་ཚིགས་སུ་བཅད་པ་དང་པོ་འདིས་ནི་ མདོར་བསྟན་ཏེ་གཙོ་བོར་ནི་རྫོགས་པའི་རིམ་པ་སྟོན་ནོ། ། གཉིས་སུ་མེད་པའི་ཡེ་ཤེས་ནི་ཟུང་འཇུག་སྟེ། བདག་ཉིད་ནི་དངོས་པོ་ཐམས་ཅད་ལ་ ཁྱབ་པའི་རང་བཞིན། ཨཱཏྨའི་དོན་ནི་བི་བྷུ་ཞེས་པ་ཁྱབ་བདག་ཅེས་པའོ། །ཅི་ལྟར་ཁྱབ་ བདག་ཅེ་ན་ཡན་ལག་བདུན་དང་རོ་མྱང་བརྒྱད་དང༌། དབང་ཕྱུག་བརྒྱད་དང༌། ཡོན་ཏན་ བརྒྱད་ལྡན་གྱི་ཟུང་འཇུག་གི་ཡེ་ཤེས་ནི། བདེ་བ་ཆེན་པོ། རྟག་པ། ལས་དང་ཉོན་མོངས་ པའི་དབང་དུ་མ་གྱུར་པས་ཉོན་མོངས་པ་ཟད་པ་དང༌། གཙོ་བོས་ནི་སྒྲིབ་པ་ཐམས་ཅད་ཀྱང་ ཡོངས་སུ་སྤངས་པའི་ཕྱིར། ཁྱད་པར་འཕགས་པར་འབྱོར་པའམ། བྲལ་བས་ཐོབ་པ་དང༌། ཡེ་ཤེས་ལྟར་འཕྲིན་ལས་དང་གཟུགས་ཀྱི་སྐུ་ཡང་རྒྱུན་ཆད་པ་མེད་པས། རབ་ཏུ་གྱུར་པ་ དང༌། ཞིང་དང་སྣང་བ་ཐམས་ཅད་ལ་ཉེ་རིང་མེད་པར་གར་ཡང་ཕྱིན་པས། ཁྱབ་པ་དང༌། སྐྱེ་ བའི་ཚུལ་གྱིས་རགས་པ་ལ་འཇུག་པས་ཏེ། དེའི་ཕྱིར་ཁྱབ་བདག་གོ །ཟུང་དུ་འཇུག་པའི་རྒྱུ་ ནི་ཅི་ཞེ་ན། འོད་གསལ་ཏེ། ལས་ཞེས་པ་ནི་རྒྱུ་དང་འབྲས་བུའི་འབྲེལ་པའི་ཚིག་སྟེ། འོད་ 24-1-303 གསལ་ཁོ་ན་ཡང་མ་ཡིན་པས་སྒྱུ་མ་བདག་བྱིན་རླབས་པ་ཅན་ཞེས་སྨོས་སོ། །ཅན་ཞེས་པའི་ སྒྲས་སྒྱུ་མ་དང་ལྡན་པའི་འོད་གསལ་དེ་ཡང་རེས་འཇོག་མ་ཡིན་པ་དུས་མཉམ་པ་ཉིད་དུ་ སྟེ། རྒྱུ་ཡང་བདེན་གཉིས་རེ་རེ་བ་མིན་པས་ཟུང་འཇུག་ཁོ་ནའི་རྒྱུ་འབྲས་སོ། །ཅི་སྟེ་སེམས་ ཀྱི་རང་བཞིན་འོད་གསལ་བ་དང༌། བརྟན་གཡོའི་སྣང་བ་རང་བཞིན་གྱིས་གཉིས་ཆོས་དང་ བྲལ་བ་ཉིད་རྒྱུའམ་ཞེ་ན་དེ་ཡང་སྟེ། འདིར་བརྗོད་པའི་རྒྱུ་ནི་ལུས་སེམས་གཉིས་སྣང་ཕྲ་མོ་ དང་བཅས་པའི་ཟུང་འཇུག་ཡིན་པས་ན་བྱང་ཆུབ་སེམས་པ་འཕགས་པའི་ཡེ་ཤེས་ཀྱི་སྐུའོ། ། རབ་མཆོག་ཞེས་པ་དང་པོར་བཀྲ་ཤིས་པའི་ཚིག་གིས་དོན་གྱི་ཁྱད། ཆོས་བརྗོད་ནས། དེ་ ནས་དེ་གང་ལ་ཡོད་པའི་སྒྱུ་མ་ཞེས་སྨོས་སོ། །སྣང་བ་གང་གཉིས་ཆོས་ཀྱིས་བསྡུས་པ་ཐམས་ ཅད་ཀྱང་སྒྱུ་མའི་དཀྱིལ་འཁོར་ཉིད་ཡིན་མོད་ཀྱི་རབ་མཆོག་ཏུ་མི་འགྱུར་རོ། །པྲ་ནི་གཞིག་ ཏུ་མེད་པ་དང་མཚན་དཔེས་མཛེས་པའོ། །(བ་ར་?)ནི་ཡིད་བདེ་བས་མཉམ་པར་གཞག་པ་ དང་བསམ་གྱིས་མི་ཁྱབ་པར་འགྲོ་ལ་ཕན་པ་བསོད་ནམས་ཀྱི་ཚོགས་དང༌། དེའི་བདེ་བས་ དོན་དམ་རྟོགས་པར་སྤྱོད་པའོ། །ཤིན་ཏུ་ཞེས་སྨོས་པ་ནི་བརྒྱལ་བ་དང་གཉིད་དང་ཁུ་བ་འཕོ་ བའི་སྐད་ཅིག་དང༌། འཆི་བ་ལ་ཡང་སྤྲོས་མེད་ཅེས་བྱ་མོད་ཤིན་ཏུ་སྤྲོས་ཆེད་མ་ཡིན་ཏེ་སྒྲིབ་ པ་གཉིས་དང་མ་བྲལ་བས་སྤྲོས་པའི་བག་ཆགས་ཅན་ནོ། །དེ་ལྟར་ན་ཤུགས་ཀྱིས་སྒྱུ་མ་ལས་ འོད་གསལ། དེ་ལས་ཟུང་འཇུག་གི་རིམ་པའམ་ཡང་ན་རྫོགས་སངས་རྒྱས་ཀྱི་ཟུང་འཇུག་ ཉིད་རྒྱས་པ་དང་བསྡུས་པར་བཤད་པ་ཡིན་ལ། དེ་ཉིད་ནི་ཤྲཱི་ཧེ་རུ་ཀའོ། །ཧེ་ནི་སྟོང་ཉིད་ལས་ བདེ་བའམ་ཕན་པ་ཐོབ་པས་དགྱེས་པ། རུ་ནི་ཆོས་ཀྱི་སྒྲ་སྒྲོག་པའི་གསུང་གི་རང་བཞིན་རྡུལ་ གྱི་ཚོགས་པ་དང་བྲལ་བ། ཀ་ནི་ཀར་ཏེ་རྟག་ཆད་ཀྱི་མཐའ་སྲིད་ཞིའི་མཐའ་ལ་མི་གནས་པར་ འགྲོ་དོན་མཛད་པ་རྣམས་ཏེ་སྐུ་གསུམ་མོ། །ཤྲཱི་གཉིས་མེད་ཡེ་ཤེས་ནི་སྔར་བསྟན་པ་དེ་ཉིད་ དོ། །དེ་ལ་བདག་ནི་ཕྱག་འཚལ་ཏེ་གུས་པ་འདུད་ཅིང༌། དེ་ཐོབ་པའི་དོན་དུ་རྩོལ་བར་བྱེད་ 24-1-304 པ་ཉིད་དེ། ཕྲ་མོ་དང་ཐིག་ལེ་དང༌། གཏུམ་མོ་དང༌། རྡོ་རྗེའི་བཟླས་པ་དང་བསམ་མི་ཁྱབ་ རྣམས་བདེ་སྟོང་དང་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པའི་ཐབས་སོ། །སྟོང་པ་ལས་སྐད་ཅིག་གིས་ ལྡང་བ་ནི་སྒྱུ་མ་དང༌། དེ་ཉིད་དབྱིངས་སུ་བསྡུ་བ་ནི་འོད་གསལ་དང༌། །ཕོ་ཉ་བསྲེ་བ་དང་ ལུས་ལ་འཇུག་པ་ནི་སྤྲུལ་པའི་སྐུའི་སྒྱུ་མ་སྒྲུབ་པའི་ཐབས་བསྐྱེད་པའི་རིམ་པ་ཉུང་ངུ་ནི་དྲན་ པ་གཅིག་པ་འདི་ཡིན་ཏེ། དེའི་ཕྱིར་དེ་དག་ནི་མདོར་བསྟན་པའོ། །ཅི་སྟེ་དྲན་པ་གཅིག་པ་ནི་ ཅི་ཞིག་ཞེ་ན། འདིར་གཙོ་བོར་བརྗོད་པ་ནི་བསྐྱེད་པའི་རིམ་པ་དང༌། ཁ་ཅིག་ཏུ་ནི་ཡེ་ཤེས་ཀྱི་ སྐུ་ལ་ཡང་དེར་བརྗོད་དེ། དུས་གཅིག་ཉིད་དུ་དྲན་པའམ་རྩེ་གཅིག་ཏུ་དྲན་པའམ་དམིགས་པ་ གཅིག་ཉིད་དང༌། ཡིད་ལ་བྱེད་པ་གཅིག་ཁོ་ན་ཡིན་པས་ནའོ། །དེ་སྐད་དུ་ཡང༌། རྣལ་འབྱོར་ གསུམ་དུ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་ཡོངས་རྟགས་དང༌། །གཟུགས་ཉིད་ཡོངས་སུ་ གྱུར་པའོ། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་སྔགས། །སེམས་ཅན་རྫུས་ཏེ་སྐྱེ་བ་བཞིན། ། སྐད་ཅིག་གིས་ནི་གསལ་བར་བྱ། །དེ་ལྟར་གསུམ་ནི་ལྷའི་རྣལ་འབྱོར་ལས། དྲན་པ་གཅིག་ པ་འདི་ནི་ལས་དང་པོ་པ་དང༌། ཅུང་ཟད་བརྟན་པ་དང༌། བརྟན་པ་ཆེར་ཐོབ་པ་རྣམས་ལ་རིམ་ པས་ཡོངས་རྟགས་ཀྱི་རྣལ་འབྱོར་དང༌། བྱིན་རླབས་ཀྱི་རྣལ་འབྱོར་དང༌། གཟུགས་ཡོངས་སུ་ གྱུར་པ་རྣམས་སུ་འགྱུར་ཏེ། སྐད་ཅིག་གི་རྣལ་འབྱོར་ནི་ཕལ་ཆེར་ཡེ་ཤེས་ཀྱིས་བསྐྱེད་པ་ཉིད་ ཡིན་ན་ཡང༌། བསྐྱེད་རིམ་དུ་ཡང་མེད་པ་ནི་མ་ཡིན་ནོ། །རྣལ་འབྱོར་གསུམ་པོ་འདི་ཡང་བདེ་ སྟོང་གི་སྒྱུར་བས་སྔགས་ཕྱིའི་གོ་རིམ་གྱི་རྒྱུ་དང་འབྲས་བུར་འགྱུར་རོ། །ཅུང་ཟད་སྤྲོས་པས་ ཆོག་གོ །ཆོ་ག་ལས་འབྱུང་བ་ལྟར་རྒྱས་པའམ་བསྡུས་པའི་མཎྜལ་དབུལ་བ་ན་བསོད་ནམས་ ཀྱི་ཚོགས་བསགས་པའོ། །བླ་མ་རྡོ་རྗེ་སེམས་པས་དབུ་རྒྱན་པའི་ཧེ་རུ་ཀ་མདུན་གྱི་མཎྜལ་དུ་ ལྟས་ལ། མཆོད་ཅིང་བསྟོད་ནས་སེམས་བསྐྱེད་ལ་རང་ལ་སྟིམ་མོ། །ཡང་ན་འདི་ཡང་མྱུར་དུ་ ཡིད་ཀྱིས་སྦྱོར་བས་བྱའོ། །དེ་ལ་ཞེས་པ་ནི་རྣལ་འབྱོར་སྒོམ་པ་དེ་ལ། དེ་ནས་ནི་གོ་རིམ་གྱི་ 24-1-305 ཚིག་སྟེ་དེ་མ་ཐག་ཏུའོ། །སྟོང་པ་ཉིད་སྒོམ་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་འཆི་བའི་སྲིད་པ་སྦྱོང་ བ་ཆོས་ཀྱི་སྐུ་དང་འོད་གསལ་བ་ལམ་དུ་བྱེད་པའོ། །དེ་དག་ནི་བྱང་ཆུབ་ཀྱི་སེམས་གཉིས་ རྒྱུའི་ཚུལ་དུ་སྒོམ་པའོ། །ཞེས་སློབ་དཔོན་ཞལ་སྔ་ནས་སོ། །སྤྲོས་དང་བྲལ་བས་སྟོང་ཉིད། བདེ་བ་ལྷན་ཅིག་སྐྱེས་པའི་ཕྱིར་ཡེ་ཤེས། འོད་གསལ་ཐོག་མ་དང་ཐ་མ་ལས་འདས་པའི་ ཕྱིར་འཇིག་པ་མེད་པས་རྡོ་རྗེ། རང་བཞིན་ནི་ངོ་བོ། བདག་ཉིད་ནི་སེམས་སོ། །ཞེས་ང་རྒྱལ་ བྱའོ། །དངོས་པོ་མེད་པ་ནི་མེད་པའི་ཕྱིར་ཡེ་ཤེས་སུ་ཅི་ལྟར་འགྱུར། དེ་འཇིག་མི་འཇིག་ཅེས་ རྟོག་ན་ནི་ཤིན་ཏུ་བླུན་པས་རྡོ་རྗེའི་དོན་མེད་ལ། བདེ་བ་དང་སྟོང་པ་ཚོགས་པ་གཅིག་པར་ རྣམ་པར་རྟོག་པ་ནི་དཔྱད་པར་བྱས་ན། དོན་དམ་པ་ལ་ཚོགས་པ་མེད་པ་དང༌། དུས་མེད་ མེད་པའི་ཕྱིར་དང༌། གཉིས་ཀྱི་ཆོས་མེད་པ་དང༌། གཞན་ཡང་ཆོས་གཅིག་ལ་དངོས་པོ་དང་ དངོས་མེད་འགལ་བའི་ཕྱིར་དང༌། ཤེས་པ་དང་བེམ་པོ་རོ་གཅིག་ཏུ་ནམ་ཡང་འགྱུར་བ་མེད་ པའི་ཕྱིར། ཚོགས་པ་གཅིག་པ་དང༌། དུས་མཉམ་པ་དང༌། བདེ་བ་སྟོང་པ་ཐ་དད་དོ་ཞེས་སྨྲ་ བ་དང༌། གཅིག་ཏུ་སྨྲ་བའང་། བདེ་བ་དང་དངོས་པོ་དང་སྟོང་པ་དངོས་མེད་དང༌། བདེ་བ་ བེམ་པོ་དང་སྟོང་པ་བེམ་པོ་ལྟར་འདོད་པ་དོན་དམ་པ་མ་ཡིན་པར་རྡོ་རྗེ་སློབ་དཔོན་གྱི་ཞལ་ སྔ་ནས་བཞེད་དོ། །དེ་དག་ལས་ཁ་ཅིག་རྒྱལ་བས་བསྟན་པ་ནི། གནས་སྐབས་ཀྱི་བདེན་པའི་ དབང་དུ་བྱས་པའོ། །བདག་ཉིད་ཅེས་པ་ནི་ལུས་དང་ཡིད་ཅེས་དཔྱད་པ་མེད་པར་ང་རྒྱལ་བྱ་ སྟེ། སྐད་ཅིག་གིས་ཞེས་པ་ནི་ས་བོན་དང་ཟླ་བ་ལ་སོགས་པ་མེད་པར་རོ། །འདི་ནི་ལོངས་ སྤྱོད་རྫོགས་པའི་ལམ་མོ། །དུར་ཁྲོད་ནི་འཁོར་བ་འགགས་པ་མཚོན་པའོ། །རོལ་པ་ནི་འདོད་ ཆགས་ཀྱི་ཚུལ་ལོ། །མཛེས་པ་ཞེས་པ་ལ་ལྷའམ་སྐྱེས་བུ་ལྷག་པར་བཞིན་བཟང་བ་ནི་སྨིན་ མ་འཁྱོག་པ་ལ་སོགས་པ་ཡང་ལྷག་པར་མཛེས་པའོ། །ཡི་དྭགས་ཆེན་པོ་དྲག་པོ་དང་དུས་ མཚན་མའོ། །གདོང་ནི་ཞལ་རས་ཏེ་(ཚེག་བར་ཁ་ཤས་མི་གསལ།) སྔོན་པོ་ལ་སོགས་པའི་གདོང་ 24-1-306 བཞི་གཡས་སུ་སྐོར་བའམ། རྒྱབ་ལྗང་ཁུ་དང་གཡོན་དམར་པོའོ། །ཞེས་ཀྱང་(ཚེག་བར་ཞིག་ མི་གསལ།)བརྗོད་དོ། །སྤྱན་གསུམ་ནི་ཞལ་རེ་རེ་ཞང་སྟེ་སྤྱན་བཅུ་གཉིས་སོ། །ཐལ་པ་ནི་ཐལ་ ཆེན་ནོ། །(ཚེག་བར་ཁ་ཤས་མི་གསལ།)སྟེ་འཕྱར་པ་ནི་པགས་པའི་གོས་འཕྱར་བ་དང་དོ་ཤལ་ སྟེང་འོག་དུ་འཕྱང་བའོ། །ལྷན་ཅིག་སྐྱེས་པའི་ནི་ཡེ་ཤེས་དེ་སྐྱེད་པར་བྱེད་པས། ཐབས་དང་ ཤེས་རབ་གདོད་མ་ནས་ལྷན་ཅིག་སྐྱེས་པས་ནའོ། །ཉི་མ་ནི་ཉི་མ་འཆར་ཀའོ། །(ཚེག་བར་ཁ་ ཤས་མི་གསལ།)ཞེས་པ། སྦྱོར་བར་མཛད་ཅེས་པའི་དོན་དང་སྦྱར་བས། གཉིས་ཀྱི་སྦྱོར་བའོ། ། ལྷག་པར་འཁྲིལ་བས་འོད་ཟེར་རྣམས་འདྲེས་པ་བྱེ་བྲག་མི་ཤེས་པ་ལྟར་གྱུར་པས་གཉིས་སུ་ མེད་པའི། འཁྱུད་པ་ནི་གཡས་བསྐུམ་པས་སམ་བྱིན་པ་གཉིས་ཀྱིས་སོ། །ལྷན་ཅིག་སྐྱེས་པའི་ སྐུ་ནི་ཕྱག་གཉིས་པ། ལྷག་མའི་ཕྱག་བཅུ་དང༌། ལྷག་མའི་ཞལ་གསུམ་སྤངས་པའོ། ། ས་གསུམ་གྱི་རོལ་པ་མོ་ནི། རབ་གཏུམ་མ་ལ་སོགས་པའོ། །ཤེས་རབ་གཙོ་བོར་གྱུར་ པ་ཡིན་གྱིས། དོན་གྱིས་དཔའ་བོ་རྣམས་ཀྱང་བཟུང་ངོ༌། །ས་གསུམ་ཡང་དགུར་འགྱུར་ཏེ། དེ་སྐད་དུ། རྩ་བའི་རྒྱུད་ལས། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། ། ཞེས་སོ། །དེ་བས་ན་ཕྱི་དང༌། ནང་ལུས་དང༌། ཡེ་ཤེས་ཀྱི་རང་བཞིན་འོག་མིན་རྣམས་ཀྱི་ ས་གསུམ་གསུམ་གྱི་གནས་དང་དཔའ་བོ་རྣལ་འབྱོར་མ་རྣམས་གཅིག་ཏུ་མོས་པས་ཏེ། འདི་ ལྟར་ཡང༌། འདི་དག་རྣམས་སུ་མཁའ་འགྲོ་མ། །རྩ་གཟུགས་མཛེས་པས་ཡང་དག་གནས། ། དཔའ་བོ་ཉི་ཤུ་རྩ་བཞི་ནི། །ལུས་ཀྱི་ཁམས་སུ་རྟགས་པའོ། །གཅིག་ཏུ་བྱ་ཞེས་པ་དེ་རྣམས་ དང༌། ཧེ་རུ་ཀའི་སྐུའི་ཆ་ཤས་སོ། །ལུས་རྣམས་ལ་ཞེས་པ་རྩ་དང་ཁམས་ཐམས་ཅད་ལའོ། ། ཅི་སྟེ་ལུས་ཀྱི་རྡུལ་རེ་རེ་ཡང༌། ལྷག་པར་མོས་ན་རགས་པའི་བློས་རབ་ཏུ་འཇུག འདིར་ ཡང་དེ་ལྟ་མོད། འདི་ལ་ནི་ཁྱད་པར་གཞན་དུ་མ་ཡོད་དེ། གདོད་མའི་ལུས་ཀྱི་དཀྱིལ་འཁོར་ དུ་འགྱུར་བ་དང༌། ལུས་རྩ་ཁམས་ལ་སོ་སོར་ངེས་པའི་ཚུལ་གྱིས་དཔའ་བོ་སོགས་ཀྱིས་བྱིན་ 24-1-307 གྱིས་བརློབ་པ་དང༌། བརྟན་པ་ཆེར་ཐོབ་པས་འདི་བསྒོམས་ན། སྐྱེ་བའི་ཚུལ་གྱིས་སྤྲུལ་སྐུའི་ ལམ་དུ་འགྱུར་བའོ། །གཞུག་གོ་ཞེས་པའི་ལྷ་སྐུ་ཉིད་ཐ་མལ་དུ་སྣང་བ་དེ་དང་བསྲེ་བའོ། ། འདི་ནི་ལུས་ཀྱི་དཀྱིལ་འཁོར་བསྡུས་པའོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་འདི་རྫོགས་ པས་སྔགས་བཟླ་བ་དང་རྫོགས་པའི་རིམ་པ་སྒོམ་མོ། །ཚིག་གི་གོ་རིམ་གྱིས་ཕྱེ་བ་འདིས་ཕོ་ ཉ་བསྲེ་བ་འདི་དང༌། ལུས་ཀྱི་དཀྱིལ་འཁོར་འདི་ནི་སྤྱི་དང་ཁྱད་པར་ཕྱེ་བ་སྟེ། གཞན་དུ་མ་ བསྟན་པའི་ཞལ་ལུང་དུ་མཚོན་པས་ན་འཁྲུགས་པའམ་དཔེ་འཁྱུད་ནི་མ་ཡིན་ནོ། །དེ་ཡང་ བསྐྱེད་པའི་རིམ་པ་དང༌། དེ་དང་འབྲེལ་བའི་བདེ་སྟོང་དང༌། བཟླས་བརྗོད། ཡེ་ཤེས་ཀྱི་སྐུ་ དང༌། ལྷན་སྐྱེས་ཀྱི་དེ་ཉིད་དང༌། རླུང་དྷཱུ་ཏིར་འཇུག་པའི་རྣལ་འབྱོར་རྣམས་ནི་སྐུ་གསུམ་གྱི་ ལམ་སྟེ། དེ་སྐད་དུ་ཡང༌། ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས། །རིན་ཆེན་སྐུར་ནི་རྣམ་པར་སྦྱོར། ། བསམ་གཏན་རྡོ་རྗེ་རབ་བསམ་ནས། །རིན་ཆེན་སེམས་སུ་རབ་ཏུ་སྒྲུབ། །རྡོ་རྗེའི་བཟླས་ པའི་ཁྱད་པར་གྱིས། །དྲི་མེད་རྡོ་རྗེའི་གསུང་དུ་འགྱུར། །ཞེས་སོ། །སྔགས་ཀྱི་དོན་ནི་གཞན་དུ་ ཞེས་པར་བྱའོ། །རྡོ་རྗེའི་བཟླས་པ་ནི་རིམ་པ་གཉིས་ཀར་ཡོད་དེ། ཚིག་འདིས་ནི་རིམ་པ་དང་ པོའི་དེ་ཡང་འཕངས་སོ། །སྲོག་ནི་རླུང་དྲོད་ཀྱི་རང་བཞིན་མི་ཤིགས་པའི་ངོ་བོ་ཆོས་འཁོར་ གྱི་དྷཱུ་ཏིར་གནས་པའོ། །དེའི་སྔགས་ནི་ཡི་གེ་གསུམ་མོ། །རྡོ་རྗེ་ནི་རྡོ་རྗེ་གསུམ་མོ། །སྲོག་ལ་ སོགས་པ་ནི་རིམ་པ་འདིས་འོང་བ་དང་འགྲོ་བ་དང༌། ནང་དུ་གནས་པའོ། །རིམ་པས་ནི་རླུང་ དང་སྔགས་སོ་སོར་སྦྱར་བས་ཏེ་གོ་རིམ་བཞིན་གྱི་དོན་དུ་མི་འགྱུར་རོ། །ༀ་ནི་ཐམས་ཅད་ གསལ་བྱེད་དེ། །གྲུབ་ཅོལ་འདོད་པ་ཐམས་ཅད་བྱེད། །ཞེས་དང༌། རང་མིང་བརྗོད་པའི་ སྔགས་ལ་ནི། །མཐར་ནི་ཧཱུཾ་གཉིས་ཕཊ་དང་སྦྱར། །ཞེས་གསུངས་པ་ལས་ནང་གི་སྔགས་ནི་ འདི་ཉིད་དེ། འདི་ཙམ་གྱིས་ཀྱང་རྡོ་རྗེ་གསུམ་སྔགས་སུ་ལྷག་པར་གསལ་ཏེ། འདི་གང་ལས་ ཟླ་བའང་སྔགས་བཏུའི་དཀྱིལ་འཁོར་དུ། སྣ་ཚོགས་ལྟེ་བར་མི་ཤིགས་དགེ་ཞེས་མི་ཤིགས་པ་ 24-1-308 ལས་བཟླའོ། །དྷཱུ་ཏིའི་སྦྱོར་བ་མེད་པ་ནི་བསྐྱེད་རིམ་པའི་རྡོ་རྗེའི་བཟླས་པའོ། །གཏུམ་མོའི་ རྣལ་འབྱོར་ནི་རང་བྱིན་རླབས་པའོ། །གློག་གི་རི་མོ་ནི་གློག་ལྟར་གསུམ་འཁྱོག་གོ །རྩ་ཨ་བ་ དྷཱུ་ཏི་ནི་རྒྱབ་ཀྱི་ཆ་ལ་གཙོ་བོར་བརྟེན་པས། ཚངས་པའི་རུས་པ་དབྱུག་པའི་རྣམ་པ་ལ་ཐོག་ཐ་ རེག་པ་སྲོག་གི་དབྱུག་པའི་ཕྱོགས་གཅིག་གི་བར་ན་གནས་པ་སྟེ། དེ་སྐད་དུ་ཡང༌། ཕྲ་བ་ཕྲ་ བ་ཡང་དག་མཆོག །སུམ་ཅུ་རྩ་གཉིས་མདུད་དང་ལྡན། །ཕྱི་རོལ་མ་ཡིན་ནང་མ་ཡིན། །དེའི་ ནང་གི་ལྟེ་བའི་འཁོར་ལོ་ན་གནས་པ་ནི་གློག་གི་རི་མོའི་རྣམ་པ། མ་ལས་ཐོབ་པའི་རྡུལ་གྱི་ ཐིག་ལེ་ཡིན་ཏེ། ཇི་སྐད་དུ། རྒོད་མའི་མེ་ཡི་གཟུགས་ཀྱི་ནི། །ཕག་མོ་ཐིག་ལེར་བརྗོད་པ་སྟེ། ། ཞེས་པའོ། །མགོ་བོ་སྟེ་བདེ་བའི་འཁོར་ལོ་རུ་ལྟེ་བ་ལ་བརྟེན་པའི་རྩ། བ་ནུ་ལྟ་བུ་ཐིག་ལེས་ གང་བ་མི་ཤིགས་པའི་ཧམ་མོ། །སྙིང་ཁ་ཞེས་པ་ནི་ཆོས་འཁོར་གྱི་ལྟེ་བའོ། །དེ་ཡང་འདི་ལཾ་ བསྡོམ་པར་གཞན་ཀུན་བས་ཀྱང་དཔྱིད་ཁོ་ན་ལྷག་པར་བསྔགས་ཏེ། ལྟེ་བ་ཉིད་དང་ཅུང་ཟུང་ ཟད་འབྲེལ་བར་གཡོན་དུ་ཆུ་ཤིང་གི་མེ་ཏོག་ལྟ་བུའི་རྩ་སོར་གསུམ་གྱི་ཚད་དོ། །དེ་ནི་ཐིག་ ལེ་དྭངས་མས་གང་བ་རླུང་དྲོད་ཀྱི་བདག་ཉིད་འོད་ཟེར་ལྔ་དང་དབྱེར་མེད་པར་གནས་སོ། ། སེམས་བརྟེན་པའི་གཙོ་བོ་འདིའི་སྟོབས་ལས་དགའ་བ་དང་ཚིམ་པ་དང་ལུས་སེམས་བདེ་ བར་བྱེད་ཅིང༌། རྩ་མདུད་འདི་ནི་ཤིན་ཏུ་དབྱེ་དཀའ་བའི་ཕྱིར། དཔྱིད་དང་མི་ཤིགས་པ་ཞེས་ བཤད་དེ། སྙིང་ཁའི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙི་མོར་བཅས། །དེ་ཡི་ནང་དུ་ སོན་པའི་རྩ། །རང་གི་ངོ་བོ་འབར་བའི་མེ། །ཆུ་ཤིང་གིས་ནི་མེ་ཏོག་བཞིན། །འཕྱང་བཞིན་ཁ་ ནི་འོག་ཏུའོ། །དེའི་ནང་སོན་དཔའ་བོ་ནི། །ཡུངས་ཀར་གྱིས་ནི་སྦོམ་ཕྲ་ཙམ། །གཞོམ་མེད་ཧཱུཾ་ གི་ས་བོན་ནི། །བ་མོ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བས། །འདི་ནི་ དཔྱིད་ཅེས་བྱ་བར་བཤད། །དེ་ལ་བྱང་ཆུབ་ཀྱི་སེམས་ཙ་ན་ཀའི་ཚད་དང༌། རླུང་དང་མ་གཙོ་ བོར་བརྟེན་པའི་ཐིག་ལེའམ་སྙིང་པོ་ནི་ཡུངས་ཀར་གྱི་ཚད་ཙམ་ཧཱུཾ་གི་སྒྲ་ཅན་ནོ། །རྡོ་རྗེ་འཆང་ 24-1-309 ཆེན་པོས་ཡི་གེར་བསྟན་པ་ནི་ཡི་གེའི་གདངས་ཁོ་ནར་གནས་པ་ན་གཟུགས་ནི་དེ་ཉིད་མཚོན་ པ་སྟེ། གཞན་དུ་གཟུགས་ནི་ཀུན་ཏུ་འགྱུར་བའི་ཕྱིར་ཡི་གེ་མ་ཡིན་པས། གཟུགས་སུ་རྟོགས་ པ་དེ་ནི་མ་ཡིན་ནོ། །སྲོག་གི་རྩོལ་བ་ཞེས་པ་ལ་རྡོ་རྗེའི་བཟླས་པས་ཀྱང་རླུང་འགོག་མོད་ཀྱི། འདི་ནི་བུམ་པ་ཅན་གྱི་སྦྱོར་བ་ལྷག་པར་བརྗོད་དོ། །ཇི་ལྟར་སྲོག་གི་རྩོལ་བར་འགྱུར་ཞེས་པ་ དེ་ལ་བརྗོད་པ། མི་ཤིགས་པ་དང༌། རྡོ་རྗེ་གསུམ་སྔགས་ཀྱིས་ཀྱང་སྲོག་རྩོལ་དུ་བྱེད་མོད་ཀྱི། ཀུམྦྷ་ཀའི་སྦྱོར་བ་ལ་སོགས་པས་དང༌། རྣལ་འབྱོར་འདིས་ནི་ཐིག་ལེ་འདུ་འཕྲོད་དུ་འགྱུར་ ཞིང༌། དེའི་བདེ་བས་སྲོག་རྩོལ་དུ་འགྱུར་བ་འདི་ནི་ཆེས་ལྷག་པའོ། །གཏུམ་མོ་འབར་བ་ཞེས་ པ་ལ་སོགས་པས་དཔྱིད་དང་ཐིག་ལེ་ཁ་སྦྱོར་བས་མེ་བསིལ་བར་གྱུར་པ་སྟེ། བསིལ་བ་ནི་ བདེ་བས་གདུང་བ་དང་བྲལ་བ་ཡིན་གྱི་དྲོད་ཆུང་བ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང༌། ལས་ཀྱི་ རླུང་གིས་སྦར་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པས་ནི་ཆོག་ཤེས་ པ། །སྙོམས་པར་འཇུག་པ་རྣམ་པར་གནས། །འདི་ནི་ཧེ་རུ་ཀ་དཔལ་དཔའ། །དཔྱིད་ཀྱི་ཐིག་ ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་ནི་མདོམས་ཀྱི་མེ་རླུང་སྟེ། །དབུ་མའི་མས་སྣར་སྐྱེས་པའོ། ། དེ་སྐད་དུ་ཡང༌། བ་ལང་ཤ་དང་རྟ་ཤ་དང༌། །ཁྱི་ཤ་དག་དང་སྣ་ཚོགས་པས། །དཀྱིལ་འཁོར་ གྲུ་གསུམ་བྱས་ན་ནི། །སངས་རྒྱས་རྣམས་ཀྱང་ངེས་པར་འཇིག །དཀྱིལ་འཁོར་གྲུ་གསུམ་ ནི་ཚངས་པའི་མེ་ཛཱ་ལནྡྷ་རའོ། །ཤ་རྣམས་ནི་རྩ་རྣམས་ལས་ཁམས་འབབ་པ་བསྲེག་པའོ། ། སངས་རྒྱས་ནི་ཕུང་པོ་རྣམས་དཀར་དམར་གྱི་འདུ་འཕྲོད་ཀྱི་ཟད་པར་རོ། །ཡེ་ཤེས་ཞེས་ སོགས་ལ། ཡེ་ཤེས་ནི་དཔེར་གྱུར་པའི་ལྷན་སྐྱེས། རྣམ་རྟོག་སྲེག་པའི་ཕྱིར་འབར་བ། དབང་ ཤེས་ཐམས་ཅད་དེའི་ངོ་བོར་མངོན་དུ་གྱུར་པས་མཐོང་བའོ། །དེ་ལ་དགའ་བ་ལ་སོགས་པའི་ རིམ་པའི་མཐར་ལྷན་སྐྱེས་བརྟན་པོ་བདེ་སྟོང་གི་ཡེ་ཤེས་དཔེའི་ཚུལ་ཅན་མཐར་ཐུག་པ་ན་ བསམ་མི་ཁྱབ་བསྒོམས་པས་སྒྱུ་མ་དང་འོད་གསལ་གྱི་ངོ་བོས་བརྟན་པར་འགྱུར་ཞིང་དེ་ནས་ 24-1-310 སྔར་བསྟན་པའི་ལུས་ཀྱི་དཀྱིལ་འཁོར་གྱིས་སྤྲུལ་པའི་སྐུ་ལམ་དུ་བྱའོ། །ཇི་ལྟར་ན་བརྟན་པ་ ཡིན་ཞེས་པ་ལ་ལུས་ཡེ་ཤེས་ཀྱི་སྐུ་དང༌། སེམས་ཆོས་ཉིད་ཀྱི་གནས་ཚུལ་མངོན་གྱུར་པ་ནི་ དེའོ། །ལྷག་མ་གོ་སླའོ། །འཁོར་ལོ་བདེ་མཆོག་གི་མན་ངག་རྫོགས་སོ།། །། འདིར་མན་ངག་གཉིས་པ་ཡང་བརྗོད་པ། འཇིག་པ་ཆེ་ནི། རྡོ་རྗེ་འཇིགས་བྱེད་དམ་ འཇིགས་པ་ནི་དྲག་པོ་ཡིན་ལ། དེ་ཡང་བཅོམ་ལྡན་འདས་ཀྱི་མཚན་སྔགས་ཐོས་པ་ཙམ་གྱིས་ ཀྱང་སྐྲག་པར་བྱེད་ན་གཞན་ལྟ་ཅི་སྨོས་པས་འཇིག་པ་ཆེན་པོ་སྟེ། དེའི་ཡོན་ཏན་མངའ་བའོ། ། སྒྱུ་མའི་མེ་ཏོག་ནི་མེ་ཏོག་ལྟར་བྱས་པའོ། །འདིར་སྟོང་པ་སོགས་ལ་མཎྜལ་སོགས་པ་སྔོན་དུ་ འགྲོ་བས་སོ། །འདི་ལ་ཐུན་མོང་གི་ཆོ་ག་སྔོན་བཞིན་དུ་སྟེ། ལན་གཉིས་སུ་ཡི་གེས་ངལ་བར་ མི་འདོད་དོ། །ཧེ་རུ་ཀ་ནི་དགེས་པའི་རྡོ་རྗེའོ། །ཨུཏྤལ་སྔོན་པོ་ནི། དེ་ལྟར་སྔོ་བའོ། །ལྷག་ མ་ནི་རྒྱབ་ཀྱི་ཞལ་དུ་བཞེད་དོ། །ཤར་དུ་ལ་ནི་སེང་གེ་རྐང་པ་བརྒྱད་པའོ། །གར་གྱིས་ནི་ གཡོན་རྐྱང་བའི་གར་རོ། །རོལ་པ་ནི་འདོད་ཆགས་ཀྱི་སྒེག་པའི་གར་སྣ་ཚོགས་པའོ། །སེར་ པོ་སོགས་ལ་རིམ་པས། ཚངས་པ་དབང་པོ་གཏོགས་འདོད་དྲག་པོ་རྣམས་ཏེ་མནན་པ་ནི་ཇི་ ལྟར་རིགས་པར་རོ། །ཐོད་པ་ནི་ལྔའོ། །རུས་པའི་ཕྲེང་བ་ནི་ཕྱག་རྒྱ་དྲུག་དང༌། མགོ་བོའི་དོ་ ཤལ་ལོ། །བནྡྷུ་ལྟར་དམར་བའི་སྤྱན་ཉི་ཤུ་རྩ་བཞིའོ། །ཤྱཱ་མཱ་ནི་ནག་མོའམ་སྔོ་བསངས་མའོ། ། ཁ་ཊྭཱཾ་ག་ནི་སེ་རལ་ཁའི་ཚུལ་དུའོ། །དུར་ཁྲོད་ཀྱི་དབུས་སུ་རོལ་བས་ན། རབ་སོང་གནས་ལ་ དགྱེས་པའོ། །མན་ངག་ཏུ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ནི་སྙིང་པོའི་ཧེ་རུ་ཀའོ། །མགོ་ ཐོད་སྣ་ཚོགས་རྡོ་རྗེས་མཚན་པ་དང༌། ཡུམ་ཁ་ཊྭཱཾ་ག་སྤངས་པ་སྟེ། གཞན་ནི་བྱེ་བྲག་མེད་དོ། ། སྙིང་ཁ་ཞེས་པ་ལ་སོགས་པ་འདི་ནི་ཐུན་མོང་སྟེ་འདི་དྷཱུ་ཏིར་སྒོམ་པ་ནི་རྫོགས་རིམ་ཉིད་དོ། ། གཞན་དུ་ནི་ཞེས་པ་ནི་ཡང་ན་བའི་ཚིག་གོ །རྗེས་སུ་ཆགས་པ་སོགས་ལ་མཁའ་གསང་བྱིན་ གྱིས་བརླབས་ནས་བསྒོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཞུ་བའི་ཐིག་ལེ་དབུ་མའི་ 24-1-311 མས་སྣ་ནས་ཕྱུང་བ་ནོར་བུའི་ནང་དུ་ཤེས་རབ་མའི་རྩའི་ཁར་རྟག་གོ །འདིར་ཡེ་ཤེས་ཀྱི་རིག་ མ་སྨོས་པས་ལས་ཀྱི་ཕྱག་རྒྱ་ཡང་འཕངས་སོ། །འདི་ཡང་ཅུང་ཟད་བསྐྱེད་རིམ་དང་ཐུན་མོང་ དུ་གྱུར་པའོ། །དེ་ལ་ལུས་ཀྱི་དཀྱིལ་འཁོར་དང་ཕོ་ཉ་བསྲེ་བ་ནི་སྡོམ་པའི་ཚུལ་ཉིད་དུ་འདིར་ མི་སྦྱོར་བ་ཉིད་དམ། དེ་ནི་མ་ཡིན་ཏེ་ལྷའི་རྣལ་འབྱོར་འདི་ནི་སྡོམ་པའི་མན་ངག་གོ །འོན་ ཀྱང་ཡིད་ཀྱིས་ཡེ་ཤེས་པ་དང་བསྲེ་བ་ཙམ་ནི་གོང་དུ་བཤད་པའི་ཚུལ་གྱིས་བླངས་པས། སྒྲུབ་ ཐབས་ཀྱི་མན་ངག་འདི་དགེས་པའི་རྡོ་རྗེར་བཤད་པས་ལས་ཀྱང་འདའ་བ་ནི་མ་ཡིན་ནོ། །དེ་ ནས་སྔགས་ཏེ་ལུས་ལས་བྱུང་བའི་བདེ་བ་ནི་ལྷ་ཡེ་ཤེས་ཀྱི་སྐུ་རྡུལ་དང་བྲལ་བས་འཇམ་པ། འོད་གསལ་ཆོས་ཀྱི་སྐུ་ནི་རྡོ་རྗེ་སྟེ་དེ་དག་གཞི་མཐུན་པའི་ཚིག་གོ་ཞེས་གསུང་ངོ༌། །རྫོགས་ པའི་རིམ་པའི་བྱེད་པ་རྣམས་ནི་བསྐྱེད་པ་ལ་ཡང་དེ་ལྟར་ཡོད་དེ་རྒྱུ་དང་འབྲས་བུ་ལྟར་སྣང་ ངོ༌། །རྫོགས་པའི་ཕྱོགས་ལ་སྙིང་ཁའི་ཐིག་ལེ་འདི་ལས་རྡོ་རྗེའི་བཟླས་པ་ཡང་བྱ་བ། ལྷ་དང་ སྔགས་ཞེས་བསྟན་པ་ནི། ལྷ་ནི། མཁའ་འགྲོ་མ་ནི་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་དབུས་ སུ་ནི། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །འདི་དག་སྔོན་ཉིད་གྲུབ་པ་ཡིན། །རྩ་ཉི་ཤུ་རྩ་བཞི་ དཔྱིད་ཀྱི་རྩར་སྡོམ་པ་ལས། ཐིག་ལེ་སྐུ་གསུང་ཐུགས་ཀྱི་ཚུལ་ཡང༌། དེ་སྐད་དུ། ཐིག་ལེ་ཟླ་བ་ ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུངས། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །མུན་ ཅན་ནི་སྒྲ་གཅན་ཏེ་འདིར་ཧཱུཾ་ངོ༌། །སྔོན་ནས་གྲུབ་པ་ནི་གདོད་མ་ནས་སོ། །སྐུ་གསུང་ཐུགས་ དེའི་བཟླས་པ་ནི་རྡོ་རྗེ་གསུམ་བཟླས་སོ། །རྩ་བའི་རྒྱུད་ལས། རིགས་ལྔ་ལ་ནི་ཀུན་སྤྱོད་པ། ། རིགས་བཞིར་རབ་ཏུ་བརྟག་པར་བྱ། །རིགས་གཅིག་ལ་ནི་ཀུན་སྤྱོད་པ། །རྣལ་འབྱོར་མ་ གྲུབ་རབ་ཏུ་སྤྱོད། །རིགས་ལྔ་ནི་འབྱུང་བའི་རླུང་ངོ༌། །རིགས་བཞི་ནི་དངོས་སུ་རྒྱུ་བ་བཞིའོ། ། རིགས་གཅིག་ནི་ཁམས་ཕྲ་བར་ཐིམ་པས་གཅིག་པའོ། །རྣལ་འབྱོར་མ་སྟེ་ལྟེ་བའི་ཕག་མོར་ ཐིམ་པའི་ཚུལ་དུའོ། །གཞན་ཡང༌། ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ 24-1-312 ཟློས་དེ་བཞིན། །ཕྱག་རྒྱ་སྟེ་མི་ཤིགས་པའམ་ཕག་མོ་ལས་རྡོ་རྗེའི་སྔགས་གསུམ་དང་ལྡན་ པར་ཟློས་པས། མཐར་དཔའ་བོ་སྟེ་སྙིང་ཁར་ཐིམ་པའོ། །དྷཱུ་ཏིའི་སྦྱོར་བ་དང་བྲལ་བ་ལས་ ལྷན་ཅིག་སྐྱེས་པར་མི་འགྱུར་ཏེ་འཇུག་པ་དང་འཆིང་བ་དང་ཐིམ་པར་མི་ནུས་པས་སོ། །དེ་ ཡང༌། ཕྱག་རྒྱ་དང་བྲལ་གསང་སྔགས་ནི། །ལུས་ཅན་རྣལ་འབྱོར་འགྲུབ་མི་འགྱུར། །ཞེས་སོ། ། དེ་ནི་བསྐྱེད་རིམ་པ་རྣམས་རླུང་སྔགས་སོ་སོའི་ཚུལ་གྱིས་ཡི་གེའི་གཟུགས་ལ་སོགས་པར་ སྒོམ་མོ། །དེ་ལ་རིགས་བཞི་ནི། དེ་སྐད་དུ་ཡང༌། མེ་ཉིད་དང་ནི་རླུང་དང་ནི། །དབང་ཆེན་དང་ ནི་དེ་བཞིན་ཆུ། །འཁོར་ལོ་ཐུགས་ཀྱི་ཀུན་སྤྱོད་ལས། །སྟེང་ལོགས་ཐད་ཀ་འོག་ཏུ་གནས། ། ཞེས་སོ། །བཟླས་པ་ཡང༌། སྟེང་གི་གཤེགས་སུ་གསོལ་ཚུལ་དང༌། །འགྲོ་འོང་རབ་ཏུ་འཇུག་ རྣམས་ཀྱིས། །ཞེས་པ་དང༌། གསུམ་པའི་སྒོ་ནི་ཡིད་དང་བཅས། །ཟླ་བ་ཉི་མ་རབ་ཕྱེ་བས། ། གཞུག་དང་དབྱུང་བ་ཉིད་ལས་ནི། །སྒོ་ནི་དམ་པ་ཉིད་ཡིན་ཏེ། །ཞེས་གསུངས་སོ། །ནོར་ བུའི་ཐིག་ལེ་ནི་རྩ་བའི་རྒྱུད་དུ་ཡང༌། །འདི་ཡི་མཚན་མ་ཁྱིམ་དུ་ནི། །རྡོ་རྗེ་ལྟ་བུར་མེ་ལོང་ བཅས། །ཁྱིམ་ནི་ཤེས་རབ་ཀྱི་པདྨའོ། །རྡོ་རྗེ་ལྟ་བུ་ནི་ཐབས་ཀྱི་རྡོ་རྗེ་བྱིན་གྱིས་བརློབ་པའོ། ། མེ་ལོང་ནི་ཐིག་ལེའོ། །གཞན་ཡང༌། གང་ཚེ་རྡོ་རྗེའི་རྩེར་གནས་པ། །དེ་ཚེ་དེ་ཡང་སྣ་རྩེར་རོ། ། གང་ཚེ་ལོངས་སྤྱོད་རྫོགས་པའི་སྐུ། །ནུབ་པར་གྱུར་པ་དེ་ཡི་ཚེ། །བྷཱ་གའི་ནང་དུ་ཕྱིན་དེ་དང༌། ། ཡུངས་ཀར་ཙམ་དུ་རྣམས་བརྗོད་པ། །ཉི་མའི་གཟུགས་སུ་ཡང་དག་བཤད། །ཅེས་གསུངས་ སོ། །རྫོགས་པའི་ཕྱོགས་ལ་འདི་ཇི་ཙ་ན་སྒོམ་ཞེ་ན། དཔྱིད་ཀྱི་ཐིག་ལེ་ལས་དགའ་བཞི་ཐོབ་ པ་ནའོ། །གང་དེ་ཞེས་སོགས་ལ། ལྷའི་སྐུ་གང་དེའོ། །དེ་ཁོ་ན་ཉིད་ནི་འོད་གསལ་ཏེ་རྗེས་སུ་ གཞིག་པས་བསམ་མི་ཁྱབ་སྒོམ་པའོ། །དེའི་མཐར་སྟོང་པ་ལས་ལྷར་སྐད་ཅིག་གིས་ལྡང་བ་ ལ་མཁས་པས་མཉམ་པར་གཞག་གོ །ཆུ་ཡི་གཏེར་ལས་ཐིགས་ཚུལ་དུ། །མན་ངག་ཡོངས་ སུ་བླངས་བྱས་ན། །ཚིག་གི་རྗེས་འབྲང་ཉིད་མིན་ལ། །སློབ་དཔོན་གསུང་བཞིན་འབད་ 24-1-313 པས་བྱས། །དེ་རྣམས་ཀྱི་འཐད་པ་ནི་ཆ་ཙམ་གྱིས་རྟོགས་དཀའ་ཞིང་རྣམ་པར་ཕྱེ་ན་ནི་ཧ་ཅང་ མངས་པའི་ཕྱིར་བཏང་སྙོམས་སུ་བྱའོ། །དགེས་པའི་རྡོ་རྗེའི་མན་ངག་གོ །རིམ་པ་དང་པོའི་ ཕྱོགས་ལ་ཕྲ་མོའི་ཐིག་ལེ་དང༌། དབུགས་འབྱུང་རྔུབ་ལས་འབར་འཛག་གིས་དཔྱིད་ཐིག་ དང༌། དེ་ཁོ་ན་ཉིད་ལ་འཇུག་པ་རྣམས་ནི་བསྐྱེད་རིམ་བདེ་སྟོང་རྒྱས་འདེབས་པ་ཉིད་ཀྱི་ཕྱིར་ དང༌། དེའི་སྟོབས་ལས་ལྷ་ཡང་རྫོགས་རིམ་དུ་འགྱུར་བ་དང༌། རྫོགས་པའི་ཕྱོགས་ལ་ཐིག་ལེ་ དང་རྡོ་རྗེའི་བཟླས་པ་དང༌། དཔྱིད་དང་ཐིག་ལེ་ནང་གི་སྙོམས་འཇུག་དང༌། ཕྲ་མོ་ནོར་བུའི་ ཐིག་ལེ་དང་བདེ་སྟོང་དེས་བསམ་མི་ཁྱབ་བསྒོམས་པས། སྙིང་ག་དང་ལྟེ་བ་དང༌། དེ་གཉིས་ ཀ་དང༌། མས་སྣ་དང༌། སླར་སྙིང་ཁའམ་ལྟེ་བར་གནད་དུ་བསྣུན་པའམ། ཡང་ན་ནག་པོའི་ ཞལ་སྔའི་རིམ་པས། ནོར་བུ་ཐིག་ལེའི་རྗེས་སུ་བཟླས་པའི་དེ་ཉིད་སྒོམ་པ་དང༌། བསམ་མི་ ཁྱབ་ཀྱང་ལྟེ་བར་བསྒོམས་པས་སྙིང་གར་གནད་དུ་རེག་པའོ། །དེ་ན་ནི་དགའ་བ་བཞིའི་ལམ་ གྱི་འགྲོས་སུ་སྦྱར་བར་བྱའོ། ། མན་ངག་མང་དུ་མཉན་ནས་སྡོམ་པ་འདིའི། རྒྱུད་ཆེན་འགྲེལ་བཅས་གྲུབ་པའི་གཞུང་ མང་མཐོང་། །ཆོས་ཀྱི་རྗེས་འབྲང་བླ་མའི་ཞལ་ལུང་ལེན། །དད་པའི་རྗེས་འབྲང་འགྲོ་བ་བཞི་ བཅས་སྤངས། །ཉེས་སྨྲས་འཕགས་དང་མཁས་རྣམས་བཟོད་མཛད་རིགས། །ལེགས་སྨྲས་ དགེ་བས་འགྲོ་ཀུན་སངས་རྒྱས་གྱུར། །མ་རིག་སྨྲ་བ་པོ་རྣམས་ཁྲོ་འགྱུར་བཟོད། །འདི་ནི་རང་ ཉིད་ངལ་བསོ་དགའ་བསྐྱེད་ཡིན། ། ཅེས་པ་ནི་ཏཱ་ར་ནཱ་ཐས་རང་ལོ་མིག་ཟུང་ལ་ཉེ་བར་ཨོ་ཌི་ཡ་ཎ་རྫོང་དུ་སྦྱར་བའོ།། །།མངྒ་ ལཾ་བིསྟཱརཾ། ཤུ་བྷ་མཱསྟུ་སརྦ་ཛ་ག་ཏཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༤ ཡིན། ཡིག་འབྲུ་མི་གསལ་བའི་གནས་ཁ་ཤས་ཡོད།) 24-1-314 ༄༅། །དྲན་པ་གཅིག་པ་བཞུགས། ༄༅། །རྒྱ་གར་སྐད་དུ། ཨེ་ཀསྨྲྀཏ། བོད་སྐད་དུ། དྲན་པ་གཅིག་པ། རྡོ་རྗེ་ཧེ་རུ་ཀའི་ ཞབས་ལ་ཕྱག་འཚལ་ལོ། ། དེ་ནས་རྡོ་རྗེ་ཡང་དག་རྫོགས་སངས་རྒྱས། །གང་གི་ལམ་དྲན་གཅིག་པ་རབ་བཤད་ བྱ། །རང་སྙིང་ཡི་གེའི་འོད་ཀྱིས་དཀྱིལ་འཁོར་གྱིས། །འཁོར་ལོ་བཀུག་སྟེ་བླ་མེད་ཡན་ལག་ བདུན། །བསྒྲུབས་ནས་དོན་དམ་བསྒོམ་བྱ་ཧཱུཾ་ཡིག་ལས། །སྣོད་ཀྱི་འཇིག་རྟེན་ཆུ་སྐྱེས་གདན་ བཅས་སྒོམ། །ཧྲཱིཿལས་ཞལ་བཞི་ཁ་ཊྭཱཾ་གཞུ་དང་མདའ། །ཀ་པཱ་ལར་བཅས་མཉེས་བྱ་རང་ སྙིང་ཐིམ། །ལྷ་དང་སྔགས་ཀྱི་དེ་ཉིད་སྒོམ། །བཟླས་པ་རབ་ཏུ་སྦྱོར་བར་བྱ། །ཡང་ན་སངས་ རྒྱས་མཁའ་འགྲོ་མ། །རང་ཐབས་དང་འདུས་གོ་ཆ་དང༌། །རྡོ་རྗེ་རྣམ་གསུམ་བྱིན་རླབས་ནས། ། ༀ་ཡིག་བཟླས་པའི་སྦྱོར་བ་བྱ། །རྣམ་ལྔའི་རླུང་དང་ཐིག་ལེ་ནི། །སྙིང་ཁར་གཅིག་བསྡུས་ཡི་ གེ་བཟང༌། །ཉི་ཟླའི་དབུས་ན་རབ་བརྟན་མི་གཡོ་བ། །འདིར་མཐོང་སྤྲོ་བའི་སྦྱོར་ཤེས་འོད་ ཟེར་དང༌། །དུ་བ་མེ་ཁྱེར་སྒྲོན་མ་མཁའ་རྣམ་ལྔ། །མཐོང་བས་ཕྲ་མོ་རབ་ཏུ་རྟག་པར་བྱ། ། སྒྱུ་འཕྲུལ་ཆེན་མོའི་མན་ངག་ཡོན་ཏན་བརྒྱད་འཐོབ་པར་བྱེད་པ་དང༌། དོན་དམ་པས་ བླ་ན་མེད་པ། སྒྲུབ་པར་བྱེད་པའོ། །བྱཱ་ད་ལའི་མན་ངག་གོ ། 24-1-315 ༄༅། །སྒྱུ་འཕྲུལ་ཆེན་མོའི་མན་ངག་བཞུགས། ༄༅། །རྒྱ་གར་སྐད་དུ། མཧཱམཡོཔདེཤ བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་མན་ངག ཧེ་ རུ་ཀ་ལ་ཕྱག་འཚལ་ལོ། ། སྨྲས་པ། ལས་ཀྱི་རྡོ་རྗེ་རེ་ག་ཕྱེད་བཅས་བདུན། །ཐིག་ལེ་རླུང་གི་བདག་ཉིད་ལས་འགྲོ་ འོང༌། །རླུང་དང་སྔགས་དབྱེར་མེད་པའི་དེ་ཉིད་གང༌། །དབང་པོའི་ལམ་ལས་བདེ་བའི་མངོན་ ཤེས་ལྔ། །འབྱུང་འགྱུར་ཨཱ་ལི་ཀཱ་ལི་མཉམ་བྱས་ཏེ། །ལྟེ་བའི་རི་མོར་སྦྱར་བས་སྟེང་དུ་འབར། ། འོག་ཏུ་བདུད་རྩི་ཐིགས་པའི་ཚུལ་གྱིས་འབབ། །སྟེང་འོག་གཅིག་གཉིས་དག་ཏུ་སྦྱར། །ཡུལ་ དང་དབང་པོའི་གྲོང་འཇོམས་པ། །རླུང་འགོག་གསང་བ་དེ་དག་གོ །རླུང་དང་ཐིག་ལེའི་བདེ་ སྒྲུབ་པས། །ཁམས་གསུམ་དག་གི་ལམ་མཆོག་གི །བུད་མེད་ཇི་སྙེད་ཡོད་པ་རྣམས། །སྤྱན་ སོགས་རིག་མའི་སྦྱོར་བས་སྤྱད། །རོ་འཛིན་སྦྱོར་བས་མི་བྱེད་བཅིངས། །རླུང་གི་སྦྱོར་བས་ མི་ཡི་སྣ། །སྣ་ཡི་རྩེ་མོའི་དབུས་སུ་སྦྱར། །སྐད་ཅིག་འབར་དང་འཛག་པར་བྱེད། །སྙིང་ཁའི་ དཔའ་བོ་ཞུ་བ་སྟེ། །དེ་ཡང་རང་བཞིན་མེད་པའོ། །བདེ་བ་ཆེན་པོ་སྔགས་སུ་བརྗོད། །དེ་ དག་གོང་བུའི་གཟུགས་གཅིག་སྟེ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་འཐོབ། །དྲི་ཟའི་ སེམས་ཅན་རྨི་ལམ་ལུས། །རགས་དང་ཕྲ་བའི་དངོས་ཐིམ་པ། །སྐུ་གསུམ་རྣལ་འབྱོར་པ་ཡིས་ སྒོམ། །མགྲིན་པའི་པདྨར་ཡི་གེ་ༀ། །ཡང་ན་ནོར་བུར་རྟག་ཏུ་བསམ། །སྦྱོར་བ་འདི་ནི་ཉིད་ དུ་གསང་། །དང་པོའི་ལུས་ནི་དེ་ནས་སླར། །སྦོམ་པོའི་ཁམས་ལ་ཡང་དག་འཇུག །ཡང་དག་ མཐའ་ལ་དེ་འགྲོ་སྟེ། །རྣལ་འབྱོར་གཉིད་དང་ཡང་དག་ལྡན། །དེ་ནས་དཔག་ཚད་བརྒྱད་ཡི་ 24-1-316 ཁྱོན་ཙམ་དུ། །འདི་ནི་རབ་ཏུ་སྣང་བར་བྱེད། །རིག་པ་དང་བཅས་དཔའ་བོ་ནི། །རྒྱན་རྣམས་ སྤོས་དང་མེ་ཏོག་བཅས། །མཆོད་པའི་དཀྱིལ་འཁོར་འདོད་པ་སྤྱད། །གོང་བུ་ཁུ་བ་བུ་མོ་དག། བཀུག་ནས་འདོད་པའི་ལོངས་སྤྱོད་བྱ། །ཉི་ཟླ་རླུང་གི་སྦྱོར་བས་རིག་པ་འཛིན། །(པར་འགྱུར་ ཏེ། དེ་ནས་ཡང་།) འདི་ཡིས་སྒྱུ་འཕྲུལ་ཆེན་མོར་འགྱུར། །ཡོན་ཏན་བརྒྱད་དམ་མཆོག་ཡང་ན། ། དབང་ཕྱུག་བརྒྱད་དང་ལྡན་པར་འགྱུར། །རིག་མར་ལྷན་ཅིག་འོད་གསལ་གནས། །ཁ་ཊྭཱཾ་ག་ ནི་ལྷ་ཡི་སྐུ། །ཤེས་རབ་ཌཱམརུའི་སྒྲ། །ཤྲཱི་ཧེ་རུ་ཀ་སྙིང་ག །མེ་ནི་སངས་རྒྱས་མཁའ་འགྲོ་མ། ། རྣམ་བྱེད་དུས་སུ་གླུ་བླངས་ཏེ། །འདི་ཡིས་རྫོགས་སངས་རྒྱས་པར་འགྱུར། །ཀཱ་ལི་ཟླ་བ་ནཱ་ད་ སོགས། །རྫོགས་པའི་རྣལ་འབྱོར་འདིར་ཤེས་བྱ། །གཉིས་མེད་ཆོས་ཀྱི་རྣལ་འབྱོར་ཏེ། །བརྩེ་ བའི་སེམས་ཀྱིས་འདིར་བརྗོད་པའོ། །དེ་ལྟར་སྒྱུ་འཕྲུལ་ཆེན་མོ་ཤེས། །འབྱུང་པོ་མ་ཀུན་རབ་ གྲུབ་འགྱུར། །ཀམྦལ་དང་ཀླུ་བོད་ཞབས། །ཀླུ་དང་ཁྱི་མོའི་ཞལ་མངའ་ནས། །དྷརྨས་ཀྱང་ནི་ དེ་ལྟར་བཤད། །དེ་ནས་བདག་གིས་གྲུབ་པ་ཡིན། ། སློབ་དཔོན་བྱཱ་ད་ལའི་ཞབས་དངོས་གྲུབ་བརྙེས་པས་མཛད་པ་དྷརྨའི་ཞལ་སྔ་ནས་ ཀྱི་རིམ་པ་དཔལ་སྒྱུ་འཕྲུལ་ཆེན་མོའི་མན་ངག་རྫོགས་སོ། །མཧཱམཡའི་མན་ངག་དང་པོ་ འདི་རྒྱལ་བ་ཀུན་གྱི་ངོ་བོ་བུདྡྷནཱཐའི་གསུང་ལས་ཏཱརནཱཐས་བསྒྱུར་པའོ། །ཕྱི་མའི་གུ་རུའི་་་ ནིརྦཱཎཤྲཱི་ལས་གླེགས་བམ་སྟེང་ནས་ཞུས་པའོ།། །།བཀྲ་ཤིས། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༥༨༥ ཡིན།) 24-1-317 ༄༅། །དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་གྱི་ རིམ་པ་བཞུགས། ༄༅། །ༀ་སྭཱསྟི། བླ་མ་ལ་ཕྱག་འཚལ་ལོ། །དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་གྱི་རིམ་པའི། ཁྲོ་བོ་བཅུའི་སྲུང་མ་ དང་ཕྱིར་བཟློག་བྱེད་པར་འདོད་ན། སྐྱབས་སེམས་མཚན་མེད་བཞི་རྣམས་སྔོན་དུ་བཏང་། ༀ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ ཝཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་རྭ་རྣམས་ཤར་དཀར། བྱང་ལྗང་། ནུབ་དམར། ལྷོ་སེར། ལྟེ་བ་མཐིང་ ནག་ལ་ཧཱུཾ་གིས་མཚན་པ། དེའི་ལྟེ་བར། པད་ཉིའི་སྟེང་དུ་བྷྲུཾ་ལས་སྐྱེས་པའི་འཁོར་ལོ་སེར་ པོ་རྩིབས་བཅུ་པ། རྩེ་མོ་རྣོ་བ་ཁོག་པ་སྟོང་པ་ཡངས་ཤིང་རྒྱ་ཆེ་བ། གཡོན་སྐོར་དུ་ཤིན་ཏུ་ མྱུར་དུ་འཁོར་བས་མི་མངོན་པ་ལྟར་གནས་པར་གྱུར། འཁོར་ལོའི་ནང་གི་དབུས་དང་ཕྱོགས་ བཅུར་པདྨ་དང་ཉི་མའི་གདན། དེ་རྣམས་ཀྱིས་སྟེང་དུ་ཧཱུཾ་ཡིག་རེ་རེ། དེ་རྣམས་ལས་འོད་ཟེར་ འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སྡང་བ་དང་གདུག་པ་ཅན་ཐམས་ ཅད་ཚར་བཅད། སླར་འདུས་ཏེ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ ཉིད་ཧཱུཾ་མཛད་མཐིང་། །ཞལ་གསུམ་སྔོ་སེར་ལྗང་བའི་ཞལ། །ཕྱག་དྲུག་གཡས་གཡོན་དང་པོ་ གཉིས། ཐུགས་ཀར་ཧཱུཾ་མཛད་ཕྱག་རྒྱ་ཡིས། །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །ལྷག་མ་གཡས་ གཉིས་ལྕགས་ཀྱུ་ཞབས། །ཁ་ཊྭཱཾ་ཐོད་ཁྲག་གཡོན་གཉིས་པོ། །འཇིགས་བྱེད་དང་ནི་དུས་ མཚན་དག །གཡས་བརྐྱང་སྟབས་ཀྱིས་མནན་ཏེ་བཞུགས། །རང་མཚུངས་ཡུམ་གྱིས་སྐུ་ལ་ འཁྱུད། །ཤར་དུ་རྡོ་རྗེ་གཏུམ་པོ་སྔོ། །(དེ་ནས་ལྡེབ་གཅིག་ལྷག་མི་གསལ།) རྗེས་ཀྱི་བྱ་བ་སྤྱི་ 24-1-318 དང་འདྲ་ལ། མཆོད་འཕྲེང་དང་བསྟོད་པ་རྣམས་གཞན་ནས་ཁ་སྐང་བས་ལེགས་པར་འགྱུར་ རོ། ། འཕགས་མའི་སྒྲུབ་ཐབས་བྱས་པ་ལས། །དགེ་བ་ཉེར་བསགས་གང་དེ་ཡི། །ཡེ་ཤེས་དྲི་ མེད་འོད་ཟེར་ཅན། །སྐྱེ་བོ་རྣམས་ཀྱི་དེ་ཐོབ་ཤོག །ཅེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༨༧༩ ཡིན་ཀྱང་མ་ཡིག་མི་གསལ།) 24-1-319 ༄༅། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་ སྒྲུབ་ཐབས་བཞུགས། ༄༅། །ན་མོ་གུ་ར་ཝེ། ལྷན་སྐྱེས་བདེ་ཆེན་ཉམས་བརྒྱའི་རོལ་གར་མཁན། །འཆི་མེད་ན་ཆུང་སྒྱུ་འཕྲུལ་འཇོ་ སྒེག་ཅན། །རབ་དྲག་དུས་མཐའི་མེ་ལྟར་འབར་བའི་སྐུ། །རྡོ་རྗེ་བཙུན་མོས་རྟག་ཏུ་རྗེས་སྐྱོངས་མཛོད། ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་ནས། འགྲུབ་པར་ཤོག །གི་བར། ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀ་ ཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ལན་གཉིས་བརྗོད། སྲུང་བའི་འཁོར་ལོ་གྲུབ་པར་གྱུར། དངོས་སུ་ནང་མཆོད་བཤམས་ཡོད་ན་ལེགས། མེད་ནའང་ཡིད་ཀྱིས་བསམས་ པས་ཆོག དེ་ལ་དམིགས་ཏེ། ༀ་སུམྦྷ་སོགས་ཚར་གཅིག ༀ་སྭ་བྷཱ་ཝ་ཤུདྡྷཿདྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་ པའི་ངང་ལས་ཐོད་པ་བདུད་རྩིས་གང་བའི་དབུས་སུ། ཆོས་འབྱུང་ཡི་གེ་འབྲུ་གསུམ་དང་ བཅས་པར་གྱུར། འོག་ནས་འབྱུང་བའི་ༀ་གསུམ་མ་ཚར་གཅིག ༀ་ཨཱཿཧཱུཾ་བཾ། བདུད་རྩིའི་རྒྱ་མཚོ་ཆེན་ པོར་གྱུར། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་ དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག ། རང་གི་མདུན་དུ་རྩ་བའི་བླ་མ་དཔའ་བོ་རྡོ་རྗེ་ཆོས། སྐུ་མདོག་དམར་པོ་ཅང་ཏེ་ཐོད་པ་ཁ་ ཊྭཱཾ་ག་བསྣམས་པ། རང་ལ་དགྱེས་པའི་ཚུལ་གྱིས་བཞུགས་པར་གྱུར། བླ་མ་སངས་རྒྱས་བླ་མ་ ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །བདག་ལ་ བྱིན་གྱིས་བརླབ་ཏུ་གསོལ། །ལན་གསུམ། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །སྙིང་གར་ཆོས་ 24-1-320 འབྱུང་གྲུ་གསུམ་ཉིས་བརྩེགས་དབུས། །ཟླ་བ་ལ་གནས་བཾ་ཡིག་སྔགས་འཕྲེང་བཅས། །དེ་ ལས་འོད་འཕྲོས་སངས་རྒྱས་བྱང་སེམས་མཆོད། །སྲིད་པ་གསུམ་གྱི་སྡིག་སྒྲིབ་ཀུན་སྦྱངས་ ཤིང༌། །རང་ལུས་སྦྱངས་ཏེ་འོད་ཀྱི་གོང་བུར་གྱུར། །འོད་ཟེར་ཚུར་འདུས་བཾ་ཡིག་སྔགས་ འཕྲེང་སོགས། །གཅིག་ཏུ་འདུས་པ་ཡོངས་སུ་གྱུར་པ་ལས། །རང་ཉིད་བཅོམ་ལྡན་རྡོ་རྗེ་རྣལ་ འབྱོར་མ། །པདྨ་རཱ་གའི་མདངས་ཅན་གཟི་འོད་འབར། །གཞོན་ནུ་ལང་ཚོ་གསར་དུ་བདོ་བའི་ སྐུ། །དྲག་མོ་ཁྲོས་པའི་ཉམས་ཅན་སྤྱན་གསུམ་དམར། །ཅུང་ཟད་བཞད་ཅིང་མཆེ་བའི་མྱུ་གུ་ གཙིགས། །སྐྲ་ཚོགས་བུང་བ་ལྟར་གནག་སིལ་བུར་གྲོལ། །ཕྱག་གཡས་རྡོ་རྗེ་གྲི་གུག་མཐུར་ དུ་སྡིགས། །རབ་དཀར་ཐོད་པ་ཁྲག་ཆེན་གྱིས་གང་བ། །གཡོན་པའི་ཕྱག་གིས་སྟེང་ཕྱོགས་ འཛིན་པ་ལ། །ཞལ་རས་ཅུང་ཟད་ཕྱོགས་པས་གསོལ་བར་མཛད། །མཆན་ཁུང་གཡོན་དུ་ རྡོ་རྗེ་ཁ་ཊྭཱཾ་ག །གཞོམ་མེད་སྒྲ་ལྡན་དྲིལ་བུ་ཌ་མ་རུ། །མཛེས་པར་འཕྱང་བ་ཟུང་འཇུག་དོན་ དུ་འཛིན། །འཇིགས་རུང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཁྲག་འཛག་མི་མགོའི་དོ་ཤལ་ རུས་རྒྱན་ལྔ། །རབ་སྒེག་རྒྱན་གྱིས་བརྒྱན་ཅིང་མེད་དཔུང་འབར། །བདེ་བའི་ཉམས་རྒྱས་ འཁོར་ལོའི་དབང་ཕྱུག་མའོ། །སྐུ་ལས་འོད་འཕྲོས་ཁམས་གསུམ་སྣོད་བཅུད་སྦྱངས། །རྡོ་རྗེ་ ཕག་མོའི་དཀྱིལ་འཁོར་འཁོར་ལོར་གྱུར། །འོད་དུ་ཞུ་ནས་ཚུར་འདུས་རང་ལ་ཐིམ། །ཡེ་ཤེས་ སེམས་དཔའ་མདུན་གྱི་ནམ་མཁར་བྱོན། །ཕཻཾ་འབར་བའི་ཕྱག་རྒྱ་དཔྲལ་བར་སྐོར། །ཛཿཧཱུཾ་བཾ་ ཧོཿ ༀ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ལྟེ་བར་ༀ་བཾ་རྡོ་རྗེ་ཕག་མོ་དམར། །སྙིང་གར་ཧཾ་ ཡོཾ་སྔོན་མོ་གཤིན་རྗེ་མ། །རྨོངས་བྱེད་ཧྲིཾ་མོཾ་དཀར་མོ་ཞལ་གྱི་སྒོར། །དཔྲལ་བར་ཧྲེཾ་ཧྲིཾ་སེར་ མོ་བསྐྱོད་བྱེད་མ། །སྤྱི་གཙུག་སྐྲག་བྱེད་མ་ནི་ཧཱུཾ་ཧཱུཾ་ལྗང༌། །ཕཊ་ཕཊ་དུད་ཁ་ཡན་ལག་ཐམས་ ཅད་ལ། །ཙཎྜི་ཀ་ཡི་ངོ་བོས་བཞུགས་པར་གྱུར། །ལྷ་སྐུ་འཇའ་ཚོན་ལྟ་བུའི་ངང་ལ་དམིགས། ། རང་གི་ལྟེ་བར་ཆོས་འབྱུང་ཟླ་བ་བཾ་ཡིག་སྔགས་འཕྲེང་དང་བཅས་པར་གྱུར། དེ་ལ་སེམས་གཏད་ 24-1-321 དེ། བཟླས་པ་བྱ། ༀ་ༀ་ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ ཕཊ་ཕཊ་སྭཱཧཱ། ཞེས་པ་གང་ནུས་བཟླ། བསྐྱེད་པའི་རིམ་པའོ། ། ཡང་རང་གི་ལྟེ་བར་ཆོས་འབྱུང་གི་དབུས་སུ། བཾ་ཡིག་དམར་པོ་ཉམས་བདེ་བ་དང་ལྡན་པ་གཅིག་ལ་སེམས་འཛིན་ཏེ། རྫོགས་པའི་རིམ་པའོ། ། རང་གཞན་སྣོད་བཅུད་ཐམས་ཅད་བཅོམ་ལྡན་འདས་མའི་སྐུར་གསལ་བ་ཡང༌། ནམ་ མཁའ་ལ་འཇའ་ཚོན་དེངས་པ་ལྟར། འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་གྱུར། ཅུང་ ཟད་མཉམ་པར་བཞག སླར་ཡང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར། དགེ་བ་འདི་ཡི་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡི་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་ འཛིན་པའི་རྒྱུར་གྱུར་ཅིག །ཅེས་དགེ་བ་བྱང་ཆུབ་ཏུ་བསྔོའོ། ། གལ་ཏེ་གཏོར་བསྔོ་བྱེད་པར་འདོད་ན། བྲིས་སྐུའམ་ལུགས་སྐུ་སོགས་རྟེན་བཞུགས་སུ་གསོལ། དེའི་སྐུ་མདུན་དུ་ཟླུམ་ གཏོར་དཀར་རྒྱན་དམར་རྒྱན་ཅན། མཆོད་པ་ཆ་ཚང་དང་བཅས་པ་བཤམས། དེའི་མདུན་དུ་ནང་མཆོད་ཅིག་ཀྱང་བཤམས། གོང་ བཞིན་བདག་བསྐྱེད་བཟླས་པ་ཡན་ཆད་བྱ། གཏོར་མ་ལ་ཆང་ཕལ་པ་དང་ཆུ་དང༌། ནང་མཆོད་རྣམས་བྲན། ༀ་སུམྦྷ་སོགས་ དང༌། ༀ་སྭ་བྷཱ་ཝ་སོགས། ༀ་ཨཱཿཧཱུཾ་ལན་མང་དུ་བརྗོད་པས། མཆོད་པ་བྱིན་གྱིས་རླབས། དེ་ནས་གཏོར་མ་བྱིན་རླབས་ ནི། སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཏོར་མའི་འོག་ཏུ་ཡཾ་ལས་རླུང༌། རཾ་ ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ། དཔྲལ་ བ་རང་ལ་བསྟན་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ན་གོ་ཧ་ད་ཀུ་ ལས་ཤ་ལྔ། མུ་བི་མ་ཤུ་ར་ལས་བདུད་རྩི་ལྔ་རྣམས་ཧཱུཾ་བྲུཾ་ཁཾ་ཛྲིཾ་ཨཾ་ཡེ་ཤེས་ལྔའི་ངོ་བོས་མཚན་ པ། རླུང་གཡོས་མེ་སྦར་ཞུ་ཞིང་བསྐོལ། རང་གི་སྙིང་གའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་ 24-1-322 དྲངས་ཏེ་བསྟིམས་པས། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ ཧོཿཧྲཱིཿ ༀ་གསུམ་མའི་མཐར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱཱ་ནུཏྤནྣ་ཏྭཏ་ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ བཏགས་པ་ལན་བདུན། བཛྲ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ། ཨཱཿཧཱུཾ། ༀ་གསུམ་མའི་མཐར་ༀ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་ མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་ སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང༌། །འཇིག་རྟེན་བྱ་བ་རབ་ འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །སྤྲོ་ན་སྐབས་འདིར་མཁའ་འགྲོ་སྤྱི་གཏོར་ཡང་བྱ། མཆོད་ སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་ དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་ གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་ རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། ། བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ ཞིང་ཆོས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་ འགྲུབ་ཤོག །ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་ བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ༀ་ ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ ཞིང་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་བཛྲ་མུཿ གཤེགས་སུ་ གསོལ་བའོ། ། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང༌། །ཉིན་ 24-1-323 མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །དེ་རྗེས་རང་ གཞན་སྣོད་བཅུད་ཐམས་ཅད་ཅེས་པ་ནས། རྒྱུར་གྱུར་ཅིག་གི་བར་གོང་བཞིན་བྱའོ། ། སྒྲུབ་ཐབས་ཉིན་བྱེད་ལོ་བརྒྱ་ཤར་བ་ལས། །གང་བློ་འདབ་བརྒྱའི་གེ་སར་བཞད་གྱུར་ཏེ། །ལྷན་སྐྱེས་རྐང་དྲུག་རོལ་པའི་ འཕུར་ལྡིང་གིས། །བདེ་ཆེན་སྦྲང་རྩིའི་དགའ་སྟོན་རྒྱས་གྱུར་ཅིག ། བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ནཱ་རོ་མཁའ་སྤྱོད་དུ་གྲགས་པའི་སྒྲུབ་ཐབས་སྙིང་པོ་འདི་ཡང༌། ལྕམ་ཡེ་ཤེས་དབང་མོས་ བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེ་ལེགས་འཕེལ། གཏོར་བསྔོ་འདི་འགྲུབ་ན་རྒྱུན་དུ་བྱ། དེ་མ་འགྲུབ་ན་དུས་བཟང་བརྒྱད་ལ་བྱ། དེ་ཡང་མ་འགྲུབ་ན། ཡར་ངོ་མར་ངོའི་ཚེས་ བཅུ་གཉིས་ལ་བྱའོ། །ཚེས་བཅུ་གཉིས་ཀྱང་མར་ངོ་གཙོ་ཆེ། གཞན་ཡེ་མི་ལྕོགས་ན། དགུན་ཟླ་འབྲིང་པོའི་ཚེས་བཅུ་ལའོ།། །། བཀྲ་ཤིས། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༠༦ ཡིན།) 24-1-324 ༄༅། །རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས། ༄༅། །རྒྱ་གར་སྐད་དུ། བཛྲ་ཡོ་གཱི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྣལ་འབྱོར་རྒྱུད་ལས་བཏུས། །བླ་མའི་ ཞལ་སྔ་ནས་ཀྱི་རིམ། །དཔའ་བོའི་རྒྱལ་པོ་ཞེས་བྱ་བ། །དམ་པར་བཏུད་ནས་བདག་གིས་ བཤད། ། དེ་ལ་དང་པོར་ཡིད་དང་མཐུན་པའི་གནས་སུ། ཆོས་ཀྱི་འཁོར་ལོར་མཆོག་གི་ས་བོན་ བསམ་པར་བྱ་སྟེ། ཕྱི་ནས་མདུན་དུ་དཀྱིལ་འཁོར་བསྒོམ་པར་བྱའོ། །གྲུ་བཞི་པ་ལ་སྒོ་བཞི་ པ། །དབུས་སུ་འདམ་སྐྱེས་ནོར་གྱི་བདག །དེ་དབུས་འཁོར་ལོ་བྲི་བ་ནི། །ཟུར་གསུམ་རྣམ་ པ་ཟུང་གིས་མཛེས། །དབུས་ཀྱི་ལྟེ་བ་ལ་དབུགས་བྲལ་གྱི་སྟེང་དུ་ཕྱི་ནས་ཇི་སྐད་འཆད་པའི་ ཚུལ་གྱི་རྡོ་རྗེ་རྣལ་འབྱོར་མ་སྐད་ཅིག་གི་བསམ་པར་བྱའོ། །འོད་ཟེར་གྱི་ལྕགས་ཀྱུས་ལྷ་ མོའི་འཁོར་ལོ་རྣམས་དགུག་པར་བྱ་སྟེ། ༀ་བྷཱི་ལ་ནཻ་ཏྲ་ཡཻ་ན་མཿཤར་དུའོ། །ༀ་ཀ་ར་ལཱི་ནཻ་ཏྲ་ ཡཻ་ན་མཿ ལྷོ་རུའོ། །ཨ་བི་ཀ་ཊ་དཾཥྚ་ལ་ན་མཿ ནུབ་ཏུའོ། །ༀ་ཀ་རོ་མི་མུ་ཁཱ་ཡ་ན་མཿ བྱང་ དུའོ། །ༀ་ཛཱ་ཡ་ཡཻ་ན་མཿ མེ་རུའོ། །ༀ་བི་ཛཱ་ཡ་ཡཻ་ན་མཿ བདེན་བྲལ་དུའོ། །ༀ་ཤནྟྱ་ཡཻ་ན་ མཿ རླུང་དུའོ། །ༀ་པུཥྚཻ་ཡཻ་ན་མཿ དབང་ལྡན་དུའོ། །ཟུར་དྲུག་པའི་འཁོར་ལོའི་རྩེ་མོ་རྣམས་ སུ་གཡས་བསྐོར་གྱི་རིམ་པས། ༀ་རཱ་ཏཻ་ན་མཿ ༀ་པྲ་ཏཻ་ན་མཿ ༀ་མ་ནུ་བྷ་བ་ཡཻ་ན་མཿ ༀ་ ར ད་དྷྱཻ་ན་མཿ ༀ་བྲྀད་དྷྱཻ་ན་མཿ ༀ་སིདྡྷྱཻ་ན་མཿ ༀ་དཎྜ་པ་ནི་བྷཻ་ར་བཱ་ཡ་ན་མཿ ཤར་དུའོ། །ༀ་ 24-1-325 ཤུ་ལ་པ་ནི་བྷཻ་ར་ནཱ་ཡ་ན་མཿ ལྷོ་རུའོ། །ༀ་ཀྵེ་ཏྲ་པཱ་ལཱ་ཡ་ན་མཿ ནུབ་ཏུའོ། །ༀ་ག་ན་པ་ཏ་ ཡེ་ན་མཿ བྱང་དུ་སྟེ་སྒོ་བཞིར་རོ། །ཤར་དང་ལྷོའི་སྒོ་བསྲུང་བ་ནི། རང་གི་མིང་གིས་མཚོན་ པའི་མཚོན་ཆ་ཅན། གཞན་ཐམས་ཅད་ནི་གྲི་གུག་དང་ཐོད་པ་འཛིན་པའི་ཕྱག་ཅན། ཐམས་ ཅད་ཀྱང་དྲི་མ་མེད་པའི་ཨུཏྤལ་སྔོན་པོའི་འདབ་མའི་འོད་ཀྱི་དྲྭ་བ་ཅན། ཇི་ལྟར་བཅོམ་ལྡན་ འདས་མ་ལྟ་བུར་ཐམས་ཅད་ཀྱང་ངོ༌། །དེ་ནས་མཆོད་པ་རྣམས་རང་གི་མིང་དང་རྡོ་རྗེ་གསུམ་ གྱི་ས་བོན་གྱིས་བྱིན་གྱིས་བརླབ་པོ། །དེ་ནས་དང་པོར། ཆུ་གཙང་གི་མཆོད་ཡོན་དབུལ་བར་ བྱ་སྟེ། བཅོམ་ལྡན་འདས་མའི་སྙིང་པོའི་མཐར་སྭཱཧཱ། ཤྲཱི་བཛྲ་ཡོ་གཱི་ནཱ་ཏར་པ་ཡཱ་མི་ན་མཿ དེ་ བཞིན་དུ་ཙནྡན་ལ་སོགས་པའི་ཆུས་ཀྱང་མཆོད་ཡོན་དབུལ་བར་བྱའོ། །གསུམ་པར་ནི་རྣམ་ པར་འཛག་པའི་རྡོ་རྗེ་ཉི་མ་དབུལ་ཞིང༌། ཡི་གེ་ལྔའི་མཐར་ཤྲཱི་བཛྲ་ཡོ་གཱི་ནཱི་པུ་ཛ་ཡཱ་མི་ན་མཿ སྔགས་དེ་ཉིད་ཀྱི་མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །སྙིང་པོའི་མཐར། བྷཱ་ག་ནཱ་ཏྱཻ་ཤྲཱི་ བཛྲ་ཡོ་གི་ནྱ་བཱ་ཡུ་དྷཱ་ཡཻ་ས་བཱ། ཧ་ནཱ་ཡཻ་ས་པཱ་རི་བཱ་རཱ་ཡཻ་ཤྲཱི་པྲ་ཙཎྜ་བྷཻ་ར་བ་ས་ཧི་ཏ་ཡཻ་ན་མཿ སྔགས་འདི་ཉིད་ཀྱིས་མཆོད་པ་དང་གཏོར་མ་ལན་གསུམ་དུ་དབུལ་པར་བྱའོ། །ཁྱད་པར་དུ་ མིའི་ཤའི་བདུག་སྤོས་དང༌། ཁྲག་ཆེན་པོའི་མཆོད་ཡོན་དབུལ་བར་བྱའོ། །ཅེ་སྤྱང་ལ་སོགས་ པའི་ཁྲག་ཐམས་ཅད་དང་བཟའ་བ་དང་བཅའ་བ་ཐམས་ཅད་ཕུལ་ནས་བསྟོད་པར་བྱ་སྟེ། ༀ་ དྷརྨ་ཀཱ་ཡ་སཾ་བྷོ་ག་ནིར་མཱ་ཎ་ཨོ་ཊི་ཡ་པུལླི་རཱ་མ་ལ་ཀཱ་མ་ཁྱཱཾ་ཀོལླ་གི་རི། ༀ་ཀརྨ་བྱ་གྲོ་ཧཾ་ཀུ་ ཊི་ལ་ཧྲྀ་ད་ཡཿ ཀརྨ་སུ་ཛ་ཌཿཀུ་ཀརྨ་པཱ་པཱཏྨཱ་ཀུ་མ་ཏི་ར་ཐ་ཧཱི་ནོ་གུ་ན། ག་ཎཻཿས་རཾ་ནཱུ་ནཾ་ཀིནྟུ་ སྨ་ར་ཧ་ར་པི་རོ་བནྟི་ཏ་ས་དེ་ཛ་ག་ཏྲཀྵཱ། (ཚེག་བར་ཞིག་མི་གསལ།)་བི་ལཱ་ས་ཏི་ཀྲྀ་པཱ་སཱ་ནི་རུ་པ་ མཱ་སྭཱཧཱ། དེ་ནས་ནི་སླར་ཡང་སྨོན་ལམ་དག་གདབ་པར་བྱས་ནས་སྙིང་རྗེ་ཆེན་པོ་དང་སྟོང་པ་ ཉིད་བསྒོམ་པར་བྱའོ། །སྟོང་པའི་ངང་ལས་ཨ་དིའི་བུའི་སྟེང་དུ་དྲོ་བའི་བཞི་པ་མཐར་གནས་ གཉིས་པའི་གདན་ལ་གནས་པ། དབྱངས་གསུམ་པས་ཉེར་བར་བརྒྱན་པ། སྒྲ་དང་ཐིག་ལེས་ 24-1-326 སྤྱི་བོ་མནན་པ་སྤྲོ་ཞིང་བསྡུ་བའི་བདག་ཉིད་བསྒོམ་པར་བྱའོ། །དེ་ལས་བཅོམ་ལྡན་འདས་ མའི་སྐུ་དབྱར་གྱི་སྤྲིན་ལྟར་སྔོ་བ། གྲི་གུག་དང་ཐོད་པ་ཁྲག་གིས་གང་བའི་ཕྱག་ཅན་མ། ལྷག་ མ་དག་གི་མཆོག་སྦྱིན་དང་མི་འཇིགས་པའི་ཕྱག་རྒྱ་ཅན། གཡས་བརྐྱང་གི་སྟབས་ཀྱི་ཡི་ དྭགས་ཀྱི་གདན་ལ་གནས་པ་སྤྱན་གསུམ་མ་དབུ་སྐྲ་སེར་པོ་གྱེན་ལ་བརྫེས་(ཚེག་བར་ཞིག་མི་ གསལ།)ཕྱག་རྒྱ་ལྔ་དང་མགོ་བོའི་འཕྲེང་བ་ཅན། རྩིག་པའི་ཐོད་པའི་ཅོད་པན་དང༌། ཕྱོགས་ ཀྱི་གོས་ཅན། དྲག་མོ་མེ་དཔུང་འབར་བའི་དབུས་ན་བཞུགས་པ། དེ་ཉིད་ཀྱི་གནས་གསུམ་ དུ། སྔགས་ཀྱི་ཡི་གེ་གསུམ་བསམ་པར་བྱས་ཏེ། ཡེ་ཤེས་ཀྱི་འཁོར་ལོ་རང་ཉིད་ལ་གཞུག་ པར་བྱའོ། །དབང་བསྐུར་ཏེ་སྤྱི་བོར་ནི་རྡོ་རྗེ་རྩེ་ལྔ་པའོ། །ཕྱིས་ནི་སྔགས་བཟླས་པར་བྱ་སྟེ། དང་པོར་ནི་རིག་བྱེད་རྣམས་ཀྱི་དང་པོ་སྦྱིན་ནོ། །དེ་ནས་ཇི་སྐད་བཤད་པའི་ས་བོན་སྦྱར་རོ། ། མཐར་ནི་མཆོག་གི་དབང་ཕྱུག་སྟེ། འདི་ཉིད་ཡང་ཡང་དུ་བཟླ་བར་བྱའོ། །དེ་ནས་ཇི་སྲིད་ ཡིད་སྐྱོ་བར་མ་གྱུར་གྱི་བར་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །ཕྱིས་ནི་སྔ་མ་བཞིན་དུ་འཁོར་ ལོ་ལ་མཆོད་ནས་བཟོད་པར་གསོལ་ཏེ་བདག་ཉིད་ལ་བསྡུ་བར་བྱའོ། །དེ་ནས་ནི་ཐམས་ཅད་ སྟོང་པ་རྣམ་པར་བསམས་ནས་ལས་ཐམས་ཅད་ལ་འཇུག་པར་བྱའོ། །དེ་ལྟར་ཟླ་བ་དྲུག་ཏུ་ ཡིད་ལ་བྱེད་པ་མེད་པར་བསྒོམས་པས་མངོན་སུམ་དུ་འགྱུར་བ་གང་ཡིན་པ་འདི་ལ་ཐེ་ཚོམ་ མི་བྱའོ། ། སྒྲུབ་པའི་ཐབས་ནི་རབ་འབྱུང་བ། །རྒ་དང་འཆི་ལས་རྣམ་སྒྲོལ་བ། །འདི་ནི་བདག་གི་ སྦྱར་བ་ལས། །འདོད་དང་ཐར་པ་གྲུབ་པར་ཤོག །སློབ་དཔོན་ཆོས་སྐྱོང་གི་ཞལ་སྔའི་རིམ་ པས་སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་གྱིས་མཛད་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ རྫོགས་སོ། ། (ཚེག་བར་ཁ་ཤས་མི་གསལ།) ཏཱརནཱཐས་བསྒྱུར།། །། དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ཨང་གྲངས་མི་གསལ་བ་ཞིག་ཡིན།) 24-1-327 ༄༅། །འཇིགས་བྱེད་ནག་པོ་ཆེན་པོའི་སྒྲུབ་ཐབས་བཞུགས། ༄༅། །རྒྱ་གར་སྐད་དུ། བྷཻ་ར་བ་མཧཱ་ཀ་ལ་སཱ་དྷ་ནཾ། བོད་སྐད་དུ། འཇིགས་བྱེད་ནག་པོ་ ཆེན་པོའི་སྒྲུབ་ཐབས། རྗེ་བཙུན་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། ། དཔའ་བོ་བདུད་བཞི་ལས་རྒྱལ་བ། །གདུལ་དཀའ་མ་ལུས་འདུལ་བ་པོ། །མ་མོའི་ ཚོགས་ཀྱིས་ཀུན་ནས་བསྐོར། །འབྱུང་པོ་རོ་ལང་ཚོགས་བཏུད་ནས། །དེ་ཉིད་ཀྱིས་གྲུབ་པའི་ ཐབས་བཤད་པར་བྱའོ། ། དཔའ་བོའི་གཡུལ་གྱི་སའམ། དུར་ཁྲོད་ཀྱི་གནས་སུ། རོའི་སྟན་ལ་ཉེ་བར་འདུག་ནས། སྙིང་ཁའི་པདྨ་ལ་གནས་པའི་ས་བོན་གྱི་འོད་ཀྱིས་ནག་པོ་ཆེན་པོ་བཀུག་ནས་མཆོད་པར་ བྱས་ཏེ། ཕྱིས་རང་ཉིད་ལ་བསྡུའོ། ། དེ་ནས་ནི་སྟོང་པ་ཉིད་བསྒོམ་པར་བྱའོ། །ཕྱིས་ནི་རྡོ་རྗེའི་གུར་གྱི་དབུས་སུ། བདག་ ཉིད་ཉི་མ་ལ་ཧཱུཾ་མིག་སྨན་ལྟར་གནག་པ་བསམ་པར་བྱའོ། །དེ་ལས་ནག་པོ་ཆེན་པོ། དབྱར་ གྱི་ཆར་སྤྲིན་དང་མུན་པ་ལྟར་གནག་པ། སྐྲ་སོར་པོ་གྱེན་དུ་བརྫེས་པ། མི་བཟད་པའི་ཞལ་ གདངས་ཤིང་མཆེ་བ་གཙིགས་པ། ཞལ་ནས་ཁྲག་འཛག་པ། གཏུམ་ཞིང་རབ་ཏུ་འཁྲོས་ པ་བྱིས་པའི་ལུས་ཅན། སྦོམ་ཐུང་སུས་པ། འཕྱང་བ། མིའུ་ཐུང༌། ཕྱག་རྒྱ་ལྔ་དང༌། མི་སྡུག་ པའི་རྒྱན་དང་ལྡན་པ། དང་པོའི་ཕྱག་གཉིས་ཀྱི་རྡོ་རྗེ་གྲི་གུག་དང༌། མགོ་བོའི་ཐོད་པ་ཁྲག་ དང་བཅས་པ་བསྣམས་པ། ལྷག་མ་གཡས་པའི་ཕྱག་གི་ནི། རལ་གྲི་དང་མདུང་རྩེ་གསུམ་པ་ 24-1-328 བསྣམས་པ། གཡས་བརྐྱང་བའི་སྟབས་ཀྱི་རབ་(སོང་?)གི་གདན་ལ་འདུག་པ། ཁྲག་འཛག་ པའི་མི་མགོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་སྨད་གཡོགས་ཅན། བསྐལ་པའི་ མཐའི་མེ་དང་མཉམ་པའི་འོད། འབྱུང་པོའི་ཚོགས་ཀྱི་མཆོག་ཏུ་བརྗེད་པར་བྱེད་པ། དེ་ཉིད་ ཀྱི་དཔྲལ་བར་ནི་ཐིག་ལེའོ། །མགྲིན་པར་ནི་རྣམ་པར་བཅད་པའོ། །སྙིང་གར་ནི་ཧཱུཾ་ཡིག་གོ ། དུར་ཁྲོད་ཀྱི་གནས་ཐམས་ཅད་ནས་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་བཀུག་སྟེ་ བདག་ཉིད་ལ་བསྟིམ་པར་བྱ་སྟེ། གཡོན་དང་གཡས་ཀྱི་དཔུང་པ་གཉིས་དང་ལག་པ་གཉིས་ དང༌། བརླ་གཉིས་དང༌། རྐང་པ་གཉིས་བསྣམས་ལ་ནི་རིམ་པས་ནག་པོའི་ཡན་ལག་སྒྲོག་ བྱེད། གཏུམ་པོ། ཁྲོས་པ། ཡིད་མྱོས། ཐོད་པ་ཅན། འཇིགས་རུང༌། སྤྲོ་བྱེད་དེ། འཇིགས་ བྱེད་བརྒྱད་པོ་ནི་རོལ་པའི་སྟབས་ཀྱིས་གནས་པ་ནུས་མ་རྣམས་ལ་ཡང་དག་པར་འཁྱུད་པ་ གྲི་གུག་དང་ཐོད་པའི་ཕྱག་ཅན་ནོ། །ལྟེ་བ་དང༌། སྙིང་ཁ་དང༌། མགྲིན་པ་དང༌། སྤྱི་བོ་དང༌། སྨིན་མཚམས་དང༌། གསང་བ་རྣམས་སུ། ཀཱ་ལི་དང༌། ཀཱ་པཱ་ལཱི་ནཱི་དང༌། ཀུལླེ་དང༌། ཀུ་རུ་ ཀུལླེ་དང༌། བི་རོ་དྷཱི་ནཱི་དང༌། བི་པྲ་ཙཏྟཱི་རྣམས་ལྷ་མོའི་མཚན་ཉིད་རྫོགས་པ། འཇིགས་བྱེད་ ཆེན་པོ་རྣམས་དང་མཚུངས་པའོ། །ཁ་དང་བཤང་ལམ་དང༌། ལྟེ་བ་དང༌། སྤྱི་བོ་རྣམས་སུ། ཕྱག་ན་དབྱུག་པ་དང༌། ཕྱག་ན་རལ་གྲི་དང༌། ཞིང་སྐྱོང་དང༌། ཚོགས་ཀྱི་བདག་པོ་རྣམས་དང་། རལ་གྲི་དང་ཐོད་པ་འཛིན་པའོ། །དེ་ལྟར་སེམས་བརྟན་པར་གྱུར་གྱི་བར་དུ་བསྒོམ་པར་ བྱའོ། །གལ་ཏེ་ཡིད་སྐྱོ་བར་གྱུར་ན། སྔགས་བཟླ་བར་བྱ་སྟེ། ཧཱུཾ་མཧཱ་ཀཱ་ལཱ་ཡ་ན་མོ་ཧཱུཾ་ཕཊཿ འབུམ་ཕྲག་གཅིག་གིས་འབྱུང་པོ་ཐམས་ཅད་དབང་དུ་བྱེད་དོ། །བྱེ་བ་བཟླས་པས་ནི་ནག་པོ་ ཆེན་པོ་ཉིད་མངོན་དུ་འོང་ངོ༌། །དེར་ནི་འཇིགས་པ་ཆེན་པོ་འབྱུང་ངོ༌། །རོ་ལངས་དང་སྲིན་པོ་ འབུམ་སྙེད་ཀྱིས་བསྐོར་ཏེ་ཧ་ཧ་ཞེས་སྒྲོག་པར་བྱེད་དོ། །དེར་འཇིགས་པར་མི་བྱ་སྟེ། ཁྲག་ ཆེན་པོ་དང་མྱོས་བྱེད་ཀྱི་ཨརྒ་དབུལ་བར་བྱའོ། །འཇིགས་བྱེད་ཉིད་ཀྱི་མངོན་དུ། སྒྲུབ་པ་པོ་ 24-1-329 ཅི་འདོད་ཅེས་འབྲི་བར་བྱེད་དོ། །སྒྲུབ་པ་པོས་སྨྲས་པ། བདག་ནག་པོ་ཆེན་པོར་མཛོད་ཅིག་ ཅེས་བརྗོད་ན་དེ་ཉིད་དང་མཉམ་པར་འགྱུར་རོ། །འདོད་པའི་དོན་ཐམས་ཅད་བྱེད་དོ།། །། ༈ ༼ༀཨསུདངྒབྷེརབཡནམཿ བྷིཥ༢ཎབྷེརབ༴ སཾཧརབྷེ༴ རུ༡རུབྷེ༴ ༩ཧཱེབྷེ༴ གྲོདྷབྷེ༴ ཨུནམདབྷེ༴ ཀཱཔཱལཱི༴ ཀཱལཻནམཿ ཀཱཔཱལཱིནྱཻ ༴ ཀུལླེབེ༴ ཀུརུཀུལླབེ༴ བིརོདྷིནྱཻ༴ བིཔྲཙཏྟིཡཻ༴ ༦ཌཧཱ༴ ནིབྷེ༴ ཁདྒ༴ ནིབྷེ༴ སཱེ༴ གན༴ ༤མདྲ༡༠སྭཱཧཱ། ཤྲཱིམཧཱཀཱལབྷེ(ཚེག་བར་ཁ་ཤས་མི་གསལ།) རྤཡམིནམཿ མཧཱཀཱབྷེདབཾཔུཛཡཱམིནམཿ པཱཡུདྷཱཡ། སབཧནཡསཔརིབཱརཡ། ཤྲཱིདཀྵཱེཊ། ཀཱསིཀཱསཧིཏཱཡཤྲཱིམཧཱཀཱལཡནམཿ ལན་གསུམ། (སྔགས་ཡིག་ཁྲིད་རྟགས་དང་ཡི་གེ་གསལ་བོ་མེད་པས་ གཏགས་ནོར་ཡོད་ནའང་དཔྱད་གཞིར་པ་བཀོད་ཡིན།)༽ འདིར་ཉིན་ཞག་སོ་སོར་མཆོད་པ་བྱ་བར་འདོད་ན། གྲུ་བཞི་པ་ལ་སྒོ་བཞི་པ། །ཐིག་བཞི་ དང་ནི་ཡང་དག་ལྡན། །དྲྭ་བ་ར་བ་རྟ་བབས་མཛེས། །ཟུར་བཞིར་མདུང་ཐུང་བརྒྱད་ལྡན་པ། ། དབུས་སུ་རྡོ་རྗེའི་འཕྲེང་བ་ཅན། །སྣ་ཚོགས་པདྨ་འདབ་བརྒྱད་ལ། །ཟུར་གསུམ་རྣམ་པའི་ དཀྱིལ་འཁོར་ནི། །རྣམ་གཉིས་རྩེ་མོ་རྣོ་བར་ལྡན། །ཤ་རུས་ལ་སོགས་རབ་ལྡན་པ། །དཀྱིལ་ འཁོར་ཤིན་ཏུ་འཇིགས་པ་ཡི། །དབུས་སུ་ཉི་མའི་དཀྱིལ་འཁོར་ལ། །མཆོག་གི་དབང་ཕྱུག་ རབ་ཏུ་བཀོད། ། དེ་ནས་ས་བོན་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུས་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ བཀུག་ནས་རང་རང་གི་སྟན་ལ་གནས་པར་བྱའོ། །ལྷ་ཐམས་ཅད་ཀྱི་མིང་ལ། མགོ་བོར་ༀ་ དང༌། ཐ་མར་ནི་ན་མཿཞེས་སྦྱོར། དེ་ནས་དང་པོར་ནི་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་ མེ་ཏོག་ལ་སོགས་པ་ཅི་བདེ་བར་ཕུལ་ཞིང་བསྟོད་ནས། གཏོར་མ་དབུལ་བར་བྱའོ། །འདིར་ མྱོས་བྱེད་ཀྱི་བཏུང་བ་དང༌། ཁྲག་ཆེན་པོའི་མཆོད་ཡོན་དང༌། ཤ་སྣ་ཚོགས་པའི་གཏོར་མ། ཚིལ་ཆེན་པོ་དང་གུ་གུལ་བདུག་པ་རྒྱུན་མི་འཆད་པར་མཆོད་པར་བྱེད་ན་དེ་ལ་མཧཱ་ཀཱ་ལཱ་ 24-1-330 དགྱེས་སོ། །དེ་ནས་ནི་སྔགས་བཟླ་བར་བྱ་ཞིང་ཕྱིས་ནས་མཆོད་ནས་གཤེགས་སུ་གསོལ་ བར་བྱའོ། །གལ་ཏེ་སློབ་མ་ཁ་ཅིག་ལ་བྱིན་གྱིས་བརླབས་པར་འདོད་ན། ལྷའི་གྲངས་ཉིད་ཀྱི་ ཐོད་པར་ཁྲག་ཆེན་པོ་དང་མྱོས་བྱེད་བསྲེས་པའི་ཆུ་རང་གི་སྔགས་ཀྱིས་མངོན་པར་བསྔགས་ པ་བཞག་པར་བྱའོ། །གསོལ་བ་བཏབ་པར་གྱུར་པའི་སློབ་མ་ནང་དུ་འོངས་པ་ལ་བདུད་རྩི་ ལྔའི་ཆུས་བཀྲུས་ཏེ་གནས་རྣམས་སུ་ཐིག་ལེ་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱིས་སྔགས་ཀྱི་ ཆུས་དབང་བསྐུར་བར་བྱའོ། །སློབ་མ་ནག་པོ་ཆེན་པོ་ལུས་ཀྱི་ལྷའི་ཚོགས་དང་བཅས་པར་ འདུག་པ་ལ་སྔགས་ཀྱི་བསྔགས་པའི་ཅོད་པན་དང་། མཚོན་ཆ་དང༌། རྒྱན་དང༌། སྟན་རྣམས་ སྦྱིན་ནས། ཕྱིས་གསང་སྔགས་ཀྱང་སྦྱིན་ནས་བཟླས་པར་བྱའོ། །དེ་ལ་སླར་ཡང་ཆུས་དབང་ བསྐུར་ནས། གཏོར་མ་ལ་སོགས་པ་ཐམས་ཅད་ཀྱི་མཆོད་པར་བྱས་ནས་འདིས་ནི་བྱ་བ་ ཐམས་ཅད་རྫོགས་པ་ཡིན་ནོ། །དེ་ནས་སློབ་མས་ཀྱང་ཡོན་དབུལ་བར་བྱ་ཞིང༌། སློབ་དཔོན་ གྱིས་ཀྱང་བྱ་བ་ཐམས་ཅད་བྱའོ། །ཞེས་པ་ནི་བྱིན་གྱིས་བརླབས་པའི་ཆོ་གའོ། ། མ་ཡིག་གིས་ནི་སྒྱུ་འཕྲུལ་ཆེ། །ཧཱ་ཡིག་འདི་ལ་གཞོམ་མེད་པ། །ཀཱ་ཡིག་རྒྱུ་དང་བྲལ་ བ་སྟེ། །ལཱ་ཡིག་རྣམ་པར་འཕྱང་བ་ཉིད། །ཅེས་པ་ནི། འཇིགས་བྱེད་ནག་པོ་ཆེན་པོའི་སྒྲུབ་ ཐབས་དཔའ་བོ་རྒྱལ་པོའི་ཞལ་སྔའི་རིམ་པས་གྲུབ་པའི་སློབ་དཔོན་པ་ག་ལའི་ཞབས་ཀྱིས་ མཛད་པ་རྫོགས་སོ།། །། རྒྱ་གར་གྱི་པཎྜི་ཏ་པུརྞཱནནྡ་དང༌། དགེ་སློང་ཏཱརནཱཐས་གཡར་ཁྲལ་དུ་འཚལ་བའོ།། །། བཀྲ་ཤིས་དགེ་ལེགས་འཕེལ། ༼སིདྷིཔྲརམཧེཤཱནཀཱལིཀཱཔྲཎབལླབྷེ། སིདྷ དེཧིཀྲ པཱསཱརམཧཱཀཱལཱནམོསྟུཏེ། བསྟོད་པའོ།། (སྔགས་ཡིག་ཁྲིད་རྟགས་དང་ཡི་གེ་གསལ་བོ་མེད་པས་གཏགས་ནོར་ཡོད་ནའང་དཔྱད་གཞིར་པ་བཀོད་ཡིན།)༽ (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ཨང་གྲངས་མི་གསལ་བ་ཞིག་ཡིན།) 24-1-331 ༄༅། །ཕག་མོ་སྐོར་གསུམ་བཞུགས་སོ། ། ༄༅། །ༀཨཐ། རྒྱ་གར་སྐད་དུ། བཛྲབཱརཧི་ཨརྩྩནཾསདྷན། བོད་སྐད་དུ། རྡོ་རྗེ་ཕག་མོ་ མཆོད་པའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་རྡོ་རྗེ་དཔལ་ལྷ་མོ། །རྡོ་རྗེའི་བུ་མོ་བཱརཱཧཱི། །ཁྱོད་ལ་ཕྱག་འཚལ་གུས་པས་འདུད། ། བདག་གི་སེམས་ལ་ཁྱོད་བརྟན་མཛོད། ། སྒྲུབ་པ་པོ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་ལྡན་པས། རྡོ་རྗེ་ཕག་མོའི་མཆོད་ པ་བརྩམ་པར་བྱ་སྟེ། དེ་ལ་ཡེ་ཤེས་འཕོ་བའི་གནང་བ་ཐོབ་པས་སྔོན་དུ་བསྙེན་པ་བྱའོ། ། དང་པོར་ཁྲུས་བྱས་རྡོ་རྗེ་ཡི། །ཡི་གེ་སྲུང་བ་ཆེ་དང་བཅས། །བདེ་བར་གཤེགས་སོགས་ སྤྱན་དྲངས་ལ། །ཡན་ལག་བདུན་གྱི་མཆོད་པ་བརྩམས། །ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ ཀོ྅ཧཾ། ཆོས་དབྱིངས་ཨེ་དང་སྣ་ཚོགས་པའི། །ཆུ་སྐྱེས་གདུང་བའི་དབུས་གནས་པ། །མདོག་ བཟང་ཡི་དྭགས་མིག་གསུམ་པའོ། །སྟེང་ཕྱོགས་བམ་གྱི་འོད་འཕྲོ་བ། །དེ་ལས་དཔལ་རྡོ་ རྗེ་ཕག་མོ་མེ་ལྟར་ཞིང༌། སྤྱན་གསུམ་གྱེན་དུ་གཟིགས་པ། གྲི་གུག་དང་ཐོད་པ་བདུད་རྩིས་ གང་བ་བསྣམས་པ། ཁྲོ་གཉེར་རིམ་པར་གཙིགས་ཤིང་མཆེ་བ་གཙིགས་པ། གཡས་པ་ཕག་ གི་གདོང་ནི་མི་གདུག་པའོ། །ནུ་མ་རྒྱས་ཤིང་ལང་ཚོ་ལ་བབ་པ། འདོད་ཆགས་ཆེན་པོ་ཁ་ཊྭཱཾ་ ག་དང་འདུས་པས་བདེ་བ་རྒྱས་པ་གཡོན་བརྐྱང་པའི་གར་དང་ལྡན་པ། རུས་པའི་ཕྱག་རྒྱ་ དང་མགོ་བོའི་འཕྲེང་བ་དང༌། ཐོད་པའི་ཅོད་པན་དང་དར་དཔྱངས་བཅིངས་པ། ཕག་མོ་ལ་ སོགས་པས་བསྐོར་བའོ། །དེ་དག་ཐམས་ཅད་ཀེང་རུས་ཀྱི་གནས་ལ་གནས་པ། འཕྲོག་བྱེད་ 24-1-332 གསོལ་ཀ་དྲག་པོས་བསྟོད། །མེས་པོ་མིག་སྟོང་རྔ་ཡབ་གདུགས། །རོ་ལངས་གར་མཁན་ཅེ་ སྤྱང་རྣམས། །གླུ་ལེན་ཞལ་ཟས་དུར་ཁྲོད་ན། །མཁའ་ལྡིང་གནོད་སྦྱིན་རིག་འཛིན་དང༌། །མ་ མོ་རྣམས་ཀྱིས་བརྗིད་པར་བྱེད། །མི་བསྐྱོད་ལ་སོགས་དབུ་རྒྱན་ནི། །རྣལ་འབྱོར་པ་ཡིས་རབ་ ཏུ་བརྟག །རྐང་པ་མནན་ཅིང་གྱེན་དུ་ལྟ། །སྟེང་ངང་ཕཻཾ་གྱི་སྒྲ་གྲགས་པས། །ཕྱོགས་བཅུའི་ འཇིག་རྟེན་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུགས། །འཛུབ་མོ་ འདུད་སོགས་ཕྱག་རྒྱ་དང༌། །ཛཿཧཱུཾ་བཾ་ཧོཿགཉིས་མེད་གྱུར། །ༀ་བཾཧཾཡོཾཧྲིཾམོཾཧྲཱེཾཧྲིཾཧཱུཾཧཱུཾཕཊ་ཕཊ། འདོད་ཡོན་ཐིམ་པའི་ལྷ་མོ་རྣམས། །མཆོད་པར་བཅས་པ་གཉིས་མེད་གྱུར། །ས་བོན་སྔགས་ དང་འཁྱིལ་བ་དང༌། །སྙིང་པོ་རྣམ་གསུམ་སྦྱར་བར་བྱ། །དེ་ལྟར་ལྟེ་བ་ལས་བྱུང་བ། །གློག་ དང་འོད་ཟེར་རྣམ་ལྔ་ནི། །ཁུ་བ་དང་ནི་ཟེའུ་འབྲུ་གཡོ། །ཨབདྷཱུ་ཏི་གང་བར་ལྟ། །ༀༀༀསརྦ བུདྡྷཌཱཀིནཱིཡེབཛྲབརྞནཱིཡེ། བཛྲབཻརོཙནཱིཡེཧཱུཾཧཱུཾཧཱུཾཕཊཕཊ་ཕཊསྭཱཧཱ། རེ་ཞིག་སྙིང་གར་འཕྲེང་ བ་བཀོད། །ཕྱི་ནས་ངག་གི་བཟླས་པ་སྤངས། །རླུང་འཇོམས་དེ་བཞིན་སེམས་མེད་པས། ། མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཐིམ་པ་ཡིས་ནི་ཐིམ་པ་དང༌། །བརྟན་པ་ཡིས་ནི་བརྟན་ པ་དང༌། །སྤྲོ་བ་ཡིས་ཀྱང་སྤྲོས་བྱས་ནས། །སེམས་ཅན་དོན་ལ་འཇུག་པར་བྱ། །དེ་ལྟར་ཟླ་ བ་དྲུག་དག་ན། །སྤུ་ལྡང་བདེ་བ་བླ་མེད་འགྱུར། །དེ་ནས་ཟླ་བ་ཡར་ངོ་དང༌། །མར་ངོ་ཡི་ཡང་ བཅུ་དག་ལ། །བླ་མེད་མཆོད་པ་ཡང་དག་བྱ། །དབེན་པ་དག་ཏུ་དཀྱིལ་འཁོར་ནི། །བསྒྲུབ་ བྱ་དང་པོར་ལག་གི་སོར། །བྱིན་རླབས་ལྷ་ནི་རབ་བསྒྲུབས་ལ། །དཀྱིལ་འཁོར་མེ་ཏོག་མཾ་ས་ དང༌། །ཆང་གིས་རབ་ཏུ་མཆོད་བྱ་བ། །རང་མིང་རྡོ་རྗེ་གསུམ་སྔགས་ཀྱིས། །དེ་ནས་ཡང་ནི་ བསྟོད་པ་བྱ། །མདའ་རི་རོ་ཡིས་མཆོད་དངོས་གྲུབ། །ཡང་ཡང་བླང་བྱ་དེ་ནས་གཤེགས། །ཤ་ ཆང་བཟའ་བའི་གཏོར་མ་གང༌། །པདྨའི་སྣོད་ནང་རྫས་བཅུ་པོ། །ཡེ་ཤེས་ཡེ་ཤེས་བདུད་རྩིར་ གྱུར། །ༀ་ཨཱཿཧཱུཾ་བརྗོད་རང་སྔགས་ཀྱིས། །ལན་བདུན་ཕུལ་ནས་མཆོད་པ་བྱ། །དེ་ནས་ཕྱི་ 24-1-333 རོལ་གཞི་མེད་འམ། །ཡང་ན་དུར་ཁྲོད་སོགས་སོང་ནས། །ཤ་ཆང་སྒོག་བཅས་ཁྲག་གིས་ནི། ། དྲག་མོ་རིགས་ཀྱི་མཁའ་འགྲོ་དང༌། །འབྱུང་པོ་ཀུན་ལ་གཏོར་མ་ནི། །རྣལ་འབྱོར་མ་རྒྱུད་ ལས་གསུངས་པའོ། །ཡང་ནི་ཕྱོགས་བཞིར་སྲེག་བླུགས་ནི། །སྟོང་ཕྲག་བརྒྱ་དང་བདུན་ཅུ་ དབུལ། །བུམ་པ་ལྷ་མོ་བཟླས་བྱེད་ལ། །མཆོད་ནས་བཟོད་པ་བྱ་དང་དེ། །དག་བྱེད་བདུད་རྩི་ མཆོད་ཉིད་ལ། །བྷ་ག་བུམ་པ་ཉིད་གྱུར་ཅིང༌། །ལྷ་མོ་ཡང་ནི་བདུད་རྩིར་གྱུར། །ལྷ་སྐུ་སྔགས་ ཀྱིས་བྱིན་བརླབས་པ། །ཡི་གེ་འོད་ལྔའི་ཁུ་བ་རྣམས། །འཐུང་ཞིང་ཚོན་རྩིའི་ཐིག་ལེས་བདེ། ། དགའ་ཆེན་བཞི་ལ་རྣམ་གནས་པ། །སྤྱི་བོ་རྐང་པ་ལྟེ་བར་གཞུག །འོད་ཟེར་གྱིས་ནི་སྣང་བ་ ཀུན། །ཐིམ་པས་རྡོ་རྗེའི་ལྷ་ཉིད་བསྒོམ། །སྔགས་དང་ཏིང་འཛིན་ལྷུར་ལེན་བྱ། །དེ་ལྟར་ལན་ བདུན་བསྒྲུབས་པས་ནི། །བསོད་ནམས་ཆུང་ངུའང་འགྲུབ་པར་འགྱུར། །ཕྲ་མོས་ལས་ཀྱི་ཆོ་ ག་འགའ། །དེ་ནས་ད་ནི་ཕྱོགས་ཙམ་སྨོས། །ཏིང་འཛིན་འཁོར་ལོ་བྱ་བ་ནི། །བམ་ཡིག་ལས་ བྱུང་མཆོད་བྱས་ནས། །རིགས་སྔགས་འབུམ་དུ་བཟླས་པ་བྱ། །བརྟན་བྱས་གང་ལ་རྟགས་ གྱུར་པ། །འབྱུང་པོ་རོ་ལངས་ཡི་དྭགས་དང༌། །ཤ་ཟ་ཡིས་ཀྱང་མཐོང་མི་འགྱུར། །འཁྲུལ་ འཁོར་དྲག་པོ་འཇིགས་རུང་བ། །ལྷ་རྣམས་སྲེགས་བླུགས་དམ་པ་ནི། །སྟོང་ཕྲག་བརྒྱད་ཀྱིས་ དགེས་པར་བྱ། །དེ་ནས་མེ་ཡི་གྲོང་ཁྱེར་དང༌། །ཀླུ་ཡི་གནས་སུ་ཕུར་བུ་བཏབ། །རྒྱ་སྐྱེགས་རི་ ལུ་བདུན་གྱིས་ནི། །ཟླ་བ་བདུན་གྱིས་གསོད་པར་འགྱུར། །གདོལ་པ་སེང་གེ་ཁྭ་སོགས་ཀྱིས། ། སངས་རྒྱས་འཇོམས་པ་དེ་བསད་དེ། །མགྲིན་པ་མན་ཅིང་རྡོ་རྗེ་ཡིས། །དྲལ་ཞིང་དྲལ་ནས་ འཐུང་བར་བྱ། །རྡོ་རྗེ་འཛིན་པའང་འཇིག་འགྱུར་ན། །མི་དབང་མ་ནི་གདོན་མི་ཟ། །ཕྱིར་ཟློག་ སྔགས་དང་ལྷ་ཡི་ཚུལ། །རྩིབས་དྲུག་རྩིབས་བཅུ་དེ་དག་ལ། །དཔལ་ལྡན་ཕག་མོ་གོ་ཆ་དྲུག། ཀྭ་ཀ་མཁའ་སྤྱོད་བྷུཙཱར། །ཡེ་ཤེས་དབང་དང་བཟླས་པ་བྱ། །སརྦདུཥྚཾསྟཾབྷཡཔྲཏྱཾགཱིརཧྲཱིཿ། ། རང་སྔགས་སྦྱོར་བ་འདི་ཡིས་ནི། །སྔགས་དང་འཁྲུལ་འཁོར་རྣམ་པར་འཇིག །རང་སྔགས་ 24-1-334 རཀྵ་སྤེལ་བ་ཆོ་ག་བཞིན། །རྡུལ་གྱི་རས་ལ་གེ་སར་གུར་གུམ་གྱིས། །དེ་བཞིན་ཙནྡན་དམར་ པོས་བྲིས་བྱས་ལ། །མཆོད་པ་བསྒྲུབ་བྱ་འདི་ནི་སྲུང་བ་ཆེ། །གཞན་ཡང་མཆོད་པ་རྣམ་པ་མང་ པོ་ཡིས། །ལྷ་མོ་དགྱེས་ནས་རྣལ་འབྱོར་རྣལ་འབྱོར་མ། །བཅུ་གཉིས་བླ་མར་བཅས་ལ་མཆོད་ པ་བརྩམས། །རང་སྔགས་རྣལ་འབྱོར་རྣམ་པ་གཉིས་བསྒྲུབས་ནས། །ཡོ་བྱད་བསྒྲུབས་ནས་ དང་པོར་སློབ་དཔོན་དང༌། །ལྷ་ལ་མཆོད་ནས་དཔའ་བོ་སོགས་ལ་ཕུལ། །རྣམ་རྟོག་མེད་ པས་རྡོ་རྗེ་སེམས་འདྲ་བ། །དེ་དག་རྣམས་ཀྱིས་མཧཱ་བྷཻ་ར་བ། །མཆོད་ནས་ལྷ་དང་ལྷ་མོས་ རྣམ་པར་སྤྱད། །བརྡ་དང་གླུ་གར་ཀུནྡྷུ་ར་མཆོད་པ། །ཏིང་འཛིན་བཅས་པའི་ནང་གི་སྲེགས་ བླུགས་བྱ། །དེ་ནས་མ་མོ་དགུ་དང་འབྱུང་པོ་དང༌། །ཤ་ཟ་མཚན་མོ་རྒྱུ་བའི་སྟོན་མོ་བྱ། །སློབ་ དཔོན་གྱིས་ནི་བྱིན་རླབས་དེ་ལ་སྦྱིན། །སྐྱ་རེངས་དུས་སུ་འོད་གསལ་ལ་གནས་པས། །མ་ ལུས་རྡོ་རྗེ་འཛིན་པ་རབ་གྲུབ་འགྱུར། །རྡོ་རྗེ་ཕག་མོ་འདིར་མཆོད་པའི། །ཚུལ་འདི་མདོ་ཙམ་ བདག་གིས་ནི། །སྦྱར་བ་ཡི་ཡང་སེམས་ཅན་རྣམས། །སངས་རྒྱས་ཀུན་གྱི་ཡུལ་དུ་གྱུར། ། བཱརཱཧཱི་མཆོད་པའི་སྒྲུབ་ཐབས་ཞེས་བྱ་བ་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཞལ་སྔས་ མཛད་པའོ། །འདི་བྲིས་པའི་དགེ་བས་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོར་གྱུར་ཅིག། །། མངྒ་ལཾ།། 24-1-335 ༄༅། །རྒྱ་གར་སྐད་དུ། ལུབྡྷ ཀོཔདེཤ བོད་སྐད་དུ། རྔོན་པའི་མན་ངག རྡོ་རྗེ་འཆང་ལ་ ཕྱག་འཚལ་ལོ། ། རབ་དམར་ཆུ་སྐྱེས་ཟེ་འབྲུ་རྒོད་དང་བཅས། །བདེ་བས་ཀུན་ཏུ་རབ་གང་གཉིས་མེད་པ། ། གློག་ཕྲན་འགྱུ་ལྟར་རོལ་པའི་གར་མཛད་པའི། །ལང་ཚོ་མ་ལ་སྤྱི་བོས་བཏུད་ཕྱག་འཚལ། ། ཀལིཛ་ཡི་བདེ་འབྱུང་གྲོང་དུ་རབ་སྐྱེས་ནས། །རིག་དང་འཁྲུལ་འཁོར་རྣམ་མང་ལེགས་ སྦྱངས་རིགས་ཆེན་པོ། །དམན་ལ་རབ་དགའ་འདོད་པའི་གནས་དོན་གཉེར་བ་ན། །དཔལ་ ལྡན་གསང་བའི་ཞབས་ཀྱིས་རྗེས་སུ་བསྐྱངས་པ་ལས། །དེ་ནས་འདོད་རྣམས་བོར་ནས་གྲོལ་ ལ་མངོན་དགར་གྱུར། །འདོད་པ་སྤངས་ནས་སྲིད་ལ་རྒྱབ་ཕྱོགས་ཡུལ་གཞན་དུ། །བགྲོད་དང་ བགྲོད་ལས་རྗེ་བཙུན་ཚོལ་བར་མངོན་འདོད་གྱུར། །ཇི་ཞིག་ལྟར་ལ་དཔལ་ལྡན་བདེ་བའི་རི་ བོར་ཕྱིན། །ཟླ་བ་དྲུག་ཏུ་མཉམ་པར་བཞག་པ་ན། །དཔལ་ལྡན་བདེ་བའི་མགོན་པོ་སྔོན་པའི་ ཞབས། །རྗེ་བཙུན་གདུང་བ་མ་དང་སིམ་བྱེད་མ། །བདེ་བ་ཆེན་པོའི་ཡུམ་དང་ལྷན་ཅིག་སྣང༌། ། དེ་ནས་ལག་པའི་པདྨོ་མཉམ་སྦྱར་བ། །སྟེང་བཅས་མགོ་བོས་བཏུད་ནས་འདི་སྐད་གསོལ། ། སྒྱུ་མའི་འཁོར་ལོས་རྣམ་པར་འཁོར་བ་རྣམས། །སྐྱོབ་མཛད་ཚིག་འབྲུ་སྤངས་པ་དངོས་ཀུན་ རྟོགས། །མགོན་པོ་ཁྱོད་ནི་ནམ་མཁའི་དཀྱིལ་འཁོར་ཏེ། །འགྲོ་བའི་སྐྱེ་བོ་སྐྱོབ་པ་ཁྱོད་ཀྱིས་ སྐྱོངས། །དེ་ནས་པདྨོ་དམ་པའི་ཞལ་བཟང་ལས། །རབ་ཏུ་གསལ་བའི་འོད་དང་ལྷན་ཅིག་ ཏུ། །ཚངས་པའི་དབྱངས་ཀྱིས་ཀུན་ནས་འགེངས་བཞིན་པ། །བཱརཱཧཱི་དབང་འཁྲིལ་ལྡེམ་ གར་མཛད་ནས། །དེ་ལྟར་ལེགས་པར་ཁྱོད་སེམས་ཏེ། །དེ་བས་རྩེ་གཅིག་ཡིད་ཀྱིས་ཉོན། ། ༀཛྙཱཾཨཾཧཾཧཱུཾ། དངོས་དང་དངོས་མེད་སྒྱུ་བ་དང༌། །བརྟན་རྣམས་རང་གིས་གསལ་བ་དང༌། ། དངོས་པོ་ཀུན་ཡང་ཡེ་ཤེས་མཉམ། །ཇི་ལྟར་མཁའ་སྤྲིན་དག་པ་བཞིན། །ༀསྭབྷཱབཤུདྡྷཿསརྦ 24-1-336 དྷརྨཿསྭབྷཱབཤུདྡྷོ྅ཧཾ། ༀཡོགཤུདྡྷཿསརྦདྷརྨཿཡོགཤུདྡྷོ྅ཧཾ། ༀ་བཛྲཤུདྡྷཿསརྦདྷརྨཿབཛྲཤུདྡྷོ྅ཧཾ། རྐང་པ་རླུང་དུ་གྱུར་པ་དང༌། །མཁའ་ལས་གློག་ཕྲན་གཡོ་བར་གྱུར། །དེ་ནས་རྗེ་བཙུན་ཐུགས་ ཀ་ནས། །གསང་བའི་ལྟེ་བར་གཉིས་མེད་གྱུར། །གར་མཛད་དེ་ཚེ་ཚངས་པ་ཡི། །འཇིག་རྟེན་ ལས་ནི་ཆར་ཡང་བབས། །བདེ་བ་རྒྱས་པ་ཉིད་ཀྱིས་ནི། །འོད་ལྔ་རྣམ་པར་སྣང་བར་གྱུར། ། ༀཡཾརཾབཾལཾཧཱུཾབཛྲབཱརཱཧཱིཨཱབེཤཡཨཿཨཿཨཿ ༀསརྦཏཐཱགཏཱཛྙཱཡཏིཥྛབྷབཱནྟུ། ཏིཥྛབཛྲ། རྡོརྗེ་ ཐིག་ལེ་དངོས་ཀུན་ཟ་མ་ཏོག །མ་ལུས་འགྲོ་ལ་བདེ་སྟེར་མིག་འཕྲུལ་ལྟ། །ཀུན་འགྲོ་དཔལ་ ལྡན་ཕག་མོ་ཆོས་ཀུན་སྐྱེད། །སྒྱུ་འཕྲུལ་སྙིམ་པའི་མེ་ཏོག་བཞེས་ཤིག་ཧོ། །དེ་ནས་མེ་ཏོག་ སྤྱིར་བཅིངས་ནས། །གུས་པས་བཏུད་ནས་གསོལ་བ་བཏབ། །ལྷ་མོ་རྣམ་བཞིའི་རྡོ་རྗེ་ནི། །སྒྱུ་ འཕྲུལ་མི་ཤིགས་བདེ་བ་དང༌། །ཡེ་ཤེས་རྒྱ་མཚོ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་ཡེ་ཤེས་མཉམ་ མེད་པ། །བདག་ལ་དེ་རིང་གནང་བར་གསོལ། །དེ་ནས་བདག་ནི་ལྷར་གྱུར་ནས། །སྐུ་ཡིས་ བྱིན་རླབས་དབང་བསྐུར་རོ། །ཡེ་ཤེས་འཕོ་བ་འདི་ལ་ནི། །རྡོ་རྗེ་གོ་ཆའི་ཕྱག་རྒྱས་བཏབ། ། ཨ໋བཾཧཾཡ໋ཧྲིཾམ໋་ཞེས། །དེ་བཞིན་ཧྲ໊་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ༀསརྦཏཐཱགཏཱཀཱཡབཛྲསྭབྷབཱཏྨཀོ྅ཧཾ། སངས་རྒྱས་རྡོ་རྗེ་ཁུ་ཁྲག་རྣམས། །ཆར་བཞིན་ཁ་རུ་དབབ་པ་ན། །དམ་ཚིག་སྤྲིན་གྱི་འོད་ འཕྲོ་ཞིང༌། །ཚངས་པའི་བུ་མོའི་རྒྱུན་ཡང་བབས། །ༀ་ཨཱཿཧཱུཾༀསརྦཏཐཱགཏཱབཱགབཛྲསྭབྷཱབཱཏྨ ཀོ྅ཧཾ། དེ་ནས་ཡང་གསུངས་པ། ལྷ་མོ་འདི་ནི་ཁྱོད་མཐུན། །འདི་ནི་སངས་རྒྱས་ཀུན་གྱིས་ བསྔགས། །གཉིས་སུ་མེད་དང་བདག་མེད་པས། །འདོད་པ་ལྔ་ལ་སྤྱད་པར་གྱིས། །ལྷ་མོ་ དམ་འཁྱུད་ཙུམྦན། །རྣལ་འབྱོར་གསལ་བའི་རྣམ་ཤེས་སོ། །འདོད་བཅས་སྦྱོར་བ་གཉིས་པ་ སྟེ། །རྗེས་སུ་རྣལ་འབྱོར་ཡིན་པར་འདོད། །རྩོལ་བྲལ་ཤིན་ཏུ་རྣལ་འབྱོར་ནི། །ལྷག་པའི་བདེ་ བ་གསུམ་པའོ། །རྣལ་འབྱོར་ཆེན་པོ་གསུམ་ལས་གཞན། །མཚན་ཉིད་བྲལ་བའི་སྐད་ཅིག་ མའོ། །སྦྱོར་དང་འཛག་དང་ལྷུང་བ་ལས། །སྐད་ཅིག་བཞི་པོ་མཐོང་ཞེས་གསུངས། །གསང་ 24-1-337 བ་ལས་བྱུང་རྡུལ་གྱི་ནི། །ཐིག་ལེ་གནང་བའི་བཀའ་དྲིན་སྩལ། །ༀ་ཨཱཿཧཱུཾ་ཨཾ། ༀསརྦཏཐཱ གཏཱཙིཏྟབཛྲསྭབྷཱབཱཏྨཀོ྅ཧཾ། དེ་ནས་འབྱུང་རྔུབ་ཚུལ་གྱིས་ནི། །དཔལ་དགྱེས་སྒྲོག་མཛད་ ནམ་མཁའ་འཛིན། །གསུངས་པ། འདིར་ནི་དབང་པོ་ཐིམ་པར་སོན། །བདག་གི་རང་བཞིན་ ཉམས་པ་སྟེ། །ངེས་པར་ལྷན་སྐྱེས་རྒྱལ་བའི་སྐུ། །བླ་མའི་ཞལ་ལ་གསལ་བར་དྲིས། །སྡུག་ མ་ནམ་མཁའི་ནོར་བུ་དང༌། །འདུས་བྱས་སྤྲོས་པ་ཀུན་ཟློག་ཀྱང༌། །དེ་ནི་རྒྱ་ཆེན་ཡིད་ལ་བྱེད། ། ཨཱཧོ་འོད་གསལ་མཛེས་མའོ། །ཤེས་རབ་མཛེས་མ་ལ་ཆགས་སྦྱོར་བ་ཡིས། །འདུས་བྱས་ འདུས་མ་བྱས་པ་ལས་གྲོལ་བ། །བསྐལ་པའམ་བསྐལ་པ་སྟོང་གི་བར་དུ་ཡང༌། །ཡེ་ཤེས་འདི་ སྦྱོར་བསྒྲུབ་པས་གནས་པར་བྱོས། །ཨརེ་ཨཱཧོ། རིམ་པར་བྱེད་པ་དང་པོ་རྫོགས་སོ།། །། ༈ གསོལ་པ། རྗེ་བཙུན་ལྷའི་རྣལ་འབྱོར་ནི་ཇི་ལྟ་བུ། སྔགས་ཀྱི་ཚུལ་ནི་གང༌། ལྷན་ཅིག་ སྐྱེས་པ་ཡང་ཅི། ཟབ་པ་དང་རྒྱ་ཆེ་བ་གང་ལགས། བཅོམ་ལྡན་འདས་རྡོ་རྗེ་སློབ་དཔོན་གྱིས་ བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུ་ཡི་གདན་དང་ལུས་བསྲངས་ བཅས། །རྡོ་རྗེ་ཐལ་མོ་གསུམ་བརྡབ་པས། །སྒྲ་ཙམ་ཉིད་དུ་རྣམ་པར་བརྟག །སེམས་དང་ རང་བཞིན་ལྷ་བདེ་བ། །ༀསྭབྷཱབ། ༀབཛྲ། ༀཡོག ང་རྒྱལ་བྱ་སྟེ་འདི་རྣམས་ནི་སྔགས་སོ། ། རང་བཞིན་མཚན་ཉིད་འབྲས་སྟོང་པ། །སྟོང་པ་མཚན་མ་མེད་པ་དང༌། །གང་ཡང་སྨོན་པ་ མེད་པ་ནི། །རང་བཞིན་སྤྲོས་དང་བྲལ་བ་བསྒོམ། །ༀཤཱུནྱཏ། ཨནམིཏ། ཨཔྲཎིཧིཏ། ཞེས་ པའི་སྔགས་སོ། །རླུང་ནི་ཡང་དག་བསྐུལ་བ་ལས། །སྣང་བ་མེད་པར་རབ་ཏུ་བརྟག །སླར་ ཡང་རླུང་གི་སྦྱོར་བ་ལས། །སྒྱུ་མ་ཙམ་དུ་རྣམ་པར་བསྒོམ། །ཡིད་ཀྱིས་རྫོགས་སངས་རྒྱས་པ་ ཀུན། །སྐད་ཅིག་ལྷ་མོའི་རང་བཞིན་བརྟག །སངས་རྒྱས་ཟླ་བའི་ཁུ་བ་རྣམས། །ནམ་མཁའི་ དབྱིངས་སུ་རབ་ཏུ་བསྒོམ། །རྣམ་པར་ཤེས་པ་རླུང་དང་བཅས། །བཾ་ཡིག་ཁུ་བ་གཉིས་མེད་ གྱུར། །དེ་ཚེ་བྷ་ག་ཆོས་ཀྱི་དབྱིངས། །ཕྱི་རོལ་སྲུང་བ་ཡང་དག་བཅས། །ཧཱུཾ། ལྷ་མོ་རྡུལ་དུ་ 24-1-338 གྱུར་པའི་དབུས། །ཟླ་བ་ཁུ་རྡུལ་གཉིས་མེད་ཐིམ། །དེ་ལས་བཱརཱཧཱི་དབང་ལང་ཚོ་མ། །འཆར་ ཀའི་སྣང་བ་དང་ལྡན་ལུས་ཕྲ་མོ། །ནུ་མ་མཐོ་ཟླུམ་རྒྱས་ཤིང་པདྨོ་ལ། །ཉིན་བྱེད་དང་ནི་ཡི་ དྭགས་སྟེང་ན་རོལ། །སྐུ་ལུས་གསུམ་འཁྱོག་ཉིད་ཀྱི་གར་སྟབས་ཅན། །གཅེར་བུ་གཡོན་ བརྐྱང་ཤ་རྒྱས་འཇམ་ཞིང་མཉེན། །པདྨའི་ཟེའུ་འབྲུ་རྒོད་པས་འོད་འཕྲེང་འཁྲུག །ཟླ་བ་མེ་ ཏོག་རྒྱུན་ལ་རབ་དགྱེས་པ། །ཐོད་པ་དང་ནི་གྲི་གུག་ལག་ན་བསྣམས། །ཤུ་ལ་བསྣུན་དང་ ཅང་ཏེའུ་སྟེང་བཅས་འཛིན། །སྐྲ་ཚོགས་ལྟག་པར་བཅིངས་དང་རབ་གྲོལ་བ། །བནྡྷུའི་སྤྱན་ དང་མཆེ་བའི་མྱུ་གུས་སྤྲས། །སྟེང་དུ་གཟིགས་དང་གཉིས་ནི་ཟུར་གྱིས་ལྟ། །རབ་སྔོ་ཕག་ གདོང་གྱེན་ཕྱོགས་གཡས་སུ་སྟེ། །ཧཱུཾ་ཧཱུཾ་རབ་སྒྲོག་མཆོག་ཏུ་ཁྲོ་ཞིང་འཁྲུག །ཁྲོ་དང་ལྷག་པར་ རབ་ཆགས་བཞིན་བསྒྱུར་བ། །ཕྱག་རྒྱ་ལྔ་དང་མི་མགོའི་འཕྲེང་བ་ཅན། །ཐོད་པའི་འཕྲེང་ བས་སྐྲ་མཚམས་རྒྱས་པ་བརྒྱན། །རང་ཐབས་ཀ་ཊྭཱཾ་ཡན་ལག་གཉིས་མེད་དུས། །པདྨོ་ཅན་ གྱི་ལྷ་མོ་རབ་ཡིད་འོངས། །འབར་ཞིང་གཡོ་བའི་གཟི་བརྗིད་དཀྱིལ་འཁོར་དབུས། །དེ་ འདྲའི་སྒྱུ་འཕྲུལ་ལྷ་མོ་བསྒོམ་བྱས་ནས། །ཕྱག་རྒྱ་དྲུག་དང་རྡོ་རྗེ་གསུམ་གནས་ལ། །འཁོར་ ལོ་དཔལ་ལྡན་པདྨ་རྡོ་རྗེའོ། །ༀབཾཧཾཡ໋ཧྲཱིཾམ໋ཧྲ໊ཧྲཱིཾཧཱུཾཧཱུཾཕཊཕཊ། ས་བོན་གྱིས་བཀོད་ནས་སྐུ་ བྱ་སྟེ། བཱརཱཧཱི། ཡམིནཱི། མོཧནཱི། སཉྩལཱིནཱི། སནྟྲསནཱི། ཙཎྜིཀ ཞེས་པ་ནི་མིང་སྟེ། ཡི་གེ་ ༀ་དང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ནི་ཐམས་ཅད་དུའོ། །ༀ་ཨཱཿཧཱུཾ། མི་འཁྲུགས་པའི་སྤྱི་བོ་མནན་ པའི་ལྷ་མོ་དེའི་སྨིན་མ་བསྒྱུར་ཞིང༌། ལྟེ་བའི་དཀྱིལ་འཁོར་གྱི་སྣང་བས་ཡེ་ཤེས་ཀྱི་འཁོར་ལོ་ དགུག་པར་བྱའོ། །ཕཻཾཛཿཧཱུཾབཾཧོཿ ༀཡོགཤུདྡྷཿསརྦདྷརྨཿཡོགཤུདྡྷོ྅ཧཾ། ༀཨཾཔྲཾཨཾཔཱཾཔུཾདྷཱུཾཙུཾཨཱཾབཱཾ གཾཏིཾནཻཾལཾབྲུཾཤཾཨཱཧཱུཾ། ཞེས་ཕྱུང་ངོ༌། །ༀཨརྒྷཾཨཱཿཧཱུཾ། པྲོཀྵཾཎཾ། ཨཉྩམནཾ། པཱདྱཾ། པུཥྤཾ། དྷཱུཔཾ། ཙུརྞཾ། དཱིཔཾ། བསྟྲཾ། གནྡྷཾ། ཏཱིལཾ། ནེབེཏྱཾ། ལམྦནཾ། གྲྀཧཾ། ཨདྱནཡ། གིརྟི། ནིརྟྱ། ཤཔྟཨཱཿཧཱུཾ་ ཞེས་པས་མཉེས་པར་མཆོད་ནས་རྣལ་འབྱོར་ལ་འཇུག་གོ །ཨབདྷཱུཏི་ཁ་དོག་དམར་བ་ཉིད་ 24-1-339 དང་། ལྟེ་བ་ནས་ས་ཀློག་གི་དཔྲལ་བ་མིག་གཉིས་ཀྱི་སྟེང་གི་བར་དུ་དང༌། གསང་བའི་བར་ དུ་ཀུདྷར་ལ་བྱ་གདོང་ཕྲ་མོ་དབུས་སུ་དང༌། དེའི་དབུས་ན་སྣང་བྱེད་དང་། ལྟེ་བའི་ལྟེ་བར་ ཧྲཱིཿༀ་ཨཱཿཧཱུཾ་དང་འཕྲེང་བ་དང་ངོས་གཉིས་དང་ལ་སོགས་གཅིག་ལ་འཁྱིལ་བ་གཉིས་ཏེ་བཞི་ བསམ་མོ། །སྨིན་མར་བདུད་རྩིར་བྱེད་པ་ལ་བཾ་ཡིག་གོ །ཡི་གེ་རྣམས་ལས་འོད་ཀྱི་སྦུ་གུའི་ རྩེ་མོ་སྣ་བུག་གཡོན་དང༌། བྱ་གདོང་གི་རྩེ་ལས་བྱུང་སྟེ་བུད་མེད་དང་སྐྱེས་བུའི་གསང་བའི་ ལམ་ལས་སྤྱི་བོ་དང༌། ཤཾཁཱི་དང་ཁཁམུཁ་ལས་ཁུ་རྡུལ་དྲངས་ཏེ་ཉི་ཟླ་དང་གཅིག་ཏུ་གྱུར་པ་ དེའི་རྒྱུན་གྱི་སྔགས་འཕྲེང་བྱིན་གྱིས་བརླབས་ཏེ་ཐམས་ཅད་བྱ་གདོང་གི་ནང་དུ་བྱོན་པ་ལ་ བསམ་ཞིང་སྔགས་བཟླ་བར་བྱ་སྟེ་བདེ་བས་མྱོས་པས་འདར་གཡོ་བ་ལ་གཅིག་ཏུ་བསམ་མོ། ། ༀ་བཛྲབཱརཱཧཱིཨཱབེཤཡཨཱཿ སརྦདུཥྚཾཧྲཱིཿསྭཱཧཱ། སྙིང་པོའོ། །སྤྲོ་བ་དང་བསྡུ་བའི་འཁོར་ལོ་བར་ མེད་དུ་འཁོར་བ་བསྒོམ་པར་བྱ་སྟེ་གསང་བར་ཐུར་སེལ་བསྡུ་བར་བྱས་ལ། ༀ་སརྦབུདྡྷཌཱཀི་ ཞེས་པ་ལ་སོགས་པ་ནི་རྩ་བའི་སྔགས་སོ། །ༀ་བཛྲབཻརོཙནཱིཡེཧཱུཾཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། ། ༀ་ཧྲིབཾཕཻཾཨཱཿཧཱུཾ། ཉེ་བའི་སྙིང་པོའི་སྙིང་པོའོ། །འགའ་ཞིག་ཏུ་སྲོག་དང་རྩོལ་བ་བསྡམས་ནས་ ཡིད་ཀྱིས་བཟླ་ཞིང༌། དེ་ལརིང་དུ་སེམས་གནས་ན་རླུང་འཇུག་པ་དང་གནས་པ་འབྱུང་བ་ལ། ༀ་ཨཱཿཧཱུཾ་ཞེས་པའི་སྙིང་པོས་གསང་བའི་ལྟེ་བ་ནས་སྤྲོ་བསྡུའི་བཟླས་པ་བྱ་སྟེ་ཧྲཱིཿཉིད་ལས་ ཀྱང་བཟླས་པ་བྱར་རུང་བ་ཉིད་དོ། ། དག་པ་གསུམ་གྱི་སྒྲ་ཡིས་ནི། །སྟོང་པ་ཉིད་ལ་རྣམ་པར་གཞུག །སླར་ཡང་སྨིག་རྒྱུ་ལྟ་ བུ་དང༌། །ཁམས་གསུམ་སྒྱུ་མའི་ལུས་སུ་བརྟག །སྣང་བ་སྒྲ་དང་རྣམ་རྟོག་གང༌། །ཆུ་ཟླ་ལྟ་ བུར་ལྷ་ཉིད་བསྒོམ། །འདི་ལ་བརྟུལ་ཞུགས་ཡོད་མ་ཡིན། །ཐམས་ཅད་དུ་ཡང་རྣམ་པར་ཐར། ། རིམ་པར་བྱེད་པ་གཉིས་པ་རྫོགས་སོ།། །། ༈ ད་ནི་གཞན་ཡང༌། རྣལ་འབྱོར་ཆེན་པོའི་རྒྱུད་སྡེ་ལས། དགོན་པ་ཆེན་པོའི་ས་ཕྱོགས་ 24-1-340 སུ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །རི་བོ་དབེན་པའི་ས་ཕྱོགས་སུ། །དངོས་གྲུབ་ ཐམས་ཅད་བསྡུས་པ་འགྲུབ། །ས་ཆ་མཉམ་པ་ཡིད་འོང་བར། །དྲི་མཆོག་གིས་ནི་བསྟར་བར་ བྱ། །རྟག་པ་ཉིད་དུ་བདག་ཉིད་དང༌། །དཔལ་ལྡན་བཱརཱཧཱི་ལ་མཆོད། །བུམ་བཟང་སྐུ་ཡི་རྣལ་ འབྱོར་ཅན། །དེ་ལྟར་སྔགས་ཀྱི་དེ་ཉིད་བསྟན། །ལྷ་མོས་བྱིན་རླབས་བཟླས་པ་ཡི། །རྡོ་རྒྱུས་ ཀྱིས་ནི་ཡང་དག་བྲི། །རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ས་ཡི་གཡས་དང་ཛྷ་འོག་སྦྱར། །བྷ་ འོག་ཛྷ་འོག་སྦྱར་བ་ནི། །འོག་གི་ཆ་ནི་མེ་དང་བཅས། །ཧ་སྟེང་ཉ་འོག་སྦྱར་བར་བྱ། །ཐ་ཡིག་ གཡས་དང་ཛྷ་གཡོན་སྦྱར། །མ་སྟེང་ཊ་ཡི་གཡོན་པ་སྦྱར། །དབུས་མའི་མདུན་གྱི་མཐའ་ནས་ བླངས། །དབུས་མའི་རྒྱབ་དང་ཎ་སྟེང་བླངས། །ཝ་ཡིག་གཡས་དང་ཛྷ་འོག་སྦྱར། །ཛྷ་འོག་ ལ་འོག་དང་ནི་སྦྱར། །ན་ཡི་སྟེང་ནས་བླང་བར་བྱ། །ལན་གཉིས་ཙམ་དུ་བཀླག་པར་བྱ། །ཤ་ འོག་ཤར་ཕྱོགས་མཐའ་ཡི་གྲོང༌། །ཐ་འོག་ཛྷ་འོག་སྦྱར་བ་ནི། །སྟེང་དུ་གཟི་བརྗིད་རྒྱན་པར་ བྱ། །དྷ་ཡི་གཡོན་དང་ཌ་འོག་སྦྱར། །བ་སྟེང་ར་འོག་བརྩེགས་པ་ནི། །དྷ་ཡི་སྟེང་གིས་སྤྱི་བོ་ བརྒྱན། །དབུས་མ་ཎ་འོག་བཅས་པ་ནི། །ཊ་ཡི་གཡོན་དང་སྦྱར་བར་བྱ། །རྣམ་པར་བཅད་ པས་རབ་ཏུ་མཛེས། །བྷ་སྟེང་ཐ་འོག་ཉ་འོག་བས། །ཉ་འོག་དབུས་ཀྱི་ཡུལ་ལ་སྦྱར། །འདི་ ནི་རྩ་བའི་རིག་པ་མཆོག །ༀ་ནི་ཐམས་ཅད་གསང་སྔགས་ཏེ། །དངོས་གྲུབ་ཐམས་ཅད་སྦྱིན་ པར་བྱེད། །བ་ཡིག་ཁུ་བ་རེངས་པ་དང༌། །ཛྲ་ཡིག་རླུང་དང་རྡུལ་འཆིང་བ། །བཱ་ཡིག་སྨྲ་བའི་ བདག་པོར་འགྱུར། །རཱ་ཡིག་དབང་དང་དགུག་པར་བྱེད། །ཧཱི་ཡིས་འཇིགས་པ་ཀུན་ལས་ ཐར། །ཨ་ཡི་མི་སྣང་འགྱུར་བ་དང༌། །བེ་ཞེས་བྱ་བས་མཁའ་སྤྱོད་དང༌། །ས་འོག་རྐང་བྱུག་ཤ་ ཡ་ཡིས། །ཨཱཿའདིས་གཏུམ་མོ་འབར་བར་བྱེད། །ས་ཡིག་མངོན་ཤེས་ལྔ་རུ་འགྱུར། །རྦ་ཡིག་ འདིས་ནི་རྟོག་མེད་པ། །དུ་ཞེས་བྱ་བས་ཐིག་ལེ་འགོག །ཥྚཾ་ཡིས་ནི་ཏིང་འཛིན་ཐོབ། །ཧྲཱིཿརལ་ གྲིའི་དངོས་གྲུབ་ཐོབ་པར་འགྱུར། །སྭཱཧཱ་ཞེས་པ་ཉིད་ཀྱིས་ནི། །དྲོད་དང་ལྷན་སྐྱེས་དགའ་ 24-1-341 ཐོབ་འགྱུར། །མཐེ་བོང་བྱིན་པ་བརླ་གསང་བ། །ལྟེ་བ་ལྟོ་དང་ནུ་མ་ལག །མགྲིན་མཆུ་འགྲམ་ པ་མིག་དང་སྣ། །སྤྱི་གཙུག་སྟེང་འོག་ཚིགས་ཀུན་དང༌། །བྱ་གདོང་སྤྱི་བོ་རྣམས་ལའོ། །དེ་ནས་ གཞན་ཡང་དོན་དམ་པའི་སྔགས་ཏེ། གང་ཡང་འདི་ན་འཁོར་བ་དང༌། །དེ་བཞིན་མྱ་ངན་ལས་ འདས་པ། །འདི་དག་ཀུན་གྱི་གནས་གཅིག་པུ། །འོད་གསལ་ནམ་མཁའ་ལྟ་བུའོ། །སེམས་ ཀྱི་རྒྱུད་ལས་རྣམ་གཞན་དུ། །ཐར་པ་ཚོལ་བའི་ངལ་བས་ཅི། །ཟླ་བ་མངོན་དུ་མཐོང་གྱུར་ ནས། །རི་མོར་བྲིས་ལ་སུ་ཞིག་ཆགས། །བཅོས་མའི་ལས་དང་ཏིང་འཛིན་དང༌། །དེ་ཡི་རྩོལ་ བ་ཇི་སྙེད་པ། །དེ་ཉིད་རིག་ལ་དགོས་པ་མེད། །སེམས་ཀྱི་རང་བཞིན་རིག་པ་ནི། །དངོས་ དང་དངོས་མེད་རྣམ་པར་དག །གང་མ་གྱུར་པ་ཞི་བ་དང༌། །རྣམ་རྟོག་འཁོར་བ་ཉིད་ཅེས་བྱ། ། དེ་ཕྱིར་དེ་ནི་རྒྱལ་བས་མཁྱེན། །དེ་ནས་རྫོགས་པའི་རིམ་པ་ཡངས། །འདི་ལྟར། རྫོགས་ སངས་རྒྱས་དང་རྒྱལ་སྲས་དང༌། །ཀུན་གྱི་ཡེ་ཤེས་འདི་མི་བརྗོད། །རང་རིག་རྣམ་པ་ཀུན་དང་ བྲལ། །གཞོམ་མེད་སྒྲ་དང་རྣམ་ཀུན་ཅན། །འདི་ནི་དོན་དམ་བཱརཱཧཱི། །གང་ནི་ཆུ་སྐྱེས་དབུས་ ན་གནས། །རླུང་དང་ཐིག་ལེ་ལུས་གཅིག་པུ། །རྡུལ་ནི་གཏུམ་མོ་ཉིད་དུ་རིག །གསང་བར་ བྷ་ག་ཟུར་གསུམ་པ། །དེའི་དབུས་ན་རྡོ་རྗེ་ཕག་མོ་གཡོན་སྐོར་དུ་དྲག་ཏུ་འཁོར་བ་བཀོད་ ནས་རླུང་གི་སྦྱོར་བས་སྦྱར་བར་བྱའོ། །ལྟེ་བ་ལྔ་པོ་ཡོངས་ཕུག་ནས། །ཐིག་ལེ་རྒྱུན་ནི་རབ་ཏུ་ བསམ། །དེ་ལས་དགའ་དང་མཆོག་དགའ་བ། །བྲལ་དང་ལྷན་སྐྱེས་སྐད་ཅིག་མའོ། །གལ་ཏེ་ སྤྱི་བོ་སྙིང་ནང་གདུང༌། །ལྗོན་པ་འགྱེལ་བའི་ཚུལ་ཉིད་དམ། །གཏུན་ཤིང་གཉིས་ཀྱིས་སྦྱར་ བར་བྱ། །བརྒྱལ་ཞིང་སྟེང་ཕྱོགས་འོད་འཕྲོ་བ། །དེ་ཚེ་ལག་གིས་རྡོ་རྗེ་དབས། །སྨིག་རྒྱུ་ཟླ་བ་ དེ་བཞིན་དུ། །མེ་ཁྱེར་མར་མེ་ནམ་མཁའ་སྟེ། །མཁའ་སྣང་ཐམས་ཅད་དེ་ལ་སྣང༌། །ཁམས་ གསུམ་གྱི་ནི་གཟུགས་སུ་འགྱུར། །དགའ་ཆེན་ཤིན་ཏུ་གཉིད་ཡུར་ལ། །རླུང་འགོག་སྦྱོར་བས་ གནས་གྱུར་པ། །ཁྱོད་ཀྱིས་དེ་སྲིད་འདི་སྒྲུབ་བྱོས། །རིམ་པར་བྱེད་པ་གསུམ་པ་རྫོགས་སོ།། །། 24-1-342 ༈ ཡང་གསུངས་པ། ནནྡཀུཎྜལབཱརཱཧཱི། །རྡུལ་རྒྱས་པ་ལས་བདེ་བ་འཐོབ་འགྱུར་ཏེ། །རྡོ་ རྗེ་པདྨ་སྦྱོར་ལས་རྡུལ་ལྷག་རྒྱས། །སྒྱུ་མའི་ལུས་དང་ཐིག་ལེ་བཞི་གཡོ་བ། །སྣ་རྩེ་དག་ཏུ་རླུང་ སེམས་ཞུ་ཞིང་འབབ། །མེ་ལོང་ཤིན་དུ་དྭངས་པ་ལ། །ལེགས་བྲིས་གཟུགས་བརྙན་གསལ་ བ་ལྟར། །ལྷ་ཡི་དེ་ཉིད་རབ་ཏུ་དམིགས། །ལུས་འདི་སྒྱུ་མ་ཉིད་དུ་རྟག །རབ་ཏུ་འཇིགས་པའི་ ཡིད་དགའ་བ། །རི་བོ་ནགས་འདབ་ཆུ་ངོགས་དང༌། །དུར་གྱི་ཁྲོད་དམ་ཕུག་དག་ཏུ། །རང་ གི་རིགས་ཀྱི་ལྷ་མོ་གཟུང༌། །ཐ་མལ་ཚུལ་ནི་ཡོངས་བོར་ནས། །རྡོ་རྗེ་སྦྱོར་བས་སྦྱར་བར་བྱ། ། སྔགས་དང་ལྷ་ཡི་དེ་ཉིད་བསྟན། །དེ་ནས་དགའ་བ་བརྩམས་པར་བྱ། །རེག་པ་དང་སྦྱོར་བ་ དང་བསྲུབ་པ་དང་ལྷུང་བའི་སྐད་ཅིག་ལ་དགའ་བ་དང༌། མཆོག་ཏུ་དགའ་བ་དང་ཁྱད་པར་ གྱིས་དགའ་བ་དང་ལྷན་ཅིག་སྐྱེས་པ་རྣམས་སོ། །བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་ ཆེན་པོའོ། །དེ་བཞིན་དུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་ འབྱོར་ཆེན་པོ་དང༌། རྡུལ་དང་འདོད་གཡོ་བ་ནི་བསྙེན་པའོ། །འབྱུང་བ་རྣམས་ཞུ་ཞིང་དབང་ པོ་ཐིམ་པ་ནི་ཉེ་བར་སྒྲུབ་པའོ། །ཁུ་བའི་རྒྱུན་གྱིས་སྔགས་ཀྱི་བདག་པོ་རྡུལ་ལ་ཐིམ་པ་ནི་ སྒྲུབ་པའོ། །ཁུ་བའི་དམ་ཚིག་རིགས་ཀྱི་བདག་པོ་ནི་སྒྲུབ་པ་ཆེན་པོ་ཞེས་བྱའོ། །དེ་ལ་དེ་ཉིད་ ལྔ་པོ་རྣམས་ལ་དེ་ཉིད་རྣམས་ཉིད་ཀྱི་དབྱེ་བས་གནས་ཏེ་གཅིག་ཏུ་ནི་ས་དང་རླུང་གཡོ་ལ་མེ་ དང་ཆུ་གཡོ་བའོ། །གཞན་དུ་ནི་རིམ་པར་གཡོ་བ་དང༌། རེ་རེ་ཡང་ལྔ་དང་ལྔ་དུས་གཅིག་ཉིད་ ལ་གཡོ་ཞིང་འཁྲུག་གོ །ས་གཡོ་བས་ནི་ལྕི་ཞིང་ལྕི་ལ། ཆུའི་དཀྱིལ་འཁོར་འཁྲུག་པས་ནི་ཆུ་ ཡི་རྡུལ་གྱིས་གཤེར་བར་འགྱུར་རོ། །མེ་ཡི་དཀྱིལ་འཁོར་འཁྲུག་པས་ནི་ཚ་བར་འགྱུར་ཞིང༌། རླུང་གི་ཚོགས་གཡོ་བས་འདར་ཞིང་དཀྲུག་སྟེ་ནམ་མཁའི་ཁམས་གཡོ་བས་ནི་བདེ་བ་ཉིད་ དང་། ལྷག་པ་ཉིད་དང་། ཚིམས་པ་ཉིད་དང་། བྲལ་པ་རྣམས་སུ་འགྱུར་རོ། །འདི་ལ་འདོད་ 24-1-343 པ་དང༌། བདེ་བ་དང༌། བརྒྱལ་བ་དང༌། རང་རིག་ཅེས་བྱ་བ་དགའ་བཞི་སྟེ། ཐམས་ཅད་ཀྱང་ བཅིངས་ཤིང་བརྟན་པ་ནི་གྲོལ་བ་དང༌། གང་འཕོ་བ་དང་འགྱུར་བ་ནི་སྡུག་བསྔལ་བའོ། །བློ་ དང་ལྡན་པ་འདི་ལ་གང་དག་དམ་ཚིག་གི་སྦྱོར་བ་ཡང་འདི་ལྟ་སྟེ། དེ་ལ་གང་གི་ཁུ་བ་ཞུ་བ་ ལས་དགའ་བ་བཞིར་འགྱུར་བ་དང༌། རྡུལ་གྱི་ལམ་ཁམས་རྒྱས་པ་ལས་ཁུ་བ་གཡོ་བ་ཉིད་ དུ་འགྱུར་ཏེ། བློ་དང་ལྡན་པ་འདི་ལྟ་སྟེ། དཔེར་ན་རྡོ་རྗེའི་འདབ་མ་ཡང་རུང༌། རྡོ་རྗེའི་རྩ་བ་ ཡང་རུང༌། རྡོ་རྗེའི་མེ་ཏོག་ཀྱང་རུང་སྟེ། བཅུད་ལེན་གྱི་དབུས་སུ་བོར་ན། བཅུད་ཀྱི་དངོས་ པོ་རྣམ་པར་གཡོ་ཞིང་ཁོལ་ལ། འཕར་བ་དང༌། ད་དུང་ཡང་རླུང་གི་ཤུགས་ཀྱིས་མནན་ཅིང་ བོར་བ་ན། བཅུད་ལེན་སྲ་བ་གཡོ་བ་མེད་པར་བསྟན་ལ། སྣོད་རྣམས་ཉིད་ཞིག་ཅིང༌། རྡོ་རྗེ་ རྩ་བ་ཡང་རུང༌། རྡོ་རྗེའི་མེ་ཏོག་ཀྱང་རུང་སྟེ། དེ་ཡི་ཚེ་དེ་རྣམས་ཉིད་སྣོད་དུ་འགྱུར་རོ། །འདི་ ལ་རྡོ་རྗེའི་རྩ་བ་དང་འདབ་མ་དང་མེ་ཏོག་གང་གི་འབྲས་བུ་གཅིག་ཏུ་འགྱུར་ཏེ། དེ་ཅི་ཡི་ཕྱིར་ ཞེ་ན། དེ་རྣམས་ཉིད། རང་བཞིན་དང་རོ་དང་ནུས་པ་མཉམ་པའི་ཕྱིར་རོ། །འོན་ཀྱང་གོང་བུ་ ཅན་ནི་རྡོ་རྗེའི་རྩ་བ་དང༌། ཆུ་ཐིགས་ཅན་ནི་རྡོ་རྗེའི་འདབ་མ་དང༌། གཡོ་བ་ཅན་ནི་རྡོ་རྗེའི་མེ་ ཏོག་གིས་མྱུར་དུ་འཆིང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་སྟོབས་མི་མཉམ་པའི་ཕྱིར་རོ། །བློ་ དང་ལྡན་པ་དེ་བཞིན་དུ་རང་བཞིན་གྱི་གཏུམ་མོ་ཡང་རུང༌། རྣལ་འབྱོར་གྱི་ཡང་རུང༌། ལས་ ཀྱི་ཡང་རུང་སྟེ་ཀུནྡ་ལ་རེག་པར་གྱུར་ན་ཁུ་བ་གཡོ་ཞིང་ཞུ་ལ་བབས་པ་ན་ད་དུང་ཡང་རླུང་ དང་གཏུམ་མོས་གཡོ་མེད་དུ་བྱས་ནས། ཁུ་བ་རབ་ཏུ་སྲ་བ་གྱེན་དུ་བཅིངས་པས་ལུས་ཀྱི་བུམ་ པ་རྣམ་པར་འགགས་ནས་དེའི་ཚེ་རང་བཞིན་གྱི་གཏུམ་མོ་ཡང་རུང༌། རྣལ་འབྱོར་གྱི་ཡང་ རུང༌། ལས་ཀྱི་ཡང་རུང་སྟེ། དེའི་ཚེ་དེ་རྣམས་ཉིད་སྣོད་དུ་འགྱུར་རོ། །འདི་ལ་རང་བཞིན་གྱི་ གཏུམ་མོ་དང༌། རྣལ་འབྱོར་དང༌། ལས་ཀྱི་གཏུམ་མོ་གང་གིས་འབྲས་བུ་གཅིག་ཏུ་འགྱུར་ཏེ། དེ་ཅི་ཡི་ཕྱིར་ཞེ་ན། དེ་རྣམས་རང་བཞིན་གཅིག་པའི་ཕྱིར་རོ། །འོན་ཀྱང་རྣལ་འབྱོར་ཅན་ལ་ 24-1-344 ནི་རང་བཞིན་དང༌། རྟོག་པ་ཅན་ལ་ནི་རྣལ་འབྱོར་དང་འདོད་པ་ཅན་ལ་ནི་ལས་ཀྱི་གཏུམ་ མོས་མྱུར་དུ་བདེ་བ་ཆེན་པོར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཡུལ་དང་གནས་སྐབས་ ཐ་དད་པའི་ཕྱིར་རོ། །དེ་བས་འདིར་རླུང་གཉིས་ཡང་དག་པར་བསྐུལ་བས་རྣལ་འབྱོར་གྱི་ གཏུམ་མོ་བཛྲབཱརཱཧཱི་བསྐུལ་ནས་དགའ་བ་བཞི་བསྒྲུབ་ཅིང་ཐིག་ལེ་བརྟན་པ་ཡང་སྟེ། དེ་ བཞིན་དུ་མངོན་སུམ་གྱི་ཤེས་པ་རྒྱ་མཚོ་ལ་འཕྲོག་བྱེད་ཀྱི་གྲོང་ཁྱེར་ལྟ་བུ། དེ་ཉིད་རླུང་ཕྲ་མོ་ དང་བཅས་པས་ཀྱང་རྣལ་འབྱོར་ཅན་ལ་བདེ་བ་སྟེར་བར་བྱེད་དོ། །རིམ་པར་བྱེད་པ་བཞི་པ་ རྫོགས་སོ།། །། ༈ ཐོག་མ་མེད་པ་ནས་འཁོར་བ་ནས་འཁོར་བར་གང་གིས་འཁོར་བ་འདི་ཡང་ཉོན་ལ་ ཟུངས་ཤིག གང་ཡང་སྟེང་དང་འོག་གི་ཕྱོགས་ལས་དབང་པོ་ལྔ་དང་ཡིད་དང་། ང་རྒྱལ་དང༌། རྣམ་པར་ཤེས་པ་དང་གཟུགས་ཀྱི་ཕུང་པོ་རྣམས་ཀྱི་འོད་ཟེར་སྣ་ལྔའི་ཚོགས་ལས། སྐྱེ་བ་དང་ འཆི་བར་བྱེད་ཅིང་གཡས་ཀྱི་ཕྱོགས་ལས་ཕུང་པོ་རྣམས་ཀྱིས་འཁོར་བ་དང༌། གང་ཡང་ཅིག་ ཤོས་ཀྱིས་འབྱུང་བ་ལྔ་རྣམས་འབྱིན་དང་སྡུད་པས་རྣམ་པར་རྟོག་པ་དང་ཡེ་ཤེས་སུ་འགྱུར་ ཞིང༌། དབང་པོ་རྣམས་ལས་འགྲོ་བ་དང་འོང་བས་ཏེ་གཟུང་བ་དང་འཛིན་པར་སྣང་བས་ དང༌། འཁྲུལ་ཞིང་བག་ཆགས་བགོ་བར་བྱེད་དོ། །ཁམས་གསུམ་པ་འབྱུང་བ་དང་ཟློག་པ་ ཡང༌། འགྲོ་བ་དང་འོང་བས་ཏེ། དེ་ལྟ་བས་ན་ཐམས་ཅད་རླུང་སྟེ། འོད་ཟེར་སྣ་ལྔ་ཁུ་བ་དང་ རྡུལ་དུ་ལྷན་ཅིག་པས་གནས་སོ། །གཞན་ཡང་འདི་ལྟ་སྟེ་ཇི་ལྟར་རླུང་པོ་རྣམས་ནམ་མཁའ་ དྲི་མ་མེད་པ་ལ་རིང་དུ་རྒྱུ་བ་ན། མི་སྣང་ཞིང་ཇི་ཞིག་ལྟར་ལ་སྣང་བ་མེད་ཅིང་ཞི་བར་འགྱུར་ རོ། །བློ་དང་ལྡན་པ་དེ་བཞིན་དུ། འོད་དང་ལྡན་པའི་རླུང་རྣམས་བཱརཱཧཱི་ཀུནྡྷར་གྱི་དབྱིངས་སུ་ ཐིམ་པ་ན་ཇི་ཞིག་ལྟར་ལ་མི་སྣང་ཞིང་ཞི་བར་འགྱུར་རོ། །དེ་ཞི་བས་རྡུལ་དང་ཁུ་བའི་ཚོགས་ པ་འཇིག་པར་འགྱུར་ཞིང༌། དེ་ལ་རླུང་ཐིམ་པས་མི་གཡོ་ཞིང་སེམས་ཀྱི་རྡོ་རྗེ་འགྱུར་ལ། རྡུལ་ 24-1-345 དག་པས་མི་ཤིགས་པ་དང་བརྟན་པ་དང༌། གཞོམ་དུ་མེད་པར་འགྱུར་ལ། ཁུ་བ་དག་པས་རྡོ་ རྗེའི་ལུས་སྲ་བ། ཁོང་སྟོང་མེད་པ་གར་ཡང་ཕྱིན་པ་ཞེས་བྱའོ། །དེ་ལྟར་སྐུ་དང་གསུང་དང་ ཐུགས་དག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །གཞན་ཡང་འོད་ཟེར་བསྡུ་བ་ལ་ སོགས་པ་གོམས་པས་ནི། དབང་པོ་རྣམས་ནུབ་ཅིང་བདེ་བས་གཉིས་ལོག་པ་དང༌། བ་སྤུ་ འགྲེང་ཞིང་གང་གི་དྲུང་དུ་དུང་གི་སྒྲ་ཡང་རིང་མོར་སྣང་བ་དེའི་ཚེ། ཤིང་དྲུང་རྣམས་སུ་སྤྱོད་པ་ སྤྱད་ལ། དེ་ནས་ཡུལ་ཀུན་ཏུ་རྒྱུ་བ་ན་སྐུད་པའི་གྲོང་གི་ལྷ་མོས་རྗེས་སུ་འཛིན་པར་བྱེད་པས། ཟླ་བ་ཕྱེད་དམ་ཟླ་གཅིག་གམ་ཟླ་བ་དྲུག་ན་ཕྱག་རྒྱ་ཆེན་པོར་འགྱུར་རོ་ཞེས་བྱ་བ་ནི། རིམ་ པར་བྱེད་པ་ལྔ་པ་རྫོགས་སོ།། །། དེ་ནས་དགྱེས་པ་ཆེན་པོས་གར་མཛད་ནས། །སླར་ཡང་ནམ་མཁའི་དབྱིངས་སུ་མི་སྣང་ གྱུར། །དེ་ཚེ་རྗེ་བཙུན་རྔོན་པའི་སྐུ་གསལ་བས། །རྟག་ཏུ་སེམས་ཅན་རྣམས་ལ་རྗེས་བརྩེར་ མཛད། ། འདིར་སྨྲས་པ། སྒོམ་དང་རྫོགས་དང་སྔགས་མཆོག་དང༌། །གཏོར་མ་གཞོན་ནུ་མ་མཆོད་ དང༌། །ཉལ་དང་ལྡང་བ་བུམ་པ་བསྒྲུབ། །སྤྱོད་དང་སྤྱོད་དམ་བྱིན་རླབས་རྒྱལ། །ཞེས་པ་ཡང་ སྨྲས་སོ། །འདིས་ཀྱང་སེམས་ཅན་ཁམས་རྣམས་དྲི་མེད་རང་བཞིན་ལ། །བདེ་དང་ཕན་པས་ དགའ་བ་མཆོག་ཏུ་འགོད་པར་ནི། །དེ་རིང་གྱུར་ཅེས་དཔའ་བོ་བསྐལ་པ་བརྒྱར་ཡང་སེམས། ། འདོད་དང་རྙེད་པས་ཁོ་བོ་ཅི་བགྱི་བདེ་བ་རྒྱས། ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རིམ་པ་ལྔ་པ་ཞེས་བྱ་བ་རྔོན་པའི་གདམས་ངག་རྫོགས་སོ།། །། རྗེ་བཙུན་བུདྡྷ་གུཔྟའི་ཞལ་སྔ་ནས་དང༌། ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་འཚལ་ བའོ།། །།དགེ་ལེགས་འཕེལ། མངྒ་ལཾ།། ཞུས་དག བིསྟཱ་ར། 24-1-346 ༄༅། །ༀ་སྭསྟི། རྒྱ་གར་སྐད་དུ། བཛྲཡོགནཱིལུགབྷབ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་ མ་སྦས་པའི་སྒོམ་པ། ༀ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། ། ད་ནི་རྡོ་རྗེ་ཕག་མོ་ཡི། །སྒྲུབ་པ་ཡང་དག་རབ་ཏུ་བཤད། །སེམས་ཅན་འཁོར་བ་སྒྲོལ་ བའི་ཕྱིར། །དཱི་ན་ཀ་རས་བརྩམས་པར་བྱ། ། ཡིད་དང་མཐུན་པའི་གནས་སུ། ལུས་དྲང་པོར་བསྲངས་ནས་འདི་ལྟར་བསྒོམ་པར་བྱ་སྟེ། དག་པ་རྣམ་པར་ཐར་པ་གསུམ། །བློ་དང་ལྡན་པས་བསྒོམ་པར་བྱ། །དེ་ནས་སྐད་ཅིག་ཅིག་ དེ་ལ། །ལྷ་ཉིད་དུ་ནི་རྣམ་པར་བརྟག །བྱང་ཆུབ་ཙནྡན་ཆུ་ཤིང་དང༌། །དཔལ་གྱི་འབྲས་བུ་ཉི་ མ་ཟླ། །མེ་དང་སྒྲ་གཅན་སྟེང་ན་མདོག །སྣ་ཚོགས་འཛིན་མ་དམར་མོ་ཆེ། །དམར་བའི་སྤྱན་ གསུམ་ཁསྤུ་དང༌། །ཀ་པཱ་ལ་བསྣམས་གར་མཛད་མ། །ཐོད་འཕྲེང་ཕྱག་རྒྱ་ལྔ་ཡིས་བརྒྱན། ། སྐྲ་གྲོལ་ཁ་ཊྭཱཾ་ག་དང་འདུས། །གཡས་སུ་སྔོན་མོ་གྲི་ཐོད་དང༌། ཌཱམརུ་ཁཊྭཱཾག་བསྣམས་པ། ། གཡོན་དུ་དཀར་མོ་ཞགས་པ་གྲིས། །ཆོས་འབྱུང་རྡོ་རྗེ་རྩེ་གཅིག་འཛིན། །ཉི་མ་རོ་ཡི་སྟེང་ ན་བཞུགས། །ཀུན་ཀྱང་རབ་ཏུ་འབར་བའོ། །སངས་རྒྱས་རབ་བསྔགས་རྣམ་སྣང་མ། །དབུ་ རྒྱན་རྡོ་རྗེ་གསུམ་གྱིས་མཛེས། །རྩ་རྣམས་གསུམ་ལ་ཡི་གེ་རྣམས། །ༀ་ཨཱཿཧཱུཾ་གིས་རབ་ཏུ་ བརྒྱན། །ལྟེ་བའི་འོད་ཀྱིས་སངས་རྒྱས་རྣམས། །རང་སྔགས་འཁོར་ལོ་ལ་གཞུག་བྱ། །ཕཻཾ། ཡང་ཡང་ལྷ་ཡི་དེ་ཉིད་དྲན་བྱས་ཏེ། །མཆན་ཁྱུང་བསྡམས་ནས་གསང་སྔགས་རྒྱལ་པོ་བཟླ། ། གང་འདི་རྣམ་མི་རྟོག་པའི་སེམས་ཀྱིས་སོ། །འདི་ནི་ལྷ་ཡི་དེ་ཉིད་ཉེ་བར་དམིགས། །ལྟེ་བའི་ དབུས་ན་ཐིག་ལེ་ནི། །ཁ་དོག་དམར་བ་ཉིད་དམིགས་ན། །རླུང་ནི་ཡང་དག་བསྡམས་པར་བྱ། ། ལྟོ་བ་འཕེལ་བ་མ་ཡིན་ཞིང༌། །རླུང་ནི་ཁ་སྦྱོར་ཉིད་དུ་བྱ། །ཟེའུ་འབྲུའི་ནང་དུ་བདེ་བ་སྒྲུབ། ། དཔྲལ་བ་མགྲིན་པ་མཐར་སྙིང་ག །ཐིག་ལེ་ཐིམ་པ་འོད་གསལ་བའོ། །དག་པ་གསུམ་གྱི་ 24-1-347 སྦྱོར་བ་ཡིས། །ཐུན་མཚམས་འཇུག་པ་ཉིད་དུ་བྱ། །ཤ་ལྔ་བདུད་རྩི་ལྔར་བཅས་པ། །ཟླ་བ་ རྡོ་རྗེ་ༀ་ཡིག་གིས། །སྦྱང་ཞིང་སྤེལ་བ་ལ་སོགས་བྱ། །ཨ་ཀཱ་རོ་སོགས་གསང་སྔགས་ཀྱིས། ། གཏོར་མ་སངས་རྒྱས་རྣམས་ལ་དབུལ། །མཆོད་ཅིང་གསོལ་ནས་གཤེགས་སུ་གསོལ། །ཧེ་ རུ་ཀའམ་རྡོ་རྗེ་སེམས། །ཡང་ན་ལྷ་མོའི་ང་རྒྱལ་གྱིས། །ཕྱི་རོལ་འབྱུང་པོ་རྣམས་དགེས་བྱ། ། ཧ་ཧའི་བསྙེམས་བཅས་འཇིགས་མེད་པས། །རང་གི་སྟན་དུ་བཟླས་པ་དང༌། །ཕཻཾ་ཞེས་ཡང་ ཡང་གར་སྟབས་བྱ། །ཚེས་བཅུ་ལ་སོགས་དུས་རྣམས་ལ། །གཞོན་ནུ་མ་མཆོད་བསྒྲུབ་པར་ བྱ། །བུ་མོ་གསུམ་མམ་བདུན་དག་ལ། །མཆོད་པ་རྫོགས་པ་བརྩམས་བྱས་ནས། །བྱིན་གྱིས་ བརླབས་པ་དེ་རུ་བརྩམས། །ཡང་ན་རྡོ་རྗེའི་རྡུལ་གྱི་འོད། །སྒྲོན་མ་ལྔ་བཅས་གཏོར་མ་ནི། ། ལྷ་མོ་བཞི་ཡི་སྔགས་བཅས་པས། །སློབ་མའི་འཁོར་ལོ་བཞིར་རེག་ནས། །འབྱུང་བ་བཞི་ ཡི་བར་ཆད་བསལ། །ཡུལ་དང་ལྷ་སྐུ་སྔགས་ཐིག་ལེ། །རིམ་པ་ཡིས་ནི་སྟོང་པའོ། །འདི་ལ་ འཇུག་པ་ཡོད་མ་ཡིན། །དཀྱིལ་འཁོར་དབང་བསྐུར་ཉིད་ཀྱི་ཕྱིར། །ཧཱུཾ་སྟོང་པ་ཆོས་ཀྱི་འབྱུང་ གནས་དབུས། །ལྷ་སྐུ་བུམ་པའི་ཆུ་ཡིས་བཀྲུ། །བླ་མ་ཡི་ནི་རྐྱང་མའི་རླུང༌། །ར་ས་ནས་རྔུབ་ དྷཱུ་ཏིར་གཞུག །མཆན་ཁུང་བཅིངས་ནས་ཙཎྜཱ་ལི། །སྦར་ཞིང་ཐིག་ལེ་རླུང་དག་གི །དགའ་བ་ རབ་སྒྲུབ་དེ་ནས་གཞན། །ཟུང་འཇུག་ཡེ་ཤེས་བཤད་པར་བྱ། །དེ་ལྟར་མདོར་བསྡུས་སྦྱར་བ་ ལས། །དགེ་བ་བདག་གིས་གང་བསགས་པ། །དེ་ཡིས་སེམས་ཅན་མ་ལུས་པ། །རྡོ་རྗེ་སེམས་ དཔའ་ཉིད་དུ་ཤོག ། སློབ་དཔོན་ཆེན་པོ་གུཔྟ་ནཱ་ཐ་དང༌། རྒྱལ་ཁམས་པས་བསྒྱུར་བའོ།། །།ཞུས་དག། དགེ་ ལེགས་འཕེལ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༧༧ ཡིན།) 24-1-348 ༄༅། །ཕག་མོ་རྣམ་པ་ལྔའི་སྒྲུབ་ཐབས་དང༌ཨ་ཏི་ཤའི་ ཆོས་དྲུག་གི་ཁྲིད་ཡིག་ལགས། ༄༅། །ན་མོ་གུ་ར་ཝེ། འགྲོ་བ་སྒྲོལ་ཕྱིར་སྒྱུ་འཕྲུལ་མཐའ་ཡས་ནི། །ལང་ཚོ་རྒྱས་མའི་ རྣམ་འགྱུར་རྡུལ་སྙེད་ཀྱིས། །ཧེ་རུ་ཀ་དཔལ་བདེ་བྱིན་བདེ་རྒྱས་མ། །རྡོ་རྗེ་བཙུན་མོའི་ཞབས་ པད་འདུད་ཅིང་འདུད། །ཡོན་ཏན་བརྒྱད་ཀྱི་མངའ་འབྱོར་བ། །གང་གསུང་ལམ་གསུམ་འགྲོ་ བ་ནི། །འགྲོ་འདི་བདེ་བའི་ཉེར་སྤྱད་དུ། །ཞི་བས་དེང་འདིར་རབ་ཏུ་སྦྱིན། །འདིར་ལྔ་བརྒྱ་པ་ རྣམས་ཀྱི་གཙུག་གི་ནོར་བུ། ཨ་ཏི་ཤའི་ཞལ་གདམས། རྗེ་བཙུན་མ་དཀར་མོའི་སྒྲུབ་ཐབས་ ཉམས་སུ་ལེན་པར་འདོད་པས། ལམ་ཐུན་མོང་གིས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། སྐྱབས་ སེམས་དང་ཚད་མེད་བཞི་རྒྱས་བསྡུས་གང་རུང་སྒོམ་ལ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ ཀོ྅ཧཾ། ༀ་ཨ་པྲ་ཎི་ཧི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ༀ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ ཨཏྨ་ཀོ྅ཧཾ། སྤྲོ་ན་སྲུང་འཁོར་རྔོན་པའི་གདམ་ངག་བཞིན་བྱ། སྟོང་པའི་ངང་ལས་ཨེ་ལས་ ཆོས་འབྱུང་གྲུ་གསུམ་དམར་པོ། ཕྱོགས་བཞིར་དགའ་བ་འཁྱིལ་བ་བཞི་དང་བཅས་པའི་ དབུས་སུ། རང་སེམས་ཟླ་བ་ལ་གནས་པའི་བཾ་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣལ་ འབྱོར་མ་སྟོན་ཟླ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས། ཕྱག་གསུམ་གཡོ་བ། གཡས་ གྲི་གུག གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་རྒྱབ་ངོས་ནས་ཕྲག་པ་ ལ་བསྐལ་བ། དབུ་སྐྲ་གྲོལ་ཞིང་རྒྱན་སྤངས་པ། མེ་དཔུང་དཀར་པོའི་དབུས་ན་བཞུགས་ 24-1-349 པ། མི་བསྐྱོད་པའི་དབུ་རྒྱན་ཅན། ལྟེ་བར་ཆོས་འབྱུང་གི་དབུས་སུ་བཾ། འབར་བའི་ཕྱག་རྒྱ་ དང་བཅས་ཕཻཾ་ཞེས་བརྗོད། ས་གསུམ་གྱི་རྡོ་རྗེ་རྣལ་འབྱོར་མ་རྣམས་སྤྱན་དྲངས་པར་བསམ། ཛཱཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། སྤྱི་བོར་ཧཾ་དཀར་པོ་མགོ་ཐུར་དུ་ལྟ་བ། བཾ་ལས་སྔགས་ཕྲེང་མེ་འོད་ཀྱི་རང་བཞིན་དམར་པོ་གྱེན་དུ་བྱུང་ཧཾ་ལ་ཐིམ། ཧཾ་ལས་སྔགས་ ཕྲེང་དཀར་པོ་བྱང་སེམས་ཀྱི་རང་བཞིན་ཐུར་དུ་བྱུང་བཾ་ལ་ཐིམ། སྔགས་དཀར་དམར་གྱི་ འབར་འཛག་ལ་སེམས་གཏད་ནས་ༀ་གསུམ་མ་བཟླ། མཇུག་ཏུ་དཀྱིལ་འཁོར་མི་དམིགས་ པའི་ངང་དུ་ཅུད་ཟད་བཞག དེ་ནས་རྫོགས་རིམ་སྒོམ་སྟེ། འོག་ནས་འབྱུང་བ་ལྟར་རམ། ལྟེ་ བར་དབུ་མའི་ནང་ཆོས་འབྱུང་གི་དབུས་སུ་མར་མེ་སོར་བཞི་པ། སྤྱི་བོའི་ལྟེ་བར་ཧཾ། མེ་ཅུང་ ཟད་འབར་བྱང་སེམས་སྤྱི་བོར་འདུས། མེ་བག་ཙམ་གཡོས་ཧཾ་ཞུ་སྟེ། མར་མེ་ལ་ཐིམ་པར་ བསམ་ཞིང༌། བུམ་ཅན་དང་སྦྱར་སྟེ་སྒོམ་པའོ། །དགེ་བའི་རྩ་བ་བྱང་ཆུབ་དུ་བསྔོ། དེ་ནས་ ཐུན་མཚམས་ཀྱི་བྱ་བ་ལ་འཇུག། །།མངྒ་ལཾ། ༄༅། །ཡང་རྗེ་བཙུན་མ་དམར་མོ་ཉམས་སུ་ལེན་པར་འདོད་ན། ཆོས་འབྱུང་བསྒོམས་ པ་ཡན་ཆད་སྔར་བཞིན། དེའི་དབུས་སུ་ཉི་མ་དང་རོ་གདན་ལ། ཧྲཱིཿདམར་པོ་ཡོངས་སུ་གྱུར་ པ་ལས་རང་ཉིད་རྗེ་བཙུན་མ་དམར་མོ་ཞབས་གཡས་བརྐྱང་པས་མི་རོའི་སྙིང་ཁ་མནན་པ་ གཡོན་ཕྲག་པར་བཀལ་བ། ཕྱག་གཡས་རྡོ་རྗེ་ཐུར་དུ་སྡིགས་ཐབས་ཀྱིས་བཟུང་བ། གཡོན་ ཐོད་ཁྲག་སྟེང་ཕྱོགས་སུ་བཟུང་ནས་ཞལ་དུ་གསོལ་བ། གྲུ་མོར་ཁ་ཊྭཱཾ་ག་དཀར་པོ་བསྣམས་ པ་རྒྱན་སྤངས་པ། བ་སྤུ་དང་སྐྲ་རེ་རེ་ཞིང་ཡང་མེ་འབར་བ། ཡན་ལག་ཐམས་ཅད་ལ་རང་ བྱུང་གི་ཁྲག་གིས་ཉེ་བར་བྱུགས་པ། དེའི་ལྟེ་བ། སྙིང་ཁ། མགྲིན་པ། སྐྲ་མཚམས། སྤྱི་བོ། ཡན་ལག་ཐམས་ཅད་ལ་རིམ་པས། ༀ་བཾ་ཧཾ་ཡོཾ། ཧྲིཾ་མོཾ། ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། རྣམས་བཀོད་ 24-1-350 ནས་ཕཻཾ་ནས་ཡོ་ག་ཤུདྡྷའི་བར་སྔར་བཞིན། སྤྱི་བོར་བླ་མ་རྣམ་པར་སྣང་མཛད་ཡབ་ཡུམ་ སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། ལྟེ་བར་ཧྲཱིཿདང་བཾ་རྗེས་པ་མ་ རྟོགས་ཟླས་པའི་དམིགས་པ་མན་ཆད་སྔར་བཞིན་ཉམས་སུ་བླང་ངོ༌།། །།མངྒ་ལཾ། ༄༅། །ཡང་རྗེ་བཙུན་མ་སྔོན་མོ་ཉམས་སུ་ལེན་པར་འདོད་པས། ཆོས་འབྱུང་བསྒོམས་ པ་ཡན་ཆད་སྔར་ལྟར་ལས། ཆོས་འབྱུང་ཁ་དོག་སྔོན་པོ་ཕྱི་རོལ་ཏུ་མེ་འབར་བ། དབུས་སུ་ཡཾ་ ལས་རླུང༌། རཾ་ལས་མེ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ལྟེ་བ་ལ་ཉི་མ་དང་འཇིགས་བྱེད་དུས་མཚན་ གྱི་གདན། དེའི་སྟེང་དུ་ཧྲཱིཿལས་གྲི་གུག་དགུ་པོ་ཧྲཱིཿས་མཚན་པ་ལས་སྔགས་ཀྱི་འཕྲེང་བ་ དཔག་ཏུ་མེད་པ་འཕྲོས། མ་རུངས་པ་ཐམས་ཅད་ཚར་བཅད། སླར་འདུས་ཡོངས་སུ་གྱུར་པ་ ལས། རང་ཉིད་རྡོ་རྗེ་དྲག་མོ་བཱ་རཱ་ཧཱི་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ དམར་བ། དབུ་སྐྲ་སེར་པོ་གྱེན་དུ་རྫེས་པ། ཕྱག་གཡས་གྲི་གུག་རིང་པོ་སྟེང་དུ་འཕྱར་སྟབས་ སུ་འཛིན་པ། གཡོན་ཐོད་པ་ཤ་ཁྲག་གིས་གང་བ་ཐུགས་ཀར་གཏོད་པ། མཆན་ཁུང་གཡོན་ དུ་ཀེང་རུས་ཀྱི་ཁ་ཊྭཱཾ་ག གཅེར་མོ་མི་མགོའི་འཕྲེང་བ་ཅན། གཡོན་རྐྱང་གི་སྟབས་ཀྱིས་མེ་ དཔུང་འབར་བའི་དབུས་ན་བཞུགས་པ། ཕྱོགས་མཚམས་རྣམས་སུ་རོ་གདན་ལ་གཡོན་ སྐོར་གྱིས་ཙཱཾ་ལཾ་རུཾ་བྲཾ་ཨིཾ་ཀུཾ་བཱཾ་བིཾ་ལས་གྲི་གུག་ཙམ་ལ་སོགས་པས་མཚན་པ་ཡོངས་སུ་གྱུར་ པ་ལ། ཙཱེཏྩིཀ དཔལ་མོ། དྲག་མོ། ཚངས་མ། དབང་མོ། གཞོན་ནུ་མ། ཕག་མོ། དབྱུག་ མ་རྣམས་གཙོ་མོ་དང་མཚུངས་པ་ཆེར་ཁྲོས་པའོ། །ལྟེ་བ་ཞེས་པ་ནས་བྱང་ཆུབ་སེམས་ཀྱིས་ དབང་བསྐུར་ཞེས་པའི་བར་དམར་མོ་བཞིན་ལས་ཁྱད་པར་བླ་མ་མི་བསྐྱོད་པའོ། །ལྟེ་བར་ ཆོས་འབྱུང་སྔོན་པོ་ཉིས་བརྩེགས་ཀྱི་ནང་དུ། ཉི་མ་ལ་གྲི་གུག་རིང་པོ་ལོ་གྱེན་བསྟན་གྱི་ཡུ་ བར་ཧྲཱིཿལ་སྔར་ཕྲེང་གིས་སྐོར་བ་མེ་འབར་བ། དེ་ལས་ཕྱག་མཚན་སྔགས་ཕྲེང་དང་བཅས་པ་ 24-1-351 དཔག་ཏུ་མེད་པ་སྤྲོས་པས་གནོད་བྱེད་ཐམས་ཅད་ཚར་བཅད། སྣོད་བཅུད་ཀྱི་བདེ་བ་ཐམས་ ཅད་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཀུག ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པར་ བསམ་ཞིང༌། ༀ་བཛྲ་ཝཱ་ར་ཧཱི་ཨ་བེ་ཤ་ཡ་ཨཱཿ སརྦ་དུཥྚཾ་ཧྲཱིཿསྭཱཧཱ། ཞེས་བཟླ། རྗེས་རྣམས་སྔར་ བཞིན།། །།མངྒ་ལཾ། ༄༅། །ཡང་ངང་པའི་རྡོ་རྗེ་མ་ཞེས་པ་བདག་མེད་མའི་སྒྲུབ་ཐབས་ཉམས་སུ་ལེན་པར་ འདོད་པས། སྟོང་པར་སྒོམ་པ་ཡན་ཆད་སྔར་དང་འདྲ་བ་ལས། སྟོང་པའི་ངང་ལས་སྲུང་ འཁོར། ཡཾ་རཾ་བཾ་ལཾ་ལས་འོ་མའི་རྒྱ་མཚོ་ནོར་བུས་གང་བ། བྲུཾ་ལས་ངང་པ་ཁ་དོག་ལྔ་པ་རྐང་ པ་མཚོའི་སྟེང་དུ་ཕྱིན་པ་ཞིག་གསལ་བཏབ། དེའི་སྙིང་ཁར། པདྨ་དང་མི་རོའི་སྟེང་དུ་ཉི་ གདན། དེའི་སྟེང་དུ་རང་སེམས་ཟླ་བ་དམར་སྐྱ་ལ་གནས་པའི་ༀ་སྔོན་པོ་ཡོངས་སུ་གྱུར་པ་ ལས། རྡོ་རྗེ་བདག་མེད་མ་སྔོན་མོ། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། སྐྲ་སེར་པོ་གྱེན་ དུ་རྫེས་པ། ཕྱག་རྒྱ་ལྔ་དང་མགོ་བོའི་འཕྲེང་བས་བརྒྱན་པ། གཡོན་བརྐྱང་པའི་ཕྱེད་དཀྱིལ་ གྱིས་གར་སྟབས་མཛད་པ། དེའི་རྐང་པའི་མཐེ་བོང་བྱིན་པ། བརླ། གསང་བ། ལྟེ་བ། གསུས་ པ། ནུ་མ། ལག་པའི་རྩ་བ། མགྲིན་པ། མཆུ། མགྲམ་པ། མིག རྣ་བ། སྤྱི་བོ། སྤྱི་གཙུག་ གཡས་གཡོན་རྣམས་སུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་རྣམས་ ཡོངས་སུ་གྱུར་པ་ལས་རིམ་པ་བཞིན་དུ། བདག་མེད་མ། རྡོ་རྗེ་མ། གསང་བའི་དཀར་མོ། ཆུ་ མ། མཁའ་འགྲོ་མ། གཽ་རཱི། ཙཽ་རཱི། བཻ་ཏཱ་ལི། གྷསྨ་རཱི། པུཀྐ་སཱི། ཤ་ཝ་རཱི། ཙཎྜ་ལི། ཌོམྦྷི་ནི། མཁའ་སྤྱོད་མ། ས་སྤྱོད་མ་རྣམས་སྐུ་མདོག་ཕྱག་མཚན་རྣམ་པ་རང་དང་འདྲ་བ། སྙིང་ཁའི་ འོད་ཀྱིས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཛྲ་ས་མཱ་ཛཿ ༀ་བཛྲ་ནཻ་རཱེཏྨ་ཨཱ་གཙྪ་ཨཱ་གཙྪ་ཛཱཿཧཱུཾ་ བཾ་ཧོཿ སྙིང་ཁའི་འོད་ཟེར་གྱིས། སྤྱན་དྲངས་པའི་དབང་གི་ལྷ་མཁའ་འགྲོ་མ་རྣམས་ཀྱིས་ 24-1-352 བུམ་པ་བདུད་རྩིས་གང་བ་ཐོགས་ཏེ། ༀ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་གིས་བུམ་དབང་དང༌། ༀ་ ཨཱཿཧཱུཾ་གིས་གསང་དབང་དང༌། ༀ་བཛྲ་ཨ་ནུ་རཱ་ག་ཧཱུཾ་གི་ཤེས་རབ་ཡེ་ཤེས་བཞི་པར་བཅས་པ་ བསྐུར། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པའི་དབུ་རྒྱན་དུ་གྱུར། ཨཾ་དང་བཾ་གྱི་ ཁྱད་པར་མ་རྟོགས་བཟླས་པའི་དམིགས་པ་རྗེ་བཙུན་མ་དཀར་མོ་དང་འདྲ། སྔགས་ནི། ༀ་ ཨ་ཨཱཿ ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཕཊ་སྭཱཧཱ། འཇུག་གི་བྱ་བ་རྣམས་ སྔར་བཞིན་ནོ།། །།མངྒ་ལཾ། ༄༅། །ཡང༌། རྡོ་རྗེ་ཅ་ཅོ་སྒྲོག་མའི་སྒྲུབ་ཐབས་ཉམས་སུ་ལེན་པར་འདོད་པས། རྡོ་རྗེ་ དྲིལ་བུ་བཟུང་ནས་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་འཆའ། ༀ་ཨ་ཀཱ་རོ་སོགས་བརྗོད། ཕྱག་རྒྱ་ དེ་ཉིད་གནས་གསུམ་དུ་རེག་ལ། ༀ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། རང་གི་སྙིང་ཁའི་བཾ་ ལས་འོད་ཟེར་འཕྲོས། གནས་གསུམ་གྱི་མཁའ་འགྲོ་མ་ཐམས་ཅད་མདུན་གྱི་ནམ་མཁར་ བཞུགས། སྙིམ་པའི་མེ་ཏོག་གྱེན་དུ་གཏོར་ལ། ན་མོ་བྷ་ག་ཝ་ཏེ་པུཥྤེ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ ཏཱ་ཡ། ཨཱདྷ་ཏེ་སམྨྱཀྶམྦུདྡྷཱ་ཡ། ཏདྱ་ཐ། པུཥྤེ་པུཥྤེ་མཧཱ་པུཥྤེ་སུ་པུཥྤེ་པུཥྤ་ཨུདྦྷ་ཝེ་པུཥྤ་ཀིརྞེ་སྭཱཧཱ། ཨརྒྷཾ་སོགས་ཀྱིས་མཆོད། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ནས་སྔར་བཞིན་ སྟོང་པ་ཉིད་སྒོམ་མོ། །སྟོང་པའི་ངང་ལས་འབྱུང་བཞི་རི་རབ་དང་བཅས་པའི་རྩེར་མོར་ཆོས་ ཀྱི་འབྱུང་གནས་ཟུར་དྲུག་པ་དང༌། དེའི་དབུས་སུ་ཟུར་ལྔ་པ། དེའི་དབུས་སུ་ཟུར་གསུམ་ པ། དེའི་དབུས་སུ་ༀ་བཾ་ཕཻཾ་ཞེས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་ཕག་མོ་ཅ་ཅོ་སྒྲོག་ མ་སེར་མོ་ཞལ་བཞི་ཕྱག་བཞི་རྩ་ཞལ་དང་སྟེང་རྟའི་གདོང་ཅན་སེར་བ། གཡས་དཀར་ གཡོན་དམར། ཕྱག་གཡས་ཀྱི་དང་པོ་རྡོ་རྗེའི་དབྱུག་པ་ནམ་མཁའ་ལ་འཕྱར་བ། གཡོན་ གྱི་དང་པོ་ལྕགས་ཀྱུ་དང་ཞགས་པ་མཐུར་དུ་སྡིགས་པ། གཡས་འོག་མས་ཞི་བའི་ལིངྒ་རྡོ་རྗེ་ 24-1-353 རྩེ་ལྔ་པས་མཚན་པ་རྒྱབ་ཀྱི་ཆར་འཛིན་པ། གཡོན་འོག་མ་ཞབས་གཡོན་གྱི་སྒྱིད་ཁུང་ནས་ འཁྱུད་དེ། ཆོས་ཀྱི་འབྱུང་གནས་ལྟེ་བར་རྡོ་རྗེ་རྩེ་གཅིག་པས་མཚན་པ་བདུད་རྩིས་ཡོངས་སུ་ གང་བ་འཛིན་པ། ཞབས་གཉིས་འཕུར་བའི་སྟབས་ཅན། ཕྱག་རྒྱ་ལྔ་དང་མི་མགོའི་འཕྲེང་ བས་མཚན་པ། འཇའ་འོད་འཕྲོ་བ། དེའི་གཡས་སུ་ལྷ་མོ་བདེ་མཆོག་མ་སྐུ་མདོག་དཀར་མོ་ གྲི་གུག་དང་ཐོད་པ་འཛིན་པ། གཡོན་དུ་ངོ་མཚར་བདེ་མ་དམར་མོ་ཕྱག་དང་པོ་གཉིས་ཀྱི་ མདའ་གཞུ་འགེངས་པ། འགོ་མ་གཉིས་ཀྱིས་མདུང་རྩེ་གསུམ་པ་འཛིན་པ། གཙོ་མོ་ལ་མངོན་ པར་ཕྱོགས་ཤིང་མཁའ་ལ་འགྲོ་བའི་ཚུལ་ཅན། ལྟེ་བར་ༀ་བཾ་ནས་བྱང་ཆུབ་ཀྱི་སེམས་ཀྱིས་ དབང་བསྐུར་ཞེས་པའི་བར་སྔོན་མོའི་སྐབས་དང་འདྲ། བཟླས་པའི་དམིགས་པ་ནི། རྩ་དབུ་ མ་ཡར་སྣ་སྨིན་མཚམས་སུ་ཕག་གདོང་གི་རྣམ་པ་དང༌། མར་སྣ་བྷ་གའི་ཟེའུ་འབྲུ་ལ་གནས་ པ་མཁའ་ལྡིང་གི་གདོང་གི་རྣམ་པ། གཉིས་ཀ་ལ་བཾ་གྱིས་མཚན་པ། དེའི་འོད་ཟེར་གྱིས་ དག་པ་དང་མ་དག་པའི་སྣོད་བཅུད་ཀྱི་བདེ་བ་ཐམས་ཅད་བཀུག ཡི་གེ་གཉིས་ལ་ཐིམ། ཡི་ གེ་གཉིས་ལས་བྱང་ཆུབ་ཀྱི་སེམས་དབུ་མའི་ལམ་ནས་སྟེང་འོག་དུ་འཕྱུར་བ་སྙིང་གར་རེག་ རེག་འདུག་པ་ལས་སྔགས་ཀྱི་སྒྲ་གྲག་པར་བསམ་ཞིང༌། ཧཱུཾ་བཛྲ་ཀི་ལི་ཀི་ལི་ཧཱུཾ་ཞེས་བཟླ། འཇུག་གི་བྱ་བ་རྣམས་སྔར་དང་འདྲ། འདི་རྣམས་ལ་སྐྱབས་སེམས་སོང་ནས་བླ་མའི་མཎྜལ་ རྒྱ་གར་བའི་ལག་ལེན་བཞིན་བྱེད་པ་ཡིན་མོད་ཀྱི། མདོར་བསྡུས་ལ་དགའ་བས་མེད་ཀྱང་ ཆོག་གོ །དེ་ཡང་དམར་མོ་ར་ཧཱུ་ལ་བཛྲ་དང༌། དཀར་མོ་ན་རོ་པ་དང༌། ཅ་ཅོ་སྒྲོག་མ་ཤནྟི་པ་ དང༌། གཞན་གཉིས་རྡོ་རྗེ་རྣལ་འབྱོར་མ་དངོས་ལ་ཨ་ཏི་ཤས་གསན་པར་གྲགས་སོ། །མཆོད་ གཏོར་སོགས་རྔོན་པའི་གདམ་ངག་དང་འདྲའོ། །ཡང་འདིར། རྫོགས་པའི་རིམ་པ་སྒོམ་པར་ འདོད་པས། ཟླ་བ་ཕྱེད་དུ་བླ་མའི་རྣལ་འབྱོར་དང༌། ཡང་ཟླ་བ་ཕྱེད་དུ་མཎྜལ་འབུལ། དེ་ནས་ ཕྱག་དང༌། སྐོར་བ་དང༌། སྦྱིན་སྲེག་དང༌། སཙྪ་དང༌། བྱེ་མའི་མཆོད་རྟེན་དང༌། ཕྱི་ནང་གི་ 24-1-354 གཏོར་མ་དང༌། སྨོན་ལམ་འདེབས་པ་དང༌། ཛམྦྷ་ལའི་ཆུ་སྦྱིན་དང༌། བླ་མ་དང་སྐུ་གཟུགས། དགེ་འདུན་སོགས་མཆོད་པ་དང༌། སྦྱིན་པ་བྱ་བ་དང༌། རྡོ་རྗེ་སེམས་པའི་སྒོམ་བཟླས་སོགས་ ལ་ཞག་གྲངས་མ་ཐའང་བདུན་བདུན་ཙམ་དུ་རྒྱ་ཆེར་བྱེད་པ་ནི་ཐུན་མོང་གི་སྔོན་འགྲོའོ། །དེ་ ནས་ཞག་བཅུ་ཙམ་དུ་སེམས་རང་གར་གཞག ལུས་རྣམ་སྣང་གི་ཆོས་བདུན་གཡོ་མེད་དེ། དེ་ ཡང་རྐང་པ་སྲོག་ཤིང་གི་དཀྱིལ་ཀྲུང་དང༌། མིག་སྣའི་རྩ་བར་ལྟ། གཞན་ནི་འདྲའོ། །རླུང་ ཡང་རང་དགར་གཞག་གོ །དེ་ནས་སྔ་དྲོ་ཉི་མའི་འོད་ལ་ཐལ་བས་ལུས་བྱུགས། ཕྱི་དྲོ་ཞུན་ ཆེན་ནམ། མེད་ན་རྐང་དང་ཚིལ་བུས་བྱུགས་ལ། ལུས་གནད་ནི། འདི་དང་འདི་མན་ཕལ་ ཆེར་ཡང་གོང་དང་འདྲ། སེམས་ནི་རླུང་ལ་གཏད། རླུང་ནི་རེ་ཙ་ཀའི་སྦྱོར་བ་ལ། དང་པོར་ རླུང་རོ་བསལ། མྱུར་བར་རྔུབ་ལ། དལ་བུ་དལ་བུས་འབུད་པ་ཁོ་ན་ལ་འབད་པ་སྟེ་རྡུལ་ མཐའ་ཅན་ནོ། །པཱུ་ར་ཀ་ནི་ཅུང་ཟད་མྱུར་བར་བཏང་ལ་དལ་བུས་ཐུབ་ཚད་དུ་རྔུབ་པ་སྟེ་གང་ བ་ཅན་ནོ། །ཏྲ་ཊ་ཀ་ནི་རན་པར་རྔུབ་ལ་གསུས་པ་མན་ཆད་དུ་མནན། ལྟོ་བ་ཕྱིར་མ་འཕེལ་ ལ། ཚིགས་པ་ལ་ཡང་མ་སྦྱར་བར་མཉམ་བགང་བྱ། ཡིད་ནི་ཅི་ཡང་མི་སེམས་པར་མིག་ བར་སྣང་ལ་ལྟ་ཞིང་གཞག་པ་སྟེ་རེངས་པ་ཅན་ནོ། །ཀུམྦྷ་ཀ་ནི་སྤྱི་དང་མཐུན་པ་ལས། རླུང་ གཏོང་ཁར་མགྲིན་པ་དགུག་ཅིང་རླུང་མིད་ལ། དེ་ནས་རླུང་གཏོང་བ་ཡིན་ཏེ་འདི་ལ་ཁ་སྦྱོར་ གལ་ཆེའོ། །རླུང་དང་པོ་གསུམ་ལའང་ནུས་པ་མངོན་དུ་གྱུར་གྱི་བར་འབད་ན་ཡང་རུང་མོད། འདིར་དེ་རྣམས་ལ་རྩོལ་བ་ཆེན་པོ་བྱས་ན་ཞག་བཅུ་བཅུ་རེ་བྱེད་ལ་རྩོལ་བ་ཅུང་ཟད་ཞན་ ན་དེའི་ཚོད་དཔག་ལ་ཞག་ཉི་ཤུ་ལོགས་པ་བྱེད། རྩོལ་བ་དྲག་པོས་ཀྱང་བར་བར་དུ་ངལ་ གསོ་བ་ཅི་རིགས་བྱ། རླུང་སྦྱོར་སོ་སོའི་བར་དུ་ཞག་བདུན་བདུན་དུ། ཐུན་གྱི་སྐབས་སུ་སྔར་ གྱི་རླུང་སྦྱོར་དེ་ལ་གནས་པའི་ངང་ནས་དམིགས་པ་ནི། ལུས་རྩའི་དྲྭ་བ་ལྟ་བུའི་རླུང་གཞན་ ཐམས་ཅད་དབུ་མར་ཞུགས། དེའི་ཚེ་རྩ་ཐམས་ཅད་མེར་མེར་ཤིག་ཤིག་ཐང་ཐང་ལྟོང་ལྟོང་ 24-1-355 གཡོས་ཏེ་མཐར་རླུང་དབུ་མ་ནས་སྟེང་འོག་གང་རུང་རེ་ནས་ཕྱིར་འགྲོ་བར་སྒོམ། ཡང་ནང་དུ་ འོངས་པའི་ཚེ་དབུ་མ་ནས་རྩ་ཐམས་ཅད་ལ་ཁྱབ་པར་བསམ། རླུང་ཕྱིར་འགྲོ་ཚེ་སྡུག་བསྔལ་ དང་ནང་དུ་འོང་ཚེ་བདེ་བའི་ངོ་བོར་མོས། ཐུན་མཚམས་སུ་རྩོལ་བ་ཀློད་པའི་ངང་དམིགས་ པ་འདི་ཡུད་ཙམ་ཡུད་ཙམ་དྲན་པར་བྱའོ། །འདི་སྐབས་ཐུན་ནི་ལྔའམ་དྲུག་བྱ་མོད་ཀྱི་ཐུན་ ཡུན་ཐུང་བ་དང་ཐུན་མཚམས་རིང་དུ་བྱ། ཁ་ཟས་ཐེང་རེ་དེ་ཡང་ལུས་ལ་འཕྲོད་པ་རན་པར་ བསྟེན། རླུང་སྦྱོར་ལ་རྩོལ་བ་གཙོ་བོར་བྱེད་པའི་སྐབས་ནི་ནད་འཁྲུགས་ན་མ་གཏོགས་ཟས་ ཆ་ཇེ་ཆུང་དུ་ཕྲི་ནས་འཕྲོད་ཅིང་བཟང་བ་ཉུང་ངུ་རེ་བསྟེན། ཡང་ཞག་སྤེལ་མར་ཟས་བཟའ་ བ་ཡང་བྱེད། དེ་ནས་བུམ་ཅན་ནི། རྟག་ཏུ་སྒོམ་པ་ལས། དང་པོར་ཞག་ཉི་ཤུ་ཙམ་རླུང་ལྟེ་ བར་ཁ་སྦྱར་ཙམ་ན་སེམས་བཏོད་དོ། །དེ་ནས་དེར་ཞག་གཅིག་གཉིས་ངལ་བསོ། ཡང་ རླུང་དང༌། དམིགས་པ་སྔ་མ་ལྟར་ལས། འབྲས་བུ་གསུམ་དང་ལན་ཚྭ་དང༌། རྒྱ་ཚོས་ཀྱིས་ ཤིང་སྦྱར་བ་ཆུར་བསྐོལ་བ་གྲང་དྲོ་གཉིས་ཉི་མ་ཤར་ནུབ་ཀྱི་དུས་སོ་སོར་བཏོང་བ་ཞག་བཅུ་ ཙམ་མོ། །ཡང་རྫས་དེ་འཐུང་བཞིན་དུ་སྙིང་གི་ནང་དུ་འཁོར་ལོ་དེ་ཇེ་ཆེར་འཁོར་བས། སྙིང་ དཀར་ནག་གི་མཚམས་ནས་བཅད། ཤ་ཁྲག་སྡིག་སྒྲིབ་ཐམས་ཅད་སྙིང་རྩ་ནས་བྱུང༌། འོག་ སྒོ་ནས་འཐོན་པར་བསམ། སྤྱི་བོའི་ཟླ་བ་བམ་དང་བཅས་པ་ལས་བདུད་རྩི་རླན་དྲོད་ཅན་ གྱི་རྒྱུན་སྙིང་རྩ་ནས་བརྒྱུད། ལུས་ཐམས་ཅད་གང༌། སྙིང་གི་རྩེ་མོ་སླར་བརྟན་པར་འབྱར་བ་ སྒོམ། འདི་ལ་ལྷ་མོ་སྒོམ་པའང་ཡོད་དོ། །ཟླ་བ་གཅིག་ཙམ་མོ། །དེ་ནས་དམིགས་པ་དེ་ཉིད་ དང༌། ཆུ་སྐོལ་གྲང་དྲོ་ཙམ་བཏུང་བ་ཟླ་བ་གཅིག་གོ །དེའི་རྗེས་སུ་ཁ་ཟས་འབྲས་ཅན་དང་འོ་ མ་རན་ཙམ་ཐེང་རེ་བཟའ། དམིགས་པ་ལྔ་མ་དེའམ་སྤྱི་བོའི་བདུད་རྩི་དབུ་མ་དང་རྩ་འཁོར་ དང་ལུས་ཐམས་ཅད་སྦུའི་རྩེ་མོའི་བར་གང་བར་སྒོམ། འདིར་ནིམྦ་བཟའ་བའི་བཅུད་ལེན་ ཟླ་བ་དྲུག་གིས་ལུས་མཆོག་ཏུ་འགྱུར། འབྲས་བུ་གསུམ་དང༌། ཚ་བ་གསུམ་དང༌། བཟང་པོ་ 24-1-356 དྲུག་དང༌། ཧ་ནུ་དང༌། ཤི་ལ་ཛ་ནུ་དང༌། བདུད་རྩི་ལྔ་པ་ཟུང་དང༌། ནིམྦ་སྦྱར་བའི་བཅུད་ལེན་ དང༌། མུ་ཟི་དང༌། ཨ་རུ་ར་དང༌། གཞི་མཉམ་དང༌། རྡོ་རྗེའི་ཆུ་དང༌། སྒ་སྐྱ་དང༌། ཏི་ཏི་ར་དང༌། {པཀྵི་[མཀྵི་ར་]དང༌། མར་དང༌། སྦྲང་རྩི་སྦྱར་བའི་བཅུད་ལེན་ཀྱང་བསྟེན་ཏེ། ལུས་ལ་ལུང་ མ་ཕོག་པར་ཟླ་བ་དྲུག་ཏུ་བསྟེན་པར་བྱའོ། །དེ་དག་གི་བར་བར་དུ་ཞག་ལྔ་རེ་དམིགས་པ་ འདི་ལྟར་སྒོམ་སྟེ། ལུས་ཐམས་ཅད་ཁོང་སྟོང༌། རླུང་མནན་པའི་ཚེ། དབུ་མའི་སྨད་ཇེ་ཆེ་ཇེ་ཆེ་ ནམ་མཁའ་དང་མཉམ་པར་བསམ། འདི་རྣམས་ནི་ལུས་སྦྱང་བ་དང་རླུང་སྦྱང་བ་སྟེ། རྫོགས་ རིམ་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། ། དངོས་གཞི་རྫོགས་པའི་རིམ་པ་ནི། སྲོག་དབང་དུ་བྱེད་པ་གཙོ་བོར་གྱུར་པ་ལ། རང་ ལྷར་གསལ་བའི་རྩ་དྷཱུ་ཏི་ཆོས་བཞི་ལྡན། ལྟེ་བ་སྤྲུལ་འཁོར་པདྨ་དམར་པོ་འདབ་བརྒྱད། དེའི་ལྟེ་བའི་དྷཱུ་ཏིར་མར་མེ་སོར་གཅིག་གམ་སོར་བཞི་པ། དེར་སེམས་ཞུགས་པ་བཞིན་ སྒོམ། རླུང་བུམ་ཅན་དང༌། ལུས་གནད་འདི་དང༌། རྫོགས་རིམ་ཐམས་ཅད་ལ་སྔར་ལྟར་སྟེ་ གཏུམ་མོའོ། །སྙིང་ཁ། ཆོས་འཁོར། པད་སྔོན་འདབ་བརྒྱད་ཀྱི་ལྟེ་བར། མར་མེ་སོར་གང་ལ་ སེམས་གཏད། ཉིན་བར་རླུང་བཟུང་གཉིད་དུ་འགྲོ་ཁར་ཡང་དེ་ཀ་ལ་སྒྲིམ་སྟེ་འོད་གསལ་ལོ། ། མགྲིན་པར། ལྟེ་བ་དང་འདྲ་བ་ལ། རྨི་ལམ་གྱི་དྲན་འདུན་དྲག་པོ་བྱེད་པ་སྟེ་རྨི་ལམ་མོ། །སྤྱི་ བོར་པད་དཀར་ཁ་ཐུར་ལྟས་ལ། མར་མེ་དེས་མཚོན་པའི་སྣང་བ་ཐམས་ཅད་ལ་བདེན་མེད་ སྒྱུ་མའི་འདུན་པ་སྒོམ་པ་སྒྱུས་ཏེ། རིམ་པ་དང་པོའོ། ། དེ་ལ་སྒོམ་གྱི་སྣ་རྙེད་ནས། ཐམས་ཅད་རྗེས་གཞིག་གིས་སྟོང་པར་བཅུག ཡང་ལྷ་སྐུ་ སྣང་སྟོང་དུ་ལངས་ནས་སྔར་བཞིན་སྐྱར་ནས་སྒོམ་པ་ནི། རིམ་པ་གཉིས་པའོ། ། སོ་སོ་ལ་ཅི་རིགས་བརྟན་ནས། ཆབས་གཅིག་ཏུ་ཉམས་སུ་ལེན་པ་ནི། དེ་གཉིས་ཀར་ གོ་བར་བྱ་ལ། ཡང་ན་ཐུར་སེལ་ཐོག་མར་དབང་དུ་བྱེད་པ། ལྟེ་བའི་{མན་ངག་[མས་ནང་] 24-1-357 དུ་མེ་ཡུངས་འབྲུ་ཙམ་སྒོམ་པ་སྒྱུས། དེ་འདྲ་བས་གསང་འཁོར་དུ་རྨི་ལམ། ནོར་བུའི་དཀྱིལ་ དུ་འོད་གསལ་སྒོམ། དེ་ཐམས་ཅད་ལ་རླུང་སྦྱོར་འདྲ་ཞིང་རྨི་ལམ། འོད་གསལ་དུ་འཇུག་ པ་རྗེས་གཞིག་ལས་གཞན་པའི་སྦྱང་བ་མི་མཛད། ད་ལྟར་གང་སྣང་ཚད་ལ་རྨི་ལམ་བདེན་ མེད་ཀྱི་འདུན་པས་སྟོང་པར་འཇུག འཇིག་དང་ཉོན་མོངས་སྐྱེ་བ་བག་ཆགས་ཆེ་བ་ཀུན་ ལ་གཙོ་བོར་སྦྱོང་ངོ༌། །ཐུར་སེལ་ཕྱོགས་ལ། གཏུམ་མོ་ནི། གོང་མ་དེ་གསུམ་བརྟན་ན། ཡེ་ ཤེས་དང༌། ལས་རྒྱ་བསྟེན་པས་གཏུམ་མོ་སྦར་བ་ཡིན་ཏེ། དེ་རྣམས་ལ་འབད་པས། སེམས་ དམིགས་འདྲེན་དེས། སྒྱུ་མ་དང་འོད་གསལ་དང༌། ཟུང་འཇུག་མངོན་དུ་བྱེད་ཚུལ་རྣམས་ སྤྱི་དང་མཐུན་ནོ། །འདི་དག་ལ་ཉམས་སྐྱེ་ཚུལ་རགས་པ་དང༌། མཐད་པ་ནི་རྒྱས་པར་ཞལ་ ལས་ཤེས་པར་བྱ་ཞིང༌། གོང་གི་དེ་ཐམས་ཅད་ལ་བར་དོའི་འདུན་པ་དང་འཕེན་པ་སྨོན་ལམ་ གྱི་མཚམས་སྦྱར་བས་བར་དོ་འཛིན་པའི་མན་ངག་གོ །འཕོ་བ་ནི་བུམ་ཅན་ལ་བྱང་བས་དབུ་ མའི་ནང་སྙིང་གར་ཡེ་ཤེས་སེམས་པ། དེའི་ཐུགས་ཀར་རྡོ་རྗེ་དཀར་པོ་ཡུངས་འབྲུ་ཙམ། རང་ སེམས་ཧཱུཾ་དང་བཅས་པ་འོག་ཏུ་ཡཾ་ཡིག་ཤུགས་ཅན་དང༌། སྤྱི་བོར་མཁའ་སྤྱོད་མ་སྒོམ། རླུང་ བཟུང༌། རྗེས་གཞིག་གིས་གཞན་ཐམས་ཅད་བསྡུས། ཡཾ་ཡིག་གཡོས་རྡོ་རྗེ་དང་ཧཱུཾ་བཅས་སྟེ་ སྤྱི་བོར་བརྒྱུད་མཁའ་སྤྱོད་མའི་བྷ་གར་ཐིམ། སྦྱོང་བའི་སྐབས་སུ་རང་སེམས་བྱང་སེམས་ ཀྱི་རྣམ་པས་འབེབས། གཞན་ནི་གཞན་དང་འདྲའོ། །འདིར་རླུང་དབུ་མར་ཐིམ་པའི་བདེ་བ་ མ་ཤར་བར་དུ་བྱང་ཆུབ་ཀྱི་སེམས་འཆིང་ཐབས་ལ་མཁས་དགོས་ཤིང༌། བར་བར་དུ་ཞག་ འགའ་བླ་མའི་གསོལ་འདེབས་ཁོ་ན་བྱེད་ཅིང་ངལ་གསོ། མོས་གུས། སྙིང་རྗེ། བདེན་མེད་ཀྱི་ འདུན་པ་རྩལ་ཕྱོགས་མེད་དུ་སྦྱང༌། བདེ་སྟོང་ཤར་ན། སྙིང་རྗེའི་གདངས་དང་བསྲེས་ཏེ་སྒོམ་ པས། སྙིང་རྗེའི་རྣམ་པ་ངང་གིས་བྱུང་ན་འབྱོངས་པ་ཡིན་ཏེ། འདི་ཤིན་ཏུ་གལ་ཆེ། བྷཱུ་མྱངྒ་ དང་གསང་བའི་རླུང་སྦྱོར་གཉིས་ཞལ་ལས་ཤེས་པར་བྱ། འདིར་ལས་དང་པོའི་སྒྱུས་སྒོམ་ 24-1-358 པ་འདི་བདག་བྱིན་རླབས་དང་མི་གཅིག་འོན་ཀྱང་དེའི་སྒྲུབ་ཐབས་ཟབ་མོ་ཡིན། བཞི་པོ་སོ་ སོ་ལ་རླུང་ཐིམ་ངེས་པའི་རྟགས་བྱུང་ན་ཟླ་ཕྱེད་ཙམ་དེ་ཉིད་ལ་དྲིལ། དེ་ནས་དམིགས་པ་སྤོ། ཐམས་ཅད་ལ་དེ་ལྟར་བྱུང་ན་ཐུན་སོ་སོར་ཆ་མཉམ་པར་སྒོམ་པ་ཡིན་དེ་ལྟར་ན། སྟེང་འོག་གི་ སྒོ་གཉིས་ཀ་ལ། གནས་པའི་རིམ་པ། སྦྱོང་བའི་རིམ་པ། སེམས་དམིགས། སྒྱུ་ལུས། མངོན་ བྱང༌། ཟུང་འཇུག་སྟེ་དྲུག་གོ །འདི་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་གནད་ཆེན་པོའི་ཉམས་ ལེན་སྙིང་པོ་ཇོ་བོ་རྗེ་ཨ་ཏི་ཤ་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བའི་མན་ངག་ཟབ་ ཁྱད་ཅན་ཡིན་པས་གསང་བ་ཆེན་པོར་གོ་དགོས་པས་ཆུད་གཟན་ན་ཡེ་མི་རུང་གསུང་ངོ༌། །རྗེ་ བཙུན་མ་ལྔ་པོ་འདིའི་བྱིན་རླབས་རྔོན་པའི་གདམས་ངག་བཞིན་མཛད་དོ། ། རྣལ་འབྱོར་རྣལ་འབྱོར་མ་ཀུན་སྐྱེད་བྱེད་མ། །མ་གྱུར་མ་ལུས་མ་མ་ཁྱོད་ཀྱིས་སྒྲོལ། ། སྒྲོལ་མཛད་སྒྲོལ་མཛད་མ་ཁྱོད་བདག་བརྟེན་ན། །ན་མོ་ན་ཆུང་མ་གཟུགས་ཐུགས་རྩེར་ མཛོད། ། ཅེས་པའང་ཀུན་དགའ་སྙིང་པོས་རང་ལོ་ཉེར་གཉིས་ཀྱི་མཐར་སྨྲས་པའོ།། །།འཕེལ། མངྒ་ ལཾ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། ཕྱི་ཁ་༡༤༡ ཅན་དཔེ་གཉིས་ཡོད།) 24-1-359 ༄༅། །རྡོ་རྗེ་ཕག་མོའི་མིང་གི་ངེས་ཚིག་བཞུགས། ༄༅། །ༀ་ཨཱཿཧཱུཾ། ན་མསྟེ་སྟུ། བླ་མ་ལ་ཕྱག་འཚལ་ལོ། །འདིར་སློབ་དཔོན་གྱི་ཞལ་ སྔ་ནས་བཱ་རཱ་ཧིའི་ངེས་(ཚེག་བར་ཁ་ཤས་མི་གསལ།)རྔོན་པའི་གདམ་ངག་ལས། རྫོགས་སངས་ རྒྱས་དང་རྒྱལ་སྲས་རྣམས། །ཀུན་གྱིས་ཡེ་ཤེས་འདི་མི་བརྗོད། །རང་རིག་རྣམ་པ་ཀུན་དང་ བྲལ། །གཞོན་མེད་སྒྲ(ཚེག་བར་ཁ་ཤས་མི་གསལ།)ཀུན་བ། །འདི་ནི་དོན་དམ་པའི་ཧྲཱིཿ གྲུབ་ཆེན་ ཧཱ་རི་ད་རས་ཀྱང་དེའི་ཕྱིར་བརྗོད་དུ་མེད་པ་ངོ་བོ་རྣམ་པ་(ཚེག་བར་ཁ་ཤས་མི་གསལ།)ཡང་རང་ གི་རིག་པའི་རྣམ་ཤེས་མི་གཞོམ་པ(ཚེག་བར་ཁ་ཤས་མི་གསལ།)ཤེས་རབ་རྣམ་པ་ཐམས་ཅད་ པའོ། །ཞེས་གསུངས། ཡང་ཁ་ཅིག་བཱ་ནི་བཱ་ཡུ་སྟེ་གཏུམ་མོ་སྐུལ་བ། ར་རེ་ཕ་སྟེ་བ་ཏུ་མོ་ཧཱ་ནི་ ཧི་ཀཱ་ར་སྤྱི་བོའི་ཧཾ། (ཚེག་བར་ཁ་ཤས་མི་གསལ།)དཔལ་བ་ལའོ་ཞེས་པས་(ཚེག་བར་ཞིག་མི་གསལ།) འབར་འཛག་འདྲེས་པས་རྩ་ཁམས་གསལ་བར་བྱས་པའོ། །ཡང་བཱ་ནི་བཱ་ཡུ་དེ་ཡང་རྣམ་པ་ ལ་འཇུག་པས་སྟོང་ཉིད་ཀྱི་སྣང་བརྙན་(དེ་ནས་ལྡེབ་གཉིས་ཙམ་མི་གསལ།)རྣམ་པ་ཐམས་ཅད་པ་ མངོན་དུ་གྱུར་པ་ནི། ཙནྡ་ལཱིའོ་ཞེས་པའི་དོན་ཏོ། ། རྡོ་རྗེ་ཕག་མོའི་མིང་གི་ངེས་དོན་བླ་མའི་བཀའ་དྲིན་གྱིས་ཚད་དང་ལྡན་པའི་གཞུང་ལས་ མཐོང་བ་རྣམས་ཉུང་ཞིང་གོ་བདེ་བར་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལ། སྒྲུབ་གནས་ དམ་པ་བསམ་གཏན་སྡིངས་ཀྱི་ཡང་དགོན་དུ་སྦྱར་བའོ།། །།དགེ་ལེགས་འཕེལ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ་༡༤༡ ཡིན་ཀྱང་། ལྡེབ་གཉིས་ལྷག་མི་གསལ།) 24-1-360 ༄༅། །རྣལ་འབྱོར་མའི་བསྟོད་པ་དང་བཤགས་པ་བཞུགས། ༄༅། །ༀ་སྭ་སྟི། རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་བཅོམ་ལྡན་མ། །ཆོས་དབྱིངས་ཤེས་རབ་ ཕ་རོལ་ཕྱིན་མའི་དངོས། །ཟག་མེད་བདེ་སྟོང་ལྷན་ཅིག་སྐྱེས་མའི་སྐུ། །རྡོ་རྗེ་བཙུན་མོའི་ ཞབས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་སྣ་ཚོགས་བདེ་མ་དང༌། །བདག་མེད་ཡེ་ཤེས་དབང་ ཕྱུག་སྣ་ཚོགས་ཡུམ། །རྡོ་རྗེ་སྒྲོལ་མ་རོ་ལངས་མ་ལ་སོགས། །སྣ་ཚོགས་མཚན་འཆང་ཁྱོད་ལ་ ཕྱག་འཚལ་ལོ། །ཨེ་ཡིག་དཔལ་ལྡན་པདྨ་བྷ་ག་དང༌། །གསང་བ་ཆོས་འབྱུང་ཆོས་དབྱིངས་ ནམ་མཁའི་ཁམས། །སེང་གེའི་ཁྲི་སོགས་བརྡའ་ཐབས་དུ་མས་མཚོན། །ཤེས་རབ་ལྷ་མོའི་ གཙོ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་མཚན་དང་དཔེ་བྱད་རྫོགས། །དོན་དམ་ འཁོར་འདས་སྲིད་པ་གསུམ་གྱི་གཟུགས། །མཐའ་ཡས་སྤྲུལ་པའི་སྣང་བ་ཕྱོགས་བརྒྱར་ འབར། །སྐུ་ཡི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ཟབ་མོ་གསང་སྔགས་ཆོས་དབྱིངས་སྒྲ་ བརྒྱ་པ། །ངེས་ཚིག་མིང་དོན་རྒྱ་མཚོའི་འཇུག་པ་ཅན། །མཐའ་དག་མགོན་གྱི་གསུང་དབྱངས་ རྡོ་རྗེ་མ། །གཞོམ་མེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་སྤྲོས་བྲལ་མི་འགྱུར་ཆོས་ དབྱིངས་ངང༌། །མ་ལུས་ཤེས་བྱའི་གནས་ཚུལ་ཀུན་གསལ་བ། །ཀུན་མཁྱེན་ཡེ་ཤེས་ལྷུན་ གྲུབ་རྣམ་མི་རྟོག །མཁའ་སྤྱོད་ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །གང་གི་རྣམ་འཕྲུལ་ཡིད་ བཞིན་བསྒྱུར་མཛད་པས། །དཔག་ཡས་འགྲོ་བའི་དོན་སྒྲུབ་མཐུ་དཔལ་ཅན། །འཕྲུལ་ལྡན་ 24-1-361 དབང་ཕྱུག་མངའ་བདག་རྣལ་འབྱོར་མ། །སྒྱུ་འཕྲུལ་བདེ་བའི་གཏེར་ལ་ཕྱག་འཚལ་ལོ། །རྡོ་ རྗེ་ལྷ་མོ་ཁྱོད་ཐུགས་ཡེ་ཤེས་དང༌། །སྐུ་དང་འཕྲིན་ལས་དབྱིངས་དང་ནམ་མཁའ་སྟེ། །འདི་ དག་བརྟན་གཡོ་ཀུན་ལ་ལྷག་ཅིག་ཁྱབ། །ཀུན་ཁྱབ་ཀུན་འགྲོའི་གཙོ་མོར་ཕྱག་འཚལ་ལོ། ། ཀུན་གཞི་རྣམ་དག་མི་གནས་མྱ་ངན་འདས། །སྣ་ཚོགས་གནས་དང་མཆོད་པའི་བཀོད་པར་ བཅས། །ཞིང་ཁམས་འབྱོར་པ་ཕུན་ཚོགས་རྒྱ་མཚོ་ཡི། །དབང་ཕྱུག་འཁོར་ལོས་སྒྱུར་མར་ ཕྱག་འཚལ་ལོ། །ཇི་ལྟར་བཞེད་པའི་དོན་ཀུན་འབད་མེད་པར། །སྨོན་ལམ་དབང་བསྒྱུར་ གང་ལ་གང་འདུལ་བའི། །འཕྲིན་ལས་རྒྱུན་མི་འཆད་པར་དོན་མཛད་མ། །འདོད་པ་ཀུན་ སྩོལ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་སོགས་ཡོན་ཏན་གཞལ་དུ་མེད་པ་ཡིས། །རབ་གང་ རྟག་ཏུ་ཕན་བདེ་སྤྲོ་བ་དང༌། །སྲིད་ཞིའི་དགེ་ལེགས་ཐམས་ཅད་འབབ་པའི་གནས། །ཆུ་ གཏེར་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །གྲངས་མེད་བརྗོད་ལས་འདས་པ་མཁའ་ འགྲོའི་གཙོ། །བྱེ་བ་ཕྲག་བརྒྱས་ལྷག་བྱས་ཁྲག་ཁྲིག་ཟུང༌། །རྣལ་འབྱོར་མ་དཔལ་ཁྱོད་ཀྱི་ཕོ་ ཉར་སྤྲུལ། །མཁའ་འགྲོ་ཀུན་གྱི་བདག་མོར་ཕྱག་འཚལ་ལོ། །སུམ་ཅུ་རྩ་བདུན་འཁོར་ལོས་ སྒྱུར་མའི་སྐུ། །མྱོས་བྱེད་རི་བོ་མདའ་དང་ཡོན་ཏན་གྲངས། །ཟུང་འཇུག་ལྷན་སྐྱེས་ངོ་བོར་ སྡོམ་མཁས་མ། །རྗེ་བཙུན་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་ རྒྱ་མཚོ་འབུལ། །ཉེས་བྱས་ཐམས་ཅད་སྙིང་ནས་སོ་སོར་བཤགས། །ཡི་རང་ཆོས་ཀྱི་འཁོར་ ལོ་བསྐོར་བར་བསྐུལ། །རྟག་ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །དཀྱིལ་འཁོར་གཙོ་ མོ་དཔའ་བོ་དཔའ་མོ་དང༌། །སངས་རྒྱས་སྲས་བཅས་དབང་གི་ལྷ་མོ་ལ། །ཇི་སྲིད་བྱང་ཆུབ་ བར་དུ་སྐྱབས་སུ་མཆི། །བླ་མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ ཤིང་དམ་ཚིག་ལམ་ལ་གནས། །བྱིན་རླབས་རྒྱུད་སྦྱངས་རིམ་པ་གཉིས་ལ་སློབ། །ངོ་མཚར་ སྤྱོད་པ་གསུམ་གྱི་རོལ་པ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། ། 24-1-362 ཏིང་འཛིན་བརྟན་ཅིང་འཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་ སོགས་ཐོབ། །འགྲོ་བའི་དོན་སྤྱོད་མཐུ་དང་ལྡན་པ་ཡིས། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ ཤོག །ཅེས་པ་འདི་ནི་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས། རྡོ་རྗེ་རྣལ་འབྱོར་མ་ལ་འདོད་པའི་དངོས་ གྲུབ་ཀྱི་དོན་དུ་དབང་ཕྱུག་བརྒྱད་དང་ལྡན་པར་བསྟོད་པ་མདོ་ཙམ། དར་ཡུལ་བྲག་ནག་ཏུ་ ཚེས་བརྒྱད་ཀྱི་ཉིན་སྦྱར་བའོ།། །།དགེ་ལེགས་འཕེལ།། ༄༅། །ༀ་སྭཱ་སྟི་པྲཛྙཱ་བྷྱཱཿ དུས་གསུམ་རྒྱལ་བའི་གཉིས་མེད་ཡེ་ཤེས་སྐུ། །འགྲོ་ལ་བརྩེ་ བས་རྗེས་ཆགས་ལྷ་མོའི་སྐུར། །སྟོན་མཛད་རྡོ་རྗེ་ཕག་མོ་རྣལ་འབྱོར་མ། །དཔའ་བོ་དཔའ་ མོའི་ཚོགས་བཅས་དགོངས་སུ་གསོལ། །བདག་ཅག་འཁྲུལ་པས་སྔོན་བསགས་སྡིག་ཀུན་ དང༌། །སྡོམ་པ་གསུམ་དང་འགལ་བ་གང་བགྱིས་པ། །རྡོ་རྗེ་བཙུན་མོའི་དྲུང་དུ་མཐོལ་ལོ་ བཤགས། །འགྱོད་ཅིང་སླན་ཆད་སྡོམ་པར་བགྱིད་ལགས་སོ། །རིགས་ལྔའི་དམ་ཚིག་ཚུལ་ བཞིན་མ་བསྒྲུབས་དང༌། །རྩ་བའི་ལྟུང་བ་བཅུ་བཞིས་གོས་པ་དང༌། །སྦོམ་པོ་བརྒྱད་སོགས་ ཉེས་པ་གང་ལགས་པ། །དྲི་བྲལ་ལྷ་མོའི་སྤྱན་སྔར་མཐོལ་ལོ་བཤགས། །ཐུན་བཞིའི་ཏིང་ འཛིན་ཆག་གམ་ནོར་བ་དང༌། །བཟླས་པའི་བྱ་བ་འཁྲུལ་དང་ཆོ་ག་ཉམས། །གུས་པ་ལྷོད་ དང་རྣམ་གཡེངས་དབང་གྱུར་དང༌། །ཉོན་མོངས་དྲག་པོའི་དབང་གྱུར་མཐོལ་ལོ་བཤགས། ། རྒྱུན་དང་ཁྱད་པར་བཟའ་བའི་དམ་ཚིག་ལ། །ངན་པར་རྟོག་དང་བརྙས་དང་འགོམ་པ་དང༌། ། ཚེས་བཅུའི་མཆོད་དང་འཁོར་ལོའི་མཆོད་པ་སོགས། །ངན་ཅིང་དུས་སུ་མ་ཐོངས་མཐོལ་ ལོ་བཤགས། །ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་དང༌། །ལྷག་མ་འགོང་དང་དམ་ཅན་ལྷ་ སོགས་བརྙས། །སྔགས་དང་ལྷ་དང་རྒྱུད་ཚིག་དྲི་མེད་ལ། །ཀྱལ་ཁ་བྱས་སོགས་ནོངས་པ་ 24-1-363 མཐོལ་ལོ་བཤགས། །ཤེས་རབ་རིགས་ལ་དམད་དང་བརྡེག་པ་དང༌། །སྐོར་དང་ཕྱག་འཚལ་ ལ་སོགས་མ་གྲུབ་དང༌། །མ་དད་ཉོན་མོངས་རང་དགར་ཆགས་པ་སོགས། །རང་གཞན་བདེ་ ཆེན་རྒྱུ་ཉམས་མཐོལ་ལོ་བཤགས། །རྡོ་རྗེ་རྣམ་པ་གསུམ་གྱི་དམ་ཚིག་དང༌། །ཐུན་མོང་མ་ ཡིན་དམ་ཚིག་བརྒྱད་པོ་དང༌། །དགོངས་ཏེ་གསུངས་པའི་དམ་ཚིག་རྣམ་བཞི་དང༌། །འགལ་ བར་གྱུར་པ་ཐམས་ཅད་མཐོལ་ལོ་བཤགས། །སྣོད་མ་ཡིན་ལ་གསང་བ་བསྒྲགས་པ་དང༌། ། དབང་བསྐུར་བྱིན་རླབས་རིགས་སྔགས་སྦྱིན་པ་དང༌། །འོས་མིན་འཕྲིན་ལས་གསོལ་དང་ གནས་མིན་པར། །སྔགས་རྒྱུད་སྦྱོར་བ་བྱས་པ་མཐོལ་ལོ་བཤགས། །བཤགས་དང་བཤགས་ བྱ་བཤགས་པར་བྱེད་པོ་བྲལ། །འཛིན་པ་དག་ཕྱིར་དག་འཚངས་ཕུལ་བས་ཀྱང༌། །སྒྲིབ་ གཉིས་རང་བཞིན་གདོད་ནས་རྣམ་དག་པའི། །གནས་ལུགས་རྟོགས་ནས་སངས་རྒྱས་ཐོབ་ པར་ཤོག ། ཅེས་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པ་པོའི་དོན་དུ། བཤགས་པའི་ཚིག་འདི་ནི་ དར་ཡུལ་བྲག་ནག་ཏུ་ཚེས་བརྒྱད་ཀྱི་ཉིན་སྤེལ་བའོ།། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཀ་རྟགས་མི་གསལ་བ་ཞིག་ཡིན།) 24-1-364 ༄༅། །རྡོ་རྗེ་ཕག་མོའི་བསྙེན་པ་དང་ལས་རིམ་བདུན་ཏེ་ སྒྲུབ་ལས་བདུན་ཅན་གྱི་མན་ངག་བཞུགས། ༄༅། །འཇམ་པའི་དབྱངས་བླ་མ་མཆོག་གི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ། །བསྐལ་པ་ཆེན་པོའི་མེ་དང་ མཉམ་པའི་འོད། །ཐུན་མཚམས་འོད་དམར་འཛིན་པའི་མྱོས་ལྡན་མ། །གློག་ཕྲན་ལྟར་གཡོ་མི་འགྱུར་བདེ་བྱིན་མ། །ལྷ་མོ་མཆོག་ གིས་འགྲོ་འདི་རྗེས་བཟུང་མཛོད། ། གངས་རིའི་ཁྲོད་འདིར་རྗེ་བཙུན་མའི་སྒྲུབ་ཐབས། ཛ་ལནྡྷ་ར་པ་དང་པོའི་མགོན་པོའི་ཞབས་ཀྱིས་མཛད་པ། གཞན་དག་ ཀྱང་སྣང་མོད། དེ་ནི་མ་ཐོས་སོ། །འདིར་ནི་སློབ་དཔོན་ཆེན་པོའི་བཞེད་པ། འཕགས་ཡུལ་གྲུབ་ཆེན་མང་པོའི་གཤེགས་ཤུལ། སྒྲུབ་ཐབས་ཆུང་བ་སྙན་རྒྱུད་མའམ་ལས་བདུན་ཅན་དུ་འབྱུང་བའི་དོན། བླ་མའི་ལུང་གིས་ཨིནྟྲ་བྷུ་(ཤ་ཝ་རང་ཡིན་པར་བཤད) ཏི་དང༌། སྟོང་ཉིད་ཏིང་འཛིན་རྡོ་རྗེ་དང༌། རྔོན་པའི་གཞུང་སོགས་ལས་བག་ཙམ་ཁ་བསྐང༌། མན་ངག་ཞལ་ནས་རྒྱུད་པས་ཅུང་ ཟད་གསལ་བར་བྱས་ཏེ་སྙིང་པོ་མདོ་ཙམ་བྲི་བར་བྱའོ། །དེ་ཡང་དབང་ཐོབ་ཅིང༌། དམ་ཚིག་དང་ལྡན་པ་འདིའི་བྱིན་རླབས་ཀྱང་ ངེས་པར་ཐོབ་པས། དང་པོར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་བར་བསམ་ལ་ཁྲུས་བྱ། དེ་ནས་ཧཱུཾ་ལས་རྡོ་རྗེའི་ས་གཞི་ རྭ་བ་གུར་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོ་ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ། རང་གི་ སྙིང་ག་ནས་མ་མོ་བཅུ་སྤྲོས། ༀ་གྷ་གྷ་གྷ་ཏཱ་ཡ་སོགས་དང༌། ༀ་བཛྲ་མུདྒ་ར་སོགས་བརྗོད། རང་གི་ སྙིང་ཁའི་འོད་ཀྱིས་བླ་མ་ཡི་དམ་ཕཻཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་འཆི། །སོགས་དང༌། 24-1-365 དེ་ནས་སྐྱབས་ཡུལ་རྣམས་རང་གི་སྤྱི་བོ་ནས་ཐིམ། ཐོད་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ཀྱི་ངོ་བོའི་ དམ་རྫས་ཀྱི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ༀ་ཨཱཿཧཱུཾ་བཾ་ཞེས་པ་བཀོད། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ཞེས་ནང་མཆོད་ལ་མེ་ཏོག་དམར་པོས་མཆོད། ནང་མཆོད་དེས་སོར་མོ་རྣམས་དང་རྩ་བ་དང༌། སེན་མོ་ལ་ཐིག་ལེ་བྱས་ལ། ༀ་ བཾ་ཧཾ་ཡོཾ་ཧྲིཾ་མིཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ༀ་ཨཱཿཧཱུཾ་ལན་དྲུག་གིས་བདུད་རྩིར་ཕུལ། མཉེས་ཤིང་ཞུ་བར་ལྟའོ། །ལག་ པ་ལ་གོས་པ་རྣམས་གནས་དྲུག་ཏུ་བྱུགས་པས་དེ་དང་དེར་ལྷ་རྣམས་ཐིམ། སྲིན་ལག་གིས་བདུད་རྩི་གཏོར་ཞིང་གནས་དང་ མཆོད་པ་དང༌། མཎྜལ་ལ་བསང་གཏོར་བྱ། དེ་ནས་མེ་ལོང་དག་པར་སིནྡྷུ་ར། རྡུལ་གྱིས་གོས་པའི་སེང་རས་ཀྱིས་རྩགས་ལ། གཡོན་གྱི་མཐེབ་སྲིན་ལག་གིས་གསེར་གྱི་སྨྱུག་གུ་བཟུང་ནས་ཆོས་འབྱུང་ཟུར་གསུམ་པ་ཕྱོགས་བཞི་རུ་དགའ་འཁྱིལ་རེ། ནང་ དུ་ༀ་གསུམ་མ་ཚན་གསུམ་དུ་བཅད་པ་འོག་ཏུ་བཾ། སྟེང་དུ་ཧ་དང་བཅས་པ་བྲི། དེ་ཉིད་སྐད་ཅིག་གིས་རྗེ་བཙུན་མ་ འཁོར་དང་བཅས་པར་གྱུར་ཕཻཾ། འབར་བའི་ཕྱག་རྒྱ་དང་བཅས། ཡེ་ཤེས་སེམས་དཔའི་རྗེ་བཙུན་མ་ འཁོར་དང་བཅས་པ་སྔགས་ཀྱི་ཡིག་འབྲུ་དང་རོ་མཉམ་དུ་གྱུར། ༀ་ཨཱཿཧྲཱིཿཔྲ་ཝ་ར་སཏྐ་རཾ་ ཨརྒྷཾ་པྲ་ཏཱིཙྪ་ཡ་སྭཱཧཱ། ཨཉྩ་མ་ནཾ༴ པཱདྱཾ༴ པྲོཀྵ་ནཾ༴ ༀ་ཨཱཿཧྲིཾ་ཧཱུཾ་ཧཱུཾ་ཧ་ཧཿཞེས་ཤ་ཆེན་གྱིས་སྤོས་ ཕུལ། ༀ་བཛྲ་ཡོ་གཱི་ནཱི་པུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་བཱ་ལིང་གྲཧྣ་གྲྀཧྣ་མ་མ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ྄་ཕཊ྄་ ཕཊ྄་སྭཱཧཱ། ལན་བདུན་གྱིས་གཏོར་མ་དབུལ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་ཕཊ་སྭཱཧཱ། སོ་རྩི་དང་ནང་མཆོད་དང༌། ཅང་ ཏེའུ་བརྡུང་ཞིང་རྐང་བརྒྱད་དམ། རྩ་སྔགས་ཀྱིས་བསྟོད། ཡི་གེ་བརྒྱ་པ་བཟླས་ནས། ཛཱཿཞེས་རང་ལ་བསྡུ་བའམ། གཤེགས་སུ་ གསོལ་ཏེ་ཕྱི་རོལ་མཆོད་པའོ། ། ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་གྲུ་ གསུམ་པ་ཕྱི་རོལ་དུར་ཁྲོད་བརྒྱད་དང་བཅས་པ། ཕྱོགས་བཞིར་དགའ་བ་འཁྱིལ་བ་དཀར་ པོ་བཞིས་བརྒྱན་པ། དེའི་ནང་དུ། ཀེང་རུས་ཀྱི་ཕུང་པོ་ལ་གནས་པའི་ཁ་ཊྭཱཾ་དཀར་པོ་འགྲེང་ བའི་སྟེང་དུ། པདྨ་འདབ་མ་དྲུག་པའི་ལྟེ་བར་ཉི་མ་ལ། མི་རོ་གསེར་མདོག་མིག་གསུམ་ནམ་ མཁར་བལྟ་བ། དེའི་སྟེང་དུ་བཾ་དམར་པོ་ཐོག་མ་དང་ཐ་མ་མེད་པའི་སེམས་ཀྱི་ངོ་བོ། དེ་ 24-1-366 ཡོངས་སུ་གྱུར་པ་ལས་རང་རྡོ་རྗེ་ཕག་མོ་སྐུ་མདོག་སེ་འབྲུའི་མེ་ཏོག་དང་ཛ་བ་ལྟར་དམར་ ཞིང་འོད་ཟེར་མེ་ལྟར་འབར་བ། སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ཤིང༌། མཆེ་བའི་མྱུ་གུ་ ཅན། སྤྱན་གསུམ་གྱེན་དུ་གཟིགས་པ། གཡས་ཕག་གདོང་ནག་པོ་གྱེན་དུ་ཕྱོགས་པ། ནུ་ འབུར་རྒྱས་ཤིང་ལང་ཚོ་ལ་བབ་པ། འདོད་ཆགས་ཆེན་པོ་ཁ་ཊྭཱཾ་ག་དང་འདུས་པས་བདེ་བ་ རྒྱས་པ། ཕྱག་གཡས་གྲི་གུག་འཕྱར་ཐབས་དང༌། གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་ པ། རུས་པའི་ཕྱག་རྒྱ་དང༌། ཐོད་སྐམ་གྱི་ཅོད་པཎ་དང༌། མགོ་བོའི་ཕྲེང་བ་ཅན། སྐྲ་མཚམས་ སུ་དར་དཔྱངས་བཅིངས་པ། གཡོན་བརྐྱང་གིས་གར་སྟབས་ཅན་མི་བསྐྱོད་པས་དབུ་བརྒྱན་ པའོ། །མདུན་ནས་གཡས་སྐོར་ཀྱིས་འདབ་མ་རྣམས་ལ། ཕག་མོ། གཤིན་རྗེ་མ། རྨོངས་བྱེད་ མ། སྐྱོད་བྱེད་མ། བཀྲག་བྱེད་མ། ཙནྜི་ཀ་རྣམས་རིམ་པས། དམར་སྔོ་དཀར་སེར་ལྗང་ཁུ་ དུད་ཁའི་མདོག་ཅན། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་བསྣམས་པ། གཡོན་བརྐྱང་བའི་དཀྱིལ་ ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཚངས་པ་གསེར་མདོག་བྲམ་ཟེའི་གཟུགས་ཀྱིས་ རྔ་ཡབ་གཡོབ་པ། དྲག་པོ་དཀར་པོ་མིག་གསུམ་པ། རལ་པའི་ཅོད་པན་ཅན། ཐལ་བ་པའི་ ཆ་ལུགས་ཀྱིས་བསྟོད་པ། འཕྲོག་བྱེད་དམར་པོ་ལྷའི་ལུས་ལ་སེང་གེའི་གདོང་ཅན། རལ་གྲི་ མཆན་ཁུང་དུ་བཟུང་ནས་ཐལ་མོ་སྦྱར་བ། བརྒྱ་བྱིན་ལྗང་ཁུ་མིག་སྟོང་ཅན་ཨེ་ན་ཡའི་ལྤགས་ པས་དཀྲིས་པ་གདུགས་དཀར་འཛིན་པ། གཞན་ཡང་རོ་ལངས་གར་བྱེད་པ་དང༌། ལྕེ་སྤྱང་གླུ་ ལེན་པ་དང༌། སྒྲུབ་པ་པོ་གཏོར་མ་དང༌། ཟས་མཆོག་འབུལ་བ་དང༌། མཁའ་ལྡིང་གནོད་སྦྱིན་ རིག་འཛིན་འབྱུང་པོ་མ་མོ་རྣམས་ཀྱིས་བརྗེད་པར་བྱེད་པ་དང༌། འབར་བའི་ཕྱག་རྒྱ་བཅས་ ལ་ཕཻཾ། ཞེས་འོག་མིན་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ ག་ཤུདྡྷོ྅ཧཾ། ལྟེ་བར་ༀ་བཾ་ཕག་མོ། སྙིང་ཁར་ཧཾ་ཡོཾ་གཤིན་རྗེ་མ། ཁར་ཧྲིཾ་མོཾ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་སྐྲག་བྱེད་མ། ཡན་ལག་ཀུན་ལ་ཕཊ྄་ཕཊ྄་ 24-1-367 ཙཎྜི་ཀ འཇིག་རྟེན་ཁམས་ཀྱི་འདོད་ཡོན་ཐམས་ཅད་དྲངས་ཞལ་དུ་ཞུགས། ཐུགས་ཀར་ ཛཱཿཧཱུཾ་བཾ་ཧོཿ ཁཾ་རཾ་ཞེས་པའི་ཡི་གེ་རྣམས་ཕྱིར་ཕྱུང༌། ལྷ་མོར་གྱུར་པས་མཆོད་པར་བསམ་སྟེ། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། དེ་ནས་ཡིག་ཆུང་ལྟར་རྫོགས་རིམ་སྒོམ་ལ། སྐྱོ་ན་བཟླས་པ་བྱ་སྟེ། རང་གི་ལྟེ་བར་སིནྡྷུ་རའི་དཀྱིལ་འཁོར་ལྟ་བུ་བསྒོམས་ ནས། ༀ་གསུམ་གྱི་བདག་ཉིད་ཡི་གེ་སོ་གཉིས་པ་ཁོ་ན་བཟླའོ། །ཕྱི་ནས་བགྲང་ཕྲེང་དང་ངག་ཏུ་བརྗོད་པ་མེད་པར་སྔགས་ཡིད་ ཀྱི་བསམ་ནས་ཟླ་བ་ནི་ཡིད་བཟླས་སོ། །དེ་ནས་ཐམས་ཅད་གསལ་སྟོང་དུ་བསྡུས་ནས་ལྡང་བའི་ཚེ། ༀ་གསུམ་གྱི་སྔགས་བརྗོད་ ཅིང༌། ༀ་སྭ་བྷཱ་ཝ་སོགས་བརྗོད། གཟུགས་དང་སྒྲ་དང་དྲན་རྟོག་ཐམས་ཅད་སྐུ་གསུང་ཐུགས་སོ། ། ཞེས་མོས་ནས། དགེ་བ་བསྔོའོ། །དེ་ལྟར་ཟླ་བ་དྲུག་ཏུ་སྙིང་པོ་འབུམ་ཕྲག་བཞི་བཟླ་ཞིང་སྒོམ་པས་སེམས་བརྟན་པར་འགྱུར་ ལ། དེ་ལྟར་ན་བདེ་བ་དམ་པ་ཐོབ་པོ་ཞེས་སོ། །མདོ་ཙམ་དུ་ནི་འདིའི་གཞུང་ཁོ་ན་ལས་ཁ་བསྐང་བ་རྣམས་མེད་ཀྱང་རུང་གསུང་ བ་ལྟར་རོ། །བསྙེན་པའི་ཆོ་ག་སྟེ་དང་པོའོ། ། ཕྱི་རོལ་མཆོད་པ་ནི། དུས་རྒྱུན་དུའམ་ཁྱད་པར་གྱི་དུས་ཚེས་བཅུ་ལ་སོགས་པ་ལ། མདུན་དུ་སྟེགས་བུ་བཤམས། ཡོ་ བྱད་ཐམས་ཅད་ཚོགས་པ་དང༌། སྔོན་འགྲོ་གཏོར་མ་དང༌། གནས་དང་ཡོ་བྱད་བྱིན་རླབས་དང༌། སྐྱབས་སེམས་དང་རྡོར་སེམས་ བསྒོམ་བཟླས་སྔོན་དུ་འགྲོ་བའི་བདག་བསྐྱེད་རྫོགས་པ་དང་། ༀ་ཧ་ན་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ྄། ཞེས་ལག་པ་ ས་ལ་རེག བགེགས་བསྐྲད་དེ་སྟོང་པར་མོས། ཧཱུཾ་གླུར་བླངས་ནས་སྐོར་བ་བྱས་ཏེ། ཧཱུཾ་ལས་རྡོ་རྗེ་ནས། མུདྒ་རའི་བར་སྒྲུབ་ ཐབས་ལྟར་སྒོམ་པ་ནི་བསྲུང་བའོ། ། དེ་ནས་འོག་གཞི་མཎྜལ་ས་ལ་བྲི། དེར་མཉྫི་ལ་སོགས་པ་ལ། ཐོད་པ་མྱོས་བྱེད་ཀྱིས་བཀང་བ་དེའི་སྟེང་དུ་མེ་ལོང་གི་ དཀྱིལ་འཁོར་བཞག་གོ །དེ་རྣམས་ཀྱི་ཇི་ལྟར་བྱ་ཚུལ་གོང་གི་ཕྱི་རོལ་མཆོད་པ་ལྟར་བྱ། དེ་ནས་ༀ་པི་ཋོ་པ་པོ་ཋཱ་ཡ་སྭཱཧཱ། སོགས་དང༌། དེའི་རྗེས་སུ། སུམྦྷས་བསངས། སྭ་བྷཱས་སྦྱངས། སྟོང་པའི་ངང་ལས། ཨེ་ལས་ཆོས་འབྱུང་ཞེས་ པ་ནས། བཾ་དམར་པོ་ཞེས་པའི་བར་གོང་ལྟར། དེ་ལས་རྡོ་རྗེ་ཕག་མོ་ནས། ཙཎྜི་ཀའི་བར་ཡང་གོང་བཞིན་ནོ། ། དེ་ནས་མཆོད་པ་བདེ་མཆོག་ལྟར་བྱིན་གྱིས་བརླབས། བསྡུ་ན་ༀ་ཨཱཿཧཱུཾ་ཞེས་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་མཆོད་ 24-1-368 པ་འབུལ་ཚུལ་ནི་རྔོན་པའི་གདམས་ངག་གི་ཡིག་སྣར་བཀོད་པ་ལྟར་ཏེ་ཁྱད་པར་ནི་གཏོར་མའི་སྐབས་འཇིག་རྟེན་ལས་འདས་ པའི་གཏོར་མ་འབུལ་བའི་སྔགས། ༀ་གསུམ་གྱི་བདག་ཉིད་སྙིང་པོའི་མཐར་ཨ་ཀཱ་རོ་བཏགས་ནས་འབུལ། མཆོད་པ་རེ་ རེའི་མཐར་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་ཁྱད་པར་འདི་ལྟ་བུ་ཞིག་སྩལ་དུ་གསོལ་ཞེས་ གསོལ་བ་བཏབ། མེ་ཏོག་ལ་སོགས་པ་རེ་རེ་ཞིང་རྫས་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་མ་ཆད་ཅིང་མ་ནོར་བར། དྲུག་བརྒྱ་ བདུན་བཅུ་དོན་ང་རེ་འབུལ་བ་ནི། སྒྲུབ་པ་ལ་འཇུག་པའི་ཚེ་ངེས་པར་དགོས་ལ། བསྙེན་པ་དང༌། གཞན་གྱི་སྐབས་ཅི་རིགས་ལ་ མ་བྱུང་ཡང་རུང་ངོ༌། ། ཁྱད་པར་བསྒྲུབ་པ་ལ་ནི། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཁ་སྦྱོར་ལས་འབྱུང་བའམ། ཀུན་སྤྱོད་ལས་འབྱུང་བའི་ མཁའ་འགྲོ་སྤྱི་གཏོར་ཉིད། མཚན་མོ་གཞི་མདོ་དང༌། དུར་ཁྲོད་ལ་སོགས་པར། ལན་འབུམ་ལ་སོགས་པའི་བར་དུ་ཕུལ་བས་ འབྲས་བུ་ཤིན་ཏུ་ཆེ་གསུངས། གཞན་ཡང་བཀའ་སྡོད་ནག་པོ་ཆེན་པོ་རོ་ལངས་འཇིགས་བྱེད་ལ་གཏོར་མ་འབུལ་ཏེ། དེའི་ཚུལ་ནི་ འོག་ནས་སྟོན་ནོ། །གཏོར་མ་དང་བཅས་པ་ཕྱི་རོལ་མཆོད་པ་སྟེ་གཉིས་པའོ། ། སྦྱིན་སྲེག་རྒྱས་པ་ནི་སྤྱི་དང་འདྲ་བ་ལས་ཁྱད་པར་འགའ་ཞིག་དང་བཅས་པ་གཞན་དུ་བྲི་བར་འདོད་ལ། གཞུང་གཞན་ ལས་ཤིན་ཏུ་བསྡུས་པ་མེ་མར་གྱི་སྲེག་བླུགས་ཀྱང་རུང་བར་བཤད་པས་དེ་ཡང་བྱ་མོད། གཞན་དུ་ཤེས་ལ། དེ་བཞིན་དུ་ཟ་བྱེད་ རྡོ་རྗེ་མཁའ་འགྲོ་ཡང་ངོ༌། །འདིར་ནང་དང་ཕྱི་ལས་ནང་གི་བཟླས་པའི་དམིགས་པ་ལྟར་བསྒོམས་ལ། ཁ་ཟས་ནང་མཆོད་ལྟར་ བྱིན་གྱིས་བརླབས་ལ་བཟའ་བ་ཡིན། ཕྱི་འབྲིང་པོ་ནི། དངོས་གྲུབ་ཀྱི་དོན་དུ་ཐབ་ནི་ཟུར་གསུམ་དམར་པོ་ཁོ་ན་ཡིན། དེ་ཡང་ས་ གཞི་བགེགས་སྦྱངས་པ་རྫོགས་པ་ཡན་ཆད་ཕྱི་རོལ་མཆོད་པ་ལྟར་བྱ། དེ་ནས་བུམ་པ་སྒྲུབ་ནས་ཐབ་ཁུང་གྲུ་གསུམ་ཁྲུ་གང་རྒྱ་ ཕྱེད་དཔངས། ཁ་ཁྱེར་དང་མུ་རན་ལ་སྣ་ཚོགས་རྡོ་རྗེ་དང་གྲི་གུག་གིས་མཚན་པ། ཕྱི་རོལ་སྟེགས་བུ་གྲུ་བཞི་པ་བྱ། བུམ་བསྐྱེད་ ལྟར་བུམ་པ་བསྒྲུབས་པ་ལས། སུམྦྷ་ལན་སྟོང་སོགས་བཟླས་པའི་བུམ་པ་དེ་ཐབ་ཀྱི་གཡས་སུ་གཞག བུད་ཤིང་རྣམས་བཀོད་ ལ། ཐབ་བསངས་སྦྱངས་བསྐྱེད། དེར་མེ་སྤར་ལ། རཾ་ལས་མེ་ལྷ་དམར་པོ་སྤྱི་བླུགས་མཆོག་སྦྱིན། དབྱུག་ པ་བགྲང་ཕྲེང་འཛིན་པའི་ཕྱག་བཞི་པ། གནས་གསུམ་དུ་ༀ་ཨཱཿཧཱུཾ། ལྟེ་བར་ༀ་བཾ་སོགས། ཤར་ལྷོ་ ནས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ༀ་ཨགྣི་དེ་བ་ཏ་ཨཱ་ཀཪྵཱ་ཡ་ཛཱཿ ཛཿཧཱུཾ་བཾ་ཧོཿ ༀ་ཨགྣ་ཡེ་ 24-1-369 སྭཱཧཱ། བྱོན་ཟན་དབུལ། དཀྱིལ་འཁོར་གྱི་གཙོ་མོས་བུམ་པས་དབང་བསྐུར། མི་བསྐྱོད་པས་རྒྱས་ གདབ། ༀ་ཤྲཱི་ཧེ་རུ་ཀ་ཨགྣ་ཡེ་སྭཱཧཱ། ཞེས་དགང་བླུགས་བདུན་ཕུལ། ཕྱི་རོལ་མཆོད་པ་ལྟར་བྱིན་རླབས་བྱས་ནས། ཉེར་སྤྱོད་དང་ནང་མཆོད་དབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་སོགས་ཀྱིས་བསྟོད། གཏོར་མ་བྱིན་རླབས་ བྱས་ལ། ༀ་ཨགྣ་ཡེ། ཨ་ཀཱ་རོ་སོགས་ཀྱིས་ཕུལ། མཆོད་བསྟོད་འདོད་དོན་གསོལ་བ་བཏབ། སྲེག་རྫས་ཇི་ཙམ་འབྱོར་ བ། འབྲུ་གསུམ་དང༌། ༀ་ཀུ་རུ་ཀུ་རུ་སྭཱཧཱས་བྱིན་གྱིས་བརླབས། ༀ་ཨགྣེ་དེ་ཝ་ཏ་སྭཱཧཱ། ཞེས་པ་ཁོ་ནས་ཐམས་ ཅད་འབུལ་ཞིང་ལས་བཅོལ། དགང་བླུགས་གསུམ་གྱིས་མེ་ལྷ་འབར་བའམ། ཤར་ལྷོར་བཞུགས་པར་སྒོམ་པ་དང༌། ལྟོ་བར་ རབ་ཏུ་ཡངས་པ་རྣམས་གང་རུང་སྒོམ། དེ་ནས་སུམ་བྷཱས་བསང་བ་ནས། གཏོར་མ་གྲུབ་པའི་བར་ཕྱི་རོལ་མཆོད་པ་ལྟར་ལས། འབར་བའི་དབུས་སུ་ཞེས་སམ། ལྟོ་བ་ཡངས་པར་ཨེ་ལ་སོགས་བརྗོད་པ་ནི་ཁྱད་པར་རོ། །སྲེག་རྫས་འབུལ་ བའང་སྔར་དང་འདྲ་བ་ལས་སྔགས་ནི། ༀ་གསུམ་གྱི་མཐར། ༀ་ཤྲཱི་ཧེ་རུ་ཀ་བིདྨ་ཧེ་བིདྱ་རཱ་ཛ་ཡ་དྷཱི་མ་ཧེ་པྲ་ཙོ་ དཱ་ཡ་སྭཱཧཱ། དེ་ནས་མཆོད་བསྟོད་བཟོད་པར་གསོལ་ལ་གཤེགས་སོ། །སླར་འཇིག་རྟེན་པ་མཆོད་པ་ནི། ཅུང་ཟད་ཙམ་གྱི་ ཁྱད་པར་ལྟར་ཤེས་ནས་གཞན་སྤྱི་དང་འདྲའོ། །དངོས་གྲུབ་ཀྱི་དོན་དུ་གྲངས་ཚད་མེད་པ་དང༌། ལས་ཀྱི་དོན་དུ་ཕྱོགས་བཞི་རེ་ རེར་འབུམ་བདུན་ཁྲི་འབུམ་བདུན་ཁྲི་དབུལ་བས་ངེས་པར་འགྲུབ་སྟེ། དེ་ལྟར་ན་སྦྱིན་སྲེག་སྟེ་གསུམ་པའོ། ། གལ་ཏེ་སློབ་མ་རྗེས་སུ་འཛིན་ན་ནི་བདག་བསྐྱེད་དང༌། ཕྱི་རོལ་མཆོད་པ་རྫོགས་པར་བྱས་ལ། བུམ་པ་བསྒྲུབ། དེ་ནས་ འགྲུབ་ན་གཞོན་ནུ་མའི་སྟོན་མོ་དང་སྦྱིན་སྲེག་བྱ། མི་འགྲུབ་ན་མཚམས་དེ་ནས། བདག་འཇུག་བླང་ངོ༌། །དེ་ལ་བུམ་པ་སྒྲུབ་ ཚུལ་ནི་བསངས་སྦྱངས། བུམ་པར་མདུན་བསྐྱེད་ལྟར་ལྷ་བསྐྱེད་ནས། མཆོད་བསྟོད་བསྡུས་པ་ཞིག་བྱ། དུང་ཆོས་སུ་ༀ་ཏཱཔྟེ་ ཏཱཔྟེ་མཧཱ་ཏཱཔྟེ་སྭཱཧཱ་གངྒའི་རྒྱུན་འབབ་པར་གྱུར། དེ་ནས་བཟླས་པ་བྱས་ལ། གཏོར་མ་ཕུལ། ཡི་གེ་བརྒྱ་པ་བཟླས་བཟོད་ པར་གསོལ། མེ་ཏོག་དཀར་པོ་གསུམ་དང་བཅས་པས་སྔར་དུང་ཆོས་ཀྱིས་མཆོད་ཡོན་ཕུལ་བས་རྗེས་སུ་ཆགས་པས་ཞུ་སྟེ། ཆོས་ འབྱུང་གསང་བའི་བྷ་ག་བུམ་པ་དང་ལྷ་མོ་འཁོར་བཅས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོར་གྱུར་ༀ་ཨཱཿཧཱུཾ་ཞེས་བརྗོད། དེ་ནས་བྱིན་ རླབས་དངོས་ནི། དཀྱིལ་འཁོར་དུ་འཇུག་པ་རྫོགས་པ་ཡན་ཆད་རྔོན་པའི་གདམས་ངག་དང་འདྲ། ཁྱད་པར་ནི། མནའ་ཆུ་བླུད་ པའི་རྗེས་ལ། སུཾ་བྷ་བརྗོད་ཅིང་བསང་ཆུས་འཐོར། དེ་ཡང་ཕྲེང་བ་ཇི་ལྟ་བའམ་ཡང་ན། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཾ་ 24-1-370 ཡེ་བཛྲ་སཾ་ཥྱ་སྱ་སརྦ་པཱ་པཾ་བྷསྨིན་ཀུ་རུ་ཧཱུཾ་ཕཊ། ཅེས་པས་ཏིལ། བྷསྨིན་ཀུ་རུའི་གནས་སུ། ཨ་པ་ནཱ་ཡ་ སྭཱཧཱ་ཞེས་པས། ཡུངས་ཀར་ཆུ་དང་བཅས་པའི་སེང་རས་དང༌། ཁམ་ཕོར་དང་དུར་བའི་མྱུ་གུ་དང་བཅས་པའི་ལྕི་ཆངས་རྣམས་ རིམ་པས་བྱ། ༀ་པུཥྚི་ཀ་རི་བཛྲ་ཤི་ཥ་སྱ། པུ་ནྱ་ཛྙཱ་ན་སཾ་བྷ་ར་ཌྷོ་པ་ཀཱ་ཡ་སྭཱཧཱ་རྣམས་བཟེད་ཞལ་དུ་བཞག ཆུ་བཞི་དབུལ། དྲིལ་བུ་བསིལ་ཞིང་བཟེད་ཞལ་གཡོན་དུ་བསྐོར་ལ། ༀ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་སྭཱཧཱ། ཞེས་ ཕྱིར་དོར། པུཥྤེ་སོགས་མེ་ཏོག་སྤྱི་བོར་བཞག ཧཱུཾ་བདུན་དང༌། ལས་ཐམས་ཅད་པས་སརྫ་རཱ་ཛའི་བདུག་པ་དང་མར་མེ་བསྐོར་ རོ། །དེ་ལྟར་དྲུག་བཞི་ལྡན་གྱི་སྦྱང་བ་བྱས་རྗེས། རྟོགས་པས་གཡོགས་པའི་སེམས་ཀྱིས་ནི། །ལེགས་པའི་སངས་རྒྱས་ཕྱིར་ལྡོག་ ལྟར། །དད་པའི་ཆུ་ཡིས་བསྐྲུས་པའི་སེམས། །ཕན་པའི་སེམས་ཀྱིས་འདིར་འཇུག་བྱ། །དད་པ་མེད་པའི་སེམས་ཅན་ལ། །དཀར་ པོའི་ཆོས་རྣམས་མི་འབྱུང་སྟེ། །ཇི་ལྟར་ས་བོན་ཚིག་པ་ལ། །མྱུ་གུ་སྔོན་པོ་སྐྱེ་མི་སྲིད། །དེ་བས་ན་དད་པ་བསྐྱེད་པར་བྱའོ་ཞེས་ བརྗོད་པ་ཁྱད་པར་རོ། ། དེ་ནས་དངོས་གཞི་དོན་དུ་མཎྜལ་ཕུལ། མངོན་རྟོགས་ཇི་ལྟ་བ་འབོགས་པ་ལས། མི་བསྐྱོད་པས་དབུ་བརྒྱན་ ཞེས་པ་བོར། དེ་ནས་སློབ་མས། བྱང་ཆུབ་རྡོ་རྗེའི་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། ། ཞེས་སོགས་བྱ། སློབ་དཔོན་གཙོ་བོར་གསལ་བས། བུམ་པས་ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། སྙིང་པོ་ལ། ༀ་ བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཙཀྲ་བཱི་ར་སྟྭཾ་ཞེས་པས་དབང་བསྐུར་བས། ཆུའི་ལྷག་མ་ཡར་ལུད་པ་ལས་ མི་བསྐྱོད་པས་དབུ་བརྒྱན། དེ་ནས་བཟླས་ལུང་སྤྱི་དང་འདྲ་བའམ། ཡང་ན་དངོས་སྟོན་ཡིན་གསུང་སྟེ། ལྟེ་བར་ སེམས་དཔའ་གསུམ་བརྩེག་ཏུ་བྱས་ལ་སངས་རྒྱས་རྣམས་སྤྱན་དྲངས། ཕྱི་ནང་གི་ཞལ་དུ་ ཞུགས། ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ལས་བྱུང་ནང་དང་ཕྱིའི་བྷ་ག་ནས་བྱུང༌། ལྟེ་བར་ཆོས་འབྱུང་གི་ཉི་མ་ལ་འཁོད་པར་བསམས་ནས་རྗེས་ཟློས་ལན་གསུམ་བྱ་བ་ཡིན་ ནོ། །དེ་ནས་སློབ་དཔོན་དང་མདུན་བསྐྱེད་ཀྱི་གནས་ལྔ་ནས་འོད་ཟེར་འཕྲོས། སངས་རྒྱས་ ཐམས་ཅད་འོད་ཟེར་སྣ་ལྔས་མཚན་པའི་བདུད་རྩིར་སྤྱན་དྲངས། གཙོ་མོའི་དཔྲལ་མགྲིན་ སྙིང་ཁ་ལྟེ་བ་གསང་བའི་ཐིག་ལེ་དང་འདྲེས། དེ་རྣམས་བྱང་སེམས་སུ་ཞུ་བ་ལ་ཁར་དབབ་ 24-1-371 པར་བསམས་ལ་སྙིང་པོའི་མཐར་འབྲུ་གསུམ་བརྟགས་པས་བདུད་རྩི་སྦྱིན། སིནྡྷུ་རའི་དཀྱིལ་འཁོར་གྱི་དགའ་བ་འཁྱིལ་པ་ ལས་སློབ་དཔོན་གྱི་མིང་མེད་གཡོན་པས་བླངས་ཏེ། སློབ་མའི་གནས་བཞིར་སྙིང་པོ་བརྗོད་ཅིང་ཐིག་ལེ་བྱ། སིནྡྷུ་རའི་མཎྜལ་གྱི་ སྤྱི་བོར་བཞག་སྟེ། ཀ་སོགས་ཡི་གེས་བསྐོར་སྟེ་སྤྲུལ་པའི་རྩིབས་ཅན་ཉི་དབང་དཀྱིལ་འཁོར་ལ་ ཞུགས་ཤིང༌། །འབར་བའི་མེ་ལྟར་རབ་འབར་བདུད་རྩི་འཛག་པ་པདྨའི་སྐུད་པ་ལྟར་ཕྲ་བ། ། རིག་མ་སངས་རྒྱས་ཚོགས་རྣམས་བསྲེགས་ཤིང་འཁོར་ལོ་གསུམ་པོ་བྱེད་པ་གང་ཡིན་པ། ། ཀུན་དགའ་དང་བཅས་རོལ་པས་གྱེན་གཤེགས་ཕག་མོ་འདི་ཡི་སེམས་ལ་གསལ་གྱུར་ཅིག། ཅེས་བརྗོད་སློབ་མ་རང་གི་ལྟེ་བའི་ཆོས་འབྱུང་གི་འོད། རོ་མ་ནས་བརྒྱུད་ཕག་གདོང་གི་སྨིན་ མཚམས་ཀྱི་དགའ་བ་འཁྱིལ་བ་ལ་རྒྱབ་པས་གཡས་སུ་འཁོར་བར་བསམ་ལ། རླུང་འཛིན་དུ་བཅུག དགའ་འཁྱིལ་དེ་དབུ་མའི་ལམ་ནས་ཞུགས། ལྟེ་འོག་ཏུ་འཁོར་བ་ལ་ཡང་སེམས་བཞག དེར་ དགའ་བ་བཞིའི་མྱོང་བ་དང་སྲེ་བའམ་མོས་པ་བྱ། འདི་ནི་མངོན་རྟོགས་ཀྱི་སྐབས་སུའང་བསྒོམས་ཏེ་གཞན་ དང་མཐུན་ནོ། །དེ་ནས། དེའི་འོད་ཀྱིས་ཕྱི་རོལ་སྣང་བ་རང་ལ་ཐིམ། ལུས་ཡས་མས་ཐམས་ཅད་ལྟེ་ བར་ཐིམ་སྟེ་སྟོང་པ་ལ་འཇོག ཡང་སྒྱུ་མ་ལྟ་བུའོ་ཞེས་མོས་ལ་ལྷ་སྐུར་ལྡང༌། དེ་ནས་མཎྜལ་ཕུལ་ལ་དགེ་བ་བསྔོ། རྗེས་ཆོག་ནི་སྤྱི་དང་མཐུན། སྔ་མའི་སིནྡྷུ་རའི་རྒྱུན་ཕྱི་མ་ལ་ཡོད་ན་བྱིན་རླབས་ཆེ་གསུང༌། རང་གི་བདག་འཇུག་གི་ཚུལ་ ཆོ་ག་དེ་རྫོགས་པར་བྱས་ཤིང༌། འོག་ནས་འབྱུང་བ་ལྟར་ཚོགས་འཁོར་དང༌། སྦྱིན་སྲེག་སོགས་སྔར་བཤད་པ་ལྟར་གྲངས་ཚང་བ་ ལན་བདུན་གྱི་བསགས་རྒྱབ་དམན་པས་ཀྱང་འགྲུབ་པར་གསུངས་ཏེ་སྔོན་དུ་བསྙེན་པ་གྲུབ་པས་སོ། །བྱིན་རླབས་སྒོམ་པ་སྟེ་བཞི་ པའོ། ། གདགས་པའི་བསྲུང་བ་ནི། འཁོར་ལོ་རྩིབས་དྲུག་མུ་ཁྱུད། ཕྱི་རོལ་པད་འདབ་བརྒྱད། རྡོ་རྭ་མེ་རི་དང་བཅས་པ། ལྟེ་བར་བཾ། རྩིབས་རྣམས་ལ་གཡས་བསྐོར་གྱིས་གོ་ཆའི་ས་བོན། མུ་ཁྱུད་ལ་ཧཱུཾ་ཁོ་ན་བྲི། ས་བོན་རྣམས་ལ་རང་རང་གི་མདུན་ནས་བརྩམས་ཏེ་སྔགས་ཀྱི་ཐ་ མར་ཆེ་གེ་མོ་གནོད་པ་སོགས་འདི་ལྟ་བུ་ལས་རཀྵ་ཀུ་རུ་ཞེས་པ་ཧཱུཾ་གཉིས་ཀྱི་བར་དུ་ཆུད་པ་ 24-1-372 འབྲི་སྟེ། གྲོ་ག་ལ་གི་ཧཾ་ངམ་གུར་གུམ་གྱིས་སོ། ། རབ་གནས་ནི་མཆོད་གཏོར་བཤམས། བདག་བསྐྱེད་སྒོམ། བསངས་སྦྱངས་ཟླ་བ་ལ། བཾ་དཀར་པོ་ལས། བྲིས་པ་ཇི་ལྟ་བར་བསྐྱེད། ལྷའི་ངོ་བོར་མོས། ཡེ་ཤེས་པ་ཡང་འཁོར་ལོའི་ རྣམ་པར་བསྟིམས། མཆོད་བསྟོད་གཏོར་མ་འབུལ། དེ་ནས་མིང་ཡིག་བསྒྲུབ་བྱའི་ངོ་བོར་ མོས་ལ་དབང་བསྐུར་ཏེ་གཟུངས་ཐག་བཏགས་ལ་འབུམ་ཕྲག་སོགས་ཅི་རིགས་པ་བཟླའོ། ། མཐར་བརྟན་བཞུགས་སུ་པྲ་ཏིཥྛ་བཟླས་ཏེ། མཆོད་བསྟོད་བཀྲ་ཤིས་བྱས་ལ། བཏབ་ ནས་དཀྲིས་བྱས་ཏེ། མགོའམ་དཔུང་པར་གདགས་པའམ། ཁམ་ཕོར་དཀར་པོར་སྒྲུབ་ཚུལ་ ཕྱི་མཐུན་དུ་བྱའོ། །གདགས་པའི་སྲུང་འཁོར་ཏེ་ལྔ་པའོ། ། དྲག་ཤུལ་སྦྱོར་བ་ལ་སྦྱོར་བ་གསུམ་གཅིག་ཏུ་གྲིལ་གསུང༌། འདི་ལ་ཏིང་འཛིན། ཆས་ གོས་སོགས། ལས་ཀྱི་ཁྱད་པར་བཅུ་ཚང་བས་སྒྲུབ་ཅིང༌། སུམ་བྷའི་འཁོར་ལོ་ནི། རིགས་ ལྡན་ཆེ་བ་དང་འདྲ། ཡང་ན་དབྱངས་གསལ་འཁོར་ལོ་དཔེ་ཆུང་ལྟར་བྲི། འཁོར་ལོ་དེ་ཉིད་ དང༌། གཤིན་རྗེ་འཁོར་ལོ་ལེའུ་ཚེ་བཅུ་བདུན་པ། དབུས་སུ་ཕག་མོ་གཙོ་འཁོར་བདུན་གྱི་ས་ བོན་སྤེལ་ཚིག་རཾ་ཕཊ་གྷུ་གཉིས་ཀྱི་ནང་དུ་ཆུད་པ་དང༌། མུ་ཁྱུད་ཕྱི་མ་ལ་སྙིང་པོ་སྤེལ་ཚིག་ ཅན་གྱིས་སྐོར། མེ་རིའི་ནང་དུ་གྷུ་ཕཊ་ཁོ་ན་བྲིའོ། །འདིར་རང་རྗེ་བཙུན་མ་ནག་མོ་གཤེད་ པོ་ཐོད་དབྱུག་འཛིན་པ་བརྒྱད་དང་ལྷ་མོ་རྣལ་འབྱོར་མ་བརྒྱད། རེ་རེའི་མདུན་དུ་མ་མོ་བརྒྱད་ དང༌། གཤིན་རྗེ་བརྒྱད་ཀྱིས་བསྐོར་བར་བསམ་པ་སྒྲུབ་ཐབས་ཇི་ལྟར་བར་བསྐྱེད། མདུན་ བསྐྱེད་ཀྱི་སྐབས་ཞེ་སྡང་གཤེད་པོ་དང་གོ་ཟློག་གི་འཁྱུད་པ་གཅིག་སྒོམ། བསྒྲུབ་པ་གྲུབ་ནས་ དྲག་པོའི་སྦྱིན་སྲེག་གི་ཐབ་ཀྱི་འོག་གམ། གཡོས་ཁང་ཆེན་པོའི་ཐབ་འོག་ཏུ་མནན་ནོ། །དེའི་ སྤོགས་ཆོག ཕུར་བུ་གཅིག་གམ། ལྔའམ། བདུན་ནམ། བཅུ་གཅིག་གི་བསྒྲུབ་པ་བྱ། དགྲ་ བོའི་དྲི་མ་སོགས་ལས་གཟུགས་བརྙན་བྱ། དགུག་གཞུག་སོགས་ཀྱི་མཐར། གནས་ལྔ་ཕུར་ 24-1-373 བུས་བཏབ། ཁ་སྦྱོར་དབྱེ་བ་བྱས་ལ་བསྒྲུབ། དེ་ནས་ཆུ་མིག་གི་ཁྱད་པར་ཞིག་ཏུ་སྦས་ལ་ བཀའ་བགོའོ། །སྔར་གྱི་འཁྲུལ་འཁོར་དང་འདྲ་བ་རྒྱ་སྐྱེགས་ཀྱི་རིལ་བུར་བཅུག་པ་བདུན་ ཡང་སྒྲུབ་ནས་ཟླ་བ་རེ་རེ་ཞིང་ཆུ་མིག་ཏུ་དོར་བས། ཐ་མས་ངེས་པར་འགྲུབ་བོ། །ཡང་ སྤོགས་པ་ནི། བསྙེན་པ་སོང་ནས་ནག་པོ་ཆེན་པོ་སྒྲུབ་སྟེ། མངོན་རྟོགས་ཀྱི་སྐབས་གཙོ་མོའི་ མདུན་དུ། ཧཱུཾ་ལས་ནག་པོ་ཆེན་པོ་རོ་ལངས་འཇིགས་བྱེད་བཀའ་ནོད་པའི་ཚུལ་སྐེམ་ཞིང་ ཁྲོས་པ། ཕྱག་གསུམ་པ་གཡས་དང་པོས་རྩེ་གསུམ། གཉིས་པས་གྲི་སྐྱོག་པོ། གཡོན་པས་ཀ་ པཱ་ལ་ཤ་ཆེན་གྱིས་གང་བ། བྱ་རོག་གི་ཚོགས་སྤྲོ་བ། ཁྱི་ནག་གིས་དྲངས་པའི་ཤིང་རྟའི་སྟེང་ ན་རོལ་པས་གར་མཛད་ཅིང༌། ཕྱོགས་བཞིར་སྐྱེས་བུ་གསལ་ཤིང་ལ་གཙུགས་པ། ཝ་རྣམས་ སྒྲ་འབྱིན་པ་དང་བཅས་པའི་དུར་ཁྲོད་ཀྱིས་སྐོར་བའོ། །ཧྲཱིཿཀཾ་ཀཾ་བཾ་བ་རྣམས་ལས་བྷ་གཱི་ནཱིས་ འཁྱུད་པ། ཀཱ་ལི་དང༌། ཀ་ར་ལཱི་དང་བྷ་ར་ཌཱི་དང༌། བཻ་ཏ་ལི་རྣམས་གྲི་ཐོད་བསྣམས་པས་ སྐོར་བའོ། །རང་གི་བདག་བསྐྱེད་རྫོགས་པ་དང༌། ཡེ་ཤེས་པ་སྤྱན་འདྲེན་དམ་བཞག་དབང་ བསྐུར། མཆོད་གཏོར་ཕུལ་ལ། ལས་བཅོལ། མཆོད་གཏོར་གྱི་སྔགས་ནི། ༀ་ཤྲཱ་ཀྵཱ་ཨི་དམ་ བཱ་ལིང་གྲྀཧྣ་གྲྀཧྣ་ཧཱུཾ་ཕཊ། མཧཱ་མཾ་ས་པུཥྤེ་དྷཱུ་པེ་དཱི་པཾ། རཀྵ་ཏཱ་ལ་པ་ཏཱ་ལེ། ཨཥྚ་ནཱ་ག དེ་བ་ ཡཀྵ་རཀྵ་ས། གྲྀནྷ་པཱ་ཡ་གྲྀཧྣ་པཱ་ཡ་ཨི་དམ་བཱ་ལིང་ཧ་ཧ་ཧཱུཾ་ཧཱུཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཛ་ཕཻཾ་མཧཱ་ ཨ་ཧཱ་ས། གཔྫ་ཡ་གཔྫ་ཡ། ཏཔྫ་ཡ་ཏཔྫ་ཡ། ༀ་ཀྲྀཥྞ་བྷརྞ་ཕཻཾ་ཕཻཾ་ཕཊ྄། རྩ་སྔགས་ནི། ཤཱ་ ས་ནའོ། །དྲག་སྔགས་ནི་འཇིག་རྟེན་པ་རྣམས་ཀྱི་སྟེ། ངག་ལས་ཤེས། འདིས་འཇིག་རྟེན་པའི་ གཏོར་སྔགས་ཀྱང་རུང་ངོ༌། །དེར་རྩ་སྔགས། སྙིང་པོ། དྲག་སྔགས་རྣམས་འབུམ་དུ་བཟླས་ ལ། སླད་ནས། ཡང་རང་ཉིད་སྒོམ་ནས་མཚན་མ་དམིགས་ཀྱི་བར་བཟླའོ། །དེ་ནས་ནག་པོའི་ ཚེས་ལ། གདན་ནག་པོ་ལ་འདུག བ་བྱུང་ལྔ་དང་། བདུད་རྩི་ལྔ་དང༌། དྲི་བཟང་དང༌། གྲི་ཁྲག་ གིས་ཆག་ཆག་བཏབ་པའི་སྟེགས་བུ་ལ། གཞོན་ནུ་མའི་རྡུལ་དང་རོ་སོལ་གྱིས་དཀྱིལ་འཁོར་ 24-1-374 གྲུ་གསུམ་བྱས་ལ། མེ་ཏོག་ནག་པོའི་གདན་ལྔ་ཚོམས་བུ་བཀོད། ཤ་ཆེན་གྱིས་སྤོས་དང༌། གཏོར་མ་སོགས་བཤམས། བདག་མདུན་གཉིས་ཀ་རྫོགས་ནས། མཆོད་གཏོར་ཕུལ་ལ་ བཟླས་པ་ལ་འབད། ཐུན་མཚམས་སུ་ཚོགས་འཁོར་བྱ་སྟེ། འདི་བསྙེན་བསྒྲུབས་སྦྲག་མ་སྟེ། ཟླ་དྲུག་སོགས་བྱ། དེ་ནས་ཐུན་དང་པོ་ལ་བདག་བསྐྱེད་དྲན་ཙམ་བྱ། དེ་ནས་ང་རྒྱལ་དེ་ཙམ་ ལ་གནས་པས། མདུན་བསྐྱེད་ཁོ་ན་སྒྲུབ་སྟེ། མཐར་དྲག་ཏུ་བསྐུལ་བ་མང་དུ་བྱ། རང་ཉིད་ ཚོགས་འཁོར་སོགས་ཀྱི་ཚེ་སྒྲུབ་གྲོགས་ཡོད་ན་དེ་བཟླས་པ་དང་བསྒུལ་བ་བྱེད་དུ་བཞུག་གོ ། འདི་རྒྱུན་མི་འཆད་དུ་བྱས་པས་ངེས་པར་ཞག་བདུན་སོགས་ལ་རྟགས་འབྱུང་སྟེ། དེ་ནས་ ལས་སྦྱོར་བྱའོ། །དགྲ་བོའི་དྲི་མ་བདུན་པོ་གང་རྙེད་དང༌། རྡོ་དང་ལྕགས་དང་ཟངས་དང༌། ཚ་ བ་གསུམ་དང༌། གྲོ་ཕྱེ་ལས། ལིང་ག་བྱས་པའི་སྙིང་གར་དུག་དང་སྐྱེ་ཚེ་དང༌། གྲི་ཁྲག་དང་ བྱ་རོག་གི་ཁྲག་དང་རྒྱ་སྐྱེགས་ཀྱིས་མི་ལྤགས་ལ་འཁོར་ལོ་མན་ངག་ལྟར་བྲི། འཁོར་ལོ་སྐྱེད་ ཆོག་རབ་གནས་དཀྲིས་སོགས་དྲག་ལས་སྤྱི་དང་འདྲ། དེ་ལིང་གའི་སྙིང་གར་བཅུག་ལ་བུ་ག་ བཀག དེའི་བཤང་ལམ་ནས་སྤྱི་བོར་གསལ་ཤིང་ལས་བྱུང་བའམ། ལྕགས་ཀྱི་གཙངས་ཀྱིས་ འཁོར་ལོ་ལ་མ་གནོད་པར་ཕུག མི་རུས་ཀྱི་ཕུར་བུ་ཡང་སྒྲུབ་པ་བྱས་ནས་བཞག དུག་དང་ ཁྲག་ཆེན་གྱིས་བྱུགས་པའི་ཚེར་མ་སྔགས་ཀྱིས་བསྒྲུབས་པས་ལུས་བཀང་ནས། ལྷོར་སོར་ བཅུ་གཉིས་པའི་དོང་ཟུར་གསུམ་པ། རོ་སོལ་གྱིས་བྱུགས་པར་བཅུག་ལ་སྣ་ཚོགས་རྡོ་རྗེས་ མནན། དེ་ནས་བསམ་གཏན་གྱི་ལས་ཚོགས་བཟླས་པ་དང་བཅས་གཙོ་འཁོར་གྱི་སྔགས་ ཀུན་དང་དགུག་གཞུག་དང༌། ཁྲག་སྣ། ཐལ་ཆེན། ཡུངས་ཀར་རྣམས་ཀྱིས་ཐུན་གྱིས་བྲབ་ པ་དང༌། མི་རུས་ཀྱིས་ཕུར་བུས་བརྡབ་པ་རྣམས་བྱས་ལ། དེ་ལྟར་ཞག་གསུམ་དང་ལྔ་དང་ བདུན་བར་མ་ཆད་དུ་བྱ། སླར་རབ་ཆད་ཀྱི་ཐོད་པ་ཁ་སྦྱར་དུ་བཅུག་ལ། དགུག་གཞུག་དང༌། ཁ་སྦྱོར་ཕྱེ་ནས་སྐུ་ལས་སྤྲོས་པའི་ཁྭ་དང་ཁྱི་དང༌། གཏུམ་པོ། མཁའ་འགྲོ་དང་མཁའ་འགྲོ་མ་ 24-1-375 རྣམས་ཀྱིས་གྲི་གུག་གིས་གཏུབ་པ་དང་ཟ་བའི་བར་བྱེད་པར་བསམ་ཞིང༌། རྣམ་པར་ཤེས་པ་ དབྱིངས་སུ་སྤར་ལ། སྔགས་ནི། ཧཱུཾ་ཧཱུཾ་ཕཊ་ཀྱི་གོང་དུ་ཆེ་གེ་མོ་མཱ་ར་ཡ་ཞེས་པ་གཞུག་སྟེ། ཐུན་ བསྡུ་ཁར་སྤྲུལ་པ་རྣམས་འཁོར་ལོ་ལ་བཅུག་ནས། མཆོད་གཏོར་ཕུལ་ལ་གཟོད་གསོལ་བྱས་ སྟེ། ལིང་ག་སྣ་ཚོགས་རྡོ་རྗེས་མནན་ནོ། །དེ་ཡང་ཐུན་བཞིར་བསྒྲུབས་པས་འགུལ་བ་སོགས་ མཐོང་ན། མཧཱ་ཀཱ་ལ་མཆོད་ནས། ཡང་ལིང་ག་ལྕགས་ཀྱིས་ཕུག ལྕགས་ལག་པ་གཡོན་ པས་བཟུང༌། ལག་པ་གཡས་པས་ཚེར་མ་དང་ཐུན་གྱིས་བསྣུན་ནས་བསད་སྔགས་བཟླའོ། ། མཚན་ཕྱེད་ཀྱི་དུས་སུ། ཐབ་ཀྱི་ཐུགས་ཀ་ནས་མེ་བྱུང་བས་གདུང་པར་བསམ་ཞིང༌། དུར་ ཁྲོད་ཀྱི་མེའི་རྒྱུན་གྱི་འབྲས་ཕུབ་ཀྱི་མེ་ལ་གདུང་བ་ཞག་བདུན་བྱ། མེ་མ་ཤི་བ་བྱེད་གསུང༌། དེ་ནས་ལིང་ག་དང་འཁོར་ལོ་དེ་གཤིན་རྗེ་ལ་གཏད་པའམ། སྦྱིན་བསྲེག་བྱ་བའམ། གཏོར་ མར་དབུལ་བ་གང་ཡང་རུང་བ་བྱས་པས་ངེས་པར་འགྲུབ་སྟེ། གལ་ཏེ་ཞིག་རྒྱ་ལ་མ་གྲུབ་ན། ཁྲོ་བོ་ཧཱུཾ་མཛད་ཀྱི་ཞལ་དུ་ནག་པོ་ཆེན་པོའི་གཟུགས་འབུལ་བའི་སྦྱིན་སྲེག་བྱེད་དེ། དེས་ནི་མི་ འགྲུབ་པ་མི་སྲིད་གསུང༌། སྒྲུབ་པའི་སྐབས་ནག་པོ་ཆེན་པོ། རྩེ་གསུམ་ཁ་ཐུར་ལྟས་ལ་གནས་ པ་དང་ལས་སྦྱོར་གྱི་སྐབས་ཁྱི་ལ་ཞོན་པ། གཡས་གཡོན་དུ་རང་དང་འདྲ་བ་ལ། ཕྱག་གསུམ་ ཀར་ན་གསལ་ཤིང་རེ་རེ་བཟུང་བ་སྒོམ་པ་ཡིན་ནོ། །དྲག་ཤུལ་གྱི་སྐབས་འདིར་མི་གསལ་བ་ ཅུང་ཟད་ཞལ་ལས་ཤེས་པ་དང༌། མ་མོ་དང་གཤིན་རྗེའི་འཁོར་ལོའི་སྐབས། ཁ་སྐོང་དགོས་ པ་ཆེས་མང་བ་ཡོད་དོ། །འདིར་མཧཱ་ཀཱ་ལའི་དྲག་ཤུལ་སྦྱོར་བ་འདི་གཞུང་གི་དངོས་བསྟན་ ལ་མེད་ཀྱང༌། མན་ངག་ཞལ་གདམས་ཡིན་ཅིང༌། སྐབས་འདིར་འབྱུང་པོས་འཛིན་པ་དང་སྨྱོ་ བར་བྱེད་པ་གཉིས་གསུང་སྟེ། འདིར་མ་བྲིས་སོ། །དེ་ལྟར་དྲག་ཤུལ་གྱི་སྦྱོར་བ་སྟེ་དྲུག་པའོ། ། སྒོམ་པའི་ཕྱིར་བཟློག་ནི། མངོན་རྟོགས་རྫོགས་པ་དང༌། སྙིང་ཁའི་བཾ་ལས། བྷུཾ་སྤྲོས། 24-1-376 ཉི་མ་ལ་གནས་པའི་འཁོར་ལོ་རིམ་པ་གཉིས། ནང་མ་རྩིབས་བཞི་ལ་སྙིང་པོའི་རྣལ་འབྱོར་ མ་བཞི། ཕྱི་མ་བཅུ་ལ་སྒོ་མཚམས་བརྒྱད་དང༌། མཁའ་སྤྱོད་མ་དང་ས་སྤྱོད་མ་རྣམས། འདི་ རྣམས་གཞན་ལས་འབྱུང་བ་བཞིན། ཡན་ལག་བཞི་རྫོགས་ཀྱིས་བསྐྱེད་ནས། འཁོར་ལོ་སྐོར་ ཞིང་སྔགས་བཟླས་ཏེ། བཛྲ་བཻ་རོ་ཙ་ནཱི་ཡེ་སརྦ་དུཥྚན་སྟཾ་བྷ་ཡ་པྲ་ཏྱཾ་གི་ར་ཧྲཱིཿཧཱུཾ་ཧཱུཾ་ཧཱུཾ་ཕཊ྄་སྭཱཧཱ། ཞེས་བཟླ་ལ་གཞན་ནི་སྤྱི་དང་འདྲའོ། །བྲི་བའི་ཀློག་པ་ནི། སྒོམ་པ་ལྟར་འཁོར་ལོ་རྡོ་ར་མེ་རི་ དང་བཅས་པ་ལ་སྔགས་སྔར་གྱི་ལྷའི་རིམ་པས་བྲིས། ཆེ་གེ་མོ་ལ་གནོད་པའི་སྔགས་དང༌། འཁྲུལ་འཁོར་ངན་པ་བྱེད་པ་ཐམས་ཅད་པྲ་ཏྱཾ་གི་ར་ཧྲཱིཿ ཞེས་སམ་མཱ་ར་ཡ། སྟཾ་བྷ་ཡ་བནྡྷ་ཡ་ ཧཱུཾ་ཕཊ྄། ཅེས་བྲིས་ནས་བསྒྲུབས་པ་ནི་སྤྱི་དང་འདྲ་སྟེ་སྔགས་དང་ལྷའི་ཁྱད་ཙམ་མོ། །དེ་ཡང་ རྡུལ་གྱི་རས་ལ་གུར་གུམ་དང་ཙནྡན་དམར་པོས་བྲིས། རྡོ་རྭ་མེ་རིའི་ཕྱི་མ། ཕྱོགས་རེ་རེར་ སྔགས་ཐམས་ཅད་ལ་ཧཱུཾ་ཆེ་གེ་མོ་ལ་རཀྵ་ཧཱུཾ་ཞེས་སྤེལ་ལོ། །མཐར་སྒྲུབ་པའམ་འདོགས་པ་ གང་རུང་བྱའོ། །ཕྱིར་ཟློག་པ་སྟེ་བདུན་པའོ། ། ཚོགས་མཆོད་ནི་དང་པོར་གཞོན་ནུ་མ་ཡི་མཆོད་པ་བྱ་ལ། དེ་ཡང་གཞན་ནས་འབྱུང་བ་ ལྟར་ཏེ་མདོར་བསྡུས་རྔོན་པའི་གདམ་ངག་གི་ཡིག་སྣར་བཀོད་ཟིན་ལ། མཆོད་པའི་སྐབས་ བཏུང་བ་དང༌། མགོ་ལ་བསྐུ་བ་དང༌། དྲིའི་བྱུགས་པ་དང༌། མིག་སྨན་དང༌། སིནྡྷ་རའི་ཐིག་ ལེ་དང༌། གོས་དམར་པོ་དང༌། མེ་ཏོག་དམར་པོའི་ཕྲེང་བ་དང༌། སོ་རྩི་སོགས་དངོས་སུ་སྦྱིན་ ནོ་ཞེས་པ་ནི་ལག་ལེན་ནོ། །ཚོགས་ཀྱི་འཁོར་ལོའི་སྐབས་དཔའ་བོ་དྲུག་དང་རྣལ་འབྱོར་མ་ དྲུག་ཅེས་གསུངས་པ་ནི། སློབ་དཔོན་མ་གཏོགས་པ་སྟེ་ཚོགས་ཀྱི་དཀྱིལ་འཁོར་རོ། །མང་ པོ་ཡོད་ན་ལྷ་རེ་རེ་ལ་གཉིས་གཉིས་སོགས་བྱས་པས་རུང་ཞིང༌། གང་ལྟར་མཚན་མོའི་དུས་ སྔོན་འགྲོ་གཏོར་མ་དང༌། བྱིན་དབབ་དང་། ཞུ་འབུལ་དང༌། བདག་བསྐྱེད་དང་། ཕྱི་རོལ་ མཆོད་པ་གཏོར་མ་བཅས་པ་དང༌། ཚོགས་རྫས་བྱིན་གྱིས་བརླབས་པ་དང༌། ལྷ་ལ་འབུལ་བ་ 24-1-377 དང༌། ཚོགས་བྱིན་ལེན་དུ་བྱེད་པ་དང༌། མཧཱ་བྷཻ་ར་བ་རོ་ལངས་འཇིགས་བྱེད་མཆོད་པ་དང༌། ལོངས་སྤྱོད་པ་དང༌། བརྡ་དང༌། གླུ་གར་བྱ་བ་དང༌། རྗེས་ཆགས་དང༌། ལྷག་གཏོར་མ་མོ་ དགུ་དང༌། འབྱུང་པོ་སོགས་ལ་སྦྱིན་ཏེ་ཆོ་ག་ནི་སྤྱི་དང་མཐུན་ནོ། །ཚོགས་ཀྱི་བྱ་བ་གྲུབ་པ་ན། སློབ་དཔོན་གྱིས་བྱིན་བརླབས་བྱས་ནས་བདེ་སྟོང་དབང་བཞི་པ་ཉམས་སུ་བླངས་པས་སྐྱ་ རེངས་ཤར་བའི་ཚེ་ཕྱག་རྒྱའི་དངོས་གྲུབ་འགྲུབ་བར་འགྱུར་རོ་ཞེས། གང་ཟག་ལམ་མཐོན་ པོར་སོང་བའི་ཁྱད་པར་དང་ལྡན་པ་ཞིག་གིས་ཉེ་རྒྱུ་སྒྲུབ་ཚུལ་གྱི་འཕྲོས་ལ་ཚོགས་འཁོར་ གསུངས་པ་སྟེ། ཚོགས་མཆོད་དང་སྤྱོད་པ་སྟེ་བརྒྱད་པའོ། ། བསྙེན་པ་དང་ལས་རིམ་བདུན་ཏེ། སྒྲུབ་ལས་བདུན་ཅན་གྱི་མན་ངག་གི་གནས་ཙམ་ ཐམས་ཅད་བསྟན་ཟིན་ཏོ། །འདིའི་མན་ངག་གི་ཞལ་གདམས་ཅི་རིགས་པ་ཞིག་ད་དུང་ཡོད་ སྣང་བས་རྙེད་ན་བསྟན་པར་བྱའོ། །འདིར་ངག་འདོན་ནམ་ནག་འགྲོས་སུ་བྲིས་ན་ཚོགས་ཆེ་ བས་འདིར་མདོ་ཙམ་སྟེ་ལག་ལེན་མཐོང་བ་ལས་ཤེས་སོ། ། སྨྲས་པ། ཁེངས་ལྡན་རྣམས་ནི་ཡི་གེ་ཙམ་ལྟ་སྟེ། །མན་ངག་མེད་ན་དེ་དག་རྣམ་པར་ འཁྱམས། །རང་བཟོ་ཀུན་ལ་མན་ངག་མཆོག་གོ་ཞེས། །དེང་སང་རབ་རྨོངས་ཕལ་ཆེ་འདི་ ན་སྨྲ། །རྒྱུད་དོན་ཡིན་ཡང་མན་ངག་ཞལ་གདམས་ཏེ། །གཞན་ལ་མེད་ཀྱང་གཞན་དང་མི་ འགལ་བ། །མཁས་པ་རྣམས་ཀྱིས་ཅི་ཕྱིར་འདི་མི་བརྟེན། །ཕྱོགས་འཛིན་ཅན་རྣམས་ཅི་ དགར་བྱེད་ལ་རག །ཅེས་པའང་སྨྲས་སོ། །འགྲོ་ལ་རྟག་ཏུ་ཕན་པའི་དོན། །མན་ངག་གསལ་ བར་བྲིས་པ་ཡི། །དགེ་བས་འགྲོ་ཀུན་མཆོག་ཐོབ་ཤོག །འཁྲུལ་ན་འཕགས་མས་བཟོད་ པར་རིགས། །ཞེས་པའང༌། དཔལ་སྟག་ལུང་ཐང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ ཏེ། རྗེ་བཙུན་ཀུན་དགའ་བཀྲ་ཤིས་ཀྱིས་ཞལ་མངའ་ནས་བཀའ་སྩལ་སྤྱི་བོས་ནོད་དེ་ཏཱ་ར་ནཱ་ ཐས་གུ་རུ་ལྷོ་ཕྱོགས་པའི་གསུང་བཞིན་བྲིས་པ་ནི་རང་ལོ་ཉེར་གསུམ་པ་ལའོ།། །། ཀ་ལྱཱ་ཎ་ཝརྡྷཾ། མངྒ་ལཾ་བིསྟཱར།། 24-1-378 (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། ཁ་བྱང་མེད་པའི་ཡིག་རྙིང་གཉིས་ཡིན།) 24-1-379 ༄༅། །རྣལ་འབྱོར་གྱི་དབང་ཕྱུག་མ་ཆེན་མོ་དཱི་ན་ཀཱ་ར་ཡི་ མན་ངག་བཞུགས། ༄༅། །ༀསྭཱསྟི། ན་མོ་གུ་རུ་ཙཱ་རཱ་ཎ་ཀ་མ་ལཱ་ཡ། ཤེས་རབ་ཕ་རོལ་ཕྱིན་གང་ལྷ་མོ། །རྡོ་རྗེ་བུ་མོའི་རྣམ་ པར་ཤར་གང༌། །དེ་ལ་གཉིས་སུ་མེད་པར་ཕྱག་འཚལ། །ནམ་ཡང་གཡེལ་བ་མེད་པར་གཟིགས་ཤིག ། འདིར་རྣལ་འབྱོར་གྱི་དབང་ཕྱུག་མ་ཆེན་མོ་དཱི་ན་ཀཱ་ར་ཡི་མན་ངག་གིས་རྗེ་བཙུན་རྡོ་རྗེ་ཕག་མོ་སྒྲུབ་པར་འདོད་པས། མཐུན་པའི་གནས་སུ་ལུས་བསྲངས་ལ། སྐྱབས་སུ་འགྲོ་བ་བྱ། ཚད་མེད་བཞི་བསྒོམ། ༀ་སྭ་བྷཱ་ཝ་སོགས་དག་པ་གསུམ་ དང༌། ༀ་ཤཱུ་ནྱ་ཏ་སོགས་རྣམ་ཐར་གསུམ་རྔོན་པའི་གདམས་ངག་བཞིན་བརྗོད་ལ་སྒོམ་ཞིང༌། དེ་ནས་སྐད་ཅིག་གིས་ དཀྱིལ་འཁོར་གྲུབ་པ་ནི། སྲུང་འཁོར་གྱི་ནང་ཆོས་འབྱུང་དུར་ཁྲོད་དང་བཅས་པའི་དབུས་སུ། བྱང་ཆུབ་ཀྱི་ཤིང་སྡོང་དབུས། ཙན་དན་ཤར། ཆུ་ཤིང་ལྷོ། ཏ་ལ་ནུབ། དཔལ་འབྲས་བྱང་ ན་གནས་པ། དབུས་ཀྱི་ཤིང་དྲུང་ན་དུས་མེ་དང་སྒྲ་གཅན། གཡས་སུ་ཉི་མ། གཡོན་དུ་ཟླ་ བ། དེ་ཡི་སྟེང་དུ་གཡས་གཡོན་དུ་རོ་གདན། དབུས་སུ་འཇིགས་བྱེད་དང་དུས་མཚན་མཉམ་ པར་སྦྱར་བའི་སྟེང་ན། བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་ཆུ་གྲི་དང༌། ཐོད་ཁྲག་ འཛིན་པ། བུང་བའི་མདངས་ཅན་གྱི་སྐྲ་གྲོལ་བ་རབ་ཁྲོས་སྤྱན་གསུམ་དམར་བ་གྱེན་དུ་བལྟ་ བ། ཅུང་ཟད་མཆེ་བ་གཙིགས་པ། མགོ་ཕྲེང་དང་ཕྱག་རྒྱ་ལྔས་བརྒྱན་པ། མཆན་ཁུང་དུ་ཁ་ ཊྭཱཾ་ག་དང་བཅས་པ། གཡོན་བརྐྱང་གི་གར་སྟབས་ཅན། སྙན་དང་བྷ་ག་ལྗང་བ། མགྲིན་པ་ དང་ཤངས་ཀྱི་ནང་ནག་པ། འགྲམ་པ་དང་བཅས་པའི་ཞལ་གྱི་ཐད་སྐོར་དང་ཞབས་དཀར་ 24-1-380 བ། དཔྲལ་བ་དང་འཕོངས་ཚོས་སྟ་ཟུར་རྣམས་སེར་བ། ལྷག་མ་དམར་བ། མི་བསྐྱོད་པའི་ ཅོད་པན་ཅན། གཡས་སུ་རབ་སྔགས་མ་གྲི་ཐོད་ཌ་མ་རུ་ཁ་ཊྭཱཾ་ག་རྣམས་བསྣམས་པ། སྔོན་ མོ་གཡས་བརྐྱང་གི་གར་སྟབས་ཅན། འོད་དཔག་མེད་ཀྱིས་མཚན་པ། གཡོན་དུ་རྣམ་སྣང་ མ་རལ་གྲི་དང་ཞགས་པ་རྡོ་རྗེ་དང་ཆོས་འབྱུང་འཛིན་པ། གཡོན་བརྐྱང་གི་གར་སྟབས་ཅན། རྣམ་སྣང་གིས་མཚན་པ། གཉིས་ཀ་ཕྱག་བཞི་མ། གཙོ་འཁོར་ཐམས་ཅད་འབར་བའི་མེའི་ དབུས་ན་བཞུགས་པའོ། །གཞུང་དུ་མི་གསལ་ཡང་མན་ངག་གིས་ཕྱོགས་བཞིའི་ཤིང་གི་རྩ་ བར། ཤར་དུ་བུམ་པ་དཀར་པོ། བྱང་དུ་འབྱུང་པོ་མཎྜལ་ཐོད་པས་སྐོར་བ། ནུབ་ཏུ་ལིང་ག་ གཅིག་པ་མིག་སྨན་སྒྲུབ་པ་དང་བཅས་པ། ལྷོར་གཏོར་མ་སྣ་ཚོགས་མཆོད་པར་དང་བཅས་ པའོ། །རང་གི་ཨ་བ་དྷཱུ་ཏཱི་ལ་ཧཱུཾ་སྔོན་པོ། རོ་མ་ལ་ཨཱཿདམར་པོ། རྐྱང་མ་ལ་ༀ་དཀར་པོ། ལྟེ་ བར་ཆོས་འབྱུང་ལ་བཾ་ཡིག་སྔགས་ཕྲེང་གསུམ་ཚར་དུ་བགྲང་བ། དེའི་འོད་ཀྱིས་ཡེ་ཤེས་པ་ བཀུག ཕཻཾ་ཛཱཿཧཱུཾ་བཾ་ཧོཿསྔགས་ཕྲེང་ལ་ཐིམ། དེ་ནས་ལྷའི་དེ་ཉིད་ཡུད་ཙམ་ཡུད་ཙམ་ཡང་ཡང་ དྲན་པས། ཡང་ཡང་མི་རྟོག་པ་ཡང་བསྒོམས་ལ། ལན་གཉིས་སྣོལ། མཆན་ཁུང་གཡས་ གཡོན་དུ་ལག་མགོ་གཡོན་གཡས་བཅུག་ལ་དྲག་ཏུ་བསྡམས་ནས། གསང་སྔགས་བཟླས་པ་ བྱ་སྟེ། ༀ་གསུམ་གྱི་བདག་ཉིད་ཅན་ཏེ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ། ༀ་བཛྲ་བརྞ་ཎཱི་ཡེ་ཧཱུཾ་ ཕཊ། ༀ་བཛྲ་བཻ་རོ་ཙཱ་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། སླར་ཡང་དག་པ་གསུམ་དང་རྣམ་ཐར་གསུམ་སྒོམ་པས་སྟོང་པར་ཡལ་ བ་ལ་མཉམ་པར་བཞག དེ་ལས་ལངས་ནས་དགེ་བ་བསྔོ། རྫོགས་པའི་རིམ་པ་ཡང་རྟག་པར་སྒོམ་མོ། ། འདིར་ཤིན་ཏུ་ཟབ་པའི་རླུང་སྦྱོར་གཉིས་ནི་ཞལ་ཤེས་ཡིན་མོད་ཀྱི། མདོ་ཙམ་སྨོས་ ན། སེང་གེ་རྣམ་རོལ་གྱི་ཕྱག་རྒྱས་རླུང་ལྟེ་བ་ཁ་སྦྱོར་བ་དང༌། མིག་ནད་དུ་གྱུར་དུ་དོགས་ ནས། མིག་ཐད་ཀར་ལྟས་ལ་མས་ནས་མཛུབ་མོས་བརྟེན་ཙམ་གྱིས་ཆོག་གོ །ཛྱཽ་ཏི་བཱ་ཡུའོ། ། གཡས་ནས་ཕྱུང་གཡོན་ནས་རྔུབ། གཡོན་ནས་ཕྱུང་གཡས་ནས་རྔུབ་པ་དལ་བུས་དལ་བུས་ 24-1-381 བྱེད་པ་ནི། སུ་ཁ་བཱ་ཡུ་དིརྒཱ་ཡུ་ཞེས་པ་ཡིན་ནོ། །གཏོར་མའི་ཆོ་ག་ལས་འདས་གཏོར་སོགས་ ཕལ་ཆེར་རྔོན་པའི་གདམས་ངག་བཞིན་ནམ། ཛ་ལཱནྡྷ་རཱའི་ལུགས་ལྟར་བྱ་བ་ལས། ཁ་ཊྭཱཾ་ གའི་ཚབ་ཏུ་རྡོ་རྗེ་སྒོམ་མོ། །ཐུན་མཚམས་སུ་རྡོ་རྗེ་ཧེ་རུ་ཀའམ། རྣལ་འབྱོར་མའི་ང་རྒྱལ་བྱ། ང་རྒྱལ་དེ་དང་ལྡན་པས་སྒྲུབ་ཁང་གི་ཕྱི་རོལ་ཏུ་མཁའ་འགྲོ་སྤྱི་གཏོར་ལྟར་འབྱུང་པོ་སྤྱི་ལ་ སྦྱིན། ཧ་ཧའི་གད་རྒྱངས་དང་བཅས་ནང་དུ་ལོག་ལ། ཏིང་ངེ་འཛིན་གྱི་བར་སྐབས་སུ་ཕཻཾ་ཞེས་ ཅང་ཏེ་བརྡུང་ཞིང་གར་བྱའོ། །འདིས་བོགས་འདོན་པའི་དམ་ཚིག་ཡིན་གསུང༌། སྨྲས་པ། གང་གི་ཞབས་རྡུལ་བསྟེན་ཙམ་ལ། །འཆི་མེད་སྐྱེ་མེད་རྒས་མེད་པའི། །ཡེ་ ཤེས་གོ་འཕང་བདེ་བླག་ཏུ། །སྩོལ་མཛད་བླ་མར་སྙིང་ནས་འདུད། ། ཅེས་པའང་རྗེ་བཙུན་དམ་པ་དཔལ་སྟག་ལུང་ཐང་པའི་བཀས་ཏཱ་ར་ནཱ་ཐས་རང་ལོ་ཉེར་ གསུམ་པ་ལ་སྦྱར་བའོ།། །།དགེ་ལེགས་གོང་འཕེལ།། དཱིརྒཱཡུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ་༧༥༡ དང་། ཁ་བྱང་མེད་པའི་ཡིག་རྙིང་གཉིས་ཡིན། 24-1-382 ༄༅། །རྣལ་འབྱོར་མའི་དབང་ཕྱུག་དཱི་ན་ཀ་ར་ལུགས་ཀྱི་ བྱིན་རླབས་བཞུགས། ༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདིར་རྣལ་འབྱོར་མའི་དབང་ཕྱུག་དཱི་ན་ཀ་ར་ལུགས་ཀྱི་བྱིན་ རླབས་ཀྱི་རིམ་པ་ནི། བདག་བསྐྱེད་མདུན་བསྐྱེད་མཆོད་གཏོར་སྒྲུབ་ཐབས་ལས་འབྱུང་བ་ལྟར་བྱས་ལ། སྡིག་པ་ལ་ཕུར་བུས་ བརྡབ་པ་དང༌། འབྱུང་བཞིའི་སྦྱང་བ་དང་བསྲུང་བ་རྔོན་པའི་ལུགས་བཞིན་བྱས་ལ། ནང་དུ་འོངས་ལ་མཎྜལ་ཕུལ། དེ་ནས་ཡེ་ ཤེས་དབབ་པ་ནི། མདུན་བསྐྱེད་སློབ་དཔོན་གྱིས་ཐུགས་ཀ་ནས་ལྷ་མོའི་སྐུ་དཔག་ཏུ་མེད་པ་བྱུང་ སློབ་མ་ལ་ཐིམ་པའི་རྐྱེན་གྱིས་གཙོ་མོ་རྐྱང་པའི་ལྟེ་བར་སྔགས་ཕྲེང་ཐིག་ལེ་དང་བཅས་པ་ བསྒོམས། ཁམས་གསུམ་རང་ལ་ཐིམ། རང་སྔགས་ཕྲེང་ལ། དེ་ཐིག་ལེ་ལ་ཐིམ། དེ་ཡང་ ཡལ་བར་བསམ་ལ་རོལ་མོའི་སྒྲ་བྱའོ། །དེ་ནས་མཎྜལ་ཕུལ། ཧཱུཾ་ཞེས་སྲུང་འཁོར་ཆོས་འབྱུང་དང་བཅས་པའི་དབུས་སུ་ མངོན་རྟོགས་ལྟར་བསྒོམས་ནས། བླ་མས་བུམ་པའི་ཆུས་དབང་བསྐུར་བར་བསམ་ཞིང༌། ༀ་བཛྲ་ཨ་བྷི་ཤིཉྩ་ཧཱུཾ་ཞེས་ བརྗོད། དངོས་སུ་འཁྲུད་པ་ནི་མེད་དོ། །དེ་ནས་བླ་མས་སྣ་གཡོན་ནས་རླུང་བུད། སློབ་མས་ གཡས་ནས་རྔུབ་སྟེ་དབུ་མར་ཐིམ། དེ་ནས་རླུང་ཁ་སྦྱོར་བྱ། མཆན་ཁུང་དུ་ལག་མཐིལ་གཏད་ ལ་བར་ལྷུས་དྲག་ཏུ་བསྡམས། གཏུམ་མོ་སྦར་བས་བྱང་སེམས་ཐམས་ཅད་སྤྱི་བོར་འདུས། དེར། ཡང་ལྷབ་ལྷབ་འབར་བས། སྤྱི་བོའི་ཧཾ་ལས་ཁུ་བའི་རྒྱུན་བབས། སྤྱི་བོར་དགའ་བ། མགྲིན་པར་མཆོག་དགའ། སྙིང་ཁར་ཁྱད་དགའ། ལྟེ་བར་ལྷན་སྐྱེས། སླར་ཡང་བྱང་སེམས་ གྱེན་དུ་གཤེགས། སྤྱི་བོར་བྱོན། དེར་དཀྱིལ་འཁོར་ཐམས་ཅད་སྐད་ཅིག་གིས་ནམ་མཁར་ ཡལ་བ་ལ་ཅི་ཡང་མི་སེམས་པར་མཉམ་པར་འཇོག སླར་ཡང་སྐད་ཅིག་གིས་ལྷར་ལངས་པ་ ལ་ཟུང་འཇུག་གོ་ཞེས་ངོ་སྤྲོད། དགའ་བ་འཁྱིལ་པའི་སིནྡྷུ་རས་ཐིག་ལེ་བྱ། དེ་ནས་གཙོ་བོས་ཇི་ ལྟར་སོགས་དང༌། མཎྜལ་འབུལ། དེང་ནས་བརྩམས་སྟེ་སོགས་བྱ། འདི་ལ་གཞོན་ནུ་མའི་དཀྱིལ་འཁོར་དུ་བྱིན་རླབས་ 24-1-383 བྱེད་པའང་ཡོད་དེ། དེའི་ཚུལ་ཡང་ཤེས་པར་བྱའོ། །རྗེས་ཆོག་ནི་སྤྱི་དང་འདྲའོ། ། ཞེས་པའང་དཔལ་སྟག་ལུང་ཐང་པའི་བཀས་ཏཱ་ར་ནཱ་ཐས་སྦྱར་བའོ།། །།ཀ་ལྱཱ་ཎ་བི་སྟཱ་ར་ཀུ་རུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། ཁ་བྱང་མེད་པའི་ཡིག་རྙིང་གཉིས་ཡིན།) 24-1-384 ༄༅། །རྣལ་འབྱོར་མ་དཱི་ན་ཀ་རའི་ལུགས་ཀྱི་ རྫོགས་རིམ་བཞུགས། ༄༅། །ན་མོ་གུ་ར་བེ། རྣལ་འབྱོར་མ་དཱི་ན་ཀཱ་རའི་ལུགས་ཀྱི་རྫོགས་རིམ་ནི་འདི་ཡིན་ ཏེ། ལུས་གནད་གཞན་འདྲ་ལ། ལག་གཉིས་བསྣོལ་ཁུ་ཚུར་གཉིས་མཆན་ཁུང་དུ་བཅུག་དེའི་ སྟེང་བར་ལྷུས་མནན་སྡོམ། ལྟོ་བ་ཧ་ཅང་འཕེལ་བ་མ་ཡིན་པ་བྱ། རླུང་ནི་བུམ་ཅན་བཟུང༌། ལྟེ་ འོག་ཏུ་ཆོས་འབྱུང་དམར་པོ་སོར་གསུམ་པའི་ནང་དུ་རྩ་གསུམ་གྱི་མས་སྣ་ཆུད་པ། དབུ་མའི་ ནང་དུ་ཉི་མ་ལ་བཾ་མེ་ལྷག་ལྷག་འབར་བ། དེ་ལས་མེ་ཆེར་འབར་དབུ་མ་སོགས་རྩ་ཐམས་ ཅད་ཁྱབ། བྱང་ཆུབ་ཀྱི་སེམས་ཁོལ་བས་ལུས་གང༌། དཔེར་ན་མར་གསར་བཞུ་བ་བཞིན་ སྒོམ། མེ་དང་བྱང་སེམས་དྭངས་མས་ལུས་ཐམས་ཅད་གང༌། དྭངས་མའི་དྭངས་མ་དབུ་མའི་ ལམ་རྒྱུད། གསང་བར་གནས་པར་སྒོམ། དེ་ལ་བརྟན་ནས་ལྟེ་བ་དང༌། མགྲིན་པ་དང་། སྤྱི་ བོ་དང༌། སྙིང་ཁ་རྣམས་སུ་རིམ་པས་སྒོམ། སྙིང་ཁར་ནི་དེ་ཡང་ཇེ་ཕྲ་ལ་ཡལ་བར་སྒོམ་སྟེ། རེ་ ཤིག་དེ་ཙམ་མོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-385 ༄༅། །རྗེ་བཙུན་མ་དཀར་དམར་སྔོ་བ་གསུམ་དང་ ངང་པའི་རྡོ་རྗེ་མ་ཅ་ཅོ་སྒྲོག་མ་སྟེ་ལྔ་པོའི་ བྱིན་རླབས་བཞུགས། ༄༅། །བླ་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་དཀར་དམར་སྔོ་བ་གསུམ། ངང་པའི་རྡོ་ རྗེ་མ། ཅ་ཅོ་སྒྲོག་མ་སྟེ་ལྔ་པོའི་བྱིན་རླབས་ཀྱི་ཆོ་ག་ནི་རྔོན་པའི་གདམས་ངག་ཁོ་ན་ལྟར་ལས། མདུན་བསྐྱེད་ཀྱི་སྐབས་སོ་སོའི་མངོན་རྟོགས་ལྟར་སྒོམ། བྱིན་རླབས་ཀྱི་འཇུག་ཏུ། ན་མོ་ཤྲཱི་ མཱན་དྭིནྟྲི་ཡ་ཡོ་ག་ཡ་ནི་སྭ་བྷཱ་བཱཏྨ་ནི། ཤཱསྟྲ་དྷཱ་ར་ཎི་བཱ་ར་ཎ། ན་ན་བི་ཙཱ་ར་ཚེ་ད་ནི། ཨོཌི་ཡ་པུ་ ལུ་ར་མ་སོགས་ཀྱིས་བསྟོད། ཤེས་རབ་ཡེ་ཤེས་ཀྱི་སྐབས་གཏུམ་མོ་མངོན་རྟོགས་ལྟར་སྒོམ། དབང་བཞི་པའི་སྐབས། འདིར་ནི་དབང་པོ་ཐིམ་པར་སོན། །བདག་གི་རང་བཞིན་ཉམས་པ་ སྟེ། །ངེས་པར་ལྷན་སྐྱེས་རྒྱལ་བའི་སྐུ། །བླ་མའི་ཞལ་ལས་གསལ་བར་དྲིས། ། ཞེས་པ་ལས་བརྩམས་ནས་མཻ་ཏྲི་པའི་ལུགས་དང་མཐུན་པ་ཞིག་མཛད་དོ། །ཞེས་པ་འདི་ ཡང་ཀུན་དགའ་སྙིང་པོས་རང་ལོ་ཉེར་གསུམ་པ་ལ་སྦྱར་བའོ།། །།མངྒལཾ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ དང་། ཁ་བྱང་མེད་པའི་ཡིག་རྙིང་གཉིས་ཡིན།) 24-1-386 ༄༅། །རྗེ་བཙུན་སྒྲོལ་མའི་མཚན་ཉེར་བརྒྱད་པ་ ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ས་མ་ཛ་ས་ར་མཱརྠ། སརྦ་ཀཏྨོ་ད་ཡེ། ཨུཏྟ་ར་ཏནྟྲ་རཱ་ཛ། བོད་ སྐད་དུ། འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ་ སྒྲོལ་མ་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་མ་ཆེན་མོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་ མཆོག་དམ་ཚིག་སྒྲོལ་མ་ཞེས་བྱ་བ། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ། རྒྱུ་བ་དང་མི་རྒྱུ་བའི་བྱེད་པོ། བརྟན་པ་ དང་གཡོ་བའི་རང་བཞིན། གསང་བ་ལས་ཆེས་ཤིན་ཏུ་གསང་བ། གསང་བ་ཆེན་པོའི་དབང་ ཕྱུག་མས་བདག་ཉིད་ཀྱི་རྡོ་རྗེའི་མིང་འདི་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ བྱུང་ངོ༌། །བཅོམ་ལྡན་འདས་མ། སྒྲོལ་མ། རྡོ་རྗེ་མ། དམ་ཚིག་སྒྲོལ་མ། རྡོ་རྗེ་རྣལ་འབྱོར་ མ་ཆེན་མོ། ཡེ་ཤེས་ལྔས་བརྒྱན་པ་མ། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་མ། ཡེ་ ཤེས་དཀྱིལ་འཁོར། ཟླ་བའི་བདེ་མ། ངོ་མཚར་བདེ་མ། སྐུ་དང་གསུང་དང་ཐུགས་ཀྱི་འདོད་ མ། ཕུང་པོའི་བདག་མོ། སྐྱེ་མཆེད་ཀྱི་བདག་མོར་གྱུར་པ། འབྱུང་བ་རྣམས་རབ་ཏུ་ཐོབ་པ། ཡུལ་དང་བྲལ་བའི་རང་བཞིན། རྒྱུད་ཀུན་གྱི་དབང་ཕྱུག་མ། ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་ པ། རྡུལ་དང་བྲལ་བ། དྲི་མ་མེད་པ། གསང་སྔགས་ཆེན་མོ། ཤིན་ཏུ་ཕྲ་བ། མཚན་དང་དཔེ་ 24-1-387 བྱད་རྣམས་ཀྱིས་སྤྲས་པ། དག་བྱེད། དག་བྱེད་ཆེན་མོ་ལས་ཐམས་ཅད་གྲུབ་པར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། ཡི་གེ་བཅུའི་སྒྲ་སྒྲོག་པ། སྒྲ་སྒྲོག་དགྱེས་མ། གདུང་མ། མྱུར་མ། རྣམ་པར་ཤེས་པ་ཡོངས་སུ་དག་པ། སྲ་ཞིང་བདེ་བ། ཡེ་ཤེས་སྙིང་པོ། བདེ་བ་ཆེན་ མོའོ།། །།དགེ་ལེགས་འཕེལ། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཀ་རྟགས་མི་གསལ་ཞིག་ཡིན།) 24-1-388 ༄༅། །སྒྲོལ་མ་རྣལ་འབྱོར་མའི་ཁྲིད་ཡིག་བདེ་བ་ཆེན་པོ་ མྱུར་དུ་སྟེར་བ་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭསྟི། རྒྱལ་བ་ཀུན་གྱི་ཡུམ་གཅིག་ཨཱརྱཏཱརེ་དང༌། །བླ་མའི་ཞབས་ཀྱི་པདྨོར་ ཡང་ཡང་ཕྱག་བྱས་ཏེ། །དེ་ཡི་གསུང་བཞིན་བཅོམ་ལྡན་འདས་མ་དེ་སྒྲུབ་ཐབས། །རིམ་ གཉིས་ཚུལ་ནི་འགྲོ་ལ་ཕན་པར་འདོད་པས་བྲི། ། དེ་ལ་བསྐྱེད་པའི་རིམ་པ་ལས་རྣལ་འབྱོར་གསུམ་ནི་གཞན་དུ་བྲི་བར་འདོད་ལ། རྣལ་ འབྱོར་ཆེན་པོ་བསྐྱེད་རིམ་སེམས་པ་གསུམ་ལྡན་ནི། ལུས་གནད་ལེགས་པར་བཅས་ལ། སྔོན་འགྲོའི་ཆོས་རྣམས་ཅི་རིགས་སྒོམ་སྟེ། ཤཱུ་ནྱ་ཏས་སྟོང་པ་ཉིད་ཡུན་རིང་དུ་སྒོམ། སྟོང་པའི་ ངང་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་ཕྱག་བརྒྱད་མའམ། ཕྱག་བཞི་མ་དམ་ཚིག་ སེམས་དཔའི་ངོ་བོར་གསལ་བའི་ལུས་ཀྱི་དབུས་སུ། རྩ་ཨ་ཝ་དྷཱུ་ཏི་སྔོན་པོ་ལ། གཡས་རོ་ མ་ཁྲག་གིས་གང་བ་དང༌། གཡོན་རྐྱང་མ་ཁུ་བས་གང་བ། འཁོར་ལོ་བཞིའི་ལྟེ་བ་རྣམས་སུ་ ཐིམ་པའི་ཚུལ་དུ་གནས་པ། རོ་མའི་ལམ་ནས་རྡུལ་གྱི་དྭངས་མ་དང༌། རྐྱང་མ་ལས་ཁུ་བའི་ དྭངས་མ་ལྷན་ཅིག་ཏུ་སྟེང་འོག་སོ་སོ་ནས་འཕྱུར་ཏེ་འོངས་པ། ཆོས་ཀྱི་འཁོར་ལོའི་ལྟེ་བར་ སོན། ཁུ་བ་ཟླ་བ་དང༌། རྡུལ་ཉི་མར་གྱུར། དེ་གཉིས་ཀྱི་བར་དུ་རླུང་སེམས་ཀྱི་དྭངས་མ་ཏཾ་ སྔོན་པོ་དེ་རྣམས་གཅིག་ཏུ་འདྲེས་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ ལྡན་འདས་མ་སྐུ་མདོག་མཐོན་མཐིང༌། ཞལ་གཅིག་སྤྱན་གསུམ། དབུ་སྐྲ་དམར་པོ་གྱེན་དུ་ འཁྱིལ་བ་ཕྱག་བཞིའི་གཡས་གཉིས་ན་མཆོག་སྦྱིན་དང༌། ཅང་ཏེའུ། གཡོན་གཉིས་ཨུཏྤལ་ 24-1-389 སེར་པོ་དང༌། ཏྲི་ཤུ་ལ་གྲུ་མོར་ཐབས་ཀྱི་རང་བཞིན་གྱི་ཁ་ཊྭཱཾ་ག་དཀར་པོ། སྒེག་ཅིང་ཆགས་ པའི་ཉམས་ཅན་ལང་ཚོ་བདོ་བའི་སྐུ། ཡིད་ཙམ་ཁྲོས་པ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། ནོར་བུའི་རྒྱན་ཅན། གཡོན་བརྐྱང་གིས་གར་གྱི་ཚ་ཟེར་འཁྲུག་པའི་དབུས་ན་བཞུགས་པ། དེ་ ལྟར་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར། ཨུཏྤལ་ཛམྦུ་ནཱ་དའི་གསེར་མདོག དེའི་ལྟེ་བར་ ཏཾ་ཡིག་སྔོན་པོ་ཡུངས་འབྲུ་ལྟར་ཕྲ་བ་ལས། འོད་ཟེར་ཟེ་རེ་རེ་འཕྲོ་བ་སོར་གཅིག་ཙམ་ནས་ ཡལ་ཞིང་འགྲོ་བ་དེ་ལ། ཡིད་འཇུག་ཡུལ་གཅིག་ཏུ་བྱས་ནས། ཡི་གེ་བཅུ་པའི་གསང་སྔགས་ བཟླ། ཇི་ཞིག་ལྟར་ལ་ཏཾ་ལས་འོད་ཟེར་སྤྲོས། འོད་ཀྱི་རྩེ་ལས་ཕྱག་མཚན་དཔག་ཏུ་མེད་པ་ སྤྲུལ་ཏེ། འབར་བ་ཆེན་པོའི་མེ་དང་བཅས་ས་གཞི་དང༌། ར་བ་དང༌། གུར་དང༌། བླ་རེར་གྱུར་ པར་བསམ་པ་ནི། བགེགས་བསྲུང་བའི་གནད། ཏིང་ངེ་འཛིན་སེམས་དཔའི་འོད་ཀྱི་རྩེ་ལས། ཕྱག་མཚན་དཔག་ཏུ་མེད་པ་སྤྲུལ་ཏེ། རོ་རྐྱང་ལ་སོགས་པའི་རྩ་སྦུབས་ཐམས་ཅད་ཁེངས། དབང་པོ་ཉམས་པ་ལ་སོགས། ནད་གདོན་ཐམས་ཅད་བ་སྤུའི་ཁུང་བུ་ནས་འཐོན་པ་ཁྱིའམ་ སྤྲེའུའི་གཟུགས་ཀྱི་རྣམ་པར་གནས་པ། ཡེ་ཤེས་སེམས་པའི་ཞལ་དང༌། སྤྱན་ལས་དྲག་པོའི་ མེ་ལྕེ་འབར་བས་བསྲེགས་ཤིང་ཐལ་བར་བྱས་ཏེ་སྟོང་པར་སྦྱངས་པར་བསམ་པ་ནི། ནད་ སྲུང་བ་དང་དབྱུང་བའི་གནད་དོ། །ཏིང་ངེ་འཛིན་སེམས་དཔའ་ལས་འོད་ཟེར་དཀར་པོ་ དཔག་མེད་སྤྲོས། རང་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དྲི་མའི་རྣམ་པར་འདུག་པ་བསྲེགས་ཤིང་ སྦྱངས། ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་ལྕེ་དཀར་པོས་ཁྱབ། བ་སྤུའི་བུ་ག་ནས་འཐོན། སྐྱེ་འགྲོ་ཐམས་ཅད་ཀྱི་བུ་ག་རྣམས་དང༌། བ་སྤུའི་ཁུང་བུ་ནས་ཞུགས། སྙིང་ག་ཆོས་ཀྱི་འཁོར་ ལོའི་སྒོ་བརྒྱད་ཕྱེ་ནས་ལྟེ་བར་སོན། སྙིང་གའི་ཐིག་ལེ་ལས་ཡེ་ཤེས་ཀྱི་མེ་འོད་འབར། སྔ་མ་ ལྟར་སྡིག་སྒྲིབ་སྦྱངས། དེ་ཐམས་ཅད་ཡེ་ཤེས་མེ་ལྕེ་དཀར་པོ་འབར་བའི་རྣམ་པར་གྱུར་པ་ རང་གི་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པ་ཡང་ཡང་སྒོམ་པ་ནི་སྡིག་པ་སྦྱང་བའི་གནད་དོ། ། 24-1-390 གནད་བཞི་པ་ནི་བཟླས་པའི་དམིགས་པ་སྟེ་རེ་ཞིག་བཞག་གོ ། གཉིས་པ་རྫོགས་པའི་རིམ་པ་ལ་?མི་ཤིགས་པ་གསུམ་ལྡན་གཙོ་བོར་གྱུར་པ་ལ། དངོས་ གཞི་མི་ཤིགས་པ་གསུམ་གྱི་རྣལ་འབྱོར་དང་། འབྲས་བུ་རྟག་པའི་སྐུ་སྒྲུབ་པ་དང༌། ལམ་གྱི་ ཡན་ལག་བཙན་ཐབས་ཀྱི་སྦྱོར་བ་དང༌། སྤྱོད་པ་སྟེ་བཞི་ལས། དང་པོ་ལ། ལུས་ངག་ཡིད་ མི་ཤིགས་པའི་རྣལ་འབྱོར་གསུམ་ལས། དང་པོ་ནི། རྟེན་བསྐྱེད་པའི་རིམ་པ་མཐར་ཕྱིན་པའི་ གང་ཟག་གི་ལུས་གནད་ཅི་བདེ་བར་བཅས་ལ། རྩ་གསུམ་གསལ་བཏབ་ལ་རྐྱང་མའི་ལམ་ ལས་ཤུ་ཀྲ་དང༌། རོ་མའི་ལམ་ལས་ར་ཛ་ཏ་དང༌། ཨ་ཝ་དྷཱུ་ཏིའི་ལམ་ལས། འཇའ་ཚོན་སྣ་ ལྔ་ལྟ་བུའི་རླུང་རྣམས་བྱུང་བ་སྤྲུལ་པའི་འཁོར་ལོའི་ལྟེ་བར་གཅིག་ཏུ་སོན་པ། ཐིག་ལེ་དམར་ སྐྱ་ཤིན་ཏུ་དྭངས་པ། རྒྱ་ཤུགས་ཀྱི་ཚི་གུ་ཙམ་པ། དེའི་ནང་དུ་རང་སེམས་ཀྱི་ངོ་བོ་ནཱ་དའི་རྣམ་ པ། ཁ་དོག་ནག་པོ་གསུམ་འཁྱོག་ཏུ་(དེ་ནས་ཕྲེང་གཅིག་ཙམ་མི་གསལ།) སེམས་གཞན་ དུ་གཡེང་བར་འགྱུར་བ་ལས། དེའི་ཚེ་ཐ་མལ་གྱི་རྟོག་(དེ་ནས་ཡང་ཕྲེང་གཅིག་ཙམ་མི་ གསལ།)། སྨིག་རྒྱུ་ལ་སོགས་པ་རྟགས་ལྔ་འབྱུང་། (དེ་ནས་ཡང་ཕྲེང་གཅིག་ཙམ་མི་གསལ།) ཡུལ་སྣང་གཞན་འགགས་པར་གྱུར་པའི་ཚེ། ཏིང་ངེ་འཛིན་དེ་བརྟན་པ་ཡིན་ནོ། ། གཉིས་པ་ནི། སྙིང་ཁར་རྩ་འདབ་བརྒྱད་པའི་ལྟེ་བར། སྔར་གྱི་ལྟེ་བའི་ཐིག་ལེ་དེ་ཉིད་ དྲངས་ཏེ། པདྨའི་ཟེའུ་འབྲུ་ལ་བུང་བ་འདུག་པ་བཞིན། ཅུང་ཟད་འདར་ཞིང་སྒྲ་འབྱིན་པར་ བསམ། དེ་ནས་རླུང་རོ་ལན་གསུམ་དུ་བསལ་ལ། རླུང་རང་དགར་རྒྱུར་ཅུག་སྟེ། རླུང་གི་འགྲོ་ འོངས་ལ་སེམས་གཏད་པའི་རླུང་ཁུགས་པ་ཉེར་གཅིག་ཙམ་གྱིས་བཟླས་པ་བྱ་སྟེ། རླུང་མི་ འཁྲུག་པར་བྱ་བའི་གནད་དོ། །དེ་ནས་རྡོར་བཟླས་བརྩམ་སྟེ། རླུང་ཕྱིར་འགྲོ་བ་ན་ཧཱུཾ་གི་སྒྲ་ དང་བཅས་ཏེ་སྙིང་ཁའི་ཐིག་ལེ་ལས་འོད་ཟེར་སྣ་ལྔའི་རྣམ་པར་བྱུང༌། ཨ་ཝ་དྷཱུ་ཏཱིའི་ལམ་ནས་ འཐོན། སྣོད་བཅུད་ཐམས་ཅད་ཁྱབ། དེ་ཐམས་ཅད་ཀྱི་དྲི་མ་ཐམས་ཅད་སྦྱངས། རླུང་ནང་དུ་ 24-1-391 འོང་བ་ན། སྣོད་བཅུད་མ་ལུས་པ་འོད་ཟེར་གྱི་རྣམ་པར་བསྡུས་ཏེ། ༀ་གྱི་སྒྲའི་རང་བཞིན་དུ་ བྱུང༌། དྷཱུ་ཏཱིའི་ལམ་ནས་ཐིག་ལེ་ལ་ཐིམ་སྟེ། རླུང་ཨཱཿཡིག་གི་གདངས་ཀྱི་གནས་པར་བསམ། དེ་ལྟ་བུའི་བཟླས་པ་ཁོ་ན་ལ་ཡིད་རྩེ་གཅིག་ཏུ་བཞག་ཅིང་བཟླ། འདི་ལ་རླུང་རྣམས་འབྱུང་བ་ ལྔའི་བདག་ཉིད། འོད་ལྔའི་རྣམ་པར་འགྲོ་འོངས་བྱེད་པར་བསམ་པ་ཡིན་གྱིས། འབྱུང་བ་སོ་ སོའི་རླུང་ལ་རྡོར་བཟླས་སོ་སོར་བྱེད་པ་ནི་མེད་དོ། །དེ་ལྟར་བཟླས་པ་ལས། རླུང་མཉམ་རྒྱུར་ རྟག་ཏུ་འབབ་པ་དང༌། དེ་ནས་ཀྱང་འདི་ཉིད་ལ་ནན་ཏན་དུ་བསྒྲུབས་པས། རླུང་འབྱུང་འཇུག་ གི་གྲངས་དང་ཚད་མ་བརྟགས་པར་གསལ་བར་མངོན་པ་དང༌། རྒྱུ་བའང་དལ་ཞིང༌། ཤིན་ ཏུ་ཕྲ་བར་སོང་བ་ན། ཨཱཿཡིག་གི་བཟླས་པ་ཉིད་རིང་དུ་སྦྱར་བ་ལན་མང་དུ་གོམས་པས་རྩེ་ གཅིག་ཏུ་ཐིག་ལེ་ལ་མཉམ་པར་བཞག་པའི་ཚེ། རླུང་གི་རྒྱུ་བ་འགག་ཅིང༌། ཐིག་ལེ་ཙམ་མ་ གཏོགས་སྣང་བ་གཞན་ནུབ་པའི་སེམས་ནམ་མཁའ་སྤྲིན་མེད་པ་ལྟར་གསལ་སྟོང་དུ་འབྱུང༌། དེ་ལ་ཡང་ཡང་གོམས་པར་བྱས་པས། རྡོ་རྗེའི་བཟླས་པ་ལ་མཉམ་པར་བཞག་པ་ཙམ་གྱིས་ རྟགས་སྔ་མ་དེ་རྣམས་དང༌། ཁྱད་པར་རླུང་དབུ་མར་གནས་པའི་རྟགས། སྨིག་རྒྱུ་ལ་སོགས་ པ་མཚན་མ་ལྔ་ཤིན་ཏུ་བརྟན་པ་རིམ་ཅན་དུ་འབྱུང་སྟེ། ནམ་མཁའ་སྤྲིན་མེད་པའི་མཚན་མ་ མཐོང་བ་ན་རྣལ་འབྱོར་འདི་བརྟན་པ་ཡིན་ནོ། ། གསུམ་པ་ལ། སད་དུས་ཀྱི་རྣལ་འབྱོར་དང༌། གཉིད་ཀྱི་རྣལ་འབྱོར་གཉིས་ལས། དང་ པོ་ནི། སྙིང་ཁར་ཐིག་ལེ་སྒོམ་པའི་ཚུལ་ཡན་ཆད་སྔར་བཞིན་ལས། ལྟེ་བར་རྡུལ་གྱི་ཐིག་ལེ་ རབ་ཏུ་ཚ་བའི་རང་བཞིན་ཤིན་ཏུ་ཕྲ་བ་སྐྲ་རྩེ་ལྟ་བུ་གསུམ་འཁྱོག་ཏུ་གནས་པ། དེ་ནས་སྔ་མ་ ལྟར་རྡོར་བཟླས་ལན་མང་དུ་བྱས་པས། ལྟེ་བའི་ཐིག་ལེ་ལས། འོད་ཟེར་ཕྲ་མོ་མེའི་ཟེར་མ་ ལྟ་བུ་འབར། དབུ་མའི་ལམ་རྒྱུད་སྙིང་གའི་ཐིག་ལེ་ལ་རེག་པས། དེ་ལས་འོད་ཟེར་དཔག་ ཏུ་མེད་པ་འཕྲོས། རང་ལུས་དང༌། སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་ 24-1-392 བཏེག་པ་ལྟར་སལ་གྱིས་གསལ། འོད་ཟེར་གཉིས་པ་སྤྲོས། སྣོད་བཅུད་ཐམས་ཅད་བསྲེགས་ ཤིང་བཞུ། འོད་ཟེར་གསུམ་པ་སྤྲོས། དེ་ཐམས་ཅད་བསྡུས་རང་ལ་བསྟིམ། དེ་དྷཱུ་ཏཱི་ལ། དེ་ལྟེ་ བའི་ཐིག་ལེ་ལ། དེ་སྙིང་གའི་ཐིག་ལེ་ལ། དེ་ཡང་ནཱ་ད། དེ་སྟོང་པར་སྦྱངས། དེའི་ངང་དུ་རིང་ དུ་མཉམ་པར་བཞག དེའི་ངང་ལས་སྐད་ཅིག་ཙམ་གྱི་སྒྲོལ་མ་རྣལ་འབྱོར་མའི་སྐུར་གསལ་ འདེབས། དེ་ལྟར་ཡང་ཡང་གོམས་པས། སྡུད་རིམ་གྱི་ཚེ། དགའ་བ་བཞིའི་རོ་དང་འདྲེས་ པའི་སྟོང་པའི་ཉམས་སྐྱེ་ལ། སྟོང་ཉིད་དུ་མཉམ་པར་བཞག་པའི་སྐབས། སྣང་མུན་ལ་སོགས་ པའི་སྒྲིབ་བྱེད་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལྟ་བུའི་ཉམས་འབྱུང་ཞིང༌། དེ་ནས་བདེ་ བའི་ཉམས་ཀྱི་སྣང་བ་ལས་ཡིད་ངོར། རྩོལ་བ་ལ་མ་ལྟོས་པའི་ལྷ་སྐུ་འཇའ་ཚོན་ལྟ་བུ་མངོན་ དུ་འགྱུར། དེ་ནི་ལྷ་སྐུ་དང་ཡེ་ཤེས་མངོན་དུ་འགྱུར་བ་ལ་ཕྱོགས་པ་ཡིན་ཏེ། དེ་ནས་སྔར་ལྟར་ རྡོ་རྗེ་རྗེའི་བཟླས་པ། ལན་འགའ་ཟུང་སྒྲུབ་རྗེས། ཧཱུཾ་གི་བཟླས་པ་ཁམས་གསུམ་འོད་དུ་བཞུ། ༀ་གྱིས་བརྟན་གཡོ་ཐམས་ཅད་དྷཱུ་ཏཱིའི་ལམ་ལས་བརྒྱུད་དེ་ཐིག་ལེར་ཐིམ། ཨཱཿཡིས་ཐིག་ ལེ་ཡང་སྟོང་པ་ཉིད་དུ་སྦྱངས་ཏེ། དེའི་ངང་དུ་བཞག དེ་ལྟར་ཤིན་ཏུ་དུ་ཕྲ་བའི་རླུང་གི་འགྲོ་ འོངས་ལ་ཚུལ་དེས། རྡོར་བཟླས་ལན་མང་དུ་བྱས་ཏེ། ཨཱཿཡིག་གི་བཟླས་པའི་ངང་དུ་མཉམ་ པར་བཞག་པའི་མཐར། བདེ་སྟོང་གི་ཡེ་ཤེས་ངོས་བཟུང༌། བདེ་བ་རླུང་དང་བཅས་པ་དེ་ཉིད་ དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་བྱ་སྟེ། དེ་ལྟར་ཉིན་དང༌། མཚན་དུ་གོམས་པར་བྱའོ། །འདི་ ལ་གོམས་པས། བདེ་བ་དང་རླུང་སེམས་ཙམ་ལས་ལྷའི་སྐུ་འགྲུབ་སྟེ། ཐ་མལ་གྱི་ལུས་མ་ བོར་བཞིན་དུ། འབྱུང་ལུས་དང་ཡོངས་སུ་བྱེ་བ་སྐུ་འགྲུབ་པ་ནི། ཤིང་བལ་དང་ཆུ་ལྷན་ཅིག་ ཏུ་གནས་པ་བཞིན་ནོ། །དེ་ནས་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གང་རུང་ལ་བརྟེན་ནས། ལྷན་ ཅིག་སྐྱེས་པའི་ཡེ་ཤེས་ཡུན་རིང་དུ་གོམས་པར་བྱས་ལ། སྤྱོད་པས་མཚམས་སྦྱར་ཏེ་མཆོག་གི་ དངོས་གྲུབ་ལ་སྦྱོར་བ་ཡིན་ནོ། ། 24-1-393 གཉིས་པ་ནི། རྣལ་འབྱོར་གསུམ་པ་འདི་ཡི། འཇུག་སྒོ་མངོན་དུ་གྱུར་པ་ཞིག་གིས་སྔར་ བཤད་ལྟར་རྡོ་རྗེའི་བཟླས་པ་དང༌། སྣོད་བཅུད་བསྡུ་བ་གང་རུང་ལ་ཉིན་པར་རྩེ་གཅིག་ཏུ་ འབད། ཉལ་ཁར་བཟླས་པའི་ངང་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་པའམ། སྙིང་གའི་ ཐིག་ལེ་ལ། རྩེ་གཅིག་ཏུ་མཉམ་པར་བཞག་པས། སྟོང་པའི་ཡེ་ཤེས་གཉིད་འཐུག་པོའི་ གནས་སྐབས་སུ་མངོན་དུ་འགྱུར་ཞིང༌། དེའི་མཐར་དཔེའི་ཡེ་ཤེས་གསལ་བར་མངོན་ཅིང༌། རྨི་ལམ་གྱི་རྒྱུར་འགྱུར་བའི་བདེ་བ་དང༌། རླུང་ལས་ལྷའི་སྐུ་མངོན་དུ་འགྱུར་ཏེ། འདི་ནི་གཉིད་ དང་རྨི་ལམ་གྱི་མན་ངག་མཆོག་གོ །གནས་འདི་ལ་དང་པོའི་ལས་ཅན་གྱིས་ཚུལ་དེ་ལྟ་བུ་མ་ གྲུབ་ན། ཉིན་བར་རྨི་ལམ་གྱི་མདུན་པ་རྩེ་གཅིག་ཏུ་སྦྱོར་བ་ཡང་ཡང་བསྒྲུབས་པས། གནས་ སྐབས་གཞན་དང༌། ཉལ་ཁར་རྨི་ལམ་འཛིན་པའི་འཕེན་པ་དྲག་པོ་བཏང་ནས། གཉིད་ཀྱི་ འོད་གསལ་ལ། སྔར་ལྟར་རྡོ་རྗེའི་བཟླས་པའམ། རྨི་ལམ་ལ་མགྲིན་པ་དང་གསང་གནས་ གང་ཡང་རུང་བར་ཐིག་ལེ་དམར་པོ་ལྷག་པར་ཕྲ་བ་ལ་མཉམ་པར་འཇོག་པ་ནི་འོད་གསལ་ དང༌། རྨི་ལམ་འཛིན་པའི་གདམ་ངག་ཡིན་ནོ། །དེས་རྨི་ལམ་རྨི་ཚད་ཟིན་ཅིང་བརྟན་ན། དེ་ ནས་ཉིན་བར་རྨི་ལམ་གྱི་དྲན་འདུན་དྲག་པོའི་ངང་ནས། རྨི་ལམ་གྱི་ལུས་རྟེན་འདི་ལྟ་བུ་ལ་ དེ་ཁོ་ན་ཉིད་མངོན་དུ་བྱའོ་སྙམ་པའི་མདུན་པ་བཏང་སྟེ། རྡོར་བཟླས་སམ། སྙིང་གའི་ཐིག་ ལེ་ལ་བརྟེན་པའི་སྣོད་བཅུད་བསྡུ་བ་སྔར་བཞིན་བསྒོམས་ཏེ། མཐར་སྟོང་པ་ནམ་མཁའ་ལྟ་ བུ་ལ་མཉམ་པར་བཞག རྗེས་ཐོག་དེ་ཉིད་དུ། སྐད་ཅིག་ཙམ་གྱིས་ལྷ་སྐུར་དྲན་པར་བྱ། དེ་ ནས་ཐ་མལ་གྱི་རྣམ་རྟོག་གིས་བར་མ་ཆོད་པར་དམིགས་པ་སྔ་མ་དེ་ཉིད་ལན་མང་དུ་སྐྱར། ཡང་སྔ་མ་བཞིན་རྨི་ལམ་གྱི་འདུན་པ་སོགས་ཉིན་བར་དེ་ཁོ་ན་ལ་འབད། མཚན་མོ་སྙིང་གའི་ ཐིག་ལེ་ལ་སེམས་གཏད་ཅིང་ཉལ་བས་གཉིད་དང་རྨི་ལམ་འགགས་ཏེ། འོད་གསལ་དང་ ལྷ་སྐུར་འཆར་བར་འགྱུར་ཞིང༌། དབང་པོ་རྟུལ་པོས་ཀྱང༌། ཐོག་མར་རྨི་ལམ་ཤར་བའི་ལུས་ 24-1-394 རྟེན་ལ། ཐིག་ལེས་སྣོད་བཅུད་སྟོང་ཉིད་དུ་བསྡུ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ལ་འཇུག་པའི་ ཐབས་རྣམས་བསྒྲུབས་པས། སླར་ཡང་གཉིད་ཀྱི་འོད་གསལ་མངོན་དུ་འགྱུར་ཞིང་རྨི་ལམ་ཡེ་ ཤེས་ཀྱི་སྐུར་འགྲུབ་པོ། །དེ་ལྟ་བུ་སླར་ནས་སླར་དུ་གོམས་པས་རྨི་ལམ་ལྷར་དག་པར་འགྱུར་ རོ། །འདིས་ཉིན་མོའི་རྣལ་འབྱོར་མ་གྲུབ་པ་ལ་སྤོགས་ཆོག་ཏུ་འགྱུར་བ་ཡང་ཡིན་ནོ། །འདི་ རྣམས་སྔ་མ་ལ་བརྟན་པ་ཐོབ་ནས། ཕྱི་མ་ནན་ཏན་དུ་སྒྲུབ་ཅིང༌། ཉིན་མཚན་གྱི་རྣལ་འབྱོར་ གཉིས་ལྷན་ཅིག་པའི་ཚུལ་གྱིས་བསྒོམ་ལ་ལས་དང་པོ་པས། རྡོར་བཟླས་དང་ཐུགས་ཀྱི་ རྣལ་འབྱོར་སྒོམ་ཀྱང་རུང་མོད་ཀྱི་བཤད་ཚོད་ཇི་ལྟ་བའི་ལམ་རྟགས་མཚན་ཉིད་པ་མི་འབྱུང་ བས། རྟགས་ཕྱོགས་འདྲ་བ་རྣམས་ལ་མ་འཁྲུལ་བར་བྱའོ། །འབྲས་བུ་རྟག་པའི་སྐུ་སྒྲུབ་པ་ ནི། དེ་ཁོ་ན་ཉིད་ལ་མཉམ་པར་འཇོག་པ་དང་མི་ཤིགས་པའི་ལྷ་སྐུ་ཉིད་སྒོམ་པ་ལ་ཉིན་བར་ རྩེ་གཅིག་ཏུ་འབད་ཅིང༌། གཉིད་དང་རྨི་ལམ་བཀག་ནས་འོད་གསལ་དང་ལྷ་སྐུར་བསྒྱུར་ ནས། རང་འོད་ཀྱི་རིག་མ་ཞིག་ལ་བསྟེན་ཏེ། ཉིན་མཚན་སྐད་ཅིག་ཀྱང་གཡེལ་བ་མེད་པར་ ཐ་མལ་རྣམ་རྟོག་ཤིན་ཏུ་ཕྲ་བ་ཡང་སྤངས་ཏེ། ཟླ་བ་དྲུག་ཏུ་བསྒྲུབས་ན། རླུང་ཕྲ་རགས་ཕལ་ ཆེར་མཉམ་རྗེས་ཀུན་ཏུ་ཐིམ། ཁྱད་པར་འཕོ་བའི་རླུང་ཕྲ་མོ་རྩའི་འཁོར་ལོ་བདུན་ཙམ་དུ་ རྒྱུ་བ་ཀུན་ཡང་མཉམ་བཞག་ཏུ་འགགས། དེའི་སྟོབས་ཀྱིས་ཁམས་དཀར་དམར་གྱི་འགྲོས་ བཅིངས་པས། རྣལ་འབྱོར་ཁོ་ནའི་སྟོབས་ཀྱིས་རགས་པའི་ལུས་ཕྲ་ཡང་གི་ཡོན་ཏན་བརྒྱད་ ལྡན་དུ་གནས་འགྱུར་ལ་རྣམ་པ་གཞན་དུ་གཡེང་བའི་རྐྱེན་སྤངས་ནས་ལས་སམ་ཡེ་ཤེས་ཀྱི་ ཕྱག་རྒྱ་ཆོ་ག་བཞིན་དུ་བསྟེན་པས་ལུས་འདི་ཉིད་ཀྱིས་རིག་པ་འཛིན་པའི་གཙོ་བོར་འགྱུར་ ཞིང༌། དེ་གཉིས་ཀའང་ལུས་རྟེན་དེ་དག་ལ་ཤིན་ཏུ་ཕྲ་བའི་སྤྱོད་པས་མཚམས་སྦྱར་ཏེ་དབང་ ཕྱུག་བརྒྱད་འཐོབ་པར་འགྱུར་རོ། །ཐུགས་ཀྱི་རྣལ་འབྱོར་གྲུབ་ཅིང་གཡེང་བ་ཅན་ནི། ཚེ་ འདིར་མ་གྲུབ་ཀྱང༌། གཞན་དུ་བར་དོའི་ལུས་འགྲུབ་རྒྱུའི་རླུང་དང༌། བདེ་བ་ལས་ཡོན་ཏན་ 24-1-395 བརྒྱད་དང་ལྡན་པའི་སྐུ་ཐོབ་ནས་དངོས་གྲུབ་མཆོག་ཏུ་འགྱུར་ལ། ཐུགས་ཀྱི་རྣལ་འབྱོར་གྱི་ ཉེར་བསྡོགས་ཙམ་མངོན་དུ་གྱུར་པ་ནི། རིག་པ་འཛིན་པའི་ལུས་བླངས་ནས་མཆོག་གི་དངོས་ གྲུབ་འགྲུབ་སྟེ། དེ་དག་གི་འཐད་པ་ནི་ཡི་གེས་འཇིགས་པས་མ་སྤྲོས་སོ། ། གསུམ་པ་བཙན་ཐབས་ཀྱི་མན་ངག་ནི། གསུང་གི་རྣལ་འབྱོར་མཐར་ཕྱིན་པ་ཡིན་ན་ རབ། མིན་ན་ཐོག་མར་བུམ་པ་ཅན་གྱི་སྦྱོར་བ་ལ་བསླབ་སྟེ། དེའི་སྦྱོར་བ་ནི་སྤྱི་དང་མཐུན་ ནོ། །རླུང་སྦྱོར་དེ་དང་ལྡན་པས། སྒོ་དགུ་དགག་པའི་སྦྱོར་བ་ལ་བསླབ་སྟེ། ལུས་རྣམ་སྣང་གི་ ཆོས་བདུན་དང་ལྡན་པས། ལྷའི་སྐུར་དྲན་པར་བྱས་ཏེ། མིག རྣ་བ། སྣ། ཁ། ལྟེ་བ། དཔྲལ་ བ་རྣམས་སུ་ཏཾ་སྔོན་པོ་འོད་ཟེར་འབར་བ་རེ་དང༌། ཆུ་སོར་སུཾ་དཀར། བཤང་སྒོར་ཀྵུཾ་དམར། དེ་རྣམས་ལས་འོད་ཟེར་འཕྲོས། སྒོ་དགུ་དང༌། བ་སྤུའི་ཁུང་བུའི་བར་རྣམས་ཀྱང་བཀག རང་ གི་སྙིང་གར་རྩ་འདབ་བརྒྱད་པདྨ་དཀར་པོ་ཁ་འབུས་པའི་རྣམ་པར་གནས་པའི་ལྟེ་བར་རླུང་ སེམས་ཏཾ་ཡིག་མར་མེ་བཙུགས་པ་ལྟ་བུ་གསལ་བཏབ། དེ་ལྟར་རྟག་ཏུ་སྒོམ་པས་སེམས་ ཟིན་ན། རྩོལ་མེད་དུ་བཞག་པ་ན་ཡང་ཕྱི་རོལ་གྱི་གཟུགས་སྣང་འགགས་ཤིང༌། སེམས་ཤིན་ ཏུ་གསལ་བ་ལུས་ཀྱི་སྙིང་གར་ཕྱོགས་གཅིག་ཏུ་གནས་པ་ལྟ་བུའི་ཉམས་འཆར་བ་ནི་རླུང་ སེམས་སྙིང་གར་འདུས་པའི་རྟགས་སོ། ། དེ་ནས་འཕོ་བའི་སྦྱོར་བ་ནི། སྤྱི་བོ་ནས་ལྟེ་བའི་བར་དུ་དྷཱུ་ཏཱི་དྭངས་ཤིང་དྲང་བ། དེའི་ ནང་སྙིང་གར་ཆུ་སྐྱེས་དམར་པོ་ཁ་ཐུར་བསྟན་ལ་རླུང་གི་རང་བཞིན་ཡུམ་ཡིག་ལྔ་ཚོམས་སུ་ གནས་པའི་འོག་ཏུ་ཀྵུཾ་དབུས་སུ་རླུང་སེམས་ཐིག་ལེ་ཧཱུཾ་ཡིག་ཡུངས་འབྲུ་ལྟར་ཕྲ་ཞིང་གཡོ་བ་ སྤྱི་བོའི་ཚངས་བུག་གི་སྟེང་དུ་ཀྵུཾ་མགོ་བོ་ཐུར་བསྟན། རླུང་དྲག་ཏུ་བཅུན་པས་པདྨ་ཁ་གྱེན་ ལ་བསྟན། ཡུམ་ཡིག་ལྔ་པོ་ལས་རླུང་གཡོས་ཐིག་ལེ་ལ་ཐིམ་པས། དེ་ཡངས་ཤིང་ཆེས་གཡོ་ བར་གྱུར། འོག་གི་ཀྵུཾ་གིས་ཕུལ་བས། ཡུམ་ལྔ་པོ་ཡང་ཐིམ། ཀྵུཾ་ལས་འོད་ཀྱི་ལྕགས་ཀྱུ་མདའ་ 24-1-396 འཕངས་པ་ལྟར་བྱུང་སྟེ། དེས་ཐིག་ལེ་གྱེན་དུ་དྲངས་པར་བསམ། འོག་རླུང་ལེགས་པར་ བཅུན། ལྟོ་བ་ཚིགས་པ་ལ་ལན་མང་དུ་སྡེག ཐིག་ལེ་ཀྵུཾ་ལ་ཐིམ་པར་བསམ་སྟེ་མཉམ་པར་ བཞག ཀྵུཾ་ལས་བ་ཐག་དང་བཅས་པའི་ཐིག་ལེ་བྱུང༌། དྷཱུ་ཏཱིའི་ལཾ་ནས་སྙིང་ཁར་སླེབ། སྟེང་ རླུང་ཚིར་གྱིས་མནན་ལ་ལྟོ་བ་ཅུང་ཟད་ཕྱིར་བཀྱེད། དེ་ལྟར་ཡང་ཡང་སྒོམ། ཐུན་མཚམས་སུ་ འཇུག་ན། ཐིག་ལེ་ལས་འོད་ཟེར་འཕྲོས། ཀྵུཾ་ལ་ཕོག་དེ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་ བས་བདེ་བ་ཆེན་པོའི་འཁོར་ལོ་ལྟེ་བ་དང་བཅས་གང༌། ཀྵུཾ་ཧཾ་ཡིག་ཏུ་གྱུར་པ་ལས་བདུད་རྩི་ བབས་ཐིག་ལེ་ལ་ཐིམ། དེ་ལས་ཡུམ་ཡིག་ལྔ་ཕྱིར་འཐོན་ཐིག་ལེ་བརྟན་ཞིང་བདེ་བར་བསམ་ ལ་རྡོར་བཟླས་ལན་འགའ་བྱའོ། །བླ་མ་གདོལ་པའི་རྣལ་འབྱོར་པ་ནི་ཀྵུཾ་ཡིག་མི་སྒོམ་པར་ ཧི་ཀ་སྒོམ་གསུངས། རིམ་གཉིས་ཀྱི་ཡེ་ཤེས་སྨོན་ལམ་གྱི་མཚམས་སྦྱོར་བ་ཡིན་ནོ། །འཕོ་ བའི་དུས་དངོས་ནི་འཆི་བའི་འོད་གསལ་ལས་ལྡང་བའི་དུས་ཉིད་ཁོ་ན་ཉེས་མེད་ཀྱི་དུས་སོ། ། ཞེས་པ་རྡོ་རྗེ་འཆང་གི་དགོངས་པ་སྟེ་གཞན་ཡང་གཉུག་མའི་ལུས་ལས་རགས་པའི་ལུས་ འབྱེད་ཚུལ། བཙན་ཐབས་སུ་སྦྱོར་འདི་དང་སྔར་བཤད་མི་ཕྱེད་པའི། སྐུ་སྒྲུབ་ཚུལ་གྱི་གནད་ མ་འདྲེས་པར་གོ་བ་ཡང་ཤིན་ཏུ་གནད་དུ་ཆེ། བཞི་པ་སྤྱོད་པ་ནི། དཔལ་འཁོར་ལོ་སྡོམ་པ་བཞིན་ཏེ། རྒྱུད་དེ་ཉིད་ཀྱི་ལེའུ་ཉེར་བདུན་ ཉེར་བརྒྱད་ཉེར་དགུ་སོ་བརྒྱད་པ་རྣམས་སུ་ཤེས་པར་བྱས་ལ་ཁྱད་པར་ཅུང་ཟད་འདོར་ལེན་ དུ་བྱས་པས་འགྲུབ་སྟེ་མདོར་ཙམ་གཞན་དུ་བྲིས་པར་འདོད་དོ། །འདི་ནི་མན་ངག་ཕྲ་མོ་ འགའ་ཙམ་ལ་བློའི་སྣང་བ་བརྟས་ཀྱང་རྟོགས་དཀའ་ལ། རྒྱུད་སྡེའི་ངེས་གསང་ཕུལ་ཕྱིན་གོ་ བ་ཞིག་གིས་གནད་བླ་མའི་ཞལ་ལས་བླངས་ན་མཐོང་བ་ཉིད་ཀྱིས་རྟོགས་སླ་བས་དེ་ལྟར་ བྱའོ། ། མི་ཤིགས་གསུམ་ལྡན་མི་ཕྱེད་རྡོ་རྗེའི་དངོས། །མཁའ་བཞིན་སྤྲོས་མེད་རྟག་པ་དམ་ 24-1-397 པའི་དཔལ། །གང་གི་ལག་པའི་མཐིལ་དུའང་མི་རིང་བར། །ལེན་པ་གང་ཡིན་སྐལ་བཟང་ངོ་ མཚར་རྨད། །ཅེས་པ་ཡང་སྨྲས་སོ། ། དགེ་སློང་ཀུན་དགའ་སྙིང་པོས་རང་ལོ་ཉི་ཤུ་པ་ལ་དེ་དཔེ་མཁྱུད་སྤངས་ནས་བླ་མའི་ མན་ངག་ཁོ་ན་ལྟར་རོ།། །།དགེའོ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-398 ༄༅། །རྣལ་འབྱོར་མ་རྒྱུད་ཀྱི་རྒྱལ་པོ་སངས་རྒྱས་ཐོད་པའི་ རྫོགས་རིམ་བཞུགས་སོ། ། ༄༅། །ༀ་སྭཱསྟི། འདིར་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་དཔལ་སངས་རྒྱས་ཐོད་པའི་ བསྐྱེད་རྫོགས་ཀྱིས་གདམ་པ་ཉམས་སུ་ལེན་པ་ལ། བསྐྱེད་པའི་རིམ་པའི་རྣལ་འབྱོར་ནི་མི་ འཇིགས་པའི་གཞུང་འགྲེལ་ལས་འབྱུང་བ་ཇི་ལྟ་བ་བཞིན་དུ་ལྷ་ཉེར་ལྔའི་མངོན་པར་རྟོགས་ པ་གོ་རིམ་བཞིན་བསྒོམ་པར་བྱའོ། ། རྫོགས་པའི་རིམ་པ་སྒོམ་པ་ལ། ཐོག་མར་བསྲུང་བ་བྱ་བ་ནི། ༀ་བུདྡྷ་ཀ་པཱ་ལི་ནི་ཨ་ཁཾ་གྲཾ་ དྲུཾ་བྷྲུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་འདི་བརྗོད་ལ་བསྲུང་བར་བྱའོ། །དེ་ནས་རང་ཉིད་སྐད་ཅིག་ ཙམ་གྱིས་བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་སྐུར་ལམ་གྱིས་བསྒོམ་པར་བྱའོ། །སྐུའི་ རྣམ་པ་ནི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོས་གྲི་གུག་དང༌། གཡོན་གྱི་དང་པོས་ཐོད་པ་འཛིན་པ། ལྷག་མ་གཉིས་ཀྱིས་གཡས་ཀྱི་ཅང་ཏེའུ་དང༌། གཡོན་ གྱིས་ཁ་ཊྭཱཾ་ག་འཛིན་པ། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་པད་ ཉི་རོའི་གདན་ལ་བཞུགས་པ། རུས་པའི་རྒྱན་དྲུག་དང་ལྡན་པ། མགོ་འཕྲེང་ཅན། ཡུམ་སྣ་ ཚོགས་བདེ་མ་སྐུ་མདོག་དམར་མོ་གཅེར་མོ་རྒྱན་མེད་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་ པའི་སྐུ་ཅན་དུ་ལམ་གྱིས་གསལ་བཏབ་པོ། ། དེ་ནས་རྫོགས་རིམ་དངོས་ལ། ཐོག་མར་རླུང་གི་རྣལ་འབྱོར་རྣམ་པ་བཞི་ལས་དང་པོ་ 24-1-399 རྡུལ་མཐའ་ཅན་ནི། རླུང་ཕྱིར་འགྲོ་བའི་ཚེ་སྒྲ་མེད་ཤིན་ཏུ་དལ་བ་རྡུལ་མི་ལྡེག་པ་ལྟ་བུས་ རྒྱུན་མ་ཆད་པར་འབུད་ཅིང༌། འབུད་པ་རྫོགས་པའི་ཚེ་ལྟོ་བ་ཚིགས་པ་ལ་གཅར་ཏེ་ཕྱིར་ནན་ ཙམ་བྱ་བ་ནི་རླུང་སྦྱོར་དང་པོའོ། ། གཉིས་པ་གང་བ་ཅན་ནི། རླུང་ནང་དུ་འོང་བའི་ཚེ་སྒྲ་མེད་ཤིན་ཏུ་དལ་བའི་ངང་ནས་རྔུབ་ ཅིང་བརྔུབས་ཟིན་པ་ན་ཅུང་ཟད་གཅིག་ནང་དུ་ནན་ཙམ་བྱས་ཤར་གྱིས་བཏང༌། འདི་ནི་རླུང་ སྦྱོར་གཉིས་པའོ། ། གསུམ་པ་རེངས་པ་ཅན་ནི། རླུང་ཕྱིར་བུས་ལ་ཕྱིར་ཐུབ་ཚད་དུ་བཟུང་བ་ནི་རླུང་སྦྱོར་ གསུམ་པའོ། །དེ་རྣམས་ལ་དབུགས་ཀྱིས་འགྲོ་འོངས་དང་བསྟུན་པའི་འོད་ཟེར་འགྲོ་འོང་ལ་ དམིགས་པ་བྱའོ། ། བཞི་པ་བུམ་པ་ཅན་ནི་ཐོག་འཇམ་རླུང་གི་ཚུལ་གྱིས་བཟུང་བ་ཞིག་སྔོན་དུ་བཏང༌། དེ་ ནས་སྟེང་རླུང་ཤར་གྱིས་རྔུབ་དམིགས་པ་ལ་ལུས་ཀྱི་སྟོད་ཀྱི་རླུང་རྣམས་འོད་ཟེར་ཁ་དོག་ སྣ་ཚོགས་པའི་རྣམ་པས་ལྟེ་བར་སླེབ་པར་བསམ་ཞིང༌། ཐུར་སེལ་འཐེན་པས་སྨད་ཀྱི་རླུང་ རྣམས་འོད་ཟེར་གྱི་རྣམ་པས་ལྟེ་བར་སླེབ་པ་བསམ་ལ་རླུང་བུམ་ཅན་ཁ་སྦྱོར་དྲག་ཏུ་བཟུང་ ལ། རེ་འགའ་སྟེང་འོག་གི་རླུང་རྣམས་འཁྲུགས་ཚུལ་གྱིས་འདྲེས་པར་བསམ། རེ་འགའ་སོ་ སོར་གྱེས་པར་བསམ་མོ། །མི་བདེ་བ་སྙམ་བྱེད་ན་གཞིལ་བ་བྱེད་པ་དང༌། སྐབས་སུ་བབས་ པ་ན་ཁ་ནང་གི་རླུང་མིད་པ་ཇི་ལྟར་རིགས་པར་བྱ་བ་ནི་རླུང་སྦྱོར་བཞི་པའོ། །འདི་རྣམས་ནི་ སྲོག་རྩོལ་གྱི་ཡན་ལག་ཕྲ་མོའི་རྣལ་འབྱོར་རོ། ། གཏུམ་མོ་རྡོར་བཟླས་དང་བཅས་པ་ལ་གཏུམ་མོའི་རྣལ་འབྱོར་ནི་རྣམ་པ་གསུམ་ལས། དང་པོ། ལུས་ལ་རྩ་གསུམ་འཁོར་ལོ་བཞི་གསལ་གདབ་པར་བྱ་སྟེ། ལུས་ཀྱི་དབུས་སུ་རྩ་ དབུ་མ་སྦོམ་ཕྲ་མདའ་སྙུག་འབྲིང་པོ་ཙམ་ཁ་དོག་སྔོན་པོ་ཡས་སྣ་སྤྱི་བོ་དང༌། མས་སྣ་ལྟེ་འོག་ 24-1-400 སོར་བཞིར་ཟུག་པ། གཡས་སུ་རོ་མ་དམར་མོ་དང༌། གཡོན་དུ་རྐྱང་མ་དཀར་པོ་གཉིས་ཀྱི་ མས་སྣ་དབུ་མའི་མས་སྣར་ཆུག་ཙམ་དང༌། ཡས་སྣ་སྣ་བུག་གཡས་གཡོན་གཉིས་སུ་ཟུག་ པར་བསམ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་ཁ་དོག་གསེར་བཙོ་མ་ ལྟར་སེར་བའི་ལྟེ་བ་དབུ་མའི་ནང་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཾ་སྔོན་པོ་ཞིག་གསལ་ བཏབ། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཁ་དོག་ནག་པོའི་ལྟེ་བའི་དབུ་མའི་ནང་ དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ་ཞིག་གསལ་བཏབ། མགྲིན་པ་ལོངས་སྤྱོད་ཀྱི་ འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཁ་དོག་དམར་པོའི་ལྟེ་བའི་དབུ་མའི་ནང་དུ་ༀ་དམར་པོ་ཞིག་ གསལ་བཏབ། སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་རྩ་འདབ་སོ་གཉིས་པ་ཁ་དོག་དཀར་པོའི་ ལྟེ་བར་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་ཞིག་གསལ་བཏབ། བཤང་སྒོར་རླུང་གི་དཀྱིལ་ འཁོར་ཟླ་གམ་སྔོན་པོ་དང་། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་རྣམས་གསལ་བཏབ། དེ་ནས་རླུང་རོ་བསལ་བ་ནི་ཐོག་མར་རླུང་ཕར་འགྲོ་ཚུར་འགྲོ་ལན་ཁ་ཡར་ཞིག་བྱས་ལ། དེ་ ནས་ལུས་སྒུར་བ་ལས་སྒྱེད་ཀྱིས་བྱེད་ཅིང༌། སྣ་བུག་ནས་ཧཱུཾ་གི་སྒྲ་དང་བཅས་ཏེ་རླུང་རོ་ལན་ གསུམ་བསལ། དེ་ནས་ལུས་ཀྱི་སྟོད་དང༌། གདོང་ཐུར་དུ་བསྟན་ལ་ཁ་ནས་ཧལ་ཞེས་པའི་ སྒྲས་རླུང་རོ་ལན་གསུམ་བསལ་ལོ། །དེ་ནས་སྟེང་རླུང་ཤར་གྱིས་རྔུབ་པས་རོ་རྐྱང་གི་ནང་ བརྒྱུད་དེ་སོང་བ་ལས་དབུ་མའི་མས་སྣར་ཞུགས། ཐུར་སེལ་དྲག་ཏུ་འཐེན་པས་བཤང་སྒོའི་ རླུང་གཡོས། མེ་འབར་བས་མེ་རླུང་འདྲེས་པ་དེ་དབུ་མའི་ནང་ནས་ཞུགས་ལྟེ་བའི་ཨཾ་ལས་ རེག་བྱ་ཤིན་ཏུ་ཚ་བའི་གཏུམ་མོའི་མེ་སྔོན་པོ་ཞིག་འཚེར་གྱིས་འབར་དབུ་མའི་ནང་བརྒྱུད་ སྙིང་ཁའི་ཧཱུཾ་ལ་རེག་པས་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་རྩ་སྟོང་ཕྲག་བདུན་ཅུ་རྩ་ གཉིས་ཀྱི་ནང་ཐམས་ཅད་གང་ཞིང་དེར་གནས་པའི་བྱང་ཆུབ་ཀྱི་སེམས་རྣམས་ཞུ་བར་བྱས་ འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་ཐོན་སེམས་ཅན་རྣམས་ཀྱིས་ལུས་ངག་ཡིད་གསུམ་གྱི་དྭངས་ 24-1-401 མ་རྣམས་དང༌། ས་ཆུ་མེ་རླུང་སོགས་འབྱུང་བའི་ཁམས་ཀྱི་བཅུད་རྣམས་དང༌། སངས་རྒྱས་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ། བ་སྤུ་བུ་ག་ནས་ཞུགས། དེ་རྣམས་དང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་རྣམས་སྤྱི་བོར་འདུས་ ཤིང༌། དེ་རྣམས་དང་སྤྱི་བོའི་ཧཾ་ལས་བྱུང་བའི་བྱང་སེམས་ལྷན་ཅིག་ཏུ་བབས་ཏེ་རིམ་གྱིས་ དབུ་མའི་ནང་བརྒྱུད་སྙིང་ཁའི་ཧཱུཾ་ལ་ཁྲུས་གསོལ་བའི་ཚུལ་གྱིས་འཁྱིལ་ལི་ལི་འཁྱིལ་ཞིང་ བྱང་སེམས་རྣམས་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ་པ་ནི་གཏུམ་མོའི་དམིགས་པ་དང་པོའོ། ། གཉིས་པ་ནི་འོད་ཟེར་བུ་སྤུའི་བུ་ག་ནས་ཕྱིར་ཐོན་པའི་བར་སྔར་དང་འདྲ་བ་ལས། དེ་ ནས་སྣོད་བཅུད་ཀྱི་དྭངས་མ་རྣམས་རང་གི་སྤྱི་བོར་ཞུགས། དེ་རྣམས་དང་ཧཾ་ལས་བྱུང་བའི་ བྱང་ཆུབ་ཀྱི་སེམས་རྣམས་ལྷན་ཅིག་དབུ་མའི་ནང་བརྒྱུད་དེ་སྙིང་ཁའི་ཧཱུཾ་གི་སྐེད་པ་ཙམ་དུ་ འབར་འཛག་རྩེ་སྤྲད་དོ། །དེ་ཡང་རེ་འགའ་བྱང་སེམས་ཀྱི་རྒྱུན་སྟོབས་ཆེ་བར་གྱུར་ཏེ་གཏུམ་ མོའི་མེ་དེ། ཧཱུཾ་གི་ཞབས་ཀྱུ་ལས་སོར་གང་ཙམ་གྱིས་དམའ་བར་བསྡུས་ཤིང་བྱང་སེམས་ཀྱི་ རྒྱུན་དེར་སླེབ་པར་བསམ། རེས་འགའ་གཏུམ་མོའི་མེ་སྟོབས་ཆེ་བར་གྱུར་ཏེ་གཏུམ་མོ་ཧཱུཾ་གི་ ནཱ་ད་ལས་སོར་གང་ཙམ་གྱི་མཐོ་བར་སླེབ་ཅིང༌། བྱང་སེམས་ཀྱིས་རྒྱུན་དེ་ཙམ་ཏུ་བསྡུས་པར་ བསམ་ཞིང༌། རླུང་བུམ་པ་ཅན་བཟུང་བ་ནི་གཏུམ་མོའི་དམིགས་པ་གཉིས་པའོ། ། གསུམ་པ་ནི་གཞན་སྔར་དང་འདྲ་བ་ལས་འབར་མཛག་ལྟེ་བར་རྩེ་སྤྲད་དེ་སྒོམ་པ་ནི་ དམིགས་པ་གསུམ་པའོ། ། ཡང་ན་གཏུམ་མོ་འདི་རྣམས་བུམ་པ་ཅན་གྱིས་རླུང་སྦྱོར་དང༌། མ་འབྲེལ་བར་རླུང་རང་ བབས་ཀྱི་ངང་ནས་སྒོམ་ན་དབུགས་སྤྱིར་འགྲོ་བའི་ཚེ་གཏུམ་མོ་འབར་ནང་དུ་འཇུག་པའི་ཚེ་ ཧཾ་ལས་བྱང་ཆུབ་ཀྱི་སེམས་བབས། གནས་པའི་ཚེ་འབར་འཛག་རྩེ་སྤྲད་དེ་སྒོམ་མོ། །གཏུམ་ མོའི་རྣལ་འབྱོར་གསུམ་པོ་དེ་ལས་གང་ཡང་རུང་བ་ཞིག་ཡུན་རིང་དུ་སྒོམ་ཡང་བདེ་དྲོད་ཀྱིས་ 24-1-402 ཡེ་ཤེས་སྐྱེར་མ་བཏུབ་ན། བོགས་འདོན་གྱིས་རླུང་སྦྱོར་རྣམས་བསྒོམ་པར་བྱ་སྟེ། དེ་ལ་ཡང་ དབུ་མའི་སྒོར་རླུང་རྣམས་བཏུད་པ་དང༌། དབུ་མའི་སྒོ་དབྱེ་བ་དང༌། བཙན་ཐབས་ཀྱིས་སྦྱོར་ བ་དང་གསུམ་མོ། ། དང་པོ་ལ་གཉིས་ལས། རླུང་སྦྱོར་དང་པོ་ནི། ལུས་གནད་སེམས་སྐྱིལ་ལྷོད་པ་ཙམ་བྱ་ ཞིང༌། ལག་པ་གཉིས་པུས་མོའི་སྟེང་དུ་བཞག ལུས་སྒྱེད་ཅིང་རླུང་རོ་བསལ། སྟེང་རླུང་ཤར་ གྱིས་བརྔུབས་ལ། རླུང་སྐྱེད་པའི་ཐད་དེ་ནས་བཟུང་མདུན་ངོས་སུ་ཐུབ་ཚད་དུ་ཕུལ་བ་དང༌། ལྟོ་བ་མདུན་ངོས་སུ་ཕྱིར་དྲག་ཏུ་སྐྱེད་དོ། །དེ་རྗེས་གསང་གནས་ཀྱི་རླུང་གི་སྣེ་མོ་རྒྱབ་ངོས་ལ་ བཅུག་གོ །རླུང་ཕྱིར་འབུད་པའི་ཚེ་རྒྱབ་རླུང་དྲག་ཏུ་འཐེན་ལ་ལྟོ་བ་ཚིགས་པ་ལ་བཅེར་བ་ནི་ རླུང་སྦྱོར་དང་པོའོ། ། རླུང་སྦྱོར་གཉིས་པ་ནི། ལུས་གནད་སྔར་བཞིན་ལས་རླུང་ཕྱིར་བུས་ཤིང༌། དབུ་མ་བགྱེས་ ཤིག་ཡང་ཡང་བྱ་བ་ནི་རླུང་སྦྱོར་གཉིས་པ་སྟེ། རླུང་རྣམས་དབུ་མའི་སྒོར་སྡུད་པར་བྱེད་པའོ། ། གཉིས་པ་དབུ་མའི་སྒོ་དབྱེ་བ་ལ་ཡང་གཉིས་ལས། དང་པོ་ལུས་གནད་སྔར་དང་འདྲ་བ་ ལས། རླུང་ལྟོ་བར་མནན་ཞིང་མདུན་ངོས་སུ་དྲག་ཏུ་བསྐྱེད་ཅིང་ཡང་རླུང་མ་ཤོར་བར་ལྟོ་བ་ ཚིགས་པ་ལ་བཅེར་བྱ་བ་ནི་རླུང་སྦྱོར་དང་པོའོ། ། གཉིས་པ་ནི། ལུས་གནད་པུས་མོ་གཉིས་ས་ལ་བཙུག་ལག་པ་གཡས་གཡོན་གྱིས་དཔྱི་ མཚམས་གཡས་གཡོན་གཉིས་ནས་བསྡམས་ལ་རླུང་མཁལ་ཁུང་དང་སྦྱོར་པ་སྔར་དང་འདྲ་ བ་ལས་མཐར་རླུང་ཕྱིར་འབུད་པའི་ཚེ་མགོ་བོ་དང༌། རོ་སྟོད་གཡས་གཡོན་དུ་གཅུ་བ་ནི་ གཉིས་པ་སྟེ་རླུང་སྦྱོར་དེ་གཉིས་ནི། དབུ་མའི་སྒོ་དབྱེ་བར་བྱེད་པའོ། ། གསུམ་པ་བཙན་ཐབས་ཀྱིས་སྦྱོར་བ་ལ་གཉིས་ལས། དང་པོ་ནི། ལུས་གནད་ཙོག་བྱས་ 24-1-403 ལ་རླུང་བུམ་པ་ཅན་བཟུང་ཞིང་ལག་པ་གཉིས་ཀྱིས་མགྲིན་པའི་འཕར་རྩ་གཉིས་གནོན་པ་ནི་ ལོངས་སྤྱོད་ཀྱི་རླབས་ཏེ། བཙན་ཐབས་ཀྱིས་སྦྱོར་བ་དང་པོའོ། ། གཉིས་པ་ནི། རྐང་པ་གཡས་པའི་རྟིང་པས་བཤང་སྒོ་བཀག་ཅིང་ལག་པ་གཡོན་པ་རྐང་ པ་གཡོན་པའི་བརླ་དང་བྱིན་པའི་བར་གྱིས་གདན་ལ་གཏད། ལག་པ་གཡས་པ་ཁུ་ཚུར་བྱས་ པ་གཡོན་པའི་མཆན་ཁུང་དུ་བཅུག་ཅིང་གཡོན་པའི་བར་ལྷུས་མནན་ལ། རླུང་བུམ་ཅན་ བཟུང་ཞིང་མཆན་ཁུང་གཡོན་ངོས་སུ་རླུང་དྲག་ཏུ་དགང་ངོ༌། །གཡས་ཕྱོགས་ལ་ནི་དེ་ལས་གོ་ ཟློག་པའོ། །འདི་ནི་བཙན་ཐབས་ཀྱིས་སྦྱོར་བ་གཉིས་པ་ཡིན་ཅིང༌། རླུང་གཡས་གཡོན་དུ་སྤོ་ བར་ནུས་སོ། །དེ་ནས་རྡོ་རྗེའི་བཟླས་པ་ནི། རླུང་ནང་དུ་འོང་བའི་ཚེ་ༀ་གྱིས་སྒྲ་དང་ལྡན་པར་ མོས་ཤིང་གནས་པའི་ཚེ་ཧྲཱིཿདང༌། འགྲོ་བའི་ཚེ་བུདྡྷ་དང༌། ཕྱིར་བཟུང་ཞིང་ཧཱུཾ་གི་སྒྲས་སྒྲ་ནམ་ མཁའ་དང་མཉམ་པར་མོས། ཀ་པཱ་ལི་ནི་ཞེས་པའི་སྒྲས་ཡང་ནང་དུ་འོང་ཞིང༌། སྤྱི་བོ་ལས་ བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་པར་མོས། གནས་པའི་ཧཱུཾ་གི་སྒྲ་དང་བྱང་སེམས་ཀྱིས་ལུས་ ཐམས་ཅད་གང་བར་མོས། ཕྱིར་འགྲོ་བའི་ཚེ་ཨཱཿཞེས་པའི་སྒྲ་དང་ལྡན་པར་བསམ་མོ། །དེ་ ལྟར་བུམ་ཅན་གཉིས་ཀྱི་རིང་ལ་རྡོར་བཟླས་ཚར་གཅིག་འགྲོ་བར་འགྱུར་རོ། ། དེ་ལྟར་ན་དེ་ཡན་ནི་རང་ལུས་ཐབས་ལྡན་གྱིས་དམིགས་བཅས་ཀྱི་རྫོགས་རིམ་ཡིན་ ཞིང༌། དམིགས་མེད་རྣམ་པར་མི་རྟོག་པའི་རྫོགས་རིམ་ལ་ཐོག་མར་སོ་སོར་སྡུད་པའི་རྣལ་ འབྱོར་ནི། ལུས་གནད་སྤྱི་དང་མཐུན་པར་བྱས་ཤིང༌། མིག་གི་ལྟ་སྟངས་གྱེན་ཐུར་ཐད་ཀ་ གང་རུང་ལ་མིག་འབྲས་མི་གཡོ་བར་ལྟ། སེམས་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ཏེ་ བཟོ་མེད་དུ་ལྷོད་དེ་བཞག་པ་སོ་སོར་སྡུད་པའོ། །བསམ་གཏན་ནི་ཡུལ་སྣང་དང་རྣམ་རྟོག་ ཅི་ཤར་བ་ཐམས་ཅད་སེམས་ཀྱི་རང་བཞིན་ལས་མ་འདས་པས་གང་ཤར་བ་དེ་ལ་བཟོ་མེད་ དུ་འཇོག་པ་ནི་བསམ་གཏན་གྱི་རྣལ་འབྱོར་རོ། །དེ་ལྟར་གོང་གི་དམིགས་བཅས་ཀྱི་རྫོགས་ 24-1-404 རིམ་དང༌། དམིགས་མེད་ཀྱི་རྫོགས་རིམ་འདི་ཡུན་རིང་དུ་སྒོམ་པས་གཡས་གཡོན་རོ་རྐྱང་གི་ རླུང་འགགས་ཏེ་དབུ་མར་ཞུགས་པ་ནི་སྲོག་རྩོལ་དང༌། དབུ་མའི་ནང་གི་རླུང་རྣམས་འཁོར་ ལོ་སོ་སོའི་ལྟེ་བའི་ཐིག་ལེ་ལ་ཐིམ་པ་ནི་འཛིན་པ་དང༌། སྟོང་གཟུགས་ཀྱི་ཕྱག་རྒྱས་ཞུ་བདེ་ འདྲེན་པ་ནི་རྗེས་དྲན་དང༌། མི་འགྱུར་བའི་བདེ་བའི་ཡེ་ཤེས་སྐད་ཅིག་མ་དང་པོ་སྐྱེས་པ་ནས་ ཏིང་ངེ་འཛིན་ནོ། །དེ་ཡང་གོང་གི་ཕྲ་ཐིག་གི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པས་བདེ་དྲོད་ ཀྱི་ཡེ་ཤེས་ཀྱི་ཉམས་མྱོང་ཅི་རིགས་པ་སྐྱེས་ནས་དམིགས་མེད་ཀྱི་རྫོགས་རིམ་དེ་སྒོམ་པས་ བོགས་ཆེ་ཞིང་རྫོགས་རིམ་རྣམ་པར་མི་རྟོག་པར་འགྱུར་ཞིང༌། ཕྲ་ཐིག་གི་རྣལ་འབྱོར་དེ་ཁོ་ ན་ཡུན་བསྲིངས་ཏེ་སྒོམ་ན་ཡང་རང་ཤུགས་ཀྱིས་སེམས་ལྷན་གྱིས་གནས་པ་དང༌། བདེ་བའི་ ཉམས་མྱོང་ཅི་རིགས་པ་སྐྱེ་ཞིང༌། བདེ་སྟོང་གི་ཏིང་ངེ་འཛིན་རང་ཤུགས་ལས་སྐྱེ་བར་འགྱུར་ རོ།། །།གཅིག་ཞུས། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཀ་རྟགས་མི་གསལ་ཞིག་ཡིན།) 24-1-405 ༄༅། །ཚོགས་མཆོད་ནོར་བུའི་ཕྲེང་བ་བཞུགས། ༄༅། །ༀ་སྭསྟི། ཚོགས་ཀྱི་ཡོ་བྱད་རྣམས་ཚང་བར་བྱས་ལ། འགྲུབ་ན་སྔོན་འགྲོ་གཏོར་མ། གནས་ཡོ་བྱིན་ རླབས། བདག་བསྐྱེད་བཟླས་པ་ཅུང་ཟད་དང་བཅས་པའི་མཐར་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོ་སྔོན་དུ་སོང༌ན་ཤིན་ཏུ་ལེགས། མདོར་བསྡུས་ཙམ་ལ། ཨ་མྲྀ་ཏ་ལན་བདུན་ཙམ་གྱིས་བགེགས་རྣམས་བསྐྲད། ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཅེས་སྲུང་འཁོར་བསམ། ཡི་དམ་གྱི་སྙིང་པོ་ཚར་གསུམ་བརྗོད་དེ། རང་ཉིད་ཡི་དམ་གྱི་སྐུར་ལམ་གྱིས་གསལ་གདབ། ནང་མཆོད་ བྱིན་རླབས་བྱ། ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་ཚོགས་རྫས་རྣམས་ལ་ནང་མཆོད་གཏོར་ཞིང་ བསངས། ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང༌། རཾ་ལས་ མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་ རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་ པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་ རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ ཉིད་དང༌། བྱིན་རླབས་ཀྱི་རྩ་བ་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ག་ན་ཙཀྲ་པཱུ་ཛ་མེ་གྷ་ས་ མུ་ཌ་སྥ་ར་ན་ས་མ་ཡེ་ཧཱུཾ། ན་མོ་ནས། རྒྱས་བཏབ་པ་འདི་ཉིད། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ན་མོ་ནས། རྒྱས་བཏབ་པ་འདི་ཉིད། འཕྲིན་ལས་ཀྱི་རྩ་བ་ ཆོས་སྐྱོང་སྲུང་མ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ༴ ན་མོ་ནས། རྒྱས་བཏབ་ པ་འདི་ཉིད། དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་རྣམས་ཀྱི་ཞལ་དུ༴ མི་འབྲལ་སྙིང་ 24-1-406 གི་གཞལ་མེད་ཁང༌། །མོས་གུས་གཞོམ་མེད་ཕོ་བྲང་ནས། །དྲིན་ཅན་རྩ་བའི་བླ་མ་མཆོག། བཀའ་དྲིན་མཉམ་མེད་དམ་པ་རྗེ། །རྣམ་སྤྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་ གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་རྫས་འདི་ ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་ གྲུབ་སྩོལ། །རོལ་མོའི་སྒྲ་བྱ། དེ་བཞིན་དུ་སྦྱར་ཏེ། སྟུག་པོའི་ཞིང་རྣམས་འཇིགས་པ་མེད། །དཔའ་བོ་ དཔའ་མོ་འབུམ་སྡེའི་དབུས། །འཁོར་ལོ་སྡོམ་པ་བཅོམ་ལྡན་འདས། །འདོད་ཆགས་རྡོ་རྗེ་ འོད་དཔག་མེད། །རྣམ་སྤྲུལ་མཁའ་ལ་སྤྲིན་བཞིན་འཐིབས། །འདིར་འདུས་སོགས་གོང་ལྟར་བྱའོ། ། མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་ནས། །འཁོར་ལོ་སྡོམ་ པ་བདེ་སྐྱེས་ཡུམ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་ཚོགས། །རྣམ་སྤྲུལ་སོགས། ས་ལ་སྤྱོད་པའི་ འོག་མིན་མཆོག །བཞི་བཅུ་རྩ་བཞིའི་གནས་མཆོག་ཏུ། །ཨོ་རྒྱན་མཁའ་འགྲོའི་ཕོ་བྲང་དུ། ། རབ་ཟོམ་གནས་ཀྱི་བདག་པོ་མཆོག །དཔའ་བོ་དཔའ་མོ་ཡབ་ཡུམ་ཡང༌། །རྣམ་སྤྲུལ་སོགས། བདུད་ཚོགས་ཀུན་འདུལ་འཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །སྒྲུབ་ ལ་དངོས་སྒྲུབ་མཆོག་སྩོལ་བའི། །གནས་གསུམ་དཔའ་བོ་མཁའ་འགྲོ་ཡང༌། །རྣམ་སྤྲུལ་ སོགས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམ། །དར་གྱི་ཅོ་ པན་པུར་རུ་རུ། །རྒྱན་ཆ་མང་པོ་ཁྲལ་ལ་ལ། །རོལ་མོ་མང་པོ་དིར་རི་རི། །གླུ་ལེན་གང་བྱེད་ ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་ མེད་རིག་པ་སལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོར་ཁྲིལ་ལི་ལི། ། བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་ལ་བྱིན་ཕོབ་ལ། །སྒྲུབ་མཆོག་ བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་སོལ། །འཁོར་གསུམ་ གཉིས་སུ་མེད་པར་འདྲེས། །འདི་དང་གོང་གི་མཚམས་མཚམས་སུ་རོལ་ཆེན་བྱེད་ཅིང་། རིའི་?