23-1-1 ཇོ་ནང་ཆོས་མཛོད་ཆེན་མོ་ལས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ། ༼འ༽ 23-1-2 23-1-3 དཀར་ཆག བླ་མ་རྒྱང་འབོད། ཞལ་གདམས་ཐོར་བུ། སྙིང་པོ་བསྡུས་པ། ཕར་ཕྱིན་ཁྲིད་ཡིག་ངོ་མཚར་ཅན། དོགས་གཅོད་མུན་སེལ། ཚིགས་བཅད་བཅུ་པ་ཞེས་བྱ་བ་ལམ་གྱི་རིམ་པ། ཕྱག་རྒྱ་ཆེན་པོ་མི་གཡོ་བའི་རྣལ་འབྱོར་གྱི་ཁྲིད་ཡིག མན་ངག་ཁྲིད་ཡིག་ཤིན་ཏུ་ཟབ་པ། གྲུབ་ཆེན་ལྭ་བ་པའི་གདམས་པ་སྐལ་ལྡན་ཅིག་ཆར་བའི་ཚུལ་དུ་ངོ་སྤྲོད་པའི་ཐབས་སྙན་རྒྱུད་ལྷན་ཅིག་སྐྱེས་པའི་རྣལ་འབྱོར། གསོལ་འདེབས། (མཛད་བྱང་མི་གསལ།) རྡོ་རྗེའི་ལམ་ལ་འཇུག་པ། མངོན་བརྗོད་བླ་མ་ལས་འབྱུང་བའི་དཔྱིད་ཀྱི་རྒྱལ་པོའི་གླུ་དང་སྤེལ་མར་སྦྱར་བ། གསོ་སྦྱོང་རང་གིས་བླང་བའི་ཆོ་ག དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་འདོད་དགུའི་གཏེར་མཛོད། དཔལ་གསང་བ་འདུས་པ་རྗེ་བཙུན་འཇམ་པའི་རྡོ་རྗེའི་ལྷ་ཚོགས་མཉེས་པར་བྱེད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ། དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་གྱི་ཆོ་ག་འཁྲུལ་བའི་དྲི་བྲལ། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བདུད་བཞིའི་སྟོབས་འཕྲོག ཕྱག་ན་ རྡོ་རྗེ་གཏུམ་པོའི་དབང་གི་ཐོ་ཡིག འཁོར་ལོ་སྒྱུར་དྲུག་གི་སྒྲུབ་ཐབས་ཕུན་ཚོགས་ཐམས་ཅད་བསྐྱེད་པའི་གཞི། དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་རྣམ་པར་བཀོད་པ་ངོ་མཚར་འབྱུང་གནས། 23-1-4 འཁོར་ལོ་སྡོམ་པ་བཅུ་གསུམ་མའི་སྒྲུབ་ཐབས་མེ་ཏྲི་པའི་དགོངས་དོན། འཁོར་ལོ་བདེ་མཆོག་བོང་ཞལ་ཅན་གྱི་སྒྲུབ་ཐབས་མན་ངག་གི་རིམ་པ། འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོའི་སྒྲུབ་ཐབས་མངོན་བརྗོད་བླ་མ་ལས་གསལ་བར་གསུངས་པ། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་གསལ་བྱེད། རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་སྒྲུབ་པའི་ཐབས་བདེ་བ་བསྐྱེད་མ། རྡོ་རྗེ་ཕག་མོ་ཞེས་བྱ་བའི་སྒྲུབ་ཐབས་བདེ་ཆེན་འབར་བྱེད། རྡོ་རྗེ་ཕག་མོ་ཕག་གདོང་ཅན་གྱི་སྒྲུབ་ཐབས་ཡེ་ཤེས་རབ་འབར། འཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ། འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ། (གསལ་བཤད། ཆོས་ཚན་སུམ་ཅུ་འདི་གསར་རྙེད་ཡིན་པའི་པར་མ་མེད། ད་ལྟ་ལྡེབ་གྲངས་ཡང་མ་ངེས་ཀྱང་པོད་གཅིག་བཞུགས་ངེས་ལགས།) 23-1-5 ༄༅། །བླ་མ་རྒྱང་འབོད་བཞུགས། ༄༅། །ༀ་སྭཱ་སྟི། མཚན་ལྡན་གྱི་བླ་མ་ཐུགས་རྗེ་ཅན། །མགོན་གཅིག་ཆོག་རྒྱལ་པོ་ལ་ གསོལ་བ་འདེབས། །སེམས་གནས་ལུགས་རྗེན་པར་རྟོགས་པ་དང༌། །ཕ་ཁྱེད་ཀྱི་ཐུགས་དང་ མཉམ་པར་ཤོག །བརྒྱུད་པ་ཀུན་འདུས་ཀྱི་རྡོ་རྗེ་འཆང་ཆེན། །སྐྱབས་གནས་ཀུན་འདུས་ཀྱི་ བླ་མ་དམ་པ། །དངོས་གྲུབ་འབྱུང་གནས་ཀྱི་ཡི་དམ་ལྷ་ཚོགས། །ཕ་བླ་མ་དྲིན་ཅན་ཆོས་རྗེ། ། དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག །བར་ཆད་ཀུན་སེལ་གྱི་མཁའ་འགྲོ་ ཆོས་སྐྱོང༌། །དམ་ཚིག་རྗེས་དྲན་གྱི་རྡོ་རྗེ་སྤུན་གྲོགས། །རྟག་ཏུ་བྱམས་པ་མ་འདྲིས་པའི་མཛའ་ བཤེས། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་ གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག ། རྒྱལ་བ་རྒྱ་མཚོ་སྲས་བཅས་ཀྱི་ངོ་བོ། །ལུང་རྟོགས་དམ་ཆོས་མ་ལུས་པའི་གཏེར་མཛོད། ། འཕགས་ཚོགས་འདུས་པ་ཀུན་འདུས་ཀྱི་གཙོ་བོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག །སྤྲོས་བྲལ་མཁའ་ཁྱབ་རང་རིག་གི་ཆོས་སྐུ། །བདེ་ སྟོང་དབྱེར་མེད་ཀྱི་རང་གསལ་ལོངས་སྐུ། །གང་འདུལ་ཐུགས་རྗེ་མཁའ་ཁྱབ་ཀྱི་སྤྲུལ་སྐུ། ། ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་ མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག །ཆོས་ ཀུན་གཟིགས་པའི་མཁྱེན་པ་མཐའ་ཡས། །ཉེ་རིང་མི་མངའ་བརྩེ་བའི་ཀློང་ཡངས། །འཕྲིན་ 23-1-6 ལས་མཐའ་མེད་ནུས་མཐུའི་བདག་པོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་ གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་ འགྲོ་དྲུག་ཐར་པར་དྲོངས་ཤིག །དགོས་འདོད་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ། །བདེ་སྐྱིད་ ཀུན་སྩོལ་དཔག་བསམ་གྱི་ཤིང་ཆེན། །རྒྱུན་ཆད་མེད་པ་གཞན་ཕན་གྱི་ཆུ་བོ། །ཕ་བླ་མ་དྲིན་ ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། ། རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག །འཕོངས་བསྐྱབ་ཀུན་ སེལ་གཏེར་ཆེན་གྱི་བུམ་བཟང༌། །སྲིད་གསུམ་མུན་སེལ་གྱི་རྡོ་རྗེ་ཉི་མ། །ཉོན་མོངས་གདུང་ སེལ་གྱི་རྒྱུ་སྐར་བདག་པོ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ ཐར་པར་དྲོངས་ཤིག །བརྟན་གཡོ་ཀུན་ཁྱབ་ཀྱི་རྡོ་རྗེ་སློབ་དཔོན། །བདེ་ཆེན་འགྱུར་མེད་ཀྱི་ ལྷན་ཅིག་སྐྱེས་དགའ། །རང་རྩལ་འགྱུར་མེད་ཀྱི་རྣམ་པ་ཀུན་ལྡན། །ཕ་བླ་མ་དྲིན་ཅན་ཆོས་ རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་ རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག །བདག་སེམས་མ་བཅོས་སོ་ མའི་རིག་པ། །ཁམས་གསུམ་སྣང་སྲིད་དྲན་རྟོག་གི་འཆར་སྒོ། །ཐམས་ཅད་ཁྱེད་ཐུགས་འོད་ གསལ་དུ་རོ་མཉམ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ཀུན་ཏུ་ཐུགས་རྗེས་གཟིགས་ཤིག ། བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་བོས་སྨིན་ནས། །མ་འགྲོ་དྲུག་ཐར་ པར་དྲོངས་ཤིག །མཐའ་ཡས་འགྲོ་བའི་སྐྱབས་གནས་གཅིག་པུ། །འགྲོ་ཀུན་བདེ་ལ་འགོད་ མཛད་ཁྱོད་ཉིད། །སྐྱོབ་པ་བླ་མེད་འདྲེན་མཆོག་ཆོས་རྗེ། །ཕ་བླ་མ་དྲིན་ཅན་ཆོས་རྗེ། །དུས་ ཀུན་ཏུ་ཐུགས་རྗེས་གཟིགས་ཤིག །བདག་རེ་ས་གཞན་ན་མ་མཆིས། །རྒྱུད་བྱིན་རླབས་ཆུ་ བོས་སྨིན་ནས། །མ་འགྲོ་དྲུག་ཐར་པར་དྲོངས་ཤིག །བདག་སོགས་མཁའ་མཉམ་གྱི་སེམས་ 23-1-7 ཅན་ལ་ཐུགས་རྗེས་གཟིགས། །མ་རྒན་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །འཁོར་ བར་གཏན་འཁྱམས་བྱེད་ལ་ཐུགས་རྗེས་གཟིགས། །འཁྲུལ་པའི་འཁོར་ལོ་བསྐོར་ལ་ཐུགས་ རྗེས་གཟིགས། །གདེང་མེད་རྟག་རྩིས་ཅན་ལ་ཐུགས་རྗེས་གཟིགས། །སྡུག་བསྔལ་གཡོས་ སྦྱོར་མཁན་ལ་ཐུགས་རྗེས་གཟིགས། །དད་མེད་ཕོ་ཚོད་མཁན་ལ་ཐུགས་རྗེས་གཟིགས། ། རང་སེམས་གནས་ལུགས་མ་རྟོགས་པ་ལ་གཟིགས་སུ་གསོལ། །ཉོན་མོངས་རང་གར་ཤོར་ བ་རྣམས་ལ་གཟིགས་སུ་གསོལ། །རིག་པ་ཕྱིར་ལྟས་ཤོར་བ་རྣམས་ལ་གཟིགས་སུ་གསོལ། ། ཆོས་མེད་བཟང་རྫུན་ཤོར་བ་རྣམས་ལ་གཟིགས་སུ་གསོལ། །བློ་རྒོད་གྱོང་བོ་ཐུལ་བར་བྱིན་ གྱིས་རློབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཞེན་མེད་ངེས་འབྱུང་སྐྱེ་བར་བྱིན་ གྱིས་རློབས། །ཡིད་ཆེས་དད་པ་སྐྱེ་བར་བྱིན་གྱིས་རློབས། །ལེ་ལོ་རྣམ་གཡེང་སངས་པར་ བྱིན་གྱིས་རློབས། །རང་སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཉོན་མོངས་ཡེ་ ཤེས་སུ་འཆར་བར་བྱིན་གྱིས་རློབས། །འགྲོ་ཀུན་སྨིན་གྲོལ་ལ་འགོད་པར་བྱིན་གྱིས་རློབས། ། ཞེས་པའང་ནམ་མཁའ་བརྩོན་འགྲུས་ཀྱིས་བསྐུལ་ནས་ཏཱ་ར་ནཱ་ཐས་སྨྲས་པའོ།། །། 23-1-8 ༄༅། །ཞལ་གདམས་ཐོར་བུ་བཞུགས། ༄༅། །ན་མོ་གུ་ར་ཝེ། ཕ་དྲན་པས་སྙིང་གི་གདུང་བ་སེལ། །ཕ་དྲན་པས་འདོད་དགུ་ལྷུན་ གྱིས་གྲུབ། །ཕ་དྲན་པས་གཉུག་མའི་རང་ས་ཟིན། །ཕ་དྲན་ཆོག་རྒྱལ་པོའི་ཞབས་ལ་འདུད། ། གདམས་ངག་ཚིག་གསུམ་གྱི་གཏམ་སྙན་འདི། །རྣ་བར་ཏ་ཀུན་ལ་འཕྲོད་མོད་ཀྱི། །ལག་ ལེན་དུ་ཐེབས་པ་དཀོན་པར་འདུག །དད་ལྡན་གྱི་སློབ་མའི་ཡིད་ལ་ཞོག །སོ་སོད་འགོལ་ འདོད་ཀྱི་དབེན་གནས་དེ། །ཡུན་རིང་པོ་རྟག་ཐུབ་དཀའ་བས་ན། །གྲོང་ཡུལ་གྱི་འདུ་འཛི་ལ་ མ་ཆགས་པར། །སྙིང་ནས་རི་ཁྲོད་འགྲིམ་པ་གཅེས། །དཀའ་སྤྱད་ཀྱི་ཞེ་རུས་སད་སུད་དེ། ། བཟང་རྫུའི་ངང་ལ་འདུན་པ་ཡལ། །སྣང་སེམས་དབྱེར་མེད་འདྲེས་ཀྱི་བར། །སྲེད་ཞེན་གྱི་ འཆིང་བ་རྒྱང་ཐག་སྲིངས། །འཁྲི་བ་ཀུན་རྩད་ནས་མ་ཆོད་ན། །ཞེན་ལོག་ཏུ་རེ་ཡང་རང་ཉིད་ བསླུ། །འདོད་ཡོན་ཁ་ཡན་དུ་སྤྱོད་སྤྱོད་ནས། །ཚིག་ལྟ་སྐད་མཐོ་ཡང་འཁོར་བར་འཁྱམས། ། ཕྱོགས་འཛིན་དང་ཞེན་པའི་མོས་གུས་དང༌། །ཁ་དྲག་དང་འཇིགས་སྐྱོབ་ཀྱི་ངད་པ་འདི། ། སྟེང་འགྲུས་ཀྱིས་ཁྱེར་ནས་རྟག་མི་ཐུབ། །ཐུགས་ཡིད་དབྱེར་མེད་དུ་འདྲེས་པ་གཅིག་འཚལ། ། གནས་པ་ལྟེང་པོ་ཅིག་རྐྱེན་མི་ཐུབ། །རྣམ་རྟོག་རང་ག་མ་འཁོར་བའི་རྒྱུ། །གོ་ཡུལ་དང་ཡིན་ སྙམ་གྱི་ནམ་ཕུགས་བསླུ། །འགྱུ་བ་འགྱུ་སྟོང་གི་ངང་དུ་ཞོག །རང་རྒྱུད་ལ་ལྟ་ཞིང་རང་སེམས་ འདུལ། །རྟག་ཏུ་རང་སེམས་ལ་རང་གྲོས་ཐོབ། །རློམ་སེམས་སུ་མ་བྱེད་རང་འཚང་དྲུས། །བློ་ བརྩིས་བཏབ་མེད་པའི་དབྱིངས་སུ་སྐྱོལ། །ད་རྟག་ཏུ་བླ་མ་ལ་གསོལ་བ་ཐོབ། །ཆགས་སྡང་ གི་རྣམ་རྟོག་ལ་འབུར་འཇོམས་གྱིས། །ཞེན་ཆགས་ཀྱི་འཁྲི་བ་རྦད་ཀྱིས་ཆོད། །ཆོས་སྒྲ་བོ་ཆེ་ དེ་མཐར་ཕྱིན་ཡོང༌། །རིག་པ་གང་ཤར་གྱི་རང་འགྲོས་ལ། །དགག་སྒྲུབ་ཀྱི་བདག་རྐྱེན་མ་ 23-1-9 བྱེད་ཨང༌། །ཕྱི་ལྟས་སུ་ཤོར་ན་རང་ལ་སྡིག །བྱ་བྱེད་ཡེ་མེད་ཀྱི་ངང་ལ་སྐྱུར། །ཉམས་ལེན་ གྱི་གནད་བསྐུལ་ཅུང་ཟད་འདི། །བུ་སློབ་མའི་སེམས་ལ་གྲོས་འདེབས་ཡིན། །གཏད་མེད་ ཀྱི་རིག་པའི་རང་མདངས་ཙམ། །ངེས་མེད་ཀྱི་ཁ་ནས་ཤོར་ཏ་ཐལ། །རྣལ་འབྱོར་པ་ཏཱ་ར་ནཱ་ཐས་མཐིང་ སྟོད་སྒོམ་ཆེན་བཀའ་རྒྱུད་རྒྱལ་མཚན་ལ་སྨྲས་པའོ།། །། ༄༅། །ༀ་སྭཱ་སྟི། རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། །རང་སེམས་ཆོས་སྐུར་ངོ་ སྤྲོད་པའི། །ཕ་མཚན་ལྡན་བླ་མའི་ཞབས་ལ་འདུད། །བུ་ཁྱེད་ལ་དྲན་བསྐུལ་ཚིག་གསུམ་ སྨྲ། །རྙེད་དཀའ་འཇིག་སླའི་མི་ལུས་ལ། །རྟག་འཛིན་གྱི་འདུན་གྲོས་མ་ཤོམ་ཨང༌། །ཕོ་རྒོད་ པོ་ཤོམ་ར་རྒྱ་ཆེ་ཡང༌། །བྱ་བྱེད་ཀུན་ཤུལ་དུ་བཞག་ནས་འགྲོ། །བུ་འཇིག་རྟེན་གྱི་བློ་རྒྱ་མ་ སྐྱེད་པར། །ཆོས་ཉམས་ལེན་ལ་བློ་སྣ་སྒྱུར་བར་འཚལ། །དུས་ལན་ཅིག་བྱེད་སྙམ་ངང་རིང་ པོ། །ཕྱི་ཤོལ་གྱི་ངང་ལ་ལུས་ཉེན་གདོག །འཁོར་བའི་སྡུག་བསྔལ་འདི་རྒལ་བར་དཀའ། ། ལེ་ལོ་དང་སྙོམས་ལས་ཀྱིས་མི་འགྲུབ་པས། །ཉིན་མཚན་དུ་དྲན་པའི་ལྕག་གིས་བསྐུལ། ། སེམས་ལང་ཤོར་ལ་འཕྲལ་དུ་འཇུར་ཐག་ཐོང༌། །སྒྲ་བྲག་ཆའི་དབྱངས་འདིས་བསླུ་བསླུ་ འདྲ། །གྲགས་འདོད་ཀྱི་ཕྱེ་འཐོར་མ་འགམ་ཤིག །གཏམ་མི་ཟེར་ལ་བརྩིས་བཏབ་མ་བྱེད་ པར། །རང་ཐག་ཆོད་ཀྱི་ཤེས་པས་སྒོམ་ལ་འབུངས། །གནས་དབེན་པའི་རི་ཁྲོད་ཉམས་བག་ བདེ། །འཕྲལ་སྡིག་དང་མ་འདྲེས་འཚོ་བ་བསྟེན། །ཁོང་ནོར་ཤེད་དང་དབང་ཐང་གི་ང་རྒྱལ་ ཅན། །འཕྲལ་མི་རྟག་པའི་རང་འཚང་བསྟན་ནས་བསླུ། །བུ་འདོད་ཆུང་ཆོག་ཤེས་ལ་བློ་རྩེ་ གཏོད། །ལར་འདོད་ཡོན་གྱི་འཁྲི་བ་འདི་སྤྱད་དཀའ་ཡང༌། །དོན་སྙིང་པོ་མེད་པའི་ཚུལ་ལ་ སོམས། །བློ་ཡིད་བརྟན་གྱི་གདེང་ཐུབ་ཆོས་ལས་མེད། །དམ་ཚིག་རང་སྲོག་ལས་གཅེས་པར་ སྲུངས། །མོས་གུས་ལ་ལྟེམ་འགྱང་མེད་པ་དང༌། །གདུང་ཤུགས་ཀྱི་གསོལ་འདེབས་རྒྱུན་མི་ འཆད། །ཉམས་ལེན་ལ་སྟེང་འགྲུས་མེད་པར་འཚལ། །རང་ཤར་གྱི་རིག་པ་སོ་མ་འདི། །བཟོ་ 23-1-10 བཅོས་མེད་པར་རང་སར་ཞོག །རང་འགྲོས་ལ་སྤང་བླང་མ་བྱེད་པར། །གང་ཤར་རང་གྲོལ་ དུ་ལྷུག་པར་ཞོག །སྤྱོད་ལམ་དང་རྣམ་གཡེང་གང་བྱེད་ཀྱང༌། །གང་ཤར་ལ་ཐུག་ཕྲད་ངོ་ཤེས་ ཀྱིས། །རང་སར་བཞག་པས་ལྷོད་ཀྱིས་གྲོལ། །ཅི་དགར་བསྐྱུར་ལ་ཆམ་མེ་ཞོག །ལར་སྣང་ བ་སྣ་ཚོགས་ཀྱི་འཁོར་ལོ་འདི། །སྣང་ཙམ་མ་གཏོགས་དོན་ལ་མེད། །ནང་རིག་པ་དབྱིངས་ སུ་གདོད་ནས་ཞི། །ཅིར་ཡང་མ་གྲུབ་རང་རིག་ཙམ། །ཁྱེད་ལྟ་བའི་དགོངས་པ་དེ་ལ་མཛོད། ། གང་ཤར་ལ་བཅས་བཅོས་མ་བྱེད་པར། །གནས་སམ་འགྱུའམ་ཅི་འདྲ་ཡང༌། །རིག་པའི་ རྒྱལ་པོ་རང་སོ་ཟུང༌། །ཡེངས་མེད་ཀྱི་དྲན་པ་སྟེན་སྐད་ཀྱང༌། །དྲན་བྱ་དང་དྲན་བྱེད་དབྱིངས་ སུ་སྟོར། །ཁྱེད་སྒོམ་པའི་གནད་དོན་དེ་ལ་མཛོད། །ལས་འབྲས་ལ་ཡིད་ཆེས་དད་པ་སྐྱེད། ། འཁོར་བ་ལ་མ་ཆགས་ངེས་འབྱུང་འཕྲུལ། །མ་རྟོགས་པའི་འགྲོ་ལ་སྙིང་རྗེའི་རྩལ། །སྐྱབས་ གསུམ་ཀུན་འདུས་ཀྱི་བླ་མ་བསྟེན། །དགེ་བ་ཅི་བྱེད་གཞན་དོན་དུ་བསྔོ། །ཁྱེད་སྤྱོད་པ་དགོས་ ན་དེ་ལ་མཛོད། །གཞི་གདོད་མ་ནས་བཞུགས་པའི་ཆོས་སྐུ་དེ། །ཡེ་གྲོལ་དང་ཡེ་རྫོགས་སུ་ བཞུགས་མོད་ཀྱང༌། །དེ་མ་རྟོགས་འཁོར་བར་འཁྱམས་པ་དེ། །ནམ་འཕེལ་འགྲིབ་མེད་པའི་ དོན་རྟོགས་ན། །སྐྱོན་སྒྲིབ་གཉིས་རང་སར་གྲོལ་བ་ཡིན། །ཁྱེད་འབྲས་བུ་བཞེད་ན་དེ་ཙུག་ ལགས། །ད་སྒྲུབ་པ་ཉམས་སུ་ལོངས་པ་དང༌། །རང་སེམས་ཀྱི་གནས་ལུགས་རྟོགས་པར་ སྨོན། །རང་རྒྱུད་གྲོལ་བ་མཐར་ཕྱིན་ནས། །གཞན་རྒྱུད་སྨིན་གྲོལ་བྱེད་པར་ཤོག །ཅེས་པ་འདི་ ཡང་ཏཱ་ར་ནཱ་ཐས་བསོ་ཐོག་ནང་སོ་ངག་དབང་ཕུན་ཚོགས་ལ་གདམས་པའོ།། །།བཀྲ་ཤིས། ༄༅། །ན་མོ་གུ་ར་ཝེ། མོས་ལྡན་ཐར་པའི་ལམ་ལ་འདྲེན་མཛད། །མཚན་ལྡན་བླ་མའི་ ཞབས་ལ་བཏུད་ནས། །རང་ཉིད་ཉམས་ལེན་སྒྲུབ་ལ་གཡེལ་ཀྱང༌། །གཞན་ལ་སྙིང་གྲོས་འདི་ སྐད་འདེབས་སོ། །མི་ལུས་ལན་ཅིག་ཐོབ་རེས་འདི་ལ། །གཡེང་མ་ལམ་ལ་མི་ཚེ་ཟད་ན། །ཕྱི་ 23-1-11 ནས་ཆོས་དང་མཇལ་བའང་དཀོན་པས། །གོད་ཁ་དེ་ལས་ཆེ་བ་མེད་དོ། །བྱིས་པར་ཡོད་འཕྲོ་ དར་མར་འགྲོ་ཞིང༌། །དར་མ་ཡིན་འཕྲལ་རྒས་པས་སླེབ་དང༌། །ཕལ་ཆེར་རྒས་ལོང་མེད་ པར་འཆི་བས། །ལོང་ཡོད་བྱེད་ས་ཡོད་སྙམ་གདའ་ཡེ། །རྒས་རྒས་སྡོད་པའི་དབང་དུ་བྱས་ ཀྱང༌། །སང་དང་སྣངས་ཞེས་དྲངས་པས་ཟླ་བ། །ཟླ་གཅིག་ཟླ་གཉིས་ངང་ལ་ལོར་སླེབ། །ལོ་ ཤས་དྲངས་པས་མ་ཆོར་བ་ལ། །རྒས་པར་སླེབ་ནས་འཆི་ལ་ཐུག་འགྲོ། །ཟ་རྒྱུ་འཐུང་རྒྱུ་འགྲོ་ འདུག་ཅིག་དང༌། །གཉིད་དང་གཏམ་གྱི་ཟར་ཟིར་ཅིག་ལ། །བྱས་རྗེས་འདི་ཡིན་མེད་པར་ ཟད་འགྲོ། །ལོངས་སྤྱོད་སྟོན་ཀའི་སྤྲིན་དང་འདྲ་ལ། །ལང་ཚོ་རྩྭ་རྩེའི་ཟིལ་པ་དང་མཚུངས། ། དུས་ནི་རི་གཟར་འབབ་ཆུ་བཞིན་དུ། །སྡོད་པའི་གནས་མེད་འདི་ལ་སོམས་དང༌། །མི་ཞིག་ ཉལ་བའི་རྨི་ལམ་གསལ་པོར། །ཡིད་འོང་དགའ་བའི་གྲོགས་དང་འགྲོགས་ནས། །གླུ་ལེན་ དགའ་སྟོན་བདེ་སྐྱིད་མྱོང་ཡང༌། །སད་ཚེ་གར་སོང་ཆ་མེད་ཡལ་བ། །རྨི་ལམ་དེ་ལ་ཆགས་ པས་གདུངས་ཤིང༌། །ཡལ་བ་དེ་ལ་སྡུག་བསྔལ་བྱེད་པ། །འཁྲུལ་སྣང་ཙམ་ལ་སྤང་བླང་བྱེད་ པའི། །མི་དེ་ཤིན་ཏུ་བླུན་པ་ཡིན་ནོ། །ད་ལྟའི་གྲོགས་དང་ལོངས་སྤྱོད་དགྲ་གཉེན། །ཐམས་ ཅད་འཁྲུལ་བའི་སྣང་བ་ཙམ་ལ། །བློ་ཡི་དགའ་སྡུག་བཅོས་པ་མ་གཏོགས། །གནས་ལུགས་ དོན་ལ་གྲུབ་པ་མེད་དོ། །གཞན་ཡང་དགའ་བ་སྐྱེད་པའི་ཡུལ་འདི། །གཏན་གྱི་བདེ་བར་བློ་ གཏད་མི་ཐུབ། །ལོ་ཟླ་ཞག་འགའི་འདུན་མ་ཡིན་པས། །རྟག་རྩིས་མ་བྱེད་ཆོས་ལ་འབུངས་ དང༌། །རང་ལ་གཞན་གྱིས་འཆར་ཁ་ཟེར་རམ། །འདོད་དོན་བགེགས་དང་གནོད་པ་བྱེད་ ནའང༌། །སྔོན་དུས་བསགས་པའི་ལས་ངན་འབྲས་བུ། །ཅི་རིགས་སྨིན་པའི་རྣམ་སྨིན་བྱུང་གི ། གཞན་ལ་ཚིག་ཟ་ཞེ་སྡང་སྤོངས་དང༌། །དགེ་སྦྱོར་སྐུལ་མ་ཡིན་པར་ཤེས་ནས། །སྡིག་པ་ཀུན་ ལ་བཤགས་པ་འབུལ་ཞིང༌། །དགེ་བ་ཚོགས་གསོག་གང་འགྲུབ་གྱིས་ཤིག །རང་འདོད་ཅན་ གྱི་མི་ངན་ཁྱོད་ལ། །རང་གིས་ཉེས་པའི་རྣམ་སྨིན་བྱུང་གི །ཟོལ་ཟོག་ཁྱོད་ལ་འདི་རང་མཁོ་ 23-1-12 ཞེས། །རང་གིས་རང་ལ་ཞེ་ཁྲེལ་གདབ་བོ། །རང་ཉིད་དགེ་སྦྱོར་བྱེད་པའི་དུས་སུ། །མཛའ་ བའི་གྲོགས་དང་གཉེན་གྱི་གདུང་སེམས། །སྒོམ་ཁང་ལ་སུན་ཟད་མེད་ལོང་གཏམ། །འདི་ བཞི་བདུད་དུ་ཆེ་བས་སྤོངས་ཤིག །ཚེ་འདི་མི་རྟག་ཡད་ཡུད་ཡིན་ཅིང༌། །བླ་མ་སློབ་མ་དཔོན་ གཡོག་དགྲ་གཉེན། །ཡུལ་ཕྱོགས་ཁང་ཁྱིམ་ནོར་རྫས་ཀུན་ཡང༌། །ཡད་ཡུད་ཙམ་གྱི་འབྲེལ་ པ་ཡིན་ནོ། །འཆི་བའི་དུས་སུ་དམ་ཆོས་མིན་པ། །རང་ལ་ཕན་པའི་བྱ་བ་མེད་ཅིང༌། །གཞན་ ལ་ཕན་པའི་ཐབས་ཀྱང་མེད་པས། །རང་གཞན་ཀུན་ཕྱིར་ཉམས་ལེན་གྱིས་ཤིག །འཁོར་ལོ་ སྒྱུར་བའི་རྒྱལ་པོར་སྐྱེས་སམ། །བརྒྱ་བྱིན་ཐོབ་ཀྱང་ཐ་མར་ལྟུང་བས། །རིགས་དྲུག་གང་དུ་ སྐྱེས་ཀྱང་སྡུག་བསྔལ། །ཡིན་པས་ཐར་པ་ཐོབ་ཐབས་གྱིས་ཤིག །མཁའ་ཁྱབ་སེམས་ཅན་ སྙིང་ལ་བཅངས་ནས། །ཉམས་ལེན་གཞན་དོན་ཁོ་ནར་བསྒྲིལ་དང༌། །ད་ལྟ་དངོས་སུ་ཕན་ མ་ཐོགས་ཀྱང༌། །ཕུགས་སུ་གཞན་ཕན་དེ་རང་ཆེའོ། །རི་ཁྲོད་དབེན་པར་ཉམས་ལེན་བྱས་ ནས། །ཉམས་མྱོང་འཕྲལ་དུ་འཆར་བར་འདོད་ན། །ཞག་ཤས་སྙིང་རུས་དྲག་ཏུ་བཀྱེད་དང༌། ། དེ་ནས་བརྩོན་འགྲུས་ཤུགས་ལ་འབྱུང་ངོ༌། །དང་པོ་སྟན་ཐོག་ཚུགས་པ་ཅིག་དང༌། །གཉིས་ པ་ལུས་གནད་བསྲངས་སུ་འཇུག་ཅིང༌། །སྐྱོ་ན་དྲན་པས་འཕྲལ་དུ་སླེབ་པ། །དེ་ཁའི་ངང་ལ་ ཟུངས་ཐུབ་དགོས་སོ། །སྤྱིལ་བུ་མན་མུན་རང་རོད་ཅན་ལ། །དང་མ་ཆགས་པར་སྐྱིད་སྐྱིད་ མོ་དང༌། །སྤྲོ་སྤྲོ་རིག་པ་དྭངས་དྭངས་མོ་ཞིག །དགོས་ན་དགེ་སྦྱོར་གཡེང་བའི་རྟགས་ཡིན། ། ལྟོགས་འཁྱགས་བྱུང་ན་སྲན་བཀྱེད་ཐུབ་པ། །མུན་ཁུང་ནང་དུ་བློ་བག་འབེབས་མཁན། །བློ་ སྣ་མི་མང་ཆིག་འདྲིལ་བྱེད་པ། །དེ་ལ་ཉམས་མྱོང་འཕྲལ་དུ་སྐྱེའོ། །ལས་འབྲས་སྤང་བླང་ཁྱད་ དུ་གསོད་པའི། །ཆོས་པའི་མིང་བཏགས་དམྱལ་བའི་མཆོང་སྟེགས། །དམ་ཚིག་བཞི་མདོའི་ རྩ་བཞིན་འདོར་བའི། །སྒོམ་ཆེན་བསྟན་པའི་ཆོམ་རྐུན་ཡིན་ནོ། །དེས་ན་དགེ་སྡིག་བླང་དོར་ ཞིབ་ལ། །དམ་ཚིག་སྲོག་བཞིན་གཅེས་པར་གཟུང་ནས། །ངེས་འབྱུང་སྙིང་རྗེས་སྐུལ་མ་ 23-1-13 འདེབས་ཤིང༌། །མོས་གུས་ལམ་གྱི་རྩ་བར་ཟུངས་ཤིག །འདི་ཙམ་དྲན་འཛིན་སྐུལ་མ་ཡིན་ པས། །ཡང་ཡང་དྲན་ཅིང་སེམས་ལ་བཞོག་ལས། །སྒོས་དུས་ཕན་པའི་གདམས་ངག་འདི་ ནི། །འཕྲལ་འཕྲལ་ལག་ལེན་ཐེབས་པར་གྱིས་ཤིག །ཅེས་པའང་ཏཱ་ར་ནཱ་ཐས་བཛྲ་ལཱ་སྱ་ཞེས་བྱ་བའི་དད་ ལ་གདམས་པའོ།། །། 23-1-14 ༄༅། །སྙིང་པོ་བསྡུས་པ་བཞུགས་སོ།། གཟིགས་སྤྲོད། རྒྱུད་ཀྱི་དཀའ་འགྲེལ་ཚིགས་བཅད་མ་ཡིན་ལགས། སྡོམ་པ་རྩ་རྒྱུད་ཀྱི་ངེས་དོན་འཆད་ན་གཞུང་འདི་མེད་ ཀ་མེད་པ་ཡིན་ཀྱང༌། སྔོན་ཆད་ཕལ་གྱིས་མ་མ་རྙེད་པ། བདག་ཀུན་དགའ་སྙིང་པོས་བསོད་ནམས་ཀྱི་བགོ་སྐལ་བྱོན་པ་ལགས་ སོ། ། ༄༅། །དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །གང་ཞིག་བདེ་བའི་གནས་ཐོབ་ པ། །འགྲིབ་མེད་འབྱོར་པ་དམ་པ་སྟེ། །གཞན་ནི་སྣ་ཚོགས་འདི་དག་ལ། །འཁོར་ལོ་སྐོར་བ་ བཞིན་དུ་འགྲུབ། །སྲིད་པ་གསུམ་དུ་དུབ་གྱུར་པ། །དེ་དག་ཐོས་ལ་བརྟེན་པར་བྱེད། །གཞུང་ མང་ཀློག་པས་ངལ་བ་དག །སྙིང་པོའི་གནས་ལ་ངལ་གསོ་ཞིག །ཧེ་རུ་ཀ་དཔལ་འབྱུང་བ་ལ། ། བླ་མ་མཆོག་གིས་འདི་སྟོན་ཏེ། །གཞན་དང་བསྟན་བཅོས་ཐོས་པ་ཡི། །སྙེམས་པ་ཡིས་ནི་ཅི་ ཞིག་བྱ། ། ཤེས་རབ་མཆོག་གི་རྡོ་རྗེ་ཅན། །མཐའ་བཞི་རྣམ་པར་གྲོལ་བ་བཞེད། །མཚན་མ་རྩོལ་ བ་འདི་མེད་དེ། །འདི་ནི་སྙིང་པོ་བསྡུས་པ་ཡིན། །མེད་པ་ལས་ནི་ཐམས་ཅད་སྐྱེས། །ནམ་ མཁའ་ལ་སོགས་འབྱུང་བ་དང༌། །འགྲོ་བ་དྲུག་པོ་ལྷན་ཅིག་སྐྱེས། །འདི་ནི་སྙིང་པོ་བསྡུས་ པ་ཡིན། །ལྷན་སྐྱེས་འགྲོ་བའི་བདག་ཉིད་དེ། །བདེ་བ་ཉིད་དེ་ལྷན་ཅིག་སྐྱེས། །གཉིས་མེད་ གཉིས་སུ་མེད་པའི་ཚུལ། །འདི་ནི་སྙིང་པོ་བསྡུས་པ་ཡིན། །ཞི་བ་ཀུན་འགྲོ་གནས་པ་སྟེ། ། འགྱུར་མེད་འགྱུར་བའི་དྲི་མ་བྲལ། །གཞན་ལས་མ་ཡིན་རང་ལ་གནས། །འདི་ནི་སྙིང་པོ་ བསྡུས་པ་ཡིན། །གཟུང་བ་འཛིན་པ་སྤྲོས་པ་དག །གང་ལ་གཉིས་མེད་གནས་སུ་བཞུགས། ། རླུང་གི་འཁོར་ལོ་ཕྱིན་ཅི་ལོག །འདི་ནི་བྱ་བའི་སྙིང་པོའོ། །མཁའ་དང་མཉམ་པའི་འོད་འཕྲོ་ 23-1-15 བ། །ཀློག་གི་གཟུགས་ཅན་སྒྲ་ཡི་ཚུལ། །བདེ་བ་ཕུན་ཚོགས་འབྱུང་བའི་རྒྱུ། །བྱ་བའི་སྙིང་ པོར་དེ་བཤད་དོ། ། བདུད་རྩི་དམ་པའི་ཐིག་ལེ་ནི། །དྲི་བྲལ་རི་བོང་འཛིན་དང་མཉམ། །རྣམ་ཤེས་ཡེ་ཤེས་ གཉིས་མེད་པ། །འདི་ནི་བྱ་བའི་སྙིང་པོ་ཡིན། །གང་དུ་ལུས་ངག་སེམས་མེད་པ། །དེ་ནི་དེ་ ཉིད་གསུམ་དུ་གནས། །ནམ་མཁའ་བཞིན་དུ་གོས་པ་མེད། །བསྒྲུབ་བྱ་སྒྲུབ་བྱེད་སྙིང་པོའོ། ། བྱ་བ་རིམ་པ་བཞི་ཡིན་ཏེ། །བསྒྲུབ་པར་བྱ་བ་དེ་ཉིད་བཞི། །བསྒྲུབ་བྱ་སྒྲུབ་བྱེད་དབྱེར་མེད་ པ། །སྙིང་པོ་བསྡུས་པར་དེ་བཤད་དོ། ། སློབ་དཔོན་གཞན་དག་འདོད་པ་ནི། །ཁ་ཅིག་འདོད་ཆགས་ཆགས་པ་ཉིད། །དེ་བཞིན་ དབང་གི་གནས་སུ་ཡང༌། །གཞན་དག་དེ་ལས་སྟེང་དུ་འདོད། །དེ་བཞིན་ནོར་བུར་གནས་ པ་ཡང༌། །འགའ་ཞིག་ཕྱིན་ཅི་ལོག་ཏུ་སྦྱོར། །འགའ་ཞིག་མཁའ་དང་མཚུངས་ཞེས་ཟེར། ། བརྒྱལ་བའི་གནས་སྐབས་འདོད་པ་གཞན། །རྟོག་པའི་སྒོམ་པའང་འདོད་པ་སྟེ། །ཕལ་ ཆེར་དེ་དག་ཕྱིན་ཅི་ལོག །བཟང་པོ་གཞན་དག་འདོད་པ་ནི། །ཁ་ཅིག་རོ་མཉམ་ཡེ་ཤེས་ཏེ། ། ཟབ་དང་གསལ་བ་ཞེས་ཀྱང་འདོད། །གཞན་དག་སྒྱུ་མ་ལྟ་བུ་དང༌། །འགའ་ཞིག་བདེ་ཆེན་ གཟུགས་ཞེས་ཟེར། །དེ་དག་འགལ་མིན་ཐ་དད་མིན། །བརྟུལ་ཞུགས་ཞལ་སྔའི་བཞེད་པ་ནི། ། དཔྱིད་དང་ཐིག་ལེ་སྦྱོར་བ་སྟེ། །ལྷན་ཅིག་སྐྱེས་པའི་དེ་ཁོ་ན། །རང་བྱུང་ངོ་བོ་ཉིད་ཅེས་བྱ། ། དཔྱིད་ནི་བདེ་བའི་གཟུགས་ཡིན་ཏེ། །ཐིག་ལེ་དེ་ཡང་སྣ་ཚོགས་ཉིད། །ལྷན་ཅིག་སྐྱེས་པ་ ཀུན་འགྲོ་ཉིད། །རང་བྱུང་ཉིད་ནི་འགྱུར་བྲལ་ལོ། །དེ་ལྟར་ཤེས་ནས་དངོས་ཀུན་གྱི། །བླ་མ་ དམ་པ་གཉིས་བསྟེན་ན། །ལོངས་སྤྱོད་གྲོལ་བ་ཐོབ་འགྱུར་ཏེ། །སྙིང་པོ་བསྡུས་པར་དེ་བཤད་ དོ། ། ཧེ་རུ་ཀ་དཔལ་མངོན་བརྗོད་པ། །འདི་ཉིད་ཁོ་ན་དེར་བརྗོད་དེ། །རིན་ཆེན་ཕུང་པོ་སྣ་ 23-1-16 ཚོགས་པ། །དེར་ནི་འདི་ལས་གཞན་ཡོད་མིན། །རྡོ་རྗེའི་ཚིག་ནི་དབྱེ་དཀའ་སྟེ། །དོན་གྱི་རྣམ་ པ་དུ་མ་དག །སྤྱོད་པའི་ཞལ་སྔ་ལས་བརྒྱུད་པ། །སྙིང་པོ་ཙམ་ཞིག་བསྡུ་བར་བྱ། །ལྷ་མོ་ཡིས་ ནི་གསོལ་བཏབ་ནས། །རྒྱུད་ཀྱི་རྒྱལ་པོ་ཧེ་རུ་ཀས། །དྲྭ་བ་འཁོར་ལོའི་དབུས་གསུངས་ཞེས། ། སློབ་དཔོན་ཕལ་ཆེར་སྒྲོག་པར་བྱེད། །ལྷ་མོ་ཐིག་ལེ་འབྱེད་བྱེད་སྟེ། །རྩ་རྣམས་དྲྭ་བ་གང་བ་ ལས། །དཔྱིད་ཀྱི་གཡོ་བའི་སྒྲ་ཡིན་ན། །དེ་ལྟ་ན་ཡང་ལེགས་པ་ཉིད། །དཔའ་བོ་བྱེ་བ་རྣམས་ ཀྱིས་འདི། །དུས་གཅིག་ཏུ་ནི་ངེས་བརྗོད་པས། །ཞུ་བ་པོ་དང་ལན་མེད་ཅེས། །ནག་པོའི་ཞལ་ སྔ་ནས་ཀྱིས་བཞེད། །མདོར་བསྡུས་པ་ནི་དང་པོ་སྟེ། །རྒྱས་པ་ཉིད་ཀྱིས་བསྟན་པའོ། ། གནས་ལ་སོགས་པ་བསྟན་པ་ནས། །བརྩམས་ཏེ་ཕྱི་མ་བསྡུས་པའོ། །དང་པོར་རྐང་པ་ དྲུག་ཡིན་ཏེ། །འདི་ཡི་དགོས་པ་ལ་སོགས་བཤད། །དེ་ཡི་འོག་ཏུ་རྐང་པ་དྲུག །གླེང་གཞི་ ཡིས་ནི་མདོར་བསྟན་པའོ། །ཨེ་ཞེས་བྱ་བ་དེ་བཞིན་ཉིད། །སྲོག་ཆགས་ཀུན་ལ་གནས་ པ་ཡི། །བདེ་བ་ལྷན་ཅིག་སྐྱེས་པར་བརྗོད། །དེ་ཉིད་ཐམས་ཅད་སྣང་བར་སྣང༌། །བཾ་ཡིག་ བརྗོད་པ་གང་གང་དུ། །རབ་ཏུ་རིག་ཅིང་རང་མྱོང་བ། །འཛིན་པ་པོ་དང་རིག་གཞི་མེད། །དེ་ ནི་ཡོད་དང་མེད་ལས་འདས། །དེ་འོག་མ་ཡིག་ཞེས་བརྗོད་པ། །ནམ་མཁའ་དང་ནི་མཉམ་ པ་ཡི། །སྒྲ་ཡི་དེ་ཉིད་ཞེས་བརྗོད་སྟེ། །སྣ་ཚོགས་དུ་མའི་སྐད་དུ་སྦྱར། །དེ་ནས་དེ་ལས་སླར་ ཡང་ཡ། །དབང་པོའི་དྲྭ་བ་ཇི་བཞིན་གཟུགས། །རང་བཞིན་མེད་པའི་རང་བཞིན་ཅན། །འདི་ ནི་དེ་ལས་ཡང་སྣང་ངོ༌། །ལྷན་ཅིག་སྐྱེས་པ་དང་པོ་སྟེ། །དེ་ལས་གསང་བ་གསུམ་འབྱུང་བ། ། དངོས་དང་དངོས་མེད་མ་ལུས་པའི། །རང་བཞིན་དེ་ཉིད་ཅེས་བྱའོ། ། ཐུན་མོང་ཐུན་མོང་མ་ཡིན་པའི། །ཚིག་བཅུ་ཡིས་ནི་བཤད་པ་དག །གསང་བ་ཆེན་པོའི་ ཐིག་ལེར་ནི། །བརྟུལ་ཞུགས་སྤྱོད་འཆང་ཉིད་ཀྱིས་བཤད། །སྒྲ་ཚུལ་ཕག་མོར་བཤད་པ་ སྟེ། །དམ་ཚིག་དཔའ་བོར་རྗེས་སུ་དྲན། །དུས་གསུམ་དག་ནི་གནས་གསུམ་ཁྱབ། །གཉིས་ 23-1-17 མེད་སྦྱོར་བ་མཚོན་བྱའོ། །བསྲུབས་པ་སྒྲུབ་བྱེད་ཉིད་ཡིན་ཏེ། །མདོར་བསྟན་པས་ཀྱང་ཉན་ པར་གྱིས། །བར་མ་ལ་སོགས་གསུམ་ཡིན་ཏེ། །རྫས་དང་གསང་བ་ཡེ་ཤེས་སོ། །ཨ་ཝ་དྷཱུ་ ཏིར་བརྗོད་པ་དང༌། །འབར་བ་དང་ནི་འབར་བ་ཆེ། །ལྷན་ཅིག་སྐྱེས་པའི་ཕོ་ཉ་མོ། །གྲུབ་པ་ རྣམ་པ་གསུམ་དུ་བརྗོད། །ཐིག་ལེ་ཡི་ནི་མཆོད་ལ་སོགས། །གང་ལ་ཡོན་ཏན་བསྔགས་པ་ ཡི། །དེའི་འོག་ཏུ་ཐབས་བཞི་བསྟན། །ཚོགས་ཀྱི་སྤྱོད་པའི་དངོས་གྲུབ་དང༌། །དེ་འོག་མཆོད་ པ་ཆེན་པོ་བཞི། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དངོས་པོའི་རྣམ་པར་རྟོག་པ་རྣམས། ། ལྷན་ཅིག་སྐྱེས་པས་བཅིང་བར་བྱ། །དེ་ཡང་རྣམ་པ་གཉིས་ཡིན་ཏེ། །གཉིས་གཉིས་དབང་ པོ་སྙོམས་འཇུག་དང༌། །སྙོམས་འཇུག་དེ་ཉིད་འཛིན་པའོ། །གནས་ཀྱི་ཁྱད་པར་ངེས་བསྟན་ པ། །རི་བོ་ལ་སོགས་ཕྱི་རོལ་ཏེ། །འཁོར་ལོ་སོགས་ནི་གསང་བར་སྤྱོད། །ལྷན་ཅིག་སྐྱེས་པའི་ གནས་གྱུར་པ། །དེ་ཡང་གཞན་དུ་བརྗོད་པ་ཡིན། །དེ་ནས་དཀྱིལ་འཁོར་ལེགས་གསུངས་པ། ། དཀྱིལ་འཁོར་རྣམ་པ་གསུམ་པོའོ། ། སུམ་ཅུ་རྩ་བདུན་རྩ་རྣམས་ནི། །མཁས་པས་དཀྱིལ་འཁོར་མཆོག་ཏུ་གསུངས། །འཁོར་ ལོ་བཞི་ལས་སྐྱེས་པ་ཡི། །རྩ་ཡང་དཀྱིལ་འཁོར་ཞེས་བརྗོད་དོ། །ཉི་ཤུ་རྩ་བཞིའི་ཁམས་ རྣམས་ནི། །རྣམ་པར་དག་པ་མཆོད་པར་བཤད། །སྒོ་རྣམས་ལ་ནི་དྲིས་བསངས་ཏེ། །བུམ་པ་ འགོད་པར་གང་གསུངས་པ། །བུ་ག་བརྒྱད་ལ་གནས་པའི་རྩ། །རབ་ཏུ་ཐིམ་པའི་མཚན་ཉིད་ བཤད། །འཁོར་ལོ་གསུམ་ལ་གནས་པ་རྣམས། །རྣམ་བཅུ་ས་ཡི་དབང་ཕྱུག་ཡིན། །སླར་ཡང་ མ་མོ་རྣམས་བཤད་པ། །དེ་ཉིད་དང་པོ་ཐ་མར་ཁྱབ། །དྲི་ཆབ་ཕོ་ཉ་ཞེས་བཤད་དེ། །ཁྲག་ ནི་མེ་ཏོག་ཞེས་སུ་བརྗོད། །རྡུལ་འབྱེད་པ་ནི་བདུག་པ་སྟེ། །ཁ་སྦྱོར་མར་མེར་ཤེས་པར་བྱ། ། བརྒྱ་ཕྲག་རིགས་ལས་བྱུང་བ་ཡི། །མཆོད་པ་རྣམ་པ་སྣ་ཚོགས་པ། །ཁམས་དང་ཕུང་པོ་ལ་ སོགས་པའང༌། །བརྒྱ་ཕྲག་གྲངས་ཀྱིས་ཕྱེ་བ་ཡིན། །བདུད་རྩི་ལྔ་ལས་ཡེ་ཤེས་ནི། །སྟེང་དུ་ 23-1-18 བསྒྲེང་བ་རྒྱལ་མཚན་ཏེ། །དེ་བཞིན་སྣ་ཚོགས་དེའི་རྣམ་པ། །གསང་བ་མཆོག་གི་རིམ་པ་ ལས། །འདི་ལ་དཀྱིལ་འཁོར་རྣམ་བཤད་པ། །ཐ་དད་སོ་སོ་གསལ་བ་ཡིན། །གང་ལས་ཤེས་ རབ་གསལ་འགྱུར་བའི། །དཀྱིལ་འཁོར་བསྟན་པ་ལྷན་ཅིག་སྐྱེས། །ལྟེ་བའི་དཀྱིལ་འཁོར་ ནས་བརྩམས་ཏེ། །རབ་ཏུ་འབར་བ་ཆེན་པོ་ཡིན། །ཆོས་ཀྱི་སྐུ་ཡི་འཁོར་ལོ་གང༌། །བཅོམ་ པ་གདོང་གཡོགས་ཕྱེ་བར་བརྗོད། །ཁྲག་ཆེན་པོ་ནི་མགྲིན་པ་སྟེ། །འདི་ལ་ལམ་གསུམ་ཟློག་ པར་བཤད། །མེ་མ་ཐལ་མོ་ཡིན་པར་བཤད། །མེ་ཏོག་དོར་བར་གང་གསུངས་པ། །དེ་ནི་ འབར་བ་ཉིད་ཡིན་ཏེ། །གང་ལས་དར་རས་ལེགས་བཀབ་པ། །མཐོང་བ་བཅིངས་པར་གྱུར་ པ་ནི། །གཉིས་མེད་མ་ཡི་ལམ་གང་ཡིན། །ཤིན་ཏུ་བཀག་པར་གྱུར་པའོ། ། སྐོར་བ་ཚངས་པའི་མེ་གནས་སུ། །དུང་གི་དབྱིངས་ལ་རྣམ་པར་གནས། །ཕོ་བྲང་ཉམས་ དགའ་སྤྲུལ་པ་ཡིན། །བདེ་ཆེན་ཧེ་རུ་ཀ་ཡི་ནི། །གནས་སུ་ཡང་དག་ཤེས་པར་བྱ། །མི་ཆོམས་ པ་དང་འབྲེལ་བས་ན། །དེ་ཡི་རིགས་ནི་གཉིད་མར་བཤད། །མིང་བསྟན་ཁུ་བ་འབབ་པ་ ཡིན། །ཁྱིམ་ནི་བྷ་ག་ཞེས་གསུངས་ཏེ། །དཔའ་བོ་ཆེན་པོ་དེར་འགྲོའོ། །བྱང་ཆུབ་སེམས་ཀྱི་ དཀྱིལ་འཁོར་ནི། །ཉོན་མོངས་བཤིག་པས་འཇིག་པའོ། །འཁོར་ལོའི་རྣལ་འབྱོར་མ་རྣམས་ དང༌། །དེ་བཞིན་སྔགས་ཀྱི་དཀྱིལ་འཁོར་སོགས། །དང་པོའི་བསྡོམས་སུ་གསལ་བ་ཡིན། ། དེ་བཞིན་ལས་ཀྱི་དབྱེ་བ་ལས། །རྣམ་པ་དུ་མར་གསུངས་གྱུར་པ། །གསང་བའི་དོན་ནི་རབ་ ཏུ་སྦས། །འདུ་ཤེས་བྱེ་བ་གསོད་བྱེད་ཅིང༌། །དེ་ཉིད་དག་པ་འཚོ་བར་བརྗོད། །ལྟུང་བ་དགུག་ པ་ཡིན་པར་བཤད། །ཤ་ཟས་བཟུང་བ་གནས་པ་སྟེ། །ཐིམ་པ་གདོན་ཆེན་པོས་བཟུང་བའོ། ། སྒོ་གཉིས་ལས་ནི་འགྲོ་དང་འོང༌། །དེ་ནི་རླུང་གི་ཤུགས་ཀྱིས་འོང༌། །ཧི་ཡིག་ལ་ནི་རྟོག་པར་ བཤད། །གཡས་དང་གཡོན་གྱི་རྩ་གཉིས་ལ། །གང་འདོད་འགྲོ་བ་དེར་འགྱུར་རོ། ། ཨ་ཝ་དྷཱུ་ཏི་ལས་འོངས་པ། །སྔགས་ཀྱི་དབབ་པར་དེ་བཤད་དོ། །ཡང་ནི་བཟློག་ཅིང་ 23-1-19 ཡང་འགྲོ་བ། །དུག་གསོ་བ་ཡི་ལས་སུ་བཤད། །རེངས་པ་ལས་ནི་རྨོངས་ཆོག་སྟེ། །གྲོལ་བ་ བདེ་བ་རིག་པར་བརྗོད། །འཁོར་ལོ་རྣམས་ཀྱི་མངལ་གནས་པ། །བརྟེན་པ་འཕོ་བར་འདོད་ པ་ཡིན། །སྙིང་པོ་ཁོང་སྟོང་ལས་བྱུང་བ། །དེ་བཞིན་གཤེགས་པའི་དབུགས་འབྱིན་ཏེ། །དག་ པ་ལས་ནི་སྣང་འགྱུར་ཞིང༌། །དག་པ་མིན་ལས་མི་སྣང་བ། །སྣ་ཚོགས་འདོད་པའི་གཟུགས་ ཡིན་ནོ། །ཚིག་འཕྲོག་ལ་སོགས་གང་བཤད་པ། །དབང་པོ་ལས་ནི་ཤེས་པའོ། །བདུན་པའི་ ལུས་ཅན་ཁུ་བ་སྟེ། །སྔགས་ནི་རླུང་ཞེས་བརྗོད་པ་ཡིན། །དེ་ཉིད་བརྒྱས་ལྷག་བརྒྱ་ཡི་ནི། །སྐྱེ་ གནས་དབུས་སུ་བཅིང་བར་བྱ། །དེ་ལས་ལྷ་ཡི་ལུས་སུ་འགྱུར། །ཆོས་དང་ལོངས་སྤྱོད་སྤྲུལ་ པ་དང༌། །བདེ་བ་ཆེ་དང་རཎྜ་ཀ །ཀུན་གྱི་སྤྱི་བོར་གནས་པ་ནི། །ཕོ་བྲང་གནས་ཀྱི་ནང་འཇུག་ པ། །རྡོ་རྗེ་ར་ལི་བརྟུལ་ཞུགས་ཏེ། །ཐིག་ལེ་གསུམ་ནི་རྡོ་རྗེར་བྱེད། །ཁྲག་དྲང་བ་ཞེས་བཤད་ པ་ནི། །བཅུ་དྲུག་བདེ་བ་རིག་པའོ། ། ཆོ་ག་མང་པོ་གཞན་དག་ནི། །རེ་ཞིག་བདག་གིས་རྣམ་པར་སྤངས། །སྐྱེ་གནས་འོག་ཏུ་ རྩ་ལྔ་ནི། །བོང་བུའི་རྣམ་པ་ཁྲག་གི་གདོང༌། །འདིར་ནི་རྒྱུ་བ་ཆད་པ་གང༌། །སྣ་ཚོགས་ཤེས་ པར་སྐྱེ་བ་ཡིན། །སྔགས་བཟློས་པ་ནི་ཟླ་བ་གཅིག །སྔགས་ནི་བྱང་ཆུབ་སེམས་སུ་བརྗོད། ། གནས་སུ་དེ་ནི་འོངས་པའོ། །ཙྪོ་མ་གཅིག་པུ་སྡིག་སྤངས་མའི། །དབུགས་ཀྱི་རྒྱུ་བར་བཤད་ པ་སྟེ། །ཡི་གེ་མང་པོ་ཀླ་ཀློ་སྒྲ། །དེ་ཡང་འཁོར་ལོར་སྤྱོད་པའོ། །རིགས་ལྡན་གཉིས་སྤངས་ མ་ཞེས་བྱ། །དེ་ཡི་ཐིག་ལེ་ལོངས་སྤྱོད་ཉིད། །གཡོ་བ་ཀུན་ཏུ་སྤྱོད་པ་ཡིན། །རྡུལ་གྱིས་ནཱ་ད་ འབྱེད་པ་ནི། །རིགས་ལྡན་མ་ཡི་མཆོད་པ་བཟང༌། །གཉིས་གཉིས་ལས་ནི་རྩ་ཡི་སྒོ། །དེར་ ཡང་རིགས་ལྡན་མ་རྣམས་རྒྱུ། །གང་ལ་ཐིག་ལེ་དངོས་པོ་མེད། །གང་ལས་རླུང་ཡང་འགོག་ པ་དང༌། །གང་དུ་རྩ་ཡང་རབ་ཏུ་དག །དེར་ནི་གཞན་དག་ཡོད་མིན་ཏེ། །ལྷན་སྐྱེས་གཅིག་པུ་ གསལ་བའོ། ། 23-1-20 རྩ་ཡི་དྲྭ་བ་ཐམས་ཅད་ལ། །ཨ་ཝ་དྷཱུ་ཏཱི་གཡོགས་ཤིང་གནས། །དེ་འདྲ་དེ་ལས་ཀུན་ འབྱུང་སྟེ། །འབྱིན་དང་སྡུད་པར་བྱེད་པ་མོ། །སྣ་ཚོགས་འདི་ནི་གཉིས་མེད་པར། །ཞུགས་ པ་འདྲེས་པ་མོ་ཞེས་བརྗོད། །བསྐྱེད་བྱ་དང་ནི་སྐྱེད་བྱེད་འདྲེས་པ་ཡང༌། །དང་པོ་རིགས་ལྡན་ རིགས་ལྡན་མོ་ཞེས་བརྗོད། །དེ་ཡི་འཕེལ་བ་རིང་དུ་སྒྲུབ་བྱེད་པ། །དེ་འོག་དེ་ལ་མཆོད་པ་ ལེགས་པའོ། །ཚངས་པའི་སྐོར་ནི་འོ་མའི་མདོག །སེར་པོ་སྨིན་མཚམས་གནས་སུ་སྟེ། །རཎྜ་ ཀ་ལས་སྔོ་སངས་ཉིད། །ལྐོག་མར་སྟོན་ཀའི་ཟླ་བ་འདྲ། །བྲང་ངོས་དཀར་དང་དམར་པོ་སྟེ། ། འདོམ་བར་ལས་ནི་ལྗང་སེར་བཤད། །ལྟེ་བའི་དབུས་ནས་གློག་གི་འོད། །སྒྲིབ་པར་བྱེད་པ་ གོས་ཡིན་ཏེ། །ཆགས་སོགས་ལ་ནི་གོས་སུ་བརྗོད། །རབ་ཏུ་གསལ་བར་སྣང་བ་གང༌། །སྣ་ ཚོགས་དུ་མའི་ངད་དུ་བསྟན། །མདོ་སྡེ་རྒྱུད་དང་རྟོག་པ་དག །གང་དུའང་རྙེད་པར་དཀའ་བ་ ཡིན། །སྐྱེ་གནས་མཁའ་འགྲོ་མ་ཡི་ནི། །ས་ནི་དྲུག་ཅུ་རྩ་བཞིར་བརྗོད། །མགོ་བོ་ལས་བྱུང་ བདུད་རྩི་ལྔ། །གཟུགས་ཅན་ལ་སོགས་བརྒྱད་པོ་ནི། །ལྟེ་བའི་དབུས་སུ་རྣམ་རོལ་བ། །ཨཱ་ལི་ ཀཱ་ལི་རབ་ཏུ་འདྲེས། །སྡེ་ཚན་བརྒྱད་ལས་བྱུང་བ་ཡིན། །རི་མོ་རབ་ཏུ་འཕེལ་བའོ། །གཟུགས་ ཅན་མ་ལ་ཀུ་ཞེས་བརྗོད། །འོ་བྱེད་མ་ནི་ཙ་སོགས་ཡིན། །ཊུ་ཡིག་ལས་ནི་ལཱ་མར་བརྗོད། །ཏ་ སྡེ་ཡོངས་སུ་གྱུར་མར་བཤད། །དུམ་སྐྱེས་མ་དང་མི་ལྡོག་མ། །སུ་དང་ཨནྟསྠ་ཞེས་བྱ། །ཨེ་ ཧི་ཀ་དང་སྡུད་བྱེད་མ། །ཨུཥྨ་ཎ་དང་ཨ་ཨིར་བརྗོད། །གང་འདིའི་བྱེད་དང་བྱེད་པའི་ཚོགས། ། དེ་དག་ལས་ཀྱི་རྣམ་འགྱུར་ཡིན། །ཁ་ཡི་ལམ་ནི་ཐོད་པར་བཤད། །དགྲ་སྟ་བཤང་བའི་རྩ་ ཡིན་ཏེ། །སྣ་ཡི་བུ་ག་མཆེ་བ་རུ། །དེ་ནི་གཉིས་སུ་བཅིངས་པ་ཡིན། །འཁོར་ལོ་རྟགས་སུ་ བརྗོད་པ་སྟེ། །རྒྱལ་མཚན་དང་ནི་རལ་གྲི་དག །རྡོ་རྗེ་དེ་བཞིན་དུང་ཞེས་པ། །གཉིས་གཉིས་ མིག་དང་རྣ་བ་ཡིན། །གང་དེ་དག་ལ་མཆོད་བྱེད་དེ། །མཆོད་པ་བདེ་བ་ཡིན་པར་བཤད། ། ཁྱད་པར་ལས་ཀྱི་ཕོ་ཉ་མོ། །རྣམ་པ་བརྒྱད་དུ་ཡང་བཤད་པ། །དམར་སེར་ཉི་མའི་ཁམས་ 23-1-21 ལས་བྱུང༌། །ཟླ་བ་ལས་ནི་སྔོ་ཞིང་སྐྱ། །རྩེ་གསུམ་དང་ནི་མདུང་ཐུང་གང༌། །དེ་ནི་འབར་བའི་ མཚན་མར་བཤད། །འཁོར་ལོའི་རྣམ་པ་སྤྲིན་སྔོ་བ། །དེ་ནི་རླུང་ཁམས་ལས་གྱུར་པ། །མཁའ་ ཁམས་རཱ་ཧུ་ལར་བརྗོད་དེ། །གནག་དང་དཀར་བར་བཤད་པ་ཡིན། །ན་ཌི་སྟོང་ཕྲག་བཅོ་ལྔ་ ནི། །ཡོངས་སུ་ཁྱབ་པར་བྱེད་པ་ཡིན། །སེར་ཞིང་གསེར་གྱི་མདོག་འདྲར་སྣང༌། །འབྱུང་པོ་ འཛིན་བྱེད་ལས་བྱུང་བའོ། ། ཤ་ནི་འདུ་བྱེད་ཞེས་སུ་བརྗོད། །རྣམ་ཤེས་ལས་བྱུང་དུས་ཀྱི་མེ། །གང་གི་དཔྲལ་བའི་ ཐིག་ལེ་དང༌། །མགོ་ཡི་དབུས་སུ་འགྲོ་བར་བཤད། །ཆར་སྤྲིན་ལྟ་བུར་བཤད་པ་ནི། །ཆུ་ལས་ བྱུང་བའི་འབར་བྱེད་དེ། །གཡོན་གྱི་མཆེ་བ་ལུག་ཏུ་བཤད། །གང་རྣམས་འདི་དག་ཐམས་ ཅད་ནི། །མཁའ་འགྲོ་མ་སྟེ་སྔགས་སུ་བརྗོད། །ལཱ་མའི་རིགས་ལས་བྱུང་བ་ལྔ། །འཁོར་ལོ་ ཀུན་ལ་གནས་པ་སྟེ། །རྟག་ཏུ་བྷ་གའི་དབུས་གནས་སམ། །ལིང་གའི་དབུས་སུ་རྒྱུ་བར་བྱེད། ། ཙནྜ་ལི་ནི་སྟོབས་དང་ལྡན། །ཁུ་བ་རྡོ་རྗེར་བྱེད་པ་སྟེ། །དེ་བཟློག་པ་ལས་ཁྲག་ཀྱང་ངོ༌། ། དེ་ཡིས་ཤ་དང་ལྤགས་པ་ཉམས། །ཁུ་བས་རུས་པ་འཇོམས་པ་སྟེ། །ཁྲག་དང་ཁུ་བའི་ སྦྱོར་བ་ལས། །མུན་པ་སྐྱེ་ཞིང་འབྱུང་བར་འགྱུར། །དེ་ལས་རྩ་དང་རྒྱུས་པ་དག །མུན་པ་ལས་ ནི་མེ་འབྱུང་སྟེ། །ཞག་དང་ཆུ་སེར་བ་སྤུ་དང༌། །རྐང་དང་ཚིལ་བུ་སྐྲ་རྣམས་ཏེ། །དེ་ལ་སོགས་ པ་མང་པོའི་ཁམས། །ཐམས་ཅད་དག་པར་བྱེད་པ་ཉིད། །སྙིང་ནི་རྣམ་པ་བཞི་ལ་བརྟེན། ། གཞན་རྣམས་རེ་རེ་ལས་བྱུང་བའོ། ། གང་གིས་གཅིག་ནི་ཡོངས་བཅིངས་པས། །དེ་དག་ཐམས་ཅད་རེངས་པར་འགྱུར། །ལཱ་ མ་པད་མའི་རིགས་ཡིན་ཏེ། །འཇིག་རྟེན་དབང་ནི་ནོར་བུར་བརྗོད། །ཁྲག་འཐུང་རྟག་པའི་ རིགས་སུ་བཤད། །ཁུང་བུར་སྣང་བ་སྟོང་པ་སྟེ། །རྡོ་རྗེའི་རིགས་ལས་གང་གྱུར་པ། །རྟག་ཏུ་ འདོད་ཅིང་སྤྲོ་བ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །རྟ་ཡི་རིགས་ལས་གང་གྱུར་པ། ། 23-1-22 དེ་ནི་རྡོ་རྗེ་ཕག་མོར་བརྗོད། །དགའ་བའི་སྐད་ཅིག་གྲངས་གང་ཡིན། །ཚེས་ཞེས་ཀླ་ཀློའི་ སྐད་དུ་མཛད། །གྲོང་ཁྱེར་པ་ཡི་སྤྱོད་པ་ཀུན། །བླ་མའི་ཁ་ཡི་བསྟན་པར་བྱ། །དེ་བཞིན་ཕྱག་ རྒྱ་སྣ་ཚོགས་པ། །རེ་ཞིག་འདིར་ནི་མ་བསྟན་ནོ། ། སྔགས་ཀྱི་གསང་བ་སྦས་པ་གང༌། །དེ་ནི་སྙིང་སྟོབས་བརྒྱད་དུ་དྲག །གཞན་དག་ཀྱང་ ནི་དཔའ་བོས་གསུངས། །མདོར་བཤད་རྒྱས་པར་མ་ཡིན་ནོ། །ཤ་ཆེན་དག་ཅེས་གསུངས་པ་ ནི། །ཐམས་ཅད་འདུ་བྱེད་ཁོ་ན་སྟེ། །འདུ་བྱེད་གང་ལ་རྣམ་འཇིག་པ། །འོད་གསལ་བར་ནི་ དེ་བཤད་དོ། །ཁྱི་ཤ་ཚོར་བར་བཤད་པ་སྟེ། །ལུས་ཀྱི་དངོས་པོ་ཕག་པར་བརྗོད། །ཁྱིམ་བྱ་ དམར་ཆེན་དུ་བཤད་དོ། །བཟའ་བ་མཚན་མ་མེད་པ་སྟེ། །སྦྱིན་སྲེག་ལྷན་ཅིག་སྐྱེད་པ་ཡིན། ། བདེ་བ་གཏོར་མའི་བརྡ་ཡིས་བསྟན། །དུང་དང་མུ་ཏིག་ཉ་ཕྱིས་ནི། །མཆོག་དང་འབྲིང་དང་ ཐ་མའོ། །རྣམ་པར་ཐར་པ་བཞི་ཡི་ནི། །ལུས་ལ་བྱུང་བ་ཐོད་པར་བརྗོད། །འབྱུང་པོ་ལྔ་ལས་ བྱུང་བ་ཡི། །ཐིག་ལེ་ཕྱུགས་ཞེས་བྱ་བ་སྟེ། །ཁྭ་ལ་སོགས་པ་ཕྱུགས་རྣམས་ནི། །ཉོན་མོངས་ དུ་མ་ཡིན་པར་བཤད། །སྟེང་དང་འོག་གི་སྒོ་དག་ལས། །ཕོ་ཉ་མོ་རྣམས་དངོས་གྲུབ་འགྱུར། ། བ་གླང་ལྷན་དང་ལྡིང་བ་དང༌། །སྐེམ་བྱེད་རྩ་གནས་ཞེས་བྱ་བ། །བདེ་ཆེན་ཞེས་བྱ་འབྱུང་པོ་ ནི། །རྣམ་པ་ལྔ་རུ་བཤད་པ་ཡིན། །བདེ་བ་ནམ་མཁའི་ཁམས་ཡིན་ཏེ། །རུས་སྦལ་རྣམ་པར་ ཤེས་པའོ། ། རླུང་རྣམས་རབ་ཏུ་ཕྲ་བ་ལ། །ཡང་དག་འགྲོ་བ་དངོས་གྲུབ་ཉིད། །ཞལ་བཞི་ཞེས་བྱ་ གང་བསྟན་པ། །མགོན་པོ་ཐབས་ཀྱི་བདག་ཉིད་ཡིན། །རིག་མ་ཕྱག་གི་མིང་ཡིན་ཏེ། །དེ་ ཡང་བཞི་པ་བཞི་ཉིད་དོ། །གང་ཞིག་འབུམ་ཕྲག་ལ་སོགས་པ། །ཡང་ཡང་བཟླས་པ་ཕྱག་ཏུ་ བརྗོད། །གསང་བའི་མཆོད་དང་བསྙེན་བཀུར་ནི། །སྔགས་ཀྱི་སྤྱོད་པའི་དེ་ཉིད་ཏེ། །ཕོ་ཉ་ གཉིས་མེད་སྦྱིན་སྲེག་གི །ལྷ་རྣམས་ཀྱི་ནི་སྐུ་ཆེན་ནོ། །རྟག་པ་དམ་པ་མཆོག་ཏུ་ཕྲ། །ཕྱག་རྒྱ་ 23-1-23 རྣམས་ལས་འདི་ཆེན་པོ། །ཕྱག་རྒྱ་ཆོས་ཞེས་བྱ་བ་ལས། །དུས་མིན་འཆི་བ་བསླུ་བ་སྟེ། །གང་ གཞན་ལུས་ཀྱི་སྤྱོད་པ་ཅན། །ལས་ཀྱི་ཕྱག་རྒྱ་དེ་ཡང་ངོ༌། །ཤིན་ཏུ་རྣམ་པར་འབྱེད་པའི་ཕྱིར། ། རྣམ་པར་དབྱེ་བ་དྲན་པ་བཞི། །བདག་ཏུ་ཕྱིན་ཅི་ལོག་པ་ལ། །ངེས་པར་སྦྱར་བ་ཡིན་པར་ བཤད། །མི་དགེའི་ཆོས་ནི་ཚར་གཅོད་ཅིང༌། །གང་ཞིག་ཕན་འདོགས་བརྩོན་པ་ནི། །དགེ་བ་ ལ་སྟེ་ཡང་དག་སྤོང༌། །དེ་ནི་རྣམ་པ་བཞི་རུ་བརྗོད། །གཞན་རྣམས་གང་དག་བྱང་ཆུབ་ཕྱོགས། ། དེ་དག་རྣམས་ལས་དབྱེ་བ་སྟེ། །སུམ་ཅུ་བདུན་པའི་རྩ་རྣམས་ནི། །མཆོག་གི་ལམ་དུ་སྦྱར་ བར་བྱ། །རཎྜ་ཀ་གནས་ནས་སོང་སྟེ། །ཚངས་པའི་གནས་ལ་ཐུག་གི་བར། །བྱང་ཆུབ་སེམས་ ཀྱིས་གང་བ་སྟེ། །དེ་ཉིད་ཕྱག་རྒྱའི་མཆོད་པ་ཡིན། །རྣལ་འབྱོར་ཡེ་ཤེས་བླ་མེད་པ། །མ་ཞེན་ འཁོར་བར་འཁྱམས་པ་ཉིད། །ཕུང་པོ་དང་ནི་སྐྱེ་མཆེད་རྣམས། །གང་གི་དབང་དུ་འགྱུར་བ་ དང༌། །གང་ཞིག་སྔགས་ཀྱི་ཁྱད་པར་ལས། །རླུང་ནི་འགོག་པར་བཤད་པ་ཡིན། །སྒྲོན་མ་ ཉ་ཤ་དང་ནི་ཆང༌། །སུམ་ཅུ་རྩ་གཉིས་ཁམས་ཡིན་ཏེ། །མཚན་མོ་སྣང་བ་མེད་པར་བརྗོད། ། གང་ལས་སྐྱེས་མཆེད་བཅུ་གཉིས་ནི། །ལུས་ལ་གནས་པའི་སྒོ་དགུ་པོ། །བརྒྱ་དང་རྩ་བརྒྱད་ ལྡན་པའི་རླུང༌། །སྐུ་དང་དེ་བཞིན་གསུང་དང་ཐུགས། །ཐུན་གསུམ་དུ་ནི་མངོན་པར་བརྗོད། ། འདི་ལ་ཚངས་པའི་ཡུལ་གྱི་སར། །དཔའ་བོའི་སྒྲ་ནི་མི་ཆོམས་པ། །ལྔ་བཅུ་རྩ་བཞི་དག་ པའོ། །ཡི་གེ་མང་དང་ལྡན་པའི་ཕྱིར། །མགོ་ནི་བློན་པོར་བརྗོད་པ་སྟེ། །ཉི་ཤུ་རྩ་བཞི་དེ་ལས་ འབྱུང༌། །གང་གི་རོ་ནི་སྤྱོད་པའི་ཕྱིར། །ལོངས་སྤྱོད་པ་ནི་རྒྱལ་ཕྲན་ཏེ། །འབྱུང་པོ་ཉི་ཤུ་བྲམ་ ཟེ་ལ། །དེ་སྒྲ་རིགས་ཀྱི་གཙོ་བོར་གྲགས། །དཔྱིད་དང་ནཱ་ད་ཉིད་ལ་འོ། །སྐྱེ་གནས་འཁོར་ ལོ་རྒྱལ་རིགས་ཏེ། །དབང་ཆེན་དང་ནི་དེ་བཞིན་ཆུ། །སྲེག་བཟའ་རླུང་དང་ཟླ་བ་དང༌། །ཉི་ མ་ནམ་མཁའ་བདུན་དུ་འདོད། །ནོར་ལ་གསང་བར་སྤྱོད་པའི་ཕྱིར། །དེ་འོག་རྗེ་རིགས་ཡིན་ པར་བཤད། །ལྔ་པོ་བདུད་རྩིའི་མིང་ཡིན་ནོ། ། 23-1-24 དེ་བཞིན་དམངས་རིགས་བར་པ་སྟེ། །སྙིང་སྟོབས་རྡུལ་དང་མུན་པ་ནི། །འདི་ལ་སྲེག་ བླུགས་བྱེད་པར་བཤད། །རཎྜ་གཡུང་མོ་མཐར་སྐྱེས་ནི། །ཐ་མའི་རིགས་སུ་བསྟན་པ་ཡིན། ། འདི་ལ་གཅིག་ཏུ་འདྲེས་པའི་ཕྱིར། །སྲེག་བླུགས་ཅིག་ཏུ་བྱ་བ་བཤད། །ཞག་གྲངས་བྱེ་བྲག་ གསུངས་གྱུར་པ། །རིག་པའི་རྟུལ་ཞུགས་དེ་འདོད་དོ། ། གཞན་དག་གང་ཞིག་སྔར་བཤད་དང༌། །གང་ཞིག་འོག་ཏུ་སྟོན་གྱུར་པ། །ལས་རྒྱས་ པ་ཡི་ཆོ་ག་རྣམས། །སློབ་དཔོན་ཞལ་སྔས་བཏང་སྙོམས་མཛད། །མེ་ཏོག་དང་ནི་ཆུ་བསྲེས་ པ། །སྔགས་གསུམ་གྱི་ནི་བྱ་བ་ཡི། །ལུས་ཀྱི་གཡོ་བ་སྒྲ་དང་ནི། །ཡིད་ཀྱི་བརྗོད་པའི་ཁྱད་ པར་ཡིན། །མཚན་མོ་རྟག་ཏུ་ཤ་ཟ་བ། །ངེས་པར་ཤེས་རབ་ཕ་རོལ་ཕྱིན། །གློ་བུར་སྦྱོར་བ་ འདི་དག་གིས། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །ཧ་ཧ་ཧེ་ཧེ་རྣམ་པ་བརྒྱད། །ནམ་མཁའ་ མཉམ་པའི་སྒྲ་ཞེས་དང༌། །ལུས་ལ་བྱུང་བ་སྙིང་སྟོབས་སོ། ། དགའ་བ་ལ་སོགས་ས་རྣམས་ནི། །ཡིད་ལས་བྱུང་བ་རྣམ་པ་བརྒྱད། །སྒྲུབ་པོ་ཡིས་ནི་ལྷ་ མཉེས་བྱས། །གཟུགས་ནི་བརྟན་པར་གྱུར་པ་ན། །ཕྱག་རྒྱའི་སྦྱོར་བ་ལ་ཞུགས་པས། །སྔགས་ ཀྱི་སྤྱོད་པ་སྤྱད་པར་བྱ། །ལྷ་རྣམས་ཀྱི་ནི་རིང་གཟིགས་ནས། །སྒྲུབ་ལ་བྱིན་གྱིས་རློབས་པར་ འགྱུར། །བསྐྱེད་པའི་རིམ་ལ་གནས་པས་ཀྱང༌། །འདི་ནི་ཐེ་ཚོམ་མེད་པ་ཡིན། །སྐྱེས་བུའམ་ ཤེས་རབ་ལས་བྱུང་བའི། །ཁུ་བ་མེ་ཏོག་ཞེས་པ་སྟེ། །སྙིམ་པ་བཀང་བ་དགག་པ་ཡིན། །འདི་ ལ་རིག་པ་འཛིན་པ་ཡི། །གཙོ་བོ་ཁྲག་འཐུང་བཀའ་ཡིས་འགྱུར། །ཡང་ན་བྱ་བ་ཐམས་ཅད་ ནི། །ཇི་བཞིན་ཉིད་དུ་སྒྲུབ་པར་བྱེད། །ལུས་ཀྱི་སྦྱོར་བ་དང་པོ་སྟེ། །དེ་བཞིན་གཉིས་པ་ནུས་ པ་ཡིན། །གསུམ་པ་དག་ནི་ཕྱི་ཡི་ཉིད། །བཞི་པ་ཡིས་ནི་དམིགས་པ་མེད། །སྔགས་ཀྱི་རྒྱལ་ པོ་གྲུབ་པར་འགྱུར། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའོ། །འགྲོ་བ་ཀུན་ལ་ཁྱབ་གྱུར་པ། །ཉི་ ཤུ་རྩ་བཞིར་བརྗོད་པ་ནི། །དབུགས་ཀྱི་དབྱེ་བ་ཟད་མིན་པ། །བུད་མེད་སྟོང་ཕྲག་ཉི་ཤུ་གཅིག ། 23-1-25 དེ་ཡང་དྲུག་བརྒྱས་ལྷག་པའོ། །ཇི་སྙེད་རྩ་ཡི་གྲངས་ཀྱི་ནི། །རླུང་ཡང་དེ་སྙེད་གནས་པ་དང༌། ། རྒྱུ་བ་མ་ཡིན་མི་རྒྱུ་མིན། །ཁམས་ཀྱི་རྣམ་པའང་དེ་ཉིད་དོ། ། དེ་དག་ལུས་ལ་རྣམ་གནས་པ། །སངས་རྒྱས་རྣམས་དང་སེམས་དཔའ་ཡི། །ཅི་ཕྱིར་ བསྒྲུབ་བྱ་སྒྲུབ་ཅེ་ན། །འཁོར་ལོའི་བདག་ཉིད་སྦྱོར་བའོ། །ཐོག་མ་ཐ་མའི་ཚིག་དག་ལ། །ལྷ་ མོ་བཞི་ཞེས་གནས་པ་ནི། །རྩ་ཡི་འཁོར་ལོ་བཞི་པོ་ལ། །སྟེང་དང་འོག་ཏུ་རྣམ་གནས་པའོ། ། དཔལ་ལྡན་ཧེ་རུ་ཀ་ཡི་རྒྱུད། །སྤང་བར་བྱ་བ་མ་ཡིན་པ། །རྒྱུད་ནི་རྣམ་པ་གསུམ་དུ་ འགྱུར། །དེ་སྤོང་བ་ནི་མི་མཁས་པའོ། །ཀུན་ཏུ་གནས་པའི་སྙིང་པོ་ནི། །རབ་ཏུ་རྒྱ་ཆེ་བསྟན་ པ་དང༌། །སྔོན་ནས་ཤིན་ཏུ་རྣམ་དག་པ། །གསལ་དང་འཕྲོ་བའི་རང་བཞིན་ནོ། །དག་དང་ ཤིན་ཏུ་རྣམ་དག་པའི། །ཤྲཱི་ཧེ་རུ་ཀའི་རྣམ་པ་ནི། །ངེས་དང་མཐུན་པའི་ཡིད་བྱེད་ཀྱི། །གཞི་ ཞེས་བྱ་བ་དངོས་པོའི་རྒྱུད། །གང་ཞིག་དབུགས་དབྱུང་གཉིས་གསུངས་པ། །དབུགས་ཕྱིན་པ་ ནས་ཡང་དག་ཐོབ། །འཁོར་བ་ཇི་སྲིད་ཞུགས་པ་ནི། །མི་ཕྲོགས་འབྲས་བུ་ཡིན་པར་བརྗོད། ། ལྷན་ཅིག་སྐྱེས་པ་རིན་པོ་ཆེ། །ཕལ་ཆེར་རྒྱུད་དུ་སྦས་པ་ཡིན། །བླ་མའི་མན་ངག་དྲན་པའི་ ཕྱིར། །ཡང་དག་སྙིང་པོ་བསྡུས་པའོ། ། གཡོ་བ་རླུང་གི་དེ་ཁོ་ན། །སྣ་ཚོགས་ལས་རྣམས་བྱེད་པ་ནི། །རྡོ་རྗེ་སྐུ་ཡི་བཤད་པ་སྟེ། ། རྩ་བའི་སྔགས་སུ་བརྗོད་པ་ཡིན། །རྒྱལ་བ་རྣམས་ཀྱི་སྐུ་གསུམ་པོ། །དག་པའི་དཀྱིལ་འཁོར་ སྣང་བ་ཅན། །ཆོས་ཀྱི་སྒོ་ཡི་རྗེས་སྟོན་པ། །གསུང་ནི་སྙིང་པོ་བརྗོད་པར་བྱ། །རྣམ་པ་བདུན་ གྱི་རབ་དབྱེ་ཅན། །སྡུག་སྤངས་བདེ་བ་སྦྱིན་བྱེད་ཅིང༌། །ཐུགས་ནི་སྡུག་བསྔལ་ངལ་གསོ་བ། ། གསང་སྔགས་ཉེ་བའི་སྙིང་པོ་ཡིན། །བདེ་བས་བདེ་བ་ཐོབ་འགྱུར་བ། །སངས་རྒྱས་བདེ་ ཆེན་བདེ་བའི་མཆོག །ནམ་ཡང་གཞིག་ཏུ་མེད་པ་ནི། །ཤེས་རབ་ཐབས་ཀྱི་གོ་ཆར་བརྗོད། ། དེ་ཉིད་རྣམ་པ་ལྔ་པོ་ནི། །གཟུགས་རྣམས་ཀུན་ལ་རབ་ཏུ་གནས། །ཡི་གེ་ཧ་ལྔའི་སྦྱོར་བ་ 23-1-26 ཡིས། །རྣལ་འབྱོར་རྣལ་འབྱོར་བདེ་ཐོབ་འགྱུར། །དངོས་གྲུབ་ཐམས་ཅད་སྐྱེད་བྱེད་པ། །རྣལ་ འབྱོར་མ་ཡི་སྙིང་པོ་ནི། །འབྱིན་དང་སྡུད་པར་བྱེད་པ་ཡི། །སྒྱུ་འཕྲུལ་ཆེན་མོ་གསང་བའོ། ། གང་ཡང་མཆོག་ཏུ་ཟབ་མོ་ཡི། །ཆོས་ལ་མོས་པར་བྱེད་དེ་ཡང༌། །དཔའ་བོ་རང་ཉིད་དང་ མཚུངས་ཤེས། །ཐུགས་ཀྱི་རྡོ་རྗེ་བཀའ་བསྩལ་ཏོ། །དོན་རྣམས་ཀྱི་ནི་མདོ་ཙམ་སྟེ། །སྙིང་པོ་ ཅུང་ཟད་བསྡུས་པ་ལས། །དྲི་མེད་ལེགས་པ་གང་ཐོབ་དེས། །ཁྲག་འཐུང་དཔལ་གྱི་གནས་ ཐོབ་ཤོག །ཅེས་པ་སྙིང་པོ་བསྡུས་པ་སློབ་དཔོན་ནག་པོ་སྤྱོད་པས་མཛད་པ་རྫོགས་སོ།། །། པཎྜི་ཏ་ཀུ་མ་ར་དང༌། ལོ་ཙཱ་བ་རིག་པ་གཞོན་ནུས་བསྒྱུར་པའོ།། །། མངྒ་ལཾ། གཞུང་འདི་སྣར་ཐང་དང་ཞ་ལུའི་བསྟན་འགྱུར་བསྡུས་པའི་དུས་མ་རྙེད་བསྟན་འགྱུར་ཐམས་ཅད་དེ་གཉིས་ལས་གྱེས་པས་ བསྟན་འགྱུར་ཕལ་ཆེར་ལ་མི་བཞུགས། ཕྱིས་གོང་མ་ཚེས་ལྔ་བས་རྙེད་ནས་གསར་དུ་དཔེ་བཞེངས་སྣེ་གདོང་གི་བསྟན་འགྱུར་ རྙིང་པའི་ནང་དུ་བཅུག་འདུག འདིར་དེ་དང༌། དེའི་མ་དཔེ་ཡིན་ནམ་སྙམ་པའི་དཔེ་རྙིང་ཧྲུལ་བོ་གཅིག་རྙེད་པ་ལས་བཤུས་པ། འདི་དང་འགྱུར་མི་གཅིག་པ་ཞིག་གི་དཔེ་རྙིང་པར་རྐེད་གཅིག་ཀྱང་མཐོང་ངོ༌།། །། ཤུ་བྷཾ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-27 ༄༅། །ཕར་ཕྱིན་གྱི་ཁྲིད་ཡིག་ངོ་མཚར་ཅན་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་ཚུལ་ནི། དང་པོར་ལམ་གྱི་ རྩ་བ་དགེ་བའི་བཤེས་གཉེན་བསྟེན་པ་ནི། སེམས་མི་འགོང་པ་ཉིད་ལ་སོགས། །ཞེས་སོགས་ ཀྱི། མཚན་ཉིད་ལྡན་པའི་སློབ་དཔོན་ལ། །སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་ སོགས་དང༌། སངས་རྒྱས་བསྟེན་དང་ཀུན་འདྲི་དང༌། །ཞེས་སོགས་ཀྱི་བསྟེན་ཚུལ་དང༌། ཆོས་ ཀྱི་དགོས་པ་ཆོད་པར་བྱ། །བླ་མའི་དྲུང་དུ་མཎྜལ་དང༌། །ཡན་ལག་བདུན་པ་དང༌། སངས་ རྒྱས་དངོས་དང་མཚུངས་པར་ལྟ་བའི་མོས་གུས་བསྒོམ། དམིགས་སྐོར་དང་པོའོ། ། གཉིས་པ་ཆོས་ལ་མོས་པ་བསྐྱེད་པ་ནི། སངས་རྒྱས་བྱང་སེམས་ཉན་རང་འཕགས་ པ་ཐམས་ཅད་ཀྱི་ཡོན་ཏན་ཇི་ཙམ་པ་དེ་ཙམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་ཡོད་དེ། དེ་རྣམས་ཀྱིས་འདི་བསྒོམས་པ་ལས་ཐོབ་པོ་ཞེས་ཆོས་ལ་མོས་པ་བྱ། དམིགས་སྐོར་གཉིས་ པའོ། ། སངས་རྒྱས་བསྟེན་དང་སྦྱིན་སོགས་དང༌། །ཞེས་སོགས་མོས་པ་བསྐྱེད་པའི་རྒྱུ་ལ་ འབད། ཆོས་ཀྱི་འཕོངས་པའི་རྒྱུ་དག་དང༌། །ཞེས་སོགས་འགལ་རྐྱེན་སྤངས། གསུམ་པ་ཚིག་ ལ་དམིགས་པ་ནི། ཡན་ལག་བདུན་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བར་ བྱས་ནས། ལུས་རྣམ་སྣང་གི་ཆོས་བདུན་བཅས། དྲན་པ་རྣལ་དུ་བཞག བདག་གིས་བསྒོམ་ པར་བྱ་བའི་ཆོས་དེ་གང་ལས་བྱུང་བའི་སྡེ་སྣོད་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་ བསམ་ཞིང༌། མཉམ་པར་འཇོག མདོ་སོགས་མིང་ལ་སེམས་འཇོག་གོ །ཞེས་པའི་དོན་ཡིན་ ནོ། །ཐུན་མཚམས་ལ་འཇུག་ཁར་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། སྔོན་འགྲོ་དང་རྗེས་ཀྱི་བྱ་ 23-1-28 བ་འོག་མ་རྣམས་ལའང་འདིས་རིགས་འདྲེ། དམིགས་སྐོར་གསུམ་པའོ། ། བཞི་པ་དོན་ལ་དམིགས་པ་ནི། སོ་སོའི་ནང་ན་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་ པར་དཔྱོད། །ཞེས་པའི་དོན་ཡིན་ཏེ། བདག་གིས་ཐོས་བསམ་སྒོམ་གསུམ་བྱ་བའི་ཡུལ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ། དང་པོར་གླེང་གཞི་ཡོད་དོ། །དེ་ནས་སེམས་བསྐྱེད་མདོར་ བསྟན་ནས། འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་བར། ཡན་ལག་རྒྱས་བཤད་ཀྱི་རིམ་པ་ཇི་ལྟ་བ་ བཞིན་དུ་ཡོད་ཅིང༌། མཐར་བྱམས་ཞུས། རྟག་ཏུ་ངུ༌། ཆོས་འཕགས། ཡོངས་གཏད་རྣམས་ ཡོད་ལ། ལེའུ་འདི་ཙམ་ཤླཽ་ཀ་འདི་ཙམ་བརྗོད་བྱ་ཡང་འདི་དག་གོ་ཞེས་བྱ་བ་ལ་སོགས་པ་ ཡང་ཡང་བསམ་ཞིང་སྒོམ་མོ། །དམིགས་སྐོར་བཞི་པ་ཏེ་སྔོན་འགྲོ་ལ་དེ་ལྟར་བཞིའོ། ། ལྔ་པ་ལམ་དངོས་ནི། གཉིས་ཏེ། དང་པོ་ལམ་ལ་འཇུག་པའི་སྒོ་དང༌། གཉིས་པ་ལམ་ དང་འབྲས་བུའི་རིམ་པའོ། །དང་པོ་ལ། ཞི་གནས་དང༌། ལྷག་མཐོང་གཉིས། དང་པོ་ནི། ཚེ་ འདི་དང་འཁོར་བ་ལ་ཡིད་འབྱུང་བའི་སྐྱོ་ཤས་དང༌། ལས་འབྲས་སླུ་མེད་ཡིད་ཆེས་ཀྱི་ངེས་ པ་དང༌། སྟོང་ཉིད་མ་རྟོགས་པའི་སེམས་ཅན་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་ ཀྱིས་ཐུན་གྱི་དབུ་ཞབས་བར་གསུམ་ཐམས་ཅད་དུ། བོགས་དབྱུང་ཞིང༌། བསྐུལ་མ་འདེབས། དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པས། དད་པ་རྣམ་པ་གསུམ་གྱིས་སྤྲོ་བ་བསྐྱེད། ཞི་ གནས་ཀྱི་ངོ་བོ་སེམས་གནས་པའི་ཐབས་དགུ་དང༌། ཉེས་པ་ལྔ། སྤོང་བའི་འདུ་བྱེད་བརྒྱད་ ལ་སོགས་པ་བརྟེན། སྙིང་པོ་བྱིངས་རྒོད་སྤངས་པའི་ཞི་གནས་རྣམ་དག་ལ་བཀྲིས་ན་རྣམ་ བཞག་རྒྱས་བསྡུས་ཇི་ལྟར་བྱས་ཀྱང་འདྲའོ། །དེས་ན་ཞི་གནས་སྒོམ་ཚུལ་སྤྱི་དང་མཐུན་ནོ། ། དམིགས་ཆེན་གཅིག་གོ ། གཉིས་པ་ལྷག་མཐོང་ལ། རྗེས་དཔག་ངེས་ཤེས་ཀྱི་ལམ་དང༌། རྟོག་མེད་མངོན་སུམ་ གྱི་ལམ་གཉིས། དང་པོ་ལ། གང་ཟག་བདག་མེད་སྒོམ་ཚུལ་དང༌། ཆོས་ཀྱི་བདག་མེད་སྒོམ་ 23-1-29 ཚུལ་གཉིས། དང་པོ་ནི། ངའོ་ཞེས་རྣམ་པར་བརྟགས་པའི་ཡུལ་ལ་དམིགས་ན། ང་ཞེས་བྱ་ བ་མ་གྲུབ་སྟེ། ལུས་རྣམས་ནི་རྡུལ་ཕྲན་གྱི་བར་དུ་བཤིག་ནས་དང༌། སེམས་ཀྱང་སྐད་ཅིག་ གི་བར་དུ་རྣམ་པར་བཤིག་ན། ལུས་སེམས་གཉིས་ཀྱང་ང་མ་ཡིན་ལ། དེ་གཉིས་ཀྱི་ཚོགས་ པའང་མ་གྲུབ་པས་མ་ཡིན། དེ་གཉིས་ལས་ལོགས་པའང་མེད་པའི་ཕྱིར། གང་ཟག་མེད་ པར་རྟོགས་པ་ན། དེའི་ངང་ལ་མཉམ་པར་བཞག་གོ །དམིགས་ཆེན་གཉིས། བར་བར་དུ་ གང་ཟག་བདག་འགོག་གི་རིགས་པ་རྣམས་ཤེས་ན་དྲན་པར་བྱ་ཞིང༌། དེས་ངེས་ཤེས་སྐྱེ་ཞིང་ བོགས་འབྱིན་དུ་འགྲོ། གཉིས་པ་ནི། གོང་བཞིན་དུ། ཤེས་པ་རྣམས་ལ་སྐད་ཅིག་དང༌། དོན་དུ་སྣང་བ་རྣམས་ལ་ རྡུལ་ཕྲན་དུ་སིལ། སྐད་ཅིག་མ་དང༌། རྡུལ་ཕྲན་ཡང་སིལ་བས། མཐའ་མེད་དུ་འགྱུར་བས། གཟུགས་སྒྲ་སོགས་ངོ་བོའི་མཚན་མ་དང༌། ཀ་བུམ་སོགས་བཀོད་པའི་མཚན་མ་དང༌། ཁོང་ ཁྲོ་དང་དད་པ་སོགས་ཤེས་པའི་མཚན་མ་གང་ཡང་མེད་ཅིང༌། ཅིར་ཡང་མ་གྲུབ་པ་ལ་མཉམ་ པར་བཞག དམིགས་ཆེན་གསུམ་མོ། །དེ་སྐབས་གཅིག་དུ་བྲལ། ཡོད་མེད་སྐྱེ་འགོག མུ་བཞི་ སྐྱེ་འགོག རྡོ་རྗེ་གཟེགས་མ། རྟེན་འབྲེལ་སོགས་མཐའ་བྲལ་དུ་གཏན་ལ་འབེབས་བྱེད་ཀྱི་ རིགས་པ་རྣམས་ཤེས་ན་ཡང་ཡང་དྲན་པས་བོགས་ཆེ་བ་ཡིན། གཉིས་པ་ནི། སྔགས་ཀྱི་ལམ་ཕྱག་རྒྱ་ཆེན་པོའང༌། འཁོར་ལོ་ཐ་མའི་མདོའི་སྒོམ་རིམ་ ལྟར་སེམས་ཀྱི་རང་བཞིན་ལ་ལྟ་ཤེས་པའི་སྒོ་ནས་མི་རྟོག་པར་བཞག་པས། རྣམ་རྟོག་རང་ དྭངས་ལ་སོང༌། ཆུ་མ་རྙོག་ན་དྭངས་པའི་ཚུལ་གྱི་རང་བཞིན་གསལ་བར་མངོན་དུ་འགྱུར་བ་ ཡིན། དམིགས་ཆེན་བཞི་པ་སྟེ། དེ་དག་ལ་དབྱེ་ན་དམིགས་པ་མང་པོར་འགྱུར་ལ། དེ་དག་ ལམ་གྱི་འཇུག་པའོ། ། གཉིས་པ་ནི་འདིར་སྐབས་བརྒྱད་ལ་ལམ་རིམ་ངོ་བོ་ཐ་དད་པ་མེད་དེ། འཆད་ཚུལ་ཐ་ 23-1-30 དད་པའི་དབང་གིས་ཕྱེ་བར་ཤེས་དགོས་ཤིང༌། དེས་ན། རང་དོན་ཡིད་བྱེད་ཀྱི་ཀུན་ནས་ བསླངས་ནས། དམིགས་ཡུལ་བདེན་པ་བཞི་ལ་དམིགས། ལྟ་བ་གང་ཟག་གི་བདག་མེད་ ཙམ་དང༌། སྒོམ་པ་མི་རྟག་ལ་སོགས་པ་བཅུ་དྲུག་གི་ཞི་ལྷག སྤྱོད་པ་ཉེས་སྤྱོད་སྡོམ་པའི་ ཚུལ་ཁྲིམས་ཙམ་ལ་གནས་པས་ནི། ཉན་ཐོས་ཀྱི་འབྲས་བུ་ཐོབ་པ་ཡིན་ཏེ། ལམ་ཤེས་ཉིད་ ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །ཞེས་སོགས་ཀྱི་དོན་ནོ། །དེའི་སྟེང་དུ། ལྟ་བ་གཟུང་བ་ཆོས་ཀྱི་བདག་མེད་བསྣན། སྤྱོད་པ་བསྐལ་པ་བརྒྱའི་བར་དུ་ཚོགས་གསོག་པ་ བསྣན། སྒོམ་པ་རྟེན་འབྲེལ་བཅུ་གཉིས་གཙོ་བོར་སྒོམ་པ་དང༌། མཁས་པར་བྱ་བའི་དངོས་ པོ་དྲུག་ལ་མཁས་པར་བྱེད། འབྲས་བུ་ལ་མཚམས་སྦྱོར་བྱེད་རང་རྒྱལ་དུ་སྨོན་ལམ་བཏབ་ན། རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་འགྱུར། དེ་གཉིས་ཀྱི་རྟོགས་པར་བྱ་བ་ཐམས་ཅད་ འདིར་ཡང་རྟོགས་དགོས་པ་ཡིན་མོད། ཐོབ་བྱ་རྣམས་ནི་ཐེག་ཆེན་འདིའི་གོལ་ས་ཡིན་པའི་ ཕྱིར། མངོན་དུ་བྱེད་དགོས་པ་མ་ཡིན་ནོ། །དེས་ན་རང་རྒྱལ་གྱི་ལམ་ནི། རང་བྱུང་བདག་ཉིད་ རྟོགས་པ་ནི། །ཞེས་སོགས་ཀྱི་དོན་ནོ། །ཐེག་ཆེན་གྱི་ལམ་དང་འབྲས་བུ་སྟེ། དེ་ལ་ཆོས་སྐུ་ ནི་འབྲས་བུ། སྦྱོར་བ་བཞི་ནི་ལམ། མཁྱེན་གསུམ་ལ་ངོ་བོའི་དབང་དུ་བྱས་ན། རྣམ་མཁྱེན་ འབྲས་བུ་དང༌། གཞན་གཉིས་ལམ་ཡིན་ལ། དེ་ཡང་ཆོས་སྐུ་དང༌། སྦྱོར་བ་བཞི་ལས་ལོགས་ སུ་མེད། ནང་མཁྱེན་གསུམ་གྱི་རྣམ་བཞག་ཐོས་བསམ་གྱི་ཡུལ་དུ་བྱས་ནས། ཡུལ་དེ་དང་ མཐུན་པའི་ཉམས་ལེན་སྦྱོར་བ་བཞི་ལ་འབད་པས། འབྲས་བུ་དངོས་སུ་མངོན་དུ་གྱུར་པ་ནི། ཆོས་སྐུ་འཕྲིན་ལས་དང་བཅས་པའོ། ། དེ་ལ་མཁྱེན་པ་གསུམ་གྱི་རྣམ་བཞག་ནི། མཁྱེན་པའི་ངོ་བོ་ཚིག་གིས་མཚོན་པར་དཀའ་ བའི་ཕྱིར། མཁྱེན་པ་དེ་རྣམས་ཀྱི་གང་མཁྱེན་པའི་ཡུལ་སོགས་ལ་རྒྱས་བཤད་བྱེད་པ་ནི། མཚོན་བྱེད་ཀྱི་ཆོས་ཀྱི་གོ་བ་ཡིན་ལ། དེའི་ཕྱིར་སྐབས་དང་པོ་གསུམ་ཆར་ལས། ལམ་རིམ་ 23-1-31 རྒྱས་པ་རེ་རེ་འབྱུང་ལ། ཆ་ཤས་ཀྱི་སྒོ་ནས། ལམ་རིམ་ཆ་ཚང་བ་ནི་ཡང་ཡང་འབྱུང་ངོ༌། །དེ་ ལ་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ལམ་གྱི་ཐོག་མ་ནི། སེམས་བསྐྱེད་ནས་འགོ་འཛིན་ ཅིང༌། དེ་ནས་སྐབས་འདིར་སེམས་བསྐྱེད་ཡང་དག་པར་ལེན་དགོས། སྔར་སེམས་བསྐྱེད་ ཙམ་བླངས་སུ་ཟིན་ཀྱང༌། ཤེར་ཕྱིན་གྱི་ལྟ་བས་ཟིན་པ་དཀའ་བའི་ཕྱིར། བདག་མེད་གཉིས་ ལ་མྱོང་བ་ཐོན་ནས་སེམས་བསྐྱེད་ཆོ་གས་ལེན་པའི་ཚེ་ཡང་དེས་ཟིན་པ་དང༌། དགེ་བ་ཅི་ བྱེད་སེམས་བསྐྱེད་ཀྱིས་ཟིན་པར་བྱེད་དགོས་པའང་ལྟ་བ་བཟང་པོ་དེ་དང་ངེས་པར་སྦྲེལ་ དགོས། དེ་ལ་བདག་དང༌། སེམས་ཅན། སྡུག་བསྔལ་གསུམ་རང་བཞིན་གྱི་མ་དམིགས་ ཀྱང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་བསྒྲལ་བར་བྱའོ་སྙམ་པའི་སྨོན་པ་སེམས་ བསྐྱེད་བསྒོམ་པ་སྟེ། དམིགས་སྐོར་གཅིག བདག་དང་ལམ་རང་བཞིན་གྱི་མ་དམིགས་ཀྱང་ འགྲོ་བ་ལ་ཕན་པའི་ཕྱིར་དུ། སྦྱིན་སོགས་ལ་འབད་པར་བྱའོ་སྙམ་པ་འཇུག་པ་སེམས་བསྐྱེད་ དེ། དམིགས་སྐོར་གཉིས། དཀོན་མཆོག་གསུམ་དང༌། སྐྱབས་པར་བྱ་བའི་ཡུལ་འཁོར་བ་ པ་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་ཡིན་ཀྱང༌། ཀུན་རྫོབ་ཏུ་འཁོར་བ་པ་རྣམས་སྐྱབས་ མེད་མགོན་མེད་ཡིན། དེ་རྣམས་ཀྱི་སྡུག་བསྔལ་དཀོན་མཆོག་གསུམ་གྱིས་བསྐྱབ་ནུས་པར་ ཤེས་ནས། སྐྱབས་འགྲོ་ལ་འབད་པ་ནི། རྟེན་དཀོན་མཆོག་གསུམ་ལ་འདོམས་པའི་གདམ་ ངག་སྟེ། དམིགས་སྐོར་གསུམ་པའོ། ། འཕགས་པ་མཆོག་རྣམས་ཀྱི་གཟིགས་ངོ་དང༌། རིགས་པའི་ངོ་ན། བླང་བྱ་དང༌། དོར་བྱ་ གང་ཡང་མེད་ཀྱང༌། ཀུན་རྫོབ་རྟེན་འབྲེལ་འགག་པ་མེད་པ་ལ། ལས་ཉོན་ཡོད་ཕྱིན། སྡུག་ བསྔལ་འབྱུང༌། ལམ་ལ་འབད་ན། ལས་ཉོན་སྡུག་བསྔལ་འགག་པར་ངེས་ཤེས་བསྐྱེད་ཅིང་ བསྒོམ་པ་ནི། དམིགས་ཡུལ་བདེན་བཞིའི་གདམས་ངག་གི་དམིགས་པ་སྟེ། དམིགས་སྐོར་ བཞི་པའོ། ། 23-1-32 དམིགས་པ་དེ་རྣམས་ལ་མྱོང་བ་ཐོན་པ་ན། ཐུན་བཞིར་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ དམིགས་པ་གསུམ་པོ་དེ་རྣམས་སྔོན་དུ་སོང་བའི་རྗེས་སུ། ཐུན་གྱི་དངོས་གཞི་བདག་མེད་ གཉིས་ཀྱི་ལྟ་བ་ལ། ཞི་ལྷག་ཟུང་འབྲེལ་དུ་སྒོམ་བདེན་བཞི་ལ་འདོམས་པའི་དམིགས་པ་དེས་ བར་བར་དུ་བོགས་འདོན། རྗེས་སྒོམ་ལམ་ལམ་ཤེས་ཀྱི་སྐབས་སུ་བཤད་པའི་མོས་བསྔོ་ ཡིད་རང་གསུམ་གྱི་རྒྱུར། དེ་དང་མཐུན་པའི་དམིགས་མེད་ཀྱི་མོས་པ་དང༌། བསྔོ་བ་དང༌། རྗེས་སུ་ཡིད་རང་བ་གསུམ་ཚར་རེ་བསྒོམ། ཐུན་མཚམས་སུ་ཆོས་སྤྱོད་ཀྱི་རིམ་པ་ཐམས་ཅད་ སྔར་གྱི་ལྟ་བས་ཟིན་པ་དང༌། ལྟ་བ་དེས་ཟིན་པའི་སྦྱིན་སོགས་ལ་འབད་གང་ཐུབ་བྱ། སྒྲུབ་པ་ རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་སྟེ། དམིགས་སྐོར་ལྔ་པའོ། ། དམིགས་པའི་ངོ་བོ་ནི། ཕྱིས་ཀྱང་འདི་ཉིད་ཁོ་ན་བསྒོམ་པར་བྱ་བ་ཡིན་མོད་ཀྱི་རྣམ་པ་ འཛིན་སྟངས་ཀྱི་ཁྱད་པར་མི་འདྲ་བ་རྣམས་བསྣན་པས་དམིགས་པ་ཐ་དད་པར་འགྱུར་བ་ ཡིན་ནོ། །དེ་ལྟར་བསྒོམ་པའི་གནས་སྐབས་སུ། ཉམས་རྟོགས་ཅུང་ཟད་སྐྱེས་པ་ལ། ང་རྒྱལ་ དང༌། བཟང་ཞེན་བྱུང་ན། མ་ཞེན་པའི་གདམས་ངག་བསྒོམ་སྟེ། འཁོར་བའི་ལུས་ངག་ཡིད་ གསུམ་དང་ལམ་དང་ལམ་གྱི་འབྲས་བུ་གང་ཡང་མ་དམིགས་ན། འདི་ཙམ་གྱི་ཉམས་རྟོགས་ ཀྱང་གནས་སྐབས་བྱ་རྩོལ་གྱི་འབྲས་བུ་ལས་བྱུང་བའི་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། ཞེན་དུ་ ཅི་ཡོད་ཅེས། རང་གི་ཉམས་མྱོང་བཤིག་སྟེ། སླར་ཡང་བརྩོན་འགྲུས་དྲག་ཏུ་རྩོམ་པ་སྟེ། དམིགས་སྐོར་དྲུག་པའོ། ། སངས་རྒྱས་ཐོབ་པ་ནི་ཤིན་ཏུ་དཀའ་སྟེ། ཡུན་རིང་དུ་ཐོགས་པ་དང༌། དཀའ་བ་དཔག་ཏུ་ མེད་པ་བྱེད་དགོས་པའི་ཕྱིར། བདག་གིས་མི་ནུས་པ་འདྲའོ་སྙམ་དུ་སེམས་པ་བྱུང་ན། དུས་ ཡུན་རིང་ཐུང་གཉིས་ཀར་རང་བཞིན་གྱི་མ་དམིགས། བདེ་སྡུག་ཀུན་ཀྱང་འཁྲུལ་བའི་སྣང་ བ་ཙམ་ལས། དངོས་གནས་ལ་གྲུབ་པ་མེད་ན། ཡུན་ཐུང་བ་དང༌། སླ་བ་ལ་དགའ་རྒྱུ་ཅི་ཡོད། 23-1-33 རིང་བ་དང༌། དཀའ་བ་ལ་མི་དགའ་རྒྱུ་ཅི་ཡོད་ཅེས་སྒྱིད་ལུག་པ་བསལ་ནས། བརྩོན་འགྲུས་ རྩོམ་པ་ནི། མི་ངལ་བའི་བརྩོན་འགྲུས་ཏེ། དམིགས་སྐོར་བདུན་པའོ། ། ལམ་ཡོངས་འཛིན་དངོས་ད་ལྟ་མེད་ཀྱང༌། ཕྱོགས་མཐུན་ནི། ཆོས་ཐམས་ཅད་སྟོང་ཉིད་ སྙིང་རྗེའི་སྙིང་པོ་ཅན་ལ་འབབ་པའི་ཐབས་སུ་བྱས་པས། ཐེག་ཆེན་གྱི་ལམ་དུ་མ་འདུས་པའི་ ཆོས་གང་ཡང་མེད་པ་དང༌། རང་གི་ཉམས་མྱོང་གིས། རང་སེམས་ལ་ཕན་ཐོགས་པར་བྱས་ ནས། སྐད་ཅིག་སྔ་མའི་ཉམས་མྱོང་ལ་དཔགས་ནས། ཕྱི་མའི་གནས་སྐབས་སུ་གང་ལའང་ མ་ཞེན་པ་དང༌། མཉམ་བཞག་ལ་མངོན་པར་དགའ་བ་དང༌། ལམ་དང་འབྲས་བུ་ལ་ཡིད་ ཆེས་བསྐྱེད་ནས། སྒྲུབ་པའི་ངོ་བོ་འབད་རྩོལ་བསྐྱེད་པ་སྟེ། དམིགས་སྐོར་བརྒྱད་པའོ། ། དེ་དག་ཚོགས་ལམ་གྱི་དམིགས་པའོ། །སྐབས་འདི་དག་ཏུ། མཁྱེན་གསུམ་གྱི་རྣམ་པ་ རྣམས་ཡང་ཡང་ཡིད་ལ་བྱེད་པ་དང༌། དེ་རྣམས་དང་དམིགས་པའི་གཞི་གཅིག་ཏུ་བྱེད་པས་ གསལ་སྣང་སྐྱེས་པ་ན། སྦྱོར་ལམ་གྱི་རྟོགས་པ་སྐྱེ་བར་འགྱུར་རོ། །མན་ངག་གི་ཚེ། འཁོར་ འདས་ཀྱི་ཆོས་ཐམས་ཅད་ཡུལ་དུས་གནས་སྐབས། རྣམ་འགྱུར་གང་ཡང་མ་དམིགས་པར་ ཤེས་པའི་སྒོ་ནས། རྟེན་བྱའི་ལམ་མཐའ་དག་ལ། དངོས་དང༌། མོས་པའི་སྒོ་ནས་བསླབས་ པ་ཉིད་ཀྱིས་རྣམ་པ་དེ་ཐམས་ཅད་བསྒོམ་པར་འགྱུར་ཞིང༌། རེ་རེ་བཞིན་དུ་དམིགས་པ་སྦྱོར་ བ་སྒོམ་དཀའ་བའི་ཕྱིར། བདེ་བླག་ཏུ་རྟོགས་པའི་མན་ངག་ཏུ་མི་འགྱུར་རོ། །འོན་ཀྱང་རྣམ་ པ་དེ་རྣམས་ཀྱི་གོ་བ་ཇི་བཞིན་དུ་ཤེས་ཤིང༌། ཡང་ཡང་ཡིད་ལ་བྱས་ན། ངེས་ཤེས་སྐྱེ་ཤིང༌། ཤིན་ཏུ་བོགས་ཆེའོ། ། དེ་དག་ཚོགས་ལམ་ཕྱིར་མི་ལྡོག་གི་རྟགས་ཐོབ་ཐོབ་ཀྱི་བར་དུ་འབད་པར་བྱའོ། །དེ་ དག་ཏུ་སྤྱན་ལྔ་ཐོབ་པའི་རྒྱུ་ཆོས་ལ་མཁས་པར་བྱ་བ་དང༌། མངོན་ཤེས་ཀྱི་ཐོབ་པའི་རྒྱུ་ཏིང་ ངེ་འཛིན་ལ་འབད་པར་བྱའོ། །སྦྱོར་ལམ་གྱི་དམིགས་པ་ནི། སྔར་གྱི་གཞིའི་དམིགས་པའི་ 23-1-34 སྟེང་དུ། དམིགས་རྣམ་འདི་རྣམས་ཡར་ལྡན་དུ་བསྣན་པ་ཡིན་ཏེ། དེ་ལ་ཆོས་ཐམས་ཅད་ དབྱིངས་རང་བཞིན་སྤྲོས་པ་དང་བྲལ་ཡང༌། ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་སུ་འཆར་བ་ འགག་པ་མེད་པའི་བདེན་གཉིས་ཆ་སྙམ་ལ་དམིགས་པ་ནི། དྲོད་ཀྱི་དམིགས་པའི་གཞི་མ་ ཡིན་ལ། དེ་ལས་ཀྱང་གཙོ་བོར། གཟུགས་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་བདེན་པ་ཡིན་ པས། དེ་རྣམས་སྤངས་ཀྱང་གནས་ཚུལ་ལ་བྲི་བ་མེད་ཅིང༌། དོན་དམ་ཡེ་ཤེས་གནས་ཚུལ་ ལ་གསར་ཐོབ་མེད་པ་དང༌། མིང་ཐམས་ཅད་དོན་ལ་འབྲེལ་བ་མེད་པར་ཤེས་པར་བྱས་ཏེ་ མཉམ་པར་འཇོག་པ་ནི། དྲོད་ཆུང་ངུ་སྟེ། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། ། ཞེས་སོ། །དོན་རྣམས་དང༌། མིང་རྣམས་དང༌། དེ་ལྟར་འདོགས་པའི་རྒྱུ་མཚན་གང་ཡང་མ་ དམིགས་པ་ལ་མཉམ་པར་འཇོག་པ་ནི། དྲོད་འབྲིང་སྟེ། གནས་དང་རྟགས་དང་བརྗོད་དུ་ མེད། །ཞེས་སོ། །གཟུགས་ནས་རྣམ་མཁྱེན་གྱི་བར་ལ། ཀུན་རྫོབ་ཀྱི་ཆོས་ཀུན་མི་གནས་པ་ སྟེ། རང་རང་ངོ་བོས་སྟོང་ཞིང༌། ཡོངས་གྲུབ། ཀུན་བཏགས་གཞན་དབང་གཉིས་ཀྱི་ངོར་མེད་ པར་བསྒོམ་པ་སྟེ། སེམས་ཀྱི་རང་བཞིན་བརྗོད་བྲལ་འདི་དང༌། སྣང་བ་སྣ་ཚོགས་པ་འདི་ དག་ཐམས་ཅད་རིག་པ་སྐད་ཅིག་མའི་ངོ་ན་འབྲེལ་བ་ཅན་ཡང་མ་ཡིན་ལ། ཐ་དད་དུ་གནས་ པ་ཡང་མ་ཡིན་པར་ཤེས་པ་ནི་དྲོད་ཆེན་པོའི་དམིགས་པ་སྟེ། གཟུགས་སོགས་མི་གནས་ཞེས་ སོགས་སོ། ། གཟུགས་སོགས་ཆོས་ཐམས་ཅད་རང་བཞིན་གྱི་གྲུབ་པ་མེད་པས། དེའི་སྐྱེ་འགག་ སོགས་ཀྱང་འཁྲུལ་བའོ་ཞེས་དམིགས་པ་ནི། རྩེ་མོའི་དམིགས་པའི་གཞི་མ་ཡིན་ལ། འདུས་ བྱས་རང་བཞིན་གྱི་མ་དམིགས་པ་ལ། རྟག་མི་རྟག་གང་ཡང་བཟུང་དུ་མེད་པ་དང༌། དེ་བཞིན་ དུ་བདེ་སྡུག བདག་ཡོད་མེད། ཞི་མ་ཞི། སྟོང་མི་སྟོང་སོགས་གང་ཡང་མེད་པར་དབྱིངས་ བརྗོད་བྲལ་རོ་གཅིག་ཏུ་ཤེས་པས་མཉམ་པར་འཇོག་པ་ནི། རྩེ་མོ་ཆུང་ངུའི་དམིགས་པ་སྟེ། 23-1-35 དེ་མི་རྟག་སོགས་པར་མི་གནས་ཅེས་སོགས་སོ། ། གང་དུ་ཡང་འཛིན་པ་མེད་པའི་དབྱིངས་ལ། རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི། རྩེ་ མོ་འབྲིང་སྟེ། ཆོས་རྣམས་མི་འཛིན་སོགས། བསྒོམ་བྱ་ཤེར་ཕྱིན་གྱི་ངོ་བོ་གང་ཡིན། བདག་ པོ་གང་གི་ཕར་ཕྱིན་ཡིན་པར་འགྱུར་ཤེར་ཕྱིན་ཟེར་བའི་རྒྱུ་མཚན་ཅི། བྱ་བ་དང་ལས་ཇི་ཙམ་ འགྲུབ་ན་ཤེར་ཕྱིན་ཏུ་འཇོག་ཅེས་རྣམ་པར་བརྟགས་པ་ན། དེ་བཞི་ཆར་གྱི་ངོ་བོ་དབང་ཡིད་ ཀྱི་ཡུལ་ཡང་མ་ཡིན་ནོ། །སྒྲ་དང་རྟོག་པས་བསམ་ཞིང་བརྗོད་དུའང་མེད། རྟགས་དང་མཚན་ མ་གང་གིས་ཀྱང་དམིགས་པ་དང་མཚོན་དུ་མེད་མོད་ཀྱི། ངོ་བོ་ནི་ཆོས་རྣམས་རྟོགས་པ་སྟེ། གནས་ཚུལ་ལ་བཞུགས་པ་ཙམ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དང༌། ཇི་ལྟ་ བ་བཞིན་དུ་རྟོགས་པའི་ཕྱིར་དང༌། དག་པ་གཉིས་ལྡན་དུ་སངས་རྒྱས་པ་ན། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་ངེས་པར་བྱས་ནས་མཉམ་པར་འཇོག་པ་ནི་རྩེ་མོ་ཆེན་པོ་སྟེ། ཤེས་རབ་ཀྱིས་ནི་ཡོངས་རྟོག་པར། །སོགས་སོ། ། ནང་སྟོང་པ་ཉིད་ལ་སོགས་པ། སྟོང་ཉིད་བཅུ་དྲུག་གི་སྒོ་ནས། གཟུང་འཛིན་གྱི་ཆོས་གང་ ཡང་མེད་པར་བསྒོམ་པ་ནི། བཟོད་པའི་དམིགས་པའི་གཞི་མ་ཡིན་ལ། གཟུགས་ནས་རྣམ་ མཁྱེན་གྱི་བར་གྱི་ཆོས་ལ། གཟུང་འཛིན་གྱི་ཆོས་གང་གི་ཡང་ངོ་བོ་མེད་ལ། གཟུང་འཛིན་ གཉིས་མེད་པའི་ཡེ་ཤེས་ནི། ཐམས་ཅད་ཀྱི་ངོ་བོར་གནས་པར་ཤེས་ནས། ཀུན་རྫོབ་ཀྱི་སྣང་ བ་ལ་སེམས་མི་སྤྲོ་བར་རང་བཞིན་དམིགས་པ་མེད་པའི་དབྱིངས་ལ་མཉམ་པར་འཇོག་པ་ ནི། བཟོད་པ་ཆུང་ངུ་སྟེ། གཟུགས་སོགས་ངོ་བོ་ཉིད་མེད་སོགས་སོ། །ང་དག་པའི་དྲི་བཅས་ ཀྱི་གནས་སྐབས་ན། འཁྲུལ་བའི་ཆོས་སྐྱེ་བ་དང་འབྱུང་བ་མེད་ལ། དྲི་མེད་ཀྱི་གནས་སྐབས་ ན། ངེས་པར་འབྱུང་བ་སྟེ་མྱང་འདས་རང་བཞིན་གྱི་མ་གྲུབ་པ་དང༌། ལུས་ངག་ཡིད་གསུམ་ ལ་མཚན་མ་གང་དུའང་མི་འཛིན་པ་ནི་བཟོད་པ་འབྲིང་སྟེ། དེ་དག་སྐྱེ་མེད་སོགས་སོ། ། 23-1-36 དེ་ནས་འཛིན་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་རང་བཞིན་གྱི་མ་དམིགས་པ་ལ་གསལ་ སྣང་ཅུང་ཟད་སྐྱེས་པ་ན། གཟུགས་སོགས་ཀྱི་སྣང་བ་རྣམས་སུ་འཛིན་པ་ལོག་ཅིང༌། སྣང་ བ་ལ་སེམས་གནས་ཀྱང་དེ་དང་དེའི་མཚན་མར་འཛིན་པ་མི་འཆར་ལ་མཚན་མ་མེད་པའི་ དབྱིངས་དེར་ལྟ་བྱ་ལྟ་བྱེད་བྲལ་བས་བཟོ་བཅོས་མེད་པའི་ཚུལ་དུ་འཇོག་པ་ནི། བཟོད་པ་ ཆེན་པོ་སྟེ། དེ་དག་མཚན་མ་མེད་དག་དང་སོགས་སོ། །ཆོས་ཐམས་ཅད་སྐྱེ་འགག་གནས་ གསུམ་དང་བྲལ་བའི་ངོ་བོ་མཉམ་པ་ཉིད་དུ་འཇོག་པ་ནི། ཆོས་མཆོག་གི་དམིགས་པའི་གཞི་ མ་ཡིན་ལ། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང༌། དཔའ་བར་འགྲོ་ བ་དང་། རིན་ཆེན་ཕྱག་རྒྱ་ལ་སོགས་པ་ཏིང་ངེ་འཛིན་བརྒྱ་ཉེར་གཅིག་མདོ་ལས་གསུངས་ པ་དེ་དག་ནི། སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་ཐབས་སྟེ། དེ་དག་ཀྱང་རང་བཞིན་གྱི་ མེད་མོད་ཀྱི་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་ཐོབ་པར་བྱའོ་ཞེས་ཏིང་འཛིན་དེ་རྣམས་ ལ་འདུན་པ་དྲག་ཏུ་བསྐྱེད་ཅིང༌། འདུན་པའང་སྟོང་ཉིད་ཀྱི་ལྟ་བས་ཟིན་པར་བྱེད་པ་ནི་ཆོས་ མཆོག་ཆུང་ངུ་སྟེ་ཏིང་ངེ་འཛིན་དེའི་བྱེད་པ་ཉིད་ཅེས་སོགས་སོ། །དེའི་ཚེ་གཉིས་སྣང་དང་ རྣམ་རྟོག་མངོན་འགྱུར་བ་འགག་པས་རྗེས་ཐོབ་ཏུ་ཡང་མཚན་མར་ཞེན་པ་མི་འབྱུང་བས། སངས་རྒྱས་རྣམས་ཀྱི་མངོན་གསུམ་དུ་ལུང་བསྟན་པ་ན། ལུང་སྟོན་བྱ་སྟོན་བྱེད་རང་བཞིན་ ཐ་དད་མེད་པར་བསྒོམས་པས། འདུ་ཤེས་དང་རློམ་སེམས་འགག་པ་ནི། ཆོས་མཆོག་འབྲིང་ པོ་སྟེ། ལུང་སྟོན་པ་དང་སོགས་སོ། །མཉམ་བཞག་ཏུ་གཉིས་སྣང་མངོན་འགྱུར་བ་མཐའ་ དག་འགགས་པས། བསྒོམ་བྱ་ཕར་ཕྱིན་དང༌། སྒོམ་ཏིང་ངེ་འཛིན་དང༌། སྒོམ་པ་པོ་བྱང་ཆུབ་ སེམས་པ་གསུམ་མིང་ཐ་དད་མ་གཏོགས་དོན་དབྱེ་བ་མེད་པ་ལ་མཉམ་པར་བཞག་པ་དེ་ཉིད་ དངོས་སུ་མཐོང་བ་ནི། ཆོས་མཆོག་ཆེན་པོ་སྟེ། གསུམ་པོ་ཕན་ཚུན་སོགས་སོ། ། དེ་དག་གི་སྐབས་སྤང་བྱ་རྟོགས་པའི་རྣམ་དབྱེ་དང༌། ཡོན་ཏན་སྐབས་ལྔ་པར་བཤད་ 23-1-37 པའི་རྟགས། རྣམ་འཕེལ་བརྟན་པ་སེམས་ཀུན་གནས་ཀྱི་རྩེ་སྦྱོར་དེ་བཞི་དང་སྐབས་བཞི་ པའི་སྦྱོར་ལམ་ཕྱིར་མི་ལྡོག་གི་རྟགས་རྣམས་འབྱུང་བ་ཡིན་ནོ། །གཞན་ཡང༌། ཡོན་ཏན་རྣམ་ པ་བཅུ་བཞི་སྒྲུབ་པར་བྱེད་དགོས་ཤིང༌། སྐྱོན་བཞི་བཅུ་ཞེ་དྲུག་སྤང་བར་བྱེད་པ་དང༌། མཚན་ ཉིད་རྣམས་ཚང་བའི་ཕྱིར། དེ་དག་ལ་དམིགས་ཀྱང་དགོས་པ་ཡིན་ནོ། །རེ་རེ་ལའང་བོགས་ འདོན་གྱི་ཕྱིར་དུ། མཐར་གྱིས་པའི་སྦྱོར་བ་རྗེས་མཐུན་པ་སྦྱིན་པ་ལ་སྤྱོད་ཅིང༌། སྦྱིན་པའི་ ཡོན་ཏན་རྒྱ་ཆེར་སེམས་པ་དང༌། དེ་ལ་གཟུང་འཛིན་གྱི་མཚན་མ་འགོག་པ་སོགས་ཕར་ཕྱིན་ དྲུག་དང༌། སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་དྲན་ཅིང༌། ལྷག་པར་དད་པ་བསྐྱེད་པ། དེ་ལྟ་ བུའི་ཡོན་ཏན་དང་ཡོན་ཏན་ཅན་གྱི་སངས་རྒྱས་ལ། མཚན་མར་འཛིན་པ་དགག་པའི་ཕྱིར། དེ་དག་སྟོང་ཉིད་དུ་སྒོམ་པ་སངས་རྒྱས་རྗེས་སུ་དྲན་པ་ཡིན་པས། དེ་སོགས་རྗེས་དྲན་དྲུག་ དང་ཀུན་རྫོབ་ཀྱི་སྣང་བ་བཀག་ནས། བདག་མེད་ཀྱི་དོན་བསྒོམ་པ་དངོས་མེད་ངོ་བོ་ཉིད་ ཀྱི་རྣལ་འབྱོར་སྟེ། བཅུ་གསུམ་པོ་[གྲེངས་[ཁྲིགས་]ཆགས་སུ་ཡང་ཡང་བསྒོམ་པར་བྱའོ། ། མཉམ་རྗེས་གང་དུ་ཡང༌། ཕྱིན་དྲུག་ལ་སྤྱོད་པའི་ཚེ། བསམ་པ་ལ་གོ་སྒྲུབ་དང༌། སྦྱོར་བ་ལ་ འཇུག་སྒྲུབ་ཚང་དགོས་ཤིང་དེ་ལྟར་ཚོགས་བསགས་པ་གཉིས་ཀྱི་ཚོགས་སྒྲུབ་ཀྱང་འགྲུབ་པ་ ཡིན་ནོ། །མཐར་གྱིས་པས། བོགས་འདོན་པ་དང༌། གོ་འཇུག་ཚོགས་གསུམ་གྱི་ཚུལ་དེ་རྒྱུན་ མཐའི་སྔ་ལོགས་ཀྱི་བར་འཕགས་ལམ་དུ་ཡང་དེ་དང་འདྲ་ཞིང༌། འཕགས་ལམ་ནི་འབྲས་ བུའི་ཚུལ་དུ་སྐྱེ་བ་ཡིན་པས། དེ་དག་སྐྱེ་བའི་རྒྱུ་ཚོགས་ནི། གོང་དུ་བཤད་པ་དེ་རྣམས་ལས། ལོགས་སུ་མི་དགོས་སོ། །དེ་དག་གི་རྣམ་པར་བཞག་པ་རྒྱས་པར་ཤེས་པས་རྟོགས་ལ། ཆིངས་ ནི་འདི་ལྟར་ཤེས་དགོས་ཏེ། མཐོང་ལམ་ལ་གདམས་པ་དང༌། ལམ་ཤེས་ཀྱི་མཐོང་ལམ་ སྐབས་དང༌། གཞི་ཤེས་ཀྱི་མཐོང་ལམ་སྐབས་དང༌། སྐབས་བཞི་པའི་མཐོང་ལམ་རྣམ་རྟོག་ བཞིའི་གཉེན་པོ་ཅན་དུ་བྱེད་ཚུལ་དང༌། བཞི་པའི་ཕྱིར་མི་ལྡོག་གི་རྟགས་སྦྱར་ཏེ་མཐོང་ལམ་ 23-1-38 གྱི་རྣམ་བཞག་ཞིབ་མོར་ངེས་པ་དང་སྒོམ་ལམ་ལ་གདམས་པ་དང་སྐབས་གཉིས་པའི་སྒོམ་ ལམ་གྱི་བྱེད་པ་མོས་བསྔོ་ཡིད་རང་གསུམ་སྒྲུབ་པ་སྒོམ་ལམ། རྣམ་དག་སྒོམ་ལམ། སྐབས་ བཞི་པའི་སྒོམ་ལམ་གྱི་རྣམ་བཞག་རྣམས་དང༌། ལྔ་པའི་སྒོམ་ལམ་རྣམ་རྟོག་བཞིའི་གཉེན་ པོར་འགྱུར་ཚུལ་རྣམ་སྒོམ་ལམ་གྱི་སྤྱིའི་རྣམ་བཞག་ཏུ་བྱས་ནས། བྱེ་བྲག་བཅུ་སོ་སོ་ལ་སའི་ ཚོགས་གྲུབ། ཡོངས་སྦྱོངས་རྣམས་དང༌། དག་པ་ས་གསུམ་གྱིས་གནས་སྐབས་སུ་ངེས་འབྱུང་ སྒྲུབ་པ་དང༌། རྒྱུན་མཐའི་སྐབས་སུ་སྐད་ཅིག་མའི་སྦྱོར་བ་དང༌། དེ་དག་ཏུ་ཉེ་བར་མཁོ་བའི་ སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཞིང་དག་པའི་སྦྱོར་བ། ཐབས་མཁས་ཀྱི་སྦྱོར་བ་རྣམས་སོ། ། གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པ་ནི་སྒྲུབ་པའི་རྟེན་ ཆོས་དབྱིངས་ཡིན་ལ། ཇི་ལྟར་སྒྲུབ་པའི་ཚུལ་གྱི་སྙིང་པོ་ནི། དམིགས་པའི་ཆོས་བཅུ་གཅིག་ པོ་ལ་རིམ་པས་དམིགས་པ་ཡིན་ནོ། །དེ་ལྟར་སྔོན་འགྲོ་དམིགས་པ། འཇུག་པ་ལ་དམིགས་ ཆེན་རྩ་བ་བཞི། ཚོགས་ལམ་ལ་བརྒྱད། སྦྱོར་ལམ་ལ་བཅུ་གཉིས། མཐར་ཕྱིན་པའི་བཅུ་ གསུམ་སྟེ། དམིགས་ཆེན་ཞེ་བརྒྱད། དམིགས་ཕྲན་མང་པོར་འགྱུར་རོ། །དེ་ལྟར་ལམ་ བསྒོམས་པའི་འབྲས་བུ་ནི། ཆེད་དུ་བྱ་བ་གསུམ་དང་སྐུ་གསུམ་འཕྲིན་ལས་དང་བཅས་པ་ འཆད་པ་ཡིན་པས། དེ་ལྟར་ན། ལམ་གྱི་ཚུལ་འདི་ནི། ཐེག་པ་ཆེན་པོ་ལས། ཤེས་རབ་ཟབ་ མོ་སྟོང་པ་ཉིད་ཀྱི་ཉམས་ལེན་གཙོ་བོ་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་ལ། དེའི་གདམས་པར་གྲགས་པ་ཤིན་ཏུ་མང་ན་ཡང༌། རྒྱལ་ཚབ་བྱམས་པའི་གཞུང་གི་དགོངས་ དོན་འདི་ནི་ཀུན་གྱི་རྒྱལ་པོ་ལྟ་བུ་ཡིན་ནོ། །ཞེས་པའང་བཀའ་བཅུ་པ་ཀུན་དགའ་ལེགས་ གྲུབ་གྱིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པའོ།། །།དགེ་ལེགས་འཕེལ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ལ། ༣༩༩༽ 23-1-39 ༄༅། །དོགས་གཅོད་མུན་སེལ་བཞུགས། ༄༅། །ན་མོ་གུ་ར་བེ། དཔལ་སྟག་ལུང་ཐང་ནས་ཕེབས་དོན་རྗེ་ཞྭ་དམར་ཅོད་པན་ འཛིན་པ་དྲུག་པའི་གསུང་ཡིན་ཞུ་བ་འདིའི་དོན་དང་ཚིག་ལ་དཔྱད་ན་རྗེ་དེའི་མིན་པ་རང་ འདྲ་སྟེ། སྤྲུལ་པའི་སྐུ་དེ་སྤྱིར་བསམ་གྱིས་མི་ཁྱབ་པ་ཡིན་པར་མ་ཟད། སྦས་པའི་རྣལ་འབྱོར་ ལྟ་བུ་མ་ཡིན་པར། སྐུ་ན་ཕྲ་མོ་ནས་བརྩམས་ཏེ། སྦྱངས་པ་ཕུལ་དུ་ཕྱིན་ཅིང༌། སྐུ་ཚེ་ཇི་སྲིད་ བར་གཟིགས་རྟོག་ཉན་བཤད་གླེང་སྒྲོས་ཀྱི་དུས་འདས། འཆད་རྩོད། རྩོམ་གསུམ་མངའ་ རྙེས་པ་ཡིན་པར་གྲགས་པ་ལ་འདིར་རྒྱ་གར་བ་དང་གླེང་བསླང་མཛད་པའི་ཁུངས་ཀྱི་ཡིག་ ཆུང་འདི་ནི། ཆེད་དུ་བཅོས་པའི་ཚིག་གོ་དཀའ་བ་སྒབ་སྒོབ་ཙམ་མ་གཏོགས། ཚིག་ཀྱང་ དབྱིངས་མི་ཆེ་ཞིང་ཚིག་ལམ་ཡང་མི་ལེགས་པ་རང་འདུག དེ་ལས་ཀྱང་ཁྱད་པར་དུ་བརྗོད་ བྱའི་ཧང་མ་གོ་བའི་དོན་ལ་འཁྲུལ་བ་མང་དུ་སྣང་བས་སོ། ། སྐབས་དོན་ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་ལ། བོད་དུ་འགྱུར་བའི་དབུ་ཚད་ཀྱི་ སྐོར་ཚོ་ནས་ཕྱོགས་སྔར་དྲངས་པ་ཐོ་རེ་བ་ཡོད་པ་ཚོ་ལ་བོད་སྟོན་ཚོས་བློས་ཕར་བཏགས་ ནས་བཤད་པ་བྱས་པ་མ་གཏོགས། ཕྱི་པ་རང་གི་མཐོང་ཐོས་ཡེ་མེད་པའི་སྟབས། སྒྲ་པ་ཤེས་ རིན་སོགས་མཁས་པ་ཆེ་རུང་གིས་བྱས་པའི་གྲུབ་མཐའི་རྣམ་བཞག་ཚོ་ལའང༌། རང་གི་གྲྭ་ས་ ན་ཡིན་ཡིན་བདེ་བདེ་འདྲ་བ་རེ་བཤད་ནའང༌། རྒྱ་གར་ན་དེ་འདྲ་ཡེ་མེད་པའི་བཤད་པ་ཟོམ་ སྟོང་མང་དུ་སྣང་ངོ༌། །འདིར་བདག་ཤེས་རབ་ཆེ་བ་མིན་ཡང་། ཕྱི་པའི་ཡོན་ཏན་ཡོད་པ་མང་ པོ་རང་དང་གླེང་བསླང་ཡང་མང་དུ་བྱས། བསྟན་བཅོས་ཀྱང་ཅི་རིགས་པ་མཐོང་བའི་སྟབས་ ཕྱོགས་ཙམ་ཆ་རྒྱུས་ཡོད་པ་ལགས་པས། འདིར་ཞུ་བར་བགྱིད། སྤྱིར་རྒྱ་གར་དུ་མུ་སྟེགས་ལ་ 23-1-40 སྔོན་རྒྱང་འཕན་པ་ཡང་བྱུང༌། དེང་སང་མེད། ཧ་ཅང་མ་རིགས་ཆེས་པ་གྲུབ་མཐའ་སྨྲ་བ་དེ་ རེ་ཞིག་བོར། གཞན་རིག་བྱེད་ཁས་མི་ལེན། དྲག་པོ་དང་ཁྱབ་འཇུག་ལྷར་མི་བསྟེན། གྲུབ་ མཐའ་གཞན་དང་མ་འདྲེས་པ་རང་བྱེད་པ་དེ། གཅེར་བུ་པའམ། རྒྱལ་བ་པ་ཡིན། འདི་ལ་ ད་ལྟ་ཡང་རྐང་ཚུགས་ཡོད། ཛཻ་ན་མངྒཱི་དང༌། ཤེ་ཏམྦ་རི་ཟེར། བོད་ལ་སླེབས་མི་ཡོང༌། རིག་ བྱེད་ཀྱི་རྗེས་འབྲང༌། ལྟ་བ་དྲུག་སྟེ། གྲངས་ཅན། ཆུར་ལྷུང་གཉིས། རིག་པ་ཅན་དང་བྱེ་བྲག་ པ་གཉིས། དཔྱོད་པ་པ་དང་རིག་བྱེད་མཐའ་པའོ། ། དཔྱོད་པ་པའི་མིང་ཅན་གཉིས་བྱུང་བ། རྙིང་པ་དང་གསར་པའོ། །དཔྱོད་པ་པ་དངོས་ ནི་རྙིང་པ་དེ་ཡིན། དེ་ཡང་ཐར་པ་མེད། ཐར་པའི་ལམ་མེད་ཟེར་བས་གྲུབ་མཐའ་ཆེས་ངན། དེང་སང་དེའི་ཡང་གྲུབ་མཐའི་རྐང་འཛིན་མེད་མོད་བསྟན་བཅོས་པོ་ཏི་ཡོད་དོ། །དཔྱོད་པ་པ་ གསར་པར་གྲགས་པ་དེ། རིག་བྱེད་མཐའི་ཁོངས་སུ་འདུས། སམ་ཁྱཱི་ཅེས་པ་གྲངས་ཅན་ཏེ། རྩ་བ་ཐུབ་པ་སེར་སྐྱས་མཛད། པ་ཏཉྫ་ལི། ཆུར་ལྷུང་སྟེ་མཛད་པ་པོ་དང་བསྟན་བཅོས་མིང་ གཅིག འདི་ཡང་གྲངས་ཅན་དང་ཕྱོགས་མཚུངས། ནྱ་ཡཿརིག་པ་ཅན་ཏེ། རྩ་བ་དྲང་སྲོང་གཽ་ ཏ་མས་བྱས། བཻ་ཤེ་ཀ་བྱེ་བྲག་པ་སྟེ། དྲང་སྲོང་གཟེགས་ཟན་པས་བྱས། མི་མཾ་ས། དཔྱོད་པ་ སྟེ། བྲམ་ཟེ་ཛ་ཡེ་མུ་ནིས་བྱས་སོ། ། བེ་དནྟ་རིག་བྱེད་མཐའ་སྟེ། དྲང་སྲོང་རྒྱས་པས་བྱས་སོ། །རིག་བྱེད་དང་རིག་བྱེད་ མཐའ་གཉིས་མི་གཅིག་པ་ངེས་དགོས་སོ། །དེ་དྲུག་ལ་སྔོན་སྡེ་དང་སྡེ་རིགས་སུ་ཆད་པའི་ རྐང་འཛིན་ཐ་དད་པ་མང་དུ་བྱུང་བ་ཀུན་ལ་གྲགས་པ་དེར་འདུག དེང་སང་ཀུན་ཏུ་རྒྱུ་རྣམས། དཔྱོད་པ་པ་མ་ཡིན་པའི་གཞན་ལྔ་པོ་གཅིག་ཏུ་འདྲེས་པར་སྤྱོད་དེ། དཔེར་ན་ད་ལྟ་བོད་ན་པོ་ ཏི་ཕྱི་ནང་ཟེར་བ་དང་འདྲ། དེང་སང་བོད་པའི་མཚན་ཉིད་པ་རྣམས་བྱེ་སྨྲའི་གཞུང་གི་ཁུངས་ མཛོད་དང༌། མདོ་སྡེ་པའི་གཞུང་དུ་རློམ་པ་ཚད་མ་རྣམ་འགྲེལ་དང༌། རྣམ་རིག་པ་དང༌། དབུ་ 23-1-41 མ་རང་རྒྱུད་པའི་གཞུང་དམ་དུམ་ཙམ་སློབ་ཀྱང༌། ཕུགས་ཀྱི་གཏད་སོ། །དབུ་མ་འཇུག་པ་ལ་ བྱེད་ཀྱིན་འདུག་པ་ལྟར། དེང་སང་ཕྱི་པའི་ཀུན་ཏུ་རྒྱུ་སློབ་གཉེར་བ་ཚོ་ཡང༌། ཤེས་རབ་དང་ བསྟུན་པའི་གཞུང་ལུགས་ལྔ་པོ་དེ་དག་ཅི་རིགས་པ་སློབ་མོད། མཐར་ཐུག་གི་བློ་གཏད་རིག་ བྱེད་མཐའ་ལ་བྱེད་དོ། ། དེ་རྣམས་མུ་སྟེགས་རང་གི་མཚན་ཉིད་པའམ་མདོ་ལུགས་པའི་ཚབ་ཡིན། གསང་སྔགས་ པའི། སྒོམ་ཆེན་པ་དང༌། གྲུབ་ཐོབ་པའི་མན་ངག་པའི་རིགས་ཅན་ཡང་མང་པོ་ཡོད་དེ། ལྟ་བ་ ལྔ་པོ་དེ་དག་གང་རུང་རེ་དང་ཕལ་ཆེར་ལྟ་བ་མཐུན་མོད། སློབ་གཉེར་བའི་གྲྭ་སར་བཅད་པ་ མེད་དོ། །དེ་དག་སྔོན་གྱི་མཁས་པའི་རྗེས་འབྲང༌། སྔོན་མུ་སྟེགས་རང་དུ་གྲགས་པ་དེ་ཚོའི་ ལུགས་ཡིན། ནང་པའི་གཞུང་ལུགས་རྣམས་ཀྱི་ཕྱོགས་སྔ་ཕལ་ཆེར་དེ་དག་ཡིན་ནོ། ། ཕྱིས་ཀླ་ཀློ་ཏུ་རུསྐའི་ལུགས་འཛིན་ཤིན་ཏུ་མང་སྟེ། དེ་རྣམས་བླུན་པོ་ཉིད་ཀྱི་ཕྱིར། དུས་ རྒྱུན་དུ་ཀླ་ཀློའི་རྒྱལ་པོ་ལྟག་ཁུར་གྱི་ཤེད་བྱེད། མ་དད་པ་བྱུང་ན། དམག་དང་འཐབ་འཁྲུག་ གིས་ཕ་རོལ་འཇོམས་པའི་བློ་གྲོས་འདྲ་བྱེད་པ་མ་གཏོགས་རིག་པའི་དགག་སྒྲུབ་ཀྱི་འཇུག་ སྒོ་མེད་ལ། ཀྲི་ཏྭང་ལ་སོགས་པ་མཐའ་འཁོབ་ཀྱི་ཆོས་ལུགས་ལོག་པ་གཞན་མང་པོ་ཡང་ དེ་དང་འདྲའོ། །ལྷ་དབང་ཕྱུག་གི་གཞུང་དང༌། ཁྱབ་འཇུག་ཆེན་པོའི་གླུ་སོགས་ལྟ་བ་ཕལ་ ཆེར་ཆུར་ལྷུང་དང་རིག་བྱེད་མཐའ་པ་གཉིས་དང་འདྲ་ལ་འདི་དག་ལ་དབུ་མ་ཐལ་རང་དང་ ཕྱོགས་འདྲ་བའི་བཤད་པ་མང་དུ་ཡོད་དོ། ། ཙར་པ་ཀ་དང༌། བྱཱ་ཀ་ར་ཎ་པ་དང༌། ཉི་མ་པ་ལོག་པ་ཡང་སྔོན་སྡེ་བྱུང་མོད། དེང་སང་ སྡེ་ནི་མེད། པོ་ཏི་ཡོད་དོ། །མུ་སྟེགས་སོགས་རྒྱལ་བའི་བསྟན་པ་ལ་ཕྱི་རོལ་གྱུར་ཚད། གང་ ཟག་གི་བདག་འདོད་པ་ཤ་སྟག་ཡིན། གཅེར་བུ་པ་དང༌། དཔྱོད་པ་པ་ཆོས་རྣམས་བྱེད་པོས་ སྟོང་པར་འདོད། རིག་པ་ཅན་པ། བྱེ་བྲག་པ། རིག་བྱེད་མཐའ་པ་གསུམ་དང༌། ལྷ་ཁྱབ་ 23-1-42 འཇུག་དབང་ཕྱུག་གི་གཞུང་རྣམས་བྱེད་པོ་འདོད་པ་ཁོ་ན་ཡིན། གྲངས་ཅན་ཆུར་ལྷུང་གཉིས་ ལ་བྱེད་པོ་འདོད་མི་འདོད་གཉིས་ཀ་བྱུང༌། ད་ལྟ་མུ་སྟེགས་བརྒྱད་ཆར་བཏང་བའི་བདུན་ཙམ་ དབང་ཕྱུག་དང་ཁྱབ་འཇུག་གི་གཞུང་དང་རིག་བྱེད་མཐའ་ལ་བརྟེན་པས་བྱེད་པ་པོ་འདོད་དོ། ། བདག་ཏུ་ལྟ་བས་འཁོར་བའི་རྩ་བ་བྱེད། དེའི་སྟེང་དུ་བྱེད་པོར་ལྟ་བ་བསྣན་པས་ལྟ་ངན་ཉིས་ བརྩེགས་ཡིན། མུ་སྟེགས་པའི་མང་ཤོས་གཞུང་རྒྱག་དེ་པ་རི་བྲ་ཛ་ཀ་ཏེ་ཀུན་ཏུ་རྒྱུ་ཟེར་བ་ད་ ལྟའི་ས་ནྱ་ཤཱིར་གྲགས་པ་འདི་ཡིན། བྲམ་ཟེ་ཕལ་ཆེར་འདིའི་རྗེས་འབྲང་ངམ་སློབ་མ་ཡིན། འདི་རྣམས་རིག་བྱེད་མཐའ་དང་ཁྱབ་འཇུག་གི་གཞུང་འཛིན་མཁན་ནོ། ། དབང་ཕྱུག་ཆེན་པོ་ཁོ་ན་ལྷར་འཛིན་པ་ཛང་གྷ་མ་དང༌། བྲམ་ཟེ་སཻ་པ་ཏེ་ཞི་བ་པ་བྱ་ བ་ཡོད། ཁྱབ་འཇུག་ཆེན་པོ་ཁོ་ན་ལྷར་འཛིན་པ། བཻཥྞ་བ་ཞེས་ཀྱང་ཟེར། ཨུ་དཱ་སི་ཟེར་བའི་ སྡེ་ཞིག་ཡོད། སཱ་ཊཀ་ཟེར་བའི་ལྷ་མོ་ཨུ་མ་ཁོ་ན་ལྷར་འཛིན་པའི་སྡེ་ཞིག་ཀྱང་ཡོད། ཛོ་གིར་ གྲགས་པ་འདི་རྣམས་ཐམས་ཅད་སྤྱིར་གྲུབ་ཐོབ་གོ་རཀྵའི་རྗེས་འབྲང་ཡིན། ནང་[སེལ་ [གསེས་]གྲུབ་ཐོབ་གཞན་གྱི་རྗེས་འབྲང་ཡང་ཡོད་པས་སྔོན་ཐམས་ཅད་ནང་པ་ཡིན། བར་ སྐབས་ནས་གོ་རཀྵ་དང་གྲུབ་ཐོབ་སོ་སོའི་གདམས་ངག་ཚོ་ཅི་རིགས་པ་བྱེད་མོད། གྲུབ་ མཐའ་དབང་ཕྱུག་པའི་གཞུང་དང་གྲངས་ཅན་ལྷ་མེད་པ་བསྲེས་པའི་ཕྱི་པར་ཕལ་ཆེར་འགྱུར་ འདུག་ཀྱང་ཕྱི་པ་བཅོས་མར་འདུག ད་དུང་ནང་པ་རང་ཡང་ཐོར་ཙམ་ཡོད། ནང་པ་དང་ཕྱི་པ་ འདི་དག་ཆོས་ཀྱི་སྐད་སཾསྐྲྀ་ཏ་གཙོ་བོར་བྱེད། རང་བཞིན་གྱི་སྐད་ཀྱང་ཡོད། ཡང་དརྦྷེ་ཤའམ་ སོ་པི་དང༌། ཀ་ལནྡྷར་དང༌། ཀཱ་ཛི་དང༌། ས་ཡི་ཏ། པཻ་ར་པམ་ཐི་ཟེར་བ་སོགས་ཐམས་ཅད་ ཀླ་ཀློ་ཡིན། དེ་དག་གི་བསྟན་བཅོས་རྣམས་ཡི་གེ་དང་སྐད་ཀྱང་ཁོ་རང་ཚོའི་ལུགས་ལོགས་ པ་ཞིག་ཡིན། དེང་སང་ཡོད་པའི་ཆོས་ལུགས་རྣམས་ཀྱི་ནང་ནས་ངན་ཤོས་ཐ་ཤལ་དེ་པ་ཚོ་ ཡིན། ཡང་ད་ལྟ་ཕྱི་པའི་ལུགས་ལ། རལ་པ་ཡོད་ན་པཎྜི་ཏ་མ་ཡིན་པས་ཁྱབ་པ་ཡོད་ལ་ཁད་ 23-1-43 ཙམ་ཡིན། རལ་པ་ཅན་དེ་སྒོམ་ཆེན་པའི་ཁུངས་དང༌། ཚངས་སྤྱོད་ལ་གནས་པའི་ཁུངས་ཡིན། རལ་པ་ཅན་ཁྱིམ་དུ་བབས་ན་རལ་པ་བྲེག་དགོས་མགོ་ཟླུམ་ལ་ཚངས་སྤྱོད་ཡིན་མིན་གཉིས་ ཀ་ཡོད། ལར་མཁས་པ་ཉུང་ཞིང༌། ཕལ་ཆེར་བླུན་པ་གཞིར་བཅས་ཀྱང༌། སློབ་གཉེར་བ་ ཚངས་སྤྱོད་ཡིན་མིན་ཐམས་ཅད་སྐྲ་བྲེག་པས། མུ་སྟེགས་ཀྱི་པཎྜི་ཏ་ཐམས་ཅད་མགོ་བྲག་ ཏུ་འོང་ལགས། དེ་ཙམ་སྨོས་པ་ནི་ཕྱོགས་མགོ་ཐིང་པའི་ཕྱིར། དེང་སང་གི་མུ་སྟེགས་པའི་ གནས་ཚུལ་ཟུར་ཙམ་ལགས། རྒྱས་པར་འབྲི་མ་ལང་ངོ༌། ། ད་རེས་ཀྱི་ཤོག་དྲིལ་འདིའི་ཚིག་ལས་བྱུང་འདུག་པ་ནི་འདི་ལྟར་ཞེས་པ་ཡན་ཆད་ཚུར་ རྒོལ་ནས་བྲིས་པའི་འབྲི་བ་པོའི་རྩོམ་པ་ཡིན་པའི་ཁུངས་སུ་གདའ་ནའང༌། ཡུལ་ཀ་ནྱ་ཀུསྫ་ ཡུལ་དབུས་རང་མིན། ནང་པའི་ལུགས་ཀྱི་བྲམ་ཟེའི་གྲོང་ཀ་བ་ཉེ་ཀའི་ཕྱི་རོལ་ནུབ་ཕྱོགས་ ཐག་རྒྱང་ཙམ་པ་ཡིན། ཕྱི་པའི་ལུགས་ཀྱི་ཡུལ་དབུས་ནི་གང་གཱ་དང༌། ཡ་མུ་ནའི་བར་ལ་ཟེར་ བས་དེའི་ཕྱོགས་ལ་མེད། ཡང་མ་དྷྱ་དེ་ས་ཞེས་པ་ཡུལ་དབུས་སྒྲ་ཡངས་པར་བྱས་ན་ཉི་འོག་ རྒྱལ་ཁམས་སྤྱི་མིང་ཡིན། ཡུལ་དབུས་ཞེས་དམིགས་གསལ་སྨོས་དགོས་པ་མིན། ཀ་ནྱ་ཀུསྫ་ སཾ་སྐྲྀ་ཏ་ཡིན། ཕལ་སྐད་ཀ་ནུ་ཛ་ཟེར་དེར་སྐྱེས་པ་ནི་ཡིན་ཤས་ཆེ། དེ་ན་སློབ་གྲྭ་མེད། དེང་ སང་ཕྱི་པའི་གྲྭ་ས་བ་ན་ར་ཤིའོ། ། ཡང་རྒྱ་གར་བའི་སྐྱེ་བོ་མི་ནག་པ་རྣམས་ཟེར་བ་ལྟར་ན། ཡུལ་དབུས་ཀྱི་ཐ་སྙད་གཞན་ ལ་མི་བྱེད། ཡུལ་ཌི་ལི་ནས་ནུབ་ཕྱོགས་རྒྱ་མཚོའི་བར་དང༌། ཤར་ཕྱོགས་རྒྱ་མཚོའི་བར་ཐག་ མཉམ་པས། ཌི་ལི་ཁོ་ན་ལ་ཡུལ་དབུས་ཟེར་བ་ལྟར་ན། ཡུལ་ཀ་ནུ་ཛ་ཤར་དུ་འོང་ལགས། དེས་ན་ཡུལ་དབུས་ཀ་ནྱ་ཀུསྫ་ཟེར་བ་འདི་ཆ་མེད་རྒྱུས་གཏམ་མོ། །ཀེ་ཤོ་གི་རི་ཟེར་བ་འདིའི་ བུ་ཆེན་གཅིག ལུག་ལོ་འདི་ཀ་ལ་བོད་དུ་ཚོང་ལ་སླེབས་འདུག་ལགས། ད་ལྟ་དབུས་ཕྱོགས་ དེ་ཚོ་ན་ཀ་ཡོང་བ་ཡོད། རིག་གནས་སོགས་ཟེར་བ་དང༌། ཐར་པ་ཐོབ་ཚུལ་ཟེར་བ་འདི་ཡང་ 23-1-44 སྡེ་དཔོན་གྱི་གྲལ་འཕྲོས་ལ་ཅལ་ཅོལ་གང་ཟེར་བ་དེ་ཀ་བྲིས་པར་འདུག ཐར་པ་ཐོབ་པའི་ ལམ་སྟོན་པའི་གཞུང་དེ་རིག་གནས་ཀྱི་མཆོག་ཡིན་མོད། སྒྲ་སོགས་ལ་ཐུན་མོང་གི་རིག་ གནས་ཟེར་བ་ལགས། རིག་གནས་བྱས་ན་སྡེ་སྣོད་ཐམས་ཅད་རིག་གནས་ཀྱི་གཙོ་བོ་ཡིན་པ་ མ་གོ་བར་འདུག་པ་ཨང༌། དེ་རྗེས་གསུང་སྒྲོས་དངོས་ཡིན་པའི་ཁུངས་སུ་བྱས་པ་ལ། འཆིང་ གྲོལ་དང་ཐར་པའི་འདོད་ཚུལ་དྲིས་པར། ཞེས་པ་འདུག ཚིག་དོན་འདི་རིགས་ལ་བོད་ཀྱི་ མཁས་པ་དགེ་བའི་བཤེས་གཉེན་རྣམས་ཀྱིས་རྩོམ་པ་སྔ་ཕྱི་ཀུན་ལས་དྲིས་པ་ན་ཞེས་སམ། དྲིས་པ་ལ་ཞེས་འབྱུང་བ་མ་གཏོགས་དྲིས་པར་ཟེར་བ་འདི་འདྲ་མི་ཡོང༌། མདོ་རྒྱུད་གཞུང་ འགྲེལ་གང་ནའང་འདི་འདྲར་བསྒྱུར་བ་མེད། འདི་ནི་ཕྱིས་འབྱུང་གི་འཇིག་རྟེན་པའི་ཤགས་ ཐོ་དང་ཁྲ་མ་སོགས་ལ་ཡིག་སྤོར་ཚོ་ལ་ཚིག་འདི་འདྲ་བྱེད་པའི་མིག་ལྟོས་སྦྱར་བར་འདུག་ པས་ཆོས་ཀྱི་གཏམ་བྱེད་ན་འདི་ཡང་ཚིག་སྐྱོན་ནོ། ། དེང་སང་གི་འཇིག་རྟེན་མི་ནག་པའི་རྩོམ་པ་ལ་ཡོང༌། མི་ཆེ་གེ་མོས་རྫོང་ག་གེ་མོ་ལ་ བསླུས་ཧམ་རྒྱག་པར་ཚབས་སུ་མ་སོང་བའི་ཚུལ་མི་སྒྲོན་ཟེར་བ་འདི་རིགས་སྡིག་ཅན་ཚོའི་ ལབ་རིགས་ལ་ཡོང་ལགས། ཚིགས་བཅད་སྐད་གཉིས་སྦྱར་བ་ཤོ་ལོ་ཀ་གསུམ་པོ་འདི་ཡང༌། རྒྱ་གར་གྱི་མུ་སྟེགས་པའི་རྟོག་ལྡན་བླུན་པོས་སྦྱར་བ་ཡིན་ན་ཆ་ཅི་ཡོད། ཕྱི་པའི་རྒྱུད་གཞུང་ ངམ་མཁས་པའི་གཞུང་མ་ཡིན་པར་སྣང་སྟེ། སཾ་སྐྲྀ་ཏའི་སྐད་ལ་ཚིགས་བཅད་དུ་སྦྱར་ཕྱིན་ སྡེབ་སྦྱོར་འགྲིག་དགོས་པ་ལས། འདི་ལ་སྡེབ་སྦྱོར་མི་འདུག་པས་སོ། ། དེ་ཡང་ཇི་ལྟ་བུ་ཞེ་ན། འདིར་ཚེག་བར་བརྒྱད་བརྒྱད་ལ་རྐང་པ་རེ་རེ་བྱས་འདུག་པ་ལ། ཚེག་བར་བརྒྱད་པའི་སྡེབ་སྦྱོར་ནི་མཉམ་པའི་བྲིཏྟ་ལ་རྗེས་བསྔགས་དང༌། མི་མཉམ་པའི་ བྲིཏྟ་ལ་ཁ་སྒོ་ཡིན། ཕྱེད་མཉམ་ལ་ཚེག་བར་བརྒྱད་པ་མེད། ཛ་ཏིའི་སྡེབ་སྦྱོར་ལ་ནི་ཕྱི་མོ་རྩི་ ཚེག་བར་མི་རྩི་བས། ཚེག་བར་བརྒྱད་བརྒྱད་དུ་ངེས་པ་མི་ཡོང་ངོ༌། །རྐང་པ་བཞི་པོ་ལྕི་ཡང་ 23-1-45 དང་ཚེག་བར་འདྲ་བའི་སྡེབ་སྦྱོར་རྗེས་བསྔགས་ལ། ལྔ་ཡོད། འདྲ་མཚུངས་གཞལ་དཔག་ རྐང་བཀྲ་དང༌། །གློག་ཕྲེང་དང་ནི་བྲམ་ཟེའི་བུ། །ཞེས་སོ། །དང་པོ་འདྲ་མཚུངས་ལ་ཚེག་ བར་བརྒྱད་ཀྱི་ཡི་གེ་རྣམས། ལྕི་ཡང༌། ལྕི་ཡང་། ལྕི་ཡང་། དགོས་པ་ལ། བྷཱུཏཱཏྨནོཏྦྷབམན་ ཞེས་པ་འདི་ནི། ལྕི་ལྕི་ཡང༌། ལྕི་ཡང་ཡང་ཡང་ཡང་ཞེས་པར་འབྱུང་བ་དང༌། རྐང་པ་གཉིས་ པ། ཏིནྡྲཏབིཥསཙརྱཿ ཟེར་བ་འདི། ལྕི་ཡང་ཡང་ཡང་ཡང་ས་ཡང་ལྕི་ལྕི་བྱུང་བས་སོ། །ཚིག་ འོག་མ་རྣམས་ལའང་དེས་རིགས་བསྒྲེས་ན་མཁྱེན་འོང་སྟེ་ཐོག་མར་སྡེབ་སྦྱོར་འདྲ་མཚུངས་ ནི་མིན་ནོ། ། གཉིས་པ་གཞལ་དཔག་ནི། འདྲ་མཚུངས་གོ་ལྡོག་པ་སྟེ། ཡང་ལྕི་ཡང་ལྕི་ཡང་ལྕི་ཡང་ ལྕི། ཡོང་དགོས་ན་འདི་ནི་གོང་དུ་སྨོས་པ་ལྟར་སྤེལ་མ་མེད་པས་སོ། །གསུམ་པ་རྐང་བཀྲ་ནི། གཞུང་ལས་གལ་ཏེ་བྷ་དག་ག་དག་རྐང་བཀྲ། ཞེས་པ། བྷ་ཐོག་ལྕི་བ་ལན་གཉིས། ག་དག་ ཅེས་པས་ལྕི་བ་གཉིས་ཏེ། ལྕི་ཡང་ཡང༌། ལྕི་ཡང་ཡང༌། ལྕི་ལྕི་དགོས་ན་འདི་དང་འགལ་བཞི་ པ་གློག་ཕྲེང་ནི། གལ་ཏེ་མ་དག་ག་དག་གློག་ཕྲེང་ཞེས། མ་ཀུན་ལྕི་ལན་གཉིས། ག་གཉིས། ལྕི་ལྕི་ལྕི་ལྕི་ལྕི་ལྕི་ལྕི་ལྕི། ཡི་གེ་ལྕི་བ་ཁོ་ན་ཡིན་ན་འདི་དང་མ་འགྲིག ལྔ་པ་བྲམ་ཟེའི་བུ་ནི། བྷ་ལས་ཏ་ལ་ག་བྲམ་ཟེའི་བུ་ཞེས། བྷ་ཐོག་ལྕི། ཏ་མཐའ་ཡང༌། ཡང་ལྕི་གཉིས་ཏེ། ལྕི་ཡང་ ཡང༌། ལྕི་ལྕི་ཡང༌། ཡང་ལྕི་དགོས་པ་ལས་འདིར་མ་བྱུང་བས། བརྒྱད་པ་རྗེས་བསྔགས་ཀྱི་ སྡེབ་སྦྱོར་མ་ཡིན་པའི་ཚུལ་དེ་ལྟར་ལགས། ཁ་སྒོ་ཡང་མ་ཡིན་པར་འདུག་སྟེ་གཞུང་ལས། རྐང་པ་ཡི་གེ་བརྒྱད་དང་པོ་ལས། ས་ན་མིན་མཚོ་ལས་ཡ་ཁ་སྒོ། ཞེས་རྐང་པ་རེ་རེའི་ཡིག་ འབྲུ་བརྒྱད་ཀྱི། དང་པོ་དང་ཐ་མ་བཞག་བར་གྱི་ཡི་གེ་དྲུག་བྱུང༌། དྲུག་པོ་གསུམ་ཚན་གཉིས་ ཡིན་པའི་དང་པོ་ལ་ས་མཐའ་ལྕི་བ་དང་ན་ཀུན་ཡང་བ་མིན་པ་ཞིག་དགོས། མཚོ་ནི་བཞིའི་ དོན་ཡིན། མཚོ་ལས། ཞེས་པས་མགོ་ནས་བགྲངས་པའི་བཞིའི་ཕ་རོལ་ཡ་ཐོག་ཡང་བ་ཡིན་ 23-1-46 པ་ཞིག་དགོས་པ། འདིར་བྷཱུ་ཞེས་པ་ནས་བགྲངས་པའི་བཞི་པའི་ཕ་རོལ་ཡི་གེ་གསུམ་བྷབ་ མ་ཞེས་པ་འདུག་ན་འདི་ནི་གསུམ་ག་ཡང་བ་ཡིན་པས། ཡ་ཐོག་ཡང་བ་མ་བྱུང་སྟེ། ཡ་ལ་ ཡི་གེ་ཕྱི་མ་གཉིས་ལྕི་བ་དགོས་པས་སོ། །འདིར་ནི་རྐང་པ་གཉིས་པ་ལ། ཏིན་ཅེས་པ་ཡར་ བཅད་ནས། ཏྲཏ་བི་ཞེས་པའི་ཡི་གེ་གསུམ་ཀ་ཡང་བྱུང་བས་ན་ཀུན་ཡང་བ་ཞེས་པ་ཡིན། ཁ་ སྒོ་ལ་དེར་ན་འབྱུང་བ་བཀག་པ་དང་འགལ། དེ་རྗེས་ཥས་ཙརྱཿ ཞེས་པ་བྱུང་ན། དེ་རྣམས་ བཞི་པའི་ཕ་རོལ་ཡིན། བཞི་པའི་ཕ་རོལ་ཡི་གེ་གསུམ། ཡ་ཐོག་ཡང་བ་སྟེ། ཡང་ལྕི་ལྕི་དགོས་ པ་ལས། འདིར་ཥས་ཙ་ཞེས་ས་མཐའ་ལྕི་བ་ཡང་ཡང་ལྕི་འདུག་པས་སོ། ། དེས་རིགས་འགྲེ་བ་ཚིག་བཅད་འོག་མ་ཀུན་ལ་ཐུགས་གཞིག་གནང་བར་འཚལ། ཁ་ སྒོ་ཙམ་པོའམ་སྤྱིའི་མཚན་ཉིད་འདི་ལ་མེད་པ་དེ་ལྟར་ལགས། ཁ་སྒོ་བྱེ་བྲག་པའི་དང་པོ་ཁ་ སྒོ་ཕན་པ་ལ། རྐང་པ་གཉིས་པ་དང་བཞི་པའི་ཡི་གེ་བཞི་པའི་ཕ་རོལ་ཏུ་ཛ་དབུས་ལྕི་བ་ཡོད་ པ་ཞིག་དགོས་ན། འདིའི་རྐང་པ་གཉིས་པ་ལ་གོང་དུ་བཤད་པ་ལྟར་ས་མཐའ་ལྕི་བ་བྱུང་བ་ དང༌། རྐང་པ་བཞི་པའི་དེའི་ཐད་དུ་མནཱདི་ཞེས་ཛ་དབུས་ལྕི་བ་བྱུང་བས་འགལ་ལོ། ། གཉིས་པ་ཟློག་པའི་ཕན་པ་ནི། ཛ་ཡི་ཟུང་མིན་བརྗོད་རྣམས་འདི་ནི། ཞེས་འབྱུང་བས། རྐང་པ་དང་པོ་དང་གསུམ་པ་ལ། ཡི་གེ་བཞི་པའི་ཕ་རོལ་གསུམ་ལ། ཛ་དབུས་ལྕི་བ་དགོས་ ན། གོང་དུ་བཤད་པ་ལྟར། བྷ་བམ་ཞེས་པ་དེ་ཛ་མ་ཡིན་ན་ཀུན་ཡང་བ་ཡིན། རྐང་པ་གསུམ་ པའི་གནས་དེར། གཱབལྐུ་ཟེར་བ་ཡང་ཛ་མ་ཡིན་ཏ་མཐའ་ཡང་བར་སོང་བས་སོ། ། གསུམ་པ་ཁ་སྒོ་གྱ་གྱུ་ཅན་ནི། རྐང་པ་དང་པོ་དང་གསུམ་པའི་ཡི་གེ་བཞི་པའི་ཕ་རོལ་ན་ ཀུན་ཡང་བ་ཞིག་དགོས་པ་ཡིན། འདིའི་གསུམ་པ་ལ་མེད། བཞི་པ་ཡང་མ་ཙམ་པོ་ལ། རྐང་ པ་བཞི་ཁའི་ཡི་གེ་བདུན་ཡང་བའམ། གཉིས་པ་དང་བཞི་པའི་བདུན་པ་ཡང་བ་གང་རུང་ ཞིག་དགོས་ན། འདི་ལ་ཤླཽཀ་དང་པོའི་རྐང་པ་གཉིས་པའི་བདུན་པ་ལ་ཙརྱཿ ཞེས་པའི་ཙ་དེ་ 23-1-47 ཡང་བ་མིན་པ་དང༌། ཤོ་ལོ་ཀ་འོག་མ་ཚོ་ལའང༌། དེ་ཤཱི་དེ་དང༌། ནུསྨྲྀཏྲ་ཀྱི་ནུ་དང༌། མུཀྟའི་ མུཀྲ་་ཏེ་གསུམ་པོ་ཡང་བ་མ་ཡིན་ནོ། ། ཡངས་མ་བྱེ་བྲག་པ་ལ། ལྔ་པ་བྷ་ཡངས་ནི་རྐང་པ་ཐམས་ཅད་ལ་བཞི་པའི་ཕ་རོལ། བྷ་ ཐོག་ལྕི་བ་དང༌། དྲུག་པ་ར་ཡངས་ནི་བྷ་ཡི་དོད་དུ་ར་དབུས་ཡང་བ་དང༌། བདུན་པ་ན་ཡངས་ དེའི་ཐད་དུ་ན་ཀུན་ཡང་བ་དང༌། བརྒྱད་པ་ཏ་ཡངས་ནི། དེའི་ཚབ་ཏུ། ཏ་མཐའ་ཡང་བ་དང༌། དགུ་པ་མ་ཡངས་ནི་དེའི་ཚད་དུ་ན་ཀུན་ལྕི་བ་རྣམས་དགོས་ན། དེ་དག་གང་གིའང་མཚན་ ཉིད་མ་ཚང་ངོ༌། ། བཅུ་པ་ཁ་སྒོ་བླ་རེའི་ཚན་ཡང་མ་ཡིན་ཏེ། བླ་རེ་ལ་ས་མཐའ་ལྕི་བ་གཉིས་ཡོད། དེའི་ ཁོངས་སུ་བསྡུ་བ་ལ་རྐང་པ་ཐམས་ཅད་ལ་ཡི་གེ་དང་པོའི་ཕ་རོལ་ས་ན་གང་རུང་མིན་པ་དང༌། རྐང་པ་གཉིས་པ་དང་བཞི་པའི་ཡི་གེ་བཞི་པའི་ཕ་རོལ་ཛ་དབུས་ལྕི་བ་དག་གོ །འདི་དག་ ལས། ནབིབིཀྲ་དང༌། ཝལབྷེ་ཞེས་པ་ཙམ་ས་མཐའ་ལྕི་བ་བྱུང་ཡང་ཚིགས་བཅད་གཞན་ཚོ། བཞི་པའི་ཕ་རོལ་ཛ་སོགས་ཕལ་ཆེར་ལ་མེད་པས་ངེས་མེད་དུ་གནས་པས་སོ། ། ཡང་ཁ་སྒོ་བྱེ་བྲག་པའི་སྤྱིའི་མཚན་ཉིད་ལ་ནི། ལྔ་པ་ཐམས་ཅད་ཡང་བ་ལ། །གཉིས་པ་ བཞི་པའི་བདུན་པ་ཡང༌། །དྲུག་པ་གང་ཡིན་ལྕི་བར་ཤེས། །ལྷག་མའི་དབྱངས་རྣམས་ངེས་པ་ མེད། །ཅེས་འདི་ལ་མི་སྣང་བ་གཟིགས་པ་འདི་ལགས། དེ་ལྟར་ན་སྡེབ་སྦྱོར་ལས་འདས་ཚུལ་ བཤད་ཟིན་མོད། སྔར་སྡེབ་སྦྱོར་གསན་ན་དེས་ཁྱབ་འདུག མ་ཡིན་ཀྱང་བྷ་ཐོག་ལྕི། ཡ་ཐོག་ ཡང༌། ས་མཐའ་ལྕི། ཏ་མཐའ་ཡང༌། ཛ་དབུས་ལྕི། ར་དབུས་ཡང༌། མ་ཀུན་ལྕི། ན་ཀུན་ཡང༌། ལ་ཡང༌། ག་ལྕི། ཞེས་དང༌། རིང་པོ་དང༌། པླུ་ཏ་དང༌། འགྲེང་པོ་ན་རོ། ཡི་གེ་བརྩེགས་མ་ཕ་ རོལ་ན་ཡོད་པའི་དང་པོ་དང༌། དེ་དང་དོན་གཅིག་པས་མཐར་བརྟེན་ཅན་ལྕི་བ་ཡིན། སྤྱིར་ཡི་ གེ་ཡང་ལྕི་ལ། རྒྱ་གར་ན་སྒྲ་གཞུང་དང༌། སྡེབ་སྦྱོར་དང༌། ཀློག་སློབ་པའི་སྐབས་ཏེ་གསུམ་པོ་ 23-1-48 མི་འདྲ་བ་ཕྲན་བུ་ཡོད་དོ། ། གཞན་ཡང་ཚིགས་བཅད་སྒྱུར་བ་འདི་ལ་སྐད་དོད་ནོར་བ་ཡང་སྣང་སྟེ། ཐོག་མ་བྷཱུཏཱཏྲ་ དང༌། མན་དང་ཨུཏྦྷ་བ། མཚམས་སྦྱར་ནས་འབྱུང་བ་རྣམས་ལས་ཡིད་འབྱུང༌། བྷཱུཏཱཏྨནོཏྦྷབ་ བྱས་འདུག་པ། བྷཱུཏཱཏྲ་ཅེས་པ། ང་སི་ཨཏྲ། གཅིག་ཚིག་ཡིན་པ་ལ། རྣམས་ཞེས་མང་ཚིག་ བྱས་པ་ནོར། འདི་ན་ས་ཙཏྱཿ ཟེར་བ་འདི་རྗེས་སུ་ཡིག་ནོར་བྱུང་བ་མིན་ན། དེ་སྤྱོད་དོ་ཟེར་ བར་འགྲོ་ཤིང༌། སྤྱོད་པར་འགྱུར་ཟེར་བ་མིན། བི་ཥ་ཡ་ཡུལ་ལ་འཇུག་ཀྱང་འདིར་བི་ཥ་ཟེར་ བས་ཡུལ་ལ་འཇུག་པ་མེད། ཡང་ས་ཞེས་པ་ཡིག་ནོར་བྱུང་བ་ཡིན། ཡང་ཡིན་སྙམ་ན་དེར་ ཟད་ཀྱང༌། མནཱཏྲ། ཡིད་ལས་དང༌། ཨིནྡྲ་དབང་པོའི་སྐད་དོད་དུ་བྱས་པ། ཨིནྡྲཏ་བྱས་ན། དབང་པོ་ཁོ་ན་ཉིད་ཀྱི་དོན་ཡིན། དབང་པོ་འབྱུང་བས་ཞེས་བསྒྱུར་བའི་འབྱུང་བའི་སྐད་དོད་ མེད་དོ། ། ཡིད་དུ་འོང་ཞེས་པའི་སྐད་དོད་ལ། བལྒུ་ཅེས་པ་འདུག་སྟེ། དེ་འདྲ་ཡེ་མ་གྲགས། ལྐོག་ གྱུར་གསང་ཚིག་ཤེད་ཡིན་ནམ། ཡིད་འོང་ལ་མནོརཱམ། མནོཛྙཱ། མནོཔ་ཟེར་ཞིང༌། རམྱ། ཀནྟ། ཨིཥྚ་སོགས། དོན་འགྱུར་གྱི་དབང་དུ་བྱས་ནས། ཡིད་འོང་དུ་བསྒྱུར་བ་ནི་མཐོང༌། ཕལ་ སྐད་དུ་བྱིས་པ་ལ་བལྒུ་ནི་ཟེར་ལགས། ཡང་དྭེཥ་ཞེ་སྡང༌། ཨནྱཿ གཞན་ཨ་བྷིམན་ཞེས་པ། ང་རྒྱལ་ཡིན་པའི་དབང་དུ་བྱས་ནས། སྡང་དང་གཞན་ལས་ང་རྒྱལ་ཟེར་བ་བྱས་འདུག་ཀྱང༌། དྭེཥནྱ་བྱས་ན་ཞེ་སྡང་ལས་གཞན་ཟེར་བར་འགྲོ་ཡི། གཞན་ལས་ཞེས་པའི་ལས་ཀྱི་སྐད་དོད་ དང་དོན་ཐོབ་ཡང་མ་བྱུང་ངོ༌། ། ཨ་བྷིམན་ནི། མངོན་པའི་ང་རྒྱལ་ཁོ་ནའི་མིང་ཡིན། ང་རྒྱལ་ཙམ་གྱི་མིང་མ་ལགས་ སོ། །ཡང་ལེན་འདི་ལས་སྐྱེ་ཞེས་པའི་སྐད་དོད། ཧྨཱིམཱཏྫནྨ་ཞེས་པ་བྲིས། ཨུཔདན་དང༌། པ་ རིགྲཧཿལ་སོགས་དང༌། ལ་ཡིག་རྐྱང་པ་སོགས་ལེན་པའི་སྐད་དོད་མང་པོ་ཡོད་དེ། ཧྨཱིམ་ལེན་ 23-1-49 པའི་སྐད་དོད་དུ་བྱེད་པ་འདི་གང་ནའང་ཡོད་པ་མ་མཐོང་ཞིང་མ་ཐོས་སོ། །ཡང་པྲཏི་དང་ ཨཱཧར་མཚམས་སྦྱར་བའི། པྲཏྱཱཧརཿསོ་སོར་སྡུད་པའི་མིང་ཡིན་གྱི། འདིར་པྲཱཏིཧཱར་ཟེར། པྲཏིཧཱར་ནི་ལན་འདེབས་ལ་ཟེར། པྲཏིཧཱར་ནི་གང་དུ་འགྲོ་མི་ཤེས། པྲ་དང་ཨཏིཧཱར་ཡིན་ ན། མང་པོ་རང་སྨྲ་ཕོད་ཟེར་རྒྱུ་ཨེ་ཡིན། སྲོག་རྩོལ་ལ་ཡང༌། པྲཎཱཡམཿ ཡིན་གྱི། པྲཱཎཱབེཤ་ གང་ནའང་མ་བཤད། པྲཱཎཱབེཤ་བྱས་ན་སྲོག་ཞུགས་ཟེར་བར་འགྲོ། བིབིཀྟརྫཏི། དབྱེན་ པ་ལས་སྐྱེས་པའི་སྐད་དོད་དུ་བྱས་པ་ཡང༌། ཕྱོགས་འགྲོ་ཙམ་ལས་མཚམས་མ་ཟིན་པ་ཏེ། བིབིཀྟ། དབེན་པ་པའི་དོན་ཡིན་པ། ཛཏི་སྐྱེ་བ་དང་སྦྱར་ན། དབེན་པ་པོ་ཞིག་གི་སྐྱེ་བ་ཞེས་ པར་འགྲོ། དབེན་པ་ལས་སྐྱེས་པའི་སྐད་དོད་དགོས་ན་བིབེཀཛཿཟེར་བ་ལགས། ཊིཥྚ་དགའ་ བར་བསྒྱུར་བའང༌། ཏུཥྚ་དང་ནོར་རམ་སེམས། པརཾཔརཿཞེས་པ་ཡང་ཡང་གི་སྐད་དོད་དུ་ བསམས་འདུག་ཀྱང་མ་ཡིན། གཅིག་ནས་གཅིག་ཏུའམ། གཞན་ནས་གཞན་དུ་ཟེར་བའི་ དོན་ལགས། དེས་མཚོན་ནས་སྐད་དོད་མི་འགྲིག་པ་ཕྲ་མོ་ད་དུང་གཞན་ཡང་འདུག་གོ །དེས་ ན་ཚིག་འདི་རྣམས་ལ་ཕྱི་ནང་སུས་ཀྱང་ཡིད་རྟོན་མི་འོང་བར་ངེས་པ་ལགས་སོ། ། སྤྱིར་ཕྱི་ལུགས་ལ་ཡན་ལག་བརྒྱད་ཀྱི་སྦྱོར་བ་ཟེར་བའི་ཐ་སྙད་ཡོད། དེའི་ནང་ནའང༌། སྲོག་རྩོལ་དང་སོར་སྡུད་ཀྱི་མིང་ཡོད་ཀྱང༌། འདི་འདྲའི་རིགས་ལ་ཐུན་མོང་བ་ཕྱི་ནང་གཉིས་ འདྲ་བ་ཡང་མང་པོ་ཡོད། ནང་པའི་དེ་ནས་ཕྱི་པས་རྐུས་པའང་ཡོད་པས། དེ་འདྲ་གང་གིའང་ རྒྱུ་མཚན་དུ་མི་འགྲོ། དཔེར་ན་གཅེར་བུ་པ་ལ་ཡང༌། བསླབ་པའི་གཞི་ལྔ་དང༌། དགེ་བ་ བཅུའི་ཐ་སྙད་ནང་པ་འདྲ་བ་དང༌། དྀཥབྷ་ཏེ་ཁྱུ་མཆོག་ལོགས་པ་ལ་ཁོ་རང་ཚོའི་སྟོན་པ་ཉི་ ཤུ་རྩ་བཞི་ལ་སངས་རྒྱས་ཟེར། ཨརྷཏེ་དགྲ་བཅོམ་ཟེར། གཞན་ཡང་དགེ་སློང་དང་། མཁན་ སློབ་སོགས་སངས་རྒྱས་པ་དང་མིང་འདྲ་བ་མང་དུ་ཡོད། ཡང་ནང་པའང་ཕལ་ཆེར་འདྲ་བ་ ཡོད་དེ། མུན་རྡུལ་སྙིང་སྟོབས་གསུམ་ཞེས་པ་ཡོན་ཏན་གསུམ་འདི། ཐོག་མ་གྲངས་ཅན་གྱི་ 23-1-50 གཞུང་ལས་བྱུང༌། དེ་རྗེས་ཕྱི་པའི་གཞུང་ལུགས་གཞན་ཕལ་ལས་ཀྱང་བཤད་མོད། ནང་ པའི་རྒྱུད། རྡོ་རྗེ་ཕྲེང་བ་དང༌། སམྦུ་ཊི་དང༌། དཔལ་མཆོག་སོགས་ལས་མང་དུ་གསུངས་པ་ ལྟ་བུ་ཡིན། ལ་ལར་མིང་ཁོ་ན་གཅིག་པ་དང༌། ཁ་ཅིག་ཏུ་དོན་ཡང་ཕྱོགས་འདྲ་ཡོད་དེ། དོན་ ནི་དབྱིངས་ནས་མི་འདྲ་བ་མང་མོད་འགའ་ཞིག་འདྲ་ཡང་སྐྱོན་མེད་དེ། དགེ་བ་བཅུ་བཞི་པོ། སྐྱོན་གྱི་ཐ་སྙད་གདགས་སུ་མི་སྣང་བར་སེམས་ཞེས་པའི་དོན་ལ་ནང་པའི་བླུན་པོ་མི་ཤེས་པ་ མང་པོ་དང༌། ཀླ་ཀློ་རྣམས་བཞིན་དུ། ཕ་རོལ་པོའི་ཚིག་ཐམས་ཅད་རང་སྐྱོན་ཅན་འབའ་ཞིག་ ཁོ་ན་ཡིན་སྙམ་པ་ཞིག་སྔར་ནས་ཡོད་པའི་ཉམས་ཏེ། ཤོ་ལོ་ཀ་གསུམ་གྱི་ནང་ན་སྐྱོན་མེད་ པ་ཙམ་ལ་ཧ་ལས་ཏེ། ཤེས་ལྡན་དག་དཔྱོད་ཅིག ཅེས་ད་དུང་ཡིད་མ་ཆེས་པའི་རྣམ་འགྱུར་ འདུག་པས་སོ། །སྐྱབས་འགྲོ་བརྗོད་མ་དགོས། སྤྱོད་ཚུལ་ལ་བཤད་ཚོད་ཀྱི་དབང་དུ་ན། ཕྱི་ གཞུང་ལ་ལ་ན་སྐྱོན་རང་མེད། ལ་ལ་ན་སྤྱོད་པ་ནོར་བ་མང་མོད། ད་ལྟ་ལག་ལེན་བྱེད་པའི་ དབང་ལྟར་ན། བོད་པའི་དགེ་སློང་དང༌། ཕྱི་རོལ་པའི་དཎྜ་དྷ་རའམ། གཅེར་བུ་པའི་དགེ་ སློང་གཅིག་བསྡུར་ན་ཧེ་ཧེ་ལགས། རང་རེ་བོད་ན། བཤད་པ་བྱེད་དུས་དེ་མི་རུང༌། དེ་ཡང་ མི་རུང་ཟེར་བའི་ངང་ལ་འགྲོ། དངོས་སུ་ལག་ལེན་འགེལ་དུས། སྡིག་པ་ཡིན་ཚད་རུང་བར་ བྱེད། རང་ཡང་བྱེད་བསླབ་སྟོན་བྱས་ནས་གཞན་ཡང་བྱེད་དུ་འཇུག ཡོན་བདག་གྲྭ་རིགས་ སོགས་ཀྱི་སྡིག་པ་རླབས་ཆེན་བྱས་ན། དགྱེས་པ་མཆོག་ཏུ་འགྱུར་བ་ཀུན་ལ་ཕན་ཚུན་ཐུགས་ རྒྱུས་མངའ་བ་ལགས་པས། མུ་སྟེགས་ངན་པ་ཟེར་སྤྱོད་པའི་གླེང་བརྗོད་དེ་རང་བཞག་ན་ དགའ་བ་འདྲ་ལགས། རྒྱ་གར་གྱི་ཕྱི་པ་ཚུན་ཆད་བྱེད་མི་ཉན་པའི་སྡིག་པ་ལ། བོད་པའི་བླ་ མ་སློབ་དཔོན་དགེ་སློང་རྣལ་འབྱོར་པ་ཐམས་ཅད་ཤིན་ཏུ་དགྱེས་པར་འཇུག་པས་སོ། །ཡང་ བདག་ཁས་ལེན་པ་ཞེས་པ་འདི་ཡང་ཧ་ཅང་རྩིངས་སོ། ། ཕྱི་ནང་གཉིས་པོ་ལྟ་སྒོམ་ལ་ཁྱད་ཆེན་པོ་ཞུགས་པ་རང་ཡིན། དེ་མིན་ན་གནད་གསང་ཕྲ་ 23-1-51 མོ་ཙམ་གྱིས་ཁྱད་མི་ཐོན་ལགས། ཡང་བར་འདིར། ཚིགས་བཅད་ཚིག་རྐང་བཅུ་བཞི་པ་ཞིག་ འབྲེལ་མེད་དུ་འབྱུང་བ་འདིའི། ཚིག་རྐང་དང་པོ་དྲུག་པོ་འདི་རི་བོ་དགེ་ལྡན་པའི་གྲུབ་མཐའ་ ལ་ཟུར་ཟར་འདུག ལར་ཡི་གེ་ཐན་ཐུན་ཆུང་ངུ་འདི་ཚོར་ཡང་ཚིག་སྔ་ཕྱིའི་འགྲེལ་གང་ཡང་ མེད་པར་ཟུར་ཟ་འདི་འདྲ་ཡོང་བ་དེ། ཕ་རོལ་པོ་དེ་པ་ལ་ཤིན་ཏུ་རང་ཐུགས་སྙུང་བ་ཞིག་ཡོད་ པའི་རྟགས་ཡང་དག་དེར་འདུག འོན་ཀྱང་དོན་ལ་འཁྲུལ་གཞིའི་ཀུན་རྫོབ་ཚད་གྲུབ་ཅེས་པ་ དང་སངས་རྒྱས་པ་ཡི་རྟགས་དང་རློམ་འཆང་སོགས་ཀྱི་ཁོག་དོན་ལ། ཀུན་རྫོབ་ཚད་གྲུབ་ཏུ་ ཁས་བླངས་ཕྱིན། རྟགས་ཀྱི་བགག་བྱ་བདེན་གྲུབ་འགོག་པ་སོགས་བྱས་ཀྱང༌། སྐྱབས་འགྲོ་ དང་ཆ་ལུགས་ཙམ་མ་གཏོགས། སངས་རྒྱས་པར་མི་འགྲོ་གསུང་བར་འདུག་ཀྱང་ཐལ་ཆེས། ཀུན་རྫོབ་ལ་ཚད་གྲུབ་ཀྱི་ཁྱབ་པ་ནི་དགེ་ཕྱོགས་ཚོ་ཡང་མི་[འཆ་[འཕྱ་]ཀུན་རྫོབ་ལ་ལ་ཚད་ གྲུབ་ཏུ་བཞག་མོད། དེས་དེར་འགྲོ་ན། བྱེ་མདོ་སེམས་ཙམ་གསུམ་སངས་རྒྱས་པ་མ་ཡིན་ པར་ཐལ་བར་འགྱུར་ན་ཇི་སྐད་དུ། སངས་རྒྱས་ཆོས་ནི་རྣམ་པ་བཞིར། །ཡིད་འདོད་རྣམས་ ཀྱིས་སྔོན་འདོད་དེ། །ཞེས་པ་དང་འགལ། ཀུན་རྫོབ་བདེན་པ་ཚད་མས་གྲུབ་པར་འདོད་པ་ ནི། དབུ་མ་རང་སྟོང་རྙིང་པ་རྣམས་དང་ཚིག་ཁས་ལེན་ལ་མ་མཐུན་ཀྱང༌། ཚད་མ་དེ་ཀུན་ རྫོབ་པའི་ཚད་མ་ཙམ་དུ་ཀ་འདོད་པས། དོན་སྟེང་ནས་རྙིང་པ་ཚོ་དང་ཡང་མི་འདྲ་བ་ཙམ་ མེད། འཁྲུལ་ཡུལ་ལ་བརྟེན་འཁྲུལ་བ་སྤོང་མི་ནུས། ཟེར་བ་ནི་ཁྱབ་པ་མེད་པས་འཐད་དེ། སངས་རྒྱས་ཉིད་ཀྱིས་མདོ་ལས། འཇིག་རྟེན་སྣ་ཚོགས་དེ་བཞིན་གནས་ཀྱང་ནི། །འོན་ཀྱང་ བརྟན་རྣམས་འདི་ལ་འདུན་པ་འདུལ། །ཅེས་པ་དང་རྒྱབ་འགལ་དུ་སོང་བས་སོ། ། ཡན་ལག་བརྒྱད་ཀྱི་སྦྱོར་བ་ཟེར་བ་ཞིག་བཤད་པ་ཆོས་སྐད་རྙིང་པ་རང་ཡིན་ནམ། ནང་ པ་ལ་འདྲ་དཔེ་བླངས། བརྟགས་དཀའ་མོད་དེ་ལ་ཡང་ཆོས་པའི་འཕགས་ལམ་ཡན་ལག་ བརྒྱད་ཟེར་བ་ལྟ་བུའི་བཤད་པ་མ་གཏོགས་ཁྲིད་གདམས་ངག་རྐང་ཚུགས་མི་ཡོང་ལགས། 23-1-52 ཡང་དགེ་ལྡན་པའི་ཆོས་སྐད་ཀུན་རྫོབ་ཚད་གྲུབ་དང༌། དཔྱད་སྒོམ་གཙོ་བོར་བྱེད་པ་ལ། རྗེ་ རང་བཞུགས་དུས་ནི་ལབ་ལོབ་མ་བྱུང༌། སྐུ་གཤེགས་ནས། ས་སྐྱ་པ་དང༌། བཀའ་རྒྱུད་པ་ ཐམས་ཅད་ཀྱིས་དགག་པ་ཤེས་ཚད་བཏང༌། ཡི་གེར་བྲིས་རྙིང་མ་བ་ཚོས་ལྷག་པོར་ལུང་ བསྟན་མང་པོ་ཡང་ཡོད། དེ་ཐམས་ཅད་པར་དུའང་བསྐོས་ཟིན། ཁ་གཏོང་དགོས་ཀྱང་དྲན་ ཚད་བཏང་གྲུབ་དང་དགོས་དགག་པ་བསྐྱར་ནས་མཛད་དགོས་མེད་ལགས་སམ། ཡང་སྔ་མ་ རྣམས་ཀྱིས་མ་རྙེད་པའི་སྐྱོན་གསར་པ་གཏོང་རྒྱུའམ། དགེ་ལྡན་པ་རྗེས་མ་ཚོའི་གྲུབ་མཐའ་ གསར་པ་ཡོད་ན། དེ་ཚོ་ལ་དགག་པ་བཞིན་ཨེ་ཡོད་ཡིན། གཞན་ད་ནི་དམག་འཁྲུག་རང་ དར་ཕྱིན། གྲུབ་མཐའི་དགག་སྒྲུབ་རང་ཡལ་བ་འདྲའོ། ། གྲུབ་མཐའི་དགག་སྒྲུབ་བྱེད་པ་དེ། ཕན་ཚུན་གཉིས་ཀ་བཙུན་པའི་ཚུལ་མ་ཤོར་ཙམ་གྱི་ སྐབས་དེར་ཡོང་བ་ཡིན་འདུག་ལགས། སྤྱིར་ནི་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་ པ་དང༌། ཆོས་སྤོང་གི་ལས་འདི་ལོད་ཤོས་རང་ཡིན་པས་མཚམས་མེད་ལས་ཀྱང་ཐུ་བར། མདོ་སྡེ་ཀུན་ལས་གསུངས་འདུག་པས། དགེ་ལྡན་པ་ཚོས་ཀྱང༌། གཞན་ཐམས་ཅད་ཆོས་མིན་ ཟེར་བ་དང་། གཞན་ཚོས་ཀྱང་དགེ་ལྡན་པ་འདྲེ་རང་ཡིན་ཟེར་བ་འདི་འདྲའི་ཕྱོགས་ལ་བདག་ ཅག་ནི་ལར་མི་ཐེའོ། ། གཅེར་བུ་པའི་ལྟ་བ་འཛིན་འདིས་ཀྱང་ཟེར་བ་ཡང་འབྲེལ་མེད་ཅལ་ཅོལ་ཏེ། གཅེར་བུ་ པའི་ལྟ་བ་འཛིན་པ་འདི་ཟེར་བའི་ཡུལ་དེ། གཅེར་བུ་རང་ལ་ཟེར་ན་ནི་ཚིག་གི་རྣམ་བཅད་ མེད་པར་འགྱུར་ཏེ། ཞིང་འདེབས་པའི་མིའི་གདོང་པ་ཡོད་པ་འདི་ཞེས་བརྗོད་ན་རྣམ་དཔྱད་ མེད་པའི་ཚིག་ཏུ་འགྱུར་ཏེ། དེ་ནི་ཞིང་འདེབས་པའི་མི་རང་མིན་པ་ལ། ཞིང་འདེབས་པའི་ མའི་གདོང་པ་གྱོན་པ་ལྟ་བུར་གོ་ནུས་པར་བྱེད་དོ། །དེས་ན་འདིར། གཅེར་བུ་པའི་ལྟ་བ་ འཛིན་པ་འདིས་བྱས་པས། གཅེར་བུ་པ་མིན་པ་ལ། དེའི་ལྟ་བ་འཛིན་པ་གོ་བར་འགྱུར་གྱི་ 23-1-53 གཅེར་བུ་རང་ལ་མི་ཟེར་རོ། །དེ་འདོད་ན། གཅེར་བུ་མ་ཡིན་ལ་གཅེར་བུ་པའི་ལྟ་བ་འཛིན་པ་ དེ་སུ་ཡིན། ཆོས་ཐམས་ཅད་བདེན་མེད་དུ་འདོད་པའི་དབུ་མ་རང་སྟོང་པའོ་སྙམ་ན། སངས་ རྒྱས་པ་མིན་ཟེར་བ་དང་འགལ། ཡང་དེ་འདྲའི་མུ་སྟེགས་པ་ཅིག་ཡོད་སྙམ་ན་དེ་ཡང་སུ། གཅེར་བུ་པ་མ་ཡིན་ལ་གཅེར་བུ་པ་དང་ལྟ་བ་གཅིག་པའི་ཕྱི་པ་དེ་འདྲ་སྔོན་ཡང་མ་བྱུང་ལ། ད་ལྟ་ཡང་མེད་དོ། ། ཡང་གཅེར་བུ་རང་ལ་བསམས་པའོ་སྙམ་ན་ཚིག་སྐྱོན་གོང་དུ་བཤད། ཇི་སྐད་དུ། ཚིག་ ཀྱང་སྒྲིག་ལེགས་མི་ཤེས་ན། །དོན་བཟང་སྨོས་ཀྱང་ཅི་དགོས་ཏེ། །བྱ་བ་ལགས། དེ་ལ་ གཅེར་བུ་པ་ཅེས་པ། དེ་རྣམས་ཀྱི་ལྷའམ་སྟོན་པ་གཅེར་བུར་ཡོད་པས་གཅེར་བུའི་ལྷའི་ ལུགས་འཛིན་པའི་དོན་ཡིན། དེའི་གྲུབ་མཐའ་པ་ལ་ལུས་གཅེར་བུར་མ་ངེས། ལུས་གཅེར་ བུའི་བརྟུལ་ཞུགས་ཅན་དང༌། རྒྱལ་བ་པ་ལ་མུ་བཞི་ཡོང༌། ཤྭེ་ཏཱ་མྦ་རི་བྱ་བ། ཟད་བྱེད་པའི་ བཙུན་པ་གོས་དཀར་ཅན་ཡང་ཡོད་པ་ནི་རྒྱལ་བ་པ་ཡིན་ལ། གཅེར་བུའི་བརྟུལ་ཞུགས་མི་ བྱེད་པའི་མུ། མུ་སྟེགས་ཀུན་ཏུ་རྒྱུ་དང༌། ཀླ་ཀློའི་བཙུན་པ་གཅེར་བུའི་བརྟུལ་ཞུགས་བྱེད་པ་ ཚོ་དེ་ལས་ལྡོག་པའི་མུ། ཕྱོགས་གོས་ཅན་གོས་མེད་རྒྱལ་བ་པ་རྣམས་གཉིས་ཀ་ཡིན་པའི་མུ། དེ་ལས་གཞན་ཐམས་ཅད་གཉིས་མིན་གྱི་མུའོ། ། ཆོས་སྐད་གང་ལ་ཡང་འདི་འདྲ་ཞིག་ཡིན་སྙམ་པའི་བློ་རྩེ་གཏད་མཚམས་ཤིག་ངེས་ནས་ དེ་ལ་དཔྱད་པ་བྱེད་དགོས་ཀྱི། དཔྱད་གཞི་གང་ཡིན་ངོས་མ་ཟིན་པའི་མིང་ཙམ་ལ་བརྩད་པ་ ཅི་ཞིག་རུང༌། དེས་ན་འདིར་ཡང་གཅེར་བུ་པ། གཅེར་བུ་པ་ཟེར་བ་མ་གཏོགས། ཁྱད་གཞི་ ངོས་ཟིན་པའི་བློ་རྩེ་གཏད་མཚམས་ཅི་ཡང་མ་བྱུང་འདུག་པ་དེར་མ་ཟད། གཅེར་བུ་པས་ ཡུལ་སྟེང་དུ་སྤྲོས་པ་འགོག་ཤེས་ཟེར་བ་ནི། གཅེར་བུ་པ་ཤེས་བྱ་ཐམས་ཅད་བདེན་མེད་དུ་ འདོད་པ་ཡིན་བྱས་ན་ཡོང་བར་འདུག་བསམས་པར་གདའ་བ་ལར་གཅེར་བུ་པ་དེ་ལྟར་མི་ 23-1-54 འདོད་མོད། ཁྱེད་ལ་འདི་འདྲི་སྟེ། འོ་ན་གཅེར་བུ་ང་བདག་བདེན་མེད་འདོད་ལགས་སམ་ ཅེས་སོ། །དེ་འདོད་ན་གཅེར་བུ་པ་ལ་སྐུ་དྲིན་སྐྱོང་ཞིང་དགོངས་པར་བདེ་བ་རང་ཞིག་ཡིན་ འདུག ན་ནིང་བར་ལྷོ་བལ་ལ་ཕེབས་དུས་མུ་སྟེགས་ཚོ་དང་སྲིད་ཕྱོགས་སྒྲིག་པ་མཛད་པའི་ ལུགས་ལེགས་རང་བྱུང་ནས་གང་ཟག་གི་བདག་མེད་སངས་རྒྱས་པའི་དགོས་ནོར་དེ་ནས་ ཁོང་ཚོ་ལ་གནང་སྦྱིན་མཛད་པ་རང་ལོས་ཡིན། གཞན་སྔར་མུ་སྟེགས་བྱེད་ལ་གང་ཟག་གི་ བདག་མེད་དེ་མེད་བདེན་རང་ཡིན། དེ་མེད་ཕྱིན་ཆོས་ཀྱི་བདག་མེད་ཡོངས་རྫོགས་ནི་ག་ ལ་ཡོད། དུམ་བུ་ཐན་ཐུན་དང་པོ་ནས་ཡོད་པར་བྱེད། ཡང་ང་བདག་བདེན་པར་འདོད་ན། ཡུལ་གྱི་སྟེང་དུ་སྤྲོས་པ་བཅད་པ་ག་ན་ཡོད། ཡོད་མེད་ཡིན་མིན་སྐྱེ་འགག་སོགས་སྤྲོས་པ་ རྣམ་གྲངས་ཙམ་ཡིན། ང་བདག་ཏུ་འཛིན་སྤྲོས་པ་ཐམས་ཅད་ཀྱི་ནང་ནས་ཆེས་མ་རུང་ཤོས་ ལགས་པ་ཀུན་ལ་གྲགས་པ་དེ་ཡིན་མོད། སྐབས་དོན་གཅེར་བུ་པར་ཡོངས་སུ་གྲགས་པ། རྒྱ་ སྐད་དུ། ཛཻན་མརྒི། བོད་སྐད་དུ། རྒྱལ་བ་པའམ། རྒྱ་སྐད་དུ། ཀྵཡཎ་ཏེ་བོད་སྐད་དུ། ཟད་ བྱེད་པ་ནི། སྲོག་དང་གང་ཟག་གི་བདག་དོན་ཅིག དེ་ཉིད་ངོ་བོ་རྟག་ལ་གནས་སྐབས་མི་རྟག་ པ་དེ་བདེན་གྲུབ་ཡིན་ཟེར་བ་དང༌། སྣ་ཚོགས་སྣང་བ་ཐམས་ཅད་བདེན་མེད་དུ་མི་འདོད་པ་ གཅེར་བུ་པའི་ཤེས་བྱ་དོན་དགུ་འདོད་པས་གསལ་བར་རྟོགས་ནུས་སོ། ། ཡང་མུ་སྟེགས་གཅེར་བུ་པ་ཡུལ་ཐམས་ཅད་མེད་པར་འདོད་པས་ཡུལ་སྟེང་དུ་སྤྲོས་ པ་འགོག་ཤེས། དེ་ཤེས་པས། རྣམ་གྲོལ་ཐར་ལམ་གྱི་ཕྱོགས་སུ་ཞུགས་ཟེར་བ་འདི་འདྲ། སངས་རྒྱས་པ་ཡིན་ཀྱང་ཐར་ལམ་མེད། སངས་རྒྱས་པ་མ་ཡིན་ཀྱང་ཐར་ལམ་ཡོད་ཟེར་བར་ སོང་བས་ཕྱི་པ་ལ་ཕར་འགྱུར་སོང་བའི་ཉམས་སུ་འདུག སངས་རྒྱས་པའི་རྐང་ནས་བུད་པའི་ བླ་བོར་འདུག་པས་དེ་ལ་ཟེར་རྒྱུ་རང་ཞིག་མི་འདུག་གོ །འདི་ཡིན་པ་དེ་སོར་ཕྲེང་གི་གཅེར་ བུ་པ་ཡང་ཐམས་ཅད་མེད་ཅེས་སྒྲ་གསུང་བ་དེ་མིག་ཟུར་ལ་ཐོགས་པའི་དྲན་རྐྱེན་དུ་འདུག་ 23-1-55 ཀྱང༌། མུ་སྟེགས་སྔོན་བྱུང་བའི་གོས་མེད་པ་སོར་ཕྲེང་དུ་བྱུང་བ་དེ་ཡང༌། ཐར་པ་ཅི་མེད་དུ་ འདོད་ཀྱི། ཤེས་བྱ་ཐམས་ཅད་ཅི་མེད་ག་ལ་འདོད། ཡང་སྤྲོས་པ་ཡུལ་གྱི་སྟེང་དུ་གཅོད་ཤེས་ པས་ཟེར་བ་འདི། དགེ་ལུགས་པ་དང༌། གཞན་མཚན་ཉིད་པའི་ཆོས་སྐད་ལ་ལ་དང་མཐུན་ རུང་ཡིན། ཡུལ་གྱི་མཚན་མ་འགོག་པ་ལ་མ་ལྟོས་པར། ཡུལ་ཅན་ཤེས་པའི་རྩོལ་བ་འགོག་ པས་གནས་ལུགས་རྟོགས་པར་བཞེད་པའི་བཀའ་བརྒྱུད་ཀྱི་གྲུབ་མཐའ་དང་ནི་རྒྱབ་འགལ་ རང་དུ་སོང་བ་གོ་ཡི། དེ་ལས་འདི་འདོད་ཅེས་པའི་དེ་ལས་ཟེར་བ་རྣམ་བཅད་བྲལ་བའི་ཚིག་ གོ ། དེ་ལ་ཀུན་རྫོབ་ཚད་གྲུབ་པ་དང༌། གཅེར་བུ་པ་གཉིས་སོ་ཞེས་བཤད་མ་ཐག་ཏུ་དེ་ལས་ ཞེས་བྱུང་ན་གོ་བ་ཞིག་ཡོང་ལགས་ཀྱང༌། སྤྲོས་པ་ཡུལ་གྱི་སྟེང་དུ་གཅོད་ཤེས་པས། དེ་ལས་ ཞེས་བྱས་ན་སྤྲོས་པ་བཅད་པའི་རྒྱུ་ལས་གྲུབ་མཐའ་འདི་འདོད་ཟེར་བར་སོང༌། རྩོམ་པ་མི་ ཤེས་བཞིན་དུ་བརྩམས་པ་ལ་དགོས་པ་ཅི་མཆིས། གཅེར་བུ་སྔོན་ཤེས་བྱ་ཐམས་ཅད་ཅི་ མེད་དུ་ག་ལ་འདོད་དེ། ཤེས་བྱ་ཐམས་ཅད་ཅི་མེད་འདོད་མཁན་སུ་ཡང་མི་ཡོང་བའི་ཕྱིར་ ཏེ། མངོན་སུམ་དང་འགལ་ཆེས་པས་སུ་ཡང༌། དེ་འདྲ་ལ་བློ་གཏོད་མཁན་མི་ཡོང་བའི་ཕྱིར་ རོ། །ཅི་སྟེ་སྣང་བ་རྣམས་ཅི་མེད་དུ་འདོད་རང་འདོད་ན། དེ་ནི་སྐུར་འདེབས་ཆད་ལྟ་མུ་མེད་ པ་རང་ཡིན་པས། རྣམ་པར་གྲོལ་བའི་ཕྱོགས་སུ་འགྲོ་བ་ནམ་ཡང་མི་རུང་བར་མ་ཟད། རྒྱང་ འཕེན་ལས་ཀྱང་ཕྱིན་ཅི་ལོག་ཚབས་ཆེའོ། ། ཡང་ཅི་མེད་ཐར་པར་འདོད་པ་ནི་ཡོང་སྟེ་ཐར་པ་ཅི་མེད་དུ་ཁས་བླངས་པར་སོང་དོགས་ ནས། བྱེ་སྨྲ་རྣམས་འགོག་པ་རྫས་ཡོད་འདོད་དགོས་པ་བྱུང་མོད། བོད་འདིར་ཡང་སྔོན་ ནས་ད་ལྟའི་བར། དངོས་མེད་དུ་སངས་རྒྱས་ཟེར་བ་ཚོ་དང༌། རྒྱ་གར་བའི་དབུ་མ་པ་མང་པོ་ ནི་འདིའི་ཕྱོགས་སུ་བླུན་པའོ། །གཞུང་ལུགས་རྣམས་ཀྱི་ཕྱོགས་སྔར་བླངས་པའི་གཅེར་བུ་ 23-1-56 རྒྱལ་བ་པ་ནི་ཐར་པ་ཡང་ཅི་མེད་དུ་མི་འདོད་དེ། གཟུགས་ཅན་དུ་ཁས་ལེན་ལགས། ལར་ མུ་སྟེགས་བྱེད་ལ་ལ་སྡུག་བསྔལ་ལས་ཐར་པ་ཐར་འདོད་དེ། དབང་ཕྱུག་པ་དང་ཁྱབ་འཇུག་ པ་ལ་སོགས་པའོ། །ཁ་ཅིག་གཡོ་བ་ལས་ཐར་པ་ཐར་པར་འདོད་དེ། གཅེར་བུ་རྒྱལ་བ་པ་ བཞིན་ནོ། །ཁ་ཅིག་ཐིམ་པ་དང་གྲོགས་མེད་གཅིག་པུར་གྱུར་པ་ཐར་པར་འདོད་དེ། རིག་ བྱེད་མཐའ་པ་དང་གྲངས་ཅན་ལྷ་མེད་ལྟ་བུའོ། །ཁ་ཅིག་ཤིན་ཏུ་ཐར་པ་སྟེ། ཐར་པ་ཅི་མེད་ འདོད་དེ། འདི་ཆད་ལྟའི་རིགས་ཞིག་གོ ། དེ་ཐམས་ཅད་ཐར་པ་མ་ཡིན་པ་ལ་ཐར་པར་ངོས་འཛིན་པས་ནོར་ཚབས་ཆེན་པོ་ཡིན་པ་ དང༌། ཁྱད་པར་དུ་ཡང༌། ཐིམ་པ་དང་གྲོགས་མེད་པ། ཅི་ཡང་མེད་པའི་ཐར་པ་བྱ་བ་རྣམས་ མི་སྲིད་པས་རི་བོང་རྭའི་སྡེབ་ཡིན། གཞན་གཉིས་པོ་སྲིད་མི་སྲིད་དཔྱད་གཞི་ཙམ་ཡོད། ཅི་ སྟེ་སྲིད་ཀྱང་ཐར་པ་མ་ཡིན་ནོ། །དབྱེ་བ་གང་ཡང་མ་གོ་བར་ཁ་ཐོ་མནམ་ལ་[ཆར་[འཕྱར་] ནས། ལྐུགས་རྟགས་སྟོན་པར་མ་བྱེད་ཅིག ལར་ནས་ཕྲ་བའི་མི་རྟག་པ་དང༌། ཕྲ་བའི་སྡུག་ བསྔལ་དང་བདག་མེད་གཉིས་སོགས་ཀྱི་བཤད་པ་འདི། སངས་རྒྱས་ཀྱིས་རང་གིས་མྱོང་ ནས་གཞན་ལ་བསྟན། སངས་རྒྱས་ཀྱི་ཁྲིད་པས་འཕགས་པ་གཞན་ཚོས་ཀྱང་མཐོང་བ་ཡིན། དེ་ཀ་ལ། སྐྱོབ་པ་ཉིད་གཟིགས་ལམ་གསུང་བ། བྱ་བ་ཡིན། སངས་རྒྱས་ཀྱི་རྗེས་འཇུག་ མ་ཡིན་པ་ཞིག་གིས་འདྲ་དཔེ་བླངས་ནས་དེ་འདྲ་བཤད་ཀྱང་གཞན་རྒྱུད་གྲོལ་མི་ནུས་ཏེ། གནས་ལུགས་དེ་རང་གིས་མ་ཐོབ་པའི་ཕྱིར་རོ། །དཔེར་ན། བོད་ནས་ཨོ་རྒྱན་དུ་འགྲོ་བའི་ ལམ་བར་གྱི་སྐད་ཆ་ཙམ་རྣ་ཐོས་ཤོད་རྒྱུ་ཡོད་ཀྱང་འགྲོ་མ་མྱོང་ན་གཞན་གྱི་ལམ་སྣ་མི་རུང་ བ་བཞིན་ནོ། །སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་ལ་ཆོས་སྐད་འདི་དག་གདོད་ ནས་ནི་མེད་པར་ངེས། ཕྱིས་བཅོས་མའི་རིགས་རྒྱ་བོད་དུ་བྱུང་སྲིད་ནའང༌། གྲོལ་བའི་ཕྱོགས་ སུ་འགྲོ་བ་ཡིན་རྒྱུ་ཅི་ཡང་མེད་པས། གཅེར་བུ་པ་ཡི་ལྟ་བ་འཛིན་འདིས་ཀྱང༌། །ཞེས་སོགས་ 23-1-57 ཤོ་ལོ་ཀ་གཅིག་པོ་འདི་ཁོ་ནས་རང་མཚང་དུ་མ་ཅིག་ཅར་བསྟན་གདའོ། ། ད་ནི་གཞན་ཡང་པཎྜི་ཏ་དང་ཞེས་སོགས་ཀྱི་དོན་ལ་དཔྱད་ན་ནང་པའི་གསང་སྔགས་ཀྱི་ སྦྱོར་དྲུག་དང༌། ཕྱི་པ་ལ་ཡོད་ཟེར་རྒྱུའི་སྦྱོར་དྲུག་དེ་དོན་གཅིག་གྱུ་བའི་བཤད་པར་འདུག་སྟེ། ནང་པའི་སྦྱོར་དྲུག་ལ་ཡང༌། བསྐྱེད་རིམ་ཁོ་ནའི་དེ་ཡང་ཡོད། རྫོགས་རིམ་ཁོ་ནའི་དེ་ཡང་ ཡོད་གཉིས་ཀའི་དེ་ཡང་ཡོད་མོད། འདིར་དུས་འཁོར་གྱི་སྦྱོར་དྲུག་དང་སྦྱོར་རྒྱུའི་ཁུངས་ཡིན་ འདུག་སྡེ། དུས་འཁོར་སྦྱོར་དྲུག་ལ་གོ་བ་ཕྱོགས་འགྲོ་ཡང་མ་བྱུང་བ་དེར་འདུག དབང་ཡུལ་ གྱི་བརྟེན་གྱི་འབྱུང་བ་དང༌། དབང་ཡུལ་རིགས་འདྲ་ཡོད་ཟེར་བའང་ཚིག་གི་ན་ཡ་ཙམ་སྟེ། རྟེན་བསྡུས་པས་བརྟེན་པ་སྡུད་ནུས་པའི་རྒྱུ་མཚན་དུ་མི་འགྲོ་ན། རིགས་འདྲ་ཡིན་པས་སྡུད་ ཐུབ་པ་དེ་ལས་ཀྱང་མ་ངེས་པའི་ཕྱིར་རོ། །ཕྱི་པ་ཀུན་ཏུ་རྒྱུ་རྣམས་དེ་ལྟར་མི་འདོད་དེ། འབྱུང་ བ་རྣམས་དེ་ཁོ་ན་ཉིད་ཡིན་པས། བསྐྱེད་བསྡུ་མེད་པའི་ཕྱིར་རོ། །དུས་འཁོར་སྦྱོར་དྲུག་ལ་ནི། ཡུལ་ནང་དུ་སྡུད་པའི་ཐ་སྙད་མི་བྱེད་ཅིང༌། འབྱུང་བ་ནང་དུ་བསྡུས་པའི་རྒྱུ་ལས་དབང་ཡུལ་ ནང་དུ་བསྡུས་འགྲོ་བར་བཞེད་པ་ཡང་མ་ཡིན་ནོ། །ཁམས་སོ་དྲུག་གི་ཐ་སྙད་ཀྱང་ཕྱི་པའི་ སྔགས་བརྒྱུད་དང་སྨན་སྤྱད་དག་ནའང་གྲགས་པ་མེད་པ་མངོན༌། ནང་པ་ལ་གྲགས་པ་ཡིན། དྭངས་མ་བསྡུས་པས་སྙིགས་མ་བསྡུས་འགྲོ་ཟེར་བ་ནི་སུ་ཟེར་ཀྱང་མི་འཐད་དེ། རྟོགས་པ་ མཐོ་མོར་མ་སོང་བར་དྭངས་མ་ལྐོག་ཏུ་གྱུར་པ་ཁོ་ན་ཡིན་པས་བསྡུད་ལུགས་ཇི་ལྟར་བྱེད། སོར་སྡུད་ལས་དང་པོ་ནས་རྒྱུད་ལ་སྐྱེ་བའི་ཕྱིར་དང༌། འདིར་དྭངས་མ་བསྡུས་པས་སྙིགས་ མ་བསྡུས་པ་སོར་སྡུད་ཀྱི་སྒྲ་དོན་དུ་བྱས་འདུག་པས་སོ། །ལར་ཡང་དྭངས་མ་ཕྱི་ནས་ནང་ལ་ བསྡུས་པ་དང༌། སྙིགས་མ་ནང་དུ་བསྡུས་པ་ལ་དགོས་པ་ཅི་ཡོད། ཕན་ཡོན་གང་ཡོད། དབང་ པོ་དང་ཐིག་ལེའི་དྭངས་མ་ཟེར་བ་བྱས་འདུག་པ། དྭངས་མ་གང་ཡིན་སྙིགས་མ་ཅི་ཡིན། འབྱུང་ལྔས་ཁམས་སྙིགས་མ་སྐྱེད་ཚུལ་ལ། སྐྲེས་པ། གླ་བ། སྦྲིད་པ། བྱ་རྙེང་། གཉིད། ལྟ་ 23-1-58 བ་ཉན་པ། གླུ་གར་འགྲོ་སྡོད་སོགས་བགྲང་བ་ནི་བླུན་པོའི་རྣམ་འགྱུར་ཏེ། དེ་དག་ནི་བྱ་བའི་ རྣམ་འགྱུར་ཙམ་ཡིན་གྱི་ལུས་ལ་ཤ་ཁྲག་ལོགས་པ་ལྟར་ཁམས་སུ་གནས་སུ་མེད་པའི་ཕྱིར་ རོ། ། གལ་ཏེ་འབྱུང་བ་དང་དེ་དག་སྦྱར་བ་ཞིག་ཡོད་རང་ཡོད་ན་འབྱུང་བ་དེའི་བྱེད་ལས་ཡིན་ ཅེས་སྟོན་པ་ཡིན་མོད། ཁམས་སུ་མི་འོང་ལགས། ཁམས་སོ་དྲུག་བྱ་བ་ལུས་ཀྱི་ཁམས་ཡིན་ ཅིང༌། ཁམས་ཀྱི་དོན་ཡང༌། རྒྱུའི་དོན་དང༌། དབྱིངས་ཀྱི་དོན་ལ་འཇུག་པའི་ཁམས་དེ་མ་ཡིན། རྩ་ཁམས་རླུང་ཟེར་བའི་དུས་ཀྱི་ཁམས་དེ་ཡིན་མོད། དེ་དག་ཁམས་དེ་འདྲ་ཡིན་ན། མཁྲིས་ པ་བད་ཀན་སོགས་ལུས་ཀྱི་ཆ་ཤས་ན་གནས་པ་ལྟར། གླལ་བ་དང་བཀྲེས་པ་དང་གཉིད་ སོགས་ལུས་ཀྱི་ཆ་ལ་ཡོད་དགོས་ན་དེ་དག་ག་ན་ཡོད། ལར་འདི་ན་མཆིལ་མ་དང་ཁ་ཆུ་སོ་ སོར་བྱས། བཀྲེས་པ་དང་ལྟོགས་པ་སོ་སོར་བྱས། ལྟ་ཉན་སོགས་དང༌། མཐོང་ཐོས་སོགས་ སོ་སོར་བགྲང་བ་དང་ཤེས་རིག་རྣམ་གྲངས་དུ་མ་ལུས་ཀྱི་ཁམས་སུ་བགྲང་བ་འདི་རིག་པ་ རྣལ་དུ་མེད་པའི་ཚིག་ཡིན། བསྐྱེད་སྡུད་བརྐྱང་བསྐུམ་བཞི་བྱེད་པ་སོགས་རྫས་མེད་ཀྱང་ གནས་སྐབས་ལ་བཏགས་ཡོད་ཙམ་ལུས་ཀྱི་ཁམས་ལ་བགྲང་བ་ཡང་བླུན་རྟགས་ཁོ་ན་ཏེ་དེ་ ལྟ་ན་སྐྱེ་རྒ་ན་འཆི་མི་ཚིག་སོགས་ཀྱང་ལུས་ཁམས་སུ་ཐལ་བར་འགྱུར་རོ། ། དེ་བདེན་ཀྱང་མུ་སྟེགས་ལུགས་བསྐྱོར་ཟློས་བྱས་པའོ་སྙམ་ན། མུ་སྟེགས་མཁས་པ་ རྣམས་དེ་འདྲ་འདོད་པ་མི་སྲིད་པའི་ཕྱིར་འདི་རྫུས་མའོ། །ཁྱེད་ལ་འདྲི་སྟེ་ལུས་ཀྱི་ཁམས་ བགྲང་རྒྱུ་ཡིན་ན། ཁམས་ཐམས་ཀྱི་རྩ་བ་ཁུ་རྡུལ་མི་བགྲང་བའི་རྒྱུ་མཚན་ཅི། དེ་གཉིས་ དྭངས་མའོ་བསམས་པར་འདུག་སྟེ། རྫ་གོག་ཡོ་བཅག་གདའ། དཀར་དམར་གཉིས་ལ་ དྭངས་མ་དང་འབྲིང་པོ་དང་སྙིགས་མ་གསུམ་ཡོད་པ་ལས། མངོན་འགྱུར་འདི་དག་སྙིགས་མ་ ཡིན། དྲི་ཆུ་དང་བཤང་བ་སོགས་ཀྱང་སྙིགས་མ་རྐྱང་པ་མ་ཡིན་དྭངས་མ་ཇི་སྙེད་ཡོད། སྔར་ 23-1-59 གྱི་ཚིགས་བཅད་བྲིས་པ་ན། འབྱུང་བ་རྣམས་ལས་ཡིད་འབྱུང་ཟེར་བ་ནི་རྒྱང་པན་གྱི་འདོད་ པ་རུ་སོང༌། འབྱུང་བ་ལས་ཡིད་དང་ཡིད་ལས་དབང་པོ་འབྱུང་བའི་གྲུབ་མཐའ་འདི་འདྲ་ཕྱི་ པའི་ལྟ་བ་དྲུག་དང༌། གཅེར་བུ་པ་དང༌། ནང་པ་སངས་རྒྱས་པ་སུ་ལའང་མེད་པ་རིག་པར་ གྱིས་ཤིག ཡང་རྒྱང་པན་མ་གཏོགས་ཕྱི་རོལ་པ་རྣམས། འབྱུང་བ་ལྔ་ལ་ཁམས་ལྔའི་ཐ་སྙད་ ཀྱང་མི་བྱེད་པ་ཤས་ཆེ། རིགས་ཀྱི་དོན་ལ་ཁམས་ཟེར་བ་གཅིག་ནི་ཡོད། སྨན་དཔྱད་པ་དང༌། བཟོ་གནས་དང༌། སྒྲ་གཞུང་གི་ཁམས་སོགས་རྣམ་བཞག་མང་པོ་ཡོད་མོད། འདི་དག་དང་ དེ་དག་མི་འདྲ་ལགས། གཏུམ་མོའི་མེས་སྙིགས་མའི་ཁམས་བསྲེགས། དྭངས་མའི་ཁམས་ འཆིང་རྒྱུ་བའི་ཁམས་སྨིན་ཟེར་བ་ཡང་བརྫུན་ཏེ། མུ་སྟེགས་ལུགས་ལ་ནང་པ་རྣམས་གཏུམ་ མོ་ཟེར་བའི་དོད་ཀྱི་མིང་དང་དོན་ལོགས་པ་ཞིག་ཡོད། དེ་འདིར་མི་སྨྲ། གཏུམ་མོ་ཟེར་བའི་ ཐ་སྙད་གང་ནའང་མེད། སྲེག་ཟེར་བ་འདི། ཀྱཻ་རྡོར་ལས། དེ་བཞིན་གཤེགས་པ་ལྔ་བསྲེགས། ཞེས་འབྱུང་བ་ལ་དོན་མ་གོ་བར་རིགས་འགྲེ་སྦྱར་བར་འདུག གཡུང་དྲུང་ཟོར་བས་ཕ་སྐེ་ འབྲེག །ཅེས་པའི་དཔེ་དེ་བྱུང་འདུག བསྲེགས་ཞེས་པ་དེའི་དོན་བསྲེག་རྒྱུ་རང་མེད་རྒྱུད་ཀྱི་ བརྡའི་ཚིག་ཡིན། ཕྱི་པ་རྣམས་ནི། བསྲེགས་པའི་མིང་དོན་གཉིས་མི་བྱེད་ལགས། རྒྱུ་བ་སྨིན་ ཟེར་བ་སླ་བ་སྐ་བར་སོང་ཟེར་རྒྱུར་འདུག ཁམས་འཆིང་བ་དེ་དྭངས་སྙིགས་ཚང་མ་འཆིང་རྒྱུ་ ཡིན་ཀྱང་འདིར་དྭངས་མའི་ཁམས་འཆིང་ཟེར་ལུགས་འདིས། སྙིགས་མ་ཕྱི་ལ་ཕུད་གཏོང་ བའི་ཐབས་ལམ་ངོ་མཚར་ཅན་རང་ཞིག་ཡོད་པར་འདུག་གོ །འདིར་དྭངས་མ་འཆིང་ཟེར་བ་ ཁམས་ཐིག་ལེ་ལུས་ཀྱི་ཕྱི་རོལ་ཏུ་མི་འདོར་བ་ཙམ་ལས་གོ་བ་ལྷག་པོ་ཡེ་མ་ཤར་བའི་ཉམས་ ཞིག་འདུག ཟུར་ཙམ་སྨྲས་པས་གནས་ཚུལ་གསལ་བར་གོ ། ཡང་འདི་དག་སོ་སོར་སྡུད་ཀྱི་འཕྲོས་སུ་འབྱུང་བ་ཡང་སྐབས་སུ་ཤིན་ཏུ་མ་བབ་བོ། ། ཚིགས་བཅད་འདི་ཁའི་དབང་དུ་བྱས་ན། དབེན་ལས་སྐྱེས་པའི་བསམ་གཏན་རྩེ་གཅིག་ 23-1-60 པ། ཏིང་ངེ་འཛིན་ཡང་ཡང་གོམས་ཞེས་པས། བསམ་གཏན་དང་ཏིང་ངེ་འཛིན་གྱི་དབྱེ་བ་མ་ བྱུང་གོ་རིམ་ཀྱང༌། རྗེས་དྲན་གྱི་རྗེས་ལ་བསམ་གཏན་བྱས་པ་སོགས་འཁྲུགས་པ་དང༌། དུས་ འཁོར་སྦྱོར་དྲུག་གི་བསམ་གཏན་ནི་སོ་སོར་སྡུད་པ་མཐར་ཕྱིན་པ་ན་རིམ་པས་སྐྱེ་སྟེ། དེ་ལ་ མངོན་པ་སོགས་ནས་བཤད་པའི་དབེན་པ་ལས་སྐྱེས་པའི་བསམ་གཏན་དང་པོ་ཡན་ལག་ལྔ་ ལྡན་དེ་དང་གཅིག་གམ་སྙམ་ནས། འདིར་ཡང་དབེན་ལས་སྐྱེས་པ་ཟེར་བ་བྱས་འདུག་སྟེ། དེ་ གཉིས་གཅིག་པར་འདོད་པ་རྟོག་ནག་རྒྱག མུ་སྟེགས་པའི་གཞུང་ན་ཡང་དབེན་པ་ལས་སྐྱེས་ པ་ཟེར་བ་དེ་འདྲ་མི་ཡོང་བས། ཚིགས་བཅད་འདི་ཕྱི་པའི་གཞུང་ཟེར་བ་ཡང་བརྫུན་གཏམ་ མོ། ། ལར་མཚན་ཉིད་པ་སྐམ་པོའི་ཞི་ལྷག་གི་བཤད་པ་འོལ་སྤྱི་ཙམ་དེས་ཀྱང་གསུང་རབ་ཀྱི་ སྒོམ་དོན་རྟོགས་པ་དཀའ་ཞིང་རྟོགས་ལྡན་ཆུང་མ་ཅན་གྱི་ཁ་སྐད་དང༌། རྐང་དུང་དང་མཉམ་ པར་སྦྲགས་པའི་དཔེ་ཆའི་ནང་གི་ཆགས་ལམ་གྱི་བཤད་པས་ཀྱང་གསང་སྔགས་ཀྱི་དགོས་ དོན་ཕྱོགས་ཙམ་ཡང་ཐིངས་པ་མི་ཡོང་ལགས། དཔེར་ན་གྲུབ་ཐོབ་ཏུ་གྲགས་པའི་གཙང་ སྨྱོན་འགྱུར་འབུབ་ན། དགའ་བཞིའི་འགྱུར་མ་ཡིན་ཟེར་བ་དང་འདྲ། དགའ་བཞི་ལ་དོན་ དམ་གྱི་དགའ་བཞི། འབྲས་བུ་སངས་རྒྱས་སའི་དགའ་བཞི། འཕགས་ལམ་གྱི་དགའ་བཞི། སས་བསྡུས་པའི་དགའ་བཞི། སྐད་ཅིག་མའི་དགའ་བཞི། ཕྱག་རྒྱ་བཞི་སོ་སོ་ལ་སྦྱར་བའི་ དགའ་བཞི་སོ་སོ། གཞིའི་དགའ་བཞི་རྣམ་གཞན་ཐ་དད་དེ་དག་གནད་གཅིག་པ་དང་ཐ་དད་ པ་སོགས་མཐའ་ཡས་པ་དང༌། དེ་དག་དང་འབྲེལ་བའི་སྐྱོན་དང་ཡོན་ཏན། ཉོན་མོངས་ཡེ་ ཤེས། སྤང་གཉེན་སོགས་ཀྱི་རབ་དབྱེ་ཇི་སྙེད་ཡོད་པ་གང་ཡང་ཉམས་གོ་མ་ནོན་པར། ལས་ རྒྱ་ལ་སྦྱོར་ཐེངས་གཅིག་གི་སྐད་ཅིག་མའི་དབྱེ་བ་རབ་རིབ་ཅིག་མིན་པ་བཤད་རྒྱུས་འཕོངས་ པ་བཞིན་ནོ། །རྒྱ་གར་ན་ཕྱི་པའི་རྩ་རླུང་བ་རྣམས་བུད་མེད་སྤང་བྱར་བྱེད། རྩ་རླུང་བ་ཆུང་ 23-1-61 མ་ཅན་དང༌། ཀབ་ལི། རྐང་དུང༌། ལག་ངར་གྱི་བྱིན་རླབས་བརྟེན་ལ། ཁོ་ཚོ་དགའ་ཚོར་ཡེ་ མི་བྱེད་པ་དགོངས་དགོས་སོ། །དེས་ན་སྦྱོར་དྲུག་གི་ཐ་སྙད་ལྷག་མེད་ཆད་མེད་ཕྱི་གཞུང་ ན་ཡོད་པ། ཉི་ཟླ་འཆིང་བ། རྫུ་འཕྲུལ་གྱི་ལམ། བསམ་གཏན་ཚད་མེད། གཟུགས་མེད་ སྙོམས་འཇུག་སོགས་གླེང་བསླང་མང་པོ་བྱུང་ཞེས་པ་ཡང༌། ཁོ་པ་ལ་ཕར་བཤད་གསུངས་ པ་ཡིན་ཟེར་ན་མ་གཏོགས། བརྫུན་ཉིད་ཁོ་ན་སྟེ། དེ་ཡང་བསམ་གཟུགས་ཚད་མེད་ཙམ་མུ་ སྟེགས་དང་ཐུན་མོང་ཡིན་ཟེར་བའི་ཁ་སྐད་བོད་ལ་གྲགས་པ་བོན་གྱེར་བྱས་པ་སྟེ། དེའི་དོན་ ནི་སྔོན་མུ་སྟེགས་སྙོམས་འཇུག་པ་མང་པོ་བསྒོམས་པས་དེ་དག་ཐོབ་པ་བྱུང་བའི་དོན་ཡིན་ གྱི། མུ་སྟེགས་བྱེད་པའི་གཞུང་ལུགས་གང་ན་ཡང༌། བསམ་གཟུགས་ཚད་མེད་སོགས་ཀྱི་ རྣམ་བཞག་ཡེ་ནས་མེད། མིང་ཡང་མ་གྲགས་སོ། །འོ་ན་ཅི་སྙམ་ན། དེ་ཡང་འདོད་ཆགས་ ཞེ་སྡང་གི་ཉེས་དམིགས་ཤེས། ཆགས་སྡང་གི་ཡུལ་ལ་བདེ་བ་མེད་པར་ཤེས། དཔྱོད་པ་དང་ མ་བྲལ་བར་སེམས་རྩེ་གཅིག་པ་བསྒོམས་པས། བསམ་གཏན་དང་པོ་ཐོབ་པ་ཡོད། དེ་ཀ་ ལ་རྒྱུ་སེམས་གནས་དགུ་དང་ཡིད་བྱེད་བདུན་པོ་ཚང་ཡོད་དུ་ཆུག་ཀྱང༌། ཁོས་དེའི་བཤད་པ་ ཤེས་མི་དགོས་འཆད་ནའང་འཆད་ཚུལ་གཞན་ཡོད་པས་སོ། །ཁོའི་ཏིང་ངེ་འཛིན་སྦྱོར་མཐའི་ འབྲས་བུ་ལ། ཡན་ལག་ལྔའི་དོན་ཚང་མོད། སྦྱོར་མཐའི་མིང་དང་ཡན་ལག་ལྔའི་རྣམ་བཞག་ བྱེད་དགོས་པར་མ་ངེས་ཏེ། གཞན་ལ་འཆད་དགོས་སྲིད་ནའང༌། འཆད་ཚུལ་གཞན་གྱིས་གོ་ ནུས་སོ། །དེས་ན་ཞི་གནས་སྒྲུབ་པ་ལ། སེམས་གནས་དགུ། ཉེས་པ་ལྔ། འདུ་བྱེད་བརྒྱད་ལ་ སོགས་པ་དང༌། བསམ་གཟུགས་ཀྱི་ལྷག་མཐོང་བསྒྲུབས་ན། ཡིད་བྱེད་བདུན་དང༌། དངོས་ གཞི་ལ་བསམ་གཏན་གྱི་ཡན་ལག གཟུགས་མེད་ཀྱི་དབྱེ་བ་ཚད་མེད་བཞིའི་རབ་དབྱེ། ཕན་ ཡོན་ནམ་ཡོན་ཏན་ལ་རྣམ་ཐར་བརྒྱད། ཟད་པར་བཅུ། ཟིལ་གནོན་བརྒྱད་ལ་སོགས་པ་ སངས་རྒྱས་ཀྱི་གསུང་རབ་ཁོ་ན་ལས་འབྱུང༌། སློབ་དཔོན་དཔའ་བོའི་ཕར་ཕྱིན་བསྡུས་པ་ 23-1-62 ལས་ཀྱང༌། བསམ་གཏན་གཉིས་པའི་བསམ་གཏན་ཞེས། །གཉིས་མེད་དྲང་སྲོང་མཆོག་ གིས་གསུངས། །ཞེས་སོགས་ཀྱིས་དཔེར་མཚོན་ནོ། ། མུ་སྟེགས་སྙོམས་འཇུག་པ་བསམ་གཏན་ཐོབ་པ་ཡང་སངས་རྒྱས་མྱ་ངན་ལས་འདས་ ནས་ལོ་སུམ་བརྒྱ་ཡན་ལ་བྱུང་སྲིད། དེ་མན་ནས། ཕྱི་པ་ལ་བསམ་གཏན་ཐོབ་པ་དང༌། དྲང་ སྲོང་དཀའ་ཐུབ་གྲུབ་པ་མ་བྱུང༌། ནང་པ་ལ་འབྲས་བུ་བཞི་ཐོབ་པ་ཡང་མ་བྱུང༌། རི་དྭགས་ རྒྱལ་པོ་ཡང་རྒྱུན་ཆད་སྙིགས་མ་ལྔ་ཧ་ཅང་བདོ་བའོ། །ཞེས་འཕགས་ཡུལ་བ་ཀུན་ལ་གྲགས། དེས་ན་བཙུན་པ་ས་གའི་ལྷ་ཡང་དགྲ་བཅོམ་མིན། པཎ་ཆེན་ཤཱཀྱ་ཤྲཱིའི་དུས་ན། སིང་གྷ་ལ་ན་ དགྲ་བཅོམ་ཡོད་ཟེར་བ་ཡང༌། ཆེ་བར་བརྗོད་པ་ཙམ་དུ་ཟད་དོ། ། ལྟ་བ་དྲུག་གི་མུ་སྟེགས་རྣམས་ལ་བསམ་གཟུགས་ཀྱི་ལམ་ཐོབ་པ་ལྟ་ཞོག རྣམ་བཞག་ ཀྱང་མི་འབྱུང་བར་མ་ཟད། ལྟ་སྤྱོད་འགལ་བ་ཁོ་ན་སྟེ་གྲངས་ཅན་དང༌། པཏཉྫ་ལི་ནི་ཡུལ་ འདོད་ཡོན་བརྟེན་པས་གྲོལ་བར་འདོད་པ་ཡིན། རིག་ཅན་བྱེ་བྲག་རིག་མཐའ་གསུམ། བྱེད་ པོ་འདོད་པས། དེ་དག་ལ་བསམ་གཏན་གཟུགས་མེད་ཀྱི་ལམ་ག་ལ་འོང་། དེས་ན་འདི་པའི་ མནོ་ཚོད་ལ། བསམ་གཟུགས་ཕྱི་ནང་ཐུན་མོང་ཡིན་བྱས་ཙ་ན། ཕྱི་པ་ལ་ཡང༌། མཛོད་ཀྱི་ གནས་བརྒྱད་པ་ལྟ་བུའི་བསམ་གཟུགས་ཀྱི་རྣམ་གཞག་ཡོད་ཡོང་སྙམ་པ་ཞིག་བྱུང་འདུག་སྟེ་ ཕྱོགས་བསླད་པ་ཡིན། ད་ལྟ་མུ་སྟེགས་པ་སུ་ལ་ཡང་བསམ་གཟུགས་ཐོབ་པ་ལྟ་ཞོག དེའི་ གདམས་ངག་ཡང་མེད། གཞུང་ཡང་མེད། སྙོམས་འཇུག་པའི་བརྒྱུད་འཛིན་དུ་རློམ་པའི་ རིགས་ཀྱང་ཅི་ཡང་མེད་ལགས། སྔོན་སྙོམས་འཇུག་ཐོབ་པ་ཡོད་པའི་དུས་ཀྱང་རང་རང་ གིས་ཐོབ་པའི་ཏིང་ངེ་འཛིན་དེ་ཐར་པར་རློམ་པ་ཡིན་པས། དེའི་གོང་ན་གཞན་ཡོད་པར་མི་ འདོད་དོ། །དཔེར་ན་བླུན་པོ་དག་མདའ་འཕང་བ་དང༌། ཞིང་ལས་དང༌། ཚོང་དང༌། འཁྲིག་ ཐབས་དང༌། གཡུལ་འགྱེད་པའི་བྱ་བ་ཤེས་ཀྱང༌། དེ་དག་གི་རྣམ་གཞག་དང་བཤད་པ་དང༌། 23-1-63 བསྟན་བཅོས་མི་ཤེས་པ་བཞིན་ནོ། ། ཡང་ཨ་མ་ར་ནས་འབྱུང་ཟེར་བ་ནི་སྟོབས་དང་མངོན་ཤེས་ནི། ཨམརཀོཥ་ལས་བཤད། བདེན་བཞི་དང༌། ཕྱག་རྒྱ་བཞི་དེར་ཡོང་དོན་རང་ནི་མི་བདོག ཁོ་པ་དེ་པཎྜིཏ་ཡིན་ན། རྟོག་ གེའི་འགྲེལ་པ་ན། ཕྱོགས་སྔའི་ཚུལ་དུ། ནང་པའི་གྲུབ་མཐའ་འོལ་ཙམ་བཤད་པ་ནི་ཡོད་ འདུག ཡང་ཁྱེད་ཅག་བདག་མེད་སྨྲ་བ་ཡིན། ཐ་སྙད་འགོག་གམ་དོན་འགོག་ཅེས་འདྲི་བ་ནི་ བདེན་ན་བླུན་པོའི་དྲི་བ་སྟེ། བདག་མེད་པར་འདོད་ཕྱིན། གཞན་ལུགས་ཀྱི་བདག་འགོག་ ན་དོན་འགོག་པ་ལ་ཐེ་ཚོམ་ཅི་ཡོད། དོན་བཀག་ཕྱིན་དགོས་པ་ཟུར་ཁྱད་ཡོད་ན་མ་གཏོགས་ ཐ་སྙད་ཀྱང་འགོག་པ་ལོས་ལགས། རང་རང་ལུགས་ལ་ཡང་ཐལ་འགྱུར་བ་རྙིང་པ་ཚོ་མ་ གཏོགས་བདག་མེད་ཀྱི་དོན་སྒྲུབ་པ་ལས་འོས་ཅི། ཟེར་ལུགས་འདི་ནི་གཅིག་དུ་བྲལ་གྱིས་ ཆོས་ཀྱི་བདག་འགོག་པའི་སྐབས་ཚུལ་གསུམ་སོ་སོར་གྲུབ་དུས་རང་བཞིན་མེད་པའི་དོན་ གྲུབ་ཟིན་པས། སྒྲུབ་ངག་འགོད་དུས་ཐ་སྙད་སྒྲུབ་པར་འགྲོ་ཟེར་བ་ཁོ་ལ་དཔེ་བླངས་པའི་ ཞིབ་ཆ་ཡིན་རྒྱུའི་ཁུངས་བྱས་པ་དེ་ཀར་གདའ། འབྲེལ་ཤིན་ཏུ་ཆུང༌། ཡང་འདིར་ཁ་ཅིག་གི་ བསམ་པ་ལ། བདག་ཡོད་ཅེས་སྨྲ་བ་ཕྱི་རོལ་པ་དང༌། མེད་ཅེས་སྨྲ་བ་སངས་རྒྱས་པའོ་སྙམ་ དུ་སེམས་མོད་ཅེས་བྲིས་ཏེ། དེ་འདྲ་སེམས་ཅན་གྱི་ནང་ན་སྲིད་མཉམ་ན་ནི་སྲིད་ཤས་ཆེ། གཞན་དེ་འདྲ་རང་ཆེར་མེད་དམ། ཡང་བདག་གི་ཐ་སྙད་ཁས་བླངས་པས་ཕྱི་རོལ་པར་འགྲོ་ ན་སྟོན་པ་ཡང་དེར་ཐལ། ཐ་སྙད་ཁས་མ་བླངས་པ་ཙམ་གྱིས་སངས་རྒྱས་པར་འགྲོ་ན། བྱ་ དང་རི་དྭགས་དེར་ཐལ་ཟེར་བ་ཡང་འབྲེལ་མེད་གཡས་ཆུང་སྟེ། ལར་ཕྱོགས་སྔ་མེད་པའི་ ཐལ་འགྱུར་འདིས་ཅི་བྱ། འོན་ཀྱང་འདིར་དཔྱད་དེ། བདག་གི་ཐ་སྙད་ཁས་མི་ལེན་པའི་གྲུབ་ མཐའ་སྨྲ་བ་རང་སུ་ཡང་ཡོད་མི་ཐང༌། ཁས་ལེན་ཟེར་བ་དེ་གྲུབ་མཐའ་ཁས་ལེན་པ་ལ་ཟེར་ བ་ཡིན་པས། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱི། །ཇི་ལྟར་ང་དང་ང་ཡིར་བསྟན་ 23-1-64 པ་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་ པ་ཡིན། །ཟེར་བ་དེ་ཙམ་གྱིས་སྟོན་པས་བདག་གི་ཐ་སྙད་ཞལ་གྱིས་བཞེས་པར་ཏ་མི་འགྲོ། ལར་གྱི་འཇུག་པའི་ཚིག་དེ་ཡང་མི་འཐད་དེ། དངོས་པོ་རྣམས་ཡོད་པར་གསུངས་པའི་མདོ། སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཡིན་ཏེ། སངས་རྒྱས་ཀྱིས་ང་ཉིད་དེའི་ཚེ་བྱ་བ་དང༌། ངའི་ཉན་ཐོས་ཞེས་གསུངས་པ་དང་འདྲ་ཟེར་རྒྱུར་འདུག་པ་ལ་དོན་དུ་ནི། རྒྱལ་བས་དེ་ལྟར་ གསུངས་པ་དེ་སྒྲ་ཇི་བཞིན་པ་ཡིན་གྱི། གཞན་དུ་དྲང་ཞིང་བསྒྱུར་བ་མི་དགོས་པའི་ཕྱིར་རོ། ། ནང་པ་རྣམས་ཀྱང་བདག་གི་ཐ་སྙད་དུ་མ་ཟད། དོན་ཡང་ཁས་ལེན་པ་ཤ་སྟག་སྟེ། ཁ་ ཅིག་གདགས་གཞི་ཕུང་པོ་སྤྱི་བཏགས་པའི་བཏགས་ཡོད་དང༌། ཁ་ཅིག་ཡིད་ཤེས་ལ་ བཏགས་པའི་བཏགས་ཡོད་དང༌། ལ་ལ་ཀུན་གཞི་ལ་བཏགས་པར་འདོད། ང་བདག་གཏན་ མེད་མ་ཡིན། བཏགས་ཡོད་དུ་འདོད་པས་ཡོད་པའི་རྣམ་གྲངས་ཁོ་ན་ཡིན་ལ། དེ་དག་ལ་ མི་འཐད་པ་ཡང་ཆེར་མེད། ནང་པའི་ཉན་ཐོས་སྡེ་པ་ལྔ་བདག་རྫས་གྲུབ་ཏུ་འདོད་པ་ཚོ་མི་ འཐད་པ་ཡིན། ཤེས་བྱ་ལ་གཏན་ནས་མི་སྲིད་པའི་བདག་དེ། རྟག་གཅིག་རང་དབང་ཅན་ ལ་ཟེར། འདི་ཀུན་བཏགས་ཁོ་ན་ཡིན་ཅེས་ཕལ་ཆེར་ཟེར་བ་མི་འཐད། ལྷན་སྐྱེས་ཀྱིས་ཀྱང་ འདི་ཁོ་ནར་རློམ་པ་ཡིན། དེས་ན་མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་ཀུན་བཏགས་ཚོ་ ཡང༌། ལྷན་སྐྱེས་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན། བདག་འཛིན་ལྷན་སྐྱེས་ཀྱི་འཛིན་ སྟངས་ཀྱིས་བཟུང་བ་ལྟར་ཤེས་བྱ་མི་སྲིད་པ་ཡིན་ནོ། །འདིའི་ཆོས་སྐད་ཟར་ཟུར་འདི་ཚོ་ལ་ དཔགས་ན། མི་ནག་པ་ཆོས་སྐད་གྱལ་གྱོལ་སྨྲ་མཁན་གྱི་ཚིག་གམ། ཁམས་འཁྲུགས་ཤིང་ སྨྱོས་པ་གཅིག་གི་ཚིག་རང་ཡིན་པ་འདྲའོ། ། ཤོག་རིལ་འདི་ནི། མཆོག་སྤྲུལ་དམ་པ་དེའི་གསུང་མ་ཡིན་པར་མ་ཟད་དེ་བསྐུར་ འདེབས་རང་ལོས་ཡིན། ལར་རྗེ་དེ་ཉིད་འཚོ་ཞིང་བཞེས་པའི་དུས་ཀྱང་སྡེ་དཔོན་སོ་སོའི་ས་ 23-1-65 དང་རྒྱལ་ཁམས་ཐ་དད་དུ་མི་སྣ་ཡོང་མཁན་རྣམས་ཀྱིས། གསུང་མ་ཡིན་པ་ལ་ཡིན་པར་རྫུ་ བའི་ཤོག་དྲིལ་རེ་ཁྱེར་ནས་ག་གེ་མོ་ཡིན། ཆེ་ཆེ་མོ་ཡིན། ཆེད་དུ་བརྗོད་པ་ཡིན་ཅེས་འཕྲལ་ འཕྲལ་རང་ཡོང་བ་ཞིག་ཡོད། དེ་ལ་གྲྭ་རིགས་ཡོན་བདག་ཚོས་ཆེ་བ་སྒྲོག་གང་ཐུབ་བྱས་པ་ ན། མ་དད་པ་ཚོས་བསྐུར་པ་མང་པོ་བྱེད་ཅིང༌། ཞྭ་དམར་ཅན་གྱི་ཞལ་གཟིགས་དང༌། ཞྭ་ དམར་ཅན་གྱི་ལུང་བསྟན་འདྲ་ཨང་ཟེར་བརྙས་བཅོས་འབའ་ཞིག་བྱེད། དེ་ཕྱོགས་འཛིན་པ་ ཚོས་མི་བཟོད་པར། ཤགས་རྒོད་དང་ཁ་འཐབ་འཕྲལ་འཕྲལ་འོང་ཞིང༌། རེ་འགའ་ལག་ཐུག་ ཡོང་དུ་ཆ་བ་ཡང་བྱུང༌། བླ་མའི་ཞབས་ཐོག་ཏུ་བསམས་ནས་བྱས་པར་འདུག་ཀྱང༌། བླ་མའི་ ཞབས་འདྲེན་དང༌། མི་མང་པོའི་སྡིག་གསོག་གི་རྒྱུར་འགྲོ་བ་ཞིག་སྔར་ཡང་ཡང་བྱུང་བས། ཕྱག་གཡོག་དང་གྲྭ་རིགས་ཡི་གེ་དང་སྤོར། རྩོམ་དགའ་ཚོད་པ་ལ་ཡོན་ཏན་གོ་བ་རབ་བེ་ རིབ་བེ་འདྲ་ཚོ་བག་ཡོད་ལ་འཁོད་ན་མཛེས་སོ།། དེ་ནས་པཎྜི་ཏས་ཟེར་བ་མན་ཆད་ནི་དེ་ཀ་མཐུས་པ་འདུག་ལགས། འདིར་གོང་དུ་ཉི་ཟླ་ འཆིང་ཟེར་བ། ཕྱིའམ་ནང་གང་ཡིན་འདྲི། རྫུ་འཕྲུལ་གྱི་ལམ་ཟེར་བ་ལ། རྫུ་འཕྲུལ་གྱི་སྐད་ དོད་རྀདྡྷི་ལ་ཟེར་ན། ཕྱི་པ་དང་ནང་པ་ངོས་འཛིན་མི་གཅིག་ལགས། དེ་བཞིན་དུ་བསམ་ གཏན་གྱི་དྷྱ་ན་ལ་ཡང་གོ་བ་མི་གཅིག་པ་སོགས་དུ་མ་ཡོད་དེ་ད་ལམ་འདིར་ཕྱོགས་ཙམ་ཟུར་ ཙམ་སྨོས་པ་ཡིན། འདིའི་ཁུངས་དོན་གསལ་པོར་སྟོན་དགོས་ན། ཡི་གེ་མང་དུ་དགོས་པ་ འདུག་ལགས། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་གཡར་ཁྲལ་ལོ།། །།ཞུས་སོ། །མངྒ་ལཾ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༩༠༽ 23-1-66 ༄༅། །ཚིགས་བཅད་བཅུ་པ་ཞེས་བྱ་བ་ལམ་གྱི་ རིམ་པ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། རྒྱ་གར་སྐད་དུ། དཱ་ཤ་ག་ཐཱ་ནཱ་མ་མཱརྒ་ཀྲ་མ། བོད་སྐད་དུ། ཚིགས་ བཅད་བཅུ་པ་ཞེས་བྱ་བ་ལམ་གྱི་རིམ་པ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མཆོག་ཏུ་བླ་མ་ ལ་ནི་དང་པོར་ཕྱག་འཚལ་ཡེ་ཤེས་བཙུན་མོ་རྡོ་རྗེ་བདེ་མར་གུས་བཏུད་ནས། །རིགས་ཅན་ ལེགས་པར་གྲགས་པ་མགུ་བ་སྐྱེད་བྱེད་སྔགས་རྒྱུད་ལམ་ནི་སྤྱན་ལྡན་ཀུན་གྱིས་བཤད་པ་ དང༌། །བདེ་བ་ཆེན་པོ་རྡོ་རྗེའི་ལུང་ནི་ཐོས་པར་གྱུར་པས་ངེས་པར་བྱའོ་བདུན་གྱི་ངེས་པ་འདི། ། ལམ་དང་བཅས་པའི་ཟླ་བ་རྟ་དམར་ས་ཡི་ཚུལ་ནི་ལག་པའི་རིམ་པ་དེ་རྗེས་སྤྱོད་དང་འབྲས། ། རྟོག་པའི་རྣལ་འབྱོར་དང་ནི་དྲན་པ་གཅིག་དང་གསལ་བར་དམིགས་པ་དང་བཅས་རྫོགས་ པ་འདི་རྣམས་ལ། །རྣམ་གསུམ་ཚོགས་ཀྱི་ལམ་དུ་འགྱུར་ཏེ་ཡེ་ཤེས་གསུམ་དང་རྣམ་པར་ རྟོག་པ་གསུམ་བྲལ་ཡེ་ཤེས་སྐུ། །ཕྲ་མོ་གསུམ་ཉམས་དེ་བཞིན་བྱང་ཆུབ་སྐད་ཅིག་གསུམ་ནི་ བཅུ་གཉིས་སྦྱོར་བའི་ལམ་སྟེ་དོན་དམ་གྱི། །དགའ་བའི་བདེན་པ་མངོན་རྟོགས་མཐོང་བའི་ ལམ་སྟེ་བཅུ་གཉིས་ས་ནི་ཡན་ལག་བདུན་ནོ་དེ་ལས་འབྲས། །དྲོ་བ་ནས་ནི་ཆོས་ཀྱི་མཆོག་ དང་ཐོག་མ་དེ་བཞིན་ཐ་མའི་ས་མཐར་རི་བོང་ཅན་འགག་གོ །གཅིག་ནི་རྟོག་དང་གཉིས་པ་ སྦྱོར་བ་དེ་དག་བདེན་པ་མཐོང་བས་འགག་ཅིང་འགགས་པ་དེ་ལས་སླར། །ས་བཅུའི་ཐ་མར་ དབུགས་དག་འགོག་པ་རགས་དང་དབུས་མ་དང་ནི་ཕྲ་མོའི་དབྱེ་བ་ཤེས་པར་བྱ། །བྱིས་པའི་ ལམ་དང་ཆོས་ཀྱི་སྐུ་ནི་བཅུ་དང་བཅས་པ་འདིར་ནི་ས་སྟེ་རྩ་ལ་སོགས་རྣམས་ཀྱི། །བགྲོད་ པ་འགྱེལ་བའི་སྦྱོར་བ་བཅུ་གཉིས་ས་རུ་འགྱུར་ཏེ་འོད་གསལ་དེ་བཞིན་མཚུངས་པའི་རྡོ་རྗེ་ 23-1-67 འཛིན། །ཡན་ལག་བཅུ་གཉིས་འཕོ་བ་དང་བཅས་ཁུ་བ་འགགས་པས་ལུས་དང་ངག་ཡིད་རྡོ་ རྗེའི་རྒྱུ་ཉིད་དོ། །འཕགས་པ་རྣམས་ཀྱི་བཅུ་གཉིས་ས་ལ་དེ་རྣམས་ཉིད་ཀྱི་ཕྲ་མོ་ས་བོན་དང་ བཅས་ཤིན་ཏུ་འགགས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན་ཅིང་ཆོས་ཀྱི་སྤྲིན་ལས་ཤིན་ ཏུ་དབྱེ་བ་ཐ་མའི་ས་གསུམ་པོ། །ཐ་དད་གཞུང་ལུགས་སྣ་ཚོགས་རྒྱུད་དུ་བསྟན་པ་དག་ནི་ཅུང་ ཟད་ཅུང་ཟད་དབྱེ་བ་ཁོ་ན་སྟེ། །བར་ཆད་མེད་དང་རྣམ་པར་གྲོལ་བར་དུས་ཀྱི་འཁོར་ལོ་ལས་ བྱུང་གཞན་དུ་སྦྱོར་དང་བཅས་པ་ཡང༌། །ཁྱད་པར་ལམ་ཡང་ཁ་ཅིག་ཏུ་སྟེ་སྟོང་པ་གསུམ་དང་ སྐུ་ཡི་རབ་དབྱེ་རྒྱུད་དང་རྒྱུད་དུ་སྟེ། །ཀུན་ཏུ་འོད་སོགས་སློབ་དང་མི་སློབ་ས་རྣམས་རེ་རེར་ བཅུ་གཉིས་བཅུ་གཉིས་ཀུན་ལ་དབྱེ་བས་སོ། །རིམ་པ་དང་པོ་ཚོགས་ཀྱི་ས་དང་སྐྱེ་བ་གཅིག་ གིས་ཐོགས་པར་འགྱུར་ལ་དྲོ་བ་ཆེན་པོར་ནི། །ཀུན་ཀྱང་བགྲོད་པ་གཅིག་ཏུ་ཞུགས་ཤིང་ སྣང་བ་ལ་སོགས་ཐོབ་ལ་བར་དོར་འདའ་དང་སྐྱེ་བའང་ཡོད། །བདག་ལ་བྱིན་རླབས་ཐོབ་ ནས་སྐྱེ་བར་མི་འགྱུར་གང་ཕྱིར་གནས་སྐབས་གསུམ་ལ་འཕགས་པའི་གནས་ཐོབ་པོ། །གྲུབ་ པའི་ཁྱད་པར་འགའ་དང་བརྩོན་ལྡན་མིན་ཡང་རང་བཞིན་ལྷན་ཅིག་སྐྱེས་པས་ལུས་གཞན་ ངེས་པར་སྒྱུར། །འབྲས་བུ་དང་མཚུངས་རྟོག་པའི་རྒྱུ་ཅན་བདེ་བ་ཆེ་དང་སྟོང་པའི་རྣམ་པ་ ལྷ་ཡི་གཟུགས་བརྙན་ནི། །བདེ་བ་ཅུང་ཟད་ལམ་དུ་བྱེད་ནུས་སྣང་དང་འཛིན་པ་ལྷོད་བྱེད་ རྫོགས་པ་སྦྱོང་བ་དང་པོ་སྟེ། །མ་རྟགས་ལུས་དང་སེམས་ལས་ཡེ་ཤེས་འབྱུང་བ་དབུ་མར་ བྱེད་པ་སྣ་ཚོགས་བཅིང་བ་ཉིད་ལས་སོ། །སྐྱེད་པས་དྲངས་དང་ནང་གི་བདེ་རིག་མངོན་སུམ་ ལྷ་དག་ལྷན་ཅིག་སྐྱེས་པ་རྒྱུ་དང་བཅས་པར་དབྱེ། །གྲུབ་པ་སྤྱོད་པའི་རྒྱུ་ཅན་དང་པོ་པ་དང་ སྐུ་ཡི་དོན་དང་དེ་ཉིད་རྣམ་པར་སྦྱོང་བ་དང༌། །སེམས་ཅན་དོན་དང་དོན་ཆེན་ཉེ་བའི་རྒྱུ་ནི་ གཞན་ཡང་ཉེ་ཚེ་ལམ་ལ་སྣ་ཚོགས་དབྱེ་བ་སྟེ། །ངོ་བོ་ཉིད་དང་དེ་བཞིན་གཞན་ནི་སྤྱོད་པའི་ ཚུལ་དང་དགོས་པ་དག་སྟེ་སླར་ཡང་དེ་ནས་གཞན། །གནས་ཀྱི་དབྱེ་བ་མཛད་དེ་དུས་དང་ 23-1-68 ཆོ་ག་ན་ཚོད་བསམ་པ་འདོད་ཆགས་ཤེས་རབ་ཀྱིས་ཀྱང་གཞན། །དྲག་ཤུལ་སྦྱོར་བ་རྣམ་པ་ གཉིས་སུ་འགྱུར་ཏེ་རིམ་པ་གཉིས་ལ་སྟོང་ཉིད་གོམས་པ་དག་གིས་སོ། །གཅིག་ནི་འཇིག་ རྟེན་དངོས་གྲུབ་དོན་ནོ་གླང་པོའི་བདག་པོ་རྟ་ཡིས་འཐབ་བཞིན་རྫོགས་པ་ལ་གནས་པས། ། མཚན་མའི་སྤྱོད་ལ་འཇུག་པ་ཉིད་དོ་དབང་བསྐུར་བ་དང་ཡོངས་སུ་འབྲེལ་བའི་ཉེ་བའི་རྒྱུ་ ཞེས་བྱ། །སེམས་དབྱེན་པ་དང་ངེས་པར་བྱང་ཆུབ་གཉིས་ཀྱང་དབང་ལས་གྱུར་པ་སྤྲུལ་དང་ ལོངས་སྤྱོད་རྫོགས་ལས་སོ། །བཞི་དང་བཅུ་དྲུག་སྐུ་སྟེ་ཡེ་ཤེས་རྣམ་པ་ལྔ་ནི་ཡན་ལག་བདུན་ དང་ལྡན་པ་འབྲས་བུ་སྟེ། །སྐུ་དང་བརྗོད་ཚུལ་ཞིང་དང་མཛད་པ་འདི་ལ་རང་དང་གཞན་རྒྱུད་ བདེན་པ་གཉིས་ཀྱི་དབྱེ་བས་སོ། །དེ་ལྟར་བདག་གིས་བླ་མ་ཆེན་པོའི་གཞུང་ནི་ཚིགས་བཅད་ བརྒྱ་ཕྲག་གཉིས་ལས་སྙིང་པོ་ཙམ་ཞིག་བསྡུས། །ལམ་ནི་ལྔ་པ་བསྟན་པའི་དོན་འདིར་འབད་ པའི་དགེ་ལས་འགྲོ་བ་ཀུན་ལ་ཡེ་ཤེས་རྒྱས་གྱུར་ཅིག ། ཅེས་ཚིགས་བཅད་བཅུ་པ་ཞེས་བྱ་བ་ལམ་གྱི་རིམ་པའོ། །སློབ་དཔོན་བུདྡྷ་གུཔྟས་ཉེ་བར་ སྦྱར་བའོ། །བླ་མ་དེ་ཉིད་ལ་ལེགས་པར་བརྟེན་ཅིང་ཉན་ནས། སླར་ཡང་དེ་ཉིད་ཀྱི་སློབ་མ་ པུརྞྞ་བཛྲ་ལ་ཞུས་ཏེ། ཏཱ་ར་ནཱ་ཐས་བསྒྱུར་བའོ།། །།མངྒ་ལཾ། དུས་རྣམས་ཀུན་ཏུ་ནད་མེད་ཚེ་རིང་ཞིང༌། །ཕྱི་ནང་འགལ་རྐྱེན་བར་ཆད་ཀུན་ཞི་ནས། ། འཇིག་རྟེན་འཇིག་རྟེན་འདས་པའི་ཕུན་ཚོགས་ཀུན། །འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་ པར་ཤོག །ཅེས་པའང་ཏཱ་ར་ནཱ་ཐས་སོ།། །། པར་ཡིག་གཉིས་ཀྱི་འདུ་བྱེད་བྱམས་རྒྱན་དགེ།ཤུབྷཾ། ༼མ་ཡིག རྟག་བརྟན་པར་མ་དང་། འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ལ། ༡༦༩༽ 23-1-69 ༄༅། །ཕྱག་རྒྱ་ཆེན་པོ་མི་གཡོ་བའི་རྣལ་འབྱོར་གྱི་ ཁྲིད་ཡིག་བཞུགས་སོ། ། ༄༅། །ན་མོ་བཛྲ་དྷ་རཱ་ཡ། ཕྱག་རྒྱ་ཆེན་པོ་མི་གཡོ་བའི་རྣལ་འབྱོར་ཉམས་ལེན་དུ་བྱེད་ པའི་རིམ་པ་ཟབ་མོའི་དོན་གྱི་ཉིང་ཁུ་མཐའ་ཡས་པའི་གཟུགས་ཅན་མི་འགྱུར་བདེ་བའི་སྒོ་ ཞེས་བྱ་བ་རིགས་མ་ལུས་པའི་བདག་པོ། དཀྱིལ་འཁོར་ཀུན་གྱི་གཙོ་བོ། བྱང་ཆུབ་སེམས་ དཔའ་ཐམས་ཅད་ཀྱི་[དཔལ[ཡབ]། ཉན་ཐོས་དང་རང་རྒྱས་ཐམས་ཅད་ཀྱི་བླ་མ། ལྷ་དང་ བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ། དྲུག་པ་རྡོ་རྗེ་འཆང་དང་གཉིས་སུ་མ་མཆིས་པ། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་ཛྙཱ་ན་པ་དཱ་ནཱ་ཐ་ཞེས་འཇིག་ རྟེན་གསུམ་དུ་ཡོངས་སུ་གྲགས་པ་དེའི་ཞབས་ཀྱི་པད་མོར་གུས་པས་ཕྱག་འཚལ་ལོ། ། དཔལ་ལྡན་འགྱུར་མེད་ཡེ་ཤེས་བདེ་བ་ཆེ། །བརྟན་གཡོ་ཀུན་ཏུ་འཆར་བ་གཉུག་མའི་ སེམས། །རང་ཉམས་གྱུར་ལས་སྐུ་བཞིའི་རྣམ་རོལ་དུ། །སྟོན་མཁས་དཔལ་ལྡན་བླ་མས་ བདག་སྐྱོངས་ཤིག ། དེ་ལ་འདིར་རྡོ་རྗེ་ཐེག་པ་ལ་ཡང་དག་པར་ཞུགས་པའི་སྒྲུབ་པ་པོ་རྣམས་ཀྱི་ཆེད་དུ་བྱ་ བའི་གཙོ་བོ་ནི་མ་ལུས་པའི་འགྲོ་བ་རྣམས་གློ་བུར་གྱི་དྲི་མ་ལུས་པ་མེད་པ་ཉིད་དུ་རང་ངོ་ ཤེས་པས། འགྱུར་བ་མེད་པའི་བདེ་བ་ཆེན་པོ་ཉིད་རྣམ་པ་ཐམས་ཅད་དུ་སྣང་བའི་རང་རྩལ་ འགག་མེད་དུ་འཆར་བ་གཞི་ལ་བཞུགས་པ་དེ་ཉིད་མངོན་དུ་བྱ་བ་ཉིད་ཡིན་ལ་དེ་ཡི་ཆེད་དུ་ བདག་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མི་འགྱུར་བའི་བདེ་བ་དབྱེར་མེད་པ་རྡོ་རྗེ་ བཞི་ཡི་གོ་འཕང་ཐོབ་པར་བྱ་དགོས་པས་དེ་ཐོབ་པར་འདོད་པ་ཉིད་ངེས་པ་ཁོ་ནར་དགོས་ 23-1-70 ཤིང༌། དེ་ལྟར་རང་དང་གཞན་གྱི་དོན་བླ་ན་མེད་པ་སྒྲུབ་པར་འདོད་པས་ཐོག་མར་སྐྱབས་སུ་ འགྲོ་བ་ལ་འབད་པར་བྱ་དགོས་ལ། དེ་ཡང་དམིགས་པའི་སྤྲོས་པ་ནི་རང་གི་མོས་པ་དང་སྦྱར་ ཞིང༌། དཔལ་ལྡན་བླ་མ་ཉིད་སྐྱབས་གནས་ཀུན་གྱི་ངོ་བོར་ལྟ་བའི་དད་པའི་སྒོ་ནས་ཡིད་ཆེས་ ཀྱི་བློས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་དང༌། ཇི་སྲིད་ན་དད་པའི་གདུང་ཤུགས་དེ་ཉིད་ཀྱི་ ངང་དུ་འཛིན་མེད་དུ་འཇོག་པ་ཉིད་སླར་ནས་སླར་དུ་བསྒོམ་པར་བྱ་ཞིང༌། དེ་ནས་སྔར་བཤད་ པའི་སེམས་བསྐྱེད་ལ་ནན་དུ་བྱས་ལ། དེ་ནས་དངོས་གཞི་ལ་འཇུག་པར་བྱ་སྟེ། དེ་ཡང་ མཉམ་པ་ཉིད་དང༌། དངོས་པོ་གསལ་བའི་རྣལ་འབྱོར་གཉིས་ཀྱི་སྒོ་ནས་ཉམས་སུ་བླངས་ དགོས་ལ། དེ་ལ་གང་དང་ཅི་སྣང་བ་དེ་དང་དེ་ལ་ཞེན་པ་མེད་པར་གཏད་མེད་དུ་འཇོག་པ་ མཉམ་པ་ཉིད་དང༌། དེར་སྣང་བ་ཀུན་གང་དུ་ཡང་གྲུབ་པ་མེད་པར་སོ་སོར་རང་གིས་རིག་པ་ ནི་དངོས་པོ་གསལ་བའི་རྣལ་འབྱོར་རོ། ། དེ་ལྟར་ཉམས་སུ་བླང་བྱའི་ལམ་རྣམས་ལས་ཕྲ་མོ་ལྷའི་རྣལ་འབྱོར་ནི། གང་དང་གང་ སྣང་བ་ཐམས་ཅད་ལ་གླང་པོ་ཆེ་མྱོས་པའི་ལྟ་སྟངས་ཀྱིས་རྩེ་གཅིག་ཏུ་འཇོག་སེམས་ཀྱི་ གནད་དང༌། གང་ཡང་མི་སྨྲ་བར་དབུགས་རང་རྒྱུ་བ་ཅི་བདེར་བྱེད་པ་ངག་གི་གནད་དང༌། རྐང་པ་རྡོ་རྗེ་དཀྱིལ་ཀྲུང་དང་ལག་པ་ཁུ་ཚུར་བརླ་བཞག་གམ་མཉམ་བཞག སྒལ་ཚིགས་ དྲང་པོར་སྲང་བ་དང༌། སྤྱི་གཙུག་སྟེང་གི་ནམ་མཁར་བསྟན་ལ་མིག་གཡས་གཡོན་དུ་མ་ཡོ་ བར་བར་སྣང་གི་ནམ་མཁའ་ལ་གཡོ་མེད་དུ་འཇོག་པ་དང་སོ་མཆུ་རང་སར་འཇོག་ཅིང་ལྕེ་ རྐན་ལ་སྦྱར་བ་དང༌། དང་པོར་མུན་ཁང་དང་རྟན་པ་ཅུང་ཟད་ཐོབ་ན་འོད་ཁང་དང་བར་ཁང་ རྣམས་སུ་བྱེད་བཅིངས་འཆའ་བ་ནི་ལུས་ཀྱི་གནད་དོ། །དེ་ཚེ་སེམས་མི་གནས་པའམ་མི་ གསལ་ན། དཔྲལ་བའི་དྷཱུ་ཏཱིར་ཧཱུཾ་འོད་འཕྲོ་བ་གསལ་བཏབ་ལ་ཡུད་ཙམ་དེ་ལ་སེམས་བཟུང་ སླར་མི་དམིགས་པར་འཇོག དེ་ལ་ཡང་མི་གནས་ན་རང་བདེ་མཆོག་ལྷན་སྐྱེས་སུ་གསལ་ 23-1-71 ཙམ་བྱས་ཏེ་སླར་དམིགས་མེད་འཇོག དེ་ལྟ་བུ་ཡང་ཡང་གོམས་པར་བྱས་པས་མི་རྟོག་པའི་ ཏིང་ངེ་འཛིན་སྐྱེས་ལ། དེ་དག་ཀྱང་སེམས་མི་གནས་པ་དང་མི་བསལ་ན་བྱ་ཡི། གཞན་དུ་ སྤྲོས་པ་མང་པོའི་ངལ་བས་ཅི་གང་གི་ཚེ་བསལ་ལ་རྟོག་པ་མེད་པར་གནས་པ་དེའི་ཚེ། རྣམ་ ཀུན་མཆོག་ལྡན་གྱི་སྟོང་པའི་གཟུགས་བརྙན་ཙམ་མཐོང་བར་འགྱུར་ཏེ་དུ་བ་ལ་སོགས་པ་ རྣམ་པ་བཅུ་པོ་རྣམས་སོ། །དེ་དག་སྔར་མཐོང་ཡང་འགྲིབས་པ་དང༌། ཐོག་མའི་དུས་ལས་ ཅུང་ཟད་ཀྱང་ཁྱད་པར་དུ་མ་གྱུར་ན། སྣང་གྲགས་བརྟན་གཡོའི་དངོས་པོ་འཁྲུལ་པའི་སྣང་ བ་འདི་དག་ཐམས་ཅད་དོན་དུ་གྲུབ་པ་མེད་ཅིང༌། འོན་ཀྱང་འཆར་སྒོ་མ་འགགས་པ་རང་ སེམས་ཀྱི་ཆོ་འཕྲུལ་ངོ་ཤེས་ངེས་ཤེས་སྐྱེད་དེ་སླར་ཡང་དམིགས་མེད་ལ་འཇུག་པ་ཡང་ཡང་ གོམས་པར་བྱེད་པ་ནི་བོགས་འབྱིན་པ་སྟེ། འདིས་ངེས་པ་ཁོ་ནར་སྟོང་གཟུགས་ཁྱད་པར་དུ་ འགྱུར་རོ། །དེ་ནས་བསྟན་པའི་རྣལ་འབྱོར་རྣམས་འཇུག་པར་བྱ་སྟེ། དུ་བ་ལ་སོགས་པའི་ སྟོང་གཟུགས་རྣམས་ལ་ཅུང་ཟད་ཀྱང་ཞེན་པ་མེད་པར་ལྟ་བ་དང༌། དེ་ཉིད་ཀྱི་བདེ་བ་མྱང་བ་ དང༌། དེ་ཉིད་ཆོས་ཐམས་ཅད་ཀྱང་སེམས་ཀྱི་ངོ་བོར་ཤེས་པ་དང༌། མི་རྟོག་པའི་རིང་ནས་ ཤིན་ཏུ་སྦྱངས་པའི་བདེ་བ་ལ། སེམས་རྩེ་གཅིག་ཏུ་འཇོག་པ་སྟེ་དེ་དག་གིས་སྟོང་གཟུགས་ རྣམས་བརྟན་པར་འགྱུར་ལ། རྣལ་འབྱོར་འདི་ལ་གོམས་པར་བྱས་པས་ནམ་ཞིག་ན་བར་ ཁང་དང་སྣང་ཁང་དུ་སྦྱངས་པས་བརྟན་གཡོ་ཐམས་ཅད་སྟོང་གཟུགས་སུ་འཆར་བར་འགྱུར་ ཏེ། མཐོ་རིས་མི་ཡུལ་ས་འོག་རྣམས། །སྐད་ཅིག་གིས་ནི་གཟུགས་གཅིག་འགྱུར། །ཞེས་ པའི་ངེས་པ་ལས་སོ། །དེ་ལྟར་ཕྲ་མོའི་རྣལ་འབྱོར་གྱིས་སྟོང་གཟུགས་ལེགས་པར་བསྒྲུབས་ ནས། དེ་དང་བུམ་པ་ཅན་སྲེ་བས་བོགས་དབྱུང་བར་བྱ་སྟེ། དབང་པོ་དམན་པས་དེ་ཉམས་ སུ་བླང་བའི་ཚུལ་ཡང་འདི་ཡིན་ཏེ། དེ་ཡང་རྡོ་རྗེའི་བཟླས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་ ངེས་ལ། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་གཏང་ནས། སེམས་ཉིད་གཡོ་མེད་དུ་གཞག་ 23-1-72 སྟེ། སྟོང་གཟུགས་ཤར་བ་ན། ལྟེ་བར་གཏུམ་མོ་སོར་གང་ཙམ་པ་ཕྲ་ཞིང་རྣོ་ལ་ཚ་བ་ཅུང་ ཟད་གཡོ་བ་བསལ་བཏབ་སྟེ། ཐོག་མར་རླུང་འབུད་པ་ཤུགས་བར་མ་ཞིག་བྱས་ལ། དེ་ནས་ སྟེང་རླུང་གསང་བའི་རྩེར་མནན། སླར་འོག་རླུང་ཤུགས་སྐྱེད་དེ་མགྲིན་པར་དྲངས། སླར་ བདེ་སྐྱོང་འཁོར་ལོ་བཟུང༌། དེ་ནས་ཤུགས་དྲག་པོས་སྟེང་རླུང་འབུད། དེ་ནས་བརྩམས་ཏེ་ ཐུན་གྱི་མཐའི་བར་བུམ་པ་ཅན་གྱི་སྦྱོར་བ་དངོས་བྱ་སྟེ། རླུང་འབྱིན་པ་ན་ཤིན་ཏུ་དལ་ཞིང་ འཇམ་པ་ཉིད་དུ་བྱ་ཞིང་ནང་དུ་འཇུག་པ་ན་མྱུར་བར་དྲངས་པ་ལྟེ་བའི་ཙཎྜ་ལཱི་ལ་ཕོག་པས་དེ་ སྟོབས་སུ་གྱུར་པར་བསམ། རླུང་འཛིན་པའི་ཚེ། མ་གོམས་པ་རྣམས་ཀྱིས་བར་ཆད་མི་སྡང་ བའི་ཕྱིར། ཐོག་མ་ལྟེ་བ་ཁོ་ནར་བྱ་སྟེ། དེ་ཡང་སྟོང་གཟུགས་དང་ཙཎྜ་ལཱི་དང་སེམས་གསུམ་ གཅིག་ཏུ་སྲེས་ལ་ཉམས་སུ་བླང་བར་བྱའོ། །དེ་ལྟ་ན་ཡང༌། ཙཎྜ་ལཱི་རང་ཉམས་སུ་མ་གྱུར་པ་ དེའི་ཚེ། ལུས་ཀྱི་དབུས་སུ་རྩ་ཨ་བ་དྷཱུ་ཏཱི་སོག་མ་འབྲིང་པོ་ཙམ་ཁ་དོག་ལྗང་ཁུ་དྭངས་ཤིང་ཕྲ་ ལ་གསལ་བ་དང༌། རླུང་ཡང་འབྱུང་འཇུག་གཉི་ག་ལ་མྱུར་དལ་བར་མ་འཆོལ་བར་བྱས་ལ། རླུང་དང་གཏུམ་མོ་དང་སྟོང་གཟུགས་གཅིག་ཏུ་སྲེས་ལ་རྩེ་གཅིག་ཏུ་ཉམས་སུ་བླང་བར་བྱ་བ་ ཉིད་ཡིན་ལ། དབང་པོ་རྣོན་པོ་རྣམས་ཀྱི་རླུང་གི་ཚུལ་སྔར་བཞིན་ལ། དམིགས་པ་མེད་པའི་ ངང་ཉིད་ལ་མཉམ་པར་བཞག་པར་བྱའོ། །དེ་ལ་ཡང་བུམ་པ་ཅན་ལྟེ་བར་བརྟན་ནས་རིམ་པ་ བཞིན་སྙིང་ཁ། མགྲིན་པ། སྤྱི་བོ་དཔྲལ་བ་གསང་བ་རྣམས་སུ་འབྱུང་བ་དྲུག་གི་རླུང་བརྟན་ པར་བྱའོ། །སྟོང་གཟུགས་བསྒྲུབས་པའི་སྟོང་གཟུགས་ཉིད་ཙཎྜ་ལཱི་ཡིན་པས་དེ་རང་ཉམས་ སུ་བྱེད་པ་གཏུམ་མོའི་རིམ་པ་ཡིན་ལ། དེར་བུམ་ཅན་གྱི་སྦྱོར་བས་རླུང་རྣམས་འཁོར་ལོ་ དྲུག་ཏུ་གཡོ་མེད་དུ་བཅིངས་ཤིང་བུམ་པ་ཅན་འབྲིང་པོ་ཡན་ཆད་དུ་བྱང་ཆུབ་ཀྱི་སེམས་རང་ བཞིན་གྱི་གྱེན་དུ་འགྲོ་བ་ཉིད་ཡིན་པས་དེ་ནས་མི་འགྱུར་བའི་བདེ་བ་སྒྲུབ་པ་དངོས་བྱ་སྟེ། དེ་ ཡང་དབང་པོ་རྣོན་པོའི་ཕྱག་རྒྱ་ཆེན་པོ་ལ་བསྟེན་པ་ནི་ཕྱག་རྒྱ་ཆེན་པོ་ཉིད་གོམས་པར་བྱས་ 23-1-73 པས་སྔར་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པའི་དབང་ལས་དགའ་བཞིའི་རང་བཞིན་གྱི་ མི་འགྱུར་བའི་བདེ་བ་སྐྱེ་བར་འགྱུར་བ་ཉིད་སླར་ནས་སླར་གོམས་པར་བྱའོ། །དེ་ཡི་བོགས་ དབྱུང་བའི་ཕྱིར། རྗེས་ཐོབ་ཏུ་ཡེ་ཤེས་ཕྱག་རྒྱ་བསྟེན་པར་བྱ་སྟེ། དེ་ཡང་རིག་མ་ཞིག་བསམ། དེ་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་གྱུར་པར་བསམ་ལ་ཡབ་ཡུམ་སྙོམས་པར་ཞུགས་པའི་ རྐྱེན་གྱིས་ཙཎྜ་ལཱི་རང་ཉམས་སུ་གྱུར་པས་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པའི་དགའ་བ་མྱོང་ བར་བྱ་ཞིང༌། དམིགས་མེད་ཀྱིས་གྱེན་དུ་གཤེགས་པར་བྱའོ། ། དེར་འཕོ་བར་འགྱུར་བ་ལྟ་ན། ཐིག་ལེ་སྟོང་གཟུགས་སེམས་རྣམས་གཅིག་ཏུ་སྲེས་ལ་ མཉམ་པར་བཞག་པར་བྱ་ལ་དེས་ཀྱང་ཟློག་པར་མི་ནུས་པ་ལྟ་ན། རུ་པི་ནཱི་དང་ཁཎྜ་རོ་ཧ་ དང་ལཱ་མ་དང༌། ཌཱ་ཀི་ནཱི་རྣམས་ཀྱིས་བསྐུལ་ཏེ་གྱེན་དུ་གཤེགས་པར་བསམ་མོ། །དབང་པོ་ དམན་པ་རྣམས་ཀྱིས་སྔར་མཉམ་རྗེས་ཀུན་ཏུ་ཡེ་རྒྱ་འབའ་ཞིག་ལ་བརྟེན་ཏེ་ཕྱིས་ཕྱག་རྒྱ་ཆེན་ པོ་མངོན་དུ་བྱ་བ་དང༌། དབང་པོ་ཆེས་རྣོ་བ་ཁ་ཅིག་སྐལ་བ་ཅན་ཡིན་ཡང་སྟེང་སྒོའི་བདེ་བ་ ཙམ་ལ་མི་གུས་པ་དག་གི་ཆེད་དུ། ལས་རྒྱ་ཡང་བཀའ་སྩལ་ལ། གཟུང་བ་དང་དབབ་པ་ཡང་ རིམ་གྱིས་གོམས་པར་བྱ་ཞིང༌། དེ་ལ་ཧཱུཾ་ཧཱུཾ་དང་ཁྱོགས་ནི་བསང་བ་ནས་བྱང་ཆུབ་ཀྱི་སེམས་ འདེགས་པ་དང༌། དེ་ནས་རིམ་བཞིན་ཟོ་ཆུན་གྱི་བར་གྱེན་དུ་གཤེགས་པ་དང༌། ལྟུམ་རྭ་འཆུ་ བ་ནི་དགྲམ་པ་ཡིན་ནོ། །འདི་དག་ནི་དབང་པོ་དམན་པ་མི་འགྱུར་བའི་བདེ་བ་མྱུར་དུ་སྒྲུབ་ པའི་ཕྱིར་ཡིན་ལ། ཕྱིས་སྟོང་པ་ཉིད་ཕྱག་རྒྱ་ཆེན་མོ་དང་སྦྱར་ནས་མངོན་དུ་བྱ་དགོས་ཏེ། རྣམ་པ་གཞན་དུ་ན་སྲིད་པའི་མཐའ་ཆེས་དཔག་དཀའ་བར་བྱེད་པ་ཉིད་ལས་གཞན་དུ་ཅི། འདི་ཡི་ངག་ཉམས་དང་ལུས་ཉམས་ཀྱི་དབང་དུ་བྱས་ཏེ་ཧ་སོགས་བརྒྱད་ཁྱོགས་ལ་སོགས་ པ་བཤད་ཅིང་མཐར་ཕྱིན་པའི་ཡོན་ཏན་གྱི་ཁྱད་པར་ནི་བྱང་ཆུབ་ཀྱི་སེམས་རྩོལ་མེད་དུ་གྱེན་ དུ་འགྲོ་ཞིང་ཁུ་ཁྲག་སྟེང་འོག་ཏུ་འགྲོ་བའི་དབང་ལས་བདེ་ཆེན་དང་གཞོམ་མེད་ཀྱི་སྒྲ་རྗེས་ 23-1-74 མཐུན་པ་ཐོབ་པ་ཉིད་དོ། ། ཕྱག་རྒྱ་ཆེན་པོ་ནི་ཕྲ་མོའི་རྣལ་འབྱོར་གྱིས་བསྒྲུབས་པའི་སྣང་སྟོང་དང་ཙཎྜ་ལཱིའི་ གསལ་སྟོང་གི་ཏིང་ངེ་འཛིན་དང་ཁྱད་པར་དུ་དགའ་བཞིའི་རིམ་པའི་བདེ་སྟོང་གི་ཡེ་ཤེས་ ངོ་བོ་གཅིག་ཏུ་གྱུར་པ་དེ་ཉིད་ཀྱི་ངང་ལ་མཉམ་པར་བཞག་པས་བྱང་ཆུབ་ཀྱི་སེམས་སྤྱི་ བོར་གཤེགས་པ་ཉིད་བརྟན་པར་བྱས་པའི་དབང་ལས་འགྱུར་བའི་བདེ་བ་བག་ཆགས་དང་ བཅས་པ་རིམ་གྱིས་འགག་ཅིང༌། དེ་ཡང་ས་རེ་རེ་ཐོབ་པས་འཁོར་ལོ་རྣམས་སུ་སྟོང་བརྒྱད་ བརྒྱ་སྟོང་བརྒྱད་བརྒྱའི་ལས་རླུང་འགགས་པ་དེ་སྙེད་ཀྱི་མི་འགྱུར་བའི་བདེ་བ་ངོ་བོ་གཅིག་ཏུ་ གྱུར་པ་དག་སྐྱེ་སྟེ། མཐར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། ། འདིར་སྨྲས་པ། ཚུལ་འདི་འདི་ལྟར་ཡི་གེར་འཕོས་པ་ལས། །དགེ་ལེགས་ལེགས་སྤྱད་ སར་པ་གང་བསྐྲུན་དེས། །མ་ལུས་ལུས་པ་མེད་པའི་སེམས་ཅན་རྣམས། །ཡོན་ཏན་ཀུན་ རྫོགས་རྫོགས་སངས་མྱུར་ཐོབ་ཤོག །རབ་ཞེན་མུན་པའི་དྲེགས་འཇོམས་འོད་སྟོང་ཅན། ། ཀུན་ལྡན་སྟོང་གཟུགས་འོད་བརྒྱའི་དྲ་བ་དག །མཁའ་མཐར་འགྱེད་ལས་ཐ་མལ་དབང་ པོ་དང༌། །མ་ལུས་ཡུལ་གྱི་སྙེམས་པ་བཅིལ་གྱུར་ཅིག །དྷཱུ་ཏཱིའི་རྟ་དམར་གྱིས་བསྐུལ་མདོག་ མཛེས་ཐིག །ཀུན་རྟོག་ནགས་ཚལ་སྲེགས་ལས་བདེ་ཆེན་གྱིས། །གངས་རི་ལས་འོངས་ དགའ་བཞིའི་ཆུ་རྒྱུན་གྱིས། །དྭངས་བའི་ཡིད་མཚོ་ཅི་ཡང་གང་གྱུར་ཅིག །ཀུན་རྟོག་མདའ་ ལྔའི་བདག་པོ་ཆུ་ཁུར་ཅན། །སྤྲོས་བྲལ་ནམ་མཁའི་དབྱིངས་སུ་དག་གྱུར་ཏེ། །སེམས་ཉིད་ ཕྱོགས་ཀྱི་བུ་མོ་ཀུན་གསལ་གདོང༌། །བདེ་ཆེན་སྔོ་སངས་ལང་ཚོ་བཞད་གྱུར་ཅིག །དགེ་ཚུལ་ ཀུན་དགའ་སྙིང་པོས་རང་ལོ་བཅུ་དྲུག་པ་ལ་རྗེད་བྱང་དུ་བྲིས།། །།བཀྲ་ཤིས་སོ།། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༡༤༽ 23-1-75 ༄༅། །མན་ངག་ཁྲིད་ཡིག་ཤིན་ཏུ་ཟབ་པ་བཞུགས། ༄༅། །དཔལ་ལྡན་བླ་མ་དམ་པ་མཆོག་གི་ཞབས་ལ་གྲུབ་པ་རྣམས་ཀྱིས་བཏུད། །ཀླུ་ དང་རིག་འཛིན་ལྷ་ཡིས་མཆོད་པས་ལྷ་ཡི་ལྷ། །སྔགས་རིག་གཙོ་བོ་རྒྱལ་བ་རྣམས་ཀྱིས་ དབང་བསྐུར་བ། །རྗེ་བོ་དམ་པ་དེ་ལ་གུས་པས་ཕྱག་བགྱིའོ། །དོན་དམ་པའི་ཡི་གེ་ཆེན་ པོ་རྒྱུད་སྡེའི་ངེས་བསང་ཐམས་ཅད་ཀྱི་སྙིང་པོ། གྲུབ་ཆེན་ཧ་ཐི་བ་ཛཱ་ལནྡྷ་རའི་ཞབས་ཀྱི་ དོ་ཧ་རྣམ་གྲོལ་སྙེ་མའི་དགོངས་དོན་ཕྱག་ལེན་དུ་མཛད་པའི་དམར་ཁྲིད། རྗེ་བཙུན་བླ་མ་ ལྷོ་ཕྱོགས་པའི་ཞལ་སྔའི་རིམ་པ་ཐུན་མོང་མ་ཡིན་པ་དག་ཅིག་འདིར་བཤད་པ། བསགས་ སྦྱངས་དཀའ་བ་ཆེ་ལ་ཡུན་རིང་བ་བྱ། དང་པོར་ལྟ་སྟངས་ལ་སླབ་སྟེ། ལྟ་སྟངས་གསུམ་ ནི། ཨ་ནི་མི་ཧ་དྲྀཥྚིཿ(མཚན་མེད།) དང་། ཀཱ་ས་ཀརྨ་(ལས་གསལ་བ།)དང༌། དྷུ་ནོ་ཧི(སྡིག་འཇོམས།)འོ། ། དང་པོ་ནི་ནམ་མཁའ་ལ་རྩེ་གཅིག་ཏུ་ལྟ་བའོ། །གཉིས་པ་ནི་གཡས་གཡོན་མཐོ་དམན་སྣ་ ཚོགས་སུ་ཆེ་ཆེར་ལྟས་ཏེ་འཇོག་པའོ། །ཐ་མ་ནི་མིག་གཉིས་ཀྱི་བར་སྣ་རྩ་ལ་ལྟ་བའོ། །དེ་རེ་ རེ་ལ་ཐོག་མར་ཞག་བདུན་བདུན་མཛད། དེ་ནས་ལྟ་སྟངས་ཐོག་མཐའ་གང་རུང་དང༌། རྟིང་ པ་གཡོན་པས་བཤང་སྒོ་དགག ལོང་བུ་མ་ཕྲད་ཙམ་རྐང་པ་སྣོལ། བར་དུ་ལིང་ག་བསྡམས། དེ་མ་གྲུབ་ན་རྡོ་རྗེ་དཀྱིལ་ཀྲུང་བྱ། ལུས་ཁོང་སློད། ལག་པ་སྟོད་ཀྱི་དཀྱིལ་ཀྲུང་བྱ། རླུང་རྡུལ་ མཐའ་ཅན་ལ་སླབ། དེ་ཡང་དང་པོར་སྣ་བུག་གཡས་བཀག་ནས་ཞག་བདུན་སླབ། དེ་བཞིན་ དུ་གཡོན་བཀག་ནས་ཀྱང་བྱ། མཐར་མ་བཀག་པར་བྱ་སྟེ། དེ་ཐམས་ཅད་ལ་ཡིད་ལ་ཅི་ ཡང་མི་བསམ། རྣམ་རྟོག་གང་བྱུང་འཕྲོ་བཅོད་ཅིང་སྒོམ། མདུན་དུ་བླ་མ་ཡི་དམ་དབྱེར་མེད་ རྡོ་རྗེ་འཆང་དུ་སྒོམ། དེ་ལས་འོད་འཕྲོས་སེམས་ཅན་རྣམས་སྦྱངས། སླར་འདུས་ཐུགས་ཀར་ 23-1-76 སེམས་བཏད། མོས་གུས་དུང་བྱ། ཡང་མི་དམིགས་པར་བཞག དེ་ནས་རླུང་བགང་བ་དང༌། གཞིལ་པ་ལ་ཡང༌། རླུང་སྣ་བུག་གཡོན་ནས་རྒྱུ་བ་དང༌། གཡས་ནས་རྒྱུ་བ་དང༌། རང་དགར་ རྒྱུ་བ་བསླབ་བའི་ཚུལ་གསུམ་གསུམ་དུ་ཕྱེ་བས་དྲུག་གོ །དེ་རྣམས་རེ་རེ་ལ་མ་མཐའ་ཡང་ ཞག་བདུན་རེ་བྱེད། གུ་རུ་ཤར་ཕྱོགས་པ་ནི་འདིར་བུམ་པ་ཅན་ཟླ་བ་གཅིག་སྒོམ་གསུང་སྟེ། ལེགས་སམ་ཡང་སྙམ་མོ། །དེ་ནས་མཛོད་པར་ཟླ་བ་སེན་མོ་ཙམ་པ་བྱང་སེམས་འཛག་པ་ ཞིག་ལ་དམིགས། རླུང་རྐན་ཕུགས་སུ་དྲངས། ཀླད་རྒྱ་དང་ཐོད་པའི་བར་དུ་དཀྱིལ། ལྟེ་བར་ ཡང་ཁ་སྦྱར་ལྟོ་བ་ཕྱིར་བཀྱེད་བྱས་ཏེ་ཐུབ་ཚད་དུ་འཛིན། དལ་བུས་གཏོང་ངོ༌། །དང་པོར་ སྟེང་དུ་སྔར་བཞིན་དྲངས། སླར་ལྟེ་བར་ཁ་སྦྱར་བས། རྩ་གསུམ་ལ་སོགས་པ་ཐམས་ཅད་ཁྲུ་ མ་ནུས་པ་བཞིན་སོང་བར་བསམ་པ་དང༌། སྟེང་དུ་མི་འདྲེན་པར་ལྟེ་འོག་དང་བཅུ་དྲུག་མདོར་ མནན་པ་དང༌། གསང་བ་རྡོ་རྗེ་རྩེ་ལྔ་པའི་རྩེར་བམ། ལྟེ་བར་ཧཱུཾ་ལྟེ་འོག་ཏུ་ཡང་ཨ་དེ་རྣམས་ དམར་སེར་ཡུངས་འབྲུ་ཙམ། རླུང་ཁ་སྦྱར། འོག་རླུང་མདུན་རྒྱབ་གཉི་ག་ནས་དྲག་ཏུ་དྲངས། བཾ་ཧཱུཾ་ལ། དེ་ཨ་ལ་ཐིམ། དེ་དབུ་མའི་ལམ་ནས་ཀླད་རྒྱའི་བར་དུ་སོང༌། སླར་རྔུབས་ཏེ་ལྟེ་བར་ མནན་ནོ། །ཡང་སྟེང་རླུང་དྲག་ཏུ་མནན། འོག་སྒོ་འབྱེད་འཛུམ་གྱིས་དྲངས་གསང་གནས་ ཧཱུཾ་རིང་གིས་འདྲེན། གྱེན་ལ་འཐེན་ཅིང་རྒྱབ་ཏུ་མནན་མིག་གྱེན་དུ་ལྟ། ཁ་ཅུང་ཟད་བཙུམ་ ཞིང་གཉེར། ལྕེ་རྩེ་རྐན་ལ་སྦྱར། སྐབས་འགར་མགྲིན་པ་སྐྱུང་སྐྱུང་སྐྱུག་པ་ལྟར་ཡང་བྱེད་དོ། ། ཡང་དེ་ཁོ་ན་ལྟར་ལས་སྤྱི་བོར་དྲངས་ཐུར་དུ་ལོག་ནས་ལྟེ་བར་སོང་བར་བསམ་ཞིང་། ལྟེ་ བར་ཁ་སྦྱར་དུ་འཛིན་པའོ། །ཡང་རླུང་སྤྱི་བོ་ནས་རྒྱུད་དབུ་མའི་ལམ་ནས་སྙིང་ཁ་དང་ལྟེ་བ་ རྒྱུད་དབུ་མའི་མས་སྣར་ཐིམ་པར་སྒོམ། ཡང་སྤྱི་བོའི་ཧཱུཾ་སྔོན་པོ་འོད་དུ་ཞུ་བ་དྷཱུ་ཏཱིའི་ནང་ལ་ སྔོ་ནར་སོང༌། རྡོ་རྗེའི་རྩེ་མོར་ཕྱིན་པ་ལ་སེམས་བཟུང་ཞིང་འདི་ལ་རླུང་བགང་བ་སྒོམ་མོ། །དེ་ རྣམས་ལ་ཡང་ཞག་བདུན་རེ་དང༌། བར་བར་དུ་ངལ་གསོ་བ་དང༌། རེ་རེའི་མཚམས་སུ་བུམ་ 23-1-77 པ་ཅན་ཞག་ལྔ་རེ་སྒོམ་སྟེ། འདི་ལ་ནི་ཅི་ཡང་མི་བསམ་པ་ཁོ་ན་སྟེ། དེ་དག་གི་སྐབས་སུ་མགོ་ བོ་ན་བ་དང༌། རོ་སྟོད་གཟེར་ན་རླུང་མི་འཛིན་པར། དམིགས་པ་བཅུ་བདུན་པ་འདི་ཡང་ཡང་ སྒོམ། སྤྱོད་ལམ་དལ་བུས་ཅི་བདེར་འདུག་པས་སེལ། གཞན་ཡང་གེགས་སེལ་ཞལ་ལས་ ཤེས་པར་བྱའོ། །དེ་རྣམས་སྔོན་འགྲོ་རླུང་ནི་འཁྲིད་པའོ། ། དངོས་གཞི་ལ་ཐུན་མོང་གི་སློབ་མ་ལ་ཐུན་མོང་གི་རྡ་ཆད་འཁྲིད་ཡིག་ཐུན་མོང་བར་ བཤད་ཟིན་ལ། འདིར་སྦྱོར་བ་ཡན་ལག་དྲུག་སྟེ། རེ་རེ་ལ་ཡང་རྩ་བ་སྒོམ་པའི་གནད། གཉིད་ དང་རྨི་ལམ་ལམ་དུ་བྱེད་པའི་གནད། མདུན་པའི་གནད། སྟོང་པ་སྒོམ་པའི་གནད། བདེ་བ་ སྒོམ་པའི་གནད། གསལ་སྣང་འཆར་བའི་གནད་དྲུག་དྲུག་སྦྱོར་བ་ཡིན་ལ། འདི་སྒོམ་ཚུལ་གྱི་ སྙིང་པོ་དྲིལ་བ་ནི། དང་པོ་སོ་སོར་བསྡུད་པ་ཡིན་ཏེ། རྣལ་འབྱོར་དུ་བྱ་བ་ནི། ལུས་གནད་རྣམ་ སྣང་གི་ཆོས་བདུན་ལས་ལྟ་སྟངས་སྔར་བཤད་པའི་ཐོག་མཐའ་གཉིས་པོ་གང་རུང་བྱ། ཕྱག་ ལེན་ལ་སྔ་མ་གཙོ་བོ་མཛད། དེ་ཡང་ལྟ་སྟངས་ཤིན་ཏུ་མཐོ་བ་མ་ཡིན་པའོ། །ངག་དང་པོར་ རླུང་རོ་ལན་བཅུ་གཉིས་བསལ། དེ་ནས་རང་དགར་བཞག ཡིད་བཞག་སྟངས་གསུམ་སྟེ། ཕྱི་ ལ་གཏོད་པ་དང༌། ནང་དུ་གཏོད་པ་དང༌། རྩོལ་བྲལ་གསུམ་མོ། ། དང་པོ་ནི་གང་ཡང་མི་བསམ་པར་ནམ་མཁའ་ལ་ལྟའོ། །གཉིས་པ་ནི་རིག་ཙམ་ལ་རྩེ་ གཅིག་སྒྲིམ་པ་སྟེ་འདིར་རགས་པས་དང་པོ་ལས་སྒོམ་སྣེ་བརྙེད་པ་སླའོ། ། གསུམ་པ་ནི་ཅུང་ཟད་རྩོལ་བ་གློད་ལ་ལྷན་ནེ་འཇོག་པའོ། །དེ་ལྟར་བཞག་པས་དུ་བ་ ལ་སོགས་པའི་ལམ་གྱི་མཚན་མ་ངེས་པ་དང་མ་ངེས་པའི་རྟགས་སམ་ཁྱད་པར་ཅན་དང་ ཕལ་པའི་དབྱེ་བ་དུ་མ་ཞིག་འབྱུང་སྟེ། དུ་བ་ལ་སོགས་པ་ནི་རགས་པའི་རྟགས་ལྔ་ཞེས་བྱའོ། ། དེ་ལྟར་ཡང༌། ཆུ་དང་མེ་དང་ས་དང་རླུང༌། །གཅིག་ནས་གཅིག་ཏུ་ལོག་པར་གྱུར། །ཅེས་ གསུངས་པའི་ལྟས་ཟླ་བ་ཉི་མ་གློག་སྒྲ་གཅན་གྱི་ཐིག་ལེ་མཐིང་ཀ་རྣམས་ལ་ཕྲ་མོའི་རྟགས་ 23-1-78 ཤེས་བྱ་སྟེ། ཐ་མ་འདི་བརྟན་པོ་ཤར་ན། ཡན་ལག་གཉིས་པ་བསམ་གཏན་ལ་སྤོ་རན་པ་ཡིན་ ནོ། །འདི་དང་འོག་མ་ཀུན་ཏུ་བོགས་འདོན་ནི་བླ་མའི་མོས་གུས་ཀྱིས་གསོལ་བ་འདེབས་པ། སེམས་ཅན་ལ་སྙིང་རྗེ་ལམ་གྱི་ཕན་ཡོན་བསམ་པ། སྟོང་པ་ཉིད་ཀྱི་རྒྱུ་མཚན་ལ་ངེས་ཤེས་ སྐྱེད་པ་སོགས་ཡིན་ལ། ཁྱད་པར་ཚེ་འདིའི་སྙན་གྲགས་ལོངས་སྤྱོད་སོགས་ཀྱི་[ལྟོད་[རྟོད་] ཐག་མ་ཆོད་པ་ཕྲ་མོ་ཞིག་ལས་མེད་རུང་དེ་ཡོད་ན། སྒོམ་ལ་ངལ་བ་ཅི་ཙམ་བྱས་ཀྱང་གནས་ སྐབས་ཀྱི་ཡོན་ཏན་ཐན་ཐུན་དང༌། འདི་ཙམ་གྱི་ཡོན་ཏན་ལྟར་སྣང་རེ་སྐྱེ་སྲིད་ཀྱང༌། དེ་ལས་ ལྷག་པའི་སྒོམ་གཤའ་མ་ཡེ་མི་སྐྱེ་བས། ལུས་དང་ལོངས་སྤྱོད་ཚོར་བ་གསུམ་ལ་ཇི་མི་སྙམ་པ་ ལ་བསླབ་པ་འདི་ཤིན་ཏུ་གལ་ཆེའོ། ། གཉིས་པ་བསམ་གཏན་ནི་ལུས་གནད་རླུང་སྦྱོར་སྔར་དང་འདྲ། ཡིད་ཀྱིས་ནི་རྟགས་ སྣང་དེ་ཁོ་ན་ལ་རྩེ་གཅིག་ཏུ་གཏད་དེ་བཞག་པ་ལ་འབད་པ་བྱའོ། །དང་པོར་སེམས་དང་ རྟགས་སྣང་རོ་གཅིག་ཏུ་བསྲེ་བའི་རང་རིག་ཙམ་ལ་འཇོག་པ་ནི་རྟོག་པ། དེ་དང་དབྱེར་མེད་ པའི་རྟགས་སྣང་ལ་ཞིབ་མོར་དཔྱོད་པ་ནི་དཔྱོད་པ། སེམས་སྣང་གཉིས་གཅིག་ཏུ་ཤེས་པས་ ཡིད་བདེ་བ་ནི་དགའ་བ། དེས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ནི་བདེ་བ། དབང་ ཡུལ་གཅིག་ཏུ་འདྲེས་པ་ནི་རྩེ་གཅིག་པའོ། །དེ་རྣམས་རིམ་པ་བཞིན་དུ་སྐྱེ་བ་ཡིན་ཏེ། རྩེ་ གཅིག་པ་བརྟན་ནས་བོགས་འདོན་ནི། གནོན་པ་དང༌། ཕྱི་དང༌། ནང་ལ་དམིགས་པ་གསུམ་ མོ། །དང་པོ་ནི་སྔར་བས་སྦྱོར་བ་དྲག་ཏུ་བརྩམས་པ་ཡིན་ནོ། །དེ་ཡན་ཆད་ཉམས་སུ་ལེན་པ་ ལ། ས་རྡོ་རི་བྲག་སོགས་གསལ་པོར་མཐོང་བ་མ་ཡིན་པའི་ཕྱོགས་སུ་རྟགས་སྣང་འཆར་སླ་ བས། དེ་ལྟ་བུར་བསྒོམ་པར་བྱ་གསུང་སྟེ། མུན་ཁང་དང༌། ནམ་མཁའ་སྔོ་སངས་གང་རུང་ལ་ ལྟ་བ་ཡིན་ནོ། ། གཉིས་པ་ནི་དེ་ནས་སྣང་བ་འཚེར་བག་མ་ཡིན་པའི། སྣ་མིན་མུན་མིན་དུ་སྒོམ། དེ་ 23-1-79 བརྟན་ན་གཉིས་པ་ནི་ལྟ་སྟངས་ངེས་མེད་དུ་བསླབ། སྣང་བ་སྣ་ཚོགས་ཀྱི་སྟེང་དུ་སྒོམས། དེ་ བརྟན་ན་གསུམ་པ་ནི་སྤྱིར་ལུས་ཀྱི་ནང་དང་ཁྱད་པར་རྩ་འཁོར་ལོ་བརྒྱད་པོ་སོ་སོར་རིམ་ པས་གཅིག་བརྟན་ནས་གཅིག་ལ་འབད་པ་ཡིན་ཏེ། དེ་ཡང་སྣང་བ་དང༌། རྟགས་སྣང་དང་ སེམས་གསུམ་རོ་གཅིག་པའི་ཚུལ་གྱིས་སྒོམ་སྟེ། དཔེར་ན་ཀ་བའི་སྟེང་དུ་ཐིག་ལེའི་སྣང་བ་ དྲངས། དེར་སེམས་ཞུགས་པ་བཞིན་སྒྲིམ་ནས་འཇོག་པའོ། །ཉལ་པའི་རྣལ་འབྱོར་ནི་ཉིན་ མོའི་སྒོམ་དེ་ཉིད་ལ་གཉིད་དུ་འགྲོ་ཁར་ཡང་རྩེ་གཅིག་ཏུ་གྲིལ་བས། གཉིད་ཀྱི་རྣལ་འབྱོར་ དམ་པར་འགྱུར་རོ། །དེ་ལ་ཡང་ཡང་གོམས་པས། རྨི་ལམ་དུ་ཡང་སྒོམ་སྐྱོང་སྟེ། འདི་ལ་ཁྱད་ པར་དུ་ཅི་ནས་ཀྱང་གཉིད། རྨི་ལམ་དུ་དྲན་པར་བྱའོ་ཞེས་འདུན་པ་དྲག་ཏུ་བྱའོ། །མཐར་དྷཱུ་ ཏཱིར་ཐིག་ལེ་སྐྲ་རྩེའི་ཁྱོན་ལ་ཞིང་ཁམས་ཐམས་ཅད་ཀྱི་གསལ་སྣང་བརྟན་པོར་ཤར་བ་ན། སྤོ་ རན་པ་ཡིན་ནོ། །དེ་ནས་སྲོག་རྩོལ་ནི། ཐོག་མར་ལྟེ་བའི་ཐིག་ལེ་སེར་པོ་ཡུངས་འབྲུ་ཙམ་ལ་ དམིགས་པ་ལ། རླུང་བགང་བ་དང༌། དགུག་པ་དང༌། རེངས་པ་དང༌། རྡུལ་མཐའ་ཅན་རྣམས་ བྱའོ། །དེ་ལ་དགུག་པ་ནི་སྟེང་རླུང་ལྟེ་བར་བཟུང༌། འོག་རང་དགར་གཞག་པའོ། །གཞན་ གསུམ་ནི། ཨ་ཏི་ཤའི་ལུགས། རྣལ་འབྱོར་མའི་ཆོས་དྲུག་ཏུ་བསྟན་པ་དེ་ཉིད་དང༌། ལག་ ལེན་ཅིག་གོ །འདི་རྣམས་ལ་དྷཱུ་ཏཱིའི་ནང་གི་ཐིག་ལེ་ལ་སེམས་གཏོད་པ་ཁོ་ན་ལས་རླུང་ཐིམ་ པ་དང་སྤྲོ་བའི་དམིགས་པ་མི་བྱེད་དོ། ། དངོས་གཞི་ལ་རྡོར་ཟླས་དང་བུམ་པ་ཅན་གཉིས་ལས། དང་པོ་ནི་ལྟེ་བའི་ཐིག་ལེ་ལས་ རླུང་འགྲོ་འོང་འོད་ཟེར་སྣ་ལྔའི་རྣམ་པ་འབྲུ་གསུམ་གྱི་སྐད་ཀྱི་གདངས་ཅན་དུ་མོས་ལ། འབྱུང་བ་ན་ཨཱཿ འཇུག་པ་ན་ༀ། གནས་པ་ན་ཧཱུཾ། ཞེས་ཧཱུཾ་ཐ་མར་འབྱུང་བ་ལ། འདིའི་གནད་ ནི་རྡོ་རྗེ་ཕྲེང་བ་དང༌། སེམས་ཀྱི་ཕྱག་རྒྱ་དང༌། གསང་འདུས་ལུགས་གཉིས་ནས་ཤིན་ཏུ་རྒྱས་ ལ་འགངས་ཆེ་བ་མདོར་བསྡུས་སེམས་འགྲེལ་རྣམས་དང༌། འདི་ཉིད་ཀྱི་དོ་ཧར་འབྱུང་ངོ༌། ། 23-1-80 གལ་ཏེ་ཐིག་ལེ་སྒོམ་པ་དང༌། སྦྱོར་བ་བཞི་པོ་སྔོན་དུ་མ་སོང་ན། འདིར་ཡང་རྩ་དང་ཐིག་ ལེ་མི་སྒོམ་པར་ཟླས་པ་ཙམ་བྱེད་ཅེས། གུ་རུ་ཤར་ཕྱོགས་པ་གསུང་ངོ༌། །བུམ་ནི་སྤྱི་དང་འདྲ་ སྟེ་འོན་ཀྱང༌། རྔུབས་གྲུབ་མ་ཐག་ཁ་སྦྱོར་བ་དང་མཉམ་དུ་མགྲིན་གུག་ཙམ་དང་གཏོང་ཁར་ རླུང་ཅུང་ཟད་མིད་ཅིང་ཡང་གུག་ཙམ་བྱ་གསུང༌། འདི་སྐབས་དམིགས་པ་ལྟེ་བའི་དབུ་མ་སྟོང་ སང་ངེ་བར། རྟགས་སྣང་དྲངས་ནས་རྩེ་གཅིག་ཏུ་ལྟ་བ་ཁོ་ན་ཡིན་ནོ། །ཡང་ན་ལྟེ་བར་སྔོན་པོ་ སྦྲུལ་འཁྱིལ་བ་ལྟ་བུ་སྒོམ་པ་མན་ངག་ཀྱང་ཡོད་དེ་འདིར་སྦྱར་རོ་ཞེས་པ་དང༌། འདིར་རྡུལ་ མཐའ་ཅན་ལ་རྟག་ཏུ་གསུས་པ་མ་ཞུམ་པ་ལྡིར་རེ་བས་བྱེད་ཅེས་ཤར་ཕྱོགས་པའི་ཞབས་ གསུང་ངོ༌། །འདི་གོམས་ནས་བོགས་འདོན་དུ་གསང་བའི་རླུང་སྦྱོར་འདི་བྱ་སྟེ། ལག་པ་པུས་ འཁྱུད་ལྟ་བུས་ཙོག་པུའི་རྐང་པ་ལ་འཁྱུད། མགོ་བོ་བཏུད་དེ་དལ་ལ་རིང་བ་དང༌། དྲག་པ་ དང༌། ཤིན་ཏུ་དྲག་པས་བཏུད་མར་དྲངས། དེ་དང་མཉམ་དུ་འོག་རླུང་ཡང་དྲངས། ཁ་སྦྱོར་ ཙམ་ན། ལྷག་པ་ཁྱེད་ཁྱེད་གསུམ་བྱ། དེ་འདྲ་དབུས་དང་གཡས་གཡོན་དུ་རེ་རེ་སྟེ་ལན་ གསུམ། དེ་ནས་དྲག་ཏུ་ལན་གསུམ་འབུད། ལན་གསུམ་རྔུབས་ལ་བཟུང༌། དེ་ཀ་རྒྱུན་དུ་སྒོམ་ པས་ཉིན་གཅིག་ཙམ་ལ་ཐུར་སེལ་དབང་དུ་འདུ་བའམ་སྔ་མའི་ཤུགས་ཡོད་ན། སྲོག་ཐུར་རོ་ གཅིག་ཏུ་འཕྲལ་དུ་འདྲེས་གསུང༌། སྐྱུག་པའམ་མགོ་ན་ན་གྱེན་ཐུར་ལ་བཅག བུ་ག་མང་པོ་ སྒོམ་གསུང༌། འདི་སྐབས་བར་བར་དུ་ཞག་འགའ་རྩོལ་བ་ཀློད་ལ་ཅི་བདེར་འདུག་གསུང༌། དེ་ནས་ལས་རྒྱ་བསྟེན་པའམ་གཏུམ་མོ་སྒོམ། སྲོག་ཐུར་འདྲེས་པའི་རྟགས་བརྟན་པོ་བྱུང་ན། སྤོ་རན་པ་ཡིན་ནོ། ། དེ་ནས་འཛིན་པ་ནི། དྷཱུ་ཏཱིའི་ནང་གི་ལྟེ་བར་གཏུམ་མོ་གསུམ་འཁྱོག་ཁབ་ཙམ་གསལ་ བཏབ། སྟེང་འོག་གི་རླུང་ཀུན་དེ་ལ་ཐིམ་པར་བསམ་ཞིང༌། རྟགས་སྣང་དང་བསྲེས་སྟེ་བུམ་ ཅན་དང་སྦྲགས་ནས་སྒོམ། དེ་བརྟན་ན་སྙིང་ཁའི་ཐིག་ལེ་སྔོན་པོ་དང༌། མགྲིན་པའི་དམར་པོ་ 23-1-81 དང༌། དཔྲལ་བའི་དཀར་པོ་དང༌། སྤྱི་བོའི་ཡང་དཀར་པོ་དང༌། གསང་བའི་དམར་པོ། རྡོ་ རྗེའི་སྔོན་པོ། ནོར་བུའི་ཡང་དམར་པོ་རྣམས་ལ་སྒོམ་ཤིང་སྤྱི་བོ་ནོར་བུ་ལྟེ་སྙིང་རྣམས་གཙོ་ བོ་ཡིན་ནོ། །བུམ་ཅན་བརྟན་པར་བྱས་པས། དེ་དེ་རྣམས་སུ་ཞུགས་གནས་ཐིམ་གསུམ་བྱས་ པའི་མཐར། སེམས་འགོག་པའི་རྡོ་རྗེར་འཇུག་ཅིང༌། ཁམས་ཕྲ་བ་དང༌། ཁམས་རགས་པ་ ཐིམ་པའི་རྟགས་སྣང་མཐར་ཕྱིན་པར་བྱས་པས། ལྟེ་བའི་དབུས་སུ་གཏུམ་མོའི་མེ་ཡེ་ཤེས་ ཀྱི་སྐུ། ལྷའི་རྣམ་པའི་གསལ་སྣང་བརྟན་པ་ན་སྤོ་རན་པ་ཡིན་ནོ། །ལམ་གྱི་ཉེར་མཁོ་འཕོ་བ་ ནི་དྷཱུ་ཏཱིའི་ཡས་མས་སྙིང་ཁ་རྣམས་སུ་ཟླ་ཉི་ཧཱུཾ་སྔོན་པོ་སྒོམ། བུམ་ཅན་བྱ། ཉི་མ་ཧཱུཾ་ལ་ཐིམ་ ཟླ་ཡང་ཐིམ་ཧཱུཾ་མགོ་གྱེན་དུ་བསྟན། སྤྱི་བོའི་བར་དུ་སོང་བ་ཡང་ཡང་སྒོམ་པའོ། །ལྕེའུ་ཆུང་ མཐུང་བའི་སྐབས་དཔྲལ་བར་དབྱངས་བཅུ་དྲུག་སྒོམ་གཞན་ནི་འདྲ། དེ་ནས་འཛིན་པ་དེ་ ཉིད་ལ་ལས་ཀྱི་ཕྱག་རྒྱ་དང་སྦྱར་བས་བོགས་འདོན་པའམ། ཡང་ན་གཞན་སྔར་དང་འདྲ་ བ་ལས་གཏུམ་མོ་འབར་སྤྱི་བོའི་ཐིག་ལེ་ཞུ་སྟེ་དགའ་བ་བཞི་ངོས་བཟུང༌། གལ་ཏེ་དགོས་ ན་ངག་འདྲེན་སོགས་ཀྱི་ཟློག་པ་དང་དགྲམ་པར་བྱ། འདི་གོམས་པས་ལྟེ་བ་གཙོ་བོར་གྱུར་ པའི་གནས་སུ་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ། འཛིན་པས་རྗེས་དྲན་གྲུབ་པ་ཞེས་བྱ་བ་སྤོ་རན་པའོ། ། འདིར་སོ་སོར་བསྡུད་ཀྱི་དམིགས་པ་གསུམ་ལ་ཟླ་བ་གཉིས་གཉིས། བུམ་ཅན་ལ་ཟླ་བ་ གསུམ། གཞན་པ་གསུམ་ལ་ཟླ་བ་ཕྱེད་ཕྱེད་དོ། །ཕྱིས་ནི་རྟོགས་པའི་རིམ་པས་སྒོམ་པ་ཡིན་ ནོ། ། རྗེས་དྲན་ནི་སྟོང་གཟུགས་ཀྱི་ལྷ་མོ་དང་ལས་རྒྱ་གཉིས་གཙོ་བོ་ཡིན་ཅིང༌། དེ་ཡང་སྐབས་ འགར་གཏུམ་མོ་ཡང་སྟེ། སྟོང་གཟུགས་ཀྱི་ལྷ་མོས་བདེ་ཆེན་འཕེལ་མི་ནུས་ན་ཕྱི་མ་གསུམ་ བྱ་ལ། གང་ལྟར་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་མནན་ནས་སྒོམ་པ་ལས། ཡས་བབས་གཙོ་ བོར་གྱུར་པའི་བདེ་བ་ལྷན་སྐྱེས་ཡང་ཡང་གོམས་པས་རླུང་སེམས་ཙམ་གྱི་སྐུ་གྲུབ་ན་བརྟན་པ་ 23-1-82 ཡིན་ནོ། ། དེ་ནས་ཕྱག་རྒྱ་ཆེན་པོ་ཁོ་ན་དང་སྔར་བཞིན་མཉམ་པར་སྦྱར་བའི་ཞུ་བདེའི་མཐར་ཡས་ བརྟན་ལ་ཡང་ཡང་གོམས་པར་བྱས་པས་རྡོ་རྗེའི་རྩེར་ཐིག་ལེ་གཅིག་བརྟན། འཕོ་བའི་རླུང་ གཅིག་ཐིམ་པ་ནས་སྟོང་བརྒྱད་བརྒྱ་པ་རེ་རེ་རྫོགས་པ་ན་ས་རེ་རེ་རྫོགས་ཏེ། རླུང་ཉི་ཁྲི་ཆིག་ སྟོང་དྲུག་བརྒྱ་འགགས། རྡུལ་སྤྱི་བོ་ནས་མར་བརྩེགས་པ་དང༌། ཟླ་བ་ནོར་བུ་ནས་ཡར་ བརྩེགས་པའི་ཚུལ་གྱིས་རྟེན་བརྟེན་པའི་འབྲེལ་པ་དག་པར་འགྱུར་རོ། །དེར་ཏིང་ངེ་འཛིན་ རྫོགས་པ་ན། ཕྱག་རྒྱའི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའོ། །དྲན་ཏིང་གཉིས་ཀ་ ལ་བོགས་འདོན་ལས་ཀྱི་ཕྱག་རྒྱ་ཡིན་པས། དེ་དབང་རྟུལ་ཁོ་ན་ལ་གསུངས་པ་མིན་གསུང༌། ཡང་གུ་རུ་ཤར་ཕྱོགས་པའི་ཞལ་སྔ་ནས་དང་པོ་གཉིས་ལ་ཕྲ་མོའི་རྣལ་འབྱོར། བར་པ་གཉིས་ ལ་གཏུམ་མོའི་རྣལ་འབྱོར། ཐ་མ་གཉིས་ལ་བདེ་བའི་རྣལ་འབྱོར་བོགས་འདོན་སྤྱོད་པ་ སྐབས་གསུམ་དུ་སྤྱོད། དེ་རེ་རེ་ལ་སོར་བསྡུད་སོགས་ཡན་ལག་དྲུག་ལྡན་དུ་བཞེད་དེ། ཁྱད་ པར་ཕྲ་མོ་སྔར་བཀོད་པ་རྣམས་མ་གཏོགས་ཉམས་ལེན་ལ་ཁྱད་མི་སྣང་ངོ༌། །འདིར་བསམ་ གཏན་གྱི་སྐབས་སུ་ལྭ་བ་པའི་རྡོ་རྗེའི་ཚིག་རྐང་གཅིག་པའི་མན་ངག་མནོན་པར་མཛད་དེ་ ངོ་སྤྲོད་པ་ནི་ཕྱག་གཞེས་དམ་པ་སྟེ་དེ་བཞིན་དུ་ཤེས་པར་བྱ་ལ། གེགས་སེལ་ནི་ཞལ་ལས་ བླང་པ་དང༌། གོ་དོན་ནི་དོ་ཧ་ཉིད་རྒྱས་ཤིང་བཟང་བས། དེ་ཉན་པ་དང་འཛིན་པ་གལ་ཆེའོ། ། སྔོན་འགྲོ་ཟླ་བ་བརྒྱད་དམ་དགུ། དངོས་གཞི་འཛིན་པ་ཡན་ཆད་ཉམས་ཁྲིད་ལོ་གཉིས་ཙམ་ དུ་བསྐྱང༌། དེ་མན་ཆད་ཚིག་ཁྲིད་བྱ་སྟེ་ལག་ལེན་ཞིབ་ཏུ་ཤེས་དགོས་སོ། །འདིའི་གཞུང་ཕལ་ ཆེ་བ་དང༌། མན་ངག་རྫོགས་པར་གུ་རུ་ལྷོ་ཕྱོགས་པའི་ཞབས་ལས་མནོས། གླུའི་རྒྱུད་གསུམ་ པ་ཤས་ཆེ་བ་ས་དྱ་ནཱ་ཐ་ལས་ཐོས་ཤིང་སླད་ཀྱི་དེའི་ཞུས་དག་ཅི་རིགས་པ་དང༌། ཆེས་ཟབ་ པའི་ཚིགས་བཅད་གསུམ་སྔར་ཆད་པ་བསབ་པ་དང༌། མན་ངག་གི་ལུས་ཚང་བ་གུ་རུ་ཤར་ 23-1-83 ཕྱོགས་པ་ལས་ཞུས་ཏེ། སྙིང་པོ་ནི་དེ་དག་གོ །ཞེས་པའང་རྗེ་བཙུན་དཔལ་སྟག་ལུང་ཐང་ པའི་བཀས་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་ལ་བྲིས་པའོ།། །།མངྒ་ལཾ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༡༤༽ 23-1-84 ༄༅། །གྲུབ་ཆེན་ལྭ་བ་པའི་གདམས་པ་སྐལ་ལྡན་ཅིག་ཆར་བའི་ཚུལ་ དུ་ངོ་སྤྲོད་པའི་ཐབས་སྙན་རྒྱུད་ལྷན་ཅིག་སྐྱེས་པའི་ རྣལ་འབྱོར་ཞེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། འདིར་སློབ་དཔོན་ལྭ་བ་པའི་གདམས་པ། སྐལ་ལྡན་ཅིག་ཆར་ བའི་ཚུལ་དུ་ངོ་སྤྲོད་པའི་ཐབས། སྙན་རྒྱུད་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ཞེས་བྱ་བ་འདི་ ལ། སེམས་མ་བཅོས་པ་ལམ་དུ་བྱེད་པ་དང༌། རྣམ་རྟོག་མ་བཅོས་པ་ལམ་དུ་བྱེད་པ་དང༌། སྙིང་རྗེ་ཆེན་པོས་ལྷ་བསྐུལ་བ་དང༌། བླ་མ་བསྐུལ་བ་སྟེ་བཞི་ལས། དང་པོ་ནི་སྤྲོ་ན་སྐྱབས་ འགྲོ། སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྤྱི་དང་མཐུན་པར་བྱ། མི་སྤྲོ་ན་མ་བྱས་ཀྱང་ རུང༌། ལུས་གནད་རྣམ་སྣང་གི་ཆོས་བདུན་སྤྱི་དང་མཐུན་པར་བཅས་ལ། རང་སེམས་ལ་ རང་གིས་ཆེར་གྱི་གཏད་ནས་འཇོག་པ་ལས། རྣམ་རྟོག་གི་རྩོལ་བ་ཡེ་མི་བྱེད་པ་ཉིད་ཉམས་ ལེན་གྱི་མཐིལ་དང༌། དེའི་ངང་ནས་རྟོག་པ་གང་ཤར་གྱི་རང་ངོ་ལ་བལྟས་པས། རྣམ་རྟོག་ ཉིད་དབྱིངས་སུ་དག་པའི་རིག་གསལ་ཙམ་ལ་མཉམ་པར་བཞག གལ་ཏེ་ངོ་མི་ཤེས་སུ་ཅུང་ ཟད་འཇམ་ན། རིག་པས་དྲག་ཏུ་བཅུན་ལ་དེ་ལྟར་མི་འགྲོ་བའི་ཞེ་བཅད་དམ་པོ་དང་རྣམ་པ་ ཐམས་ཅད་དུ་སྒྲིམ་པ་གལ་ཆེ། གཉིས་པ་ནི། དེས་བཅོམ་མེད་དུ་སེམས་གནས་ན། རྣམ་རྟོག་གང་ཤར་འཆར་སྒོ་ལམ་ མེ་བ་མ་འགགས་པ་དེ་ལ། ཁོང་ནས་དྲན་འདུན་གྱིས་ཟིན་པར་བྱས་ཏེ་ཆེད་གཏད་བཀག་ ཀྱང་མི་བཀག བཅས་བཅོས་ཀྱང་མི་བྱེད། དྲན་པས་ཟིན་ཕྱིན་ཆད་འགྱུ་ནའང་གྱུ་རུ་བཅུག 23-1-85 གནས་ནའང་གནས་སུ་འཇུག་པ་ཡིན། དེའི་སྔར་གྱི་དྲན་འཛིན་ཞན་དུ་སོང་ན། དམིགས་ པ་སྔ་མ་ལ་བརྟན་པ་མ་ཐོབ་པ་ཡིན་པས། སྐབས་དེར་རྣམ་རྟོག་རྒྱ་འཇམ་དུ་འགྲོ་བའི་སྐྱོན་ ཡོངས་པས། དམིགས་པ་སྔ་མ་ལ་རེ་ཤིག་འབད། དྲན་འཛིན་ངན་དུ་མ་སོང་ན། གང་ཤར་ ངོས་འཛིན་པ་དེ་ཁོ་ན་ལ་འབད་ཅིང༌། སྐབས་རེ་སྒྲིམས་སྐབས་རེ་གློད་པ་སྤེལ་མས་ཉིན་ མཚན་ཐམས་ཅད་འདའ་བར་བྱའོ། ། གསུམ་པ་ནི། རང་ཡི་དམ་གང་མོས་སུ་གསལ་ཞིང་རྩ་དབུ་མ་སྤྱི་བོ་ནས་ལྟེ་བའི་བར་དུ་ ཡོད་པ། ལྟེ་བར་ཨ་དམར་པོ། རླུང་རོ་ལན་གསུམ་ཕྱིར་གསལ། ༀ་ཀྱི་གདངས་ཀྱིས་རླུང་ནང་ དུ་དྲངས། སྟེང་འོག་གི་རླུང་ཁ་སྦྱར། ཨའི་གཟུགས་དང༌། ཨའི་གདངས་ལ་སེམས་གཏད། མི་བདེ་བ་མེད་ཙམ་དུ་བཟུང་། དེ་ནས་དལ་བུས་འབུད་པ་ན། ཧཱུཾ་གི་གདངས་ཀྱིས་འབུད་པར་ བསམ་སྟེ། ཡི་གེ་གསུམ་གྱི་རྡོར་བཟླས་བུམ་ཅན་ནོ། །ཡི་གེ་གཉིས་ཀྱི་རྡོར་བཟླས་ནི། གཞན་ རྣམས་སྔར་དང་འདྲ་བ་ལ། ལྟེ་བར་ཐིག་ལེ་དམར་པོ། རླུང་དལ་བུས་རྒྱུན་མི་ཆད་པར་ནང་དུ་ རྔུབས་པ་ན། ཧོའི་གདངས་ཀྱི་འཇུག་པར་བསམ། རྔུབས་པ་རྫོགས་པ་དང༌། དལ་བུས་ཧཱུཾ་གི་ གདངས་ཀྱིས་ཕྱིར་འབུད་པ་བསམ། འདི་ལ་ཆེར་འཛིན་པ་མི་དགོས་སོ། ། བཞི་པ་ནི་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་རང་དང་འདྲ་བའི་ཡུམ་ཅན་ཞིག་གསལ་ བཏབ་སྟེ། མོས་གུས་དུང་བས། བདག་གི་བདེ་བ་དང་སྡུག་བསྔལ་ཁྱོད་ཀྱིས་མཁྱེན་ནོ། །བདེ་ ཡང་རུང་སྡུག་བསྔལ་ཡང་རུང་ཁྱེད་ལས་གཞན་ན་མ་མཆིས་སོ། །ཅི་མང་གསོལ་བ་བཏབ་ པས། སྤྱི་བོ་ནས་སྙིང་ཁར་བྱོན། རང་སེམས་དང་དབྱེར་མེད་ཡིན་སྙམ་དུ་མོས་ལ་སྔར་བཞིན་ གསོལ་བ་བཏབ། མཐར་གང་ཡང་མི་བསམ། མདུན་གྱི་བར་སྣང་ལ་ཧར་རེ་ལྟ་བ་དང༌། སྔར་ ལྟ་བུའི་སྤྲོས་བྲལ་གྱི་ངང་བསྐྱང་ངོ༌། །དེ་ལྟར་ན་དམིགས་པ་དང་པོ་ཉམས་ལེན་གྱི་མཐིལ་ ཡིན་ལ། གཞན་གསུམ་བོགས་འདོན་ཡིན་ཅིང༌། དེ་ལྟར་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་ 23-1-86 པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་སེམས་ལ་ཁོང་ནས་འཆར་བ་ཡིན་ནོ། །སེམས་མ་བཅོས་ པ་དང་རྣམ་རྟོག་ལམ་དུ་བྱེད་པ་རྡོ་རྗེའི་ཚིག་དང་པོས་བསྟན། བདེ་བའི་སྒོམ་ཚུལ་གཉིས་ ལས་བསྟན། ལྷ་དང་བླ་མ་བསྐུལ་བ་ཉིད་གསུམ་པས་བསྟན། དེ་ལ་བརྟེན་ནས་ཡེ་ཤེས་ འཆར་ཚུལ་བཞི་པས་བསྟན་པ་ཡིན་ནོ། །ཞེས་པ་འདི་ཡང་རྡོ་རྗེ་སློབ་མ་ལྷུན་གྲུབ་བཟང་པོས་ བསྐུལ་བའི་ངོར་ཏཱ་ར་ནཱ་ཐས་སྨྲས་སོ།། །།བཀྲ་ཤིས་སོ། ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༡༤༽ 23-1-87 ༄༅། །གསོལ་འདེབས་བཞུགས། ༄༅། །ན་མོ་གུ་རུ། གནས་དག་པའི་འཁོར་ལོ་རབ་འབྱམས་སུ། །དཔལ་ལྡན་ལྷན་ སྐྱེས་བདེ་བ་འགྱུར་མེད་དངོས། །ཁྱབ་བདག་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །དུས་ ད་ལྟ་ཉིད་དུ་བྱིན་གྱིས་རློབས། །གནས་བདེ་ཆེན་འཁོར་ལོའི་གཞལ་ཡས་སུ། །དབྱིངས་ སྤྲོས་དང་བྲལ་བ་སྟོང་བའི་དངོས། །སྒྱུ་འཕྲུལ་རྡོ་རྗེ་ཕག་མོ་ལ༴ །དུས་ད་ལྟ༴ གནས་ཨུ་རྒྱན་ མཁའ་འགྲོའི་ཕོ་བྲང་དུ། །གྲུབ་པ་རིག་པ་འཛིན་པའི་གཙོ། །སློབ་དཔོན་ལྭ་བ་པ་ལ༴ དུས༴ གནས་གཎྜ་བའི་གནས་ནང་དུ། །ཡོངས་མཐུ་སྟོབས་དཔག་མེད་རྫུ་འཕྲུལ་བརྙེས། །གྲུབ་ ཆེན་གརྦ་རི་ནཱ་ཐཱ་ལ༴ དུས༴ ཡུལ་ཏི་པུ་རའི་གྲོང་ཁྱེར་དུ། །ཐུགས་སྙིང་རྗེ་ཆེན་པོས་འགྲོ་དོན་ མཛད། །རྗེ་གརྦ་རི་བར་པ་ལ༴ དུས༴ གནས་ལྷོ་ཕྱོགས་གོ་དོ་ཝ་རི་རུ། །ཁོང་གྲུབ་ཐོབ་མདོ་ ལས་གུས་བཏུད་པའི། །གྲུབ་ཐོབ་གརྦྷའི་ཆུ་བ་ལ་གསོལ་བ་འདེབས། །དུས་ད་ལྟ༴ གནས་ མཁའ་འགྲོའི་དབང་པོའི་རི་བོ་རུ། །དུས་ད་ལྟའི་གྲུབ་བརྙེས་ཀུན་གྱི་གཙོ། །སློབ་དཔོན་ཞི་ བ་སྦས་པ་ལ༴ དུས༴ གནས་ངེས་མེད་རྒྱལ་ཁམས་ཡངས་པ་རུ། །རྗེ་སངས་རྒྱས་ཐམས་ཅད་ འདུས་པའི་དངོས། །གྲུབ་ཆེན་བུདྡྷ་ནཱ་ཐ་ལ༴ དུས༴ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། ། རྗེ་སྐྱབས་གནས་ཀུན་འདུས་རྡོ་རྗེ་འཆང༌། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། ། དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །དབྱིངས་འོད་གསལ་ཆོས་སྐུ་གཉུག་མའི་སེམས། ། གཞི་འགྱུར་མེད་རྩལ་བྲལ་ལྷུན་གྱིས་གྲུབ། །དོན་མ་བཅོས་རྟོག་བྲལ་ཕྱག་རྒྱ་ཆེ། །དུས་ད་ ལྟ་རྟོགས་པར་བྱིན་གྱིས་རློབས། །རྣམ་རྟོག་གི་རྦ་རླབས་ཆོས་སྐུའི་ངང༌། །དཔེ་རྒྱ་མཚོ་ཆེན་ པོའི་ཆུ་རླབས་བཞིན། །དོན་རང་ཤར་རང་གྲོལ་གྱི་རྣལ་འབྱོར་མཆོག །དུས་ད་ལྟ་རྟོགས་ 23-1-88 པར༴ །དངོས་ལྷ་དང་བླ་མ་རང་སེམས་སུ། །ཡེ་གདོད་ནས་གཅིག་ཏུ་བཞུགས་པའི་ཚུལ། །དེ་ ཐ་དད་དུ་འཛིན་པ་ཡོངས་བྲལ་བ། །དུས༴ མ་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལ། །རྗེ་ ཁྱེད་ཀྱི་མཁྱེན་བརྩེ་ནུས་མཐུ་ཡིས། །གནས་འཁོར་བའི་མཚོ་ལས་དྲོངས་མཛོད་ལ། །དུས༴ དཔལ་རྩོལ་མེད་ཕྱག་ཆེན་མངོན་གྱུར་པའི། །མདངས་སྙིང་རྗེ་ཆེན་པོའི་འགྲོ་བ་ཀུན། །གཞི་ འགྱུར་མེད་རྟག་བརྟན་གཡུང་དྲུང་ལ། །དུས་ད་ལྟ་འགོད་པར་མཛད་དུ་གསོལ། །ཅེས་པའང་ སྨྲས་པའོ། །བཀྲ་ཤིས། འཕེལ་བརྟན། རྣམ་རྟོག་རང་བྱུང་གང་ཡིན་མ་སྐྱེས་པ། །རླུང་དང་སེམས་ནི་གཡོ་མེད་ ངང་དུ་གཞོག །སྙིང་རྗེས་ལྷ་དང་བླ་མ་རབ་ཏུ་བསྐུལ། །བསམ་དུ་མེད་པ་སྙིང་ནས་འཆར་བ་ འགྱུར། ། རྡོ་རྗེའི་ཚིག། །། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༡༤༽ 23-1-89 ༄༅། །རྡོ་རྗེའི་ལམ་ལ་འཇུག་པ་བཞུགས་སོ། ། ༄༅། །ན་མོ་གུ་རུ་བེ། ན་མ་བུདྡྷ་དྷརྨ་སཾ་གྷེ་བྷྱཿ རིགས་དང་མོས་པ་དག་དང་བླ་མ་ བསྟེན། །གདམས་ངག་ལམ་དང་ཟུང་འཇུག་ཅེས་བྱ་བ། །རྡོ་རྗེ་ཐེག་པའི་ལམ་བཟང་སྡེ་ སྣོད་བཅས། །མདོར་ན་གནས་དྲུག་པོ་ནི་འདི་དག་གོ །རིགས་ལས་ཆོས་ལ་མོས་འགྱུར་དེ་ ལས་ཀྱང༌། །བླ་མ་བསྟེན་དང་དེ་ལས་གདམས་ངག་ནོད། །དེ་དོན་བསྒོམས་པས་ཟུང་འཇུག་ འཐོབ་འགྱུར་ཕྱིར། །རིམ་འདི་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་དགོངས། །དེ་ལྟར་དགྱེས་ པའི་རྡོ་རྗེའི་རྩ་རྒྱུད་དུ། །རྡོ་རྗེའི་རིགས་བསྟན་ལས་དང་ལམ་དེ་བཞིན། །གྲོལ་བའི་རྒྱུ་མཚན་ གསུམ་གྱིས་མོས་པ་དང༌། །དབང་བསྐུར་གདམས་ངག་ལམ་དང་འབྲས་བུའི་ཆོས། །རྣམ་ བཞི་ཕྱི་ནས་རབ་ཏུ་གསལ་བར་བསྟན། །ངོ་བོ་ཐ་དད་ངེས་པ་དང༌། །མ་ངེས་མཆོག་དང་ དམན་པ་དྲུག །འདི་དག་རྒྱུ་ཡི་རྒྱུད་ཡིན་ཏེ། །རིགས་ཀྱི་ངེས་པའི་ཚིག་ཏུ་བརྗོད། །སེམས་ རྒྱུན་ཀུན་གཞི་ཤེས་ཚོགས་བཅས། །རླུང་དང་སྣང་བའི་ཡིད་ལུས་དང༌། །རང་བཞིན་གྱིས་ ནི་ཟུང་འཇུག་པ། །རིགས་ཀྱི་ངོ་བོ་ཡིན་པར་འདོད། །ཁམས་དང་མོས་དང་སྒྲུབ་དང་འབྲས། ། ཐ་དད་དམིགས་ཕྱིར་ཉན་ཐོས་དང༌། །རང་རྒྱལ་ཕ་རོལ་ཕྱིན་ཐེག་དང༌། །འབྲས་བུའི་རིགས་ རྣམས་ཡོད་པར་བརྗོད། །རྡོ་རྗེའི་ཐེག་པར་སྨོན་ལམ་བཏབ། །དབང་སོགས་སོས་བཏབ་ འཕེལ་བའི་ཆ། །ལམ་ལ་འདུན་ཅིང་རྩོལ་བའི་ལས། །མྱུར་འགོད་སེམས་བསྐྱེད་འབྲེལ་གང་ ངེས། །གཞན་དག་ངེས་པ་མ་ཡིན་ནོ། །བདེ་ཆེན་ཐེག་པར་ལེགས་སྨོན་ཅིང༌། །ཟུང་འཇུག་ལ་ འདུན་བཞི་ལྡན་མཆོག །གསུམ་ལྡན་ལ་སོགས་དམན་པར་བརྗོད། །སེམས་བཅས་ལུས་ཀྱང་ རང་བཞིན་གྱིས། །ཐེག་པ་འདི་ལ་རྣམ་པར་དག །ནུས་ལྡན་འདྲ་བ་སེམས་ཅན་ཀུན། །རྡོ་རྗེ་ 23-1-90 སེམས་དཔའི་རིགས་དང་ལྡན། །མོས་པ་ཆུང་འབྲིང་ཆེན་པོ་དང༌། །མཆོག་དང་མཆོག་རབ་ བླ་མེད་དྲུག །ཡིད་ཆེས་ལས་བྱུང་སྙིང་རྗེ་དང༌། །ཤེས་རབ་དམན་ལྡན་དགེ་བའམ། །ཐེག་ གཉིས་འདུན་པའི་ལས་ཅན་ཏེ། །འདི་ནི་མོས་པ་དམན་པར་བརྗོད། །སྒྲོལ་འདོད་ཐེག་མཆོག་ དང་ལས་བྱུང༌། །བདག་དང་གཞན་མཉམ་ཤེས་རབ་དང༌། །གཞན་དོན་སྙིང་སྟོབས་འབྲིང་ གྱུར་པ། །བྱང་ཆུབ་མཆོག་ལ་མོས་ཤིང་འདུན། །མོས་པ་འབྲིང་ཞེས་བརྗོད་པ་སྟེ། །ཕ་རོལ་ ཕྱིན་དང་ཐུན་མོང་ཡིན། །རྒྱུ་ནི་རྡོ་རྗེའི་ཐེག་པ་ལ། །དང་ཤིང་སྨོན་ལམ་བཏབ་གྱུར་པ། །མྱུར་ དུ་སྒྲོལ་བའི་འདུན་པས་སད། །འདི་ནི་མོས་པ་ཆེན་པོའོ། །ཤིན་ཏུ་མྱུར་དང་སྡུག་བསྔལ་རྒྱུ། ། འཕྲལ་དུ་འགོག་འདུན་དག་པ་ཡི། །གསལ་སྣང་འབྲེལ་འདི་ལྷག་པར་ཆེ། །གསང་སྔགས་ སྤྱི་དང་བསྐྱེད་རིམ་ལའོ། །བདེ་ཆེན་སྡོམ་པ་དང་འབྲེལ་བ། །ཡུད་ཀྱིས་བྱང་ཆུབ་ཐོབ་འདུན་ ཅིང༌། །མཚན་མེད་བདེ་ཆེན་གྲོགས་བཅས་པ། །དེ་འདྲ་མཆོག་རབ་རྫོགས་རིམ་ལ། །འབྲས་ མཐོང་ཡིད་ཆེས་སྒོམ་བྱུང་དང༌། །སྤྲུལ་སྐུའི་གདམས་ངག་ཐོས་སོགས་རྒྱུ། །འགྲོ་ཀུན་སྟོང་ པར་མངོན་སུམ་དུ། །འཇུག་པའི་ལམ་ལ་འདུན་བླ་མེད། །རྐྱེན་དང་རྒྱུ་དང་ལྷན་ཅིག་བྱེད། ། བླ་མ་རྣམ་པ་གསུམ་ཡིན་ནོ། །རྐྱེན་ནི་རྡོ་རྗེ་སློབ་དཔོན་དང༌། །རྒྱུ་ནི་ལམ་གྱི་ཡེ་ཤེས་ཡིན། ། ལྷན་ཅིག་བྱེད་པ་ཕྱག་རྒྱ་མོ། །དེ་གསུམ་ངོ་བོ་དབྱེ་བ་དང༌། །བསྟེན་ཚུལ་གསུམ་དུ་ཤེས་ པར་བྱ། །ངོ་བོ་རྡོ་རྗེའི་ལམ་འགོད་མཛད། །དམ་ཚིག་ཟླས་པ་སྦྱིན་པ་དང༌། །འཆད་བྱེད་མན་ ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་པ། །རྣལ་འབྱོར་ཅན་གྱི་བླ་མ་སྟེ། །ལས་ དང་པོ་ཡི་གནས་སྐབས་ལའོ། །སྐྱོན་སྤངས་ཡོན་ཏན་ལྡན་པ་སྟེ། །སློབ་དཔོན་མཚན་ཉིད་ བསྟེན་ཚུལ་སོགས། །རྒྱུད་ལས་ཇི་སྐད་གསུངས་པ་བཞིན། །ཡེ་ཤེས་ཅུང་ཟད་བརྟན་པ་ན། ། རང་རྒྱུད་རྟོགས་པའི་ལྷ་དག་དང༌། །བརྟན་ནས་མཁའ་འགྲོ་མ་མོ་སོགས། །བརྟན་པ་ཆེར་ ཐོབ་སྤྲུལ་སྐུ་དང༌། །ས་བཅུ་པ་སོགས་ལོངས་སྤྱོད་རྫོགས། །རྒྱུ་ཡི་ངོ་བོ་གོང་མ་ཡི། །ཡེ་ཤེས་ 23-1-91 གསལ་བར་མཚོན་ནུས་ཅན། །བསྐྱེད་རིམ་མཐར་ཐུག་ཡེ་ཤེས་ནི། །དང་པོའི་བླ་མར་བློ་ཅན་ འདོད། །རྫོགས་རིམ་དངོས་གཞིའི་ཤེས་དང་པོ། །ལྷན་ཅིག་སྐྱེས་པའི་བླ་མའོ། །བདེ་བ་ཆེན་ པོའི་བླ་མ་ནི། །ཕྱག་ཆེན་ལས་ཐོབ་ཞུ་བདེར་བསྒྲགས། །མཐོང་ལམ་དགའ་བའི་སྐད་ཅིག་ མ། །རེ་རེའི་སྔོན་དུ་འབྱུང་བ་དེའོ། །ངེས་པར་འབྱིན་པའི་བླ་མ་ནི། །ས་བཅུ་འོག་ནས་གོང་ མ་རུ། །འཕར་བྱེད་ཡན་ལག་བདུན་ལྡན་ཡིན། །ལམ་དེ་ཉིད་དང་རྒྱུ་ཚོགས་རྣམས། །གོམས་ བྱེད་འདི་ཡི་བསྟེན་ཚུལ་ཡིན། །ལྷན་ཅིག་བྱེད་པའི་ངོ་བོ་ནི། །བདེ་རྒྱུ་ཐུན་མོང་མིན་བུད་མེད། ། ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །ཡེ་ཤེས་ལ་ནི་དམ་ཚིག་དང༌། །བརྟགས་པའི་རིག་མ་གཉིས་ སུ་གནས། །ཕྱག་ཆེན་རྣམ་བཅས་རྣམ་མེད་གཉིས། །དང་པོར་བདེ་སྦྱིན་དབང་གི་དུས། །སྨིན་ བྱེད་ཕྱག་རྒྱ་བསྐྱེད་རིམ་དང༌། །ཞུ་བདེ་འབྲས་བུར་བྱེད་པ་ནི། །རྫོགས་རིམ་དངོས་གཞི་མ་ ཐོབ་པར། །ཐོབ་ནས་སོ་སྐྱེའི་ལམ་དུ་ནི། །རང་བཞིན་བདེ་བ་འབྲས་བུར་བྱེད། །སྤྲོས་བྲལ་ རྣམ་པའི་ཕྱག་རྒྱ་ནི། །འཕགས་པའི་ལམ་དུ་འབྱུང་བ་ཡིན། །འཛག་མེད་བདེ་བའི་དོན་དུ་ནི། ། འདོད་ཆགས་སྟོང་པར་བསྲེ་ཞིང་བསྒོམ། །དབང་དང་དམ་ཚིག་བརྟུལ་ཞུགས་དང༌། །གཡོ་ མེད་དང་ནི་ཟུང་འཇུག་དང༌། །ཉེ་རྒྱུ་ལྟོས་མེད་རང་ཉིད་དང༌། །འབྲས་བུ་ལམ་གྱི་ཆ་རྐྱེན་ལ། ། གདམས་པ་རྣམ་པ་བཅུ་ཞེས་བྱ། །དཀྱིལ་འཁོར་དབང་སོགས་མི་དམིགས་དང༌། ༡ །དམ་ ཚིག་ལ་ཡང་གཉིས་མེད་ཀྱི། །ཡེ་ཤེས་ཀྱིས་ནི་འཇུག་པ་དང༌། ༢ །མཚན་བཅས་མཚན་མེད་ བརྟུལ་ཞུགས་ཀྱང༌། །རང་བཞིན་མེད་པར་ཤེས་པས་སྤྱོད། ༣ །བྱ་ལའང་དམིགས་གཏད་ ཀུན་ཞིག་པའི། །སྟོང་དང་བདེ་ཆེན་ལྷ་སྐུས་སྤྱོད། ༤ །བདེ་ལ་སྟོང་དང་སྟོང་ལ་བདེ། །ཟུང་ འཇུག་ལ་ཡང་མཚན་མེད་བསྒོམ། ༥ །རང་དང་ཕྱག་རྒྱ་ཡེ་ཤེས་དབང༌། །མཉམ་པ་ཉིད་དུ་ གདམས་པ་དང༌། ༦ །སྒོ་གསུམ་ལོངས་སྤྱོད་མ་ཆགས་བཞིན། །ངོ་བོས་སྟོང་དང་ལྟོས་མེད་ པར། །ཆོ་གའི་སྦྱོར་བཅས་དམིགས་མེད་སྤྱོད། ༧ །བདག་གི་རང་བཞིན་མ་དམིགས་ཀྱང༌། ། 23-1-92 འགྲོ་བ་བྱང་ཆུབ་ལ་བརྩོན་ཅིང༌། །བྱ་དང་ལམ་གྱིས་བདག་མཚོན་དང༌། ༨ །རང་བཞིན་མེད་ ཀྱང་འབྲས་བུ་ནི། །དབྱེར་མེད་ཡོན་ཏན་ལྡན་ལ་འདུན། ༩ །མངོན་ཤེས་སོགས་དོན་སྒྲུབ་ ཆ་རྐྱེན། །ཉོན་མོངས་བདུད་སོགས་སྟོང་བདེ་བར། །ཤེས་པས་རང་བཞིན་དོན་སྤྱོད་དོ། ༡༠། ལམ་གྱི་གཞི་དང་རྐྱང་པ་བསྒོམ། །བསྡུས་སྒོམ་བསྡུས་སྒོམ་རབ་གྱུར་པ། །ལམ་ནི་རྣམ་པ་ བཞི་ཞེས་བརྗོད། །རྩེ་གཅིག་མ་གྱུར་པར་དང་ནི། །གྱུར་ནས་བརྟན་ཕྱིར་སྒོམ་པ་དང༌། །ཡན་ ལག་བདུན་ལྡན་སོགས་རྩོལ་དང༌། །དེ་ཡི་རྫོགས་རིམ་རྩོལ་མེད་འཇུག །རྣམ་རྟོག་ཤིན་ཏུ་ ནུབ་གྱུར་པའོ། །ཡན་ལག་བདུན་དང་རྡོ་རྗེ་གསུམ། །ཆེད་དུ་བྱ་བཞི་ཡན་ལག་དྲུག །ལམ་ གྱི་ངོ་བོ་དམ་པ་ཡིན། །འབྲས་བུ་སྐུ་དང་ཡེ་ཤེས་གཉིས། །སྐུ་བཞི་རྡོ་རྗེ་རྣམ་བཞི་དང༌། །དེ་ ཡི་རང་བཞིན་སྐུ་བཅུ་དྲུག །ཡེ་ཤེས་རྣམ་པ་ལྔ་དང་ནི། །དེ་ཉིད་བདུན་དུ་བརྗོད་པ་ཡིན། །དེ་ སྐད་བརྗོད་པའི་དགེ་བ་ཡིས། །འགྲོ་བ་བྱང་ཆུབ་མྱུར་ཐོབ་ཤོག །ཏཱ་ར་ནཱ་ཐས་སྦྱར་བ་སྟེ། རང་ལོ་ཉེར་ལྔ་པ་ལའོ།། །།དགེ་ལེགས་འཕེལ། ཞུ་དག བཀྲ་ཤིས། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༦༨༧༽ 23-1-93 ༄༅། །མངོན་བརྗོད་བླ་མ་ལས་འབྱུང་བའི་དཔྱིད་ཀྱི་ རྒྱལ་པོའི་གླུ་དང་སྤེལ་མར་སྦྱར་བ་བཞུགས། ༄༅། །ཧེ་ༀ། ཁྲོ་བོ་བདེ་བ་དགྱེས་པ་ཡི། །བདེ་བའི་ལོངས་སྤྱོད་ལས་བྱུང་བ། །བདེ་ བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་བརྟེན་པར་བྱེད། །ཨ་ལ་ལ་ལ་ལ་ཧོ། །ཨ་ ཨཱི་ཨཱ་ཨཱ་ར་ལི་ཧོཿ །བདེ་ཆེན་ལ་དགྱེས་ཧེ་རུ་ཀ་དཔལ་གྱིས། །བདེ་བས་རབ་མྱོས་ལྷ་མོ་ཆོ་ག་ བཞིན། །སྦྱར་བས་ཟླ་ཟེར་ཞུ་བདེ་དབབ་པ་ཡིས། །ལྷན་སྐྱེས་བདེ་བའི་ལོངས་སྤྱོད་ལ་རབ་ ཞུགས། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ ལ་ལ་ཧོ། །དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ ཨཱི་ཨཱ་ཨཱ་ར་ལི་ཧོཿ །གཉུག་མའི་བདེ་བས་ཐུགས་ནི་རབ་སྐྱོད་ནས། །འདོད་པའི་སྒྱུ་རྩལ་དུ་ མའི་གར་གྱིས་ཁྱོད། །པདྨར་རྡོ་རྗེ་སྐྱོད་པའི་རོལ་པ་ལས། །བདེ་བ་མཆོག་གི་རྣལ་འབྱོར་མ་ མཆོག་མཛོད། །རབ་དགྱེས་མགོན་པོ་དགྱེས་བཞུགས་མཛོད། །མཁའ་འགྲོ་དྲྭ་བའི་བདེ་བ་ སྩོལ། །དགྱེས་པའི་བདེ་བ་གསོལ་བ་མཛོད། །ཞི་བའི་གར་གྱི་གར་མཛད་པ། །བདག་ལ་ བདེ་ཆེན་བདེ་བ་སྩོལ། །ཨ་ལ༴ ཨ་ཨཱི་ཨཱ༴ མགོན་ཁྱོད་བདག་གི་མདུན་དུ་རབ་བཞུགས་ཏེ། ། ཀུན་རྟོག་རླུང་གི་འཁྲུལ་འཁོར་རྒྱུན་ཆད་པས། །ཞི་ལས་ཟུང་འཇུག་ཉམས་བརྒྱའི་ཟློས་གར་ མཛད། །རབ་མཛེས་དགའ་ཆེན་བདེ་བ་ཁྱོད་ལ་འབུལ། །བདག་ནི་མཁའ་འགྲོ་དྲྭ་བ་ཐམས་ ཅད་ལ། །སྙོམས་པར་འཇུག་པས་བདེ་སྩོལ་བྱིན་གྱིས་རློབས། །ཐར་པའི་མཚན་ཉིད་ལྡན་ པ་ཁྱོད། །ཨ་ལ༴ །བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱི་མི་གྲོལ། ། བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཨ་ཨཱི༴ སྒྲིབ་གཉིས་ལས་གྲོལ་ཐར་པའི་རང་བཞིན་ཏེ། ། 23-1-94 བདེ་བ་འདི་མེད་ལམ་ཀུན་ངལ་བའི་རྒྱུ། །པདྨའི་དབུས་གནས་རིན་ཆེན་གཞལ་མེད་ཁང༌། ། ནོར་བུའི་དབུས་ཀྱི་བདེ་བས་མཚོན་པར་གྱིས། །ཆགས་པའི་དངོས་པོ་ཁྱོད་མ་གྱུར། །བདེ་ བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམ་པར་མཛོད། ། ཨ་ལ༴ ཨ་ཨཱི༴ འདོད་པས་མ་གོས་འདོད་ཆགས་ཆེན་པོ་ནི། །རྨད་དུ་བྱུང་ངོ་བདེ་དགའ་དམ་ པ་འདིས། །བདག་གི་ལུས་སེམས་འཆིང་ལས་མྱུར་དུ་སྒྲོལ། །མཚན་ཉིད་དྲུག་གི་འདབ་ལྡན་ མཚོ་སྐྱེས་ཀྱི། །སྦྲང་རྩིས་རྡོ་རྗེའི་བུང་བ་ཚིམ་མཛད་པ། །གྱེན་དུ་འཕྱུར་བ་འོ་མའི་ཆུ་གཏེར་ བཅིངས། །དྲི་མེད་མཁའ་འགྲོའི་ཚོགས་ཀྱིས་ཐུགས་བརྩེ་བས། །གཟིགས་ཤིང་ལས་དང་ དངོས་གྲུབ་ཀུན་མཛོད་ཅིག །འདི་ཡིས་མགོན་པོ་སྐུལ་ན་ནི། །དཀྱིལ་འཁོར་དངོས་གྲུབ་ ངེས་པ་སྟེ། །སྙན་ཅིང་འཇམ་པའི་དབྱངས་ཀྱིས་ནི། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །དྲི་ མེད་མཁའ་འགྲོ་དྲྭ་བ་ཡིས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །སྒོམ་པ་འཁོར་ལོའི་ བཟླས་པ་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རྒྱུ་དང་མི་རྒྱུ་ལྟ་བར་བྱ། །དམ་ཚིག་ཅན་ཉིད་ ལངས་དུས་སུ། །དེ་བཞིན་གཤེགས་པ་ཐམས་ཅད་དང༌། །དཔའ་བོ་དང་ནི་རྣལ་འབྱོར་མ། ། མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་ལ་བདག་ནི་གསོལ་བ་འདེབས། །རྡོ་རྗེ་པདྨ་ཡིད་ འོང་བ། །སྦྱོར་བས་དངོས་གྲུབ་ཐམས་ཅད་འགྲུབ། །དགྱེས་པ་འདི་ཡིས་བསྐུལ་ན་ནི། །བདེ་ བ་ཆེན་པོ་སྩོལ་བ་ཡིན། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །འགྲོ་ཀུན་རྡོ་རྗེ་འཛིན་པར་ ཤོག །ཨ་ལ༴ ཨ་ཨཱི༴ མངོན་བརྗོད་བླ་མ་ལས་འབྱུང་བའི་དཔྱིད་ཀྱི་རྒྱལ་པོའི་གླུ་དང་སྤེལ་ མར་སྦྱར་བ་འདི་ཡང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཉིས་ལ་སྦྱར་བའོ།། །།དགེའོ།། མངྒ་ལཾ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༡༤༡དང་། དཔེ་གཉིས་ཡོད།༽ 23-1-95 ༄༅། །གསོ་སྦྱོང་རང་གིས་བླང་བའི་ཆོ་ག་བཞུགས། ༄༅། །ན་མོ་ཤཱཀྱ་མུ་ན་ཡེ། ན་མོ་ལོ་ཀ་ནཱ་ཐ་ཡ། སྭསྟི་པྲ་ཛ་བྷྱཿ གསོ་སྦྱོང་རང་གིས་བླང་བའི་ཆོ་ག་ནི། ནམ་ལངས་པའི་ མཚམས་སུ། ཁ་དང་ལག་པ་བཀྲུ་བ་སོགས་གཙང་སྦྲ་དང་ལྡན་པས། སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་ལ་སོགས་པའི་དྲུང་དུ། ཅི་ འབྱོར་པའི་མཆོད་པ་ཞིག་བཤམས། དཀོན་མཆོག་ལ་མོས་གུས་དང༌། ལས་འབྲས་ལ་ཡིད་ཆེས་དང༌། ཆོས་ཀྱི་ཕན་ཡོན་ཡིད་ལ་ བསམ་སྟེ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་ མཆོག་ཏུ་གཟིགས། །རྒྱལ་བ་ཀུན་གྱི་འཕྲིན་ལས་བསྒྲུབ་མཛད་པའི། །དུས་གསུམ་བླ་མ་ འཁོར་བཅས་གཤེགས་སུ་གསོལ། །མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་ སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་ པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་ གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་ དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། ། མཐའ་ཡས་སེམས་ཅན་ཚོགས་རྣམས་སྒྲོལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་ གཤེགས་སུ་གསོལ། །ཕྱོགས་དུས་ཀུན་ཁྱབ་སྐྱབས་གསུམ་བཀའ་སྡོད་བཅས། །ཉོན་མོངས་ འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །དཔག་མེད་ཞིང་ནས་ཐོགས་མེད་རྫུ་འཕྲུལ་གྱིས། ། འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །སེམས་ཅན་རྣམས་ལ་བརྩེ་ བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་ བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ 23-1-96 ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ ལོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་ མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་ གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་ མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་ འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་ དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ཅན་རྣམས་ ཀྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དང་བར། ། མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་ སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། ། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ ནི་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་དུ་ཡེ་ཤེས་ དང༌། །སྤངས་དང་དགེ་འབྱུང་གེགས་བྱེད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། ། མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །སྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་ བརྒྱད་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ ལོ། །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་ མི་མངའ་བ། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་ དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་ 23-1-97 པོ་དང་ལྡན་པའི། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོག་པ་དང༌། །ཡེ་ ཤེས་དང་ནི་འཕྲིན་ལས་ཀྱི། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བསྙེན་ཐམས་ཅད་དུ། །སེམས་ཅན་ཀུན་ གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་ པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་ འཚལ་ལོ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་ བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་ གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཕྱག་བྱར་ འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་རྙེད་ཀྱི། །ལུས་བཏུད་པ་ཡི་རྣམ་ཀུན་ཏུ། ། མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། ། འཕྲིན་ལས་སྒྲུབ་ཅིང་ཡོན་ཏན་རྣམ་གཡེར་མེད། །བསྐལ་པ་མཉམ་པའི་གདུལ་བྱ་སྨིན་ མཛད་པའི། །མཉམ་མེད་བླ་མ་མཆོག་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་ བསྐྱེད་ནས། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་ བདུད་བཞི་འདུལ་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ༴ གང་ཞིག་འབྱུང་པོ་ཀུན་ལ་ཐུགས་ བརྩེ་བས། །སྔོན་ཆད་མ་ཐོས་ཆོས་ཀྱི་འཁོར་ལོ་བསྐོར། །སྐྱོབ་པ་ལྷ་དང་མི་རྣམས་འདུལ་ མཛད་པ། །སྲིད་པ་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་ བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་ བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཐུབ་ཆེན་ཞིང་པའི་གྲོང་བཞུད་ 23-1-98 ཚེ། །འཇམ་བུའི་གྲིབ་མས་སྐུ་ལུས་མ་བཏང་ཞིང༌། །ལྷ་བུ་གཞོན་ནུ་དྲུག་གིས་བཏུད་གྱུར་པ། ། དེ་ཚེ་མཆོད་འོས་ཁྱོད་ལ༴ མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང༌། །ཀུན་སྤྱོད་འཆིང་ བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་ བཞུགས་པ་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་སྐྱོབ། ། འཁོར་བ་འཇིགས་དང་གསེར་ཐུབ་འོད་སྲུང་དང༌། །ཤཱཀྱ་ཐུབ་པ་གོ་ཏམ་ལྷ་ཡི་ལྷ། །སངས་ རྒྱས་དཔའ་བོ་བདུན་ལ་ཕྱག་འཚལ་ལོ། །མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང༌། ། སྤྱད་པ་སྤྱོད་ཚེ་ན་ཡང་མཆེད་གྱུར་ལ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། ། རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ལོ། །སྔོན་ཚེ་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ ནས། །ཚོགས་གཉིས་ཡོངས་རྫོགས་དགོངས་པ་མཐར་ཕྱིན་པའི། །དེ་བཞིན་གཤེགས་པ་ དྲུག་ཁྲི་ལྔ་སྟོང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །མཚན་ལེགས་རིན་ ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་ སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག༴ རྡོ་རྗེ་འཆང་དབང་ རྒྱལ་བ་རྟག་པ་དང༌། །ཧེ་རུ་ཀ་དཔལ་རྡོ་རྗེ་ཉི་མ་དང༌། །པདྨ་གར་དབང་རྟ་ཡི་རྒྱལ་པོ་སོགས། ། འཁོར་ལོའི་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རིགས་ལྔ་དེ་བཞིན་གཤེགས་ ཡུམ་བཞི། །སེམས་དཔའ་ཆེ་དང་ཁྲོ་བོའི་དབང་པོ་རྣམས། །རང་རང་རིགས་ཀྱི་ལྷ་མོར་ བཅས་ལ་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་བདག་ མེད་སྣ་ཚོགས་ཡུམ། །ཡེ་ཤེས་དབང་མོ་རྡོ་རྗེ་རོ་ལངས་མ། །རྡོར་དབྱིངས་དབང་ཕྱུག་ལ་ སོགས་དཀྱིལ་འཁོར་གྱི། །འཁོར་ལོས་བསྒྱུར་མ་རྣམས་ལ་ཕྱག་འཚལ་ལོ། །འདུས་པ་བདེ་ དགྱེས་སྒྱུ་འཕྲུལ་དྲྭ་བ་དང༌། །གདན་བཞི་མཱ་ཡ་ཐོད་པ་གཤིན་རྗེའི་གཤེད། །དུས་ཀྱི་འཁོར་ ལོ་ལ་སོགས་སྔགས་རྒྱུད་ཀྱི། །ཡེ་ཤེས་ལྷ་ཚོགས་ཀུན་ལ་ཕྱག་འཚལ་ལོ། །གསང་སྔགས་ 23-1-99 རིགས་སྔགས་གཟུངས་སྔགས་སྙིང་པོ་དང༌། །ཕྱག་རྒྱའི་རིགས་བྱུང་ལ་སོགས་སྔགས་ཀྱི་ལྷ། ། ཞི་ཁྲོ་ལྷ་ཚོགས་རྒྱུད་སྡེ་བཞི་པོ་ལས། །གང་གསུངས་རྣམས་ལ་གུས་པས་ཕྱག་བགྱིའོ། །ཕྱག་ སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། ། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་སྲས། །གཞོན་ནུའི་ཚུལ་འཛིན་རྒྱལ་སྲས་འཇམ་པའི་ དབྱངས། །བདུད་ཀྱི་དཀྱིལ་འཁོར་མཐའ་དག་འཇོམས་མཛད་པ། །མཁྱེན་བརྩེའི་རང་ བཞིན་དེ་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་ རིགས་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་ པའི། །ཕྱག་ན་རྡོ་རྗེ་བསྣམས་ལ༴ །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་ འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། ། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་སྲེག ། ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་མཛད་པ། ། དགའ་ལྡན་བཞུགས་པ་དེ་ལ༴ །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་ རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །སེང་གེ་གླང་ཆེན་མེ་སྦྲུལ་ཆོམས་རྐུན་དང༌། །ལྕགས་ སྒྲོག་རྒྱ་མཚོ་ཤ་ཟའི་འཇིགས་པ་རྣམས། །ཞི་མཛད་ཟླ་བའི་འོད་ལྟར་མཛེས་པའི་སྐུ། །བཅོམ་ ལྡན་སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་ སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་ རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །སྐུ་ཡི་སྐྱོན་སྤངས་མཚན་དང་དཔེ་བྱད་ལྡན། །གསུང་གི་ སྐྱོན་སྤངས་ཀ་ལ་པིངྐའི་དབྱངས། །ཐུགས་ཀྱི་སྐྱོན་སྤངས་ཤེས་བྱ་མཐའ་དག་མཁྱེན། །བཀྲ་ 23-1-100 ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། ། འཇིགས་པ་ཀུན་ལས་རབ་ཏུ་སྐྱོབ་མཛད་ཅིང༌། །དྲི་མེད་བདེ་ཆེན་ཉེ་བར་སྒྲོལ་མཛད་པའི། ། ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་ པར་འཕྲུལ་བ་ཤ་ཝཱ་རཱི། །ལྷ་མོ་གང་གི་སྒྲུབ་པའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོའི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་བའི་དཔལ་ ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ ཕྱག་འཚལ་ལོ། །མི་འཁྲུགས་པ་དང་སྣང་མཛད་སྤྱན་རས་གཟིགས། །རིན་ཆེན་འོད་འཕྲོ་རི་ རབ་མུ་ཁྱུད་དང༌། །འོད་དཔག་མེད་དང་རྡོ་རྗེ་འཛིན་པ་སྟེ། །མཐུ་སྟོབས་ཆེན་པོ་བརྒྱད་ལ་ ཕྱག་འཚལ་ལོ། །མགོན་པོ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །དོན་ཡོད་ཞགས་པ་ཁྲོ་ རྒྱལ་རྟ་མཆོག་དང༌། །རལ་གཅིག་མ་དང་ཁྲོ་གཉེར་ཅན་མ་སྟེ། །འཕགས་པ་ལྷ་ལྔའི་ཚོགས་ ལ་ཕྱག་འཚལ་ལོ། །རྣམ་རྒྱལ་འཇིག་རྟེན་དབང་ཕྱུག་གསང་བའི་བདག །མི་གཡོ་འདོད་པའི་ རྒྱལ་པོ་དབྱུག་སྔོན་ཅན། །སྟོབས་པོ་ཆེ་དང་ལྷ་ཡི་བུ་གཉིས་པོ། །རྣམ་རྒྱལ་ལྷ་ཚོགས་རྣམས་ ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་ རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང༌། །ཉེ་བའི་སྲས་ཆེན་བརྒྱད་ལ་ ཕྱག་འཚལ་ལོ། །སོ་སོར་འབྲང་མ་སྟོང་ཆེན་རབ་འཇོམས་དང༌། །རྨ་བྱ་ཆེན་མོ་གསང་སྔགས་ རྗེས་འཛིན་དང༌། །བསིལ་བའི་ཚལ་དང་གཙུག་ཏོར་གདུགས་དཀར་སོགས། །འཕྲིན་ལས་ ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཧ་ཡ་གྲཱ་བ་རྟ་མཆོག་དཔལ། །འབར་བའི་སྐུ་ ལ་རལ་པ་གྱེན་དུ་བརྫེས། །མ་རིག་ཚངས་པ་ཁ་བུབ་གནོན་པའི་ལྷ། །པདྨ་རིགས་སྔགས་ རྒྱལ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་རང་བཞིན་ཨིནྡྲ་ནཱི་ལའི་མདོག །ཞལ་གཅིག་ཕྱག་ གཉིས་ཞབས་ཟུང་བརྗིད་པའི་སྐུ། །ཡེ་ཤེས་རལ་གྲི་རྡོ་རྗེ་ཞགས་པ་བསྣམས། ཁྲོ་རྒྱལ་མི་ 23-1-101 གཡོ་མགོན་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྒྱལ་བའི་རིགས་ཀྱི་སྤྲུལ་པ་ནི། །ལྷ་མིན་འཇོམས་ ཤིང་བདུད་ཀྱི་ཀླུད་པ་འགེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གཤིན་རྗེའི་གཤེད། །འོད་ཆེན་ཁྲོ་ བོའི་རྒྱལ་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཐོགས་མེད་རྡོ་རྗེ་རྣམ་པར་འཇོམས། །འཕྲིན་ལས་ ལྷུན་གྲུབ་བདུད་རྩི་འཁྱིལ་བ་སོགས། །ཁྲོ་བོ་མངག་གཞུག་ཐོ་ཧའི་དབང་པོ་རྣམས། །རིག་ པའི་ཚོགས་དང་བཅས་ལ་ཕྱག་འཚལ་ལོ། །གཙུག་ཏོར་འཁོར་ལོས་བསྒྱུར་དང་མཐར་བྱེད་ བཞི། །སྟོབས་ཆེན་མི་གཡོ་འདོད་པའི་རྒྱལ་པོ་དང༌། །དབྱུག་སྔོན་ཧཱུཾ་མཛད་གནོད་མཛེས་ རྒྱལ་པོ་སྟེ། །ཕྱོགས་བཅུའི་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་ རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་ བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །བཟང་སྐྱོང་ཟླ་འོད་ གཞོན་ནུ་ཡུལ་འཁོར་སྐྱོང༌། །དོན་ཟབ་དགོངས་འགྲེལ་ཀུན་འདྲི་ཆོས་འཕགས་དང༌། །བློ་ གྲོས་ངག་ཡངས་དོན་དམ་ཡང་དག་བཞུགས། །ཡོན་ཏན་འབྱུང་གནས་རྣམས་ལ་ཕྱག་འཚལ་ ལོ། །ཐུབ་པའི་བཀའ་འཁོར་ཤཱ་རིའི་བུ་དང་ནི། །མཽ་འགལ་བུ་དང་ཀུན་ཤེས་ནོར་སྦྱིན་འཛིན། ། ཉེ་བ་འཁོར་དང་མ་འགགས་རབ་འབྱོར་སོགས། །དགྲ་བཅོམ་གྲངས་ལ་འདས་ལ་ཕྱག་ འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་ འཚལ་ལོ། །སྟོན་པས་བསྟན་པ་ཡོངས་གཏད་འོད་སྲུང་ཆེ། །ཀུན་དགའ་བོ་དང་ཤ་ནའི་གོས་ ཅན་དང༌། །ཉེར་སྦས་དྷ་ཏི་ཀ་དང་ནག་པོ་དང༌། །ལེགས་མཐོང་རྣམས་ལ་གུས་པས་ཕྱག་ འཚལ་ལོ། །གསང་སྔགས་ཟབ་མོའི་རྣལ་འབྱོར་ལ་བརྩོན་པས། །ཚེ་གཅིག་ཕྱག་རྒྱ་ཆེན་པོའི་ དངོས་གྲུབ་བརྙེས། །ཨིནྡྲ་བྷཱུ་ཏི་ས་ར་ཧ་ལ་སོགས། །དཔག་ཡས་གྲུབ་ཆེན་རྣམས་ལ་ཕྱག་ འཚལ་ལོ། །མགོན་པོ་ཀླུ་སྒྲུབ་ཨཱརྱ་དེ་ཝ་དང༌། །ཐོགས་མེད་དབྱིག་གཉེན་ཕྱོགས་གླང་ཆོས་ 23-1-102 ཀྱི་གྲགས། །ཆོས་སྤྱོད་ཡོན་ཏན་འོད་དང་དཔའ་བོ་སོགས། །འཛམ་གླིང་རྒྱན་མཆོག་རྣམས་ ལ་ཕྱག་འཚལ་ལོ། །སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། །བརྟུལ་ཞུགས་གྲུབ་པ་པདྨ་ འབྱུང་གནས་དཔལ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་སོགས། །སྙིགས་དུས་རྒྱལ་བ་ རྣམས་ལ་ཕྱག་འཚལ་ལོ། །མི་ཡི་དབང་པོ་ཆོས་བཞིན་ས་སྐྱོང་བ། །རྣམ་དཔྱོད་བློ་ཅན་དེས་ པས་འགྲོ་བ་འདུལ། །དཔའ་མཛངས་བློན་པོའི་ཚོགས་ཀྱི་ཡོངས་བསྐོར་བའི། །རྒྱལ་བློན་ བྱང་སེམས་རྣམས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །ཞུ་ ཆེན་བསྒྱུར་བྱེད་མཆན་བུའི་གནས་འདུག་པའི། །སྐད་གཉིས་སྨྲ་བ་བློ་གྲོས་གསལ་ལྡན་པ། ། ལོ་ཙཱ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །འཛམ་བུའི་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྤར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ ཞི་བ་འཚོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་རྒྱལ་ཚུལ་འཛིན་ཅིང༌། །གངས་ ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པར། །སྣ་ཚོགས་ཐབས་ཀྱིས་འདུལ་བར་མཛད་པ་ཡིས། ཁྲི་སྲོང་ལྡེ་བཙན་ཞབས་ལ་ཕྱག་འཚལ་ལོ། །རིག་པའི་གནས་ལྔ་དག་ལ་མཁྱེན་པ་རྒྱས། ། སྒྲོལ་མས་ལུང་བསྟན་ཁ་བ་ཅན་དུ་བྱོན། །ལྔ་བརྒྱའི་དུས་སུ་ཐམས་ཅད་མཁྱེན་པར་གྱུར། ། འགྲོ་མགོན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །མ་བྱོན་སངས་རྒྱས་གསུམ་པ་ཤཱཀྱ་ཤྲཱི། །རྒྱ་གར་ བོད་དང་ཁ་ཆེ་ལ་སོགས་པ། །སྣ་ཚོགས་ཡུལ་དུ་དམ་ཆོས་རྒྱས་མཛད་པའི། །པཎ་ཆེན་ཡབ་ སྲས་རྣམས་ལ་ཕྱག་འཚལ་ལོ། །གཟུངས་སྔགས་རྟོག་པ་བྱ་རྒྱུད་སྤྱོད་རྒྱུད་དང༌། །རྣལ་འབྱོར་ རྒྱུད་དང་རྣལ་འབྱོར་བླ་མེད་ཀྱིས། །དབང་ལུང་བཤད་པ་ལག་ལེན་མན་ངག་གི །བརྒྱུད་ པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སོ་ཐར་བྱང་སེམས་གསང་སྔགས་སྡོམ་པ་དང༌། ། འདུལ་བ་མངོན་པ་མདོ་སྡེ་རིན་པོ་ཆེ། །ལེགས་པར་བསྲུངས་དང་དེ་ཡི་དགོངས་འགྲེལ་གྱི། ། བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་ལ་ཕན་བདེ་མ་ལུས་འབྱུང་བའི་གཞི། ། 23-1-103 བདེ་གཤེགས་བསྟན་པ་ཡུན་རིང་གནས་པ་དང༌། །འཛིན་དང་སྤེལ་དང་བསྲུང་དང་རྒྱས་ མཛད་པའི། །སྐྱེས་བུ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་རང་བཞིན་གནས་མཆོག་ དམ་པ་ནས། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡེངས་བུ་ བཞིན་སྐྱོང༌། །གནས་གསུམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །གང་གི་འཕྲུལ་དང་ མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་ རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །ནོར་གྱི་ དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལྷ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། ། ཚངས་པ་བརྒྱ་བྱིན་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱལ་ཆེན་བཞི་སོགས་གཙང་རིགས་མགོན་ པོ་སྟེ། །བསྟན་པ་བསྲུང་བར་ཞལ་བཞེས་འཕགས་པའི་ཚོགས། །དཀར་ཕྱོགས་སྐྱོང་བ་ རྣམས་ལ་ཕྱག་འཚལ་ལོ། །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསྐལ་པ་གྲངས་ མེད་གསུམ་དུ་ཚོགས་བསགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་འདུལ་མཛད་པ། ། བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་ བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟ་བྱུང༌། །སྐྱེས་རབས་རྒྱས་དང་རྨད་བྱུང་ གཏན་ལ་དབབ། །གསུང་རབ་ཡན་ལག་བཅུ་གཉིས་ལ་ཕྱག་འཚལ། །བཀྲ་ཤིས་འབྱུང་དང་ བྱང་ཆུབ་ཆེན་པོ་དང༌། །ཆོས་འཁོར་ཆོ་འཕྲུལ་ཆེན་པོ་ལྷ་ལས་བབས། །དབེན་སྡུམ་སྐུ་ཚེའི་ འདུ་བྱེད་བྱིན་གྱིས་བརླབས། །མྱང་འདས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་ མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་ འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་བ་དང་ མཆོད་ཅིང་བཤགས་པ་དང༌། །རྗེ་སུ་ཡིད་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་ 23-1-104 བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཕྱིར་བསྔོའོ། ། མཆོད་པ་རྣམས། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ ག་ག་ན་ཁཾ་སྭཱཧཱ། ཞེས་པ་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། བསྡུ་ན་ཡིད་ཀྱི་བྱིན་རླབས་ཀྱིས་ ཀྱང་ཆོག མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་རེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་ བཀྱེ་སྟེ། །མཆོད་ཡོན་སྣ་ཚོགས་ཀུན་ཏུ་བཀྲམས་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་ སྲས་བཅས་མཆོད། །དེ་བཞིན་དུ་མཆོད་ཡོན་ཅེས་པའི་གནས་སུ་གཞན་རྣམས་ཀྱང་སྦྱོར་ཏེ། མེ་ཏོག བདུག་ སྤོས། མར་མེ། དྲི་མཆོག ཞལ་ཟས། སིལ་སྙན་རྣམས་འཇུག དེ་རྗེས་སུ་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་ བདུན་པ་ཚར་གསུམ་བྱ། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བླང་བར་བྱ་སྟེ། སངས་རྒྱས་ཆོས་དང་ཚོགས་ ཀྱི་མཆོག་རྣམས་ལ། །ཞེས་སོགས་ཚར་གསུམ། དེ་རྣམས་སྔོན་འགྲོའི་རིམ་པ་ཡིན་ནོ། ། དངོས་གཞི་ནི་འདི་སྐད་ཅེས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཇི་ ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས། རྟ་ ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་ རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་ པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ ཕྱིར་དང༌། ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ཡང་དག་པར་མཛད་པ་ དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུངས་ཏེ། ཇི་སྲིད་སང་ཉི་མ་མ་ 23-1-105 ཤར་གྱི་བར་དུ་གསོ་སྦྱོང་ཡང་དག་པར་བླང་བར་བགྱིའོ། ། དེང་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་ མི་སྤྱད་ཅིང༌། །བརྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་ སུ་སྤང་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ ཕྲེང་བ་རྒྱན་དང་ནི། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་ གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤངས། །བླ་མེད་བྱང་ཆུབ་ གནས་ཐོབ་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་ བར་ཤོག །ཅེས་ལན་གསུམ་མོ། །དེ་ནི་དངོས་གཞིའི་བྱ་བ་ཡིན་ལ། རྗེས་ནི། ཚུལ་ཁྲིམས་ཡོངས་དག་གི་གཟུངས་བཟླ་ཞིང༌། སྨོན་ལམ་འདེབས་པ་ཡིན་ཏེ། ༀ་ཨ་མོ་གྷ། ཤི་ལ། སམྦྷ་ ར་སམྦྷ་ར། བྷ་ར་བྷ་ར། མཧཱ་ཤུདྡྷ་སཏྭ་པསྨ་བི་བྷུ་ཥི་ཏ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་ཝ་ལོ་ཀི་ ཏེ་ཧཱུཾ་ཕཊ། བརྒྱ་རྩའམ། མ་འགྲུབ་ན་ཉེར་གཅིག་ཙམ་བྱ། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །སོགས་ ཤོ་ལོ་ཀ་གཅིག་དང༌། རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་ བྱེད་ཅིང༌། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ ཤོག །ཇི་ལྟར་ནོད་པའི་བསླབ་པ་ཕྲ་མོ་ཡང༌། །ངེས་འབྱུང་བསམ་པས་བྱང་ཆུབ་མ་ཐོབ་བར། ། སྲོག་གི་ཕྱིར་ཡང་གཏོང་བར་མི་བྱེད་པའི། །ཐར་པའི་རྒྱལ་མཚན་རྟག་ཏུ་འཛིན་པར་ཤོག ། སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང༌། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་ དང༌། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་ བདེ་ལེགས་ཤོག །བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་ དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི། །སྲིད་པའི་མཚོ་ལས་འགྲོ་ བ་སྒྲོལ་བར་ཤོག །དགེ་བ་འདི་ཡི་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། ། 23-1-106 བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །སེམས་ཅན་བདེ་ དང་ལྡན་གྱུར་ཅིང༌། །སྡུག་བསྔལ་ཀུན་ལས་ཐར་པར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། ། ཆོས་ཉིད་མཉམ་ཉིད་རྟོགས་པར་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་ གུང་ཡང་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་ བཀྲ་ཤིས་ཤོག །གཞན་ཡང་ཇི་ལྟར་འོས་པའི་སྨོན་ལམ་གདབ་བོ། །བསྙེན་གནས་ཀྱི་ཆོ་ག་ལ་ཉན་ཐོས་ལུགས་དང༌། ཐེག་ ཆེན་ལུགས་གཉིས་ཡོད་པ་ལས། འདི་ནི་ཐེག་ཆེན་གྱི་ལུགས། འཕགས་པ་དོན་ཡོད་ཞགས་པའི་གཟུངས་ལས་འབྱུང་བ་ཡིན་ནོ། ། འདི་དུས་དང་པོར་སློབ་དཔོན་ལས་ལན་གཅིག་བླངས་ཏེ། ཕྱིས་རང་ནམ་འདོད་པའི་ཚེ། རང་གིས་བླངས་པས་ཆོག་པ་ཡིན་ཏེ། དམ་བཅའ་བརྟན་པའི་ཕྱིར་དུས་ངེས་པ་ཅན་དུ་བླངས་ན་བཟང་བར་བཞེད་དོ། །གསོ་སྦྱོང་རང་གིས་བླང་བའི་ལག་ལེན་མདོ་ ཙམ་འདི་ཡང༌། ཤེས་ལྡན་རྣམས་ཀྱི་ནན་ཏན་དུ་བསྒྲུབ་པའི་འོས་སོ། །ཞེས་པའང་ས་ལ་སྤྱོད་པའི་དབང་ཕྱུག་ཀུན་དགའ་རབ་ བརྟན་དབང་གི་རྒྱལ་པོའི་གསུང་གིས་བསྐུལ་ནས་ཀུན་དགའ་སྙིང་པོས་བྲིས་པའོ།། །། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༡༽ 23-1-107 ༄༅། །དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་ རྟོགས་པ་འདོད་དགུའི་རྒྱ་མཚོ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་མངོན་པར་རྟོགས་པ་འདོད་དགུའི་གཏེར་མཛོད་ ཅེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །མཆོག་ཏུ་དང་པོར་ཡེ་ཤེས་བདུད་རྩི་ཡི། །བཀའ་ དྲིན་སྩོལ་མཛད་བླ་མར་ཕྱག་བགྱིས་ནས། །གང་གི་ཐུགས་རྗེའི་འོད་ཟེར་ལས་ཤར་བ། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་ རྣམས་ལའང་འདུད། །རྒྱལ་དང་དེ་སྲས་རྒྱ་མཚོའི་མཁྱེན་པ་ཀུན། །གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་པའི་དབྱངས། །ཡན་ ལག་བདུན་ལྡན་རིགས་ཀྱི་དཀྱིལ་འཁོར་སྤྲོ། །མཁྱེན་པའི་འོད་ཀྱིས་བདག་བློ་གསལ་བར་མཛོད། །བསྐྱེད་རིམ་ཀུན་གྱི་གཙོ་བོ་ ཟླ་མེད་པ། །འདུས་པའི་ལམ་བཟང་ཡེ་ཤེས་ཞབས་ཀྱི་སྲོལ། །ཕྱོགས་འདིར་རིང་མོ་ཞིག་ནས་ཉམས་པ་དེ། །རྒྱས་པར་བྱ་ཕྱིར་ འདི་ལ་སྤྲོ་བ་སྐྱེས། །མ་ལུས་རྒྱུད་སྡེའི་ཆུ་ཀླུང་ཀུན། །འདུས་པའི་རྒྱ་མཚོ་ཆེར་འཇུག་པ། །ལུགས་བཟང་མཆོག་འདི་མཐོང་བ་ན། ། ལུགས་གཞན་དག་ནི་འོད་མི་གསལ། །དེ་ཕྱིར་མཁས་པ་རྣམས་ཀྱིས་ནི། །ལམ་མཆོག་འདི་ལ་ཉེར་བརྟེན་འོས། །འདི་ལ་གྲུབ་ པའི་དགའ་སྟོན་ནི། །མཐའ་ཡས་ཅི་ཡི་ཕྱིར་མི་འཐོབ། ། འདིར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ལ་ཉེ་བར་བརྟེན་ནས་བསྐྱེད་པ་དང་རྫོགས་པའི་རིམ་པའི་རྣལ་འབྱོར་ གྱིས་བླ་ན་མེད་པའི་བྱང་ཆུབ་མཆོག་ཉིད་ཀྱང༌། ལུས་ཀྱི་ཆོས་འདི་ཉིད་ཀྱིས་བདེ་བླག་ཏུ་མངོན་པར་བསྒྲུབ་པར་འདོད་པ་དག་ གིས་ལུགས་འདི་ལ་ནན་ཏན་ཏུ་བྱ་བར་འོས་སོ། །དེ་ལ་འདི་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་སློབ་དཔོན་ཆེན་པོ་མདོ་རྒྱུད་ རྒྱ་མཚོའི་ཕ་རོལ་ཏུ་སོན་པ་སྔགས་ཀྱི་དངོས་གྲུབ་མཆོག་བརྙེས་པའི་སློབ་དཔོན་ཆེན་པོ་སངས་རྒྱས་དཔལ་ཡེ་ཤེས་ཀྱི་ཞལ་སྔ་ ནས་ཀྱིས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་མངོན་སུམ་དུ་ནོད་པའི་གདམས་ངག་ཡིན་ནོ། །དེ་ཡང་ སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ལས། ལ་ལར་དྲི་མེད་ཆུ་ནི་ཕུན་ཚོགས་ཤིང༌། །ཤིང་མཆོག་མཛེས་པས་རྣམ་པར་བརྒྱན་པ་ཡི། ། རི་བོའི་ཕྱོགས་གཅིག་ཏུ་ནི་བཅོམ་ལྡན་འདས། །འཇམ་པའི་དབྱངས་ཞེས་བྱ་བ་རབ་ཏུ་སྒྲུབ། །ཅེས་གསུངས་པ་ལྟར་ཡིད་དུ་འོང་ 23-1-108 བའི་གནས་སུ་བདེ་བའི་སྟན་པ་འདུག་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་ པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་ འཛིན་པས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་ པོ་ཆེའི་རྒྱན་གྱིས་བརྒྱན་པ། རང་དང་འདྲ་བའི་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བ། རྡོ་རྗེ་སེམས་པའི་དབུ་རྒྱན་ཅན། དཔྲལ་བར་ༀ་ནས། ཧཱུཾ་གི་བར། ཡེ་ཤེས་སེམས་དཔའ་བཛྲ་ས་ མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ དབང་བསྐུར། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་དཀར་པོའི་མཐར་ཡི་གེ་བརྒྱ་ བའི་སྔགས་ཀྱི་འཕྲེང་བས་བསྐོར་བ། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ ཀྱི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་སྒྲིབ་པ་ཉེས་པ་ལྟུང་བ་དྲི་མའི་ཚོགས་ ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་ལ། རྡོ་རྗེ་སེམས་པའི་ཡི་གེ་བརྒྱ་པ་ཅི་ འགྲུབ་བཟླས་པའི་མཐར། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་འདུད་ལ་ཕྱག་ འཚལ་འདུད། །གུས་པས་ཁྱོད་ལ་ཕྱག་འཚལ་འདུད། །རྡོ་རྗེ་སེམས་པར་བདག་སྒྲུབ་མཛོད། ། བཅོམ་ལྡན་འདས་བདག་དང་ཞེས་པ་ནས། བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། རྡོ་ རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ། དེ་ཉིད་ཇི་སྲིད་དུ་སྡིག་པ་བྱང་བའི་མཚན་མཐོང་གི་བར་དུ་བསྒོམ་ པར་བྱ་ལ། དེ་ནས་ཇི་སྐད་དུ། ཆོ་ག་བཞིན་དུ་རྗེས་གནང་བྱས་པ་ཡི། །བློ་དང་ལྡན་པས་རང་སྔགས་བསྙེན་པ་བྱ། །ཞེས་གསུངས་ པ་ལྟར། མེ་ཏོག་ཕོག་པའི་ལྷ་དེ་ཉིད་དང་པོར་བསྒྲུབ་པར་བྱ་སྟེ། དེར་སེམས་བརྟན་པ་དང༌། ལྷ་དེ་ཉིད་མཉེས་པའི་མཚན་པ་ཅུང་ ཟད་མཐོང་བར་བྱའོ། ། དེས་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པ་ཡང་སྒོམ་ནུས་པར་འགྱུར་བས། ད་ནི་འདིའི་རིམ་པ་བཤད་པར་བྱ་སྟེ། འདི་ལ་ སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ། མཐུན་རྐྱེན་སྒྲུབ་པ་ཚོགས་གཉིས་གསོག་པ་དང༌། འགལ་རྐྱེན་འགོག་པ་ 23-1-109 བསྲུང་འཁོར་སྒོམ་པའོ། ། དང་པོ་ལ་གཉིས་ཀྱི་དང་པོ་བསོད་ནམས་ཀྱི་ཚོགས་གསོག་པ་ནི། རང་སྐད་ཅིག་གིས་འཇམ་པའི་རྡོ་རྗེར་ གསལ་བའི་སྙིང་གར་ཟླ་བ་དྲི་མ་མེད་པ་ལ་གནས་པའི་མཾ་ཡིག་དམར་སེར་རྣམ་ཐར་སྒོ་ གསུམ་གྱི་རང་བཞིན་ཡིད་བཞིན་གྱི་ནོར་བུ་ལྟར་འཇིག་རྟེན་གྱི་དབུལ་བ་སེལ་བར་བྱེད་པ་ ལས་འོད་ཟེར་འཕྲོས་པས། རྩ་བའི་བླ་མ་རིགས་བདག་གི་རྣམ་པ་ཅན་གྱིས་དབུ་བརྒྱན་པའི་ འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་མདུན་གྱི་ནམ་མཁར་སྤྱན་དྲངས། ༀ་བཛྲ་ས་མཱ་ ཛཿ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟཾ་པྲ་ཎི་མྱ་བཛྲ་བནྡྷཱ་ནཱཾ་ཀ་རོ་མི། དཔལ་ལྡན་བདེ་རྫོགས་ ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །དེ་ཡི་རང་བཞིན་ཞི་བ་བཅུ་དྲུག་ཕྱེད་ཆ་འབར། ། དོན་དམ་སྙིང་པོ་དེ་སྟོན་བླ་མ་གསུམ་པོ་རབ། །དེ་ལ་བྱ་བྱེད་གསུམ་མཉམ་པ་ཡི་རྟག་ཏུ་ འདུད། །ཅེས་བླ་མ་དང༌། དཔལ་ལྡན་མི་ཤེས་ཀུན་སྤངས་དྲི་མེད་གཟི་བརྗིད་ལྡན། །དཔག་མེད་ རིགས་ཀྱི་སྤྲུལ་པ་རྣམས་ཀྱིས་རབ་བརྒྱན་ཞིང༌། །ཤེས་རབ་ཡན་ལག་འདུས་པ་འབར་ཞིང་ རབ་མཛེས་པ། །འཇམ་དཔལ་གང་དེ་མཆོད་ཕྱིར་དེ་ལ་ཕྱག་འཚལ་ལོ། །ཞེས་ཡི་དམ་ལ་ཕྱག་བྱ། ༀ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲཱི་ཧཱུཾ། དེ་བཞིན་དུ་འདིར། པཱདྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ། རཱུ་པ། གནྡྷེ། ར་ས། སྤཪྴ་དྷརྨ་དྷཱ་ཏུ་བཛྲ་རྣམས་སྦྱར་རོ། །གང་ཞིག་ཐོག་ མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤད་པར་བགྱི། །རྫོགས་སངས་རྒྱས་ དང་བྱང་ཆུབ་སེམས་པ་དང༌། །འཕགས་པ་གཞན་གྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ ཡང་དག་ཡི་རང་ཞིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་པ་དྲི་མེད་ཟླ་ འདྲས་བསྒྲུབ། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་ཐབས། །རང་གི་ཡིད་ལ་གནས་པར་གྱུར་ པ་ཡི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ 23-1-110 ཞིང༌། །སེམས་པ་དམ་པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་ངེས་པར་གྲོལ་གྱུར་ ཅིང་། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་ བཞུགས་པའི། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་ སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་ རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པ་བསྐྱེད་པར་བགྱིད། །བདེ་གཤེགས་སྲས་ བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་དཀར་པོའི་ཡོན་ཏན་ཚུལ། །རྫོགས་ སངས་རྒྱས་བདག་མ་ལུས་ངོ་བོའི་བློས། །ཡང་དག་ཉིད་དུ་ད་ནི་གནས་པར་བགྱི། །སེམས་ ཅན་ཐམས་ཅད་བདེ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་ གྱི་རྒྱུ་དང་བྲལ་བར་གྱུར་ཅིག བདག་གིས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་ བསྔལ་དང་བྲལ་བའི་དོན་དུ་འཇམ་པའི་རྡོ་རྗེ་ཐོབ་པར་འགྱུར་རོ། །རང་གཞན་ཐམས་ཅད་ འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པའི་བཏང་སྙོམས་ལ་གནས་པར་བགྱིའོ། ། གཉིས་པ་ཡེ་ཤེས་ཀྱི་ཚོགས་ནི། ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་ པ་རྣམས་དང་བྲལ་ཕྱིར་དངོས་རྣམས་ཀུན། །མ་ལུས་སྨོན་པ་ལས་ནི་ངེས་པར་གྲོལ། །ༀ་ཤཱུ་ནྱཱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །སྟོང་པའི་ངང་ལས། ནམ་མཁའི་ཁམས་སུ་ཨཱཿལས་བྱུང་བའི་ཟླ་ བའི་དཀྱིལ་འཁོར་གྱི་དབུས་སུ། རང་གི་བར་དོའི་ངོ་བོ་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་ པོ་རྣམས་ཐབས་ཤེས་ཆགས་སེམས་ཀྱི་རང་བཞིན་ཧོ་དམར་པོ་གཉིས་ཀྱི་མཐའ་བརྟེན་པ་ བྱང་ཆུབ་སེམས་ཀྱི་ངོ་བོར་གྱུར། གཉིས་པ་ལ་ཐུན་མོང་གི་བསྲུང་འཁོར་དང༌། ཐུན་མོང་མ་ཡིན་པའི་བསྲུང་འཁོར་གཉིས་ལས། དང་པོ་ནི། འོག་ཏུ་ ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་རྡོ་རྗེ་ནག་པོ་རྩེ་ལྔ་པ་རྭ་གདེངས་ 23-1-111 པའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་བགེགས་ཐམས་ ཅད་རྒྱང་རིང་དུ་བསྐྲད། འོད་ཟེར་སླར་འདུས་ནས་འོག་ཏུ་འཕྲོས་པས། འོག་ཐམས་ཅད་སྲ་ ཞིང་བརྟན་པའི་རྡོ་རྗེའི་ས་གཞི། ལོགས་རྣམས་སུ་འཕྲོས་པས་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་ དུ་འཕྲོས་པས་གུར་དང་བླ་བྲེ། དེ་ཐམས་ཅད་དུམ་བུ་གཅིག་ཏུ་གྱུར་པའི་ཕྱི་རོལ་ཏུ་རྡོ་རྗེའི་མེ་ ཁ་དོག་ལྔ་པ་རབ་ཏུ་འབར་བས་བསྐོར་བར་གྱུར། གཉིས་པ་ནི། དེའི་དབུས་སུ། ༀ་ལས་བྱུང་བའི་ཟླ་བའི་སྟེང་དུ། བྷྲུཾ་སེར་པོ་ཡོངས་སུ་གྱུར་ པ་ལས། འཁོར་ལོ་སེར་པོ་རྩིབས་བཅུ་པ་གཡས་བསྐོར་དུ་མགྱོགས་པར་འཁོར་བ། རྡོ་རྗེ་ འབར་བའི་སྤྲིན་གྱི་འཕྲེང་བ་ཕྱོགས་བཅུར་འཕྲོ་བ། དེའི་ལྟེ་བའི་ནང་གི་དབུས་དང་ཕྱོགས་ མཚམས་བརྒྱད་ཀྱི་རྩིབས་བརྒྱད་ཀྱི་རྩེ་མོའི་སྟེང་དང༌། སྟེང་འོག་གི་རྩིབས་ཀྱི་ནང་རྣམས་སུ་ སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། དེ་རྣམས་ཀྱི་སྟེང་དུ་ཧཱུཾ་རེ་རེ། དེ་ཡང་ལྷོའི་དཀར་པོ། ནུབ་ཀྱི་དམར་པོ། སྟེང་གི་སེར་པོ། གཞན་རྣམས་སྔོན་པོ། དེ་རྣམས་ཡོངས་སུ་གྱུར་པ་ལས་ དབུས་དང་ཤར་སོགས་ཕྱོགས་དང་མེ་སོགས་མཚམས་གཡས་བསྐོར་དང༌། སྟེང་འོག་རྣམས་ སུ་རིམ་པས། རྡོ་རྗེ་དང༌། ཐོ་བ་དང༌། དབྱུག་པ་དཀར་པོ་དང༌། པདྨ་དང༌། རྡོ་རྗེ་ཁ་གྱེས་པ་ དང༌། ལྕགས་ཀྱུ་དང༌། དབྱུག་པ་སྔོན་པོ་དང༌། རྩེ་གསུམ་དང༌། རལ་གྲི་དང༌། འཁོར་ལོ་ དང༌། རྡོ་རྗེ་རྣམས་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། དབུས་སུ་ཧཱུཾ་མཛད་ནག་པོ་ནག་ དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་རང་སྣང་གི་རིག་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་ པོ་གཉིས་ཀྱིས་རང་སྣང་གི་རིག་མ་ལ་འཁྱུད་པ། ལྷག་མ་གཡས་གཉིས་ཀྱིས་ཐོ་བ་དང་རལ་ གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། དེ་བཞིན་དུ་སྦྱར་སྟེ། ལྷོ་རུ་ཤེས་རབ་མཐར་ 23-1-112 བྱེད་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ༴ གཡས་གཉིས་ཀྱིས་རྡོ་རྗེས་མཚན་པའི་ དབྱུག་པ་དཀར་པོ་དང་རལ་གྲི༴ ནུབ་ཏུ་པདྨ་མཐར་བྱེད་དམར་པོ་དམར་ནག་དཀར་བའི་ ཞལ་གསུམ༴ གཡས་གཉིས་ཀྱིས་པདྨ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་འཁོར་ ལོ་འཛིན་པ། བྱང་དུ་བགེགས་མཐར་བྱེད་ནག་པོ་ནག་དཀར་དམར་བའི་ཞལ་གསུམ༴ གཡས་གཉིས་ཀྱིས་རྡོ་རྗེ་ནག་པོ་ཁ་གྱེས་པ་དང༌། གཞན་ཧཱུཾ་མཛད་བཞིན། བྱང་ཤར་དུ་མི་གཡོ་བ་ སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ༴ གཡས་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ༴ ཤར་ལྷོ་ འདོད་པའི་རྒྱལ་པོ་སྔོན་པོ་སྔོ་དཀར་དམར་བའི༴ གཡས་གཉིས་ཀྱི་ལྕགས་ཀྱུ་དང་༴ ལྷོ་ནུབ་ ཏུ་དབྱུག་སྔོན་ཅན་སྔོན་པོ་སྔོན་དཀར་དམར་བ༴ གཡས་གཉིས་ཀྱིས་དབྱུག་པ་སྔོན་པོ་དང་༴ ནུབ་བྱང་དུ་སྟོབས་པོ་ཆེ་ནག་པོ་ནག་དཀར་དམར་བའི་ཞལ༴ གཡས་གཉིས་ཀྱིས་རྩེ་གསུམ་ དང་༴ སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སེར་པོ་སེར་ནག་དཀར་བའི་ཞལ་གསུམ༴ གཡས་གཉིས་ཀྱིས་འཁོར་ལོ་སེར་པོ་དང་༴ འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ་སྔོ་དཀར་ དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་རང་སྣང་གི་རིག་མ་ལ་འཁྱུད་པ། ལྷག་ མ་གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པའོ། ། མི་གཡོ་བ་འདོད་རྒྱལ་གནོད་མཛེས་ཧཱུཾ་མཛད་རྣམས་སྒེག་པའི་ཉམས་ཅན་མཆེ་བ་ཅུང་ཟད་ གཙིགས་པ། དབུ་སྐྲ་ནག་པོའི་ཐོར་ཚུགས་ལ་རིན་པོ་ཆེའི་ཅོད་པན་དང༌། དར་སྣ་ཚོགས་ཀྱི་ ཤམ་ཐབས་ཅན། ཁྲོ་བོ་གཞན་ཐམས་ཅད་སྦོམ་ཞིང་ཐུང་བ་མི་སྡུག་པའི་ཉམས་ཅན། མཆེ་བ་ དྲག་ཏུ་གཙིགས་ཤིང་ལྗགས་འགྱུར་བ། སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར། སྟག་གི་ ལྤགས་པའི་ཤམ་ཐབས་ཅན། སྦྲུལ་གྱིས་བརྒྱན་པ། ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ ལྡན་ཞིང༌། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པ། གཤིན་རྗེ་མཐར་ བྱེད་ལ་རྣམ་སྣང༌། པདྨ་མཐར་བྱེད་ལ་འོད་དཔག་མེད། གཞན་ཐམས་ཅད་ལ་མི་བསྐྱོད་པ་ 23-1-113 ཡབ་ཡུམ་རེ་རེས་དབུ་བརྒྱན་པའོ། །ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པ་ཨཱཿ ཐུགས་ ཀར་ཧཱུཾ། སྙིང་ཁ་ནས་འོད་འཕྲོས། རང་འདྲའི་ཡེ་ཤེས་སེམས་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ རིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར། ༀ་ ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཁྲོ་བོ་བཅུའི་མཚན་སྔགས་སམ། རྩ་སྔགས་རྒྱུད་ལས་ འབྱུང་བ་རྣམས་ཀྱང་སྤྲོ་ན་བཟླ་བར་བྱའོ། །མདོར་བསྡུས་སུ་སྒོམ་ན་གོང་དུ་འབར་བས་བསྐོར་བའི་བསྲུང་བའི་འཁོར་ལོར་གྱུར་ ཞེས་བརྗོད་དེ། ཁྲོ་བོ་བཅུ་འཁོར་ལོ་དང་བཅས་བཞག་ཀྱང་རུང་ངོ༌། །གལ་ཏེ་ཕྱིར་བཟློག་བྱ་བར་འདོད་ན། དབུས་སུ་རང་ཉིད་ གཙུག་ཏོར་འཁོར་ལོས་བསྒྱུར་བ་དང༌། སྟེང་དུ་ཧཱུཾ་མཛད་སྒོམ་པ་ནི་ཁྱད་པར་ཏེ་དེ་དང༌། གཞན་ཡང་བསྲུང་བྱ་སྦ་བའི་གནད་ལྷའི་ རྣམ་པའི་གནད། འཁོར་ལོ་བསྐོར་བའི་གནད། སྔགས་ཀྱི་བཟླས་པའི་གནད་དེ། གནད་ལྔ་ལྡན་དུ་བྱ་བ་དང༌། གཞན་དག་རྒྱས་ པར་ཨུཥྞི་ཥའི་གདམས་ངག་ལུགས་གཉིས་སུ་ཤེས་པར་བྱའོ། །དེའི་བཟླས་པ་ནི། ༀ་ཨཱཿ ཨུཥྞི་ཥ་ཙཀྲ་བརྟི། སརྦ་ལོ་ ཀི་ཀ་ལོ་ཀོཏྟ་ར་ནི་ཡནྟྲ་མཱནྟྲ་བི་ཙཱུརྞཱ་ཡ། པྲ་ཡོ་གཱ་དཱི་ནི། མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙིཏྐྲི་ཏཱ་ནི། ཀ་རི་ ཧ་ཏཱ་ནི་ཧ་ན་སརྦ་ནི། ཚིནྡ་ཚིནྡ། བིནྡྷ་བིནྡྷ་ཀཾ་པ་ཀཾ་པ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བི་ དྷྭནྶ་ཡ་བི་དྷྭནྶ་ཡ། ཤ་ད་ས་ཧ་སྲ། བི་ཙུརྞཱ་ཡ་བི་ཙུརྞཱ་ཡ། ཨུཥྞི་ཥ་ཙཀྲ་བརྟི་བྷྲུཾ་བྷྲུཾ་བྷྲུཾ་ཧཱུཾ་ཧཱུཾ་ཧཱུཾ། གཉིས་པ་དངོས་གཞི་ལ། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་པོ་མཆོག་དང༌། ལས་རྒྱལ་པོ་མཆོག་གསུམ་ལས། དང་པོ་ལ། རྟེན་བསྐྱེད་པ་དང༌། བརྟེན་པ་བསྐྱེད་པ་གཉིས་ལས། དང་པོ་ནི། དབུས་ཀྱི་ཁྲོ་བོ་ཡོངས་སུ་གྱུར་པ་ ལས་སཾ་ལས་རྡོ་རྗེ་དཀར་པོ་སཾ་གིས་མཚན་པ་ལས། ཀུན་བཟང་དཀར་པོ་དཀར་སྔོ་དམར་ བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་ཀྱིས་རང་འོད་ཀྱི་རིག་མ་ལ་འཁྱུད་པ། ལྷག་ མ་གཉིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། ཟླ་བའི་འོད་ཅན། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཟླ་བའི་གདན་ལ་བཞུགས་པ། དར་དང་རིན་པོ་ཆེས་སྤྲས་པ། དེ་ ཡོངས་སུ་གྱུར་པ་ལས། ནམ་མཁའི་ཁམས་བདེ་བ་ཆེན་པོ་རང་བཞིན་ཆོས་འབྱུང་གྲུ་གསུམ་ ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བ། རྩ་བ་ཕྲ་བ། ཐུར་དུ་ཟུག་པ། གདེང་ཁ་ཆེ་བ་ 23-1-114 གྱེན་དུ་ཕྱོགས་པ། དེ་བཞིན་གཤེགས་པའི་ཚོགས་ཀྱི་འོད་ཟེར་འཕྲོ་བ། དེའི་ནང་དུ་པཾ་ལས་ སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པ། ལྟེ་བར་ཧཱུཾ་ནག་པོ་ལས། སྣ་ཚོགས་རྡོ་རྗེ་ཡངས་ ཤིང་རྒྱ་ཆེ་བ། དེའི་ལྟེ་བར་ཟླ་བ་ལ། བྷྲུཾ་ལས་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་བྷྲུཾ་ གྱིས་མཚན་པ་ལས་འོད་འཕྲོས། སངས་རྒྱས་རྣམས་བདེ་བ་ཆེན་པོས་མཆོད། རྣམ་སྣང་གི་ རྣམ་པར་སྤྱན་དྲངས་ཏེ། བྷྲུཾ་ལ་ཐིམ་ཡོངས་སུ་གྱུར་པ་ལས། རྣམ་སྣང་དཀར་པོ་དཀར་སྔོ་ དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་རང་འོད་ཀྱིས་ཡུམ་ལ་འཁྱུད་པ། ལྷག་མ་ གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། ཟླ་ བའི་འོད་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེ་ཡོངས་སུ་གྱུར་པ་ལས། ཐར་པ་ཆེན་ པོའི་ཁང་བཟང་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་རྫོགས་པར་གྲུབ་པ། ཐུབ་པའི་དབང་ པོའི་འོད་ཟེར་གྱིས་མཐའ་ཡས་པའི་ཕྱོགས་ཀུན་ཏུ་ཁྱབ་པ། གྲུ་བཞི་སྒོ་བཞི། ཕྱི་ནས་རིམ་ པ་བཞིན་དུ་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་དང་ལྡན་པ། དེའི་སྟེང་དུ་རིན་ པོ་ཆེའི་ཕ་གུ་དམར་པོས་བསྐོར་བའི་སྟེང་ན་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་ གྱི་ཁ་ནས་འཕྱང་བའི་དྲྭ་བ་དྲྭ་ཕྱེད། དེའི་སྟེང་དུ་བྱ་འདབས་ལས་འཕྱང་བའི་ཤར་བུ། སྟེང་ དུ་མདའ་ཡབ་མཆོད་རྟེན་གྱི་དབྱིབས་ཅན་གྱིས་ཡོངས་སུ་བསྐོར་བ་ལ། རྒྱལ་མཚན་དང་བ་ དན་ལ་སོགས་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། རྩིག་པའི་ཕྱི་འགྲམ་འདོད་ཡོན་ གྱི་སྣམ་བུ་དམར་པོས་བསྐོར་བ་ལ། བཞུགས་སྟངས་དང་ཁ་དོག་སྣ་ཚོགས་པའི་གཟུངས་མ་ རྣམས་ཀྱིས་མཆོད་རྫས་སྣ་ཚོགས་པ་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་པ། སྒོ་བཞིའི་ མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ། བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེགས་ པའི་རྟ་བབས་བང་རིམ་བཞིའམ་སྣམ་བུ་བཅུ་གཅིག་གི་རྩེ་མོར་པདྨ་ལ་གནས་པའི་འཁོར་ལོ་ དང༌། གཡས་གཡོན་དུ་རི་དྭགས་ཕོ་མོས་བརྒྱན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱི་མཚམས་དང༌། གྲྭ་ 23-1-115 བཞིས་ཟླ་ཕྱེད་ལ་གནས་པའི་རིན་པོ་ཆེ་དམར་པོ་ལ་རྡོ་རྗེས་མཚན་པས་བརྒྱན་པ། རྟ་བབས་ ཀྱི་གཡས་གཡོན་དུ། བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་དང༌། རྒྱལ་སྲིད་ སྣ་བདུན་དང༌། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མོ་མེ་ཏོག་གི་ཕྲེང་བ་ཐོགས་པ་རྣམས་ཀྱིས་ བརྒྱན་པ། གཞལ་ཡས་ཁང་གི་ནང༌། དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་ཕྱི་ངོས་སུ། འོད་ཟེར་ རྣམ་པ་ལྔའི་ཕྲེང་བས་བསྐོར་བའི་ནང་དུ། རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་ པའི་ཀ་བ་རྒྱན་དང་ལྡན་པ་སྟེ། ཤར་དུ་འཁོར་ལོ། ལྷོ་རུ་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་ རལ་གྲིས་མཚན་པའི་ཀ་བ་གཉིས་ཀྱིས་བཏེགས་པའི་སྟེང་རྡོ་རྗེའི་གདུང་བཞིས་མིག་མངས་ རིས་སུ་བྲིས་ཤིང་མཛེས་པར་ཕུབ་པ། དབུས་ཕྱུར་བུར་གྱུར་པའི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་ ཏོག་གིས་སྤྲས་པ་རིམ་པ་གཉིས་པའི་གྲྭ་བཞིའི་གཡས་གཡོན་དུ་བཀྲ་ཤིས་ཀྱི་བུམ་པ་བརྒྱད་ དང་བཅས་པ། མཆོད་པའི་སྤྲིན་ཐམས་ཅད་ཀྱིས་མངོན་པར་བརྒྱན་པའི་ཁང་བཟང་དམ་པ། ནང་བལྟས་ཕྱི་གསལ་ཞིང་ཕྱི་བལྟས་ནང་གསལ་བའི་ནང་གི་སྟེང་འོག་གི་གཞི་རྣམས། ཤར་ དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། དབུས་སྔོ་བའི་ནང་ལེ་ཚེ་དགུ་དང༌། རིམ་པ་གཉིས་ པའི་གྲྭ་བཞི་དང༌། ཤར་སྒོའི་གཡས་གཡོན་གཉིས་དང༌། སྒོ་བཞི་རྣམས་སུ་སྣ་ཚོགས་པདྨའི་ གདན་རེ་རེ། ནང་གི་ཤར་ལས་གཞན་པའི་ཕྱོགས་གསུམ་དང༌། སྒོ་བཞི་རྣམས་སུ་ཉི་མའི་ གདན། གཞན་རྣམས་སུ་ཟླ་བའི་གདན་རེ་རེ་སྟེ། ཡེ་ཤེས་ཀྱི་གཞལ་མེད་ཁང་མཚན་ཉིད་ ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། སྤྲོ་ན་དག་པ་འདི་ཡང་བརྗོད་དེ། མི་མཉམ་པ་དག་མེད་པས་ཟུར་བཞིར་མཉམ། །དྲན་དང་ དབང་པོ་མཆོག་གི་སྒོ་རྣམས་ཡིན། །བསམ་གཏན་བཞི་པོ་རྣམས་ཀྱི་རྟ་བབས་ཏེ། །ཏིང་ འཛིན་ཁ་ཁྱེར་གྱིས་ནི་ལེགས་པར་བསྐོར། །ཁ་ཁྱེར་དེར་ལེགས་བརྟེན་པའི་མཆོད་པ་ནི། ། དམ་པ་འཛིན་རྣམས་གཟུངས་ཀྱི་ཚོགས་ཡིན་ནོ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན་པ་ 23-1-116 ནི། །གང་ཕྱིར་འགྲོ་བའི་བསམ་ཀུན་རྫོགས་བྱེད་པའོ། །རླུང་གིས་བསྐྱོད་པའི་བ་དན་ཕྲེང་བ་ དང༌། །སྒྲ་སྒྲོག་དྲིལ་བུས་ཕྱོགས་སྒོ་ཀུན་ཁྱབ་པ། །གང་ཕྱིར་དམ་ཆོས་གསུང་རབ་ཡན་ལག་ དགུ། །གདུལ་བྱ་ཐམས་ཅད་ལ་ནི་བསྐྱོད་པའོ། །མེ་ལོང་དྲྭ་བ་དྲྭ་ཕྱེད་མེ་ཏོག་གི །ཕྲེང་བ་སྣ་ ཚོགས་ཀྱིས་བརྒྱན་མཉམ་མེད་པ། །མེ་ལོང་ཡེ་ཤེས་དྲི་མེད་བྱང་ཆུབ་ཀྱི། །ཡན་ལག་མེ་ཏོག་ དྲི་ནི་ཕུན་སུམ་ཚོགས། །ཀ་བ་བཟང་པོ་བརྒྱད་ཀྱིས་ཉེར་མཛེས་པ། །རྣམ་ཐར་བརྒྱད་པོ་རྣམ་ པར་དག་པ་ཡིན། །རྡོ་རྗེའི་ཐིག་དང་ཡང་དག་ལྡན་པ་ནི། །རྡོ་རྗེ་ཐེག་ཆོས་འཁོར་ལོ་རབ་ བསྐོར་བའོ། །བླ་མེད་མཐའ་ཡས་འདོད་པའི་ཡོན་ཏན་ལྔ། །གཟུགས་སོགས་ཡུལ་རྣམས་ རྣམ་པར་དག་པ་ཡིན། །མཆོད་པ་ལྔ་ཡིས་རྣམ་པར་བརྒྱན་པ་ནི། །ཆོས་དབྱིངས་རྣམ་པར་ དག་པའི་རྒྱུ་མཐུན་ནོ། །སྣ་ཚོགས་པདྨའི་ལྟེ་བར་ལེགས་གནས་པའི། །ཉི་ཟླ་མགོན་བཅས་ ལྷ་ཡི་གདན་རྣམས་ནི། །སྐྱོན་གྱིས་མ་གོས་མི་ཤེས་མུན་སེལ་ཞིང༌། །ཉོན་མོངས་ཚ་གདུང་ཞི་ བར་བྱེད་པའོ། ། གཉིས་པ་བརྟེན་པ་བསྐྱེད་པ་ལ། བསྙེན་སྒྲུབ་ཆུང་ངུ་དང༌། བར་མ་གཉིས། དང་པོ་ལ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་བཞི་ལས། དང་པོ་ནི། དབུས་ཀྱི་ཟླ་བའི་གདན་ལ་བར་སྣང་གི་ཡི་གེ་ལས་འཕྲོས་པའི་རང་ གི་སྒོ་གསུམ་གྱི་ཡིག་འབྲུ་གསུམ་གཟུགས་བརྙན་ལྟར་གསལ་བས། བདག་ཉིད་འཇམ་པའི་ དབྱངས་སུ་འཚང་རྒྱ་བའི་ཕྱིར་དུ། ཕྱོགས་བཅུའི་སེམས་ཅན་གྱི་དོན་ལ་བཞུགས་པའི་དེ་ བཞིན་གཤེགས་པ་ཐམས་ཅད་བསྐུལ་བས་དེ་རྣམས་ཀྱིས་རང་ལ་བྱིན་གྱིས་བརླབས་ཤིང་ འོད་དུ་ཞུ་ནས་འོག་ཏུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ རྣམས་གཡས་ བསྐོར་དང༌། སླར་ཡང་ཨ་ཨཱ་ནས། ཨཾ་ཨཿ རྣམས་གཡོན་བསྐོར་ཏེ། མཚན་སོ་གཉིས་ཀྱི་རང་བཞིན་དབྱངས་སོ་གཉིས་ ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དབྱངས་དཀར་པོ་སོ་གཉིས་ཀྱིས་མཚན་པའི་སྟེང་དུ། ཀ་ཁ་ག་གྷ་ང༌། ཙ་ ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཡ་ར་ལ་ 23-1-117 ཝ་ཌ་ཌྷ་རྣམས་གཡས་བསྐོར་དང༌། སླར་ཡང་ཀ་ནས་ཌྷ་རྣམས་གཡོན་བསྐོར་ཏེ། དཔེ་བྱད་བརྒྱད་ ཅུའི་རང་བཞིན་གསལ་བྱེད་བརྒྱད་ཅུ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་གསལ་ བྱེད་དམར་པོ་བརྒྱད་ཅུའི་མཚན་པ་དེ་ལྟར་ཟླ་བ་གཉིས་ནི་ཀུན་གཞིའི་རྣམ་ཤེས་གནས་གྱུར་ པ་མེ་ལོང་ལྟ་བུའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཟླ་བ་དེ་གཉིས་དབྱེར་མེད་དུ་འདྲེས་ནས་ གཅིག་ཏུ་གྱུར་པ་ནི་ཉོན་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱང་ཆུབ་པའོ། ། ཟླ་བའི་སྟེང་དུ་ཧཱུཾ་དམར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ནོར་བུ་པདྨ་རཱ་ག་ལྟར་དམར་བའི་ ལྟེ་བར། ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དཀར་པོ་འོད་ཟེར་འབར་བས་མཚན་པ་ནི་ཡིད་ཤེས་ གནས་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ཧཱུཾ་གི་འོད་ཟེར་གྱི་འགྲོ་བ་ ཐམས་ཅད་རྣམ་པར་སྦྱངས་ཤིང་རྡོ་རྗེ་འཛིན་པའི་གོ་འཕང་ལ་བཀོད་དེ། སླར་འདུས་ནས་ཧཱུཾ་ ལ་ཐིམ་པ་ནི་དབང་ཤེས་གནས་གྱུར་པ་བྱ་བ་སྒྲུབ་པའི་ཡེ་ཤེས་ལས་བྱང་ཆུབ་པའོ། །ༀ་བཛྲ་ ཨཏྨ་ཀོ྅ཧཾ། སླར་ཡང་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ བདེ་བ་ཆེན་པོས་མཉེས་པར་བྱས་ནས། རྡོ་རྗེ་སེམས་པའི་རྣམ་པར་སྤྱན་དྲངས་པ་རྣམས་ཧཱུཾ་ ལ་ཐིམ་པའི་རྐྱེན་གྱིས། ཟླ་བ་རྡོ་རྗེ་ཧཱུཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ཐུབ་ པའི་དབང་པོ་ཀུན་གྱི་རྡུལ་ཕྲ་རབ་ལས་བྱུང་བ་འགྲོ་བ་རྣམས་ཀྱི་དེ་ཁོ་ན་ཉིད་སངས་རྒྱས་ ཀུན་གྱི་ཡབ་ཏུ་གྱུར་པའི་རྡོ་རྗེ་སེམས་པ་ཀུན་ཏུ་བཟང་པོ་དཀར་པོ་ཞེས་པ་ནས། རིན་པོ་ཆེས་ སྤྲས་པའི་བར་གོང་བཞིན། དེ་ལྟར་སྐུ་ཡོངས་སུ་རྫོགས་པ་ནི་རང་བཞིན་དུ་གནས་པའི་རིགས་ གནས་གྱུར་པ་དག་པ་གཉིས་ལྡན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱང་ཆུབ་པའོ། །ༀ་ཡ་ ཐཱ་སརྦ་ཏ་ཐཱ་ག་ཏ་ཏ་ཐཱ་ཨ་ཧཾ། དེ་དག་ནི་རྒྱུ་རྡོ་རྗེ་འཛིན་པ་ཕ་མ་དང་འདྲ་བའི་ཏིང་ངེ་འཛིན་ ནོ། །འདོད་ཆགས་ཆེན་པོས་གདུལ་བའི་སེམས་ཅན་རྣམས་ལ། གསང་བ་འདུས་པ་སྟོན་པར་ དགོངས་ཏེ། ཡབ་ཡུམ་སྙོམས་པར་ཞུགས་པའི་ཤིན་ཏུ་དགའ་བའི་སྒྲའི་དབྱངས་ཀྱིས་རྒྱལ་ 23-1-118 བ་ཡབ་ཡུམ་ཐམས་ཅད་སྤྱན་དྲངས། རང་གི་ལུས་ལ་ཞུགས་པའི་རྐྱེན་གྱིས། རང་ཉིད་བདེ་ བ་ཆེན་པོ་ལྷག་པར་རྒྱས་པས་ཡུམ་མཉེས་པར་གྱུར་ཞིང༌། རང་གི་ལུས་ལས་སྤྱན་སོགས་ ཡུམ་བཞི་དང༌། གཟུགས་སོགས་ལྷ་མོ་ལྔ་སྟེ། རིག་མ་དགུ་ཕྱིར་སྤྲོས་ཏེ་ཡུམ་ལ་ཐིམ་པས། ཡུམ་བདེ་བ་ཆེན་པོ་ལྷག་པར་རྒྱས་པས་ཡབ་མཉེས་པར་གྱུར། སླར་ཡང་རང་གི་ཐུགས་ཀ་ ནས་འཕྲོས་པའི་འོད་ཟེར་གྱིས། སངས་རྒྱས་ཐམས་ཅད་རྡོ་རྗེ་འཛིན་པ་ལྷ་བཅུ་དགུའི་བདག་ ཉིད་དུ་སྤྱན་དྲངས། རང་གི་ཞལ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ ཡུམ་གྱི་པདྨར་བབས་པས། ཐིག་ལེ་ཡོངས་སུ་གྱུར་པ་ལས། འཇམ་པའི་རྡོ་རྗེའི་བདག་ཉིད་ རྡོ་རྗེ་སེམས་པས་གཙོ་བྱས་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་ པ་གསལ་ལ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་གྲུབ་པ་ལས་འཕྲོས་པའི་འོད་དང༌། རང་ གི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས། སེམས་ཅན་ཐམས་ཅད་བཀུག་ནས་སློབ་མ་ འཇུག་པའི་ཚུལ་དུ་དཀྱིལ་འཁོར་གྱི་སྒོ་བཞི་ནས་བཅུག་སྟེ། དཀྱིལ་འཁོར་གྱི་ནང་དུ་འཁོད་ པར་གྱུར། སླར་ཡང་རང་གི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རིགས་ལྔ་ཡུམ་བཞི་ སེམས་པ་སེམས་མ་བཅུ་གཉིས་ལ་སོགས་པའི་རྒྱལ་བ་འཁོར་བཅས་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་བྱང་ཆུབ་ཀྱི་སེམས་སུ་རོ་གཅིག་པར་གྱུར། རྡོ་རྗེའི་ ལམ་ནས་འཐོན་ཏེ། སེམས་ཅན་དེ་རྣམས་ལ་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་ཐམས་ ཅད་སྦྱངས་ནས། ཐིག་ལེར་ཞུ་བ་ཡོངས་སུ་གྱུར་པ་ལས། ཀྵི་ཛྲིཾ་ཁཾ་གཾ་སྐཾ་སཾ་ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་ ལཾ་མཾ་པཾ་ཏཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་བྱུང་བའི་ས་སྙིང་དང༌། ཕྱག་རྡོར་དང༌། ནམ་སྙིང་དང༌། འཇིག་རྟེན་དབང་ཕྱུག་དང༌། སྒྲིབ་སེལ་དང༌། ཀུན་བཟང་དང༌། གཟུགས་དང༌། སྒྲ་དང༌། དྲི་ དང༌། རོ་དང༌། རེག་བྱ་དང༌། ཆོས་དབྱིངས་རྡོ་རྗེ་མ་དང༌། སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་ དཀར་མོ་དང༌། སྒྲོལ་མ་དང༌། རྣམ་སྣང་དང༌། རིན་འབྱུང་དང༌། འོད་དཔག་མེད་དང༌། དོན་ 23-1-119 གྲུབ་དང༌། མི་བསྐྱོད་པ་སྟེ། ལྷ་ཉི་ཤུ་རྩ་གཅིག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཚན་དཔེ་ ལ་སོགས་པ་ཚང་ལ་ཡོངས་སུ་རྫོགས་པར་གྱུར་པ་རྣམས། ཀྵིཾ་ནས་ཧཱུཾ་གི་བར་གོང་བཞིན་བརྗོད། པདྨ་ ནས་ཕྱིར་སྤྲོས་པ་ནམ་མཁར་འཁོད་ནས་བཀའ་དྲིན་རྗེས་སུ་དྲན་པའི་ཚུལ་གྱིས་བདག་ཅག་ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ མའོ། །བདག་ཅག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟོན་པའོ། །ཨེ་མ་སངས་རྒྱས་ཐམས་ ཅད་ཀྱི། །བྱང་ཆུབ་སེམས་ཀྱི་འཇུག་པ་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གསང༌། །རྙོག་ མེད་རྣམ་པར་མི་རྟོག་པའོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་རང་རང་གི་ཞིང་དུ་གཤེགས་པར་གྱུར་ཏོ། །དེ་ དག་ནི་སྤུན་ཟླ་ལྟ་བུའི་ཏིང་ངེ་འཛིན་ནོ། །བདག་ཉིད་དྲི་ཟའི་ཚུལ་དུ་གནས་པས། སངས་རྒྱས་ཡབ་ཡུམ་ འདོད་ཆགས་ཆེན་པོའི་མཛད་པ་རྨད་དུ་བྱུང་བ་མཐོང་བའི་རྐྱེན་གྱིས། བདེ་བ་ཆེན་པོ་ལྷག་ པར་རྒྱས་པ་ཡབ་ཀྱི་ཞལ་དུ་ཞུགས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ཆོས་འབྱུང་ གི་ཕྱག་རྒྱའི་འོད་ཀྱིས་རེག་མ་ཐག་ཏུ་འདོད་ཆགས་ཆེན་པོའི་རང་བཞིན་ཁ་དོག་དམར་པོའི་ ཐིག་ལེར་གྱུར། དེའི་འོད་ཀྱིས་ཡབ་ཡུམ་གཉིས་ཀྱང་བྱང་ཆུབ་སེམས་སུ་ཞུ་བ་དང་ལྷན་ཅིག་ ཟླ་བ་ཞུ་བ་ལྟ་བུའི་ཐིག་ལེ་དྲི་མ་མེད་པའི་འོད་འཕྲོ་བར་གྱུར་ཏེ། སྤྲོས་པ་ཐམས་ཅད་ཉེ་བར་ ཞི་བའི་འོད་གསལ་རྣམ་པར་མི་རྟོག་པ་ཆོས་སྐུའི་ངང་དུ་ཞུགས་པར་གྱུར་ཏོ། ། དེ་ནས་སྔོན་ཡུན་རིང་དུ་གོམས་པའི་རང་གི་བྱམས་སོགས་ཚད་མེད་བཞིའི་རང་བཞིན་ལྷ་མོ་བཞིར་གྱུར་པ་རྣམས་ མཚམས་བཞིར་འཁོད་ནས། སྙན་པའི་གླུ་དབྱངས་ཀྱིས་བསྐུལ་བ་ནི། མཱ་མ་ཀཱིས། སེམས་ཅན་ཁམས་ན་གནས་ཀྱི་ དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། །དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ ཏུ་གསོལ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །སེམས་ཅན་ ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། །སྤྱན་མས། རྡོ་རྗེའི་སྐུ་ཁྱོད་ བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། །སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེས་ 23-1-120 སུ་ཕན་བརྩོན་པ། །མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། །འདོད་ ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། །གོས་དཀར་མོས། ཁྱོད་ ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཅིང་ཐུགས་བརྩེ་བ། །འཇིག་རྟེན་དག་གི་དགོས་པའི་དོན་ མཛད་པ་ལ་རྟག་ཏུ་བརྩོན། །མགོན་པོ༴ །རབ་དཀའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་ དགྱེས་པར་མཛོད། །སྒྲོལ་མས། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། །ཡང་ དག་རྫོགས་སངས་རྒྱས་ཀྱིས་གདུང་མཆོག་མཉམ་པ་ཉིད་གཟིགས་པ། །མགོན་པོ༴ ཡོན་ཏན་ རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། །ཅེས་བསྐུལ་བས་སྒྱུ་མ་ལྟ་བུའི་ ཏིང་ངེ་འཛིན་མངོན་དུ་མཛད་པའི་ཐིག་ལེ་དེ་ཐིག་ལེ་གཉིས་སུ་གྱུར་པའི་ཆ་གཅིག་ཡོངས་སུ་ གྱུར་པ་ལས་འོད་ཟེར་རྣམ་པ་ལྔ་འཕྲོ་བའི་མཾ་ཡིག་དམར་སེར་དུ་གྱུར། དེ་ལས་བྱུང་བའི་རལ་ གྲི་སྔོན་པོ་གསེར་གྱི་ཡུ་བས་བརྒྱན་པ་འོད་ཀྱི་དྲྭ་བས་བསྐོར་བའི་ཡུ་བ་ལ་གནས་པའི་ཟླ་ བའི་སྟེང་དུ་མཾ་ཡིག་གིས་མཚན་པ་ལས། འོད་ཟེར་ཕྱོགས་བཅུར་འཕྲོས། སེམས་ཅན་ཐམས་ ཅད་འཇམ་དཔལ་གྱི་གོ་འཕང་ལ་བཀོད། སངས་རྒྱས་རྣམས་དང་ལྷན་ཅིག་འཇམ་པའི་རྡོ་ རྗེའི་རྣམ་པར་སྤྱན་དྲངས་ཏེ་མཾ་ཡིག་ལ་ཐིམ། རལ་གྲི་ཟླ་བ་མཾ་དང་བཅས་པ་ཡོངས་སུ་གྱུར་ པ་ལས། རང་ཉིད་དཔལ་ལྡན་འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་དང་རྩ་ ཞལ་དམར་སེར་གུར་ཀུམ་གཞོན་ནུ་ལྟ་བུ། བཙོ་མ་གསེར་གྱི་ལྷུན་པོ་ལ། ཉི་མ་འཆར་ཁའི་ མདངས་འབུམ་ཕྲག་ཕོག་པ་ལྟར་གཟི་འོད་འབར་བ། གཡས་ཞལ་ཨིནྡྲ་ནཱི་ལ་ལྟར་སྔོ་སངས། གཡོན་ཞལ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གསུམ་ཀའང་རབ་ཏུ་ཞི་བའི་སྤྱན་དཀྱུས་ རིང་ཞིང་ཡངས་ལ་བཀྲ་བ་གཉིས་གཉིས་དང་རབ་ཏུ་མཛེས་པའི་སྨིན་ཚུགས་ཀྱིས་བརྒྱན་པ། རིན་པོ་ཆེའི་སོར་གདུབ་གྱིས་སྤྲས་པའི་ཕྱག་དྲུག་གི་དང་པོ་གཉིས་རང་སྣང་གི་ཡུམ་ལ་འཁྱུད་ པ། ལྷག་མ་གཡས་གཉིས་ཀྱིས་རལ་གྲི་མདའ། གཡོན་གཉིས་ཀྱིས་ཨུཏྤལ་དང་གཞུ་འཛིན་ 23-1-121 པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ ཅུས་བརྒྱན་པ། མཆོག་ཏུ་སྒེག་པའི་གཞོན་ནུ་དཔག་ཏུ་མེད་པའི་རིགས་ཀྱི་སྤྲུལ་པ་ཕྱོགས་ བཅུར་འཕྲོ་ཞིང༌། མཐོན་མཐིང་རལ་པའི་ཟུར་ཕུད་ལྔ་ལ། དྲི་ཞིམ་མེ་ཏོག་གི་ཕྲེང་བས་བརྒྱན་ པ། ཉི་ཟླའི་འོད་ཟེར་རབ་ཏུ་འབར་ཞིང༌། སིལ་སིལ་གྱི་སྒྲ་སྒྲོག་པའི་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། དཔུང་རྒྱན། གདུ་བུ། སེན་མོ་དོ་དང་སྐ་རགས་ཏེ། རིན་ པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང༌། དར་དཔྱངས་ཀྱིས་ མཛེས་པར་བྱས་པ། དབང་པོའི་གཞུ་ལྟར་བཀྲ་བའི་ལྷའི་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་ ཞིང༌། སྲིད་ཞིའི་མཐའ་ལས་བརྒལ་བ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ པར་གྱུར། འབྲས་བུ་རྡོ་རྗེ་འཛིན་པ་བུ་ལྟ་བུའི་ཏིང་ངེ་འཛིན་ནོ། །ༀ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གཉིས་པ་ཉེར་སྒྲུབ་ནི། མིག་ཏུ་མིག་དབང་ཀྵིཾ་ལས་འཁོར་ལོ་དཀར་པོའི་ལྟེ་བར་ཟླ་བ་ལ་ གནས་པའི་ཀྵིཾ་གིས་མཚན་པ་ལས་འོད་འཕྲོས། དེ་བཞིན་གཤེགས་པ་ཐམས་ཅད་བདེ་བས་ མཉེས། ས་སྙིང་གི་རྣམ་པར་སྤྱན་དྲངས་ནས་ཐིམ། དེ་རྣམས་ཡོངས་སུ་གྱུར་པ་ལས། ས་སྙིང་ དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི། དང་པོ་གཉིས་རང་འོད་ཀྱི་རིག་མ་ ལ་འཁྱུད་པ། ལྷག་མ་གཡས་གཉིས་འཁོར་ལོ་དང་རལ་གྲི། གཡོན་གཉིས་ནོར་བུ་དང་པདྨ་ འཛིན་པ། དེ་བཞིན་དུ་སྦྱར་ཏེ། རྣ་བར་རྣ་བའི་དབང་པོའི༴ ཛྲིཾ་ནག་པོ་༴ རྡོ་རྗེ་ནག་པོ་རྩེ་ལྔ་པའི་ ལྟེ་བར་ཡང་ཛྲིཾ་ནག་པོ། ཕྱག་རྡོར་གྱི་རྣམ་པར་སྤྱན་དྲངས༴ ཡོངས་སུ་གྱུར་པ་ལས། ཕྱག་ རྡོར་ནག་པོ་ནག་དཀར་དམར་བའི་ཞལ་གསུམ༴ གཡས་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ཀྱིས་ནོར་བུ་དང་པདྨ་འཛིན་པ། སྣར་ཁཾ་སེར་པོ༴ རིན་པོ་ཆེ་ལྗང་གུ་ཆ་དགུ་ པ༴ ནམ་མཁའི་སྙིང་པོ་སེར་པོ་སེར་ནག་དཀར་བའི་ཞལ༴ གཡས་གཉིས་ནོར་བུ་དང་རལ་ གྲི། གཡོན་གཉིས་འཁོར་ལོ་དང་པདྨ་འཛིན་པ། ལྕེ་ལ་གཾ་དམར་པོ༴ པདྨ་དམར་པོ་འདབ་ 23-1-122 མ་བརྒྱད་པ༴ འཇིག་རྟེན་དབང་ཕྱུག་དམར་པོ་དམར་ནག་དཀར་བའི་༴ གཡས་གཉིས་པདྨ་ དང་རལ་གྲི། གཡོན་གཉིས་ནོར་བུ་དང་འཁོར་ལོ་འཛིན་པ། སྐྲ་མཚམས་ཀྱི་དཔྲལ་བའི་ནང་ དུ་ལུས་ཀྱི་དབང་པོའི་ངོ་བོ་སྐཾ་ལྗང་གུ༴ རལ་གྲི་སྔོ་སངས་འོད་འཕྲོ་བ༴ སྒྲིབ་སེལ་ལྗང་གུ་ ལྗང་ནག་དཀར་བའི་ཞལ༴ གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་ པདྨ་འཛིན་པ། ལྟེ་བར་ཡིད་ཀྱི་དབང་པོའི་ངོ་བོ་སཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ༴ ཀུན་བཟང་ དཀར་པོ་དཀར་ནག་དམར་བའི་ཞལ་གསུམ༴ གཡས་གཉིས་རྡོ་རྗེ་དང་རལ་གྲི། གཡོན་ གཉིས་ནོར་བུ་དང་པདྨ་འཛིན་པ། ཐམས་ཅད་ཀྱང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཟླ་གདན་ལ་ བཞུགས་ཤིང༌། ཟླ་བའི་འོད་འཕྲོ་བ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །དེ་དག་ནི་ རྒྱས་པའོ། ། གལ་ཏེ་འབྲིང་དུ་མོས་ན་ས་བོན་ལས་དེ་དག་བསྐྱེད་པ་ཙམ་གྱིས་རུང་ཞིང༌། བསྡུ་ན་ཡིད་ཀྱིས་འབྲིང་ལྟར་གསལ་བཏབ་ ནས། ངག་ཏུ། མིག་ཏུ་ཀྵིཾ་དཀར་པོ་ལས་ས་སྙིང༌། རྣ་བར་ཛ་ནག་པོ་ལས་ཕྱག་རྡོར། སྣར་ཁཾ་སེར་ པོ་ལས་ནམ་སྙིང༌། ལྕེར་གཾ་དམར་པོ་ལས་འཇིག་རྟེན་དབང་ཕྱུག དཔྲལ་བར་སྐཾ་ལྗང་གུ་ ལས་སྒྲིབ་སེལ། ལྟེ་བར་སཾ་སྔོན་པོ་ལས་ཀུན་བཟང༌། ཞེས་པ་ཙམ་བརྗོད་ཀྱང་རུང་ངོ༌། ། གསུམ་པ་སྒྲུབ་པ་ནི། རང་གི་ནུ་མ་གཉིས་ཀྱི་དབུས་སུ་ཟླ་བ་ལ་གནས་པའི་རང་གི་སེམས་ཀྱི་ ངོ་བོ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ནག་པོ་རྩེ་ལྔ་པའི་ལྟེ་བར་ཡང་ཧཱུཾ་ནག་པོ། དེ་ ལས་འོད་འཕྲོས་འགྲོ་བ་རྣམས་ཐུགས་རྡོ་རྗེའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་ རྣམས་བདེ་བས་མཉེས། ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་ནས་ཐིམ། དེ་རྣམས་ཡོངས་སུ་ གྱུར་པ་ལས། ཐུགས་རྡོ་རྗེ་ནག་པོ་སོགས་ཕྱག་རྡོར་ལྟ་བུའི་ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔའི་ ལྟེ་བར་ཟླ་བ་ལ་ཧཱུཾ་སྔོན་པོ། དེ་བཞིན་དུ་འདོན་པ་སྤོས་ཏེ། མགྲིན་པའི་ནང་དུ༴ ངག་གི་ངོ་བོ་ཨཱཿ དམར་པོ༴ པདྨ་དམར་པོ་འདབ་མ་བརྒྱད་པ༴ གསུང་རྡོ་རྗེ་དམར་པོ་སོགས་གོང༌། འཇིག་རྟེན་ 23-1-123 དབང་ཕྱུག་དང་འདྲ་བའི་ཐུགས་ཀར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཨཱཿ དམར་པོ། སྤྱི་བོར༴ རང་གི་ལུས་ཀྱི༴ ༀ་དཀར་པོ། འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི། སྐུ་རྡོ་རྗེ་དཀར་པོ་སོགས་གོང་ས་སྙིང་ལྟ་བུ། ཐུགས་དཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་ བར་ཟླ་བ་ལ་ༀ་དཀར་པོ། ཐམས་ཅད་ཀྱང་རྡོ་རྗེའི་སྐྱིལ་ཀྲུང་སོགས་གོང་ལྟར་རོ། །དེ་གསུམ་གྱི་ ཐུགས་ཀའི་ཡི་གེ་འབྲུ་གསུམ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྐུ་གསུང་ཐུགས་རྡོ་རྗེ་ དཔག་ཏུ་མེད་པ་སྤྲོས་ཤིང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་མཐའ་ཡས་པ་ སྤྲུལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནམ་མཁར་བཞུགས་པ་ལ། ཕྱི་དང་ ནང་དང་གསང་བའི་མཆོད་པས་མཆོད་པར་གྱུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་བསྲུང་འཁོར་སྐབས་ལྟར་ མཆོད། དཔལ་ལྡན་རྡོ་རྗེའི་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་སྒོམ་པ། །དེང་བདག་བྱིན་ གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་ སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་སྒོམ་པ། །དེང་བདག་བྱིན་གྱིས་བརླབས་ནས་སུ། ། རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཐུགས་རྡོ་རྗེ་དང་དེའི་རྡོ་ རྗེ་ཅན་རྣམས་ཐུགས་རྡོ་རྗེ་རང་ལ་ཐིམ། ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀྱི་གསུང་ལཾ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད༴ དེང་བདག༴ རྡོ་རྗེ་གསུང་གི༴ ཕྱོགས་ བཅུར་སོགས་གོང་ལྟར་ལས། རྡོ་རྗེ་གསུང་གིས༴ ཅེས་གསོལ་བ་བཏབ་པས་གསུང་རྡོ་རྗེ་དང་དེའི་ རྡོ་རྗེ་ཅན་རྣམས་གསུང་རྡོ་རྗེ་དང་རང་ལ་ཐིམ། ༀ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། དཔལ་ལྡན་རྡོ་རྗེའི་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད༴ དེང་བདག༴ རྡོ་རྗེ་སྐུ་ཡིས༴ ཕྱོགས་ བཅུར༴ རྡོ་རྗེ་སྐུ་ཡིས༴ ཅེས་གསོལ་བ་བཏབ་པས། སྐུ་རྡོ་རྗེ་དང་དེའི་རྡོ་རྗེ་ཅན་རྣམས་སྐུ་རྡོ་ རྗེ་དང་རང་ལ་ཐིམ། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། གལ་ཏེ་འབྲིང་པོར་མོས་ན། ཕྱག་མཚན་ས་བོན་ལས་རྡོ་རྗེ་གསུམ་བསྐྱེད་ཀྱང་རུང་ལ། བསྡུ་ན་སྐད་ཅིག་གིས་བསྐྱེད་ནས་ཆོ་ག་ལྷག་མ་བྱ་དགོས་ཏེ། གསོལ་ 23-1-124 འདེབས་གསུམ་དང་ཐིམ་ཚུལ་བསྙེན་སྒྲུབ་འབྲིང་པོ་ལྟར་ཡང་རུང༌། བཞི་པ་སྒྲུབ་པ་ཆེན་པོ་ནི། རང་གི་སྙིང་གའི་ཐུགས་རྡོ་རྗེའི་གོང་དུ་ཟླ་བ་ལ་གནས་པའི་མཾ་ཡིག་ དམར་སེར་ཡོངས་སུ་གྱུར་པ་ལས། རལ་གྲི་ཡུ་བའི་ནང་དུ་ཟླ་བ་ལ་མཾ་གྱིས་མཚན་པ། དེ་ ལས་འོད་འཕྲོས། སངས་རྒྱས་ཐམས་ཅད་མཉེས་པར་བྱས། འཇམ་དཔལ་གྱི་རྣམ་པར་སྤྱན་ དྲངས་ནས་མཾ་ལ་ཐིམ། རལ་གྲི་ཟླ་བ་མཾ་དང་བཅས་པ་ཡོངས་སུ་གྱུར་པ་ལས། རང་དང་འདྲ་ བའི་ཡེ་ཤེས་སེམས་པ་འཇམ་པའི་རྡོ་རྗེ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི། དང་ པོ་གཉིས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་མདའ། གཡོན་ གཉིས་ཨུཏྤལ་དང་གཞུ་འཛིན་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཏིང་ངེ་ འཛིན་སེམས་པ་རལ་གྲིའི་ཡུ་བར་ཟླ་བ་ལ་གནས་པའི་མཾ་དམར་སེར་རོ། བསྡུ་ན་སྙིང་གར་ རང་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ངེ་འཛིན་སེམས་པ་རལ་གྲི་མཾ་དང་ བཅས་པའོ། །ཞེས་བརྗོད་ཅིང་དམིགས་པ་ཙམ་གྱིས་ཀྱང་མཆོག་གོ །ཐུགས་ཀའི་མཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྒྱལ་བ་ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་སྤྱན་དྲངས། མདུན་གྱི་ནམ་ མཁར་བཞུགས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་ དབང་བསྐུར་དུ་གསོལ། ཞེས་པའམ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་ བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་ གསོལ་བ་བཏབ་ནས། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་དང་ བཅས་པའི་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ ཤེས་བདུད་རྩིས་གང་བ་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་ པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར། ལུས་ཐམས་ཅད་ཡེ་ཤེས་ 23-1-125 ཀྱི་བདུད་རྩིས་གང༌། སྒོ་གསུམ་གྱི་དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། རང་གི་སྤྱི་བོར་ མི་བསྐྱོད་པས་དབུ་བརྒྱན་ཅིང༌། ས་སྙིང་ལ་སོགས་པ་རྣམས་ལའང་རང་རང་གི་རིགས་ཀྱི་ བདག་པོས་དབུ་བརྒྱན་པར་གྱུར། སྤྲོ་ན་ཡེ་ཤེས་སེམས་པ་ཐུགས་རྡོ་རྗེ་ཕྱག་རྡོར་ཀུན་བཟང་རྣམས་ལ་མི་བསྐྱོད་ པ་སྐུ་རྡོ་རྗེ་དང་ས་སྙིང་ལ་རྣམ་སྣང༌། ནམ་མཁའི་སྙིང་པོ་ལ་རིན་འབྱུང༌། འཇིག་རྟེན་དབང་ཕྱུག་དང་གསུང་རྡོ་རྗེ་ལ་འོད་དཔག་ མེད། སྒྲིབ་པ་རྣམ་སེལ་ལ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། དབང་གི་ལྷ་རྣམས་ཀྱང་རང་ལ་གཉིས་སུ་མེད་པར་ཐིམ། དེ་དག་ ནི་ཡན་ལག་བཞི་ཆུང་ངུའི་སྐོར་རོ། ། གཉིས་པ་ལ་ཡང་བཞི་ལས། དང་པོ་བསྙེན་པ་ནི། རང་གི་མདུན་ན་གནས་པའི་ཐིག་ལེ་ཡོངས་སུ་གྱུར་ པ་ལས། ཡུམ་འཇམ་པའི་རྡོ་རྗེ་མ་སྐུ་མདོག་དང་རྩ་ཞལ་དམར་སེར་གུར་ཀུམ་གཞོན་ནུ་ལྟ་ བུ། གཡས་སྔོ་ཞིང་གཡོན་དཀར་བ། ཕྱག་དང་པོ་གཉིས་ཀྱིས་གཙོ་བོའི་མགུལ་ནས་འཁྱུད་ པ། ལྷག་མ་གཡས་གཉིས་རལ་གྲི་དང་མདའ། གཡོན་གཉིས་ཨུཏྤལ་དང་གཞུ་འཛིན་པ། ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ལ་འཁྱུད་པ། དབུ་སྐྲ་ལྟག་པར་ཕྱེད་བཅིང་ཤིང༌། ཕྱེད་སིལ་བུར་གྲོལ་བས་སྐུ་སྟོད་ཁྱབ་པ། ལོ་བཅུ་དྲུག་ལོན་པ་ལྟར་གཞོན་ནུ་ལང་ཚོ་ལ་བབ་ ཅིང༌། ནུ་འབུར་རྒྱས་པ། གཉེན་ལྕུག་འཁྲིལ་བག་ཆགས་པའི་སྐུ་སྒེག་ཅིང་མཆོག་ཏུ་མཛེས་ པ། ཤིན་ཏུ་འཛུམ་པའི་ཟུར་གྱིས་ལྟ་བ་ལ་སོགས་པ་སྒྱུ་རྩལ་གྱི་ཉམས་དང་ལྡན་པ། དར་སྣ་ ཚོགས་པའི་ན་བཟའ་དང་ཅོད་པན་ཅན། རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཤེས་རབ་ ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ༀ་དྷརྨ་སོགས་གོང་བཞིན་བརྗོད། གཉིས་པ་ཉེར་སྒྲུབ་ནི། ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན་གོང་བཞིན་རྒྱས་པ་དང༌། འདིར་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་དུ་ བྱས་ནས། མིག་ཏུ་ཀྵིཾ་དང་འཁོར་ལོའི་འོད་ཀྱི་འཕྲོ་འདུ་ལས་ས་སྙིང་དཀར་པོ་ཞེས་སོགས་སྦྱར་ཏེ། རྣ་ བར་ཛིཾ་དང་རྡོ་རྗེ༴ སྣར་ཁཾ་དང་རིན་པོ་ཆེ༴ ལྕེར་གཾ་དང་པདྨ༴ དཔྲལ་བར་སྐཾ་དང་རལ་གྲི༴ ལྟེ་ བར་སཾ་དང་རྡོ་རྗེ་ཞེས་སོགས་སྦྱར་བ་ནི་ཁྱད་པར་རོ། །བསྡུས་པ་ཡང་གོང་བཞིན་ནོ། ། 23-1-126 གསུམ་པ་སྒྲུབ་པ་ནི། རྒྱས་པར་ན་གོང་བཞིན་ལས། ལུས་ངག་ཡིད་ཀྱི་ངོ་བོ་ཞེས་པ་རྣམས་བོར་བ་དང༌། རིགས་ གསུམ་གྱི་གསོལ་བཏབ་བོར་བ་དང༌། སྔགས་གསུམ་མཇུག་ཏུ་སྦྲེལ་ནས་བརྗོད་པ་ནི་ཁྱད་པར་ཏེ་བསྡུས་པ་ཡང་རིགས་འགྲེའོ། ། བཞི་པ་སྒྲུབ་ཆེན་ནི། གཞན་རྣམས་གོང་དང་འདྲ་བ་ལས། འཇམ་པའི་རྡོ་རྗེའི་གནས་སུ། འཇམ་པའི་ རྡོ་རྗེ་མ་ཞེས་པ་དང༌། རང་ལ་མི་བསྐྱོད་པས་ཞེས་པའི་སྐབས་སུ། ཡུམ་འཇམ་པའི་རྡོ་རྗེ་མ་ལ་ཞེས་འདོན་ པ་སྤོ་བ་ནི་ཁྱད་པར་རོ། །འདིར་གཞུང་གི་དངོས་བསྟན་ནི་དངོས་ཀྱི་ཕྱག་རྒྱའི་དབང་དུ་བྱས་པ་སྟེ། དེ་ལ་མངོན་བྱང་བཞི་པས་ ཡན་ཆད་དམིགས་པ་གཅིག་ཅིང་ལྔ་པ་མཛད་པ་དང་བཅས་པའི་བར་དུ། བདག་ཉིད་ཡབ་དང༌། རིག་མ་ཡུམ་གྱི་ང་རྒྱལ་གཉིས་ ཀས་བྱ། ཞུ་བ་ན་གཉིས་ཀ་དམིགས་པ་གཅིག་ཅིང༌། འབྲས་བུ་རྡོར་འཛིན་བཞེངས་ནས་སྒྲུབ་ཆེན་རྫོགས་ཀྱི་བར་ནི། སྒྲུབ་པ་ པོས་དཀྱུས་ལྟར་གྱི་དམིགས་པ་དང༌། རིག་མས་ཀྱང་རང་ཉིད་ཐིག་ལེའི་གཟུགས་ཀྱི་ང་རྒྱལ་གནས་ནས། མདུན་དུ་བསྐྱེད་པའི་ ཚུལ་གྱི་ཡབ་ཀྱི་བསྙེན་སྒྲུབ་ཡན་ལག་བཞི་སྒོམ། བསྙེན་སྒྲུབ་འབྲིང་པོ་དང་ཆེན་པོའི་སྐོར་རྣམས་ནི་ཡབ་ཡུམ་དམིགས་པ་འདྲའོ། ། ཡིད་ཀྱི་རིག་མ་ལ་བརྟེན་པ་ལ། ཡབ་ཡུམ་སྦྲགས་ཏེ་བསྒོམས་ནས། འབྲིང་པོ་སྐོར་བཞི་ལོགས་སུ་མི་སྒོམ་པ་དག་ནི། ཡན་ལག་ བཅུ་གཉིས་མ་ཚང་བའི་ཕྱིར་མི་འཐད་དོ། ། ཡུམ་གྱི་སྤྱི་གཙུག་ནས་སྙིང་གའི་བར་དུ་ཟླ་བ་ལ་གནས་པའི་ༀ་དཀར་པོ་རྣམ་སྣང་ གི་རང་བཞིན། སྙིང་ག་ནས་ལྟེ་བའི་བར་དུ་ཧཱུཾ་ནག་པོ་མི་བསྐྱོད་པའི་རང་བཞིན། ལྟེ་བ་ ནས་གསང་བའི་བར་དུ་སྭཱ་སེར་པོ་རིན་འབྱུང་གི་རང་བཞིན། གསང་བ་ནས་བརླའི་བར་དུ་ ཨཱཿདམར་པོ་འོད་དཔག་མེད་ཀྱི་རང་བཞིན། བརླ་ནས་བྱིན་པའི་བར་དུ་ཧཱ་ལྗང་གུ་དོན་གྲུབ་ ཀྱི་རང་བཞིན་རྣམས་ཉི་མ་ལ་གནས་པ། དེ་རྣམས་ཀྱི་འོད་ཟེར་རྣམ་པ་ལྔས་གང་བའི་ཡུམ་ གྱི་སྐུ་དེ་བཞིན་གཤེགས་པ་ལྔའི་རྡུལ་ཕྲ་རབ་ཏུ་གྱུར། རང་གི་གསང་གནས་མི་དམིགས་ཏེ་ སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོ་རྩེ་ལྔ་པ། ༀ་དཀར་པོ་ལས་སྐྱེས་པའི་ ནོར་བུས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས། ཧཱུཾ་ལས་པདྨ་དམར་ པོ་འདབ་མ་བརྒྱད་པ་ཨཱཿལས་སྐྱེས་པའི་ཟེ་འབྲུས་མཚན་པ། གཉིས་ཀའི་བུ་ག་ཕཊ་ཀྱིས་ 23-1-127 བཀག་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ དགའ་བ་དང་བདེ་བ་ཉམས་སུ་མྱོང་བའི་བདེ་བ་ཆེན་པོས་སངས་རྒྱས་ཐམས་ཅད་མཆོད་ པར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཅེས་ང་རྒྱལ་བྱ་སྟེ། དང་པོ་སྦྱོར་ བའོ། ། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག་ལ་ཡང༌། བསྙེན་སྒྲུབ་ཡན་ལག་བཞི་ལས། དང་པོ་བསྙེན་པ་ནི། རང་གི་ཐུགས་ ཀའི་མཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་ཡབ་ཡུམ་འཁོར་ དང་བཅས་པ་ཐམས་ཅད་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་པ་རྣམས། རང་གི་ཞལ་ ནས་ཞུགས་ཏེ། རྗེས་ཆགས་ཀྱི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་ པདྨར་བབས་པའི་ཐིག་ལེ་མཾ་ཡིག་དམར་སེར་གྱིས་མཚན་ཅིང་བྱིན་གྱིས་བརླབས་པར་གྱུར། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཐིག་ལེ་དེ་ཡོངས་སུ་གྱུར་པ་ལས། རྟེན་དང་བརྟེན་པའི་ དཀྱིལ་འཁོར་དུ་གྱུར། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པ་གདན་དང་བཅས་པ་ཡོངས་སུ་གྲུབ་པའི་དབུས་ཀྱི་གདན་ལ། རྒྱལ་བ་མི་བསྐྱོད་ རྡོ་རྗེ་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འོད་ ཀྱི་རིག་མ་ལ་འཁྱུད་ཅིང༌། ལྷག་མ་གཡས་གཉིས་ཁྲོ་བོའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་རལ་ གྲི། གཡོན་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲྀཀ་ཐུགས་ ཀ་ནས་ཕྱིར་ཕྱུང༌། ཕྱོགས་བཅུའི་ཞིང་དུ་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས། ཆོས་ཀྱི་འཁོར་ལོ་ བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་སེམས་ཅན་ རྣམས་ཀྱི་ཞེ་སྡང་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། ཐུགས་རྡོ་རྗེ་དང་ཆོས་དབྱིངས་ཡེ་ ཤེས་ལ་བཀོད། སླར་འདུས་ཏེ་རང་ཉིད་ལ་ཐིམ་པར་གྱུར། ཤར་དུ་རྣམ་སྣང་དཀར་པོ་དཀར་ ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་རང་འོད་ཀྱིས་ཡུམ་ལ་འཁྱུད་ཅིང༌། 23-1-128 ལྷག་མ་གཡས་གཉིས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་རལ་གྲི། གཡོན་གཉིས་རིན་ པོ་ཆེ་དང་པདྨ་འཛིན་པ། རང་གི་ཐུགས་ཀར་དྲངས། ཛི་ན་ཛིཀ་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྱོགས་བཅུའི་ཞིང་དུ་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་ པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད། ཁྱད་པར་དུ་སེམས་ཅན་རྣམས་ཀྱི་གཏི་མུག་ སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། སྐུ་རྡོ་རྗེ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་ཕྱིའི་གཞལ་ཡས་ཁང་གི་ལེ་ཚེ་དགུའི་ཤར་དུ་ཟླ་གནས་ལ་འཁོད། དེ་བཞིན་དུ་ སྦྱར་ཏེ། ལྷོར་རིན་འབྱུང་ནམ་སྙིང་ལྟ་བུ་རིན་པོ་ཆེ་ལྗང་གུ་ཆ་དགུ་པ་འཛིན་པ། རཏྣ་དྷྲྀཀ་ཁྱད་ པར་དུ་སེམས་ཅན་རྣམས་ཀྱི་ང་རྒྱལ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། ཡོན་ཏན་རྡོ་རྗེ་ དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བཀོད། ལྷོར་ཉི་གདན་ལ་འཁོད། ནུབ་ཏུ་འོད་དཔག་མེད་ འཇིག་རྟེན་དབང་ཕྱུག་ལྟ་བུ་པདྨ་དམར་པོ་འདབ་མ་བརྒྱད་པ་འཛིན་པ། ཨཱ་རོ་ལ ཀ ཁྱད་ པར་དུ་འདོད་ཆགས་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། གསུང་རྡོ་རྗེ་དང་སོ་སོར་རྟོག་ པའི་ཡེ་ཤེས་ལ་བཀོད། ནུབ་ཏུ་ཉི་གདན་ལ་འཁོད། བྱང་དུ་དོན་གྲུབ་སྒྲིབ་སེལ་ལྟ་བུ་རལ་ གྲི་སྔོན་པོ་འོད་འཕྲོ་བ་འཛིན་པ། པྲཛྙཱ་དྷྲྀཀ ཁྱད་པར་དུ་ཕྲག་དོག་སྦྱང༌། འདུ་ཤེས་ཀྱི་ཕུང་ པོ་གནས་གྱུར། འཕྲིན་ལས་རྡོ་རྗེ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་བཀོད། བྱང་དུ་ཉི་གདན་ལ་ གནས། འདི་མན་ཆད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་མཛད་ཅེས་པའི་མཛད་ པ་སྤྱིའི་ཚིག་འདི་མི་བརྗོད་དོ། ། གཞན་ཐམས་ཅད་སྦྱོར་ལུགས་འདྲ་བར་བྱས་ཏེ། རང་འོད་ཀྱི་ཡབ་ལ་ཞེས་སྦྱར་ནས། ཤར་ལྷོར་སྤྱན་ མ་དཀར་མོ་རྣམ་སྣང་ལྟ་བུ། མོ་ཧ་ར་ཏཱི། སེམས་ཅན་རྣམས་ཀྱི་སའི་ཁམས་ཀྱི་དྲི་མ་སྦྱངས། སྙིང་རྗེ་ཚད་མེད་མངོན་དུ་བྱས། ཐབས་ཀྱི་ཕར་ཕྱིན༴ ཤར་ལྷོར་ཟླ་གདན་ལའོ། །ལྷོ་ནུབ་ ཏུ་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པ་ལྟ་བུ་ཨུཏྤལ་ལ་དམར་པོ་འཛིན་པ། དྭེ་ཥ་ར་ཏཱི། ཆུའི་ཁམས། 23-1-129 བྱམས་པ་ཚད་མེད་པ། སྨོན་ལམ་གྱི་ཕར་ཕྱིན། ལྷོ་ནུབ་ཏུ་ཟླ་གདན་ལ། ནུབ་བྱང་དུ་གོས་ དཀར་མོ་འོད་དཔག་མེད་ལྟ་བུ་ལ་རཱ་ག་ར་ཏཱི། མེ་ཁམས། དགའ་བ་ཚད་མེད་པ། སྟོབས་ཀྱི་ ཕར་ཕྱིན། ནུབ་བྱང་དུ་ཟླ་གདན་ལ། བྱང་ཤར་དུ་སྒྲོལ་མ་སེར་མོ་རིན་འབྱུང་ལྟ་བུ་ལ་རིན་ པོ་ཆེའི་གནས་སུ་ཨུཏྤལ་སེར་པོ། བཛྲ་ར་ཏཱི། རླུང་གི་ཁམས། བཏང་སྙོམས་ཚད་མེད། ཡེ་ ཤེས་ཀྱི་ཕར་ཕྱིན། བྱང་ཤར་དུ་ཟླ་གདན་ལ་འཁོད། དེ་བཞིན་དུ། རིམ་པ་གཉིས་པའི་ཤར་ལྷོར་ གཟུགས་རྡོ་རྗེ་མ་རྣམ་སྣང་ལྟ་བུ་ལ། འཁོར་ལོའི་གནས་སུ་མེ་ལོང་དམར་པོ། ༀ་ཨཱཿཧཱུཾ། རང་ གི་ཐུགས་ཀ་ནས་ཕྱིར་ཕྱུང༌། ཕྱོགས་བཅུའི་ཞིང་དུ་སྤྲུལ་པ་དཔག་ཏུ་མེད་པ་འཕྲོས། སེམས་ ཅན་རྣམས་ཀྱི་གཟུགས་ཀྱི་སྐྱེ་མཆེད་སྦྱངས་ཏེ། སྦྱིན་པའི་ཕར་ཕྱིན་ལ་བཀོད་ནས། སླར་ འདུས་ཏེ་རིམ་པ་གཉིས་པའི་ཤར་ལྷོར་ཟླ་གདན་ལ་འཁོད། དེ་བཞིན་དུ་སྦྱར་ཏེ། ལྷོ་ནུབ་ཏུ་སྒྲ་རྡོ་ རྗེ་མ་མི་བསྐྱོད་པ་ལྟ་བུ་ལ། རྡོ་རྗེའི་གནས་སུ་པི་ཝཾ་སྔོན་པོ། ༀ་ཨཱཿཧཱུཾ། སྒྲའི་སྐྱེ་མཆེད། ཚུལ་ ཁྲིམས་ཀྱི་ཕར་ཕྱིན། ལྷོ་ནུབ་ཏུ་ཟླ་གདན། ནུབ་བྱང་དུ་དྲི་རྡོ་རྗེ་མ་རིན་འབྱུང་ལྟ་བུ་ལ་རིན་པོ་ ཆེའི་གནས་སུ་དྲིའི་དུང་ཆོས་སེར་པོ། ༀ་ཨཱཿཧཱུཾ། དྲིའི་སྐྱེ་མཆེད། བཟོད་པའི་ཕར་ཕྱིན། ནུབ་ བྱང་དུ་ཟླ་གདན། བྱང་ཤར་དུ་རོ་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ལྟ་བུ་ལ། པདྨའི་གནས་ སུ་རོའི་སྣོད་དམར་པོ། ༀ་ཨཱཿཧཱུཾ་རོའི་སྐྱེ་མཆེད། བརྩོན་འགྲུས་ཀྱི་ཕར་ཕྱིན། བྱང་ཤར་དུ་ ཟླ་གདན་ལ། ཤར་སྒོའི་གཡས་སུ་རེག་བྱ་རྡོ་རྗེ་མ་ལྗང་གུ་དོན་གྲུབ་ལྟ་བུ་ལ། རལ་གྲིའི་ གནས་སུ་གོས་ཁ་དོག་སྣ་ཚོགས་པ། ༀ་ཨཱཿཧཱུཾ། རེག་བྱའི་སྐྱེ་མཆེད། བསམ་གཏན་གྱི་ཕར་ ཕྱིན། ཤར་སྒོའི་གཡས་སུ་ཟླ་གདན་ལ། ཤར་སྒོའི་གཡོན་དུ་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ རྡོ་རྗེ་སེམས་པ་ལྟ་བུ་ལ། རྡོ་རྗེའི་གནས་སུ་ཆོས་ཀྱི་འབྱུང་གནས་དཀར་པོ། ༀ་ཨཱཿཧཱུཾ། ཆོས་ ཀྱི་སྐྱེ་མཆེད། ཤེས་རབ་ཀྱི་ཕར་ཕྱིན། ཤར་སྒོའི་གཡོན་དུ་ཟླ་གདན་ལ་འཁོད། དེ་ཐམས་ ཅད་ཀྱང་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། དབུ་སྐྲ་རལ་པའི་ཅོད་པན་ 23-1-130 དང་ཕྱེད་བཅིངས་ཀྱིས་མཛེས་ལ། ཞལ་རེ་རེ་ལ་ཤིན་ཏུ་ཞི་བའི་སྤྱན་གཉིས་གཉིས་དང་ལྡན་ ཞིང་བརྒྱད་གཉིས་ལོན་པའི་ཉམས་དང་ལྡན་པ། སྒེག་ཅིང་འཛུམ་པའི་རྣམ་འགྱུར་གྱིས་བདེ་ བ་ཆེན་པོའི་ལོངས་སྤྱོད་ལ་ལྷག་པར་རོལ་བ་ཉི་ཟླའི་འོད་ཟེར་རབ་ཏུ་འབར་ཞིང་རིན་པོ་ ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ལྷའི་དར་སྣ་ཚོགས་ཀྱི་ན་བཟས་ཀླུབས་པའོ། །རྣམ་སྣང་ དང་ལྷ་མོ་ཐམས་ཅད་ཟླ་བའི་འོད་འཕྲོ་བ། གཤེགས་པ་གཞན་གསུམ་ཉི་མའི་འོད་འཕྲོ་བའོ། ། དེ་བཞིན་སྔར་བཞིན་དུ་སྦྱར་ཏེ། ཤར་སྒོར་གཤིན་རྗེ་གཤེད་ནག་པོ་མི་བསྐྱོད་པ་ལྟ་བུ་ལ། རྡོ་རྗེའི་ གནས་སུ་རྡོ་རྗེ་ཐོ་བ། ཡ་མཱནྟ་ཀྲྀཏ། སེམས་ཅན་རྣམས་ཀྱི་ཕུང་པོའི་བདུད་ཐམས་ཅད་སྦྱངས། དད་པའི་དབང་པོ་ལ་བཀོད། སླར་འདུས་ཏེ་ཤར་སྒོར་ཉི་གདན་ལ་འཁོད། ལྷོ་སྒོར་ཤེས་ རབ་མཐར་བྱེད་དཀར་པོ་རྣམ་སྣང་ལྟ་བུ་ལ། འཁོར་ལོའི་གནས་སུ་རྡོ་རྗེ་དབྱུག་པ་འཛིན་པ། པྲཛྙཱནྟ་ཀྲྀཏ། ཉོན་མོངས་པའི་བདུད་ཐམས་ཅད་སྦྱངས། བརྩོན་འགྲུས་ཀྱི་དབང་པོ་ལ་བཀོད། ལྷོ་སྒོར་ཉི་གདན། ནུབ་སྒོར་པདྨ་མཐར་བྱེད་འོད་དཔག་མེད་ལྟ་བུ། པདྨཱནྟ་ཀྲྀཏ། འཆི་བདག་ གི་བདུད་སྦྱངས། དྲན་པའི་དབང་པོ་ལ་བཀོད། ནུབ་སྒོར་ཉི་གདན་ལ། བྱང་སྒོར་བགེགས་ མཐར་བྱེད་ནག་པོ་མི་བསྐྱོད་པ་ལྟ་བུ་ལ། རྡོ་རྗེའི་གནས་སུ། རྡོ་རྗེ་ནག་པོ་ཁ་གྱེས་པ་འཛིན་ པ། བིགྷྣཱནྟ་ཀྲྀཏ། ལྷའི་བུའི་བདུད་སྦྱངས། ཏིང་ངེ་འཛིན་གྱི་དབང་པོ་ལ་བཀོད། སླར་འདུས་ ཏེ་བྱང་སྒོར་ཉི་གདན་ལ་འཁོད། ཁྲོ་བོ་བཞི་པོ་ཐམས་ཅད་ཀྱང་སྦོམ་ཞིང་ཐུང་ལ་མི་སྡུག་པའི་ ཉམས་ཅན་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང༌། སྨིན་མ་དང༌། སྨ་ར་དམར་སེར་རབ་ཏུ་ འབར་བ། ཞལ་རེ་རེ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཅིང༌། མཆེ་བ་ རྣོན་པོ་བཞི་བཞི་གཙིགས་པ། ཧ་ཧའི་གད་རྒྱངས་དྲག་པོ་སྒྲོག་ཅིང༌། བཞིན་ཤིན་ཏུ་འགྱུར་ བའི་ཁྲོ་གཉེར་ཅན། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ པས་བརྒྱན་ཅིང༌། སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་ 23-1-131 ནི། ཀླུའི་རྒྱལ་པོ་མཐའ་ཡས་སྔོན་པོའི་དབུ་སྐྲ་བཅིངས་ཤིང༌། འཇོག་པོ་དམར་པོས་རྣ་རྒྱན་ བྱས་པ། རིགས་ལྡན་ཁྲ་བོས་དཔུང་པ་ལ་བརྒྱན་ཅིང༌། པདྨ་དཀར་པོས་མགུལ་རྒྱན་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་ཤིང༌། སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐེ་རགས་བྱས་ཤིང༌། པདྨ་ཆེན་པོ་དཀར་པོ་རྐང་ གདུབ་བྱས་པ། སྟོབས་ཆེན་ཕ་རོལ་གནོན་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ བའི་དབུས་ན། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་འཕྲིན་ལས་ལ་བརྩོན་པས་གཡོན་ བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །གཞལ་ཡས་ཁང་རང་གི་ཐུགས་ཀར་དྲངས། ༀ་ཨཱཿཧཱུཾ། ཐུགས་ནས་ཕྱིར་ཕྱུང༌། སྣོད་ཀྱི་འཇིག་རྟེན་སྦྱངས། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྱུར། སླར་ འདུས་ནས་གཞལ་ཡས་ཁང་ལ་ཐིམ། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་སེམས་པ་ ལྷ་བཅུ་དགུའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཤར་སྒོའི་ཐད་ཀྱི་ནམ་མཁར་བཞུགས། ༀ་ཡ་ མཱནྟ་ཀྲྀཏ་ཧཱུཾ། ༀ་པྲཛྙཱནྟ་ཀྲྀཏ་ཧཱུཾ། ༀ་པདྨཱནྟ་ཀྲྀཏ་ཧཱུཾ། ༀ་བིགྷྣཱནྟ་ཀྲྀཏ་ཧཱུཾ། ཞེས་བགེགས་བསྐྲད། ཨརྒྷཾ་ ནས། ཤཔྟའི་བར་གྱིས་མཆོད། ༀ་ཡ་མཱནྟ་ཀྲྀཏ་ཛཿ ༀ་པྲཛྙཱནྟ་ཀྲིཏ་ཧཱུཾ། ༀ་པདྨཱནྟ་ཀྲྀཏ་བཾ། ༀ་བིགྷྣཱནྟ་ ཀྲྀཏ་ཧོཿ ཞེས་དགུག་གཞུག་བཅིང་མཉེས་བྱ། གཉིས་པ་ཉེར་སྒྲུབ་ནི། ལྷ་ཐམས་ཅད་ཀྱི་མིག་ཏུ་ཟླ་བ་ལ་ཞེས་པ་ནས། བརྒྱན་པའོ་ཞེས་པའི་བར་གཙོ་ བོའི་སྐབས་ལྟར་བྱའོ། ། གསུམ་པ་སྒྲུབ་པ་ནི། ལྷ་ཐམས་ཅད་ཀྱི་ནུ་མ་གཉིས་ཀྱི་ཞེས་སོགས་སྦྱར་ཏེ་ང་རྒྱལ་བཟུང་བ་གསུམ་གྱི་བར་ ཡུམ་གྱི་སྐབས་བཞིན་ནོ། །ཡན་ལག་དེ་གཉིས་ཀྱི་འབྲིང་དང་བསྡུས་པའི་ཆོ་ག་ཡང་སྔ་མ་རྣམས་ཀྱི་རིགས་བསྒྲེའོ། ། བཞི་པ་སྒྲུབ་པ་ཆེན་པོ་ནི། རང་གི་ཐུགས་ཀའི་མཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་སོགས་ གོང་དང་འདྲ་བ་ལས། ཆུའི་ལྷག་མ་ཡར་ལུད་པ་ལས་རྣམ་སྣང་སོགས་དེ་བཞིན་གཤེགས་པ་བཞི། མཱ་མ་ཀཱི་སྒྲ་རྡོ་རྗེ་མ། ཤེས་རབ་མཐར་བྱེད། བགེགས་མཐར་བྱེད་རྣམས་ལ་མི་བསྐྱོད་པ། 23-1-132 སྤྱན་མ། གཟུགས་རྡོ་རྗེ་མ། གཤིན་རྗེ་གཤེད་རྣམས་ལ་རྣམ་སྣང༌། དྲི་རྡོ་རྗེ་མ་ལ་རིན་འབྱུང༌། གོས་དཀར་མོ། རོ་རྡོ་རྗེ་མ། པདྨ་མཐར་བྱེད་རྣམས་ལ་འོད་དཔག་མེད། སྒྲོལ་མ་དང་རེག་བྱ་ རྡོ་རྗེ་མ་ལ་དོན་གྲུབ། ཆོས་དབྱིངས་རྡོ་རྗེ་མ་ལ་རྡོ་རྗེ་སེམས་པས་དབུ་བརྒྱན་ཅིང༌། སྐྱེ་མཆེད་ དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན། དེ་ནས་སྒྲུབ་ཆེན་གྱི་ཡན་ལག་ནི། མཆོད་བསྟོད་བདུད་རྩི་མྱང་བ་གསུམ་སྟེ། དང་པོ་ནི། ཐུགས་ཀའི་མཾ་ལས་ འོད་ཟེར་འཕྲོས་པ། ཕྱོགས་བཅུའི་འདོད་པའི་ཡོན་ཏན་དང་མཆོད་པའི་ཡོ་བྱད་ཐམས་ཅད་ བཀུག་སྟེ། རང་གི་ལུས་ལ་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས་ཕྱུང༌། པདྨར་བབས་པའི་ཐིག་ལེ་བཅུ། ལཾ་མཾ་པཾ་ཏཾ་ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་རྣམས་སུ་གྱུར། དེ་རྣམས་ཀྱི་ འོད་ཀྱིས་ལྷ་མོ་བཅུའི་ལྷ་ཚོགས་སྤྱན་དྲངས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་ཡུམ་བཞི་དང་ མཆོད་པའི་ལྷ་མོ་དྲུག་གཟུགས་དང་ལང་ཚོ་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ པར་གྱུར་ཏེ། མཆོད་རྫས་དཔག་ཏུ་མེད་པ་དང་བཅས་པ་མཁའ་ནང་ནས་ཕྱིར་སྤྲོས་ཏེ། སྒྱུ་ མ་ལྟ་བུའི་ཚུལ་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་པར་གྱུར། ཚོགས་ཞིང་གི་སྐབས་ལྟར་མཆོད་པ་ བྱས་ལ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་ དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་ འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། ། རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་ པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ 23-1-133 ལོ། །ༀ་སརྦ་ཏ་ཐཱ་ག་ཏ་སྟུ་ཏཱི་ར་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ ལ། མཐེབ་སྲིན་གཡོན་པས་འབུལ་ཏེ། ཐོག་མར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་མཚན་ནས་སྨོས་ཤིང་འབུལ་བའམ། བསྡུ་ན་བླ་མ་ རིགས་བདག་གི་ངོ་བོར་མོས་དགོས་པའི་ཕྱིར། ལྷ་རྣམས་ཉིད་ཀྱི་མཚན་སྔགས་ཀྱིས་ཕུལ་བ་དེས་ཆོག་པས། ལོགས་སུ་མ་བྱུང་ ཀྱང་རུང་ཙམ་མོ། །དཀྱིལ་འཁོར་གྱི་ལྷ་རྣམས་ལ་ནི། འོག་ནས་འབྱུང་བའི་སྔགས་རེ་རེའི་མཐར་ཡི་གེ་འབྲུ་གསུམ་བཏགས་པས་ རུང་ངོ༌། ། གསུམ་པ་ལས་རྒྱལ་པོ་མཆོག་ནི། ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་ཤེས་པར་བྱ་སྟེ། དེ་ལ། ཐིག་ལེའི་རྣལ་འབྱོར་ དང༌། ཕྲ་མོའི་རྣལ་འབྱོར་གཉིས་ལས། དང་པོ་ནི། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་རལ་གྲིའི་ ཡུ་བར་ཟླ་བ་ལ་གནས་པའི་མཾ་ཡིག་དམར་སེར། དེ་ལས་འོད་ཟེར་འཕྲོས་པས། སེམས་ ཅན་ཐམས་ཅད་འཇམ་པའི་རྡོ་རྗེའི་གོ་འཕང་ལ་བཀོད་པ་རྣམས་དང་ལྷན་ཅིག་དེ་བཞིན་ གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། དེ་ལ་ཐིམ་པའི་རྐྱེན་གྱིས་མཾ་ཡིག་འོད་དུ་ཞུ་ནས། རྡོ་ རྗེ་གསུམ་གྱི་རང་བཞིན་དུ་གྱུར་པའི་ཐིག་ལེ་ཕྲ་མོ་འོད་ཟེར་སྣ་ཚོགས་པ་འཕྲོ་བ་དྭངས་ཤིང་ གསལ་བ་ཡུངས་ཀར་གྱི་འབྲུ་ཙམ་ཤིན་ཏུ་འཚེར་བ་ལ་སེམས་བཟུང་ཞིང༌། སེམས་འཕྲོ་ བར་རྩོམ་པ་ན་ཐིག་ལེ་དེ་ལས་འོད་ཟེར་འཕྲོས་པས། རལ་གྲི་དང༌། དེ་ལས་ཡེ་ཤེས་སེམས་ དཔའ། དེ་ལས་རང་ཉིད། དེ་ལས་དཀྱིལ་འཁོར། དེ་ལས་སྣོད་བཅུད་ཀྱི་བར་རིམ་གྱིས་ཀུན་ ཏུ་སྣང་བར་བྱས་ནས་སླར་ཡང་དེ་བཞིན་དུ་རིམ་གྱིས་བསྡུས་ཏེ་ཐིག་ལེ་ལ་ཐིམ་པའི་ཐིག་ལེ་ ལས་ཡེ་ཤེས་ཀྱི་བདུད་རྩི་འབབ་པར་ཡུན་རིང་དུ་བསམ་པར་བྱའོ། །དེ་ནས་ཐིག་ལེ་ལ་སེམས་བརྟན་ པ་ན། ཐིག་ལེའི་ནང་དུ་ལྷ་བཅུ་དགུའི་དཀྱིལ་འཁོར་སྐད་ཅིག་གིས་གསལ་བཏབ་ལ་དཀྱིལ་ འཁོར་ཐིག་ལེ་དང་བཅས་པ་ལས་འཕྲོས་པའི་འོད་ཟེར་རང་གི་བ་སྤུའི་སྒོ་ཐམས་ཅད་ནས་ འཕྲོས་ཏེ་ཕྱི་ནང་ཐམས་ཅད་སྣང་བས་ཁྱབ་པར་བསྒོམས་པས་བྱིང་བ་མཐའ་དག་སེལ་བར་ ནུས་སོ། ། 23-1-134 གཉིས་པ་ཕྲ་མོའི་རྣལ་འབྱོར་ནི། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ནམ་མཁའི་ཁམས་ གང་བའི་རིགས་ལྔ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། རང་གི་ ཞལ་ནས་ཞུགས་པ་བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་ ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་པའི་རལ་གྲི་ནས་འབྲུ་ཙམ་གྱི་ཡུ་བའི་དབུས་སུ། ཙ་ ན་ཀའི་འབྲུ་ཙམ་གྱི་ཐིག་ལེ་ཡེ་ཤེས་ལྔའི་རང་བཞིན་འོད་ཟེར་ཤིན་ཏུ་གསལ་བའི་ནང་དུ། ལྷ་བཅུ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྐད་ཅིག་གིས་གསལ་བཏབ་སྟེ། དེ་ལ་ཡུན་རིང་དུ་སེམས་བཟུང་བས་དུ་བ་ལ་སོགས་པའི་རྟགས་རྣམས་འཆར་བར་འགྱུར་ ལ། མཚན་མ་དེ་འདྲ་མ་མཐོང་གི་བར་དུ་མི་སྤྲོ་ཞིང༌། མཐོང་ནས་དཀྱིལ་འཁོར་དུ་མ་ཡང་ དང་ཡང་དུ་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སླར་ཡང་བསྡུ་བའི་སྤྲོ་བསྡུ་ལ་བསླབ་པར་བྱའོ། ། བསྒོམས་པས་སྐྱེ་ན་བཟླས་པ་བྱ་བ་ནི། སྐུ་གསུང་ཐུགས་རྡོ་རྗེ་ཡེ་ཤེས་སེམས་དཔའ་རྣམས་ ཀྱི་ཐུགས་ཀར། རླུང་དང་ཆུ་དང་མེ་དང་སའི་དཀྱིལ་འཁོར་ལ་གནས་པར་གྱུར་པའི་ཡེ་ཤེས་ སེམས་དཔའི་ཐུགས་ཀར་མཾ་གྱི་མཐར་བཟླས་པའི་སྔགས་ཀྱིས་བསྐོར་བ། རྡོ་རྗེ་བཞིའི་ ཐུགས་ཀའི་ༀ་ཨཱཿམཾ་ཧཱུཾ་རྣམས་ལས། རླུང་འགྲོ་འོང་དང་ལྷན་ཅིག་རྡོ་རྗེ་གསུམ་རིམ་པས་ སམ་ཅིག་ཅར་སྤྲོས། ནམ་མཁའ་གང་བ་ལ་ལྷ་མོ་རྣམས་ཀྱིས་འཁྱུད་པ་སོགས་མཆོད་པས་ མཉེས་ཤིང༌། འགྲོ་བའི་དོན་མཛད་ནས་མཾ་གྱིས་འོད་ཟེར་གྱིས་བསྡུས་ཏེ་ཡིག་འབྲུ་རྣམས་ ལ་ཐིམ་པར་བསམ་ལ། ༀ་ཨཱཿམཾ་ཧཱུཾ་ཞེས་གཙོ་བོར་བཟླས་ཤིང༌། གཞན་ཡང་ༀ་ཨཱཿམཉྫུ་བཛྲ་མཾ་ཧཱུཾ། ༀ་ ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ༀ་ཨཱཿཛི་ན་ཛྀཀ་ཧཱུཾ་ཧཱུཾ། ༀ་ཨཱཿརཏྣ་དྷྲྀཀ་ཨཾ་ཧཱུཾ། ༀ་ཨཱཿཨ་རོ་ལྀཀ་ཧྲཱིཿཧཱུཾ། ༀ་ཨཱཿཔྲཛྙཱ་དྷྲྀཀ་ཁཾ་ཧཱུཾ། ༀ་ཨཱཿམོ་ཧ་ར་ཏཱི་ལཾ་ཧཱུཾ། ༀ་ཨཱཿདྭེ་ཥ་ར་ཏཱི་མཾ་ཧཱུཾ། ༀ་ཨཱཿརཱ་ག་ར་ཏཱི་པཾ་ཧཱུཾ། ༀ་ཨཱཿབཛྲཱ་ར་ཏཱི་ཏཾ་ཧཱུཾ། ༀ་ཨཱཿརཱུ་པ་བཛྲཱ་ཛཿཧཱུཾ། ༀ་ཨཱཿཤཔྟ་བཛྲ་ཧཱུཾ་ཧཱུཾ། ༀ་ཨཱཿགནྡྷ་བཛྲཱ་བཾ་ཧཱུཾ། ༀ་ཨཱཿར་ས་བཛྲཱ་ཧོཿཧཱུཾ། ༀ་ཨཱཿསྤཪྴ་བཛྲཱ་ཁཾ་ཧཱུཾ། ༀ་ཨཱཿདྷརྨ་དྷཱ་ཏུ་བཛྲཱ་རཾ་ཧཱུཾ། ༀ་ཨཱཿཡ་མཱནྟ་ཀྲྀཏ་ 23-1-135 ཧཱུཾ་ཧཱུཾ། ༀ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ༀ་ཨཱཿཔདྨཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ཅེས་བཟླས་ པ་བྱའོ། །གལ་ཏེ་སྒོམ་བཟླས་ཀྱིས་དུབ་ན། ལྷ་མོ་བཞིས་གླུས་བསྐུལ་བར་བསམ་ནས། དཀྱིལ་འཁོར་ལ་མཆོད་བསྟོད་བྱའོ། ། གལ་ཏེ་ལུས་སྟོབས་ཉམས་པར་གྱུར་ན། སྤྱི་བོ་ནས་མཐོ་གང་ཙམ་གྱིས་འཕགས་པར་ ཟླ་བའི་དཀྱིལ་འཁོར་དང༌། དེའི་འོག་ཕྱོགས་ཀྱི་དབུས་སུ་ༀ་དཀར་པོ་ལས་ཡེ་ཤེས་བདུད་ རྩི་ལྔ་བབས་ཏེ། སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་བརླན་དང་དྲོད་ཀྱིས་ཁྱབ་པར་བསམས་ ན། མི་རྒས་པ་དང༌། ལུས་རྒྱས་པར་འགྱུར་བ་སོགས་བཤད་དོ། ། དཀྱིལ་འཁོར་བསྡུ་བར་འདོད་ན་སྐུའི་རིགས་རྣམས་སྐུ་རྡོ་རྗེ་དང༌། གསུང་གི་རིགས་རྣམས་ གསུང་རྡོ་རྗེ་དང༌། ཐུགས་ཀྱི་རིགས་རྣམས་ཐུགས་རྡོ་རྗེ་ལ་ཐིམ་པའི་ཚུལ་གྱི་དཀྱིལ་འཁོར་ གྱི་འཁོར་ལོ་རང་ལ་ཐིམ་པར་གྱུར་པས། རྡོ་རྗེ་གསུམ་ཤིན་ཏུ་བརྟན་པར་གྱུར། ཞེས་བརྗོད་ཅིང་ བསམ། ཐུན་མཚམས་སྤྱོད་ལམ་ཐམས་ཅད་དུ་སྣང་བ་ཐམས་ཅད། རྡོ་རྗེ་གསུམ་གྱིས་ངོ་བོར་མོས་པ་དང༌། རང་ལྷའི་ང་རྒྱལ་ བརྟན་པོས་སྣོད་བཅུད་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། ། ཁ་ཟས་གཏོར་མ་ལྟར་གྱིས་གྱིས་བརླབས། སྙིང་གར་ཟླ་བ་ལ་མཾ་ཡིག་ལྷ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་མཆོད་པའི་བསམ་ པས་བཟའ་ཞིང༌། ཕྱི་ནང་གི་སྦྱིན་སྲེག་གིས་ཕུང་ཁམས་འོད་གསལ་དུ་སྲེག་པའི་རྟེན་འབྲེལ་སྒྲིག་པ་དང༌། གཞན་དོན་བྱེད་པ་ རྣམས་རྒྱལ་བ་ལ་མཆོད་པ་དང༌། ལུས་ཕྱག་རྒྱ་དང༌། ངག་སྔགས་དང༌། བྱ་བ་ཐམས་ཅད་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་ པས་དགེ་བར་བསྒྱུར་བར་བྱའོ། །དམ་ཚིག་ཉམས་ན། རང་དམ་ཚིག་རྡོ་རྗེ་དོན་ཡོད་གྲུབ་པར་བསྒོམས་ཏེ། སྙིང་གར་ཟླ་བ་ ལ་སྣ་ཚོགས་རྡོ་རྗེ་ཁཾ་ལྗང་གུས་མཚན་པ་སྔགས་ཀྱིས་བསྐོར་བ་ལ་དམིགས་ནས། ༀ་ཨཱཿཁཾ་ཧཱུཾ་ཞེས་ བཟླས་ཤིང༌། དབང་རྒྱས་བསྡུས་གང་ཡང་རུང་བ་བླངས་པས་དག་པར་འགྱུར་རོ། །ཁྲུས་ལ་འཇུག་པའི་ཚེ། རང་དཀྱིལ་ འཁོར་གྱི་གཙོ་བོར་སྐད་ཅིག་གིས་གསལ་བཏབ་ནས། ཐུགས་ཀྱི་མཾ་གྱི་འོད་ཟེར་གྱིས་སྤྱན་ དྲངས་པའི་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ཞིང་བཀྲུས་པར་བསམ་པར་བྱའོ། །ཉལ་བའི་ཚེ་ མཆོད་བསྟོད་བྱས་ནས་དཀྱིལ་འཁོར་སྙིང་གའི་མཾ་ལ་ཐིམ། དེར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་ 23-1-136 མེད་པའི་དོན་ལ་མཉམ་པར་བཞག་སྟེ་གཉིད་པར་བྱའོ། ། ལྡང་བའི་ཚེ། ཚད་མེད་བཞིའི་རང་བཞིན་ལྷ་མོ་བཞིས་བསྐུལ་ཏེ། དཀྱིལ་འཁོར་གྱི་གཙོ་བོར་ལངས་པར་བསམ། གལ་ ཏེ་བར་ཆད་ཀྱི་མཚན་མ་མཐོང་ན། ཁྲོ་བོ་བདུད་རྩི་འཁྱིལ་བའི་རྣལ་འབྱོར་གྱིས་དབང་བསྐུར་བ་བླངས་ཏེ་བགེགས་གཞོམ་པར་ བྱའོ། །གལ་ཏེ་ལྷ་ཚོགས་ལ་མཆོད་པར་འདོད་ན། མཎྜལ་བྱས་ཏེ་ཡི་གེ་འབྲུ་གསུམ་གྱི་སྔགས་ཀྱིས་ཚོམ་བུ་བཀོད་ལ། ལྷ་སོ་སོའི་ རང་སྔགས་ཀྱིས་དམ་ཚིག་པ་ལྷ་བཅུ་དགུའི་དཀྱིལ་འཁོར་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲངས། སྐྱེ་མཆེད་དེ་དང་སྒོ་གསུམ་བྱིན་ གྱིས་བརླབས། དབང་བསྐུར་རྒྱས་བཏབ་བྱ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། ལྷ་རེ་རེ་བཞིན་དུ་ལྷ་སྔགས་ཀྱིས་མཐར་ རྫས་སྔགས་སྦྱར་བས། ཆུ་གསུམ་ཉེར་སྤྱོད་རྣམས་རེ་རེ་ཞིང་སོ་སོར་ཕུལ་ལ། རོལ་མོ། འདོད་ཡོན་དྲུག རྒྱལ་སྲིད་སྣ་བདུན་ལ་ སོགས་པའི་མཆོད་པ་ཐམས་ཅད་སྤྱི་མཐུན་དུ་ཕུལ། ནང་མཆོད་ཀྱང་སོ་སོར་ཕུལ་ལ། བསྟོད་པ་དང་གཏོར་མ་དང་རྡོ་རྗེའི་གླུ་གར་ ལ་སོགས་པས་མཆོད་དེ། ཡན་ལག་བདུན་པ་བྱས་ལ། སྨོན་ལམ་དང་གསོལ་བ་ཡང་དང་ཡང་དུ་གདབ། དངོས་གྲུབ་བླངས་ལ་ བཟོད་པར་གསོལ། ཡེ་ཤེས་པ་གཤེགས་ཏེ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། ། ཐུན་མཚམས་ཐམས་ཅད་དམ་ཐུན་ཐ་མ་ལ་ངེས་པར་གཏོར་མ་འབུལ་བར་བྱ་དགོས་པས་དབུས་དང་ཕྱོགས་མཚམས་ བརྒྱད་དང་ཤར་དང་ནུབ་ཀྱི་གཡས་སུ་རེ་རེ་སྟེ་བ་ལྕིའི་མཎྜལ་བཅུ་གཅིག དབུས་མར་མེ་ཏོག་གི་ཚོམ་བུ་བཅུ་དགུ་ཤར་དང་ བྱང་དུ་ཉིས་སྒྲིག ཤར་གྱི་གཡས་སུ་སུམ་སྒྲིག ནུབ་ཀྱི་གཡས་སུ་ཉིས་སྒྲིག་རྣམས་བཀོད། གཞན་རྣམས་སུ་རེ་རེ། དེ་དག་རེ་རེ་ ཞིང་གཏོར་མ་དང་མཆོད་པ་རྒྱས་པ་འགྲུབ་ན་བྱ། མ་གྲུབ་ཀྱང༌། ཟས་བཟང་དགུ་ཤ་དང་མྱོས་བྱེད་ཀྱིས་བརྒྱན་པ། བདུད་རྩི་ ལྔས་བརྒྱན་པའི་གཏོར་མ་གཉིས་མཆོད་པ་དང་བཅས་པ་མདུན་དུ་བཤམས་ལ། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ། ༀ་ཤཱུ་ནྱ་ ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་ དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་རྒྱལ་མཚན་དང་ཡཾ་གྱིས་མཚན་པ། དེའི་སྟེང་དུ་ རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་ལས་ མི་མགོའི་སྒྱེད་བུ་གསུམ་གྱིས་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། དཔྲལ་བ་ རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་ཤར་དུ། བྷྲཱུཾ་ལས་དྲི་ཆེན་བྷྲཱུཾ་གྱིས་མཚན་པ། 23-1-137 ལྷོར་ཨཾ་ལས་རཀྟ་ཨཾ་གིས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱང་སེམས་ཛྲིཾ་གིས་མཚན་པ། བྱང་དུ་ ཁཾ་ལས་ཤ་ཆེན་ཁཾ་གིས་མཚན་པ། དབུས་སུ་ཧཱུཾ་ལས་དྲི་ཆུ་ཧཱུཾ་གི་མཚན་པ། ཐུན་མོང་གི་སྟེང་ དུ་ༀ་ཡིག་དཀར་པོ་འོད་ཟེར་འཕྲོ་བར་གྱུར། རང་གི་ཐུགས་ཀའི་མཾ་གྱི་འོད་ཟེར་གྱིས་དེ་ བཞིན་གཤེགས་པ་རིགས་ལྔ་སྤྱན་དྲངས་ཏེ། རང་རང་གི་ས་བོན་ལ་ཐིམ་ཞིང༌། རླུང་གཡོས་ ཏེ་མེ་སྦར་བས་རྫས་རྣམས་ཞུ་ཞིང་ཁོལ། དྲི་མ་ཐམས་ཅད་སྦྱངས་ཤིང་ཁ་དོག་དམར་སེར་ ཉི་མ་འཆར་ཁའི་མདོག་ཅན་གསལ་ཞིང་དྭངས་པར་གྱུར། དེའི་རླངས་པ་གྱེན་དུ་འཕྱུར་ བ་ལས་བྱུང་བའི་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་རབ་ཏུ་འཕྲོ་བ་གསུམ་ཡང་བར་ སྣང་དེ་ཉིད་དུ་ཞུ་བ་ཐོད་པར་ལྷུང་བས་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པའི་རོ་དང་བཅུད་ ཀྱིས་བརྒྱན་པར་བྱས། ༀ་ཡིག་གི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་རྟེན་ན་གནས་པའི་ སྣོད་བཅུད་ཀྱི་བདུད་རྩི་ཐམས་ཅད་བཀུག་ནས་བསྟིམས་པས་རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་ བརླབས་པར་གྱུར། ༀ་ཨཱཿཧཱུཾ་ལན་གསུམ་བརྗོད། མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨ་ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨཾ་པཾ་ཨཾ་པུཾ་དྷུཾ་ཨཾ་གཾ་ན་ཤཾ་ཛཿཧཱུཾ་ བཾ་ཧོཿཁཾ་རཾ་རྣམས་ཏེ་མཆོད་རྫས་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་རྣམས་དང་ས་ བོན་རྣམས་སོ་སོར་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་ཐམས་ཅད་ རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང༌། བྱེད་ལས་རང་བཞིན་གྱི་ དབང་པོ་མཐའ་དག་ཟག་མེད་ཀྱི་བདེ་བས་ཚིམ་པར་བྱེད་པས་ཕྱི་ནང་ཀུན་ཏུ་གང་བར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ་དེ་བཞིན་དུ། པཱདྱཾ། ཨཱཉྩ་མ་ནཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤཔྟ། རཱུ་པ། ཤཔྟ། གནྡྷ། རཱ་ས། སྤཪྴ། དྷརྨ་དྷཱ་ཏུ་ཨཱཿཧཱུཾ། བཛྲ་སྥ་ར་ཎ་ཁཾ། རང་གི་སྙིང་ག་ནས་འོད་ཟེར་ འཕྲོས། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ༀ་པདྨ་ 23-1-138 ཀ་མ་ལ་ཡ་སྟྭཾ། ཞེས་གདན་ཕུལ་ཏེ་བཞུགས་པར་བསམ། མདུན་བསྐྱེད་ཀྱི་ལྷ་ཐམས་ཅད་ཀྱི་ལྗགས་ཧཱུཾ་ ལས་བྱུང་བའི་རྡོ་རྗེའི་འོད་ཟེར་གྱི་བུ་གུས་གཏོར་མ་གསོལ་བར་གྱུར། རྒྱས་པར་ན་ༀ་ཨཱཿབཛྲ་དྷྲྀཀ་ སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་མ་མ་ཤཱནྟིཾ་ཀུ་རུ་རཀྵ་ཙ་ཀུ་རུ་སྭཱཧཱ་ཧཱུཾ། ཞེས་སམ། གཞན་འདྲ་ བ་ལ། ཤནྟིཾ་ཀུ་རུ་སྭཱཧཱ་རཀྵཾ་ཀུ་རུ་ཧཱུཾ། པུཥྚིཾ་ཀུ་རུ་ༀ། ཝ་ཤཾ་ཀུ་རུ་ཧོ། མཱ་ར་ཡ་ཧཱུཾ་ཕཊ་ཨུ་ཙ་ཊ་ཡ་ ཧཱུཾ་ཕཊ། ཨ་ཀཪྵ་ཡ་ཧྲཱིཿཛ། ཞེས་ལན་བདུན་གྱིས་མི་བསྐྱོད་པ་དང༌། བཛྲ་དྷྲྀཀ་གི་མཚམས་སུ་ལྷ་རྣམས་ཀྱི་མཚན་ སོ་སོར་བཅུག་སྟེ་ལན་གསུམ་གསུམ་གྱིས་ལྷ་ཚོགས་རྣམས་ལ་དབུལ་བར་བྱའོ། །བཛྲ་དྷྲྀཀ་གི་གནས་སུ། མཉྫུ་བཛྲ་ཞེས་ བཅུ་པ་ནི་འཇམ་པའི་རྡོ་རྗེ་ལའོ། །འབྲིང་དུ་ན། གོང་དུ་བཤད་པའི་ཕྲེང་བའི་སྔགས་ཀྱི་མཐར། སརྦ་དུཥྚན་སོགས་ སྦྱར་བ་ལན་བདུན་དབུལ། བསྡུ་ན་ༀ་ཨཱཿཧཱུཾ། མཾ། བྷྲུཾ། ཨཾ། ཛྲིཾ། ཁཾ། ལཾ་མཾ་པཾ་ཏཾ་ཛཿཧཱུཾ་བཾ་ཧོཿ ཁ་རཾ་ཧཱུཾ་ ཧཱུཾ་ཧཱུཾ་ཧཱུཾ། པཉྩ་ཨ་མྲྀ་ཏ་ཧཱུཾ་ཞེས་པ་གསུམ་མམ་ལྔའམ་བདུན་གྱིས་ཕུལ། གལ་ཏེ་ཁྲོ་བོ་སོ་སོ་ལ་བརྟེན་ནས་ལས་འཆོལ་བ་ ཡིན་ན། ཁྲོ་བོ་སོ་སོའི་ཕྲེང་སྔགས་ཀྱིས་སྒོས་སུ་ལན་མང་དུ་འབུལ་ཞིང་ལས་ལ་བསྐུལ་བ་ཡིན་ནོ། །མཐར་ཚོགས་ཞིང་གི་སྐབས་ བཞིན་མཆོད་པ་ཕུལ་ལ། དེ་ཉིད་ལྔ་པས་བསྟོད་ནས། རྡོ་རྗེ་གསུམ་དངོས་མི་ཕྱེད་སྐུ། །ཡེ་ཤེས་ལྔ་ལྡན་བདེ་ བ་ཆེ། །འདུས་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ། ཞེས་སོགས་འཕྲིན་ལས་གཞོལ། འཇིག་རྟེན་པའི་ལྷ་ཚོགས་རྣམས་ལ་གཏོར་མ་འབུལ་བར་འདོད་ན། རང་གི་སྙིང་ག་ནས་འོད་ཟེར་ནག་ པོ་ལྕགས་ཀྱུ་ལྟ་བུ་འཕྲོས། ཕྱོགས་སྐྱོང་འཁོར་དང་བཅས་པ་ཐམས་ཅད་ཨ་ཀཪྵ་ཡ་ཛཿ ཞེས་ བཀུག་སྟེ་གོང་ལྟར་གདན་ཕུལ་ལ། ཕྱོགས་རྣམས་སུ་འཁོད་པ་ནི། ཤར་དུ་བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན་པ་མིག་ སྟོང་དང་ལྡན་པ་གླང་པོ་ཆེ་ལ་བཞོན་ཅིང༌། བདེ་སོགས་མ་ལ་འཁྱུད་པ། དེའི་གཡོན་དུ་ཁྱབ་ འཇུག་ནག་པོ་མཁའ་ལྡིང་ལ་བཞོན་པ། ཕྱག་བཞིས་ག་ཌའི་དབྱུག་པ་འཁོར་ལོ་དུང་ནོར་བུ་ རྣམས་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་ལ་བཞོན་པ། ཕྱག་བཞི་སྐྱབས་སྦྱིན་ཕྲེང་ བ་དབྱུག་གུ་གསུམ་པ་གྷུན་དྷེ་རྣམས་འཛིན་པ། ལྷོར་གཤིན་རྗེ་ནག་པོ་མ་ཧེའི་སྟེང་ན་བརྐྱང་ 23-1-139 བསྐུམ་དུ་གནས་པ། དབྱུག་པ་དང་སྡིགས་མཛུབ་མཛད་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་སྦོམ་ ཐུང་ཁྲོ་བོའི་ལུས་ཅན་མི་རོ་ལ་བཞོན་པ། རལ་གྲི་དང་ཐོད་པ་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་ པོ་སྦྲུལ་ལ་བཞོན་པ། སྦྲུལ་ཞགས་འཛིན་པ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ནུབ་བྱང་དུ་རླུང་ལྷ་ལྗང་གུ་རི་དྭགས་དགོ་བ་སེར་པོ་ལ་བཞོན་ པ། རླུང་རས་ནམ་མཁའ་ལ་བརྐྱངས་ཤིང་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་མི་ལ་བཞོན་ པ། བི་ཛཱ་པུ་ར་དང་ནེའུ་ལེ་འཛིན་པ། དེའི་གཡས་སུ་ལོག་འདྲེན་དཀར་པོ་གླང་པོའི་གདོང་ ཅན་བྱི་བ་ལ་བཞོན་པ། ཕྱག་བཞིས། ལ་ཕུག་ཕྲེང་བ་ལ་དུ་དབྱུག་པ་རྣམས་འཛིན་པ། བྱང་ ཤར་དུ་དབང་ཕྱུག་དཀར་པོ་གླང་ལ་བཞོན་པ། རལ་པའི་ཅོད་པན་དང་རུས་པའི་རྒྱན་གྱིས་ བརྒྱན་པ། རྩེ་གསུམ་དང་ཌཱ་མ་རུ་འཛིན་པ། དབང་པོ་དང་དབང་ཕྱུག་གི་བར་དུ་ཉི་མི་དམར་ པོ་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་ལ་བཞོན་པ། པདྨ་དམར་པོ་འཛིན་པ། དེའི་གཡོན་དུ་ ཟླ་བ་དཀར་པོ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཨུཏྤལ་དཀར་པོ་འཛིན་པ། དེ་གཉིས་ཀྱི་ དབུས་སུ་ཚངས་པ་སེར་པོ་ངང་པ་ལ་བཞོན་པ་བྲམ་ཟེ་མིའུ་ཐུང་གི་རྣམ་པ་ཅན་གདོང་བཞི་ པ། དབྱུག་གུ་དང་ཕྲེང་བ་འཛིན་པ། ཆུ་ལྷ་དང་བདེན་བྲལ་གྱི་བར་དུ། ཐགས་བཟང་རིགས་ ནག་པོ་ཤིང་རྟ་ལ་གནས་པ་རལ་གྲི་དང་ཕུབ་འཛིན་པ། དེའི་གཡོན་དུ་སའི་ལྷ་མོ་སེར་མོ་སྣ་ ཚོགས་པདྨ་ལ་གནས་པ། བུམ་པ་བསྣམས་པ། ཐམས་ཅད་ཀྱང་རྒྱན་ཐམས་ཅད་ཀྱིས་བརྒྱན་ པ་འོད་ཀྱིས་མུན་པ་སེལ་བར་བྱེད་པ་རིགས་མཐུན་གྱི་འཁོར་དཔག་ཏུ་མེད་པ་བསྐོར་བའོ། ། མཆོད་ཡོན་དང་ཉེར་སྤྱོད་ཀྱིས་མཆོད་ལ། རང་གི་སྙིང་གའི་འོད་ཟེར་ལས་བྱུང་བའི་རྡོ་རྗེ་ཕུར་བུ་བཅུ། སྟོད་རང་རང་གི་ཕྱོགས་ཀྱི་སྲུང་འཁོར་གྱི་ཁྲོ་བོའི་དབྱིབས་སུ་གནས་པ། ལྟེ་བ་མན་ཆད་རྡོ་རྗེ་ རྩེ་གཅིག་པ་ལྟ་བུ་ཤེས་རབ་དམ་པ་ལ་འཁྱུད་པ་སྤྲོས་ནས། རང་གི་ཐུགས་ཀ་ནས་རང་འདྲའི་ ཁྲོ་བོ་སྤྲོས་ཏེ། གཡོན་པས་ཕུར་བུའི་མགུལ་བ་ནས་བཟུང༌། གཡས་པ་རྡོ་རྗེ་ཐོ་བས་སྤྱི་བོ་ 23-1-140 ནས་བརྡུང་ཞིང་སྔགས་འདི་བརྗོད་པར་བྱ་སྟེ། ༀ་ཨཱཿཡ་མཱནྟ་ཀྲྀཏ་སརྦ་དུཥྚཾ་ཨིནྡྲ་ས་པ་རི་ཝཱ་ རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿཔྲཛྙཱ་ཏ་ཀྲྀཏ། སརྦ་དུཥྚཾ་ཡ་མ་ས་པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿཔདྨཱནྟ་ཀྲྀཏ། སརྦ་དུཥྚཾ་ནཱ་ག་ས་པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿབིགྷྣཱནྟ་ཀྲྀཏ་སརྦ་ དུཥྚཾ་ཀུ་བེ་ར་ག་ཎ་པ་དྷི་ས་པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿཊཀི་རཱ་ཛཱ་སརྦ་དུཥྚཾ་ཨཱགྣེ་ས་ པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿནཱི་ལ་དཎྜ་སརྦ་དུཥྚཾ་ནི་རི་ཏི་ས་པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ ཕཊ། ༀ་ཨཱཿམཧཱ་བཱ་ལ་སརྦ་དུཥྚཾ་ཝ་ཡུ་ས་པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿཨ་ཙ་ལ་སརྦ་ དུཥྚཾ་ཨཱི་ཤྭ་ར་ས་པ་རི་ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿཙཀྲ་བརྟི་སརྦ་དུཥྚཾ་ཨརྐ་ཙནྟྲ་པྲ་ཏི་མཧཱ་ ན་ས་པ་རི་ཝཱ་ར་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། ༀ་ཨཱཿསུམྦྷ་རཱ་ཛཱ་སརྦ་དུཥྚཾ་བཻ་མ་ཙི་ཏྲི་པྲི་ཐྭཱི་དེ་ཝི་ས་པ་རི་ ཝཱ་རཱ་ཎ་ཀཱི་ལ་ཡ་ཧཱུཾ་ཕཊ། དེ་ལྟར་ཕུར་བུས་བཏབ་པས། མ་དག་པའི་ལུས་སེམས་འོད་གསལ་ཆེན་ པོའི་དབྱིངས་སུ་བཅོམ་ཞིང་བརླག་པར་བྱས་ནས། རྣམ་པར་ཤེས་པ་མར་མེ་ལྟ་བུ་ཐུགས་ ཀའི་འོད་ཟེར་གྱིས་དྲངས་ཏེ་ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བ་རྡོ་རྗེའི་ལམ་ནས། ལྷ་མོའི་མཚོ་སྐྱེས་སུ་བབས་པ་ཐིག་ལེའི་ངོ་བོར་གནས་པར་གྱུར། ༀ་ཨཱཿ ༀ་ཤྲཱི་ཧེ་རུ་ཀ་བཛྲ་ ས་མ་ཡ་ཧྲཱིཿ སརྦ་དུཥྚཾ་ས་མ་ཡ་མུ་དྲ་ཝན། ཙཀྲ་ཨེ་ཥཾ། ཨཱ་ཥ་དོ་ཥཱཾ། ཨཱ་པ་ན་ཡ་ཧཱུཾ་ཕཊ། ཅེས་ཧེ་ རུ་ཀའི་སྔགས་ཀྱིས་དེ་རྣམས་ཀྱི་ཤེས་སྒྲིབ་དང་གནོད་སེམས་བསལ། བདུད་རྩི་འཁྱིལ་བའི་ཕྲེང་སྔགས་ཀྱི་ཛི་བི་ཏཱནྟ་ཀ་རཱ་ ཡ་ཞེས་པའམ་མཇུག་ཏུ། སརྦེ་ཥུ་ཨཱ་ཤ་དོ་ཥཱཾ་ཨཱ་པ་ན་ཡ་ཧཱུཾ་ཕཊ་ཅེས་བཏགས་པ་བཟླས་པས་ཉོན་མོངས་པའི་སྒྲིབ་ པ་སྦྱངས། ཐིག་ལེ་དེ་ཉིད་ཆ་བཅོ་ལྔར་གྱུར་ཏེ། བཛྲཾ། ཧཱུཾ། རཾ། ཀཾ། མུཾ། བཾ། ཡཾ། བྷཾ། ཤ ། མཾ། ཨཾ། བ ། མཾ་ མཾ་ལཾ་ཞེས་པ་རྣམས་སུ་གྱུར། དེ་དག་ཀྱང་རིམ་པས། རྡོ་རྗེ་འཁོར་ལོ་གྷུ་དྷེ་དང༌། །དབྱུག་པ་ གྲི་དང་སྦྲུལ་ཞགས་དང༌། །རླུང་རས་ཤིང་ཐོག་པདྨ་དང༌། །རྩེ་གསུམ་པདྨ་ཨུཏྤལ་དང༌། །པདྨ་ རལ་གྲི་པདྨ་རྣམས། །རང་རང་ས་བོན་གྱིས་མཚན་པ། །དེ་རྣམས་ཡོངས་སུ་གྱུར་པ་ལས། ། འདུས་པའི་ལྷ་ཚོགས་རྣམས་སུ་གྱུར། །དབང་པོ་ཀླུ་དང་རླུང་ལྷ་དང༌། །དབང་ལྡན་ཟླ་བ་ 23-1-141 ཚངས་པ་དང༌། །ས་ལྷ་མོ་རྣམས་ཟླ་བར་གནས། །ཉེ་དབང་མེ་དང་གཤིན་རྗེ་དང༌། །སྲིན་པོ་ གནོད་སྦྱིན་ཚོགས་བདག་དང༌། །ཉི་མ་དང་ནི་ཐགས་བཟང་རིས། །འདི་དག་ཉི་མའི་གདན་ ལ་བཞུགས། །དེ་ཡང་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་མི་བསྐྱོད་པའི་ཅོད་པན་ཅན། སེར་ནག་ དཀར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གཉིས་ན་རྡོ་རྗེ་དང་རལ་གྲི། གཡོན་གཉིས་ན་ འཁོར་ལོ་དང་པདྨ། དེའི་གཡོན་ཕྱོགས་སུ་རྡོ་རྗེ་སྒྱུ་མ་སྔོན་པོ་མི་བསྐྱོད་པའི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གཉིས་ན་འཁོར་ལོ་དང་རལ་གྲི། གཡོན་གཉིས་ན་དུང་དང་པདྨ། ཤར་ལྷོར་རྡོ་རྗེ་མེ་དམར་པོ་མི་བསྐྱོད་པའི་ཅོད་པན་ཅན། དམར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་བགྲང་ཕྲེང་དང་མི་འཇིགས་ པ་སྟེར་བ། གཡོན་གཉིས་ན་དབྱུག་པ་དང་གྷུནྡྷེ། ལྷོར་རྡོ་རྗེ་དུས་ནག་པོ་མི་བསྐྱོད་པའི་ཅོད་ པན་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ནག་དཀར་དམར་བའི་ཞལ་གསུམ་ཕྱག་ དྲུག་གི། གཡས་གཉིས་ན་དབྱུག་པ་དང་རལ་གྲི། གཡོན་གཉིས་ན་པདྨ་དང་རིན་པོ་ཆེ། ལྷོ་ ནུབ་ཏུ་རྡོ་རྗེ་གཏུན་ཤིང་ནག་པོ་མི་བསྐྱོད་པའི་ཅོད་པན་ཅན། ནག་དཀར་དམར་བའི་ཞལ་ གསུམ་ཕྱག་དྲུག་གི། གཡས་གཉིས་ན་གྲི་གུག་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་ ཁྲག་གིས་གང་བའི་ཐོད་པ་འཛིན་པ། ནུབ་ཏུ་རྡོ་རྗེ་ཀླུ་དཀར་པོ་འོད་དཔག་མེད་ཀྱི་ཅོད་པན་ ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི །ཡས་གཉིས་ན་སྦྲུལ་ཞགས་དང་ རལ་གྲི། གཡོན་གཉིས་ན་པདྨ་དང་རིན་པོ་ཆེ། ནུབ་བྱང་དུ་རྡོ་རྗེ་རླུང་ལྗང་གུ་དོན་གྲུབ་ཀྱི་ ཅོད་པན་ཅན། ལྗང་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གཉིས་ན་གོས་དང་ རལ་གྲི། གཡོན་གཉིས་ན་པདྨ་དང་རིན་པོ་ཆེ། བྱང་དུ་རྡོ་རྗེ་འཇིགས་བྱེད་སེར་པོ་འོད་དཔག་ མེད་ཀྱི་ཅོད་པན་ཅན། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི། གཡས་གཉིས་ན་བི་ ཛ་པུ་ར་དང་རལ་གྲི། གཡོན་གཉིས་ན་པདྨ་དང་ནེའུ་ལེ་ཐོགས་པ། དེའི་གཡས་ཕྱོགས་ན་རྡོ་ 23-1-142 རྗེ་སྣ་རིང་དཀར་པོ་འོད་དཔག་མེད་ཀྱི་ཅོད་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་ དྲུག་གི་གཡས་གཉིས་ན་ལ་ཕུག་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨའི་ཆང་ གིས་བཀང་བའི་ཁ་ཕོར། བྱང་ཤར་དུ་རྡོ་རྗེ་ཁྲོ་བོ་དཀར་པོ་འོད་དཔག་མེད་ཀྱི་ཅོད་པན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་རྩེ་གསུམ་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ། དབང་པོའི་གཡས་ཀྱི་མཎྜལ་དུ་རྡོ་རྗེ་འཁྱིལ་བ་དམར་ པོ་རིན་འབྱུང་གི་ཅོད་པན་ཅན། དམར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ གཉིས་ན་པདྨ་དམར་པོ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་རིན་ཆེན། དེའི་གཡོན་དུ་ རྡོ་རྗེ་འོད་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཕྱག་དྲུག་གི་གཡས་གཉིས་ན་ཨུཏྤལ་དཀར་ པོ་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ། དབུས་སུ་རྡོ་རྗེ་མི་སྨྲ་སེར་པོ་རྣམ་སྣང་ གི་ཅོད་པན་ཅན། སེར་ནག་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་གཉིས་ན་པདྨ་སེར་ པོ་དང་རལ་གྲི། གཡོན་གཉིས་འཁོར་ལོ་དང་རིན་ཆེན། ནུབ་དང་བདེན་བྲལ་གྱི་བར་དུ་རྡོ་རྗེ་ ཐགས་བཟང་རིས་སྔོན་པོ་རྣམ་སྣང་གི་ཅོད་པན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་ དྲུག་གི་གཡས་གཉིས་ན་རལ་གྲི་དང་འཁོར་ལོ། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ། དེའི་ གཡོན་དུ་སའི་ལྷ་མོ་སེར་པོ་རྣམ་སྣང་གི་ཅོད་པན་ཅན། སེར་ནག་དཀར་བའི་ཞལ་གསུམ་ ཕྱག་དྲུག་གི་གཡས་གཉིས་ན་པདྨ་སེར་པོ་དང་རལ་གྲི། གཡོན་གཉིས་ན་རིན་པོ་ཆེ་དང་པདྨ་ འཛིན་པ། ཐམས་ཅད་ཀྱང་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ དང་པོ་གཉིས་ཀྱིས་རང་སྣང་གི་རིག་མ་ལ་འཁྱུད་པ། རིན་པོ་ཆེའི་ཅོད་པན་དང་རྒྱན་ཐམས་ ཅད་ཀྱིས་བརྒྱན་པ། ལྷའི་གོས་དང་ཕྲེང་བ་དང༌། བྱུག་པ་དང་ལྡན་པ། མཚན་དང་དཔེ་བྱད་ རྫོགས་པ་འོད་ཀྱི་དྲྭ་བ་འགྱེད་པའི་སྐུ་ཅན་ནོ། ། བསྡུ་ན། རང་རང་གི་ཕྱོགས་ཀྱི་མིང་དང་རང་རང་གི་མིང་དང་ཁ་དོག་ཙམ་བརྗོད་ནས་འདི་ 23-1-143 དག་ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་སྣ་ཚོགས་པདྨའི་སྟེང་ན་ཞེས་སོགས་ཙམ་ཞིག་བརྗོད་ཀྱང་ རུང་ངོ༌། ། དེ་ནས་རྡོ་རྗེ་མ་དྲུག་དང༌། ཉེར་སྤྱོད་ཀྱིས་མཆོད་ནས། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་སྟེ། གཏོར་མ་འབུལ་བ་ལས། ཁོ་བོ་ཅག་ གི་བླ་མ་དག་གི་མན་ངག་ནི་འདི་ཡིན་ཏེ། ༀ་ཨཱཿབཛྲ་ཡུད་དྷ་སརྦ་དུཥྚཾ་ས་མ་ཡ་ནས་ཧྲཱིཿཛཿ ཞེས་དབང་པོ་ལ་ འབུལ་བ་དང༌། ཡང་ན་མཚན་མཐར་ཨ་ཀཱ་རོའི་སྔགས་བཏགས་ནས་ཕུལ་ཀྱང་རུང་བར་བཤད་པ་བཞིན་དང༌། བཛྲ་ཡུདྡྷའི་ གནས་སུ་མ་ཡ་བཛྲ་དང༌། བཛྲ་ཨ་ན་ལ་དང༌། བཛྲ་ཀཱ་ལ་དང༌། བཛྲ་མུ་ས་ལ་དང༌། ནཱ་ཀ་བཛྲ་དང༌། བཛྲ་ཨ་ནཱི་ལ་དང༌། བཛྲ་ཤཽཎྜ་དང༌། བཛྲ་བྷེ་ར་བ་དང༌། བཛྲ་ཀྲོ་དྷ་དང༌། བཛྲ་ཀུཎྜ་ལི་དང༌། བཛྲ་པྲ་ བྷ་དང༌། མོ་ཧ་བཛྲ་དང༌། བེ་མ་ཙི་ཏྲི་དང༌། པྲི་ཐྭཱི་དེ་བ་ཏ་ཞེས་པ་རྣམས་བཅུག་ནས་སོ་སོར་ལན་གསུམ་སོགས་ ཕུལ། དེ་ནས་ༀ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་ ནམ་མཁའི་མཐའ་ཀླས་པ། །རྒྱ་མཚོའི་སྤྲིན་གྱི་བཀོད་པ་རབ་འབྱམས་ཀྱི། །ཤིན་ཏུ་ཕྲ་བའི་ རྡུལ་སྐྱེས་དཀྱིལ་འཁོར་ནི། །ཕན་ཚུན་གཅིག་གི་ནང་དུ་གཅིག་སོན་པ། །སྙོམས་པར་འཇུག་ པར་ཀུན་ཏུ་གནས་པ་ཡི། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ཞིང༌། །ནམ་མཁའི་ཁམས་ ཀྱི་ཡོངས་སུ་མཐར་ཐུག་པའི། །དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིག་རྟེན་ ཁམས་རྣམས་མཐའ་ཡས་སྤྲིན་བཀོད་པ། །ནམ་མཁའ་རབ་འབྱམས་མཉམ་དང་འཇིག་རྟེན་ སྐྱོང༌། །ཀུན་དང་སེམས་ཅན་ཀུན་ཀྱང་འདི་ལྟ་སྟེ། །རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང༌། །རྡོ་རྗེ་ མེ་དང་རྡོ་རྗེ་དུས་དང་ནི། །རྡོ་རྗེ་གཏུན་ཤིང་རྡོ་རྗེ་ཀླུ་དག་དང༌། །རྡོ་རྗེ་རླུང་དང་རྡོ་རྗེ་འཇིགས་ བྱེད་དང༌། །རྡོ་རྗེ་སྣ་རིང་རྡོ་རྗེ་ཁྲོ་བོ་དང༌། །རྡོ་རྗེ་འཁྱིལ་བ་རྡོ་རྗེ་འོད་དང་ནི། །མི་སྨྲ་རྡོ་རྗེ་དང་ ནི་ཐགས་བཟང་རིས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་ལ། །མེ་ཏོག་དག་དང་བདུག་པ་ མར་མེ་དང༌། །དྲི་དང་ལྷ་བཤོས་ལ་སོགས་ཡང་དག་ལྡན། །ཉེ་བར་སྤྱོད་པ་དང་ནི་གཏོར་མ་ འདི། །སོ་སོར་བཞེས་ཤིང་ཉེ་བར་ལོངས་སྤྱོད་ནས། །བདག་གི་དབྱིག་གསེར་ནོར་འབྲུ་ལང་ 23-1-144 ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་རྣམས། །འཕྲོག་པར་བྱེད་པའི་བགེགས་དང་ལོག་ འདྲེན་ཀུན། །སྡང་དང་རབ་ཏུ་སྡང་བ་ཐམས་ཅད་དང༌། །མི་དང་མི་མ་ཡིན་རྣམས་རྨོངས་པར་ མཛོད། །རེངས་དང་བཅིང་དང་རྣམ་པར་འཇིགས་པར་མཛོད། །བདག་ལ་དབྱིག་གསེར་ ནོར་འབྲུ་ལང་ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་དང༌། །བདེ་བ་ཆེན་པོ་རབ་ཏུ་འཕེལ་བ་ རྣམས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་པར། །གནང་བར་མཛད་ཅིང་རྟག་ཏུ་སྟོངས་ གྲོགས་དང༌། །ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། །ཧཱུཾ་ཞེས་པས་སྤྱི་ཁྱབ་ཏུ་ཕུལ་ལ། ཐལ་མོ་སྦྱར་ ཏེ། ཀྱཻ་བཅོམ་ལྡན་འདས་ནི་རྡོ་རྗེ་འཛིན་པའི་མཆོག །སྐྱོན་ཅན་ཀུན་གྱི་ཕྱག་རྒྱ་བཤིག་པ་པོ། ། བདག་གི་གཏོར་ཕུལ་བདག་ལ་ཞི་བ་དང༌། །དུས་འདི་ནས་ནི་བསྲུང་བ་མཛད་དུ་གསོལ། ། ཞེས་གསོལ་བ་འདེབས་པ་བསྐྱར་བ་ལན་གསུམ་མམ་བདུན་ལ་སོགས་པ་བྱ། དེ་ནས་དེ་ཐམས་ཅད་ཀྱི་ལེགས་སོ་ཞེས་གསུང་ བས་དགྱེས་པ་དང༌། དངོས་གྲུབ་ཅི་འདོད་པ་སྩལ་བར་ཞལ་གྱིས་བཞེས་པར་བསམ། དེར་མཆོད་བསྟོད་བསྡུས་པ་ཅིག་སྤྲོ་ན་བྱ། ཁྱེད་རྣམས་ཀྱིས་བདག་ལ་དངོས་གྲུབ་མ་ལུས་པ་སྩོལ་བ་དང༌། ལས་ཐམས་ཅད་སྒྲུབ་པའི་ འཕྲིན་ལས་མཛད་དུ་གསོལ། ཡི་གེ་བརྒྱ་པ་མང་དུ་བྱ། འཇིག་རྟེན་འདི་ན་འཁོད་པའི་མགྲོན་རྣམས་ ཀུན། །ཕྱོགས་སྐྱོང་སེམས་ཅན་ཀུན་དང་ལྷ་ཡི་ལྷ། །རང་བཞིན་གྱིས་གྲུབ་སྦྱོར་བས་སྦྱངས་ པ་རྣམས། །བདག་ནི་བརྩོན་དང་མི་ལྡན་བཀྲེན་ཆེན་ཏེ། །མཆོད་གཞན་ཅི་ཡང་བདག་ལ་མ་ མཆིས་ན། །གཞན་དོན་དགོངས་པའི་མགོན་པོ་ཁྱེད་རྣམས་ཀྱིས། །ཐུགས་དང་མི་འགལ་རང་ གི་མཐུས་བཞེས་ཤིག །བདག་ནི་རྣམ་གཡེངས་རྨུགས་དང་ལེ་ལོ་ཡིས། །སེམས་མ་འདུལ་ དང་མི་གསལ་བ་བསྒྲུབས་པས། །མགོན་པོ་ཁྱེད་རྣམས་ཐུགས་དང་འགལ་བ་དང༌། །རང་ བཞིན་དག་གི་ཆོས་གཟིགས་བཟོད་པ་མཛོད། །ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ། རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་པ་དང༌། །སླར་ཡང་ འབྱོན་པར་མཛད་དུ་གསོལ། །ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱ་ཏ། བཛྲ་མུཿ ཞེས་ 23-1-145 གཤེགས་སུ་གསོལ། སྨོན་ལམ་གདབ་ཅིང་བཀྲ་ཤིས་ཀྱང་བྱའོ། ། དེ་ལྟར་བཟླས་པ་དང༌། བསྒོམས་པའི་དཀྱིལ་འཁོར་ལ་མཆོད་པ་དང༌། ཏིང་ངེ་འཛིན་གྱི་བཅུད་ལེན་དང༌། དཀྱིལ་འཁོར་ ཉེ་བར་བསྡུ་བ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་དང༌། ཟས་ཀྱི་རྣལ་འབྱོར་དང༌། བྱ་བའི་རྣལ་འབྱོར་དང༌། དམ་ཚིག་གསོ་བ་དང༌། ཁྲུས་ཀྱི་རྣལ་འབྱོར་དང༌། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར་དང༌། བར་ཆད་ཟློག་པ་དང༌། མཆོད་པ་དང༌། གཏོར་མ་ སྟེ། བཅུ་བཞི་པོ་དེ་དག་ནི་རྗེས་སྤྱོད་ཡན་ལག་དང་བཅས་པའོ། །ཁོ་བོ་ཅག་གི་བླ་མ་དམ་པའི་མན་ངག །གལ་ཏེ་རང་གཞན་གྱི་ དོན་དུ་གཏོར་ཆེན་བྱ་བར་འདོད་ན། མཎྜལ་མཆོད་པ་དང་གཏོར་ཆོག་སྦྲགས་པ་ཡིན་ཏེ། གནས་དང་ཡོ་བྱད་བྱིན་གྱིས་བརླབས། སྲུང་འཁོར་རྒྱས་པ་དང་བཅས་པའི་བདག་བསྐྱེད་སྔོན་དུ་འགྲོ་བས། མདུན་བསྐྱེད་བསང་སྦྱངས། ཐུན་མོང་གི་སྲུང་འཁོར་གྱི་ དབུས་སུ། བྷྲཱུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། ལྷ་བསྐྱེད་ཅིང་མཆོད་གཏོད་འབུལ་བ་གོང་དང་འདྲ་བ་ལས། ལྷ་མོ་བཞི་དང་ཁྲོ་བོ་བཅུ་ལ་ཕྲེང་སྔགས་ཀྱིས་འབུལ་བ་ཡིན་ཏེ། ༀ་རུ་རུ་སྥུ་རུ་ཛྭཱ་ལ་ཏིཥྛ། སིདྡྷི་ལོ་ཙཱ་ནི། སརྦ་ ཨརྠ་སཱ་དྷ་ཡ་སྭཱཧཱ། ཞེས་སྤྱན་མ་དང༌། ༀ་ཤང་ཀ་རེ། ཤཱནྟི་ཀ་རེ་གྷུཊྚ་གུཊྚ་གྷུཊྚི་ནི་གྷུཊྚི་ནི་གྷཱ་ཏ་ ཡ་གྷཱ་ཏ་ཡ་གྷུཊྚི་ནི་སྭཱཧཱ། ཞེས་མཱ་མ་ཀཱི་དང༌། ༀ་ཀཊྚེ་བི་ཀཊྚེ་ནི་ཀཊྚེ་ཀ་ཊཾ་ཀ་ཊེ་སྭཱཧཱ། གོས་དཀར་མོ་ དང༌། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། སྒྲོལ་མ་དང༌། ན་མཿས་མནྟ་ཀཱ་ཡ་ཝཀྩིཏྟ་བཛྲཱ་ཎཱཾ། ༀ་ཁ་ཁ་ཁཱ་ཧི་ ཁཱ་ཧི་སརྦ་དུཥྚ་སཏྭ་ད་མ་ཀ ཨ་སི་མུ་ས་ལ། པ་ར་ཤུ་པཱ་ཤ་ཧསྟེ་ཙ་ཏུརྦྷུ་ཛ་ཙ་ཏུརྨུ་ཁ་ཥཊ་ཙ་ར་ ཎ་ཨཱ་གཙྪ་སརྦ་དུཥྚ་པྲཱ་ཎ་ཨ་པ་ཧཱ་རི་ཎེ། མཧཱ་བི་གྷྣ་གྷཱ་ཏ་ཀ བི་ཀྲི་ཏཱ་ན་ན་སརྦ་བྷཱུ་ཏ། བྷ་ཡཾ་ཀ་ ར་ཨཊྚཊྚཧཱ་ས་ནཱ་དཻ་ནེ། བྱ་གྷྲ་ཙརྨ་བ་ས་ན། ཀུ་རུ་ཀུ་རུ་སརྦ་ཀརྨཱ་ཎི། ཚིནྡ་ཚིནྡ་སརྦ་མནྟྲཾ་བྷིནྡ་ བྷིནྡ་པ་ར་མུ་དྲཱཾ། ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། སརྦ་བྷཱུ་ཏཱན྄། མ་ཐ་མ་ཐ་ནིརྨ་ཐ་ནིརྨ་ཐ་སརྦ་དུཥྚཱཾ། པྲ་ བེ་ཤ་ཡ་པྲ་བེ་ཤ་ཡ། མཎྜལ་ལ་མ་དྷྱེཿ བཻ་བ་སྭ་ཏ། ཛཱི་བི་ཏཱནྟ་ཀ་ར། མ་མ་སརྦ་ཀཪྻཾ་ཀུ་རུ་ ཀུ་རུ་ད་ཧ་ད་ཧ་པ་ཙ་པ་ཙ། མཱ་བི་ལཾ་བ། མཱ་བི་ལཾ་བ། ས་མ་ཡ་མ་ནུརྨ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ། བི་ སྥོ་ཊ་ཡ་བི་སྥོ་ཊ་ཡ་སརྦནྣཱ་ཤ་ཡ། ཀ་ར་ཀ་ར་བིགྷྣ་ན། སརྦ་ཨཱ་ཤ་པ་རི་པཱུ་ར་ཀ་ཧེ་ཧེ་བྷ་བཱན྄། ཀིཉྩི་རཱ་ཡ་སི་མ་མ་སརྦ་ཨརྠཱན྄་སཱ་དྷ་ཡ་སྭཱཧཱ། ཞེས་གཤིན་རྗེ་གཤེད་དང༌། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་ 23-1-146 བཛྲཱ་ཎཱཾ་ༀ་ཧཱུཾ་ཛི་ན་རི་ཊིཊྚ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཞེས་ཤེས་རབ་མཐར་བྱེད་དང༌། ན་མཿས་མནྟ་ཀཱ་ཡ་ བཱཀྩིཏྟ་བཛྲཱ་ཎཾ། ༀ་ཧཱུཾ་ཧཱུཾ་ཧཱུཾ་ཏ་རུ་ལ་བི་རུ་ལ་སརྦ་བི་ཥ་གྷཱ་ཏ་ཡ་ཛྭ་ལི་ཏ། བི་སྥུ་ལིངྒ། ཨཊྚཊྚ་ཧཱ་ ས་ཀེ་ས་རི་ས་ཊ་ཨཱ་ཊོ་པ། བཛྲ་ཁུ་ར་ནརྒྷཱ་ཏ་ན་ཙ་ལི་ར་བ་སུ་དྷཱ་ཏ་ལ་ནི་ཤྭ་ས། མ་རུ་ཏོཏ྄་ཀྵི་ བ་ཏ་དྷཱ་ར་ཎི་དྷ་ར། བྷཱི་ཥ་ཎ། ཨཊྚཊྚ་ཧཱ་ས་ཨ་པ་རི་མི་ཏ་བ་ལ། པཱ་རཱ་ཀྲ་མ། ཨཱཪྻ་ག་ན་བྷཱི་ཏ་ བྷཱུ་ཏ་ག་ཎ་དྷུ་ཥི་ཏ། བུ་དྷྱ་བུ་དྷྱ་ཧཱ་ཡ་གྲཱི་བ། ཁཱ་ད་ཁཱ་ད། པཱ་ར་མནྟྲན྄། ཚིནྡ་ཚིནྡ་སིདྡྷི་མ་མེ་དི་ ཤ ཨ་བེ་ཤ་ཡ་ཨཱ་བེ་ཤ་ཡ། སརྦ་ཛྭ་ར་པི་ཤཱ་ཙཱན྄། སརྦ་གྲ་ཧེ་ཥུ། ཨ་པྲ་ཏི་ཧ་ཏོ་བྷ་བ་བཛྲ་དཾཥྚ་ ཀིཉྩི་རཱ་ཡ་སི། ཨི་དཾ་དུཥྚ་གྲ་ཧཾ་དུཥྚ་སརྦཾ་བཱ། དྷུ་ན་དྷུ་ན། མ་ཐ་མ་ཐ་མརྡ་མརྡི་པཱ་ཊ་ཡ་མ་ཊ་མ་ ཊ། བནྡྷ་བནྡྷ། བུདྡྷ་དྷརྨ་སདྒྷ་ཨ་ནུ་ཛྙཱ་ཏཾ་ཀརྨ་ཀུ་རུ་ཧ་ཡ་གྲཱི་བཱ་ཡ་ཕཊ། བཛྲ་ཕཊ། བཛྲ་ག་ཏྲ་ ཡ་ཕཊ། བཛྲ་ནེ་ཏྲཱ་ཡ་ཕཊ། བཛྲ་དཾ་ཥྚཱ་ཡ་ཕཊ། བཛྲ་ཁུ་རཱ་ཡ་ཕཊ། བཛྲ་ཁུ་ར་ནིརྒྷཱ་ཏ་ནཱ་ཡ་ ཕཊ། ཏྲཻ་ལོཀྱ་བྷ་ཡཾ་ཀ་རཱ་ཡ་ཕཊ། སརྦ་ཀརྨེ་ཥུ་ཨ་པྲ་ཏི་ཧ་ཏཱ་ཡ་ཕཊ། བཛྲ་ཀུ་ལ་སནྟྲ་ས་ནཱ་ཡ་ ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། ཞེས་པདྨ་མཐར་བྱེད་དང༌། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ན་ མོ་མཧཱ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྚཊྐོ་ཊ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ་པཪྴུ་པཱ་ཤ་ཧསྟཱ་ཡ། ༀ་ཨ་མྲྀ་ ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི་ཏིཥྛ་བནྡྷ་བནྡྷ་ཧ་ན་ཧ་ན་ད་ཧ་ད་ཧ། གརྫ་གརྫ་བི་སྥོ་ཊ་ཡ་བི་སྥོ་ཊ་ ཡ། སརྦ་བི་གྷྣ་བི་ནཱ་ཡ་ཀཱན྄་མཧཱ་ག་ཎ་པ་དྷི་ཛཱི་བི་ཏཱནྟ་ཀ་རཱ་ཡ་སྭཱཧཱ། ཞེས་བདུད་རྩི་འཁྱིལ་བ་དང༌། ན་ མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨ་ཙ་ལ་ཀཱ་ན། ཙཎྜ་ནཊྚ་ནཊྚ་མཊྚ་ནི་མཊྚ། མོཊྚ་མོཊྚ། ཏཊྚ་ ཏཊྚ། ཧ་ན་ཧ་ན། ད་ཧ་ད་ཧ། མོ་ཧ་མོ་ཧ་མོ་ཧ་ཀ་ར། ས་ཧ་ས་ཧ། བཛྲ་ཧ་སཾ་ཀུ་རུ། ཧ་ས་ཧ་ས་ མརྡ་རཊ་མརྡ་རཊ། གརྫ་གརྫ། ཧ་ན་ཧ་ན་བནྡྷ་བནྡྷ་ཏིཥྛ་ཏིཥྛ། ཨཱ་བི་ཤ མཧཱ་མནྟྲ་པཱ་མ་ཀ དྷུ་ ན་དྷུ་ན་ཏི་ཎི་ཏི་ཎི་ཁཱ་ད་ཁཱ་ད་བི་གྷྣན྄་མཱ་ར་ཡ་མཱ་ར་ཡ་དུཥྚཾ་བྷཀྵ་བྷཀྵ་སརྦན྄། ཀུ་རུ་ཀུ་རུ། ཀི་ རི་ཀི་རི། མཧཱ་བི་ཥ་བཛྲ་སྥོ་ཊཱ་ཡ་སྥོ་ཊཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཏྲི་བཱ་ལི། ཏ་རངྒ་ནརྟ་ཀ ཨཾ་ཨཾ་ཨཾ། ཧཱཾ་ཧཱཾ་ཧཱཾ། ཨ་ཙ་ལ་ཙེ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ་ཧཱུཾ། ཨ་ས་མནྟི་ཀ ཏྲཱཏ྄་མཧཱ་བཱ་ལ་ཤཱ་ཏ་ཡ། པ་ར་མནྟྲཱཾ། ཨཾ་ 23-1-147 ཨཾ་ཧཾ་ཧཾ་མཱཾ། ཤུ་དྷ་ཤུ་དྷྱ་ཏུ། ལོ་ཀསྟུ་ཥདྱ་ཏུ་བཛྲཱི། ན་མསྟུ། ཨ་པྲ་ཏི་ཧ་ཏ་བཱ་ལེ་བྷྱཱཿ། ཛྭཱ་ལ་ཡ་ཏྲཱ་ ཊཱ། ཨ་ས་ཧ་ན་མཿསྭཱཧཱ། ཞེས་མི་གཡོ་བ་དང༌། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཾ། ཊཀྐི་ཧཱུཾ་ཛཿ ཞེས་ འདོད་རྒྱལ་དང༌། ན་མསྶ་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཾ། ༀ་ཨེ་ཧྱེ་ཧེ། བྷ་ག་བཱནྣཱི་ལ་བཛྲ་དཎྜ། ཏུ་རུ་ ཏུ་རུ་ཧུ་ལུ་ཧུ་ལུ། ཧཱ་ཧཱ། གུ་ལུ་གུ་ལུ། གུ་ལཱ་པ་ཡ་གུ་ལཱ་པ་ཡ། ཀྲ་མ་ཀྲ་མ་བྷཱ་ག་ཝཱན྄། བཱ་ཡུ་བེ་ གེ་ན། བྷཱུ་ཏཱན྄། ཤཱི་གྷྲཾ། ད་ཧ་ད་ཧ། ད་ར་ད་ར་བ་ཧ་བ་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། པཱ་ཏ་ཡ་པཱ་ ཏ་ཡ། མ་ཊ་མ་ཊ། མོ་ཊཱ་པ་ཡ་མོ་ཊཱ་པ་ཡ། སརྦ་ཀརྨཱ་ཎི་ཚིནྡ་ཚིནྡ་བྷཀྵ་ཡ་བྷཀྵ་ཡ་མེ་དཾ་ཨ་སྱ། མེ་དཾ་མཛྫ་རུ་དྷི་ར་པྲི་ཡ་ཨེ་ཧྱེ་ཧེ། བྷ་ག་ཝན྄། སརྦ་བི་གྷྣ་ནི། སརྦ་མཱུ་ལ་ཀརྨཱ་ཎི། ཀྲི་ཏི་མ་བི་ཥཱ་ དི་ནི། སརྦ་གྲ་ཧཱན྄། ཧ་ན་ཧ་ན། བྷཉྫ་བྷཉྫ། མརྡ་མརྡ་ཨི་དམ་མེ་ཀཪྻཾ་སཱ་དྷཱ་ཡ། ཧཱུཾ་ནཱི་ལ་ཡ། ནཱི་ ལ་བཛྲ་དཎྜ་ཡ་ཏུ་རུ་ཏུ་རུ་བི་གྷྣནྦྷི་ནཱ་ཡ་ཀཾ ནཱ་ཤ་ཡ་ནཱ་ཤ་ཡ། ཧུ་རུ་ཧུ་རུ་དིཔྟ་ཙཎྜཱ་ཡ། སརྦ་ཤ་ ཏྲཱུན྄་ཎཾ། ཧྲྀ་ད་ཡཱ་ནི། པཱི་ཌ་ཡ་ཚིནྡ་ཚིནྡ། པ་ར་བི་དྱ་ནཱི་ཚེ་ད་ཀ་ཧཱུཾ། བི་དྱཱ་ནཱཾ་ཤིཥྚ་ཀ་ས་མ་ཡ་མ་ ནུསྨ་ར། བཛྲ་དྷཱ་ར་བ་ཙ་ན། མརྨ་ཎི་ནི་གྲིནྟ་ཧཱུཾ། ཧ་ན་ཧ་ན་ད་ཧ་ད་ཧ། ཀུ་རུ་ཀུ་རུ་ཏུ་རུ་ཏུ་རུ་ཧུ་ རུ་ཧུ་རུ་ཕཊ་ཧཱུཾ་ཧཱུཾ། ཀྲི་ཏནྟཱ་ཡ། དེ་བ་རྀ་ཥི། བི་དྲཱ་པ་ཀཱ་ཡ། ཧ་ན་ཧ་ན། བཛྲ་དཎྜེ་ན་སྭཱཧཱ། ཞེས་ དབྱིག་སྔོན་ཅན་དང༌། ན་མ་ས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ༀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ༀ་ཨུ་གྲ་ཤཱུ་ལ་ པཱ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ༀ་ཛྱོ་ཏི་ནིརྣཱ་ད་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ༀ་མཧཱ་བཱ་ལ་སྭཱཧཱ། ཞེས་ སྟོབས་པོ་ཆེ་དང༌། གོང་དུ་བརྗོད་པའི་ཕྱིར་ཟློག་གི་སྔགས་ཀྱིས་གཙུག་ཏོར་བསྒྱུར་བ་དང༌། ༀ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྣ་ གྲྀཧྣ་ཧཱུཾ། གྲྀཧྣ་པཱ་ཡ་གྲྀཧྣ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན྄་བིདྱ་རཱ་ཛ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་པས་གནོད་ མཛེས་ལ་གཏོར་མ་འབུལ་ཏེ། ཡང་ཐོག་མར་དཀྱིལ་འཁོར་བསྐྱེད་པའི་རྗེས་སུ། ཕྱོགས་སྐྱོང་རྣམས་ཀྱང་བསྐྱེད་ནས། གཏོར་མ་ འབུལ་བའི་ཚེ་དཀྱིལ་འཁོར་པ་དང་འཇིག་རྟེན་པའི་སྔགས་སྦྲེལ་ནས་ཕུལ་ཀྱང་རུང་སྟེ། མཇུག་ཏུ་མཆོད་བསྟོད་དང་རྡོ་རྗེའི་གླུ་ བླང་བ་ལ་སོགས་པ་བྱས་ནས། ས་ཕྱོགས་གཙང་སར་རོལ་མོའི་སྒྲ་ཆེན་པོ་དང་བཅས་ནས་བསྐྱལ་བས། སོ་སོའི་ལས་ཐོགས་པ་ མེད་པར་འགྲུབ་པ་ཡིན་ནོ། །ལྷ་མོ་བཞིའི་ལས་ཚོགས་རྣམས་དང༌། གཤིན་རྗེ་གཤེད་ཀྱིས་བུ་མོ་དགུག་པ་དང༌། བདུད་རྩི་འཁྱིལ་ 23-1-148 བས་བསྐྲད་པ་དང༌། རྟ་མགྲིན་གྱིས་དུག་ཞི་བ་དང༌། གཞན་གྱི་མི་ཐུབ་པས་སྲིན་པོ་ལ་སོགས་པའི་གདོན་གྱིས་འཛིན་པར་བྱེད་ པ་དང༌། བེ་ཅོན་སྔོན་པོས་གསོད་པ་དང༌། སྟོབས་པོ་ཆེས་ཆར་འབེབས་པ་དང༌། ཊཀྐིས་དབང་དུ་བྱེད་པ་དང༌། མི་གཡོ་བས་ལྷ་ མོ་སོགས་དགུག་པ་དང༌། ས་འོག་གིས་ལྷ་མིན་མོ་དང་ཀླུ་མོ་སོགས་དགུག་པ་དང༌། གཙུག་ཏོར་གྱིས་ཕྱིར་ཟློག་རྣམས་ལ་ལས་ ཚོགས་གཞུང་ལས་འབྱུང་བ་བཞིན་དང༌། གཏོར་མ་འབུལ་བའི་དབུས་ཀྱི་མཎྜལ་དུ་ཁྲོ་བོ་དེ་རྣམས་ཉིད་སོ་སོའི་ལས་ཀྱི་སྐབས་ ལ་འགོད་པ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་གོམས་པ་བརྟན་པ་ན་ལས་ཚོགས་རྣམས་བསྒྲུབ་པར་བྱ་བ་དང༌། རྫོགས་པའི་རིམ་པའི་ མན་ངག་ནི་གཞན་དུ་ཤེས་པར་བྱ་ལ། དེ་ལྟར་རིམ་པ་གཉིས་ཀྱི་རྣལ་འབྱོར་གྱིས་ཡེ་ཤེས་ལ་ཅུང་ཟད་དབང་བར་གྱུར་པ་ན། ཐུན་ མོང་གི་དངོས་གྲུབ་ཆེན་པོ་རྣམས་ཀྱང་སྒྲུབ་ཅིང༌། སེམས་ཅན་སྣ་ཚོགས་པ་རྣམས་དོན་ཆེན་པོ་ལ་གཟུད་པའི་ཕྱིར། རིག་པ་བརྟུལ་ ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང་དེས་ཡེ་ཤེས་ལ་ཡང་དག་པར་དབང་བར་འགྱུར། དེ་ནས་ཕྱག་རྒྱའི་སྦྱོར་བ་ལས་ནང་གི་ས་བཅུ་མངོན་ དུ་བྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། ། བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀུན་གྱི་སྣོད། །མ་ལུས་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་ནི། །དཔལ་ལྡན་གསང་བ་འདུས་པ་ཡིན་ ནོ་ཞེས། །མཁས་གྲུབ་ཀུན་གྱིས་ལན་བརྒྱར་བསྔགས་པར་མཛད། །ཀླུ་སྒྲུབ་ལུགས་དང་ཡེ་ཤེས་ཞབས་ཀྱི་སྲོལ། །འདུས་པའི་ དགོངས་འགྲེལ་རྣམས་ཀྱི་གཙོ་བོར་སྣང༌། །ཕྲ་ཐིག་ཕྱག་རྒྱའི་ལམ་དང་སྤྱོད་པ་སོགས། །འཕགས་སྐོར་ལས་ཀྱང་འདི་ཉིད་ མཆོག་ཏུ་གྱུར། །བསྐྱེད་པའང་འདི་ཉིད་རྩ་བའི་རྒྱུད་ལ་འབྱོར། །འཇམ་པའི་དཔལ་གྱི་གསུང་གི་མན་ངག་འདི། །རྒྱ་བོད་མཁས་ གྲུབ་མང་པོས་གཏན་ལ་ཕབ། །ཕྱོགས་འདིར་ཤེས་པ་དིང་སང་ཁོ་བོ་ཙམ། །དེ་ལྟར་སྒྲུབ་ཐབས་བཤད་ལས་བསོད་ནམས་གང༌། ། ཐོབ་པ་དེས་ཀྱང་མར་གྱུར་འགྲོ་བ་རྣམས། །དཔལ་ལྡན་འཇམ་པའི་རྡོ་རྗེའི་གོ་འཕང་མཆོག །ད་ལྟ་ཉིད་དུ་ཐོབ་པའི་རྒྱུར་གྱུར་ ཞིང༌། །ལམ་བཟང་འདི་ཡང་ཕྱོགས་བཅུར་རྒྱས་པར་ཤོག ། དེ་ལྟར་གསང་བ་འདུས་པའི་སྒྲུབ་པའི་ཐབས་འདི་ནི་ལུང་རིགས་སྨྲ་བ་རྒྱལ་མཚན་འོད་ཟེར་ཞེས་བྱ་བས་བསྐུལ་ནས། རྒྱལ་ཁམས་ཀྱི་རྣལ་འབྱོར་པ་ཏཱ་ར་ནཱ་ཐ་ཞེས་བྱ་བས་ཀུན་ལྡན་གྱི་ལོ་ཆུ་སྟོད་ཅན་གྱི་ཟླ་བའི་ཚེས་བཅུ་དགུའི་ཉིན་པར་རྣམ་རྒྱལ་ རབ་བརྟན་དུ་སྦྱར་བའི་ཡི་གེ་པ་ནི་ཀུན་དགའ་རྣམ་རྒྱལ་ལོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་སྤྱི་དང༌། ཁྱད་པར་འདུས་པའི་ ལུགས་སྲོལ་འདི་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།མངྒ་ལཾ། 23-1-149 ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༩༽ 23-1-150 ༄༅། །དཔལ་གསང་བ་འདུས་པ་རྗེ་བཙུན་འཇམ་པའི་རྡོ་རྗེའི་ལྷ་ཚོགས་ མཉེས་པར་བྱེད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ་ ཞེས་བྱ་བ་བཞུགས་སོ། ། ༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། དཔལ་གསང་བ་འདུས་པ་རྗེ་བཙུན་འཇམ་པའི་རྡོ་རྗེའི་ལྷ་ཚོགས་མཉེས་པར་ བྱེད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །རབ་དགའ་མཁའ་ མཉམ་དཔེ་མེད་བདེ་བར་གཙོ། །ཟབ་གསལ་དབྱེར་མེད་མི་ཤིགས་རྡོ་རྗེའི་སྐུ། །ལྷུན་གྲུབ་བསམ་པ་ཇི་བཞིན་འགྲོ་བའི་དོན། ། སྒྲུབ་མཛད་བླ་མ་ལྷག་པའི་ལྷར་བཏུད་ནས། །དེ་ཉིད་མཆོད་པའི་རིམ་པ་གང༌། །རྒྱུད་གཞུང་བླ་མའི་མན་ངག་ལྟར། །སེམས་ནི་ སྙིང་རྗེའི་དབང་གྱུར་པས། །མདོ་ཙམ་རྣམ་པར་དབྱེ་བར་བྱ། ། འདིར་ཕྱི་རོལ་གྱི་མཆོད་པ་དང༌། ཚོགས་ཀྱི་མཆོད་པ་དང༌། དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་བར་མཆོད་ཆོག་གི་རིམ་པ་ ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་མཆོད་པ་བྱིན་རླབས་དང༌། དཀྱིལ་འཁོར་རྒྱལ་ཆོག་གི་སྐབས་ཇི་ལྟ་བར་མཆོད་པའི་ལྷ་མོ་སྤྲོ་ བ་རྣམས་བྱས་ལ། མཆོད་པ་འབུལ་བའི་ཆོ་ག་དངོས་ལ། ཡང་མཆོད་བསྟོད་གཏོར་མ་འབུལ་བ་སྟེ་གསུམ་ལས། དང་པོ་ནི། ཕྱི་དང༌། ནང་དང༌། གསང་བ་དང༌། བླ་ན་མེད་པ་དང༌། དེ་ཁོ་ན་ཉིད་དང༌། ཉེར་མཁོའི་མཆོད་པ་སྟེ་དྲུག་ལས། དང་པོ་ལ་ཆུ་དང༌། ཉེར་སྤྱོད་སོགས་དང་། འདོད་ཡོན་དང༌། རིན་ཆེན་སྣ་བདུན་དང༌། བཀྲ་ཤིས་ཀྱི་ཡོ་བྱད་དབུལ་བ་སྟེ་ལྔ་ལས། དང་པོ་ནི། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །བདག་གི་ དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་བཀའ་དྲིན་སྩོལ། །ༀ་མཉྫུ་བཛྲ་དེ་ཝ་ ཙཀྲ་མཎྜལ་ས་པ་རི་ཝཱ་ར་ཨཱཿཧྲི་པྲ་ཝ་ར་སཏྐ་རཱརྠཾ། ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱཧཱ། དེ་བཞིན་དུ་འདོན་པ་སྤོས་ ལ། ཡོན་ཆབ་ཞེས་པའི་ཚབ་ཏུ། ཞབས་བསིལ་དང༌། ཨརྒྷཾ་ཞེས་པར། པཱདྱཾ། ཞལ་བསིལ་དང༌། ཨཉྩ་མ་ 23-1-151 ནཾ། གསང་གཏོར་དང༌། པྲོཀྵ་ཎཾ། དེ་དག་གི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་ཁ་གྱེན་ཏུ་བསྟན་པ་དང༌། གཡས་པའི་རྡོ་རྗེ་ཁ་ ཚུར་ཁ་འོག་ཏུ་ཕྱོགས་པའི་མཐེབ་མཛུབ་བརྐམ་པའི་ཚུལ་གྱིས་མེ་ཏོག་ལེན་ཚུལ་བྱས་ཏེ། སྟེང་དུ་ཁ་ཕྱེ་ལ་མཐེའུ་ཆུང་ནས་རིམ་ པས་སོར་མོ་ལྷག་མ་རྣམས་འབྲེལ་བ་དང༌། དེ་ཉིད་དང་འདྲ་བ་ལས། སྟེང་ནས་བླངས་ཏེ། འོག་ཏུ་ཕྱོགས་པས་འགྲོལ་བ་དང༌། ལག་པ་གཡོན་པ་དུང་ཆོས་འཛིན་པའི་ཚུལ་ལས། གཡས་པས་ཀུ་ཤ་བཟུང་སྟེ་འཐོར་བའི་ཚུལ་རྣམས་སོ། ། གཉིས་པ་ནི། ༀ་ལྷ་ཡི་མེ་ཏོག་དམ་པ་ནི། །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། ། ཐུགས་ནི་བརྩེ་བས་ཉེར་དགོངས་ནས། །མགོན་པོ་མཆོད་པ་འདི་བཞེས་ཤིག །འདི་ལ་སྤྲོ་ན། ༀ་ཨཱཿམཉྫུ་བཛྲ་བཛྲ་དྷྲྀཀ྄ རཏྣ་དྷྲྀཀ྄ ཨ་རོ་ལྀཀ྄ པྲཛྙཱ་དྷྲྀཀ མོ་ཧཱ་ར་ཏི། དྭེ་ཥ་ར་ཏི། རཱ་ག་ར་ཏི། བཛྲ་ར་ཏི། རཱུ་པ་བཛྲཱ། ཤཔྟ་བཛྲཱ། གནྡྷ་བཛྲཱ། རཱ་ས་བཛྲཱ། སྤཱཪྴ་བཛྲཱ། དྷརྨ་དྷཱ་ཏུ་བཛྲཱ། ཡ་མཱནྟ་ ཀྲྀཏ྄། པྲཱཛྙནྟ་ཀྲྀཏ྄། པདྨཱནྟ་ཀྲྀཏ྄། བི་ག་ནཱནྟ་ཀྲྀཏ྄་པུཥྤེ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་རོལ་མོའི་བར་དུ་སྦྱར་ བའམ། ཡང་ན་སྔགས་ཕྲེང་ལྟར་ལས། སྔགས་སོ་སོའི་མཇུག་ཏུ། པུཥྤེ་སོགས་ཀྱིས་དབུལ། དེ་ཙམ་མི་ལྕོགས་ན། མཆོད་ ཡོན་སོགས་ཀྱིས་རིགས་འགྲེ་བར་བྱས་ཏེ། པུཥྤེ་སོགས་སུ་འདོན་པ་བསྒྱུར། དེ་བཞིན་དུ། བདུག་སྤོས། དྷུ་པེ། སྣང་ གསལ། ཨ་ལོ་ཀེ དྲི་མཆོག གནྡྷེ། ཞལ་ཟས། ནཻ་དྱ། རོལ་མོ། ཤཔྟ། གསུམ་པ་ལ། ཐབས་ཀྱི་མཆོད་པ་དང༌། ཤེས་རབ་ཀྱི་མཆོད་པ་གཉིས་ལས། དང་པོ་ནི། གཟུགས་ལ་རྣམ་གསུམ་ ཤེས་བྱས་ནས། །མཆོད་པར་བྱེད་པས་མཆོད་པར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། ། སངས་རྒྱས་རྣམ་པར་སྣང་མཛད་གཞི། །འབུལ་སྔགས་གཞན་རྣམས་གོང་བཞིན་ལ། ཨུ་པ་ཡ་རཱུ་པ་ཞེས་ འདོན་པ་སྤོ། སྒྲ་ལ་རྣམ་གསུམ་ཤེས་བྱས་ནས། །བདག་གི་རིགས་ལ་དབུལ་བར་བྱ། །དེ་ཉིད་ བཅོམ་ལྡན་རྡོ་རྗེ་ཅན། །མི་བསྐྱོད་པ་ཡི་ཚུལ་བརྙེས་པའོ། །ཨུ་པ་ཡ་ཤཔྟ། དྲི་ལ་རྣམ་གསུམ་ ཤེས་བྱས་ནས། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །སངས་ རྒྱས་རིན་ཆེན་འབྱུང་གནས་གཙོ། །ཨུ་པ་ཡ་གནྡྷེ། རོ་ལ་རྣམ་གསུམ་ཤེས་བྱས་ནས། །སངས་ རྒྱས་སོགས་ལ་དབུལ་བར་བྱ། །དེ་ཉིད་བཅོམ་ལྡན་སྣ་ཚོགས་པ། །འདོད་ཆགས་ཆོས་ཀྱི་ 23-1-152 འབྱུང་གནས་གཙོ། །ཨུ་པ་ཡ་ཏཱ་ས། རེག་ལ་རྣམ་གསུམ་ཤེས་བྱས་ནས། །ལྷ་རྣམས་ལ་ནི་ དབུལ་བར་བྱ། །དེ་ཉིད་སངས་རྒྱས་སྣ་ཚོགས་པ། །སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན། །ཨུ་ པ་ཡ་སྤཱཪྴ། གཟུགས་སྒྲ་རོ་ལ་སོགས་པ་ལ། །རྟག་ཏུ་སེམས་ནི་སྦྱར་བར་བྱ། །འདི་དེ་སངས་ རྒྱས་ཐམས་ཅད་ཀྱི། །གསང་བའི་སྙིང་པོ་བཏུས་པའོ། །ཨུ་པ་ཡ་དྷརྨཱ་དྷཱ་ཏུ། གཉིས་པ་ནི། ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལ་དབྱེ་བ་གསུམ། ། གཟུགས་ཀྱི་རྡོ་རྗེ་མར་བཀུག་ནས། །ས་སྙིང་ལ་ནི་དབུལ་བར་བྱ། །པྲཛྙཱ་རཱུ་པ། ཡང་དག་ གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལ་དབྱེ་བ་གསུམ། །སྒྲ་ཡི་རྡོ་རྗེ་མར་བཀུག་ནས། ། ཕྱག་རྡོར་ལ་ནི་དབུལ་བར་བྱ། །པྲཛྙཱ་ཤཔྟ། ག་བུར་ཨ་ཀ་ཛཱ་ཏི་སོགས། །དེ་བཞིན་དྲི་ལ་ དབྱེ་བ་གསུམ། །དྲིའི་རྡོ་རྗེ་མར་བཀུག་ནས། །ནམ་སྙིང་ལ་ནི་དབུལ་བར་བྱ། །པྲཛྙཱ་གནྡྷེ། འོ་བྱེད་དེ་བཞིན་འཇིབ་པ་དང༌། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རོ་ཡི་རྡོ་རྗེ་མར་བཀུག་ ནས། །འཇིག་རྟེན་དབང་ཕྱུག་ལ་ནི་དབུལ། །པྲཛྙཱ་རཱ་ས། རྡོ་རྗེ་པདྨ་ཡང་དག་སྦྱོར། །འཁྱུད་ དང་གོས་སོགས་དབྱེ་བ་གསུམ། །རེག་བྱའི་རྡོ་རྗེ་མར་བཀུག་ནས། །སྒྲིབ་སེལ་ལ་ནི་དབུལ་ བར་བགྱི། །པྲཛྙཱ་སྤཱཪྴེ། ཕྱི་ཡི་ཆོས་རྣམས་འདི་དག་ཀུན། །བརྟགས་པ་དང་ནི་མ་བརྟགས་པ། ། ཆོས་དབྱིངས་རྡོ་རྗེར་ཡང་དག་བཀུག །འཇམ་པའི་རྡོ་རྗེ་ལ་ནི་དབུལ། པྲཛྙཱ་དྷརྨ་དྷཱ་ཏུ། བཞི་པ་ནི། དངོས་དང་ཡན་ལག་གཉིས་ལས། དང་པོ་ནི། ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་ པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེར་བདག་ གིས་དབུལ་བར་བགྱི། །ཙཀྲ་རཏྣ། ཞིང་འདི་ནོར་བུ་རིན་ཆེན་གྱི། །སོགས། མ་ཎི་རཏྣ། བཙུན་ མོ༴ སྟྲི་རཏྣ། བློན་པོ༴ པུ་རུ་ཥ་རཏྣ། གླང་པོ༴ ཧསྟི་རཏྣ། རྟ་མཆོག༴ ཨ་ཤྭ་རཏྣ། ཁྱིམ་བདག༴ གྲ་ཧ་པ་ཏི་རཏྣ། གཉིས་པ་ནི། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང༌། །ཚ་གྲང་གནོད་པ་སྐྱོབ་པའི་ 23-1-153 ལྤགས་པ་དང༌། །ཡང་འཇམ་ཉོན་མོངས་མེད་པའི་མལ་ཆ་དང༌། །དགའ་འགྱུར་བརྩེ་བར་ བྱེད་པའི་ཡིད་འོང་ཚལ། །གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ། །ཐགས་བཟང་ བསྲེག་བཅད་མི་ནུས་འཇམ་པའི་གོས། །ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷམ། །ཉེ་བའི་རིན་ ཆེན་སྣ་བདུན་འདི་དག་འབུལ། །སཔྟ་ཨུ་པ་རཏྣ། ལྔ་པ་ལ་གཉིས་ལས། བཀྲ་ཤིས་རྟགས་བརྒྱད་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །བཀྲ་ཤིས་དཔལ་ བེའུ་གཡུང་དྲུང་འཁྱིལ། །དགེ་བའི་ཡོ་བྱད་མངའ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་ བགྱི། །ཤྲཱི་བཏསྱ། ཚིག་ཐོག་མཐའ་གཉིས་འདྲ་བ་ལ། གསེར་གྱིས་འཁོར་ལོ་མུ་ཁྱུད་ཅན། །ཚངས་པ་ ཆེན་པོས་ཕུལ་བ་ལྟར། །ཧེ་མ་ཙཀྲ། གདུགས་དཀར་གསེར་གྱི་ཡུ་བ་ཅན། །བདེ་བའི་ཡོ་བྱད་ མཆོག་ཕུལ་བ། །ཚཱ་ཏྲཾ་ཀ །ཉོན་མོངས་བདུད་ལས་རྒྱལ་བ་ཡིས། །ཆོས་ཀྱི་རྒྱལ་མཚན་ཕུལ་ བ་ལྟར། །དྷྭ་ཛ། རེ་བ་ཐམས་ཅད་རྫོགས་བྱེད་པའི། །བུམ་པ་བཟང་པོ་ཕུལ་བ་ལྟར། །ནི་དྷི་ གྷ་ཊ། སྐྱོན་གྱིས་མ་གོས་འདམ་སྐྱེས་པའི། །པདྨ་དཀར་པོ་ཕུལ་བ་ལྟར། །པདྨ་སྙན་པ་ཕྱོགས་ བཅུར་སྒྲོག་པ་ཡི། །འབུད་དུང་དཀར་པོ་ཕུལ་བ་ལྟར། །ཤཾ་ཁ། ན་བཟའ་གསེར་གྱི་ཉ་རིས་ ཅན། །བདེ་བའི་ཡོ་བྱད་ཕུལ་བ་ལྟར། །ཀ་ན་ཀ་མརསྱ། གཉིས་པ་རྫས་བརྒྱད་ཀྱིས་མཆོད་པ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ཚེ། །བཀྲ་ཤིས་ལྷ་མོ་ བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་ལ། །བཀྲ་ཤིས་ རྫས་བརྒྱད་དག་གིས་མཆོད་པར་བགྱི། །མངྒ་ལ་ཨཥྚ་དྲ་བྱ། གཉིས་པ་ནང་མཆོད་ནི། ༀ་ཨཱཿཧཱུཾ་ལན་བདུན་གྱི་བྱིན་གྱིས་བརླབས། གཡོན་པའི་མཐེབ་སྲིན་གྱིས་སྤྱི་བོའི་ཐད་ཀ་ ནས་འཐོར་ཞིང༌། དཔལ་ལྡན་རིགས་ཐམས་ཅད་ཀྱི་བདག་པོ་རྩ་བའི་བླ་མ་རྗེ་བཙུན་རྡོ་རྗེ་འཆང༌། འདི་ཞེས་བྱ་བའི་ཞལ་དུ་ༀ་ཨཱཿཧཱུཾ། འཇམ་པའི་དབྱངས་སངས་རྒྱས་ཡེ་ཤེས་ཞབས། མར་ མེ་མཛད་བཟང་པོ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། རི་སུལ་གྱི་རྣལ་ 23-1-154 འབྱོར་མ། གཉན་ལོཙྪ་བ་དར་མ་གྲགས། སྣང་ཁའུ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་བསོད་ ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་ པ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་བསོད། ཁམས་པ་རྡོ་རྗེ་དཔལ། བླ་མ་ཀིརྟི་ཤྲཱི། ཀུན་མཁྱེན་གངས་པ། ས་བཟང་པཎ་ཆེན། ས་བཟང་ འཕགས་པ། ཆོས་རྗེ་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག པཎ་ཆེན་ཤཱཀྱ་ མཆོག་ལྡན། མཁས་པ་ཀུན་དགའ་ཚེ་འཕེལ། རལ་གསལ་ཟླ་བ་མགོན་པོ། རྗེ་བཙུན་ཀུན་ དགའ་གྲོལ་མཆོག རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་སྟེ་དབང་དཀའ་གཙོ་བོར་གྱུར་པའི་ བླ་མ་རྣམས་ཀྱི་ཞལ་དུ། ༀ་ཨཱཿཧཱུཾ། རྡོ་རྗེ་འཆང་དང་འཇམ་དབྱངས་ཡེ་ཤེས་ཞབས། །མར་ མེ་མཛད་བཟང་ཀུན་སྙིང་ཐ་ག་ན། །ཤནྟི་པ་དང་ཤདྡྷྲ་རིན་ཆེན་བཟང༌། །སྐྱང་པོ་ཆོས་བློ་དགེ་ གཤེས་སྐྱབས་སེང་དང༌། །རྡོ་རྗེ་སྲ་བརྟན་ཇོ་སྲས་དཀོན་མཆོག་འབར། །དགེ་བཤེས་དབང་ རིན་ཕུ་ཐང་སྟོན་ཤཀ་དང༌། །རོང་པ་ཆོས་མགོན་ལོཙྪ་མཆོག་ལྡན་པ། །དཔལ་ལྡན་སེང་གེ་ བུ་སྟོན་ཆོས་ཀྱི་རྗེ། །གཞོན་ནུ་བསོད་ནམས་ཡེ་ཤེས་རྒྱལ་མཚན་དང༌། །ཀུན་དགའ་བཟང་ པོ་གུག་གེ་པཎྜི་ཏ། །གློ་བོ་མཁན་ཆེན་རྗེ་བཙུན་གྲོལ་མཆོག་ཞབས། །འཁོར་ལོའི་དབང་ ཕྱུག་ཀུན་དགའི་མཚན་ཅན་སྟེ། །ལུང་བརྒྱུད་བླ་མ་རྣམས་ལ་མཆོད་པ་འབུལ། ། ཡང༌། འཇམ་དབྱངས་སངས་རྒྱས་ཡེ་ཤེས་མར་མེ་མཛད་བཟང་པོ། །འཇམ་དཔལ་ གྲགས་པ་བདེ་བ་ཆེན་པོ་ཡི་གེ་པ། །ཀརྞ་པ་དང་ཛྙཱ་ན་ཤྲཱི་མི་ཏྲ་དང༌། །བ་ལིཾ་ཨཱ་ཙརྱ་དང་ གཉོས་ལོ་ཡོན་ཏན་གྲགས། །རྡོ་རྗེ་བླ་མ་ཇོ་སྲས་དཔལ་སེང་གྲགས་པ་དཔལ། །སངས་རྒྱས་ རས་ཆེན་སྟོན་ལུང་ཡེ་འབར་ཆོས་འོད་དང༌། །འཕགས་འོད་བུ་སྟོན་བྱང་ཆུབ་རྩེ་མོ་གྲགས་ རྒྱལ་བ། །ཕྱོགས་ལས་རྣམ་རྒྱལ་མོན་རྫོང་ཉི་ཟླར་གྲགས་པ་གཉིས། །ནམ་མཁའ་རིན་ཆེན་ རྩ་བའི་བླ་མ་རྡོ་རྗེ་འཆང༌། །དབང་རྒྱུད་མན་ངག་གསུམ་ལྡན་བླ་མ་རྣམས་ལ་འབུལ། ། 23-1-155 བརྒྱུད་པའི་ཡི་གེ་འགའ་ཞིག་ལྟར་ན། མར་མེ་མཛད་བཟང་པོའི་རྗེས་སུ་སྨན་པའི་ཞབས། ཙི་ལུ་པ། ཀརྞ་པ། ཀ་མ་ལ་གུ་ ཧྱ། མངའ་བདག་ཡེ་ཤེས་རྒྱལ་མཚན། སྲས་ཛྙཱ་ན་རཱ་ཛ། དེ་ལ་གཉོས་ལོ་འབྱུང་པོས་དབང་དང་མན་ངག་ཙམ་ཐོབ་ནས་བརྒྱུད་ ཞུ་ལོང་མ་བྱུང་བས། རྒྱ་གར་དུ་བྱོན་ཅེས་སྣང་བས། དེ་བཞིན་དུ་དེད་ཀྱང་རུང་ངོ༌། །གཉོས་ལུགས་བརྒྱུད་པ་སྔ་མ་དེ་ལྟ་ན་ཡང༌། བདེ་བ་ཆེན་པོ་ནི་ཡེ་ཤེས་ཞབས་ཀྱི་དངོས་སློབ་དུ་སྣང་བས། བར་གྱི་བླ་མ་གཉིས་པོ་དེ་མ་བཅུག་ཀྱང་རུང་བར་སེམས་སོ། ། འཇམ་རྡོར་ཇོ་བོ་ལུགས་སམ་འཇིག་རྟེན་དབང་ཕྱུག་ལྟར་ན། ཤཱནྟི་པ་དང་དཔལ་ལྡན་ཨ་ཏི་ཤ །འགར་ དགེ་ལྷ་བཙུན་བྱང་འོད་ཝལ་པ་དང༌། །ལྕགས་རི་བ་དང་ལྗིང་བུ་ཐང་སྟོད་པ། །ཞང་ཡེ་བཟོ་ པ་དོན་གྲུབ་བར་ཐང་པ། །དར་མ་ཤཱཀྱ་བསོད་དབང་ལོ་མཆོག་དང༌། །གཞོན་འོད་གྲགས་ ཆེན་འཕགས་འོད་བུ་སྟོན་རྗེ། །ཐུགས་སྲས་ལོ་ཙཱ་འཇམ་དབྱངས་གྲགས་རྒྱལ་དང༌། །ཡེ་ཤེས་ རྒྱ་མཚོ་མཁྱེན་རབ་མཆོག་གྲུབ་དང༌། །སྤྱན་སྔ་ལྷ་དབང་སྤྱན་སྔ་ངག་དབང་དང༌། །བྱམས་ པ་ཆོས་འབྱོར་རྣམ་རྒྱལ་རིན་ཆེན་དང༌། །ངག་དབང་རྣམ་རྒྱལ་རྣམས་ལ་མཆོད་པ་འབུལ། ། ཅེས་དང་། རྩ་བའི་དཀྱིལ་འཁོར་མི་བསྐྱོད་པའི་བརྒྱུད་པ་ལྟར་ན། འཇམ་དབྱངས་ཡེ་ཤེས་ཞབས་དང་ཐུགས་ སྲས་བཞི། །སྨན་ཞབས་སངས་རྒྱས་དཔལ་དང་རྡོ་རྗེ་གདན། །སཽ་རི་པ་དང་འཇིགས་མེད་ འབྱུང་གནས་དང༌། །དགེ་འབྱུང་སྟོབས་བཅུ་རྡོ་རྗེ་དཔལ་དང་ནི། །ཆོས་འབྱུང་དཔལ་དང་ སངས་རྒྱས་གྲགས་པ་དང༌། །རིན་ཆེན་གྲགས་པ་རཱ་ཏི་གུཔྟ་དང༌། །གྲུབ་ཆེན་ཞི་བ་པན་གྲུབ་ རྣམ་གཉིས་ཏེ། །ངོ་མཚར་བླ་མ་རྣམས་ལ་མཆོད་པ་འབུལ། །ཅེས་བྱའོ། །ༀ་ཨཱཿམཉྫུ་བཛྲ་མཾ་ ཧཱུཾ། འཇམ་པའི་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུཾ། ༀ་ཨཱཿབཛྲ་དྷྲྀཀ་ཧཱུཾ་སོགས་སོ་སོའི་སྔགས་ཀྱི་མཐར་འབྲུ་གསུམ་ བཏགས་པས་ཕུལ། གཞན་ཡང་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ ན་མེད་པའི་རྒྱུད་དེ། རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་ དུ་མཆོད་པ་དམ་པ་འབུལ་ལོ། །ༀ་ཨཱཿཧཱུཾ། དགོས་ཀྱི་ཆོས་སྐྱོང་ཡོད་ན། དེ་དང་དེའི་སྙིང་པོའི་མཐར་ཡི་གེ་འབྲུ་ གསུམ་བཏགས་ལ་འབུལ། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་ 23-1-156 པའི་ཆོས་སྲུང་མ་དམ་ཚིག་ཅན་རྣམས་ཀྱི་ཞལ་དུ་མཆོད་པར་འབུལ་ལོ། །ༀ་ཨཱཿཧཱུཾ། གཞན་ ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་དང་རྣལ་འབྱོར་མ། གྲུབ་པ་རིག་པ་ འཛིན་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང༌། ཕྱོགས་སྐྱོང་བ་བཅུ། ལྷ་ཆེན་པོ་བརྒྱད། ཀླུ་ ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་བདུན། འཇིགས་བྱེད་ཆེན་པོ་དགུ། རྒྱལ་ པོ་ཆེན་པོ་བཞི་རྣམས་ཀྱི་ཞལ་དུ་མཆོད་པར་འབུལ། ༀ་ཨཱཿཧཱུཾ། གཞན་ཡང༌། བོད་ཁམས་ སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་དང༌། གནས་བདག་གཞི་བདག གྲོང་བདག་གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང་འགྲོ་བ་རིགས་དྲུག ། ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི། སེམས་ཅན་ཐམས་ཅད་ཟག་པ་མེད་ པའི་བདེ་བས་རྒྱུད་ཚིམ་པར་གྱུར་ཅིག བདུད་རྩི་ལྔ་ཡི་བཟའ་བ་ནི། །དངོས་གྲུབ་ཀུན་གྱི་དེ་ ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱིད་པར་འཚལ། །ཐུགས་ནི་རྩེ་བས་ཉེར་དགོངས་ སྟེ། །མགོན་པོ་མཆོད་པ་འདི་བཞེས་ཤིག །ༀ་ཨཱཿཔཉྩ་ཨ་མྲྀ་ཏ་པུ་ཛི་ཏེ་ཧཱུཾ། གསུམ་པ་ནི། བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ ནི། །དྲི་དང་མེ་ཏོག་ཕྲེང་བརྒྱན་ཏེ། །ཡོན་ཏན་སྐེ་རགས་མཱ་མ་ཀཱི།ཤེས་རབ་ཅན་གྱིས་བྱིན་ རླབས་ལ། །འཁོར་ལོའི་དབུས་སུ་མཆོད་པར་བྱ། །རིན་ཆེན་འབྱུང་གནས་ན་ཆུང་མཆོག ། རིན་ཆེན་སྣ་ཚོགས་མཆོག་གིས་བརྒྱན། །དངོས་གྲུབ་རབ་ཏུ་བསྒྲུབ་པའི་ཕྱིར། །ལྷ་རྣམས་ ཀུན་ལ་དབུལ་བར་བྱ། །མཚན་ཉིད་ལྡན་པའི་རིག་མ་ལ། །འདུ་ཤེས་གསུམ་གྱིས་སྙོམས་ པར་ཞུགས། །འཕོ་མེད་བདེ་བ་མངོན་དུ་འགྱུར། །གསང་བའི་མཆོད་པས་མཆོད་པར་བགྱི། ། སྒྲུབ་ཐབས་བཤད་པ་ལྟར། དངོས་སམ་ཡེ་ཤེས་རིག་མ་ལ་རྗེས་སུ་ཆགས་པ་ཙམ་སྟེ། ༀ་སརྦཱ་ཏ་ཐཱ་ག་ཨ་ནུ་ར་ག་ན་ བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅ཧཾ། བཞི་པ་ནི། ཐབས་ཤེས་སྙོམས་པར་སྦྱོར་ལས་བྱུང༌། །བྱང་ཆུབ་སེམས་སྤྲོས་དེ་བཞིན་ 23-1-157 གཤེགས། །མ་ལུས་ནམ་མཁའ་གང་བ་ཡི། །བླ་མེད་མཆོད་པས་མཆོད་པར་བགྱི། །ༀ་ཨཱཿཨ་ ནུརྟ་ར་པུ་ཛི་ཏེ་ཧཱུཾ། ཡང་དག་དགའ་བའི་མེ་ཏོག་གི །རྡོ་རྗེ་ཉི་མ་པདྨར་ཕྱུང༌། །མེ་ཏོག་བདག་ ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག །ༀ་བཛྲ་པུཥྤེ་ཨཱཿཧཱུཾ། རྣམ་པར་རྟོག་པ་ ཀུན་གྱི་ཚོགས། །ལྟེ་བར་གཏུམ་མོ་འབར་བ་ཡིས། །ངེས་པར་བསྲེག་པ་དེའི་སྤོས། །ཐུགས་ ཀྱི་རྡོ་རྗེ་ལ་ནི་དབུལ། །དྷུ་པེ། ཡི་གེ་ཧཱུཾ་ལས་ཡང་དག་བྱུང༌། །སྔགས་ཀྱི་འོད་ཟེར་ཤིན་ཏུ་ གསལ། །མར་མེ་འབར་བ་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །ཨཱ་ལོ་ཀེ།བདེ་ བ་ཆེན་པོའི་ནམ་མཁའ་གནས། །བྱང་ཆུབ་སེམས་ནི་སད་པ་དང༌། །དེ་ཉིད་ཀྱིས་ཀྱང་བྱུགས་ པ་ནི། །ཐུགས་ཀྱི༴ གནྡྷེ། འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་ དག་བརྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་ཕྱིར་དུ་མཆོད་པར་བགྱི། །ནཻ་ཝེ་ ཏྱ། རྡོ་རྗེ་པདྨར་ཡང་དག་བསྐྱོད། །ཞུགས་པ་ལ་སོགས་རིམ་ལས་བྱུང༌། །རྣལ་འབྱོར་པ་ཡིས་ མི་ཤིགས་སྒྲ། །ཐུགས་ཀྱི༴ ཤཔྟ། རྒོད་དང་སྒེག་དང་རྩེ་འཇོ་ནི། །སྣ་ཚོགས་ཀྱིས་ནི་སེམས་ དགར་བྱེད། །རྣམ་པར་ཐར་པའི་སྒོ་གང་དག །ཐུགས་ཀྱི༴ མཧཱ་སུ་ཁཾ། ལྔ་པ་ནི། དེ་ཁོ་ན་ཉིད་བསྒོམ་བཞིན་དུ། །དངོས་པོ་མེད་ལ་བསྒོམ་པ་མེད། །བསྒོམ་པར་ བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། ། དྲུག་པ་ནི། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་ པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཐོག །ༀ་མཉྫུ་བཛྲ་སོགས་གོང་བཞིན་ལ། བཛྲ་ ཝསྟྲ་ཡེ། དེ་ལས་གཞན་ཡང་མཆོད་པ་ནི། །ཨུཏྤལ་པདྨ་ཁ་དོག་ལྔ། །ཛཱ་ཏི་ཁ་དོག་རྣམ་པ་ གསུམ། །མེ་ཏོག་ཀ་ནི་ཀ་ར་དང༌། །མ་ལི་ཀ་དང་ཡུ་ཐི་ཀ །མེ་ཏོག་ཀ་ར་ཝི་ར་དང༌། །ལྷ་མོ་ དགུ་དང་ནམ་མཁའི་ཁམས། །དཔག་ཚད་བྱེ་བའི་ཁྱོན་ཙམ་དུ། །གྲུ་བཞི་ཤིན་ཏུ་མཛེས་པ་ཡི། ། མཆོད་རྟེན་རིན་ཆེན་སྣ་བཞི་པ། །གསལ་ཞིང་རང་བཞིན་དྲི་མ་མེད། །དཀྱིལ་འཁོར་ལྷ་ལ་ 23-1-158 མཆོད་པ་འབུལ། །དེ་བཞིན་གཤེགས་པ་བདག་གི་ལུས། །བླ་མ་བཤང་དང་གཅི་བས་མཆོད། ། མིག་བཟང་བརྟན་པའི་བློ་ལྡན་པའི། །ཁུ་བ་བླངས་ནས་མཆོད་པར་བྱ། །བླ་རེ་གདུགས་ དང་རྒྱལ་མཚན་དང༌། །བ་དན་ལྡ་ལྡི་སིལ་སྙན་སོགས། །རྟ་བབས་མཆོག་དང་བླ་རེ་དང༌། ། བསིལ་གཡབ་ཁྱམས་དང་ཁྲི་སྟན་སོགས། །བུམ་པ་བཟང་པོ་འདོད་འཇོའི་བ། །རིན་ཆེན་ རི་བོ་དཔག་བསམ་ཤིང༌། །ནམ་མཁའ་མཛོད་སོགས་དབུལ་བར་བགྱི། །དངོས་གྲུབ་ཐམས་ ཅད་བསྩལ་དུ་གསོལ། ། གཉིས་པ་བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་སྒྲུབ་ཐབས་ནས་འབྱུང་བ་ལྟར་དེ་ཉིད་ལྔ་པ་དང༌། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཀྱི། །བར། འདུད་ཉི་ཤུ་དང༌། བསྡུས་པ་ལ་དགའ་བའི་ཚེ། ཟག་བཅས་ཕུང་པོ་གནས་གྱུར་ཅིང་། །ཉོན་མོངས་རྣམ་ དག་ཡེ་ཤེས་སྐུ། །ཀུན་མཁྱེན་ཀུན་མཛད་ཀུན་གྱི་གཙོ། །རིགས་ལྔ་བདེ་བར་གཤེགས་ལ་ འདུད། །ས་སོགས་འབྱུང་བ་རྣམ་དག་ཅིང༌། །བྱམས་སོགས་ཚད་མེད་ངོ་བོ་ཉིད། །ཟག་མེད་ བདེ་བའི་མཛོད་འཛིན་པའི། །གཏི་མུག་དགའ་མ་སོགས་ཕྱག་འཚལ། །སེར་སྣ་ལ་སོགས་ རྣམ་དག་ཅིང༌། །ཕར་ཕྱིན་དྲུག་གི་ངོ་བོ་ཉིད། །དཀྱིལ་འཁོར་མཆོད་ལ་མངའ་བརྙེས་པའི། ། རྡོ་རྗེ་གཟུགས་སོགས་ཕྱག་འཚལ་ལོ། །ལྟ་བའི་ཐིབས་པོ་རྣམ་བཅོམ་པ། །བསྡུ་དངོས་ བཞིའི་ངོ་བོ་ཉིད། །དགུག་གཞུག་བཅིང་དང་དབང་མཛད་པའི། །སྒོ་སྲུང་བཞི་ལ་ཕྱག་འཚལ་ ལོ། །རྟེན་འབྲེལ་བཅུ་གཉིས་རྣམ་དག་ཅིང༌། །བྱང་ཆུབ་ཕྱོགས་ཆོས་རང་བཞིན་ཅན། །བདེ་ ཆེན་སྙིང་པོ་ལེགས་རྫོགས་པ། །གཞལ་མེད་ཁང་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྡོ་ རྗེ་ཡི། །ས་གཞི་རྭ་བ་གུར་བླ་བྲེ། །ཡེ་ཤེས་མེ་དཔུང་འབར་བ་ཅན། །བསྲུང་བའི་འཁོར་ལོ་ ཕྱག་འཚལ་ལོ། ། ཅེས་པའམ་ལོང་སྐབས་ཡོད་ཅིང་སྤྲོ་ན། དུས་གསུམ་རྡོ་རྗེའི་ཐུགས་ཡིན་སྲིད་དང་ཐར་གྱུར་གང༌། ། 23-1-159 ཞི་ཞིང་སྒྲིབ་མེད་ནམ་མཁའ་དག་པའི་ངོ་བོ་ཉིད། །སངས་རྒྱས་རྣམ་རྒྱས་བྱང་ཆུབ་དབང་ ཕྱུག་རྡོ་རྗེ་ཅན། །དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་གཟུགས་དང་ ཚོར་བ་འདུ་ཤེས་འདུ་བྱེད་དང༌། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་ འཚལ་ལོ། །གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང༌། །རིག་པའི་སྦྱོར་བ་ལས་ བྱུང་རྟག་ཏུ་རབ་འབྲིང་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ ཆུབ་སེམས༴ །སྡུད་དང་དགའ་དང་རྣམ་པར་དེ་བཞིན་མི་འགྱུར་དང༌། །རྒྱུ་དང་འབྲས་བུའི་ རང་བཞིན་སེམས་སུ་རྗེས་ཐོགས་ཆོས། །རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། ། བྱང་ཆུབ་སེམས་འདྲ༴ །གང་ཞིག་ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ། །ཐབས་དང་ ཤེས་རབ་ལས་བྱུང་སྤྲོས་དང་རྣམ་པར་བྲལ། །གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ ཚིག་སྦྱོར་བ་བརྟག །བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་དངོས་གྲུབ་ མཆོག་གི་ཐབས་ནི་འདི་བསྒོམས་ཤིང༌། །བསྙེན་པའི་ཆོ་ག་ཉེ་བར་བསྒྲུབ་པ་སྒྲུབ་པ་དང༌། ། སྒྲུབ་པ་ཆེན་པོས་བློ་མི་འགྱུར་བའི་སྒྲུབ་དབང་པོ། །བྱང་ཆུབ་རྡོ་རྗེ་འདྲ་ལྟ་དེ་ལ༴ གང་ཞིག་ ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་སྨན་འགྲུབ་ ཅིང༌། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲ་ལྟ་དེ་ལ་རྟག་ ཕྱག་འཚལ། །གང་ཞིག་རབ་གསང་འདུས་པའི་རྒྱུད་ནི་ཉན་པ་དང༌། །འདོན་པར་བྱེད་དང་ ཀློག་པ་དང་ནི་སེམས་པ་དང༌། །མཆོད་པ་བྱེད་པ་དང་ནི་འབྲིའམ་འབྲིར་འཇུག་པ། །བྱང་ ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་རྟག་ཕྱག་འཚལ། །གང་དུ་ཞི་སོགས་ལས་ཚོགས་ཤིན་ཏུ་བརྟགས་ པ་ཡིས། །འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི། །བསྒྲུབ་བྱ་འདི་དང་ ལྡན་པའི་སྒྲུབ་པའི་དབང་པོ་ནི། །བྱང་ཆུབ༴ གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང༌། ། 23-1-160 ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང༌། །དད་པར་བྱེད་ཅིང་ཕྱོགས་ཅིག་ཙམ་ ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་རྟག་ཕྱག་འཚལ། །ཀུན་ཏུ་རྟོག་པ་མ་ལུས་ སྤངས། །དྲི་མ་དང་བྲལ་བདག་ཉིད་ཅན། །ཀུན་བཟང་ཆོས་དབྱིངས་ངོ་བོ་ཉིད། །མི་བསྐྱོད་ པ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བ་ལྟར་དཀར་བའི། །འོད་ཟེར་བརྒྱ་ཕྲག་རྣམ་འགྱེད་ པ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྣམ་སྣང་གཙོ་ལ་ཕྱག་འཚལ་ལོ། །ལྟ་ངན་རྟོག་པ་དང་ བྲལ་ཞིང༌། །སྐྱོན་མེད་མཁའ་ལྟར་རྣམ་པར་དག །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་ དཔལ་ལ་ཕྱག་འཚལ་ལོ། །དཔག་མེད་འོད་ཀྱི་མཁའ་ཀུན་ཁྱབ། །ཚད་མེད་ཡོན་ཏན་ཕྲེང་ བ་ཡིས། །ཀུན་རྟོག་ཡེ་ཤེས་མཁྱེན་པ་ཡི། །འོད་དཔག་མེད་ལ༴ འགྲོ་བའི་དོན་ནི་མཛད་པ་ པོ། །ཇི་བཞིན་འབྱུང་བར་འགྱུར་བ་ཡི། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །དོན་ཡོད་གྲུབ་པ་དེ་ལ་ འདུད། །ས་ལྟར་སེམས་ཅན་ཐམས་ཅད་ཀྱི། །མཆོག་ཏུ་རྣམ་པར་འཛིན་སྤྱོད་པ། །ཐུགས་རྗེ་ སྤྱོད་པ་གཡོ་བ་པོ། །ལྷ་མོ་སྤྱན་མར་ཕྱག་འཚལ་ལོ། །གང་གི་མཐུ་ཡིས་སེམས་ཅན་རྣམས། ། ཉོན་མོངས་ཉིད་ནི་རབ་ཞི་བ། །ཆུ་ལྟར་ཕན་པ་དོན་ཆེན་གྱི། །མཱ་མ་ཀཱི་ལ་ཕྱག་འཚལ་ལོ། ། མེ་ལྟར་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཉིད་ནི་བསྲེག་པར་བརྩོན། །བྱ་བ་རྩེ་མོ་ མཆོག་གྲུབ་པ། །ན་བཟའ་དཀར་མོར་ཕྱག་འཚལ་ལོ། །རླུང་ལྟར་ཀུན་ནས་ཉོན་མོངས་པའི། ། རྩད་འབྱིན་འགྲོ་ལ་བདེ་བ་སྩོལ། །ཨུཏྤལ་ལ་ཡི་སྤྱན་མངའ་བ། །སྒྲོལ་མ་ལ་ནི་ཕྱག་འཚལ་ ལོ། །གང་གི་གཟུགས་ནི་རྒྱ་ཆེ་ཞིང༌། །རྣམ་པ་ཀུན་ཏུ་མི་འཕྲོ་བ། །རྟགས་བྲལ་གཟུགས་ཀྱི་ རྡོ་རྗེ་མ། །མཉམ་མེད་དེ་ལ་ཕྱག་འཚལ་ལོ། །གང་གི་མཐུ་ཡིས་སྒྲ་རྣམས་ཀྱི། །དེ་ཉིད་རྣམ་ པ་གསུམ་རྒྱས་ཤིང༌། །རྣ་བའི་བདེ་བ་སྩོལ་མཛད་པ། །སྒྲ་ཡི་རྡོ་རྗེ་མར་ཕྱག་འཚལ། །གང་གི་ ལོངས་སྤྱོད་ལྷུན་གྲུབ་པ། །སེམས་ཅན་མ་ལུས་ལ་སེམས་པའི། །བུང་བའི་སྒྲ་མཛད་རྡོ་རྗེ་དྲི། ། མ་སྨད་དེ་ལ་ཕྱག་འཚལ་ལོ། །གང་གི་རང་རིག་བསྟན་དུ་མེད། །གཉིས་མེད་རོ་མྱོང་སྟོབས་ 23-1-161 ཀྱིས་སུ། །སེམས་ཅན་བདེ་ལ་གནས་མཛད་པ། །རྡོ་རྗེ་རོ་ལ་ཕྱག་འཚལ་ལོ། །ཇི་བཞིན་ དུ་ནི་འབྱུང་འགྱུར་བའི། །རེ་བ་གང་ལ་སྲེད་མཐའ་རུ། །འགྲོ་གསུམ་རྟག་ཏུ་དགའ་མཛད་ པའི། །རེག་བྱ་རྡོ་རྗེ་མར་ཕྱག་འཚལ། །གང་ཕྱིར་ཀུན་ནས་ཉོན་མོངས་པ། །གཅོད་པའི་ རྒྱུད་གྱུར་ཆོས་རྣམས་ཀྱིས། །ཀུན་ལ་རྟག་ཏུ་རྟོག་མཛད་པ། །བླ་མེད་ཆོས་ཀྱི་རྡོ་རྗེར་འདུད། ། གང་ཕྱིར་ཐེག་པ་ཆེན་པོ་ལ། །མི་རྣམས་དགའ་བ་བསྐྱེད་མཛད་པ། །དད་པ་རྣམ་དག་ངོ་བོ་ ཉིད། །གཤིན་རྗེ་གཤེད་པོར་ཕྱག་འཚལ་ལོ། །མཁས་པ་གང་གི་སྟོབས་ཀྱིས་སུ། །བྱང་ཆུབ་ ཚོགས་རྣམས་རྫོགས་མཛད་པ། །བརྩོན་འགྲུས་རྣམ་དག་ངོ་བོ་ཉིད། །ཤེས་རབ་མཐར་བྱེད་ ཕྱག་འཚལ་ལོ། །གང་གི་མཐུ་ཡིས་སེམས་ཅན་རྣམས། །དགེ་བ་བརྗེད་མེད་བསྐྱེད་མཛད་པ། ། དྲན་པ་རྣམ་དག་ངོ་བོ་ཉིད། །པདྨ་མཐར་བྱེད་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་སེམས་ ཅན་རྣམས། །བགེགས་བྲལ་བདེ་ལ་གནས་མཛད་པ། །བསམ་གཏན་རྣམ་དག་ངོ་བོ་ཉིད། ། བགེགས་འཇོམས་མཛད་ལ་ཕྱག་འཚལ་ལོ། ། གསུམ་པ་ནི། སྒྲུབ་ཐབས་སུ་བཤད་ཟིན་ཏོ། །གལ་ཏེ་ཡེ་ཤེས་ཞབས་ལུགས་ལས་འབྱུང་བའི། མི་བསྐྱོད་རྡོ་རྗེ་ལྷ་བཅུ་ དགུའི་དཀྱིལ་འཁོར་སོགས་དཀྱིལ་འཁོར་གཞན་དང༌། གཞན་དག་མཆོད་པར་འདོད་པ་རྣམས་ཀྱང༌། འཇམ་དབྱངས་ཀྱི་སྔགས་ དང༌། བསྟོད་པ་བཞག་པ་ཙམ་གྱིས། གཞན་རྣམས་མཆོད་ཆོག་འདི་ཁོ་ན་འགྲུབ་པར་འགྱུར་རོ། །རྣམ་སྣང་ལ་སོག་པ་རིགས་ ལྷག་མའི་དཀྱིལ་འཁོར་ལ་ནི། རིགས་ལྔའི་བསྟོད་པ་རྣམས་ལ་གོང་འོག་བརྗེ་བ་ཙམ་བྱའོ། །འཇམ་རྡོར་གྱི་བསྟོད་པ་ལ་མཚན་ བརྗོད་ཀློག་པ་ཡང་ཤིན་ཏུ་འབྲེལ་ཞིང༌། བླ་མ་སྔ་མ་རྣམས་ཀྱི་ཕྱག་ལེན་ལ་ཡོད་པར་སྣང་བས། ལོང་སྐབས་ཡོད་པའི་ཚེ་ནན་ ཏན་དུ་བྱ་བའི་འོས་སོ། ། མཆོད་པའི་ཆོ་ག་མདོར་བསྡུས་པ། བྱིས་པས་རང་དགར་བྱས་པ་ཡི། །ཚིག་སྦྱོར་མང་པོ་རྣམས་སྤངས་ཏེ། །རྒྱུད་དང་གྲུབ་ པའི་གསུང་བཞིན་བཀོད། །འཕགས་བསྐོར་ལ་སོགས་འདུས་པའི་ལུགས། །ཀུན་དང་ཕལ་ཆེར་ཐུན་མོང་སྟེ། །ཐུན་མོང་མིན་པའི་ ཁྱད་པར་ཡང༌། །མང་དུ་ཡོད་པ་ཤེས་པར་གྱིས། །འདིར་འབད་དགེ་བ་ཉི་མའི་འོད་ཟེར་གྱིས། །མ་དག་སྣང་བའི་སྨག་རུམ་མུན་ 23-1-162 བཅོམ་ནས། །དག་པའི་ཞིང་དུ་འགྲོ་རྣམས་སྨིན་ལས་སླར། །ཚོགས་གཉིས་རབ་རྫོགས་རྒྱལ་བའི་དབང་པོར་གྱུར། ། ཅེས་པ་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་ལྷ་ཚོགས་མཉེས་པར་བྱེད་པའི་ཆོ་ག་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་ཉེར་དགུ་པ་ལ་ནགས་རྒྱལ་གྱི་དབེན་གནས་སུ་སྦྱར་བའོ།། །།དགེ་ལེགས་འཕེལ།། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༩༽ 23-1-163 ༄༅། །དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་ དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད་ ཅེས་བྱ་བ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད་ཅེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། ། དཔལ་ལྡན་འོད་གསལ་བདེ་ཆེན་རྡོ་རྗེའི་ཐུགས། །གཉིས་མེད་ཡེ་ཤེས་དག་པའི་དཀྱིལ་འཁོར་ཅན། །ཟུང་འཇུག་གསང་ བ་འདུས་པའི་ལྷ་ཚོགས་ལ། །རྟག་པར་དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །མི་ཤིགས་ཐིག་ལེའི་འོད་ཀྱི་དཀྱིལ་འཁོར་ནི། །ཟབ་ གསལ་རྣམ་དག་བཅུ་དགུའི་ལྷ་ཚོགས་སུ། །ཀུན་ནས་སྒྲུབ་ཐབས་རིམ་གཉིས་སྒོམ་རྣམས་ཀྱང༌། །ངེས་པར་སྨིན་བྱེད་དབང་ལ་ ལྟོས་པ་ཡིན། །འདི་ཡི་དཀྱིལ་འཁོར་ཆོ་ག་ནི། །སྔགས་རིག་ཀུན་གྱིས་ཡང་ཡང་མཛད། །འོན་ཀྱང་མོས་པ་གཙོར་གྱུར་པས། ། འབྲི་བ་འདི་ལ་སྐྱོན་ཡོད་མིན། ། འདིར་དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་དང༌། སློབ་དཔོན་སྨན་པ་ཞབས་ཀྱིས་དངོས་གྲུབ་འབྱུང་གཏེར་ལས་ བཤད་པའི་དབང་བསྐུར་བའི་ཆོ་ག་ནི་ལུགས་འདིའི་དཀྱིལ་ཆོག་གི་རྩ་བ་ཡིན་ལ། དེ་གཉིས་ཀྱང་རྒྱས་བསྡུས་འགའ་ཞིག་མ་ གཏོགས་དགོངས་པ་གཅིག་པར་ཡོད་ཅིང༌། གཞུང་དེ་དག་ཤིན་ཏུ་བརླིང་བ་ཡིན་ནའང༌། བཞི་བརྒྱ་ལྔ་བཅུ་པ་ལ། གྲུབ་པའི་ དབང་ཕྱུག་སྨན་ཞབས་པ་དང༌། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤནྟི་པས་རྣམ་བཤད་རྒྱས་པ་མཛད་པའི་ཕྱིར། གཙོ་བོར་དེ་ དག་དང་མཐུན་པར་བྱ་ལ། གཞན་ཡང་འཇིགས་མེད་འབྱུང་གནས་ཀྱིས་མཛད་པའི་དཀྱིལ་ཆོག་ཡེ་ཤེས་རྡོ་རྗེའི་འཕྲེང་བ་ཡང་ གཙོ་བོར་བཞི་བརྒྱ་ལྔ་བཅུ་པའི་དགོངས་པ་འགྲེལ་པ་ཡིན་ཅིང༌། ཚད་དང་ལྡན་པའི་སློབ་དཔོན་ཆེན་པོས་མཛད་པའི་ཕྱིར། ཁ་ འགེངས་རྒྱས་པ་ལ་སྤྲོ་ན་སྐབས་སུ་བབ་པ་དག་བླང་བར་བྱའོ། །བསོད་སྙོམས་པ་ལ་སོགས་པ་རྒྱ་བོད་གཞན་དག་ནི། དེ་དག་ 23-1-164 དང་མཐུན་ཅིང༌། འཐད་པ་རྣམས་བླང་བར་བྱ་བ་ཡིན་མོད་ཀྱི། གཅིག་ཏུ་གལ་ཆེ་བ་མ་ཡིན་ནོ། །དེས་ན་གོ་དོན་རྣམས་རྒྱས་པར་ དེ་དག་ཏུ་ཤེས་པར་བྱ་ལ། འདིར་ངག་དོན་དང་འབྲེལ་བ་ཙམ་ཞིག་བཤད་པར་བྱའོ། ། དེ་ལ་དང་པོར། སློབ་མ་རྗེས་བཟུང་ནི། དིང་སང་ཕལ་ཆེར་ལག་ལེན་མི་བྱེད་པར་སྣང་བས་རེ་ཞིག་བཞག་གོ །དེ་ནས་ བསྙེན་པའི་ཆོ་ག་ནི་སྒྲུབ་ཐབས་སུ་ཤེས་པར་བྱའོ། །འདིར་ལྔ་སྟེ། ས་ཆོག་དང༌། སྟ་གོན་དང༌། དངོས་གཞི་ཞག་གི་ཆོ་ག་དང༌། དབང་བསྐུར་བ་དང༌། རྗེས་ཀྱི་ཆོ་གའོ། །དང་པོ་ལ། བརྟག་པ། བསླང་བ། སྦྱང་བ། བཟུང་བ། བསྲུང་ཞིང་བྱིན་གྱིས་བརླབས་ པའོ། །དང་པོ་ནི་གཞན་དུ་ཤེས་ལ། གཉིས་པ་ལ་གསུམ་གྱི་དང་པོ་སྣང་བ་ལས་བསླང་བ་ནི། སའི་བདག་པོ་ལས་རིན་ནམ་ཚིག་ གིས་བསླང་ངོ༌། ། གཉིས་པ་མི་སྣང་བ་ལས་བསླང་བ་ལ་ཡང་གསུམ་སྟེ། ཕྱོགས་སྐྱོང་ལས་བསླང་བ་དང༌། ས་ལྷ་ལས་བསླང་བ་དང༌། བདེ་ བར་གཤེགས་པ་ལས་བསླང་བའོ། །དེ་དག་ཇི་ལྟར་སྒྲུབ་པའི་ཚུལ་ནི། དཀྱིལ་འཁོར་གྱི་གཞིར་བ་བྱུང་གི་མཎྜལ་གྱི་དབུས་སུ་ས་ ལྷའི་ཚོམ་བུ་གཅིག་བཀོད། དམར་གཏོར་གཉིས་དང༌། དཀར་གཏོར་གཅིག ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱི་མཆོད་པ་ ཚར་བཞི་བཤམས། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་འགྲོ་བས། རང་སྐད་ཅིག་གིས་བཅོམ་ལྡན་འདས་འཇམ་ པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ནས། ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར། མཆོད་པ་ རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས། ནས། ཎ་ཁཾ་གི་བར་སྒྲུབ་ཐབས་བཞིན། བཛྲ་གྷཎྜེ་ར་ ཎི་ཏ་ལ་སོགས་པས་རོལ་མོ་བྱིན་དབབ་བྱ། གཏོར་མ་རྣམས་ཀྱང་རྒྱས་པར་ན་མངོན་རྟོགས་ལྟར་བསང་སྦྱངས་བྱིན་བརླབས་ བྱ་ཞིང༌། བསྡུ་ན་བསངས་སྦྱངས། འབྲུ་གསུམ་བྱིན་གྱིས་བརླབས་པ་ཙམ་བྱའོ། །རང་གི་སྙིང་ག་ནས་འོད་ཟེར་ནག་ པོ་ལྕགས་ཀྱུ་ལྟ་བུ་འཕྲོས་ཞེས་པ་ནས། དཔག་ཏུ་མེད་པས་བསྐོར་བའོ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ ཕྱེ་ལ། ༀ་ཨིནྡྲ་ཡ། ཨགྣ་ཡེ། ཡ་མ་ཡ། ནེ་རི་ཏྱ། བཱ་ཡ་ཝེ། ཀུ་བེ་ར་ཡེ། ཨི་ཤཱ་ན་ཡ། ཨུརྡྷཾ་ བྲ་ཧྨ། སཱུཪྻ་གྲ་ཧ་ཨ་དྷི་པ་ཏི་ཙནྡྲ་ན་ཀྵཏྲ། ཨ་དྷི་པ་ཏི། ཨ་དྷོ་པྲྀ་ཐི་ཝཱི་དེ་ཝཱི་བྷྱཿ ཨ་སུ་ར་བྷྱཿ ནཱ་ག་བྷྱཿ ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨདྱ་ནུཏྤནྣ་ཏྭཏ། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་ལན་གསུམ་ སོགས་ཀྱིས་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ས་ལ་རྒྱུ་བའི་འབྱུང་པོ་དང༌། །གང་ཡང་ས་ལ་ 23-1-165 བརྟེན་པ་རྣམས། །ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་དཀྱིལ་འཁོར་ཆེར་འབྱུང་ བ། །ཇི་ལྟར་ནུས་པར་ཉེར་སྦྱོར་ན། །ཁྱེད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ ཉིད་དུ་མཛོད། །དེ་ལྟར་ཁྱོད་ལ་བདག་གིས་ནི། །གུས་པས་གསོལ་ཏེ་མ་བསླུ་བར། །རྨི་ལམ་ ལ་སོགས་མཚན་མ་དང༌། །ལེགས་ཉེས་རྟགས་རྣམས་བསྟན་དུ་གསོལ། །གཏོར་མ་གཉིས་པ་ཡང་ གནས་བདག་གཞི་བདག་གྲོང་བདག་སོགས་ལ་དམིགས་ནས། ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས། ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། སའི་ཕྱོགས་འདིར་བདག་གིས་དཀྱིལ་འཁོར་ཆེན་པོ་བཞེངས་པར་བགྱི་ཡིས། ཕྱོགས་འདིར་གནས་པའི་འབྱུང་པོ་གང་དག་དེ། ཐམས་ཅད་ཀྱིས་ས་ཕྱོགས་འདི་བདག་ལ་ གནང་དུ་གསོལ། ཅེས་བརྗོད། དམར་གཏོར་གཅིག་དང༌། དཀར་གཏོར་མཆོད་པ་དང་བཅས་པ་ས་གཙང་སར་བཏང༌། ཚོམ་བུ་བསངས་སྦྱངས། སྟོང་པའི་ངང་ལས། པདྨ་དང་ཟླ་བའི་གདན་ལ། བཾ་ལས་བྱུང་བ་སའི་ལྷ་ མོ་སེར་པོ་ཞལ་གཅིག་ཕྱག་གཉིས་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་ཅིང༌། གཡས་ དཔང་པོར་ཁས་ལེན་པའི་ཕྱག་རྒྱ་ཅན། ཞི་ཞིང་དགྱེས་ལ། རྒྱན་དང་ན་བཟའ་སེར་པོ་ཅན་ དུ་གྱུར། རང་གི་ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ། རྡོ་རྗེ་རྩེ་གསུམ་གྱིས་ཕྱག་རྒྱ་ས་ལ་ རེག་སྟེ། ཧཱུཾ་ཧཱུཾ་ཧཱུཾ། ཊཀྐི་ཧཱུཾ་ཛཿ ས་འོག་ནས་སའི་ལྷ་མོ་འཁོར་བཅས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་འཕྲོས། དབང་གི་ ལྷ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ༀ་བཛྲི་བྷ་ཝ་ཨ་བྷི་ ཥིཉྩ་ཧཱུཾ། ཞེས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་ མཛད་ཀྱི་དབུ་རྒྱན། ༀ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་ར་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤཔྟའི་ བར་དུ་སྦྱར། ༀ་པྲི་ཐི་ཝཱི་དེ་ཝཱི་ས་པ་རི་ཝཱ་རེ་བྷྱཿ ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱི་གཏོར་མ་ཕུལ། སྐྱོབ་ པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་ 23-1-166 བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྡེ། །ཕམ་པར་བྱ་ཕྱིར་དཀྱིལ་འཁོར་བྲི། །ཞེས་ལན་ གསུམ་གསོལ་བ་བཏབ། གནང་བ་བྱིན་པར་བསམ། སའི་ལྷ་མོ་ནམ་མཁར་བཞུགས་པར་གྱུར། དེའི་མཆོད་ གཏོར་ཚོམ་བུ་རྣམས་བསྡུའོ། །རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། འཇམ་དཔལ་རྡོ་ རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་ཞེས་པ་ནས། དྷརྨ་དྷཱ་ཏུ་བཛྲི་ཞེས་པའི་བར་ཚོགས་ཞིང་གི་སྐབས་བཞིན། སྤྲོ་ ན་སྒྲུབ་ཐབས་བཞིན་འཇིག་རྟེན་འདས་པའི་ལྷ་ལ་གཏོར་མ་འབུལ། མཐར་དགོངས་ཤིག་དུས་གསུམ་མགོན་པོ་ རྣམས། །བདག་མིང་འདི་ཞེས་བགྱི་བ་ཡིས། །སངས་རྒྱས་རྣམས་ལ་མཆོད་པ་དང༌། །སློབ་ མ་རྣམས་ལ་ཕན་དོན་དུ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །དཀྱིལ་འཁོར་དམ་པ་བྲི་བར་ བགྱིད། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ ལན་གསུམ་གསོལ་བ་བཏབ། འགྲུབ་ན་ཞི་བའི་སྦྱིན་སྲེག་འབུལ། གནང་བ་བྱིན་ནས་གཤེགས་སུ་གསོལ་བར་བསམ། གསུམ་པ་ལ། དང་པོ་རྫས་ཀྱིས་སྦྱང་བ་ནི། ལས་ཐམས་ཅད་པ་བཟླས་པ་དྲིའི་ཆུ་དང༌། ཡུངས་ཀར་དང༌། ཆུ་གཙང་ དང༌། ཐལ་བས་ས་གཞི་དེར་གཡས་བསྐོར་གྱིས་གཏོར་བར་བྱའོ། །གཉིས་པ། ལས་དང་བྱ་བས་སྦྱངས་བ་དང༌། གསུམ་པ་ ཁང་བརྩེགས་བྱ་བ་དང༌། བཞི་པ་རྒྱན་གྱིས་བརྒྱན་པ་རྣམས་ནི་ཕལ་ཆེར་ལ་མི་དགོས་པ་ཤས་ཆེ་ཞིང༌། གལ་ཏེ་དགོས་ནའང༌། འཕྲེང་བ་ལ་སོགས་པར་ཤེས་པར་བྱའོ། །ལྔ་པ་ཏིང་ངེ་འཛིན་གྱིས་སྦྱངས་པ་ནི། ཤཱུ་ནྱ་ཏས་སྟོང་པར་སྦྱངས། སྟོང་པའི་ ངང་ལས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། འོད་ཟེར་རྣམ་པ་ལྔ་འཕྲོ་བའི་མཾ་ཡིག་ ཅེས་པ་ནས། ཨཱཏྨ་ཀོ྅ཧཾ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛ་ཧཱུཾ་བཾ་ཧོཿ ཐུགས་ཀའི་མཾ་ལས་འོད་ ཟེར་འཕྲོས། དབང་གི་ལྷ་ནས། མི་བསྐྱོད་པས་དབུ་བརྒྱན། བགེགས་གཞོམ་པའི་དམིགས་པ་དང་བཅས་ ཏེ། གཏོར་ཆོག་ཏུ་བཤད་པའི་བདུད་རྩི་འཁྱིལ་བའི་སྔགས་དེ་ཅི་ནུས་སུ་བཟླའོ། །དྲུག་པ་སྔགས་ཀྱིས་སྦྱང་བ་ནི། ལག་གཡས་ རྡོ་རྗེ་དང་བཅས་པ་ལ་རེག་སྟེ། ༀ་བྷཱུ་ཁཾ། ནམ་མཁའི་རང་བཞིན་དུ་གྱུར། ༀ་མེ་དེ་ནི་བཛྲི་བྷ་ཝ་བཛྲ་ བནྡྷ་ཧཱུཾ། ༀ་བཛྲ་ཀྲོ་དྷ་ཧ་ན་ཧ་ན་ཧཱུཾ་ཕཊ། ༀ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་ཧཱུཾ་ཕཊ། བདུན་པ་སའི་ལྷ་མོས་ 23-1-167 སྦྱང་བ་ནི། སླར་ཡང་དྲི་བཟང་གི་ཆུས་བྱུགས་པའི་དབུས་སུ་ཚོམ་བུ་བཀོད་ལ། ༀ་པྲི་ཐི་ཝི་ཨཱ་ཀཪྵ་ཡ་ཛཿ ནམ་མཁའི་ ས་ལྷ་མཎྜལ་གྱི་དབུས་སུ་བཞུགས། མཆོད་གཏོར་བཤམས། གོང་བཞིན་བྱིན་གྱིས་བརླབས་ནས། མཆོད་གཏོར་ཕུལ། གསོལ་ བ་བཏབ། གནང་བ་བྱིན་པར་མོས་ལ། སའི་ལྷ་མོ་ས་དེ་ཉིད་ལ་ཐིམ་པར་གྱུར། བརྒྱད་པ་བླ་ན་མེད་པས་སྦྱང་བ་ ནི། དེ་ལྟར་སྣ་ཚོགས་པའི་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་རོ་གཅིག་པའི་བདག་ཉིད་དོ། ། ཞེས་མཉམ་པར་བཞག་གོ ། གསུམ་པ་ལ་གསུམ་སྟེ། བདག་བསྐྱེད་བསྒོམས་ནས་ང་རྒྱལ་བཟུང་བ། གསོལ་བ་བཏབ་ནས་དཀྱིལ་འཁོར་འདེགས་ པ། བསྐོར་ཞིང་བཀའ་བསྒོས་ནས་སྟང་སྟབས་བྱ་བའོ། །དང་པོ་ནི། སློབ་དཔོན་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་འདུག་ ལ། ལྷའི་ཆས་སུ་ཞུགས། ཁ་ཤར་དུ་ཕྱོགས་ཏེ། རང་སྐད་ཅིག་གིས་འཇམ་པའི་རྡོ་རྗེར་གསལ་བ་ཞེས་པ་ནས་ བརྩམས་ཏེ། བཟླས་པའི་བར་བདག་བསྐྱེད་རྫོགས་པར་སྒོམ། དེ་ནས་སྙེམས་པ་དང་བཅས་པས། བདག་ནི་རང་ཉིད་ རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །བདག་ ནི་སྟོབས་ཆེན་རྡོ་རྗེ་ཅན། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །བདག་ནི་ཕྱག་ན་རྡོ་རྗེ་ བརྟན། །བདག་ནི་བདག་པོ་རྡོ་རྗེ་ཆེ། །བྱིན་གྱིས་བརླབས་པ་མི་འདོར་རོ། །ཞེས་བརྗོད། གཉིས་པ་ནི། དེ་ནས་སློབ་དཔོན་གྱིས་ཕྱོགས་བཞིར། ནང་མཆོད་དང༌། མཆོད་པ་ཚར་རེ་བཤམས། ལྷ་ལ་ལེགས་པར་ བསྙེན་པའི་སློབ་མ་བཞི་རྣམ་སྣང་ལ་སོགས་པའི་ང་རྒྱལ་དུ་གནས་བཞིན་པས་ཕྱོགས་བཞི་ནས་སྒྲུབ་ཐབས་ནང་ལྟར་མཆོད་པ་ དང༌། ནང་མཆོད་བྱིན་གྱིས་བརླབས། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕུལ་བར་མོས་ཏེ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་དེ་ཉིད་ལྔ་པས་བསྟོད། དབྱངས་དང་ བཅས་པའམ་མེད་ཀྱང་རུང་སྟེ། ཤར་ན་གནས་པས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་ པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་ གསོལ། །ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་ དག་སྤང༌། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར༴ ནུབ་ནས། ཞི་བའི་ཆོས་ནི་མཆོག་ 23-1-168 ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་ འཁོར་༴ བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་ བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར༴ ཞེས་སོ་སོ་ནས་ལན་གསུམ་གསུམ་གསོལ་བ་བཏབ། རྒྱས་པ་ལ་སྤྲོ་ན། རེ་རེ་བཞིན་མཆོད་པ་བྱིན་རླབས། མཆོད་བསྟོད་མཎྜལ་སོགས་མཛད་པའི་ཕྱག་ལེན་ཡང་ཡོད། དེ་ནས་སློབ་ དཔོན་གྱིས། སེམས་ཅན་མ་རིག་པའི་མུན་པས་ཁེབས་ཤིང་བདུད་ཀྱིས་དབང་དུ་སོང་བ་རྣམས་ ཀྱི་བདུད་དང་ཉོན་མོངས་པ་བསལ་བར་བགྱིའོ། །ཞེས་བརྗོད་ལ། དྲག་ཤུལ་གྱི་སྤྱོད་པ་དང་ལྡན་པས་རྡོར་ དྲིལ་ཐོགས་ཏེ། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་ལྡོག་སྟེ། ཧཱུཾ་བཛྲ་ཨུ་ཏིཥྛ། བདག་ཉིད་ཀྱིས་བསྒོམས་པའི་ དཀྱིལ་འཁོར་ནམ་མཁའ་ལ་ཞུགས་པར་གྱུར། གསུམ་པ་ནི། བདག་ཉིད་དཀྱིལ་འཁོར་གྱི་གཙོ་ བོའི་ཐུགས་ཀ་ནས་ཡོངས་སུ་བྱེ་བའི་རྡོ་རྗེ་ཧཱུཾ་མཛད་ནག་པོ་ནས། པདྨ་འཛིན་པ། སྦོམ་ཤིང་ ཐུང་ལ་ཞེས་པ་ནས། སྟབས་ཀྱིས་བཞུགས་པའོ། །མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ ལས་ཟླ་བ། མིག་འབྲས་ཧཱུཾ་ལས་འབར་བའི་རྡོ་རྗེ་རྩེ་ལྔ་པར་གྱུར། རྡོ་རྗེའི་ལྟ་བས་གཡོན་ བསྐོར་དུ་བལྟས་པས་བགེགས་རྣམས་ཚར་བཅད། གཡས་བསྐོར་དུ་བལྟས་པས་རྭ་གུར་དང་ མཚམས་བཅིང་བར་གྱུར། ཀྲོ་དྷ་ཊིཥྚི་ཧྲི། ལན་གཉིས་རང་གི་རྐང་མཐིལ་གཉིས་སུ་ཨ་ལས་བྱུང་ བའི་སྣ་ཚོགས་རྡོ་རྗེ་འབར་བ་རེ་གནས་པར་གྱུར། དེ་ནས་ཧཱུཾ་གླུར་ལེན་བཞིན་དུ་དགའ་བ་ཡོངས་སུ་གྱུར་ འགྲོས་ཀྱི་དབང་ལྡན་དུ་སོང་ལ། སླར་གཡས་བསྐོར་གྱི་སྣ་ཚོགས་རྡོ་རྗེའམ། རྩེ་གཅིག་པའམ། རྩེ་གསུམ་པའི་འགྲོས་དང་བཅས་ པས་བསྐོར་བ་གཅིག་བྱས་ལ། དབང་ལྡན་ནས་དབུས་སུ་གདོང་ཕྱོགས་པས། ཧཱུཾ། ལུས་ངག་སེམས་ལ་གནས་པ་ ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་ འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་ བགས་བྱ་སྟེ། །གལ་ཏེ་བདག་བསྒོ་ལས་འདས་ན། །འཇིགས་པར་འགྱུར་བ་གདོན་མི་ཟ། ། ཞེས་ང་རོ་དྲག་པོས་བརྗོད་ཅིང༌། རོལ་མོའི་སྒྲ་དང༌། གུ་གུལ་གྱིས་བདུག ཡུང་ཀར་གྱིས་བྲབ་བོ། །དེ་ནས་བགེགས་དང་བྲལ་ 23-1-169 བའི་ས་གཞི་ལ། ཞི་འགྲོས། ཁྲོ་འགྲོས། རྡོ་རྗེ་འགྲོས་ཅི་རིགས་པ་བསྐོར་ཞིང༌། ཤར་དུ་གཡས་བརྐྱང༌། ལྷོ་རུ་གཡོན་བརྐྱང༌། ནུབ་ ཏུ་ས་ག བྱང་དུ་ཟླུམ་པོའི་སྟང་སྟབས་བྱ། ཤེས་ཤིང་སྤྲོ་ན། སྨན་ཞབས་ཀྱིས་བཤད་པ་ལྟར། ཁྲོ་བོ་བཅུ་ལ་ཚུལ་དྲུག་དྲུག་བཤད་ པ་ལྟར་རམ། འཕྲེང་བ་ལས་འབྱུང་བ་བཞིན་བྱའོ། ། ལྔ་པ་ནི། ཕུར་བུ་གཅིག་ཙན་དན་དམར་པོས་བྱུགས། སྲད་བུ་དམར་པོ་དཀྲིས། མེ་ཏོག་གི་འཕྲེང་བ་བཏགས། བསངས་ སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་སཾ་སྐད་ཅིག་གིས་བགེགས་མཐར་བྱེད་ནག་པོ་ནས། པདྨ་ འཛིན་པ། ལྟེ་བ་མན་ཆད་ཕུར་བུའི་དབྱིབས་ཅན། ཁྲོ་བོའི་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པར་གྱུར། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་འོད་ ཟེར་འཕྲོས། བགེགས་མཐར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ། དབང་བསྐུར་བ་ས་ལྷ་དང་འདྲ་བ་ལས། མི་བསྐྱོད་པས་དབུ་བརྒྱན། ཞུ་ བ་ལས་བྱུང་བའི་རྡོ་རྗེ་ཕུར་བུ་མེ་རབ་ཏུ་འབར་བར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ འཕྲོས། བརྒྱ་བྱིན་ལ་སོགས་པ་ཕྱོགས་བཅུའི་བགེགས་ཐམས་ཅད་ཡོངས་སུ་བཀུག་སྟེ། ཧཱུཾ་ ལས་བྱུང་བའི་འབྲུབ་ཁུང་འབར་བའི་ནང་དུ་བཅུག རྡོ་རྗེའི་ཕུར་བུས་བཏབ་ཅིང༌། རྡོ་རྗེ་ཐོ་ བས་བརྡུང་བར་གྱུར། ཅེས་དངོས་སུ་དཀྱིལ་འཁོར་གྱི་སའི་དབུས་སུ་ཕུར་བུས་བཏབ་ལ། ༀ་གྷ་གྷ་གྷཱ་ཏ་ཡ་གྷཱ་ ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ། བཛྲ་དྷ་རོ་ཨཛྙཱ་ པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་ལན་གསུམ། བགེགས་རྣམས་ཀྱི་ སྤྱི་བོ་ནས། རྐང་མཐིལ་གྱི་བར་ཕུག་སྟེ། བགེགས་རྣམས་ལུས་གཡོ་བ་མེད། ངག་རླུང་རྒྱུ་བ་ མེད། སེམས་རྣམ་པར་རྟོག་པ་རྒྱུན་ཆད་དེ། འོད་གསལ་དུ་ཐིམ་པར་གྱུར། ཕུར་བུ་ལས་འོད་ ཟེར་རྣོན་པོ་ཕྱོགས་བཅུར་འཕྲོས་ཏེ། འགྲོ་བ་ཐམས་ཅད་བགེགས་དང་བྲལ་བར་བྱས་ལ། ས་གཞིའི་ཕྱི་རོལ་ཏུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རྭ་བ་དང༌། བཾ་ལས་བྱུང་བའི་རྡོ་རྗེའི་གུར། དེའི་ ཕྱི་རོལ་ཕྱོགས་བཞི་ནས་དབང་ཆེན་གྱི་དཀྱིལ་འཁོར་དང༌། མཚམས་བཞི་ནས་མེའི་དཀྱིལ་ 23-1-170 འཁོར་གྱིས་མཚམས་བཅིང་བར་གྱུར། དེ་ནས་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་དེ། གསོལ་བ་ བཏབ། སྨོན་ལམ་དང༌། བཀྲ་ཤིས་གང་འགྲུབ་བྱ་སྟེ། ནུབ་དང་པོའི་ཆོ་གའོ། ། གཉིས་པ་ལ་སྤྱིར་ལྷག་གནས་བཞི་ཡོད་ཀྱང༌། སློབ་མ་ལྷག་གནས་འོག་ཏུ་བཤད་ན་ལག་ལེན་བདེ་བས། འདིར་བདག་ བསྐྱེད་སྔོན་དུ་འགྲོ་བས་སའི་ལྷ་མོ་ལྷག་གནས་དང༌། ལྷ་ལྷག་གནས་དང༌། བུམ་པ་ལྷག་གནས་དང༌། རྗེས་ཀྱི་བྱ་བ་སྟེ་བཞི་ལས། དང་པོ་ནི། ལྷ་ལྷག་གནས་ཀྱི་ས་བཞིར་དྲི་བཟང་གི་ཐིག་ལེ་བྱ། སའི་ལྷ་མོའི་མཆོད་གཏོར་དང༌། སྤྱི་མཆོད་རྣམས་བཤམས། སྔོན་འགྲོ་གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས། ཡཾ་ལས་རླུང༌། རཾ་ལས་མེ། ཨ་ལས་ཡེ་ཤེས་ ཀྱི་ཀ་པཱ་ལའི་ནང་དུ། བྷྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ་རྣམས་ལས་བདུད་རྩི་ལྔ་ཞུ་བ་ལས་བྱུང་བའི་གཏོར་མ་ འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་རྣམས་དང༌། གནས་ བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ཨཱ་ཀཪྵ་ཡ་ཛཿ ༀ་ཨིནྡྲ་ ཡ། ཨགྣ་ཡེ། ཡ་མ་ཡ། ནི་རི་ཏྱ། ཝཱ་ཡ་ཝེ། ཀུ་བེ་ར་ཡེ། ཨཱི་ཤ་ན་ཡ། ཨུརྡྷི་བྲཧྨ། སཱུཪྻ་གྲ་ ཧ་ཨ་དྷི་པ་ཏི་ཙནྡྲ་ནཀྵ་རཱ། ཨ་དྷི་པ་ཏི། ཨ་དྷོ་པྲི་ཐི་ཝཱི་དེ་ཝཱི་བྷྱཿ ཨ་སུ་ར་བྷྱཿ ནཱ་གེ་བྷྱཿ ༀ་ ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤནྣ་ཏྭཏ། ༀ་ཨཱཿཧཱུཾ་ཕཊ་སྭཱཧཱ། སོགས་གོང་བཞིན་ལན་གསུམ་དང༌། ༀ་གནས་བདག་གཞི་བདག་གྲོང་བདག་གཉུག་མར་གནས་པ་ཐམས་ཅད་ས་པ་རི་ཝཱ་ར་ཨ་ ཀཱ་རོ་སོགས་ལན་གསུམ། ༀ་སརྦ་བྷུ་ཏེ་བྷྱོཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ས་ལ་རྒྱུ་བའི་འབྱུང་ པོ་དང༌། །གང་ཡང་ས་ལ་བརྟེན་པ་རྣམས། །ས་ཕྱོགས་དགེ་གནས་འདི་ཉིད་དུ། །དམ་པའི་ དཀྱིལ་འཁོར་ཆེར་བྱུང་བ། །ཇི་ལྟར་ནུས་པར་ཉེར་སྤྱོད་ན། །ཁྱེད་ཀྱི་བར་ཆད་མ་བྱེད་པར། ། དགེ་བའི་གྲོགས་པོ་ཉིད་དུ་མཛོད། །སའི་ཕྱོགས་འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ སྐུ་དང་གསུང་དང་ཐུགས་ཀྱི་གསང་བ། གསང་བ་འདུས་པའི་དཀྱིལ་འཁོར་ཆེན་པོ་བཞེངས་ སུ་གསོལ་ཏེ། བདག་ཉིད་འཇུག་ཅིང་དབང་བླང་བ་དང༌། སློབ་མ་གཞུག་ཅིང་དབང་བསྐུར་ 23-1-171 བར་འཚལ་ན། ཕྱོགས་སྐྱོང་བ་ལ་སོགས་པ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ འབྱུང་པོའི་ཚོགས་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། དཀྱིལ་འཁོར་ ཁང་པའི་ཕྱོགས་བཅུར་བཞུགས་ཏེ་བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་ལས་མཛོད་ཅིག གཉུག་མར་གནས་པ་རྣམས་ཀྱང་ཞི་བའི་སེམས་དང་ལྡན་པར་མཛད་དུ་གསོལ། གང་དག་ ནག་པོའི་ཕྱོགས་ལ་མངོན་པར་དགའ་བ་གསང་སྤྱོད་བལྟ་བར་མི་དབང་བ་ཐམས་ཅད་སའི་ ཕྱོགས་འདིར་མ་གནས་པར་སོང་ཤིག ཅེས་ཚམ་རྔམས་དང༌། རོལ་མོའི་སྒྲར་བཅས་པས་གཏོར་མ་བཏང༌། དེ་ནས་གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ཡིག་ལས་བྱུང་ བའི་བསྲུང་བའི་འཁོར་ལོའི་ནང་དུ། གནས་ཁང་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ ཐར་པ་ཆེན་པོའི་གཞལ་མེད་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ། རྒྱན་དང་ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨ་ལས་བྱུང་བའི་ནས། རོལ་མོ་བྱིན་ འབེབས་ཀྱི་བར་སྒྲུབ་ཐབས་དང༌། གོང་དུ་བཤད་པའི་མཆོད་པ་བྱིན་རླབས་ལྟར་རོ། །དེ་ནས་གཏོར་མ་ལྟར་ནང་མཆོད་བྱིན་ གྱིས་བརླབས། སྐྱབས་འགྲོ་ནས་དཀྱིལ་འཁོར་ཉེར་བསྡུའི་བར་སྒྲུབ་ཐབས་ཡོངས་རྫོགས་བསྒོམ། དེ་ནས་ས་བླང་བའི་སྐབས་ སུ་བཤད་པ་ལྟར་སའི་ལྷ་མོ་མཆོད་དེ། མཐར་ས་སྦྱང་བའི་སྐབས་སུ་བཤད་པ་ལྟར་ས་གཞི་ཉིད་ལ་སྟིམ། གཉིས་པ་ནི། ཕྱིས་ཀྱི་ལག་ལེན་ལྟར་ན་སྐབས་འདིར་ལྷག་གནས་མི་འཆོལ་བའི་དོན་དུ་ལས་ཐིག་འདེབས། འོན་ཀྱང་ ལས་ཐིག་བཏབ་ནས་ཡེ་ཐིག་གིས་བྱིན་གྱིས་བརླབས་པའི། ཡེ་ཐིག་བཏབ་ནས་ལས་ཐིག་གིས་ཆ་དབྱེ་བ་གང་བྱེད་ཀྱང་རུང་སྟེ། འོག་དཀྱིལ་འཁོར་གྱི་ཞག་གི་ཉིན་མོ་བྱས་ན་ལེགས་པར་མངོན་ནོ། །གང་ལྟར་ཡང་དཀྱིལ་འཁོར་གྱི་སར་དྲི་བཟང་གིས་བྱུགས། གཙོ་བོའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི་དང༌། ལྷ་གཞན་གྱི་གནས་སུ་ཟླུམ་པོ་བཀོད་དེ་རྣམས་ཀྱི་སྟེང་དུ་མེ་ཏོག་གམ་འབྲུའི་ཚོམ་ བུ་བྱ། ལྷ་རེ་རེ་ལ་སྒོས་མཆོད་བཅུ་བཅུ་ལས་མི་ཉུང་བར་བཤམས། དེ་རྣམས་ལག་ལེན་མཐོང་བས་ཤེས། ཤར་གྱི་གཡོན་དུ་ འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། གཡས་སུ་འཇིག་རྟེན་པའི་གཏོར་མ་བཤམས། སྤྱི་མཆོད་ཀྱང་ཁ་གསོ། མདུན་བསྐྱེད་ བསངས་སྦྱངས། སྟོང་པའི་ངང་ལས། རྡོ་རྗེའི་ས་གཞི་རྭ་གུར་རབ་ཏུ་ཡངས་པའི་དབུས་སུ། ཐར་ 23-1-172 པ་ཆེན་པོའི་ཁང་བཟང་གཞལ་ཡས་ཁང་ཞེས་པ་ནས། གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ ཡོངས་སུ་རྫོགས་པར་གྱུར། ལྷའི་གདན་རྣམས་ཀྱི་སྟེང་དུ། མཾ་བྷྲུཾ་ཨཾ་ཛྲིཾ་ཁཾ་ལཾ་མཾ་པཾ་ཏཾ། ཛཿཧཱུཾ་ བཾ་ཧོཿ ཁཾ་རཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་པ་རྣམས་ཡོངས་སུ་གྱུར་པ་ལས། དཀྱིལ་འཁོར་གྱི་ས་གཞི་རྡོ་ རྗེའི་རང་བཞིན་དུ་གྲུབ་པའི་སྟེང་དུ། དྲིའི་ཐིག་ལེ་གནས་རྣམས་ལ་ལྷ་བཅུ་དགུའི་གདན་སྣ་ ཚོགས་པདྨ་དང་ཉི་མ་དང༌། ཟླ་བའི་གདན་རྣམས་སུ་གྱུར། རང་འཇམ་པའི་རྡོ་རྗེ་གསལ་བའི་ ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ནམ་མཁའི་དཀྱིལ་འཁོར་ལས་ལྷ་བཅུ་དགུའི་ ཚོགས་རྣམས་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ༀ་ཨཱཿམཉྫུ་བཛྲ་མཾ་ཧཱུཾ་ནས། བིགྷྣཱན་ཏཱ་ཀྲྀཏ་ཧཱུཾ་ཧཱུཾ་གི་ བར་བརྗོད་ཅིང༌། རང་རང་གི་གདན་ལ་བཞུགས་པར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། མི་ བསྐྱོད་པའི་ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ནས། ཐམས་ཅད་དང་ལྡན་པར་གྱུར། དེའི་པང་ དུ་ཡུམ་འཇམ་པའི་རྡོ་རྗེ་མ་ནས། ཡོངས་སུ་རྫོགས་པར་གྱུར། ཤར་དུ་རྣམ་སྣང་དཀར་པོ། ནས། པདྨ་འཛིན་པ། དེ་བཞིན་དུ་ལྷོ་རུ་རིན་འབྱུང་སོགས་རིགས་བཞི་བསྐྱེད། ཤར་ལྷོར་སྤྱན་མ་དཀར་མོ་ སོགས་ཡུམ་བཞི་བསྐྱེད། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་སོགས་རྡོ་རྗེ་མ་དྲུག་བསྐྱེད། དེ་ ཐམས་ཅད་ཀྱང་ནས་ཉི་མའི་འོད་ཟེར་འཕྲོ་བའོ། །དེ་རྣམས་ཀྱི་ཕྱི་རོལ་གྱི་ཤར་དུ་ཤར་སྒོར་ གཤིན་རྗེ་མཐར་བྱེད་སོགས་ཁྲོ་བོ་བཞི་བསྐྱེད་ནས། ཁྲོ་བོ་བཞི་པོ་ནས་བཞུགས་པའོ། །དེ་དག་གི་ཕྱི་ རོལ་ཏུ། རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི་མེ་རི་དང་བཅས་པས་མཚམས་བཅད་པར་གྱུར། ཧཱུཾ་ཞེས་ ལན་མང་དུ་བརྗོད། འདི་ལ་ས་ཆོག་མ་བྱས་ན། རང་རང་གི་ས་བོན་ལས་དམ་ཚིག་པ་རྣམས་བསྐྱེད་ཅིང༌། ཡེ་ཤེས་པ་རྣམས་སྤྱན་ དྲངས། སྐྱེ་མཆེད་བྱིན་རླབས་སོགས་ཀྱང་བྱའོ། །(རང་གི་ཐུགས་ཀའི་འོད་ཟེར་གྱི་ཡེ་ཤེས་སེམས་དཔལ་ ལྷ་བཅུ་དགུའི་དཀྱིལ་འཁོར་ཞེས་པ་ནས། བིགྷྣཱན་ཏཱ་ཀྲྀཏ་ཧོཿ ཞེས་པའི་བར་གྱི་ཡེ་ཤེས་པ་སྟིམ། ལྷ་ཐམས་ ཅད་ཀྱི་མིག་ཏུ་ཀྵིཾ་དང༌། འཁོར་ལོའི་འོད་ཀྱི་འཕྲོ་འདུ་ལས། ས་སྙིང་དཀར་པོ་ཞེས་པ་ནས། ཀུན་ ཏུ་བཟང་དཀར་པོ་རྡོ་རྗེ་འཆང་ལྟ་བུའོ།།) སྒྲུབ་ཐབས་ལྟར་མཆོད་པ་བྱིན་གྱིས་བརླབས་ནས། མཆོད་འཕྲེང་དུ་ཇི་ 23-1-173 སྐད་བཤད་པའི་ཚུལ་གྱིས་མཆོད་བསྟོད་བདུད་རྩི་མྱང་བ་རྣམས་རྒྱས་བསྡུས་གང་རུང་ཞིག་ལོང་སྐབས་དང་བསྟུན་ཏེ་བྱ། གཏོར་ ཆོག་ལྟར་འཇིག་རྟེན་ལས་འདས་པའི་གཏོར་མ་ཡང་འབུལ་ལོ། ། གསུམ་པ་ནི། རབ་ཏུ་ལྷ་བུམ་བཅུ་དགུ་ལས་བུམ་དང་བཅས་པ་དང༌། མིན་ན་རིགས་ལྔ་ཡུམ་བཞི་ལས་བུམ་དང་བཅུ་ བཤམས། དེ་ཡང་ཡེ་མ་འབྱོར་ན་རྣམ་རྒྱལ་བུམ་པ་དང༌། ལས་བུམ་གཉིས་སུ་བསྡུའོ། །བུམ་པ་རྣམས་ཀྱིས་མཚན་ཉིད་དང༌། ནང་ རྫས་དང༌། འཆའ་ཚུལ་དང་མཆོད་གཏོར་རྣམས་ནི་སྤྱི་དང་འདྲའོ། །བུམ་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་གདན་གྱི་སྟེང་དུ། བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་ པ་ཡངས་ཤིང་རྒྱ་ཆེ་བ་ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་ ཆིངས་དང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་སྙིང་པོ་ཐམས་ཅད་ཀྱིས་ཡོངས་ སུ་གང་བ། ༀ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ། ལྷའི་ཆུ་བོ་དལ་གྱིས་འབབ་པས་ཡོངས་སུ་གང་བ་ རྣམས་སུ་གྱུར། (དབུས་སུ་པདྨའི་གདན་བཅུ་དགུ། སོ་སོར་ཉི་ཟླའི་གདན་དང་བཅས་པ། དེ་རྣམས་ཀྱི་སྟེང་དུ། མཾ་བྷྲུཾ་ ཨཾ་ཛྲིཾ་ཁཾ། ལཾ་མཾ་པཾ་ཏཾ། ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་རྣམས་སོ་སོའི་གནས་སུ་ཡོངས་སུ་གྱུར་ པ་ལས། དབུས་ཀྱི་གདན་གྱི་སྟེང་དུ་མི་བསྐྱོད་པའི་ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ནས། གཡོན་རྐྱང་གི་སྟབས་ཀྱི་བཞུགས་པའོའི་བར། ལྷ་སྟ་གོན་གྱི་སྐབས་བཞིན་ནོ།།) དེ་ཡང་ལྷ་གྲངས་དང་ མཉམ་པའི་བུམ་པ་ཡོད་ན། དབུས་ཀྱི་བུམ་པའི་ནང་དུ། པད་ཟླ་ལ། མཾ་ལས་དཔལ་ལྡན་ འཇམ་པའི་རྡོ་རྗེ་ནས། ཡོངས་སུ་རྫོགས་པར་གྱུར། ཕྱོགས་མཚམས་ཀྱི་བུམ་པ་བརྒྱད་ལས། ཤར་དུ་པད་ཟླ་ལ་བྷྲུཾ་ལས་རྣམ་སྣང་སོགས་དང༌། ལྷོ་རུ་པད་ཉི་ལ། ཨཾ་ལས་རིན་འབྱུང་སོགས། ནུབ་ཏུ་པད་ཉི་ལ་ཛྲིཾ་ལས་འོད་དཔག་མེད་སོགས། བྱང་དུ་པད་ཉི་ལ་ཁཾ་ལས་དོན་ཡོད་གྲུབ་པ་ སོགས། ཤར་ལྷོར་པད་ཟླ་ལ་ལམ་ལས་སྤྱན་མ་སོགས། ལྷོ་ནུབ་ཏུ་པད་ཟླ་ལ་མཾ་ལས་མཱ་མ་ཀཱི་ སོགས། ནུབ་བྱང་དུ་པད་ཟླ་ལ་པཾ་ལས་གོས་དཀར་མོ་སོགས། བྱང་ཤར་དུ་པད་ཟླ་ལ་ཏཾ་ལས་ སྒྲོལ་མ་སོགས། རིམ་པ་གཉིས་པའི་བུམ་པ་དྲུག་ལ། ཤར་ལྷོ་པད་ཟླ་ལ་ཛཿལས་གཟུགས་རྡོ་ 23-1-174 རྗེ་མ་སོགས། ལྷོ་ནུབ་ཏུ་པད་ཟླ་ལ་ཧཱུཾ་ལས་སྒྲ་རྡོ་རྗེ་མ་སོགས། ནུབ་བྱང་དུ་པད་ཟླ་ལ་མཾ་ལས་དྲི་ རྡོ་རྗེ་མ་སོགས། བྱང་ཤར་དུ་པད་ཟླ་ལ་ཧོ་ལས་རོ་རྡོ་རྗེ་མ་སོགས། ཤར་གྱི་གཡས་སུ་པད་ཟླ་ལ་ ཁཾ་ལས་རེག་རྡོ་རྗེ་མ་སོགས། ཤར་གྱི་གཡོན་དུ་པད་ཟླ་ལ་རཾ་ལས་ཆོས་ཁམས་རྡོ་རྗེ་མ་སོགས་ ཉི་མའི་འོད་འཕྲོ་བའོ། །དེའི་ཕྱི་རོལ་གྱི་ཕྱོགས་བཞིའི་བུམ་པ་རྣམས་ལ། པད་ཉིའི་སྟེང་དུ་ ཧཱུཾ། རེ་རེ་ཡོངས་སུ་གྱུར་པ་ལས། ཤར་དུ་གཤིན་རྗེ་མཐར་བྱེད་ནས། བཞུགས་པའོའི་བར་ལྷ་སྟ་ གོན་བཞིན། ལྷ་བུམ་དགུའི་ལུགས་ལ་རིགས་ལྔ་ཡུམ་བཞི་ལས་མི་བསྐྱེད་པ་ཡོད་ནའང༌། ཐམས་ཅད་བསྐྱེད་ན་ལེགས་པས། བུམ་པ་དབུས་མའི་ནང་དུ། གཙོ་བོ་ལ་རྡོ་རྗེ་མ་དྲུག་དང༌། ཁྲོ་བོ་བཞིས་བསྐོར་བ་བསྐྱེད། གཉིས་ལས་མེད་ན། རྣམ་རྒྱལ་བུམ་ པའི་དབུས་སུ་པདྨའི་བཅུ་དགུ། སོ་སོར་ཉི་ཟླའི་གདན་དང་བཅས་པ། དེ་རྣམས་ཀྱི་སྟེང་དུ། མཾ་བྷྲུཾ་ཛྲིཾ་ཨཾ་ཁཾ། ལཾ་མཾ་པཾ་ ཏཾ། ཛཿཧཱུཾ་བཾ་ཧོཿ ཁཾ་རཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་རྣམས་སོ་སོའི་གནས་སུ་ཡོངས་སུ་གྱུར་པ། དབུས་སུ་དཔལ་ ལྡན་འཇམ་པའི་རྡོ་རྗེ་སོགས་ལྷ་སྟ་གོན་གྱི་སྐབས་བཞིན་བསྐྱེད། གང་ལྟར་ཡང༌། ལས་བུམ་དུ་པད་ཉི་ལ་ཧཱུཾ་ ལས་བགེགས་མཐར་བྱེད་ནག་པོ་ནས། པདྨ་འཛིན་པ། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་ རྫོགས་པའོ། །བུམ་པའི་མཚན་མ་རྣམས་ནི་ལུགས་འདི་ལ་ལྷར་བསྐྱེད་མི་དགོས་པར་མངོན་ལ། བསྐྱེད་པར་སྤྲོ་ནའང་སྤྱི་ དང་མཐུན་ཞིང་ལེགས་པས་ཅི་བདེར་བྱའོ། ། སྐྱེ་མཆེད་བྱིན་རླབས་དང༌། ལྷ་རྣམས་ཀྱི་ནུ་མ་གཉིས་ཀྱི་དབུས་སུ་ནས། རྒྱན་པའོའི་བར་གྱིས་སྐུ་ གསུང་ཐུགས་ཀྱིས་བྱིན་རླབས་སྒྲུབ་ཐབས་བཞིན་བྱ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། ཡེ་ ཤེས་སེམས་དཔའ་ལྷ་བཅུ་དགུ་བགེགས་མཐར་བྱེད་དང་བཅས་པ་བཛྲ་ས་མཱ་ཛཿ ༀ་ཡ་མཱན་ ནས། ཧོཿ ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་ནས། རང་རང་རིགས་ཀྱི་ བདག་པོས་དབུ་བརྒྱན་གྱི་བར་དཀྱིལ་འཁོར་རྒྱལ་མཆོག་གི་སྒྲུབ་ཆེན་ཆེན་པོ་བཞིན་ནོ། །ༀ་བཛྲ་ཨ་མྲྀ་ཏ་ཨུ་ ད་ཀ་ཧཱུཾ་དང༌། ༀ་ཨཱཿཧཱུཾ་ལན་བདུན་བདུན་གྱིས་དུང་ཆོས་ཀྱི་ཆུ་བདུད་རྩིར་མོས། གཟུངས་ཐག་ནས་བཟུང་སྟེ་གཙོ་བོ་ལ་ བརྒྱ་ཕྲག་གཉིས་སོགས་དང༌། གཞན་རྣམས་ལ་ཉི་ཤུ་རྩ་གཅིག་རེ་ལས་བུམ་ལ་སྙིང་པོ་བརྒྱ་རྩ་དང་འཕྲེང་སྔགས་ཅི་རིགས་པར་ 23-1-175 བཟླའོ། །དེ་ནས་ཧཱུཾ་ལན་བདུན་གྱི་དུང་ཆོས་ཀྱི་ཆུ་དང༌། བགེགས་མཐར་བྱེད་ཀྱི་སྙིང་པོ་ལན་བདུན་བཟླས་པའི་མེ་ཏོག་གསུམ་ བུམ་པར་བླུག མཆོད་པ་རྣམས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ཏེ། ཚོགས་ཞིང་གི་སྐབས་ལྟར་ཕྱི་མཆོད་དང༌། མཆོད་འཕྲེང་ དུ་བཤད་པའི་བསྟོད་པ་འབྲིང་པོ་དེས་བསྟོད། སོ་སོའི་སྙིང་པོའི་མཐར་འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཀུ་ཤས་ལས་བུམ་ གྱི་ཆུ་བླངས་ནས། བུམ་པ་རྣམས་ལ་བསྐོར་ཞིང་བསངས་གཏོར་བྱས་ནས། ཇི་སྲིད་དཀྱིལ་འཁོར་ཆེན་པོའི་བྱ་བ་ མཐར་མ་ཕྱིན་གྱི་བར་དུ་བར་ཆད་སླར་ཡང་བསྲུང་བའི་འཕྲིན་ལས་མཛོད། དེ་ནས་གཏོར་མ་བྱིན་ གྱིས་བརླབས་ནས། འཇིག་རྟེན་འདས་པའི་གཏོར་མ་འབུལ་ཏེ་སྒྲུབ་ཐབས་བཞིན་ནོ། །ཡིག་བརྒྱ་ལན་མང་དུ་བརྗོད་པའི་རྗེས་ སུ། བུམ་པ་ལ་རྡོ་རྗེས་རེག་སྟེ་སླར་ཡང༌། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །སོགས་ཀྱིས་བསྟོད། བུམ་ནང་གི་ལྷ་ རྣམས་འདོད་ཆགས་ཆེན་པོའི་མེས་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་ གྱུར། མཚན་མ་ལྷར་བསྐྱེད་ན་ཕྱག་མཚན་དུ་བསྒྱུར་དགོས། བཞི་པ་ནི། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ། བཤད་མ་ཐག་པ་དང་འདྲ་བར་མཆོད་བསྟོད་བདུད་རྩི་མྱང་བ་གསུམ་ བྱས་ནས། ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་གྱུར། ༀ་བཛྲ་ཛི་ཧཱ། སྤོས་ཕོར་དང་དྲིལ་བུ་ཐོགས་ནས། བཅོམ་ ལྡན་འཇམ་པའི་རྡོ་རྗེ་མཆོག །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་ བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། ། དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་པ། །བཀའ་དྲིན་ གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་ དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་ བ་དང༌། །འབྱུང་པོ་བྱང་ཆུབ་བརྟན་གནས་དང༌། །སེམས་ཅན་བསྟན་ལ་མངོན་དགའ་བ། ། གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་ འདི་ཞེས་བགྱི་བ་ཡིས། །འཇམ་དཔལ་འབྱུང་བའི་དཀྱིལ་འཁོར་ནི། །འགྲོ་བ་མི་ཤེས་དག་ པའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འབྲི་ན། །དེང་བདག་སློབ་མར་བཅས་རྣམས་ལ། །ཐུགས་ 23-1-176 ནི་བརྩེ་བས་ཉེར་དགོངས་ཏེ། །ཚོགས་པ་དང་བཅས་ཐམས་ཅད་ནི། །བྱིན་གྱིས་བརླབས་ པར་མཛད་དུ་གསོལ། །ཅེས་ལན་གསུམ་གསོལ་བ་བཏབ་ལ། གནང་བ་བྱིན་པར་བསམ། མཆོད་བསྟོད་བསྡུས་པ་ ཞིག་བྱ། བསྟོད་པ་ཤིན་ཏུ་བསྡུས་པ་དགོས་པའི་རིགས་ལ། དཔལ་ལྡན་མི་ཤེས་ཀུན་སྤངས་སོགས་ཤླཽ་གཅིག་གི་ མཐར། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །རྣམ་དག་ཡེ་ཤེས་ལྔ་ཡི་དངོས། །ཟབ་གསལ་ བཅུ་དགུའི་ལྷ་ཚོགས་རྣམས། །འཁོར་དང་བཅས་ལ་བདག་ཕྱག་འཚལ། །ཞེས་པ་འདིས་བསྟོད་དོ། ། དཀྱིལ་འཁོར་གྱི་ཕྱི་རོལ་ཐམས་ཅད་ཕྱོགས་བཅིང་བར་གྱུར། ཅེས་བརྗོད་ལ། རེ་ཞིག་མི་འདེགས་པར་ ཞག་དེ་ཉིད་ཀྱི་ནུབ་མོ་མཆོད་པ་རྒྱུན་མི་འཆད་པར་བྱའོ། །མཆོད་པ་མི་འབྱོར་ན། ཡིག་བརྒྱ་དང༌། བཟོད་གསོལ་གྱི་མཐར་ནམ་ མཁར་འདེགས་དགོས་སོ། །གསོལ་བཏབ་ཡན་ལག་དང་བཅས་པ་འདི་རྣམས་དཀྱིལ་འཁོར་ལྷག་གནས་ཀྱི་ཆོ་གའི་འཕྲོས་ཡིན་ པས་གོང་དུ་བྱེད་པ་མང་ཞིང་མི་ལེགས་པའང་མིན་མོད། འདི་ཉིད་ཀྱི་རང་གཞུང་རྣམས་ནས་འདིར་བྱ་བར་བཤད་དོ། ། དངོས་གཞི་དཀྱིལ་འཁོར་གྱི་ཞག་གི་ཆོ་ག་ལ། དཀྱིལ་འཁོར་འབྲི་བ་དང༌། སྒྲུབ་པ་དང༌། མཆོད་པ་གསུམ་མོ། །དང་པོ་ལ། ཡེ་ཤེས་ཀྱི་ཐིག་གི་ཆོ་ག ལས་ཐིག་གི་ཆོ་ག རྡུལ་ཚོན་བྱིན་གྱིས་བརླབས་པ། དཀྱིལ་འཁོར་འབྲི་བ་སྟེ་བཞི་ལས། དང་པོ་ནི། ལྷའི་ རྣལ་འབྱོར་རྒྱས་བསྡུས་གང་རུང་སྔོན་དུ་འགྲོ་བས། ཚོན་སྐུད་སྣ་ལྔ་ཡུངས་ཀར་གྱི་ཕྱེ་མ་དང༌། བདུད་རྩི་ལྔ་བསྲེས་པས་བྱུགས། དྲི་ཞིམ་པོས་བགོས་ལ། ནག་དཀར་སེར་དམར་ལྗང་ཁུ་ལྔ་པོ་རིམ་པས་མཐེ་བོང་སོགས་ཀྱི་རྩ་བར་བཀོད་ནས་ཅུང་ཟད་བསྐྱངས་ ཏེ། བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་ཐིག་སྐུད་ནག་པོ། མི་བསྐྱོད་པའི་ངོ་བོ། བྷྲཱུཾ་ལས་བྱུང་བའི་ཐིག་སྐུད་དཀར་པོ་རྣམ་སྣང་གི་ངོ་བོ། ཨཾ་ལས་བྱུང་བའི་ཐིག་སྐུད་སེར་པོ་ རིན་འབྱུང་གི་ངོ་བོ། ཛྲིཾ་ལས་བྱུང་བའི་ཐིག་སྐུད་དམར་པོ་འོད་དཔག་མེད་ཀྱི་ངོ་བོ། ཁཾ་ལས་ བྱུང་བའི་ཐིག་སྐུད་ལྗང་ཁུ་དོན་ཡོད་གྲུབ་པའི་ངོ་བོ་རྣམས་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། མཁའ་དབྱིངས་གང་བའི་ སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀར་ཧཱུཾ་བྷྲུཾ་ཨཾ་ཛ་ཁཾ་རྣམས་ལས་ བྱུང་བའི་ཡེ་ཤེས་ཀྱི་སྲད་བུ་འོད་ཀྱི་རང་བཞིན་དུ་བཞུགས། ༀ་ཨཱཿཨ་ཀྵོ་བྷྱཿ བཛྲ་སཱུ་ཏྲཾ་མེ་ 23-1-177 པྲ་ཡཙྪ། མཧཱ་མཎྜལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་ལན་གསུམ་དང༌། དེ་བཞིན་དུ་ཨཀྵོ་བྷྱཿ གནས་སུ། ཤ་ཤྭ་ཏ་དང༌། རཏྣ་སཾ་བྷ་ཝ་དང༌། ཨ་མི་ཏ་བྷ་དང༌། ཨ་མོ་གྷ་སིདྡྷི་ཞེས་པ་བཅུག་སྟེ། གསོལ་བ་བཏབ། རང་གི་མིག་ གཉིས་སུ་ཛ་ལས་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན། མིག་འབྲས་ཧཱུཾ། ༀ་དཱིཔྟ་དྲིཥྚཱི་ཨངྐུ་ཤ་ ཛཿ ནམ་མཁའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུ་རིགས་ལྔ་རྣམས་སྤྱན་ དྲངས། དམ་ཚིག་གི་སྲད་བུ་ལ་ཐིམ། དེ་ནས་སློབ་མ་བདུད་རྩི་འཁྱིལ་པའམ་འཇམ་པའི་རྡོ་ རྗེར་གསལ་བ་དང་ལྷན་ཅིག་ཐིག་སྐུད་བརྐྱངས་ཏེ། ༀ་ཨ་ནོ་ནྱ། ཨ་ནུ་ག་ཏ། སརྦ་དྷརྨཱ་པ་ར་ སྤ་ར། ཨ་ནུ་པྲ་བྲིཥྚ་སརྦ་དྷརྨཱ། ཨཪྻནྡ་ཨ་ནུ་པྲ་བྲཥྚ ། སརྦ་དྷརྨཱ་ༀ་ཨཱཿཧཱུཾ། ཞེས་དང་པོ་སོ་སོར་སྒྲིལ། དེ་ནས་ཕྱོགས་གཅིག་ཏུ་སྒྲིལ་ལོ། །ཐིག་སྐུད་ཀྱང་ལྔ་ཚན་ལྔར་བྱས་ན་ཤིན་ཏུ་ལེགས་སོ། །དེ་ཉིད་སྣོད་གཙང་མར་བཞག་ལ། རང་གི་མིག་གཡོན་པ་མ་ལས་ཉི་མ། གཡས་པ་ཊ་ལས་ཟླ་བ། བཛྲ་ཏྲིཥྚ་མཊ། ཐིག་སྐུད་ལ་དྲག་ ཏུ་བལྟས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩི་ལྔ་དང༌། ཡུངས་ཀར་དང༌། དྲི་བཟང་གི་ཆུས་གཏོར། ལག་པས་རེག་ལ། ༀ་བཛྲ་ས་མ་ཡ་སཱུ་ཏྲ་ཧཱུཾ་དང༌། ༀ་ཨཱཿཧཱུཾ་བརྒྱ་རྩ་ལ་སོགས་པ་བཟླས་སོ། །ལས་ཐམས་ཅད་པས་ བསྲུང་བ་བྱས་ནས་བཞག ལྷག་གནས་ཀྱི་དཀྱིལ་འཁོར་ལ་མཆོད་པ་གསར་དུ་བཤམས། སྒྲུབ་ཐབས་བཞིན་བྱིན་གྱིས་བརླབས། མཆོད་བསྟོད་བསྡུས་པ་དང༌། ནང་མཆོད་ཕུལ་ནས། ༀ་བཛྲ་ཨུ་ཏིཥྛ་ཞེས་པའི་སྔགས་རྒྱས་དཀྱིལ་འཁོར་བཏེགས་ལ། ཉི་ ཟླ་ཁ་སྦྱོར་གྱི་དབུས་སུ་བཞུགས་པར་གྱུར། དེ་ནས་མཆོད་བསྟོད་བསྡུས་པ་དང༌། ལས་ཐམས་ཅད་པས་བསྲུང་ བ་བྱ། དཀྱིལ་འཁོར་གྱི་ས་གཞི་ལ། ༀ་སརྦ་སཾ་ཤོ་ངྷ་ནི་ཧཱུཾ། ཞེས་དྲི་བཟང་གི་ཆུས་གཏོར། བྱི་དོར་བྱ། མཐའ་ལ་མེ་ཏོག་ བཀྲམ། སློབ་དཔོན་ཤར་དུ་ཕྱོགས་པས་བདེ་བར་ལག་པ་གཡོན་པས་ཐིག་སྐུད་བཟུང༌། སློབ་མ་ནུབ་ཏུ་ཕྱོགས་པ་ལ་གཡས་ པས་ཐིག་སྣ་གཏད། ཛྫཿཞེས་བརྗོད། སློབ་མས་གཡོན་པས་བླངས་ལ་ལྟེ་བར་བཟུང༌། དེ་ནས་ཇི་ལྟར་ཐིག་གདབ་པ་ནི། ཐིག་ འཛིན་ཚུལ་དེ་ཉིད་ལས། སློབ་དཔོན་གྱི་གཡས་པའི་ཐེབ་མཛུབ་ཀྱིས་ཐིག་སྐུད་ནམ་མཁར་འདེབས་པའི་ཚེ། ༀ་བཛྲ་ས་མ་ ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་རིང་འདིར་སྤྱོན་ཅིག ། ཐིག་གི་སྒྲས། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ། མར་མེ་གཅིག་ལ་གཉིས་ཆད་ཀྱི་ཚུལ་དུ་བྱོན་ནས་ 23-1-178 ཐིག་སྐུད་ལ་ཐིམ། དེ་ཡང༌། ནུབ་ཤར་གནས་པས་ཚངས་ཐིག་དང་པོ་གདབ། །ལྷོ་བྱང་གཉིས་པ་མེ་ དབང་ཤར་གྱི་ལོགས། །རླུང་སྲིན་ནུབ་དང་རླུང་དབང་བྱང་ཡིན་ཏེ། །མེ་སྲིན་གནས་པས་ལྷོ་ ཡི་རྩ་ཐིག་གདབ། །སྲིན་དབང་ཟུར་ཐིག་དང་པོ་མེ་རླུང་གནས། །ཟུར་ཐིག་གཉིས་པ་བཏབ་ དེ་ཐིག་ཆེན་བརྒྱད། །ཅེས་པ་ལྟར་ལ་གཡས་བསྐོར་དང༌། འགྲོས་སོགས་ལག་ལེན་བཞིན་བྱ། ཐིག་གཞན་རྣམས་ འདེབས་པར་སྤྲོ་ནའང་བཏབ་དེ། ལོགས་ཀྱི་ཞོར་ལ་བཏབ་ན་ལེགས་སོ། །དེ་དག་ཏུ་སློབ་དཔོན་རྐང་པ་གཡོན་སྐྱིལ་ཀྲུང་དང༌། གཡས་རྐང་མཐིལ་ས་ལ་བཙུགས་པའི་ཙོག་པུ་དང་སློབ་མ་དེ་ལས་ལྡོག་པས་སོ། ། གཉིས་པ་ནི། ཐིག་སྐུད་དེ་ཉིད་དམ། གཞན་ཡིན་ན་བསངས་སྦྱངས། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། བགེགས་མཐར་བྱེད་ལས་བུམ་གྱི་སྐབས་བཞིན་བསྐྱེད། གནས་གསུམ་བྱིན་རླབས་དང་དབང་བསྐུར་རྒྱས་གདབ་ས་ ལྷའི་སྐབས་བཞིན་བྱས་ལ་མི་བསྐྱོད་པས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཞུ་བ་ལས་བྱུང་བའི་ ཐིག་སྐུད་དུ་གྱུར། ༀ་བཛྲ་བེ་གཱ་ཨ་ཀྲ་མ་ཧོཿ ཞེས་པས་ཡེ་ཤེས་ཀྱི་ཐིག་བཏེགས་ཏེ། ཐིག་སྣ་གཏོད་ཚུལ་སོགས་ ཡེ་ཐིག་དང་འདྲ་བར་བྱས་ནས་ལས་ཐིག་གདབ་པར་བྱའོ། །དེ་ལ་དང་པོར་ཚངས་ཟུར་གྱི་ཐིག་གདབ། ཐག་རིང་དུ་བྱེད་ན་སྐམ་ ཐིག་གི་ཆ་ཐམས་ཅད་ཕྱེ་ནས། དེ་ནས་རྩ་ཐིག་གདབ་ཅིང༌། དེའི་རྗེས་སུ་ནང་གི་ཐིག་རྣམས་བཏབ། དེ་རྗེས་རྩ་ཐིག་གི་ཕྱི་རོལ་ རྣམས་བཏབ་ཐིག་ཐུང་ངུ་བྱེད་ན། ཐིག་ཆེན་བརྒྱད་དང་པོར་བཏབ་ནས། དེའི་འོག་ཏུ་ཆ་དབྱེའོ། །རྩ་ཐིག་གི་ནང་དུ་ཆ་ཆེན་ གཅིག་ལྷ་སྣམ་དུ་བཞག་ནས། དབུས་སུ་ལེ་ཚེ་དགུའི་ཐིག་བཏབ། རྩ་ཐིག་གི་ཕྱི་རོལ་ཏུ་ལོགས་སུ་ཐིག་དྲུག་དང༌། གཡོན་ངོས་ སུ་ཐིག་བདུན་བདུན། ཆ་ཆེན་གཉིས་ཀྱི་ཚད་དུ་སྦྱར་བས། མདའ་ཡབ་ཚུན་ཆད་གྲུབ་པ་ཡིན་ལ། དེ་ནས་རྟ་བབས་ཀྱི་ཐིག་གདབ་ བོ། །ཟླུམ་ཐིག་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་དབུས་སུ། ལས་ཐམས་ཅད་པ་བཟླས་པའི་ཕུར་བུ་བཏབ་པ་ལ་ཐིག་སྐུད་བཀོན་ ཏེ་བསྐོར་བར་བྱའོ། །དེ་ལ་རྟ་བབས་སྒོ་ཚད་གཅིག་པ་དང༌། གསུམ་ནི་གདམ་ང་ཡིན་ལ། རྟ་བབས་སྣམ་བུ་བཞི་མར་གྲགས་པ་ ནི། ངན་སོང་སྦྱོང་རྒྱུད་ལས། ཐེམ་སྐས་བཞི་ཡི་འཕྲེང་བ་དང༌། །ཞེས་པའི་དོན་དུ་མི་མཁས་པ་དག་འདོད་ལ། དེ་ལྟ་མོད་ཀྱི་ཁ་ ཆེའི་མཁན་པོ་སྔ་མ་རྣམས་ཀྱི་ནི་ལག་གིས་ལེན་ནོ། །ཉི་འོག་དང༌། བལ་པོའི་ཡུལ་དུ་བཞི་པ་འདི་མེད་ཀྱང༌། སྔོན་ནི་སྣ་ཚོགས་པ་ དག་ཡོད་ཅིང༌། ཕྱིས་བཅུ་གཅིག་པ་ཁོ་ན་དར་རོ། །གང་དག་དཀྱིལ་འཁོར་གྱི་རྟ་བབས་ལ་སྣམ་བུ་བཅུ་གཅིག་མ་དང༌། བཞི་མ་ 23-1-179 གང་རུང་གིས་ཁྱབ་པར་འདོད་པ་ནི། རྒྱ་གར་ནས་བྱུང་བའི་དཀྱིལ་འཁོར་གྱི་བཀོད་པ་རྙིང་པ་རྣམས་མ་མཐོང་བར་ཟད་དོ། །དེ་ ལ་འཇིགས་མེད་འབྱུང་གནས་ཀྱི་ལུགས་ནི་ཐིག་གི་ཆ་རྣམ་པར་དབྱེ་བ་ནི་ལོགས་ཤིག་ཏུ་འབྲི་བར་འདོད། སྔ་མ་ཕལ་ཆེ་བ་ལྟར་ ན་འདི་ལྟར། ཚངས་དང་ཟུར་ཐིག་ལེགས་བཏབ་ནས། །ཆ་ཆེན་བཅུ་དྲུག་བགོ་བར་བྱའོ། །དང་དྲུག་ཕྱེད་གདབ་ཕྱི་ཕྱེད་གདབ། ། གཉིས་བདུན་བཞི་ཆ་བཞི་རུ་བགོ །གསུམ་པ་བཞི་པ་རང་སར་བཞག །ལྔ་བརྒྱད་དབུས་དོར་མཐའ་གཉིས་གདབ། །དགུ་པ་རྩ་ བའི་ཐིག་ཡིན་ཏེ། །བཅོ་ལྔ་པ་ནི་མདའ་ཡབ་ཐིག །དེ་གཉིས་ཟུར་ནས་ཟུར་དུའོ། །བཅུ་པ་ལ་སོགས་ཐིག་ལྔ་ནི། །ཟུར་ཐིག་ནས་ བརྩམས་ཚངས་ཐིག་ངོས། །གཉིས་པར་རེག་པ་དང་པོ་གཉིས། །བདུན་པར་རེག་པ་ཕྱི་མ་གསུམ། །ཚངས་ཐིག་ནས་བརྩམས་ གཉིས་པ་ནི། །བཅུ་ནས་བཅུ་གཅིག་བར་དུའོ། །ཚངས་ཐིག་ནས་བརྩམས་དང་པོ་ནི། །དགུ་ནས་བཅུ་གཉིས་ལ་རེག་པའོ། །དེ་ ནས་དངོས་སུ་གསུམ་པའི་བར། །སྟེང་དུ་བཅུ་གསུམ་པ་ལ་རེག །དེ་གཉིས་རྩེ་སྦྲེལ་བཞི་པ་ནི། །བཅུ་གཅིག་པ་ནས་བཅུ་བཞིའི་ བར། །རྩེ་ནས་རྩེ་རུ་བཅུ་བཞི་པ། །ཚངས་ཐིག་ནས་བརྩམས་ལྔ་པ་དང༌། །དྲུག་པ་བདུན་རྣམས་བཅུ་གཅིག་ནས། །བཅོ་ལྔའི་ ཐིག་ལ་རེག་པར་གདབ། །མདའ་ཕྱིར་གཅིག་ནས་ཚངས་ཐིག་སྟེང༌། །ཆ་ཆུང་གཉིས་ཀྱི་སྟེང་དུ་བསྐོར། །གཡས་གཡོན་སྣེ་ལས་ མཐུད་ནས་ནི། །ཆ་ཆུང་རེ་རེས་གཡས་གཡོན་བསྐོར། །དེ་ནང་ཆ་ཆུང་ཕྱེད་ཀྱིས་བསྐོར། །ནང་གི་བསྐོར་ཐིག་ལ་རེག་པར། །བཅུ་ དྲུག་ལ་སོགས་ཐིག་བཞི་ནི། །ཚངས་ཐིག་ནས་བརྩམས་བདུན་པ་དང༌། །དྲུག་ལྔ་བཞི་ལ་རེག་པར་གདབ། །དེ་དག་རྣམས་ཀྱི་རྩེ་ མོའང་སྦྲེལ། །ཉི་ཤུ་ལ་སོགས་ཐིག་གསུམ་ནི། །ཚངས་ཐིག་ནས་བརྩམས་དང་པོ་ལ། །རེག་པ་ཙམ་དུ་གདབ་བར་བྱ། །ཡང་ན་ རྩ་བ་ཆ་ཆུང་གཉིས། །རྩེ་མོ་ཆ་ཆུང་གཅིག་དབུས་རྭ། །ཚངས་ཕྱིར་གཉིས་དང་མདའ་ཕྱིར་གཅིག །ཀ་རྒྱན་རྩེ་ནས་ནང་ར་བསྐོར། ། དེ་ནས་ངོས་གཉིས་སྟེང་དུ་གཅིག །ཕྱི་ནས་སྔ་མའི་ཚད་ཀྱིས་བསྐོར། །དབུས་ཀྱི་ཆ་གསུམ་བཞི་བཞིར་བགོ །བཅུ་གཉིས་བཅུ་ གཅིག་བཅུ་སྟེང་བསྐོར། །གསུམ་པ་བཞི་པ་བསྣོལ་མར་བཏབ། །ལེ་ཚེ་དགུ་པར་འགྱུར་བ་ཡིན། །ཕྱི་རོལ་རིམ་པས་བསྐོར་ཐིག་ བཞི། །གཅིག་ཕྱེད་གཅིག་གི་ཚད་ནས་བསྐོར། །ཞེས་བྱའོ། ། གསུམ་པ་ནི་ཚོན་སྣ་ལྔའམ། ཉི་ཤུ་རྩ་ལྔ་ལེགས་པར་བཤམས། བསངས་སྦྱངས་སྟོང་པའི་ངང་ལས་སོགས། ཐིག་ སྐུད་ཅེས་པའི་གནས་སུ་རྡུལ་ཚོན་ཞེས་པ་དང༌། བཛྲ་སཱུ་ཏྲཾ་ཞེས་པའི་གནས་སུ་བཛྲ་ཙ་ཏྲཾ་དང༌། སཱུ་ཏྲ་ནཱ་ཡའི་ གནས་སུ་ཙི་ཏྲ་ཎ་ཡ་ཞེས་པའི་ཁྱད་པར་མ་གཏོགས་ཡེ་ཐིག་དང་འདྲ། མིག་གཡས་པ་མ་ཞེས་པ་ནས། བརྟན་ 23-1-180 པར་བྱས་ཀྱི་བར་ཡང་རྡུལ་ཚོན་ཞེས་པ་ཉིད་ཁྱད་པར་རོ། །ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བརྒྱ་རྩ་བཟླ་ཞིང་ མཐེབ་སྲིན་གྱིས་མཉེ། རྡུལ་ཚོན་རྣམས་ལ་ཧི་ཡིག་བྲིས་ཏེ། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་མང་ ཞིང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ལ་ཆགས་པ་དང༌། རྗེས་སུ་ཆགས་ པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །ཅེས་བརྗོད་ལ་ཡིད་ཀྱིས་མཆོད། བཞི་པ་ནི། སྤྱིར་འདི་ལ་སྔར་བཤད་པའི་ལས་ཐིག་བཏབ་ནས། ཡེ་ཐིག་གིས་བྱིན་གྱིས་བརློབ་པའི་ལག་ལེན་ཤས་ཆེ་ བར་ཡོད་པ་སྤྱི་དང་མཐུན་པར་ལེགས་མོད། འདིའི་རང་གཞུང་གཞན་ན་ལས་ཐིག་མི་གསལ་ཡང༌། སྨན་ཞབས་ཀྱི་གཞུང་ན། ཡེ་ ཐིག་གི་རྗེས་སུ་ལས་ཐིག་འདེབས་པ་གསལ་བའི་ཕྱིར། འདིར་དེ་བཞིན་དུ་བཀོད་དོ། །དེས་ན་སྐབས་འདིར། ༀ་བཛྲ་བེ་ག་ ཨ་ཀྲ་མ་ཧོཿ ཞེས་པས་ལས་ཐིག་ཀྱང་བཏེགས་ལ། སློབ་དཔོན་ནང་དུ་ཞུགས་ཏེ། ཧི་ཧི་ཞེས་རྡོ་རྗེའི་ལྟ་བ་དང་བཅས་སྒོ་ ཐམས་ཅད་ཀྱི་རྩ་ཐིག་དབྱིའོ། །གལ་ཏེ་ལས་ཐིག་ལ་བསྐྱེད་ཆོག་མེད་པར་ཆ་དབྱེ་བ་ཙམ་ཡིན་ན་འདེགས་མི་དགོས་སོ། །དེ་ནས་ སློབ་དཔོན་གྱིས་དབུས་ཀྱི་ཕུར་བུ་ཕྱུང༌། ཡེ་ཤེས་པ་ལག་པའི་རྡོ་རྗེ་ལ་ཐིམ། ཕུར་ཁུང་རྩིག་པའི་རིམ་པ་དང་མཐུན་པའི་རྡུལ་ ཚོན་གྱིས་འགེངས་བཞིན་དུ་དྲིལ་བུ་དཀྲོལ་ལ། འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་ རབ་སྒྲོལ་བྱེད། །རང་ཉིད་འཇམ་དབྱངས་རྒྱལ་པོ་སྟེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། ། ཉེས་པ་ཀུན་ལས་རྣམ་གྲོལ་བ། །འཁོར་ལོའི་ནང་ན་ཡང་དག་གནས། །ཞེས་པའི་དོན་དྲན་བཞིན་དུ་ གླུར་བླང་ངོ༌། །དབང་ལྡན་གྱི་རྩིག་པ་འབྲི་བ་མཐའ་གཅིག་ཏུ་དགོས་པ་ནི་མ་ཡིན་ནོ། །དེ་ནས་ཅི་བདེར་འགྱེད་དེ། དཀྱིལ་འཁོར་ གྱི་ཆ་ཐམས་ཅད་ཀྱི་ཁ་དོག་དང་མཚན་མ་ནི་སྤྱི་དང་འདྲ་ལ། བུམ་པ་བརྒྱད་ཀྱང་འབྲི། ལེ་ཚེ་དགུའི་དབུས་མ་སྔོ་བ། གཞན་རྣམས་ ཕྱོགས་མདོག་ཀ་བ་ནག་པོ་རང་རང་གི་མཚན་མ་ཅན། གདུང་ཟླུམ་ནག་པོ་ལ་རྡོ་རྗེ་དཀར་པོའི་འཕྲེང་བའོ། །ལྷ་མཚན་བསྐྱེད་ ཆོག་ལས་ཤེས་ཤིང༌། གླང་རྒྱབ་ཕྱོགས་མདོག་དང་སྔོན་པོ་གཉིས་ཀར་མི་འགལ་ལོ། །གལ་ཏེ་འཕྲེང་བ་ལྟར་ན་ཡང་སྐྱོག་པོ་དང་ མིག་གསུམ་ཡང་གདམ་ང་ཡིན་ནོ། །རིགས་ཀྱི་བྱིན་གྱིས་བྱས་པའི་བྱ་བ་བསྡུས་པ་དང༌། དརྤཎཱ་ཙཱཪྻའི་བྱ་བ་ཀུན་ལས་བཏུས་པའི་ ལུགས་རྣམ་གྲངས་སུ་བཞག་པ་ཐམས་ཅད་ཀྱང༌། དེའི་ལུགས་ཁོ་ན་ཡིན་པས་དེ་ལྟར་བྱ་ལ། དེ་ནས་སྐབས་འདིར་ཐིག་ཚོན་ལ་ ལྷན་ཅིག་ཏུ། མཆོད་བསྟོད་བྱས་ཏེ་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུ་བའམ། གོང་དུ་ཐིག་དང༌། འདིར་རྡུལ་ཚོན་གྱི་དགེ་ 23-1-181 བསྒྲུབས་ན་ཡང༌། ཤིན་ཏུ་ལེགས་སོ། །དེ་ལྟར་འབྲི་བའི་བྱ་བ་ཟིན་པ་ན། སྤྱི་དང་མཐུན་པར་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་ བ་དང༌། ལས་བུམ་གྱིས་ཁྲུས་གསོལ་རྣམས་བྱས་ལ། ལས་ཐམས་ཅད་པ་བཟླས་ཤིང་བསྲུང་རྒྱན་དང༌། མཆོད་རྫས་ཀུན་ལའང་ ལས་ཐམས་ཅད་པས་བསངས་གཏོར་བྱས་ནས། ས་རྒྱན། གནམ་རྒྱན་རྣམས་བཀྲམ། མཆོད་པ་སྟ་གོན་གྱི་དུས་ལས་མི་ཉུང་བ་ ངེས་པར་བཤམས་དགོས་ཤིང༌། མང་བ་ལ་ནི་ཚད་མེད་དོ། །བུམ་པ་ཡང་ལྷ་སོ་སོའི་གནས་སུ་འགོད་པའམ། ཤར་སྒོའི་གཡས་ གཡོན་དུ་འགོད་པའམ། ཕྱོགས་མཚམས་སུ་འགོད་པ་ཅི་བདེ་བར་བྱས་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་ མ་གཉིས་ཀྱང་བཤམས། སྔོན་འགྲོ་གཏོར་མ་ནས། བདག་བསྐྱེད་བཟླས་པ་དང་བཅས་པའི་བར་སྟ་གོན་བཞིན་བྱས་ལ། དཀྱིལ་ འཁོར་སྒྲུབ་པ་ལ་འཇུག་གོ །དེ་ཡང་དེ་དག་ཉིན་ཞག་དེ་ཉིད་ལ་སོང་ཞིང༌། མཉམ་པར་བཞག་བཞིན་པ་ཡིན་ན་ནི། སྐབས་འདིར་ བདག་བསྐྱེད་བྱེད་མི་དགོས་སོ། །གང་ལྟར་དཀྱིལ་འཁོར་བསངས་སྦྱངས། སྟོང་པའི་ངང་ལས། འོག་ཏུ་ཨཾ་ལས་ བྱུང་བའི་ནས། འབར་བས་སྐོར་བར་གྱུར། དེའི་དབུས་སུ་སཾ་ལས་རྡོ་རྗེ་དཀར་པོ་ནས། ཡོངས་ སུ་རྫོགས་པར་གྱུར། གདན་དེ་རྣམས་ཀྱི་སྟེང་དུ། ལྷའི་མཚན་མ་རྣམས་ཀྱི་རང་བཞིན་དབུས་ སུ། མཾ་ལས་རལ་གྲི་མཾ་གྱིས་མཚན་པ་ལ་ཡོངས་སུ་གྱུར་པ་ལས། དཔལ་ལྡན་འཇམ་པའི་རྡོ་ རྗེ་ནས། ཐམས་ཅད་དང་ལྡན་པར་གྱུར། ཤར་དུ་བྷྲུཾ་ལས་འཁོར་ལོ་བྷྲུཾ་གྱིས་མཚན་པ་ལས། རྣམ་སྣང་སོགས། ལྷོ་རུ་ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་པ་ལས། རིན་ཆེན་འབྱུང་ལྡན་སོགས། ནུབ་ཏུ་ཛྲིཾ་ལས་པདྨ་ཛྲིཾ་གིས་མཚན་པ་ལས། འོད་དཔག་མེད་སོགས། བྱང་དུ་ཁཾ་ལས་རལ་གྲི་ ཁཾ་གིས་མཚན་པ་ལས། དོན་ཡོད་གྲུབ་པ་སོགས། ཤར་ལྷོར་ལཾ་ལས་འཁོར་ལོ་ལཾ་གྱིས་མཚན་ པ་ལས། སྤྱན་མ་སོགས། ལྷོ་ནུབ་ཏུ་མཾ་ལས་ཨུཏྤལ་དམར་པོ་མཾ་གྱིས་མཚན་པ་ལས། མཱ་མ་ཀཱི་ སོགས། ནུབ་བྱང་དུ་པཾ་ལས་པདྨ་པཾ་གྱིས་མཚན་པ་ལས། གོས་དཀར་མོ་སོགས། བྱང་ཤར་དུ་ཏཾ་ ལས་ཨུཏྤལ་སེར་པོ་ཏཱཾ་གིས་མཚན་པ་ལས། སྒྲོལ་མ་སོགས། རིམ་པ་གཉིས་པའི་ཤར་ལྷོར། ཛ་ ལས་མེ་ལོང་དམར་པོ་ཛཿས་མཚན་པ་ལས། གཟུགས་རྡོ་རྗེ་སོགས། ལྷོ་ནུབ་ཏུ་ཧཱུཾ་ལས། པི་ཝཾ་ སྔོན་པོ་ཧཱུཾ་གིས་མཚན་པ་ལས། སྒྲ་རྡོ་རྗེ་མ་སོགས། ནུབ་བྱང་དུ་བཾ་ལས་དྲི་བཟང་སེར་པོས་གང་ 23-1-182 བའི་དུང་ཆོས་བཾ་གྱིས་མཚན་པ་ལས། དྲི་རྡོ་རྗེ་མ་སོགས། བྱང་ཤར་དུ་ཧོཿལས་རོ་དྲུག་གིས་ གང་བའི་སྣོད་དམར་པོ་ཧོཿས་མཚན་པ་ལས་རོ་རྡོ་རྗེ་མ་སོགས། ཤར་སྒོའི་གཡས་སུ་ཁཾ་ལས་ ལྷ་རྫས་ཀྱི་གོས་ཁ་དོག་སྣ་ཚོགས་པ་ཁཾ་གིས་མཚན་པ་ལས། རེག་རྡོ་རྗེ་མ་སོགས། ཤར་སྒོའི་ གཡོན་དུ་རཾ་ལས་ཆོས་འབྱུང་དཀར་པོ་རཾ་གིས་མཚན་པ་ལས་ཆོས་དབྱིངས་རྡོ་རྗེ་མ་སོགས། དེ་ ཐམས་ཅད་ཀྱང་ནས་ཉི་མའི་འོད་འཕྲོ་བའོ། །ཤར་སྒོར་ཧཱུཾ་ལས་རྡོ་རྗེ་ཐོ་བ་རྭ་ཉི་ཤུ་པ་ཧཱུཾ་གིས་ མཚན་པ་ལས། གཤིན་རྗེ་མཐར་བྱེད་སོགས། ལྷོ་སྒོར་ཧཱུཾ་ལས་རྡོ་རྗེ་མཚན་པའི་བེ་ཅོན་དཀར་ པོ་ཧཱུཾ་གིས་མཚན་པ་ལས། ཤེས་རབ་མཐར་བྱེད་སོགས། ནུབ་སྒོར་ཧཱུཾ་ལས་པདྨ་དམར་པོ་ཧཱུཾ་ གིས་མཚན་པ་ལས། པདྨ་མཐར་བྱེད་སོགས། བྱང་སྒོར་ཧཱུཾ་ལས་རྡོ་རྗེ་ནག་པོ་ཁ་གྱེས་པ་ཧཱུཾ་གིས་ མཚན་པ་ལས་བགེགས་མཐར་བྱེད་སོགས་དང༌། ཁྲོ་བོ་བཞི་པོ་ནས་བཞུགས་པའོ། །བདག་ཉིད་ དང་དཀྱིལ་འཁོར་ཀྱི་གཙོ་བོ་གཉིས་སུ་མེད་པར་གྱུར། རང་གི་པང་དུ་རྨེ་ཤ་ཅན་གྱི་རིགས་ ལས་བྱུང་བའི་བུ་མོ་ཨུཏྤལ་མཐིང་ཁ་ལྟ་བུའི་མདོག་ཅན་ལོ་བཅུ་དྲུག་ལོན་པ། གཟུགས་ དང་མདངས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་ རྫོགས་པས་གནས་པར་གྱུར། དེ་ཉིད་ཀྱང་མཾ་ཡིག་དམར་སེར་དུ་གྱུར། མཾ་ལས་རལ་གྲི་མཾ་ གྱིས་མཚན་པ་ལས། ཡུམ་འཇམ་པའི་རྡོ་རྗེ་མ་ནས། རྫོགས་པར་གྱུར། ཡུམ་གྱིས་སྤྱི་གཙུག་ ནས་སྙིང་གའི་བར་དུ་ནས། ཨཱཏྨ་ཀོ྅ཧཾ། དེ་ལྟར་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པའི་བདེ་ བ་ཆེན་པོའི་སྒྲས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ། ཁྲོ་བོའི་དབང་པོ་རང་ རང་གི་ལྷ་མོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ཤིང་གཅིག་ཏུ་འདུས་པ་སྒོམ་ པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་ལྷ་བཅུ་དགུའི་དཀྱིལ་འཁོར་བཛྲ་ས་མཱ་ཛཿ ཞེས་པ་ནས། ཤཔྟའི་བར་གྱིས་མཆོད། ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རང་གི་སྤྱི་བོ་ ནས་ཞུགས། རྗེས་ཆགས་ཀྱི་མེས་བྱང་ཆུབ་སེམས་སུ་ཞུ་བ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ 23-1-183 བབས་པ་ཡོངས་སུ་གྱུར་པ་ལས། ཡེ་ཤེས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་ པར་བཅས་པ་ཡོངས་སུ་རྫོགས་པར་གྲུབ་པར་གྱུར། དཀྱིལ་འཁོར་ཡོངས་རྫོགས་མཁའ་ ནང་ནས་ཕྱིར་སྤྲོས། ཁྲོ་བོ་བཞིས་དགུག་གཞུག་བཅིང་མཉེས་ཀྱི་ལས་མཛད་པར་གྱུར། ༀ་ ཡ་མནྟཱ་ཀྲྀཏ་ཛཿ ནས་ཧོཿ ལྷ་ཐམས་ཅད་མིག་ཏུ་ནས། བརྒྱན་པའོ། །ལྷ་ཐམས་ཅད་ཀྱི་ནུ་མ་ གཉིས་ཀྱི་ནས། རྡོ་རྗེ་གསུམ་གྱི་སྔགས་བརྗོད་ཟིན་པའི་བར་བསྙེན་སྒྲུབ་བར་མའི་སྐབས་བཞིན་བྱའོ། །ཡབ་ཡུམ་ གཉིས་ཀའི་ཐུགས་རྡོ་རྗེའི་གོང་དུ་ནས། ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་གཉིས་དང༌། རྣམ་སྣང་སོགས་དེ་བཞིན་གཤེགས་པ་ནས། བདག་པོས་དབུ་བརྒྱན་གྱི་བར་སྒྲུབ་ཆེན་ཆེན་པོ་བཞིན་ནོ། ། དབང་གི་ལྷ་ཐམས་ཅད་ཀྱང་གཉིས་སུ་མེད་པར་ཐིམ། ཞེས་བརྗོད། སེམས་དཔའ་གསུམ་བརྩེགས་ཀྱི་ སྐབས། འཇམ་པའི་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཞེས་པ་དང༌། ཡེ་ཤེས་སེམས་དཔའ་ འཇམ་པའི་རྡོ་རྗེ་ཡབ་ཡུམ་སེར་སྔོ་ཞེས་སོགས་འདོན་པ་བསྒྱུར་དགོས། ཡང་རང་གི་ཐུགས་ཀའི་མཾ་ ལས་འོད་ཟེར་འཕྲོས་པས། སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ནས། ཏ་ཀྲྀཏ་ཧོཿའི་བར་བསྙེན་པ་ཆེན་པོའི་སྐབས་བཞིན་ནོ། ། གསུམ་པ་མཆོད་པ་ནི། སྒྲུབ་ཐབས་བཞིན་མཆོད་པ་བྱིན་རླབས་བྱས་ལ། མཆོད་འཕྲེང་དུ་རྒྱས་པར་བཤད་ཟིན་པ་ལྟར། མཆོད་པ་ཐམས་ཅད་རྫོགས་པར་བྱ་ལ། བསྟོད་པ་རྒྱས་བསྡུས་སྐབས་དང་བསྟུན། དེ་དག་གི་མཐར་བཟླས་པ་ཅི་རིགས་པ་བྱ་ ཞིང༌། ཡི་གེ་བརྒྱ་པ་ལན་བདུན་བརྗོད། སྒྲུབ་ཐབས་སུ་བཤད་པ་ལྟར། འཇིག་རྟེན་ལས་འདས་པའི་གཏོར་མ་ནི། སྐབས་འདིར་ ངེས་པར་འབུལ་ཞིང༌། དེ་ཡང་གཏོར་མ་བྱིན་གྱིས་བརླབས་མ་ཐག་མདུན་བསྐྱེད་ཀྱི་ལྷ་ལ་ཕུལ་བས་མཆོག་གིས། གཏོར་མའི་ལྷ་ སྤྱན་འདྲེན་པ་མི་དགོས་སོ། །སྒོས་ཀྱི་ཆོས་སྐྱོང་ལ་གཏོར་མ་འབུལ་ན། བར་འདིར་བྱ་ལ། དེ་ནས། སྒྲུབ་ཐབས་སུ་བཤད་པའི་ ཆོ་གས་ཕྱོགས་སྐྱོང་ལ་ནང་གཏོར་འབུལ་ལོ། །ཕྱོགས་སྐྱོང་ལ་ཕྱི་རོལ་གཏོར་མ་ཁོ་ན་བྱེད་པའི་་ལག་ལེན་ཡང་སྣང་མོད། དེ་ལ་ཕྱི་ རོལ་ཏུ་ཕྱིའི་ཆོ་ག་ཁོ་ནས་ཕུལ་ན། ནང་གཏོར་གྱི་ཆོ་ག་མ་ཚང་བའི་ཉེས་པ་དང༌། འགའ་ཞིག་ལྟར་ནང་ཆོག་གི་ཕྱི་རོལ་གཏོར་མ་ བཏང་ན། ཆོ་ག་འཁྲུལ་པར་འགྱུར་བས་ཕྱོགས་སྐྱོང་གི་གཏོར་མ་ལ་ཕྱི་ཆོག་ནང་ཆོག་གི་དབྱེ་བ་ཕྱེད་པར་བྱས་ནས། གཉིས་ཀར་ 23-1-184 བྱེད་པ་གལ་ཆེའོ། །ལག་ལེན་མང་པོ་ཞིག་ལ། ཕྱི་རོལ་གཏོར་མ་རྣམས་ནང་ཆོག་ཁོ་ནས་བྱེད་ཀྱིན་གནང་ཀྱང༌། དམ་ཚིག་ཅན་ ཕྱི་རོལ་ཏུ་ཕྱུང་བའི་ཉེས་པར་འགྱུར་ཞེས་དེ་ཉིད་རིག་པ་དག་འདོམས་སོ། །དེ་ནས་ཕྱི་རོལ་གཏོར་མ་གཏོང་སྟེ། གཏོར་མ་ལྕོག་ ཟླུམ་ཚད་ཆེ་ཞིང༌། ཤ་ཆང་ལ་སོགས་པ་ཁ་ཟས་སྐུ་བག་ཅན་གྱིས་སྦགས་པ། བ་དན་ཁ་དོག་སྣ་ཚོགས་པ་བཙུགས་པ་ཞིག་དཀྱིལ་ འཁོར་ཁང་པའི་ཕྱི་རོལ་ཏུ་སྟེགས་བུའི་སྟེང་དུ་བཞག ཆུ་གསུམ་མམ། གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། ནང་མཆོད། རྡོ་ རྗེ་དྲིལ་རོལ་ཆ་སོགས་འདུས་བྱས། སྒྲུབ་ཐབས་བཞིན་གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་ ལྕགས་ཀྱུ་ལྟ་བུ་ནས། དཔག་ཏུ་མེད་པས་བསྐོར་བའོ། །མཆོད་ཡོན་དང༌། ཉེར་སྤྱོད་ལྔས་མཆོད། ༀ་ ཨཱཿབཛྲ་ཡུཏྡྷ་སོགས་ཀྱིས་སོ་སོར་ཕུལ། ༀ་ཨཱཿ དུས་གསུམ་སྐྱེས་པ་ཀུན་དང༌། །ནས། བསྲུང་བ་ མཛད་དུ་གསོལ་གྱི་བར་གྱིས་སྤྱིར་བཏབ། དེ་ནས་མཆོད་པ་རྣམས་གཏོར་སྣོད་དུ་བསྡུས་ལ། ཨརྒྷཾ་ནས། ཤཔྟའི་བར་ གྱིས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས་ཀུན་འགྲུབ་ཤོག །ཡིག་བརྒྱ་ལན་གསུམ་བརྗོད། འཇིག་རྟེན་འདི་ན་ནས། བཟོད་པར་གསོལ། ༀ་ཨ་ཀཱ་རོ་མུ་ནས། བཛྲ་མུཿ ཞེས་གཏོར་མ་རོལ་མོའི་སྒྲ་ དང་བཅས་གཙང་སར་དོར། ཚམ་རྔམས་དང་བཅས་ཏེ་བདུད་རྩི་འཁྱིལ་པའི་སྔགས་དྲག་ཏུ་བཟླས་ཏེ་བགེགས་བསྐྲད་དོ། །སློབ་ དཔོན་གྱི་རྟིང་མནན་ལ་འོངས་ཏེ། ནང་དུ་ཉེ་རེག་བྱ། རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་ཏེ། ལྷ་སྣམ་གྱི་སྟེང་ནས་བསྐོར་བ་བྱས་ པར་མོས་ལ། ཧཱུཾ་བཞི་པ་བཟླ་ཞིང༌། བསྐོར་བ་ལན་གསུམ་བྱ། ཤར་སྒོ་ནས། མེ་ཏོག་སྔོན་པོ་ཕུལ་སྟེ། ༀ་མཆོག་ཏུ་བདེ་ བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ལྡན་འདས་ལ་འདུད། །ཛཿཧཱུཾ་བཾ་ ཧོཿ ཧི་ཧི་ཧི་མགོན་པོ་སྙིམ་པའི་མེ་ཏོག་བཞེས་སུ་གསོལ། ཡང་ནུབ་སྒོའི་ཐད་དུ་སོང་སྟེ། པད་ཀོར་ལས་ཧཱུཾ་ མཛད་ཀྱི་ཕྱག་རྒྱ་བཀྲོལ་བཞིན་པས། ༀ་བཛྲ་ཨུཏྒ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་ཤར་སྒོ་ཕྱེ་བར་བསམ་ མོ། །དེ་བཞིན་དུ་སྒོ་བཞི་ཆར་ཕྱེ་ནས། ས་མ་ཡ་པྲ་ཝེ་ཤ་ཡ་མི། ཞེས་མེ་ཏོག་ཕྲེང་བ་བླངས་ཏེ། མགོ་ལ་བཅིངས། ༀ་ པྲ་ཎ་མ་མི་སརྦ་ཏ་ཐཱ་ག་ཏཾ། ཞེས་ཕྱག་བྱ། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་བཀའ་དྲིན་ བསྩལ་དུ་གསོལ། ཞེས་གསོལ་བ་བཏབ། བར་འདིར་སྦྱིན་སྲེག་གི་ཆོ་གས་ལྷ་མཉེས་པར་བྱས་ནས་སྤྲོས་པ་ལ་དགའ་ ཞིང་སྤྲོ་ན་སླར་ཡང་མཆོད་བསྟོད་བསྡུས་པ་ཞིག་བྱ། བསྐོར་བའི་གར་དང་བཅས་པའམ་མེད་ཀྱང་རུང་སྟེ། 23-1-185 ཧཱུཾ་ཧཱུཾ། འཁོར་བ་འདོན་བྱེད་སྐུ་འཛིན་པ། །གཉིས་གཉིས་འཁྱུད་པའི་སྦྱོར་བས་མཆོད། །མི་ བསྐྱོད་རྡོ་རྗེ་ཁྱོད་འབའ་ཞིག །ཏེ་ཎྞ་ཧཱུཾ། ཏེ་ཎྞ་ཧཱུཾ། ཏེ་ཎྞ་ཏེ་ཏེ་ཧཱུཾ། ཁྱོད་ཀྱིས་ཞབས་ཀྱིས་པདྨ་ ལ། །ལྷ་དང་མི་ཡིས་འདུད་པའི་མཆོག །སྤྲུལ་པའི་མེ་ཏོག་སྣ་ཚོགས་བདག །མི་བསྐྱོད་རྡོ་རྗེ༴ ཏེ་ཎྞ་ཧཱུཾ། སོགས། དངོས་པོ་རྣམ་གྲོལ་རྣམ་པར་གཉེན། །གསང་བའི་གསང་བ་འཛིན་པ་ཁྱོད། ། བདུད་རྩི་མཐའ་མེད་གསོལ་ལ་ཁྱོད། །ཁྱོད་ཀྱི་དགོངས་པ་པད་རྒྱས་མིན། །ཏེཎྞ་སོགས། རྩོམ་ ཡང་སེམས་ཅན་དོན་མཛད་པ། །རྒྱུ་མེད་གཟུགས་ལ་ཕྱག་འཚལ་ལོ། །ཏེཎྞ་སོགས། ཟླ་བ་ལྟར་ མཛེས་སྐུ་གཙང་ཞིང༌། །སྟོན་ཀའི་ཟླ་བཞིན་མཛེས་པའི་ཞལ། །ཏེ་ཎྞ་སོགས། ཕན་ཚུན་འཁྱུད་ པའི་སྦྱོར་ལྡན་པ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་མཆོག །ཏེ་ཎྞ་སོགས། བྱ་བ་ཁྱབ་འཇུག་ལེགས་ལྡན་ གཟུགས། །མཛེས་པའི་རྒྱན་གྱིས་གཟུགས་ཅན་ཏེ། །ཏེ་ཎྞ་སོགས། སྒྱུ་འཕྲུལ་ལས་ཀྱི་འགྲོ་ བ་གཟུགས། །རྐྱེན་གྱིས་མ་བྱས་གཟུགས་ཅན་ཡིན། །ཏེ་ཎྞ་སོགས། བཀྲ་ཤིས་དབྱངས་ཀྱིས་ བཀང་བྱས་ནས། །ཐམས་ཅད་ཀུན་གྱིས་གླུ་བླང་ངོ༌། །ཏེ་ཎྜ་སོགས། དེ་ལྟར་བཀྲ་ཤིས་ཀྱིས་གླུ་བླང་ངོ༌། ། དེ་ནས་བདག་ཉིད་འཇུག་པར་འདོད་ན། སློབ་མ་ལ་དབང་བསྐུར་བའི་ཚེ་ཡིན་ཡང་རུང་མིན་ཡང་རུང་སྟེ། དབང་གི་དངོས་ གཞི་རྣམས་ཇི་ལྟར་འདོད་པ་ལྟར་ས་བླངས། འཇུག་པ་རྒྱས་བསྡུས་གཉིས་ཀས་ཀྱང་རུང་མོད་ཀྱི། གཙོ་བོར་རྒྱས་པ་བསྔགས་སོ། ། དེ་ཡང་འོག་ཏུ་འཆད་པ་ལྟར་སློབ་མ་ལ་དབང་བསྐུར་བ་ཇི་ལྟ་བ་བཞིན་ནོ། །སྒྲུབ་ཅིང་མཆོད་པའི་ཡན་ལག་ཏུ་བདག་འཇུག་གི་ དབང་ངེས་པར་བླང་དགོས་པ་ནི་མ་ཡིན་ནོ། །དེས་ན་འདི་དཀྱིལ་འཁོར་ཞག་གི་ཆོ་ག་དང་འབྲེལ་ལ། སློབ་མ་དབང་བསྐུར་བ་ དང་ཡང་འབྲེལ་ཞིང༌། སློབ་དཔོན་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པ་ལ་ནི། སློབ་མ་དབང་བསྐུར་བའི་ཡན་ལག་ཏུ་ཡང་ མི་དགོས་པར་བཤད་མོད་ཀྱི། འཕགས་པའི་ས་མ་ཐོབ་པ་ལ་དེ་ལྟ་བུ་ཉུང་བའི་ཕྱིར། དེའི་སྔོན་འགྲོར་ངེས་པར་སྦྱར་རོ། ། བཞི་པ་དབང་བསྐུར་བའི་བྱ་བ་ལ། སྟ་གོན་དང་དངོས་གཞི་གཉིས་ལས། དང་པོ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་ པ་གཉིས་སོ། །དང་པོ་ལ། བསམ་པ་འཆོས་ཤིང་བུ་རུ་བྱ། །གསོལ་བཏབ་མོས་པ་བསྐྱེད་པ་དང༌། །ཐུན་མོང་སྡོམ་བཟུང་བྱིན་ རླབས་དང༌། །མཆོད་དང་སོ་ཤིང་དོར་བ་དང༌། །འཁྱོར་ཆུ་ཀུ་ཤ་བསྲུང་སྐུད་སྦྱིན། །སྤྲོ་བ་བསྐྱེད་ཅིང་རྨི་ལམ་བརྟག །ཅེས་པ་ལྟར་ 23-1-186 བཅུ་གསུམ་ལས། དང་པོ་ནི། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་ལ་དགའི་བདག་ཉིད་ ཅན། །དེ་དག་ཀུན་ལ་དཀྱིལ་འཁོར་གྱི། །ཆོ་ག་ཡང་དག་རྗེས་སུ་གནང༌། །ཁ་ཅིག་གསང་ སྔགས་གྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་འཇུག་པར་བྱེད། །བསོད་ནམས་འདོད་ པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་གཞན་དོན་གཉེར། །སླར་ཡང་དད་པ་ལྡན་པ་ དག །འཇིག་རྟེན་ཕ་རོལ་དོན་གཉེར་བས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་ འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་འབྱུང་མི་འགྱུར། ། འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་བརྗོད་ལ་དོན་ སེམས་སུ་བཅུག ། གཉིས་པ་ནི། སློབ་མ་རྣམས་མེའི་དཀྱིལ་འཁོར་འབར་བ་ལ་གནས་ཤིང༌། སྙིང་ཁར་ཡང་རཾ་ ཡིག་ལས་བྱུང་བའི་མེའི་དཀྱིལ་འཁོར། དེ་གཉིས་ཀར་འབར་བ་ལས། སྡིག་སྒྲིབ་དང༌། ཐ་ མལ་གྱི་ཕུང་པོ་ལྷན་ཅིག་ཏུ་བསྲེགས་ཏེ། རྣམ་ཤེས་ༀ་ཨཱཿཧཱུཾ་གསུམ་དུ་གནས་པར་གྱུར། དེ་ ཉིད་སློབ་དཔོན་གྱི་ཐུགས་ཀའི་ཧཱུཾ་གི་འོད་ཀྱིས་བཀུག ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ། འོད་དུ་ཞུ་བ་ཡོངས་སུ་གྱུར་པ་ལས། མི་བསྐྱོད་ པ་སྔོན་པོ་ཞལ་གསུམ་ཕྱག་དྲུག་པར་གྱུར། སླར་ཡང་ཕྱོགས་བཅུའི་སངས་རྒྱས་ཐམས་ ཅད་སྤྱན་དྲངས། ཞལ་དུ་ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་སྟེ། རྡོ་རྗེའི་ལམ་ནས་བྱུང་བས། དབང་བསྐུར་ཞིང་མཐར་གཉིས་སུ་མེད་པར་ཐིམ། ཧཱུཾ་ཞེས་བྱ་བས་མཁའ་ནང་ནས་ཕྱིར་སྤྲོས་ ཏེ། གྲལ་ལ་རིམ་པ་བཞིན་དུ་འཁོད་པའི་མོས་པ་མཛོད། ཅེས་བརྡའ་སྤྲད། གསུམ་པ་ནི། མཎྜལ་ཕུལ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་ སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་ 23-1-187 དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། ། མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ་གསོལ་བ་བཏབ། བཞི་པ་ནི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་སྟེ། །བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་ སྔགས་སྤྱོད་ཚུལ་ཆོ་ག་མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་ མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་སེང་གེ་ སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་ཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་ རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད་དོ། ། ལྔ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་ བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ ལན་གསུམ། དྲུག་པ་ནི། ལས་ཐམས་ཅད་པ་བཟླས་པས་སློབ་མ་ལ་བསྲུང་ཞིང༌། རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་སློབ་ མའི་སྙིང་ག་ལ་སོགས་པ་གནས་གསུམ་དུ། དྲི་བཟང་གི་ཆུས་ཐིག་ལེ་བྱེད་ཅིང༌། འབྲུ་གསུམ་བརྗོད་པས། སྙིང་གར་རྡོ་ རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་སྔོན་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་ བར་ཨཱཿདམར་པོ། དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ༀ་དཀར་པོ་ རྣམས་བསམ་དུ་བཅུག ཡང་ཡས་མར་རེག་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ གསུམ་སྤྱན་དྲངས་ཏེ་བསྟིམ་ལ་འབྲུ་གསུམ་བརྗོད། ཡང་མས་ཡར་རེག་པས་སློབ་མའི་སྒོ་གསུམ་ དང་རྡོ་རྗེ་གསུམ་དབྱེར་མེད་པར་གྱུར། བདུན་པ་ནི། མཆོད་པ་རྣམས་ལས་ཐམས་ཅད་པས་བསངས། ༀ་ཨཱཿཧཱུཾ་གིས་བྱིན་གྱིས་རླབས། མེ་ཏོག་ 23-1-188 སྤྱི་བོར་བྱིན་པ་སོགས་སམ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ཀྱི་མཐར། དུས་འདི་ནས་ནི་བཟུང་ནས་སུ། ། འཁོར་བའི་ཉེས་པས་མ་གོས་ལྟར། །མཆོད་པ་ཀུན་དང་ཁྱོད་ལྡན་པས། །དུས་རྣམས་ཀུན་ཏུ་ བདེ་བར་མནོས། །ཞེས་བརྗོད། བརྒྱད་པ་ནི། དྲི་བཟང་གི་མཎྜལ་གྲུ་བཞི་ཁྲུ་གང་བས་མི་ཆུང་བར་བྱས་ལ། སོ་ཤིང་ཧཱུཾ་ལས་བྱུང་བར་མོས་ ཏེ། ལས་ཐམས་ཅད་པ་བཟླ་བཞིན་དུ་སློབ་མའི་ལག་ཏུ་གཏད། སློབ་མས་ཀྱང་རྩེ་མོ་ནས་ འཆའ་བའི་ཚུལ་བྱས་ཏེ། མཎྜལ་གྱི་སྟེང་དུ་ལྟོས་མེད་དུ་དོར། ཕྱོགས་བཞིར་ལས་བཞི་དང༌། མཚམས་བཞིར་གཏེར་ཀྱི་བུམ་པ་སོགས་དང༌། སྟེང་དུ་རིག་འཛིན། འོག་ཏུ་ས་འོག་སོགས་ འགྲུབ་པ་དང༌། ཕྱི་རོལ་ཏུ་ལྷུང་ན་གྲུབ་པ་མེད་པར་བསྟན་ནོ། ། དགུ་པ་ནི། དུང་ཆོས་ཀྱི་ཆུ་ལ་ལས་ཐམས་ཅད་པ་ལན་བདུན་བཟླ། དེ་ནས་ༀ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ ནི་ཙ་ཨ་སྱ་ཤོ་དྷཱ་ཡ། སརྦ་བི་ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་འཁྱོར་བ་བཀང་སྟེ་མཐུང་དུ་བཅུག བཅུ་པ་ནི། ཀུ་ཤ་བསངས་སྦྱངས། ཧཱུཾ་དང་དྷཱིཿལས་བྱུང་བའི་ཀུ་ཤ་ཆེ་བ་སྟན་དང༌། ཆུང་བ་སྔས་ཀྱི་ རང་བཞིན་དུ་གྱུར། ཧཱུཾ་དྷཱིཿ ཞེས་སྦྱིན། བཅུ་གཅིག་པ་ནི། སློབ་མའི་ལུས་ཚད་དང་མཉམ་པའི་སྲད་བུ་དམར་པོ་གསུམ་ལྟབ་ཏུ་སྒྲིལ་ལ། རྡོ་རྗེའི་མདུད་པ་གསུམ་ བཏབ། དེ་བསངས་སྦྱངས། ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྲད་བུ་སློབ་མའི་བར་ཆད་ཐམས་ཅད་བསྲུང་ བའི་མཐུ་ཅན་དུ་གྱུར། ལས་ཐམས་ཅད་པ་ལན་གསུམ་གྱིས་བྱིན་གྱིས་བརླབས། ལས་ཐམས་ཅད་བཟླ་བཞིན་དུ་འཆིང་ སྟེ། སྐྱེས་པ་ལ་དཔུང་པ་གཡོན་དང༌། བུད་མེད་ལ་གཡས་དང༌། བྱིས་པ་ལ་མགུལ་དུ་བཅིངས། བཞི་བརྒྱ་ལྔ་བཅུ་པའི་གཞུང་ འགྲེལ་ལས། སྐྱེས་པ་ལ་གཡས་སུ་འཆིང་བ་འདུག་ནའང༌། རྒྱ་དཔེ་མ་དག་པའམ། འགྱུར་གྱི་གཞིའི་བོད་དཔེ་འཁྲུལ་བའམ། ལོ་ ཙཱ་བ་ཐུགས་མཉམ་པར་མ་བཞག་པ་གསུམ་ལས་མ་འདས་སོ། ། བཅུ་གཉིས་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྒྱ་ ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་ 23-1-189 འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་ བྱེད་པར་ནུས་མ་ཡིན། །བསྐལ་པ་བྱེ་བ་དུ་མར་ནི། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་ འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་ སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། ། གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་ཡང་དག་བཅད། །བདག་ཉིད་ ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། ། བདག་ཉིད་ཆེན་པོ་ཁྱོད་རྣམས་ཀྱིས། །བསྟན་པ་འདི་ལ་ཁྱེད་ཅག་ཀུན། །ཡོངས་སུ་བཟུང་སྟེ་ སྐྱེ་བཞིན་པ། །དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་ པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། ། རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ ཉིད་དུ་འགྱུར། །ཞེས་བརྗོད་ལ། དོན་བཤད། བཅུ་གསུམ་པ་ནི། ཁྱེད་རྣམས་དོ་ནུབ་དཀྱིལ་འཁོར་གྱི་ཁང་པའམ་གནས་ཁང་གཞན་དུ་ཡང་ རུང་སྟེ། ཀུ་ཤ་ཆུང་བ་སྔས་སུ་བཅུག ཆེ་བ་སྟན་དུ་བཏིང༌། དུག་གསུམ་གྱི་རྣམ་པར་རྟོག་པ་ ཐམས་ཅད་སྤངས་ནས། ལྷ་དང་བླ་མ་རྗེས་སུ་དྲན་བཞིན་པས་སེང་གེའི་ཉལ་སྟབས་ཀྱིས་ ཉོལ་ཅིག དེས་དགེ་བ་དང་མི་དགེ་བའི་རྨི་ལམ་གྱི་ཁྱད་པར་རྣམས་མཐོང་བར་འགྱུར་བས། རྨི་ལམ་ཅི་བྱུང་བ་ཐམས་ཅད་ནངས་པར་ང་ལ་སྨྲ་དགོས་སོ། ། ཀྱཻ། བུ་དག་ཉོན་ཅིག་དོ་ནུབ་ནི། །སེང་གེའི་ཉལ་སྟབས་བཞིན་དུ་ཉོལ། །ཁྱོད་ཀྱི་རྨི་ ལམ་དགེ་མི་དགེ །མཐོང་བ་ཐོ་རངས་བདག་ལ་སྨྲོས། །ཞེས་བརྗོད་ལ། ལས་ཐམས་ཅད་པ་བཟླས་པའི་ བསང་ཆུས་གཏོར་ཞིང་བསྲུང་བ་བྱའོ། །འདིའི་མཐར་ཡང་གཙོ་བོས་ཇི་ལྟར་སོགས་བརྗོད་ན། སྨན་ཞབས་ཀྱི་ 23-1-190 གཞུང་དང་མཐུན་པས་ལེགས་སོ། ། གཉིས་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་ཕན་ཆད་བསྐུར་བ་ལ་དགོས་ཀྱི། རིག་པའི་དབང་ལྔ་ཙམ་བསྐུར་བ་ལ་མི་དགོས་ པར་བཤད་ནའང༌། དིང་སང་དབང་བསྐུར་ཕྱིན་ཆད་བཞི་ཆར་བསྐུར་བ་ལྟར་ན། འདི་ཡང་སློབ་མ་ཐམས་ཅད་ལ་བྱའོ། །དེ་ ཡང་མཎྜལ་ཕུལ་ལ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ལ་བསྩལ་ནས་ཀྱང༌། ། མགོན་པོ་འཁོར་ལོ་ལྷ་དག་གི །དེ་ཉིད་སློབ་དཔོན་འཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་ དམ་ཚིག་དང༌། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བགྱིད་ ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་འགྱུར། །ཞེས་ལན་གསུམ་གསོལ་བ་བཏབ། གསང་བ་ཆེན་པོ་ རིགས་དག་པའི། །གསང་བ་ཡོངས་སུ་འཛིན་པར་ནི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། ། ཞེས་སློབ་དཔོན་གྱིས་དྲིས་པ་ལ། གསང་བ་ནས། བདག་ཉིད་ཆེན་པོ་བདག་འཚལ་ལོ། །ཞེས་ལན་བཏབ། དེ་ ནས་སྡོམ་པ་བསྒྲགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་ སུ་སོང༌། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པ་བརྟན་པོར་གྱུར་པའོ། །རྡོ་རྗེ་དྲིལ་ བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་ དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བྱ་སྟེ། །བླ་མ་སངས་རྒྱས་ཀུན་དང་ མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ཉིན་དང་ མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་ བྱིན། །འདི་ནི་རིན་ཆེན་རིགས་དག་པའི། །དམ་ཚིག་སྡོམ་པར་རྟག་ཏུ་བཤད། །ཕྱི་ནང་ཐེག་ པ་གསང་བ་གསུམ། །དམ་ཆོས་ཁྱོད་ཀྱིས་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། ། དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། །ཞེས་ དང༌། སྤྲོ་ན། དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤངས་ཤིང་ 23-1-191 དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བར་ཞེས་བཤད་དོ། །ཉིན་དང་མཚན་མོ་ལན་གསུམ་དུ། ། ཉིན་རེ་བཞིན་ཡང་བསླབ་པར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་ པོར་འགྱུར། །ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །མ་བྱིན་པར་ཡང་བླང་མི་བྱ། །འདོད་ལ་ ལོག་པར་མི་སྤྱད་ཅིང༌། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ཡི། །ཆང་ནི་རྣམ་ པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང༌། ། དམ་པ་ཉེ་བར་བརྟེན་བྱ་ཞིང༌། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་ རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་ པར་ནི་རྗེས་སུ་བསྲུང༌། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་མི་ཕྱོགས། ། འཁོར་བ་དག་ཀྱང་ཡོང་མི་སྤངས། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་ བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚོན་ཆ་འགོག་ པར་མི་བྱའོ། །འདི་དག་དམ་ཚིག་ཡིན་པར་བཤད། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །རྗེས་ མཐུན་སྡོམ་པ་རྒྱ་ཆེར་ནི། །གསང་བའི་རྒྱུད་ལས་ཡང་དག་བཤད། །ཅེས་པ་རྣམས་ཀྱང་བརྗོད་དོ། ། དེ་ནས་སྡོམ་པ་བཟུང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །སློབ་དཔོན་བདག་ ལ་དགོངས་སུ་གསོལ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་ནི་བགྱིད་པར་ འཚལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། ། བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་ བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། ། སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་ དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་ 23-1-192 པོར་བཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་ དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་ པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་ པ་ཐམས་ཅད་ལྡན་པ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་ བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིད་ནས། །སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གི་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་ གིས་བསྒྲལ། །མ་དགྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱུང་བ་དབུགས་དབྱུང་ ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་མོ། །འདི་སྟ་གོན་དང་དངོས་གཞིའི་བར་དུ་བྱེད་ པར་ཁ་ཅིག་འདོད་ནའང༌། གཞུང་ཐམས་ཅད་ནས་སློབ་མ་ལྷག་གནས་ཉིད་དུ་གསལ་ལོ། ། གཉིས་པ་ནི། སློབ་མ་ལ་ཇི་ཙམ་དབང་བསྐུར་བ་རྣམས་བདག་ཉིད་འཇུག་ཅིང་དབང་བླང་བའི་ཚུལ་གྱིས་སློབ་དཔོན་གྱིས་ བླངས་ཏེ། མཐར་དམ་ཚིག་གསུམ་གྱི་གླུ་དང༌། བདེན་པའི་སྟོབས་བརྗོད་པ་ནི། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། ། ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་སེམས་དཔའ་ བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། ། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་ རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས། །བཅོམ་ལྡན་ཆགས་ཆེན་དགའ་བ་ ཆེ། །དེ་ཉིད་ཀྱིས་ནི་བདག་གྲུབ་མཛོད། །ཤིན་ཏུ་རྣམ་དག་ཀུན་གྱི་མཆོག །གདོད་ནས་གྲོལ་ བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གྲུབ་ མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོའི་རྒྱལ་མཆོག་གིས། །གྲུབ་ 23-1-193 པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །དམ་ ཚིག་མཆོག་གྱུར་འདོད་པ་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་གང་ གིས་ཡེ་ཤེས་མཆོག །བདེན་པ་དེ་ཡིས་མགོན་བདག་ལ། །ཁྱོད་ཀྱིས་འདོད་པ་རབ་རྫོགས་ མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་ དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་ འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། ། ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་བརྗོད་དོ། ། དེ་ནས་སློབ་མ་དབང་བསྐུར་བའི་བྱ་བ་ནི། གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པ་དང༌། ཞུགས་ནས་དབང་བསྐུར་བའོ། ། དང་པོ་ལ་གདོང་གཡོགས་དང་བཅས་པའི་བྱ་བ་དང༌། དཀྱིལ་འཁོར་མཐོང་བའི་བྱ་བའོ། །དང་པོ་ལ་ཡང་ཕྱི་འཇུག་དང༌། ནང་ འཇུག་གཉིས་ལས། དང་པོ་ལ། སློབ་མ་རྣམས་ཁྲུས་བྱས། སེམས་བསྐྱེད་གསལ་བཏབ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བའི་སྒོ་ ནས། དགའ་ཆེན་ཁྱོད་བདག་སོགས་གསོལ་བཏབ། སློབ་མ་དང༌། ཆས་གོས་རྣམས་ལྷན་ཅིག་ཏུ་ལས་ཐམས་ཅད་པས་ བསངས། ༀ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཨ་ལངྐ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾ་གིས་ སྨད་གཡོགས་དམར་པོ་དང༌། ༀ་བཛྲ་རཀྵ་ཧཾ་གིས་སྟོད་གཡོགས་དང༌། ༀ་བཛྲ་ཨུཥྞི་ཥ་ཧཱུཾ་གིས་གཙུག་ཏོར་སྔོན་པོ་ བཅིང་ངོ༌། །འདི་གསུམ་འཕྲེང་བའི་དེ་སྦྱར་བ་མ་ཡིན་པར་འཇིག་རྟེན་སྣང་བྱེད་ཀྱི་འགྲེལ་པར་ཤནྟི་པས་བཤད་དོ། །ༀ་ཙཀྵུ་ བནྡྷ་ཝ་ར་མཱ་ན་ཡ་ཧཱུཾ་གིས་མིག་དར་བཅིང༌། ཡང་ལས་བུམ་གྱི་ཆུས་སློབ་མ་ལ་གཏོར་ཞིང༌། ༀ་ཨཱཿབིགྷྣཱན་ཏཱ་ ཀྲྀཏ་ཧཱུཾ་ཧཱུཾ། སློབ་མ་སྐད་ཅིག་གིས། རྣམ་སྣང་དཀར་པོ་ནས། པདྨ་འཛིན་པ། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། མིག་ཏུ་ཀྵིཾ་ནས། ལྟེ་བར་སཾ་སྔོན་པོ། སྙིང་གར་རྡོ་རྗེའི་ལྟེ་བར་ ཉི་མ་ལ་ཧཱུཾ། སོགས་སློབ་མ་སྟ་གོན་བཞིན་འབྲུ་གསུམ་གྱི་འོད་ཀྱིས་ལུས་གསལ་ཞིང་དག་པར་བྱས། ཤར་སྒོའི་ཐད་ཀྱི་ཕྱི་ རོལ་དུ་གནས་པར་མོས་ཤིག དེ་ནས་རིགས་དང་མོས་པ་བརྟག་པའི་ཕྱིར་དུ། ཀྱཻ། ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་ 23-1-194 དྲིས་པ་ལ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་གདབ། སླར་ཡང་འཇུག་པའི་དོན་དུ་མཎྜལ་ དང༌། བདུག་སྤོས་ཕུལ་ལ། ཨཱ་ཁཾ་ཝཱི་ར་ཧཱུཾ་གིས་མེ་ཏོག་གི་ཕྲེང་བ་གཏད། སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ ཀྱི་ངོ་བོ་ཟླ་བའི་སྟེང་ན། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་གྱེན་དུ་ལངས་པ། གསལ་བཏབ་ལ། འདིའི་ རྗེས་བཟློས་བྱ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡ་མི། དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཏུགས་ལ། ༀ་ སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ བྱིན་གྱི་བརླབས་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ གསང་བའི་དཀྱིལ་འཁོར་འདི། དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་ པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་སོ། ། དེ་དག་ལ་བར་སྡོམ་ནི། མཎྜལ་འབུལ་ཞིང་གསོལ་བ་གདབ། །བསངས་དང་ཆས་འཇུག་གདོང་གཡོགས་དང༌། །བགེགས་ བསྐྲད་ལྷར་བསྐྱེད་མིག་སོགས་སྒྲུབ། །སྒོ་གསུམ་བྱིན་རླབས་དྲི་ལན་བྱ། །མཎྜལ་མཆོད་དང་སེམས་བསྐྱེད་དང༌། །བརྟན་བསྐྱེད་ གསང་གདམས་ཕྱི་འཇུག་ཡིན། །གཉིས་པ་ནི། དེ་ནས་ༀ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ། སོགས་སྒོ་བ་བཞིའི་སྙིང་པོ་དང༌། ཨཱ་ཁཾ་ ཝི་ར་ཧཱུཾ་དང༌། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཎཱཾ། ༀ་ཊཀྐི་ཧཱུཾ་ཛཿ ཞེས་པ་དང༌། ཧཱུཾ་བཞི་པའི་སྔགས་ རྣམས་བརྗོད་ཀྱིས་རིམ་པས་སྒོ་བཞི་ནས་དང༌། རེ་ག་ལྔའི་ནང་དུ་འཇུག་པ་དང༌། ལག་ནས་ཁྲིད་པ་དང༌། བགེགས་རྣམས་བསྲུང་ བའི་དོན་དུའོ། །སྐབས་འདིར་ཐུན་མོང་གི་སྡོམ་པ་བཟུང་བ་སྒྲུབ་ཐབས་ཀྱི་རྒྱུན་བཤགས་ལྟར་བྱའོ། །དམ་བཞག་རྣམ་པ་བཞི་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་རྡོ་རྗེ་ཡེ་ ཤེས་བསྐྱེད་པར་བྱ་ཡི། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱེད་ཀྱིས་དཀྱིལ་ འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག །དམ་ཚིག་ཉམས་པར་འགྱུར་ཏ་རེ། ཞེས་དབང་ གི་ཡེ་ཤེས་གསང་བར་གདམས་པའི་སྒོ་ནས་དང༌། རྡོ་རྗེ་སྙིང་གར་གཏུགས་ལ། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲག་ཏེ་ 23-1-195 གཤེགས། །ཞེས་ཡེ་ཤེས་དབབ་པ་ལ་བརྟེན་ནས་དང༌། ཐོད་པར་གནས་པའི་བདུད་རྩི་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ ནས། སློབ་མའི་ལྕེ་ཐོག་ཏུ་བཞག་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་ བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ༀ་བཛྲ་ཨུད་ ག་ཋ་ཋ་ཋ། ཅེས་དམ་ཚིག་བསྲུང་བའི་སྒོ་ནས་དང༌། རྡོ་རྗེ་སྤྱི་བོར་གཏུགས་ལ། དེང་ཕྱིན་ཆད་བུ་ཁྱོད་ཀྱི། ཕྱག་ ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ ང་ལ་བརྙས་པར་མ་བྱེད་ཅིག ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་ བར་འགྱུར་ཏ་རེ། ཞེས་བླ་མའི་བཀའ་ཉན་པའི་སྒོ་ནས་དམ་ལ་བཞག་གོ །འདི་རྟག་ཏུ་འཕྲེང་བ་ནས་འབྱུང་བའི་ཕྱག་ འཚལ་བདུན་དང༌། ཉེས་དམིགས་ཀྱི་དམ་བཞག་གཉིས་པ་ནི། རང་གཞུང་རྣམས་ནས་མ་བཤད་པས། མི་དགོས་པར་མངོན་ནོ། ། དེ་ནས་ཐལ་མོ་སྦྱར་ཏེ། ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག །ལན་གསུམ། སྐད་ཅིག་གིས་རང་ཉིད་སློབ་མ་འོད་དཔག་མེད་དམར་པོ་ཞལ་གསུམ་ཕྱག་དྲུག་པར་གསལ་ བའི་སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ལ་གྲྭ་བཞིར་རྡོ་རྗེ་དང༌། དབུས་ སུ་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་ནག་པོ་མཚན་པ། མགྲིན་པར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་ པོ་ཟླུམ་པོ་ལ་བུམ་པས་མཚན་པའི་དབུས་སུ་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོས་མཚན་ པ། སྤྱི་བོར་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་ལ་རྒྱལ་མཚན་གྱིས་མཚན་པའི་ དབུས་སུ། སྐུ་རྡོ་རྗེའི་ངོ་བོ་ཧ་དཀར་པོས་མཚན་པ། རྐང་པ་གཉིས་ཀྱི་འོག་ཏུ་ཡཾ་ལས་རླུང་ གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པའི་སྟེང་ན། རཾ་ ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་མེ་འབར་བས་མཚན་པ། ལོང་བུ་གཉིས་སུ་རྡོ་རྗེ་ གསུམ་བསྐུལ་བར་བྱེད་པའི་ས་བོན་ཛྷཻཿདམར་པོ་མེའི་རང་བཞིན་ཅན། དེ་ནས་སློབ་དཔོན་ 23-1-196 གྱི་ཐུགས་ཀ་ནས་འོད་ཟེར་ཕྱུང༌། རླུང་གཡོས་མེ་སྦར། ཛྷཻཿཡིག་བསྐུར། དེ་ལས་འཕྲོས་པའི་ མེ་འོད་རྐང་པའི་བུ་ག་ནས་ཞུགས་པས་ལུས་གང༌། སྙིང་གའི་ས་བསྲེགས། མགྲིན་པའི་ཆུ་ བསྐོལ། སྤྱི་བོའི་རླུང་གིས་མནན་པས། ཆུའི་དཀྱིལ་འཁོར་ལས་བབས་པའི་བདུད་རྩི་ས་ལ་ ཐིམ་པས། བདེ་དྲོད་འབར་ཏེ་ལུས་སེམས་མཆོག་ཏུ་ཚིམ་པ་ཐོབ། ཧཱུཾ་ཨཱཿཧའི་འོད་ཀྱིས་ལུས་ ཐམས་ཅད་གང༌། བླ་མའི་ཐུགས་ཀའི་འོད་ཟེར་གྱིས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་དཔལ་ལྡན་འདུས་པའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ། སློབ་མའི་ལུས་ལ་ཐིམ་པར་གྱུར། བདུད་རྩི་ལྔ་དང༌། གུ་གུལ་གྱིས་བདུག་ཅིང༌། རོལ་མོའི་སྒྲ་དང་བཅས་ཏེ། ༀ་ ཨཱཿབེ་ཤ་ཡ་སྟཾ་བྷ་ཡ། ར་ར་ར་ར། ཙཱ་ལ་ཡ། ཧཱུཾ་ཨཱཿཧ་ཛྷཻཿ ཞེས་དྲག་ཏུ་བཟླས་ཤིང་དབབ་བོ། མཐར། ཏིཥྛ་ བཛྲ། ལན་གཉིས་ཀྱི་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ནས་བརྟན་པར་བྱ། འདིར་ལུང་སྟོན་འདྲི་བ་ནི་ད་ལྟར་མི་མཁོ་ལ། བདེན་ སྟོབས་བརྗོད་པའང་རང་གཞུང་ནས་མ་བཤད་པས་མི་དགོས་སོ། །དེ་ནས་ནམ་མཁའི་ཁ་དོག་དྲི་ཞིང་དངོས་གྲུབ་ལུང་བསྟན། ཏྲཾ་ལས་བྱུང་བའི་རིན་པོ་ཆེའི་མེ་ཏོག་ཕུལ་བར་མོས་ཏེ། པྲ་ཏིཥྛ་བཛྲ་ཧོཿ ཞེས་རྗེས་ཟློས་བྱར་གཞུག ། དེ་ཡང་སྔར་མེ་ཏོག་འཕྲེང་བ་ལག་ཏུ་གཏད་པ། དེའི་ནང་ནས་མེ་ཏོག་ཕྲ་མོ་གཅིག་འབུལ་བ་ཡིན་པ་ལས། འདིར་མེ་ཏོག་དེ་ འཕྲེང་བ་དང་བཅས་པ་སློབ་མའི་མགོ་ལ་བཅིངས་པར་མོས་ཏེ། པྲ་ཏེ་གྲྀཧྣསྟྭཾ། སཏྭ་མཧཱ་བ་ལ། ཞེས་མེ་ཏོག་སློབ་ མའི་སྤྱི་བོར་བྱིན་ནོ། ། བར་སྡོམ་ནི། འཇུག་སྔགས་ཚན་བཞི་རྒྱུན་བཤགས་དང༌། །དམ་བཞག་བཞི་དང་གསོལ་བ་བཏབ། །ཡེ་ཤེས་འབེབས་ དང་བརྟན་བྱེད་དང༌། །ནམ་མཁའི་མདོག་འདྲི་ལུང་བསྟན་དང༌། །མེ་ཏོག་འབུལ་དང་འཕྲེང་དབང་བསྐུར། །གཉིས་པ་དཀྱིལ་ འཁོར་མཐོང་བའི་བྱ་བ་ནི། མིག་གཉིས་སུ་འབར་བ་དང་བཅས་པའི་ༀ་གྱི་འོད་ཀྱིས་མ་རིག་པའི་ལིང་ཐོག་བསལ་བར་མོས་ སུ་བཅུག་ལ། ༀ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་ བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་མིག་དར་བཀྲོལ། ཧེ་བཛྲ་པ་ ཤྱ་ཞེས་བལྟ་བར་བསྐུལ། དེ་ནས་དཀྱིལ་འཁོར་གྱི་ལྷ་ངོ་རྫོགས་པར་བསྟན་དགོས་ལ། བདག་འཇུག་ལ་ནི་རྟེན་དང་ 23-1-197 བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་གྱུར། ཞེས་བརྗོད། དེ་ནས་དཀྱིལ་འཁོར་མཐོང་བའི་ཆེ་བ་བརྗོད་པ་ནི། ༀ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ ནི་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་ གིས་མཐོང༌། །ༀ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་ བསྐུར། །ས་མ་ཡ་ཧོ་ཧོ་ཧོ་ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག་གོ ། བར་སྡོམ་ནི། མིག་བྱིན་རླབས་དང་མིག་དར་དགྲོལ། །བལྟ་བར་བསྐུལ་དང་ལྷ་ངོ་བསྟན། །ཆེད་དུ་བརྗོད་པ་རྣམས་སུ་ བཤད། །དེ་དག་གིས་དཀྱིལ་འཁོར་དུ་འཇུག་པ་མཐའ་དག་བཤད་ཟིན་ཏོ། ། གཉིས་པ་ཞུགས་ནས་དབང་བསྐུར་བ་ལ། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་དབང་གཉིས་ལས། དང་པོ་ལ། ཆུ་དང་ ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་དང་བརྟུལ་ཞུགས་ཏེ་དྲུག་གོ །དེ་ཡང་ཕྱག་དང་མཎྜལ་ཕུལ་ཏེ། བྱང་ཆུབ་རྡོ་ རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱ་རབ་ཏུ་བསྒྲལ་བའི་ཕྱིར། ། ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་དང་དབང་རྫས་ཐམས་ ཅད་ལ་ཐུན་མོང་དུ་ལས་བུམ་གྱི་ཆུས་གཏོར། བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསང་ངོ༌། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། སྤྲོ་ན་ བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད་པ་དང༌། ཏིལ་དང་ཆུས་བྱུར་བསལ་བའང་བྱའོ། ། དེ་ནས་དབང་དངོས་ལ། ཆུ་དབང་ནི། གཙོ་བུམ་དུ་བུམ་པ་གཞན་རྣམས་ཀྱི་ཆུ་བསྡུས་ལ་འདི་སྐད་ཅེས་བྱ་སྟེ། སློབ་མ་ དང་དབང་རྫས་བུམ་པའི་ཆུ་གཉིས་ཀ་མི་དམིགས་ཏེ་སྟོང་པར་གྱུར། ༀ་སྭ་བྷཱ་ཝ་སོགས། སྟོང་ པའི་ངང་ལས་ཧཱུཾ་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། གཉིས་ཀའང་མི་བསྐྱོད་པ་ནག་པོ་ནག་དཀར་ དམར་བ་ནས། པདྨ་འཛིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང༌། དར་དང་རིན་པོ་ཆེས་ བརྒྱན་པ། དེ་ལས་དབང་རྫས་ཀྱི་ལྷའི་སྤྱི་བོར་མི་བསྐྱོད་པའི་དབུ་རྒྱན་ཅན། བདག་དང་ དབང་རྫས་ཀྱི་ལྷ་གཉིས་ཀའི་སྤྱི་བོར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ གི་འོད་ཟེར་གྱིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། ༀ་བཛྲ་ས་མཱ་ཛཿ ཛ་ཧཱུཾ་བཾ་ཧོཿ གཉིས་ 23-1-198 ཀ་ལ་གཉིས་སུ་མེད་པར་ཐིམ། རིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ ཀྱི་སེམས་ཀྱིས། དབང་རྫས་ལ་དབང་བསྐུར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མི་བསྐྱོད་རྡོ་རྗེ་ ཡེ་ཤེས་ཆེ། །སོགས་ཀྱིས་བསྟོད། མི་བསྐྱོད་པ་ཡབ་ཡུམ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་གྱུར། སློབ་དཔོན་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས་ཞེས་བརྗོད། བྱང་ཆུབ་ རྡོ་རྗེ་སངས་རྒྱས་སོགས། ལན་གཅིག དབང་བསྐུར་བ་པོའི་ལྷ་རྣམས་ཀྱིས། དབང་བསྐུར་རྡོ་རྗེ་ནས། ཧཱུཾ་ཞེས་ གསུང་བཞིན་དབང་བསྐུར། ལུས་ཐམས་ཅད་གང༌། བདེ་བ་ཆེན་པོ་མྱོང༌། དྲི་མ་ཐམས་ཅད་ དག ཆུ་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། སོགས་ ཉེར་སྤྱོད་ལྔ་དང༌། རོལ་མོས་མཆོད། དེ་ལྟར་ན་དབང་ལྔ་ལས་ཆུའི་དབང་ཐོབ། ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་གནས་ གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས། མི་བསྐྱོད་པའི་ས་བོན་ནུས་པ་མཐུ་ཅན་དུ་བྱས་སོ། །འདིར་བཞི་བརྒྱ་ལྔ་བཅུ་པ་རྩ་ འགྲེལ་དང༌། དངོས་གྲུབ་འབྱུང་གཏེར་གཉིས་ཀ་ལས་ཆུ་དབང་དང༌། ཅོད་པན་སོགས་བཞི་པོ་ལ། རྒྱས་བསྡུས་མེད་པར་མཛད་ ཅིང༌། རྡོ་རྗེ་སློབ་དཔོན་གྱི་སྐབས་ཐོག་མར་དབང་ལྷ་སྤྱན་འདྲེན་པ་དང༌། མཇུག་ཏུ་ཤིས་པ་བརྗོད་པ་མཛད་པས། འདིའི་རང་ ལུགས་འདི་ཁོ་ན་ཡིན་ནོ། །ཅོད་པན་གྱི་དབང་ནི། སློབ་མ་དང་དབང་རྫས་དབུ་རྒྱན་གཉིས་ཀ་མི་དམིགས་ ཏེ། སྟོང་པར་གྱུར། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། ཨཾ་ལས་རིན་པོ་ཆེ་ཨཾ་གིས་མཚན་ པ་ལས། གཉིས་ཀའང་རིན་ཆེན་འབྱུང་ལྡན་སེར་པོ་ནས། འཛིན་པ། དབང་རྫས་ཀྱི་ལྷའི་སྤྱི་ བོར་རིན་ཆེན་འབྱུང་ལྡན་གྱིས་དབུ་རྒྱན་ཅན། སྤྱི་བོར་ༀ་ནས། ཐུགས་ཀའི་ཧཱུཾ་གི་འོད་ཟེར་ གྱིས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས་ཏེ། གཉིས་ཀ་ལ་གཉིས་སུ་མེད་པར་ཐིམ། རིགས་ བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་རྫས་ལ་དབང་ བསྐུར། ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། རིན་ཆེན་རྒྱལ་པོ་སོགས་ཀྱིས་བསྟོད། རིན་ཆེན་འབྱུང་ལྡན་ ཡབ་ཡུམ་ཞུ་བ་ལས་བྱུང་བའི་དབུ་རྒྱན་དུ་གྱུར། བྱང་ཆུབ་རྡོ་རྗེ་སོགས། སངས་རྒྱས་ཀུན་གྱི་ རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་ 23-1-199 སངས་རྒྱས་སུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབུ་རྒྱན་ མགོ་ལ་བཀོན། ༀ་བཛྲ་ཏུ་ཥྱ་ཧོ། ཞེས་དར་དཔྱངས་བཅིངས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ ཤྲཱི་ཧཱུཾ། ཞེས་གསུང་ཞིང༌། ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། གོང་བཞིན་མཆོད། དབང་ ལྔ་ལས་ཅོད་པན་གྱི་དབང་༴ ང་རྒྱལ་དང་སེར་སྣ༴ ཚོར་བའི༴ མཉམ་པ་ཉིད་ཀྱི་ཡེ་ཤེས༴ རིན་ཆེན་འབྱུང་ལྡན་གྱི༴ རྡོ་རྗེའི་དབང་ནི༴ དེ་ཉིད་དང་འདྲ་བ་ལས། དབང་རྫས་རྡོ་རྗེ༴ ཛྲིཾ་ལས་ པདྨ་ཛྲིཾ་གིས་མཚན་པ་ལས། གཉིས་ཀའང་འོད་དཔག་མེད་དམར་པོ་ནས། འོད་དཔག་མེད་ ཀྱི་དབུ་རྒྱན་ཅན། འོད་དཔག་མེད་སོགས་ཀྱིས་བསྟོད། འོད་དཔག་མེད་ཡབ་ཡུམ༴ རྡོ་རྗེར་གྱུར། དབང་གི་ལྷ་རྣམས་ཀྱིས། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །དེ་རིང་ཁྱོད་ལ་བསྐུར་བར་ བྱ། །སངས་རྒྱས་ཀུན་ཏུ་རབ་སྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱི་ལོངས༌། །ༀ་སརྦ་ནས། འོད་ དཔག་མེད་ཀྱིས་དབུ་རྒྱན། རྡོ་རྗེའི་དབང༌། འདོད་ཆགས། འདུ་ཤེས་ཀྱི། སོ་སོར་རྟོག་པའི་ ཡེ་ཤེས། འོད་དཔག་མེད་ཀྱི། དྲིལ་བུའི་དབང་ནི། དབང་རྫས་དྲིལ་བུ། ཁཾ་ལས་རལ་གྲི་ཁཾ་ གིས་མཚན་པ་ལས། གཉིས་ཀའང༌། དོན་ཡོད་གྲུབ་པ་ལྗང་གུ། ནས། དོན་ཡོད་གྲུབ་པའི་དབུ་ རྒྱན་ཅན། དོན་ཡོད་རྒྱལ་པོ་སོགས་ཀྱིས་བསྟོད། དོན་ཡོད་གྲུབ་པ་ཡབ་ཡུམ། དྲིལ་བུར། ༀ་བཛྲ་ ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾ། ཏིཥྛ་བཛྲ་སཱ་མ་ཡ་སྟྭཾ། དོན་ཡོད་གྲུབ་པས་དབུ་བརྒྱན། དྲིལ་ བུའི་དབང༌། ཕྲག་དོག་དག འདུ་བྱེད་ཀྱི། བྱ་བ་གྲུབ་པའི། དོན་ཡོད་གྲུབ་པའི། མིང་གི་དབང་ ནི། དབང་རྫས། མེ་ཏོག་འཕྲེང་བའམ། རྡོ་རྗེར་བཅས་པའི་དྲིལ་བུ། བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱིས་མཚན་པ་ལས། གཉིས་ཀའང་རྣམ་པར་སྣང་མཛད་དཀར་པོ་ནས། རྣམ་མཛད་ཀྱི་དབུ་རྒྱན་ཅན། རྣམ་པར་སྣང་ མཛད་དག་པ་ཆེ། །སོགས་ཀྱིས་བསྟོད། རྣམ་པར་སྣང་མཛད་ཡབ་ཡུམ། མེ་ཏོག་ཕྲེང་བར་གྱུར་ཅེས་ སམ། རྡོ་རྗེ་དང་བཅས་པའི་རྡོ་རྗེ་དྲིལ་བུར་གྱུར་ཅེས་བརྗོད། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། བཛྲ་ནཱ་མཿཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་ཆྒཻ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་མིང་ 23-1-200 དབང་བསྐུར་ཞིང༌། རིགས་དང་མཐུན་པའི་མིང་བཏགས། རྣམ་སྣང་གིས་དབུ་བརྒྱན། མིང་གི་དབང༌། གཏི་ མུག གཟུགས་ཀྱི། ཆོས་དབྱིངས་ཡེ་ཤེས། རྣམ་པར་སྣང་མཛད་ཀྱི་ཞེས་འདོན་པ་སྤོའོ། །དེ་ལྟར་དབང་ ལྔ་བསྐུར་བས། རང་རྒྱུད་ཀྱི་ཕུང་པོ་ལྔར་མ་ཟད། སྣང་བ་ཐམས་ཅད་ཀྱང་རང་གི་སེམས་དང༌། སེམས་ཉིད་དེ་བཞིན་གཤེགས་ པ་ལྔའི་རང་བཞིན་དུ་ཤེས་པར་བྱེད་དགོས་ཏེ། རང་ལ་དངོས་ཀུན་གང་སྣང་བ། །དེ་ནི་གཙོ་ཆེན་འཇམ་ དབྱངས་རྒྱལ། །གང་དེའི་སངས་རྒྱས་ཡེ་ཤེས་ཉིད། །ཆོས་ཀུན་རང་བཞིན་གྱིས་དག་པའོ། ། ཞེས་བརྗོད་ཅིང༌། དོན་རྒྱས་པར་བཤད་དོ། །བརྟུལ་ཞུགས་ཀྱི་དབང་ནི། འདིར་དམ་ཚིག་གསུམ་སྦྱིན་པ་ལ་བྱེད་དེ། དབང་རྫས་ རྡོ་རྗེ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས། རྡོ་རྗེ་སེམས་དཔའ་ དཀར་པོ་ཞལ་གསུམ་ཕྱག་དྲུག་པར་གྱུར། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ། འདི་དེ་སངས་རྒྱས་ ཐམས་ཅད་ནི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅིང༌། །ཕྱག་ ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ལག་པ་གཡས་སུ་གཏད་ལན་གསུམ་གསོར་ལ་སྙིང་གར་གཏོད་དུ་བཅུག་ལ། ༀ་ སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཏིཥྛ་ཨེ་ཥ་སྟྭཾ། དྷ་ར་ཡ་མི་བཛྲ་སཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཐོག་མཐའ་ མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་ བུའོ། །ཞེས་བརྗོད་པའི་དོན་བཤད་ལ་བསྒོམ་དུ་བཞུག་གོ །དྲིལ་བུ་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་ དྲིལ་བུ་ཨས་མཚན་པ་ལས། ཀུན་ཏུ་བཟང་མོ་དཀར་མོ་ཞལ་གསུམ་ཕྱག་དྲུག་པར་གྱུར། དེ་ཞུ་བ་ལས་དྲིལ་བུར་གྱུར། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱིས་ རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ། ཅེས་ལག་པ་གཡོན་ཏུ་གཏད་ལ། ཕྱོགས་བརྒྱད་དུ་དཀྲོལ་དུ་བཅུག་ལ། ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག །སྲིད་པ་དམ་པ་བྱེད་ པར་འགྱུར། །ཞེས་བརྗོད་ཅིང༌། དོན་བཤད་ལ་བསྒོམ་དུ་འཇུག་གོ །འདི་སྐབས་རྡོ་རྗེ་དང་དྲིལ་བུ་སྐད་ཅིག་གིས་ལྷར་ 23-1-201 བསྐྱེད་པའང་ཡོད་པ་ལྟར་རུང་ངོ༌། །དེ་ནས་སློབ་མ་ཉིད་བསངས་སྦྱངས། སྐད་ཅིག་གིས་ཀུན་ཏུ་བཟང་པོ་རྡོ་རྗེ་ འཆང་ཆེན་པོ་དཀར་པོ་ནས། རིན་པོ་ཆེས་སྤྲས་པ། ལྷ་སྐུ་ཡབ་ཡུམ་གསལ་སྟོང་ལ་སེམས་གཏོད་དུ་བཅུག་སྟེ། གཟུགས་སོགས་འདོད་པའི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླས། །རང་ གི་རིགས་པའི་ངོ་བོ་དེ། །ཕྱོགས་བཅུ་དུས་གསུམ་ཁྱབ་གྱུར་པ། །རང་གི་ལྷ་ཡི་སྦྱོར་བ་ཡིས། ། བདག་དང་གཞན་ལ་མཆོད་པར་བྱ། །མི་བཟད་དཀའ་ཐུབ་སྡོམ་པ་ནི། །བརྟེན་ཀྱང་མི་སྣང་ མངོན་ཤེས་དང༌། །མཁའ་སྤྱོད་སྐུ་གསུང་ཐུགས་རྣམས་ལས། །བྱུང་བའི་དངོས་གྲུབ་འགྲུབ་ མི་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་མཆོག །སྔགས་ཀྱི་སྤྱོད་མཆོག་སྤྱོད་པ་རྣམས། ། འདོད་པ་ཐམས་ཅད་བསྟེན་པ་ཡིས། །འགྱུར་མེད་མཆོག་གི་ཆོས་བརྙེས་སོ། །སྡུག་བསྔལ་ མ་ཡིན་བདག་བདེ་བས། །འདོད་པའི་ཡོན་ཏན་ལྔ་རྣམས་བརྟེན། །གང་གཞན་དམན་པར་ བཤད་པ་རྣམས། །སྔགས་ཀྱི་བཟླས་པས་འགྲུབ་འགྱུར་ཞིང༌། །ཡེ་ཤེས་དོན་གཉེར་ཆགས་ ཅན་གྱི། །སྦྱོར་བས་སྐུ་གསུང་ཐུགས་རྣམས་ནི། །བསྒོམས་ན་མྱུར་དུ་འགྲུབ་པར་འགྱུར། །ཅེས་ བརྗོད་ལ་དོན་བཤད་ཅིང་བསྒོམ་དུ་འཇུག་གོ །སློབ་མའི་དབང་ཁོ་ན་བསྐུར་ན་དབང་ལྷ་རྣམས་འདིར་རྩ་བ་ནས་སྟིམ་དགོས་ ལ། སློབ་དཔོན་གྱི་དབང་ཡང་བསྐུར་ན་འོག་ཏུ་སྔ་ཕྱི་ལྷན་ཅིག་ཏུ་སྟིམ་པས་ཆོག་གོ །འདིར་དམ་ཚིག་གསུམ་འཛིན་དུ་གཞུག་གོ་ ཞེས་པའི་ཚིག་ལ་རྟེན་ནས། དམ་ཚིག་དང་པོ་གཉིས་བཟུང་བའི་ཚིག་ལ་རྗེས་ཟློས་བྱེད་པའི་ལག་ལེན་ཡོད་ཀྱང༌། གསུམ་ཀར་ འཛིན་དུ་འཇུག་པར་གསུངས་པ་ལས། ཕྱག་རྒྱ་སྐུའི་དམ་ཚིག་སློབ་མས་བརྗོད་རྒྱུ་མ་ཡིན་པར་ཤིན་ཏུ་གསལ་བས། སེམས་ཀྱིས་ འཛིན་ཅིང་བསྒོམ་དུ་འཇུག་པའི་དོན་ཡིན་ནོ། །དབང་དེ་ཙམ་ནི་སློབ་དཔོན་གྱི་སྒོམ་པ་བཟུང་བར་མི་ནུས་པ་ལ་ཡང་སྦྱིན་པ་ཡིན་ ཏེ། འཇིག་རྟེན་སྣང་བྱེད་ཀྱི་འགྲེལ་པ་ལས། ཡང་གང་ཞིག་རིག་པའི་དབང་བསྐུར་བ་ཙམ་སྦྱིན་ནམ་ཞེ་ན། སློབ་དཔོན་གྱི་དབང་ བསྐུར་བ་དོན་དུ་མི་གཉེར་བའམ། དེ་དོན་དུ་གཉེར་ཡང་སྤྱིའི་སྡོམ་པ་ཉི་ཚེ་ཙམ་ལེན་པར་བྱེད་ཀྱི། སློབ་དཔོན་གྱི་སྡོམ་པ་ནི་མ་ ཡིན་པ་དག་ལའོ། །ཞེས་དང༌། རིག་པའི་དབང་བསྐུར་བས་ནི། ཐུན་མོང་གི་བྱང་ཆུབ་ངེས་པར་ཐོབ་ཀྱི། ཁྱད་པར་གྱི་ཡང་དག་ པའི་རྫོགས་པའི་བྱང་ཆུབ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ཙམ་ལ་མཐའ་རྟེན་ཡང་བརྟུལ་ཞུགས་ཀྱི་མཐར་བཟླས་ལུང་ 23-1-202 དང༌། གསང་བར་གདམས་པ་ཙམ་བྱེད་ཀྱི། མོས་པ་དང༌། སྤྲོ་བ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ཡིན་ན་མ་གཏོགས། རྗེས་གནང༌། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་རྣམས་མི་བྱ་བར་བཤད་ལ། དབང་འདིས་རིགས་ལྔ་སྤྱིའི་དམ་ཚིག་དང་སྡོམ་པ་ ཙམ་པོ་རྣམས་དང༌། རིགས་ལྔ་སོ་སོའི་དམ་ཚིག་ཉི་ཚེ་ཙམ་ཐོབ་པ་ཡིན་ལ། རིགས་ལྔ་སོ་སོའི་སྡོམ་པ་དང༌། སྤྱིའི་ཁྱད་པར་གྱི་ དམ་ཚིག་དང༌། སྡོམ་པ་ནི་མི་ཐོབ་པར་རིག་པར་བྱའོ། ། གཉིས་པ་ཐུན་མོང་མ་ཡིན་པའི་དབང་ལ་དབྱེ་ན། རྒྱ་ཆེ་བ་རྡོ་རྗེ་སློབ་དཔོན་གྱི་དབང་དང༌། ཟབ་མོ་གོང་མའི་དབང་གསུམ་ དང༌། སྤྱིའི་མཐའ་རྟེན་རྣམས་སོ། །དེ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བར་འོས་པ་རྣམས་ལ་ནི། མོས་ན་དབང་ལྷག་མ་ རྣམས་ཀྱང་ངེས་པར་སྦྱིན་དགོས་ཏེ། འགྲེལ་པ་དེ་ཉིད་ལས། གང་ལ་དབང་བསྐུར་འདི་སྦྱིན་པ་དེ་ལ། གསང་བ་དང་ཤེས་རབ་ ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་བ་ཡིན་ནོ། །ཞེས་གསུངས་ཤིང༌། ཁྱད་པར་གྱི་བྱང་ཆུབ་ཐོབ་པའི་ངེས་པ་ཞེས་པའི་དོན་ཡང༌། དེ་ ཉིད་ཀྱི་ནི་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ནི། རྡོ་རྗེ་ཆེན་པོའི་དབང་བསྐུར་བ་དང༌། ཕྱིར་མི་ལྡོག་པར་དབང་བསྐུར་བ་དང༌། སློབ་ དཔོན་དུ་དབང་བསྐུར་བར་བྱ་བ་ཡིན་ནོ། །ཞེས་ཚེ་འདི་ཉིད་ལ་ཕྱིར་མི་ལྡོག་པའི་གནས་ཐོབ་པས་སངས་རྒྱ་བའི་དུས་ངེས་པ་ལ་ བཤད་དོ། ། དེ་ལ་གཉིས་པ་ཐུན་མོང་མ་ཡིན་པའི་དབང་གི་ཐོག་མ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་དངོས་དང༌། མཐའ་བརྟེན་གཉིས་ ལས། དང་པོ་ནི། ཕྱག་དང་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། འཁོར་ལོ་ཕྱིར་མི་ལྡོག་ པ་སོགས་ཀྱིས་གསོལ་བ་ལན་གསུམ་བཏབ། གསང་བ་ཆེན་པོ་སོགས་དྲི་བ་དྲིས་ལན་བྱ། ཆེ་གེ་ཞེས་བྱ་འདི་ ཉིད་ནི། །བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང༌། །དམ་ཚིག་སྡོམ་དང་གསང་བ་ཡི། །དཀྱིལ་ འཁོར་འདིར་ནི་འཇུག་པར་འཚལ། །ཞེས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་བཏབ། དེས་ཀྱང་གནང་བ་བྱིན་པར་ བསམ། སྟ་གོན་གྱི་སྐབས་བཞིན་སྡོམ་པ་བསྒྲགས་བཟུང་བྱ། འཇིག་རྟེན་སྣང་བྱེད་དང༌། དངོས་གྲུབ་འབྱུང་གཏེར་གཉིས་ཀ་ ལས། སློབ་དཔོན་གྱི་དབང་ཁོ་ན་ལ་དབང་སྟེགས་བཤད་པས། ཁྲུས་ཀྱི་ཁང་པའི་གཞལ་མེད་ཁང་བྲིས། ཁྲུས་སྟེགས་བང་རིམ་ གསུམ་པའི་སྟེང་དུ། པདྨ་འདབ་བརྒྱད་ཤིང་སྟན་དང་བཅས་པ་བྱ། གདུགས་དང་རྒྱལ་མཚན་དང༌། བ་དན་ལ་སོགས་པས་སྤྲས་ ལ། མཆོད་པའང་བཤམས། མ་འབྱོར་པའི་མ་གྲུབ་ན་དཀྱིལ་འཁོར་གྱི་ཤར་དུ་དབང་གི་གཞལ་མེད་ཁང༌། 23-1-203 གྲུ་བཞི་སྒོ་གཅིག་ནུབ་ཏུ་བསྟན་པ། དབུས་སུ་ཁྲུས་སྟེགས་བང་རིམ་གསུམ་པ་ལ། རིན་པོ་ ཆེ་དང་པདྨའི་གདན། སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། མཐའ་སྐོར་དུ་མཆོད་ པས་སྐོར་བར་གྱུར། །ཞེས་པའམ། ཁྲུས་ཁང་མི་བྱེད་ན། ཤར་གྱི་ལྷ་སྣམ་ལ་རིན་པོ་ཆེ་དང་སོགས། ཡིད་ཀྱིས་བསྒོམ་ པས་ཀྱང་ཆོག་གོ ། དབང་གི་ངོ་བོ་ནི། ཆུ་དབང་ཁོ་ན་བསྐུར་བའི་ལུགས་མང་དུ་འདུག་ཀྱང༌། དངོས་གྲུབ་འབྱུང་གཏེར་ལས། བུམ་པ་གཙོ་ སོགས་བཟུང་བྱས་ནས། །སྔོན་བཞིན་ཆུ་སོགས་དབང་བསྐུར་བསམ། །ཅེས་གསུང་པས་དབང་ལྔ་ཆར་དགོས་ལ། དམ་ཚིག་ གསུམ་དྲན་པའང་ཞོར་བྱུང་དུ་ཡོད་པས། སྔོན་བཞིན་ཞེས་སྔར་བསྐུར་བའི་དོད་ཐམས་ཅད་འདིར་བསྐུར་བར་གསུངས་སོ། །དེ་ ནས་འདི་སྐད་ཅེས། སྟོང་པའི་ངང་ལས། དབང་སྟེགས་ཀྱི་སྟེང་དུ། རང་སེམས་ཧཱུཾ་དཀར་པོ་ལས་ རྡོ་རྗེ་ཧཱུཾ་གིས་མཚན་པ། དེ་ལས་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་པོ། སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་ནས། རིན་པོ་ཆེས་བརྒྱན་པའི་བར་མི་བསྐྱོད་པ་དང་ འདྲ། སྤྱི་བོར་ༀ་ནས། ཧཱུཾ། རྒྱས་པ་ལ་སྤྲོ་ན། རྡོ་རྗེ་གསུམ་བྱིན་གྱིས་བརླབས་པའི་སྔོན་དུ་སྐྱེ་མཆེད་བྱིན་རླབས་ཀྱང་བྱེད་ ཅིང༌། ཤིན་ཏུ་རྒྱས་པ་ལས་དགའ་བས་ནི་བྱིན་རླབས་དེ་རྣམས་ཀྱང་བསྙེན་སྒྲུབ་བར་མའི་སྐབས་བཞིན་བྱའོ། །དེ་ནས་སྔར་ཇི་ སྐད་བསྟན་པ་ལྟར། སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་སྙིང་རྗེ་ཆེན་པོའི་རྣམ་པར་སྣང་ བ་རྡོ་རྗེའི་དེ་ཁོ་ན་ཉིད་དང༌། རྟེན་འབྲེལ་སྒྱུ་མ་ལྟ་བུའི་ཆོས་ཀུན་ཡང་རྣམ་པར་བཏགས་པའི་ ངོ་ན་ནམ་མཁའ་ལྟར་མཐའ་དབུས་མེད་པའི་སྟོང་ཉིད་ནི་དྲིལ་བུའི་དེ་ཁོ་ན་ཉིད་དང༌། སྟོང་ ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་སེམས་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་སྐུ་འཇའ་ཚོན་ལྟ་བུར་ ཤར་བ་ནི་ཕྱག་རྒྱའི་དེ་ཉིད་དེ་དམ་ཚིག་གསུམ་པོ་དེ་ཉིད་དྲན་པར་གྱིས་ཤིག རང་ཉིད་ཀུན་ ཏུ་བཟང་པོ་ཡབ་ཡུམ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོ་གསལ་སྟོང་རྙོག་པ་མེད་པ་ལ་སེམས་ བཞག་ཅིང༌། རང་གི་ཡིད་ངག་ལུས་གསུམ་རྣམ་པར་དག་པ་ཐུགས་གསུང་སྐུ་རྡོ་རྗེ་ཏེ་རྡོ་རྗེ་ གསུམ་གཅིག་ཏུ་འདུས་པ་ནི་སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ 23-1-204 ཅན་ཏེ་བྱང་ཆུབ་ཀྱི་སེམས་མདུན་བསྐྱེད་ཀྱི། ཡིད་ཀྱི་ལུས་རང་སྣང་གི་རིག་མ་ལ་འཁྱུད་པའི་ བདེ་བ་ཆེན་པོས་སེམས་གང་བ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་ངོ་བོ་ཡིན་ཏེ། རྒྱུད་ཀྱི་རྒྱལ་ པོ་གཞན་ལས་ཀྱང༌། །རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །བཟུང་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་ རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་གསུངས་པས་ ཁྱེད་རང་རྣམས་དེ་ཀུན་གྱི་རྣལ་འབྱོར་ལ་གནས་བཞིན་པ་ལ། དབང་རྣམས་རིམ་པས་བསྐུར་ བར་མོས་ཤིག །སློབ་དཔོན་གྱི་ཐུགས་ཀའི་མཾ་ལས་འོད་ཟེར་འཕྲོས། ཞེས་པ་ནས། ཤྲཱི་ཧཱུཾ། ཡན་ ཆད་སྒྲུབ་ཐབས་བཞིན་ཏེ་ཆུ་དབང་དང༌། ༀ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབུ་རྒྱན་དང༌། སངས་ རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །ཞེས་སོགས་ཀྱིས་རྡོ་རྗེ་དང༌། ཤེས་རབ་ཐབས་དང་ལྡན་པ་ཡིས། །འགྲོ་ དོན་མཉམ་མེད་བྱེད་པ་དང༌། །མཆོད་པའི་ལས་རྣམས་རྫོགས་བྱེད་ཕྱིར། །རྡོ་རྗེ་ལས་ཀྱི་ དབང་བསྐུར་རོ། །ཞེས་དྲིལ་བུ་དང༌། ༀ་བཛྲ་ཨ་དྷི་སོགས་མིང་གི་དབང་བསྐུར་རོ། །སླར་ཡང་བརྟན་བྱེད་ དུ་དབང་བསྐུར་རྡོ་རྗེ་ནས་སྦྱིན་པར་བྱ། །ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་བསྐུར། ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག་པར་གྱུར། ༀ་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ ཀྱི་ཚིགས་བཅད་གསུམ་བརྗོད། ཨརྒྷཾ་ནས་ཤཔྟའི་བར་གྱིས་ནམ་མཁར་བཞུགས་པའི་དབང་གི་ལྷ་ཐམས་ ཅད་ཀྱང་སློབ་མའི་ལུས་ལ་གཉིས་སུ་མེད་པར་ཐིམ། ཆུའི་ལྷག་མ་ཡར་ལུད་པ་ལས། དབང་ རྟགས་རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན་ཅིང༌། ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ དང་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཡང་གྲུབ་པར་གྱུར། དེ་ལྟར་ཁམས་གསུམ་ ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ལ། བརྟན་བཞུགས་ནི་བགྱིས་པར་མོས་ཤིག བྱས་ལ། ༀ་ སུ་པྲ་ཏིཥྛ་བཛྲེ་སྭཱཧཱ། ཞེས་བརྗོད་ཅིང་མེ་ཏོག་དོར། བཀྲ་ཤིས་མཆོད་པ། བརྟན་བཞུགས་གསུམ་ལ་རོལ་མོ་བྱའོ། ། གཉིས་པ་ལ་ནི། དེ་ནས་འདི་སྐད་ཅེས། དེ་རིང་ཁྱོད་ནི་དཀྱིལ་འཁོར་གྱི། །དེད་དཔོན་སྔགས་དང་ རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་ 23-1-205 གསུང༌། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན། །རབ་ ཏུ་འབད་དེ་བྲི་བར་བྱ། །རྒྱུད་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བུགས་དབྱུང་བ་སྐབས་འདི་སྨན་ཞབས་ཀྱིས་ བཤད་པ་ལྟར་བྱའོ། །དབང་བཞི་ཆར་ནི་ནུབ་ཅིག་ཁོ་ན་ལ་བྱེད་ན། སྐབས་འདིར་རྗེས་གནང་ཁོ་ན་སྦྱིན་པ་ཡིན་ལ། ནུབ་སོ་སོར་ བྱེད་པའམ། བུམ་དབང་ཙམ་ལས་མི་བསྐུར་བ་ཡིན་ན། འཆད་འགྱུར་རྗེས་གནང་རྣམས་ཀྱི་མཐར་བསྲུང་སྐུད་བཏགས། གསང་ བར་གདམས། ལུང་བསྟན། ངོ་བོ་ཉིད་ཀྱི་སེམས་ཅན་དོན་སོགས་བརྗོད་མི་དགོས། དེ་ནས་དབུགས་དབྱུང་ཞིང་ གཟེངས་བསྟོད་དོ། །དེ་ཁོ་ན་ཉིད་རྣམ་པ་གསུམ་བརྗོད་པ་ནི། རྗེས་གནང་གི་སྔོན་ལ་བྱེད་པའི་ལག་ལེན་མང་ཞིང༌། ཚད་ལྡན་ འགས་ཀྱང་བཤད་མོད་ཀྱི། ལུགས་འདི་ལ་ནི་རྗེས་གནང་གི་མཇུག་ཏུ་བྱ་བར་གསུངས་སོ། ། དེས་ན་རྗེས་གནང་དང༌། དེ་ཉིད་བརྗོད་པ་གཉིས་ལས། དང་པོ་ནི། སྔགས་དབང་མིག་ཐུར་མེ་ལོང་དང༌། །དྲིལ་བུ་མདའ་ གཞུ་ཡང་མེ་ལོང༌། །ཆོས་བཤད་སྤྲུལ་བཤད་སེམས་ཅན་དོན། །སྒོམ་སྒྲུབ་རྗེས་གནང་བསྲུང་བའོ། །ཞེས་བཅུ་གཅིག་ལས། སྔགས་ དབང་ནི། སྔགས་ཀྱི་དབུགས་དབྱུང་གི་རྗེས་ལ་བྱེད་པའི་ལག་ལེན་ཡང་སྣང་མོད་ཀྱིས། འཕྲེང་བ་ལྟར་ཐོག་མར་བྱེད་ན་ལེགས་ པས། སློབ་དཔོན་དང་སློབ་མའི་གཙོ་བོ་འཇམ་པའི་རྡོ་རྗེ་སེམས་དཔའ་གསུམ་བརྩེགས་སུ་གསལ་བས། སློབ་དཔོན་གྱི་ཏིང་ ངེ་འཛིན་སེམས་དཔའི་མཐར་འཇམ་པའི་རྡོ་རྗེ་དང་མི་བསྐྱོད་པའི་སྔགས། དཀྱིལ་འཁོར་གྱི་ལྷ་ཚོགས་གཞན་རྣམས་ཀྱི་ཐུགས་ ཀར་ཡང་རང་རང་གི་སྔགས་གསལ་བཏབ་ལ། བཅོམ་ལྡན་བདག་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་ བདག་ལ་བྱིན་གྱིས་རློབས། །ཞེས་མེ་ཏོག་གཏོར་ཞིང༌། གསོལ་བ་བཏབ་པས། སློབ་དཔོན་དང་དཀྱིལ་ འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་ཐུགས་ཀ་ནས། སྔགས་ཀྱི་འཕྲེང་བའི་ཚོགས་དཔག་ཏུ་ མེད་པ་བྱུང༌། སློབ་མའི་ཁ་སྒོ་ནས་ཞུགས། ཏིང་ངེ་འཛིན་སེམས་དཔའི་མཐར་འཁོད་པར་ གྱུར། འཇམ་པའི་རྡོ་རྗེའམ། མི་བསྐྱོད་པའི་སྔགས་བརྒྱ་རྩ་བརྒྱད། གཞན་རྣམས་གསུམ་གསུམ་ལ་སོགས་པ་རྗེས་ཟློས་བྱའོ། ། ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ ཐམས་ཅད་ཀྱི་ཐུགས་ཀ་ནས། སྔགས་འཕྲེང་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། སློབ་མའི་སྤྱི་ བོ་ནས་ཞུགས་ཏེ་སྙིང་གའི་གཟུངས་སྔགས་ལ་ཐིམ་པས་སྔགས་རྣམས་ནུས་པ་མཐུ་ཅན་དུ་ 23-1-206 གྱུར། མེ་ཏོག་འཐོར་ཞིང༌། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་ གྱིས་རློབས། །ཞེས་བརྗོད་དོ། །དེ་ནས་མིག་ཐུར་གྱི་རྗེས་གནང་ནི། མིག་ཐུར་གྱིས་མིག་སྨན་བྱུག་པའི་ཚུལ་བྱ་ཞིང༌། ༀ་ བཛྲ་ནཻ་ཏྲ་ཨ་པ་ཧ་རི་པ་ཊ་ལཾ་ཧྲི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་ བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་ སོ། །མེ་ལོང་དང་པོ་ནི། ཆོས་ཐམས་ཅད་སྣང་སྟོང་དུ་ཤེས་དགོས་པའི་བརྡར། མེ་ལོང་བསྟན་ལ། ཆོས་རྣམས་གཟུགས་ བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་ དང་ལས་ལས་ཡང་དག་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་ གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེས། །ཞེས་བརྗོད་ ཅིང་དོན་བཤད། དྲིལ་བུའི་རྡོ་རྗེ་གནང་ནི་དེ་ནས་དོན་དམ་སྐྱེ་འཇིག་ཐམས་ཅད་ལས་གྲོལ་བ་ནམ་མཁའ་ལྟ་བུའོ་ཞེས་པའི་ བརྡར་དྲིལ་བུའི་རྗེས་སུ་གནང་བ་སྦྱིན་པ་ཡིན་ཏེ། དྲིལ་བུ་བཀྲོལ་བཞིན་པས། ཐམས་ཅད་ནམ་མཁའི་མཚན་ཉིད་ དེ། །ནམ་མཁའ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བས། །ཀུན་མཆོག་ མཉམ་པ་ཉིད་དུ་གསལ། །ཅེས་བརྗོད་མདའ་གཞུའི་ནི་ཡི་གེ་ཧོ་ལས་བྱུང་བའི་མདའ་གཞུ་གཏད་ཅིང༌། ཕྱོགས་བཞི་ སྟེང་འོག་སྟེ་དྲུག་ཏུ་འཕང་བའི་ཚུལ་བྱེད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་ བྱའོ། །ཞེས་བརྗོད་དུ་གཞུག །དེ་ནས་མེ་ལོང་གཉིས་པ་ནི། ཨ་ལས་བྱུང་བའི་མེ་ལོང༌། ༀ་བཛྲ་ས་ཏྲ་ཨ། ཞེས་ གཏད་ལ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་ བདག་རང་བཞིན་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ཡིན་པར་ཤེས་པར་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། ཆོས་ བཤད་ནི། རྐང་པ་གཉིས་ཀྱི་བར་དུ་ༀ་བཛྲ་ཧེ་ཏུ་མཾ། ཞེས་པས་འཁོར་ལོ། ལག་པ་གཡས་སུ་ༀ་བཛྲ་ བྷ་ཥ་རཾ་གྱི་དུང༌། ལག་པ་གཡོན་དུ་ༀ་བཛྲ་གྷཎྜེ་ཨ་ཡིས་དྲིལ་བུ། དེ་གཉིས་ཀྱི་བར་རཾ་པང་དུ་ཨཱཿ ཞེས་རྒྱུད་ཀྱི་པོ་ཏི་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །བརྩམས་ཏེ་ཆོས་ཀྱི་འཁོར་ལོ་ 23-1-207 བསྐོར། །དེ་རིང་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱིས་འཁོར་ལོ་བསྐོར། །ཁྱོད་ཀྱིས་ ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་ པ། །ཀུན་ཏུ་མ་ལུས་གང་བར་གྱིས། །སྔགས་སྤྱོད་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་ པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་སོ། །བདག་འཇུག་དང་སློབ་མ་དབང་བསྐུར་ གྱི་སྐབས་གང་ཡིན་ཡང་རུང་སྟེ་ཤིན་ཏུ་བསྡུས་པ་ལ་དགའ་བས་མིག་ཐུར་ནས་དེ་ཡན་ཆད་བཞག་ཀྱང་རུང་ཞིང༌། རྗེ་གནང་འདི་ དག་དབང་བཞི་པའི་མཐར་སྦྱར་ནའང་ལེགས་པ་ཡིན་ནོ། ། རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་གནང་ནི། སློབ་མ་རིགས་ལྔ་སོ་སོའི་ང་རྒྱལ་དུ་རིམ་པས་འཕོར་བཅུག་ལ། ཚིགས་བཅད་ རེ་རེ་བཞིན་རིགས་སོ་སོའི་ཕྱག་མཚན་ལག་ཏུ་གཏད་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ ཏུ་བསྐོར། །དེ་བཞིན་དུ། རྡོ་རྗེའི་འཁོར་ལོ། རིན་ཆེན་འཁོར་ལོ། པདྨའི་འཁོར་ལོ། སྣ་ཚོགས་ འཁོར་ལོ་རབ་ཏུ་བསྐོར། །ཅེས་པའོ། །དེ་ནས་སེམས་ཅན་གྱི་དོན་གྱི་རྗེས་གནང་ནི། ངོ་བོ་ཉིད་ཀྱིས་སེམས་ ཅན་གང༌། །ཇི་ལྟ་ཇི་ལྟར་འདུལ་གྱུར་པ། །དེ་ལྟ་དེ་ལྟར་སེམས་ཅན་དོན། །ཆགས་སོགས་ དག་པས་སྒྲུབ་པར་གྱིས། །ཞེས་སོ། །བསྒོམས་ཤིང་དངོས་གྲུབ་སྒྲུབ་པའི་རྗེས་གནང་ནི། ཉིན་རེ་བཞིན་ཡང་ དུས་གསུམ་དུ། །ཏིང་འཛིན་གསུམ་གྱི་རྣལ་འབྱོར་དང༌། །ལྡན་པས་ཐུན་མོང་ཅིག་ཤོས་ནི། ། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །མི་སྣང་བར་ནི་སྟོང་ཅིག་དང༌། །མངོན་ཤེས་ལྡན་ པས་སྟོང་གཉིས་དང༌། །རིག་པ་འཛིན་པས་སྟོང་གསུམ་དང༌། །རྡོ་རྗེ་ཅན་གྱིས་འགྲོ་ཀུན་ བདག །གཞན་ཡང་ཞི་དང་རྒྱས་ལ་སོགས། །གང་ལ་ཅི་འདོད་ལས་རྣམས་ནི། །འཁོར་ལོ་ རྗེས་མཉེས་སྦྱོར་བ་ཡིས། །བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར། །ཞེས་བརྗོད་ཅིང་དོན་བཤད། བསྲུང་བ་ནི། ལས་ཐམས་ཅད་པའི་བུམ་ཆུས་བསངས་ཤིང༌། སྟ་གོན་བཞིན་སྲུང་སྐུད་འདོགས་སོ། །བཞི་བརྒྱ་ལྔ་བཅུ་པར། རྗེས་ 23-1-208 གནང་ཕྱི་མ་གཉིས་ལུང་སྟོན་གྱི་ཕྱིས་སུ་མཛད་པ་ནི། གཞུང་དེར་ལག་ལེན་བསྡུས་པ་ལ་དགའ་བའི་དབང་དུ་མཛད་ནས་རྗེས་ གནང་ཐམས་ཅད་ཀྱང་གཉིས་པོ་དེར་འདུ་བ་ལ་དགོངས་ཏེ། སྔགས་དབང་ནས་སྤྲུལ་བཤད་ཀྱི་བར་མི་བྱེད་ཕྱིན་ཆད། དབང་ བཞི་ནུབ་གཅིག་ལ་བསྐུར་བ་ལ། མཐའ་རྟེན་ཐམས་ཅད་ཕྱོགས་གཅིག་ཏུ་བྱས་ན་འཇུག་པ་བདེ་བར་དགོངས་སོ། །ཁ་སྐོང་ རྣམས་བྱེད་ཅིང༌། རྗེས་གནང་རྣམས་བུམ་དབང་གི་མཐར་བྱེད་པའི་ཚེ། འདིར་བཤད་པ་ལྟར་བྱེད་པ་ན་གཉིས་ཀྱི་མན་ངག་དང༌། ལག་ལེན་ལས་འབྱུང་ཞིང༌། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཡང་ཤིན་ཏུ་གསལ་ལོ། །ཡང་རྣམ་པ་ཅིག་ཏུ་ན། མདའ་གཞུ་སྦྱིན་ པ་ཡན་ཆད་བུམ་དབང་གི་མཐར་སྦྱར་ནས། ཆོས་བཤད་དང༌། སྤྲུལ་བཤད་དང༌། སེམས་ཅན་གྱིས་དོན་བྱེད་པ། སྒོམ་ཞིང་དངོས་ གྲུབ་སྒྲུབ་པ། བཞི་ཆར་ལུང་བསྟན་གྱི་མཐར་བྱས་ན། འཕྲེང་བ་སོགས་དང་མཐུན་པས་ཤིན་ཏུ་ལེགས་སོ། །དེས་ན་ཆོས་བཤད་ སོགས་འདིར་བྱེད་ཅིང༌། སེམས་ཅན་དོན་གྱི་རྗེས་གནང་སོགས་བཞི་པའི་མཐར་བྱེད་པ་ནི། ལུགས་གཉིས་ཀ་དང་ཡང་མི་འགྲིག་ གོ ། གཉིས་པ་ནི། མི་མཉམ་མེད་པ་ཟུར་བཞི་སྟེ། སོགས་བཞི་བརྒྱ་ལྔ་བཅུ་པའི་ཚིག་བཞིན་བརྗོད་ནས་དོན་ཞི་བ་མོར་ བཤད་ནའང་ཤིན་ཏུ་ལེགས་ལ། འོན་ཀྱང་དེ་ཁོ་ན་ཉིད་དང་པོ་གཉིས་སྟོན་བྱེད་ཀྱིས་ཚིག་རྣམས་དང༌། སྒྲུབ་ཐབས་ཀྱི་གཞུང་ གི་ཚིག་རྣམ་དག་རྣམས། ཤིན་ཏུ་གོ་དཀའ་བར་འདུག་པས། དངོས་གྲུབ་འབྱུང་གཏེར་ལྟར་བརྗོད་ན། རྟོགས་བླ་བའི་ཕན་ ཡོན་ཡོད་དོ། །དེ་ཡང་འདི་ལྟར། སངས་རྒྱས་མ་རྒྱས་མཉམ་པའི་ཕྱིར། །གྲུ་བཞི་རུ་ནི་རབ་ཏུ་བསྟན། ། དྲན་པ་ཉེར་བཞག་ཤར་གྱི་སྒོ། །ཡང་དག་སྤོང་བ་ལྷོ་ཡི་སྒོ། །རྫུ་འཕྲུལ་རྐང་པ་ནུབ་ཀྱི་ སྒོ། །བསམ་གཏན་བཞི་ནི་ཏ་ར་ཎ། །ཏིང་འཛིན་རྣམས་ནི་ཁ་ཁྱེར་བརྒྱན། །གཟུང་རྣམས་ དེར་གནས་ལྷ་མོ་རྣམས། །བསམ་པ་སྐོང་ཞིང་ལྷ་ཚོགས་བརྒྱན། །གསུང་རབ་ཡན་ལག་སྒྲ་ སོགས་སོ། །རྣམ་པར་ཐར་བརྒྱད་ཀ་བ་བརྒྱད། །སྔགས་ཚུལ་རྡོ་རྗེའི་ཕྲེང་བ་ཟླུམ། །ཕྱིར་ ལོག་རྣམ་དག་ཡོན་ཏན་ལྔ། །དྲི་མེད་སྟོབས་སོགས་མཆོད་པ་ལྔ། །བུམ་པ་ཆུས་གང་ཐུགས་ རྗེ་དང༌། །ཚོགས་རྫོགས་སེར་པོ་ཡེ་ཤེས་གཏེར། །འགྲོ་བ་རྣམས་དང་དབྱེར་མེད་ཀྱང༌། །དེ་ ནི་ཉེས་པས་མི་གོས་ཕྱིར། །སྣ་ཚོགས་པདྨ་བཅུ་དགུ་སྟེ། །སྡོང་བུ་དང་ནི་བཅས་པའོ། །མི་ 23-1-209 དགེ་འདམ་རྫབ་སྐམ་མཛད་ཅིང༌། །དགེ་བའི་མྱུ་གུ་གསོ་མཛད་པ། །ཉི་མའི་གདན་ནི་བདུན་ རྣམས་སོ། །ཉོན་མོངས་ཚ་བས་བསིལ་བྱེད་དང༌། །མ་རིག་མུན་ནག་སེལ་བའི་ཕྱིར། །ཟླ་བ་ བཅུ་གཉིས་དང་ལྡན་པའོ། །ཉོན་མོངས་ཐམས་ཅད་ལས་གྲོལ་ཕྱིར། །གཞལ་ཡས་ཁང་དུ་ བརྟགས་པའོ། །སྙིང་པོ་ལ་ནི་འདུས་པའི་ཕྱིར། །དཀྱིལ་འཁོར་ཞེས་སུ་བཤད་པ་ཡིན། །ཞེས་ དཀྱིལ་འཁོར་གྱི་དེ་ཉིད་དང༌། ཆོས་དབྱིངས་རྣམ་དག་མི་བསྐྱོད་པ། །གཟུགས་ཕུང་གཏི་མུག་ ཆེ་དང་སྐུ། །མེ་ལོང་རྣམ་དག་རྣམ་སྣང་མཛད། །ཚོར་བའི་ཕུང་པོ་མཉམ་པ་ཉིད། །ང་རྒྱལ་ རྣམ་དག་རིན་ཆེན་འབྱུང༌། །འདུ་ཤེས་ཕུང་པོ་འདོད་ཆགས་གསུང༌། །སོ་སོར་རྟོག་པ་སྣང་ མཐའ་ཡིན། །འདུ་བྱེད་ཕུང་པོ་ནན་ཏན་དང༌། །ཕྲག་དོག་རྣམ་དག་དོན་ཡོད་གྲུབ། །ས་དང་ སྟོང་ཉིད་ཐབས་དང་ནི། །སྙིང་རྗེ་ཞི་བྱེད་སྤྱན་མའོ། །བྱམས་དང་མཚན་མེད་སྨོན་ལམ་དང༌། ། ཆུ་ཁམས་སྲུང་བྱེད་མཱ་མ་ཀཱི །དགའ་དང་སྨོན་མེད་སྟོབས་དང་ནི། །མེ་ཁམས་རྒྱས་བྱེད་ན་ བཟའ་དཀར། །བཏང་སྙོམས་ཡེ་ཤེས་རང་བཞིན་གསལ། །རླུང་ཁམས་སྒྲོལ་བྱེད་སྒྲོལ་མའོ། ། སྦྱིན་པ་རྣམ་དག་གཟུགས་རྡོ་རྗེ། །ཚུལ་ཁྲིམས་རྣམ་དག་སྒྲ་རྡོ་རྗེ། །བཟོད་པ་རྣམས་དག་ དྲི་རྡོ་རྗེ། །བརྩོན་འགྲུས་རྣམ་དག་རོ་རྡོ་རྗེ། །བསམ་གཏན་རྣམ་དག་རེག་རྡོ་རྗེ། །ཤེས་རབ་ རྣམ་དག་ཆོས་རྡོ་རྗེ། །འཇིག་ཚོགས་ཤེས་བྱ་ཕུང་པོའི་བདུད། །དད་དག་གཤིན་རྗེ་གཤེད་ འགུགས་པ། །ཉོན་མོངས་དེ་བདུད་མཐར་འཛིན་ལྟ། །བརྩོན་དག་འཇུག་བྱེད་ཤེས་མཐར་ བྱེད། །སྐྱེ་འགྲིབ་འཆི་བདག་ལོག་པར་ལྟ། །དྲན་དག་འཆིང་བྱེད་རྟ་མགྲིན་ནོ། །ལས་དང་ ལྷ་བདུད་མཆོག་འཛིན་ལྷ། །ཏིང་འཛིན་མགུ་མཛད་བདུད་རྩི་འཁྱིལ། །ཆོས་དང་ལོངས་སྤྱོད་ སྤྲུལ་པ་དང༌། །ངོ་བོ་ཉིད་དེ་རྣམ་བཞི་ནི། །ཐུགས་སོགས་རྡོ་རྗེ་ཡེ་ཤེས་སམ། །ཕྱག་རྒྱ་བཞི་ ཞེས་བཤད་པ་ཡིན། །རྣམ་པར་རྟོག་པ་དང་བྲལ་ཞིང༌། །གཏིང་དཔག་དཀའ་བ་ཟབ་མོ་སྟེ། ། ཕྱག་རྒྱ་ཆེན་པོར་རབ་སྣང་བས། །རང་གཞན་སྨིན་བྱེད་གསལ་བ་པོ། །ཟབ་མོ་དང་ནི་ཡང་ 23-1-210 དག་གསལ། །ཤེས་རབ་ཐབས་ཀྱི་བདག་ཉིད་སྟེ། །མཐའ་གཉིས་སྐྱོན་ནི་རབ་བཀག་པས། ། ཐམས་ཅད་དུས་སུ་དབྱེར་མེད་དོ། ། ཞེས་ལྷའི་དེ་ཁོ་ན་ཉིད་དེ། དེ་བཞིན་དུ་དབང་བསྐུར་བ་དང་དངོས་གྲུབ་ཀྱི་དོན་དུ་དཀྱིལ་འཁོར་བྲི་བ་དང༌། སྒྲུབ་པ་དང༌། རབ་ཏུ་གནས་པ་དང༌། སྦྱིན་སྲེག་དང༌། དབང་བསྐུར་དང༌། ཞི་བ་ལ་སོགས་པའི་ལས་རྣམས་ནི་སློབ་དཔོན་གྱི་བྱ་བའོ། །དེ་དག་ བརྗོད་པར་མི་ལྕོགས་ན། གཞལ་ཡས་ཁང་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་ དག་པ་ཡིན་ལ། ལྷ་རྣམས་ནི་ཕུང་པོ་དང་ཁམས་དང༌། དབང་པོ་ཡུལ་དང་བཅས་པ་དང་ལྟ་ བ་བཞི་རྣམ་པར་དག་པ། ཡེ་ཤེས་ལྔ་དང༌། ཚད་མེད་བཞི་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། དད་སོགས་བཞིའི་ངོ་བོ་ཡིན་ནོ། །ཞེས་པ་ཙམ་བརྗོད་ནའང༌། ཕྲེང་བ་ལ་སོགས་པའི་དགོངས་པ་དང་མཐུན་ནོ། ། དེ་ནས་ཡང༌། དེ་བཞིན་སློབ་མ་དབང་བསྐུར་དང༌། །དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་ནི། ། སྒྲུབ་པའི་ཐབས་ནི་རབ་བསྟན་པས། །གང་ཟག་གཉིས་སུ་ཤེས་པར་བྱ། །གཟུགས་བརྙན་ གླེགས་བམ་ལ་སོགས་པ། །ཡོད་ན་ཁྱོད་ཀྱིས་རབ་གནས་མཛོད། །དེས་ནི་ཇི་སྲིད་བར་དུ་ནི། ། སེམས་ཅན་དོན་དུ་འགྱུར་བའོ། །ཞེས་བརྗོད་དོ། །བུམ་དབང་འབའ་ཞིག་བསྐུར་བའི་ཚེ། རྡོ་རྗེ་སློབ་དཔོན་གྱི་ དབང་གི་དེ་མ་ཐག་ཏུ་འདི་རྣམས་བརྗོད་པ་ལ་སྤྲོ་ན་ལུང་བསྟན་དང་དབུགས་དབྱུང་དང༌། རྗེས་གནང་དང༌། དམ་ཚིག་བསྟན་པ་ རྣམས་བྱས་ན་སྨན་ཞབས་ཀྱི་གཞུང་དང་ཅུང་ཟད་མཐུན་པར་འགྱུར་ཏེ། དེ་དག་གི་མཐར་འདི་སྐད་ཅེས། དེ་ལྟར་ན་ལུས་ ཏེ་གཟུགས་བརྙན་ཅན་གྱི་དཀྱིལ་འཁོར་དུ་བུམ་པ་དབང་བསྐུར་བ་ཐོབ། ལམ་བསྐྱེད་པའི་ རིམ་པ་སྒོམ་པ་ལ་དབང༌། ལུས་ཀྱི་དྲི་མ་མཐའ་དག་སྦྱངས། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ མངོན་དུ་འགྱུར་བའི་རྟེན་འབྲེལ་ལེགས་པར་བསྒྲིགས་པ་ཡིན་ནོ། །ཞེས་བརྗོད་དེ་བུམ་པའི་དབང་ མཐའ་དག་བསྟན་ཟིན་ཏོ། ། གཉིས་པ་ལ་སྔོན་འགྲོ་དང་དངོས་གཞི་སོ་སོར་བསྐུར་བ་གཉིས་ལས། དང་པོ་ནི། སྤྲོ་ན་ཆུ་གཉིས་ཉེར་སྤྱོད། ནང་མཆོད། ན་བཟའ་སོགས་ཀྱང་བཤམས། སྒྲུབ་ཐབས་ལྟར་མཆོད་པ་བྱིན་བརླབས་བྱས། དེ་ཙམ་མ་ལྕོགས་ན་ཡིད་ཀྱིས་སྤྲུལ་ཀྱང་རུང་སྟེ། 23-1-211 སློབ་དཔོན་དང་དཀྱིལ་འཁོར་ལ་དམིགས་ནས། སློབ་མས་མཆོད་པ་འབུལ་བ་ནི་ཨརྒྷཾ་ནས་ཤཔྟའི་བར་དང༌། འབྲུ་གསུམ་ དང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་རྣམས་ཀྱིས་བྱ་སྟེ། སློབ་དཔོན་ལས་ཀྱི་རྡོ་རྗེའི་རྗེས་ཟློས་བྱས་ཀྱང་རུང་ངོ༌། །དེ་ནས་ཡོན་ ཕུལ་ཏེ། དབང་གོང་མ་སྔོན་འགྲོ་དངོས་གཞི་སྤྱིའི་དོན་དུ་མཎྜལ་ཕུལ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ ཡང་ཡིན། །ཁྱོད་ཀྱིས་བདག་ལ་སོགས་པ་འཇིགས་པ་ཆེ་ལས་སྐྱོབ། །འགྲོ་བའི་བླ་མ་རྗེ་ བཙུན་ཁྱོད་ཀྱིས་སྡུག་བསྔལ་སེལ། །ཆེ་བའི་ཆེ་ཁྱོད་ཁམས་གསུམ་སྟོངས་སླད་སྐྱེ་བོ་སྐྱོངས། ། ཐོག་མ་མེད་ཁྱོད་ང་རོ་ཐིགས་པ་སྟེང་ཆ་མེད། །རྗེ་བཙུན་ཡི་གེ་མེད་ཁྱོད་བདུད་རྩི་བདེ་སྟོང་ རབ་དགའ་བྱེད། །འགྲོ་ལ་ཕན་ཕྱིར་དགའ་བས་སངས་རྒྱས་རྣམས་ཀུན་ལ། །རབ་དགྱེས་ བདེ་བ་མགོན་ཆེན་ཁྱོད་ཀྱིས་བཏང་བར་མཛོད། །སྐྱོན་གྱིས་མ་གོས་བླ་ན་མེད་པའི་བྱང་ཆུབ་ ལམ། །སྣ་ཚོགས་སྡུག་བསྔལ་ཞི་མཛད་སྐོམ་པ་ངོམས་མཛད་ཅིང༌། །འཁོར་བའི་རྦ་ཀློང་ཐར་ མཛད་བདེ་ལ་འགོད་མཛད་པའི། །དངོས་ཀུན་རྒྱལ་བས་མི་དཔོགས་ལམ་འདི་བསྟན་པར་ མཛོད། །ཞི་བའི་ཞི་བ་རྡུལ་དང་རབ་བྲལ་ཟུམ་པ་སྤངས། །སྒོམ་པ་ལས་འདས་མཁའ་འདྲ་དྲི་ མས་མ་གོས་པ། །སྒྱུ་མ་ཀུན་འདས་འདོད་པ་ཀུན་ལ་རྒྱབ་ཀྱིས་ཕྱོགས། །དེ་འདྲའི་རྗེ་བཙུན་ ཁྱོད་ལ་བདག་ནི་སྐྱབས་སུ་མཆི། །དྲེགས་མེད་འཇིགས་མེད་བྱང་ཆུབ་ཆེན་པོ་ཐོབ་ཀྱིས་བར། ། འཁོར་བར་མཚོ་བར་འཇིག་རྟེན་དམྱལ་རྩུབ་མ་ལྟུང་བར། །ཁྱེད་གསུང་དམ་ཚིག་སྡོམ་པ་ ཐུན་མོང་མིན་པ་རྣམས། །བདག་ལ་སོགས་པས་རྟག་ཏུ་རབ་ཏུ་བསྐྱང་བར་བགྱི། །གར་ ཆེན་རྣམ་པར་རོལ་པས་གར་མཛད་ཅིང༌། །སྣ་ཚོགས་ཕྱག་མཉེ་བཅུ་དང་བསྒྲིམས་པ་ཡིས། ། པདྨའི་ལོ་མ་འཇམ་པོ་བརྒྱད་ཕྱེ་ལ། །གཉིས་མེད་བདེ་རྒྱུ་རྡོ་རྗེ་བཞག་པར་མཛོད། །གསང་ བའི་དེ་ཉིད་མི་ཉམས་གསལ་བར་འགྱུར། །རྡོ་རྗེ་འདམ་སྐྱེས་ཟླ་བ་ཡང་དག་འདུ། །ཐབས་ ཤེས་ལས་བྱུང་དངོས་ཀུན་དེ་ཉིད་མཆོག །རྗེ་བཙུན་བདག་ལ་ཕན་ཕྱིར་སྦས་པ་ཤོད། །ཅེས་ ལན་གསུམ་དབྱངས་དང་བཅས་པའམ། མིན་ཀྱང་རུང་སྟེ་གསོལ་བ་བཏབ། བར་འདིར་འགྲུབ་ན་ཚོགས་ཀྱི་འཁོར་ལོས་མཆོད། 23-1-212 སྔོན་འགྲོའི་དོན་དུ་མཎྜལ་ཕུལ་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་ སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་དཀའ་དྲིན་སྩོལ། །ཁྱོད་ ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །སྡུག་བསྔལ་ཀུན་གྱི་གནས་གྱུར་པ། ། དམྱལ་བ་ནས་ནི་གཙོ་བོས་དྲོངས། །སྡུག་བསྔལ་ཐམས་ཅད་མཐར་མཛད་པ། །མགོན་མེད་ བདག་ལ་ཐུགས་བརྩེར་མཛོད། །ཅེས་ཀྱང་ལན་གསུམ་གསོལ་བ་བཏབ་པ་ལ། དེ་ནས་གསང་དབང་གི་དོན་དུ་མཎྜལ་ཕུལ། དེ་ནས་དམ་ཚིག་བསྒྲགས་པ་ནི། ཇི་ལྟར་དབང་བསྐུར་ཚུལ་ལས་ ནི། །སངས་རྒྱས་ལ་སོགས་ཀུན་ཐོབ་པ། །དེ་ལྟར་བྱང་ཆུབ་སྤྱོད་པ་སོགས། །དགེ་བའི་ཚུལ་ གསུང་གཞན་གྱིས་མིན། །དེ་བས་བུ་ཁྱོད་དམ་ཚིག་དང༌། །སྡོམ་པ་རྟག་ཏུ་བསྐྱང་བར་བྱོས། ། ཤ་ལྔ་བདུད་རྩི་ལྔ་བཟའ་ཞིང༌། །དེ་ལས་གཞན་ཡང་དམ་ཚིག་བསྲུང༌། །དཀོན་མཆོག་ གནོད་བྱེད་གཞོམ་བྱ་སྟེ། །བུད་མེད་ཀུན་ལ་སྤྱད་པར་བྱ། །རྣལ་འབྱོར་རྒྱུད་དུ་གང་བཤད་ པ། །དེ་ཡང་ཆོ་ག་བཞིན་དུ་བསྲུང༌། །ཞེས་བསྒྲགས་ལ་སློབ་མས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་ལན་བཏབ། འདི་ ནི་དབང་གོང་མ་གསུམ་གྱི་ཐུན་མོང་གི་དམ་ཚིག་བསྒྲགས་པ་ཡིན་པའི་ཕྱིར། སྨན་ཞབས་ཀྱིས་ཐོག་མར་མཛད་ལ། བཞི་བརྒྱ་ལྔ་ བཅུ་པར་ཐ་མར་གསུངས་སོ། །དེས་ན་དབང་གསུམ་པ་དང༌། བཞི་པའི་བར་དུ་བྱེད་པ་མི་ལེགས་སོ། ། གཉིས་པ་ལ་གསང་དབང་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པའི་དབང་སྟེ་གསུམ་མོ། །དེའི་དང་པོ་ནི། སླར་ཡང་ གསང་དབང་དངོས་གཞིའི་དོན་དུ་མཎྜལ་ཕུལ་ནས། དབང་གི་དོན་དུ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རིག་མ་ལོ་ བཅུ་དྲུག་ནས་ཉེར་ལྔའི་བར་གང་ཡང་རུང་བ་སློབ་དཔོན་ལ་ཕུལ་བར་མོས་ཏེ། འདི་སྐད་ཅེས་གསོལ་བ་གདབ་བོ། །རྡོ་རྗེ་ སེམས་ཁྱོད་སངས་རྒྱས་ཀུན་གྱི་བདེ་བ་རབ་ཏུ་སྒྲུབ་པ་སྟེ། །རྣམ་དག་བྱང་ཆུབ་སེམས་དཔའ་ རྒྱ་ཆེན་སྲས་སུ་གྱུར་པ་རྣམས། །ཡུན་རིང་སྟོང་པ་ཉིད་བསྒོམས་པས་ནི་རབ་ཏུ་གདུང་བ་ ལ། །དགའ་བ་ཡིད་འོང་བདེ་བ་ཆེན་པོ་ཉིད་ཀྱིས་མཉེས་པར་མཛོད། །འདོད་ཆགས་དེ་ནི་དྲི་ 23-1-213 མེད་ཀུན་ཏུ་བཟང་པོའི་སྤྱོད་པ་སྟེ། །དག་པའི་རྡོ་རྗེ་འདོད་ཆགས་དམ་ཚིག་ལས་ནི་ཕྱེ་མཛད་ ནས། །དགའ་བ་རྣམ་པ་དྲུག་པོ་སྤྱོད་པས་ཤིན་ཏུ་གདུང་བ་རྣམས། །རབ་ཏུ་དགྱེས་དབང་ འདོད་པའི་བདེ་བ་ཉིད་ལ་འཇོག་པར་མཛོད། །པདྨའི་དབུས་ནས་རིན་ཆེན་འབར་བ་རབ་ ཕྱུང་ནས། །མ་ལུས་རྒྱལ་བ་རྣམས་ཀྱི་དབུ་ནི་བསྐམས་པ་ལ། །རྣམ་དག་རྡོ་རྗེ་ལས་ནི་བྱུང་ བའི་ཡེ་ཤེས་ཆུ། །དྲི་མ་མེད་པ་རིན་ཆེན་སྤྱིར་དབབ་དབང་བསྐུར་གསོལ། །མཉམ་དང་མི་ མཉམ་འདོད་ཆགས་ཚུལ་དག་པས། །པདྨའི་གནས་སུ་རྡོ་རྗེའི་མཛོད་གཏོང་བ། །སྣ་ཚོགས་ སེམས་དཔའ་སེམས་ཅན་བརླག་གྱུར་པ། །སྦྱོར་བ་གཞན་མིན་མ་ཐོགས་བཤད་དུ་གསོལ། ། རྡོ་རྗེ་སེམས་དཔའ་ཁྱོད་ནི་དབང་མཆོག་བགྱིད་མཛད་ཅིང༌། །རྡོ་རྗེ་པདྨ་ཕྱེ་བའི་ཚུལ་དུ་སྦྱོར་ མཛད་ལ། །རྒྱལ་བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་སྟོན་ཏེ། །བདེ་བ་ཐམས་ཅད་སྒྲུབ་པ་ཉིད་ ཀྱིས་མཉེས་མཛད་གསོལ། །ཅེས་ལན་གསུམ་བྱ། གོང་བཞིན་མིག་དར་བཅིངས། མེ་ཏོག་བཟུང༌། བུམ་དབང་ བསྐུར་བའི་ཉི་མ་དེ་ཉིད་མ་ཡིན་ན། སློབ་དཔོན་དང༌། རིག་མ་ཡན་ལག་བཞི་བསྐྱེད་ཀྱིས་རྒྱས་པར་བསྐྱེད་པ་བློ་ཡུལ་དུ་གསལ་ འདེབས་དགོས་ལ། སྔར་གྱི་འཕྲོས་ཡིན་ན། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་གཉིས་སུ་མེད་པ། ༀ་ཤཱུ་ནྱ་ཏ་ཡཱ་ སོགས། རིག་མ་སྟོང་པའི་ངང་ལས། མཾ་ལས་རལ་གྲི་མཾ་གྱིས་མཚན་པ་ལས། ཡུམ་འཇམ་པའི་ རྡོ་རྗེ་མ་ནས་རྫོགས་པར་གྱུར། མིག་ཏུ་ཀྵིཾ་ནས། སཾ་སྔོན་པོ། སྙིང་གར་ཧཱུཾ་ནག་པོ། མགྲིན་པར་ ཨཱཿདམར་པོ། སྤྱི་བོར་ༀ་དཀར་པོ། ཡབ་ཀྱི་གསང་གནས་མི་དམིགས་ཏེ་ནས་མཆོད་པར་ གྱུར། དགའ་བའི་སྒྲས་སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་སྲས་དང་བཙུན་ མོར་བཅས་པ་ཐམས་ཅད་སྤྱན་དྲངས། གཙོ་བོའི་ཞལ་དུ་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་ སེམས་དང་རོ་གཅིག་ཏུ་གྱུར་པ་སྐུའི་དབྱིབས་རྒྱུད། ནོར་བུའི་རྩེ་མོར་ལྷན་ཅིག་སྐྱེས་པའི་ ཡེ་ཤེས་བརྟན་པར་བྱས་ནས། མཐར་མཐེབ་སྲིན་གྱིས་ཕྱུང་ལ། བུམ་པའམ་དུང་ཆོས་སམ་ པདྨའི་སྣོད་དུ་གཞན་གོང་བཞིན་པདྨའི་དབུས་གནས་ཞེས་པ་ནས། སྤྱིར་དབབ་དབང་བསྐུར་རོ། །ཞེས་ 23-1-214 དང༌། ༀ་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་བདེ་བསྐྱེད་བདེ་བ་ཆེན་པོ་སྟེ། །དེ་ཡིས་ དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱི་གླུ་དང་བཅས་པས་དབང་བསྐུར་ ཏེ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་ སེམས་ནི་བཟང་པོ་ཡི། །དེ་བཞིན་བུ་ཁྱོད་དབང་བསྐུར་རོ། །ༀ་ཨཱཿཧཱུཾ། ཞེས་ཐིག་ལེ་སློབ་མའི་ལྕེ་ཐོག་ ཏུ་བཞག དེས་ཀྱང་མྱངས་ལ་ཨ་ཧོ་མཧཱ་སུ་ཁ་ཞེས་བརྗོད། འཕྲེང་བ་ནས་འབྱུང་བ་ལྟར། ཤེས་རབ་ལས་བྱུང་བའི་བདུད་རྩི་ མྱང་བའམ་སྤྲོ་ན་བྱ་ཞིང༌། གང་ལྟར་ཡང་རྩ་ཁམས་བྱིན་གྱིས་བརླབས་ནས་བདེ་སྟོང་གི་པདྨའི་དབུས་གནས་རིན་ ཆེན་ཞེས་པ་ནས། དབང་སྐུར་རོ། །ཡེ་ཤེས་སྐྱེས་པའི་ཉམས་སྐྱོང་དུ་གཞུག་གོ །རྒྱུད་ཀྱི་རྒྱལ་པོ་ཕྱི་མ་ལས། མིག་ཡངས་ སྔགས་ཀྱི་སྣོད་དུ་རུང༌། །མེ་ཏོག་བཅས་བཞིན་ས་བོན་དབྱུང༌། །བླངས་ནས་གསང་བའི་ དབང་བསྐུར་བ། །སྔགས་པས་སློབ་མ་དག་ལ་སྦྱིན། །ནམ་མཁའི་དབྱིངས་ཀྱི་དབུས་གནས་ པར། །དྲི་ཆུ་རྐང་དང་ཡང་དག་ལྡན། །ཞེས་བྱ་བའི་རིམ་པ་དང༌། རྡོ་རྗེ་པདྨའི་སྦྱོར་བ་ཡིས། ། རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དེ་དག་ཐམས་ཅད་སྙིང་གར་ བསྡུ། །རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་དམིགས་པའི་ཁྱད་ པར་གསུངས་པས། དངོས་སུ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་པདྨ་ལས་བཞེངས་པར་བྱ་བ་ནི་རྒྱུད་གཞན་གྱི་དགོངས་པ་དང༌། དྲི་ ཆུ་རྐང་དང་སོགས་ཀྱི་དོན། བུམ་པའམ་ཐོད་པར་དམ་རྫས་སྦྱར་བའི་ཆང་སོགས་ལ། ཤེས་རབ་ཀྱི་མེ་ཏོག་དང༌། ཐབས་ ཀྱིས་ས་བོན་བསྲེས་ཏེ། སྦྱིན་པ་ནི། དཔལ་ལྡན་འདུས་པ་དང་ཟླ་གསང་ཐིག་ལེ་སོགས་ནང་རྒྱུད་སྡེ་ལྔའི་དགོངས་པར་མངོན་ཏེ། ལུགས་འདིའི་རྒྱུད་ཕྱི་མའི་འགྲེལ་པ་ཐམས་ཅད་ནས་བཤད་ཅིང༌། གཞན་ཡང་གསང་བ་འགྲུབ་པ་དང༌། རིམ་ལྔ། སྤྱོད་བསྡུས། སྒྲོན་གསལ་རྣམ་ཀྱིའང་དགོངས་པ་ཡིན་ལ། དེས་ན་སྔ་མ་མཆོག་དང༌། ཕྱི་མ་དམན་པར་བྱེད་པ་སྟེ། སྔ་མ་སྨིན་བྱེད་ཀྱི་དབང་ དང༌། ཕྱི་མ་རྫོགས་རིམ་གྱི་དབང་ཡིན་པར་བོད་སྔ་ཕྱི་ཕལ་ཆེར་ལ་གྲགས་པ་རྣམས་ནི་སྙིང་པོ་ཡོད་པར་མ་མཐོང་ངོ༌། །དེས་ན། བརྡའི་དབང་ལ་ནི་ཁྱད་པར་མེད་ཀྱང༌། དངོས་ཀྱི་དབང་ཡིན་ན་གསང་བ་འདུས་པའི་སྐབས་འདིར་ཕྱི་མ་ཉིད་བྱའོ། །དེ་ནས་ 23-1-215 འབྲུ་གསུམ་གྱི་མིག་དར་བཀྲོལ་ལ་དེ་ལྟར་ན། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་ དབང་བསྐུར་བ་ཐོབ། ལམ་ཐིག་ལེ་གསུམ་གྱི་རྣལ་འབྱོར་སྣང་བཅས་སྒྱུ་ལུས་དང་བཅས་པ་ སྒོམ་པ་ལ་དབང༌། ངག་གི་དྲི་མ༴ འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་པའི་སྐུ་ཞེས་འདོན་པ་སྤོ། གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཕྱག་དང་མཎྜལ་ཕུལ། དེ་ནས་ཉི་མ་གཅིག་ལ་འདི་ཁོ་ན་བསྐུར་ན། ཀུན་ མཁྱེན་ཡེ་ཤེས་སོགས་པ་གོང་བཞིན་གསོལ་བ་འདེབས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། ། རང་རྒྱལ་ཉན་ཐོས་དེ་བཞིན་ཏེ། །སྐུ་གསུང་ཐུགས་སུ་སྦྱོར་བ་ན། །ཕྱག་འཚལ་ན་ནི་མ་རུང་ འགྱུར། །ཀུན་ཏུ་རྡོ་རྗེ་སེམས་དཔའ་ཡིས། །ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ལ། །བསམ་ གཏན་རྡོ་རྗེ་གསུམ་སྦྱོར་བས། །སྔར་བཟླས་པས་ནི་བསམ་གཏན་བྱ། །མདོར་ན་སེམས་ ཅན་ཁམས་རྣམས་ནི། །བསམ་གཏན་རྡོ་རྗེས་བསྐུལ་བར་བྱ། །རྡོ་རྗེ་གསུམ་གྱི་ཕྱག་འཚལ་ མཆོག །དམ་ཚིག་རྡོ་རྗེ་ལས་བྱུང་བའོ། །མཆོད་རྟེན་དག་གི་ལས་མི་བྱ། །གླེགས་བམ་བཀླག་ པར་མི་བྱ་ཞིང༌། །དཀྱིལ་འཁོར་དག་ཀྱང་ཡོང་མི་བྱ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱའོ། །རྡོ་ རྗེའི་ཐིག་ནི་གདབ་པ་དང༌། །ཚོན་རྩི་དག་ནི་དགྱེ་བ་ཉིད། །སྔགས་ཀྱི་སེམས་དཔས་མི་བྱ་སྟེ། ། བྱས་ན་བྱང་ཆུབ་བརྙེས་པར་དཀའ། །གལ་ཏེ་བྱང་ཆུབ་མཆོག་འདོད་ན། །ལག་པའི་ཕྱག་ རྒྱ་མི་བཅིང་ངོ༌། །སྔགས་རྣམས་ཀུན་གྱི་དམ་ཚིག་ནི། །རྒྱལ་བ་ཀུན་ཀྱང་མི་འདའོ། །ཞེས་དམ་ ཚིག་བསྒྲགས་པ་ལ། དེ་ལྟར་བགྱིའོ་ཞེས་ཁས་བླངས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་ མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཕྱག་ འཚལ་འདུད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཐམས་ཅད་སྟོང་པ་བླ་ན་མེད། །མངོན་པར་ བྱང་ཆུབ་མཐོང་བར་ནི། །སློབ་དཔོན་ཆེན་པོ་བདག་འཚལ་ལོ། །ལས་དང་སྐྱེ་ལས་རྣམ་གྲོལ་ བའི། །ཚེ་འདིར་བྱང་ཆུབ་མཆོག་ཐོབ་པ། །རང་མྱོང་མཚན་ཉིད་གཅིག་པ་ཉིད། །སེམས་ དཔའ་ཆེན་པོ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། གོང་བཞིན་མིག་དར་བཅིངས། དེ་ནས་ 23-1-216 མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱག་རྒྱ་སློབ་མ་ལ་གཏད། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། ། བསྟེན་བྱར་སངས་རྒྱས་རྣམས་ཀྱི་བརྟགས། །འཁོར་ལོའི་རིམ་པ་སྦྱོར་བ་ཡིས། །བདེ་བ་ དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་སོན་ལྟ་བས། །ཞེས་ བརྗོད། དྲི་བ་དྲིས་ལན། ཆེད་བརྗོད་ཀྱང་སྤྱི་དང་མཐུན་པར་བྱས་ཀྱང་ལེགས་མོད་ལག་ལེན་བསྡུས་པའི་སྐབས་འདིར་མེད་ཀྱང་ རུང་ངོ༌། །ལྷ་མོ་འདི་ནི་ཁྱོད་དང་མཐུན། །སེམས་ཆེན་ཁྱོད་ཀྱིས་འདོད་པ་གྱིས། །ཡིད་འོང་བུ་མོ་ འདི་ཉིད་ནི། །སངས་རྒྱས་ཀུན་གྱིས་སྤྱོད་དུ་གནང༌། །དཀྱིལ་འཁོར་འཁོར་ལོའི་ཆོ་ག་ཡིས། ། བུ་མོ་གྲོལ་བྱེད་དགའ་སྦྱིན་མ། །བྱང་ཆུབ་ཆེན་པོ་གྲུབ་པའི་ཕྱིར། །ཁྱོད་ཀྱིས་བདེ་ཆེན་མྱོང་ བར་གྱིས། །གཞན་གྱིས་སངས་རྒྱས་མི་ནུས་པས། །བུ་མོ་འདི་ནི་ཡང་དག་མཆོད། །དེ་བས་ མཐའ་མེད་འཁོར་བའི་བར། །ཁྱོད་ཀྱིས་འདི་དང་འབྲལ་མི་བྱ། །ཞེས་གཏད་ལ་དེ་ཉིད་ཆོས་ཁམས་རྡོ་ རྗེ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ལུས་དྲི་ཞིམ་པོར་བྱུགས་ཏེ། སྨྲོས་ཤིག་བུ་ཁྱོད་རྡོ་རྗེ་ཅན། །ཤ་ཁྲག་ཁུ་བ་ ལ་སོགས་དང༌། །དྲི་ཆེན་དྲི་ཆུ་སོགས་བཟའམ། །བྷ་གར་འོ་བྱེད་མི་རྟོག་གམ། །གཟུངས་མ་ ང་ལ་ཁྱོད་སྤྲོའམ། །ཞེས་དྲིས་པ་ལ། ཀྱེ་ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །དྲི་ཆེན་དྲི་ཆུ་སོགས་བཟའོ། ། ལྷ་མོ་ཁྱོད་ལ་བཀུར་སྟི་དགོས། །བྷ་གར་འོ་བྱེད་ང་མི་རྟོག །ཅེས་ལན་བཏབ་བོ། །དེས་ཀྱང་ཕྱོགས་ཀྱི་ གོས་ཅན་དུ་གྱུར་ནས་པདྨ་གསལ་བར་བྱས་ཏེ། ཨེ་མ་ཧོ་བདག་གི་པདྨ་ནི། །བདེ་བ་ཐམས་ཅད་ཡང་དག་ ལྡན། །གལ་ཏེ་ཆོ་ག་བཞིན་རྟེན་ན། །དེ་ཡི་མདུན་ན་རྟག་ཏུ་གནས། །སངས་རྒྱས་ཀུན་གྱིས་ བསྐུར་བའི་གནས། །པདྨ་དམ་པར་དོན་འདི་བྱེད། །རང་བྱུང་བདེ་བ་ཆེན་པོ་ནི། །འདི་ན་རྟག་ པར་ཞུགས་པ་ཡིན། །བྷཉྫ་མོཀྵ་ཧོ། ཞེས་པང་དུ་བྱོན། རང་དང་རིག་མ་གཉིས་ཀ་མི་དམིགས་སྟེ་ སྟོང་པར་གྱུར། སྟོང་པའི་ངང་ལས་གཉིས་ཀའང་མཾ་ལས་རལ་གྲི་མཾ་གྱིས་མཚན་པར་གྱུར། དེའི་འོད་ཀྱི་འཕྲོ་འདུ་ལས། རང་ཉིད་དཔལ་ལྡན་ནས། ལྡན་པར་གྱུར་དང༌། རིག་མ་འཇམ་ པའི་རྡོ་རྗེ་མ་ནས། རྫོགས་པར་གྱུར། ༀ་དྷརྨ་ནས། རིགས་བདག་གིས་རྒྱས་བཏབ་པའི་བར་ 23-1-217 བསྙེན་སྒྲུབ་བར་མའི་སྐབས་བཞིན་རྫོགས་པར་བརྗོད་ལ་དམིགས་པ་འབོགས། ཁྱད་པར་བུམ་པའི་ཆུས་དངོས་སུ་དབང་བསྐུར། ཡུམ་གྱི་སྤྱི་གཙུག་ཞེས་པ་ནས། ཕཊ་ཀྱིས་བཀག་པར་གྱུར་གྱི་བར་ཡང་སྒྲུབ་ཐབས་བཞིན། དེ་ནས་ཡབ་ཡུམ་ ཕན་ཚུན་དུ་བལྟ་ཞིང་རྗེས་སུ་ཆགས་པ་ཡང་དག་པར་བསྐྱེད། བླ་མའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་འོད་ ཟེར་གྱིས། སློབ་མའི་ལུས་ཀྱི་ལྷ་རྣམས་གསལ་ཞིང་ཆགས་པར་བྱས། འོད་ཟེར་རྡོ་རྗེའི་ལམ་ ནས་ཡུམ་གྱི་པདྨར་ཞུགས་པས། དེའི་ལུས་ཀྱི་ལྷ་རྣམས་གསལ་ཞིང་ཆགས་པར་བྱས། འོད་ ཟེར་རྣམས་ཡུམ་གྱི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་པ་སོགས། འོད་ཟེར་རྣམས་སྔ་མའི་ རིམ་པས་འཁོར་ལོ་ལྟར་ཡང་ནས་ཡང་དུ་འཁོར་བར་གྱུར་སཱིཏ་ཤི་ཤི་ཤི་ཧ་ཧ་ཧ། སློབ་མས། གཉིས་སུ་མེད་པ་བདེ་བ་ཆེན་པོ་མཆོག །ལྷ་མོ་ཁྱོད་ནི་སྒྱུ་མའི་ཕྱག་རྒྱ་སྟེ། །ཞལ་བཟང་ཁྱོད་ ནི་ང་དང་ལྷན་ཅིག་ཏུ། །རྣམ་པར་རྩེ་བས་མཁའ་འདྲ་མྱོང་བར་བྱ། །ཞེས་བརྗོད་པ་ལ། དེས་ཀྱང་རྡོ་ རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ན་ཊི་མཚོན་པར་བྱས་ཏེ། བདེ་མཆོག་རྒྱ་ཆེན་བདག་ལ་དགོངས་སུ་གསོལ། ། བསམ་མི་ཁྱབ་པའི་བདེ་ཆེན་ངག་དང་ལྡན། །མི་གཡོ་ཚིག་དང་བྲལ་བའི་དབྱངས་སྙན་ པས། །བདག་ལ་ཁྱོད་ཀྱིས་རོལ་པས་བཞེངས་སུ་གསོལ། །ངོ་མཚར་ཆེ་བའི་རོལ་པས་སྣང་ མཛད་ཅིང༌། །བྱང་ཆུབ་སྙིང་པོར་འགྲོ་བའི་ལམ་མཆོག་འདིས། །རྒྱུད་རྣམས་ཡང་དག་གང་ ལ་མི་བརྟེན་པས། །བདེ་ཆེན་ཡིད་འོང་ང་ཡིས་གྲོལ་བར་གྱིས། །ཧོ་ཧོ་ཧོ། རོལ་ཅིག་རོལ་ ཅིག་བདག་ལ་རོལ། །འདོད་པ་གྱིས་ཤིག་དགའ་གསལ་བ། །ཁྱོད་ཀྱིས་གཞན་དུ་མི་རྟོག་པ། ། རྟོག་པས་ཐེ་ཚོམ་མ་བྱེད་ཅིག །ཨ་ལ་ལ་ཧོ། ཞེས་སྨྲ་བར་གྱུར། བསྙེན་སྒྲུབ་ཡན་ལག་བཞི་དང་ ལྡན་པའི་སྦྱོར་བས་རྗེས་སུ་ཆགས་པ་ཡང་དག་པར་བརྩམས་ཤིང༌། ལྷན་ཅིག་སྐྱེས་པའི་བདེ་ ཆེན་ཡེ་ཤེས་རྣམ་པ་ལྔས། རྒྱན་པ་ཐོབ་པར་འགྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་ སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང༌། དེའི་ཚེ་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བཀུག་པ་ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཞུ་བ་སློབ་མ་བདག་ 23-1-218 ཉིད་རིག་མར་བཅས་པའི། ཕྱག་རྒྱ་བཞི་ལ་དབང་བསྐུར་ཚུལ་གྱིས་ཐིམ་པར་གྱུར། རྨོངས་ལ་ གཏི་མུག་བདག་ཉིད་སྦྱོར། །གཏི་མུག་དགའ་མ་ཡང་དག་ལྡན། །གཏི་མུག་རྒྱུན་གྱིས་དབང་ བསྐུར་ན། །གཏི་མུག་རྡོ་རྗེ་རང་ཉིད་འགྱུར། །དེ་བཞིན་དུ་སྦྱར་ཏེ། སྡང་ལ་ཞེ་སྡང༌། ཞེ་སྡང་དགའ་ མ། ཞེ་སྡང་རྒྱུན། ཞེ་སྡང་རྡོ་རྗེ། ཆགས་ལ་འདོད། འདོད་ཆགས་དགའ་མ། འདོད་ཆགས་ རྒྱུན། འདོད་ཆགས་རྡོ་རྗེ། ཤེས་རབ་ཡེ་ཤེས་བདག་ཉིད། རྡོ་རྗེ་དགའ། ཡེ་ཤེས་རྒྱུན། ཤེས་ རབ་ཡེ་ཤེས་བདག་ཉིད་འགྱུར། །ཞེས་དབྱངས་སྙན་པ་རོལ་མོ་སྙན་པོར་བཅས་བརྗོད་དོ། །ཡེ་ཤེས་ངོ་སྤྲད་པ་ འདི་སྐད་ཅེས་བརྗོད་དེ། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས། །ཡང་དག་སྤྱན་ལྷན་བདེ་ཆེན་ འབྱུང་བར་འགྱུར། །གང་གང་ཡང་དག་དགའ་བྱེད་ཆགས་བྲལ་དགའ། །གཉིས་པ་བདེན་ གཉིས་མཐོང་བྱོས་བརྟན་པར་གྱིས། །པད་མཁར་རྡོ་རྗེ་ནོར་བུ་པདྨའི་སྙིང༌། །གཉིས་ལམ་ སྦྱོར་གང་རྡོ་རྗེའི་སྐྱིལ་ཀྲུང་སེམས། །ནོར་བུའི་དབང་དུ་མཐོང་བྱས་གང་བདེ་བདེ། །འགྱུར་ བ་དེ་ཉིད་ངེས་པར་ཡེ་ཤེས་ཏེ། །འདོད་ཆགས་བྲལ་བར་མ་དམིགས་པར། །ཡེ་ཤེས་ལྷ་ནི་ སྐད་ཅིག་དེ་རུ་གསལ། །འདི་ཉིད་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་བཤད། ཆུ་ཚོད་ བརྒྱད་དམ་ཉིན་གཅིག་ཟླ་ཕྱེད་ཟླ་བ་གཅིག་ཏུའམ། །ལོ་ཅིག་བསྐལ་པའམ་བསྐལ་པ་སྟོང་ དུ་ཡེ་ཤེས་དེ་མྱོང་བྱ། །འདམ་སྐྱེས་ལ་གནས་བདུད་རྩི་ཁུ་བ་བློ་གྲོས་ཅན་གྱི་ཁ་ཡིས་བླངས་ ནས་བཏུང་བར་བྱོས། །ཞེས་བརྗོད་ལ་དོན་བཤད། མིག་དར་དགྲོལ། སློབ་མས། ཤེས་རབ་དམ་པ་མཆོག་ གི་ཞབས་ལ་ཕྱག་བྱས་ཏེ། །གཞིའི་དོན་ལ་བདག་འཁྲུལ་བས། །གཡང་ས་འདི་རུ་ཡུན་རིང་ འཁྱམས། །བརྒལ་དཀའ་འཁོར་བའི་འདམ་རྫབ་ལས། །མགོན་ཁྱོད་ཀྱིས་ནི་དི་རིང་བསྒྲལ། ། ཁྱོད་ནི་ཤེས་རབ་ཕ་རོལ་ཕྱིན། །གདུལ་བྱའི་དོན་དུ་སྐུ་སྤྲུལ་པ། །བདག་སོགས་རྣམས་ཀྱིས་ མཆོད་བྱའི་ཕྱིར། །བདག་གི་བསམ་པ་འདི་བཞེས་ཤིག །ཅེས་བརྗོད་ཅིང་ཡོན་འབུལ། དེ་ལྟར་ན་ ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ། ལམ་དབང་གི་ཡེ་ 23-1-219 ཤེས་དང༌། འོད་གསལ་བསྒོམ་པ། ཡིད་ཀྱི་དྲི་མ། འབྲས་བུ་ཐུགས་རྡོ་རྗེ་ཆོས་སྐུ་ཞེས་འདོན་པ་ སྤོས། དབང་དེ་གཉིས་ནི་རྒྱུད་ཕྱི་མའི་དགོངས་པ། ཞལ་ལུང་གི་བཤད་པ་ལ། སྨན་ཞབས་པའི་གཞུང་གིས་ཁ་བསྐང་པ་ཡིན་ལ། ཁོ་བོས་ནི་སྨན་ཞབས་པའི་ལུགས་རྗེ་བུདྡྷ་གུཔྟ་ལས་ཐོབ། ཞལ་ལུང་གི་ལུགས་ཁྲིད་ཀྱི་སྔོན་འགྲོར་རྗེ་བཙུན་ཕ་བླ་མ་ལས་ཐོབ་ ལ། སྤྱིར་དབང་ནི་གཞན་ལས་རྒྱས་པར་ཞུས་སོ། ། གསུམ་པ་ཚིག་དབང་བཞི་པ་ནི། མཎྜལ་ཕུལ་ལ། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་ དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བདག་ ལ་སྐྱོབས། །སྐུ་དང་གསུང་དང་ཐུགས་ཀྱི་མཆོག །དེ་བཞིན་གཤེགས་པ་ཀུན་གྱིས་གསང༌། ། བླ་ན་མེད་པའི་བྱང་ཆུབ་སེམས། །བཅོམ་ལྡན་སྙིང་པོ་བཤད་དུ་གསོལ། །ཅེས་ལན་གསུམ། དེ་ ལ་དོན་དམ་པ་བཞི་པའི་ཡེ་ཤེས་ནི། བཞི་པ་དེའང་དེ་བཞིན་ནོ། །ཞེས་གསུམ་པ་དང་དཔེ་དོན་དུ་སྦྱོར་བ་ཡིན་ལ། དེ་ལྟར་ཡང་སྦྱོར་བ་བདུན་པར། རྡོ་རྗེ་འཆང་དབང་ཆེན་པོ་ཡི། །སྐུ་ནི་བལྟ་བས་མི་ངོམ་ཤིང༌། །ཞལ་ གསུམ་ཕྱག་དྲུག་ལྟར་སྣང་བ། །རྣམ་ཀུན་མཆོག་ལྡན་རིག་མས་འཁྱུད། །ཤེས་རབ་ཡེ་ཤེས་ དབང་དུས་སུའང༌། །མཚན་ཉིད་དཔེ་ཡིས་ཚུལ་དུ་གནས། །ཞེས་གསུངས་ལ། དེ་ཡང༌། རྩ་ རྒྱུད་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གཟུང་ དང་འཛིན་པ་རྣམས་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ ནས་མ་སྐྱེས་པས། །སྟོང་པ་ཉིད་ཀྱིས་རང་བཞིན་ནོ། །ཞེས་སྐུ་དང་ཡེ་ཤེས་ཟུང་དུ་འཇུག་པ་ ཡིན་ལ་འབྲས་བུའི་མཐར་ཐུག་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱང་ཡིན་ཅིང༌། དེ་ ཉིད་ཟབ་གསལ་གཉིས་སུ་མེད་པ་དང༌། ཡན་ལག་བདུན་དང༌། རོ་མྱང་བརྒྱད་ཀྱི་བདག་ ཉིད་དོ། །ཞེས་བརྗོད་ལ་དོན་ཞིབ་མོར་བཤད་དོ། །ཡང་ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ ཚིག་ཀྱང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོངས། །གཞན་གྱི་བུད་མེད་བསྟེན་པར་ གྱིས། །ཞེས་བསྒྲགས། དེ་ལྟར་ན། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། བཞི་པ་རིན་པོ་ 23-1-220 ཆེའི་དབང༌། ལམ་ཟུང་འཇུག་བསྒོམ་པ། སྒོ་གསུམ་གྱི་དྲི་མ། འབྲས་བུ་སྐུ་གསུང་ཐུགས་མི་ ཕྱེད་པ་ངོ་བོ་ཉིད་སྐུ་ཞེས་འདོན་པ་སྤོ། དབང་དངོས་གཞི་རྣམས་བསྟན་ཟིན་ཏོ། ། གསུམ་པ་མཐའ་རྟེན་ནི། རིག་མའི་བརྟུལ་ཞུགས་དང༌། ལུང་བསྟན་དང༌། དབུགས་དབྱུང་ངོ༌། །དང་པོ་ནི། ལག་གཡོན་ སློབ་མའི་ལག་གཡས་སུ་གཏད་ལ། རྡོ་རྗེ་སྤྱི་བོར་བཞག་སྟེ། ཐབས་གཞན་གྱིས་ནི་འཚང་མི་རྒྱ། །དེ་བས་ རིག་མ་འདི་ནི་མཆོག །གཉིས་སུ་མེད་པའི་ཆོས་རྣམས་ནི། །གཉིས་ཀྱི་དངོས་པོས་མཚོན་པ་ ཡིན། །དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་བྲལ་བར་མ་བྱེད་ཅིག །འདི་དེ་སངས་རྒྱས་ ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ ལ་མཆོག་གིས་དངོས་གྲུབ་མེད། །འདི་ནི་མཐའ་རྟེན་ཡིན་པའི་ཕྱིར་དང༌། འཕྲེང་བ་སོགས་ལས་ཀྱང་བཞི་པའི་རྗེས་ སུ་བཤད་པས། འདིར་བྱས་ན་ལེགས་པར་མངོན་ཅིང༌། དབང་གསུམ་པའི་མཐའ་རྟེན་དང༌། བཞི་པའི་སྔོན་འགྲོ་ལྟ་བུར་དགོངས་ ནས། སྨན་ཞབས་ཀྱིས་དེ་གཉིས་ཀྱི་བར་དུ་བྱེད་པར་གསུངས་པ་ལྟར་བྱས་ཀྱང་ལེགས་སོ། །དབང་གསུམ་པའི་སྐབས་ཕྱག་རྒྱ་ བཞི་ལ་དབང་བསྐུར་བ་དང༌། མཐའ་རྟེན་རིག་མའི་བརྟུལ་ཞུགས་འདི་གཉིས་བཞི་བརྒྱ་ལྔ་བཅུ་པ་ལས་མི་འབྱུང་ཡང༌། སྨན་ ཞབས་ཀྱིས་མཛད་པ་ནི་ཤིན་ཏུ་ལེགས་ཏེ། རྒྱུད་ཕྱི་མར་ཤིན་ཏུ་གསལ་བར་འབྱུང་བའི་ཕྱིར་རོ། ། གཉིས་པ་ནི། སློབ་དཔོན་ༀ་ལས་བྱུང་བའི་ཤཱཀྱ་ཐུབ་པའི་སྐུར་གྱུར། འདིར་ནི་ཁྱོད་ལ་ངས་ ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་ པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དཔལ་ནས། ཨ། གང་ཞིག་དེ་ལྟར་ལུང་བསྟན་པས། ། སྔགས་པ་འགྲོ་བ་ཀུན་གྱི་གཙོ། །བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་རྣམས་ཀྱིས་ ལུང་བསྟན་ནོ། །ཞེས་བརྗོད། གསུམ་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡི། ། སྡིག་པ་ཀུན་ལས་རྣམས་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་ འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་ཚུགས་པ་ཡོད་མིན་པས། །ཅིས་ཀྱང་མི་ 23-1-221 འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ལས་ཁྱོད་ འདས། །སྟོན་པ་མཆོག་ཏུ་ཁྱོད་འགྱུར་རོ། །དངོས་གྲུབ་དམ་ཚིག་སྡོམ་པ་ནི། །ཁྱོད་ཀྱིས་རྟག་ ཏུ་བསྲུང་བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུང༌། །མཆོག་ཏུ་རྟག་པའི་བཀའ་ཡིན་ ནོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་ཐེ་ ཚོམ་མེད། །བྱང་ཆུབ་སེམས་ནི་བཏང་མི་བྱ། །དམ་པའི་ཆོས་ལ་སྨད་མི་བྱ། །ནམ་ཡང་དོར་ བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་རྣམ་པར་བསྟན་མི་བྱ། །རང་གི་བདག་ ཉིད་ཡོངས་བཏང་སྟེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་བཟུང་ན། ། འདི་ནི་མ་འོངས་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་ བྱའོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་ རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པ། །དེ་ནི་སངས་རྒྱས་ཀུན་བརྙས་ པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །རིམ་དང་དུག་དང་དབྱིག་དུག་དང༌། །མཁའ་ འགྲོ་རྣམས་ཀྱིས་གཙེས་པ་དང༌། །བགེགས་དང་ལོག་འདྲེན་གཏུམ་པོ་ཡིས། །བསད་ནས་ སེམས་ཅན་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་ཆེན་ པོ། །དགེ་ལ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས་ནི་རིམ་སོགས་གནོད་པ་རྣམས། །ཕྱིར་ཞིང་ འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་ མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །དེ་བྱིན་སངས་ རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། ། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །གང་ཕྱིར་འདི་ལ་ལེགས་གནས་པས། །དེང་ཁྱོད་ སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་དང་མཉམ་པར། །འགྱུར་བ་འདི་ལ་ཐེ་ཚོམ་ 23-1-222 མེད། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་སྟེ། །ཁམས་གསུམ་ གྱིས་ནི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །དེ་རིང་བདུད་ལས་རྣམ་རྒྱལ་ཏེ། ། གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེ་རིང་ཁྱོད་ཀྱིས་སངས་རྒྱས་ཉིད། །ཐོབ་འགྱུར་འདི་ལ་ ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་ སྟེར་བརྟེན་པར་གྱིས། །འགྲོ་བ་བདེ་བ་མྱུར་ལ་རྡོ་རྗེ་སེམས་དཔའ་དང་མཚུངས་པའི། །རྟག་ པ་ཉིད་དུ་ཁྱེད་རྣམས་ཕྱིན་པར་འགྱུར། །ཞེས་བརྗོད་ལ་དོན་རྒྱས་པར་བཤད་དོ། །འདི་ནི་ལུགས་འདི་འཛིན་ པ་རྣམས་སྙིང་ལ་འབབ་པའི་ཚིག་བརྗོད་པ་ཞེས་པའི་ཐ་སྙད་མཛད་ཅིང༌། འཕྲེང་བ་སོགས་ལས་དབུགས་དབྱུང་དུ་གསུངས་ ལ། བོད་རྙིང་ཕལ་ཆེར་ལ་གཟེངས་བསྟོད་དུ་གྲགས་སོ། །འོན་ཀྱང་ཚད་དང་ལྡན་པའི་དཀྱིལ་ཆོག་ཤས་ཆེ་བ་ཞིག་ཏུ། གཟེངས་ བསྟོད་དབུགས་དབྱུང་ཕལ་ཆེར་དོན་གཅིག་ཅིང༌། རེས་འགའ་ལུང་སྟོན་པས་གཟེངས་བསྟོད་པའང་ཡོད། དབུགས་དབྱུང་བ་དེ་ ལ་དབྱེ་ན། རྒྱུའི་ཕྱོགས་ནས་རྡོ་རྗེ་སློབ་དཔོན་དུ་གྱུར་པ་དང༌། འབྲས་བུའི་ཕྱོགས་ནས་སངས་རྒྱས་ཀྱི་ས་ལ་བཞག་པར་གོ་བ་ བསྐྱེད་དུ་གཞུག་པའི་སྒོ་ནས་རྣམ་པ་གཉིས་སུ་ཡོད་དོ། །དེ་གཉིས་གང་དང་ཡང་མ་འབྲེལ་བར་དམ་ཚིག་བཤད་པ་དང༌། གསང་ བ་བསྒྲགས་པ་ལ་རྒྱུའི་དབུགས་དབྱུང་དུ་བྱེད་པ་ནི་ལེགས་པ་མ་ཡིན་པར་ཤེས་སོ། ། དེ་ནས་སྤྲོ་ན། གདུགས་དང་རོལ་མོར་བཅས་པས་སློབ་མ་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་ཏེ། ཤར་སྒོ་ནས་ཕྱག་ འཚལ་དུ་བཅུག་ལ། སྔགས་དང་རྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། ། ཞེས་བརྗོད་ལ། སླར་ཡང་དབང་སྟེགས་ལ་བཞག་སྟེ། དེ་རིང་ཁྱོད་ནི་དཀྱིལ་འཁོར་གྱིས། །སློབ་དཔོན་ སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་ མཐུན་པར་གསུངས། །སེམས་ཅན་རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་ བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད་དེ་ལ་མཆོག་ ཏུ་གསང་བའི་སོགས་འབྲས་བུའི་དབུགས་དབྱུང་དང༌། དེ་རིང་ཁྱོད་ཉིད་སོགས་རྒྱུའི་དབུགས་དབྱུང་ཡིན་ལ། ཕྱི་མ་ འདི་རྡོ་རྗེ་སློབ་དཔོན་གྱི་འོས་སུ་གྱུར་པ་ལ་མ་གཏོགས་མི་བྱེད་པར་བཤད་དོ། ། 23-1-223 དེ་ནས་སློབ་མས་ཀྱང༌། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱིད། །ཅེས་ལན་གསུམ་གྱིས་ཁས་བླངས། མཎྜལ་འབུལ། དེ་ནས་བརྩམས་ཏེ་སོགས་ཀྱིས་ཡོན་དབུལ། དགེ་བ་ བྱང་ཆུབ་ཏུ་བསྔོ། འདིར་སློབ་མ་ཞེས་པ་རྣམས་བདག་འཇུག་གི་ཚེ་རང་ཉིད་ཅེས་འདོན་པ་སྤོས་པ་ཁོ་ནས་ཆོག་གོ །དེ་ ནས་ནུས་ན་ཞི་རྒྱས་ཀྱི་སྦྱིན་སྲེག་གིས་ཀྱང་ལྷ་མཉེས་པར་བྱས། ཁྱད་པར་དཀྱིལ་འཁོར་ལ་མཆོད་བསྟོད་རྒྱས་པ་དང༌། ཚོགས་ ཀྱི་འཁོར་ལོ་དང༌། གླུ་གར་ལ་སོགས་པས་མཚན་མོའི་ལྷག་མ་འདས་པར་བྱས་ནས། སྐྱ་རེངས་གསུམ་པ་ཤར་བ་ན། མཆོད་ པ་བཤམས་པའམ་ཁ་གསོས་ནས། སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་ཉིད་ ལྔ་པ་དང༌། དུས་གསུམ་རྒྱལ་བའི་སོགས་ཀྱིས་བསྟོད། ནང་མཆོད་འབུལ། རང་གི་ཡིད་དང་མཐུན་པའི་གསོལ་ བ་བཏབ། ཡིག་བརྒྱ་མང་དུ་བཟླས། མ་འབྱོར་པ་དང་སོགས། ལྷག་པ་དང་ནི་སོགས། བག་མེད་སྤྱོད་པ་ སོགས། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། ། སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ༀ་ཨཱཿཧཱུཾ་ མུཿ མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལས། སྐུའི་རིགས་རྣམས་ ནས། བརྟན་པར་གྱུར་གྱི་བར་སྒྲུབ་ཐབས་བཞིན། གཟུགས་བརྙན་གྱི་དཀྱིལ་འཁོར་ནམ་མཁའི་ རང་བཞིན་དུ་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུཔྟནྣ་ཏྭཏ་ༀ་ཨཱཿཧཱུཾ་ཕཊ། ཞེས་དང་པོར་ལྷ་ མཚན་རྣམས་བསྡུས། དེ་ནས་ཚངས་ཐིག་ནས། གཙོ་བོའི་གནས་ཀྱི་བར་རྣམས་རྡོ་རྗེའི་རྩེ་མོས་ཕྱིས། མཐར་ཐམས་ཅད་ཕྱགས་ ལ་བུམ་པར་བླུག་སྟེ་ཆུ་བོར་སྤྱན་དྲང་ངོ༌། །ཕུར་པ་ཕྱུང་ཞིང་ཕུར་ཁུང་དགང༌། སྨོན་ལམ་དང་བཀྲ་ཤིས་བྱའོ། ། འདིར་སྨྲས་པ། འཇམ་དཔལ་ཞལ་ལུང་དངོས་གྲུབ་འབྱུང་གཏེར་དང༌། །འཇིག་རྟེན་སྣང་བྱེད་རྩ་འབྲེལ་ལ་བརྟེན་ནས། ། ལོ་ཆེན་ཇོ་བོ་རྗེ་དང་གཉན་ལུགས་དང༌། །ཁྱད་པར་གཉོས་ལོའི་མན་ངག་ཅུང་ཟད་བླངས། །བོད་ཡུལ་སློབ་དཔོན་བཞི་དང་ འཕགས་ཡུལ་གྱི། །པཎ་གྲུབ་གཉིས་ལས་ལུགས་འདི་ཞིབ་མོར་ཐོས། །རྒྱུད་རྒྱལ་འདི་དང་ལུགས་སྲོལ་འདི་ཉིད་ལ། །གཞན་ དྲིང་མི་འཇོག་མཆོག་ཏུ་གུས་པ་ཐོབ། །རིམ་པ་གཉིས་དང་དབང་གི་ཆོ་ག་ལ། །གོ་དོན་གསལ་དག་ཐུན་མོང་མིན་པ་དག །འཆི་ བས་མ་གཏུགས་བྱ་བས་མ་གཡེངས་ན། །དུས་གཞན་ཞིག་ན་འདྲི་བར་འདོད་པ་ཙམ། །དེ་ལྟར་རྒྱལ་བ་དགྱེས་པའི་ལམ་བཟང་ 23-1-224 སྔགས་ཀྱི་ཐེག་པ་འདིར། །དང་པོར་འཇུག་སྒོ་བར་དུ་སྲོག་ཤིང་མཐར་ཕྱིན་དུས་ན་ཡང༌། །འབྲས་བུ་སྨིན་བྱེད་དབང་བསྐུར་ཉིད་ ཡིན་དེ་ཡི་ཆོ་ག་རྣམས། །བཤད་པའི་དགེ་དེས་འགྲོ་ཀུན་མཐའ་དག་རྡོ་རྗེ་འཛིན་པར་ཤོག ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཡེ་ཤེས་སྣང་བྱེད་ཅེས་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ ར་ནཱ་ཐས་རང་ལོ་སོ་བཞིར་སོན་པ་ལ། ནགས་རྒྱལ་གྱི་དབེན་གནས་ཇོ་མོ་ནང་དུ་སྦྱར་བའོ།། །།གཅིག་ཞུས། བཀྲ་ཤིས། བོད་ ཀྱི་བརྡ་སྤྲོད་པ་སྔགས་འཆང་བློ་གྲོས་རྣམ་རྒྱལ་གྱིས་ཆོས་སྤྱོད་བཅུའི་ཕྱིར་དུ་བྲིས། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༩༽ 23-1-225 ༄༅། །བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་ དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ གྱི་ཆོ་ག་འཁྲུལ་པའི་དྲི་བྲལ་བཞུགས་སོ། ། ༄༅། །ༀ་སྭཱ་སྟི། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་ འཁོར་གྱི་ཆོ་ག་འཁྲུལ་པའི་དྲི་བྲལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། ། གང་གི་ཟུང་འཇུག་ཡེ་ཤེས་མེ་ཆེན་གྱིས། །དུས་མིན་འཆི་དང་འཚེ་བ་སྣ་ཚོགས་དང༌། །གཉིས་སྣང་རླུང་གི་རྒྱུ་བ་བཅས་ འཇོམས་པ། །ཁྲོ་རྒྱལ་དུས་ཀྱི་དགྲ་བོ་ལ་བཏུད་ནས། །དང་པོའི་ལས་ཅན་རྣམས་ལ་ཉེར་མཁོའི་ཕྱིར། །དཀྱིལ་འཁོར་ཆོ་ག་ འདུས་གསལ་གོ་བདེ་བ། །གཞན་ལ་ཕན་པའི་བསམ་པས་འདིར་འཆད་ཀྱི། །བླ་མ་ལྷག་པའི་ལྷ་ཡིས་དགེ་བར་མཛོད། ། འདིར་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་ག་སློབ་མ་ལ་དབང་བསྐུར་བའི་བྱ་བ་དང་བཅས་པ་བཤད་ པར་བྱ་སྟེ། དེ་ལ། སའི་ཆོ་ག ལྷག་པར་གནས་པ། དངོས་གཞིའི་ཆོ་ག རྗེས་ཀྱི་བྱ་བ་སྟེ་བཞི་ལས། དང་པོ་ལ། ས་བརྟག་པ་སྤྱི་དང་ མཐུན་ཡང༌། ད་ལྟ་ལག་ལེན་ལ་མི་བྱེད་པས། དེ་ཕྱིན་ཆད་ནི། འདི་ལྟར་བྱ་སྟེ། སྔོན་འགྲོ་གཏོར་མ་ལ་སོགས་པ་འོག་ཏུ་དགོས་ པའི་མཆོད་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ལས་ཀྱིས་རྡོ་རྗེས་སྔོན་འགྲོ་གཏོར་མའི་ཞུ་འབུལ་བྱ། ཨ་མྲྀ་ཏས་ བསངས། སྭ་བྷཱ་ཝས་སྦྱངས། ལག་པ་གཡས་དང༌། གཡོན་གཉིས་ཀ་རིམ་གྱིས་བསྟན་ལ། ༀ་ཨཱཿཧཱུཾ་ཞེས་བརྗོད། ཧོཿ ཞེས་བྱ་ཁྱུང་གི་ཕྱག་རྒྱ་དང༌། ཧཱུཾ་ཞེས་འཆི་མེད་རྣམ་རྒྱལ་གྱི་ཕྱག་རྒྱས་བྱིན་གྱིས་བརླབས། རང་གི་སྙིང་ཁ་ནས་འོད་ ཟེར་འཕྲོས། ཕྱོགས་སྐྱོང་བ་བཅུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པ་དང༌། གནས་བདག་གཞི་བདག ཡུལ་བདག གྲོང་བདག་གཉུག་མར་གནས་པ་ཐམས་ཅད་བཛྲ་ས་ མཱ་ཛཿ ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བྷྱཿསརྦ་ཀྵེ་ཏྲ་པཱ་ལེ་བྷྱཿ སརྦ་བྷཱུ་མི་པ་ཏི་ས་པ་རི་ 23-1-226 ཝཱ་རེ་བྷྱཿ སརྦ་བྷཱུ་ཏེ་བྷྱོཿ ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ། པཱདྱཾ་ཞེས་སྦྱར་ཏེ་ཆུ་གཉིས་འབུལ། ༀ་ ད་ཤ་དིཀ་སོགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་ལན་གསུམ་མམ་བཅོ་བརྒྱད་ཀྱིས་འབུལ། དེ་ཡང་ལག་ལེན། གཏོར་མ་ ལྕོག་ཟླུམ་མཐེབ་ཀྱུ་བཅོ་བརྒྱད་ཀྱིས་བསྐོར་བ་བྱེད་ཅིང༌། དབུས་མ་དེ་སྤྱི་བུངས་དང༌། བཅོ་བརྒྱད་པོ་དེ་རྣམས་ཕྱོགས་སྐྱོང་བཅོ་ ལྔ་དང༌། ཞིང་སྐྱོང་དང༌། གཞི་བདག་དང༌། བགེགས་རྣམས་ལ་བསྔོ་བ་ཡིན་པས་ལན་བཅོ་བརྒྱད་འབུལ་བ་ཡིན་ནོ། །དེ་ནས་ༀ་ ད་ཤ་དིཀ་སོགས་ཀྱི་མཐར་པུཥྤེ་ནས་ཤཔྟའི་བར་སྦྱར་བས་མཆོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། ། ནས། ཀུན་འགྲུབ་ཤོག་གི་བར་བརྗོད། སའི་ཕྱོགས་འདིར་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ ཕྱིར། དཔལ་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་ཆེན་པོ་ལེགས་པར་བཞེངས་ ཏེ། སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན། དཀར་ ཕྱོགས་ལ་དགའ་བའི་སྲུང་མ་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བར་ཆད་ཐམས་ཅད་ཞི་ཞིང་ བསྲུང་བའི་འཕྲིན་ལས་མཛད་དུ་གསོལ། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་ བའི་འབྱུང་པོ་གདུག་པ་ཅན་གསང་སྤྱོད་ལྟ་བར་མི་དབང་བ་ཐམས་ཅད་གཏོར་མ་འདིས་ ཚིམ་པ་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཤིག ཧྲཱིཿཥྚཱི་དྲག་ཏུ་བཟླ་ཞིང༌། རྡོ་ རྗེ་བསོར། རོལ་ཆེན་དང་བཅས་ཏེ་གཏོར་མ་གཙང་སར་བཏང་ངོ༌། །སློབ་མ་དབང་བསྐུར་རམ་རབ་གནས་ཀྱི་དོན་ཡིན་ན། གོང་ གི་འཕྲིན་བཅོལ་སྐབས། བདག་ཉིད་འཇུག་ཅིང་དབང་བསྐུར་བའམ། སློབ་མ་གཞུག་ཅིང་དབང་ བསྐུར་བར་འཚལ་ན་ཞེས་པའམ། སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པར་འཚལ་ན་ཞེས་ འདོན་པ་སྤོ། སྔོན་འགྲོ་གཏོར་མ་གཤེད་བསྐོར་སྤྱི་དང་མཐུན་པར་བྱས་ཀྱང་རུང་མོད་ཀྱི། གློ་བོ་ལོ་ཙཱ་བའི་མན་ངག་ཐུན་མོང་མ་ ཡིན་པ་དེ་ཉིད་དོ། །གནས་ཡོ་བྱིན་རླབས་ཀྱི་དོན་དུ་ཞུ་འབུལ་བྱས་ལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་ པའི་ངང་ལས། གནས་ཁང་བྷྲུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་ བཞི་རྟ་བབས་བཞིས་མཛེས་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཨ་ ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་ 23-1-227 བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་རྣམས། རང་བཞིན་བདེ་སྟོང་གི་ཡེ་ཤེས། རྣམ་པ་མཆོད་རྫས་ཀྱི་སྤྲིན་ཕུང༌། བྱེད་ལས་རང་བཞིན་གྱི་དབང་པོ་མཐའ་དག་ཟག་མེད་ ཀྱིས་བདེ་བས་ཚིམ་པར་བྱེད་པ། ངོ་བོ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི་མཆོད་ པའི་སྤྲིན་ཕུང་ལྟ་བུ་བཟང་ཞིང་རྒྱ་ཆེ་བ། ནམ་མཁའི་མཐས་ཀླས་པར་གྱུར། ༀ་བཛྲ་ཨརྒྷཾ་ སྭཱཧཱ། ༀ་པཱདྱཾ་སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ༀ་བཛྲ་དྷུ་པེ་ཨཱཿཧཱུཾ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ༀ་བཛྲ་ གནྡྷེ་ཨཱཿཧཱུཾ། ༀ་བཛྲ་ནཻ་ཝི་ཏེ་ཨཱཿཧཱུཾ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ༀ་ བཛྲ་སྥ་ར་ཎ་ཁཾ། ལན་གསུམ་བརྗོད། རོལ་ཆེན་དང་བཅས། ༀ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་ར་ཎི་ཏ། ན་ད་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ། སནྟོ་ ཥ་ནི། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨ་ཁཾ་སྭཱཧཱ། ཞེས་ལན་གསུམ་གྱིས་བྱིན་དབབ། སྐྱབས་སེམས་སྔོན་དུ་འགྲོ་བས། ཤུ་ནྱཱ་ ཏས་སྟོང་པར་སྦྱངས། སྟོང་པའི་ངང་ལས། རང་སེམས་ཧཱུཾ་ལས་དབྱུག་པ་ཧཱུཾ་གིས་མཚན་པ་ཡོངས་ སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནས། དམར་མོས་འཁྱུད་ པ། ཞལ་ཅིག་ཕྱག་གཉིས་ནས། ཉམས་དགུ་དང་ལྡན་པ། ཡུམ་རྡོ་རྗེ་རོ་ལངས་མ་ཞལ་གཅིག་ ཕྱག་གཉིས་སྤྱན་གསུམ་མ་ནས། ཡབ་ལ་འཁྱུད་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་ དབུས་ན་བཞུགས་པའོ། །ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དབྱུག་པ་དཀར་པོ། ཞེས་ པ་ནས། ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཞེས་པ་རྣམས་ཀྱི་བར་སྒྲུབ་ཐབས་ བཞིན་བརྗོད་པ་སྟེ། འདི་ནི་ལྷན་སྐྱེས་ཀྱི་རྣལ་འབྱོར་རྒྱས་པའོ། །དེ་ནས་ཧྲཱིཿཥྚཱི་ཅུང་ཟད་བཟླས་ལ། ཡུངས་ཀར་དང་ཐལ་བ་ ཅུང་ཟད་བསྲེས་པ། དཀྱིལ་འཁོར་གྱི་ས་ཕྱོགས་སུ་ལན་གསུམ་གཏོར་ཞིང༌། ཧྲཱིཿཥྚཱི་ལན་གསུམ་བརྗོད། བ་བྱུང་གིས་བྱུག་ཅིང༌། དྲི་བཟང་གི་ཆུས་བསང་གཏོར་བྱེད་བཞིན་དུའང་ཧྲཱིཿཥྚཱི་བཟླ། སློབ་དཔོན་གྱི་ལག་པ་གཉིས་དཀྱིལ་འཁོར་གྱི་སའི་དབུས་སུ་ བཞག་ལ། ༀ་བྷུ་ཁཾ། ལན་གསུམ། ཐ་མལ་གྱི་ས་གཞི་ནམ་མཁའི་རང་བཞིན་དུ་གྱུར། ༀ་ལཾ་ཧཱུཾ། ལན་ 23-1-228 གསུམ། ས་གཞི་རྡོ་རྗེའི་རང་བཞིན་དུ་གྱུར། ༀ་མེ་དེ་ནི་བཛྲི་བྷ་ཝ་བཛྲ་བནྡྷ་ཧཱུཾ། ལན་གསུམ། བསྐལ་པའི་བར་དུ་མི་ཤིགས་ཤིང་བརྟན་པར་གྱུར། དཀྱིལ་འཁོར་གྱི་ས་གཞིར་སློབ་དཔོན་འདུག དེའི་ ཕྱོགས་བཞི་ནས་མཆོད་པ་བཤམས། དམ་ཚིག་དང་ལྡན་པ་བཞི་ཕྱོགས་བཞིར་རྡོ་རྗེ་དང་དྲིལ་བུ་ཐོགས་པས་འདུག སློབ་དཔོན་ གྱིས། སྐྱབས་འགྲོ་ནས་བཟླས་པའི་བར་སྒྲུབ་ཐབས་རྫོགས་པར་སྒོམ། སློབ་མ་བཞི་པོའང་གཏི་མུག་གཤིན་རྗེ་གཤེད་ལ་སོགས་ པ་སོ་སོའི་ང་རྒྱལ་གྱིས་གནས་པར་བྱས་ལ། ལྷན་ཅིག་ཏུ་བཟླས་པ་ཅུང་ཟད་ཅིག་བྱའོ། །མཆོད་པ་རྣམས་བསང་སྦྱངས། སྟོང་ པའི་ངང་ལས། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ནས། ཨ་ཁཾ་སྭཱཧཱའི་བར་གོང་བཞིན། སློབ་དཔོན་གཤིན་རྗེ་ གཤེད་ཀྱི་དཀྱིལ་འཁོར་དུ་གསལ་བ་ལ། ཕུལ་བར་མོས་ཏེ། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ༀ་བཛྲ་པཱདྱཾ་པྲ་ཏཱིཙྪ་ སྭཱཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཤཔྟའི་བར་གྱིས་མཆོད། འོག་ཐིག་ཚོན་གྱི་སྐབས་ལྟར། གསང་འདུས་ལས་འབྱུང་ བའི་དེ་ཉིད་ལྔ་པས་བསྟོད། དེ་ནས་སོ་སོས་གསོལ་བ་གདབ་པ་ནི། བཅུ་གསུམ་མའི་དཀྱིལ་ཆོག་ལྟར་བྱས་ཀྱང་རུང་མོད་ཀྱི། ལག་ལེན་ལ། འདུས་པ་དང་མཐུན་པར་བྱེད་པ་ནི་ཤིན་ཏུ་ལེགས་ཏེ། འོད་གསལ་འཆར་བའི་རིམ་པར། དབང་གི་ཆོ་ག་འདུས་ པའི་དཀྱིལ་ཆོག་ལྟར་བྱ་བར་སློབ་དཔོན་ཉིད་ཀྱི་གསུངས་པའི་ཕྱིར་རོ། །དེས་ན། དྲིལ་བསིལ་དང་བཅས། དབྱངས་ཀྱིས་བརྗོད་ པའམ། མིན་ཀྱང་རུང་སྟེ། ཤར་ནས། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་ གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ལྷོ་ནས། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་ ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་༴ ནུབ་ནས། ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་༴ བྱང་ནས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་ མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་སོ་སོར་ལན་གསུམ་གསུམ་རེ་ གསོལ་བ་གདབ་བོ། །གལ་ཏེ་གསོལ་བ་འདེབས་པ་པོར་འོས་པ་མེད་ན། བདག་ཉིད་ཀྱིས་བརྗོད་པས་རུང་ངོ་ཞེས་བླ་མ་ཕྱི་མ་ རྣམས་གསུང་ངོ༌། །དེ་ནས་སློབ་དཔོན་གྱི་དཀྱིལ་འཁོར་འདེགས་པའི་ཕྱག་རྒྱ་དང་བཅས། ཧཱུཾ་བཛྲ་ཨུ་ཏིཥྛ། བསྒོམ་ 23-1-229 པའི་དཀྱིལ་འཁོར་ནམ་མཁར་བཞུགས་པར་གྱུར། གཙོ་བོ་ལས་བདག་ཉིད་གཙོ་བོ་ཞེ་སྡང་ གཤིན་རྗེ་གཤེད་དཔའ་བོ་གཅིག་པའི་རྣམ་པ་ཅན་དེ། དཀྱིལ་འཁོར་གྱི་ལས་ལ་ཞུགས་པར་ གྱུར། དབྱུག་ཐོད་དམ་རྡོར་དྲིལ་ལག་ཏུ་བཟུང་ལ་དཀྱིལ་འཁོར་གྱི་དབུས་སུ་བགྱི་བ་དང་བཅས་པས་གནས་ལ། རང་གི་ མིག་གཡས་སུ་མ་ལས་ཉི་མ། གཡོན་དུ་ཊ་ལས་ཟླ་བ། མིག་འབྲས་ཧཱུཾ་ལས་རྡོ་རྗེ་བསྐལ་བའི་ མེ་ལྟར་འབར་བར་གྱུར། དེ་ནས་ཧཱུཾ་ལ་གཞི་བཅའ་བྱས་ལ། གཡོན་བརྐྱང་གི་རྐང་སྟབས་དང༌། ཧཱུཾ་མཛད་ཀྱི་ཕྱག་རྒྱ་ བཅས་ལ། ཕྲག་པ་གཡས་ནས། གཡོན་གྱི་ཕྱོགས་ལ་གདོང་བསྒྱུར་ལ། ཀྲོ་དྷ་དྲཱིཥྚཱི་ཧྲཱིཿ རྡོ་རྗེའི་ལྟ་ཟེར་འབར་བས་ བགེགས་རྣམས་བསྲེག་ཅིང་བསྐྲད། ཡང་གཡས་སུ་བསྒྱུར་ལ། ཀྲོ་དྷ་དྲིཥྚཱི་ཧྲཱིཿ བསྲེགས་པ་རྣམས་ སོས་ཤིང་བྱང་ཆུབ་ཀྱི་ལམ་ལ་བཀོད་པར་གྱུར། དེ་ནས་དགའ་བ་ཡོངས་གྱུར་གྱི་འགྲོས་ཀྱིས་དབང་ལྡན་དུ་ སོང་ལ། གར་གྱི་འགྱིང་རྩལ་ཞིང༌། ཧྲཱིཿཥྚཱི་འམ་ཧཱུཾ་བརྗོད་བཞིན་པས་རྡོ་རྗེ་རྩེ་ལྔ་པའི་འགྲོས་ཀྱིས་གཡས་བསྐོར་དུ་བསྐོར་བ་ ལན་གཅིག་བྱ་ཞིང༌། སྤྲོ་ན་དེ་ནས་རྐང་སྟབས་བཞིའམ་བརྒྱད་ཀྱང་བྱས་ནས། དབང་ལྡན་དུ་གནས་པས། བགེགས་ལ་བཀའ་ བསྒོ་བ་ནི། ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་རབ་སྦྱོར་བ། །རྡོ་རྗེ་གཟུགས་ནི་འབར་བ་ཡི། ། ལུས་གསུམ་ལས་སྐྱེས་བསྒོམ་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིགས་པར་ འགྱུར་གྱི་གཞན་དུ་མིན། །ཅེས་པ་ཙམ་མམ། སྤྲོ་ན། སའི་ཕྱོགས་འདིར་གཤིན་རྗེ་གཤེད་དམར་ པོའི་དཀྱིལ་འཁོར་འབྲི་བར་བྱ་ཡི། ལྷ་དང་ལྷ་མ་ཡིན་དང་གནོད་སྦྱིན་དང་སྲིན་པོ་དང་ཡི་ དྭགས་དང་ཤ་ཟ་དང༌། བརྗོད་བྱེད་འབྱུང་པོ་དང་མཁའ་འགྲོ་དང་མཁའ་འགྲོ་མ་དང༌། རྣོན་ པོ་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་རིག་སྔགས་གྲུབ་པ་རྒན་པོ་རྒན་མོ་གཡོག་འཁོར་ དང་བཅས་པ་གང་དག་འཁོད་པ་རྣམས་དེངས་ཤིག འདི་ལྟར་རྡོ་རྗེ་འཆང་གི་བཀའ་ཐོབ་ ནས་མྱུར་བ་ཉིད་དུ་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ནི། ཕྱག་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བས་ རབ་ཏུ་ཁྲོས་པའི་བཞིན་འབར་བ་ཅན་རྡོ་རྗེ་འབར་བ་ཀུན་ཏུ་འབར་བས་མགོ་བོ་ཚལ་པ་ 23-1-230 བརྒྱར་འགས་པར་འགྱུར་རོ། །ཨ་པ་ས་རནྟུ། སུཾ་བྷ་དང་ཧྲཱིཿཥྚཱི་དྲག་ཏུ་བཟླ་ཞིང༌། རྡོ་རྗེ་བསོར་བས། ཡུངས་ ཀར་བྲབ། གུ་གུལ་བདུག རོལ་ཆེན་བྱ་སྟེ་དེ་ལྟར་ལན་གསུམ་མོ། །འདི་ལ་རིགས་ལྔའི་སྒོ་ནས་བཀའ་བསྒོ་བ་ནི་མི་མཛད་པས་ དེ་ཙམ་གྱིས་ཆོག་གོ །དེ་ནས་གང་ཡང་རུང་བའི་ཕུར་བུ་ལ་དར་དམར་པོའི་ཅོད་པན་དང༌། ཡུངས་ཀར་གྱི་ཐུམ་བུ་བཏགས། དྲི་ བཟང་བྱུགས། གུ་གུལ་བདུག བསང་སྦྱངས། སྟོང་པའི་ངང་ལས། ཕུར་བུ་སྟོད་ཕྲག་དོག་གཤིན་རྗེ་གཤེད་ ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་དབྱུག་པ་དང་གཡོན་ཐོད་པ་འཛིན་པ། སྨད་ཕུར་བུའི་ རྣམ་པ་ཅན། འབར་བའི་འཕྲེང་བ་འཁྲིགས་པར་གྱུར། རང་གི་ཐུགས་ཀ་ནས། འོད་ཟེར་ འཕྲོས། ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨརྒྷཾ་ལ་སོགས་ པས་མཆོད། ཕྲག་དོག་རྡོ་རྗེའི་རང་བཞིན་ཁྱོད། །སོགས་ཀྱིས་བསྟོད། རང་གི་སྙིང་ག་ནས། ཁྲོ་བོ་ ཞགས་པ་དང་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། བགེགས་རྣམས་ཀྱི་མགྲིན་པ་ ཞགས་པས་བཅིངས། སྙིང་ག་ལྕགས་ཀྱུས་ཕུབ་སྟེ། སྡིགས་བཞིན་དུ་བཀུག་ནས། དཀྱིལ་ འཁོར་གྱི་ས་གཞིའི་དབང་ལྡན་གྱི་ཕྱོགས་སུ་ཧཱུཾ་ལས་བྱུང་བའི་འབྲུབ་ཁུང་ཟབ་ཅིང་རྒྱ་ཆེ་བའི་ ནང་དུ་བོར་ཏེ། ཁྲོ་བོ་རྣམས་རང་གི་སྙིང་གར་ཐིམ། ༀ་གྷ་གྷ་གྷཱ་ཏ་ཡ་གྷ་ཏ་ཡ། སརྦ་དུཥྚཾ་ཕཊ། ཀཱི་ལ་ཡ། ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོ་ཨཛྙཱ་པ་ཡ་ཏི། སརྦ་བི་ གྷྣན་ཀཱ་ཡ་ཝཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་སྒྲིལ་ཤིང་བཏབ། བགེགས་རྣམས་ཀྱི་སྤྱི་བོ་ནས་ རྐང་མཐིལ་གྱི་བར་ཐལ་བྱུང་དུ་ཕུབ་ཏེ། རྡོ་རྗེའི་ས་གཞི་ལ་བཏབ་པས། ལུས་གཡོ་བ་མེད་ པ། ངག་རླུང་རྒྱུ་བ་མེད་པ། ཡིད་རྣམ་པར་རྟོག་པ་དང་བྲལ་བ། འོད་གསལ་བདེ་བ་ཆེན་པོའི་ རང་བཞིན་དུ་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལན་གསུམ། ཕུར་བུའི་གནས་དང་ དཀྱིལ་འཁོར་གྱི་ས་གཞིའི་ཕྱོགས་ཐམས་ཅད་རྡོ་རྗེའི་ས་གཞི་དང་རྭ་གུར་རབ་ཏུ་འབར་བས་ བསྲུང་བར་གྱུར། སྨོན་ལམ་དང་ཤིས་བརྗོད་ཅུང་ཟད་བྱའོ། །དཀྱིལ་འཁོར་གཤེགས་གསོལ་མ་བྱས་ཀྱི་བར་ཕུར་བུ་སྒུལ་ བསྐྱོད་མི་བྱའོ། །དེ་ཡན་ཆད་ཀྱི་སྡོམ་ནི། གཏོར་མ་མཆོད་པ་ཚར་ལྔ་ཡུངས་ཀར་དང༌། །བ་བྱུང་དྲི་བཟང་གུ་གུལ་ཕུར་པ་དང༌། ། 23-1-231 རྡོར་དྲིལ་ཅང་ཏེའུ་ནང་མཆོད་ལ་སོགས་བཤམས། །སྔོན་འགྲོ་གཏོར་མ་མཆོད་པ་བྱིན་བེབས་དང༌། །ལྷན་སྐྱེས་རྣལ་འབྱོར་ས་ གཞི་སྦྱང་བ་དང༌། །དཀྱིལ་འཁོར་སྒོམ་དང་མཆོད་བསྟོད་གསོལ་བ་གདབ། །ནམ་མཁར་འདེགས་དག་མིག་དང་རྐང་བྱིན་ རླབས། །བསྐོར་བ་སྟང་སྟབས་བགེགས་ལ་བཀའ་བསྒོ་བྱ། །ཕུར་བུ་བསྐྱེད་ཅིང་འདེབས་དང་བསྲུང་བའོ། །དེ་དག་གི་ནུབ་དང་ པོ་ལ་བྱ་བ་ས་ཆོག་རྫོགས། གཉིས་པ་ལ། བདག་གི་རྣལ་འབྱོར་དང༌། ལྷག་གནས་དངོས་སོ། །དང་པོ་ནི། འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚང་ བར་བྱས། སྤྱིའི་མཆོད་པ་ཆ་ཚང་བ་ཞིག་བཤམས། སྔོན་འགྲོ་གཏོར་མ་དང་གནས་ཡོ་བྱིན་རླབས་ས་ཆོག་གི་སྐབས་ལྟར་མཐའ་ གཅིག་ཏུ་དགོས་པ་མ་ཡིན་ཀྱང༌། སྐབས་འདིར་ལག་ལེན་ལ་ཞུ་འབུལ་མཛད་པས། ཕྱག་གསུམ་བཙལ་མཎྜལ་བཤམས། ཕྱག་ གསུམ་བཙལ་ལ་མེ་ཏོག་བསྐྱེད། །ཕྱག་གསུམ་བཙལ་ལ་ཞུ་འབུལ་བྱ། །ཕྱག་གསུམ་བཙལ་ལ་མེ་ཏོག་བསྡུ། །ཕྱག་གསུམ་ བཙལ་ལ་མཎྜལ་འབུལ། །ཕྱག་གསུམ་བཙལ་ལ་མཎྜལ་བསྐུལ། །ཕྱག་གསུམ་བཙལ་ལ་གྲལ་དུ་འཁོད། །ཅེས་པ་ལྟར་ཡིན་པ་ ལས། གཞན་རྣམས་ལག་ལེན་མཐོང་བ་ཉིད་ཀྱིས་ཤེས་ཤིང༌། གསོལ་གདབ་ནི། སེམས་ཅན་དོན་དུ་སེམས་དགེ་ བས། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །ཚུལ་བཞིན་ཆོ་གར་ལྡན་པ་ཡི། །རྣལ་འབྱོར་ ལ་ནི་ཉེར་གནས་མཛོད། །ཅེས་ལན་གསུམ་བརྗོད་པའོ། །ཚོགས་པ་ཡོད་ན་འདི་དག་བྱ་བ་ཡིན་གྱིས། གཞན་དུ་མི་ དགོས་སོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་བསྒོམ་བཟླས་རྣམས་བྱས་ལ། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་ བརླབས། རང་སྐད་ཅིག་གིས་གཤིན་རྗེ་གཤེད། ཞེས་པ་ནས། ཡང་དག་སྤོང་བ་བཞི་རྣམ་པར་དག་ པའི་དོན་ཏོ། །ཞེས་པའི་བར་བསྒྲུབ་ཐབས་ཡོངས་སུ་རྫོགས་པར་བསྒོམ་མོ། །གཉིས་པ་ལ་བཞི་ལས། དང་པོ་སའི་ལྷ་མོ་སྟ་ གོན་ནི། དཀྱིལ་འཁོར་གྱི་ས་གཞིའི་གནས་སུ། དྲི་བཟང་གི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་བཀོད། ས་ལྷའི་མཆོད་པ་དང་གཏོར་མ་ བཤམས། རྡོ་རྗེའི་ས་གཞི་རྭ་གུར་མེ་རི་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། ༀ་རཀྵ་ རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ལག་པ་གཡས་པ་ས་ལ་རེག རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ས་འོག་ནས་ སའི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཚོམ་བུའི་སྟེང་དུ་བཾ་ཡིག་དུ་གྱུར་པ་འཁོད། བཾ་ལས་སའི་ལྷ་མོ་གསེར་གྱི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་དཔང་ 23-1-232 པོར་ཁས་ལེན་པའི་ཕྱག་རྒྱ་ཅན། གཡོན་གསེར་གྱི་བུམ་པ་བདུད་རྩིས་གང་བ་ཐུགས་ཀར་ འཛིན་པ། ལྟེ་བ་ཡན་ཆད་སའི་དཀྱིལ་འཁོར་ནས་འཐོན་པ། བདག་ལ་མངོན་དུ་ཕྱོགས་པས་ བཞུགས་པར་གྱུར། ༀ་པྲི་ཐྭཱི་དེ་ཝཱི་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་ན་མཿ ཞེས་མཆོད་ཡོན་ཕུལ་ནས། རྡོ་ རྗེ་དྲིལ་བུ་འཛིན་བཞིན་དུ། ༀ་པྲི་ཐྭཱི་དེ་ཝཱི་ཞེས་པ་ལ། པུཥྤེ་སོགས་བཏགས་ཏེ་ཉེར་སྤྱོད་ལྔས་མཆོད། གཏོར་མ་ཨ་མྲྀ་ ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ཀ་པཱ་ལ་ཡངས་ཤིང་རྒྱ་ ཆེ་བར། ཧཱུཾ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ༀ་པྲི་ཐྭཱི་དེ་ ཝཱི་ས་པ་རི་ཝཱ་ར་བྷྱཿ ཞེས་པ་ལ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། སྐྱོབ་པ་སངས་རྒྱས་ཐམས་ ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་ དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ གིས་བདུད་ཀྱི་སྡེ། །བཅོམ་པར་བྱས་ཏེ་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་བརྗོད། དཀྱིལ་འཁོར་གྱི་ ལས་ཅི་བདེ་བར་གྱིས་ཤིག་ཅེས་བརྗོད་ཅིང་སྣང་བ་ཐོབ་པར་བསམ། པྲི་ཐྭཱིའི་མཚན་སྔགས་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་ བཏགས་པས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། སའི་ལྷ་མོ་སླར་ཡང་ས་དེ་ཉིད་ལ་ཐིམ་ཞེས་བརྗོད་ཅིང་ བསམ། སའི་ལྷ་མོ་ལྷག་པར་གནས་པའོ། ། གཉིས་པ་ལྷ་སྟ་གོན་ནི། དེ་ནས་དེ་མ་ཐག་ཏུ་ས་ལྷའི་ཚོམ་བུ་དང༌། མཆོད་པ་རྣམས་བསལ་ལ། སྐབས་འདིར་ལྷག་གནས་ མི་འཆོལ་བའི་དོན་དུ། ལས་ཐིག་ཡོངས་རྫོགས་འདེབས་པ་དང༌། ཐིག་ཆེན་བརྒྱད་ཙམ་འདེབས་པ་དག་ཀྱང་ཡོད་མོད། འདི་ནི་ ལྷ་ཉུང་བའི་ཕྱིར། ལྷག་གནས་མི་འཆོལ་བར་བྱེད་སླ་ཞིང༌། འདིར་ཐིག་འདེབས་པ་ལ་དགོས་པ་གཞན་མེད་པའི་ཕྱིར། བཤད་ ཚོད་དང་མཐུན་པར་བྱ་བ་ཉིད་ལེགས་སོ། །དེས་ན་འདི་ལྟར་བྱ་སྟེ། ༀ་ཨཱཿཧཱུཾ་ལན་གསུམ་གསུམ་གྱིས། གཙོ་བོའི་གནས་ སུ་དྲི་བཟང་གི་ཐིག་ལེ་གྲུ་བཞི་དང༌། གཞན་འཁོར་བཞི་དང་བུམ་པའི་གནས་རྣམས་སུ་ཟླུམ་པོ་རེ་བྱའོ། །ལྷ་རྣམས་ལ་སོ་སོའི་ རང་སྔགས་ལན་གསུམ་གསུམ་དང༌། བུམ་པ་བཞི་ལ་འབྲུ་གསུམ་ལན་གསུམ་གསུམ་གྱིས་ཚོམ་བུ་བཀོད་ལ། མཐའ་བསྐོར་དུ་ ལྷ་གྲངས་ལས་མི་ཉུང་བའི་མཆོད་པ་དང་གཏོར་མ་ལག་ལེན་ལྟར་བཤམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། 23-1-233 སྟོང་པའི་ངང་ལས། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། ཞེས་པ་ ནས། ཟླ་བའི་གདན། ༀ་ཧྲཱིཿཥྚཱིཿ སོགས། ༀ་དྭེ་ཥ་རཱ་ཏི་སོགས། ༀ་མོ་ཧནྟ་ཀྲྀ་ཏ་ནས། ཨིར་ཥྱ་རཱ་ ཏི་ཧཱུཾ་ཛཿ རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ནམ་མཁར་བཞུགས་པའི་དཀྱིལ་འཁོར་གྱི་ འཁོར་ལོ། བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཚོམ་བུའི་སྟེང་དུ་ལྷ་རྣམས་བཞུགས་པར་གྱུར་པ་ ནི། དབུས་ཀྱི་གདན་གྱི་སྟེང་དུ། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད། ཞེས་པ་ནས། གང་ བས་ཁ་བརྒྱན་པའོ། །རང་གི་སྙིང་གའི་སྐུ་ལས་འོད་ཟེར་འཕྲོས་ཞེས་པ་ནས། ཛཿཧཱུཾ་བཾ་ཧོཿའི་ བར་སྒྲུབ་ཐབས་བཞིན། རྡོ་རྗེའི་ས་གཞི་ཞེས་པ་ནས། སྭཱཧཱའི་བར། ས་ལྷའི་སྐབས་ལྟར་མཚམས་བཅིང༌། གོང་བཞིན་ མཆོད་པ་བསང་སྦྱངས། བྱིན་གྱིས་བརླབས། མཆོད་པ་འབུལ་བ་ནི། རྒྱས་པར་ན་དངོས་གཞི་དཀྱིལ་འཁོར་སྒྲུབ་པའི་སྐབས་ ལྟར་རམ། བསྡུས་པར་ན། ཕྱི་མཆོད། རྒྱལ་སྲིད་སྣ་བདུན། ནང་མཆོད། བསྟོད་པ་རྣམས་སྒྲུབ་ཐབས་སུ་བཤད་པ་ལྟར་བྱས་ལ། གཏོར་མ་བསངས་སྦྱངས་བྱིན་རླབས་ཀྱང་སྒྲུབ་ཐབས་བཞིན། རང་གི་སྙིང་ག་ནས། ཁྲོ་བོ་ཞེས་པ་ནས། ཕྱོགས་ སྐྱོང་རྣམས་གཤེགས་སུ་གསོལ་བའི་བར་ཡང་སྒྲུབ་ཐབས་ལྟར་རོ། །དེ་ནས་སྤོས་སྣོད་དང་བཅས་པའི་རྡོར་དྲིལ་ ཐོགས་ཏེ། གཤིན་རྗེ་གཤེད་རྡོར་བཅོམ་ལྡན་འདས། །རིག་སྔགས་རྒྱལ་མཆོག་ཁྱོད་ལ་འདུད། ། སློབ་མ་རྣམས་ལ་བརྩེ་བ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་ རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བདག་ནི་བྲི་བར་འཚལ། །དེ་ཕྱིར་བཅོམ་ལྡན་བདག་ གུས་ལ། །བཀའ་དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། ། བྱང་ཆུབ་སེམས་དཔའ་འབྲས་གནས་དང༌། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་ དང་འཇིག་རྟེན་སྐྱོང་བ་དང༌། །འབྱུང་པོ་བྱང་ཆུབ་གཏན་གནས་དང༌། །སེམས་ཅན་བསྟན་ལ་ མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། ། རྡོ་རྗེ་འཆང་ཆེན་ཆེ་གེ་བདག །གཤིན་རྗེ་གཤེད་དམར་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པར་ ཉེར་སྦྱོར་བས། །འགྲོ་བ་སྦྱང་ཕྱིར་བྲི་བར་བགྱིད། །དེ་བདག་སློབ་མར་བཅས་པ་ལ། །རྗེས་ 23-1-234 སུ་བརྩེ་བས་ཉེར་བཟུང་ནས། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །ཉེ་བར་གནས་པ་ མཛད་པར་རིགས། །ཞེས་ལན་གསུམ་གསོལ་བས་གནང་བ་ཐོབ་པར་ཡང་གསལ། རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་དང་བཅས། ༀ་བཛྲ་ཨུ་ཏིཥྛ་ཞེས་དཀྱིལ་འཁོར་ནམ་མཁའ་ལ་བཏེག ཡང་ན་ཕྱིས་ཀྱི་ལག་ལེན་ལྟར། བུམ་པ་ལྷག་གནས་དང༌། སློབ་མ་ ལྷག་གནས་གྲུབ་ནས། མཆོད་པ་ཁ་གསོས། བསང་སྦྱངས་བྱིན་རླབས་མཆོད་བསྟོད་རྣམས་བྱས་ནས་ནམ་མཁར་བཏེགས་ཀྱང་ རུང༌། གང་ལྟར་ཡང་ནམ་མཁའ་བཏེགས་མ་ཐག ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །ཞེས་པ་ནས། དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། ། ཞེས་བསྟོད། བཅོམ་ལྡན་འདས་གཤིན་རྗེ་གཤེད་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས། ཇི་སྲིད་སྤྱན་མ་དྲངས་ཀྱི་བར་དུ་མདུན་གྱི་ནམ་མཁའི་གནས་འདིར་བཞུགས་ལ། བདག་ ཅག་སློབ་མར་བཅས་པའི་བར་ཆད་བསྲུང་ཞིང༌། སླད་ནས་དཀྱིལ་འཁོར་བྱིན་གྱིས་བརླབས་ པ་དང༌། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་དམ་པ་སྩལ་དུ་གསོལ། རྡོ་རྗེའི་ས་གཞི་ནས། སྭཱཧཱས་མཚམས་བཅིང་ངོ༌། །དཀྱིལ་འཁོར་ལྷག་པར་གནས་པའོ། ། གསུམ་པ་བུམ་པ་སྟ་གོན་ནི། དེ་ནས་བུམ་པ་མཚན་ཉིད་དང་ལྡན་པ་དྲུག་གམ་གཉིས་ཁ་དོག་དཀར་པོར་བསྒྱུར། རས་ བཟང་པོས་མགྲིན་པ་དཀྲི། ཧྲཱིཿཥྚཱིཿབཟླས་པའི་ཡུངས་ཀར་གྱིས་བྲབ་ཅིང་གུ་གུལ་གྱིས་བདུག་ཐམས་ཅད་ལ་མཚན་མ་ནི། པད་ཉི་ལ་གནས་པའི་དབྱུག་པ་འོད་ཟེར་འཕྲོ་བ་ཁོ་ན་འགོད་དོ། །དེ་རྣམས་ཆུ་གཙང་མས་བགང༌། གསེར། དངུལ། བྱུ་རུ། མུ་ མེན། མུ་ཏིག་ཏེ་རིན་ཆེན་ལྔ། ཀནྡྷ་ཀ་རི། དབང་ལག སླེ་ཏྲེས། རྒྱ་མཚོ་ལྦུ་བ། ཤུ་དག་དཀར་པོ་སྟེ་སྨན་ལྔ། གུར་གུམ། ཙན་ དན་དཀར་དམར། ཛཱ་ཏི། ག་བུར་སྟེ་དྲི་ལྔ། ནས། གྲོ། སྲན་མ། འབྲས། ཏིལ་དཀར་སྟེ་འབྲུ་ལྔ། འོ་མ། མར། སྦྲང་རྩི། བུ་ རམ། ལན་ཚྭ་སྟེ་སྙིང་པོ་ལྔ། ཤ་ལྔ་བདུད་རྩི་ལྔ་སྟེ་བུམ་རྫས་སུམ་ཅུ་རྩ་ལྔ་བླུག ཤིང་བཟང་པོའི་ཡལ་གས་ཁ་བརྒྱན། སྟེགས་བུ་ གང་ཡང་རུང་བ་ལ། གཡས་སུ་དབང་གི་བུམ་པ་ལྔ་པོ་ལྔ་ཚོམ་དང༌། གཡོན་དུ་ལས་བུམ་བཀོད། མདུན་དུ་མཆོད་པ་དང༌། གཙོ་ བུམ་གྱི་སྟེང་དུ་དུང་ཆོས་སྤོས་ཆུས་ནང་བཀང་། གཟུང་ཐག་རྡོ་རྗེ་དང་བཅས་པ་བཀོད། བསངས་སྦྱངས། སྟོང་པའི་ངང་ ལས། པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་ལྟོ་བ་ 23-1-235 ལྡིར་ཞིང་མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱི་མགུལ་བ་བཅིང་བ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་ བའི། བུམ་པ་རྣམས་ཀྱི་ནང་དུ། པདྨ་དང་ཉི་མའི་གདན་རེ་རེ། དེ་ཡང་དབུས་སུ། ཡ་ལས་ ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་དམར་པོ། དཔའ་བོ་ཉི་མ་བྱེ་བའི་འོད་དང་མཚུངས་པའི་ གཟི་བརྗིད་ཀྱི་ཕུང་པོ་འབར་བ་ལ་ཡུམ་རྡོ་རྗེ་རོ་ལངས་མ་དམར་མོས་འཁྱུད་པ། ཤར་དུ་ཀྵེ་ ལས་གཏི་མུག་གཤིན་རྗེ་གཤེད་དཀར་པོ་ལ་ཡུམ་ཙཱརྩི་ཀ་ནག་མོས་འཁྱུད་པ། ལྷོ་རུ་མ་ལས་ སེར་སྣ་གཤིན་རྗེ་གཤེད་སེར་པོ་ལ་ཡུམ་ཕག་མོ་སེར་མོས་འཁྱུད་པ། ནུབ་ཏུ་མེ་ལས་འདོད་ ཆགས་གཤིན་རྗེ་གཤེད་དམར་པོ་ལ་ཡུམ་དབྱངས་ཅན་མ་དཀར་མོས་འཁྱུད་པ། བྱང་དང་ ལས་བུམ་གྱི་ནང་དུ་དེ་ལས་ཕྲག་དོག་གཤིན་རྗེ་གཤེད་ལྗང་ཁུ་ལ་ཡུམ་གཽ་རཱི་ལྗང་མོས་འཁྱུད་ པ། དཔའ་བོ་ནས། བཞུགས་པའོ། །གཙོ་བོའི་མཚམས་བཞིར་པད་ཟླ་ལ། ཤར་ལྷོར་མུ་མེན། ནས། ཁ་བརྒྱན་པའོ། །བུམ་པ་གཉིས་ལས་མེད་ན་རྣམ་རྒྱལ་བུམ་པའི་ནང་དུ་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང༌། ཕྱོགས་ ཀྱི་འདབ་མ་བཞི་ལ་ཉི་མའི་གདན་རེ་རེ་དབུས་སུ་ཡ་ལས་སོགས་གོང་དང་འདྲ་བཞུགས་པའོ། །མཚམས་ཀྱི་འདབ་ མ་བཞི་ལ་ནས། ཁ་བརྒྱན་པའོ། །ཞེས་བརྗོད། ལྷ་དེ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། རྡོ་རྗེ་འཛིན་པ། ནས། ཛཿཧཱུཾ་བཾ་ ཧོཿའི་བར་བདག་བསྐྱེད་ཀྱི་སྐབས་བཞིན། གཟུངས་ཐག་ནས་བཟུང༌། རང་གི་སྙིང་ག་ནས་སྔགས་ཀྱི་འཕྲེང་བ་ གཟུངས་ཐག་ལ་འཁྲིལ་ནས་སོང་བས། ལྷ་རྣམས་ཀྱིས་ཐུགས་ཀར་ཕོག ཐུགས་རྒྱུད་བསྐུལ་ བས་སྐུ་ལས་བདུད་རྩིའི་རྒྱུན་བབས་ཏེ་བུམ་པ་རྣམས་གང་བར་གྱུར། སོ་སོའི་སྔགས་བརྒྱ་རྩ་རེ་དང༌། ཧྲཱིཿཥྚཱི་ལྷག་པར་མང་བར་བཟླའོ། །ལས་བུམ་ལ་ཧྲཱིཿཥྚཱི་གང་འོས་དང་ཧཱུཾ་བདུན་བཟླས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་པའང་ལན་བདུན་ལས་མི་ཉུང་བ་བཟླ། མཆོད་པ་བྱིན་རླབས་གོང་བཞིན། ཨརྒྷཾ་ནས་ ཤཔྟའི་བར་གྱིས་མཆོད། སོ་སོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་འབུལ། གཏི་མུག་རྡོ་རྗེ་སོགས་ 23-1-236 ཀྱིས་བསྟོད། བདག་ཅག་སློབ་མར་བཅས་པ་ལ་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཅེས་ གསོལ་བ་བཏབ། ལས་བུམ་གྱི་ཆུ་ཀུ་ཤས་བླངས་ཏེ། བུམ་པ་རྣམས་ལ་སྐོར་ཞིང༌། གནས་དང་ཡོ་བྱད་སོགས་ལ་གཏོར། ཇི་ སྲིད་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་དུ་གཅོད་པ་ཐམས་ཅད་བསྲུང་བར་ མཛོད་ཅིག ཡིག་བརྒྱ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་སོགས། ༀ་ཨཱཿཧཱུཾ་ཞེས་དུང་ཆོས་ཀྱི་ཆུ་བུམ་པ་སོ་ སོར་བླུག མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ལྷ་རྣམས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་ཞུགས། བུམ་པའི་ཆུ་ དང་རོ་གཅིག་ཏུ་གྱུར། ལས་བུམ་གྱི་ལྷ་མི་ཞུ་བའི་ལུགས་ཀྱང་ཡོད་མོད་ཀྱི། དཀྱུས་ལྟར་བྱའོ། །བུམ་པ་ལྷག་པར་གནས་པའོ། ། གསུམ་པ་སློབ་མ་སྟ་གོན་ནི། དེ་ཡང་ཉི་མ་དེ་ཉིད་ཀྱི་སང་ནུབ་ཁོ་ན་དངོས་གཞིའི་དབང་བསྐུར་བྱེད་ན། འདིར་སློབ་མ་ ལྷག་གནས་བྱ་ལ། ཉི་མ་གཞན་དང་གཞན་ལ་དབང་བསྐུར་བྱེད་པའི་ཚེ། དཀྱིལ་འཁོར་སྒྲུབ་པའི་རྗེས་སུ་སློབ་མ་ལྷག་གནས་ བྱ་བ་འཐད་པ་ཡིན་ནོ། །དེ་ཡང་འདི་ལྟར། དཀྱིལ་འཁོར་ཁང་པའི་ཕྱི་རོལ་ལམ། གསང་བའི་ཡོ་བྱད་རྣམས་སྦས་ནས། དཀྱིལ་ འཁོར་ཁང་པ་དེ་ཉིད་དུའང་རུང་སྟེ། སློབ་མ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ་བ་ལ། འདི་ལྟར། སེམས་བསྐྱེད་ནང་དབང་ གསོལ་བཏབ་སྤྲོ་བ་བསྐྱེད། །རྒྱུན་བཤགས་བྱིན་རླབས་མཆོད་པ་སོ་ཤིང་དང༌། །འཁྱོར་ཆུ་བསྲུང་སྐུད་ཆོས་བཤད་ཀུ་ཤ་སྦྱིན། ། རྨི་ལམ་བརྟག་དང་སྡོམ་པ་བཟུང་བའོ། ། དང་པོ་ནི། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་ གཤེགས་པས་གསུངས་པ་ཡི། །ཆོ་ག་ཡང་དག་རྗེས་སུ་གནང༌། །སྔགས་ཀྱི་དངོས་གྲུབ་དོན་ གཉེར་གང༌། །དཀྱིལ་འཁོར་འདིར་ནི་འཇུག་པར་འགྱུར། །བསོད་ནམས་འདོད་པས་དེ་ ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །བློ་བཟང་ཕལ་ཆེར་དད་བྱས་ནས། ། འཇིག་རྟེན་ཕ་རོལ་དོན་གཉེར་འཇུག །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་ རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་ འགྲུབ། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཞེས་དོན་བཤད། དེ་ནས་སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་སློབ་མ་རྣམས་བཀུག་ཏེ་ཞལ་དུ་བཅུག སྐུའི་ 23-1-237 ལམ་བརྒྱུད་རྡོ་རྗེའི་ལམ་ནས་མཁར་བབས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་ དག་སྟེ། གཙོ་བོ་ཞེ་སྡང་གཤིན་རྗེ་གཤེད་ཀྱི་སྐུར་གྱུར་པ་ལ། ཡང་སློབ་དཔོན་གྱི་ཐུགས་ ཁའི་འོད་ཀྱིས་སྤྱན་དྲངས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཡབ་ ཀྱི་ཞལ་དུ་བཅུག ཐུགས་ཀར་བྱང་ཆུབ་སེམས་སུ་གྱུར་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བྱིན་གྱིས་བརླབས། ཧཱུཾ་ཞེས་བྱ་བས་གསང་བ་ནས་ཕྱིར་སྤྲོས་ ཏེ། རང་གི་སྟན་ལ་འཁོད་པར་གྱུར། དེ་ནས་གསོལ་བ་གདབ་པ་ནི། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། ། བདག་གི་སྟོན་པ་དགྱེས་ཆེན་ཁྱོད། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་ བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་ པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་བཞུགས་སུ་གསོལ། །ཅེས་ལན་གསུམ་རྗེས་བཟློས་བྱའོ། ། དེ་ནས་སྤྲོ་བ་བསྐྱེད་པ་ནི། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ མཆོག །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ནོ། །སྐུ་གསུང་ཐུགས་ ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱིས་མཐུ་ཡིས་ནི། ། ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་ བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད། སྒྲུབ་ ཐབས་ལྟར་རྒྱུན་བཤགས་བྱ་བའམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་འཆི། །སྡིག་པ་ ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ ཀྱིས་བཟུང༌། །ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་བཟུང༌། ཧྲཱིཿཥྚཱི་ལན་གསུམ་གྱིས་བགེགས་བསྐྲད་ཅིང་བསྲུང་བ་ 23-1-238 བྱ། སློབ་མའི་སྙིང་ཁར་ཧཱུཾ་ལས་རྡོ་རྗེ་དང༌། མགྲིན་པར་ཨ་ལས་པདྨ་དང༌། སྤྱི་བོར་ༀ་ལས་ འཁོར་ལོ་རྣམས་གནས་པ་ལ། སློབ་དཔོན་གྱི་དྲི་བཟང་དང་བདུད་རྩི་སྦྱར་བས་ཐིག་ལེ་བྱས་ པ་ན། སངས་རྒྱས་རྣམས་ཀྱི་ཐུགས་དང༌། གསུང་དང༌། སྐུ་རྡོ་རྗེའི་ངོ་བོ་ཧཱུཾ་ཨཱཿༀ་རྣམས་ བྱུང་ཞིང་སླར་ཡང་དཔྲལ་བ་ནས་མར་རེག་པས། ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་རང་ བཞིན་དུ་བརྟན་པར་མོས་ཤིག་བྱས་ལ། སློབ་མའི་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱའོ། །དེ་ནས་སྙིང་གར་དྲི་ཆབ། མགོ་བོར་མེ་ཏོག་མདུན་དུ་སྤོས་དང༌། མར་མེ་རྣམས་སྦྱིན་པས་མཆོད། སོ་ཤིང་བསངས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་ ལས་བྱུང་བའི་རིན་པོ་ཆེའི་སོ་ཤིང་དུ་གྱུར། ཧྲཱིཿ་ཥྚཱི་བཟླས་ཤིང་སློབ་མའི་ལག་ཏུ་གཏད། ༀ་བཛྲ་ཧ་ས་ ཧ་ཞེས་སོ་ཤིང་གི་རྭ་བར་འདོར་དུ་བཅུག ལྟས་དང་མཐུན་པའི་དངོས་གྲུབ་ལུང་སྟོན། སྟོང་པའི་ངང་ལས། ཤཾ་ལས་ བྱུང་བའི་དུང་ཕོར་གྱི་དབུས་སུ། བཾ་ལས་བྱུང་བའི་འཁྱོར་ཆུ་ནུས་པ་ཐམས་ཅད་དང་ལྡན་པར་ གྱུར། འཁྱིལ་བའི་སྔགས་ལན་བདུན་བཟླས་ཏེ། ༀ་ཧྲཱིཿབི་ཤུདྡྷ་དྷརྨཱ་སརྦ་པཱ་པཾ་ནི་ཙ་ཨ་སྱ་ཤོ་དྷ་ཡ་སརྦ་བི་ ཀལྤན་ཨ་པ་ན་ཡ་ཧཱུཾ། ཞེས་འཁྱོར་བ་ལན་གསུམ་བཀང་ཤིང་སྦྱིན། སྟོང་པའི་ངང་ལས། ཧཱུཾ་ལས་དང་དྷི་ ལས་བྱུང་བའི་ཀུ་ཤའི་སྟན་དང༌། སྔས་སུ་གྱུར། ༀ་བཛྲ་ཏིཀྵྞ་བཾ། ཞེས་བྱིན། སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་བསྲུང་སྐུད་དམར་པོར་གྱུར། དཔུང་པ་གཡོན་པར་བཅིངས་ནས། ༀ་བུདྡྷ་མཻ་ཏྲི་རཀྵ་ རཀྵ་སརྦཾ་སྭཱཧཱ། ཞེས་བརྟན་པར་བྱ། དེ་ནས་ཟབ་མོའི་ཆོས་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག ། རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །རྒྱ་ལམ་ན་ནི་རེས་ འགའ་འབྱུང༌། །གསང་སྔགས་སྤྱོད་ཚུལ་འབྱུང་བ་ནི། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །གང་ གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མར་ ནི། །སྔོན་དུ་སྡིག་པ་བྱས་པ་དག །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་ འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། ། སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ 23-1-239 ལ་གང་རྣམས་ནི། །བློ་གྲོས་ཤིན་ཏུ་མི་གཡོ་ན། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་ བའི་ངན་འགྲོ་ཡང་དག་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་ རིང་བརྙེས། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱི། །བསྟན་ པ་འདི་ལ་ཁྱེད་ཅག་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཡིས་ཁྱེད་རྣམས་ཐེག་ ཆེན་ལས། །ལེགས་པ་ཉིད་དུ་བསྐྱེད་པར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་ མཆོག་འདི་ནི་དཔལ་དང་ལྡན། །གང་ལ་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་ པར་འགྱུར་བ་ཡིན། །ཞེས་བརྗོད་ཅིང་དོན་བཤད་དོ། །དེ་ནས། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། བུ་ཀྱཻ་སང་ ནི་དཀྱིལ་འཁོར་མཆོག །མཐོང་བར་འགྱུར་རོ་ཉོལ་ཞིག་དང༌། །རྨི་ལམ་མཐོང་བ་གང་ཡིན་ པ། །དེ་ཀུན་ང་ལ་ལེགས་པར་སྨྲོས། །ཞེས་བརྗོད་ལ་དེའི་དོན་བཤད་ཅིང༌། ཀུ་ཤའི་གདན་ལ་དགེ་བའི་ སེམས་དང་བཅས་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཅིག ཅེས་ཀྱང་བརྗོད། དེ་ནས་ནངས་པར་སློབ་དཔོན་ གྱི་སྡོམ་པ་བཟུང་བའི་ཕྱིར། སླར་ཡང་མཎྜལ་ཕུལ་ཏེ། འཁོར་ལོ་ཕྱིར་མི་ལྡོག་པའི་དབང༌། །དམ་པ་བདག་ ལ་བསྩལ་ནས་ཀྱང༌། །མགོན་པོ་འཁོར་ལོ་ལྷ་དག་གིས། །དེ་ཉིད་སློབ་དཔོན་འཕྲིན་ལས་ དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །སྡོམ་པ་གསང་མཆོག་རྟག་ཏུ་ནི། །སེམས་ཅན་ ཀུན་གྱི་དོན་བགྱིད་ཕྱིར། །སློབ་དཔོན་བདག་འགྱུར་བཤད་དུ་གསོལ། །ཅེས་ལན་གསུམ་གསོལ་བ་ བཏབ། སྤྲོ་ན་དྲི་བ་དྲིས་ལན་སོགས་ཀྱང་བྱ་བ་ཡིན་མོད་ཀྱི། གཞུང་ན་མི་གསལ་བའི་ཕྱིར་མི་དགོས་ལ། སྡོམ་པ་བསྒྲགས་པ་ནི་ དོན་གྱི་དགོས་པ་ལྟར་སྣང་ཡང༌། ལུགས་འདིར་མི་འབྱུང་བ་ནི། སྡོམ་པ་བསྒྲགས་པའི་ཚིགས་བཅད་མི་བརྗོད་པར་དེའི་དོན་སློབ་ དཔོན་གྱིས་འཆད་པའི་དབང་དུ་བྱས་པའོ། །དེ་ལྟར་ན། རིགས་ལྔའི་དམ་ཚིག་བཅུ་བཞི་སོགས་ཅི་རིགས་པ་ཞིག་སློབ་དཔོན་ གྱིས་བཤད་ལ། དེ་རྣམས་བཟུང་སྙམ་པས་འདིའི་རྗེས་བཟློས་གྱིས་ཞེས་བརྡ་སྤྲད་ལ། སྡོམ་པ་བཟུང་བའི་ཚིག་ནི། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ 23-1-240 ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་ བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱིས་ནི་བསླབ་པ་དང༌། ། དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་ པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །བླ་ན་མེད་པའི་དཀོན་མཆོག་ གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་ རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་ བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། ། བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་ པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་ བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གི་བསྐྱེད་བགྱིས་ནས། །སེམས་ ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་ གིས་བསྒྲལ། །མ་སྒྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱུང་བ་དབུགས་ཕྱུང་ཞིང༌། ། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་རྗེས་ཟློས་བྱར་གཞུག དེས་སྟ་གོན་གྱི་ཆོས་རྣམས་ ལེགས་པར་ཚར་བ་ཡིན་ཞེས་བརྡ་སྤྲད་ནས། དགེ་བ་བསྔོ། སློབ་མ་རྣམས་རང་གནས་སུ་བཏང༌། འདི་ལ་དཔལ་འཛིན་གྱི་དཀྱིལ་ ཆོག་ལས་ནི། སློབ་མ་ལྷག་གནས་ནུབ་གཉིས་པའི་ཆོ་གའི་སྐབས་འདིར་མ་གསུངས་ཏེ། དཀྱིལ་འཁོར་བྲིས་ཟིན་པའི་འོག་ཏུ་ བྱས་ན་འཇུག་པ་བདེ་བ་ལ་དགོངས་སོ། །འོན་ཀྱང་ཕྱི་རབས་ཀྱི་བླ་མ་རྣམས་དཀྱིལ་འཁོར་གྱི་ཆོ་ག་སྤྱི་དང་མཐུན་པར་འཆད་པ་ བཞིན་བཀོད་དོ། ། གསུམ་པ་ལ་དཀྱིལ་འཁོར་བྲི་བ་དང༌། སྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་འཇུག་ཅིང་དབང་བླང་བ་གསུམ་ལས་སློབ་མ་ 23-1-241 བཞུག་ཅིང་དབང་བསྐུར་བ་སྟེ། བཞི་ལས། དང་པོ་ལ། ཐིག་སྐུད་བྱིན་རླབས་ཐིག་གདབ་པ། རྡུལ་ཚོན་བྱིན་རླབས། རྡུལ་ཚོན་ དགྱེ་བ། རྒྱན་བསྒྲམ་པ་སྟེ་བཞི་ལས། དང་པོ་ནི། ནངས་པར་སྔ་བར་ལངས་ནས་སྔོན་འགྲོ་གཏོར་མ་ནས། བདག་བསྐྱེད་བཟླས་ པ་དང་བཅས་པ་གོང་བཞིན་བྱས་ལ། རས་བལ་གྱི་སྲད་བུ་ཁ་དོག་སྣ་ལྔའམ། ལྔ་ལ་ཉི་ཤུ་རྩ་ལྔ་རྐྱང་ལ་མཆོད་པ་བཤམས། འབྲུ་ གསུམ་གྱིས་བྱིན་གྱིས་བརླབས། བསངས་སྦྱངས། སྟོང་པའི་ངང་ལས། སྲད་བུ་སྔོན་པོ་ཡ་ལས་ཞེ་སྡང་ གཤིན་རྗེ་གཤེད། དཀར་པོ་ཀྵེ་ལས་གཏི་མུག་གཤིན་རྗེ་གཤེད། སེར་པོ་མཾ་ལས་སེར་སྣ་ གཤིན་རྗེ་གཤེད། དམར་པོ་མེ་ལས་འདོད་ཆགས་གཤིན་རྗེ་གཤེད། ལྗང་ཁུ་ད་ལས་ཕྲ་དོག་ གཤིན་རྗེ་གཤེད། ཐམས་ཅད་ཀྱང་ཞལ་གཅིག་ནས། ཉམས་དགུ་དང་ལྡན་པའོ། །ཐམས་ཅད་རང་ སྣང་གི་ཡུམ་དང་བཅས་པར་བསྐྱེད་པའམ། སྒྲུབ་ཐབས་བཞིན་བསྐྱེད་ཀྱང་རུང་བར་མངོན་ནོ། །དཔྲལ་བར་ༀ། མགྲིན་ པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་སྙིང་ག་ནས་སྤྲོས་པའི་དབང་གི་ལྷ་རྣམས་ཀྱིས། ༀ་བཛྲི་བྷ་ ཝ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་དབང་བསྐུར། དབང་གི་ལྷ་རྣམས་དམ་ཚིག་པ་དེ་རྣམས་ལ་ཐིམ། ཛ་ཧཱུཾ་ བཾ་ཧོཿ ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གཏི་མུག་རྡོ་རྗེའི་རང་བཞིན་ཁྱོད། །སོགས་ཀྱིས་བསྟོད་པའི་སྲོལ་ ཡོད་ཀྱང་དེ་ཉིད་ལྔ་པས་བསྟོད་ན་ལེགས་པས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་བསྟོད། ། རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་ གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་ དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་ རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་ གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྒྱལ་པོ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད། ། ཅེས་པས་བསྟོད། གཤིན་རྗེ་གཤེད་རིགས་ལྔ་ཞུ་བ་ལས་བྱུང་བའི་ཐིག་སྐུད་ལྔར་གྱུར། བསྡུ་ན། ས་ 23-1-242 བོན་ལྔ་ལས་བྱུང་བའི་ཐིག་སྐུད་ལྔ་རིགས་ལྔའི་ངོ་བོར་མོས་པ་ཙམ་གྱིས་ཆོག འདིར་ལུགས་རྙིང་འགའ་ལས་ལྷ་ལྔའི་ལུགས་ལ། སྤྱི་དང་མཐུན་པར་རིགས་ལྔ་དངོས་བསྐྱེད་པ་ལྟར། ལེགས་པར་ཡང་མངོན་ཅིང༌། སྒྲུབ་ཐབས་སུ་གཙོ་བོའི་ས་བོན་ཧཱུཾ་ཉིད་རིགས་ ཀུན་ལ་སྦྱར་བ་དེ་ལྟར་ཡང་། གཙོ་བོ་རྒྱལ་བ་གཅིག་པུ་ཉིད། །ལྔ་ཡིས་ཚུལ་དུ་རྣམ་པར་གནས། །ཞེས་པ་དང་མཚུངས་པས་ཏེ། འདིར་ཡང་ཡ་སོགས་འཁོར་ལོའི་སྐབས་ལས་གཞན་ན་མ་གསུངས་པས། གཤིན་རྗེ་གཤེད་རིགས་ལྔ་བསྐྱེད་ན་ཡང༌། ས་བོན་ ཧཱུཾ་ངཾ༌། ཧཱུཾ་སོགས་ལྔ་ལས་སྐྱེད་ན་ལེགས་པར་ཁོ་བོ་སེམས་མོ། །འོན་ཀྱང་བླ་མ་རྣམས་མི་མཛད་པས་དཀྱུས་བཞིན་བྱ་སྟེ། བུམ་ བསྐྱེད་དང༌། རྡུལ་ཚོན་དང༌། དབང་ལྔ་ལའང་རིག་པ་མཚུངས་སོ། །རང་གི་མིག་གཉིས་སུ་ཛ་ལས་བྱུང་བའི་ཉི་ མ་དང་ཟླ་བ། མིག་འབྲས་ཧཱུཾ་དུ་གྱུར། འབར་བའི་ལྟ་སྟངས་དང་བཅས་པས་རྫི་མ་སྡེབ་ཅིང༌། ༀ་དིཔྟ་དྲྀཥྚི་ཨངྐུ་ཤ་ཛཿ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས། ཡེ་ཤེས་ཀྱི་སྲད་ བུའི་ཚོགས་རྣམས་སྤྱན་དྲངས། དམ་ཚིག་གི་སྲད་བུ་ལ་ཐིམ། ༀ་ཨཱཿཔྲ་ཡཙྪ་དྭེ་ཥ་ཀཱ་ལ་ཨ་རི་ སྭ་ཙཀྲ་སཱུ་ཏྲ་ན་ཡ་ཧཱུཾ། དེ་བཞིན་དུ་དྭེ་ཥའི་གནས་སུ། མོ་ཧ་དང༌། པི་ཤུ་ནཱ་དང༌། རཱ་ག་དང༌། ཨིཥྱ་ཞེས་པ་ རྣམས་བཅུག་ལ་ལན་གསུམ་གསུམ་བཟླས་པས་གསོལ་བ་བཏབ་སྟེ། ལས་ཀྱི་རྡོ་རྗེ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་བརྒྱལ་ བཟུང་བ་དང་ལྷན་ཅིག་ཐིག་སྐུད་སྒྲིལ་བཞིན་དུ། ༀ་ཨ་ནོ་ནྱ། ཨ་ནུ་ག་ཏ། སརྦ་དྷརྨཱ་པ་ར་སྤ་ར། ཨ་ནུ་པྲ་ བྲྀཥྚ། སརྦ་དྷརྨཱ་ཨཪྻནྟ། ཨ་ནུ་པྲ་བྲྀཥྚ་སརྦ་དྷརྨཱ་ཧཱུཾ། ཞེས་ཅི་ནུས་སུ་བརྗོད་དོ། །དེ་ནས་དྲི་བཟང་གིས་བྱུགས། རིན་པོ་ཆེའི་སྣོད་དུ་བཞག་སྟེ། ཨརྒྷཾ་ལ་སོགས་པས་མཆོད། ཧྲཱིཿཥྚཱི་བཟླས་ཏེ་བསྲུང་བ་བྱའོ། ། གཉིས་པ་ནི། དེ་ནས་དཀྱིལ་འཁོར་གྱིས་གཞི་དྲིས་བྱུགས། མེ་ཏོག་སིལ་མ་བཀྲམ། ནམ་མཁའི་དབྱིངས་སུ་དཀྱིལ་ འཁོར་གྱི་འཁོར་ལོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བཞུགས་པར་གྱུར། རྡོ་རྗེ་དང་བཅས་ པའི་ལག་པས་ཐིག་སྣ་ཕྱོགས་ཤིག་ལྟེ་བའི་ཐད་དུ་བཟུང་ནས། སློབ་དཔོན་བདེན་བྲལ་དུ་གནས་ནས། དབང་ལྡན་དུ་ཕྱོགས་པ་ དང༌། སློབ་མ་དབང་ལྡན་ནས་བདེན་བྲལ་དུ་ཕྱོགས་པས་གནས་པ་ལས། ཛྫ་ཛྫ་ཛྫ། ཞེས་གཉིས་ཀས་བརྗོད་བཞིན་དུ་ཐིག་སྣ་ གཏོད་ཅིང་ལེན། དེ་ནས་སློབ་དཔོན་ནུབ་དང༌། སློབ་མ་ཤར་དུ་གནས་པས། ༀ་ཨཱཿབཛྲ་ས་མ་ཡ་སཱུ་ཏྲཾ་མ་ཏི་ཀྲ་མ་ ཧཱུཾ། སེམས་ཅན་དོན་ལ་ཁྱོད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་བྱོན་ཅིག །ཅེས་པ་དང༌། ཐིག་ 23-1-243 གི་སྒྲས། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ནས། ཐིག་ལ་ཐིམ། ཅེས་དང་པོར་ནམ་མཁའ་དང༌། དེ་ནས་ས་ལ་གདབ་བོ། །རིམ་པ་དེ་ཉིད་ཀྱིས་ཐིག་ཆེན་བརྒྱད་པོ་གདབ་པ་ཡིན་ཏེ། དེ་ཡང་འདི་ སྐད་ཅེས་བྱ་སྟེ། ནུབ་ཤར་ལྷོ་བྱང་མེ་དབང་ལྡན། །རླུང་སྲིན་རླུང་དབང་མེ་སྲིན་པོ། །གཡས་བསྐོར་རྒྱབ་འགྲོས་ཚངས་ལོགས་ གདབ། །མེ་རླུང་སྲིན་པོ་དབང་ལྡན་ནས། །རྒྱབ་འགྲོས་སྤང་སྟེ་ཟུར་ཐིག་གདབ། །གཉིས་སྡེབ་དང་པོ་སློབ་དཔོན་དང༌། །ཕྱི་མ་ སློབ་མའི་གནས་སུ་ཤེས། །དེ་དག་ལ། ཐིག་ཆེན་བརྒྱད་ནི། རེ་རེ་བཞིན་ནམ་མཁའ་ལ་ལན་གསུམ་དང༌། ས་ལ་ལན་གསུམ་ གདབ། འདིའི་ལོགས་ཐིག་ནི། རྩ་ཐིག་གི་ཡིན་ལ། རྩ་ཐིག་གི་ཕྱི་རོལ་གྱི་ཐིག་དྲུག་པོ་རྣམས་འདེབས་པར་སྤྲོ་ན། ནམ་མཁའ་ ལ་གདབ་མི་དགོས་པས་འོག་ཏུ་གདབ་པ་གསུམ་གྱིས་ཆོག་གོ །དེ་ནས་ཐིག་སྐུད་དེ་ཉིད་ཀྱིས་ལས་ཐིག་གདབ་པར་བྱ་བ་ཡིན་ ལ། དེ་ཡང་འདི་ལྟར། དབུས་སུ་མཚན་མ་ལེགས་བཏབ་ནས། །ཤར་ནུབ་ཚངས་ཐིག་དྲང་པོར་བཏབ། །ཟླུམ་བསྐོར་གསུམ་གྱི་ ཉ་རུ་འགྱུར། །ཉ་སྟེང་ཚངས་ཐིག་གཉིས་པ་བཏབ། །ལྷོ་དང་བྱང་དུ་ཟླུམ་པོར་བསྐོར། །བྱ་རྗེས་སྟེང་ནས་ཟུར་ཐིག་བཏབ། །ཟུར་ ཐིག་སྟེང་ནས་བྱ་རྗེས་བཞི། །དེ་ལ་ཕྱི་ཡི་ཐིག་བཞི་བཏབ། །ལོགས་གཏུབ་གསུམ་གྱི་བྱ་རོག་རྗེས། །མནན་པས་ཆ་ཆེན་བཅུ་ དྲུག་འགྱུར། །ཕྱི་རུ་ཆ་ཆེན་རེ་རེ་མནན། །དང་པོ་གཉིས་པ་བདུན་པ་དང༌། །དགུ་པ་རྣམས་ནི་བཞི་བཞིར་བགོ །གསུམ་པའི་ནང་ དུ་ཆ་ཕྲན་གཅིག །བཞི་པ་རང་སར་བཞག་པར་བྱ། །ལྔ་པ་དབུས་དོར་མཐའ་གཉིས་གདབ། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། ། བརྒྱད་པའི་དབུས་སུ་ཆ་ཕྲན་གཅིག །ཚངས་ཐིག་ཟུར་ཐིག་མ་གཏོགས་པ། །དེ་རྣམས་སྐམ་ཐིག་གདབ་པར་བྱ། །དབུས་སུ་ ཕུར་བུ་བཙུགས་ནས་ནི། །བཞི་ལྔ་བཅུ་པའི་ཐིག་སྟེང་དང༌། །བཅུ་ནང་ཆ་ཆུང་ཕྱེད་ཙམ་བསྐོར། །འདབ་ཐིག་ལག་ལེན་བཞིན་དུ་ གདབ། །བཅུ་ཅིག་རྩ་བའི་ཐིག་ཡིན་ཏེ། །ཐིག་ཆེན་བརྒྱད་ཀྱི་ལོགས་ཐིག་གོ །བཅུ་བདུན་པ་ནི་ཟླ་ཡབ་ཐིག །རྩ་བའི་ཐིག་ལས་ ཕྱི་རོལ་ཏུ། །ཟུར་ནས་དངོས་སུ་ཐིག་ལྔ་ལས། །དང་པོ་གཉིས་ནི་གསུམ་པར་རེག །དེ་གཉིས་ཆ་ཆུང་གཉིས་ཀྱིས་སྦྲེལ། །གསུམ་ པ་བཞི་པ་ལྔ་བ་རྣམས། །བརྒྱད་པའི་ཐིག་ལ་རེག་པར་གདབ། །རྩ་བའི་ཕྱི་ནས་གཉིས་པའི་ཐིག །བཅུ་བཞི་པ་ཡི་བར་དུའོ། །དེ་ ནས་དངོས་སུ་བཞི་པའི་བར། །སྟེང་དུ་བཅོ་ལྔ་པ་ལ་རེག །བཅོ་ལྔ་རྩེ་ནས་རྩེ་རུའོ། །ནང་དུ་བཅུ་གསུམ་ལ་རེག་པའི། །ངོས་སུ་ རིམ་པས་ཐིག་བཞི་ནི། །དང་པོ་བཅུ་དྲུག་པ་ལ་རེག །རྩེ་ནས་རྩེ་རུ་བཅུ་དྲུག་པ། །གཞན་གསུམ་བཅུ་བདུན་པ་ལ་རེག །ཚངས་ དང་ཉེར་གཅིག་འཛོམས་ས་ནས། །ཆ་ཆེན་གཅིག་གིས་བསྐོར་བ་ནི། །གཡས་གཡོན་ལོགས་སུ་བཞི་པར་རེག །བཅུ་དགུ་བཞི་པ་ 23-1-244 འཛོམས་ས་ནས། །སྔ་མའི་སྣེ་ནས་བཅུ་བདུན་བར། །ཆ་ཆུང་གཉིས་ཀྱིས་བསྐོར་བར་བྱ། །དེ་ནང་ཆ་ཆུང་ཕྱེད་ཀྱིས་བསྐོར། །གླང་ རྒྱབ་མིག་གསུམ་བསྐོར་ལུགས་ཡིན། །གལ་ཏེ་སྐྱོག་པོ་བྱེད་འདོད་ན། །མདའ་ཡབ་ཐིག་གི་ཕྱི་ངོས་སུ། །དང་པོའི་ཐིག་ནང་ཕྱེད་ དང་དྲུག །གཉིས་པ་གསུམ་པ་དྲུག་དྲུག་གོ །བཞི་པ་ལ་ནི་བཞི་ཡིན་སྟེ། །ལྔ་པ་ལ་ནི་ཕྱེད་དང་བཞི། །དྲུག་པ་གསུམ་ནས་གཅད་ པར་བྱ། །བདུན་པ་ཚངས་དང་འཕྲད་མཚམས་བཅད། །དེ་རྣམས་ནང་དུའང་ཕྱེར་རེའོ། །རྟ་བབས་སྣམ་བུ་བཅུ་གཅིག་ནི། །གུར་ ནས་གསུངས་པར་ཁོ་བོ་སྨྲ། །བཅོ་བརྒྱད་ལ་སོགས་ཐིག་བཞི་ནི། །དགུ་པ་ནས་བཟུང་གླང་རྒྱབ་བར། །རྩེ་མོ་ཆ་ཆུང་གསུམ་དུ་ སྦྲེལ། །དེ་འོག་བརྒྱད་པ་ཆ་ཆུང་གཅིག །ཉེར་གཉིས་པ་དང་ཉེར་གསུམ་པ། །བརྒྱད་པ་ནས་བཟུང་བསྐོར་ཐིག་བར། །ཉེར་བཞི་ ལ་སོགས་བཞི་པོ་ནི། །བདུན་པ་ནས་ནི་བདུན་པའི་བར། །ཉེར་བརྒྱད་ལྔ་ནས་ལྔ་པའི་བར། །དེ་འོག་ལྔ་པ་ཆ་ཆུང་གཅིག །ཉེར་ བཞི་ལ་སོགས་བཞི་པོ་ནི། །བདུན་པའི་ཐིག་ནས་གཅད་པར་བྱ། །དེ་འོག་དྲུག་པའོ་ཉེར་གཉིས་དང༌། །ཉེར་གསུམ་བརྒྱད་པ་སྦྲེལ་ བ་ཡིན། །དེ་འོག་བདུན་པའི་ཐིག་ཏུ་བཅད། །ཉེར་བརྒྱད་པ་ཡི་ཕྱི་ངོས་སུ། །གཉིས་པའི་ཐིག་ལས་མཐོན་པ་ཡི། །ཆ་ཆུང་བཞི་པ་ བྱིན་གྱིས་ཕྲ། །རྩེ་མོ་རལ་གྲིའི་དབྱིབས་སུ་བྱ། །བྲང་ངོས་ཆ་ཆུང་གཉིས་ཀྱི་ཚད། །ཉེར་གཉིས་པ་དང་གཉིས་འཛོམས་པར། །ཆ་ ཆུང་བརྒྱད་ཀྱི་ཐིག་སྐུད་ཀྱི། །བཅུ་བདུན་པ་ཡི་ཐིག་ནས་ནི། །དབུས་རྭའི་ཐིག་ལ་རེག་པར་བསྐོར། །དེ་ཡི་ཕྱི་རོལ་ཆ་ཆུང་གཅིག ། བསྐོར་ཏེ་རྭ་ཡི་ནང་ཐིག་གོ །ཉེར་གཉིས་ཉེར་གསུམ་བར་གྱི་ནི། །བཞི་པའི་སྟེང་ནས་ཆ་ཆུང་དགུས། །སྔར་བཞིན་བསྐོར་བ་ཕྱི་ ཐིག་གོ །ཐིག་སྐུད་ཉིས་ལྟབ་བྱས་ནས་ནི། །དབུས་ཀྱི་ཕུར་བུ་ལ་དཀོན་ཏེ། །རྟ་བབས་མདའ་ཡབ་རྩེ་མོའི་ཚད། །དབང་ལྡན་ མཚམས་ནས་གཡས་སུ་བསྐོར། ཁྱམས་སུ་འགྱུར་ཞིང་ཕྱི་ནས་སླར། །ཆ་ཆེན་གཅིག་དང་ཆ་ཆེན་ཕྱེད། །སླར་ཡང་ཆ་ཆེན་གཅིག་ གིས་བསྐོར། །ཕྱོགས་ཀུན་མཉམ་པ་ཉིད་དུ་མོས། །དེ་ནས་སྐམ་ཐིག་རྣམས་དབྱི་བར་བྱའོ། །འདི་ལ་དུར་ཁྲོད་འབྲི་བའི་སྲོལ་ནི་ མེད་ལ་ཀ་མ་ལཀྵི་ཏས་ནག་པོ་ལ་བཤད་པ་ལྟར་འདིར་ཡང་ལེགས་པར་འགྱུར་རོ། །གལ་ཏེ་ཐིག་ཐུང་ལ་མོས་ན། ཟུར་ཐིག་གི་ རྗེས་སུ། དཀྱིལ་འཁོར་གྱི་ཚད་དང་མཚུངས་པའི་རྩ་ཐིག་བཏབ་ནས། ཕྱི་རོལ་ཏུ་ཐིག་དྲུག་དང༌། ངོས་སུ་ཐིག་བདུན་བཏབ། དེ་ ནས་བྱར་རྗེས་བཙལ་ལ་རྟ་བབས་ཀྱི་ཐིག་ལོགས་སུ་བཏབ་བོ། །དེའི་རྗེས་སུ་བསྐོར་ཐིག་རྣམས་བྱ་སྟེ། འདི་ལ་མདའ་ཡབ་ཀྱི་ ཐིག་དང་པོར་འདེབས་པ་ནི་གང་ནས་ཀྱང་མ་བཤད་དོ། །དེ་ནས་སྐམ་པའི་ཕྱག་རྒྱས་དབུས་ཀྱི་ཕུར་བུ་ཕྱུང༌། ཡེ་ཤེས་པ་ལག་གི་ རྡོ་རྗེ་ལ་ཐིམ་པར་ཡིད་ཀྱིས་མོས། ཐིག་སྐུད་ལ་མཆོད་བསྟོད་བྱས་ལ་ཡེ་ཤེས་པ་གཤེགས་སུ་གསོལ་ལ་གཙང་སར་བཞག་གོ །དེ་ 23-1-245 ནས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ནང་དུ་ཞུགས་ལ། མིག་གཉིས་ལ་ཧི་ལས་བྱུང་བའི་ཉི་མ་དང་ཟླ་བ། མིག་ འབྲས་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེར་གྱུར། ཁྲོ་བོའི་ལྟ་བས་ཐར་པའི་སྒོའི་བར་ཆད་བགེགས་རྣམས་ བཅོམ་པར་གྱུར། ཐར་པ་དང་ཐམས་ཅད་མཁྱེན་པའི་སྒོའི་གེགས་ཐམས་ཅད་གསལ་བར་ བགྱིའོ། །སྒོའི་རྩ་ཐིག་དབྱིའོ། ། གསུམ་པ་ནི། རྡུལ་ཚོན་སྣ་ལྔའམ། ལྔ་ལྔ་ཉི་ཤུ་རྩ་ལྔ་ལག་ལེན་བཞིན་བཤམས་ལ། ཡཀྵེ་མ་མེ་ད་རྣམས་བྲིས། གོང་གི་ ཐིག་སྐུད་བརྐྱང་ཞིང་སྒྲིལ་བའི་སྔགས་དོར་ལ་ཐིག་སྐུད་ཀྱི་གནས་སུ་རྡུལ་ཚོན་ཞེས་འདོན་པ་སྤོས། རྡུལ་ཚོན་མཐེབ་སྲིན་གྱིས་ མཉེ་བཞིན་དུ། ༀ་བཛྲ་ཙི་ཏྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུཾ། ཞེས་ལན་བདུན་བདུན་གྱིས་བྱིན་གྱིས་བརླབས། བདེན་ པ་གང་གིས་སེམས་ཅན་རྣམས། རྡུལ་མང་ཞིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ཆགས་པ་དང་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག ། ཧཱིཿཧཱིཿཧཱིཿཞེས་བཟླས་ཤིང་སྦར་རོ། ། བཞི་པ་ནི། དེ་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་ནས་རྡོ་རྗེ་ཤུགས་ཀྱི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ༀ་བཛྲ་བེ་ག་ཨ་ ཀྲ་མ་ཧོཿ ཞེས་རྡོ་རྗེ་ཤུགས་ཀྱི་འཇུག་པས་ནང་དུ་ཞུགས་ལ། སློབ་དཔོན་གྱིས་དང་པོར་ཕུར་ཁུང་བགང་བར་བྱ་སྟེ། དྲིལ་བུ་ དཀྲོལ་ཞིང་དཀུར་བསྟེན་ལ། །དཀར་སེར་དམར་ལྗང་སྔོ་བའི་རིམ་པས་བཀང༌། །དེ་ནས་འདི་ནི་ཆོས་དབྱིངས་དག་པ་ སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །འཇམ་དབྱངས་རྒྱལ་པོ་རང་ཉིད་ནི། །དེ་བཞིན་ གཤེགས་པ་ཀུན་གྱིས་གནས། །ཉེས་པ་ཀུན་ལས་རྣམས་གྲོལ་བ། །འཁོར་ལོའི་ནང་དུ་ཡང་ དག་གནས། །ཞེས་བརྗོད་ཅིང་དྲིལ་བུ་དཀྲོལ་ལ། མཐར་གཡོན་པའི་མཐེབ་སྲིན་གྱིས། དབང་ལྡན་གྱི་མཚམས་སུ་སྒོ་ཚད་ གཅིག་གི་བར་དུ་རྩིག་པ་རིམ་པ་ལྔ་བྲི་བར་བྱའོ། །དེ་ནས་སློབ་མ་རྣམས་ཀྱིས་ཅི་བདེ་བར་ཚོན་དགྱེ་བར་བྱ་སྟེ། ཁ་དོག་དང་བཀྲ་ ཤིས་ཀྱིས་བུམ་པ་བརྒྱད་སོགས་མཚན་མ་ཐམས་ཅད། དཀྱིལ་འཁོར་སྤྱི་དང་འདྲ་བར་ཤེས་པ། ཁྱད་པར་ངེས་པ་ནི། དབུས་ཀྱི་ སྣ་ཚོགས་པདྨ། ཕྱོགས་བཞི་དམར་ལ་མེ་རླུང་སེར། །བདེན་བྲལ་ལྗང་ལ་དབང་ལྡན་སྔོ། །ཞེས་པ་ལྟར་དང༌། གླང་རྒྱབ་ཀྱི་ནང་ ཕྱོགས་མདོག་དང༌། མདའ་ཡབ་དང༌། སྤུ་ཤུ་ཞེས་མི་འདོད་པར། ཤར་བུ་དང་མདའ་ཡབ་ཏུ་འདོད་ཅིང༌། མདའ་ཡབ་དང་པདྨ་ 23-1-246 ཕྱེད་པའམ། མཆོད་རྟེན་གྱི་དབྱིབས་སོ། །སྣ་ཚོགས་རྡོ་རྗེ་ཕྱོགས་མདོག་ཉིད་བྱའོ། །ལུགས་འདིའི་འགྱུར་བྱེད་དམ་པ་དཔྱལ་ཕྱག་ དཱ་ནཱ་ཤཱི་ལ་གློ་བོ་ལོ་ཙཱ་བ་སྟེ་བཞི་པོ་དེ་ཐམས་ཅད་ཐུན་མོང་གི་ཆོ་ག་རྣམས་དཔལ་འཇིགས་མེད་འབྱུང་གནས་ཀྱི་རྗེས་སུ་འབྲང་བ་ ཡིན་ཅིང༌། ཁྱད་པར་ཆག་གིས་ནི། དེང་སང་ཕལ་ཆེར་རང་རིགས་རྒན་པོའི་ངག །གཙོར་འཛིན་ལེགས་བཤད་མི་འཛིན་གཉིས་ སྐྱེས་འདྲ། །དེའི་ཕྱིར་བདེ་ཆེན་ལམ་བཟང་འཇིགས་མེད་གཞུང༌། །རྒྱུད་པའི་གདམས་པས་བརྒྱན་པ་འགའ་ལ་གནང༌། །ཞེས་ འཕགས་ཡུལ་གྱི་མཁས་གྲུབ་མཐའ་ཡས་པ་ལ་གྲགས་པའི་གཞུང་བཟང་པོ་རྡོ་རྗེ་འཕྲེང་བ་སོགས་དང་མི་མཐུན་ན། བོད་རྒན་ པོ་འགའ་དང་མཐུན་ཡང་སྙིང་པོ་མེད་པར་བཞེད་པས། ཆག་གི་རྗེས་སུ་འབྲང་བར་ཁས་ལེན་བཞིན་དུ་བོད་རྙིང་པའི་ལུགས་ གཞན་དང་འབད་པས་བསྲེ་བར་མི་བྱ་སྟེ། ནགས་ལ་གནས་པའི་སྤྲེའུ་དག །ལྗོན་པའི་ཤིང་ལ་མི་གཙང་མཐོར། །ཞེས་པ་དང་ མཚུངས་པར་འགྱུར་བའི་ཕྱིར་རོ། །ལྷའི་མཚན་མ་ལ་རིགས་ལྔའི་ཕྱག་མཚན་གྱིས་མཚན་པའི་དབྱུག་པར་འདོད་པ་ནི། རྒྱ་གར་ བ་གཞན་དང༌། བོད་ཀྱི་གཤེད་དམར་བ་ཕྱི་མ་ཁ་ཅིག་དང་མཐུན་སྲིད་ཀྱང༌། ལུགས་འདི་ལ་མ་ཡིན་ཏེ། གོང་དུ་སྨོས་པའི་ལོ་ཙཱ་ བ་ཆག་སོགས་གསུམ་དང་ཡེ་མི་མཐུན་ཅིང༌། བིརྦ་པ་དང༌། དཔལ་འཛིན་གྱི་ལུགས་གཉིས་ཀ་ལས་ཕྱིར་ཕྱོགས་པར་འགྱུར་བས་ གྱི་ནར་སྤྱོད་པའོ། །འོན་ཏེ་དཔྱལ་པ་རྣམས་བདག་བསྐྱེད་ལ་ཕྱག་མཚན་དེ་བཞིན་འདོད་པས་རུང་ངོ་སྙམ་ན་མ་ཡིན་ཏེ། དཔྱལ་ ལུགས་ལ་ནི་བདག་བསྐྱེད་པ་ཡང་སྒོ་བསྲུང་འདོད་པ་དང༌། དཀྱིལ་འཁོར་འདྲི་བའི་མཚན་མ་རྣམས་བཅུ་གསུམ་མ་ཇི་ལྟ་བ་ བཞིན་འགོད་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ལྷ་མཚན་མི་ནོར་བའི་ཕྱིར་དེ་ལྟར་འགོད་པ་ཡིན་ནོ་ཞེས་སྐྱོན་སྤོང་ངོ༌། །བུམ་པ་ལ་ནི་ ནོར་བའི་གནས་ཀྱང་ཡོད་ཅིང༌། མཚན་མ་བཏབ་པས་ལེན་འཇོག སོགས་ལ་མི་ནོར་བའི་དགོས་པ་ཡང་ཡོད་པས་འདེབས་པ་ ཡིན་མོད། འདི་ལ་ནི་དེ་གཉིས་ཀ་མེད་ལ། མེད་ཀྱང་དགོས་ན་ནི། ཀ་བ་དང༌། རྟ་བབས་ལ་སོགས་ལ་ཡང་མི་ནོར་བའི་མཚན་ མ་དགོས་པར་འགྱུར་རོ། ། དེས་ན་གཞན་དང་མི་མཐུན་ཞིང་རང་ཉིད་འགལ་བ་དེ་སྤངས་ལ། པདྨའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་རྣམས་ལ། ཉི་མའི་ གདན་གྱི་སྟེང་དུ། གཙོ་བོའི་མཚན་མ་ཇི་ལྟ་བའི་དབྱུག་པ་རེ་བྲིས་ལ། མཐའ་མེ་འོད་འབར་བའི་ནང་རིགས་དང་མཐུན་པའི་ ཁ་དོག་ཤས་ཆེ་བ་འོད་ཟེར་སྣ་ལྔ་འཕྲོ་བ་བྲི་བར་བྱའོ། །མུ་ཁྱུད་བཞི་དམར་པོ་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ་བྲི། བུམ་པའི་ཁ་དོག་ སོགས་ནི་སྒྲུབ་ཐབས་བཞིན་ནོ། །ཚོན་བཀྲ་བརྟག་པ་སྤྲོ་ན་སྤྱི་དང་འདྲ་བར་བྱ། མཐར་དཀྱིལ་འཁོར་བྲིས་ཟིན་པ་ན། ཚོན་གྱི་ 23-1-247 ལྷག་མ་རྣམས་བསྡུས་ཏེ། མཆོད་བསྟོད་བྱས་ལ། ཡེ་ཤེས་པ་ནམ་མཁའི་ལྷའི་ཐུགས་ཀར་གཤེགས། དམ་ཚིག་པ་རང་ལ་བསྡུས་ ཏེ་བཞག་གོ ། ལྔ་པ་ནི། དཀྱིལ་འཁོར་གྱི་མཐའ་ཀུན་ཏུ་དྲི་བཟང་གིས་བྱུགས། མེ་ཏོག་སིལ་མ་སོགས་མཆོད་རྫས་དང༌། རྒྱན་ཐམས་ ཅད་བཀྲམ། རྣམ་རྒྱལ་བུམ་པ་གཙོ་བོའི་གནས་སུ་བཞག་པར་མོས་ནས་ཤར་སྒོའི་གཡས་སུ་བཞག བུམ་པ་གཞན་བཞི་ཕྱོགས་ བཞིར་བཀོད། ལས་བུམ་དབང་ལྡན་མཚམས་སུ་བཞག་གོ །མཆོད་པའི་བུམ་པ་དང་གོས་ཟུང་དང༌། ལྷ་རེ་རེ་ལ་མཆོད་རྫས་བཅུ་ ལས་མི་ཉུང་བ་རྣམས་སོ་སོར་བཤམས་ལ། ༀ་བཛྲ་སྥ་ར་ཎ་ཁཾ། ཞེས་ཡང་ཡང་བརྗོད་དོ། །གཞན་ཡང་ཡོ་བྱད་ཐམས་ ཅད་ཚོགས་པར་བྱ་སྟེ། དེ་རྣམས་ལག་ལེན་མཐོང་བ་ཙམ་གྱིས་ཤེས་པར་འགྱུར་རོ། ། གཉིས་པ་སྒྲུབ་ཅིང་མཆོད་པ་ནི། གཞུང་ལས་ཇི་སྐད་འབྱུང་བ་ལྟར། སྔ་དྲོ་བདག་བསྐྱེད་ལེགས་པར་བྱས་པའི་རྗེས་སུ། ཐིག་སྐུད་བྱིན་བརླབས་ནས། རྒྱན་བགྲམ་པའི་བར་ཉི་མ་དེ་ཉིད་ལ་གྲུབ་ཅིང༌། བྲེ་མོའི་གཏམ་ལ་སོགས་པ་བྱ་བ་གཞན་གྱིས་བར་ མ་ཆོད་པར་ཡིད་ཡང་དག་པའི་དོན་ལ། རྣལ་དུ་གནས་བཞིན་པས་དེའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་སྒྲུབ་པ་ཡིན་ན། སྔར་ གྱི་བདག་བསྐྱེད་ཀྱི་ང་རྒྱལ་ལ་གནས་པ་ཁོ་ནས་ཆོག་གིས། བདག་བསྐྱེད་བསྐྱར་ནས་ལེན་མི་དགོས་པས། འདིར་དཀྱིལ་འཁོར་ སྒྲུབ་ཐབས་ཁོ་ན་ལ་ཞུགས་པས་ཆོག་གོ །ཕྱིས་ཀྱི་ལག་ལེན་ལྟར་ལྷག་གནས་ཀྱི་མཐར་ཐིག་ཚོན་བྱིན་རླབས། ཐིག་འདེབས་པར་ བྱེད་པ་དང༌། གཞན་ཡང་ཉི་མ་དེ་ཉིད་ལ་དཀྱིལ་འཁོར་བྲིས་མ་ཟིན་ན། སྔོན་འགྲོ་གཏོར་མ་ནས། དག་པ་དྲན་པ་ཡན་ཆད། སྟ་ གོན་ལྟར་བྱས་ནས། མདུན་བསྐྱེད་སྒྲུབ་པ་ཡིན་ཏེ། རྡོ་རྗེ་ཤུགས་ཀྱི་འཇུག་པས་ཞུགས་པར་མོས་ལ་ༀ་བཛྲ་བེ་ག་ཨ་ཀྲ་ མ་ཧཱུཾ། བདག་ཉིད་དཀྱིལ་འཁོར་གི་ནང་ཤར་གྱི་ལྷ་སྣམ་ལ་འདུག་པར་གྱུར། ཧྲཱིཿཥྚཱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྨོན་ལམ་གྱིས་ནས། མཚམས་རྣམས་སུ་ཟླ་བའི་གདན། དེ་རྣམས་ཀྱི་སྟེང་དུ་ལྷའི་མཚན་མ་རྣམས་སོ་སོའི་གནས་སུ་ཡོངས་སུ་གྱུར་པ་ལས། དབུས་ སུ་ཡ་ལས་ཐོད་དབྱུག་ཡས་མཚན་པ་ལས། བཅོམ་ལྡན་འདས་ཞེ་སྡང་གཤིན་རྗེ་གཤེད་ནས། དམར་མོས་འཁྱུད་པ། འདབ་མ་བཞི་ལ་ཤར་དུ་ཀྵེ་ལས་ཐོད་དབྱུག་ཀྵེས་མཚན་པ་ལས། གཏི་མུག་ནས། ནག་མོས་འཁྱུད་པ། ལྷོ་རུ་མ་ལས་ཐོད་དབྱུག་མས་མཚན་པ་ལས། སེར་སྣ་ 23-1-248 ནས། སེར་མོས་འཁྱུད་པ། ནུབ་ཏུ་མེ་ལས་ཐོད་དབྱུག་མེས་མཚན་པ་ལས། འདོད་ཆགས་ནས། དཀར་མོས་འཁྱུད་པ། བྱང་དུ་ད་ལས་ཐོད་དབྱུག་དས་མཚན་པ་ལས། ཕྲག་དོག་ནས། ལྗང་ མོས་འཁྱུད་པ། དཔའ་བོ་ཐམས་ཅད་ནས། ཁ་བརྒྱན་པའོ། །དབུས་སུ་གཙོ་བོ་ཡབ་ཡུམ་དང༌། བདག་ཉིད་གཉིས་སུ་མེད་པར་གྱུར། ཡུམ་གྱི་མཁའ་ནས། ཨཏྨ་ཀོ྅ཧཾ། སྙོམས་པར་ཞུགས་ པའི་དགའ་བའི་སྒྲས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག ཞལ་དུ་ ཞུགས། བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར། རྡོ་རྗེའི་ལམ་ནས་བྱུང་བའི་བྱང་ཆུབ་ཀྱི་སེམས་ ཀྱི་འོད་ཟེར་གྱིས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། སེམས་ཅན་ ཐམས་ཅད་ཀྱི་མ་དག་པའི་ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་དང༌། ཁམས་ལྔ་དང༌། དབང་ པོ་དྲུག་རྣམ་པར་ཤེས་པའི་ཚོགས་དང་བཅས་པ་དང༌། སྣོད་ཀྱི་འཇིག་རྟེན་མཐའ་དག་ཡོངས་ སུ་སྦྱང་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་སྒྲིབ་པ་ཐམས་ཅད་དང་རྣམ་པར་བྲལ་བ་ བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོའི་དཀྱིལ་འཁོར་གྱི་ཚོགས་སུ་གྱུར་པ་ཐམས་ ཅད་བྱང་ཆུབ་ཀྱི་སེམས་འོད་ཟེར་དང་བཅས་པ་སླར་འདུས་ཏེ་གཅིག་ཏུ་གྱུར་པ་མཁའ་ནང་ དུ། སྐད་ཅིག་གིས་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་དཀྱིལ་འཁོར་རྟེན་ དང་བརྟེན་པར་བཅས་པ་ཡོངས་སུ་རྫོགས་པ་གྲུབ་པར་གྱུར། ༀ་ཧྲཱིཿཥྚཱི་ནས། སྭཱཧཱའི། མཁའ་ ནང་གི་གཙོ་བོ་ཡབ་ཡུམ་གསང་བའི་ལམ་ནས་སྤྲོས། ཕྱིའི་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ ཡུམ་ལ་ཐིམ། ༀ་མོ་ཧནྟ་ཀྲྀཏ་ཧཱུཾ་ཕཊ། ༀ་མོ་ཧ་ར་ཏི་ཧཱུཾ་ཛཿ མཁའ་ནང་གི་གཏི་མུག་གཤིན་རྗེ་ གཤེད་ཡབ་ཡུམ་ཕྱིར་ཕྱུང༌། ཤར་གྱི་གཏི་མུག་གཤིན་རྗེ་གཤེད་ཡབ་ཡུམ་ལ་ཐིམ། དེ་བཞིན་དུ་ སྦྱར་ཏེ། པི་ཤུ་ན། པི་ཤུ་ན། མཁའ་ནང་གི་སེར་སྣ། ལྷོའི་སེར་སྣ། རཱ་ག རཱ་ག མཁའ་ནང་གི་ འདོད་ཆགས། ནུབ་ཀྱི་འདོད་ཆགས། ཨིརཥྱ། ཨིརཥྱ། མཁའ་ནང་གི་ཕྲག་དོག བྱང་གི་ཕྲག་ དོག ༀ་ཨཱཿཧཱུཾ་ལན་བཞི། མཁའ་ནང་གི་བུམ་པ་བཞི། མཚམས་བཞིའི་བུམ་པ་བཞི། ༀ་ཨཱཿཧཱུཾ། མཁའ་ནང་གི་ 23-1-249 གཞལ་ཡས་ཁང་བསྲུང་བའི་འཁོར་ལོ་དང་བཅས་པ་ཕྱིར་ཕྱུང༌། ཕྱིའི་གཞལ་ཡས་ཁང་བསྲུང་ བའི་འཁོར་ལོ་དང་བཅས་པ་ལ་ཐིམ། སྙིང་གར་ཧཱུཾ་ནས་བརླབས་པར་གྱུར། རང་གི་སྙིང་གའི་ ཧཱུཾ་ལས་འོད་ཟེར་འཕྲོས། ནས། ཛ་ཧཱུཾ་བཾ་ཧོཿའི་བར་རྣམས་སྒྲུབ་ཐབས་བཞིན། ཡང་རང་གི་སྙིང་གའི་ཧཱུཾ་ ལས་འོད་ཟེར་འཕྲོས། སྟ་གོན་གྱི་ཡེ་ཤེས་པ་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་བཛྲ་ ས་མཱ་ཛཿ རོལ་མོ་དང་བཅས་པ་ཧྲཱིཿཥྚཱི་བཟླ་ཞིང་བགེགས་བསྐྲད། ཧྲཱིཿཥྚཱི་གཅིག་གིས་བསྲུང་བའི་སྒོ་ཕྱེ། ༀ་ཧྲཱི་ཧ་བྷོ་ མཧཱ་ཀྲོ་དྷཱ་ཨཱ་གཙྪ་ཨཱ་གཙྪ། ཨསྨ་ཏ་པཱུ་ཛ་པྲ་ཏི་གྲ་ཧྞཱནྟུ་པྲ་སཱ་དྷ་མེ་དྷཱི་མན་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་ རྡོ་རྗེའི་གུར་གྱི་ནང་དུ་སྤྱན་དྲངས། ཧྲཱིཿཥྚཱི་གཅིག་བཟླས་པས་སྒོ་བཅིངས། ཡབ་ཡུམ་བཅུའི་སྔགས་རེ་རེའི་མཐར། ཨརྒྷཾ་པྲ་ ཏཱིཙྪ་སྭཱཧཱ། ཞེས་སྦྱར་ཏེ་མཆོད་ཡོན་ཕུལ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་རང་བཞིན་ སྐུ། །སོགས་ཀྱིས་བསྟོད། དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབས་ཏེ་དངོས་གྲུབ་མ་ལུས་པ་སྩལ་ དུ་གསོལ། ཞེས་གསོལ་བ་བཏབ། ཛཿཧཱུཾ་བཾ་ཧོཿ གཙོ་བོ་ཡབ་ཡུམ་ལ་ལན་གསུམ་གསུམ། ལྷག་མ་ལྷ་བཞི། བུམ་པ་ བཞི། རྟེན་གྱི་དཀྱིལ་འཁོར་རྣམས་ལ་དམིགས་ནས་རེ་རེ་བརྗོད་དེ། ཡང་དག་པར་བསྲེ་བར་བྱའོ། ། དེ་ནས་མཆོད་པ་རྣམས་བསངས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་ནས། ཤཔྟ་ཨཱཿཧཱུཾ་གི་ བར་གྱིས་གོང་བཞིན་བྱིན་གྱིས་བརླབས། དེ་ནས་མཆོད་པ་འབུལ་བ་ནི། བསྡུ་ན་སྔགས་ཙམ་གྱིས་ཀྱང་ཆོག་ལ། ཤིན་ཏུ་རྒྱས་ པར་ན་སྔོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་མཆོད་ཆོག་རྒྱས་པ་རྣམས་ལྟར་བྱ། འདིར་འབྲིང་པོའི་ཚུལ་དུ་བརྗོད་ན། དག་ ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་ཡོན་ཆབ་མཆོག་འདི་དག །མཆོག་ཏུ་དད་པས་ཁྱེད་ ལ་འབུལ། །ཅི་བདེ་བར་ནི་བཞེས་སུ་གསོལ། །ༀ་ཧྲཱིཿཥྚཱི་ཧཿ དེ་བཞིན་དུ། སྔགས་ཀྱི་ཞབས་ བསིལ་ཞེས་དང༌། ༀ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་དམ་པ་འདི་དག་ནི། ། མཆོག་ཏུ་གུས་པས་བདག་འབུལ་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །གཙོ་འཁོར་བཅུའི་སྙིང་ པོའི་མཐར། ༀ་ཀུ་མ་ར་རཱུ་པི་ཎེ་ཛཿཛཿ ལྷན་ཅིག་སྐྱེས་དང་སྦྱར་ལས་བྱུང༌། །བདུག་སྤོས་དམ་ པ་འདི་དག་ནི། །མཆོག་ཏུ་དད་པས་འབུལ་ལགས་ན། །ཅི་བདེ༴ ༀ་ཧྲཱི་ཧ་ཧེ་ཕཊ། ཞུན་མར་ 23-1-250 འབྲུ་མར་མར་མེ་འདི། །ལྷ་རྫས་འབར་བས་མུན་པ་འཇོམས། །མི་ཤེས་ཐམས་ཅད་འཇོམས་ པའི་ཕྱིར། །བདག་ཉིད་དད་པས་འབུལ་བར་གྱིས། །ༀ་དིཔྟ་ནས། སྭཱཧཱ། ལྷན་ཅིག་སྐྱེས་དང་ སྦྱར་བ་ཡི། །དྲི་མཆོག་དམ་པ་འདི་དག་ནི། །མཆོག་ཏུ་དད་པས་བདག་འབུལ་ན། །ཅི་བདེ་ བར་ནི་ཁྱོད་ཀྱིས་བཞེས། །ༀ་བི་ནས། གཿ ཁ་དོག་དྲི་དང་རོ་ལྡན་པའི། །བཟའ་དང་བཅའ་ བར་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་ཁ་ཟས་འདི། །འབུལ་གྱི་ཡང་དག་བཞེས་སུ་ གསོལ། །ༀ་བཛྲ་ནེ་ཝེ་ཏྱ་ཨཱཿཧཱུཾ། སིལ་སྙན་ལ་སོགས་རོལ་མོའི་ཚོགས། །དབྱངས་ཀྱི་ང་རོ་ ལྡན་པ་འདི། །མཆོག་ཏུ་དད་པས་བདག་འབུལ་གྱིས། །ཅི་བདེ་བར་ནི་བཞེས་སུ་གསོལ། ། ༀ་བཛྲ་ཤཔྟ་ཨཱཿཧཱུཾ། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡངས་མཛེས་ལྷ་ ལས་བྱུང་བ་ཡི། །ན་བཟའ་མཆོག་འདི་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ ཐོབ་ཤོག །ༀ་བཛྲ་ཝསྟྲ་ཡེ་ཨཱཿཧཱུཾ། གཟུང་འཛིན་ང་རྒྱལ་བཅོམ་པའི་སྟག་ལྤགས་དང༌། །ཉོན་ མོངས་ཤ་ཁྲག་ཟད་པའི་ཐོད་སྐམ་དང༌། །བདུད་རིགས་གཤིན་རྗེ་བསད་པའི་མགོ་བོའི་ འཕྲེང༌། །དུག་ལྔ་འཇོམས་བྱེད་བདུག་པའི་སྦྲུལ་རྒྱན་འབུལ། །ༀ་བྱཱ་གྷྲ་ཙརྨ་ཝ་ས་ནི་ཨཱཿཧཱུཾ། ༀ་བཛྲ་ཤུརྐ་ཀ་པཱ་མུ་ཀུ་ཊ་ཨཱཿཧཱུཾ། ༀ་རཀྟ་མུཎྜ་མཱ་ལ་ཨ་བྷ་ར་ཎ་ཨཱཿཧཱུཾ། ༀ་ཨཥྚ་ནཱ་ག་རཱ་ཛ་ཨ་ ལཾ་ཀ་ར་ཨཱཿཧཱུཾ། གཟུགས་ཀྱི་མཆོད་པ་ཁྱད་པར་ཆེ། །སྒྲ་ཡི་མཆོད་པ་ཡིད་འོང་ལྡན། །དྲི་ཡི་ མཆོད་པ་ཚིམ་པའི་མཆོག །རོ་ཡི་མཆོད་པ་བླ་ན་མེད། །རེག་བྱའི་མཆོད་པ་བདེ་མཆོག་ལྡན། ། མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །རབ་འབྱམས་ཞིང་རྣམས་ཡོངས་བཀང་ནས། །དཀྱིལ་ འཁོར་ལྷ་ཚོགས་རྣམས་ལ་མཆོད། །ༀ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུཾ། འཛམ་བུའི་གླིང་ འདིའམ་གླིང་གཞན་དག །འཁོར་ལོ་རིན་ཆེན་གྱིས་བཀང་བ། །སྟོང་གསུམ་ལ་སོགས་དེ་ བཞིན་ཏེ། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ༀ་ཙཀྲ་རཏྣ་པཱུ་ཛ། མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ ཡེ་ཨཱཿཧཱུཾ། ནོར་བུ། མ་ཎི། བཙུན་མོ། སྟྲཱི། ཁྱིམ་བདག གྲ་ཧ་པ་ཏི། གླང་པོ། ཧཱསྟི། རྟ་མཆོག་ 23-1-251 ཨ་ཤྭ། བློན་པོ། པུ་རུ་ཥ། ཞེས་སྦྱར། དེ་བཞིན་དུ། བཀྲ་ཤིས་རྟགས་བརྒྱད་ཀྱིས་བཀང་བ། །ཅེས་དང༌། ཨཊྚ་མངྒ་ལ་ཨཾ་ཀ་ཨཱཿཧཱུཾ། གཞན་ཡང་མཆོད་པའི་རྣམ་པ་ནི། །རྔ་ཡབ་རྡུལ་ཡབ་སྦྲང་ཡབ་ དང༌། །ཁྱམས་དང་སྐྱེད་མོས་ཚལ་དག་དང༌། །གཟིམ་མལ་དང་ནི་གདན་ཁྲི་དང༌། །མྱུར་འགྲོ་ རྟ་དང་གླང་པོ་དང༌། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །རྟ་བབས་དང་ནི་བླ་རེ་སོགས། ། བཟའ་བཏུང་རོ་མཆོག་སྣ་ཚོགས་དང༌། །གླུ་གར་ལ་སོགས་མཐའ་ཡས་མཆོད། །བུམ་པ་ བཟང་པོ་འདོད་འཇོའི་བ། །རིན་ཆེན་ལག་པ་ནམ་མཁའི་མཛོད། །བློ་ཡིས་བླངས་ཏེ་འབུལ་ བར་བགྱི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ ཨཱ་ཝརྟ་ཡ་ཧོ། མཆོད་བུམ་བཏེག་ལ། ནག་པོ་ར་རི་མེད་པ་ཡི། །བུམ་པ་ལྟོ་ཕྱེ་བྲེ་ཚད་པ། །མཆུ་ འཕྱང་མགྲིན་རིང་གདན་དང་ལྡན། །སྙིང་པོར་ལྡན་པའི་སྨན་སོགས་གཞུག མགྲིན་པ་རས་ བཟང་དག་གིས་དཀྲིས། །འདབ་མར་ལྡན་པའི་ལྕུགས་མ་ཡང༌། །དྲི་དང་ལྡན་པའི་ཁ་རྒྱན་ ཅན། །བདུད་རྩི་ལྡན་པ་ཡིས་ཀྱང་མཆོད། །གཞན་ཡང་མཆོད་པའི་རྣམས་པ་ནི། །བླ་རེ་ གདུགས་དང་རྒྱལ་མཚན་དང༌། །བ་དན་སིལ་སྙན་རོལ་མོ་ཡིས། །གུས་པས་དཀྱིལ་འཁོར་ པ་ལ་མཆོད། །བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་ འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཏུ་བརྒྱན། །དམ་ཚིག་གསང་བའི་མཆོད་པར་བཞེས་ སུ་གསོལ། །ཅེས་བརྗོད་དེ། ཕྱི་མཆོད་རྣམས་སོ། །བསྟོད་པ་ནི། ཨ་ཡེ་ཀྱེ་ཀྱེ་ནས། ཡོངས་ལ་གཟིགས། །ཞེས་ པའི་རྗེས་སུ། མ་ཧེ་དབང་ཕྱུག་ཆེན་པོ་ལྷ་བདག་པོ། །གཉུག་མར་གསུངས་པའི་དངོས་ཀྱི་མངའ་ བདག་པོ། །སྡིག་པ་འཇིགས་རུང་བགེགས་རྣམས་བཅོམ་བདག་པོ། །གཤིན་རྗེའི་འཁྲུལ་ འཁོར་གསང་སྔགས་མཆོག་བདག་པོ། །དབྱུག་པ་མཁའ་དབྱུག་དཀར་པོ་བསྣམས་པ་པོ། ། མི་ཐོད་ཕྱག་ན་མི་ཐོད་འཛིན་པ་པོ། །ཟུང་འཇུག་བདེ་ལྡན་ཟུང་འཇུག་བདེ་བ་པོ། །གཤིན་ རྗེ་འཇོམས་མཛད་གཤིན་རྗེ་གསོད་པ་པོ། །མི་ཐོད་ཀླུ་ཡིས་བརྒྱན་བྱས་འཇིགས་པ་པོ། ། 23-1-252 བཅོས་མའི་སྐུ་ཡིས་སྤྲུལ་ཞིང་མཛད་པ་པོ། །ཐར་བདེའི་གོ་འཕང་གནས་སུ་འགོད་པ་པོ། ། བརྟན་གཏེར་བློ་གཏེར་ཚེ་རིང་གཏེར་བ་པོ། །དེ་བཞིན་ཡིད་མཛད་ཕ་རོལ་ཕྱིན་པ་པོ། །ལྷན་ སྐྱེས་བདེ་ཆེན་གཅིག་ཐུགས་དགྱེས་པ་པོ། །ཐུགས་རྗེ་རོ་གཅིག་བསོད་ནམས་བྱེད་པ་པོ། ། ཐུགས་གསུང་ལས་ཀྱི་ལམ་སྟོན་དགེ་བ་པོ། །ཞབས་ལ་ལྷ་དབང་ཅོད་པན་བཏུད་པ་པོ། ། བགེགས་ཚོགས་མཐའ་དག་གོ་འཕང་བཅོམ་པ་པོ། །ནོར་སྟེར་སྐུ་མདོག་ཉི་ལྟར་དམར་བ་ པོ། །བདེ་ཆེན་གཤིན་རྗེ་གཤེད་ལ་བདག་ཕྱག་འཚལ། །ཞེས་གཙོ་བོ་ལ་བསྟོད། གཏི་མུག་རྡོ་རྗེ་ནས། དབང་ཕྱུག་ཁྱོད་ཕྱག་འཚལ། །བར་དང༌། རྩེ་དང་ཤེས་རབ་ཕ་རོལ་ཕྱིན། །ནམ་མཁའི་ཁམས་ ནི་རྣམ་པར་སྦྱོང༌། །ཉོན་མོངས་ཀུན་དག་ཡེ་ཤེས་དངོས། །རྡོ་རྗེ་རོ་ལངས་མར་ཕྱག་འཚལ། ། རྡོ་རྗེ་ཞི་བ་བྱང་ཆུབ་སེམས། །གཏི་མུག་རྡོ་རྗེ་ཉིད་དབྱེར་མེད། །ཆོས་ཀྱི་དབྱིངས་ཀྱི་བདག་ མོ་ཆེ། །རྡོ་རྗེ་ཙརྩི་ཀཱར་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ནི། །ཞེ་སྡང་བདག་པོ་ཐུགས་ དབྱེར་མེད། །མི་ཕྱེད་རྣམ་རྟོག་རབ་གཅོད་མ། །རྡོ་རྗེ་ཕག་མོ་ཁྱོད་ཕྱག་འཚལ། །རྡོ་རྗེ་གསུང་ ནི་ཡེ་ཤེས་ཆེ། །པདྨ་ཤེས་རབ་ཕ་རོལ་ཕྱིན། །འདོད་ཆགས་ཆེན་པོ་ཉིད་སྦྱོར་བ། །རྡོ་རྗེ་ མཐར་མཛད་ཁྱོད་ལ་བསྟོད། །རྡོ་རྗེ་ལས་ནི་ཀུན་གྲོལ་བ། །ཕྲག་དོག་རྡོ་རྗེ་དབྱེར་མེད་སྐུ། ། ཐམས་ཅད་རྡོ་རྗེ་བཏང་སྙོམས་ནི། །རྡོ་རྗེ་ལས་ལ་ཕྱག་འཚལ་བསྟོད། །སྒེག་སོགས་རྡོ་རྗེ་ལྷ་ མོ་བརྒྱད། །སྣོད་དང་གང་བའི་བུམ་པར་སྤྲུལ། །སྣ་ཚོགས་འདོད་ཡོན་བདུད་རྩིའི་གཟུགས། ། མཆོད་ལྡན་དེ་དག་རྣམས་ལ་བསྟོད། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །ཡེ་ཤེས་གཞལ་ ཡས་ཁང་པར་སྤྲུལ། །འཇིག་ཚོགས་ལྟ་ཀུན་འཇོམས་བྱེད་པའི། །རྡོ་རྗེའི་གཞི་དང་བཅས་ལ་ འདུད། །ཡེ་ཤེས་ཉི་མའི་དཀྱིལ་འཁོར་དང༌། །ཉེས་སྤངས་པདྨའི་འཁོར་ཡུག་སྟེ། །བདུད་ འཇོམས་བསྲུང་བའི་འཁོར་ལོ་ནི། །ཡེ་ཤེས་མེ་དཔུང་འབར་ལ་བསྟོད། །དེ་ལྟར་དཀྱིལ་ འཁོར་འཁོར་ལོ་བཅས་བསྟོད་པས། །བདུད་བཞི་འཇོམས་ཤིང་ལས་ཀུན་འགྲུབ་པ་དང༌། ། 23-1-253 ལྷ་མོའི་འཁོར་གྱིས་བསྐོར་བའི་དཔའ་བོ་ནི། །བདེ་ཆེན་གཤིན་རྗེ་གཤེད་དཔལ་ཐོབ་པར་ ཤོག །ཅེས་བསྟོད། ཆང་ལ་བདུད་རྩི་རིལ་བུ་སྦྱར་བ་སླར་ཡང་བྱིན་གྱིས་བརླབས་ཏེ་འགྲུབ་ན་ལག་མཆོད་བྱ་ཞིང༌། མ་འགྲུབ་ ན་ལྷ་སོ་སོའི་སྙིང་པོའི་མཐར། འབྲུ་གསུམ་སྦྱར་བས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་འབུལ། ཕྱིས་ཀྱི་ལག་ལེན་ལྟར་སྤྲོས་ པ་ལ་དགའ་ན། དང་པོར་བླ་མ་རྣམས་ཀྱིས་མཚན་ནས་སྨོས་ཤིང་འབྲུ་གསུམ་གྱིས་འབུལ་བ་དང༌། མཐའ་མར་དགོས་ཀྱི་ཆོས་ སྐྱོང་དང༌། ཆོས་སྐྱོང་སྤྱི་དང་ཕྱོགས་སྐྱོང་འཁོར་བཅས་དང་རིགས་དྲུག་ལ་སྦྱིན་པ་སོགས་ཀྱང་བྱ་སྟེ། དེ་ཡང༌། འཇམ་དཔལ་ གཤིན་རྗེ་གཤེད་དང་བི་རཱུ་པ། །ཌོམྦྷི་ཧེ་རུ་ཀ་དང་དཔལ་འཛིན་ཞབས། །བློ་གྲོས་བཟང་པོ་ དརྤན་ཨཱ་ཙཱཪྻ། །གློ་བོ་ལོ་ཙཱ་ཤེས་རབ་རིན་ཆེན་དང༌། །ཐུགས་སྲས་ས་པ་ལོ་ཙཱ་མཆོག་ལྡན་ དང༌། །སངས་རྒྱས་སྲས་དང་གཞོན་ནུ་ཚུལ་ཁྲིམས་ཞབས། །ཚུལ་ཁྲིམས་རྒྱལ་མཚན་མཁན་ ཆེན་གྲུབ་ཤེ་དང༌། །ཤེས་རབ་རྒྱ་མཚོ་རྭ་སྟོན་ཡོན་ཏན་དཔལ། །བྱང་སེམས་མཆོག་གྲུབ་རྗེ་ བཙུན་གྲོལ་མཆོག་ཞབས། །མཁས་བཙུན་བཟང་པོའི་མཐར་ཐུག་ཀུན་དགའི་མཚན། །ཡེ་ ཤེས་བདུད་རྩི་རྒྱ་མཚོའི་མཆོད་པ་འབུལ། །ༀ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར་རྒྱུད་བཤད་ སོགས་དང༌། མཚན་སྔགས་སམ་སྙིང་པོ་རྣམས་ཀྱི་དཀྱིལ་འཁོར་ལ་འབུལ། གཞན་ཡང་རྒྱུད་སྡེ་བཞི་དང་སོགས་ དང༌། དགོས་ཀྱི་ཆོས་སྐྱོང་ལ་སྙིང་པོས་ཕུལ། གཞན་ཡང་བསྟན་པ་བསྲུང་བར་སོགས་དང༌། གཞན་ཡང་ ཕྱོགས་སྐྱོང་བ་བཅོ་ལྔ་ལྷ་ཆེན་པོ་བརྒྱད་སོགས་ཀྱིས་ཕུལ། གཞན་ཡང་བོད་ཁམས་སྐྱོང་བ་སོགས་ ཀྱིས་ཕུལ། གཞན་ཡང་འགྲོ་བ་རིགས་དྲུག་སོགས་ཀྱི་མཐར། ༀ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝཱཏྨ་ ཀོ྅ཧཾ། ཞེས་བདུད་རྩི་མྱང་བ་རྣམས་སོ། །ནང་མཆོད་དོ། །དངོས་སམ་ཡིད་ཀྱི་སྒྲོན་མ་ལྔ་དང༌། བདུད་རྩི་ལྔ་ཕུལ་ཏེ། དྲི་ ཆེན་རྡོ་རྗེའི་ཆུར་ལྡན་བྱང་སེམས་དཀར་དམར་དང༌། །མི་ཤ་རྟ་དང་བ་གླང་གླང་ཆེན་ཁྱི་ཤ་ སྟེ། །སྒྲོན་མ་ཆེ་དང་ལྡན་པས་དུར་ཁྲོད་མཛེས་བྱས་པས། །རྣམ་པར་རྟོག་བྲལ་བདེ་གཤེགས་ འཁོར་ལོ་དམ་པ་མཆོད། །ཅེས་བརྗོད་དེ་གསང་མཆོད་དོ། །མངོན་རྟོགས་ལྟར་མཁའ་གསང་བྱིན་གྱིས་བརླབས་ཏེ་ བདེ་བ་སྒོམ་པ་ནི། དེ་ཁོ་ན་ཉིད་ཀྱིས་མཆོད་པའོ། །དེ་ནས་སྒྲུབ་ཐབས་ཀྱི་གཏོར་ཆོག་ནས་འབྱུང་བ་ལྟར་ནང་གཏོར་རྣམས། ཨ་ 23-1-254 མྲྀ་ཏས་བསངས་པ་ནས། ཆེན་པོར་གྱུར་ཅེས་པའི་བར་གྱི་བྱིན་གྱིས་བརླབས། ལྗགས་རྡོ་རྗེའི་སྦུ་གུའི་ནང་ནས། ནཾ་ཛ། ཞེས་པའི་བར་གྱིས་ཕུལ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང༌། ནང་མཆོད་དང༌། གཏི་མུག་རྡོ་རྗེ་སོགས་ ཀྱིས་བསྟོད། མཆོད་སྦྱིན་སོགས་འདོད་དོན་གསོལ་བ་བཏབ། བར་འདིར་མགོན་པོ་ལྕམ་དྲལ་སོགས་ཆོས་སྐྱོང་རྣམས་དང༌། གཞི་བདག་གཏོར་མ་སོགས་ཀྱང་བཏང༌། ཕྱོགས་སྐྱོང་ལ་ཡང་ནང་གཏོར་འབུལ་བར་འདོད་ན། འཇིག་རྟེན་འདས་པའི་ལྷ་སྤྱན་ འདྲེན་གྱི་ཚིག་བོར་ནས། ལྷག་མ་གཏོར་ཆོག་སྒྲུབ་ཐབས་སུ་བཤད་པ་ཇི་ལྟ་བ་བཞིན་ནོ། །དེ་ནས་ཕྱི་རོལ་གཏོར་མ་ནི། གཏོར་མ་ ཆེ་བ་ཤ་ཆང་བ་དན་སོགས་ཀྱིས་བརྒྱན་པ་མཆོད་པ་དང་བཅས་པ་ཕྱི་རོལ་ཏུ་བཤམས། མཆོད་པ་བྱིན་བརླབས་དང༌། གཏོར་མ་ བྱིན་བརླབས་སྔར་བཞིན་བྱས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཕྱོགས་སྐྱོང་བ་འཁོར་དང་ བཅས་པ་ཐམས་ཅད་སྤྱན་དྲངས། ཧྲཱིཿཥྚཱིའི་མཐར། ༀ་དཱ་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ ཀཪྵ་ཡ་ཛཿ གཏོར་སྣོད་ཀྱི་ཕྱོགས་བཅུར་འཁོད་པ་ནི་ནས། ཐམས་ཅད་ཀྱིས་བསྐོར་བར་གྱུར། དེ་ཐམས་ཅད་ཀྱི་དཔྲལ་བར་ༀ་ནས། གསོལ་བར་གྱུར། ༀ་ཨིནྡྲ་ཡ་ནས། ཕེཾ་སྭཱཧཱ། ༀ་ད་ཤ་དིཀ་ ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བྷྱཿ ཞེས་མགོར་བོར་སྦྱར་ལ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་པའི་ཚེ། མཆོད་པ་ རྣམས་གཏོར་སྣོད་དུ་བླུགས། འབྲུ་གསུམ་གྱིས་ནང་མཆོད་ཕུལ། བདུད་བཞི་པོ་ནི་ནས། འདུད་ཀྱི་བར་གྱིས་བསྟོད། གང་དུ་བཅོམ་ལྡན་འདས་ལྷན་ཅིག །འོངས་པའི་ཕྱོགས་ཀྱི་བདག་པོ་རྣམས། །གང་ཡང་རྗེས་ སུ་འབྲང་བཅས་འདིར། །འཁོར་བ་དེ་དག་ཐམས་ཅད་རྣམས། །བདག་ནི་རྗེས་སུ་བཟུང་བའི་ ཕྱིར། །ཇི་ལྟར་རིགས་པར་གྱུར་པ་ཡི། །དྲི་དང་མེ་ཏོག་སོགས་གཏོར་མ། །སོ་སོར་བཞེས་ཏེ་ སེམས་ཅན་ལ། །བྱམས་པའི་སེམས་དང་སློབ་མ་ལ། །གེགས་མེད་པར་ནི་མཛད་དུ་གསོལ། ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གསོལ་བ་བཏབ། རྡོ་རྗེ་སློབ་དཔོན་བདག་གིས་ སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། ཞེས་པ་ནས། སོང་ཞིག་ཅེས་པའི་བར་གོང་ལྟར་བརྗོད། སློབ་མས་ མཆོད་ཡོན་གྱི་ལྷག་མ་འགྲོ་ཕྱོགས་སུ་སྦྲེང་སྟེ། ༀ་ཧྲཱིཿབི་ཤུདྡྷའི་སྔགས་བརྗོད་ཅིང༌། གཏོར་མ་གཙང་སར་དོར། སློབ་དཔོན་ གྱི་ཚམ་རྔམ་བྱེད་ཅིང༌། གཞན་རྣམས་ཀྱིས་རོལ་མོའི་སྒྲ་བསྒྲགས། མཐར་སློབ་དཔོན་གྱིས་རྟིང་མནན་ནས་ནང་དུ་འོངས། ཁམས་ 23-1-255 གསུམ་རྣམ་རྒྱལ་གྱི་ང་རྒྱལ་དང་བཅས་མེ་ཏོག་བླངས་ལ། ཧཱུཾ་བཞི་པའི་སྔགས་འདོན་ཞིང་དཀྱིལ་འཁོར་གྱི་མཐར་འོངས་ནས། ༀ་ཧཱུཾ་ཕཊ། ༀ་ཧཱུཾ་ཨ་ཕཊ། ༀ་ཨཱཿཨཿཨཿཕཊ། ༀ་ཧཱུཾ། ཧ་ན་མཱ་ར་ཡ་དུཥྚཾ། གྷཱ་ཏ་ཡ་གྷཱ་ཏ་ཡ། ཨཱཿཨཿཧཱུཾ་ཧྲཱིཿཕཊ། ཅེས་བཟློས་ཤིང༌། རྡོ་རྗེ་དྲིལ་སྟབས་དང༌། རྐང་སྟབས་གང་ཡང་རུང་བས་དཀྱིལ་འཁོར་ལ་བསྐོར་བ་ ལན་གསུམ་བྱས་ནས། གཞི་རྩ་དྲག་པོ་དང༌། གཡོན་བརྐྱང་ལས། ལག་པ་ཧཱུཾ་མཛད་ཀྱི་ཕྱག་རྒྱ། ལས་མཛུབ་མོ་ལྟོ་སྤྲད་དེ་དྲལ་བ་ སྒོ་དབྱེ་བའི་ཕྱག་རྒྱ་དང༌། ༀ་བཛྲ་ཨུརྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པའི་སྔགས་ཀྱིས་ནུབ་ནས་ཤར་སྒོ་ དབྱེ། དེ་བཞིན་དུ་བྱང་ནས་ལྷོ་སྒོ་དང༌། ཤར་ནས་ནུབ་སྒོ་དང༌། ལྷོ་ནས་བྱང་སྒོ་དབྱེ་བར་མོས། མེ་ཏོག་དོར། ༀ་ས་མ་ཡ་པྲ་ བེ་ཤ་ཡ་མི། ཞེས་པས་མེ་ཏོག་བླངས་ནས། སྤྱི་བོར་བཅིངས་པའི་གར་སྟབས་བྱ། །སེམས་ཅན་ཀུན་ ལ་དངོས་གྲུབ་ནི། །མ་ལུས་དང་བས་བསྩལ་དུ་གསོལ། །ཅེས་གསོལ་བ་འདེབས་ཤིང༌། ཕྱག་བྱ། ཕྱོགས་ མཚམས་བརྒྱད་དུ་བ་དན་བརྒྱད་འབུལ། སྤྲོ་ན་སྐབས་འདིར་ཡན་ལག་བདུན་པ་དང༌། བཟླས་པ་ཡང་ཅི་འགྲུབ་བྱའོ། །དེ་ནས་ཞི་ བའམ། རྒྱས་པའི་སྦྱིན་སྲེག་གིས་ཀྱང་ལྷ་མཉེས་པར་བྱ་སྟེ། དེང་སང་ལག་ལེན་བྱེད་པ་ཉུང་ཡང་འགྲུབ་ན་ངེས་པར་དགོས་པ་ ཡིན་ནོ། ། གསུམ་པ་ནི། ཕྱིས་ཀྱི་ལག་ལེན་རྣམས་ལྟར་ན། འོག་ནས་འབྱུང་བ་ལྟར་དཀྱིལ་འཁོར་གྱི་འཇུག་པ་ནས་བརྩམས་ཏེ། དབང་གི་བྱ་བ་མཐའ་དག་བདག་འཇུག་ཏུ་ལེན་པ་ལྟར་བྱས་ཀྱང་རུང་ལ། ཡང་ལུགས་འདི་འཛིན་པ་སྔ་མ་རྣམས་ཀྱི་བཞེད་པ་ ལྟར་ན། འཕྲེང་བ་ནས་བཤད་པའི་བདག་འཇུག་འབྲིང་པོ་དང་མཐུན་པར་མཛད་པས། ཡོལ་བའི་ནང་དུ་འཇུག་པ་ཡན་ཆད་ འོག་ནས་འབྱུང་བ་ལྟར་བྱས་ལ། ༀ་བཛྲ་ཨུརྒྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ཞེས་པས་ཤར་སྒོ་ཕྱེ་ནས། དཀྱིལ་ འཁོར་གྱི་ནང་དུ། ༀ་མཆོག་ཏུ་བདེ་བའི་སེམས་ནི་རོལ་པར་ལྡན། །སྒེག་པའི་ཕྱག་གིས་བཅོམ་ ལྡན་འདས་ལ་འདུད། །ཛ་ཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧཱིཿ མགོན་པོ་སྙིམ་པའི་མེ་ཏོག་སོ་སོར་བཞེས། ཧོ་ཞེས་མེ་ཏོག་དོར་ལ། སླར་ཡང་སྤྱི་བོར་བཅིངས་སྟེ་མེ་ཏོག་འཕྲེང་བའི་དབང་ངོ༌། །འཇུག་པའི་ཆོ་ག་དེ་ཙམ་གྱིས་ཆོག་ལ། དེ་ ནས་མཎྜལ་ཕུལ་ཏེ་ཆུ་དབང་མན་ཆད་རྫོགས་པར་བླང་ངོ༌། །མཐར་དམ་ཚིག་གསུམ་གྱི་གླུ་བླངས་ཀྱང་རུང་མ་བླང་ཀྱང་རུང༌། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །སེམས་ཅན་ཀུན་ 23-1-256 གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག ། ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་ པ་དེ་ཡིས་མགོན་ཁྱོད་ཀྱིས། །ཁྱོད་ཀྱི་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་ བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་ དང་ལས་ལ་ཡང་དག་འབྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡི་དཀྱིལ་ འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ ཤོག །ཅེས་བདེན་སྟོབས་བརྗོད་པ་ལན་གསུམ་བྱ། ཚོགས་ཀྱི་འཁོར་ལོའི་བྱ་བ་ཡོད་ནའང་སྐབས་འདིར་བྱ་ཞིང༌། སྲུང་མའི་ གཏོར་མ་རྣམས་སྣང་མ་བཏངས་ན་ལྷག་གཏོར་དང་དུས་གཅིག་ཏུ་གཏོང༌། བཞི་པ་ལ་དཀྱིལ་འཁོར་དུ་འཇུག་པ་དང༌། དབང་བསྐུར་བ་གཉིས་ལས་དང་པོ་ནི་སློབ་མ་རྣམས་ཁྲུས་བྱས་ཡོལ་བའི་ ཕྱི་རོལ་ཏུ་འཁོད་པ་ལ་སྔོན་འགྲོའི་ཆོས་བཤད། སློབ་མས་མཎྜལ་ཕུལ། མཱ་མ་ཀི་དང་ལྷན་ཅིག་སྦྱོར། །སོགས་ ཀྱིས་གསོལ་བ་བཏབ། ཁྱད་པར་གཞན་བདག་འཇུག་ལ་ནི་རྒྱུན་གཤགས་འདི་བྱ་སྟེ། ལུས་དང་ངག་དང་ཡིད་ཀྱིས་ སྡིག །བགྱིས་དང་དེ་བཞིན་བགྱིད་བསྩལ་དང༌། །གང་ཡང་རྗེས་སུ་ཡི་རང་བ། །དེ་ཀུན་ དུས་གསུམ་མགོན་ལ་བཤགས། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །འཕགས་རྣམས་ དགེ་ཚོགས་རྗེས་ཡི་རང༌། །རྫོགས་སངས་རྒྱས་དང་དམ་པའི་ཆོས། །ཚོགས་མཆོག་བཅས་ ལ་སྐྱབས་སུ་འཆི། །ཡོན་ཏན་རྒྱ་མཚོ་ཁྱེད་རྣམས་ལ། །བདག་གི་ལུས་འདི་དབུལ་བར་བགྱི། ། དམ་པའི་ཆོས་ཀུན་སྟོན་པ་ཡིས། །སྒྲ་དབྱངས་མཛེས་པས་བཞུགས་སུ་གསོལ། །ཡང་དག་ རྫོགས་པའི་སངས་རྒྱས་དང༌། །དེ་སྲས་ལམ་གྱུར་སྦྱིན་སོགས་ཚུལ། །སྐུ་གསུམ་ཡེ་ཤེས་ཐོབ་ བྱའི་ཕྱིར། །རབ་ཏུ་དང་བས་བརྟེན་པར་བགྱི། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །རྫོགས་ པའི་བྱང་ཆུབ་སེམས་བསྐྱེད་བགྱིད། །བསོད་ནམས་ཀུན་ནས་གང་བསགས་པ། །བླ་མེད་ བྱང་ཆུབ་ཐོབ་ཕྱིར་བསྔོ། །དཔལ་ལྡན་གཤིན་རྗེ་མཐར་བྱེད་དུ། །གྱུར་ནས་བདག་གིས་འགྲོ་ 23-1-257 ཕན་བགྱིད། །ཅེས་སོ། ། སློབ་མ་དབང་བསྐུར་ལ་ནི་རྒྱུན་བཤགས་དང་སྡོམ་བཟུང་སྟ་གོན་སྐབས་སོང་བས། དངོས་གཞིའི་ཉིན་མི་དགོས་ལ། ཅི་ སྟེ་བྱེད་ན་དྲིས་ལན་གྱི་འགོར་བྱེད་པ་མི་ལེགས་ཏེ། བདག་འཇུག་བཞིན་འདིར་བྱའོ། །དེའི་རྗེས་སུ་སྔ་མ་རྣམས་ཀྱི་བཞེད་པ་ལྟར་ ན་ཆས་འཇུག་གསུམ་ཡང་མཛད། ༀ་ཙཀྵུ་བནྡྷ་ཝཱ་ར་མ་ན་ཡ་ཧཱུཾ་གིས་མིག་དར་བཅིངས། ཨ་ཁཾ་ཝཱཾ་ར་ཧཱུཾ་གིས་མེ་ ཏོག་གཏད། ཧྲཱིཿཥྚཱིའི་སྔགས་ཀྱིས་བསངས། སློབ་མ་རྣམས་གཏི་མུག་གཤིན་རྗེ་གཤེད་དུ་སྐད་ཅིག་གིས་བསྐྱེད། སྙིང་གར་རྡོ་ རྗེའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ་དང༌། མགྲིན་པར་པདྨའི་ལྟེ་བར་ཉི་མ་ལ་ཨཱཿདམར་པོ་དང༌། སྤྱི་བོར་འཁོར་ལོའི་ལྟེ་བར་ཟླ་བ་ལ་ ༀ་དཀར་པོ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས་སྒོ་གསུམ་གྱི་དྲི་མ་སྦྱངས་པར་མོས་ལ། གནས་གསུམ་དུ་དྲིའི་ཐིག་ལེ་བྱ། སླར་ ཡང་ཧྲཱིཿཥྚཱི་བཟླས་པའི་ཡུངས་ཀར་གྱིས་གཏོར། གུ་གུལ་གྱི་བདུག་ཅིང༌། ལས་བུམ་གྱི་ཆུས་བསང་ངོ༌། །དེ་ནས། ཀྱཻ་དགའ་ བ་ལ་དགའ་ཁྱོད་སུ་ཡིན་ཞེས་དྲི་ཞིང༌། བདེ་ཆེན་བདག་ནི་སྐལ་བཟང་ལགས་ཞེས་ལན་བཏབ། སློབ་ མའི་སྙིང་ཁར་ཟླ་བ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་བསྐྱེད་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུཏ་པ་ཏ་ཡ་ མི། ཞེས་རྗེས་ཟློས་བྱ། མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་གཏུགས་ལ། སུ་ར་ཏེ་ས་མ་ཡ་སྟྭཾ་སིདྡྷི་བཛྲ་ཡ་ཐ་ སུ་ཁཾ་ཞེས་བརྟན་པར་བྱས། ལུགས་རྙིང་པ་རྣམས་ལྟར་ན། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བྱིན་གྱིས་བརླབས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་ འཁོར་འདི། དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མི་བྱ་སྟེ། མ་དད་པར་ཡང་མི་བྱའོ། །ཞེས་ སྐབས་འདིར་གསང་གདམས་མཛད་པ་ཉིད་ལེགས་སོ། །དེ་ནས་ༀ་ཡ་མནྟཱ་ཀྲྀཏ་ཧཱུཾ་ཞེས་པས་ཁྲོད་ནས། ཨཿ་ཁཾ་བི་ར་ ཧཱུཾ། ཡོལ་བའི་ནང་དུ་བཅུག །སྤྲོ་ན་ལུགས་རྙིང་པ་ཐམས་ཅད་ནས་བསྐོར་བ་དང་ཕྱག་བདུན་བྱེད་པར་བཤད་པ་ལྟར་བྱས་ན་ ལེགས་ཤིང༌། མདོར་བསྡུས་པའི་ཚེ་ཕྱིས་ཀྱི་ལག་ལེན་ལྟར་མ་བྱས་ཀྱང་རུང་ངོ༌། །དེ་ནས་དམ་ལ་བཞག་པ་ནི། དེང་ཁྱོད་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་ བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདིར་ 23-1-258 དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་ གྱུར་ཏ་རེ། ཞེས་དང༌། རྡོ་རྗེ་སྙིང་གར་བཞག་ལ། དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་བྲལ་ཏེ་གཤེགས། །ཞེས་དང༌། ཡང་སྤྱི་བོར་བཞག་ལ། འདི་ནི་རྡོ་རྗེ་དམ་ཚིག་སྟེ། །ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིའོ། །གལ་ཏེ་ཁྱོད་ ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཐོ་ཡིག་རྙིང་པ་འགའ་ལས་ལྷ་ལྔ་ལ་འདི་མི་བྱེད་ པར་ཡང་བཤད་ཅིང༌། ཕྱིས་ཀྱིས་ཀྱི་དཀྱིལ་ཆོག་ཕལ་ལ། འདིའི་ཚིག་རྐང་གཉིས་པ་མེད་པ་ནི། གཤེད་དམར་དཀྱིལ་ཆོག་ལ། ཆག་ལོའི་རྒྱ་དཔེའམ་ཆག་འགྱུར་གྱི་བོད་དཔེ་ཐོག་མ་ཡི་གེ་ནོར་བའི་མ་དཔེའི་སྐྱོན་དུ་སྣང་བས་གཞན་ནས་འབྱུང་བ་བཞིན་བྱའོ། ། དུང་ཆོས་ཀྱི་ཆུ་བླུད་ཅིང༌། ༀ་བཛྲ་ཨུ་ད་ཀ་ཐ་ལན་བདུན་བཟླས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་ འཐུང་ཤིག །ཅེས་དང༌། ཡང་སྤྱི་བོར་རྡོ་རྗེ་བཞག་ལ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་ གྱིས། ངས་འདི་གྱིས་ཤིག་ཅེས་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་ པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤང་བར་འཆི་བའི་དུས་བྱས་ནས། དམྱལ་བར་གྱུར་ཏ་རེ། ཞེས་བརྗོད་དོ། ། དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་ གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ། ལན་གསུམ། སློབ་མའི་སྤྱི་ བོར་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ། ཧཿདཀར་པོ་སྐུ་རྡོ་ རྗེའི་ངོ་བོ། སྙིང་གར་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་རྩེ་གསུམ་པས་མཚན་ པ་ལ་ཧཱུཾ་ནག་པོ་ཐུགས་རྡོ་རྗེའི་ངོ་བོ། ལྟེ་བར་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ འབར་བས་མཚན་པ་ལ་ཨཱཿདམར་པོ་གསུང་རྡོ་རྗེའི་ངོ་བོ། རྐང་འོག་ཏུ་ཡཾ་ལས་རླུང་གི་ དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་གཡོ་བའི་བ་དན་གྱིས་མཚན་པ་ལ་ཛྷཻཿདམར་པོ་ 23-1-259 དྲག་ཅིང་བཟོད་པར་དཀའ་བ། རླུང་དང་ཛྷཻཿའི་འོད་ཟེར་གྱིས་ལྟེ་བའི་མེ་དྲག་ཏུ་སྦར། སྙིང་ གའི་ས་བསྲེགས་ཏེ་རབ་ཏུ་འབར་བའི་ངོ་བོར་གྱུར་པ་ལ། སྤྱི་བོའི་ཆུའི་དཀྱིལ་འཁོར་ལས་ བདུད་རྩིའི་ཚོགས་བབས་པས་ཚིམ་ཞིང་བདེ་བས་ཁྱབ། སྐུ་གསུང་ཐུགས་རྡོ་རྗེའི་ཡི་གེ་ གསུམ་གྱི་འོད་ཟེར་གྱིས་ལུས་ཀྱི་ནང་གང་ཞིང༌། ཛྷཻཿཡི་འོད་ཟེར། རླུང་དང་བཅས་པས་ལུས་ ནམ་མཁར་འདེགས་བཞིན་པར་གྱུར། སངས་རྒྱས་ཐམས་ཅད་གཤིན་རྗེ་གཤེད་དམར་པོའི་ རྣམ་པས་བ་སྤུའི་བུ་ག་ནས་ཞུགས་པར་བསམ་ལ། བདག་ཉིད་གཤིན་རྗེ་གཤེད་ཀྱི་སྐུ་མི་བཟད་པར་གསལ་བས་ བསྙེམས་པ་དང་བཅས་པས་རྡོ་རྗེ་བསོར་ལ་དྲིལ་བུ་དཀྲོལ། ༀ་ཧྲཱིཿཥྚཱི་བི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཨཱ་བེ་ཤ་ཡ་ སྟཾ་བྷ་ཡ། ར་ར་ར་ར་ཙཱ་ལ་ཡ། ཙཱ་ལ་ཡ། ཧཱུཾ་ཧཿཨཱཿཛྷཻ་ཧཱུཾ་ཕཊ། ཅེས་དྲག་ཏུ་བརྗོད་ཅིང་བདུག་པ་དང༌། རོལ་མོའི་སྒྲ་བྱའོ། །མཐར་ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱའོ། །དེ་ནས་བདེན་པའི་སྟོབས་ བརྗོད་པ་ནི། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ རྣམས་རིགས་ཀྱིས་རིམ་པ་དང༌། །བསོད་ནམས་ཅི་འདྲ་དེ་འདྲར་ཤོག །དེའི་དངོས་གྲུབ་ཅི་ འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་ འདྲ་དཀྱིལ་འཁོར་དུ་གྱུར་ཅིག །དེ་ནས་ནམ་མཁའི་ཁ་དོག་དྲིས་ཤིང་ལུང་བསྟན། སྔར་གྱི་མེ་ཏོག་གི་ཕོན་པོ་ལས་ ཡངས་ཤིང་མ་རྙིང་པའི་མེ་ཏོག་གཅིག་ཏྲཾ་ལས་རིན་པོ་ཆེའི་རང་བཞིན་གྱི་མེ་ཏོག་ཏུ་བྱིན་གྱིས་བརླབས་ནས་ཕུལ་བར་མོས་ལ། ༀ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་དོར། སླར་ཡང་སློབ་དཔོན་གྱིས་བླང་སྟེ། ཨུ་དུམ་ཝ་ར་མནྡྷ་ར། །ཡོངས་འདུའི་ ཤིང་དང་མ་ལི་ཀ །ཀརྞི་ཀ་ཡི་འཕྲེང་བ་འདི། །ལེགས་པར་མནོས་ལ་བུས་ཟུངས་ཤིག །ༀ་ པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མཧཱ་བ་ལ། ཞེས་སློབ་མའི་སྤྱི་བོར་བཞག་སྟེ་མེ་ཏོག་འཕྲེང་བའི་དབང་ངོ༌། །སྙིང་གར་ ཟླ་བ་ལ་ཧཱུཾ། མིག་གཉིས་སུ་འབར་བ་དང་བཅས་པའི་ༀ། ༀ་དེ་རིང་རྡོ་རྗེ་སེམས་དཔའ་ རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་ འབྱེད་པར་མཛད། །ཅེས་གདོང་གཡོགས་ཕྱེ། དེ་ནས་བལྟ་བར་བསྐུལ་ཞིང་ཆེད་དུ་བརྗོད་པ་འདིའི་ལུགས་རྙིང་རྣམས་ 23-1-260 འཕྲེང་བ་ལྟར་མཛད་པས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། ། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་ གྲུབ་ཀུན་གྱིས་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་ བས། །གསང་སྔགས་རྣམས་ལ་སྒྲུབ་པར་གྱིས། །ཞེས་ལྟ་བར་བསྐུལ། སློབ་མས་ཐལ་མོ་སྦྱར་ལ། ༀ་རྡོ་ རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །ༀ་རྣལ་འབྱོར་དཀྱིལ་འཁོར་ དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །ༀ་གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་ པོར་བདག་དབང་བསྐུར། །ཧོཿཧོཿཧོཿ ཞེས་ཆེད་དུ་བརྗོད་པའི་རྗེས་ཟློས་བྱའོ། །གཙོ་བོ་ནས། བསྲུང་བའི་ འཁོར་ལོའི་བར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་བསྟན། ཡང་ན་གདོང་གཡོགས་ཕྱེ་མ་ ཐག་བསྟན་ཀྱང་རུང་ངོ༌། ། གཉིས་པ་ལ། དབང་བཞི་བསྐུར་བ་དང༌། རྗེས་སུ་བྱ་བའི་རིམ་པ་གཉིས་སོ། །དང་པོ་ལ་བཞི་ལས། བུམ་པའི་དབང་ལ་ ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་བ་ནི་རིགས་ལྔའི་དབང་སྟེ། མཎྜལ་ཕུལ་ནས། སངས་རྒྱས་ ཤེས་རབ་ཆེན་པོ་ཡིས། །རྡོ་རྗེ་སེམས་དཔའ་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་ བསྐུར་ཞིང༌། །མཆོག་ཀྱང་བདག་ལ་བསྩལ་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ། བུམ་ཆུ་རྣམས་ རྣམ་རྒྱལ་བུམ་པར་བསྡུས་ལ། སློབ་མ་དང༌། དབང་རྫས་རྣམས་ལ་ལས་བུམ་ཆུ་དང༌། ཧྲཱིཿཥྚཱིས་བསངས། ༀ་སྭ་བྷཱ་ཝ་ སོགས། བདག་དང༌། དབང་རྫས་དང༌། སློབ་མ་རྣམས་མི་དམིགས་ཏེ། སྟོང་པའི་ངང་ལས། པཾ་ལས་པདྨ་དང་རཾ་ ལས་ཉི་མའི་གདན་ལ་ཡ་ལས་དབྱུག་པ་ཡས་མཚན་པ་ལས། གསུམ་གའང་ཞེ་སྡང་གཤིན་ རྗེ་གཤེད་སྐུ་མདོག་དམར་པོ་ལ། ཡུམ་རྡོ་རྗེ་རོ་ལངས་མས་འཁྱུད་པ། དབྱུག་པ་དང༌། ཐོད་ ཁྲག་འཛིན་པ། སྟག་ལྤགས་དང་སྦྲུལ་གྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་ པའོ། །དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་ གྱིས་སངས་རྒྱས་ཐམས་ཅད་ཞེ་སྡང་གཤིན་རྗེ་གཤེད་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ དམ་ཚིག་ 23-1-261 པ་རྣམས་དང་རོ་གཅིག་ཏུ་གྱུར། ཛཿཧཱུཾ་བཾ་ཧོཿ དཀྱིལ་ཆོག་གསར་པ་རྣམས་ན་དབང་རྫས་ལ་དབང་བསྐུར་བར་ འདོད་ཀྱང༌། རྙིང་པ་རྣམས་ན་དེ་མེད་པ་ལྟར་འདིར་ཡང་འདོད་དོ། །དབང་རྫས་ཀྱི་ཞེ་སྡང་གཤིན་རྗེ་གཤེད་ཞུ་ བ་ལས་ཡེ་ཤེས་ཀྱི་བདུད་རྩིའི་ཆུར་གྱུར། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས། ཕྱོགས་ བཅུའི་དེ་བཞིན་གཤེགས་པ་འཁོར་དང་བཙུན་མོར་བཅས་པའི་ལྷ་ཚོགས་ཐམས་ཅད་སྤྱན་ དྲངས། མདུན་གྱི་ནམ་མཁར་གཞུགས། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྱང་ཆུབ་རྡོ་རྗེ་སངས་ རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་ མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ། སོ་སོའི་རིག་མ་དང་སྙོམས་པར་ཞུགས་ པས་བྱང་ཆུབ་སེམས་ཀྱི་ངོ་བོ་ཞུ་བདག་གི་ཚངས་བུག་ནས་ཞུགས། རྡོ་རྗེའི་ལམ་ནས་ལྷ་མོའི་ པདྨར་ལྷུང་བ། རྒྱལ་བ་རིགས་ལྔ་ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད་རྡོ་རྗེ་མ་དྲུག །ཁྲོ་ བོའི་དབང་པོ། རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང་བཅས་པ་དབང་གི་ལྷའི་དཀྱིལ་འཁོར་དུ་ གྱུར་པ་མཁའ་ནང་ནས་ཕྱིར་སྤྲོས་ཏེ། སློབ་མའི་སྟེང་གི་ནམ་མཁའ་ལ་བཞུགས། དེ་བཞིན་ གཤེགས་པ་སྲས་དང་བཅས་པས་དབང་བསྐུར་བའི་དགོངས་པ་མཛད། ཁྲོ་བོ་རྣམས་ཀྱིས་ བགེགས་བསྐྲད། རིག་པའི་ལྷ་མོ་རྣམས་ཀྱིས་གླུ་དང་གར་དང༌། མེ་ཏོག་གི་ཚོགས་ལ་སོགས་ པས་མཆོད། རྡོ་རྗེ་ཙརྩི་ཀཱ་ལ་སོགས་པ་ཡུམ་བཞི་པོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་ རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ། བཀྲ་ཤིས་ཀྱི་གླུ་དབྱངས་དང་བཅས་པས་དབང་བསྐུར་ བར་མོས་ཤིག །བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་མེ་ཏོག་དོར། དབང་བསྐུར་རྡོ་རྗེ་ཆེན་ པོ་ནི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་ གསུམ་གནས་བྱུང་སྦྱིན་པར་བྱ། །ༀ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་བཟུང་བའི་ 23-1-262 ཡལ་འདབ་ཀྱིས་བུམ་ཆུ་སྤྱི་བོར་གཏོར་ཞིང་འཐུང་དུ་བཅུག དེ་ལྟར་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། མི་བསྐྱོད་པས་དབུ་བརྒྱན། དེ་ཉིད་ལ་མཆོད་ པ་འབུལ་བ་ནི། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་ནས། ནཻ་ཝི་ཏེ་ཨཱཿཧཱུཾ། དངོས་སུ་མཆོད་པ་ལྔས་མཆོད་པར་ཡང་བྱའོ། །དེ་ལྟར་ ན། མི་བསྐྱོད་པ་ཆུའི་དབང་ཐོབ། ཞེ་སྡང་དག རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་ཐོབ་འགྱུར་གྱི་ནུས་པ་གསོས་བཏབ། ཞེ་སྡང་གཤིན་ རྗེ་གཤེད་ཀྱི་སྒོ་ནས་ལས་དང་དངོས་གྲུབ་ཐམས་ཅད་སྒྲུབ་པ་ལ་དབང་ངོ༌། །ཞེས་བརྗོད། འདི་མན་ ཆད་ལ། དབང་ལྷ་སྤྱན་འདྲེན་པ་ནས་ཤིས་བརྗོད་ཀྱི་བར་མི་དགོས། གཞན་སྟོང་པར་སྦྱང་བ་ནས་རྟོག་པ་བསྐྱེད་པའི་བར་རིགས་ འགྲེ་བར་བྱས་ཏེ། འདོན་པ་སྤོ་བའི་ཚུལ་བརྗོད་ན། བདག་དང་དབང་རྫས་དབུ་རྒྱན་དང༌། མ་ལས་དབྱུག་ པ་མས་མཚན་པ་ལས། སེར་སྣ་གཤིན་རྗེ་གཤེད་སེར་པོ་ལ། ཡུམ་ཕག་མོ་སེར་མོས་འཁྱུད་ པ། སེར་སྣ་གཤིན་རྗེ་གཤེད་ཀྱི་རྣམ་པར། སེར་སྣ་གཤིན་རྗེ་གཤེད་ཞུ་བ་ལས་བྱུང་བའི་རིན་ པོ་ཆེའི་དབུ་རྒྱན་དུ་གྱུར། དབུ་རྒྱན་བཅིངས། དར་དཔྱངས་དཀོན་ལ། དབང་བསྐུར་རྡོ་རྗེ་ནས། ཨ་བྷི་ཥིཉྩ་ མི། དབང་གི་ལྷ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་ཚོགས་རྣམས་བྱུང༌། དབུ་རྒྱན་གྱི་ ནང་དུ་ཞུགས་པར་གྱུར། བུམ་པའི་ཆུས་ཀྱང་གཏོར་ཏེ། ༀ་བཛྲ་ཨ་བྷི་ཥིཉྩ་མི། ཆུའི་ལྷག་མ་ཡར་ལུད་ པ་ལས། རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན། རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི། ང་རྒྱལ་དང་ སེར་སྣ། ཚོར་བ། མཉམ་པ་ཉིད་ཀྱི་ཡེ་ཤེས། རིན་ཆེན་འབྱུང་ལྡན་གྱི་གོ་འཕང༌། སེར་སྣ་དང་ གཤིན་རྗེ་གཤེད་ཀྱི་སྒོ་ནས། ཡིག་རྙིང་འགའ་ན་སྐབས་འདིར་རྡོ་རྗེ་མ། སྔགས་རྒྱས་དབང་བསྐུར་བ་དང༌། དར་དཔྱངས་སྦྱིན་ པ་སོགས་འཕྲེང་བ་བཞིན་མཛད་པ་ནི། བཅུ་གསུམ་མའི་དཀྱིལ་ཆོག་གི་དགོངས་པར་ཡང་མངོན་མོད། སྔ་ཕྱི་ཕལ་ཆེར་མི་བྱེད་ པར་མང་བས་འདིར་ཡང་སྤྱི་དང་མཐུན་པར་བྱས་སོ། །དེ་ནས་རྡོ་རྗེའི་དབང་ནི། དབང་རྫས་རྣམས་རྡོ་རྗེ་མེ་ལས་ དབྱུག་པ་མེས་མཚན་པ་ལས། འདོད་ཆགས་གཤིན་རྗེ་གཤེད་དམར་པོ་ལ་ཡུམ་དབྱངས་ཅན་ མ་དཀར་མོས་འཁྱུད་པ། དབང་རྫས་ཀྱི་འདོད་ཆགས་གཤིན་རྗེ་གཤེད། རྡོ་རྗེར་སངས་རྒྱས་ 23-1-263 ཀུན་གྱི་དབང་གི་དི་རིང་ཁྱོད་དབང་བསྐུར། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་ སྒྲུབ་ཕྱིར་རྡོ་རྗེ་བཟུང༌། །རྡོ་རྗེ་སྙིང་ག་ལ་སོགས་པའི་གནས་གསུམ་དུ་གཏུགས་ལ། ལག་པ་གཡས་སུ་སྦྱིན། ༀ་བཛྲ་ སོགས་གོང་བཞིན་ཆུས་ཀྱང་དབང་བསྐུར་ཏེ། འོད་དཔག་མེད་ཀྱིས་དབུ་བརྒྱན། འོད་དཔག་མེད་རྡོ་རྗེའི་ འདོད་ཆགས། འདུ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། འོད་དཔག་མེད་ཀྱི་འདོད་ཆགས་གཤིན་རྗེ་གཤེད་ ཀྱི་དྲིལ་བུའི་དབང་ལ། དབང་རྫས་དྲིལ་བུ། ད་ལས་དབྱུག་པ་དས་མཚན་པ་ལས། ཕྲག་དོག་གཤིན་རྗེ་ གཤེད་ལྗང་ཁུ་ལ་ཡུམ་གཽ་རི་ལྗང་མོས་འཁྱུད་པ། དབང་རྫས་ཀྱི་ཕྲག་དོག་གཤིན་རྗེ་གཤེད། དྲིལ་བུར། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ། དྲིལ་བུ་ལག་པ་གཡོན་པར་ གཏད། ཆུས་ཀྱང་དབང་བསྐུར། དོན་ཡོད་གྲུབ་པས་དབུ་བརྒྱན། དོན་ཡོད་གྲུབ་པ་དྲིལ་བུའི། ཕྲག་ དོག འདུ་བྱེད། བྱ་བ་གྲུབ་པའི་ཡེ་ཤེས། དོན་གྲུབ་ཀྱི་ཕྲག་དོག་གཤིན་རྗེ་གཤེད་ཀྱི། མིང་ དབང་ནི། དབང་རྫས་མེད་པའི་ཕྱིར་དབང་རྫས་དང་འབྲེལ་བའི་ཚིག་གང་ཡང་བརྗོད་མི་དགོས། བདག་དང་སློབ་མ། ཀྵེ་ལས་དབྱུག་པ་ཀྵེས་མཚན་པ་ལས། གཉིས་ཀའང༌། གཏི་མུག་གཤིན་རྗེ་གཤེད་དཀར་པོ་ ལ། ཡུམ་ཙརྩི་ཀ་ནག་མོས་འཁྱུད་པ། སློབ་དཔོན་གྱིས་རྡོར་དྲིལ་བསྣོལ་བ་ལག་པ་གཡས་པས་བཟུང་སྟེ། སློབ་ མའི་མགོ་སྟེང་དུ་འཁྲོལ་བཞིན་པས། ༀ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ན་མཿཨ་བྷི་ཥེ་ཀ་ཏ། ཀྱཻ་དཔལ་ ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་རིགས་དང་མཐུན་པའི་མིང་བཏགས། ཆུས་ཀྱང་ དབང་བསྐུར་རྣམ་སྣང་གིས་དབུ་བརྒྱན། རྣམ་པར་སྣང་མཛད་མིང་གི། གཏི་མུག གཟུགས་ ཕུང༌། རྣམ་པར་སྣང་མཛད་ཀྱི། གཏི་མུག་གཤིན་རྗེ་གཤེད་ཀྱི། མཐར་འདི་སྐད་དུ། དབང་བསྐུར་ བ་འདི་དག་གིས་བྱ་བ་དང་སྤྱོད་པའི་རྒྱུད་བཤད་པ་དང༌། སྔགས་སྒྲུབ་པ་ལ་དབང་བར་ འགྱུར་རོ། །དབང་ལྔ་པོ་འདི་ཉིད་ཅོད་པན་གྱིས་དབང་སྟེ། ཐམས་ཅད་དུ་ཙརྩི་ཀ་ལ་སོགས་ པ་རྣམས་ཅོད་པན་ལ་སོགས་པ་དབང་གི་ཚུལ་དུ་བྱ་བའི་ཕྱིར་རོ། །ཞེས་བརྗོད། འདིར་གཤིན་རྗེ་ གཤེད་རིགས་ལྔ་བསྐྱེད་པ་མི་རུང་བར་འདོད་པའང་མི་འཐད་ལ། ལུགས་རྙིང་པ་འགར་རྒྱལ་བ་རིགས་ལྔ་ཉིད་བསྐྱེད་པ་ཡང་ 23-1-264 ཤིན་ཏུ་ལེགས་ཏེ། འོག་ཏུ་སློབ་དཔོན་གྱི་དབང་ལ་ཞེ་སྡང་གཤིན་རྗེ་གཤེད་དང༌། རྡོ་རྗེ་འཆང་སྒོམ་པ་ཡང་ངོ༌། ། གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། མཎྜལ་ཕུལ་ལ། གང་གིས་བདག་གིས་ཁྱོད་ དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང༌། །སྙིང་རྗེའི་ གཏེར་གྱིས་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ལ། བདག་འཇུག་གི་སྐབས་ཡིན་ན། རིགས་ལྔའི་སྡོམ་བཟུང་ ཡང་བྱ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་འདབ་བརྒྱད་ཤིང་སྟན་དང་བཅས་པའི་སྟེང་དུ་སློབ་མ་བཞག་པའམ། བཞག་པར་ མོས་ལ། དབང་སྟེགས་རིན་པོ་ཆེའི་ཁྲིའི་གདན་གྱི་སྟེང་དུ་སློབ་མ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་ སེམས་དཔའི་བདག་ཉིད་ཞེ་སྡང་གཤིན་རྗེ་གཤེད་སྐུ་མདོག་དམར་པོ་ཡུམ་རྡོ་རྗེ་རོ་ལངས་མ་ དམར་མོས་འཁྱུད་པ་སོགས་གོང་བཞིན། ཧཱུཾ་ལས་བྱུང་བའི་རྡོ་རྗེ་བདུད་ཐམས་ཅད་འཇོམས་པར་ བྱེད་པའི་རལ་གྲིར་བྱིན་གྱིས་བརླབས་པར་གྱུར། སངས་རྒྱས་ཀུན་གྱི་རལ་གྲི་ཆེ། །ཁམས་ གསུམ་པ་ཡིས་ཕྱག་བྱས་པ། །ལས་ཀྱི་རལ་གྲི་མཆོག་ལྟ་བུ། །བདུད་ལས་རྒྱལ་བར་བྱ་ཕྱིར་ བཟུང༌། །ཞེས་གཏད་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་ འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་རྡོ་རྗེའམ་དེ་ཁོ་ན་ཉིད་བརྗོད་ཅིང་དོན་བཤད། ཨ་ལས་བྱུང་ བའི་དྲིལ་བུ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གྱུར། ཤེས་རབ་ཐབས་ཀྱི་རང་བཞིན་ ཉིད། །རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཕྱིར། །བུ་ཡིས་ཡང་དག་གུས་པས་བཟུང༌། །ཁྱོད་ཀྱིས་སློབ་མ་ བསྡུ་བར་གྱིས། །ཞེས་གཏད་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། ། རང་བཞིན་དག་པའི་སྲིད་པ་མཆོག །སྲིད་པ་དམ་པ་བྱེད་པར་འགྱུར། །ཞེས་དྲིལ་བུའི་དེ་ཉིད་བརྗོད་ ཅིང་དོན་བཤད། སློབ་མ་བཅོམ་ལྡན་འདས་གཤིན་རྗེ་གཤེད་རང་སྣང༌། ཡེ་ཤེས་ཀྱི་ཕྱག་རྒྱ་རྡོ་ རྗེ་རོ་ལངས་མ་ལོ་བཅུ་དྲུག་ལོན་པ་ལྟ་བུ་ལ་ཡང་དག་པར་འཁྱུད་པའི་བདེ་བ་དམ་པ་ཐོབ་པ་ ན། ལྷ་སྐུ་དང༌། བདེ་བ་དང༌། སྟོང་པ་ཟུང་དུ་འཇུག་པའི་ཡེ་ཤེས་འདི་ནི་བུམ་པའི་དབང་གི་ 23-1-265 གཙོ་བོའོ། །འཁྱུད་རྒྱ་བྱེད་དུ་བཅུག་ལ། ཡིད་ཀྱི་ལུས་བརྟན་དེ་ཉིད་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་ བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བརྗོད་ལ་ དོན་བཤད། དེ་ནས་དབང་བསྐུར་སོགས་སྔོན་བཞིན་ཆུ་དབང་བསྐུར་བ་ལས། ཁྱད་པར་ནི་རྣམ་རྒྱལ་ཆེན་པོ་དུང་ཆོས་ཀྱི་དབང་ བསྐུར་བ་དང༌། སྔགས་ཀྱང་ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་བྷེ་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ་སྭཱཧཱ། ༀ་སརྦ་ཏ་ཐཱ་ག་ ཏ་བཛྲ་ཨཱ་ཙཪྻ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་དང༌། རྡོ་རྗེ་འཆང་ཆེན་པོས་དབུ་བརྒྱན། ནམ་ མཁར་བཞུགས་པའི་དབང་གི་ལྷ་ཐམས་ཅད་ཀྱང་སློབ་མ་ལ་གཉིས་སུ་མེད་པར་ཐིམ། ཛ་ཧཱུཾ་ བཾ་ཧོཿ ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་གཏོར། རོལ་མོའི་སྒྲ་དང་བཅས་པའི་བཀྲ་ཤིས་བརྗོད། དེ་ལ་འདི་ དག་ཏུ། དབང་བསྐུར་བའི་ལས་བྱེད་པ་པོ་ནི། དབང་ལྔ་པོ་ལ། ཡུམ་བཞི་ཡིན་ལ། སློབ་དཔོན་གྱི་དབང་ལ་ནི་གཙོ་བོ་ཉིད་རིག་ མར་བཅས་པའོ། །དབང་རེ་རེའི་མཐར། དབང་ལྷ་སློབ་མ་ལ་བསྟིམ་པའི་ཚེ། ཆུ་དབང་དུ་བཤད་པ་ལྟར། དབང་ལྷ་སྤྱན་འདྲེན་ ཡང་རེ་རེ་བཞིན་དགོས་ལ། གང་དག་སློབ་མ་དང་དབང་རྫས་ལ་དབང་བསྐུར་བའི་རྗེས་སུ་ཡེ་ཤེས་པ་འཇུག་པ་དང༌། དབང་ འདི་རྣམས་ཐམས་ཅད་ལ་དབང་གི་ལྷ་སྤྱན་འདྲེན་མེད་པ་དེ་དག་ནི་ཆོ་ག་ཅུང་ཟད་འཁྲུལ་བ་ཡིན་ཞིང༌། དབང་བསྐུར་གྱི་རྗེས་སུ་ ཡེ་ཤེས་པ་འཇུག་པ་ཕ་རྒྱུད་ཀྱིས་ཁྱད་ཆོས་ངེས་པ་ཅན་ཡིན་ནོ་སྙམ་པ་ལས་བྱུང་བ་ཏེ་འཁྲུལ་བའི་རྒྱུན་གྱི་འཁྲུལ་བའོ། །སློབ་མ་ ལ་ཤིས་བརྗོད་མི་བྱེད་པ་ནི། དཔལ་འཛིན་གྱི་རྗེས་སུ་འབྲང་བཞིན་དུ་དེའི་གཞུང་དང་ཡང་འགལ་བའོ། ། དེ་ནས་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། འདི་ལ་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་བརྗོད་ནས། སློབ་དཔོན་གྱི་དེ་ཁོ་ན་ ཉིད་མི་བརྗོད་པ་ནི། བརྗེད་ངས་ཀྱི་དབང་དུ་གྱུར་པའི་ངང་ཚུལ་ཅན་ཏེ། དེས་ན་དེ་ཁོ་ན་ཉིད་བརྗོད་ཕྱིན་གསུམ་གར་བརྗོད་ དགོས་སོ། །དཀྱིལ་འཁོར་དང་ལྷའི་དེ་ཉིད་མངོན་རྟོགས་ཀྱི་དག་པ་བཞིན་བརྗོད་ན། ལྷའི་དེ་ཉིད་སྔོན་ལ་འབྱུང་བའི་ཕྱིར། གོ་ རིམ་ཅུང་ཟད་འཁྲུགས་པར་འགྱུར་ནའང༌། དེ་ཉིད་ཀྱང༌། རྒྱུད་ཀྱི་ཚིག་ཡིན་པས་ཤིན་ཏུ་ལེགས་པོར་ནི་འགྱུར་ལ། འོན་ཀྱང་ མདོར་བསྡུ་ན། རྒྱུད་ལས་འབྱུང་བ་འདི་ཙམ་གྱིས་ཀྱང་ཆོག་སྟེ། དཀྱིལ་འཁོར་གྲུ་བཞི་བདེན་པ་བཞི། །ཟུར་ བཞི་ཚངས་པའི་གནས་བཞི་སྟེ། །སྒོ་བཞི་བདུད་བཞི་སྐྲག་པར་མཛད། །རྟ་བབས་བཞི་ནི་ བསྡུ་བ་བཞི། །ཞེས་དཀྱིལ་འཁོར་གྱི་དེ་ཉིད་དང༌། བཅོམ་ལྡན་འདས་ཀྱི་རྩེ་བར་མཛད། །ཞེ་སྡང་ 23-1-266 གཤིན་རྗེ་གཤེད་གཟུགས་སུ། །ཞེ་སྡང་གིས་མནན་འགྲོ་གཟིགས་ནས། །ཞེ་སྡང་ཐམས་ཅད་ ཟད་པར་མཛད། །བཅོམ་ལྡན་༴ གཏི་མུག་གཤིན་རྗེ་༴ གཏི་མུག་གིས་ནི༴ གཏི་མུག་ཐམས་ ཅད་༴ བཅོམ་ལྡན༴ ཕྲ་མ་གཤིན་རྗེ༴ ཕྲ་མ་ཡི་མནན་འགྲོ་༴ ཕྲ་མ་ཐམས་ཅད༴ བཅོམ་ལྡན༴ འདོད་ཆགས་གཤིན་རྗེ༴ འདོད་ཆགས་ཀྱི༴ འདོད་ཆགས་ཐམས་ཅད༴ བཅོམ་ལྡན༴ ཕྲ་དོག་ གཤིན་རྗེ༴ ཕྲག་དོག༴ ཕྲག་དོག་ཐམས་ཅད་ཟད་པར་མཛད། །བྱམས་པ་ཙརྩི་ཀར་གསུངས་ ཏེ། །ཕག་མོ་དེ་བཞིན་སྙིང་རྗེའོ། །དབྱངས་ཅན་དགའ་བར་ཤེས་བྱ་སྟེ། །བཏང་སྙོམས་གཽ་ རཱིའི་གཟུགས་སུའོ། །ཆགས་སོགས་གཞན་གྱུར་སྐུ་མདོག་དམར། །དུས་གསུམ་མཁྱེན་པས་ སྤྱན་གསུམ་སྟེ། །མཐའ་གཉིས་རྟོག་སྤངས་ཕྱག་གཉིས་ཏེ། །ཐབས་དང་ཤེས་རབ་ཡང་དག་ སྦྱོར། །ཞེས་བརྗོད། སློབ་དཔོན་གྱི་དེ་ཁོ་ན་ཉིད་བརྗོད་པ་ནི། སློབ་དཔོན་གྱིས་ལས་བསྲུང་བའི་དམ་ཚིག་ དང༌། གཏོར་མའི་ཆོ་ག་དང༌། བསྲུང་བ་དང༌། ཕྱིར་བཟློག་དང༌། དཀྱིལ་འཁོར་སྒྲུབ་པ་དང༌། སློབ་མ་འཇུག་པ་ལ་སོགས་པ་སློབ་དཔོན་གྱི་ལས་རྣམས་སྒྲུབས་ཤིག ཅེས་བརྗོད། དེ་ལ་སྤྱིར་དེ་ཁོ་ ན་ཉིད་གསུམ་པོ་འདི་དག་སློབ་དཔོན་གྱི་དབང་བསྐུར་བ་ཐོབ་པ་ལ་སྤྱི་ཙམ་ནས་བཤད་དགོས་པ་ཡིན་གྱི། དབང་གི་ཆོ་གའི་ ཡན་ལག་ཏུ་མཐའ་གཅིག་ཏུ་དགོས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དཀྱིལ་ཆོག་ཚད་ལྡན་མང་པོ་ཞིག་ལས་ནི་མི་འབྱུང་ལ། འབྱུང་ བ་རྣམས་ལའང་ཚིག་གི་བརྗོད་ཚུལ་སྣ་ཚོགས་ཡོད་ཅིང་དཔལ་འཛིན་གྱིས་མཛད་པའི་དམར་ནག་གི་དཀྱིལ་ཆོག་ན། རྒྱས་པར་ བཞུགས་པ་ཡང་མར་མེ་མཛད་བཟང་པོའི་བཞི་བརྒྱ་ལྔ་བཅུ་པར་གསུངས་པའི་འགྲེལ་པ་ལྟ་བུར་སྦྱར་བ་ཡིན་གྱི། རྒྱུད་ཀྱི་ཚིག་མ་ ཡིན་ནོ། ། དེ་རྗེས་སུ་མཐའ་རྟེན་རྣམས་སྦྱིན་པར་བྱ་སྟེ། དེ་ལ་རྗེས་གནང་དང༌། བརྟུལ་ཞུགས་དང༌། ལུང་བསྟན་དང༌། གསང་བ་ བསྒྲགས་པ་དང༌། དབུགས་དབྱུང་བའོ། །དང་པོ་ནི། སློབ་མ་སྐད་ཅིག་གིས་གཤིན་རྗེ་གཤེད་དཔལ་ཞེ་ སྡང་རྡོ་རྗེའི་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་པ་ཅན་དུ་གྱུར། སྟོང་པའི་ངང་ལས། བྷྲུཾ་ཧཱུཾ་ༀ་ཛྲིཾ་ ཁཾ་རྣམས་ལས་བྱུང་བའི་འཁོར་ལོ་རྣམ་པར་སྣང་མཛད་ཀྱི་རང་བཞིན། རྡོ་རྗེ་མི་བསྐྱོད་པའི་ 23-1-267 རང་བཞིན། ནོར་བུ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན། པདྨ་འོད་དཔག་མེད་ཀྱི་རང་བཞིན། རལ་གྲི་དོན་ཡོད་གྲུབ་པའི་རང་བཞིན་རྣམས་སུ་གྱུར། རིགས་ལྔའི་ཕྱག་མཚན་རིམ་པས་ལག་ཏུ་གཏོད། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་ འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ། རིན་ཆེན། པདྨ། སྣ་ ཚོགས་འཁོར་ལོ་རབ་ཏུ་བསྐོར། །ཞེས་བརྗོད་དོ། ། གཉིས་པ་ནི། རྡོ་རྗེ་སྟོང་པའི་ངང་ལས། ཧཱུཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་ དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དར་དང་རིན་པོ་ཆེས་བརྒྱན་ པ། དེ་ཞུ་བ་ལས་བྱུང་བའི་དང་པོའི་རྡོ་རྗེར་གྱུར། དེ་ལག་ཏུ་གཏད་ལ། འདི་དེ་སངས་རྒྱས་ཐམས་ ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །ཕྱག་ན་རྡོ་ རྗེ་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་ སཏྭ་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ། གསུམ་པ་ནི། གཡོན་ཆོས་གོས་ཀྱི་གྲྭ་སྙིང་གར་འཛིན་ཚུལ་དང༌། གཡས་མཆོག་སྦྱིན་བྱས་ ལ། སློབ་དཔོན་ༀ་ཡིག་ལས་བྱུང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུར་གྱུར་པའི་མོས་པ་ གྱིས་ཞེས་བརྗོད་ལ། ༀ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདིར་ནི་ངས་ཁྱོད་ལུང་བསྟན་ བྱ། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱཻ་ཆེ་གེ་མོ་རྡོ་རྗེ་ ཞེས་བྱ་བའི་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟྭཾ། བྷུར་བྷུ་ཝཿསྭཿ གང་འདི་དག་ལས་བྱུང་བའི་ཕྱག་ རྒྱས་ལུང་སྟོན་པར་བྱེད་པ་དེ་ལ་དེ་བཞིན་གཤེགས་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ ཐམས་ཅད་མགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ མཛད་དེ། འདི་ཉིད་ལས་བྱུང་བའི་ཕྱག་རྒྱའི་མཐུ་དང༌། སྔགས་འདིའི་སྟོབས་ཀྱིས་སོ། །ཞེས་ དད་པར་བྱའོ། ། 23-1-268 བཞི་པ་ནི། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་ བས་འདོད་ལ་ཆགས་བྲལ་བ། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །མཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། ལྔ་པ་ནི། མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་ཤིང་ཞུགས་པ་ཡིས། །སྡིག་ པ་ཀུན་ལས་ངེས་པར་གྲོལ། །དེ་རིང་ཁྱོད་རྣམས་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ ལ་ནི། །ཕྱིན་ཆད་འཆི་བ་ཁྱེད་ལ་མེད། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྲིད་པའི་སྡུག་བསྔལ་ ལས་ཁྱོད་འདས། །རྡོ་རྗེའི་ཕྱག་རྒྱ་གང་ཡིན་པ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་ རྒྱས་ཉིད་དུ་ཐེ་ཚོམ་མེད། །བྱང་ཆུབ་སེམས་ནི་སྤང་མི་བྱ། །དམ་པའི་ཆོས་ནི་སུན་མི་དབྱུང༌། ། ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །དེ་ཉིད་ངེས་པར་བསྟན་མི་ བྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་སྨད་པར་མི་བྱ་ སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ ཐུབ་ཀྱིས་ནི་མི་གདུང་ཞིང༌། །ཅི་བདེ་བར་ནི་བདེ་བ་བཟུང༌། །འདི་ནི་མ་བྱོན་རྫོགས་སངས་ རྒྱས། །དེ་རིང་ཁྱོད་ཉིད་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་ རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་དགོངས། །སེམས་ཅན་ རྣམས་ལ་རྗེས་བརྩེ་བས། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་ བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱོར། །ཞེས་བརྗོད། དབང་གཞི་ནུབ་གཅིག་ལ་བྱེད་པའི་ཚེ། མཐའ་རྟེན་འདི་ཐམས་ ཅད་དབང་བཞི་པའི་མཐར་བྱེད་པ་དཔལ་འཛིན་གྱི་གཞུང་གི་དགོངས་པ་ཡིན་ཅིང༌། ལུགས་རྙིང་གི་ཡི་གེ་འགའ་ཞིག་ན་ཡང་སྣང་ ངོ༌། །དེ་ལྟར་ན་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་ཤིང༌། བུམ་པའི་དབང་བསྐུར་བས། ལུས་ཀྱི་ དྲི་མ་དག བསྐྱེད་རིམ་དང་ཐུན་མོང་གི་དངོས་གྲུབ། ལས་ཚོགས་དང་བཅས་པ་སྒྲུབ་པ་ལ་ དབང༌། འབྲས་བུ་སྤྲུལ་སྐུ་མངོན་དུ་གྱུར་པའི་རྟེན་འབྲེལ་ལེགས་པར་ཚོགས་པའོ། །ཞེས་རྟོགས་ པ་བསྐྱེད་དོ། ། 23-1-269 གཉིས་པ་ནི། ཕྱག་དང་མཎྜལ་ཕུལ་ལ། ཨེ་མ་ཧོ། སངས་རྒྱས་སློབ་དཔོན་ཆེ། །ཨེ་མ་ཧོ་ཆོས་དང་ ཚོགས་ཀྱི་གཙོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། ། ཅེས་ལན་གསུམ་གསོལ་བ་བཏབ། གོང་གི་སྔགས་ཀྱིས་གདོང་གཡོགས་བཅིངས། སློབ་དཔོན་བཅོམ་ལྡན་འདས་ གཤིན་རྗེ་གཤེད། ཡུམ་རྡོ་རྗེ་རོ་ལངས་མར་གྱུར། ཡུམ་གྱི་མཁའ་ནས་ཨཏྨ་ཀོ྅ཧཾ། རྗེས་ ཆགས་སྙོམས་པར་ཞུགས་པའི་མཆོག་ཏུ་དགའ་བའི་སྒྲས། སངས་རྒྱས་སྲས་དང༌། བཙུན་ མོར་བཅས་པའི་ཚོགས་རྣམས་སྤྱན་དྲངས། སྤྱི་བོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་སུ་གྱུར་ པ་དགའ་བ་བཞིའི་ཡེ་ཤེས་བརྟན་པར་བྱས་པའི་ཐིག་ལེ་ནོར་བུ་ལས། མཐེ་བོང་དང་མིང་ མེད་ཀྱིས་བླངས་ཏེ། བྱིན་པར་མོས་ཤིག །བཏུང་བ་རིན་ཆེན་དམ་པ་འདི། །རྡོ་རྗེའི་ལུས་ ནི་རབ་སྒྲུབ་བྱེད། །བུ་ཁྱོད་དེ་ལྟར་ཤེས་གྱིས་ཀྱེ། །ཡིད་ལས་བྱུང་བའི་ཆུ་འཐུང་ཞིག །ༀ་ ཨཱཿཧཱུཾ། ཞེས་ཐོད་པ་དང་པོ་ནས་བདུད་རྩི་སྦྱིན། ཨ་ཧོ་མཧཱ་སུ་ཁཾ་ཞེས་རྗེས་ཟློས་བྱ། ཤེས་རབ་ཀྱི་མཁའ་ནང་ ན་གནས་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཁར་བབས་པར་མོས། ཞེས་བརྗོད་ལ། ཀ་པཱ་ལ་གཉིས་པ་ནས་ བདུད་རྩི་སྦྱིན། དེ་ནས་འབྲུ་གསུམ་གྱིས་གདོང་གཡོགས་འགྲོལ་ལོ། །དེ་ལྟར་ན། བྷ་གའི་དཀྱིལ་འཁོར་དུ་ཞུགས་ ཤིང༌། གསང་བའི་དབང་བསྐུར། ངག་གི་དྲི་མ་དག རྫོགས་རིམ་སྟེང་སྒོའི་རྣལ་འབྱོར་སྒོམ་ པ་ལ་དབང༌། འབྲས་བུ་ལོངས་སྐུ་མངོན་དུ་འགྱུར་བ་སོགས་རྟོགས་པ་བསྐྱེད་དོ། ། གསུམ་པ་ནི། ཕྱག་དང་མཎྜལ་ཕུལ། ཇི་ལྟར་བླ་མེད་དཔའ་བོ་ཡིས། །མགོན་ལ་དབང་ནི་བསྐུར་ བ་ལྟར། །བླ་མེད་བྱང་ཆུབ་གནས་བྱའི་ཕྱིར། །མགོན་པོས་བདག་ལ་དབང་བསྐུར་སྩོལ། །ཅེས་ ལན་གསུམ་གསོལ་བ་བཏབ་ལ། གོང་བཞིན་མིག་དར་བཅིང༌། དེ་ནས་རིག་མ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་དངོས་ གྲུབ་ཀྱི་དོན་དུ། ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག གཟུང་མ་ཡིད་འོངས་འདི་ཁྱོད་ཀྱི། །བསྟེན་བྱར་ སངས་རྒྱས་རྣམས་ཀྱིས་བརྟགས། །རྡོ་རྗེ་རྗེས་ཆགས་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་ གྱིས། །ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་ 23-1-270 ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བར་སྦྱོར་བྲལ་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ། རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དངོས་གྲུབ་མཆོག་ ཀྱང་ཡོད་མ་ཡིན། །དེ་ནས། ལྷ་མོ་དེས་ཀྱང༌། ཙན་དན་དང༌། གུར་གུམ་ལ་སོགས་པས་བྱུག་ཅིང༌། དྲི་ཞིམ་པོས་མེ་ཏོག་གི་ འཕྲེང་བས་མངོན་པར་བརྒྱན་ནས། ཕྱོགས་ཀྱི་གོས་ཅན་རབ་ཏུ་རྒྱས་པའི་པདྨ་གསལ་བར་བྱས་ཏེ། དྲི་ཆེན་དྲི་ཆུ་བཟའ་ བ་སྟེ། །ཁྲག་དང་ཁུ་བ་དེ་བཞིན་ཤ །བུད་མེད་མཆོག་གུས་དེ་བཞིན་དུ། །བྷ་གའི་པདྨར་ཙུམ་ པ་ནི། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །ཇི་ལྟར་བདེ་བར་བུ་སྨྲོས་ཤིག །ཅེས་དྲིས་པར་མོས་ལ། དྲི་ཆེན་ དྲི་ཆུ་སོགས་བཟའ་བ། །ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །བུད་མེད་མཆོག་ཏུ་རྟག་གུས་བྱ། །བྷ་ག་ ཉིད་ལ་ཙུམ་པ་ནམ། །ཞེས་ལན་བཏབ་པར་མོས་ཤིང༌། རྗེས་ཟློས་བྱ། དེ་ནས་དེས། ཨེ་མ་ང་ཡི་པདྨ་ནི། །བདེ་ བ་ཐམས་ཅད་འབྱུང་བའི་གནས། །གལ་ཏེ་ཆོ་གས་བསྟེན་བྱེད་ན། །དེའི་མདུན་ན་ང་གནས་ ཏེ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་བྱེད། །བདེ་ཆེན་རྒྱལ་པོ་ རང་ཉིད་ནི། །འདི་ཉིད་དུ་ནི་བརྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོ། ཞེས་གསུང་བར་བསམ། དེ་ནས་སློབ་ དཔོན་གྱི་དེ་ཁོ་ན་ཉིད་བསྟན་པ་ནི། རྣལ་འབྱོར་པ་ཡིས་བྱང་ཆུབ་སེམས། །ཇི་སྲིད་འབྱིན་པར་མི་བྱེད་ པར། །དེ་སྲིད་ཐོབ་འགྱུར་རྒྱུན་མི་འཆད། །དགའ་བ་ལས་སྐྱེས་བདེ་གཞན་ཅི། །དངོས་གྲུབ་ ཀུན་གྱི་གཏེར་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་ བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །མཁའ་དབྱིངས་རྡོ་རྗེའི་ཀུན་སྦྱོར་དང༌། །རེག་བྱས་ ཀྱིས་ནི་རྨད་བྱུང་ཆེའི། །དགའ་བ་བསྐྱེད་པར་བྱེད་པ་གང༌། །དེ་ནི་མཆོག་དགའ་བྱེད་པའོ། ། དགའ་བྲལ་དག་གི་དབུས་སུ་ནི། །མཚོན་པ་ལྟོས་ལ་བརྟན་པར་གྱིས། །པདྨའི་ནམ་མཁའ་ རྡོ་རྗེ་ཡི། །ལྟེ་བས་མནན་པའི་གནས་དག་ཏུ། །རྡོ་རྗེའི་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ ནང་དུ་གནས་བལྟ་བས། །ཡེ་ཤེས་སྐྱེ་བ་གང་ཡིན་དེ། །ཡེ་ཤེས་ངོ་བོ་ཞེས་བྱ་སྟེ། །འདོད་ ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གང་ཚེ་རྣལ་འབྱོར་ 23-1-271 ཡེ་ཤེས་མཐོང༌། །དེ་ལ་གནས་བྱ་འགྱུར་མི་བྱ། །ཐུན་ནམ་ཡང་ན་ཉིན་གཅིག་གམ། །ཟླ་ཕྱེད་ ཟླ་བ་ལོ་དང་ནི། །བསྐལ་པའམ་བསྐལ་པ་སྟོང་དུ་ཡང༌། །ཡེ་ཤེས་མངོན་སྦྱོར་གྱིས་གནས་བྱ། ། ཞེས་བརྗོད་ཅིང་དོན་བཤད། སློབ་མ་དང༌རིག་མ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ ལས། འཁོར་ལོའི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཡུམ་གྱི་མཁའ་ནས། ཨཏྨ་ཀོ྅ཧཾ། ལུགས་ འབྱུང་ལུགས་ལྡོག་གི་དགའ་བ་བཞིའི་རིམ་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དམ་པ་མངོན་དུ་ བྱས། ཞེས་བརྗོད། འབྲུ་གསུམ་གྱིས་གདོང་གཡོགས་བཀྲོལ། དེ་ལྟར་ན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། གསང་བའི་དབང༌། ཡིད་ཀྱི་དྲི་མ། རྫོགས་རིམ་ཕོ་ཉའི་ལམ་བསྒོམ་པ་ལ། འབྲས་བུ་ཆོས་སྐུ། རྟོགས་པ་བསྐྱེད། བཞི་པ་ནི། ཕྱག་དང་མཎྜལ་ཕུལ་ལ། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། མིག་དར་བཅིང་བཀྲོལ་དབང་ འདི་ལ་དགོས་པ་ནི་མ་ཡིན་མོད། བྱེད་ན་སྔ་མ་རྣམས་ཀྱི་རིགས་འགྲེའོ། །དེ་ནས་འདི་སྐད་ཅེས། དབང་བཞི་པའི་དོན་ནི། རྒྱུད་ཀྱི་ རྒྱལ་པོ་ལས། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །དངོས་པོ་མེད་ཅིང་སྒོམ་པ་མེད། །ཁམས་མེད་རྣམ་པར་ཤེས་པ་མེད། །ནམ་ མཁའ་དག་ནི་མཉམ་ཉིད་གནས། །ནམ་མཁའ་ལྟ་བུར་བདག་མེད་པས། །ཆོས་འདི་བདེ་བ་ཆེན་པོའོ། །ཞེས་གསུངས་ཤིང༌། དེ་ ཉིད་སྒོམ་པའི་ཚུལ་ནི། རྣལ་འབྱོར་དབང་ཕྱུག་བིརྺ་པས། །འདི་ཉིད་གསལ་ཞིང་སྟོང་པ་དང༌། །རིག་པའི་དེ་ཉིད་མ་འགགས་པ། ། རང་རིག་ཡེ་ཤེས་སྐད་ཅིག་མ། །ཞེས་གསུངས་པ་ལྟར་ཏེ། རང་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་ལ་བདེ་སྟོང་ གི་སེམས་བཟོ་བཅོས་མེད་པའི་ཚུལ་གྱིས་མཉམ་པར་ཞོག་ཅིག ཅེས་པའམ། སྤྲོ་ན་དབང་བཞི་པའི་དོན་ རྒྱས་པར་བཤད་དོ། །དེ་ལྟར་ན། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། བཞི་པའི་དབང༌། སྒོ་ གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག ཤིན་ཏུ་སྤྲོས་པ་མེད་པའི་རྣལ་འབྱོར་བསྒོམ། འབྲས་བུ་ངོ་བོ་ཉིད་སྐུ། རྟོགས་པ་བསྐྱེད་དོ། ། གཉིས་པ་རྗེས་ནི། མཐའ་རྟེན་རྣམས་འདིར་བྱས་ན་དེ་རྣམས་ཀྱང་ཡིན་ལ། ཁྱད་པར་དམ་ཚིག་བརྗོད་ཅིང་གཟེངས་བསྟོད་ པ་ནི། ངེས་པར་འདིར་བྱ་བ་ཡིན་སྟེ། མཆོག་ཏུ་གསང་བ་དམ་པ་ནས། འཆི་བ་ཁྱེད་ལ་མེད། སྲིད་པ་ཤིན་ 23-1-272 ཏུ་ཞི་བྱའི་ཕྱིར། །སྲིད་པའི་ངན་འགྲོ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །སྟོན་ པ་མཆོག་ཏུ་ཡང་དག་འགྱུར། །དངོས་གྲུབ་དམ་ཚིག་སྡོམ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་ བྱ་སྟེ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུང༌། །མཆོག་ཏུ་རྟག་པའི་བཀའ་ཡིན་ནོ། །སློབ་ དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་ཁྲོས་ནས་སྤུན་ རྣམས་ལ། །ཉེས་པ་བརྗོད་པར་མི་བྱའོ། །སེམས་ཅན་རྣམས་ལ་བྱམས་པའི་སེམས། །ནམ་ ཡང་ངེས་པར་བཏང་མི་བྱ། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་མི་སྨད་ དོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་ཉིད་ནི་བསྟན་མི་བྱ། །བདག་ཉིད་ཕུང་པོ་ སྨད་མི་བྱ། །ཆོས་རྣམས་ངོ་བོ་སུན་མི་དབྱུང༌། །གདུག་ལ་བྱམས་པ་རྟག་ཏུ་སྤངས། །ཆོས་ ཉིད་ཚད་བཟུང་མི་བྱའོ། །དད་ལྡན་སེམས་ཅན་བསླུ་མི་བྱ། །རྟག་ཏུ་དམ་ཚིག་བརྟེན་པར་བྱ། ། ཤེས་རབ་རང་བཞིན་བུད་མེད་ལ། །སྐྱོན་གྱི་ཉེས་པ་མི་བརྗོད་དོ། །རྣལ་འབྱོར་སློང་མོས་མི་ རྒྱུ་ཞིང༌། །རྣལ་འབྱོར་སྤང་བར་མི་བྱ་སྟེ། །རྟག་པར་རྒྱུན་དུ་གསང་སྔགས་བཟླས། །རྟག་ཏུ་ དམ་ཚིག་ལ་སོགས་བརྟེན། །གལ་ཏེ་བླ་མ་སྨོད་དེ་བཞིན། །དམ་ཚིག་བག་མེད་གྱུར་པ་ནི། ། དེ་ཚེ་དཀྱིལ་འཁོར་ངེས་བྲིས་ལ། །བདེ་གཤེགས་རྣམས་ལ་སྡིག་པ་བཤགས། །དེང་ཁྱོད་ སྐྱེ་བ་འབྲས་བུར་བཅས། །གང་ཕྱིར་འདི་ལ་ལེགས་པར་གནས། །དམ་ཚིག་ལྷག་རྣམས་དང་ མཉམ་པར། །གནས་པར་འགྱུར་བར་ཐེ་ཚོམ་མེད། །སངས་རྒྱས་རྡོ་རྗེ་ཅན་བཅས་པ། །ཀུན་ གྱིས་ཚེ་ལྡན་དེ་དབང་བསྐུར། །ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་ བསྟན་པ་ཡིན། །དེ་རིང་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་རབ་ཞུགས་སོ། ། དེ་རིང་ཁྱོད་ཉིད་སངས་རྒྱས་ཉིད། །ཐོབ་པར་འདི་ལ་ཐེ་ཚོམ་མེད། །དེ་ལྟར་ཡིད་ནི་རབ་ དང་རྡོ་རྗེ་ཉིད་དུ་གྱིས། །རང་གིས་དམ་ཚིག་མི་བཟད་བདེ་སྟེར་བརྟེན་པར་གྱིས། །དེ་རིང་ འགྲོ་བ་བདེ་མྱུར་རྡོ་རྗེ་སེམས་དཔའ་དང༌། །མཚུངས་པའི་རྟག་པ་ཉིད་དུ་ཁྱེད་རྣམས་བརྟེན་ 23-1-273 པར་གྱིས། །ཞེས་བརྗོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་ བགྱིད། །ཅེས་རྗེས་ཟློས་བྱ། གཏང་རག་གི་དོན་དུ་མཎྜལ་འབུལ། དེང་ནས་བརྩམས་ཏེ་སོགས་དང༌། དགེ་བ་བྱང་ ཆུབ་ཏུ་བསྔོ། དེ་ནས་བདེན་སྟོབས་བརྗོད་པ་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དེ་ནི་ དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་ སློབ་མ་རྣམས། །ཀུན་གྱི་སྒྲིབ་མེད་མཐོང་བར་ཤོག །ལན་གསུམ་བརྗོད་དོ། ། སློབ་མ་སྟ་གོན་དང་སློབ་མ་དབང་བསྐུར་བ་བྱ་བ་ནི་དབང་ཆོག་འཁྲུལ་བའི་དྲི་བྲལ་དུ་ཤེས་པར་བྱའོ། །འགྲུབ་ན་སྦྱིན་ སྲེག་བྱ་ཞིང༌། སློབ་མའི་ལག་པ་ནས་འཇུས་ལ་བགང་བླུགས་གསུམ་མམ་བདུན་ཕུལ་ལ་འདོད་དོན་གསོལ་བ་བཏབ། སློབ་མས་ ཀྱང་སྐབས་འདིར་ཡོན་འབུལ་ལོ། །གཞན་ཡང་གཏོར་མ་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པས་ཀྱང་ལྷ་མཉེས་པར་བྱ་སྟེ། དེ་ ལྟར་ཡང༌། ལྷ་ནི་མཉེས་པར་མ་བྱས་ན། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་གསུངས་པས་སོ། ། གསུམ་པ་རྗེས་ཀྱི་བྱ་བ་ནི། ནངས་པར་ཉི་མ་འཆར་ཀར་གྱུར་པ་ན། མཆོད་པ་རྣམས་ཁ་གསོས། གོང་བཞིན་བྱིན་གྱིས་ བརླབས། ༀ་ཧྲཱིཿཥྚཱི་ཧ། སོགས་ཀྱིས་ཕྱི་མཆོད་དང༌། གོང་བཞིན་ནང་མཆོད་དང༌། ཨ་ཡེ་ཀྱེ་ཀྱེ་སོགས་ཀྱིས་བསྟོད་ ཅིང༌། སྣ་ཚོགས་པའི་རོལ་མོའི་སྒྲ་བྱ། བཅོམ་ལྡན་འདས་གཤིན་རྗེ་གཤེད་པའི་ལྷ་ཚོགས་འཁོར་དང་ བཅས་པ་ཐམས་ཅད་ཀྱིས། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བར་མཛད་དུ་ གསོལ། བདག་ལ་ཞི་བ་ལ་སོགས་པའི་ལས་ཀྱི་དངོས་གྲུབ་དང༌། འཇིག་རྟེན་དང༌། འཇིག་ རྟེན་ནས་འདས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། སངས་རྒྱས་ཀྱི་བསྟན་པ་དར་ བ་དང༌། སེམས་ཅན་རྣམས་བདེ་སྐྱིད་འཕེལ་བར་མཛད་དུ་གསོལ། ཅེས་འདོད་དོན་ཞུ། ཡིག་བརྒྱ་ མང་དུ་བཟླས་པའི་མཐར། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ༀ་ཁྱེད་ཀྱིས་སེམས་ཅན་སོགས་ ལན་གསུམ་གྱི་མཐར། ༀ་བཛྲ་མུཿ ཞེས་ཡེ་ཤེས་པ་རྣམས་གཤེགས། ཛཿཧཱུཾ་བཾ་ཧོཿ དམ་ཚིག་པ་ རང་ལ་ཐིམ། ལྷའི་ང་རྒྱལ་དང༌། སྟོང་ཉིད་ཀྱི་ལྟ་བ་བརྟན་པོས་ཨ་ཀཱ་རོའི་སྔགས་དང༌། ཆོས་ཐམས་ཅད་ནི་སྐྱེ་ 23-1-274 བ་མེད་པའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པའོ། །ཞེས་བརྗོད་ཅིང༌། སརྦ་བིགྷྣན་བཛྲ་དྷ་ར་ ཨཛྙཱ་པ་ཡ་ཏི་ཧཱུཾ། རྡོ་རྗེ་རྩེ་མོས་ཤར་སྒོ་ནས་བརྩམས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་དབྱིའོ། །མཐར་ལས་རྗེས་མི་མངོན་ པར་བྱ་ཞིང༌། ཕུར་བུ་དངོས་སུ་བཏབ་ན། སྐམ་པའི་ཕྱག་རྒྱས། ༀ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཧཱུཾ་ཕཊ་ཕཊ་ཧོ་ཞེས་ཕྱུང༌། རུ་རུ་སྥུ་རུ་སོགས་ཀྱིས་ཤུལ་འོ་མས་བགང༌། ཡིད་ཀྱིས་བཏབ་པ་ལ་ནི་མི་དགོས་སོ། །རྡུལ་ཚོན་ཆུ་བོར་སྤྱན་འདྲེན་ནི་གཞན་ དུ་ཤེས་པར་བྱའོ། །དེ་ནས་སྨོན་ལམ་དང༌། བཀྲ་ཤིས་རྒྱ་ཆེར་བྱ་ཞིང༌། སླར་ཡང་དགེ་འདུན་ལ་སྟོན་མོ་བྱ་ཞིང༌། སློབ་དཔོན་ འཁོར་བཅས་ཚོགས་ཀྱིས་མཉེས་པར་བྱའོ།། །། འདིར་སྨྲས་པ། འདི་ལ་ཆོ་ག་ཡི་གེ་མང་ཡོད་ཀྱང༌། །བཟང་པོ་འགའ་ཞིག་དིང་སང་ལག་ལེན་དཀའ། །ལག་ལེན་བདེ་ འགའ་ལེགས་པའང་མིན་མཐོང་ནས། །སྐྱོན་བྲལ་ཡོན་ཏན་ལྡན་པ་འདི་སྦྱར་རོ། །གལ་ཏེ་ནོངས་ན་བློ་ཡི་ཉེས་པར་ཟད། །དྲང་ པོའི་བསམ་པ་ན་ཡང་ཞིག་པ་མེད། །ཆོས་ཚུལ་འདི་ལ་མཆོག་ཏུ་གུས་པའི་བློས། །ལེགས་སྦྱར་འདི་ཡང་བློ་ལྡན་དགའ་བྱེད་ཡིན། ། བདུད་བཞི་མཐར་བྱེད་འཇམ་དཔལ་དཔའ་བོ་ཡི། །དཀྱིལ་འཁོར་ཆོ་ག་བྲིས་པའི་དགེ་བ་ཡིས། །འགྲོ་ཀུན་ལྷན་ཅིག་སྐྱེས་པའི་ དངོས་པོ་ནི། །ཟུང་འཇུག་སྙིང་པོའི་གནས་ལ་རེག་པར་ཤོག །ཅེས་པའང་དོན་གཉེར་མང་པོས་བསྐུལ་བའི་ངོར། རྒྱལ་ཁམས་ པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་སོ་བཞི་སོན་པ་ལ། དཔལ་ཇོ་མོ་ནང་གི་རི་ཁྲོད་དུ་སྦྱར་བའོ།། །།དགེ་ལེགས་འཕེལ། བོད་ཀྱི་བརྡ་ སྤྲོད་པ་སྔགས་འཆང་བློ་གྲོས་རྣམ་རྒྱལ་གྱིས་ཆོས་སྤྱོད་བཅུའི་ཕྱིར་དུ་བྲིས། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༩༽ 23-1-275 ༄༅། །ཕྱག་རྡོར་གཏུམ་ཆེན་གྱི་སྒྲུབ་ཐབས་ རྒྱས་པ་བཞུགས་སོ། ། ༄༅། །ན་མོ་བཛྲ་དྷ་རཱ་ཡ། བཅོམ་ལྡན་འདས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་སྒྲུབ་ ཐབས། བདུད་བཞིའི་སྟོབས་འཕྲོག་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །དཔའ་བོ་གང་ཞིག་དུས་མཐའི་སྤྲིན་ མཚུངས་སྐུ། །ཧཱུཾ་གི་སྒྲ་ཡིས་བདུད་སྡེའི་ཀླད་པ་འགེམས། །ཐུགས་རྗེ་ཆེན་པོའི་ཆུ་འཛིན་ཀུན་ལ་ཁྱབ། །བླ་མ་དམ་པ་རྡོ་རྗེ་འཛིན་ དེར་འདུད། ། འདིར་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་པའི་སྒོམ་བཟླས་སྔོན་དུ་འགྲོ་བས། རང་གི་སྙིང་ཁར་ཉི་མའི་ སྟེང་དུ་ཧཱུཾ་སྔོན་པོ། དེའི་འོད་ཀྱིས་རང་གི་སྡིག་སྒྲིབ་སྦྱངས། སྣ་བུག་ནས་ཕྱིར་འཕྲོས། བླ་ མ་མི་བསྐྱོད་པའི་རྣམ་པས་གཙོ་བོའི་དབུ་བརྒྱན་པའི་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ལྷ་ ཚོགས་ༀ་བཛྲ་ས་མཱ་ཛཿ གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ ཅིང༌། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་ གནས་མཆོག་ན། །གསང་བདག་ཕྱག་ན་རྡོ་རྗེ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་ མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་པའི་ངང་ལས་མ་གཡོས་ཀྱང༌། །ཐབས་ལ་མཁས་ ཕྱིར་སྣ་ཚོགས་སྐུར་བསྟན་ནས། །གདུག་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ། །རྒྱལ་ བ་ཁྱུང་གི་ཚོགས་ལ་ཕྱག་འཚལ་བསྟོད། །ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཐོག་མ་མེད་པའི་དུས་ མཐའ་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་ སོ་སོར་བཤགས་པར་བགྱི། །ཤེས་རབ་སྙིང་བརྩེ་ལྡན་པའི་བྱང་ཆུབ་སེམས། །དུས་གསུམ་ རྒྱལ་བས་ཇི་ལྟར་བསྐྱེད་པ་བཞིན། །དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་ 23-1-276 སེམས་ནི་ནམ་ཡང་མི་གཏོང་ངོ༌། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་ རྗེ་འཛིན། །རིག་པ་འཛིན་པའི་རྣལ་འབྱོར་རྣམས། །དགེ་བ་མཛད་ལ་རྗེས་ཡི་རང༌། །བཅོམ་ ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་ མཐུན་པའི། །དངོས་གྲུབ་རྣམས་ནི་བསྩལ་དུ་གསོལ། །དང་པོར་བྱང་ཆུབ་སེམས་བསྐྱེད་ ནས། །ད་ལྟ་དགེ་བ་གང་བསགས་པ། །བདག་དང་སེམས་ཅན་དོན་སླད་དུ། །བྱང་ཆུབ་ཆེན་ པོར་བསྔོ་བར་བགྱིད། །ཅེས་པའམ། བསྡུ་ན། གྱུར་ནས་འབྱུང་བ་ལྟར་རྒྱུན་བཤགས་བྱ། ཚད་མེད་བཞི་སྤྱི་དང་མཐུན་ པར་སྒོམ། ༀ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་ཕྱི་ དཀར་ལ་ནང་དམར་བའི་ནང་དུ། ཡཾ་རཾ་བཾ་ལཾ་སུཾ་རྣམས་ཡོངས་སུ་གྱུར་པ་ལས་འབྱུང་བཞི་རི་ རབ་དང་བཅས་པ། དེའི་སྟེང་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་ལས་འོད་ འཕྲོས། རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་རེ། མེ་དཔུང་འབར་བ་དང་བཅས་པའི་བསྲུང་ བའི་འཁོར་ལོ། སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾ་ལས། གཞལ་མེད་ཁང་གྲུ་བཞི་སྒོ་བཞི་པ། རྟ་ བབས་བཞིས་མཛེས་པ། པཉྩ་རེ་གའི་རྩིག་པ་དང༌། རིན་པོ་ཆེའི་ཕ་གུ་དང༌། དྲྭ་ཕྱེད་དང༌། མདའ་ཡབ་དང༌། པུ་ཤུ་དང༌། ཕྱི་རོལ་གྱི་འགྲམ་སྟེགས་ལ་གནས་པའི་མཆོད་པའི་ལྷ་མོ་ དང༌། ནང་ཀ་བ་བརྒྱད་ཀྱིས་བཏེགས་པའི། སྟེང་ཐོག་གྲུ་བཞི་པ་དང༌། དབུས་སུ་གཙང་ཁང་ ཕྱུར་བུ་མཆོད་རྟེན་གྱི་རྣམ་པས་སྤྲས་པ་དང༌། ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་ བསྐོར་བའི་ནང༌། ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། འཕར་མ་གཉིས་ དང་བཅས་པའི་དབུས་མཐིང་ནག་གི་གཞི་ལ། བྷྲུཾ་ལས་བྱུང་བའི་འཁོར་ལོ་སྔོན་པོ་རྩིབས་ བརྒྱད་པའི་ལྟེ་བར། པཾ་ལས་པདྨ་དང་རཾ་ལས་ཉི་མའི་སྟེང་དུ། འཇིགས་བྱེད་དང་དུས་མཚན་ མ། ཕྱོགས་ཀྱི་རྩིབས་བཞི་དང༌། རིམ་པ་གཉིས་པའི་གྲྭ་བཞི་དང༌། སྒོ་མཚམས་བརྒྱད་དུ་ཉི་ མའི་དཀྱིལ་འཁོར། མཚམས་ཀྱི་རྩིབས་བཞི་ལ་ཟླ་བའི་དཀྱིལ་འཁོར་རོ། ། 23-1-277 གཙོ་བོ་བསྐྱེད་པ་ནི། མངོན་བྱང་ལྔ་བསྐྱེད་བྱེད་པའི་ལུགས་ཀྱང་ཡོད་མོད་ཀྱི། གཙོ་བོར་ཆོ་ག་གསུམ་བསྐྱེད་ཉིད་ དོ། །དབུས་ཀྱི་གདན་གྱི་སྟེང་དུ་རང་སེམས་ཧཱུཾ་མཐིང་ནག་འབར་བ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧཱུཾ་ལ་ཐིམ་པ་ལས། རྡོ་རྗེ་ནག་པོ་ རྩེ་ལྔ་པའི་ལྟེ་བར་ཧཱུཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་ ཕྱག་ན་རྡོ་རྗེ་གཏུམ་པོའི་སྐུར་གྱུར། ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། སྐུ་མདོག་དུས་མཐའི་སྤྲིན་ལྟར་ གནག་པ། ཞལ་གཅིག་ཕྱག་གཉིས། དམར་ལ་ཟླུམ་པའི་སྤྱན་གསུམ་བསྒྲད་པ། རབ་ཏུ་ བཞད་པའི་ཞལ་མཆེ་བ་གཙིགས་ཤིང༌། ལྗགས་འགྱུར་བ། འབྲུག་སྟོང་ལྡིར་བ་ལྟ་བུའི་ཧཱུཾ་གི་ མགྲིན་པ་གང་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང་གསོར་བ། གཡོན་ དྲིལ་བུ་དཀུར་བསྟེན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། སྨ་ར་དང་སྨིན་མ་དང༌། དབུ་སྐྲ་མེ་ ལྟར་འབར་བ། ཞབས་གཡས་བསྐུམས་པས་དུས་མཚན་མ་དམར་མོའི་ནུ་མའི་སྟེང་དང༌། གཡོན་བརྐྱངས་པས་འཇིགས་བྱེད་ནག་པོ་ཁ་བུབ་ཏུ་མནན་པ། སྦོམ་ཐུང་གསུས་ཁྱིམ་ཆེ་ བ། ཡན་ལག་ཧྲགས་པ། སྟག་ལྤགས་ཀྱི་ཤམ་ཐབས་གྲོལ་བ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། རུས་པ་དང༌། རིན་པོ་ཆེ་དང༌། ཀླུ་ཆེན་པོ་བརྒྱད་ ཀྱིས་བརྒྱན་པ། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་ཞིང་བདུད་ཀྱི་དཀྱིལ་འཁོར་མཐའ་དག་ བརླག་པར་མཛད་པ། འབར་འཕྲེང་འཁྲུག་པའི་དབུས་ན་བཞུགས་པའོ། །དེ་ལ་འཁྱུད་པའི་ ཡུམ། རྡོ་རྗེ་གཏུམ་མོ། སྣ་ཚོགས་བདེ་མ། སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གྲི་གུག་ དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། དབུ་སྐྲ་དམར་སེར་གྲོལ་བ། སྒེག་ཅིང་ལང་ཚོ་ལ་ བབ་པ། ཐོད་སྐམ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་བཅོམ་ ལྡན་འདས་ལ་མཉམ་པར་སྦྱོར་བ། ལྷག་མ་བཅོམ་ལྡན་འདས་དང་མཚུངས་ཤིང༌། གཉིས་ ཀའང་གར་དགུའི་རོ་དང་ལྡན་པའོ། ། 23-1-278 གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་པ་ཡབ་རྐྱང༌། དེའི་ཐུགས་ཀར་ཏིང་ ངེ་འཛིན་སེམས་པ་ཧཱུཾ་མཐིང་ག ཤེས་རབ་ཀྱི་མཚོ་སྐྱེས་ཧྲཱིཿལས་བྱུང་བའི་པདྨ་ཨས་མཚན་ པ། ཐབས་ཀྱི་རྡོ་རྗེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་གིས་མཚན་པ། ཡབ་ཡུམ་སྙོམས་པར་ཞུགས། སངས་རྒྱས་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཁར་བྱང་ཆུབ་ཀྱི་སེམས་ ཀུན་ད་ལྟ་བུའི་རྣམ་པར་གྱུར་ཏེ། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ། ༀ་ཏྲཱཾ་ཧྲཱིཿཨ། ཨེ་བཾ་མ་ཡ། ཧཱུཾ་ས་ཧྲི་ཨ་ཛཿཧཱུཾ་བཾ་ཧོཿསྟྭཾ་ཛ་ཨ་ཡ། ཞེས་པ་ས་བོན་ཉི་ཤུ་གྲུབ་པར་གྱུར། མཁའ་ནང་ནས་ ཕྱིར་སྤྲོས། ཕྱི་རོལ་ཏུ་སོ་སོའི་གདན་ལ་འཁོད། གཙོ་བོ་ཉིད་ཀྱི་སྐུའི་གནས་རྣམས་སུ་ཡང༌། ས་བོན་ཉི་ཤུ་རྩ་གཅིག་སྐད་ཅིག་གིས་གྲུབ་པར་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། བུདྡྷ་ ཀ་རུ་ཎ་ༀ། སྤྱི་བོ་དང་ཤར་རྩིབས་སུ་ༀ་ལས་སངས་རྒྱས་རིགས་ཀྱི་བྱ་ཁྱུང་དཀར་པོ་འཁོར་ ལོ་འཛིན་པ། བཛྲ་ཀ་རུ་ཎ་ཧཱུཾ། ཐུགས་ཀར་ཧཱུཾ་ལས་རྡོ་རྗེ་རིགས་ཀྱི་བྱ་ཁྱུང་སྔོན་པོ་རྡོ་རྗེ་འཛིན་ པ། རཏྣ་ཀ་རུ་ཎ་ཏྲཾ། ལྟེ་བ་དང་ལྷོ་རྩིབས་སུ་ཏྲཾ་ལས། རིན་ཆེན་རིགས་ཀྱི་བྱ་ཁྱུང་སེར་པོ་རིན་ པོ་ཆེ་འཛིན་པ། པདྨ་ཀ་རུ་ཎ་ཧྲཱིཿ མགྲིན་པ་དང་ནུབ་རྩིབས་སུ་ཧྲཱིཿལས་པདྨའི་བྱ་ཁྱུང་དམར་ པོ་པདྨ་འཛིན་པ། ཀརྨ་ཀ་རུ་ཎ་ཨ། གསང་གནས་དང་བྱང་ཆུབ་རྩིབས་སུ་ཨ་ལས། ལས་ ཀྱི་རིགས་ཀྱི་བྱ་ཁྱུང་ལྗང་ཁུ་རལ་གྲི་འཛིན་པ། ཨེ་པུཥྤེ་ཀ་རུ་ཎ། དཔྱི་གཡོན་དང་ཤར་ལྷོའི་ རྩིབས་སུ་ཨེ་ལས་ཁྱུང་མེ་ཏོག་མ་དཀར་མོ་མེ་ཏོག་འཛིན་པ། བཾ་དྷུ་པེ་ཀ་རུ་ཎ། དཔྱི་གཡས་ དང༌། ལྷོ་ནུབ་ཀྱི་རྩིབས་སུ་བཾ་ལས་ཁྱུང་བདུག་སྤོས་མ་སྔོན་པོ་སྤོས་སྣོད་འཛིན་པ། མ་ཨཱ་ལོ་ ཀེ་ཀ་རུ་ཎ། ཕྲག་པ་གཡས་དང་ནུབ་བྱང་གི་རྩིབས་སུ་མ་ལས་ཁྱུང་མར་མེ་མ་དམར་མོ་མར་ མེ་འཛིན་པ། ཡ་གནྡྷེ་ཀ་རུ་ཎ། ཕྲག་པ་གཡོན་དང་ནུབ་བྱང་གི་རྩིབས་སུ་ཡ་ལས་ཁྱུང་དྲི་ཆབ་ མ་ལྗང་ཁུ་དྲི་བཟང་གིས་གང་བའི་དུང་ཕོར་འཛིན་པ། ཧཱུཾ་ཀ་རུ་ཎ་ཚིནྡྷ། ལྷེང་སྣ་དང་རིམ་པ་ གཉིས་པའི་ཤར་ལྷོར། ཧཱུཾ་ལས་དྲི་ཟ་འདུལ་བྱེད་ཀྱི་ཁྱུང་དཀར་པོ་རྡོ་རྗེ་རྩེ་ལྔ་འཛིན་པ། ས་ 23-1-279 ཀ་རུ་ཡ་མ། སོག་ཕྲག་དང་ལྷོ་ནུབ་ཏུ་ས་ལས། གཤིན་རྗེ་འདུལ་བྱེད་ཀྱི་ཁྱུང་ནག་པོ་རལ་གྲི་ འཛིན་པ། ཧྲི་ཀ་རུ་ཎ་ཧུ་ལུ། ལྟེ་འོག་དང་ནུབ་བྱང་དུ་ཧྲི་ལས་ཀླུ་གདུལ་བྱེད་ཀྱི་ཁྱུང་དམར་པོ་ སྦྲུལ་ཞགས་འཛིན་པ། ཨ་ཀ་རུ་ཎ་ཡཀྵ། བཅུ་དྲུག་མདོ་དང་བྱང་ཤར་དུ་ཨཱཿལས་གནོད་སྦྱིན་ འདུལ་བྱེད་ཀྱི་ཁྱུང་ལྗང་སེར་དབྱུག་ཏོ་འཛིན་པ། ཛཿཀ་རུ་ཎ། སྣའི་འདོམ་དང་སོ་དང་ཤར་ སྒོར་ཛཿལས་ཁྱུང་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ། ཧཱུཾ་ཀ་རུ་ཎ། ཁ་དང་ལྷོ་སྒོར་ ཧཱུཾ་ལས་ཁྱུང་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ། བཾ་ཀ་རུ་ཎ། ཆུ་ལམ་དང་ནུབ་སྒོར་བཾ་ ལས་ཁྱུང་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག་འཛིན་པ། ཧོ་ཀ་རུ་ཎ། བཤང་ལམ་དང་བྱང་ སྒོར་ཧོ་ལས་ཁྱུང་དྲིལ་བུ་མ་ལྗང་ནག་དྲིལ་བུ་འཛིན་པ། ༀ་ཨཱཿཧཱུཾ་ས་མ་ཡ། སྟྭཾ་ཀ་རུ་ཎ། སྤྱི་ བོ་ནས་མགྲིན་པའི་བར་དང༌། མེ་མཚམས་ཀྱི་གྲྭར། སྟྭཾ་ལས་སྤྲུལ་པའི་ཁྱུང་དཀར་པོ་འཁོར་ ལོ་འཛིན་པ། ༀ་ཨཱཿཧཱུཾ་ས་མ་ཡ། ཛ་ཀ་རུ་ཎ། མགྲིན་པ་ནས་སྙིང་གའི་བར་དང༌། བདེན་བྲལ་ གྱི་གྲྭར། ཛ་ལས་ཡང་སྤྲུལ་གྱི་ཁྱུང་དམར་པོ་པདྨ་འཛིན་པ། ༀ་ཨཱཿཧཱུཾ་ས་མ་ཡ། ཨ་ཀ་རུ་ཎ། སྙིང་ག་ནས་ལྟེ་བའི་བར་དང༌། རླུང་མཚམས་ཀྱི་གྲྭར་ཨ་ལས་གསུམ་སྤྲུལ་གྱི་ཁྱུང་སྔོན་པོ་རྡོ་ རྗེ་འཛིན་པ། ༀ་ཨཱཿཧཱུཾ་ས་མ་ཡ། ཡ་ཀ་རུ་ཎ་ལྟེ་བ་ནས་རྐང་མཐིལ་གྱི་བར་དང༌། དབང་ལྡན་ གྱི་གྲྭར་ཡ་ལས་བསམ་གྱིས་མི་ཁྱབ་པ་སྤྲུལ་པའི་ཁྱུང་ཁྲ་བོ་སྣ་ཚོགས་རྡོ་རྗེ་འཛིན་པ། སྤྲུལ་ པའི་ཁྱུང་འདི་དག་གིས་སྐུའི་བ་སྤུའི་ཁུང་བུ་ཐམས་ཅད་ཁྱབ་པ། བྱ་ཁྱུང་ཐམས་ཅད་གཡས་ རང་རྟགས་ཀྱི་ཕྱག་མཚན་འཕྱར་ཞིང༌། གཡོན་རང་མདོག་དང་མཚུངས་སྦྲུལ་བཟུང་ནས་ ཟ་བ། རང་རྟགས་ཕྱག་མཚན་གྱིས་མཚན་པའི་མཆུ་དང་གཤོག་པ་ཅན། སྤྱན་གསུམ་པ་མེ་ དཔུང་འབར་བའི་དབུས་ན་བཞུགས་པའོ། ། ཡུམ་གྱི་ལྟེ་བར་ༀ་བཾ་ལས་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡོཾ་ལས་གཤིན་རྗེ་མ་ སྔོན་མོ། ཁར་ཧྲིཾ་མོཾ་ལས་རྨོངས་བྱེད་མ་དཀར་མོ། དཔྲལ་བར་ཧྲེཾ་ཧྲིཾ་ལས་བསྐྱོད་བྱེད་མ་སེར་ 23-1-280 མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལས་སྐྲག་བྱེད་མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་ཙཎྜི་ ཀཱ་དུད་ཁ། ཐམས་ཅད་ཀྱང་གྲི་གུག་དང་ཐོད་པ་བསྣམས་པའོ། །ཕྱི་དཀྱིལ་གྱི་ལྷ་ཐམས་ཅད་ ཀྱི་དཔྲལ་བར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་སྤྱི་བོར་ རྡོ་རྗེ་རྒྱ་གྲམ། ༀ་བཛྲ་རཀྵ་རཀྵ་ཧཱུཾ། ལན་གསུམ། ལུས་ཐམས་ཅད་རྡོ་རྗེའི་གོ་ཆར་གྱུར། རང་གི་ ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཔལ་ ཕྱག་ན་རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་རྣམ་པར་བཛྲ་ས་མཱ་ཛཿ བདེ་གཤེགས་ གཙོ་བོ་གཏུམ་པོ་དང༌། །ལྷ་རྣམས་ཕྱོགས་བཅུར་འཁོད་པ་རྣམས། །བདག་ཀྱང་སེམས་ཅན་ རྒྱུད་སྦྱང་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཚོགས་ཞིང་གི་སྐབས་ལྟར་མཆོད་བསྟོད་ བྱ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་ གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ༀ་བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཆོས་སྐུ་ ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། ། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་ འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་ བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་ པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་འཁྲུས་གསོལ་ལྟར། །ལྷ་ཡིས་ཆུ་ནི་དག་པ་ཡིས། །དེ་ བཞིན་བདག་གིས་སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་ གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པ། ཤར་དང་ཤར་ལྷོ་པ་རྣམས་ ལ་རྣམ་སྣང༌། ལྷོ་དང་ལྷོ་ནུབ་པ་རྣམས་ལ་རིན་འབྱུང༌། ནུབ་དང་ནུབ་བྱང་པ་རྣམས་ལ་སྣང་ མཐའ། བྱང་དང་བྱང་ཤར་བ་རྣམས་ལ་དོན་གྲུབ་རྣམས་ཀྱིས་དབུ་རྒྱན། བར་འདིར་རྫོགས་པའི་ 23-1-281 རིམ་པར་སྒོམ་པར་འདོད་ན། ཕྱག་རྒྱ་ཆེན་པོ་དང༌། གཏུམ་མོ་དང༌། ཕྲ་ཐིག་གི་རྣལ་འབྱོར་རྣམས་ཏེ། གསང་བ་བསྟན་པའི་རྒྱུད་ ཡན་ལག་དང་བཅས་པ་བཞིན་སྒོམ་པར་འདོད་མོད་ཀྱི། ད་ལྟ་ནི་དེའི་རྒྱུན་ཡོད་པར་མི་མངོན་པས། རང་ཉིད་གང་ལ་གཙོ་བོར་ བྱེད་པའི་རྫོགས་པའི་རིམ་པ་དེ་བསྒོམ་པར་བྱའོ། །དེ་ནས་དག་པ་དྲན་པ་ནི། རྒྱས་པར་དཀྱིལ་ཆོག་གི་སྐབས་བཞིན། ཡིད་ཀྱིས་ དྲན་པར་བྱ་བའམ། མདོར་བསྡུས་ན་འདི་སྐད་ཅེས་བརྗོད་དེ། བྱང་ཕྱོགས་སོ་བདུན་གཞལ་ཡས་ཁང༌། །ཕུང་ པོ་ལྔ་དག་རིགས་ལྔ་སྟེ། །འབྱུང་བ་བཞི་དག་བཟུང་མ་བཞི། །སྒོ་མ་བཞི་ནི་ཚད་མེད་པ། ། འདུལ་བྱེད་རྣམ་བཞི་བདུད་བཞི་འཇོམས། །སྤྲུལ་སོགས་བཞི་པོ་གང་ཡིན་པ། །རྒྱལ་བའི་ མི་འཇིགས་རྣམ་བཞིའོ། །ཆོས་དབྱིངས་གཙོ་བོ་ཡབ་ཡུམ་ཉིད། །ཅེས་སོ། །བཟླས་པ་ནི། ཁྱོགས་ཀྱི་ བཟླས་པ་དང༌། སྤྲོ་བསྡུའི་བཟླས་པ་གང་རུང་གི་དམིགས་པ་གསལ་བཏབ་ལ། ༀ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཉེ་སྙིང་ངོ༌། །ༀ་ བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཀ་རུ་ཎ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། ཕྱི་སྒྲུབ་ཀྱི་སྙིང་པོའོ། །ༀ་བཛྲ་ཙཎྜ་མཧཱ་ རོ་ཥ་ཎ། བཛྲ་ཀ་རུ་ཎ་ཧཱུཾ་ཧཱུཾ་ཕཊ། ༀ་མཱ་ར་ཡ་མཱ་ར་ཡ། སྥོ་ཊ་ཡ་སྥོ་ཊ་ཡ། བཛྲ་བཱ་ཏིམ་ག་རུ་ཌ་ བེ་གེ་ཧཱུཾ་ཛ། རི་ཛ་པྲི་ཛ་ཧཱུཾ་ཕཊ། ༀ་བཛྲ་ཌཱ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ནང་སྒྲུབ་ཀྱི་སྙིང་པོའོ། །ༀ་བཛྲ་ཙཎྜ་མཧཱ་ རོ་ཥ་ཎ་ཧཱུཾ་ཕཊ། བཛྲ་ག་རུ་ཌ། བུདྡྷ་ག་རུ་ཌ། རཏྣ་ག་རུ་ཌ། པདྨ་ག་རུ་ཌ། ཀརྨ་ག་རུ་ཌ། ཧཱུཾ་ ཧཱུཾ་ཕཊ། བཛྲ་བ་ཏིཾ། ག་རུ་ཌ་བེ་གེ་ཧཱུཾ་ཛ་ཛ། རི་ཛ་པྲི་ཛ་ཧཱུཾ་ཕཊ། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཧཱུཾ་ཕཊ། རུ་ཏྲ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་པ་ནི་གསང་སྒྲུབ་ཀྱི་སྙིང་པོའོ། །མངོན་པར་རྟོགས་པ་འདི་ནི། ཕྱི་ནང་གསང་བ་གསུམ་གཅིག་ ཏུ་འདུས་པ་ཡིན་པའི་ཕྱིར། གསུམ་གར་གྱི་བཟླས་པ་བྱར་རུང་ལ། རྒྱུན་བཟླས་ནི་ཕྱི་སྒྲུབ་ཀྱི་སྙིང་པོ་ཉིད་གཙོ་ཆེ་བར་མཛད་དོ། ། གྲངས་ནི། གསུམ་འབུམ། དུས་ནི་ཞག་ཉེར་ཅིག །མཚན་མ་ནི་གཏུམ་པོའི་རྟགས་བརྒྱད་དེ། རིམ་པས། འབྲིང་དང༌། ཐ་ མ་དང༌། རབ་ཀྱི་བསྙེན་པར་བཤད་དོ། །བླ་མའི་མན་ངག་གིས། ཉེ་སྙིང་ལ་འབྲུ་འབུམ་སྔོན་དུ་སོང་བའི་རྗེས་སུ། ཕྱི་ནང་གསང་ གསུམ་སོ་སོའི་བསྙེན་པ་སྐྱེལ་བའམ། ཕྱི་སྒྲུབ་ལ་གྲངས་བསྙེན། ནང་སྒྲུབ་ལ་དུས་བསྙེན། གསང་སྒྲུབ་ལ་མཚན་མའི་བསྙེན་པ་ རྣམས་རིམ་པས་ཐེམས་པར་བྱའོ། །དེ་ནས་སྙིང་པོ་གསུམ་གྱི་མཐར། སྤྱི་དྲིལ་གྱི་སྔགས་འདི་ཞག་བདུན་ལ་སོགས་པར་བཟླས་ པས། གཏུམ་ཆེན་གྱི་བསྙེན་པ་ཡོངས་སུ་རྫོགས་སོ་ཞེས་གསུང་ངོ༌། །དེ་ལ་སྤྱི་དྲིལ་གྱི་སྔགས་ནི་འདི་ཡིན་ཏེ། ཧཱུཾ་ཧཱུཾ། ཧྲིལ་ 23-1-282 ཧྲིལ། དིམ་དིམ། ཕོབ་ཕོབ། ཤར་ཤར། དི་རི་དི་རི། རྦད་རྦད། ཁ་ཐུམ་ཁ་ཐུམ། ཛ་རེ་ཛ་རེ་བྷྱོ། ཧ་ས་ཧ་ས། ཏེ་ས་ཏེ་ས། ཀྲི་ཏ་ཧ་ཀྲི་ཏ་ཧ། ཀྲི་ཁུག་ཀྲི་ཁུག །ཚལ་པ་ཚལ་པ། སྲོག་ཚིག་ནན་ རྦད། ལུས་དུལ། མ་ར་ཡ་རྦད། རཾ་རཾ་ཛྭ་ལ། ཤི་ཤི། རྡུལ་བུན་རྦད་སོད། གནོད་བྱེད་འབྱུང་པོ་ སྡེ་བརྒྱད་ཐམས་ཅད་མཱ་ར་མ་ཕཊ། ཧཱུཾ་གནོད་བྱེད་འབྱུང་པོ་སྡེ་བརྒྱད་སརྦ་ཀ་རུ་ཎ་ཁཱ་ཧི། ཞེས་ པའོ། །ཕྱིས་བསྙེན་པ་སོང་ནས་ལས་ལ་སྦྱར་བའི་ཚེ། གནོད་བྱེད་འབྱུང་པོ་སྡེ་བརྒྱད་ཞེས་པའི་དོད་དུ། སོ་སོའི་སྔགས་ཐེམས་ འཇུག་གོ །ཐུན་བསྡུས་ཟིན་པའི་མཇུག་གམ། སྐབས་འདིར་གཏོར་མ་འབུལ་ན། ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ༀ་ཨཱཿཧཱུཾ་ལས་མི་མགོའི་སྒྱིད་བུ། ཨ་ལས་ཐོད་ པ། དེའི་ནང་དུ་ཟླ་བ་ལ་གནས་པའི། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་མུ་ལས་བདུད་རྩི་ ལྔ། བྷྲུཾ་ཨཾ་ཛ་ཁཾ་ཧཱུཾ་ལས་ཡེ་ཤེས་ལྔ། དེའི་སྟེང་དུ་ༀ་དཀར་པོ་མགོ་བོ་ཐུར་དུ་ལྟ་བ། ཨ་ལས་ ཟླ་བ། ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་རྣམས་སྟེང་ནས་སྟེང་དུ་བརྩེགས་པ། རླུང་གཡོས། མེ་ སྦར། རྫས་རྣམས་ཞུ། ༀ་དང་ཧཱུཾ་གི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག ༀ་ཡིག་ཟླ་བ་རྡོ་ རྗེ་དང་བཅས་པ་ཡང་ཐིམ་སྟེ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ ཨཱཿཧཱུཾ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས། གཏོར་མགྲོན་གོང་གི་ཡེ་ཤེས་པ་ལྟར་སྤྱན་དྲངས་ལ། ཕྱི་སྒྲུབ་ཀྱི་སྙིང་ པོའི་མཐར། ༀ་ཨཱཿཧཱུཾ་པཉྩ་ཨ་མྲྀ་ཏ་པུ་ཛ་ཁ་རཾ་ཁཱ་ཧི། ཞེས་པའམ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཙཎྜ་མཧཱ་ རོ་ཥ་ཎ་མཎྜ་ལ་ས་པ་རི་ཝཱ་ར་ཨི་དཾ་བཱ་ལིཾ་གྲྀཧྞ་གྲྀཧྞ་ཁ་ཁ། ཁཱ་ཧི་ཁཱ་ཧི། བྷུ་ཛ་ཧོ། ཨ་མྲྀ་ཏ་པི་པ་ ཏོ། ཨ་ཏི་ཀྲ་མ་ཧོ། རཀྟ་པི་པ་ཏོ་ས་མ་ཡ་སྭཱཧཱ། ཞེས་ལན་བདུན་གྱིས་དཀྱིལ་འཁོར་པ་དང༌། ཨཱ་ཀ་རོ་ལན་ གསུམ་གྱིས་འཇིག་རྟེན་པ་ལ་ཕུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་ཕྱི་མཆོད། འབྲུ་གསུམ་གྱིས་ནང་མཆོད། བཅོམ་ལྡན་ ཕྱག་ན་རྡོ་རྗེ་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གདུག་པའི་ཚོགས་རྣམས་འཇོམས་ མཛད་པ། །གསུང་མཆོག་འབར་བའི་སྒྲ་དབྱངས་ཅན། །ངག་གི་ཉེས་པ་འཇོམས་མཛད་པ། ། ཐུགས་མཆོག་འབར་བའི་ཡེ་ཤེས་ཅན། །ཉོན་མོངས་ཤེས་བྱའི་སྒྲིབ་སེལ་མཛད། །རྡོ་རྗེ་ 23-1-283 རྣམས་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་བདག་ཅག་འཁོར་བཅས་ལ། །བསྲུང་དང་སྐྱོབ་ པའི་ལས་མཛོད་ཅིག །མི་མཐུན་ཕྱོགས་རྣམས་བཟློག་པར་མཛོད། །ཡམས་དང་དལ་ཁ་ བཟློག་པར་མཛོད། །རིམས་དང་ཁྲག་གཟེར༴ །གཤིན་རྗེའི་འཁྲུལ་འཁོར༴ གཟའ་དང་བྱད་ སྟེམས༴ བན་བོན་སྦོད་སྟོང་༴ ཟོར་ཁ་ངན་པ༴ ཀླུ་ཡི་བྱད་མ༴ གདོན་གྱི་ལས་རྣམས༴ དགྲ་ དཔུང་འཇོམས་པའི་ལས་མཛོད་ཅིག །ཡུལ་ཕྱོགས་སྐྱོང་བའི་ལས་མཛོད་ཅིག །འཁོར་ནོར་ སྤེལ་བའི་ལས་མཛོད་ཅིག །དབང་དང་དགུག་པའི༴ ཆོས་སྤྱོད་འཕེལ་བའི༴ རིགས་སློབ་ འཕེལ་བའི༴ དངོས་གྲུབ་མཆོག་སྩོལ་ལས་མཛོད་ཅིག །ལས་རྣམས་མཛད་པ་འདི་དག་ནི། ། འཁོར་བཅས་ཁྱོད་ཀྱི་ཐུགས་དམ་ལགས། །ཐུབ་པར་སྲུངས་ཤིག་ཐུགས་དམ་ཅན། །སྲོག་ ལ་མ་ལྟས་ཁྱོད་སྒྲུབ་ཀྱིས། །རེ་བ་འབྲས་བུ་མཆིས་པར་མཛོད། །ཧཱུཾ། དམ་ཅན་རྒྱ་མཚོ་ཁྱེད་ རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་ཅེས་པ་ནས། ཀུན་ འགྲུབ་ཤོག །དེ་བཞིན་ཕ་རོལ་ཚོགས་འཇོམས་དང༌། །དགྲ་རྣམས་ཐམས་ཅད་མེད་པར་ མཛོད། །མཆོད་སྦྱིན་འདི་ཡི་མཐུ་སྟོབས་ཀྱིས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །ཅེས་ ལས་བཅོལ། ཏེཎྞ་ཧཱུཾ། ཏེཎྞ་ཧཱུཾ། ཏེཎྞ་ཏེ་ཏེ་ཧཱུཾ། ཞེས་པ་ལན་བཞིས་རྡོ་རྗེའི་གླུ་བླངས། ཕུན་སུམ་ཚོགས་པ་ སོགས་བཀྲ་ཤིས་བརྗོད། སེམས་ཅན་ཐམས་ཅད་ནད་མེད་ཅིང༌།ཞེས་སོགས་སྨོན་ལམ་བཏབ། ཡིག་བརྒྱ། བཟོད་གསོལ་སྔོན་དུ་འགྲོ་བས། ༀ་བཛྲ་མུཿ ཞེས་གཤེགས་སུ་གསོལ། དེ་ནས་དཀྱིལ་འཁོར་བསྡུ་བ་ནི། རང་གི་སྙིང་ ག་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་གསུམ་ཐམས་ཅད། རྡོ་རྗེ་གཏུམ་ པོའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་འོད་དུ་ཞུ་ནས། རྟེན་གྱི་དཀྱིལ་འཁོར་ལ་ཐིམ། དེ་ ཡང་འོད་དུ་ཞུ་ནས་ཁྱུང་ཉི་ཤུ་ལ་ཐིམ། དེ་རྣམས་ལུས་དཀྱིལ་གྱི་ཁྱུང་ལ་ཐིམ། བདག་ཉིད་ ལུས་དཀྱིལ་གྱི་ལྷ་ཚོགས་དང་བཅས་པ་ཡང༌། ཡེ་ཤེས་སེམས་པ་ལ་ཐིམ། དེ་ཏིང་ངེ་འཛིན་ སེམས་པ་ལ་ཐིམ། དེ་ཡང་ནཱ་དའི་བར་དུ་བསྡུས་ནས་དམིགས་མེད་དུ་ཅུང་ཟད་མཉམ་པར་བཞག །སླར་ཡང་ 23-1-284 བདག་ཉིད་དཔའ་བོ་གཅིག་པར་གྱུར། གནས་གསུམ་དུ་འབྲུ་གསུམ་དང༌། གནས་ལྔར་ཁྱུང་རིགས་ལྔ་བཀོད་ ལ། དགེ་བ་བསྔོས་ཏེ། ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །སྤྱིར་འདིའི་ཕྱི་སྒྲུབ་ཁོ་ན་ནི། ཡབ་རྐྱང་ཕྱི་དཀྱིལ་ཅན། ལུས་ལ་ཁྱུང་ རིགས་ལྔ་ཁོ་ན་བཀོད་པ་ཡིན་ལ། གསང་སྒྲུབ་ནི། ཡབ་རྐྱང་ལ་ལུས་དཀྱིལ་འབའ་ཞིག་བཀོད་པ་ཡིན་ཅིང༌། ནང་སྒྲུབ་ཁོ་ན་ནི། གཙོ་བོ་ཡབ་ཡུམ། ཕྱི་དཀྱིལ་དང་བཅས་པ། སྐུ་ལ་ཁྱུང་རིགས་ལྔ་ཁོ་ན་བཀོད་པའོ། །འདི་ནི་ནང་སྒྲུབ་ཀྱི་སྟེང་དུ། ཕྱི་སྒྲུབ་དང་ གསང་སྒྲུབ་ཀྱང་ཚང་བ་ཡིན་པས། ཚུལ་འདིས་སྒྲུབ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ན། གསུམ་གར་ཐོབ་པར་འགྱུར་ རོ་ཞེས། རྗེ་བཙུན་རྩ་བའི་བླ་མ་གསུང་ངོ༌། །ཕྱི་ནང་གསང་གསུམ་གྱི་སྔགས་འདི་དག་དང་ལྡན་པའི་སྒྲུབ་ཐབས་གང་ཡང་གཏུམ་ ཆེན་དུ་གཏོགས་ལ། གཏུམ་ཆུང་ནི། གཏུམ་པོ་ཁྲ་ཐོགས་སུ་གྲགས་པ་སྟེ། ཤམ་བུའི་སྔགས་ཀྱང་གཞན་ནོ། །སྤྱིར་ཕྱག་རྡོར་གཏུམ་ པོའི་ཆོས་སྐོར་སྔོན་དུས་དར་ཆེས་པས། འདྲ་མིན་མང་ལ། རྗེ་རས་ཆུང་པ་དངོས་སློབ་ཉིད་སློབ་དང་བཅས་པས་མཛད་ངེས་པའི་ སྒྲུབ་དཀྱིལ་གྱི་ཡི་གེ་ཡང་མེད་པ་དང༌། གཏུམ་པོའི་རྒྱུད་གཞུང་ལྟར་སྣང་ཡང་མང་ཞིང༌། རྣམ་དག་རྣམས་ཀྱང༌། ལ་ལ་རྙིང་མ་ དང༌། ལ་ལ་ལོ་ཙཱ་བ་གཞན་ནས་བརྒྱུད་པའང་ཡོད་པས། སྒྲུབ་ཐབས་འདྲ་མིན་བགྲང་བར་མི་དཔྱོད་དོ། །འོན་ཀྱང་འདི་ཙམ་ཞིག་ ནི། རྒྱུ་མཚན་དང་དན་རྟགས་དུ་མས། ཤིན་ཏུ་ཡིད་ཆེས་པའི་གནས་སུ་ངེས་པ་བརྙེས་ལ། རྒྱུད་གསང་བ་བསྟན་པར་གྲགས་པའི་ དངོས་བསྟན་གྱི་ཕྱི་དཀྱིལ་ལྷ་བཅུ་གསུམ་མ་ནི། ད་ལྟའི་བར་དུ་ཡང་དར་རྒྱས་ཆེ་མོད་ཀྱི། རས་ཆུང་པ་ཉིད་ཀྱི་བཞེད་པ་ཐུན་མོང་ མ་ཡིན་པ་ནི། ད་ལྟའི་གསང་བ་བསྟན་པར་གྲགས་པ་འདིའི་ལུགས་མ་ཡིན་ནོ། །ཞེས་ཀྱང་གྲགས་སོ། ། དེ་སྐད་སྨྲ་བ་ཏཱ་ར་ནཱ་ཐ་སྟེ། །རང་བློས་ཟབ་མོ་སྤྱོད་པར་མི་ནུས་ཀྱང༌། །དམ་པ་མཆོག་གི་གསུང་གིས་བསྐུལ་བ་ལས། །བླ་ མའི་གསུང་རྗེས་འབྲང་ཕྱིར་ཉེས་མེད་སྙམ། །གང་འདིར་སེམས་ཁྲལ་བྱས་པ་ལས། །རྣམ་དཀར་ཅི་མཆིས་དེ་ཡིས་ཀྱང༌། །འགྲོ་ ཀུན་རྡོ་རྗེའི་གནས་མཆོག་ལ། །ད་ལྟ་ཉིད་དུ་འཁོད་པར་ཤོག ། གསང་བའི་བདག་པོའི་སྒྲུབ་ཐབས་རྣམས་ཀྱི་ནང་ནས། ཆེས་བྱིན་རླབས་མྱུར་བ་སྐྱེས་མཆོག་རྡོ་རྗེ་གྲགས་པའི་བཞེད་དོན་ འདི་ནི། བསམས་བཞིན་སྐྱེས་པས་འགྲོ་བའི་དོན་སྤྱོད་པའི་སྐྱེས་མཆོག་སྐུ་གསུང་ཐུགས་ཀྱི་རྣམ་ཐར་མཚུངས་པ་མེད་པས་མངོན་ པར་སྤྲས་པ། སྟག་ལུང་པ་ཆེན་པོ་རྗེ་བཙུན་བླ་མ་དམ་པ་ངག་དབང་རྣམ་པར་རྒྱལ་བའི་ཞལ་སྔ་ནས་བཀའ་བསྩལ་སྤྱི་བོས་ནོད་ དེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སུག་ལས་སུ་འཚལ་བའོ།། །། བཀྲ་ཤིས། 23-1-285 ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༩༽ 23-1-286 ༄༅། །ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་གི་ ཐོ་ཡིག་བཞུགས། ༄༅། །ༀ་སྭཱ་སྟི། ཕྱག་ན་རྡོ་རྗེ་གཏུམ་པོའི་དབང་གི་ཐོ་ཡིག་ནི། ས་ཆོག་དང༌། སའི་ལྷ་མོ་སྟ་གོན་དུ་གནས་པ། ལྷ་སྟ་གོན་ དུ་གནས་པ་རྣམས་དཀྱིལ་འཁོར་སྤྱིས་རིགས་འགྲེ་ཞིང༌། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ན་སའི་ལྷ་མོ་སྟ་གོན་མི་དགོས། ལྷ་སྟ་གོན་ཡང་མེད་པས་རུང་བ་ཙམ་ཡིན་མོད་ཀྱི། བྱས་ན་ལེགས་སོ། །དེ་བསྐྱེད་ཚུལ་ནི། གཞལ་ཡས་ཁང་གདན་དང་བཅས་པ་ བསྐྱེད་ནས། ཚོམ་བུ་རྣམས་སྐད་ཅིག་གིས་ལྷ་སོ་སོར་བསྐྱེད། ཡེ་ཤེས་པ་བསྟིམ། དབང་བསྐུར་བ་མི་མཛད། མཆོད་བསྟོད་སྙན་ གསན་དབབ་པ་རྣམས་བྱའོ། །བུམ་པ་མགུལ་འཆིང་སྔོན་པོ་ཅན་བྱ། རྣམ་རྒྱལ་བུམ་པ་བྷྲུཾ་ལས་གཞལ་ཡས་ཁང་དང༌། དེ་ནང་དུ་ ལྷ་ཡོངས་རྫོགས་སྐད་ཅིག་གིས་བསྐྱེད་ལ། གོ་ཆ་བགོ། ཡེ་ཤེས་པ་བསྟིམ། དབང་བསྐུར། མཆོད་བསྟོད་བཟླས་པ་བདུད་རྩིར་ བཞུ་བ་རྣམས་བྱ། ལས་བུམ་གྱི་ནང་དུ་ཕྱག་ན་རྡོ་རྗེ་ཡབ་རྐྱང་ཞིག་བསྐྱེད་ལ། གོ་སྐོན་པ་ལ་སོགས་པ་གོང་བཞིན། ཨ་མྲྀ་ཏའི་ སྔགས་བཟླ། བདུད་རྩིར་བཞུ་བ་མི་དགོས་སོ། ། སློབ་མ་སྟ་གོན་ལ། མྱ་ངན་ལས་འདས་པའི་བསམ་པ་བསྐྱེད་དུ་གཞུག་པ། གསོལ་བ་འདེབས་པ། སྤྲོ་བ་བསྐྱེད་པ། སོ་ ཤིང༌། ཁྱོར་ཆུ། སྲུང་སྐུད། ཀུ་ཤ་སྦྱིན་པ། རྨི་ལམ་བརྟག་པ་རྣམས་སྤྱི་དང་མཚུངས། དེ་ནས་སློབ་མས་མཎྜལ་ཕུལ་ལ། ཐལ་ མོ་སྦྱར་ནས་རྗེས་ཟློས་བྱ་སྟེ། ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། །སངས་རྒྱས་བྱང་ཆུབ་སེམས་ དཔའ་ཆེ། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །ཐམས་ཅད་བདག་ལ་དགོངས་སུ་ གསོལ། །དེང་ནས་བཟུང་སྟེ་མགོན་མེད་བདག །བྱང་ཆུབ་སྙིང་པོ་མ་ཐོབ་བར། །འཁོར་ བའི་འཇིགས་པ་ཆེན་པོ་ལས། །བདག་དང་འགྲོ་བ་སྐྱབས་པའི་ཕྱིར། །རྐང་གཉིས་གཙོ་བོ་ སྐུ་གསུམ་བདག །ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་ བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་ཏེ། །ཕྱིར་མི་ལྡོག་ལ་སྐྱབས་ 23-1-287 སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། ། སྟོང་པ་སྙིང་རྗེ་དབྱེར་མེད་པ། །གཉུག་མའི་སེམས་ལ་སྐྱབས་སུ་མཆི། །བདག་གི་ལུས་ དང་ངག་ཡིད་ཀྱིས། །སྔོན་ཆད་སྡིག་པ་ཅི་བགྱིས་པ། །མགོན་པོ་ཁྱོད་ཀྱི་སྤྱན་སྔར་བཤགས། ། སླད་ཆད་སྡིག་པ་མི་བགྱིད་པས། །དེང་ནས་ཁྱེད་ཀྱི་འབངས་སུ་མཆི། །ཁྱེད་ཀྱི་བསླབ་བྱ་ རྗེས་སུ་སློབ། །ཁྱེད་ཀྱི་བཀའ་ལས་མི་འདའ་བས། །ཀུན་ནས་ཡོངས་སུ་སྐྱབས་སུ་གསོལ། ། ཅེས་ལན་གསུམ་བརྗོད། དེ་ནས་རིགས་ལྔའི་སྡོམ་པ་བཟུང་བ་ནི་སྤྱི་དང་མཚུངས། དེ་ནས་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་ བ་བསྐྱེད་དུ་གཞུག་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་བ་རའི་མེ་ཏོག་བཞིན། །རེས་ འགའ་འབྱུང་ངམ་མི་འབྱུང་སྲིད། །རྒྱ་ལམ་ལ་ནི་རེས་འགའ་འབྱུང༌། །གསང་སྔགས་སྤྱོད་ ཚུལ་འབྱུང་བ་ནི། །དེ་དག་པས་ཀྱང་ཤིན་ཏུ་དཀོན། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདི། ། སེམས་ཅན་སངས་རྒྱས་བྱེད་པའོ། །ཞེས་སོ། ། སྟ་གོན་གྱི་དཀྱིལ་འཁོར་མཆོད་དེ་ནམ་མཁར་འདེགས་པ་དང༌། རྡུལ་ཚོན་གྱི་ཕྱོགས་ལ། ཐིག་ཚོན་བྱིན་རླབས། དཀྱིལ་ འཁོར་འབྲི་ཞིང་རྒྱན་བཀྲམ་པ་སོགས་སྤྱི་ཁྱབ་ཀྱི་རིགས་འགྲེ་ཞིང༌། དངོས་གཞིའི་ཆོ་ག་ནི། བདག་བསྐྱེད་སྔོན་དུ་སོང་བས། བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྡུ། མདུན་བསྐྱེད་བསངས་སྦྱངས། ལྷ་ལ་དབང་བསྐུར་བའི་བར། ཕལ་ཆེར་བདག་བསྐྱེད་དང་ འདྲ་བ་ལས། གཙོ་འཁོར་ཐམས་ཅད་ས་བོན་ཁོ་ན་ལས་བསྐྱེད་པ་དང༌། གཙོ་བོ་ལ་ལུས་དཀྱིལ་ཁྱུང་ལྔ་ལས་མི་བྱེད་པ་དང༌། ཡེ་ ཤེས་སེམས་དཔའི་སྔོན་དུ་སྟ་གོན་གྱི་ལྷ་བསྲེ་བ་ནི་ཁྱད་པར་རོ། །དེ་ནས་མཆོད་བསྟོད་གཏོར་མ་དང་བཅས་པ་རྒྱས་པར་བྱ། འཇིག་རྟེན་པའི་གཏོར་མ་བདག་འཇུག་གིས་རྗེས་ལ་བཏང་ཀྱང་རུང་ངོ༌། །ཡིག་བརྒྱས་ཉམས་ཆགས་བཀང༌། སློབ་མ་ལ་བསྐུར་ བ་ལྟར་བདག་འཇུག་བླང་ལ། དམ་ཚིག་གསུམ་གྱི་གླུ་བླངས། སློབ་མ་རྣམས་ཀྱིས་མཎྜལ་ཕུལ། གསོལ་བ་བཏབ། མིག་དར་ བཏང༌། རིགས་ལྔའི་སྡོམ་བཟུང་བྱས། ལག་ཏུ་མེ་ཏོག་གཏད་ལ། ཟླ་བ་རྡོ་རྗེའི་སེམས་བསྐྱེད་མ་ཐག་ཏུ། ༀ་བཛྲ་པཱ་ཎི་ཧཱུཾ་ ཞེས་བརྗོད་པས། སློབ་མ་ཕྱག་ན་རྡོ་རྗེར་གྱུར་པ་ལ། མཆོད་པ་ལྔས་མཆོད། དེ་ནས་གསང་གདམས་སྤྱི་དང་འདྲ། དེང་ཉིད་རྡོ་ རྗེ་གཏུམ་པོ་བདག །ཁྱོད་ཀྱིས་སྙིང་ལ་ཡང་དག་ཞུགས། །ཞེས་སོགས་དང༌། བླ་མའི་བཀའ་ཉན་པ་དང༌། 23-1-288 མནའ་ཆུ་བླུད་པའི་སྒོ་ནས་ཀྱང་དམ་ལ་བཞག དེ་ནས་ཡོལ་བའི་ནང་དུ་བཅུག་ལ། དེ་བཞིན་གཤེགས་པ་ཐམས་ ཅད་དང༌། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་འདི་རུ་ནི། །བདག་ གི་སློབ་མ་ཞུགས་པར་བགྱི། །སྒོ་རང་ཕྱེ་ནས། ནང་དུ་ཞུགས། ཁྱུང་ལྔའི་ཐུགས་ཀ་ནས་སོ་སོའི་ཕྱག་མཚན་སྤྲོས་ཏེ། སློབ་མའི་གནས་ལྔར་བསྟིམ། ཕྱོགས་བཞི་ནས་ཕྱག་གསུམ་གསུམ་བྱ་སྟེ། ༀ་ན་མ་སྟེ་ཧཱུཾ། ཞེས་སོགས་ཀྱིས་སོ། ། འདིའི་རྗེས་ཟློས། གསང་བ་བརྟན་པའི་དཀྱིལ་འཁོར་དུ། རིག་པའི་མེ་ཏོག་འདི་ཕུལ་བས། །སྔོན་ཚེ་ཡེ་ ཤེས་བསྙེན་པའི་ལྷ། །གང་ཡིན་དེ་ལ་འབབ་པར་ཤོག །ཅེས་མེ་ཏོག་འདོར། ཡེ་ཤེས་དབབ་པའི་དོན་དུ་ གསོལ་བ་བཏབ། སྤྱི་བོར་བླ་མ་མེ་རིའི་ནང་དུ་བཞུགས་པ་ནད་གདོན་བསྲེག་པ་དང༌། ནམ་མཁའ་ནས་བྱ་ཁྱུང་མང་པོ་ཅུ་རུ་རུ་ བྱུང༌། སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཁེངས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའ་དཔག་ཏུ་མེད་པ་བྱུང་ནས། སློབ་མ་ལ་བསྟིམ། ༀ་ཨ་བེ་ཤ་ཡ། དུ་རི་མ་ནུ་ར་རི། ཨ་བེ་ཤ་ཡ་ཨ་བེ་ཤ་ཡ། སྟཾ་བྷ་ཡ་སྟཾ་བྷ་ཡ། རུ་རུ་ཙ་ལེ་ཧཱུཾ། ཨ་བེ་དུ་ཧཱུཾ། ཧ་ཥེ་སྭཱཧཱ། ཞེས་རོལ་མོའི་སྒྲ་བྱ་ཞིང་མེ་ཏོག་གཏོར། དེ་ནས་བརྟན་པར་བྱ་བ། ཁ་ དོག་འདྲི་བ། མིག་དར་འགྲོལ་བ་རྣམས་བྱ། ལྟོས་ཤིག་ལྟོས་ཤིག་འདི་ལ་ལྟོས། །དཀྱིལ་འཁོར་བཟང་ པོ་འདི་ལ་ལྟོས། །ཁྱོད་ནི་རྡོ་རྗེ་གཏུམ་པོའི་རིགས། །སྐལ་བ་ནམ་མཁའི་མཐའ་དང་མཉམ། ། དེ་ནས་ལྷ་ངོ་རྒྱས་པར་བསྟན། །དེ་ནས་རྣམ་དག་བསྟན་པ་ནི། །དབུས་སུ་ཕུར་བུས་བཏབ་ པ་ནི། །དྲན་པའོ། །ཐིག་སྐུད་ནི་ཚངས་པའི་གནས་བཞིའོ། །ལྷ་དང་ལྷ་མོ་ནི་དཔེ། དམ་ཚིག་ གི་ཕྱག་རྒྱའོ། །བསྲུང་བའི་འཁོར་ལོ་ནི་ཆོས་ཀྱི་ཕྱག་རྒྱའོ། །པདྨ་ནི་ལས་ཀྱི་ཕྱག་རྒྱའོ། །ཟེའུ་ འབྲུ་ནི་ཕྱག་རྒྱ་ཆེན་པོའོ། །སྣ་ཚོགས་རྡོ་རྗེ་ནི་འཕྲིན་ལས་བཞི་སྟོན་པའོ། །སྒོ་བཞི་ནི་ཚད་ མེད་བཞི། མཚོན་སྣ་ལྔ་ནི་ཡེ་ཤེས་ལྔ། །འཁོར་ལོ་རྩིབས་བརྒྱད་ནི་རྣམ་རྟོག་གཅོད་པ་ལྟེ་བ་ མཐིང་ག་ཆོས་ཀྱི་སྐུ། ས་བོན་དང་ཕྱག་མཚན་ནི་ལོངས་སྤྱོད་རྫོགས་པའི་སྐུ། ཁྱུང་རྣམས་སྣ་ ཚོགས་སྤྲུལ་པའི་སྐུའོ། ། ཡང་ན་མངོན་རྟོགས་ནས་འབྱུང་བ་བཞིན་བསྟན་ཀྱང་རུང༌། དེ་ནས་མཎྜལ་ཕུལ། བྱང་ཆུབ་རྡོ་རྗེ་གསོལ་བ་ 23-1-289 བཏབ། །སློབ་མ་གཙོ་བོར་སྒོམ་དུ་བཅུག །སངས་རྒྱས་རྣམས་ཀྱི་བུམ་པའི་དབང༌། །སངས་ རྒྱས་ཀུན་གྱི་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །བུམ་པའི་དབང་འདི་ཁྱོད་ཀྱི་ ལོང༌། །བླ་མ་མི་བསྐྱོད་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས། དབང་ལྷ་དཔག་ཏུ་མེད་པ་སྤྲུལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་དང༌། ཇི་ལྟར་བལྟམས་པ་སོགས་ཀྱི་དབང་བསྐུར། མི་བསྐྱོད་པས་ དབུ་བརྒྱན། སློབ་མ་རྣམ་སྣང་གི་ང་རྒྱལ་འཁྱུད་རྒྱ་བྱར་གཞུག །རྡོར་དྲིལ་སྤྱི་བོར་བཟུང་ལ། གང་གང་གནང་བ་དེ་དང་ དེ། །ཕྱག་ན་རྡོ་རྗེ་རང་ཉིད་གཙོ། །གང་ཕྱིར་ཆོས་རྣམས་རྣམ་དག་པ། །སངས་རྒྱས་ཡེ་ཤེས་ རིན་ཆེན་ཉིད། །ༀ་བུདྡྷ་ཨ་བྷི་ཥིཉྩ་ཧཱུཾ་མིང་འདོགས། རིན་ཆེན་འབྱུང་ལྡན་དུ་བསྐྱེད་པའི་དབུ་རྒྱན་སྐོན་ལ། རིན་ ཆེན་དག་གི་དབུ་རྒྱན་དང༌། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ༀ་རཏྣ་མཱ་ལ་ཨ་བྷི་ ཥིཉྩ་ཏྲཱཾ། རྡོ་རྗེ་གཏུམ་པོ་སྣང་བ་མཐའ་ཡས་སུ་བསྐྱེད་པའི། རྡོ་རྗེ་གཏད་ལ། དེ་རིང་སངས་རྒྱས་ཐམས་ཅད་དང༌། ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །སངས་རྒྱས་ཀུན་གྱིས་བསྒྲུབ་པའི་ཕྱིར། །རྡོ་རྗེའི་དབང་ འདི་ཁྱོད་ཀྱིས་ལོང༌། །ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ནས་དོན་གྲུབ་ཏུ་བསྐྱེད་པའི་དྲིལ་བུ་གཏད་ལ། འདི་ནི་རྣལ་ འབྱོར་མ་རྣམས་ཀྱི། །ཤེས་རབ་དབྱངས། ཞེས་པ་ནས། ༀ་ཀརྨ་ཨ་བྷི་ཥིཉྩ་ཨ། དེ་ནས་སློབ་དཔོན་ གྱི་དབང་ནི། རྡོ་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །དེ་རིང་བདག་ལ་བསྩལ་དུ་གསོལ། །ཞེས་གསོལ་ བ་བཏབ། རྡོ་རྗེ་ཆེ་སོགས་དང༌། དེ་རིང་དཀྱིལ་འཁོར་སློབ་དཔོན་གྱུར་ནས། སྔགས་ལ་སྦྱོར་གྱི་བར་ དང་སྤྱི་དང་མཐུན་པར་མདའ་གཞུ་སྦྱིན། འཁོར་ལོ་དུང་པོ་ཏི་རྣམས་གཏད་ལ། དེང་ནས་བརྩམས་ཏེ་སེམས་བསྐྱེད་ པ། །ཞེས་པ་ནས། རྟག་ཏུ་བསྲུང་བར་མཛད། །ཅེས་པའི་བར་བརྗོད། དེ་ནས་དེ་ཁོ་ན་ཉིད་གསུམ་བཟུང་བ་སྤྱི་དང་ འདྲ། སླར་ཡང་བུམ་པའི་ཆུས་དབང་བསྐུར་ཏེ། རྡོ་རྗེ་སེམས་པས་དབུ་བརྒྱན། རྗེས་གནང་ལ། མིག་ཐུར། མེ་ལོང༌། རིགས་ལྔའི་ སྤྲུལ་བཤད། སྔགས་ཀྱི་བཟླས་ལུང་རྣམས་བྱ་ཞིང༌། ལུང་བསྟན་དང༌། གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། ། སོགས་དབུགས་དབྱུང་བ་དང༌། འདོད་ཆགས་བྲལ་བ་ལྟ་བུ་ཡིས། །སོགས་དམ་ཚིག་བསྒྲགས་པ་དང༌། གང་ ཞིག་བསྐྱེད་པ་ཙམ་གྱི་ནི། །ཞེས་པ་ནས། འདི་ནི་མ་འོངས་རྫོགས་སངས་རྒྱས། །ཞེས་པའི་བར་གྱི་ 23-1-290 གཟེངས་བསྟོད་རྣམས་བྱ་སྟེ། བུམ་དབང༌། མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། གསང་དབང་ངོ་བོ་སྤྱི་དང་ མཐུན། ཤེར་དབང་ལ། མཎྜལ་གསོལ་བཏབ་གོང་བཞིན། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སོགས་ཀྱིས་རིག་མ་ གཏད། ཞལ་སྦྱོར་དུ་འདུག་པར་མོས། སློབ་མའི་གནས་ལྔར་ཁྱུང་རིགས་ལྔའི་ཐུགས་ཀར་ཡང༌། རིགས་ལྔའི་ཕྱག་མཚན་ཡེ་ཤེས་ ལྔའི་མེ་འབར་བ་བསྐྱེད། དེས་དུག་ལྔ་བསྲེགས། བྱང་སེམས་ཞུ་བས་དགའ་བཞི་ཐོབ་པར་མོས། དབང་བཞི་པ་ལ་མཎྜལ་གསོལ་ བཏབ་གོང་དང་འདྲ། འཛིན་པ་གང་ཡང་མེད་པ་རུ། །རང་བཞིན་མེད་པའི་ངང་ལ་བཞག །སེམས་ ཉིད་མ་བཅོས་གཉུག་མ་རུ། །ཤེས་པ་བཞི་པའི་དོན་ཡིན་གསུང༌། ཞེས་པའོ། ། དབང་གོང་མ་གསུམ་ལ་མིག་དར་བཅིངས་འགྲོལ་མི་མཛད་ཀུན་གྱི་མཐའ་རྟེན་ཅོད་པན་གྱི་དབང་ནི། མེ་ཏོག་འཕྲེང་བ་སྤྱི་ བོར་གཏུགས་ཏེ། ཧཱུཾ་མེ་ཏོག་གང་ལ་ལྷུང་གྱུར་ཅིང༌། །བསྐལ་པ་དུ་མར་རབ་སྒྲུབ་པ། །ལས་དང་ སྐལ་བར་འཛོམས་པ་ཡི། །ཅོད་པན་འཕྲེང་བའི་དངོས་གྲུབ་ལོངས། ། གཉིས་པ་དངོས་གྲུབ་ཀྱི་དབང་ནི། བདུད་རྩི་ལན་གསུམ་དུ་བླུད་ལ། ཧཱུཾ་སྐྱེ་མེད་སྐུ་ལ་བརྗོད་བྲལ་གསུང༌། ། རྟོག་མེད་ཐུགས་ཀྱི་དངོས་གྲུབ་བསྩོལ། ། གསུམ་པ་སློབ་དཔོན་དུ་བྱིན་གྱིས་བརླབ་པ་ནི། གདུགས་དང་རོལ་མོར་བཅས་ཏེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་ དུ་བྱས་ནས། སྔགས་དང་བརྒྱུད་རྣམས་འཛིན་གྱུར་པའི། །སློབ་མ་འདི་ནི་འབུལ་བ་ལགས། །ཞེས་ པའོ། །སློབ་མ་དང་དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་ནི། སྤྱི་དང་མཐུན་ནོ། །མདའ་གཞུ་དང་ཆོས་བཤད་དང༌། སྔགས་ཀྱི་རྗེས་ གནང་མ་གཏོགས། མིག་ཐུར་ནས་གཟེངས་བསྟོད་ཀྱི་བར། གཞན་ནས་ཁ་བསྐང་བར་གནང་བས། ལུགས་འདི་ལ་མེད་ཀྱང་ ཆོག་པ་འདྲ་ཞིང༌། གཞན་ནས་ཁ་བསྐང་བ། གཞན་ཡང་ཕྲ་མོ་སྣང་མོད་ཀྱི། དེ་དག་ནི་དགོས་པར་མངོན་ནོ། ། ཞེས་པ་གསང་བདག་གཏུམ་པོ་རས་ཆུང་ལུགས་ཀྱི་དབང་གི་ཐོ་ཡིག་འདི་ནི། རྗེ་བཙུན་བླ་མ་དམ་པ་མཆོག་གི་སྐྱེས་མཆོག་ དཔལ་སྟག་ལུང་ངག་གིས་དབང་པོའི་བཀའ་གནང་སྟེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས།། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་མ། ༧༠༩༽ 23-1-291 ༄༅། །འཁོར་ལོ་སྒྱུར་དྲུག་གི་སྒྲུབ་ཐབས་ཕུན་ཚོགས་ ཐམས་ཅད་བསྐྱེད་པའི་གཞི་ཞེས་ བྱ་བ་བཞུགས། ༄༅། །ན་མོ་བཛྲ་དྷ་ར་ཡ། འཁོར་ལོས་སྒྱུར་བ་དྲུག་གི་གཙོ། །བླ་མ་མཆོག་ཞབས་ལ་བཏུད་ནས། །དེ་ཡི་སྒྲུབ་ ཐབས་རྨད་བྱུང་བ། །ཀུན་ལ་ཕན་ཕྱིར་བྲི་བར་བྱ། ། འདིར་འཁོར་ལོ་སྒྱུར་དྲུག་གི་མངོན་རྟོགས་བསྒོམ་པར་འདོད་པས། སྐྱབས་སེམས་རྡོ་རྗེ་སེམས་པའི་སྒོ་བཟླས་རྣམས་བྱ། ཤྲཱི་ཧེ་རུ་ཀོ྅ཧཾ། རང་གི་སྙིང་གར་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་འོད་ཟེར་དང་མཆོད་པའི་ལྷ་མོ་ དཔག་ཏུ་མེད་པ་སྤྲོས། བླ་མ་དཀྱིལ་འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་ བཅས་པ་སྤྱན་དྲངས་ལ་མཆོད་པར་གྱུར། གང་གི་དྲིན་གྱི་བདེ་ཆེན་ཉིད། །ཅེས་སོགས་ཤླཽ་ཀ་གཉིས་ ཀྱི་ཕྱག་བྱ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། སོགས། ཡན་ལག་བདུན་པ་བྱ། སྤྲོ་ན་རིགས་ལྔའི་སྡོམ་པ་བཟུང༌། ༀ་མུཿ ཞེས་པས་གཤེགས་སུ་གསོལ་བའམ་མི་དམིགས་པར་ བསམ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམ། མགོ་བོར་གཟུགས་ཕུང་བྷྲཱུཾ་ལས་རྣམ་སྣང་དཀར་པོ་གཡས་འཁོར་ལོ་གཡོན་དྲིལ་བུ་ དཀུར་བསྟེན་ནས། ལྟེ་བར་ཚོར་བ་ལཾ་ལས། རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ། མགྲིན་ པར་འདུ་ཤེས་ཧྲཱིཿལས་པདྨ་གར་དབང་དམར་པོ་གཡས་པདྨ། ལོང་བུར་འདུ་བྱེད་ཧོ་ལས་རྡོ་ རྗེ་རྒྱལ་པོ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། གསུམ་གའང་གཡོན་དྲིལ་བུ་ཐུགས་ཀར་འཛིན་ ཅིང༌། བཞིར་གར་ཡང་ཕྱག་གཡས་འཕྱར་བའི་སྟབས་སོ། །སྙིང་གར་རྣམ་ཤེས་ཧཱུཾ་ལས་རྡོ་རྗེ་ 23-1-292 སེམས་དཔའ་དཀར་པོ་གཡས་རྡོ་རྗེ་ཐུགས་ཀར་གཏོད་པ། སྤྱི་གཙུག་ཏུ་དེ་བཞིན་ཉིད་ཀྱི་ངོ་ བོ་ཧི་ལས་ཧེ་རུ་ཀ་ནག་པོ་གཡས་རྡོ་རྗེ་དང་བཅས་པའི་ས་གནོན། དེ་གཉིས་ནི་གཡོན་དྲིལ་ བུ་དཀུར་བསྟེན་པའོ། །མིག་ཏུ་ༀ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཡས་འཁོར་ལོ། རྣ་བར་ ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ་གཡས་རྡོ་རྗེ། སྣར་ཏྲཱཾ་ལས་ཕྲག་དོག་རྡོ་རྗེ་སེར་པོ་གཡས་རིན་པོ་ ཆེ། ལྕེ་རྩར་ཨཱཿལས་འདོད་ཆགས་རྡོ་རྗེ་དམར་པོ་གཡས་པདྨ། དཔྲལ་བར་ཁཾ་ལས་སེར་སྣ་ རྡོ་རྗེ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ། སྙིང་གར་ཧཾ་ལས་དབང་ཕྱུག་རྡོ་རྗེ་དཀར་པོ་གཡས་རྡོ་ རྗེ། གཏི་མུག་རྡོ་རྗེ་ཕྱག་གཡོན་ན་དཀུར་བསྟེན་པ། ཞེ་སྡང་རྡོ་རྗེ་རྡོ་རྗེ་ཐུགས་ཀར་འཛིན་པ། ཁྱད་པར་གཞན་རྣམས་ཁ་དོག་གི་རིམ་བཞིན་རྣམ་སྣང་སོགས་དང་མཚུངས་པ། དེ་ཐམས་ ཅད་ཀྱང་རལ་པའི་ཅོད་པན་ཅན་ནོ། །ལྟེ་བར་ས་ཁམས་ལཾ་ལས་ལྟུང་བྱེད་མ་སེར་མོ་གཡས་ དང་པོ་འཁོར་ལོ་འཛིན་པ། སྙིང་གར་ཆུ་ཁམས་མཾ་ལས་གསོད་བྱེད་མ་ནག་མོ་རྡོ་རྗེ་འཛིན་ པ། མགྲིན་པར་མེ་ཁམས་པཾ་ལས་འགུགས་བྱེད་མ་དམར་མོ་པདྨ་འཛིན་པ། དཔྲལ་བར་རླུང་ ཁམས་ཏཾ་ལས་གར་དབང་མ་ལྗང་ཁུ་རལ་གྲི་འཛིན་པ། ཐམས་ཅད་ཀྱང་གཡས་འོག་མས་ གྲི་གུག གཡོན་གཉིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གསང་གནས་སུ་ནམ་མཁའི་ཁམས་ ཁཾ་དུད་ཁ་ལས་པདྨ་དྲྭ་བ་ཅན་མ་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་ གཡས་གསུམ་ལྕགས་ཀྱུ་ཚངས་མགོ་གྲི་གུག གཡོན་གསུམ་ཐོད་པ་ཁ་ཊྭཱཾ་ཞགས་པ་འཛིན་ པ། ལྷ་མོ་ལྔ་སྐྲ་གྲོལ་བ་ལྷ་བཅུ་བདུན་པོ་ཐམས་ཅད་སྤྱན་གསུམ། ཕྱག་རྒྱ་ལྔ་ལྡན། གཅེར་བུ་ གཡས་བརྐྱང་གི་བཞུགས་པའོ། །ༀ་ཀྲི་ཏི་པ་རི་ཤུདྡྷཿསརྦ་དྷརྨཿ པྲ་ཀྲི་ཏི་པ་རི་ཤུདྡྷོ྅ཧཾ། ༀ་ སྭ་བྷཱ་ཝ་སོགས་ལན་གསུམ། སྟོང་པའི་ངང་ལས་ཧཱུཾ་ལས་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར། བླ་ རེ། མདའི་དྲྭ་བ། མེ་རི་འབར་བ་དང་བཅས་པར་གྱུར། ༀ་མེ་དྷི་ནི་བཛྲི་ནས། ལརྐ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་ པའི་བར་སྔགས་ཚན་དྲུག་བརྗོད། སྣ་ཚོགས་རྡོ་རྗེའི་ལྟེ་བར། བྷྲཱུཾ་ལས་བཀའི་འཁོར་ལོ་སེར་པོ་རྩིབས་ 23-1-293 བཅུ་པ་སེར་པོ་འཁོར་ལོའི་ལྟེ་བར་པཾ་ལས་པདྨ་དང༌། རཾ་ལས་ཉི་མའི་སྟེང་དུ་ཧཱུཾ། དེ་ལས་ རང་ཉིད་རྡོ་རྗེ་སེམས་པ་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་སེར་ལྗང་བའི། ཞལ་ གསུམ། རྩ་ཕྱག་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཡུམ་ལ་འཁྱུད་པ། ལྷག་ མ་གཡས་གཉིས་ལྕགས་ཀྱུ་དང་ཞགས་པ། གཡས་རྐྱང་གི་སྟབས་ཅན་དེའི་ཐུགས་ཀ་ནས་ཧཱུཾ་ བཅུ་སྤྲོས་ཏེ། འཁོར་ལོའི་རྩིབས་བཅུར་འཁོད་པ་ཁྲོ་བོ་བཅུར་འཁོད་པ་དང༌། བདག་ཉིད་ རྡོ་རྗེ་འཇིགས་བྱེད་ཧཱུཾ་མཛད་ཧེ་རུ་ཀར་གྱུར་པ་ནི། སྐུ་མདོག་མཐིང་ནག ནག་སེར་ལྗང་བའི་ ཞལ་གསུམ། ཕྱག་དྲུག་གི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཞབས་གཡས་རྐྱང་ བས་འཇིགས་བྱེད་དུས་མཚན་གནན་པ། ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་མོ། སྔོ་སེར་ལྗང་བའི་ ཞལ་གསུམ། བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་ནག་ལྗང་བ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ་ དམར་ནག་ལྗང་བ། ལྷོ་རུ་རྡོ་རྗེ་འཁྱིལ་བ་ལྗང་ཁུ་ལྗང་དཀར་སེར་བ། མེར་རྡོ་རྗེ་གནོད་སྦྱིན་ དུད་ཁ། དུད་སེར་ལྗང་བ། བདེན་བྲལ་དུ་རྡོ་རྗེ་དུས་དམར་པོ། དམར་སེར་ལྗང་བ། རླུང་དུ་ རྡོ་རྗེ་སྟོབས་པོ་ཆེ་ནག་པོ་ནག་སེར་ལྗང་བ། དབང་གདན་དུ་རྡོ་རྗེ་འཇིགས་རུང་སྔོན་པོ་སྔོ་ སེར་ལྗང་བའི་ཞལ་གསུམ་མི་གཡོ་བ། དེ་རྣམས་ཕྱག་དང་པོ་གཉིས་ཀྱི་ཅང་ཏེའུ་དང་དྲིལ་བུ་ འཛིན་པ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་དཀར་པོ། དཀར་ནག་ལྗང་བ། ཕྱག་ དང་པོ་གཉིས་འཁོར་ལོ་དང་དྲིལ་བུ། འོག་ཏུ་རྡོ་རྗེ་ས་འོག་ནག་པོ་ནག་སེར་ལྗང་བ། ཕྱག་ དང་པོ་གཉིས་རྩེ་གསུམ་དང་དྲིལ་བུ། ཁྲོ་བོ་བཅུ་པོ་རྣམས་ནི་ཕྱོགས་སྐྱོང་བ་བཅུ་གནོན་པ། གཙོ་འཁོར་ཐམས་ཅད་རྩ་ཕྱག་གཉིས་ཀྱི་རང་སྣང་གི་རིག་མ་ལ་འཁྱུད་ཅིང༌། ལྷག་མ་གཡས་ གཉིས་ན་ལྕགས་ཀྱུ་དང་ཞགས་པ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། སྤྱན་ གསུམ་གསུམ་དང་ལྡན་པ། ཆེར་ཁྲོས་ཤིང༌། སྟག་ལྤགས་ཀྱི་ཤམ་ཐམས་ཅན། རུས་པ་དང་ སྦྲུལ་གྱི་བརྒྱན་ཅིང༌། ཐོད་སྐམ་གྱི་དབུ་རྒྱན་དང༌། མི་མགོའི་དོ་ཤལ་ཅན། པད་ཉི་ལ་གཡས་ 23-1-294 བརྐྱང་གི་སྟབས་ཀྱི་བཞུགས་པའོ། །ༀ་སུམྦྷ་ཞེས་སོགས་ཀྱི་བཀའ་བགོས་པས། ཁྲོ་བོ་རྣམས་ཀྱི་ བགེགས་རྣམས་བཀུག །སྤྱི་བོར་ཕུར་བུས་བཏབ། ༀ་གྷ་གྷ་སོགས། དེ་རྣམས་ཐོ་བས་བརྡུངས། ༀ་བཛྲ་མུདྒ་ར་སོགས། བགེགས་རྣམས་སྟོང་པ་ཉིད་དུ་བཅོམ་སྟེ་དེ་བཞིན་ཉིད་དང་རོ་གཅིག་ ཏུ་གྱུར། ༀ་ཁ་བཛྲ་ཌྷྲྀཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཙཎྜ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཛྭ་ལཱ་ ན་ལཱརྒ་བཛྲ་ཧཱུཾ་ཕཊ། ༀ་བཛྲོཥྞི་ཥ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཛྭ་ལཱ་ཏྲ་ བཛྲ་ཧཱུཾ་ཕཊ། ༀ་བཛྲ་ཀཱ་ལི་བཛྲ་ཧཱུཾ་ཕཊ། ༀ་བཛྲ་མཧཱ་བཱ་ལ་བཛྲ་ཧཱུཾ་ཕཊ། ༀ་བཛྲ་བྷཱི་ཥ་ཎ་བཛྲ་ ཧཱུཾ་ཕཊ། གཙོ་བོ་ཉིད་ཀྱི་རྩ་སྔགས་ཞལ་བཞི་པ་གང་འགྲུབ་བཟླ། འདིར་ཐུན་མོང་མ་ཡིན་པའི་བསྲུང་འཁོར་ཤིན་ཏུ་བསྡུས་ པའི་ཚུལ་གྱི་བཀོད་པ་ཡིན་གྱི། རྒྱས་འབྲིང་སོགས་བསྒོམ་པར་འདོད་ན། ཁྲོ་བོ་རྣམ་རོལ་དུ་རྒྱས་པར་བཤད་ཟིན་པ་བཞིན་བསྒོམ་པར་བྱའོ། །ༀ་ཤཱུ་ནྱ་ ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་ཨ་ནི་མི་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ༀ་ཨ་པྲ་ཎི་ ཧི་ར་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་གི་བར་དོའི་རྣམ་པར་ཤེས་པ་ནཱ་ དའི་རྣམ་པས་ནམ་མཁར་གནས། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་ དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་བྷྲཱུཾ་གྱི་མཚན་པ་ ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རྩིག་པ་ རིམ་པ་ལྔ་དང་ལྡན་པ་ཕ་གུ་དང་བྲེ་ཕུལ་དང་གསེར་གྱི་སྣམ་བུ་དང༌། དྲ་ཕྱེད་དང༌། ཤར་བུ་ དང༌། ཟླ་ཡབ་དང༌། བཟུང་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེག་པའི་རྟ་བབས་སྣམ་བུ་བཞི་དང་བཅས་ པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། དབུས་སྔོ་བ། ཕྱི་རོལ་ 23-1-295 མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་ཁོར་ཡུག་གི་ཕྱི་རོལ་ཏུ། དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང་། ཤིང་དང༌། མེ་དང༌། ཆུ་ དང༌། སྤྲིན་དང༌། རི་དང་། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་ རྣམས་ཀྱི་ཡོངས་སུ་གང་བ། ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་དང་བཅས་པའོ། །གཞལ་ཡས་ ཁང་བཞི་དཀྱིལ་གྱི་དབུས་སུ། རྡོ་རྗེ་སེམས་པའི་དཀྱིལ་འཁོར། ཤར་དུ་རྣམ་པར་སྣང་མཛད་ ཀྱི་དཀྱིལ་འཁོར། ལྷོ་སྟོད་དུ་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར། ལྷོ་སྨད་དུ་སྣང་བ་མཐའ་ ཡས་ཀྱི་དཀྱིལ་འཁོར། བྱང་སྟོད་དུ་མི་བསྐྱོད་པའི་དཀྱིལ་འཁོར། བྱང་སྨད་དུ་དོན་ཡོད་གྲུབ་ པའི་དཀྱིར་འཁོར། ཐམས་ཅད་ཀྱང་རྟ་བབས་དང་བྲལ་བ། ལྷག་མ་གཞལ་མེད་ཁང་གི་ མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ཀ་བ་བརྒྱད་བརྒྱད་དང་ལྡན་པ། སྟེང་ཐོག་ མཛེས་པར་ཕུག་ཅིང༌། དབུས་རྣམས་ཕྱུར་བུར་གྱུར་པ། དཀྱིལ་འཁོར་དེ་རྣམས་ཀྱི་དབུས་སུ། སྣ་ཚོགས་པདྨ་དང་འདབ་མ་བརྒྱད་པའི་གདན་རེ་རེ། དེ་རྣམས་ཀྱི་ལྟེ་བར་རིམ་པས། སེང་ཁྲི་ པདྨ་ཉི་མ། འཇིགས་བྱེད་དུས་མཚན་གྱི་གདན་དང༌། སེང་ཁྲི་པདྨ་ཟླ་བ་ཚངས་པ་དང༌། རྟའི་ ཁྲི་པདྨ་ཉི་མ། ལྷའི་བུ་ཉི་མ་དང༌། རྨ་བྱའི་ཁྲི་པདྨ་ཉི་མ་དབང་ཕྱུག་ཆེན་པོ་དང༌། གླང་པོ་ཆེའི་ ཁྲི་པདྨ་ཉི་མ་ཁྱབ་འཇུག་དང༌། མཁའ་ལྡིང་ཁྲི་པདྨ་ཉི་མ་ལྷའི་བུ་ཟླ་བ། གདན་དྲུག་ཅར་གྱི་ སྟེང་དུ་ཨ་ཨཱ་ནས། ཨཾ་ཨཿཕྲག་གཉིས་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ དྲུག ཀ་ཁ་ནས། ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷ་རྣམས་ཕྲག་གཉིས་གཉིས་ཡོངས་སུ་གྱུར་པ་ལས་ཉི་ མའི་དཀྱིལ་འཁོར་དྲུག དེ་རྣམས་ཀྱི་དབུས་སུ་རིམ་པས། ཧཱུཾ་བྷྲཱུཾ་ཨཾ་ཧྲིཾ་ཁཾ་བཾ་རྣམས་ཡོངས་སུ་ གྱུར་པ་ལས། རྡོ་རྗེ་དཀར་པོ། འཁོར་ལོ། རིན་པོ་ཆེ། རྡོ་རྗེ་སྔོན་པོ། པདྨ། རལ་གྲི་རྣམས་ ཡོངས་སུ་གྱུར་པ་ལས། འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་ འདུས་ཤིང་ཐིམ་པ་ལས། རིགས་དྲུག་གི་འཁོར་ལོས་བསྒྱུར་བ། ཡབ་ཡུམ་རང་རང་གི་འཁོར་ 23-1-296 དང་བཅས་པ་ཡོངས་སུ་རྫོགས་པར་གྱུར་པ་ནི། གཞལ་མེད་ཁང་དབུས་མའི་དབུས་ཀྱི་ གདན་གྱི་སྟེང་དུ་རང་ཉིད་ཡེ་ཤེས་མཁའ་འགྲོ། རྡོ་རྗེ་སེམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་ དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། དཀར་མོ་ གཡས་རྡོ་རྗེ་དང་གཡོན་ཐོད་པ་འཛིན་པ། ཤར་ལྷོར་མཁའ་འགྲོ་མ་སྔོན་མོ། ལྷོ་ནུབ་ཏུ་ལཱ་མ་ ལྗང་ཁུ། ནུབ་བྱང་དུ་ཁཎྜ་རོ་ཧི་དམར་མོ། བྱང་ཤར་དུ་གཟུགས་ཅན་ལ་སེར་མོ། ཐམས་ཅད་ ཀྱང་གཡས་ཌཱ་མ་རུ་དང་གཡོན་ཐོད་པ་ཐོགས་པ། ཤར་དུ་ཁཎྜ་ཀ་པ་ལ་དང་རབ་ཏུ་གཏུམ་ མོ། བྱང་དུ་མཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། ནུབ་ཏུ་ཀཾ་ཀ་ལ་དང་འོད་ལྡན་ལ། ལྷོར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ། དཔའ་བོ་རྣམས་སྐུ་མདོག་སྔོན་པོ། རྡོ་ རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྣམས་དཀར་མོ་རྡོ་རྗེ་དང་ཐོད་ཁྲག་བསྣམས་པ། དཀྱིལ་ འཁོར་ཤར་མའི་དབུས་ཀྱི་གདན་གྱི་སྟེང་དུ་དཔལ་རྟག་པ་སངས་རྒྱས་མཁའ་འགྲོ་དཀར་པོ། འཁོར་ལོ་དང་དེ་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སངས་རྒྱས་མཁའ་འགྲོ་མ་དཀར་མོ། ། འཁོར་ལོ་དང་ཐོད་ཁྲག་འཛིན་པས་འཁྱུད་པ། ཤར་དུ་སུ་ར་བི་རི་དང་བརྟན་པའི་བློ་ཅན་མ། བྱང་དུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་ཏུ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མ། ལྷོར་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་དཔའ་བོ་རྣམས་སྐུ་མདོག་དཀར་པོ། འཁོར་ལོ་དང་དེས་ཡུ་ བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྣམས་སེར་མོ་འཁོར་ལོ་དང་ཐོད་པ་ འཛིན་པ། དཀྱིལ་འཁོར་ལྷོ་ལྷོ་མའི་དབུས་ཀྱི་གདན་གྱི་སྟེང་དུ་རྡོ་རྗེ་ཉི་མ་རིན་ཆེན་མཁའ་ འགྲོ་སྐུ་མདོག་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་ མཁའ་འགྲོ་མ་སེར་མོ། རིན་པོ་ཆེ་དང་ཐོད་ཁྲག་འཛིན་མས་འཁྱུད་པ། ཤར་དུ་ཨཾ་ཀུ་རི་དང་ ཨེ་ར་བ་ཏཱི། བྱང་དུ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་ གི་ཤུགས་ཅན་མ། ལྷོར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་སྟེ། དཔའ་བོ་རྣམས་སེར་པོ་རིན་པོ་ 23-1-297 ཆེན་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྣམས་ལྗང་ཁུ་རིན་པོ་ཆེ་དང་ཐོད་ཁྲག་ འཛིན་པ། དཀྱིལ་འཁོར་ལྷོ་ནུབ་མའི་དབུས་ཀྱི་གདན་གྱི་སྟེང་དུ། པདྨ་གར་དབང་པདྨ་ མཁའ་འགྲོ་སྐུ་མདོག་དམར་པོ། གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ལ་ འཛིན་པ་ཡུམ་པདྨ་མཁའ་འགྲོ་མ་དམར་མོ། པདྨ་དང་ཐོད་ཁྲག་འཛིན་མས་འཁྱུད་པ། ཤར་ དུ་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་བི། བྱང་དུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་ཏུ་ འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། ལྷོར་མིག་མི་བཟང་དང་བྱ་གདོང་མ་སྟེ། དཔའ་བོ་རྣམས་ སྐུ་མདོག་དམར་པོ་པདྨ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་རྣམས་དཀར་མོ་པདྨ་ དང་ཐོད་པ་འཛིན་མས་འཁྱུད་པ། དཀྱིལ་འཁོར་ནུབ་བྱང་མའི་དབུས་ཀྱི་གདན་གྱི་སྟེང་དུ་ དཔལ་ཧེ་རུ་ཀ་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་ནག་པོ། ཁྲོ་བོའི་རྡོ་རྗེ་དང་དེས་ཡུ་བ་བྱས་པའི་ དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་མཁའ་འགྲོ་མ་སྔོན་པོ། ཁྲོ་བོའི་རྡོ་རྗེ་ཐོད་ཁྲག་འཛིན་མས་ འཁྱུད་པ། ཤར་དུ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་ ཁཎྜ་རོ་ཧི། ནུབ་ཏུ་རྟ་མགྲིན་དང་ཤཽཎ་ནི། ལྷོར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་ཆ་མ་སྟེ། དཔའ་བོ་རྣམས་སྐུ་མདོག་ནག་པོ་ཁྲོ་བོའི་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་ རྣམས་ལ་སེར་མོ་རྡོ་རྗེ་དང་ཐོད་ཁྲག་འཛིན་མ། དཀྱིལ་འཁོར་བྱང་ཤར་མའི་དབུས་ཀྱི་ གདན་གྱི་སྟེང་དུ་དཔལ་རྟ་མཆོག་སྣ་ཚོགས་མཁའ་འགྲོ་ལྗང་ཁུ། སྣ་ཚོགས་རྡོ་རྗེ་དང་དེས་ཡུ་ བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྣ་ཚོགས་མཁའ་འགྲོ་མ་ལྗང་སེར། སྣ་ཚོགས་རྡོ་རྗེ་དང་ ཐོད་ཁྲག་འཛིན་མས་འཁྱུད་པ། ཤར་དུ་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བྱང་དུ་པདྨ་ གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ནུབ་ཏུ་རྣམ་པར་སྣང་མཛད་དང་འཁོར་ལོ་བསྒྱུར་མ། ལྷོར་རྡོ་རྗེ་སེམས་པ་དང་བརྩོན་འགྲུས་ཆེན་མོ་སྟེ། དཔའ་བོ་རྣམས་སྐུ་མདོག་ལྗང་ཁུ། སྣ་ ཚོགས་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་འཛིན་པ། ཡུམ་རྣམས་སྔོ་སྐྱ་སྣ་ཚོགས་རྡོ་རྗེ་དང་ 23-1-298 ཐོད་ཁྲག་འཛིན་མ། གཙོ་བོ་བཅོམ་ལྡན་དྲུག་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན་ཡུམ་དྲུག་ནི་པདྨའི་ འདུག་སྟངས་ཀྱིས་ཡབ་ལ་འཁྲིལ་བ་ཕྱག་གཡོན་ཡབ་ལ་འཁྱུད་པ། གཡས་རྡོ་རྗེ་སྡིགས་ མཛུབ་དང་བཅས་ཕྱག་མཚན་རྣམས་འཕྱར་བའོ། །དཔའ་བོ་ཉི་ཤུ་རྩ་བཞི་པོ་རྣམས་གཡས་ བརྐྱངས་པས་བཞེངས་ཤིང༌། དཔའ་མོ་རྣམས་གཡོན་བརྐྱང་གི་འཁྱུད་པ། ཕྱིའི་དཀྱིལ་འཁོར་ གྱི་ཤར་སྒོ་ཁྭ་གདོང་མ་སྔོན་པོ། གཡས་ལྕགས་ཀྱུ་འཛིན་པ། བྱང་སྒོ་འུག་གདོང་མ་ལྗང་ཁུ་ གཡས་ཞགས་པ་འཛིན་པ། ནུབ་སྐོར་ཁྱི་གདོང་མ་དམར་མོ་གཡས་ལྕགས་སྒྲོག་འཛིན་པ། ལྷོ་སྒོར་ཕག་གདོང་མ་སེར་མོ་གཡས་དྲིལ་བུ་འཛིན་པ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་ སྔོ་གཡོན་སེར་བ། གཡས་མེ་ལོང་འཛིན་པ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་ དམར་བ། གཡས་པས་པི་ཝང་འཛིན་པ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་ གཡོན་ལྗང་བ་དྲི་ཆབ་ཀྱི་དུང་ཆོས་འཛིན་པ། བྱང་ཤར་དུ་གཤིན་རྗེ་འཇོམས་པ་གཡས་ལྗང་ གཡོན་སྔོ་བ། གཡས་རོ་དྲུག་གིས་གང་བའི་སྣོད་འཛིན་པ། དེ་ལྟར་སྒོ་མཚམས་མ་བརྒྱད་ནི། དྲག་མོའི་ཚུལ་ཅན། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཕྱག་གཡོན་ན་ཐོད་པ་དང༌། གྲུབ་ མོ་གཡོན་པར་ཁ་ཊྭཱཾ་ག་འཛིན་པ། རོའི་གདན་ལ་གཡས་བརྐྱང་བའི་སྟབས་ཀྱིས་གནས་པ། ཡབ་ཐམས་ཅད་རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང་། ཕྱག་རྒྱ་ དྲུག་དང་མགོ་བོའི་འཕྲེང་བ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། འཁྱུད་པའི་ཕྱག་ རྒྱས་ཡུམ་དང་སྦྱོར་བ། ལྷ་མོ་ཐམས་ཅད་སྐྲ་གྲོལ་བ་ཕྱག་རྒྱ་ལྔས་བརྒྱན་པ། ཐམས་ཅད་ཀྱང་ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་མེ་འབར་བའི་དབུས་ན་བཞུགས་པའོ། །དཀྱིལ་ འཁོར་དྲུག་ཅར་གྱི་པདྨའི་མཚམས་ཀྱིས་འདབ་མ་བཞི་ལ། ཀ་པཱ་ལ་བདུད་རྩི་ལྔས་གང་བ་རེ་ རེའོ། །ༀ་ཨཱཿཧཱུཾཿསརྦ་བི་ར་ཡོ་གི་ནི་ཀཱ་ཡ་ཝཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་བཛྲ་ ཤུདྡྷཿསརྦ་དྷརྨཿབཛྲ་ཤུདྡྷོ྅ཧཾ། ལྷ་ཐམས་ཅད་ཀྱི་སྙིང་གར་ༀ་ཧ་དཀར་པོ་རྡོ་རྗེ་སེམས་པ་ནས། 23-1-299 ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ་ཞེས་པའི་བར་གོ་ཆ་གཉིས་ཀྱིས་རྒྱས་བཏབ། སྤྲོ་ན་གོང་དུ་བཤད་པའི་ཕུང་ཁམས་ཀྱི་ ལྷ་བཅུ་བདུན་པོ་ཡང་བསྐྱེད་ལ། བསྡུ་ན། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཞེས་སོགས་ དག་པ་དྲན་པར་བྱ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། འཁོར་ ལོས་སྒྱུར་བ་དྲུག་གི་ཐུགས་ཀར་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ ཏིང་ངེ་འཛིན་སེམས་དཔའ་རིམ་པས། ཧཱུཾ་བྷྲཱུཾ་ཨཾ་ཧྲཱིཾ་ཧཱུཾ་ཁཾ། ཐུགས་ཀའི་འོད་ཟེར་ཡེ་ཤེས་ཀྱི་ འཁོར་ལོ་དབང་གི་ལྷ་མཆོད་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ། ༀ་ནི་ཤིར་བཛྲི་ཧཱུཾ་ཧཱུཾ་ ཕཊ་ནས། ༀ་དྷརྨ་དྷ་ཏུ་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷཿསརྦ་ དྷརྨཿཡོ་ག་ཤུདྡྷོ྅ཧཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་དབང་བསྐུར་དུ་གསོལ། ཞེས་དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས། གསང་གསུམ་གནས་ལས་བྱུང་བ་ཡི། །རྡོ་ རྗེ་རྣལ་འབྱོར་མ་ཀུན་དང༌། །སངས་རྒྱས་འཇིག་རྟེན་མགོན་པོ་ཡིས། །བརྩེ་ནས་བདག་ལ་ དབང་བསྐུར་སྩོལ། །ཞེས་ཀྱང་གསོལ་བ་བཏབ་པས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་ གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །རིན་ཆེན་དབང་བསྐུར་ ཆེན་པོ་སྦྱིན། །ཞེས་གསུང་ཞིང་བུམ་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང་དྲི་མ་དག ། ཆའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་པ་ལ་སོགས་པ་རིགས་ལྔ་ལ། རྡོ་རྗེ་མཁའ་འགྲོ་ མ་དང༌། རྡོ་རྗེ་མཁའ་འགྲོ་ཉིད་ལ་ཡེ་ཤེས་མཁའ་འགྲོ་དང༌། འཁོར་རྣམས་ལ་རང་རང་གི་ གཙོ་བོ་དང༌། སྒོ་མཚམས་མ་བརྒྱད་ལ་རྡོ་རྗེ་སེམས་པས་དབུ་བརྒྱན། ཕྱི་ནང་གསང་བའི་མཆོད་པ་ རྣམས་གཞན་དང་མཚུངས་ལ། རྡོ་རྗེ་འཆང་དང་རྡོ་རྗེ་རྣལ་འབྱོར་མ། །ཛཱ་ལནྡྷ་རར་ནག་པོ་སྤྱོད་པ་ དང༌། །དགེ་མགོན་ཏི་ལི་ནཱ་རོ་མ་ཎི་ཀ །ཆོས་དབང་བཟོད་པ་ཡབ་སྲས་རྣམ་པ་གསུམ། །ཤཱཀ་ རྡོར་སངས་རྒྱས་འབུམ་དང་ལོ་མཆོག་པ། །གྲགས་ཆེན་འཕགས་འོད་བུ་སྟོན་བྱང་རྩེ་དང༌། ། གྲགས་རྒྱལ་ཆོས་རྒྱལ་དཔལ་འབྱོར་བཟང་པོ་དང༌། །མཐུ་སྟོབས་རབ་བརྟན་ནམ་མཁའ་ 23-1-300 ལྷུན་གྲུབ་དང༌། །འཇམ་དབྱངས་རྒྱལ་མཚན་རྩ་བའི་བླ་མ་མཆོད། །ཅེས་འདོན་པ་སྤོ། བསྟོད་པ་ནི། ཡབ་ཡུམ་གྱི་རྐང་བརྒྱད་དེ་ཉིད་ལྔ་པས་བསྟོད། ལུས་དང་ཚོར་བ་དང་ཞེས་པ་ནས། གཤིན་རྗེ་འཇོམས་མའོ། ། ཕུང་པོ་དྲུག་རྣམ་པར་དག་ནི། དེ་བཞིན་གཤེགས་པ་དྲུག ཁམས་དྲུག་རྣམ་པར་དག་པ་ནི་རྡོ་ རྗེ་བཙུན་མོ་དྲུག་གོ །དཀྱིལ་འཁོར་དྲུག་ནི་ས་དྲུག་སྟེ། མཁའ་འགྲོ་མ་བཞིའི་གནས་ནི་ས་ ལྷག་མ་བཞིའོ། ། བཟླས་པའི་དམིགས་པ་གསལ་བཏབ་ལ། ༀ་ཤྲཱི་མཧཱ་སུ་ཁ་བཛྲ་སཏྭ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ། ཧཱུཾ་ ཨཱཿཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བུདྡྷཱ་ཌཱ་ཀི་ཨ་ལ་ལ་ལ་བྷྲཱུཾ་ཨཱཿ ༀ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་རནྟ་ཌཱ་ཀི་ཏྲཾ་ཨཱཿ ༀ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་པདྨ་ཌཱ་ཀི་ཧྲཱིཿཨཱཿ ༀ་ཌཱ་ ཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་ཌཱ་ཀི་ཨཱཿཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་ སྭཱཧཱ། ༀ་ཤྲཱི་བི་ཤྭཱ་ཌཱ་ཀི་ཧོཿ ཁཾ་ཨཱཿ ཧཱུཾ་ཌཱ་ཀི་ནཱི་ཛཱ་ལ་སཾ་བྷ་རཾ་ཧཱུཾ་ཕཊ་སྭཱཧཱ། འཁོར་གྱི་སྔགས་ནི། ༀ་ ཁཾ་ཧཱུཾ་ཕཊ་ནས། ༀ་ཡཾ་ཧཱུཾ་ཕཊ་ཀྱི་བར། རང་མིང་གི་དང་པོའི་ཡི་གེ་ཉིད་སྔགས་ཀྱི་ངོ་བོར་གསུངས་སོ། །ཐུན་བསྡུ་བར་ འདོད་པའི་ཚེ། སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་སོགས་བྱས་ནས། དཀྱིལ་འཁོར་བསྡུ་བའི་ཚུལ་ གཞན་རྣམས་དང་མཚུངས་པ་ལས། ཐུན་མཚམས་ལ། འཇུག་པའི་ཚེ། རྡོ་རྗེ་སེམས་དཔའ་ཕྱག་གཉིས་པའི་ང་རྒྱལ་བྱའོ། ། གཏོར་མའི་ཆོ་ག་ནི། དྲིལ་བུའི་ཞབས་ལུགས་ཀྱི་མན་ངག་ལྟར་བྱ་བ་ལས། འདོད་དོན་གསོལ་བཏབ་ཀྱི་རྗེས་སུ། དཔྱིད་ ཀྱི་རྒྱལ་པོའི་གླུ་དབྱངས་ངེས་པར་བརྗོད་པ་ཉིད་ཡིན་ནོ། ། ཤིན་ཏུ་ཟབ་ཅིང་གསང་བ་སྟེ། །ངེས་པར་བརྗོད་པའི་རྒྱུད་རྒྱལ་ལས། །ཀུན་གྱི་རིགས་བསྡུས་དཀྱིལ་འཁོར་མཆོག ། དཀྱིལ་འཁོར་གཙོ་བོར་བསྔགས་པ་སྟེ། །འདི་ཡི་སྒྲུབ་ཐབས་བྱས་པ་ཡིན། །ཅེས་པ་འཁོར་ལོ་སྒྱུར་དྲུག་གི་སྒྲུབ་ཐབས་ཕུན་ ཚོགས་ཐམས་ཅད་བསྐྱེད་པའི་གཞི་ཞེས་བྱ་བ། རྒྱུད་ཀྱི་དགོངས་པ་ལྟར། དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཏཱ་ར་ནཱ་ ཐའམ། ཀུན་དགའ་སྙིང་པོར་འབོད་པས་རང་ལོ་སུམ་ཅུ་པ་ལ་ཉེ་བར་སྦྱར་བའོ།། །།བཀྲ་ཤིས།། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-301 ༄༅། །དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་ཐབས་ རྣམ་པར་བཀོད་པ་ངོ་མཚར་འབྱུང་གནས་ ཞེས་བྱ་བ་བཞུགས། ༄༅། །ན་མོ་ཙཀྲ་སཾ་བྷ་ར་ཡ། དཔལ་ལྡན་སྐུ་ནི་ཐམས་ཅད་པ། །རབ་ཏུ་དགའ་བའི་སེམས་དཔའ་པོ། །འགྲོ་ བའི་ཡིད་ཀྱི་མུན་འཇོམས་པའི། །བླ་མ་རྡོ་རྗེ་ཅན་ཞབས་ལ། །བཏུད་ནས་དཔའ་བོ་ལཱུ་ཡི་བའི། །བཞེད་དོན་འཇིགས་པ་མེད་པའི་ གཞུང༌། །ཇི་བཞིན་སྡོམ་པའི་སྒྲུབ་ཐབས་ནི། །ཤིན་ཏུ་ཉུང་ངུའི་ཚིག་གིས་བརྗོད། ། འདིར་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་འཁྲུལ་སྤོང་གི་དོན་ཉམས་སུ་ལེན་པར་འདོད་པས། སྐྱབས་སེམས། རྡོར་ སེམས་ཀྱི་སྒོམ་བཟླས་རྣམས་སྤྱི་དང་མཐུན་པར་བྱས་ལ། རང་སྐད་ཅིག་གིས་ཧེ་རུ་ཀ་ཕྱག་གཉིས་པ་ཡུམ་ དང་བཅས་པའི་སྐུར་གྱུར། ལྟེ་བར་ཨཱ་ལི་ཀཱ་ལི་གཡོན་སྐོར་དུ་འཁོད་པ་ལས། འཁོར་ལོ་ གསུམ་གྱི་ལྷོ་ཚོགས་སྤྲོས་ཏེ་བགེགས་ཐམས་ཅད་བཅོམ་པར་གྱུར། ༀ་ཨ་ཨཱ་ནས། ཧ་ཀྵ་ཧཱུཾ་ ཧཱུཾ་ཕཊ། ལན་གསུམ་བརྗོད། གཟུགས་ཀྱི་ཕུང་པོ་ལ་ནི་རྣམ་པར་སྣང་མཛད་དོ། །ཞེས་པ་ནས། ནམ་ མཁའི་ཁམས་ནི་པདྨ་དྲྭ་བ་ཅན་ནོ། །ༀ་སུཾ་བྷ་ནས། བྷ་ག་བཱན་བཛྲ་ཧཱུཾ་ཕཊ། སྔགས་རྣམས་ནག་ པོ་ལྗང་ཁུ་དཀར་པོ་སེར་པོའི་འོད་ཀྱི་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་ དུ་ཁྱབ་པ། འོག་ཏུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པའི་རང་བཞིན་གྱི་རྡོ་རྗེའི་ས་གཞི། ཕྱོགས་མཚམས་སུ་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རྡོ་རྗེའི་རྭ་བ་གྲུ་བཞི་ཕྱོགས་ཀྱི་མདོག་ ཅན། སྟེང་དུ་རྡོ་རྗེའི་བླ་རེ་དང་གུར། དེའི་ཕྱི་རོལ་ཏུ་རྡོ་རྗེ་རྩེ་ལྔ་པའི་མདའི་དྲྭ་བ་རྣམས་སུ་ གྱུར། མཚམས་རྔམ་དང་བཅས་པས་སུམྦྷ་ཚར་གཅིག་བརྗོད། སྔགས་རེ་རེའི་འོད་ཟེར་ལས་བྱུང་བའི་སྒོ་མ་ 23-1-302 བཞི། གཉིས་གཉིས་འདྲེས་པའི་འོད་ཟེར་ལས་བྱུང་བའི་མཚམས་མ་བཞི་རྣམས། ཐོ་བ་དང་ ཕུར་བུ་ཐོགས་པ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་བཀུག ཧཱུཾ། ར་བའི་ཕྱི་རོལ་ཕྱོགས་ མཚམས་བརྒྱད་དུ། འབྲུབ་ཁུང་བ་རྣམས་སུ་བཅུག ཕུར་བུས་སྤྱི་བོར་བཏབ། ༀ་གྷ་གྷ་སོགས་ བརྗོད། ཐོ་བས་བརྡུངས། ༀ་བཛྲ་མུད་ག་ར་སོགས། བགེགས་རྣམས་བདེ་བ་ཆེན་པོའི་དབྱིངས་ སུ་བསྒྲལ། ར་བ་ལ་ཐིམ། དེ་ལས་བྱུང་བའི་རྡོ་རྗེ་དང་པདྨ་མ་དང་འཁོར་ལོའི་ར་བ་རིམ་པ་ གསུམ་གྱིས་སྐོར་ཞིང་ཕྱོགས་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་འབར་གྱུར། རང་གི་སྙིང་ཁར་ཨཾ་ ལས་ཟླ་བའི་སྟེང་དུ་ཧཱུཾ་སྔོན་པོ། དེའི་འོད་ཟེར་གྱིས་བླ་མ་དང་དབྱེར་མེད་པའི་དཀྱིལ་འཁོར་ གྱི་འཁོར་ལོ་མདུན་དུ་སྤྱན་དྲངས། ཧཱུཾ་ལས་བྱུང་བའི་རིག་མ་བཅུ་དྲུག་གིས་མཆོད་པར་གྱུར། ༀ་བཛྲ་བཱི་ནི་ཧཱུཾ་ཧཱུཾ་ཕཊ། སོགས་བརྗོད། རྐང་པ་བརྒྱད་པས་བསྟོད། དཀོན་མཆོག་གསུམ་ལ་བདག་ སྐྱབས་སོགས་ཀྱིས་རྒྱུན་བཤགས་བྱ། ཚད་མེད་བཞི་སྤྱི་དང་མཐུན་པར་བསྒོམས། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་དབུས་སུ་རང་གི་ལུས་ངག་ཡིད་ གསུམ་ༀ་ཨཱཿཧཱུཾ་དུ་གྱུར། ༀ་ཨཱཿལ་ཐིམ། ཨཱཿཧཱུཾ་ལ་ཐིམ། ཧཱུཾ་ཆ་ལྔ་ནཱ་དའི་བར་དུ་ཐིམ། ༀ་ཤུ་ ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ནཱ་ད་ཡང་སྟོང་པར་ཐིམ། ཅུང་ཟད་མཉམ་པར་བཞག སྟོང་པའི་ངང་ལས་རང་སེམས་ནཱ་ད་དམར་སྐྱ་ནམ་མཁར་གནས་པར་གྱུར། དེ་ལས་སྤྲོས་ པའི་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། བ་དན་གྱིས་མཚན་པ། རཾ་ལས་མེའི་ དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་ བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་ཕྱེད་པས་ མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་ སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ། དེའི་ལྟེ་བར། གཡོན་ བསྐོར་གྱི་ཨ་ཨཱཿ ནས། ཨཾ་ཨཿཉིས་འགྱུར་དང༌། ཀ་ཁ་ནས། ཧ་ཀྵ། ཌ་ཌྷ། ད་དྷ། ཡ་ལ་གཉིས་ 