སྒྲ་བྱའོ། །དེ་ནས་ 24-1-407 ཚོགས་ཀྱི་ཕུད་ནས། ཤ་ཆང་ཟན་གསུམ་ཡོད་ན་ཅུང་ཟད་རེ་གཏོར་མ་ཡོད་ན་གཏོར་མ་ལ་སྦྲན། གཏོར་མ་མེད་ནའང་ལོགས་ སུ་བཅད་དེ་བཞག་ལ། ཚོགས་བསྲེ་བ་ནི། མཆོད་གཡོག་པར་གྲགས་པ་ལས་ཀྱི་རྡོ་རྗེས་ལག་པ་གཡས་ཤ་དང༌། གཡོན་དུ་ཆང་ ཐོགས། གཡས་སྟེང་དང༌། གཡོན་འོག་ཏུ་ཡོང་བ་ཅུང་ཟད་བསྣོལ་བས། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། ། འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་ཏུ་ དགོངས་ཏེ་རོལ། །ཅེས་བརྗོད་པ་ལ་ཤ་དང་ཆང་ནས་སྒྲུབ་པ་པོས་ཅུང་ཟད་བཟུང་ནས། བདེ་གཤེགས་ཆོས་ལ་ རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་ བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ། མ་ཧོ་པུ་ཥ་ཧོ། ཞེས་ལེན་པའི་ཚུལ་བྱ། དེ་ལྟར་ཚོགས་ཕུད་ཇི་ ལྟར་འོས་པ་བཅད་ལ། སྟེགས་བུའི་སྟེང་དུ་བཞག སྔར་གཏོར་མ་ལ་སྦྲན་ན། ཚོགས་བསྲེས་པའི་ནང་མཆོད་དེ་ཚོགས་རྫས་ལ་ གཏོར། བར་ཕུད་གཅིག་ཀྱང་བཅད་ནས་ལོགས་སུ་གཞག དེ་ནས་ཚོགས་ཕུད་འབུལ་བ་ནི། ཞལ་ཟས་རོ་བརྒྱ་ལྡན་ པའི་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་ བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཡི་དམ་དང་ཆོས་སྐྱོང་ལ་གཏོར་མའི་ སྔགས་ཀྱིས་ལན་གསུམ་ཕུལ། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ཕཻཾ་བཛྲེ་ཨ་རལླི་ཧོ། ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ ཡ་སྟྭཾ། དྲྀ་ཤྱ་ཧོཿ ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས། བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨ་ད་ཨ་པ་སྨ་ ར། ཌཱ་ཀ་ཌཱ་ཀི་ན་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞཱནྟུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ ཐཻ་བཾ། ཡ་ཐཻཥྚཾ། བྷཱུཉྫ་ཐ། པི་ཝ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟ་ཡ། སཏ་སུ་ཁཾ། བི་ ཤུདྡྷ། ས་ཧ་ཡི་ཀཱ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ་གྱི་མཁའ་འགྲོ་སྤྱི་ལ་ཕུལ། དམན་པའི་ཡུལ་ ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་ པ། །བདུད་རྩི་མཆོག་གི་མཆོད་པར་བགྱི། །སྒྲིབ་པ་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་ ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་ བརྗོད་ལ། རང་ཡི་དམ་ལྷ་དང་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩིར་མོས་ནས། རང་གི་སྙིང་གར་ཡི་དམ་ལྷ་ཚོགས། ལྟེ་བར་ཆོས་ 24-1-408 སྐྱོང་སྲུང་མ་རྣམས། གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་ལ། ཅི་བདེ་བར་ལོངས་སྤྱད་མཐར་ལྷག་ མ་བསྡུས། བར་ཕུད་ཀྱང་བསྲེས། ཁ་ཁྲུས་བཏབ་ཀྱང་རུང༌། མ་བཏབ་ཀྱང་རུང༌། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ། འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ ༀ་ཨ་ཀཱ་རོ་སོགས་ལན་གསུམ་མམ་ལྔས་ ལྷག་གཏོར་བསྔོས། ཕྱི་རོལ་སྒོ་དྲུང་ན་གནས་པ་འབྱུང་པོ་འཆོལ་པའི་ཚོགས་དམ་ཚིག་གིས་ཆོ་ག་ ལྟ་བར་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གིས་སྒོར་སྤྱོད་པའི་ སྐལ་བ་དང་ལྡན་པར་གྱུར་ཅིག ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙི་ཏྲ་བ་ལིང་ཏ་བྷཀྵ་སིད་སྭཱཧཱ། རོལ་ མོའི་སྒྲ་དང་བཅས་ཏེ་ཨ་མྲྀ་ཏའམ་སུམྦྷ་གང་རུང་བཟླ། ཚོགས་ལྷག་ཕྱིར་དོར་རོ། །མཚན་མོ་ཡིན་ན་ཚོགས་ལྷག་ལ་དཔལ་ འབར་འཛུགས་དགོས། ནང་དུ་འཁོར་བ་དང་རོལ་མོའི་སྒྲའམ། ཅང་ཏིའི་སྒྲ་བཞག་སྟེ། སེམས་ཅན་ཐམས་ཅད་བདེ་ གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གིས་ལམ་གྱི་གྲོལ་འགྱུར་བ། །དེ་ ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པ་ལ་སོགས་པའི་སྨོན་ལམ་ཅི་རིགས་བཏབ། ༀ་ཕུན་སུམ་ཚོགས་ པ་མངའ་བ་སོགས་བཀྲ་ཤིས་བརྗོད། མཐར། ཉིན་མོ་བདེ་ལེགས་སོགས་དང་རོལ་མོའི་སྒྲ་བྱའོ། ། ཞེས་པ་ཚོགས་ཀྱི་འཁོར་ལོའི་མདོ་ཙམ་འདི། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་གསུང་གིས་ བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བའོ།། །།དགེ་ལེགས་འཕེལ་བར་གྱུར་ཅིག ༄༅། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ ལས། རྣལ་འབྱོར་མ་རྣམས་ཕུད་ཆང་བུ། །སོ་སོར་བསྡུ་བར་བྱ་བར་ཡིན། །ཟོས་པ་ཡིས་ནི་ ལྷག་མ་ཡང༌། །འབྱུང་པོ་ཐམས་ཅད་ལ་སྦྱིན་བྱ། །མཁའ་འགྲོ་མ་རྣམས་འདུས་ལས་མཆོད་ པ་དང༌། །དཔའ་བོ་རྣམས་ལ་བཟའ་དང་བཏུང་བ་ཁྱོད་ཀྱིས་དྲངས། །ཁྱོད་ལ་རྟག་ཏུ་བསྲུང་ དང་མཆོག་གི་འབྱོར་པ་དང་། །ཡང་ན་ཡིད་ལ་འདོད་པ་ཕུན་སུམ་ཚོགས་པ་ཤོག །སྐྱེ་བ་ཀུན་ 24-1-409 ཏུ་མཆོག་ཏུ་བདེ་བར་གཤེགས་པ་ཡི། །གྲུབ་པའི་འཇིག་རྟེན་དབུས་སུ་འགྲོ་བར་འགྱུར་བར་ ཤོག །དཔའ་བོ་གཉིས་མེད་མཆོད་པས་སྐྱེ་བ་འདི་ལ་ནི། །སྡིག་པ་ཟད་དང་ཕྱག་རྒྱའི་དངོས་ གྲུབ་འགྱུར་བར་ཤོག ། དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་གཏོར་མ་དང་ འཁོར་ལོ་མཆོད་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཀ་རྟགས་མི་གསལ་ཞིག་ཡིན།) 24-1-410 ༄༅། །འཕོ་བ་དང་ཚེ་སྒྲུབ་ཀྱི་གདམས་པ་བཞུགས། ༄༅། །ན་མོ་གུ་རུ། གཞན་ལ་འཕོ་བ་འདེབས་པར་བྱེད་པ་ལ། ཡུལ་གང་ཟག་དེའི་ བློའི་རིམ་པ་དང་བསྟུན་དགོས་ཏེ། སྔར་དེས་འཕོ་བའི་དམིགས་པ་ཅུང་ཟད་སྦྱངས་པ་ཡིན་ ན་སྙིང་རྗེ་དང༌། ངེས་འབྱུང་དང༌། བླ་མའི་མོས་གུས་སོགས་གསལ་བཏབ་ནས། སྔར་གང་ སྒོམ་མྱོང་བ་དེ་ཉིད་སྒོམ་དུ་འཇུག་ཅིང༌། རང་གིས་ཀྱང་གསོལ་འདེབས་དང༌། དམིགས་པའི་ གྲོགས་བྱས་པས་ཆོག་པ་ཡིན། སྔར་འཕོ་དམིགས་སྒོམ་མ་མྱོང་ཡང༌། རིག་པ་དྭངས་ཤིང་ དམིགས་པ་གསལ་ཐེབས་པར་འདུག་ན། ངེས་འབྱུང་སྙིང་རྗེ་མོས་གུས་སོགས་ཆོས་ཀྱི་ངེས་ ཤེས་ཅི་སྐྱེའི་ཐབས་བྱས་ལ་འཆད་པར་འགྱུར་བའི་དམིགས་པ་སྒོམ་དུ་གཞུག རང་གིས་ གྲོགས་བྱེད་པ་སོགས་གོང་དང་འདྲ། སྔར་ཆོས་ལ་གོམས་པ་ཆོས་ཀྱི་འདུ་ཤེས་ཆེ་བར་ཡོད་ ཀྱང་སྐབས་འདིར་བསྐྱར་ནས་གསལ་བཏབ་ན་ལེགས་ཤིང༌། སྔར་དགེ་སེམས་ཆུང་བ་ཡིན་ ན་མཐའ་དག་གསལ་ཐེབས་པ་དཀའ་བས། སྙིང་རྗེ་སོགས་གང་སྐྱེ་བླ་བ་ཞིག་སྐྱེ་བའི་ཐབས་ ཀྱིས་བློ་བཅོས་དགོས། ཤེས་རབ་ཆུང་ཞིང་བློ་མི་གསལ་བ་འཕོ་བའི་དམིགས་པ་གསལ་མི་ ཐེབས་པའི་རིགས་ལ། ཁོ་རང་སྙིང་རྗེ་སྐྱེ་བླ་བ་ཞིག་ལ་སྙིང་རྗེ་སྒོམ་དུ་འཇུག་པའམ། མོས་ གུས་སྐྱེ་བླ་བ་ཞིག་ལ་མོས་གུས་སྒོམ་དུ་འཇུག་པ་སོགས་དགེ་སེམས་ལ་སྦྱོང་དུ་བཅུག རང་ རེས་འཕོ་དམིགས་བྱེད་པ་ཡིན། འཁོར་བ་ཐམས་ཅད་སྙིང་པོ་མེད་པ་དང༌། སྡུག་བསྔལ་ གྱི་རང་བཞིན་ཅན་ཡིན་པ་དང༌། ཟས་ནོར། ས་ཆ། ཁང་ཞིང༌། དགྲ་གཉེན། འཁོར་གཡོག བུད་མེད་སོགས་གང་ལ་ཡང་སྙིང་པོ་མེད་ཅིང་མི་རྟག་འཇིག་པ་སྡུག་བསྔལ་གྱི་རང་བཞིན་ 24-1-411 ཅན་ཡིན་ཚུལ་སོགས་བཤད་ནས། ཤུལ་ལ་མ་ཆགས་པ་གལ་ཆེ། སྔར་འཕོ་བ་སྒོམ་མ་མྱོང་ ཞིང༌། དེ་དུས་ཀྱང་འཕོ་དམིགས་གསལ་མི་ཐེབས་ལ། ཞི་ལྷག་བསྐྱེད་རྫོགས་སོགས་སྒོམ་སྣ་ རེ་མྱོང་བ་ཞིག་ཡོད་ན་ཁོ་རང་སྔར་སྒོམ་མྱོང་བ་དེ་ཁ་སྒོམ་དུ་འཇུག་ཅིང༌། རང་རེས་འཕོ་བ་ བསྒོམས་པས་ཤིན་ཏུ་ཕན་ཆེ་བར་འོང་ངོ༌། ། དམིགས་པ་སྒོམ་ཚུལ་མདོར་བསྡུས་པ་ནི། ཡུལ་དེ་ཉིད་ཀྱི་ལྟེ་བར་སེམས་ཉིད་འོད་ ཀྱི་ཐིག་ལེ་དཀར་པོ་ཆེ་ཆུང་བློ་དང་འཚམས་པ། སྤྱི་བོའི་ཐད་དམ། མདུན་ཕྱོགས་ཀྱི་སྟེང་ ཐད་དུ། ཁོ་རང་གང་ལ་མོས་ཤིང་ཡིད་ཆེས་པའི་ཡུལ་དེ་གསལ་འདེབས་པས། བཅོམ་ལྡན་ འདས་ཐུབ་པའམ། སྤྱན་རས་གཟིགས་སམ། བྱམས་པ་ལ་སོགས་པ་སངས་རྒྱས་བྱང་སེམས་ ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ནང་ནས་གང་མོས་པ་ཞིག་སྒོམ། དངོས་སུ་ཞལ་ མ་མཇལ་ཡང་བརྒྱུད་པའི་བླ་མ་ལ་བཞུགས་པ་སྔོན་བྱོན་མཁས་གྲུབ་དེ་འདྲ་ལ་མོས་ནའང་ དེ་ཁ་སྒོམ་དུ་གཞུག དངོས་སུ་མཇལ་བ་ཡང་གང་ལ་མོས་པ་དེ་ཁ་སྒོམ་དུ་འཇུག སྐུའི་རྣམ་ པ་གསལ་པོ་གསལ་མ་ཐེབས་ཀྱང་འདི་ན་དངོས་སུ་བཞུགས་པ་ཡིན་སྙམ་པའི་ཡིད་ཆེས་ བྱ། དེ་རྣམས་ཀྱི་ཡོན་ཏན་དང༌། ཆེ་བརྗོད་ཅི་རིགས་པ་བརྗོད་ནས་དད་པ་འཕེལ་དུ་གཞུག ཁོའི་བློ་འགྱུར་བའི་ཕྱིར་དུ་ཕྱག་མཆོད་གསོལ་འདེབས་སོགས་དབྱངས་སྙན་པོ་དང་བཅས་ པས་བྱས་ནའང་ལེགས། དེ་ནས་འདི་སྐད་ཅེས། ཁྱེད་རང་གི་སེམས་འོད་ཀྱི་གོང་བུ་དཀར་ པོ་ལྟེ་བ་ན་སྐྱ་ཧྲིལ་ཧྲིལ་ཡོད་པ་དེ། ལུས་ཀྱི་ནང་ན་ཡར་ཧྲིལ་ལི་ལི་སོང༌། སྒྲ་དང་བཅས་ཏེ་ ཐོད་པའི་དབུས་ནས་རྒྱངས་ཀྱི་ཐོན། རང་གང་མོས་པ་དེའི་སྐུ་ལ་ཐིམ། རང་གི་རྣམ་སྨིན་གྱི་ ལུས་སྣོད་སྟོང་པ་བཞིན་འོག་ཏུ་དོར། རང་ཉིད་བླ་མ་ཡི་དམ་དེའི་ཐུགས་ཀར་སླེབ་པ་ཡིན་ སྙམ་པ་དགའ་དུང་པ་བྱ། ཁྱེད་རང་དང་བླ་མའམ་ཡི་དམ་རོ་གཅིག་ཏུ་སོང་བ་དེ་ཡང་ནམ་ མཁའ་ལ་འཇའ་ཡལ་བ་བཞིན་དུ་སོང་བར་བསམས་ལ་གང་ཡང་མ་བསམ་པར་དབྱིངས་ 24-1-412 དེར་ལྷོད་དེ་ཆམ་མེ་ཞོག་ཅིག་ཅེས་བརྗོད་ལ་དེ་ལྟར་སྒོམ་དུ་འཇུག་ཅིང༌། དེ་སྐབས་རང་རེས་ ཀྱང་དམིགས་པ་དེ་ཉིད་ཤུགས་བསྐྱེད་དེ་བསྒོམ། རང་སེམས་དང་ཁོའི་སེམས་དབྱེར་མེད་ དུ་བསྲེས། དེ་དང་བླ་མ་ཡི་དམ་བསྲེ། དེ་ཉིད་དབྱིངས་སུ་བསྲེ་བ་ལ་ནན་ཏན་དུ་བྱ། དེ་རྗེས་ སྨོན་ལམ་གལ་ཆེ་བ་ཅི་རིགས་རེ་བཏབ། དེ་ཉིད་བསྐྱར་གྱིན་སྒོམ་དུ་གཞུག འཕོ་དམིགས་ གསལ་ན་ཕྱི་དབུགས་ཆད་པ་དང་ལྷན་ཅིག་དེ་ཉིད་དུ་རྣམ་ཤེས་ཐོན་པའང་སྲིད། སྐད་ཅིག་ དེ་ལ་སྤྱི་བོ་འབུར་བའམ། རླངས་འཕྱུར་བ་འོང༌། གལ་ཏེ་སྐབས་འདིར་འཕོ་བ་མ་ཐེབས་ ཀྱང༌། ཕྱི་རྟགས་ཐོན་ཐོན་གྱི་བར་དུ་རང་རེས་གསོལ་འདེབས་ནས་སྨོན་ལམ་གྱི་བར་དུ་གོང་ བཞིན་དམིགས་པ་ཡང་ཡང་གཏད་པས་དུས་དེའི་ཚེ་འཕོ་བ་ཐེབས་པར་ཐེ་ཚོམ་མེད་དོ། །བླ་ མའི་རིགས་ལ་འཕོ་བ་འདེབས་ཡུལ་དེ་མོས་པའི་རིགས་ལ། རང་རེ་མི་མོས་ན། རང་དང་ དེ་གཉིས་དམིགས་པ་འདྲ་བ་མི་དགོས་ཏེ། སོ་སོར་གང་མོས་པ་དེ་གལ་ཆེ། ཡིད་མི་ཆེས་པ་ ལ་དམིགས་པ་རྩེ་གཅིག་པ་དེ་མི་ཡོང་ཞིང༌། ཡིད་ཆེས་པ་ལ་དམིགས་པ་རྩེ་གཅིག་པ་ཡོང་ བས་སོ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ ཏུ་འགྲོ། །ཞེས་པ་དང་། ཚུལ་མཚུངས་པར་འཕོ་བ་མི་དགོས་པར་ཕྱི་མ་བདེ་བ་ཅན་དུ་སྐྱེ་ ཞིང༌། ཚེ་འདིར་མཆོག་ཏུ་ཚེ་རིང་བར་འདོད་ན། སྐྱབས་འགྲོ་སེམས་བསྐྱེད་སྡིག་བཤགས་ སྨོན་ལམ་བཞི་པོ་ལ་ནན་ཏན་བསྐྱེད། རང་གི་མདུན་དུ་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ ཤེས་དཔག་ཏུ་མེད་པ་ཞེས་ཀྱང་བྱ། སྣང་བ་མཐའ་ཡས་སམ་འོད་དཔག་ཏུ་མེད་པ་ཞེས་བྱ་ བ་སངས་རྒྱས་རབ་བྱུང་རྡོ་རྗེའི་སྐྱིལ་ཀྲུང་ཅན་མཉམ་གཞག་གི་ཕྱག་རྒྱས་ལྷུང་བཟེད་བདུད་ རྩིས་གང་བ་འཛིན་པ། སྐུ་མདོག་དམར་པོའམ་སེར་པོ་བློ་ལ་གང་བདེ་ཡིན། དེ་ལ་ཕྱག་ མཆོད་ཡན་ལག་བདུན་པ་བྱས་ནས། ༀ་ཨ་རོ་ལིཀ་ཧྲཱིཿཧཱུཾ་ཞེས་ཅི་འགྲུབ་ཏུ་བཟླས་པས་སྐུ་ ལས་འོད་ཟེར་དང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ནས་རང་ལ་ཐིམ་པས། དེས་སྡིག་ 24-1-413 སྒྲིབ་བྱང་ཞིང་བདེ་བས་གང་བར་བསམ། སེམས་ཅན་འདི་དག་ཐམས་ཅད་ནི། །ཚེ་ཡང་དཔག་མེད་རིང་བར་ཤོག །རྟག་ཏུ་བདེ་ བས་འཚོ་གྱུར་ནས། །འཆི་བའི་སྒྲ་ཡང་གྲག་མ་གྱུར། ། འདི་རྒྱུན་དུ་ཉམས་སུ་བླངས་ན་ཚེ་སྒྲུབ་ཀྱི་མཆོག་ཡིན་ནོ། །ཅེས་པའང་ཏཱ་ར་ནཱ་ཐས་ སྨྲས་པའོ།། །།དགེའོ།། གཅིག་ཞུས། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༢༥ དང་། ཕྱི་མ། ༧༥༡ དེ་གཉིས་ཡིན།) 24-1-414 ༄༅། །གཤིན་རྗེ་གཤེད་དམར་པོ་ལྷན་སྐྱེས་ཀྱི་ སྒྲུབ་ཐབས་བསྡུས་པ་བཞུགས། ༄༅། །ༀ་སྭསྟི། ལྷན་སྐྱེས་སྒྲུབ་པར་འདོད་ན། སྐྱབས་སེམས་ཚད་མེད་བཞི་སྔོན་དུ་འགྲོ་བས་ཤཱུ་ནྱ་ཏས་སྟོང་ པར་སྒོམ། པད་ཉི་ལས་རང་སེམས་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་མཚན་པ་ལས། རང་བཅོམ་ལྡན་ འདས་གཤིན་རྗེ་གཤེད་དམར་པོ་གྱུར་པ་ནི། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། ། དབྱུག་པ་ཐོད་པ་ཕྱག་ན་བསྣམས། །གཡོན་བརྐྱང་མ་ཧེ་གཤིན་རྗེ་མནན། །ཐོད་སྐམ་ལྔ་ དང་སྦྲུལ་གྱིས་བརྒྱན། །མགོ་ཕྲེང་སྟག་ལྤགས་ཤམ་ཐབས་ཅན། །སྦོམ་ཐུང་རབ་ཁྲོས་སྐྲ་སེར་ འབར། །རང་སྣང་ཡུམ་ནི་གྲི་ཐོད་འཛིན། །ཐོད་སྐམ་ཕྲེང་རྒྱན་གཅེར་བུའོ། །རྡོ་རྗེ་སེམས་ པས་རྒྱས་བཏབ་པ། །དཔྲལ་བར་ༀ་དཀར་མགྲིན་པར་ཨཱཿ། །དམར་པོ་སྙིང་ཁར་ཧཱུཾ་སྔོན་པོ། ། སངས་རྒྱས་ཀུན་འདུས་ངོ་བོར་གྱུར། །ༀ་ཧྲཱིཿཥྚཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཅི་ནུས་ བཟླ། མཇུག་ཏུ་དགེ་བ་བསྔོའོ། །འདི་ནི་ཤིན་ཏུ་བསྡུས་པའོ། །རྣལ་འབྱོར་དབང་ཕྱུག་གི་གཞུང་ཆུང་ཇི་ལྟ་བར་ལྷན་སྐྱེས་སྒྲུབ་ ཐབས་ཅུང་ཟད་རྒྱས་པ་ནི་གཞན་དུ་སྤེལ་བས་དེར་བལྟའོ། ། ཞེས་པའང་ཉེ་བར་ཕན་པར་མཐོང་ནས་ཏཱ་ར་ནཱ་ཐས་སྨྲས་པའོ།། །། 24-1-415 ༄༅། །གཤིན་རྗེ་གཤེད་དམར་པོའི་སྒོ་ནས་ནད་དང་ བར་ཆད་ཞི་བར་བྱེད་ཚུལ་བཞུགས། ༄༅། །ན་མོ་གུ་རུ་ཝེ། ཏིང་ངེ་འཛིན་གྱི་ཆོ་གས་གཞན་གྱི་ནད་དང་བར་ཆད་ཞི་བར་འདོད་ན། དྲུག་ཅུ་རྩ་བཞིའི་ གཏོར་མ་ཁམ་ཕོར་དཀར་པོ་(ཚེག་བར་གཉིས་མི་གསལ།)། ཟན་ཆང་། ཡུངས་ཀར། སྤོས་(ཚེག་བར་གཉིས་མི་གསལ།) མེ་རྣམས་ཚང་བར་བྱས་ནས། གཤིན་རྗེ་གཤེད་དམར་པོའི་བདག་བསྐྱེད་རྒྱས་པར་བསྒོམས་ལ། བཟླས་བརྗོད་ཅི་ནུས་བྱ། དེ་ ནས་སྟོང་པའི་ངང་ལས་མེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ། བསྒྲུབ་བྱ་ལངས་ནས་གནས་པར་བསམ། རང་གི་སྙིང་ཁ་ ནས་འོད་ཟེར་འཕྲོས། ཁྲོ་བོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ནས། ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་བཀུག་ལ་གཅིག་ཏུ་འདྲེས། དེ་ཡང་གཅེར་བུ་སྐྲ་ གྲོལ་བ་འབྲས་བུ་འཕྱང་བ། མདོག་སྔོ་བ་མི་སྡུག་པ། དེ་ཡང་བསྒྲུབ་བྱ་ལ་ཐིམ་པར་བསམ། བསྒྲུབ་བྱའི་སྤྱི་བོར་ཧཱུཾ་ལས་རྡོ་རྗེ་རྒྱ་ཁྲམ་རྩིབས་ལོགས་གཉིས་སུ་ཧཱུཾ་ལས་རྩེ་ལྔ་པ་རེ་རེ། རྡོ་ རྗེ་རྒྱ་ཁྲམ་གྱི་སྤྱི་བོ་ནས་མནན་པ་དང༌། འོག་ནས་མེས་བསྲེགས་པས། གནོད་བྱེད་ཐམས་ ཅད་བསྒྲུབ་བྱའི་བ་སྤུའི་སྒོ་ནས་ཕྱིར་ཐོན་པར་བསམ་ལ། ཡུངས་ཀར་ལ། ཧྲཱིཿཥྚཱིཿམང་དུ་བཟླས་པས་ བྲབ། གདོན་གྱི་ལྷག་མ་རྣམས་སྔར་ལྷར་ཡང་ཡུངས་ཀར་གྱིས་བྲབ་པས་ཁྱིའི་གཟུགས་ཀྱི་རྣམ་ པས་ཐོན་པར་བསམ། ཁུ་ཚུར་གྱིས་ཡུངས་ཀར་བླངས་ལ་ༀ་སརྦ་པཱ་པཾ་ད་ཧ་ན་བཛྲི་(ཚེག་བར་གཉིས་ མི་གསལ།)བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་ན་སྭཱཧཱ། སྔགས་དེ་ཉིད་ཀྱིས་ཆུ་དང་ཁམ་ཕོར་སོགས་ཀྱིས་སྦྱང་བ་བྱའོ། ། བགེགས་མཐར་བྱེད་ཀྱི་སྙིང་པོ་བཟླ་ཞིང༌། དྲི་བཟང་གི་ཆུས་སྙིང་ཁར་བྱུགས་ལ་བདུག་སྤོས་ཀྱིས་བདུག དེ་ནས་རང་ཉིད་ རྡོ་རྗེ་སེམས་པ་ཡུམ་དང་བཅས་པར་གྱུར། སྙིང་ཁ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་ 24-1-416 པའི་ཚོགས་ཐམས་ཅད་སྤྱན་དྲངས། རང་ལ་ཐིམ། ཞལ་དུ་ཞུགས། ཤེས་རབ་མ་དང་བཅས་ པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས། ནམ་མཁར་སྙོམས་པར་ཞུགས། བྱང་ཆུབ་ཀྱི་ སེམས་སུ་ཞུ་བ། སྤྱི་བོའི་འདོད་ཆགས་ཆེན་པོས་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། ཨཱ་བ་དྷཱུ་ ཏཱིའི་ལམ་ནས་ཉེ་བར་བརྒྱུད་དེ། ཤེས་རབ་ཀྱི་ཆོས་འབྱུང་དུ་བྱུང་བས་བསྒྲུབ་བྱ་སྔོན་ཞལ་དུ་ བཅུག་སྟེ་པདྨར་ཕྱུང་བ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྐུ་ མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཤེས་རབ་མ་དང་བཅས་པ་ཡེ་ཤེས་སེམས་དཔའ་ དང་གཉིས་སུ་མེད་པར་གྱུར་པ་ལ་དབང་བསྐུར། བསྒྲུབ་བྱ་རྣམས་པདྨ་ནས་ཕྱིར་སྤྲོས་ཏེ་ གནས་པ་ལ་ནམ་མཁའ་ནས་སྤྱན་མཱ་ལ་སོགས་པའི་ལྷ་མོ་རྣམས་དང༌། དེ་བཞིན་གཤེགས་པ་ རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་འཛིན་ཅིང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ ཀྱིས་གླུ་བླངས་པར་བསམ་ལ། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་ སོགས་ཤླཽ་ཀ་བཞི་བྱ། དེ་ནས་དབང་བསྐུར་བར་བསམ་ཞིང༌། པདྨའི་སྣོད་ནས། ཡལ་ག་རྡོ་རྗེ་དང་བཅས་པས་ཆུ་བླངས་ཏེ་དབང་ བསྐུར། ༀ་མཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ཏྭཾ། ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏེ་ན་ཏི་ ཌྷི་མེ་བྷ་བ། ཞེས་མགོ་ལ་བླུག དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །སོགས་ཀྱིས་ལུས་ལ་གཏོར། ༀ་ཨཱཿབཛྲ་ཨུ་ ད་ཀ་ཨཱ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ། (ཚེག་བར་གཉིས་མི་གསལ།) ཞེས་བརྗོད། དེ་ནས་དྲུག་ཅུ་རྩ་བཞིའི་གཏོར་མ་ རྣམས་རྫོགས་པར་ཕུལ་ལ། སྔར་གྱི་སྦྱང་བའི་རྫས་རྣམས་དང་ལྷན་ཅིག་ཏུ། ཤིང་གཅིག་གམ། དུར་ཁྲོད་དམ། ཆུ་བོ་ཆེན་པོའམ། ལམ་རྒྱ་ཁྲམ་ལ་སོགས་པར་བསྐྱལ་ལ། ལམ་ཆུས་བཅད་པར་བྱའོ། །འཇུག་ཏུ་བཀྲ་ཤིས་ཀྱི་བར་རྗེས་ཆོག་རྣམས་བྱ་སྟེ། བསྙེན་ པ་སྔོན་དུ་སོང་བར་བྱས་ན་འདི་ཆགས་ཆེ་ཉམ་ང་ནད་གདོན་བར་ཆད་ཟློག་པ་ལ་ཤིན་ཏུ་སྟོབས་ཆེའོ། །མདོ་ཙམ་བརྗེད་བྱང་དུ་ ཡི་གེར་བཀོད་པ་སྟེ། ཕྱག་ལེན་དང༌། མན་ངག་ཕྲན་བུ་ད་དུང་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཞེས་པའང་ཏཱ་ར་ནཱ་ཐས་བྲིས།། །། དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཀ་རྟགས་མི་གསལ་བ་ཞིག་ཡིན།) 24-1-417 ༄༅། །མགོན་པོ་ཕྱག་དྲུག་པའི་གཞུང་རྒྱས་པ་རྩོད་བྲལ་ སྔ་འགྱུར་ལ་འགྱུར་ཆད་བསབས་ཤིང་ འགྱུར་བཅོས་པ་བཞུགས་སོ། ། ༄༅། །ༀ་ན་མོ་མཧཱ་ཀཱ་ལཱ་ཡ། རྒྱ་གར་སྐད་དུ། སྭསྠཱནམཧཱཀཱལསཱདྷནཾ། བོད་སྐད་དུ། རང་གནས་པ་ནག་པོ་ཆེན་པོའི་སྒྲུབ་ཐབས། རྗེ་བཙུན་ལ་ཕྱག་འཚལ་ལོ། ། གདུལ་དཀའ་འདུལ་པ་སྡང་མཐར་བྱེད། །དེ་ཡི་སྒྲུབ་པ་རབ་བཤད་དེ། །ལྷ་དང་འབྱུང་ པོ་འཇིག་བྱེད་ཅིང༌། །དགྲ་དང་བགེགས་རྣམས་རྣམ་པར་ཉམས། །མ་ཞེས་བྱ་བ་ནི་སྒྱུ་མའི་དྲ་ བ་དང་སྔགས་ཅན་ནོ། །ཧ་ཞེས་བྱ་བ་ནི་ཧཾ་ཡིག་དང་སྲིད་པ་དང་མྱ་ངན་ལས་འདས་པ་འཕྲོག་ པའོ། །ཨ་ཞེས་བྱ་བའི་ཡི་གེ་ནི་ཨཾ་ཡིག་དང་སྐྱེ་བ་མེད་པའོ། །ཀཱ་ཡིག་ནི་རྒྱུ་ལས་གྲོལ་བ་ བདེ་བ་དང་སྙིང་རྗེ་ཆེན་པོའོ། །ལ་ཞེས་བྱ་བའི་ཡི་གེ་ནི། དེས་སྐྱེ་བ་མེད་པ་ལ་རྣམ་པར་རོལ་ པའོ། །དེ་ལ་དུར་ཁྲོད་ལ་སོགས་པར་ནག་པོ་ཆེན་པོ་བསྒྲུབ་པར་བྱའོ། །སྒྲོན་མ་ལྔ་དང་མྱོས་ བྱེད་ལ་སོགས་པ་དམ་ཚིག་ལྷག་པར་གནས་པས་ཤྲཱི་ཧེ་རུ་ཀོ྅ཧཾ་ཞེས་ང་རྒྱལ་བྱའོ། །ཡི་གེ་ཧཱུཾ་ ལས་ཡང་དག་པར་བྱུང་བ་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེའི་གུར་དང༌། ཕྱོགས་ཐམས་ཅད་དུ་རྡོ་ རྗེའི་མེའི་འཁོར་ཡུག་བསམ་མོ། །ༀ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བསྲུང་བའི་སྔགས་སོ། །ༀ་ ཊཀྐི་ཧཱུཾ་ཛཿ འདོད་པའི་རྒྱལ་པོའི་བགེགས་རྣམས་དགུག་ཅིང་བཅིང་བར་བྱའོ། །དེ་ནས་རྡོ་རྗེ་ བདུད་རྩི་ཕྱུང་ལ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པ་པཾ་ཕཊ་ 24-1-418 ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་ར་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣན་ཀཱ་ཡ་བཀྩི་ཏ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུས་བཏབ་པའི་སྔགས་སོ། །ༀ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཨ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། བརྡུང་ བའི་སྔགས་སོ། །དེ་ནས་ཇི་སྐད་བཤད་པའི་མཆོད་པ་རྣམ་པ་བདུན་དང༌། ཚངས་པའི་གནས་ བཞི་བསྒོམ་པར་བྱའོ། །ༀ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། སྟོང་པ་ཉིད་དང་མཚན་ མེད་པ་དང༌། སྨོན་པ་མེད་པ་ལས་སླར་ཡང༌། འཇིག་རྟེན་མགོན་པོ་འོ་ས་བོན་ཧྲཱིཿ ཞེས་ནམ་ མཁར་བཞག་གོ །ནམ་མཁའ་རྡོ་རྗེའི་དབུས་གནས་པར། །དཀྱིལ་འཁོར་རྡོ་རྗེ་ཀུན་སྐྱེས་ བསམ། །རྡོ་རྗེ་སྤྲིན་ནི་འཕྲོ་སྐྱེས་པས། །དེ་རུ་ཡི་གེ་བྷྲུཾ་བསམ་མོ། །ཕྱི་རོལ་དུ་ནི་དུར་ཁྲོད་ ཆེན་པོའོ། །ངོས་བཞི་དང་ནི་གྲ་བཞིར་ལྡན། །སྒོ་བཞི་པར་ནི་རྣམ་པར་བརྟག །དེ་ཡི་དབུས་ སུ་འཁོར་ལོ་ནི། །རབ་ཏུ་ཟླུམ་པོ་བྲི་བར་བྱ། །ཉི་མ་དང་ཧྲཱིཿཡིག་འོངས་པ་ཧཱུཾ་དུ་གྱུར་པ་ལས་ རྡོ་རྗེ་གྲི་གུག་གོ །དེ་ལ་ནག་པོ་ཆེན་པོ། མུན་པའི་ཞལ་ཅན་སྤྱན་གསུམ་པ། གྲི་གུག་དང་ཕྲེང་ བ་དང་ཅང་ཏེའུ་ནི་གཡས་པའི་ཕྱག་གསུམ་གྱིས་འཛིན་པ། དེ་བཞིན་དུ་ཐོད་པ་དང༌། མདུང་ རྩེ་གསུམ་པ་དང༌། ཞགས་པ་ནི་གཡོན་པའི་འོ། །མཉམ་པའི་སྟབས་ཀྱི་གཾ་ཡིག་ལས་བྱུང་ བའི་ལོག་འདྲེན་མནན་པ་སྦྲུལ་ནི་མི་རུས་དང༌། དྲིལ་བུའི་ཕྲེང་བ་དང༌། མགོ་བོའི་དོ་ཤལ་ ཅན། སྟག་གི་པགས་པ་གྲོལ་བ། ཆེར་འཁྲུག་པ། འབར་བ་ཆེན་པོའི་སྐུ་གཞན་གྱིས་མི་ཐུབ་ པ་ཕ་རོལ་འཇོམས་པའོ། །དཔྲལ་བར་སིནྡྷུ་རའི་ཐིག་ལེའོ། །ནག་མོ་ཆེན་མོ་ཧྲཱིཿལས་བྱུང་བ། ཁ་ཊྭཱཾ་ག་དང༌། ཐོད་པ་འཛིན་པས་ཕྲག་པ་ནས་འཁྱུད་པ། དེས་བྱིན་པ་གཉིས་ཀྱིས་འཁྱུད་ པའོ། །གཡས་སུ་ནི་གཤིན་རྗེ་ཆོས་བེ་ཅོན་དང༌། ཞགས་པ་འཛིན་པ་གཡོན་དུ་ནི་དུས་མཚན་ མའོ། །མདུན་དུ་ནི་ཏྲི་ཤུ་ལ་དང་ཀ་པཱ་ལ་འཛིན་པ་ཛྭ་ལི་ནཱའོ། །ཅང་ཏེའུ་དང༌། ཐོད་པ་ བསྣམས་པ། ཞིང་སྐྱོང་མ་ནི་རྒྱབ་ཏུའོ། །ཁུ་བ་དང༌། ཁྲག་དང༌། བདུད་རྩི་ལྔ་དང༌། སྒྲོན་མ་ལྔ་ ནི་མཚམས་སུའོ། །སྒོ་རྣམས་སུ་ནི་ལྕགས་ཀྱུ་མོ་དང༌། ཞགས་པ་མོ་དང༌། ལུ་གུ་རྒྱུད་མོ་དང༌། 24-1-419 འབེབས་མའོ། །མཚམས་རྣམས་སུ་ནི། གཤིན་རྗེ་སྲེག་མ་དང༌། ཕོ་ཉ་མོ་དང༌། མཆེ་བ་མོ་ དང༌། བེ་ཅོན་མའོ། །མ་མོ་དགུ་ནི། གཅེར་མོ་གྲི་གུག་དང་ཐོད་པ་འཛིན་པའོ། །ༀ་ཨཱཿཧཱུཾ། སྐུ་ དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ། །ཀྵིཾ་ཛིཾ་ཁཾ་གཾ་སྐཾ། པཾ་ཡིག་ལ་སོགས་ པའི་སྔགས་སོ། །ཡེ་ཤེས་སེམས་དཔའ་དགུག་པར་བྱའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་སྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེས་ དེང་བདག་སྩོལ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་རྡོ་རྗེ་ལས་བྱུང་བ། ། ཁམས་གསུམ་དག་གིས་ཕྱག་བྱས་པ། །རྡོ་རྗེ་དབང་བསྐུར་ཆེན་པོ་སྦྱིན། །གསོལ་བ་བྱ་བ་ དང་དབང་བསྐུར་བ་རྡོ་རྗེའི་ཚིག་གོ །མི་བསྐྱོད་དམ་ཚིག་དབུ་རྒྱན་ལ། །སྒོམ་ན་རབ་ཏུ་ མཉེས་པར་འགྱུར། །འདི་ནི་ཁྲོ་བོ་ཐམས་ཅད་ཀྱི། །འདའ་བར་དཀའ་བའི་དམ་ཚིག་གོ །ༀ་ བཛྲ་ས་མཱ་ཛཿསྤྱན་དྲང་བའི་སྔགས་སོ། །ཛཿཧཱུཾ་བཾ་ཧོཿབྱིན་གྱིས་བརླབས་པ་སྟེ་ཕྱག་རྒྱའོ། །དེ་ ལ་སྔགས་འདི་དག་ནི་ལས་ཐམས་ཅད་སྒྲུབ་པའོ། །ༀ་བཛྲ་མཧཱ་ཀ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ ཀ་ཧཱུཾ་ཕཊ། (རྩ་སྔགས་འདི་ལ་རྒྱ་དཔེ་གསར་པ་ན་འདྲ་མིན་དུ་འདུག་ཀྱང་སྔར་གྱི་བོད་ན་ཡོད་པ་ཉིད་དབང་བཙན་པར་བྱས་ སོ།།) རྩ་བའི་སྔགས་སོ། །ༀ་ཤྲཱི་མཧཱ་ཀ་ལ་ཤཱ་ས་ནོ་པ་ཧ་རི་ཎེ་ཨེ་ཥོ་པཤྩི་མ་ཀཱ྅ལོ་ཡ་ཨི་དཾ་ རཏྣ་ཏྲ་ཡ་ཨ་པ་ཀ་རི་ཎཾ་ཡ་དི་པྲ་ཏ་ཛྙཱ་སྨ་ར་སི། ཏ་དཱ། ཨི་དཾ་དུཥྚཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ར་མ་ ར། གྲྀཧྣ་གྲྀཧྣ། བནྷ་བནྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀི་ན་མཱ་ར་ཡ་ཧཱུཾ་ཕཊ། ཕྲེང་བའི་སྔགས་སོ། །ༀ་བཛྲ་ནཱ་ར་ཀྲ་ཀྲ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། (སྔགས་འདི་ཡང་སྔ་འགྱུར་བོད་དཔེ་དབང་བཙན་ པར་བྱས་སོ།།) མཁའ་འགྲོ་མས་དབང་དུ་བྱེད་པའོ། །ༀ་ཧཱུཾ་ཤྲི་ཡ། དེ་བི་ཀཱ་ལཱི་ཀཱ་ལཱི་མཧཱ་ཀཱ་ལི་ཧཱུཾ་ བྷྱོ། ནག་མོ་ཆེན་མོའི་འོ། །ༀ་ཨཱཿམཧཱ་ཀཱ་ལཱི་དེ་བི་ཀཱ་ལ་བིཀྲཱནྟ་ཀཱ་རཱ་ཏྲི་ཙཎྜ་རཱུ་པི་ཎཱི་ཧཱུཾ་ཕཊ། དུས་མཚན་མ་འོ། །ༀ་ཧྲཱིཿཀཱ་ལ་རཱུ་པ་ཧཱུཾ་ཁཾ། ཉི་མའི་བུ་འོ། །ༀ་ཨཱཿཀྲོ་དྷཻ་ཀ་ཡ་མཱནྟ་ཀ་ཧ་ན་མ་ ཐ་བྷཉྫ་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱིས་བྱིན་གྱིས་བརླབས་པའི་སྔགས་སོ། །ཐལ་མོ་སྦྱར་བ་ 24-1-420 ནི་ནག་པོ་ཆེན་པོའི་དམ་ཚིག་གོ །རྡོ་རྗེ་རྩེ་མོ་ལྔ་པ་ནི་ནག་མོའི་ཕྱག་རྒྱའོ། །བྷ་ག་ལྟར་བྱས་ པ་ནི་དུས་མཚན་མའི་འོ། །འཛུབ་མོ་བརྐྱང་བ་ནི་ཆོས་ཀྱི་རྒྱལ་པོའི་འོ། །ཕྱག་རྒྱ་འདི་དག་ གིས་སྤྱན་དྲངས་ཤིང༌། མདུན་དུ་དམ་ཚིག་སྦྱིན་པ་སྟེ། ༀ་བཛྲ་ཧ་ན་ཧ་ན་བཛྲ་ས་མ་ཡ་མཱ་ཏི་ ཀྲ་མ་ཧཱུཾ་ཕཊ། ཅེས་པ་ནི་སྔགས་སོ། །ལྟེ་བར་བྷ་ག་ལ་གནས་པའི། རྡོ་རྗེ་རྣལ་འབྱོར་མ་ བསམ་པར་བྱས་ན། བདེ་བ་ཆེན་པོར་འགྱུར་ཏེ། འཇིགས་བྱེད་ཆེན་པོ་དང༌། དུས་མཚན་མ་ མནན་པ། གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་འཆང་མ། སྟེང་དུ་ལྟ་ཞིང་དམར་མོ་འབར་བའི་ལུས་ ཅན་མའོ། །འདི་ལ་ནི་བཟླས་པ་མེད་དེ། གཞན་དུ་འདི་ཉིད་སྔགས་སོ། །གཤིན་རྗེ་གཤེད་ནི་ ནག་པོ་ནག་དཀར་དམར་བའི་ཞལ། འཁོར་ལོ་དང་རལ་གྲི་དང་བེ་ཅོན་དང༌། མདུང་དང༌། སྟ་རེ་དང༌། ཐོད་པ་བསྣམས་པའོ། །དུར་ཁྲོད་ཀྱི་རྒྱན་དང་ལྡན་པ་མ་ཧེ་གཤིན་རྗེ་ལ་བཞོན་ པའོ། །གལ་ཏེ་དམ་ཚིག་ཉམས་པ་ལ། སློབ་དཔོན་རྡོ་རྗེ་སེམས་དཔས་བདག་ཉིད་ལ་སོགས་ པ་བཀྲུ་བར་བྱའོ། །རྡོ་རྗེ་སེམས་དཔའི་དམ་ཚིག་དྲན་པ་བཟླས་པས་གསོལ་བ་བྱའོ། །ཅོད་ པན་གྱིས། བདག་ལ་སོགས་པ་ལ་དབང་བསྐུར་བ་བསྒོམ་ན། ལས་དང་དངོས་གྲུབ་རྣམས་ འགྲུབ་པར་འགྱུར་རོ། །གཞན་ཡང་སྒྲུབ་པ་བཤད་པ། དབུགས་དབྱུང་བ་དང༌། དགང་བ་ དང༌། རེངས་པ་དང༌། བུམ་པ་ཅན་གྱི་ལས་ཀྱིས་ལུས་དག་པར་བྱའོ། །དེ་ནས་གདོལ་པ་མོ་ འམ། གཞན་པའི་རིགས་ཀྱིའོ། །པདྨ་ཅན་ནམ། ཇི་ལྟར་རྙེད་པའི་མི་མོ། བྷ་ག་བཟང་བ། རྩ་ མཆོག་དང་ལྡན་པ། ལོ་བཅུ་གཉིས་མ་ལ་སོགས་པ་བླངས་ནས་དག་པར་བྱས་ཏེ་རིམ་པ་ནི་ འདི་ཡིན་ཏེ། དེ་བཞིན་གཤེགས་པའི་བཙུན་མོ་མཆོག སྤྱན་ལ་སོགས་པར་བསྒོམ་པར་བྱ། ། ཡི་གེ་ཧཱུཾ་དང་ༀ་དག་དང༌། །ཨཱཿདང་ཕཊ་ནི་རབ་བརྟག་བྱ། །འོད་ཟེར་སྣ་ལྔས་ཁྱབ་པ་ཡི། ། པདྨ་རྡོ་རྗེ་རབ་བསྒོམ་བྱ། །མཐོང་བ་དང་ནི་རེག་པ་དང༌། །ཙུམྤ་ན་དང་རྟག་པར་འཁྱུད། ། ཡེ་ཤེས་པདྨ་ཁ་བྱེ་བ། །རྡོ་རྗེ་སོར་མོ་ངེས་པར་གཞག །འདོད་ཆགས་རྡོ་རྗེའི་ཚུལ་གནས་ཏེ། ། 24-1-421 རྡོ་རྗེའི་ཕུར་བུ་ངེས་པར་གདབ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་ གྲུབ་ཐོབ་པར་འགྱུར། །དེ་ནས་དཔའ་བོས་མེ་ཏོག་ཆུ། །འཐུངས་ནས་སྔགས་ནི་རྗེས་དྲན་བྱ། ། དབུགས་འབྱིན་བརྒྱལ་དང་རྒོད་པ་དང༌། །སྒོག་པའི་གར་ནི་ངོ་མཚར་བས། །ཕྱག་རྒྱ་ལྷན་ ཅིག་སྒྲུབ་པ་པོས། །མྱུར་དུ་བདེ་བ་ཐོབ་པར་འགྱུར། །བུ་མོ་ཡང་གསུངས་པ། ལྕེ་སྦོམ་མིག་ ནི་དམར་སེར་ལ། །རྩུབ་ཅིང་སྤུ་ནི་དམར་སེར་ཡིན། །དེས་ཀྱང་གྲུབ་པར་འགྱུར་བ་སྟེ། །རིག་ མ་ཆེན་མོ་སྤྱན་ལ་སོགས། །རྟག་ཏུ་འདོད་པའི་དོན་བརྩོན་པ། །འདོད་པའི་ལོངས་སྤྱོད་དག་ གིས་ནི། །ཇི་ལྟར་འདོད་པ་བསྟེན་ན་འགྲུབ། །ཅེས་གསུངས་སོ། །ལས་ཀྱི་ཕྱག་རྒྱའོ། །བ་ ལང་ཤ་དང་རྟ་ཤ་དང༌། །ཁྱི་ཤ་དག་དང་སྣ་ཚོགས་པས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ ནི། །གཏུམ་མོ་རང་གི་ལུས་ལས་བྱུང་བས་དབྱེར་མེད་པའི་སེམས་བསྒོམ་པར་བྱའོ། །ཆོས་ཀྱི་ ཕྱག་རྒྱའོ། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་བསྒོམ་པ་མིན། །དེ་ལྟར་དངོས་ པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཆོས་རྣམས་དངོས་པོ་མེད་པ་ལ། །ཆོས་ ཀྱི་དེ་ཉིད་ཀུན་བཤད་པ། །ཨེ་མ་ངོ་མཚར་ལས་བྱུང་བ། །ནམ་མཁའ་ལ་ནི་ནམ་མཁའ་ བསྒོམ། །ཕྱག་རྒྱ་ཆེན་པོའོ། །ལུས་དང་ངག་སེམས་རྡོ་རྗེ་ལ། །རྡོ་རྗེ་འཇམ་པ་རབ་ཏུ་བསྒོམ། ། ལུས་དང་ངག་སེམས་ལ་སྤྲོས་པས། །རྡོ་རྗེ་འཇམ་པ་འདྲ་བར་འགྱུར། །དཔག་ཚད་བརྒྱ་ཡི་ ཁྱོན་ཙམ་དུ། །རྡོ་རྗེ་འབར་བའི་འོད་དག་གིས། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡིས། །དག་ པའི་བདག་ཉིད་སྣང་བར་འགྱུར། །འདི་ཉེ་བར་མཚོན་པ་ནི་ཀུན་བརྟགས་ཏེ། དམ་ཚིག་གི་ ཕྱག་རྒྱའོ། །དེ་དག་ནི་བསྙེན་པའོ། །དེ་ལྟར་རྟག་ཏུ་གོམས་པ་ན་རིག་པའི་བརྟུལ་ཞུགས་སྤྱད་ པས་བདག་ཉིད་ནག་པོ་ཆེན་པོར་འགྱུར་རོ། །གཞན་ཡང་རྗེ་བཙུན་གྱི་སྐུ་གཟུགས་ཟླ་མཚན་ གྱི་རས་སམ། གཡུལ་གྱི་རོ་རས་ལ་གསང་བས་བྲིས་ཏེ་བྱིན་གྱིས་བརླབས་ནས། ནག་པོ་ཆེན་ པོ་གང་ཡིན་པ་དེ་རྡོ་རྗེ་སློབ་དཔོན་དུ་བསམ་པས། རི་མོའི་མདུན་དུ་མཆོད་པ་དང༌། དུག་དང་ 24-1-422 ཤ་ཆེན་པོ་དང་གུ་གུལ་གྱིས་བདུག་པ་ཕུལ་ནས་གསོལ་བ་གདབ་པར་བྱའོ། །ༀ་བཛྲ་མཧཱ་ཀཱ་ ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ན་ཡ་ཀ་ཨཱ་གཙྪ་ཨཱ་གཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ནག་པོ་ཆེན་པོ་ཉིད་འོངས་ ནས་ཅི་འདོད་ཅེས་སྨྲའོ། །དེས་ཀྱང་ནག་པོ་ཆེན་པོར་མཛོད་ཅིག་ཅེས་བྱས་ན། བདག་ཉིད་ ནག་པོ་ཆེན་པོར་འགྱུར་རོ། །རིལ་བུ་དང༌། མིག་སྨན་དང༌། རོ་དང༌། རལ་གྲི་ལ་སོགས་དང༌། ལས་ཐམས་ཅད་སྟེར་རོ། །ཆོ་ག་འདི་ཁོ་ནས་ནག་མོ་ཆེན་མོ་ལ་སོགས་པ་འགྲུབ་པར་བྱའོ། ། ཡང་ལང་ཚོ་དང་ལྡན་པའི་བུ་མོའི་མགུལ་ནས་འཁྱུད་ནས་ནག་མོའམ། དུས་ཀྱི་མཚན་མའི་ གསང་སྔགས་དང་བཅས། །ཛྭཱ་ལ་ཡ་ཛྭཱ་ ལ་ཡ་ཞེས་བརྗོད་ན་འབར་བར་འགྱུར་རོ། །དེ་བཟུང་ སྟེ་སྤྱོད་པ་སྤྱད་པས་བདག་ཉིད་ནག་པོ་ཆེན་པོ་དང་མཚུངས་པར་འགྱུར་རོ། །དེ་བཞིན་དུ་ ཕྱག་མཚན་རྣམས་དང༌། ལྷ་དང་འབྱུང་པོ་ཐམས་ཅད་ནག་པོ་ཆེན་པོའི་བཀས་མངག་གཞུག་ ཏུ་བྱའོ། །ༀ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་བཛྲ་ཨ་མུ་ཀཾ་སཱ་དྷ་ཡ་སཱ་དྷཱ་ཡ་ཧཱུཾ་ཧཱུཾ་ ཕཊ་སྭཱཧཱ། མཚོན་ཆ་སྒྲུབ་པའི་སྔགས་སོ། །ༀ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་ཨཱ་ཛྙཱ་ ཡ་ཨ་མུ་ཀཾ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ་ཨ་མུ་ཀཾ་སཱ་དྷ་ཡ་སཱ་དྷ་ཡ་ཕཊ་སྭཱཧཱ། འབྱུང་པོ་ཐམས་ཅད་ སྒྲུབ་པའོ། །ཡང་ན་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་བྲིས་ནས་ཀྱང་སྒྲུབ་སྟེ། མཚན་མ་ མཐོང་ཞིང་འཇིགས་པ་མེད་པའི་རྣལ་འབྱོར་པས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཅི་སྟེ་ མ་གྲུབ་ན་དྲག་ཤུལ་སྦྱོར་བ་བྱའོ། །དེ་དག་ནི་སྒྲུབ་པ་ཆེན་པོའོ། །གཞན་ཡང་ལས་ཀྱི་སྦྱོར་བ་ ཕྲ་མོ་དག་ཀྱང་སྒྲུབ་སྟེ། རྩེ་གཅིག་ཏུ་མ་གྱུར་པས་ཀྱང་ངོ༌། །གཤིན་རྗེའི་འཁོར་ལོ་དུད་ཁྲོད་ ཀྱི་རས་ལ་དུག་དང་ཁྲག་དང་ཀེ་ཚེ་དང་། ལན་ཚ་དང༌། རྡ་དུ་རས་བྲིའོ། །ལྟེ་བ་དང་ཁང་པ་ སུམ་ཅུ་རྩ་གཉིས་ལ་ཡི་གེ་བཅུ་བདུན་དང༌། ནག་པོ་ཆེན་པོ་དང་གཤིན་རྗེ་གཤེད་ཀྱི་སྔགས་ ཀྱི་བསྐུལ་བ་དང་བཅས་པ་བྲིའོ། །ཡཀྵེ་མ་མེ་ད་ཛ་པ་དོ་རུ་ཡཙྪ་ནི་རཱ་ཎ་ཡོ་ནི་ར། དེ་ཉིད་ཉ་ ཕྱིས་གཉིས་ཀྱི་དབུས་སུ་བཞག་ནས་བསྐུལ་བར་བྱས་ན་ཉི་མ་བདུན་གྱིས་གསོད་པར་བྱེད་ 24-1-423 དོ། །དེ་བཞིན་དུ་དེ་དང་དེའི་ཆོ་ག་ལས་ཐམས་ཅད་སྒྲུབ་པ་སྟེ། འཁོར་ལོ་འདི་ནི་ཆེན་པོའོ། ། གཞན་ཡང་འཁོར་ལོ་རྩིབས་བརྒྱད་པ། ལྟེ་བར་རྩ་བའི་སྔགས་དང༌། ཕཊ་ཨ་མུ་ཀཾ་མཱ་ར་ཡ་ ཕཊ་ཅེས་བྲིས། ཁ་ཁ་ཁཱ་ཧི་ཁཱ་ཧི་ཨ་མུ་ཀཾ་མཱ་ར་ཡ་ཕཊ། ཅེས་བྱ་བ་ལ་སོགས་པ་ཡང་རབ་ཏུ་ བྲིས། ཕྲེང་བའི་སྔགས་ཀྱིས་ཕྱི་རོལ་ནས་བསྐོར་བའི་འཁོར་ལོ་འདིས་ཀྱང་དྲག་ཤུལ་ཐམས་ ཅད་སྒྲུབ་པར་བྱེད་ཅིང༌། སྔགས་དང་འཁྲུལ་འཁོར་འཆིང་བ་དང་གཅོད་པ་དང༌། བྱིས་པའི་ གདོན་རྣམས་ཀྱི་གནོད་པ་ཐམས་ཅད་དང༌། ཉེ་བར་འཚེ་བ་ཐམས་ཅད་དང༌། མི་མཐུན་པ་ ཐམས་ཅད་བསྲུང་བར་བྱའོ། །ནག་པོའི་བཀས་མ་མོ་རྣམས་དང༌། གནོད་སྦྱིན་རྣམས་དང༌། གཤིན་རྗེ་རྣམས་དང༌། སྲིན་པོ་རྣམས་དང༌། ལྷ་མིན་རྣམས་དང༌། འབྱུང་པོ་རྣམས་དང༌། གྲོང་ ཁྱེར་སྐྱོང་བ་རྣམས་བསྐུལ་ནས་ཀྱང་ལས་སྒྲུབ་པོ། །ནག་པོ་ཆེན་པོ་ལ་གཏོར་མ་སྦྱིན་ཏེ་ལས་ རྣམས་བསྒྲུབ་པར་བྱ་སྲེག་བླུགས་དག་ཀྱང་དབུལ་ལོ། །མི་རུས་ལས་བྱུང་ཕུར་བུ་འམ། །ཡང་ ན་སེང་ལྡེང་རྩེ་ལས་སྐྱེས། །ལྕགས་ལས་བྱས་པའི་ཕུར་བུ་དག །སྙིང་ག་ནས་ནི་རྐང་པའི་ བར། །ཕུར་བུ་བཏབ་ན་མྱུར་དུ་འཆི། །དགྲ་བོའི་བཤང་གཅི་ལས་གཟུགས་བརྙན་བྱས་ཏེ། ཨཱ་ཀ་ཡ་ཛཿ བཀུག་ནས། ༀ་བཛྲ་མཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣན་བི་ནཱ་ཡ་ཀ་བཛྲ་ཀི་ལི་ཀཱི་ལ་ཡ་ སརྦ་ཤ་ཏྲུན་བནྡྷ་ཧཱུཾ་ཕཊ། འདིས་གདབ་པོ། །ད་ནི་དྲག་ཤུལ་གྱི་སྦྱོར་བ་ཐམས་ཅད་པ་བཤད་ པ་ནམ་མཁའ་རྡོ་རྗེའི་སྲིན་པོ་ནི། དྲག་ཅིང་ཁྲོ་བོ་རབ་གཏུམ་དང༌། །ཝ་དང་བྱ་རོག་སྣ་ཚོགས་ དང༌། །བྱ་རྒོད་ཁྱི་ཡིས་གང་བར་བསྒོམ། །མེ་ཡི་དཀྱིལ་འཁོར་དབུས་གནས་པར། །དགྲ་བོ་ རྣམས་ནི་སྐྲག་པར་བསྒོམས། །ཁམས་གསུམ་གནས་པའི་སེམས་ཅན་རྣམས། །སངས་རྒྱས་ སྐུར་ནི་རྣམས་བསྒོམས་ལ། །དགྲ་བོས་བསད་པར་བསམ་ནས་སུ། །དེ་ནས་ལས་རྣམས་ བརྩམ་པར་བྱ། །དེ་ལ་དཀྱིལ་འཁོར་པ་དེ་རྣམས་ཀྱིས་དེའི་ལུས་བཏང་ཞིང༌། དེའི་བསྲུང་ བའི་ལྷ་རྣམས་ཀྱང་བཀུག་ནས་རང་ཉིད་ལ་ཐིམ་པར་བྱའོ། །ཕུར་བུས་བཏབ་ཅིང་མཚོན་ 24-1-424 ཆས་བཅད་པར་བྱའོ། །བསོད་ནམས་གང་གིས་ཚེ་འདིར་སྲུང་བ་རྣམས་ཀྱང་སྔགས་པས་ བླང་བར་བྱས་ལ། འབྱུང་པོ་གང་དག་སྲུང་བ་བྱེད་པ་རྣམས་ལ་གཏོར་མ་སྦྱིན་པ་དང༌། ཕུར་ བུས་གདབ་པོ། །ཨ་མུ་ཀ་ཀྵ་སམྦུ་ཊཱ་ད་རཀྵ་མནྟྲ་དེ་བ་ནཱཾ། ཀཱི་ལ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ། ཕུར་བུ་ བསྐུལ་བའི་སྔགས་དང༌། ཕྲེང་བའི་སྔགས་དང་བཅས་པ་ནི་གདབ་པའི་སྔགས་སོ། །མཁའ་ འགྲོ་མ་རྣམས་ཀྱིས་དེའི་ལྟེ་བ་བཅད་ཅིང༌། སྙིང་གའི་ཐིག་ལེ་དབྱེ་བར་བསམ་མོ། །རྒྱུ་མ་ རྐང་དང་ཁྲག་ལ་སོགས། །ཐམས་ཅད་དྲངས་པར་རྣམ་བསྒོམས་ཏེ། །མཚོན་ཆ་སྣ་ཚོགས་ ཐོགས་པས་མནན། །བསྒོམས་ན་དགྲ་རྣམས་འཆི་བར་འགྱུར། །བླ་མའི་ཞལ་གྱི་མན་ངག་ གིས་མཚོན་ཆ་དྲུག་པོ་དག་གིས་སྤྲིན་གྱིས་ཆར་དབབ་པའོ། །གཞན་ཡང་མནན་པ་དང༌། སྡང་བ་དང༌། སྲིན་པོས་འཛིན་པ་དང༌། རིམས་དང༌། བསྐྲད་པ་དང༌། སྨུགས་པ་དང༌། དབང་ དུ་བྱེད་པ་དང༌། བུ་མོ་འགུགས་པ་དང༌། ཞི་བ་དང༌། རྒྱས་པ་ལ་སོགས་པ། དེ་དེའི་ཆོ་གས་བྱ་ སྟེ་སྐད་ཅིག་གཅིག་གིས་འགྲུབ་པར་འགྱུར་རོ། །དབང་བསྐུར་བ་ལ་འདི་སྦྱིན་བྱ། །གཞན་དུ་ ཁྲོ་བོ་གཏུམ་པོས་གསོད། །དངོས་གྲུབ་ཀུན་གྱི་སྦྱོར་སྒྲུབ་པ། །སློབ་དཔོན་བཀའ་ལས་དོན་ ཡོད་ཡིན། །ཞེས་པ་འཇིག་རྟེན་དབང་ཕྱུག་མཧཱ་ཀཱ་ལའི་སྒྲུབ་རང་གནས་པ་ཞེས་བྱ་བ་དེ་བཱ་ ཨ་ཀ་རས་མཛད་པའོ། །འདིའི་འགྱུར་རྙིང་གྲུབ་ཆེན་ཚུལ་མགོན་ཉིད་ཀྱིས་མཛད་པ་ལས། སྔགས་རྣམས་ཕལ་ཆེར་ཞལ་བཞེས་ཀྱི་དབང་དུ་མཛད་པ་འདྲ་བས་དཀྱུས་ན་མེད། མཛད་ བྱང་བྲམ་ཟེ་རཏྣ་ཕ་ལས་མཛད་ཅེས་འབྱུང་བ་ལ་བར་སྐབས་སུ་མཆན་བུ་དཀྱུས་སུ་ཤོར་བ་ སོགས་ལྷག་ཆད་ནོར་སྐྱོན་ཤིན་ཏུ་མང་པོ་སྣང་བ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་པུརྞྞ་བཛྲ་ བའི་ཞབས་ཀྱི་རྒྱ་དཔེ་དང་བསྟུན་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་འགྱུར་ཆད་མང་དུ་ བསབས་ཤིང༌། གཡར་ཁྲལ་དུ་ཞུས་ཐུག་བྱས་པའོ།། །།ཞུས་དག བཀྲ་ཤིས་བརྟན་འཕེལ་ཞུ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མཱ། ༢༨ ཡིན།) 24-1-425 ༄༅། །ལེགས་ལྡན་དྲཀྴད་ལྕམ་དྲལ་གྱི་བསྐང་གསོའི་ རིམ་པ་སྙིང་པོར་གྱུར་པ་བཞུགས། ༄༅། །ༀ་སྭཱསྟཱིཔྲཛྙཱབྷྱཿ བསྐང་བ་བྱེད་པར་འདོད་པས། བསྐང་གཏོར་བཤོས་བུ་ཆེན་པོ་བསྐང་རྫས་དང་བཅས་ པ་དང༌། ཐུན་གཏོར་བཤམས། འཕྲིན་ལས་བསྐང་གསོ་བྱེད་ན་དེའི་རི་རབ་ཀྱང་བཤོམ། དེ་མི་བྱེད་ན་མི་དགོས། བསྐང་རྫས་ཀྱི་ བསོགས་ནི་སྐྱུང་ཀའི་རྒྱལ་མཚན། མདའ་དར་ལ་གྲི་སྙིང་བཏགས་པ། རྨ་བྱའི་རྒྱལ་མཚན། མི་རྐང་གླིང་བུ། བདུད་རྩི་སྨན། རཀྟ་ བྱ་ལུག་སྨུག་ནག་ལ་སོགས་པའོ། །དངོས་སུ་མེད་ན་བྲིས་པའམ། ཟན་གཟུགས་གཏོར་མ་ལ་འཛུགས་སོ། །སྔོན་འགྲོ་གཏོར་མ་ གནས་དང་ཡོ་བྱད་བྱིན་གྱིས་བརླབས་པ། བདག་བསྐྱེད་བཟླས་པ་དང་བཅས་པ། ཡི་དམ་གཏོར་འབུལ། མགོན་པོ་དམ་ཚིག་པ་ བསྐྱེད་པ་རྣམས་སོང་ནས། སྤྱན་འདྲེན་གྱི་སྐབས་འདི་སྐད་གྱེར་རོ། ། ཧཱུཾ། སྤྱན་རས་གཟིགས་མགོན་ཐུགས་ཀྱི་འཕྲིན་ལས་ལས། །རྣམ་འཕྲུལ་ཞི་བས་འདུལ་ བར་མི་སྤྱོད་ལ། །དྲག་པོའི་སྟོབས་ཀྱིས་གདུག་པ་ཚར་གཅོད་པ། །འཇིགས་པའི་གཟུགས་ ཅན་ཁྱོད་ནི་འདིར་བྱོན་ཅིག །ལྷ་ཆེན་ཐུགས་ཀྱི་ཕོ་ཉ་མཐུ་བོ་ཆེ། །ཁྱོད་ཀྱི་རྣམ་འཕྲུལ་ཕྱོགས་ བཅུ་མ་ལུས་ཁྱབ། །ཡབ་ཅིག་རྟག་ཏུ་འདོད་རྒྱལ་ཁང་བཟང་ན། །ཕལ་ཆེར་ཨུ་ཙ་ལ་ཡི་དུར་ ཁྲོད་ན། །རེས་འགའ་བསིལ་བའི་ཚལ་ན་སྲིན་པོའི་གཟུགས། །ད་ལྟ་ཙ་རི་རོང་གི་ཕོ་བྲང་ན། ། ཁྱོད་ཀྱི་བརྟན་ས་བཙུན་མོའི་བྲག་ཕུག་ན། །རྣལ་འབྱོར་དམ་ཚིག་ལྡན་པའི་སྤྱན་སྔ་རུ། །གང་ གིས་བཅོལ་བའི་ལས་རྣམས་སྒྲུབ་མཛད་པ། །དྲག་པོའི་དབང་ཕྱུག་གཟི་ལྡན་འདིར་བྱོན་ཅིག། སྔོན་ཚེ་ཤཱཀྱ་སེང་གེའི་སོགས། བྷྱོཿནམ་མཁའ་སྟོང་ལ་རོལ་བའི་རྣལ་འབྱོར་མ། །དཔལ་ལྡན་ ལྷ་མོ་མི་ཕམ་སྲིད་གསུམ་བདག །དུས་གསུམ་སྤྱོད་པའི་མངའ་བདག་རེ་མ་ཏཱི། །དགྲ་འདུལ་ 24-1-426 ཆེན་མོ་གནས་འདིར་གཤེགས་སུ་གསོལ། ། རིགས་བདག་རྒྱས་འདེབས་སོང་མཚམས་བཞུགས་གསོལ་ནི། ཧཱུཾ། གཙུག་ལག་ཁང་དང་དཀྱིལ་འཁོར་ གནས་འདི་རུ། །རྡོ་རྗེ་བྲག་ཆེན་རབ་ཏུ་གཏམས་པའི་སྟེང༌། །རིན་ཆེན་གདན་ཁྲི་ཉི་ཟླའི་ བག་ཚེར་ལྡན། །མི་རོ་རྟ་རོ་མང་པོའི་གཅལ་སྟེང་དུ། །དུག་གི་མེ་ཏོག་སྔོན་པོ་གཅལ་བཀྲམ་ ནས། །མི་ལྤགས་རྟ་ལྤགས་བརྩེགས་པའི་གདན་སྟེང་དུ། །རབ་བརྗིད་དཔའ་བོ་ཆེན་པོ་ བཞུགས་སུ་གསོལ། །ལྷ་མིན་གདུག་པ་གཡུལ་ལས་བཟློག་པའི་ཕྱིར། །དེད་དཔོན་དཔའ་ བོ་ཆེན་པོ་བཞུགས་སུ་གསོལ། །དམ་ཉམས་དགྲ་བོ་གཏན་ནས་བརླག་མཛད་པ། །མོན་པ་ དུག་གི་སྐྱེས་བུ་བཞུགས་སུ་གསོལ། །དུས་གསུམ་རྟག་ཏུ་འཇོམས་པའི་དཔའ་མཚན་ནི། །རྩེ་ གསུམ་མགུལ་པར་ཐོད་པའི་རྒྱལ་མཚན་འཛིན། །རྒྱལ་མཚན་ཁ་ཊྭཱཾ་འཛིན་ཅིང་བཞུགས་སུ་ གསོལ། །དགྲ་ཁྲག་དགྲ་སྙིང་གསོལ་ཞིང་རུ་དྲ་འདུལ། །ཕྱག་ན་ཐོད་པ་སྙིང་བཅས་བཞུགས་ སུ་གསོལ། །སྲོག་ལ་མངའ་མཛད་ཉམས་པའི་བདུད་མཛད་པ། །སྲོག་བདུད་ཆེན་པོ་གནས་ འདིར་བཞུགས་སུ་གསོལ། །ཐབས་དང་ཤེས་རབ་གཉིས་མེད་ལྡན་པའི་ཕྱིར། །ཡག་ཤ་པེ་ཏ་ ལཱི་དང་ལྷན་ཅིག་ཏུ། །བདག་གིས་མཆོད་པ་བཤམ་པའི་གནས་འདི་རུ། །བདག་གིས་བཅོལ་ བའི་འབྲས་བུ་མཆིས་པ་དང༌། །ཆོས་ཀྱི་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །འཁོར་དང་ བཅས་པ་བརྟན་པར་བཞུགས་སུ་གསོལ། ། མཆོད་པ་དང་བསྐང་བ་ནི། ནམ་མཁའ་མཛོད་ཀྱིས་སྤེལ་ལ། ཧཱུཾ། བཅོམ་ལྡན་རྡོ་རྗེ་ལས་བྱུང་བ། །སྲིད་ པའི་གྲོང་ཁྱེར་སུམ་བརྩེགས་འཇིག །སྲིད་པའི་མ་མོའི་ཚོགས་དང་བཅས། །དཔལ་ལྡན་ མགོན་པོ་མཐུ་ཆེན་ཁྱོད། །ཡོན་ཏན་བྱིན་གྱིས་རླབས་པོ་ཆེ། །འཕགས་པའི་ས་ཀུན་བརྙེས་ གྱུར་ཀྱང༌། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་བཀའ་ཡང་ བསྲུང༌། །སྐྱེ་འགྲོ་འཕོངས་པའི་སྐྱབས་ཀྱང་མཛད། །ཕྱག་ན་མདུང་དང་བེང་ཆེན་བསྣམས། ། 24-1-427 བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །ཁྱོད་ལ་མཆོད་པ་འབུལ་བ་ནི། །གྲི་སྙིང་ལ་ སོགས་སྙིང་སྣའི་ཚོགས། །མི་ཤ་རྟ་ཤ་ལ་སོགས་ཤ་སྣའི་ཚོགས། །མེ་ཏོག་ཕྲེང་བ་ལ་སོགས་ རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་འབྲས་བུའི་ཟས། །ཕྱོགས་བཅུའི་ཆུ་ སྐྱེས་ཐང་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །རིགས་སུ་མ་ཆད་ལོངས་སྤྱོད་རྒྱས་པར་འབུལ། ། དཀྱིལ་འཁོར་འཁོར་ལོ་མཛེས་པར་བཀྲ་བ་དང༌། །བཤོས་གཙང་མར་མེ་ལྷ་བཤོས་སྣ་ ཚོགས་དང༌། །དགུན་ཆང་ལ་སོགས་བཏུང་བའི་མཆོག །སྦྲང་རྩི་ལ་སོགས་མངར་བའི་རོ། ། ཞོ་ཕྲོམ་ལ་སོགས་དཀར་གསུམ་ཟས། །སྣ་ཚོགས་མཆོད་པ་མང་པོ་རྣམས། །སྲོག་བདུད་ འཁོར་དང་བཅས་ལ་འབུལ། །ཡུན་གྱི་མགོན་པོར་ཁྱོད་མཆོད་ཀྱི། །རྟག་ཏུ་ཕྱག་འཚལ་ མཆོད་པ་འབུལ། །མཆོད་པ་དམ་པ་བཞེས་ནས་ཀྱང༌། །ཐུགས་རྗེས་གདུང་བའི་ཞིང་ལ་ དགོངས། །བདག་ཅག་རེ་སྐོང་སྨོན་ལམ་རྣམས། །འཕགས་པའི་མགོན་པོ་ཁྱོད་ཀྱིས་གྲུབ་ པར་མཛོད། །ༀ་ཤྲཱི་མཧཱ་ཀཱ་ལ་ག་ན་པ་ཏི་ཨཱ་ཧ་ར་ཡཀྵ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། པྲ་ཏཱིཙྪ་ཧོ། མཧཱ་ ཡག་ཤ་པེ་ཏ་ལི་ཁཱ་ཧི་ཁཱ་ཧི། ཧཱུཾ། བཅོམ་ལྡན་འདས་རྡོ་རྗེ་ལས་བྱུང་བ། །ཞེས་པ་ནས། ཕྱག་ན་ བདུད་འདུལ་ཁ་ཊྭཱཾ་ག །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །ཡུན་གྱི་མགོན་པོར་ཁྱོད་ བསྟེན་གྱི། །རྟག་ཏུ་ཕྱག་འཚལ་མཆོད་པ་འབུལ། །དེ་ལས་གཞན་ཡང་མཆོད་པའི་ཚོགས། ། རྟ་མཆོག་ལ་སོགས་ཤ་ལྔ་དང༌། །སྤྱང་ཁུ་ར་དང་མཁའ་ལྡིང་ཤ །གཞན་ཡང་སྣ་ཚོགས་པ་ ཡི་ཤ །བཙོས་པའི་ཤ་དང་ཁུ་བའི་ཁྲག །བསྲེགས་པའི་བསུར་དང་རློན་པའི་ཤ །གློ་སྙིང་ ནང་ཁྲོལ་མཁལ་མར་བཅས། །འབྲས་བུ་ལྔ་བསྒྲལ་བདུད་རྩི་ནི། །མི་དབང་གོ་རོ་ཙ་ན་དང༌། ། ཐལ་ཆེན་མཧཱ་མཾ་ས་དང༌། །རྐང་དང་ཞག་དང་ཚིལ་བུར་བཅས། །ཉ་ཤ་སྒོག་ཙོང་ལ་ཕུག་ དང༌། །ཆན་ཐུག་འཁུར་བ་འབྲུ་སྣ་དང༌། །རྩི་ཐོག་ཁ་ཟས་སྨན་ལ་སོགས། །བཟའ་བཏུང་བྲོ་ བའི་རོ་མཆོག་རྣམས། །ཐ་དད་རྟོག་པ་ཀུན་སྤངས་ནས། །དྲི་ཞིམ་རོ་མཆོག་བརྒྱ་ལྡན་པའི། ། 24-1-428 བདུད་རྩི་མཆོག་གི་གཏོར་མ་འབུལ། །མཆོད་པ་དམ་པ་བསྣམས་ནས་ཀྱང༌། །ཨརྒྷཾ་མེ་ཏོག་ བདུག་སྤོས་དང༌། །མར་མེ་དྲི་དང་ཞལ་ཟས་དང༌། །རོལ་མོ་སིལ་སྙན་འཕན་གདུགས་དང༌། ། བླ་རེ་རྒྱལ་མཚན་ལ་སོགས་པ། །ཡིད་འོང་མཆོད་སྤྲིན་སྣ་ཚོགས་འབུལ། །མཆོད་པ་ཐམས་ ཅད་བཞེས་ནས་ཀྱང༌། །ཐུགས་རྗེས་དགོངས་ཏེ་བདག་ལ་གཟིགས། །བདག་གིས་བསམ་ པའི་སྨོན་ལམ་རྣམས། །འཕགས་པའི་མགོན་པོ་ཁྱོད་ཀྱིས་གྲུབ་པར་མཛོད། །ཧཱུཾ། བསྟེན་ པའི་དམ་རྫས་ཡིན་པའི་ཕྱིར། །སྐྱུང་ཀའི་རྒྱལ་མཚན་གྱིས་ཐུགས་དམ་བསྐང༌། །དམ་ཚིག་ གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས་ཐུགས་དམ་བསྐང༌། །ལྗགས་ཀྱི་དབང་པོ་ཚིམ་ པའི་ཕྱིར། །བཤོས་བུ་ནག་པོས་ཐུགས་དམ་བསྐང༌། །རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ ཆེན་ཨརྒྷས་ཐུགས་དམ་བསྐང༌། །རྟག་ཏུ་འཕྲིན་ལས་བཅོལ་བའི་ཕྱིར། །རྒྱུན་གྱི་གཏོར་མས་ ཐུགས་དམ་བསྐང༌། །ཐུགས་དམ་གཉན་པོ་བསྐངས་པ་ཡིས། །ཚོགས་ཀྱི་བདག་པོའི་ཐུགས་ དམ་བསྐང༌། །ཡུམ་ཆེན་པེ་ཏའི་ཐུགས་དམ་བསྐང༌། །བཀའ་སྡོད་མགོན་པོའི་ཐུགས་དམ་ བསྐང༌། །ཀང་ཀ་ཏ་རེའི་ཐུགས་དམ་བསྐང༌། །རིགས་བཞི་མགོན་པོའི་ཐུགས་དམ་བསྐང༌། ། མ་བདུན་སྲིང་བཞིའི་ཐུགས་དམ་བསྐང༌། །ཀླུ་མོ་མཆེད་བཞིའི་ཐུགས་དམ་བསྐང༌། །ཕྱོགས་ སྐྱོང་མགོན་པོའི་ཐུགས་དམ་བསྐང༌། །བདུད་ཁ་དགྲ་ལ་བསྒྱུར་བའི་ཕྱིར། །རྒྱ་གར་ནག་པོའི་ ཐུགས་དམ་བསྐང༌། །དགྲ་བགེགས་གནས་ནས་འགུགས་པའི་ཕྱིར། །ལྕགས་སྤྱང་སྔོན་པོའི་ ཐུགས་དམ་བསྐང༌། །དམག་དཔོན་རུ་མཚོན་འགྱེད་པའི་ཕྱིར། །ཡང་སྤྲུལ་འབུམ་གྱི་ཐུགས་ དམ་བསྐང༌། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང༌། །བྷྱོཿ རིན་ཆེན་ཕོ་བྲང་ཐོད་མཁར་ དགུ་བརྩེགས་ན། །རླུང་ནག་ཁྲོས་པ་འཚུབ་མའི་དཀྱིལ་འཁོར་ན། །ཁྲག་གི་རྒྱ་མཚོར་ཀེང་ རུས་རི་རབ་སྤུངས། །དམར་ནག་གྲུ་གསུམ་འབར་བའི་གནས་མཆོག་ཏུ། །ལྷ་མོ་ནག་མོ་ཁྱོད་ ལ་མཆོད་པ་འབུལ། །གཟུགས་སྣང་གཟུགས་སུ་འབུལ་ལོ་བཞེས་སུ་གསོལ། །སྒྲ་གྲགས་ 24-1-429 དབྱངས་སུ་འབུལ་ལོ་བཞེས་སུ་གསོལ། །རྣམ་རྟོག་ཡིད་ཀྱི་ཚོགས་རྣམས་བཞེས་སུ་གསོལ། ། ཁྱོད་ལ་མཆོད་པ་དམིགས་སུ་འབུལ་བ་ནི། །མི་དབང་འབྲས་བུ་སྙིང་གཞོན་བཅུད་ཁྲག་ དང༌། །ཀིང་ཀའི་ཚལ་ཐོག་ཤིང་ལོ་རླུང་ཁྱེར་སོགས། །ཁྱེད་ལ་དམིགས་སུ་འབུལ་གྱི་འདི་ བཞེས་ལ། །བཅོལ་བའི་ལས་འདི་འཆལ་པར་མི་བཏང་འཚལ། །བྷྱོཿ བོད་པའི་དམ་རྫས་ ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས་ཐུགས་དམ་བསྐང༌། །རྟེན་གྱི་དམ་རྫས་ཡིན་པའི་ ཕྱིར། །མི་དབང་སྙིང་གིས་ཐུགས་དམ་བསྐང༌། །རང་བཞིན་གནས་ནས་སྤྱན་འདྲེན་ཕྱིར། ། མི་རྐང་གླིང་བུས་ཐུགས་དམ་བསྐང༌། །ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར། །ཤ་ཆེན་དུད་ པས་ཐུགས་དམ་བསྐང༌། །འདོད་པའི་གཙོ་མོ་ཡིན་པའི་ཕྱིར། །རྨ་བྱའི་རྒྱལ་མཚན་ཐུགས་ དམ་བསྐང༌། །ཉམས་ཆག་མ་ལུས་བསྐང་བའི་ཕྱིར། །བྱ་ལུག་སྨུག་ནག་གིས་ཐུགས་དམ་ བསྐང༌། །ནག་པོ་འབུམ་སྡེའི་ཐུགས་དམ་བསྐང༌། །དཀར་མོ་འབུམ་སྡེའི་ཐུགས་དམ་བསྐང༌། ། སེར་མོ་འབུམ་སྡེའི་ཐུགས་དམ་བསྐང༌། །དམར་མོ་འབུམ་སྡེའི་ཐུགས་དམ་བསྐང༌། །ལྗང་ མོ་འབུམ་སྡེའི་ཐུགས་དམ་བསྐང༌། །འདོད་ཁམས་བརྟན་མའི་ཐུགས་དམ་བསྐང་། །བསྐང་ ངོ་བསྐལ་པའི་ཐུགས་དམ་བསྐང༌། །ༀ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ལན་གསུམ། ༀ་ ཨཱཿཧཱུཾ་མཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུཾ་ཧྲཱིཿཋ། ༀ་མཧཱ་རཀྟ་ཁཱ་ཧི། གོ་ཙ་ན་ཁཱ་ཧི། ༀ་ཙན་ད་མཧཱ་ཀཱ་ལ་ དྷི་ལེནྟ་བ་ལིནྟ་ཁཱ་ཧི། ལན་གསུམ། བར་འདིར་བཟླས་པ་བྱེད། དེ་རྗེས་གཏོར་མ་འབུལ། བཱ་ལིང་རྒྱན་གྱི་གཏོར་ མ་འདི་བཞེས་ཤིག །ཅེས་པའི་བར་གྱིས་གཏོར་མ་བསྟབ་པོ། །དེ་རྗེས་འཕྲིན་ལས་བསྐང་གསོ་བྱེད་པར་འདོད་ན། རི་ རབ་གཟུགས་སམ་མདོས་ལ་དམིགས་ནས། བླ་མེད་བདེ་ཆེན་ཐོབ་པར་མཛོད་ཀྱི་བར་ལོགས་སུ་ཤེས་པར་བྱ། གཏོར་བསྔོ་ལྟར་བསྟོད་པ་ཡང་བྱ་ལ། བསྟོད་པ་གཞན་ཡང་འགྲུབ་ན་ཇི་ལྟར་འོས་པ་སྦྱོར། བཤགས་པ་ནི། རྡོ་རྗེ་འཆང་དབང་ཕྱག་ན་རྡོ་རྗེ་དང༌། །བྲམ་ཟེ་མཆོག་སྲེད་མཁའ་འགྲོ་བདེ་ སྟེར་མ། །བ་ལིང་ཨ་ཙར་གཉོས་ལོ་ཡོན་ཏན་གྲགས། །རྡོ་རྗེ་བླ་མ་དཔལ་སེང་གྲགས་པ་ 24-1-430 དཔལ། །སངས་རྒྱས་རས་ཆེན་རིན་ཆེན་དབང་རྒྱལ་དང༌། །བྱང་ཆུབ་དར་དང་བསོད་ནམས་ རྒྱལ་པོ་དང༌། །ཀུན་མཁྱེན་སང་གྷ་གྲུབ་ཆེན་བློ་གྲོས་བརྟན། །ཡོན་ཏན་རྒྱ་མཚོ་ཡོན་ཏན་སྙིང་ པོ་དང༌། །བསོད་ནམས་རིན་ཆེན་བསོད་ནམས་རྒྱལ་མཚན་དང༌། །ཀུན་དགའ་རྒྱལ་མཚན་ རྩ་བའི་བླ་མ་སྟེ། །རྩ་བརྒྱུད་བླ་མ་ཐམས་ཅད་དགོངས་སུ་གསོལ། །བཤགས་པ་མཆོག་ འདིས་སྡིག་སྒྲིབ་དག་གྱུར་ཅིག །ཧཱུཾ། དམ་ལ་འབོད་ཀྱི་དམ་ཚིག་བཤགས། །མགོན་པོ་ནག་ པོ་མཐུ་བོ་ཆེ། །མཧཱ་ཀཱ་ལ་སྲོག་གི་བདུད། །བར་སྣང་ཁམས་ན་རྒྱུ་བ་ན། །དབང་བསྐུར་ མིང་བཏགས་དམ་ཚིག་བྱིན། །ནག་པོ་དབང་བྱེད་ཞེས་ཀྱང་བཏགས། །ཚོགས་བདག་ཆེན་ པོར་བསྐོས་པ་སྟེ། །མཧཱ་ཀཱ་ལ་མཐུ་བོ་ཆེ། །ཆགས་བྱེད་རྡོ་རྗེའི་ཕྲེང་བ་ཅན། །ལྷ་མོ་ནག་མོ་ མཐུ་ཆེན་དང༌། །བཀའ་གཉན་འཁོར་དང་བཅས་པ་རྣམས། །བདག་གིས་བསྟེན་ཅིང་མཆོད་ པ་ལས། །གཞུང་དང་འགལ་བ་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་འབྱོར་པ་ཆུང་བ་ བཤགས། །སྒོམ་སྒྲུབ་མི་བརྩོན་བསྙེན་སྒྲུབ་གཡེལ་བ་བཤགས། །བཟླས་བརྗོད་ཟུར་ཆག་ ཏིང་འཛིན་གཡེལ་བ་བཤགས། །སྒོ་གསུམ་སྒྱུས་འཚོ་ལེ་ལོར་ཤོར་བ་བཤགས། །འཛིན་ ཆགས་སེར་སྣའི་དབང་གྱུར་འཁྲུལ་པ་བཤགས། །དགོན་པ་ནགས་འདབས་དུར་ཁྲོད་ཆེན་ པོ་རུ། །སྔོན་ཆད་ཇི་ལྟར་བསྐངས་པ་མ་གྲུབ་མཐོལ་ལོ་བཤགས། །རྫས་དང་མཆོད་པ་ཚུལ་ བཞིན་མ་ཤོམ་དང༌། །ལྷ་དང་བླ་མར་མ་གུས་ཡིད་གཉིས་སོགས། །སྐུ་གསུང་ཐུགས་ཀྱི་ དམ་ཚིག་འགལ་འཁྲུལ་ཀུན། །ཁྱེད་ཐུགས་ཆོས་དབྱིངས་ངང་དུ་བཟོད་པར་གསོལ། །སྐུ་ཡི་ དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། ། ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །རྩ་བའི་དམ་ཚིག་ཉམས་པ་མཐོལ་ལོ་ བཤགས། །ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་དང་རྩ་བ་ ཡན་ལག་གི །དམ་ཚིག་འགལ་འཁྲུལ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་ཕུལ་ 24-1-431 ནས་ཚང་བར་མཛད་དུ་གསོལ། །ཡིག་བརྒྱ་ཅི་གྲུབ་བཟླའོ། ། དེ་ནས་ཐུན་གཏོར་ལ་དཔལ་འབར་བཙུགས་ཏེ། སྲིད་གསུམ་དབང་བསྡུད་སོགས་སྤྱི་བཏབ་གྱེར་ལ་ཁང་སྟེང་ དུ་འབུལ། འཕྲིན་ལས་ཀྱི་མདོས་བཅས་ཡོད་ན། མདོས་འབུལ་ལོགས་ན་ཡོད་པ་ལྟར་གྱེར། རི་རབ་ཙམ་ཀ་ཡིན་ན། གོང་གི་སྤྱི་ བཏབ་ཁོ་ནས་ཆོག དེ་ནས་རྗེས་ཆོག་བཀྲ་ཤིས་ཀྱི་བར་དུ་ཆ་ཚང་བར་བྱའོ། ། ཞེས་པ་ལེགས་ལྡན་ནག་པོ་ཆེན་པོ་དཔལ་མགོན་པོ་དྲཀྴད་ལྕམ་དྲལ་བསྐང་གསོའི་རིམ་པ་སྙིང་པོ་ལས་ཀྱང་ཆེས་སྙིང་ པོར་གྱུར་པ་མདོ་ཙམ་འདི་ཡང༌། ས་སྐྱོང་མིའི་དབང་པོ་ཀུན་དགའ་རབ་བརྟན་གྱི་བཀས་བསྐུལ་ནས། རྒྱལ་ཁམས་པ་ཏཱ་ར་ནཱ་ ཐས་བྲིས་པའོ།། །།གཅིག་ཞུས། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-432 ༄༅། །ལེགས་ལྡན་ནག་པོའི་བསྟོད་བསྐུལ་ཉེར་འཁོ་ འགའ་ཤས་བཞུགས། དགེ་ལེགས་འཕེལ། ༄༅། །ༀ་སྭཱསྟི། འོད་དཔུང་བསྐལ་པའི་མེ་ལྟར་འབར་བའི་འོད། །སྨིན་མ་འཁྲིགས་ པའི་ཁྲོ་གཉེར་བཞད་པའི་ཞལ། །རབ་བཞད་འཛུམ་དང་མཆེ་བ་གཙིགས་པ་པོ། །ཡེ་ཤེས་ སྤྱན་གསུམ་ཉི་ཟླ་ཤར་བའི་འོད། །སྟོན་པ་བླ་མེད་ཆོས་རྗེའི་བཀའ་བཞིན་དུ། །དམ་ཚིག་ འཁོར་ལོའི་རྒྱུད་རྣམས་སྲུང་མཛད་ཅིང༌། །ཀླུ་ཡི་ཅོད་པན་བརྗིད་པས་འགྱིངས་པ་ནི། །ངེས་ པར་ཆེ་བཙན་རྒྱལ་པོའི་བདག་པོ་ལགས། །དགོན་པའི་ནགས་འདབས་དུར་ཁྲོད་ཆེན་པོ་ ན། །རབ་འཇིགས་མ་མོའི་ཚོགས་ཀྱིས་ཡོངས་བསྐོར་ཞིང༌། །ཞི་གནས་ལྷག་མཐོང་ཉི་ཟླའི་ རྒྱན་ཐོགས་པ། །ཁྱོད་ནི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཡིན། །ནད་གཏོང་གཤིན་རྗེའི་ ཚོགས་རྣམས་ཀུན་བཅོམ་སྟེ། །མདངས་འཕྲོག་སྲིན་པོ་ཀུན་ཀྱང་ཕྱག་འཚལ་བསྟོད། །ལོག་ འདྲེན་བགེགས་རྣམས་ཤིན་ཏུ་འདུལ་མཛད་པའི། །སེང་གེ་གླང་ཆེན་པགས་པ་གོས་སུ་གྱོན། ། ལྷ་ཡུལ་གྲོང་ཁྱེར་ནགས་འདབས་ཐམས་ཅད་དུ། །ལྷ་དམག་དཀར་པོ་འབུམ་གྱི་དབུགས་ འབྱིན་པ། །ཉོན་མོངས་གཡུལ་ལས་ལྷ་ཆེན་རྒྱལ་བའི་རྟགས། །ཁ་ཊྭཱཾ་མི་མགོས་བརྒྱན་པ་ ཕྱག་ན་བསྣམས། །བནྡྷ་ཐོད་པ་སྙིང་བཅས་སྙིང་ཞགས་ཅན། །དུག་སྡོང་ཧ་ལ་འབར་བ་ བསྣམས་པ་ནི། །ཐོད་པའི་ཁར་འཇོག་སྤྱན་མངའ་བརྩོན་པ་ཡིས། །གནོད་སྦྱིན་གཟི་བརྗིད་ 24-1-433 མདངས་ཀུན་འཕྲོག་པར་མཛད། །ཞེ་སྡང་རོ་ལངས་རྣམ་པར་འཇོམས་མཛད་པ། །ལྷ་མིན་ བདུད་དཔུང་གཡུལ་གྱིས་མཚམས་བཅད་ནས། །ལོག་འདྲེན་སྲིན་པོའི་མཐའ་ཡི་དགྲ་གནོན་ པ། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལྷ་ཡི་ལྷ་ཁྱོད་མེ་ལྷ་ཚོགས་བདག་ དང༌། །དྲག་པོ་ལ་སོགས་ལྷ་ཆེན་ཀུན་གྱིས་མཆོད། །ཕྱོགས་རྣམས་ཀུན་དང་གཞན་དུ་རྣམ་ པར་གྲགས། །སྨོན་ལམ་ཁྱད་པར་མང་པོས་ཐུགས་སྦྱངས་ནས། །སྒྱུ་མ་ལྟ་བུའི་རྣམ་པ་ཅིར་ ཡང་སྟོན། །ཕན་མཛད་སྨན་སྡོང་ལྗོན་པ་ཁྱོད་དྲུང་དུ། །ཉོན་མོངས་ཚ་བས་གདུངས་པ་བདག་ ལ་སོགས། །མགོན་དང་གཉེན་འཚལ་སྐྱབས་སུ་བྱོན་ནས་ཀྱང༌། །འཇིགས་མེད་རྒྱ་ཆེན་ དངོས་གྲུབ་སྩལ་དུ་གསོལ། ། ༈ ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་སྲོག་བདུད་མ་རུངས་པ། །མངོན་ཤེས་ རྫུ་འཕྲུལ་ཐབས་ཀྱི་གཙོ། །དྲག་པོའི་ཞལ་ལ་གཏུམ་པའི་སྐུ། །རྡོ་རྗེ་མཧཱ་ཀཱ་ལ་སྟེ། །ལྷ་ཆེན་ ལྕམ་དྲལ་སྤྱན་འདྲེན་གྱི། །གནས་འདིར་མཆོད་ཀྱི་གཤེགས་སུ་གསོལ། །སྲོག་གི་བཀའ་ སྡོད་མགོན་པོའི་སྐུ། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་ དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད། །གཏུམ་པོ་ཁྱོད་ལ་བདག་བསྟོད་ དོ། །མདོག་ནག་གཟུགས་ཆེན་བརྗིད་པ་ལ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །སྟེང་གི་ ལྷ་ཚོགས་དབང་དུ་བསྡུད། །ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་ མོས་རི་རབ་བསྒྱེལ། །དབང་ཕྱུག་ཆེ་ལ་བདག་བསྟོད་དོ། །གཡས་པ་དུག་སྡོང་བདུད་ཞགས་ བསྣམས། །གཡོན་པ་ཐོད་པ་སྙིང་བཅས་གསོལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པའི། ། དམ་ཚིག་ཅན་ལ་བདག་བསྟོད་དོ། །ལས་ཀྱི་སྲོག་བདུད་ཆེན་པོ་ནི། །བདུད་རྟ་ནག་པོ་རྟིང་ དཀར་ཆིབས། །སྐུ་ཆེ་ཡན་ལག་རགས་ཤིང་བརྗིད། །སྐུ་ལ་བེར་ནག་སྨུག་པོ་གསོལ། །སྤྱན་ དམར་ཞལ་གདངས་ལྗགས་འདྲིལ་ཞིང༌། །སག་ཏིའི་ལྷམ་ལ་པད་ཉིའི་གདན། །བསྐལ་པའི་ 24-1-434 མེ་དཔུང་ནང་ན་འགྱིང༌། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །ཧཱུཾ། འདས་དང་མ་བྱོན་ད་ ལྟར་གྱི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་ཞལ་བཞེས་པ། ། ནག་པོ་ཁྱོད་ནི་ཡིན་པ་སྟེ། །གང་ཞིག་དཀོན་མཆོག་གསུམ་པོ་དང༌། །བླ་མ་བརྙས་བྱེད་ སེམས་ཅན་འཚེ། །བདག་ལ་གནོད་བྱེད་དགྲ་དང་བགེགས། །ཐམས་ཅད་ཁྱོད་ཀྱིས་གཞོམ་ པ་དང༌། །བསྟན་པ་བསྲུང་བར་མཛད་དུ་གསོལ། །ནད་དང་གནོད་པ་ཞི་བ་དང༌། །ཚེ་དང་ བསོད་ནམས་འཕེལ་བ་དང༌། །ཐམས་ཅད་དབང་དུ་བསྡུད་པ་དང༌། །མི་མཐུན་ཕྱོགས་རྣམས་ གཞོམ་པ་ཡི། །འཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་སྒྲུབས། །རྒྱན་གྱི་གཏོར་མ་འདི་ལོང་ལ། ། བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྷྱོཿ ཁམས་གསུམ་དབང་སྡུད་ནག་མོ་རེ་མ་ཏཱི། ། སྨན་མོ་བརྗིད་པས་སྲིད་གསུམ་ཟིལ་གྱིས་གནོན། །སྐྱེ་འགྲོ་སྒྲོལ་མཛད་ཡུམ་ཆེན་ཀུན་གྱི་ ངང༌། །ནག་མོ་གཙོ་མོ་ཁྱོད་ལ་བསྟོད་པ་འབུལ། །སྟོང་གསུམ་དབང་སྡུད་བྷྱོཿཡི་སྒྲ་སྒྲོག་མ། ། ལྕགས་ཀྱི་རལ་པ་མང་པོ་སྤྲུལ་པར་སྤྲོ། །ལེ་བརྒན་ནད་(དར་?)ཀྱི་ཚོན་སྤྲིན་སྐུ་ལ་གསོལ། ། དགྲ་འདུལ་གཡུལ་བཟློག་མ་ལ་བསྟོད་པར་བགྱི། །དུས་བཞི་དབང་བྱེད་ནམ་ཟླའི་སྟངས་ འཛིན་མ། །ཟ་བྱེད་སྲོག་ལ་རོལ་བའི་མཆེ་བ་ཅན། །གཅན་གཟན་རྒྱལ་མོ་བཞི་ཞོན་འཇིགས་ པའི་གཟུགས། །ནམ་ཟླའི་དབང་བྱད་མ་ཁྱོད་གུས་པས་བསྟོད། །རང་བཞིན་དབྱིངས་ལས་ སྤྲུལ་པ་དཔག་མེད་སྟོན། །སྲིད་གསུམ་བདག་མོ་འཁོར་དང་བཅས་པ་རྣམས། །འདིར་བྱོན་ རྒྱན་གྱི་གཏོར་མ་འདི་བཞེས་ལ། །མིང་པོས་བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །བྷྱོཿ མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྲིང་གཅིག་མ། །དཔལ་ལྡན་གཉན་གྱི་རེ་མ་ ཏཱི། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །ལྷ་ཡི་གནས་ན་ལྷ་མོ་ནམ་གྲུ་མ། །ཀླུ་ཡི་གནས་ན་ ཀླུ་མོ་གློག་འགྱུ་མ། །སྲིན་པོའི་གནས་ན་སྲིན་མོ་ཤམ་ཤམ་མོ། །མི་ཡི་གནས་ན་བདུད་མོ་རེ་ མ་ཏཱི། །མི་ལ་བདུད་དུ་ཁྱོད་ལས་ཆེ་བ་མེད། །གནས་ནི་བྱར་ཤར་མཚམས་ན་གནས། །རྒྱུ་ 24-1-435 ནི་བར་སྣང་ཁམས་ན་རྒྱུ། །སྐྱེ་འགྲོ་ཡོངས་ཀྱི་དབུགས་འཆའ་མ། །རྐང་ལ་ལྕགས་ཀྱི་ལྷམ་ གྱོན་མ། །སྐུ་ལ་མཛེས་པའི་རེ་ལྡེ་གསོལ། །མི་མགོ་རྟ་མགོ་མཁར་དུ་བརྩིགས། །ཐོད་པ་ དགུ་བརྩེགས་གཞལ་ཡས་འདིར། །མ་གཅིག་ལྷ་མོ་སྤྱན་འདྲེན་ན། །དོ་ནུབ་ནམ་གྱི་གུང་སྟོད་ ལ། །མིང་པོ་རྡོ་རྗེས་ལས་འཆོལ་གྱིས། །སྲིང་མོ་དམ་ཅན་ལས་མཛོད་ལ། །བརྣག་པའི་ལས་ རྣམས་གྲུབ་པར་མཛོད། །བོས་པའི་ཚེ་ན་སྙན་མ་སྲ། །བསྒྲུབས་པའི་ཚེ་ན་ཟོར་མ་ལྕི། །སྦད་ པའི་ཚེ་ན་མཐུ་མ་ཆུང༌། །རྒྱན་གྱི་གཏོར་མ་འདི་ལོང་ལ། །བཅོལ་བའི་ལས་རྣམས་གྲུབ་པར་ མཛོད། །ཧཱུཾ། མོན་པ་ནག་པོ་བྱི་ལ་ཞོན། །གྲོང་ཁྱེར་གནས་ནས་གཤེགས་སུ་གསོལ། །རྒྱན་གྱི་ གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་པ་ནག་པོ་འབྲུག་ ལ་ཞོན། །བར་སྣང་ཁམས་ནས་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། ། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་པ་ནག་པོ་སྦྲུལ་ལ་ཞོན། །རི་བོའི་ཕུག་ནས་ གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་ མཛོད། །མོན་པ་ནག་པོ་གློག་ལ་ཞོན། །ནམ་མཁའི་མཐོང་ནས་གཤེགས་སུ་གསོལ། །རྒྱན་ གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་པ་ནག་པོ་ སྟག་ལ་ཞོན། །ནགས་ཚལ་མཐོང་ནས་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་བཞེས་ ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་པ་ནག་པོ་ཁྱུང་ལ་ཞོན། །རི་རབ་རྩེ་ ནས་གཤེགས་སུ་གསོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་ པར་མཛོད། །མོན་པ་ནག་པོ་རླུང་ལ་ཞོན། ལྗོངས་ཀྱི་ཡུལ་ནས་གཤེགས་སུ་གསོལ། །རྒྱན་ གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མགོན་པོ་ནག་པོའི་ བཀའ་འཁོར་ནས། །དུར་ཁྲོད་མ་མོ་ལས་བྱེད་པ། །མོན་མོ་ནག་མོ་གསེར་མིག་མ། །གསེར་ གྱི་རལ་པ་ཐང་ལ་བྱོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་ 24-1-436 པར་མཛོད། །མོན་མོ་ནག་མོ་ཤེལ་མིག་མ། །ཤེལ་གྱི་རལ་པ་ཐང་ལ་བྱོལ། །རྒྱན་གྱི་གཏོར་ མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་མོ་ནག་མོ་ཟངས་མིག་ མ། །ཟངས་ཀྱི་རལ་པ་ཐང་ལ་བྱོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ ལས་གྲུབ་པར་མཛོད། །མོན་མོ་ནག་མོ་གཡུ་མིག་མ། །གཡུ་ཡི་རལ་པ་ཐང་ལ་བྱོལ། །རྒྱན་ གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་མོ་ནག་མོ་ དངུལ་མིག་མ། །དངུལ་གྱི་རལ་པ་ཐང་ལ་བྱོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་ བའི་འཕྲིན་ལས་གྲུབ་པར་མཛོད། །མོན་མོ་ནག་མོ་ལྕགས་མིག་མ། །ལྕགས་ཀྱི་རལ་པ་ཐང་ ལ་བྱོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །མོན་ མོ་ནག་མོ་བསེ་མིག་མ། །བསེ་ཡི་རལ་པ་ཐང་ལ་བྱོལ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། ། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །བྷྱོཿ སྤྲུལ་པའི་ཁྱི་མོ་ཤེལ་མིག་མ། །ལས་ཀུན་ སྒྲུབ་པའི་མཐུ་མོ་ཆེ། །ཚུར་བྱོན་ཚུར་བྱོན་མཆོད་གཏོར་བཞེས། །བདག་གི་འདོད་དོན་འགྲུབ་ པར་མཛོད། །སྤྲུལ་པའི་ཤྭ་ན་གསེར་མིག་མ། །མ་རུངས་པ་རྣམས་མྱོས་མཛད་མ། །ཚུར་བྱོན་ ཚུར་བྱོན་མཆོད་གཏོར་བཞེས། །བདག་གི་འདོད་དོན་འགྲུབ་པར་མཛོད། །སྤྲུལ་པའི་ཤྭ་ན་ དངུལ་མིག་མ། །གདུག་པ་ཅན་ཀུན་འགུགས་བྱེད་མ། །ཚུར་བྱོན་ཚུར་བྱོན་མཆོད་གཏོར་ བཞེས། །བདག་གི་འདོད་དོན་འགྲུབ་པར་མཛོད། །སྤྲུལ་པའི་ཤྭ་ན་ཟངས་མིག་མ། །དགྲ་བོ་ ཀུན་གྱི་སྲོག་གི་གཤེད། །ཚུར་བྱོན་ཚུར་བྱོན་མཆོད་གཏོར་བཞེས། །བདག་གི་འདོད་དོན་ འགྲུབ་པར་མཛོད། །སྤྲུལ་པའི་ཤྭ་ན་གཡུ་མིག་མ། སྣང་སྲིད་ཀུན་ལ་དབང་སྒྱུར་མ། །ཚུར་ བྱོན་ཚུར་བྱོན་མཆོད་གཏོར་བཞེས། །བདག་གི་འདོད་དོན་འགྲུབ་པར་མཛོད། །སྤྲུལ་པའི་ཤྭ་ ན་མཁར་མིག་མ། །སྡེ་བརྒྱད་སྲིན་པོ་སྐུལ་བྱེད་མ། །ཚུར་བྱོན་ཚུར་བྱོན་མཆོད་གཏོར་བཞེས། ། བདག་གི་འདོད་དོན་འགྲུབ་པར་མཛོད། །སྤྲུལ་པའི་ཤྭ་ན་ལྕགས་མིག་མ། །དགྲ་བགེགས་ 24-1-437 འཇོམས་པའི་དབང་མོ་ཆེ། །ཚུར་བྱོན་ཚུར་བྱོན་མཆོད་གཏོར་བཞེས། །བདག་གི་འདོད་ དོན་འགྲུབ་པར་མཛོད། །ཧཱུཾ། འཇིགས་བྱེད་བདུད་པོ་སེང་གེའི་གདོང༌། །ཕྱག་ན་ཁྲམ་ཤིང་ ནད་རྐྱལ་འཛིན། །པྲ་མ་རཱ་ཛ་སྲོག་གི་བདག །མཆོད་གཏོར་འདི་བཞེས་འཕྲིན་ལས་སྒྲུབས། ། འཇིགས་བྱེད་བདུད་པོ་སེང་གེའི་གདོང༌། །ཕྱག་ན་ཁྲམ་ཤིང་ནད་རྐྱལ་འཛིན། །ཤུ་ལ་རཱ་ཛ་ སྲོག་གི་བདག །མཆོད་གཏོར་འདི་བཞེས་འཕྲིན་ལས་སྒྲུབས། །འཇིགས་བྱེད་བདུད་པོ་སེང་ གེའི་གདོང༌། །ཕྱག་ན་ཁྲམ་ཤིང་ནད་རྐྱལ་འཛིན། །དུ་ཏྲི་རཱ་ཛ་སྲོག་གི་བདག །མཆོད་གཏོར་ འདི་བཞེས་འཕྲིན་ལས་སྒྲུབས། །བསྟོད་པའི་སྐོར་ཆ་ཚང་བ་ཙམ་མོ། ། བསྐུལ་གྱི་སྐབས་མདོར་བསྡུས་པ་ལ། གཙོ་བོ་ལྕམ་དྲལ་ལ་འདས་དང་མ་བྱོན་སོགས་བསྟོད་པའི་ཞོར་ལ་བྱུང་བ་ དེ་ཙམ་གྱིས་ཆོག་པར་མཛད། བསྐུལ་བྱེད་པའི་ཡུལ་འཁོར་རྣམས་གལ་ཆེ་བས་འཁོར་ལ་སྒོས་སུ་སྐུལ་རེ་བྱེད་དེ། ཧཱུཾ། སྲོག་ བདུད་ནག་པོ་ཆེན་པོ་ཡི། །བཀའ་ཉན་སྒྲོལ་བྱེད་ཁྱི་མོ་བདུན། །ཁྱི་མོ་ནག་མོ་ཤེས་རབ་ གསལ། །ཁྲོ་ཆུའི་ཞལ་ལ་རྡོ་རྗེ་སྐུ། །རི་རབ་བསྐོར་ཞིང་རྫུ་འཕྲུལ་འགྱེད། །ལྷང་ལྷང་ངུ་ཞིང་ དུར་ཁྲོད་ཉུལ། །སྡིག་ཅན་སྒྲོལ་བའི་མཐུ་མོ་ཆེ། །བདུད་ཀྱི་བུ་མོ་ལས་ལ་ཡཱ། །ཁྱི་མོ་ནག་མོ་ གསེར་མིག་མ། །ཁྱི་མོ་ནག་མོ་དངུལ་མིག་མ། །ཁྱི་མོ་ནག་མོ་ཟངས་མིག་མ། །ཁྱི་མོ་ནག་ མོ་མཁར་མིག་མ། །ཁྱི་མོ་ནག་མོ་གཡུ་མིག་མ། །ཁྱི་མོ་ནག་མོ་འཆོང་མིག་མ། །བདུད་ཀྱི་བུ་ མོ་ཁྱེད་དྲུག་ཀྱང༌། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཉམས་པའི་དགྲ་བགེགས་སྒྲོལ་ལ་ ཤོག །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས། །བཅོལ་ བའི་ལས་རྣམས་སྒྲུབས་པར་མཛོད། །སྲོག་བདུད་ནག་པོ་ཆེན་པོ་ཡི། །བཀའ་ཉན་སྒྲོལ་བྱེད་ མོན་པ་བདུན། །མོན་པ་ནག་པོ་བྱི་ལ་ཞོན། །མོན་པ་ནག་པོ་འབྲུག་ལ་ཞོན། །མོན་པ་ནག་པོ་ སྦྲུལ་ལ་ཞོན། །མོན་པ་ནག་པོ་གློག་ལ་ཞོན། །མོན་པ་ནག་པོ་སྟག་ལ་ཞོན། །མོན་པ་ནག་པོ་ ཁྱུང་ལ་ཞོན། །མོན་པ་ནག་པོ་རླུང་ལ་ཞོན། །བདུད་ཀྱི་བཤན་པ་ཁྱེད་བདུན་ཡང༌། །ཤ་ཁྲག་ 24-1-438 གཏོར་མ་འདི་བཞེས་ལ། །ཉམས་པའི་དགྲ་བགེགས་སྒྲོལ་ལ་ཤོག །བསད་རྟགས་དོན་སྙིང་ ཁྱེར་ལ་ཤོག །བར་ཆད་སོལ་ལ་མཐུན་རྐྱེན་སྒྲུབས། །བཅོལ་བའི་ལས་རྣམས་སྒྲུབས་པར་ མཛོད། །སྲོག་བདུད་ནག་པོ་ཆེན་པོ་ཡི། །བཀའ་ཉན་སྒྲོལ་བྱེད་མ་མོ་བདུན། །མོན་མོ་ནག་ མོ་ཤེལ་མིག་མ། །མོན་མོ་ནག་མོ་གསེར་མིག་མ། །མོན་མོ་ནག་མོ་ཟངས་མ། །མོན་མོ་ནག་ མོ་གཡུ་མ། །མོན་མོ་ནག་མོ་དངུལ་མ། །མོན་མོ་ནག་མོ་ལྕགས་མ། །མོན་མོ་ནག་མོ་བསེ་ མ། །མོན་མོ་ཆེན་མོ་ཁྱོད་བདུན་ཡང༌། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཉམས་པའི་དགྲ་ བགེགས་སྒྲོལ་ལ་ཤོག །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །བར་ཆད་སོལ་ལ་མཐུན་རྐྱེན་ སྒྲུབས། །བཅོལ་བའི་ལས་རྣམས་སྒྲུབས་པར་མཛོད། ། བསྐུལ་ཅུང་ཟད་རྒྱས་པ་ནི། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་སྲོག་བདུད་མ་ རུངས་པ། །རྡོ་རྗེ་འཆང་གི་སྤྲུལ་པ་སྟེ། །མངོན་ཤེས་རྫུ་འཕྲུལ་བྱིན་རླབས་ཀྱི། །བདུད་པོ་ ལེགས་ལྡན་མཐུ་རྩལ་ཅན། །བྱང་ཤར་མཚམས་ན་བཞུགས་པ་ནི། །ཐོད་པ་འབར་བའི་སྐུ་ མཁར་ཏེ། །ཞེ་སྡང་བདུད་ཀྱི་རྒྱལ་པོའི་མཁར། །ལོགས་གཅིག་མི་ཡི་ཐོད་པས་བརྩིགས། ། ལོགས་གཅིག་རྟ་ཡི་ཐོད་པས་བརྩིགས། །ལོགས་གཅིག་སྤྲེའུའི་ཐོད་པས་བརྩིགས། ། ལོགས་གཅིག་ལུག་གི་ཐོད་པས་བརྩིགས། །རིན་ཆེན་གསེར་གྱི་སྒོ་བཙུགས་ཏེ། །མཐིང་ ཟངས་གཡུ་ཡི་སྐས་ཀྱང་བཙུགས། །ཟུར་བཞི་རིན་ཆེན་ལྕགས་ལས་བྱས། །ཟངས་ལྕགས་ སྒོ་ལ་ཁྲག་གི་བད། །མི་རོ་རྟ་རོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་རུ་བསྐྱིལ། །མི་ ལྤགས་རྟ་ལྤགས་ཡོལ་བས་བྲེས། །མི་རྟའི་གསུར་ཆེན་ཐུ་ལུ་ལུ། །མི་ཐོད་གད་མོ་ཡལ་ལ་ ལ། །རྟ་ཐོད་རྟ་སྐད་ཙེ་རེ་རེ། །མི་རྐང་གླིང་བུ་ཅོངས་སེ་ཅོངས། །སྐུ་མཁར་དེ་ཡི་ནང་ཤེད་ ན། །བདུད་ཀྱི་རྒྱལ་པོ་བཞུགས་པ་ནི། །རྔམ་པའི་ཞལ་ལ་གཏུམ་པའི་སྐུ། །སྐུ་ལ་དར་ནག་ རལ་ཀ་གསོལ། །ཕྱག་གཡས་དུག་སྡོང་བདུད་ཞགས་བསྣམས། །དགྲ་བོའི་སྙིང་དང་སྐེ་ལ་ 24-1-439 འདེབས། །གཡོན་པ་དམ་ཉམས་ཐོད་སྙིང་དང༌། །བདུད་ཀྱི་ཁྲམ་བམ་ནག་པོ་འཛིན། །རལ་ པ་ཁབ་ནག་གྱེན་དུ་བརྫེས། །སྦྲུལ་དང་ཉི་ཟླ་ཐོད་པས་བརྒྱན། །སྤྱན་ཟློག་ལྗགས་འགྲིལ་ མཆེ་བ་གཙིགས། །ཞལ་ནས་མེ་འབར་ལྷབས་སེ་ལྷབ། །ཤངས་ནས་དྲག་པོའི་རླུང་ནག་ འཚུབ། །བྲ་ནག་རྟིང་དཀར་ཆིབས་སུ་ཆིབས། །ལྷ་མོ་གཉན་དང་གཉིས་མེད་རོལ། །གསེར་ སྐ་རིན་ཆེན་སྐེད་ལ་བཅིངས། །སག་ཏི་ཡུ་རིང་ཞབས་ལ་གསོལ། །བསྐལ་པའི་མེ་ལྟར་གཟི་ བརྗིད་འབར། །དུག་གི་ངན་སྐྱུགས་དགྲ་ལ་གཏོང༌། །ཚེ་དང་སྲོག་ལ་མངའ་མཛད་པ། །སྒྱུ་ མ་མི་མགོའི་དོ་ཤལ་ཅན། །དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །དམ་ཉམས་ཀུན་གྱི་རྩ་ བརྒྱུད་ཆོད། །མནའ་ཟན་ཀུན་གྱི་སྲོག་དབུགས་ལོང༌། །སྲོག་སྡུད་ཆེན་པོ་མ་རུངས་པ། །ལན་ འགའ་དྲག་ཏུ་བསྐུལ་བའི་ཚེ། །སྲིན་པོའི་དམག་ཚོགས་ཉེ་རེ་རེ། །ཡུན་གྱི་མགོན་པོར་ཁྱོད་ བསྟེན་ནོ། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྔོན་གྱི་དམ་ཚིག་རྗེས་དགོངས་ཏེ། །ཡིད་ ལ་རེ་བ་བསྐོང་བ་དང༌། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུཾ། ལྷ་མོ་གཉན་དང་ གཉིས་མེད་པའི། །བྱང་ཤར་མཚམས་ཀྱི་དཔལ་ལྷ་མོ། །འདོད་ཁམས་ཀུན་གྱི་དབང་ཕྱུག་ མ། །ནད་ཀྱི་བདག་ལ་རིམས་ཀྱི་རྐྱེན། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །རྒྱ་མཚོའི་ གློང་ནས་མེ་འབར་མ། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ ཕྱིར། །ལྷ་ཆེན་སྐུ་ལ་འཚམས་པར་བཞུགས། །མཧཱ་ཀཱ་ལའི་སྐུ་ལ་འཁྲིལ། །བཀའ་བློན་ཆེན་ མོ་དགྲ་འདུལ་མ། །མཁའ་འགྲོ་འབུམ་གྱི་བདག་མོ་སྟེ། །མ་མོ་འབུམ་གྱི་གཙོ་མོ་ཁྱོད། །ཤ་ ཟ་འབུམ་གྱི་རྒྱལ་མོ་ལགས། །གླིང་བཞི་འབུམ་གྱི་ཤ་ཟ་མོ། །སྲིན་པོ་འབུམ་གྱི་ཁྲག་འཐུང་ མ། །སེམས་ཅན་འབུམ་གྱི་སྲོག་གཅོད་མ། །དམ་ཉམས་ཀུན་གྱི་བཤན་པ་སྟེ། །མནའ་ཟན་ རྣམས་ཀྱི་གཤེད་མ་ལགས། །སྡིག་ཅན་རྣམས་ཀྱི་སྲོག་གཅོད་མ། །ཟས་སུ་ཤ་དང་ཁྲག་ལ་ དགའ། །ལས་སུ་གསོད་དང་གཅོད་ལ་མཁས། །བང་ནི་གློག་གིས་བསྐྱོད་དུ་མེད། །ལག་ན་ 24-1-440 ནད་ཀྱི་རྐྱལ་པ་ཐོགས། །ལན་འགའ་དྲག་ཏུ་བསྐུལ་བ་ན། །མཁའ་འགྲོ་མང་པོའི་སྣ་ལ་འགྲོ། ། ཟས་སུ་མི་ཤ་རྟ་ཤ་ཟ། །སྐོམ་དུ་མི་ཁྲག་རྟ་ཁྲག་འཐུང༌། །ཁྱོད་ཀྱི་ལོངས་སྤྱོད་དེར་བསྐོས་སོ། ། དགྲ་བོའི་སྲོག་གཅོད་སྙིང་རྩ་གཏུབས། །སྔགས་འཆང་བདག་གིས་ཕུལ་བ་ཡི། །ཤ་ཁྲག་ དམར་གྱི་གཏོར་མ་དང༌། །དམ་རྫས་བདུད་རྩི་འདི་བཞེས་ལ། །དགྲ་བོའི་རིགས་རྒྱུད་རྩད་ ནས་ཆོད། །བཅོལ་བའི་ལས་རྣམས་མཐུ་མ་ཆུང༌། །དགྲ་བོ་མཱ་ར་ཡ་བྷྱོཿ །བྷྱོཿལྷ་ཆེན་མཧཱ་ཀཱ་ ལ་དང༌། །ལྷ་མོ་ཉིད་ཀྱི་བྱིན་རླབས་ལས། །བཀའ་མཉན་མོན་མོ་ནག་མོ་བདུན། །དགྲ་བོ་ ཆམ་ལ་དབབ་པའི་དུས་ལ་བབ། །མོན་མོ་ནག་མོ་རྐང་འཆའ་མ། །དགྲ་རྐང་ཟ་བའི་མཐུ་མོ་ ཆེ། །ཡན་ལག་འཆའ་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་དཔུང་ཆོམ། །མོན་མོ་ནག་ མོ་ཤ་ཟ་མ། །མཾ་ས་ཟ་བའི་མཐུ་མོ་ཆེ། །དགྲ་ཤ་ཟ་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་ ཤ་གཏུབས། །མོན་མོ་ནག་མོ་ཁྲག་འཐུང་མ། །མི་ཁྲག་འཐུང་བའི་མཐུ་མོ་ཆེ། །དགྲ་ཁྲག་ འཐུང་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་ཁྲག་འཐུང་། །མོན་མོ་ནག་མོ་སྙིང་འབྱིན་ མ། །དགྲ་སྙིང་འབྱིན་པའི་མཐུ་མོ་ཆེ། །ཙིཏྟ་རློག་པའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་ སྙིང་ཐོན། །མོན་མོ་ནག་མོ་དབུགས་འཕྲོག་མ། །སྲོག་དབུགས་འཕྲོག་པའི་མཐུ་མོ་ཆེ། །ལུས་ སྲོག་འཕྲལ་བའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་སྲོག་དབུགས་ཕྲོལ། །མོན་མོ་ནག་མོ་བླ་ ལེན་མ། །ཚེ་སྲོག་འཕྲེལ་བའི་མཐུ་མོ་ཆེ། །དགྲ་ཚེ་འགུགས་པའི་དུས་བབ། །སྒྲོལ་ཅིག་མྱུར་ དུ་བླ་ཚེ་ཕྲོལ། །མོན་མོ་ནག་མོ་སྲོག་གཅོད་མ། །སྲོག་རྩ་གཅོད་པའི་མཐུ་མོ་ཆེ། །དགྲ་སྲོག་ གཅོད་པའི་དུས་ལ་བབ། །སྒྲོལ་ཅིག་མྱུར་དུ་དགྲ་སྲོག་ཆོད། །བརྡ་ནི་མི་འཕྲོད་ལྷོ་མལ་མོན། ། མོན་ཆས་མང་པོ་ཝ་ལ་ལ། །མོན་མོ་རྣ་ཆ་ཝངས་སེ་ཝངས། །མོན་མོ་སྒྲ་འགག་དི་རི་རི། །དྲི་ ནི་མོན་དུགས་ཆི་ལི་ལི། །བཅོལ་བའི་ལས་ལ་རྟགས་ཕྱུང་ཞིག །ཧཱུཾ་བྷྱོཿཁྱི་མོ་ནག་མོ་གསེར་ མིག་མ། །མཁའ་ལ་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ཁུག །མྱོས་སུ་ཆུག་ལ་དགྲ་ 24-1-441 སྙིང་ཕྱུང༌། །ཁྱི་མོ་ནག་མོ་གཡུ་མིག་མ། །བར་སྣང་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ ཕྲོལ། །བླ་རྣམས་ཁུག་ལ་གྲུག་ལྟར་བསྒོངས། །ཁྱི་མོ་ནག་མོ་ཟངས་མིག་མ། །དུར་ཁྲོད་རྒྱུག་ པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ཟུངས། །སྲོག་གཤེད་བསྐུལ་ལ་གསོད་དུ་ཆུག །ཁྱི་མོ་ ནག་མོ་དུང་མིག་མ། །རྩིབས་ལ་རྒྱུག་པའི་མཐུ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་ཆིངས། །སྣང་ སྲིད་བསྐུལ་ལ་དབང་པོ་སྡོམས། །ཁྱི་མོ་ནག་མོ་མཁར་མིག་མ། །ཆུ་ལ་རྒྱུག་པའི་མཐུ་མོ་ཆེ། ། མྱུར་དུ་རྒྱུག་ལ་བླ་ཚེ་གཟིར། །ཆུ་སྲིན་བསྐུལ་ལ་སྲུབས་སུ་ཆུག །ཁྱི་མོ་ནག་མོ་ལྕགས་མིག་ མ། །རླུང་ལ་རྒྱུག་པའི་རྩལ་མོ་ཆེ། །མྱུར་དུ་རྒྱུག་ལ་བླ་ཚེ་སྒྲོལ། །སྙིང་ཕྱུང་སྲོག་ཆོད་དབུགས་ ཀྱང་རྔུབ། །ཤིན་ཏུ་གསང་བའི་ཤྭ་ན་མོ། །ལས་ཀུན་བྱེད་པའི་ཡ་མཚན་ཅན། །དགྲ་བགེགས་ མ་ལུས་ད་ཆོམ་ལ། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །ཧཱུཾ། མོན་པ་ནག་པོ་རྫུ་འཕྲུལ་ ཅན། །བྱི་ལ་ཞོན་ནས་ཕྱོགས་ཀུན་ཉུལ། །སྡང་བའི་དགྲ་ལ་སྨྱོ་འབོག་ཐོང༌། །ལྷ་བདུད་མོན་ པའི་དུས་ལ་བབ། །མོན་པ་ནག་པོ་རྫུ་འཕྲུལ་ཅན། །འབྲུག་ལ་ཞོན་ནས་ཕྱོགས་ཀུན་ཉུལ། ། དགྲ་བོའི་བླ་ཚེ་ད་ཁུག་ཅིག །གནོད་སྦྱིན་མོན་པའི་དུས་ལ་བབ། །མོན་པ་ནག་པོ་རྫུ་འཕྲུལ་ ཅན། །སྦྲུལ་ལ་ཞོན་ནས་ཕྱོགས་ཀུན་ཉུལ། །སྡང་དགྲ་མྱོས་ཤིང་བརྒྱལ་བར་མཛོད། །ཀླུ་ བདུད་མོན་པའི་དུས་ལ་བབ། །མོན་པ་ནག་པོ་རྫུ་འཕྲུལ་ཅན། །གློག་ལ་ཞོན་ནས་ཕྱོགས་ ཀུན་ཉུལ། །དགྲ་རྣམས་ལྐུགས་ཤིང་ནད་ཀྱིས་ཐོབ། །གཟའ་བདུད་མོན་པའི་དུས་ལ་བབ། ། མོན་པ་ནག་པོ་རྫུ་འཕྲུལ་ཅན། །སྟག་ལ་ཞོན་ནས་ཕྱོགས་ཀུན་ཉུལ། །དགྲ་ལ་ཕུང་གོད་སྣ་ དགུ་ཕོབ། །སྲིན་པོ་མོན་པའི་དུས་ལ་བབ། །མོན་པ་ནག་པོ་རྫུ་འཕྲུལ་ཅན། །ཁྱུང་ལ་ཞོན་ ནས་ཕྱོགས་ཀུན་ཉུལ། །དགྲ་རྣམས་ཆིངས་ཞིག་ཁྲམ་ལ་ཐོབ། །བདུད་ནག་མོན་པའི་དུས་ བབ། །མོན་པ་ནག་པོ་རྫུ་འཕྲུལ་ཅན། །རླུང་ལ་ཞོན་ནས་ཕྱོགས་ཀུན་ཉུལ། །དགྲ་བགེགས་ སྲོག་ཆོད་རྡུལ་དུ་རློགས། །གཤིན་རྗེ་མོན་པའི་དུས་ལ་བབ། །ཧཱུཾ། མོན་པ་དཀར་པོ་སེང་གེའི་ 24-1-442 མགོ ། །ཐེ་རང་རྒྱལ་པོ་ལས་ལ་འཁོལ། །བགེགས་ཀུན་འཇོམས་པའི་ཆོ་འཕྲུལ་ཅན། །སྐུ་ ཡིས་ལས་བྱེད་དུས་ལ་བབ། །མོན་པ་དམར་པོ་སེང་གེའི་མགོ །སྨུ་བཙན་ས་བདག་ལས་ལ་ འགྱེད། །སྲིན་ཅན་འདུལ་བའི་དྲག་ཤུལ་ཅན། །གསུང་གི་ལས་བྱེད་དུས་ལ་བབ། །མོན་པ་ ནག་པོ་སེང་གེའི་མགོ །གཤིན་རྗེ་གཟའ་བདུད་ལས་ལ་འཁོལ། །དགྲ་ཀུན་གསོད་པའི་རྫུ་ འཕྲུལ་ཅན། །ཐུགས་ཀྱི་ལས་བྱེད་དུས་ལ་བབ། །ལེགས་ལྡན་ཡབ་ཡུམ་དྲག་ཤུལ་ཅན། །ལྷ་ སྲིན་ཀུན་གྱི་རྒྱལ་པོ་སྟེ། །ལས་མཁན་ཕོ་མོ་ཁྱེད་རྣམས་ཀྱང༌། །སྔོན་གྱི་དམ་ལས་མ་འདའ་ བར། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །བཅོལ་ བའི་འཕྲིན་ལས་སྒྲུབ་པར་མཛོད། ། དེ་ནས་མངའ་གསོལ་ནི། ཧཱུཾ། དུར་ཁྲོད་གསང་བའི་གནས་ཆེན་འདིར། །མགོན་པོ་ཡབ་ཡུམ་ མཆོད་པའི་རྫས། །དམ་རྫས་གཏོར་མ་རི་ལྟར་སྤུངས། །སྨན་རཀ་བདུད་རྩིའི་རྒྱ་མཚོར་ བསྐྱིལ། །སྣ་ཚོགས་རོལ་མོ་འབྲུག་ལྟར་ལྡིར། །རྒྱ་སྤོས་གསུར་ཆེན་དྲི་ངད་ལྡན། །ཞུན་ཆེན་ མར་མེ་སྐར་ལྟར་བཀྲམ། །དར་ནག་རུ་མཚོན་བ་དན་འཕྱར། །དམ་རྫས་སྙིང་སྣ་རྫས་ལྟར་ ལྷགས། །ཤ་རུས་མང་པོ་རི་ལྟར་སྤུངས། །བྱ་ནག་མང་པོའི་འཕུར་ཞིང་ལྡིང༌། །མི་ནག་འགྱིང་ པོ་རྔམ་པའི་གཟུགས། །རྟ་ནག་རྟིང་དཀར་རླུང་ལྟར་འཕྱོ། །གཡག་ནག་ཞོལ་ཆེན་སྤྲིན་ལྟར་ གཏིབས། །ལུག་ནག་ལྕགས་རུ་རྒྱན་དང་ལྡན། །ཁྱི་ནག་སྙིང་དཀར་དོམ་ལྟར་ངར། །ཙ་ར་རོག་ པོ་བརྗིད་པ་དང༌། །གཅན་གཟན་མང་པོ་འདུར་ཞིང་རྒྱུག །འདོད་ཡོན་སྤྲིན་ལྟར་གཏིབས་པ་ འདིས། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །མཧཱ་ཀཱ་ལ་མངའ་གསོལ་ལོ། །ལེགས་ ལྡན་ནག་པོ་མངའ་གསོལ་ལོ། །ལྷ་ཆེན་དཔལ་འབར་མངའ་གསོལ་ལོ། །སྲོག་བདུད་ཆེན་པོ་ མངའ་གསོལ་ལོ། །ནག་པོ་ཆེན་པོ་མངའ་གསོལ་ལོ། །བཤན་པ་ཆེན་པོར་མངའ་གསོལ་ལོ། ། ལིང་པ་ཆེན་པོར་མངའ་གསོལ་ལོ། །བདུད་རྒྱལ་ཐོད་འཕྲེང་མངའ་གསོལ་ལོ། །དྲཀྴད་ནག་ 24-1-443 པོ་མངའ་གསོལ་ལོ། །རྣལ་འབྱོར་དགྲ་ལྷ་མངའ་གསོལ་ལོ། །ད་ཉམས་སྲོག་གཅོད་མངའ་ གསོལ་ལོ། །དཔལ་ལྡན་ལྷ་མོ་མངའ་གསོལ་ལོ། །འདོད་ཁམས་གཙོ་མོ་མངའ་གསོལ་ལོ། ། བདུད་ཀྱི་ཡུམ་ཅིག་མངའ་གསོལ་ལོ། །གཤིན་རྗེའི་ལྕམ་གཅིག་མངའ་གསོལ་ལོ། །མོན་ པ་ཕོ་བདུན་མངའ་གསོལ་ལོ། །མོན་མོ་མ་བདུན་མངའ་གསོལ་ལོ། །ཕྱག་བརྙན་སྤྲུལ་པ་ མངའ་གསོལ་ལོ། །ཕོ་ཉ་ལས་མཁན་མངའ་གསོལ་ལོ། །བདུད་དམག་བྱེ་བ་མངའ་གསོལ་ ལོ། །བདུད་མགོན་འཁོར་བཅས་མངའ་གསོལ་ལོ། །ཆོས་སྐྱོང་འཁོར་བཅས་མངའ་གསོལ་ ལོ། །དེ་ལྟར་གསོལ་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཕྱི་ ནང་བར་ཆད་ཞི་བ་དང༌། །ཚེ་དང་བསོད་ནམས་རྒྱས་པར་སྤེལ། །ལྷ་འདྲེ་མི་གསུམ་དབང་ དུ་བསྡུས། །བསྟན་པ་བཤིག་པའི་དགྲ་བོ་སྒྲོལ། །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབས། ། བཅོལ་བའི་འཕྲིན་ལས་སྒྲུབ་པར་མཛོད། །ཧཱུཾ། ལྟ་བ་མཁའ་ལྟར་ཡངས་པས་མངའ་གསོལ་ ལོ། །སྤྱོད་པ་ནོངས་འཁྲུལ་མེད་པས་མངའ་གསོལ་ལོ། །སྒོམ་པ་ལྟེང་འགྲུས་མེད་པས་མངའ་ གསོལ་ལོ། །དམ་ཚིག་ཚུལ་བཞིན་བསྲུང་བས་མངའ་གསོལ་ལོ། །ཕྱག་རྒྱ་ཏིང་འཛིན་བརྟན་ པོས་མངའ་གསོལ་ལོ། །བཟླས་བརྗོད་མ་ཡེངས་ཚང་བས་མངའ་གསོལ་ལོ། །དཀོན་མཆོག་ གསུམ་གྱི་བདེན་པས་མངའ་གསོལ་ལོ། །འཁོར་འདས་བཀྲག་མདངས་བཅུད་ཀྱིས་མངའ་ གསོལ་ལོ། །སྡེ་བརྒྱད་མཁའ་འགྲོའི་ཚོགས་ཀྱིས་མངའ་གསོལ་ལོ། །སྲིད་གསུམ་བདག་ པོ་ཆེན་པོར་མངའ་གསོལ་ལོ། །རྣལ་འབྱོར་བདག་གི་དགྲ་ལྷར་མངའ་གསོལ་ལོ། །བསྟན་ སྲུང་ཀུན་གྱི་རྒྱལ་པོར་མངའ་གསོལ་ལོ། །ཆོས་འཁོར་ཡོངས་ཀྱི་སྲུང་མར་མངའ་གསོལ་ལོ། ། བདུད་འདུལ་དམག་དཔོན་ཆེན་པོར་མངའ་གསོལ་ལོ། །བཀྲ་ཤིས་མཐུ་སྟོབས་དབང་པོར་ མངའ་གསོལ་ལོ། །ཕྱོགས་ལས་རྣམ་པར་རྒྱལ་བར་མངའ་གསོལ་ལོ། །ཞེས་གྱེར་རོ། ། བཤགས་པའི་རྗེས་ལ་བསྐུལ་རྣམས་གྱེར། དེའི་རྗེས་སུ་དངོས་སུ་ཡང་གཟུགས་འགྲོས་དང༌། ན་བཟའ་དང༌། གོ་མཚོན་ 24-1-444 སོགས་བསྟར་ནས་བཞག དམིགས་པ་དང་བཟླས་པ་ཅུང་ཟད་བྱས་ནས་ཡིད་ཀྱིས་འཁོར་མང་པོར་སྤྲུལ། མཆོད་པ་མཐའ་ཡས་ པ་སྤེལ། མངའ་གསོལ་གྱེར་བར་བྱའོ། ། ཞེས་པ་བསྟོད་བསྐུལ་མངའ་གསོལ་དང་བཅས་པའི་ཚོགས་མང་པོ་ལས་སྙིང་པོ་འཁྱེར་བདེ་བར་བྱས་པ་འདི་ཡང༌། ས་ སྐྱོང་མིའི་དབང་པོ་ཀུན་དགའ་རབ་བརྟན་གྱི་ཐུགས་དམ་དུ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྲིགས་པའོ།། །།གཅིག་ཞུས། མངྒ་ ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༥༡ ཡིན།) 24-1-445 ༄༅། །ཁྲི་དཔོན་ཀུན་དགའ་གྲགས་པ་ཞེས་བྱ་བ་ལ་ ཉེ་བར་གདམས་པ་བཞུགས། ༄༅། །(དབུ་ནས་ལྡེབ་༡ཆད།)་པས་ཆོས་ནི་འཚོལ་བར་བྱེད། །གང་ལས་འཚོལ་བའི་བཤེས་ གཉེན་ཡང༌། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། ། ཐེག་པ་ཆེན་པོའི་དོན་ལ་མཁས། །ཆོས་ལྟར་བཅོས་པའི་བྱ་བ་དང༌། །ཚེ་འདིར་གཙོ་བོར་ བྱེད་མིན་ལ། །ཚུལ་འཆོས་མེད་ཅིང་འདོད་ཆུང་བ། །དེ་འདྲ་གང་ཡིན་བསྟེན་པར་བྱ། །ཕྱག་ འཚལ་ལ་སོགས་ལུས་ཀྱི་ལས། །སྤྱོད་པ་ཤིན་ཏུ་དག་པར་བྱ། །སྙན་པར་སྨྲ་དང་དེ་ཡི་ནི། ། ཡོན་ཏན་བརྗོད་པ་ལ་སོགས་པ། །ངག་གིས་བཀུར་སྟི་བྱ་བ་དང༌། །རྒྱལ་བ་བཅོམ་ལྡན་དང་ མཉམ་བལྟ། །བླ་མ་དང་ནི་སྐུ་གཟུགས་དང༌། །དགེ་འདུན་དག་ལ་ཡོན་དབུལ་ཞིང༌། །ཕངས་ པའི་ལོངས་སྤྱོད་བཏང་བར་བྱ། །ཤིན་ཏུ་ཕངས་པའི་ལོངས་སྤྱོད་དང༌། །འབྲལ་མི་ཕོད་པའི་ གྲོགས་དག་ཀྱང༌། །འཆི་བའི་ཚེ་ན་ངེས་པར་འབོར། །ཐམས་ཅད་གཏོང་པ་མཉམ་པོ་ལ། ། བྱིན་པས་དགེ་བ་འཕེལ་བར་འགྱུར། །ཇི་ལྟར་དགེ་བའི་བཤེས་གཉེན་གྱིས། །གདམས་པ་ དེ་དག་བསྒྲུབ་པར་བྱ། །གསུང་བཞིན་སྒྲུབ་པར་མི་བྱེད་ན། །གུས་པའང་ཚིག་ཙམ་ཁོ་ནར་ ཟད། །དགེ་བ་སྟོན་བྱེད་བཤེས་གཉེན་ཏེ། །སྡིག་ལ་སྦྱོར་བ་གང་ཡིན་བདུད། །གྲོགས་པོ་ ངན་པའང་དེ་ཉིད་ཡིན། །མི་དགེའི་བཤེས་ཀྱི་དབང་སོང་བ། །དེ་དག་འདི་དང་ཕྱི་མར་ཕུང༌། ། མི་བཟད་དུག་དང་འདྲེས་གྱུར་པའི། །ཟས་མཆོག་གིས་ཀྱང་སྡུག་བསྔལ་བསྐྱེད། །འགྲོ་བའི་ 24-1-446 ལས་ཏེ་འདི་ནི་འོས། །འདི་ལ་སྡིག་པ་མེད་དོ་ཞེས། །བདུད་ཀྱི་སྐྱེས་བུས་རབ་བསྐུལ་ཏེ། ། སྡིག་ལ་སྦྱོར་བའི་ཉེན་ཡང་གདའ། །ཟག་བཅས་སྡུག་བསྔལ་རང་བཞིན་དང༌། །འདུས་བྱས་ ཐམས་ཅད་མི་རྟག་པ། །འདི་ནི་ཤེས་བྱའི་རང་བབས་ཏེ། །དེ་ལ་སྟོབས་དང་བློ་ཡིས་ཅི། །ཉི་ མ་ཟླ་བ་ནུབ་པ་ལ། །བློ་གྲོས་ཆེ་ཡང་ཅི་བྱར་ཡོད། །མི་གཙང་བ་ཡི་ལུས་བཟུང་ནས། །ན་ཚ་ འབྱུང་བ་ཆོས་ཉིད་དེ། །དེ་ལ་ངོ་བསྟོད་མཁན་འགའ་ཡིས། །ཁྱེད་འདྲ་བསོད་ནམས་མཐུ་ཆེ་ བས། །སྙུང་བར་ག་ལ་འགྱུར་ཞེས་སོགས། །རྣ་བར་སྙན་པས་ཐུགས་བྲིད་དེ། །དགེ་བའི་བར་ ཆད་བྱེད་དེ་མཆི། །ད་ལྟ་ཉིད་ལྟ་ག་ལ་བསྒྲེས། །རེ་ཤིག་འགྲོངས་པར་མི་འགྱུར་ཞེས། །དེ་ དག་ཆོས་ལ་བར་དུ་གཅོད། །དགེ་བ་འདི་ཙམ་སྔོན་གྱི་ནི། །ཡབ་མེས་རྣམས་ཀྱང་མི་མཛད་ ལ། །ད་ལྟ་གཞན་ཡང་མི་བྱེད་ཅིང༌། །འདི་ཙམ་སྦྱིན་ན་བུ་སོགས་ལ། །མི་ཕན་ཐེས་མེད་ གནོད་པ་དང༌། །རྒྱལ་པོ་གཞན་གྱི་མངོན་དུ་འཚེར། །ལོ་ཉེས་དུས་སོགས་ལོངས་སྤྱོད་དང༌། ། དམག་སོགས་བྱ་བ་ཉམས་འགྱུར་བས། །དགེ་བ་འདི་ཙམ་ཆེས་སོ་ཞེས། །ཡིད་འབྱུང་བདག་ པོའི་ཕོ་ཉ་སྨྲ། །རྒྱལ་པོ་ཕལ་ཆེར་རིག་པ་དང༌། །དབང་ཐང་ནོར་ལ་སོགས་པས་དྲེགས། ། གང་ལ་ང་རྒྱལ་ཡོད་པ་དེ། །ངོ་བསྟོད་སྨྲ་ལ་དགའ་འགྱུར་གྱི། །ཕན་པར་སྨྲ་བ་རྣམས་ལ་ཁྲོ། ། འགྲོ་བ་རང་རང་ལས་དག་ལ། །སོ་སོར་སྤྱོད་པ་ཉིད་ལགས་པས། །བདག་གི་བསགས་པའི་ ལོངས་སྤྱོད་དག །བུ་ཚ་སོགས་ལ་ཕན་པ་དཀོན། །དགྲ་བོ་འདུལ་ཕྱིར་ནོར་བསོག་པ། །དེ་ ནི་དགྲ་བོའི་ཕྱིར་དུ་བརླག །སྦྱིན་པ་དག་ལ་རབ་དགའ་བ། །དེ་དག་ལ་ནི་དགྲ་ཡང་ཉུང༌། ། བསྡམས་ཤིང་སེར་སྣའི་དབང་སོང་བའི། །ལོངས་སྤྱོད་རྣམས་ནི་བསོགས་ཤིང་ཟད། །ལག་ པ་བརྐྱངས་ཏེ་སྦྱིན་བརྩོན་པ། །དེ་ནི་སྦྱིན་གྱིན་འཕེལ་བ་མཐོང༌། །སེར་སྣ་ཅན་ལ་སྦྱིན་པོ་ ཉུང༌། །སྦྱིན་པོ་ལ་ནི་སྟེར་བ་མང༌། །གསོག་བྱེད་ལ་ཡང་རྐྱེན་མང་བས། །བསགས་པས་ཟད་ འགྱུར་སྦྱིན་པས་འཕེལ། །འདི་དག་ད་ལྟ་མངོན་སུམ་མཐོང༌། །ཚུལ་ཁྲིམས་བཟོད་དང་སྒོམ་ 24-1-447 པ་སོགས། །དེ་དག་ལ་ཡང་འདི་དག་མཚུངས། །གང་གི་དགེ་བ་སྟོན་བྱེད་དང༌། །ཚེ་འདིར་ མི་གནོད་ཕྱི་མ་ཡི། །དོན་ལ་ཕན་པ་སྟོན་བྱེད་པ། །དེ་འདྲ་དགེ་བའི་བཤེས་གཉེན་ཡིན། ། ཕ་རོལ་དག་ཏུ་མི་གནོད་ན། །ཚེ་འདིར་བདེ་བ་བླང་བར་འཚལ། །དེ་ལྟར་བཤེས་གཉེན་ བསྟེན་བྱས་ནས། །དམ་པའི་ཆོས་ནི་མཉན་པར་བྱ། །ཁེངས་འདོད་དང་ནི་གྲགས་འདོད་ དང༌། །སྐྱོན་འཚོལ་བ་དང་འགྲན་ཕྱིར་མིན། །རང་དང་གཞན་གྱི་ཐར་པའི་དོན། །ཁོ་ནར་ དམ་པའི་ཆོས་དག་མཉན། །ལན་མང་ཕ་མར་གྱུར་པ་ཡི། །འགྲོ་བ་རྣམས་ལ་སྙིང་རྗེ་བསྐྱེད། ། ཆོས་རྣམས་ཀུན་གྱི་སྙིང་པོ་ནི། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པར། །སྡེ་སྣོད་ཀུན་ཏུ་རྒྱལ་ བས་བཤད། །འདི་ནི་ཐར་པའི་ལམ་ཡིན་ཏེ། །རྒྱུ་དང་འབྲས་བུའི་གནས་རྣམས་ལ། །ཡིད་ ཆེས་ཚུལ་གྱི་བླང་དོར་ཅན། །དེ་འདྲ་མཐོ་རིས་གྲོང་ཁྱེར་དུ། །འཇུག་པར་འདོད་པའི་མཁས་ པ་ཡིན། །ཞི་བའི་ཁང་བཟང་བགྲོད་པ་ལ། །ཐེམ་སྐས་མཆོག་དང་འདྲ་བ་ཡིན། །བྱིས་པའི་ བཤེས་གཉེན་རྨོངས་པ་རྣམས། །བདག་ཏུ་བཟུང་བས་འཁོར་བར་འགྱུར། །བདག་མེད་དོན་ གྱི་དེ་ཉིད་རིག །མཁས་པ་དགེ་སྦྱོང་རྣམ་པར་ཐར། །འདི་ན་གང་ཟག་ཡོད་མིན་ལ། །ཆོས་ རྣམས་ཀྱང་ནི་རང་བཞིན་མེད། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཅེས་བྱ་བ་དང༌། ། ས་ཆུ་མེ་དང་རླུང་རྣམས་ལ། །ང་ཞེས་བྱ་བར་རྣམ་པར་བཏགས། །མིག་ནི་སྐྱེས་བུ་མ་ཡིན་ ལ། །རྣ་བ་སྣ་ལྕེ་ལུས་ཡིད་མིན། །ས་ཆུ་མེ་དང་རླུང་ལ་ཡང༌། །(རེས་སེར་?)