23-1-303 འགྱུར་དུ་གནས་པ་རྣམས་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་དཀར་ལ་དམར་ བའི་མདངས་ཆགས་པ། ཨཱ་ལི་བཅུ་དྲུག་དང༌། ཀཱ་ལི་བཞི་བཅུ་ཉིས་འགྱུར་གྱིས་མཚན་པ། དེའི་དབུས་སུ་ནམ་མཁའི་ནཱ་ད་ཡོངས་སུ་ཞུགས་ཏེ། དེ་ལས་ཐིག་ལེ། དེ་ལས་ཟླ་ཚེས། དེ་ ལས་ཧ། དེ་ལས་ཞབས་ཀྱུ་སྟེ། ཧཱུཾ་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འཁོར་ལོ་ལྔའི་ལྷ་ ཚོགས་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། གདོད་ནས་ གྲུབ་པའི་དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས། ཚུར་དུས་ཡོངས་སུ་གྱུར་པ་ལས། རྟེན་དང་ བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ནི། གཞལ་ མེད་ཁང་གྲུ་བཞི་སྒོ་བཞི་རྩིགས་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། བྲེ་ཕུལ་དང༌། གསེར་ གྱི་སྣམ་བུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། བཟུང་མ་རྣམས་དང་བཅས་ པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་ བཏེགས་པའི་རྟ་བབས་ཀྱིས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་སྟེང་དུ་སྐུའི་འཁོར་ ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་ གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་པདྨའི་འཕྲེང་བས་མཛེས་པ། དེའི་ ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སྡོང་བུ་ཅུང་ཟད་ དང་བཅས་པ། མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་པར་ཕུག་པའི་ དབུས་ཕྱུར་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་བཅུ་རྩ་གསུམ་མོ། ། གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ ཀྱི་ཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ། དུར་ཁྲོད་ཆེན་པོ་བརྒྱད་ཕྱོགས་ 23-1-304 སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང་མེ་དང༌། སྤྲིན་དང༌། ཆུ་དང་རི་དང༌། མཆོད་རྟེན་ དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །དབུས་ ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ཞལ་བཞི་ ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོན་པོ། གཡོན་ལྗང༌། རྒྱབ་དམར། གཡས་སེར། ཞལ་ རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་དང་པོ་ གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ ཆེའི་ལྤགས་པ་རྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ན་ཁ་ཊྭཱཾ་ག བཞི་པ་ ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་གདོང་ བཞི་པ་འཛིན་པ། ཞབས་གཡས་བརྐྱང་བས་དུས་མཚན་མ་དང༌། གཡོན་བསྐུམས་པས་ འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང༌། ཟླ་བ་ཕྱེད་ པ་དང༌། ནོར་བུ་རིན་པོ་ཆེ་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་ བོའི་འཕྲེང་བ་ཅན། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་ པ། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ ཐོད་ཁྲག་དང་ཁ་ཊྭཱཾ་ག་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་སྡིགས་མཛུབ་དང་བཅས་ པའི་རྡོ་རྗེ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང༌། ཕྱག་རྒྱ་ལྔས་ བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་འཛག་པའོ། །གཉིས་ཀའང་ བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པར་གྱུར། བདེ་ཆེན་འཁོར་ལོའི་འདབ་མ་བརྒྱད་ ལ་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོ་རུ་ གཟུགས་ཅན་སེར་མོ། ཐམས་ཅད་ཀྱང་བཅོམ་ལྡན་འདས་མའི་རིགས་ལས་བྱུང་བའོ། ། 23-1-305 མཚམས་བཞིར་བདུད་རྩི་ལྔས་གང་བའི་ཐོད་པ་བཞིའོ། །ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་ སུ་ཁཎྜ་ཀ་པཱ་ལ་དང་རབ་གཏུམ་མ། བྱང་དུ་མཧཱ་ཀང་ཀ་ལ་དང་གཏུམ་མིག་མ། ནུབ་ཏུ་ཀ་ལ་ ལ་དང་འོད་ལྡན་མ། ལྷོ་རུ་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། ཤར་ལྷོར་སུ་ར་བི་རི་ དང་བརྟན་པའི་བློ་ཅན་མ། ལྷོ་ནུབ་ཏུ་འོད་དཔག་མེད་དང་མིའུ་ཐུང་མ། ནུབ་བྱང་དུ་རྡོ་རྗེ་ འོད་དང་ལང་ཀའི་དབང་ཕྱུག་མ། བྱང་ཤར་དུ་རྡོ་རྗེ་སྐུ་དང་ཤིང་གྲིབ་མ་སྟེ་ཐམས་ཅད་ཀྱང་ སྐུ་མདོག་སྔོན་པོའོ། །གསུང་གི་འཁོར་ལོའི་ཤར་རྩིབས་སུ་ཨང་ཀུ་རི་དང་ཨེ་ར་བ་ཏི། བྱང་ དུ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་ མ། ལྷོ་རུ་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ། ཤར་ལྷོར་རབ་ཏུ་བཟང་པོ་དང་ཤྱ་མ་དྭེ། ལྷོ་ནུབ་ ཏུ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་དུ་འཇིགས་བྱེད་ཆེན་པོ་དང་རྟ་སྣ་མ། བྱང་ ཤར་དུ་མིག་མི་བཟང་དང་བྱ་གདོང་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །སྐུའི་ འཁོར་ལོའི་ཤར་རྩིབས་སུ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་ རྗེ་དང་པཎྜ་རོ་ཧི། ནུབ་ཏུ་རྟ་མགྲིན་དང་སྣ་རིང་མ། ལྷོ་ནུབ་དུ་ནམ་མཁའི་སྙིང་པོ། སྙིང་པོ་ དང་འཁོར་ལོའི་གོ་ཆ་མ། ཤར་ལྷོར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། ལྷོ་ནུབ་ཏུ་པདྨ་གར་གྱི་ དབང་ཕྱུག་དང་སྟོབས་ཆེན་མ། ནུབ་བྱང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་མ། བྱང་ཤར་དུ་རྡོ་རྗེ་སེམས་པ་དང་བརྩོན་འགྲུས་ཆེན་མོ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དཀར་མོ་ དང༌། དཔའ་བོ་རྣམས་ཕྱག་བཞི་པ་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་ འཁྱུད་ཅིང༌། འོག་མ་གཉིས་ཀྱི་ཌཱ་མ་རུ་དང་ཁ་ཊྭཱཾ་ག་བསྣམས་པ། ལྷག་མ་དཔལ་ཧེ་རུ་ཀ་ དང་མཚུངས་ཤིང་ཉི་མ་ལ་གཡས་བརྐྱང་གི་གནས་པའོ། །དཔའ་མོ་རྣམས་ནི་རྡོ་རྗེ་ཕག་མོ་ དང་མཚུངས་པ་ལས། གཡས་ན་གྲི་གུག་འཛིན་པའོ། །ཤར་སྒོར་ཁྭ་གདོང་མ་སྔོན་པོ། བྱང་ སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། 23-1-306 ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་མ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་ སེར་གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། སྒོ་མཚམས་མ་བརྒྱད་ནི་དྲག་མོའི་ གཟུགས་ཅན་རོའི་གདན་ལ་གནས་པ། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང་ཞལ་གཅིག་ ཕྱག་བཞིའི་དང་པོ་གཉིས་ཀྱིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག འོག་མ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ འཛིན་པ། མི་མགོ་རློན་པའི་དོ་ཤལ་ཅན། ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་ཅོད་པན་དང་ལྡན་པ། གཅེར་བུ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་ཤིང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ ཅད་ཀྱི་དཔྲལ་བར་རྡོ་རྗེའི་འཕྲེང་བས་མཚན་པར་གྱུར། གཙོ་བོའི་ཐུགས་ཀར་ཡེ་ཤེས་ སེམས་པ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཕྱག་གཉིས་པ། ཡུམ་རྡོ་རྗེ་ཕག་མོ་ཡབ་ལ་འཁྱུད་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་པ་ཉི་མ་ལ་གནས་པའི་ཧཱུཾ། ཡང་ན་སྙིང་ཁར་ཧཱུཾ་དང༌། ལྟེ་བར་ཨཱ་ལི་ཀཱ་ལིའི་འདུ་འཕྲོ་ལས། ཡེ་ཤེས་སེམས་པ་བསྐྱེད་ཅེས་གསུངས་པ་ལྟར། བྱས་ཀྱང་རུང་ངོ༌། ། ༀ་ཨཱཿཧཱུཾ་སརྦ་བི་ར་ཡོ་ནི་ཀཱ་ཡ་ཝཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་བཛྲ་ཤུདྡྷཿསརྦ་ དྷརྨཿབཛྲ་ཤུདྡྷོ྅ཧཾ། ཡབ་ཡུམ་གཉིས་ཀའི་མིག་གཉིས་ལ། ༀ་ལས་གཏི་མུག་རྡོ་རྗེ་དཀར་པོ་ འཁོར་ལོ་འཛིན་པ་ལ། ཛ་ལས་གཟུགས་རྡོ་རྗེ་མ་མེ་ལོང་འཛིན་མས་འཁྱུད་པ། རྣ་བ་ལ་ཧཱུཾ་ ལས་ཞེ་སྡང་རྡོ་རྗེ་ནག་པོ་ལ་ཧཱུཾ་ལས་སྒྲ་རྡོ་རྗེ་མ་སྔོན་པོ་པི་ཝང་འཛིན་མས་འཁྱུད་པ། སྣ་ལ་ཏྲཾ་ ལས་སེར་སྣ་རྡོ་རྗེ་སེར་པོ་ལ་བཾ་ལས་དྲི་རྡོ་རྗེ་མ་སེར་མོ་དུང་ཆོས་འཛིན་མས་འཁྱུད་པ། ལྕེར་ ཨཱཿལས་འདོད་ཆགས་རྡོ་རྗེ་དམར་པོ་པདྨ་འཛིན་པ་ལ་ཧོ་ལས་རོ་རྡོ་རྗེ་མ་དམར་མོ་རོ་དྲུག་ གིས་གང་བའི་སྣོད་འཛིན་མས་འཁྱུད་པ། དཔྲལ་བར་ཧཾ་ལས་ཕྲག་དོག་རྡོ་རྗེ་ལྗང་ཁུ་ལ་ཁཾ་ ལས་རེག་རྡོ་རྗེ་མ་ལྗང་ཁུ་ནབ་བཟའ་འཛིན་མས་འཁྱུད་པ། སྙིང་ཁར་ཧཱུཾ་ལས་དབང་ཕྱུག་རྡོ་ རྗེ་དཀར་པོ། རྡོ་རྗེ་དཀར་པོ་འཛིན་པ་ལ་རཾ་ལས་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་ 23-1-307 འཛིན་མས་འཁྱུད་པ། དེ་རྣམས་རིམ་པས་རྣམ་སྣང༌། མི་བསྐྱོད་པ། རིན་འབྱུང༌། སྣང་མཐའ། དོན་གྲུབ། རྡོར་སེམས་རྣམས་ཀྱིས་དབུ་བརྒྱན་པ། ཡབ་རྣམས་གཡས་བརྐྱང་གི་སྟབས་ཀྱིས་ གནས་པའོ། །སྒྲ་རྡོ་རྗེ་མ་ནི་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་ཅན། གཏི་མུག་རྡོ་རྗེ་ཟླ་བ་ དང་གཞན་རྣམས་ཉི་མ་ལ་གནས་པའོ། །ལྟེ་བར་ལཾ་ལས་ལྟུང་བྱེད་མ་སེར་མོ་གཡས་དང་པོ་ ན་འཁོར་ལོ་འཛིན་པ། སྙིང་ཁར་བཾ་ལས་གསོར་བྱེད་མ་སྔོན་པོ་རྡོ་རྗེ། མགྲིན་པར་པཾ་ལས་ འགུགས་བྱེད་མ་དམར་མོ་པདྨ་སྤྱི་བོར་ཏཾ་ལས་པདྨ་གར་གྱི་དབང་ཕྱུག་མ་ལྗང་ཁུ་རལ་གྲི། ཐམས་ཅད་ཀྱང་ཕྱག་ལྷག་མ་གསུམ་གྱིས་གྲི་གུག་དང་ཐོད་པ་ཁ་ཊྭཱཾ་ག་འཛིན་པ། གསང་བར་ ཁཾ་ལས་པདྨ་དྲ་བ་ཅན་མ་དུད་ཁ། དུད་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་ གསུམ་ན་ལྕགས་ཀྱུ་ཚངས་མགོ་གྲི་གུག གཡོན་གསུམ་ན་ཐོད་པ་ཁ་ཊྭཱཾ་ག་ཞགས་པ་འཛིན་ པ། རིམ་པས་བྷྲཱུཾ་ཧཱུཾ་ཧྲཱིཿཧོཿལས་རྣམས་ལས་སྐྱེས་པའི་རྣམ་སྣང་མི་བསྐྱོད་པ། འོད་དཔག་མེད། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ་རྣམས་ཀྱིས་ཡང་དག་པར་འཁྱུད་པ། དེ་ཐམས་ཅད་ ཀྱང་ཟླ་བ་ལ་གནས་པ། མགོ་བོ་གཟུགས་ཕུང་བུཾ་ལས་རྣམ་པར་སྣང་མཛད་འཁོར་ལོ་འཛིན་ པ། གཡོན་དཀུར་བསྟེན་པ་ལ་ལྟུང་བྱེད་མས་འཁྱུད་པ། ལྟེ་བར་ཚོར་ཕུང་ཨཾ་ལས་རྡོ་རྗེ་ཉི་མ་ སེར་པོ་གཡས་རིན་པོ་ཆེ་འཕྱར་བ། མགྲིན་པར་འདུ་ཤེས་ཀྱི་ཕུང་པོ་ཧྲཱིཿལས་པདྨ་གར་དབང་ པདྨ་འཕྱར་བ་ལ་འགུག་བྱེད་མས་འཁྱུད་པ། ལོང་བུར་འདུ་བྱེད་ཀྱི་ཕུང་པོ་ཧོཿལས་རྡོ་རྗེ་རྒྱལ་ པོ་སྔོ་སངས་སྣ་ཚོགས་རྡོ་རྗེ་འཕྱར་བ་ལ་པདྨ་གར་དབང་མས་འཁྱུད་པ། གསུམ་ཆར་ཕྱག་ གཡོན་ཐུགས་ཀར་སྒྱིངས་པ། སྙིང་ཁར་རྣམ་ཤེས་ཀྱི་ཕུང་པོ་ཧཱུཾ་ལས་རྡོ་རྗེ་སེམས་པ་དཀར་པོ་ གཡས་རྡོ་རྗེ་ཐུགས་ཀར་གཏོད་པ། གཡོན་དཀུར་བསྟེན་པ་དང་མཚུངས་ཤིང༌། དྲ་བ་ཅན་ མས་འཁྱུད་པ། ཕུང་པོ་ཐམས་ཅད་ཀྱི་སྤྱི་ནི་ཧི་ལས། ཧེ་རུ་ཀ་གནག་པོ་རྡོ་རྗེ་དང་བཅས་པའི་ ས་གནོན་ཅན་གཡོན་སྒྱིངས་པ་དང་བཅས་པས་དཀུར་བསྟེན་པ་ལ། གསོད་བྱེད་མས་འཁྱུད་ 23-1-308 པ་ཐམས་ཅད་ཀྱང་གཡོན་དྲིལ་བུ་བསྣམས་པའོ། །སྙིང་ཁར་ༀ་ཧ་དཀར་པོ་ལས་རྡོ་རྗེ་སེམས་ པ། མགོན་པོར་ན་མ་ཧི་སེར་པོ་ལས་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་དམར་པོ་ ལས་པདྨ་གར་གྱི་དབང་ཕྱུག ཕྲག་པ་གཉིས་སུ་བོ་ཁད་ཧེ་ནག་པོ་ལས་མི་བསྐྱོད་པ། མིག་ གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་ལས་རྡོ་རྗེ་ཉི་མ། ལུས་ཐམས་ཅད་ལ་ཕཊ་ཧཾ་ལྗང་ཁུ་ལས་རྟ་ མཆོག ལྟེ་བར་ༀ་བཾ་དམར་མོ་ལས་རྡོ་རྗེ་ཕག་མོ། སྙིང་ཁར་ཧཾ་ཡོཾ་སྔོན་པོ་ལས་གཤིན་རྗེ་མ། ཁར་ཧྲིཾ་མོཾ་དཀར་མོ་ལས་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་ལས་བསྐྱོད་བྱེད་མ། སྤྱི་ གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་ལས་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ལས་ཙཎྜི་ ཀ རྡོ་རྗེ་སེམས་པ་གཉིས་དང་རྨོངས་བྱེད་མ་ཟླ་བ་དང༌། གཞན་རྣམས་ཉི་མའི་གདན་ལ་ གནས་པའོ། །ཡབ་ཀྱི་གསང་གནས་ཧཱུཾ་དཀར་པོ་ལས་རྡོ་རྗེ་ནག་པོ། བྱཱ་ལས་ནོར་བུ་བྱཱ་གྱིས་ མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་དམར་པོ་འདབ་མ་གསུམ་པ། དྱཱ་ལས་ཟེའུ་འབྲུ་དྱཱ་ གྱིས་མཚན་པ། ལྟེ་བ་དང༌། སྙིང་ཁར། ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། མགྲིན་པ་དང་མགོ་བོ་ ལ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང༌། དེ་བཞིན་དུ་ཡུམ་གྱི་ལྟེ་བ་དང་སྙིང་ཁར། ཡབ་ཀྱི་སྙིང་པོ་དང་ ཉེ་སྙིང༌། མགྲིན་པ་དང་སྤྱི་བོར་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་ཕན་ཚུན་འཁྱུད་པ་དང་ཙུམ་པས་ རྗེས་སུ་ཆགས་པར་བྱས། ཐུགས་ཀའི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁོར་ལོ་དབང་གི་ལྷ་མཆོད་ པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། རིག་མ་བཅུ་དྲུག་གིས་མཆོད། ཕཻཾ། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ ཀར་ཧཱུཾ། དབང་གི་ལྷ་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་མཆོད་པར་གྱུར། རིག་མ་བཅུ་དྲུག་གི་སྔགས་ བརྗོད། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ ཡ་ཤྲཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཞེས་གསུང་ཞིང་ཐོད་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང༌། དྲི་ 23-1-309 མ་དག ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། སྙིང་ པོའི་རྣལ་འབྱོར་མ་བཞི་ལ་རིན་འབྱུང་། ཐུགས་འཁོར་པ་ལ་མི་བསྐྱོད་པ། གསུང་འཁོར་པ་ ལ་འོད་དཔག་མེད། སྐུ་འཁོར་པ་ལ་རྣམ་སྣང༌། དམ་ཚིག་འཁོར་པ་ལ་དོན་ཡོད་གྲུབ་པས་ དབུ་བརྒྱན། ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས། ལྭ་བ་བཅུ་གསུམ་མའི་སྒྲུབ་ཐབས་སོགས་དང་འདྲ་ལ། རྐང་པ་ བརྒྱད་པའི་སྔགས་གཉིས་ཀྱིས་བསྟོད། ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཤེས་པའི་སྒོ་ནས། རྗེས་གཞིག་གི་རིམ་པས་དཀྱིལ་ འཁོར་འོད་གསལ་དུ་བསྡུས་ལ། སླར་ཡང་རྫོགས་པར་ལྡང་བར་བྱའོ། །དེ་ནས་དག་པ་དྲན་པ་ནི། ལུས་རྗེས་སུ་དྲན་པ་ཉེ་བར་ བཞག་པ་ནི་ཞེས་སོགས་རྣལ་འབྱོར་མ་ཀུན་སྤྱོད་བཞིན་དུ་བརྗོད་དོ། ། དེ་ནས་བཟླས་པའི་དམིགས་པ་གསལ་བཏབ་ལ། ཇི་ལྟར་བཟླ་བའི་ཚུལ། ལཱུ་ཡི་པར་སྤྱི་དང་མཚུངས་ཤིང༌། འོན་ཀྱང་ སྔགས་བཟླ་ཚུལ། ཁ་སྦྱོར་གྱི་བཟླས་པ་ནི་ལུགས་འདི་ལ་མི་མཛད་པས། སོ་སོར་བཟླས་པ་བྱའོ། །ཡི་གེ་བརྒྱ་པས་བརྟན་པར་ བྱས་ལ། འཁོར་ལོ་ལྔའི་ལྷ་རྣམས་རང་ལུས་ཀྱི་གནས་སོ་སོར་ཐིམ། ལུས་ཀྱི་དཀྱིལ་འཁོར་གྱི་ ལྷ་དྲུག་ཅུ་རྩ་གཉིས་གསལ་བར་གྱུར། སྤྱི་བོ་སྤྱི་གཙུག་རྣ་གཡས་ལྟག་པ་དང༌། །རྣ་གཡོན་སྨིན་དབུས་མིག་དང་ ཕྲག་པ་དང༌། །མཆན་ཁུང་ནུ་མ་ལྟེ་བ་སྣ་རྩེ་མགྲིན། །ཁ་དང་སྙིང་ཁ་འབྲས་བུ་མཚན་མ་དང༌། །བཤང་ལམ་བརླ་དང་བྱིན་པ་ རྐང་སོར་བོལ། །རྐང་མཐེབ་པུས་མོ་ཡུལ་ཆེན་ཉི་ཤུར་གྱུར། །པུ་ཛ་ཨོ་ཨ། གོ་ར་དེ་མ། ཀ་ཨོ་ཏྲི་ཀོ། ཀ་ལ་ཀ་ཧི། པྲེ་གྲི་སཽ་སུ་ན་ སི་མ་ཀུ། དེ་དག་ཏུ་གནས་པའི་རྩ་ཉི་ཤུ་རྩ་བཞི་ནི། མི་ཕྱེད་ཕྲ་གཟུགས་རྩེ་མོ་གཡོན། །ཐུང་ངུ་རུལ་སྦལ་སྒོམ་ལ་དབང༌། །སྐྱོན་ མ་འཇུག་མ་མ་མོ་མཚན། །བསིལ་སྦྱིན་ཚ་བ་གཞོལ་[མ་]རངས། །གཟུགས་ཅན་སྤྱི་མ་རྒྱུ་སྦྱིན་མ། །སྦྱོར་བྲལ་སྡུ་གུ་དྲུག་མ་ འཚེད། །ཡིད་བཟང་གསུང་འཁོར་འདོད་མ་ཁྱིམ། །གཏུམ་མོ་རྣམས་ལ་རིམ་བཞིན་དུ། །རབ་གཏུམ་གཏུ་མིག་འོད་ལྡན་སྣ་ཆེན་ མ། །བརྟན་བློ་མིའུ་ཐུང་ལང་ཀ་ཤིང་གྲིབ་མ། །ས་བསྲུང་འཇིགས་བྱེད་རླུང་ཤུགས་ཆང་འཐུང་མ། །སྔོ་སངས་ཤིན་བཟང་རྟ་རྣ་བྱ་ གདོང་མ། །འཁོར་ཤུགས་དུམ་སྐྱེས་ཆང་འཚོང་གོ་ཆ་མ། །རབ་དཔལ་སྟོབས་ཆེན་འཁོར་བསྒྱུར་བརྩོན་ཆེན་མ། །ཁམས་ཉི་ཤུ་རྩ་ བཞི་དཔའ་བོ་ཉེར་བཞིར་གྱུར་པ་ནི། སོ་སེན་སྐྲ་སྤུ་པགས་པ་དྲི་མ་ཤ །རུས་པ་རྒྱུས་པ་མཁལ་མ་སྙིང་དང་མཆིན། །མིག་འབྲས་ མཁྲིས་པ་གློ་བ་རྒྱུ་མ་ཞག །ལྟེ་བ་ཆུ་སོ་འདོམ་བར་བད་ཀན་རྣག ཁྲག་རྡུལ་ཚིལ་དང་མཆིལ་མ་བསྣབས། །རིམ་བཞིན་ཐོད་དུམ་ 23-1-310 ཀེང་རུས་ཆེན་པོ་དང༌། །ཀེང་རུས་མཆེ་གཙིགས་ལྷ་དགྲ་འོད་དཔག་མེད། །རྡོ་རྗེ་འོད་དང་རྡོ་རྗེའི་སྐུ་དང་ནི། །མྱུ་གུ་ཅན་དང་ རྡོ་རྗེ་རལ་པ་ཅན། །དཔའ་ཆེན་ཧཱུཾ་མཛད་རབ་བཟང་རྡོ་རྗེ་བཟང༌། །འཇིགས་ཆེན་རྟ་སྣ་སྟོབས་ཆེན་རིན་ཆེན་དང༌། །རྟ་མགྲིན་ མཁའ་སྙིང་ཁྲག་འཐུང་གར་དབང་ཕྱུག །རྣམ་སྣང་རྡོ་རྗེ་སེམས་པ་རྣམས་སུ་གྱུར། །ཁ་དང་སྣ་གཡོན་གསང་བ་སྣ་ཕུག་གཡས། ། རྣ་བ་གཡས་གཡོན་མིག་རྩ་གཡས་གཡོན་ལ། །ཁྭ་གདོང་འུག་གདོང་ཁྱི་གདོང་ཕག་གདོང་དང༌། །བརྟན་མ་ཕོ་ཉ་མཆེ་གཙིགས་ འཇོམས་མའོ། །སྙིང་མགྲིན་ལྟེ་བ་དཔྲལ་བའི་འཁོར་ལོ་ལ། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །སྤྱི་བོ་གསང་བར་ ཐིག་ལེ་དཀར་དམར་ནི། །ཧེ་རུ་ཀ་དང་རྡོ་རྗེ་ཕག་མོར་གྱུར། །དེ་ལྟར་ལུས་དཀྱིལ་ལ་རྒྱུན་རིང་དུ་སེམས་གཏད་ཅིང་སྒོམ་མོ། །དེ་ ནས་ཆོས་ཐམས་ཅད་བདེ་བ་ཆེན་པོར་ལྷག་པར་མོས་ཏེ། གོ་ཆ་གཉིས་བགོས་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །འདི་ཉིད་ ཀྱི་རྒྱུན་གྱི་གཏོར་མའི་ཆོ་ག་ནི། སྡོམ་འབྱུང་གི་སྒྲུབ་པའི་ཐབས་སུ་བཤད་པ་དེ་ཁོ་ནས་བྱའོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་ མའི་ཆོ་ག་རྡོ་རྗེ་འཕྲེང་བའམ། འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ནས་འབྱུང་བ་དེ་དག་ཀྱང་ཇི་ལྟར་འོས་པའི་ཚེ་བྱའོ། །གལ་ཏེ་ མངོན་པར་རྟོགས་པ་བསྡུས་པ་ཉམས་སུ་ལེན་པར་འདོད་ན། ཕུང་ཁམས་སྐྱེ་མཆེད་ཀྱི་དག་པ་བོར་ལ་ཡེ་ཤེས་ཚོགས་བསོག་ཡན་ སྔར་ལྟར་བསྒོམ་ལ། བསྲུང་འཁོར་དང་དཀྱིལ་འཁོར་སྐད་ཅིག་གིས་གསལ་བཏབ། གོ་ཆ་གཉིས་བགོད་པ་མན་ཆད་སྔར་ལྟར་ བྱས་པས་འགྲུབ་བོ། །ཤིན་ཏུ་བསྡུས་པ་ནི་རྣལ་འབྱོར་རྫོགས་པའི་འཕྲེང་བ་ལྟར་བསྒོམ་པར་བྱའོ། །དེ་ལྟར་བཤད་པར་གྱུར་འདི་ ཡང༌། །ཕུན་ཚོགས་ཡོན་ཏན་ཚད་མེད་དེ། །གྲུབ་པའི་དགའ་སྟོན་བརྒྱ་ཕྲག་ནི། །བློ་ལྡན་རྣམས་ཀྱི་རྟག་ཏུ་ཐོབ། །སློབ་དཔོན་ཆེན་ པོ་འཇིགས་མེད་འབྱུང་གནས་ཀྱི་བཞེད་པ་ལས་འབྱུང་བའི། སྒྲུབ་ཐབས་འཁྲུལ་པ་སྤོང་བའི་ལུགས་ལྟར། དཔལ་འཁོར་ལོ་བདེ་ མཆོག་གི་སྒྲུབ་ཐབས་རྣམ་པར་བཀོད་པ་ངོ་མཚར་འབྱུང་གནས་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་པ་ལ་ གསེར་མདོག་ཅན་གྱི་ཆོས་གྲྭར་སྦྱར་བའོ།། །།བཀྲ་ཤིས།། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-311 ༄༅། །འཁོར་ལོ་སྡོམ་པ་བཅུ་གསུམ་མའི་སྒྲུབ་ཐབས་ མེ་ཏྲི་པའི་དགོངས་དོན་ཞེས་བྱ་བ་ བཞུགས། ༄༅། །ན་མོ་རཏྣ་དྲ་ཡཱ་ཡ། འཁོར་ལོ་སྡོམ་པ་བཅུ་གསུམ་མའི་སྒྲུབ་ཐབས་མེ་ཏྲི་པའི་དགོངས་དོན་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་སྒེག་པའི་ཉམས་རྒྱས་ཤིང༌། །བཅུ་གཉིས་ཡན་ལག་མ་དང་རོལ། །སྤྲོས་ཀུན་འོད་གསལ་ ཆེན་པོར་སྡོམ། །བླ་མ་འཁོར་ལོའི་མགོན་ལ་འདུད། །དབེན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། ཕྱོགས་བཅུར་ བཞུགས་པའི་བླ་མ་དང༌། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཆེ། །དཔའ་བོ་རྣལ་འབྱོར་མ་ ཚོགས་ཀུན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །རྐང་གཉིས་གཙོ་བོའི་སྐུ་གསུང་ ཐུགས། །བཅོམ་ལྡན་འདས་ལ་སྐྱབས་སུ་མཆི། །འདོད་ཆགས་བྲལ་ཞིང་མྱ་ངན་འདས། །ཞི་ བའི་ཆོས་ལ་སྐྱབས་སུ་མཆི། །ཚོགས་ཀྱི་མཆོག་གྱུར་ས་ལ་བཞུགས། །ཕྱིར་མི་ལྡོག་ལ་སྐྱབས་ སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་སྐྱབས་སུ་མཆི། །དངོས་གྲུབ་ གཏེར་བའི་ཡི་དམ་ལྷ། །དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་རྣལ་འབྱོར་ ཚོགས། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། ། གཉུག་མའི་སེམས་ལ་སྐྱབས་སུ་མཆི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་བར་གྱིས་སེམས་བསྐྱེད་ལ་སྡོམ་པ་བཟུང༌། དེ་ནས་ཧེ་རུ་ཀའི་ཡི་ གེ་བརྒྱ་པའི་སྒོམ་བཟླས་བྱ་བ་སྤྱི་དང་མཐུན། ༀ་ཤྲཱི་ཧེ་རུ་ཀ་ཧཾ། རང་སྐད་ཅིག་གིས་ཕྱག་གཉིས་པར་ གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ 23-1-312 འཕྲོས་པ། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ གང་གི་ འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང༌། །བླ་མེད་བྱང་ཆུབ་ཐོབ་ མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནས། དེ་རྙེད་རྣམས་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་ཕྱག་འཚལ། ༀ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀ་སརྦ་བི་ར་ ཡོ་གི་ནི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་པཱདྱཾ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། རི་རབ་གླིང་བཞི་གླིང་ ཕྲན་ཉི་ཟླ་ལྕགས་རིར་བཅས། །རིན་ཆེན་སྣ་བདུན་གཏེར་གྱི་བུམ་པས་ལེགས་བཀང་ནས། ། བདག་ལུས་ལོངས་སྤྱོད་སྣང་སྲིད་བཅས་པ་ཀུན་འབུལ་ན། །ཐུགས་རྗེ་ཆེན་པོས་དགོངས་ ནས་འདི་དག་བཞེས་སུ་གསོལ། །བྱས་དང་བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་ སྐྱོན་ཀུན་འཇིག་བྱེད་པའི། །སྤྱན་སྔར་སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་ སྡོམ་པ་བླང་བར་བགྱི། །ཉན་ཐོས་རང་རྒྱལ་བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱིས་དགེ་ བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཤིང༌། །བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་ བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་གསུམ་པོ་ལ། །དངོས་པོ་ཀུན་གྱི་བདག་ནི་ སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་སེམས་བསྐྱེད་དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་ བརྟེན་པར་བགྱི། །འགྲོ་བའི་དོན་ཕྱིར་སངས་རྒྱས་འཕྲིན་ལས་རྣམས། །མ་ལུས་རྫོགས་པར་ བདག་གིས་བགྱིད་པར་ཤོག །ཅེས་ལན་གསུམ་གྱིས་རྒྱུན་བཤགས་བྱ། དེ་ནས་ཚད་མེད་བཞི་སྤྱི་དང་མཐུན་པར་ སྒོམ། ༀ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་ འཁོར་སྔོན་པོ་ཟླ་གམ་ཡཾ་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ གྲུ་གསུམ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བཾ་ གྱིས་མཚན་པ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་ལཾ་གྱིས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་ 23-1-313 པདྨའི་ལྟེ་བར་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་ར་ བ། དྲ་བ། གུར་བླ་རེ་ཟླའི་དྲ་བ། ཕྱི་རོལ་ཀུན་ཏུ་ཡེ་ཤེས་ཀྱི་མེ་འོད་འབར་བའི་བསྲུང་བའི་ འཁོར་ལོར་གྱུར། ༀ་མེ་དྷི་ནི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཕཊ། ༀ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་ པཉྩ་ར་ཧཱུཾ་ཡཾ་ཧཱུཾ། ༀ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ༀ་བཛྲ་ས་ར་ཛ་ལ་ཏྲཾ་ཏྲཾ་ཏྲཾ། ༀ་བཛྲ་ཛྭ་ལ་ཨ་ན་ལ་ ར་ཀ་ཧཱུཾ་ཧཱུཾ་ཧཱུཾ། བསྲུང་བའི་འཁོར་ལོའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲུཾ་ལས་འོད་ འཕྲོས། ལུས་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་། གྲུ་བཞི་སྒོ་བཞི་པ། རྩིགས་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། བྲེ་ཕུལ་དང༌། གསེར་གྱི་ སྣམ་བུ་དང༌། དྲ་ཕྱེད་དང༌། ཤར་བུ་དང་། མདའ་ཡབ་དང༌། བཟུང་མ་རྣམས་དང་བཅས་པའི་ ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་སྟེང་དུ་ཀ་བས་བཏེགས་ པའི་རྟ་བབས་སྣམ་བུ་བཞི་དང་བཅས་པ། ནང་ཀ་བ་བརྒྱད་དང་ལྡན་པ། དབུས་ཕྱུར་བུར་ གྱུར་པའི་ཐོགས་ཕུགས་ཅན། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སུ་སྣ་ཚོགས་པདྨ་འབད་མ་བརྒྱད་ པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་གདན། ཕྱོགས་བཞིའི་འདབ་མ་དང༌། སྒོ་མཚམས་ བརྒྱད་དུ་རོའི་གདན་དང་བཅས་པ། གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ ཅད་དང་བཅས་ཤིང༌། པད་འདབ་ཀྱི་འཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་ རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང་། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་ རྣམས་ཀྱིས་ཡོངས་སུ་གང་བའོ། །དབུས་ཀྱི་གདན་གྱི་སྟེང་དུ། གཡོན་སྐོར་གྱི། ཨ་ཨཱ་ནས། ཨཾ་ཨཿ ཞེས་པའི་བར་ཕྲག་གཉིས་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཡས་སྐོར་གྱི་ ཀ་ཁ་ནས། ཧ་ཀྵཿ ཡ་ར་ལ་བ་ཌ་ཌྷ་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེ་ 23-1-314 གཉིས་ཀྱི་བར་དུ་ཧཱུཾ་སྔོན་པོ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་ བྱས། ཚུར་འདུས། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཡོངས་སུ་གྱུར་པ་ལས། ལྷ་བཅུ་གསུམ་ ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་བདེ་མཆོག སྐུ་མདོག་ མཐིང་ཁ་ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་བའི་ཞལ་སྔོན་པོ། གཡོན་ལྗང༌། རྒྱབ་དམར། གཡས་སེར། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་ཞིང༌། མཆེ་བ་གཙིགས་ པ། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལས་འཁྱུད་པ། དེའི་འོག་མ་ གཉིས་ཀྱིས་གླང་པོ་ཆེའི་པགས་པ་རྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་ པ་ན་དགྲ་སྟ། ལྔ་པ་ན་གྲི་གུག དྲུག་པ་ན་མདུང་རྩེ་གསུམ་པ་འཛིན་པ། གཡོན་གྱི་གསུམ་པ་ ན་ཁ་ཊྭཱཾ་ག བཞི་པ་ན་ཁྲག་གི་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེ་ཞགས་པ། དྲུག་པ་ན་ཚངས་ པའི་མགོ་བོ་གདོང་བཞི་པ་འཛིན་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དང༌། གཡོན་ བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་ དང༌། ཟླ་བ་ཕྱེད་པ་དང༌། ནོར་བུ་རིན་ཆེན་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་ དྲུག་དང་མགོའི་འཕྲེང་བ་ཅན། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་ དགུ་དང་ལྡན་པ། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ མ། གཡོན་ཐོད་ཁྲག་དང་ཁ་ཊྭཱཾ་ག་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་སྡིགས་མཛུབ་ དང་བཅས་པའི་རྡོ་རྗེ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགེས་ཤིང་ཁྲག་འཛག་པའོ། །གཉིས་ ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པར་གྱུར། ཤར་གྱི་འདབ་མ་ལ་མཁའ་འགྲོ་ མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་ སྐྱ། མཚམས་བཞིར་བུམ་པ། བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་སྟེང་དུ། ཀ་པཱ་ལ་བདུད་རྩིས་ 23-1-315 གང་བ་དང་བཅས་པ་བཞིའོ། །ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་ བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་གཤིན་རྗེ་ འཇོམས་མ་གཡས་ལྗང་གཡོན་སྔོ་བ། ཐམས་ཅད་ཀྱང་དྲག་མོའི་གཟུགས་ཅན། ཞལ་གཅིག་ ཕྱག་བཞི་སྤྱན་གསུམ་མ། ཕྱག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་གཉིས་ན་ཐོད་ པ་དང་ཁ་ཊྭཱཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྲ་གྲོལ་བ། རྡོ་རྗེའི་འཕྲེང་བས་ དབུ་ལ་བརྒྱན་ཅིང་མི་མགོའི་དོ་ཤལ་ཅན། རོའི་གདན་ལ་གཡས་བརྐྱང་གི་སྐབས་ཀྱི་གནས་ པས་དངོས་གྲུབ་ཐམས་ཅད་སྩོལ་བའོ། །ལྷ་ཐམས་ཅད་ཀྱི་སྤྱིར་བོར་ༀ་ལས་འཁོར་ལོ་དཀར་ པོ་ༀ་གྱིས་མཚན་པ། མགྲིན་པར་ཨཱཿལས་དང་པདྨ་དམར་པོ་ཨཱཿས་མཚན་པ། ཐུགས་ཀར་ ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། ཡབ་ཀྱི་སྙིང་ཁར་ༀ་ཧ་ལས་རྡོ་རྗེ་སེམས་དཔའ་ དཀར་པོ། མགོན་བོར་ན་མ་ཧི་ལས་རྣམ་པར་སྣང་མཛད་སེར་པོ། སྤྱི་གཙུག་ཏུ་སྭཱཧཱ་ཧཱུཾ་ལས་ རིན་ཆེན་འབྱུང་ལྡན་དམར་པོ། ཕྲག་པ་གཉིས་སུ་བཽ་ཥཊ་ཧེ་ལས་ཧེ་རུ་ཀ་ནག་པོ། མིག་ གཉིས་ལ་ཧཱུཾ་ཧཱུཾ་ཧོ་ལས་འོད་དཔག་མེད་མཐིང་ཀ ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལས་རྟ་ མཆོག་ལྗང་ཁུ་རྣམས་རྡོ་རྗེ་དང༌། དྲིལ་བུ་འཛིན་པའོ། །མིག་ཏུ་ༀ་ལས་གཏི་མུག་རྡོ་རྗེ་དཀར་ པོ། རྣ་བར་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ། སྣར་ཁཾ་ལས་ཕྲག་དོག་རྡོ་རྗེ་ལྗང་ཁུ། ལྕེར་ༀ་ལས་ འདོད་ཆགས་རྡོ་རྗེ་དམར་པོ། དཔྲལ་བར་ཏྲཾ་ལས་སེར་སྣ་རྡོ་རྗེ་སེར་པོ། སྙིང་ཁར་ཧཱུཾ་ལས་ དབང་ཕྱུག་རྡོ་རྗེ་སྔོན་པོ་རྣམས། རྡོ་རྗེ་དང་ཐོད་པ་འཛིན་པར་གྱུར། ཡུམ་གྱི་ལྟེ་བར་ༀ་བཾ་ ལས་རྡོ་རྗེ་ཕག་མོ་དམར་མོ། སྙིང་ཁར་ཧཾ་ཡོཾ་ལས་གཤིན་རྗེ་མ་སྔོན་པོ། ཁར་ཧྲིཾ་མོཾ་རྨོངས་བྱེད་ མ་དཀར་མོ། དཔྲལ་བར་ཧྲེཾ་ཧྲིཾ་ལས་བསྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུཾ་ཧཱུཾ་ལས་སྐྲག་མེད་ 23-1-316 མ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་ཙཎྜི་ཀ་དུད་ཁ་རྣམས་གྲི་གུག་དང་ཐོད་པ་ འཛིན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཕཻཾ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ༀ་ཡོ་གཱ་ཤུདྡྷཿསརྦ་དྷརྨཱཿཡོ་གཱ་ཤུདྡྷོ྅ཧཾ། སླར་ཡང་ འོད་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱི་ ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ སྐུ་ཁྲུས་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུང་ཞིང་བུམ་པས་ དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། ཕྱོགས་མ་བཞི་ལ་རིན་འབྱུང༌། སྒོ་མ་བཞི་ལ་སྣང་མཐའ། མཚམས་མ་ བཞི་ལ་དོན་གྲུབ་ཀྱིས་དབུ་བརྒྱན་པར་གྱུར། ཨཱ་ལི་ཀཱ་ལི་ལན་གསུམ་དུ་བརྗོད་ཅིང༌། རོ་བརྐྱང་གི་ལམ་ནས་ཨཱ་ ལི་ཀཱ་ལིའི་འགྲོ་འོང་བྱས་པས་རྩ་ལམ་ཁྱབ་པར་མོས། མཎྜལ་མཆོད་ཆོག་རྒྱས་པ་སྤྲོ་ན་སྐབས་འདིར་བྱ་བ། གཉིས་མེད་རྡོ་རྗེ་ ཉིད་ཀྱིས་མཛད་པའི་གཞུང་གི་དངོས་བསྟན་ལྟར་རམ། སྤྲོས་པ་ལ་དགའ་ན་བླ་མ་གོང་མ་རྣམས་ཀྱི་ཡིག་ཆ་ལྟར་བྱའོ། །འོན་ཀྱང་ སྐབས་འདི་ཉིད་ཀྱིས་ཆོ་གའི་ཡན་ལག་ཏུ་དེ་དགོས་པ་ནི་མ་ཡིན་ནོ། །འདུས་ཞབས་ལུགས་ལྟར་མཆོད་ལྷ་མཁའ་ནང་ནས་སྤྲོས་ ཏེ། གོང་བཞིན་དུ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ལྷ་རྣམས་ཀྱི་རང་སྔགས་ཀྱི་ནང་མཆོད་མྱང༌། གསང་མཆོད་བྱ། རྐང་པ་ བརྒྱད་པའི་སྔགས་ཀྱིས་བསྟོད། འཁོར་ལོའི་དམིགས་པ་གསལ་བཏབ་ལ་བཟླས་པ་བྱ་སྟེ། ༀ་ཤྲཱི་བཛྲ་ཧེ་རུ་ཀ་ཌཱ་ཀི་ནཱི་ ཛྭ་ལ་སམྦ་ར་སྭཱཧཱ། སྙིང་པོའོ། །ༀ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ༀ་བཛྲ་བཻ་རོ་ཙ་ནེ་ཡེ་ཧཱུཾ་ཕཊ་ སྭཱཧཱ། ཡུམ་གྱི་སྙིང་པོའོ། །ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །མ་མོ་ བཅུ་གཉིས་ཀྱི་སྔགས་ནི་སྤྱི་དང་མཚུངས་སོ། །རང་གི་སྙིང་ཁའི་འོད་ཟེར་གྱིས་སྣང་བ་ཐམས་ཅད་དཀྱིལ་ འཁོར་གྱི་འཁོར་ལོར་གྱུར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་ལ་ཐིམ། དཀྱིལ་འཁོར་ ཡང་འོད་གསལ་གྱི་དབྱིངས་སུ་ཐིམ། སླར་ཡང་ཕྱག་གཉིས་པའི་རྣམ་པར་ལངས་ཏེ། གོ་ཆ་གཉིས་ཀྱིས་རྒྱས་ 23-1-317 བཏབ་ལ། ཐུན་མཚམས་ལ་འཇུག་གོ །གཏོར་མའི་ཆོ་ག་ནི། སྡོམ་པ་འབྱུང་བ་བཅུ་གསུམ་མའི་སྒྲུབ་ཐབས་སུ་བཤད་ཟིན་ཡིན་ ལ། འདོར་ལེན་གྱི་ཁྱད་པར་ལྭ་བ་བཅུ་གསུམ་མའི་སྐབས་སུ་འཆད་པ་ལྟར་ཡིན་པས། དེ་དང་དེར་ལྟ་བར་བྱའོ། ། གཉིས་མེད་རྡོ་རྗེའི་དགོངས་པ་བཞིན། །ཉུང་ངུའི་ཚིག་གི་མདོར་བསྡུས་ནས། །དོན་ཟབ་དོན་ནི་རྒྱ་ཆེ་བ། །བློ་དམན་རྣམས་ ལ་གསལ་བར་བྱས། །འཁོར་ལོ་སྡོམ་པ་བཅུ་གསུམ་མའི་སྒྲུབ་ཐབས། མཻ་ཏྲི་པའི་དགོངས་དོན་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ ནཱ་ཐས་སྐྱེ་བོ་མང་པོ་ལ་ཕན་པར་མཐོང་ཞིང༌། བདག་དང་སྐལ་མཉམ་གཞན་གྱི་དོན་དུ་སྦྱར་བ་སྟེ། རང་ལོ་སུམ་ཅུ་པ་ལ། ཐུབ་ བསྟན་གསེར་མདོག་ཅན་དུའོ།། །།དར་རྒྱས་འཕེལ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-318 ༄༅། །འཁོར་ལོ་བདེ་མཆོག་བོང་ཞལ་ཅན་གྱི་སྒྲུབ་ཐབས་ མན་ངག་གི་རིམ་པ་ཞེས་བྱ་བ་བཞུགས། ༄༅། །ན་མོ་གརྡྷ་བྷ་མུ་ཁ་ཧེ་རུ་ཀ་ཡ། རྡོ་རྗེ་མཐོན་ཀའི་འོད་ཟེར་གྱིས། །བདུད་དཔུང་ལན་བརྒྱར་བཅོམ་ བྱས་ནས། །སྒྲུབ་ལ་བདེ་ཆེན་དངོས་གྲུབ་སྩོལ། །རབ་འཇིགས་ཧེ་རུ་ཀ་ལ་འདུད། ། འདིར་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་ཁྱད་པར་རབ་འབྱམས་ཞིག་སྒྲུབ་པར་འདོད་པས། སྡོམ་པ་རྩ་བཤད་ཀྱི་རྒྱུད་ ནས་འབྱུང་བ་ལྟར་རྡོ་རྗེ་ཁྲག་འཐུང་བོང་བུའི་ཞལ་ཅན་བསྒོམ་པར་བྱའོ། །དེ་ལ་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱའི་བསྒོམ་ བཟླས་རྣམས་སྔོན་དུ་འགྲོ་བས། ༀ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་སྐད་ཅིག་གིས་བདེ་མཆོག་ཞལ་གསུམ་ཕྱག་ དྲུག་པར་གསལ་བའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་ལྕགས་ ཀྱུ་ལྟ་བུ་འཕྲོས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ན་ མོ་གུ་རུ་བྷེ། ན་མཿཤྲཱི་ཙཀྲ་སམྦྷ་ར་མཎྜ་ལ་བྷེ། ༀ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྱས་དང་ བྱེད་དུ་བཅུག་དང་ཡི་རང་བའི། །སྡིག་པ་མ་ལུས་སྐྱོན་ཀུན་འཇིགས་བྱེད་པའི། །སྤྱན་མངར་ སོ་སོར་བཤགས་ཤིང་སླར་ཡང་ནི། །མི་བྱེད་པ་ཡི་སྡོམ་པ་བླ་བར་བགྱི། །ཉན་ཐོས་རང་རྒྱལ་ བླ་མེད་རྒྱལ་བ་དང༌། །རྒྱལ་བའི་སྲས་ཀྱི་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་ རང་ཞིང༌། །བྱང་ཆུབ་བར་དུ་ཡོངས་སུ་བསྔོ་བར་བགྱི། །རྒྱལ་བ་དཀོན་མཆོག་ལ་སོགས་ གསུམ་པོ་ལ། །དངོས་པོ་ཀུན་གྱི་བདག་ནི་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ དེ་བཞིན་དུ། །བླ་ན་མེད་པའི་ལམ་ལ་བརྟེན་པར་བགྱི། །ཚད་མེད་བཞི་སྤྱི་དང་མཐུན་པར་སྒོམ། ༀ་སྭ་ བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་ 23-1-319 འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་ སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་ བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་ཧཱུཾ་ གིས་མཚན་པ་ལས་འོད་འཕྲོས། རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ། མདའི་དྲྭ་བ། ཕྱི་རོལ་ ཀུན་ཏུ་ཡེ་ཤེས་ཀྱི་མེ་འོད་འབར་བའི་བསྲུང་བའི་འཁོར་ལོ་གྱུར། ༀ་མེ་དྷི་ནི་བཛྲི་བྷ་ཝ་བཛྲ་ བནྡྷ་ཧཱུཾ་ཕཊ། ༀ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་པཉྩ་ར་ཧཱུཾ་ཡཾ་ཧཱུཾ། ༀ་བཛྲ་བི་ཏ་ན་ཧཱུཾ་ཁཾ་ཧཱུཾ། ༀ་ བཛྲ་ས་ར་ཛ་ལ་ཏྲཾ་ཏྲཾ་ཏྲཾ། ༀ་བཛྲ་ཛྭ་ལ་ཨ་ན་ལརྐ་ཧཱུཾ་ཧཱུཾ་ཧཱུཾ། བསྲུང་བའི་འཁོར་ལོའི་དབུས་སུ། སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུཾ་ལས་གཞལ་མེད་ཁང༌། གྲུ་བཞི་སྒོ་བཞི་པ། རྩིགས་པ་རིམ་པ་ ལྔ་དང་ལྡན་པ། ཕ་གུ་དང༌། བྲེ་ཕུལ་དང༌། གསེར་གྱི་སྣམ་བུ་དང༌། དྲྭ་ཕྱེད་དང༌། ཤར་བུ་དང་། མདའ་ཡབ་དང༌། བཟུངས་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ ཡོངས་སུ་རྫོགས་པ། སྒོ་བཞིའི་མདུན་དུ་ཀ་བས་བཏེག་པའི་རྟ་བབས་ཀྱིས་མཛེས་པ། ནང་ གི་ལྷ་སྣམ། ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་ དང་བཅས་པ། དབུས་སྔོ་བའི་སྟེང་དུ། སྐུའི་འཁོར་ལོ་དཀར་པོ། རྩིབས་བརྒྱད་པ། མུ་ཁྱུད་ ལ་འཁོར་ལོའི་འཕྲེང་བས་མཚན་པ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་ བརྒྱད་པ། མུ་ཁྱུད་ལ་པདྨའི་འཕྲེང་བས་མཛེས་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་ རྩིབས་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་བདེ་བ་ཆེན་པོའི་ འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སྡོང་བུ་ཅུང་ཟད་དང་བཅས་པ། མུ་ཁྱུད་ལ་གྲི་ གུག་གི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་པར་ཕུག་པའི་དབུས་ཕྱུར་བུར་གྱུར་པ། ནང་གི་ ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་ཅུ་རྩ་གསུམ་མོ། །གཞལ་མེད་ཁང་གི་ཕྱི་རོལ་ མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་འཁོར་ཡུག་བསྲུང་བའི་ 23-1-320 འཁོར་ལོ་དང་བཅས་པའི་ཕྱི་རོལ། དུར་ཁྲོད་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་ བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་ པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཡོངས་སུ་ཁྱབ་པའོ། །དབུས་ཀྱི་གདན་གྱི་སྟེང་དུ། གཡོན་བསྐོར་གྱི་ཨ་ཨཱ་ཞེས་པ་ནས། ཨཾ་ཨཿཞེས་པའི་བར་ཕྲག་གཉིས་ཞུ་བ་ལས་བྱུང་བའི་ཟླ་བའི་ དཀྱིལ་འཁོར། དེའི་སྟེང་དུ་གཡས་བསྐོར་གྱི་ཀ་ཁ་ནས། ཧ་ཀྵཿ ཡ་ར་ལ་ཝ་ཌ་ཌྷ། ཕྲག་གཉིས་ ཞུ་བ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་ཧཱུཾ་དཀར་པོ། ནམ་མཁའི་ནཱ་ ད་ཧཱུཾ་ཡིག་དེ་ཉིད་ལ་ཐིམ། དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས། དེ་ཐམས་ཅད་གཅིག་ཏུ་འདུས་པ་ཡོངས་སུ་གྱུར་པ་ལས། ལྷ་སུམ་ཅུ་རྩ་བདུན་ གྱི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ནི་དབུས་ཀྱི་གདན་གྱི་སྟེང་དུ་འཁོར་ལོ་ བདེ་མཆོག སྐུ་མདོག་མཐིང་ནག་དྲག་པོ་ཆེན་པོ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་ གསུམ་ཕྱག་དྲུག་པ། རྩ་བའི་ཞལ་མཐིང་ཀ་བོང་བུའི་གདོང་པ་ཅན་ཁྲག་ཆེན་གྱི་བྱུགས་ཤིང་ ཤིན་ཏུ་འཇིགས་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ། ལྷ་ཞལ་ཁྲོ་ཆགས་ཀྱི་ ཉམས་ཅན། ཞལ་རྣམ་པར་འགྱུར་བ། སྤྱན་གསུམ་གསུམ་དང་ལྡན་ཅིང་མཆེ་བ་རྩིགས་པ། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱི་ མི་ལྤགས་རློན་པ་རྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་རྩེ་གསུམ། གཡོན་གསུམ་པས་ ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཞབས་གཡས་བརྐྱང་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་ རྗེ་དང༌། ནོར་བུ་རིན་པོ་ཆེན་དང༌། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་ བོའི་འཕྲེང་བ་ཅན། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་དང་ལྡན་ པ། ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡོན་ 23-1-321 ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་སྡིགས་མཛུག་དང་བཅས་པའི་རྩེ་གསུམ་ འཕྱར་བ། བྱིན་པ་གཉིས་ཀྱི་ཡབ་ལ་འཁྲིལ་བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་ སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགེས་ཤིང་ཁྲག་འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་ བུའི་དབུས་ན་བཞུགས་པའོ། །འདབ་མ་བརྒྱད་ལ་ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་ མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། དེ་བཞི་དང་རྡོ་རྗེ་ ཕག་མོ་ནི་བོང་བུའི་ཞལ་ཅན། ཞལ་གྱི་གྲ་ནས་མཧཱ་ཧུ་དྷི་རའི་རྒྱུན་འབབ་པའོ། །མཚམས་ བཞིར་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱི་གང་བའི་སྟེང་དུ་ཀཱ་པ་ལ་བདུད་རྩིས་གང་བ་དང་ བཅས་པ་བཞིའོ། །འཁོར་ལོ་གསུམ་གྱི་ཕྱི་རོལ། དམ་ཚིག་འཁོར་ལོའི་ཤར་སྒོར་ཁ་གདོང་མ་ ནག་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་ གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་པ་གཡས་སྔོ་གཡོན་སེར་བ་མ་ཧེའི་གདོང་པ་ ཅན་པ། ལྷོ་ནུབ་ཏུ་གཤིན་རྗེའི་ཕོ་ཉ་མ་གཡས་སེར་གཡོན་དམར་བ་རི་དྭགས་ཀྲི་ཎའི་གདོང་ པ་ཅན། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ་སྟག་གི་གདོང་པ་ཅན། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང༌། གཡོན་སྔོ་བ་དོམ་གྱི་གདོང་པ་ཅན། ཐམས་ ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མ། ཕྱག་གཡས་གཉིས་ན་རྩེ་གསུམ་དང་ཌཱ་མ་ རུ། གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང༌། སྐྲ་ གྲོལ། རྡོ་རྗེའི་འཕྲེང་བས་དབུ་ལ་བརྒྱན་ཅིང་མི་མགོའི་དོ་ཤལ་ཅན། རོའི་གདན་ལ་གཡས་ རྐྱང་གི་སྟབས་ཀྱི་གནས་པ་དངོས་གྲུབ་ཐམས་ཅད་བརྩོལ་བའོ། །ཐུགས་ཀྱི་འཁོར་ལོའི་ཤར་ ཕྱོགས་སུ་ལི་ར་མ་ལ་ཡར་ཁཎྜ་ཀ་པ་ལ། བྱང་ཕྱོགས་ཛ་ལནྡྷ་རར་མཧཱ་ཀཾ་ཀ་ལ། ནུབ་ཕྱོགས་ ཨོ་གྲི་ཡ་ནར་ཀཾ་ཀ་ལ། ལྷོ་ཕྱོགས་ཨར་བུ་ཏ་རར་མཆེ་བ་རྣམ་པར་རྩིགས་པ། ཤར་ལྷོ་གཽ་དྷ་ བ་རིར་ལྷའི་སྒྲ། ལྷོ་ནུབ་རསྨི་ཤྭ་རར་འོད་དཔག་མེད། ནུབ་བྱང་དྭེ་ཀོ་ཊར་རྡོ་རྗེ་འོད། བྱང་ 23-1-322 ཤར་མ་ལ་བར་རྡོ་རྗེའི་སྐུ་སྟེ། ཐམས་ཅད་ཀྱང་སྐུ་མདོག་སྔོན་པོ་བྱ་ཁྱུང་གི་གདོང་ཅན། ཕྱག་ དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པ། གསུང་གི་འཁོར་ལོའི་ཤར་ཕྱོགས་ཀ་མ་རུ་པར་ ཨཾ་གུ་རི། བྱང་ཕྱོགས་ༀ་ཊེ་ར་རྡོ་རྗེའི་རལ་པ་ཅན། ནུབ་ཕྱོགས་ཊི་ཀ་ཤ་རུ་ནེར་དཔའ་བོ་ ཆེན་པོ། ལྷོ་ཕྱོགས་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད། ཤར་ལྷོ་ཀ་ལིངྐར་རབ་ཏུ་བཟང་ངོ༌། ལྷོ་ནུབ་ ལམྦ་ཀར་རྡོ་རྗེ་བཟང་པོ། ནུབ་བྱང་ཀཉྩིར་འཇིགས་བྱེད་ཆེན་པོ། བྱང་ཤར་ཧི་མ་ལར་མིག་ མི་བཟང་སྟེ། ཐམས་ཅད་ཀྱང་སྐུ་མདོག་དམར་པོ་རྨ་བྱའི་གདོང་པ་ཅན། ཕྱག་དང་པོ་གཉིས་ ཀྱི་པདྨ་དང་དྲིལ་བུ་འཛིན་པ། སྐུའི་འཁོར་ལོའི་ཤར་ཕྱོགས་པྲ་ཏ་པུ་རིར་སྟོབས་པོ་ཆེ། བྱང་ ཕྱོགས་གྲི་ཧ་དེ་བར་རིན་ཆེན་རྡོ་རྗེ། ནུབ་ཕྱོགས་སོ་སོ་རས་ཊར་རྟ་མགྲིན། ལྷོ་ཕྱོགས་སུ་བརྞ་ དྭི་པར་ནམ་མཁའི་སྙིང་པོ། ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ ལྷོ་ནུབ་སིནྡྷུར་པདྨ་གར་གྱི་ དབང་ཕྱུག ནུབ་བྱང་མ་ནུར་རྣམ་པར་སྣང་མཛད། བྱང་ཤར་ཀུ་ལུ་ཏར་རྡོ་རྗེ་སེམས་པ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་སེང་གེའི་གདོང་པ་ཅན། ཕྱག་དང་པོ་གཉིས་ཀྱི་འཁོར་ ལོ་དང་དྲིལ་བུ་འཛིན་པ། དཔའ་བོ་ཉེར་བཞི་པོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི། འོག་ མ་གཉིས་ཀྱི་རྩ་གསུམ་དང་ཁ་ཊྭཱཾ་ག་བསྣམས་པ། ཉི་མ་ལ་གཡས་རྐྱང་གི་སྟབས་ཀྱི་བཞུགས་ ཤིང༌། རང་སྣང་གི་ཤེས་རབ་མ་དང་བཅས་པ། ཁྱད་པར་གཞན་རྣམས་བཅོམ་ལྡན་འདས་ དང་མཚུངས་པའོ། །གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་རང་འདྲའམ་ཕྱག་གཉིས་པའི་ཡེ་ཤེས་ སེམས་པ། དེའི་ཐུགས་ཀར་ཧཱུཾ་དང་བཾ་ཏིང་ངེ་འཛིན་སེམས་པ། དཔྲལ་བར་ༀ། མགྲིན་པར་ ཨཱཿ ཐུགས་ཀར་ཧཱུཾ། ཡབ་རྣམས་ཀྱི་ཐུགས་ཀར་ༀ་ཧ་དཀར་པོ་རྡོ་རྗེ་སེམས་པ། མགོན་པོར་ ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག མིག་གཉིས་སུ་ཧཱུཾ་ཧཱུཾ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་ཁུ་རྟ་མཆོག་ གི་ངོ་བོ། ཡབ་ཡུམ་རྣམས་ཀྱི་ལྟེ་བར་ༀ་བཾ་དམར་མོ་རྡོ་རྗེ་ཕག་མོ། སྙིང་ཁར་ཧཾ་ཡོཾ་སྔོན་པོ། 23-1-323 གཤིན་རྗེ་མ་ཁར་ཧྲིཾ་མོཾ་དཀར་མོ་རྨོངས་བྱེད་མ། དཔྲལ་བར་ཧྲེཾ་ཧྲིཾ་སེར་མོ་སྐྱོད་བྱེད་མ། སྤྱི་ གཙུག་ཏུ་ཧཱུཾ་ཧཱུཾ་ལྗང་ཁུ་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་དུད་ཁ་ཙཎྜི་ཀའི་ངོ་བོ། རྡོ་རྗེ་སེམས་པ་དང་རྨོངས་བྱེད་ཟླ་བའི་གདན་དང༌། གཞན་རྣམས་ཉི་མའི་གདན་ལ་གནས་ པའོ། །རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཕཻཾ། ཛཿཧཱུཾ་བཾ་ ཧོཿ གཉིས་སུ་མེད་པར་ཐིམ། ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། སླར་ཡང་འོད་འཕྲོས་ དབང་གི་ལྷ་རྣམས་སྤྱན་དྲངས། ཕཻཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་དབང་ བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ཙམ་གྱི་ནི། །ལྷ་རྣམས་ ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གི་ཁྲུས་གསོལ་ལོ། །ༀ་ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་དབང་བསྐུར་སྐུ་གང༌། དྲི་མ་ དག ཆུ་ལྷག་མ་ཡར་ལུད་པ་ལས། གཙོ་བོ་ལ་མི་བསྐྱོད་པ། ཡབ་ཡུམ་ལ་རྣམ་སྣང༌། བདེ་ ཆེན་འཁོར་ལོ་བ་ལ་རིན་འབྱུང༌། ཐུགས་འཁོར་བ་ལ་མི་བསྐྱོད་པ། གསུང་འཁོར་བ་ལ་འོད་ དཔག་མེད། སྐུ་འཁོར་བ་ལ་རྣམ་སྣང་། དམ་ཚིག་འཁོར་ལོ་བ་ལ་དོན་ཡོད་གྲུབ་པས་དབུ་ བརྒྱན། ༀ་ཤྲཱི་ཙཀྲ་སམྦྷ་ར་མཎྜ་ལ་བྷེ། བཛྲ་ཨརྒྷཾ་ཨཱཿཧཱུཾ་ནས། ཤཔྟའི་བར་གྱིས་ཕྱི་མཆོད་ཕུལ། རྡོ་རྗེ་ འཆང་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུཾ། རྡོ་རྗེ་རྣལ་འབྱོར་མའི་ཞལ་དུ་ༀ་ཨཱཿཧཱུཾ། སྐལ་ལྡན་བཟང་ པོའི་ཞལ་དུ་ༀ་ཨཱཿཧཱུཾ། སྐྱེ་དགུའི་འཚོ་བ་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུཾ། མཧཱ་བོ་དྷིའི་ཞལ་དུ་ༀ་ ཨཱཿཧཱུཾ། བླ་མ་བསམ་གཏན་འོད་ཟེར་གྱི་ཞལ་དུ་ༀ་ཨཱཿཧཱུཾ། གུ་གེ་པཎྜི་ཏའི་ཞལ་དུ་ༀ་ཨཱཿཧཱུཾ། མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་ གི་ཞལ་དུ་ༀ་ཨཱཿཧཱུཾ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ལྷ་དབང་གྲགས་པའི་ཞལ་དུ་ༀ་ཨཱཿཧཱུཾ། ལྷ་ཐམས་ཅད་ཀྱི་སྙིང་པོས་དཀྱིལ་འཁོར་ལ་ཕུལ། ཨ་ནུ་ར་ག་ནས་རྗེས་ཆགས་ཀྱི་མཆོད་པ་ཡང་ཕུལ་ལ། ཡབ་ཡུམ་གྱི་རྐང་ བརྒྱད་ཀྱི་བསྟོད། དཀྱིལ་འཁོར་གྱི་འཁོར་ལོ་བདེ་སྟོང་དུ་འཆར་བར་བྱས་ཏེ་མཉམ་པར་བཞག རྫོགས་རིམ་སྒོམ་པར་འདོད་ན་ 23-1-324 སྐབས་འདིར་སྒོམ། འཁོར་ལོའི་བཟླས་པའམ་སྤྲོ་བསྡུའི་བཟླས་པ་གསལ་བཏབ་ནས། བཟླས་པ་བྱ་སྟེ། སྔགས་འཕྲེང་རྒྱས་པར་ ནི། ལཱུ་ཡི་པ་དང་མཚུངས་ལ། བཟླས་པའི་སྙིང་པོ་ནི། ༀ་ཧྲཱི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་ཡི་གེ་བདུན་པ་ཉིད་ལ་ནན་ཏན་དུ་ འབད་པར་བྱའོ། །བཟླས་པའི་གཞི་ནི། ལྟེ་བར་ཟླ་བ་ལ་གནས་པའི་ཧཱུཾ་དམར་སྐྱ་ལས། དབུགས་ཕྱི་ནང་དུ་འགྲོ་བ་དང་བརྟུན་ ནས། བྱེད་པ་མན་ངག་ཡིན་ནོ། །མཐར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ འཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་ གྲུབ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ། ས་བཅུ་ དག་གི་རིམ་པ་དང༌། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །ཕྱི་དང་ནང་གི་ཆོས་རྣམས་ཀུན། ། བྱང་ཆུབ་ཕྱོགས་ཀྱི་རྣམ་པར་དག །དཔའ་བོའི་རྩ་བའི་སྔགས་སོགས་གང༌། །ཚངས་པའི་ ཀུད་པ་ལ་སོགས་རྟག །ལྷ་ཡི་སྙིང་པོའི་སྔགས་ཀྱི་ནི། །འཕྲེང་བ་བརྒྱ་ཡི་ཕྱེད་ཀྱི་མཛེས། །ཡི་ གེ་བདུན་པའི་གསང་སྔགས་ཀྱི། །གདུབ་འཁོར་གྱིས་ནི་རྣ་བ་བརྒྱན། །རྡོ་རྗེ་ཕག་མོའི་སྔགས་ གང་ཡིན། །མགྲིན་པ་མགུར་ཆུས་མཛེས་པ་ཉིད། །སངས་རྒྱས་ཀུན་གྱི་མཁའ་འགྲོའི་སྔགས། ། ལྤགས་པའི་གོས་མཆོག་འཛིན་པའོ། །རྣལ་འབྱོར་མ་གྲུབ་གསང་སྔགས་ཀྱི། །སྐེ་རགས་ བྱས་པས་བརྒྱན་པ་ཡིན། །དཔའ་བོའི་གོ་ཆ་དྲུག་པོ་ནི། །ཕྱག་རྒྱ་ཡིས་ནི་ལུས་མཛེས་པའོ། ། འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ནི་བཏུང་བའི་ཐོད་པའོ། །རྣམ་སྣང་མཛད་ཅེས་ སྔགས་གང་ཡིན། །ཐོད་པས་དབུ་ལ་བརྒྱན་པའོ། །དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ལུས་ཀྱི་ ཁམས་ནི་རྣམ་པར་དག །ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཉིན་མོ་བཅོམ་ ལྡན་དཔའ་བོ་སྟེ། །རྣལ་འབྱོར་མོ་ནི་མཚན་མོར་བརྗོད། །མྱ་ངན་ལས་བྱུང་དཔའ་བོ་ནི། ། དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན། །དག་པ་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་ པའོ། །ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་ བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་དག་པ་དྲན་པར་བྱས་ལ། རང་གི་སྙིང་ཁའི་ 23-1-325 འོད་ཟེར་གྱི་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་གྱུར། རྟེན་དང་བརྟེན་པར་ བཅས་པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རིམ་གྱིས་འོད་གསལ་གྱི་དབྱིངས་སུ་ ཐིམ། སླར་ཡང་ཕྱག་གཉིས་པའི་ང་རྒྱལ་དུ་ལངས་ཏེ། གོ་ཆ་གཉིས་ཀྱི་རྒྱས་བཏབ་ལ་མཐུན་མཚམས་ལ་འཇུག་གོ །གཏོར་ མའི་ཆོ་ག་ནི། ལྭ་བ་བཅུ་གསུམ་མ་དང་འདྲ་བ་ཡིན་པས། དེའི་སྒྲུབ་ཐབས་དང་སྡོམ་འབྱུང་བཅུ་གསུམ་མའི་སྒྲུབས་ཐབས་སུ་ ཤེས་པར་བྱའོ། །གང་ཞིག་སྒོམ་པར་བྱེད་པ་ལ། །ཕུན་ཚོགས་བྱེ་བ་མཐའ་ཡས་པ། །འབྱུང་འགྱུར་དེ་ཡི་ཕ་མཐའ་ནི། །བྱེ་བའི་ གདོང་གིས་བརྗོད་ནུས་སམ། །འཁོར་ལོ་བདེ་མཆོག་བོང་ཞལ་ཅན་གྱི་སྒྲུབ་ཐབས་མན་ངག་གི་རིམ་པ་ཞེས་བྱ་བ་རྒྱལ་ཁམས་པ་ ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་པ་ལ་གསེར་མདོག་ཅན་གྱི་ཆོས་གྲྭར་སྦྱར་བའོ།། །།དགེ་ལེགས་འཕེལ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-326 ༄༅། །འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོའི་སྒྲུབ་ཐབས་ མངོན་བརྗོད་བླ་མ་ལས་གསལ་བར་ གསུངས་པ་བཞུགས། ༄༅། །རབ་འབར་ཡེ་ཤེས་མེ་ལྕེ་ཡིས། །ཆོས་དབྱིངས་ནམ་མཁའི་མཐས་ཀླས་པ། །རབ་གསལ་དཀྱིལ་འཁོར་རི་མོ་ ནི། །ཅི་ཡང་འཆར་འདི་ངོ་མཚར་རྨད། །འདིར་དཔལ་འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོའི་སྒྲུབ་ཐབས་ཉམས་སུ་བླང་བར་ འདོད་པ། སྐྱབས་སེམས་རྡོར་སེམས་བསྒོམ་བཟླས་སྤྱི་དང་མཐུན། རང་གི་སྙིང་ཁར་རཾ་ལས་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ་ཧཱུཾ། དེའི་འོད་ཀྱིས་བདག་ཉིད་ཧེ་རུ་ཀ་ཕྱག་གཉིས་པར་གྱུར། འོད་ཟེར་བ་ སྤུའི་བུ་ག་ནས་འཕྲོས། དཔལ་བདེ་མཆོག་གི་དཀྱིལ་འཁོར་བླ་མ་དང་བཅས་པ་མདུན་གྱི་ ནམ་མཁར་སྤྱན་དྲངས། སྐབས་འདིར་སྤྲོ་ན། རྣལ་འབྱོར་མ་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་སུ་འབྲི་བར་འགྱུར་བ་ལྟར། མཎྜལ་གྱི་མཆོད་པ་རྒྱས་པ་བྱ། བསྡུ་ན། གང་གི་དྲིན་གྱིས་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ ཀྱིས་ཕྱག་འཚལ། ༀ་ཨཱཿབཛྲ་བཱི་ནི་ཧཱུཾ། ནས། ༀ་ཨཱཿབཛྲ་དྷརྨེ་ཧཱུཾ། ༀ་ཨཱཿཧཱུཾ། ༀ་ཨཱཿབཛྲ་མཧཱ་སུ་ཁཾ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། རྡོ་རྗེ་སེམས་པའི་ཡི་གེ་བརྒྱ་པ་ལན་གཅིག་བརྗོད། ཚད་ མེད་བཞི་སྤྱི་དང་མཐུན། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ༀ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་རང་སེམས་ནཱ་ད་ནམ་མཁར་གནས། མཚམས་རྔམ་དང་བཅས་པའི་ སུམྦྷ་ལན་གཉིས་བརྗོད། སྔགས་ལས་སྤྲོས་པའི་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་ དང༌། མདའི་དྲ་བ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པར་གྱུར། ༀ་མེ་དྷི་ནི་བཛྲི་སོགས་སྔགས་ ཚན་དྲུག་བརྗོད། བསྲུང་བའི་འཁོར་ལོའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། 23-1-327 དེའི་སྟོང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་ འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་ དུ་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨའི་ལྟེ་ བ་ལ། ཧཱུཾ་ལས་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བྷྲཱུཾ་དཀར་པོ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ པའི་གཞལ་མེད་ཁང༌། གྲུ་བཞི། སྒོ་བཞི། རྩིག་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་དང༌། བྲེ་ ཕུལ་དང༌། གསེར་གྱི་སྣམ་བུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ། བཟུངས་མ་ རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་བཞིའི་ མདུན་དུ་ཀ་བས་བཏེགས་པའི་རྟ་བབས་ཀྱིས་མཛེས་པ། ནང་གི་ལྷ་སྣམ། ཤར་དཀར། བྱང་ ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་བའི་ སྟེང་དུ་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་མཚན་ པ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་པདྨའི་འཕྲེང་བས་ མཛེས་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པ་མུ་ཁྱུད་ལ་རྡོ་རྗེའི་འཕྲེང་ བས་བསྐོར་བ། དེའི་ལྟེ་བར་པཾ་ལས་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་ བརྒྱད་པ། སྡོང་བུ་ཅུང་ཟད་དང་བཅས་པ། གྲི་གུག་གི་འཕྲེང་བས་བསྐོར་བ། སྟེང་ཐོག་རིམ་ པར་ཕུག་པའི་དབུས་ཕྱུར་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་སུ་ཉི་མའི་གདན་སུམ་ ཅུ་རྩ་གསུམ་མོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ཐམས་ཅད་དང་བཅས་ ཤིང༌། པད་འདབ་ཀྱི་འཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ཕྱི་རོལ་དུར་ཁྲོད་ཆེན་ པོ་བརྒྱད། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཡོངས་སུ་ ཁྱབ་པའོ། །བདེ་ཆེན་འཁོར་ལོའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ཀྱི་སྟེང་དུ། ཨ་ཨཱཿ ནས། ཨཾ་ 23-1-328 ཨཿ ཕྲག་གཉིས་ལས་ཟླ་བ། དེའི་སྟེང་དུ་ཀ་ཁ་ནས། ཧ་ཀྵཿ ཌ་ཌྷ། ད་དྷ། ཡ་ལ་ཕྲག་གཉིས་ ཞུ་བ་ལས་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ། ཧཱུཾ་ལས་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་ པ། དེ་ལས་ནམ་མཁའི་ནཱ་ད་ཐིམ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་ བྱས། སླར་འདུས་ཏེ་ཧཱུཾ་ལ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། ལྷ་ཐམས་ཅད་ཡོངས་ སུ་རྫོགས་པར་གྱུར་པ་ནི། དབུས་སུ་འཁོར་ལོ་བདེ་མཆོག་ཆེ། །དྲག་པོ་ཆེན་པོ་ཧེ་རུ་ཀ །སྐུ་མདོག་དུས་མཐའི་སྤྲིན་ ལྟར་གནག །མི་བཟད་སྣ་ཚོགས་འཇིགས་པའི་སྐུ། །ཞལ་དང་ཕྱག་དང་ཞབས་རྣམས་ནི། ། ཐམས་ཅད་འབུམ་གྱི་གྲངས་སུ་བྱ། །ཞལ་ནི་ཇི་རྙེད་ཐམས་ཅད་ཀྱང་། །མདུན་ནག་གཡོན་ ལྗང་རྒྱབ་དམར་བ། །གཡས་པ་སེར་པོར་ཤེས་པར་བྱ། །དང་པོ་རྡོ་རྗེ་དྲིལ་བུས་འཁྱུད། །དེ་ འོག་ལྷ་མོའི་ནུ་མ་འཚིར། །དེ་འོག་ཐོད་པ་ཁ་ཊྭཱཾ་བསྣམས། །གཉིས་ཀྱི་གླང་ལྤགས་འཛིན་ པའོ། །ལྕགས་ཀྱུ་ཞགས་པ་དགྲ་སྟ་དང༌། །མདུང་རྩེ་གསུམ་པ་མགོ་བོ་ཉིད། །ཅང་ཏེའུ་དང་ ནི་གྲི་གུག་དང༌། །མདའ་དང་གཞུ་ཡང་དེ་བཞིན་ཏེ། །ཐོད་དབྱུག་དང་ནི་མདུང་ཐུང་དང༌། ། སྡིགས་མཛུབ་དང་ནི་གཏུན་ཤིང་དང༌། །འཁོར་ལོ་རལ་གྲི་རིན་ཆེན་དང༌། །པདྨ་སྣ་ཚོགས་ རྡོ་རྗེ་དང༌། །རྡོ་རྗེས་མཚན་པའི་དབྱུག་ཏོ་དང༌། །ག་ད་མདུང་རིང་མདུང་ཁ་ལེབ། །རྫ་མ་བེ་ ཅོན་ཆུ་གྲི་དང༌། །དུང་དང་རྭ་དུང་པ་ཊ་ཧ། །པི་ཝང་གླིང་བུ་རྫ་རྔ་ཆེ། །རྫ་རྔ་རྔ་ཟླུམ་གྲི་གསུམ་ འཁྱོག །ས་ཆུ་མེ་དང་རླུང་དཀྱིལ་འཁོར། །སྒྲ་གཅན་ཀེང་རུས་འཇིགས་བྱེད་ཆེ། །ལུས་ལག་ རྐང་པ་པགས་པ་དང༌། །ལྕགས་སྒྲོགས་གཡས་པའི་ལྷག་ན་སྟེ། །གཡོན་པའི་ལྷག་མའང་དེ་ བཞིན་ནོ། །དེ་ལྟར་ཕྱག་ནི་བརྒྱ་ཕྲག་རྣམས། །རེ་རེ་དང་མཚུངས་སྟོང་ཕྲག་བརྒྱ། །ཞབས་ གཡས་རྣམས་ཀྱིས་རིམ་བཞིན་དུ། །དུས་མཚན་ཚངས་མ་དབང་མོ་དང༌། །དཔལ་མོ་ག་ག་ དབྱངས་ཅན་མ། །གཞོན་ནུ་མ་དང་དྲུག་ལྡན་མ། །རེ་བ་ཏི་དང་དགའ་བྱེད་མ། །ཙ་མུན་ཌི་ 23-1-329 དང་ཀླུ་མོ་དང༌། །གནོད་སྦྱིན་མོ་དང་ཟླ་བ་མོ། །ཉི་མ་མོ་དང་དགའ་མ་དང༌། །ཚོགས་བདག་ མོ་ཡི་སྙིང་ཁར་མནན། །གཡོན་རྣམས་འཇིགས་བྱེད་ཆེན་པོ་དང༌། །ཚངས་པ་དབང་པོ་ཉེ་ དབང་དྲག །ཁྱབ་འཇུག་ཀུན་འགྱེད་གཞོན་ནུ་དང༌། །ནག་ཆེན་དགའ་བྱེད་དབང་ཕྱུག་དང༌། ། གཤིན་རྗེ་ཆུ་ལྷ་ལུས་ངན་དང༌། །ཟླ་བ་ཉི་མ་ལུས་མེད་དང༌། །ཚོགས་བདག་ལ་སོགས་ཁ་ བུབ་ཏུ། །སྒྱེལ་བའི་སྟེང་དུ་རྣམ་པར་མནོན། །ལྷག་མའི་ཞབས་རྣམས་ཐམས་ཅད་ཀྱིས། ། བགེགས་རྣམས་ཐམས་ཅད་གནོན་ཏེ་བཞུགས། །ཞལ་ཐམས་ཅད་རྣམ་པར་འགྱུར་མ། དྲག་ པོ་ཆེན་པོ། མཆེ་བ་རྣམ་པར་གཙིགས་པས་འཇིགས་སུ་རུང་བ། བཞད་པ། མི་སྡུག་པ། རབ་ དུ་འཇིགས་པ། དཔའ་བ། སྒེག་པ། རྔམ་པ། སྨིན་མ་རྣམ་པར་གཡོ་བ། སྙེམས་མ། ཞི་མ། གཡོ་བ། མིག་གཡོ་བ། ཞལ་རྣམ་པར་གདངས་པ། རྣམ་པར་རོལ་བ། ལྗགས་རྣམ་པར་བསྐྱོད་ པ། སྣ་ཚོགས་པའི་ཉམས་གཏར་བར་མཛད་པའོ། །སངས་རྒྱས་ལྔས་དབུ་ལ་བརྒྱན་པ། རྡོ་ རྗེ་སེམས་པས་སྤྱི་བོའི་གཙུག་ཏུ་བརྒྱན་བྱས་པ། རབ་དུ་འབར་བའི་སྤྱན་གསུམ་གསུམ་དང་ ལྡན་པའོ། །ཞབས་རྣམས་གཡོན་བསྐུམས་གཡས་བརྐྱངས་ཤིང༌། རལ་བའི་ཐོར་ཚུགས་དང༌། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དང༌། ཐོད་པ་སྐམ་པོ་ལྔ་ལྔས་དབུ་བརྒྱན་པ། ཕྱག་རྒྱ་དྲུག་ དང་མགོ་བོའི་འཕྲེང་བ་ཅན། སྟག་གི་ལྤགས་པའི་ཤམ་ཐབས་གྲོལ་བ། གར་གྱི་ཉམས་དགུ་ དང་ལྡན་པ། མཚན་དཔེས་སྤྲས་པའོ། །ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ ཕྱག་གཉིས་སྤྱན་གསུམ་མ། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་ཅིང༌། གཡས་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་འཕྱར་བ། བྱིན་པ་གཉིས་ཀྱིས་ཡབ་ལ་འཁྲིལ་ བ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དོ་ཤལ་ཅན། ཁྲག་ལ་དགྱེས་ཤིང་ཁྲག་ འཛག་པ། གཉིས་ཀའང་བསྐལ་པའི་མེ་ལྟ་བུའི་དབུས་ན་བཞུགས་པའོ། །འདབ་མ་བརྒྱད་ ལ་ཤར་དུ་མཁའ་འགྲོ་མ་ནག་མོ་བ་གླང་གི་གདོང་པ་ཅན། བྱང་དུ་ལཱ་མ་ལྗང་ཁུ་རྟའི་གདོང་ 23-1-330 པ་ཅན། ནུབ་ཏུ་དུམ་སྐྱེས་མ་དམར་མོ་གླང་པོ་ཆེའི་གདོང་པ་ཅན། ལྷོར་གཟུགས་ཅན་སེར་མོ་ ཅེ་སྤྱང་གི་གདོང་པ་ཅན། ཐམས་ཅད་རྩ་བའི་ཕྱག་གཉིས་ཀྱི་གྲི་གུག་དང་ཐོད་པ་འཛིན་པའོ། ། མཚམས་བཞིར་ཐོད་པ་བདུད་རྩིས་གང་བ་རྣམས། ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ་ལི་ ར་མ་ལ་ཡར་ཁཎྜ་ཀ་པ་ལ་དང༌། རབ་ཏུ་གདུམ་མོ་ནས། བྱང་ཤར་ཀུ་ལུ་ལྟར་རྡོ་རྗེ་སེམས་པ་ དང་བརྩོན་འགྲུས་ཆེན་མོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །ཞེས་པའི་བར་སྤྱི་དང་འདྲ། ཐམས་ཅད་ཀྱང་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། འཇིགས་བྱེད་ཆེན་པོ་རྣམས་ རྣམ་པར་གནོན་པ། ཡབ་རྣམས་བཅོམ་ལྡན་འདས་དང་མཚུངས་པ། ཞལ་ཕྱག་སྣ་ཚོགས་ པ་དང༌། ཡུམ་རྣམས་རྡོ་རྗེ་ཕག་མོ་དང་མཚུངས་པའི་ཞལ་ཕྱག་གཉིས་པའོ། །ཤར་སྒོར་ཁྭ་ གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་ཁུ། ནུབ་སྐོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ ཕག་གདོང་མ་སེར་མོ། ཤར་ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ་མ་ཧེའི་གདོང་ པ་ཅན། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་གཡོན་དམར་བ་བོང་བུའི་གདོང་བ་ཅན། ནུབ་བྱང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ་རྔ་མོང་གི་གདོང་པ་ཅན། བྱང་ ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་ར་སྐྱེས་ཀྱི་གདོང་པ་ཅན། མ་མོ་བཅུ་ གཉིས་པོ་རྣམས་ནི། རྩ་བའི་ཕྱག་གཉིས་ཀྱིས། ཌཱ་མ་རུ་དང་ཐོད་པ་བསྣམས་པ། མཆན་ཁུང་ དུ་ཁ་ཊྭཱཾ་ག་དང་བཅས་པ། དབུ་དང་ཕྱག་དང་ཞབས་མཐའ་ཡས་པ་རོའི་གདན་ལ་གཡས་ བརྐྱང་གི་སྟབས་ཀྱིས་གནས་པས་དངོས་གྲུབ་སྩོལ་བའོ། ། བདག་ཉིད་ཀྱི་ལུས་ལ་རྩ་འཁོར་ལོ་བཞི། ཡི་གེ་དང་བཅས་པ་གསལ་བཏབ། ཞལ་བཞི་པའི་སྔགས་བརྗོད། ༀ་དྷརྨ་ དྷ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡུམ་གྱི་སྙིང་ཁར་ༀ་ཧ་དཀར་པོ་ནས། ཕཊ་ཕཊ་དུད་ཁ་ཙཎྜི་ ཀའི་ངོ་བོ། གཉིས་ཀའི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། རང་གི་ཐུགས་ཀའི་ ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས། ཕཻཾ། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ 23-1-331 ཐིམ། ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། སླར་ཡང་འོད་འཕྲོས། དབང་གི་ལྷ་རྣམས་ སྤྱན་དྲངས། ཕཻཾ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། དབང་བསྐུར་ བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་རྣམས་ནི་ཐམས་ཅད་ ཀྱི། །གསང་གསུམ་གནས་བྱུང་སྦྱིན་པར་བྱ། །ༀ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨཱ་ ཧཾ། ཞེས་གསུང་ཞིང་ཐོད་པ་བདུད་རྩིས་གང་བས་དབང་བསྐུར། དབང་གི་ལྷ་ཐམས་ཅད་ ཀྱང་བདག་ཉིད་ལ་ཐིམ། རིག་མ་བཅུ་དྲུག་གིས་མཆོད། ནང་མཆོད་བྱིན་གྱིས་རླབས་ལ། རྡོ་རྗེ་འཆང་དང་རྡོ་ རྗེ་རྣལ་འབྱོར་མ། །ཀ་ཧྣ་ཏི་ལོ་ནཱ་རོ་རིན་འབྱུང་སྦས། །འཇིགས་མེད་འབྱུང་གནས་ད་ཤ་བ་ ལ་དང༌། །འདྲེན་པའི་དཔལ་དང་ཤྲི་གུཔྟ་དང༌། །བློ་གྲོས་འབྱུང་གནས་དཀར་མིན་སྤྲིན་གྱི་ ཞབས། །ཛྙཱ་ན་མི་དྲ་བདེ་ཆེན་རྡོ་རྗེ་དང༌། །རྩ་བའི་བླ་མ་རྣམས་ལ་མཆོད་པ་འབུལ། །རྩ་སྔགས་ ཀྱི་མཐར་འབྲུ་གསུམ་བཏགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕུལ། ༀ་ཨཱཿབཛྲ་མཧཱ་སུ་ཁཾ། ཞེས་གསང་ བའི་མཆོད་པ་ཡང་ཕུལ་ལ། ཡབ་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད། ནག་པོ་པ་ལྟར་དག་པ་དྲན་པར་བྱའོ། །གལ་ཏེ་དྲག་པོའི་ ལས་ལ་མོས་ན། འཁོར་ཐམས་ཅད་ཁ་དོག་མཐིང་ཁར་བསྒོམ་ཞིང༌། གཙོ་བོའི་ཞལ་ཡང་རྩ་ཞལ་ཁྲོ་བོའི་ཞལ་ལ། ཞལ་ལྷག་མ་ རྣམས་གདོང་བརྙན་དུ་བསྒྱུར་ཏེ། ཁ་དང་ཆུ་སྐྱར་གཞད་དང་ནི། །ཅེ་སྤྱང་སྐྱེ་གཉིས་སྔགས་ཆེན་པོ། ཁྲུང་ཁྲུང་རི་སྐེག་ཀ་དམ་པ། ། ཞེས་པ་སྲོག་ཆགས་བརྒྱད་དང༌། བོང་བུ་དང༌། མི་དང༌། རུས་སྦལ་དང༌། ཁྱི་དང༌། རྔ་མོང་དང༌། རྟ་ལ་སོགས་པ། ཕྱུགས་སྣ་ ཚོགས་པའི་གདོང་བརྙན་དུ་བསྒྱུར་ཞིང༌། གཞན་ཡང༌། རྩ་བའི་ཕྱག་བརྒྱ་ཕྲག་གཅིག་དང༌། སྟོང་ལ་སོགས་པ་ཇི་ལྟར་མོས་པ་དེ་ བཞིན་དུ་བསྒྱུར་བར་བྱའོ། ། བཟླས་པའི་དམིགས་པ་ནི་སྤྱི་དང་མཚུངས་ཞིང༌། བཟླས་བྱ་ནི། ༀ་ཤྲཱི་བཛྲ་ཧེ་ཧེ་རུ་ཀཾ ཀ་ར་ཀ་ར་ཀུ་རུ་ཀུ་ རུ་ནས། དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦྷ་རཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཡབ་ཀྱི་སྙིང་པོའོ། །ༀ་བཛྲ་བཱ་ ར་ཧི། ཏདྱ་ཐཱ། པྲོ་ཏཾ་གི་ཧ་ན་ཧ་ན་ནས། ཡོ་གི་ཤྭ་རི་ཕཊ་ཧཱུཾ་ཧཱུཾ་ཕཊ། ཞེས་པའི་བར་ཡུམ་གྱི་སྔགས་སོ། ། ཡབ་ཡུམ་གྱི་རྐང་པ་བརྒྱད་པའི་སྔགས་ཀྱང་བཟླ་བར་བྱའོ། །ཆེར་ཁྲོས་པས་ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཊ་ཅེས་ཀྱང་ཟླས་སོ། །ཐུན་ 23-1-332 བསྡུ་བར་འདོད་ན། ༀ་ཨཱཿཧཱུཾ་ཞེས་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པར་བསམ། མཚམས་རྔམ་དང་བཅས་པའི་སུམྦྷ་ལན་ གཉིས་སུ་བཟླ། སྒོ་མཚམས་མ་བརྒྱད་སྤྲོས། ཡང་སུམྦྷ་ཚར་གཅིག་བཟླས་པས་བཀའ་བགོས། དེ་རྣམས་ཀྱི་ཕྱོགས་ བཅུའི་བགེགས་རྣམས་བཀུག བསྲུང་འཁོར་གྱི་ཕྱི་རོལ་དུ་བྲུབ་ཁུང་དུ་བཅུག་པ་ལ། རང་གི་ ཐུགས་ཀ་ནས་སྤྲོས་པའི་ཕུར་བུ་རྣམས་ཀྱིས་བཏབ། ༀ་གྷ་གྷ་སོགས་ལན་གསུམ་བརྗོད། ༀ་བཛྲ་ མུད་ག་ར་སོགས། ཐོ་བས་བརྡུངས་པས། བགེགས་རྣམས་མིང་ཡང་མེད་པར་བྱས་པར་བསམ། སླར་ཡང་དཀྱིལ་འཁོར་གྱི་ལྷ་ ཚོགས་ལ་གོང་བཞིན་མཆོད་བསྟོད་བྱས་ལ་ལྷ་ཐམས་ཅད་ཀྱི་རྩ་བའི་ཕྱག་གཉིས་ཕུར་བུ་དང་ཐོ་བ་འཛིན་པར་བསྒྱུར་ཏེ། ༀ་གྷ་ གྷ་སོགས་ཀྱི་བཟླས་པ་ཅི་རིགས་པར་བྱ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ དང་དཀྱིལ་འཁོར་གྱི་འཁོར་ལོ་འོད་ཟེར་གྱི་རྣམ་པར་ཞུ་སྟེ། རང་གི་སྣ་བུག་གཉིས་ཞུགས། སྙིང་ཁའི་ཧཱུཾ་ལ་ཐིམ། རང་ཉིད་ཀྱང་འོད་གསལ་གྱི་ངང་དུ་ཞུགས། ཕཊ་ཅེས་བརྗོད། སླར་ཡང་ སྟོང་པའི་ངང་ལས་ལྷ་སྐུར་གྱུར། སྭཱཧཱ་ༀ་ཞེས་བརྗོད། གོ་ཆ་གཉིས་ཀྱི་རྒྱས་བཏབ་ནས་ཐུན་མཚམས་ཀྱི་བྱ་བ་ལ་ འཇུག་གོ །འདིའི་ཁ་ཟས་ཀྱི་རྣལ་འབྱོར་ལ། ཁ་ཟས་ཐམས་ཅད་ལིང་གར་བྱས་ཏེ། བསྐྲལ་ནས་བཟའ་བོ། །གཏོར་མའི་ཆོ་ག་ནི་ སྡོམ་འབྱུང་གི་མངོན་རྟོགས་སུ་ཤེས་པར་བྱའོ། ། བདུད་དཔུང་ཕྱེད་མར་བརླག་བྱེད་ཅིང༌། །གྲུབ་པ་བརྒྱད་སོགས་མངག་གཞུག་དང༌། །མཁའ་འགྲོ་མ་དང་སྲིན་པོ་སོགས། ། ཚུལ་འདི་སྒོམ་པའི་བྲན་དུ་འགྱུར། །ཞེས་པ་དྲག་པོ་བདུད་འཇོམས་པ་ཞེས་བྱ་བ་འཁོར་ལོ་བདེ་མཆོག་དྲག་པོ་ཆེན་པོའི་སྒྲུབ་ ཐབས་མངོན་བརྗོད་བླ་མ་ལས་གསལ་བར་གསུངས་པ། བླ་མ་དམ་པ་གང་བའི་རྡོ་རྗེའི་ཞལ་གྱི་མན་ངག་བཞིན། རྒྱལ་ཁམས་པ་ ཏཱ་ར་ནཱ་ཐའམ། རྡོ་རྗེ་མིང་གིས་མངོན་པར་མཚན་པ་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ལཱི་ལ་བཛྲ་གྱིས་རང་ལོ་སུམ་ཅུ་པ་ ལ་གསེར་མདོག་ཅན་གྱི་ཆོས་གྲྭར་སྦྱར་བའོ།། །།དགེ་ལེགས་འཕེལ། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-333 ༄༅། །དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་གསལ་བྱེད་ ཅེས་བྱ་བ་བཞུགས། ༄༅། །ༀ་སྭཱ་སྟི། ཧེ་ཡིག་རོལ་པ་རུ་བརྗོད་བྲལ། །ཀ་ཡིག་བྱེད་པ་ཤྲཱི་ཡིག་ནི། །ཟུང་འཇུག་ཡེ་ཤེས་སྐུར་གྱུར་པ། ། དེ་ལ་བཏུད་ནས་སྒྲུབ་ཐབས་བཤད། ། འདིར་ལྭ་བ་བཅུ་གསུམ་མར་གྲགས་པའི་སྒྲུབ་ཐབས་ལས་འདོན་པ་སྤོས་ཏེ། དྲིལ་བུ་ཕྱིར་དཀྱིལ་ལྷ་ལྔ་སྒོམ་པར་འདོད་ན། རྡོར་སེམས་སྒོམ་བཟླས་ཡན་ཆད་འདྲ། ཤྲཱི་ཧེ་རུ་ཀོ྅ཧཾ། ༀ་ཨ་ཨཱ་ནས། ཧ་ཀྵ་ཧཱུཾ་ཕཊ་ལན་གསུམ་བརྗོད། རང་ གི་སྙིང་ཁར་རཾ་ལས། ནས། དབུལ་བར་བགྱིའོ། །རང་གི་སྙིང་ཁ་ནས་སྤྲོས་པའི་མཆོད་པའི་ལྷ་ མོ་དྲུག་གིས་མཆོད་པར་གྱུར། ༀ་ཨཱཿབཛྲ་ཨ་དར་ཤེ་ཧཱུཾ། བཱི་ནི༴ གནྡྷེ༴ རཱ་སེ༴ སྤར་ཤེ༴ ༀ་ ཨཱཿབཛྲ་དྷར་མེ་ཧཱུཾ། མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་བཞིས་བདུད་རྩིས་མཆོད་པར་བསམ་ ལ། ༀ་ཨཱཿཧཱུཾ། ཞེས་བརྗོད། ༀ་ཨཱཿབཛྲ་མཧཱ་སུ་ཁཾ་ནས། འཇིགས་བྱེད་དང་དུས་མཚན་བརྩེགས་ པའི་སྟེང་དུ་ཉི་མའི་དཀྱིལ་འཁོར། འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་རོའི་སྙིང་ཁར་ཟླ་བ། མཚམས་བཞིར་ཟླ་བའི་གདན་ལ་བདུད་རྩིས་གང་བའི་བུམ་ཐོད་སྣ་ཚོགས་པདྨའི་མུ་ཁྱུད་ ལ་འཁོར་ལོ་གསུམ་གྱི་རང་བཞིན་གྲི་གུག་གི་འཕྲེང་བས་བསྐོར་བ། གཞལ་མེད་ཁང་གི་ཕྱི་ རོལ་ཞེས་པ་ནས། དབུས་ཀྱི་གདན་གྱི་སྟེང་དུ་རང་ཉིད་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་མཐིང་ག གཡས་སེར། གཡོན་དམར། སྟེང་ཞལ་ལྗང་ བ་ནས། འཛིན་པས་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་ འཛིན་ཅིང་རླུང་གི་འཕྱར་བ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་ གུག དྲུག་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག བཞི་ 23-1-334 པ་ན་ཁྲག་གིས་གང་བའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་མགོ་རྣམས་ འཛིན་པ། དབུའི་སྟེང་དུ་གདུགས་དཀར་པོ་ཞེས་པ་ནས། ཐོད་ཁྲག་འཛིན་པས་ཡབ་ལ་འཁྱུད་ ཅིང༌། གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཅན། ཞབས་གཡས་བསྐུམ་གཡོན་ བརྐྱང་བའི་གར་སྟབས་ཀྱིས་ཡབ་ལ་འཁྱུད་པ། སྐྲ་གྲོལ་ཞིང་ནས། ཐུགས་ཀར་ཧཱུཾ། སྙིང་ཁར་ ༀ་ཧ་དཀར་པོ་ནས། ཙཎྜི་ཀའི་ངོ་བོ་ཞེས་པའི་བར་སྤྱི་དང་མཐུན། ཤར་དུ་མཁའ་འགྲོ་མ་སྔོན་པོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ ཅད་ཀྱང་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། ཕྱག་གཡོན་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྲ་གྲོལ་ བ། རྡོ་རྗེའི་འཕྲེང་བས་དབུ་ལ་བརྒྱན་ཅིང་མི་མགོའི་དོ་ཤལ་ཅན། གཡོན་བརྐྱང་བའི་དཀྱིལ་ དཀྲུང་ཕྱེད་པའི་གར་སྟབས་ཀྱི་གནས་པ་དངོས་གྲུབ་ཐམས་ཅད་སྩོལ་བའོ། །ཁ་ཅིག་གཙོ་ འཁོར་རྣམས་གཡས་བརྐྱང་བའི་བརྐྱང་བསྐུམ་སྟབས་སུ་འདོད་པ་ནི་མུན་སྤྲུལ་ལོ། །ལུས་ རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་མཁའ་འགྲོ་མའོ། །ཚོར་བ་རྗེས་སུ་དྲན་པ་ཉེ་བར་བཞག་ པ་ནི་ལཱ་མའོ། །ཆོས་རྗེས་སུ་དྲན་པ་ཉེ་བར་བཞག་པ་ནི་དུམ་སྐྱེས་པའོ། །སེམས་རྗེས་སུ་དྲན་ པ་ཉེ་བར་བཞག་པ་ནི་གཟུགས་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ། ། དྲན་སོགས་བྱང་ཆུབ་ཡན་ལག་དྲུག །ཕག་མོའོ་ཡང་དག་སྤོང་བ་དང༌། །རྫུ་འཕྲུལ་རྐང་དང་ དད་སོགས་བཅུ། །འཕགས་ལམ་རྣམས་ནི་བུམ་པ་བཞིའོ། །ཐུགས་ཀའི་ས་བོན་གྱི་འོད་ཟེར་ གྱིས་ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ་ནས། ཡུམ་ལ་མི་བསྐྱོད་པ། ལྷ་མོ་བཞི་ལ་རིམ་པ། རྟག་པ། དོན་གྲུབ། འོད་དཔག་མེད། རིན་འབྱུང་རྣམས་ཀྱིས་དབུ་བརྒྱན། ཚོགས་ཞིང་གི་སྐབས་ལྟར་ལྷ་མོ་དྲུག་ དང༌། མཧཱ་སུ་ཁཾ་གི་བར་གྱིས་མཆོད། རྐང་པ་བརྒྱད་པས་བསྟོད། ༀ་ཤྲཱི་མཧཱ་སུ་ཁ་བཛྲ་ཧེ་ཧེ་རུ་རུ་ཀཾ་ཨཱཿཧཱུཾ་ཧཱུཾ་ ཕཊ་སྭཱཧཱ་ནས། ཧ་ཧོ་ཧྲཱིཿ རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །དྲིལ་བུ་ལྭ་བ་འབར་འཛིན་དང༌། ། 23-1-335 སྤྱོད་པ་པ་དང་དགེ་བའི་མགོན། །ཏི་ལོ་ནཱ་རོ་ཕམ་ཏིང་པ། །བྷ་དནྟ་པ་མར་དོ་དང༌། །བདེ་ མཆོག་རྡོ་རྗེ་བློ་ལྡན་ཞབས། །ལྷོ་ཚད་དབང་ཕྱུག་བརྩོན་འགྲུས་དང༌། །འཕགས་པ་ལོ་མཆོག་ གྲགས་ཆེན་པ། །འཕགས་འོད་བུ་སྟོན་ཁྱུང་ལྷས་པ། །ནོར་བཟང་ཀ་བཞི་རིན་རྒྱལ་དང༌། ། མཁྱེན་རབ་ཆོས་རྗེ་ལྷ་བོ་པ། །མཁས་པ་ཀུན་དགའ་དོན་གྲུབ་དང༌། །བསོད་ནམས་དཔལ་ འབྱོར་བྱ་གླིང་པ། །རྩ་བའི་བླ་མ་རྣམས་ལ་མཆོད། །ༀ་ཨཱཿཧཱུཾ། ཡང་པུ་རངས་ལོ་ཆུང་ནས་བརྒྱུད་པ་ལྟར་ ན། བྷ་དནྟ་པ་ལོ་ཆུང་དང༌། །ས་ཆེན་བསོད་རྩེ་གྲགས་པའི་མཚན། །ས་པཎ་བོ་དོང་རིན་ཆེན་ སེམས་པ་ཆེ་དང༌། ཡང་རྩེ་བ། བུ་སྟོན་རྗེ་དང་ཁྱུང་ལྷས་པ། མན་ཆད་གོང་བཞིན། རང་སྔགས་ཀྱི་མཐར་ འབྲུ་གསུམ་བཏགས་པས་ལྷ་རྣམས་མཆོད། གཙོ་བོའི་བཟླས་པའི་བར་དུ་འདྲ་བ་ལས། ༀ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ། ༀ་ལཱ་ མེ་ཧཱུཾ་ཧཱུཾ་ཕཊ། ༀ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ༀ་རཱུ་པི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཞེས་པ་ནི་འཁོར་གྱི་སྔགས་སོ། །ཐུན་ བསྡུ་བར་འདོད་ན་རང་གི་སྙིང་ཁའི་ཞེས་སོགས་དང༌། གཏོར་མའི་ཆོ་ག་ཡང༌། དངོས་གྲུབ་ཐིག་པ་བཞིན་དུ་བྱའོ། །དྲིལ་ བུ་ཕྱི་དཀྱིལ་ལྷ་ལྔའི་སྒྲུབ་ཐབས་ཀྱི་དགོངས་འགྲེལ་དུ། ལྭ་བའི་ཞབས་ཀྱིས་སྦྱངས་པའི་ཡོན་ཏན་གྱི་སྒྲུབ་ཐབས་གཙུག་གི་ནོར་ བུ་མཛད། ཡན་ལག་ཕྲ་མོ་འགའ་ཞིག་མ་གཏོགས། ཆོ་གའི་སྒྲོས་གཅིག་ཡིན་པས། འདིར་ཡང་བཅུ་གསུམ་མའི་སྒྲུབ་ཐབས་ལ་ འདོན་པ་སྤོས་པས། ལྷ་ལྔའི་སྒྲུབ་ཐབས་དག་ཅིང་མཆོག་ཏུ་གཙང་བར་འབྱུང་ངོ༌། །མཆོག་ཏུ་ངོ་མཚར་ཟབ་པའི་གཞུང༌། །མཁས་ པ་ཀུན་ལ་ཆེར་གྲགས་ཀྱང༌། །གཞན་འགས་མིང་ཡང་མ་ཐོས་པ། །དེ་དོན་རྟོགས་པ་བླ་ཕྱིར་སྦྱར། །དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་ གསལ་བྱེད་འདི་ཡང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་བཅུ་པ་ལ་གསེར་མདོག་ཅན་དུའོ།། །།བཀྲ་ཤིས། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-336 ༄༅། །རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་སྒྲུབ་ པའི་ཐབས་བདེ་བ་བསྐྱེད་མ་ ཞེས་བྱ་བ་བཞུགས། ༄༅། །ན་མོ་གུ་རུ་བཛྲ་ཡོ་གི་ནི་ཙ་རཱ་ཎ་ཡ། མཐའ་དག་རྒྱལ་བ་ཀུན་གྱི་བདེ་བསྐྱེད་ཡུམ། །ལི་ཁྲིའི་ མདངས་འཕྲོག་འཇོ་སྒེག་ལང་ཚོ་ཅན། །མཚར་སྡུག་འོད་འབར་རབ་དྲག་དཔའ་མོའི་སྐུ། །རྡོ་རྗེ་བཙུན་མོས་བདག་ལ་དགེས་ པར་མཛོད། །འདིར་རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཉམས་སུ་བླང་བར་འདོད་པས། བདེ་བའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་ནས། སྐྱབས་སེམས་རྡོ་རྗེ་སེམས་པའི་སྒོམ་བཟླས་རྣམས་སྔོན་དུ་གཏང་ནས། བཱ་ར་ཧི་ཨཱ་ ཧཾ། རང་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མར་གྱུར། ༀ་ཨ་ཨཱ་ནས། ཨཾ་ཨཿ ཀ་ཁ་ནས། ཧ་ཀྵ་ཧཱུཾ་ ཧཱུཾ་ཕཊ་ལན་གསུམ། ཨཱ་ལི་ཀཱ་ལིའི་འཕྲེང་བ་འོད་ཟེར་ལྔ་ལྡན། ལྟེ་བར་ལན་གསུམ་གཡོན་སྐོར་ དུ་འཁྱིལ་བ། དེ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས། བགེགས་རྣམས་ བཅོམ་སྟེ། སླར་ཡང་ལྟེ་བའི་སྔགས་འཕྲེང་ལ་ཐིམ། རང་གི་མགོ་བོ། ལྟེ་བ། མགྲིན་པ། ལོང་ བུ། སྙིང་ཁ། སྤྱི་གཙུག་རྣམས་སུ་རིམ་པས། གཟུགས་ཀྱི་ཕུང་པོ་ༀ་ལས་རྣམ་པར་སྣང་མཛད་ དཀར་པོ། ཚོར་བའི་ཕུང་པོ་ཨཾ་ལས་རྡོ་རྗེ་ཉི་མ་སེར་པོ། འདུ་ཤེས་ཀྱི་ཕུང་པོ་ཧྲཱིཿལས་པདྨ་ གར་དབང་དམར་པོ། འདུ་བྱེད་ཀྱི་ཕུང་པོ་ཧོ་ལས་རྡོ་རྗེ་རྒྱལ་པོ་ལྗང་ཁུ། རྣམ་པར་ཤེས་པའི་ ཕུང་པོ་ཧཱུཾ་ལས་རྡོ་རྗེ་སེམས་པ་དཀར་པོ། ཕུང་པོ་ལྔ་ཆར་གྱི་ངོ་བོ་ཧི་ལས་ཧེ་རུ་ཀ་ནག་པོ། མིག་འབྲས། རྣ་བའི་ཁུང༌། སྣ་ཕུག ལྕེའི་རྩ་བ། དཔྲལ་བ། སྙིང་ཁ་རྣམས་སུ། རིམ་པས། མིག་ༀ་ལས་གཏི་མུག་རྡོ་རྗེ་དཀར་པོ། རྣ་བ་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ། སྣ་ཏྲཾ་ལས་ཕྲག་ 23-1-337 དོག་རྡོ་རྗེ་སེར་པོ། ལྕེ་ཨ་ལས་འདོད་ཆགས་རྡོ་རྗེ་དམར་པོ། དཔྲལ་བར་ཁཾ་ལས་སེར་སྣ་རྡོ་ རྗེ་ལྗང་ཁུ། སྙིང་ཁར་ཧཱུཾ་ལས་དབང་ཕྱུག་རྡོ་རྗེ་དམར་པོ། ལྟེ་བ། སྙིང་ཁ། མགྲིན་པ། དཔྲལ་ བ། གསང་གནས་རྣམས་སུ་རིམ་པས། ས་ཁམས་ལཾ་ལས་ལྟུང་བྱེད་མ་སེར་མོ། ཆུ་ཁམས་ཡཾ་ ལས་གསོད་བྱེད་མ་ནག་མོ། མེ་ཁམས་པཾ་ལས་འགུགས་བྱེད་མ་དམར་མོ། རླུང་ཁམས་ཏཾ་ ལས་གར་དབང་མ་ལྗང་ཁུ། ཁ་ཁམས་ཁཾ་ལས་པདྨ་དྲྭ་བ་ཅན་མ་དུད་ཁ་རྣམས་སུ་གྱུར། འདི་ དག་ཞལ་ཕྱག་རྒྱས་པར་བསྒོམ་པར་འདོད་ན། ལཱུ་ཡི་པའི་འགྲེལ་པ་ཤེས་རབ་བསྲུང་བས་མཛད་པ་ལྟར་ཤེས་པར་བྱ། བསྡུ་ཡབ་ རྣམས་རྡོ་རྗེ་དྲིལ་བུ་དང༌། ཡུམ་རྣམས་གྲི་ཐོད་དང་འཛིན་པའོ། །རང་གི་སྙིང་ཁར་པཾ་ལས་པདྨ། རཾ་ལས་ཉི་མའི་ དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དམར་པོ། དེའི་འོད་ཀྱི་ནང་གི་རྙོག་པ་བསལ་ཏེ། བླ་མ་དང་ དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་བྱང་ཆུབ་སེམས་པའི་ཚོགས་དང་བཅས་པ་སྤྱན་ དྲངས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སོགས་དང༌། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ། ཁམས་གསུམ་པ་ཡི་ངོ་བོ་ཉིད། །སྐལ་པའི་མེ་བཞིན་གཟི་བརྗིད་འབར། །རྡོ་རྗེ་ཕག་མོ་ལ་ འདུད་དོ། །ༀ་བཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ་ནས། ༀ་དྷརྨ་དྷ་ཏུ་བཛྲཱི་ཎི་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་མཐར་རིག་མ་ བཅུ་དྲུག་གིས་མཆོད། ༀ་ཨཱཿཧཱུཾ་གིས་ནང་མཆོད་ཕུལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ ཀོ྅ཧཾ། ཞེས་གསང་བའི་མཆོད་པས་མཆོད། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། བདག་གིས་སྡིག་པ་བགྱིས་པར་ གྱུར་པ་མ་ལུས་རྣམས། །ཁྱེད་རྣམས་ཀུན་གྱི་མངོན་དུ་སོ་སོར་བཤགས་པར་བགྱི། །བླ་མ་ལ་ སོགས་རྣམས་ཀྱིས་བསོད་ནམས་བགྱིས་པ་གང༌། །དེ་རྣམས་མ་ལུས་ཀུན་ལ་རྗེས་སུ་ཡི་རང་ ངོ༌། །བྱ་བ་བྱས་པ་བྱེད་པར་འགྱུར་བ་གང་དག་གི །དགེ་བ་དེས་ནི་སེམས་ཅན་མ་ལུས་རྒྱལ་ བར་སྨོན། །དཀོན་མཆོག་གསུམ་ལ་ངེས་པར་ཡང་དག་སྐྱབས་སུ་མཆི། །འགྲོ་བ་བདེ་ལ་ འགོར་ཕྱིར་ཆོས་ཀྱི་རྒྱལ་པོར་གྱུར། །རྒྱལ་བ་རྣམས་ཀྱི་ལམ་ལ་ཡང་དག་གནས་པར་བགྱི། ། མགོན་པོ་བཞེས་ཤིག་བདག་གི་ལུས་འདི་དབུལ་ལགས་ཀྱི། །སེམས་ཅན་ཐམས་ཅད་བདེ་ 23-1-338 བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ཅེས་སོགས། ཚད་མེད་བཞི་སྤྱི་དང་མཐུན་པར་བྱ། ༀ་སྭ་བྷཱ་ ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ ངང་ལས་རང་སེམས་ནཱ་དའི་རྣམ་པར་ལངས་ནས་ནམ་མཁར་གནས་པར་བསམ། འོག་ཏུ་ཡཾ་ ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ གྲུ་གསུམ། དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། དེའི་སྟེང་དུ་ལཾ་ལས་ སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་རི་རབ་སྣ་བཞི་ལས་གྲུབ་ པ། སྡིགས་མཛུབ་སྐོར་ཞིང་སེ་གོལ་གདབ་པའི་མཚམས་རྔམ་ཕྱོགས་བཞིར་བྱེད་བཞིན་དུ། ༀ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ་ ནས། བིརྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་ཞེས་པའི་བར་བརྗོད། སྔགས་ཀྱི་འོད་ཟེར་ལས་གྲུབ་པའི་རྡོ་རྗེའི་ས་གཞི། རྭ་བ། དྲྭ་བ། གུར་བླ་རེ། མདའི་དྲྭ་བ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་བསྲུང་བའི་འཁོར་ལོ་ གྱུར། ༀ་མེ་བྷི་ནི་བཛྲི་བྷ་ཝ་བནྡྷ་ཧཱུཾ། ༀ་བཛྲ་པྲ་ཀ་ར་ཧཱུཾ་པཾ་ཧཱུཾ། ༀ་བཛྲ་པཉྩ་ར་ཧཱུཾ་ཡཾ་ཧཱུཾ། ༀ་ བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། ༀ་བཛྲ་ས་ར་ཛཱ་ལ་ཏྲཾ་ཏྲཾ་ཏྲཾ། ༀ་བཛྲ་ཛྭ་ལ་ཨ་ན་ལར་ཀ་ཧཱུཾ་ཧཱུཾ་ཧཱུཾ། སླར་ཡང་ ཕྱོགས་མཚམས་བརྒྱད་དུ་མཚམས་རྔམ་དང་བཅས་པའི། ༀ་སུམྦྷ་སོགས་ཞལ་བཞི་པའི་སྔགས་ལན་གཉིས་བརྗོད། སྔགས་ཀྱི་འོད་ཟེར་ལས་བྱུང་བའི་སྒོ་མཚམས་མ་བརྒྱད་ཁ་དོག་སོ་སོར་ངེས་པ་ཅན། ཐོ་བ་ དང་ཕུར་བུ་ཐོགས་པ་སྤྲོས། ཕྱོགས་བཅུའི་བགེགས་རྣམས་ཕྱོགས་སྐྱོང་བཅུའི་རྣམ་པར་ བཀུག་སྟེ། ཧཱུཾ་ལས་བྱུང་བའི་ཁྲོན་པ་རྣམས་སུ་བཅུག དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ༀ་གྷ་གྷ་སོགས་ཕུར་བུའི་སྤྱི་བོར་ཐོ་བས་བརྡུངས། ༀ་བཛྲ་མུཏྒ་ར་སོགས། བགེགས་རྣམས་ཕུར་བུས་ བཏབ་པས་འོད་གསལ་ལ་ཐིབ་པར་འགྱུར། བསྲུང་བའི་འཁོར་ལོའི་དབུས་སུ་ཆོས་འབྱུང་ དཀར་པོའི་ནང་དུ། སྣ་ཚོགས་པདྨ་དང༌། སྣ་ཚོགས་རྡོ་རྗེ་ལ་གནས་པའི། བྷྲཱུཾ་ལས་རྣམ་པར་ སྣང་མཛད་ཤེས་རབ་མ་དང་བཅས་པ། དེ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེན་སྣ་ཚོགས་ ལས་གྲུབ་པའི་གཞལ་མེད་ཁང༌། གྲུ་བཞི། སྒོ་བཞི། རྩིགས་པ་རིམ་པ་ལྔ་དང་ལྡན་པ། ཕ་གུ་ 23-1-339 དང༌། བྲེ་ཕུལ་དང༌། གསེར་གྱི་སྣམ་བུ་དང༌། དྲ་ཕྱེད་དང༌། ཤར་བུ་དང༌། མདའ་ཡབ་དང༌། བཟུང་མ་རྣམས་དང་བཅས་པའི་ཁ་ཁྱེར་ཏེ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། སྒོ་ བཞིའི་མདུན་དུ་ཀ་བས་སྟེག་པའི་རྟ་བབས་ཀྱིས་མཛེས་པ། ནང་གི་ལྷ་སྣམ་ཤར་དཀར། བྱང་ལྗང༌། ནུབ་དམར། ལྷོ་སེར། མཚམས་རྣམས་སུ་བུམ་པ་བརྒྱད་དང་བཅས་པ། དབུས་སྔོ་ བའི་སྟེང་དུ་སྐུའི་འཁོར་ལོ་དཀར་པོ། རྩིབས་བརྒྱད་པ་མུ་ཁྱུད་ལ་འཁོར་ལོའི་འཕྲེང་བས་ མཚན་པ། དེའི་ལྟེ་བར་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པ། མུ་ཁྱུད་ལ་པདྨའི་ འཕྲེང་བས་མཛེས་པ། དེའི་ལྟེ་བར་ཐུགས་ཀྱི་འཁོར་ལོ་སྔོན་པོ། བརྩེབས་བརྒྱད་པ་མུ་ཁྱུད་ ལ་རྡོ་རྗེའི་འཕྲེང་བས་བསྐོར་བ། དེའི་ལྟེ་བར་པཾ་ལས་བདེ་བ་ཆེན་པོའི་འཁོར་ལོ་སྣ་ཚོགས་ པདྨ་འདབ་མ་བརྒྱད་པ། སྡོང་བུ་ཅུང་ཟད་དང་བཅས་པ། མུ་ཁྱུད་ལ་གྲི་གུག་གི་འཕྲེང་བས་ བསྐོར་བ། སྟེང་ཐོག་རིམ་པར་ཕུག་པའི་དབུས་ཕྱུར་བུར་གྱུར་པ། ནང་གི་ལྷའི་གནས་རྣམས་ སུ་ཉི་མའི་གདན་སུམ་ཅུ་རྩ་གསུམ་མོ། །གཞལ་མེད་ཁང་གི་ཕྱི་རོལ་མཆོད་པའི་བཀོད་པ་ ཐམས་ཅད་དང་བཅས་ཤིང༌། པད་འདབ་ཀྱི་ཁོར་ཡུག་བསྲུང་བའི་འཁོར་ལོ་དང་བཅས་པའི་ ཕྱི་རོལ། དུར་ཁྲོད་ཆེན་པོ་བརྒྱད་དང༌། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་བ་དང༌། ཤིང་དང༌། མེ་དང༌། སྤྲིན་དང༌། ཆུ་དང༌། རི་དང༌། མཆོད་རྟེན་དང༌། གྲུབ་པ་ཐོབ་པའི་དཔའ་བོ་དང་རྣལ་ འབྱོར་མ་རྣམས་ཀྱིས་ཡོངས་སུ་ཁྱབ་པའོ། །བདེ་ཆེན་འཁོར་ལོའི་ལྟེ་བར་ཉི་མའི་དཀྱིལ་ འཁོར་གྱི་སྟེང་དུ། ཨ་ཨཱ་ནས། ཨཾ་ཨཱཿ ཕྲག་གཉིས་ལས་ཟླ་བ། དེའི་སྟེང་དུ་ཀ་ཁ་ནས། ཧ་ཀྵ། ཌ་ཌྷ། ད་དྷ། ཡ་ལ། ཁྲག་གཉིས་ཞུ་བ་ལས། ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ། བཾ་ ལས་རྡོ་རྗེའི་ལྟེ་བར་བཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ དོན་བྱས། སླར་འདུས་སྟེ་བཾ་ལ་ཐིམ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། ལྷ་ཐམས་ཅད་ ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་ 23-1-340 འབྱོར་མ། སྐུ་མདོག་པདྨ་རཱ་ག་ལྟར་དམར་བ། ལོ་བཅུ་དྲུག་ལོན་པ་ལྟར་ལང་ཚོ་ལ་བབ་ཅིང༌། བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དྲག་མོ་ཆེན་མོ་རྗེས་ཆགས་བདེ་བའི་ཉམས་ཀྱི་ མྱོས་པའི་སྐུ། ཞལ་གཅིག་ཕྱག་གཉིས་དམར་ཞིང་བཀྲ་ལ། ཟླུམ་པའི་སྤྱན་གསུམ་གཡོ་བ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་ཐུར་དུ་སྡིགས་ཤིང༌། སྡང་བ་དང་གདུག་པ་ ཐམས་ཅད་འཇོམས་པ། གཡོན་པ་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་ ཞལ་དུ་གསོལ་བ། མཆན་ཁུང་གཡོན་པར་ཁ་ཊྭཱཾ་ག་ཐབས་ཀྱི་རང་བཞིན་ཅན་ལ། ཌཱ་མ་རུ་ དང༌། དྲིལ་བུ་གཡེར་ཁ་དང་འཕན་ལྕེ་གསུམ་པ་རྣམས་འཕྱང་བཞིན་དུ་བསྣམས་པ། དབུ་སྐྲ་ ནག་པོ་སིལ་བུར་གྲོལ་བ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་རྩིགས་པ། མི་མགོ་སྐམ་པོ་ལྔའི་ རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། དམར་ ཆེན་གྱི་གཏུང་བས་མྱོས་ཤིང༌། སི་ཧ་ལའི་རྒྱུན་འབབ་པ། ཞབས་གཡོན་བརྐུམ་པས་འཇིགས་ བྱེད་ནག་པོ་དང༌། གཡས་བརྐྱང་པས་དུས་མཚན་མ་དམར་མོ་མནན་པ་ཡེ་ཤེས་ཀྱི་མེ་འབར་ བའི་དབུས་ན་བཞུགས་པའོ། །སྙིང་པོ་དང་ཉེ་སྙིང་ཚར་གཅིག་བརྗོད་དོ། །འདབ་མ་བརྒྱད་ལ། ཤར་དུ་ མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ ཅན་མ་སེར་མོ། མཚམས་བཞིར་ཁུ་བ་དང༌། ཁྲག་དང༌། བདུད་རྩི་ལྔ་དང༌། སྒྲོན་མ་ལྔས་གང་ བའི་ཐོད་པ་བཞིའོ། །དེའི་ཕྱི་རོལ་དུ། ཐུགས་ཀྱི་འཁོར་ལོའི་ཤར་རྩིབས་སུ་ལི་ར་མ་ལར་ པར་རབ་གཏུམ་མ། བྱང་རྩིབས་ཛ་ལནྡྷ་རར་གཏུམ་མིག་མ། ནུབ་ཕྱོགས་ཨོ་ཌི་ཡ་ནར་འོད་ ལྡན་མ། ལྷོ་ཕྱོགས་ཨར་གུ་ཏར་ཎ་ཆེན་མ། ཤར་ལྷོ་གཽ་དྷ་ནི་རིར་དཔའ་བོའི་བློ་མ། ལྷོ་ནུབ་ རསྨི་ཤྭ་རར་མིའུ་ཐུང་མ། ནུབ་བྱང་དྭེ་ཀོ་ཊར་ལངྐའི་དབང་ཕྱུག་མ། བྱང་ཤར་མ་ལ་བར་ཤིང་ གྲིབ་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །དེའི་ཕྱི་རོལ་གསུང་གི་འཁོར་ལོའི་ཤར་ རྩིབས་ཀ་མ་རུ་པར་ས་སྲུང་མ། བྱང་རྩིབས་ཨོ་ཊིར་འཇིགས་བྱེད་ཆེན་མོ། ནུབ་ཕྱོགས་ཏྲི་ཤ་ 23-1-341 ཀུ་ནེར་རླུང་གི་ཤུགས་ཅན་མ། ལྷོ་རྩིབས་ཀོ་ས་ལར་ཆང་འཐུང་མ། ཤར་ལྷོ་ཀ་ལིང་ཀར་སྔོ་ སངས་ལྷ་མོ། ལྷོ་ནུབ་ལམྦྷ་ཀར་ཤིན་ཏུ་བཟང་མོ། ནུབ་བྱང་ཀཉྩི་ར་ཏ་ན་མ། བྱང་ཤར་ཧི་མ་ ལ་ཡར་བྱ་གདོང་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་མོའོ། །དེའི་ཕྱི་རོལ་ཏུ་སྐུའི་འཁོར་ ལོའི་ཤར་རྩིབས་པྲ་ཏ་པུ་རིར་འཁོར་ལོའི་ཤུགས་ཅན་མ། བྱང་རྩིབས་གྲི་ཧཱ་དེ་བར་ཁཎྜ་རོ་ ཧི། ནུབ་ཕྱོགས་སོ་སོ་རས་ཊར་ཤོན་ཊི་ནི། ལྷོ་ཕྱོགས་སུ་བར་ན་དི་པར་འཁོར་ལོའི་གོ་ཆ་མ། ཤར་ལྷོ་ན་ག་རར་ཤིན་ཏུ་དཔའ་མོ། ལྷོ་ནུབ་སིནྡྷུར་པདྨ་གར་གྱི་དབང་ཕྱུག ནུབ་བྱང་མ་ཧུར་ རྣམ་པར་སྣང་མཛད། བྱང་ཤར་ཀུ་མུ་ཏར་བརྩོན་འགྲུས་ཆེན་མོ་སྟེ། ཐམས་ཅད་ཀྱང་སྐུ་ མདོག་དཀར་མོའོ། །དམ་ཚིག་གི་འཁོར་ལོའི། ཤར་སྒོར་ཁྭ་གདོང་མ་ནག་མོ། བྱང་སྒོར་འུག་ གདོང་མ་ལྗང་ཁུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ཤར་ ལྷོར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མ་གཡས་སེར་ གཡོན་དམར་བ། ནུབ་བྱང་དུ་གཤིན་རྗེ་མཆེ་བ་གཡས་དམར་གཡོན་ལྗང་བ། བྱང་ཤར་དུ་ གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ། དེ་ཐམས་ཅད་མོའི་གཟུགས་ཅན་ཞལ་ གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གཉིས་ན་གྲི་གུག་དང་ཌཱ་མ་རུ། གཡོན་ གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་ཅིང་སྐྲ་གྲོལ་བ། རྡོ་རྗེའི་ འཕྲེང་བས་དབུ་ལ་བརྒྱན་ཅིང༌། མི་མགོའི་ཅོད་པན་ཅན་དང་དོ་ཤལ་ཅན། གཡས་རྐྱང་གི་ སྟབས་ཀྱི་གནས་པས་དངོས་གྲུབ་ཐམས་ཅད་སྩོལ་བ། སྒོ་མཚམས་མ་བརྒྱད་ནི་རོའི་གདན་ ལ་གནས་པའོ། །ཡང་ན་གཞན་འདྲ་བ་ལ། མ་མོ་བཅུ་གཉིས་རྣམས་ཕྱག་དང་པོ་གཉིས་ཌཱ་མ་རུ་ དང༌། ཁ་ཊྭཱཾ་ག ལྷག་མ་གཉིས་གྲི་གུག་དང་ཐོད་པ་འཛིན་པར་བྱས་ཀྱང་རུང་ངོ༌། །ༀ་ཌཱ་ཀི་ནཱི་ཡེ་ཧཱུཾ་ ཧཱུཾ་ཕཊ། ཞེས་པ་ནས། ༀ་ཡ་མ་མ་ཐ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཀྱི་བར་རྣམས་ལོང་སྐབས་ཡོད་ཅིང་སྤྲོ་བའི་ཚེ། ཚར་གཅིག་ བརྗོད་པར་བྱའོ། །རྐང་མཐིལ་རླུང༌། གསུམ་མདོ་མེ། ལྟོ་བ་ཆུ། སྙིང་ཁ་ས། རྒལ་ཚིགས་རི་རབ། 23-1-342 ལུས་ངག་ཡིད་གསུམ་འཁོར་ལོ་གསུམ། ལུས་འདོམ་གང་གྲུ་བཞི། གཞལ་མེད་ཁང་གྲུ་བཞི། རྐང་བརྒྱད་ནི་ཀ་བ་བརྒྱད། སྤྱི་བོའི་རྩ་འདབ་སོ་གཉིས་པདྨ། དེར་རྒྱུ་བའི་རླུང་དང་ཐིག་ལེ་ དབྱངས་དང་གསལ་བྱེད་ཀྱི་ངོ་བོ། སྙིང་ཁ་ནས་འབྱུང་བ་རྒྱུ་བའི་རྩ་རྣམས། ལཾ་ཏཾ་པཾ་མཾ་ལས་ སྙིང་པོའི་རྣལ་འབྱོར་མ་བཞི། མཆོད་པའི་རྩ་བཞི་ལ་ཐོད་པ་བཞི། སྤྱི་བོ་ལ་སོགས་པའི་ གནས་རྣམས་སུ་པུ་ཛ་ཨོ་ཨ། གཽ་ར་དེ་མ། ཀ་ཨོ་ཏྲི་ཀོ།ཀ་ལ་ཀ་ཧི། པྲེ་གྲི་སོ་སོ་སུ། ན་སི་མ་ ཀུ་རྣམས་ཡོངས་སུ་གྱུར་པ་ལས། སྤྱི་བོར་རབ་གཏུམ་མ། སྤྱི་གཙུག་ཏུ་གཏུམ་མིག་མ། རྣ་བ་ གཡས་སུ་འོད་ལྡན་མ། ལྟག་པར་སྣ་ཆེན་མ། རྣ་བ་གཡོན་དུ་དཔའ་བོའི་བློ་མ། སྨིན་མཚམས་ སུ་མི་ཐུང་མ། མིག་གཉིས་སུ་ལང་ཀའི་དབང་ཕྱུག་མ། དཔུང་པ་གཉིས་སུ་ཤིང་གྲིབ་མ། མཆན་ཁུང་གཉིས་སུ་ས་སྲུང་མ། ནུ་མ་གཉིས་སུ་འཇིགས་བྱེད་ཆེན་མོ། ལྟེ་བར་རླུང་ཤུགས་ མ། རྣ་རྩེར་ཆང་འཐུང་མ། ཁར་སྔོ་སངས་ལྷ་མོ། མགྲིན་པར་ཤིན་ཏུ་བཟང་མོ། སྙིང་ཁར་ཏ་ ན་མ། འབྲས་བུར་བྱ་གདོང་མ། མཚན་མ་ལ་འཁོར་ལོའི་ཤུགས་ཅན་མ། བརླ་གཉིས་སུ་ཤོན་ ཌི་ནི། བྱིན་པ་གཉིས་སུ་འཁོར་ལོའི་གོ་ཆ་མ། སོར་མོ་བརྒྱད་ལ་ཤིན་ཏུ་དཔའ་མོ། བོལ་གོང་ གཉིས་སུ་སྟོབས་ཆེན་མ། མཐེ་བོང་གཉིས་སུ་འཁོར་ལོས་བསྒྱུར་མ། དཔུས་མོ་གཉིས་ལ་ བརྩོན་འགྲུས་ཆེན་མོ། ལྕེའི་རྩ་བར་ཁྭ་གདོང་མ། ལྟེ་བར་འུག་གདོང་མ། རྟགས་ཀྱི་སྒོར་ཁྱི་ གདོང་མ། བཤང་སྒོར་ཕག་གདོང་མ། མཛོད་པུར་གཤིན་རྗེ་བརྟན་མ། རྣ་བར་ཕོ་ཉ་མ། མིག་ ལ་བ་མ། སྣ་ཕུག་ཏུ་འཇོམས་མའོ། །དེ་ནས་དག་པ་དྲན་པ་ནི། ལུས་དང་ཚོར་བས་ཆོས་དང་ཞེས་པ་ ནས། འཇོམས་མ་བཞིའོ། །ཞེས་པའི་བར་ནག་པོ་པ་དང་འདྲ། རང་གི་མིག་ཏུ་བྷྲཱུཾ། རྣ་བར་ཧཱུཾ། སྣ་ལ་ཁཾ། ལྕེ་ལ་ཨཱཿ དཔྲལ་བར་ཧཾ། སྙིང་ཁར་ཧ། ལྟེ་བར་ༀ་བཾ་དམར་མོ་ནས་ཙཎྜི་ཀའི་ངོ་བོ་བར། དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། སྙིང་ཁའི་དབུས་སུ་པད་ཉིའི་སྟེང་དུ། རྡོ་ རྗེའི་ལྟེ་བར་བཾ། ཐུགས་ཀའི་འོད་ཟེར་གྱི་ཡེ་ཤེས་ཀྱི་འཁོར་ལོ་དང༌། དབང་གི་ལྷ་མཆོད་པའི་ 23-1-343 ལྷ་མོ་དང་བཅས་པ་སྤྱན་དྲངས། ཕཻཾ། ༀ་བཱི་ནི་བཛྲི་ཎི་ཧཱུཾ་ཧཱུཾ་ཕཊ་སོགས་ཀྱིས་མཆོད། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅ཧཾ། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་དབང་ བསྐུར་དུ་གསོལ། ཞེས་དབང་གི་ལྷ་རྣམས་ལ་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ ཙམ་གྱི་ནི། །ཞེས་པ་ནས། ཤྲཱི་ཡེ་ཧཱུཾ་ཞེས་གསུང་ཞིང་ཐོད་པ་བདུད་རྩིས་གང་བས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་མོ་ལ་རྡོ་རྗེ་སེམས་པ། བདེ་ཆེན་འཁོར་ ལོ་པ་ལ་རིན་འབྱུང༌། ཐུགས་འཁོར་པ་ལ་མི་བསྐྱོད་པ། གསུང་འཁོར་པ་ལ་འོད་དཔག་མེད། སྐུ་འཁོར་པ་ལ་རྣམ་སྣང༌། དམ་ཚིག་འཁོར་པ་ལ་དོན་གྲུབ་ཀྱིས་དབུ་བརྒྱན། ཨརྒྷཾ་ནས་ཤཔྟའི་ བར་གྱིས་མཆོད། ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། རྡོར་འཛིན་ཕག་མོ་ཨིནྡྲ་བྷུ་ཏི་དང༌། །དཔལ་ མོ་ནི་རུ་པ་དང་ཌོཾ་བི་པ། །ངོ་མཚར་རྡོ་རྗེ་གར་བྷ་རི་པ་དང༌། །ག་ག་དྷ་ར་རབ་དགའི་རྡོ་རྗེ་ དང༌། །དཔལ་འཛིན་ཡེ་ཤེས་རྡོ་རྗེ་དེ་བཞིན་དུ། །ཁྲག་འཐུང་རྡོ་རྗེ་ལྷན་སྐྱེས་རྡོ་རྗེ་དང༌། ། ཆོས་དབང་བདུད་ལས་རྒྱལ་དང་ས་འཛིན་ཞབས། །དཔའ་མོ་དཔལ་གྱི་བཤེས་གཉེན་ཆོས་ གྲགས་དང༌། །རིན་ཆེན་གྲགས་པ་ནགས་རིན་གྲགས་འབྱུང་ཞབས། །གཞོན་ནུ་དཀོན་ མཆོག་གཞོན་དུ་ཆོས་དྲུག་དང༌། །གྲོལ་མཆོག་ཞབས་དང་རྩ་བའི་བླ་མའི་མཆོད། །ཡང་ན་ འཁྲུལ་སྤོང་གི་དབང་གི་བརྒྱུད་པ་ལྟར་རམ། འཕྲེང་བའི་བརྒྱུད་པ་ལྟར་བྱས་ཀྱང་རུང༌། ཨུ་མ་པ་ཏི་དད་ད་ནས་བརྒྱུད་པ། རྭ་ལོ་ ཙཱ་བ་ཆོས་རབ་ལས་བྱུང་བའི་ལུགས་ཀྱང༌། འདི་དང་མཚུངས་པ་ཁོ་ན་ཡིན་མོད་ཀྱི། བརྒྱུད་པའི་རིམ་པ་དེ་ཉིད་ཁོ་བོས་མ་གནོས་ སོ། །སྙིང་པོ་དང་ལྷ་རྣམས་ཀྱི་སྔགས་ཀྱི་མཐར་འབྲུ་གསུམ་རྟགས་པས་ཕུལ། མན་ངག་ལྟར་རྗེས་ཆགས་ཀྱི་རྣལ་འབྱོར་སྒོམས་ ཏེ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཡུམ་གྱི་རྐང་བརྒྱད་ཀྱིས་བསྟོད། ལྷའི་རྣལ་ འབྱོར་ལ་གནས་པའི་སྒོ་ནས། འཁོར་ལོའི་དམིགས་པའམ་སྤྲོ་བསྡུའི་དམིགས་པ་གསལ་བཏབ་ནས། ༀ་ན་མོ་བྷ་ག་ཝ་ ཏི་བཛྲ་བ་ར་ཧི་ཞེས་སོགས་རྩ་བའི་སྔགས་དང༌། ལྷ་སོ་སོའི་མཚན་སྔགས་ཅི་འགྲུབ་དུ་བཟླ་ཞིང༌། མདོར་བསྡུས་པའི་ཚེ། ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ཉེ་སྙིང་དང༌། ༀ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ 23-1-344 ཕཊ་སྭཱཧཱ་ཞེས་པས་སྙིང་པོ་སྟེ། དེ་དག་ཅི་འགྲུབ་དུ་བཟླའོ། །ཐུན་བསྡུ་བའི་ཚེ། རང་གི་སྙིང་ཁའི་ས་བོན་གྱི་འོད་ ཟེར་གྱི་སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོར་སྦྱངས། རྟེན་དང་བརྟེན་པར་བཅས་ པའི་དཀྱིལ་འཁོར་ལ་ཐིམ། དཀྱིལ་འཁོར་ཡང་རིམ་པས་བཾ་ཡིག་ལ་ཐིམ། བཾ་ཡང་འོད་ གསལ་དུ་ཞུགས། སླར་ཡང་རང་ཉིད་རྡོ་རྗེ་བཙུན་མོའི་རྣམ་པར་ལངས་ཏེ། གོ་ཆས་རྒྱས་བཏབ་ལ་ ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །རྫོགས་པའི་རིམ་པ་སྒོམ་པར་འདོད་ན་བཟླས་པའི་མཐར་བྱའོ། ། གཏོར་མ་འབུལ་བར་འདོད་ན། ཕྱོགས་སྐྱོང་སྤྱན་འདྲེན་གྱི་སྔགས་རྣམས་བོར་ནས། སྡོམ་འབྱུང་གི་གཏོར་ཆོག་དེ་ཁོ་ནས་ བྱ་བ་ཡིན་པས། སྒྲུབ་ཐབས་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པར་ཤེས་པར་བྱའོ། །འདི་ཉིད་ཀྱི་ལག་མཆོད་དང་ཕྱི་རོལ་མཆོད་པ་ སོགས་ཀྱང༌། གཞན་དུ་འབྲི་བར་འགྱུར་བས་འདིར་མ་བཤད་དོ། །དཔལ་མཐུ་སྟོབས་ཀྱི་མགོན་པོ་བིར་ཝ་པ་གང་ལས་མཆོག་ གི་གནས་བརྙེས་པའི་ལམ་ཡང་འདི་ལས་གཞན་དུ་མི་བསམ་མོ་ཞེས་ཚད་དང་ལྡན་པའི་བླ་མ་དག་གསུང་ངོ༌། །གྲུབ་མཆོག་སྟོང་ གི་གཤེགས་པའི་ལམ་ཡངས་པོར། །བློ་གྲོས་ཤིང་རྟས་ཉེ་བར་འཚོ་བ་བདག །རྡོ་རྗེ་བཙུན་མོས་རྟག་ཏུ་རྗེས་བཟུང་ནས། །ཧེ་རུ་ ཀ་དཔལ་བདག་པོའི་སར་འགོད་ཤོག །ཅེས་པ་རྡོ་རྗེ་རྣལ་འབྱོར་མ་ལྷ་སུམ་ཅུ་རྩ་བདུན་གྱི་དཀྱིལ་འཁོར་སྒྲུབ་པའི་ཐབས་བདེ་བ་ བསྐྱེད་མ་ཞེས་བྱ་བ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་པ་ལ་གསེར་མདོག་ཅན་དུ་སྦྱར་བའོ།། །།བཀྲ་ཤིས། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-345 ༄༅། །རྡོ་རྗེ་ཕག་མོ་ཞེས་བྱ་བའི་སྒྲུབ་ཐབས་བདེ་ཆེན་འབར་བྱེད་ བཞུགས། ༄༅། །ན་མོ་བཛྲ་ཡོ་གི་ནི་བྷྱཿ རྨད་བྱུང་མཆོག་ཏུ་ངོ་མཚར་བའི། །རྡོ་རྗེ་བཙུན་མོ་སྒྲུབ་པའི་ཐབས། །རྙེད་ པ་འདི་ཡང་སྐལ་བཟང་སྟེ། །ལྷ་མོས་རྗེས་སུ་གནང་བར་མཛོད། །སྒྲུབ་ཐབས་ཀྱི་དམིགས་པ་རྣམས་སྤྱི་དང་མཐུན་པར་སྒོམས་ ཤིང༌། ༀ་ཤྲཱི་ཧེ་རུ་ཀོ྅ཧཾ། གང་གི་དྲིན་གྱི་སོགས་དང༌། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །སོགས་ཀྱི་ ཕྱག་འཚལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས། ཡན་ལག་ བདུན་པ་བྱ། ཛཿཧཱུཾ་བཾ་ཧོཿ ཚད་མེད་བཞི་སྤྱི་དང་མཐུན། ཤུ་ནྱཱ་ཏས་སྟོང་པར་སྦྱངས། ཧཱུཾ། སུམྦྷ་ལན་གཉིས། ༀ་ གྷ་གྷ་སོགས། ༀ་བཛྲ་མུད་ག་ར་སོགས། ༀ་མེ་དྷི་ནི་ནས། ལར་ཀ་ཧཱུཾ་ཧཱུཾ་ཧཱུཾ་གི་བར་སྔགས་ཚན་དྲུག་བརྗོད། སྟོང་པའི་ངང་ལས་ཨེ་ཡཾ་རཾ་བཾ་ལཾ་གསུམ་རྣམས་ལས། ཆོས་འབྱུང་འབྱུང་བཞི་རི་རབ་དང་ བཅས་པའི་སྟེང་དུ། བྷྲུཾ་ལས་གཞལ་མེད་ཁང༌། ཕྱི་རོལ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ། ནང་ ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། དབུས་སུམ་པཾ་ལས་པདྨ་དམར་པོ་འདབ་ མ་བརྒྱད་པ། དེའི་ལྟེ་བ་དང་འདབ་མ་བརྒྱད་དང་སྒོ་མཚམས་རྣམས་སུ་ཉི་མའི་གདན་རེ། དབུས་ཀྱི་ཉི་མའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མ། སྒོ་བཞིར་མི་རོའི་གདན། དབུས་ ཀྱི་གདན་གྱི་སྟེང་དུ། ཨཱ་ལི་ལས་ཟླ་བ། ཀཱ་ལི་ལས་ཉི་མ། དེའི་བར་དུ་བཾ་ལས་རྡོ་རྗེ་བཾ་གྱི་ མཚན་པ། དེ་ལས་འོད་འཕྲོས་འདུས་གཅིག་ཏུ་འདྲེས་པ་ཡོངས་སུ་གྱུར་པ་ལས་དབུས་ཀྱི་ གདན་གྱི་སྟེང་དུ་རྡོ་རྗེ་ཕག་མོ་བནྡྷུ་ཀ་དང་སིནྡྷུ་རའི་མདོག་ཅན། ཉི་མ་བཅུ་གཉིས་ཀྱི་གཟི་ བརྗིད་དང་ལྡན་པ། ཞལ་གསུམ་ཕྱག་དྲུག་པ་ལྟར་ན། དམར་ལྗང་སྔོ་བའི་ཞལ་ལམ་ཡང་ན། ཞལ་ གསུམ་ཀ་ཡང་དམར་བ། ཕྱག་དྲུག་གི་དང་པོ་གཉིས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཐབས་ 23-1-346 ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་འཁྱུད་པ། བར་པ་ གཉིས་ཀྱི་མདའ་གཞུ་འགེངས་པ། ཐ་མ་གཉིས་ཀྱི་གཡས་ལྕགས་ཀྱུ་དང་གཡོན་ཐོད་པ་དང་ ཁ་ཊྭཱཾ་ག་འཛིན་པ། ཡང་ན་རྩ་བའི་ཞལ་དམར་བ། གཡས་ཞལ་དཀར་པོ་དང་ལྗང་ཁུ། གཡོན་ ལ་སྔོན་པོ་དང་སེར་པོ། སྟེང་གི་ཞལ་ནག་གདོང་དམར་པོ། ཕྱག་དང་པོ་གཉིས་ཀྱི་རྡོར་དྲིལ། དེའི་འོག་མ་གཉིས་ཀྱི་གླང་ལྤགས། གཡས་ལྷག་མས་ཌཱ་མ་རུ། དགྲ་སྟ་གྲི་གུག རྩེ་གསུམ་ གཡོན་ལྷག་མས་ཁ་ཊྭཱཾ་ག ཐོད་པ། ཞགས་པ་ཚངས་པའི་མགོ་བོ་རྣམས་འཛིན་པར་བྱས་ཀྱང་ རུང་ངོ༌། །ཞབས་སེམས་པའི་དཀྱིལ་མོ་སྐྲུང་གི་བཞུགས་པ། དབུ་སྐྲ་ཕྱེད་བཅིངས་ཤིང་ཕྱེད་ གྲོལ་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་ཕྱག་ རྒྱ་ལྔ་དང༌། རིན་པོ་ཆེ་དང་མེ་ཏོག་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། སྤྱན་གསུམ་མཆེ་རྩིགས། དྲག་མོའི་ཚུལ་ཅན་བདེ་བ་རྒྱས་པ་མོ། འདབ་མ་བརྒྱད་ལ། ཤར་དུ་ རྡོ་རྗེ་གསང་བ་མཆོག་མ། བྱང་དུ་རྡོ་རྗེ་དམ་ཚིག་མཆོག་མ། ནུབ་ཏུ་རྡོ་རྗེ་གཟི་བརྗིད་མཆོག་ མ། ལྷོར་རྡོ་རྗེ་རིན་ཆེན་མཆོག་མ། མེར་རྡོ་རྗེ་ཡེ་ཤེས་མཆོག་མ། བདེན་བྲལ་དུ་རྡོ་རྗེ་རིག་ མཆོག་མ། རླུང་དུ་རྡོ་རྗེ་གྲུབ་མཆོག་མ། དབང་གདན་དུ་རྡོ་རྗེ་ཐལ་བ་མཆོག་མ། ཐམས་ཅད་ ཀྱང་ཞལ་གསུམ་ཕྱག་དྲུག་མ། ཞལ་གསུམ་ཀའང་དམར་ཞིང༌། ཕྱག་དང་པོ་གཉིས་ཀྱི་རྡོ་རྗེ་ དང་དྲིལ་བུ་འཛིན་པས་རང་གི་ཐབས་ལ་འཁྱུད་པ། བར་པ་གཉིས་ཀྱི་ལྕགས་ཀྱུ་དང་ཞགས་ པ། ཐ་མ་གཉིས་ཀྱི་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཁྱད་པར་གཞན་རྣམས་གཙོ་མོ་ཉིད་དང་ མཚུངས་པའོ། །ཤར་སྒོར་རྡོ་རྗེ་འབར་བ་མཆོག་མ། བྱང་སྒོར་རྡོ་རྗེ་བདུད་རྩི་མཆོག་མ། ནུབ་ སྒོར་རྡོ་རྗེ་ཁྲོ་བོ་མཆོག་མ། ལྷོ་སྒོར་རྡོ་རྗེ་མཆེ་བ་མཆོག་མ་རྣམས་འདབ་མའི་ལྷ་མོ་རྣམས་ དང་འདྲ་བ་ལས། རྡོ་རྗེ་སོར་ཞིང་ཞགས་པ་དང་བཅས་པའི་སྡིགས་མཛུག་རྐྱང་བ། གཡས་ རྐྱང་གི་སྟབས་ཀྱི་བཞུགས་ཤིང་ཆེར་ཁྲོས་པའོ། །གྲ་བཞིར་ལྷ་མོ་མདའ་གཞུ་འགེངས་པ་ 23-1-347 དཀར་སེར། དམར་ལྗང་བ། ལས་ཀྱི་ཕོ་ཉ་མོའི་ཚུལ་དུ་གནས་པར་གྱུར། རང་གི་ཐུགས་ཁར་ རང་དང་འདྲ་བའི་ཡེ་ཤེས་སེམས་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་པ་བཾ། ལྷ་ཐམས་ ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ལྟེ་བར་ༀ་བཾ་དམར་མོ་སོགས་གོ་ཆས་ རྒྱས་བཏབ། ཕཻཾ། ཛཿཧཱུཾ་བཾ་ཧོཿ ༀ་ཡོ་ག་ཤུདྡྷཿསརྦ་དྷརྨཿཡོ་ག་ཤུདྡྷོ྅་ཧཾ། སླར་ཡང་དབང་གི་ལྷ་ རྣམས་ཕཻཾ། ༀ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། གཙོ་མོ་ལ་རྡོ་རྗེ་སེམས་དཔའ་འཁོར་རྣམས་ལ་ཧེ་རུ་ ཀ་ཕྱག་གཉིས་པ་རྣམས་ཀྱིས་དབུ་བརྒྱན། དེ་ནས་སྤྲོ་བསྡུའི་བཟླས་པའི་དམིགས་པ་གཙོ་བོར་གསལ་བཏབ་སྟེ། ༀ་ཤྲཱི་བཛྲ་བཱ་རཱ་ཧི་ཨཱ་བཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་གུ་ཧྱ་ཨུདྟ་མེ་ཧཱུཾ་ཧཱུཾ་ཕཊ། ༀ་ཤྲཱི་བཛྲ་ས་ མ་ཡ་ཨུད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་ཏེ་ཛོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་རཏྣོད་ཏ་ མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་ཛྙཱ་ནོད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་སྭཧཱ། ༀ་ཤྲཱི་བཛྲ་བིརྱཱ་ཨུད་ཏ་མེ་ཧཱུཾ་ཧཱུཾ་ཕཊ་ སྭཱཧཱ། ༀ་ཤྲཱི་བཛྲ་སིདྷོདྟ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་བྷསྨོཏྟ་མེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་ཛཱ་ ལོཏྟ་མེ་ཛྫ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་ཨ་མྲྀ་ཏོད་ཏ་མེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་ཀྲོ་དྷོད་ཏ་ མེ་བཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ༀ་ཤྲཱི་བཛྲ་དཾཥྚྲོད་ཏ་མེ་ཧོ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཐུན་བསྡུ་བའི་སྔོན་དུ་ཨརྒྷཾ་ལ་སོགས་ པའི་ཕྱི་མཆོད། ནང་མཆོད། གསང་མཆོད། རྐང་བརྒྱད་ཀྱི་བསྟོད་པ་རྣམས་བྱས་ལ། རང་གི་གནས་གསུམ་གྱི་འོད་ཟེར་གྱི། སྣོད་ བཅུད་ཐམས་ཅད་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར། རང་གི་གནས་གསུམ་དུ་ཐིམ། དཀྱིལ་འཁོར་གྱི་འཁོར་ལོ་ཡང༌། རང་གི་ སྣ་བུག་གཡོན་ནས་ཞུགས་ཏེ་སྙིང་ཁར་བསྡུ། གོ་ཆས་རྒྱས་བཏབ་ལ། དག་པ་གསུམ་དྲན་བཞིན་པས་མཐུན་མཚམས་ཀྱི་བྱ་བ་ ལ་འཇུག་གོ །གཏོར་མའི་ཆོ་ག་ནི། སྡོམ་འབྱུང་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་འཆང་དབང་རྣལ་འབྱོར་མ། །གསང་བ་བྱིན་དང་ མཆོག་གྱུར་པ། །ཡེ་ཤེས་གྲགས་པ་གྲོལ་མཆོག་ཞབས། །བླ་མ་མཆོག་ནི་ཞལ་ལས་འོངས། །རྒྱུད་སྡེའི་དངོས་བསྟན་ཟབ་མོའི་ གནད། །འཇིགས་བྲལ་ཉིད་ཀྱི་ཁྱད་པར་ཆོས། །སྲོག་འཛིན་གདམས་པའི་སྨིན་བྱེད་ཀྱི། །དཀྱིལ་འཁོར་ཡང་ནི་འདི་ཁོ་ན། །དེང་ དུས་དེ་ཡི་སྲོལ་འཛིན་དུ། །གྲགས་ཤིང་རློམ་པ་རྣམས་ཀྱིས་ནི། །གང་འདིའི་མིང་ཡང་མི་ཤེས་ཏེ། །ཁོ་བོའི་བསོད་ནམས་སྐལ་ བས་ཐོབ། ། 23-1-348 ཅེས་པ་མངོན་བརྗོད་ལེའུ་གསུམ་བཅུ་རྩ་དྲུག་པ་ལས་འབྱུང་བ། མཆོག་གི་རྡོ་རྗེ་ཕག་མོ་ཞེས་བྱ་བའི་སྒྲུབ་ཐབས། བདེ་ ཆེན་འབར་བྱེད་ཅེས་པ་སྟེ། མཁན་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་ཞལ་གཟིགས་ཀྱི་མཐིལ། ཤིན་ཏུ་གསང་བར་གྱུར་པ་འདི་ནི། བསོད་ནམས་མཆོག་གྱུར་པའི་སྒྲུབ་ཐབས་ཚིགས་རྒྱས་པ་ལས། སྙིང་པོ་མཐའ་དག་བསྡུས་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ ལོ་སུམ་ཅུ་པ་ལ་ཆོས་གྲྭ་གསེར་མདོག་ཅན་དུ་སྦྱར་བའོ།། །།དགེའོ།། 23-1-349 ༄༅། །རྡོ་རྗེ་ཕག་མོ་ཕག་གདོང་ཅན་གྱི་སྒྲུབ་ཐབས་ ཡེ་ཤེས་རབ་འབར་ཞེས་བྱ་བ་བཞུགས། ༄༅། །ན་མོ་གུ་རུ། ན་མོ་བཛྲ་ཡོ་ཥི་ཏ། བཾ་ཡིག་བདེ་ཆེན་རྟག་འཆར་བའི། །ཨེ་ཡིག་སྟོང་ཆེན་ཀློངས་ཡངས་ ལ། །གུས་པས་བཏུད་དེ་དེའི་སྒྲུབ་ཐབས། །བརྩེ་བས་མན་ངག་ཇི་བཞིན་བཤད། །འདིར་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་འབྱུང་ བ། རྡོ་རྗེ་རྣལ་འབྱོར་མ་ཕག་གདོང་མ་ཆེན་མོའི་སྒྲུབ་ཐབས་བསྒོམ་པར་བྱའོ། །དེའི་ཚུལ་ནི། འཁོར་ལོ་བདེ་མཆོག་དྲག་པོ་ཆེན་ པོའི་སྒྲུབ་ཐབས་དང་སྤྱི་ནི་འདྲའོ། །འོན་ཀྱང་ཁྱད་པར་ནི། རང་གི་སྙིང་ཁར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་ སྟེང་དུ་ཧྲཱིཿསེར་པོ། དེའི་འོད་ཀྱིས་བདག་ཉིད་ཕག་མོ་ཕྱག་གཉིས་མར་གྱུར་ནས། རྡོ་རྗེ་ཕག་ མོའི་དཀྱིལ་འཁོར་བླ་མ་དང་བཅས་པ། ཞེས་པ་ནས། བདེ་ཆེན་འཁོར་ལོའི་ལྟེ་བར་ཉི་མ་ཟླ་ དུས་མེའི་དལ་གྱི་སྟེགས་བུ་ཨ་ཨཱ་ནས། ཞུ་བ་ལས་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་ དུ་ཧྲཱིཿལས་རྡོ་རྗེ་ཧྲཱིཿཡིས་མཚན་ནས། དབུས་སུ་དཔལ་རྡོ་རྗེ་ཕག་མོ་ཕག་གདོང་མར་གྱུར་པ་ ནི། སྐུ་མདོག་སེར་ལ་དམར་བའི་མདངས། །རླུང་ཟད་སྦོམ་ཐུང་ཆེར་ཁྲོས་ཤིང༌། །འཇིགས་ ཆེན་འཇིགས་མཛད་འཇིགས་སུ་རུང༌། །མི་བཟད་ཞལ་ནི་སུམ་ཅུ་ལྔ། །གཉིས་ལྷག་བདུན་ཅུ་ གཉིས་ཀྱི་ཕྱག །ཞབས་ནི་བཅོ་བརྒྱད་གཡོན་བསྐུམ་ཞིང༌། །གཡས་བརྐྱང་བ་ཡི་ཚུལ་གྱིས་ བཞུགས། །གཅེར་བུ་བ་སྤུའི་འཕྲེང་བ་ཅན། །འདོད་ཆགས་ཆེན་པོའི་བདེ་བས་མྱོས། །བྷ་ག་ ནུ་མ་མཐོ་ཞིང་རྒྱས། །རྩ་བའི་ཞལ་གྱི་གཡས་གཡོན་དུ། །རབ་འཇིགས་ཞལ་ནི་དགུ་དགུའོ། ། དེ་སྟེང་བདུན་དང་སླར་ཡང་དྲུག །དེ་སྟེང་དུ་ཡང་ཞལ་གསུམ་མོ། །རྩ་བའི་ཞལ་ནི་ཕག་ གདོང་འཇིགས། །ཁྱི་དང་ལྕེ་སྤྱང་བྱི་ལ་སྟག །སེང་གེ་འཇིགས་(འདི་འབྲུག་འདྲ་བ་བཞིན།)བྱེད་ 23-1-350 གླང་ཆེན་རྟ། །བོང་གདོང་གཡས་ལ་རིམ་པས་སོ། །གཡོན་དུ་བ་གླང་མ་ཧེ་དང༌། །སྤྱང་ཀི་རུས་ སྦལ་ཆུ་སྲིན་དང༌། །རི་བོང་བསེ་དང་གཡག་མུཉྫ། །སྟེང་དུ་སྦྲུལ་དང་སྲེ་མོང་དང༌། །རྩངས་པ་ སྲམ་དང་བྱི་བ་དོམ། །དབུས་སུ་མཁའ་ལྡིང་གདོང་སྟེ་བདུན། །དེ་སྟེང་བྱ་རྒོད་བྱ་རོག་དང༌། ། འུག་པ་བྱ་དཀར་ཁྲ་དང་ནི། །སྲིན་བྱའི་གདོང་སྟེ་རྣམ་པ་དྲུག །ཀུན་གྱི་སྟེང་མའི་དབུས་རྨ་ བྱ། །གཡས་གཡོན་ངུར་བ་ཁྱིམ་བྱའི་གདོང༌། །ཐམས་ཅད་སྤྱན་གསུམ་ལྡན་པ་ལ། །རང་ རང་ཁ་དོག་འཇིགས་པ་ཆེ། །རྩ་བའི་ཕྱག་གཉིས་རྡོ་རྗེ་དང༌། །དྲིལ་བུ་ཐུགས་ཀར་བསྣོལ་ ནས་འཛིན། །མི་སྣང་རང་གི་ཐབས་དང་སྦྱོར། །གཡས་པའི་ལྷག་མ་རིམ་པ་བཞིན། །རལ་ གྲི་མདུང་རིངས་རྩེ་གསུམ་དང༌། །དགྲ་སྟ་གྲི་གུག་མདའ་གསལ་ཤིང༌། །ཐོ་བ་འཁོར་ལོ་ཅང་ ཏེ་དང༌། །ཆུ་གྲི་དབྱུག་ཏོ་མཚོན་རྩེ་གཅིག །དུང་དང་ཟངས་དུང་དབྱུག་གུ་གསུམ། །རྨ་བྱའི་ མཇུག་མ་བྱ་རོག་སྒྲོ། །རོ་སྐྲའི་པིར་དང་མེ་ཐབ་རི། །དབྱུག་པ་མེ་ལོང་པི་ཝང་དང༌། །རྐང་ ལག་གློ་བ་རྒྱུ་མ་དང༌། །སྒྲ་གཅན་སྒྲོག་དང་གདོས་དང་རྐོགས། །ཉ་རྒྱ་དང་ནི་མགོ་མེད་ལུས། ། འབར་བའི་དམར་ནག་འཇིགས་བྱེད་གཟུགས། །གཡོན་པའི་ལྷག་རྣམས་རིམ་པ་བཞིན། ། ཕུབ་ཟླུམ་མཆེ་བ་བཏུན་ཤིང་ཞགས། །ཐོད་པ་གཞུ་དང་ཁ་ཊྭཱཾ་ག །པོ་ཏི་ཕུབ་ཆུང་ཡུ་བ་ཅན། ། སྡིགས་མཛུབ་གཡེར་ཁའི་འཕྲེང་བ་དང༌། །ལྕགས་སྒྲོག་བྲག་དང་དུར་ཁྲོད་རྡུལ། །མདུང་ ཐུང་རྔ་དང་ལྤགས་རློན་དང༌། །མན་བུ་བསྲེག་ཤིང་ག་དའི་དབྱུག །ཕུབ་རིང་མགོ་བོ་སྙིང་རུས་ དང༌། །ཟོར་བ་མིག་དང་མཁལ་མ་བཞག །སྤེན་པ་ཕུར་བུ་ནི་ཛ་པུར། །སོག་ལེ་ཁབ་དང་རླུད་ པུ་བཤུས། །ཆར་སྤྲིན་ཤིང་སྡོང་ལྕགས་ཀྱུ་བསྣམས། །ཐ་མ་གླང་ཆེན་ལྤགས་རློན་བརྒྱངས། ། ཞབས་རྣམས་རྐྱང་བསྐུམ་དོར་སྟོབས་ཀྱིས། །གཡས་པས་ཁྱབ་འཇུག་དྲག་པོ་དང༌། །ཚངས་ པ་ཉི་མ་མེ་དང་ནི། །དབང་པོ་རླུང་དང་བདེན་བྲལ་དང༌། །གནོད་སྦྱིན་ཇི་ལྟའི་རིམ་པས་སོ། ། གཡོན་པས་གཤིན་རྗེ་འདོད་ལྷ་དང༌། །ཟླ་བ་ཆུ་ལྷ་ནོར་རྒྱས་དང༌། །ས་དང་ཚོགས་ཀྱི་བདག་ 23-1-351 པོ་དང༌། །སྨིན་དྲུག་བུ་དང་འཁོར་བསྒྱུར་རྣམས། །གནོན་ཅིང་འཇིགས་པར་མཛད་པ་ཡིན། ། ཞལ་ཀུན་ཐོད་པའི་ཅོད་པན་ཅན། །མགོ་བོའི་འཕྲེང་བ་དོ་ཤལ་བྱས། །ཕྱག་རྒྱ་ལྔ་ཡིས་རྣམ་ པར་བརྒྱན། །རྐང་གདུབ་རྡོ་རྗེའི་འཕྲེང་བས་མཛེས། །དབུ་སྐྲ་གྲོལ་ཞིང་མེ་དཔུང་འབར། ། གར་གྱི་ཉམས་ལྡན་སྡང་བ་དང༌། །གདུག་པ་ཐམས་ཅད་འཇོམས་མཛད་མའོ། །འདབ་མ་ རྣམས་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ་སོགས་སྤྱི་དང་མཐུན་པའམ། ཡང་ན་ མཁའ་འགྲོ་མ་གཡོན་ནག་གཡས་ལྗང་བ། བྱང་དུ་ལཱ་མ་གཡོན་ལྗང་གཡས་དམར་བ། ནུབ་ ཏུ་དུམ་སྐྱེས་མ་གཡོན་དམར་གཡས་སེར་བ། ལྷོར་གཟུགས་ཅན་མ་གཡོན་སེར་གཡས་ནག་ པ། མཚམས་བཞིར་ཐོད་པ་བདུད་རྩི་ལྔས་ཡོངས་སུ་གང་བའོ། །ཐུགས་ཀྱི་འཁོར་ལོའི་ཤར་ ཕྱོགས་སུ་ལི་ར་མ་ལ་ཡར་ཁཎྜ་ཀ་པ་ལ་དང་རབ་ཏུ་གཏུམ་མོ། བྱང་ཕྱོགས་ཛཱ་ལནྡྷ་རར་མཧཱ་ ཀང་ཀ་ལ་དང་གཏུམ་པའི་མིག་ཅན་མ་ཞེས་པ་ནས། རྡོ་རྗེ་སེམས་པ་དང་བརྩོན་འགྲུས་ཆེན་ མོ་སྟེ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོའོ། །དཔའ་བོ་ཐམས་ཅད་ཕྱག་དང་པོ་གཉིས་ ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱི་ཌཱ་མ་རུ་དང་ཁ་ཊྭཱཾ་ག་ བསྣམས་པ། དཔའ་མོ་ཐམས་ཅད་གྲི་གུག་དང་ཐོད་པ་འཛིན་པ། གཙོ་མོ་དང་མཚུངས་ཤིང་ གཡས་བརྐྱང་གི་བཞུགས་པ་སྟེ། ཤེས་རབ་མ་གཙོ་བོར་གྱུར་པའོ། །ཤར་སྒོར་ཁྭ་གདོང་མ་ སྔོན་མོ་ནས། བྱང་ཤར་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བའི་བར་སྤྱི་དང་མཚུངས། མ་མོ་བཅུ་གཉིས་པོ་ཐམས་ཅད་ཀྱང༌། ཕྱག་དང་པོ་གཉིས་ཀྱི་གྲི་གུག་དང་ཐོད་པ། འོག་མ་ གཉིས་ཀྱི་ཌཱ་མ་རུ་དང་ཁ་ཊྭཱཾ་ག་འཛིན་པ། རྣལ་འབྱོར་མ་སུམ་བཅུ་རྩ་དྲུག་པོ་ཐམས་ཅད་ཀྱང་ བཅོམ་ལྡན་འདས་མ་དང་མཚུངས་ཤིང༌། རོའི་གདན་ལ་གནས་པའོ། །རང་གི་སྙིང་ཁར་ༀ་ཧ་ དཀར་པོ་ནས། བདུད་རྩིས་གང་བས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་ པ་ལས། གཙོ་མོ་ལ་རྡོ་རྗེ་སེམས་པ་དང༌། འཁོར་རྣམས་ལ་གཙོ་མོ་ཉིད་ཀྱི་དབུ་རྒྱན། དབང་ 23-1-352 གི་ལྷ་ཐམས་ཅད་ཀྱང་བདག་ཉིད་ལ་ཐིམ། ཞེས་པ་ནས། དག་པ་དྲན་པ་རྫོགས་ཀྱི་བར་དུ་འདྲ་བ་ལས། ཡང་ དག་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཕག་མོའོ་ཞེས་འདོན་པ་བསྒྱུར། སྐབས་འདིར་རྩ་གསུམ་འཁོར་ལོ་བཞི་ཡི་གེ་ དང་བཅས་པ་གསལ་བཏབ། རྫོགས་པའི་རིམ་པ་ཅི་ནུས་སུ་བསྒོམ་ལ། བཟླས་པ་ལ་མོས་ན། སྤྲོ་བསྡུའི་བཟླས་པའི་དམིགས་པ་ གསལ་བཏབ་ནས། རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཉིད་གཙོ་བོར་བཟླ་ཞིང༌། འདིའི་སྙིང་པོ་ནི། ཕག་གདོང་མའི་སྙིང་པོ་ཉིད་དེ། ༀ་བ་དཾ་ཛུ་ན་སཱུ་ཀ་ཀྵ་རཱ། ལོ་སྱཻ། གྲ་ཡེ་མུ་ཧཱུཾ། ཁ་ཧཱུཾ། བྷི་ཕ། ཁཊ། ཎ་ཡཊ་ཧཱུཾ་སྭ་ཧཱུཾ་ཧཱ། ཕ་ༀ་ ཊ་ཕཊ་སྭཱཧཱ་ཞེས་ཟླས་པས་སྙིང་པོ་སྟེ་ལས་ཐམས་ཅད་བྱེད་པའོ། །མདུན་སྲིན་པོ་དང་མཁའ་འགྲོ་མ་བསྒོམས་ཏེ་ༀ་ཕཊ་ ཆྒཻ་བྷཀྵ་ཡ་ཕཊ་ཀྵ་ཕཊ་ཞེས་བཟླས་པས་དྲག་ཤུལ་སྒྲུབ། ཐུན་བསྡུ་བར་འདོད་ན། གཞན་རྣམས་བདེ་མཆོག་དྲག་པོ་ཆེན་ པོའི་མངོན་རྟོགས་དང་འདྲ་བ་ལས། སྙིང་ཁའི་ཧཱུཾ་ཞེས་པ་ལ། སྙིང་ཁའི་ཧྲཱིཿཞེས་འདོན་པ་སྤོ། གཏོར་མའི་ཆོ་ག་མདོར་ བསྡུས་པའི་ཚེ་སྡོམ་འབྱུང་དང་རྒྱས་པ་ལ་སྤྲོ་ན། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ནས་འབྱུང་བ་ལྟར། འབྱུང་པོ་ཐམས་ཅད་པའི་ གཏོར་ཆེན་བྱའོ། །མ་རུངས་འཇོམས་ཤིང་སྒྲུབ་པོ་ལ། །མཐའ་དག་བདེ་བའི་མཆོག་གཏེར་བ། །སྒྲུབ་པའི་[ལས་]འདི་གོམས་པ་ ལས། །ལྟ་སྟངས་བརྒྱད་པོ་འགྲུབ་ཅེས་ཐོས། །རྡོ་རྗེ་ཕག་མོ་ཕག་གདོང་ཅན་གྱི་སྒྲུབ་ཐབས་ཡེ་ཤེས་རབ་འབར་ཞེས་པ་འདི་ཡང༌། རྒྱུད་དང་བླ་མའི་མན་ངག་ལ་བརྟེན་ཏེ་གང་བའི་རྡོ་རྗེའི་ཞབས་རྡུལ་ལ་རེག་[པས་]རྣལ་འབྱོར་པ་རོལ་པའི་རྡོ་རྗེའམ། སྒྲོལ་བའི་ མགོན་པོར་འབོད་པ་རང་ལོ་སུམ་བཅུ་པ་ལ་ཆོས་གྲྭ་གསེར་མདོག་ཅན་དུ་སྦྱར་བའོ།། །།དགེའོ།། ༼མ་ཡིག འབྲས་གནས་བཅུའི་དཔེ་རྙིང་། ཕྱི་ཁ། ༡༧༥༽ 23-1-353 ༄༅། །འཕྲིན་ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་ དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་ རྒྱུད་ཀྱི་རྒྱལ་པོ་བཞུགས་སོ། ། ༄༅། །ན་མསྟཱ་ར་ཡེ། བླ་མ་དམ་པའི་ཞབས་བཏུད་དེ། །རྒྱུད་རྒྱལ་སྒྲོལ་མ་འབྱུང་བའི་དོན། །མཆན་བུས་རྣམ་པར་དབྱེ་ བར་བྱ། །འདི་ལས་འགྲོ་ལ་ཕན་གྱུར་ཅིག །དེ་ལ་རྒྱུད་ཀྱི་རྒྱལ་པོ་འདི། སྤྱིར་སྔགས་ཀྱི་ཐེག་པ། ཁྱད་པར་རྣལ་འབྱོར་ནང༌། སྒོས་ མ་རྒྱུད་དོ། །དེ་ལས་ཁ་ཅིག་གི། རྟ་མཆོག་གི་རིགས་སུ་འདོད་སྣང༌། རང་ལུགས་ཧེ་རུ་ཀར་བཞེད། མི་ཡུལ་དུ་སློབ་དཔོན་ཏེ་ལོ་ པས་སྤྱན་དྲངས་པར་གྲགས། མཚན་དོན་ནི། རྒྱ་གར་སྐད་དུ། ས་མ་ཛ་འདུས་པ། པ་ར་མཱརྠ་དོན་དམ་པ། སརྦ་ ཐམས་ཅད། ཀརྨོད་ཡ་ལས་འབྱུང་བ། ནཱ་མ་ཞེས་བྱ་བ། ཏཱ་རཱ་སྒྲོལ་མ། ཡོ་གི་ནཱི་རྣལ་འབྱོར། ཏནྟྲ་རྒྱུད། རཱ་ཛ་ རྒྱལ་པོ། བོད་སྐད་དུ། འཕྲིན་ལས་ལས་ཚོགས་དངོས་གྲུབ་ཐམས་ཅད་ཀྱི། ཐམས་ཅད་གསལ་བར་བསྟན་པས་ ན། འབྱུང་བའི་གཉིས་མེད་ཡེ་ཤེས་ཀྱིས་སེམས་ཅན་རྣམས་འཁོར་འདས་ཀྱི་མཐའ་གཉིས་ལས། སྒྲོལ་བར་མཛད་མའི་ སྔགས་རྒྱུད་སྟོན་པ་ཐབས་ཤེས་འདུས་པ་སྟེ་ཟུང་འཇུག་གི་དོན་དམ་པ་སྟོང་ཉིད་སྟོན་པར་བྱེད་པ་སྟེ་བདེ་བ། ལྷ་སྐུ་སྟོང་ པ་རྣམས་ཀྱི་མིང་རྒྱུད་ལ་བརྟགས་པའོ། །ཞེས་བྱ་བ་རྣལ་འབྱོར་མའི་སྔགས་དང༌། དཀྱིལ་འཁོར་དང༌། ལས་ཚོགས་ གཙོ་བོར་སྟོན་པའི་རྒྱུད་ཀྱི་རྒྱལ་པོ་(སཾ་བུ་ཊར་སྒྲོལ་མ་འབྱུང་ཞེས་གསུངས་པས་མཚན་བསྡུས་པར་བརྗོད་ན་དེ་ལྟར་རོ།།) སྟེ་སྨིན་གྲོལ་འབྲས་གསུམ་རྫོགས་པར་བསྟན་པའོ། །འགྱུར་གྱི་ཕྱག་ནི་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལམ་གྱི་ཕན་ཡོན་ མདོར་བསྟན་པ་ནི། རྒྱུད་ཁྲི་ཉིས་སྟོང་གསུངས་པའི་རྗེས། དེ་ནས་དེས་ན་དེ་ཡང་དེ་ནས་ཀྱི་སྐད་དོ། །ཨ་ཐ། ཞེས་པ་ཨ་ནུརྤརྣ་ གདོད་མ་ནས་མ་སྐྱེས་པ་ཐསྠཱ་ན་གནས་པ་ལ་འཇུག་པས་སྟོང་པ་ལ་གནས་པའི་བདེ་ཆེན་བསྟན་ཏེ། རྒྱུད་དོན་མདོར་བསྟན་ཡིན་ གསུངས། དངོས་གྲུབ་མཆོག་སྒྲུབ་བྱེད་སྨིན་གྲོལ་དང༌། ཐུན་མོང་དང་ལས་ཚོགས་ཐམས་ཅད་ནི། །རབ་ཏུ་རྫོགས་ 23-1-354 ཤིང་སྒྲུབ་པར་བྱེད་པའི་ཆོ་ག་བཤད་པར་བྱ། །ཁ་ཅིག་འདིས་གླེང་གཞི་བསྟན་པར་བཞེད་དེ། ཨ་ནི་ཆོས་འབྱུང༌། ཐ་ ནི་ཏ་ཐཱ་ག་ཏ་སྟེ་སྟོན་པ། དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི། འཁོར་འཇིག་རྟེན་པ་དང་འདས་པ་གཉིས། བྱེད་ཅེས་པས་བྱེད་ པའི་དུས་བཤད་པར་བྱ་ཅེས་པས་ཆོས་ཕུན་སུམ་ཚོགས་པ་ལྔའོ། །ཁ་ཅིག་རྒྱུད་ཕ་མའི་འགྲོས་ཡིན་པས་གླེང་གཞི་མེད་ཅེས་ཀྱང་ འཆད་པ་སྟེ། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པའི་དབང་གིས་གཉིས་ཀར་བྱུང་ངོ༌། །ཡང་སྦས་དོན་ལྟར་ན། ཨས་གསང་བའི་ སྒོ་མཚོན། ཐ་ཡིག་གིས་བདེ་ཆེན་གྱི་གནས་རྡོ་རྗེ་མཚོན། དངོས་གྲུབ་ཀྱི་དགའ་བ་བཞི་ལས་ཐིག་ལེ་བཞི་བསྟན་པའོ། །མཐར་ ཐུག་ལྟར་ན་ཨ་སྟོང་ཉིད་འོད་གསལ། ཐ་ནི་དཀྱིལ་འཁོར། དངོས་གྲུབ་ཀྱི་ས་དང་པོ་ནས་སངས་རྒྱས་ཀྱི་བར་ཏེ། ཨ་ཐ་ཟུང་ འཇུག་གི་རྒྱས་བཤད་དོ། །རྒྱས་བཤད་ལ་གསུམ། ལས་ཀྱི་དངོས་གྲུབ་བསྟན་པ་ནི། །ལྷ་ཀླུ་ལྷ་མིན་སོགས་མི་མ་ཡིན་གྱི། བུད་ མེད་བྱེ་བ་ཕྲག་བརྒྱ་ཡང༌། །སྒྲོལ་མའི་རིག་སྔགས་གྲུབ་པའི་སྒྲུབ་པ་པོ། བདག་ཉིད་ལ་དང་བའི་དད་པས་ འདུད་ཅིང་བཀའ་ཉན་པར་བྱེད། །བརྒྱ་བྱིན་སོགས་ལྷའི་གཙོ་བོ་དང་ལྷ་མིན་གྱི་གཙོ་བོ་བཞད་ལེན་སོགས་དང་ འཇིག་རྟེན་པའི་རིག་འཛིན་གྱི་གཙོ་བོ་དབང་ཕྱུག་སོགས་དང༌། །རྒྱལ་པོ་སོགས་མི་ཡི་གཙོ་བོ་དབང་དུ་བྱེད། ། འདི་གསུམ་འཇིག་རྟེན་པའི་དངོས་གྲུབ་གཞན་བསྟན་པའི་སྡེ་ཚན་དུ་རྟོགས་ཉི་མ་དང་ཟླ་བ་དང་མཚུངས་པར་གཟི་ བརྗིད་ཆེ་ཤིང༌། །ཁ་ཅིག་འོད་ཟེར་སྤྲོ་བསྡུ་དང་ཚེ་ཉི་ཟླ་དང་མཉམ་པ་ལ་འཆད། འདབ་བཟང་སོགས་མཁའ་ལྡིང་རྒྱལ་ པོས་རང་ལ་རྣམ་པར་འདུད། །པར་བྱེད། ཀླུའི་རྒྱལ་པོ་ནག་པོ་སོགས་རྣམས་བསྡིགས་ཤིང་སྐྲག་པར་བྱེད་ ལ་བསད་གསོ་ནུས་པ་དང༌། །དུག་གཞིལ་བ་དང་ལོ་ཐོག་དང་སེམས་ཅན་ལ་གནོད་པ་སྲུང་ཞིང༌། རྫོགས་རིམ་གྱི་རྒྱུད་བདེ་ བ་འགྲུབ་པར་བསྟན་པ་ནི་མི་དང་མི་མིན་གང་གི་ཡང༌། །བུ་མོ་ཐམས་ཅད་རང་དབང་མེད་པར་ཆགས་པས་ མྱོས་པས་འཛག་པ་སྟེ་རང་དབང་མེད་པར་དེའི་དབང་དུ་འགྲོ་བར་བྱེད་པ། །ཐིག་ལེ་འཛག་མེད་དུ་འཆིངས་པའི་མཐུས། སྐྱེས་པ་གཅིག་གིས་འདོད་ཆགས་ཆེན་པོའི་སྟོབས་ཀྱིས། །མི་ཡི་བུད་མེད་མཐའ་ཡས་པ་ལ་སྤྱོད་ནུས་པ་ནི་འགྲོ་ བ་ཉུང་བའི་དབང་དུ་བྱས་ཏེ། བུ་མོ་ཁྲི་ཕྲག་མིའི་གྲངས་དང༌། །སྟེ་རྒྱལ་བུ་དོན་གྲུབ་ཀྱིས་ཀྱང་བཙུན་མོ་བརྒྱད་ཁྲི་ལས་ ལྷག་པ་མ་བསྟེན་པ་ལྟ་བུའོ། །འགྲོ་བ་གཞན་མང་བའི་དབང་དུ་བྱས་ཏེ། ཉིན་རེ་རེར་ལྷ་དང་ལྷ་མིན་མོ། །ལ་སོགས་ པ། བུད་མེད་འབུམ་ཕྲག་མང་པོ་ལོངས་སྤྱོད་ཀྱང་ད་དུང་སྐྱེས་པ་གཅིག་གིས་འདོད་ཆགས་ཀྱིས་བུད་མེད་དེ་ཐམས་ཅད་ 23-1-355 ཟིལ་གྱིས་གནོན་ནུས་པ་ནི་ཟིལ་གནོན་པ། །ཞེས་པའི་དོན་ནོ། །ཁུ་བ་རེངས་པའི་སྟེ་འཆིངས་པ་བྱེད་པ་ལས། ། སྒྲུབ་པའི་དབང་པོའི་བྱེད་པ་ལ་གཅིག་གིས་བུད་མེད་ཐམས་ཅད་ལ་འདོད་པ་སྤྱོད་པ། །ཕྱག་རྒྱའི་སྦྱོར་བ་ལ་ བརྟེན་ནས་རྡོ་རྗེར་ས་ལུས་དང་སྟོང་པ་ཉིད་མི་ཤིགས་པའི་འོད་གསལ་ཐོབ་པ་བྱེད་པ་རབ་ཏུ་བཤད། །པར་བྱ། ཕྱིའི་ འཇིགས་པ་བརྒྱད་ལ་སོགས་པ་དང༌། ནང་གི་འཆི་ལྟས་སོགས་དང༌། ངེས་དོན་དུ་སྒྲིབ་པ་གཉིས། ཀུན་ལས་ཐར་པ་ དང༌། །འཇིག་རྟེན་པའི་དངོས་གྲུབ་གཞན་ཡང་བསྟན་པ་ནི་བསྐལ་པ་ཚེའི་རིག་པ་འཛིན་པ་ནི་ཆེན་པོར་གཅིག་གམ་ མང་པོར་ཚེ་ཡང་གནས། །ལུས་ཀྱི་རིག་འཛིན་ནི་མཁའ་ལ་འགྲོ་བའི་དངོས་གྲུབ་དང་མིའམ་མི་མ་ཡིན་རྣམས་ཀྱིས་ ཀྱང་མི་སྣང་པ་སྟེ་མི་མཐོང་བ་དང༌། །རྫས་ཀྱི་རིག་འཛིན་ནི་རིལ་ལུ་ཁར་བཅུག་པས་མི་སྣང་བ་ལ་སོགས་པ་སྟེ་རལ་གྲི་ ཐོགས་པས་ཁམས་གསུམ་དུ་འགྲོ་བ་དང་རྐང་མགྱོགས་དང༌། གཏེར་ལ་སོགས་པའི་རིག་འཛིན་དང༌། །ལོངས་སྤྱོད་ཀྱི་ རིག་འཛིན་ནི། གསེར་འགྱུར་རྩི་དང་གཞན་ཡང་རྒས་པ་མེད་ཅིང་ཚེ་བསྐལ་པར་གནས་པ་ནི་བཅུད་ཀྱི་ལེན་གྱི་དངོས་གྲུབ་ དང་མངག་གཞུག་གི་རིག་འཛིན་ནི་ནོར་རྒྱུན་མ་སོགས་གནོད་སྦྱིན་མོ། །རྣམས་རབ་ཏུ་སྒྲུབ་པས་བཅུད་ལེན་སྟེར་ བ་དང་ལྷའི་གནས་སུ་འཁྲིད་པ་སོགས་བྱེད་སྔགས་ཆེན་པོ། །སྒྲོལ་མའི་སྔགས་འདི་ཁྲག་ཁྲིག་བཅུ་གཉིས་ཀྱི་ གྲངས་ཙམ་གྱིས་མཁའ་འགྲོ་མ། །རྣམས་དང༌། འབྱུང་པོའི་རྒྱལ་པོ། བྱེ་བ་ཕྲག་ཙམ། མཐུ་ཆེན་རྣམས་དང༌། ། ༈ དེ་དག་ལས་ཀྱང་ཆེས་ཆེ་བའི་ལྷ། ལྷ་མིན་གྱི་དབང་པོ་གནོད་སྦྱིན་དང༌། ཧ་རི་ཎཱ་ཀི་ཤི་དང་ནི་ར་ཎེ་ཀ་སེ་རྣམས་ཀྱི་ གྲོང་ཁྱེར་ཤར་ནུབ་ལྷོ་ན་གནས་པ་ཟླ་བ་དྲུག་ཏུ་གཡུལ་བསྐྲད་དེ་ལྷ་མིན་གྱི་སྲུང་བ་ཐམས་ཅད་ཞིག་ནས་མཐར་མིག་ནས་མེ་ སྤྲོས་ཏེ་སྲེག་པས་གྲོང་ཁྱེར་གསུམ་འཇོམས་པ་སྟེ་ནག་པོ་ཆེན་པོ་དང༌། ཚངས་པ་ཁྱབ་འཇུག་དབང་ཕྱུག་བརྒྱ་བྱིན་ སོགས་ལྷ། །རྣམས་ཐམས་ཅད་སྒྲུབ་པ་པོས་མངག་གཞུག་སྟེ་བྲན་ཉིད་དུ་བྱེད་པར་འགྱུར། ། གཉིས་པ་རྒྱུད་ཀྱི་བྱུང་ཚུལ་བསྟན་པའི་སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་ན་རྡོ་རྗེ་ཅན། །ཏེ་ འཆང་གིས་དབུགས་དབྱུང་གི་དཀྱིལ་འཁོར་སྤྲུལ་བཤད་མཛད་དེའི་རྗེས་སུ་སངས་རྒྱས་རྒྱལ་བ་རིགས་ལྔས་དབུགས་ དབྱུང་གི་དཀྱིལ་འཁོར་སྤྲུལ། །ནས་རྒྱུད་བཤད་པ་མཛད་པ་དེ་རྒྱུ་མ་བདེ་མཆོག་འཁོར་ལོ་བདེ་མཆོག་ དགེས་པའི་རྡོ་རྗེ། །གསང་བ་ཡིད་བདེ་སྟེ་མཧཱ་མ་ཡ་ཕྱག་ཆེན་ཐིག་ལེ་ལ་སོགས་བསྟན། །པའི་རྗེས་སུ། 23-1-356 ༈ འདིར་འཆད་པའི་དུས་བཞི་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ལྟོས་པའི་དུས་བཞི་ནི་མ་ཡིན་ཏེ། བསྐལ་པ་ལ་ལྟོས་ པའི་དུས་བཞི་ཡིན་པར་ཤེས། སྔགས་ཀྱི་བསྟན་པ་ནམ་དུ་ཡང་མི་ནུབ་པའི་དབང་དུ་བྱས་པ་སྟེ། རྫོགས་ལྡན་ནི་ཚེ་ལོ་བརྒྱད་ཁྲི་ པ་ཡན་ཆད་དེ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་དུ་རུང་བ། གསུམ་ལྡན་ནི་དེ་ནས་ཚེ་ལོ་བཞི་ཁྲི་པའི་བར་ཏེ། ཕལ་ཆེར་སྔ་ མ་དང་འདྲ་བ་ལས། གློ་བུར་གྱི་གནོད་པ་ཅུང་ཟད་ཡོད་པ། གཉིས་ལྡན་ནི་དེ་ནས་རྒྱུ་རྒྱུའི་རྒྱུད་ཀྱི་གཡུལ་མཐའ་མ་བྱུང་གི་བར་དུ་ སྟེ། མི་དགེ་བའི་ལས་ལམ་མང་དུ་བཅད་ཀྱང༌། ནང་དམེ་མི་བྱེད་པའི་བར་དུའོ། །རྩོད་ལྡན་དེ་མན་ཆད་དོ། །ཤོ་ལོ་ཀ འབུམ་ ཕྲག་བརྒྱ་པ་སྒྲོལ་མ་ཡི། །སྔགས་དང་རྒྱུད་ཀྱི་རྒྱལ་པོ་སྔོན་ཐོག་མ་མེད་པའི་དུས་སུ་སྟོན་པས་བཤད་པ། ། དེ། རྫོགས་ལྡན་གྱི་དུས་སུ་མི་རྣམས་ཀྱིས་ཀྱང་ཉམས་སུ་ལེན་ཅིང་ལོངས་སྤྱོད། །ལ་དེ་ནུབ་ནས་གསུམ་ལྡན་ གྱི་དུས་སུ། དེ་ནས་སྒྲོལ་མའི་རྒྱུད་འབུམ་ཕྲག་དྲུག་པ་བཤད། །ཅིང་དེས་འགྲོ་དོན་རྒྱ་ཆེན་པོ་བྱས་ནས་དེ་ཡང་ ནུབ་ནས་གཉིས་ལྡན་གྱི་དུས་སུ་རྒྱུད་ཤོ་ལོ་ཀ་ཁྲི་ཉིས་སྟོང༌། །ཕྱི་མའི་དུས་སུ་བཤད་པ་ཡིན། །སྟོང་ཕྲག་ བཅུ་གཉིས་པ་དེ་ཡི་སྙིང་པོ་རྩོད་དུས་འདིར། །གསུངས་པ་ནི་ད་ལྟའི་འདི་ཡིན་ཏེ། གཡོན་པའི་ཀུན་ཏུ་སྤྱོད་ པས་རྣམ་སྤྱོད་སྟོན་པ་པས། །འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་ཆེན་པོ་ངེས་བརྗོད་འབུམ་ཕྲག་གཅིག་གྱི་ རྗེས་སུ་འབྲང་བ། །སྟེ་ཆ་མཐུན་གྱི་རྒྱུད་སླར་ཡང་སྒྲོལ་མའི་རྒྱུད་བསྡུས་པ་འདི་འགྲོ་བའི་དོན་དུ་སེམས་ཅན་རྣམས་ ལ་སྣང་བར་གྱུར། །མི་རྣམས་ཀྱི་ཚེ་རིང་ཐུང༌། ཤེས་རབ་ཆེ་ཆུང་བསོད་ནམས་ཆེ་ཆུང་གི་དབང་གིས་དེ་བཞིན་བྱུང་ལ་མི་མ་ ཡིན་དང་མཁའ་འགྲོའི་གནས་ན་ནི། འཕེལ་འགྲིབ་མེད་དོ། ། ༈ གསུངས་པའི་དགོས་པ་ནི། ལམ་འདི་ལས་གཞན་གྱིས་བྱང་ཆུབ་མི་ཐོབ་པས་ངེས་པར་སྒོམ་དགོས་པ་འདོད་ ཆགས་ཏེ་ཞུ་བདེ་དང་ཆགས་ཆེན་ཏེ་རང་བཞིན་ལྷན་སྐྱེས་འདིས། །གདུལ་བྱ་འདོད་ལྡན་རྣམས་ལ་ཡང་བདེ་ ཆེན་གྱི་སྐུ་མངོན་པར་རྫོགས་པར་བྱང་ཆུབ་སྟེར། །ཏེ་ཆགས་བྲལ་གྱི་ལམ་གྱིས་ཆགས་བྲལ་གཅིག་པོ་ལས་མི་འདུལ་ ལ་ཆགས་ཆེན་གྱི་ལམ་གྱིས་ནི་ཆགས་ཅན་དང་ཆགས་བྲལ་གཉིས་ཅར་འདྲེན་ནུས་པར་བརྟེན། ལོངས་སྤྲུལ་གཉིས་ཀྱི་སྒོ་ནས་ སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་འབྱུང༌། །སྟེ་དག་པའི་འཁོར་ལ་ལོངས་སྐུ་དང༌། སྣ་ཚོགས་པ་ལ་སྤྲུལ་སྐུའི་ འཕྲིན་ལས་འཇུག་གོ ། 23-1-357 ༈ སངས་རྒྱས་ཐམས་ཅད་ཀྱི་འདའ་བར་མི་བྱ་བའི་དམ་ཚིག་ཐུགས་རྗེ་ཆེན་པོས་སེམས་ཅན་འཁོར་བ་ལས་སྒྲོལ་ ཤེས་རབ་མ་ཞེས་བྱའི་སྔགས། །འདིའི་ཕན་ཡོན་ནི། གནས་ཡུལ་གྱི་ཕོ་ཉ། མཁའ་འགྲོ་མ་སྔགས་སྐྱེས་ཞིང་ སྐྱེས། ལྷན་སྐྱེས། ཀུན་དང་འདུས་པ་ཐོབ་ཅིང་དེ་བདེ་སྟོང་གི་ཡེ་ཤེས་བསྐྱེད་དེ་རྒྱུར་བྱས་ནས་ལས། །དམ་པའི་ དོན་མཐར་ཐུག་པ་ཆོས་སྐུ་ཡང་འགྲུབ་པར་འགྱུར་བའོ། །བྱང་ཆུབ་ཅེས་པ་ནང་གི་མངོན་བྱང་ལྔ་ཡིན་ལ། དེའི་ཕྱིར་ བདེ་བ་ཆེན་པོའི་སྐུའི་ངོ་བོ་ནི། དཀར་དམར་རླུང་གསུམ་གྱི་བསྒྲོད་པ་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་ཏེ་འདིའི་ཐུན་མོང་མ་ཡིན་ པའི་རྒྱུ། ལྷན་སྐྱེས་རྣམ་པ་གཉིས་སུ་བསྟན། འཕྲིན་ལས་ཐམས་ཅད་འབྱུང་ཞེས་པས། འཕྲིན་ལས་འབྱུང་བའི་རྒྱུ་ཡེ་ཤེས་བསྟན་ པ་ཡིན་པས། མེ་ལོང་ཡེ་ཤེས་ལོངས་སྐུ་དང༌། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུ་དངོས་སོ། །དེ་ཡང་སངས་རྒྱས་རང་སྣང་ན་ཞལ་ཕྱག་གི་ རྣམ་པ་ཅན། སྐུ་དང་ཡེ་ཤེས་མཛད་པ་འཁོར་ཞིང་རྣམས་རང་སྣང་གིས་བསྡུས་པ་ལ་ཐམས་ཅད་ངོ་བོ་གཅིག་གོ །ཆོས་ཀྱི་སྐུ་ནི་ དོན་དམ་པའི་མཐར་ཐུག ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་ཡང་ཡིན་ལ། ཡེ་ཤེས་ཀྱང་ཡིན་ཆོས་དབྱིངས་ཡེ་ཤེས་ཏེ། ངོ་ བོའི་ཆ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ནོ། །གནས་ལུགས་དེ་ཡང་མཐར་ཐུག་པ་བདེ་བའི་ཡེ་ཤེས་ཀྱིས་རྟོགས་དགོས་ པའི་ཕྱིར། དེ་ཉིད་རྒྱུར་སྨོས་པ་ཡིན་ནོ། །རང་སྣང་གི་སྐུ་གསུམ་ངོ་བོ་གཅིག གཞན་དུ་གཟུགས་སྐུ་རྣམ་གཉིས་འཆར། །ཅེས་ པའོ། །སྔགས་དངོས་ནི། དེ་ནས་བདུད་བཞི་བཅོམ་པའི་བསྐལ་པ་དྲུག་དང༌ལྡན་འདས་མ་དམ་ཚིག་སྒྲོལ་ མས་རིག་སྔགས་ཀྱི་རྒྱལ་མོ་འདི་གསུངས་སོ། །དོན་གྱི་གཙོ་བོ་སྔགས་ཡིན་ཅིང༌། རྒྱུད་ཚིག་གཞན་རྣམས་ནི་ དེའི་ཆོ་གའོ། །རྒྱུད་འདིར་རྣལ་འབྱོར་མ་གཙོ་བའི་ཕྱིར། སྔགས་རྣམས་གཙོ་བོས་གསུངས་པའོ། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ སྭཱཧཱ། འདི་ནི་མཆོག་ཐུན་མོང་ལས་ཚོགས་དང་བཅས་པ་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པའོ། །ༀ་ ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། སྒྲོལ་མའི་ལས་ཀྱི་ཕོ་ཉ་མོའི་གཙོ་བོ་ཡིན་ཏེ་མཁའ་འགྲོ་མ་ཀུ་རུ་ཀུལླེའོ། །སྔགས་སོ། །ༀ་ཏཱ་ རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོ་སྐུ་སྐུལ་བར་བྱེད་པའོ། །ༀ་ཏཱ་རེ་སྭཱཧཱ། གསུང་བསྐུལ་བར་བྱེད་ པའོ། །ཉེ་སྙིང་ངོ༌། །ༀ་ཨཱཿཏཱཾ་ཧཱུཾ། ཐུགས་བསྐུལ་བར་བྱེད་པའོ། །ཤིན་ཏུ་ཉེ་སྙིང་སྟེ་རྫོགས་རིམ་རྡོར་བཟླས་ དང་འབྲེལ་ལོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཾ། པྲ་དུཥྚཾ་མ་མ་ཀྲྀ་ཏེ། ཛམྦྷ་ཡ། 23-1-358 སྟཾ་བྷ་ཡ། མོ་ཧཱ་ཡ། བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། གོང་དུ་བཤད་ པ་ཐམས་ཅད་ཀྱང་འགྲུབ་མོད་གཙོ་བོར་འདི་ནི་ལས་བཞི་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བྱེད་པའོ། །ལཾ་ མཾ་པཾ་ཏཾ་ཧཱུཾ། དེ་བཞིན་གཤེགས་པའི་སྒྲོལ་མ་སོགས་ལྷ་མོ་ལྔའི་འོ། །ༀ་ཨ་རལླི་བྷྱོ་བྷྱོ་ཧ་ཧ་ཧ་ཧ་སི་སི་སི་ སི། ཞེས་པ་ནི་ཧེ་རུ་ཀ ཐུགས་བདེ་བའི་སྔགས་སོ། །ༀ་ཨ་རལླྀ་རི་གི་ཕེཾ་ཕེཾ་ཕེཾ་བྷྱོ་སྭཱཧཱ། ཞེས་པ་ནི་ གསུང་མཁའ་འགྲོ་མ་དབང་དུ་བསྡུད་ཅིང་སྐུལ་བའི་སྔགས་ཏེ་ཧེ་རུ་ཀའི་སྔགས་གཉིས་པའོ། །སྐུའི་སྔགས་རྒྱུད་ཕྱི་མའི་ དེའོ། །ༀ་བཛྲ་བཱ་ར་ཧཱི་ཨ་བེ་ཤཱ་ཡ་སརྦ་ཛྭ་ར་ཎ་ཧྲཱིཿསྭཱཧཱ། རྡོ་རྗེ་ཕག་མོའི་གོ་ཟློག་སོགས་ཀྱིའོ། །ༀ་མཱ་ རི་ཙྱཻ་མཾ་སྭཱཧཱ། འོད་ཟེར་ཅན་མའི་འོ། །ༀ་ཧྲིཾ་ཏྲིཾ་ཧཱུཾ་ཕཊ། རལ་གཅིག་མའིའོ། །འདིའི་ལས་ཚོགས་ གསང་བ་ཐིག་ལེ་ན་ཡོད་འདི་ན་མི་གསལ། ༀ་སྭཱཧཱ། ཞི་བར་བྱེད་པསྒྲོལ་མའིའོ། །ༀ་ༀ་རྒྱས་པར་བྱེད་ པསྒྲོལ་མའིའོ། །ༀ་བཱ་ཥཊ་ཧོ་དབང་དུ་བྱེད་པསྒྲོལ་མའིའོ། །ༀ་ཕཊ། གསོད་པར་བྱེད་པསྒྲོལ་མའིའོ། ། སྭཱཧཱ༡་ལཾ་༢ལཾ་༣ལཾ་༤ཧྲཱིཿ༥ཛཿ༦ཕཊ༧་ཕཊ༨། ཅེས་པ་ནི་རྨོངས་བྱེད་ལ་སོགས་པ་ལས་བརྒྱད་བྱེད་པའོ། ། ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་དགུག་པར་བྱེད་པལ་སོགས་པའིའོ། །ༀ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། མཆོག་དང་བསྲུང་བའི་འཁོར་ལོའིའོ། །སྥ་ར་ཎ་ཕཊ། ལྷ་རྣམས་སྤྲོ་བའི་འོ། །ༀ་ཨ་ཀྲོ་དྷཻ་ཀ་ཡ་མཱནྟ་ ཀ་ཧཱུཾ། གཤིན་རྗེ་གཤེད་ཀྱིའོ། །ༀ་ན་མོ་ཨ་ཙ་ལ་ཀཱ་ན་ཙེཊྚ་ཙེཊྚ་མོཊྚ་མོཊྚ་ཏུཊྚ་ཏུཊྚ་གྷ་གྷ་གྷཱ་ ཏ་ཡ་གྷཱ་ཏ་ཡ་ཧཱུཾ་ཕཊ། མི་གཡོ་བ་གཏུམ་པོའིའོ། །ༀ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་བ་ཧཱུཾ་ཧུ་ལུ་ཧུ་ ལུ་ཧཱུཾ་ཕཊ། རྟ་མགྲིན་གྱིའོ། །ན་མཿས་མནྟ་བུདྡྷེ་བྷྱོ་ན་མོ་མཧཱ་བཛྲ་ཀྲོ་དྷཱ་ཡ། མཧཱ་དཾཥྚོཏྐ་ཊ་བྷི་ ཥ་ཎ་བྷཻ་ར་བཱ་ཡ། བཛྲ་སནྡོ་ཧ་དརྤཱ་ཡ། ༀ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། བདུད་རྩི་འཁྱིལ་པའིའོ། ། ༀ་ཧཱུཾ་ཤྲཱི་ཡ་དེ་བི་ཀ་ལཱི་ཀ་ལཱི་མཧཱ་ཀ་ལཱི་ཧཱུཾ་བྷྱོ། བོད་སྔགས་སོ། །ༀ་མཧཱ་ཀ་ལཱི་དེ་བཱི་ཀ་ར་ལཱི་བི་ཀྲནྟ་ ཀ་ལ་རཱ་ཏྲི་ཙཥྚ་རུ་པི་ཎཱི་ཧཱུཾ་ཕཊ། སྙིང་པོའོ། །ལྷ་མོ་ནག་མོའི་སྔགས་སོ། །ༀ་བཛྲ་ཀཱི་ལི་ཀཱི་ལཱི་ཡ་ སརྦ་བིགྷྣནྦྷནྡྷ་ཧཱུཾ་ཕཊ། དགྲའམ་བགེགས་ཉེར་འཚེ་ལ། ཕུར་བུས་གདབ་པའིའོ། །སྔགས་ཀྱི་ལེའུ་སྟེ་ དང་པོའོ།། །། 23-1-359 ༈ ལམ་གྱི་སྔོན་འགྲོ་ཕུར་གདབ་ལས། ཏིང་ངེ་འཛིན་གྱི་ཕུར་གདབ་ནི་དེ་ནས་ཞེས་སོགས་ཏེ་ངེས་དོན་གྱི་ཕྱི་ནང་སྲོག་ རྩོལ་ལྟར་བཤད་པ་དང༌། སྒྲ་ཇི་བཞིན་པ་སྲུང་འཁོར་རོ། །བཅོམ་ལྡན་འདས་མའི་ཕྱག་རྒྱ་ཐུགས་ཀ་ནས་གསང་ བའི་བར་དུ་དང༌། སྤྱི་བོའི་བར་དུ་ཞགས་པ་དབུ་མ་དང་ལྕགས་ཀྱུའི་དུང་ཅན་ཚོགས་རྒྱས་ཤིང་སྤྲོས་ཏེ། སྔགས་ ཀྱི་བརྡས་དབུ་མའི་རླུང་འབྱུང་བ་བསྟན་ནོ། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟི་བཛྲ་ཎཱཾ། ༀ་ཊཀྐི་ཧཱུཾ་ཛཿ ཞེས་པའི་ སྔགས་འདི་ཕྱུང་ངོ༌། །གདུག་པ་གཟུང་འཛིན་གྱི་རླུང་ཐམས་ཅད་བུམ་ཅན་སོགས་ཀྱི་སྦྱོར་བས་བཀུག་ནས་ ཀྱང༌། །རྩ་དབུ་མའི་ནང་གི་ནམ་མཁའི་དབྱིངས་སུ་འགྲོ་འོང་མེད་པར་བསྒྱེལ་ནས་ནི། །རྡོ་རྗེ་ཕུར་བུའི་ སྟེ་རླུང་ཁ་སྦྱོར་ཚོགས་སྤྲོས་ནས། །གནས་རྩ་འཁོར་ལོ་ལྔ་དག་ཏུ་སྲོག་ཐུར་གཅིག་ཏུ་འདྲེས་པའི་ཕུར་བུས་ བཏབ། །ཐིག་ལེ་ཞུ་བའི་བདུད་རྩི་འཁྱིལ་པ་རྣམ་རྟོག་ལ་ཁྲོ་བོ་ཆེ། །བདེ་བའི་ཡེ་ཤེས་ཀྱི་གསང་བའི་རྡོ་རྗེ་ ཕུར་བུ་བསྐུལ་བར་མཛོད། །ཅིག་ཅེས་པའོ། །སྟོང་གསུམ་གསང་བའི་པདྨ་དག་གི་ཁོར་ཡུག་ཚུན་ཆོད་ ལ། །སྐོར་བས་རྩ་བསྐུལ་ན། བདེ་བའི་བགེགས་རྣམས་ཐམས་ཅད་བཅིངས་པར་མཛད། །སྒྲ་ཇི་བཞིན་པ་ སྒྲུབ་ཐབས་ཀྱི་ཐོག་མར་བཀོད་པ་ཁོ་ན་ཉིད་དོ། །ༀ་ལཾ་སྟམྦྷ་ཡ་ལཾ། ཕུར་བརྡབ་ཀྱི་རྗེས་སུ་མནན་པའི་སྔགས་སོ། །དགྲ་ ལ་ཕུར་བརྡབ་ནི་གྲོག་མཁར་ས་ལ་དང་དགྲའི་རྐང་རྗེས་ལ་དགྲའི་གཟུགས་བྱས་ནས། །སྙིང་ཁར་ཡང་གཟུགས་ ཅན་གྱི་སྙིང་ཁར་འཁོར་ལོ་རྩིབས་དྲུག་པ་སྔགས་ཅན་བྲིས་ནས་བཅུག དགུག་གཞུག་ཡང་ཡང་བྱས་ལ། རྐང་པ་གཡོན་ པས་མནན་བྱས་ལ། །མི་རུས་ལས་སྐྱེས་པའི་ཕུར་བུ་ལྷར་བསྐྱེད་ལ་སྔགས་ཁྲི་བཟླས་པ་ཡིས། །བཏབ་ ན་དེ་ཡི་མོད་ལ་དགྲ་བོ་འཆི། །འོ། །གནོད་བྱེད་གཞན་ལ་བརྡབ་པ་ནི། ཕུར་བུ་དེ་ཉིད་སྦྲུལ་དང་སེངྒེ་གླང་པོ་ དང༌། །རྐུན་པོའི་གཟུགས་བརྙན་སྔགས་ཅན་བྱས་ལ། ཡན་ལག་ལྔ་སྙིང་ཁ་སྟེ་དྲུག་པོ་དག་ལ་གདབ་པོ། །དེས་ འཇིགས་པ་དེ་དག་སྲུང་བའོ། །འདི་ཡིས་སྡིག་ཅན་གདུག་པ་ཅན་ནམ་རང་ལ་ཅིང་སྡང་བའི་སེམས་དང་ལྡན། ། པ་དགྲ་དང༌། བགེགས་དང༌། ལོག་འདྲེན་དག་ལ་གདབ་པར་བྱ། །སྟེ་བགེགས་ཞི་བར་འགྱུར་རོ། །རྡོ་རྗེ་སེམས་ དཔའ་ལ་ཕུར་བརྡབ་ནི་ཡེ་ཤེས་ཤེས་རབ་ཀྱི་པདྨ་ཁ་ཕྱེ་ནས། །དེར་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབུས་སུ་གནས་ པའི་གཙོ་མོའམ་མེ་ཏོག་ཕོག་པའི་ལྷ་ལ་བརྡབ་པའམ་རྡོ་རྗེ་ཕུར་བུའི་རབ་ཏུ་སྦྱོར་བས། །བརྡབ་སྟེ། རང་རང་གི་ 23-1-360 རིགས་དང་མཐུན་པ་རྣམས་ཀྱི་ཁྲོ་བོར་སྨད་ཕུར་བུའི་ལུས་ཅན་དང་བཅས། །རྡོ་རྗེ་སེམས་དཔའ་ལ་སོགས་པ་ རིགས་ལྔ་གང་རུང་གི་སྔགས་ཀྱི་ལྷ་ལ་གདབ། །འདི་ཡིས་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར། །དེ་ལྟར་ རྡོ་རྗེ་ཕུར་བུས་བཏབ་པ་ན། །ཕུང་པོ་སྟེ་འཛིན་པ་རབ་ཏུ་འཇིག་པ་དང༌། །རྡོ་རྗེའི་གནས་ཐུན་མོང་ དངོས་གྲུབ་ཆེན་པོ་དག་ཀྱང་ཐོབ་པར་འགྱུར། ། ༈ འདིའི་ངེས་དོན་ནི། ཐབས་ཤེས་མཉམ་པར་སྦྱོར་བས། ཐབས་དབུ་མའི་རྩ་ཁམས་རླུང་དུ་རྩ་ཁམས་རླུང་གཞན་རྣམས་ ཐིམ་པས་ཕུང་པོ་རགས་པ་འོད་གསལ་དུ་ཐིམ་ཅིང་དེས་དང༌། དོན་གྱི་འོད་གསལ་མངོན་དུ་འགྱུར་བ་ཡིན་ནོ། །ཞེས་པ་སྟེ། འདི་ གཉིས་ཀ་སྤྱོད་པའི་སྐབས་སུ་ཡིན་པར་གོ་དགོས་སོ། །ཞེས་གསུངས་སོ། །ལམ་དངོས་ལ་རྣལ་འབྱོར་བཞི་ལས། དང་ པོ་རྣལ་འབྱོར་ཆེན་པོ་གཉིས་ཀྱི་མིང་ནི། དེ་ལ་འདི་ནི་རྣལ་འབྱོར་ཆེན་པོའི་དམ་ཚིག་གོ །དངོས་རྒྱས་བཤད་ ལ་རྣལ་འབྱོར་ཆེན་པོ་དངོས་དང་འབྲས་བུའོ། །དངོས་ལ་བསྐྱེད་རྫོགས་གཉིས་ལས། དང་པོ་ལ་དངོས་དང་བརྟུལ་ཞུགས་དང་ བསམ་གཏན་གྱི་ལས་ཚོགས་སོ། །དང་པོ་ནི་ཟླ་བ་སྣང་བ་ཡང་ན་སྲོག་དང་རྐྱང་མ་དང་ཕྱིར་འགྲོ་བའི་རླུང་ནི་ཟླ་བ་སྟེ། དེས་ གཞན་རྣམས་ཤེས་པར་རིགས་འདྲེ། ཉི་མའི་མཆེད་པ་རླུང་གི་དབུས། །ཐོབ་པ། རང་སྔགས་ལྷའི་ས་བོན་ཏེ་སྙིང་ པོ་འོད་གསལ་བསྒོམ་པར་བྱ། །ཟུང་འཇུག་དང་སྒྱུ་ལུས་ཀྱི་ལྷ་ཡི་དེ་ཉིད་དམིགས་གྱུར་ན། །དེ་རྣམས་ཀྱི་རྐྱེན་ ལས་རྒྱ་དང་མཉམ་པར་སྦྱར་བའི་དགའ་བ་སྐད་ཅིག་མ་བཅུ་དྲུག་པ་ལ་དེ་འགྲུབ་འགྱུར། །འདི་ནི་སྒྲ་ཇི་བཞིན་མ་ ཡིན་པ་རྫོགས་རིམ་སྟེ་དངོས་བསྟན་སྙིང་གར་རོ་རྐྱང་རླུང་ཟླ་ཉིའི་གདན་ལ་ས་བོན་ལས་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཏིང་ ངེ་འཛིན་སེམས་དཔའ་སྒོམ་ན་བཅུ་དྲུག་པ་སྟེ་ཟླ་བ་ཕྱེད་སྒོམ་པས་གྲུབ་པའོ། ། ༈ བསྐྱེད་རིམ་གོམ་པས། སེམས་ནི་ནམ་མཁར་ལྟར་སྤྲོས་བྲལ་དུ་གྱུར་པ་ལ། །ནུབ་སྔ་མ་ཟླ་བ་ཕྱི་ཉིན་ ཉི་མ་ནུབ་པ་དང༌། །དེའི་མཚན་མོ་མུན་པའི་ཡེ་ཤེས་ཐིམ་པ་ན། །ཐོ་རེངས་རྡོ་རྗེའི་ལྷ་ནི་ཞལ་སྟོན་ཅིང་ འགྲུབ་པར་འགྱུར། །འདིས་ངེས་དོན་གྱི་ནང་གི་ནུབ་མངོན་གསལ་བར་བསྟན་ནོ། །ཡང་ན་རྡོ་རྗེ་སེམས་དཔའ་ སོགས་ལྷའི་བརྟུལ་ཞུགས་ཀྱིས། །སྤྱོད་པ་ལུས་ཀྱི་ཐ་མལ་གྱི་དྲི་མ་རབ་སྦྱངས་ནས། །རིག་འཛིན་གྱི་ལུས་ ཡེ་ཤེས་ཆེན་པོ་རང་སྔགས་ལྷ། །འི་རྣམ་པ་འདོད་གཟུགས་གང་རུང་གིས་བསྡུས་པ་སྤྱོད་པ་ཟླ་ཕྱེད་ཟླ་བ་ཕྱེད་གཉིས་ 23-1-361 ཟླ་དྲུག་སོགས་གང་ལྟར་ཡང༌། འདིའི་ངེས་དོན་རྫོགས་རིམ་གྱི་སྤྱོད་པ་སྟེ་ལུས་གནས་གྱུར་པ་དང༌། ཡེ་ཤེས་ཀྱི་སྐུ་ཆེན་པོ་འགྲུབ་ པ་དང༌། ཟླ་བ་བྱང་སེམས་ཆ་བཅུ་དྲུག་པ་བརྟན་པའི་མཆོག་གྲུབ་པ་ཞེས་བརྗོད་དོ། །ཟླ་བ་ཉ་ལ་འགྲུབ་པར་འགྱུར། ། དེའི་བསམ་གཏན་གྱི་ལས་ཚོགས་ནི་གསུམ་ལས། དང་པོ་སྲུང་འཁོར་ནི་རང་སྔགས་ས་བོན་འོད་ཟེར་གྱིས། །རྡོ་ རྗེ་གུར་ཨུཏྤལ་གྱི་གུར་དང་མེ་དང༌། ཕོ་ཉ་མོ་རྣམས་དང༌། ཐོག་སེར་འབེབས་པའི་སྤྲིན་དང་འོག་གཞི་འབྱུང་བ་བཞི་སོགས་ བརྟག་པར་བྱ། །འཇིགས་པ་བརྒྱད་ལས་བསྲུང་བ་དང༌། །ལུས་མེད་བདུད་རྣམས་ཀྱིས་ཀྱང་མི་ མཐོང༌། །བར་སྲུང་ངོ༌། ། གཉིས་པ་ནད་གདོན་འདོན་པ་ནི་སྤུའི་ཁུང་བུ་ལས་ནད་རྣམས་སྤྲེའུ་འམ། །ཁྱིའི་གཟུགས་དང་འདྲ་བར་ རབ་ཏུ་དབྱུང༌། །སྟེ། ཡེ་ཤེས་སེམས་དཔའི་དམ་ཚིག་ལས་སྤྲོས་པ་འདིས། །རྡོ་རྗེ་མཚོན་ཆས་མང་ པོ་སྤྲོ་བ་བསྣུན་པར་བྱ། །འོ། ། གསུམ་པ་གཞན་གྱི་སྡིག་པ་སྦྱངས་པ་ནི། སྙིང་ཁ་དབུས་ཀྱི་ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །ཡེ་ ཤེས་ཀྱི་མེ་དཔུང་དཀར་པོ་བསམ། །སེམས་ཅན་གྱི་ཁམས་ནི་མ་ལུས་པའི། །སྙིང་ཁའི་མི་ཤིགས་ ཐིག་ལེའི་གནས་ལས་མེ་ནི་འབར་བར་སྒོམས་ཤིང་བསྒྲུབ། །པས་ནི། མཚམས་མེད་ལྔ་དག་བྱེད་པ་ ཡང༌། །གཙང་མའི་ཆོས་བྱེད་པའམ་རིག་པ་འཛིན་པའི་གནས་སུ་འགྲོ་བར་འགྱུར། །ཏེ་འགྲེལ་ཆེན་ལས། སྡིག་པ་བྱང་བས་གཙང་མ་ཞེས་དང༌། ཉི་མ་བསམ་གཏན་བཞི་པའི་གནས་གཙང་དུ་འཆད་དོ། །སྡིག་པ་འཇོམས་བྱེད་ཀྱི་རྡོ་ རྗེའི་ཡེ་ཤེས་ཏེ་དམིགས་པ་འདིས། །སྐད་ཅིག་གིས་ནི་བསོད་ནམས་ཀྱི་འབྲས་བུ་ཚེ་དང་ལོངས་སྤྱོད་སོགས་ཀྱི་ དཔལ་དང་ལྡན་འགྱུར། །རོ། ། ༈ གཉིས་པ་རྫོགས་རིམ་རྣལ་འབྱོར་ཆེན་པོ་ལ། དངོས་དང་དོགས་གཅོད་གཉིས། དང་པོ་ལ། ལུས། ངག ཡིད་མི་ཤིགས་ པ་གསུམ་ལས། དང་པོ་ལུས་མི་ཤིགས་པ་ནི། ལྟེ་བའི་དབུས་སུ་རེ་ཁ་གཏུམ་མོའི་མེ་བསམ། །དེ་ཡང་བརྗོད་པ་ ཀུན་གྱི་གཞི་མི་ཤིགས་པའི་ཨ་ནི་མཆོག་ཏུ་ཕྲ་བ་ཏེ་རྟོགས་དཀའ་བ་སྟེ། །མི་འགྱུར་བའི་ངོ་བོ་གང་ལ་མཉམ་པར་ བཞག་ན་ཉམས་དགའ་ལྷན་སྐྱེས་བདེ་བསྐྱེ་བའི་གནས། །ཏེ་འདི་གོམ་པས་མི་ཤིགས་པའི་ཚངས་པ་སྐུ་རྡོ་རྗེ་ 23-1-362 འགྲུབ་པར་འགྱུར། །ཏེ་ལྟེ་བའི་རྩ་སོགས་དག་པ་ལས་སོ། ། ༈ གཉིས་པ་ངག་མི་ཤིགས་པའི་རྣལ་འབྱོར་ནི་རང་སྔགས་ཧཱུཾ་དང་ཡི་གེ་ༀ། །རྡོ་རྗེ་ཨཱཿཡིག་རླུང་འགྲོ་འོང་ གནས་གསུམ་ལ་སྦྱར་ཞིང་བསམ་པར་བྱ། །སྟེ། རླུང་གི་རང་གདངས་འབྲུ་གསུམ་དུ་གནས་པ། དེ་ཁོ་ན་ཉིད་རབ་ ཏུ་གྲུབ་ནས། །མགྲིན་པ་ངག་གི་གནས་དག་པས་ལས་རླུང་མི་རྒྱུ་ཞིང༌། མི་འགྲོ་བ་ལྷ་ཆེན་དྲག་པོ་རྣམ་པར་དག་པ་རྡོ་ རྗེའི་ངག་ཏུ་འགྱུར། །རོ། ། གསུམ་པ་སེམས་མི་ཤིགས་པའི་རྣལ་འབྱོར་ནི་འབྱུང་བ་ལྔའི་འོད་ཟེར་རླུང་རྣམ་པ་ལྔ་འདུས་པ་སྙིང་གའི་པདྨའི་ ལྟེ་བར་གནས། །པ་དེ་དང་པོར་ཤེས་རབ་མ་ཡི་པདྨ་ཐབས་ཀྱིས་རྡོ་རྗེ་རབ་ཏུ་དབྱེ་བ། །ལས་རྩ་རྣམས་རིམ་གྱིས་ གྲོལ་ནས་སྙིང་ཁར་སླེབ་པ་ན་སྙིང་ཁའི་ཐིག་ལེ་རྡོ་རྗེ་མི་འགྱུར་བར་བྱེད་པ་སྟེ། །སྙིང་ཁ་དག་པས་ཡེ་ཤེས་ཀྱི་རང་ བཞིན་དོན་དམ་པའི་ཁྱབ་འཇུག་ཐུགས་རྡོ་རྗེ་རྡོ་རྗེ་གསུམ་གྱི་རྒྱལ་པོར་འགྱུར། །རོ། །རང་སྔགས་ས་བོན་འོད་ཟེར་ གྱི་ནས། འདིའི་བར་གྱི་མན་ངག་ནི་གཞན་དུ་ཤེས་སོ། ། ༈ གཉིས་པ་དོགས་གཅོད་ལ་ཞུས་པ་དང་ལན་གཉིས། དང་པོ་ནི། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་རྣལ་ འབྱོར་གྱི་དབང་ཕྱུག་དཔའ་བོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མ་འདི་རྣམས་ཅི་ཞིག་ ལགས། ཞེས་གླེང་བ་རྩལ་ནས་ལྟེ་བ་ལས་ནི་རླུང་ཁམས་རྣམས་འབྱུང༌། །ཞིང་སྐྱེ་བ་ཡིན་པ་ལ། ༈ དེ་དག་པས་ཅིའི་ཕྱིར་ལུས་ཀྱི་ཆོས་ཚངས་པ་སུ་འགྱུར། །ཞེས་དོགས་པ་དང་པོའོ། །བདུད་ཀྱི་དབང་ ལས་འདས་པས་བསྟན་ཅིང་སྒོམ་པས་འདའ་བར་འགྱུར་བའི་ལམ་བསྒོམས་པས། །འབྲས་བུ་ཇི་ལྟར་བ་བདུད་ ལས་མ་འདས་པས་ཚངས་པ་ལ་སོགས་འགྱུར། །ཞེས་དོགས་པ་གཉིས་པའོ། ། ༈ རྡོ་རྗེས་པདྨ་འབྱེད་པ་ཡིན་པ་ལ་དེ་ལས་ཟློག་སྟེ། པདྨས་རྡོ་རྗེ་འབྱེད་པར་བྱེད་པ་ཅི། །དོགས་པ་གསུམ་ པའོ། །འདི་དག་ཅིའི་ཕྱིར་ན་འགལ་མི་འགྱུར། །ལགས་ཞེས་པ་དང༌། དམ་ཚིག་ནི་མི་འདའ་བ་སྟེ་རྒྱུ་འབྲས་ རྟེན་འབྲེལ་ལོ། །དེ་ཁོ་ན་ཉིད་ནི་དོན་དམ་སྟོང་ཉིད་དེ་མཁྱེན་པ་གཙོ་བོས་གསུངས། །ཤིག་ཅེས་པའོ། །དང་པོའི་ལན་ དངོས་ནི། ཉོན་ཅིག་རྡོ་རྗེ་སྙིང་པོ་མ་འཁྲུལ་བ་བསྟན་གྱི་ཇི་བཞིན་ཉོན། །ཅིག ལུས་ནི་གཞན་ཕྱིར་རོལ་ཏུ་སྣང་ 23-1-363 བ་ལྟར་འདི་དག་ཡོད་པ་མ་ཡིན། །ཏེ། སེམས་ཀྱི་སྣང་བའི་རང་བཞིན་རྣམ་རྟོག་རྣམ་པར་གཡོ་བ། །འི་མཐུ་ ཙམ་མོ་སྟེ་སྐྱེ་བ་སྔ་མའི་རྣམ་རྟོག་གི་བག་ཆགས་སྨིན་པ་ལས་སྣང་བ་ཙམ་མོ། །སེམས་གཡོ་བའང་རླུང་དང་འགྲོ་ལྡོག་གཅིག་ལ། གཡོ་བ་དེ་ཡང་ལྟེ་བར་རླུང་སེམས་ཚོགས་ལས་བྱུང་བས་ནའོ། ། ༈ རྣམ་རྟོག་གི་བག་ཆགས། དེ་ལས་འཁྲུལ་པ་སྣང་བའི་ལུས་པོ་འདི་བྱུང༌། །ངོ་། དེའི་ཕྱིར་ལྟེ་བ་སྐུའི་ རིགས་ཞེས་བཤད་པ་དེ། །ཚངས་པ་དང༌། ལུས་དང་སྐུ་རྡོ་རྗེ་སོགས་ལུས་ཀྱི་ཆོས་དེ་དག་ལྟེ་བ་དེ་ལས་བྱུང་བ་ ཡིན། །ཅེས་བཤད་དེ། ལྟེ་བ་དག་བྱེད་དུ་བྲམ་ཟེ་མོ་སྟེ་སྐུ་ཡི་ཕྱག་རྒྱ་ལ་འདོད་པ་བདེ་ཆེན་སྤྱོད་པ། །ལས། དེ་དག་ ནས་རྡོ་རྗེ་སྐུ་རུ་འགྱུར་བའོ། །དེའི་འཕྲོས་དོན་ནི། དེ་བཞིན་དུ་ལས་རླུང་གིས་རྣམ་རྟོག་སྐྱེད་ཅིང་སྨྲ་བར་བྱེད་ པའི་ཕྱིར། །རླུང་དེའི་རང་བཞིན་གསུང་རྡོ་རྗེ་ཡིན་པས་སྨྲ་བ་དེའི་གནས་མགྲིན་པ་ཡང༌། རྡོ་རྗེའི་ངག་སྟེ་དེའི་དེ་ཁོ་ན་ ཉིད་བརྗོད། །པའོ། །དེ་དག་བྱེད་ཐབས་གླུ་དབྱངས་མཁན་གྱི་བུ་མོའི་དམ་ཚིག་བསྟེན་པ་གིས། །ངག་དག་ པ་རྡོ་རྗེ་གསུང་དུ་འགྱུར་བ་ཡིན། །ནོ། །འཁྲུལ་པའི་བག་ཆགས་ཀྱི་གཟུང་འཛིན་ས་གཉིས་སུ་རྟོག་པའི་ སེམས། །རྣམ་ཤེས་འཁོར་བཅས་འདི་རྣམས། མི་ཤིགས་པའི་ཐིག་ལེ་འདི་ཡོད་པའི་རྒྱུ་ལས་བྱུང་བའི་ཕྱིར། ། ཐིག་ལེ་འདི་གནས་སྙིང་ཁ་དང་བཅས་པ་ལ་སེམས་དང་ཐུགས་ཞེས་བྱ་ལ་སྙིང་ཁའི་འཁོར་ལོ་དང་མི་ཤིགས་པ་དག་པའི་ཕྱིར་ མིག་མཛེས་པ་ཅན་གྱི་གཡུང་མོའི་དམ་ཚིག་གིས་བསྟེན་པ། སེམས་རྡོ་རྗེའི་ཐུགས་ཀྱི་གོ་འཕང་སུ་འགྱུར་ བའོ། ། གཉིས་པའི་ལན་དངོས་ནི་ད་ནི་ཏེ་སངས་རྒྱས་རང་སྣང་གི་སྐུ་གསུང་ཐུགས་ཀྱི་རང་བཞིན་འགྲོ་བས་མི་ཤེས་ཏེ། ། དོན་དམ་སྐུ་གསུང་ཐུགས་ཀྱི་དྲི་མའི་འགྲོས་སམ་གང་འདུལ་དུ་སྟོན་པའི་འགྲོས་ལས། ཚངས་པ་དང་ཁྱབ་འཇུག་དང་ དབང་ཕྱུག་ཆེན། །པོ་རྣམས་སོ། །རྫུ་འཕྲུལ་དང་ལྡན་པའི་ལྷའོ་ཞེས་འཇིག་རྟེན་པ་རྣམས་རྟོག །སྟེ་ལྷའི་འགྲོ་ བ་དེ་ལྟར་སྣང་བ་བཞིན་ཡོད་པ་མ་ཡིན་ཏེ། དེ་དག་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་[སྟེ། །] རྣམ་འགྱུར་ཙམ། དེ་དག་ཐམས་ཅད་ང་ཡི་རྣམ་པར་འཕྲུལ། །པའོ། །དེ་ཡང་སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །ཏེ་བསྟན་པ་ དང༌། གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ན། པོར་སྟོན་པ་དང་འཇུག་སེལ་ནི་ཐུགས་ཀྱི་རྡོ་རྗེའོ། །འི། ཆོ་ 23-1-364 འཕྲུལ་འདི་ན་དོན་དམ་པའི་ཡང་དག་པར་རྫོགས་པའི་སངས་རྒྱས། །སྐུ་དང་ཡེ་ཤེས་ཐམས་ཅད་པ་ནི་སེམས་ ཅན་རེ་རེ་ཞིང་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་གྱི་ཁམས་ལ་དབྱེར་མེད་པར་གནས་པ་ཏེ་དེ། །སེམས་ཅན་དེ་ དག་རྣམས་ཀྱི་ལུས་དང་ངག་དང་ཡིད། །གསུམ་མཉམ་པ་ཉིད་དུ་གྱུར་པ་སྟེ་གནས་པ་ནི་རིམ་པས་ཚངས་པ་ ལ་སོགས་པར་དབང་ཕྱུག་དང་ཁྱབ་འཇུག་ཏུ་སྣང༌། །ངོ༌། །དེ་ཡང་ཐམས་ཅད་ཀྱི་ལུས་ཀྱི་རོ་མཉམ་པའི་ཆོས་ཉིད་ནི་དོན་ དམ་པའི་སྐུ། རྒྱལ་བའི་སྐུ་དང་དབྱེ་བ་མེད་ལ། དེ་དྲི་མ་དང་བཅས་ཀྱི་རིགས་ལ་ཚངས་པའི་སྣང་བ་འབྱུང༌། དྲི་མ་དག་པ་ན་སྐུ་རྡོ་ རྗེ་མངོན་དུ་འགྱུར་བའོ། །དེས་གཞན་ལའང་རིགས་འགྲེའོ། ། ༈ དེའི་འཕྲོས་དོན་ནི་ལུས་ནི་གནས་དང་བཅས་པ་རགས་པ་ནི་སྤྲུལ་པའི་འཁོར་ལོར་རླུང་སེམས་འདུས་པའི་ སྣང་ཆ་ཡིན་པས་དེར་གནས། །ཞེས་བརྗོད་དོ། །མགྲིན་པར་དེ་བཞིན་རྨི་ལམ་གྱི་ལུས་དང་སྣང་བ་མོ། །གཉིད་ སྟུག་ནི་སྙིང་ཁར་ཏེ། དེས་གཉིད་ཀྱི་རྣལ་འབྱོར་ནི་སྙིང་གར་སྒོམ་ཞིང་དགོད། །པར་བྱའོ། །བདེ་བ་འཕྲུལ་ བཅས་ཀྱི་སེམས་དང་འཁྲིག་པའི་སྣང་བ་ནི་སྤྱི་བོར་མངོན་པར་བརྗོད། །དོ། །དེ་དག་རྡོ་རྗེ་བཞིའི་རང་བཞིན་ནོ། ། གཞན་ཡང་རྩ་དང་ལྕུག་མ་འཁྲི་ཤིང་དང་ལྗོན་པ་དང༌། །སྟེ་སྣོད་དུ་རུང་བ་རྣམས་ཏེ། རི་བོང་སྟག་སོགས་ བཅུད་དུ་སྣང་བ་དང༌། ཆུ་བོ་སོགས་འབྱུང་བ་རྣམས་དང༌། །ཉིན་མཚན་ལ་སོགས་དུས་ཏེ།དངོས་པོ་ཀུན་ཏུ། ། སྣང་བ་འདི་དོན་དམ་པའི་སངས་རྒྱས་དེ་ཉིད་ཀྱི་དྲི་མའི་རྣམ་འགྱུར་གར་མཁན་ལྟར་རྣམ་འགྱུར་སྣ་ཚོགས་པའི་ཟློས་ གར་མཛད། །པའོ། །ཚིགས་བཅད་གཉིས་པོ་འདི་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ལ་སྦྱར་ཡང་བཏུབ་མོད། སྔ་མའི་འཕྲོས་ནི་འདི་ཁོ་ན་འགྲིག་སྟེ། རྣམ་འགྱུར་འདི་དག་ནི་དཔེར་ན་ས་འོག་གི་གསེར་སོགས་རིན་པོ་ཆེའི་གཏེར་ཡོད་པའི་ཁ་ བུན་དུ་ས་སྟེང་ན་མཚལ་སྤང་མ་མཐིང་ཞ་ཉེ་སོགས་འབྱུང་བ་ལྟ་བུའོ། ། ༈ རྡོ་རྗེ་བཞིའི་དོགས་སྤོང་ནི། གཉིད་ལ་རྡོ་རྗེས་འོད་གསལ་གྱི་རྣམ་པར་བསྒོམ་པ། །ནི། ཚངས་པསྐུའི་ དམ་ཚིག་སྟེ་གཏི་མུག་འཐུག་པོ་བརྒྱལ་དང་གཉིད་འཐུག་འོད་གསལ་དུ་གྱུར་ནས་སྤོང༌། །ཐབས་གཞན་གྱིས་ གཉིད་དངོས་དག་ཀྱང་སྤོང་བར་དཀའ། །ན་བག་ཆགས་ལྟ་ཅི་སྨོས། བུད་མེད་སྦྱོར་བ་དང་བྲལ་བ་ལ་སྡོམ་ བརྩོན་མེད། །དེ་ཐིག་ལེ་བརྟན་པར་མི་ནུས་སོ། ། 23-1-365 ༈ དང་པོར་འདོད་ཆགས་སྐྱོན་དུ་མི་ལྟ་བས་འདོད་ལྡན་ཏེ་དེས་ཐིག་ལེ་བཅིངས་པས་ཚངས་སྤྱོད་ཆེན་པོ་ནི། ། གྲུབ་པ་ན། གསུང་རྡོ་རྗེ་ཞི་བའི་དོན་དམ་གྱི་དམ་ཚིག་གྲུབ་ཅིང་འདོད་ཆགས་རང་བཞིན་དག་ནས་སྤོང༌། །བར་ བྱེད་དོ། །ཞེ་སྡང་གི་གསལ་ཆ་དེ་རྡོ་རྗེའི་སྐུ་ལྷ་སྐུར་རྣམ་བསྒོམས་ན། །ཞེ་སྡང་གི་རྨོངས་པ་སེལ་བར་བྱེད་དེ་ ཁྱབ་འཇུག་གི་དམ་ཚིག་གོ །ཐབས་འདི་མེད་ན་གཞན་དུ་བྱམས་པས་ཞེ་སྡང་སྤང་བར་དཀའ། །དེ་ལྟར་ ཐབས་རྣམ་པ་འདི་གསུམ་པོ་གསང་བ་ཆེན་པོ། །ཡིན་ཏེ་ཐེག་པ་གཞན་ལྟ་ཞོག གཞན་ཡང་ལྷ་ཡི་ནང་གི་བདེ་ བ་མ་རྣམ་པར་བྱེད་པའི་སེར་སྣར་བཅས། །པ་དང༌། བརྩོན་འགྲུས་ཆེན་པོས་གཞན་གྱི་སྔོན་ལ་སངས་རྒྱས་མྱུར་དུ་ འདོད་པའི་ཕྲག་དོག་གི་སྔགས་པས་སྒྲུབ་པའི་དམ་ཚིག་སྟེ། །རང་ཉིད་སངས་རྒྱས་མ་ཐོབ་ཀྱང་ལྷར་སྒྱུར་ཏེ་ཐོབ་པ་ལྟར་ སྟོན་པ་དང༌། སྲུང་བའི་ཐབས་ཀྱིས་རང་གི་སྤྱོད་པ་སྦེད་པ་སོགས་དང་བདུད་ཀྱིས་བྱིན་གྱིས་རླབས་པའི་མི་དང་མི་མིན་གནས་ སྐབས་སུ་སླུ་བ་སོགས་གཡོ་སྒྱུས་ཚུལ་གྱིས་བདུད་རྣམས་འདུལ་བར་བྱེད་པ། །ཡང་སྒྲུབ་པོ་དང་གྲུབ་པ་རྣམས་ཀྱི་ དམ་ཚིག་ཤིན་ཏུ་འདའ་བར་མི་རུང་བས་དཀའ། །བའོ། ། གསུམ་པའི་ལན་དངོས་ནི་པདྨའི་དབུས་ཀྱི་སྙིང་པོ་བདེ་བ་ཅན། །གྱི་བརྡས་བསྟན་པ་དེ་ཇི་སྲིད་མ་རྙེད་པ་ དེ་སྲིད་དུ་ཕྱག་རྒྱའི་སྦྱོར་བ་འབྲས་བུ་མེད། །པ་ནི་ཆུང་བའི་དོན་ནོ། ། ༈ བདེ་བ་ཅན་དེ་ཅི་ཞེ་ན། རྡོར་དབྱིངས་དབང་ཕྱུག་མ་ཞེས་པའི་རྩ་འདི་ཡིས། །ཐབས་ཀྱི་རྡོ་རྗེའི་ནང་གི་ གཉིས་སྤངས་དྷཱུ་ཏཱི་དངོས་སུ་འབྱེད་པར་བྱེད། །པས་ན་པདྨས་རྡོ་རྗེ་དབྱེ་བ་ཞེས་བྱའོ། ། ༈ དེའི་འཕྲོས་དོན་ནི། དེ་དང་འདི་དག་ཕྱི་ནང་གི་འགྲོས་གཅིག་སྟེ་ཤེས་རབ་སྟོང་ཉིད་རྟོགས་པར་བྱེད་པ་ ཐབས། །སྦྱིན་སོགས་ཡིན་ཀྱང་ཤེས་རབ་ཀྱི་རྒྱས་གདབ་མེད་པ་ལ་ཐབས་མཁས་བྲལ་ཞིང་མེད། །པའོ། ། དེས་ན་བསོད་ནམས་ཅུང་ཟད་བསགས་ནས་སྟོང་ཉིད་གོ །དེས་ཟིན་ནས་སྦྱིན་སོགས་རྣམ་དག་ལ་འཇུག ཞུགས་པས་སྟོང་ཉིད་ རྟོགས་ཏེ་ཐབས་ཤེས་ཀྱི་འགྲོས་འདི་དང་མཐུན་པའོ། །ཕྱིའི་རྡོ་རྗེས་ཕྱིའི་པདྨ་རྒྱས་པར་བྱེད་ཀྱི། །ནང་གི་པདྨས་ ནང་གི་རྡོ་རྗེ་འབྱེད་པར་བྱེད། །དེ་བྱེ་བ་ན་ཐབས་དང་ཤེས་རབ་ཀྱི་རྩ་ཐམས་ཅད་རིམ་གྱིས་འབྱེད་དོ། །སྤྲུལ་པའི་ འཁོར་ལོ་དང༌།བདེ་ཆེན་འཁོར་ལོས་པད་མ་དང་འདྲ་བ་ཀྱང༌། །ཆོས་ཀྱི་འཁོར་ལོ་དང་ལོངས་སྤྱོད་འཁོར་ལོ་ 23-1-366 རྡོ་རྗེ་དང་འདྲ་བ་རྣམ་པར་འབྱེད། །པ་ཡང་ནང་གི་ཚུལ་ཏེ་རགས་པར་ན་སྙིང་ཁས་ལྟེ་བ་དང་སྤྱི་བོས་མགྲིན་པ་འབྱེར་ཐང་ བ་ལའོ། །དེ་ལྟ་བས་ན་འདི་ནི་གསང་བ་ཆེན་པོ་སྟེ། །རྒྱུ་མཚན་འདི་ལྟ་བུ་རྒྱུད་གཞན་དུ་ནི་འབད་པས་ སྦས། །ཏེ་མ་བཤད་དོ། ། འབྲས་བུ་སྐུ་གསུམ་བཤད་པ་ནི། དེ་ལ་འདི་ནི་སྐུ་གསུམ་རྡོ་རྗེ་གསུམ་དང་སྦྱོར་བའི་གསང་བཟབ་མོ་ བསྟན་པའོ། ། ༈ ཉེར་གཞིའི་སྐུ་གསུམ་ནི་སེམས་མེད་རྒྱལ་བའམ་གཉིད་འཐུག་སོགས་ཀྱི་གནས་སེམས་མི་རྟོག་པ་དང་འཕྲལ་ གྱི་འཁྲུལ་རྒྱུས་འཁྲུལ་བསྐྱེད་པའི་གནས་ཕྲ་མོའི་སྣང་བ་འཆར་རུང་དང༌། །སྔོན་ཐོག་མ་ནས་སེམས་རྣམ་པར་ འཁྲུལ་པ་ཡི། །སྣང་བ་བརྟན་པོའམ་གནས་ཀུན་རྫོབ་རིག་ཏུ་རུང་བའི་སེམས་ཏེ་འཇིག་རྟེན་སེམས་ཅན་འདི་ལ་སྐུ་ གསུམ་པོ་དེ་དག་གནས། །ཏེ་རིམ་པས་ཆོས་སྐུ་དང་ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུའོ། །འགྲེལ་པ་ ལས་ནི་དེ་དེའི་སེམས་གནས་གྱུར་པ། སྐུ་གསུམ་དུ་འཆད་དེ་འཁོར་བའི་སྐབས་ན་རྒྱུའམ་རིགས་ཙམ་ཞེས་པས་སོ། ། ༈ སྐབས་དོན་འབྲས་བུའི་སྐུ་གསུམ་ནི་རྒྱུ་རྐྱེན་མེད་པས་རང་བྱུང་གི་ངོ་བོ་བརྗོད་དུ་མེད་པ། །ཆོས་ཀུན་གྱི་ རང་བཞིན་གདོད་མ་ནས་ཞི་བ་དེ་དྲི་མ་བྲལ་བས་བརྙེས། །པ་ན། དེའི་དྲི་མ་ཀུན་རྫོབ་རྐྱེན་ནི་རྣམ་པར་བཀྲ་ བར་སེམས་ཅན་ལ་འཆར་བའང་མཁྱེན། །པའི་ཡེ་ཤེས་ནི་རྡོ་རྗེ་ཅན་གྱིས་ཆོས་སྐུའོ། །ལོངས་སྐུ་ནི་མེ་ལོང་གི་ གཟུགས་བརྙན་ལྟར་སྣང་ཡང་འབྱུང་བ་སོགས་རྫས་སུ་མ་གྲུབ་པ་སེམས་དག་པའི་རང་བཞིན་འདི། །བ་ནི་བརྟན་ གཡོ་ཀུན་གྱི་དྭངས་པ་ཡིན་ཕྲ་ཞིང་དོན་དམ་པའི་ལུས་ནི་རྡུལ་ཕྲ་རབ་མེད་པ། །གསུང་རྣམ་པ་ཐམས་ཅད་པའི་སྐད་ ཀྱང་སྒྲ་བརྙན་ཏེ་བྲག་ཆ་ལྟ་བུར་སྣང་ཡང་རྫས་དང་བྲལ་བ་སྟེ། །ཡེ་ཤེས་དག་པའི་ངོ་བོ་དཀྱིལ་འཁོར་དུ་ རང་ལ་སྣང་ཞིང་དལ་ཡིན་བའོ། །སྤྲུལ་སྐུ་ནི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། །སྤྲུལ་པ་ ཐ་དད་སྣ་ཚོགས་པ་སྣང་ངོར་རིམ་དང་གཅིག་ཆར་དུ་འཇུག །པར་ནུས་པའི་ཡེ་ཤེས་སོ། །དེ་ལྟར་དེ་གཉིས་རིམ་པས་ ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་པའི་སྐུ་གཉིས་བསྟན་པ་སྟེ། །འཕྲོས་ལ་དེ་ལྟར་གསུམ་པོ་མིང་ཙམ་ཐ་དད་ཀྱི་ངོ་བོ་ གཅིག་ཏུ་གྱུར་པ་ནི་འདྲེན་པ་སངས་རྒྱས་ཀྱི་བདེ་བ་ཆེན། །པོའི་སྐུའོ། །འཕྲོས་དོན་ལུས་དལ་དུ་བསྟན་པ་ནི། རྩ་ 23-1-367 ཡི་དྲ་བ་སྟེ་ཚོགས་ནི་ཡེ་ཤེས་ཀྱི་ལྷ་མོ་སྟེ། །དེ་བཞིན་ཁམས་ཀྱི་དཔའ་བོ་དང་ཉེ་བར་བཅས་པའི། །བུད་ མེད་ཀྱི་ལུས་ནི་རྣལ་འབྱོར་མའི་དཀྱིལ་འཁོར། །སྤངས་ནས་རི་མོ་ལུགས་མ་སོགས་གུས་པས་སུ་ཞིག་ ལེན། །ཏེ་བུད་མེད་སྨོས་པ་རྒྱུད་འདི་རྣལ་འབྱོར་མ་གཙོ་བོར་བསྟན་པ་ཙམ་གྱིས་དབང་ལས་ཏེ། སྤྱིར་སྐྱེ་འགྲོ་ཀུན་ནོ། །མིང་ ནི་དེ་ལ་འདི་ནི་རྗེས་སུ་རྣལ་འབྱོར་གྱི་དམ་ཚིག་གོ །དངོས་རྒྱས་བཤད་ལ་རྗེས་ཀྱི་རྣལ་འབྱོར་གྱི་ངོ་བོ་ལ་ཞུས་ པ་ནི། གློ་བུར་གཟུང་འཛིན་གྱི་དྲི་མས་སེམས་ནི་མངོན་པར་བསྒོམ་པས། །རྣམ་ཤེས་ལས་དང༌། ཐུན་མོང་གི་ གྲུབ་པ་ཡེ་ཤེས་རྫོགས་རིམ་གྱི་བདེ་སྟོང་དང་མཆོག་གི་གྲུབ་པ་ཇི་བཞིན་དག་ཅིང་འགྲུབ་པར་མི་འགྱུར། །བ་ལ། དེ་ དག་ཐེག་པ་མཆོག་གིས་དངོས་གྲུབ་བསྒྲོད་པའི་གནས། །ལ་འཇོག་ཐབས་ཡེ་ཤེས་ཀྱི་དབང་མོ་སྟེ་ཤེས་ རབ་ཕ་རོལ་ཕྱིན་པའི་ངོ་བོ་ཞེས་བོས་ནས་ཉན་པར་འཚལ། །ལོ་ཅེས་པ་སྟེ། ལྷ་སྣང་དང་བདེ་བར་གནད་དུ་འགྲོ་ཐབས་ གང་ཡིན་ཅེས་པའོ། །ལན་ནི། ཉོན་ཅིག་ཇི་བཞིན་རྡོ་རྗེ་ཉོན། །ནི་གོང་དང་འདྲ། དངོས་མེད་གང་ཡང་མིན་པའི་ རྟགས་ནི་དགོས་པ་ཤས་ཆེ་བས་མ་སྨོས་པར་དངོས་པོ་རྣམས་བདེན་ནམ་བརྫུན་རྣམ་པར་དཔྱད་ན། །ཐམས་ཅད་ བརྫུན་པའི་རང་བཞིན་རྡོ་རྗེ་སྟེ་སྟོང་པ་ཡང་དག་མཐོང༌། །སྟེ་བུམ་པས་དག་པ་མཐོང་བ་ལྟ་བུའོ། ། ༈ འོ་ན་མེད་པ་ཙམ་ཞིག་ལས་གང་ཡང་མི་མཐོང་ངམ་སྙམ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དག་པའི་ དེ་ཁོ་ན། །ཉིད་མཐོང་བའོ། ། ༈ རྣལ་འབྱོར་འདིའི་བོགས་འདོན་གཟུངས་ཀྱི་སྒོ་ནི། ཨ་ཞེས་བྱ་བ་ནི་གདོད་མ་ནས་མ་སྐྱེས་པའི་རྟོགས་པར་ འགྱུར་བའི་ཐབས་གཟུངས་ཀྱི་སྒོའོ། །ཧཱུཾ་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རྣམ་མཚུངས་དང་ལྡན་པའི་ཡེ་ཤེས་ སྐྱེད་པའི་གཟུངས་ཀྱི་སྒོའོ། །ཕཊ་ཅེས་བྱ་བ་ནི་སྡིག་པ་དང་རྣམ་རྟོག་དང་བགེགས་སོགས་དགས་པར་བྱེད་ པའི་གཟུངས་ཀྱི་སྒོའོ། །ཏྲཱཾ་ཞེས་བྱ་བ་ནི་ཉི་མ་ལྟར་གསལ་བའི་ཡེ་ཤེས་འི་འོད་ཀྱི་གཟུངས་ཀྱི་སྒོའོ། ། ཨཱཿཞེས་བྱ་བ་ནི་སྨྲ་བ་ཐམས་ཅད་གྲག་སྟོང་དུ་ཤེས་པར་བྱེད་པ་ཀྱི་གཟུངས་ཀྱི་སྒོའོ། །ཧ་ཞེས་བྱ་ བ་ནི་འཆི་བ་གདོད་ནས་མེད་པར་རྟོགས་པའི་གཟུངས་ཀྱི་སྒོའོ། །ཧྲཱིཿཞེས་བྱ་བ་ནི་རྗེས་སུ་ཆགས་ པའི་བདེ་བ་ལྷན་སྐྱེས་སུ་སྒྲུབ་པའི་གཟུངས་ཀྱི་སྒོའོ། །ༀ་ཞེས་བྱ་བ་ནི་ཐ་མལ་གྱི་ལུས་འཇིག་པར་བྱེད་ 23-1-368 པའི་འོད་གསལ་གྱི་གཟུངས་ཀྱི་སྒོའོ། །ཁཾ་ཞེས་བྱ་བ་ནི་ཁམས་ཐམས་ཅད་ནམ་མཁའ་ལྟ་བུ་སྒྱུར་བའི་ གཟུངས་ཀྱི་སྒོའོ། །ཨཾ་ཞེས་བྱ་བ་ནི་སེམས་ཀྱི་རང་བཞིན་བདེ་བ་ཆེན་པོར་རྟོགས་པའི་གཟུངས་ཀྱི་ སྒོའོ། །ཀྵ་ཞེས་བྱ་བ་ནི་མཐའ་གཉིས་ལ་རབ་ཏུ་མི་གནས་པའི་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ ནི་གཟུང་འཛིན་གཉིས་སུ་སྣང་བ་མེད་པར་བྱེད་པའི་གཟུངས་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་རང་བཞིན་སྟོང་ ཉིད་ཀྱི་རྡོ་རྗེ་རླུང་སྟེ་རླུང་གི་སྣང་བ་སྟོང་བར་ཐིམ་བྱེད། གཟུངས་ཀྱི་སྒོ་དེས་རིགས་སྒྲེ་སྟེའོ། །ར་ཞེས་བྱ་བ་ནི་ རྡོ་རྗེའི་མེ་སྟེ་གཟུངས་ཀྱི་སྒོའོ། །ཝ་ཞེས་བྱ་བ་ནི་རྡོ་རྗེ་ཆུ་སྟེ་གཟུངས་ཀྱི་སྒོའོ། །ལ་ཞེས་བྱ་བ་ ནི་རྡོ་རྗེའི་ས་སྟེ་གཟུངས་ཀྱི་སྒོའོ། །ཏེ་འདི་དག་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུང་སྒྲུབས་ཏེ། དེ་དག་ལ་དམིགས་ ནས་སྟོང་ཉིད་སྒོམ་པའི་སྔགས་སོ། །ཏཾ་ཞེས་བྱ་བ་ནི་རྡོ་རྗེའི་གོང་བཞིན་སེམས་ཏེ་སྣང་བ་ཐམས་ཅད་སེམས་སུ་ འཆར་བར་བྱེད་པ་གཟུངས་ཀྱི་སྒོའོ། །ཨིཾ་ཞེས་བྱ་བ་ནི་རྡོ་རྗེའི་འོད་གསལ་དུ་དབང་པོ་རྣམས་རྣམ་ཤེས་ དང་བཅས་པ་ཐིམ་པར་བྱེད་པ་སྟེ་གཟུངས་ཀྱི་སྒོའོ། །བི་ཞེས་བྱ་བ་ནི་ནམ་མཁའི་ཁམས་སུ་ཆོས་འབྱུང་ བདེ་བ་ཆེན་པོར་བྱེད་པ་སྟེ་གཟུངས་ཀྱི་སྒོའོ། །ཨཱཿཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཇི་སྙེད་པ་ཤེས་ པར་བྱེད་པའི་གཟུངས་ཀྱི་སྒོའོ། །གཟུངས་འདི་དག་དངོས་སུ་འཕགས་ལམ་ན་ཡོད་ལ། རྗེས་མཐུན་ད་ལྟ་སྒོམ་ཚུལ་གྱི་ མན་ངག་ཅི་རིགས་པ་ཞལ་ལས་ཤེས་སོ། །འདི་དག་དམིགས་རྣམ་གང་ལ་དམིགས་ཤིང་ཇི་ལྟར་འཆར་ཡང༌། ངོ་བོ་སྟོང་ཉིད་ རྟོགས་པའི་ཡེ་ཤེས་ཡོན་ཏན་དུ་མ་མི་ཉམས་པར་འཛིན་པར་བྱེད་པའི་ཏིང་ངེ་འཛིན་གྱི་ཡན་ལག་སྟེ། དེ་དག་སྔགས་འབྲུ་དང་ ཏིང་འཛིན་ལྷན་ཅིག་པས་སྒྲུབ་པ་ཡིན་ཏེ། གསང་བའི་ཏི་ལ་ལས་དང༌། དེ་ལ་གཟུངས་ཀྱི་སྒོ་གང་ཞེ་ན། ཤེས་རབ་ཕ་རོལ་ཕྱིན་ པ་ཉིད། །གཟུངས་མ་ལྷ་མོ་ཞེས་[སུ་]བརྗོད། །རྒྱུ་དང་འབྲས་བུ་རྣམ་པར་འཕྲུལ། །སྣ་ཚོགས་ཡོན་ཏན་དུ་མ་འཛིན། །ཞེས་སོ། ། ༈ རྗེས་སུ་རྣལ་འབྱོར་གྱི་སྒྲ་བཤད་ནི། རྣམ་ཤེས་སྐྱེད་པ་དང༌།ཡེ་ཤེས་རྫོགས་པ་ནི་རྣལ་འབྱོར་ཏེ། །རྣལ་ འབྱོར་དེ་དག་རྡོ་རྗེ་སྟོང་ཉིད་རབ་ཏུ་སྦྱོར་བས། །རྣལ་འབྱོར་ལ་ནི་རྣལ་འབྱོར་གཞན་ཞིག་བསྒོམ། ། པས་རྗེས་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་འདིའི་མིང་བསྟན་པ་ནི། དེ་ལ་འདི་ནི་ཤིན་ཏུ་རྣལ་ འབྱོར་གྱི་དམ་ཚིག་གོ ། 23-1-369 དངོས་རྒྱས་བཤད་ལ། ཞུ་ལན་གཉིས་ལས། ཞུས་པ་ནི། རྣམ་གཡེངས་སྤྲེའུ་དང་སྐུ་གཅིག་ལ་གཡོ་བ་གློག་ལྟར་ བརྟན་པོ་མི་གནས་པ། །རབ་ཏུ་འབད་པས་བཟུང་ཡང་བཟུང་བར་དཀའ་བའི་སེམས། །འདོད་པའི་བདེ་ བ་ཆེན་པོ་རྡོ་རྗེ་གཡོ་བ་མེད་པ་ཉིད་དུ་རྣམ་པ་དཔྱད་པའི། །ཡེ་ཤེས་དབང་མོ་ཞེས་བོས་ནས་བདག་ཅག་མཉན་ པར་འཚལ་ལོ། །ལན་ལ་དྲུག་ལས་དང་པོ་ཆགས་ཆེན་གྱི་ལམ་དགོས་པའི་རྒྱུ་མཚན་ནི། ཉོན་ཅིག་ཇི་བཞིན་རྡོ་རྗེ་ ཉོན། །གོང་དང་འདྲ། གསེར་ཁམས་གསེར་རྡོ་ལ་རྣམ་པར་གནས་པ། །ཡིན་ཀྱང་མི་མཐོང་ཞིང་གསེར་བཟོ་ བྱེད་པ་ལ་གསེར་མངོན་པར་ཞི་ཞིང་ལས་སུ་རུང་བ་ཡོད་པ་མ་ཡིན་ལ། །སྲེག་པ་དང་བཅད་ཅིང་དབྱེ་བའི་ ཐབས་ཀྱིས་བཞུ་བ་ནི། །ཉི་མ་བཞིན་དུ་གསེར་འོད་རྣམ་པར་གསལ། །བར་འགྱུར་ལ། ཡང༌།ལྕགས་ བཞིན་དུ་མེས་སྲེགས་པ་ལ་རྣམ་པར་བཟོད་ན། །ཉི་འོད་སོགས་གཞན་དག་ཅིའི་ཕྱིར་མི་བཟོད་པར་བྱེད། ། དེ་བཟོད་དོ་ཞེས་དཔེ་བསྟན་ཏེ། གསེར་ཁམས་ལྟར། ལུས་ལ་བདེ་ཆེན་གནས་ཀྱང་ཐབས་ཀྱིས་མ་སྒྲུབས་ན། མི་མངོན་ཞིང་བྱ་ བ་མི་བྱེད་ལ། ལྕགས་ཁམས་ལྟར་གཉིས་སྦྱོར་གྱི་ཉོན་མོངས་དྲག་པོ་ཡེ་ཤེས་སུ་སྒྱུར་ནུས་ན། ཉོན་མོངས་སྟོབས་ཆུང་ངུ་སྒྱུར་ནུས་ པ་སྨོས་ཅི་དགོས་པའི་དོན་ནོ། ། ༈ གཉིས་པ་དེའི་འཕྲོས་ནི། དེ་ཕྱིར་ཡེ་ཤེས་རྣམ་ཤེས་དག །གི་སྐབས་ཐམས་ཅད་དུ། བཟང་ངན། སྤང་ གཉེན་སོགས་ཆ་གཉིས་སུ་རྣམ་པར་རྟོག་པར་མི་བྱ། །སྟེ། ཆ་གཉིས་སུ་དབྱེ་ན་གཅིག་ལ་སྤོང་སེམས་ཀྱི་ཞེ་ སྡང་དང༌། གཅིག་ལ་བཟང་པོར་ཞེན་པ་སྐྱེ་བས་དེ་ལས་ནི་སྡིག་པ་འབྱུང༌། །གནས་ལུགས་ལ་སྒྲིབ་པ་སྡིག་པས་ བསོད་ནམས་དགེ་བ་ཟད་པར་འགྱུར་རོ། །ཡང་སྐབས་འདིར་སྡུག་བསྔལ་ནི་རང་གཞན་ལ་གནོད་པས་སྡིག་ པ་ཞེས་བརྗོད་དེ། །བླ་མེད་དེ་དག་གི་བདེ་བ་ནི་བསོད་ནམས་ཀྱི་འབྲས་བུའམ་སོ། །ཕུང་སོགས་སངས་ རྒྱས་ལ་དགེ་བ་བྱེད་པས་སོ། །ཚོར་བ་བདེ་བ་དང་སྡུག་བསྔལ་ལྷན་སྐྱེས་སུ་ཐིམ་པར་བྱས་ནས་རོ་མཉམ་དུ་གྱུར་ པ། །ན། བསོད་ནམས་དང་སྡིག་པའི་དབྱེ་བ་མེད་རྣམ་པར་ཐར། །པར་འགྱུར་རོ། །དཀའ་སྤྱོད་སོགས་སྡུག་ བསྔལ་གྱིས་ནི་བཟང་ངན་བཅིངས་གྲོལ་སྤང་གཉེན་སོགས་སུ་སེམས་གཡེངས་པར་བྱེད་ཏེ། །དགེ་བ་དང་ སྡིག་པ་ལ་སོགས་པ་གཉིས་ཆོས་ཐམས་ཅད་རྣམ་པར་འབྱེད། །ཅིང་འཁྲུལ་བའོ། །བུ་མོའི་ཁ་སྦྱོར་ལོངས་སྤྱོད་ 23-1-370 ཞུ་བདེ་བ་དམ་པ་ཡིས། །རྣམ་རྟོག་འགགས། ༈ དེ་ལས་རྣམ་པར་མི་རྟོག་པ་དང་བདེ་བ་གཉིས་མེད་འགྲུབ། པོ། ༈ གསུམ་པ་ཤིན་ཏུ་རྣལ་འབྱོར་དངོས་ལ་དོན་ལྔ་ལས། དང་པོ་གནས་ནི་རི་བོ་ཉམས་ནི་དགའ་བ་དང༌། ། ནགས་ཚལ་དབེན་པའི་ས་ཕྱོགས་སུ། །འོ། །གཉིས་པ་གྲོགས་ནི་མིག་ཡངས་ཤིང་བཟང་སྤྱིར་བློ་ཟབ་པ་ དང༌། ཁྱད་པར་ཟབ་མོའི་ཆོས་ལ་བརྟན་པའི་བློ་དང་ལྡན་མ་བཟུང༌། །ངོ༌། །གསུམ་པ་ཆོ་ག་ནི། རིག་མ་དང་པོར་ འདུས་པ་ཏེ་ལྷན་ཅིག་ཏུ་ལུས་སྤྱི་དང༌། ཁྱད་པར་གདོང་དང་བྷ་ག་ལྟ་བ་དང༌། འཁྲིག་ཚིག་སྨྲ་བ་དང༌། དྲི་སྣམ་པ་དང༌། ལྕེ་ མཆུ་སོགས་འཇིབ་པ་དང༌། སྙོམས་པ་དང༌། འཁྱུད་པ་དང༌། ལག་བཅངས། འཁུར་བཤུད། བཞོན་པ་དང༌། ལྡེམ་པ་སོགས་ཕྱིའི་ འདོད་ཡོན་ལ་བསླབ་བྱས་ནས་ནི། །རྡོ་རྗེ་གསུམ་བྱིན་རླབས་སོགས་ཡན་ལག་བཞིའི་ཆོ་ག་བདག་དང་རིག་མ་གཉིས་ ཀ་ལ་རབ་ཏུ་བསྒྲུབ། །ཏེ་ཆོ་ག་དེས་བསྐྱེད་པའི་ལྷ་ནི། དེ་བཞིན་གཤེགས་པའི་བཙུན་མོའི་མཆོག །སྤྱན་ མ་སྒྲོལ་མ་སོགས་སུ་བསྐྱེད། མཁའ་གསང་བྱིན་རླབས་དང༌། སྟོང་པར་ཤེས་པ་སོགས་དམ་ཚིག་ཆེན་པོར་བྱིན་གྱིས་ བརླབས་སོ། །བཞི་པ་བྱེད་པའི་དབྱེ་བ་ནི་ཁྱོགས་དང་སྐྱེས་པ་འོག་དང་བུད་མེད་སྟེང་དུ་གནས་པས་སྟོད་སྨད་ལྡེམ་ཞིང་ སྐྱེས་པས་སྟོད་སྨད་གཉིས་རེ་མོས་སུ་ལྡེགས་པ་ཤུགས་ཆེན་པོས་སྐྱོད་པས་དང་མི་འདྲ་བ་དེ་ཉིད་གོ་ཟློག་ཀྱང་རུང་སྟེ། བརླའི་ སྦྱོར་བ་སྟེ་སྐྱེས་པས་མི་འགུལ་བར་བུ་མོས་ཡར་ལྡེགས་པ་དྲག་ཏུ་བྱ་བ་གཉིས་ཀྱི་ཤུགས་རེ་མོས་ལྡེགས་པའོ།། ཞེས་བྱ་བ་ དང༌། །དེ་བཞིན་ཤིན་ཏུ་བརྐྱང་བ་དང༌། །ནི་གཉིས་ཏེ་ཐབས་ཤེས་སྟེང་འོག་གི་རིམ་པས་འདུག་སྟེ་རང་གི་ལག་ པ་དྲང་པོར་བཙུགས། ཤེས་རབ་འདོམ་སྡངས་ཏེ་རྐང་པ་ཅུང་ཟད་རྐྱང་བའི་བར་ནས། རང་གི་རྐང་པའང་རྐྱང་སྟེ་སྤྱོད་པའོ། །ཡང་ ན་ལོགས་ནས་སྦྱོར་ཞིང་ལག་པ་གཉིས་འཁྱུད་པའོ།། ཁབ་ཀྱི་སྦྱོར་བ་ནི་ཕལ་པའི་སྦྱོར་བ་དང་འདྲ་བ་ལས་ཐབས་ཀྱི་རྐང་པ་ གཉིས་རྐྱང་རྡོ་རྗེས་པདྨའི་རྟིང་ཕྱིན་པར་སྐྱེད། བུ་མོས་ཀྱང་པདྨ་སྡམས་ཤིང་གཅུ་གཅུ་བྱའོ། །དང་གྲུ་མོའི་མཚན་ཉིད་ ནི་བུ་མོའི་སྐེ་ནས་འཁྱུད་དེ་ལྟག་པར་གྲུ་མོ་གཉིད་འདུད་རྣ་བ་གཉིས་ནས་འཇུས་ཏེ་ཕན་ཚུན་ཐམས་ཅད་ལྷོད་བྱེད་ཅིང་སྐྱོད་པའོ་ བྱ། །བུང་བ་མྱོས་པ་ལྟ་བུར་འདོད་པས་མྱོས་པའི་སྒྲ་ཟ་ཟི་དང་འཁུན་ཆུང་སོགས་བྱེད་པའོ། །ཨི་ཡི་སྒྲ། །སོགས་བདེ་ བ་མི་བཟོད་པའི་སྐད་སྣ་ཚོགས་མངོན་པ་དགའ་ངུ་སོགས་བྱེད་པའོ། །ངེས་པར་བློ་དང་ལྡན་པས་དེ་དག་འབྱུང་བའི་ 23-1-371 ཕྱིར་ཆགས་སྤྱོད་ཀྱིས་བསྐུལ། །སྒེག་འཆོས་ཆགས་པ་སྤེལ་བའི་སྟབས་ཀྱིས་འཁྱུད་ནས་ནི། །ལག་པ་གཉིས་ སྐེ་ལ་འཁྱུད་པའི་ངང་ནས་གཡས་གཡོན་སྣོལ་ཏེ་ཤེས་རབ་མའི་མགོ་བོའི་སྐྲ་ཕྱེད་ཕྱེད་ལག་པ་རེ་རེས་བཟུང་ལྐོག་མ་ ལག་པས་སྐྱོར་ཞིང་གཟིར། །ནས་མ་མཆུའི་སྦྲང་རྩི་གཞིབ་པར་བྱའོ།། །འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི་རྡོ་ རྗེ་འཁྱུད་པའི་ཆོ་གས་འཁྱུད་པ་བརྒྱད་དེ་རེག་པ་ཅན། འབིགས་པ་ཅན། ཉེ་བར་མདར་བ་ཅན། གཟིར་བ་ཅན། འཁྲི་ ཤིང༌། འཁྲི་ཤིང་ལ་ཆེར་ཞོན་པ། ཏིལ་འབྲས་ལྟ་བུ། འོ་ཆུ་ལྟར་འདྲེས་པའོ་དང༌། །རྡོ་རྗེ་འོ་ཡིས་བརྒྱད་དེ། འཆན་ཁུང་། ནུ་མ། སྐེད་པ། རྒྱབ་ཞུང་། མགྲིན་པ། མཁུར་ཚོས། སྣ་དང་། བྷ་ག ཁ་ཏེ་བརྒྱད་དུ་འོ་གདབ་ཅིང༌། །ཀྱི་རུ། སྐྲངས་པ། བྱི་ རུའི་ནོར་བུ། ནོར་བུའི་འཕྲེང་བ། ཐིག་ལེ་ཅན། ཐིག་འཕྲེང༌། སྤྲིན་གྱི་དུམ་བུ། ཕག་གི་དམུགས་པ་སྟེ། སོ་རྒྱག་པ་བརྒྱད་དང་ རལ་བ། ཟླ་ཕྱེད། རི་མོ་རིང་པོ། སྟག་གི་སེན་རྗེས། རྨ་བྱའི་རྐང་རྗེས། རི་བོང་འཕྱོང་བ། ཨུཏྤལ་འདབ་མ་སྟེ། སེན་མོས་ བསྣུན་པར་བརྒྱད་བྱ། །ཉེ་རེག་ཅན། སྲུབ་པ། འཛུགས་པ། ཆེར་སྲུབ་པ། གཟིར་ལྡེམས། རབ་ཏུ་སྣུན་པ། ཕག་ལྟར་སྣུན་ པ། རྡེབ་ཅིང་སྣུན་པ་སྟེ། རྡོ་རྗེ་པདྨར་རབ་འཇུག་ཚུལ་བརྒྱད་ཀྱི་བཅུག་ཅིང༌། །ངུ་བྱེད། ཕུང་བྱེད། ངན་ཕྱེད། དབྱངས་ ཅན། ཨ་བར་ཏ། ཝ་ར་ཎ། ཨརྡྷ། གྲོལ་བའི་སྒྲ། ཆུང་ངུའི་དོན་ཏེ། རིམ་པས་ཕུག་རོན་དང༌། ཁུ་བྱུག་དང༌། ཧ་རི་ཏ་དང༌། སོ་བྱ་ དང༌། བུང་བ་དང༌། ངང་སྐྱ་དང༌། ཐི་བ་དང༌། ལ་བ་ཀའི་སྐད་དང་སྦྱར་རོ། །སཱིད་ཀྱི་སྒྲ་རྣམས་བྱེད་པ་དང༌། །ནུ་མ་ སོགས་ལུས་ཀྱི་གནས་བརྒྱད་ཉེད་པ་སྟེ་གོང་དུ་བཤད་པའི་འོ་བྱེད་པའི་གནས་བརྒྱད་དོ། །འཚིར་དང་སྐྱེས་པའི་ཚུལ། ། དྲུད་པ་དང༌། འཚིར་བ་དང༌། སྐོར་བ་དང༌། བླ་དང༌། སྦྱིན་པས་སྐོར་བ་དང༌། ངལ་གསོ་དང༌། ཁྱུང་ལྡིང་ཏེ། སྟེང་འོག་གོ་ཟློག་ དང༌། ཤིན་ཏུ་རྐྱང་བ་དང༌། གྲོང་གི་བྱ་བ་སྟེ་རྒྱབ་ནས་སྤྱོད་པའོ། །དེ་ལྟར་སྦྱོར་བ་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་བྱ་བར་ བྱ། །ཤེས་རབ་མའི་རྩ་སྐུལ་བླ་བ་རྣམས་སྐུལ་བའི་ཕྱིར། ནུ་མ་སོར་མོ་སྐེ་དང་མ་མཆུ་དང༌། །རྣ་བའི་མདུན་ གྱིས་རྩ་བ་དང་མིག་གི་ཟུར་དང་སྤྱི་བོ་བྷ་གར་ཡང༌། །འགྲེལ་པ་གཉིས་ལྟར་ན། ནུ་མ་སོར་མོ་དང་ནི་དེ་བཞིན་སྐེད། མ་མཆུ་དང་ནི་འགྲམ་པའི་ངོས་གཉིས་དང༌། ཞེས་འདོན་ཏེ། གདན་བཞི་སོགས་ལས་གནས་བཅོ་བརྒྱད་སྐུལ་བ་དང་མཐུན་ལ། གསུང་རྒྱུན་ནི་འོ་བདབ་པའི་གནས་བརྒྱད། སེན་མོ་འདེབས་པའང་བཞི་དང༌། ཉེད་པ་དྲུག་ཏུ་གསུངས་སོ། །འོ་བྱ་ཞིང་གཞན་ ཡང་དགའ་བའི་རྩེ་འཇོ་ཡང་ཡང་བྱ། རྩ་བར་མ་ཉམས་སྐུལ་བའི་ཕྱིར། རྣ་བ་མཆན་ཁུང་སྐེ་དང་རྟགས། །སེན་ 23-1-372 མོས་བཏབ་པར་བྱ་ལ་ནུ་མ་དང་མཆན་ཁུང་དང༌། །འདོང་གི་མཁུར་ཚོས་དང་མོ་མཚན་གྱི་འགྲམ་མཁུར་ ཤ་གཡས་གཡོན་དང་རྐང་ལག་གི་མཐིལ་བཞི་དག་ཏུ། །སོར་མོས་ཉེད་པར་བྱ་ཞིང་དེ་བཞིན་དུ་འཁྱུད་ པའི་སྟབས་ལ་དབྱེ་ན་བརྒྱད་ཡོད་པ་ལྟར་བྱའོ། །ཅེས་འཁྱུད་པ་དངོས་སུ་བརྒྱད་ཡོད་པར་བཤད་པ། གཞན་ལའང་ བརྒྱད་བརྒྱད་དེ་སྦྱོར་བ་དྲུག་ཅུ་རྩ་བཞི་རེ་གྲགས་པར་ཟད་དོ། །སོར་མོའི་རྩེ་ལ་སྤྲ་ཚིལ་གྱི་རས་སམ་རྒྱུ་མས་སྟུམས་ཏེ་རྫས་ཀྱི་ བྱུག་པའམ་བཅོས་མའི་ལིང་ག་དང་ལྕེ་དང་བྱ་ལྕེས་བསྐྱོད་པ་སྟེ་ཐབས་ཀྱི་ལག་པ་གཡོན་པས་པདྨ་སྙེ་ཞིང༌། འགྲམ་ ལས་སྐྱོར་ཏེ་བྱ་ལྕེ་བཟུང་ཞིང་སྤྱོད་པའོ་ནས། །པདྨ་བསྐུལ་ཞིང་དབུས་ཀྱི་རྩ་མཆོག་རྒྱས་པས་སད་པར་བྱའོ། ། ལྔ་པ་བྷ་གའི་མཚན་ཉིད་བཤད་པ་ལ་གསུམ་ལས། དང་པོ་སྐྱོན་དྲུག་སྤངས་པ་ནི། པདྨའི་གཏིང་ཟབ་ཆེས་པ་༡དང༌། རྩ་དང་མི་འཕྲད་པའི་ཤིན་ཏུ་ཆུང་བ་༢དང༌། ནང་ལྷོད་པ་༣སྟེ་ཤེད་ཆུང་བ་དང༌། ཕྱི་རྩུབ་པ་༤དང༌། རྟག་ཏུ་ ཆུའམ་རཀྟ་འཛག་པ་༥དང༌། དྲོད་དང་བྲལ་བ་དང༌། གཤེར་བ་དང་བྲལ་བའི་བྷ་ག་ནི་༦སྤང་ངོ༌། ། གཉིས་པ་ཡོན་ཏན་བརྒྱད་ལྡན་ནི། དཔངས་མཐོ་བ་༡དང༌། འཇམ་པ་༢དང༌། མཁུར་ཤ་གཉིས་དང་བྱ་ལྕེ་ སྟེ་གསུམ་སྟེང་དུ་གསུམ་སྒྲིགས་མཐོ་དམན་མཉམ་པ་༣དང༌། ཕྱི་དབྱིབས་ཁ་རྒྱས་པར་མཆུ་མཐུག་པའམ་ཁ་གཡེར་ བ་ལྟར་གནས་ཤིང་ནང་དམ་པ་༤ཤེད་ཆེ་བ་དང༌། ཁྲག་དང་ཁུ་བ་དཀར་པོར་ལྡན་ཅིང་འབབ་པ་༥དང༌། སྤུ་ མེད་པའམ་ཕྲ་ཞིང་འཇམ་པ་ཤོར་མམ་ཡིན་པའམ་ཉུང་བ་༦དང༌། དུས་མ་ཡིན་པར་མི་འཛག་པ་༧སྟེ་ཟླ་དུས་སུ་ ཁྲག་དང༌། རྩ་འཁུལ་དུས་ཐིག་ལེ་དཀར་པོ་འབྱུང་བའོ་དང༌། ཁ་དཀྱུ་བ་རིང་ཞིང་སྙིང་པོ་དབུ་བར་ཟླུམ་པ་༨ནི་བཀྲ་ ཤིས་ཤིང་སྐལ་བ་བཟང་མོའོ། ། གསུམ་པ་རྩ་སད་པའི་རྟགས་ནི་པདྨ་དེ་གོང་དུ་བཤད་པ་ལྟར་ཡོངས་སུ་བསྐུལ་བས་ཇི་སྲིད་དུ་ཁོང་ནས་ ཞེས་པ་ནི་བཅོས་མིན་དུ་འབྱུང་བའི་དོན་ཏེ། སཱིཏ་ཀྱི་སྒྲ་འབྱུང་བ་དེ་སྲིད་དུ་སྐུལ་དགོས་པའོ། ། བཞི་པ་ཤིན་ཏུ་རྣལ་འབྱོར་གྱི་སྔོན་འགྲོ་ནི། ཧཿཞེས་བྱ་བས་མཆོག་ཏུ་དགའ་བའི་ཚེ་བཅིངས་པར་ བྱའོ། །ཡང་ན་ཧཱུཾ་ཞེས་བྱ་བ་སྙིང་ག་ལ་གནས་པའི་སྒྲ་ཡིས་སོ། །ཡང་ན་ཧྲིཾ་ཧ་ཞེས་བྱ་བ་མགྲིན་ པ་ལ་གནས་པའི་སྒྲ་ཡིས་སོ། །ཧཱུཾ་དང་ཕཊ་ཀྱི་བྱ་བ་དང༌། མདའ་བོ་ཆེའི་སྦྱོར་བ་འདི་རྣམས་ཀྱི་ 23-1-373 བྱས་ལག་ལེན་ཞལ་ལས་ཤེས་པ་ལ། ལྕེ་རྐན་ཕུགས་སུ་ཟློག ནོར་བུ་པདྨའི་སྟེང་ལ་རྒན། རྩ་ཁ་སྦྱོར་བྱ། རླུང་ཁ་སྦྱོར་བསུས་ པ་ཕྱིར་སྐྱེད་ནང་དུ་སྐུམ། སེམས་རང་དགའ་མ་བཅོས་པ་ལྔ་འཛོམས་པས་ཁུ་བ་བཅིང་བར་བྱའོ། །གཞན་ཡང་ཆ་ བཞི་པ་སྟེ་ནོར་བུར་བྱང་སེམས་སོན་པའི་ཚེ་ལུས་ངག་ཡིད་དང་ཡེ་ཤེས་ཀྱི་ཐིག་ལེའི་བཞི་པོ་སྟེ་དེའི་ཕྱེད་ཀྱི་ནོར་བུ་ཐབས་ ཀྱི་རྩ་ནང་ན་གནས་ལ་ཕྱེད་ཕྱེད་ཤེས་རབ་མའི་རྩར་ཆུད་པའི་མཚམས་སུ་ཕྱེད་གནས་པས་བདེ་བ་དང༌། ཕྱེད་ཤེས་རབ་ ཀྱི་རྩར་གནས་པས་སྟོང་པ་སྟེ་བདེ་སྟོང༌། ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་སྟེ། གལ་ཏེ་བྷ་གའི་ཟེ་འབྲུ་ ལ་ལྷུང་ན་དེར་གནས་པའི་ཐིག་ལེ་ཡང་ཧཱུཾ་རིང་ཧཱུཾ་ཐུང་གིས་རྡོ་རྗེའི་ཁས་བཏུང་བར་བྱའོ། །བསྐོར་བ་ སེང་གེ་རྣམ་རོལ། སིདྡྷ་བཱ་ལི། མཧཱ་ན་ར་སོགས། ལ་སོགས་པའི་སྦྱོར་བ་དང༌། རླུང་གི་སྦྱོར་བས་ལུས་ཐམས་ ཅད་ལ་ཁྱབ་ཅིང་མཉམ་པར་བཀྲམ་པར་བྱའོ། །འདི་ལ་སྔོན་དུ་རླུང་སྦྱོར་བགང་བ་དང༌། གཞིལ་བ་དང༌། རེངས་པ་དང༌། བུམ་པ་ཅན་གྱི་སྦྱོར་བས་ལུས་ཀྱི་སྐྱོན་ཏེ་རྩ་ལམ་དག་པར་བྱས་ནས། མི་མོ་ལས་ཀྱི་ ཕྱག་རྒྱ་རྣམས་ཀྱི་སྦྱོར་བ་ཏེ་རྣལ་འབྱོར་ལ་འཇུག་སྟེ། མཆོག་ཏུ་གོམས་པ་མཐར་ཕྱིན་ན། ལུས་འདི་ཉིད་ཀྱིས་ དངོས་གྲུབ་ཐོབ་པ་ཞེས་བྱའོ། ། ༈ ལྔ་པ་ཡེ་ཤེས་བཤད་པ་ལ་བཞི་བཞི་ལས། དང་པོ་དགའ་བ་བཞི་ནི། དེ་ལས་དགའ་བ་བཞིའི་དབྱེ་བས་ ཐིག་ལེ་སྤྱི་བོ་ནས་གཡོས་ན་འདོད་ཆགས་དྲག་ཏུ་ལངས། མགྲིན་པར་སླེབ་ཚེ་ལོངས་སྤྱོད་པའི་སེམས་ཤས་ཆེ་བས། འོ་དང་འཇུ་ བ་ལ་སོགས་འབྱུང༌། རྣར་དུ་སླེབ་ཚེ་ཕུང་ཁམས་ལ་འཛིན་པ་འགག འཁྱུད་པ་དང་དྲག་ཏུ་སྣུན་ཅིང་འཁུན། སྤྲུལ་པར་འཁུལ་ཞིང་ འདར་བ་དང་སྐད་མི་གོ་བ་འབྱུང༌། ནོར་བུར་རྒྱལ་བར་འགྱུར་རོ། །སྒྲུབ་པ་པོ་ལ་གཉིས་པ་སྙིང་སྟོབས་བརྒྱད་ནི། དཔྲལ་ བའི་ཐིག་ལེ་ཞུ་ཐུབ་ཅིང་ནོར་བུར་ཅུང་ཟིན་ན་འོག་སྒོ་དང་རྩ་རྒྱུད་བདེ་བས་འགུལ་མི་ཤེས་པར་རེངས་པ་དང༌། རྡུལ་ བའི་ཉམས་འབྱུང་བ་དང༌། མགྲིན་པའི་ཞུ་ཞིང་རྡོ་རྗེའི་འགུལ་བར་ཟིན་པས་ལུས་ཕྱི་ནང་ཀུན་བདེ་བ་གཡོས་པས། བ་སྤུ་ རྟག་ཏུ་ལྡང་བ་དང༌། དབུགས་དྲག་ཏུ་འགྱུར་བའི་བདེ་ཉམས་དང༌། སྙིང་ཁའི་ཞུ་ཞིང༌། རྡོ་རྗེ་སྐེད་པར་ཟིན་ན་ བདེ་བས་ལུས་འཕར་གཡོ་དང་ཁོང་འདར་བ་དང༌། བཞིན་གྱི་ཁ་དོག་དམར་པོ་སོགས་སྔར་ལས་ལོག་པ་དང༌། ལྟེ་ བའི་ཞུ་ཞིང་གསང་བའི་འཁོར་ལོ་ཟིན་ན་བདེ་བ་ཤིན་ཏུ་མི་བཟོད་པ་རང་ཤུགས་ཀྱི་མཆི་མ་འབྱུང་བ་དང༌། རླུང་དང་རྣམ་ 23-1-374 རྟོག་ཐིམ་པ་ཞེས་བྱ་བ་སྙིང་སྟོབས་བརྒྱད་འབྱུང་ངོ༌། །སྙིང་སྟོབས་འདི་དག་ཡོན་ཏན་ཡར་ལྡན་དུ་སྐྱེ་བས། ཕྱི་ མ་གཉིས་ཐོབ་སྐབས་བརྒྱད་ཀ་ཡོད་དེ་ཡས་བསྟན་དགའ་བའི་རྟོགས་པ་སྦྱོར། དེ་དག་ནི་འགྲེལ་པ་གཉིས་དང༌། རྒྱུད་བཤད་ཀྱི་ སྐབས་ནིརྤཱཎ་དང༌། པུརྞ་གཉིས་ཀའི་གསུང་རྒྱུན་ཡང་དེ་དང་མཐུན་པ་ལྟར་བཀོད་པ་ཡིན་ལ། བུདྡྷ་ནཱ་ཐའི་མན་ངག་གསུང་བའི་ སྐབས་ལྟར་ན། སྙིང་མགྲིན་དཔྲལ་སྤྱི་བཞི་ཞུ་བ་དང༌། རྡོ་རྗེའི་རྩ་བ་དང༌། སྐེད་པ་དང༌། འགུལ་དུ་བརྟན་པ་ལ་སྦྱོར་ཞིང༌། ནོར་ བུར་རྩེ་མོར་བརྟན། མས་བརྟན་གྱི་དང་པོ་ཡིན་པས་འདིར་མི་སྦྱོར་གསུང་པ་ཉིད། དོན་ལ་འཐད་པར་གོའོ། ། གསུམ་པ་ཡེ་ཤེས་ལྔ་ནི་བུ་མོས་རྗེས་ཆགས་ཀྱི་ཡེ་ཤེས་ལྔ་ཐོབ་པ་ནི། །སྙིང་ནི་འགུལ་ཞིང་ལུས་ བསྐྱོད་པ་དང༌། །ལུས་འདར་བ་ནི་མེ་ལོང་ཡེ་ཤེས་དང་དྲན་པ་ཉམས་པ་ནི་མཉམ་ཉིད་ཡེ་ཤེས་དང༌། །སྐྲ་ གྲོལ་ཤིང་གོས་འདོར་བས་གཅེར་བུ་ནི་སོར་རྟོག་ཡེ་ཤེས་དང༌། རྡུལ་དང་གཡའ་ཆུ་སོགས་ཀྱི་གཤེར་བས་ཁྱབ། ། པ་ནི་ཆོས་དབྱིངས་ཡེ་ཤེས་དང༌། མིག་དང་གདོང་གི་མདོག་དམར་སེར་འགྱུར་བ་དང༌། རབ་ཏུ་ཕྲ་བའི་མིག ། གིས་ལྟ་བ་ནི་བྱ་གྲུབ་ཡེ་ཤེས་ཏེ། རང་བྱུང་གི་ཡེ་ཤེས་ལྔ་ཡི་བདེ་བས་ཅུང་ཟད་སད་པ་རྣམ་པར་འཕྲུལ། །པ་སྟེ་རྣམ་ འགྱུར་ལྔའོ། །དེ་དག་ཀྱང་བདེ་ཉམས་རིག་པ་དང༌། མི་རྟོག་པ་དང༌། བདེ་བའི་རོ་མྱོང་ཤིང་ངེས་པ་དང༌། ཉམས་དེ་ཤིན་ཏུ་ཁྱབ་ ཆེ་བ་དང༌། དེའི་བྱ་བ་ཡིན་པས་རིམ་པ་བཞིན་ཡེ་ཤེས་ལྔ་དང་ཆ་མཐུན་ལ། དེ་ལམ་དུ་བྱས་པས་འབྲས་བུ་ཡེ་ཤེས་ལྔ་མངོན་དུ་ འགྱུར་བའང་ཡིན་ནོ། །བུད་མེད་ཉིད་ཤེས་རབ་ཡིན་པས་དེའི་དེ་རྣམས་ཡེ་ཤེས་ལྔ་ཏེ། །དེ་ལས་སྐྱེས་པས་ཀྱང་དེ་ དང་འདྲ་བའི་ཆགས་པའི་ས་ཡེ་ཤེས་ལྔ་ཐོབ་འགྱུར་རོ། ། བཞི་པ་བསྙེན་སྒྲུབ་ཡན་ལག་བཞི་ནི་རྡོ་རྗེ་ཆུ་སྐྱེས་ལ་སྦྱོར་བར་ལྡན་པ། །ནི་ལུས་ཀྱི་བྱ་བ་ཡིན་པས་སྐུ་ཡི་རྡོ་ རྗེའི་ལམ་དང་བསྙེན་པར་བརྗོད། །འདོད་པའི་སྦྱོར་བའི་སྐབས་རླུང་ནི་དབུ་མར་འབབས་པས་སྣ་སྒོ་ནས་མཉམ་ པར་རྒྱུ་བར་གྱུར་པ་ནི་དབུ་མའི་དབུགས་གསུང་གི་རྒྱུ་ཡིན་པས་དང༌། ། ༈ དགའ་བའི་སྒྲ།སཱིཏ་ཀྱི་སྒྲ་དང་སྐད་འདར་ཤིང་འགྱུར་བ། །ནི་ངག་གི་བྱ་བ་སྟེ། གསུང་གིས་ལམ་ནི་ ཉེ་བར་བསྒྲུབ་པའོ། །དབང་པོ་གཉིས་བསྐྱོད་པ་ལས་ནི་ཐིག་ལེ་རབ་ཏུ་ཞུ་བ། །ནོར་བུར་དགའ་བ་བཅུ་ དྲུག་ཆའི་ཐིག་ལེ་བབས་ཏེ། །ཡིད་ཀྱི་བདེ་བས་གཉིས་སྣང་རགས་པ་འགགས་པ། །ཐུགས་ཀྱི་རྡོ་རྗེའི་ 23-1-375 ལམ་དེ་ཁོ་ན་ཉིད་བསྒྲུབ་པར་བརྗོད། །དེ།གཞུ་ཡི་གཟུགས་ཅན་རླུང་གི་རབ་ཏུ་སྦྱོར་བས། །སྔ་བ་དུང་ དང་བདེ་བ་ཀུནྡ་ལྟར་དཀར་བའི་ཐིག་ལེ། །འཛག་མེད་སྡོམ་བརྩོན་དུ་བྱ་སྟེ། དེ་ཡང་བདེ་བས་བདེ་བ་ཐིག་ལེ་ བཟུང་བར་བྱའོ། །་ཞེས་པ་རྫས་དང་བྱ་རྩོལ་ལ་མ་ལྟོས་པའི་དོན་ནོ། ། ༈ ནང་གི་བདེ་བ་རང་གིས་རང་མྱོས་ཤིང༌།རིག་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་མཆོག །ནི་བསྒྲུབ་པ་ཆེན་ པོའི་དེ་ཁོ་ན་ཉིད་དེ། །རྣམ་ཤེས་ཡེ་ཤེས་ཐམས་ཅད་བྱང་ཆུབ་ཀྱི་མྱུར་ལམ་དུ་དག་པར་བྱེད་དོ། །སྒྲུབ་ཆེན་ འདི་ཡིས་སེམས་ཀྱི་རྡོ་རྗེ་དོན་དམ་པའི་བདག་ཉིད་ཆེན། །པོ་སྟེ། རྡོ་རྗེ་གསུམ་མམ་སྐུ་གསུམ་དབྱེར་མི་ཕྱེད་ པ་ཡེ་ཤེས་རྡོ་རྗེ་ལས་བྱུང་བའི། །སྟོབས་བཅུ་སོགས་ཡེ་ཤེས་རྒྱ་མཚོ་ལྟ་བུ་འགྲུབ་པར་འགྱུར་རོ། ། ༈ དྲུག་པ་སྒྲ་དོན་གྱི་སྒོ་ནས་ཆེ་བ་བསྟན་པ་ནི། ཤིན་ཏུ་ནི་རབ་ཏུ་ལྷག་པའི་དོན་ཡིན་པས།ཡེ་ཤེས་བདེ་བ་ཆེན་པོར་ རབ་ཏུ་སྦྱོར་བས། །ཤིན་ཏུ་རྣལ་འབྱོར་ཞེས་ནང་གི་དེ་ཉིད་ལ་མཁས་པས་བསྟོད། །པར་བྱའོ། །ལས་རྒྱ་ བུད་མེད་དེ་འཕྲུལ་གྱི་བྱ་བ་བྱེད་པས་སྒྱུ་མ་སྟེ་དེའི་ཕྱག་རྒྱ་འདི། །ངེས་པར་བྱང་ཆུབ་འདོད་པས་རྟེན་བྱ་འདའ་རྒྱུ་ མེད་པ་ཡིན་པས་དམ་ཚིག་རྣམས་ཀྱི་མཆོག་གིའང་མཆོག་གོ །ལྷན་སྐྱེས་འདི་སྐྱོང་རྒྱུ་ཡོད་ན་ཤ་ཆང་སོགས་ངན་ པར་ཟོས་པ་དང་ངན་སྤྱོད་གཙང་སྒྲ་མེད་ཅིང་གཡེམ་པར་སྣོན་པ་སོགས་ཐམས་ཅད་ཀྱིས། །བྱང་ཆུབ་ལ་སྒྲིབ་པ་ དག་ཏུ་ཡོངས་སུ་མི་འགྱུར་རོ། །དེ་སྐད་ཅེས་གསུངས་སོ། །རྣལ་འབྱོར་འདིའི་མིང་ནི། དེ་ལ་འདི་ནི་ རྣལ་འབྱོར་དང་པོའི་བསྐྱེད་རིམ་དམ་ཚིག་གོ །རྣལ་འབྱོར་དང་པོ་རྒྱས་བཤད་ནི། བར་དོ་སྦྱོང་བྱེད་ནི། ནམ་མཁར་ སྒྲོལ་མ། ཨུཏྤལ་མི་འཇིགས་ཕྱག་རྒྱ་ཅན། །ཕྱག་གཉིས་རྣལ་འབྱོར་སྒོམ་བྱ་ལ། །བརྟེན་གཞལ་ཡས་ ཁང་བསྐྱེད་པ་ནི། ནམ་མཁའི་དབྱིངས་ཆོས་འབྱུང་ཀྱི་དབུས་སུ་གནས་པར། །ཕྱིའི་དཀྱིལ་འཁོར་གྲུ་ བཞི་སྒོ་བཞི་པ། །དབུས་སུ་ཀུན་ནས་ཟླུམ་པོ་ལེ་ཚོ་རེ་མིག་དགུ་པ་སྟེ། །ལས་ཀྱི་སྣམ་བུ་ལྔའི་ལས་ བཞི་དང་སྣ་ཚོགས་པའི་སྣམ་བུ་དང་ལྡན། །ཨུཏྤལ་དམར་པོ་སིལ་མར་བཀྲམ། །དྲག་པོའི་སྣམ་བུ་ལ་མིའི་ ཡན་ལག་བཅད་པའོ། །གཙོ་མོ་བསྐྱེད་པ་ནི་ཟླ་བ་ཉི་མའི་སྦྱོར་བ་མངོན་བྱང་ལྔ་པ་ལས། །དམ་ཚིག་སྒྲོལ་མ་ བསམ་པར་བྱ། །སྐུ་མདོག་ལྗང་སྔོན་སྐུ་ལས་འཕྲོ་བའི་འོད་ཟེར་དམར་པོ་འཁྱིལ། །བ་ནི་མེ་འབར་འཁྱིལ་ 23-1-376 ལོ། །མཆེ་བ་གཙིགས་པ་མེ་སྟག་ཆད་ཅིང་རིང་དུ་འབར། །གཡས་བཞི་ན་མཆོག་སྦྱིན་གྲི་གུག་ཌཱ་མ་རུ། ། གཡོན་བཞི་ན་མདའ་དང་ཨུཏྤལ་སྔོན་པོའི་སྡོང་བུ་དང༌། །ཐོད་པ་ཁྲག་ཅན་རྩེ་གསུམ་དང༌། །བཞི་ པ་མེ་ཏོག་གི་ཤིང་གི་གཞུ་འཛིན་པའོ། །དུར་ཁྲོད་རྒྱན་རུས་རྒྱན་སྟག་ལྤགས་སོགས་དང་ཨུཏྤལ་ལའི་རྒྱན། ། ཅན། གཡས་བརྐྱང་བའི་རོལ་པའི་སྐྱིལ་ཀྲུང་ཅན། །འཁོར་སྤྲོ་བ་ནི་རང་རང་སྔགས་ལས་ལྷ་མོའི་ གཙོ་བོར་གྱུར་པའི་ལྷ་ཚོགས། །སྙིང་གའི་དབུས་ནས་སྤྲོ་བར་བྱ། །གོ་ཆ་བགོ་བ་ནི་ༀ་ཏཱ་རེ་སྭཱཧཱ། མིག་ ལའོ། །ༀ་ཏུཏྟཱ་རེ་སྭཱཧཱ། རྣ་བ་ལའོ། །ༀ་ཏུ་སྭཱཧཱ། ལྕེ་ལའོ། །ༀ་རེ་སྭཱཧཱ། སྙིང་ག་ལའོ། །ༀ་ཏཱ་ རེ་ཎི་སྭཱཧཱ། སྤྱི་བོ་ལའོ། །སྔགས་ཀྱི་བདག་པོས་བྱིན་རླབས་དང༌། །ཡེ་ཤེས་པ་བསྲེ་བ་ནི་ཡེ་ཤེས་པ་ དང་དམ་ཚིག་པ་མཉམ་པར་བསྲེ་བར་བྱ། །དབང་བསྐུར་ནི་དབང་གི་དོན་ནི་བསྒོམས་ཤིང་སྔགས་ཟླས་པར་ བྱས་ལ། །ལྷ་ལ་སེམས་འཛིན་པ་ནི་རང་ལྷར་སེམས་ནི་དཀྱིལ་འཁོར་ལ་བརྟན་པར་བཞག་པར་བྱའོ། །རྣལ་ འབྱོར་ཆེན་པོའི་ལེའུ་སྟེ་གཉིས་པའོ།། །། ལེའུ་འདི་དང་པོ་གཉིས་ཀྱི་ཡན་ལག་ཡིན་པས། ཞུས་པ་མེད་པར། དེ་ནས་སྒྲོལ་མས་བཀའ་སྩལ་པ། དབང་ བསྐུར་བཤད་པ་ནི། ཆུ་དབང་གི་སྔགས་ནི་ༀ་ལཾ་མཾ་པཾ་ཏཾ། ཡུམ་ལྔའི་ས་བོན་ཏེ། ཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཅོད་པན་གྱི་ དབང་གི་སྔགས། ༀ་བྲུཾ་ཨཾ་ཛྲིཾ་ཁཾ་ཧཱུཾ། རིགས་ལྔའི་ས་བོན། རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེའི་དབང་གི་སྔགས། ༀ་ཧཱུཾ་ཁཾ་ཧཱུཾ། གཙོ་བོའི་ས་བོན། བཛྲ་ཨ་བྷི་ཥིཉྩ་ཧཱུཾ། དྲིལ་བུའི་དབང་སྔགས། ༀ་ཧཱུཾ་ཏཾ་གཙོ་བོའི་ས་བོན། ཧཱུཾ་བཛྲ་ ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་ཧཱུཾ། མིང་དབང་གི་སྔགས། ༀ་ཛཿཧཱུཾ་བཾ་ཧོཿ སྒོ་མ་བཞིའི་ས་བོན། བཛྲ་སཏྭ་སྟྭཾ་ བཛྲ་ན་མ་ཨ་བྷི་ཥིཉྩ་ཧཱུཾ། དབང་བསྐུར་བའི་སྔགས་སོ། །ལྷ་གང་གི་སྒོ་ནས་སྐུར་ན། ཡུམ་ལྔའི་ཆུ་དབང༌། རིགས་ལྔའི་ཅོད་པན། འཁོར་ལོའི་བདག་པོ་སྦས་པའི་ཡབ་དོན་གྲུབ་ཀྱི་རྡོ་རྗེའི་དབང༌། གཙོ་མོ་དམ་ཚིག་སྒྲོལ་མའི་དྲིལ་བུ་སྒོ་མ་ བཞིའི་མིང་དབང་བསྐུར་བ། སྔགས་སོ་སོའི་ས་བོན་གྱིས་བསྟན་ཏོ། ། ༈ དཀྱིལ་འཁོར་སྒྲུབ་པ་ལས་གང་དུ་དབང་བསྐུར་བའི་དཀྱིལ་འཁོར་ནི། རྡོ་རྗེ་ཏེ་རིགས་ལྔའི་རང་བཞིན་གྱི་དཀྱིལ་ འཁོར་བྲི་བར་བྱའོ། །ཇི་ལྟར་འབྲི་ན། རྟ་བབས་འདེགས་བྱེད་དམ། ནང་གི་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། ། 23-1-377 རྩ་ཐིག་གི་ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་རོལ་རྡོ་རྗེའི་ར་བ་མེ་རིར་བཅས། །དེའི་ཕྱི་རོལ་ཏུ་ དུར་ཁྲོད་བརྒྱད་དོ། །དག་ཀྱང་བྲི་བར་བྱ། །མཚན་མ་ནི། རེ་མིག་གི་དབུས་སུ་ཨུཏྤལ་སྡོང་བུ་མཐིང་ཁ་ དགོད། །ལེ་ཚེ་ཤར་དུ་ཞི་བ་དཀར་པོའི་ཨུཏྤལ་སྡོང་བུ་དང༌། །ལེ་ཚེ་བྱང་དུ་བུམ་པ་སེར་པོ་བྲི་བར་ བྱ། །ལེ་ཚེ་ནུབ་ཏུ་ལྕགས་ཀྱུ་འོད་འབར་བ་སྟེ། །རལ་གྲི་སྔོ་སངས་རེ་མིག་ལྷོ་རུ་དགོད་པར་བྱ། །ཞི་ བྱེད་སྒྲོལ་མ་དང་རྒྱས་པའི་སྒྲོལ་མ་དང་དབང་གི་སྒྲོལ་མ་དང་ནི། །གསོད་བྱེད་སྒྲོལ་མ་རྣམས་ཀྱི་མཚན་ མའོ། །གྲྭ་བཞིར་རིགས་བཞི་པོའི་རྣམས་ཀྱི་ལྷ་མོ་སྒྲོལ་མ་སྟེ། །ཨུཏྤལ་མཛེས་པ་ལྷའི་མདོག་དང་མཐུན་ པ་རེ་རེ་བྲི། །ལྕགས་ཀྱུ་ལ་སོགས་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་སྒོ་ཤར་ལྷོ་ནུབ་བྱང་རུ་རིམ་པས་དགོད། ། སྟོབས་བཅུ་དང་ལྡན་པའི་གཞན་གྱིས་མི་ཐུབ་པས་ཆེན་ཕ་རོལ་ལྷ་དང་ལྷ་མིན་འབྱུང་པོ་ཐམས་ཅད་གནོན་པ་ཡི། ། གཤིན་རྗེ་གཤེད་སོགས་ཁྲོ་བོ་རྣམས་ཀྱང་གྲྭར་དགོད་དོ། །ཤར་ལྷོ་གཤིན་རྗེ་གཤེད། ལྷོ་ནུབ་མི་གཡོ་བ། ནུབ་ བྱང་དུ་རྟ་མགྲིན། བྱང་ཤར་དུ་བདུད་རྩིའོ་ལས་རྣམས་བྱེད་པའི་ལྷ་མོ་བརྒྱད་པོའི་མཚན་མ། རྟ་བབས་ཀྱི་གཡས་ གཡོནའི་ཚོགས། །ཕྱི་རོལ་དག་ཏུ་བྲི་བར་བྱ། །འགྲེལ་པ་གཉིས་ལས། སྙིང་པོའི་ཕྱི་རོལ་ལས་རྣམ་གསུམ་པ་ ལའོ། །ཅེས་འདོད་དམ། སྒྲུབ་ཚུལ་ནི་བྲིས་པའི་དཀྱིལ་འཁོར་དེའི་དབུས་སུ་བདག་ཉིད་གནས་བྱས་ནས། །རྡོ་ རྗེ་མཚན་མའི་ཚོགས་སྤྲོས་པས། །སེམས་ཅན་ཁམས་རྣམས་སྦྱང་བར་བྱ། །མཆོད་པའི་སྤྲིན་ གྱིས་ནམ་མཁའི་ཁམས། །མཆོག་ཏུ་གང་བ་སྤྲོ་བར་བྱ། །མེ་ཏོག་ག་བུར་མ་ཉམས་པ། །བྷ་ ག་མཆོག་ལས་ཡང་དག་བླངས། །རྣལ་འབྱོར་མ་ཡི་འཁོར་ལོས་མཆོད། །གོང་དུ་འཕོ་བ་ནི། ཡང་ གསུངས་པ། མིག་སོགས་སྒོ་དགུ་གདོལ་བ་མོ་སོགས་ལྷ་མོ་བརྒྱད་ཀྱི་ས་བོན་གྱིས་ངེས་པར་བཀག་པ་རླུང་གི་སྦྱོར་ བ་དང་བཅས་པ་བྱས་ནས། །རྒྱས་པ་རྩ་འཁོར་ལོ་ལྔ་ཡི་འཁོར་ལོའི་རྩ་ཁ་སྦྱོར་མཆོད་རྟེན་གྱི་དབྱིབས་ལས། ། སྲོག་ཤིང་དབུ་མའི་རྩེ་མོར་ཚངས་བུག་དང་འབྲེལ་བ་རང་གི་རླུང་སེམས། །མདའ་གཞུའི་སྦྱོར་བས་མན་ ངག་གི་འཕོ་བར་བྱའོ། །ཕན་ཡོན་ནི་མཚམས་མེད་ལྔ་པོ་བྱེད་པ་ཡང༌། །འདི་ཡིས་ངན་སོང་ལས་གྲོལ་ བར་འགྱུར་བར་ཐེ་ཚོམ་མེད། །དེ་སྔགས་ཀྱི་མཐུའོ། །རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ལས་སྙོན་པའི་སྤྱོད་པ་ནི་དེ་ 23-1-378 ཉིད་རིག་པ། རིག་པའི་བརྟུལ་ཞུགས་སྤྱད་པར་བྱ་སྟེ། །མི་ལྤགས་པའམ་ཕྱག་དར་བོར་བའི་རས་རྙིང་པ་ བགོ་བའམ། །ཡང་ན་གཅེར་བུའི་བརྟུལ་ཞུགས་ནི་སྤྲོས་པ་དང་བྲལ་བ་མཚོན་ཅིང༌། དེ་ལ་མཉམ་པར་འཇོག་ དགོས་པའི་བརྡ་སྟེ། དེ་ལྟར་བྱས་ནས་ནི། །བདེ་སྡུག་གི་དོགས་པའི་སེམས་ནི་ཀུན་ཏུ་སྤངས་ནས། །ཇི་ ལྟ་བུར་སྤྱོད་ན་སྣང་བ་འདི། །ཐམས་ཅད་རྟོག་པར་བཅས་པ་འདོད་ཡོན་ལྔ་ལ་སྤྱོད་པའི་བདེ་བ་ལ་བསྡུས་ ནས། །འཇིག་རྟེན་གྱི་འདོད་ཡོན་ལྔ་པོ་ཐམས་ཅད་ལྷ་མོ་ལྔར་བསྡུ་བ་སྟེ། ཤ་ཆང་སོགས་ངན་ཟོས་ཕྱག་རྒྱ་བསྟེན་པ་སོགས་ ངན་པ་ལྟར་སྣང་བའི་སྤྱོད་པ་ཐམས་ཅད་ཀྱིས། །ཡེ་ཤེས་གོང་ནས་གོང་དུ་སྤེལ་ནས། བྱེད་སྤྱོད་ཕྲ་མོ་རེས་ཀྱང་བླ་ མེད་བྱང་ཆུབ་ལ་ཆེས་ཉེ་བར་འགྱུར་བ་བསྒྲུབ་པར་བྱའོ། །དམ་ཚིག་ཅུང་ཟད་བཤད་པ་ནི། དེ་ལ་འདི་ནི་རྡོ་རྗེ་ སྟེ་མདའ་བར་མི་བྱ་བའི་དམ་ཚིག་གོ །དམ་ཚིག་མང་ཡང་རྩ་བ་སློབ་དཔོན་གྱི་དམ་ཚིག་ཡིན་པས། གང་ལས་སློབ་ དཔོན་དབང་བསྐུར་བ། །ཏེ་བུམ་དབང་ཐོབ་པའི་བླ་མ་རང་ལྟ་ཅི་སྨོས། སློབ་དཔོན་གཅིག་ཏུ་གྱུར་པ་ཡི། ། སྤུན་ཐམས་ཅད་ཡི་དམ་དུ་ཤེས་ནས་གུས་པ་བྱེད་དགོས་ལ། ཁྱད་པར་རྡོ་རྗེའི་སྲིང་མོ་ནི་སྒྲོལ་མ་དང་མཉམ་པར་ བརྟག །ཅིང་སྒོམ་མོ། །རྡོ་རྗེ་སློབ་དཔོན་ཉིད་དང་དེ་བཞིན་དུ། །སློབ་དཔོན་གྱི་རིག་མའམ་རྗེས་མཐུན་གྱི་ སློབ་དཔོན་བདག་གི་ཡེ་ཤེས་ངོ་སྤྲད་པའི་རྟེན་རིག་མ་ཡང༌། །རྐྱེན་གྱི་སློབ་དཔོན་མཆོག་ཏུ་བླ་མེད་ཀྱི་རྒྱུད་ འདིར་ཡོངས་སུ་བརྗོད་དོ། །དེ་ལས་ཀྱང་རྡོ་རྗེ་སློབ་དཔོན་བླ་མ་ནི་སངས་རྒྱས་ཀུན་དང་མཉམ་པས། །དེ་ ཡི་གྲིབ་མའང་འགོང་བར་མི་བྱ། །ན་དམོད་པ་དང་བརྙས་པ་མི་བྱེད་པ་སྨོས་ཅི་དགོས། དམིགས་བསལ་རིག་མ་དང་ སློབ་མས་རྗེས་ཆགས་ཀྱི་སྐབས་་འགོང་བ་དང་འབགས་པ་དང་བག་ཡང་སྲུང་མི་དགོས་ཤིང༌། འགའ་ཞིག་ཕྱེད་དུ་བྱེད་དགོས་པ་ ནི། འོན་ཀྱང་སློབ་མ་སློབ་དཔོན་གྱིས་དགའ་མ་ཏེ་རིག་མ་བླ་མ་དགེས་པར་བྱེད་པའི་དབང་མོ། །ཏེ་གཙོ་མོའོ། ། རིག་མ་དང་སློབ་དཔོན་གཉིས་ཀྱི་མིག་སོགས་སྒོ་དགུ་ལས་བྱུང་བ། །མིག་རྣག་དང་མཆིལ་མ་སོགས་པ། མི་གཙང་ བ་མི་རྟོག་བཟའ་བཏུང་སྣོད་གཅིག་ཟ་བ་དང༌། །ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དང་ལྷའི་རྣལ་འབྱོར་གྱིས་ གཙང་སྦྲའི་སེམས་ཀྱིས་རིག་མས་བླ་མ་ལ་ཙུམ་པ་སྟེ་འོ། །དབུལ། །བར་བྱ། སློབ་དཔོན་དང༌། ལྷན་ཅིག་ འདོད་པ་ལ་རོལ་པའི་ཚེ་སློབ་དཔོན་གྱི་མལ་སྟན་ལ་རིག་མས་ལོངས་སྤྱོད་དུ་རུང་ནས། །སློབ་དཔོན་དང་དགའ་བ་ 23-1-379 སྤྱོད་པའི་ཚེ་ཇི་ལྟར་བྱེད་ན། རིག་མའི་ལག་གིས་སློབ་དཔོན་གྱི་རྡོ་རྗེ་བཟུང་ཞིང་བཤུགས་ཤིང་གསོར་ཏེ། །འཕྲང་ པོར་བྱ། རང་གིས་ཡོ་ནིར་ཡོ་པདྨ་ནིར་ནོར་བུ་སོན་པར་བྱས་ནས་ཡན་ལག་གིས་དམ་དུ་འཁྱུད་ནས། །འཁྲིག་ ཚིག་དང་ཨུའི་ཡི་གེ་སོགས་དགའ་འཁུན་གྱི་སྐད་ཀྱིས་བླ་མའི་ཐུགས་དགེས་པར་བསྐུལ་བས། །བླ་མ་ལ་རྗེས་སུ་ ཆགས་པའི་དབང་གིས་སོ་འདེབས་པ་དང་སེན་མོའི་རི་མོ་འཇམ་པོས་འདེབས་པ་དང་འདྲུད་པ་འཁུར་བཤུད་སོགས། དང༌། །བླ་མའི་ལྗགས་དང་མ་མཆུ་སོགས། འཇིབ་པ་དང་སྒོ་ཏེ་ཁ་ཡིས་ཀ་ར་སོགས་ཟས་བླ་མའི་ཞལ་དུ་འབུལ་ བ། །བླ་མ་ལ་གུས་དང་ཆགས་པ་དང་བཅས་ཤིང་འཛེམ་བག་མེད་པར་བག་བརྐྱང་བས། །མལ་སྟན་དང་སྐུའི་ ཆ་ཤས་སོགས་ལ་རྗེས་ཆགས་ཀྱི་སྐབས་རིག་མས་འགོངས་པ་འདི་ལ་ཉེས་མེད་དེ། །རྒྱུ་མཚན་སློབ་དཔོན་ དགེས་པའི་ཐབས་ཡིན་ཅིང༌། དེ་ལས་ཉེས་པ་མེད་པར་མ་ཟད་ཕན་ཡོན་དངོས་གྲུབ་ཀུན། །སྔགས་ཀྱི་དམ་ཚིག་ དང་ལྡན་པའི་ཕྱིར་རིག་མ་བཟང་མོ་དེ་ཡིས་རྟག་ཏུ་ཐོབ། །སློབ་དཔོན་གྱི་ཡུ་ཛ་སྟེ་རྡོ་རྗེ་རིག་མས་གུས་པས་ཁ་ ཡིས་གཞིབ་པར་བྱ་བ་དང༌། །སློབ་དཔོན་གྱི་གསང་བ་ལ་མགོ་བོས་ཕྱག་བྱ་གལ་ཏེ་བླ་མའི་བྱང་སེམས་ལྷུངས་ པར་གྱུར། །ན། འདབ་ལྡན་ཏེ་རང་གི་པདྨ་ལས་ཕྱུང་ནས་དམ་ཚིག་ནི་རྫས་སུ་རང་གིས་བཟའ་བར་བྱ། །གལ་ ཏེ་བླ་མ་དམ་རྫས་ཀྱི་ཐིག་ལེ་མྱང་བར་བཞེད་པ་ན་རང་གི་ཡོ་ནིས་ཐིག་ལེ་སྦྲང་རྩི་སོགས་དང་སྲེས་ཏེ། ཙ་རུར་བྱས་ཏེ་སློབ་ དཔོན་གྱིས་པདྨ་འཇིབ་ཏུ་གཞུག་ཅིང་དབུལ་བ་དང༌། །འཁྲིག་ཐབས་འཁྲུལ་འཁོར་སྐབས་སློབ་དཔོན་གྱི་སྟེང་ དུ་རང་ཉིད་འདུག་པ་སོགས་བྱེད་དགོས་ཀྱང༌། ཉེས་མེད་དེ། །གང་བྱ་བ་དེས་བླ་མ་དེ་ཉིད་མཉེས་པར་བྱེད་ པའི་རྒྱུ་མཚན་གྱིསའོ། །འཁྲུལ་འཁོར་ལ་བརྟེན་པའི་ལས་ཚོགས་ནི། རྣལ་འབྱོར་གང་གིས་ན་སྒྲོལ་མའི་རྣལ་འབྱོར་གྱིས་སོ། ། ཐབས་ཇི་ལྟ་བུ་ན། དུས། བསམ་པ། ཆ་ལུགས། ཁ་ལྟ་ཕྱོགས་སོགས་གསལ་བར་མ་གསུངས་པ་རྣམས་ལས་སྤྱིའི་ཆོས་ལྟར་ ཤེས་པར་བྱ། བྲིས་གཞི་གཞུང་དུ་མི་གསལ་བ་རྣམས་ལ་གྲོ་གའམ་རས་སམ་དར་རམ་དགེ་བའི་ཤིང་ཤུན་ལ་བྲི། དྲག་པོ་ལ་རོ་ རས་སམ་མི་ལྤགས་སོགས་ལའོ། །སྣག་ཚ་མི་གསལ་བ་རྣམས་ལ་ཞི་བ་ལ་ཙནྡན་དཀར་པོ། རྒྱས་པ་ལ་དྲི་བཟང༌། དབང་ལ་རྒྱ་ ཚོས་དང་ཙནྡན་དམར་པོ། དྲག་པོ་ལ་དུག་ཁྲག སྐྱེས་པ་སྲུང་བ་ལ་གུར་གུམ། བུད་མེད་ལ་གི་ཧཾ། སྙུག་གུའང་དེས་རིགས་མཐུན། སྒྲུབ་ཚུལ་རབ་གནས་བྱས། དྲི་མ་དགོས་པ་རྣམས་བཏབ་ཅིང་དཀྲིས་བརྒྱབ་བསྒྲུབ་ནས། དྲག་པོ་གནོན་པའི་ཚུལ་དུ་ཟོར་ཕང་ 23-1-380 སྒྲུབ། དབང་ལ་མཆོད་མནན་གང་ནོས། ཞི་རྒྱས་ཕལ་ཆེར་མཆོད་པ། སྲུང་བ་མཆོད་ནས་གདགས་པའི། གང་ཟག་སུས་སྒྲུབ་ ན། རྩ་སྔགས་ཀྱི་བསྙེན་པ་དང་ལས་བཞི་བསྙེན་སྒྲུབ་སོང་བ་དང་དགོས་བསྙེན་རྣམས་ཀྱང་གྲུབ་པའོ། །དེ་ནས་ལས་སྣ་ ཚོགས་པ་རྣམས་གསུངས་པ། འདི་ནས་མཚོན་ཆས་མི་གནོད་ལུས་སུ་འགྱུར་གྱི་བར་དང༌། འོད་ཟེར་ཅན་མའི་སྲུང་བ་ རྣམས་ཕལ་ཆེར་འདི་དང་མཐུན་པ་སམ་པུ་ཊ་རབ་བྱེད་བདུན་པ་ལས་ཤིན་ཏུ་རྒྱས་པར་གསུངས། རྩ་བའི་གཟུངས་ཀྱི་མཐུ། གོས་ མཐའ་མ་ནས་གར་དབང་འབབ་ཀྱི་བར་གུར་བརྒྱད་པར་ཡང་གསུངས། གུར་སམ་གྱི་དེའི་ཐད་རྣམས། རྒྱུད་འདིའི་བཤད་རྒྱུད་ ཀྱང་ཡིན་ཏེ། སཾ་པུ་ཊིར། སྒྲོལ་མ་འབྱུང་བ་བཤད་པར་བྱ། །ཞེས་སྒྲོལ་མ་འབྱུང་བའི་དོན་འཆད་པའོ། །ལས་ཚོགས་འགའ་ཞིག་ སྣ་ཚོགས་སྒྲོལ་མའི་ཡིན་གསུངས། མུ་ཁྱུད་ཀྱི་ཕྱི་རོལ། ༼ཀ༽ ཕྱོགས་བཞི་དང་གྲྭ་སྟེ་མཚམས་བཞིར་ཨུཏྤལའི་ གཟུགས་བྱ། ཨུཏྤལ་རེ་རེ་ཡང་ཏཱཾ་གསུམ་སྒྲིགས་གྱིས་མཚན་པ། ལྟེ་བའི་དབུས་ཀྱི་ཡི་གེ་འཕྲེད་བྲིས། གཞན་ ཕལ་ཆེར་གཡས་སྐོར་དུ་བྱ་སྟེ། འཁོར་ལོའི་ལྟེ་བའི་མུ་ཁྱུད་ཀུན་ནས་ཟླུམ་པོ་ལ། ༀ་པྲ་སནྣ་(རབ་ཏུ་སྒྲོལ་མ་)ཏཱ་ རེ་ཨ་མྲྀ་ཏ་མུ་ཁི་(བདུད་རྩིའི་གདོང་མ་)ཨ་མྲྀ་ཏ་(སྤྱན་མ་)ལོ་ཙ་ནི། སརྦ་ཨརྠ་སཱ་དྷ་ནི། སརྦ་སཏྭ་བཱ་ ཤཾ་ཀ་རི། སྟི་བཱ་(བུད་མེད་དམ་)པུ་རུ་ཥོ་བཱ་(སྐྱེས་པའམ་)རཱ་ཛཱ་(རྒྱལ་པོ་)ནོ་བཱ་བ་ཤྱ་(ཡང་ཟེར་)ཀུ་རུ་(དབང་ དུ་གྱིས་ཤིག་)ཏཱཾ་(ས་བོན་)སྭཱཧཱ། ཞེས་པ་ལྟེ་བར་མུ་ཁྱུད་བཀོད་ལ། ཕྱི་རོལ་གྱི་མུ་ཁྱུད་ལ་ཡང་འབྲི་བར་བཞེད། ཇོ་ བོས་དང་པོ་ལ་འབྲི། གཞན་གཉིས་ལ་མི་འབྲི་གསུངས། འཁོར་ལོ་སེར་པོ་རྩིབས་བཅུ་པའི་རྩིབས་རེ་རེར་ཁ་དོག་ དམར་བའི་པདྨ་འདབ་མ་རེ་རེ་ཡོད་པ་ལ་སྙིང་པོ་ཡི་གེ་བཅུ་པའོ། །ལྟེ་བའི་དབུས་སུ། ཧྲཱིཿ གཉིས་ཀྱི་ནང་དུ་ མིང་སྐུལ་ཚིག་དང་བཅས་པ་འཁོར་ལོ་གསུམ་པའི་སྐབས་ནས་འབྱུང་བ་བཞིན་ནོ། །ཨ་ཏི་ཤའི་འགྲེལ་པར་འདི་མིང་རྐྱང་ཡིན་ གསུངས། མིའི་ཉི་མ་ནི་དམིགས་པ་ཡིན། འབྲི་རྒྱུ་ལྟེ་བ་ཀུན་ནས་སོགས་ཀྱིས་བསྟན་ཟེར། ཆུད་པར་བྱས་ན་དབང་དུ་ བྱེད་དོ། ། གཉིས་པ་གཞན་དེ་དང་འདྲ་བ་ལས། ༼ཁ༽ ཡང་ན་རྩིབས་བརྒྱད་པ། ཡི་གེ་ཡང་(ༀ་ནས་རེས་)བརྒྱད་ པ་སྟེ་དབུས་སུ་ཟླ་བ་ལ་(གོང་འོག་གཉིས་ལའང་དགོས་འདིར་ལྷག་པོ།)ཏཱཾ་ཡིག་གོ །འདི་ལ་འཁོར་ལོ་གཉིས་ ཡི་གེ་རི་མོ་སོགས་མི་འཁྲིག་པ་ཡེ་མེད་པར། ཁ་སྦྱོར་དུ་བྱས་ན་ཉི་མ་བདུན་ན་ངེས་པར་དབང་དུ་འགྱུར་ 23-1-381 རོ། །༼ག༽ ཡང་ན་རྩིབས་དྲུག་པ་ཡི་གེ་ཡང་དྲུག་པའོ། །དབུས་སུ་(ཆེ་གེ་མོ་ཞེས་འཇུག)ཧྲཱིཿབཱ་ཤཾ་ ཀུ་རུ་ཧྲཱིཿ(དེ་ཡན་ཐུན་མོང་ངོ་)སྭཱཧཱ། འདི་གསུམ་པ་འདིའི་ཁྱད་ཆོས་སོ། །ཇོ་བོ་གཉིས་ལའང་དགོས་ཏེ། ༀ་ཀུ་རུ་ཀུལླེ་ཧྲཱིཿ རྩིབས་ཀྱི་སྔགས་ཀྱི་འཇུག་ཡིན་པས་སོ་གསུང༌། གོ་རོ་ཙ་ན་དང་། ཙནྡན་དམར་པོ་དང༌། རྒྱ་སྐྱེགས་དང༌། ཁྲག་གི་བྷོ་ཛ་པ་ཊ་ལ་བྲི་བར་བྱ་སྟེ། སྲིད་པ་གསུམ་ཡང་དབང་དུ་བྱེད་དོ། །༼ང༽གུར་གུམ་ (དང་གོ་རོ་ཙ་ན་)ལ་སོགས་འཁོར་ལོ་ནི། །གོང་གི་གཉིས་པ་དང་ཕལ་ཆེར་འདྲ་བ་ལས། པྲ་སནྣའི་ཚབ་ཏུ་མོ་ཧ་ནའི་ སྔགས་བཅུག་པ། རྩིབས་བརྒྱད་ཁམ་ཕོར་སོ་མ་བཏང་བར། མར་དང་སྦྲང་རྩིར་བཅས། །(འཁོར་ལོ་)ཁ་ སྦྱོར་(ལག་ལེན་བཞིན་དུ་)སྦྱོར་བས་དབང་དུ་བྱེད། །སྔགས་འདི་ང་པ་དང་ཙ་པ་གཉིས་ཀར་འགྲོ་བས་སོ། །སརྦ་ མོ་ཧཱ་ནི་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚཾ་མོ་ཧཱ་ཡ་བྷ་ག་བ་ཏཱི་སརྦ་དུཥྚ་ནཱཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ སྭཱཧཱ། དེ་ཉིད་དང་འདྲ་བ་ལས་དབུས་ཀྱི་སྤེལ་ཚིག་མེད་པའི་ཁྱད་པར་ཏེ་ཏཾ་ཡིག་འབའ་ཞིག་གོ །འཁོར་ལོ་གཅིག་ཀྱང་ལུས་ ལ་བཅིངས་ནས། ༼ཅ༽ གོས་ཀྱི་མཐའ་ནི་མདུད་བྱས་ཏེ་ཆོམ་རྐུན་བཅིངས་པར་བསམ། རྩ་སྔགས་བདུན་བཟླས་ ན། །ཆོམ་རྐུན་འཆིང་བར་བྱེད་པའི་མཆོག །འཁོར་ལོ་ཁ་སྦྱོར་ཡི་གེ་བཅུ་པ་ལ་བསྒྲུབ་བྱ་དབང་དུ་གྱུར་ཅིག་གི་ སྐུལ་ཚིག་དང་བཅས་འབུམ་གྱིས་སྒྲུབས་ཤིང་མཆོད། ལུས་ལ་བཅངས། ཐུན་དྲུག་ཏུ་མཆོད་པ་ཞིག་གིས། ༼ཆ༽ ཨུཏྤ་ལ་ ལ་(མོ་ཧ་ནའི་སྔགས་བདུན།)མངོན་(པར་)བསྔགས་པས། །གང་ལ་བྱིན་པ་དེ་དབང་འགྱུར། །འཁོར་ ལོ་ནི་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་ཅན་དམར་པོ་རྩིབས་རེ་རེ་ལ། ཨུཏྤ་ལས་(འི་མེ་ཏོག་རེ་རེ་མིའི་ཉི་མ་ནི་ཨུཏྤ་ལའི་འདབ་ མ་རེ་རེར་བཞེད།) མཚན་པའི་ཟེའུ་འབྲུ་བརྒྱད་ལ་ཡི་གེ་བརྒྱད་ལྟེ་བ་ལ་ཆེ་གེ་མོ་བཱ་ཤངྐུ་རུ་སྭཱཧཱ་བྲིས་པའོ། །འཁོར་ལོའོ། ༼ཇ༽ །ཆུ་དཀྱིལ་ཟླུམ་པའི་དབུས་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞིའི་དཀྱིལ་འཁོར་སྔོན་པོ་ཟླུམ་པོར། །ཐོད་ ལས་ཁུ་བས་མིང་གི་ཐོག་མ་དང༌། མཐར་ཧྲཱིཿའདིར་རོ་རས་ལ་བྲིས་ལ། །སམ་པུ་ཊི་ལྟར་ན་ཁམ་ཕོར་ལ་བྲིས་པ་ལྟར་ གསུངས་ནའང༌། ༈ སོ་བཏང་བའི་ཁམ་ཕོར་ཁ་སྦྱོར་དབུས་སུ་བཞག་སྟེ་མནན་ན་རེངས། །མཐའ་ལ་ཐིག་སྐོར་གཅིག་གིས་ ཆོག མུ་ཁྱུད་མི་དགོས། ༼ཉ༽ འདབ་བརྒྱད་པདྨ་སེར་པོའི་འདབ་མར་ག་(རེངས་གསོད་གཉིས་ཡི་གེ་དབུ་རུབ་ 23-1-382 གཡོན་སྐོར་ཡིན་ནོ། །)ཡིག་(གཉིས་གཉིས་ཀྱི་)ནང༌། །དུ་ཡི་གེ་བརྒྱད་པོ་རེ་རེ། ཆུད་པ་སྟེ་ༀ་ག་ནས་ག་རེའི་གའི་བར་ བྲིས་ཅིང་ལྟེ་བར་མཐའ་ལ་ག་བརྒྱད་(དབུས་སུ་ག སྭ་ཨ་མུ་ཀཱཾ་སྟམ་བྷ་ཡ་ཧ་ག་ཞེས་)བྲིས། །ཡུང་བས་རྡོ་ལེབ་ དག་ལ་སྟེ། །ཁ་ཕུབ་བཞག་ནས་ཞག་བདུན་སོགས་སྒྲུབས་ཏེ་བཞི་མདོའི་མཆོད་རྟེན་ནམ་མཚན་མ་གཅིག་པར་ཡི་གེ་ མི་སུབས་ཐབས་དང་བཅས་ཁ་བུག་ཏུ་མནན་ན་ཤིན་ཏུ་རེངས། །༼ཏ༽ འཁོར་ལོ་ཕྱི་དབྱིབས་དེ་དང་འདྲ་བའི་སྔོན་ པོ། དེ་ནི་དུག་དང་ཁྲག །སྐེ་ཚེ་མི་རུས་བཏགས་པའི་ཆུས། །དུར་ཁྲོད་ཀྱི་རུས་པའམ་གཡུལ་དུ་གསད་པའི་ རྐང་རུས་ཀྱི་སྙུག་གུས། འགའ་ཞིག་(འགྲེལ་པ་གཉིས་ནས་)ཐོད་པ་ཉིད་ལ་འབྲི་བར་བཞེད། ཁ་སྦྱོར་ན་དེ་གསལ་བ་ཙམ་མོ། ། འོང་རེ་རས་ལ་བྲིས་ཐོད་པ་མཚན་ངན་ཁ་སྦྱོར་དུ་འཇུག་པས། ཐོད་པར་འདབ་མར་ཡི་གེ་བརྒྱད་དང་ལྟེ་བར་མིང་ལ་ཐོག་ མཐར་ཧཱུཾ་ཕཊ་གཉིས་ཀྱིས་མཚན་པར་བྲི། །སྟེ། འདབ་མར་ཧཱུཾ་ཕཊ། ༀ་ཧཱུཾ་ཕཊ་སོགས་དང༌། ལྟེ་བར་ཧཱུཾ་ཕཊ་ཆེ་གེ་མོ་མཱ་ ར་ཡ་ཧཱུཾ་ཕཊ་ཅེས་སོ། ། ༈ ཐོད་པར་དུག་ཁྲག་ཡུང་དཀར་ནག རྡོ་ལྕགས། དུར་ཁྲོད་ཀྱི་རོ་ཐལ་སོགས་ཀྱིས་བཀང༌། ཡུགས་ས་མོའི་སྐྲ། བཤན་ པའི་བུ་མོའི་སྲད་བུས་བསྡམས་མནན་གཏད་དུ་བྱས་ན། འདི་ཡིས་ངེས་པར་གསོད་པར་བྱེད། །༼ཐ༽ གྲོ་ གར་འཁོར་ལོ་སེར་པོ་གུར་གུམ་གྱིས་བྲིས་ལ། །ཡི་གེ་བརྒྱད་དང་མིང་སྤེལ་ༀ་དང་བཅས་པ་བྲིས་ཏེ་འདབ་མར་ ༀ་ༀ་ༀ་ནས་ༀ་ཏེ། ༀ་ལྟེ་བར། ༀ་དེ་བ། དཏྟ་ཨཱ་ཡུ་པུཎྱ་དྷ་ན་པུཥྚིཾ་ཀུ་རུ་སྭཱཧཱ་ༀ་ཅེས་སོ། །མེ་ཏོག་སེར་པོས་མཆོད། ། ༼ད༽ ཡང་ན་སྭཱཧཱར་ཡི་གེ་བརྒྱད་དང་མིང་ཆུད་པར་བྲིས། །ཏེ་འདབ་མར་སྭཱཧཱ་ༀ་སྭཱཧཱ་སོགས། འཁོར་ལོ་དཀར་ པོའི་ལྟེ་བར་ༀ་སྭཱཧཱ་འདི་ལ་རཀྵ་རཀྵ་ༀ་སྭཱཧཱ། ཅེས་སོ། །ༀ་བཅས་འཁོར་ལོས་རྒྱས་པ་དང་སྭཱཧཱའི་འཁོར་ལོས་བསྲུང་བ་ བྱེད་པའི་མཆོག །འཁོར་ལོ་སེར་པོ། ༼ན༽ རྩིབས་བཅུ་པ་ལ་ཨ་ༀ་ཨ་ནས་ཨ་ཧ་ཨའི་བར་དང༌། ལྟེར་ཨ་དེ་ ཤནྟིཾ་ཀུ་རུ་ཨ་ཞེས་ཨ་ཡིག་གཉིས་གཉིས་ཀྱི་ནང་དུ་ཡི་གེ་བཅུ་པ་དང་མིང་ཆུད་པ། །ཙནྡན་ཆུས་བྲིས་རབ་གནས་ ལ་སྔགས་བརྒྱ་རྩ་བཟླས། ཁམ་ཕོར་དཀར་པོ་ཡུ་མེད་བཅས། །ཏེ་དེར་བཅུག མེ་ཏོག་དཀར་པོ་དྲི་བཟང་གིས་ མཆོད་ཅིང་ཞག་བདུན་དུ་སྒྲུབས་ན། །བསྐུལ་དང་རིས་སམ་སོགས། ཤིན་ཏུ་ཞི་བའི་ལས་ལ་མཆོག །ཇོ་བོ་བྷ་ག་ ཅེས་པ་མོ་མཚན་གྱི་དབྱིབས་ལྟ་བུ་གསུངས། ༼པ༽ བྷ་གའི་མུ་ཁྱུད་གསུམ་སྐོར་གྱི་དབུས་སུ་ཆོས་འབྱུང་དམར་པོ་གྲུ་གསུམ་ 23-1-383 མོ་མཚན་མཚན་པ། དེའི་དབུས་སུ་ལིངྒ་ཏེ་ཕོ་མཚན་དམར་པོའི་རྩེ་མོ་དང༌། མུ་ཁྱུད་དང་གཉིས་ཀྱི་བར་ལ་ཧྲཱིཿཡིག་དམར་པོ་ གིས། །བསྐོར་བ་ཕོ་མཚན་གྱི་འབྲས་བུ་ལ་མིང་དང་བསྐུལ་སྔགས་བཅས། །པ་ཧྲཱིཿཆེ་གེ་མོ་ཨཱ་ཀཪྵ་ས་ཧྲཱིཿཅེས་ སོ། ། ༈ ཁོར་ཡུག་ཕྱི་རུ་ཞགས་པ་དམར་པོས་སྐོར་བ་དང༌། ལྕགས་ཀྱུ་དམར་པོས་སྐོར་བ་བྲི། མིང་ལ་བུད་མེད་དེའི་དྲི་ཆུ་སྐྱེས་ པ་གཞོན་ནུའི་ས་བོན་བྱུགས། སྒྲོལ་མ་དམར་མོའི་ཀུ་རུའི་ང་རྒྱལ་གྱིས། བྱ་ལྕེའི་འོག་གི་རྩར་ཧྲཱིཿམེ་འོད་འཕྲོ་བའི་གདུང་བ་ཅན་ གྱིས་གདུངས། ཞགས་པ་ལྕགས་ཀྱུའི་སྦྱོར་བ་སྒོམ་སྒྲོལ་མའམ། ཀུ་རུའི་སྔགས་ལ་ཧྲཱིཿདེ་ཨ་ཀཪྵ་ས་ཧྲཱིཿཞེས་ངག་བཅད་ཟླས་ཞག་ བདུན་བདུན་ན་འཁོར་ལོའི་སྟེང་དུ་རང་གི་དྲི་ཆུ་དོར་ན་ཉི་མ་བདུན་ཙམ་གྱིས་ཉི་མ་ནི་ཟླུམ་པོ་མཆུ་ཅན་གསུངས། པཎྜི་ཏ་ཁ་ཅིག་ འཁོར་ལོ་བྲི་བ་མིན། འབུར་དུ་བྱེད་ཟེར། འདིར་འདི་ཡིས་བསྒྲུབ་བྱ་འགུགས་པར་འགྱུར། །ལུགས་ཕྱི་མ་ཁ་ སྦྱོར་གྱི་དགོངས་པར་ཡང་སྣང་ངོ༌། ། ༈ མདུན་བསྐྱེད་ཀུ་རུ་ཀུལླེའི་བསྙེན་པ་དང་འཁོར་ལོ་འབྲི་སྐབས་གསང་མཆོད་པ་བྱས་ལ། སྨད་འཚོང་མའི་ལག་ནས་ བྱུང་བའི་རས་ལ། སྣ་ཚོགས་༼ཕ༽པདྨ་འདབ་མ་བརྒྱད་རིམ་པ་གསུམ་སྐོར་བས་ཉི་ཤུ་བཞི། །འདབ་མའི་ཕྱི་ཐིག་ རེ་ཁ་གསུམ་བསྐོར་འདབ་མ་ནང་མར་ༀ་བར་མར་ཧྲིཾ་ཕྱི་མར་ཀྵླིཾ། ། ཏེ་འདབ་རེ་ལ་རེ་རེ་བརྒྱད་གསུམ་མོ། །ལྟེ་བ་ ལ་ༀ་ཧྲིཾ་ཀྵླིཾ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ༀ་ཧྲིཾ་ཀྵླིཾ་ཅེས་བྲི། གུར་གུམ་དང་གི་ཧཾ་སྲེས་པའི་རྒྱ་ཚོས་ཀྱིས་སྐར་མ། རྒྱལ་ལ་བྲིས་ནས་ སྒྲུབས་ཏེ་འཁོར་ལོ་བཟུང་བའི་ལག་པས་བསྒྲུབ་བྱ་ལ་རེག་པར་བྱས་ན། །བྲན་ཕོ་བྲན་མོ་ལྟར་ལས་བྱེད། ། ༼བ༽ འཁྲུལ་འཁོར་གྲུ་བཞི་སྒོ་བཞི་པ། །གཞལ་ཡས་ཁང་གི་གཞིའི་སྣ་ཚོགས་རྡོ་རྗེ་སྟེགས་བུས་ འདོད་སྣམ་བརྒྱན། །དུ་སཾ་པུ་ཊི་ལྟར་ན་སྣ་ཚོགས་རྡོ་རྗེ་དང་སྟེགས་བུ་མེད། རྡོ་རྗེ་ཟུར་བཞི་མཚན་པ་བཤད། ཤར་སྒོར་ཐོ་ བ་ལྷོ་སྒོར་དབྱུག་ཐོ་ནུབ་སྒོར་པདྨ་དང༌། །བྱང་སྒོར་རལ་གྲི་སྒོ་བཞི་དང་ཏེ་རེ་ག་གཅིག་པ་འདོད་སྣམ་སོགས་ མི་དགོས་ཨུཏྤ་ལ། །ནང་དུ་བཅུག་པའི་ཐོད་པའི་གདན་དང་བཅས་ལྕགས་ཀྱུ་གཞལ་མེད་ཁང་གི་གྲ་མཚམས་ སུའོ། །དེ་དབུས་སྣ་ཚོགས་པདྨ་འདབ་མ་བཅུ་པ་ལ་ཡི་གེ་བཅུ་པས་མཚན་པ་བྲི། །ལྟེ་བའི་ནང་གི་མཐའ་སྐོར་དུ་ ༀ་པྲ་སན་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ། དབུས་སུ་དེ་ཝཱ་ཤངྐུ་རུ་ཞེས་ 23-1-384 འབྲི། དབང་དུ་བྱེད་པའི་སྔགས་སོ། །དེ་ནས་བཀའ་སྩལ་པ། སྔགས་འདི་སླར་ཡང་གསུངས་པ་ནི་གོང་དུ་ འབྲི་བ་དང་ལས་སྦྱོར་སྐབས་ཙམ་ཡིན་ལ་འདིར་ལས་སྔགས་འདི་ལ་བསྙེན་པ་འབུམ་དུ་དགོས་པས་ཡིན་གསུངས། ༀ་སརྦ་ མོ་ཧ་ནི་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚནྨོ་ཧ་ཡ་བྷ་ག་བ་ཏཱི་སརྦ་དུཥྚཱ་ནཾ་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གོང་དུ་ བཤད་པའི་གྲུ་བཞི་སྒོ་བཞི་སོགས་ཕྱི་དབྱིབས་འདྲ་བ་དེ་དབུས་འཁོར་ལོ་རྩིབས་དྲུག་གམ་ཨུཏྤལ་འདབ་དྲུག་གི་ལྟེ་བར་ཟླ་ (ཟླ་བ་ཏཾ་བཅས་སུ་མ་ཟད་རྩིབས་དྲུག་ཀྱང་དབུས་སུའོ། །ཞེས་པའི་དོན་ནོ།།) བ་ཏཱཾ་ཡིག་བཅས། །དབུས་སུ་ༀ་ཀུ་ རུ་ཀུལླེ་ཧྲཱིཿཆེ་གེ་མོ་ལས་ཀྱི་སྤེལ་ཚིག་གང་འོས་སྦྱར་ནས་ཧྲཱིཿཞེས་བསྐོར་བར་ཇོ་བོ་བཞེད་དེ། དེ་ལྟར་ན་དབུས་དང་རྩིབས་དྲུག་ ཀུ་རུ་ཀུལླེ་ཞེས་འདོན་ནོ། །རྩིབས་དྲུག་ལ་ཀུ་རུ་ཀུལླེ། གོང་འཁོར་ལོ་གསུམ་པ་དང་འདྲ། སྔགས་ནི་ཡི་གེ་བརྒྱད་ ཧྲཱིཿགཉིས་དབུས་ཆུད་པའི། །མིང་དང་བསྐུལ་བ་ཧྲཱིཿཆེ་གེ་མོ་ཝ་ཤངྐུ་རུ་ཧྲཱིཿསྭཱཧཱཿཅེས་པའོ། །ལྟེ་བ་དང་མུ་ཁྱུད་ ལ་མོ་ཧའི་སྔགས་བགོད་པས་ལས་ཀུན་བྱེད། །ཀུ་རུའི་སྔགས་འབྲུ་བརྒྱད་ཀྱིས་མཐར་མོ་ཧའི་སྔགས་སྦྱར་བ། འབུམ་ ཕྲག་བཟླས་པས་ས་གཡོ་ཞིང༌། །རྒྱ་མཚོ་བདུན་བསྐམས་མི་རྒྱུ་བའི་དུག་ཞི་བར་བྱེད། །གྱོ་མོའི་ སྦྱོར་བ་ནི་རྫ་ཐོད་ལ་འདོད་པ་ཡོད་ནའང་འདིར་གྱོ་མོ་ལ་འཁོར་ལོ་བྲིས་ཐོད་པར་བཅུག་ནས་མནན་ནས་འབྱུང་བོ་ཀུན། ། བཅིངས་བའི་ནུས་པ་དང་གཞན་ཡང་ནས་སྔགས་འདི་བཟླས་པས་དུག་དང་མཛེ་ནད་སོགས་ཀླུའི་གནོད་པ་དང་འཁོར་ ལོ་དེ་ལུས་ལ་བཅངས་པའམ་གྲོང་ཁྱེར་གྱི་སྒོར་སྟེང་དུ་སྦས་ན་འཕྲ་མེན། མཁའ་འགྲོ་མའི། །སྦྱོར་བ་རིམས་ནད་དང་ ལྟ་སྟངས་སོགས་འཕྲོག་ཅིང་སྐུལ་ཚིག་དང་བཅས་ཆུ་མིག་ཏུ་སྦས་ནས་མཆོད་གཏོར་བྱས་ན། ཆར་འབེབས་དང༌། ཁ་སྟེང་དུ་ལྟས་འཁོར་ལོ་ནམ་མཁར་འཕངས་སྔགས་དེ་སྟོང་ཟླས་ན་ཆར་གཅོད་གསུངས་ཏེ་འདིར་མ་བཤད། མདོ་རྒྱུད་གཞན་ དང་མཐུན་ནོ། ། ༈ སྐུལ་ཚིག་དང་བཅས་སྒྲུབས་ནས་ལུས་ལ་བཅངས་ན་གཡུལ་དུའང༌། མཚོན་ཆས་མི་གནོད་པའི་ལུས་སུ་ འགྱུར་རོ། །༼ཙ༽ དཔྱིད་ཟླ་ར་བའི་ཉིན་པར་བུ་མོ་མཛེས་མ། །རྡུལ་ཏེ་ཟླ་མཚན་དང་ལྡན་པའི་དུས་ཀྱི་ གོས་གྱིས་ནི་ཐང་ཀའི་རྒྱུ་རས་བཏགས་ལ། །བུད་མེད་བཟང་མོའི་ཟླ་མཚན་གྱིས་བསྒོས་པའི་རས་དེ་ལ་ ནི། །རི་མོར་རི་མོ་བ་དམ་ཚིག་ལྡན་པས་བྲིའོ། །ལྷ་གང་འབྲི་ནས། །སྒྲོལ་མ་དང་འོད་ཟེར་ཅན་མ་ 23-1-385 དང༌། །ཕག་མོའི་གཟུགས་རབ་གནས་སྤྱི་དང་འདྲ་བ་ལས། སྦྱིན་སྲེག་རྒྱས་བསྡུས་གང་ལྟར་ཡང༌། ཁྲི་ཕྲག་གཅིག་ ངེས་པར་བྱ་ལ་མངོན་མཆོད་ན། །གང་དང་གང་འདོད་པའི་ལས་ཐམས་ཅད། །དེ་འཕྲིན་ལས་ཐམས་ ཅད་དམ། ཁྱད་པར་སོ་སོའི་ལས་ཚོགས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །འཁྲུལ་འཁོར་ ལ་མ་བརྟེན་པའི་ལས་སྣ་ཚོགས་པའི་བཤད་པ་ནི། གཞན་ཡང་རྩ་བའི་གཟུངས་ཀྱི་མཐུ་ཏེ་རྩ་སྔགས་ཁོ་ནའི་ལས་ ཚོགས་གསུངས་པ། །ལས་འདི་དག་ནི་ལས་སྦྱོར་སྐབས་ལ་སྡུས་ནས་གཙོ་མོ་རྐྱང་བ་ང་རྒྱལ་གྱིས་བྱའོ། །༼༡༽ གོས་ མཐའ་འམ་སྐྲའི་སྟེངས་ལ་ཟླ་བ་ལ་ཏཾ་བསམ་ལ། དེའི་འོད་ཀྱིས་གནོད་བྱེད་བཀུག དེ་བཅིངས་པར་བསམ་ལ་ལན་བདུན་ རཀྵ་རཀྵ་བཏགས། མངོན་བསྔགས་ལ་མདུད་པ་གསུམ་དབུགས་སྡམས་ཏེ་བཅིངས། །འབྲོག་དགོན་དག་ཏུ་ དགྲ་དང་གཅན་གཟན་སྦྲུལ་སོགས་འཇིགས་པ་མེད་པར་འགྱུར། །མཎྜལ་ཟླ་ཁམ་གྱི་སྟེང་དུ་འོ་མ་ཅན་གྱི་ཤིང་རྩིང་ཏེ་ ༼༢༽ ཨུཏྤལ་སྦྱིན་སྲེག་བརྒྱ་རྩ་ཡིས། །ངེས་པར་དབང་དུ་བྱེད་པ་ཡིན། །དེའི་སྔགས་ནི་ༀ་ཏཱ་རེ་ ཏུཏྟཱ་རེ་ཏུ་རེ་ཨ་ཆེ་གེ་མོ་མུ་ཀཾ་མེ་བདག་གི་དབང་དུ་གྱུར་ཅིག བ་ཤ་མ་ན་ཡེ་སྭཱཧཱ། ༼༣༽ བྱ་རོག་གཤོག་ པའི་དྭང་རུ་མ་ཉམས་པར་ལན་སུམ་ཅུ་རྩ་གཉིས་བསྔགས་ནས་ནི། །དགྲ་བོའི་ཁྱིམ་གྱི་སྒོའི་སྒོར་དུ་སྦོས་ན་ དགྲ་བོ་སྐྲོད། །དེའི་སྔགས་ནི་ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་ག་མི་ནི་དེ་བ་དཏྟཾ་ཨུཏ་ཙ་ཊཱ་ ཡ་ཧཱུཾ་ཕཊ། རྒྱ་དཔེ་གཅིག་ཏུ་ར་ཛི་ཀ་སྣང༌། མ་ད་ན་འབྲུ་དམར་པོ་སེ་འབྲུམ་འདྲ་བ་གཅིག་ཡོད་གསུངས། ༼༤༽ སོ་སོ་ འཆའ་དང་ཡུངས་ཀར་དང༌། །ཐང་ཕྲོམ་གྱི་འབྲུ་དང་ཨ་ཤྭ་ཀའི་ཤིང་མེ་ཏོག །འདབ་མ་བཅས་པ་ ལན་ལྔ་སྟོང་སྦྱིན་སྲེག་བྱེད་པའམ། །འདིར་ཐབ་ཟླ་ཁམ་འམ་གྲུ་གསུམ་བྱས་ཤིང་ཡང་གྲུ་གསུམ་དུ་རྩིག རང་བདག་ བསྐྱེད་མེ་ནང་འདས་པ་མེ་ལྷ་སྐད་ཅིག་གིས་སྒོམས་ཏེ་རྫས་སྲེགས་པ་ལས། ཐབ་རྐོ་སྐྱེད་འཇིག་རྟེན་པའི་མེ་ལྷ་སོགས་མི་དགོས་ སོ། །འདི་སྐབས་ཀྱི་སྦྱིན་སྲེགས་ཐམས་ཅད་ལའོ། །ཡང་ན་མངར་གསུམ་མར་དང་ལྡན་པ་བསྲེགས་བྱས་ན། ། ཉིན་བདུན་ཕུལ་ན་བུ་མོ་རིགས་ནོར་གཟུགས་མཆོག་དག་ཐོབ་པར་འགྱུར་རོ། །དེའི་སྔགས་ནི་ༀ་ཏཱ་རེ་ཏུཏྟཱ་ རེ་ཏུ་རེ་ཨ་མུ་ཀ་(ཆེ་གེ་མོ་ཞེས་བྱ་བའི་)བྷི་དྷ་ནཱཾ། ཀུ་མཱ་(གཞོན་ནུ་མ་)རཱི་མ་ཧེ་མུདྦ་ཏེ་(བདག་ལ་ལུགས་བཞིན་ དུ་)ན་ཏ་སྱཱཿཔི་(ཕས་)ཏ་པྲ་ཡཙྪནྟུ་(སྟེར་བར་གྱུར་ཅིག་)སྭཱཧཱ། ༼༥༽ ཟླ་མཚན་ཅན་གྱི་མདོམ་སྐྲིས་སུ་བྱིན་པའི་ 23-1-386 རས་ལ་སྒྲོལ་མ་དམར་མོ་ནི། །གཡས་ཨུཏྤལ་གཡོན་ཞགས་པ་བསྣམས་པ་བྲི། །རབ་གནས་བྱས་ལ་ཐུན་ བཞིར་མཆོད་ཅིང་ཐུན་རེར་ལས་སྐུལ་ཚིག་སྦྱར་བའི་ལྔ་སྟོང་བཟླས་ནས་ནི། །དེ་མིན་རྩ་སྔགས་གོང་སོགས་བཟླ་ གསུང༌། དབང་དུ་འདུ་བའི་ཡུལ་རྨི་ལམ་དུ་ཤར་ན་ཞགས་པས་འགུལ་བཅིངས། ལྕགས་ཀྱུས་མོ་མཚན་ཕུག མེ་ཏོག་ གི་མདའ་སྙིང་ཁར་སྣུན། རྐང་འོག་ཏུ་ལྷུང་བར་བསམ་ལ། སྔགས་འོག་མའམ། ལས་ཚོགས་གཉིས་པའི་སྔགས་ཀྱིས་ཀྱང་རུང་ གསུངས། དེའི་སྦྱོར་བས་བཀུག་ལ་འདོད་པ་སྤྱད། །ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱི་མ་མེ་བ་སི་ཏཾ། བདག་ ལ་དགོས་པའམ། དབང་དུ་བྱར་འོས་པའི་སྭ་སྣ་རྨི་ལམ་ཀརྞེ་རྣ་བར་ཀ་ཐཱ་ཡ་གཏམ་དུ་གྱིས་ཧཱུཾ་ཕཊ། རྨི་ལམ་དུ་གསུངས་ ཤིག་གི་དོན་ནོ། །༼༦༽ རེག་ཕྲུག་ཚེར་མ་མ་རྙེད་ན་དྷུ་སའི་ཚེར་མས་རུང་བར་སྣ་ཚོགས་སྒྲོལ་མའི་རྒྱུད་མངོན་འབྱུང་ ན་ཡོད་གསུང༌། ཟླ་མཚན་བཅས། །སྟེ་དེ་ལ་རྦངས་པའོ། །སྲེག་བླུགས་སྟོང་ཕྲག་གཅིག་གིས་ཕུལ་བ་ནི། ། མི་བདག་རྒྱལ་པོའི་བུ་མོ་མཆོག་ཀྱང་འགུགས། །དེའི་སྔགས་ནི་ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་བི་དྷ་ ནཾ་(རྒྱ་དཔེ་གཅིག་ན་ཨ་མུ་ཀ་ནི་ཧ་ནཾ་སྣང་བ་བག་མ་ཆེ་གེ་མོ་ཞེས་བྱ་བའི་)སྭསྠཱ་ནཱ་དཱ་ཀཪྵཱ་ཡ་(རང་གི་གནས་ནས་ཁུག་ ཤིག་)མ་མཱནྟི་ཀེ་ཛཿ བདག་གི་དྲུང་དུ།༼༧༽ ཟླ་བ་གཟས་བཟུང་བའི་དུས་སུ་ཟླས་པ་བྱེད་བཞིན་དུ་སྙོམས་འཇུག་ བྱས་པའི་འཇིག་རྟེན་དབང༌། །ཏེ་ཐིག་ལེ་དུང་གི་སོལ་བ་དང་(འགའ་ཞིག་མ་སྲེག་པར་འདོད་དེ་གང་ལ་བྱིན་པའི་ བུ་མོ་དེ་དབང་དུ་འགྱུར་རོ། །)བཏགས་ཏེ་འདོད་མར་སྦྱིན། །ཡང་ན་སྦྲུལ་མགོ་གཉིས་པའི་སྟེ་ཕྱོགས་ གཉིས་ཆར་ལ་མགོ་ཡོད་པའོ། །ཤ །དུད་པ་མ་ཤོར་བར་ཐལ་བར་བྱ་བ་ཁ་ཅིག་འདོད། ༼ ༨༽ ཨརྐའི་ཤིང་བལ་ལ་ དྲིལ་བར་བྱས་ལ། །བ་དམར་མར་ཁུས་ཐོད་པར་མར་མེ་སྤར་བ་ལ་ཐོད་པ་བཀབ་སྟེ་ནག་གི་མིག་སྨན་(འགའ་ ཞིག་མིག་སྨན་ཤ་ཆེན་སྟེ་ཟེར་)བྱ། །ལག་པའི་སྲིན་ལག་གཉིས་ལ་འཆིལ་མ་སྐུས་སྔགས་གསུམ་གྱིས་མཉེས། སོར་མོ་རྣམས་ བསྡུས། ས་ལ་རྩ་སྔགས་ལན་ལྔ་ཟླ། རེ་རེ་ནས་བཀྲོལ་ཏེ་རེ་རེ་ནས་བཟླས་ཏེ་མིག་ལ་བྱུག་གོ །དེ་ནས་ལྟ་སྟངས་དང་བཅས་ བཞིན་པས་རྡོ་རྗེ་ཆོས་དང་བྱང་སེམས་རང་འཛག་པ་སྟེ་ཕྱུང་པ་མ་ཡིན་པའོ། །ཞེས་པཎྜི་ཏ་ཁ་ཅིག་འདོད་དོ། །ཁ་ཅིག་ཐིག་ ལེ་རཀྟ་ཀྱུས་མ་ཏེ་ཨརྐའི་བལ་ལ་དྲིལ་ཟེར། ཉི་མ་དང༌། །རྟ་རྒྱལ་མཆོག་གི་དཔའ་བོ་གཡུལ་དུ་གསད་པའི་སྤོས་ བདུག་ནས། །སློབ་མའམ་བུ་མོ་ཁྱེའུ་ལ་ལྟ་སྟངས་ཀྱི་ལྟས་པས་པདྨ་གར་(འགའ་ཞིག་མངལ་ཁྲག་ཟེར་)དབང་ 23-1-387 འབབ། །གྲུབ་ཆེན་ཞི་བའི་ཞབས། རྒྱུད་གུར་དང་སྟུན་ན་སྒྲོལ་མས་མནའ་བོར་བའི་ཕྱིར། འོད་དཔག་མེད་ཀྱི་ཡེ་ཤེས་འབབ་ པ་ལ་བཞེད་དེ་ཤིན་ཏུ་ལེགས། སྦྲུལ་ནག ༼༩༽ ཧ་ལ་ཧ་ལའི་མཇུག་མ་དང༌། །འཇམ་འབྲས་ཀྱི་འབྲུ་དང་ རྩངས་པའི་མཇུག་མ་དང༌། །འགྲོན་བུ་རོ་ཏེ་དངུལ་ཆུར་བཅས་པ་ཁམས་དཀར་དམར་རྡོ་ཁབ་ལེན་བྱུགས་ པའོ། །ཁུ་བ་འཛིན། །༼༡༠༽སྡིག་པའམ་སྦལ་པའི་དཀར་པོ་ཞག་གིས་སམ། །བ་ར་རྟའི་༼༡༡༽འོ་མ་ རྣམ་གསུམ་ཨ་ཤོ་ཀཪྵ་དང་སྦྱར་བ་དང༌། །དང་པོར་བྱུང་བའི་ཨ་ཕུ་མཚལ་རྡོ་དང་སྦྱར་བ་ནི། །གུ་གུལ་ ལྷད་མེད་བཅས་པའི་རིལ་ལུ་(ཟོས་པས་)ཀྱང༌། །རྟག་ཏུ་ཁུ་བ་རེངས་པར་འགྱུར། །སྒྲོལ་མ་དམར་མོའི་ སྔགས་༼༡༢༽ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སནྟ་ར་ཎི་ཧྲཱིཿ དེ་བ་དཏྟ་བཱ་ཤཾ་ཀུ་རུ་ཧོ། དེའི་སྒྲུབས་ཐབས་ཏེ་འགྲེལ་ པ་གཉིས་ལྟར་ན། དམར་མོ་ཕྱག་གཡོན། པདྨ་དམར་པོ་དང་གཡས་ལྕགས་ཀྱུ་བཅས་པ་ཡི། །བདག་བསྐྱེད་བསྙེན་ པ་འབུམ་བྱས་ལ། ༈ སྐྱེས་པའམ་བུད་མེད་ཀྱི་ཟག་རྫས་ལ་འཁོར་ལོ་གོང་འདབ་མ་བཅུ་པ་དང་འདྲ་བ་ལས། ལྟེ་བ་དང་མུ་ཁྱུད་ལ་སྔགས་ འདི་ཉིད་ཀྱིས་སྐོར་བ་བུ་མོའི་སྐྲས་བཅིངས་ཏེ། ཙནྡན་དམར་པོ་དང་སྨན་འཚོང་མའི་རཀྟ་སྲེས་པའི་འབྱིན་པ་ལ། སྤུ་ཏ་ལིངྒ་ བྱས་པའི་སྙིང་ཀར་གཞུག སྨན་འཚོང་མའི་གོས་ཀྱིས་བཀབ་ལ་སྔགས་དང་ཕྱག་རྒྱས་འགུགས་པར་བྱ། །དམིགས་པ་ཕོ་ ཉ་མོ་དམར་མོ་ཞགས་པ་ལྕགས་ཀྱུ་བསྣམས་པ་ཡི། །ལྷ་མོས་བསྒྲུབ་བྱ་མེ་རླུང་གི་སྟེང་དུ་བཞག ཕོ་མོ་སོ་སོ་དང་ བསྟུན་པའི་ཞགས་པ་ལྕགས་ཀྱུའི་སྦྱོར་བས་ཞག་བདུན་གྱིས་འགུག་པར་བྱེད་པ་ཡིན། །ཤོ་ལོ་ཀ་གཅིག་པོ་འདི་དང༌། འོག་རྒྱུད་ཉི་མའི་ཉི་མ་འཆར་ཀ་སོགས་དང༌། སྒྲོལ་མ་དམར་པོའི་རྣལ་འབྱོར་པས། ཞེས་པ་ནས། འོང་བར་འགྱུར་རོ་བར་རྣམས་ དོན་ཁོགས་སྒྲིགས་ཏེ་འདིས་ཁོང་པར་སྟན། འོག་གི་གཉིས་པོ་བསྙེན་པ་དང༌། རྒྱས་བཤད་དུ་སྦྱོར་བ་གྲུབ་ཆེན་ཞི་བའི་མན་ངག་ སྟེ་ཡི་གེ་ལོག་ནས་ཡོད་པས་དེར་ཤེས་སོ། །༼༡༣༽ༀ་ཙ་ཏུརྦྷུ་ཛ་ཥཎྨུ་ཁ་བི་ཀྲི་ཏཱ་ནན་ཀརྞ་པི་ཤཱ་ཙི་ཧཱུཾ་ཕཊ། གཤིན་རྗེ་གཤེད་ཀྱི་བྲིས་སྐུའི་མདུན་དུ་དེའི་གཟུགས་བརྙན་ཁྲོ་མོ་གདོང་དྲུག་ཕྱག་བཞི། མེ་ལོང་ཐོགས་པ་བྲིས་ ཏེ། གཙང་སྦྲའི་མཆོད་གཏོར་དང་བཅས་ཞག་བདུན་བཟླས་ན། རྣ་བར་སྒྲོག་པ་གྲུབ་བོ། །༼༡༤༽ ༀ་བུདྡྷ་ ཙུ་རུ་མཱ་ཙུ་རུ་ཀེ་སྭཱཧཱ། སངས་རྒྱས་ཀྱི་མཆོད་རྟེན་གྱི་དྲུང་དུ་མཆོད་པ་དང༌། གཙང་སྦྲ་དང་བཅས་པས་ 23-1-388 ཟླ་བ་གཅིག་བཟླས་ན། བདག་ཉིད་གང་དུ་སྐྱེ་བར་འགྱུར་བ་དང༌། ཚེ་ཟད་པ་དང༌། རིང་དུ་འཚོ་ བ་ཡང་ཤེས་པར་འགྱུར་རོ། །ཧ་ལ་ཧ་ལའི་༼༡༥༽ སྦྲུལ་གྱིས་སྦལ་པ་དཀར་པོ་བཟུང་བ་ན། །སྦལ་པ་ ཁ་ཡོད་བཞིན་པ། བྱིས་པ་སོགས་ཀྱིས་གསད་པ་ན། སྦྲུལ་དང༌། སྦལ་པ། དེ་དག་གི་ཤ་རུས་དུད་མེད་སྲེགས་ཏེ་ཐལ་ བར་བྱ། །ལ། ཐལ་བ་དེ་སྦྲང་རྩིར་སྦྱར་བ་ལ་སྔགས་ལན་སྟོང་བཏབས་ཏེ་བུད་མེད་དེའི་མཆན་ཁུང་དུ། །ཐིག་ ལེ་བྱས་ན་འགུགས་པར་འགྱུར། །༼༡༦༽མི་ཚིལ་མི་ཡི་ཐོད་པར་བཞག །ནརྨའི་བལ་ཤིང་བལ་ རང་མདོག་དམར་པོ་གཅིག་ཡོད་གསུངས་གྱིས་སྡོང་བུར་བྱས། །གཟུགས་འཚོང་མ་རྒྱ་བལ་གྱི་རིགས་དང་སྤྱོད་པ་ དང་ལོངས་སྤྱོད་རིན་ཐང་དུ་བཅད་པའི་དམ་ཚིག་ལ་གནས་པ་དགོས་ཀྱི་བོད་ཀྱི་གཅོང་མོས་མི་བཏུབ་གསུངས། ཐོད་པ་དུམ་ བུ་བཞི་པའམ་དྲུག་པ་དག་ལས་ནི། །མར་མེ་དེའི་སྣག་ཚ་སྣག་ཆགས་སུ་གཞུག་རིང་ཏེ། མཚན་ཕྱེད་ཙམ་སྔགས་སྤེལ་ ཚིག་ཅན་བཟླས་ནས་བླངས་ཏེ་བུ་མོ་ལ། །ཐིག་ལེ་བྱས་ན་འགུགས་པར་འགྱུར་རོ། །༼༡༧༽ༀ་བཛྲ་ ཏིཀྵྞ་ཡ་ཧཱུཾ་སྭཱཧཱ། འོ་མ་ལ་ལན་བདུན་མངོན་པར་བསྔགས་ནས་བཀྲུས་ན་མིག་གི་རབ་རིབ་ སེལ་བར་འགྱུར་རོ། །མི་རུས། ཕག་འཆེ། རྨ་བྱའི་མཁྲིས་པ། མུ་ཟི། ཟེ་ཚེ། སྦྲིང་ག་ར་ཛ། བདུད་རྩི་ལྔ། གྲུལ་རྣམས་ སྲེས་པའི་རྫས་དང༌། ༼ ༡༨༽ མིའི་རྟིང་པའི་ཤ་དང༌། བྱི་ལ་ནག་མོའི་མཆིན་པའི་རྫས་ཀྱི་སྟེང་དུ་སྒྲོལ་མ་ སྐྱེད་མཆོད་བསྟོད་ཟླས་ཞག་བདུན་བྱས་པ་བདུག་པས་སྔགས་བརྒྱ་རྩས་སྔགས་པ་གནས་དང་རྫས་ཀྱི་འབྱུང་པོ་ རང་གནོད་པའམ་གཞན་གྱིས་རྦད་པ་རྣམས་སྐྲོད་པར་འགྱུར་རོ། །ཉུང་ཀར་ལྡོང་རོས། ཞུམ་བུའི་བྲུན་རྣམས་ལ་གཟུགས་ བརྙན་བྱ། དྲི་དང་མིང་སོགས་སྙིང་གར་གཞུག དགུག་གཞུག་དང་བྱད་དུ་གཞུག ཚེར་མའི་ཤིང་ལ་སྦྱིན་སྲེག་བྱས་ན་འབྱུང་པོ་ འཆི་ཤིང༌། རྫས་གོ་རྗེས་པས་མི་ལའང་བཏུབ། བར་ཆོད་གནོད་སྤྱི་ལ་དམིགས་ནའང་བཏུབ། རྒྱུད་གཞན་ལས་འབྱུང་བ་འཕྲོས་ དོན་ཡིན་གསུང༌། ནིརྒུ་ཊའི་འབྲུ་དང་མུཎྜཱི་འབྲུ་དང་བྷདྒ་ར་ནག་པོའི་ལོ་འབབ་རྐང་འབྲས་བུ་ཚང་མ་དང༌། བྷངྒ་ལྷོ་ཕྱོགས་ཀྱི་དང་སོ་མ་ར་ཙའི་ལོ་འདབ་རྐང་འབྲས་རྡུངས་པ་ལ་ལ་བུད་དང་སྲེས་པའོ། །ནིམ་ཁ་བའི་རོ་ཁོ་ན་གཞན་ ཡིན་ལ་ལྷོ་ཕྱོགས་ཀྱི་ཁ་ཤིང་ཆ་བ་གཅིག་ཡོད་དོ།། ༼༡༩༽ ནིམྦ་ཏིག་ཏའི་ཤུན་པ་དང་འདབ་མ་རྣམས་གྲིབ་མ་ལ་ བསྐམས་པ་དང༌། བེ་ལ་ཝ་(གོ་ཕྱེའི་འབྲས་བུ་)དང༌། ཛདྒི་ཧ་རི་ཏ་ཀེ་(ཨ་རུ་ར་འབིགས་བྱེད་ཟུར་དྲུག་པ་ཕྲ་ 23-1-389 མོ་)རྣམས་ཆ་མཉམ་དུ་བཏགས་དང་པོ་ལྔ་དང༌། ཕྱི་མ་གཉིས་སོ་སོར་བུ་རམ་ལ་སྦྱར་ནས་དང་པོ་ལྔ་སོར་གསུམ་ གྱི་ཚད་དུ་ཟོས་ཟིན་པ་དང༌། ཕྱི་ནས་ཆུ་ཚོད་གཅིག་ནས་ལྷག་མ་གཉིས་ཡང་སོར་མོ་གསུམ་གྱི་ཚད་དུ་ ཟོས་ན། ཉི་མ་དང་རླུང་མི་འཕོག་པར་བྱས་འོ་མ་ཁོ་ན་བཟའ་ཞིང་བཏུང་བ་བྱས་ན། ཟླ་བ་དྲུག་ནས་རྒན་པོ་ཡང་ གཞོན་ནུར་བྱེད་པ་དེ་སྐྲ་དཀར་ནག་པོར་འགྱུར་བ་ལ་སོགས་པ་ལ་ཐེ་ཚོམ་མེད་དོ། །༼༢༠༽ ན་མོ་བི་ག་ཏ་ རཱ་ག་མེ་ཏྲི་ཡ་སི་དྷ་ལོ་ཙ་ནེ་སྭཱཧཱ། ཞེས་པས་ལན་ཁྲི་བཟླས་ཤིང༌། ཕྱི་ནས་ཐོ་རེངས་བརྒྱ་བརྒྱ་བཟླས་ཤིང་ཆུས་ མིག་སྐྲུས་ན་དེས་ཀྱང་རབ་རིབ་སེལ་བར་བྱེད་དོ། །བདག་བསྐྱེད་སྒྲོལ་མ་མདུན་བསྐྱེད་འོད་ཟེར་ཅན་མའི་བསྙེན་ པ་གྲུབ་པས་འོད་ཟེར་ཅན་མའི་རྣལ་འབྱོར་ལ་གནས་པས་༼༢༡༽ཟླུམ་(ཕྱི་མའི་སོགས་)པོ་ཟླུམ་སྐོར་གཉིས་ཀྱི་ནང་མ་སྣ་ ཚོགས་རྡོ་རྗེ་ཡིན་ལ་མཚམས་བཞི་པོ་རེ་རེ་སུ་རྡོ་རྗེས་ཕྱེད་པ་སེར་པོ་རེ་རེ་བརྒྱན། །ཧཱུཾ་བཞིས་རྡོ་རྗེ་(ཕྱེད་པ་བཞི་ པོ་དེས་རྭ་དབུས་མའི་རྩེ་)ལེགས་པར་མཚན། །ཟླུམ་སྐོར་ཕྱི་མའི་ཟླུམ་ཐིག་ལ་མ་རེག་ཙམ་གྱི་ནང་དུ་གཡས་སྐོར་གྱིས་ ༀ་པ་ད་ཀྲ་མ་སཱི། པ་ར་ཀྲ་མ་སཱི། ཨུ་ད་ཡ་མ་སཱི། ནིརྨ་ནཻ་ར་མ་སཱི། ཨརྐ་མ་སཱི། མརྒ་མ་སཱི། ཨུརྨ་མ་སཱི། བ་ན་མ་སཱི། གུལྨ་མ་སཱི། ཙི་བ་ར་མ་སཱི། མཧཱ་ཙི་བ་ར་མ་སཱི། ཨནྟརྡྷ་ན་མ་སཱི་སི་ རྣམས་ཐུང་ངུའང་འདུག་སྭཱཧཱ། ལྟེ་བ་དེར་དཀྱིལ་འཁོར་ཟླུམ་པོ་ལ་བྲི་སྟེ་ༀ་ནི་སྔགས་ཆེན་བཅུ་གཉིས་སོ། །ཐམས་ ཅད་ཀྱི་འགོ་བོར་དུའོ། །སྔགས་དེ་རྣམས་ཀྱི་ནང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་རྭ་གསུམ་གསུམ་གྱི་གཡས་དང་ གཡོན་དུ། ༀ་བརྟ་ལཱི་(ནི་སོགས་ཐུང་ངུའང་འདུག)ༀ་བ་རཱ་ལི། ༀ་བ་རཱ་ཧ་མུ་ཁཱི། ཞེས་པ་ཕྱེད་མར་བགོས་ ཏེ་བྲིའོ། །ཇོ་བོ་དབུས་རྭ་ལ་བཱ་གཡས་མ་ར་ལཱི་གཡོན་དུ་བཱ་རཱ་ཧ་བཀོད་དེ་གཡས་གཡོན་སྨོས་པས་དབུས་ཀྱང་གོ་གསུང་ངོ༌། ། དེའི་ཐད་ཀྱི་མཚམས་སུ་ཡང༌། ༀ་མ་རི་ཙྱེ་ཇོ་བོ་ཆེ་གེ་མོ་ལ་རཀྵ་འདོགས་ཉི་མ་ནི་དངོས་བསྟན་ཙམ་རང་ལུགས་ཧཱུཾ་ འདོགས་གསུང༌། ཞེས་བྲིའོ། ། ༈ རྡོ་རྗེ་རྒྱ་གྲམ་དེའི་དབུས་སུ་སྟེ་ལྟེ་བའི་མཐའ་ཡི་ནང་ༀ་བཱ་རཱ་ལཱི། ༀ་བ་ཏཱ་ལཱི། ༀ་བ་རཱ་ཧ་མུ་ཁཱི་སརྦ་ དུཥྚཾ་པྲ་དུཥྚཾ་ཀཱ་ཡ་བཱཀྩིཏྟ་མུ་ཁཾ་ཛམྦྷ་ཡ། སྟཾ་བྷ་ཡ་ཞེས་སོ། །དེའི་དབུས་སུ་མཾ་ཡིག་(ཆེན་པོ་ཞིག་)གོ ། མཾ། དེའི་ནང་དུ་དེ་བ་དཏྟ་རཀྵ་རཀྵའོ། །མཾ་གྱི་མཐའ་སྐོར་བཱ་ར་ལི་སོགས་ཀྱི་ནང་དུ་ༀ་མ་རི་ཙྱཻ་མཾ་དེ་རཀྵ་རཀྵ་ཧཱུཾ་ 23-1-390 ཧཱུཾ་ཕཊ་ཕཊ་སྭཱཧཱ། འབྲི་བ་མན་ངག་གོ །འདི་ནི་གྲོ་ག་ལ་གུར་གུམ་གྱིས་བྲིས་ན་ཆོམ་རྐུན་དང་རྒྱལ་པོ་དང༌། སྟག་ སྦྲུལ་མ་ཧེ། མེ་ཆུ་ལམ་གོལ་སོགས་བར་ཆད་ཐམས་ཅད་དུ་བསྲུང་བ་སྟེ། འོད་ཟེར་ཅན་མའི་འཁོར་ལོའོ། ། ལས་ཀྱི་ལྷ་དང་དཀྱིལ་འཁོར་གྱི་འཕྲོས་ནི་ཡང་གསུངས་པ། དཀྱིལ་འཁོར་དབུས་སུ་པདྨ་འདབ་བརྒྱད་བྱས་ལ་དབུས་ སུ་ལྷ་མོ་མདོག་གསེར་དང་མཚུངས་པ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །ཞལ་བཞི་ཕྱག་བརྒྱད་ འདོད་པའི་གཟུགས། །རྒྱུད་ཕྱི་མར་འབྱུང་ངོ༌། །སྒྲོལ་མ་འདིའི་མཚན་རྡོ་རྗེ་འཛིན་མ་ཏེ་དེའི་དཀྱིལ་འཁོར་ བསྒོམ། །རྣལ་འབྱོར་མ་ནི་བཅུ་དང་བཅས། །པ་ཡང་རྒྱུད་ཕྱི་མར་འབྱུང་ངོ༌། །གྲྭ་བཞིར་འབྱུང་བ་བཞི་ ཡང་དགོད། །ཏེ། དབང་ལྡན་དུ་བུམ་པ་ཆུས་གང་བ། མེར་རི་རབ། བདེན་བྲལ་དུ་མེ་ཐབ། རླུང་དུ་རླུང་རས་སོ། །དཀྱིལ་ འཁོར་མཆོག་འདི་སྐུ་ཡི་ནི། །དཀྱིལ་འཁོར་རོ།།གསང་བའི་ཕྲ་ཐིག་གི་ཡེ་ཤེས་བླ་མེད་པའོ། །དེའི་མན་ ངག་སྣ་རྩེར་ཐིག་ལེའི་དབུས་སུ་དལ་སྒོམ་པ་ཐིག་ལེ་དང་སངས་རྒྱས་རྣམས་ཞལ་དུ་བཅུག ཞུ་བ་པདྨའི་སྣ་རྩེར་ཐིག་ལེ་ཕྱག་ མཚན་དང་བཅས་པའི་ནང་དུ་དལ་སྒོམ་པ་ཕྲ་མོའི་ཡོ་གའོ། །དེ་ནས་གསུང་གི་དཀྱིལ་འཁོར་ནི། །དལ་གྱི་ནང་བྷ་ གའི་ཆོས་འབྱུང་དབུས་སུ་གདན་ཟླ་བ་བསྒོམ། །དམར་མོ་བཅུ་གཉིས་ལོ་ལོན་པ་ཡི་ཚུལ། །ཕྱག་རྒྱ་ ལྔ་དང་ཐོད་པས་དབུ་རྒྱན་དང་དོ་ཤལ་གྱིས་བརྒྱན། །ཞབས་བཞི་གཡས་བརྐྱངས་རོལ་པར་མཛད། ། མདུན་མ་གཉིས་གཡས་རྐྱང༌། རྒྱབ་གཉིས་གཡས་རྐྱང་གར་སྟབས་སུ་བྱ། ༈ ཞབས་འོག་ཚངས་པ་བརྒྱ་བྱིན། བདུད་དང༌། དབང་ཕྱུག་སྟེ་བདུད་བཞི་མཉམ་པར་སྙིང་གར་མནན་ པའོ། །སྤྱི་བོར་ཏེ་དབུ་སྐྲ་ལ་ཨུཏྤལ་སྣ་ལྔའི་ཕྲེང་བ་བཅིངས། །ཞལ་བརྒྱད་ཀྱི་ལྷག་མ་བདུན་ལ། གཡས་ཀྱི་ གསུམ་ནི་གཡས་པ་ནག་པོ་དང་སེར་པོ་དང༌། །འོད་སྣ་ཚོགས་འབར་བས་ཁྲོ་བོའི་འོད་ཟེར་གྱི་རྣམ་པར་ འཕྲོ། །བའི་ཞལ་གསུམ་མོ། །དཀར་པོ་དང་ལྗང་ཁུ་དང་སྔོན་པོ་ནི། །གཡོན་གྱི་ཞལ་གསུམ་གྱི་ཁ་དོག་ལ་ རིམ་པས་སོ། །དེ་དག་ཀྱང་མདུན་ནས་རྒྱབ་ཏུ་རིམ་པའོ། །རྩ་ཞལ་གྱི་སྟེང་དུ་སྟེང་ཞལ་དུད་ཁ་བོང་བུའི་གདོང་གི་ གཟུགས། །སོ། །རལ་གྲི་ཨུཏྤལ་མདའ་བོ་ཆེ། །རྡོ་རྗེ་ཀྱོ་བ་དབྱུག་པ་དང༌། །ཟངས་གྲི་ནི་གྲི་གུག་ གི་མིང་སྟེ་ཟངས་ལ་བྱས་པར་འདོད་པ་ཤིན་ཏུ་འཁྲུལ་ལོ། །མི་འཇིགས་ཕྱག་རྒྱའོ། །ཐོད་པ་སྡིགས་མཛུབ་དེ་ 23-1-391 ནས་གཞན། །གཞུ་དང་ཁ་ཊྭཱཾ་ཞགས་པ་དང༌། །མགོ་བོ་ནི་ལྷ་མིན་གྱི་མགོ་བོར། མིའི་ཉི་མས་བཤད། ཚངས་ མགོར་ཇོ་བོ་བཞེད་ནའང་བདུད་བཞིའི་མགོ་བོར་མན་ངག་ལས་སོ། །ནོར་བུ་བུམ་པར་བཅས། །མཆེ་གཙིགས་ འདོད་པའི་གཟུགས་ཅན་མ། །སྒྲོལ་མ་འདིའི་མཚན་ཧེ་རུ་ཀ་ཡི་སྒྲོལ་མའོ། །འདིའི་དཀྱིལ་འཁོར་ནི་རྣལ་ འབྱོར་མ། གསང་བ་ཐིག་ལེའི་རྒྱུད་ལས་འབྱུང་ངོ༌། །འཇིགས་སྐྱོབས་ལྷ་དགུའི་དཀྱིལ་འཁོར་ནི་དལ་དབུས་སུ་པདྨ་དགུ་དབུས་ སུ། ལྷའི་འཕྲོ་ནི་ཏཱཾ་ལས་ལྗང་ཁུ་ཞལ་གཅིག་མ། །མཆོག་སྦྱིན་ཨུཏྤལ་བསྣམས་པ་ཡི་ཞབས་སྐྱིལ་ཀྲུང་ ངམ་གཡས་རོལ་བྱས། །འདོད་པ་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད། །པ་དང༌། འཁོར་བརྒྱད་པོ་གཡས་ མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་ཡིས། །ཏེ། འཇིགས་པ་བརྒྱད་ལས་སྐྱོབ་པའི་ལྷ་བརྒྱད་སྟེ། །སྭཱཧཱ་ མ་གཏོགས་ཡི་གེ་བརྒྱད་ལས་བསྐྱེད་ཅིང་བཟླས་(ༀ་ༀ་སྭཱཧཱ། ༀ་ཏཱ་སྭཱཧཱ་སོགས་ཟླས་)པས་ངེས་པར་འགྲུབ་པར་ འགྱུར། །རོ། །འདིའི་མན་ངག་ཁྱད་པར་ཅན་ལ་སོགས་སུ་ཤེས་པར་བྱའོ། །རྡོ་རྗེ་གདོང་ལྡན་ཅེས་པ་འདི་ལ་ཇོ་བོ་ ཞལ་གཉིས་མར། ཉི་མ་ཞལ་གཅིག་ཕག་གདོང་ཟེར། རང་ལུགས་རྡོ་རྗེ་གདོང་ལྡན་ནི་ཕག་ལྡན་མ་སྟེ་ཕག་མོའི་མཚན་རང་ ཡིན་གསུང༌། ཕྱག་གཉིས་སྐུ་མདོག་དམར། །མོ། །ཡབ་ཏུ་གྱུར་པ་དང༌། ཧེ་རུ་ཀ་དཔལ་ཡུམ་གྱུར་པ་བདེ་ མཆོག་ཡབ་ཡུམ་གོ་ཟློགའམ། །འཁོར་ལོ་བདེ་མཆོག་གི་རྒྱུད་ཀྱི་རིམ་པ་ལས། །ཡང་ན་ཡབ་ཧེ་རུ་ཀའི་ སྦྱོར་བ་ལས། །ཕག་མོར་སྦྱོར་ཏེ། ཧེ་རུ་ཀ་ཡབ་ཡུམ་གང་མོས་པ་དེ་སྒོམ་པས། གང་ལ་དགའ་བ་དེ་ཉིད་འགྲུབ་ པར་འགྱུར། །རོ། །ཐོད་པ་རྡོ་རྗེ་འཛིན་པའི་འཁྱུད་རྒྱ་ཁྲག་འཐུང་དང༌། །ཐོད་པ་དང་གྲི་གུག་ཕག་མོས་ བསྣམས་པའོ། །མན་ངག་ཏུ་ཕུང་པོ་དང་ལྷ་བུ་འཇིགས་བྱེད། ཉོན་མོངས་དང༌། འཆི་བདག་དུས་མཚན་དུ་མཛད། དངོས་ བསྟན་ལྟར་ན་ཚངས་པ་སོགས་བདུད་བཞི་པོ་ནི་རྣམ་པར་མནན། །ཤི་ནས་ཐལ་བར་སོང་བའང་སླར་འཚོ་ བྱེད་ཁ་ཊྭཱཾ་བཅས། །བྷ་ག་ལིངྒ་(ཕག་མོ་དང་ཧེ་རུ་ཀ་ལའོ། །)ཟློག་པར་བྱ། །རྡོ་རྗེས་བསྣུན་ནས་ཁྲག་ འཐུངས་པས། །སྐད་ཅིག་གཅིག་གིས་གསོད་པར་བྱེད། །དྲག་པོའི་ལས་དང༌། ཞགས་པ་ལྕགས་ ཀྱུའི་སྦྱོར་བ་དབང་གི་དམིགས་པ་ཡིས། །བུ་མོ་ཐམས་ཅད་འགུགས་པར་འགྱུར། །ཏེ་བསམ་གཏན་གྱི་ ལས་སོ། ། 23-1-392 ༈ འདིའི་མན་ངག་རྒྱས་པ་ལོགས་སུ་ཤེས་སོ། །མཧཱ་མ་ཡ། རྡོ་རྗེ་མཁའ་འགྲོ། སམྦུ་ཊ་རྣམས་ལས་བཤད་པ་ལྟར། ཁུ་ བ་དགུག་པ་དང༌། ཁྲག་དགུག་པ་དང་ཆང་འཇུག་པ་དང་ནི། །མི་རོ་སོགས་གོང་བུ་ལ་སོགས་དགུག་པར་ བྱ། །གནོད་མཛེས་རྒྱལ་པོའི་སྒྲུབ་ཐབས་ལ། སྔགས་ནི་ༀ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞ་པཱ་ཡ་ གྲྀཧྞ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཕཊ། ལྷའི་རྣལ་འབྱོར་ནི་ཧཱུཾ་གི་ཡི་གེ་ས་བོན་ལས་ བྱུང་བ། །རྡོ་རྗེ་སུམྦྷ་སྐུ་མདོག་རབ་ཏུ་གནག །པ་ཕྱག་གཡས་དང་པོར་རྡོ་རྗེ་མེ་འབར་བ་གཡོན་དང་པོ་དུང་ དམར་ཏེ་ཐོད་ཁྲག་དང༌། །གཡས་གཉིས་པ་ན་གཏུན་ཤིང་གཡོན་གཉིས་པ་སྦྲུལ་གྱི་ཞགས་པ་བསྣམས། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དམར་པོ་ནི། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །བ། ཕྱག་བཞི་ དང་པོ་གཉིས། མདའ་གཞུ་གཡས་འོག་མ་རྡོ་རྗེའི་དབྱུག་ཐོ་དཀར་པོ་འཛིན་པའི་མཆོག །གཡོན་འོག་མ་རྡོ་ རྗེས་མཚན་པའི་ཞགས་པ་འཛིན་པའི་སྡིགས་མཛུབ་ཅན། །སྤྱན་གསུམ་པ་གཡོན་བརྐྱང་སྟབས་ ཀྱིས་བཞུགས་པ་བསྒོམ་པར་བྱ། །འོ། །ཞི་རྒྱས་སོགས་ཀྱི་ལས་དང་རི་ལུ་སོགས་གྲུབ་པ་སྟེ། ལས་ཀྱི་རིགས་རྣམས་ ཐམས་ཅད་སྒྲུབ་ཅིང་བྱེད་པ་ལ་སྔགས་པ་ཡི། །ལྷ་ཡི་རྒྱལ་པོ་ཁྲོ་བོ་འདི་དག་གོ །འདི་ནི་དྲག་ལས་ཁོ་ན་གཙོ་ ཆེ་རེ་རྒྱུད་འདིའི་སྲུང་མའི་ཚུལ་དུ་འཇིག་རྟེན་ལྷའི་སྒྲུབས་ཐབས་སོ། །འདིའི་སྒྲུབ་ཐབས་ལོགས་སུ་ཤེས་སོ། །ལྷ་མོ་ནག་ མོ་རྣམ་པར་བསྒོམ། །གཡས་དང་པོ་རལ་གྲི་དང་ནི་གཡོན་དང་པོ་ཐོད་པའི་ལག །ལྷ་མིན་ཞབས་འོག་ ཏུ་གནོན་པས་འཇོམས་པ་གཡོན་འོག་མ་དགྲ་བོ་ཡི། །མགོ་གཅོད་གཡས་འོག་མ་ཏྲི་ཤཱུ་ལ་འཆང་མ། །བྱ་ རྒོད་ལྕེ་སྤྱང་ནི་འོལ་པ་ཙཱི་ལ་སྤྲོ། །རྒྱུ་མ་མི་མགོའི་དོ་ཤལ་མེ་ཏོག་ཕྲེང་བ་ལྟ་བུ་ཅན། །མ་མོ་བརྒྱད་ནག་ མོ་གྲི་ཐོད་འཛིན་པ་བརྒྱད་ཀྱིས་ཡོངས་སུ་བསྐོར། །བ། རོ་ལ་ཞོན་པ་རྣམ་པར་བསྒོམ། །གཙོ་མོ་གདན། ཡང་ན་སྟག་མོ་ལ་གནས་པ། །དྲག་ཤུལ་སྤྱོད་པའི་དོན་དུ་སྔགས་པས་བསྒོམ་པར་བྱ། །འོ། །དབང་ བཞི་པའི་ཡེ་ཤེས་བཤད་པ་ནི་ཁུ་བ་རྡོ་རྗེ་དབུ་མར་བཅུག་ཅིང་མི་འཛག་པར་བྱས་པ་ལས། །རང་གི་སེམས་ནི་ རྡོ་རྗེ་མི་འགྱུར་བའི་གནས་ཐོབ་པར་འགྱུར། །ཏེ། དེ་ཡང་གཟུང་འཛིན་གྱི་རྣམ་རྟོག་མེད་ཅིང་ཡོད་མེད་ཡིན་མིན་ གྱི་སྤྲོས་དང་བྲལ། །བ། མཁའ་ལ་དངོས་པོ་ཐམས་ཅད་ཀྱིས་མ་གོས་པ་ལྟར་རང་བཞིན་ཀུན་རྫོབ་ཀྱི་ཆོས་གང་ 23-1-393 གིས་ཀྱང་གོས་པ་མེད། །པ། རང་རིག་གི་ཡེ་ཤེས་བདེ་བ་ཆེན་པོ་དོན་དམ་ལྷན་སྐྱེས་སྟེ། །དབང་བསྐུར་ མཆོག་འཇིག་རྟེན་ལས་འདས་པ་ནི་འདི་ལྟ་བུ་དག་གོ །དབང་དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་རྣམ་བཅས་ཏེ། མེ་ལོང་ གཟུགས་བརྙན་འདྲ་བ་ཡེ་ཤེས་ཀྱི་རྣམ་རོལ་དཀྱིལ་འཁོར་དང་བཅས་པའི་ལྷ་མོའི་སྐུར་གྱུར་པ་རང་གི་སེམས་ཀྱིས། ། ཐིག་ལེ་མི་འགྱུར་བ་རྡོ་རྗེར་བྱེད་པར་འགྱུར། །ཏེ་སེམས་ཀྱིས་སེམས་བརྟེན་པར་བྱེད་པའོ། ། ༈ བཙན་ཐབས་སྦྱོར་བ་བཤད་པ་ནི། སྲོག་དང་ཐུར་སེལ་སྒོ་བཙན་ཐབས་སུ་དབྱེ་བས། །བཙན་ ཐབས་སྦྱོར་བས་དབུགས་བཀག་ན། །ཐིག་ལེ་འཕྲལ་དུ་འགག་ཅིང༌། དེ་གོམས་པས། གོང་དུ་བཤད་མ་ཐག་པའི་ ཕྱག་རྒྱ་མྱུར་དུ་འགྲུབ་ནས། ཁུ་བ་མི་འགྱུར་བ་འཐོབ་པ་སྟེ། །ཅུང་ཟད་མི་འགྱུར་བ་ཐོབ་ན། ཐིག་ལེ་ནོར་བུར་ བཀག་སྟེ་བདེ་བ་བསྒོམ། །མོ། ། ༈ མངོན་བྱང་བཤད་པ་ནི། སྔོན་ཚོགས་སྦྱོར་དུ་སྒྲོལ་མ་སྒོམས་པས། ཟུང་འཇུག་སྒྲོལ་མའི་སྐུ་འགྲུབ་པའམ། མཐོང་ལམ་ གྱི་སྔ་རོལ་སྒྲོལ་མ་ཡོད་པ་དེ་ལྷ་མོའི་གཟུགས་བརྙན་ལྷ་ཡབ་ཏུ་བསྒྱུར་བར་བྱ། །བ་ཡིན་ལ། དེ་ཚེ་ཕྱག་རྒྱ་སྒྲོལ་ མ་དང་སྒྲུབ་པ་པོ་སྒྲོལ་མ་ཅན་གཉིས་དངོས་གྲུབ་གྲུབ་པར་འགྱུར། །རོ། །འདི་ནི་ཧེ་བཛྲ་ལས། བུད་མེད་གཟུགས་ ནི་སྤངས་ནས་གཞན། །ཞེས་སོགས་དང་དོན་གཅིག་ལ་ཡང་ན་རང་སྒྲོལ་མ་དེ་ཐོག་མེད་དོན་གྲུབ་ཀྱི་གཟུགས་ཀྱིས་ བྱ་ཏེ། །སྐྱེས་པ་སྒྲུབ་པ་པོ་དང་བུད་མེད་ཕྱག་རྒྱ་གཉིས་ཀ་ངེས་པར་འགྲུབ་པར་འགྱུར། །རོ། །ལས་རབ་ འབྱམས་དངོས་དང་མཆོག་གི་ལས་ཚོགས་ཀྱི་ལེའུ་སྟེ་གསུམ་པའོ།། །། རྗེས་རྒྱུད་གཏད་པ་ནི། དེ་ནས་(འཁོར་གྱི་ཚུལ་བསྟན་པའི་)དེ་བཞིན་གཤེགས་པ་(བྱང་ཆུབ་སེམས་དཔའི་ ཚོགས་དང་བཅས་པ་)ཐམས་ཅད་ཀྱིས། །ཕྱི་ནང་གསང་བའི་དམ་ཚིག་གི་མཆོད་པའི་སྤྲིན་ཕུང་ནམ་མཁའ་ གོ་མཚམས་མེད་པར་གང་བའོ། །རབ་འབྱམས་གྲངས་མེད་པ་དང༌། །བསྟོད་པ་གསུང་དབྱངས་ཡན་ལག་རྒྱ་ མཚོ(འི་ཚིག་དང་སྒྲ)ས་མངོན་པར་བསྟོད་པར་བྱས་ནས། །གསང་བའི་བདག་པོ་ལག་ན་རྡོ་རྗེ་འཆང་ལ་ སངས་རྒྱས་དེ་རྣམས་ཀྱིས་རྒྱུད་འདི་གཏད། །དེ་དར་བ་དང༌། ཕྱི་མའི་དུས་སུ་བྱིན་གྱིས་རློབས་པའི་ཕྱིར་དུའོ། །འཕྲིན་ ལས་ཐམས་ཅད་འབྱུང་བའི་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་ 23-1-394 རྒྱལ་པོ་ལས་(ཏིལླི་པས་)ཇི་ཙམ་སྙེད་པ་སྟེ་སྔོན་འདི་ལས་མང་བ་ཡོད་ཐང་བས་སོ། །རྩ་བའི་རྟོག་པ་རྫོགས་ སོ།། །། རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་གྲུབ་ཆེན་བུདྡྷ་ནཱ་ཐའི་ཞབས་ལས་མནོས་ནས། སླར་རྒྱ་གར་གྱི་མཁན་པོ་ནིརྦཱ་ཎ་ཤྲཱིའི་ ཞལ་སྔ་ནས་དང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཕྱིས་བྱུང་གི་པཎྜི་ཏ་མིའི་ཉི་མའི་དཀའ་འགྲེལ་དང་བསྟུན་ཏེ་གཡར་ཁྲལ་དུ་བསྒྱུར་ བའོ། ། ཡང་སླད་ཀྱིས་བྷང་ག་ལར་འཁྲུངས་པའི་པཎྜི་ཏ་པུརྞ་བཛྲའི་དྲུང་དུ། སློབ་དཔོན་ཆེན་པོ་མར་མེ་མཛད་དཔལ་ཡེ་ཤེས་ ཀྱིས་མཛད་པའི་རྒྱས་འགྲེལ་ཆེན་པོ་དང་བསྟུན་ནས་ཅུང་ཟད་བཅོས་ཤིང༌། ཐམས་ཅད་དུ་གྲུབ་ཆེན་ཞི་བའི་ཞབས་ཀྱི་ཞལ་ལུང་ གི་རེག་ཟིན་སོ་སོ་རྣམས་དང༌། ཁྱད་པར་གུ་རུ་ལྷོ་ཕྱོགས་པ་ཆེན་པོའི་མན་ངག་དང་བསྟུན་ནས་ལེགས་པར་བཅོས་ཏེ་དག་པར་ བགྱིས་པའོ།། །།དགེ་ལེགས་འཕེལ། [འདི་བཞེངས་དགེ་བའི་ཟླ་ཟེར་གྱིས། །བསྟན་འགྲོའི་ལེགས་སྒོ་ཀུ་མུད་ཚལ། །ཡོངས་རྒྱས་དགའ་སྟོན་གསར་པའི་ དཔལ། །སྲིད་མཐའི་བར་དུ་ཉམས་མེད་ཤོག །མ་ཏིས་སོ། །ལེགས་བཞེངས་དེ་ཡི་མཐུ་ལས། །བསྟན་འགྲོར་དགེ་མཚན་ཤར་ཏེ། ། སྐལ་ངན་རྒུད་ཚོགས་ཞི་ནས། །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག །འདི་ཡང་མ་ཏིས་སོ། །ཞུས་དག བཀྲ་ཤིས། ] ༼མ་ཡིག ཆོས་ཐང་གི་དཔེ་རྙིང་དང་། སྐུ་འབྲིང་གི་ཕྱག་དཔེ།༽ 23-1-395 23-1-396 ༄༅། །འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ས་མ་ཛ་པ་ར་མཱརྠ། སརྦ་ཀརྨོད་ད་ཡ་ཨུཏྟ་ར་ཏནྟྲ་རཱ་ཛ། བོད་ སྐད་དུ། འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པ་དོན་དམ་པ་ལས་ཕྱི་མའི་རྒྱུད་ཀྱི་རྒྱལ་པོ། སྒྲོལ་མ་ལ་ཕྱག་འཚལ་ལོ། །དངོས་བསྟན་འབྲས་བུ་ལ་སྦྱར་བའི་དབང་དུ་བྱས་ན། དེ་བསྐྱེད་རིམ་ལ་སྦྱར་བ་འདི་ དག་གིས་དོལ་སྒྲུབ་པའང་བསྟན། རྫོགས་རིམ་ལ་སྦྱར་ན་ཐུན་མོང་བ་(ཐུན་མོང་མ་ཡིན་པ་རྣམས་འདིར་བཤད་ལ་)རྣམས་སྒྲ་ཇི་ བཞིན་པ་དང་མཚུངས་པའང་ཡོད་ལ། ནས་བཅོམ་བདུད་བཞི་ལྡན་འདས་མ་ཆེན་མོ་ཇི་བཞིན་མིན་སྒྲ་ལ་འདིས་ཡེ་ ཤེས་ཚོགས་གསོག་གོ ། ༈ སྙིང་གི་ཐིག་ལེ་དང་ལྟེ་བའི་གཏུམ་མོ་ནི་དེ་བཞིན་གཤེགས་པ་ཕུང་པོ་ལྔ་ཐམས་ཅད་སྐྱེད་བྱེད་ཀྱི་ བཙུན་མོའི་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དམ་པ་ཏེ་ཚིག་སྤྱི་བོའི་ཧཾ་སྒྲོལ་མ་(མགྲིན་པའི་ༀ་)ནི་གོང་བཞིན་ ཞེས་བྱ་བ། བར་དོ་སྦྱོང་བྱེད། ༈ འདིར་ཡང་ན་སྤྱོད་པ་ལ་སྦྱར་བའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་(ཁྱབ་བྱེད་)པ་དང༌། པདྨ་ཅན་མ། རྡོ་རྗེ་(སྲོག་འཛིན་)དང༌། གླང་ཆེན་རིན་པོ་(ཐུར་སེལ་)ཆེ་དང༌། དུང་ཅན་མ་དང༌། པདྨ་(གྱེན་རྒྱུ་)དང༌། རི་མོ་ ཅན་ལས་ཀྱི་(ཉམས་གནས་) རིགས་སྣ་ཚོགས་ཅན་ཏེ་རིགས་ལྔ་སྒྲོལ་མ་རྒྱལ་བ་རིགས་ལྔ་ཐམས་ཅད་ཀྱི་སྤྱིའི་ཡུམ་ཡིན་ པས་ན་ཐམས་ཅད་ཀྱི་བདག་པོ། མི་ཤིག་པའི་ཐིག་ལེ་དེ་ཉིད་རྒྱུ་(བཅུད་)བ་ནི་ཞིང་དུ་འགྲོ་བའི་སྤྱོད་པ་དང་མི་ རྒྱུ་(སྣོད་)བས་ཅིག་པུ་འདུག་པའི་སྤྱོད་པས་ལྷ་དང་གཞལ་ཡས་ཁང་འི་སྒོ་ནས་འགྲོ་དོན་མཛད་པས་བྱེད་པ་པོ། སེམས་ ཉིད་བརྟན་(ཐུགས་ཆོས་སྐུ་ནི་)པ་ནི་ཁང་པ་ཚོགས་ཁང་རྩ་དང་ཐིག་ལེ་དང་(རླུང་)གཡོ་(ཐམས་ཅད་)བའི་རྣལ་འབྱོར་ པ་ལྷའི་འདྲམ་འབག་རང་བཞིན་སྟེ་ཚོགས་ཀྱི་བདག་པོའི་སྤྱོད་པས། རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནི། གསང་བ་སྤྲོས་ 23-1-397 བཅས་ཀྱི་སྤྱོད་པ་ལས་ཐེག་དམན་ལ་ཆེས་ཤིན་ཏུ་གསང་(སྤྲོས་མེད་)བ།(རྗེས་སུ་རྣལ་འབྱོར།) ཕྱི་རོལ་པ་ལ་གསང་ བ་ཆེན་པོའི་དབང་ཕྱུག་ཤིན་ཏུ་སྤྲོས་མེད་མ་རྗེས་སུ་རྣལ་འབྱོར་སྤྱོད་པ་ས་བདག་ཉིད་ཀྱི་ངོ་བོ་རྡོ་རྗེ(ཏེ་འོད་ གསལ་)འོད་གསལ་དུ་འཇུག་པའི་མིང་རྣལ་འབྱོར་ཆེན་པོ་འདི་རྣམས་ཉིད་ཀྱི་སྒོ་གསུམ་སྐུ་མི་ཤིག་པ་དང་གསུང་ མི་ཤིག་པ་དང་ཐུགས་མི་ཤིག་པ་རྡོ་རྗེ(ར་བྱེད་པས་)འི་རྣལ་འབྱོར་གསུམ། ལས་འདིས་དཀྱིལ་འཁོར་བསྟན་ཕྱུང་ཏེ་ སྤྲོས་ཤིང་གསུངས་པའི་དོན་ནོ། །ངོ༌། །དཀྱིལ་འཁོར་དུ་འཇུག་པ་བཅོམ་ལྡན་འདས་མ། དང༌། སྒྲོལ་མ།(གོང་ བཞིན་)རྫོགས་རིམ་ཐམས་ཅད་ལྟ་བས་ཟིན་པར་བསྟན། མི་འགྱུར་བའི་རྡོ་རྗེ་(ཟླ་བ་རྡོ་རྗེའི་སེམས་བསྐྱེད།)མ། འདི་གཉིས་ ཀྱིས་མཁའ་གསང་བྱིན་གྱིས་བརླབས་པ་བསྟན། དམ་ཚིག་སྒྲོལ་མ་དམ་ཚིག་ལ་བཞག་པ། དབྱེར་མི་ཕྱེད་པས་རྡོ་རྗེ་ (ལུས་ལྷའི་ལུས་བསྟན་པ་ནི་)ཡེ་ཤེས་དབབ་རྣལ་འབྱོར་མ་ཐབས་ཤེས་གཉིས་མེད་ཆེན་མོ། ལྔ་པོ་འདིས་གཙོ་མོ་ཡོད། མེ་ལོང་ལྟ་བུ་སོགས་ཡེ་ཤེས་དགུག་གཞུག་ལྔས་བརྒྱན་(རིགས་པའི་དབང་ལྔ་)པ་མ། ཧཱུཾ་གི་གཟུངས་ཀྱི་སྒོ་འདིས་ བསྟན། རྒྱུན་མཐའི་སྐབས་སུ་སངས་རྒྱས་ཐམས་ཅད་ནམ་མཁའ་དབང་ལྷ་བསྟན་ཀྱིས་དབང་བསྐུར་(དབང་ ལེན་པ་བསྟན་)མ། ལམ་གྱི་དབང་དང་དགའ་བ་བཞིས་དབང་བཞི་ཐོབ་པ་བསྟན། ཤེས་རབ་མའི་བྷ་ག་རྩའི་དཀྱིལ་འཁོར་ དང་བཅས་པ་ནི་ཡེ་ཤེས་ཤེས་བྱའི་དཀྱིལ་(དབང་བསྐུར་བྱའི་དཀྱིལ་འཁོར་བསྟན་)འཁོར་(ཐམས་ཅད་ལ་སྤྲུལ་པ་སྟེ་དེ་ ཇི་སྙེད་མཁྱེན་པ་) (གསལ་སྣང་ལ་སེམས་འཛིན་པ།) ཡོན་ཏན་ཐབས་དགའ་བཞི། ཟླ་བའི་བདེ་མ་(ཤེར་དབང་གི་ངོ་བོ།) ཏེ་ཞུ་བདེ་མས་བསྟན་དགའ་བཞི། ངོ་བཞི་པའི་ངོ་བོ་མཚར་ཞིང་རྟོགས་དཀའ་བའི་བདེ་མ་(རང་བཞིན་ལྷན་སྐྱེས།) (འདི་ གཉིས་ཀྱིས་བདེ་བ་ལ་སེམས་འཛིན་པ།) དམ་ཚིག་གསུམ་སྦྱིན་པ། སྐུ་དང་གསུང་དང་ཐུགས་(རླུང་འབྲུ་གསུམ་དང་ སྦྱར་བའི་རྡོར་བཟླས།) རྡོ་རྗེ་བདག་མོ་སྟེ་རང་བཞིན་ཀྱི་འདོད་མ་གནས་གསུམ་བྱིན་བརླབས། འདི་སོགས་བཞི་ཡེ་ཤེས་ ལ་སྦྱོར། ཕུང་པོ(ལྔ་རིགས་ལྔ་གནས་གྱུར་པས།) འོད་གསལ་འཇུག་པའི་བདག་མོ་སྔགས་ཀྱི་གོ་ཆ་སྐྱེ་མཆེད་དྲུག་ སེམས་པ་དྲུག་ཏུ་གནས་གྱུར་པ་ཀྱི་བདག་མོར་གཟུང་འཛིན་གྱི་རླུང་བཅུ་གཉིས་འཆིང་བ་གྱུར་པ། གོ་ཆ་འཆིང་བ། སྙིང་ ག་ནས་རྒྱུ་བའི་འབྱུང་བཞིའི་རླུང་འགགས་པ། འབྱུང་བ་བཞི་རྣམས་ལྷ་མོ་བཞིར་རབ་ཏུ་ཐོབ་པ་ལས་བཞི་དང༌། གཟུང་འཛིན་གྱི་ཡུལ་ཅན། ཡུལ་དང་བྲལ་བའི་རང་བཞིན། བལྟ་བ་བསྟན། ལས་ཚོགས་འགྲུབ་པས། རྒྱུད་(རྩ་) 23-1-398 (གསུམ་)ཀུན་གྱི་སློབ་དཔོན་དུ་གནང་བ་ཐོབ་པ། དབང་ཕྱུག་(དབུ་)མ་ཏེ་མཆོག་ཏུ་གྱུར་པ། ལམ་དུས་ཀྱི་(ཡང་རྒྱ་ཁར་ མངོན་བྱང་གི་)ཡེ་ཤེས་རྣམ་པ་ཤེས་རབ་ཡེ་ཤེས་ཀྱི་སྐབས། ལྔས་བྱང་ཆུབ་པ། སྐྱེད་ཆོག་མངོན་བྱང་ལྔ། (སེམས་ ཟིན་ན་)རྡུལ་(འདི་ནས་ལྔ་དབང་བཞི་པ་ཡན་ལག་བདུན་ལྡན་སྟོན་)མཚན་བྱས་མཚན་མེད་ཀྱི་རྣམ་རྟོག་ནི་དང་བྲལ་བ། སྒྲིབ་པ་གཉིས་ཀྱི་དྲི་མ་མེད་པ། འགྲོ་བ་ཐམས་ཅད་ཀྱི་ཡིད་མཚན་རྟོག་ལས་སྐྱོབ་པ། གསང་སྔགས་ཆེན་མོ། རང་ གི་རྣམ་རྟོག་རགས་པ་སྐྱོབས། ཡེ་ཤེས་ཀྱི་རང་སྣང་མ་གཏོགས་རྡུལ་གྱི་ལུས་སྤངས་པས་ཤིན་ཏུ་ཕྲ་བ། འཇའ་ཚོན་ལྟ་བུར་ སྒོམ་དགོས་སོ། །ལོངས་སྐུ་དེ་ཉིད། མཚན་(སྒྱུ་ལུས་ཀྱི་རྫོགས་རིམ་བསྟན།)དང་དཔེ་བྱད་རྣམས་ཀྱིས་སྤྲས་པ། འོད་གསལ་(ཤེར་དབང་གི་)དག་(སེམས་ཅན་གཞན་གྱི་ཉོན་མོངས་པ་)བྱེད། བར་ཆད། ཟུང་འཇུག་(བཞི་པའོ།།) དག་ (ཤེས་སྒྲིབ་ཀྱི་)བྱེད་ཆེན་མོ། རྣམ་རྟོག་དག ལྷ་(འདི་ནས་མྱུར་མ་ཞེས་པ་མན་ཆད་སྤྲུལ་སྐུའི་རྣམ་གཞག་གཙོ་ཆེ་)མོའི་ སྔགས་བཟླས་ན། (འབྱུང་བཞིའི་རླུང་)ལས་བཞི་ཐམས་ཅད་གྲུབ་པར་བྱེད་པ། བུམ་དབང་གིས་སོ།། རྫོགས་རིམ་ ཁོ་ནས་འདོད་པ་དངོས་གྲུབ་ཐམས་ཅད་གསང་དབང་གིས་རབ་ཏུ་སྦྱིན་པ། གཙོ་བོར་ཐུན་མོང་པ་འགྲུབ། ༈ རླུང་འོད་ཟེར་བཅུ་རྣམ་པར་དག་པས། (ཕར་ཕྱིན་)ཡི་གེ་བཅུའི་སྒྲ་སྒྲོག་པ། བཟླས་པའོ། །ཡི་གེ་སྒྲ་སྒྲོག་ཏེ་ ཧེ་རུ་ཀ་དགྱེས་མ་(ཏེ་ཁ་སྦྱོར་གྱི་སྐུ་སྟོན།)ངག་འདྲེན་རྣམས་བརྟེན། ༈ སྙིང་རྗེས་སེམས་ཅན་ལ། གདུང་མ། ཐིག་ལེ་འཛིན་པ་འགྲོ་བའི་དོན་མྱུར་མ་(ཁྱབ་པ་)བྱིན་རླབས་མྱུར་རྣམ་ པར་ཤེས་པ། ཚོགས་བརྒྱད། ཡོངས་སུ་དག་པ་གོ་འཕང་མི་འཇིགས་པ་སྲ་(རླུང་དང་སྲེ་བས་བསྟན་པ་)ཞིང་རང་ བཞིན་བདེ་བ། དབྱིངས་སུ་སྐྱལ་བ་ནི། ཡེ་ཤེས་ཀྱི་སྙིང་པོ། རྟོགས་པས་ཇི་ལྟ་བའི་མཁྱེན་པ། མཐོང་ལམ་ནས་རང་ བཞིན་ལྷན་སྐྱེས་རྟོགས་པས། བདེ་བ་ཆེན་མོ(འི་སྐུ)འོ། །འདི་རྣམས་ཀྱི་རྒྱུད་པའི་སྒྱུར་བས་སོ། །དེ་ལ་ཧེ་རུ་ཀའི་དལ། འདི་ནི་འཇིག་རྟེན་དང་ལོ་ཀ་ལས་འདས་པའི་རྣལ་འབྱོར་མ་རྣམས་ཀྱི་དམ་ཚིག་གི་སྤྱོད་པ་ལ་འདུས་ཤིང་དམ་ ཚིག་ལ་འཇོག་པར་བྱེད་པའི་གནས་(ཚིག་འདི་མཚན་ངེས་ལ་སྦྱོར་ཀྱང་མི་འགྲིག་ཅིང་འགྲེལ་པ་གཉིས་ན་བཤད་པ་མེད། མཚན་ངེས་པའི་དཔེ་ལོགས་སུ་ཡོད་པ་ལའང་འདི་བྲིས་སྣང་ལ་ཁ། ཁ་ཅིག་མེད་པའི་སྐྱོན་དུ་འདོད།)སོ། །རང་ལུགས་བླ་མའི་ མན་ངག་ལ་ལྟོས་པའི་ཕྱིར་ཚིག་འདི་གཉིས་གྲུབ་པ་ཡིན། དོན་དམ་པའི་མཚན་དེ་སྐད་ཅེས་རྣམས་ཀྱང་བཀའ་སྩལ་ 23-1-399 ཏོ། ། ༈ ཐབས་ཀྱི་དུམ་བུ་འདི་ནས་མགོ་བརྩམས་པའོ། །དེ་ལས་ཐབས་ཀྱི་དཀྱིལ་འཁོར་ནི། དང་པོ་ངོས་བཟུང་བ་ནི། དེ་ ནས་ཧེ་རུ་ཀའི་སྙིང་པོའི་དཀྱིལ་འཁོར། །འདི་བསྒོས་ན། གཉིས་པ་ཕན་ཡོན་ནི་འདོད་པ་མཆོག་ཐུན་མོང་གི་ དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ། །པའི་ཐབས་ཏེ། ཞི་བའམ། ཁྲོ་བོའི་དཀྱིལ་འཁོར་རྣམས་ཀྱི་མཆོག་ གྱུར་ཏེ་གཞན་ཐམས་ཅད་ལས་ཆེས་ཟབ་པ་སྟེ་དངོས་གྲུབ་མྱུར་བ་ཞིག་གསུངས། །སོ། ། གསུམ་པ་སྐྱེད་ཆོག་ནི། མ་མོ་སྟེ་མཁའ་འགྲོ་མ་རྣམས་འདུས་པའི་དཀྱིལ་འཁོར་སྒོམས་པས་ཉམས་དགའི་ རྣལ་འབྱོར་མ་རྣམས་ཀྱི་འདུལ་འཕྲལ་དུ་མ་ཐོབ་པར་འགྱུར་བ་གནས། །སོ། །འགྲེལ་ཆེན་ལས་གཞལ་ཡས་ཁང་དུ་བཤད། ཉི་མ་ནི་མ་མོ་དབྱངས་ཡིག་ཡིན་སྐྱེད་ཆོག་བསྟན་ཟེར། ཨཱ་ལི་ལས་ཟླ་བ་ཀཱ་ལི་ལས་ཉི། །མ་དབུས་སུ་ཧཱུཾ་གི་ཡེ་ ཤེས་ཏེ་ས་བོན་རྣམས་འདྲེས་པ་ལས་རྡོ་རྗེ་སེམས། །པར་སྒོམ་ཅེས་འགྲེལ་པ་གཉིས་ཀ་འཆད། མན་ངག་ལས་ས་བོན་ ཉིད་སྐུ་རྡོ་རྗེ་སེམས་པའོ། ། ༈ གཅིག་ཏུ་འདྲེས་པའི་ཐིག་ལེའི་འོད་ཟེར། ཕྱོགས་བཅུའི་དཀྱིལ་འཁོར་རྣམས་སུ་སྤྲོ་བ། །བྱས་ལ་དོན་ གཉིས་བྱ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྔགས་འདིར་མགོན་པོ་རྡོ་རྗེ་སེམས་དཔའི་ངོ་བོ་ཐིག་ལེ་བསྐུལ་ བར་བྱ། །འོ། །སྔགས་ནི་ༀ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་དྲི་ཤྱ་ཧོཿ བསྐུལ་བ་ལས་བཞེངས་པ་སྟེ། བཞི་ པ་ལྷའི་རྣམ་པའི་ཁྱད་པར་ནི་རྡོ་རྗེ་མི་སྐྱོད་པ་ཞེ་སྡང་རྣམ་པར་དག་པའི་བདག་ཉིད་ནི། །སྐུ་མདོག་ནག་པོ་ཞལ་ ནས་ཧཱུཾ་སྒྲོག་བནྡྷུ་ལྟར་དམར་བའི་མིག །གསུམ་པ། གཡས་དང་པོ། རྡོ་རྗེ་གཡོན་དང་པོ་ཐོད་པས་ཁྲག་གིས་གང་ བ་ལག་སྦྲེལ་བ། །གཡས་གཉིས་པ་རྩེ་གསུམ་གཡོན་གཉིས་པ་སྲིན་པོའི་མགྲིན་པ་བཙིར། བ། ཡུམ་ཁྲོ་ མོའི་དབང་ཕྱུག་སྔོན་པོ་གྲི་ཐོད་འཛིན་པས་སྐུ་ལ་འཁྱུད། །པའོ། །འགྲེལ་པར་ཡུམ་དམར་མོ་བྱ། ལོ་གཱ་པྲ་དའི་སྒྲུབ་ ན་ཡུམ་ཁ་ཊྭཱཾ་ག་རྣམ་པར་མཛད་དོ། །སྐུ་སྟོད་ལ་མི་ལྤགས་རློན་པའི་ན་བཟར་བཅས། །ཤིང༌། སྐྲ་སེར་གྱེན་ དུ་འཁྱིལ་བའོ། །འདི་ནས་གཏུམ་མོའོ། །ཞེས་པའི་བར་རྒྱ་སྐད་ལྷུག་པ་ཡིན་ནའང་བརྗོད་པ་བདེ་བས་ཚིགས་བཅད་དུ་ སྡེབས། གཽ་རཱི་དང་ཙཽ་རཱི་དང་རབ་རྨོངས་མ་དང༌། །རོ་ལངས་མ་དང་སྦོས་མོ་དང་ཟ་ནུས་མ། །དང༌། དུར་ 23-1-400 ཁྲོད་མ་དང་གཏུམ་མོ་རྣམས། །སྐུ་མདོག་ནི་རིམ་པས་སྔོན་མོ་དང་སེར་མོ་དང་བཙོད་ཀྱི་མདོག །ཅན་ དང༌། གནག་པ་དང་དམར་སེར་དང་ལྗང་ཁུ་དང༌། །སྔོ་བསངས་དང་དེ་བཞིན་དུ་སེར་སྐྱའོ། །མིག་ ཟིམ་བུ་འདོད་པས་མྱོས་པ་ལྟ་བུ་ཞི་བའི་ལྟ་སྟངས་ཅན། གཽ་རཱི་ཀེང་རུས་ཀྱི་དབྱུག་པ་དུར་ཁྲོད་རྒྱུ་བའི་ཀེང་རུས་ཀྱི་འབྱུང་ པོའི་གཙོ་བོ་ཡིན་པའི་བརྡའོ། །དང༌། །ཐོད་པ་གཡས་དང་གཡོན་པར་བསྣམས། །དྲག་མོའི་ལྟ་སྟངས་འབྲུ་ ཚུགས་སུ་ལྟ་བ་ཙཽ་རཱི་མདའ་གཞུ་འགེངས་བྱེད་མ། །བདུད་ཀྱི་འཁོར་བརྡུལ་ནས་ལམ་ལ་བཀོད་པའི་མཁའ་འགྲོ་ ལ་དབང་གི་ལས་ལ་སྔགས་པ་རྣམས་ཀྱི་གཙོ་མོ་ཡིན་པའི་བརྡའོ། །རབ་རྨོངས་མ་རབ་རྨོངས་ཀྱི་ལྟ་སྟངས་ཆང་གིས་བཟི་བ་ ལྟ་བུར་མི་གསལ་བར་ལྟ་བ། རྒྱལ་མཚན་ཆུ་སྲིན་གྱི་ཏོག་ཅན་དང༌། ཐོད་པ་འཛིན། །བདུད་ཀྱི་བུ་མོ་ཧེ་རུ་ཀའི་རྡུལ་ ཏེ་མཁའ་འགྲོ་མར་གྱུར་པ་སྟེ་འཁོར་བདུད་ཀྱི་ལྷ་སོགས་བརྡུལ་བ་དཀར་ཕྱོགས་གནས་པའོ། །རྡོ་རྗེ་དང་ནི་བྱིས་པའི་ རོ། །འཛིན་པ་བྱིས་པའི་གདོན་བཅོ་ལྔར་གཏོགས་པའི་མཁའ་འགྲོ་མ་རྣམས་ཀྱི་གཙོ་མོ་ཡིན་པའི་ཕྱིར་རོ། །རོ་ལངས་ཤི་ བ་སློང་བའི་ལྟ་སྟངས་ཅུང་ཟད་གྱེན་དུ་ལྟ་བ་མ་ཡི་གཡས་དང་གཡོན་ནའོ། །སྦོས་མོ་དབུགས་འབྱིན་གྱི་ལྟ་སྟངས་ ཕྱོགས་བཅུར་ལྟ་བ་གཡོན་མི་རོ་གཡས། སྒྱུ་མ་ལུས་སྲུལ་པོ་མོ་ལ་དབང་བའི་བརྡའ་འདྲེན་པར་བྱེད། །པའོ། །ཟ་ ནུས་མ་གར་གྱི་ལྟ་སྟངས་གཡས་གཡོན་རེས་ཀྱི་ལྟ་བ། རྡོ་རྗེ་དང་ཐོད་པ་བསྣམས་པའོ། །རིགས་བདག་མོ་འདུལ་བའི་ དོན་དུ་ཧེ་རུ་ཀའི་སྲིང་མོར་བསྟན་པའོ། །གཡས་སྙིང་དང་གཡོན་སྙིང་གིས་བཀང་བ་ཡི། །དུར་ཁྲོད་མ་མོའི་གཙོ་མོ་ ཡིན་པའི་བརྡའོ། །ཐོད་པས་ཕྱག་བྲེལ་བ་དུར་ཁྲོད་མ། །ནི་ནམ་གཡེངས་ཀྱི་ལྟ་བའམ། ཕུས་འདེབས་པར་གྲགས་པ། ཕྱོགས་བཅུར་མྱུར་བར་ལྟ་བའོ། །གཡུལ་དུ་འགྲོ་བའི་སྲིན་མོར་འདུལ་བའི་བརྡར། གཡས་མི་མགོ་དང་གཡོན་མི་རོའི་ལུས་ འཛིན་པ་ནི་གཏུམ་མོ་ཏེ་རོ་ལྡད་པའི་ལྟ་སྟངས་སྟེང་འོག་ཏུ་རེས་ཀྱིས་ལྟ་བ།འོ། ། ལྔ་པ་བསྙེན་བཟླས་པའི་སྔགས་ནི། ༀ་ཛྭ་ལ་ཛྭ་ལ་བྷྱོཿཧཱུཾ་ཧཱུཾ་ཧཱུཾ། སྙིང་པོའོ། །ཁྲིའམ་འབུམ་མམ་བྱེ་བ་ཟླ་བ། ༈ འདིར་འཇིག་རྟེན་མཁའ་འགྲོ་མ་ནི། མཱ་མ་དང༌། ཞིང་སྤྱོད་དང༌། ཀུན་ཏུ་སྤྱོད་མ་གསུམ་དུ་འདུ་སྟེ། དང་པོ་ནི་ཡུལ་ འཁོར་དུ་རྒྱུ་བ་ནི་ལུས་འཛིན་པ་འཚོ་བ་སྤངས་པའོ། ། གཉིས་པ་ནི་ཡུལ་ཆེན་ཉེར་བཞི་སོགས་ན་གནས་པ་ཕན་གནོད་གཉིས་ཀ་བྱེད་པ་སྟེ། མི་ལུས་བརྟེན་མི་བརྟེན་གཉིས་ཀ་ 23-1-401 ཡོད། དེ་གཉིས་ཀ་ལ་ལྷ་ཀླུ་ཤ་ཟ་གནོད་སྦྱིན་སྲིན་མོ་དྲི་ཟ་སོགས་རིགས་ཐམས་ཅད་ཡོད་དོ། ། གསུམ་པ་ནི། རིགས་སྣ་ཚོགས་ཡོད་ཀྱང་སྲིན་པོ་རྣམས་དང་སྤྱོད་ཡུལ་གཅིག་པ་སྟེ། སྲིན་པོ་ཡང་རིགས་གསུམ། དེ་བ་ རཀྵ་པ། ཡཀྵ་ཡཀྵ་པ། བྲཧྨ་རཀྵ་པའོ། །དེ་དག་ལས་ཕྱེ་བ་དང༌། རིགས་རུས་ཆོས་འབྲང་གི་འབྲེལ་བ་མང་དུ་ཡོད་པར་གདའ། དང་པོ་ནི། མིང་པོ་གསུམ་དང༌། འཇིགས་བྱེད་དགུ་ལྟ་བུ། ཕྱོགས་སྐྱོང་གི་གནས་བརྒྱད་དང་རི་རབ་ཀྱི་ཁོང་སེང་ན་གནས་པའོ། ། གཉིས་པ་ནི། མགྲིན་གཅུ་དང་བུམ་སྣ་སོགས་སོ། །གསུམ་པ་ནི། དགེ་སྦྱོང་དང་བྲམ་ཟེའི་ལུས་སུ་སྟོན་པ་རྒྱ་མཚོ་ལ་གནས་ ཤིང༌། ཡུལ་ཀུན་ཏུ་རྒྱུ་བ། སྲིང་མོ་བཞིའི་འཁོར་རོ། །དང་པོ་དང་སྤྱོད་ཡུལ་གཅིག་པ་མ་མོ་བདུན་ནམ་བརྒྱད་ལྟ་བུ། གཉིས་པ་ དང་གཅིག་པ། རལ་བ་གཅིག་མ་དང༌། རེ་རེ་བ་ཏི་ལ་སོགས་པ། གསུམ་པ་དང་གཅིག་པ་ནི། དུས་བཞིའི་ལྷ་མོ་དང༌། སྲིང་མོ་ ཁྲུང་ཁྲུང་མ་ལ་སོགས་པའོ། །དེ་དག་མིའི་ལུས་བརྟེན་པའང་ཡོད་མོད། ཕལ་ཆེར་མ་ཡིན་ནོ། །དེ་ཐམས་ཅད་ཧེ་རུ་ཀས་གདུལ་ བར་བྱ་བ་ཐུན་མོང་མིན་པའོ། །ཡེ་ཤེས་མཁའ་འགྲོ་མ་དག་པའི་ཞིང་གི་རྣམས་ལ་དབྱེ་བ་ངེས་པ་མེད། འཇིག་རྟེན་འདིར་ བཞུགས་པ་ནི་ཞི་བ་མོ་དང་ཁྲོ་མོ་གཉིས་ལ་འཁོར་སེམས་མ་འཇིག་རྟེན་ལས་མ་འདས་ཀྱང༌། འཇིག་རྟེན་མཁའ་འགྲོ་མའི་བྱ་བ་ མི་བྱེད་པར་འཇིག་རྟེན་འདས་མ་དང་ལྷན་ཅིག་སྤྱོད་པ་མང་དུ་ཡོད་དེ། ཞི་བ་མོ་ནི་བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་རྣམས་ ཡིན། ཁྲོ་མོ་ནི་འདིར་སྨོས། གཽ་རཱི་སོགས་ཏེ་འདི་དག་གོང་གི་མཁའ་འགྲོ་མ་རྣམས་ཀྱི་ལྷ་དང༌། རྒྱལ་མོ་དང༌། སྟོན་པ་མོའི་ཚུལ་ དུ་བཞུགས་སོ། །དེ་དག་གི་དབང་དུ་བྱས་ཏེ་ཅི་རིགས་པར་སྦྱར་ན་གོ་དགོས་ཏེ། དེ་ལ་དྲུག་པ་ལས་སྔགས་ནི། ༀ་ཨེ་ཧྱེ་ཧི་ རུ་ལུ་རུ་ལུ་(སྲིང་མོ་རྣམས་ཀྱི་སྔགས་)ཛཿཧཱུཾ་བཾ་ཧོཿ ༀ་བཛྲ་ཌཱ་ཀི་ནཱི་(ཡེ་ཤེས་མཁའ་འགྲོ་མའི་དགུག་སྔགས་)བྷྱཿ ཨེ་ཨ་རལླི་ཛཿཛཿ ༀ་ཌཱ་ཀི་ནཱི་ཨཱ་ཀཪྵ་ཡ་(མཁའ་འགྲོ་མ་སྤྱིའི་དགུག་སྔགས་)ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བནྡྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། མོ་ཧ་ཡ། མོ་ཧ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ ནཾ་ཧྲྀ་ད་ཡ་ཧཱུཾ་ཕཊ་ཛཿ ཛཿཧཱུཾ་བཾ་ཧོཿ ཊཀྐི་ཧཱུཾ་ཛཿ དགུག་པའི་སྔགས་ཏེ་ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་ རྒྱ་སོ། །ༀ་ཤྲཱི་ཧེ་རུ་ཀ་མཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་ཧཱུཾ་ཕཊ། ཟིལ་གྱིས་གནོན་ པའི་སྔགས་ཏེ་ཕྱག་རྒྱ་ནི་བྱ་ཁྱུང་གི་ཕྱག་རྒྱ་བྱ་བའོ། །སོ། །ༀ་བ་ཊ་བ་མུ་ཁ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ་ཡ། པྲ་བེ་ ཤ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ་བནྡྷ་ཡ། ཏོ་ཥཱ་ཡ་ཏོ་ཥཱ་ཡ། སརྦ་བཛྲ་ཌཱ་ཀི་ནཱི་ནཾ་ཧྲྀ་ད་ཡཾ། ཧ་ཧ་ཧི་ཧི་ 23-1-402 ༀ་ཨཱཿཧཱུཾ། དབང་དུ་སྡུད་པའོ། །ནི་སྔགས་ཏེ་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ལས་མཐེའུ་ཆུང་སྦྲེལ་འཛུབ་མོ་རྩེ་སྤྲད་པ་དཔྲལ་ བར་ཟློག་པ། བདུན་པ་ཧེ་རུ་ཀ་མཆོད་པའི་བྱ་བ་ནི། གཏོར་མ་ལ་ཐབས་ཤེས་ཀྱི་རྫས་ཤ་ཆེན་དང་བཅས་པའི་མྱོས་བྱེད་དང་ལྷ་ མིན་དང་འབྱུང་པོའི་དོན་དུ་བ་གླང་ཤ །དང༌། མཁའ་འགྲོ་མའི་རྫས། ཁྲག་དང་བཅས་པས་ཧེ་རུ་ཀ་མཆོད་ན། ། ཧེ་རུ་ཀ་དགྱེས་པས་དངོས་གྲུབ་མཆོག །འགྲུབ་ཏེ། གནས་དུར་ཁྲོད་ཆེན་པོར་སྩོལ་བར་མཛད། ། དོ། །ཤེས་རབ་ཀྱི་དཀྱིལ་འཁོར་ལ་རྩ་རྒྱུད་དུ་སྐུའི་དཀྱིལ་འཁོར་བཤད་པའི་ཁ་སྐོང་ཡང་གསུང་པ། རྡུལ་ཚོན་བྲི་བའི་ཚེ་ ངོས་རེ་ལ་ཁྲུ་ལྔ་ལྔ་རེ་ཁྲུ་ནི་ཉི་ཤུའི་ཚད་ཀྱི་རྩིག་པ་དང་ལྡན་པ། །སྐུ་ཡི་སྒྲོལ་མའི་དཀྱིལ་འཁོར་བྲི་བར་བྱ། ། དབུས་སུ་གཙོ་མོའི་གཟུགས་བརྙན་དགོད་པར་བྱ། །ཞལ་བཞི་གསེར་གྱི་མདོག་ལྟ་བུ། །ཕྱག་ གཡས་བཞི་རིམ་པས་རྡོ་རྗེ་ཞགས་པ་དུང་གཡས་འཁྱིལ་དང་མདའ། །གཡོན་བཞི་རིམ་པས་ལྕགས་ཀྱུ་ཨུཏྤ་ ལ་སེར་པོའི་སྡོང་བུ་དང་གཞུ། །དེ་བཞིན་གདུག་ལ་སྡིགས་མཛུབ་མཛད། །པདྨ་ཟླ་བའི་གདན་ ལ་རྡོ་རྗེའི་དཀྱིལ་ཀྲུངས་ཀྱིས་བཞུགས། །ཡི་གེ་བཅུ་པའི་གདན་ལས་སྐྱེས། །མེ་ཏོག་མ་དཀར་དེ་ བཞིན་དུ། །སྤོས་མ་གནག་ཅིང་མར་མེ་མ། །སེར་མོ་དྲི་ཆབ་མ་ཁ་དོག་དམར། །མོ་དེ་རྣམས་རང་ མིང་གི་ཕྱག་མཚན་ཅན་ནོ། །ཞི་བ་མོའོ། །གནོད་མཛེས་མ་ནག་མོ་བརྟུན་ཤིང་དང་རྣམ་རྒྱལ་མ། །དཀར་མོ་འཁོར་ ལོ་འཛིན་པ། སྒོ་བཞིར་ལྕགས་ཀྱུ་མ་སོགས་བཞི་སྟེ་དྲུག་པོ་ཁྲོ་བོའོ་ལ་སོགས་དགོད། །ཡང་ཕག་མོ་ནག་མོའི་ ཏིང་འཛིན་གྱི་དཀྱིལ་འཁོར་གསུངས་པ། འདིའི་མན་ངག་ཀྱང་ལོགས་སུ་ཤེས་སོ། །ཧཱུཾ་གི་ཡི་གེས་ཏེ་ས་བོན་ལས་བྱུང་ བ་ཧཱུཾ་ཞེས་སྒྲ་འདོན་མ། །རྡོ་རྗེ་ཕག་མོ་ནག་མོ་རྣལ་འབྱོར་སྒོམ། །ཞལ་གཅིག་པོ། རབ་ཁྲོས་ཕག་གི་ གདོང་ལྡན་མ། །ཕྱག་གཡས་རྡོ་རྗེ་གཡོན་ཐོད་པ་ལག་ན་ཐོགས། །པ། ཞབས་གར་གྱི་རོལ་གཡོན་རྐྱང་ བ་ལྡན་བསྒོམས་པར་བྱས་ལ། །ཡི་གེ་ཧཱུཾ་གིས་སྦྱོར་བ་ཏིང་ངེ་འཛིན་དང་ངག་ཏུ་བཟླས་པས། །གཉིད་སྟུག་ གི་འོད་གསལ་བར་འཆར་བ་ནི་བྱེད་པ་དང༌། །བགེགས་ཞི་བ་དང་རང་གི་ལུས་ཀྱི་ནད་རྣམས་འདོན་ཅིང་ འཇོམས་པའོ། །དེ་ཡན་ཀུན་རྫོབ་ལྷའི་དཀྱིལ་འཁོར་བསྟན་ནས། ད་ནི་དོན་དམ་རྡོ་རྗེའི་དཀྱིལ་འཁོར་སྟོན་ཏེ། དེ་ལ་ 23-1-403 ཆོས་རྣམས་སོགས་འོག་ནས་སྟོན་པ་(སྟེ་དོན་དམ་དབྱིངས་པ་)འདི་ནི་རྡོ་རྗེའི་དཀྱིལ་འཁོར་རོ། །ཐབས་རིགས་ལྔས་ སོ་སོར་ཕྱེ་སྟེ་གསུངས་པ་ལས། རྣམ་སྣང་གིས་གསུངས་པ་ནི། ཆོས་དབྱིངས་ཡེ་ཤེས་གསུངས་པ་སྟེ། ཆོས་རྣམས་ཀྱི་རང་ བཞིན་ཡུལ་དུས་བྱ་བ་ཀུན་གྱིས་འགྱུར་བ་མེད། །པ་དབྱིངས་འདི་ཡི་ངོ་བོ་ཡེ་ཤེས་རྡོ་རྗེ་འོད་གསལ་བ་འཇིག་རྒྱུ་ མེད་པས།རྟག །སྤྲོས་པ་ཐམས་ཅད་གཟོད་མ་ནས་ཞི་བ་ཡུལ་ཡུལ་ཅན་གཉིས་སུ་མེད། །པ་ནི། ནམ་མཁར་ ནམ་མཁའ་བཞག་པ་ཇི་ལྟ་བའོ། །སྒྲིབ་གཉིས་འཇོམས་པས་དཔའ་བོ་ཆེན་པོ་རྣམ་སྣང་འཁོར་ལོའི་རྡས་ མཚོན་པ་རིག་པ་ཏེ་ལྷས་དེ་སྐད་ཅེས་བཀའ་སྩལ་ཏོ། །འགྲེལ་པ་ཆུང་བར་ཙཀྲ་ཙ་ལ་ཀྲ་མ་བརྡ་གཡོ་བ་རིམ་པས་ བཅིངས་པ་དང༌། འགྲེལ་ཆེན་ན་ཙཱ་ལ་ཀྲཱརྟ་གཡོ་བ་གནན་པ་སྟེ་གཉིས་ཀ་ལ་རླུང་འགགས་པའི་དོན་དུ་འཆད་དོ། །ཟབ་པ་སྤྲོས་ བྲལ་དང་དང་རྒྱ་ཆེ་བ་ཇི་སྙེད་མཁྱེན་པའི་རང་བཞིན་ནོ། །ཆོས་རྣམས་ཐམས་ཅད་གདོད་ནས་མ་སྐྱེས་ པ། །འི་ངོ་བོ། གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་གྱི་ངོ་བོ་རྣམ་པར་སྤངས་པ། །གང་ཞིག་ཀུན་རྫོབ་ཀྱི་ཆོས་ རྣམས་སྒྱུ་མ་ལྟ་བུའི་རང་བཞིན་ཅན། །ཏེ་མེ་ལོང་ཡེ་ཤེས་ཀྱི་རྣམ་པའོ། །དཔའ་བོ་ཆེན་པོ་རྡོ་རྗེ་འཛིན་ པ་(མི་བསྐྱོད་པ)ས་བཛྲ་བཱ་ཧུ་རཱ་ཛ་ཏེ་མང་པོ་གསལ་བ་ཤེས་བྱ་ཐམས་ཅད་གཟིགས་པ་ལ་འགྲེལ་པ་གཉིས་ཀ་འཆད་དོ། །དེ་ སྐད་ཅེས་བཀའ་སྩལ་ཏོ། །བདག་གཞན་ཆེ་ཆུང་སོགས་གཉིས་ཆོས་ཀྱི་ཆོས་རྣམས་ཐམས་ཅད་མེད་པས་ མཉམ་པ་ཉིད། །དུ་གཟིགས་པ། གཟུང་འཛིན་རང་བཞིན་མེད་ཅིང་མིང་དང་རྒྱུ་མཚན་གྱི་གནས་པ་མེད། ། པ། སོ་སོར་འབྱེད་ཆོས་དབྱེར་མེད་ཅིང་བརྗོད་པའི་ཡུལ་དང་བྲལ་བ། །སེམས་ཅན་རང་བཞིན་དག་པར་ མཐོང་བས་སྙིང་རྗེ་དམིགས་མེད་སྐྱེ་བའི་རྒྱུ་ཅན། །ནོ་ཏེ་མཉམ་ཉིད་ཀྱི་དམིགས་པའོ། །དཔའ་བོ་ཆེན་པོ་རྡོ་རྗེ་ཉི་ མ་རིན་འབྱུང་གིས་སུརྱ་ལ་སམཏཱ། ཨུརྟ་མ་ར་ཏ་ཡ་ཏེ། མཆོག་མཉམ་དགའ་བྱེད་དེ་ཆོས་དབྱིངས་མཆོག་ཏུ་རང་གཞན་མཉམ་ པས་སེམས་ཅན་དགའ་བར་བྱེད་དོ། །ཞེས་འགྲེལ་པར་རོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །འདི་ནི་བདེ་བ་ཆེན་ པོའི་ཡེ་ཤེས་དམ་པ་སྟེ། །ཡོན་ཏན་གསར་དུ་འཕེལ་བ་དང་སྐྱོན་སར་དུ་འབྲི་བ་ཡོད་པ་མ་ཡིན། །ལ། ཀུན་རྫོབ་ རྒྱུ་དང་འབྲས་བུ་རྣམ་པར་འཕྲུལ་བ། །ཐམས་ཅད་རྟེན་ཅིང་འབྱུང་བ(སོར་རྟོག་གི་དམིགས་པའོ།།)འོ། ། ཙམ་དུ་མཁྱེན་པ། དཔའ་བོ་ཆེན་པོ་འཇིག་རྟེན་ལོ་ཙཱ་ན་ག་ཏི། མཐོང་བས་འགྲོ་བ་ཡེ་ཤེས་མིག་གིས་ཤེས་བྱ་ཀུན་ 23-1-404 ལ་འགྲོ་བ་ལ་དབང་འབྱོར་བས་དབང་ཕྱུག་ཏུ་གཉིས་ལས་འཆད་དོ། །དབང་ཕྱུག་འོད་དཔག་མེད་གིས་དེ་སྐད་ཅེས་ བཀའ་སྩལ་ཏོ། །བདེན་པར་བློས་གཞག་ཏུ་ཡོད། མ་ཡིན་ཏེ་ཕུང་ཁམས་སོགས་སུ་གྲུབ་པས་ཕྱིར་རོ། །བརྫུན་ པར་གཞག་ཏུ་ཡོད་པ་མིན་ཏེ་ཡེ་ཤེས་རྣམ་པ་ཐམས་ཅད་པ་བློ་ལས་འདས་ཤིང་འགྱུར་བ་མེད་པའི་དངོས། །(པའོ། །འགྲོ་ བ་འདི་ཐམས་ཅད་རང་བཞིན་རྣམ་པར་དག་པ་ཡང་དག་པ། །ཇི་ལྟར་ཆུ་དང་ཆུ་རླབས་བཞིན། །དུ་ཆོས་ དབྱིངས་ཀྱི་ཆོ་འཕྲུལ་ཙམ་མཆོག་ཏུ་གདོད་མ་ནས་སྒྲིབ་གཉིས་དག་པ་གང་ཟག་དང་ཆོས་ཀྱི་བདག་མེད་པ(བྱ་སྒྲུབ་ ཀྱི་དམིགས་པའོ།།) འོ། །གཟིགས་ནས་འགྲོ་དོན་མཛད་པའོ། །དཔའ་བོ་ཆེན་པོ་རལ་གྲིའི་(ཁཊྒ་ལ་ཁ་ཊ་མ། ར་གཱ་ མི། ནམ་མཁའ་འདུས་པ་འཇོམས་པ་སྟེ་ཚོགས་པ་དང་བྲལ་བའི་སྟོང་ཉིད་ལས་མི་འདའ་བས་དམ་ཚིག་གི་རྒྱུ་གཉིས་ལས་འཆད་ དོ།།) རིགས་ཀྱི་དམ་ཚིག་གི་ལྷ་དོན་གྲུབ་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཤེས་རབ་བཙུན་མོས་བསྡུས་ཏེ་ གསུངས་པ་ལས་ཞུས་ལན་གཉིས་ལས་ཞུས་པ་ནི། དེ་ནས་རྡོ་རྗེ་སྙིང་པོ་སོགས། །སྔགས་ཀྱི་དཔའ་བོ། རྣམས་ བཞེངས་ཤིང་ཕྱག་འཚལ་ཏེ། །དམ་ཚིག་མཁྱེན་པ་ཆེན་མོ་སྒྲོལ་མ་རྣལ་འབྱོར་མ། །དཀྱིལ་འཁོར་གྱི་ གཙོ་མོ་ཆེ་ལ་འདི་སྐད་ཞུས། །ཨེ་མ་ཧོ་ཆོས་རྣམས་ནི་ངོ་མཚར་བ་ལས་བྱུང་བ། །ཏེ། ནམ་མཁའ་ ནམ་མཁའི་རང་བཞིན་དུ་བཞག་པ་ལྟར། སྤྲོས་བྲལ་ཆོས་སྤྲོས་བྲལ་རྒྱ་དང་བཅས་པ་རྒྱུ་འབྲས་རྟེན་འབྲེལ་ལས། ། སྣ་ཚོགས་ཆོས་ཀུན་འབྱུང་བ་ནི། །རྡོ་རྗེ་རྒྱལ་མོ་ཞེས་བོས་ནས་རྒྱུ་མཚན་ཅི་ཞིག་ལགས། །ལ་ལན་ལ་ མདོར་ན་ཉོན་ཅིག་རྡོ་རྗེ་ཞེས་བོས་ནས་དོན་ཇི་བཞིན་མ་འཁྲུལ་བར་ཉོན། །ཅིག གང་ཟག་དང་ཆོས་ཀྱི་བདག་ ཏུ་ལྟ་བ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན། ། པ་ཁོ་ན་མཛད་དོ། །དོན་དུ་ནི་ཐམས་ཅད་ལ་ཆོས་ཉིད་ཡོངས་གྲུབ་ཀྱིས། སྟོང་པ་མ་ཡིན་ཀུན་བཏགས་ཀྱིས་མི་སྟོང་ མིན། །པའོ། །འགྲེལ་པ་གཉིས་ལས་མེད་པ་དང་ཡོད་པའི་རྣམ་རྟོག་གི་ཡུལ་མིན་པའོ། །རྒྱས་བཤད་དང་པོ་སྣང་བ་སེམས་ནི། ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱི་མཐུ་ལས། །སྣ་ཚོགས་པའི་ཞིང་ཁམས་སྣོད་ཀྱི་འཇིག་ རྟེན་དང་དབང་པོ་ལྔ་དང༌། །གཟུགས་དང་སྒྲ་དང་རོ་དང་ལྡན་པ། །དང༌། དྲི་དང་རེག་བྱ་དང་ནི་ ལུས། །ཀྱི་ཁོག་པ་དང༌། ཕྱི་དོན་དུ་སྣང་བ་དང་ནང་དོན་དུ་རྣམ་པར་གནས་པ། །ཐམས་ཅད་རང་སེམས་ 23-1-405 ཀྱི་རྣམ་འཕྲུལ་ལས། །ཡུལ་ཉེ་བར་དམིགས་པ་ལ་འབྱུང་བ་བཞི་རྣམས་དང་གཟུགས་སོགས་ཡུལ་མེད་དེ། ། སེམས་ཉིད་ཀྱི་དྲི་མ་ཕྱི་རོལ་དུ་སྣང་བའོ། ། གཉིས་པ་བདེན་པ་གཉིས་སུ་དབྱེ་བ་ནི། ཀུན་རྫོབ་འཇིག་རྟེན་སྣང་ངོ་རུ་ཏུ་ནི་འཇིག་རྟེན་འདི་དག་ཡོད། ། དམ་པའི་དོན་དུ་ནི་དབྱིངས་ལས་གཞན་འཇིག་རྟེན་འདི་དག་མེད། །གང་གཟུང་འཛིན་གཉིས་སྣང་ཐམས་ཅད་ མེད་པས་ནང་གི་སེམས་ཉིད་བདེ་བ་དམ་པ་རང་རིག་པའི། །ཡེ་ཤེས། ཤེས་པ་རང་ཉིད་གསལ་བའི་དངོས་ པོ་འདི་ཁོ་ན། །ཙམ་ཞིག་ཡོད་དོ། ། ༈ གསུམ་པ་སྤྲོས་བྲལ་དུ་གཏན་ལ་ཕབ་པ་ནི། དོན་དུ་སྲིད་མེད་དེ་འཁྲུལ་སྣང་ཡིན་པས་སོ། །མྱ་ངན་འདས་ པ་མེད། །དེ་དོན་དམ་པར་མྱ་ངན་མེད་ཅིང་དེ་ལས་འདས་པར་སྣང་བ་ཡང་བརྫུན་པ་ཡིན་པས་སོ། །ཁམས་བཅོ་བརྒྱད་ མེད་རྣམ་པར་ཤེས་པ་བརྒྱད་མེད། །ཡུལ་དངོས་པོ་མེད་ཅིང་ཡུལ་ཅན་སྒོམ་པ་མེད། །རྒྱ་མཚོ་ལ་རླབས་ དང་གཟུགས་བརྙན་དང་སྲོག་ཆགས་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་གནས་ཡིན་ཡང༌། དེས་མ་གོས་པ་ལྟར། ཀུན་བརྟགས་ལྟ་བུ་ བརྟགས་ཡོད། གཞན་དབང་ལྟ་བུ། སྲོག་ཆགས་དང་འདྲ་ན། རྫས་ཡོད་ཀྱིས་མ་གོས་ཤིང༌། དེ་ཐམས་ཅད་འཆར་དུ་རུང་བས་ན། རྒྱ་མཚོ་ལྟ་བུའི་ཆོས་ཉིད་དེ་བཞིན་ཉིད། །འདི་ནི་སྡིག་དང་བསོད་ནམས་ཀྱི་བྱ་བ་ལས་འདས། །པ་ ཏེ་དེའི་འབྲས་བུ་མིན་ལ། གཅིག་དང་དུ་མའི་དངོས་པོ་གང་ཡང་ཀྱང་མིན། །བཞི་པ་ལོག་རྟོག་གོལ་ས་བཅད་པ་ ནི་ཐམས་ཅད་ཀྱི་དོན་དམ་པའི་དངོས་པོ་རོ་གཅིག་ཏུ་གྱུར་པའི། །མཚན་ཉིད་ཅན་ཏེ། གཉིས་མེད་ཀྱི་ཡེ་ཤེས་ གཅིག་ཉིད་དངོས་པོ་ཐམས་ཅད་ལ་རྣམ་པར་སྤྲོས། །པ་སྟེ་ཐམས་ཅད་ལ་ཆོས་ཉིད་ཀྱིས་ཁྱབ་པའོ། །སྡུག་བསྔལ་ བདེ་བ་ཡུལ་རྣམ་ཤེས། །ཀུན་ལས་འདས་པའི་ཡེ་ཤེས་བདེ་ཆེན་པོ། །འདི་ལ་རང་ངོས་ནས་བྱ་བ་མེད་ ཅིང་བྱེད་པོ་མེད། །ལ་ལས་ཀྱང་མེད་པའོ། །རང་བཞིན་ལ་གཉིས་སྣང་གང་གིས་ཀྱང་མ་དཀྲུགས་ལ་རང་བཞིན་ གློ་བུར་གྱི་དྲི་མ་དག་པའོ། །རང་བཞིན་དེ་བདེ་བ་ཡིན་ན། ཆགས་པའི་བདེ་བ་ཡིན་ནམ། ཆགས་བྲལ་གྱི་ཤིན་སྦྱངས་པ་ཡིན་ ནམ། དབུ་མ་སྟོང་ཉིད་མཐོང་བས་བདེ་བ་ཡིན་ནམ་ཞེ་ན། རང་བཞིན་དོན་དམ་འདི་ལ་འདོད་ཆགས་མེད་ཅིང་ཆགས་ པ་གདོད་ནས་མེད་པས་བྲལ་རྒྱུ་མེད། །ལ། དབུ་མར་དམིགས་པར་མི་འགྱུར་ཏེ་འདི་ཚོར་བ་མ་ཡིན་ཅིང་དངོས་ 23-1-406 པོའི་གནས་ལུགས་ཡིན་པས་དམིགས་རྒྱུ་མེད་པའི་ཕྱིར་རོ། །དོན་དམ་པའི་འདོད་ཆགས་ཆེན་པོའི་གཉིས་མེད་ཡེ་ ཤེས་འདི་ཡོད་པས། །བདེ་ཆེན་སྒོམས་པ་ན་ཆགས་ལྡན་རྣམས་ལ་བྱང་ཆུབ་བདེ་ཆེན་གྱི་སྐུ་སྟེར། །རོ། ། གསུམ་པ་དོན་བསྡུ་ནི། འཁོར་བ་ནི་སེམས་ཉིད་ཀྱི་སྣང་བ་སྟེ་ཕྱི་རོལ་དངོས་པོར་གྲུབ་པ་མེད། །ལ། སེམས་ལས་གཞན་དུ་མྱ་ངན་འདས་པ་བྱང་ཆུབ་ཀྱང་ཡོད་པ་མ་ཡིན། །ནོ། །སྲིད་པ་དང་ཞི་བ་འདི་གཉིས་ ཀ་དོན་དམ་པའི་རོ་དང་བྲལ་བ་སྙིང་པོ་བདེན་པར་མེད། །རང་སེམས་ཆོས་ཀྱི་དབྱིངས། བདེ་ཆེན་དོན་དམ་སྙིང་ རྗེའི་བདག་ཉིད་ཆོས་ཐམས་ཅད་ཀྱི་མགོན་དུ་དོན་དམ་གྱི་སྐབས་འདིར་ཡོད། །དོ། ། རྩ་བའི་དོན་གཉིས་པ་རྒྱུད་ཀྱི་སྦྱོར་བ་རྒྱས་པ་ལ། དང་པོ་རྒྱུད་ནི། དེ་ནས་དེ་བཞིན་གཤེགས་པ་རྣམ་པ་དང་ མཚན་ཐ་དད་པ་ཐམས་ཅད་ཀྱི་སྔགས་དང་རྒྱུད་ཀྱི་སྦྱོར་བ་འབྱུང་བ། མི་བསླུ་བས་རྡོ་རྗེ་ཞེས་བྱ་བའི་ཏིང་ ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་བཀའ་སྩལ་ཏོ། ། གཉིས་པ་རྒྱས་པའི་ལྷ་ཉི་ཤུའི་སྒྲུབ་པ་དང་པོ་སྔགས་ནི།༼༡༽ༀ་མ་ཎི་པདྨེ་ཧཱུཾ་ཕཊ་སྭཱཧཱ། སྤྱན་རས་གཟིགས་ཀྱིའོ། ། ༼༢༽ ༀ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། རྡོ་རྗེ་རྣལ་འབྱོར་མའིའོ། །༼༣༽ ན་མོ་བྷ་ ག་ཝ་ཏེ་མེ་རུ་ཤི་ཁ་ར་ཀུ་ཊ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་ མེ་རུ་མེ་རུ་མཧཱ་མེ་རུ་ཡེ་སྭཱཧཱ། ཤཱཀྱ་ཐུབ་པའིའོ། །༼༤༽ ༀ་ཨཱཿམཻ་ཏྲི་ཡེ་ཧཱུཾ་སྭཱཧཱ། བྱམས་པའིའོ། །༼༥༽ ༀ་ བཛྲ་ཏིཀྵྞ་དྷཱིཿ འཇམ་དཔལ་གྱིའོ། །༼༦༽ ༀ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་ཝརྡྷ་ནི། དྷི་ རི་དྷི་རི་བུདྡྷ་ཝརྡྷ་ནི་སྭཱཧཱ། ཤེར་ཕྱིན་མའིའོ། །༼༧༽ ༀ་ཛམྦྷ་མོ་ཧ་སྭཱཧཱ། གསེར་ཅན་སྒྲོལ་མའིའོ། །༼༨༽ ༀ་ ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མེ་དྷ་ནཾ་དེ་ཧི་དེ་ཧི་སྭཱཧཱ། ནོར་བུ་འཛིན་པའི་སྒྲོལ་མའིའོ། །༼༩༽ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་ རེ་སཎྟཱ་རཱ་ཎི་ཧྲཱིཿསྭཱཧཱ། དབང་བྱེད་སྒྲོལ་མའིའོ། །༼༡༠༽ ༀ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ། ཀུ་རུ་ཀུལླེའིའོ། ། ༼༡༡༽། ༀ་བཛྲ་ཙཎྚ་སརྦ་དུཥྚནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཕྱག་ན་རྡོ་རྗེ་རྩ་བའོ། །༼༡༢༽ ༀ་ནི་ལཱམྦ་ར་དྷ་ར་ བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་ཧཱུཾ་ཕཊ་སྭཱཧཱ། ཕྱག་ན་རྡོ་རྗེ་ཕོ་ཉའིའོ། །༼༡༣༽ ༀ་ཛཾ་དྷི་ཀ་ཋ་མཧཱ་ཧོ་ཧ་ར་སརྦ་ དྷ་ན་སཊྚོ་རཏྣོ་ཧཱུཾ་ཛུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། གཙོ་མོ་ནོར་རྒྱུན་མའིའོ། །༼༡༤༽ ༀ་མ་ནོ་ཧ་ར་ཧ་ར། ༀ་ཨངྒུ་ 23-1-407 ཤ་ཨངྒུ་ཤ་ཧྲཱིཿཧྲཱིཿཧྲཱིཿཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བྲན་མོ་ནོར་རྒྱུན་མའིའོ། །༼༡༥༽ ༀ་ཧ་ཡ་གྲྀ་བ་ཧྲཱིཿཨ་ཧཾ་ཨ་ཧཾ་ ཨ་ཨཾ་ཧཱུཾ་ཧཱུཾ་སྭཱཧཱ། ཁྲོ་བོ་རྟ་མགྲིན་གྱིའོ། །༼༡༦༽ ༀ་མཧཱ་ཀ་ལ་ཧ་ན་ཧ་ན་བཛྲེ་ཎ་མ་མ་ཀརྱཾ་ཀུ་རུ་ཀུ་རུ་ སྭཱཧཱ། ལེགས་ལྡན་ནག་པོ་ཆེན་པོའིའོ། །༼༡༧༽ ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་ཏྲཱ་ཡ། མཧཱ་ཡཀྵ་སེ་ན་ པ་ཏ་ཡེ། ༀ་ཧྲི་ཏྲཾ་ཀྵཾ་ཛཾ་ཧཱུཾ་ཧ། དི་བྱཱ་རཏྣཽ་ག བ་རི་ཤ་ན། ཨར་པ་ཀ ད་པ་ཡ་ཤ ས་མ་ཡ། མ་ནུ་ སྨ་ཡ། ཧྲཱིཿཧཱུཾ་ཕཊ། ཛམྦྷ་ལ་སེར་པོའིའོ། ། ༼༡༨༽ །ༀ་མཾ་དི་རི་དི་རི་ཙཎྜ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཤ་ཟ་མོ་རལ་ པ་ཅན་གྱིའོ། །༼༡༩༽ ༀ་གཾ་གཱ་ན་པ་ཏི་མ་མ་རཏྣ་སིདྡྷི་ག་ག་ག་ག་ག་ག་ག་ག་ག་ན་པ་ཏི་སྭཱཧཱ། སུམ་ཅུ་ རྩ་གསུམ་གྱི་ཚོགས་ཀྱི་བདག་པོའིའོ། །༼༢༠༽ ༀ་ག་ན་བཾ་ཧོ་ཡཾ་ཛཿག་ན་བཾ་ཧྲཱིཿཡཾ་ཛཿ བྱང་ཤར་ཚོགས་ཀྱི་བདག་ པོའིའོ། ། གཉིས་པ་ལྷའི་རྣམ་པར་བཤད་པ་ནི། ༼༡༽ ཉི་མའི་གདན་ལ་གཡས་རྐྱང་རོལ་སྟབས་ཀྱིས་ཡང་དག་པར་ བཞུགས་ཤིང་གནས། །པ་གཡས་མཆོག་སྦྱིན་གྱི་བགྲང་འཕྲེང་དང་གཡོན་པདྨ་དམར་པོ་བསྣམས། །པས་ ཡུམ་ལ་མཁྱུད་པ། གོས་དཀར་མོ་དམར་མོ་གཞན་ཡབ་དང་འདྲ་བ་ཡིས་མགུལ་ནས་འཁྱུད། །འཇིག་རྟེན་ དབང་ཕྱུག་བསྒོམ་པར་བྱ། །རྡོ་རྗེ་ཕག་མོ་རྣལ་འབྱོར་མ་ནི་གཡས་༼༢༽གྲི་གུག་འཕྱར་བ་གཡོན་ཐོད་པ་ཁྲག་ གང་ལག་ན་ཐོགས། །ནས་ཐུགས་ཀར་འཛིན་པ་ཕག་མོ་རབ་ཁྲོས་མཆན་ཁུང་དུ་ཁ་ཊྭཱཾ་བསྣམས། །པ། ཁྲོ་ ཚུལ་ཆེར་བསྟན་ཡང་སྲིན་མོའི་ཆ་བྱད་མ་ཡིན་པར། ལྷ་མོའི་ཚུལ་ཅན་ཡིན་པས། མཛེས་མ་ཤིང་ཡ་བའི་མེ་ཏོག་ མཚུངས། །པར་དམར་བ། གཡས་རྐྱང་གིས། གཡོན་པས་ལྷ་མོ་དཀར་མོ་དང་གཡས་པས་ཕྱུགས་བདག་མཧཱ་དེ་ ཝ་ཞབས་ཀྱིས་མནན། །པའོ། །ཇོ་བོ་གཡོན་རྐྱང་དུ་བཞེད་དེ་གནད་གཅིག་ཡོད་གསུང༌། ༼༣༽གསེར་མདོག་ མཚན་དང་དཔེ་བྱད་རྣམས་ཀུན་རྫོགས་ཤིང༌། །ཕྱག་གཉིས་བདུད་འདུལ་གྱི་ཕྱག་རྒྱས་ས་གནོན་མཉམ་ བཞག་གིས་ཁམས་གསུམ་ཟིལ་གྱིས་གནོན་པ། །གཽ་ཏཾ་ཤཱཀྱ་ཐུབ་པ་བྱང་ཆུབ་ཆེན་པོར་བསྒོམ། །མགོ་ བྲེགས་རབ་ཏུ་བྱུང་བའི་ཆ་བྱད་ཀྱིས་བརྟུལ་ཞུགས་ཆེན་པོའོ། །བྱམས་པ་ནི་༼༤༽བྱང་ཆུབ་མཆོད་རྟེན་སྤྱི་ བོར་འཛིན། །ཅིང་ལྷའི་དྲང་སྲོང་གི་ཆ་བྱད་ཅན། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་ཅན་དང་ནི་གཡས་མཆོག་སྩོལ་ 23-1-408 བའི་ཕྱག །སེར་པོ། དོང་ཀའི་མེ་ཏོག་ལྟར་མཛེས་པ། །རྣམ་སྣང་དབུ་རྒྱན་དུ་བྱ་མི་བསྐྱོད་སོགས་སངས་རྒྱས་ བཞི་མཱ་མ་ཀཱི་སོགས་རིག་མ་བཞིར་བཅས་ཏེ་བརྟག །གོ །༼༥༽མདོག་དཀར་པོ་འཇམ་པའི་རྡོ་རྗེ་ནི། ། རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ལྟེ་བར་ཡི་གེ་དྲུག་པའི་རབ་སྔགས་ཀྱིས་མཚན་པའི་འཁོར་ ལོ་རྩིབས་དྲུག་པར་བཅས། །གཞོན་ནུའི་ཆ་བྱད་ཀྱི་ཚུལ་ཅན་བསྒོམ་པར་བྱ། །འོ། །ཤེར་ཕྱིན་མ་ནི་༼༦༽ ཟླ་ བ་ལྟར་དཀར་བ་གཡས་མཆོག་སྦྱིན་དང༌། །གཡོན་པོ་ཏིས་མཚན་པའི་ཆུ་སྐྱེས་བཅས། །བསྙེན་པས་ བསྒོམས་བཟླས་བྱས་ནས་སྒྲུབ་པའི་དུས་ཤུ་དག་དང་བཅས་པས། །སྐྱུར་པོ་མ་བླངས་པ་འཐུངས་པས་ ཟླ་བ་དྲུག་གིས་བློ་གྲོས་སྟེར། །གཡས་༼༧༽རིན་ཆེན་བུམ་པ་གཡོན་རིན་ཆེན་སྙེ་མར་བཅས། །གང་གི་ ལག་ན་ཉེར་གནས་པ། །གསེར་ཅན་སྒྲོལ་མ་བསམ་བྱས་ནས། །ལོངས་སྤྱོད་ཡིད་བཞིན་ནོར་ བུའི་སྤྲིན་ལྟ་བུ་ཉིད་དུ་འགྱུར། །དཔག་བསམ་ཤིང་བརྟེན་༼༨༽ཅིང་གཡས་དེའི་ཡལ་ག་དང༌། །གཡོན་ ནོར་བུའི་འབྲས་བུ་འཛིན་པ་ནི། །ཇོ་བོའི་འགྲེལ་པར། ལྗང་ཁུ་རས་ཕྲན་འཆང་སྒྲོལ་མ། །ཞེས་པ་སྣང་བ་ཚིགས་ བཅད་འགྲིག་པ་སོགས་དགོས་པར་སེམས་ཀྱང༌། རྒྱུད་ཀྱི་རྒྱ་དཔེ་གཉིས་ན་མེད་ཅིང༌། གྲུབ་ཆེན་ཞི་བ་ཡང་མི་བཞེད་གསུང༌། ཉི་མ་ནི་མདོག་ཀྱང་སེར་པོར་རམ་བཞེད་པས་འབྲུ་འགྲེལ་མེད་ཀྱང༌། འདི་མི་འདོན་པར་མངོན། གསེར་གྱི་བྲག་ཕུག་ན་ གནས་པར་བསམ། །ཉི་མ་༼༩༽འཆར་ཀ་གསར་བའི་མདོག །གཡས་ལྕགས་ཀྱུ་གཡོན་ཨུཏྤལ་ དམར་པོ་བསྣམས། །སྒེག་པའི་ཆ་བྱད་འཆང་བརྒྱན་དུ་མས་རྣམ་བརྒྱན་པ། །དབང་དུ་བྱེད་མའི་ སྒྲོལ་མ་བསམ་པར་བྱ། ༼༡༠༽ །དམར་པོ་ཕྱག་ནི་བཞི་པ་སྟེ། །དང་པོ་གཉིས་མདའ་དང་གཞུ་ནི་ འཛིན་པའི་མཆོག །འོག་མ་གཉིས་རྡོ་རྗེ་ལྕགས་ཀྱུ་དང་ཨུཏྤལ་དམར་པོའི་སྡོང་བུ་ཕྱག་ན་བསྣམས། །ཀུ་ རུ་ཀུལླེ་བསམ་པར་བྱ། །གཡས་རྡོ་རྗེ་༼༡༡༽ཐུགས་ཀར་གཏོད་ཅིང་འཆང་བ་ཕྱག་རྡོར་གཡོན་གདན་གནོན་ པ། །སྔོ་བསངས་ཡིད་ཙམ་ཁྲོ་བ་སྟེ། །སྒྲུབ་པོས་མདུན་དུ་བསྐྱེད་པ་བཞག་ནས་ནི། །མཚན་བརྒྱ་ པོ་ནི་བརྗོད་པར་བྱ། །ས་ལ་ཟླས་པ་བྱའོ། །ནག་༼༡༢༽པོ་ཆེར་ཁྲོས་པས་མི་སྡུག་པ་གཡས་རྡོ་རྗེ་འཕྱར་བ་ཅན། ། དེའི་བརླ་གཉིས་བར་དུ་མཁའ་ལྡིང་གི་རྒྱལ་པོ་ནི། །དུག་ཅན་(སྦྲུལ་)ཨ་ཛ་ག་ར་(སྦྲམ་ཆེན་)འཇོམས། ། 23-1-409 ཕྱག་གཡོན་སྡིགས་བྱེད་ལག་ན་རྡོ་རྗེ་བསྒོམ། །ནོར་རྒྱུན་མ་འདི་གཉིས་ཀྱི་སྒྲུབ་ཐབས་ཀྱང་ལོགས་ན་ཡོད་དོ། ། མདོག་༼༡༣༽བཟང་གསེར་ལྟ་བུ་ཀཱ་མ་དྷེ་ནུའི་འདོད་བ། །གཡས་པི་ཙུ་ར་འབྲས་སེར་པོ་ཁ་སྔོ་བ་གཅིག་ ཡོད་གསུངས། གཡོན་རིན་ཆེན་སྙེ་མ་འཛིན། །གཏེར་གྱི་བུམ་པ་ཞབས་སྤྲད་པ་ལ་གནས་པའི་གནོད་སྦྱིན་མོ། ། ལས་བྱེད་མརྐ་ཊ་སྤྲེའུ་ཅེས་བསམ་པར་བྱ། །པདྨ་༼༡༤༽རཱ་གའི་འོད་དང་མཉམ། །གཡས་ཟངས་ཀྱི་ ཀྱོ་བ་གཡོན་ནེའུ་ལེའི་རྐྱལ་པ་ནོར་བུས་གང་བ་ཅན། །ནོར་རྒྱུན་མ་ནི་རྣམ་བསྒོམས་ན། །ངེས་པར་ དབང་དུ་བྱེད་པ་ཡིན། ཁྲོ་བོའི་༼༡༥༽རྒྱལ་པོ་རྟ་མགྲིན་ནི། །གོང་དུ་བཤད་པ་ལྟར་ལས་ཁྱི་གདོང་ཅན་གྱི་ རྡོ་རྗེ་ལྷ་མོ་མཁའ་འགྲོ་མ་རིགས་བཞི། །ཡུམ་པདྨ་མཁའ་འགྲོ་མ་ལྷ་ཞལ་གྱིས་འཁྱུད་པ། བསྒོམས་ནས་གདུག་ པ་ཀུན་འདུལ་བའི། །གཟི་བརྗིད་མཐུ་སྟོབས་རྟ་མཆོག་དཔལ་ཉིད་དང་མཚུངས་པར་འགྱུར། །ཡང་ ན་ཞལ་གསུམ་གཡས་ནག་པོ་དང་དབུས་དམར་པོ་དང་གཡོན་དཀར། །པོའོ། །ཕྱག་གཡས་གསུམ་རྡོ་རྗེ་དང་ དབྱུག་ཏོ་དང་བཅས་པ་རལ་གྲི། །འོ། །གཡོན་གསུམ་ཐོད་པ་ཞགས་པ་དང་སངས་རྒྱས་རྣམས་ལ་ཕྱག་འཚལ་ བ་ཐལ་མོར་བཅས། །པའོ། །སྤྲུལ་པ་མཁའ་ལྡིང་རྒྱལ་པོ་མང་པོ་རྣམ་པར་སྤྲོ། །བའོ། །ཡང་ན་ཕྱག་ གཉིས་པ་གཡས་དབྱུག་ཏོ་འཛིན་པར་བྱས་ནས། །ཞབས་གཉིས་གཡས་ཀྱིས་ཀླུ་རྒྱལ་ནོར་རྒྱས་དང་གཡོན་ ཚངས་པ་བཅས་པ་གནོན་ཅིང་གཟིར་བ། །བསྒོམས་ན་སྦྲུལ་གྱིས་ཟིན་པ་སོགས་ཀྱི་དུག་རྣམས་བསྐྱོད་པ་ དང༌། །སྣ་ཚོགས་ལས་རྣམས་འགྲུབ་པར་འགྱུར། །ལེགས་ལྡན་(འདིའི་སྒྲུབས་ཐབས་ལོགས་སུ་ཤེས་སོ།།) ནག་པོ་ནི་མུན་༼༡༦༽པའི་སྐུ་ལུས་ལྟར་ནག་པ་ཁྲག་འཛག་པའི་ཞལ། །གཡས་རལ་གྲི་སྟེ་གྲི་ཁུག་གཡོན་ཐོད་ བཅས་པའི་ཤ་ཆེན་ཟ་བ། །མཆན་ཁུང་དུ་ཁ་ཊྭཱཾ་དོ་ཤལ་མགོ་བོའི་ཕྲེང་བས་བརྒྱན། །པ་སྒོམས་ཤིང༌། དུག་ ཤིང་ལ་བྱས་པའི་སྐུ་ལ་མཆོད་པར་བྱ། །འོ། །ཛམ་བྷ་ལ་༼༡༧༽ནི་ནོར་འཕེལ་བ་སྒྲུབ་པ། །སེར་པོ་ གཡས་བི་ཛ་པུ་ར་འཛིན། །ནེའུ་ལེ་གཡོན་ན་བསྣམས་པར་བསྒོམས་བྱས་ནས། །ཆུ་སྦྱིན་དབང་ པོ་མཆོད་ཅིང་བསྒྲུབ་པར་བྱ། །འདི་ཡང་ལོགས་སུ་ལྟའོ། །རབ་དམར་༼༡༨༽ཐོད་པའི་གདན་ལ་གར་སྟབས་ ཀྱིས་གནས། །པ། གཡས་ཅང་ཏེའུ་གཡོན་ཐོད་པ་ཤས་གང་བ་འཛིན། །པ། རལ་པ་ལྡན་མ་བསྒོམས་ 23-1-410 བྱས་ན། །འདི་ཤ་ཟ་མོའི་གཙོ་བོ་ཡིན་པས། ཤ་ཟ་མོ་རྣམས་མངག་གཞུག་འགྱུར། །འདི་ཚངས་སྤྱོད་བུད་མེད་ དང་མ་འབྲེལ་བས་བསྒྲུབ་དགོས་གསུང༌། ཞལ་གསུམ་དབུས་གླང་པོ་༼༡༩༽གཡས་སྤྲེའུ་རྒྱལ་གཡོན་བྱི་བའི་གདོང་གི་ གཟུགས། །མི་བསྐྱོད་པའི་དབུ་རྒྱན་ཅན། ཕྱག་དང་པོ་གཉིས་དགྲ་སྟ་དང་ལ་ཕུག་ཕྱག་ན་བསྣམས། །འོག་མ་ གཉིས་ལྕགས་ཀྱུ་དང་ཆང་སྣོད་བསྣམས་པ་ཡི། །ཕྱག་བར་བ་གཉིས། ཞི་བ་ལ་བུམ་པ། རྒྱས་པ་ལ་ནེའུ་ལེའི་སྐྱལ་ པ། དབང་ལ་མདའ་གཞུ། དྲག་པོ་ལ་གྲི་ཞགས་བྱ་ཞེས་ཇོ་བོ་བཞེད། མན་ངག་ལ་ཡུམ་ལ་མཁྱུད་པ་ཡིན་ནོ། །ཕྱག་དྲུག་པ་ ཞབས་ནི་བཞི་པ་ལ། །བྱི་བ་ལ་གཡོན་རྐྱང་གིས་བཞུགས་པ། (ཡང་ཞབས་རྒྱབ་མ་གཉིས་ཀྱིས་ཡུམ་ལ་མཁྱུད་པར་ཉི་ མས་མཛད་དོ།།) ཆུང་མ་སྣ་ཆེན་མ་ཞེས་བྱ། ཕག་གདོང་ངམ། ལྷ་ཞལ་ཅན། རིན་ཆེན་འཛིན་པས་མཁྱུད་པ། ཡན་ལག་ལྷག་ འདྲ། གཡོག་མོར་སྤྲེའུའི་གཟུགས་ཅན་བཞི། བཅས་བསྒོམས་ནས། །བགེགས་ཀྱི་རྒྱལ་པོ་མདུན་བསྐྱེད་ དུ་དེ་ལྟར་བསྒོམས་ནས་ལ་དུ་ལ་ཕུག་སོགས་དང་ཤ་ཆང་མངར་གསུམ་སོགས་ཀྱིས་མཆོད་པར་བྱ། །མཎྜལ་ཟླུམ་པོའི་ དབུས་སུ་ཟླ་ཁམས་དམར་པོ་གཅིག་བྱས་ལ། སྟེགས་བུའི་སྟེང་དུ་སྐུ་བཞག མདུན་བསྐྱེད་གམ་ལས། ཚོགས་བདག་གླང་ཆེན་ གདོང༌། རབ་དམར་༼༢༠༽མཆེ་བ་གཙིགས་པ་ནི། །ཕྱག་མཚན་དང་ལས་སྦྱོར་སྐབས་ཞགས་པ་ལྕགས་ ཀྱུའི་རབ་སྦྱོར་བ། །གནས་གསུམ་བྱིན་རླབས་ཡེ་ཤེས་སྤྱན་འདྲེན། དབང་བསྐུར་འོད་དཔག་མེད་ཀྱི་དབུ་རྒྱན། འདི་ ཡིས་ཧ་ན་ད་ཧ་པ་ཙ་བནྡྷ་བིགྷྣན་མཱ་ར་ཡ་ཧཱུཾ་བརྟགས་ན་བགེགས་རྣམས་འཇོམས་པ་དང༌། །ལས་བུདྡྷི་པུཥྚི་ཀུ་རུ་ ཡེ་སྭཱཧཱ་སྦྱར་ན་བློ་དང་ཧྲིཿཧྲིཿཛཿཛཿབཱ་ཤིང་ཀུ་རུ་རཏྣསིདྡྷི་ཛཿཛཿབརྟགས་ན་དབང་དུ་བྱེད་པ་ཡིན། །གསུམ་པ་ས་བོན་ གྱི་རིམ་པ་དེ་ཉིད་ཀྱིས་ཧྲཱིཿ༡བཾ་༢ཧཱུཾ་༣མཻཾ་༤དྷིཿ༥ཨ་༦ཏཾ་༧ཏཾ་༨ཏཾ་༩ཧྲཱིཿ༡༠ཧཱུཾ་༡༡ཧཱུཾ་༡༢བཾ་༡༣ཧྲཱིཿ༡༤ཧཾ་༡༥ཧཱུཾ་༡༦ཛཾ་ ༡༧ཧྲཱིཿ༡༨གཾ་༡༩གཾ་༢༠ཞེས་རྣམས་སོ། ། ༈ རྩ་བ་ས་བཅད་གསུམ་པ་རྨུགས་འཛིན་ཧེ་རུ་ཀའི་སྒྲུབ་ཐབས་ནི། བདག་ཉིད་ཧེ་རུ་ཀའི་སྦྱོར་རྣལ་འབྱོར་ལ་ གནས་པ་བས་ཙནྡན་དམར་པོ་ལ་ཛཾ་བྷ་ལའི་སྐུ་བྱས། འགྲོན་བུ་རིན་ཆེན་སྣ་ལྔ། རས་སྣ་ལྔ་རྣམས་སྟེགས་བུ་ལ་ཟངས་གཞོངས་ སུ་བཀོད་ལ། བསངས་སྦྱངས། མདུན་དུ་ཛཾ་དང༌། བཾ་ལས་གནོད་གནས་དབང་པོ་དམར་པོ་བི་ཛ་པུ་ར་དང་ནེའུ་ལེ་ བསྣམས་པ། འོད་དཔག་མེད་པའི་དབུ་རྒྱན་ཅན་གཡས་བརྐྱང་བས་བཞུགས་པ། གནོད་སྦྱིན་མོ་ནོར་རྒྱུན་མ། 23-1-411 རང་དང་འདྲ་བ་ལ་འཇུག་པ་བསམས་ནས། ཡེ་ཤེས་པ་གཞུགས་པ་དང༌། གཏོར་མ་ཕུལ་ལ་ༀ་ཛམ་བྷ་ལ་ཛ་ ལེནྡྲ་ཡེ་དྷ་ནཾ་མི་དེ་ཧི་ཌཱ་ཀི་ནི་ཛཱ་ལ་སཾ་བྷ་ར་སྭཱཧཱ། ཞེས་པ་འདིས་ཉིན་རེར་ལན་བརྒྱ་རྩ་བརྒྱད་ཆུ་སྦྱིན་ ནོ། །ཛམྦྷ་ལ་རང་ལ་བསྟིམ། རྟེན་རྣམས་མི་ལྤགས་ཀྱི་ཁུག་མར་བཅུག་བཅངས། ཁམས་གསུམ་གྱི་དབང་ཕྱུག་ཏུ་ འགྱུར་བ་ཡོད་ལ། མིན་ནའང་ནོར་ཅན་དུ་འགྱུར་རོ། །རོ། ། བཞི་པ་ཕྱག་བརྒྱད་སྒྲོལ་མའི་དཀྱིལ་འཁོར་ནི་སྔོན་མོ་སྤྱི་དང་མཐུན་པད་ཟླ་ལ་ཏཱཾ་ཡིག་དང་ཨུཏྤ་ལའི་ཡེ་ཤེས་ ལས་སྐྱེས་པ། །སྐུ་མདོག་དང་ཞལ་བཞི་པ་ལ་ཤ་ཡི་མདོག །ལྟར་ལྗང་བ་ཕྱག་གཉིས་ཐུགས་ཀར་ ཨུཏྤལའི་ཕྱག་རྒྱ་འཆིང་བ་ཅན། །ལྷག་མ་གཡས་གསུམ་ན་འཕྲེང་བ་དཀར་པོ་དང་མདའ་ཆེན་དང་འཁོར་ལོ་ དང༌། །གཡོན་གསུམ་ན་རྒྱལ་མཚན་དང་གཞུ་དང་བུམ་པ་བདུད་རྩིས་གང་བ་འཛིན། །པ་ལྷག་མ་སྤྱི་བོ་དང་ མཚུངས་པ་ལྷ་མོ་སྒྲོལ་མ་བསམ་པར་བྱ། །ཡན་ལག་ལྷག་མ་རྣམས་ཀྱང་བྱས། རྩ་སྔགས་བཟླས་པས་འཇིགས་ པ་བརྒྱད་ལས་བསྲུང་བར་འགྱུར། །སྙིང་ག་ནས་འཇིགས་པ་བརྒྱད་སྐྱོབ་ལྷ་མོ་སྤྲོས་ནས་སོ་སོའི་བཟླས་པ་འོག་ ནས་འབྱུང་བ་ལྟར་བཟླ་ཞིང་མཚན་བརྒྱ་འདོན་གསུངས། ལྔ་པ་གཏོར་ཆོག་ལ་སྔགས་ནི། སྔགས་འདིས་བཟའ་བཅའ་རོར་བཅས་འབུལ། །གཏོར་སྣོད་བཅུ་ གཅིག་ཏུ་བཤམས། སྒྲོལ་མ་ཉེར་གཅིག་སྤྱན་འདྲེན་པ་ལན་གསུམ་གྱིས་འབུལ། ཡང་བཅུ་བཤམས་ལ་འབུལ་འཇིགས་པ་ལས་ ངེས་པར་སྐྱོབ། ནང་ནུབ་འབུལ་གསུངས། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཾ། ཧེ་ཧེ་བྷ་ ག་བ་ཏེ་མཧཱ་སཏྭཱ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ་ཨི་དཾ་བཱ་ལིང་གྲྀཧྞ་པཱ་ཡ་གྲྀཧྞ་ པཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་སརྦ་བི་སཉྩ་རེ་སྭཱཧཱ། རྫས་ནི་ཁ་ཟས་བཟང་དགུ་ལ། ཟླ་བ་ཁུ་བ་ཉི་མ་རཀྟ་སྨན་དྲི་ཆེན་དང་ དྲི། །ཆུ། མར་ཁུ་ནི་རྐང་ཏེ་བདུད་རྩི་ལྔ་དང༌། གོ་ཀུ་སོགས་སྒྲོན་མ་ལྔར་བཅས་པ། །དེ་ཁོ་ན་ཉིད་སྟོང་ཉིད་ལྷའི་ རྣལ་འབྱོར་སྦྱངས་རྟོགས་སྦར་བའི་རྣལ་འབྱོར་ལྡན་པས་ཏེ་ཁ་ཟས་བཟའ་བ་དང༌། །ཙ་རུའི་བཟའ་སྟོན་བྱེད་པ་ དང་དེ་བཞིན་དུ་གཏོར་མ་འབུལ་བར་བྱ། ། དྲུག་པ་བུམ་ཆོག་ནི་མཎྜལ་པད་འདབ་བརྒྱད་པ། བུམ་པ་སྤྱི་མཐུན་དུ་བཤམས་བགེགས་བསྐྲད། བུམ་པ་སྤྱི་དང་མཐུན་ 23-1-412 པར་སྐྱེད། བཾ་ལས་བུམ་ཆུ་སྐྱེད་དེར་སྒྲོལ་མ་ཕྱག་བརྒྱད་མ་སྐྱེད་པ་ཡན་ལག་བཞི་རྫོགས་གཟུང་ཐག་མེ་ཏོག་ཕྲེང་བ་ནས་ བཟུང༌། དམིགས་པ་གཞན་སྤྱི་དང་འདྲ། བདག་གམ་བསྒྲུབ་བྱའི་ནད་གདོན་ཞི་བར་བསམ་ལ། བར་བར་དུ་མཆོད་བསྟོད་ གཏོར་མ་གསོལ་བཏབས་རྣམས་ཡང་ཡང་བྱ། ཐུན་བཞིར་ཕྱོགས་སྐྱོང་དང་འབྱུང་པོ་དང་བགེགས་གཏོར་གཏོང་། སྒྲོལ་མའི་ གཟུངས་རིངས་ཀྱིས་བུམ་པ་ལ། །ཞག་བདུན་བཟླས་ཏེ་མཐར་ཞུ་སྟེ་ནད་པ་ལ་གོས་ངན་པ་ཞིག་སྐོན་ཆུ་ཕལ་ པས་སྐྲུས། ཁ་ཤར་དུ་སྟན། བགེགས་གཏོར་བཏང༌། ལྷ་མོ་བཞིའི་སྔགས་ཀྱིས་གཏོར་མ་སྒྲོན་མེ་ཅན་ཞིག་བཏང༌། ཡུང་ཀར་གྱིས་ སྡིག་པ་སྦྱངས་བ་བྱ། ཁྲུས་ཆུ་གོས་ངན་ཡུང་མེ་རྣམས་བཞི་མདོའམ་ཆུ་བོར་སྐྱལ། ཡང་ན་དྲུག་བཞི་ལྡན་བྱ། དེ་ནས་སྟེགས་བུ་ལ་ བཞག་གོས་དཀར་པོ་གོན་ནས། བཀྲུས་བྱབས་སྲུང་གསུམ་ཤིས་བརྗོད་བྱས་ན། ནད་གདོན་ནས་ཐར་བར་འགྱུར་ རོ། ། བདུན་པ་མི་དང་མི་མ་ཡིན་གྱི་ཆོམ་པོ་སྲུང་བ་ནི། ཆོམ་རྐུན་ཆིངས་ཤིག་ཅེས་པ་ཡི་གེ་བཅུ་པ་ལ་གདགས་མང་དུ་བཟླས། ཙོ་ར་བཅིངས་པར་བསམ་ལ། ཐིག་གུ་ལ་མདུད་པ་བྱས་ཤིང༌། ཤིང་བུ་ཤིང་ཏེ་ཏེ་ཟེར་བ་སྨག་ཤད་འདྲ་བ་གཅིག་ ཡོད་དེ་ལ་ཟོར་བའམ་སྤུ་གྲིའི་གཟུགས་བཅོས་ལ་ཨ་ཡིག་འབྲི། དེ་ལ་བསྔགས་ལ་ཨ་ཞེས་བཏགས་པ་བཟླས་པས་ (ཐོགས་ཏེ་སོང་བ་)ཆོམ་པོ་བསྲུང་བར་འགྱུར་རོ། ། བདུན་པ་ཕག་མོ་རྨི་ལམ་དུ་ཞལ་ལྟ་བ་ནི། རྡོ་རྗེ་ཕག་མོའི་བསྙེན་པ་སོང་ནས། ལས་སྒྲུབས་ཀྱི་དོན་དུ་ཕག་མོའི་ སྔགས་འབུམ་བཟླས་ཏེ་དཀྱིལ་འཁོར་སིནྡྷུ་རས་བྱུག་པ་བུམ་པ་དང་བཅས་པ་བྱས་ལ། མཆོད་གཏོར་ འབུལ་ཞིང༌། ༀ་ཨཱཿབཛྲ་ན་ར་ཀ་ཧྲིཾ་ཁཾ་ཧཱུཾ་ཕཊ། ཅེས་པ་སྨྲ་བ་བཅད་དེ་ཞག་བདུན་བཟླས་པ་གྱིས་རྨི་ ལམ་དུ་ཞལ་སྟོན་པར་འགྱུར་ཏེ་ཡི་གེ་ལོགས་སུ་ཡོད་དོ། །རོ། ། བརྒྱད་པ་དབང་བྱེད་སྒྲོལ་མའི་སྒྲུབ་ཐབས་ནི། ཉི་མ་འཆར་ཀ་སོགས་ཀྱི་ལས་ཚོགས་ཏེ། འགྲེལ་པ་གཉིས་ལྟར་ན། སྒྲོལ་མ་དམར་མོའི་བསྙེན་པ་སོང་ནས། སླར་ཡང་དེའི་རྣལ་འབྱོར་ལ་གནས་པས་སྐར་མ་རྒྱལ་ལ་དགེ་ བའི་ལས་མཆོད་རྟེན་དམར་པོ་རབ་གནས་ཀྱང་བྱས་ལ། གྲོ་ག་ལ་ཚེས་བརྒྱད་ལ་འདབ་མ་བརྒྱད་ལ་ཡི་གེ་ བརྒྱད་ལྟེ་བར་ༀ་སྤེལ་ཚིག་ཧཱ་རྣམས་བྲིས་མུ་ཁྱུད་ལ་ཨཱ་ལི་ཀཱ་ལིའི་སྐོར་བའོ། །ཨུཏྤལ་གྱི་འཁོར་ལོ་ཁ་སྦྱོར་བྱས་ལ། 23-1-413 མཆོད་རྟེན་གྱི་བུམ་པའི་སྨད་ཀྱི་ཆར་བཅུག་སྟེང་དུ། སྒྲོལ་མ་དམར་མོ་སྐྱེད་ནས་འོག་ཏུ་བུད་མེད་ཀྱི་རྫས་དང་བཅས་པའི་ མིང་བཅས་ཆེ་གེ་མོ་དབང་དུ་གྱིས་ཤིག་ཧོ་ཅེས་བསྐུལ་བ་དང་བཅས་ཞག་བདུན་དུ་ངག་བཅད་དེ་ཉིས་འབུམ་སོགས་ བཟླས་པས་གང་དབང་དུ་བྱ་བ་དེ་འོང་བར་འགྱུར་རོ། །འདི་ལའང་ཡི་གེ་ལོགས་སུ་ཡོད་དོ། ། དགུ་པ་བྱམས་པའི་གཟུངས་ཆུ་ནི་གོང་དུ་བསྟན་པའི་བསྙེན་པ་སོང་ནས་བུམ་པ་སྤྱི་དང་མཐུན་པར་བཅས་པ་དཀར་དང་ སྲད་བུའང་བཞག བྲིས་སྐུ་དང་ས་རའི་པོ་ཏི་དང༌། བྱང་ཆུབ་མཆོད་རྟེན་མཆོད་པ་དང་བཅས་པ་བཤམས་ལ། བདག་མདུན་ མཆོད་བསྟོད་འཇིག་རྟེན་པའི་གཏོར་མ་སོགས་བྱས་ནས་བུམ་པ་ལ། བྱམས་པའི་སྔགས་ཀྱིས་འབུམ་དུ་བཟླས་ པའི་ཆུས་འཁྲུད་པ་དང༌། ས་དཀར་ལ་འབུམ་བཟླས་ཏེ་རིལ་བུ་བྱས་པ་དང༌། བསྲུང་སྐུད་བྱས་ པ་དེ་དག་ནི་ནད་དང་གདོན་ལས་ཐར་པ་དང༌། མཚམས་མེད་པ་བྱས་པའང་ངན་འགྲོ་ལས་ ཐར་བར་འགྱུར་རོ། ། བཅུ་པ་ཀུ་རུ་ཀུལླེའི་ཕྱག་བསྙན་སྒྲུབ་པ་ནི། བདག་བསྐྱེད་ཀུ་རུ་ཀུལླེའི་རྣལ་འབྱོར་ལ་གནས་པས་གཙང་ པོའི་ཆུ་ཟངས་མའི་སྣོད་དུ་བླངས་ཏེ་མདུན་དུ་བཞག་ནས་ཆུའི་སྟེང་དེ་ལ་ཨ་ལས་ཟླ་བ་ལ་མ་ལས་ཉི་མ་ལ་ཀྲོངས་ སྐྱེད་ཀྱིས་བརྒྱན་དང་བཅས་པའི་གནོད་སྦྱིན་མོ་གཡས་རིན་པོ་ཆེ་དང༌། གཡོན་ལྕགས་ཀྱུ་འཛིན་པར་བུ་མོ་ ཆུང་ངུའི་རྣམ་པ་ཅན་དུ་བསམས་ནས། ༀ་ཨུཥྞཱི་ཥ་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་སྭཱཧཱ། འདི་བསྙེན་སྔགས་ༀ་ ཛམྦྷེ་མོ་ཧེ་ཧྲི་ད་ཡཾ་ཝརྡྷ་ནི་ཧཱུཾ་ཧཱུཾ་ཕཊ། འདི་ལས་སྔགས། བསྙེན་པ་སུམ་ཁྲི་བྱས་ལ། ནངས་པར་སུམ་བརྒྱ་ བཟླས་ནས་ཧུབ་གསུམ་མཐུངས་ཏེ། ཁྲུས་བྱས་ན་རྒྱལ་ཁམས་སམ་གང་འདོད་པ། ཐམས་ཅད་དབང་དུ་ འགྱུར་རོ། །སྤྱོད་ཡུལ་ལ་འཇུག་པ་ན་བསྙེན་སྔགས་བཟླས་སོ། ། བཅུ་གཅིག་པ་རོ་ལངས་མའི་ཆོ་ག་ནི་ཁྲག་གམ་ཙནྡན་གྱིས་མཎྜལ་བྱས་ལ། ལྷ་མོ་བཻ་ཏ་ལི་སེར་མོ་དྲག་མོ་སྐྲ་ དམར་པོ་འཕྱང་བ་སེམས་སྐྱིལ་གྱིས་བཞུགས་པ། ལྕགས་ཀྱུ་དང་ཞགས་པ་འཛིན་པར་མདུན་དུ་བསམས་ ནས། ༀ་བཻ་ཏ་ལཱི་པུ་ཏྲ་སིདྡྷི་ཧཱུཾ་ཕཊ། ཅེས་བཟླས་པ་འབུམ་ཕྲག་བཞི་བསྙེན་པ་བྱས་ཤ་ཁྲག་གི་གཏོར་མ་ འབུལ། དེ་ནས་བུམ་སྒྲུབས་ཀྱི་ཆུས་སྐྱེས་པ་དང་བུད་མེད་དཀྲུས། མཐུང་དུ་བཅུག་ཏེ་བུད་མེད་དེ་ཉིད་རོ་ལངས་མར་བསྐྱེད། 23-1-414 གཏོར་མ་རྒྱ་ཆེར་བཏང་བས་སྲིད་འཆགས་ཤིང་རིགས་བརྒྱུད་འཕེལ་བར་འགྱུར་རོ། །སརྦ་ཛ་ཡ། དངུལ་ ཆུར་བཅས་པ་ལ་བེ་ཏ་ལེའི་སྔགས་སྟོང༌། པུ་ཏྲ་སིདྡྷིའི་ཚབ་ཏུ་ཨ་ཏྲ་བནྡྷ་ཞེས་སྤེལ་བ་བཏབ་ཏེ། རྣ་བ(འི་བུ་ག)ར་ བཞག་ན་མཚོན་གྱིས་ཆོད་པར་མི་འགྱུར་རོ། ། བཅུ་གཉིས་པ་གདུགས་དཀར་སྒྲུབ་པ་ནི། རང་ཉིད་གདུགས་དཀར་མོ་(དཀར་མོ་འཁོར་ལོ་དང་རྡོ་རྗེ་འཛིན་པ་ རོལ་པའི་ཁྲོ་མོ་རྒྱན་དང་ན་བཟའ་སྣ་ཚོགས་ཅན་)ཅན་དུ་བསྒོམས་ནས། ཡན་ལག་ལྷག་མ་འདྲ་སྟེ་རྣམ་སྣང་གི་དབུ་རྒྱན་ ཅན་ནོ། །ཏདྱ་ཐཱ། ༀ་ཨ་ན་ལེ། ཨ་ན་ལེ། ཁ་ས་མེ། ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་ བུདྡྷཱ་ཨ་དྷིཥྛ་ནཱ་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏཱ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱཧཱ། ཅེས་ མི་གཡོ་བ་དང་རྡོ་རྗེ་ཕུར་བུ་སྤྲོས། གཅོད་པ་དང༌། ཕུར་བུས་འདེབས་པ། ཕུར་བུས་འདེབས་པར་བསམ་ལ་བཟླས་པས་ གཞན་གྱི་བྱད་སྟེམས་དང་རོ་ལངས་ཀྱི་ལས་འཇིག་ཅིང་བར་དུ་གཅོད་པ་ཐམས་ཅད་བཟློག་པར་འགྱུར་རོ། ། བཅུ་གསུམ་པ་ས་འོག་གི་དངོས་གྲུབ་སྒྲུབ་པ་ནི། བསྙེན་པའི་ལྷ་ལག་ན་རྡོ་རྗེ་དང་གནོད་མཛེས་ཀྱི་རིག་ སྔགས་གྲུབ་པས་དཀྱིལ་འཁོར་གྱི་དབུས་སུ་རྡོ་བའི་རྡོ་རྗེའམ་གནམ་ལྕགས་ཀྱི་རྡོ་རྗེ་བྱས་ ལ་(ས་ཏཱ་ལ་སིདྡྷི་ཧཱུཾ་ཕཊ་ཅེས་བཏགས་ལ་)བཟླས་པས་རྡོ་རྗེ་འབར་བར་གྱུར་ནས་ས་འོག་གི་དངོས་གྲུབ་ ཐོབ་པར་འགྱུར་ཏེ། སྲད་བུ་ལ་སོགས་པའི་ལྷ་མིན་གྱི་འཁྲུལ་འཁོར་བཅོམ་ནས་ལྷ་མིན་གནས་ ཀྱི་དཔལ་གྱི་སྒོའམ། ས་འོག་གི་བུ་གའི་སྒོ་ཕལ་པ་རྣམས་སུ་འཇུག་སྟེ། ལྷ་མིན་དབང་པོ་གདུག་པ་ཅན། སྟོབས་ཅན་དང་འཇམ་པོ་གཞན་ལེན་ལ་སོགས་པས་མཆོད་པར་བྱེད་དེ་འདི་དག་རྒྱས་པར་ནི་ཇི་ལྟར་ ས་འོག་གི་རྟོག་པ་ལས་བཤད་པ་དེ་བཞིན་དུ་སྒྲུབ་པོ། །ནོ། ། བཅུ་བཞི་པ་ཡ་མཱ་རིས་དྲག་ཤུལ་སྒྲུབ་པ་ནི་སྒྲུབས་ཐབས་ཀྱི་ཆོ་ག་སྤྱི་དང་འདྲ་བ་ལས། སྒྲོལ་མའི་དབང་དུ་བྱས་ནས་ མདུན་བསྐྱེད་དམ། སྤྱིར་བདག་བསྐྱེད་ཀྱང་རུང་ཟེར་དཔའ་བོ་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་ནག་པོ་གཡས་ དབྱུག་པ་གཡོན་ཞགས་པ་བསྣམས། །པ་ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། མ་ཧེ་ལ་གཡོན་རྐྱང་གིས་གནས་པ་ བསྒོམ་པར་བྱ། །ༀ་ཡ་མཱནྟ་ཀ་ཧཱུཾ་བཟླས། ཏེ་བསྙེན་པའོ། །མཆོད་གཏོར་སོགས་གཤིན་རྗེ་གཤེད་སྤྱི་སོགས་ 23-1-415 དང་འདྲ་བ་དང༌། ཡི་གེ་བཅུ་བཞི་པ་དང༌། སོ་གཉིས་པ་ཡང་ལས་ཀྱི་དོན་དུ་འབུམ་དུ་བཟླས་ལ། ནང་མ་རེ་མིག་དགུ་པ་ལ་ སྔགས་ཀྱི་ཁང་པ་ལྔ། དང༌། བར་བ། ཁང་པ་བཅུ་གཉིས་དག་དང་བཅས། །པ་ལ་ཡ་སོགས་དགོད། དེ་ལ་ ཧྲཱིཿཥྚཱི་ལ་སོགས་དག་གིས་ཡི་གེ་རེ་རེ་ཞིང་བསྐོར། །ལྟེ་བ་དང་རེ་མིག་སྟོང་པ་ལ་མིང་སྤེལ་ཏེ། སྒྲུབས་ན་འཁོར་ལོ་ འདི་ཡིས་དྲག་ཤུལ་སྤྱོད་ཀུན་བསྒྲུབ། །དགོད་བྱ་ཡི་གེ་ནི་ཡཀྵེ་མ་མེ་ད་ཛ་ས་དོ་རུ། ཎ་ཡོ་ནི་ར་ཡཙྪ་ ནི་ར། ། བཅོ་ལྔ་པ་འབྱུང་པོ་རྣམས་ཀྱི་སྒྲུབ་ཐབས་བསྟན་པ་ནི། གཞན་ཡང་གནོད་སྦྱིན་མོ་ལ་སོགས་པ་སྒྲུབ་པོ། ། ༀ་ཡོ་ཡཀྵི་ཎཱི་བཱི་ར་ཛེ་སྭཱཧཱ། ཤང་ལེབ་ལ་སེར་མོ་གཡས་མཆོག་སྦྱིན་གཡོན་གོས་སྣ་ཚོགས་འཛིན་པ་མོ་ བྲིས་ལ་དེ་བཀུག་ཏེ་སྐྱེ་གནས་སུ་གཟིར་བས་བཟླས་ན་འོང་བར་འགྱུར་རོ། །འོངས་ནས་ཀྱང་ ཅི་བགྱི་བྱེད་པར་༼༡༽འགྱུར་རོ། །འདི་མན་ཆད་ཀྱི་སྒྲུབ་ཐབས་བཅུ་གཉིས་ལ་རྒྱུད་འདི་ཉིད་དུ་སྔགས་ཙམ་ལས་མི་ འབྱུང་ན་ཡང་གསང་བ་ཐིག་ལེ་ལས་རྒྱས་པར་གསུངས་པ་ལྟར་སྦྱོར་དགོས་ཏེ། དེར་དྲག་པོས་དགོས་འདིར་མ་ཕྱེའོ། །ༀ་བྷ་ ག་ཝ་ཏེ་སྭཱཧཱ། བྱང་ཆུབ་ཀྱི་ཤིང་ལ་སོགས་པར་གཟུགས་བརྙན་བྱའོ། །གནོད་སྦྱིན་མོ་ནོར་ ཅན་གྱིའོ། ༼༢༽།ན་མོ་བཻ་ཤྲ་མ་ཎ། ཏ་ཡ་ན་ཌ་ཀུ་བེ་རཱ་ཡ། དཱི་བྱ་བི་མ་ན་ཙི་ར་ཏ་ཡ། ཧེ་མ་ མཱ་ལ་ཀུཎྚ་ལ། ཤ་རི་ཏ་ཡ། ཡཀྵ་ས། བནྡྷ་ཡཏྟྭཾ་བྷ་ག་ཝཱན། ཨཱ་ཝརྟ་ཡི་ཥྱ་མི། ཏདྱ་ཐཱ། ༀ་མ་ ཎི་མ་ཎི་ཀུཊྚ་ཀུཊྚ། ཀུ་ཀུ་ཀུ་ཀུ། པ་ར་པ་ར། པུ་ར་པུ་ར། ཀུ་པ་ར་ཀུ་པ་ར་ན་ཌ་ཀུ་བེ་ར་དཱི་བྱ་ མ་ན་ཀུཎྜ་ཀུ་བི་ཀུ་བི་སྭཱཧཱ། ན་ཌ་མོ་ཡིའོ། ༼༣༽ །ༀ་ན་ཊེ་བི་ན་ཊེ་དྷ་རི་ཎཱི་སྭཱཧཱ། ན་ཊ་ཕོ་ཡིའོ། ༼༤༽ །ཡཀྵ་ཀི་ལི་ཀི་ལོ་ན་མོ་སཏྟྱ་བ་དི་ཏིཊྚ་པྲ་ཏཿ ཏ་ཤ་ཏྱཿ པཎྜི་ད་ད་མི་སེ་མ་ཀ་མཱ་ན་པྲ་ ཡཙྪནྟུ་སྭཱཧཱ། ཀི་ལི་ཀི་ལིའིའོ། ༼༥༽ །ཕུཿཧཾ་ཕུཿ ཀླུ་མོ་མཐའ་ཡས་མའིའོ།༼༦༽ །ༀ་ཧྲཱིཿཛ། གཞན་གྱིས་མི་ཐུབ་མའིའོ།༼༧༽ །ན་མོ་བྷ་ག་ཝ་ཏེ་པི་ལུ་པ་ལཱ་ཡ། པི་ཤ་ཙེ། སངྑ་བྷུངྒ་ཏེ། ས་ མེ་ཀ་མ་ན། པྲ་ཡཙྪནྟུ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། པི་ཤཱ་ཙ། བ་ར་བ་ར། བ་ར་ད་བ་ར་ད། ཙུ་ལུ་ཙུ་ ལུ། ཙུ་ཊུ་ཙུ་ཊུ་ན་མཿསྭཱཧཱ། ཤ་ཟ་པི་ལུ་བའིའོ།༼༨༽ །ན་མོ་བྷ་ག་ཝ་ཏེ་པི་ཤཱ་ཙཱ་ཡ། ཨཾ་ཀ་ཀ་ 23-1-416 ན་ཀ་པི་ཤ་ཙ་དྷ་རི་མ་ནི་སྭཱཧཱ། ཤ་ཟ་ནོར་བུ་འཛིན་པའིའོ།༼༩༽ ། ༀ་ཀྲྀཥྞ་པི་ཤཱ་ཙ་ཡ་ས་ར་ས་ ར་སརྦ་ཨརྠ་ན་མེ་སཱ་དྷ་ཡ་སྭཱཧཱ། ཤ་ཟ་ནག་མོའིའོ།༼༡༠༽ །ཨ་ལུ་ཀེ་བེ་ལེ་ཀེ་གྲྀཧྞ་པཎྜ་པི་ཤཱ་ ཙི་ནི་སྭཱཧཱ། ཨ་ལུ་ཀའིའོ།༼༡༡༽ །ༀ་ཁ་ར་མུ་ཁ་པི་ཤཱ་ཙི་ནཱི་ཧི་ཧི་ད་ད་པ་ཡ་སྭཱཧཱ། བོང་གདོང་ མའིའོ། ༼༡༢༽ །ༀ་ཏ་ཏི་ལེ་ཏ་ཏི་ལེ་ཀྲྀཥྞ་མུ་ཁེ་མཧཱ་པི་ཤཱ་ཙི་དེ་ཧི་དེ་ཧི་ད་སྭཱཧཱ། དུས་ཀྱི་གདོང་ གིའོ།༼༡༣༽ །ཚེ་རིང་པོར་བྱེད་པའི་རྫས་སྟེར་བ་དང༌། བཅུད་ལེན་གྲུབ་པའི་དངུལ་ཆུ་སོགས་རི་ལུ་མིག་སྨན་ སོགས། །སྟེར་བ་དང༌། འགྲོ་བ་ཕོ་མོ་ཀྱང་རིང་པོ་ནས་འགུགས་པ་དང༌། །གཞན་སེམས་ཀྱི་བྱེད་པ་དང༌། ཐག་ རིང་བ་དང༌། སྒྲིབ་གཡོགས་ཀྱི་ལྐོག་གྱུར་ཤེས་པ་རང་ལ་སྨྲ་ཞིང༌། སྟོན་པ་ལ་སོགས། །དང༌། དེ་བཞིན་དུ་ཟས་ དང་གསེར་གྱི་འདོད་པ་ཉིན་རེ་བཞིན་སྟེར། །བར་བྱེད་དོ། ། བཅུ་དྲུག་པ་མི་གཡོ་མགོན་པོའི་དབུགས་དབྱུང་ནི། དེ་ནས་བཅོམ་ལྡན་འདས་སྙིང་སྟོབས་ནུས་པ་ཆེས་ཕོད་པས་ ཤཱཀྱ་བདུད་བཞི་ཐུབ་པ་དེ་ཁྲོས་པ་ནི་མི་གཡོ་ཉིད་དེས་སྤྲུལ་པའི་ཁྲོ་བོ་ཡིན་པའོ། །རྡོ་རྗེ་གཏུམ་པོ་མི་གཡོ་བ་སྤྲོས་ པ་ནི། ས་བོན་ཧཱུཾ་སྐུ་ནི་རལ་གྲི་ཞགས་པ་ཕྱག་གཉིས་ན་བསྣམས་པའི་མཆོག །སྐྲ་སེར་བརྗེས་པ་འཁྲང་ ལ་གྲིམས་པའི་ལུས། །རིན་པོ་ཆེའི་ཅོད་པན་སྦྲུལ་དང་རུས་པས་བརྒྱན་པ་གཡས་ཀྱི་པུས་མོ་དང་གཡོན་གྱི་ཞབས་ མཐིལ་བཙུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་སོགས་གྲོལ་གྲོལ་བའོ། །དགྲ་བགེགས་ཐམས་ཅད་གསོད་པས་མ་རུངས་ པ་ཁྲོས་པས་གཏུམ་པོ་ཆེར་འཁྲུགས་པ། །སྐུའི་མདོག་ནག་པོ་སྤྱན་གཡས་གྱེན་དང་གཡོན་ཐུར་དུ་གཟིགས་པས། མིག་ཡོན་པོ་ཐུགས་དགྱེས་པ་སྤྲོ་བ་ཆེ། །བའོ། །སྔགས་ནི། ༀ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཐུགས་ཁའི་སྔགས་ ལས་སྤྲོས་པའི་ཕོ་ཉ་དང༌། མེ་ཡིས་བགེགས་རྣམས་སྤྲོད་པར་བསམ་པ་སྐྲོད་ནུས་དང༌། །སྔགས་བཟླས་ཆུ་ ཡིས་སྲུང་བའམ། །མཚན་མོ་གཙང་ཆུ་བླངས་ལ། ནམ་མཁའ་མ་མཐོང་བར་བྱ། སྔ་དྲོ་ཆུ་དེའི་ཕྱེད་ཀྱིས་ཁྲུས་བྱ། ཕྱེད་ཁྱོར་ བ་གཡས་སུ་བླུག །གཡོན་པས་མཉེ་ཞིང་སྔགས་ལན་གསུམ་བཟླས་ལ་བཏུང་བ་ལན་གསུམ་བྱ། སྔགས་རྩ་སྔགས་སུ་བཞེད། བོད་ཀྱི་ཆུ་སྲུང་ལ། ན་མཿ ཙཎྜ་མཧཱ་རོ་ཥ་ཎ་ཡ། ༀ་ཙཎྜ་མཧཱ་རོ་ཥ་ཎ། ཀྵཾ་ཏྲཾ་ཏྲ་ས་ཡ། ཀྵཾ་ཏྲཾ་ཏྲ་ས་ཡ། སཾ་ཏྲ་ཡ། སཾ་ཏྲ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་ཕཊ་ཕཊ་སྭཱཧཱ། འཕར་མ་གཉིས་པའི་འཁོར་ལོར་ནང་མ་ཟླུམ་པོ་ལ་རལ་གྲིའི་ཡུ་བར་ཧཱུཾ་མཐའ་སྐོར་ཡི་གེ་བཅུ་ 23-1-417 པ་སྤེལ་ཚིག་ཅན། དེའི་ཕྱིར་པདྨ་འདབ་བརྒྱད། ཕྱོགས་བཞིར་རལ་གྲི། མཚམས་བཞིར་ཞགས་པ་རྣམས་ཧཱུཾ་གིས་མཚན་པ། མུ་ ཁྱུད་ལ་རྩ་སྔགས་འདུས་པ་ནས་འབྱུང༌། དེ་སྤེལ་ཚིག་བཅས་བྲི། དེའི་ཕྱིར་གྲུ་བཞི་སྒོ་བཞི་བྱ། ཁོར་ཡུག་རེ་མིག་ཉེར་བཞི་ལ་ལེའུ་ དང་པོའི་མི་གཡོ་བའི་རྩ་སྔགས་བགོས་ལ་བྲི། ཕྱི་རྡོ་ར་མེ་རི་ཅན་ནོ། །སྒྲུབ་ཚུལ་སྤྱི་དང་འདྲ། ནད་གནོད་ཁྱད་པར་ཆོས་ཀྱི་བར་ ཆད་སྲུང་བའོ། ། བྲིས། །ཡང་ན་འཁོར་ལོ་རྩིབས་བཅུ་པ། ལྟེ་བར་ཧཱུཾ་ལ་ༀ་དེ་རཀྵ་རཀྵ་ཧཱུཾ། རྩིབས་བཅུ་ལ་ཡི་གེ་བཅུ་མུ་ཁྱུད་ རིམ་པ་གཉིས། དང་པོ་ལ་ཨཱ་ལི་ཕྱི་མ་ལ་ཀཱ་ལི་མུ་ཁྱུད་ཉིད་འདབ་བརྒྱད་མའོ། །རི་བོའམ་དབེན་སར་འདི་ཡི་སྨིན་དྲུག་ཡར་ངོ་ ལ་ཟླ་མཚན་གྱི་རས་སམ་གཡུལ་གྱི་རས་ལ། ཐུན་བཞིར་མཆོད་བསྟོད་དང་བཅས། བྲིས་སྐུ་བྱས་ནས་ནི། །རབ་གནས་ མཆོད་པ་རྒྱ་ཆེར་བྱའོ། །མཎྜལ་མཆོད་པ་སྔོན་དུ་འགྲོ་བས་ཁྲོ་རྒྱལ་རྟག་ཏུ་གཏོར་མས་མཆོད། །རང་གི་དངོས་གྲུབ་ ཀྱི་དོན་དང༌། ནད་པའི་རིམ་གྲོ། ལམ་གྱི་འཇིགས་པ་སེལ་བ་སོགས་ལ་ཆེས་བསྔགས། བྲིས་སྐུ་འཇིགས་པ་ལ་ཞལ་སྟོན། ལྷ་དགུ་ ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་མཎྜལ་བྱས་ལ། གཏུམ་པོ་ཁྲོ་བོའི་རྒྱུད་ཀྱི། གཏོར་སྔགས་ལ་སོགས་ཀྱི་གཏོར་སྔགས་བཏགས། ཁམ་ ཕོར་དུ་ཡུངས་ཀར་བླུག་གོང་གི་འཁོར་ལོ་ཆུང་བས་ཁ་བཅད་ཉིན་བདུན་བཟླས། ལག་ཡུངས་ཀར་བྲབ་པ་དང༌། ཆུ་ལ་ ཡང་ཆོ་ག་ཡུངས་ཀར་དང་འདྲ་བ་དང་པུ་ཏ་ལིས། །ག་སྙིང་གར་མིང་དང་དྲི་ཞེས་བྱ་བ་ བྲིས་དགུག་གཞུག་མང་དུ་བྱ། གོང་འཁོར་ལོའི་བར་དུ་བཅུག་སྟེ་སར་སྒྲུབས། བགེགས་རྣམས་ཚོགས་སོགས་ཕོ་ཉ་སྤྲོས་ པའི་ཚོགས་ཀྱིས་དམིགས་པ་དང༌། ཐོ་བ་སྐྱེད་ཆོག་བྱས་ཏེ་བརྡུང༌། ཚིནྡྷའི་སྔགས་སོ། །ནས་རྐང་དུ་ནས་རྡུབས་ཏེ་ལམ་རྒྱ་གྲམ་དུ་ མནན་ན། ཉམས་པར་བྱེད་པ་གདོན་ཟུག་དང༌། ཆགས་ཆེ་དང༌། སྲེའུ་མ་སོས་པ་དང༌། འདྲེ་ཞུགས་ཤིང་རླམས། ཐུད་ ལ་སོགས་པ་ཟློག་པའོ། །དང༌། །དཔུང་རྣམས་གནོན་དང་དབྱེ་བ་སྒྲུབས་པོ་བཞི་ལྡན་ལས་མི་ཉུང་ངོ༌། །གཅིག་ གིས་ཐུན་བརྒྱད་དུ་གཏོར་མ་དྲུག་ཅུ་རྩ་བཞི་འབུལ་ཞིང་སྒྲུབ་པོ་གཅིག་གིས་སྦྱིན་སྲེག གཅིག་གིས་གོང་གི་བགེགས་འདུལ་གྱིས་ དགྲ་བོའི་ལྷ་སྐྲད། གཅིག་གིས་སེང་ལྡིང་གི་ཕུར་པ་ལ་དུར་ཁྲོད་ཀྱི་རུས་པ་དང་ཡུངས་ཀར་བཏགས་ཆེ་གེ་མོ་དང་ཆེ་གེ་མོ་བི་དྭིཥ་ ཡ་ཕཊ་ཅེས་བྲིས་ཤིང་བཟླས། དགྲ་བོའི་སྒོ་གོང་སྦས། དམག་ཡོང་ཕྱོགས་སུ་ཡུངས་ཀར་ཨུ་ཙ་ཊའི་སྤེལ་གྱིས་སྡིག་གོ །ཡང་ ན་དབྱེ་བ་ནི། གོང་གི་འཁོར་ལོ་ཆེ་ཆུང་ཁྭ་དང་འུག་པ་ལ་གནས་པ་བྲི། དེའི་སྒྲོ་གཉིས་རྟ་དང་མ་ཧེའི་རྨིག་པའི་བར་དུ་བཙུག དགུག་གཞུག་སོགས་སྒྲུབས་ཏེ། སྒྲོས་སྦྱིན་སྲེག་བྱས་ལ་བར་དུ་སྦས་སོ། །དང༌། །བསད་པ་ནི་དུག་ཁྲག་གམ་ལན་ཚྭ་དང་ 23-1-418 ར་བོང་བུའི་ཁྲག་དང༌། སྦང་ཤ་རུས། ཤ་ཆེན། བ་གླང་གི་ཤ མྱོས་བྱེད་རྣམས་དང༌། ནག་བྲ་བོ་སོགས་སྲེས་པའི་སྦྱིན་སྲེག ལིང་ ག་སྲེག་པ་སོགས་བྱ། དགྲའི་ཟག་རྫས་ལ་ལིངྒ་བྱ། འཁོར་ལོ་སྙིང་ཁར་གཞུག འགུག་འདྲེན་དང་ལྷ་དབྱེ་དྲག་ཏུ་བྱ། ཐོད་པར་ བཅུག་བཅིངས་ཏེ་ཡང་སྒྲུབ་དུར་ཁྲོད་དུ་སྦས་ནས་ལ་སོགས་སྐྲད་པ་དང་ངག་གནོན་ནི་རབ་བྱ་སྟེ། །འགྲེལ་པ་གཉིས་ ནས་ཡུངས་ཀར་ཆུ་ཁྲག་སྟེ་བྲབ་རྫས་བགེགས་ཉམས་ནི་དགྲའི་སྲུང་བ་བཤིག་པ་དཔུང་གནོན་པ་འཇིག་རྟེན་པའི་ལྷ་དབྱེ་དང་ནི་ འདས་པའི་ལྷ་དབྱེ་རྣམས་བྱས་ལ་བསད་སྐྲད་གནན་དབྱེ་སོགས་བྱ་ཞེས་དང༌། འཁོར་ལོ་དང་གཏོར་མའི་ལས་གོང་དུ་སྟན། བྲིས་ དུས་སྒྲུབ་པ་སྟན་ཏེ་ལས་ཚོགས་གཅིག་ཏུ་བཞེད་དོ། །གཏུམ་པོ་ཁྲོས་པའི་རྒྱུད་མི་གཡོ་བླ་མེད་དུ་གྲགས་པ་དང་གཏུམ་ པོ་ཡི། །དམ་ཚིག་འབྱུང་བ་རྒྱུད་རྒྱལ་པོ་རང་བླ་མེད་ཡིན་པ་ལས་ཚོགས་གཙོ་བོར་སྟོན་པ་གཅིག་སྟེ་བོད་ན་ནི་མེད་ལ་ སོགས་པར། །མི་གཡོ་རྒྱལ་པོ་ཉིད་ཀྱིས་གསུངས། །པ་བཞིན་གཙོ་མོ་སྒྲོལ་མས་འདིར་ཟུར་ཙམ་གསུངས་སོ། ། སྔོན་ཚེ་སྐལ་པ་བཟང་པོ་ལ་རི་རབ་ཀྱི་རྩེ་མོའི་བདག་པོ། ལྷ་མོ་བདེ་ལྡན་ཏེ་རྡོ་རྗེ་ཕག་མོའོ་དང༌། །སངས་རྒྱས་ མི་འཁྲུགས་མི་བསྐྱོད་པས་སྤྲུལ་པའི་དཀྱིལ་འཁོར་སྤྲུལ་བར་བཞེད་ནས་འདུས་པ་ལས། །དཀྱིལ་འཁོར་རྒྱལ་མཆོག་ གི་ཚུལ་གྱིས་སྒྲོལ་བའི་བདག་དང་མིང་པོ་མི་གཡོ་བཅས། །ཏེ་སྤྲུལ་ལོ། །གླིང་བཞིར་དགྲ་བཅོམ་གཙོ་བོ་བཞི་ པོ་རྣམས་ཀྱིས་ཆོས་བསྟན་པ། །འདོད་ལྷ་བདུད་སྡིག་ཅན་དང་ལྷ་མིན་རྣམས་ཀྱིས་ཉམས་བྱས། །དེ་ ནས་ལྷ་དང་ལྷ་མིན་གཡུལ་འགྱེད་པར་གྱུར་པའི་ཚེ། །མི་གཡོ་མགོན་གྱིས་ལྷ་མིན་གྱི་དབང༌། །པོ་ རྒྱལ་པོ། ཁྲག་ཁྲིག་བཅུ་གཉིས་རལ་གྲིས་རབ་ཏུ་གཏུབས་ནས། །ཚར་བཅད་དེ། དེ་དེའི་ཆུང་མ་ཀུན་ལ་ འདོད་པས་རྗེས་སུ་ཆགས་པར་བྱས། །ཏེ་ལམ་ལ་བཀོད་དོ། ། ༈ ངན་ཕྱོགས་ཀྱི་མི་དང་དྲི་ཟ་དང་མིའམ་ཅི། །དང༌། གནོད་སྦྱིན་དང་ཀླུ་གདུག་པ་རྣམས་ཀྱང་སྲོག་ བཅོམ་སྟེ། །བསད་པ་ཐམས་ཅད་རྒྱལ་བ་མི་འཁྲུགས་པའི་ཞིང་དུ་ཏེ་མངོན་དགའ་བར་འཕངས། །ཏེ། །དེ་ དག་ཀུན་གྱི་མིང་ཡང་བྱང་ཆུབ་སེམས་དཔའ་མི་འཁྲུགས་རྒྱལ། །པོ་ཤ་སྟག་གོ །དེ་དག་སྔོན་བྱུང་སྟེ་རྗེས་འཇུག་མི་ གཡོ་བའི་རྣལ་འབྱོར་གྱིས། མི་ལ་མངོན་སྤྱོད་ཀྱི་ལས་དང༌། མི་མིན་གཟིར་བའི་ལས་དང་ཁྱད་པར་བདུད་དང༌། ལྷ་མིན་འདུལ་ བའོ། །མི་གཡོ་བ་ཆགས་ཆེན་གྱི་ཡེ་ཤེས་འཕེལ་བར་གྱུར་པ་ཡིས། །སྲིང་མོ་སྒྲོལ་མ་དག་དང་མ་ལྷ་མོ་བདེ་ 23-1-419 ལྡན་ཡང་བསྟེན། །པ་ན། ཕྱག་རྒྱ་མོ་མཆོག་དེའི་རྒྱུས། བདེ་བའི་ནང་ནས་ཀྱང་བདེ་བ་ལྷན་སྐྱེས་བླ་ན་མེད་པར་ཐོབ་ སྟེ་བདེ་བ་མཆོག་དེ་ཡིས། །སྒྲིབ་གཉིས་བག་ཆགས་བཅས་སྤངས་ནས་སངས་རྒྱས་མི་གཡོ་མགོན་པོར་སངས་ རྒྱས་པར་གྱུར། །རོ། །དེ་དག་མངོན་བྱུང་ཡིན་ལ། རྗེས་འཇུག་ལྟར་ན། ལྷ་མིན་མོ་དང་མཚུངས་པའི་ཕྱག་རྒྱ་ངེས་ཅན་སྦྱངས་ པས་བྱུང་བ་ལ་བརྟེན་ནས་རྫོགས་རིམ་གྱི་ཡེ་ཤེས་སྐྱེས་པར་བྱས། མི་སོགས་མཚུངས་པ་སྤྱོད་པ་སྤྱད་པས་དེ་བརྟན་ཅན་འཕེལ་ བར་བྱས། སྒྲོལ་མ་ཉིད་དང་མཚུངས་པ་ཉེ་རྒྱུ་བསྟེན་པ་ཡིན་ནོ། །མི་གཡོས་གླིང་བཞིའི་དགྲ་བཅོམ་པར་རྣམས་ལ་ སྨྲས། །པ། བུད་མེད་དམད་ཅིང་སྤངས་པའི་སྤྱིར་སྐུ་གསུང་རྡོ་རྗེ་ལ་རྨད་བྱེ་བྲག་ལྷ་མོའི་རིགས་ལ་སྨད་པའི་སྡིག་ པ་འབྱུང་ལ་དེ་ལས། །ཤེས་རབ་སྤངས་ཤིང་བདེ་བའི་རྒྱུ་ལ་སྨོད་ཅིང་སྤངས་པས་སྟོང་ཉིད་སྤངས་པར་འགྱུར་ཏེ། དེ་ རྟོགས་པ་བདེ་བ་ལ་རགས་ལས་སོ། །དེས་ན། བདེ་བའང་སྤངས་པས། །ན་སེམས་ཅན་བདེ་བ་ལ་བཀོད་མི་ཐུབ་ཅིང་ སྟོང་ཉིད་མ་རྟོགས་ན་སྙིང་རྗེ་ཡང་ཕུལ་ཕྱིན་མི་འབྱུང་བས། སྙིང་རྗེ་ཤིན་ཏུ་སྟོབས་དམན་པར་བྱས། །པ་ཡིན་ཏེ་ བདག་མཚུངས་ཀྱི་བྱམས་པ་སྤངས་ཤིང་བུད་མེད་ལ་སྨད་པ་གཉིས་ཀྱང་སེམས་ཅན་གྱི་ཕྱེད་སྤངས་པ་དང༌། དམན་པར་ཞེན་ན་ སྟོང་ཉིད་རྟོགས་པའི་གེགས་ཀྱང་ཆེའོ། །གང་ཟག་གང་ཤེས་རབ་དང་སྙིང་རྗེ་གང་དག་སྤངས་པ། །འདིས་ནི་ དེའི་འབྲས་བུ་སངས་རྒྱས་དང་དེའི་རང་བཞིན་དམ་ཆོས་དང༌། །དེ་ལ་སྤྱོད་པ་དགེ་འདུན་ཡང་ནི་སྨོད་ཅིང་ རྣམ་པར་སྤངས་པས། །དམིགས་པ་ཅན་གྱི་དགེ་སློང་གང་དག་བུད་མེད་ལ་སྨོད་པར་བྱེད་པ། །ནི། སོ་སོར་ ཐར་བ་ལྟར་ན། བུད་མེད་རབ་ཏུ་འབྱིན་པ་སོགས་རྗེས་སུ་བཟུང་བ་དང་ཡང་འགལ། བྱང་ཆུབ་སེམས་དཔའི་སེམས་སྐྱེད་ལྟར་ ན་སེམས་ཅན་བློས་སྤངས་པར་སོང་། སྔགས་ལྟར་རྩ་རྡོ་རྗེ་གསུམ་གྱི་དམ་ཚིག་དང་འགལ་བ་སོགས་མང་བས་ན་སྡོམ་པས་ དམན་ཅིང་སྡིག་པ་དང་བཅས། །པའོ། །བུད་མེད་དང་སྦྱོར་ལས་ཐིག་ལེ་དབབ་ཟློག་གོམས་ན་ཐིག་ལེ་འཛག་ མེད་འགྲུབ་པའི་ཕྱིར་སྡོམ་བརྩོན་ཉིད། །ཆེ་མཆོག་ཏུ་གྱུར་པ་གཞན་ནི་ཕྱག་རྒྱའི་ལམ་མ་གོམས་པས་ནི་ཚངས་སྤྱོད་ ལ་གནས་པ་ལྟར་བྱས་ཀྱང༌། རྨི་ལམ་སོགས་སུ་ཐིག་ལེ་འཛག་པས་ན་ཚངས་སྤྱོད་ཀྱི་སྡོམ་པའི་ཚངས་སྤྱོད་རྣམ་དག་མེད་ པའི་ཕྱིར། །མགོ་བྲེགས་ངུར་སྨྲིག་གི་ཆ་ལུགས་ཅན་མོང་ཞིག་ཚངས་སྤྱོད་མེད་ཀྱང་ཡོད་དོ་ཞེས་སྒྱུ་མས་ཏེ་གཡོ་ སྒྱུས་འཇིག་རྟེན་བསླུ། །ཏེ་མི་ཚངས་སྤྱོད་སྲིངས་པ་ཙམ་ལ་ཚངས་སྤྱོད་དུ་རྫུ་བས་སོ། །དགྲ་བཅོམ་ཁྱེད་ཅག་མཱ་མ་ཀཱི་ 23-1-420 སོགས་སྲིང་མོའི་འཕགས་མ་རྣམས་དམ་ཚིག་རིག་མ་བརྟེན་པར་གྱིས། །ཤིག དེ་ཚེ་གླིང་བཞི་ན་ཆོས་སྟོན་པར་ གནས་པའི་དགེ་སློང་གི་གཙོ། །བོ་བཞི་པོ་བུད་མེད་ཕྱག་རྒྱའི་དམ་ཚིག་ལས་བདེ་བ་ཆེན་པོ་ཡེ་ཤེས་ཐོབ་པ་ ཡིས། །བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར། །ཏེ། རྣམ་པར་སྣང་མཛད་ལ་སོགས་སངས་རྒྱས་བཞིར་ རབ་ཏུ་གྲགས། །སོ། །རྗེས་འཇུག་སྒོམ་པའི་རྣལ་འབྱོར་དཀྱིལ་འཁོར་ལ་མི་སྐྱོད་ཡབ་ཡུམ་སྤྱི་བོར་སྒོམ་རིགས་བཞི་ཡུམ་ བཞིས་བསྐོར་བའི་དཀྱིལ་འཁོར་བསྟན་ནོ། །བསྐལ་པ་བཟང་པོའི་དུས་འདིར་མིང་པོ་མི་གཡོ་བ་གཽ་ཏཾ་ཐུབ་པ་སྟེ། །བུ་ མོ་གོ་པཱ་ནི་སྲིང་མོ་སྒྲོལ་མ་བདག །ཡིན་ལ། རིག་འཛིན་ལྷའི་བུད་མེད་བརྒྱད་ཁྲིའི་དང་ཕྱི་ནང་གི་འདོད་ཡོན་ ལྔ་ལ་ལོངས་སྤྱོད་པའི་བདེ་བ་ཡིས། །ལོངས་སྤྱོད་ཆེན་པོ་དང་བཅས་པའི་ཁྱིམ་དུ་ས་བཅུ་ཐོབ། །པའི་ཚུལ་ སྟན་ཏེ་སྤྲོས་བཅས་ཀྱི་སྤྱོད་པའོ། །དེ་ནས་རབ་ཏུ་བྱུང་ནས་ཞིང་དུ་རྒྱུ་ཞིང་ཀུན་འདར་གྱིས། །སྤྱོད་པ་ཡོངས་ སུ་སྤྱོད་པ་ན། །འཇིག་རྟེན་པ་རྣམས་འདི་དྲང་སྲོང་རྣམས་དང་ལྷན་ཅིག ཀུན་ཏུ་རྒྱུ་ཞེས་རྟོག །གོ །དེ་ནས་ དཀའ་བ་སྤྱོད་པར་མཐོང་བ་ནི། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །ཞེས་ཤུགས་ལ་ཐོབ་གསུང་ངོ༌། ། ༈ གྲོང་བའི་བུ་མོ་དགའ་མོ་དང་ནི་དགའ་སྟོབས་མར་སྤྲུལ་པའི་ལྷ་མོས་འོ་ཐུག་ཕུལ་བར་མཐོང་བའི་ ཚེ། །ཟས་མཆོག་དང་བཅས་པའི་སྙོམས་འཇུག་གི་བདེ་བ་ཡིས། །མཚམས་སྦྱར་རྡོ་རྗེའི་གདན་ལ་སངས་རྒྱས་ རྣམས་ཀྱིས་དབང་བསྐུར་ཏེ་རྫོགས་པར་སངས་རྒྱས་པ་ཉིད། །དོ། །བྱང་ཆུབ་སྙིང་པོར་གཞུག་པའི་ཚེ། མི་ གཡོ་བ་ཁྲོས་པས་བདུད་འཁོར་བཅས་ཐམས་ཅད་བསད་སྐྲད་སོགས་ཀྱིས་བཅོམ་ནས། །བདུད་ཀྱི་བུ་མོ་ རབ་བཀྲམ་གྱི་གྲངས་ཙམ་རྣམས། །འདོད་ཆགས་ཆེན་པོ་སྤྱད་པས་བདེ་ཆེན་གྱི་ལམ་ལ་བཀོད་ནས་རྗེས་སུ་ བཟུང་། །ངོ༌། །དེས་ན་དྲག་ཤུལ་སྤྱོད་པ་དང་བདེ་བའི་ལམ་འཁྲིག་སྦྱོར་ལས། །གཞན་དུ་བྱང་ཆུབ་ཀྱི་ ལམ་ཟབ་མོ་གཞན་ཡོད་པ་མིན་ཡང༌། །དུས་དེའི་ཚེ། སྐལ་མེད་མང་པོ་ཕལ་པའི་ཆགས་སྡང་ལ་སྲེད་པ་མ་གཏོགས། ཆགས་ཆེན་ལ་མོས་པའི་བྱང་ཆུབ་སེམས་དཔའ་ཐུན་མོང་གི་སྣང་ངོར་མེད་པས་ན། བློ་ཆེན་རྣམས་ཆགས་བྲལ་དང་ བྱམས་པ་ལ། །མོས་པའི་ཕྱིར་རྒྱལ་བས་བདུད་རྣམས་བྱམས་པས་བརྟུལ་ཤིང་ཆགས་བྲལ་ལམ་ལས་སངས་རྒྱས་ ཐོབ་པར་མཐོང་བའི་སྒྱུ་མ་སྤྲུལ་པ་མཛད། །དོ། །འདིའི་ཐུན་མོང་མ་ཡིན་པའི་དམ་ཚིག་ནི་བུད་མེད་སྒྲོལ་མ་བདག་ 23-1-421 སྒྲུབ་པ་དེ་ཡིས་ནི། །རྡོ་རྗེ་མིང་པོ་ལ་སོགས་པ་སྤྱི་དང་འདོད་པའི་བདེ་བས་མཉེས་པར་བྱ། །ལ། མི་གཡོ་ རྒྱལ་པོའི་དམ་ཚིག་གིས། །ནི། རྣལ་འབྱོར་པ་གང་ཞིག་རྡོ་རྗེ་སྲིང་མོ་དང༌། །རྡོ་རྗེ་བུ་མོ་དང་རྡོ་རྗེ་མ་ ཡང་མཆོད་པ་སྤྱི་དང་གསང་བས་མཆོད་པར་བྱ། །ཡུགས་ས་མོ་ཞེས་བྱ་བ་ནི་འཇིག་རྟེན་ན་སྔོན་ཁྱོ་ཅན་ཕྱིས་ཁྱོ་མེད་ དུ་གྱུར་པ་ནི་བརྡ་སྟེ། དེ་ནི་བུད་མེད་གང༌། སྔོན་ཐིག་ལེ་འཛག་པ་ཐིག་ལེ་འཛག་མེད་དུ་གྱུར་པའོ། །དེ་ཀུན་བདེ་བ་ཡིས། ། དགའ་བར་བྱས་ན་མི་གཡོ་མཉེས། །པར་འགྱུར་ལ་ཅུང་ཟད་ཡེ་ཤེས་བརྟན་པའི་རྣལ་འབྱོར་པས་འདི་དག་ཐམས་ ཅད་སྒྲ་ཇི་བཞིན་པར་སྤྱོད་པ་ཡིན་ནོ། །མི་གང་ང་ལ་མཆོད་བྱེད་པ། །དེ་ལ་གཏུམ་མོ་ལ་མཆོད་ཀྱང་ཁྲོ་བོ་གཏུམ་ པོས་བྱིན་གྱིས་རློབས། །པར་འགྱུར་ལ་དེ་བཞིན་དུ་གཏུམ་མོ་མཆོད་པ་ཡང་མཚུངས་སོ། །མི་གཡོ་བའི་དཀྱིལ་ འཁོར་སྤྲུལ། གདུལ་བྱ་གྲངས་མེད་པ་བྱང་ཆུབ་ལ་གཞོལ་པའི་དབུགས་དབྱུང་བསྟན་ཚུལ། འོ། ། བཅུ་བདུན་པ་འཇིགས་པ་བརྒྱད་སྐྱོབས་ཀྱི་སྒྲུབས་སམ་སྔགས་ནི་ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བྷ་ཡ་ཤ་མ་ནི་ སརྦ་དུརྒ་ཏི་ཏཱ་ར་ཎི་ཏུ་རེ་སྭཱཧཱ། སེངྒེ་ལ་སོགས་གཅན་གཟན་ཐམས་ཅད་བསྲུང་བའི་སྔགས་ཏེ་ལྷ་ནི་ནག་ མོ་སེང་གེའི་གདོང་འཁོར་ལོ་དང་མེ་དཔུང་བསྣམས་པའོ། །འོ། །ༀ་དཱི་ར་ད། བ་ད་ནི་ཨེ་ཀ་དཾཥྚཱི་མཧཱ་ན་སེ་ ལམྦོ་དྷ་རི་ཀརྡྷ་ཀརྡྷ་དྲཱ་ས་ཡ་དྲཱ་ས་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། གླང་པོ་ཆེ་ ལ་སོགས་པས་མ་ཧེ་ལ་སོགས་པ་ཕྱུགས་ཐམས་ཅད་བསྡུས་ཏེ། དེ་རྣམས་ཀྱི་འཇིགས་པ་བསྲུང་བའི་སྔགས་ཏེ། ལྷ་ནི་ དུད་ཀ་བསུས་འཕྱང་གླང་ཆེན་གདོང་པ་མཆེ་བ་གཅིག་པ་གཡས་རལ་གྲི་གཡོན་ཤར་དུ་ལ་རྣམས་པའོ། །ༀ་ཤི་ཁཱི་བ་ད་ ནེ་མཧཱ་ཨུ་ཀ་ལ་མུ་ཁཱི། ཛྭ་ལ་མཱ་ལི་ནཱི་སཔྟ་ཛི་ནྭཱི། སཔྟ་མུ་ཁཱི་བི་ཤྭ་ན་རི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། མེའི་འཇིགས་པ་བསྲུང་བའིའོ། །(སྔགས་ཏེ། ལྷ་ནི་དམར་པོ་དྲག་མོ་ཞལ་བདུན་ལྗགས་བདུན་སྐྱོད་པ་ནོར་བུ་དང་ ཆུའི་དཀྱིལ་འཁོར་བསྣམས་པའོ།།) ༀ་ཕ་ནཱི་མཧཱ་ཕ་ནཱི་ཀྲྀཥྞ་ནེ་ཏྲེ་ཨེ་ཀ་ད་ན་ཛི་ཧྭཱི་ཀ་རེ་ཎ། ཙ་ལཱ་ཡ་ཙ་ ལཱ་ཡ་མཧཱ་བི་ཥ་བྷཀྵི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། དུག་ཐམས་ཅད་དང་སྦྲུལ་ལ་སོགས་པ་ཁུང་བུར་གནས་ པའི་སྲོག་ཆགས་ཀྱི་འཇིགས་པ་ལ་སྐྱོབས་པའི་བསྲུང་བའི་སྔགས་ཏེ། ལྷ་ནི་དཀར་མོ་ཡིད་ཙམ་ཁྲོས་པ་སྦྲུལ་ནག་པོའི་མགོ་ བོ་བདུན་དང་ལྡན་པ་སྦྲུལ་བརྒྱད་ཅན་ཕྱག་དྲུག་བུམ་པ་དང་སྦྲུལ་ཞགས་ནོར་བུ་སྨན་གྱི་དབང་པོའི་སྣོད་རྣམས་འཛིན་པའོ། ། 23-1-422 ༀ་ཁརྒ་ཧསྟི་བྷྲ་ཀུ་ཊི་མུ་ཁི་ཨུརྡྷ་ཀེ་ཤ་མཧཱ་ན་དྷི་ཀྲྀཥྞ་ཨཉྫ་ན་བྷརྞ་ཚིནྡ་ཚིནྡ་བྷིནྡ་བྷིནྡ་ཨུཏྟ་ར་ ཡ་ཨུཏྟ་ར་ཡ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཆོམ་རྐུན་ལ་སོགས་པ་མི་འགྲོ་བའི་གནོད་པ་བསྲུང་བའི་སྔགས་ ཏེ། ལྷ་མོ་ནི་ཆེར་འཁྲུགས་པ་སྐྲ་རྫེས་པ་ཕྱག་དྲུག་རལ་གྲི་དང་མདུང་དང་དགྲ་སྟ་དང༌། མདའ་གཞུ་ཕུབ་ཆུང་བསྣམས་པའོ། །འོ། ། ༀ་རཀྟ་ཝརྞེ་པཱ་ཤཱངྐུ་ཤ་ཧསྟི་མཧཱ་ར་ཝི། མཧཱ་བ་ལ་ས་ར་ས་ར་བི་ས་ར་བི་ས་ར། གྲྀཧྞ་གྲྀཧྞ་ཨཱ་ ཀཊྜྷ་ཨཱ་ཀཊྜྷ་མཧཱ་དུརྒ་ན་མུ་ཙཱ་ལ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ལྕགས་སྒྲོག་དང་ཞགས་པ་སོགས་དང་རྒྱལ་ པོའི་ཆད་པ་སོགས་ཐམས་ཅད་ལས་སྐྱོབ་པའི་སྔགས་སོ། །ལྷ་ནི་དམར་མོ་ཞི་མ་ཁྲོ། །ཕྱག་བརྒྱད་གཡས་བཞི་ལྕགས་ཀྱུ་ དང༌། གཡོན་བཞི་ཞགས་པ་བསྣམས་པའོ། །འོ། །ༀ་ཛ་ལེ་ཛ་ལེ་མཧཱ་ཛ་ལེ་ཏཱ་ར་ཡ་ཏཱ་ར་ཡ་ཨུཏྟཱ་རཱ་ཡ་ཨུཏྟཱ་ རཱ་ཡ། ཤྲྀངྑ་ལ་ཧསྟི་མཧཱ་ཛ་ཝེ་ཨེ་ཀ་བི་རི་མཧཱ་ཀ་རུ་ཎེ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཆུ་ལས་སྐྱོབ་ མིའི་སྔགས་ཏེ། ལྷ་མོ་སོར་མོ་ཕྱག་གཉིས་མ་རི་རབ་དང༌། ས་ཡི་དཀྱིལ་འཁོར་བསྣམས་པ། ནོར་བུ་མེ་འབར་བ་ཕུང་པོ་ལ་ གནས་པའོ། །ༀ་མཧཱ་གམྦྷི་ར་རྱཻ་མཧཱ་ཀཱ་རུ་ཎི་ཀེ་བྷ་ག་ཝཾ་བཱ་ལེ་བྷ་ར་དྷ་ཨ་བྷ་ཡི་ཧསྟི་ཏཱ་རེ་ཏུཏྟཱ་ རེ་ཏུ་རེ་སྭཱཧཱ། ཤ་ཟ་སོགས་གདོན་ཐམས་ཅད་ལས་བསྲུང་བའི་སྔགས་ཏེ། ལྷ་མོ་དཀར་མོ་ཕྱག་བཅུ་པ་དང་པོ་ གཉིས་སྐྱབས་སྦྱིན་དང་ཆོས་འབྱུང༌། ལྷག་མ་བརྒྱད་དང༌། ཞབས་བཅུ་ནི་གདོན་བཅོ་བརྒྱད་ལ་སྡིགས་པའམ། འཛིན་ཅིང་གནོན་ པ་སྟེ་གདོན་བཅོ་བརྒྱད་སྟོང་ཆེན་རབ་འཇོམས་ལྟར་བྲིས་སོ། །འོ། ། བཅོ་བརྒྱད་པ་ལས་ཚོགས་ཕྲ་མོ་སྣ་ཚོགས་པ་ནི། བདག་བསྐྱེད་གཏོར་མ་བཏང་བ་སོགས་བྱས་ལ། སྐྱེས་པ་ལ་གུར་ གུམ། བུད་མེད་ལ་གི་ཧཾ་གྱིས་དར་རམ། རས་ལ་འཁོར་ལོ་བྲིས་རྩི་ལྗང་ཁུ་བཏང་རྩིབས་བརྒྱད་པ། །ལྟེ་བ་དང་མི་ ཁྱུད་རིམ་བདུན། དབུས་སུ་ཏཾ་ལ་ༀ། བསྒྲུབ་བྱ་ཆེ་གེ་མོ་ལ་རཀྵ་ཧ་ཅེས་པས་བསྐོར་དགོད་པར་བྱ། །རྩིབས་ བརྒྱད་ལ་ནི་ཏཱ་ནས་སྭཱའི་བར་ཡི་གེ་བརྒྱད། །སྔགས་ཀྱི་གྲོང་ཁྱེར་ཨཱ་ལི་ཀཱ་ལི་བདག་པོས་ཧཱུཾ་གི་བསྐོར། ། མན་ངག་གི་མུ་ཁྱུད་ནང་མ་ལ་ཡེ་དྷར། གཉིས་པ་རྡོ་རྗེའི་ཕྲེང་བ། ༀ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཧ་ཆེ་གེ་མོ་ལ་རཀྵ་རཀྵ་ཧཱུཾ། གསུམ་པ་ལ་ཨཱ་ ལི་ཀཱ་ལི། བཞི་པ་ལ་འཁྱིལ་བའི་གཟུངས། ལྔ་པ་ལ་རལ་གྲི་ཏཾ་གི་མཚན་པས། དྲུག་པ་ལ་ཧཱུཾ་འབའ་ཞིག བདུན་པ་ལ་མེ་དཔུང་ སྟེ། བྲིས་ནས་འཁོར་ལོ་རབ་གནས་འདྲ། རིན་པོ་ཆེའི་སྣོད་དུ་ཞག་བདུན་སོགས་སྒྲུབ་ཅིང་མཆོད། སྒྲོལ་མ་ཞུ་ནས་ཏཱཾ་ཡིག་ཏུ་ 23-1-423 གྱུར། དྲིལ་ཏེ་རིན་པོ་ཆེའི་སྣོད་དུ་བཅུག སྐྱེས་པའི་གཡས། བུད་མེད་ཀྱི་གཡོན་ནམ། མགུལ་དུ་བཏགས་སོ། །འཁོར་ལོ་ཁ་དོག ལྗང་ཁུ་བྲིས་ཟླས་སྒོམ་གསུམ་གྱིས་བསྲུང་བར་འགྱུར་བ་སྟེ། །ཡིད་བཞིན་འཁོར་ལོ་སྒོམ་པའང་འདིས་ཟིན་ནམ་ སེལ་མོད། འཆི་བ་བསླུ་བྱེད་ལ་ཁ་དོག་འོད་ཟེར་དཀར་པོ་དང་སྤེལ་ཚིག་སྤོས་པ། འཁོར་ལོ་སྒོམས་པ་དང༌། བྲིས་ པ་དང༌། འདོགས་པ་དང༌། མཆོད་པ་ལ་སོགས་པའི་ཕན་ཡོན་ནིའོ། །ནད་ཞི་བ་དང་བརྩོན་ལས་ཐར་པ་དང༌། ། ཚེ་འཕེལ་བ་དང་ལོངས་སྤྱོད་འཕེལ་བ་དང༌། བརྩོན་འགྲུས་ཆེ་ཞིང་ཡིད་གཞུངས་པ་དང༌། །དབང་ཕྱུག་ཏེ་ དབང་ཐང་རྒྱས་པ་དང་ནི་བློ་གྲོས་ཤེས་རབ་འཕེལ། །བར་འགྱུར་རོ། །ཡར་ངོའི་ཚེས་གསུམ་སོགས་དུས་བཟང་པོ་ལ་ གཟའ་སྐར་དགེ་བ་ལ་ཚྭ་ལ་གི་ཧཾ་དྲི་ཆུ་དང༌། །ཕུག་པ་ཁ་བྱང་བསྟན་གྱི་གཏིང་དུ་ཁྲུ་གང་བརྐོས་པའི་ས་དང་ཙི་ཏྲ་ ཀ་དང་དཔའ་བོ། །ཏེ་བཙན་དུག་དང༌། གླ་རྩི་དང་མེའི་རོ་ཚན་ཆ་མཉམ་པའི་རིལ་ལུ་སྲན་མ་ཙམ་ཡིས། །དུག་ རྣམས་སྲུང་བར་བྱེད་པ་ཐུན་བཞི་ཞག་བདུན་སྒྲུབས་ནས། དུག་གིས་མ་ཟིན་པ་ལ་ལྟོ་སྟོང་ལ་ལན་རེ་ཟོས་པས་ཟླ་རེ་ སྲུང་ཟིན་པ་ལ་དུག་སྨན་དུ་འགྱུར་སྟེ། །རིལ་བུ་རིན་པོ་ཆེའི་སྣོད་དུ་བཞག སྒྲོལ་མ་རང་འདྲ་སྐྱེད་ཞུ་བ་ལས་རིལ་བུ་བདུད་རྩིར་ སྒོམ། བརྒྱད་སྟོང་ཐུན་རེ་ལ་ཟླས། བཟའ་བའི་ཚེ་ཡང་གོང་ལྟར། བཟླས་པ་དང་འཁོར་ལོ་བསྒོམ་པའི་རྣལ་འབྱོར་ བྱ། །པཎྜི་ཏ་བླ་སྒང་ལི་ཁ་ཐུར་ཡིན་ནོ། །ཀར་འི་རྩ་བ་དང༌། །རྩ་མ་ཟོས་གོང་གི་བེའུའི་ལྕི་བས་སྲེས་པའི་རིལ་ བུ་དུག་རེངས་སྲུང་བར་བྱེད། །མུ་ཁྱུད་རིམ་གསུམ་ལྟེ་བ་དང་བཅས་པ་རྩིབས་ནི་བཅུ་དྲུག་པ། །དབུས་སུ་ སྒྲུབ་བྱའི་གཟུགས། དེའི་མཐར་ཀུ་རུ་ཀུལླེའི་རྩ་སྔགས་ལས་སྔགས་དང་རྩིབས་ཏེ། དེ་ལ་ཡང་རྩ་སྔགས་ལས་སྔགས་ ཀྱི་ཤམ་བུ་ཅན་བྲིས་ཏེ། ཀྱིས་དགང༌། །འཁོར་ལོ་ཁ་སྦྱོར་རྒྱ་སྐྱེས་དང་རྐང་རྗེས་བསྲེས་པའི་གཟུགས་བརྙན་གྱི་ ཁོག་ཏུ་གཞུག་སྦྱོར་བ་བྱ། །ཟངས་མའི་ཁབ་ཀྱིས་གཟུགས་བརྙན་དེའི་གསང་གནས་ཕུག །ལན་ཚྭར་ བཅས་པའི་རང་གི་གཅིན་གྱིས་ལིང་ཁ་དེའི་ཁ་བཀང་ནས། །རྒྱ་ཤུག་གི་ཤིང་གི་མེ་ལ་གདུང་ཤིང་སྲོ་བར་ བྱ། །སྦྱིན་སྲེག་ཀྱང་བྱ། ཕོ་མོའི་དམིགས་པ་སོ་སོར་བྱ། དེ་ནས་སྔགས་མེ་ཏོག་ལ་བཏབ་ནས་བསྒྲུབ་བྱ་ལ་བསྣུན་པ་དང་ ཟས་སྲེས་ཏེ་སྟེར་བ་དང་སྤོས། །དང་སྲེས་ཏེ་བདུག་པ་དང༌། མིག་སྨན་སྦྱོར་བས་དབང་དུ་བྱ། །བུད་མེད་ཀྱི་ ཐོད་པ་དུམ་བུ་གསུམ་པར་ཚིལ་ཆེན་དང་ཨརྐའི་བལ་གྱི་མར་མེ་ཚེས་བརྒྱད་དམ་ཉེར་དགུའི་ནུབ་མིག་སྨན་སྒྲུབ་པའོ། ། 23-1-424 ༈ སྒྲོལ་མ་དཀར་མོར་ལྷའི་རྣལ་འབྱོར་རྫོགས་པར་བསམ་ཞིང་སྒོམ་པར་བྱས་ནས། །ངག་བཅད་དེ་མི་ སྨྲ་བར་ནི་འབུམ་བཟླས་སོ། །བསྙེན་པའོ། །སངས་རྒྱས་རྟག་པའི་རྣམ་སྣང་གི་སྦྱོར་ལས་བྱུང༌། །བ་ སྟེ་རིགས་བདག་གོ །མདུན་བསྐྱེད་གཙོ་བོ་སྒྲོལ་མ་དཀར་མོར་བྱ། ཡིད་གཞུངས་མ་སོགས་སྨྲ་ཏི། པྲཛྙཱི། བུདྡྷི། སྭ་ བྷཱ་བ་རེ་འཁོར་བཞི་དང་ལྡན། །པར་བསྒོམས་ནས་ཟླ་བ་ཕྱེད་སྒྲུབ་ཅིང་མཆོད་དོ། །སེར་པོ་ཁྲག་རྐང་ཧལྟྱ་ལི་དོང་ ར་དང་ཟི་ར། །དཀར་ནག་དང༌། གྲོག་སྨན་པི་ལིང་དང༌། ཤ་ཕོ་རུ་རྟ་དང་ལ་ལ་ཕུད། །དང༌། ར་ཡི་འོ་མ་ དང་རའི་མར་ཁུར་བཅས་བཏུང༌། །བར་བྱའོ། །ཡང་ན་ཤུ་ཐག་དཀར་པོ་དང༌། ཧ ལྟྱ (གོང་བཞིན་)འི་སྔགས་ བཟླས་ཏེ་འདི་དག་དཀྱིལ་འཁོར་གྱི་དབུས་སུ་བཞག ཞག་བདུན་སྒྲུབས་ཏེ་ཟོས་ན། །འདིས་ནི་བློ་གྲོས་འཕྲལ་ དུ་འཕེལ་བར་འགྱུར། །རོ། །ཐོ་རངས་མཎྜལ་དུ་ཡན་ལག་བཞི་རྫོགས་བསྐྱེད་མཆོད་བསྟོད་གཏོར་མ་ཡན་ལག་ བདུན་པ་རྣམས་བྱས་ནས་སྒྲོལ་མའི་ཕྱག་གཡས་མི་འཇིགས་རྒྱ། །རང་གི་སྤྱི་བོར་རེག་པར་བསམ་ལ་ལ་དངོས་སུ་ ཕྱག་རྒྱ་དེ་སྤྱི་བོར་གཏུག་པས་ཆོམ་རྐུན་སོགས་འཇིགས་པ་ཐམས་ཅད་ལས་བསྲུང༌། །ཤིང་བཙོན་ལས་ཀྱང་ཐར་བར་ བྱེད་གསུངས། གུ་གུལ་དཀར་པོ་དང་དཱ་ལའི་འདབ་མ་དང༌། །ཤ་ཕོ་རུ་རྟ་དང་གླ་རྩི་དང་དཔའ་བོ་སྟེ་དུག་ དང་སྦྱར། །ལ་རིལ་བུ་བྱ། ཡང་ན་ཤུ་ཐག་དང་ཤིང་ཀུན་སྦྱར་བ་ལས། །རིལ་བུ་སྟེ་དེ་གཉིས་སྔགས་སྤེལ་ཚིག་ ཅན་འབུམ་བཟླས་ནས་ཟ་བར་བྱ། །འོ། །དྲི་ཆུ་གླ་བའི་ཆུ་ལ་ཡང་འབུམ་བཟླས་ཏེ་དཔྲལ་མགྲིན་སྙིང་ལྟེ་གསང་བ་ དེས་གནས་ལྔར་སྲིན་ལག་གིས་བྱུག་ཅིང་རྐང་པ་ལ་ཡང་བྱབས་བསྲུང༌། །བ་བྱ། ཟླ་བ་དྲུག་གིས་མཛེ་ནད་གསོ་ བར་བྱེད་པའི་མཆོག །གོ །བུ་མ་སྐྱེས་པའི་རང་བྱུང་གི་མེ་ཏོག་བྷྲིངྒ་རཱ་ཛའི་ཁུ་བར་བཅས། །ཟླ་བ་དྲུག་ཏུ་སྣ་ ཡིས་རྔུབས་ན་རྒས་པ་སེལ། །ལ། ལོ་གསུམ་དུ་ཐུན་བཞིར་བུད་མེད་སྦྱོར་བ་ལ་བརྟེན་ཏེ་ཡིས། །ཁུ་ བ་བཀག་ཅིང་ཁྱབ་པར་བྱས་པས་རྒས་པ་མེད་པར་གཞོན་ནུར་བྱེད། །རྣ་བ་མ་འོན་པའི་རྣ་བར་དུག་དང་ནཱ་ ལེ་ཤཾ །རས་བལ་གྱིས་དྲིས་ལ་བཅུག་སྟེ་ལོ་གཅིག་ལོན་པས་ཕྱིས་དེ་བཅུག་པའམ་བཏགས་པའི་ཆུས་གཞན་གྱི་རྣ་བ་ འོན་པ་སེལ། །ཕྱིའི་རྒྱ་མཚོའི་ལྦུ་བ་དངོས་དང་རྒྱ་མཚོའི་འབྲས། །ཟེར་བའི་ཤིང་འབྲས་དང༌། རའི་གཅིན་ དངོས་སྦྱར་བས་མིག་ནད་ཕལ་ཆེར་འཇོམས། །མགོ་ནད་སྲུང་བ་ནི་ༀ་སུམྦྷི་རོ་དྷ་ན་ཡེ་སྭཱཧཱ། སྔགས་བརྒྱ་ 23-1-425 བརྒྱ་བཟླའོ། །ཀོཥྚའི་རུས་པ་སྟེ་མཛེ་རུས་དང་བྱ་རོག་གི་མིག །དང༌། གསེར་གྱི་ཕྱེ་མའི་ཕུར་མས་བཟའ་ཕོག་ ལྟ་བུའི་མགོ་ནད་བསྲུང༌། །སྒྲོལ་མ་དཀར་མོའི་བསྙེན་པ་སྔོན་སོང་གི་སྒྲུབས་པའི་སྐབས། ཁྲུ་གང་ལས་མི་ཆུང་བ་བའི་ལྕི་ བས་བྱུགས་པའི་དབུས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་དབུས་སུ་ལྕགས་ཀྱུ་ཛ་ཡིག་གིས་མཚན་པ་དང་ལྡན་པར་བྱ། ། ཕྱི་རུ་མེ་ཏོག་དཀར་པོའི་ཚོམ་བུ་ལྔ་བཀོད། མཆོད་བསྟོད་གསོལ་བཏབ་ཕྱག་འཚལ་ཉེར་གཅིག་མང་དུ་བརྗོད། སླར་བཟླས་ པས་བདག་བསྐྱེད་ལྷ་མོའི་ཐུགས་ཀའི་ཛ་ལས་ལྕགས་ཀྱུ་སྤྲོས་བཙོན་འདོན་པར་བསམ། ཁྲི་བཟླས་ན་བཙོན་ལས་ཐར་ བར་འགྱུར། །ཏེ་ལས་སྦྱོར་སྐབས་སྨྲ་བ་བཅད་སྔགས་རྒྱ་རེ་ལ་མཆོད་བསྟོད་གསོལ་བཏབ་སྟེ་བྱ་བ་མཚན་ཐོག་ཐག་བྱའོ། ། ཡུང་བ་ཧལྟི་གི་ཧཾ་ཀསྠུ་རིའི་ཁུ་བས། །རྩ་སྔགས་བྲིས་པ་བུམ་པར་གདགས་བྱས་ལ། །བུམ་སྒྲུབས་ཆོ་ག་ བཞིན་དུ་བྱ། ཉིན་ཐོག་ཐག་སྙིང་པོ་བཟླ། མཚན་མོ་རྩ་སྔགས་བཟླས་ལ། ནམ་གུང་སྦྲུམ་མ་ཀུ་ཤའི་གདན་ལ་བཞག་ནས་ བགེགས་སྦྱངས་བ་སོགས་སྔོན་དུ་འགྲོ་བས་བཀྲུ་བར་བྱ། །ནད་མེད་བདེ་བས་བཙའ་བར་འགྱུར། །མར་ ལ་སྔགས་པས་ལུས་དང་བྷ་ག་ལ་བྱུགས་ན་མགོ་འཇུག་ཟློས་པ་ལ་ཕན་ཟེར། བོ་དྷི་རྩི་འབྲས་བ་སེར་སྐྱའི་མར་དང་ འོ་མ་བསྲེས། །བུམ་རྫས་ཆུ་དང་ལ་སོགས་པ་བུམ་པར་བླུགས། བུམ་སྒྲུབས་ལྟར་སྒྲུབས། བཟླས་ནས་ཟླ་མཚན་ཆད་ ནས་ཞག་གསུམ་གྱི་བར་དུ་བཀྲུ་བ་དང༌། བུད་མེད་ལ་སྦྱིན་ཏེ། །མཐུང་དུ་བཅུག་ནས་ཁྲུས་བྱས་ན་མོ་གཤམ་གྱི་ གཟུགས་སམ་རང་བཞིན་འཆང་བ་ཏེ་འཛིན་པའང༌། །ངེས་པར་བུ་དང་བཅས་པར་འགྱུར། །མ་བཙས་ པར་མ་དང་བཙས་ནས་བུ་ལ་གོང་གི་བསྲུང་བའི་འཁོར་ལོ་གདགས་བྱས་ལ། །མཎྜལ་དུ་རྗེ་བཙུན་མ་དང་ འབྱུང་པོ་སྤྱི་དང་བགེགས་དང་ལྷ་ལ་མཆོད་པ་དང་བཟླས་པ་མང་པོ་དང༌། །མ་དང་བུ་ལ་ཁྲུས་ནི་ཉིན་རེ་ཉིན་ རེ་ལ་ལན་རེ་བྱ། །བྱིས་པ་འཚོ་བའི་ཐབས་དམ་པ་ཏེ་བཟང་པོ་ཡིན། །ནོ། །ཡང་དབང་གི་ལས་གསུངས་ པ། དམིགས་པ་རང་གི་ལྟེ་བར་པདྨ་འདབ་བརྒྱད་ལ་ལྟེ་བར་ཏཾ། འདབ་མ་ལ་ཧྲཱིཿབརྒྱད་བུང་བའི་གཟུགས། །སྤྲོ་ ཞིང་བསྒྲུབ་བྱ་དེ་ཡི་ལྟེ་སྙིང་གི་བཅུད་བཞིབ་པར་བྱ། །སྔགས་ནི། ཛཿཧོ་ཧཱུཾ་ཨ་བཾ་ཧི། ཨ་ཀཪྵ་ཡ་ཨངྐུ་ཤ་ ཛཿ དང་པོར་འབུམ་བཟླས་ལ། སླར་རྫས། རང་བྱུང་དང་གི་ཧཾ་བསྲེས་པ་ལ་བརྒྱ་བཟླས་ཏེ། དཔྲལ་བར་ཐིག་ལེ་བྱས་ ན་ནི། །དེ་མཐོང་ཙམ་གྱིས་བུད་མེད་ཐམས་ཅད་དབང་དུ་བྱེད། །དོ། ། 23-1-426 བཅུ་དགུ་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། ཡང་ཞུས་པ་མེད་པར་བསམ་གཏན་གྱི་དཀྱིལ་འཁོར་ དུ་དབང་བསྐུར་བ་གསུངས་པ། ནམ་མཁའ་ལྟ་བུའི་སྟོང་པའི་དབྱིངས་ཀྱི་དབུས་གནས་པར། །དཔག་ ཚད་བྱེ་བའི་ཚད་དང་ལྡན་པའི་དཀྱིལ་འཁོར་ཆོ་ག་ཇི་ལྟ་བ་སྒྲུབས་པ་དང་མཆོད་པ་དང་དབང་བསྐུར་བའི་བསམ། ། ཆོ་ག་ཤེས་པའི་སློབ་དཔོན་གྱིས་དེར་སློབ་མ་ལ་དབང་བསྐུར། །བར་བྱའོ། །ཆུ་དབང་གི་སྐུར་བའི་ཚིག་བཅད་ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བ་གསུམ་ལས་བྱུང༌། །བ་སྟེ། དེའི་ངོ་བོ་གང་ལ་དབང་བསྐུར་ན། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །གནས་ཐོབ་བྱེད་ཀྱི་དབང་ བསྐུར་སྦྱིན་པར་བྱ། །ཞེས་སོ། །བདག་པོ་སློབ་དཔོན་གྱི་དབང་ཆུང་བ་ནི་སྐྱེས་པ་སློབ་མ་དེ་བཞིན་གཤེགས་ པ་རྡོ་རྗེ་འཆང་གི་ཡེ་ཤེས། །ཏེ་སྐུར་སྒོམས་ལ། དངོས་སམ་ཡིད་ཀྱི་བུད་མེད་རིག་པའི་ལྷ་མོར་མོས་པ་བྱ། །ཤེས་ རབ་མ་བུ་མོ་བཅུ་དྲུག་ལོ་ལོན་འཁྱུད། །པ་ཁོ་ནའི་བདེ་བ་སྟོང་པར་སྦྱར་ཏེ་བསྒོམ་པ་ནི་རྡོ་རྗེ་སློབ་དཔོན་ གྱི་དབང་ཆུང་ངུའི་དངོས་གཞིའོ། །ནོ། །སློབ་དཔོན་གྱི་དབང་གི་མཐའ་སྟེན་གསང་བར་གདམས་པ་ནི། ༈ ཚིག་བཅད་འདི་སློབ་དཔོན་ཆེན་པོའི་དབང་གི་རྗེས་སུ་བརྗོད་ཅིང༌། གསང་དབང་སོགས་ཀྱི་ཡང་སྔོན་དུ་བརྗོད་དོ། ། དོན་ནི་འདི་ཡིན་ཏེ། གསང་བ་སློབ་དཔོན་གྱི་དབང་ལ་སོགས་པ་འདི་སུ་ལའང་བརྗོད་མི་བགྱི། །ཏེ། སྣོད་མིན་ ལ་གལ་ཏེ་སྨྲས་ན་དེ་ཡི་ཚེ། །ཤིན་ཏུ་རྣོ་བའི་ཤཱུ་ལ་མདུང་རྩེ་གསུམ་ནི། །ཞིང་གི་རྣལ་འབྱོར་མ་རྣམས་ཀྱི་ ཡི་ཕྱག་ན་གནས། །པ་འདིས། གང་གི་དམ་ཚིག་པ་སྟེ་གསང་བ་སྒྲགས་པས་དམ་ཚིག་ཉམས་པར་འཇིག་བྱེད་ པ། །དེ་ལ་མདུང་འདི་ཡིས་མཆོག་ཏུ་འབིགས། །སོ་ཅེས་པའོ། །གསང་དབང་གི་རབ་བྷ་ག་ནས་བྱང་སེམས་ འཇིབ་པར་བཅས་པ་དང༌། མ་ཡིན་ན་དཀར་གསུམ་མངར་གསུམ་ཚ་བ་གསུམ་དང་བསྲེས་པའི་ཙཱ་རུ་བཟའ། །བ་སྟེ། བྱང་ཆུབ་ཀྱི་སེམས་རྫས་དང་དཀྱིལ་འཁོར་བྷ་ག་ཡིན་པས། གསང་ཞིང་སྦ་བའི་དབང་དེ་གཉིས་པའོ། །དེ་ཡང་ སྤྱིར་གསང་བར་མ་ཟད། བུམ་དབང་གི་སྣོད་རུང་ཙམ་འགའ་ཞིག་ལ་ཡང་གསང་དགོས་པས་སོ། ། ༈ ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སྟོན་པ་བླ་མས་བུ་སློབ་མ་ལ་ཕྱག་རྒྱ་གཏད་པར་བྱས་ནས། །སྙོམས་ པར་འཇུག་པའི་བདེ་བས་སྟོང་ཉིད་དང་རོ་མཉམ་བསྒོམ། །པས། འོག་ནས་འཆད་པའི་ས་བཅུ་གསུམ་མམ། ས་ 23-1-427 བཅུའི་བདེ་བ་ཐོབ་པ་ན། །ཤེས་རབ་མ་དང་སྦྱོར་བའི་ཡེ་ཤེས་ཡིན་པས་དེ་སྐད་ཞེས་བརྗོད་དོ། །དབང་ བཞི་པ་མདོར་བསྟན་པ་ནི་ཆགས་པ་མཆོག་དགའ་དང་ཆགས་བྲལ་ལས་དགའ་བྲལ་ལས་འདས་པ། །དབུ་ མར་དགའ་བ་དང་པོར་ཡང་མི་དམིགས་པ་ལས་དེ་དག་གི་འོལ་སྤྱི་ཙམ་མཚོན་པར་བྱ་རྒྱུའི་འོད་གསལ་བ། །སེམས་ ཀྱི་ཁོང་བདེ་བ་མི་རྟོག་པ་རང་བཞིན་བདེ་སྟོང་དེ་ལ་རྣམ་པ་མི་འདྲ་བ་མི་འབྱུང་བས་མི་འགྱུར་མི་འཇིགས་པས་རྟག་པ་ མཆོག་ཏུ་ཕྲ། །བཞི་པའི་ཡེ་ཤེས་དེ་ནི་སྐད་ཅིག་སྔ་ཕྱི་དང་ཡུལ་ལ་འགྲོ་འོང་མེད། །སློབ་དཔོན་ཆེན་པོའི་ དབང་གི་མིང་ཙམ་བསྟན་པ་གཉིས་སྦྱོར་ལས་ཀྱང་འགྱུར་མེད་སྒྲུབ་པས་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཆེན་པོ་པ། ། འཛག་མེད་ཀྱི་བདེ་བ་ཆེན་པོ་གྲུབ་པ་ནི་སློབ་དཔོན་ཏེ། །ཆེན་པོའི་དབང་ཐོབ་པ། ༈ སེམས་ཐིག་ལེ་འཕོ་བ་ལ་ཆགས་པ་ལྡན་ཡང་གཡོ་སྒྱུས་བུད་མེད་ལ་སྨོད། །པས་ཚངས་སྤྱོད་དུ་བརྫུ་བ་ ལྷུང་བཟེད་འགེངས་པའི་ཕྱིར་དགེ་སློང་ལྟར་སྟོན་པ་བྱེད་པ་ནི་རྡོ་རྗེ་སློབ་དཔོན་གྱི་འོས་མིན། །ཉི་ཤུ་པ་སློབ་ དཔོན་གྱི་བྱ་བ་ཉེར་མཁོ་བསྟན་པ་ནི། གཙུག་ལག་ཁང་དང་དབང་དང་རབ་གནས་ཀུན་ལ་མཁོ་བའི་ས་ཆོག་དང་སྟ་གོན་ དཀྱིལ་འཁོར་བྲི་སྒྲུབ་སོགས་སློབ་དཔོན་གྱི་བྱ་བ་དང༌། །བདག་འཇུག་དང་སློབ་མ་ལ་དབང་བསྐུར་བ་དང་དམ་ ཚིག་གི་རྣམ་གཞག་དང་ཉེས་ལྟུང་བཤགས་སྦྱངས་དང་སྦྱོང་དུ་འཇུག་པ་དང༌། ལས་དང་དངོས་གྲུབ་སོ་སོའི་དམ་ཚིག་ལ་བྱང་ བའོ། །ལུང་འབོགས་པ་དང་དམ་ཚིག་གི་ཆོ་ག་ཡིན་ཏེ་ཇོ་བོའི་འགྲེལ་པས་སོ། །སྦྱིན་སྲེག་ལས་བཞིའི་བརྒྱད་དམ་བཅུ་གཉིས་ ཀྱི་དབྱེ་བ། དང༌། ། ༈ སྐུ་གཟུགས་མཆོད་རྟེན་གླེགས་བམ་ཕྱག་མཚན་ཁང་པ་སྐྱེད་ཚལ། ལྗོན་ཤིང༌། རྫིང་བུ་མཚེའུ་སོགས་ཀྱིས། རབ་ གནས་དང་མཆོད་ཡོན་ཆོ་ག་གཉིས་ཏེ་རྟེན་གཤེགས་པ་དང་ལྷ་ཁང་སོགས་ཀྱི་སྔོན་འགྲོའོ། །དང༌། །རྡོ་རྗེ་དང་ དྲིལ་བུ་དང་བགྲང་འཕྲེང་དང༌། །དགང་བླུགས་དང་དེ་བཞིན་རིན་པོ་ཆེའམ་རུས་པའི་རྒྱན་ཕྱག་རྒྱ་དྲུག ། ཏེ་དེ་ལྔ་དག་གི་ཚད་དབྱིབས་མཚན་ཉིད་བྱིན་རླབས་འཆང་ཐབས་སོགས་ལ་མཁས་པ་སྐུ་གཟུགས་ཀྱི་ཚད་དང་གཤིན་ པོ་ལ་ཕན་གདགས་པ་ཐ་མའི་ཆོག །བགེགས་དང་ངན་བྱེད་ཕྱིར་བཟློག་པ་དང༌། འདོགས་པ་དང༌། སྒོམ་པ་དང༌། རྫས་དང་སྔགས་ཀྱིས་བསྲུང་བའི་རིགས་སྣ་ཚོགས་དང༌། བཟླས་པ་སོ་སོ་བྱེད་ཚུལ་ཐབས་སྣ་ཚོགས་དང༌། །བད་ཀན་ 23-1-428 སོགས་རང་བཞིན་གྱི་ནད་དང་གདོན་དང་རིམས་གསུམ་པོ་སྨན་དང་སྔགས་འཁྲུལ་འཁོར་གྱིས་བསྲུང་ཞིང་ཞི་བས་ འཇོམས་པ་དང༌། །རང་གཞན་གྱི་ཚེ་དང་ལོངས་སྤྱོད་སྤེལ་བའི་མན་ངག་དང༌། སློབ་མ་དང་བསྟན་པ་ལ་དད་པའི་ རྒྱལ་པོ་དང་ཁྱིམ་བདག་སོགས་ཀྱི་རིགས་འཕེལ་གྱི་ཆོ་ག་སྟེ་སྲིད་སྤེལ་དང༌། །རྒྱལ་པོ་སོགས་དབང་དུ་བྱེད་པ་ དང་ཤིན་ཏུ་གདུལ་དཀའ་བ་བསད་པ་དང་གནས་ནས་སྐྲོད། །ནང་དབྱེ་བ་དང་དབང་པོ་དྲུག་མནན་པ་ཏེ་དབང་ དང་དྲག་ཤུལ་སྤྱོད་པ་འདི་རྣམས་མི་དང་མི་མིན་ལ་སྦྱོར་ཚུལ་དང༌། ལྷ་ཁང་བཞེངས་ཐབས་གི །ཆོ་ག་ཏེ་ཉེར་དགུ་པ་ འདི་རྣམས་སྔགས་ལ་གཞོལ་བའི་རྡོ་རྗེ་སློབ་དཔོན་གྱི་ལས། །ཉེར་མཁོ་ཅི་རིགས་པའོ། ། ཉེར་གཅིག་པ་རྒྱུད་གཞན་ལ་ཁ་འཕངས་པ་ནི། ༈ ལས་ཚོགས་རྒྱུད་གཞན་ལ་ཁ་འཕངས་པ་ནི། དེ་བཞིན་དུ་རྡོ་རྗེ་ སློབ་དཔོན་གྱི་ལས་ནི། གྲུབ་པའི་དངུལ་ཆུ་སོགས། བཅུད་ལེན་དང་རིག་འཛིན་རྫས་དང་ལུས་དང་ལོངས་སྤྱོད་ཀྱི་རིག་ འཛིན་གསུམ་དང༌། །སྣ་ཚོགས་པའི་ལས་ཏེ་ལས་ཚོགས་མ་ངེས་པ་རྣམས་དང་དངོས་གྲུབ་སྒྲུབས་ཚུལ་དང༌། ། དུས་འཁོར་དང་རྡོ་རྗེ་མཁའ་འགྲོ་སོགས་ནས་བཤད་པ་ལྟར་སྔགས་དང་ཏིང་ངེ་འཛིན་ལ་མ་བསྟན་པའི་སྨན་གྱི་སྦྱོར་བ་ རྣམ་མང་པོ། །དེ་དག་རྣམས་ནི་རྒྱུད་དང་རྒྱུད་སྣ་ཚོགས་པ་རྣམས་དུ་མངོན་པར་བརྗོད། །ཅིང་གསུངས་པ་ ལྟར་རོ། །འགྲེལ་པ་གཉིས་ཀྱིས་ནི་ས་ཆོག་ནས་སྨན་གྱི་སྦྱོར་བ་ཐམས་ཅད་སྒྲོལ་མ་ཉིད་ཁོ་ནའི་དབང་དུ་བྱས། རྒྱུད་སྣ་ཚོགས་ ལས་གསུངས། འདིར་སྦྱོར་བའི་དོན་དུ་འཆད་དོ། །དེར་མ་ཟད་མ་རྒྱུད་གང་འཆད་ཀྱང་གལ་ཆེ་བའི་རྒྱུད་ནི་འདི་དག་སྟེ། སམ་བུ་ ཊ་དང༌། ཁ་སྦྱོར་རྡོ་རྗེ་མཁའ་འགྲོ་དང༌། །གདན་བཞི་དེ་བཞིན་རྡོ་རྗེ་གུར། །སྡོམ་པ་འབྱུང་བའི་རྒྱུད་ དང་ཟླ་གསང་ཐིག་ལེ་དང༌། །མི་གཡོ་བླ་མེད་དང༌གཤིན་བོད་ཀྱི་རྡོ་རྗེ་འཛིན། སྔ་མ་རྣམས་གཤིན་རྗེ་གཤེད་ཀྱི་ རྒྱུད་འབུམ་པ་ཞེས་གསུང་བ་དུས་འཁོར་འགྲེལ་པར་རྣལ་འབྱོར་རྗེས་སུ་རིག་པ་གསུང་པ་ཉིད་ཡིན་པ་ཕ་རྒྱུད་དུ་བཤད། བི་རཱུ་ པའི་འཁྲུལ་འཁོར་ན་འབུམ་ཕྲག་གསུམ་པ་ལས་ཕྱུང་བ་ཞེས་བཤད་པ་གཤེད་དམར་ཁོ་ནར་མངོན་པས་མ་རྒྱུད་དོ། །དེ་བཞིན་ དུ་ནག་འཇིགས་སྐོར་གསུམ་དང༌། བོད་དུ་འགྱུར་བ་ལྟར་ན། རྗེ་གཤེད་དམར་པོ། །ལེའུ་བཅུ་དགུ་པ་ནི་ཕ་རྒྱུད་ཡིན་ ལ། འདིར་ནི་ཉེར་གཉིས་ཡིན་པར་མངོན། སྣ་ཚོགས་སྒྲོལ་མའི་རྒྱུད་ཆེན་དང༌། །ནི་སྣ་ཚོགས་སྒྲོལ་མའི་རྟོགས་ པ་ཞེས་བྱ་བ་ཤོ་ལོ་ཀ་གསུམ་སྟོང་ཙམ་ལས་ཚོགས་གཙོ་བོར་སྟོན་པ་བླ་མེད་ཡིན་པ་གཅིག་ཡོད་གསུངས། ཀུ་རུ་ཀུལླེའི་ 23-1-429 རྟོག་པ་དང༌རལ་གཅིག་མ། །འི་རྟོག་པ་ཆེ་ཆུང་གཉིས་དང༌། བཅུ་གཅིག་པོ་དེ་དག་ནི་རྣལ་འབྱོར་མ་ཡི་རྒྱུད། ། ཀུན་ལ་ཕན་ཅིང་གང་ན་ལས་ཚོགས་མེད་པ་ལ། ཇི་ལྟར་མཐུན་མཐུན་དུ་ཅི་རིགས་པར། དེ་དག་ནས་ཁ་འགེངས་དགོས་པས་ མ་རྒྱུད་གཞན་ཀུན་གྱི་སྦྱོར་བ་ལས་ཚོགས་རྒྱས་པར་སྟོན་བྱེད་འོ། །གཞན་རྣམས་སོ་སོའི་ཐུན་མོང་མ་ཡིན་པ་གང་ རྣམས་དེ་དག་ནི། །སྣ་ཚོགས་པའི་རྒྱུད་དང་རྒྱུད་དེ་དང་དེ་ཉིད་དུ་ཤེས། །པར་བྱའོ། །རྩ་རྒྱུད་རྒྱས་པ་ཀུན་ ལ་ཁ་འགེངས་མི་དགོས་ཀྱང༌། བསྡུས་རྒྱུད་ཀྱི་རིགས་རྩོད་ལྡན་དུས་སུ་གང་བསྟན་པ། །དེ་དག་ཐམས་ཅད་ བསྡུས། །པ་ཡིན་པས་དགོས། པའོ། ། ཉེར་གཉིས་པ་དབང་བཞི་པའི་ཡེ་ཤེས་རྒྱས་བཤད་ལ་བཅུ་གཉིས་ལས། དང་པོ་རྒྱུད་གཞན་མང་པོར་སྦས་པ་ནི་འོན་ ཀྱང་གཞན་རྣམས་སུ་ཏེ་མདོ་སྡེ་དང༌། རྣལ་འབྱོར་རྒྱུད་མན་ཆད་དང༌། བླ་མེད་ཁ་ཅིག་ཏུ་ཡང༌། དེ་རྣམས་སུ་སྦས་པ། ། རྒྱུད་འདི་ནི་གང་དག་སྔོན་གསུངས་ཏེ་རྒྱུད་རྒྱས་པ་རྣམས་སུའམ་པའི། །གཉིས་པ་ངོ་བོ་མདོ་ཙམ་བརྗོད་པ་ནི་མི་ ཤེས་བྱིས་པ་རྣམས་ཏེ་དམྱལ་བ་དང་དུད་འགྲོ་ཚུན་ཆད་ལ་ཡང༌། །སེམས་ལ་རྟག་ཏུ་གནས་པའི་རང་བཞིན་ ལྷན་སྐྱེས་ཀྱི་བདེ་ཆེན་པོ། །དོན་དམ་པའི་དབང་བཞི་པའི་ཡེ་ཤེས་འཁོར་འདས་སྐབས་ཐམས་ཅད་དུ་འགྱུར་བ་ མེད། །པ། རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་རང་བྱུང་རང་བཞིན་ཆོས་ཀྱི་སྐུ་གསལ་བར་རྟོགས་པ་ཞེས་བརྗོད། ། གསུམ་པའི་ཡེ་ཤེས་དང་བཞི་པའི་ཁྱད་པར་ནི། ལས་དང་ཡེ་ཤེས་ཕྱག་དང་སྦྱོར་བའི་རྐྱེན་ལས་བྱུང་བ་དང་སྐྱེ་འཇིག་ བྱེད་ཅིང་མི་རྟག་ཕྱིར། །ཤེས་རབ་ཕྱའི་ཕྱག་རྒྱ་ལས་བྱུང་བའི་ཡེ་ཤེས་དེ་དབང་བཞི་པའི་ཡེ་ཤེས་མིན། །བཞི་ པ་ཀུན་རྫོབ་དོན་དམ་དབྱེ་བ་ནི། ལས་དང་ཡེ་ཤེས་ཕྱག་རྒྱ་ནི། །དམ་པའི་དོན་དུ་ཡེ་ཤེས་ཀྱི་རྒྱུ་དོན་དམ་པ་ མ་ཡིན། །ཏེ་ལས་རྒྱ་རྡུལ་དུ་སྣང་བའི་ཁམས་དང་ཡེ་རྒྱ་རྣམ་རྟོག་གོམས་པའི་སྣང་བ་ཙམ་ཡིན་པས་སོ། །དོན་དམ་པ་ནི་ བརྟགས་པ་སྟེ་རྟོག་པ་དང་སྒྲས་མཚོན་པའི་དོན་ཀུན་དང་བྲལ། །བ་ཡིན་པ། དེ་ཕྱིར་དོན་དམ་གྱི་ཕྱག་རྒྱ་ནི་འདི་ཁོ་ ནའོ་ཞེས་བློས་བརྟགས་ཏེ་ངག་ཏུ་སྨྲ་བར་ནུས་པ་མ་ཡིན། །ནོ། ། ལྔ་པ་བདེ་བ་ལ་འཁྲུལ་པ་བཀག་པ་ནི། འཇིག་རྟེན་ཕལ་པ་རྣམས་འདོད་པས་འདོད་ཡོན་ལ་དགའ་བ་རབ་ གཡེངས་པའི་སེམས་ལྷན་སྐྱེས་ཀྱི་བདེ་བ་དམ་པར་མི་འཇོག་པ་དང༌། །དེ་བཞིན་དུ་བསམ་གཏན་པ་དང༌། ཉན་རང་ 23-1-430 དང༌། ཕར་ཕྱིན་པ། རྣམས་ཀྱི་འདོད་པ་ལ་ཆགས་བྲལ་རྣམས་ཀྱི་དབེན་པ་ལས་སྐྱེས་པའི་དགའ་བདེ་ཐམས་ཅད་ དང༌། །ལྷར་སྣང་གི་ཞལ་ཕྱག་རྣམ་པ་ལ་སེམས་ཟིན་པ་ལས་སྐྱེས་པའི་ཡིད་བདེ་དང༌། །ཐིག་ལེའི་རྣལ་འབྱོར་ དང༌།ཕྲ་མོའི་རྣལ་འབྱོར་ལ་གོམས་པས་རླུང་ཅུང་ཟད་ལོག་དྷུ་ཏིའི་ཕྱི་རོལ་ཏུ་ཤར་བའི་བདེ་སྒྲུབ་དང༌། །ལྟེ་བའི་རེ་ ཁ་གཏུམ་མོ་རྟོག་པས་བསྒོམ་པ་འབད་པ་བཅས། །པ་དང༌། སྟོང་ཉིད་ལ་གསལ་སྣང་མཐོང་བས་དྲངས་པའི་ ཡིད་རབ་ཏུ་དགའ་བ་དང༌། །རླུང་རྣམས་རྐྱེན་གྱིས་རེ་ཤིག་དབུ་མར་ཐིམ་པའི་སེམས་རྣམ་རྟོག་མེད་པའི་ཞུ་ བའི་བདེ། །བ་དང༌། མངོན་ཤེས་སོགས་ཀྱི་སྟོབས་ལས། འགྲོ་དོན་མང་པོ་བྱེད་ནུས་པར་འགྱུར་བ་བརྟེན་ནས་རབ་ དགའ་བ་དང་བདེ་བ་དང༌། །བུད་མེད་ལས་རྒྱ་དང་སྦྱོར་བའི་ཞུ་བའི་རེག་བདེ་དང༌། །ཡིད་ཡེ་ཤེས་ཀྱི་ཕྱག་ རྒྱ་དང་མདུན་ན་གནས་པ་ལྟར་རྩ་རླུང་གི་བྱེད་པས་ཉམས་ལ་ཤར་བ་ཕྱག་རྒྱའི་གཟུགས་བརྙན་སོགས་ཀྱི་རྐྱེན་ལས་ བདེ་བ་སྟེ། །བདེ་བ་འདི་དག་འཕྲལ་གྱི་རྐྱེན་དང་བཅས་པ་ཡིན། །པས་དངོས་པོའི་གནས་ལུགས་མ་ཡིན་ལ། རང་བཞིན་དོན་དམ་པའི་བདེ་ཆེན་ནི་རྒྱུ་རྐྱེན་གྱིས་སྐྱེད་པ་གློ་བུར་བ་ལས་གཞན་པ་གནས་ལུགས་ཉིད། །དོ། ། དྲུག་པ་དོན་དམ་དབྱིངས་ཀྱི་གོལ་ས་བཅད་པ་ནི། ཐ་མལ་ཀུན་རྫོབ་ཀྱི་ལུས་དང་ངག་ཡིད་གསུམ་དང་དེ་ལས་བྱུང་ བ་ཐམས་ཅད་དཔེ་དང་བཅས། །པ་ཏེ་དཔེ་མཚོན་ཐུབ་ལ། ཆགས་པ་སྟེ་མཆེད་པར་དམར་ལམ་པ་དང་ཆགས་ པ་བར་མ་དང་། །སྟེ་སྣང་བ་དཀར་ལམ་པ། ཆགས་བྲལ་བཅས་པའང་སྟེ་ཐོབ་པ་ནག་ལམ་ཤར་བའི་མྱོང་བྱ་ ཡི་གེར་ཏེ་ཚིག་ཏུ་བརྗོད་པའི་ཡུལ་བཅས། །ལམ་དུས་ཀྱི་དགའ་བ་བཞིའམ། དབང་དང་བསྐྱེད་རྫོགས་ཀྱི་དགའ་བཞི་ ཡིན་ཡང་རུང་སྟེ། དགའ་བ་དང་ནི་མཆོག་ཏུ་དགའ། །བ་དང༌། བྲལ་དགའ་རྣམས་ནི་རྟོག་པའི་གཡོ་བར་ བཅས་ལ་མི་བརྟན་ལ་འཇིག་པ། །ཡིན་ཏེ་དགའ་བཞི་སྔ་མ་གསུམ་འཕྲལ་འཕྲལ་འགག་ལ་ཕྱི་མའང་གསལ་མི་གསལ་ འགྱུར་བ་དང་སྐད་ཅིག་གིས་འཇིག་གོ །བདེ་བའི་ཚོར་བ་དང་སྡུག་བསྔལ་དང་ཤུགས་བསྟན་བཏང་སྙོམས་ཀྱང་རིག་ པ་པོ། །དང་བཅས་པ་དེ་རིག་བྱ་རིག་བྱེད་གཞན་རིག་གི་རྣམ་པ་ཅན་ཡིན་ལ། རང་རིག་ལ་ཡང་གསལ་དང་མི་གསལ་ གྱི་དོན་ཀུན་རྫོབ་བརྡ་ཙམ་མིང་ཙམ་བློས་གཞག་པ་ཙམ་སྟེ། །དེ་དག་ཐམས་ཅད་རང་རང་གི་ངོ་བོ་དེ་དང༌། དེ་ལ་ སྙིང་པོ་ཏེ་རང་གི་ངོ་བོས་གྲུབ་པ་མེད། །ཆགས་པ་ལམ་གྱི་མཆོག་དགའ་ལ་ནི་ཆགས་པ་དེ་ཉིད་ཀྱི་རང་གི་དངོས་ 23-1-431 པོ་ངོ་བོ་མེད། །ལ། ཆགས་བྲལ་ལམ་གྱི་དགའ་བྲལ་ལ་ཡང་ཆགས་བྲལ་རང་གི་དངོས་པོས་གྲུབ་པ་མེད། །ལ། དབུ་མ་ལམ་གྱི་དགའ་བ་ལས་ཀྱང་དབུ་མ་རང་གི་ངོ་བོ་མེད། །དེ། དེ་རྣམས་ཐམས་ཅད་རྟེན་འབྲེལ་རྐྱེན་ ལས་བྱུང་བ་ཙམ། །ཡིན་པས་སོ། ། བདུན་པ་བདེ་བ་ཆེན་པོའི་རང་བཞིན་བཤད་པ་ནི། དངོས་པོ་དང་དངོས་པོ་ཀུན་གྱི་མཚན་ཉིད་དང་བྲལ་བ། ། འདི་ནི་དངོས་པོ་ཀུན་གྱི་བདག་ཉིད་སྟེ་ཆོས་ཉིད་ཀྱི་དངོས། །པོ་སྟེ་ངོ་བོར་ཡོད་པ། ཡེ་ཤེས་འདི་ཡི་རང་ བཞིན་རྟེན་བརྟེན་པ་བཅུ་གཉིས་དག་པའི་མི་འགྱུར་བདེ། །བར་གནས་པ་སྒོམས་པས་མངོན་དུ་གྱུར་པའོ། །འདི་ནི་ དཔེས་མཚོན་དུ་མེད་པ་དང་ཡི་གེས་བརྗོད་དུ་མེད་པ་དང༌། །རྣམ་རྟོག་གི་གཡོ་བས་གོས་པ་མེད་པ་དང་རང་ བཞིན་འཕོ་འགྱུར་འཇིག་བ་མེད། །པ་འདི་ནི། དོན་དམ་པའི་རང་རིག་རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ རང་བཞིན་གྱིས། །རྡུལ་ཀུན་འབྱུང་ལས་རང་གྲོལ་བས། མྱ་ངན་འདས་པའི་སེམས་ཉིད་འདི་གཅིག་པུ་དོན་ དམ་པ་བདེན། །པའོ། ། བརྒྱད་པ་དེ་ཉིད་དམ་པའི་བདག་ཏུ་བསྟན་པ་ནི། འཁོར་འདས་ཐམས་ཅད་སེམས་ཀྱིས་བཀོད་པས་ཀུན་གྱི་བྱེད་པ་པོ་ ཡིན་ལ་འདི་ལ་ནི་བྱེད་པོ་མེད། །སྟེ་རང་ཉིད་སྤྲོས་བྲལ་ཡིན་པས་སོ། །འཇིག་རྟེན་པའི་ཤེས་པ་ཅན་རྣམས་ཀྱང་འདི་དང་ ཕྱོགས་མཚུངས་ཙམ་ཤེས་ནས་འདི་ལ་བདག་དང་སེམས་ཅན་ནམ་སྲོག་བཅས་དང༌། །རྡུལ་མུན་སྙིང་སྟོབས་ཆ་ མཉམ་དུ་འདྲེས་པའི་གཙོ་བོ་དང་དབང་ཕྱུག་སོགས་དང་གཞན་སྡེ་བྱེ་བྲག་པ་དང་འདས་པའི་ཡེ་ཤེས་ཉི་ཚེས། རང་སྡེའི་ ཉན་ཐོས་སྡེ་གཉིས་རྡུལ་ཕྲན་སོགས། །ཐམས་ཅད་འགྱུར་མེད། ཡེ་ཤེས་འདི་ཁོ་ན་ལ་རྟོག་ཚུལ་ལོག་པས་རྣམ་ པར་བརྟགས། ། དགུ་པ་ངེས་དོན་གྱི་འགོག་ལམ་གཉིས་སུ་བསྟན་པ་ནི། འདི་གཞིག་ཏུ་མེད་པའི་སེམས་ཉིད་ཡིན་པ་དང་སངས་རྒྱས་ཀུན་ གྱི་སྤྲུལ་གཞི། རྡོ་རྗེ་སེམས་དཔའ་དོན་དམ་པའི་འདོད་ཡོན་མཚན་དཔེར་བཅས་པའི་ལྷག་པའི་ལྷ། །རྡུལ་གྱིས་ཡེ་ ནས་མ་གོས་པས་འགོག་པ་ཆེན་པོ་དང་ཀུན་འབྱུང་གི་ཆོས་ཉིད་ཀྱང་ཡིན་ལ། ཀུན་འབྱུང་གིས་མ་གོས་པའི་ལམ་བདེན་ ཆེན་པོ་པ། །འདི་སྡུག་བསྔལ་བདེན་པའི་ཆོས་ཉིད་སྒྲིབ་གཉིས་ཀྱིས་ཡེ་ནས་མ་གོས་པས་ཀུན་རྫོབ་བདེན་པའི་རང་བཞིན་ 23-1-432 ཏེ། དྲི་མ་ཀུན་རྫོབ་མཐའ་དག་སྔོན་ནས་ཟད་པ་ཁོ་ན་དང༌། །འདི་ཉིད་ལས་ཉོན་གྱི་ཡང་ཆོས་ཉིད་དེ། ཆོས་ཀུན་ གྱི་རང་བཞིན་གདོད་ནས་ཡེ་ཤེས་གནས་པས་སངས་རྒྱས་པ། །འདི་ནི་བདེན་གཉིས་རང་བཞིན་དབྱེར་མེད་ པའི་ཚུལ་འདི་སངས་རྒྱས་ཀུན་གྱིས་བསྟན། །པའོ། ། བཅུ་པ་རང་བཞིན་ཀུན་གཞིར་བཤད་པ་ནི། ཇི་ལྟར་མཚན་མོ་མེ་མར་ཁང་པར་དཀར་ཁུང་ལྔ་པར་བུས། །པ་ ཏེ་སྤར་ན། སྐར་ཁུང་ལྔ་ལས་ཕྱོགས་ལྔ་ལས་འོད་ཕྱིར་སྣང་བའི་ཚེ་མེ་མར་གྱི་འོད་དུམ་བུ་ཐ་དད་ལྔར་སྣང་ངོ༌། །དེ་ བཞིན་དུ་ཀུན་རྫོབ་སྣང་བ་སྣ་ཚོགས་འཆར་རུང་གི་སེམས་གསལ་རིག་ཙམ་གྱི་ཀུན་གཞིའི་མེ་མར་འོད། །གཟུགས་ སོགས་རྣམ་རིག་ཐ་དད་ཤར་བའི་ཚེ་དབང་ཤེས་ལྔ་ཞེས་རྣམ་པར་སྤྲུལ། །པ་སྟེ་ཀུན་གཞི་ལ་གཟུགས་སུ་སྣང་བའི་ རྣམ་རིག་གི་གཟུགས་བརྙན་ཤར་བའི་ཚེ་མིག་ཤེས་ཅེས་འདོགས་པ་ལ་སོགས་པའོ། ། ༈ རྣམ་པ་ལ་འཁྲུལ་ནས་བདག་གིས་མིག་ཤེས་ཀྱིས་གཟུགས་མཐོང་ངོ་ཞེས་སོགས། དབང་ཤེས་ཀྱི་མེ་མར་ལྔ་ཞེས་ ཡིད་ཀྱིས་རྣམ་ཤེས་ཀྱིས་རྟོག །ཏེ་དེ་ཡང་རྣམ་རིག་རྣམ་པ་ལྔ་པོ་དང༌། དེ་དང་འབྲེལ་བ་རྣམས་ཡུལ་བྱས་མིང་དོན་དུ་སྣང་ བའི་རྣམ་རིག་འཛིན་ནོ། །ཡང་སེམས་མྱོང་བྱ་ཀུན་རྫོབ་གསལ་རིག་གི་རྒྱུན་ལ་བདག་ཏུ་འཁྲུལ་ནས། འོད་ཚོགས་དྲུག་དང་ མེ་ཀུན་གཞི་རྫས་གཞན་ཡིན་ནོ་ཞེས། །ཡིད་གཞན་ཏེ་ཉོན་ཡིད་དེ་འཁྲུལ་བའི་ཕྱིར། བླུན་པོ་ལ་བརྟེན་ནས་ དེའི་འཁོར་སེམས་འབྱུང་བ་ནི་ངར་འཛིན་པར་བྱེད། །དོ། །དེ་ལྟར་ན་ཀུན་གཞི་ཆུ་ལས་རྣམ་ཤེས་བདུན་ཆུ་རླབས་ འབྱུང་བ་ཇི་བཞིན་དུ་ལྟོས། །ཤིག བཅུ་གཅིག་པ་ཡོན་ཏན་དབྱེར་མེད་པའི་དོན་ནི། དེ་ལྟ་བུའི་ཀུན་གཞི་གསལ་རིག་དེའི་ཁོང་ནས་མི་རྟོག་པ་ངོ་བོར་རང་ རིག་རང་གསལ་ཀུན་རྫོབ་མི་འཆར་བ་དེ་ནི་ཆོས་དབྱིངས་ཏེ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡེ་ཤེས། མཛད་པའི་ནུས་ པ། ཞིང་དུ་འཆར་བ་ནུས་པ་སོགས་ཆོས་གང་དང་གང་དེ། །ཐམས་ཅད་སེམས་ཅན་རེ་རེའི་སེམས་ཀྱི་ཁམས་ལ་ རེ་རེར་གནས། །མོད། སྐུ་དང་ཡེ་ཤེས་ཡོན་ཏན་སོགས་སོ་སོར་དབྱེ་བ་མེད་ཅིང་ས་འོག་གཏེར་ལྟར་ས་བཅུ་པ་མན་ གྱིས་ཡེ་ཤེས་མ་རྟོགས་མཐོང་མེད་པ། །དབྱིངས་ཀྱི་ཡེ་ཤེས་གསེར་ཁམས་ལྟ་བུ། ཀུན་གཞི་རྣམ་ཤེས་རྡོ་ལྟ་བུ་ལ་ གནས་པ་བཞིན། །ནོ། ། 23-1-433 བཅུ་གཉིས་པ་ལྷུན་གྲུབ་རྡོ་རྗེ་བཞི་བཤད་པ་ནི། ལུས་ལ་ཆོས་ཉིད་སྐུ་དང་ངག་ལ་གསུང་སེམས་ལ་ཆོས་ཉིད་ ཐུགས་དང༌། འཁྲིག་པ་སོགས་བདེ་བ་འཁྲུལ་སེམས་ལ་ཡེ་ཤེས་རྡོ་རྗེ་སྟེ། །རྡོ་རྗེ་རྣམ་བཞི་ཡེ་ནས་གནས་པ་མངོན་ དུ་གྱུར་པ། །ན། དོན་དམ་པའི་གཟུགས་བརྙན་གྱི་སྐུ་སྤྲུལ་སྐུ་དང༌། བྲག་ཆ་སྟེ་གྲགས་སྟོང་དོན་དམ་པ་ལོངས་སྐུ་ དང༌། ནམ་མཁའི་དངོས། །ཏེ་སྤྲོས་པ་གཟུང་འཛིན་དང་བྲལ་བ་ཆོས་སྐུ་དང༌། བདེ་གཤེགས་སྙིང་པོ་ཡོན་ ཏན་ཅན། །རང་བཞིན་དོན་དམ་པའི་བདེ་བ་དྲི་མས་དག་པའི་ཚེ། བདེ་བ་ཆེན་པོའི་སྐུ་ཞེས་བྱ། །འོ། །དེ་དག་གི་ རྟེན་འབྲེལ་འགྲོས་ལ་ལྟེ་བ་སྤྲུལ་སྐུ་དང་སད་དུས་མགྲིན་པ་ལོངས་སྐུ་དང་རྨི་ལམ་སྙིང་ཁའི་པདྨ། །ཆོས་སྐུ་དང་སེམས་ མེད། གཞན་ཡང་ནི་མགོ་བོ་སྟེ་སྤྱི་བོ་བདེ་ཆེན་གྱི་སྐུ་དང་འཁྲིག་སེམས་སུར་རབ་བརྗོད་པ། །ཡིན་པའི་བག་ཆགས་ བཞིན་ལས་སེམས་ཅན་རྣམས་ཀྱི་སྐྱེ་འཆི་བར་དོའི་སྲིད་པ་གསུམ་(འགྲེལ་པ་གཉིས་ཀྱིས་ས་འོག་ས་སྟེང་ས་བླ་སྟེ་ སྲིད་པ་གསུམ་གྱི་སེམས་ཅན་དུ་བཤད་དོ། །དཀྱུས་ལྟར་ན་སྤྱི་བོར་གསུམ་ཀའི་ཐུན་མོང་དུ་བཏང་ངོ༌། །)རྩ་འཁོར་ལོ་བཞི་ལས་ འབྱུང་བ་དང༌། །རྩ་འཁོར་ལོ་བཞི་དག་པ་ན་སྲིད་གསུམ་འཁོར་ལོ་བཞི། འདི་ཉིད་དུ་ནི་ཐིམ་པའི་རྣམ་གཞག་བྱས་ པའོ། །དབང་བསྐུར་བ་ནི་དྲི་མ་འཁྲུད་པའི་དོན་ཏེ་སྤངས་པ་མི་ལྡོག་པས་རྡོ་རྗེ་ཡེ་ཤེས་ཀྱིས་(ཏེ་གཙོ་མོས་)ཤེས་ བྱ་ཀུན་མཁྱེན་པས་དེ་སྐད་ཅེས་གསུངས་སོ། ། ༈ ཤེས་རབ་ཀྱི་དུམ་བུ་ལ། ཞུས་པ་དང༌། ལན་གཉིས་ལས། དང་པོ་ནི། དེ་ནས་ཞུ་བ་པོ་རྡོ་རྗེ་ཕག་མོ་ལ་ སོགས་པ་འཇིག་རྟེན་ལས་འདས་པ་དེ་བཞིན་གཤེགས་མ་དང༌། ས་བཅུ་ལ་གནས་པའི་འཕགས་མ་ཡང་ཡིན་ཚུལ་ཡང་ འཕགས་མར་སྟོན་པ་རྣམས་དང༌། ཚངས་མ་ལ་སོགས་པ་རྩ་བའི་འཇིག་རྟེན་མཁའ་འགྲོ་མ་མོ་རྣམས་དང༌། དེ་ དག་གི་བྲན་མོའི་རྒྱལ་མོ་ཟླ་གསང་ཐིག་ལེ་ལས་གསུངས་པ་ལྟ་བུའི་དབང་ཕྱུག་མ་ཉེར་བརྒྱད་རྣམས་དང༌། སྔགས་ ཀྱི་སྐལ་ལྡན་ཡིན་ཡང་འཇིག་རྟེན་རང་རྒྱུད་པའི་དབང་ལྟར་བྱས་ནས། ལྷའི་བུད་མེད་དང༌། མི་དང༌། ཀླུ་དང༌། དྲི་ ཟ་དང༌། གནོད་སྦྱིན་གྱི་བུད་མེད་དང༌། སྲིན་པོ་དང༌། མིའམ་ཅི་མོ་ལ་སོགས་པའི་བུད་མེད་ཚད་ མེད་ཀྱང་ཚད་ལ་དགའ་བ་འདུལ་བའི་དོན་དུ་གསུངས་པ་རི་རབ་གྲངས་མེད་པ། སུམ་ཅུ་རྩ་གཉིས་ཀྱི་རྡུལ་ སྙེད་རྣམས་ཞུ་བའི་རྒྱུ་ཐེ་ཚོམ་དུ་གྱུར། ཡིད་གཉིས་སུ་གྱུར་ནས་ཞུ་བའི་ཡུལ་བཅོམ་ལྡན་འདས་རྡོ་ 23-1-434 རྗེ་སེམས་དཔའ་ལ་ཇི་ལྟར་ཞུ་བའི་ཚུལ་འདི་སྐད་ཅེས་གསོལ་ཏོ། །རྩ་རྒྱུད་ལས། ༼༡༽འདས་པའི་དུས་ན་རྡོ་ རྗེ་ཅན། །སངས་རྒྱས་དབུགས་དབྱུང་དཀྱིལ་འཁོར་སྤྲུལ། །ཞེས་གསུངས་པའི། རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་དེ་བཞིན་ གཤེགས་པའི་དབུགས་དབྱུང་དང༌། སངས་རྒྱས་རྡོ་རྗེ་འཛིན་པ་རྡོ་རྗེ་འཆང་ཡིས། །དབུགས་དབྱུང་བའི་ དཀྱིལ་འཁོར་ནི་ཚུལ་ཇི་ལྟར་གདུལ་བྱ་ལ་བསྟན། །༼༢༽ དེའི་སྙིང་པོ་རྩོད་དུས་འདིར་སོགས་ལ་རྩོད། དུས་འདིར་ རྒྱུད་ཉུང་ངུ་ཁོ་ན་གསུང་བའི་རྒྱུ་མཚན་ཅི།༼༣༽ །ངེས་པར་འདོད་ཆགས་ཆགས་ཆེན་འདི། །ཞེས་པ་ལ། སངས་རྒྱས་ཐོབ་ པ་ལ། ཆགས་ཆེན་གྱི་ལམ་ངེས་པར་གསུངས་པའི་རྒྱུ་མཚན་གང༌། ༼༤༽ །དེ་ནས་སྔགས་རྣམས་གསུངས་པ་ ལ། རིག་སྔགས་བཟླས་པ་བྱེད་འདོད་པ་རྣམས་ཀྱིས། །ཚུལ་ཇི་ལྟར་ལྷ་ལ་བསྙེན་པ་བགྱིད། །དགོས་ ཅེས་ལེའུ་དང་པོ་ལ་བཞི་ཙམ་དྲིས་པའོ།༼༥༽།བུམ་པ་ཅན་གྱི་སྦྱོར་བས་དག་པར་བྱས་ནས། ཞེས་པ་ལ་རླུང་གི་སྦྱོར་བས་ ལུས་དག་པར་། །བྱེད་པའི་རྒྱུ་མཚན་དང་བྱེད་ཐབས་གང་ལགས།༼༦༽ དགའ་བ་བཞིའི་དབྱེ་བས་ཞེས་གསུངས་པ་ལ། དེ་བཞིན་དུ་དགའ་བ་ལ་སོགས་པ་བཞིའི་ངོས་འཛིན།༼༧༽ བུད་མེད་སྒྱུ་མའི་སོགས་ལ་ཅི། །མཆོག་གྱུར་པའི་ བུད་མེད་དམ་ཚིག་ཡོད་ཅེས་བྱ་བ་ཅི་ཞེས།༼༨༽ ངན་ཟོས་ངན་སྤྱོད་ཐམས་ཅད་ཀྱི་སོགས་ལ། མི་གཙང་བ་སོགས་དང༌། ། ངན་པར་ཟོས་སྨིག་མཁན་ཕྱགས་དར་བ་སོགས་ངན་པར་སྤྱོད་པ་ཐམས་ཅད་ཀྱིས། །མི་འཆང་བར་གྲོལ་བར་ འབྱུང་བའི་ཐབས་ཀྱི་བདག་ཉིད་གང་ཡིན་པ། །ལྷ་ལགས་ཞེས་བོས་ནས་མགོན་པོ་ཁྱོད་ཀྱིས་བཤད་དུ་ གསོལ། །ཞེས་ལེའུ་དང་པོ་དང་གཉིས་པ་ལ་ཡང་དྲི་བ་གསུམ་བཞིའོ། ༼༩༽ །རིག་པའི་བརྟུལ་ཞུགས་སྤྱད་བྱ་སྟེ་ཞེས། ལམ་ འདི་ལ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་དགོས་ན་སྔར་བསྡུས་པ། ཕྱོགས་གཅིག་ཙམ་ལས་མ་གསུངས་པས་དེ་ ཡང་ཅི། ༼༡༠༽ །བཙན་ཐབས་སྦྱོར་བས་དབུགས་བཀག་ན་ཞེས་གསུངས་པའི་བཙན་ཐབས་སྦྱོར་བའང་སྒོམ་ཚུལ་ ཇི་ལྟར་འགྱུར། །༼༡༡༽ སྐྱེས་པ་བུད་མེད་དངོས་གྲུབ་འགྱུར། ཞེས་གསུངས་ན། ཉེ་རྒྱུ་སྐབས། བུད་མེད་དང་ནི་ སྐྱེས་པ་དག །སྔགས་ཕྱག་རྒྱ་དང་བཅས་ན་དོགས་པ་ཆུང་ཡང༌། མངོན་པར་འགྲུབ་པའི་ཚུལ་འང་བཤད་དུ་ གསོལ། །དེ་ལྟར་ཞུས་པ་ལ་དྲི་བ་བཅུ་གཅིག་གོ །གཉིས་པ་ལ་ཡང་བཅུ་གཅིག་གི་དང་པོ་དབུགས་དབྱུང་གཉིས་བསྟན་པ་ནི་ ཉོན་ཅིག་གནས་ཚུལ་ཇི་ལྟ་བ་བཞིན་མ་ནོར་བ་རྡོ་རྗེ་མ་རྣམས་ཉོན། །ཅིག མདོར་བསྟན་ནི་སྔོན་བྱུང་དང་བསྒོམ་བྱ་ 23-1-435 གཉིས་ཀ་ལ། དབུགས་དབྱུང་རྣམ་པ་གཉིས་སུ་བསྟན་ཏོ། །སེམས་ཅན་གདུལ་བྱ་རྣམས་སྤྱིར་འཁོར་བའི་སྡུག་ བསྔལ་དང་སྒྲིབ་གཉིས་ལས་དང༌། བྱེ་བྲག་སོ་སོའི་སྐབས་ཀྱི་ཉེས་སྐྱོན་གྱིས་མནར་བའི་དབུགས་མི་ཐོན་པ་ལྟ་བུ་ལ། དཀྱིལ་ འཁོར་སྤྲུལ། ཆོས་བཤད་པས་གྲོལ་བ་ཐོབ་པ། བདེ་བར་དབུགས་ཕྱིན་པ་ནི་སྔོན་བྱུང་སྟོན་པའི་མཛད་པ་རྣམ་འཕྲུལ་གྱི་དབུགས་ དབྱུང་གི་དོན་ནོ། །མཚོན་བྱེད་བརྡའི་དབུགས་དབྱུང་གཉིས་དང༌། མཚོན་བྱ་དོན་གྱི་དབུགས་དབྱུང་གཉིས་ལས། དང་པོ་ནི་ དཀྱིལ་འཁོར། སྤྲུལ། བཤད། མཛད་པ་ཉིད་ཡིན་ཏེ། འདི་ལ་དང་པོར་རྡོ་རྗེ་སེམས། །དཔའི་དབུགས་དབྱུང་དང༌། ཕྱི་ནས་དེ་བཞིན་གཤེགས་པ་རིགས་ལྔའི་དབུགས་དབྱུང་འབྱུང་བའོ། ། རྒྱས་བཤད་ལ་རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའི་དབུགས་དབྱུང་ནི། དུས་ནི་འདས་པའི་དུས་ན་སྔོན་བྱུང་ བ། །བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆེས་སྔ་རོལ་གྱི་བསྐལ་པ་ལ། འདུལ་བྱེད་ལྷ་ནི་དཀྱིལ་འཁོར་གྱི་བདག་པོ་རྡོ་ རྗེ་རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །ཉིད་ཀྱིས། སངས་རྒྱས་ཀྱི་བདག་ཉིད་ཐམས་ཅད་རྣམས་དཀྱིལ་ འཁོར་ལ་བསྡུས་ནས། །རིག་མ་ཡེ་ཤེས་བཙུན་མོ་དེ་བཞིན་གཤེགས་པ་རྣམས་རྣམ་པར་རོལ། །ཞིང་ཁམས་ ནི་མཚོན་བྱེད་ཆོས་འབྱུང་གི་རྣམ་པ་རང་བཞིན་སྤྲོས་བྲལ་ནམ་མཁའི་ཁམས་ལ་གནས་པ། །གཞུག་མཁན་ཡེ་ ཤེས་རྒྱ་མཚོ་སངས་རྒྱས་ཐམས་ཅད་ཀྱིས་རྣམ་རོལ་བ། །རྡོར་སེམས་ཀྱི་དཀྱིལ་འཁོར་སྤྲུལ། མཛད་པ་དེས་ས་བཅུ་ པ་རྣམས། སངས་རྒྱས་ས་ལ་འཇོག སོ་སོ་སྐྱེ་བོའི་ས་པ་རྣམས་བྱང་ཆུབ་སེམས་དཔའ་འཕགས་པ་ལ་བཞག་པས། སངས་རྒྱས་བྱང་སེམས་སར་པ་མང་པོ་ནི་ནི། །མ་ལུས་ལུས་པ་མེད་པར་བསྐྱེད། །དོ། །དེ་ཡན་ལོངས་སྐུའི་མཛད་ པའི་ཐ་སྙད་དབྱེ། ཆོས་བསྟན་པ་ལམ་ནི། བདག་ཉིད་བདེ་བ་ཆེན་པོའི་རང་བཞིན། །གདུལ་བྱ་ནི་སེམས་ཅན་ ཁམས་ལ་སྤྲོས་ཞིང་རྗེས་ཞུགས་པར་མཛད་དེ་བདེ་བ་ཆེན་པོའི་ལམ་བསྟན། དེ་དུས་ཀྱི་གདུལ་བྱ་པས། །ཐམས་ ཅད་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་སྟེ་སངས་རྒྱས་ཐོབ། །དགོས་པ་ནི་བདེ་བས་མངོན་པར་ཞེན་ པའི་གདུལ་བྱ་རྣམས་ལ། །སྔར་བདེ་བའི་ཡེ་ཤེས་སྐྱེས། སྐྱེས་པའི་སྟེང་དུ། སངས་རྒྱས་རྣམས་ཀྱིས་སྟོང་ཉིད་ ཁོ་ན་གཙོ་བོར་བསྟན། །པས། གདུལ་བྱ་དེ་རྣམས་ཆོས་བསྟན་པ་དེས་གྲངས་མེད་པའི་འགྲོ་བ་མངོན་པར་བྱང་ ཆུབ། །པ་ཐོབ་པའོ། །དེ་བཞིན་དུ་གདུལ་བྱ། འདུལ་བྱེད། ཞིང་ཁམས། དུས། ལམ། དགོས་པ་སྟེ། ཕྱི་མ་རྣམས་ལ་དྲུག་ 23-1-436 དྲུག་གིས་དོན་ཚན་དུ་རྟོགས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པའི་དབུགས་དབྱུང་ལ། རིགས་ལྔ་ལས། དང་པོ་རྣམ་སྣང་ གི་དབུགས་དབྱུང་དཀྱིལ་འཁོར་བསྟན་ཚུལ་ནི། ཕྱི་ནས་བདེ་བའི་ལམ་ནུབ་ནས་སྟོང་པ་ཁོ་ནར་མངོན་པར་ཞེན་པ་ རྣམས། །ཐམས་ཅད་ཆད་པར་ལྟ་བ་ཟིན་ནས་གདུལ་བྱ་གཙོ་བོ་རྣམས་དམྱལ་བར་ལྷུང་ཏུ་རུང་བར་གྱུར་པ་དང་ ཕལ་པ་མང་པོ་ཞིག་ལྷུངས་པ་རང་ཡང་ཡིན་པས། །རྒྱལ་བ་རྟག་པ་སྟེ་རྣམ་སྣང་གི་དཀྱིལ་འཁོར་རྣམ་པར་སྤྲུལ་ཏེ། ། སྟོང་པ་མ་ཡིན་མི་སྟོང་མིན་ཞེས་སོ། །དབུ་མའི་ལམ་ལ་ནི་རྣམ་པར་བཞག །ལམ་དཔེ་དེ་དག་རང་དང་གཞན་ དོན་ཆེར་བསྒྲུབ་སྟེ་བསྒོམས་པས། །གདུལ་བྱ་དཔག་ཡས་མཆོག་ཏུ་གྲོལ་བསངས་རྒྱས་པར་བྱས། ། པའོ། །དེ་གཉིས་ལ་དང་པོ་སེམས་ཅན་གྱི་ཁམས་ལ་བདེ་བར་སྤྲོ་བ་མཐུན་པའི་ཆོས་བསྟན། སྟོང་པ་དང་དབུ་མ་བསྟན། རྣམ་པ་ མི་འདྲ་བར་བྱུང་བ་ནི་མཐུན་པའི་ཆོས་བསྟན་པ་ཞེས་བྱའོ། ། གཉིས་པ་རིན་ཆེན་འབྱུང་ལྡན་གྱི་དབུགས་དབྱུང་ནི་སྟོང་པ་ཉིད་ཀྱིས་བསྟན་པའི་སྟོབས་ནུབ་པ་ན་དབུ་མ་ཙམ་གྱིས་ཀུན་ རྫོབ་ཀྱིས་འཛིན་པ་མ་སེལ་བར། སྟོང་པ་མིན་ཞེས་པ་ལ་འཁྲུལ་ནས། ཀུན་རྫོབ་ཀྱི་རྗེས་སུ་ཞུགས་པའི་རྟོག་པས་ངར་ འཛིན་པ་ཅན། །ཟས་གོས་ལོངས་སྤྱོད་སོགས་ཀྱི་རྣམ་རྟོག་དུ་མས་རྣམ་པར་དཀྲུགས་པའི་། །གདུལ་བྱ། དེ་ དག་གཞན་གྱི་བྱ་བ་སྣ་ཚོགས་པའི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ནམ་མཁའི་མཛོད་སྒྲུབས་ཏེ་ སྦྱིན་པ་རླབས་པོ་ཆེ་ལ་བསྐུལ། །བའི་ཕྱིར། རིན་ཆེན་འབྱུང་ལྡན་རྡོ་རྗེ། ཉི་མའི་དཀྱིལ་འཁོར་རྣམ་སྤྲུལ་པས། ། སོ་སོའི་ལོངས་སྤྱོད་འབང་མེད་འབད་མེད་ཀྱི་བསམ་པ་གྲུབ་པས་སེམས་ཚིམ་སྟེ། གདུལ་བྱ་དེ་དག་བླ་མེད་བྱང་ཆུབ་ ལ། །མཆོག་ཏུ་དགའ་ཞིང་སྤྲོ་བས་གཞོལ་བར་འགྱུར། །ཏེ་རིམ་གྱིས་ཐམས་ཅད་གྲོལ་བའོ། ། གསུམ་པ་པདྨ་གར་དབང་གིས་དབུགས་དབྱུང་ནི། ནམ་མཁའི་མཛོད་མ་ཐོབ་པ་དེ་དག་གཞན་དོན་ལ་བརྩོན་པའི་མིང་ལ་ བརྟེན་ནས་བུ་སྨད་ལ་སོགས་པའི་གཞན་རྐྱེན་ལས་རྗེས་སུ་ཆགས་ལྡན་པ། །དེ་རྣམས་དེ་ཚེ་འདོད་ཆགས་ ཀྱིས་བཅིངས་པས། །བྱང་ཆུབ་མ་ཐོབ་ཅིང་ཡི་དྭགས་སུ་སྐྱེ་བར་འགྱུར་བ་ལ་པདྨ་གར་དབང་འོད་དཔག་མེད་ ཀྱི་དཀྱིལ་འཁོར་རྣམ་པར་སྤྲུལ་ཏེ། །འདོད་ཆགས་ཉིད་ཀྱི་རང་བཞིན་བདེ་བར་སྟོན་པའི་ལམ་གྱིས་ནི། ། བརྗོད་དུ་མེད་པའི་གྲངས་ཀྱིས་འགྲོ་བ་མངོན་པར་བྱང་ཆུབ། །ཐོབ་བོ། །དེ་གཉིས་མཐུན་པའི་ཆོས་སྟོན་པ་གཙོ་ 23-1-437 ཆེའོ། ། བཞི་པ་དོན་ཡོད་གྲུབ་པའི་དབུགས་དབྱུང་ནི། ཕྱི་ནས་རང་བཞིན་བདེ་ཆེན་གྱི་ལམ་ནུབ། འདོད་ཆགས་བདེ་བར་ བྱེད་པའི་ཚིག་ལ་བརྟེན་ནས་ཐ་མལ་གྱི་བདེ་བ་ལ་ཆགས་ལྡན་རྣམས། །ལམ་སྒོམ་པ་ལ་ལེ་ལོས་མངོན་པར་ ཉམས་ཏེ་མི་སྒོམ་པར་གྱུར་ནས། །བློ་ངན་ཏེ་རྨོངས་པའི་འཇིག་རྟེན་རྣམས་སྡུག་བསྔལ་སྣ་ཚོགས་པས་རྣམ་ པར་འཁྲུགས། །པའི་ཚེ། གཞན་དོན་མྱུར་བས་མྱུར་འགྲོའོ། །རྟ་མཆོག་རྒྱལ་པོའི་དཀྱིལ་འཁོར་ཆེན་པོ་རབ་ཉིད་ སྤྲུལ་ཏེ། །སེམས་ཅན་གདུལ་བྱ་ཐམས་ཅད། བརྩོན་འགྲུས་ཀྱི་ལམ་དང་གནས་ལ་བཞག །ཅིང༌། དེ་ཡང་ ལེ་ལོས་ཆོས་མ་གཏོགས་དེས་བྱ་བ་རྣམ་དག་ལ་རྨོངས་ནས་བྱི་རྐུན་སྲོག་གཅོད་སླུ་བ་སོགས་ཀྱིས་སྡུག་བསྔལ་བའི་སེམས་ཅན་ ལ། བརྩོན་འགྲུས་ཆེན་པོས་ཆོས་རྟོགས་སུ་བཅུག སྤྱོད་པ་དེ་དག་དང་རྣམ་པ་མཐུན་པ་ལ་ངོ་བོ་གཞན་དོན་དུ་བསྒྱུར་ནས་འཕྲིན་ ལས་སྣ་ཚོགས་ཀྱི་དོན་བྱེད་པ་ནི། བྱི་བོ་རྐུན་པོ་དགྲ་བྱེད་པ་སྟེ་གསོད་དང་སླུ་བ་ལ་སོགས། །དགའ་བ་རྣམས་རང་ རང་དང་མཐུན་ཚུལ་གྱིས་མངོན་སྤྲུལ་བས། །གདུལ་བྱ་ཐམས་ཅད་རྡོ་རྗེའི་གནས་ཆོས་སྐུ་ལ་བཞག ། གོ །འདི་ལ་བརྩོན་འགྲུས་མི་མཐུན་པ་དང༌། འཕྲིན་ལས་མཐུན་པའི་ཆོས་བསྟན་པ་གཉིས་པོ་ཆ་མཉམ་མོ། ། ལྔ་པ་ཧེ་རུ་ཀའི་དབུགས་དབྱུང་ནི། གཞི་བསྒྱུར་བའི་ལམ་བྱང་ཆུབ་པ་ན། རྩོད་པ་དང་ལྡན་ཅི་སྤྱོད་པ་ངན་པ་སྣ་ ཚོགས་པ། །སྤྱོད་པ་འཇིག་རྟེན་མ་རུངས་པར་གྱུར་ཏེ་ཐམས་ཅད་ཤིན་ཏུ་ཁྲོ་ཞིང་གཏུམ་པ་གསོད་པ་དང་རྡེག་པ་ སོགས་གདུག་པའི་ལས་ལ་དགའ་བ་ཅན། །རབ་ཏུ་ཁྲོས་པའི་རྣམ་པ་ཅན་ཧེ་རུ་ཀའི་དཀྱིལ་འཁོར་ཆེན་པོར་སྤྲུལ་ པ། །མཛད་དེ། དྲག་ཤུལ་གྱི་སྦྱོར་བ་གསོད་པ་ལ་དགྱེས་པ་ལྟར་སྟོན་པར་གྱུར། །ཏེ། གདུལ་བྱ་མ་རུངས་པ་ སྲིན་པོ་དང་གནོད་སྦྱིན་དང་འབྱུང་པོ་དང་གནོད། །བཅོ་བརྒྱད་སོགས་དང༌། མ་མོ་སྟེ་འཇིག་རྟེན་པའི་མཁའ་ འགྲོ་མ། སྲིན་པོ་དང༌། སྤྱོད་ཡུལ་གཅིག་པ་རྣམས་ཐམས་ཅད་ལུས་དང་ལོངས་སྤྱོད་བཅོམ་པར་བྱས་འདི་ནི་མི་མཐུན་པ་ དང༌། མཐུན་པའི་ཆོས་བསྟན་པ་ཟེར་ཏེ། སྤྱོད་པ་ནི་མཐུན་ཡུལ་མི་མཐུན་ཏེ་གདུལ་བྱ་ཉིད་ཚར་བཅད་པས་མི་འདོད་པ་ཐོག་ ཏུ་ཕབ་ནས་གཏུལ་བའོ། །རིག་སྔགས་དང༌། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང༌། །སྨན་གྱིས་ ཀྱང་ནི་གདུལ་དཀའ་ཞི་བས་མི་འདུལ་བ་དེ་ཐམས་ཅད་བཅོམ། །ཏེ་ང་རྒྱལ་དང་བྲལ་བ་རྣམས་ལ་ཆོས་བསྟན་ཏོ། ། 23-1-438 ད་ལྟ་སྔགས་ཀྱི་བསྟན་པ་དྲག་ཤུལ་སྦྱོར་བ་མངོན་བརྗོད་འོང་བ་རྒྱུ་མཚན་ཡིན་ལ། དཀྱིལ་འཁོར་ལྷ་ཧེ་རུ་ཀའི་བསྟན་པ་ཡིན་ གསུང་ངོ༌། །མཐར་མངོན་སྤྱོད་ནུབ། ཐ་མལ་གྱི་ཞེ་སྡང་ཆོས་སུ་སྟོན་པའི་སྐབས་ཞེ་སྡང་གདུག་གནོན་ཞི་བའི་ཕྱིར། ། སླར་ཡང་བདེ་ཆེན་མགོན་པོ་རྡོ་རྗེ་འཆང་གི་དབུགས་དབྱུང་ལ། །མ་འོངས་པའི་དུས་ན་རབ་ཏུ་འཇུག་ པར་འགྱུར་སྟེ། །དེ་དག་ནི་དབུགས་དབྱུང་དཀྱིལ་འཁོར་དམ་པའི་རྣམ་བཞག་གོ །འདི་དག་གི་དཀྱིལ་འཁོར་ རྒྱུད་འདི་ན་མིང་ཙམ་མ་གཏོགས་མི་གསལ་ཡང་བཤད་རྒྱུད་མཁའ་འགྲོ་མ་གསང་བ་ཐིག་ལེ་ལས་འབྱུང་ངོ༌། །མདོར་བསྡུས་ དབུགས་དབྱུང་གཉིས་སུ་བསྟན་པ་ནི།འོ། །འདིར་ནི་མཚོན་བྱ་དོན་གྱི་དབུགས་དབྱུང་ནི་རྒྱུད་གསུམ་ལ་སོ་སོར་སྦྱར་ཏེ་རྒྱུའི་ སྐབས་ལ་སྦྱར་ན་དོན་དམ་བདེན་པ་རྡོ་རྗེ་འཆང་དང༌། ཀུན་རྫོབ་བདེན་པ་རིགས་ལྔའི་དབུགས་དབྱུང་སྟེ། །འབྲས་བུ་ ལ་སྦྱར་ན་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་འཆང་དང་སྤྲུལ་པའི་སྐུ་རིགས་ལྔའི་དབུགས་དབྱུང་ཞེས། །གཞན་ནི་ རྒྱུ་གཞི་ལམ་གྱི་སེམས་རྡོ་རྗེ་འཆང་གི་དང་འབྲས་བུ་དེ་བཞིན་གཤེགས་པའི་ས་ཐོབ་ནས་གཞན་དོན་བྱེད་པ། དེ་བཞིན་ གཤེགས་པའི་དབུགས་དབྱུང་སྟེ། །མཚོན་བྱ་དོན་གྱི་དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་ དོན་དམ་རྡོ་རྗེ་འཆང་གི་དབུགས་དབྱུང་རྣམ་པ་གཉིས། །ཡིན་ཏེ། བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་དང་དེ་ཁོ་ ན་ཉིད་སྟོང་པ་ཉིད་དོ། །ཀུན་རྫོབ་སངས་རྒྱས་དེ་བཞིན་གཤེགས་པའི་དབུགས་དབྱུང་ཡང༌། གཉིས་ཀྱང་འཇིག་ རྟེན་སྣང་བ་སྒྱུ་མ་ལྟ་བུ་ལ་དེར་རྟོག་པས། བསྐྱེད་རིམ་དང་རླུང་སེམས་ཙམ་གྱི་དང༌། །དཀྱིལ་འཁོར་ཞེས་ནི་རེ་ ཞིག་གཉིས་སུ་བཞག །གོ །མཚོན་བྱ་དོན་གྱི་དབུགས་དབྱུང་ལ་བསྒོམ་བྱ་དབུགས་དབྱུང་ཞེས་བྱའོ། ། གཉིས་པ་བསྡུས་རྒྱུད་གསུངས་པའི་དགོས་པ་ནི། ཚེ་ཐུང་བས་ལོང་མེད་པ་དང༌། བསོད་ནམས་ཞན་པས་སླབ་ མི་ནུས་པ་དང༌། །དེའི་རྒྱུ་སྲོག་ཆགས་གསོད་ལ་དགའ་བ་དང༌། །འདོད་ཡོན་སྣ་ཚོགས་སྒྲུབ་པ་སོགས་འདོད་ པ་ལ་སྤྱོད་པས་གཡེངས་པར་གྱུར་པ། །ད་ལྟ་རྩོད་དུས་རྒྱུད་རྒྱས་པ་མི་མཁོ་ནས། རྒྱུད་རྣམས་ཉུང་ངུར་ གསུངས། །སོ། ། གསུམ་པ་ཆགས་ལམ་གསུངས་པའི་དགོས་པ་ནི། ཕ་རོལ་ཏུ་ཕྱིན་པའི་རང་ལམ་གྱིས། བྱང་ཆུབ་སེམས་དཔའ་བརྩོན་ འགྲུས་འབར་བས་གྲངས་མེད་གསུམ་ཉུང་ངུའི་མཐའ་གཞན་ཅི་རིགས་སུ་སྦྱར། བྱང་སེམས་ཐེག་པ་བདེ་བ་པས། རིང་དུ་འགོར་ 23-1-439 བ་གྲངས་མེད་སུམ་བརྒྱ་སོགས་དང༌། ཇི་ལྟར་མྱུར་ཡང༌། བསྐལ་པ་གྲངས་མེད་སུམ་ཅུ་རྩ་གཉིས། །འབད་པར་ བྱེད་ཀྱང་ད་དུང་ལམ་དེ་ཉིད་ཀྱི་རང་འབྲས་ས་བཅུ་པ་ལས་མི་འདའ་བས་བླ་ན་མེད་པའི་བྱང་ཆུབ་མེད། །ལ། ལམ་ དཀའ་བ་མེད་པའི་བདེ་བས་ཚེ་འདིར་བླ་མེད་བྱང་ཆུབ་འགྲུབ་འགྱུར་པ། །དེའི་ཕྱིར་འདོད་ཆགས་ཆེན་ པོའི་ལམ་ངེས་པར་བསྟན། །པ་ཡིན་ནོ། །ཕར་ཕྱིན་ཐེག་པ་ཁོ་ནའི་རང་འབྲས་སངས་རྒྱས་མི་འབྱུང་བའི་རྒྱུ་མཚན་ཅི་བྱས་ པ་ལ། རྒྱུད་བདེ་བས་སྒྲུབས་ན་འབྲས་བུ་བདེ་བ་དམ་པའི་སྐུ་ཐོབ་པར་འགྱུར་ཏེ། །སངས་རྒྱས་ཀྱི་བདེ་བ་ནི་ ལྷན་སྐྱེས་ཀྱི་བདེ་ཆེན་པོ། །ཡིན་པས། འབྲས་བུ་དང་མཚུངས་པའི་ལམ་ལས་རྒྱུ་སྒྲུབ་པ། །སྔགས་ཀྱི་ཐེག་ པ་ཡིན་པས་འདིས་བླ་མེད་བྱང་ཆུབ་འགྲུབ་ཀྱི་ཕར་ཕྱིན་ལ་དེ་མེད་པས་སོ། །ཐབས་མ་ཚང་ན་སྟོང་པས་མྱ་ངན་ལས་ འདའ། །བའི་མཐར་ལྷུང་ངོ༌། །དེ་ཡང་དངོས་སུ་ན་བྱང་ཆུབ་སེམས་དཔའ་འཕགས་པ་ལམ་ནོར་བ་མི་སྲིད་ཅིང་ས་བཅུའི་ཐ་ མར་སྔགས་ལ་མི་འཇུག་པའམ་མི་སྲིད་མོད། གལ་ཏེ་སྲིད་ན་བདེ་བ་མེད་ན་སེམས་མར་མེ་ཤི་བ་ལྟར་འགྲོ། ལྷ་སྐུ་སོགས་མེད་ན་ སྐུ་མི་འགྲུབ་གཞན་དོན་མི་འབྱུང་ངོ༌། ། བཞི་པ་བསྙེན་པ་སྤྱིའི་ཆོ་ག་ནི་གཉིས་ཏེ། དང་པོའི་བསྙེན་པ་དང༌། བསྙེན་པ་ཆེན་པོའོ། །དང་པོ་ལ་ལྔ་ལས། དང་པོ་སྒྲུབ་ པོར་འགྱུར་བའི་གང་ཟག་ནི། ཚེ་འདིར་མཚམས་མེད་སོགས་སྡིག་པ་དྲག་པོ་བྱས་པ་མེད་པ་དང་ཆོས་ལ་དད་པ་ཆེ་བ་ དང༌། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་སྡོམ་མ་ཉམས་པ་དང༌། །སེར་སྣ་ཤས་ཆུང་བ་དང་ནོར་ དང་རིགས་དང་དབང་ཐང་སོགས་ཀྱིས་དྲེགས་པ་མེད་པ་དང་ཐོས་པ་ལ་སོགས་པས་ང་རྒྱལ་མེད། །པ་ཏེ། བདུན་ཚང་ བ་འདིས་ནི་གཡེངས་རྐྱེན་མེད་པར་གཅིག་ཏུ་སྒྲུབས་ན་དངོས་གྲུབ་ཐེ་ཚོམ་མེད་པར་ངེས་པར་འགྲུབ་པར་འགྱུར། ། སྔོན་གྱི་དགེ་བའི་རྩ་བ་བཟང་པོ་སྨིན་པ་དང་སྐྱེ་བ་གཞན་དུ་འགྲུབ་པ་དང༌། ཚེ་འདིར་ཡང་བརྩོན་འགྲུས་དྲག་པོའི་ཁྱད་པར་ས་ འགའ་ལ་ཐོག་མར་མཚན་ཉིད་བདུན་པོ་དེ་མ་ཚངས་ཡང་འགྲུབ་པ་ཡོད་ལ། སྔགས་ཀྱི་སྒོར་ཞུགས་ནས་དེ་དག་ཚང་བ་ཤུགས་ ལ་ངེས་པར་དགོས། མཚམས་མེད་ལྔ་དག་ལས་ཅི་རིགས་པ་སྔགས་ཀྱི་དམ་ཚིག་མ་བླངས་གོང་དུ་བྱས་པ་ཡང༌། ། ཕྱིས་ངེས་འབྱུང་གི་སེམས་སྙིང་ནས་སྐྱེས་ནས། སངས་རྒྱས་འདོད་པས་འདིར་ཞུགས་ཏེ་དེ་ཕྱིན་དམ་ཚིག་དག་པར་བྱས་ནས། འདི་ཡིས་སྒྲུབ་པ་པོར་འགྱུར་ན། །གཞན་སྔགས་ལ་མ་ཞུགས་ཀྱི་དང་པོར་སྡིག་པ་ཅུང་ཟད་བྱས་པ་དང༌། རིགས་ 23-1-440 ངན་དང༌། ཉོན་མོངས་ཤས་ཆེ་བ་དང༌། ཟས་དང་སྤྱོད་པ་ངན་པ་སོགས། ལྟ་སྨོས་ཀྱང་ཅི་ཞིག་དགོས། །འོན་ཀྱང་དེ་ དག་ཚེ་འདིར་འགྲུབ་མི་འགྲུབ་ཅི་རིགས་སུ་ཡོད་ཅིང༌། སྔགས་ཀྱི་སྒོར་ཞུགས་ན་སྡིག་པ་བྱེད་པ་དང༌། སེམས་བསྐྱེད་ཉམས་པས་ དམ་ཚིག་ཉམས་པའི་ཕྱིར་གཏན་ནས་མི་འགྲུབ་པོ། ། གཉིས་པ་སྔོན་འགྲོ་ནི། བགེགས་འཇོམས་པའི་ཕྱིར་བདུད་རྩི་འཁྱིལ་བའི་བསྙེན་པའི་ཆོ་ག་ལ་བརྟེན་ ནས་སྔགས་ནི། །དང་པོར་འབུམ་ཕྲག་གཅིག་ཉུང་མཐར་བཟླས་པ་བྱས་ནས། །བསོད་ནམས་སྤེལ་བའི་ཕྱིར་ མཆོད་རྟེན་བཞེངས་པ་ལ་སོགས་པ་སྐུ་གཟུགས་དང་གླེགས་བམ་བཞེངས་པ་བྱེད་པ་དང༌། །བྱེ་མ་མཆོད་རྟེན་དང༌། གཞན་ཡང་ལྷ་ཁང་དང་དགེ་འདུན་སཱ་ཚ་སོགས་ཀྱང་བཟུང་ངོ༌། །མཆོད་དང་བསྐོར་བ་ལ་སོགས་བྱ། ། གསུམ་པ་གྲོགས་ནི་སྒྲུབ་པ་པོ་ཆགས་ལྡན་ལྟར་ན། ཡན་ལག་ལུས་ནི་མཛེས་པ་མཆོག་གམ་ལུས་མ་ཉམས་པ་དང་ ལས་འབྲས་སོགས་ཆོས་ལ་དད་པ་དང་ལྡན་པའི། །བུད་མེད་ལོ་བཅུ་དྲུག་ལོན་པ་སོགས། ཡིད་འོང་ངམ་ཡང་ན་ གཞན། །སྒྲུབས་པ་པོ་ཆགས་བྲལ་གྱི་བརྟུལ་ཞུགས་ཅན་གྱི་གྲོགས་ནི་སྐྱེས་པ་སྔགས་ལ་སྤྱོད་པ་སྟེ་དབང་ཐོབ་དམ་ཚིག་ མ་ཉམས་ལམ་སྒོམ་པར་མོས་པའོ། །སྙིང་རྗེ་དང་བློ་ཤེས་རབ་རིག་པ་དང་ལྡན་པ། །གང་ལའང་མི་འཇིགས་པའི་སྙིང་ སྟོབས་ལྡན་པའི་མཚན་ཉིད་ཚང་བ་གྲོགས་རྣམ་དག་ཞེས་བྱ། །མཚན་ཉིད་འདི་རྣམས་སྒྲུབས་གྲོགས་ཀྱི་ཕྱག་རྒྱ་མོ་ ལའང་ཚང་དགོས་སོ། ། བཞི་པ་གནས་ནི། གནས་གང་ན། བྲམ་ཟེ་ཡོད་ན་བཟླས་པ་དང་སྦྱིན་སྲེག་ལྷ་མཆོད་ཁོ་བོ་ཅག་གི་འོས་ཀྱིས་ཤཱཀྱའི་ དགེ་སྦྱོང་གི་མིན་ཅེས་གནོད་པ་བྱེད་པས། དེ་མེད་པ་དང༌། མུ་སྟེགས་ཕལ་ཆེར་སྤྱིར་སངས་རྒྱས་པ་ལ་སྡང་ཞིང༌། ཁྱད་པར་ ནང་པ་སྔགས་སྒྲུབས་པ་མཐོང་ན་འདིས་བསྒྲུབ་ན་ངེད་ཀྱི་སྔགས་མཁན་ཕམ་པར་བྱེད་སྙམས་ནས་གསོད་དུ་འོང་སྟེ། དེ་གཉིས་ སྙིང་རྗེ་མེད་ཅིང་སྡིག་པ་མི་ཤེས་པས་སོ། །ཉན་ཐོས་རྣམས་སྤྱིར་ཐེག་ཆེན་ལ་སྡང༌། བྱེ་བྲག་སྔགས་པ་ལ་ངན་དུ་སྨྲ་བས། དེ་ དག་མེད། །པའོ། །དང་པོའི་ལས་ཅན་གྱི་སྔགས་པ་ནི་དེ་དག་མེད་ཅིང༌། དམངས་དང་ཚོང་པ་མང་བའི་གྲོང་ཁྱེར་དེར་ རམ་ནགས་སམ་རི་བོར་གནས་པར་བྱ། །འོ། ། ལྔ་པ་ཆོ་ག་ནི། ཐོག་མར་བསྙེན་པ་ཆུང་ངུ་ནི་བྲིས་སྐུ་བཀྲམས་པ་ལ་མཆོད་པ་དང་གཏོར་མའི་ཆོ་གས་འབུལ་བ་ 23-1-441 དང་བཅས་ཤིང༌། །དང་པོར་མེ་ཏོག་ཕོག་པའི་རིགས་ཀྱི་ལྷ་ཉིད་བསྒོམ། །ནས་སྔགས་བྱེ་བ་དང་གཙོ་བོའི་ སྔགས་བྱེ་བར་བཟླས་པ་ལ་བརྩོན། །པར་བྱའོ། །ཕྱི་ནས་བསྙེན་པ་ཆེན་པོའི་དཀྱིལ་འཁོར་ཡོངས་རྫོགས་ རྣམ་པར་བསྒོམས་ནས། །བཟླས་པ་འབྲུ་གྲངས་ཀྱི་འབུམ་དུ་བྱ་བ་ཡིན། །ནོ། ། གཉིས་པ་སྒྲུབས་པའི་སྤྱོད་པ་ནི་སྦྱིན་སྲེག་མཆོད་པ་ལ་ཐུན་བཞིར་རྟག་པར་མངོན་པར་བརྩོན། །པ་དང༌། རྡུལ་ཚོན་དང་རྡུལ་ཚོན་གྱི། དཀྱིལ་འཁོར་མཛེས་པ་ནི་ཚད་དང་བཤད་ཚོད་དུ་ལྡན་པ་སྟེ་ཆོ་ག་ཚངས་བས་བྲིས་ནས་ ནི། །དུས་ཟླ་བ་དྲུག་ཏུ་བདག་མདུན་དབྱེར་མེད་དུ་སྒོམས་ནས་མཆོད་པ་དང་བཟླས་པ་རྒྱུན་མི་འཆད་པར་བྱ། ། གསུམ་པ་སྒྲུབས་ཆེན་གྱི་སྤྱོད་པ་ནི། དོན་ཚན་གསུམ་སྟེ། དེའི་དང་པོ་ཁྱད་པར་བདུན་དང་ལྡན་པའི་སྤྱོད་པ་ནི་སྔགས་ པ་ཏིང་འཛིན་བརྟན་པ་དང༌། ནུས་པ་བརྟན་པ། སྔགས་དང་དེ་བཞིན་གྲོགས། །མཚན་ཉིད་ཚང་བས་བར་ཆད་མི་ བྱེད་པ་དང༌། ཕྱོགས་བཤད་ཚོད་མ་ནོར་བ་དང༌། དུས་ཀྱང་ནམ་ཟླ་ཚེས་ཉིན་མཚན་སྔ་ཕྱི་སོགས་མ་འཁྲུལ་བ་དང༌། རྫས་ འཛོམས་ཤིང་མ་ཉམས་པ་དང་བརྩོན་འགྲུས་དྲག་པོ་རྒྱུན་མ་ཆད་པ་དང༌། །ལྷ་ནི་མཉེས་པའི་མཚན་མ་མཐོང་བ་སྟེ། འདི་ནི་དངོས་གྲུབ་འགྲུབ་པའི་རྒྱུའི་ཁྱད་པར་བདུན་པར་གསུངས་པ་ཡིན། །གཉིས་པ་སྒྲུབས་པ་པོའི་མཚན་ཉིད། དམ་ཚིག་ཁ་ཟས་ཚུན་ཆོད་ཕྲ་མོ་གཅིག་ཀྱང་མ་ཉམས་པ། བརྩོན་འགྲུས་མ་ཉམས་པས་སྐྱོ་བ་ཅུང་ཟད་ཀྱང་མི་སྐྱེ་བ། གང་ལའང་ཁོང་མི་ཁྲོ་ཞིང་སྡུག་བསྔལ་དཀའ་བ་ཇི་ཙམ་ཡང་བཟོད་པ་སྒྲུབས་ཆེན་ལ་བཞུགས་སྐབས་དང༌། །སྔགས་དང་ ལྷ་དང་ཆོ་ག་དང་ཆོས་དང་གང་ཟག་ལ་དད་པ་དང་སྙིང་རྗེ་དང་སྔགས་གསུམ་སྐད་ཅིག་ཀྱང་མ་ཉམས། །པ་དང༌། གཉིད་རྨུགས་སོགས་ཀྱི་རྒྱུ་ལས་བྱུང་བའི་ཤེས་བཞིན་མ་ཡིན་པའི་ལེ་ལོ་མེད་པ་རྣམས་ཚང་ན་དངོས་གྲུབ་མྱུར་དུ་ཐོབ་ པར་འགྱུར། །རོ། ། ༈ སྟོབས་བཞི་ཚངས་པའི་སྤྱོད་པ་ནི་སྐབས་འདིར་འབྱུང་པོ་ཕལ་པས་དངོས་གྲུབ་སྟེར་མི་ནུས་པས་སྲིན་པོའི་རྒྱལ་པོ་ དང༌། ཚངས་སོགས་ལྷ་ཆེན་དང༌། གནོད་སྦྱིན་ཕོ་མོ་རྫུ་འཕྲུལ་ཅན་དང་འཇིག་རྟེན་འདས་པའི་ལྷ་དངོས་སུ་གྲུབ་པ་དང་རིག་ སྔགས་གྲུབ་པའི་དྲོད་ཐོབ་མཐུ་ལྡན་སྟེ་རིགས་སྔགས་ཀྱང་མིག་ནད་ཞི་བའི་སྔགས་སོགས་ཕྲ་མོ་འགྲུབ་རུང་དངོས་གྲུབ་ མི་འབྱུང་བས་རྩ་བའི་རིག་སྔགས་ཡིན་པའོ། །ཞིང༌། །དེ་དག་ཚངས་ཡང་སྔགས་པ། སེམས་སྟོབས་ཆུང་ན་བར་ཆོད་ 23-1-442 འབྱུང་བས་ཆེན་པོ་དང༌། ལྡན་པ་དང་འདོད་པའི་ལྷ་ནམ་མཁར་གནས་པ་མང་པོ་མཐོང་བ་དང་ལུས་ཆེར་ཡང་བ་དང་མི་མིན་ གྱི་ལོངས་སྤྱོད་ཅི་བདེར་སྤྱོད་ནུས་པ་སོགས། མཚན་མ་ཐོབ། །ན། སྒྲུབ་པོ་འདི་ཡིས་དངོས་གྲུབ་བསྒྲུབ་ན་འགྲུབ་ པས་བསྒྲུབ་པར་བྱ་ཡི། །གཞན་དུ་དེ་དག་མ་ཚང་བར་བསྒྲུབ་ན་ནི་དཀའ་བ་དོན་མེད་པས་ཉོན་མོངས་པར་ འགྱུར། །རོ། ། ༈ ལྔ་པ་རླུང་གི་སྦྱོར་བའི་རྣམ་གཞག་ནི་བཞི་ལས། དང་པོ་རླུང་སྦྱོར་ནི། ལྟ་སྟངས་གཡོན་ནས་ལྟ་བས་དགང་ བ་ལ་བསླབ་པ་དང༌། །གཡས་ཀྱི་ལྟ་བས་དགུག་པའི་རླུང་སྦྱོར་ལ་བསླབ་པ་དེ་བཞིན་ནོ། །དཔྲལ་བའི་ལྟ་ བའི་ལྟ་སྟངས་དང༌། རེ་ཙ་ཀ །སྟེ་རྡུལ་མཐའ་ཅན་ལ་བསླབ་སྣ་རྩེར་ལྟ་བའི་ལྟ་སྟངས་ཀྱིས་བུམ་པ་ཅན་ལ་བསླབ་པ་ ཡིན་ནོ། ། གཉིས་པ་རླུང་གི་མཚན་ཉིད་ནི་ལྟེ་བའི་འཁོར་ལོ་ལས་ནི་རླུང་བཅུ་པོ་ཐམས་ཅད་བསྐྱེད་པ། །ཡིན་ཀྱང་བྱ་ བ་སོ་སོའི་གནས་སུ་བྱེད་དོ། །མེ་ཡི་དཀྱིལ་འཁོར་དགུ་བརྒྱ་པ་ཉིད་དང་ནི་རླུང་གི་དཀྱིལ་འཁོར་དགུ་བརྒྱ་པ་ཉིད་ དང༌། །དེ་བཞིན་ཆུའི་དཀྱིལ་འཁོར་དགུ་བརྒྱ་པ་དང་དབང་ཆེན་གྱི་དཀྱིལ་འཁོར་དགུ་བརྒྱ་པ་ཏེ། །འཁོར་ལོ་ སེམས་ཀྱི་ཀུན་སྤྱོད་པས། །སྣ་སྒོ་ནས་རྒྱུ་ཚུལ་མེ་རླུང༌། སྟེང་དུ་རྒྱུ་བ་དང༌། རླུང་གི་རླུང་ལོགས་ཏེ་སྟེངས་ལ་སོགས་ དང་ཆུ་རླུང་ཐད་ག་དང་ས་རླུང་འོག་ཏུ་རྒྱུ་ཞིང་གནས། །པ་ཡིན་ནོ། །དེ་དག་འབྱུང་ཁམས་ཀྱི་དབང་དུ་བྱས་བྱས་ལ། གནས་སོ་སོའི་རླུང་བཅུ་ནི་སྲོག་ཆུ་ཤས་ཆེ་བ་སྙིང་ཁ་ནས་བྱ་བ་བྱེད་པས་ཉིད་དང་ནི་ཐུར་སེལ་པས་དབང་བྱས་པ་མོས་ མཚམས་ནས་གནས་པའི་བྱ་བ་བྱེད་པ་དང༌། །གྱེན་རྒྱུ་མེ་ཤས་ཆེ་བས་མགྲིན་པར་བྱ་བ་བྱེད་པ་དང༌། ཁྱབ་བྱེད་ནམ་ མཁའ་ཤས་ཆེ་བ་ཚིག་པ་ཀུན་ཏུ་བྱ་བ་བྱེད་པ་དང༌། མེ་དང་མཉམ་རྒྱུ་གནས། །པ་རླུང་ཤས་ཆེ་བ་ལྟེ་བར་བྱེད་པ་རྣམས་ དང་། འཁོར་ལོ་བཞིའམ་ལྔའམ་དྲུག་གམ་བཅོ་བརྒྱད་ཐམས་ཅད་ཀུན་ཏུ་འགྲོ་ཤིང་སོ་སོའི་བྱ་བ་ཅི་རིགས་པར་སྤྱོད་ པ། །འོ། །ཀླུ་དང་རུས་སྦལ་སོགས་རྩངས་པ་དང༌། ལྷ་བྱིན་དང༌། གཞུ་ལས་རྒྱལ་བ་རྣམས་དེ་བཞིན། །དུ་སྙེ་ མ་ལ་སོགས་པ། འཚེར་བ་དང༌། གློ་བ་དང༌། ལྷ་བྱིན། མཁལ་མ་རྣམས་ལ་རིམ་པས་རྣམ་པར་གནས། །པ་སྟེ་ནང་ གི་ལུས་བསྐྱེད་པའི་བྱ་བ་བྱེད། རིམ་པ་དེ་ཁོ་ནས་རླུང་དེ་རྣམས་མིག་དང་རྣ་བ་དང་ནི་སྣ། །ལྕེ་དང་ལུས་ཀྱི་དབང་ 23-1-443 པོ་ལ་གནས་ནས་བྱང་ཆུབ་སེམས། །འཛིན་པ་དང་ཁྱབ་པ་དང་དབང་ཤེས་སོ་སོ་བསྐྱེད་པ་དང༌། ཁམས་དེ་དག་འཕེལ་ འགྲིབ་བྱེད་དོ། །གསུམ་པ་རླུང་གི་སྒོ་ནི་དེ་བཞིན་དུ། སྤྱི་གཙུག སྨིན་མཚམས། ལྟེ་བ། ཆུ་ལམ། བཤང་སྒོ། མིག རྣ་བ། སྣ། ཁ་ཏེ་སྐུའི་སྒོ་ནི་དགུ་དང་ཡང༌། །འཁོར་ལོ་བཞི་རྩ་མདུད་ཁ་སྦྱོར་ནི། གྲོང་བཞི་ཏེ་རེ་རེ་ན་ཡང་འབྱུང་བ་ལྔའམ། རླུང་བཅུ་ཐམས་ཅད་ཀྱི་ཆ་ཤས་གནས་པས་སོ། །དེ་དག་དང་ནི་སྒོ་བཞི་པ། །ནི་སྙིང་ཁའི་ཕྱོགས་ཀྱི་འབྱུང་བཞིའི་རླུང་རྒྱུ་ བ་སྟེ་གསུང་གི་སྒོ་བཞིའོ། །ཐུགས་ཀྱི་སྒོ་ནི་དམ་པ་སྟེ་བཟང་པོ་གཉིས་ཉིད་སྟེ། སྙིང་ཁའི་སྟེང་འོག་གི་རྩ་མདུད། ཐུགས་ ཀྱི་དང༌། །དམན་པ་ངན་པའི་སྒོ་ནི་རྣམ་པ་གཉིས། །(དེ་ཡང་བུ་ག་དགུའི་རླུང་གིས་ལུས་རགས་པ་སྐྱེད་འབྲི་བྱེད་ པས་སྐུའི་སྒོ་དང༌། ངག་རླུང་རྣམས་ཀྱིས་འགྲོ་འོང་བྱེད་པ་ཡིན་པས་གསུང་གི་སྒོ་དང༌། ལམ་དུས་མ་བྱས་ན་སེམས་གཟུང་འཛིན་ རྣམ་རྟོག་སྐྱེད་ཅིང༌། ལམ་དུས་བྱས་ན་བདེ་སྟོང་གི་ཡེ་ཤེས་འཆར་ས་ཡིན་པས་ཐུགས་ཀྱི་སྒོར་བཞག་པའོ།།) ཏེ་དབུ་མའི་ཡས་སྣ་ དང་མས་སྣ་གཉིས་སུ་བཞེད་ལ། འགྲེལ་བ་གཉིས་ལས་སྨིན་མཚམས་དང་སྤྱི་གཙུག་གི་སྒོ་གཉིས་ཏེ། གཏུམ་མོའི་འབར་མཐའི་ སྒོ་ལ་བཤད་དོ། ། བཞི་པ་དགོས་པ་ནི། བྱེད་པ་བཅིངས་བའི་སྦྱོར་བས་རྩ་མདུད་ཀྱི་སྒོ་ཕྱེ་ཞིང༌། །ཡུར་བ་ལེགས་པར་ བཅོས་པ་ལས་ནི་ཆུ་བདེ་བར་འབབ་ལྟར། །དེ་བཞིན་རླུང་གི་སྦྱོར་བ་སྣ་ཚོགས་པས་རྩ་ལམ་སྦྱངས་པ་ཡིས། ། གནས་སྐབས་སུ་ནད་བྱང་། མངོན་ཤེས་ཐན་ཐུན་གྱི་ཡོན་ཏན་སྐྱེ་ལུས་ཡངས་ཤིང་བདེ། ཐིག་ལེ་ཅི་འདོད་འགྲོ་འོང་ཐུབ་པ་དང༌། མཐར་ཐུག་དབུ་མར་རླུང་དང་རྣམ་རྟོག་འགགས། ཡེ་ཤེས་ཀྱི་སྐུ་འགྲུབ་པས་ལུས་ནི་དག་པར་བྱེད་པ་ཡིན། །ནོ། ། དྲུག་པ་དགའ་བ་ལ་སོགས་པའི་ཡེ་ཤེས་བཤད་པ་ལ། དང་པོ་སྒྲུབ་པ་པོ་བཤད་པ་ནི། སྒྲུབ་པོའི་དབང་པོ་གང་ ཞིག་སྟེ། དབང་བསྐུར་ཐོབ་ཅིང་དམ་ཚིག་དང་ལྡན་པ་རླུང་གི་ནུས་པ་ཐོབ་པ་སྟེ། དབང་པོ་ཞེས་པའི་སྒྲས་སྒྲུབ་པོ་ཕལ་པ་མ་ ཡིན་པར་བསྟན། ༈ གཙོ་བོ་སོ་ཐར་གྱི་སྡོམ་པ་དང་ལྡན་པ་གཅིག་དགོས་པས། ཐ་མ་ཡང༌། དགེ་བསྙེན་ནམ་འབྲིང་དགེ་ཚུལ་ ལམ་རབ་དགེ་སློང་ཡང་རུང་སྟེ་དེ་ཡང་གཙོ་བོར་ཏེ། མཐའ་གཅིག་ཏུ་སོ་ཐར་རིགས་བདུན་བླངས་པ་དགོས་པ་མ་ཡིན་ ནོ། །ཚངས་སྤྱོད་ལ་མི་རུང་སེམས་པའི་ལོག་རྟོག་བཟློག་པའི་ཕྱིར་དགེ་ཚུལ་སོགས་སྨོས་སོ།། ཞེས་པས་ལས་རྒྱ་བསྟེན་པ་དང༌། 23-1-444 ཚངས་སྤྱོད་ཀྱི་སྡོམ་པ་མི་འགལ་ཏེ། རླུང་གིས་ཐིག་ལེ་འཆིང་ནུས་ཅིང༌། ལྷར་སྣང་དང༌། སྟོང་ཉིད་སྒོམ་པ་ཡོད་ན། རྟེན་དགེ་སློང་ མཆོག་དེ་ལས་རྒྱ་བརྟེན་པས་དགེ་སློང་གི་སྡོམ་པ་གོང་འཕེལ་དུ་འབྱུང་བའོ། ། ༈ གཉིས་པ་གནས་བརྟན་པ་ནི། མུ་སྟེགས་ཉན་ཐོས་སྐལ་མེད་ཀྱི་སྐྱེ་བོ་རྣམས་ལ་ཤིན་ཏུ་གསང་དགོས་པས། ཤིན་ཏུ་ དབེན་པའི་རི་བོའམ་རང་འཁྲུངས་ཀྱི་ནགས་ཚལ་ལམ། རང་གི་བདག་ཏུ་བཟུང་བའི་སྐྱེད་མོས་ཚལ་ལམ་ སྒོམ་ཁང་ངམ་གྲོང་ཡིན་ཡང་རུང་སྟེ། རང་གི་ཁྱིམ་དུ་གནས་པས། གསུམ་པ་ཕྱག་རྒྱའི་མཚན་ཉིད་བསྟན་པ་ནི། ལུས་གཞོན་ཤ་ཆགས་པས་ལང་ཚོ་ལྡན་མ་ལོ་བཅུ་དྲུག་མ་ཡན་ཆད་ སྐྱེ་གནས་མ་ཉམས་པའི་གཞོན་ནུ་མའམ། ཉི་ཤུ་མ་ཉེར་ལྔ་མ་ལ་སོགས་པ་ཇི་སྲིད་དུ་ལང་ཚོ་མ་ཉམས་པའི་དར་བབ་ མ་བླངས་ཏེ། བཅུ་གཉིས་མ་ལོན་པ་དང་ལྔ་བཅུ་ཐལ་བ་སྤྱོད་པའི་སྐབས་མ་གཏོགས་བརྟེན་དུ་མི་རུང་ངོ༌། །གཟུགས་ མཛེས་ཤིང་བཟང་མིག་ཡངས་ཤིང་དཀར་ནག་ཕྱེད་པ་མཛེས་སྐྲ་བཟང་བ། །ནག་སེར་ལི་བའམ་རིང་བའི་དོན། སྤྱིར་སྔགས་དང་ཁྱད་པར་ཆགས་ཆེན་གྱི་སྤྱོད་པའི་ལམ་འདིར་བློ་མོས་པ་བརྟན་པོ་རྙེད་ནས་ནི། །མཆོག་ཏུ་ དགའ་བའི་སྤྱོད་པ་དགའ་བཞི་རབ་ཏུ་བརྩམས། །རིག་མ་དེ་ཚེ་འདིའི་ཟས་ནོར་གཏམ་དབང་ཐང་སོགས་འདོད་ པའི་ལོངས་སྤྱོད་ལ་མ་ཆགས་པར་ངེས་འབྱུང་ཆེ་ཤིང༌། །དགའ་བཞིའི་ཉམས་ལེན་གྱི་བདེ་བ་ལ་མངོན་པར་ རྗེས་སུ་ཆགས་པ། །སྐྱེས་པ་གཞན་ལ་རང་བཞིན་གྱིས་མི་དགའ་ཞིང༌། གསང་སྔགས་སྤྱོད་པའི་རྣལ་འབྱོར་དང་ལྡན་ པ་མཐོང་བ་ཙམ་གྱིས་དགའ་བ། །སྐྱེ་བ། ཁྱད་པར་རྩ་བཟང་བ་དང༌། བདེ་བ་ཆེ་བ་དང༌། རྣམ་རྟོག་ཆུང་བ་དག་གསུམ་ འཛོམ་ན། སྤར་འདེབས་པའི་དཔེས་སྒྲུབས་པ་པོའི་རྩ་དག་པ་དང༌། བདེ་བ་དང་མི་རྟོག་པ་སྐྱེད་པ་དང་གསུམ་འབྱུང་ངོ༌། །དེ་ ལྟར་དུ་བརྟེན་པ་ལས་སྦྱོར་བའི་དངོས་གྲུབ་སྟེ་མཆོག་གི་དངོས་གྲུབ་ཐོབ། ། བཞི་པ་དགའ་བཞི་དངོས་ལ། དགའ་བ་བཤད་པ་ནི། ཐབས་ཤེས་གཉིས་ཀ་ལུས་ནི་ཤ་ཆང་དང་བཅུད་ཀྱི་སྦྱོར་བ་ སོགས་ཀྱི་རབ་ཏུ་བརྟས་ཤིང་སྟོབས་དང་ལྡན་པར་། །བྱས་ལ། དགའ་བའི་ཚིག་འཇམ་པོ་འཁྲིག་ཚིགས་ སྣ་ཚོགས་དང་བྱས་ཤིང་དགའ་དགའ་ལྟར་བྱེད་པ་དང༌། གླུ་གར་སོགས་རོལ་མོ་དང༌། །གོང་དུ་བཤད་པ་ལྟར་ཕན་ཚུན་ འཁྱུད་དང་ཙུམ་པ་སྟེའོ་གདབ་པ་དང༌། ཏ་ནུ་འདྲུད། །པ་སྟེ་མཁུར་བཤུད་དང༌། ཟེ་འབྲུ་དང་བཅས་པའི་འདབ་ 23-1-445 ལྡན་ཏེ་པདྨ་ཤིང་བུ་དང་སོར་མོ་ལྕེ་དང་རྡོ་རྗེ་ནོར་བུ་རྫས་ཀྱི་སྦྱོར་བ་དང་བཅས་པས་པདྨའི་ཕྱི་ནས་སྙེ་བ་དང་འཚབ་པ་དང་ ནང་དུ་དཀྲུག་ཅིང༌། བསྐུལ་བ་ཡིས། །ཤེས་རབ་མ་ལུས་འདར་ཞིང་གཡོ་དང་འདོད་པ་རྒྱས་པའི་ཤུགས་ཀྱིས་སེམས་ བརྟན་ཅིང་ཁེངས་པ་ཉམས་པ་དང༌། དགའ་བསྟེ་འདོད་པ་སྤྱོད་པར་རེངས། །པ་དང༌། ཆགས་པའི་བདེ་བ་སྐྱེས་ པའི་རྟགས་སུ་མིག་ཟིམ་ཟིམ་དུ་ཟིམ་པར་འགྱུར་བ་དང་དེ་སྐབས་སུ་རྣལ་འབྱོར་པ་བདག་ཉིད་ཀྱི་ཉམས་མྱོང་ལ། ། འཁྱུད་པ་སོགས་ལུས་ཀྱི་ལས་མང་ཡང་འབྲས་བུ་བདེ་བ་ཅུང་ཟད་ཙམ་མ་གཏོགས་ཆུང་བས། །གང་རེག་པའི་ ཆ་ཤས་ལ་བདེ་བ་སྐྱེ་བ་དགའ་བ་དང་པོའོ། །སྟེང་གདོང་དང་འོག་ཏུ་རྡོ་རྗེ་དང་པདྨ་ལ་རྣམ་པར་བལྟས་ ནས། །གཡའ་ཆུའི་བརླན་དང་བཅས་པའི་པདྨ་རྩ་ལོངས་ཤིང་ཅུད་ཟད་ཁ་ཕྱེ་བ་རབ་རྒྱས་པར། །རྡོ་རྗེ་འཕྲང་ ཞིང་རྒྱས་པ་རབ་ཏུ་བཅུག་པའི་དལ་བུས་སྐྱོད་ཅིང་འཇུག་པའོ། །ས། ། ༈ ཤེས་རབ་མའི་ལུས་འདར་བ་དང་དབུགས་དང་སྐད་རྔམ་ཞིང་འགྱུར་དང་སཱིཏ་ཀྱི་སྒྲ། །ཏེ་འཁུན་ཅིང་སོ་ བར་ནས་དབུགས་གྲང་མོ་མངོན་པའོ། །ཨུ་ཡིག་ནི་སྒྲ་གསང་བ་མཐོན་པོར་མཁྱུག་པའོ། །དྲོད་བཅས་ནི་ལུས་ལ་དྲོད་ སྐྱེས་པའོ། །སྒྲ་ཉམས་པ། །ཏེ་ཚིག་འབྲུ་མི་འགྱུར་བ་དང་ཆགས་པའི་ངག་ཚིག་མི་གོ་བར་སྨྲ་བའོ། །དེ་ལྟར་བུ་མོས་ཡེ་ ཤེས་ཐོབ་པར་འགྱུར་ཏེ། །ཐབས་རང་ཉིད་ལ་ལུས་ཀྱི་རྩོལ་བ་ཆེན་པོ་བྲལ་ཞིང་ལུས་ཐམས་ཅད་ལ་ཁྱབ་པའི་ བདེ་བ་རིམ་གྱིས་བདེ་ཁྲིལ་ཁྲིལ་སྐྱེ་བ་ནི། །མཆོག་ཏུ་དགའ་བར་ཡང་དག་བརྗོད། །དབང་པོ་གཉིས་རབ་ ཏུ་བསྐྱོད་ཅིང་ཕོ་མོ་གཉིས་ཅན་གྱིས་བསྐྱོད་པ་ལས། །རིག་མ་བདེ་བ་མི་བཟོད་པས་ངུ་བའམ་དགའ་བདེས་ རྒོད་ཤོར་བ་དམ་བྱིས་པའི་ཚུལ། །ལྟར་གཏམ་ཅལ་ཅོལ་སྨྲ་བའོ། །འདོད་པའི་བདེ་བས་མི་བཟོད་ཅིང་གཞན་ གང་ཡང་མི་དྲན་པས་དྲན་པ་ཉམས་པ། །དང༌། ཐབས་བདག་གིས་ཐོབ་པའི་ཡེ་ཤེས་ནི་ལུས་སེམས་བདེ་ཞིང་ གསལ་སྟོང་གི་ཉམས་འབྱུང་བ། །སེམས་སྤྲོས་པའི་རང་བཞིན་དང་བྲལ་བ་འདི་ལྷན་སྐྱེས་ཀྱི་དགའ། །བ་ ཡིན། ཐིག་ལེ་འཛག་པས་བདེ་བ་ཉམས་པ་བྲལ་བའི་དགའ་བ་དེ་ལྟ་བུ་སྤངས་ནས། །ཡེ་ཤེས་ཏེ་སྟོང་པ་ལ་ སྙམ་པར་བཞག་པ་དང༌། ༈ དམིགས་པ་མཆོག་གིས་ཐིག་ལེ་དགག་པར་བྱ། །ཡང་ན་དེ་ཙམ་གྱིས་བཀག་མི་ཐུབ་ ན་བཙན་ཐབས་སྦྱོར་བས་དེ་འགག་པར་བྱའོ། །བཀག་པའི་ཐིག་ལེ་ཟིན་པའི་རྟགས་རྡོ་རྗེ་ཆེས་འཕྲང་ཞིང་སྦོམ་པར་ 23-1-446 འགྱུར་བ་དང༌། ནོར་བུ་ན་ཐང་བ་དང༌། བདེ་བ་སྦྲིང་ཤེས་གནས་པ་འབྱུང༌། དེ་ནས་ཐིག་ལེ་དྲངས་པས་སོ། །རྡོ་རྗེ་ཐུགས་ཧྲིལ་ གྱིས་འཁུམས་དང་ཆུ་སྐྱེས་ཏེ་བྷ་ག་ཁ་རུས་ཀྱི་ཟུམ། །པ་དང༌། ཐབས་ཀྱི་ལུས་སྟོང་པར་སང་གི་སོང་བ་སྙམ་བྱེད་པས། ད་ལྟར་བདེ་བ་གསལ་པོ་མེད་ཀྱང་སྔར་གྱི་བདེ་བ་རྗེས་དྲན་བྲལ་བའི་དགའ། །བའོ། །མས་བརྟན་གྱི་དགའ་བ་ བཞི་དགའ་བྲལ་དུ་བསྡུས། ཡས་བརྟན་དགའ་བཞི་ཡང་གཞན་གསུམ་དུ་བསྡུས་པའོ། ། ལྔ་པ་སྦྱོར་ཐབས་བཤད་པ་ནི། ཕྱག་རྒྱ་ལ་འཁྲིག་ཐབས་མཆོག་ཏུ་བཅིངས་པ་རྣམ་པ་བདུན། །གྱིས་སྐྱོད་ སྟེ། ཐབས་ཀྱི་ཕྲག་པར་ཕྱག་རྒྱ་མོའི་རྐང་པ་འདི་ལ་གཡས་འགེལ་བ་དང༌། གཡོན་འགེལ་བ་དང༌། གཉིས་ཀར་འགེལ་ བའི་སྦྱོར་བས་གསུམ་མོ། །ཟུང་སྟེར་བ་དང༌། །སྟེང་ནས་ཕལ་བ་ལྟར་ཆགས་པ་སྤྱོད་པ་དང་ཤེས་རབ་མ་གློ་གཡས་ དང༌། ཐབས་གཡོན་འོག་ཏུ་ཕབ་སྟེ་སྦྱོར་བ་དང༌། དེ་ཉིད་གོ་བཟློག་སྟེ་འཁྲིག་པ་ནི། འོག་དང་ཐད་ཀ་རྡོ་རྗེ་སེམས་དཔའི་ བྱེད་པ་སྟེ་དཀྱིལ་ཀྲུང་བཅས་ནས་ཤེས་རབ་མ་སྤང་དུ་བླངས་ཏེ་སྤྱོད་པའོ། །རྒྱབ། །ནས་དུད་འགྲོ་ལྟར་སྤྱོད་པའོ། །ཤིན་ ཏུ་བརྐྱང་བ་ནི་འཇིག་རྟེན་པ་ལྟར་སྤྱོད་པ་ལས་ཐབས་ཀྱི་རྐང་བ་གཉིས་བརྐྱང་བའོ། །དང་བསྣོལ་བ་ནི་ཕལ་པ་ལྟར་ རམ་ཐད་ཀ་ལྟར་ཡང་རུང་སྟེ། ཐབས་ཀྱི་གཡས་ཤེས་རབ་ཀྱི་སྐེད་ལ་མཁྱུད་ན་ཤེས་རབ་མའི་གཡས་ཀྱང་ཐབས་ལ་མཁྱུད་པ་ དང༌། ཡང་དེ་ཉིད་གོ་བཟློག་པ། གྱིན་གོར་སོགས།འོ། །རྫས་ཀྱིས་ཐིག་ལེ་འཕེལ་བའི་རིམ་གྲོར་བྱས། །ཡེ་ཤེས་ སྐྱེད་པའི་ཐབས་ནོར་བུ་བསྟན་པ་ནི། ཆ་ག་བའི་སྦྱོར་བ་སོགས་སྐྱེ་གནས་དམ་པོར་འགྲོ་བ་དང་ཚ་བར་འགྲོ་བ་ཡིས། ། སྨན་གྱི་སྦྱོར་བ་ཐམས་ཅད་བྱ་བར་བྱ། །དགོས་པ་ནི་འདི་ཡིས་བདེ་བའི་ཡེ་ཤེས་ཏེ་བདེ་བས་གནས་ལུགས་ རྟོགས་པ་རྒྱས་པར་འགྱུར། །བ་ཡིན་ནོ། ། དྲུག་པ་རྗེས་ཆགས་དངོས་གྲུབ་ཀྱི་རྒྱུར་ངེས་པར་དགོས་པའི་རྒྱུ་མཚན་ནི། ཞིང་རྣམས་ན་གནས་པའི་བུད་མེད་ ཏེ་ཞིང་སྐྱེས་དང་ལས་སྐྱེས་ཀྱི་མཁའ་འགྲོ་མ་རྣམས། །འདོད་ཆེན་ཆགས་པའི་སྦྱོར་བས་གཡོག་ཏུ་བཀོལ་བ་མནན་ བྱས་པས་དགྱེས་པར་འགྱུར་ཡིས། །མེ་ཏོག་སོགས་ཀྱིས་མཆོད་པ་ཙམ་ལ་མི་དགོས། །ཤེས་པ་ཏེ་མེ་ཏོག་ སོགས་མི་དགོས་པའི་དོན་མིན་རྗེས་ཆགས་དགོས་པའི་དོན་ཡིན་ནོ། །སྦྱོར་བ་གང་གིས་རྡོ་རྗེ་འཕྲང་ཞིང་རྒྱས་པ་དང༌། ། པདྨའི་རྩ་སད་ཅིང་རྩ་རྣ་ནར་ཞིང་ལུག་པར་འགྱུར་བ་དང༌། འགྲམ་དང་བྱ་ལྕེ་རྒྱས་པར་འགྱུར་པའི་རྫས་སྦྱོར་དེ་བསྟེན་ 23-1-447 བྱ། ། བདུན་པ་གསང་བའི་བཅུད་ལེན་ལ་གཉིས་ལས། སོ་སྐྱེས་ལམ་གྱི་སྐབས་ནི་ཆུ་སྐྱེས་དབུས་སུ་སེམས་ཕྱུང་ ལ། །དེ་ཡི་ཡེ་ཤེས་ལྷན་སྐྱེས་དགའ་བྲལ་དང་བཅས་པ་མཚོན་པར་བྱས་ནས། །མེ་ཏོག་ཤེས་རབ་མའི་རཀྟས་ བཅས་པའི་རང་གི་ཐིག་ལེ་ལིངྒས་བཏུང༌། །ར་ས་ཡ་བཅུད་ལེན་ཎའི་འགྲེལ་ཆེན་ལས་ནི། ར་རཱ་ག་ཆགས་པ། ས་སཏྭ་སྙིང་སྟོབས། ཡ་ཡོ་ནི་སྐྱེ་གནས། ཎ་ཀཱ་རུ་ཎ། སྙིང་རྗེ་སྟེ་སྙིང་རྗེའི་སྐྱེ་གནས་སྙིང་སྟོབས་ཀྱི་ཆགས་པར་བདེ་བའོ། ། འཕགས་ལམ་གྱི་ས་བཅུའི་སྐབས་ནི་རབ་ཏུ་དགའ་སོགས་གནས་བྱས་ནས། །ཏེ། ས་དེ་དག་ལ་གནས་པའི་ འཕགས་པ་རྣམས་ཐིག་ལེ་རགས་པ་ནི་དག་ཟིན་པས། དེའི་འགྱུར་བ་མེད་ཀྱང་སེམས་ཀྱི་སྣང་བ་ཙམ་བདེ་བའི་གཏན་ གྱི་ཐིག་ལེ་འགྲོ་འོང་བྱེད་པའི་འགྱུར་བར་སྟོན། །ཅིང་དེ་ཡང་རང་དབང་དུ་གྱུར་པའི་འགྲོ་འོང་ཡིན་པའི་ཕྱིར་སྟོན་ཅེས་ སོ། །དེ་སྐབས་ཀྱི་སྤྱོད་པའི་སྐབས་འགར་ཐབས་ཁུ་བ་ཕྱེད་ཤེས་རབ་ཀྱི་པདྨར་འོངས་ནས། དེ་ཉིད་ཀྱིས་ཤེས་རབ་ མའི། །རྩ་འཁོར་ལོ་སོ་སོ་འགྲོ་འོང་བྱས་པས་རྩ་ཟད་པར་བྱེད། །དེ་ཡང་ཤེས་རབ་མའི་གསང་བའི་འཁོར་ལོའི་ ཕྱེད་ཐབས་ཤེས་ཀྱི་དཀར་དམར་འདྲེས་པ་ཕྱེད་ཀྱིས་གང་ཞིང་ཁྱབ་ལ་བརྟན་པར་བྱས། ཕྱེད་ཀྱིས་ཐབས་ཀྱི་གསང་བའི་འཁོར་ ལོའི་ཕྱེད་བརྟན་གང་ཁྱབ་པར་བྱས་པས་ས་དང་པོ་སྦྱང་ངོ༌། །དེ་བཞིན་དུ་གསང་འཁོར་ཕྱེད་གཅིག་ཤོས་ཀྱིས་ས་གཉིས་པ་དང༌། དེས་མཚོན་ལྟེ་བ་ལ་ཆ་གཉིས་ཀྱིས་གསུམ་པ་བཞི་པ། སྙིང་ཁ་ལ་ཆ་གཉིས་ཀྱིས་ལྔ་པ་དྲུག་པ། མགྲིན་པ་ཆ་གཉིས་ཀྱིས་བདུན་ པ་བརྒྱད་པ། སྤྱི་བོ་ལ་ཆ་གཉིས་ཀྱིས་དགུ་པ་བཅུ་པ། སྤྱི་གཙུག་ལ་ཆ་གཉིས་ཀྱིས་བཅུ་གཅིག་པ་དང་བཅུ་གཉིས་པ་སྦྱོང་ངོ༌། །དེ་ ཐམས་ཅད་ཀྱང༌། གང་ཁྱབ་བརྟན་གྲུབ་པའི་དབང་དུ་བྱས་ཀྱིས་སྤྱིར་སྤྱི་བོར་བརྟན་པའི་བར་ཤེས་རབ་དང་པོའི་གཉིས་ཀ་ལ་ དྲག་ཏུ་དགོས་ཤིང༌། འདིའི་རྩ་ཐིག་གཉིས་ཀར་རགས་པ་མིན། ཡེ་ཤེས་སྣང་བ་ཙམ་ཡིན་ལ། ཐབས་ཀྱི་བྱང་སེམས། ཤེས་རབ་ ཀྱི་འཁོར་ལོ་སོ་སོར་འོད་ཟེར་སྤྲོ་བསྡུ་ལྟ་བུ་ཡིན་ནོ། ། ༈ བརྒྱད་པ་ཆགས་ལམ་གྱི་མཐར་ཐུག་ས་བཅུ་གཉིས་པ་མངོན་དུ་བྱེད་ཚུལ་ནི། གཟུགས་མཛེས་པ་ལ་ལྟས་པའི་ བདེ་བའི་འབྲས་བུ་ས་དང་པོ་དང་དགའ་བའི་སྒྲ། །ཉན་པའི་འབྲས་བུ་ས་གཉིས་པ་དང༌། དྲི་མནམ་པས་བདེ་བ་ལ་ སེམས་ཟིན་པའི་འབྲས་བུ་ས་གསུམ་པ་དང༌། མ་མཆུའི་སྦྲང་རྩི་བཏུང༌། །བ་རོ་ལ་སེམས་ཟིན་པའི་འབྲས་བུ་ས་བཞི་པ་ 23-1-448 དང༌། འོ་དང་མཁྱུད་པ་སོགས་ཕྱིའི་རེག་བྱའི་བདེ་བ་ལ་ས་ལྔ་པ་དང་གཉིས་གཉིས་སྤྲོད་པ་རགས་པས་ཐོབ་པའི་བདེ་ བ་ལ་ས་དྲུག་པ་དང༌། །རྡོ་རྗེ་དྲག་ཏུ་བསླང་བ་བྷ་ག་ཡིས། །འཚིར་བ་རེག་པ་སྲ་བ་ས་བདུན་པ་དང་རྡོ་རྗེ་པདྨའི་ ཟིལ་པས་གཤེར་བ་ཆུ་ཁམས་ཀྱི་བདེ་བ་ལ་ས་བརྒྱད་པ་དང༌། །གསང་གནས་སོགས་སུ་དྲོད་སྐྱེ་བ་མེ་ཁམས་ཀྱི་བདེ་ བ་ལ་ས་དགུ་པ་དང་གཡོ་བ་རླུང་ཁམས་ཀྱི་བདེ་བ་ལ་ས་བཅུ་པ་རྣམ་ཤེས་གསུམ། །(སློབ་པ་བཅུ་གཉིས་ལྟར་ན་སྣང་ མཆེད་ཐོབ་པ་དང་བཅུ་བཞི་ལྟར་ན་སྣང་གསུམ་འཕྲལ་བའོ།།) སྟེ་སྣང་མཆེད་ཐོབ་གསུམ་ས་བཅུ་གཅིག་པའོ། །བཅུ་གཉིས་པ་ སངས་རྒྱས་སོ། །དེ་དག་ལ་རབ་ཏུ་དགའ་བ་ལ་སོགས་པའི་སར་བརྗོད་ཅིང་ངོ་བོ་གཞན་དུ་བཤད་པ། །ནི་ས་བཅུ་ པའི་མདོ་སོགས་ཆོས་ཀྱི་ཕུང་པོ་ཟབ་མོ་རིན་ཆེན་གྱི་སྣོད་དང་འདྲ་བའི་ནང་དུ་སྦས། །སོ། ། དགུ་པ་ལམ་གྱི་ཐོག་མཐའ་གཉིས་སུ་ངེས་པར་ཕྱག་རྒྱ་བསྡུས་ཚུལ་ནི། ཏིང་ངེ་འཛིན་གྱི་སྟོབས་རྙེད་པ་ལ་ལས་རྒྱ་ལ་མ་ བརྟེན་པའི་ཡེ་ཤེས་ཡོད་ཀྱང༌། རྫོགས་རིམ་བདེ་བ་ལའམ། སྣང་བ་གསུམ་ལའམ། དགའ་བཞི་ལའམ། སེམས་ལ་དམིགས་པ་ ལ། དང་པོའི་ལས་ཅན་གྱི་དོན་ཏེ་བསྐྱེད་རིམ་སོགས་དང་སྤྱི་མདོག་ནས་མི་སྦྱོར་ཏེ་རྣམས་ལ་ནི། །བུད་མེད་ སྤངས་པས་རང་ལུས་ཙམ་གྱིས་སྣང་བ་གསུམ་དང༌། དགའ་བ་བཞིའི་རྟོགས་པ་རྫོགས་པར་སྐྱེད་པའི་ཡེ་ཤེས་མེད། ། དང་པོ་དེ་སྐྱེད་པ་དང་ཐ་མར་སངས་རྒྱས་ཐོབ་ཀ་གཉིས་ཀར་དུ་གཉིས་སྦྱོར་གྱི་ལམ་ལ་བརྟེན་བས། །སངས་ རྒྱས་ཀྱི་བདེ་བ་ཆེན་པོའི་སྐུ་རབ་ཏུ་འགྲུབ། །པོ། ། བཅུ་པ་དགོས་པ་ཅན་གྱི་དམིགས་གསལ་ནི་ནུས་པ་དང་བྲལ་བ་སྟེ་མ་ཐོབ་པའོ། །རྡོ་རྗེ་སློབ་དཔོན་ཆེན་པོའི་ དབང་གོང་མ་ཅན་གྱི་དབང་བསྐུར་བ། །ན། ལྷན་སྐྱེས་མཚོན་ཟིན་ན། པདྨར་སེམས་ནི་མངོན་པར་དབབ་ པས། །བདེ་གཤེགས་མཆོད་པར་འགྱུར་བའི་ཆོ་ག་བྱ་བ་ཉིད། །ལ་ནི་ཉེས་པ་མེད་དོ། །ཅེས་པའོ། །མེའི་ཉི་ མས། སློབ་དཔོན་ནུས་བྲལ་གྱིས་གསང་དབང་བསྐུར་བ་ལ། ཐིག་ལེ་བརྟན་པར་བྱེད་མ་ནུས་ཀྱང་དགོས་པའི་དབང་གིས་སོ་ ཞེས་འཆད་དོ། །དུས་གཞན་དུ་བྱང་ཆུབ་ཀྱི་སེམས་བྱུང་ན་དངོས་གྲུབ་རིང༌། །ཏེ་ཐོབ་དཀའ། བཅུ་གཅིག་པ་བུད་མེད་གཙོ་བོར་གྱུར་པའི་རྗེས་ཆགས་སྒོམ་ཚུལ་ལ་སྔོན་འགྲོ་ནི་བུད་མེད་དག་ཀྱང་རྗེས་ཆགས་ ཀྱི་ལམ་འདིས་གྲོལ་བར་འགྱུར་ཏེ། །དེ་ཡང་བུད་མེད་ཉིད་གཙོ་བོའི་ཚེ་རྩ་སྦྱངས་པའི་སྐབས། སོར་མོ་དང་ཤིང་ 23-1-449 དང་ལྤགས་པ་ཡིས། །འཁྲུལ་འཁོར་དག་གིས་རྩ་སད་པར་བྱ། །ལ་དགའ་བཞི་རྗེས་མཐུན་པ་སྒོམ་ནུས་ པའི་ཚེ། དངོས་ཀྱི་ཐབས་ནུས་ལྡན་ནི་ངེས་པར་བརྟེན་ལ། ནུས་བྲལ་ཡང་སྒྲུབ་ཏུ་རུང་བའི་སྐབས་ཡོད་དེ། ཐབས་ཀྱི་རིག་མ་ བཞིན་ནོ། །སྐྱེས་པ་བཅུ་དྲུག་མ་ལོན་པ་དང་དྲུག་ཅུ་རྒལ་བ་བདེ་བའི་དོན་དུ་མི་བརྟེན་སྐད་དགོས་པ་ནི། འདོད་ཆགས་ཆེན་ པོ་ལམ་དུ་བྱེད་པར་དགའ་བའི་བུད་མེད་རྣམས་གཙོ་བོར་རབ་ཏུ་གྲོལ་བའི་ཕྱིར། །རྣལ་འབྱོར་མ་རྒྱུད་རྣམས་ རྒྱས་པར་ཕྱེ། །བ་ཡིན་ཏེ། ཆགས་ཆེན་སྤང་བ་དང༌། ཡེ་ཤེས་སུ་འཁྱེར་མི་ནུས་པ་ལ་མ་ཡིན་ཅིང༌། བུད་མེད་ཀྱང་མི་མོ་ཁོ་ན་ ལ་མི་སྦྱོར་གྱི་འགྲོ་བའི་རིགས་ཀུན་ལ་ཡོད་དོ། །བུད་མེད་ཆེས་དབང་པོ་རྣོ་བར་བསྟན་པ་ནི་བདེ་བ་སྐྱེད་བྱེད་ཀྱི་བདུན་ ཅུ་གཉིས། །ནི། སྐྱེས་བུ་ལ་མེད་པ་བུད་མེད་རྣམས་ཀྱི་ལྷག་པའི་རྩ། །ཡིན་ཏེ། རྩ་ཉེར་བཞི་ལས། རླུང་ཁྲག་ ཁུ་བ་འབབ་པ་ཤིན་ཏུ་ཕྲ་བ་རེ་རེ་དབུ་མ་ལ་འཁྲིལ་ཤིང༌། གསུམ་ཀ་ལ་བརྒྱད་བརྒྱད་ཕྱེ་སྟེ། ཁ་དང༌། ནུ་མ་དང༌། གསང་གནས་ གསུམ་དུ་ཟུག་པའོ། །ལྟེ་བར་ཐམས་ཅད་ཡལ་ག་འབྲེལ་ཀུན་གྱི་སྣེ་སྤྱི་བོར་ཟུག་པའོ། །རབ་ཏུ་དབང་དུ་བྱས་ལ་ཁུ་བའི་རྩ་ཉེར་ བཞི་མེད་པ་འབྲིང༌། རླུང་རྐྱང་ཉེར་བཞི་ལས་མེད་ན་ཐ་མ་སྟེ། དེ་དག་གི་བར་མཚམས་མང་ཉུང་ཅི་རིགས་པ་ཡོད་ཅིང༌། རྩ་དེ་ དག་གི་ཡན་ལག་ཇི་ཙམ་མང་གིན་བཟང་བར་བཤད་དོ། །རྒྱུ་མཚན་དེའི་ཕྱིར་ངེས་པར་འབད་པས་ཆགས་ཆེན་གྱི་ལམ་འདིར་ ཞུགས་ན། བུད་མེད་མྱུར་དུ་བྱང་ཆུབ་ཐོབ་པ། །ཙམ་སྐྱེས་བུ་སྟེ་སྐྱེས་པ་དེ་བཞིན་དུ་མྱུར་བ་མིན་པ་ཉིད། ། དོ། ། བཅུ་གཉིས་པ་རབ་བྱུང་གི་ཆགས་ལམ་སྒོམ་པ་ཉེས་པ་མེད་པར་བསྟན་པ་འཕྲོས་དང་བཅས་པ་ནི་འདུ་ཤེས་གཞན་ དུ་གྱུར་པ་ལྷའི་འདུ་ཤེས་སུ་བསྒྱུར་བ་དང་ཐིག་ལེ་མི་འཛག་པས་དེའི་ལས་ལམ་མ་རྫོགས་དང༌། །རང་བཞིན་མེད་པར་ ཤེས་བུད་མེད་དུ་འཛིན་པ་མེད་པས་མི་དམིགས་པས་ཟིན་པ་ན་བདེ་བ་ལ་སྲེད་ཞེན་གྱི་ཆགས་པ་མངོན་དུ་རྒྱུ་མེད་པའི་རྒྱུ་ མཚན་འདི་ལས་ལྷུང་བ་མེད་དེ། །མི་ཚངས་པར་སྤྱོད་པ་དང༌། གཡེམ་པའི་ལས་ལམ་རྫོགས་པ་ལ་འདུ་ཤེས་མ་འཁྲུལ་ དགོས། ཕལ་བ་ལ་འདུ་ཤེས་མི་གཙོ་བོར་འདོད་ནའང༌། བསམ་པ་ཀུན་སློང་དགོས་པ་ལ་མེད་པས་མཐར་ཐུག་མ་ཚང་བ་དང༌། སྤྱིར་རང་བཞིན་གྱི་ཉེས་པ་མིན་ཕྱིན། སྤོང་བ་བདུན་ནམ་བཅུ་དང་མ་འགལ། སོ་སོ་ཐར་པ་དང་འགལ་བ་མ་ཡིན་ནོ། །ཅེས་ པའི་དོན། དེ་བས་སེམས་ཐ་མལ་པའི་འདོད་ཆགས་དང་བཅས་པ་སྟེ་དེས་ཀུན་ནས་བླངས་ཏེ་སད་པ་དང་རྨི་ལམ་གྱི་ 23-1-450 གནས་སྐབས་ལ། །ཡིད་ཀྱི་བུད་མེད་བརྟེན་པའི་ཚུལ་མིན་ཡིད་བྱེད་ཅན་ཐིག་ལེ་འཛག་པར་བྱེད་པ་དེ་དག་ཉེས་པ་ དང་བཅས། །པའོ། ། བདུན་པ་ཤེས་རབ་མའི་དམ་ཚིག་དུས་ཐུན་བཞིར་ཕྱག་རྒྱ་བཟང་མོ་སྟེ་མཚན་ཉིད་དང་ལྡན་པ་ལ་འདོད་པའི་ དགའ་བ་སྤྱོད། །བསྒྲུབ་བྱའི་དམ་ཚིག་རྣམས་ཀྱི་གཙོ་བོའི་གཙོ། །སྟེ་ལྷན་སྐྱེས་རྟོགས་བྱེད་དངོས་ཡིན་པས་སོ། ། ཐུན་བཞིར་མི་འགྲུབ་ན་ཟླ་རེའམ་ལོ་ནི་རེ་རེ་རུ། །པདྨ་མཆོད་དགོས་ལ་མཆོད་པར་མི་བྱེད་ན། །མ་ནུས་པ་ ཙམ་ཅུང་ཟད་ཉམས་པ་ཡིན་ལ་མི་དད་ན་དེ་ཚེ་དམ་ཚིག་ཉམས་པ་ཡིས། །ཚ་བ་ཆེན་པོར་ནི་ཚ་དམྱལ་དངོས་ གཞི་རྣམ་པར་ལྷུང༌། །དངོས་སུ་མི་ནུས་ན། གུས་པས་ཡིད་ཀྱིས་བརྟེན་ནས་ཅུང་ཟད་ཀྱང་མ་ཉམས་པའོ། །དངོས་གྲུབ་ འདོད་པས་མི་དང་མི་མིན་གྱི་བུད་མེད་ཀུན། །ཟས་གོས། རྗེས་ཆགས་དམིགས་པ་གང་འོས་ཀྱིས་མཆོད་ཅིང་ གུས་པས་དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་དམ་ཚིག་གིས་དུད་འགྲོ་མོ་ལའང་ གུས་བྱ་དགོས་ན། །མི་མོ་ལ་ཅིའི་ཕྱིར་གུས་མི་བྱེད། །སྤྱིར་བུད་མེད་ཐམས་ཅད་ནི་ཤེས་རབ་ཀྱི་ཕྱོགས་ཡིན་ པ་དང༌། ཤེས་རབ་བདེ་སྟོང་སྐྱེད་པའི་གཞི་ཡིན་པས་ན་ཤེས་རབ་ཉིད་བུད་མེད་མི་མོའི་གཟུགས། །སུ་བསྟན་ཅེས་ པའོ། །ཁྱད་པར་བླ་མ་དང༌། བླ་མའི་རྡོ་རྗེའི་དབུ་རྒྱན། བཙུན་མོ་ནི། མ་དང་རང་གི་རྡོ་རྗེའི་སྲིང་མོ་སློབ་མ་བུད་མེད་ནི་བུ་ མོ་དང་། །ཡང་ན་སྔོན་གྱི་སྐྱེ་བཞིན་དུ་དེ་ལྟར་གྱུར་པ་ལ་འཆད་པའང་ཡོད། རང་གིས་བསྒྲུབ་པར་བྱ་བ་སྒྲོལ་མ་སོགས། ལྷ་ དང་ཡེ་ཤེས་སྐྱེད་བྱེད་ཀྱི་བླ་མ་དང་ཡེ་ཤེས་ཀྱི་གྲོགས་སུ་གྱུར་པ། །བདག་ལ་རབ་ཏུ་བྱམས་པ་ལྡན་པ་གཉེན་ གཤིན་ཅིང་ཉེ་བ་ཡིན་པ་ལ། །དེར་མི་ཤེས་ཤིང་བྱས་པ་མི་གཟོ་བས། །བུད་མེད་འདི་དག་སྐྱེ་པ་བས་སྐྱེ་ གནས་དམན་ཅེས་རྣམ་སྨོད་པ། །ནི་རྩ་ལྟུང་འབྱུང་བས། ནད་བད་ཀན་སོགས་དང་རིམས་འགོ་ནད་འབྱུང་ ཚེ་ཐུང་བ་དང༌། །ཤི་ནས་དམྱལ་བར་ངེས་པར་འཚེད་པ་འགྱུར། །རོ། །དམ་ཚིག་མི་ཤེས་ཞིང་བླུན་པའི་ སྔགས་པ་གང་རྣལ་འབྱོར་མ་རྒྱུད་དུ་ཞུགས་ནས་བུད་མེད་ལ། །སྡང་སེམས་དང་སྨད་སེམས་ཀྱིས་སྣུན་པར་བྱེད་ན་ ལྷའི་དམ་ཚིག་ཀུན་ཉམས་པས། །འཕྲལ་དུ་བཀའ་ཆད་ཀྱི་སྡུག་བསྔལ་འབྱུང་བས་སྐད་ཅིག་དེ་ལ་ཞེས་སྨོས་ ལ་རྩ་ལྟུང་ལྕི་བ་འབྱུང་བས་མནར་མེད་དུ་ལྟུང༌། །ངོ༌། །དཔེར་ན་བུ་མོ་སྤུན་གཉིས་ཤིན་ཏུ་ཉེ་བ་ཞིག་ཡོད་ལ། ནུ་མོ་ལ་ 23-1-451 དགྲ་བྱས་ན། ཐུ་མོ་ལ་མཆོད་ཀྱང་ཐུ་མོ་དགའ་བར་མི་འགྱུར་བ་ལྟར། མི་མོ་སྨད་ན། ལྷ་མོ་རྣམས་མཆོད་ཀྱང་མི་དགེས། ཅེས་པ་ ནི། ཡིད་དུ་སྡུག་པའི་སྤུན་གྱི་དགྲར་གྱུར་གྱུར་བའི་མི་དེས་ན། །སྤུན་ཟླ་གཅིག་ཤོས་དེ་མཆོད་ཀྱང་མི་དེ་ལ་ དགར་མི་འགྱུར། །བ་བཞིན། སྒྲུབ་པོ་བུད་མེད་ལ་སྨོད་པ་རྣམས་ལ་ཡེ་ཤེས་ཀྱི་ལྷ་མོ་རྣམས། །མི་དགེས་ ཞིང་དེ་ཡི་མཆོད་པ་ཡང་མི་ལེན། །ནོ། །དེ་ཡང་བུད་མེད་ཐམས་ཅད་ཡེ་ཤེས་ཀྱི་ལྷ་མོའི་རིགས་སུ་གནས་པའོ། ། བརྒྱད་པ་དཀའ་བ་མེད་པའི་ལམ་དུ་བཤད་པ་ནི། དོན་གཉིས་ལས། དང་པོ་དོན་དངོས་ནི། མདོ་ལམ་དུ་ཞུགས་ནས་ བསྐལ་པ་བྱེ་བ་གྲངས་མེད་པར། །སྦྱིན་པ་ཚུལ་ཁྲིམས་སོགས་བཟང་པོར་སྤྱོད་པ་ཁོ་ནས་ཀྱང༌། །བླ་ན་ མེད་པའི་བྱང་ཆུབ་རིན་ཆེན་མ་ཐོབ་པ། །གང་ལ་ཕྱག་རྒྱ་གསུམ་གྱིའི་སྦྱོར་བ་འདི་ཡིས་ནི། །ལས་དང་པོ་ གཅིག་ཀྱང་ཚེ་འདི་ཉིད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར། །བ་ནི་དམ་ཚིག་སྐྱེད་རིམ་བཟླས་པ་སྟོང་ཉིད་རྫས་སོགས་ ཡན་ལག་ཕྲ་མོ་མང་དུ་ཡོད་མོད། རང་བཞིན་མཉམ་པ་ཉིད་ཀྱི་དོན་སྟོང་ཉིད་བསྒོམ་ཞིང༌། །ཕྱག་རྒྱ་ཆེན་པོ་ རྣམ་བཅས་དང་སྦྱོར་བའི་བདེ་བ་རབ་སྒྲུབ་པ། །དེ་ལས་རྣམ་མེད་ཞོར་ལ་འབྱུང་ཞིང༌། བོགས་འདོན། བུད་མེད་ཀྱི་ སྦྱོར་བ་ལས་ཕྱག་རྒྱ་ཆེ། །དངོས་པོའི་གནས་ལུགས་རང་བཞིན་ལྷན་སྐྱེས་མངོན་དུ་ཡང་ཡང་མཚོན་པར་བྱེད་ ན་རྣལ་འབྱོར་པ་དེ། །ས་ཆུ་སོགས་ཁྲུས་དང་དཀར་གསུམ་སོགས་གཙང་སྒྲ་མི་དགོས་ཤིང༌། །བསྙུངས་བ་དང་ མི་སྨྲ་བ་སོགས་དཀའ་སྤྱད་བུད་མེད་སོགས་འདོད་ཡོན་བཀག་པའི་སྡོམ་པ་བྱིན་པ་མེད་པར་ཡང༌། །ལུས་ངག་ བདེ་བ་ཉིད་དང་སེམས་དགའ་བ་ཁོ་ནས་འགྲུབ། །པོ། །དེ་བས་ན་ནང་སྣང་ཐམས་ཅད་སེམས་བདེ་སྟོང་རྣམ་ རོལ་སྒྱུ་མ་ལྟར་ཤེས་པས་ཅི་ལྟར་འདོད་པ་ལྟར་བུད་མེད་སྤྱོད་ཅིང༌། །གཙང་མི་གཙང་ཀུན་ཟ་དེ་བཞིན་གླུ་གར་ དང་བསྙོན་སྤྱོད་སོགས་སྤྱོད་པ་ངེས་མེད་ཐམས་ཅད་སྤྱོད། །ལ། ལུས་ངག་ཡན་ལག་ཅེས་འགྲེལ་པ་གཉིས་འཆད་ཀྱང༌། སེམས་ཀྱི་གཡོ་བ་རྣམས་ཀྱང་མི་དགག་པ་སྟེ། གཡོ་བ་དག་ཀྱང་ཅི་དགར་བྱེད། །སྤྱོད་པ་ཇི་ལྟ་བུ་བྱས་ཀྱང་ཏེ་ རྟོག་གེ་པ་དང༌། ཉན་ཐོས་ཀྱི་སྤྱོད་པ་སོགས་ཀྱིས་ཀྱང་རྣམ་པར་གྲོལ་བར་འགྱུར། །རོ། །སྐུ་འདྲ་གཟུགས་བརྙན་ ལུགས་མ་ལ་སོགས་བྲིས་སྐུ་ལ་བལྟ་བ་སོགས་ལས། །ལྷ་སྐུའི་རྣལ་འབྱོར་ཡང་དག་པ་སྐྱེ་བར་མི་འགྱུར་ གྱི། །བྱང་ཆུབ་སེམས་བདེ་སྟོང་ལ་རབ་ཏུ་བརྩོན་ན། །དེ་ལས་རྣལ་འབྱོར་རྣམ་རྟོག་གིས་མ་བརྟགས་པའི་ 23-1-452 ལྷ་སྐུར་འགྱུར་རོ། །ཕྲ་ཐིག་གམ་ཁ་སྦྱོར་གྱི་སྐུ་ལ་བརྟེན་ནས་ཞུ་བའི་བདེ་སྟོང་ཅུང་ཟད་ཤར་བ་ན། རྫོགས་པའི་ལྷ་སྐུ་རྗེས་ མཐུན་པ་འགྲུབ། ཞུ་བདེ་མཐར་ཐུག་ན་སྒྱུ་ལུས། རང་བཞིན་ལྷན་སྐྱེས་ཤར་བའི་ཚེ་འཇུག་གི་ལྷ་འགྲུབ་པ་དང༌། དེ་དག་ཏུ་སྐུ་ རང་ཤར་དཔག་ཏུ་མེད་པར་འབྱུང་ངོ༌། །ལུས་ཀྱི་གཡོ་བ་དང་ངག་སྨྲ་བ་དང་སྤྱོད་པ་འཕྲལ་གྱི་བྱ་བ་ཀུན། །བདེ་སྟོང་ དེས་ཟིན་ན་རིམ་པ་ཇི་ལྟ་བ་བས། ཕྱག་རྒྱ་དང་སྔགས་དང་ཆོ་གར་འགྱུར། །རོ། ། གཉིས་པ་ལས་རྒྱའི་དགོས་པ་ནི། འདིའི་དཀའ་གནས་ནི། ཕ་རོལ་ཕྱིན་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་ན་ལས་རྒྱ་ ངེས་པར་མཚོན་དགོས་པ་ཅི་ཞེས་པའོ། །འདིར་ཚེ་གཅིག་ལ་སྟོང་ཉིད་རྟོགས་པ་ལ་ངེས་པར་དགོས། ཆོས་དབྱིངས་མཐར་ཐུག་ རྟོགས་པ་ལ་ངེས་པར་དགོས་ཏེ་མོད་ལ་དེ་རྟོགས་པ་མེད་ལམ་འདིར་ཞུགས་པ་ལ། མཐོང་ལམ་ཐོབ་པ་ལ་ཡང༌། ལས་རྒྱ་སྔོན་ འགྲོ་ཅན་ངེས་པར་དགོས་པ་ཡིན་ནོ། །ཅེས་པ་འདི་ངེས་དགོས་སོ། །ནོར་བུ་འདོད་པས་ཐོག་མར་མུན་ཁྲོད་ཀྱི་ནོར་བུ་ལག་ནོམ་ མི་བྱེད་པར་མར་མེ་ལེགས་པར་བླངས་ནས་ནི། །མུན་པའི་ཁྲོད་ན་གནས་པའི་ནོར་བུ་མུན་པ་གསལ་ཏེ་ ལེན། །པ་བཞིན་དུ། ཆོས་དབྱིངས་ལྷན་སྐྱེས་བདེ་ཆེན་རྟོགས་པའི་དོན་དུ་ཡིན་ཡང་ཐོག་མར་དེའི་རྣམ་པ་ཡིད་ལ་མི་བྱེད་པར། བདེ་བ་ལ་རྨོངས་ཤིང་ཆགས་པའི་སྒྲིབ་པའི་མུན་པར་ཆོས་ཀྱི་དབྱིངས། །ནུབ་པ་སེལ་བའི་ཕྱིར། བདེ་བ་དྲག་ ཏུ་སྐྱེད་ནས་དེ་ལ་མི་ཆགས་པར་སྟོང་པ་བསྲེས། མི་རྟོག་པ་འཆར་ཐུབ་པའི་བུད་མེད་ལས་རྒྱའི་བདེ་བརྙེད་ན་དེས་ཆོས་ དབྱིངས་འཚོལ་བར་བྱ། །སྟེ། རྟོགས་པའི་ཐབས་ལ་འཇུག་གོ །འོ་ན་ཐུབ་པས་ཐེག་པ་འོག་མར་མི་སྟོན་པ་ཅི་སྙམ་ན་གང་ ཞིག་གང་དང༌། ཤིན་ཏུ་ཉེ་བར་གནས་པ་རྣམས། །དེ་དང་དེའི་ཆོས་ལ་མི་གུས་པ། །ཡིན་ཏེ། ནོར་བུའི་ གླིང་ན་གནས་པ་རྣམས་ནོར་བུ་རིན་ཐང་ཆུང་བ་རྩི་བ་བཞིན་དུ། འཇིག་རྟེན་གསུམ་ན་བུད་མེད་དང་རྟག་ཏུ་འགྲོགས་ཤིང་འཛག་ བདེས་སྐྱེ་བོ་ཐམས་ཅད་འཁོལ་བས། ཆགས་ལམ་བསྟན་ན་དཀོན་པར་མི་སེམས་ལ། འཛག་བདེ་དང་མི་འགྱུར་བའི་དབྱེ་བ་མི་ ཤེས་པས་བཟང་པོར་མི་བརྩི་སྟེ། ཐར་བ་དང༌། སངས་རྒྱས་དང༌། མཐོ་རིས་ཐམས་ཅད་ལ་སྒྲིབ་པའོ་སྙམ་དུ་བྱུང་བ། མཁྱེན་ ནས་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་ཀྱི་གདུལ་བྱ་ཐུན་མོང་ཐམས་ཅད་ལས་ཆགས་བྲལ་གྱི་ལམ་བསྟན། །དམ་ པའི་དོན་ཏེ་དངོས་གནས་དུ་ཆགས་བྲལ་གྱི་ལམ་དེ་ཁོ་ན་ཉིད་མཐར་ཐུག་མིན། །པས་ན། ཆགས་བྲལ་གྱི་ལམ་ལ་བློ་ གོམས་འདོད་ཆགས་དང་སྲིངས་པ་ཆགས་ལམ་ལ་དགོས་པའི་ནུས་པ་སྐྱེ། འདོད་ཆགས་ཀྱི་ཉེས་དམིགས་དང་སྐྱོན་དང་གནས་ 23-1-453 ཚུལ་དང་ངེས་པས་འཛག་བདེ་དང་མི་འགྱུར་བདེ་བའི་སྐྱོན་ཡོན་ཏན་ཁྱད་པར་ཐམས་ཅད་ཕྱེ་བའི་སྐབས། སླར་ཡང་ཆགས་ཆེན་ གྱི་ལམ་བསྟན་ཏེ་མཐར་ཐུག་ལ་འཇོག་གོ ། དགུ་པ་རིག་པའི་བརྟུལ་ཤུགས་ནི། ཡང་གསུངས་པ། དོན་ལྔ་པས། དང་པོ་གསང་སྤྱོད་ནི་དང་པོར་མཚན་ མས་དབེན་པའི་དུས་རང་ཁྱིམ་ལམ་དུར་ཁྲོད་སོགས་སུ་གསངས་ཏེ་སྤྱད། །དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བཅས་པའི་ སྤྱོད་པ་སྣ་ཚོགས། སེམས་བརྟན་པ་དང་ལྷག་པར་བརྟན། ཟླ་གཅིག་ཟླ་དྲུག་སོགས་སྤྱད་པར་བྱ་སྟེ་ལྷག་པར་བོགས་ཐོན་གྱི་བར་ དུ་བྱའོ། །གལ་ཏེ་སྐབས་དེར་སེམས་མི་བརྟན་ན། །རེ་ཞིག་སྤྱོད་པ་བྱ་མ་རན་པ་ཡིན་པས་བསྡུས་ནས་ནང་དུ་ རྟག་ཏུ་མཉམ་པར་འཇོག་ཀྱང་ཕྱིར། ཐ་མལ་པའི་ཚུལ་དུ་རོལ། །བའོ། ། གཉིས་པ་སྨྱོན་སྤྱོད་ནི། དེ་གཞན་ན་དུས་གཞན་དུ་སྐྱེ་བོའི་མངོན་དུ་སྨྱོན་པའི་བརྟུལ་ཞུགས་ཀྱིས། །དོན་ དུ་ལྷའི་ཆས་སུ་འགྱུར་ཀྱང་མིས་དེ་ལྟར་མི་ཤེས་པ་རྩ་བ་འབྲས་བུ་ཕྲེང་བས་བརྒྱན་པ་སོགས་བྱས་ཡིད་མི་འགྱུར་བར། ཤ་ཟ་ བཞིན་དུ་ཉིན་མཚན་ཀུན་ཏུ་འཁྱམ། ། གསུམ་པ་ཀུན་བཟང་གི་སྤྱོད་པ་ནི། གཏེར་དང་གནོད་སྦྱིན་མོ་སོགས་རྫུ་འཕྲུལ་དང་འཇིག་རྟེན་པའི་མངོན་ཤེས་ ལྔ་གྲུབ་པས། །སྨྱོན་པས་སྤྱོད་པ་བསྐུས། རྣལ་འབྱོར་པར་ཁས་བླངས་ཏེ་འཇིག་རྟེན་པའི་མངོན་དུ་ཡང་དག་ པར་སྤྱད། །དོ། ། བཞི་པ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ནི། གལ་ཏེ་རབ་དགའ་སོགས་འཕགས་པའི་ས་ཐོབ་ན། །རང་ཉིད་ ཉོན་མོངས་མཐའ་དག་ལས་རྒྱལ་བ་ཡིན་པས། དེས་ནི་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་བའི་སྤྱོད། །དེ་ཡང་རང་ གི་ཉོན་མོངས་ལས་མ་རྒྱལ་བས་ཕམ་པ་སྲིད་དེ། འདོད་ཆགས་ལས་མ་རྒྱལ་བས། དབང་ཕྱུག་ཆེན་པོ་འདུལ་བའི་སྤྱོད་པ་སྟོན་ མི་ནུས་པ་སོགས་སྦྱར་རོ། །ས་ཐོབ་ན་ཉོན་མོངས་མ་སྤངས་ཀྱང༌། དེ་ལས་ངེས་པར་རྒྱལ་བ་ནི་ཡིན་ནོ། །སྤྱོད་པ་དེ་དག་ཀྱང༌། ཞིང་རྣམས་ཀུན་ཏུ་རྒྱུ་བའམ། །མ་རྒྱུ། ཡང་ན་བས་མཐར་གནས་པའམ་རང་གི་ཁྱིམ། །དུ་གནས་ནས་ སྦས་པའི་སྤྱོད་པ་བྱས་པས་ཀྱང་གྲོལ་བར་འགྱུར། །རོ། ། ལྔ་པ་ཚོགས་ཀྱི་བདག་པོའི་སྤྱོད་པ་ནི་ཡང་ན་ཚོགས་ཀྱི་དཀྱིལ་འཁོར་བྱ་ཏེ། །སྒྲུབ་པོ་ཕྱག་རྒྱ་ལྷན་ཅིག་སྤྱོད་ 23-1-454 མ་དང་བཅས་དབུས་སུ་འདུག རྗེས་འབྲང་འཁོར་ཉུང་མཐའ་བུད་མེད་བཅུ་གཉིས་ནི་ལས་བཞི། རིགས་བཞི་སྒོ་མ་བཞི་ མཚོན་པ་རྣམས་དང༌། རྣམ་རོལ་པ། །ལྷའི་གོས་རྒྱན་དང་གདོང་ཏེ་འབག་སོགས་རྣམ་པར་བརྒྱན། །ནས། བསྐྱེད་རིམ་མམ་རྫོགས་རིམ་དོན་ལ་གནས་པའམ། སྒྱུ་ལས་སམ། ཟུང་འཇུག་གི་སྐབས་འཁོར་སོ་སོའི་སྐྱེད་ཆོག་གི། དཀྱིལ་ འཁོར་སྒྲུབ་ཅིང་མཆོད་པའི་མཐར་ཤར་གྱི་བུད་མེད་དབུས་སུ་འོངས་ཤིང༌། །གཅིག་ཤོས་དབུས་མ་ཤར་ དུ་གནས་ནས་འདོད་ཡོན་ལ་དགེས་རོལ་སོགས། །དེ་བཞིན་དུ་ལྷོ་ཕྱོགས་མ་སོགས་བཅུ་གཉིས་པ་ཐམས་ཅད་ལ་རྗེས་ སོགས་བྱ་བ་ཡིན། སུ་མ་ལི་ཏ། རབ་རལ་ལའང་འགྲོ་མོད། འགྲེལ་བ་གཉིས་ལྟར་བཤད་དོ། །གླུ་དང་གླུ་ལན་སོགས་གར་དང་ གར་ལན་ཕྱག་དང་ཕྱག་ལན། དྷ་དང་དྷ་ལན། ཕྱག་རྒྱ་ཕྱག་རྒྱའི་ལན་སོགས་སྣ་ཚོགས་པ་དུ་མས་རྣམ་པར་རོལ་རྩེད་ བྱ་བ། །སྟེ་གནས་སྐྱེད་མོས་ཚལ་ལ་སོགས་པར་ཆུ་ཚོན་གྱི་དཀྱིལ་འཁོར་བྱས་ནས་བསྒྲུབ། །གླུ་དང་ཟློས་ གར་ཕལ་པ་ཀུན་ཡང་ཡིད་བཞིན་དུ་མ་གྱུར་པར་བྱས་ཏེ། །ཚོགས་ཀྱི་འཁོར་ལོའི་དཀྱིལ་འཁོར་དེར་སློབ་མ་དབང་ བསྐུར་བ་དང་ཞི་རྒྱས་སོགས་ལས་ཚོགས་ཀུན་ཡང་སྒྲུབ་པར་བྱ། །འོ། ། བཅུ་པ་བཙན་ཐབས་ཀྱི་སྦྱོར་བ་ནི། ཡང་གསུངས་པ། འདི་ལ་དྲུག་སྟེ། མན་ངག་ལྟར་རྡོ་རྗེའི་སྒོ་ནི་དབྱེ་བ་ དང༌། །དེ་བཞིན་པདྨ་རྒྱས་པར་དབྱེ། །བ་ནི་འགྲེལ་བར་རྩ་སྐྱེད་ཅིང་ཚོལ་བ་བཤད། རྩ་སྒོ་དབྱེ་བའང་ཡིན་ནོ། ། ལག་ལེན་ལྟར་ཤིང་ངམ་ས་ཡི་འཁྲུལ་འཁོར་གྱིས། །བཤང་བའི་ལམ་དུ་རྩེ་བར་བྱ།༼༡༽།སྟེ་ཐུར་ སེལ་སྦྱོར་བའོ། །སྲོག་གི་རླུང་དང་དེ་བཞིན་དུ་ཐུར་དུ་སེལ་བའི། །རླུང་བུམ་པ་ཅན་གྱིས་བཀག་ཅིང་གོང་བུ་ གཅིག་ཏུ་བྱ།༼༢༽།ཏེ། བུམ་ཅན་གྱི་ཡན་ལག་གཞན་གྱིས་སྲོག་ཐུར་བསྲེ་བའང་བྱའོ། །རིག་མ་དང་མཉམ་པར་སྦྱོར་བའི་ དགའ་བས་འདོད་ཡོན་ལྔ་ལ། རོལ་པ་ལ་ཞུགས་ནས། །དབང་པོ་གཉིས་དལ་བུ་དལ་བུས་རབ་ཏུ་སྦྱོར་ ཞིང་སྲུབ་ཏེ། །བཤང་ལམ་གྱི་སྒོ་དབྱེ་བ་དང་༼༣༽རྩ་བཅིང་བ་སོར་མོས་གནོན། ༼༤༽ །བུ་མོས་རྩ་རྡོ་རྗེ་ དབྱིངས་ཀྱི་དབང་ཕྱུག་ཡི་ཐུར་མ་ཐབས་ཀྱི་གསང་བའི་སྒོར་བཅུག་པ་ཡིས། །ཐབས་ཀྱི་དྷཱུ་ཏི་རྣམ་པར་ཁ་འབྱེད་ པར་འགྱུར། །དབུ་མའི་མས་སྣ་དེ་ཡི་གནས་སུ་ཚངས་པའི་རླུང་རྒྱས་ཏེ། །རྩ་ཡི་འཁོར་ལོ་སོ་སོར་སླེབ་ པ་ན་ཀུན་ཀྱང་རྒྱས་ཤིང་མདུད་པ་ཁ་ཕྱེ་ལ་སད་པར། །འགྱུར་བ་དང༌། ཁྱད་པར་རླུང་དེས་གཏུམ་མོ་འབར་དང་ 23-1-455 བཅས་པར་འགྱུར་ཞིང་། དེས་སྙིང་ཁ་ནས་སྤྱི་བོའི་བར་གྱི་ཐིག་ལེ་ཞུ་ཞིང་འཛག ༼༥༽ །གོ །བཙན་ཐབས་སྦྱོར་ བས་ཏེ་གཏུམ་མོ་མི་དམིགས་དང་བུམ་ཅན་དྲག་པོས་ལྟེ་བ་གཏུམ་མོའི་མེ་དངོས་སུ་འབར་བ། །༼༦༽ན། ཐོག་མར་དབུ་ མའི་མདུད་པ་དགོས་པས་འབར་བ་འགྲོ་མི་ནུས་པར། རཱ་ས་ན་ལས་མེ་རྣམ་པར་རྒྱུ། །འོ། །མེ་དེ་སྤྱི་བོར་སླེབ་ནས་ ཀྱང༌། སྤྱི་བོའི་ཧཾ་ཞུ་ནས། འཛག་པའི་རྒྱུན་དབུ་མ་ནས་མི་ཐུབ་པར་འང་ལ་ལ་ན་ལས་འབབ་ཏེ། རིམ་པ་ལོ་ཟླ་ཙམ་ ན་ལྟེ་བར་ཕྱིན་པའི་ཚེ་ཁུ་བ་དེ་དང་ལྟེ་བའི་གཏུམ་མོ་དབུ་མར་འདྲེས་པར་གྱུར་པ་ན་ཀུན་འདར་གྱི་ནང་དུ། །གཏུམ་ མོ་འབར་བར་བྱེད་ཅིང༌། སྙིང་ཁ་སོགས་རྩ་འཁོར་ལོ་དང་འཁོར་ལོ་སོ་སོ་ལ། །ལན་མང་པོ་སྟེ་ལན་གསུམ་ གསུམ་བཟློག་ཅིང་རེ་རེ་ཡང་ཡང་འབར་གནས། །ཚངས་པའི་སྒོ་ང་སྟེ་རྩ་འཁོར་ལྟེ་བའི་སྟེང་འོག་གི་རྩ་མདུད་ རྣམས་འབིགས་པར་བྱེད། །དོ། །འབར་བ་དེ་ལས་སྤྱི་བོའི་ཐིག་ལེ་ཞུ་མགྲིན་སྙིང་དང་འདྲེས་ཏེ་ལྟེ་བའི་གཏུམ་མོར་ རྣམ་པར་ལྟུང་བ་ཡིས། །རང་ལུས་ཀྱི་ལྷན་སྐྱེས་སྐྱེ་བས་ཆོས་ཀྱི་ཕྱག་རྒྱ་མི་རྟོག་པའི་བདེ་སྟོང་རབ་ཏུ་འགྲུབ། ། པོ། ། བཅུ་གཅིག་པ་མངོན་པར་བྱང་ཆུབ་པ་བཤད་པ་ནི། དོན་དྲུག་ལས། དང་པོ་ཆོ་ག་ནི་མངོན་པར་བྱང་ཆུབ་པའི་རིམ་ པས་རབ་ཏུ་བཤད་པར། །བྱ་སྟེ་བྱང་ཆུབ་རིམ་པ་གོང་འོག་གཉིས་ཀ་ལ། འབྱུང་བབཞིའི་བདེ་བ་ལྷ་མོ་བཞིར་ རབ་ཏུ་བརྟག །ཅིང་སྒོམ་སྟེ་ས་སྲ་བའི་བདེ་བའི་ཚེ་ཕྱག་རྒྱ་སྤྱན་མ་སོགས་སྦྱོར་ཤིང༌། དེ་ཡང་མཐོང་ལམ་དུ་འབྱུང་བའི་བདེ་བ་ རང་དང་རྒྱུན་མཐར་རྣམ་པ་མཐུན་པ་ཙམ་མོ། ། གཉིས་པ་ཡུལ་ནི། མི་བསྐྱོད་ཧེ་རུ་ཀའི་རིགས་དང་རྣམ་སྣང་གི་གདོལ་བ་མ་བྲམ་ཟེའི་བུ་མོ་དང༌། །རིན་འབྱུང་ གི་ཚོང་པའི་བུ་མོ་དང༌། འོད་དཔག་མེད་ཀྱི་གླུ་མཁན་བུ་མོ་དང༌། མདའ་མཁན་མོ། །གཉིས་དང༌། ལས་ཀྱི་རིགས་ གར་མཁན་མོ་སོགས་སོ་སོའི་རིགས་ཅན་སྒྲུབ་པོས་བཟུང༌། །དགོས་སོ། །ཡང་ན་ཐིག་ལེ་མཆོག་མ་སོགས་ རིག་འཛིན་གྱི་ལྷ་མོ་དང་མིའམ་ཅི། །མོ་དང༌། ཀླུ་མོ་དང་དྲི་ཟ་མོ་སོགས་ལ་བསྒོམ་ཞིང་བརྟག །གོ །ཡུལ་འདི་ དག་མངོན་པར་བྱང་ཆུབ་པ་མཐོང་ལམ་སྐབས་གཙོ་ཆེ་བར་ཤེས་སོ། ། གསུམ་པ་ཇི་ལྟར་གྲོལ་བའི་ཚུལ་ནི། ཐབས་ཀྱི་ཐིག་ལེ་དཀར་ཆ་ཞུ་བ་ཟླ་བའི་གཟུགས། །ལས་བྱང་ཆུབ་པ་ 23-1-456 དང༌། ཤེས་རབ་མའི་མེ་ཏོག་དང་བཅས་སྤྱི་བོར་ཐིམ་པ་ནི་ཉི་མ་ལས་བྱང་ཆུབ་པ་གསོལ། །ཞིང་ལོངས་སྤྱོད་པའོ། ། དེས་ཐབས་དང་ཤེས་རབ་ཀྱི་ཆོས་མཐའ་དག་རོ་གཅིག་པ་མངོན་དུ་གྱུར་པ། དང༌། དེས་ཁུ་བ་ཁྲག་ཐིམ་ཞིང༌། དེའི་སྐད་ཅིག་གཉིས་པ་དེ་དག་དང་རླུང་དང་བཅས་པའི། །ཚོགས་པ་ཐམས་ཅད་དུས་འདིར་ནི་རྣམ་པར་ ཞིག །ཏེ། དེ་ཡན་ཆད་ལུས་སེམས་སོ་སོར་སྣང་ཡང་འདི་ནས་བཟུང༌། ལུས་དང་སེམས་ཞེས་བྱ་བའི་དབྱེ་བ་ལས་ འདས། །ཀུན་གཞི་རྣམ་ཤེས། གནས་རྣམ་པར་གྱུར་པ་ཉིད། །ཡིན་ལ། བཞི་པ་འབྲས་བུ་ནི། ཐབས་འདི་ལས་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་འགྱུར། །རོ། །འདི་ནི་རྒྱུན་མཐའི་ དབང་དུ་བྱས་པས། ཁུ་རྡུལ་རླུང་གི་ཚོགས་པ་ཕྲ་མོ་དེ། སློབ་པའི་ཡེ་ཤེས་ཀྱི་སྣང་ཆ་ཙམ་ཡང་འགག་ཚུལ་ཡིན་ལ། མཐོང་ལམ་ དུ་ཁུ་རྡུལ་རླུང་ཐ་མལ་པ་འགག གཉིས་སུ་ཞེན་པ་སྤངས། སོ་སོ་སྐྱེ་བོའི་ལུས་སེམས་ལས་འདས་ཀུན་གཞི་གཞན་དུ་ཅུང་ཟད་ འགྱུར། འཕྲལ་དུ་ཟུང་འཇུག་འགྲུབ་པས་འདི་དང་ཆ་འདྲ་བ་ཡིན་ནོ། ། ལྔ་པ་མངོན་བྱང་གི་ཚུལ་གཞན་ནི། ཡང་ན་སྔོན་ནས་སངས་རྒྱས་ཀྱང་སླར་རྒྱ་ཚུལ་སྟོན་པ་གཞོན་ནུ། དོན་གྲུབ་ཀྱི་ རྣམ་འཕྲུལ་སྒྱུ་མ་བཞིན། །དུ། ཡུལ་ཕྱག་རྒྱ་གདོད་ནས་གྲུབ་པའི་གཤེགས་མ། མཱ་མ་ཀཱི་སོགས་ལ་རབ་ཏུ་སྦྱོར་ བརྒྱུན་མཐའ་འདི་དངོས་མང་ངོ་གསུངས།འོ། ། དྲུག་པ་ཁ་སྦྱོར་གྱི་ཡན་ལག་བཤད་པ་ནི། སངས་རྒྱས་རང་ཉིད་རང་སྣང་ཡེ་ཤེས་ཀྱི་གཟུགས་ཅན་ནི། །ཡེ་ ཤེས་ཀྱི་རིག་མ་ལྷ་མོ་དང་མཉམ་པར་སྦྱོར་བའི་རྣམ་པ་ཅན་འདོད་ཆགས་ཆེན། །པོ་བདེ་བས་ཐུགས་གང་བའོ། ། འོན་ཀྱང་གཞན་ངོར་སྣང་བ་ནི་མོས་པ་ཐ་དད་པའི་ཕྱིར། །སྤྲུལ་པ་སྣ་ཚོགས་པའི་ཚུལ་ཅན་མིག་འཕྲུལ་ བཞིན་དུ་རྣམ་པར་འཕྲུལ། །བར་མཛད་དོ། །དེ་ཡང་མ་དག་པའི་ཞིང་དང༌། སྤྲུལ་སྐུའི་ཞིང་ཁམས་དག་ཞིང་རྣམས་སུ་ མོས་པ་ཐ་དད་མཐུན་པར་སྟོན་པ་དང༌། ལོངས་སྐུ་ངེས་པ་ལྔ་ལྡན་གྱི་དངོས་ཀྱི་འཁོར་ལ་མོས་པ་རྣམ་པ་ཐ་དད་མེད་ཀྱང་དེ་ལ་ ལྟོས་པ་ཅུང་ཟད་སྨིན་མ་སྨིན་ཡང་ཡོད་ལ་ཁྱད་པར་སྤྲུལ་སྐུའི་མཛད་པ་ཐམས་ཅད་ཀྱི་རྒྱུའི་རྣམ་རོལ་འོག་མིན་དུ་དེས་སྟོན་པས་ གཞན་སྣང་གཉིས་ཀ་སྣ་ཚོགས་པའོ། ། ༈ ཡང་གསུངས་པ། འདི་ནས་སྦྱིན་པའོ་བར་དབང་གི་ཆོ་གའི་འཕྲོས་ཏེ་རྩ་རྒྱུད་ལེའུ་གསུམ་པའི་དབང་བསྐུར་ 23-1-457 བའི་སྔགས་སོ། །ཞེས་པར་ཁ་སྐང་ངོ༌། །རྡོ་རྗེ་གྲི་གུག་སྟེར་བའི་སྔགས། ༀ་ཀརྟི་ཀ་སརྦ་མཱ་ར་ཎཾ་མཾ་ས་ཀརྟ་ཡ་ ཀརྟ་ཡ་ཧཱུཾ་ཕཊ། རྡོ་རྗེ་ཐོད་པ་སྟེར་བའི་སྔགས་ནི། ༀ་བཛྲ་ཀ་པཱ་ལ་སརྦ་ཤཱ་ཏྲུན་རཀྟཾ་དྷཱ་ར་ཡ་དྷཱ་ར་ཡ་ ཧཱུཾ་ཕཊ། མདུང་རྩེ་གསུམ་པ་སྦྱིན་པའི་སྔགས་ནི། ༀ་ཧ་ན་ཧ་ན་མཱ་ར་ཡ་མཱ་ར་ཡ་སརྦ་ཤཱ་ཏྲུན་ཏྲི་ཤུ་ལ་ཧཱུཾ་ ཕཊ། རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་གི་སྔགས་སོ། །རྡོ་རྗེ་སློབ་དཔོན་ཆེན་པོའི་དབང་ལ་སྔོན་འགྲོ་ལུས་ངག་ཡིད་བྱིན་ གྱིས་བརླབས་པ་ཁྱད་པར་ཅན་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་དང༌། ཡི་གེའི་དཀྱིལ་འཁོར་དང༌། མཚན་མ་ ཕྱག་མཚན་གྱི་དཀྱིལ་འཁོར་དག །དཀྱིལ་འཁོར་སྐུ་གསུང་ཐུགས་ཀྱི་བདག་ཉིད་གསུམ་དུ་ངེས་བྱས་པ། །རེ་ རེ་ཞིང་སློབ་དཔོན་གྱི་སྙིང་ག་ནས་བྱུང་སློབ་མའི་སྙིང་གར་བཞུགས། །པར་བྱ་ལ། རིགས་ལྔའི་ཕྱག་མཚན། མཚོན་ཆས་དབང་བསྐུར་བ་དང༌། ཕྱག་རྒྱ་ཕྱག་རྒྱ་ལྔའམ་དྲུག་གིས་མངའ་གསོལ་བ། ཕྱིས་བཀོད་ནས། །ལས་ བཞི་སོགས་སྒྲུབ་པ་དང་དངོས་གྲུབ་བརྒྱད་སོགས་སྒྲུབས་ཤིག་ཅེས་བཀས་གནང་བ། །བྱའོ། །དངོས་སམ་ཡིད་ ཀྱིས་བུ་མོ་བཅུ་དྲུག་ལོན་པ་ལྷ་མོ་བྱིན་གྱིས་བརླབས་པ་དག་ལ་འཁྱུད་པ་དང༌། །ནུ་མ་ཉེད་པ་ལས་བདེ་ ཐོབ་པའི། །དགའ་བ་དང་པོ་བདེ་སྟོང་དུ་སྦྱར་བ་ལྷ་སྐུ་ཡབ་ཡུམ་སྣང་སྟོང་ངོ་སྤྲོད་པ་སློབ་དཔོན་དབང་བསྐུར་ཆེན་ པོ་སྦྱིན་པའོ། །འདི་ནས་རང་རང་ལས་དང་མཚུངས་པར་བྱ། ཞེས་པའི་བར་ལྷའི་འཕྲོས་ཏེ། རྩ་རྒྱུད་ལེའུ་གཉིས་པར་སྙིང་ ཁའི་དབུས་ནས་སྤྲོ་བར་བྱ་ཞེས་པའི་རྒྱས་བཤད་དོ། །ཞི་བ་ལ་སོགས་པའི་སྒྲོལ་མ་ནི་ཞི་བའི་དཀར་བ་དང༌། རྒྱས་པའི་སེར་བ་དང༌། དབང་གི་དམར་བ་དང༌། དྲག་པོའི་ནག་མོའོ། །ཞི་བའི་སྒྲོལ་མ་ཆུ་དང༌། རྒྱས་པའི་ དབང་ཆེན་དང༌། དབང་གི་མེ་དང༌། དྲག་པོའི་རླུང་གི་དཀྱིལ་འཁོར་རྣམས་ལ་གནས་པ་དང༌། བཞོན་པ་ཞི་བ་ ལ་ངང་པའི་རྒྱལ་པོ་གཙུག་ཕུད་ཅན་དང༌། རྒྱས་པ་ལ་གླང་པོ་ཆེ་སེར་པོ་དང༌། དབང་ལ་རྟ་དམར་པོ་དང༌། དྲག་ པོ་ལ་མ་ཧེ་སྔོན་པོ་ལ་བཞོན་པའོ། །ཞི་བའི་ལྷ་མོ་ནི་ཕྱག་གཡས་མི་འཇིགས་པ་སྐྱབས་སྦྱིན་དང༌། ཕྱག་ གཡོན་ཨུཏྤལ་དཀར་པོ་འཛིན་པའོ། །རྒྱས་པ་མོ་ནི་གཡས་མཆོག་སྦྱིན་དང་བུམ་པ་དང༌། གཡོན་ རིན་པོ་ཆེའི་སྙེ་མ་འཛིན་པའོ། །དབང་བྱེད་མ་ནི་གཡས་རྡོ་རྗེ་ལྕགས་ཀྱུ་དང་གཡོན་རྡོ་རྗེ་ཞགས་པའོ། ། གསོད་བྱེད་མ་ནི་གཡས་རལ་གྲི་དང་གཡོན་དུས་ཀྱི་ཞགས་པ་ནག་པོ་རྡོ་རྗེས་མཚན་པའོ། །ཕྱོགས་ཀྱི་རེ་ 23-1-458 མིག་གི་ལྷ་མོ་རེ་མིག་གི་གྲྭ་བཞིར་འཁོད་པ་ནི། སངས་རྒྱས་སྒྲོལ་མ་དང་རིན་ཆེན་སྒྲོལ་མ་དང་ཆོས་ཀྱི་སྒྲོལ་ མ་དང་ནི། །རྡོ་རྗེ་སྒྲོལ་མ་བསམ་བྱ་བ། །བཞི་པོ་གོ་རིམ་བཞིན་སྐུ་མདོག དཀར་དང་སེར་པོ་དམར་པོ་ དང༌། །དཀར་མིན་ཏེ་ནག་མོའོ། །ཕྱག་ཀྱང་བཞི་པ་སྟེ། །དང་པོ་གཉིས་ཀྱི་གཡས་མཆོག་སྩོལ་བ་དང་ གཡོན་ཨུཏྤ་ལ། །རང་རང་མདོག་ཅན། འོག་མ་གཉིས་གཡས་ཅང་ཏེ་གཡོན་དེ་བཞིན་རྩེ་གསུམ་བསྣམས། ། ཕྱིའི་ཤར་ལྷོའི་གྲྭར་ཞལ་དྲུག་ཀ་ནག་པོ་ཕྱག་དྲུག་གཡས་གསུམ་ན་ཐོ་བ་གསུམ་དང༌། །གཡོན་གསུམ་ན་ཞགས་ པ་གསུམ་བསྣམས་པ་ཞབས་དྲུག་པ། །ཚངས་པ་མནན་ཅིང་འཇོམས་པ་གཤིན་རྗེ་གཤེད། །དོ། །ལྷོ་ ནུབ་ཏུ། གཡས་རལ་གྲི་གཡོན་ཐོད་པས་ལག་བྲེལ་བ། །སྤྱན་གཡས་སྟེང་གཡོན་འོག་ཏུ་གཟིགས་པས་ཡོན་པོའི་ ལྟ་སྟངས་ཅན་ཡིན་པས། མིག་གཡོན་དབང་པོ་མི་གཡོ་བ་ནི་འབྱུང་པོའི་རྒྱལ་པོ་དབང་ལྡན་ཏེ་དབང་ཕྱུག་ཆེན་པོ་ གནོན། །ནུབ་བྱང་གི་གྲྭར། གཡས་གཉིས་ན་དབྱུག་ཏོ་དང་ནི་པདྨ་དང༌། །གཡོན་གཉིས་ན་འཁོར་ལོ་དང་ ཞགས་པ་འཛིན་པའི་མཆོག །ཁྲོ་བོའི་རྒྱལ་པོ་པད་མཐར་བྱེད། །དེ་རྟ་མགྲིན་བསྐལ་པའི་མེ་ལྟར་ གཟི་བརྗིད་འབར། །བ་སྟེ་དམར་པོའི་སྐུ་མདོག་ཀྱང་སྟོན། གཡས་ན་ཀླུ་དང་གཡོན་ན་གཤིན་རྗེ་ཞབས་ཀྱིས་ མནན། །བྱང་ཤར་གྱི་གྲྭར་བདུད་རྩི་འཁྱིལ་བ་ཞེས་བྱ་བ་ཁྲོ་བོ་རྡོ་རྗེ་ཕུར་བུ་ནི། །གཡས་གཉིས་ན་སྣ་ཚོགས་ རྡོ་རྗེ་དང་རྡོ་རྗེ་ཐོ་བར་བཅས། །གཡོན་གཉིས་ན་དྲིལ་བུ་དང་ཕུར་བུ་བསྣམས་ནས་ནི། །ཕུར་བུ་དེ་ལོག་ འདྲེན་བདུད་དང་བཅས་པ་ལ་འདེབས་པར་བརྩོན། །པའོ། །པདྨ་མཐར་བྱེད་མ་གཏོགས་པ། དཔའ་བོ་སྟེ་ ཁྲོ་བོ་འདི་གསུམ་སྤྲིན་གྱི་མདོག །ལྟར་ནག་པོའོ། །དེ་དག་ལས་གཞན་པར་རྣམས་གང་རྨོངས་བྱེད་མ་སོགས་ རྣམས་ཕོ་ཉ་མོ། །ཏེ། ཁ་དོག་བཞོན་པ་ཕྱག་མཚན་ཉམས་སོགས་རང་རང་གི་ལས་དང་མཚུངས་པར་བྱ། ། འོ། །ཤེས་རབ་ཀྱི་དུམ་བུ་དང༌། འདིའི་བར་ནི། རྩ་རྒྱུད་ཀྱི་ཚིག་འགྲེལ་མཐའ་གཅོད་ཅན་རང་ཡིན་པས་ཕྱི་མའི་རྒྱུད་ཚིག་གལ་ ཆེ་ཤོས་རྣམས་སོ། །དབང་རིམ་གཉིས་སྤྱོད་པ་སོགས། གསང་བ་ཐམས་ཅད་འབྱུང་པའི་ལེའུ་སྟེ་བཞི་པའོ།། །། ༈ ལེའུ་ལྔ་པས་དོན་བསྡུ་བ་ལ་གསུམ་ལས། དང་པོ་གསོལ་བ་གདབ་པ་ནི། དེ་ནས་འཁོར་རྣམས་ཀྱིས་ 23-1-459 བསྟོད་པ། ལམ་དང་དབང་གི་སྒོ་ནས་བསྟོད་པ་ཀུན་རྫོབ་ཀྱི་ཐབས་ཤེས་སམ། དོན་དམ་གྱི་བདེན་པའི་བདེན་གཉིས་སམ། སྤྱི་དོན་ལྟར་ན་ཡུལ་དང་རྣམ་ཤེས་ཀྱི་དབང་པོ་གཉིས་ཀྱི་སྦྱོར་བ་གང༌། །རང་བཞིན་མེད་པ་རིམ་པས་སྟོང་ པ་གསུམ་མམ་ཀུན་རྫོབ་སྤངས་པའམ། གཟུང་འཛིན་བྲལ་བའི་བདག་ཉིད་དེ། །ཡེ་ཤེས་འདི་ནི་ཉོན་མོངས་འཇོམས་ པའི་ཕྱིར། མཚོན་ཆ་སྟེ་ཡེ་ཤེས་ལྔ་རྗེས་ཆགས་དང་སྟེང་སྒོ་ལ་སྦྱར་བའི་ལམ་དུས་ཀྱི་ཡེ་ཤེས་རྣམ་འཆང་བ། །ཉོན་ མོངས་ལ་མངོན་པར་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་སོགས་སྣ་ཚོགས་པ་གཅོད་པར་མཛད་པ་པོ། །ཞེས་སོ། ། འབྲས་བུའི་སྒོ་ནས་བསྟོད་པ་ནི། མ་མོ་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བའི་འགྲོ་བའི་ཡིད་སྒྲིབ་གཉིས་ ལས་སྐྱོབས་པའི་ཕྱིར་སྔགས་ཅན་མ། །ཏེ། ཡང་ན་གསུང་རྡོ་རྗེ་ཡིན་པ་ཏེ་ལོངས་སྐུ་བསྟན་ལ། དབང་པོའི་དྲ་བ་ནི་ སྒྱུ་མ་སྟེ་དེ་དང་འདྲ་བར་སྤྲུལ་པའི་འོད་ཟེར་འཕྲོ་ཞིང་འཁྲུག །པ་སྟེ་སྤྲུལ་སྐུ་བསྟན། ཡང་ན་དབང་པོའི་དྲ་བ་ནི་དབང་ པོ་ཐམས་ཅད་པ་སྟེ་རང་སྣང་གི་སྤྲུལ་སྐུ་འོད་ཟེར་གཞན་སྣང་གི་སྤྲུལ་སྐུའོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་ པ་མཛེས་མ་དང་གཅུགས་པར་མཛད། །པ་སྟེ་བདེ་བ་ཆེན་པོའི་སྐུའོ། །ཇི་ལྟ་དང་ཇི་སྙེད་གཟིགས་པའི་བློ་གྲོས་ ཆེན་པོས་ནི་ཆོས་སྐུ་སྟེ་དེ་ལྟ་བུས་བདག་ལ་དབང་བསྐུར་སྩོལ། །ཅེས་གསོལ་བ་བཏབ་པར་གྱུར་པ་ ལས། གཉིས་པ་དབང་བསྐུར་བ་ནི། དཔལ་རྡོ་རྗེ་སེམས་དཔའ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་ བས། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་སྐུ་ལ་ཡོངས་སུ་ཞུགས་ཏེ། ནི་སྔོན་བྱུང་ཡིན་ལ་རྗེས་ འཇུག་ལྟར་ན་གསང་དབང་བསྐུར་བའི་ཚེ། དེ་ལྟར་སློབ་མས་གསོལ་བ་བཏབ་པ་ལ་སློབ་དཔོན་རིག་མར་བཅས་པའི་དེ་བཞིན་ སྒོམ་པའི་དོན་ནོ། །བྱང་ཆུབ་སེམས་ཞུ་ཞིང་འཁོར་ལོ་བཞིར་རིམ་པས་རྣམ་པར་དབབ་པ་གནས་སོ་སོར་མི་འགྱུར་ བཅིང་ནས་དགའ་བཞི་དངོས་བཟུང་ཤིང་བརྟན་པར་བྱེད་དགོས་པ་རྡོ་རྗེ་སྟེ་དེས་ནམ་མཁའི་ཁམས་ཐམས་ཅད་ སྔོན་བྱུང་སྒྲ་ཇི་བཞིན་པ་དང་རྗེས་འཇུག་ལ་མཁའ་ཁམས་གསང་བའི་པདྨ་ཡིན་པས་ཕྱག་རྒྱའི་དེ་ཉིད། ཡོངས་སུ་གང་ བས་སེམས་ཅན་ཀྱང་སྔོན་བྱུང་སྒྲ་ཇི་བཞིན་པ་དང༌། རྗེས་འཇུག་ལྟར་ན་སློབ་མའི་ཕུང་ཁམས། ཐམས་ཅད་མཆོག་ ཏུ་བདེ་བ་གྲུབ་པ་ནི་སློབ་མས་བྱང་སེམས་མྱངས་པས་བདེ་བ་ཁྱད་པར་ཅན་སྐྱེ་བར་གྱུར་ཏོ། ། 23-1-460 གསུམ་པ་དེ་ཁོ་ན་ཉིད་བཤད་པ་བཅུ་གསུམ་ལས། དང་པོ་བདུད་གཞོམ་པའི་སྦྱོར་བ་ནི། རབ་ཏུ་དབེན་པའི་ གནས་དག་ཏུ། །ཧཱུཾ་གི་ཡི་གེ་ལས་སྲུང་འཁོར་སྒོམས་ཏེ་བདུད་རྣམས་གཞོམ། །པའི་ཆོ་ག་སྒྲུབ་ལྟར་བྱའོ། ། གཉིས་པ་མངོན་པར་བྱང་ཆུབ་ལྔའི་དག་འབྲས་ནི། ཨཱ་ལི་མཚོན་བྱེད་ༀ་དང་ཀཱ་ལི་མཚོན་བྱེད་ཨཱཿསྟེ་ཉི་ཟླའི་ས་བོན་ནོ། ། ཨཱ་ལི་ཀཱ་ལི་ནི། ཉི་ཟླའི་མཚན་མ་སྟེ། །རྩ་གཉིས་ལས་རྐྱང་མ་ཟླ་བ་དང་རོ་མ་ཉི་མ་དག །རྣམ་པར་དག་པ་སྟེ། དེ་ལྟར་ཉི་ཟླ་ཁ་སྦྱོར། དེ་དག་མེ་ལོང་ཡེ་ཤེས་ཀྱི་དག་པས་རྣམ་པར་དག་པ་ཏེ། །ས་བོན་དང་ཕྱག་མཚན་མཚན་ མར་གྱུར་པ་ནི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དག་པར་ངས་བཤད་དོ། །ཉི་ཟླ་ས་བོན་ཕྱག་མཚན་ཐམས་ཅད་ གཅིག་ཏུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དག་པ་ཡིན་ཏེ། །འོད་ཟེར་སྤྲོ་བསྡུས་འགྲོ་བའི་དོན་བྱེད་པ་ནི་ བྱ་བ་ནན་ཏན། །གྱིས་ཡེ་ཤེས་ཀྱི་དག་པའོ། །གཙོ་མོའི་གཟུགས་བརྙན་ཞལ་ཕྱག་སོགས་ཡོངས་སུ་རྫོགས་པ་ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དག་པ་སོ། ། གསུམ་པ་བསྒོམ་བྱ་ལམ་དངོས་ནི། ལྷ་ཡབ་ཡུམ་དབང་པོ་གཉིས་སྦྱོར་གྱི་རྣམ་པ་ཅན་ཏེ་ཁ་སྦྱོར་གྱི་སྐུ་ཅན་དང༌། རྡོ་རྗེ་གསུམ། །བྱིན་གྱིས་བརླབས་པའམ། དེ་དངོས་སུ་མེད་ཀྱང༌། ལྷ་བསྒོམ་སྔགས་བཟླས་སྟོང་ཉིད་གསུམ་ཚང་བས་ རྡོ་རྗེ་གསུམ་ལམ་བྱེད་ངེས་པར་ཚང་བས། ཡན་ལག་རབ་ཏུ་རྫོགས་པ་ནི་སྔགས་རྣམས་ཀུན་གྱི་ལྷའི། །རྣལ་ འབྱོར་ཐམས་ཅད་ལ་ཚང་པ་དགོས། ཞེས་པ་སྟེ། ཐེག་པ་བླ་ན་མེད་པ་འདིའི་དབང་དུ་བྱས་པ་ཡིན་ནོ། །ལམ་ཐམས་ཅད་བསྡུ་ ན། གསང་བ་བསྐྱེད་རིམ་དང་གསང་བ་ཆེན་པོ་རྫོགས་རིམ་དང་ཤིན་ཏུ་གསང༌། །བ་སྤྱོད་པ་གསུམ་དུ་འདུས་ སོ། །རྣལ་འབྱོར་བསྐྱེད་རིམ་དང༌། རྣལ་འབྱོར་ཆེན་པོ་ལྷན་སྐྱེས་ཇི་བཞིན་མཚོན་ནུས་པའི་རང་ལུས་ཀྱི་རྫོགས་ རིམ་དང༌། །རྗེས་སུ་རྣལ་འབྱོར་སྟོང་པ་ཉིད་ཤས་ཆེ་བའི་ཏིང་ངེ་འཛིན་སྔགས་ཀྱི་སྦྱོར་བ་ཅན་རྣམས་དང་ཤིན་ཏུ་རྣལ་ འབྱོར་ལས་རྒྱ་དང་ཡེ་རྒྱའི་གསང་བ་དང༌། །འདི་བཞི་པོ་ཡང་ནང་ཚན་བཞི་བཞི་དབྱེ་བས་བཅུ་དྲུག་པོ་དེ་དག་དང༌། སྟོང་ པགཞིའི་ཡེ་ཤེས་བསྡུ་ན་སྣང་མཆེད་ཐོབ་པ་རྣམ་པ་གསུམ་པོ། །དང་འབྲེལ་བ་སྔགས་ཀྱི་སྦྱོར་བ་ནི། སྔགས་ཀྱི་རྒྱུད་ ཀུན་གྱི་ནི་གཙོ་བོའི་གཙོ། །བླ་མེད་ཀྱི་ཐེག་པའི་ལམ་དང༌། དེ་དག་སྟོན་བྱེད་ཀྱང་དེའི་རྒྱུད་དུ་བཏགས་སོ། །མི་ ཤིགས་པ་སྙིང་ཁའི་ཐིག་ལེ་དང་སྔགས་ཀྱི་ཐིག་ལེ་རླུང་སྟེ་སྣ་རྩེར་སྒོམ་པ་དང་རྫས། །ཀྱི་ཐིག་ལེ་ནོར་བུར་གནས་པ་ 23-1-461 སྟེ། ཐིག་ལེ་གསུམ་དུ་ངས་རྒྱུད་རྒྱས་པའམ་གཞན་དུ་བཤད་དེ། །བདེ་སྟོང་གི་ངང་ལས་ཤར་ཞིང་དེའི་ཉམས་དང་ མ་བྲལ་བའི་བསྐྱེད་རྫོགས་ཡིན་ལ། དངོས་གནས་ལ་མ་བརྟགས་པར་ཤར་ལ་རང་མ་ཡིན་པ་ལ། བྱིན་གྱིས་རླབས་པའི་ རྣལ་འབྱོར་ཞེས་བྱ་བ་དང་རྟོག་སྒོམ་ཁོ་ནའི་བསྐྱེད་རྫོགས་ནི་ཡོངས་བརྟགས་ཀྱི་རྣལ་འབྱོར་དང༌། །མ་བརྟགས་པར་ རང་ཤར་བ་བདེ་སྟོང་ངོ་བོར་དངོས་གནས་ལ་གྲུབ་པ་ཡོངས་སུ་རྫོགས་པའི་རྣལ་འབྱོར་ཏེ། རྣལ་འབྱོར་གསུམ། ། མོ། ། བཞི་པ་ལམ་གྱི་ས་མཚམས་ནི། བསྐྱེད་རྫོགས་ལ་གསལ་སྣང་བརྟན་པོ་མ་འཆེད་པ་ནི། མི་གསལ་བའི་གནས་སྐབས་ ཀྱི་གང་ཟག་དང་བསྐྱེད་རྫོགས་གོམས་ཤིང་ལྷ་སྐུ་བདེ་བ་གང་རུང་ལ་གསལ་སྣང་བརྟན་ཅིང་མཆེད་པ་ནི་ཡེ་ཤེས་ཆུང༌། ། བའི་གནས་སྐབས་དང་གཉིས་ཀ་ལ་བརྟན་ཅིང་མཆེད་པ་ནི་ཡེ་ཤེས་གསལ་བའི་གནས་སྐབས་དང་གཉིས་ཀའི་གསལ་སྣང་ རབ་འབྱམས་མཆེད་པ་ནི་ཡེ་ཤེས་ཆེན་པོའི་གནས་སྐབས་སྟེ། །གནས་སྐབས་བཞི་ལ་གནས་པའི་གང་ཟག་རྣམ་ པ་བཞི་རུ་བརྗོད། །དོ། ། ལྔ་པ་སྟོང་ཉིད་ལྟ་བའི་དོན་བསྡུ་ནི། གཟུགས་ཀྱི་ཕུང་པོ་མེད་ཚོར་བ་དང་འདུ་ཤེས་དང༌། །འདུ་བྱེད་ དང་ནི་རྣམ་ཤེས་ཀྱི་ཕུང་པོ་དང་བྲལ། །བ་ཏེ་དེ་དག་མིན་པའོ། །དབང་པོ་དང་ཡུལ་དང་རྣམ་ཤེས་ཏེ་ཁམས་ བཅོ་བརྒྱད་མེད། །ཅིང་མ་ཡིན་པ་དང༌། ཉོན་མོངས་བག་ཆགས་དང་བཅས་པ་མེད་ཅིང་མ་ཡིན་པ་དང་བྱང་ཆུབ་ ཀྱང་གློ་བུར་སྤངས་པའི་ཆ་ཙམ་གྱིས་ན་རང་བཞིན་ལ་མེད། །ལ། དམིགས་ཡུལ་དངོས་པོ་མེད་ཅིང་དངོས་མེད་ཀྱང་ མེད་ལ་སྒོམ་པ་པོ་དང་སྒོམ་ཡང་མེད། །ལ། དེ་ཉིད་ལ་ཡོན་ཏན་འཕེལ་བ་མེད་ཅིང་སྐྱོན་བྲི་བ་མེད། །དངོས་ མེད་ཀྱི་རྟག་པ་མིན་ལ་མི་རྟག་པ་ཡང་མ་ཡིན་པ། །བློ་དང་སྒྲས་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ ཡིན་གཉིས་མིན་དུ་གཞག་རྒྱུ་མེད་ཅིང་འདས། །པའོ། །དོན་དམ་འདི་ལ་གང་ཟག་དང༌། ཆོས་ཀྱི་བདག་མེད་ཅིང༌། དེ་མེད་པས་གཞན་ཡང་མེད། །བདེན་པར་བློས་དཔྱད་དུ་མེད་ཅིང་མིན་པ་དང༌། རྫུན་པའི་དངོས་དང་དངོས་མེད་ ཀྱང་མ་ཡིན་པ། །རྐྱེན་གྱིས་བྱེད་པ་དང་འགག་པའམ་རྐྱེན་ལ་ལྟོས་ནས་གཞག་པའི་སྟོང་པ་མིན་ཅིང༌། ཆོས་ཐམས་ ཅད་ཀྱི་རང་བཞིན་ཉིད། །ཡིན་པ་དེ་ནི་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་བརྗོད། །དོ། ། 23-1-462 དྲུག་པ་ཐབས་མཁས་སྤྱོད་པའི་ཁྱད་པར་ནི། དམིགས་པ་འཛིན་པ་དང་དམིགས་མེད་དམིགས་པས་བཀག་པ་ ལས་འདས་ནས། །བྱ་སྤྱོད་ཀུན། འཆར་ཡང་འཛིན་པ་གདོད་ནས་གྲོལ་བཞིན་དུ་རང་གཞན་གྱི་ཡེ་ཤེས་མཆོག་གི་རྒྱུར། བྱ་བ་ཅི་དགར་སྤྱོད་པར་བྱེད་པ། །རིག་སྔགས་གྲུབ་པ་གང་ཡིན་པའི། །སྦྱོར་ལམ་པའམ་འཕགས་པའི་ གནས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཐབས་ཀྱི་སྤྱོད་པ་ལ་གནས། །པའོ། །བསད་སྐྲད་དབྱེ་བ་སོགས་ཀྱང་སྒྱུ་ མས་སྒྱུ་མ་བཅོམ་པ་ལྟ་བུ་དང༌། །སངས་རྒྱས་མཆོད་པ་ཡང་སྒྱུ་མས་སྒྱུ་མ་མཆོད་བྱེད་ལྟར། །མ་ཞེན་ལ། དོན་ཆེན་པོ་སྒྲུབ་ཅིང༌། རྟག་ཏུ་འཁོར་བ་དང་མཐུན་པ་ལྟར་བསྟན་ཡང་འཁོར་བས་མ་གོས་པའི། ཐབས་ལ་མཁས་པའི་ སྤྱོད་པ་འདི་དག་གིས། །རྨི་ལམ་ལ་བྱ་བྱེད་མེད་ཀྱང་བྱ་བྱེད་ལྟར་སྣང་བ་བཞིན་དུ་སྔགས་ཀྱི་སྤྱོད་པའོ། ། བདུན་པ་ལས་རྒྱའི་གསང་བ་ནི་ཇི་ལྟར་ཆོས་ཉིད་ཀྱི་མེ་ཡིས་བསྲེགས་པ་ལྟར། །དངོས་པོ་སོ་སོའི་ངོ་བོ་ ཉིད་ཀྱི་མཐུས་བུད་མེད་དང་མཉམ་པར་སྦྱོར་བ་ལས། །བདེ་ལ་མི་རྟོག་པ་ལས་ཤེས་རབ་ཀྱི་ཕ་རོལ་ཕྱིན་ པའི་རིགས་བསྐྱེད། །པས་ཏེ་རླུང་རོ་རྐྱང་གཟུང་འཛིན་གྱི་གཡོ་བ་ཐིམ་པ་དང་བདེ་བ་སྐྱེ་བ་དང༌། །རྣམ་རྟོག་ ཤུགས་དྲག་ངོ་བོ་ཉིད་ཀྱི་གཅོད། །པར་བྱེད་དོ། །དེ་ཕྱིར་བུད་མེད་དེ་ལ་བདེ་སྟོང་དེ་རབ་ཏུ་བསྒྲུབ། །པོ། །ཞུ་ བདེ་དེས་དོན་དམ་མཐའ་མེད་དབུས་ཀྱང་བཟུང་དུ་མེད་པ་རིག་པ། །འདི་ནི་དོན་དམ་པ་རྡོ་རྗེ་སྟེ་མི་འགྱུར་ བའི་དཀྱིལ་འཁོར་གྱི་དོན་བདེ་བའི་སྙིང་པོ་ལེན་པའོ།།)རོ། ། བརྒྱད་པ་རིམ་གཉིས་ཀྱི་གསང་བ་ནི། ལྷར་སྣང་གི་རྟོག་པ་ཐ་མལ་གྱིས་རྟོག་པ་རྣམ་པར་སྤངས་པར་འགྱུར་ ཏེ། །དེའི་ཕྱིར་བསྐྱེད་པའི་རིམ་པ་བསྒོམ། །པར་བྱའོ། །འདོད་ཆགས་ལ་བདེ་བ་སྒོམས་པས་འདོད་ཆགས་ ཀྱི་བདེ་བ་འོད་གསལ་ཉེ་བར་འགྲོ་བ་དང༌། དེ་བཞིན་དུ་སྦྱར་ཏེ། ཞེ་སྡང་དང་གཏི་མུག་རྣམས། །འོད་གསལ་ མཆོག་ཏུ་ཉེ་བར་འགྲོ་བའི། །ལམ་རྒྱུ་ནི། ཐུན་མོང་མ་ཡིན་པའི་བདེ་བ་དང་རླུང་སེམས་ཀྱི་ལྷ་སྐུ་སྒྱུ་མའི་རང་ བཞིན་དང༌། །སྙིང་ཁར་རླུང་སེམས་བསྡུས་པའི་རྣམ་པར་མི་རྟོག་པ་སྒོམས་པས་རྣམ་པར་སྦྱངས། །པར་བྱའོ། ། དགུ་པ་ལམ་གྱི་རྣམ་བཞག་ནི། མོས་པས་སྤྱོད་པའི་ས་ལ་དབྱེ་ན་ས་བཅུ་གཉིས། །ཡོད་པ་ནི་ངོ་བོ་ཞིང་གི་ 23-1-463 ཕོ་ཉ་མོ་དང་གཙོ་བོར་སྦྱོར་བའི་བདེ་སྟོང་གི་དེ་ཁོ་ན་ཉིད་དང༌། །ཉེར་བཞིའི་རྩ་དང་དེ་དང་དེའི་ཁམས་དང་ གཡོ་བ་རླུང་གི་བགྲོད་པ་ཡི། །དབུགས་འགྲོ་འོང་སོགས་འགགས་པའི་ཡེ་ཤེས་ཀྱི་ཁྱད་པར་བཅུ་གཉིས་སོ། ། དེ་ནས་དེའི་རྗེས་ཐོགས་ལ་ཡེ་ཤེས་ཟུང་འཇུག་གི་སྐུ། །འགྲུབ་སྟེ། སྐུ་འདི་ལ་རྩ་མེད་ཁམས་ཀྱང་མེད། ། རླུང་གི་བགྲོད་པའང་ཡོད་པ་མ་ཡིན། །ཏེ། ཐ་མལ་གྱི་ལུས་ངག་ཡིད་གསུམ་འགགས་ཏེ་ཡེ་ཤེས་ཀྱི་ལུས་ངག་ ཡིད་གསུམ་ཐོབ་པས་སོ། །འོན་ཀྱང་སེམས་ཀྱི་རྣམ་འཕྲུལ་ཙམ་རྩ་སོགས་ཕྲ་མོའི་སྣང་བ་ནི་ཡོད་ཏེ། །སེམས་སྣང་ གི་ཁམས་དང་རྩ་རླུང༌། དེ་དང་དེ་འགགས་པ་ལས་འཕགས་ལམ་གྱི་ས་བཅུ་གཉིས། །འབྱུང་བའོ། །ཕོ་ཉ་མོ་ མཆོག་རྣམས་དང་སྦྱོར་བའི་དངོས་གྲུབ་ལས། །སྤྲུལ་པའི་གཟུགས་ཀྱི་རྣམ་པ་དང་མཚུངས་པའི་ལྷའི་དཀྱིལ་ འཁོར་བདེ་བ་ཆེན་པོའི་ངོ་བོ་འདི། །རིག་པ་འཛིན་པ་གསང་སྔགས་པ་རྣམས་ཀྱི་ས་བཅུ་གཉིས་ཞེས་བརྗོད། ། དེ་སའི་ངོ་བོའོ། ། བཅུ་པ་གང་ཟག་བདུན་བཤད་པ་ནི། ལས་དང་པོ་པ་ཏིང་ངེ་འཛིན་ལ་གསལ་སྣང་མེད་པ་དང་རྣལ་འབྱོར་པ་ གསལ་སྣང་ཙམ་སྐྱེས་པ་དང་སྒྲུབ་པ་པོ། །ལས་ཐོགས་མེད་དུ་གྲུབ་ཅིང་དངོས་གྲུབ་འགྲུབ་ཏུ་རུང་བ་དང༌། གྲུབ་པ་ཐུན་ མོང་ཆེ་འབྲིང་ཐོབ་དང༌། མཆོག་ཏུ་གྲུབ་པ་མཆོག་གི་དངོས་གྲུབ་ཐོབ་པ་སྟེ་ས་ཐོབ་པ་ཙམ་དང་ནི་སེམས་དཔའ་ ཆེན། །པོ་ནི་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་བླ་ མེད་སངས་རྒྱས་ཏེ་སྔགས་སྤྱོད་པ་པོ་རིམ་པ་བདུན་དུ་གསུངས། །པ་དང༌། བརྩོན་འགྲུས་ཅན་ལ་བླ་མའི་དྲིན་ གྱིས་སྐྱེ་བ་གཅིག་ལ་བདུན་ཀ་རྫོགས་པར་མངོན་དུ་གྱུར་པའོ། ། བཅུ་གཅིག་པ་དངོས་པོའི་རང་བཞིན་བསྟན་པ་ནི། གང་དུ་ཡང་བཟུང་རྒྱུའི་སྟོང་པ་མ་ཡིན་བློའི་ཡུལ་གྱི་རང་བཞིན་ མི་སྟོང་པའང་མིན། །རང་བཞིན་ཟག་པ་མེད་པའི་སེམས་འདི་ཆོས་ཐམས་ཅད་དེ་བཞིན་ཉིད། །ནམ་ མཁའ་ལ་དབྱེ་བ་མེད་ཀྱང༌། སྣོད་ཀྱིས་དབྱེ་བ་རྟོག་ངོར་བྱེད་པ་ལྟར། །ལས་དང་པོ་པ་སོགས་གནས་སྐབས་ བདུན་དུ་དེ་བཞིན་ཉིད་མི་ཤེས་པའི་འཇིག་རྟེན་པ་རྣམས་རྟོག །པར་བྱེད་དོ། །སེམས་ཀྱི་རྡོ་རྗེ་རང་བཞིན་ འགྱུར་བ་མེད་པ། །འཁོར་འདས་ཀྱི་གནས་སྐབས་སུ་ཐེག་པའི་རིམ་པ་ཐུག་པ་མེད་པ་རྣམས་ཀྱིས། ། 23-1-464 སེམས་ཀྱི་དབྱིངས་དེ་ནི་མི་འཇིག་ཅིང་གཡོ་བ་མེད། །ལ། ནམ་མཁའ་ལ་ས་ཆུ་མེ་རླུང་གང་གིས་ཀྱང་མི་གོས་ པ་ལྟ་བུར་ཆོས་ཐམས་ཅད་ཀྱིས་གོས་པ་མེད། །ལ། འོ་ན་འཁོར་བར་སྣང་བ་ཅི་ཡིན་སྙམས་ན། ཇི་ལྟར་མིག་རབ་ རིབ་ཅན་དག་གིས། །ནམ་མཁའ་ལ་ནི་སྐྲ་ཤད་མེད་ཀྱང་མཐོང་། །བ། །དེ་བཞིན་དུ་འཁོར་བའི་ སྣང་བ་ཐམས་ཅད་རྣམ་པར་རྟོག །ཙམ་སྟེ། དངོས་པོའི་གནས་ཚུལ་ལ་འཁོར་བ་མེད་ཅིང་འཁོར་བ་པོ་གང་ཟག་ ཀྱང་མེད། །དོ། ། བཅུ་གཉིས་པ་སྔགས་ཀྱི་དམ་ཚིག་གི་གསང་བ་བཤད་པ་ནི། དེ་ཕྱིར་བཅོས་མ་འཁོར་བའི་རྣམ་རྟོག་ཀུན་ སྤངས་ནས། །རྟོག་བྲལ་གྱི་ལྷ་སྐུ་དང༌། བདེ་སྟོང་གཉིས་ཟུང་དུ་འཇུག་པའི་རང་བཞིན་བསྒོམ་པར་བྱ་སྟེ། ། དེ་བཞིན་གཤེགས་པའི་གསུང་གི་ངེས་དོན་གྱི་ལམ་ལ། །གསང་སྔགས་རིག་པ་རྣམས་རྣམ་རྟོག་མ་ བྱེད་ཅིག །ཏེ་དོན་དམ་གྱི་དམ་ཚིག་གོ ། བཅུ་གསུམ་པ་སྔགས་ཀྱི་སྤྱོད་པ་བཤད་པ་ནི། རྣལ་འབྱོར་དབང་པོ་གསང་སྔགས་པས་སྐྱེ་བོ་ནི། །སྐྱེས་པ་ བུད་མེད་མ་ནིང༌། གང་ལའང་བརྙས་པར་མི་བྱ་སྟེ། །རྡོ་རྗེ་གསུམ་གྱི་རྒྱས་བཏབ་པའི་ཕྱིར་རོ། །ཉན་ཐོས་བྱེ་ བྲག་སྨྲ་བ་དང༌། མདོ་སྡེ་པའི་ལྟ་བ་མཐར་ཐུག་ཏུ་འདོད་པ་སྟེ། དེ་དག་གི་ཐབ་སྐོར་ནང་དུ་ཞག་བདུན་ལྟ་ཅི་སྨོས་ཅུང་ཟད་ཀྱང་ མི་གནས་ཤིང༌། །ཆགས་བྲལ་གྱི་ལམ་བསམ་གཏན་དང་གཟུགས་ཀྱི་ཏིང་ངེ་འཛིན་ལ་བློ་མི་གུས། །པར་ བྱ། བུད་མེད་རིན་ཆེན་ནམ་ཡང་སེམས་ཀྱིས་སྤང་བར་མི་བྱ། །ལུས་ངག་གིས་ཀྱང་སྤྱིར་དགག་བྱ་དགོས་པའི་དབྱེ་ བ་ཤེས་དགོས་མོད། གོང་དུ་བཤད་པའི་དམ་ཚིག་མ་མཐའ་རྣམས་ངེས་པར་སྐྱོངས་དགོས། རང་དོན་དང་བདེན་འཛིན་ཅན་ གྱི་ཉན་ཐོས་ཀྱི་སྤྱོད་པ་སྤངས་བྱས་ནས། །འདོད་ཆགས་བདེ་བ་ཆེན་པོ་སྙིང་རྗེ་ཆེན་པོ་འཆར་བ་དང་ བཅས། །སེམས་ཅན་སོ་སོ་འདུལ་བའི་ཐབས་ཚུལ་ཀུན་ཡང་རིག་པས། །ཕྱི་རོལ་གཉིས་སྦྱོར་གྱི་བྱ་བས་ ནང་དུ་གཉིས་སྦྱོར་ལས་འདས་པའི་འཛག་མེད་ཀྱི་བདེ་ཆེན༌བསྒྲུབ་པའི་བརྟུལ་ཞུགས་ལ་གནས་པར་བྱའོ། །སྡོམ་ པ་ལ་བླངས་བྱར་མི་དང་སྡོམ་མིན་ལ་སྤངས་བྱར་མི་ཞེན་པས། དེ་དག་ཀུན་ལས་སེམས་ལོག །པ་དང༌། བཟའ་བྱ་ ཞིམ་པོ་དང་བཟའ་མིན་མི་གཙང་བ་སོགས་སུ་མི་བརྟག་སྟེ། །རིགས་སོགས་གཙང་དང་མི་གཙང་གི་དཔྱད་ 23-1-465 པ་མི་བྱ། །སྟེ། ཐམས་ཅད་རང་བཞིན་ཏེ་སྟོང་ཉིད་དང་དེ་ཁོ་ན་ཉིད་དེ་བདེ་གསལ་དུ་མཉམ་པར་ཤེས། །པས་ ལོངས་སྤྱོད་པའོ། །མགོ་ཟླུམ་ནི་དགེ་སློང་གི་ཆ་ལུགས་སམ། ཐིག་ལེས་སྤྱི་བོ་གང་བའི་དོན་ཏེ་བརྟུལ་ཞུགས་དེ་ཡང་ གཏུམ་མོའི་མེ་རྒྱས་པའམ་དེས་བདེ་བའི་འདོད་ཆགས་གཟི་བརྗིད་ཅན། །ཐམས་ཅད་མཉམ་ཉིད་དམིགས་སུ་ མེད་པ་ལ། །རྟོག་པ། ངན་འགྲོར་འཁྲིད་པའི་སྡིག་པ་དང་བདེ་འགྲོར་འཁྲིད་པའི་བསོད་ནམས་དང་ལུང་མ་བསྟན་ གྱི་གནས་སྐབས་ཀུན་ཡོད་པ་མིན། །འོ། །འོ་བ་ཅི་ཞེ་ན་དུས་དང་སྤྱོད་ཀུན་ཀྱང་བྱང་ཆུབ་ཀྱི་ཐབས་སུ་འགྱུར་བའི་ སྤྱོད་པ་ཅན། །འཇིག་རྟེན་སེམས་ཅན་གཡོ་བའི་རྒྱུ། ཏིང་ངེ་འཛིན་གྱི་ཉམས་བྱེད་བུད་མེད་ཡིན་ཡང་འདིར་ནི་ཐབས་མཆོག་ གི་ཁྱད་པར་གྱི་བུད་མེད་ལ་སྦྱོར་བ་ལས་ཏིང་ངེ་འཛིན་དང་ཤེས་རབ་སོགས་ལ་སེམས་བརྟན་པ། །པར་བྱེད་པ། ཚངས་སྤྱོད་མ་ཉམས་པའི་དགེ་སློང་དངོས་སྟེ། །དེ་ནི་ཁམས་གསུམ་གྱི་དབང་ཕྱུག་ཏུ་གྲགས་པ། ལྷ་གསུམ་ དང༌། ཕྱོགས་སྐྱོང༌། རྒྱལ་ཆེན་བཞི། ལྷ་མིན་དབང་པོ། ཀླུ་ཆེན་སོགས་ཀུན་གྱི་བླ་མར་གྱུར། །པའོ། །རྡོ་རྗེ་འོད་གསལ་ བྱིན་གྱིས་རློབ་ཅིང་མཐར་ཕྱིན་པར་བྱེད་པའི་ཡེ་ཤེས་ཀྱི་རིམ་པ་སྟོན་པའི་ལེའུ་སྟེ་ལྔ་པའོ།། །། འཕྲིན་ལས་ཐམས་ཅད་འབྱུང་བ་སྒྲོལ་མ་འདུས་པ་དོན་དམ་པ་ཞེས་བྱ་བ། རྣལ་འབྱོར་ མའི་རྒྱུད་ཀྱི་རྒྱལ་པོ་ལས། རྟོག་པ་ཕྱི་མ་གསང་བ་ནི་དོན་གྱི་ཐེ་ཚོམ་སེལ་བས་ངེས་པར་བསྟན་པ་ཇི་ སྙེད་པ་ནི་འདི་བས་མང་བ་ཡོད་དུ་རུང་ཡང༌། ཞེས་པའོ། །རྫོགས་ཏེ། སྒྲོལ་མ་འབྱུང་བའི་རྟོག་པ་ཇི་སྙེད་པ་ རྫོགས་སོ།། །། རྒྱ་གར་ལྷོ་ཕྱོགས་རསྨཱི་ཤྭ་རའི་ལྗོངས་སུ་སྐུ་འཁྲུངས་པ་རྡོ་རྗེ་ཐེག་པ་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྗེ་བཙུན་བུདྡྷ་གུཔྟ་ ལ། རྒྱུད་འདི་ཞིབ་མོར་ཉན་ཅིང་བསྒྱུར་བར་སླ་བ་རྣམས་ཐོ་རེ་ལོང་ངེ་བ་བསྒྱུར་ཞིང༌། དཀའ་གནས་རྣམས་ལ་རེག་ཟིག་གི་རིམ་ པ་མང་དུ་བྱས་ནས་བརྟག་དཔྱད་མང་དུ་བགྱིས་པ་ལས། སླད་ནས་རྒྱ་གར་གྱི་མཁན་པོ་ནིརྦཱ་ཎ་ཤྲཱིའི་ཞབས་དང༌། ཡང་སླད་ཀྱི་ པཎྜི་ཏ་པུརྞ་བཛྲའི་སྤྱན་སྔར་འགྲེལ་པ་སོ་སོ་དང་ཞིབ་ཏུ་སྦྱར་ཏེ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བསྒྱུར་བའོ།། །། བཀྲ་ཤིས། དགེ་ ལེགས་འཕེལ། ཤུ་བྷཾ། ། ༈ རབ་ཏུ་ཟབ་ཅིང་རྒྱ་ཆེ་བ། །རྒྱུད་ཀུན་གསང་བ་སྟོན་བྱེད་འདི། །མཆན་བུས་ཅུང་ཟད་གསལ་བྱས་པའི། །དགེ་བས་ 23-1-466 སངས་རྒྱས་ཐོབ་པར་ཤོག །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་དབེན་གནས་བྱང་ཆུབ་ཆེན་པོར་བྲིས་པ་སྟེ། བླ་མ་དམ་པ་པཎ་གྲུབ་ རྣམ་པ་གསུམ་གྱིས་ཞལ་གདམས་ཐུགས་བཅུད་རང་གི་བློ་ལ་ཇི་ལྟར་གནས་པ་རྣམས་རྗེད་བྱང་དུ་བཀོད་ཅིང༌། འགྲེལ་པ་གཉིས་ ཀྱི་ཁྱད་དོན་རྣམ་གྲངས་སུ་རུང་བ་རྣམས་ཀྱང་ཅི་རིགས་པར་ཅུང་ཟད་བཀོད་པ་སྟེ། ཐུན་མོང་མ་ཡིན་པའི་གསང་བ་ཐམས་ཅད་ གསལ་བར་བྱས་པ་ཡིན་པས། འདི་དབང་ཐོབ་ཅིང༌། མན་ངག་དང་རྒྱུད་བཤད། ཟབ་བཤད་ཐོབ་ཅིང༌། མོས་པ་བརྟན་པོ་ཅན་ ཡིན་ན་མ་གཏོགས། མི་བསྟན་ཅིང་གསང་བའི་བཀའ་རྒྱས་བཏབ་བོ།། །།རང་ལོ་སོ་གསུམ་པ་ལའོ། །མངྒ་ལཾ་བིསྟཱར་ཀུ་རུ། [འདི་བཞེངས་དགེ་བའི་ཟླ་ཟེར་གྱིས། །བསྟན་འགྲོའི་ལེགས་སྒོ་ཀུ་མུད་ཚལ། །ཡོངས་རྒྱས་དགའ་སྟོན་གསར་བའི་ དཔལ། །སྲིད་མཐའི་བར་དུ་ཉམས་མེད་ཤོག །འདི་བཞེངས་ལེགས་དགེས། །ཚེ་རབས་ཀུན་ཏུ། །ངེས་དོན་ཟབ་མོར། །ཇི་བཞིན་ སྤྱོད་ཤོག །མ་ཏིས་སོ།། །། ] ༼མ་ཡིག ཆོས་ཐང་གི་དཔེ་རྙིང་དང་། སྐུ་འབྲིང་གི་ཕྱག་དཔེ།༽ གསལ་བཤད། དཔེ་བསྡུར་མའི་རྟགས། སྔོན་མ་རྟག་བརྟན་པར་མ་དང་ཕྱི་མ་འཛམ་ཐང་པར་མ་ཡིན།{ [ ] རྟག་བརྟན་པར་མ་ཁོ་ནར་ཡོད།{ } འཛམ་ཐང་པར་མ་ཁོ་ནར་ཡོད།[ ] འཛམ་པར་དང་རྟག་པར་ཉིས་ཆར་ཡོད་པའི་མཆན། ( ) རྟག་བརྟན་པར་མ་ཁོ་ནར་ཡོད་པའི་མཆན། < >