གང་ཟག་ཡོད་མ་ ཡིན། །ཕུང་པོ་ལྔ་ལ་རྣམས་བཏགས་ནས། །བྱིས་པ་རྣམས་ནི་ང་ཞེས་འཛིན། །སྙིང་པོ་མེད་ ལ་སྙིང་པོར་འཁྲུལ། །འདི་ན་ནགས་ཚལ་ཡིད་འོང་ཞེས། །མང་པོ་འདུས་ལ་གཅིག་ཏུ་འཁྲུལ། ། འདབ་མ་ལ་སོགས་རེ་རེ་ལས། །གཞན་དུ་སྡོང་པོ་མ་མཐོང་ལ། །སྡོང་པོ་སོ་སོ་ལས་གཞན་ པའི། །ནགས་ཚལ་སྣང་རུང་མ་དམིགས་སོ། །དེ་བཞིན་ཕྱོགས་དང་དུས་དག་ལ། །རྣམ་པར་ དཔྱད་ན་རང་བཞིན་མེད། །དེ་ལྟར་ཕུང་པོ་མ་དམིགས་པས། །དེ་ཡི་གང་ཟག་མ་དམིགས་སོ། ། 24-1-448 མོ་གཤམ་ལ་ནི་བུ་མེད་ན། །མཛེས་དང་མི་མཛེས་སུ་ཞིག་དཔྱོད། །དཔྱད་ན་ནགས་ཚལ་མ་ དམིགས་ཀྱང༌། །ཤིང་སོགས་བྱ་བ་བྱེད་པའི་ཚེ། །ནགས་ཚལ་ཞེས་པ་འགོག་མི་བྱེད། །ཆོས་ རྣམས་རང་བཞིན་མེད་པ་ལ། །རྒྱུ་འབྲས་ཐམས་ཅད་འབྱུང་བ་ནི། །གཽ་ཏམ་རྒྱལ་བས་བསྟན་ པ་སྟེ། །འདི་ལས་མཆོག་གྱུར་ཅི་ཞིག་ཡོད། །སྙིང་པོའི་དོན་གྱི་གཏམ་སྟེ་དང་པོའོ།། །། ལང་ཚོའི་དྲེགས་པས་མྱོས་པ་དང༌། །གཟུགས་མཛེས་པ་ཡི་ང་རྒྱལ་དང༌། །ནད་མེད་ པ་ཡི་སྙེམས་གྱུར་པ། །དེ་དག་ཉིན་ཞག་འགའ་འདས་ནས། །གློ་བུར་འཇིགས་སྐྲག་འགྱོད་ པ་དང༌། །སྔོན་གནས་དྲན་པས་ཡིད་གདུངས་ཤིང༌། །དམྱལ་བའི་མེ་ཡིས་བསྲེག་པ་དང༌། ། འདིར་ཡང་གཞོན་ནུའི་བདེ་བ་དག །ཉམས་ཤིང་འདོད་པས་ཡིད་བསྲེག་ཅིང༌། །སྤྱོད་པའི་ ནུས་དང་བྲལ་བ་ན། །འདོད་ཡོན་གྱིས་ཀྱང་མྱ་ངན་བསྐྱེད། །རིན་ཆེན་བདུན་གྱི་འབྱོར་པ་ དང༌། །དམག་བཅས་མཁའ་ལ་རྒྱུ་བྱེད་ཅིང༌། །དགེ་བ་བཅུ་ཡིས་ཁྲིམས་ལྡན་པས། །གླིང་བཞི་ དབང་སྒྱུར་རྒྱལ་པོ་ཡང༌། །དགེ་བའི་ལས་ཀྱི་མཐུ་དཔལ་ཡིན། །ལུས་ལ་ནད་རྣམས་མེད་པ་ དང༌། །ཀུན་གྱི་ཡིད་དུ་འོང་འགྱུར་བ། །དེ་འདྲ་བཟོད་པ་སྒོམ་པ་ཡི། །འབྲས་བུར་ཡིད་ཆེས་ རྒྱལ་བས་གསུངས། །བཙོ་མའི་གསེར་ལྟར་མདོག་མཛེས་ཤིང༌། །ཡན་ལག་རེག་ན་བདེ་བ་ དང༌། །གཟུགས་བཟང་སྐྱེས་བུ་ཆེན་པོའི་མཚན། །སྐུ་གཟུགས་རི་མོར་བྲིས་པ་ཡི། །འབྲས་ བུར་ཡིད་ཆེས་རྒྱལ་བས་གསུངས། །ལོངས་སྤྱོད་ཟད་པ་མེད་པ་དག །དཀའ་བས་སྒྲུབ་པར་ མི་འཚལ་ལ། །གྲགས་དང་བཅས་པས་ཐོབ་འགྱུར་ཞིང༌། །སྡིག་པའི་ལས་དང་མ་འདྲེས་པ། ། སྦྱིན་པ་རྒྱ་ཆེར་བཏང་བའི་འབྲས། །ཟླ་བའི་འོད་ལྟར་རབ་གསལ་བའི། །རྔ་ཡབ་ནོར་བུའི་ ཡུ་བ་ཅན། །གཡོབ་ཅིང་མཁའ་ལ་འགྲོ་བ་ཡང༌། །རྔ་ཡབ་ཕུལ་བའི་འབྲས་བུ་ཡིན། །ཉི་མའི་ འོད་ཀྱང་ཟིལ་གནོན་པའི། །རིན་ཆེན་རྒྱན་གྱིས་རྣམ་བརྒྱན་པ། །གཞལ་མེད་ཁང་པ་ཡིད་ འོང་བར། །ཉིན་མཚན་དགའ་བས་འདའ་བྱེད་པ། །གཙུག་ལག་ཁང་མཆོག་བཞེངས་པའི་ 24-1-449 མཐུ། །རབ་དཀར་རྣམ་པར་གཡོ་བ་ནི། །སྟོན་དུས་དག་པའི་ཆུ་ཁུར་བཞིན། །ལྷ་ཡི་ལམ་ གྱི་རྒྱན་གྱུར་པ། །རབ་མཛེས་གསེར་གྱི་ཡུ་བ་དང༌། །ནོར་བུའི་ཏོག་གིས་རྣམ་པར་མཛེས། ། རྩིབས་སྟོང་ལྡན་པའི་གདུགས་འཆང་ཞིང༌། །ལྷ་དང་མི་ཡི་གཙོར་གྱུར་པ། །དེ་ཡང་གདུགས་ མཆོག་ཕུལ་བའི་འབྲས། །གཟུགས་བཟང་དགེ་ཞིང་རེག་ན་བདེ། །མཐོང་བས་དགའ་བསྐྱེད་ རབ་བསྲུངས་ཤིང༌། །དགའ་ཚལ་ལྷ་ཡི་བུ་མོ་ལྟའི། །བཙུན་མོ་རིན་ཆེན་ཐོབ་པ་ཡང༌། །ལོག་ གཡེམ་སྤངས་པའི་འབྲས་བུའོ། །སྲོག་གཅོད་སྤངས་པས་ཚེ་རིང་འགྱུར། །ཚེ་ཐུང་བ་དང་ནད་ མང་དང༌། །དམྱལ་བ་ཡི་ནི་རྒྱུ་ཆེན་པོ། །གཞན་དུ་དུས་མིན་འཆི་བ་དང༌། །རིམས་དང་སྨྱོ་ཞིང་ སེམས་འཁྲུལ་སོགས། །མི་བཟད་སྡུག་བསྔལ་སྣ་ཚོགས་རྒྱུ། །དམག་དང་བྱ་དང་རི་དྭགས་ ལིངས། །རྒྱ་ཡིས་ཉ་རྣམས་བཤོར་བ་སྟེ། །གསུམ་པོ་མཐུ་ཆེན་ལས་སུ་གསུངས། །ངེས་པར་ གསད་བྱ་གཏོང་བ་དང༌། །དབུལ་པོ་རྣམས་ལ་ཟས་སྦྱིན་དང༌། །དཔྱ་ཁྲལ་ཡང་བར་བྱེད་པ་ དང༌། །ཉ་དང་རི་དྭགས་འཚེ་སྤངས་པ། །འདི་བཞི་འཕྲལ་དུ་འཆི་བདག་བཟློག །སྲོག་གཅོད་ མང་དང་ལོག་གཡེམ་དགའ། །སྐུ་གཟུགས་གླེགས་བམ་འཇིག་བྱེད་དང༌། །དགེ་འདུན་འཚོ་ བ་འཕྲོག་བྱེད་པ། །འདི་བཞི་འཕྲལ་དུ་ཚེ་ཐུང་བྱེད། །ཆོས་སྨྲ་བ་ཡི་གྲྭ་འཛུགས་ཤིང༌། །རྒྱལ་ བའི་བཀའ་ཡི་གླེགས་བམ་འབྲི། །སྔོན་མེད་གཙུག་ལག་ཁང་བྱེད་པ། །འདི་གསུམ་ཤིན་ཏུ་ བསོད་ནམས་ཆེ། །ཟླ་རེར་བསྙེན་གནས་ལེན་པ་དང༌། །དུས་སུ་མཚེ་བ་ཐམས་ཅད་སྤོང༌། ། དད་པས་དཀོན་མཆོག་རྣམས་ལ་བཀུར། །རྟག་ཏུ་བསམ་པ་བཟང་པོ་བསྟེན། །བྱས་པ་ དྲིན་དུ་གཟོ་བ་སྟེ། །ཁྱིམ་པའི་ལེགས་སྤྱོད་རྣམ་ལྔ་པོ། །གང་ཞིག་བདག་ཉིད་སྤྱོད་བྱེད་ཅིང༌། ། གཞན་ཡང་དེ་ལས་སྦྱོར་བྱེད་ན། །དེ་ནི་མཐོ་རིས་གནས་འགྲོ་ཞིང༌། །འདིར་ཡང་ཚེ་རིང་ བདེ་བ་དང༌། །འཆི་བ་ན་ཡང་མྱ་ངན་ཆུང༌། །དད་དང་ངོ་ཚ་ཤེས་པ་དང༌། །སྡིག་ལས་ལོག་ དང་སྦྱིན་པ་སྟེ། །འདི་བཞི་ལྷ་ཡུལ་འགྲོ་བར་བྱེད། །སྐྲ་དཀར་གཉེར་མ་ལ་སོགས་པ། །ལུས་ 24-1-450 ཀྱི་ལང་ཚོ་ཉམས་པ་དང༌། །གཞན་དག་ཤི་བ་མཐོང་ཐོས་དང༌། །མི་བཟད་ནད་ཀྱིས་བཏབ་ པ་དང༌། །དུས་བཞིའི་འགྱུར་བ་སྟོན་བྱེད་པ། །འདི་དག་ལྷ་ཡི་ཕོ་ཉ་སྟེ། །གལ་ཏེ་ལྷ་ཡུལ་ འགྲོ་འདོད་ན། །དེ་ཡི་རྒྱུ་དག་སྒྲུབས་ཤིག་ཅེས། །ས་སྟེང་མི་རྣམས་ཐམས་ཅད་ལ། །ཡང་ ཡང་གདམས་ངག་བྱེད་པ་བཞིན། །ཆོས་ཀྱིས་ཚེ་འདིར་གྲགས་པ་དང༌། །ཕུན་སུམ་ཚོགས་པ་ ཐོབ་འགྱུར་ལ། །སྐྱེ་བོ་ཀུན་ཀྱང་དེ་ལ་དགའ། །བདེ་བར་གཉིད་ལོག་སད་བྱེད་ཅིང༌། །འཆི་ ཁར་འགྱོད་པ་མེད་པ་དང༌། །འཇིག་རྟེན་གཞན་དུ་བདེ་རྒྱས་འགྱུར། །ཆོས་ཀྱི་ཕན་ཡོན་འདི་ དག་ནི། །སྡིག་པའི་ལས་ལ་ཕྱིན་ཅི་ལོག །རྔ་ཆེན་དཔག་ཚད་ཙམ་དུ་སྒྲོག །སྤྲིན་གྱི་སྒྲ་ཡང་ དཔག་ཚད་བཅུ། །སྦྱིན་པའི་སྒྲ་ནི་ཕྱོགས་བཞིའི་ཡུལ། །ཡེ་ཤེས་ལྡན་ཅིང་སེམས་གྲོལ་བའི། ། སྙན་གྲགས་ལྷ་ཡི་རྔ་བོ་ཆེ། །འཇིག་རྟེན་གསུམ་པོ་ཀུན་ཏུ་ཁྱབ། །གང་ཞིག་མི་དགེའི་ལས་ ལམ་བཅུ། །སུ་ཞིག་སྤྱོད་པར་བྱེད་པ་དེའི། །རྣམ་པར་སྨིན་པ་ངན་སོང་གསུམ། །རང་རང་ བདག་པོའི་འབྲས་བུ་ནི། །ས་ཕྱོགས་ཡིད་མི་འོང་བ་དང༌། །མི་བཟད་ལོ་ཉེས་ལ་སོགས་ཡིན། ། སྐྱེ་བ་གཞན་དུ་རྒྱུ་མཐུན་ལའང༌། །ཚེ་ཐུང་བ་དང་ནང་མང་སོགས། །འདི་དག་ཐམས་ཅད་ གོ་བཟློག་པ། །དགེ་བའི་ལས་ཀྱི་འབྲས་བུར་འོང༌། །ལྷ་ཁང་དང་ནི་དམ་ཆོས་དང༌། །དགེ་ འདུན་རྣམས་ཀྱི་ལོངས་སྤྱོད་དག །མ་བྱིན་པར་ནི་ལེན་བྱེད་ན། །ལས་འདི་ཤིན་ཏུ་སྦྱང་བར་ དཀའ། །སྲོག་ཆགས་ཕལ་པ་མང་པོ་དག །བཀུམ་པའི་ལས་ཀྱང་སྦྱོང་བླ་ཡི། །དཀོན་མཆོག་ གསུམ་ལ་སྡིག་བསགས་པ། །དེ་དག་སྦྱང་དུ་མེད་པར་གསུངས། །མཆོད་རྟེན་གླེགས་བམ་སྐུ་ གཟུགས་ལ། །བཏང་བའི་བསོད་ནམས་འབའ་ཞིག་ཡིན། །དགེ་འདུན་ལ་ནི་བཏང་བ་དང༌། ། ཡོངས་སུ་སྤྱད་པ་གཉིས་ཆར་ཡོད། །དམ་ཆོས་གནས་པའང་དགེ་འདུན་ལ། །ངེས་པ་ཁོ་ནར་ རག་ལས་པས། །དགེ་དང་སྡིག་པ་གང་བསགས་ཀྱང༌། །དགེ་འདུན་ཁོ་ན་ཆེ་བར་གསུངས། ། རབ་བྱུང་ཁྱིམ་པར་བཟློག་པ་དང༌། །ངུར་སྨྲིག་རྟགས་ཙམ་འཛིན་པ་ལའང༌། །རྡེག་དང་ 24-1-451 གསོད་དང་འཆིང་བ་དང༌། །བཙོན་རར་འཇུག་ན་རྒྱལ་སྲས་ལ། །རྩ་བའི་ལྟུང་བ་ཆེན་པོར་ གསུངས། །ཉིན་དང་མཚན་མོ་ལན་དྲུག་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང༌། །ཉེས་པ་ ཐམས་ཅད་བཤགས་པར་བྱ། །སྐྱབས་སུ་སོང་ཞིང་སེམས་བསྐྱེད་ལ། །སྡིག་ལ་ཤིན་ཏུ་འགྱོད་ ཅིང་གནོང༌། །སླན་ཆད་མི་བྱེད་སྡོམ་པ་དང༌། །དགེ་བ་མང་པོའི་གྲོགས་བཅས་ཏེ། །ཁྱད་པར་ བཞི་དང་ལྡན་པ་ཡིས། །སྡིག་པ་བཤགས་པར་བྱེད་ན་ནི། །སྡིག་པའི་རི་བོའང་འཇོམས་པར་ བྱེད། །ཕྱིན་ཆད་སྡོམ་པའི་སེམས་མེད་ན། །ཚིག་ཙམ་གྱིས་ནི་ཅི་ཞིག་ཕན། །གཟུངས་སྔགས་ ཟབ་མོ་བཟླ་བ་དང༌། །སཱཙྪ་གདབ་དང་མདོ་ཀློག་དང༌། །སྐུ་གཟུགས་བྱེད་དང་སེམས་བསྐྱེད་ དང༌། །སྟོང་ཉིད་སྒོམ་ཞིང་རིག་པས་དཔྱོད། །སྡིག་པ་སྦྱོང་ལ་མཐུ་ཆེ་བ། །གཉེན་པོའི་སྤྱོད་ པ་དེ་དྲུག་ཡིན། །སྐྱེ་བ་གཞན་དུ་ཆོས་སྤྱོད་པ། །མཐུ་དང་ལྡན་པར་བྱ་བའི་ཕྱིར། །ཡོན་ཏན་ བརྒྱད་དང་ལྡན་པ་ཡི། །མཐོ་རིས་ལུས་མཆོག་ཐོབ་པར་བྱ། །མི་ལུས་རྙེད་པར་རྒྱུད་འདི་ལ། ། དགེ་བའི་ལས་ནི་མི་སྤྱོད་པ། །དེ་དག་བ་ལང་རྒྱན་ལྡན་བཞིན། །དེ་ཕྱིར་ལུས་རྟེན་མཆོག་ འགྱུར་བའི། །དགེ་བ་བརྒྱད་པོ་འདི་དག་སྒྲུབ། །མཚེ་བ་སྤངས་པས་ཚེ་རིང་འགྱུར། །མར་མེ་ གོས་སོགས་སྦྱིན་པས་གཟུགས། །ཁེངས་པ་མེད་ཅིང་གུས་བྱས་པས། །མཐོན་པོའི་རིགས་ མཆོག་ཕུན་སུམ་ཚོགས། །སློང་བ་པོ་དང་ཡོན་ཏན་ལྡན། །སྡུག་བསྔལ་ཅན་ལ་ཡོན་བྱིན་པས། ། ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། །རྫུན་སྤངས་གཞན་དག་མ་བསླུས་ཤིང༌། །ཕ་མ་ མཁན་པོ་སློབ་དཔོན་གྱི། །ཚིག་ནི་ནམ་ཡང་མ་བཅག་པས། །བཀའ་ནི་བཙན་པའི་མཆོག་ཏུ་ འགྱུར། །གཞན་གྱི་ལོངས་སྤྱོད་མི་འཕྲོག་ཅིང༌། །སྨན་དང་ཁ་ཟས་བྱིན་པས་ནི། །ནད་མེད་ པ་ཡི་མཆོག་ཏུ་འགྱུར། །རེ་བ་མེད་པར་གཞན་གྱི་དོན། །ཡུས་སུ་གསོལ་བ་མེད་པར་བྱེད། ། དེ་ནི་དབང་ཕྱུག་ཕུན་ཚོགས་འགྱུར། །ཕོ་དབང་གཅོད་ལས་ཡོངས་སྐྱབས་ན། །མ་ནིང་དག་ ལས་བཟློག་པར་འགྱུར། །དགེ་བ་བྱང་ཆུབ་ཁོ་ནའི་རྒྱུར། །སྤྱད་པར་བྱ་བ་ཉིད་ཡིན་མོད། ། 24-1-452 བྱང་ཆུབ་སྒྲུབ་ལ་མཐུ་ཆེ་བའི། །དོན་དུ་འདི་ལྟར་སྤྱད་པར་བྱ། །ཉིད་ལྟ་རྒྱལ་པོའི་རིགས་ གྱུར་ཏེ། །སྙིང་རྗེ་མེད་པར་གྱུར་ན་ནི། །ཡུལ་ཕྱོགས་ཐམས་ཅད་ཕུང་བར་འགྱུར། །སྙིང་རྗེ་ ཆེན་པོ་ཚད་མེད་དང༌། །བྱང་ཆུབ་མཆོག་གི་སེམས་བསྐྱེད་དང༌། །གཉིས་མེད་ཡེ་ཤེས་དམ་ པ་སྟེ། །ཐེག་ཆེན་མཐའ་དག་འདིར་བས་སོ། །སྣ་ཚོགས་པའི་དོན་གྱི་གཏམ་སྟེ་གཉིས་པའོ།། །། གང་ཞིག་ཆེན་པོའི་རིགས་གྱུར་ནས། །ངན་པར་སྤྱོད་ན་ཤིན་ཏུ་སྨད། །བྲག་རིའི་རྩེ་ནས་ ལྷུངས་གྱུར་ན། །འཚོ་བར་འགྱུར་བ་འགའ་ཡོད་དམ། །ཡོན་ཏན་ལྡན་པ་ཀུན་གྱིས་མཆོད། ། ཡོན་ཏན་མེད་ན་ཀུན་གྱིས་བརྙས། །ནོར་ལྡན་ལ་ནི་སྐྱེ་བོ་དགའ། །དྲིན་དང་ལྡན་ལ་དེ་ལྟར་ མིན། །གང་ཞིག་བྱས་པ་མི་གཟོ་བ། །ཕན་བཏགས་པ་ལ་གནོད་པར་བྱེད། །འབྲས་བུས་ མཚོ་བའི་སྤྲེའུ་རྣམས། །ལྗོན་པའི་ཡལ་ག་དག་ལ་སྡང༌། །རྒྱལ་སྲིད་ཆོས་བཞིན་སྤྱོད་གྱུར་ ན། །རང་དང་གཞན་ལ་རྒྱ་ཆེར་ཕན། །ཆོས་མི་ལྡན་པའི་རྒྱལ་སྲིད་ནི། །འཁོར་བཅས་དམྱལ་ བར་འགྲོ་བའི་རྒྱུ། །དེ་ལྟ་བས་ན་འདི་སྐད་བརྗོད། །བདག་ལ་འདོད་དོན་འགའ་མེད་ཀྱང༌། ། ཁྱོད་ཉིད་དགེ་ན་རྒྱལ་ཁམས་ཀྱང༌། །བདེ་བར་འགྱུར་བ་མ་ཡིན་ནམ། །གང་ན་གཙོ་བོ་མང་ པོ་དང༌། །གང་ཞིག་བུད་མེད་དབང་སྒྱུར་དང༌། །རྒྱལ་པོ་ངན་པར་སྤྱོད་པ་དང༌། །གཡོ་ཅན་ ཕྲ་མ་ཅན་གནས་པའི། །ཡུལ་ཕྱོགས་གང་དེར་བདེ་བ་མེད། །འབངས་རྣམས་སྡུག་བསྔལ་ ཉམ་ཐག་ན། །གཙོ་བོ་དེ་ལ་གུས་མེད་འགྱུར། །འབངས་ནི་གུས་པ་མེད་གྱུར་ན། །རྒྱལ་པོའི་ དཔལ་ཡང་རྨི་ལམ་འདྲ། །ཇི་ལྟར་འདི་ན་རྨི་ལམ་དུ། །ལོངས་སྤྱོད་རྒྱ་ཆེར་སྤྱོད་བྱེད་ཀྱང༌། ། གཉིད་སད་པ་ན་དེ་འགགས་ཏེ། །ཇི་ལྟར་སོང་བ་མི་ཤེས་སོ། །འཁོར་གཡོག་རྣམས་ལ་མི་ བྱམས་ཤིང༌། །རང་གི་ལོངས་སྤྱོད་ཤིན་ཏུ་བསྡམས། །མི་སྙོམས་ཉེ་རིང་ཆེ་བའི་ཁྲིམས། །དེ་ གསུམ་ལྡན་པའི་རྒྱལ་པོ་ཡི། །མངའ་ཐང་སྟོན་ཀའི་སྤྲིན་དང་མཚུངས། །འདི་ལྟ་ཡུན་རིང་ 24-1-453 གནས་སྙམ་ནའང༌། །སྐད་ཅིག་གཅིག་གིས་འཇིག་འགྱུར་བས། །སྤྲིན་རྣམས་ཡལ་ཡོལ་ བྱེད་པ་བཞིན། །འཁོར་རྣམས་ཕུན་ཚོགས་གང་ཡིན་པ། །དེ་ཉིད་རྒྱལ་པོའི་ཕུན་ཚོགས་ཡིན། ། འཁོར་ལ་ལོངས་སྤྱོད་མེད་གྱུར་ན། །གཙོ་བོའང་ཟླ་བ་མར་ངོ་འདྲ། །གཞན་གྱི་ནོར་ལ་ཤིན་ ཏུ་བརྐམ། །དམ་བཅས་པ་ལས་འགོང་བ་དང༌། །ཕ་མེས་རྣམས་ལ་མི་རྩི་བའི། །གཙོ་བོ་གང་ གི་ཡུལ་གནས་པ། །དེ་ལ་ནམ་ཡང་བདེ་མེད་དེ། །དབུལ་ན་རང་ཉིད་སྡུག་བསྔལ་ཆེ། །འབྱོར་ དང་ལྡན་ན་སེམས་སྡུག་བསྔལ། །གཉིད་ཀྱང་བདེ་བར་མི་ལོག་གོ །དེ་ལྟ་བས་ན་ཡུལ་འཁོར་ གྱི། །སྐྱེ་བོ་རྣམས་ལ་བྱམས་བགྱིད་ཅིང༌། །རང་གི་དྲུང་ན་གནས་པ་དག །ཁ་ཟས་གོས་ཀྱི་ འཕོངས་མི་བགྱིད། །ཡུལ་འཁོར་གྱི་ནི་མི་དག་ལ། །མཁོ་དགུ་རན་པར་སྩོལ་བར་འཚལ། ། ངན་སྤྱོད་འཕེལ་དུ་མི་རུང་བས། །ངན་པར་གཅོད་ཀུན་ཚར་གཅོད་དེ། །འོན་ཀྱང་སྲོག་ལ་མི་ གནོད་བགྱིད། །བདག་ལ་འཚོ་བ་འཕངས་པ་བཞིན། །འགྲོ་བ་རྣམས་ལའང་དེ་ཉིད་འཕངས། ། བདག་ཉིད་ལོངས་སྤྱོད་ལ་དགའ་བཞིན། །འགྲོ་བའང་དེ་ལ་དགའ་བ་ལགས། །དེ་བས་ རང་གི་འདོད་པའི་ཕྱིར། །གཞན་ལ་གནོད་པ་མི་འཚལ་ལོ། །བློ་ལྡན་བདག་ལ་བྱམས་པ་ ཡི། །ཚིག་རྣམས་ཁྱད་དུ་གསད་མི་བྱ། །བདག་ལ་དཔྱོད་པའི་བློ་མེད་ཅིང༌། །ཚུལ་བཞིན་ གདམས་པ་མི་ཉན་ན། །དེ་ལ་ལེགས་པ་མི་འབྱུང་ཞིང༌། །གནོད་བྱེད་ཐམས་ཅད་འབབ་པར་ འགྱུར། །ཡབ་མེས་སོགས་ཀྱི་དོན་དུ་ནི། །དགེ་བའི་རྒྱུན་ནི་རྒྱ་ཆེར་གཟུགས། །གཞན་དུ་ བདག་ལའང་ཕྱི་མའི་དུས། །བུ་དང་ཚ་བོས་བྱེད་མི་འགྱུར། །ཚེ་འདི་ཡི་ནི་ཕ་དང་མར། །གུས་ པ་བསྐྱེད་པར་མི་བྱེད་ན། །འགྲོ་ཀུན་ཕ་མ་ཞེས་སྨྲས་ཀྱང༌། །དཔྱོད་ལྡན་སུ་ཞིག་དགའ་བར་ འགྱུར། །ཕ་མར་གུས་པས་བསྙེན་བཀུར་བྱ། །ངག་གི་སྙན་པར་བརྗོད་པ་དང༌། །ཕ་མ་རྒན་ རབས་བྱས་ཤེས་པ། །དེ་ལ་དཔལ་དང་ཕུན་ཚོགས་འབྱུང༌། །བདག་ཉིད་ཡོན་ཏན་ཀུན་ལྡན་ ཡང༌། །བློ་ལྡན་གཞན་གྱི་ཚིག་ལ་གུས། །རྨོངས་ཤིང་ང་རྒྱལ་བྱེད་པ་རྣམས། །ཕན་ཚིག་ཁྱད་ 24-1-454 དུ་བཀུམ་པར་བྱེད། །བདག་གི་བྱ་བ་ཉེས་པ་ན། །དེ་ལ་གཞན་དག་ཁ་ཟེར་བ། །དེར་ནི་སླར་ ཡང་ཁྲོ་མི་བྱ། །ཅི་ཕྱིར་ཞེ་ན་གཞན་དག་གིས། །ངན་སྨྲས་འབྱུང་བ་རང་གི་སྐྱོན། །སྐྱོན་དང་ ལྡན་ན་སྐྱོན་བརྗོད་འབྱུང༌། །སྐྱོན་གླེང་བ་ལ་མི་མཉེས་ན། །སྐྱོན་རྣམས་ཐམས་ཅད་སྤང་བར་ འཚལ། །རིང་བའམ་ཉེ་བ་གང་གིས་ཀྱང༌། །ལེགས་དང་ཉེས་པའི་ཚིག་བརྗོད་ན། །དེ་ལ་རེ་ ཤིག་མ་བརྟགས་པར། །བརྙས་དང་སྤང་དང་བླང་མི་བགྱིད། །རིགས་པས་ཤིན་ཏུ་བརྟགས་ ནས་ནི། །དེ་དག་ལ་ནི་སྤང་བླང་འཚལ། །འདིར་ནི་མང་དུ་སྨོས་ཅི་དགོས། །ཇི་སྐད་སྔོན་གྱི་ སློབ་དཔོན་དང༌། །ལུགས་ཤེས་རྣམས་ཀྱིས་བསྟན་པ་ལྟར། །ཤིན་ཏུ་ལེགས་པ་ཉིད་དུ་སྤྱོད། ། ལུགས་དང་རྗེས་སུ་མཐུན་པའི་གཏམ་སྟེ་གསུམ་པའོ།། །། ཉི་མས་གདུངས་པའི་ལྟེངས་ཀ་ཆུང་ངུ་བཞིན། །མི་མཐུན་ཕྱོགས་རྣམས་ཡོངས་སུ་ ཉམས་པ་དང༌། །གང་ཞིག་ཡོན་ཏན་དང་ནི་ལེགས་བྱས་ཚོགས། །ས་བདག་ཟླ་བ་ཡར་ངོ་ བཞིན་དུ་མཛོད། ། ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས། ཁྲི་དཔོན་ཀུན་དགའ་གྲགས་པ་ཞེས་ བྱ་བ་ལ་ཉེ་བར་གདམས་པ་སྟེ། གལ་ཏེ་འདི་ལ་མི་དགེས་ན། །མཆིད་འདི་བཏང་བས་བདེ་བར་འགྱུར། །འདི་ལྟ་བུ་དག་ ལ་དགྱེས་ན། །ཕྱིས་ནས་སླར་ཡང་ཡང་ཡང་གསོལ། ། (ཤོ་ལོ་ཀ་བརྒྱ་ཉི་ཤུའོ།།) ཞེས་པ་ཕོ་བྲང་སྣ་དཀར་རྩེར་སྨྲས་པ་སྟེ་རང་ལོ་ཉེར་ལྔ་པ་ལའོ།། །། བཀྲ་ཤིས་དགེ་ལེགས་འཕེལ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། དབུ་ལྡེབ་ཆད་ནས་ཀ་རྟགས་མི་གསལ་ཡིན།) 24-1-455 ༄༅། །རྣམ་བཅུ་དབང་ལྡན་དང་རྒྱུད་སྡེ་བཞིའི་གསལ་བྱེད་ སོགས་བཞུགས། ༄༅། །རྣམ་བཅུ་དབང་ལྡན་ནི། ཧྐྵྨླྺྼྻྂ་ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་ འཁོར། ཝཾ་ལས་ཆུའི་སྐྱིལ་འཁོར། ལཾ་ལས་སའི་དཀྱིལ་འཁོར། མ་གླིང་བཞི། ཀྵ་རི་ རབ། ཧ་གཟུགས་ཁམས། ཐིག་ལེ་གཟུགས་མེད། ཚེག་དྲག་གཉིས་ཉི་མ་ཟླ་བ། བརྗོད་བྱ་ དོན་གྱི་རྣམ་བཅུ་དབང་ལྡན་ལ། ཕྱི་རྣམ་བཅུ་དབང་ལྡན་གོང་དང་འདྲ། ནང་རྣམ་བཅུ་དབང་ ལྡན་ནི་རླུང་ཁམས། ཆུ་ཁམས། ས་ཁམས། ལག་མཐིལ་ལ་སོགས་འཐིམ། བཞི་གླིང་བཞི། སྒལ་ཚིག་རི་རབ། ཐིག་ལེ་དཀར་དམར་གཉིས་ཉི་ཟླ། གཟུགས་ཁམས་ལ་འདོད་ལུགས་ མང་ཡང༌། འདིར་སྨིན་མཚམས་ཡར་བཅད་ལ་འདོད་ཁམས། གཙུག་ཏོར་གཟུགས་མེད་ ཁམས་ཡིན། དོན་གྱི་རྣམ་བཅུ་དབང་ལྡན་ནི། མཚན་བརྗོད་ལས། རྣམ་བཅུ་དབང་ལྡན་ཆེ་ བ་པོ། །ཞེས་པའི་དགོངས་པ་ཡིན་པས། ཕྱག་ཆེན་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་ འདོད། འདིར་གཞི་འབྲས་དབྱེར་མེད་ཀྱི་འོད་གསལ། དོན་དམ་སྲིད་གསུམ་གྱི་རྣམ་པ་ཅན་ ལ་འདོད། དཔེའི་རྣམ་བཅུ་དབང་ལྡན་ནི་ལོག་བྲིས་ལ་བྲིས་པ་རྣམས་ལས་རྟོགས་པར་བྱའོ།། །། ༄༅། །རྒྱུད་སྡེ་བཞིའི་གསལ་བྱེད་ལ། བཞི་པ་ཁྱད་པར་ལ་གཉིས་ཏེ། མིང་དོན་ཉམས་སུ་ལེན་ ཚུལ་གྱི་ཁྱད་པར་དང༌། ཕ་རྒྱུད་མ་རྒྱུད་ཀྱི་ཁྱད་པར་རོ། །དང་པོ་པ་བྱ་བའི་རྒྱུད་ནི་ལུས་ངག་ 24-1-456 གི་བྱ་བ་ཁྲུས་དང་གཙང་སྤྲ་གཙོ་བོར་སྟོན་པས་བྱ་བའི་རྒྱུད་ཡིན་ལ། བདག་ལྷར་མི་བསྐྱེད་ པར། ལྷ་མདུན་དུ་བསྐྱེད་ནས་བསྒྲུབས་པས་བྱ་རྒྱུད་དོ། ། སྤྱོད་པའི་རྒྱུད་ནི་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ སྤྱོད་པའི་རྒྱུད་ཡིན་ལ། བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་བྱེད་ཅིང༌། བསྒྲུབས་པས་སྤྱོད་ རྒྱུད་དོ། ། རྣལ་འབྱོར་གྱི་རྒྱུད་ནི་ནང་ཏིང་ངེ་འཛིན་གཙོ་བོར་བྱེད་པ་རྣལ་འབྱོར་གྱི་རྒྱུད་ཡིན་ལ། བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པ་དགུག་བཞུགས་བྱས་ནས་ཐུན་ཐོན་པ་དང་གཤེགས་སུ་ གསོལ་བའི་ཚུལ་གྱིས་བསྒྲུབ་པའོ། ། རྣལ་འབྱོར་ཆེན་པོའི་རྒྱུད་ནི། ནང་ཏིང་ངེ་འཛིན་ཕོན་གཙོ་བོར་བྱེད་པས་རྣལ་འབྱོར་ ཆེན་པོའི་རྒྱུད་ཡིན། བདག་དམ་ཚིག་པ་ལ་ལྷ་ཡེ་ཤེས་པས་དགུག་གཞུག་བྱས་ནས་ཐུན་ཐོན་ པ་གཤེགས་སུ་གསོལ་མི་བྱེད་པར། བདག་དང་ལྷ་དབྱེར་མེད་ཀྱི་ཚུལ་གྱིས་བསྒྲུབ་པའོ། ། གཉིས་པ་ཕ་རྒྱུད་མ་རྒྱུད་ཀྱི་ཁྱད་པར་ལ་བཞི་ལས། དང་པོ་བསྐྱེད་རིམ་གྱི་ཁྱད་པར་ནི། ལྷ་ཕོ་ཕལ་ཆེར་ཕ་རྒྱུད། མོ་མང་བ་མ་རྒྱུད་དོ། །དོན་དམ་པར་ལྷ་ལ་ཕོ་མོ་མེད་ཀྱང༌། གདུལ་ བྱའི་བློ་ངོར། འདུལ་བྱེད་ཐ་དད་དུ་བསྟན་པས་ཏེ། གུར་ལས། བྱང་ཆུབ་སེམས་དཔའ་རྡོ་རྗེ་ ཅན། །ལྷ་མོ་མཱ་མ་ཀཱི་དེ་གང༌། །བུད་མེད་རང་བཞིན་མ་ཡིན་ལ། །སངས་རྒྱས་ཧེ་རུ་ཀ་ཡང་ ཡིན། །དེ་ཡི་ཕྱིར་ན་མ་ནིང་སྟེ། །འགྲོ་གཉིས་དངོས་པོར་གཉིས་མཐོང་ནས། །ཐབས་དང་ ཤེས་རབ་བདག་ཉིད་དོ། །ཤིན་ཏུ་སྦྱངས་པའི་རྣལ་འབྱོར་ལ། །མཱ་མ་ཀི་མེད་མི་བསྐྱོད་མེད། ། ཅེས་སོ། ། གཉིས་པ་རྫོགས་རིམ་ལ་གཉིས་ཏེ། རྩ་དང་རླུང་དང་བདེ་གསལ་ལོ། །དང་པོ་ནི་རླུང་ གཙོ་བོར་སྟོན་པ་ཕ་རྒྱུད་ལ། རླུང་གཙོར་མ་རྒྱུད་ཏ་ལི་ལས། །ཕ་རྒྱུད་གསང་བ་འདུས་པ་རུ། ། 24-1-457 སྟེང་སྒོ་རླུང་ཁ་ཟུང་དུ་འཇུག །རྣལ་འབྱོར་ཤེས་རབ་མ་རྒྱུད་དུ། །འོག་སྒོ་རྩ་ལ་ཟུང་དུ་འཇུག། ཅེས་སོ། ། གཉིས་པ་ཐབས་ཤེས་ཀྱི་ཁྱད་པར་ནི། ཐབས་ཡེ་ཤེས་རིག་པའི་ཆ་གཙོ་བོར་སྟོན་པས་ ཕ་རྒྱུད། ཤེས་རབ་བདེ་སྟོང་གཙོ་བོར་སྟོན་པས་མ་རྒྱུད་དེ། གུར་ལས། ཐབས་ནི་དངོས་པོར་ བརྗོད་པར་བྱ། །དངོས་མེད་ཤེས་རབ་རྫོགས་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པ། ། རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་སོ།། །།བཀྲ་ཤིས། ༄༅། །སུ་སིདྷི་ཀ་རའི་རྒྱུད་ལས། རིགས་སྔགས་ཐབས་ཀྱི་ངོ་བོར་གནས། །གཟུངས་ སྔགས་ཤེས་རབ་རང་བཞིན་ཉིད། །གསང་སྔགས་འབྲས་བུའི་ཡེ་ཤེས་ཉིད། །ཅེས་སོ། །ལམ་ སྟེང་སྒོ་རྣམ་པར་གྲོལ་བའི་ལམ། །ཅེས་པ་ཐབས་རྩ་རླུང་གཙོ་བོར་སྟོན་པའོ། །འོག་སྒོ་བདེ་ བ་ཆེན་པོའི་ལམ། །ཞེས་པ་ཤེས་རབ་ཐིག་ལེ་གཙོ་བོར་སྟོན་པ་ཡིན་ནོ། །སྔགས་ཀྱི་ངོ་བོ་ནི་ ཡེ་ཤེས་ཀྱི་རང་བཞིན་ཏེ། བཤད་རྒྱུད་ལས། སྔགས་ནི་ཡེ་ཤེས་ཆེན་པོ་སྟེ། །འབྲས་བུ་སྟེར་ ཞིང་དོན་འགྲུབ་པའོ། །ངེས་ཚིག་ནི་གང་ལའང་སྔགས་པའི་ཕྱིར་ན་སྔགས་སོ། །འཇིགས་ བྱེད་རྒྱལ་པོ་འབར་བའི་སྐུ། །ཞེས་པ་ནི། མེ་འོད་འབར་བ་དང༌། ཁྲོ་བོ་འབར་བ་དང༌། མཚོན་ཆ་འབར་བའོ། །འབར་བའི་སྐུ་དེ་གསུམ་ལས་གར་དགུ་སྟེ། འཇིགས་པ། ཁྲོ་བ། མ་ རུངས་པའི་རྒྱན་གྱིས་བརྒྱན་པ་གསུམ་ནི་སྐུའི་གར་རོ། །རྒོད་པ་དང་། སྒེག་པ་དང༌། འཛུམ་ པ་གསུམ་ནི་གསུང་གི་གར་རོ། །སྟོང་པ། སྙིང་རྗེ། ངོ་མཚར་བ་གསུམ་ནི་ཐུགས་ཀྱི་གར་རོ། ། གར་གྱི་དགུའི་ངང་ལས་མ་ཡེངས་པ་དེ་བསྐྱེད་རིམ་དུས་གསུམ་གྱི་སྤྲུལ་སྐུའོ།། །། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༥༥ ཡིན། མཛད་བྱང་མི་གསལ།) 24-1-458 ༄༅། །སྦྱོར་བ་ཡན་ལག་དྲུག་གི་དོན་སྙིང་པོར་ བསྟན་པ་བཞུགས། ༄༅། །ༀ་ན་མོ་མཧཱ་ờ་ར་སུ་ཁཱ་ཡ། མི་འགྱུར་བདེ་བའི་ལང་ཚོའི་དཔལ། །དཔག་ཡས་ རབ་རྒྱས་སྟོང་ཉིད་ཀྱི། །དགའ་མར་རབ་སྦྱོར་ལོངས་སྤྱོད་རྫོགས། །འགྲོ་མགོན་བླ་མ་ལ་ ཕྱག་འཚལ། ། དཔལ་རྣལ་འབྱོར་ཡན་ལག་དྲུག་པ་འདི། །མ་མཁའ་འགྲོ་ཡོངས་ཀྱི་ཐུགས་བཅུད་ཡིན། ། ཁོང་གྲུབ་ཆེན་གྲུབ་ཀུན་གྱི་གཤེགས་བཤུལ་དེ། །ཁྱེད་ཉམས་སུ་ལེན་པ་སྐལ་བ་བཟང༌། ། ཨེ་མ་ཧོ། ལུས་ངག་ཡིད་རྣམས་སྤྲོས་པ་རབ་བཅད་དེ། །དབེན་པ་གསུམ་པོ་ལམ་གྱི་ གཞིར་བཟུང་ནས། །ལེགས་ཉེས་ཇི་ལྟར་བྱུང་ཡང་ལམ་བཟང་ལས། །གཞན་དུ་གཡོ་མེད་ དམ་བཅའ་བརྟན་པོར་བྱ། །སྔོན་འགྲོའོ། ། ཡིད་མིག་རླུང་རྣམས་འཇུག་པ་གཅིག་གྱུར་ཏེ། །བསམ་མེད་ནམ་མཁའི་དབྱིངས་སུ་ མཉམ་པར་བཞག །རྣམ་རྟོག་གང་སྐྱེས་རྦད་ཀྱིས་བཅད་ལ་ཞོག །སྒྱུ་འཕྲུལ་དྲྭ་བ་གསལ་ བར་མངོན་དུ་གྱུར། །སོར་སྡུད་དོ། ། དེ་ནས་བསམ་གཏན་ཡན་ལག་བསྒོམ་པར་བྱ། །སྟོང་གཟུགས་ཉིད་ལ་རྩེ་གཅིག་སེམས་ བཞག་པས། །སེམས་དང་གཟུགས་བརྙན་རོ་གཅིག་གྱུར་པ་ལས། །གཡོ་མེད་བདེ་བ་དམ་པ་ ཐོབ་པར་གྱུར། །དེ་ནས་གང་སྣང་ཤེས་བྱའི་རང་ངོ་དང༌། །སྟོང་གཟུགས་དབྱེར་མེད་ངང་དུ་ 24-1-459 མཉམ་པར་བཞག །དེ་ལྟར་གོམས་པས་སྔོན་མེད་ཡ་མཚན་མཐོང༌། །བསམ་གཏན་ནོ། ། དེ་དག་ཐོག་མར་དགེ་བའི་ཉམས་ལེན་ཡིན། །སྔོན་འགྲོ་རྡོ་རྗེའི་བཟླས་པས་རྩ་ལམ་ སྦྱངས། །དེ་ནས་བུམ་ཅན་སྦྱོར་བ་བརྟན་པར་བྱ། །རྟག་ཏུ་རླུང་ཀུན་དྷཱུ་ཏིར་འབབ་པ་ན། །སྲོག་ རྩོལ་ལོ། ། འབྱུང་བ་དྲུག་གི་དྭངས་མའི་མྱུར་འགྲོ་རྣམས། །འཁོར་ལོ་དྲུག་གི་ལྟེ་བར་གཡོ་མེད་དུ། ། སྲོག་དང་ཐུར་སེལ་རོ་གཅིག་བསྲེ་བ་དང༌། །བོགས་འདོན་ལྕེའུ་ཆུང་སྦྱོར་བའི་རྣལ་འབྱོར་ སྒོམ། །འཛིན་པའོ། ། འདི་ནི་བར་དུ་དགེ་བའི་ཉམས་ལེན་ཡིན། ། རྡོ་རྗེ་ཉི་མ་ནོར་བུར་གནས་པ་ལས། །ཕྱག་བརྒྱ་བཞི་གསུམ་གཅིག་དང་མཉམ་སྦྱོར་ བས། །སྒྱུ་མའི་རྡོ་རྗེ་རྗེས་སུ་དྲན་པ་ན། །དགའ་བཞིའི་ངོ་མཚར་ཅི་ཡང་མཐོང་བར་འགྱུར། ། རྗེས་དྲན་ནོ། ། སྤྲོས་པའི་ཕྱག་རྒྱ་རྣམ་སྤངས་སྟོང་གཟུགས་ཀྱི། །མཛེས་མ་དང་སྦྱོར་སྒོ་གསུམ་ལྷན་སྐྱེས་ དགའི། །ངོ་བོ་གནས་གྱུར་འགྱུར་མེད་བདེ་བའི་དངོས། །འཛིན་མེད་དག་པའི་འཁོར་ལོ་རབ་ འབྱམས་ཐོབ། །ཏིང་ངེ་འཛིན་ནོ། ། འདི་ནི་ཀུན་མཐར་དགེ་བའི་ཡན་ལག་སྟེ། །དེ་ལྟར་རྡོ་རྗེའི་རྣལ་འབྱོར་རྣམ་པ་དྲུག། དོན་དམ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཏེ། །འཁྲུལ་མེད་ལམ་བཟང་འདི་ལ་ཉམས་ལེན་ མཛོད། ། ཅེས་སྦྱོར་བ་ཡན་ལག་དྲུག་གི་དོན་སྙིང་པོར་བསྟན་པ་སློབ་མ་ཀུན་དགའ་ལགས་པའི་ དོན་དུ་ཚིག་གི་སྡེབ་སྦྱོར་སྤངས་ནས། དགེ་སློང་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་དཔལ་སྟག་ ལུང་གི་ཆོས་གྲྭར་རོ།། །། (འདི་དཔེ་མི་འདྲ་བ་གསུམ་ལ་གཏུགས་ཡོད།) 24-1-460 ༄༅། །ཡི་གེ་གཅིག་པའི་མངོན་བརྗོད་ཀྱི་གཞུང་སློབ་དཔོན་ སྨྲ་བ་ཆེན་པོས་མཛད་པའོ། ། ༄༅། །རྒྱ་གར་སྐད་དུ། ཨེ་ཀ་ཀཱར་ཨ་བྷི་དྷ་ན། (བོད་སྐད་དུ། ཡི་གེ་གཅིག་པའི་མངོན་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།) ཨཱ་ག་མེ་བྷྱོ་བྷི་དྷཱ་ནེ་བྷྱོ། །དྷཱ་ཏུ་བྷྱཱཿཤབྡ་ཤཱ་ས་ནཱཏྲ། ། ཨེ་ཏཱི་ཏྱེ་ཀཱ་ཀྵ་རཾ་ནཱ་མ། །(ལུང་རྣམས་ལས་དང་མངོན་པར་བརྗོད་རྣམས་ལ། །བྱིངས་རྣམས་ལས་དང་སྒྲ་ཡི་བསྟན་པ་ ལས། །ཡི་གེ་གཅིག་པའི་མིང་ཞེས་བྱ་བ་འདི།།) བི་དྷཱ་ན་ཀྲི་ཡ་ཏེ་མ་ཡཱ། །ཀཱཿཔྲ་ཛཱ་པ་ཏི་རུ་དྷིཥྚཿ། །ཀོ྅རྐ་ བཱ་ཡྭ་ན་ལེ་ཥུ་ཙ། །(བྱུང་བ་མངོན་བརྗོད་བདག་གིས་བརྩམས་པར་བྱ། ༡ །ཀ་ནི་སྐྱེ་དགུའི་བདག་པོར་བཤད་པ་སྟེ། །ཉི་ མ་རླུང་དང་མེ་རྣམས་ལ་ཡང་ཀཿ།།) ཀཤྩཱཏྨ་ནི་མ་ཡཱུ་རེ་ཙ། །ཀཿཔྲ་ཀཱ་ཤ་ཨུ་དཱ་ཧྲྀ་ཏཿ། །ཀཾ་ཤི་རོ་ཛ་ལ་མཱ་ ཁྱ་ཏཾ། །ཀཾ་སུ་ཁེ྅་བི་ཤུ་བྷེ་པི་ཙ། །(རྨ་བྱ་དང་ནི་བདག་ཉིད་ལ་ཡང་ཀཿ། །རབ་གསལ་བྱེད་ལ་ཀཿཞེས་མངོན་པར་ སྨྲ། ༢ །ཀཾ་ནི་མགོ་དང་ཆུ་ལ་ཀུན་ནས་བཤད། །དགེ་བ་ཡང་སྟེ་བདེ་བ་ལ་ཡང་ཀཾ།།) པྲྀ་ཐི་བྱཱཾ་ཀུཿས་མཱ་ཁྱཱ་ཏསྟ་ཐཱ་ཀུཏྶི་ ཏ་བྷ་ཥ་ཎེ། །ཁ་མིནྡྲི་ཡེ་ཏ་ཐཱ་ཤཱུ་ནྱེ། །ཁ་མཱ་ཀཱ་ཤ་མུ་དཱ་ཧྲྀ་ཏཾ། །(ཀུ་ནི་ས་ལ་ཡང་དག་བཤད་པ་སྟེ། །དེ་ བཞིན་ངན་པའི་ཚིག་ལའང་བརྗོད་པར་བྱ། ༣ །ཁ་ནི་དབང་པོ་དེ་བཞིན་སྟོང་པ་ལ། །ནམ་མཁའ་ལ་ཡང་ཁ་ཞེས་མངོན་གསུངས་ ཏེ།།) སྭརློ་ཀེ་པི་ཙ་ཁཾ་པྲོཀྟཾ། །ཁཾ་སཱ་མཱ་ནྱེ་པྲ་ཀཱིརྟི་ཏཾ། །གོ་ག་ཎེ་ཤཿས་མཱ་ཁྱཱ་ཏོ། །གནྡརྦྷ་གཿཔྲ་ ཀཱིརྟི་ཏཿ། །(མཐོ་རིས་འཇིག་རྟེན་ལ་ཡང་ཁ་རབ་བརྗོད། །སྤྱི་མིང་ལ་ཡང་ཁ་ཞེས་རབ་ཏུ་གྲགས། ༤ །གོ་ནི་ཚོགས་ཀྱི་དབང་ ལ་རབ་བཤད་དེ། །དྲི་ཟ་དག་ལ་གཿཞེས་རབ་ཏུ་གྲགས།།) གཉྩ་གཱི་ཏཉྩ་གཱ་གཱ་ཐཱ། །གཽཤྩ་དྷེ་ནུ་ས་ར་སྭ་ཏཱི། །གྷོ་ གྷནྚཱི་ཤཿས་མཱ་ཁྱཱ་ཏ། །ཀིངྐིརྞཱི་གྷཱ་པྲ་ཀིརྟི་ཏཱ། །གྷོ་མེ་གྷོ་མེ་ཧ་ནེ་གྷརྨེ། །(གླུ་ལེན་ངག་སྟེ་གཱ་ནི་གཏམ་ཉིད་ 24-1-461 དོ། །གཽ་ཡང་འདོད་འཇོ་དང་ནི་དབྱངས་ཅན་མ། ༥ །གྷ་ནི་དྲིལ་ཅན་དབང་པོར་རབ་ཏུ་བཤད། །སིལ་སིལ་རྒྱན་ལ་གྷ་ཞེས་རབ་ཏུ་ བརྗོད། །གྷོ་ནི་སྤྲིན་དང་བརླན་གཤེར་འབབ་དང་དྲོད།།) གྷུརྒྷོ་ཎཱ་གྷཱུརྡྷྭ་ནཱ་བ་པི། །ང་ཀཱ་རོ་བྷཻ་ར་བཿཁྱཱ་ཏོ། །ང་ ཀཱ་རོ་བི་ཥ་ཡཿསྨྲྀ་ཏཿ། །ཙཤྩནྡྲ་མཱཿས་མཱ་ཁྱཱ་ཏ སྟ་ཀཱ་རེ་ཙི་པྲ་ཀཱིརྟི་ཏཿ །ཚཾནིརྨ་ལཾ་ས་མཱ་ཁྱཱ་ཏཾ། ། (གྷུ་ནི་སྣ་དང་གྷཱུ་ནི་སྒྲ་ལ་ཡང༌། ༦ །ང་ཡིག་འཇིགས་པ་བྱེད་པོར་གྲགས། །ཡུལ་རྣམས་ལ་ནི་ང་ཡིག་དྲན། །ཙ་ནི་ཟླ་བར་ངེས་ པར་བརྗོད། །ཙ་ནི་ཏ་ཡིག་ལ་རབ་གྲགས། ༧ །དྲི་བྲལ་ལ་ནི་ཚ་ཞེས་ཡང་དག་བཤད།།) ཏ་ར་ལྱེ་ཚཾ་པྲ་ཀཱིརྟི་ཏཾ། །མླེ་ ཚ་ཛཱ་ཏཽ་ཙ་ཚཿབྲོཀྟཾ། །ཚེད་ནེ་ཚཿཔྲ་ཀཱིརྟི་ཏཿ། །ཛོ་བེ་གེ་ཙ་ས་མཱ་ཁྱཱ་ཏོ། །(ཚ་ནི་བཅོལ་ཆུང་ལ་ཡང་རབ་ ཏུ་གྲགས། །ཀླ་ཀློའི་རིགས་ལ་ཚ་ཞེས་བཤད་པ་སྟེ། །ཚ་ནི་གཅོད་པར་བྱེད་ལ་རབ་ཏུ་གྲགས། ༨ །ཛ་ནི་མྱུར་ཤུགས་ཡང་དག་ བརྗོད།།) ཛ་ན་ནེ་ཛཿཔྲ་ཀཱིརྟི་ཏཿ། །ཛེ་ཏ་ཛཿཀ་ཐི་ཏཿཤབྡ་ཤཱ་ས་ནེ་ཤབྡ་བི་དི་བྷིཿ། །ཛྷོ་ནེ་པ་ཐྱེ་ ས་མཱ་ཁྱཱ་ཏོ། །ཛྷཾ་ཛྷཱ་བཱ་ཏ་ར་བེ་ཥུ་ཙ། །(སྐྱེ་ལ་ཛ་ཞེས་རབ་ཏུ་སྨྲ། །སྒྲ་རིག་རྣམས་ཀྱིས་སྒྲ་གཞུང་ལས། །རྒྱལ་བྱེད་ཛ་ ཞེས་གཏམས་དུ་བྱས། ༩ །ཛྷ་ནི་གར་ཆས་གྱོན་ལ་རབ་ཏུ་གྲགས། །སྐད་གསངས་རླུང་པོ་འོ་དོད་རྣམས་ལ་ཡང༌།།) ཉ་ཀཱ་རོ་ གཱ་ཡ་ནེ་པྲོཀྟོ། །ཉ་ཀཱ་རོ་གྷཱརྒྷ་ར་དྷྭ་ནཽ། །ཊཿཔྲྀ་ཐི་བྱཱཾ་ས་མཱ་ཁྱཱ་ཏ ཥྚོ་དྷྭ་ནཱ་བ་པི་ཀཱིརྟི་ཏཿ། །ཋ་ ཀཱ་ར་ཋ་ཎ་ཀེ་པྲོཀྟོ། །(ཉ་ཡིག་བཤད་པ་བྱེད་ལ་རབ་བརྗོད་དེ། །གྷར་གྷར་སྐྱོད་པའི་སྒྲ་ལ་ཉ་ཡིག་གོ༡༠ །ཊ་ནི་ས་གཞིར་ གསུངས་པ་སྟེ། །སྒྲ་ལ་ཡང་ནི་ཊ་ཞེས་གྲགས། །ཋ་ཡིག་ཋཎ་སྐད་ཡིན་པར་གྲགས།།) དྷྭ་ནཱ་བ་པི་ཤ་ཋེ་པི་ཙ། །གི་རི་ ཤཥྛཿས་མཱ་ཁྱཱ་ཏ ཥྛཿཤཱུ་ནྱ་པ་རི་ཀཱིརྟི་ཏཿ། །ཋ་ཀཱ་རཿཀ་ཋི་ཏསྟ་ཛྙཻ སྟཐཱ་ཙནྡྲ་སྱ་མ་ལེ། །ཌཱ་ ཀཱ་ར་སཾ་ཀ་རེ་བྷཱི་མེ། །(སྒྲ་སྒྲོག་གཡོ་ཅན་ལ་ཡང་ངོ༌། ༡༡ །ཋ་ནི་རི་འཇོམས་ལ་ཡང་བཤད། །ཁོང་སྟོང་ཋ་རུ་རབ་ཏུ་ བརྗོད། །དེ་བཞིན་ཟླ་བའི་དཀྱིལ་འཁོར་ལ། །དེ་ཤེས་ཋ་ཡིག་གཏམ་དུ་བརྗོད། ༡༢ །ཊ་ཡིག་འདུ་བྱེད་འཇིགས་པ་ལ།།) ཌ་ཀ་ ར་དྷྭ་ནི་རུ་ཙྱ་ཏེ། །ཌྷ་ཀཱ་རཿཀཱིརྟི་ཏོ་ཌྷཀྐཱ། །ནི་རྒུ་ཎེ་པི་དྷྭ་ནཽ་ཏ་ཐཱ། །ཎ་ཀཱ་རཿཤཱུ་ཀ་ར་ཛྙཱ་ནེ། ། ནིརྞྞ་ཡེ་ནིཤྩི་ནིཤྩ་ཡེ་པི་ཙ། །ཏ་ཀཱ་ར་སྟ་ཀ་རེ་པྲོཀྟཾ། །(སྒྲ་རྣམས་ཌ་ཡིག་རབ་ཏུ་གསལ། །ཌྷ་ཡིག་རྔ་ལ་ གྲགས་པ་སྟེ། །དེ་བཞིན་སྒྲ་དང་ཡོན་ཏན་མེད། ༡༣ །ཎའི་ཡི་གེ་ཕག་པར་བཤད། །དཔང་པོ་བརྗོད་དང་ངེས་པ་ལའང༌། །ཏ་ཡིག་ ཆོམ་རྐུན་ལ་རབ་བརྗོད།།) ཀྲོ་ཌ་སུ་ཚེ་པི་ཀཱིརྟི་ཏཿ། །ཤི་ལོཙྪ་ཡེ་ཐ་ཀཱ་རཿ། །སྱཱཏྟ་ཐཱ་ཙ་བྷ་ཡ་རཀྵ་ཎེ། ། 24-1-462 དོ་བ་ཏེ་བྷྲེ་ཀ་ལ་ཏྲེ་ཙ། །ཚེ་དེ་དཱ་ནེ་ཙ་དཱ་ཏ་རི། །དྷོ་དྷ་ནེ་ཙ་དྷ་ནཱ་དྷྱཀྵེ། །(ཕག་གི་མཇུག་མ་ལའང་ བཤད། ༡༤ །རྡོ་བ་བརྩེགས་པ་ཐ་ཡིག་སྟེ། །དེ་བཞིན་འཇིགས་པ་སྲུང་ལའང་དེའོ། །སྲུང་བ་སྤྲིན་པ་ཆུང་མ་དང༌། །གཅོད་དང་ སྦྱིན་པ་སྦྱིན་པོ་ཡང༌། ༡༥ །དྷ་ནི་ནོར་དང་ནོར་གྱི་རྗེ།།) བནྡྷ་ནེ་དྷཱ་ཏ་རི་སྨྲྀཏཿ། །དྷི་ཥ་ཎཱ་དྷཱིཿས་མཱ་ཁྱཱ་ཏཱ། །དྷཱུ་ཀ་ རོ་བྷ་བ་ཙིཏྟ་ཡོཿ། །སྱཱདྦྷཱ་རེ་ཙཻ་བ་དྷཱུ་ཀཱ་རསྟ་ཐཻ་བ་བྷ་ཡ་ཙིནྟ་ནེ། །(འཆིང་བ་སྦྱིན་བདག་རྣམས་ལ་སྦྱིན། ། བློ་ཅན་བློ་གྲོས་རྣམས་ལའང་བཤད། །དྷཱུ་ཡིག་དད་དང་སེམས་དག་ལ། ༡༦ །ཡང་དེ་དྷཱུ་ཡིག་ཁུར་པོ་ལ། །འཇིགས་པ་སེམས་ ལའང་དེ་བཞིན་འདི།།) ན་ཀཱ་རཿསྱཱཏྣི་ཥེ་དྷེ་ཏུ། །སཽ་ག་ཏེ་ཏུཿསྟུ་སྟོ་སྨྲ་ཏཿ། །ནེ་ཏཱ་ནཿཀ་ཐི་ཏོ་བནྡྷོ་བྲ ཀྵེ་སཱུརྱེ་ཙ་ཀཱིརྟི་ཏཿ། །པཿཀུ་བེ་རེ་ཙ་པཱ་བ་ནེ། །(ན་ཡིག་དེ་ནི་དགག་པ་དང༌། །བདེ་གཤེགས་པ་དང་བསྟོད་པར་ དྲན། ༡༧ །ནཿནི་མགོ་བྱེད་གཏམ་དུ་བྱེད། །གུས་པ་ཤིང་དང་ཉི་མར་བརྗོད། །པ་ནི་ལུས་ངན་རླུང་ལྷ་དང༌།།) པཱ་ནེ་པཱཿཔཤྩ་ མེ་ཏ་ཐཱ། །ཕ་ཨཱབྷ་ནེ་ས་མཱ་ཁྱཱ་ཏཿ། །སཾ་སྠཱ་ནེ་ཕཿཔྲ་ཀཱིརྟི་ཏཿ། །ཕཿཕུཏྐཱ་རེ་ཙ་ཀ་ཐི་ཏ་སྟ་ཐཱ་ནིཥྤ་ ཕ་ལ་བྷཱ་ཥ་ཎེ། །བཱཿཔྲ་ཙེ་ཏ་ས་མཱ་ཁྱཱ་ཏཿ། །(བཏུང་བྱང་ནུ་ལའང་དེ་བཞིན་པ། ༡༨ །ཕ་ནི་འབོད་པར་ཡང་དག་ བཤད། །སྡོད་པ་ལ་ཡང་ཕ་ཞེས་གྲགས། །ཕ་ནི་ཕུ་ཡིག་ལ་ཡང་སྨྲ། །དེ་བཞིན་འབྲས་བུ་མེད་པའི་ངག ༡༩ །བ་ནི་ཆུ་ལྷར་ཀུན་ ནས་བཤད།།) ཀ་ལ་ཤེ་ཙ་ཏ་ཐཱ་ཕ་ལེ། །བཀྵ་སྠ་ལེ་ཙ་བཿཔྲོཀྟོག་དཱ་བཿཀ་ཐི་ཏོ་བུ་དྷཻཿ། །བིཿཔཀྵཱི་ ཏ་ཐཱ་པྲོཀྟོག་ག་ནཾ་བི་པྲ་ཀཱིརྟི་ཏཾ། །བྷ་ནཀྵ་ཏྲཾ་ས་མཱ་ཁྱཱ་ཏཾ། །(དེ་བཞིན་འབྲས་བུ་བུམ་པ་དང༌། །བྲང་གི་ ཁྱོན་ལའང་བ་རབ་བརྗོད། །བོང་བུའང་བ་ཞེས་མཁས་པས་བཤད། ༢༠ །དེ་བཞིན་བི་ནི་བྱ་ལ་བཤད། །ནམ་མཁའ་ལ་ཡང་བི་ རབ་བརྗོད། །བྷ་ནི་སྐར་མ་ཡིན་པར་སྨྲ།།) བྷྲ་མ་རེ་བྷ་བ་ནེ་ཙ་བྷཿ། །བྷཱ་དཱིཔྟི་རུཀྟཱ་བྷཱུརྦྷཱུ་མིརྦྷཱིརྦྷཱི་ཥཱ་ཡཱ་ པྲ་ཀཱིརྟི་ཏཱ། །མཿཤི་བཤྩ་མཱ་བེ་དྷཱ། །མཱ་ལཀྵྨཱི་ཙ་པྲ་ཀཱིརྟི་ཏཱཿ། །(བུང་བ་དང་ནི་གནས་ལའང་བྷཿ། ༢༡ །བྷཱ་ནི་ འབར་གསལ་ས་འོག་ས་སྟེང་བརྗོད། །བི་ནི་འཇིགས་སུ་རུང་བར་མངོན་པར་གྲགས། །མ་ནི་ཞི་བ་ཟླ་བ་ཚངས་པ་ལ། །དཔལ་མོ་ ལ་ཡང་མ་ཞེས་རབ་ཏུ་གྲགས།༢༢།) ཏ་ཐཱ་མཱ་ཏ་རི་མཱ་ནེ་ཙ། །བནྡྷ་ནེ་མཿཔྲ་ཀཱིརྟི་ཏཿ། །ཡཾ་ཡ་ཤཿཀ་ཐི་ཏཾ་ ཤིཥྚཻཪྻོ་བཱ་ཡུ་རི་ཏི་ཤབྟ་ཏཿ། །ཡཱ་ནེ་ཡཱ་ཏ་རི་ཏྱ་གེ་ཙ་ཀ་ཐི་ཏཿཤབྡ་བེ་དི་བྷིཿ། །(དེ་བཞིན་སྐྱེད་མ་ས་ མཚམས་དང༌། །འཆིང་བར་བྱེད་ལ་མ་རབ་བརྗོད། །ཡ་ནི་གྲགས་པར་མཁས་པས་བཤད། །རླུང་ལ་བ་ཡི་སྒྲ་རུ་བརྗོད། ༢༣ ། 24-1-463 གཞོན་པ་བག་མ་ནང་འཕྲད་དང༌། །གཏོང་བར་སྒྲ་ཤེས་རྣམས་ཀྱིས་བཤད།།) རཤྩ་ཀཱ་མེ་ཏ་ཐཱ་སཱུརྱེ། །ཤབྡེ་ཙཻ་བ་ པྲ་ཀཱིརྟི་ཏཿ། །རཤྩ་རཱམེ྅ནི་ལེ་བ་ཧྣཽ། །ཏ་ཐཱ་བྷཱུ་མཽ་དྷ་ནེ་པི་ཙ། །ཨིནྡྲི་ཡེ་དྷ་ན་རོ་དྷེ་ཙ། །བྷ་ཡེ་ རཤྩ་པྲ་ཀཱིརྟི་ཏཿ། །(ཉི་མ་འདོད་པ་དེ་བཞིན་རཿ། །སྒྲ་སྐད་ལའང་རབ་ཏུ་བཤད། ༢༤ །དགའ་བྱེད་རླུང་དང་མེ་ལ་ར། །དེ་ བཞིན་ནོར་དང་ས་གཞི་ལ། །དབང་པོ་རྣམས་དང་ནོར་གཏམས་དང༌། །འཇིགས་པ་ལ་ཡང་ར་ཞེས་བརྗོད།༢༥།) ལཱ་དཱིཔྟིཤྩ་ པི་ལཱུརྦྷཱུ་མི། །ལི་བྷ་ཡེ་ཧླཱ་ད་ནེ་པི་ལཿ། །ལ་ཨིནྡྲེ་ལ་བ་ཎེ་ཙཻ་བ་ལཱ་དཱ་ནེ་བ་རུ་ཎེ་པི་ཙ། །ལཱི་རཱ་ ཤ་ཡེ་ཏ་ཐཱ་ཤླེ་ཁེ་པྲ་ལ་ཡེ་སཱ་དྷ་ནེ་པི་ལཿ། །(ལཱ་ནི་འབར་བྱེད་ལུ་ནི་ས། །ལི་ནི་འཇིགས་པ་ལཿཚིམ་བྱེད། །ལ་ནི་ བརྒྱ་བྱིན་ལན་ཚྭ་དང༌། །ལཱ་ནི་སྦྱིན་པ་ཆུ་ལྷའི་ཕྱོགས། ༢༦ །ལཱི་ནི་བཤམས་པའོ་དེ་བཞིན་དུ། །གྱེས་པ་ཉམས་པ་གཞོགས་པའང་ ལྭཿ།།) ཝ་ཀཱ་རཿསནྟྭ་ནེ་བཱ་ཏེ། །ཝ་རུ་ཎེ་ཙ་པྲ་ཀཱིརྟི་ཏཿ། །ཤཾ་ཤྲེ་ཡཿཤཿཤི་བེ་སིམྣི་ཤྭཾ་ཤཱསྟཾ་པ་རི་ བྷ་ཥི་ཏཾ། །ཤ་ཡ་ནཾ་ཤཱི་རི་ཏི་པྲཛྫ། །ཧིདྶཱ་ཡཾ་ཤཱུཤྩ་ཀ་ཐྱ་ཏེ། །(ཝ་ཡིག་རབ་དགའ་རླུང་པོ་དང༌། །སྦྱར་བའི་ ཆང་ལ་རབ་ཏུ་བཤད། ༢༧ །ཤ་ནི་བཀྲ་ཤིས་ཞི་བ་ལ་ཡང་བཤད། །མཚམས་དང་བསྟན་བཅོས་ཤ་ཞེས་ཡོངས་སུ་བརྗོད། །ཤཱི་ ཞེས་པ་ནི་ཉལ་བར་རབ་ཏུ་ཤེས། །ཤཱུ་ནི་འཚེ་བར་བྱེད་ལ་གཏམ་དུ་བྱས།༢༨།) ཥཿཀཱིརྟི་ཏོ་བུ་དྷཻཿཤྲེཥྛེ། །ཥཤྩ་གམྦྷཱི་ར་ ལོ་ཙ་ནེ། །ཨུ་པ་སརྒེ་ཙ་ཥོ་པྲོཀྟཿ། །ས་པ་རོཀྵ་ཨུ་དཱ་ཧྲི་ཏཿ། །ཀོ་ཥེ་དྷ་ནུ་ཥི་ས་པྲོཀྟཿ། །སཱ་གཽ་རཱི་ མཱ་ཙ་སཿཤི་བཿ། །(ཥ་ནི་གཙོ་བོར་མཁས་པས་བསྒྲགས། །ཟབ་མོའི་མིག་ཅན་ལ་ཡང་ཥ། །ཉེར་འཚེ་ལ་ཡང་ཥ་རབ་བརྗོད། ། ས་ནི་ངེས་པར་ལྐོག་གྱུར་བཤད། ༢༩ །མཛོད་དང་གཞུ་ལའང་ས་ཞེས་བཤད། །དཀར་མོ་དཔལ་མོ་ཞི་བ་ས།།) སཿཀོ་པེ་ཙཱ་ ར་ཎེ་ཁྱ་ཏསྟ་ཐཱ་ཤ་སྱ་ཙ་སཿསྨྲ་ཏཿ། །ཧཤྩ་ཁེ་དེ་ས་མཱ་ཁྱཱ་ཏོཧཱ་གརྟེ་ཥུ་ནི་ག་དྱ་ཏེ། །ཧིཿཔཱ་དྱཱ་ བ་ར་ཎེ་པྲོཀྟོཧིཿསྱཱདྡྷི་ཏྭ་བ་དྷ་ར་ཎེ། །(ཁྲོས་དང་བྲོ་གར་ས་རུ་བཤད། །དེ་བཞིན་ལོ་ཏོག་ས་རུ་དྲན། ༣༠ །ཧ་ནི་ སྡུག་བསྔལ་ལ་རབ་སྨྲ། །སས་གཡོགས་རྣམས་ལ་ཧ་ཞེས་བརྗོད། །ཧི་ནི་ཞབས་བཀྲུས་གཡོགས་པ་སྨྲ། །དེ་ཡི་རྒྱུ་ལའང་ཧི་རུ་ ཤེས།༣༡། ཀྵ་ཏྲེ་བཀྵ་སི་ཀྵཿཔྲོཀྟཿ། །ཀྵེ་ཏྲ་པཱ་ལེ་ཙ་ཀཱིརྟི་ཏཿ། །ཀྵིཿཀྵེ་ཏྲ་རཀྵ་ཎེ་པྲོཀྟོ་ནྲ་སིདྷེ་ ཀྵཿཔྲཀཱིརྟི་ཏཿ། །ཨེ་ཏེ་ཀཱ་དྱཾ་ཏཱཿ། །ཨཿཀེ་ཤ་བི་ནི་ཁེ་དྷེ་སྱཱ་(ཞིང་དང་ཐོང་ཀ་ཀྵ་ཞེས་སྨྲ། །ཞིང་སྐྱོང་ལྷ་ ལའང་གྲགས་པ་ཡིན། །ཀྵིཿནི་ཞིང་སྲུང་ཡིན་པར་གྲགས། །མི་ཡི་སེང་གེ་ཀྵཿརབ་བརྗོད། ༣༢ །དེ་ཙམ་ནི་ཀ་ལ་སོགས་པའོ། །ཨ་ 24-1-464 ནི་ལྷ་གསུམ་དགག་པ་ལ།།) དཱ་ཀཱ་ར་ཤྩ་པི་ཏཱ་མ་ཧཿ། །ཨི་ཀཱ་རཿཀ་ཐྱ་ཏེ་ཀ་མོ། །ལཀྵྨཱི་རཱི་ཀཱ་ར་ཨུ་ཙྱ་ ཏེ། །ཨུ་ཀཱ་རཿཤཾ་ཀ་རེ་བིཥྞཽ། །ཨཱུཤྩ་བྲ་ཧྨ་ཎི་རཀྵ་ཎེ། །ར་ཀཱ་རོ་དེ་བ་མཱ་ཏཱ་སྱཱཏྲ། །(མེས་པོ་ལ་ཡང་ཨཱ་ ཡིག་བརྗོད། །ཨི་ཡིག་འདོད་ལྷར་གཏམ་དུ་བྱེད། །དཔལ་མོ་ལ་ནི་ཨཱི་ཞེས་སྨྲས། ༣༣ །ཨུ་ཡིག་བདེ་བྱེད་ཁྱབ་འཇུག་བདག །ཨཱུ་ ཡང་ཚངས་དང་སྲུང་བ་ལ། །ལྷ་ཡི་མ་ལ་རཱི་ཡིག་གྲག།) རཱ་ཀཱ་རཿསྲརྒ་ཨུ་ཙྱ་ཏེ། །ལཱ་ཀཱ་རོ་དེ་བ་ཡོ་ནཱི་ནཱཾ་མཱ་ཏཱ་ ལཱ་ད་ནུ་ཛ་པྲ་སཱུཿ། །ཨེ་ཀཱ་ར་ཨུ་ཙྱ་ཏེ་བིཥྞུཿ། །ཨཻ་ཀཱ་ར་སྱཱཏྨ་ཏེ་ཤྭ་རཿ། །(མཐོ་རིས་རཱ་ཡིག་ཞེས་སུ་སྨྲ། ༣༤ །ལ་ཡིག་ལྷ་དག་སྐྱེ་གནས་རྣམས། །སྐྱེད་མའོ་ལཱ་ནི་སྦྱིན་སྐྱེས་ཡུམ། །འཇུག་སེལ་ལ་ཡང་ཨེ་ཡིག་བརྗོད། །ཨཻ་ཡིག་དབང་ ཕྱུག་ཆེན་པོ་སྟེ།༣༥།) ཨོ་ཀཱ་རསྟུ་བྷཱ་བེདྦྲཧྨཱ། །ཨཽ་ཀཱ་རོ྅ནནྟ་ཨུཙྱ་ཏེ། །ཨཾ་ཙ་སྱཱཏྤ་རཾ་བྲཱཧྨ་ཎཿ། །ཨ་ སྱཱཙྩཱ་པི་མ་ཧཻ་ཤྭ་རཿ། ༣༦ །ཨི་ཏི་ཤྲཱི་མཧཱ་ཀྵ་པཎ་ཀ་བི་ར་ཙི་ཏ་མེ་ཀཱ་ཀཱ་ར་བྷི་དྷ་ནཾ་ས་མཱ་པྟམ།། (ཚངས་པ་ཨོ་ཡི་ཡི་གེར་འགྱུར། །མཐའ་ཡས་ལ་ནི་ཨཽ་ཡིག་བརྗོད། །ཨཾ་ཡང་ཕ་རོལ་ཚངས་པ་ལའོ། །མཆོད་འོས་དབང་ཕྱུག་ཨ་ ཉིད་དོ།༣༧།) ཞེས་དཔལ་སྨྲ་བ་ཆེན་པོ་པས་རབ་ཏུ་བཤད་པ་ཡི་གེ་གཅིག་པའི་མངོན་བརྗོད་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཀྲྀཥྞ་པ་ དང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྱུར་བའོ།། །། ༈ ལེགས་པར་བཤད་པའི་གཏམ་སྙན་ནོར་བུའི་ཕྲེང༌། །མཁས་རྣམས་རྣ་བ་མཛེས་བྱེད་ཁོ་ན་ལས། །རྨོངས་པའི་རྒྱན་དུ་ འོས་པ་ཡིན་ནོ་ཞེས། །ཚངས་དབང་རྒན་པོའི་གསུང་ལས་ཡང་ཡང་ཐོས།། །།ཞུས་དག། མངྒ་ལཾ།། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཟ། ༢༢ པར་མ་ཡིན།) 24-1-465 ༄༅། །གསར་འགྱུར་འཕགས་པ་སྤྱན་རས་གཟིགས་ བློ་གྲོས་ཟླ་བའི་སྒྲུབ་ཐབས་ བཞུགས་སོ། ། ༄༅། །ལོ་ཀེ་ཤྭ་ར་ཡ་ན་མོ་ན་མཿ བློ་གྲོས་ཟླ་བར་མཚན་གསོལ་བ། །འཕགས་པ་སྤྱན་ རས་གཟིགས་དབང་ལ། །གུས་པའི་ཡིད་ཀྱིས་བཏུད་བྱས་ནས། །སྒྲུབ་ཐབས་མདོ་ཙམ་བྲི་ བར་བྱ། ། ཐོ་རེངས་ཀྱི་ཚེ་ལྷའི་བུ་སྐྱ་རེངས་ལ་གསོལ་བ་བཏབ་ཅིང་ལྟུང་བ་བཤགས། དེ་ནས་ཐུན་ བཞིའི་ཐུན་རེ་ལ། ཐོག་མར་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྣམ་གཟིགས་ ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་མཆོག་བྱིན་དང་པདྨ་ དཀར་པོ། གཡས་སུ་འཇམ་དབྱངས་སེར་པོ་སེངྒེ་སྔོན་པོ་ལ་གནས་པ་གླེགས་བམ་དང་ བཅས་པའི་ཨུཏྤལ་སྔོན་པོ་འཛིན་པ། སྤྱན་རས་གཟིགས་བློ་གྲོས་ཀྱི་ཟླ་བ་ལ། ན་མོ་རཏྣ་ཏྲ་ཡཱ་ ཡ། ན་མོ་ཨཱཪྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ ཐཱ། ༀ་ཨཱ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊྱཾ་ཀ་ཊེ། ཀ་རོ་ཊེ། ཀཱ་རོ་ཀཱ་ཊ་བིདྱ་སྭཱཧཱ། ཞེས་པ་ གསོལ་བ་གདབ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡ་ན་སེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ་མཧཱ་བཛྲེ་མཧཱ་བིདྱཾ་བཛྲ། མཧཱ་ཏེ་ཛ་བཛྲེ། མཧཱ་ བོ་དྷི་ཙིཏྟ་བཛྲ། མཧཱ་བྷོ་དྷི་མནྡྲོ་པ་སཾ་ཀྲ་མ་ཎི་སརྦ་ཀརྨཱ་བ་ར་ཎ་བི་ཤོ་དྷ་ནི་སྭཱཧཱ། ཞེས་པས་ 24-1-466 མཆོད་པ་ཕུལ། ༀ་ན་མོ་ན་མཿ ཞེས་ཕྱག་འཚལ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་ སྐྱབས་འགྲོ། ཇི་ལྟར་འདས་པའི་སངས་རྒྱས་སོགས་ཀྱིས་སེམས་བསྐྱེད། དེ་ལྟར་འདི་དག་ ཀུན་བྱས་ཏེ་སོགས་ཀྱིས་བསྔོ་བ་བྱའོ། །དེ་ནས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ ཉིད་བསྒོམ་པས། བཅོམ་ལྡན་འདས་རྣམ་གཟིགས་ཀྱི་ཐུགས་ཀ་ནས་འོད་འཕྲོས་རང་ལ་ ཐིམ། བཅོམ་ལྡན་འདས་བདག་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། བློ་གྲོས་ཀྱི་ཟླ་བ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་པར་བསམ། སྭ་བྷཱ་ཝས་སྟོང་ཉིད་བསྒོམ། ༀ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མཧཱ་ཀཱ་རུ་ཎི་ཀ་བིགྷྣཾ་ཧཱུཾ་ཕཊ། བསང་གཏོར་བྱའོ། །ༀ་ཛཱ་ཡཱ་ཡ་སྭཱཧཱ། ༀ་བི་ཛཱ་ཡཱ་ ཡ་སྭཱཧཱ། སྒོ་གསུམ་གྱི་གེགས་བསལ། ༀ་ཨ་ཙ་ལ་བཱི་རཱ་ཡ་སྭཱཧཱ། རང་གི་སྙིང་གར་ཟླ་བ་ལ་ ཧྲཱིཿསེམས་གཏད། ཧྲཱིཿཉིད་ལ་དམིགས་ནས་སྟོང་པར་བསྒོམ། ༀ་བི་མ་ལ་ཨུ་ད་ཡ་ཧཱུཾ། ༀ་རཏྣ་ ཨ་ཙ་ལ་ཧཱུཾ། ༀ་ཀ་མ་ལ་བྷཻ་སྭཱཧཱ། ༀ་ཨ་མི་ཏོདྦྷ་ནཱ་ཡ་སྭཱཧཱ། མཚོ་དང་རིན་པོ་ཆེའི་རིའི་རྩེ་མོར་ ཧཱུཾ་ལས་སྲུང་འཁོར་གྱི་ནང་དུ་བྷྲཱུཾ་ལས་ཞིང་ཁམས་རྒྱ་ཆེ་བ་དེའི་དབུས་སུ་པདྨ་ལ་ཟླ་བ་དང་ཉི་ མའི་དབུས་སུ་རང་སེམས་ཧྲཱིཿཡིག་བཞུགས་པའི་འོད་ཀྱི་འཕྲོ་འདུ་ལས་གཞལ་མེད་ཁང་པ་ ན་ནོར་བུའི་ཁྲི་ལ་པད་དཀར་དང་ཟླ་བ། དར་གྱི་གློ་བརྟེན་དང་བཅས་པ་གཉིས་སུ་གྱུར་པའི་ དབུས་མ་ལ། ༀ་ཨ་ཀ་ཊེ་སོགས་ཀྱི་སྒྲ་གྲགས་ཏེ་དེར་སྔགས་ཀྱི་ཡིག་འབྲུ་བྱུང༌། འོད་ཀྱི་འཕྲོ་ འདུ་ལས་རང་ཉིད་སྤྱན་རས་གཟིགས་བློ་གྲོས་ཟླ་བ་འཛུམ་ཞིང་ཆགས་པ་དྲེགས་པའི་ཚུལ་ ཅན་སྒེག་ཅིང་མཛེས་པ། ཀ་ཤིའི་རས་ཀྱི་སྟོད་གཡོགས་དང༌། དར་གྱི་སྨད་གཡོག་ཅན། རི་ དྭགས་ནག་པོའི་པགས་པའི་སྟོད་གཡོགས་ཅན་ཕྱག་གཉིས་ཀྱི་མདའ་གཞུ་འཛིན་པ། རིན་པོ་ ཆེའི་མདའ་རྒོད་ཕྲག་པར་ཐོག་པ། དབུ་སྐྲ་ཟུར་ཕུད་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཉིས་ཅི་བདེ་བར་བཞུགས་པའོ། །གཡོན་དུ་ཡུམ་གོས་དཀར་མོ། པདྨ་དམར་པོའི་ 24-1-467 སྡོང་བུ་ཁ་འབྱེད་པ། གཙོ་བོའི་ཞལ་ལ་བལྟ་ཞིང་རྒོད་པས་མགོ་བསྒྱུར་ཏེ་ཅ་ཅོ་སྒྲོགས་པ་ གཉིས་ཀའང་དཀར་བའོ། །མདུན་གྱི་གདན་ལ་འཇམ་དཔལ་གསེར་མདོག ཕྱག་བཞི་མདའ་ གཞུ་རལ་གྲི་ཨུཏྤལ་འཛིན་པ་ཆ་ལུགས་གཙོ་བོ་དང་མཚུངས་པ། སྤྱན་རས་གཟིགས་ཀྱི་ གཡས་སུ་དབྱངས་ཅན་ཅ་ཅོ་མ་སྔོན་མོ་ཕྱག་གཡས་དང་པོ་གླིང་བུ། གཡོན་དང་པོས་ཡབ་ སྤྱན་རས་གཟིགས་ལ་འཁྱུད་པའི་ལྟ་སྟངས་ཅན་གདུགས་དཀར་འཛིན་པ་འོག་མ་གཉིས་ ཀྱིས་པི་ཝང་བརྡུང་བ། དེའི་གནས་གསུམ་བྱིན་རླབས་དང༌། པོ་ཊ་ལ་ནས་ཡེ་ཤེས་པ་དགུག་ གཞུག་བྱས་པ། དབང་བསྐུར་ཏེ་གཙོ་བོར་ཐམས་ཅད་ལ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་ རྣམས་སྤྱི་དང་འདྲ་བ་ཡིན་ནོ། །སྤྱོད་པ་དང་པོ་ནི། མེ་ཏོག་གི་མདའ་རྣམས་འཕང་པས་རི་ རབ་སུམ་ཅུ་རྩ་དྲུག་གི་རྡུལ་དང་མཉམ་པའི་ལྷ་དང་མི་དང་ལྷ་མིན་དང་ཀླུ་དང་ནོར་བདག་ དང་མིའམ་ཅིའི་བུ་མོ་རྣམས་བཀུག་སྟེ། སྔགས་འཆང་མ་ཐམས་ཅད་ལ་འདོད་པའི་ལོངས་ སྤྱོད་ཐམས་ཅད་རྫོགས་པར་སྤྱོད་པ་ཐམས་ཅད་རྫོགས་པར་སྤྱོད་པར་བསམ་ཞིང་བདེ་བ་ དང་ལྷ་སྐུ་བསྒོམ། གཉིས་པ་ནི་ཧཾ་དང་རཾ་ལས་བྱུང་བའི་མདའ་གཞུ་དཔག་ཏུ་མེད་པ་སྤྲུལ། རི་གླིང་རྒྱ་མཚོ་ཐམས་ཅད་དུ་སོང་ནས་སྲིད་པ་གསུམ་གྱི་འགྲོ་བ་ཀུན་གྱི་འཁོར་ལོ་དྲུག་ཏུ་ མདའ་སྣུན་ཏེ་སྒྲིབ་པ་གཉིས་ཐམས་ཅད་མཐར་བྱེད་དུ་བྱས་རིན་པོ་ཆེའི་རི་བོ་དང་ནང་གི་ ནང་དུ། འགྲོ་བ་ཀུན་གྱི་སྙིང་ག་ནས་གཏི་མུག་ཕག་དང༌། སྲེད་པ་རི་དྭགས། རྣམ་རྟོག་འདབ་ ཆགས་ཀྱི་རྣམ་པར་བཀུག་པ་ཐམས་ཅད་རྡོ་རྗེའི་མདའ་ནི་སྦྱོར་བས་དག་པར་བྱས། ལྷ་མོ་ དང་ལྷན་ཅིག་པའི་དམ་ཚིག་ཆེན་པོ་བྱས་ༀ་ཨཱཿཧཱུཾ། སླར་ཡང་རང་གི་སྟན་ལ་འཁོད། དེ་ བཞིན་དུ་འཇམ་དཔལ་ཡང་སྤྱོད་པ་ལ་རྒྱུ། དེ་ནས་ཐུགས་ཀར་སྔགས་ཕྲེང་བཀོད་ནས་ བཟླས་པ་བྱ་སྟེ། ༀ་ཧྲཱིཿསྭཱཧཱ། སྙིང་པོའོ། །ཧྲཱིཿཧཱུཾ་ཉེ་སྙིང་ངོ༌། །རྩ་སྔགས་ནི་གསོལ་བཏབ་ཀྱི་ སྐབས་བསུ་བསྟན་ཏེ། ༀ་གཽ་རི་དེ་བཱི་ཀ་ཊེ་བི་ཀ་ཊེ་ནི་ཀ་ཀ་ཊྱཾ་ཀ་ཊེ་སྭཱཧཱ། མཧཱ་གོ་རི་པཎྜ་རཱིའི་ 24-1-468 སྔགས་སོ། །ༀ་ཨ་ར་པ་ཙ་ན་དྷཱིཿ འཇམ་དཔལ་གྱི་སྔགས་སོ། །ༀ་ཀི་ལི་ཀི་ལི་མཧཱ་ཀི་ལི་ཚ་ཏྲཾ་ ཀ་དྷ་རི་ཧྲིཾ་ཧྲིཾ་ཧྲིཾ་སྭཱཧཱ། དབྱངས་ཅན་མའོ། །གལ་ཏེ་སེམས་ཤིན་ཏུ་བརྟན་ན་ལྷ་དངོས་ཀྱི་བྱིན་ གྱིས་རླབས་ལ། སེམས་བརྟན་པ་ན། རང་ལུས་ཟླ་བ་ལ་གནས་པ་ཤིན་ཏུ་ཡང་བ་དང་སོ་སོར་ གཅིག་འཕགས་པ་ནས་མཐའ་ཡས་པར་བསླབ་པས། མཁའ་སྤྱོད་ལུས་རྡུལ་དུ་བཤིགས་ པས་མི་སྣང་བ་དང༌། ཆུ་རྡུལ་འདུས་པ་ལམ་ལས་དབང་ཆེན་དུ་སྒོམ་པས་ཆུར་མི་བྱིང་བ་ དང༌། ཆོས་ཀུན་མཉམ་པ་ཉིད་དང༌། ཁམས་ཐམས་ཅད་ནམ་མཁར་མོས་པ་དང༌། ལུས་ཡང་ བ་དང༌། སེམས་ཡང་བའི་མོས་པས་རྫུ་འཕྲུལ་སྣ་ཚོགས་དང༌། མིག་དང་རྣ་བའི་ཡིག་འབྲུའི་ འོད་ཀྱིས་མིག་རྣའི་མངོན་ཤེས་དང༌། ལུས་སེམས་རང་བཞིན་མེད་པར་བཤིགས་པའི་འདུ་ ཤེས་ཀྱིས་གཞན་སེམས་ཤེས་པ་རྡུལ་རྣམས་རྡོ་རྗེར་མོས་པས་ནམ་མཁའ་སྐབས་མེད་པར་ སྟོན་པ་སོགས་འགྲུབ་ཅེས་གཟུངས་ལས་འབྱུང་ངོ༌། །དཀྱིལ་འཁོར་རྨི་ལམ་ལྟ་བུར་བསམ་ ནས་ཐུན་མཚམས་ལ་འཇུག་གོ །འདི་ལས་ཀྱི་ལྷ་གཉིས་ནི། རྟ་མགྲིན་དང་གཤིན་རྗེ་གཤེད་ དེ། དེའི་སྔགས་ནི། ༀ་ཧ་ཡ་གྲཱ་བ་ཨ་ཧཾ་ཨ་ཧཾ་ཨཾ་ཨཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་སོ། །བྱིན་རླབས་བྱེད་པར་འདོད་ན། མདུན་བསྐྱེད་བསྒྲུབ་པ་ དང༌། དུས་རྒྱུན་གྱི་མཆོད་པ་གཉིས་ཀ་ཡང་འདྲ་སྟེ། མཎྜལ་ལྗང་ཁུ་ཞིག་བྱ། མཆོད་པས་ བསྐོར། དུང་ཆོས་ཀྱི་ཆུ་ལ་སྔགས་གཉིས་པོ་བརྒྱ་རེ་བཟླས་པའི་བསང་ཆུ་བསྒྲུབ། མཎྜལ་ལ་ ཡང་བསང་ཆུས་གཏོར་ལ་བསངས། སྭ་བྷཱ་ཝས་སྦྱངས། ༀ་ཨ་ཙ་ལ་སོགས་རང་གི་སྙིང་གར་ ཟླ་བ་ལ་ཧྲཱིཿདཀར་པོ། མཎྜལ་གྱི་དབུས་སུ། ༀ་བི་མ་ལ་ཞེས་པ་ནས། དེའི་དབུས་སུ་པད་ཟླ་ ལ་ཧྲཱིཿཡིག་གི་འཕྲོ་འདུ་ལས། གཞལ་མེད་ཁང་པ་ན་སོགས་ནས། གནས་གསུམ་བྱིན་གྱིས་ རླབས་པའི་བར་སྒྲུབ་ཐབས་ལྟར་བྱ། ༀ་ཝ་ར་པྲ་ད་ཡ་སྭཱཧཱས་སྤྱན་དྲངས། པོ་ཊ་ལ་ཀ་ནས་ བྱོན་པའི་རྗེ་བཙུན་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་སྟེ། ༀ་ས་ར་ས་ར་ཧུ་ལུ་ཧུ་ལུ་བྷ་ 24-1-469 ག་ཝན། དྷ་ར་དྷ་ར། ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཧ་སྭཱཧཱ། ཞེས་བསྐུལ་ལོ། །ༀ་ཧྲཱིཿཧ་ཧཱུཾ་སྭཱཧཱ། མཆོད་ ཡོན། ༀ་ཊ་ཊ་ཧཱུཾ་ཧཿཔུཥྤེ་སྭཱཧཱ། ༀ་དྷུ་ན་དྷུ་ན་མ་ཐ་མ་ཐ་ཧ་ཧ་ཧཱུཾ་དྷུ་པཾ་སྭཱཧཱ། ༀ་རཾ་དཱི་གྷ་ཧྲཱིཿཧཱུཾ་དེ་ པེ་སྭཱཧཱ། ༀ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་ཧེ་ཧེ་གནྡྷཾ་སྭཱཧཱ། ༀ་བ་ར་བ་ར་ཏཱ་ཡ་ཀ་ཧེ་ཧོ་ཧྲཱིཿཧཱུཾ་ནཻ་དྱེ་སྭཱཧཱ། ཞེས་ཉེར་སྤྱོད་ལྔས་མཆོད། ཛཿཧཱུཾ་བཾ་ཧོ་ནས་དབུ་རྒྱན་གྱི་བར་རྫོགས་པར་བྱ། དེ་ནས་མཆོད་ པ་བྱིན་གྱིས་རླབས། རང་རང་གི་སྔགས་ཀྱི་མཐར་ༀ་བཛྲ་པུཥྤཾ་པྲ་ཏཱིཙྪ་ཨཱཿཧཱུཾ། ཞེས་མེ་ཏོག་ ཕུལ། གཞན་སྤྱི་དང་མཐུན་པ་ལྟར་མཆོད་བསྟོད་བྱ། གཏོར་མ་འབུལ་བ་ནི་མེད་དོ། །གལ་ ཏེ་སྤྲོ་ན་བླ་མེད་སྤྱི་དང་མཐུན་པ་དང༌། འཇིག་རྟེན་པའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་ལྟར་ བྱ། དེ་ནས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། དེ་ནས་རྗེས་ཆོག་སྤྱི་དང་མཐུན་པས་འགྲུབ་བོ། །གལ་ཏེ་སློབ་མ་རྗེས་བཟུང་བྱ་འདོད་ན། མཚམས་དེ་ནས་བུམ་པ་གསུམ་བཅའ། དེ་ལ་མཆོད་པས་བསྐོར། ༀ་བཛྲ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུཾ་ དང༌། ༀ་ཨཱཿཧཱུཾ། ལན་བདུན་གྱིས་སྔགས་པའི་དུང་གི་ཆུ། དེར་མེ་ཏོག་གི་ཕྲེང་བ་བཏགས། ༀ་ཏ་ཏེ་སོགས་ཀྱིས་ལྷའི་ཆུ་བོ་བཀུག རྣམ་རྒྱལ་དུ་ལྷ་རྣམས་རྫོགས་པར་བསྐྱེད། དགུག་ གཞུག་རྒྱས་བཏབ་བྱ། ལས་བུམ་དུ། ཧྲཱིཿལས་རྟ་མགྲིན་དམར་པོ་རོལ་སྟབས་ཅན། རྟ་མགོ་ ལྗང་གུ་དང་ལྡན་པ། ཕྱག་གཡས་གཉིས་ན་ཞགས་པ་དང་རྡོ་རྗེ། གཡོན་གཉིས་ཀྱིས་དབྱུག་ པ་དཀར་པོ་དང་སྡིགས་མཛུབ། ཧཱུཾ་ལས་གཤིན་རྗེ་ནག་པོ་རོལ་སྟབས་ཅན། ཐོ་བ་དང་ཞགས་ པ་བསྣམས་པའོ། །རང་རང་གི་སྔགས་ཀྱིས་སྔགས་པར་བྱས་ཏེ་བཟླས་པ་མང་དུ་བྱ། ཆུ་སྣོད་ བཞི་པོ་ལ་ཡང་ལྷ་མོ་བཞི་སོ་སོའི་སྔགས་ཀྱང་བཟླས། འཇུག་པའི་བུམ་པ་ལ་ལྷ་མི་བསྐྱེད། སྔགས་ནི་གཙོ་འཁོར་ཐམས་ཅད་ཀྱི་བཟླས་པ་བྱའོ། །ལྷ་རྣམས་རྗེས་ཆགས་ཀྱི་མེས་ཞུ། དུང་ ཆོས་ཀྱི་ཆུ་མཆོད་ཡོན་དུ་འབུལ། མཆོད་བསྟོད་བཟོད་གསོལ་ཡིག་བརྒྱ་བཟླ་བ་རྣམས་བྱ། ལས་ཐམས་ཅད་པས་གཏོར་ཞིང་ཀུ་ཤས་བསྐོར་ལ། བར་ཆད་སྲུང་བར་མཛད་དུ་གསོལ་ 24-1-470 ཞེས་བརྗོད་དོ། །དེ་ནས་བྱིན་རླབས་བདག་འཇུག་གི་ཚུལ་དུ་རང་གིས་ཀྱང་བླང་ནས། ནམ་ མཁའ་སྐྱེ་བ་སོགས་དམ་ཚིག་གསུམ་གྱི་གླུ་བླང་། སློབ་མ་རྣམས་བསང་ཆུས་བཀྲུས་ལ་ཉེ་ རེག་བྱེད་དུ་བཅུག རང་གིས་ཁྲོ་བོ་གཉིས་ཀྱི་སྔགས་དྲག་ཏུ་བཟླ། སློབ་དཔོན་གྱི་སྐུ་ལས་ འོད་བྱུང་གནས་གསུམ་དུ་ཐིམ་པས་བྱིན་གྱིས་རླབས་པར་མོས། རྩ་སྔགས་བཟླ་ཞིང་རྡོ་རྗེ་ གནས་གསུམ་དུ་གཏུགས། མཎྜལ་ཕུལ། ཀུན་མཁྱེན་ཡེ་ཤེས་སོགས་ལན་གསུམ་གྱིས་ གསོལ་བ་བཏབ། ཆས་འཇུག་གསུམ་མིག་དར་མེ་ཏོག་སྦྱིན། བྱང་ཆུབ་སྙིང་པོ་མཆིས་ཀྱི་ བར་སོགས་གསུམ་གྱིས་སྐྱབས་འགྲོ། བདག་ནི་མི་ཤེས་གཏི་མུག་པས། །ཞེས་པ་ནས། དེ་ དག་ཐམས་ཅད་བསགས་པར་བགྱི། །ཞེས་པས་སྡིག་པ་བཤགས། སེམས་ཅན་རྣམས་ཀྱི་ ངན་སོང་གི །ཞེས་པ་ནས། དགའ་བས་རྗེས་སུ་ཡི་རང་ངོ༌། །ཞེས་པའི་བར་གྱིས་ཡི་རང༌། ཇི་ ལྟར་འདས་པའི་སོགས་ཀྱིས་སེམས་བསྐྱེད། དེ་ལྟར་འདི་དག་སོགས་ཀྱིས་བསྔོ་བ་བྱའོ། །དེ་ ནས་རྟ་མགྲིན་དང༌། གཤིན་རྗེ་གཤེད་ཀྱི་སྔགས་བརྗོད་པ་ན། རང་གི་ཐུགས་ཀ་ནས་དེ་ གཉིས་སྤྲོས་བུམ་བསྐྱེད་ལྟར་བསྒོམ་དུ་བཅུག རྟ་མགྲིན་ལས་དྲག་པོ་ཆེན་པོ་ནག་པོ་རྡོ་རྗེ་ དང་ཞགས་པ་འཛིན་པ། རལ་གཅིག་མ་ནག་མོ་གྲི་ཐོད་ཨུཏྤལ་འཛིན་པ་དང་། གཤིན་རྗེ་ གཤེད་ལས་ཤིན་ཏུ་སྟོབས་ཞལ་དྲུག་ནག་པོ། ཕྱག་བཅུ་གཉིས་རྣམས་ན། རྡོ་རྗེ་ཐོ་བ་རལ་གྲི་ གཏུན་ཤིང་། ཐོད་དབྱུག་རྩེ་གསུམ་ལྕགས་ཀྱུ། དགྲ་སྟྭ་ཞགས་པ་ཀེང་རུས་ནོར་བུ་སྡིགས་ མཛུབ་འཁོར་ལོ་བསྣབས་པ། ཞབས་དྲུག་པ་སྣ་ཚོགས་པའི་གར་བྱེད་པ། ཕག་མོ་ནག་མོ། མདུན་ཞལ་ནག་པོ་ཚངས་པ་གསུམ་པ། གཡས་ཞལ་དམར་མོ་གཉིས་དྲག་པོ་དང་གདོང་དྲུག གཡོན་ལྗང་གུ་གཉིས་ཟླ་བ་དང་ཉི་མ། རྒྱབ་དཀར་པོ་ལོག་འདྲེན། སྔོ་དམར་ཁྱུག་སྟེང་དམར་ སེར་བརྒྱ་བྱིན་ཆུང་མ་དང་བཅས་པས་ཟ་བ། ཕྱག་གཡས་བརྒྱད་རལ་གྲི། གཡོན་བརྒྱད་ཐོད་ ཁྲག་བསྣམས་པ། ཕྱག་ཐ་མ་གཉིས་ལྕགས་ཀྱུ་དང་ཞགས་པ་འཕེན་པ། ཞབས་མདུན་མ་ 24-1-471 གཉིས་བསྒྲད་ཅིང་རྒྱབ་མ་ཅུང་ཟད་བསྐུམ་པས། སྲིན་པོ་ལྷ་མིན་གནོད་སྦྱིན་ཀླུ་རྣམས་མནན་ པ་སྤྲོས། བགེགས་བསྐྲད་པར་བསམ་ཞིང༌། རྡོ་རྗེ་གསོར། བསང་ཆུས་གཏོར། རོལ་མོ་དྲག་ ཏུ་བྱ། སྔགས་ཀྱིས་སྔགས་པའི་ཡུངས་ཀར་གྱིས་ལན་བརྒྱའི་བར་དུ་བརྡེག ཁྲོ་བོ་གཉིས་ སྔགས་ཀྱིས་བསྲུང༌། འཇུག་པའི་བུམ་པས་དབང་བསྐུར་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི་ སོགས་དང༌། རང་རང་གི་སྔགས་ཀྱིས་དབང་བསྐུར་རོ། །དེ་ནས་རང་གི་སྙིང་གར་ཟླ་བ་ སྔགས་ཕྲེང་དང་བཅས་པ། སངས་རྒྱས་ཐམས་ཅད་འོད་ཟེར་གྱིས་རྣམ་པར་སྤྱན་དྲངས་ཏེ་ བསྟིམས། སློབ་དཔོན་གྱི་ཐུགས་ཀ་ནས་རྡོ་རྗེ་བྲེང་མ་ཆད་པར་བྱུང་བ། སློབ་མའི་སྙིང་གར་ ཐིམ་པ། དཔོན་སློབ་གཉིས་ཀས་བསྒོམ། ༀ་བཛྲ་དྷརྨཱ་ཧྲཱིཿཨ་བེ་ཤ་ཡ་ཨཱཿཨཱཿཨཱཿ ཞེས་དབབ་ པའོ། །མེ་ཏོག་དབུལ། མིག་དར་ཕྱེ། ལྷ་ངོ་བསྟན་ཏེ་དེ་དག་སྤྱི་དང་འདྲ་བ་བྱ། མཎྜལ་ཕུལ་ བཟླས་ལུང་སྦྱིན། དམིགས་པ་སྤྱི་དང་འདྲ་བ་ལས། རང་རང་གི་སྔགས་ཀྱི་མཐར། བཛྲ་ཨ་ བྷི་ཥིཉྩ་ཞེས་བཏགས་ལ་དབང་བསྐུར། དེ་ནས་ༀ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ ཨརྠ་སཱ་དྷ་ནི་སྭཱཧཱ་དང༌། ༀ་བཛྲ་མཱ་ལ་ཀཻཿ ཀི་རི་ཀི་རི་སྭཱཧཱ་དང་། ༀ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ ཀཊྱཱཾ་ཀ་ཊེ་སྭཱཧཱ། ༀ་ཏཱ་རེ༴ ཞེས་པ་རྣམས་བཟླས་པའི་ཆུས་བཀྲུས་པ་ལ། ལས་བཞི་ཐོག་པ་ མེད་པར་འགྲུབ་པར་བསམ། སྙིང་གར་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བྲལ་ཞིང༌། ༀ་སཏྭ་བཛྲ་ ཨ་དྷི་ཏིཥྛ་ཧཱུཾ་ཞེས་བདུན་བྱ། དེ་ནས་པདྨའི་ཅོད་པན་སྤྱི་བོར་བཅིངས་པར་བསམ། ཐལ་མོ་ཀ་ པུ་ཏའི་མཐར་རྡབ་ཅིང༌། ༀ་བཛྲ་དྷརྨ་པདྨ་ཀུ་མུ་ཊཱ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བཛྲ་ཏུ་ཥྱནོཿ དེ་ནས་རིན་ པོ་ཆེའི་ཅོད་པཎ་བཅིང༌། ༀ་རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཏྲཾ་ཧོ་ཕྲཻཾ་ཕྲཻཾ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་ སློབ་མ་གཙོ་བོ་ཡབ་ཡུམ་གྱི་རྣམ་པ། རྒོད་དང་ལྟ་བ་ལ་སོགས་པའི་རིམ་པ་བཞིས་དགའ་བ་ བསྒོམ་ལ། བདེ་བ་ལ་སེམས་འཛིན། ཁམ་ལས་མདའ་ཁམ་གིས་མཚན་པ། ཧོཿལས་གཞུ། རཾ་ལས་གཞུ་རྒྱུད་ཧོ་དང་རཾ་གིས་མཚན་པ། ༀ་བཛྲ་བཱ་ཎ་ཧཱུཾ། ༀ་པདྨ་ཙཱ་པ་ཨཱཿ ༀ་སརྦ་ཏ་ཐཱ་ 24-1-472 ག་ཏཱ་ཨ་ནུ་རཱ་ག་ཡ་མི། སྙིང་པོ་ལན་བརྒྱ་བཟླས་ཏེ་སྤྱོད་ཡུལ་གྱི་དམིགས་པ་དང་པོ་བསྒོམ། ཡང་ལན་བརྒྱ་བཟླས་ཏེ་དམིགས་པ་གཉིས་པ་བསྒོམ། ཡང་རོལ་མོ་བརྡུང་ཞིང་སྔར་བཞིན་ ཆུ་དབང་བསྐུར་ལ་ཤིས་པ་བརྗོད། རྒྱལ་སྲིད་རིན་པོ་ཆེ་བདུན་སྔགས་དང་ཕྱག་རྒྱས་བྱིན། སྤྲོ་ན་སློབ་དཔོན་སྨད་པར་མི་བྱ་ཞིང༌། ནས། མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམ་བརྟན་ པར་འགྱུར་གྱི་བར་བརྗོད། མཎྜལ་ཕུལ། དགེ་བ་བསྔོའོ། །དེ་ནས་རྗེས་ཆོག་བྱའོ། །འདི་ལ་ དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་ཁ་བསྐང་བའི་དབང་བསྐུར་བའང་ཡོད་གསུང་ངོ༌། ། འདིར་སྨྲས་པ། རྡོ་རྗེ་སེམས་དཔའ་གསང་བའི་བདག་པོ་དང༌། །གདེངས་ཅན་འདུལ་ བའི་སེམས་དཔའ་རིག་པ་འཛིན། །རྡུལ་མེད་ཤེས་རབ་རྣམ་རྒྱལ་རྒྱལ་མཚན་དབྱངས། ། ཟངས་གླིང་(ཨ་བ་སྠི་ཏ་པ་སྲུང་བསྟན་ནི་)པ་དང་བློ་གྲོས་འབྱུང་གནས་(ར་ཁང་པ་)དང༌། །ཐོག་མེད་ བྱང་ཆུབ་ཀུན་དགའ་བཟང་པོ་དང༌། །རྗེ་བཙུན་བླ་མ་རྣལ་འབྱོར་ཆེན་པོ་པ། །དཀྱིལ་འཁོར་ གཙོ་བོ་ཉིད་ལས་འདི་མནོས་ཏེ། །མན་ངག་འགའ་ཞིག་གཞན་ཡང་བླང་བར་བྱོས། ། ཞེས་པའང་དཔལ་ལྡན་ལུང་ཐང་པ་ཆེན་པོའི་བཀའ་འབང་བས་སྤྱི་བོས་ནོད་དེ་ཏཱ་ར་ནཱ་ ཐས་རང་ལོ་ཉེར་གསུམ་པ་ལ་སྦྱར་བའོ།། །། (མ་ཡིག་འཛམ་ཐང་ཡིག་རྙིང་།) 24-1-473 ༄༅། །རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་སྐྱེས་བཅུ་བཞིའི་ གསོལ་འདེབས་བཞུགས་སོ། ། ༄༅། །ༀ་སྭསྟི་པྲཛྙཱ་བྷྱཿ རབ་རྒྱས་ཆོས་ཀྱི་རྒྱལ་སྲིད་ལེགས་སྐྱོང་ཞིང༌། །སངས་རྒྱས་ ཀུན་གྱི་ཐུགས་ཀྱི་གསང་མཛོད་འཛིན། །རྡོ་རྗེ་འཆང་དབང་བཤེས་གཉེན་ཚུལ་བསྟན་ པ། །དཔལ་ལྡན་བླ་མའི་ཚོགས་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཡབ་ སྲས་ཀྱི། །ཞལ་ལུང་བདུད་རྩི་གསོལ་བའི་སྐལ་བཟང་ཅན། །མཐའ་བྲལ་དོན་གཟིགས་སྨྲ་ བའི་དབང་ཕྱུག་མཆོག །འབར་བའི་གཙོ་བོའི་ཞབས་ལ་གསོལ་བ་འདེབས། །རིམ་གཉིས་ མཐར་ཕྱིན་བར་དོར་ཟུང་འཇུག་བརྙེས། །བརྟུལ་ཞུགས་སྤྱོད་པའི་མུ་སྟེགས་ཟིལ་གྱིས་ མནན། །རྒྱལ་པའི་ལུང་བསྟན་དཔལ་ལྡན་ནག་པོ་པ། །སྤྱོད་པའི་རྡོ་རྗེའི་ཞབས་ལ་གསོལ་ བ་འདེབས། །དེ་ཉིད་སྐྱེ་བ་མེད་ལ་སྐྱེ་བའི་ཚུལ། །ས་སྐྱོང་རིགས་ཀྱི་ཐིག་ལེར་སྐུ་བལྟམས་ ནས། །སྣ་ཚོགས་སྤྱོད་པའི་འགྲོ་བའི་དོན་མཛད་པ། །རཱ་ཏན་ཆེན་པོའི་ཞབས་ལ་གསོལ་བ་ འདེབས། །རིག་གནས་ཀུན་ལ་ཐོགས་མེད་མཁྱེན་པ་རྒྱས། །དཔག་ཡས་སྒྱུ་མའི་ཟློས་གར་ ཅིར་ཡང་སྟོན། །སྐད་གཉིས་སྨྲ་བའི་དབང་པོ་གྲུབ་པའི་གཙོ། །རོང་ཟོམ་ལོ་ཙཱའི་ཞབས་ ལ་གསོལ་བ་འདེབས། །ཟླ་འོད་གཞོན་ནུ་རྡོ་རྗེ་བཙུན་མོ་སོགས། །དམ་པའི་རྗེས་བཟུང་ གཉིས་མེད་ཡེ་ཤེས་བརྙེས། །དཔག་ཡས་བརྟུལ་ཞུགས་མཆོག་གི་རོལ་སྒེག་མཁན། །དར་ མ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །ཆོས་ཀུན་རོ་མཉམ་ཨ་ཝ་དྷཱུ་ཏི་ཡིས། །ཟློས་ གར་སྤྱོད་མཛད་མཆོག་གི་རྣལ་འབྱོར་པ། །སྦས་པའི་སངས་རྒྱས་ངོ་བོ་འོད་ཟེར་དཔལ། ། 24-1-474 གདོད་མའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །མཐར་བྱེད་དགྲ་མགོན་མི་བསྐྱོད་ རྡོ་རྗེའི་དངོས། །ཧྲཱིཿཥྚིའི་སྔགས་ཀྱིས་མ་རུངས་དཔུང་ཚོགས་འཇོམས། །གཟུང་འཛིན་སྤྲོས་ པའི་དྲ་བ་ཀུན་གཅོད་པའི། །འབྲུག་སྒྲ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །སྤྲོས་པའི་ མཚན་མ་སྐད་ཅིག་གིས་འཇོམས་ཤིང༌། །རྟེན་འབྲེལ་ཟབ་མོའི་དོན་ལ་མངའ་བརྙེས་པའི། ། ངོ་མཚར་རྣམ་འཕྲུལ་དཔག་ཡས་སྤྲོ་མཁས་པ། །སངས་རྒྱས་རས་ཆེན་ཞབས་ལ་གསོལ་བ་ འདེབས། །ཤེས་བྱས་གནས་ཀུན་མཁྱེན་པ་ཆོས་ཀྱི་རྗེ། །ཡིད་བཟང་ཀླུ་དབང་ནོར་བདག་ ལ་སོགས་པའི། །དྲེགས་ལྡན་ཀུན་གྱི་རིགས་ཀྱི་བདག་པོར་གྱུར། །སང་གྷ་བྷ་དྲའི་ཞབས་ལ་ གསོལ་བ་འདེབས། །དམ་ཆོས་ཁང་བཟང་བཀྲ་ཤིས་སྒོ་བརྒྱའི་དཔལ། །གསལ་བར་བྱེད་ ལས་ཐར་འདོད་རེ་བ་སྐོངས། །སྐལ་ལྡན་སྨྲ་བའི་སེང་གེ་ཀུན་གྱི་ཕུལ། །འཇམ་དབྱངས་ ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་དབང་པོས་ལུང་བསྟན་ཕྱོགས་ཀུན་ གྱིས། །འགྲོ་བའི་དོན་མཛད་ལྔ་རིགས་པཎྜི་ཏ། །སྨྲ་བའི་འགྲན་ཟླ་ཀུན་བྲལ་གསང་སྔགས་ འཛིན། །ཆོས་ཀྱི་ཉིན་བྱེད་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་ པའི་ལམ། །དགའ་བཞི་ངེས་གསང་གྲོལ་བའི་མཆོག་བརྙེས་པ། །ཐོགས་མེད་གྲུབ་པའི་ བརྟུལ་ཞུགས་སྤྱོད་པའི་དབང༌། །འཇམ་མགོན་དཔའ་བོའི་ཞབས་ལ་གསོལ་བ་འདེབས། ། ཐོག་མེད་དུས་ནས་ཚོགས་གཉིས་གོམས་པའི་མཐུས། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྤྱོད་ ཡུལ་ཅན། །དམ་པའི་གསུང་གི་བདུད་རྩིས་ཉེར་ཚིམས་པའི། །དགའ་བྱེད་ས་སྐྱོང་ཞབས་ ལ་གསོལ་བ་འདེབས། །མཐའ་བྲལ་ལམ་ལས་འགྲོ་ཀུན་རབ་ཞི་བར། །རབ་དགེས་འདྲེན་ མཛད་ངེས་དོན་སྙིང་པོ་ལ། །མངའ་བརྙེས་ཆོས་ཀྱི་རྒྱལ་པོ་སྲིད་ཞིའི་མགོན། །རྗེ་བཙུན་རྡོ་རྗེ་ འཛིན་དབང་བདག་ལ་དགོངས། །དངོས་གྲུབ་སློབ་དཔོན་ཞབས་ཀྱི་རྗེས་འབྲང་བར། །རྒྱུད་ སྡེ་ཀུན་ཏུ་རྡོ་རྗེ་འཆང་གིས་བསྟན། །དུས་གསུམ་འབྱུང་བའི་སངས་རྒྱས་ཞེས་པ་ཡང༌། །ཉིད་ 24-1-475 ཀྱིས་རྣམ་འཕྲུལ་ཉིད་ལས་གཞན་དུ་ཅི། །དེ་བས་བདག་ཀྱང་རྒྱལ་བས་རྒྱལ་ཁྱོད་ལ། །རྟག་ ཏུ་གུས་པས་གསོལ་བ་འདེབས་ལགས་ན། །བདག་ཅག་ནམ་མཁའི་མཐར་གཏུགས་སེམས་ ཅན་རྣམས། །དེ་རིང་རྒྱལ་བ་ཁྱོད་དང་མཚུངས་པར་ཤོག །གཞན་ཡང་རྟག་ཏུ་ཡོན་ཏན་ ཀུན་གྱི་གཞི། །བླ་མ་རྡོ་རྗེ་སློབ་དཔོན་དགྱེས་བྱེད་ཐབས། །དམ་པའི་ཆོས་ལས་ནམ་ཡང་མི་ འདའ་བར། །དཔལ་ལྡན་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་པ་འདི་ཡང་ཏཱ་ར་ནཱ་ཐས་ སྨྲས་པའོ།། །།ཤུབྷཾ། (མ་ཡིག་རྔ་བའི་བསེ་དགོན་པའི་ཆོས་སྤྱོད་ཡེ་གེའི་ནང་གི་ཡིན། དག་ཆ་ཞན།) 24-1-476 ༄༅། །དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་སྤྱོད་འཆང་ དབང་པོའི་ལུགས་བཞུགས་སོ། ། ༄༅། །ན་མོ་གུ་ར་ཝེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་ གསུམ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ཅི་རིགས་པ་བཟླས་ནས། ཤྲི་ཧེ་རུ་ཀོ྅ཧཾ། སྙིང་གར་ཟླ་བའི་སྟེང་དུ་ཧཱུཾ་སྔོན་ པོ། །འོད་འཕྲོས་སྦྱངས་པས་བདག་ཉིད་ཧེ་རུ་ཀ །ཧཱུཾ་གི་འོད་ཀྱིས་མདུན་དུ་བླ་མ་དང༌། ། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་སྤྱན་དྲངས་སོ། །བླ་མ་ཡི་དམ་ལ་ཕྱག་འཚལ། །མཆོད་པ་ ཀུན་གྱིས་མཆོད་པར་བགྱི། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་ལན་གསུམ། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རང་སེམས་ནཱ་དར་ལངས། །པད་ཉིར་ཧཱུཾ་ལས་སྣ་ཚོགས་རྡོ་ རྗེ་སྟེ། །མཁའ་འགྲོ་མ་བརྒྱ་སྤྲོས་ནས་བགེགས་ཚོགས་བཅོམ། །ཕྱོགས་བཅུའི་བགེགས་ཀྱི་ གཙོ་བོ་ཕུར་བུས་གདབ། །བསྲུང་བ་དྲུག་གི་ཕྱོགས་རྣམས་བཅིང་པར་གྱུར། །ༀ་སུམྦྷ་ནི་སུམྦྷ་ ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྣ་གྲྀཧྣ་ཧཱུཾ་ཧཱུཾ་ཕཊ། ༀ་གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ལན་གསུམ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ ཡ་སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱཛྙཱ་པ་ཡ་ཏི་སརྦ་བིགྣན་ཀ་ཡ་ཝཀ་ཙིཏྟ་བཛྲ་ ཀཱི་ལ་ཧཱུཾ་ཕཊ། ༀ་བཛྲ་མུདྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཧཱུཾ་ཧཱུཾ་ཕཊ། ༀ་མེ་དྷི་ནི་བཛྲི་བྷཱ་ཝ་བནྡྷ་ཧཱུཾ། ༀ་བཛྲ་པཱ་ཀཱ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་པཉྫ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ༀ་བཛྲ་ས་ར་ཛཱ་ལ་ 24-1-477 ཏྲཾ་སཾ་ཏྲཾ། ༀ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། སྲུང་འཁོར་ནང་དུ་ཆོས་ཀྱི་འབྱུང་གནས་དབུས། ། ལཾ་བཾ་རཾ་ཡཾ་སུཾ་ཡིག་གྱུར་པ་ལས། །རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་དང༌། །རི་རབ་རྣམས་ ནི་སྟེང་ནས་སྟེང་དུ་བརྩེགས། །དེ་སྟེང་སླར་ཡང་སྲུང་བའི་འཁོར་ལོའི་དབུས། །གཞལ་མེད་ ཁང་མཆོག་དམ་ཚིག་འཁོར་ལོ་དང༌། །དབུས་སུ་སྐུ་གསུང་ཐུགས་ཀྱི་འཁོར་(ཚེག་བར་གཉིས་ མི་གསལ)། །དཀར་དམར་སྔོ་བ་རྩིབས་བརྒྱད་མུ་ཁྱུད་ལྡན། །ཐུགས་འཁོར་དབུས་སུ་བདེ་ ཆེན་འཁོར་ལོ་ནི། །འདབ་བརྒྱད་ཉིས་རིམ་ཕྱི་མ་གསེར་གྱི་མདོག །དབུས་ཀྱི་སྣ་ཚོགས་ པདྨར་ཉི་གདན་ལ། །འཇིགས་བྱེད་དུས་མཚན་གནས་པ་གཙོ་བོའི་གདན། །འཁོར་རྣམས་ ཀུན་ལ་ཉི་མར་དབུགས་བྲལ་ཏེ། །བདེ་ཆེན་འཁོར་ལོའི་མཚམས་ལ་ཟླ་གདན་ནོ། །གཞལ་ ཡས་ཁང་གི་ཕྱི་རོལ་དུར་ཁྲོད་བརྒྱད། །སྣ་ཚོགས་ཉེར་སྤྱོད་(ཚེག་བར་གཉིས་མི་གསལ།)རྒྱན་པར་ གྱུར། །གཙོ་བོའི་གདན་སྟེང་ཡེ་ཤེས་ལྔ་ཡི་དངོས། །སུམ་ཅུ་རྩ་གཉིས་དབྱངས་ལས་ཟླ་བ་ དང༌། །དེ་སྟེང་གསལ་བྱེད་བརྒྱད་ཅུ་ལས་ཉི་མ། །བར་ང་ཧཾ་དང་ཨཾ་ལས་རྡོ་རྗེ་དང༌། །ཐོད་པ་ ཧཱུཾ་དང་ཨཾ་གིས་མཚན་པ་སྟེ། །ཐམས་ཅད་གཅིག་ཏུ་འདྲེས་པས་གཙོ་བོར་བཞེངས། །རྒྱུའི་ རྡོར་འཛིན་ཁྲོ་བོ་ཆེན་པོ་སྟེ། །ཞལ་བཞི་དཀར་དམར་སེར་ནག་ཕྱག་ཀྱང་བཞི། །རྡོ་རྗེ་དྲིལ་བུ་ མ་ཐོད་ཁ་ཊྭཱཾ་འཛིན། །རྡོ་རྗེ་ཕག་མོས་འཁྱུད་སོགས་འབྲས་བུར་མཚུངས། །ཡུམ་གྱི་མངའ་ གནས་དྲུག་ཅུ་གཉིས་ཀྱི་ལྷ། །དཀྱིལ་འཁོར་འཁོར་ལོ་ཡོངས་སུ་རྫོགས་པར་གྱུར། །དེ་དབུས་ གཙོ་བོ་ཡབ་ཡུམ་རྗེས་ཆགས་ལས། །ཐུགས་ཀའི་འོད་ཀྱི་སེམས་ཅན་མ་ལུས་པ། །བཀུག་སྟེ་ དཀྱིལ་འཁོར་སྒོ་བཞི་ཕྱེ་ནས་ཞུགས། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རྫོགས་སངས་རྒྱས། ། སླར་ཡང་སྤྲོས་ཏེ་རང་རང་ཞིང་དུ་གཤེགས། །རྡོ་རྗེ་འཛིན་པ་ཡབ་ཡུམ་མཉམ་སྦྱར་བའི། ། སྒྲ་ཡིས་སྤྱན་དྲངས་སངས་རྒྱས་ན་དར་བཅས། །སྐུ་ལ་བཅུག་ནས་སྙིང་གར་འོད་དུ་ཞུ། ། པདྨར་བབས་པས་ཡབ་ཡུམ་ཐིག་ལེའི་ངང༌། །ༀ་མཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿས་མ་ཡ་ 24-1-478 སྟྭཾ་དྱ་ཤྱ་ཧོ། ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་རབ་བསྐུལ་ནས། །ཐིག་ལེ་ལ་ཐིམ་དེ་ཉིད་ཧཱུཾ་ དང་ཨཾ། །དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་ མཆོག་སྐུ་མདོག་མཐིང་ནག་ཆོས་ཆེར་ཁྲོས་པ། དྲག་ཤུལ་ཆེན་པོ་ཆགས་པའི་ཉམས་དང་ ལྡན་པའི་ཞལ་བཞི་ཕྱག་བཅུ་གཉིས་པ་རྩ་བའི་ཞལ་ཤིན་ཏུ་གནག་པ། གཡས་ཞལ་ཀུན་ལྟར་ དཀར་བ། གཡོན་ཞལ་པདྨ་རཱ་ག་ལྟར་དམར་བ། རྒྱབ་ཞལ་སེར་པོ་གསེར་ལྟར་འབར་བ། ཞལ་ཐམས་ཅད་རྣམ་པར་འགྱུར་བ། སྤྱན་གསུམ་པ། མཆེ་བ་གཙིགས་པ། ཕྱག་དང་པོ་ གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱི་གླང་པོ་ཆེའི་ པགས་པ་བརྒྱངས་ཏེ་འཛིན། གསུམ་པ་གཉིས་ན་ཌཱ་མ་རུ་དང་ཁ་ཊྭཱཾ་ག །བཞི་པ་གཉིས་ན་ དགྲ་སྟྭ་དང་ཞགས་པ། ལྔ་པ་གཉིས་ན་མདུང་རྩེ་གསུམ་པ་དང་ཁྲག་གི་གང་བའི་ཐོད་པ། དྲུག་པ་གཉིས་ཀྱི་གྲི་གུག་དང་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་གདན་གྱི་ སྟེང་ན། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོའི་ལྟོ་བ་དང་སྐྱེ་གནས་མནན་པ། ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་བསྒྱེལ་བའི་མགོ་བོ་དང་སྙིང་ག་ བརྫིས་པ། རལ་པའི་ཐོར་ཚུར་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་ པོ་ལྔས་དབུ་བརྒྱན་པ། གཙུག་གི་ནོར་བུ་རིན་པོ་ཆེ་དང༌། རྣ་ཆ་དང་མགུལ་རྒྱན་དང༌། ཕྱག་ གི་གདུ་བུ་དང༌། ཚངས་པའི་སྐུད་པ་དང༌། ཐལ་ཆེན་ཏེ་ཕྱག་རྒྱ་དྲུག་དང༌། སྤྱི་བོའི་འཁོར་ལོ་ དང༌། སྐ་རགས་དང༌། ཞབས་གདུབ་གཡེར་ཁའི་འཕྲེང་བ་དང་བཅས་པ་དང༌། དཔུང་རྒྱན་ དང༌། སོར་གདུབ་སྟེ་ཉེ་བའི་ཕྱག་རྒྱ་ལྔས་སྐུ་ལ་བརྒྱན་པ། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ དང༌། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། སྒེག་པ་ལ་སོགས་པའི་གར་དགུ་དང་ལྡན་ པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ མ། དྲག་མོ་ཆེན་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡོན་པས་བདུད་དང་ 24-1-479 གདུག་པའི་ཁྲག་དང་མིའི་རྒྱུ་མས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པས་ཚུལ་གྱིས་ སྟོབ་པ། གཡས་པས་རྡོ་རྗེ་དང་སྡིགས་འཛུབ་ཀྱིས་ཕྱོགས་ཐམས་ཅད་དུ་སྡིགས་པ། དབུ་སྐྲ་ གྲོལ་བ། ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་པས་བཅོམ་ལྡན་འདས་ལ་ལེགས་པར་ འཁྱུད་པ། གཅེར་བུའི་མཆོག་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ ཅན། འཁོར་ལོ། སྙན་རྒྱན། མགུལ་ཆུ། གདུ་བུའི་ཚོགས་དང་འོད་དཔག་སྟེ། རུས་པའི་རྒྱན་ ལྔས་བརྒྱན་པ། ཁྲག་གསོལ་བ་ལ་དགོས་ཤིང་བྷ་ག་ནས་སུ་ཁྲག་འཛག་པའོ། །སྣང་བ་དང་ ལྷག་མཐོང་དང་ཐུགས་རྗེ་ཆེན་པོའི་ངོ་བོ་ནི་ཡབ་ཡིན་ལ། སྟོང་པ་དང་ཞི་གནས་དང་བདེ་བ་ ཆེན་པོའི་ངོ་བོ་ནི་ཡུམ་ཡིན་ཅིང༌། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་ པའོ། །ༀ་སུམྦྷ་ནི༴ ༀ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡབ་ཀྱི་གནས་རྣམས་སུ། ༀ་ༀ་ཧཱ། ༀ་ ན་མ་ཧཱི། ༀ་སྭཱཧཱ་ཧཱུཾ། ༀ་བཽ་ཥཊཱ་ཧེ། ༀ་ཧཱུཾ་ཧཱུཾ་ཧོ། ༀ་ཕཊ་ཧཾ། ཡུམ་གྱི་གནས་རྣམས་སུ། ༀ་ༀ་ བཾ། ༀ་ཧཾ་ཡོཾ་ༀ་ཧྲིཾ་མོཾ། ༀ་ཧྲེཾ་ཧྲིཾ། ༀ་ཧཱུཾ་ཧཱུཾ། ༀ་ཕཊ་ཕཊ། ཡབ་ཀྱི་སྙིང་གར་ཟླ་བ་ལ་ཧཱུཾ། ལྐོག་ མར། ༀ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛྭ་ལ་ སམྦྷ་རཾ་སྭཱཧཱ། ཡུམ་གྱི་སྙིང་གར། ༀ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ། བཛྲ་ཝརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། ལྐོག་ མར། ༀ་ཙཽ་རི་ཧཱུཾ་ཧཱུཾ་ཕཊ། དཔྲལ་བར། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གཉིས་ཀའི་སྤྱི་ བོར་ༀ། སྙིང་གར་ཧཱུཾ། ཟེ་འབྲུ་ལ་ཨཱཿ ལྟེ་བར་སྭཱ། བརླར་ཧཱ། ཕཻཾ། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷ་ སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། དབང་གི་ལྷ་རྣམས་ཕཻཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་ གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་ བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏཱ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཧཱུཾ། དབང་བསྐུར་བས་དབང་རྟགས་མི་ བསྐྱོད་པས་དབུ་བརྒྱན། ༀ་བཛྲ་ཨརྒྷཾ་སྭཱཧཱ། པཱདྱཾ་སྭཱཧཱ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་ ཏེ་ཨཱཿཧཱུཾ། ཨ་ལས་པདྨ་དྱཱ་གྱིས་མཚན་པ་དང༌། ཧཱུཾ་ལས་རྡོ་རྗེ་བྱཱ་གྱིས་མཚན་པར་གྱུར། ཡབ་ 24-1-480 ཡུམ་རྗེས་ཆགས་རོལ་པའི་སྤྱོད་པ་ལས། །དཀྱིལ་འཁོར་བདེ་བ་མཆོག་གི་ངོ་བོར་གྱུར། །ༀ་ སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། མཉམ་སྦྱོར་ཐུགས་ཀའི་ཧཱུཾ་ལས་འོད་ འཕྲོས་པས། །བདེ་གཤེགས་སྤྱན་དྲངས་སྨིན་མཚམས་སྒོ་ནས་ཞུགས། །དྷཱུ་ཏིའི་ནང་བརྒྱུད་ ལྟེ་བའི་ཨཾ་གིས་ཞུ། །རྡོ་རྗེའི་ལམ་བརྒྱུད་ཡུམ་གྱི་མངའ་ནས་བབས། །དེ་ལས་འཁོར་ལོ་ལྔ་ རྫོགས་གཞལ་ཡས་ཁང༌། །དབུས་སུ་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་དང༌། །འཁོར་ཚོགས་ དཔའ་བོ་དཔའ་མོ་བཅུ་ཕྱག་དྲུག །ཐོད་པ་བཞི་སོགས་མ་ལུས་མངོན་སུམ་གྱུར། །གཙོ་བོ་ ཡབ་ཡུམ་རྡོ་རྗེའི་ལམ་ནས་དྲངས། །ཐུགས་ཀ་ནས་སྤྲོས་སངས་རྒྱས་ཐམས་ཅད་མཆོད། ། འགྲོ་དོན་བྱས་ནས་སླར་ཡང་གཅིག་ཏུ་འདྲེས། །རང་ལ་ཐིམ་ཞིང་སྙིང་གར་ཧེ་རུ་ཀ །དཔྱིད་ དང་ཐིག་ལེ་རྩ་བཞི་རྣམ་དག་པ། །ཡབ་ཡུམ་ཐུགས་ཀར་ཧཱུཾ་དང་བཾ་གྱིས་བརྒྱན། །ལྷ་མོ་བཞི་ དང་ཐོད་པ་བཞི་པོ་དག །དྲངས་ཤིང་སྤྲོས་ལ་ཁམས་དང་ཕུང་པོ་སྦྱངས། །ཕྱི་དང་ནང་དུ་བདེ་ ཆེན་འཁོར་ལོར་གྱུར། །འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོ་རྣམས། །དྲངས་ཤིང་སྤྲོས་ཏེ་ མཁའ་ཁྱབ་སེམས་ཅན་རྣམས། །རྣམ་དག་ཡུལ་དང་ཡུལ་ཅན་ལ་བཀོད་དེ། །ཕྱི་ཡི་འཁོར་ལོ་ གསུམ་ལ་འཁོད་པར་གྱུར། །སྒོ་མཚམས་མ་ནི་མཁའ་འགྲོ་མ་བརྒྱད་པོ། །དྲངས་ཤིང་སྤྲོས་ཏེ་ དཔག་མེད་སེམས་ཅན་རྣམས། །རྣམ་དག་ལས་དང་བྱེད་པ་ལ་བཀོད་ནས། །དམ་ཚིག་ འཁོར་ལོའི་ཕྱོགས་མཚམས་བརྒྱད་དུ་འཁོད། །སུམ་ཅུ་རྩ་དྲུག་རྩ་ནི་རྣལ་འབྱོར་མ། །མཆོད་ པའི་རྩ་བཞི་ཐོད་པ་བཞི་ཡིན་ཏེ། །ཉེར་བཞིའི་ཁམས་ནི་དཔའ་བོ་ཉི་ཤུ་བཞི། །སྙིང་གའི་ འཁོར་ལོ་བདེ་ཆེན་འཁོར་ལོ་སྟེ། །བུ་ག་བརྒྱད་ལ་སྒོ་མཚམས་མ་བརྒྱད་བཞུགས། །མཁའ་ ནང་རྟེན་གྱི་དཀྱིལ་འཁོར་དྲངས་ཤིང་སྤྲོས། །སྣོད་ཀྱི་འཇིག་རྟེན་སྦྱངས་ཏེ་རྟེན་ལ་ཐིམ། །ཕྱི་ དབྱིབས་སྐུ་ཡང་གཞལ་མེད་ཁང་དུ་མས། །དེ་དག་ཀྱང་ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་ སྔོ་སྐྱ། བྱང་དུ་ལཱ་མ་ལྗང་སྐྱ། ནུབ་ཏུ་ཁཎྜ་རོ་ཧ་དམར་སྐྱ། ལྷོར་གཟུགས་ཅན་མ་སེར་སྐྱ། 24-1-481 མཚམས་བཞིར་མ་དང་ཕ་དང་རྒྱལ་པོ་དང་རྒྱལ་རིགས་གཉིས་ཀྱིས་གང་བའི་ཐོད་པ་བཞི་ སངས་རྒྱས་ཀྱི་གཟུགས་ཀྱིས་མཚན་པའོ། །སྤྱི་བོ་དང་ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་པུ་ ལི་ར་མ་ལ་ཡ་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། །སྤྱི་གཙུག་དང་བྱང་རྩིབས་ཛ་ལནྡྷ་རར་ མཧཱ་ཀ་ཀ་ལ་དང་གཏུམ་པའི་མིག་ཅན་མ། །རྣ་བ་གཡས་དང་ནུབ་རྩིབས་ཨོ་ཌི་ཡ་ཎར་ཀཾ་ཀ་ ལ་དང་འོད་ལྡན་མ། ལྟག་པ་དང་ལྷོ་རྩིབས་ཨརྦུ་ལྟར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ ཆེན་མ་སྟེ་གནས་སོ། །རྣ་བ་གཡོན་དང་ཤར་ལྷོ་གོ་ད་ཝ་རིར་སུ་ར་ཝེ་རི་དང་བརྟན་པའི་བློ་ ཅན་མ། སྨིན་མའི་དབུས་དང་ལྷོ་ནུབ་རསྨཱི་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། མིག་ གཉིས་དང་ནུབ་བྱང་དེ་བི་ཀོ་ཊར་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། ཕྲག་པ་གཉིས་ དང་བྱང་ཤར་མ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ། །ཐུགས་ཀྱི་གསང་ བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་ནག་པོའོ། །མཆན་ཁུང་གཉིས་དང་གསུང་འཁོར་གྱི་ ཤར་རྩིབས་ཀ་མ་རཱུ་པར་ཨཾ་གུ་རི་དང་ཨེ་ར་བ་ཏི། ནུ་མ་གཉིས་དང་བྱང་རྩིབས་ཨོ་ཏྲེར་རྡོ་རྗེ་ རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ༌། །ལྟེ་བ་དང་ནུབ་རྩིབས་ཏྲི་ཤ་ཀོ་ནེར་དཔའ་ བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་དང་ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་ མཐུང་མ་སྟེ་ཉེ་བའི་ཞིང་ངོ༌། །ཁ་དང་ཤར་ལྷོར་ཀ་ལིང་ཀར་རབ་ཏུ་བཟང་པོ་དང་ཤྱཱ་མ་དི་ཝཱི། མགྲིན་པ་དང་ལྷོ་ནུབ་ལམ་བ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧའོ། །སྙིང་ག་ དང་ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། འབྲས་བུ་དང་བྱང་ཤར་ཧི་མ་ལ་ཡར་ མིག་མི་བཟང་དང་ཁ་ག་ན་ཏེ་ཉེ་བའི་ཚནྡོ་ཧའོ། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་ པའི་ངོ་བོ་ཁ་དོག་དམར་པོའོ། །མཚན་མ་དང་སྐུ་འཁོར་གྱི་ཤར་རྩིབས་པྲེ་ཏ་པུ་རིར་སྟོབས་ པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་དང་བྱང་རྩིབས་གྲིཧྡེ་བར་རིན་ཆེན་རྡོ་རྗེ་ དང་ཁཎྜ་རོ་ཧི་ཏེ་འདུ་བའོ། །བརླ་གཉིས་དང་ནུབ་རྩིབས་སཽ་ར་ར་རྟ་མགྲིན་དང་ཤཽཎྜི་ནི། 24-1-482 བྱིན་པ་དང་ལྷོ་རྩིབས་སུ་ཝརྞ་དཱེ་པར། ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་ འདུ་བའོ། །སོར་མོ་བརྒྱད་དང་ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་ གོང་གཉིས་དང་ལྷོ་ནུབ་སིན་དྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད་དོ། ། མཐེ་བོང་གཉིས་དང་ནུབ་བྱང་མ་རུར་རྣམ་པར་སྣང་མཛད་འཁོར་ལོས་བསྒྱུར་མ། པུས་མོ་ གཉིས་དང་བྱང་ཤར་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང༌། བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་ དུར་ཁྲོད་དོ། །སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཁ་དོག་དཀར་པོའོ། །ཁ་དང་ ཤར་སྒོར་ཁ་གདོང་མ་སྔོ་སྐྱ། ཆུ་ལམ་དང་བྱང་སྒོར་འུག་གདོང་མ་ལྗང་སྐྱ། བཤང་ལམ་དང་ ནུབ་སྒོར་ཁྱི་གདོང་མ་དམར་སྐྱ། སྣ་བུག་གཉིས་ཀྱི་འདོམས་སོ་དང་ལྷོ་སྒོར་ཕག་གདོང་མ་ སེར་སྐྱ། རྣ་བ་གཡས་དང་ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། རྣ་བ་ གཡོན་དང་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ། མིག་གཡས་དང་ནུབ་ བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། མིག་གཡོན་དང་བྱང་ཤར་དུ་ གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བའོ། །དཔའ་བོ་ཉེར་བཞི་ཕྱག་གཉིས་རྡོར་དྲིལ་ འཛིན། །ལྷ་མོ་སོ་དྲུག་གྲི་གུག་ཐོད་པ་སྟེ། །སྙིང་པོའི་རྣལ་འབྱོར་མ་ལ་ཐོད་པའི་ནང༌། །ལྕེ་ སྤྱང་གླང་ཆེན་སྐྱེས་པ་བ་ལང་ངོ༌། །འཁོར་གསུམ་ལྷ་རྣམས་གཙོ་བོ་ཡབ་ཡུམ་མུངས?། །རྣལ་ འབྱོར་མ་བཞི་གཡས་བརྐྱང་སྟབས་ཡིན་ཏེ། །མ་བརྒྱད་ཆེར་ཁྲོས་གཡོན་བརྐྱང་སྟག་ལྤགས་ ཅན། །བཅུ་གཉིས་གཙོ་མོ་དང་མཚུངས་དོ་ཤལ་ཁྱད། །ༀ་ཨཱཿཧཱུཾ་སརྦ་བི་ར་ཡོ་གི་ནི་ཀ་ཡ་ ཝཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ༀ་བཛྲ་ཤུདྡྷ་སརྦ་དྷརྨ་བཛྲཱ་ཤུདྡྷོ྅ཧཾ། ཕཻཾ། ཛཿཧཱུཾ་བཾ་ཧོཿནས། ས་མ་ཡ་ཤྲི་ཧཱུཾ་གི་བར་གོང་བཞིན། ཡབ་ཡུམ་རིགས་བདག་རྡོ་རྗེ་སེམས་དཔར་གྱུར། །སྙིང་པོའི་ལྷ་ མོ་བཞི་ལ་རིན་ཆེན་དབང༌། །ཐུགས་ལ་མི་བསྐྱོད་གསུམ་ལ་འོད་དཔག་མེད། །སྐུ་ལ་རྣམ་ སྣང་སྒོ་མཚམས་དོན་ཡོད་དོ། །ཨརྒྷཾ་ནས། ཤཔྟའི་བར་གྱིས་གོང་བཞིན་མཆོད། ༀ་སརྦ་བཛྲ་གཱ་མི་ནི་ 24-1-483 སརྦ་བྷཀྵཾ་ཤྭ་དྷ་ཡ་གུ་ཧྱ་བཛྲི་ཎི་སྭཱཧཱ། ༀ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ལན་ལྔ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ ག་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ༀ་ན་མོ་བྷ་ག་ཝ་ཏེ་ཝི་རི་ཤ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་མཧཱ་ཀལྤགྣི་ སནྣི་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་ཛ་ཊ་མུ་ཀུ་ཊོཊྐ་ཊཱ་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་དཾཥྚ་ཀ་ར་ལོ་གྲ་བྷཱི་ཥ་ཎ་མུ་ཁ་ཡ་ ཧཱུཾ་ཧཱུཾ་ཕཊ། ༀ་ས་ཧ་སྲ་བྷཱུ་ཛ་བྷ་སུ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་པ་ར་ཤུ་པ་ཤོ་དྱ་ཏ་ཤུ་ལ་ཁ་ཊྭཱཾ་ག་དྷ་རི་ ཎི་ཧཱུཾ་ཧཱུཾ་ཕཊ། ༀ་བྱཱ་གྷྲ་ཛི་ནམྦ་ར་དྷ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ༀ་མཧཱ་དྷུམྨྲཱྲནྡྷ་ཀ་ར་ཝ་པུ་ཥ་ཡ་ཧཱུཾ་ཧཱུཾ་ཕཊ། (ཅེས་ཡབ་ཀྱི་རྐང་བརྒྱད་དང༌།) ༀ་ན་མོ་བྷ་ག་ཝ་ཏེ་བཛྲ་ཝ་ར་ཧི་ཝཾ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་ཨཱརྱ་ཨ་པ་ར་ ཛི་ཏེ་ཏྲཻ་ལོཀྱ་མ་ཏེ་མཧཱ་བིདྱ་ཤྭ་རི་ཡེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མཿསརྦ་བྷུ་ཏ་བྷ་ཡ་ཝ་ཧེ་མཧཱ་བཛྲི་ཧཱུཾ་ཧཱུཾ་ ཕཊ། ༀ་ན་མོ་བཛྲ་ཨ་ས་ནི་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་ཝ་ཤྱཾ་ཀ་རཱི་ནཻ་ཏྲ་བྷྲ་མ་ནི་ཧཱུཾ་ཧཱུཾ་ཕཊ། ༀ་ན་ མཿཤོ་ཥ་ཎི་རོ་ཥ་ཎི་ཀྲཱོ་དྷ་ནི་ཀ་རཱ་ལི་ནེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མཿསྟྲ་ས་ནི་མཱ་ར་ནི་པྲ་བྷེ་ད་ནི་ཨ་པ་ ར་ཛ་ཡེ་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བི་ཛ་ཡི་ཛམྦྷ་ནི་སྟམྦྷ་ནི་མོ་ཧ་ནི་ཧཱུཾ་ཧཱུཾ་ཕཊ། ༀ་ན་མོ་བཛྲ་ཝཱ་རཱ་ཧཱི་ མཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧཱུཾ་ཧཱུཾ་ཕཊ། (ཅེས་ཡུམ་གྱི་རྐང་བརྒྱད་དོ།།) ལྷ་སུམ་ཅུ་རྩ་བདུན་ནི། བྱང་ཆུབ་ ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པ་ཡིན་ལ། ཆོས་སུམ་ཅུ་རྩ་བདུན་ཡང་ལྷ་ སུམ་ཅུ་རྩ་བདུན་དུ་རྣམ་པར་དག་གོ །བར་འདིར་ཕྲ་ཐིག་གི་གཏུམ་མོ་ཅུང་ཟད་ཅིག་བསྒོམ། བཟླས་པ་རྒྱས་ བསྡུས་ཇི་ལྟར་འོས་པ་བྱ་ཞིང༌། བསྡུ་ན། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛྭ་ལ་སམྦྷ་ར་སྭཱཧཱ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ཅི་ནུས་བཟླའོ། །རང་གི་སྙིང་གའི་ཧཱུཾ་ ལས་འོད་ཟེར་འཕྲོས། །ཁམས་གསུམ་སྣོད་བཅུད་ཐམས་ཅད་གཞལ་ཡང་ཁང་དང་ལྷའི་ དཀྱིལ་འཁོར་དུ་གྱུར། དེ་བསྲུང་བའི་འཁོར་ལོ་ལ་ཐིམ། དེ་དུར་ཁྲོད་བརྒྱད་ལ་ཐིམ། དེ་ གཞལ་ཡས་ཁང་ལ་ཐིམ། དེ་དམ་ཚིག་གི་འཁོར་ལོ་ལ་ཐིམ། དེ་ཡང་སྐུའི་འཁོར་ལོ་ལ་ཐིམ། དེ་ཡང་གསུང་གི་འཁོར་ལོ་ལ་ཐིམ། དེ་ཡང་ཐུགས་ཀྱི་འཁོར་ལོ་ལ་ཐིམ། དེ་ཡང་བདེ་བ་ཆེན་ པོ་ལ་ཐིམ། དེ་རང་ཉིད་ལ་ཐིམ། ལྷ་རྣམས་ཕྱོགས་གཡོན་སྐོར་དང༌། མཚམས་རྣམས་གཡས་ 24-1-484 ཀྱིས་སྣ་བུག་ནས་སྙིང་གར་བསྡུའོ། །རང་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་གྱུར། ༀ་ༀ་ཧ་ནས། ཕཊ་ཕཊ་ཀྱི་བར་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ། པུ་ཛ་ཨོ་ཨ། གཽ་ར་དེ་མ། ཀ་ཨོ་ཏྲི་ཀོ། ཀ་ལ་ཀ་ཧི། པྲེ་གྲ་སཽ་སུ། ན་སི་མ་ཀུ། སུམྦྷ་ལན་གཉིས། ཡབ་ཀྱི་རྐང་བརྒྱད་ཚར་གཅིག བདག་དང་སྣང་བའི་དངོས་པོ་ཐམས་ ཅད་འཁོར་ལོ་སྡོམ་པའི་སྐུའི་རང་བཞིན་བརྗོད་པ་དང་གྲགས་པའི་སྒྲ་ཐམས་ཅད་གསུང་གི་རང་བཞིན། དྲན་རིག་རྣམ་རྟོག་ ཐམས་ཅད་ཐུགས་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་དག་གོ །བདག་གི་དུས་གསུམ་སོགས། ལྷ་མོ་ཚད་མ་ སོགས། སྲིད་པ་གསུམ་འབར་སོགས། སྨོན་ལམ་ཅི་རིགས་པ་བཏབ་པོ། །གཏོར་མའི་ཆོ་ག་ནི་སྒྲུབ་ཐབས་རྒྱས་པ་ལས་ རྟོགས་པར་བྱའོ། །དེར་བཤད་པ་དེ༌དཔལ་འཁོར་ལོ་སྡོམ་པའི་གཏོར་ཆོག་བསྡུས་པར་གཏོགས་པ་ཡིན་པས། གཏོར་ཆོག་བྱེད་ པ་རྣམས་ཀྱིས་དེ་ཙམ་ལྕོགས་དགོས་སོ། །ཤིན་ཏུ་བསྡུ་ན། འབྲུ་གསུམ་གྱི་བྱིན་གྱིས་བརླབས་ནས་གཏོར་སྔགས་ཁོ་ནས་ཕུལ་ བས་ཆོག་པའི་སྐབས་ཤིག་ཀྱང་ཡོད་མོད་ཀྱི། ཧ་ཅང་བསྡུས་གྲགས་པ་ཁ་ཐལ་ན་མི་ལེགས་སོ། །སྒྲུབ་པའི་ཐབས་འདི་ཡང༌། སྒྲུབ་ཐབས་ཆེན་མོ་ལ་ཐོག་མར་བྱང་བར་བྱས་པ། དོན་བློ་ལ་ངེས་པ་ཞིག་ཡིན་ན། དོན་ཡིད་ལ་བསམ་གྱིན་བསྡུས་པ་འདི་བྱས་ པས། འཁྱེར་བདེ་ཞིང་ལེགས་པར་འགྱུར་ལ། འདི་ཉིད་ཀྱི་དོན་ངེས་པ་ཅན་དུ་གོ་ན། རྒྱས་པ་ལ་མ་སྦྱངས་ཀྱང་འདི་ཁོ་ནས་གོ་ ཆོད་ཅིང་དོན་སོན་པ་ན་ཡིན་མོད་ཀྱི། ཚིག་ཤིན་ཏུ་འདུས་པར་བྱ་བའི་ཕྱིར། ཅུང་ཟད་གོ་དཀའ་བར་སོང་བས། གལ་ཏེ་མ་གོ་ན། ནེ་ཙོའི་འདོན་པ་ལྟར་བསྒོམ་ཡང་བསྐྱེད་རིམ་བསྒོམས་པའི་དགོས་དོན་འགྲུབ་པ་དཀའ་འོ། །དེས་ན་འདི་ལ་འཇུག་པ་རྣམས་ ཀྱིས་དོན་གོ་ཞིང་འདྲིས་པར་བྱའོ། ། ཞེས་པ་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་སློབ་དཔོན་སྤྱོད་པའི་རྡོ་རྗེའི་བཞེད་ གཞུང་དང་མཐུན་པ་ཚིག་ཉུང་དོན་རྒྱས་འདི་ཡང་མང་པོས་བསྐུལ་པས་ངོར། ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ། ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཀ་རྟགས་མི་གསལ་ཞིག་ཡིན།) 24-1-485 ༄༅། །རྗེ་བཙུན་མ་རིག་བྱེད་མའི་སྒྲུབ་ཐབས་སོ། ། ༄༅། །ༀ་སྭཱ་སྟི། རང་སྐད་ཅིག་གིས་ཀུ་རུ་ཀུལླེར་གསལ་བའི་ཐུགས་ཀའི་ཧྲཱིཾཿལས་འོད་ འཕྲོས། བླ་མ་དང་ཀུ་རུ་ཀུལླེའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མོ་ གུ་རུ་ཀུལླེ་མཎྜལ་བྷྱཿ ༀ་བཛྲ་ཨརྒྷཾ་སྭཱཧཱ། ༀ་བཛྲ་པཱདྱཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། དྷཱུ་པེ༴ ཨཱ་ ལོ་ཀེ༴ གནྡྷེ༴ ནཻ་བི་ཏེ༴ ཤཔྟ༴ དཀོན་མཆོག་གསུམ་ལ་སོགས། སེམས་ཅན་བདེ་དང་ལྡན་གྱུར་ ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་ མཉམ་ཉིད་རྟོགས་པར་ཤོག ། ༀ་ཤཱུ་ནྱ་ཏཱ༴ སྟོང་པའི་ངང་ལས་བསྲུང་འཁོར་གྱི་དབུས་སུ་དུར་ཁྲོད་བརྒྱད་ཀྱིས་བསྐོར་ བའི་པད་ཉི་མི་རོའི་གདན་ལ་རང་སེམས་ཧྲཱིཾཿདམར་པོ་དེ་ལས་འོད་ཟེར་ལྕགས་ཀྱུ་དང་ ཞགས་པ་ལྟ་བུ་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཁམས་གསུམ་དབང་ དུ་བསྡུས་སླར་འདུས་ཏེ་ཐིམ་པ་ལས་རང་ཉིད་རྗེ་བཙུན་རིག་བྱེད་མ་སྐུ་མདོག་དམར་མོ་ (ཚེག་བར་ཁ་ཤས་མི་གསལ།) མཛེས་ཤིང་སྒེག་ལ་ཁྲོ་ཞིང་ཆགས་པའི་ཉམས་ཅན། ཕྱག་དང་པོ་ གཉིས་ཀྱིས་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང་མེ་ཏོག་དམར་པོའི་ཕྲེང་བས་དཀྲིས་ པའི་གཞུ་(སྙན་གྱི་བར་དུ་?)འགེངས་པ། གཡས་འོག་མས་ལྕགས་ཀྱུ་དང༌། གཡོན་འོག་ མས་ཨུཏྤལ་དམར་པོ་(ཚེག་བར་གཉིས་མི་གསལ།)ཞགས་པའི་ཚུལ་དུ་འཛིན་པ། ཞབས་གཡོན་ བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་(ཚེག་བར་ཁ་ཤས་མི་གསལ།)ཐོད་སྐམ་གྱི་དབུ་ རྒྱན་མི་མགོ་བོའི་དོ་ཤལ་རུས་པའི་ཕྱག་རྒྱ་ལྔ་(ཚེག་བར་ཁ་ཤས་མི་གསལ།)སྟག་སྤགས་ཀྱི་སྨད་ 24-1-486 དཀྲིས་གསོལ་བ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། དེའི་འོད་ཀྱི་ཡེ་ཤེས་ སེམས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དབང་གི་ལྷ་ཀྱིས་ༀ་བཛྲི་བྷ་ བ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར་སྐུ་གང༌དྲི་མ་དག་ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་འོད་ དཔག་མེད་ཀྱིས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བརྩེ་བས་རྗེས་ཆགས་པད་མ་ རཱ་གའི་མདངས། །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་བཞུགས། །མདའ་གཞུ་ ཨུཏྤལ་དབང་གི་ལྕགས་ཀྱུ་བསྣམས། །བཅོམ་ལྡན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཐུགས་ ཀར་ཨུཏྤལ་འདབ་བརྒྱད་ལྟེ་བར་ཉི་མ་ལ་ཧྲཱིཾཿའདབ་མ་བརྒྱད་ལ་སྔགས་ཡི་གེ་བརྒྱད་གསལ་ གདབ། (ཚེག་བར་ཁ་ཤས་མི་གསལ།)བསྡུ་སྒོམ། ༀ་ཀུ་རུ་ཀུལླེ་ཧྲཱིཾཿསྭཱཧཱ། ཅི་ནུས་བཟླས། རྗེས་སུ་ལྷ་འོད་ གསལ་དུ་བསྡུས་དགེ་བ་བསྔོ། གཏོར་མའི་ཆོ་ག་རྒྱས་པའི་གཏོར་མ་ཟླུམ་གཏོར་དམར་པོ་(ཚེག་བར་ཁ་ཤས་མི་གསལ།)སོགས་ཀྱིས་བརྒྱན་(ཚེག་ བར་ཁ་ཤས་མི་གསལ།)མཆོད་པ་བྱིན་རླབས་སྤྱི་དང་འདྲ། གཏོར་མ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས་རླུང་དང་མེའི་དཀྱིལ་འཁོར་བརྩེགས་པ་ལ་ཐོད་པའི་སྒྱེད་པུ་གསུམ་དེའི་སྟེང་ དུ། ཨཱཿལས་ཀ་པཱ་ལའི་ནང་དུ། གོ་ཀུ་ད་ཧ་ན་ལས་བ་ལང་ཁྱི་རྟ་གླང་ཆེན་མིའི་སྒྲོལ་མེ་ལྔ། བི་ ར་མ་མུ་ཤུ་ལས་(ཆུ་སྨན་འཚལ་རྐང་བྱང་སེམས་?)དེ་བདུད་རྩི་ལྔ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་སྟེ་ཡེ་ཤེས་པ་རྣམས་ བརྩེགས་པའི་སྟེང་གི་ནམ་མཁའ་ལ་ༀ་ཨཱཿཧཱུཾ་སྟེང་ནས་སྟེང་དུ་གནས་ལྔ་རླུང་གཡོས་མེ་སྦར་ རྫས་བཅུ་ཡི་གེར་བཅས་པ་བཞུ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུགས་ཏེ་འབྲུ་ གསུམ་དང་བཅས་པ་ཡང་ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་ མཚོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོཿཧྲཱིཿ སྙིང་ཁའི་ཧྲཱིཾཿཡིག་གི་འོད་ཀྱིས་བཅོམ་ལྡན་འདས་མ་འཁོར་ བཅས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། གྱིས་གདན་དུ་ཕུལ། སྙིང་པོའི་མཐར་ ཨ་ཀཱ་རོ་བཏགས་པ་ལན་གསུམ་དང་། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་ལྔའམ་བདུན་ལ་ 24-1-487 སོགས་པས་ཕུལ། གོང་བཞིན་མཆོད་བསྟོད་བྱས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་ བདག་ཅག་སོགས། འདོད་དོན་གསོལ་བ་གདབ། ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྟེན་ལ་བརྟན་བཞུགས་སྨོན་ ལམ་བཀྲ་ཤིས་རྣམས་བྱའོ། །བསྡུས་ན་གཞན་གྱི་ཞོར་ལ་སྔགས་དངོས་ཙམ་བྱེད་ན་སྙིང་ཁའི་འོད་ཀྱིས་སྤྱན་དྲངས། མཆོད་ བསྟོད་འདོད་གསོལ་གྱི་བར་ཁོ་ནས་ཆོག་གོ །འདི་བསྙེན་པ་ཡིན་ལ། སྒྲུབ་པ་དང་ལས་སྦྱོར་གཞུང་དང་ཡི་གེ་རྙིང་པ་རྣམས་ལས་ ཤེས་པར་བྱའོ། ། ཞེས་པ་འདི་ཡང་ས་སྐྱོང་མི་དབང་པོ་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་ཐུགས་དམ་དུ་ཏཱ་ར་ནཱ་ཐས་སྨྲས་པའོ།། །། མང་ག་ལམ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ཨང་གྲངས་མི་གསལ་བ་ཞིག་ཡིན། དཔེ་ཡང་མི་གསལ། འབྲས་སྤུངས་ དཀར་ཆག་ཏུ་ཏཱ་ར་ནཱ་ཐས་ཕྱག་བྲིས་ཡིན་ཞེས་འཁོད་ཡོད།) 24-1-488 ༄༅། །དགའ་བའི་སྙེ་མ་ཞེས་བྱ་བ་ལྷ་མོ་ཟླ་འོད་མའི་ ལོ་རྒྱུས་ཞེས་བྱ་བ་བཞུགས། ༄༅། །ༀ་ཨ་ཐ་དིརྒ་ཡུ། གསུང་གི་མངའ་བདག་འཇམ་དབྱངས་ལ་ཕྱག་འཚལ་ལོ། ། ལྷོ་ཕྱོགས་མུཀྟི་ཀརྞའི་བདག་པོ་ཡི། །བུ་མོ་དམ་པ་ཟླ་འོད་ཅེས་བྱ་བ། །དེ་ཡི་གཏམ་ནི་ཉུང་ ངུའི་སྙན་ངག་གིས། །གླུ་འདི་དེ་རིང་ཚོགས་ལ་བདག་གི་སྟོན། ། ༀ་སྭསྟི། ཨཱ་རེ་ཨཻ྅་ཨཻ྅་འཕགས་མས། །ནམ་ཞིག་ས་ཡི་བདག་པོ། །ལེགས་པར་སྦྱིན་ པའི་དཔལ་ལྡན། །དེ་ཡི་ནང་རྗེ་དྲེགས་ལྡན། །སྐབས་གསུམ་བདག་པོ་ཇི་བཞིན། །ཨ་རེ྅་ ཧུ྅་པདྨའི་རྫིང་བུ་མཆོག་ཏུ་རོལ་པས། ཉི་འོད་ཤར་བས་གེ་སར་རྡུལ་རྒྱས་བཞིན། །ཤར་ རིའི་མངལ་ལས་ཟླ་འོད་གཞོན་ནུ་ལྟར། །ཡིད་འོང་མ་ལས་ཟླ་འོད་མ་དེ་བཙས། །ཨཱ་ཧོ་ ཨིཙྪ་ཨཱ་ཧོ་ཨིཙྪ་ཨཻ་ཨཻ། ལྷ་མོ་དགེ་མ་མ་ལྟར་ཐུགས་བརྩེ་བས། །བདག་ལ་མཆོག་སྦྱིན་སྦྱིན་ མཛད་མཆོད་འོས་མ། །ཞེས་ཏེ་རབ་དགའ་དགའ་བས་སྟོན་མོ་ཡི། །ཟློས་གར་ངོ་མཚར་ མཚར་བ་དཔག་ཡས་སྒྲུབས། །ཨཱ་རེ་རེ་རེ་ཧཱུཾ་ཨཱ་ཧོ་ལེགས་སོ། །ཟླ་ཚེས་ལུས་ཕྲ་མྱུ་གུ་སར་ པ་དེ། །མ་རྨད་བདུད་རྩིའི་རྒྱ་མཚོ་ལེགས་བྱས་ནི། །འཐུང་བར་བརྩོན་པས་ཡར་ངོའི་དཔལ་ འཛིན་པ། །མི་རིང་བར་ཡང་ལང་ཚོ་སར་པ་རྡོ། །སྨྲས་པ། མ་མ་བརྩེ་ལྡན་བདག་ལ་ཐུགས་ བརྩེར་མཛོད། །མི་ཤེས་ཕྱུགས་ཀྱི་ལང་ཚོ་རྒྱས་པ་ནི། །ཟས་དང་རྩེད་དགའ་ཙམ་འདོད་རྡོ་ རྗེ་གདོང༌། །ཐུགས་བརྩེར་མཛད་ན་བདག་ལ་སྒྲོན་མེ་སྩོལ། །བརྗོད་པ། བྲཧྨ་དབྱངས་ཅན་ ཞལ་གྱི་ཆུ་སྐྱེས་དཀར། །དཀར་བའི་གེ་སར་རྡུལ་ཆགས་མུ་ཏིག་དཀར། །དཀར་འོད་ཕྲེང་ 24-1-489 བས་གང་གི་མགྲིན་པ་དཀར། །དཀར་མོའི་བདག་པོ་མཆོད་བྱེད་དཀར་མོའི་བདག །ཡང༌། འོད་འཆང་མ་དེ་དེའི་བཀས་འདུན་ས་དེར་ཞུགས་སོ། །ཤལླིཀ་དང་སཱ་ལ་སྟིབས་ཤིང༌། ཨ་མྲ་ དུད་པའི་སྐྱེད་ཚལ་རབ་ཏུ་སྟར་བ་ལྟ་བུའི་བསྟི་གནས་དེར། །ཨཱ་ཨེ྅་འོད་ལྡན་ཟླ་འོད་མ་དེ་ མངོན་ཕྱོགས་ལས། །རིག་བྱེད་སྒྲེང་བའི་གཞོན་ནུ་རྣམས་མྱོས་ནས། །ལག་པའི་ཡལ་འདབ་ སྐྱོད་ནས་བརྡ་བྱེད་བཞིན། །མིག་གི་བདུད་རྩིས་མྱོས་སམ་ཆགས་བྲལ་ཀྱཻ། །རི་ཤོད་ཀྱི་སྨྲས་ པ། དེས་དེར་ཡི་གེ་རྩིས་དང་སྐར་མའི་དཔྱད། །རིག་པ་དུ་མ་སྙན་ངག་ནཱཊཀ །གླུ་གར་སྒྱུ་ རྩལ་ཀུན་ཤེས་པ། །དེ་ལྟར་གཞན་ནི་ཅུང་མ་བསམས། །ཨ་རེ་རེ་རེ་ཧོ་ལེགས་ལྡན། །ཟུང་ དང་ཟུང་གི་མཐར་སྦྱར་རོ། །སྒྲ་བརྒྱ་པས་བརྗོད་པ། དེ་ནས། ཉི་མའི་ལོ་ཡི་ལང་ཚོར་ཤར་ བ་དེ། །ཁྱིམ་གྱི་བླ་མའི་བཀའ་ཡིས་ནགས་ཚལ་དུ། །མི་བཟད་རྗེ་བཙུན་རབ་ཁྲོས་གཏུམ་ པོའི་སྐུ། །དུས་མཐར་བྱེད་དང་མི་གཡོ་མགོན་པོ་ནི། །ཟླ་དྲུག་བསྙེན་པས་མཚན་མ་རྙེད་ནས་ ནི། །འཇིགས་རུང་རིགས་སྔགས་འབྲུག་སྒྲ་རྩུབ་མོར་བཅས། །གཞན་སྡེའི་ཚོགས་རྣམས་ རབ་དྲག་འཁྲུལ་འཁོར་གྱི། །རྡོ་རྗེ་ཅི་ཡང་འབར་འདིས་ཡུད་ཀྱིས་སྲེགས། །རྟའི་དབྱངས་ ཀྱིས། མི་སྲུན་སྡིག་པའི་མུན་གནག་འདིས་སྐྲག་ནས། །ཆུ་སྐྱར་ཚོགས་རྣམས་ཅ་ཅོ་འབྱིན་པ་ བཞིན། །དབྱར་སྐྱེས་རྔ་གསང་རྣ་བའི་བཅུད་ལེན་འདི། །རིག་འཛིན་མ་དེ་མཆོད་པའི་སིལ་ སྙན་བཞིན། །ཙནྡན་ནགས་ཀྱི་རླུང་ཡབ་དྲི་བཟང་གི །དོག་པས་རབ་འཁྱུད་མེ་ཏོག་འཕྲེང་ མཛེས་ཀྱིས། །རབ་བརྒྱད་ཙུ་ཏའི་འཁྲི་ཤིང་བག་ཡངས་མའི། །སྒེག་པའི་ཟློས་གར་དེ་ལ་ མཆོད་བྱེད་བཞིན། །སྐྱོ་མེད་རི་བོའི་ངོས་ལས་དེ་ནས་སླར། །དལ་གྱི་ཡབ་ཡུམ་དག་གི་ཁང་ པར་སོང༌། །རབ་དགེས་དེ་ཡིས་འདོད་ཡོན་དཔག་ཡས་ཀྱིས། །སྟབས་ཀྱང་དེ་ལ་དགའ་བར་ ཡོང་མ་གྱུར། །ཨཱུ་ཧོ྅་རིང་ཤིག་ལོན་ནས་གླང་ཆེན་དྲེགས། །བག་མེད་མྱོས་པའི་ཚུལ་འཆང་ མ། །འདོད་པར་མོས་པ་མི་འོས་སྤྱོད། །དམད་པའི་གནས་ལ་ལྷག་པར་བཞོལ། །སྒྱུ་རྩལ་ 24-1-490 ཡལ་འདབ་རྫོགས་པར་གྱུར་པ་ལ། །ལང་ཚོའི་མེ་ཏོག་ཡང་ནི་དེ་ཚེ་རྒྱས། །འོ་མའི་བཅུད་ འཛིན་དཔལ་འབྲས་འཆང་བ་འདིས། །བསིལ་བ་མི་སྟེར་འདོད་ལྡན་ཅི་ཡང་སྲེག །བུང་བ་ དར་མའི་ལོངས་སྤྱོད་ཉེར་སྤྱད་འོས། །ད་ནི་རིག་པའི་ཟླ་བ་ཉ་བ་ཡང༌། །སྔོ་སངས་ལང་ཚོའི་ དཔལ་ལ་ལྷག་པར་མཛེས། །སྒྱུ་རྩལ་སྐར་མའི་ཕྲེང་བ་འདིས་ཀྱང་བརྒྱན། །སྨྲས་པ། མ་མ་ ཡབ་གཅིག་མཉེན་འདུན་དང་བཅས་པ། །ཀུན་གྱི་ཉེར་སྤྱོད་གངྒ་གཡོ་ལྡན་མ། །འདི་ལྟས་ གྲོང་ཁྱེར་འདབས་སུ་བདེ་ཐོབ་པ། །ཁང་བརྩེགས་ལྔ་བརྒྱ་པར་ཡང་ཡོང་ཡེ་མེད། །ཡང་ན་ མཱ་ལ་ཡའི་གཽ་རཱི་འདིས། །ཐུགས་བརྩེར་མཛད་ནས་གང་ལ་བདག་བྱིན་པ། །དེར་རྗེས་རབ་ འགྲོ་བདག་ནི་མཆོད་པའི་ཕྱིར། །བརྩེ་བས་དཔལ་གྱི་དུམ་བུའི་ནགས་སུ་མཐོང༌། །བརྗོད་ པ། འབིགས་བྱེད་ས་འཛིན་འདི་ནི་ལྷ་མོ་གཽ་རཱིའི་གནས་སོ། །མང་དུ་སྨྲ་བ་ག་ལ་འོས། །མང་ དུ་ཚོགས་པའི་ལོངས་སྤྱོད་ནི། །མང་པོ་ཀུན་གྱིས་ཡོངས་སུ་དམོད། །མང་དུ་མ་སྨྲ་གསེར་གྲོང་ དུ། །ཀྱཻ་སྡུག་པ་ངག་འདི་མཉན་ལ་སོང་ཤིག །མ་ལ་ཡར་ནི་ཆོམ་རྐུན་བརྟན། །བཅིངས་སམ་ སྤྱོད་ན་དེ་མི་འོས། །གདོང་གི་ཀུ་མུད་འཇིབ་བྱེད་ལ། །འཚོ་བའི་ཆུ་བའང་བཅད་ཀྱི་དོགས། ། སྨྲས་པ། བདག་ནི་འབིགས་བྱེད་ལ་སོང་ནས། །སླད་ནས་ཇི་ལྟར་བསྟན་བཞིན་བགྱིད། ། ལག་ལྡན་རྣམས་ཀྱི་ཅི་བགྱི་འདི། །རེ་ཞིག་རྩལ་བ་ཉིད་དུ་མཛོད། །དེ་ནས་འབངས་མོ་དང་ ལྷན་ཅིག་སོང་ངོ༌། །ཨཱ་རེ་ཨཱ་རེ་ཧོ྅། ༈ དྷྲུ། ཇི་ཞིག་སོང་ནས། བྷིནྡྷ་ཆུ་ཤིང་ནགས་ཀྱི་ཕ་རོལ་ན། །ཨ་ཤོ་ཀ་ཚོགས་དམར་ འོད་ལྷག་པར་རྒྱས། །དཔྱིད་ཀྱི་ཕོ་ཉ་གདུང་བའི་གླུ་ལེན་པ། །དེ་ཡི་སྐྱོ་བ་ཟློག་པའི་གྲོགས་སུ་ སྦྱར། །ཨ་ཧོ྅་ཨཻ་ཨཻ། ༈ དྷྲུ། སྣ་ཚོགས་མེ་ཏོག་གིས་བཀྲ་ལྗོན་པ་རྣམས། །དཔྱིད་ཀྱི་ཕྱག་རྒྱས་སྲེད་ལྡན་ལུས་ ཕྲ་མའི། །བརྟན་པ་ཞུམ་ནས་གུས་པས་བཏུད་པ་ལས། །མུ་ཏིག་དོ་ཤལ་ཆད་ནས་འཐོར་བ་ 24-1-491 བཞིན། ། ༈ དྷྲུ། དེ་ནས་གསེར་གྱི་ཁང་པ་གཽ་རཱིའི་གནས། །རི་སྐྱེས་མཆོད་པས་རངས་ལ་སྙན་པའི་ གླུས། །རྒྱུད་མང་བསྒྲེངས་ཤིང་གདུབ་བུའི་སིལ་སྙན་བཅས། །ཟུར་མིག་གཡོ་བའི་ཟློས་གར་ རབ་ཏུ་བརྩམས། །ཆུ་རྒྱུན་གྱིས། གངས་རི་སྲས་མོ་ཁ་བའི་ས་འཛིན་རྩེ། །འབུམ་ཕྲག་བདུད་ རྩིའི་འོད་ཀྱིས་དཀྲིས་པ་ལྟར། །རབ་དཀར་བཅོམ་ལྡན་མ་ཡིས་བུ་མོ་བདག །དེ་རིང་ཐུགས་ རྗེ་ཉིད་དུ་ཅིས་མི་མཛད། ། ༈ དྷྲུ། ལྷ་མོས་སྨྲས་པ། མཚོ་རླབས་ཀྱིས། གྲོང་ཁྱེར་མཐའ་ནས་གསེར་གྱི་སྒོ་བཞི་ པ། །དེར་ནི་ཁྱོད་ཀྱང་ལེགས་བྲིས་བདག་པོ་ཞིག །དགའ་བས་ལག་པ་འཛིན་བྱེད་མཐོ་རིས་ བདག །དེ་ཡིས་ཁྱོད་ནི་ལྷ་མོར་བྱེད་པ་ཡིན། །དེ་ནས་གྲོང་ཁྱེར་ཆེན་པོའི་འདབས་སུ་འདུག་ ནས། ༈ དྷུ། ཀུན་གྱི་ཐུན་མོང་ལོངས་སྤྱོད་གསེར་གྱི་ཁང་པ་ན། །བག་མེད་དེ་ལ་མཉེན་འདུན་ རྣམས་ནི་ལྟ་མི་བྱེད། །སྲེད་ལྡན་ཀུན་གྱི་འཇུག་ངོགས་ཟླ་བདུན་འདས་པ་ལས། །རིག་འཛིན་ སྲས་པོ་ཟླ་བའི་གཟི་བརྗིད་དེ་ཕྱོགས་རྒྱུ། ། ༈ དྷྲུ་འདི་སུ། མི་མཆོག་སེང་གེ་ལྟ་བུ་ཟླ་བའི་གཟི་བརྗིད་དོ། །ཨྸཻ་བཞིན་རས་ཟླ་བ་རྒྱས་ འདྲ་བཀྲ་ཤིས་མཚན་མས་བརྒྱན་འདི། །ཨྸཻ་རོ་སྟོད་གདོང་ལྔ་པ་འདྲ་མཐོན་མཐིང་ཟར་བུས་ ཁེབས་མཛེས། །ཨྸཻ་གོས་བཟང་འཇའ་འོད་བཞད་འདྲ་རལ་གྲིའི་གློག་ཕྲན་གཡོ་འདི། །ཨྸཻ་ འདི་ནི་ཡིད་བྱུང་གཞན་འདྲ་བདག་ནི་དགའ་བའི་རྒྱུ་གང༌། །འབངས་མོས་སྨྲས་པ། འདི་ནི་ རིག་པའི་རྒྱལ་པོ་ལགས་སོ་ཨཱ་ཧོ྅་ཨཱ་ཧོ྅། ༈ དྷྲུ། དེ་ནས་ཡང་དེར་ཞུགས་ཏེ། རིག་པ་ཆེན་པོ་རྣམས་བཟླགས་སོ། །ཇི་ཞིག་ན། ཟླ་ བ་འཁྱམས་སུ་རྒྱུ་ལ་ཟླ་འོད་མེ་ཏོག་འོད་བརྒྱའི་ཕྲེང༌། །འཕངས་བྱས་རྒོད་ལྡན་དེ་ཡིས་སླར་ 24-1-492 འཕངས་རོལ་རྩེད་རྩེད་རོལ་པ། །ཡུན་རིངས་ལེགས་བྱས་ཀྱིས་བྲེལ་ཡུན་རིངས་འདོད་བྲལ་ རིངས་པར་དེས། །འདོད་པས་གླུ་གར་སྒྱུ་རྩལ་ལྟ་འདོད་རོལ་རྩེད་རྩེད་རོལ་བ། །འདོད་པའི་ ཆུ་ལས་ཤེས་རབ་པདྨོ་ནི། །ཉིན་རེ་བཞིན་ཡང་འདབ་བརྒྱའི་གེ་སར་བརྒྱས། །བདག་པོའི་ རིག་པ་མ་ལུས་དེར་འཕོས་བཞིན། །ཟླ་འོད་མ་དེ་བློ་གྲོས་ཉི་མ་བཞིན། །སྨྲས་པ། ཨ་ཡེ་ཨ་ ཡི་རྒྱལ་སྲས་འཕགས་པ་འཇམ་དཔལ་གཉིས་པ་བཞིན། །སྨྲ་བའི་ཉི་མ་པི་སི་ལི་གཞོན་ནུ། ། ཟླ་བའི་གཟི་བརྗིད་བྷ་དྲ་པཱ་ལི་ཏ། །དབྱངས་ཅན་མགྲིན་པར་མཛད་པ་དེ་ལས་ཐོས། །མ་ ལུས་རིག་པ་སྦོབས་པའི་མཆོག་ཏུ་གྱུར་པ་ཨཻ་ཨཻ། ། ༈ དྷྲུ། རབ་སྒེག་ལང་ཚོས་མཛེས་འདི་ཨྸཻ། །མིག་གི་དགའ་སྟོན་ཅི་ཡང་ཨྸཻ། །སྒྲུབ་ཨཻ་ ཁུ་བྱུག་སྙན་པའི་ཨཻ། །གདངས་ཀྱི་མི་སྤོགས་གླུ་འདི་ཨྸཻ། །ཡིད་སྒྱུར་བྱེད་ཨཻ་ག་པུར་ཨྸཻ། །དྲི་ བསུང་དབུགས་དང་དགའ་བའི་ཨྸཻ། །ཨུཏྤལ་ངད་ལྡང་བ་ཨཻཨྸཻ། །སོ་ཕྲེང་གེ་སར་མཛེས་ལྡན་ ཨྸཻ། །རོ་འཛིན་སྦྲང་རྩིའི་གཏེར་གྱུར་ཨྸཻ། །རབ་སྒེག་ལང་ཚོས་མཛེས་འདི་མིག་གི་དགའ་སྟོན་ ཅི་ཡང་སྒྲུབ། །ཁུ་བྱུག་སྙན་པའི་གདངས་ཀྱིས་མི་སྤོགས་གླུ་འདིས་ཡིད་བསྒྱུར་བྱེད། །ག་པུར་ དྲི་བསུང་དབུགས་དང་དགའ་བའི་ཨུཏྤལ་ངད་ལྡང་བ། །སོ་ཕྲེང་གེ་སར་མཛེས་ལྡན་རོ་འཛིན་ སྦྲང་རྩིའི་གཏེར་གྱུར་གང༌། །ཞེས་ཤོ་ཀ་གཅིག་ཚིག་དགུར་སྟོན་པ་འཁོར་ལོའི་གླུའོ། །གང་ ཨཻ་འདོད་དགའི་རོལ་རྩེད་ཀྱི་འབྱོར་ལྡན་དཔག་བསམ་ལྗོན་པ་ལས་ཀྱང་ལྷག་གོ །ཨཻ྅་དེ་ ནས་ཇི་ཞིག་ལྟར་ལ། བདག་པོ་མཐོ་རིས་མཁའ་ལ་མཁའ་འགྲོའི་བདག་བཞིན་སོང༌། །ཧ་ ཧཱ་བ་ཕྱོགས་རེ་མ་ཡིན་ཡོན་ཏན་ཀུན་ལྡན། །དེ་ནི་མེད་ན་ཀུན་གྱིས་དོན་ཡང་རབ་སྤངས་པ། ། མཛེས་སྡུག་མཁར་ཉལ་འདོད་འཇོ་དེ་རིང་གང་དུ་གཤེགས། །ཡང་ཡང་ས་ལ་རབ་ལྷུང་ཙན་ དན་ཐིགས་པར་ངལ་བསོ་བྱེད། །མ་སོང་ན་ཡང་དེ་ཡིད་གཞན་སོང་བརྟན་ཡང་འདར་ཞིང་ གཡོས། །དྲན་པ་ཉམས་ཀྱང་སྔོན་གྱི་ཚུལ་དྲན་དེ་ནི་གདུང་བའི་གླུ། །རབ་དྲག་ཚ་བའི་རླུང་ 24-1-493 གིས་མཆུ་སྒྲོས་འདབ་བརྒྱ་རིད་ཅིང་གདུང་བ་དེ། །སེལ་སླད་ལྟ་བྱེད་ཆུ་ཐིག་བསིལ་བ་འཐོར་ བཞིན་ཤུགས་རིངས་སྒྲ། །རྔ་གསང་རབ་མཐོ་དེ་ནི་ནགས་ཚལ་མཐའ་ལ་འགྲོ་བར་བརྩོན། ། མགོ་སྐྱེས་རབ་འཁྲུགས་རི་དྭགས་མིག་ཕབ་ཟླ་བ་མཛེས་པའི་གདོང༌། །ར་རིས་ཁྱབ་པ་དེ་ ནི་སེམས་མེད་ལ་ཡང་འདྲི། །འདམ་སྐྱེས་དཀར་པོའི་ཚལ་མཐོང་འདར་ལྡན་མས། །མཁའ་ ལ་ལྟ་ཞིང་རྒོད་པ་ཁྱོད་ཀྱིས་ནི། །བདག་པོ་ལྷ་ལམ་ལ་སོང་མཐོང་ངམ་ཅི། །ལན་མེད་ཁྱོད་ ནི་བློན་པོ་ཉིད་ལས་སུ། །ཆུ་འཛིན་མཐོང་བའི་མདོངས་མཐའ་གར་བྱེད་ལ། །གནམ་དུ་ལྟ་ ཞིང་ངལ་གསོ་སྐྱོ་ལྡན་མ། །གདུང་བའི་དབྱངས་སྙན་ཁྱོད་དང་བདག་མཚུངས་སོ། །ནི་ཙུ་ལ་ དང་ཀ་དམ་སཱ་ལ་སོགས། །དཀར་དམར་མཁུར་ཚོས་མཛེས་པའི་རྒོད་བག་འདི། །ལོ་མས་ བསྒྲིབས་མཛོད་མིན་ན་བདག་གི་ཡིད། །རབ་སྲེག་བུང་བའི་ན་ཆུང་གླུ་ལེན་པ། །བདག་ ལྟར་བདག་པོའི་མྱ་ངན་ཁྱོད་མི་འོས། །ཧཱ་ཧ་ཧཱབཱ། དེ་ལྟར་སྨྱོས་པའི་གནས་ཐོབ་ཏཱ་རཱ་ཡི། ། བསྟི་གནས་དེར་སོང་འཕགས་མས་དབུགས་ཕྱུང་སྟེ། །དགེ་བའི་ལམ་ལ་གཅིག་ཏུ་བརྩོན་ པས་སྦྱར། །འཕགས་མའི་དགོངས་པ་གཞན་ལ་སྟོན་པའང་བྱས། །བརྡ་སྤྲོད་བྱེད་པའི་མདོ་ འགྲེལ་ལེགས་པར་སྦྱར། །ཨཱ་རེ་རེ་རེ་ཧུ། ལྷ་མོ་འོད་དཀར་ཡིད་ཀྱི་ཤིང་རྟ་དེས། །འཁོར་བ་ ཆུ་ཤིང་སྙིང་པོ་མེད་ཤེས་ནས། །གཅིག་ཏུ་བརྩོན་པས་བསམ་གཏན་གནས་ལ་འདུག །ཨཱ་ ཧོ྅། ཇི་ཞིག་ལྟར་ལ། ནགས་མཐར་གདུང་བའི་གླུ་དབྱངས་ཀྱིས། །ཨཱརྱཱ་ཏཱ་རཱ་ཧེ྅། དགེ་ མ་ཡུམ་གཅིག་ཡིད་ཀྱི་ཆུ་ཀླུང༌། །རྣམ་པར་གཡོ་འདི་གང་དུ་རོ་མཉམ། །མཉམ་ཉིད་རྒྱ་མཚོ་ དེ་ཡང་གང་ཞིག །བདག་གི་འཇུག་ངོགས་ཡང་ནི་ཅི་ལགས། །ཨཱ་ཧོ྅། དེ་ནས་ལྷ་མོ་ནགས་ ཀྱི་བདག་མོས་བསྐུལ། །འདུ་འཛི་རབ་སྤངས་འཇིགས་མེད་གསེར་གླིང་ན། །གྲུབ་པའི་རིག་ པ་འཛིན་པས་ལེགས་འགྱུར་བས། །བུ་མོ་འདི་ལ་ཐེ་ཚོམ་མ་བྱེད་ཅིག །ཨཱ་རེ྅། རྦ་རླབས་ ཟློས་གར་ཅི་ཡང་བསྒྱུར་བ་ཡི། །རབ་དང་མཚོ་ནི་དེ་ཡི་ཡིད་ཀྱི་དཔེ། །དགེ་བའི་གྲུ་ཆེན་དགེ་ 24-1-494 ལེགས་ཇི་བཞིན་དུ། །ལེགས་པ་རྣམས་ཀྱི་ལེགས་བྱས་བཞིན་དུ་གྲུབ། །གསེར་གླིང་དེར་ ཡང་སློབ་དཔོན་སྔ་མའི་ལམ། །སྦྱོངས་ཞེས་དྷརྨཱ་ཀ་རས་དེ་ལ་བསྟན། །ཕྱི་ནས་ནམ་མཁའ་ འདི་ཞེས་བསྟན་པས་གྲོལ། །རྣལ་འབྱོར་མ་དཔལ་ཟླ་འོད་ཅན་ཞེས་གྲགས། །ཆུ་རྒྱུད་དལ་ འབས་གྱིས། ལྷན་སྐྱེས་བསམ་གྱིས་མི་ཁྱབ་ནམ་མཁའི་དངོས་པོ་དེ་རིང་ཀུན་ལ་བསྟན་ཅེས་ དྲིལ་ཆེན་བསྒྲགས། །ཨཱ་ཧོ་ནམ་མཁའི་འདབ་ཆགས་གསེར་གྱི་ས་འཛིན་ལྟ་བུ་རིན་ཆེན་རྒྱན་ དུ་གྱུར་པ་བཞིན། །བུང་བ་མྱོས་བྱེད་མེ་ཏོག་ཆར་པ་ཅི་ཡང་འབབ་པས་ཕྱོགས་ཀྱི་བུ་མོ་ཡི། ། འགྲམ་པར་དྲི་བཟང་ཐིག་ལེ་བཀྲོད་ནས་ཟུར་ཕུང་མཐའ་ལ་མིག་གི་དགའ་སྟོན་ཆགས། ། ཕྱོགས་ཀུན་རྔ་ཆེན་བརྡུང་བར་བརྩོན་པས་འགྲོ་བ་རྣམས་ལ་བརྡ་སྦྱོར་བཞིན། །དེར་ནི་ བདུད་རྩིའི་ཆར་རྒྱུན་དག་གིས་འགྲོ་བའི་ཡིད་མཚོ་ལྷག་པར་གང༌། །རབ་རྟོག་རླབས་ཕྲེང་ གྱ་གྱུ་འཁྱོག་པོར་འགྲོ་བའི་ཆུ་ཀླུང་དཔག་ཡས་པ། །དཔེ་མེད་ནམ་མཁའ་དང་མཉམ་ཀུན་ཏུ་ འགྲོ་བའི་རྒྱ་མཚོ་རོ་གཅིག་གྱུར། །ཏུ་རཱནྟ་ཡི། དེ་ནས་བྷངྒ་ངང་ནི་ཏྲ་པཱུ་ར། །དེ་ཡི་སྐད་ཅིག་ གིས་སྒྲོད་དཔག་ཚད་བརྒྱར། །སྣ་ཚོགས་རྫུ་འཕྲུལ་བཀོད་པ་རབ་བརྟན་ནས། །དཔག་ཡས་ སྐྱེ་བོ་གྲུབ་པའི་ས་ལ་བཞག །ནི་ཙཱ་མ་ས་ད་བཞིན་སཽ་རཥྚར། །སྒྱུ་འཕྲུལ་སྐུ་ཡི་བཀོད་པས་ ཏུ་རུསྐ། །སྡིག་པའི་ལམ་ལས་ཡང་དང་ཡང་དུ་ཟློག །རྗོ་རྗེ་ཐེག་པ་ཉིད་ལ་ཡང་དག་བཀོད། ། གངྒཱའི་རྒྱུན་མི་འཆད་པས། །ཨཱ་ཧོ། དངོས་པོ་མཐའ་དག་རོ་མཉམ་མཛོད་ལྡན་མཁའ་ལ་ ཆུ་ཁུར་ཕྲེང་མཛེས་བཞིན། །ཨཱ་ཧོ། ཨཱ་རེ། ཀུན་གསལ་བུ་མོ་ཆོས་ཀུན་རབ་འཁྱུད་ཀུན་གྱི་ ཐུན་མོང་བདེ་བ་ཡི། །ཨཱ་ཧོ། ཨཱ་རེ། ཉེར་སྤྱད་འདི་ལ་འགྲོ་བ་རྣམས་ཀྱིས་རྟག་ཏུ་བགྲོད་པའི་ ཐབས་བཟང་པོ། །ཨཱ་ཧོ། ཨཱ་རེ། ལྷ་མོ་ཟླ་འོད་མཛེས་མས་རབ་བརྟན་དགེ་ལེགས་དེ་ཡིས་ ཤིས་པར་མཛོད། །ཨཱ་ཧོ། ཞེས་པ་དགའ་བའི་སྙེ་མ་ཞེས་བྱ་བ་ལྷ་མོ་ཟླ་(ཕྱིས་བྱུང་རང་བྱུང་བ་རྣལ་ འབྱོར་མ་)འོད་མའི་ལོ་རྒྱུས་ལས་བརྩམས་ཏེ་ངེས་པར་བརྗོད་པ་འཕགས་ཡུལ་གྱི་གྲོང་ཁྱེར་གྱི་ 24-1-495 བརྡ་དང་ཕྱོགས་མཐུན་དུ། ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་རང་ལོ་བཅུ་དགུར་ཉེ་བ་ན། ཆོས་ ལུང་བྱང་རྩེར་ཐུན་མཚམས་གཅིག་ལ་དལ་བའི་སུག་རིས་སུ་བགྱིས་སོ།། །།བཀྲ་ཤིས།། ཞུས་སོ།། ཨུད་ཡ།། (མ་དཔེ་སྤར་མ་རྙིང་པ་ཞིག་ཡིན།) 24-1-496 ༄༅། །གཤིན་རྗེ་གཤེད་དམར་པོའི་བསྐྱེད་རིམ་གྱི་ རྣམ་བཤད་འཁྲུལ་པ་ཀུན་འཇོམས་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ། ལྷན་ཅིག་སྐྱེས་པའི་དཔའ་བོ་ནི། །བདུད་བཞིའི་གཡུལ་ལས་རྣམ་ རྒྱལ་བ། །དེ་ལ་བཏུད་ནས་དེ་ཡི་ནི། །སྒྲུབ་པའི་ཐབས་ཀྱི་དོན་གསལ་འབྲི། ། དེ་ལ་(སློབ་དཔོན་གྱི་དབང་ཕྱུག་གི་རྗེས་སུ་འབྲངས་ཏེ་)དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་ བདག་ཉིད་ཅན་གྱི་སྒྲུབ་ཐབས། བདུད་བཞི་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་སྔར་སྦྱར་བ་ ལས། དེའི་དོན་ཅུང་ཟད་བཤད་པར་བྱའོ། ། འདི་ལ་རང་ལུགས་གཙང་མར་བཞག་པ་དང༌། གཞུང་གི་ཁུངས་བསྟན་པ་དང༌། གཞན་ ལུགས་ལ་དཔྱོད་དེ་དགག་པ། སྒྲུབ་ཐབས་ཀྱི་གཞུང་སོ་སོའི་ཁྱད་པར་གསལ་པོར་བཤད་ པའོ། ། ༈ དང་པོ་ནི། བསྐྱེད་རིམ་གྱི་སྤྱིའི་རྣམ་པར་བཞག་པ་(ལ་གོ་བ་)ལེགས་པར་ཆགས་པས། འདི་ལ་འཇུག་པའི་དབང་དུ་བྱས་ནས། འདིར་སྐབས་སུ་བབ་པ་དང༌། ཉེ་བར་མཁོ་བ་ཐུན་ མོང་མ་ཡིན་པ་དག་ཟུར་ཙམ་བརྗོད་པར་བྱའོ། ། དེ་ལ་སྒྲུབ་པ་པོ་རྟེན་གྱི་གང་ཟག གང་དུ་སྒྲུབ་པའི་གནས། ཇི་ལྟར་བསྒྲུབ་པའི་ཚུལ། དེ་ ལྟར་བསྒྲུབས་ཤིང་ཉམས་སུ་བླངས་པའི་འབྲས་བུ་སྟེ་ལྔ་ལས། 24-1-497 དང་པོ་ནི། (སྤྱིར་)དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ(་ནི་ངེས་པར་དགོས་ལ)། ཁྱད་ པར་དཀྱིལ་འཁོར་འདི་ཉིད་དུ་ཞུགས་ཤིང་དབང་བསྐུར་བ་ནི། རྗེས་སུ་སྣང་བ་ལ་སོགས་ པའི་སྒོ་ནས། སློབ་དཔོན་གྱིས་ཡང་དག་པར་རབ་ཏུ་སྦྱིན་པ་དང་ལྡན་པའོ། ། གཉིས་པ་(ཉེ་བར་མཁོ་བའི་ཡོ་བྱད་)ནི། དུར་ཁྲོད་ལ་སོགས་པ་རྗེས་སུ་མཐུན་པའི་གནས་ དང༌། ལས་དང་པོ་པ་ལ་ནི་ཡིད་དང་མཐུན་པའི་གནས་དང༌། བྱིན་གྱིས་རླབས་པའི་གནས་ སོ། ། གསུམ་པ་ནི། མཆོད་པ་དང་གཏོར་མ་ལ་སོགས་པ་(དགོས་པའི་)ཡོ་བྱད་དང༌། ཁྲུས་ཀྱི་ ཡོ་བྱད་སོགས་རྣལ་འབྱོར་གྱིས་ཡན་ལག་ལ་ཉེ་བར་མཁོ་བའི་རྫས་རྣམས་ཚོགས་ཤིང་ བཤམས་པའོ། ། བཞི་པ་ལ། ཐུན་གྱི་རྣལ་འབྱོར་དང་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་སྔོན་ འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། སྔོན་འགྲོ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་ པའི་སྔོན་འགྲོ་གཉིས་སོ། ། དང་པོ་ཐུན་མོང་གི་སྔོན་འགྲོ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་གསལ་འདེབས་པའོ། ། གཉིས་པ་ལ། རྟེན་སྦྱང་བ་ཡིག་བརྒྱའི་རྣལ་འབྱོར། རྟེན་བྱིན་གྱིས་རླབས་པ་ལུས་སེམས་ དག་པ། ཡེ་ཤེས་ཀྱི་ལྷའི་རྒྱུ་ཚོགས་བསག་པའོ། ། དང་པོ་ནི། སྐབས་འདིར་རྡོར་སེམས་སྤྱི་བོའམ་སྙིང་གར་སྒོམ་པ་དང་། རང་ཉིད་དེར་ སྒོམ་པ་སོགས། ལག་ལེན་སྣ་ཚོགས་ཞིག་སྣང་བ་སྤྱིར་མི་འགལ་ཡང༌། འདིར་དར་པན་ཨཱ་ ཙརྱའི་མན་ངག་ཐུན་མོང་མ་ཡིན་པ་ནི། རང་གཤིན་རྗེ་གཤེད་དམར་པོར་སྒོམ་པ་ཉིད་ཡིན་ ལ། བཟླས་པའི་མཐར་ཉེས་ལྟུང་སྟོང་པ་ཉིད་དུ་སྦྱང་བ་ནི། དོན་དམ་པའི་བཤགས་པ་ཞེས་ བྱ་ཞིང༌། ཕྱག་འཚལ་འདུད་སོགས་གསོལ་བ་གདབ་པ་ཡང་དེ་དང་འབྲེལ་བ་སྟེ། དགོངས་ 24-1-498 པ་བླ་ན་མེད་པ་ལས། གང་གི་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། ། ཞེས་གསུངས་པ་ལྟར། རང་རིག་སྟོང་ཉིད་ལ་མཉམ་པར་འཇོག་པ་ནི། དོན་དམ་པའི་ཕྱག་ འཚལ་བ་ཡིན(་ལ)། ཕྱག་འཚལ་ལན་ལྔ་འབྱུང་བ་ནི་ཡེ་ཤེས་ལྔ་མཚོན་ནོ། །དེས་ན་ཉེས་ ལྟུང་གདོད་ནས་མ་དམིགས་ཤིང༌། དེས་དབེན་པའི་གཞི་རང་གི་སེམས་ཉིད་དང༌། བཤགས་ པའི་ཡུལ་བླ་མ་དང་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར། རང་བཞིན་དབྱེར་མེད་རོ་གཅིག་ ཏུ་རྟོགས་པ་ལ། མཉམ་པར་འཇོག་དགོས་པ་ཡིན་ནོ། །ཡིག་བརྒྱའི་རྣལ་འབྱོར་འདི། ཐུན་ མཚམས་ཀྱི་སྐབས་གང་ལ་བྱས་ཀྱང་རུང་བ་ལས། མན་ངག་ལག་ལེན་དུ་མངོན་རྟོགས་སྒོམ་ པའི་མགོར་མཛད་དོ། །དེ་བཞིན་དུ། སྐྱབས་སེམས་གསལ་འདེབས་པ་ཡང༌། འོག་རྒྱུན་ བཤགས་ཀྱི་ནང་དུ་ཚང་བས། སྐྱབས་སེམས་ཡིག་བརྒྱ་གསུམ་པོ་དེ། མ་བྱས་ཀྱང་མངོན་ རྟོགས་ཆད་པའི་སྐྱོན་དུ་མི་འགྱུར་རོ། ། གཉིས་པ་རྟེན་བྱིན་གྱིས་རླབས་པ་ལས། ལུས་དག་པ་ནི། རང་ལྷར་གསལ་བ་དང༌། སེམས་དག་པ་ནི། ས་བོན་ཕྱག་མཚན་གདན་དང་བཅས་པའོ། ། གསུམ་པ་ལ། བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པ་ གཉིས། དང་པོ་ལ་གཉིས་ཀྱི་ཐོག་མར་ཡུལ་མཆོག་ལ་ཚོགས་བསག་པ་ནི། ཧཱུཾ་ལས་འོད་ འཕྲོས་པ་ནས། བཛྲ་མུཿས་གཤེགས་སུ་གསོལ་བའི་བར་རྒྱུན་བཤགས་འཁོར་བཅས་ཏེ། སྐབས་འདིར་མངོན་རྟོགས་ཀྱི་དཀྱུས་སུ་བཀོད་པའི། ཕྱག་འཚལ་ནས་ཞལ་ཟས་ཀྱི་བར་གྱི་ ཕྱག་མཆོད་ནི། དཔྱལ་དང་ད་ན་ཤཱི་ལའི་ལུགས་ཡིན་ལ། རྡོ་རྗེ་མ་དྲུག་གི་མཆོད་པ་ནི། ཆག་ ལོ་ཙཱ་པའི་ལུགས་ལ་ཡོད། (ཡེ་ཤེས་ཚོགས་གསོག་གི་སྔགས་དོན་བསམ་པའི་དམིགས་པ་འདི་དག དཔྱལ་ཆག་ད་ ན་ཤཱི་ལའི་ལུགས་གསུམ་གོང་མཐུན་པའི་མན་ངག་ཡིན་ལ། ཕྱི་མ་ནི་ན་ད་མི་བསྡུ་བར་བཞེད་དོ།།) ཆག་ལུགས་དང་གློ་ བོ་ལོ་ཙཱ་བའི་ལུགས་དང་མཐུན་པར། བརྒྱུད་པའི་བླ་མ་རྣམས་ཀྱི་མཚན་ནས་སྨོས་པའི་ཕྱག་ 24-1-499 འཚལ་དང༌། མཆོད་པ་ལྔ་སྤྱི་དང་མཐུན་པར་འབུལ་ལོ། །ༀ་ཧྲཱིཿཥྚིཿསོགས་ཀྱི་མཆོད་སྔགས་ འདི་དག དཔལ་འཛིན་གྱི་གཞུང་སོགས། དམར་ནག་འཇིགས་གསུམ་ཐམས་ཅད་དུ་ཡོངས་ སུ་གྲགས་པ་ལྟར་ཡིན་པ། དེང་སང་བོད་དུ་འགྱུར་བའི་རྒྱུད་ལས། འཇིགས་བྱེད་ཀྱི་རྒྱུད་རྟོག་ པ་བཞི་པ། ནང་དུ་སྣང་ཞིང༌། སྤྱིར་འཇམ་དཔལ་ཁྲོས་པ་རྩ་བའི་རྟོག་པ་ཞེས་བྱ་བ། བྱ་བའི་ རྒྱུད་ཡིན་པ་ཞིག་ན་བཞུགས་པར་གྲགས་སོ། །དེས་ན་རྒྱུད་གཞུང་ཚད་ལྡན་ལས་འབྱུང་བ་ འདི་ཁོ་ན་ལེགས་ཤིང༌། གཤིན་རྗེ་གཤེད་ཀྱི་ཐུན་མོང་མ་ཡིན་པར་ཡང་སྣང་ངོ༌། །ཡང་རྒྱུད་ གཞན་ལས་གསུངས་པ་དང༌། སྤྱི་འགྲོའི་སྔགས་སོགས་ཀྱང་བླ་མའི་མན་ངག་ལས་འབྱུང་བ་ རྣམས་སྦྱར་བས་སྐྱོན་མེད་ཡོན་ཏན་དང་ལྡན་པར་འགྱུར་མོད། རང་བཟོའི་སྔགས་(ནི་)སྦྱར་ བར་མི་བྱའོ། །དེ་བཞིན་དུ་རྒྱུན་བཤགས་ཀྱང༌། དཔྱལ་དང་ད་ན་ཤཱི་ལའི་ལུགས་ལ། ལུས་ དང་ངག་དང་ཡིད་ཀྱི་སྡིག་ཅེས་སོགས་བཅུ་གསུམ་མ་དང་འདྲ་བར་མཛད་པ་དང༌། དཀྱུས་ སུ་བཤད་པ་གུར་གྱི་རྒྱུན་བཤགས་ལ་དེ་ནས་ཁ་བསྐང་བ་ནི། ཆག་དང་གློ་བོ་ལོ་ཙཱ་བའི་ ལུགས་སོ། །(ཆག་ལུགས་ལ་ནི། དེ་དག་གི་རྗེས་སུ་རིགས་ལྔའི་སྡོམ་བཟུང་དང་གསོལ་བ་གདབ་པ་རྣམས་མཛད་དེ། དེ་ ལྟར་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་ནི་འགྱུར་མོད་ཀྱི། འོན་ཀྱང་དེ་དག་མེད་མི་རུང་གི་ཡན་ལག་མ་ཡིན་པས། བསྡུས་ པ་ལ་དགའ་ན་མི་དགོས་སོ།།) (ཚོགས་བསག་)ཕྱི་མ་ཡུལ་དམན་པ་ལ་ཚོགས་བསག་པ་ནི། ཚད་མེད་ བཞིའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད་པ་ སྟེ། སྔགས་དང་པོ་དང་སྣོད་བཅུད་ཐིམ་པས། རགས་པ་ཉི་ཤུ་ཐིམ་པ་སྦྱོང་ཞིང༌། སྔགས་(ཕྱི་མ་) འང་ནཱ་ད་ཡང་སྟོང་པར་ཐིམ་པས། ཕྲ་བ་ཐིམ་ནས་འོད་གསལ་ཤར་བ་མཚོན་ནོ། ། གཉིས་པ་དངོས་གཞི་ནི། རྣལ་འབྱོར་བཞི་དང་བསྙེན་སྒྲུབ་བཞིའི་བདག་ཉིད་ཅན་ཏེ། དེ་ལ་གཉིས་རྣལ་འབྱོར་གྱི་ངོ་བོ་བཤད་པ་དང༌། བསྐྱེད་རིམ་གྱི་ཆིངས་བཤད་པའོ། ། དང་པོ་ལ། རྟེན་གྱི་དཀྱིལ་འཁོར་བསྐྱེད་པ་དང༌། བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ 24-1-500 (དང༌)། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཏེ་གསུམ་ལས། དང་པོ་ནི། འབྱུང་བཞི་རི་རབ་སྲུང་ འཁོར་གཞལ་ཡས་ཁང་(གདན་)དང་བཅས་པ་སྟེ། སྣོད་ཀྱི་འཇིག་རྟེན་སྦྱོང་བ་དང༌། རྣམ་པར་ དག་པའི་སངས་རྒྱས་ཀྱི་ཞིང་སྒྲུབ་པའོ། །ཁ་ཅིག་སྲུང་འཁོར་མེད་ཀྱང་ཆོག་སྟེ། ཆག་ལོས་མ་ མཛད་པའི་ཕྱིར་ཟེར་བ་ནི། ཤིན་ཏུ་ཁྱབ་པ་མ་ངེས་པ་ཡིན་ཏེ། གཞུང་གི་དངོས་བསྟན་ལ་མི་ གསལ་བ་ནི། ལྷའི་མངོན་རྟོགས་ཆེ་ཆུང་ཕལ་ཆེར་ལ་ཁྱབ་པའི་སྤྱི་ཁྱབ་ཀྱི་རིག་པས་གོ་བླ་བ་ ལ་དགོངས་པ་ཡིན་ཏེ། སྔགས་བླ་མེད་ཀྱི་དཀྱིལ་འཁོར་ལ། འདི་ཆད་ན་གནད་ཆེན་པོ་འཆུག་ པས་སྲུང་འཁོར་མི་བྱེད་པ་དགོས་ཆོས་སུ་སེམས་པ་ནི། ཆེས་འཁྲུལ་ཏེ་བར་ཆད་ཀྱི་སྒོ་ཡིན་ ཡང་དག་གོ །སྲུང་འཁོར་ཡང་འབྱུང་བཞིའི་སྔོན་དུ་སྒོམ་པ་དང༌། རི་རབ་ཀྱི་རྩེ་མོར་སྒོམ་པ་ ལ་ལེགས་ཉེས་ཀྱི་ཁྱད་པར་མེད་པས་འདམ་ཁའོ། །ཤར་བུ་དང་མདའ་ཡབ་ཅེས་པའི་སྐབས་ སུ། ཨུ་པཱངྴུ་ཅེས་པ་པུ་ཤུར་སྒྱུར་ཞིང༌། མདའ་ཡབ་ཀྱི་སྐད་དོད་ཀྲ་མ་ཤིར་ཥ་ཡིན་པ། ཨུ་པཱངྴུ་ དང༌། ཀྲ་མ་ཤིར་ཥ་གཉིས་ཕལ་ཆེར་མིང་གི་རྣམ་གྲངས་སུ་རྒྱ་གར་བ་རྣམས་འདོད་དོ། །ཤར་ བུའི་སྐད་དོད་ནི་བ་ཀུ་ལི་ཞེས་པའོ། །དེ་ལ་ཨུ་པཱངྴུ་ནི། སྟེང་དུ་སྐོར་བ་ཁོ་ན་དང༌། བ་ཀུ་ལི་ནི་ ཐུར་དུ་འཕྱང་བ་ཁོ་ན་ཡིན་ཅིང༌། ཀྲ་མ་ཤིར་ཥ་ནི། ཕལ་ཆེར་སྟེང་དུ་བསྒྲིགས་པ་ལ་འཇུག་ན། རེ་འགའ་གཉིས་ཀར་ལ་འཇུག་པ་ཡང་ཡོད་པར་སྣང་ངོ༌། །དེས་ན་མདའ་ཡབ་ཅེས་པ་སྒྲང་ ངས་པའི་སྐབས། གཉིས་ཀ་ལ་འཇུག་སྲིད་པས། འཇིག་རྟེན་གདགས་པ་ལས། ལྷའི་གྲོང་ ཁྱེར་གྱི་བཀོད་པའི་སྐབས་ན། སྟེང་འོག་གཉིས་ཀར་ལ་མདའ་ཡབ་ཀྱི་ཐ་སྙད་མཛད་པ་ལྟ་བུ་ དང༌། བ་ཀུ་ལཱི་ཞེས་པའི་ཟླས་གྲངས་པའི། མདའ་ཡབ་ཡིན་ཕྱིན་ངེས་པར་སྟེང་དུ་སྐོར་བའི་ མིང་ཡིན་པས། དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་དང༌། བརྒྱད་སྟོང་པ་སོགས་ལས། མདའ་ ཡབ་སྟེང་དུ་འཕྱར་བ་ཁོ་ན་ལ་བཤད་དེ། དེས་ན་སྔོན་གྱི་ཆེན་པོ་འགའ་ཞིག་ཀྱང༌། མདའ་ ཡབ་དང་པུ་ཤུ་ཞེས་དབྱེ་བ་བྱས་ནས། སྟེང་དུ་སྐོར་བ་མདའ་ཡབ་མིན་པར་འདོད་པ་ནི། མི་ 24-1-501 འཐད་པར་སྣང་ངོ༌། །ཀམལརཀྵིཏ་མ་གཏོགས་པ་གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ གཞུང་རྣམས་སུ། དུར་ཁྲོད་འབྲི་བ་དང་སྟོན་པའི་གསལ་ཁ་མེད་ནའང༌། སྐལ་བ་དང་ལྡན་ ཅིང་མོས་ན། འབྲི་བ་དང་བསྒོམ་པར་བྱ་སྟེ། ཁྲོ་བོའི་དཀྱིལ་འཁོར་ཆེན་པོ་ཡིན་པའི་ཕྱིར་དང་ དཔལ་རྡོ་རྗེ་འཇིགས་བྱེད་ལ་སམྦྷུ་ཊི་ལས་སྒོམ་པ་དང༌། རྟོག་བདུན་ལས་བྲིས་སྐུའི་སྐབས་ སུ་གསུངས་པ་འདིར་ཡང་ཁ་བསྐང་བར་བྱའོ། །ལྷའི་གདན་བསྐྱེད་པ་ནི། ཐུན་མོང་མ་ཡིན་ པའི་ཞིང་སྦྱོང་བ་དང༌། ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒྲུབ་པའོ། ། གཉིས་པ་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ། སེམས་དཔའ་གསུམ་གྱི་བདག་ཉིད་ ཅན་ལས། དམ་ཚིག་སེམས་དཔའ་བསྐྱེད་པ་ལ། ཐུགས་རྡོ་རྗེ་ལམ་དུ་བྱེད་པ་དང༌། གསུང་ རྡོ་རྗེ་ལམ་དུ་བྱེད་པ་དང༌། སྐུ་རྡོ་རྗེ་ལམ་དུ་བྱེད་པ་གསུམ་ལས། དང་པོ་ན་དབུས་ཀྱི་གདན་ གྱི་སྟེང་དུ། ཧཱུཾ་ཡིག་སྒོམ་པ་སྟེ། འདི་ནི་མངོན་རྟོགས་སྤྱིའི་དབང་ལྟར་བྱས་ན། ལོངས་སྐུ་ལམ་ བྱེད་དང༌། བར་དོའི་སྲིད་པ་སྦྱོང་བར་བྱེད་པའོ། །དེ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་པ་ནི། བར་ དོའི་རྣམ་ཤེས་མའི་མངལ་དུ་ཁུ་ཁྲག་གི་དབུས་སུ་ཞུགས་པའི་ཚེ། དེ་རྣམས་རོ་ཅིག་ཏུ་འདྲེས་ པ་ལས། དཀར་དམར་འབྱུང་བ་ལྔའི་རང་བཞིན་ཡིན་པ་དང༌། འབྱུང་བ་ལྔས་གྲོགས་བྱེད་པ་ སྦྱོང༌། འབྲས་བུ་ལྷ་གཤིན་རྗེ་གཤེད་རིགས་ལྔ་ཡུམ་ལྔ་བསྐྱེད་དགོས་པའི་དོན་དང༌། འབྲས་ དུས་མཐར་ཐུག་པའི་ཚེ། ཡེ་ཤེས་ལྔ་སྔོན་དུ་བྱེད་པའི་དོན་ནོ། །ཡེ་ཤེས་ལྔ་འམ་ལྷ་ལྔ་པོའང་ ངོ་བོ་གཅིག་ཡིན་པ་ནི་ས་བོན་ཧཱུཾ་གཅིག་པུ་ལས་དེ་རྣམས་བསྐྱེད་པས་མཚོན། (མཚོན་དབྱུག་ པར་གྱུར་པ་ནི། མངལ་གྱི་གནས་སྐབས་ན་སྙིང་ཁའི་རྩ་ནས་བརྩམས་ཏེ་རྩ་རྣམས་རིམ་གྱིས་ཆགས་པའི་གནས་སྐབས་དེ་སྦྱོང་ བར་བྱེད་པའང་ཡིན་ལ། སྣ་ཚོགས་རྡོ་རྗེ་དང༌། དབྱུག་པ་ནི་ཕྱག་མཚན་ཡིན་པའི་ཕྱིར། ཐུགས་ཀྱི་དེ་ཁོ་ན་ཉིད་མཚོན་པར་བྱེད་ པའོ། །ད་ན་ཤཱི་ལའི་མན་ངག་ཏུ་གྲགས་པ་ལས་ནི་སྔར་གྱི་གདན་སྣ་ཚོགས་རྡོ་རྗེ་ལ་ཐིམ་པར་བཞེད་དེ། སྣ་ཚོགས་རྡོ་རྗེ་ཉི་ཟླའི་ མངོན་བྱང་གི་དོད་ཡིན་པས་དེ་ལ་བསམས་ནས་རང་ལུགས་ཉིད་དཀྱུས་སུ་བཤད་པ་ཉིད་དོ།།) སྐབས་འདིར། མཁས་ 24-1-502 པ་བསོད་ནམས་རྣམ་རྒྱལ་གྱི་གསུང་གི ། བཅུ་གསུམ་མའི་སྐབས་ལྟར་སྣ་ཚོགས་རྡོ་རྗེ་གདན་ ཡིན་གྱི། ལྷ་བསྐྱེད་པའི་རྒྱུར་བཏོང་བ་མིན་གསུང་བ་ནི། གཞན་གྱི་རྒྱས་སྐབས་ཐལ་ཆེས་པ་ དང༌། འདི་ཉིད་ཀྱི་མན་ངག་ཐུན་མོང་མ་ཡིན་པའི་སྦྱང་བྱ་སྦྱོང་བྱེད་རྣམས་མ་མཁྱེན་པའི་སྐྱོན་ དང་རང་གཞུང་(འགྱུར་དག་པ་རྣམས་)དང་དངོས་སུ་འགལ་བ་སྟེ་སྐྱོན་གསུམ་ཆགས་སོ། ། གཉིས་པ་ནི། ཕྱག་མཚན་ས་བོན་གྱི་མཚན་པ་སྟེ། མངལ་གྱི་(རླུང་)འཕེལ་བའི་གནས་ སྐབས་སྦྱོངས་ཤིང༌། གསུང་རྡོ་རྗེ་ལམ་དུ་བྱེད་པ་འོ། །(དེ་དག་ནི་བླ་མ་གོང་མ་རྣམས་ཀྱི་མན་ངག་ལྟར་ བཀོད་པ་ཡིན་ལ། བདག་གི་རྣམ་རྟོག་ལ་ནི། ཧཱུཾ་དང་པོ་ནི་བར་དོའི་རྣམ་ཤེས་རླུང་དང་བཅས་པ་སྟེ། རླུང་ཆགས་པ་དང༌། སྣ་ ཚོགས་རྡོ་རྗེ་དང་དབྱུག་པ་ནི་རྩ་དང༌། དེ་ལ་ཧཱུཾ་གིས་མཚན་པ་ནི། ཐིག་ལེ་ཆགས་པ་དང་སྦྱར་ན་ལགས་སོ་སྙམ་པའོ།།) གསུམ་པ་ནི། ཡང་འོད་ཟེར་སྤྲོ་བསྡུ་བྱེད་པ་ནི། གནས་སྐབས་དེ་ཉིད་ཀྱི་ཕུང་ཁམས་ རྫོགས་པ་དང༌། དེ་ལས་དཀྱིལ་འཁོར་པ་རྣམས་རྫོགས་པར་གྲུབ་པ་ནི། བཙས་པའི་གནས་ སྐབས་སྦྱོང་ཞིང་སྐུ་རྡོ་རྗེ་ལམ་བྱེད་ཡིན་ལ། གཙོ་བོ་འཁོར་ཐམས་ཅད་དུས་གཅིག་ཏུ་བསྐྱེད་ པ་ནི། གཞི་དུས་ལས་མཐུན་གྱི་སྐྱེ་བོ་འདུས་པ་སྦྱོང་ཞིང༌། འབྲས་དུས་ཡེ་ཤེས་གཅིག་ཉིད་ མཐའ་ཡས་པའི་དཀྱིལ་འཁོར་དུ་འཆར་བ་མཚོན། གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་ཉི་མ་བྱེ་ བ་ལྟ་བུའི་གཟིང་འོད་འབར་བ་ནི། ཡེ་ཤེས་དང༌། རྡོ་རྗེ་རོ་ལངས་མ་དམར་མོ་ནི་དབྱིངས་ མཚོན་པ་དང༌། དབྱིངས་དང་ཡེ་ཤེས་དབྱེ་བ་མེད་པས་ངོ་བོ་ཉིད་ཀྱི་རྒྱས་འདེབས་ཡིན་ལ། དེ་ཉིད་ཀྱི་ཕྱིར་སྐུ་མདོག་ཀྱང་མཚུངས་སོ། །གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལུས་ཀྱི་ ཆོས་ལ། ཙརྩི་ཀཱ་ནག་མོ་སེམས་ཀྱི་ཆོས་དེས་འཁྱུད་པ་ནི། ལུས་ལ་སེམས་ཀྱི་རྒྱའོ། །ཕྲ་མ་ གཤིན་རྗེ་གཤེད་ང་རྒྱལ་གྱི་རང་བཞིན་ལ། ཕག་མོ་སེར་སྣ་རྣམ་པར་དག་པས་འཁྱུད་པ་ནི། རྒྱུ་ང་རྒྱལ་ལས་འབྲས་བུ་སེར་སྣ་འབྱུང་བའི་ཕྱིར་རྒྱུ་ལ་འབྲས་བུའི་རྒྱས་བཏབ་སྟེ། འོན་ཀྱང་ རིགས་གཅིག་པས་ཁ་དོག་མཚུངས་པར་སེར་པོའོ། །གཤེད་དམར་གྱི་ཕག་མོ་ཕག་ཞལ་ཅན་ 24-1-503 དུ་དཔལ་འཛིན་གྱི་བཅུ་གསུམ་མའི་སྐབས་དང༌། བློ་གྲོས་བཟང་པོས་ལྷ་ལྔའི་སྒྲུབ་ཐབས་སུ་ བཤད་ཀྱང་། སྐབས་འདིར་ལྷ་ཞལ་དུ་བྱེད་པ་རང་ལུགས་ཡིན་ནོ། །འདོད་ཆགས་གཤིན་རྗེ་ གཤེད་དམར་པོ་ཤེས་རབ་སྟོང་ཉིད་མཚོན་པ་ལ། དབྱངས་ཅན་མ་དཀར་མོ་ཐབས་བདེ་བ་ མཚོན་པས་འཁྱུད་པ་ནི། སྟོང་ཉིད་སེམས་ཀྱི་ཆོས་དང༌། བདེ་བ་ལུས་ཀྱི་ཆོས་ཡིན་པའི་ཕྱིར། སེམས་ལ་ལུས་ཀྱི་རྒྱའོ། །ཕྲག་དོག་གཤིན་རྗེ་གཤེད་འདུ་བྱེད་ཀྱི་ངོ་བོ་ལ། གཽ་རཱི་ཕྲག་དོག་གི་ ངོ་བོས་འཁྱུད་པ་ནི། ཕྲག་དོག་གི་ལས་ལ་རྩོལ་བར་བྱེད་པའི་ཕྱིར། འབྲས་བུ་འདུ་བྱེད་ལ་རྒྱུ་ ཕྲག་དོག་གི་རྒྱས་བཏབ་པ་ཡིན་ནོ། །འདིར་ཡང་བི་རཱུ་པའི་ལུགས་ལ། གཽ་རཱི་ལྗང་ཀྱང་ཁོ་ན་ ཡིན་གྱི་ལྗང་སྔོན་དུ་མི་འདོད་པས། ལས་ཀྱི་རིགས་སུ་མཚོན་པའི་ཕྱིར་སྐུ་མདོག་ལྗང་ཁུའོ། དེ་ལ་རྒྱས་འདེབས་བྱེད་ནི་ཡུམ་ཡིན་ལ། རྒྱས་གདབ་བྱ་ནི་ཡབ་ཡིན་པའི་ཕྱིར། ཤེས་རབ་མ་ ལ་ཕྱག་རྒྱ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཡང༌། དགྱེས་རྡོར་ལས། རྡོ་རྗེ་འདིས་ནི་གདབ་པ་ ཉིད། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་སོ། །དེས་ན་རྒྱས་གདབ་རྣམ་པ་ལྔའི་དབྱེ་བ་ལ་ སོགས་པ་འདི་རྣམས། ལྷ་དབང་བསྐུར་བའི་རིགས་བདག་ཁོ་ན་ལ་གོ་བར་མི་བྱ་སྟེ། རྫོགས་ (པའི་)རིམ་པའི་ཟུང་འཇུག་གི་རྒྱས་གདབ་སོགས་དང༌། སྦྱང་བྱ་སྦྱོང་བྱེད་ཀྱི་རྒྱས་གདབ་དང༌། སྦྱང་གཞི་སྦྱངས་འབྲས་ཀྱི་རྒྱས་བཏབ་སོགས་མཐའ་ཡས་པའི་བར་དུ་རྟོགས་པར་བྱར་ཡོད་ དོ། །གང་དགྱེས་པའི་རྡོ་རྗེ་ལས་དབུ་རྒྱན་གྱི་སྐབས་སུ་གསུངས་པ་ནི། རིགས་ཐ་དད་པའི་ དབུ་རྒྱན་རུང་བའི་སྒྲུབ་བྱེད་དུ། སྤྱི་ལྡོག་ནས་རྒྱས་བཏབ་འདི་དང་འདི་འདྲ་འབྱུང་བས་སོ་ ཞེས། ཁྱབ་བྱེད་དུ་འཇུག་པའི་རྒྱུ་མཚན་དུ་བཤད་པ་ཡིན་པས། རྒྱུད་དོན་ནམ་མཁའ་ལྟར་ ཡངས་པ། ཁབ་མིག་ཏུ་འཇུག་པར་རློམ་པ་ནི། ཕྱོགས་རེ་མཐོང་བ་རྣམས་ཀྱི་བླུན་རྟགས་ ཡིན་ནོ། །ཞལ་ཅུང་ཟད་གདངས་པ་ཞེས་པ་ནི། ལྷ་ལྔའི་སྐབས་ཀྱི་གཙོ་འཁོར་ཐམས་ཅད། ཅུང་ཟད་ཡིད་ཙམ་ཞི་བ། ཁྲོ་བ་དང་བཞད་པའི་ཉམས་འདྲེས་པ་ནི། དབང་གི་ལས་སོགས་ 24-1-504 ལ་སྔགས་ཤིང༌། སྒྲུབ་པ་པོ་རྒྱུད་འཇམ་པ་སོགས་བཀྲ་ཤིས་པའི་དགོས་པ་ཡོད་པ་དང༌། ཁྲོ་ ཆགས་འདྲེས་པ་(མཚོན་དོན་)ཟབ་པར་ཆེན་པོ་རྣམས་བཞེད་པ་ལྟར་ཡིན་ནོ། །འོ་ན་དམར་པོ་ བཅུ་གསུམ་མའི་སྐབས་སུ་ཤིན་ཏུ་ཁྲོས་པར་སློབ་དཔོན་དཔལ་འཛིན་གྱིས་བཤད་པ་མ་ཡིན་ ནམ་སྙམ་ན། བདེན་ཏེ་འདི་ནི་གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་ལྟར། རིགས་ལྔ་ ཡུམ་བཞི་རྣམས་ཉམས་ཐ་དད་པར་བྱེད་པའི་སྐབས་ཡིན་པས། འདི་དང་མི་འདྲ་སྟེ། དེར་ ནི་ཞེ་སྡང་རྣམ་པར་དག་པ་མཚོན་བྱེད་དུ་གཙོ་བོ་ཤིན་ཏུ་ཁྲོས་པ་ཡིན་ནོ། །མ་ཧེའི་ཁ་དོག་ནི། བིརྺ་པའི་གཞུང་ཆུང་འགའ་ཞིག་(དང་བློ་གྲོས་བཟང་པོའི་གཞུང་)ལས། དམར་པོ་འབྱུང་བ་ལྟར་ན། གཞན་རྣམས་ཀྱང་ཡབ་ཀྱི་ཁ་དོག་དང་མཚུངས་པར་བྱ་ལ། གཞུང་ཁ་ཅིག་ལས་དམར་ནག་ ཏུ་འབྱུང་བ་ལྟར་ན། གཏི་མུག་གཤིན་རྗེ་གཤེད་ཀྱི་གདན་དཀར་ནག་འདྲེས་མ་(འམ་དཀར་ལ་ ནག་པའི་མདངས་ཅན་)དང༌། འདོད་ཆགས་གཤིན་རྗེ་གཤེད་ཀྱི་གདན་དམར་སྐྱར་བྱ་ལ། གཞན་ གཉིས་ནི་རང་མདོག་དང་མཚུངས་པའོ། །དེ་ལྟར་ན་དེ་གཉིས་ཀར་ཡང་འདམ་ཁ་ཡིན་པར་ མངོན་ནོ། །དེ་དག་གི་རྒྱུ་མཚན་ཡང༌། གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་གདན་དམར་ པོར་བྱེད་པ་ནི། གཙོ་བོ་ཉིད་ཀྱི་སྐུ་མདོག་དང་མཚུངས་པའི་ཕྱིར་ཡིན་པས། གཞན་རྣམས་ དེས་རིགས་འགྲེ་ལ། དམར་ནག་ཏུ་བྱེད་པ་(རྡོ་རྗེ་རོ་ལངས་མ་)འདོད་ཆགས་རྣམ་པར་དག་པ་ དང༌། གཙོ་བོ་ཞེ་སྡང་རྣམ་པར་དག་པ་གཉིས་འདྲེས་པའི་ཁ་དོག་ཏུ་བྱས་པ་ཡིན་པས། ཤར་ དང་ནུབ་ཀྱི་ལྷའི་གདན་གྱི་ཁ་དོག་ཀྱང༌། དེས་རིགས་སྒྲེས་ཏེ་ཡབ་ཡུམ་གྱི་སྐུ་མདོག་འདྲེས་ མར་བྱའོ། །མ་ཧེའི་སྟེང་གི་གཤིན་རྗེ་(ནི་དཔལ་འཛིན་གྱིས་མཛད་པའི་བཅུ་གསུམ་མའི་སྒྲུབ་ཐབས་ལས། ཞབས་ གཡོན་རྐྱང་བས་མནན་པ་ཡི། །དུས་ནི་རྒྱལ་བར་བྱེད་པ་པོ། །ཞེས་དང་། བློ་གྲོས་བཟང་པོས་ཀྱང་། གཤིན་རྗེ་བསྒྱེལ་ཞིང་ འཇིགས་མཛད་པ། །ཞེས་གསུངས་པས་བསྟན་ལ། འདི་འཁོར་རྣམས་གཙོ་བོ་དང་མཚུངས་པར་བཤད་པའི་ཕྱིར། ལྷ་ལྔ་ཅར་གྱི་ གདན་དུ་གཤིན་རྗེ་དགོས་ཤིང་དེ་)རྣམས། ནག་པོ་དབྱུག་པ་དང་ཞགས་པ་ཐོགས་པ་ཁོ་ནའམ། ཁ་ 24-1-505 དོག་རིགས་ལྔར་བྱས་ཀྱང་རུང་སྟེ། གཤིན་རྗེ་རྣམས་ནི་(གཞན་)སྲོག་འཕྲོག་པའི་ཕྱིར་ཕྱོགས་ ཐམས་ཅད་མུན་པར་བྱེད་པ་མཚོན་པ་དང་། ཡང་ན་ཉོན་མོངས་པ་དུག་ལྔ་མཚོན་པའི་ཕྱིར་ རོ། །གཞུང་འདི་དག་ཏུ་གཤིན་རྗེ་ཕོ་ཁོ་ན་ཙམ་བཤད་པས། འདི་ནི་ཁ་བུབ་ཏུ་བསྒྱེལ་བ་ཡིན་ ལ། སློབ་དཔོན་ཨ་བྷ་ཡཱ་ཀ་རས་མཛད་པའི་གཤེད་དམར་གྱི་སྒྲུབ་ཐབས་རྫོགས་པའི་རྣལ་ འབྱོར་ལས་ནི། གཤིན་རྗེ་ཕོ་མོ་གཉིས་ཀ་མནན་པར་བཤད་པས། བདེ་མཆོག་གི་འཇིགས་ བྱེད་དུས་མཚན་མནན་ནོ་ལུགས་དང་རིགས་འགྲེ་བར་བྱའོ། །(ཆོས་ཀྱི་རྒྱལ་པོའི་རྟོག་པ་ནས་འབྱུང་ བའི་གཤིན་རྗེའི་སྒྲུབ་ཐབས་ལ། འབྲིང་ཁུང་དཔལ་འཛིན་ན་རེ། མ་ཧེའི་གདན་དམར་པོར་གཤེད་དམར་གྱི་སྒྲུབ་ཐབས་ནས་ འབྱུང་ཞེས་པ་ཡང༌། འདི་སྐབས་ལ་བསམས་པར་སྣང་སྟེ། ཤིན་ཏུ་མ་ངེས་སོ།།) འཛག་པའི་མགོ་བོ་ནི། མགྲིན་པ་ བཅད་མཚམས་ནས་ཁྲག་ཞག་འཛག་པའི་དོན་ཡིན་པ(་ན)། ཐོད་པ་ལ་རྨ་འཛག་པ་ཅན་སྒོམ་ ཞིང་འབྲི་བ་ནི་འཁྲུལ་ལོ། །སྟག་ལྤགས་ཀྱི་སྨད་དཀྲིས་ནི་ཅུང་ཟད་གྲོལ་བར་བྱས་ཀྱང་རུང་ མོད་ཀྱི། འདིར་ནི་འཕྱར་བ་ནི། མདུན་ལ་དཀྲིས་པ་འཆུགས་ནས་རྒྱབ་ཏུ་སླེབ་པའོ། །ཀླུ་ཆེན་ པོ་བརྒྱད་ཀྱིས་བརྒྱན་པ་ནི། མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་པ་སོགས། དམར་ནག་ བཅུ་གསུམ་མའི་སྐབས་དང་འདྲ་ལ། ཡུམ་ལྔ་པོ་རྣམས་ཕྱག་མཚན་གྲི་གུག་ཐོད་པ་འཛིན་པ་ ལུགས་འདི་ལ། ལྷ་ལྔའི་སྒྲུབ་ཐབས་སྐབས་དང་(ཚེག་བར་གཉིས་མི་གསལ།)སྐབས་གཉིས་ཀར་ དུ་འབྱུང་བས། བཅུ་གསུམ་མའི་སྐབས་དང་མི་འདྲ་ལ། འདིར་ཡུམ་རྣམས་ཀྱང་སྟག་ལྤགས་ ཀྱི་སྨད་དཀྲིས་(ཅན་དུ་ཡང་རུང་ཞིང་རྒྱན་ཡང་)སྦྲུལ་གྱི་རྒྱན་ཅན་ཏུ་བྱ་སྟེ། (འདི་སྐབས་)བླ་གྲོས་བཟང་ པོ་དང་རྣམ་སྣང་སྲུང་བ་སོགས་ཀྱི་ཡུམ་ལ་ཕྱག་རྒྱ་ལྔ་བཤད་པ་ནི། རུས་པའི་ཕྱག་རྒྱར་སྔ་མ་ རྣམས་བཞེད་པ་ལུགས་དེ་དག་ལ་མི་འགལ་ཙམ་(དུ་)མངོན་ཡང༌། ལུགས་འདི་ལ་ནི་མ་ཡིན་ ཏེ། སྐུ་མདོག་ཕྱག་མཚན་སོགས་དམིགས་གསལ་མ་གཏོགས་ཡབ་དང༌(འདྲ་བར་བཤད་པས་སོ།)། (བིརྺ་པས་མཛད་པ་)ལྷ་ལྔའི་སྒྲུབ་ཐབས་ཀྱི་དཔེ་ལ་ལ་ན། ཡུམ་རྣམས་ཀྱི་སྐབས་ཕྱག་རྒྱ་ལྔས་ 24-1-506 བརྒྱན་པ་ཞེས་པ་ནི། གདུ་བུ་རིགས་གསུམ་གཅིག་ཏུ་བསྡོམས་ཤིང༌། མཆོད་ཕྱིར་ཐོགས་ སྤངས་པའི་དོན་ཏེ། ངོ་བོ་སྦྲུལ་རྒྱན་ཉིད་ཡིན་ལ། མི་མགོའི་དོ་ཤལ་ཡང་ལྷན་སྐྱེས་ཀྱི་སྒྲུབ་ ཐབས་སུ། ཡབ་ཡུམ་མཉམ་སྦྱོར་འདིའི་རིགས་ལ མགོ་འཕྲེང་བྱེད་ཕྱིན་(ཆད་)ཐོད་སྐམ་དོན་ ཐོབ་ལ་(ཡང་)འབྱུང་བ་ཡིན་ནོ། །ཡང་བླ་མའི་མན་ངག་གི་རུས་པའི་རྒྱན་འབྱུང་བ་ཡིན་ན་ནི། སྤྱིར་མན་ངག་དགག་ཏུ་མི་རུང་མོད་ཀྱི། དེའི་ཚེ་ཡབ་ཡུམ་རེ་རེ་བཞིན་ཡང་། (ཡུམ་ལ་ཐོད་སྐམ་ དུ་བཤད་ཅིང་། (ཁྲིད་རྟགས་མི་གསལ།)) སྦྲུལ་དང་རུས་པ་གཉིས་ཀས་བརྒྱན་པ་འཐད་དེ། གཤིན་ རྗེ་གཤེད་འབྱུང་བའི་མན་ངག་ནག་པོའི་སྐབས་བཞིན་ནོ། །(འོན་ཀྱང་གཞུང་ལས་མི་འབྱུང་ཞིང་མན་ ངག་ཁུངས་མ་རྣམས་ལས་ཀྱང་མི་གསལ་བས། ལུགས་འདི་ལ་དེ་མི་དགོས་ཤིང་ཅི་སྟེ་རྒྱུད་གཞན་ལས་རྡོ་རྗེའི་རྒྱན་དང་རུས་ པའི་རྒྱན་དག་སྦྱོར་དུ་གསུངས་པ་ཡོད་ཀྱང་འདིར་དེ་འདྲའི་རིགས་གསུངས་པ་ཡང་མེད་དོ།།) དེ་བཞིན་དུ་ཡུམ་རྣམས་ གཅེར་བུའི་སྐུ་(ཡིན་པར་)ཡང་རྣམ་སྣང་སྲུང་བ་ལ་སོགས་པའི་གཞུང་ནས་འབྱུང་བ་ལྟར། ཡུམ་ རྣམས་གཅེར་བུར་བྱེད་པ་འདིར་ལེན་པ་ཡང་མི་འགལ་བར(་སྣང་བས། གཅེར་བུའམ་སྟག་ལྤགས་ཅན་ འདམ་ཁར་བྱའོ། །དམར་པོའི་རྩ་བའི་རྒྱུད་ལས་ཐོད་པ་བཞིའི་ས་བོན་ཎ་ཡོ་ནི་རར་གསུངས་ཤིང༌། དེའི་ཤུགས་ལས་བུམ་པ་ བཞིའི་ས་བོན་ཡ་ཙྪ་ནི་རར་འགྱུར་རོ་རྒྱུ་མཚན་དེ་དག་དང་གུང་སྒྲིགས་ན་ཅུང་ཟད་ཞི་བའི་དབང་དུ་བྱས་ནས།) མཚམས་ ཀྱི་བུམ་པ་བཞི་ནི་(སྒོ་སྐྱོང་བཞི་སྟེ་)སྒེག་ཕྲེང་གླུ་གར་བཞི། ཐོད་པ་བཞི་ནི། མེ་ཏོག་སྤོས་མར་མེ་ དྲི་ཆབ་མ་བཞི་སྟེ། ལྷ་མོ་བརྒྱད་ཀྱི་ངོ་བོ་ཡིན་ལ། བཅུ་གསུམ་མའི་སྐབས་སུ་སྒོ་བ་བཞི་དང༌། ཐོད་ཁྲག་བཞི་སྒོམ་པ་དང༌། འདི་རྣམས་གནད་གཅིག་ལ། དྲག་པོའི་ལས་ཀྱི་འཁྲུལ་འཁོར་ སྒྲུབ་པ་དང་སྦྱར་ན། བུམ་ཐོད་བརྒྱད་པོ་འདི་རྣམས་མཚམས་ཀྱི་གཤིན་རྗེ་ཕོ་བཞི་མོ་བཞི་ དང༌། རིགས་བཞི་ཡབ་ཡུམ་རྣམས་ཕྱོགས་ཀྱི་གཤིན་རྗེ་ཕོ་བཞི་མོ་བཞི་དང༌། དབུས་ཀྱི་ནི་ ཀུན་ཁྱབ་དུས་ཀྱི་གཟུགས་དང༌། དུས་ཀྱི་མཚན་མོ་རྣམས་སུ་བཞེངས་དགོས་པས་དེ་རྣམས་ དང་སྦྱོར་བ་ཡིན་ནོ། །དེ་དག་ནི་ལུས་རྫོགས་པ་སྤྲུལ་སྐུ་ལམ་བྱེད་ཅེས་བྱའོ། །ཡེ་ཤེས་སེམས་ 24-1-507 དཔའ་ནི་རླུང་གི་མཐུ་རྫོགས་པ་དང༌། (ལོངས་སྐུ་ལམ་བྱེད་ཡིན་ལ་)ཏིང་ངེ་འཛིན་སེམས་དཔའ་ནི་ སེམས་ཀྱི་མཐུ་རྫོགས་པ་དང་ཆོས་སྐུ་ལམ་བྱེད་དོ། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་ བདེ་བ་བསྒོམས་ཏེ། ང་རྒྱལ་བཟུང་བ་ནི་འཛག་བདེ་མྱོང་བ་སྦྱོང་ཞིང༌། ཡེ་ཤེས་རྡོ་རྗེ་དང་ བདེ་བ་ཆེན་པོའི་སྐུ་ལམ་དུ་བྱེད་པའོ། ། གསུམ་པ་བྱིན་རླབས་ཀྱི་རྣལ་འབྱོར་ལ། རྩ་ཐིག་བྱིན་གྱིས་རློབ་པ། (དེ་གསུམ་བྱིན་གྱིས་རློབ་ པ།) དབང་སྒྱུར་བར་བྱིན་གྱིས་རླབས་པ། ཡེ་ཤེས་སེམས་དཔས་བྱིན་གྱིས་རླབས་པ། ལས་ དང་བྱ་བ་བྱིན་གྱིས་རླབས་པ་སྟེ་ལྔ་ལས། དང་པོ་ནི་ལྟེ་བའི་ཧྲཱིཿདང་སྤྱི་བོའི་ཧཾ་གི་འདུ་འཕྲོ་ སྒོམ་པ་སྟེ། འདིས་རྩ་དང་ཐིག་ལེ་བྱིན་གྱིས་རློབ། བདེ་བ་དམ་པ་སྐྱེ་བས་ནང་གི་ས་བཅུ་ཐོབ་ པའི་རྟེན་འབྲེལ་སྒྲིག་པ་ཡིན་ལ། འདི་ལས་གོ་བློ་འཛིན་བློ་རྩོད་བློ་སོགས་ཤེས་རབ་ཕུན་ སུམ་ཚོགས་པ་སྐྱེ་བར་དཔལ་འཛིན་གྱིས་བཤད་དོ། །འདི་སྐབས་བོད་ཀྱིས་བྱས་པའི་མངོན་ རྟོགས་ཕལ་ཆེར་ན། ཡུམ་གྱི་སྤྱི་བོ་ཁོ་ན་ནས་བདུད་རྩི་དཀར་པོ་འབབ་པར་བྱས་པ་ནི། བླ་ མའི་ཞལ་གདམས་མེད་པར་(སྒྲུབ་ཐབས་)རྒྱ་གཞུང་གི་ཚིག་ཙམ་ཀློག་པས་དོན་མ་གོ་བར་རང་ བཟོར་སྦྱར་བའི་སྐྱོན་ཏེ། (དགོངས་པ་ལུང་སྟོན་ལས། སྒྲུབ་པ་ཡི་ནི་ཐབས་ཙམ་ཞིག །ཤེས་ནས་རྒྱུད་ལ་རྒྱབ་ཀྱིས་ ཕྱོགས། །དེ་ལྟར་བདག་ནི་སློབ་དཔོན་ཞེས། །མ་འོངས་པ་ན་སྨྲ་བར་འགྱུར། །ཞེས་གསུངས་སོ། །འདིར་རྒྱུད་ཀྱི་རྒྱལ་པོ་ལས། ལྟེ་བའི་འོག་ཏུ་པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ་དང༌། དེར་ཡི་གེ་ཧྲཱིཿདམར་པོ་ངེས་པར་སོན་པའོ། །སྤྱི་བོར་སོན་པའི་རེ་ ཁ་དཀར་པོ་སླར་ཡང་བསམ་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱི་དབུ་མ་གཞུག་པར་བྱའོ། །སླར་ཡང་རྡོ་རྗེའི་ལམ་དེར་སོན་པར་ བློ་བཟང་པོས་བསམ་པར་བྱའོ། །ཞེས་གསུངས་པས།) ཡབ་ཀྱི་སྤྱི་བོ་ནས་འབབ་པའི་དམིགས་པ་འདི་ཆད་ ན་འདིའི་གནད་འཆུག་ཅིང༌། འདི་ལ་ཆག་གི་མངོན་རྟོགས་ན། རྒྱ་གཞུང་ལྟར་ལས་གསལ་ཁ་ མེད་ལ། དཔྱལ་ལུགས་ཀྱི་མན་ངག་རྙིང་པ་ལས། ཡབ་ཀྱི་སྤྱི་བོའི་ཧཾ་ལས་འབབ་པ་ངེས་པར་ དགོས་པར་བཤད་ཅིང༌། (གཞན་ཡང་)གཞུང་གི་དཀྱུས་སུ་མི་གསལ་བའི་མན་ངག་དམིགས་པ་ 24-1-508 ཟབ་མོ་དང་བཅས་པ་ཡོད་དོ། ། གཉིས་པ་ནི་སྙིང་གར་ཧཱུཾ་སྒོམ་པ་ལ་སོགས་པ་སྟེ། སངས་རྒྱས་ཐམས་ཅད་སྐུ་གསུམ་ མཉམ་པ་ཉིད་དུ་བྱེད་པའི་རྒྱུ། རྒྱུན་མཐའི་སྔ་ལོགས་ཀྱི་ཡེ་ཤེས་གསུམ་མཚོན་ནོ། །(འདི་ བིརྺའི་གཞུང་གི་དངོས་བསྟན་ལ་མི་གསལ་ཡང་ལུགས་སོ་སོའི་མན་ངག་ཐམས་ཅད་ལ་ཡོད་ཅིང༌། ལྷ་སྒོམ་པ་ཕལ་ཆེར་ལ་ འཇུག་པས། དགོས་པ་ནི་ཡིན་ལ་འདིའི་སྔོན་དུ་སྐྱེ་མཆེད་དྲུག་བྱིན་གྱིས་རླབས་པ་བྱས་ནའང་རྒྱས་པ་ལ་དགའ་བ་རྣམས་ལ་མི་ འགལ་ཞིང་ཆེས་ལེགས་པར་འགྱུར་རོ།།) གསུམ་པ་ནི་ལྷ་ལ་དབང་བསྐུར་བ་སྟེ། འོད་ཟེར་ཆེན་པོའི་དབང་དང༌། རྒྱུན་མཐའ་ དངོས་ལམ་དུ་བྱེད་པའོ། ། བཞི་པ་ནི། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམ་པ་སྟེ། རྫོགས་པའི་སངས་ རྒྱས་ཐོབ་མ་ཐག་སངས་རྒྱས་ཀུན་དང་ཡེ་ཤེས་མཉམ་པའོ། །(འདིའི་དགུག་གཞུག་བཅིང་མཉེས་བྱེད་ པ་པོ་ནི། དཔྱལ་ལུགས་པ་རྣམས་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པར་བཞེད་ཅིང༌། སྔགས་ཀྱང་ༀ་མུད་ག་ར་སོགས་སྦྱོར་ལ། དཀྱུས་ལྟར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རྣམས་ཀྱིས་རྒྱས་འདེབས་པ་ཡིན་ཏེ། གཉིས་ཀར་འགལ་བ་མེད་པས་ཅི་ བདེ་བར་བྱའོ།།) ལྔ་པ་ནི་སྙིང་གའི་ཧཱུཾ་གི་འོད་ཀྱིས་འགྲོ་བ་སྦྱང་བ་སྟེ། སངས་རྒྱས་ཐམས་ཅད་དང་འཕྲིན་ ལས་མཉམ་པ་ཉིད་དུ་གྱུར་པ་ལམ་དུ་བྱེད་པའོ། །དེ་ལྟར་བྱིན་རླབས་ཀྱི་རིམ་པ་ལྔ་པོ་དེ་ལ། སྦྱང་བྱ་དང་སྦྱོར་ཚུལ་བསྐྱེད་རིམ་གྱི་བཤད་པ་གཞན་དང་བསྟུན་ན་འཆང་བུ་ཡང༌། ལུགས་ འདི་ལ་(བླ་མ་)སྔ་མ་སུ་ཡང་མི་འཆད་པས། སྦྱངས་འབྲས་ཁོ་ན་དང་སྦྱར་བར་བྱའོ། ། གཉིས་པ་བསྐྱེད་རིམ་གྱི་ཆིངས་བཤད་པ་ལ། བསྙེན་སྒྲུབ་ཡན་ལག་བཞི་དང་རྣལ་ འབྱོར་བཞིའོ། །དང་པོ་ནི་ཡེ་ཤེས་ཚོགས་བསོག་ནས། ཏིང་ངེ་འཛིན་སེམས་དཔའ་སྒོམ་པའི་ བར་བསྙེན་པའི་ཡན་ལག་ཡིན(་ཏེ་བསྐྱེད་རིམ་གྱི་དམིགས་པའི་ལུས་སམ་གཞི་མིན་པའི་ཕྱིར)། རྗེས་ཆགས་ 24-1-509 དང་(རྩ་ཐིག་བྱིན་རླབས་དང་)སྐུ་གསུང་ཐུགས་བྱིན་རླབས་ནི་སྒྲུབ་པའི་ཡན་ལག(་སྟེ་ལྷ་བསྐྱེད་པ་དེ་ཉིད་ གོང་ནས་གོང་དུ་བཟང་པོར་སྒྲུབ་པའི་ཕྱིར་རོ།།) དབང་བསྐུར་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག(་སྟེ་རྒྱལ་ རིགས་རྒྱལ་སྲིད་ལ་དབང་བསྐུར་བ་བཞིན་ལས་སྒྲུབ་པ་སོགས་ཀྱི་ནུས་ལྡན་དུ་བྱས་པའི་ཕྱིར་རོ།།) ཡེ་ཤེས་སྤྱན་འདྲེན་ དང་འགྲོ་བ་སྦྱོང་བ་ནི། ཉེ་བའི་སྒྲུབ་པ་ཆེན་པོའི་ཡན་ལག་སྟེ། (ཡེ་ཤེས་ཀྱི་ལྷ་ལ་ཤིན་ཏུ་ཉེ་བར་སྒྲུབ་ པའི་ཕྱིར་རོ།།) ཡན་ལག་བཞི་པོ་འདི་ནི། བི་རཱུ་པའི་ལུགས་གཤེད་དམར་གྱི་སྒྲུབ་ཐབས་འདི་ཁོ་ ནའི་བརྡ་ཆད་དོ། ། གཉིས་པ་ནི། ཡེ་ཤེས་ཚོགས་བསོག་ནས། ལྷ་ལྔ་བསྐྱེད་ཆོག་གི་དབྱུག་པ་ཧཱུཾ་གིས་མཚན་ པའི་བར་དང་པོའི་རྣལ་འབྱོར་རོ། །དེ་ནས་ཏིང་ངེ་འཛིན་སེམས་པའི་བར་རྗེས་སུ་རྣལ་འབྱོར་ རོ། །རྗེས་ཆགས་དང་རྩ་ཐིག་བྱིན་རླབས་ནི་ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་འགྲོ་བ་སྦྱང་བའི་ བར་ནི་རྣལ་འབྱོར་ཆེན་པོ་དེ། རྣལ་འབྱོར་བཞིའི་རིམ་པ་འདི་ནི། གཤིན་རྗེ་གཤེད་དམར་ ནག་གི་རྒྱུད་ལས་འབྱུང་བའི། བསྐྱེད་རིམ་ཤིན་ཏུ་རྒྱས་པའི་སྐབས་སུ་བཤད་པའི་(མཚན་ཉིད་ རྣམས་བསྡུས་པའི་སྐབས་འདིར་ཡང་)བླ་མའི་མན་ངག་གི་རིགས་མཐུན་ནམ་ཕྱོགས་མཐུན་སྦྱར་བའི་ བཤད་པའོ། ། གསུམ་པ་རྗེས་ཀྱི་བྱ་བ་ལ། བཟླས་པའི་རིམ་པ། མཆོད་བསྟོད་ཀྱི་བྱ་བ། འོད་གསལ་ འཇུག་ལྡང༌། དག་པ་དྲན་པ་སྟེ་བཞི་ལས། དང་པོ་ནི་ཕྲེང་བ་བྱིན་རླབས་སྔོན་དུ་འགྲོ་བ་ཅན་ ཏེ། འདི་ལ་ལུགས་མང་པོ་ཡོད་ཀྱང༌། མངོན་རྟོགས་ཀྱི་དཀྱུས་སུ་བཀོད་པ་འདི་གཤིན་རྗེ་ གཤེད་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ཡིན་པས་གལ་ཆེ་ལ། བཟླས་པའི་མན་ངག་ནི་སྤྱི་ དང་མཐུན་པ་ལས། ངག་གི་བརྗོད་ཚུལ་གྱི་དབང་དུ་བྱས་ན། ཁྲོ་བཟླས། ངག་བཟླས། (ཤུབ་ བཟླས།) ཡིད་བཟླས། (འགོག་བཟླས་)རྣམས་ལས་བསྙེན་པའི་སྐབས་ཤུབ་བུའི་བཟླས་པ་གཙོ་ཆེ་ བ་དང་དྲག་ལས་ལ་ཁྲོ་བཟླས་དང༌། ལས་གཞན་གསུམ་ལ་ངག་བཟླས་དང༌། དངོས་གྲུབ་ཀྱི་ 24-1-510 དོན་དུ་འགོག་བཟླས་གཙོ་ཆེ་ཞིང༌། ཡིད་བཟླས་ནི་ཐམས་ཅད་ལ་སྦྱར་བར་བྱའོ། ། བཟླས་པའི་དམིགས་པ་ནི། འཁོར་ལོའི་བཟླས་པ་དང༌། བཀོད་པའི་བཟླས་པ་དང༌། ཁྱོགས་ཀྱི་བཟླས་པ་དང༌། སྤྲོ་བསྡུའི་བཟླས་པ་རྣམས་(ལས་)གཙོ་བོར་སྤྲོ་བསྡུའི་བཟླས་པ་ ལ་མཛད་དོ། །སྔགས་ཀྱི་ངོ་བོ་ནི་ཡི་གེ་བཅུ་བཞི་པ་གཙོ་བོར་བཟླ་སྟེ། འདི་དང་འཁོར་གྱི་ སྔགས་རྣམས་གཤིན་རྗེ་གཤེད་ཀྱི་སྤྱི་སྔགས་སུ་འགྱུར་ལ། ཉེ་སྙིང་དང༌། ཕྲེང་སྔགས་དང༌། གཙོ་མོའི་སྔགས་རྣམས་དམར་པོའི་ཐུན་མོང་མ་ཡིན་པར་གྲགས་སོ། །དམར་པོའི་རྒྱུད་ གཞུང་རྣམས་ལས་བསྙེན་པའི་སྐབས་སུ་བཟླ་བའི་གསལ་ཁ་མེད་ཀྱང༌། འཁོར་ལོ་སྐོར་བ་ སོགས་ལས་སྒྲུབ་པ་ལ་ངེས་པར་དགོས་པའི་ཕྱིར། ཡ་མ་རཱ་ཛ་ཡི་གེ་སོ་གཉིས་པའམ། བཅུ་ བདུན་པ་ཡང་དེ་ཉིད་ལྔ་སྤེལ་དུ་བྱས་ནས་བཟླ་དགོས་པ་ཡིན་ནོ། །(དེ་ལྟར་)བཟླས་པས་ནི་ ཆོས་ཀྱི་འཁོར་ལོ་སྐོར་བ་ལ་སོགས་པ་འགྲོ་བའི་དོན་མཛད་པ་མཚོན། གཉིས་པ་ནི། མཆོད་བསྟོད་དེ་དེའི་ཚེ། ལྷ་མིའི་མཆོད་པ་དཔག་ཏུ་མེད་པ་འབྱུང་བ་ མཚོན། གསུམ་པ་ལས་འོད་གསལ་དུ་འཇུག་པ་ནི། གདུལ་བྱའི་སྣང་ངོར་མྱ་ངན་ལས་འདས་ པའི་ཚུལ་སྟོན་པ་དང༌། འོད་གསལ་ལས་ལྡང་བ་ནི་ཞིང་ཁམས་གཞན་ལ་སོགས་པར། གདུལ་བྱ་དག་པ་ལ་སྐུ་སྣང་བར་མཛད་དེ། འགྲོ་དོན་རྒྱུན་མི་འཆད་པར་མཛད་པ་དང་ མཚུངས་སོ། །ཅི་སྟེ་ཐུན་འདི་ཉིད་ལ་རྫོགས་པའི་རིམ་པ་སྒོམ་པར་འདོད་ན། སྐབས་འདི་ ཉིད་དུ་བསྒོམ་པར་བྱ་བ་ཡིན་ནོ། །རྫོགས་པའི་རིམ་པ་ཇི་ལྟ་བུ་ཞིག་བསྒོམ་པར་བྱ་སྙམ་ན། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་རྫོགས་པའི་རིམ་པ་གཅིག་པའི་ཕྱིར། རིམ་པ་ལྔའམ། ཕྱག་རྒྱ་ བཞི་འམ། ཡན་ལག་དྲུག་ལ་སོགས་པ། རྡོ་རྗེ་འཆང་ཆེན་པོའི་ལམ་ཚད་ལྡན་གང་བསྒོམ་ ཀྱང་འདྲ་བས། ལྷ་སོ་སོ་ལ་རྫོགས་རིམ་སོ་སོར་དགོས་པར་འདོད་པ་ནི། བླུན་པོ་རྣམས་ཀྱི་ 24-1-511 མཁས་ཁྱད་ཡིན་ལ། འོན་ཀྱང་བསྐྱེད་རྫོགས་དབང་གསུམ། བླ་མ་བརྒྱུད་པའི་བཀའ་བབས་ གཅིག་ལས་འོངས་པ་མ་ཉམས་པ་ཞིག་བྱུང་ན། བྱིན་རླབས་མྱུར་བ་ཡིན་པས། ཤིན་ཏུ་སྤྲོས་ པ་མེད་པའི་མན་ངག་ལ་སོགས་པ་བསྒོམ་པར་བྱའོ། ། བཞི་པ་ནི། (སྐུ་བཞི་དབྱེར་མེད་ལ་རྟག་ཏུ་གནས་པ་ལམ་དུ་བྱེད་པ་སྟེ། དེ་ཡང༌།) དམར་བ་ཉིད་ནི་ཅེས་ པ་ནས། སྤོང་བ་བཞི་རྣམ་པར་དག་པའི་དོན་ནོ། །ཞེས་པའི་བར་ཏེ། རྒྱུད་ལེའུ་བཅུ་དགུ་པ་ ལས་འབྱུང་བའི་ཚིག སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་ལྷ་ལྔའི་སྒྲུབ་ཐབས་སུ་ དྲངས་པའོ། །(འདི་ནི་ལྷ་བསྐྱེད་པའི་དུས་ཉིད་དུ་སྒོམ་པ་ན། འདིར་མི་དགོས་ཀྱང་གཞན་དུ་སྐབས་འདིར་བྱ་ལ། སྤྱིར་དོན་ བསམས་པས་ཆོག་པ་ཡིན་ཀྱང་། ངག་ཏུ་འདོན་པ་མི་འགལ་ཞིང་། ད་ལྟ་ཆོ་ག་བྱེད་པ་རྣམས་ལ་རྐང་གྲངས་མི་འཆད་པའི་དགོས་ པ་ཡོད་པས་ངག་ཏུ་བཏོན་པ་ཉིད་ལགས་སོ།།) ཡི་གེ་ལྔ་བཅུའི་སྦྱོར་བས་ཞེས་པ་ནི། རོ་རྐྱང་ནས་རྒྱུ་བའི་ ཁམས་དང་རླུང༌། དབྱངས་གསལ་ལྔ་བཅུའི་གདངས་ཅན་ཏེ། མགོ་བཅད་པ་ནི་དེ་རྣམས་ རྣམ་པར་དག་པ་མཚོན། ཁམས་གསུམ་རྣམ་པར་གནོན་པའི་ཞེས་པའི། ཁམས་གསུམ་ནི་ དེའི་ཉོན་མོངས་རྣམས་སོ། །རོ་དང་བཅུད་ལེན་དུ་མ་ཞེས་པ་ལ། འཇིག་རྟེན་ཀུན་རྫོབ་ཀྱིས་ བསྡུས་པའི་རོ་བཅུད་མྱང་བ་ལ། འབྲས་བུའི་དག་པར་མི་རུང་བའི་ཕྱིར། འདི་ནི་ཐེག་ཆེན་ རྒྱུད་བླ་མ་ལས། འབྱུང་མེད་གཟུགས་དོན་བལྟ་དང་གཏམ་བཟང་ནི། །གཙང་མ་མཉན་དང་ བདེ་གཤེགས་ཚུལ་ཁྲིམས་ཀྱི། །དྲི་གཙང་སྣོམ་དང་འཕགས་ཆེན་དམ་ཆོས་རོ། །མྱོང་དང་ ཏིང་འཛིན་རེག་བདེ་ཉམས་མྱོང་དང༌། །ཞེས་གསུངས་པ་ལྟར་གོ་བར་བྱའོ། །(དངོས་པོ་དང་དངོས་ པོ་མེད་པའི་རྣམ་པར་རྟོག་པ་ནི་གང་ཟག་གི་བདག་འཛིན་དང་འབྲེལ་བའི་རྟག་ཆད་ཀྱི་ལྟ་བའོ།།) མྱ་ངན་ལས་མི་འདའ་ བའི་ཕྱིར་ཞེས་པ་ནི་ཐེག་དམན་གྱི་མྱང་འདས་སོ། །བརྒྱད་ཀྱི་རང་བཞིན་ལས་ནམ་མཁའ་ ལྟར་དངོས་པོ་དང་དངོས་པོ་མེད་པའི་ཉོན་མོངས་པ་འཇོམས་པའི་ཕྱིར་རོ། །ཞེས་པ་ལ་དཔེ་ བརྒྱད་ཀྱིས་མཚོན་པ་ཇི་སྙེད་པ་གཟིགས་པའི་མཁྱེན་པ་དང༌། ནམ་མཁའ་ལྟ་བུ་ཇི་ལྟ་བ་ 24-1-512 གཟིགས་པའི་མཁྱེན་པ་ཡིན་ཅིང༌། དངོས་པོ་དང་དངོས་པོ་མེད་པའི་ཉོན་མོངས་པ་ཞེས་པ་ ནི། དངོས་པོ་དང་དངོས་མེད་དུ་འཛིན་པའི་རྣམ་རྟོག་སྟེ་རྟག་ཆད་དུ་བསྟན་པའོ། །(འདི་ནི་ཆོས་ ཀྱི་བདག་འཛིན་གཏོགས་པའི་རྟག་ཆད་ཡིན་མིན་ཕྱིར་གོང་མ་དང་མི་བཟློས་སོ།།) ནང་གི་རྟོག་པ་ཞེས་པས་ནི། ཇི་ སྐད་དུ། ཁ་ནི་ནང་དུ་ལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་པ་ལྟར། འཇིག་རྟེན་པའི་མཉམ་བཞག་ས་པས་བསྡུས་པའི་རྣམ་རྟོག་རྣམས་སོ། །རྟ་བབས་ལ་དག་པ་ (ཚན་པ་)གཉིས་འབྱུང་བ་ནི། རྟ་བབས་ཀྱི་གཞི་དང་རྟ་བབས་དངོས་ཀྱི་དབང་དུ་བྱས་པའོ། ། གཉིས་པར་ཐུན་མཚམས་ཀྱི་རྣལ་འབྱོར་ལ། སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཕྱི་རོལ་ མཆོད་པ་དང་། གཏོར་མའི་ཆོ་ག་དང༌། ཉལ་བའི་རྣལ་འབྱོར་དང༌། ལྡང་བའི་རྣལ་འབྱོར་ དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། ཁ་ཟས་ཀྱི་རྣལ་འབྱོར་རྣམས་སོ། ། དང་པོ་ནི། སྣང་བ་ཐམས་ཅད་ལྷ་སྐུར་སྒོམ་པ་ལ་དགེ་བ་བྱང་ཆུབ་དུ་བསྔོས་ཏེ། ཐུན་ མཚམས་སུ་གཟུགས་སུ་སྣང་བ་ལྷའི་སྐུ། སྒྲ་གྲག་པ་སྔགས། དྲན་རིག་ཐམས་ཅད་སྒྱུ་མ་ལྟ་ བུར་ཤེས་པར་བྱེད་པའོ། ། གཉིས་པ་ནི། མཎྜལ་གྱི་ཆོ་ག་ཡིན་པ་ལས། ཅུང་ཟད་རྒྱལ་པ་འདི་བློ་གྲོས་བཟང་པོ་ ལ་སོགས་པའི་གཞུང་གི་ཁུངས་དང་ལྡན་(ཅིང་བིརྺ་པ་ཉིད་ཀྱིས་མཛད་པའི་གཞུང་ཡང་ཡོད་)པའི་ཕྱིར། དཀྱུས་སུ་བཤད་པ་ལྟར་བྱ་ལ། ཕྱི་རོལ་མཆོད་པ་འདི་ནི། མདུན་བསྐྱེད་ཀྱི་སྒྲུབ་མཆོད་ བསྡུས་པ་ཡིན་པས། ཚོགས་ཁྱད་པར་ཅན་གསོག་པའི་གནད་དོ། ། གསུམ་པ་གཏོར་ཆོག་གི་སྐབས་སུ། བདུད་རྩི་ལྔ་ནི་བིརྺ་པའི་གཞུང་གི་དངོས་བསྟན་ལ་ མེད་ཀྱང༌། དོན་གྱིས་ཐོབ་ཅིང་མན་ངག་ཀུན་ལའང་ཡོད་དོ། །(སྤྱིར་འདུས་པ་ཡེ་ཤེས་ཞབས་ལུགས་ ཕལ་ཆེར་དུ་བདུད་རྩི་ལྔ་ཁོ་ན་བཤད་པ་ཡང་ཡོད་ཅིང༌། འདིར་ཡང་གཞུང་གི་དངོས་བསྟན་ལྟར་ཤ་ལྔ་ཁོ་ནས་ཀྱང་དོན་སྟོན་ཏེ། ཞི་བ་ལ་དམ་རྫས་བདུད་རྩི་ལྔ་གཙོ་ཆེ་བ་དང༌། ཁྲོ་བོ་ལ་ཤ་ལྔ་གཙོ་ཆེ་བ་ལ་དགོངས་པ་སྟེ། འོན་ཀྱང་རྫས་བཅུ་ཀ་ཚང་ན་མཆོག་ 24-1-513 གོ །) ཟླ་བའི་སྟེང་དུ་སྒོམ་རྒྱུའི་ཕྱག་མཚན་ནི། གཞུང་ལས་རྡོ་རྗེ་ཙམ་ལས་གཞན་གསལ་ཁ་ མེད་ཀྱང༌། རྡོ་རྗེ་དང་མཚན་པའི་དབྱུག་པ་དཀར་པོ་ཡིན་པར་འདི་ཉིད་ཀྱི་མན་ངག་ཀུན་དང་ ཕྱོགས་མཐུན་གྱི་གཞུང་གཞན་དང༌། རྒྱུད་ལས་ཀྱང་གསུངས་པས་དེ་ལྟར་བྱའོ། །དེ་བཞིན་དུ་ ཐོད་པའི་ས་བོན་ཡང་ཨཿདང་ཧཱུཾ་འདམ་ཁ་ཡིན་ནོ། །གཏོར་མགྲོན་གྱི་སྐབས་ན། བིརྺ་པའི་ (གཏོར་མའི་)གཞུང་(ཆུང་བ་)དང༌། བློ་བཟང་སྙིང་པོའི་གཏོར་ཆོག་གི་གཞུང་ཆུང་ཐར་ལོའི་འགྱུར་ ན། ཉེ་དབང་དང་ཚོགས་བདག་གསལ་བར་མ་བཤད་པས། དེ་གཉིས་མ་སྐྱེད་ཀྱང་རུང་ཙམ་ ཡིན་མོད་ཀྱི། བི་རཱུ་པའི་གཏོར་ཆོག་ཆེ་བ། ད་ན་ཤཱི་ལའི་རང་འགྱུར་དང༌། དཔལ་འཛིན་གྱི་ གཏོར་ཆོག་དང་རྒྱུད་ལས་གསལ་བར་གསུངས་ཤིང༌། ལྷ་མིན་འཇོམས་པའི་གཙོ་བོ་ཡིན་ པ་སོགས། མཆོག་ཏུ་མཐུ་ཆེ་བའི་ལྷ་ཡིན་པས་བསྐྱེད་པ་ཉིད་བཟང་ངོ༌། །(འདིར་ཁྱབ་འཇུག་དང༌། ཚངས་པ་དང༌། ཚོགས་བདག་རྣམས་ཕྱག་བཞི་པ་ཡིན་ལ། གཞན་རྣམས་གཉིས་པའོ།།) དེས་ན་བི་རཱུ་པའི་ལུགས་ལ་ བཅུ་གསུམ་དང་བཅོ་ལྔ་འདམ་ཁ་ཡིན་ལ། དཔལ་འཛིན་སོགས་ཀྱི་ལུགས་ལ་ངེས་པར་བཅོ་ ལྔ་བྱའོ། །གཏོར་སྔགས་ཀྱི་སྐབས་ལ། ཅུང་ཟད་བསྡུས་པ་ལ་མོས་ན། རཀྟ་མུ་ཀུ་ཌ་སོགས་ ཀྱིས་ཆོག་ཀྱང་འགྲུབ་ན་ལྷ་མོ་བཞིའི་ལས་སྔགས་ངེས་པར་གལ་ཆེ་ལ། དཔའ་བོ་བཞིའི་ སྙིང་པོ་ཡང་ཞར་བྱུང་ལ་བྱའོ། །ཕྱོགས་སྐྱོང་བཅོ་ལྔ་བསྐྱེད་པ་ལྟར་ན། སརྦ་བྷུ་ཏེ་བྷྱོཿན་མཿཧཱ་ ཞེས་སྭཱཧཱའི་ཧཱ་དང་སྦྱར་བ་འདིས། ཉེ་དབང་ཚོགས་བདག་གཉིས་བསྐུལ་བ་ཡིན་ལ། འཁོར་ རྣམས་ནི་གཙོ་བོ་སོ་སོ་དང་ལྷན་ཅིག་ཏུའོ། །ཕྱོགས་སྐྱོང་བཅུ་གསུམ་ལྟར་ན། སྔགས་དེ་ལ་ གཙོ་བོ་རྐང་ཚུགས་མེད་པས། སྔགས་ཚན་བཅུ་གསུམ་པོས་གཙོ་བོ་བཅུ་གསུམ་དང༌། ཕྱི་མ་ འདིས་འཁོར་སྲིད་པ་གསུམ་གྱི་འབྱུང་པོ་སྤྱི་ལ་འབུལ་བ་ཡིན་ནོ། ། (སྤྱིར་གཤེད་དམར་གྱི་སྐབས་ འདིར། དཀྱིལ་འཁོར་པ་དང་འཇིག་རྟེན་པ་ཐ་དད་དུ་སྒོམ་པའི་སྐབས་ནི། གཏོར་སྔགས་རིང་བའི་ཡེ་ཤེས་པ་དང༌། ཕྱོགས་སྐྱོང་ གི་གཏོར་སྔགས་ཀྱིས་འཇིག་རྟེན་པ་ལ་འབུལ་བ་ཡིན་ལ། དྲུག་ཅུ་རྩ་བཞི་དགོས་སུ་གཏོང་བ་སོགས་ལ་ཐོག་མར་ཕྱོགས་སྐྱོང་ 24-1-514 གི་སྔགས་ཀྱི་དྲུག་ཅུ་རྩ་བཞི་ཕུལ་ནས་རྗེས་མ་ལ་གཏོར་སྔགས་རིང་མོ་ལན་གསུམ་འདོགས་ཏེ་དེ་ལྟར་རུང་བའི་རྒྱུ་མཚན་ཡང་ ཕྱོགས་སྐྱོང་རྣམ་གཤེད་དམར་གྱི་སྐུར་བསྒྱུར་ཟིན་པས་སོ། །སྔགས་རིང་གི་སྐབས་འདིར། རྗེ་བསོད་ནམས་རྣམ་རྒྱལ་བས། ར་ཐ་ མ་རྒྱུད་ཉི་མ་ཞེས་བཅོས་ནས་རུང་གི་ཤིང་རྟ་ཅན་ཏེ་ཉི་མའི་མིང་ཡིན་གསུང་ནའང༌། ར་ཐ་ས་མ་རུ་དྷ་ཞེས་པ་བཞོན་པ་ལ་མཉམ་ པར་ཞོན་པ་ཞེས་པ་ཁུངས་མ་ཀུན་ལ་ཡོད་དོ།།) བཞི་པ་ཉལ་བའི་རྣལ་འབྱོར་དང༌། ལྔ་པ་ལྡང་བའི་རྣལ་འབྱོར་དང༌། དྲུག་པ་ཁྲུས་ཀྱི་ རྣལ་འབྱོར་རྣམས་སྤྱི་དང་འདྲ་བས། མངོན་རྟོགས་ཀྱི་དཀྱུས་སུ་མ་བྲིས་ལ། བདུན་པ་ཁ་ཟས་ ཀྱི་རྣལ་འབྱོར་ཡང་གཞན་རྣམས་སྤྱི་དང་འདྲ་བ་ལས། བཟའ་བཏུང་ཆེ་ཆུང་ཐམས་ཅད་ཀྱི་ ཕུད་ངོ་བོ་བདུད་རྩི་རྣམ་པ་ཤ་ཁྲག་གི་ཚུལ་ཅན་དུ་མོས་ཏེ་གཤིན་རྗེ་བཤེད་ལ་འབུལ་བའོ། ། ལྔ་པ་དེ་ལྟར་བསྒྲུབས་ཤིང་ཉམས་སུ་བླངས་པའི་འབྲས་བུ་ནི། ཟླ་དྲུག་ལ་སོགས་པར་ སྒོམ་བཟླས་བྱས་པས། ལས་བཞི་ཐོག་མེད་དུ་འགྲུབ་པ་དང༌། ལོ་བཅུ་གཉིས་ཙམ་གྱིས་ཐུན་ མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་འགྲུབ་ཅིང༌། རྫོགས་པའི་རིམ་པའི་རྣལ་འབྱོར་དང་ སྦྲེལ་ཏེ་བསྒོམས་པས་ནི་སངས་རྒྱས་ཉིད་དུ་ཡང་བྱེད་དོ། ། ༈ གཉིས་པ་གཞུང་གི་ཁུངས་བསྟན་པ་ནི། བིརྺ་པའི་ལུགས་ཀྱི་ལྷ་ལྔ་དང་གཤེད་ དམར་བཅུ་གསུམ་མ་གཉིས་ཀར་གྱི་རྩ་བའི་ཁུངས་ཀྱི་རྒྱུད་ནི། ལེའུ་བཅུ་དགུ་པ་ཉིད་ལ་གཙོ་ བོར་བསྟེན་ལ། རྒྱུད་འདི་ལས་ལྷ་ལྔའི་མངོན་རྟོགས་གསལ་ཞིང་རྒྱས་པར་བསྟན་ཅིང༌། བཅུ་ གསུམ་གྱི་སྒྲུབ་ཐབས་ནི། ནག་པོའི་རྒྱུད་དང་ཚིག་འདྲ་བ་རྣམས་ཀྱིས་བསྟན་ཏེ་ལེའུ། སྟོད་ སྨད་སྣ་ཚོགས་ནས་མཐོར་ཐབས་སུ་གསུངས་པ་སྒྲིག་དགོས་སོ། །བིརྺ་པའི་གཞུང་དང་རྒྱུད་ འདི་ནས་གསུངས་པའི་ལྷ་ལྔའི་མངོན་རྟོགས་ནི། རྣམ་བཞག་ཕྲ་མོ་ཙམ་མ་གཏོགས་ཕལ་ ཆེར་འདྲ་སྟེ། ཁྱད་པར་ཕྲན་ཚེགས་དེ་དག་ཀྱང༌། འགའ་ཞིག་འདམ་ཁ་དང༌། འགའ་ཞིག་རྒྱ་ དཔེ་དག་མ་དག་གི་ཁྱད་པར་རོ། ། 24-1-515 རྫོགས་རིམ་ཤིན་ཏུ་སྤྲོས་མེད་ཀྱང༌། རྒྱུད་འདིའི་བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་ ཅེས་སོགས་ལ་བསྟེན་པར་སྣང་ཞིང༌། འཁོར་ལོ་དང་འབྲེལ་བའི་གཞུང་གཉིས་ཀྱང༌། རྒྱུད་ འདི་ལ་གཙོ་བོར་བསྟེན་ཅིང་ཉེར་གཉིས་པ་ནས་ཀྱང༌། ཅུང་ཟད་ཁ་བསྐང་ངོ༌། །དེ་ལ་མཐུ་ སྟོབས་ཀྱི་དབང་ཕྱུག་དཔལ་བི་རཱུ་པས་མཛད་པ་ལ། ལྷན་སྐྱེས་ཀྱི་སྒྲུབ་ཐབས་དང་ལྷ་ལྔའི་ སྒྲུབ་ཐབས། གཏོར་ཆོག་ཆུང་ངུ་ལོགས་སུ་མཛད་པ། འཁྲུལ་འཁོར་ཕྲེང་བ་སྟེ་ལས་ཚོགས་ ཀྱི་གཞུང་ཆེ་བ་དང༌། གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་ཞེས་བྱ་བ། ལས་ཚོགས་ཀྱི་ གཞུང་ཆུང་བ་ཅིག ཤིན་ཏུ་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་ཀྱི་མན་ངག འོད་གསལ་འཆར་ བའི་དབང་ཆོག བདུད་རྩི་བྱིན་རླབས་ཀྱི་ཆོ་ག་སྟེ། བརྒྱད་པོ་དེ་བཤད་བཀའ་སྟབས་ཅིག་ཏུ་ འཛོམས་པས། བོད་ཀྱི་བླ་མ་ཕྱིས་བྱུང་བ་རྣམས་ལ་གཞུང་བརྒྱད་དུ་གྲགས་སོ། །གཞན་ཡང་ མཆོད་ཆོག་དང་གཏོར་ཆོག་ཆེ་བ་ཞིག་ཀྱང་ཡོད་དོ། །ཁ་ཅིག་དེ་དག་ལས་བསྐྱེད་རིམ་གཞུང་ གསུམ་དང༌། རྫོགས་རིམ་གཞུང་གསུམ། ལས་ཚོགས་གཞུང་གཉིས་ཞེས་ཟེར་བ་ནི་མི་ ལེགས་ཏེ། གཏོར་ཆོག་བསྐྱེད་རིམ་དངོས་ཀྱི་གཞུང་ནི་མ་ཡིན་ལ། བསྐྱེད་རིམ་དང་འབྲེལ་ བས་བགྲང་ངོ་སྙམ་ན། ལས་ཚོགས་ཀྱི་གཞུང་གཉིས་ཀྱང་རྒྱུ་མཚན་དེའི་ཕྱིར། བསྐྱེད་རིམ་ གཞུང་ལྔར་འགྱུར་རོ། །དེ་བཞིན་དུ་ལྷ་ལྔའི་སྒྲུབ་ཐབས་ཀྱི་གཞུང་གི་ཕྱེད་ཕྱི་མ་ཡང༌། ལས་ ཚོགས་ཁོ་ན་སྟོན་བྱེད་ཡིན་པས། རང་ལུགས་ལ་ཐ་སྙད་དེ་མི་སྦྱར་རོ། །སློབ་དཔོན་དཔལ་ འཛིན་གྱིས་ནི། བཅུ་གསུམ་མའི་སྒྲུབ་ཐབས་དང༌། དཀྱིལ་ཆོག་དང༌། རྫོགས་རིམ་རྣལ་ འབྱོར་བཞི་རིམ་གྱི་གཞུང་སྟེ། རྩ་བའི་གཞུང་ཆེ་བ་རྨད་བྱུང་གསུམ་དང༌། ལྷ་མོ་བཞིའི་སྒྲུབ་ ཐབས་སོགས། གཞུང་ཕྲན་མང་དུ་མཛད་དོ། །དེ་ལྟར་(ན་དཔལ་འཛིན་ཕྱོགས་ལ་)བཀའ་བཞུགས་ པའི་གཞུང་བཅུ་གསུམ་ཙམ་གཤེད་དམར་གྱི་སྐོར་ལ་སྣང་ངོ༌། །སློབ་དཔོན་བློ་གྲོས་བཟང་ པོས་ནི། རྒྱུད་ལེའུ་ཉེར་གཉིས་པའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་སྙིང་པོར་དྲིལ་བའི། 24-1-516 ལྷ་ལྔའི་སྒྲུབ་ཐབས་རྒྱས་པ་དེ་མཛད་དོ། །ཨ་བྷ་ཡཱ་ཀ་རའི་ལྷ་ལྔའི་སྒྲུབ་ཐབས་དཀྲོང་བསྐྱེད་ མ་ཡང༌། བསྐྱེད་ཆོག་ཤིན་ཏུ་བསྡུས་པ་སྦྱར་བ་མ་གཏོགས་རྒྱུད་འདི་ལ་བརྟེན་པའི་དཀྱིལ་ འཁོར་ཡིན་པར་གྲགས་སོ། །གཞན་ཡང་(འཁྲུལ་འཁོར་གྱི་གཞུང་འགའ་ཞིག་དང༌། དར་པན་ཨཱ་ཙརྱས་མཛད་ པའི་འཆི་བའི་ཁོ་ན་ཉིད་དང་)རྣམ་སྣང་སྲུང་བས་མཛད་པའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་སོགས། གཞུང་ ཕྲན་འགའ་ཞིག་བོད་དུ་འགྱུར་ལ། རྒྱུད་ཀྱི་རྣམ་པར་བཤད་པ་ནི་མ་འགྱུར་རོ། །འོན་ཀྱང་ ནག་པོའི་རྒྱུད་ལ་མཁས་པར་སྦྱངས་ཤིང༌། དམར་པོའི་གཞུང་ཕྲན་འདི་དག་གི་དོན་ལེགས་ པར་རྟོགས་ན། རྒྱུད་ཉིད་ཀྱི་དོན་ཕལ་ཆེ་བ་རྟོགས་པར་འགྱུར་ལ། འཁོར་ལོའི་གཞུང་འགའ་ ཞིག་ནི་དཔལ་དུས་ཀྱི་འཁོར་ལོ་ཉིད་ལ་བརྟེན་ནོ། །ཡང་ཕྱིས་བྱུང་བའི་འགོས་ལོའི་ཞལ་ན་ རེ། བི་རཱུ་པ་ཡི་གཤེད་དམར་འཁྲུལ་འཁོར་ཡང༌། དུས་ཀྱི་འཁོར་ལོའི་རྒྱུད་ལ་བརྟེན་ཞེས་ གསུངས། ཞེས་པ་སྣང་སྟེ། གནས་བརྟན་བྱང་ཆུབ་སྙིང་པོའི་འཁྲུལ་འཁོར་གྱི་ཡི་གེ་དང་ནོར་ བ་འདྲའོ། །(སྒྲུབ་ཐབས་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ། ལས་ཚོགས་ཀྱི་ལྷའི་སྒྲུབ་ཐབས་ཐོར་བུ་བསྡུས་པ་འདི་ ནི། རྒྱུད་སྣ་ཚོགས་ལས་བསྡུས་པ་ཡིན་པའི་ཕྱིར། གཤེད་དམར་གྱི་ཆོས་སྐོར་འདི་རྣམས་ཀྱི་སྡེབ་ལ་འཇུག་དགོས་པའི་ངེས་ པ་མི་སྣང་ངོ༌།།) ཆོས་འདི་བོད་ཀྱི་ཡུལ་དུ་ཆ་ཤས་ཙམ་དང་པོར་འགྱུར་བ་ནི། བ་རི་ལོ་ཙཱ་བས་ བསྒྱུར་བའི་སྒྲུབ་ཐབས་བརྒྱ་རྩ་ན་ལྷན་སྐྱེས་ཀྱི་སྒྲུབ་ཐབས་གཅིག་བཞུགས་སོ། །དེ་ནས་ཁ་ ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ་དཔྱལ་ལོ་ཆོས་བཟང་གི་སློབ་དཔོན་སྙོག་མེད་ལྷ་ལ་ཞུས་ནས། བི་རཱུ་པའི་བསྐྱེད་རིམ་དང་ལས་ཚོགས་ཀྱི་གཞུང་ཕལ་ཆེར་བསྒྱུར་ཞིང༌། སྒྲུབས་པས་ཞལ་ གཟིགས་པ་དང་ནུས་པ་ཐོབ་པ་སོགས་བྱིན་རླབས་ཀྱང་ཆེའོ། །འདི་ལ་དབང་ཆོག་ནི་རྡོ་རྗེ་ འཕྲེང་བ་ཉིད་སྦྱར་བ་སྟེ། དཔྱལ་ལོ་དེ་ཉིད་ཀྱི་དབོན་པོ་ཨ་མོ་གྷས་མཛད་པ་ཉིད་ཡིད་ཆེས་ པའི་གནས་སོ། །དེའི་རྗེས་སུ་པཎྜི་ཏ་ནུས་པ་རྙེད་པ་ད་ན་ཤཱི་ལས་བི་རཱུ་པའི་ལུགས་འདི་དག་ རྒྱས་པར་མཛད་དེ། འདི་ཡང་དབང་ཆོག་སྔ་མ་དང་ཕལ་ཆེར་འདྲའོ། །དེ་རྗེས་ཆག་ལོ་ཆོས་ 24-1-517 རྗེ་དཔལ་བཟང་པོས། བལ་པོའི་པཎྜི་ཏ་ཉི་དབང་སྲུང་བ་ལ། བི་རཱུ་པའི་བསྐྱེད་རིམ་ལས་ ཚོགས་ཀྱི་གཞུང་ཀུན་དང༌། དཔལ་འཛིན་གྱི་སྒྲུབ་དཀྱིལ་གཏོར་ཆོག་སོགས་ཀྱང་བསྒྱུར་ ཞིང༌། འཁོར་ལོའི་གཞུང་གཞན་ཡང་བསྒྱུར་ཏེ། ཆག་ལོ་སྒྲ་ལ་མཁས་པས། འགྱུར་ལེགས་ པར་གྲགས་སོ། །དེའི་རྗེས་སུ་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་སྤྲོས་མེད་དང་རྣལ་ འབྱོར་བཞི་རིམ་གྱི་གཞུང་དང༌། གཞུང་ཕྲན་མང་རབ་གསར་དུ་བསྒྱུར་ཅིང༌། ཆག་འགྱུར་ལ་ སོགས་པ་འགྱུར་སྔ་མའི་སྟེང་ནས་ཀྱང་བཤད་དེ། སྒྲ་སྒྱུར་བ་སྔ་མ་རྣམས་ལས་མཁས་རྒྱུ་མེད་ ཀྱང༌། རྫོགས་རིམ་གྱི་གཞུང་ཁྱད་པར་ཅན་སྔར་མ་འགྱུར་བ་སྒྱུར་བ་དང༌། གྲུབ་ཐོབ་དར་ པན་ཨཱ་ཙརྱས་བྱིན་གྱིས་རླབས་པས། ལུགས་འདི་(ཡང་གདམས་ངག་དང་)བྱིན་རླབས་ཆེ་བར་བྱེད་ དོ། །དེང་སང་བཀའ་ཡོད་པ་ནི་ལོ་ཙཱ་བ་དེ་དག་ལས་རྒྱུད་པར་ཟད་ལ། གཞན་ཡང་ཤུད་ཀེ་ གྲགས་པ་རྒྱལ་མཚན་དང༌། ཤོང་བློ་བརྟན་དང་ཕྱིས་པཎྜི་ཏ་ནགས་རིན་གྱི་དུས་སུ་བསྒྱུར་བ་ སོགས། རྒྱུད་དང་མན་ངག་རྒྱུད་པ་གཞན་ཡང་ཅི་རིགས་པ་བྱུང་ངོ༌། །གློ་བོ་ལོ་ཙཱ་བའི་ལུགས་ སྲོལ་ལ། དཔལ་འཛིན་གྱིས་མཛད་པའི་དབང་ཆོག་དེ་ཉིད། བི་རཱུ་པའི་ལུགས་ལའང་སྦྱོར་ ཤིང༌། མན་ངག་ལ་བརྟེན་ནས་ཅུང་ཟད་ཙམ་མི་འདྲ་བའི་ཁྱད་བྱེད་པར་འདོད་དོ། །(ཁ་སྐོང་ནི་ ལུགས་འདི་ལ་ཡང་ཕྲེང་བ་ཉིད་ནས་ལེན་པར་མཛད་དོ།།) འདིའི་རྒྱུད་ལེའུ་ཉེར་གཉིས་པ་ནི། (བུ་སྟོན་ཆེན་པོས་ རྒྱ་དཔེ་ལ་རང་འགྱུར་དུ་བྱས་པར་སྣང་།) མ་རྒྱུད་ཡིན་པར་རྒྱུད་འདི་ཉིད་རང་ལས་ཀྱང་བཤད་ཅིང༌། སྒྲོལ་མ་འབྱུང་བ་སོགས་རྒྱུད་གཞན་ལས་ཀྱང་དེ་ལྟར་བཤད། རྒྱུད་ཀྱི་ངོ་བོ་ལ་རྟགས་ཀྱང་མ་ རྒྱུད་ཀྱི་མཚན་ཉིད་ཚང་ངོ༌། །བི་རཱུ་པ་དང་དཔལ་འཛིན་གྱི་ལུགས་གཉིས་ནི། ལེའུ་བཅུ་དགུ་ པ་ལ་བརྟེན་པར་སྣང་ལ། རྒྱུད་འདི་ནི་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང་ཕལ་ཆེར་མཐུན་ པའི་ཕྱིར། ཕ་རྒྱུད་ཡིན་པར་བྱ་དགོས་ཤིང༌། འདི་ལ་དེ་ལྟར་གྲགས་པའང་ཡིན། རྒྱུད་འདི་ལ་ ཤུད་དགེ་གྲགས་པ་རྒྱལ་མཚན་དང༌། ཤོང་བློ་བརྟན་གྱི་འགྱུར་དང༌། རྩེ་ཐང་ལོ་ཙཱ་བ་གཞོན་ 24-1-518 ནུ་དཔལ་གྱི་འགྱུར་ཏེ་གསུམ་སྣང་ངོ༌། ། ༈ གསུམ་པ་གཞན་ལུགས་ལ་དཔྱད་པ་ནི། གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་ ལ། སྔོན་དུས་ལུགས་སྲོལ་ཐ་དད་པ་དེ་དག་ལས། རང་རང་སོ་སོའི་ལུགས་གཞན་དང་མ་ འདྲེས་པའི་གཙང་མ། སྒྲུབ་ཐབས་སོགས་ལག་ལེན་ཡི་གེར་བཀོད་པ་ཅུང་ཟད་དང༌། རྒྱ་ གཞུང་ལ་ཡིག་སྣ་དང་མཆན་བུ་སོགས་ཡོད་དོ། །བུ་སྟོན་ཆེན་པོ་ལ་སོགས་པ་བར་སྐབས་ཀྱི་ མཁས་པ་རྣམས་ཀྱིས། དཔྱལ་ཆག་ད་ན་གསུམ་གར་གྱི་ལུགས་གསན་ཅིང༌། ལུགས་འདི་ དག་དང་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་མཐའ་དག་ནས། ལེགས་བསྡུས་ཀྱི་ལུགས་སུ་བྱས་ ནས། གཅིག་ཏུ་དྲིལ་བའི་སྒྲུབ་ཐབས་མང་དུ་བྱུང་ངོ༌། །དེ་དག་ལ་ཡང་ལེགས་པ་དང་མི་ ལེགས་པ་ཅི་རིགས་པ་ཡོད་དོ། །དེ་དག་གི་རྗེས་སུ་རྗེ་ཀུན་བཟང་པས་ལྷ་ལྔའི་མངོན་རྟོགས་ བདུད་རྩི་འབྱུང་བ་ཞེས་བྱ་བ་དང༌། དེའི་ལུང་སྦྱོར་བཤད་པ་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་ དང༌། དབང་ཆོག་དང་སྤྲོས་མེད་ཀྱི་ཟུར་འདེབས་མཛེས་རྒྱན་ཞེས་བྱ་བ་སྟེ། ཡི་གེ་ཆེ་བ་བཞི་ མཛད་ཅིང༌། དེའི་སློབ་མ་དག་གིས་ངག་སྒྲོས་འདྲ་མིན་གྱི་ཟིན་བྲིས་མང་པོ་དག་ཀྱང་བྱས་སོ། ། རེ་ཞིག་སྐབས་འདིར་སྒྲུབ་ཐབས་དེ་དང་ལུང་སྦྱོར་དེ་ལ་དཔྱད་པར་བྱ་སྟེ། དེ་ན་རེ། བིརྺ་ པའི་གཞུང་གི་རྗེས་འབྲང་བོད་གཞན་རྣམས་ཀྱིས་སྦྱར་བ་དག རང་གཞུང་དང་མི་མཐུན་ ཞིང༌། བཅུ་གསུམ་མ་དང་རྒྱུད་གཉིས་ནས་ཁ་བསྐང་བས་མཛེས་པར་མ་མཐོང་ལ། ཆག་ལོའི་ སྒྲུབ་ཐབས་ནི་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་སྣང་བས། གཙོ་ཆེར་དེའི་རྗེས་སུ་འབྲངས་པ་ ཡིན་ཞེས་ལུང་སྦྱོར་ལས་བཤད་ཅིང༌། རྗེས་འབྲང་རྣམས་ཀྱིས་ཀྱང་ཆག་ལུགས་ཡིན་ནོ་ཞེས། ཁུངས་ལྡན་དུ་སྒྲོག་པ་དང་། སྒྲུབ་ཐབས་དང་ལུང་སྦྱོར་གཉིས་ཀ་ན། ཆག་ལོ་རྣམ་པ་ཀུན་ཏུ་ ཚད་མ་ཡིན་ཚུལ་དང༌། ལོ་པན་གཞན་གྱི་ལུགས་ལ་དཔྱད་པ་བཏང་སྟེ། འདོར་ལེན་ཅི་རིགས་ པར་བྱེད་པ་དང༌། བི་རཱུ་པའི་ལུགས་འདི་ལ་གཤེད་དམར་གྱི་རྒྱུད་གཉིས་དང༌། དཔལ་འཛིན་ 24-1-519 གྱི་གཞུང་གི་ཁ་བསྐང་ན། ལུགས་འདིའི་ལམ་གྱི་གནད་འཆུགས་པ་ཙམ་དུ་རྩི་བར་མཛད་ འདུག་ཅིང༌། སྤྱིར་ཡང་མངོན་རྟོགས་བདུད་རྩི་འབྱུང་བ་མཛད་པ་པོ་རྗེས་འབྲང་དང་བཅས་ པས། བར་སྐབས་ཀྱི་མཁས་པ་རྣམས། ཆོ་ག་ལེགས་བསྡུས་བྱེད་ཅིང༌། བརྒྱུད་པ་ལུགས་ རྙིང་པ་རེ་ལ་འདེད་པ་ལ། གསང་སྔགས་ཀྱི་བསྟན་པ་རྩ་བ་ནས་བཤིག་ཚུལ་གྱི་ཚིག་རྩུབ་ དང་ཡི་གེའི་འཕྲེང་བ་མཐའ་ཡས་པ་ཞིག་བྱས་སྣང་ངོ༌། །དེ་ལ་འདི་ཆག་ལུགས་ཡིན་ཟེར་བ་ ནི། ཤིན་ཏུ་མི་བདེན་ཏེ་ཆག་ལོའི་སྒྲུབ་ཐབས་ཉིད་དང་བསྡུར་བས་ཤེས་སོ། །དེ་ཡང་ཇི་ལྟར་ ཞེ་ན། ཆག་ལོ་ཚོགས་ཞིང་གི་ཐོག་མར་ཚད་མེད་བཞི་བྱེད། མངོན་རྟོགས་བདུད་འབྱུང་དུ་ ཚོགས་ཞིང་གི་རྗེས་ལ་བྱས། ཆག་ཚོགས་ཞིང་གི་སྐབས་གང་དྲིན་མ་དང༌། ༀ་ཨཱཿན་མོ་བཛྲ་ དྷ་ར་ཡ་ཧཱུཾ་སོགས། བླ་མ་རྣམས་ལ་མཚན་སྔགས་ཀྱི་ཕྱག་འཚལ། ༀ་ཨཱཿན་མོ་པཉྩ་དེ་བ་ཏཱ་ ཨཱཏྨ་ཀ་ཤྲཱི་མཱད་རཀྟ་ཡ་མཱ་རི་མཎྜ་ལ་ཙཀྲ་ཡ་ཧཱུཾ། ཞེས་དཀྱིལ་འཁོར་དང༌། ༀ་ཨཱཿན་མོ་བུདྡྷ་བོ་ དྷི་ས་ཏྭེ་བྷྱོཿ ཞེས་སངས་རྒྱས་བྱང་སེམས་ལ་ཕྱག་འཚལ། བདུད་འབྱུང་དུ་ན་མོ་གུ་རུ་བྷྱཿདང་ ན་མཿསརྦ་ཏ་ཐཱ་ག་ཏ་ཤྲཱི་རཀྟ་ཡ་མ་རི་སོགས་ཀྱེ་རྡོར་ས་ལུགས་དང་འདྲ་བར་བྱས། ཆག་ཆུ་ གཉིས་ཀྱི་མཆོད་པ་མི་མཛད། དེ་ཆུ་གཉིས་ལྷག ཆག་རྡོ་རྗེ་མ་ལྔ་མཛད། དེར་ཆད། ཆག་ རྒྱུན་བཤགས་ཀྱི་རྗེས་སུ་ལུས་འབུལ་བ་དང༌། ཆོས་འཁོར་སྐོར་བ་དང༌། བཞུགས་གསོལ་ དང༌། རིགས་ལྔའི་སྡོམ་བཟུང་དང༌། གསོལ་བ་འདེབས་པ་རྣམས་མཛད་པ་ལས། དེར་དེ་ དག་ཐམས་ཅད་མི་བྱེད་དོ། །ཆག་ལོའི་མངོན་རྟོགས་ཀྱི་མཆན་བུ་ན་ཆོས་འབྱུང་ཡོད། དེ་ན་ མེད། ཆག་ལོའི་མངོན་རྟོགས་ཀྱི་དཀྱུས་ལྟར་ན་རྭ་གུར་གྱི་སྲུང་འཁོར་མེད་པ་ལས། དེར་ ཡོད། ཆག་ཕག་མོ་ཕག་ཞལ་མི་བཞེད་པ་ལས། ཁྱེད་ཀྱི་ཕག་ཞལ་འབད་པས་སྒྲུབས། ཆག་ རོ་ལངས་མ་ལ་ཕྱག་རྒྱ་ལྔ་མི་བཞེད་པ་ལས། ཁྱེད་ལྔ་ཆར་ལ་འདོད། ཆག་ཡུམ་ལྔ་གཅེར་ བུར་མི་བཞེད་པ་ལས། ཁྱེད་ཀྱི་གཅེར་བུར་སྒྲུབས། ཆག་སྐུ་གསུང་ཐུགས་བྱིན་རླབས་ཀྱི་ 24-1-520 ང་རྒྱལ་བཟུང་བའི་སྔགས་མི་མཛད་པ་ལས། ཁྱེད་ཀྱིས་བྱས། ཆག་དབང་བསྐུར་གྱི་ཚིགས་ བཅད། དབང་བསྐུར་ཆེན་པོའི་རྡོ་རྗེ་ནི་སོགས་ཀྱིས་བྱེད་ཅིང༌། སྔགས་ཀྱང་ཨ་བྷི་ཥེ་ཀ་ཏའི་ སྔགས་ཀྱིས་བྱེད་པ་ལ། ཁྱེད་ༀ་བཛྲཱིར་བྷཱ་བའི་སྔགས་ཀྱིས་བྱེད། ཚིགས་བཅད་མི་འདོན། ཆག་འགྲོ་བ་སྦྱང་བ་མཛད་པའི་རྗེས་སུ། ཐོག་མར་བཟླས་པ་དང་དེ་རྗེས་(རྡོར་བཟླས་)སེམས་ དམིགས་དང་(སྒྱུ་ལུས་)འོད་གསལ་དང༌། ཟུང་འཇུག་བསྒོམས་ནས་མཆོད་བསྟོད་(གསོལ་བཏབ་ ཡིག་བརྒྱ་རྗེས་བསྡུ་བསྔོ་བ་རྣམས་)བྱེད་པ་ཡིན་པ་ལ། ཁྱེད་མཆོད་བསྟོད་མི་བྱེད་ཅིང༌། འགྲོ་བ་སྦྱོང་ བའི་རྗེས་སུ་ཐོག་མར་འོད་གསལ་དུ་ལྡང་འཇུག་བྱས་ནས་བཟླས་པ་རྗེས་ལ་བྱེད་པས་གོ་ རིམ་དངོས་སུ་འགལ། རྡོར་བཟླས་དང་སེམས་ལ་དམིགས་པ་དང་སྒྱུ་ལུས་དང༌། ཐུན་གྱི་ མཐར་གསོལ་གདབ་ཡིག་བརྒྱ་སོགས་ཀྱང་ཁྱེད་མི་བྱེད། ཆག་དག་པ་དྲན་པ་ངག་ནས་མི་ བརྗོད། དོན་བསམ་ཚུལ་ཡང་ལྷ་དང་གཞལ་ཡས་ཁང་སྐྱེད་ཙམ་ཉིད་ནས་དེ་ལྟར་མོས་པ་ལ་ དགོངས་པས། དག་དྲན་རིམ་པ་ལོགས་པར་མི་འདོད་པ་ལས། ཁྱེད་ཀྱེ་རྡོར་ས་ལུགས་ཀྱི་ བག་ཆགས་བརྟས་པས། བཟླས་པའི་སྔོན་ལ་དག་དྲན་ཚིག་བཤར་མ་བྱེད། ཆག་གཏོར་ཆོག་ གི་མགོར་མཎྜལ་མཆོད་པ་མི་བྱེད་པ་ལ་ཁྱེད་ཀྱིས་བྱས། ཆག་ལོས་འབྱུང་པོ་ཐམས་ཅད་པའི་ གཏོར་ཆོག་དང༌། དྲུག་ཅུ་རྩ་བཞིའི་གཏོར་ཆོག་གཉིས་མཛད་པ་ལས། གཉིས་ཀར་ན་ཐོད་ པའི་ས་བོན་ཨཱཿཡིག་ཏུ་བྱས། ཁྱེད་ཀྱིས་དེ་འབད་པས་བཀག་ནས་ཧཱུཾ་དུ་བྱས། གཏོར་ཆོག་ དེ་གཉིས་ཀར་ནས་ཟླ་བའི་སྟེང་དུ་རྡོ་རྗེའི་དབྱུག་པ་བཤད་པ་ལས། ཁྱེད་ཀྱིས་རྡོ་རྗེ་ཀྱང་པར་ བྱས་སོ། །དེ་ལྟར་ན་མངོན་རྟོགས་ཉུང་ངུ་འདི་ཙམ་ལའང༌། མི་འདྲ་བ་དེ་སྙེད་གཅིག་ཡོད་ པས་རྫུན་གྱིས་སློབ་མ་རྣམས་ཀྱི་མགོ་སྐོར་ནས་ཅི་བྱེད། ད་ནི་སྒྲུབ་ཐབས་བདུད་རྩི་འབྱུང་ བ་ཞེས་བྱ་བ་རང༌མཆན་དང་བཅས་པ་དེ་ལ་ཅུང་ཟད་དཔྱད་པར་བྱ་སྟེ། ཚོགས་ཞིང་གི་ཕྱག་ མཆོད་ཀྱེ་རྡོར་མན་ངག་ལུགས་སུ་གྲགས་པའི་རིགས་འགྲེ་སྦྱར་བ་འདི། གཤེད་དམར་གྱི་ 24-1-521 གཞུང་གང་ན་ཡང་མེད་ཅིང༌། རྒྱུད་པ་འདིའི་ལུགས་ཀྱི་བླ་མའི་མན་ངག་གང་ལའང་མི་སྣང་ བས། བསྲེ་སླད་དུ་འགྱུར་བའི་ཕྱིར་མི་ལེགས་སོ། །(རྒྱུད་ལེའུ་བཅུ་དགུ་པ་ནས་བཤད་པའི་རྒྱུན་བཤགས་དེ་ འདིར་བྱེད་པ་མི་འཐད་དེ། སློབ་དཔོན་བིརྺས་རྒྱུད་དེ་ལ་བརྟེན་ནས་སྒྲུབ་ཐབས་འདི་མ་མཛད་པའི་ཕྱིར། འདི་ནི་འབུམ་ཕྲག་ གསུམ་པ་ལ་བརྟེན་པ་ཡིན་ལ། རྒྱུན་བཤགས་དེ་ནི་གུར་ནས་འབྱུང་བ་བཞིན་བྱེད་ཟེར། འོ་ན་གུར་ནས་འབྱུང་བའི་རྒྱུན་བཤགས་ ཀྱང་བྱེད་མི་རུང་བར་འགྱུར་ཏེ། སློབ་དཔོན་བིརྺས་མཛད་པའི་གཤེད་དམར་གྱིས་སྒྲུབ་ཐབས་འདི་རྡོ་རྗེ་གུར་ལ་བརྟེན་ནས་ བརྩམས་པ་མ་ཡིན་པའི་ཕྱིར་རོ། །ཡང་)སྲུང་འཁོར་གྱི་མཆན་བུ་ན། ཆག་ལོས་མ་མཛད་པས་མེད་ཀྱང་ ཆོག་ཟེར་བ་ཁྱབ་པ་ཤིན་ཏུ་མ་ངེས་ཞིང༌། དཔྱལ་ལུགས་ལ་རི་རབ་ཀྱི་རྩེར་སྲུང་འཁོར་བྱེད་ པ་འདིར་ཁ་བསྐང་བས་ལེགས་ཞེས(་སྨྲ་སྟེ)། དཔྱལ་ལུགས་ཀྱི་སྲུང་འཁོར་ཁ་བསྐང་བས་ཆོག་ ན། དཔྱལ་ལུགས་ལ་གདན་སྣ་ཚོགས། རྡོ་རྗེ་དང་སྒོ་སྲུང་བཞི་ཡང་ཡོད་པས་དེ་ལྟར་བྱས་ན་ ཁྱེད་ལ་ཇི་ལྟར་འཐད། ཁྱེད་ཀྱི་འདི་བིརྺ་པའི་གཞུང་ལ་དཔལ་འཛིན་སོགས་ཀྱི་གཞུང་ཡེ་ མ་འདྲེས་པར་བཞེད་ན། ཉི་གདན་གྱི་ས་བོན་ཨཾ་ལས་བྱེད་པ་འདི། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ དཔལ་འཛིན་གྱིས་མཛད་པ་ན་ཡོད་ཀྱི། བིརྺ་པའི་གཞུང་གང་ནའང་མེད། ཙརྩི་ཀ་སྐེམ་པ་ དང༌། ཕག་མོ་ཕག་ཞལ་དང༌། གཽ་རི་ལྗང་སྔོན་རྣམས་ཀྱང་དཔལ་འཛིན་གྱི་བཅུ་གསུམ་མ་ དང༌། བློ་གྲོས་བཟང་པོའི་གཞུང་སོགས་ལས་མཐོང་གི། བིརྺ་པའི་གཞུང་གང་ནའང་མི་ སྣང་ངོ༌། །ཡུམ་གཅེར་བུ་ཡང་བིརྺ་པའི་གཞུང་དངོས་བསྟན་ན་ནི་མི་གསལ། ཁྱེད་ཀྱི་ལུགས་ ལ་གཤེད་དམར་གྱི་གཞུང་གཞན་གྱི་ཁ་བསྐང་དུ་མི་རུང་བའི་ཕྱིར། འདིའི་ཁུངས་ཀྱང་ག་ན་ ཡོད། དག་པ་དྲན་པ་བཟླས་པའི་སྔོན་དུ་བྱེད་པ་ནི། བཟླས་པའི་རྗེས་ལ་དག་དྲན་གྱི་ཚིག་ གཞུང་ནས་འབྱུང་བ་དང་འགལ་ལོ། ། ཡང་མཎྜལ་མཆོད་ཆོག་རྒྱས་པ་ནི། བློ་གྲོས་བཟང་པོའི་ལུགས་ལྟར་ཡིན་གྱི་བིརྺ་པའི་ གཞུང་ལ་མེད་པས་མི་དགོས་ཞེས་ཟེར་ཅིང༌། རང་ཉིད་མཎྜལ་མཆོད་ཆོག་བསྡུས་པ་ཞིག་ 24-1-522 བྱེད། གློ་བོ་ལོ་ཙཱ་བའི་སྤྲོས་མེད་ཀྱི་མན་ངག་ལས་འབྱུང་བའི་ལུགས་ཡིན་ཟེར་ཏེ། གཞུང་ བརྒྱད་པོ་མ་གཏོགས་མཎྜལ་གཏོར་ཆོག་སོགས་བིརྺ་པས་མཛད་པར་(ནི་)ཁྱེད་མི་འདོད་ ལ། བི་རཱུ་པའི་གཞུང་ལས་བཤད་པ་ཁོ་ན་དགོས་ན། མཆོད་ཆོག་བསྡུས་པ་འདི་ཡང་གཞུང་ བརྒྱད་པོ་གང་ནས་ཀྱང་མ་བཤད་པས། འདི་བྱེད་པའང་ཤིན་ཏུ་འགལ། ཁྱེད་ཀྱི་འདི་ནི་གློ་ བོ་ལོ་ཙཱ་བའི་སྤྲོས་མེད་ཀྱི་དེ་ཡང་མ་ཡིན་ཏེ། ཤིན་ཏུ་མི་འདྲ་བ་ཆེ་བ་མངོན་སུམ་གྱིས་གྲུབ་ པའི་ཕྱིར། ཡང་དཔྱལ་ལོ་ཙཱ་བ་ནི་མཎྜལ་རྒྱས་པ་མཛད་ལ། གློ་བོ་ལོ་ཙཱ་བ་ཁུངས་སུ་རུང་ན་ དཔྱལ་ལོ་ཅིའི་ཕྱིར་མི་རུང༌། (རྣལ་འབྱོར་དབང་ཕྱུག་གི་གཞུང་དུ་མེད་སྙམ་པ་པཎྜི་ཏ་བློ་གྲོས་བཟང་པོ་ནི། གློ་བོ་ ལོ་ཙཱ་བའི་བླ་མའི་ཡང་བླ་མ་ཡིན་ཅིང༌། ལོ་ཙཱ་བའི་གདམས་ངག་རྣམས་ཀྱང་དེ་ལས་བརྒྱུད་པར་འདོད་ན། ལོ་ཙཱ་བ་ལས་སློབ་ དཔོན་དེ་ལྷག་པར་ཁུངས་ཆེ་བའི་ཕྱིར་དང༌། སློབ་དཔོན་དེའི་ལུགས་ཀྱང་བི་རཱུ་པའི་རྗེས་འབྲང་མ་ཡིན་པའི་རྒྱུ་མཚན་བཤད་ དུ་མེད་པའི་ཕྱིར། དེས་ཁ་སྐོང་དུ་ངེས་པར་རུང་ཞིང༌། དཔྱལ་པའི་མན་ངག་སོགས་ལའང་ཡོད་དོ།།) གཏོར་སྔགས་ཀྱི་ སྐབས་དཔའ་བོ་བཞི་དང༌། ལྷ་མོ་བཞིའི་སྔགས་རྣམས། ལས་སྒྲུབ་ཀྱི་ཆེ་བྱེད་ཀྱི་མཆོག་སྒྲུབ་ ཀྱི་ཆེ་མི་བྱེད་དོ་ཞེས་ཟེར་བ་ནི་ཤིན་ཏུ་འཁྱམས་པ་སྟེ། སྒྲུབ་ཐབས་ཆེ་བ་ལས་སྔགས་དེ་དག་ གཏོར་མའི་འཕྲོས་ལ་གསུངས་པ་ཡིན་པས། ལྷ་ལྔའི་གཏོར་ཆོག་རྒྱས་པའི་སྐབས་སུ་ངེས་ པར་བྱ་ལ། (གཞན་ཡང་)མཆོག་སྒྲུབ་ལ་སྔགས་དེ་དག་མི་དགོས་པའི་རྒྱུ་མཚན་ཅི། མཱ་ར་ཡ་ ཞེས་པ་ལ་སོགས་པ་བསད་སྔགས་ཡོད་པའི་ཕྱིར་སྙམ་ན། རྩ་སྔགས་དང་གཏོར་མའི་སྔགས་ རིང་སོགས་ལའང་མཚུངས་ཤིང་(ཀྱེ་རྡོར་གྱི་རྩ་སྔགས་སོགས་ལའང་འདྲའོ།།)ཡང་འདིར་ལས་སྒྲུབ་ཅེས་ བྱ་བ་ཅི་ལ་ཟེར། ལས་བཞི་ཅར་སྤྱི་ལྡོག་ནས་སྒྲུབ་པ་ལ་སྔོན་དུ་འགྲོ་བའི་སྔགས་ལ་ཟེར་ན་ ནི། བསྙེན་སྔགས་ཀྱང་ལས་སྒྲུབ་ཏུ་ཐལ་ཞིང༌། དེ་དང་མཆོག་སྒྲུབ་འགལ་བར་ཁྱེད་རང་ འདོད་པས། མཆོག་སྒྲུབ་པ་ལ་བསྙེན་སྔགས་མི་དགོས་པར་འགྱུར་རོ། །ཅི་སྟེ་ལས་ཉི་ཚེ་བ་ ཞིག་སྒྲུབ་པའི་སྔགས་ཡིན་ནོ་སྙམ་ན། ལས་གང་(འདྲ་)ཞིག་སྒྲུབ་པའི་སྔགས་ཡིན། དྲག་པོའི་ 24-1-523 འོ་སྙམ་ན། བྷ་ར་བྷ་ར་སམྦྷ་སམྦྷ་ར་ཞེས་སོགས་རྒྱས་པའི་སྔགས་འབྱུང་བ་དང་འགལ། ཞི་ རྒྱས་དབང་གསུམ་གང་རུང་ཞིག་ཡིན་ནོ་སྙམ་ན། མཱ་ར་ཡ་ཞེས་སོགས་བསད་སྔགས་འབྱུང་ བ་དང་འགལ། ཡང་འདི་ལས་ཚོགས་ཁོ་ན་སྒྲུབ་པའི་སྔགས་ཡིན་ན། འདི་ཉིད་ཀྱི་ལས་ ཚོགས་ཐུན་མོང་མ་ཡིན་པ་ཞིག་ཡོད་དམ་ཅི་ཡོད་ན་དེ་ཡང་གང་ཡིན། མེད་ན་འཁོར་ལོ་སྒྲུབ་ པའི་སྔགས་སམ་སྦྱིན་སྲེག་གི་སྔགས་སམ། གཏོར་མའི་སྔགས་གང་རུང་ལས་མ་འདས་ལ། དང་པོ་གཉིས་མ་ཡིན་པར་རང་གཞན་གཉིས་ཀ་ལ་གྲུབ། གཏོར་སྔགས་ཡིན་ན་ལས་ཕྱོགས་ ལྷུང་ཅན་སོ་སོའི་(གཏོར་སྔགས་)ཡིན་པ་བཀག་ཟིན། ལས་བཞི་ཐུན་མོང་གི་ཡིན་ན། བསྙེན་ པ་དང་སྒྲུབ་པའི་དུས་དང༌། རྒྱུན་གྱི་ཉམས་ལེན་གྱི་གཏོར་ཆོག་ལ་དགོས་པ་དེས་གྲུབ་པ་མ་ ཡིན་ནམ། མཆོག་སྒྲུབ་ཀྱི་སྐབས་ལས་བཞི་དོན་གཉེར་མི་རུང་ན། བདེ་དགྱེས་(གཤེད་གསུམ་ )སོགས་གནས་སྐབས་ཐམས་ཅད་དུ། ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་ བདག་ལ་སྩོལ། །ཅེས་བདག་ཉིད་རྒྱུན་དུ་ཁ་བཏོན་དུ་བྱེད་པ་འང་ཅི། ཁྱེད་ཀྱི་ཚིག་འདི་ལ་ དཔགས་ན། ལས་བཞི་སྒྲུབ་པ་ནི། ཚེ་འདིའི་རང་འདོད་དང༌། དགྲ་འདུལ་ཐབས་ཙམ་ཡིན་ ནོ་སྙམ་པ་སྙིང་ཁོང་དུ་བཅུག་པར་སྣང་སྟེ། རྡོ་རྗེ་འཆང་ལ་བསྐུར་འདེབས་དང༌། གསང་ སྔགས་ཀྱི་ཐེག་པ་ལ་ལོག་ལྟ་ཆེན་པོ་ཡིན་ནོ། །དེས་ན་ལས་བཞི་སྒྲུབ་པ་ནི་སེམས་ཅན་ ལ་ཕན་པའི་དོན་ཡིན་ལ། དེ་ལས་བསོད་ནམས་ཀྱི་ཚོགས་ཆེན་པོར་འགྱུར་ཞིང༌། ཚོགས་ བསགས་པ་ལས་དངོས་གྲུབ་མཆོག་ལ་རེག་པར་འགྱུར་བའི་ཕྱིར། ཐེག་པ་འདིར་ལས་སྒྲུབ་ ཐབས་ཐམས་ཅད་ཀྱང་མཆོག་སྒྲུབ་དང་འབྲེལ་བ་ཡིན་ནོ། །དེར་མ་ཟད་བསྐྱེད་རིམ་སྒོམ་པ་ ཐམས་ཅད་དང༌། བཟླས་པའི་སྤྲོས་པ་ཐམས་ཅད་ཀྱང༌། ལས་རབ་འབྱམས་དང་འབྲེལ་བ་ ཁོ་ན་ཡིན་ལ། ཁྱད་པར་གཏོར་མའི་ལས་ཐམས་ཅད་ལས་ཚོགས་སམ་ཐུན་མོང་གི་དངོས་ གྲུབ་གང་རུང་དང་འབྲེལ་འབའ་ཞིག་ཡིན་པས། གཏོར་མ་དང་སྦྱིན་སྲེག་གི་(རིགས་ལ་)ལས་ 24-1-524 སྒྲུབ་དང་མ་འབྲེལ་བ་མི་སྲིད་དོ། །དེས་ན་ལྷ་མོ་བཞིའི་སྔགས་(རིང་)གཏོར་སྔགས་ཡིན་མིན་ ལ་དཔྱད་པའི་སྐབས་འདི་ན། དེ་དག་གཏོར་སྔགས་སུ་མི་འདོད་པའི་རྣམ་རྟོག་འདི་འགངས་ ཆུང་གི །འདི་ལས་བརྩམས་ཏེ་ཁྱེད་ཀྱི་བསམ་པའི་ཁོང་ན། ལས་སྒྲུབ་དང་མཆོག་སྒྲུབ་འགལ་ བར་འཛིན་པ་དང༌། སྒྲུབ་པ་པོ་རྣམས་ལས་བཞི་དོན་གཉེར་མི་རུང་བ་དང༌། གཏོར་ཆོག་ རྣམས་ལས་ཚོགས་དང་མ་འབྲེལ་བ་དང༌། འཕྲིན་ལས་རྣམ་བཞི་བསོད་ནམས་ཀྱི་ཚོགས་ མ་ཡིན་པར་འདོད་པ་སྟེ་ལོག་རྟོག་ཆེས་ཆེ་བ་རྣམ་པ་བཞི་སྣང་ངོ༌། །གཞན་ཡང་གཏོར་ཆོག་ གི་མགྲོན་བསྐྱེད་པའི་སྐབས། ལྷ་བཅུ་གསུམ་(ཕྱོགས་སྐྱོང་)ལས་མ་བསྐྱེད་པ་ལ། བསྟོད་པའི་ སྐབས་སྔ་མ་རྣམས་ཀྱི་གསུང་ལ་རྟོག་དཔྱོད་མ་ཞུགས་པར། ཕྱོགས་སྐྱོང་བཅོ་ལྔའི་ཚོགས་ ལ་བསྟོད་ཅེས། ཁ་བཏོན་དུ་བྱེད་ཅིང་ཡི་གེར་འབྲི་བ་ནི། དྲན་པ་ཉམས་པའི་རྣམ་འགྱུར་མི་ བཟད་པ་སྟེ། རྣམ་དཔྱོད་དང་དྲན་པའི་མཐུ་འདི་འདྲ་བ་བཟུང་ན། དཔྱོད་ལྡན་ཆེན་པོར་རློམ་ པ་ནི། མདོ་ལས། གང་ཞིག་བྱིས་པ་བྱིས་པའོ་ཞེས་ཤེས་པ་དེ་འདིར་མཁས་པ་ཡིན། གང་ ཞིག་བྱིས་པ་མཁས་སྙམ་པ། །དེ་ནི་ཤིན་ཏུ་བྱིས་པར་བརྗོད། །ཅེས་གསུངས་པའི་དོན་ཐོག་ཏུ་ བབ་པའོ། ། ད་ནི་དེའི་ལུང་སྦྱོར་ལ། ཅུང་ཟད་དཔྱད་པར་བྱ་སྟེ། གཤེད་དམར་གྱི་ཆོས་སྐོར་འདི་ རྣམས་རྣལ་འབྱོར་དབང་ཕྱུག་བིརྺ་པའི་གཞུང་དུ་རྒྱ་བོད་ཀུན་ན་རྩོད་པ་མེད་(པས་སྒྲུབ་བྱེད་ འགོད་མི་དགོས་)ཀྱང༌། ཁྱེད་ཀྱི་རྒྱུ་མཚན་ལྟར་སྣང་འགའ་ཞིག་གིས་སྒྲུབ་པའི་ངལ་བ་བྱས། གྲུབ་ ཐོབ་བརྒྱད་ཅུའི་བསྟོད་པར་གྲགས་པ། བལ་པོའི་གཟོ་བོ་ཞིག་གི་བརྩམས་པ་ཁུངས་སུ་ བཞག་སྣང་ངོ༌། །དེ་ནི་ཐོག་མ་ཉིད་དུ་མི་མཛེས་པའི་སྐྱོན་ཡིན་ལ། དེ་ནས་འདི་སྐད་ཅེས། ལུགས་འདི་ནི་རྒྱུད་ལེའུ་བཅུ་དགུ་པ་ལ་བརྟེན་པ་མ་ཡིན་ཏེ། རྒྱུད་དེར་ཡེ་ཤེས་ཚོགས་གསོག་ གི་སྔགས་གཅིག་ལས་མ་གསུངས་ལ། འདིར་གསུམ་གསུངས་པ་དང༌། རྒྱུད་དེར་འབྱུང་བཞི་ 24-1-525 འདྲེས་པ་ལས་གཞལ་ཡས་ཁང་(བསྐྱེད་པར་)གསུངས་པ་དང༌། རྒྱུད་དེར་སྣ་ཚོགས་རྡོ་རྗེའི་ལྟེ་ བར་དབྱུག་པ་བསྒོམས་པ་ཞུ་བ་ལས། ལྷ་རྣམས་བསྐྱེད་པ་དང༌། འདིར་སྣ་ཚོགས་རྡོ་རྗེ་ཞུ་བ་ ལས་དབྱུག་པ་དང༌། དེ་ཞུ་བ་ལས་ལྷར་བསྐྱེད་པ་དང༌། རྒྱུད་དེར་ཐོད་པའི་ས་བོན་ཨཱཿར་ བཤད། འདིར་ཧཱུཾ་དུ་བཤད་པའི་ཕྱིར་ཞེས་པ་ནི་ཁྱབ་པ་མ་ངེས་ཤིང༌། མ་འབྲེལ་བ་ཁོ་ན་སྟེ། སྒྲུབ་ཐབས་ཀྱི་ཆིངས་སྤྱི་ལྡོག་ནས་ཕལ་ཆེར་འདྲ་བར་སྣང་བ་ལ། ཆ་ཤས་ཕྲ་མོ་ཙམ་གྱིས་སོ་ སོར་འབྱེད་མི་ཐུབ་སྟེ། ཨ་དང་ཧཱུཾ་ལས་སོགས་པའི་ཁྱད་པར་ཡིག་འབྲུ་རེ་རེ་ཙམ་ནི། དཔེ་ དག་མི་དག་གི་ཁྱད་པར་རམ། འགའ་ཞིག་འདམ་ང་ཡིན་པའི་ཕྱིར་རོ། །ཁྱད་པར་ཡེ་ཤེས་ ཚོགས་བསོག་གི་སྔགས་གཅིག་དང༌། གསུམ་གྱི་ཁྱད་པར་གྱི་དེ་ལྟར་འགྱུར་ན། བིརྺ་པའི་ གཞུང་ཆུང་ལས་སྔགས་གཅིག་ལས་མ་བཤད་ཅིང༌། ལྷ་ལྔའི་སྒྲུབ་ཐབས་ལས་གསུམ་བཤད་ ཅིང་། (ཆོ་གའི་ལྷག་མ་རྣམས་ལའང་རྒྱས་བསྡུས་མང་དུ་སྣང༌།) དེ་གཉིས་ཀྱང་བརྟེན་པོའི་རྒྱུད་ཐ་དད་ཡིན་ པར་འགྱུར་རོ། །གཞལ་ཡས་ཁང་དང་ལྷའི་བསྐྱེད་ཆོག་ཅུང་ཟད་མི་འདྲ་བ་ཡང༌། རྒྱུད་ཀྱི་ དངོས་བསྟན་ལ་མན་ངག་གིས། ཅུང་ཟད་ཁ་བསྒྱུར་བ་ཡིན་ནོ། །(གཞན་དུ་ན་སྒྲུབ་ཐབས་མཚོ་སྐྱེས་ ཀྱང་བརྟག་གཉིས་ཀྱི་དགོངས་འགྲེལ་མ་ཡིན་པར་འགྱུར་ཏེ་ཕྱག་མཚན་མི་འདྲ་བའི་ཕྱིར་དང༌། མི་ཐུབ་ཟླ་བས་བྱས་པའི་ཡན་ ལག་དྲུག་པ་ཡང་དེ་མིན་པར་འགྱུར་ཏེ། ཡན་ལག་དྲུག་ཆིངས་རྡོ་རྗེ་གུར་གྱི་རྗེས་སུ་འབྲངས་པའི་ཕྱིར་རོ།།) ཡང་འདི་སྐད་ ཅེས། ལས་ཚོགས་དང་འཁྲུལ་འཁོར་གྱི་སྐབས་སུ་ཡང་མི་འདྲ་བ་དུ་མ་ཞིག་སྣང༌ཞེས་པ་ནི། རྫུན་འབའ་ཞིག་སྟེ། འགལ་བ་ནི། ཅུང་ཟད་ཀྱང་མི་སྣང་ལ། རྒྱུད་ལས་གསུངས་ཚད་ དགོངས་འགྲེལ་གྱི་གཞུང་ཆུང་རྣམས་སུ་བྲི་མི་ལང་བས། རྒྱས་བསྡུས་ཅུང་ཟད་ཡོད་ཀྱང༌། དེས་མི་འདྲ་བར་མི་འགྲུབ་པའི་ཕྱིར་རོ། །ཡང་རྒྱུད་འདིའི་ལུགས་ཀྱི་ལྷ་ལྔའི་སྒྲུབ་ཐབས་སྒོམ་ པར་སྤྲོ་ན། རྒྱུད་ཀྱི་གོང་འོག་བསྒྲིགས་ནས་དཔལ་འཛིན་གྱི་བཅུ་གསུམ་མ་ལ་འདོར་ལེན་ བྱས་པས་ཆོག་པ་ཞིག་སྣང་ཞེས་ཟེར་བ་ནི། ཆེས་མ་རུངས་པའི་རྫུན་ཏེ་རྒྱུད་ཀྱི་ལེའུ་དང་པོ་ 24-1-526 ཉིད་ན། ལྷ་ལྔའི་སྒྲུབ་ཐབས་གསལ་ཞིང་རྒྱས་ལ་མ་འཛིངས་པར་(གསུངས་ཏེ་ཕྲན་བུ་མ་གཏོགས་) རྒྱུད་གོང་འོག་གི་འཁྲུགས་སྡེབས་དང་ཁ་སྐོང་ལ་མ་ལྟོས་པར་གསུངས་པའི་ཕྱིར་རོ། །དེས་ན་ འདི་ནི་ལུང་སྦྱོར་བྱེད་པ་པོ་འདི་ཉིད་ཀྱིས་རང་གི་འཁོར་ཚོགས་ཕལ་ཆེར་བླུན་པར་ཤེས་ ཤིང༌། མཁས་པའི་མིང་ཅན་ཚོགས་པ་རྣམས་ཀྱང༌། མགོ་སྐོར་བླ་བར་རིག་ནས། རང་ཉིད་ཀྱི་ སློབ་མ་རྣམས་ལ་བརྙས་ཐབས་མུ་མེད་པ་ལ་ཞུགས་པའི་རླ་རྩོལ་ལོ། །ཡང་འོ་ན་གང་ལ་ བརྟེན་ནས་མཛད་སྙམ་ན། འཁྲུལ་འཁོར་ཕྲེང་བར་འབུལ་ཕྲག་གསུམ་པ་ལས་ཕྱུང་བ་ཞེས་ འབྱུང་བས། འཕགས་པའི་ཡུལ་ན་རྒྱུད་འབུམ་ཕྲག་གསུམ་པ་ཞིག་ཡོད་སྣང་བས། དེ་ལ་ བརྟེན་ནས་མཛད་དོ། །དེ་ལྟར་རྒྱུད་གཞུང་སོ་སོ་ནས་གསུངས་པ་རྣམས་ཕན་ཚུན་མི་སྲེ་བར། རང་རང་གི་ཆོས་སྐད་རྐང་ཚུགས་དགོས་ཟེར་ཏེ། རྩོད་པའི་དུས་འདིར་རྩ་རྒྱུད་རྒྱས་པ་ འཕགས་པའི་ཡུལ་ན་མེད་པར། སེམས་འགྲེལ་སོགས་ནས་ཡང་ཡང་གསུངས་པ་བཞིན་ ཡིན་པས། འབུམ་ཕྲག་གསུམ་པའི་རྒྱུད་རྒྱ་གར་གྱི་སྔགས་པ་རྣམས་ལ་ཐུན་མོང་གི་སྤྱོད་ཡུལ་ དུ་ཡོང་དོན་མེད་ལ། (བིརྺས་མངོན་ཤེས་ཀྱིས་གཟིགས་ནས་མཛད་ཅེས་ཀྱང་མི་བྱ་སྟེ་)མི་ཡུལ་དུ་མངོན་དུ་མ་ གྱུར་པ་རྣམས་ལ་བརྟེན་ནས་མཛད་ཅེས་བརྗོད་ཀྱང༌། དཔྱོད་ལྡན་རྣམས་ཡིད་ཆེས་པའི་ གནས་སུ་ཡང་མི་འགྱུར་རོ། །(སྤྱིར་ནི་)བསྡུས་རྒྱུད་རྣམས་ལས་མ་གསུངས་པ་མང་པོ་ཞིག རྩ་ རྒྱུད་ན་ཡོད་པ་ནི་ཡིན་མོད་ཀྱང་བསྡུས་རྒྱུད་ནས་ཇི་ཙམ་ཡོད་པ་ཐམས་ཅད། རྩ་རྒྱུད་ན་ཡོད་ པ་ཁོ་ན་ཡིན་པའི་ཕྱིར། བསྡུས་རྒྱུད་ལ་བརྟེན་པ་དེ་རྩ་རྒྱུད་ལ་ཡང་བརྟེན་པར་འགྱུར་རོ། ། འབུམ་ཕྲག་གསུམ་པ་ལས་ཕྱུང་བ་ཞེས་པའི་ཚིག་དངོས་བསྟན་ལྟར་ན། དེ་ལ་བརྟེན་ནས་ སློབ་དཔོན་གྱི་བརྩམས་པར་མི་འགྲོ་ཡི། རྒྱུད་ཀྱི་ཚིག་དུམ་བུ་དག་ལོགས་སུ་ཕྱུང་བར་ གསལ་ལ། གཞུང་དེ་(གཞུང་དེ་རྩ་རྒྱུད་ལ་བརྟེན་པའི་)རྩ་རྒྱུད་ཀྱི་དུམ་བུ་(ག་འདྲ་ཞིག་)ཡིན་དུ་ཆུག་ཀྱང༌། གཞུང་གཞན་རྣམས་དེ་ལྟར་ཡིན་མི་དགོས་ཏེ། རྩོམ་པ་པོ་གཅིག་ཡིན་ཀྱང་རྒྱུད་ཐ་དད་པའི་ 24-1-527 དགོངས་འགྲེལ་སྣ་ཚོགས་པ་མང་དུ་རྩོམ་པའི་ཕྱིར་རོ། །དཔེར་ན་(གྲུབ་ཆེན་)རྡོ་རྗེ་དྲིལ་བུ་པས་ ལུས་དཀྱིལ་གྱི་སྒྲུབ་པ་བདེ་མཆོག་རྩ་རྒྱུད་ལ་བརྟེན་ཅིང༌། དབང་ཆོག་(ནི་རྒྱུད་)རྡོ་རྗེ་ཕྲེང་བ་ ལ་བརྟེན་ནས་བརྩམས་པ་ལྟ་བུ་དང༌། ཨཱརྱ་དེ་བས་རྫོགས་རིམ་ཤིང་གཅིག་པའི་བཀའ་ འགྲེལ། གདན་བཞི་ལ་བརྟེན་པ་ཡིན་ཀྱང་། སྤྱོད་བསྡུས་སྒྲོན་མེ་གདན་བཞི་ལ་བརྟེན་ནས་ བརྩམས་མི་དགོས་པ་བཞིན་ནོ། །རང་རང་གི་ཆོས་སྐད་ཚུགས་པ་དགོས་སྐད་པ་ཡང་། མདོ་ སྔགས་ལ་མཁས་ཆུང་(ཕྱོགས་ཞེན་ཅན་)རྣམས་ཀྱི་ཁ་རྒྱུགས་ཏེ། སྤྱིར་དེ་བཞིན་གཤེགས་པའི་ བསྟན་པ་རྣམ་དག་ཐམས་ཅད་ཆོས་སྐད་ཅིག་པ་ཡིན་པ་དང༌། དགོས་སུ་ཐེག་པ་གཅིག་ལ་ ཆོས་སྐད་འགལ་བ་ཐ་དད་པ་གཉིས་མི་འབྱུང་བའི་ཕྱིར། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐ་དད་ པ་རྣམས་ཀྱང་ཆོས་སྐད་གཅིག་ཡིན་ན། ཁྱེད་ཆོས་སྐད་ཐ་དད་ཀྱི་ས་མཚམས་གང་ལ་བྱེད། སྒྲུབ་ཐབས་སོ་སོ་བརྗོད་བྱའི་རྣམ་གྲངས་ཐ་དད་པ་ཙམ་གྱི་ཆོས་སྐད་ཐ་དད་པར། འགྲོ་ན་ནི། བིརྺ་པའི་གཞུང་བརྒྱད་པོ་ལ་ཡང་ཆོས་སྐད་ཐ་དད་པ་བརྒྱད་ཡོད་པར་འགྱུར་རོ། །དེ་ནས་ (ཡང་)བོད་ཀྱི་གཤེད་དམར་ཀྱི་ལུགས་གཞན་རྣམས་སྐྱོན་ཅན་དང༌། ཆག་ལུགས་སྐྱོན་མེད་ ཡིན་ཅིང་། ངེད་ཀྱང་དེའི་རྗེས་སུ་འབྲང་ཟེར་བ་ནི་མི་བདེན་ཏེ་གོང་དུ་བཤད་ཟིན་ནོ། །ཡང་ ལུས་དང་ངག་དང་ཡིད་ཀྱི་སྡིག་ཅེས་སོགས་རྒྱུན་བཤགས་དང༌། ༀ་ཧྲཱིཿཥྚི་(གཞན་ཡང་བསྟན་པ་ གཅིག་ལ་ཆོས་སྐད་ཐ་དད་པ་དུ་མ་བྱུང་བ་ནི། དབྱེན་དང་སེལ་གྱི་བསྟན་པ་རྣམ་པ་དུ་མར་གྱེས་པའི་རྟགས་སུ་འགྲོ་བ་ཤས་ཆེ། ལེགས་ལམ་རྨད་དུ་བྱུང་བའི་རྟགས་མ་ཡིན་པ་མང་སྟེ། སྐྱོན་ལ་ངོ་སོར་སྒྲོག་གམ་ཅི།) ཧ་ཞེས་སོགས་ཉེར་སྤྱོད་ཀྱི་ སྔགས། དམར་ནག་གི་རྒྱུད་ལེའུ་བཅུ་དགུ་པ་དང་བཅོ་བརྒྱད་པ་ནས་བཤད་(ཀྱང་འདིར་ཁ་མི་སྐོང་ སྟེ་རྒྱུད་དང་གཞུང་གཉིས་མི་འདྲ་བའི་ཁྱད་པར་ཆེ་བས་སོ།།)ཟེར་བ་ཡང༌། ཆེས་འཁྲུལ་ཏེ། (ཧྲཱིཿཥྚི་ཧ་སོགས་ཀྱི་ སྔགས་ནི་ད་ལྟ་འགྱུར་བའི་དམར་ནག་གི་རྒྱུད་གང་ནའང་མེད་ལ་རྒྱུན་བཤགས་དེ་ཡང་ནག་པོའི་རྒྱུད་ན་མེད་པའི་ཕྱིར་དང༌།) ཧྲཱིཿཥྚི་ཧ་ནི་མཆོད་ཡོན་གྱི་སྔགས་ཡིན་གྱི་ཉེར་སྤྱོད་ཀྱི་སྔགས་མིན་པས། འདི་ཡང་ཚིག་ལ་ 24-1-528 འཁྲུལ་ལོ། །ཚོགས་ཞིང་གི་སྐབས་ཕྱག་དང་ཉེར་སྤྱོད་(ཀྱི་སྔགས་དང་)རྒྱུན་བཤགས་(དང་)ཚོགས་ ཞིང་གཤེགས་གསོལ་རྣམས། ཆག་ལོའི་སྒྲུབ་ཐབས་ལྟར་ཡིན་ཟེར་བ་ཡང་མི་བདེན་ཏེ། ཕྱག་ དང་རྒྱུན་བཤགས་ལ་མི་གཅིག་ཚུལ་གོང་དུ་བསྟན་པ་ལྟར་ཡིན་ལ། ཆག་ལོའི་སྒྲུབ་ཐབས་ན་ ཉེར་སྤྱོད་ཀྱི་སྔགས་མེད(་པ་དང༌)། གཤེགས་གསོལ་ཡང་སྒྲུབ་ཐབས་ཀྱི་མཆན་བུ་འགའ་ལ་ ཡོད་ཀྱི་སྒྲུབ་ཐབས་དངོས་ན་འདུག་པ་མ་མཐོང་ངོ༌། །ཡང་གཞལ་ཡས་ཁང་གྲུབ་པ་ དང༌མཉམ་དུ་སྲུང་འཁོར་སྒོམ་པ། སློབ་དཔོན་ལཱུ་ཡི་པ་སོགས་བཞེད་པས། དེ་དང་ཆ་འདྲ་ ཟེར་བ་ནི་འབྲེལ་མེད་དེ། བིརྺའི་ལུགས་ཀྱི་གཤེད་དམར་འདི། གཤེད་དམར་ལུགས་གཞན་ དང་འདྲེས་ན་མི་རུང་ལ། བདེ་མཆོག་ལཱུ་ཡི་པ་དང་བསྲེ་དགོས་པའི་རྒྱུ་མཚན་ཅི། འོན་ཏེ་ལཱུ་ ཡི་པ་དང་བསྐྱེད་ཚུལ་གཅིག་པས་སོ་སྙམ་ན། ཤིན་ཏུ་མི་གཅིག་སྟེ་ལཱུ་ཡི་པའི་ལུགས་ལ་ནི། མངོན་བྱང་ལྔ་ལས་རྟེན་དང་བརྟེན་པ་དུས་གཅིག་ཏུ་བསྐྱེད་པ་ཡིན་ལ། འདིར་ནི་གཞལ་ ཡས་ཁང་སྔོན་ལ་བསྐྱེད་དེ། ལྷ་རྣམས་ཀྱང་མངོན་བྱང་ལྔ་ལས་མ་ཡིན་པར་ཆོ་ག་གཞན་ལས་ སོ། །ཡང་བཅུ་གསུམ་མ་ལ་གཏི་མུག་རྡོ་རྗེ་ཟླ་གདན་དང༌། གཞན་གསུམ་ལ་ཉི་གདན་བཤད་ ཀྱང༌། འདིར་ཕྱག་དང་ཞབས་དཔའ་བོ་ལྟ་བུའོ་ཞེས་པའི་རིག་པས། ཐམས་ཅད་ཉི་གདན་དུ་ རིགས་ཏེ། བློ་གྲོས་བཟང་པོས་ཀྱང་ལྷ་ལྔའི་སྒྲུབ་ཐབས་སུ་དེ་ལྟར་བཤད་དོ་ཟེར་བ་ནི། གཏད་མེད་ཀྱི་ཉམས་བྱུང་རྒྱལ་དུ་བསྐྱངས་པའི་ཚིག་སྟེ། ཕྱག་ཞབས་དཔའ་བོ་ལྟ་བུའོ་ཞེས་ པ་ནི་ཡུམ་རྣམས་ཡབ་དང་རྣམ་པ་མཚུངས་པར་སྟོན་པའི་ཚིག་ཡིན་པས། གཏི་མུག་གཤིན་ རྗེ་གཤེད་ཀྱི་ཟླ་ཉིའི་གདན་གང་གི་ཡང་རྒྱུ་མཚན་དུ་མི་འགྱུར་ལ། གཞུང་འདིར་མི་གསལ་བ་ བློ་གྲོས་བཟང་པོའི་སྒྲུབ་ཐབས་ཀྱི་ཁ་འགེངས་པ་ནི། རང་གིས་སྔ་ཕྱི་ཐམས་ཅད་དུ་ལུགས་ འདི་ལ་བཅུ་གསུམ་མ་དང་བློ་གྲོས་བཟང་པོའི་སྒྲུབ་ཐབས་རྒྱུད་གཉིས་དང་བཅས་པས་ནི་ ནམ་དུ་ཡང་ཁ་འགེངས་སུ་མི་རུང་ངོ་ཞེས། ཡང་ནས་ཡང་དུ་སྨྲས་པ་རང་གིས་སུན་ཕྱུང་བའི་ 24-1-529 ཕྱིར་རོ། །གཞན་ཡང་ཚིག་གི་སྦྱོར་ཚུལ་འདི་(རིགས་ལ་)ནི། བཅུ་གསུམ་མའི་གཏི་མུག་གཤིན་ རྗེ་གཤེད་ལ་ཟླ་གདན་བཤད་ཀྱང་ཉི་གདན་རིགས་ཏེ། ལྷ་ལྔའི་གཞུང་ལས་ཡུམ་གྱི་ཕྱག་ ཞབས་ཡབ་དང་འདྲ་བར་བཤད་པས་སོ་ཞེས་པར་སོང་བས། བཞད་གད་འཕེལ་བ་ཁོ་ནར་ ཟད་དོ། །སྤྱིར་ལྷ་ལྔ་ལ་ནང་གི་སྣ་ཚོགས་རྡོ་རྗེའི་གདན་མི་དགོས་ཀྱང༌། དཔྱལ་ལུགས་པ་ རྣམས་དེ་ལྟར་འདོད་པ་ལ། གཞུང་ཆག་འགྱུར་གྱི་ལུང་དྲངས་ནས་འགོག་པ་ཡང༌། དགག་ སྒྲུབ་མི་ཤེས་པའི་རྣམ་འགྱུར་ཆེན་པོ་ཡིན་ནོ། །ཡང་གཞུང་ཆེ་བ་ལས་གཤིན་རྗེའི་གདན་མི་ གསལ་ཡང༌། གཞུང་ཆུང་བར་གཤིན་རྗེ་འཇིགས་པར་མཛད་པ་ཞེས་བཤད་པས། གཤིན་ རྗེའི་གདན་ཟིན་ཟེར་ཏེ་དེ་ལྟ་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་པས་ཀྱང༌། འཇིག་རྟེན་གསུམ་གྱི་གདན་བསྟན་པར་ཐལ་ལ། (ཡང་འདི་སྐད་དུ་)བློ་གྲོས་བཟང་པོས། མ་ཧེ་ ཡི་ནི་རྒྱབ་གནས་སུ། །གཤིན་རྗེ་སྒྱེལ་ཞིང་འཇིགས་མཛད་པ། །ཞེས་གཤིན་རྗེའི་གདན་ བཤད་པ་དང༌། ཕག་མོ་ཕག་ཞལ་ཅན་དུ་བློ་གྲོས་བཟང་པོ་དང་དཔལ་འཛིན་གྱི་ལུང་གིས་ སྒྲུབ་པ་ཡང༌། བིརྺ་པའི་གཞུང་དུ་མི་འབྱུང་བ། ལུགས་དེ་དག་ནས་ཁ་བསྐང་བར་སོང་བས། རང་གིས་རང་ཉིད་སུན་ཕྱུང་བ་སྔར་དང་འདྲ་ལ། ཁྱེད་རང་གི་དམ་བཅའ་ལྟར་ན། ཉི་གདན་ དང་གཤིན་རྗེའི་གདན་དང་ཕག་ཞལ་རྣམས་ཀྱི་སྒྲུབ་བྱེད། བིརྺའི་གཞུང་འདི་རྣམས་ན་མི་ གསལ་བས། ས་ལུགས་ཀྱཻ་རྡོར་མན་ངག་ལུགས་སུ་གྲགས་པ་ནས་འཚོལ་དགོས་སོ། ། (མཚམས་ཀྱི་བུམ་ཐོད་བཞི། ཁ་ཅིག་མཚམས་ཀྱི་གཤིན་རྗེ་བཞིར་འདོད་ཀྱང་གཞན་དག་མཆོད་པ་བཞིར་འདོད་པ་ལེགས་ཏེ། བདེ་མཆོག་དང་མཐུན་ནོ་སྐད་ཟེར་བ་ནི་ངེས་པ་གང་ཡང་མ་ཐོབ་པར་རྡོལ་ཐབས་སུ་སྨྲས་པ་སྟེ། བདེ་མཆོག་དང་མཐུན་པར་ དགོས་པའི་ངེས་པ་ཡང་མེད་ལ། བདེ་མཆོག་གི་སྐབས་ན་ཡང་མཆོད་པ་ཁོ་ནར་མ་ངེས་པ་དང་། མཆོད་པ་ཡིན་པ་དང་གཤིན་རྗེ་ མཚན་པ་གཉིས་དོན་གཅིག་ཏུ་འདུ་བ་ལ་ཡང་མི་རུང་བ་གང་ཡང་མེད་པས་སོ།།) ཡང་ལྷ་རྣམས་བསྐྱེད་གྲུབ་ནས་ གཙོ་བོའི་ཐུགས་ཀར་ཕྱག་མཚན་ཧཱུཾ་དང་བཅས་པ། ལུས་ཀྱི་ནང་དུ་བསྒོམས་ནས་ཤེལ་ལ་མེ་ 24-1-530 ཏོག་གི་གཟུགས་བརྙན་ཤར་བ་ལྟར་བསམ་དགོས་ཏེ་སློབ་དཔོན་དཔལ་འཛིན་གྱིས། ཇི་ ལྟར་དྭངས་པའི་ཤེལ་དག་ལ། །ཛ་བའི་མེ་ཏོག་དྲུང་དུ་བཞག །ཛ་བའི་མེ་ཏོག་དེ་མཚུངས་པ། ། རབ་ཏུ་གསལ་བར་སྣང་བར་འགྱུར། །དེ་བཞིན་དེ་དབུས་ཉི་མར་གནས། །གསལ་བ་དེར་ སོན་གདན་དག་ལ། །མར་མེ་འབར་བའི་རྩེ་མོ་ལྷའི། །ཧཱུཾ་གི་རྣམ་པར་རབ་ཏུ་བསམ། །ཞེས་ འདྲེན་པ་ནི་རང་གི་དེ་ཉིད་སྟོན་པ་སྟེ་ཤེལ་གྱི་དྲུང་དུ་ཛ་བའི་མེ་ཏོག་བཞག་པས་ཤེལ་ཁ་དོག་ དམར་པོར་སྣང་བ་དང་མཚུངས་པར་(ཤེལ་དང་མཚུངས་པའི་དབྱུག་པ་དཀར་པོ་ཡིན་ཡང་ཛ་བའི་མེ་ཏོག་ལྟར་ དམར་བའི་ཧཱུཾ་གི་འོད་བབས་པས། དབྱུག་པ་དེ་ཡང་དམར་བའི་མདངས་ཅན་དུ་གྱུར་པའི་དོན་ཏེ་དེ་ལྟར་དབྱུག་པ་ལ།) ཧཱུཾ་ སྒོམ་པར་སྟོན་པ་ལ། ཤེལ་ལ་མེ་ཏོག་གི་གཟུགས་བརྙན་ཤར་བ་ལྟ་བུ་ཞེས་པར་འཁྲུལ་ འདུག་པའི་ཕྱིར་རོ། །རྩ་ཐིག་བྱིན་རླབས་ཀྱི་སྐབས་ན་ཡང་ཁྱེད་ཀྱིས། སྤྱི་བོའི་བདུད་རྩི་ལས་ འཐོན་པ་རེ་ཁཱ་དཀར་པོ་གསལ་བར་བྱ། ཤེས་རབ་འཕེལ་བ་ཉེར་གནས་གང༌། །ཞེས་དཔལ་ འཛིན་གྱི་ལུང་དྲངས་ནས། ཡུམ་གྱི་སྤྱི་བོའི་ཐིག་ལེ་ལྟེ་འོག་གི་ཧྲཱིཿཡིག་ལ་འབབ་པ་བསྒོམས་ པས། ལྟེ་བ་སྤྲུལ་འཁོར་དྲོད་ཀྱི་གནས་དང༌། སྤྱི་བོའི་འཁོར་བདེ་བའི་གནས་གཉིས་ལ་ གནད་དུ་སྣུན་པས། རླུང་ཨ་ཝ་དྷཱུ་ཏིར་ཚུད་པས་གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་སྟོང་ ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེ་བས་ན། ཤེས་རབ་འཕེལ་ལོ་ཞེས་བྱ་ཡི། འདི་བསྒོམས་པས་འཛིན་ བློ་སོགས་ཀྱི་ཤེས་རབ་སྐྱེ་བ་མིན་ཟེར་རོ། །དཔལ་འཛིན་གྱི་གཞུང་ན། ཤེས་རབ་ལྟེ་འོག་ མཚོ་སྐྱེས་ནི། །ཞེས་པའི་ལུང་དྲངས་ནས། ལྟེ་བ་སྤྲུལ་འཁོར་གྱི་བཤད་པ་བྱེད་པ་ནི། རྣམ་ དཔྱོད་རྩིང་པོའི་རྟགས་བསྟན་པ་ཡིན་ལ། བིརྺ་པའི་གཞུང་ལས་ཡུམ་གྱི་ལྟེ་བའི་ཁར་ཞེས་ འབྱུང་བས། སྤྲུལ་འཁོར་ལ་བཤད་ཀྱང་མི་འགལ་མོད་ཀྱི། མདུན་དུ་སྒོམ་པའི་ལྷ་མོའི་ལྟེ་བ་ ལ་དེ་ལྟར་བསྒོམས་པས། རང་ལུས་ལ་གནད་དུ་སྣུན་པར་མི་འགྱུར་ལ། སྟོང་ཉིད་རྟོགས་ ཀྱང་འཛིན་བློ་སོགས་གང་ཡང་མི་སྐྱེ་བར་ཤིན་ཏུ་རྨོངས་པ་ཉིད་ལ་སྡོད་(པར་འདོད་)ཆེས་བཞད་ 24-1-531 གད་ཀྱི་གནས་ཡིན་ཏེ། ཚད་ལྡན་གྱི་གཞུང་རྣམས་ལས་ནི། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། ། མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཇི་ལྟར་སྒོམ་ མི་བྱེད། །ཅེས་སྟོང་ཉིད་བསྒོམས་པས་ཐམས་ཅད་མཁྱེན་པར་འགྱུར་བར་བཤད་ན། ཁྱེད་ཀྱི་ འདི་རེ་མཚར། འདི་ལྟ་བུའི་བསམ་གཏན་བསྒོམས་པས། འཛིན་བློ་སོགས་ཀྱི་ཤེས་རབ་སྐྱེད་ པར། སྒྲུབ་ཐབས་རྒྱ་མཚོ་སོགས་ནས་མང་དུ་བཤད་གདའ་བས། གཞུང་དེ་དག་ཞིབ་པོར་མ་ བལྟས་པའི་སྐྱོན་ནོ། །(འདིར་སྲོང་པོར་སྨྲ་བས་བརྗོད་པར་བྱ་སྟེ། བསྐྱེད་རིམ་གྱི་སྐབས་སྟོང་ཉིད་རྟོགས་པའི་ཤེས་རབ་ བསྐྱེད་པའི་ཐབས་ནི་སྤྱིར་ཐམས་ཅད་ཡིན་མོད། ཁྱད་པར་གྱི་དུས་ནི་ཡེ་ཤེས་ཚོགས་བསོག་དང༌། འོད་གསལ་དང་། བསྡུ་བ་ དང༌། དག་པ་དྲན་པ་གསུམ་ཡིན་ལ། བདེ་བ་སྐྱེད་པའི་དུས་ནི་རྗེས་ཆགས་དང༌། སྐབས་འདི་ཡིན་གྱི་ངེས་མེད་ཅལ་ཅོལ་སྨྲ་བར་ མི་བྱའོ།།) འདིར་བརྗོད་པ། བསམ་གཏན་འདི་བསྒོམས་པས་འཛིན་བློ་སོགས་མི་བསྐྱེད་པའི་ སྒྲུབ་བྱེད་དུ། ཁྱེད་ཉིད་ཀྱིས་བསམ་གཏན་དེ་ཐུན་གཅིག་ཀྱང་མ་བསྒོམས་པས། འཛིན་བློ་ སོགས་ཀྱི་ཤེས་རབ་མ་སྐྱེས་པའི་ཕྱིར་དང༌། ཁྱེད་ཉིད་ཀྱི་སློབ་མ་རྣམས་ཀྱིས་ཀྱང་ངོ༌། །ཞེས་ པའི་རིག་པ་འདི་འདྲ་ཐུགས་ལ་ཤར་བ་འདྲའོ། །ཞེས་བཞད་གད་ཀྱང་བྱའོ། །ཡང་འདི་སྐད་ ཅེས་དཀྱིལ་འཁོར་ལ་སེམས་འཛིན་པ་ནི་སྤྲུལ་སྐུ་ལམ་བྱེད། སྙོམས་འཇུག་གི་བདེ་བ་སྒོམ་ པ་ནི་ལོངས་སྐུ་ལམ་བྱེད། ཤེས་རབ་འཕེལ་བ་འདི་བསྒོམས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས་པ་ ན། དེ་ལ་སེམས་འཇོག་པ་ནི་ཆོས་སྐུ་ལམ་བྱེད་ཟེར་ཏེ། འདིའི་ལྟར་ན་རླུང་སེམས་དབུ་མར་ འགགས་པ་ལ་བརྟེན་ནས་སྟོང་ཉིད་ཀྱི་ལྟ་བ་མ་སྐྱེས་ཀྱི་བར་དུ། ལས་དང་པོ་པ་ལ་སྐུ་གསུམ་ ལམ་བྱེད་མ་ཚང་བར་འགྱུར་ཏེ། དེ་ལྟ་བུའི་སྟོང་ཉིད་རྟོགས་ཚུལ་དེ་ནི། བསྐྱེད་རིམ་ཙམ་ལ་ ལྟ་ཅི་སྨོས། རྫོགས་རིམ་གྱི་ཡང་ཉམས་རྟོགས་མཐོན་པོར་མ་སོང་གི་བར་དུ་མི་འབྱུང་ངོ༌། ། (ཡང་འདི་སྐད་དུ་)དབང་བསྐུར་བའི་རྗེས་སུ་ཡེ་ཤེས་པ་འཇུག་པ་ཕ་རྒྱུད་དང༌། དེ་ཉིད་གོ་ཟློག་ པ་མ་རྒྱུད་ཀྱི་ལུགས་ཡིན་ཞེས་པ་འཐད་པར་གནང་མོད། ཤེས་བྱེད་ཀྱི་གཞུང་བརྟག་གོ་ཟེར་ 24-1-532 བ་ནི། རྫུན་རྒྱབ་རྫུན་གྱིས་གནོན་པ་སྟེ། གསང་འདུས་ཡེ་ཤེས་ཞབས་ལུགས་ལ་སོགས་པ་ ཕ་རྒྱུད་ཀྱི་སྒྲུབ་ཐབས་འབྱམས་ཀླས་པ་ཞིག་ན། ཡེ་ཤེས་པ་བསྲེས་པའི་རྗེས་ལ་དབང་བསྐུར་ མཛད་པའི་ཕྱིར་རོ། །ཡང་འདི་སྐད་ཅེས་བསྙེན་སྒྲུབ་ཡན་ལག་བཞིས་འཆིང་བ་འདི། རྣལ་ འབྱོར་དབང་ཕྱུག་བིརྺ་པའི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་ཞེས་པ་དང༌། གསང་འདུས་ ཡེ་ཤེས་ཞབས་ལུགས་པ་རྣམས་དང་མཚུངས་པར་སྣང་ངོ༌། །ཞེས་ཟེར་བ་འགལ་ཏེ། བིརྺའི་ ཐུན་མོང་མ་ཡིན་པ་དེ། ཞབས་ལུགས་པ་དང་ཐུན་མོང་བར་ཇི་ལྟར་འགྱུར། (གསང་འདུས་ཞབས་ ལུགས་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་དང༌། འདིའི་ཡན་ལག་བཞི་དོན་གཅིག་གྱུ་བ་བྱེད་པར་སྣང་སྟེ། སྤྱི་རོལ་བསྐྱེད་ནས་དབང་ ཆེའི་ཚིག་སྨྲ་བར་ཟད་དེ། ཞབས་ལུགས་ལ་ནི་ལྷ་དམ་ཚིག་པ་བསྐྱེད་ནས། བྱང་ཆུབ་མཆོག་གི་ང་རྒྱལ་བསྐྱེད་པ་བསྙེན་པ་དང༌། སྐྱེ་མཆེད་དྲུག་སོགས་བྱིན་གྱིས་བརླབས་པ་ཉེར་སྒྲུབ་དང༌། རྡོ་རྗེ་གསུམ་བྱིན་གྱིས་བརླབས་པ་སྒྲུབ་པ་དང༌། སེམས་དཔའ་སུམ་ རྩེག་དང་དབང་བསྐུར་རྒྱས་བཏབ་སྒྲུབ་ཆེན་དུ་མཛད་དེ་སྒྲུབ་ཐབས་ཁ་ཅིག་ལ་རྒྱུ་འབྲས། རྡོ་རྗེ་འཛིན་པའི་དབྱེ་བ་གཉིས་ཡོད་ པ་དང༌། ཁ་ཅིག་ལ་ཡེ་ཤེས་སྤྱན་འདྲེན་ཡོད་པ་རྣམས་ཀྱང་བསྙེན་པའི་ཡན་ལག་ཏུ་བསྡུའོ། །འདི་ལ་ནི་སེམས་དཔའ་སུམ་རྩེག་ བསྙེན་པར་བསྡུས་པ་དང༌། རྗེས་ཆགས་དང་རྩ་ཐིག་བྱིན་རླབས་སྒྲུབ་པར་བྱས་པ་དང༌། ཡེ་ཤེས་དགུག་གཞུག་ཉེར་སྒྲུབ་ཆེན་ པོར་བྱས་པའི་ཕྱིར་རོ།།) ཡང་འདི་སྐད་དུ། འདུས་པ་ཕྱི་མར། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། ། གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་ འབྲུ་བགོད། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་སྒྲུབ་པའི་བསྙེན་པ་བྱ། །ཞེས་གསུངས་ པ་ལ་བརྟེན་ནས། སྟོང་པ་ལས་བྱང་ཆུབ་ལྷ་སྒོམ་པ་བསྙེན་པ། མིག་སོགས་བྱིན་རླབས་ཉེར་ སྒྲུབ། ཡེ་ཤེས་པ་བསྟིམ་པ་སྒྲུབ་པ། འགྱུར་མེད་རིགས་བདག་རྒྱས་འདེབས་སྒྲུབ་ཆེན་ཡིན་ པས། འདི་ཡང་དེའི་རྗེས་སུ་མཐུན་པའི་སྒྲུབ་བྱེད་དུ་འཆད་པ་ནི། ཆེས་མ་འབྲེལ་བའི་གཏམ་ ཆེན་ཏེ། སྤྱིར་གསང་འདུས་ཀྱི་རྒྱུད་ཕྱི་མའི་ལུང་དེས། ཆོ་ག་བཞི་བསྐྱེད་ཙམ་བསྟན་གྱི། བསྙེན་སྒྲུབ་ཡན་ལག་བཞི་བསྟན་པར་མ་ངེས་མོད། དམ་པ་གོང་མ་འགའ་ཞིག་དེ་ལྟར་ 24-1-533 བཞེད་པའང་ཡོད་པས། རེ་ཞིག་བཞག་ལ། གཤེད་དམར་གྱི་གཞུང་འདིར་ནི། བསྙེན་པ་ དང༌། སྒྲུབ་པ་དང་། སྒྲུབ་ཆེན་དང༌། ཉེ་བའི་སྒྲུབ་ཆེན་རྣམས་ལ་ཡན་ལག་བཞིར་མཛད་ལ། འདུས་པའི་ལུང་གི་དོན་དེ་ལྟར་ན། བསྙེན་པ་ཉེར་སྒྲུབ་སྒྲུབ་པ་སྒྲུབ་ཆེན་རྣམས་ལ་ངོས་ འཛིན་པས། མིང་དང་དོན་དང་གོ་རིམ་གསུམ་གར་མི་འདྲའོ། །གཞན་ཡང་ལུགས་དེའི་ བསྙེན་སྒྲུབ་ཡན་ལག་བཞི་ཚང་བར་བསྒོམ་དགོས་ན། གོང་དུ་ཁྱེད་ཉིད་ཀྱིས་སྐུ་གསུང་ ཐུགས་བྱིན་རླབས་ཡང་མཐའ་ཅིག་ཏུ་མི་དགོས་ཤིང༌། ཁྱད་པར་སྐྱེ་མཆེད་བྱིན་རླབས་གཏན་ ནས་མི་དགོས་སོ་ཞེས་སྨྲས་པ་དང་ཆེས་འགལ་ཏེ། ལུགས་ཅིག་ཤོས་དེའི་ཉེར་སྒྲུབ་མ་ཚང་ བར་འགྱུར་བས་སོ། །(དེས་ན་ཁྱེད་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་བིརྺ་པའི་ལུགས་ཐུན་མོང་མ་ཡིན་པ་ཡིན་ཟེར་བ་ འདི་ཚིག་འདི་ཤིན་ཏུ་མི་འཐད་དེ། བིརྺ་པའི་རྗེས་འབྲང་མ་ཡིན་པའི་སློབ་དཔོན་ཤིན་ཏུ་མང་པོ་ཞིག་ཡན་ལག་བཞི་འདོད་ པའི་ཕྱིར་རོ། །གཤེད་དམར་ཀྱི་འདི་སྤྱིར་བིརྺའི་བཞེད་པ་ཡིན་པ་ལ་བསམས་པ་ཡིན་ན་ནི། བིརྺའི་གཞུང་གི་དངོས་བསྟན་ལ་ ཡོད་པས་ན། ཡིན་མིན་གྱི་དཔྱད་པ་ཙམ་ཡང་ཅི་དགོས། འདིར་བཤད་པའི་ཡན་ལག་བཞི་པོ་འདི། བིརྺའི་གདམ་བཤད་དུ་ གྲགས་པ་རྗེ་བཙུན་ཆེན་པོའི་མངོན་རྟོགས་ལྗོན་ཤིང་སོགས་ལས་བཤད་པ་དེ་ལ་གོ་རྒྱུ་རེ་ན་ནི། གོང་དུ་བཤད་པ་ལྟར་ཕྱོགས་ སླད་པ་ཉིད་དོ། །དེས་ན་རྒྱ་ལ་ཞིག་དང་པོ་སྟོང་ཉིད་བྱང་ཆུབ་ཅེས་སོགས་ཀྱི། གཞུང་འདི་ལ་ལུགས་འདི་ངེས་པར་བརྟེན་དགོས་ པ་དང༌། ལུགས་འདི་དམར་པོའི་རྒྱུད་འདི་གཉིས་ཀྱིས་དགོངས་འགྲེལ་མིན་དུ་ཆུག་ཀྱང༌། ཚིག་གཅིག་ཏུ་འབྱུང་བ་དེ་ལྟ་བུ་ལ་ བརྟེན་ཕྱིན། ཕྱོགས་མཚུངས་ཤིང་འགྲེལ་ཆེ་བ་དམར་པོའི་རྒྱུད་ཉིད་ལ་བརྟེན་པར་རིགས་ཀྱི། དགྱེས་རྡོར་དང་འདུས་པ་སོགས་ ལ་བརྟེན་པ་མི་མཛེས་སོ།།) ཡང་སྦྱོང་བྱེད་བསྐྱེད་རིམ་ལ་ཡང་བར་དོའི་མཚོན་བྱེད་ཞིག་དགོས་པ་ ལ། ཞེས་ཟེར་བ་ཡང་བར་དོ་མཚོན་བྱེད་ལོགས་སུ་མི་དགོས་པའི་བསྐྱེད་རིམ་གྱི་རྣམ་བཞག་ དུ་མ་ཞིག་ཡོད་པས་མི་འཐད་ལ། ད་ན་ཤཱི་ལའི་ལུགས་ཀྱི་ནཱ་ད་མི་སྡུད་པར་བར་སྣང་དུ་ འཇོག་པ་ཤིན་ཏུ་བཟང་བར་འདོད་བཞིན་དུ། ཟབ་ཤོས་དེ་རང་ཉིད་མི་བྱེད་པ་ཡང་ཤིན་ཏུ་ བླུན་པའི་རྣམ་ཐར་ཡིན་པ་དང༌། ཡེ་ཤེས་ཚོགས་བསོག་གིས་འཆི་བ་སྦྱོང་བ་ནས། སྐུ་ཡོངས་ 24-1-534 རྫོགས་གྱིས་མངལ་ནས་བཙས་པའི་བར་སྦྱོང་བ་ནི་སྦྱང་གཞི་ཡིན་ལ། དེ་ནས་ཡེ་ཤེས་པ་ བསྟིམ་པའི་བར། འཁོར་བའི་བྱ་བ་དང་སྦྱར་བ་རྣམས་ནི་ཆོས་མཐུན་ཙམ་ཡིན་པས། སྦྱང་ གཞི་དང་ཆོས་མཐུན་གཅིག་ཏུ་འཁྲུལ་བར་མི་བྱའོ། །ཞེས་ཟེར་བ་ཡང་ཅལ་ཅོལ་འབའ་ཞིག་ ཡིན་ཏེ། འདི་ལ་དགེ་ལུགས་རྣམས་(གསང་འདུས་ཀྱི་སྐབས་སུ་)མངོན་བྱང་ལྔ་ལས་ལྷ་སྐྱེད་པ་ཡན་ ཆད་སངས་རྒྱས་མ་ཐོབ་གོང་དང་སྦྱོར་བས་སྦྱང་གཞིའི་གནས་སྐབས་དང༌། དེ་ཕན་ཆད་ སངས་རྒྱས་ཟིན་གྱི་མཛད་པ་དང་སྦྱོར་བས་སྦྱངས་འབྲས་ཀྱི་གནས་སྐབས་ཡིན་པའི་ཕྱིར་ སྦྱང་གཞི་འཁོར་བའི་ཆོས་དང་མི་སྦྱོར། ཞེས་པའི་ལུགས་སྲོལ་དེ་དང༌། འགོས་ལོའི་སློབ་ རྒྱུད་ལ་སོགས་པ་བོད་རྙིང་པ་མང་པོ་ཞིག ལྷ་སྐྱེད་ཟིན་གྱི་གནས་སྐབས་ན་ཡང་འཁོར་བའི་ ཆོས་དང་མཐུན་པའི་རྣམ་བཞག་སྦྱོར་བ། དེ་གཉིས་སྲེས་པས་གཉིས་ཀ་མ་ཡིན་པར་སོང་ བའི་རྣམ་བཞག་སྟེ། དོན་འདི་ནི་གང་ལའང་ངེས་པ་མ་ཐོབ་པའི་གཏམ་ཏེ། (སྦྱང་གཞི་དང་ཆོས་ མཐུན་)གཉིས་མི་འདྲ་བའི་ཁྱད་ཀྱི་གནད་ཟབ་མོ་ཞིག་ཡོད་པར་རྫུ་བའོ། །ཡང་རྫོགས་རིམ་ནི་ གཞུང་ཆེ་ཆུང་ལས་མི་འབྱུང་ཡང༌། ཉམས་ལེན་གྱི་ཚེ་ངེས་པར་དགོས་ཞེས་དང༌། སྒྲུབ་ཐབས་ བདུད་འབྱུང་གི་དཀྱུས་ལ་བྲིས་པའི་རྫོགས་རིམ་དེ། ཆག་ལོའི་གདམས་ངག་ཡིན་ཅེས་པ་ དང༌། བཟླས་པ་ཚར་བའི་རྗེས་སུ་རྫོགས་རིམ་སྒོམ་པ་སྤྱིར་མི་མཐད་ཅིང༌། རྒྱུད་ལེའུ་བཅུ་ དགུ་པའི་ལུགས་ཀྱང་མིན་ཏེ། དེ་ལས་མཆོད་བསྟོད་བདུད་རྩི་མྱང་བའི་རྗེས་ལ་རྫོགས་རིམ་ སྒོམ་པའི་ཕྱིར། ཅེས་སྨྲ་བ་རྣམས་ཀྱང་མི་འཐད་དེ། སྤྱིར་གང་ཟག་སྐལ་དམན་ཚུན་ཆད་ཀྱི་ དབང་དུ་བྱས་ནས། སྔགས་བླ་མེད་ཀྱི་ལམ་ལས་བརྩམས་ཏེ། སྐྱེ་བ་བདུན་ཚུན་ཆད་དུ་འཚང་ རྒྱ་བར་བྱེད་པ་ལ། ལམ་རིམ་པ་གཉིས་ཀར་བསྒོམ་དགོས་ཞེས་རྡོ་རྗེ་འཛིན་པ་ཕལ་ཆེར་ལ་ གྲགས་ལ། དེ་ལས་གཞན་རྫོགས་རིམ་གྱི་རྟེན་དུ་བསྐྱེད་རིམ་དགོས་མི་དགོས་ལ་ཡང་མཁས་ པ་རྣམས་དཔྱད་པ་བྱེད་ཀྱི། བསྐྱེད་རིམ་གྱི་ཡན་ལག་ཏུ་རྫོགས་རིམ་དགོས་པར་འདོད་པའི་ 24-1-535 མཁས་པ་སུ་ཡང་མེད་ལ། ཅི་སྟེ་ཁྱེད་འདོད་ན། ལུགས་འདི་དག་གི་བུམ་དབང་ཙམ་རྫོགས་ པར་ཐོབ་པ་དེས། བསྐྱེད་རིམ་ཡན་ལག་ཚང་བ་སྒོམ་དུ་མེད་པར་འགྱུར་ཏེ། དབང་གོང་མ་མ་ ཐོབ་པས་རྫོགས་རིམ་ནི་སྒོམ་དུ་མེད་ལ། བསྐྱེད་རིམ་གྱི་ཐུན་གཞུག་ལ་རྫོགས་རིམ་ངེས་ པར་བསྒོམ་དགོས་པའི་ཕྱིར་རོ། །ཡང་ཁྱེད་ཀྱི་རྫོགས་རིམ་འདི་ཆག་ལུགས་ཡིན་ཟེར་བ་དང་ ཡང་རྫུན་ཏེ། ཆག་གིས་ནི་རྡོ་རྗེའི་བཟླས་པ་དང༌། སེམས་ལ་དམིགས་པ་དང༌། སྒྱུ་ལུས་དང༌། འོད་གསལ་དང༌། ཟུང་འཇུག་དེ་རིམ་པ་ལྔ་ལྡན་དུ་མཛད་པ་ལ། ཁྱེད་ཀྱིས་ནི་འོད་གསལ་དུ་ ལྡང་འཇུག་ཙམ་མ་རྟོགས། རྡོར་བཟླས་སོགས། གཞན་རྣམས་མ་བྱས་པའི་ཕྱིར་རོ། །ཡང་ ཆག་གིས་ནི་བཟླས་པའི་རྗེས་ལ་རྫོགས་རིམ་མཛད་ལ། ཆག་ལོའི་ལུགས་འདི་ལ་ཚད་ལྡན་ ཡིན་ཅིང༌། རྒྱུད་ལེའུ་བཅུ་དགུ་པ་ནས་ལུགས་འདི་ལ་བསྲེ་རུ་མི་རུང་ངོ་ཞེས་ཁྱེད་ཉིད་འདོད་ པ་ཡིན་པ་ལས། ཁྱེད་ཉིད་བཟླས་པའི་སྔ་རོལ་སྔ་མོ་ནས། རྫོགས་རིམ་སྒོམ་པར་ཡང་འདོད་ ཅིང༌། མཆོད་བསྟོད་བདུད་རྩི་མྱང་བའང་མི་བྱེད་པས། དེ་ཐམས་ཅད་དང་ཡང་འགལ་ཞིང་ རང་གི་དམ་བཅའ་ཡང་ཉམས་པར་བྱས་སོ། །(ཡང་རྒྱུད་ལེའུ་བཅུ་དགུ་པ་ལས། ལེའུ་དང་པོའི་སྐབས་དེ་དག་ ཏུ་མཆོད་བསྟོད་བདུད་རྩི་མྱང་ན། འོད་གསལ་དུ་ལྡང་འཇུག བཟླས་པ་རྣམས་རིམ་ཅན་དུ་གསུངས་ན། ཁྱེད་དེ་སྐད་ཅེས་སྨྲ་བ་ བདེན་ཡང༌། སྐབས་དེར་བཟླས་པའི་རྣལ་འབྱོར་མ་གསུངས་པས། བཟླས་པ་སྐབས་གཞན་ནས་ཁ་བསྐོང་ཕྱིན་ཆད་བདུད་རྩི་ མྱང་བའི་རྗེས་དེར་མི་རུང་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གཞན་དུ་ན་དམ་ཚིམ་པ་བསྐྱེད་མ་ཐག་ཏུ། ཡེ་ཤེས་པ་སྤྱན་འདྲེན་ སོགས་མེད་པར་མཆོད་བསྟོད་སོགས་བྱེད་པ་དེའི་དགོངས་པ་ཡིན་པར་ཐལ་བར་འགྱུར་རོ།།) དག་དྲན་དང་བཟླས་པ་ ལ་སོགས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་དུ་བསྡུ་བ་ཡང༌། ལུགས་གཞན་གྱི་བསྲེ་ བསླད་ཡིན་ཅིང༌། མཉམ་པར་མ་བཞག་པའི་ཐ་སྙད་བྱེད་པ་ཡང་ལེགས་པ་མ་ཡིན་ནོ། །(ཡང་ བཟླས་པའི་སྐབས་ན། ཞི་རྒྱས་ཀྱི་ལས་སྒྲུབ་པ་ལ་ནི། རྒྱུད་ལས། ཁྲི་ཙམ་གྱིས་ནི་འབྱུང་པོ་རྣམས། །མཁའ་འགྲོ་མ་རྣམས་སྟོང་ ཕྲག་གི །གཤིན་རྗེ་གཤེད་ཀྱི་རབ་སྦྱོར་བས། །ཡི་དྭགས་ཚོགས་རྣམས་བསད་པར་བྱ། །ཞེས་ལུང་འདྲེན་ཏེ། ཞི་རྒྱས་ཀྱི་ལས་འདི་ 24-1-536 འདྲ་ནི་སྔོན་མེད་པ་ཞིག་གོ །) ཡང་བློ་གྲོས་བཟང་པོའི་སྒྲུབ་ཐབས་ཀྱི་མཎྜལ་མཆོད་ཆོག་ནི། ལུགས་ འདི་དང་མི་མཐུན་པས་མི་འཆད་ཟེར་བ་ནི། ཁྱེད་ཀྱི་ལུགས་ལ་བིརྺ་པས་མཛད་པའི་མཎྜལ་ མཆོད་ཆོག་མེད་པས། ལུགས་འདི་དང་མཐུན་མི་མཐུན་གྱི་དཔྱད་གཞི་སྟོངས་ལ། ནག་པོའི་ མཎྜལ་གྱི་ཆོ་ག་ཀ་མ་ལ་རཀྴི་ཏས་མཛད་པ། བིརྺ་པའི་མན་ངག་དང་མཐུན་ཆེས་ཟེར་བ་ ཡང༌། གཤེད་དམར་གྱི་མན་ངག་ལ་བསམས་ན་དེ་དང་འདྲ་ལ། ལམ་འབྲས་ལ་སོགས་པ་ གཞན་ཞིག་ལ་བསམས་པ་ཡིན་ན་ནི་ད་དུང་མཐུན་ཚུལ་སྨྲ་དགོས་སོ། །(ཡང་ཁྱེད་ཀྱི་བདག་བསྐྱེད་ དང་མ་འབྲེལ་ན། ཚོགས་བསག་གཉིས་སྔོན་དུ་བཏོང་བ་ལས། ཚོགས་གན་ནམ་?མཁར་བཞུགས་སུ་གསོལ། མཎྜལ་གྱི་ལྷ་སྐྱེད་ ཐུབ་མཚམས་དེ་བསྟིམ་པའི་ལུགས་བཤད་པ་འདི། མཎྜལ་གྱི་ཆོ་ག་འདི་གློ་བོ་ལོ་ཙཱ་བའི་ལུགས་ཡིན་པར་ཁས་བླངས་ན་དེས་ བརྩམས་པའི་སྤྲོས་མེད་ཀྱི་མཎྜལ་གྱི་ཆོ་ག་གང་ན་ཡོད་སྨོས་ཤིག) ཡང་འདི་སྐད་ཅེས་གཏོར་ཆོག་ལས་ཤ་ལྔ་ ཙམ་ལས་མ་གསུངས་ཀྱང༌། གཞུང་ཆེ་བར་བཟའ་བ་ཆུ་དང་སྲེས་པ། གོ་ཀུ་ད་ཧ་ན། ཞོ་དང་ འོ་མ་རྒྱ་སྐྱེགས་ལྟ་བུར་ལྟས་ལ་བསིལ་བར་བྱའོ་ཞེས་བདུད་རྩི་ལྔ་ཡང་གསལ་བར་བཤད་ ཅེས་ཟེར་ཞིང་ཡི་གེར་འབྲི་བ་ནི། རིག་པ་རྣལ་དུ་མི་གནས་པའི་གཏམ་དེ། གོ་ཀུ་ད་སོགས་ དང༌། བི་ར་བུ་སོགས་ནོར་འདུག་པའི་ཕྱིར་རོ། །འཁྲུལ་པ་འདི་ལྟ་བུ་ནི། མཁས་པ་ལྟ་ཞོག་ བླུན་པོ་ལ་ཡང་མི་འོས་པའི་འཁྲུལ་པའོ། །(ཡང་འདི་སྐད་ཅེས། ཡང་ཤ་ལྔ་ནི་གསང་འདུས་སུ་ཞེས་སོགས་ དཔལ་འཛིན་གྱི་ལུགས་བཤད་ནས། དེའི་འཕྲོས་ལ་ཤ་ལྔ་ནི་སློབ་དཔོན་ཤནྟི་པའི་དགྲ་ནག་གི་འགྲེལ་པར། བི་མུ་མ་ར་ཤུ་ཞེས་ པ་རྣམས་ཤར་དང་དབུས་དང་བྱང་དང་ནུབ་ཏུ་བཀོད་ལ་ཞེས་བྲིས་སྣང་བ་ནི་ཧ་ཅང་ཡང་ནོར་པ་ཆེས་གྲགས་པས། ཤ་ལྔ་ནི་ཞེས་ པ་རྟིང་མ་འདི་རྩོམ་གདན་གྱི་ཡིག་མཁན་ལག་ནོར་བ་ཡིན་ལས་ཆེ་ཞིང་། འོག་ཀྱང་ཤནྟི་པས་མཛད་པར་གྲགས་པའི་དགྲ་ནག་ གི་འགྲེལ་པ་འདི་ནི་སློབ་དཔོན་དེས་མཛད་པ་མིན་ཏེ་རྒྱུ་མཚན་གཞན་དུ་འཆད་དོ།།) ཡང་གཏོར་ཆོག་ན་ༀ་ཨིནྡྲ་ཡ་ ཧྲཱིཿསོགས་བཤད་ལ་གཞུང་ཆེ་བར། ༀ་ཨིནྡྲ་ཡ་ན་མཿཧྲཱིཿཞེས་སོགས་སྔགས་རྣམས་ལ་ན་ མཿསྦྱར་བ་ནི། ན་མཿམཆོད་པའི་དོན་ཡིན་པས། གཏོར་ཆོག་ན་མེད་ཀྱང་སྦྱར་བས་ཆོག་པ་ 24-1-537 འདྲའོ། །ཞེས་ཟེར་བ་ནི་གཞུང་ཆེ་བ་ན་དངོས་སུ་ཡོད་པ་མཐོང་བཞིན་དུ་ད་དུང་ཐེ་ཚོམ་ཟ་བ་ སྟེ། འདིས་ནི་བི་རུ་པའི་གཞུང་ཉིད་ལ་ཡང་ཁྱེད་ཡིད་ཆེས་མེད་པར་གསལ་བར་བྱས་སོ། ། ཡང་ཁ་ཅིག་ༀ་ཨིནྡྲ་ཡ་ན་མཿཞེས་དང་ཧྲཱིཿཡ་མ་ཡ་ན་མཿཞེས་སོགས་ཡི་གེ་བཅུ་བཞི་པའི་ འབྲུ་རེའི་རྗེས་ལ། ཕྱོགས་སྐྱོང་གི་མིང་སྤེལ་བ་ནི། (རྟོག་བཏགས་)ཙམ་དུ་ཟད་དེ་རྒྱུད་ལེའུ་བཅུ་ དགུ་པ་ལས། དེ་ནས་ས་བོན་ཧྲཱིཿཡིག་ལས་རྫོགས་པ་དབང་པོའོ། །ཞེས་སོགས་དྲངས་ནས་ དེ་དང་འགལ་བའི་ཕྱིར་རོ་ཞེས་སྨྲའོ། །འདི་ཡང་ངེས་པ་མེད་དེ། སྤྱིར་ༀ་ཨིནྡྲ་ཡ་ན་ མཿཧྲཱིཿཞེས་སོགས། ཤིན་ཏུ་གྲགས་ཆེ་བ་འདི། རྣམ་དག་ཡིན་པའི་སྒྲུབ་བྱེད་དུ་ཁྱེད་ཀྱི་ལུང་ དྲངས་པ་དེ་འགྲོ་ཡང་། ཅིག་ཤོས་དེ་ཡང་འགོག་མི་ཐུབ་སྟེ། སྤྱིར་ཡང་སྔགས་འབྲུ་རེ་རེས་བྱ་ བ་མང་དུ་བྱེད་པ་མི་འགལ་ཞིང༌། ཁྱད་པར་ལུགས་འདི་ལ་ནི་སྒྲུབ་བྱེད་ཀྱང་ཡོད་དེ། རྡོ་རྗེ་ འཇིགས་བྱེད་ཞེ་དགུ་མའི་སྒྲུབ་ཐབས་ལ་ལི་ར་བཛྲ་གྱིས་མཛད་པ་ལས། ༀ་ཨི། ཞེས་དང༌། ཧྲི་ཡ་ཞེས་སོགས་སྦྱར་བའི་ཕྱིར་རོ། །གཏོར་མའི་རྗེས་ཀྱི་མཆོད་བསྟོད་འཕྲིན་ལས་གཞོལ་ བ་རྣམས། ཆག་ལོའི་བཞེད་པ་ལྟར་བྲིས་ཟེར་བ་ཡང་མི་བདེན་ཏེ། བདུད་བཞི་པོ་ནི་རྣམ་པར་ འཇོམས། །ཞེས་སོགས་ཀྱི་བསྟོད་པ་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་ སོགས་ཀྱི་འདོད་དོན་གསོལ་བ་འདེབས་པ་འདི། ཆག་ལོའི་གཏོར་ཆོག་རིགས་གཉིས་ཀ་ན་ མེད་ཅིང༌། དེར་བསྟོད་པ་ནི། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཞེས་སོགས་ཁོ་ནས་བྱེད་ ལ། འདོད་དོན་གསོལ་བ་འདེབས་པའི་ཚིག་བྲིས་པ་མེད་པའི་ཕྱིར་རོ། །འདི་དག་ཏུ་ཆག་ ལུགས་མིན་ཀྱང་ཡིན་ཚུལ་མང་པོ་གསུང་བའི། དགོས་པ་ནི་བདག་གིས་ཁོང་དུ་ཆུད་དེ། སྒྲུབ་ ཐབས་བདུད་འབྱུང་འདི། བུ་སྟོན་ཆེན་པོའི་སྒྲུབ་ཐབས་དེ་ལ་རྩོམ་གཞི་བྱས་ནས་(ཚིག་དོན་ གཉིས་ལ་)བསྡུས་ཏེ། མི་འདྲ་བའི་ཁྱད་པར་འགའ་རེ་བཅོས་པ་རྣམས་ལ། ཐད་ཀ་དེ་དང་དེར་ བུ་སྟོན་གྱི་དེ་ལ་དགག་པ་དང་སྐྱོན་སྒྲོག་པ་ཆེར་མཛད་པས། རྩོམ་གདན་དེ་ལ་བྱེད་པ་དང་དེ་ 24-1-538 འགོག་པ་མི་མཐུན་ནོ་ཞེས་རང་གི་སློབ་མ་རྣམས་ཀྱང་དོགས་པར་འགྱུར་ལ། བུའི་རྗེས་ འབྲང་རྣམས་ཀྱིས་ཀྱང་རྒོལ་གྱིས་དོགས་ནས། ཆག་ལུགས་ཡིན་ནོ་ཞེས་འབད་པས་སྒྲོག་ པར་མཛད་པའོ། །(དེ་ལྟར་དེའི་རྗེས་སུ་འབྲང་བཞིན་དུ། དེ་འགོག་པར་བྱེད་པའི་རྒྱུ་མཚན་ནི། བདག་གི་ཁོང་དུ་ཆུད་དེ་ འདི་ཁོ་ན་ཡིན་ནོ། །དེ་ལ་བདུད་འབྱུང་རྩོམ་པ་པོ་འདིས་ནི། ཕྱི་ཞིག་ནས་བླ་མ་གཞན་ལ་བརྟེན་ནས་ཆག་ལོ་ལ་རྒྱུད་པ་འདེད་ པས་ཆོག་ཙམ་ཞིག་རྙེད་པ་མ་གཏོགས་དེ་སྔོན་བུ་སྟོན་ནས་བརྒྱུད་པ་ཁོ་ན་བླ་མ་སོ་སོ་དག་ལས་མནོས་ཤིང་ལག་ལེན་དུ་མཛད་ པ་གོམས་པའི་ཕྱིར། སྒྲུབ་ཐབས་དེའི་རྩོམ་གཞི་ནི་དེ་ལ་བྱས་ལ། ཕྱིས་རང་གི་འཁོར་ཚོགས་རྐང་ཚུགས་པ་སྐྱོང་བའི་སྐབས་སུ་ བབ་པ་ན་བུ་སྟོན་གྱི་རྗེས་འབྲང་རྣམས་དང་སྤྱོད་ཡུལ་ཅིག་ཏུ་རྒྱུ་བས། ཕན་ཚུན་རྙེད་བཀུར་གྱི་སྒོ་ནས་ཆགས་སྡང་ཆེན་པོར་གྱུར་ པ་ན། དེ་དག་གནད་ལ་དབབ་པའི་དོན་དུ། མི་འདྲ་བའི་ཁྱད་ཕྲ་མོའི་ཚོགས་ལ་དགག་པ་བྱས་ནས། ལུགས་དེ་སྐྱོན་ཅན་དུ་ བསྒྲགས་ན་བདག་ཉིད་ཀྱི་རྙེད་བཀུར་འཕེལ་བའི་དོན་དུ་དགོངས་སོ།།) དེ་དག་ནི་མངོན་རྟོགས་ལག་ལེན་དང་ རྗེས་སུ་འབྲེལ་བ་མ་འཁྲུལ་པའི་ཚོགས་ཡིན་ལ། གཞན་ཡང་ལུང་སྦྱོར་འདི་ན་བདུད་རྩིའི་ བུམ་པ་རྣམས་ཀྱི་སྐབས། བཅུད་ལེན་ལ་སྦྱོར་བའི་བདུད་རྩི་ལྔའི་རྣམ་བཞག་བཤད་ཡམས་ སུ་མཛད་འདུག་པ། འཕྲོས་དོན་ཡིན་ན་སྤྱིར་མི་འགལ་ཡང༌། དམིགས་པས་དེ་དང་དེར་སྒོམ་ པ་ཡིན་ན། ཡེ་ཤེས་ཀྱི་རང་བཞིན་གྱི་བདུད་རྩི་ལྔ་སྒོམ་དགོས་རྒྱུ་ལ། ཐ་མལ་གྱི་བྱ་བས་ སྦྱངས་པའི་ཀུན་རྫོབ་པ་དེ་དག་བསྒོམས་ན་གནད་འཆུག་པའི་ཕྱིར་དང༌། བཞི་མཉམ་གྱི་ བཤད་པ་སྨན་པ་རྣམས་ཀྱི་བརྡ་ཆད་ཡིན་གསུང་པ་སོགས་དང་(སྨན་གྱི་)སྦྱོར་བ་མ་དག་པ་ཡང་ འགའ་རེ་སྣང་ལ། འོག་ཏུ་འང་འདི་སྐད་ཅེས། རང་ཉིད་ལ་ཞེ་སྡང་ཅུང་ཟད་ཀྱང་མེད་པས། མངོན་སྤྱོད་ཀྱི་ལས་བྱ་ཡི། གཞན་དུ་རྡོ་རྗེའི་དམྱལ་བར་ལྟུང་བ་དང༌། རྩ་ལྟུང་དུ་འགྱུར་བ་ སོགས་བཤད་པ་ཡང་མཐད་པ་མ་ཡིན་ཏེ། ཞེ་སྡང་ལམ་བྱེད་མི་སྲིད་པར་འགྱུར་བ་དང༌། འཕགས་པ་མ་ཐོབ་ཀྱི་བར་དུ་མངོན་སྤྱོད་ཀྱི་ལས། གཏན་ནས་བྱར་མི་རུང་བར་འགྱུར་བ་ དང༌། དེ་ཡང་འདོད་ན་འཕྲུལ་འཁོར་ལ་སོགས་པའི་རྣམ་བཞག་དོན་མེད་པར་འགྱུར་ཏེ། སོ་ 24-1-539 སོ་སྐྱེ་བོ་རྣམས་ལ་མི་རུང་ཞིང༌། འཕགས་པ་རྣམས་ལ་མི་དགོས་པའི་ཕྱིར་རོ། །གཞན་ཡང་ སྒྲུབ་ཐབས་བདུད་འབྱུང་(ན་)རྩོམ་པ་པོ་འདིས། བིརྺ་པའི་གཏོར་ཆོག་ཆེ་བར་གྲགས་པ་དེ་ ནི་མ་གཟིགས་པ་འདྲ་སྟེ། འདི་ཀུན་ཏུ་གླེང་བསླང་གང་ཡང་མི་འབྱུང་ངོ༌། །མཎྜལ་གྱི་ཆོ་ག་ བིརྺས་མཛད་པ་དེ་ནི། བིརྺས་མ་མཛད་དོ་ཞེས་འགོག་པར་མཛད་དེ། (འདི་སྐད་ཅེས།) མཎྜལ་ གྱི་ཆོ་ག་ད་ན་ཤཱི་ལས་བསྒྱུར་བ་མཛད་བྱང་མེད་པ་ཞིག་ཀྱང་ཡོད་དེ། དཔེ་ལ་ལར་དེ་བིརྺ་ པས་མཛད་ཅེས་འབྱུང་བ་ནི། ནོར་པ་དེ་ཁུངས་མ་རྣམས་ན་དེ་མེད་པའི་ཕྱིར་རོ། །ཞེས་ཟེར་ ཏེ་ཤིན་ཏུ་མི་འཐད་དོ། །ཁུངས་མ་རྣམས་ན་མཛད་བྱང་མེད་ན། བིརྺ་པས་མཛད་ངེས་པའི་ རྒྱུ་མཚན་མེད་སྲིད་ཀྱང་མ་མཛད་པའི་རྒྱུ་མཚན་ཡང་མེད་དེ། མཛད་བྱང་ལ་སློབ་དཔོན་ གཞན་གྱི་མིང་སྦྱར་བ་མེད་པའི་ཕྱིར་རོ། །ཡང་དཔྱད་པ། མཛད་བྱང་མེད་ཅེས་བྱ་བ་དེ་ཅི། མཛད་པ་པོ་མེད་པ་ནི་མི་སྲིད་ལ། ཡོན་ན་སློབ་དཔོན་དེ་དང་དེས་བྱས་ཀྱང་རུང༌། མཛད་བྱང་ མ་ཐེབས་འདུག་པས། བིརྺ་པས་མཛད་ཀྱང་མཛད་བྱང་མ་ཐེབས་པ་སྲིད་དོ། །དཔེ་ཁུངས་ མ་ན་མཛད་བྱང་མེད་ཅེས་པ། མཛད་བྱང་མེད་པ་ཉིད་ཀྱི་དཔེ་ཁུངས་མ་ཡིན་པ་འགལ་ཏེ་ སུས་མཛད་མ་ཤེས་པའི་དཔེ་འཁྱམས་པོ་ཡིན་པར་གྲུབ་པའི་ཕྱིར། (སུས་མཛད་མི་ཤེས་པ་དེ་ནི་ བསྟན་བཅོས་དེ་ཁུངས་དང་ལྡན་པའམ། མི་ལྡན་པ་གང་དུའང་མཚོན་ནུས་པ་དཀའ་མོད་ཀྱི་དཔེ་དེ་ནི། མན་ངག་དང་བཤད་རྒྱུན་ ཕྱིན་ཅི་མ་ལོག་པ་ལྟ་ཞོག སུས་མཛད་ཙམ་ཡང་ཆ་མེད་པའི་ཕྱིར། དངོས་གནས་ལ་བྱེད་པ་པོ་བཟང་སྲིད་པ་དང༌། གླེགས་བམ་ གྱི་)དཔེའི་བདག་པོ་བཟང་དུ་ཆུག་ཀྱང་དཔེ་ཁུངས་དང་ལྡན་པ་མ་ཡིན་པས། སྦྱར་བྱང་ཡོད་ པ་དེ་ཉིད་ཁུངས་བཟང་ངོ༌། །དེས་ན་གཏོར་ཆོག་རྒྱས་པ་དེ་དང༌། མཎྜལ་མཆོད་ཆོག་རྒྱས་པ་ དེ་ཡང༌། རྣལ་འབྱོར་དབང་ཕྱུག་བི་རཱུ་པས་མཛད་པ་ཡིན་ཏེ། གཞུང་བརྒྱད་པོ་བིརྺ་པས་ མཛད་པའི་རྒྱུ་མཚན་གང་ཡིན་པ་དེ་དེ་ལ་ཡང་ཚང་ངོ༌། །དེ་ཡང་གཏོར་ཆོག་ཆུང་བ་ཆག་ལོ་ ལ་ཡོད་པས་ཁུངས་དང་ལྡན་པར་འགྱུར་ཞིང༌། དེས་བིརྺའི་གཞུང་དུ་འདོད་པས་བིརྺས་ 24-1-540 མཛད་པར་འགྱུར་ན། གཞུང་འདི་གཉིས་ཀྱང་ད་ན་ཤཱི་ལ་ལ་ཡོད་ཅིང༌། དེས་དེ་ལྟར་འདོད་ པས་བིརྺ་པས་མཛད་པར་ཅིའི་ཕྱིར་མི་འགྱུར་ཏེ། བློ་དྲང་པོས་བལྟས་ན་ཆག་ལས་ཀྱང་ད་ན་ ཤཱི་ལ་བཟང་བར་བྱེད་དགོས་པའི་ཕྱིར་རོ། །(བིརྺས་གང་རུང་བརྒྱད་པོ་ཡང༌། ལོ་པཎ་ཚད་ལྡན་གྱི་བསྒྱུར་ངེས་ པ་དང་དེས་མཛད་དོ་ཞེས་གྲགས་ཤིང་ཡི་གེར་བྲིས་ལ། གཅིག་ནས་གཅིག་ཏུ་རྒྱུན་མ་ཆད་པའི་མན་ངག་ཡོད་པར་འདོད་པ་ལས་ གཞན་པའི་རྒྱུ་མཚན་ནི་མེད་ཅིང་རྒྱུ་མཚན་དེ་ནི་དེ་གཉིས་ལ་ཡང་ཚང་བའི་ཕྱིར་དང༌། དེས་མ་མཛད་པའི་རྟགས་གཞན་ཡང་སྟོན་ རྒྱུ་མེད་པའི་ཕྱིར་རོ། །ཅི་སྟེ་རྟགས་ཡོད་དེ་གཏོར་ཆོག་ཆུང་ངུ་དང་མི་འདྲ་བའི་ཕྱིར་རོ་ཞེ་ན། དེ་ཡང་དེས་མཛད་པ་ལ།) དེ་ ལྟར་ན་སྒྲུབ་ཐབས་བདུད་འབྱུང་དང་དེའི་ལུང་སྦྱོར་དུ་དགག་སྒྲུབ་དང་དཔྱད་པ་བྱས་པ་ ཐམས་ཅད་སྙིང་པོ་མེད་པར་ཤེས་པར་བྱའོ། །ཡང་ཁ་ཅིག་འདི་སྙམ་དུ་དེ་ནི་དེར་བས་ན། གཤེད་དམར་ལྷ་ལྔའི་སྒྲུབ་ཐབས་བྱེད་པ་པོ་གཞན་དག་ལ་ཡང་འཁྲུལ་པ་ཡོད་པ་ཅིའི་ཕྱིར་ མི་ཆོག་སྙམ་ན། ཅུང་ཟད་ཅུང་ཟད་ནོར་པ་དག་ཡོད་སྲིད་ན་ཡང༌། དེང་སང་དེ་དག་གི་རྗེས་ སུ་འབྲང་བ་ཆེས་ཉུང་བས་(དང་)སྒྲུབ་ཐབས་བདུད་འབྱུང་འདི་ནི་ད་ལྟར་ཆེས་དར་བའི་ཕྱིར། འདི་ལ་དཔྱད་པ་དགོས་པས་ཡིན་ཏེ། འདི་ནི་རྒྱུ་མཚན་དང་པོའོ། ། ཡང་(དཔྱལ་དང་ཆག་ལོ་ལ་སོགས་པས་བྱས་པའི་)སྒྲུབ་ཐབས་རྙིང་པ་དང༌། ཡིག་སྣ་རྙིང་པ་རྣམས་ ནི་རང་རང་སོ་སོའི་བླ་མའི་མན་ངག་ཁོ་ན་གཙོ་བོ་བྱས་པའི་ཕྱིར། རྟོག་ཟོས་སྦྱར་བ་ཉུང་ལ། བར་སྐབས་ཀྱི་རྣམས་ཀྱང༌། ཆོ་ག་ཁུངས་དང་ལྡན་པ་རེ་(ཡིན་པར་འགྱུར་ཏེ། ཆེ་བ་དང་མི་འདྲ་བའི་ཕྱིར་ རོ། །ཡང་གཞུང་དེ་དག་ལ། ཤིང་རྟ་ཆེན་པོར་གཞན་གྱིས་ཚད་མར་བྱས་པ་དང་མ་བྱས་པའི་དབྱེ་བ་ཡང་མེད་པའི་ཕྱིར་རོ། །དེ་ དག་མི་འདྲའོ་ཞེས་པ་ལ་ཡང་ཕན་ཚུན་དུ་འགལ་བ་ཡོད་པ་ནི་མ་མཐོང་ལ། རྣམ་གྲངས་མི་འདྲ་བ་ཙམ་གྱིས་འགྱུར་ན་ནི་གཏོར་ ཆོག་ཆུང་ངུ་ཡང༌། ལྷ་ལྔའི་སྒྲུབ་ཐབས་ཀྱི་སྐབས་སུ་བཤད་པ་དང་མི་འདྲ་བས་དེ་ཡང་དེ་ཐལ་བར་འགྱུར་རོ། །དེ་)ནས། རང་ རང་གི་ཡིད་དུ་འོང་བ་དག་ཅི་རིགས་པར་ཁ་བསྐང་བར་ཟད་གྱི། དཔྱད་པའི་སྒོ་ནས་དམ་པ་ སྔ་མ་རྣམས་ལ་བསྐུར་པར་བཏབ་པ་ཡང་མེད་ལ། འདི་དག་ནི་དཔྱད་པ་ཤིན་ཏུ་མང་ཞིང་ 24-1-541 དཔྱད་འབྲས་མ་དག་པ་དང༌། སྔ་མ་ཐམས་ཅད་ཀྱིས་ནོར་ཞིང་ཁོ་བོའི་འདི་ནི་མ་ནོར་བ་ཁོ་ ན་ཡིན་ནོ་ཞེས། སྐད་གསངས་མཐོན་པོར་སྒྲོག་པའི་རྫུན་ཕུགས་རྡིབ་པའི་ཕྱིར་ཏེ་འདི་ནི་རྒྱུ་ མཚན་གཉིས་པ་ཡིན་ནོ། །ཡང་སྒྲུབ་ཐབས་བདུད་འབྱུང་གི་རང་ལུགས་ཁོ་ན་ཙམ་ཞིག་བྱས་ ན། ནོར་པ་(ཆེ་བ་)བཞི་ཙམ་ཞིག་ཀ་སྣང་ནའང༌། མཆན་བུའི་དགག་སྒྲུབ་དང་ལུང་སྦྱོར་གྱི་ཡི་ གེ་འདིས། ནོར་པ་མཐའ་ཡས་པ་འཕེལ་འདུག་པ་དང༌། གཞན་གྱིས་སྦྱར་བའི་སྒྲུབ་ཐབས་ སྔ་མ་རྣམས་ལ་ནོར་པ་དེ་ཙམ་དུ་མང་པ་མི་སྣང་བའི་ཕྱིར་ཏེ། འདི་ནི་རྒྱུ་མཚན་གསུམ་པ་ ཡིན་ནོ། །ཡང་གཞན་རྣམས་ལ་ནོར་པ། ཅུང་ཟད་ཡོད་དུ་ཆུག་ཀྱང༌། ལུགས་གཞན་ཐམས་ ཅད་ལ་བསྐུར་པ་འདེབས་པ་མེད་པས། དེ་ཙམ་དུ་སེམས་ལ་མི་གནོད་ལ། འདིར་ནི་བདེན་ པ་མ་ཡིན་པའི་ཚིག་གིས་གོང་མ་ཐམས་ཅད་འགོག་ཅིང༌། རང་ཉིད་ཀྱི་ཆེ་བ་སྒྲོག་པའི་ཕྱིར། རྗེས་འཇུག་བླུན་དད་ཅན་ཆེས་མང་བ་ཞིག སྔོན་བྱོན་དམ་པ་རྣམས་ལ་དད་པ་བཟློག་པའི་ ཉེས་དམིགས་དང༌། ལུགས་བཟང་པོ་མ་ཡིན་པ་ལ་མཆོག་ཏུ་འཁྲུལ་བ་མཐོང་བས། དེ་ལྟ་ བུ་བཟློག་པའི་ཕྱིར་ཏེ་འདི་ནི་རྒྱུ་མཚན་བཞི་པའོ། །ཡང་འདིར་ནོར་པའི་རྣམ་གྲངས་ཤིན་ཏུ་ མང་བ་དངོས་སུ་སྨྲས་པ་དང་ཤུགས་ལ་ཡོད་པ་ཐམས་ཅད་བཀག་པས། བར་སྐབས་སུ་བྱུང་ བའི་སྒྲུབ་ཐབས་གཞན་རྣམས་སུ། འཁྲུལ་པ་ཅུང་ཟད་ཡོད་པ་རྣམས་དང་། ཞོར་ལ་ཁེགས་ པར་མཐོང་(དེ་གཞན་རྣམས་ཀྱི་འཁྲུལ་པ་ཐམས་ཅད་ཀྱང་འདིའི་ནང་དུ་འདུས་པར་ཤེས་)སྟེ། འདི་ནི་རྒྱུ་མཚན་ལྔ་ པའོ། །དེས་ན་འདི་ལ་དཔྱད་པ་བཏང་བས་འཁྲུལ་པ་གཞན་ཐམས་ཅད་ཁེགས་པར་འགྱུར་ ཞིང༌། སྐབས་འདིར་ཡི་གེ་མང་བ་ལྷུར་བྱེད་པ་ཡང་མིན་པས། རེ་ཞིག་འདི་ཁོ་ན་ལ་དཔྱད་པ་ ཡིན་ནོ། ། ༈ བཞི་པ་སྒྲུབ་ཐབས་ཀྱི་གཞུང་སོ་སོའི་ཁྱད་པར་གསལ་པོར་བཤད་པ་ནི། དེ་ལ་རེ་ ཞིག་བི་རཱུ་པའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་ནི། སེམས་བསྐྱེད་དང༌། ལྡང་བའི་རྣལ་འབྱོར་ 24-1-542 དང༌། ཁྲུས་ཀྱི་རྣལ་འབྱོར་སྔོན་དུ་སོང་ནས། བསོད་ནམས་ཚོགས་བསོག་དང༌། ཤཱུ་ནྱ་ཏའི་ སྔགས་ཁོ་ནས་ཡེ་ཤེས་ཚོགས་བསོག་དང་། པད་ཉི་ལ་ཕྱག་མཚན་དབྱུག་པ། ཆོ་ག་གསུམ་ སྐྱེད་སྤྲོ་བསྡུ་དང་བཅས་པ་ལས། ཁྲོ་རྒྱལ་ཡབ་ཡུམ་བསྐྱེད། ཡུམ་ནི་ཐོད་སྐམ་གྱི་འཕྲེང་བ་ ཙམ་མ་གཏོགས་ཡབ་དང་འདྲ་བར་མཛད། དེ་ནས་སེམས་དཔའ་སུམ་རྩེག་དང༌། རྗེས་ ཆགས་དང༌། རྩ་ཐིག་བྱིན་རླབས་དང༌། དབང་བསྐུར་བ་དང༌། ཡེ་ཤེས་པ་བཅུག་པ་རྣམས་ བྱས་ནས། བཟླས་པ་དང༌། ཕན་ཡོན་དང་ལས་སྒྲུབ་པར་གདམས་པ་དང༌། ལས་བཞི་སོ་ སོའི་སྐུ་མདོག་གི་ཁྱད་པར་རྣམས་གསུངས་སོ། །ཡང་དེས་མཛད་པའི་སྒྲུབ་ཐབས་ཆེ་བ་སྟེ་ལྷ་ ལྔའི་སྒྲུབ་ཐབས་ལས་ནི། གནས་དང༌། དམ་རྫས་དང༌། གདན་དང༌། ཚད་མེད་བཞི་དང༌། ཚོགས་ཞིང་མཆོད་པ་རྣམས་བྱས་ནས། ཡེ་ཤེས་ཚོགས་བསོག་གི་སྔགས་གསུམ་གསུངས་ ནས། འབྱུང་བཞི་རི་རབ་དང་བཅས་པའི་རྩེ་མོར་གཞལ་ཡས་ཁང་གདན་དང་བཅས་པ་དང༌། ཧཱུཾ་དང་སྣ་ཚོགས་རྡོ་རྗེ་དང༌། དབྱུག་པའི་རིམ་པ་ལས། ཁ་སྦྱོར་གྱི་རྣམ་པའི་ལྷ་ལྔ་ཅིག་ཅར་དུ་ བསྐྱེད་དེ། གཙོ་བོའི་ཡུམ་རྡོ་རྗེ་རོ་ལངས་མ་སྐྲ་གྲོལ་བ། གྲི་ཐོད་འཛིན་པ་དང༌། ཡུམ་གཞན་ བཞི་ལ་གྲི་ཐོད་དང་ཕྱག་རྒྱ་ལྔས་བརྒྱན་པ་ཞེས་བཤད། ལྷག་མ་ཐམས་ཅད་ཡབ་དང་འདྲ། བུམ་ཐོད་བཞི་ཡང་དེ་དང་དུས་མཉམ་དུ་བསྐྱེད། དེ་རྗེས་ཏིང་ངེ་འཛིན་སེམས་དཔའ་ཕྱག་ མཚན་དང༌། དབང་བསྐུར་བ་དང༌། ཡེ་ཤེས་དགུག་གཞུག་བྱས་ནས་བཟླས་པ་ལ་མཇུག ཐུན་གྱི་མཐར་གཏོར་མ་བྱིན་གྱིས་བརླབས། གཏོར་མགྲོན་ཐམས་ཅད་གཤིན་རྗེ་གཤེད་ཀྱི་ རྣམ་པར་སྤྱན་དྲངས་ནས། མཆོད་པའི་རྗེས་སུ་སྔགས་རིང་གིས་སྤྱི་ཁྱབ་དུ་ཕུལ། ན་མཿཅན་ གྱི་སྔགས་ཀྱིས་ཕྱོགས་སྐྱོང་བཅོ་ལྔ་སོ་སོ་དང༌། ལྷ་མོ་བཞིའི་སྔགས་ཀྱིས་སོ་སོར་ཕུལ། ཤིང་ གཅིག་ལ་སོགས་པའི་གནས་དང་ཁ་ལྷོར་བལྟས་ནས། ཧྲཱིཿཥྚི་བརྒྱ་རྩས་བསྐུལ་ན། ལས་ ཐམས་ཅད་འགྲུབ་པར་བཤད་ཅིང༌། དེའི་རྗེས་སུ་དེ་ལས་འཕྲོས་ནས། རྒྱུད་ལེའུ་བཅུ་དགུ་ 24-1-543 པའི་ལེའུ་ལྔ་པ་དང༌། ལེའུ་ཉེར་གཉིས་པའི་ལེའུ་གསུམ་པར་གསུངས་པའི། འཁོར་ལོའི་ ལས་ཚོགས་རྣམས་བཤད་ནས། རྒྱུད་ལེའུ་བཅུ་དགུ་པའི། ལེའུ་བཅུ་དྲུག་པ་ནས་འབྱུང་བའི་ དག་པ་དྲན་པ་དེ་གསུངས་སོ། །འདི་དག་ལ་ཆོ་ག་ཅུང་ཟད་བསྡུས་པ་ལ་དགའ་བས་ནི། གཞུང་ཕན་ཚུན་ཁ་མ་སྐང་བར་རེ་རེའི་ལུགས་ན་སྒོམ་པས་ཀྱང་ཆོག་ལ། འབྲིང་པོ་ལ་ཕན་ ཚུན་ཁ་བསྐང་བ་དང༌། འདི་ཉིད་ལ་ལྟོས་པའི་རྒྱས་པ་ནི། དེའི་སྟེང་དུ་གཞུང་གཞན་དང་རྒྱུད་ ནས་ཁ་བསྐང་བའོ། །གཞུང་འདི་གཉིས་ལས་འོད་གསལ་དུ་ལྡང་འཇུག་ཡང་གསལ་བར་མ་ གསུངས་པས། དེ་ཡང་རྒྱུད་བཅུ་དགུ་པ་ནས་ཁ་བསྐང་བ་ཡིན་ནོ། །ཡང་དེ་བཞིན་བཤེགས་ པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཤིན་རྗེ་གཤེད་དམར་པོ་ཞེས་བྱ་བ་རྒྱུད་ལེའུ་ བཅུ་དགུ་པ་ལས། ལེའུ་དང་པོའི་གླེང་གཞི་རྫོགས་མ་ཐག་ཏུ། སྒྲུབ་པ་པོའི་མཚན་ཉིད་དང་། དུས་དང༌། དམ་རྫས་དང༌། གནས་དང༌། ཚོགས་ཞིང་ཡན་ལག་བདུན་པ་དང་བཅས་པ་དང༌། ཚོགས་ཞིང་གཤེགས་སུ་གསོལ་བ་དང༌། རྩེ་བས་ཆོ་ག་བཞིན་འདྲས་ཏེ། ཞེས་ཚད་མེད་བཞི་ དང༌། ཡེ་ཤེས་ཚོགས་བསོག་རྣམ་ཐར་སྒོ་གསུམ་ཤཱུ་ནྱ་ཏའི་སྔགས་དང་བཅས་པ་དང༌། འབྱུང་ བཞི་ལས་གྱུར་པའི་བྷྲུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པ་དང༌། སྣ་ཚོགས་རྡོ་རྗེ་ དབྱུག་པ་སོགས་ཡོངས་སུ་གྱུར་པ་ལས། ལྷ་ཚོགས་བུམ་ཐོད་དང་བཅས་པ་བསྐྱེད་དེ། འདི་ ལ་རོ་ལངས་མ་ལ་ཕྱག་རྒྱ་ལྔས་བརྒྱན་པ་བཤད་ཅིང༌། མགོ་བོའི་འཕྲེང་བ་སྐམ་རློན་མི་ གསལ་ལོ། །སྐབས་འདི་དང་ཡུམ་བཞིའི་སྐབས་སུ་ཕྱག་མཚན་གྲི་ཐོད་དུ་བཤད། སྔགས་ འདོན་ཅིང་ལྷ་སྒོམ་པའི་དབང་དུ་བྱས་ནས་བར་འདིར་སྔགས་རྣམས་གསུངས། དེ་ནས་སྦྲུལ་ རྒྱན་གྱི་རྒྱས་བཤད་དང༌། ལྷ་རྣམས་སྔགས་ཀྱིས་བྱིན་གྱིས་རློབ་པར་གདམས་པ་དང༌། བཅུ་ གསུམ་མའམ་ལྷ་ལྔའི་སྒྲུབ་ཐབས་རྒྱས་པ་ལ་དགོས་པའི། ཆོ་གའི་ཡན་ལག་ཅུང་ཟད་གཅིག་ སྟེ། དེ་གསུམ་འཕྲོས་དོན་དུ་བྱུང་ནས། དེ་རྗེས་མཁའ་ནང་ནས་མཆོད་པའི་ལྷ་མོ་སྤྲས་ཏེ། 24-1-544 མཆོད་བསྟོད་བདུད་རྩི་མྱང་བ་དང༌། འོད་གསལ་དུ་ལྡང་འཇུག་དག་མཛད་དོ། །(འདི་ལ་བདུད་ རྩི་མྱང་བའི་སྐབས་སུ། དམ་རྫས་ཤ་ལྔ་ཁོ་ན་གསུངས་ཏེ། རྫས་ཀྱི་གཙོ་བོ་ཡིན་པ་ལ་དགོངས་པར་སྣང་ངོ༌། །གཏོར་ཆོག་གི་ སྐབས་སུ་ནི་རྒྱུད་འདི་ལས་ལས་རྫས་བཅུ་ཆར་གསུངས་སོ།།) ཡེ་ཤེས་དགུག་གཞུག་དང༌། དབང་བསྐུར་རྒྱས་ གདབ་དང༌། བཟླས་པ་རྣམས་ལེའུ་གཞན་ནས་གསུངས་པས་ཁ་བསྐང་ངོ༌། །གཤིན་རྗེ་ གཤེད་དམར་པོའི་རྒྱད་ཀྱི་རྒྱལ་པོ་ཞེས་བྱ་བ་ལས་ནི། (དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་སོགས་ དང༌། དང་པོ་སྟོང་ཉིད་བྱང་ཆུབ་དེ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་སོགས་རྡོ་རྗེ་བཞིའི་བསྐྱེད་པ་སྟེ་སྔོན་འགྲོ་བཞི་དང༌། དངོས་གཞི་བཞིའི་ཆིངས་གསུངས་ནས། རྒྱས་བཤད་ལ་)ཚད་མེད་བཞི་དང༌། སྟོང་ཉིད་སོང་བའི་རྗེས་སུ། སྲུང་བའི་འཁོར་ལོ་སྒོམ། གཞལ་ཡས་ཁང་གདན་དང་བཅས་པ་སྐབས་འདིར་བསྐྱེད་ཀྱི་ གསལ་ཁ་མ་བྱུང་ཡང༌། བར་འདིར་བསྒོམ་དགོས་ཤིང༌། ཉི་མའི་སྟེང་དུ་ཆོ་ག་གསུམ་ལས་ ནམ་མཁའ་ན་གནས་པའི་བར་སྲིད་མཚོན་བྱེད་བཅུག་ལ། རྒྱུ་རྡོ་རྗེ་འཛིན་པ་གཤེད་དམར་ ཡབ་ཡུམ་སྒོམ་སྟེ། ཡུམ་ཐོད་སྐམ་གྱི་འཕྲེང་བ་མ་གཏོགས་ཡབ་དང་འདྲ་བར་གསུངས། རྡོ་ རྗེ་དང་པདྨ་བྱིན་གྱིས་རླབས། རྗེས་ཆགས་ཀྱི་ང་རྒྱལ་བཟུང༌། རྩ་ཐིག་བྱིན་རླབས་སྐབས་ འདིར་གསུངས་ཏེ། ཡབ་ཀྱི་སྤྱི་བོ་ནས་ནོར་བུའི་བར་དུ་འགྲོ་འོང་བྱེད་པའི་རེ་ཁཱ་དཀར་པོ་ སྐབས་འདིར་གསལ་བར་བསྟན། དེ་ནས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་ལྷ་མོ་བཞིའི་གླུས་ བསྐུལ། འབྲས་བུ་རྡོ་རྗེ་འཛིན་པར་བཞེངས་ཏེ། སྐབས་འདིར་ཡུམ་ལ་གྲི་ཐོད་དང་ཕྱག་རྒྱ་ལྔ་ བཤད། བཛྲ་སྭ་བྷཱ་ཝའི་སྔགས་ཀྱིས་བྱིན་གྱིས་བརླབས། སྟག་ལྤགས་འཆར་བར་བྱས་ཏེ། རྗེས་ཆགས་བྱིན་རླབས་ང་རྒྱལ་དང་བཅས་པ་བྱས་ནས། ཐིག་ལེ་ལས་འཁོར་གྱི་ལྷ་བཞི་བུམ་ པ་དང་བཅས་པ་བསྐྱེད། གདན་སོ་སོའི་སྟེང་དུ་སྤྲོ། ཕག་མོ་སེར་མོ་ཕག་གདོང་དུ་བཤད་ ཅིང༌། ཕྲག་དོག་གཤིན་རྗེ་གཤེད་ཡབ་ཡུམ་སྔོ་སངས་སུ་འབྱུང་སྟེ། ལྗང་ཁུ་དང་འགྱུར་ཁྱད་ ཙམ་མོ། །དེ་ནས་ཡེ་ཤེས་པ་སྤྱན་འདྲེན། དབང་བསྐུར་རྒྱས་བཏབ། མཆོད་པའི་གསོལ་ 24-1-545 གདབ་ང་རྒྱལ་དང་བཅས་པ་དང༌། བདུད་རྩི་མྱང་བ་དང༌། བཟླས་པ་དང༌། འགྲོ་བ་སྦྱང་བ་ དང༌། ཐུན་མཚམས་ཀྱི་སྤྱོད་ལམ་དང་བཅས་པ་རྒྱས་ཞིང་གསལ་བར་གསུངས་ཏེ། རྒྱུད་དེ་ ཉིད་ཀྱི་ལེའུ་དང་པོ་ལས་གསུངས་སོ། །(འདིའི་ལྟར་ན་རྒྱུ་རྡོ་རྗེ་འཛིན་པ་ཡན་ཆད་སྟོང་ཉིད་བྱང་ཆུབ། འབྲས་བུ་ རྡོར་འཛིན་དུ་བཞེངས་པ། ས་བོན་བསྡུ་བ་འཁོར་ཚོགས་སྤྲོ་བ་གཟུགས་བརྙན་རྫོགས་པ། ཡེ་ཤེས་དགུག་གཞུག་མན་ཆད་ཡི་གེ་ འགོད་པ་སྟེ། རྣལ་འབྱོར་བཞི་དང་ཕལ་ཆེར་དོན་གཅིག་གོ །) སློབ་དཔོན་བློ་གྲོས་བཟང་པོས་མཛད་པ། སྒྲུབ་ ཐབས་རང་བྱིན་རླབས་ཞེས་བྱ་དེ་ནི། རྒྱུད་ཉེར་གཉིས་པ་འདིའི་སྒྲུབ་ཐབས་ཁོ་ན་ཡིན་ཡང་ བླ་མའི་མན་ངག་གི་དབང་གི་རྒྱུད་ཀྱི་དངོས་བསྟན་དང་མི་འདྲ་བ་ཅི་རིགས་པ་སྣང་སྟེ། དང་ པོར་གནས་གསུམ་བྱིན་རླབས་ཀྱིས་བདག་སྲུངས། གདན་བྱིན་རླབས་ཀྱིས་གནས་སྲུངས། ཚད་མེད་བཞིས་རྣལ་འབྱོར་སྲུང་བ་རྣམས་བྱས་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང༌། ཚོགས་ཞིང་མཆོད་པ་ཡན་ལག་བདུན་པ་དང་བཅས་པ་དང༌། རྗེས་ཞིག་གི་རིམ་པས་འོད་ གསལ་དུ་བསྡུས་ནས་ཤཱུ་ནྱ་ཏའི་སྔགས་བརྗོད་པ་དང༌། དྲི་ཟ་སྦྱོང་བྱེད་ལྷ་དཀར་པོ་ཞི་བ་པད་ ཟླ་ལ་སེམས་དཀྱིལ་གྱིས་བཞུགས་ཤིང༌། གཅེར་བུ་རྟགས་འགྲེང་བ་སྒོམ་པ་དང༌། སྲུང་ འཁོར་གྱི་ནང་དུ་ཆོས་འབྱུང༌། དེའི་ནང་དུ་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པདྨ་ལ། འབྱུང་བཞི་ རི་རབ་དང་བཅས་པའི་རྩེ་མོར་བྷྲུཾ་སེར་པོ་ལས་གཞལ་མེད་ཁང་ལྷའི་གདན་དང་བཅས་པ། དེར་ༀ་ལས་ཉི་མ། ཨཿལས་ཟླ་བ། ཧཱུཾ་ལས་དབྱུག་པ་དེ་ལ་དྲི་ཟའི་ལྷ་འདྲེས་པ་རྣམས་ལ་ མངོན་བྱང་ལྔ་རྩི་ཞིང༌། (དེ་ཡན་ཆད་དང་པོའི་རྣལ་འབྱོར་རོ།།) དེ་རྣམས་ཞུ་བ་ཐིག་ལེའི་གཟུགས་ལ། ལྷ་མོ་བཞིས་བསྐུལ་བས་གཙོ་བོ་ཡབ་ཡུམ་དུ་བཞེངས། ང་རྒྱལ་བཟུང་བའི་སྔགས་བརྗོད་དེ་ རྗེས་སུ་རྣལ་འབྱོར་རོ། །དེ་ནས་རྗེས་ཆགས་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་འཁོར་ལོ་ མཁའ་ནང་ནས་སྤྲོས་ཤིང་འགོད་དེ། འདིར་ཙརྩི་ཀ་སྐེམ་པ་དང༌། ཕག་མོ་ཕག་ཞལ་དང༌། གཽ་ རི་ལྗང་སེར་དུ་བཤད། དེ་ནས་ཏིང་ངེ་འཛིན་སེམས་དཔའ་དང༌། ཡེ་ཤེས་པའི་དཀྱིལ་འཁོར་ 24-1-546 དགུག་གཞུག་བྱ་སྟེ་ཤིན་ཏུ་རྣལ་འབྱོར་རོ། །དེ་ནས་དབང་བསྐུར་ཏེ། གཙོ་བོ་ལ་རྡོ་རྗེ་སེམས་ དཔའ་དང༌། འཁོར་ལ་གཙོ་བོས་རྒྱས་བཏབ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །(སོགས་དང་) ཀྱཻ་གཤིན་རྗེ་གཤེད་དམར་པོ་སོགས་ཀྱི་མཆོད་བསྟོད་ང་རྒྱལ་བཟུང་བ་དུས་གཅིག་ཏུ་བྱས་ ནས་བདུད་རྩི་མྱང་བ་མན་ཆད་རྒྱུད་ཉེར་གཉིས་པའི་དངོས་བསྟན་དང་འདྲ། རྒྱུད་འདི་དང་ གཞུང་འདི་ལས། བདུད་རྩི་མྱང་བའི་སྐབས་སུ་རྫས་བཅུ་ཅར་གསུངས་སོ། །འདིར་ཐུན་ མཚམས་ཡན་ཆད་རྣལ་འབྱོར་ཆེན་པོའོ། །དེ་ནས་བསྙེན་པའི་ཚད་དང་ཁ་སྐོང་གི་སྦྱིན་སྲེག་ གི་སྔགས་དང༌། སྒྲུབ་པ་ཆེན་པོ་དངོས་གྲུབ་སྒྲུབ་པའི་ཐབས་མང་དག་དང༌། འཁོར་ལོ་དང་ འབྲེལ་བའི་ལས་ཚོགས་ཕྲ་མོ་རྣམས་བཤད་ནས། མཐར་ཐུན་མོང་དུ་གཏོར་ཆོག་དང་མཎྜལ་ མཆོད་ཆོག་དང༌། བསྟོད་པ་དང་དག་པ་རྣམས་བཤད་དེ། གཞུང་འདི་ཤིན་ཏུ་ལེགས་པ་ཞིག་ སྣང་ངོ༌། །ཡང་སློབ་དཔོན་ཨ་བྷ་ཡཱ་ཀ་རའི་རྫོགས་པའི་རྣལ་འབྱོར་ལས་ནི། གཤིན་རྗེ་ གཤེད་རིགས་ལྔའི་ཕྱག་མཚན་གྱི་དབྱུག་པ་ལ། རིགས་ལྔའི་མཚན་མ་སོ་སོས་མཚན་པ་དང༌། རིགས་བདག་ཀྱང་རིགས་ལྔ་སོ་སོས་དབུ་བརྒྱན་པ་དང༌། གཤིན་རྗེ་ཕོ་མོ་གཉིས་ཀར་ཞབས་ འོག་ཏུ་མནན་པ་དང༌། མ་ཧེ་དམར་ནག་དང༌། སེམས་དཔའ་སུམ་རྩེག་རྣམས་ཡོད་དོ། །རྣམ་ སྣང་སྲུང་བས་མཛད་པའི་ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་ནི། ཚད་མེད་བཞི་སྒོམ་པའི་གསལ་ ཁ་མེད་ལ། ཡུམ་གྱིས་སྐབས། ཕྲེང་བ་དང་ལྡན་ན་བཟའ་དང་བྲལ་ཕྱག་གཉིས་ལྡན་མ། ཞལ་ གཅིག་ཆུ་སྐྱེས་ནི། ཞེས་ཡུམ་གཅེར་བུར་བཤད་ལ། ཕྱག་མཚན་རྒྱན་སོགས་ཡབ་དང་འདྲ། དེ་ནས་ཏིང་འཛིན་སེམས་དཔའ་དང༌། རྗེས་ཆགས་དང༌། རྩ་ཐིག་བྱིན་རླབས་རྣམས་བིརྺའི་ གཞུང་ཆུང་དང་འདྲ་ལ། ཡེ་ཤེས་སྤྱན་འདྲེན་དང་དབང་བསྐུར་རྒྱས་བཏབ་མེད། དམ་རྫས་ བྱིན་གྱིས་བརླབ་ཅིང་བཟའ་བའི་སྔགས་ནི། ༀ་ཨཾ་ཛྲིཾ་ཁཾ་ཧཱུཾ་ཞེས་པས་བྱེད་ཅིང༌། བཟླས་པའི་ སྐབས་ཡ་མཱནྟ་ཀ་ཡང་བཟླ་བར་བྱའོ། །ལྷན་སྐྱེས་ཀྱི་སྒྲུབ་ཐབས་དཔལ་འཛིན་གྱི་མཛད་པ་ 24-1-547 ཐར་ལོས་བསྒྱུར་བ་ཡང་ཕལ་ཆེར་དེ་དག་དང་འདྲ་བ་ལས། ཉི་གདན་གྱི་ས་བོན་ཨཾ་དང་ཧཱུཾ་ འདམ་ཁ་དང༌། རྒྱན་ཁ་དོག་དམར་པོ་སྣ་ཚོགས་པ་ཅན་དང༌། རབ་ཏུ་ཁྲོས་པ་དང་། འབྱུང་པོ་ ཐམས་ཅད་པའི་གཏོར་སྔགས་ལ་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ཡོད་པ་དང་། མཇུག་ཏུ་ མན་ངག་གི་ལས་ཚོགས་ཅུང་ཟད་དང་བཅས་པ་སྣང་ཞིང་། འདིའི་ཐོག་མ་ན་ཡི་གེ་བཅུ་བཞི་ པ་དང་། ༀ་ཡ་མཱནྟ་ཀྲྀཏ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་པ་སྣང་བ་ནི་བདག་དང་གནས་དང་ཡོ་ བྱད་གསང་བའི་དོན་ནོ། །(བིརྺ་པའི་གཤེད་དམར་གཏོར་ཆོག་ཆེ་བ་?དང་དཔལ་འཛིན་གྱི་གཏོར་ཆོག་ནི་ཕལ་ཆེར་ དོན་འདྲ་སྟེ། རྒྱུད་བཅུ་དགུ་པ་ལ་བརྟེན་པར་སྣང་ཞིང༌། གཏོར་ཆོག་ཆུང་བ་ན་རླུང་དང་མེའི་སྟེང་དུ་ཧཱུཾ་ལས་གཏོར་མའི་སྣོད་ཆེན་ པོ་སྤྲུལ་ཞེས་བཤད་ཀྱི། ཐོད་པའི་མིང་གསལ་མེད། དེ་ནས་གཏོར་མའི་རྒྱུ་དང༌། བྱིན་རླབས་ཀྱི་ཆོ་ག་དང༌། ཕྱོགས་སྐྱོང་བརྒྱད་ ལ་བཞོན་པའི་གསལ་ཁ་དང༌། ཕྱི་མ་ལྔ་ལ་མིང་ཙམ་སྨོས་ཤིང་ཐམས་ཅད་ལ་སྐུ་མདོག་ཕྱག་མཚན་གཞུང་འདིར་མ་གསུངས། འཁོར་སྲིད་གསུམ་འབྱུང་པོའི་ཚོགས་བཅས་སྐད་ཅིག་གིས་དམིགས། འོད་གསལ་དུ་བཅུག་ནས་གཤིན་རྗེ་གཤེད་ཀྱི་སྐུར་ལངས་ པ་ལ། ན་མཿསྤངས་པའི་ཕྱོགས་སྐྱོང་གི་གཏོར་སྔགས་ཀྱིས་འབུལ་བ་ཙམ་ཞིག་བཤད་དེ། འབྱུང་པོ་ཐམས་ཅད་པའི་གཏོར་མ་ཁོ་ ནའི་ཆོ་གའོ།།) བློ་བཟང་སྙིང་པོས་མཛད་པའི་སྒྲུབ་ཐབས་(ཀྱི་མིང་ཅན་)ཐར་ལོས་བསྒྱུར་བ་ནི་ གཏོར་ཆོག་ཁོ་ན་སྟེ། ཧཱུཾ་ལས་མེ་དང་ཨ་ལས་བུམ་པའི་ནང་དུ། རྫས་བཅུ་བསྐྱེད། ཕྱོགས་ སྐྱོང་བཅུ་གསུམ་སྐུ་མདོག་མི་གསལ། ཕྱག་མཚན་གསལ་ཁ་ཡོད། འོན་ཀྱང་ཚངས་པ་དང་ ཐགས་བཟང་རིགས་ཀྱི་ཕྱག་མཚན་གསལ་ཁ་མི་སྣང་ངོ༌། །དེ་རྣམས་འོད་གསལ་དུ་སྦྱངས་ ནས་གཤིན་རྗེ་གཤེད་དམར་ཉིད་དུ་བསྐྱེད། དེ་རྣམས་ཀྱི་སྙིང་གར་ས་བོན་ཕྱག་མཚན་དང༌། རྗེས་ཆགས་དང༌། ལྟེ་བར་ཧྲཱིཿཡིག་རྣམས་བསྐྱེད། རིགས་ལྔའི་ས་བོན་གྱིས་རྫས་བྱིན་གྱིས་ བརླབས་ནས། ༀ་ཨིནྡྲ་ཡ་ཧྲཱིཿཞེས་སོགས་ཀྱིས་འབུལ་བ་ཉིད་དོ། །(གཞུང་)དེ་གཉིས་དཔྱལ་ ལོ་ཆོས་བཟང་གི་རྒྱ་དཔེ་ལས་ཐར་ལོས་བསྒྱུར་ཞེས་སྣང་ངོ༌། །བློ་བཟང་སྙིང་པོའི་གཏོར་ ཆོག་འདི་ཡང་བི་རཱུ་པའི་གཏོར་ཆོག་ཆུང་བའི་རྗེས་འབྲང་ཡིན་པར་མངོན། གཤིན་རྗེ་གཤེད་ 24-1-548 དམར་པོའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ལས་ནི། སྙིང་གར་པད་ཉི་ ལ་ཡ་ཡིག་ཧཱུཾ་གིས་མཚན་པའི་འོད་ཀྱིས་ཚོགས་ཞིང་སྤྱན་དྲངས། ཕྱག་མཆོད་རྒྱུན་བཤགས་ ཚོགས་ཞིང་གཤེགས་གསོལ་ཚད་མེད་བཞི་ཡེ་ཤེས་ཚོགས་གསོག་རྣམས་རྒྱུད་བཅུ་དགུ་པའི་ སྐབས་དང་འདྲ། ཨཾ་ལས་ཉི་མ་ལ་ཧཱུཾ་ལས་རྡོ་རྗེ་སྔོན་པོ། དེ་ལས་སྲུང་འཁོར་སྒོམ། པད་ཟླ་ ལ་པཾ་ཡིག་དང་རྡོ་རྗེ་དཀར་པོ་ལས། ཆོས་འབྱུང་སྣ་ཚོགས་པདྨ་སྣ་ཚོགས་རྡོ་རྗེ་དང་བཅས་པ། དེར་བྷྲུཾ་དང་འཁོར་ལོ་དང་རྣམ་སྣང་རྣམས་ཀྱི་རིམ་པ་ལས་བྱུང་བའི། གཞལ་མེད་ཁང་དབུས་ སུ་སྣ་ཚོགས་རྡོ་རྗེའི་གདན་དང་བཅས་པ་སྒོམ། དེར་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་ གཤིན་རྗེ་གཤེད་དཀར་པོ་ཡུམ་ཅན་ཅིག་བསྒོམས་ཏེ་རྣལ་འབྱོར་དང་པོའོ། ། རྗེས་ཆགས་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག བར་དོའི་རྣམ་ཤེས་ཡི་གེ་ ལྔ་ཡང་སྐུ་ལ་བཞུགས་པའི་རྐྱེན་གྱིས། ཐིག་ལེར་ཞུ་བ་ལ་ལྷ་མོ་བཞིས་བསྐུལ། པད་ཉི་མ་ ཧེའི་སྟེང་དུ་ཆོ་ག་གསུམ་སྤྲོ་བསྡུ་དང་བཅས་པ་ལས། གཙོ་བོ་ཡབ་ཡུམ་བསྐྱེད་དེ་ཡུམ་རང་ འདྲ་ཡིན་པས་གྲི་ཐོད་འཛིན་པར་མི་བཞེད། (མགོ་ཕྲེང་ལ་ཐོད་སྐམ་གྱི་དམིགས་གསལ་མཛད། ཡབ་ཡུམ་ གཉིས་ཀའི་)ཕྱག་གི་ཐོད་པ་བདུད་རྩི་ལྔས་གང་བ་ཡིན། དེ་ནས་རྗེས་ཆགས་དང༌། རྩ་ཐིག་བྱིན་ རླབས་དང༌། བྱང་ཆུབ་མཆོག་གི་ང་རྒྱལ་བཟུང་བ་རྣམས་བྱ་སྟེ་རྗེས་སུ་རྣལ་འབྱོར་རོ། །དེ་ ནས་ཐུགས་ཀའི་འོད་ཀྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས་སྐུ་ལ་བསྟིམ་པ་བྱང་ཆུབ་ཀྱི་ སེམས་སུ་གྱུར་ནས། རིག་མའི་པདྨར་སོ་སོའི་ས་བོན་ལས་དཀྱིལ་འཁོར་ཡོངས་རྫོགས་སུ་ གྱུར་པ། རང་རང་སོ་སོའི་སྔགས་དང་བཅས་ཏེ་ཐུགས་ཀར་དྲངས། ཐུགས་ཀ་ནས་ཕྱིར་སྤྲོས་ ཏེ་གཙོ་བོ་ཡབ་ཡུམ་རང་ལ་བསྟིམ་པ་དང༌། གཞན་རྣམས་ཕྱི་རོལ་གྱི་ལྷ་སོ་སོའི་གནས་སུ་ འགོད་དོ། །འདི་སྐབས་ཙརྩི་ཀ་དཀར་མོ་སྐེམ་ཞིང་ཁྲོས་པ་དང༌། ཕག་མོ་སྔོན་མོ་ཁྲོས་པ་ཕག་ གདོང་དང༌། དབྱངས་ཅན་མ་ཞི་བ་དང༌། གཽ་རཱི་ཡང་ཁྲོས་པ་སྟེ་ཕག་མོ་དང་འདི་གཉིས་སྦོམ་ 24-1-549 ཐུང་ལྟོ་བ་འཕྱང་བར་བཤད། (ལྷ་མོ་བཞི་པོ་)ཐམས་ཅད་ཟླ་བའི་གདན་ལ་གནས་པ་ཡིན་པས། གང་དག་ཁྲོ་མོ་ལ་ཟླ་གདན་མི་རུང་བའི་བཤད་པ་བྱེད་པ་ནི། ཤིན་ཏུ་སྙིང་པོ་མེད་པའོ། །དེ་ ཡང་སྒྲུབ་ཐབས་འདི་ལས། སྣ་ཚོགས་རྡོ་རྗེའི་གྲ་བཞི་རུ། །དེ་བཞིན་ལྷ་མོ་ཟླ་བར་བཞུགས། ། ཤར་ལྷོར་ཛ་དང་འཁོར་ལོ་ལས། །ལྷ་མོ་རྡོ་རྗེ་ཙརྩི་ཀ །དཀར་མོ་སྐེམ་ཞིང་དྲག་མོ་ཆེ། །གཏི་ མུག་གཤིན་རྗེ་གཤེད་གཟུགས་མ། །ཞེས་དང་། ཤར་ལྷོར་ལྷ་མོ་ཙརྩི་ཀ །དྲག་མོ་རབ་ཏུ་འོད་ འཕྲོ་མ། །ཞེས་སོགས་གསུངས་པས། དྲག་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཞེས་གསུངས་པ་རྒྱུ་ མཚན་དུ་བྱས་ནས། བདག་མེད་མ་ལ་ཟླ་གདན་འགོགས་ཏེ། རིག་པ་རྣམ་དག་རུ་འགྱུར་མི་ འགྱུར་མཁས་པ་རྣམས་ཀྱིས་དཔྱོད་ཅིག དེ་ལྟར་ན་འཁོར་གྱི་ལྷ་རྣམས་སྤྲོ་བ་ནི་ཤིན་ཏུ་རྣལ་ འབྱོར་རོ། །དེ་ནས་དེ་ཐམས་ཅད་ཀྱི་མིག་སོགས་བྱིན་གྱིས་རླབས་པ་དང༌། སྐུ་གསུང་ཐུགས་ བྱིན་གྱིས་རླབས་པ་ང་རྒྱལ་བཟུང་བའི་སྔགས་དང་བཅས་པ་དང༌། དབང་བསྐུར་བ་དང༌། ཡེ་ ཤེས་དགུག་གཞུག་དང༌། མཆོད་བསྟོད་བདུད་རྩི་མྱང་བ་དང༌། ལྷ་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་ བསྒྲུབས་ཏེ་སྟོང་ཉིད་སྒོམ་པ་དང༌། བཟླས་པ་དང་ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ནི་རྣལ་ འབྱོར་ཆེན་པོའོ། ། དེ་ནས་མཇུག་ཏུ་རྣལ་འབྱོར་བཞིའི་ན་འཕར་ཚུལ་ལ་སོགས་པ་གསུངས་ཏེ། གཞུང་ འདི་ནི་དཔལ་འཛིན་ཉིད་ཀྱིས་མཛད་པའི་ནག་པོའི་སྒྲུབ་ཐབས་དང༌། ཞལ་ཕྱག་སོ་སོའི་ སྐབས་འདོན་པ་སྒྱུར་བ་དང༌། རྡོ་རྗེའི་ཚབ་ཏུ་དབྱུག་པ་བྱེད་པ་དང༌། རྩ་ཐིག་བྱིན་རླབས་ སོགས་དགོས་ཆོས། ཕྲན་བུ་ཙམ་མ་གཏོགས། ཚིག་དོན་མཐའ་དག་གཅིག་པར་སྣང་ཞིང༌། འགྱུར་དམར་པོ་འདི་ལེགས་ཏེ། གང་ལྟར་ཡང་ཚིག་དོན་གཉིས་ཀར་ཆེས་ཕུན་སུམ་ཚོགས་ པ་ཞིག་སྣང་ངོ༌། །ལུགས་འདི་ནི་གཤིན་རྗེ་གཤེད་དམར་པོ་དང་རིགས་མཐུན་པའི་ཕྱིར་དང༌། རྒྱུད་ལེའུ་བཅུ་དགུ་པའི་དགོངས་པའང་ཡིན་པའི་ཕྱིར། རྣམ་གྲངས་ཙམ་དུ་འདིར་བགྲངས་ 24-1-550 ཀྱི་ནག་པོའི་སྒྲུབ་ཐབས་ཀྱི་བཤད་པ་ཞིག་འདྲི་བར་འགྱུར་བས། འདིའི་དོན་ཡང་དེ་ལས་ རྟོགས་པར་འགྱུར་རོ། །འདི་ནི་འདུས་པ་ཡེ་ཤེས་ཞབས་ལུགས་དང་དགོངས་པ་གཅིག་པས། གཞུང་འདི་ཉིད་ལས་ཀྱང༌། ཡེ་ཤེས་ཞབས་སོགས་དཔའ་བོ་ཡིས། །འདི་ཉིད་ཁོ་ན་གསལ་ བར་གསུངས། །དཔལ་ལྡན་གསང་འདུས་ལས་གསུངས་པ། །འདིར་ནི་ཅུང་ཟད་རབ་ཏུ་ བསྟན། །ཞེས་གསུངས་སོ། །དེ་ནས་གསང་འདུས་ཡེ་ཤེས་ཞབས་ལུགས་དང་མཐུན་ངེས་པ་ ནི། དཔལ་འཛིན་གྱི་ལུགས་འདི་ཡིན་གྱི། བི་རཱུ་པའི་ལུགས་དང་ཡེ་ཤེས་ཞབས་ལུགས་ཀྱི་ བསྐྱེད་རིམ་མཐུན་པ་སྐད་སྨྲ་བ་ནི། དེ་དང་དེའི་རང་བཞིན་མི་ཤེས་པས་ཤིན་ཏུ་བླུན་པའམ། རྣམ་པ་གཞན་དུ་ན། རང་ལ་ཡིད་རྟོན་པའི་སློབ་མ་རྣམས་བསླུ་བ་དོན་དུ་གཉེར་བའི་ཕྱིར། འདུ་ཤེས་བསྒྱུར་ནས་རྫུན་དུ་སྨྲ་བར་ཟད་དོ། །རང་ལ་བློ་གཏོད་པའི་སློབ་མ་རྣམས་ལ་ཡང༌། སྙིང་བརྩེ་མེད་དེ་བསླུ་བར་སེམས་པ་འདི་ལྟ་ན། བར་མའི་འགྲོ་བ་རྣམས་དང༌། གནོད་བྱེད་ རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཇི་སྐད་དུ། མ་ཡང་སྲིན་མོའི་འཇིག་རྟེན་ན། །རང་གི་བུ་ ལ་ཟ་བར་སེམས། །ཞེས་པའི་ཚུལ་དུ་སྣང་བའི་ཕྱིར། ཇི་སྐད་དུ། སྦྲུལ་གདུག་ལྟ་བུའི་སྐྱེ་བོ་ ནི། །ངེས་པར་སྐྱེ་བོ་དམ་པ་ལ། །སྐྱོན་གྱི་དྲི་མས་བསྒོ་བའི་ཕྱིར། །མཐོང་བ་ཙམ་གྱི་འཇིགས་ པར་བྱོས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན། གཤིན་རྗེ་གཤེད་དམར་པོའི་སྒྲུབ་པའི་ ཐབས་དེ་དག་ལས། རྒྱས་བསྡུས་གང་ཡང་རུང་བ་ཞིག་བསྒོམས་ནས། དབང་པོ་ཤིན་ཏུ་རྣོན་ པོས་བཟླས་བརྗོད་སྟོང་དང༌། དབང་པོ་རྣོན་པོས་ཁྲི་དང༌། འབྲང་པོས་འབུམ་དང་། དབང་ པོ་རྟུལ་པོས་བྱེ་བ་དང༌། ཆེས་ཤིན་ཏུ་རྟུལ་པོས་བྱེ་བ་ལྔ་བཟླས་ན་ལས་ཐམས་ཅད་ཐོགས་པ་ མེད་པར་འགྲུབ་པོ། །དེ་ཡང་མཆོག་གིས་ནི་བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར་རོ། ། བར་པས་ནི་སྦྱིན་སྲེག་དང་གཏོར་མའི་སྒོ་ནས་སོ། །དམན་པས་ནི་རྫས་དང་འཁྲུལ་འཁོར་ ལ་སོགས་པས་སོ། །ཅི་སྟེ་དངོས་གྲུབ་དོན་དུ་གཉེར་བ་སྒོམ་པ་ལ་མངོན་པར་དགའ་བས་ 24-1-551 ནི། རྒྱས་པའམ་བསྡུས་པ་ཡིན་ཡང་རུང་སྟེ། ལྷའི་རྣལ་འབྱོར་ལ་སེམས་བརྟན་པོར་བསྒྲུབས་ པས། མཐོ་བ་དང་རེག་པའི་མཚན་མ་རྙེད་པར་བྱའོ། །དེ་རྙེད་ནས་བརྟན་པ་ཐོབ་པ་ན། ཁ་ དོག་སྣ་ཚོགས་དང་འོད་ཟེར་སྤྲོ་བསྡུ་སོགས་ལ་བསླབ་པར་བྱའོ། །འདིར་ནི་བཟླས་པ་གཙོ་ བོར་མི་བྱེད་དེ། བསམ་གཏན་གྱི་ཡན་ལག་ཏུ་ཅུང་ཟད་ཅུང་ཟད་བཟླས་པར་བྱའོ། །ཕྱི་ནས་ རྒྱུད་ཀྱི་རྒྱལ་པོ་རྣམས་ལས། ཇི་སྐད་གསུངས་པ་བཞིན། གྲུབ་པའི་ཁྱད་པར་མཐའ་དག་སྒྲུབ་ པས་འགྲུབ་པར་འགྱུར་ཏེ། རྒྱུད་ལས་ཇི་སྐད་གསུངས་པ་ལྟར་མངག་གཞུག་ལ་སོགས་པ་ དང༌། གནོད་སྦྱིན་མོ་དང་། ས་འོག་དང༌། མཁའ་ལ་སྤྱོད་པ་དང༌། རི་ལུ་དང༌། མིག་སྨན་ལ་ སོགས་པ་དང༌། ཕྱག་མཚན་དང་ཕྱག་རྒྱ་ལ་སོགས་པ་འགྲུབ་པར་འགྱུར་ཏེ། རིག་པ་འཛིན་ པའི་ལུས། མི་རྒས་ཤིང༌། མི་ན་བས། འཆི་བ་མེད་པ་ཉིད་དང༌། བདེ་བ་དམ་པ་དང༌། ཕུན་ སུམ་ཚོགས་པའི་འབྱོར་བ་དང༌། རྫུ་འཕྲུལ་དང༌། མངོན་པར་ཤེས་པ་དང༌། ཏིང་ངེ་འཛིན་ དང་ལྡན་པ་དང༌། སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་རྒྱ་ཆེར་བྱེད་ནུས་པ་ཡིན་ནོ། ། མཆོག་ཏུ་ཟབ་པའི་མན་ངག་ལ། །རྣམ་བཤད་ཅུང་ཟད་བགྱིས་པ་འདིས། །བདག་ཀྱང་ གཤིན་རྗེ་གཤེད་གྱུར་ནས། །འགྲོ་ཀུན་བདེ་ཆེན་གནས་འགོད་ཤོག ། ཅེས་པ་གཤིན་རྗེ་གཤེད་དམར་པོའི་བསྐྱེད་རིམ་གྱི་རྣམ་བཤད་འཁྲུལ་པ་ཀུན་འཇོམས་ ཞེས་བྱ་བ་འདི་ནི། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་མདོ་ཙམ་བརྗོད་པ་སྟེ། ཇོ་ནང་དཔལ་གྱི་རི་ ཁྲོད་དུའོ།། །།བཀྲ་ཤིས་དགེ་ལེགས་འཕེལ། (མ་དཔེ་འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ད ༤༣ ཡིན།) མ་ཡིག་༼ཕྱི་ང་༤༣༽ཅན་ཡིན། ཐེངས་གཉིས་ཞུས་ཡོད། 24-1-552 ༄༅། །མཁའ་འགྲོ་མ་གླུ་མོ་དབྱངས་ཀྱི་གསང་བའི་ རྣམ་ཐར་བཞུགས་སོ། ། ༄༅། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི་བ་ལགས་སོ། །ༀ་སྭཱ་སྟི། སྐབས་དེར་འཇིག་རྟེན་ན་ཁྲོམ་རྒྱན་ཞེས་གྲགས་པའི། མཁའ་འགྲོ་མ་གླུ་མོ་དབྱངས་དང་ འཕྲད། དེ་ཁོ་རང་གི་ལོ་རྒྱུས་བརྗོད་པ་ནི། ཐ་མལ་པའི་སྐྱེ་བ་བརྗོད་ཀྱིས་མི་ལང་། དུས་ལན་ ཅིག་རྒྱ་གར་ཤར་ཕྱོགས་སུ་ཚོང་པ་ནོར་ཆེན་གཅིག་གི་མནའ་མར་གྱུར་ཙ་ན། བཅོམ་ལྡན་ འདས་པདྨ་གར་དབང་གྲུབ་པའི་གསང་སྔགས་ཀྱི་སློབ་དཔོན་ནུས་ལྡན་ཞིག་འཁོར་བཞི་དང་ བཅས་པ་བསོད་སྙོམས་ལ་བྱོན། མོས་གུས་ཆེན་པོ་སྐྱེས་ནས། ཉིན་གཅིག་གི་གསོལ་ཟས་ བཟང་པོ་དང་རས་ཡུག་གཅིག་ཕུལ། དེས་ཀྱང་སྔགས་ཀྱི་ལམ་རྟོགས་པའི་སྨོན་ལམ་མཛད་ ནས་བྱོན་སོང༌། སྐྱེ་བ་དེའི་རྗེས་སུ་ཁ་ཆེའི་ཡུལ་དུ་སྐྱེས། དགེ་བསྙེན་སྔགས་པ་གཅིག་གི་ཆུང་ མ་བྱས། དགེ་བསྙེན་མའི་སྡོམ་པ་བླངས། སློབ་དཔོན་རིན་ཆེན་རྡོ་རྗེ་ཟེར་བ་གཅིག་ལས་ སྤྱན་རས་གཟིགས་པདྨ་དྲྭ་བའི་དབང་ཡང་ཐོབ། གསང་སྔགས་ཀྱི་ཆོས་འགའ་ཡང་ཉན། དེ་ ནས་སྐྱེ་བ་གསུམ་པ་ལ་བོད་ཡུལ་གྱི་མདོ་སྨད་ཁ་ཐག་ཉེ་བ་གཅིག་ཏུ་ལོ་བཅུ་དྲུག་ཙམ་ནས་ རྙིང་མ་བའི་སྒོམ་མང་དུ་བྱས། ཆོས་ལུགས་ནི་སྔ་མོར་གསར་མའི་ཀྱཻ་རྡོར་དང༌། རྙིང་མའི་ ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ། ཉམས་ལེན་དང་མཚམས་སོགས་མང་དུ་བྱས། རྩ་རླུང་ཡང་ ཅུང་ཟད་བསྒོམས། རྣལ་འབྱོར་པ་འགའ་རེའི་རིག་མ་ཡང་བྱས། རྨི་ལམ་དང་འོད་གསལ་ ཡང་ཟིན་ཅིང༌། སྒོམ་ཡང་བཟང་རབ་བྱུང་སྐྱེས་པ་མང་པོ་ཡང་རྟེན་འབྲེལ་དེ་དུས་འགྲིགས་ 24-1-553 པ་ཡིན་ཟེར་ནས། གད་མོ་བྱེད་ཀྱིན་འདུག སྐྱེ་བ་བཞི་པ་ཨོ་རྒྱན་དང་ཉེ་བའི་གོཪྵ་ཌ་རི་ཟེར་ བ་ཚོང་དཔོན་གཅིག་གི་བུ་མོར་སྐྱེས། ཨོ་རྒྱན་དུ་དཔོན་ཆུང་གཅིག་ལ་བག་མའང་ཕྱིན། དེ་ ནས་གསང་འདུས་གྱི་རྣལ་འབྱོར་པ་གཅིག་གི་ཡུམ་ལོ་སྐོར་གཅིག་བྱས། དེ་ནས་མཁའ་འགྲོ་ མར་སྐྱེ་བར་བླངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་འདྲ་ལ་དབང་ཞུས། མཁའ་འགྲོ་མའི་གནས་ སུ་ས་ཁུལ་ཞིག་ཡང་བདག་བྱས། མ་རྒྱུད་ཀྱི་ལམ་སྣ་ཟིན། མི་རུ་སྐྱེ་བ་མ་བླངས་པ་ལ་མི་ལོ་ ལྔ་བཅུ་ཙམ་སོང༌། དེ་རྗེས་མིའི་སྐྱེ་བ་ལྔ་པ་འཇིག་རྟེན་ཁམས་གཞན་ཞིག་ཏུ་སྔགས་ཀྱི་སྤྱད་ པ་སྤྱོད་པའི་སྨད་འཚོང་མ་ཞིག་ཏུ་གྱུར། སྐྱེ་བ་དྲུག་པ་ཡང་གླིང་གཞན་ཞིག་ཏུ་དེ་འདྲ་བ་རུ་ཀ་ བྱུང་སྟེ་རྒྱས་བཤད་སྨོས་མི་དགོས། དེ་ནས་ཆོས་ཀྱི་མཁའ་འགྲོ་མ་འགྲོ་དོན་ནུས་པ་གཅིག་ཏུ་ གྱུར། ཨོ་རྒྱན་གྱི་གནས་སུ་ལྕམ་ལཀྵིཾ་ཀ་རའི་འཁོར་ཡིན། དེའི་འོག་ནས་པདྨ་ཟླ་འདྲན་མ་ ཟེར་བ་གཅིག་གི་སྡེ་ཡིན། དེའི་ནང་སེལ་ཡོན་ཏན་ལྕགས་ཀྱུ་མ་ཟེར་བ་གཅིག་གི་ཚོ་ཡིན། དེ་ ལའང་ཚོ་མང་པོ་ཡོད་པའི་ལྷ་མོ་རྡོ་རྗེ་ཀླུ་མོ་ཞེས་པའི་འོག་ཡིན་པས། མཁའ་འགྲོ་མའི་ གནས་སུ་སྡོད་པ་སྐྱིད་ཀྱང༌། མི་ཡུལ་དུ་སེམས་ཅན་ལ་ཕན་པའི་ཕྱིར་བརྫངས་ནས། གང་ འདོད་སྡོད་དབང་མེད་ཟེར། སྐྱེ་བ་བདུན་པ་དེ་ཡང་མ་ག་དྷར་སྐྱེས། ཕྲ་མིན་མའི་ཚུལ་བྱས་ ནས། མཐུ་སྟོབས་ཆེན་པོར་བྱུང༌། སྐྱེ་བ་བརྒྱད་པ་ནི། བལ་པོའི་ཡུལ་མཐའ་གཅིག་ཏུ་སྐྱེས། རྐྱེན་སད་བྱེད་ཀྱི་བླ་མ་དང༌། གསང་སྔགས་ཀྱི་ཆོས་ཀྱང་ཡོད། མཐུ་སྟོབས་ཡོན་ཏན་གོང་ འཕེལ་ལ་སོང༌། རྒྱ་གར་དང་བལ་པོའི་ཡུལ་གྱི་གསང་སྔགས་ཀྱི་རྣལ་འབྱོར་པ་མང་པོའི་ གསང་ཡུམ་ཡང་བྱས། སྐྱེ་བོ་མང་པོ་ལ་ཕན་བཏགས། ཡང་དེ་རྗེས་མཁའ་འགྲོ་མའི་གནས་ སུ་མི་ལོ་ཉི་ཤུ་ཙམ་སོང༌། བོད་ཡུལ་དུ་སྐྱེས་ཙམ་ན་བར་ཆད་མང༌། ཡུལ་གཞན་དུ་བར་ཆད་ ཉུང་ཟེར། དེ་ནས་སྐྱེ་བ་དགུ་པ་འདི་བླང་ཚུལ་ནི། རྡོ་རྗེ་ཀླུ་མོ་དང་ཡོན་ཏན་ལྕགས་ཀྱུ་མ་ གཉིས་ཀྱིས་གསུངས་ནས། ཁྱོད་བོད་དུ་ཕྱིན་ན་སེམས་ཅན་མང་པོ་ལ་ཕན་ཐོགས། ཁྱད་པར་ 24-1-554 ཁྱེད་ལ་བརྟེན་ནས་དོན་ཆེན་པོ་འགྲུབ་གསུངས། ཁྱོད་ཀྱིས་མཁའ་འགྲོ་མ་མང་པོ་བསྐུལ་ ཞིང་འདུག་ཟེར། འོ་ན་བཅོམ་ལྡན་འདས་མ་ལཀྵིཾ་གྱིས་བཀའ་ཤོག་དགོས། གཞན་བར་ཆད་ འོང་ཉེན་ཡོད་བྱས་པས། ད་ལྟ་བཀའ་ཤོག་ཞུ་བའི་དུས་ལ་མ་བབ་ཟེར། དེ་ནས་ཐམས་ཅད་ ཀྱིས་བསྐུལ་ནས་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་གྲུབ་ཐོབ། མཁའ་འགྲོ་མ་དཱེ་ལ་ཟེར་བ། མི་ཏྲ་ཛོ་གའི་གསང་ཡུམ་དེ་བོད་ཡུལ་དུ་འགྲོ་བ་དང་བསྡེབས་ནས་འོང་སྟེ། སྐྱེ་བ་བླངས་པ་ ཡིན། མཁའ་འགྲོ་མ་དཱེ་ལ་དང་ཁྱེད་རང་དབུས་ཀྱི་དོལ་མདར་མཇལ་འདུག་པ་དེ་དུས་ཡིན། གཡོག་མོ་གཅིག་པོ་འདི་མ་གཏོགས་གཞན་རྣམས་ལོག་སོང༌། ཤ་ཟ་མཁའ་འགྲོ་དམ་སྲི་མ་ གཅིག་དང་རྒྱལ་པོ་འཁོར་མང་བ་གཅིག་འབྲེལ་བྱས་བདག་ལ་ཀླགས་ཚོལ་བར་འདུག ལོ་ གཉིས་གསུམ་ཙམ་བདེ་སྡུག་གང་ཡང་མེད། དེ་མཚམས་ཁྱེད་དང་མཇལ། རྟག་བརྟན་གྱི་ ཟུར་རྡོ་ཆེན་པོ་གཅིག་ཀྱང་ངས་བསྐྱལ་བ་ཡིན། ངས་ཆོས་བྱས་ནས་ཁྱེད་ཀྱི་ཕྱག་གཡོག་ བསྒྲུབ་ན་ལམ་གྱི་བོགས་བསྐྱེད་ཆེ་བས་ཨོ་རྒྱན་དུ་མཁའ་འགྲོ་མའི་རྒྱལ་མོ་ཆེན་མོར་འགྲོ། ཁྱེད་ཀྱིའང་སྐུ་ཚེ་བརྟན་ཅིང་ཐུགས་དམ་ལ་བོགས་བསྐྱེད་ཆེ་བར་འོང་བ་ཡོད་ཀྱང་བར་ཆད་ བྱེད་པར་འདོད་པའི་རྐྱེན་ཡིན་འདུག་སྟེ། རེ་ཞིག་ཆོས་བྱེད་མ་ཐུབ། མ་གཅིག་ནགས་རྒྱལ་ གྱི་འཁོར་དུང་ཁྲི་སྨན་དང་སྐོར་ཉེ་ཡིན་ཀྱང་ཁོང་རྒྱ་ནག་ལ་འགྲོ་ཤུལ་རྒྱལ་སྲིན་གཉིས་ཀྱིས་ བསྐུལ། བག་མ་ལའང་འགྲོ་དགོས་བྱུང༌། དེར་ལོ་ལྔ་ཙམ་སོང་ནས་མཐོང་གི་མ་ཎིའི་ཐང་ དེར་ཁྱེད་དང་མཇལ་བ་དེས་སྤྱན་རས་གཟིགས་ཀྱི་སྔགས་ཀྱི་རྟེན་འབྲེལ་འགྲིགས་ལ་ཁད་ བྱུང༌། དེ་རྗེས་རྒྱལ་པོས་བསྐུལ་ནས་ངེད་དང་འབྲེལ། དུང་ཁྲི་སྨན་གྱིས་གྲོགས་བྱས་ནས་ ཆོས་ལ་སྔ་རེ་ཡོང་། དེ་དུས་རྟེན་འབྲེལ་མ་འཆུགས་ན་ཕྱིས་ཀྱང་མི་འཆུགས་པ་ཡིན་ཏེ། དམ་ སྲིས་བསྐུལ་ནས་ནང་མི་ཚོས་ཁྲིད། གཡའ་ལུང་ཕུ་ནས་ཡར་ཡོང་བ་བྱ་བྱེའུ་དང་འཇོལ་མོ་ རྣམས་ཀྱིས། ད་རེའི་ཁྲོམ་རྒྱན་ཁྱོད་མ་འགྲོ་སྡོད་བསྡད་ན་ལེགས་ཟེར་བ་བྱུང༌། ཕྱིས་ཀྱང་ 24-1-555 ཆོས་ལ་འོང་དུས་དུང་ཁྲི་སྨན་གྱིས་དེ་རིང་རང་འགྲོ་ཞེས་བསྐུལ། ཁྱེད་དང་ལམ་དུ་མཇལ་བ་ བྱུང་ཟེར། དེ་དུས་མཁའ་འགྲོ་མ་ཁྲོམ་རྒྱན་ངེད་ཀྱི་རྟ་གདོང་ལ་འགྲོ་ཟེར་གྱིན་འདུག བསྡེབས་ནས་ཕྱིན་ན་བར་ཆད་མི་ཡོང་བའི་རྟེན་འབྲེལ་འདུག་ཀྱང༌། འདའ་བོ་ཚོས་སྔོན་ལ་ སོང་ཟེར་བས་སོང་། དཔལ་རི་ལ་འགྲོ་བའི་ལམ་གྱི་མཚམས་དེར་སྐྲ་ཕུད་བཅད། མིང་ བསམ་འཕེལ་ཆོས་འཛོམས་དུ་བཏག བར་ཆད་དེ་མ་བྱུང་ན། མཁའ་འགྲོ་མ་གསང་བ་ཡེ་ ཤེས་དེ་ཁོང་གིས་ལུས་ལ་ཞུགས་ནས་ངེད་ལ་དངོས་གྲུབ་འབྱུང་ངེས་པ་ཡིན། ཡེ་ཤེས་ཀྱི་ མཁའ་འགྲོ་མ་ཡོན་ཏན་ལྕགས་ཀྱུས་ངེད་ལ་དངོས་གྲུབ་བསྐྱེལ་བའི་ཕྱིར་བསླང་བར་གདའ། དེ་ནས་བྱ་ལོའི་སྟོན་ཀ་གཅིག་འགྲིང་མཚམས་ཕྱོགས་ལ་འགྲོ་རྒྱུའི་ནུབ་གཅིག་རྨི་ལམ་དུ་ ནུབ་ནས་འོད་དམར་པོ་གཅིག་ལམ་ལམ་བྱུང༌། ཚུར་སླེབ་ཙ་ན་བུ་མོ་ཤ་ཉམས་རྒྱས་པ་གཅིག་ འདུག འདི་རྣལ་འབྱོར་མ་གཅིག་འདུག་སྙམ་ནས། ཁྱེད་བཱཻ་རོ་ཙ་ནའི་རིགས་ཡིན་ནམ་བྱས་ པས། ཁཎ་ཌ་རོ་ཧི་ཟེར། པདྨའི་རིགས་ལ་ཟེར་བ་འདུག ཅང་ཏེ་འཁྱུད་བྱུང་བས་ལུས་སེམས་ བདེ་བས་ཁྱབ་ཅིང་གཉིད་ཀྱི་འོད་གསལ་བདེ་སྟོང་གི་ཉམས་འཐུག་པོ་གཅིག་ལ་རིང་ཙམ་ སོང༌། གཉིད་སད་ཙ་ན། ཡང་བདེ་གསལ་མི་རྟོག་པའི་ཉམས་ལ་ཆེར་གནས་པར་བྱུང༌། ནང་ པར་འོང་ཙ་ན། ནགས་ཕུག་གི་མན་ཐང་གི་ཐད་དེར་མི་མང་པོ་བྱུང་བའི་གསེབ་དེར་ཁྲོམ་ རྒྱན་ཁོང་ཡང་དེར་འདུག དགའ་བའི་རྣམ་འགྱུར་དུ་མ་བྱས་བྱུང་བས། ལུས་བདེ་བའི་ཉམས་ དཔག་ཏུ་མེད་པ་འཕེལ་ཞིང་བདེ་བ་བསྐྱལ་བ་འོང་བ་ཞེས་པ་དེ་འོང་བར་འདུག གཞན་བུད་ མེད་རྩ་བཟང་བ་གཅིག་དང་སྙོམས་པར་ཞུགས་ཏེ་ཐིག་ལེ་ནོར་བུར་འོང་བ་ལས་ཀྱང་བཅུ་ ལྡབ་ཀྱི་ལྷག་པའི་བདེ་བ་འབར་ཞིང༌། ཕྱོགས་རིས་མེད་པ་ནམ་མཁའ་ལྟ་བུ་ལ་བདེ་གསལ་ གྱི་ཉི་མ་ཤར་བ་ལྟ་བུ་བྱུང་ཞིང་དེའི་རྒྱུན་ཞག་གསུམ་བཞི་ཙམ་མ་ཡལ་བར་འདུག དེའི་ དགུན་ཀ་ངོ་སྤྲོད་ལ་ཡོང་འདུག་ཀྱང༌། རྗེས་ལ་མིན་པ་རྩད་མ་ཆོད། དེའི་ལོ་སྟེང་མ་ངོ་སྤྲོད་ 24-1-556 འཁྲིད་གཏོང་སྐབས་ཁྲོམ་རྒྱན་ཡང་སླེབ་བྱུང༌། ནུབ་གཅིག་ཚོགས་འཁོར་བྱས། ཚོགས་ལྷག་ བཏང་ཚར་ནས་ཅུང་ཟད་སོང་དུས་དཔའ་བོ་མཁའ་འགྲོ་ནམ་མཁའ་ཁེངས་པ་ཙམ་ཡོད་སྙམ་ པ་བྱེད་དངོས་སུའང་ལྔ་ཙམ་གསལ་པོར་སྣང༌། ཐམས་ཅད་ཆགས་སྤྱོད་སྣ་ཚོགས་མཛད། ཁོང་ཡང་ཤིན་ཏུ་བདེ་བ་རྒྱས། སྙོམས་པར་ཞུགས་པས་ཐིག་ལེ་ནོར་བུ་སླེབ་པའི་སྐབས། བདེ་བ་མཐའ་དབུས་མེད་པ་རྣམ་པ་ཟག་བཅས་ཀྱི་བདེ་བ་རྣོ་ལ་ངར་བ་རང་བཞིན་སེམས་ གསལ་རིག་རྗེན་རྗེན་བདེ་ལ་ངོས་བཟུང་མེད་པ་ཕྱོགས་ཐམས་ཅད་ཁྱབ་པར་འདྲ་བ་གཅིག་ བྱུང༌། དེ་ནས་ཐིག་ལེ་རྩོལ་མེད་དུ་གྱེན་དུ་ལྡོག་དེ་ལུས་ལ་བཀྲམ་པ་ན། བདེ་བ་སྔར་ལས་ ཀྱང་ཤིན་ཏུ་མང་བ་བདེ་བ་དེ་ཉིད་རིག་པ་མཁའ་ཁྱབ་སྤྲོས་བྲལ་གྱི་ངོ་བོར་འདུག་པ་ལ་རང་ ཤུགས་སུ་ལྷན་ནེ་རྗེན་ནེ་སྡོད། ངེད་གཉིས་ཀའི་ལུས་ཉམས་སྔར་དང་འདྲ་བ་ལས། ཡོད་དུ་ མི་ཚོར་བ་འདྲ་བ་གཅིག་ལ་འཇའ་འོད་དང་ཐིག་ལེ་ཡང་མེ་ལོང་ལ་གཟུགས་བརྙན་ཤར་བ་ འདྲ་བའི་བཀོད་པ་སྣ་ཚོགས་ཀྱིས་ཁྲིག་མེར་གྱིས་ཁེངས་པ་ཇ་སྦྱོར་གཅིག་ཙམ་སྟོང་གཟུགས་ ཀྱང་ལམ་ལམ་པར་གསལ་བའི་སྣང་བ་གཅིག་བྱུང༌། ཡང་ཡང་དབབ་ལྡོག་བྱེད་ཅིང་ལྷན་ གཅིག་གནས། དེ་རྗེས་ཡོན་ཕལ་ཞུ་ཡུལ་ལ་སོང༌། དེ་ནས་ཉིན་མཚན་བདེ་ཉམས་ཀྱིས་དུས་ འདའ་བ་ཟླ་བ་གཅིག་ཙམ་སྐོར་བྱུང༌། དེའི་ལོ་སྟེང་མ་ལའང་ཡོངས་འདུག་སྟེ། བར་ཆད་ ཀྱིས་སྟབས་མ་འགྲིག་གོ །དེ་ནས་མི་རིང་བར་སྨན་ཆུ་ལ་ཕྱིན། དེ་ན་ཡོད་པའི་ནུབ་གཅིག་རྨི་ ལམ་གྱི་ཚུལ་གྱི་སྣང་བ་ལ་གཡས་ཕྱོགས་ནས་བུད་མེད་མཛེས་མ་རྒྱན་གྱིས་བརྒྱན་པ་ཤིང་རྟ་ ལ་གནས་པ་གཅིག་ལ། བུད་མེད་མཛེས་མ་མང་པོས་བསྐོར་ནས་པི་ཝང་གླིང་བུ་སོགས་གླུ་ དང་བཞད་གད་བྱེད་ཅིང་དེ་ཉན་དུས་དངོས་གྲུབ་བདེ་བ་ལ་ལི་ལོ་བྱང་ཤར་མཚམས་ན་བག་ ཡོག་གྱིས་ཟེར་བ་གཅིག་གོ །བུད་མེད་དཀར་མོ་རྟ་པ་གཅིག་གིས་སྣ་དྲངས་ནས་འགྲོ་ཡིན་ འདུག དེའི་ཕྱིས་གནས་དུས་དུང་ཁྲི་སྨན་ཡིན་ཟེར། དེ་ནས་བྱང་ཤར་མཚམས་ནས་བཙུན་མ་ 24-1-557 དམར་མོ་གཅིག་གིས་ལ་ཁ་ནས་རྒྱུག་བྱེད་ཅིང་མོ་རི་དེའི་ཕར་ཕྱོགས་ལ་རྒྱུག འདྲེ་ལ་སྐད་ བཏངས་པས། དེ་འཕྲལ་རླུང་ནག་ཆེན་པོ་གཅིག་ལངས། འཁྲིས་སུ་སླེབ་ལ་ཁད་ལ་ངས་ སྡིགས་མཛུབ་བསྟན་པས། བུད་མེད་དེ་རྣམས་ནག་སྤངས་གཉིས་ཀར་ཡོད་པའི་ལུང་པ་ གཅིག་ལ་ཞུགས་ཐལ། རླུང་དེ་སྐྱ་ཕྱུར་གྱིས་དེའི་འོག་གི་ལུང་པ་གཅིག་ལ་ཞུགས་ཏེ་ཡལ་ སོང༌། ཐོ་རེངས་དགེ་སྦྱོར་གྱི་ངང་ལ་མདུན་གྱི་ནམ་མཁར་སྟོང་གཟུགས་ཀྱི་ཐིག་ལེ་ལྗང་ཁུ་ གཅིག་གི་དབུས་ནས། རྡོ་རྗེ་ཕག་མོ་དཀར་མོ་ཤེས་རབ་གསལ་བྱེད་ཀྱི་སྐུ་གསལ་པོ་གཅིག་ བྱུང༌། ལག་པ་གཡོན་པ་ལ་ཐིམ་པ་ཉམས་བྱེད། སྟོང་ཉམས་ཤས་ཆེ་བའི་ཏིང་ངེ་འཛིན་ གཅིག་བྱུང༌། དེའི་སང་ཉིན་ཇོ་ནང་ལ་ཡོང་དུས་ཕྱི་ནས་བུད་མེད་མཛེས་མ་གཅིག་དགའ་ བའི་རྣམ་འགྱུར་སྟོན་ཅིང་བདེ་ཉམས་ཅུང་ཟུད་བྱུང་བས། མདང་གི་དེ་དྲན་ནས། བརྡའ་ བསྟན་ཀྱང་ལན་མ་བྱུང༌། ཡང་ཡོང་བས་ནགས་ཕུག་མདའ་ནས། བྱིན་རླབས་ཞུ་མཁན་མང་ པོའི་གསེབ་ན། ཁྲོམ་རྒྱན་ཡང་འདུག དེ་ནས་ཆོས་བྱེད་ཟེར་སླེབ་བྱུང་མཁའ་འགྲོ་མ་སྤྱི་ལ་ འཇུག་པའི་བརྡའ་མི་འདྲ་བ་གསུམ་བསྟན་པས། རེ་རེ་བཞིན་ལན་མི་འདྲ་གསུམ་བསྟན་བྱུང་ བ་རྒྱུད་དང་མཐུན་པར་འདུག དེ་ནས་མོ་རྟའི་སྔོན་ལ་སོང༌། རྟག་བརྟན་དང་འདོམ་བར་དེར་ བསྒུག་ནས་བསྡད་འདུག ངེད་ཀྱིས་རྫས་དེ་ཁ་ལ་སླེབ་བྱུང༌། བདེ་མཆོག་གི་རྩ་རྒྱུད་ལེའུ་བཅུ་ དགུ་པ་ལས། མཆུ་ནི་འཆང་ཞིང་མིག་དཀྱུས་རིང་། །མིག་ནི་གནག་ཅིང་སེར་སྐྱས་གནས། ། ཕྱུག་ཅིང་སྐལ་བཟང་དཔལ་ཡོན་ཅན། །དཀར་ཞིང་ཙམ་པ་ལྟ་བུར་གནས། །ཤིན་ཏུ་རིང་ མིན་ཐུང་བ་མིན། །སྣ་ཚོགས་པ་ཡི་གོས་ལ་དགའ། །དཔྲལ་བར་རི་མོ་གསུམ་ཡོད་ཅིང༌། ། མཚམས་ནི་གྱེན་དུ་བལྟ་བས་གནས། །རྒོད་ཅིང་དགའ་བ་ཉིད་དག་དང༌། །ལམ་ནི་རྣམ་ པར་གནོན་ཅིང་འདུག །གཡུལ་དུ་ཤི་བ་རྣམས་ཀྱིས་ནི། །གཏམ་དག་ལ་ནི་མངོན་པར་ དགའ། །དེ་འདྲའི་རབ་རྟགས་མཐོང་ན་ནི། །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །རྐང་པ་གཡོན་ 24-1-558 པ་བསྐུམ་པ་ཡི། །གར་ཉིད་ཀྱང་ནི་བསྟན་པར་བྱ། །གཡོན་ནས་ཡོངས་སུ་ལྡོག་པ་ནི། །ཕྱག་ རྒྱའི་ལན་ནི་ཡིན་པར་བཤད། །བཅུ་གཉིས་དང་ནི་ཚེས་བརྒྱད་ཉིད། །དེ་ཡི་དུས་ཚིགས་ཡིན་ པར་བཤད། །ཁྱིམ་དུ་མདུང་རྩེ་གསུམ་པ་ཡང༌། །བྲིས་ནས་དེ་ཡིས་རྟག་ཏུ་མཆོད། །ཅེས་ གསུངས་པ་འདི་ཡིན་པ་འདྲ་སྙམ་ནས། འདའ་བོ་ཚོས་མཐོང་བ་ལ་མདུང་གིས་གར་གྱི་ཕྱག་ རྒྱ་དེས་བསྟན་པས། ཁོང་གིས་ཀྱང་གཡོན་ནས་ཡོངས་སུ་ལྡོག་པའི་ལན་བསྟན་བྱུང་བས། དེ་ ཁ་རུ་ངེས་ཤེས་སྐྱེས། ལར་འཇིག་རྟེན་དབང་ཕྱུག་ལ་མའི་སྔ་རྟགས་ཕྱི་རྟགས་ནང་རྟགས་ གསང་རྟགས་ཐམས་ཅད་ཚང་ཡོད། དེ་ཉིན་ཧོར་ཟླ་ལྔ་པའི་ཚེས་བརྒྱད་ཀྱང་ཡིན། དེའི་ དབྱར་གོང་དེར་ཚོགས་གཅིག་ལ་བོས་ཤིང་སྙོམས་པར་ཞུགས་པས་སྔར་ལུགས་བཞིན་བདེ་ སྟོང་གི་ཉམས་ཁྱད་པར་ཅན་བྱུང༌། དེ་ཁ་མ་གཏོགས་གང་རྟེན་ཆོག་རྒྱུ་ལས། དོན་མེད་སོས་ དལ་དུ་ལུས་ནས་གང་ཡང་མ་བྱུང༌། དེ་ཡང་བར་ཆད་ཀྱིས་བསྒྲིབ་པར་འདུག དེ་ནས་ཤིང་མོ་ གླང་གི་ལོ་ལ་དངོས་གྲུབ་ཀྱི་རྟེན་ཡིན་པར་གོ་སྟེ། མི་ཕལ་གྱི་མི་ཤེས་པར་སྐབས་སྐབས་ བསྟེན། ཆོས་བཤད་པ་ལ་ཟླ་བ་སྦྲེལ་བས་འགྱང་ཆེ་བ་བྱུང༌། ཡོང་ཐེངས་ལན་གཉིས་གསུམ་ སོང་ནས། རྩྭ་བཙལ་བས་འདི་ལ་བདེ་བའི་ཡེ་ཤེས་སྐྱེ་བའི་རྩྭ་བཅུ་ཐམ་པ་ཡོད་དོ། །བ་ལང་ གི་ལྕེ་ལྟར་རྩུབ་པ་ཞེས་པ་དང༌། གཞན་ཡང་ཁབ་འདྲ་བ་དང༌། གདན་བཞི་ནས་གསུངས་ པའི། རྩྭ་གཉིས་ལ་རྨིག་པ་ཞེས་པ་དང༌། ལྕེ་འམ་རལ་གྲི་གཉིས་དང༌། གསག་རྟར་ལྟར་རྩུབ་ པ་གཉིས། མེ་ཏོག་འདྲ་བ་གསུམ་འཛོམས་དང༌། འཕྲེད་བཀག་བརྒྱབ་པ་འདྲ་བ་དྲག་ཏུ་ འཕར་བ་གཉིས་དང༌། སྙུག་ཚིགས་བཅད་པ་འདྲ་བ་གཅིག་སྟེ། དེ་རྣམས་ལས་ཁབ་འདྲ་བ་ དང་བ་ལང་རྨིག་པ་འདྲ་བ་གཉིས་རྩྭའི་གཙོ་བོ་ཡིན་པས། རྒྱབ་མ་ལ་ཡོང་བའི་བདེ་ཉམས་ མཐར་ཐུགས་ལས་གཉིད་བྲོ་བ་འདྲ་བ་བྱིང་བྱིང་གང་ཡང་མི་དྲན་པ་བརྒྱད་ཡོད་པས་འབྲལ་ མི་འདྲ་བ་དང༌། རྩྭ་གཡས་ལ་སོང་བའི་ལུས་སྤྱིར་བདེ་བས་གང་བ་དང༌། ཁྱད་པར་རྡོ་རྗེའི་ 24-1-559 ཐིག་ལེས་ཁེངས་པ་འདྲ་བ་དང༌། སོ་སོགས་བུད་མེད་ལ་ཡིད་དུ་འོང་བའི་སྣང་བ་འཆར། རྟིངས་མ་གསུམ་པོ་ལ་ཡོང་བའི་རིག་པ་དང་བཅས་པ་ཐིག་ལེའི་དབང་མ་ཐོབ་ན་འཆོར་ཉེན་ ཡོད། གཡོན་ཕྱོགས་གྱི་ཕྱི་མ་དེ་ཡང་རྣམ་རྟོག་གསལ་བ་སྒྲ་སྣ་ཚོགས་འཆོར་བ་ཡོང་། དཀྱིལ་ མ་དེས་ཆགས་སྤྱོད་དུ་མ་རང་ཤུགས་ལ་འབྱུང་སྟེ། དེ་ཐམས་ཅད་རིག་པ་ཚང་མ་འབྱུང་ཁྱད་ པར་བདེ་བ་ཤུགས་དྲག་གཅིག་གི་སྣ་དྲངས་ནས། ཞེན་མེད་རྟོག་མེད་ཀྱི་བདེ་བ་བླ་ན་མེད་པ་ རིག་པ་གསལ་སྟོང་མཐའ་དབུས་དང་འདུ་འབྲལ་མེད་པ་ཐམས་ཅད་ལ་ཁྱབ་པ་འདྲ་བ་ གཅིག་ཡུན་རིང་དུ་འོངས། སྟོང་གཟུགས་ཁྲ་བུན་ནེ་བ་ཡང་ཡོང་། དགའ་བ་གསུམ་པོ་རིམ་ པར་འཆར། རྩྭ་ཁ་དྲག་འདྲ་བ་བཅུ་བྱུང་ཙ་ན་ལྷན་སྐྱེས་ཀྱི་ཉམས་ལུས་ཁོལ་བ་ལྟ་བུ་སེམས་ བདེ་ལ་མི་རྟོག་པ་དྲན་མེད་ཐུག་པ་ཕོར་གང་འཐུང་ཡུན་ཙམ་ངེད་གཉིས་ཀར་ལ་བྱུང༌། རེས་ འགའ་དགའ་བ་བཞི་དང་བཅུ་དྲུག་གི་བཤད་པ་ཐམས་ཅད་སྔར་བློ་ལ་ཡོད་པ་ལྟར་བྱས་ ནས། འདོད་ཆགས་ལམ་བྱེད་ལ་ཨིནྡྲ་བྷུ་ཏི་ལས་བཟང་བ་ནི་མ་བྱུང་འདུག དེའི་བཞེད་པ་ ཡང་དབང་གི་དུས་སུ་གསང་བ་ཡར་འདྲེན་པར་འདུག ལྷན་སྐྱེས་མཐར་ཐུག་ནོར་བུའི་རྩེ་ མོར་རང་ཡིན་ཙ་ན་ཐིག་ལེ་ཐམས་ཅད་ནོར་བུའི་རྩེ་མོར་སླེབ་དགོས། སྔ་བ་མ་བཏང་བའི་ རྗེས་མ་སླེབ་རྒྱུ་མི་འོང༌། དགའ་བ་བཅུ་དྲུག་ཡོང་དགོས་ཙ་ན། ད་རེས་ཁུ་ཆུ་དག་ཐོངས། དེ་ ནས་དྲངས་ན་དགའ་ཟེར་མཁའ་འགྲོ་མ་རང་ཟེར་བ་བཞིན་བྱས། དམིགས་པ་གཏད་པ་ཙམ་ གྱིས་འདྲོངས་པས། ལུས་ལ་དྲོད་དང་བདེ་བ་དཔག་ཏུ་མེད་པ་རྒྱས། སྟོང་གཟུགས་མཐའ་ ཡས་པ་འཕེལ་ལོ། །ལན་གཅིག་ཕབ་ནས་འདྲེན་པ་ལན་བདུན་བདུན་ཡང་སོང་ངོ༌། །སོ་སོར་ འདྲེན་འགྲེམ་བྱས་པ་ན། རྡོ་རྗེ་ཐིམ་པ་དང་གཙུག་ཏོར་སྐྱེས་པ་ལྟ་བུའི་བདེ་ཉམས་ཤར། ཀུ་ རེས་བྱས་སྔགས་པ་སྤྱི་དང་འགྲོགས་པ་ལ་ལུས་བདེ་ཆོད་པ་དང༌། སེམས་དགའ་བ་ཡལ་ ཡལ་བ་ལུས་སེམས་གཉིས་ཀ་འདི་ཡིན་མེད་པ་དྭངས་སེང་བ་གཅིག་འོང༌། ཁྱོད་དང་ 24-1-560 འགྲོགས་པ་ལ་ལུས་སེམས་ཐམས་ཅད་བདེ་ཉམས་ཁོལ་བ་ཁུ་བ་ཞུ་འགྲོ་བ་འདྲ་བ་ལ་སེམས་ གསལ་རིག་རྗེན་རྗེན་དེ་འདྲ་བ་སིང་སིང་སྐྱིད་པོ་ལ་འདི་ཡིན་མེད་པ་གཅིག་འདུག འོག་ འགྱུ་དང་རྩོལ་བ་མེད་པའི་ངང་ནས། དགའ་བ་དང་བདེ་བ་དང༌། འཇའ་ཚོན་དང་འོད་ཁ་ བུན་ནེ་བ་ཡོང་གིན་འདུག་ཟེར། དོན་དེ་མོ་རང་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་ཆེན་ངོ་ འཕྲོད་པ་ཡིན་པར་འདུག དེ་ཡང་གཞན་ལ་གསལ་སྟོང་ཙམ་དང༌། ངེད་ལ་བདེ་སྟོང་ངོ་འཕྲོད་ པའི་དོན་ཡིན། ཚེ་འདིར་མ་བསླབ་ཀྱང་ལས་འཕྲོ་ཡོད་པས་རང་གི་རྣལ་འབྱོར་མའི་མཚན་ ཉིད་འདུག་སྙམ་པ་བྱུང༌། དོན་ལའང་ངེས་པར་ཡིན། ཇི་སྲིད་ཁོང་དང་འགྲོགས་ཤིང་ཡོད་ པའི་རིང་དེ་ཉིན་མཚན་ཐམས་ཅད་བདེ་སྟོང་འབའ་ཞིག་ཏུ་གྱུར། ཉམས་ཀྱི་བདེ་བ་དང་ གསལ་སྣང་ཆུ་རླུང་དྲག་པོའི་རྦ་རླབས་བཞིན་དུ་ཤར། དེ་ལྟར་ལོ་གཅིག་པོ་དེས་རྟེན་འབྲེལ་ ལེགས་པ་དེ་ལྟར་ཡིན་ཀྱང༌། སྔར་སྨོས་པའི་འདྲེ་གདོན་དེ་དག་དང་ངེད་ལ་སྨོན་ལམ་ལོག་ པར་བཏབ་པའི། ཀླུ་སྲིན་ཆེན་མོ་གཅིག་ཡོད་པ་རྣམས་གྲོས་གཅིག་ཏུ་འགྲིལ། དེས་མིའི་རྒྱུད་ བསྐུལ། མཁའ་འགྲོ་མ་རང་ལའང་ཆོལ་བཏབ་སྣ་ཚོགས་བསྒྲགས། དེ་ལ་བརྟེན་མཁའ་འགྲོ་ མ་ཡང་སྤྱོད་པ་མི་ལ་སོགས་འགའི་རྡེབས་ལ་བསྒྲེལ་ནས་འདིར་མ་སྡོད་རྒྱུག་ཟེར་བ་བྱས། མོས་ཀྱང་འགྲོ་བར་ཁས་བླངས་སོ། །དེ་མི་ཡུལ་དུ་མི་སྡོད་པར་མཁའ་འགྲོ་མའི་གནས་སུ་ འགྲོ་བའི་རྟེན་འབྲེལ་དུ་སོང་འདུག ང་ལ་རྨི་ལམ་དུ་མཁའ་འགྲོ་མ་ཀླུ་མོ་དབྱངས་བཞིན་ ཤིན་ཏུ་གནག་པ་གཅིག་དང་ང་ཡང་ལམ་གཅིག་ལ་མཉམ་པར་འགྲོ་ཡིན་འདུག་པ་ཁོང་ཤིན་ ཏུ་མགྱོགས་པར་འགྲོ་སྟེ་སློང་གི་རྐེད་ཤ་བཅད་ནས་ལ་བརྒལ་སོང་བ་ཅིག་རྨིས། དེ་རྗེས་ཟླ་ བ་གཉིས་པའི་ཚེས་བཅུ་གཉིས་ནམ་ཕྱེད་ནས་ཚེས་བཅུ་བཞི་ལ་འདས། དེའི་བར་ལ་ཨོ་རྒྱན་ ནས་སྲིན་པོ་བརྒྱད་དང༌། མཁའ་འགྲོ་མ་ཉིས་བརྒྱ་ལྷག་བཅས་སླེབ། དེ་དུས་སྡེ་བརྒྱད་ འཁྲུགས་ལ་ཁད་གཅིག་འཚུབས་པར་བྱུང༌། ཁང་པའི་ཤོད་དུ་ཕྱིན་པས། རིགས་ལྡན་ལྷ་ཁང་ 24-1-561 ནས་ནག་ཅོང་ཅོང་ཟིག་ཆེ་བ་ཞིག་འདུག འཁྲིས་སུ་ཕྱིན་དུས་མདོག་ཤིན་ཏུ་གནག་པའི་བྱིས་ སྦ་བྱ་རོག་གདོང་ཅན་ལག་ན་བྷནྡྷ་ཁུར་བ་མེ་སྟག་འཕྲོ་བ་གཅིག་འདུག ང་བཅོམ་ལྡན་ འདས་མ་རྡོ་རྗེ་ཕག་མོའི་ཕོ་ཉ་ཡིན། མཁའ་འགྲོ་མ་ཀླུ་མོ་དབྱངས་ཀྱི་མཐུན་རྐྱེན་སྒྲུབ་མཁན་ ཡིན་ཏེ། ཁོང་འདས་པས་ད་འགྲོ་བ་ཡིན། གཏོར་མ་གཅིག་སློང་ཟེར། ག་རུ་བཞུགས་བྱས་པ། དུར་ཁྲོད་ཀུན་ཏུ་རྒྱུ། གནས་ངེས་པ་མེད། དམ་ཉམས་ཀྱི་སྲོག་གཅོད། དམ་ཚིག་ཅན་བསྲུངས་ ཟེར། བུ་ཆུང་ལུས་ལ་བྱ་རོག་གདོང་ཟེར། ལྷག་གཏོར་སྐབས་སུ་དངོས་སུ་འོང་བ་དེར་འདུག དེ་ནས་མཁའ་འགྲོ་མའི་ལུས་བཀྲམ་པ་ནས་འཇའ་ཚོན་དང་མེ་ཏོག་གི་ཆར་དང༌། ལུས་ལ་ འཇའ་སྣ་ལྔ་ཟུག་པ་སོགས་ངོ་མཚར་བ་དང༌། དེ་སྔོན་དུ་དྭངས་མ་ལུད་པ་དང༌། སྤྱི་གཙུག་ འབར་བ་སོགས་བྱུང༌། ཐོད་པ་དེ་དངོས་གྲུབ་ཀྱི་དོན་དུ་བླངས། རྟེན་འབྲེལ་འཆུགས་པ་ཅུང་ ཟད་ཁུགས། སྔར་གྱི་ཐུགས་དམ་ཕག་དཀར་ལ་མཆོད་པ་ཕུལ། གཏོར་མ་ཡིག་བརྒྱ་ཚོགས་ འཁོར་སོགས་ཉིན་རེ་བཞིན་བྱས། ནུབ་ལྔ་པའི་དགོང་མོ་ཚོགས་འཁོར་སྐབས་ཁོ་རང་སྔར་ གྱི་ལུས་དེ་ཁ་འདྲ་བར་སྤྲུལ་ནས་སྒོ་ཡོལ་གྱི་གདོང་དེ་ནས་མིག་ས་ལ་ཕབ་ནས་མི་བལྟ་བར་ བསྡད་འདུག དེ་ནུབ་ནམ་ཕྱེད་ཡོལ་ནས། ཉམས་སྣང་ལ་མཁའ་འགྲོ་མ་རང་ཉིད་ལུས་དང་ གདོང་ཤིན་ཏུ་དམར་བ། སྐྲ་ཁམས་སེར་ལྷུག་པར་གྲོལ་བ་གཅིག རེས་འགའ་སྦྲུལ་འདྲ་བ་ དང༌། རེས་འགའ་དྲེའུ་འདྲ་བར་འགྱུར་འགྲོ་བའི་བཞོན་པ་གཅིག་ལ་ཞོན། མགོ་བསྒྱུར་ཞིང་ འཁྲོས་པའི་རྣམ་པ་ཅན་ཁྱེད་ཀྱིས་འདི་མིན་ཙམ་བྱེད་དགོས་རྒྱུ་ལ་ཟེར་གྱིན། འགྲོས་དྲག་ པོའི་སྒྲ་དང་བཅས་ནས་འགྲོ་ཞིང༌། བྱང་ཤར་ཐག་རིང་པོའི་རི་གཅིག་ལ་འོད་དམར་པོ་ཡུར་ བ་ཉི་མ་ནུབ་ཀའི་དམར་ཐག་གི་མདངས་འདྲ་བ་གཅིག་ཏུ་ཡལ་གྱི་སོང༌། ཡང་ཚུར་བྱུང་བ་མི་ མངོན་པ་ལ་ཕར་འགྲོ་བ་དེ་འདྲ་ལན་གསུམ་བྱུང༌། ངེད་གཏོར་མ་བསྒྲུབ་པའི་གྲིབ་མ་ཡོད་ པར་མའི་གདོང་པ་ཁེངས་ཡོང་བའི་ཆོ་འཕྲུལ་རང་མང་པོ་ཞག་བདུན་ནས་འཇམ་ཉལ་སོང༌། 24-1-562 སྐབས་དེར་ལྷ་སྲིན་སྡེ་བརྒྱད་འཁྲུགས་ལ་ཁད་ཀྱི་བུན་ལོང་བ་ལ་རྟེན་འབྲེལ་བསྒྱུར་ཕྱོགས་ འདྲ་བྱས་པས། མ་ཅིག་ཆེན་པོའི་བཀའ། དུང་ཁྲི་སྨན་གྱི་བླངས་ཁ་མཆུས་བརྡུངས། དེ་ཁས་ ལགས་བསྐུལ་བྱས། རྟག་བརྟན་དུ་གཏོར་མ་བསྒྲུབ་པས། ཉམས་ཆག་ཕལ་ཆེར་སྐོང་ཟེར། མཁའ་འགྲོ་མ་རང་གིས་གཟུགས་ཀྱང་བསྟན། གླེང་བསླངས་མང་དུ་མཛད། དེ་ནས་ཚེ་སྔོན་ གྱི་མདོག་བཞིན་དུ་སྔོ་ལ་དམར་མདངས་ཙམ་བྱས། ཤ་རྒྱས་ཤིང་བཞིན་མཛེས་ལ་ཡིད་ཙམ་ ཁྲོ་བ་གོས་དམར་པོ་དང་མི་མགོའི་དོ་ཤལ་ཡོད་པ་དབྱུག་པ་མི་མགོས་མཚན་པའི་ཁ་ཊྭཱཾ་ག་ གཅིག་གཡས་སུ་ཐོགས། གཡོན་དྲྭ་བའི་ནང་ན་དམ་རྫས་ཀྱིས་གང་བའི་ཐོད་པ་གཅིག་ བཟུང་། ད་དུང་ཉམས་ཆག་ཕྲ་མོ་མ་སྐོང་བར་འདུག ཐམས་ཅད་དག་ཙ་ན་གདོང་སྐྱར་སྒོ་རེ་ ཡོང་ཟེར། སྐྱེས་པ་གོ་མཚོན་ཐོགས་པ་ལྔ་བརྒྱ་ཙམ་སྔོན་དང༌། ལྔ་བཅུ་ཙམ་ཕྱི་ལ་ཡོང་། ཁོ་ རང་གི་མཐའ་ལ་བུད་མེད་མདོག་སྣ་ཚོགས་པ་བརྒྱ་ལྷག་གིས་བསྐོར་བ། བཞོན་པ་འབྲུག་གི་ གཟུགས་ཅན་ལ་བཞོན་ནས། དབྱངས་དང་ཅ་ཅོའི་སྒྲ་སོ་སྒྲ་སྣ་ཚོགས་དང་བཅས་ཏེ་ཨོ་རྒྱན་ ཕྱོགས་ལ་བཏེག མཁའ་འགྲོ་མ་རང་དང་འདིར་གླེང་བརྗོད་མཛད་དུས་མི་ཡུལ་དུ་ལུས་མ་ སྤངས་པ་འཇའ་ལུས་ཐོབ་ནས། ཨོ་རྒྱན་དུ་དཔའ་བོ་མཁའ་འགྲོ་འབུམ་ཕྲག་བྱེ་བ་མང་པོའི་ གཙོ་བོར་གྱུར། འདིར་ཡོན་ཏན་ཅི་ཙམ་སྐྱེས་པ་དེ་ཙམ་དུ་ཨོ་རྒྱན་དུ་གོ་འཕང་མཐོ་རུ་འགྲོ། མི་གཞན་ལ་ཕར་ཕན་ཐོགས། ཁྱེད་དང་ཕན་འདོག་རེས་ཡིན། ཁྱེད་དང་ལྷན་ཅིག་འགྲོགས་ པའི་ནུབ་རེ་ལ། རྩ་རེ་རེ་ཡེ་ཤེས་སུ་དག་འགྲོ་ཡིན་འདུག རྩ་ལྔ་བཅུ་རྩ་དྲུག་དག་སོང༌། ཨོ་ རྒྱན་གྱི་སྤྱི་རོལ་དུ་དུར་ཁྲོད་ཀྱིས་བསྐོར་བ་ནས། སྐྱེད་མོའི་ཚལ་ལ་སོགས་པ་བྱས། དེའི་ དབུས་ན་ཁང་བཟང་ཡོད། འཁོར་དང་གྲོགས་སྟོང་ཕྲག་མང་པོ་ཡོད་གསུངས། ཕྱིས་ཀྱང་ ཉམས་སྣང་དུ་འཕྲོད་ཅིང་ཆོས་དོན་བསྟན་པ་སོགས་མང་དུ་བྱུང༌། འདི་ནི་མི་ཕལ་པ་རྣམས་ ཀྱི་བློ་ངོ་དང་བསྟུན་པ་ཡིན་གྱི་ངེས་དོན་དུ་འདི་ཙམ་གྱི་རྣམ་པར་ཐར་པ་ལ་ཆེས་བཟང་བ། སོ་ 24-1-563 སོའི་སྐྱེ་བོའི་སྤྱོད་ཡུལ་མིན་ཅིང༌། ངོ་མཚར་དུ་མའི་དཔལ་གྱིས་བརྒྱན་པ་ཞིག་གོ །ཕྱིས་ དངོས་སུ་མཇལ་བའི་དུས་འབྲུག་གི་བཞོན་པ་དང་བཅས། ཨོ་རྒྱན་ནས་ཡིད་ཙམ་རེ་རེ་ལ་ངོ་ འབྱོན་པར་སྣང་ངོ༌། །རེ་ཤིག་དེ་ཙམ་མོ། །ཞེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སོ།། །། ཀུབྟ་ཀུ་རུ། གུ་ཧྱ་ཀུ་རུ། ས་མ་ཡ་རཀྵ་ཀུ་རུ། བཀྲ་ཤིས། བཀྲ་ཤིས་དཔལ་འབར་འཛམ་ གླིང་རྒྱན་དུ་ཤོག །མང་ག་ལཾ། (མ་དཔེ་གཉིས་ཡོད། ཆོས་ཉིད་བཟང་དང་། ཀ་ཏོག་ཚོགས་གཉིས་ཀྱི་ཕྱག་ཏུ་བཞུགས།) 24-1-564 ༄༅། །པདྨ་དབང་གི་རྒྱལ་པོའི་དམིགས་སྐོར་ བདུན་པ་བཞུགས། ༄༅། །ༀ་སྭཱ་སྟི། བླ་མའི་ཞབས་ལ་གུས་བཏུད་ནས། །དང་པོ་ལས་ཅན་བློ་དམན་ལ། ། སྙིང་པོ་དོན་རྟོགས་བླ་མ་ཡིས། །གསུང་གི་བདུད་རྩིར་འདིར་བརྗོད་བྱ། །དམིགས་པའི་རིམ་ པ་ཅུང་ཟད་འབྲི། ། དང་པོ་རང་གི་མདུན་དུ་པདྨའི་སྡོང་པོ་རྒྱས་པའི་དབུས་སུ་རྩ་བའི་བླ་མའི་ཞལ་རང་ ལ་བསྟན་པར་དམིགས། དེའི་མཐའ་བསྐོར་དུ་བརྒྱུད་པའི་བླ་མས་བསྐོར་བར་དམིགས། མདུན་དུ་ཡི་དམ་གྱི་ལྷ་ཚོགས། གཡས་སུ་སངས་རྒྱས་ཀྱི་རྣམ་པ། རྒྱབ་དུ་དམ་ཆོས། གཡོན་ དུ་འཕགས་པའི་དགེ་འདུན། དེའི་དམའ་ཙམ་དུ་ཆོས་སྐྱོང་གི་རྣམ་པ་ཁྲ་ཆེམ་མེ་བཞུགས་ པར་དམིགས། ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་ཡང་རང་གི་བཀའ་བཞིན་བྱེད་པའི་བློ་སུ་ དམིགས་ལ། རང་གི་གཙོར་བྱས་ཕ་མ་དྲིན་ཅན་ནམ་མཁའི་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ ཅད་ཀྱི་དོན་དུ། སྐྱབས་སུ་འགྲོ་བར་བྱ་དགོས་པར་དམིགས་པའི་ངང་ནས། བདག་དང་འགྲོ་ བ་སོགས། རང་སེམས་མ་ཡེངས་པར་རིམ་བཞིན་དུ་བཟླས་པའོ། །སྐྱབས་འགྲོ་དྲུག་སྐོར་ ཡིན་ནོ། །སངས་རྒྱས་ཆོས་དང་སོགས། སེམས་ཅན་ཐམས་ཅད་བདེ་བ་སོགས། དེ་རྗེས་ སྐྱབས་ཡུལ་རྣམས་རིམ་པ་བཞིན་དུ་བསྡུས་ནས་སྟོང་ཉིད་ལ་ཅུང་ཟད་མཉམ་པར་བཞག ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་ནས་ལྷ་མིར་སྐྱེ་བར་འདོད་པའི་སྐྱབས་སུ་འགྲོ་བ་ 24-1-565 དང༌། སེམས་བསྐྱེད་པ་རྣམས་སྤྱི་ཁྱབ་དུ་བློ་དམན་རྣམས་མཁོ་བའི་གནས་སོ། ། གཉིས་པ་དངོས་གཞི་ལ། སྭ་བྷཱ་ཝས་སྟོང་པར་སྦྱང་བ་ནི། སྟོང་པའི་ངང་ལས་ཞེས་པའི་ སྟོང་པ་ནི་རང་དང་ས་རྡོ་རི་བྲག་སོགས་དངོས་པོ་གང་ཡང་མེད་པ་ནམ་མཁའ་ལྟ་བུའོ། །པདྨ་ དང་ཉི་མའི་གདན་ལ་ཞེས་པ་ནི་པདྨ་འདབ་མ་སྣ་ཚོགས་པ་ནམ་མཁའ་ལ་མེ་ཏོག་རླུང་གིས་ བཏེགས་ཡོད་པ་འདྲ་བའི་ཟེའུ་འབྲུའི་སྟེང་དུ་ཉི་མའི་དཀྱིལ་འཁོར་མཎྜལ་ཁ་སྦུབ་པ་ལྟ་བུ་ ལ་ཁོང་སྟོང་མ་ཡིན་པ་ཁ་དོག་དམར་པོ་ལ་ཚ་ཟེར་འབར་བ་དཔེར་ན་མགར་གྱི་སོ་མལ་ ནས་དྲང་བའི་ལྕགས་ཁོང་མེ་འབར་བ་འདྲ་བའི་དེ་ཉིད་ཀྱི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་ བོ་ཧྲཱིཿཡིག་རིང་ཆ་ཚེག་དྲག་ཅན་མེ་ལོང་གི་སྟེང་དུ་ནས་འབྲུ་ལང་བ་ལྟར་ལང་སྟེ་ཡོད་པ་དེ་ ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ སྦྱངས། དགྲ་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་བཞིན་དུ་ཐལ་བར་བྱ། སངས་རྒྱས་བྱང་སེམས་ཀྱི་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པ་རང་དང་ལྷན་ཅིག་ཚུར་ འདུས་ཧྲཱིཿལ་ཐིམ་པའི་རྐྱེན་བྱ་སྟེ། རང་ཉིད་ཁྲོ་བོ་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་ གསུམ་ཕྱག་དྲུག་སོགས་ཡོངས་རྫོགས་གཞུང་བཞིན་ལེགས་པར་བསྐྱེད་དེ། ཕྱག་ཐམས་ཅད་ ཕྱིར་བརྐྱང་ཞིང་བགེགས་ཀྱི་རྒྱལ་པོ་གནོད་བྱེད་ཐམས་ཅད་ལ་བརྡེག་པའི་ཚུལ་བྱེད། མདུང་ རྩེ་གསུམ་ནི་མདུང་ལྕགས་རྩེ་གསུམ་པ་རྩ་བ་གཅིག་ཏུ་འདུས་པ་ལྟ་བུའོ། །གཞུང་བཞིན་གོ་ སླའོ། །མི་ལྤགས་ཀྱི་གཡང་གཞི་དང་གླང་ཆེན་གྱི་གོ་རློན་གཉིས་མི་མགོ་གཡས་དང༌། གླང་ མགོ་གཡོན་དུ་བསྟན་པ་གཉིས་ཀ་བརྩེགས་ཏེ་རྐང་ལག་གཉིས་གཉིས་མགྲིན་པར་དཀྲིས་ པ། བསྐལ་པའི་དུས་ཀྱིས་མེ་ལྟ་བུའི་འཇིག་རྟེན་གསུམ་པོ་དུས་གཅིག་ལ་བསྲེགས་པར་བྱེད་ པའི་དྲག་ཏུ་འབར་ཞིང་འཁྲུག་པའི་དབུས་ནས་བཞུགས་པ། མགྲིན་པ་དང་བྱིན་པ་གཉིས་ ཀྱིས་བར་དུ་རང་དང་འདྲ་བའི་ཁྲོ་བོ་གདུགས་པ་ཅན་ཐམས་ཅད་སྐད་ཅིག་ཕྱེ་མར་བརླག་ 24-1-566 ནུས་པ་དཔག་ཏུ་མེད་པ་ཁྲབ་གྱོན་པ་ལྟ་བུ་གསལ་བཏབ། དེ་ལྟར་སྣང་ལ་རང་བཞིན་མེད་ པར་རྔམ་འཇིགས་ཆེན་པོ་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་དང་ཧཱུཾ་གི་སྟོད་དུ་ཉི་མའི་ དཀྱིལ་འཁོར་སྔར་དང་འདྲ་བའི་སྟེང་དུ་ཧྲཱིཿཡིག་གི་མཐར་དུ་མདུན་ནས་བརྩམས་ཏེ་རྩ་ སྔགས་རྣམས་རིམ་པ་བཞིན་དུ་བཀོད་དེ། དེ་ཡང་ཡིག་འབྲུ་རྣམས་མགོ་གྱེན་དུ་བསྟན་པ་ཁ་ ནང་དུ་བལྟ་བ། ཡིག་འབྲུ་དམར་པོ་ཁ་དོག་སྣ་ལྔ་པ་འཕྲོ་བ་དེ་ལ་སེམས་གཏད་ནས་བཟླས་ པ་བྱ་དགོས་ལ། ལས་དང་པོ་པ་ལ་དམིགས་པ་གཅིག་ལ་སུན་འགྲོ་བ་ལྟ་བུ་བྱུང་བ་ཡིན་པས། དང་པོ་ལྷ་ སྐུ་ལ་སེམས་གཏད་ནས་སྔགས་བཟླས། གཉིས་པ་སྔགས་ཕྲེང་དམར་པོ་ལ་སྔགས་ཕྲེང་གཉིས་པ་ཆད་ནས་བྱུང་བ་ལ་སེམས་ གཏད་ནས་དེ་ཙམ་རེ་བཟླས། གསུམ་པ་སྔགས་ཕྲེང་ལས་འོད་ཟེར་འཕྲོས་སངས་རྒྱས་བྱང་སེམས་མཆོད་པས་མཉེས་ པ་ལ་སེམས་གཏད་ནས་དེ་ཙམ་རེ་བཟླས། བཞི་པ་རང་གི་བ་སྤུ་བུ་ག་ནས་ཁྲོ་ཆུང་དཔག་ཏུ་མེད་པ་ཕར་འཕྲོས་ནས་རང་ལ་གནོད་ པའི་གནོད་བྱེད་ཐམས་ཅད་ཚར་བཅད་ནས་སླར་ཁྲོ་ཆུང་རྣམས་ཚུར་ཐིམ་པ་ལ་སེམས་གཏད་ ནས་དེ་ཙམ་རེ་བཟླས། ལྔ་པ་ཞལ་གསུམ་གའི་སྔགས་བཟླས་པ་དང་སྣང་སྲིད་ཐམས་ཅད་ལ་སྔགས་ཀྱིས་སྒྲ་ གྲགས་པ་ལ་སེམས་གཏད་ནས་དེ་ཙམ་རེ་བཟླས། དྲུག་པ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་རང་ལ་བཟླ་གྲོགས་བྱེད་པའི་ཚུལ་དུ་ གནས་ལ་སེམས་གཏད་ནས་དེ་ཙམ་རེ་བཟླས། བདུན་པ་རང་ལྷར་གསལ་བཏབ་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཕྱི་སྣོད་ནང་ 24-1-567 བཅུད་ཐམས་ཅད་སེམས་རྩེ་གཅིག་ཏུ་བསྒྲིམས་པ་དེ་ཙམ་རེ་བཟླས་པ་ནི་དམིགས་སྐོར་ བདུན་པའོ། ། དེ་ནས་ཐུན་བསྡུས་པའི་ཚེ་སྐབས་སུ་ཕྱི་སྣོད་ནང་བཅུད་ཐམས་ཅད་ལ་འོད་གསལ་དུ་ གྱུར། ཞལ་ཕྱག་ཡིག་འབྲུ་གདན་དང་བཅས་པ་བསྡུས་ཚུལ་སྟོང་ཉིད་དུ་བཞག་པ་ནི་བླ་མའི་ ཞལ་རྒྱུན་ལ་བྱེད་པའོ། །སླར་ཡང་རང་ཉིད་ལྷ་སྐུ་ལང་བ་ལ་གསལ་གདབ། དགེ་བསྔོ་དང་ ཐུན་མཚམས་ལ་འཇུག་པ་དམིགས་པའི་རྒྱས་གདབ་པར་བྱའོ། །པདྨ་དབང་གི་རྒྱལ་པོའི་ དམིགས་སྐོར་བདུན་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །། (མ་དཔེ་ཆོས་ཐང་བླ་མ་སྣང་འོད་ཀྱི་ཕྱག་ཏུ་བཞུགས།) 24-1-568 ༄༅། །དུས་ཀྱི་འཁོར་ལོའི་སྒོ་ནས་ཟ་ཚོགས་ བསྡུས་པ་སོགས་བཞུགས། ༄༅། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ་ཧོཿ ཞེས་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། ༀ་ཡི་དམ་དཔལ་ མཆོག་དུས་ཀྱི་འཁོར་ལོ་གསལ། །སྤྱི་བོར་རྩ་བརྒྱུད་བླ་མ་ཚོགས་ལ་བྱོན། །རང་ལུས་རྒྱལ་ བའི་དཀྱིལ་འཁོར་ཁྱོན་ཡངས་པར། །སྙིང་ག་ཆོས་ཀྱི་རྩ་བ་བརྒྱད་དབུས་སུ། །ཐུགས་ཀྱི་རྡོ་ རྗེ་ཡབ་ཡུམ་ནུས་མ་བརྒྱད། །གཙུག་ཏོར་རྩ་ལ་གཙོ་དང་མཚན་བཞིའི་ལྷ། །དཔྲལ་བར་རྩ་ འདབ་བཅུ་དྲུག་ལྟེ་བ་རུ། །སྐུ་ཡི་རྡོ་རྗེ་ཡབ་ཡུམ་སྐུ་མདོག་དཀར། །གཤེགས་པ་གཤེགས་ མ་ཡབ་ཡུམ་བཅུ་དྲུག་དང་། །མགྲིན་པར་ལོངས་སྤྱོད་རྩ་འདབ་སོ་གཉིས་དབུས། །སེམས་ དཔའ་སེམས་མ་ཁྲོ་བཞི་ལྷ་སོ་གཉིས། །སྤྲུལ་འཁོར་རྩ་འདབ་དྲུག་ཅུ་རྩ་བཞིའི་དབུས། །ཡེ་ ཤེས་རྡོ་རྗེ་ཕྱི་བསྐོར་རྩར་གསུང་གི །རྣལ་འབྱོར་མ་བརྒྱད་ལྷ་མོ་དྲུག་ཅུ་བཞི། །ཚིག་ཆེན་ལྷ་ ཆེན་བཅུ་གཉིས་རྩ་འདབ་མར། །ཚེས་ཀྱི་ལྷ་མོ་སུམ་བརྒྱ་དྲུག་ཅུ་དང་། །བདེ་སྐྱོང་རྩ་འདབ་ སོ་གཉིས་སྐུ་དཀྱིལ་གྱི། །ཁྲོ་བོ་ཡབ་ཡུམ་གཟུངས་མ་བུམ་པ་རྣམས། །ཞབས་སོར་ཀླུ་དང་ ཕྱག་སོར་རབ་གཏུམ་མ། །སྐྲ་རྣམས་གྲུབ་པ་ཉི་ཁྲི་ཅིག་སྟོང་དང་། །ཕྱེད་བཅས་བ་སྤུ་བྱེ་བ་ ཕྲག་གསུམ་སོགས། །འབྱུང་པོའི་ལྷ་ཚོགས་ཆོས་སྐུའི་བདག་ཉིད་ཅན། །གནས་ཡུལ་དཔའ་ བོ་ཌཱ་ཀི་འབུམ་སྡེ་བཅས། །ཟག་མེད་ཚོགས་མཆོད་འདི་བཞེས་དགྱེས་བསྐང་བཤགས། །ཕྱི་ ནང་མི་མཐུན་ཚོགས་རྣམས་དབྱིངས་སུ་སྒྲོལ། །ལྷག་ལ་དབང་བའི་ལྷ་ཚོགས་དགྱེས་བཞིན་ རོལ། །ག་ཎ་ཙཀྲ་པུ་ཙྪ་ཁ་ཧི། ཚོགས་མཆོད་འདི་འབུལ་ཚེ་འདིར་སྐྱེ་འགྲོ་ཀུན། །སྐུ་བཞི་ཡེ་ 24-1-569 ཤེས་དངོས་གྲུབ་མྱུར་ཐོབ་ཤོག ། ཅེས་པའི་མཐར་ཡིག་བརྒྱ་དང་གཟུངས་སྔགས་ལན་གསུམ་བརྗོད་པར་བྱའོ། །ཟ་ཚོགས་འདིར་བྲིས་འགྲོ་རྣམས་སངས་ རྒྱས་སུ་འགྲུབ་པའི་རྒྱུར་གྱུར་ཅིག གཟིམས་ཁང་བདེ་ལྡན་དུ་ཏཱ་ར་ནཱ་ཐས་སྨྲས་པའོ།། །། (མ་དཔེ་གཙང་སྤྲུལ་འཇིགས་མེད་རྡོ་རྗེའི་ཕྱག་དཔེ་ཡིན།) ༄༅། །རཾ་ཡཾ་ཁཾ། ༀ་ཨཱཿཧཱུཾ། ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཡེ་ཤེས་རོལ་ པའི་ཚོགས་ལ་གཤེགས། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས། །བདག་དང་ གུས་པས་ཕྱག་འཚལ་ལོ། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མཛེས་སྙན་དྲི་ཞིམ་རོ་མངར་ ཞིང་། །རེག་བདེ་གླུ་གར་ཆོས་ཡིད་ཚིམ། །འདོད་ཡོན་མཆོད་པའི་ཐུགས་དམ་བསྐང་། །རང་ ལུས་རྒྱལ་བའི་དཀྱིལ་འཁོར་ལ། །ཚོགས་ཀྱི་མཆོད་པ་འདི་འབུལ་བས། །ཚེ་འདིར་སྣང་བཞི་ མཐར་ཕྱིན་ནས། །སྐུ་བཞི་ཡེ་ཤེས་དབང་ཐོབ་ཤོག །ག་ཎ་ཙཀྲ་པུཙྪ་ལ་ཁཱ་ཧི། མགོན་པོ་མི་ འཁྲུགས་པ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་སོགས་ཡིག་བརྒྱ་དང་བཅས་པ་གཟུངས་སྔགས་ ཚར་གསུམ་བརྗོད། ཏཱ་ར་ནཱ་ཐས་གསུངས་ནས་ཟ་ཚོགས་བསྡུས་པ་རྣམ་རྒྱལ་ཆོས་གྲལ་པར་དུ་བཞེངས་སོ།། །།དགེའོ། །བཀྲ་ ཤིས། སརྦ་མངྒ་ལཾ། (མ་དཔེ་རྩི་ནང་བླ་མ་མཚན་བཟང་གི་ཕྱག་དཔེ་ལགས།) 24-1-570 ༄༅། །རྗེ་བཙུན་མ་སྒྲོལ་མ་རྣལ་འབྱོར་མའི་ བསྟོད་པ་བཞུགས་སོ། ། ༄༅། །དེ་བཞིན་གཤེགས་རྣམས་དགྱེས་མཛད་བཙུན་མོ་མཆོག །དངོས་གྲུབ་ཀུན་ སྩོལ་འཁོར་ལོའི་དབང་ཕྱུག་མ། །བཅོམ་ལྡན་དམ་ཚིག་སྒྲོལ་མ་རྣལ་འབྱོར་མའི། །ཞབས་ པད་མཆོག་ལ་རྟག་ཏུ་སྤྱི་བོས་འདུད། །རྡོ་རྗེ་ཕག་མོ་སྣ་ཚོགས་བདེ་མ་དང༌། །བདག་མེད་ ཡེ་ཤེས་དབང་ཕྱུག་སྣ་ཚོགས་ཡུམ། །རྡོ་རྗེ་སྒྲོལ་མ་རོ་ལངས་མ་ལ་སོགས། །སྣ་ཚོགས་ མཚན་འཆང་ཁྱོད་ལ་ཕྱག་འཚལ་ལོ། །ཨེ་ཡིག་དཔལ་ལྡན་པདྨ་བྷ་ག་དང༌། །གསང་བ་ཆོས་ འབྱུང་ཆོས་དབྱིངས་ནམ་མཁའི་ཁམས། །སེང་གེའི་ཁྲི་སོགས་བརྡའ་ཐབས་དུ་མས་མཚོན། ། ཤེས་རབ་ལྷ་མོའི་གཙོ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་མཚན་དང་དཔེ་བྱད་ རྫོགས། །དོན་དམ་འཁོར་འདས་སྲིད་པ་གསུམ་གྱི་གཟུགས། །མཐའ་ཡས་སྤྲུལ་པའི་སྣང་བ་ ཕྱོགས་བརྒྱར་འབར། །སྐུ་ཡི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ཟབ་མོ་གསང་སྔགས་ཆོས་ དབྱིངས་སྒྲ་བརྒྱ་པ། །ངེས་ཚིག་མིང་དོན་རྒྱ་མཚོའི་འཇུག་པ་ཅན། །མཐའ་དག་མགོན་གྱི་ གསུང་དབྱངས་རྡོ་རྗེ་མ། །གཞོམ་མེད་ལྷ་མོ་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་སྤྲོས་བྲལ་ མི་འགྱུར་ཆོས་དབྱིངས་ངང༌། །མ་ལུས་ཤེས་བྱའི་གནས་ཚུལ་ཀུན་གསལ་བ། །ཀུན་མཁྱེན་ ཡེ་ཤེས་ལྷུན་གྲུབ་རྣམ་མི་རྟོག །མཁའ་སྤྱོད་ཐུགས་ཀྱི་རྡོ་རྗེར་ཕྱག་འཚལ་ལོ། །གང་གི་རྣམ་ འཕྲུལ་ཡིད་བཞིན་བསྒྱུར་མཛད་པའི། །དཔག་ཡས་འགྲོ་བའི་དོན་སྒྲུབ་མཐུ་དཔལ་ཅན། ། 24-1-571 འཕྲུལ་ལྡན་དབང་ཕྱུག་མངའ་བདག་རྣལ་འབྱོར་མ། །སྒྱུ་འཕྲུལ་བདེ་བའི་གཏེར་ལ་ཕྱག་ འཚལ་ལོ། །རྡོ་རྗེ་ལྷ་མོ་ཁྱོད་ཐུགས་ཡེ་ཤེས་ངང༌། །སྐུ་དང་འཕྲིན་ལས་དབྱིངས་དང་ནམ་ མཁའ་སྟེ། །འདི་དག་བརྟན་གཡོ་ཀུན་ལ་ལྷན་ཅིག་ཁྱབ། །ཀུན་ཁྱབ་ཀུན་འགྲོའི་གཙོ་མོར་ ཕྱག་འཚལ་ལོ། །ཀུན་གཞི་རྣམ་དག་མི་གནས་མྱ་ངན་འདས། །སྣ་ཚོགས་གནས་དང་མཆོད་ པའི་བཀོད་པར་བཅས། །ཞིང་ཁམས་འབྱོར་བ་ཕུན་ཚོགས་རྒྱ་མཚོ་ལ། །དབང་ཕྱུག་འཁོར་ ལོས་སྒྱུར་མར་ཕྱག་འཚལ་ལོ། །ཇི་ལྟར་བཞེད་པའི་དོན་ཀུན་འབད་མེད་པར། །སྨོན་ལམ་ དབང་ཕྱུག་གང་ལ་གང་འདུལ་བའི། །འཕྲིན་ལས་རྒྱུན་མི་འཆད་པར་དོན་མཛད་མ། །འདོད་ པ་ཀུན་སྩོལ་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་སོགས་ཡོན་ཏན་གཞལ་དུ་མེད་པ་ཡིས། །རང་ གང་རྟག་ཏུ་ཕན་བདེ་སྤྲོ་བ་དང༌། །སྲིད་ཞིའི་དགེ་ལེགས་ཐམས་ཅད་འབབ་པའི་གནས། །ཆུ་ གཏེར་དང་མཚུངས་ཁྱོད་ལ་ཕྱག་འཚལ་ལོ། །རི་རབ་གྲངས་མེད་སུམ་ཅུ་རྩ་གཉིས་ཀྱི། །རྡུལ་ གྲངས་དང་མཉམ་མ་ཉ་མོ་ཡི་ཚོགས། །རྣལ་འབྱོར་མ་དཔལ་ཁྱོད་ཀྱི་འཁོར་དུ་གྱུར། །མཁའ་ འགྲོ་ཀུན་གྱི་བདག་མོར་ཕྱག་འཚལ་ལོ། །རིགས་རྣམས་ཀུན་གྱི་འཁོར་ལོས་བསྒྱུར་མ་ཆེ། ། བགྲང་ཡས་དཀྱིལ་འཁོར་རྒྱ་མཚོ་དབང་ཕྱུག་མ། །ཟུང་འཇུག་ལྷན་སྐྱེས་འདོད་པ་འཇོ་ བའི་ཡུམ། །རྗེ་བཙུན་བཅོམ་ལྡན་འདས་མར་ཕྱག་འཚལ་ལོ། །ཞི་རྒྱས་དབང་དུ་བྱེད་དང་ དྲག་ཤུལ་གྱིས། །མཐུ་སྟོབས་རྒྱ་མཚོ་དཔལ་ལ་དབང་བསྒྱུར་མ། །རིགས་སྔགས་རྒྱལ་མོ་ རྡོ་རྗེ་འཛིན་མའི་སྐུ། །འཕྲིན་ལས་བཞི་ཡི་སྒྲོལ་མར་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་ ཆོས་དང་རྡོ་རྗེ་ཡི། །རིགས་ཀྱི་བཙུན་མོ་བདེ་ཆེན་རོལ་བ་མོ། །འཁོར་བའི་མཚོ་ལས་སྒྲོལ་ མཛད་ཐུགས་རྗེའི་གཏེར། །དེ་བཞིན་གཤེགས་མ་བཞི་ལ་ཕྱག་འཚལ་ལོ། །ལྟ་བ་འཐིབ་པོ་ མ་ལུས་རབ་འཇོམས་ཤིང་། །བསྡུ་དངོས་བཞི་ཡི་འགྲོ་བ་ཀུན་སྒྲོལ་མ། །དགུག་འཆིང་སྡོམ་ དང་མཉེས་པར་བྱེད་པ་ཡི། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་ལོ། །རྨོངས་དང་དུག་གཞིལ་ 24-1-572 རེངས་གནོན་དགུག་པ་དང་། །ཕུར་འདེབས་བསྐྲད་དབྱེའི་ལས་རྣམས་རྣལ་འབྱོར་མ། །གང་ འདུལ་ཐབས་ཀྱི་འཕྲིན་ལས་དཔག་ཡས་ཅན། །ལས་བརྒྱད་སྒྲོལ་མའི་ཚོགས་ལ་ཕྱག་འཚལ་ ལོ། །དཔལ་ལྡན་གཤིན་རྗེ་གཤེད་པོ་མི་གཡོ་མགོན། །རྟ་མགྲིན་དབང་ཆེན་བདུད་རྩི་འཁྱིལ་ བ་སྟེ། །ལོག་འདྲེན་བདུད་དཔུང་མ་ལུས་ཚར་གཅོད་པའི། །རྡོ་རྗེ་ཁྲོ་རྒྱལ་བཞི་ལ་ཕྱག་ འཚལ་ལོ། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །རབ་འབྱམས་དཀྱིལ་འཁོར་ འཁོར་ལོ་མ་ལུས་པ། །ཀུན་འདུས་བཅོམ་ལྡན་སྒྲོལ་མའི་ལྷ་ཚོགས་ལ། །དངོས་པོ་ཀུན་གྱིས་ བཏུད་དེ་ཕྱག་འཚལ་ལོ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་འབུལ། །ཉེས་བྱས་ཐམས་ ཅད་སྙིང་ནས་སོ་སོར་བཤགས། །ཡི་རངས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ ཏུ་བཞུགས་གསོལ་དགེ་བ་བྱང་ཆུབ་བསྔོ། །དཀྱིལ་འཁོར་གཙོ་མོ་དཔའ་བོ་དཔའ་མོ་དང༌། ། སངས་རྒྱས་སྲས་བཅས་དབང་གི་ལྷ་མོ་ལ། །ཇི་སྲིད་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བླ་ མེད་ཐེག་པར་བདག་གིས་སེམས་བསྐྱེད་དོ། །དབང་བཞི་མནོས་ཤིང་དམ་ཚིག་ལམ་ལ་ གནས། །རྣལ་འབྱོར་བཞི་ལྡན་བསྐྱེད་རྫོགས་མཆོག་ལ་སློབ། །ངོ་མཚར་སྤྱོད་པ་གསུམ་གྱི་ རོལ་བ་སོགས། །མཐའ་དག་ལམ་རྣམས་བདག་གིས་བསྟེན་པར་བགྱི། །ཏིང་འཛིན་བརྟན་ ཅིང་འཕྲིན་ལས་ཐོགས་མེད་འགྲུབ། །ཕོ་ཉ་གསུམ་འདུས་གྲུབ་པ་བརྒྱད་སོགས་ཐོབ། །འགྲོ་ བའི་དོན་སྤྱོད་མཐུ་དང་ལྡན་པ་ཡི། །ཚེ་འདིར་ཧེ་རུ་ཀ་དཔལ་ཐོབ་པར་ཤོག །ཅེས་པའང་ཏཱ་ར་ནཱ་ ཐས་སྨྲས་པའོ།། །།ཞུས་དག (མ་དཔེ་ཆོས་རྗེའི་རྒྱུད་སྡེ་ཡིག་རྙིང་ནང་བཞུགས།) 24-1-573 ༄༅། །བུམ་གཏེར་བཞག་པའི་ཆོ་ག་བཞུགས། ༄༅། །ༀ་སྭ་སྟི་སིདྡྷཾ། མཆོད་རྟེན་ནམ་གཙུག་ལག་ཁང་ལ་སོགས་པ་བཞེངས་པའི་གཞིར་བུམ་གཏེར་གཞུག་ པར་འདོད་ན། བུམ་པ་ཡུལ་གང་ཡིན་གྱི་བྲེ་ཚད་ལས་མི་ཉུང་བའི་བཅུད་ཤོང་བ། རིན་པོ་ཆེའི་བུམ་པ་འདི་རྫ་ལ་སོགས་པ་ཡིན་ ནའང་གཙང་མའི་ནང་དུ། རིན་པོ་ཆེ་དང་། འབྲུ་བཅུད་དང་། སྨན་དང་། དྲི་བཟང་དང་། ནོར་སྣ་དང་ཟས་སྣ་གོས་སྣ་དར་སྣ་ སོགས་བཅུག་པ་བཤམས། དེ་ཡང་འབྱོར་ན་ཕྱོགས་མཚམས་དབུས་དང་དགུ་རེ་རེ། ཡང་ན་དབུས་སུ་གཅིག་འཛུག་པ་ཡིན། དེ་ ལ་བདག་གི་རྣལ་འབྱོར་གང་ཡང་རུང་བ་བསྒོམས་ནས་བཟླས་པ་ཅུང་ཟད་བྱ། བུམ་གཏེར་བཤམས་པ་དེ། སྔགས་དྲུག་ཕྱག་ དྲུག་ནི། རྫས་རྣམས་ཀྱི་དཀྱིལ་དུ་རཾ་བསམ་སྟེ། དེ་ལ་མེ་འབར་བས་འབག་པ་དང་མ་དག་པའི་ སྐྱོན་ཐམས་ཅད་བསྲེག་པར་བསམ་ལ། ལག་པ་གཡས་ཀྱིས་མཐེ་བོས་མཐེའུ་ཆུང་མནན། ལྷག་མ་བརྐྱང་བས་ བུམ་པ་ལ་གཏད་དོ། །ༀ་སརྦ་བི་ཤུདྡྷེ་དྷརྨ་ཏེ་བཛྲ་སིདྡྷི་ཧཱུཾ། ཞེས་པས་སྦྱངས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱས་ལ། ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱས་ སྤེལ། ལག་པ་གཉིས་སོར་མོ་རྣམས་བསྣོལ་གུང་མོ་གཉིས་རྩེ་སྤྲད། ཚིག་རྣམས་བཅག་ལ་དཔྲལ་བར་བཅིངས་ཏེ། དཀྲོལ་ལ་སེ་ གོལ་གདབ་པོ། །མཐེ་བོང་གཉིས་སྦྲེལ་ལ་གཞན་རྣམས་ཕྱིར་བརྐྱང་བ་སྙིང་གའི་ཐད་ཀར་བཞག་པ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ བྱས་ལ། ༀ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱི་བདུད་རྩིར་བསྒྱུར། གཡས་མཆོད་སྦྱིན་གྱི་ཕྱག་རྒྱ་བྱས་ལ། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་ དྷརྨ་ཎཾ་ཨཱདྱ་ནུཏྤནྣ་ཏྭད། ཅེས་པས་འདོད་པ་བསྒྲུབ། གཡས་ཁྲོ་བོའི་ཁུ་ཚུར་སྡིགས་མཛུབ་བྱས་པ་རྫས་ལ་གཏད་ཅིང་། དཀྲོལ་ལ་སེ་གོལ་གདབ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུཾ། ཞེས་པས་ཐོབ་ པར་བསམ། གཡས་མི་འཇིགས་པའི་ཕྱག་རྒྱ་བྱས་ལ། ༀ་རུ་རུ་སྤུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ ནེ་སྭཱཧཱ། ཞེས་པས་མཉམ་པོར་ཐོབ་པར་བསམ་ལ། དེ་རྣམས་ལན་གསུམ་གསུམ་བྱ། སྔགས་དྲུག་ཕྱག་དྲུག་གིས་ཟད་མི་ཤེས་ པའི་གཏེར་དང་ལོངས་སྤྱོད་དང་། བདུད་རྩི་བྱིན་གྱིས་བརླབས་ནས། བུམ་པའི་སྟོད་ཀྱི་ཆར་པདྨ་འདབ་བརྒྱད་ 24-1-574 ཀྱི། ལྟེ་བ་དང་འདབ་མ་རྣམས་ལ། ཕུཿདགུ་ལས་ཀླུ་ཆེན་དགུ་བསྐྱེད་པར་བྱ་སྟེ། དབུས་ སུ་ནོར་རྒྱས། ཤར་དུ་སྟོབས་རྒྱུ། ལྷོར་དུང་སྐྱོང་། ནུབ་ཏུ་མཐའ་ཡས། བྱང་དུ་ཆུ་ལྷ། མེར་ འཇོག་པོ། བདེན་བྲལ་དུ་རིགས་ལྡན། རླུང་དུ་པདྨ། དབང་ལྡན་དུ་པདྨ་ཆེན་པོ། ཐམས་ཅད་ ཀྱང་ཞལ་གཅིག་ཕྱག་གཉིས། སྟོད་ལྷའི་ལུས་ཅན། ཕྱག་གཉིས་ཀྱིས་རིན་པོ་ཆེའི་གཏེར་གྱི་ བུམ་པ་ཐུགས་ཀར་འཛིན་པ་ཁ་དོག་དག་པའི་ཤེལ་ལྟར་དྭངས་ཤིང་། ཡུལ་གྱི་དབང་པོ་སྣ་ ཚོགས་གང་བ། སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བཅས་པའི་སྦྲུལ་མགོའི་ གདེངས་ཀ་བདུན་དང་ལྡན་ཞིང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་ཕྱོགས་ ནས་རང་རང་དང་འདྲ་བའི་ཆུང་མས་བརྟེན་པ་བསྐྱེད་ནས། གནས་གསུམ་བྱིན་གྱིས་བརླབས་ལ། རང་ གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོས་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་སྤྱན་ དྲང་བར་བསམ་ཞིང་། ༀ་ཨེ་ཧྱེ་ཧི་ནཱ་ག་ཨ་དྷི་པ་ཏི་ས་པཱ་རི་ཝ་ར་ས་མཱ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་པས། གཉིས་སུ་མེད་པར་བསྟིམས་ནས། རེ་རེའང་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་འབུལ་ཞིང་། རེ་རེའི་ མཆོད་པའི་མཐར་སྔགས་བཟླས་པ་བྱ་སྟེ། ༀ་ཕུཿནཱ་ག་རཱ་ཛ་བཱ་སུ་ཀེ་ཕུཿསྭཱཧཱ། ནོར་རྒྱས་ཀྱིའོ། །ༀ་ཕུཿནཱ་ག་རཱ་ ཛ་ཀཪྐོ་ཊ་ཕུཿསྭཱཧཱ། སྟོབས་ཀྱི་རྒྱུའོ། །ༀ་ཕུཿནཱ་ག་རཱ་ཛ་ཤཾ་ཁ་པ་ལ་ཕུཿསྭཱཧཱ། དུང་སྐྱོང་གིའོ། །ༀ་ཕུཿནཱ་ ག་རཱ་ཛ་ཨ་ནནྟ་ཡེ་ཕུཿསྭཱཧཱ། མཐའ་ཡས་ཀྱིའོ། །ༀ་ཕུཿནཱ་ག་རཱ་ཛ་བ་རུ་ཎ་ཡེ་ཕུཿསྭཱཧཱ། ཆུ་ལྷའིའོ། །ༀ་ ཕུཿནཱ་ག་རཱ་ཛ་ཏཀྵ་ཀ་ཡེ་ཕུཿསྭཱཧཱ། འཇོག་པོའིའོ། །ༀ་ཕུཿནཱ་ག་རཱ་ཛ་ཀུ་ལི་ཀ་ཡེ་ཕུཿསྭཱཧཱ། རིགས་ལྡན་ གྱིའོ། །ༀ་ཕུཿནཱ་ག་རཱ་ཛ་པདྨ་ཡེ་ཕུཿསྭཱཧཱ། པདྨའིའོ། །ༀ་ཕུཿནཱ་ག་རཱ་ཛ་མཧཱ་པདྨ་ཡེ་ཕུཿསྭཱཧཱ། པདྨ་ ཆེན་པོའིའོ། །མཆོད་པ་དང་སྔགས་རྣམས་སྦྲེལ་ཞིང་། བསྡུ་ན་དཀར་གཏོར་ཆ་གཅིག་གམ། ཅུང་ཟད་རྒྱས་པར་འདོད་ན་གོང་གི་ སྔགས་རྣམས་ལ་རེ་རེ་བཞིན་ནམ་མཁའ་མཛོད་ཀྱི་སྔགས་བཏགས་པ། ཀླུའི་གཏོར་མ་བརྒྱ་རྩ་སོགས་ཕུལ་ལ། དངོས་གྲུབ་ རྒྱུན་མི་འཆད་པར་འབྱུང་བར་མཛད་དུ་གསོལ། ཞེས་གསོལ་བ་བཏབ། འདོམ་གང་ལ་སོགས་པ་རྐོས་པའི་ འོག་ཏུ་བྱི་དོར་ལེགས་པར་བྱ་ཞིང་། སྨན་དང་དྲི་བཟང་དང་བཅས་པའི། ས་བཟང་པོའི་གནས་སུ་ལེགས་པར་བཞག་ལ། སྒྲོམ་དུ་ 24-1-575 བྱས་པའི་སྟེང་དུ་ས་གཙང་མའི་ལེགས་པར་བཀབ་སྟེ། འཐས་པར་བྱ། དེའི་སྟེང་དུ་ཞག་བདུན་དུ་མཆོད་པ་དང་གཏོར་མ་ཕུལ། དེ་རིང་དཀོན་མཆོག་གི་རྟེན་ལ་སོགས་པ་བཞེངས་པར་བྱའོ། །དེ་ལྟར་བྱས་པས་འབྱོར་བ་དང་ལོ་ལེགས་པ་དང་། ཕུན་སུམ་ ཚོགས་པ་འབྱུང་བའི་རྟེན་འབྲེལ་ཡིན་ནོ། །རྟེན་བཞེངས་པ་མ་ཡིན་པའི་བུམ་གཏེར་འཛུག་ནའང་ཁང་བཟང་ངམ། ཀླུ་གནས་ པའི་སར་བཅུག་ན། ཡུལ་དེར་དཔལ་འབྱོར་འཕེལ་བར་འགྱུར་བས་ཚུལ་བཞིན་ཤེས་པར་བྱའོ། །བུམ་གཏེར་བཞག་པའི་ཆོ་ག་ འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེ་ལེགས་འཕེལ། (མ་དཔེ་གཏེར་བུམ་ཕྱོགས་བསྒྲིགས་ནང་དུ་བཞུགས།) 24-1-576 ༄༅། །གཞི་བདག་ཁྲུས་གསོལ་བཞུགས། ༄༅། །ༀ་སྭཱ་སྟི། གཞི་བདག་ཁྲུས་གསོལ་ནི། རྣམ་འཇོམས་ལ་སོགས་པའི་བུམ་སྒྲུབ་བྱས་པའི་ཆུ་ཁྲུས་ཆུ་འཐོར་ བ་ཡིན། དེ་ཡང་ཐོག་མར་བགེགས་སྦྱང་བ་ནི། འཐེབ་ཀྱུ་ཏིང་ལོ་ཆང་བུ་རྣམས་གསུམ་གསུམ་ལ་ལག་ལེན་བཞིན་བཏང་། ༀ་ བཛྲ་ཡཀྵ་ཧཱུཾ། ༀ་བཛྲ་ཛྭ་ལ་སོགས་དང་། ༀ་ཨ་ཀཱ་རོ་སོགས་ཀྱི་བྱིན་གྱིས་རླབས། ལས་ཀྱི་རྡོ་རྗེས་གཏོར་མ་ བསྐོར་ཞིང་།ༀ་སརྦ་བིགྣན་ན་མཿསརྦ་སོགས་སེ་གོལ་གྱི་སྒྲ་དང་བཅས་ལན་གསུམ་གྱི་ཞི་བས་སྦྱངས། ཏིང་ལོ་ཆང་ བུ་སྦྱར་བ་བསྐོར་ཞིང་། ༀ་སུམྦྷ་ནི་སུམྦྷ་སོགས་ལན་གསུམ་གྱི་མཐར། གཞི་བདག་འཁོར་དང་བཅས་པ་ ལ་སྐུ་ཁྲུས་གསོལ་བ་ལ་བར་དུ་གཅོད་པ་བྱེད་པའི་གདོན་བགེགས་ཀྱི་རིགས་གང་ཡིན་པ། དེ་ དག་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་རྒྱགས་ཀྱི་ཚུལ་དུ་ཁྱེར་ ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག ཅེས་ཞི་དྲག་ཕྱེད་མས་སྦྱངས། རང་གི་སྙིང་ ག་ནས་འོད་ཟེར་འཕྲོས་ཁྲོ་བོའི་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཧཱུཾ་ཡེ་ཤེས་བསྐལ་ པ་མེ་ལྟར་འབར་བའི་འོད། །སོགས་ནས། འགྲོ་བའི་དོན་དུ་མཆོད་ཀྱི་གཤེགས་སུ་གསོལ། །ༀ་ བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི། ཞེས་སྤྱན་དྲངས། ༀ་པདྨ་ཀ་མ་ལ་ཡ་སྟྭཾ། གྱིས་གདན་ཕུལ། ༀ་ བཛྲ་ཀྲོ་དྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས། ནཻ་ཝི་དྱའི་བར་གྱིས་མཆོད། སྤྲོས་པ་ལ་དགའ་ན། ཧཱུཾ་ཆོས་ཉིད་ སྟོང་པ་ནས། ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བསྡུ་ན། འཇིགས་ པའི་ཧཱུཾ་སྒྲ་ནས། དགྲ་ལ་ཕྱག་འཚལ་ལོ། །ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་ཏེ། ན་མོ། རྗེ་བཙུན་རྩ་བ་དང་ བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས༴ གཟུངས་སྔགས་ཀྱི་ 24-1-577 རྒྱལ་མོ་ཁྲོ་མོ་རྣམས༴ བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱི་བསྒྲུབ་བྱ་འདི་ཞེས་བྱ་བ་ལ་ བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཡེ་ ཤེས་ཆེན་པོའི་རང་བཞིན་རྡོ་རྗེ་ཁྲོ་བོའི་བཀའ་ཐོས་པས་སའི་ཕྱོགས་འདིར་མ་གནས་པར་ གཞན་དུ་སོངས་ཤིག གང་དག་མི་འགྲོ་བ་དེ་དག་དུས་གསུམ་གྱི་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་འབར་ཞིང་ རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་ལྷའི་ ང་རྒྱལ་ཤུགས་དྲག་པོས་རྡོ་རྗེའི་གསོར་ཞིང་ཡུངས་ཀར་གྱིས་བྲབ་གུ་གུལ་སོགས་ཀྱིས་བདུག་ཅིང་། བདུད་རྩི་འཁྱིལ་བའི་སྔགས་ དྲག་ཏུ་བཟླས་ཏེ། ན་མཿས་མནྟ་ཀཱ་ཡ་ཝཱཀྩིཏྟ་བཛྲ་ཎཾ་ན་མོ་བཛྲ་ཀྲོ་དྷཱ་ཡ། ནས། ཨནྟ་ཀ་རཱ་ཡ་སྭཱཧཱ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་སོགས། སྤྲོས་པ་ལ་དགའ་ན་རོལ་མོའི་སྒྲ་བྱེད་ཅིང་། རྣམ་འཇོམས་སོགས་ཡི་དམ་གང་བྱེད་དེའི་ སྙིང་པོ་ཉེར་སྙིང་སོགས་ཀྱང་བཟླས་ཞིང་། ཁྲོ་བོ་ལ་མཆོད་བསྟོད་བདེན་བདར་བགེགས་བསྐྲད་རྣམས་ལན་གསུམ་བྱ། དེ་ནས་ ཏིལ་ལམ་ཡུངས་ཀར་གྱིས་སྦྱང་བ་ནི། བསྒྲུབ་བྱ་ཆེ་གེ་མོས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ། སྣ་སྒོ་ནས་སྡིག་པ་རྭ་ཅན་ གྱི་རྣམ་པར་གྱུར་ནས་མདུན་གྱི་ཏིལ་ལམ་ཡུངས་ཀར་ལ་ཐིམ། དེ་ཉིད་གཡས་སུ་ཡེ་ཤེས་ཀྱི་ མེས་བསྲེགས། གཡོན་དུ་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་གྱུར། ༀ་སརྦ་པཱ་པཾ་ད་ཧ་ན་བྷསྨིན་ ཀུ་རུ་ཡེ་སྭཱཧཱ། ལན་གསུམ་བཟླས། ཏིལ་ལམ་ཡུངས་ཀར་བསྐོར་ཞིང་མེ་དང་ཆུ་དོར། དེ་ནས་ཡི་དམ་གང་བྱེད་དེའི་རྩ་ སྔགས་སྙིང་པོ་ཉེ་སྙིང་ཚར་གཅིག་བརྗོད་ལ་ཁྲུས་བྱ། བསྒྲུབ་བྱ་འདི་ཞེས་བྱ་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ ཤནྟིཾ་ཀུ་རུ་སྭཱཧཱ། ནད་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ ཉེ་བར་འཚེ་བ་ ཐམས་ཅད༴ འཁོན་དང་གྲིབ་དང་མི་གཙང་བ་ཐམས་ཅད༴ བྱད་དང་བྱུར་དང་སྐལ་བ་ངན་ པ་ཐམས་ཅད༴ མཚན་མོ་ནག་མོ་དང༌། དུས་ཀྱི་ཞགས་པ་དང༌། གཤིན་རྗེའི་ཕོ་ཉ་ཐམས་ ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ 24-1-578 གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད༴ རྒྱལ་པོ་དང་ཐེའུ་བྲང་གི་གནོད་པ་ཐམས་ཅད༴ བཙན་དང་དམུའི་གནོད་ཐམས་ཅད༴ ཀླུ་དང་ས་བདག་གི་གནོད་པ་ལ་སོགས་པ་མདོར་ན་ མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱཧཱ། བྱབས་པ་ནི། རྨ་བྱའི་མདོངས་ཀྱི་དབུས་སུ་ཟླ་ བའི་དཀྱིལ་འཁོར་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། བསྒྲུབ་བྱའི་ནད་ གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་ལེན་པ་ལྟར་བླངས་ཏེ། རྒྱ་མཚོ་ཆེན་པོ་ ལ་དོར་བའི་མོས་པ་མཛོད། རྩ་སྔགས་སོགས་ཚར་གཅིག་བཟླས་པའི་མཐར། སྡིག་པ་དང་སྒྲིབ་པ་ཐམས་ ཅད་ཤནྟིཾ་ཀུ་རུའི་ཚབ་ཏུ། ཨ་པ་ན་ཡེ་སྭཱཧཱ། ཞེས་བཏགས་ལ་བྱབས་པ། དེ་ནས་བསྲུང་བ་ནི། བསྒྲུབ་བྱའི་སྤྱི་ བོ་དང་། རྒྱབ་མདུན་དཔུང་པ་གཡས་གཡོན། པུས་མོ་གཡས་གཡོན་རྣམས་སུ་རྡོ་རྗེ་རྒྱ་གྲམ་ རེ་རེ་བཞག་པས་མོས་པ་བྱས་ལ་རྡོ་རྗེ་གོས་བཀོན་པར་བསམ། རྩ་སྔགས་སོགས་ཚར་གཅིག་བཟླས་ ལ། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵ་སྭཱཧཱ། ནས། མི་མཐུན་པའི་ཕྱོགས་ཐམས་ཅད་ རཀྵ་རཀྵ་སྭཱཧཱའི་བར་བརྗོད། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སོགས་ཕྱིན་དྲུག་གིས་ཁྲུས་བྱ། ཆུ་བོ་དྲུག་ གིས་ཁྲུས་བྱས་ནས། །ཞེས་པ་ནས། ཁྲུས་བགྱིའོ། །ཡུལ་གྱི་གཞི་བདག་ལྷ་ཀླུ་ཐམས་ཅད་ཀྱི་ཕ་ རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་དག་ནས། ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ཕུན་ སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ནས་བུམ་ཆུ་གཏོར་ཞིང་དྲིལ་བསིལ་བྱ། གང་ལ་སེར་སྣ་རྣམ་ ཆགས་པ། །ཞེས་པ་ནས། ཁྱེད་ལ་སྡིག་པར་མ་གྱུར་ཅིག །ཡུལ་འདིས་གཞི་བདག་གི་གཙོ་བྱས་ འགྲོ་བ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་ པར་གྱུར་ཅིག ཅེས་པའི་བར་བརྗོད་དོ། ། དེ་ནས་གཞི་བདག་གཏོར་མ་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་། ༀ་བཛྲ་ཡཀྵ་ཧཱུཾ་གི་མེས་ཕྱག་རྒྱ་དང༌། ཧཱུཾ་ བཛྲ་ཛྭ་ལ་སོགས་རྡོ་རྗེ་བསྡམས་པ་དང༌། ཨ་ཀཱ་རོ་སོགས་ཀྱི་བྱིན་གྱིས་བརླབས་ནས། ཨ་ཀཱ་རོ་ལན་བདུན་གྱིས་ ཕུལ། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། ཕྱོགས་བཅུའི་འཇིག་རྟེན་གྱི་ 24-1-579 ཁམས་ཀུན་གྱི་གཞི་བདག་དང༌། སྒོས་འཛམ་བུ་གླིང་སྤྱིའི་བདག་པོ། ཡང་སྒོས་བོད་ཁ་བ་ ཅན་གྱི་གཞི་བདག་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། དགེ་བསྙེན་མཐུ་བོ་ཆེ་ཉི་ ཤུ་རྩ་གཅིག་ལ་སོགས་པ་དང༌། ཁྱད་པར་དུ་ཡང༌། ཡུལ་ཕྱོགས་དང་ས་ཕྱོགས་འདི་དག་གི་ གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །བདག་ ཅག་རྣམས་ཀྱི་ཡིད་ལ་བསམ་པའི་དོན་ཐམས་ཅད་འགྲུབ་པ་དང༌། མི་མཐུན་པའི་ཕྱོགས་ ཐམས་ཅད་ལས་བསྲུང་ཞིང༌། བར་ཆད་ཐམས་ཅད་སེལ་བ་དང༌། མཐུན་རྐྱེན་ཐམས་ཅད་ སྒྲུབ་པའི་གདོང་གྲོགས་དང་གནས་པོ་བཟང་པོ་མཛད་དུ་གསོལ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། ། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །གཞི་བདག་འཁོར་བཅས་ཚིམ་གྱུར་ཅིག ། དེ་ནས་མགྲོན་དང་ཁྲུས་ལྷ་ལྷན་ཅིག་གཤེགས། བདག་བསྐྱེད་ཀྱི་ལྷ་ལ་མཆོད་བསྟོད་དང་སྨོན་ལམ་བཀྲ་ཤིས་བྱའོ། །ཞེས་ པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེ་ལེགས་འཕེལ། (མ་དཔེ་གཉིས་ཡོད།)